8-1-1 ༄༅། །དབང་མདོར་བསྟན་པའི་འགྲེལ་པ་དོན་དམ་བསྡུས་པ་ཞེས་བྱ་བའི་བསྡུས་དོན་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དྲི་མ་སྦྱང་བའི་གཞི་བདེ་གཤེགས་སྙིང་ པོ་ལ་ཕྱག་འཚལ་ལོ། །དྲི་མ་སྦྱོང་བའི་ཐབས་རྡོ་རྗེའི་རྣལ་འབྱོར་ལ་ཕྱག་འཚལ་ལོ། །དྲི་ མས་དག་པའི་གཞི་བྲལ་འབྲས་ཆོས་སྐུ་ལ་ཕྱག་འཚལ་ལོ། ། འདིར་ཕྱག་རྒྱ་ཆེན་པོ་གྲུབ་པའི་སློབ་དཔོན་ཆེན་པོ་དཔལ་ནཱ་རོའི་ཞབས་ཀྱིས་མཛད་ པའི་རྒྱས་འགྲེལ་དོན་དམ་པ་བསྡུས་པ་རྩ་རྒྱུད་དང་པོའི་སངས་རྒྱས་ཀྱི་ལེའུ་དང་པོར་ དབང་མདོར་བསྟན་པ་བཤད་པ་ལ་གསུམ། རྒྱུད་སྟོན་པ་པོ་སངས་རྒྱས་ལ་ཕྱག་འཚལ་ བ་དང༌། དེས་བསྟན་པའི་རྒྱུད་དོན་བཤད་པར་དམ་བཅའ་བ་སྟེ། གཉིས་ཀྱིས། བཤད་ པ་ལ་འཇུག་པ་རྣམ་པར་བཤད་པ་དངོས་དེ་མཐར་ཕྱིན་པའི་ཚུལ་ལོ། ། བར་པ་ལ་གསུམ། སྤྱིར་རྒྱུད་ཀྱི་དོན་བསྡུས་ནས་བསྟན་པ། ཁྱད་པར་དབང་དོན་ཕྱེ་སྟེ་ བཤད་པ། དེ་དག་ཡོངས་སུ་རྫོགས་པར་བསྟན་པའོ། །དང་པོ་ལ། གཞི་རྒྱུད་འདིར་ཞུས་ ལན་གྱི་དོན་མདོར་བསྟན་པ་བསྟན་བཤད་ཀྱི་ཁྱད་པར་དྲུག་བཤད་པ། དེ་རྣམས་ཀྱི་ དོན་གསལ་བར་བཤད་པ་སྟེ། གཉིས་ཀྱིས་རྒྱུད་སྡེར་བསྟན་བཤད་གྱི་ཁྱད་པར་གསུང་ ཚུལ་རྒྱུད་དོན་འགྲེལ་པར་འོས་མི་འོས་དབྱེ་བ། རྒྱུད་ཆེན་དུས་ཀྱི་འཁོར་ལོའི་ དོན་བསྟན་པའོ། ། དང་པོ་ལ་གཉིས། འདིར་ཞུ་བ་པོའི་གང་ཟག་ངོས་བཟུང་བ། དེས་གང་དུ་གང་ཞིག་ཇི་ ལྟར་ཞུས་པ། དེ་དགོས་པ་གང་གི་ཆེད་དུ་ཞུས་པ་སྟེ། གསུམ་གྱིས་ཟབ་དོན་གསུངས་ པར་ཞུས་པ་དང༌། གསུང་རབ་ཞལ་གྱིས་བཞེས་པའོ། །འདི་ལ་གཉིས། རྒྱུད་སྟོན་པ་པོའི་ གང་ཡིན་ངོས་བཟུང་བ། དེས་གང་དུ་གང་ཞིག་ཇི་ལྟར་གསུངས་པའོ། ། ཁྱད་པར་དབང་དོན་ཕྱེ་སྟེ་བཤད་པ་ལ་གསུམ། གཉེན་པོས་སྤང་བྱ་དྲི་མ་སྦྱང་བ། སྦྱང་ 8-1-2 གཞི་བདེ་གཤེགས་སྙིང་པོའི་བཞུགས་ཚུལ། སྦྱངས་འབྲས་དག་པ་གཉིས་ལྡན་ཐོབ་ཚུལ་ ལོ། ། དང་པོ་ལ་གསུམ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་སྤྱིར་བསྟན་པ། ཁྱད་པར་འཇིག་རྟེན་ལས་འདས་པའི་དབང་ཉམས་སུ་བླང་བ། དེ་དག་གིས་སྙིང་པོ་དྲི་ མ་དང་བྲལ་ཚུལ་ལོ། ། དང་པོ་ལ་གཉིས། བདེན་པ་གཉིས་ཀྱིས་བསྡུས་པའི་དབང་བཅུ་གཅིག་བསྟན་པ་དང༌། དེ་རྣམས་སོ་སོའི་དོན་གསལ་བར་བཤད་པའོ། །འདི་ལ་གཉིས། གཞུང་གཞན་དྲངས་ ནས་རྒྱས་པར་བཤད་པ་དང༌། གཞུང་འདིར་ཉེ་བར་བསྡུས་ནས་བསྟན་པ་སྟེ། གཉིས་ ཀྱིས། འོག་མ་བྱིས་པ་འཇུག་པའི་དབང་བདུན་བཤད་པ། གོང་མ་མཆོག་གི་དབང་བཞི་ བཤད་པའོ། །འདི་ལ་གཉིས། གཞུང་གཞན་དྲངས་ནས་རྒྱ་ཆེར་བཤད་པ། གཞུང་འདིར་ ཉེ་བར་བསྡུས་ནས་བསྟན་པའོ། ། དང་པོ་ལ་གསུམ། རྡོ་རྗེ་སློབ་མ་ལམ་ལ་གཞུག་པའི་དབང་བཞི་བཤད་པ། ཞོར་ལ་རྡོ་རྗེ་ སློབ་དཔོན་བདག་པོ་ཆེན་པོ་དབང་བསྐུར། དེ་དག་སོ་སོའི་ཡན་ལག་ཐུན་མོང་པ་ རྣམས་བཤད་པའོ། །འདི་ལ་གཉིས། སློབ་མ་ལ་སྡོམ་པ་སྦྱིན་པའི་ངེས་པ། དབང་གི་རབ་ དབྱེ་བཤད་པ་ལ་སོགས་པའོ། །ཁྱད་པར་འཇིག་རྟེན་ལས་འདས་པའི་དབང་ཉམས་སུ་ བླང་བ་ལ་གཉིས། བསྡུས་ནས་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་གཉིས། དཔལ་གསང་བ་འདུས་པ་ལ་སོགས་པར་གསུང་ཚུལ། དཔལ་དུས་ཀྱི་འཁོར་ལོ་ལ་ སོགས་པར་གསུང་ཚུལ། དཔལ་བདེ་མཆོག་སྟོད་འགྲེལ་ལ་སོགས་པར་གསུང་ཚུལ། དཔལ་རྒྱུད་འགྲེལ་ཆེན་པོར་སླར་ཡང་གསུང་ཚུལ་ཏེ། བཞིས། གཞུང་གཞན་དྲངས་ནས་ རྒྱ་ཆེར་བཤད་པ་དང༌། གཞུང་འདིར་ཚིག་དོན་ཞིབ་ཏུ་བཤད་པའོ། །འདི་ལ་གསུམ། རླུང་སེམས་འཕོ་བའི་བག་ཆགས་འགག་པའི་ཐབས་མཆོག་ཉམས་སུ་བླང་བ། དེས་དྲི་མ་ འགག་ཀྱང་བདེ་གཤེགས་སྙིང་པོ་མ་འགགས་པར་ཐོབ་ཚུལ། ཐབས་དེ་དང་བྲལ་མ་ བྲལ་གྱི་ཉེས་དམིགས་དང་ཕན་ཡོན་བསྟན་པའོ། ། 8-1-3 དང་པོ་ལ་གསུམ། སོར་སྡུད། སྲོག་རྩོལ། རྗེས་དྲན་ལ་སོགས་པའི་ཡན་ལག་ཉམས་སུ་ བླང་བའོ། །བར་བ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་ གསུམ། སྲོག་རྩོལ་གང་ལ་བྱ་བ་རྩའི་ཀུན་སྤྱོད་བཤད་པ། སྲོག་རྩོལ་ངེས་པར་དགོས་པ་ འཆི་བ་བླུ་ཐབས་བསྟན་པ། དེ་ལས་མཆོག་གི་དངོས་གྲུབ་ཀྱང་ངེས་པར་འཐོབ་པའི་ ཚུལ་ལོ། ། བར་པ་ལ་གཉིས། འཆི་བའི་མཚན་ཉིད་ཤེས་པར་བྱ་བ། འཆི་བ་འགོག་པའི་ཐབས་ མཆོག་བསྒོམ་པའོ། །དང་པོ་ལ་གཉིས། དུས་མིན་འཆི་བའི་མཚན་ཉིད། དུས་སུ་འཆི་ བའི་མཚན་ཉིད་ཤེས་པར་བྱ་བའོ། ། དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་གཉིས། འཆི་ ལྟས་རགས་པའི་མཚན་ཉིད། ཞིབ་པས་འཁོར་ལོས་བསྟན་པ་སྟེ། གཉིས་ཀྱིས། གཡས་པ་ ཉི་མའི་འཆི་ལྟས། གཡོན་པ་ཟླ་བའི་འཆི་ལྟས་སོ། །འདི་ལ་ཡང་གཉིས། འཆི་ལྟས་ཀྱི་ མཚན་ཉིད་བསྟན་པ། འཆི་ལྟས་ཀྱི་འཁོར་ལོས་བསྟན་པའོ། །འཆི་བ་འགོག་པའི་ཐབ་ མཆོག་བསྒོམ་པ་ལ་བཞི། གཡས་གཡོན་གྱི་རླུང་འགགས་ནས་དབུ་མ་ཁོ་ནར་གཞུགས་ པའི་ཐབས་བསྟན་བཤད་གཉིས་ཀྱིས། འཕོ་བའི་བག་ཆགས་འགགས་ནས་འཕོ་མེད་ བདེ་བ་སྤེལ་བའི་ཐབས། ཐབས་དེ་དག་དང་བྲལ་ན་རྟག་ཏུ་སྲིད་པར་འཁོར་བའི་ཚུལ། དེ་ལྟ་བས་ན་ངེས་པར་ཐབས་དེ་དག་བསྒོམ་པར་གདམས་པའོ། ། རྗེས་དྲན་ལ་སོགས་པའི་ཡན་ལག་ཉམས་སུ་བླང་བ་ལ་བཞི། ལས་དང་ཡེ་ཤེས་ཀྱི་ཕྱག་ རྒྱ་ངོས་བཟུང་བ་དང༌། ཕྱག་རྒྱ་ཆེན་མོ་རྒྱས་པར་གཏན་ལ་དབབ་པ་སྟེ། གཉིས་ཀྱིས། ཐབས་ཀྱི་ཡན་ལག་ཕྱག་རྒྱ་གསུམ་ངོས་བཟུང་བས། གཉེན་པོ་སྐད་ཅིག་འཕེལ་བས་ སྤང་བྱའི་སྐད་ཅིག་འགྲིབ་པའི་ཚུལ་དང༌། འཕེལ་འགྲིབ་དེ་དག་ཀུན་རྫོབ་ཡིན་པས་ དོན་དམ་པར་མེད་ཚུལ་ཏེ། གཉིས་ཀྱིས། ཕྱག་རྒྱ་ལ་བརྟེན་ནས་འགྱུར་མེད་བདེ་བ་སྤེལ་ བ། གཡོ་བའི་གནས་སྐབས་དག་ཀྱང་མི་གཡོ་བར་བྱ་བ། མི་གཡོ་བར་འཆིང་བའི་ཐབས་ ཀྱི་རྒྱལ་པོ་བསྟན་པའོ། ། 8-1-4 ཐབས་དེ་དང་བྲལ་མ་བྲལ་གྱི་ཉེས་དམིགས་དང་ཕན་ཡོན་བསྟན་པ་ལ་གཉིས། ཐབས་ དང་བྲལ་བའི་ཉེས་དམིགས་བསྟན་པ་དང༌། ཐབས་དང་ལྡན་པའི་ཕན་ཡོན་བསྟན་པ་ སྟེ། གཉིས་ཀྱིས། སྐྱོན་དང་ཕན་ཡོན་མདོར་བསྟན་པ། དེ་དག་གི་དོན་རྒྱས་པར་བཤད་ པའོ། །འདི་ལ་གཉིས། ཐབས་དང་བྲལ་ནས་འཛག་བཅས་སྐྱེ་འཆིའི་འཁོར་ལོ་བསྐོར་ ཚུལ། ཐབས་དང་ལྡན་ན་འཛག་མེད་བདེ་བའི་འཁོར་ལོ་བསྐོར་ཚུལ་བཤད་པའོ། ། དེ་དག་གིས་བདེ་གཤེགས་སྙིང་པོ་དྲི་མ་དང་བྲལ་ཚུལ་ལ་བཞི། དཔེ་བདུན་གྱིས་མཚོན་ ནས་དོན་གསལ་བར་བསྟན་པ་དང༌། དེ་ལ་ཡིད་གཉིས་དང་དོགས་པ་སྤང་བར་ གདམས་པ་སྟེ། གཉིས་ཀྱིས། རླུང་སེམས་འཆིང་བས་འཛག་མེད་བདེ་ཆེན་འབར་བ་དཔེ་ ཡིས་བསྟན་པ། སྙིང་པོ་དང་དྲི་མ་བྲལ་དུ་རུང་བའི་རྒྱུ་མཚན་བཤད་པ་དང་སྙིང་པོ་ དང་དྲི་མ་འབྲལ་དུ་རུང་བའི་དཔེ་དོན་བསྟན་པ་སྟེ། གཉིས་ཀྱིས། སྙིང་པོའི་སེམས་ལ་ གློ་བུར་དྲི་མ་ཡོད་ཀྱང་འབྲེལ་དུ་རུང་བས། དྲི་མའི་རྒྱུན་འགགས་པ་སླར་ཡང་མི་ལྡོག་ པའི་དཔེ་དོན་བསྟན་པ། དེས་ན་རླུང་སེམས་འཆིང་བའི་ཐབས་མཆོག་ཉམས་སུ་བླང་ བར་གདམས་པའོ། །འདི་ལ་གཉིས། བསྟན་པ། བཤད་པ། བསྡུ་བ་སྟེ། གསུམ་གྱིས། བརྟེན་ པ་ཡེ་ཤེས་རྫོགས་པའི་དོན་དུ་རྟེན་ཐིག་ལེ་མི་འཕོ་བར་བསྒྲུབ་པ། ངེས་དོན་མཐར་ཐུག་ རྫོགས་པའི་དོན་དུ་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་བསྒྲུབ་པའོ། ། སྦྱང་གཞི་བདེ་གཤེགས་སྙིང་པོ་བཞུགས་ཚུལ་ལ་གཉིས། དཔེར་བྱ་ཀུན་ལས་འདས་པའི་ ཡེ་ཤེས་འགལ་འདུས་སྐྱོན་མེད་དུ་བཞུགས་ཚུལ། དབྱིངས་རིག་དབྱེར་མེད་དེ་ཉིད་ མཁའ་ལྟར་དག་ཅིང་ཀུན་ཁྱབ་ཏུ་བཞུགས་ཚུལ་ལོ། །དང་པོ་ལ་གཉིས། དོན་དམ་གཞན་ སྟོང་ལ་རྒྱས་གདབ་ཡོད་མེད་འདུས་ཀྱང་སྐྱོན་མེད་པར་བཞུགས་ཚུལ། ཆོས་དབྱིངས་ རང་གིས་རིག་ཅིང་རང་ལ་འཁྱུད་ཀྱང་སྐྱོན་མེད་པར་བཞུགས་ཚུལ་ལོ། །དང་པོ་ལ་ བདུན། བསྟན་པ། བཤད་པ་སྟེ། གཉིས་ཀྱིས། རྒྱུ་འབྲས་མེད་པའི་རྒྱུ་འབྲས་ཕན་ཚུན་ འཁྱུད་ཅིང་རྒྱས་གདབ་པར་བཞུགས་ཚུལ། ཆོས་རྣམས་ཀུན་ཀྱིས་སྟོང་ཡང་ཆོས་ཀུན་དེ་ བཞིན་ཉིད་དུ་བཞུགས་ཚུལ་ཏེ། གཉིས་པ་མེད་ཀྱང་ཕན་ཚུན་འཁྱུད་པས་མ་ནིང་གི་གོ་ 8-1-5 འཕང་དུ་བཞུགས་ཚུལ། ཤེས་རབ་ཀྱི་རྒྱུད་ལས་བྱུང་ཡང་རྒྱུ་གང་ལས་ཀྱང་མ་སྐྱེས་པར་ བཞུགས་ཚུལ། རྟེན་འབྲེལ་གྱི་ཆོས་ལས་འདས་པ་རྒྱུ་འབྲས་རྒྱས་གདབ་མེད་པར་ བཞུགས་ཚུལ། རྒྱུ་འབྲས་ཀྱི་ཆོས་ལས་གྲོལ་བས་ཐ་དད་ཀྱི་རྒྱས་གདབ་མེད་པར་ བཞུགས་ཚུལ། རང་གཞན་ཐ་དད་མེད་པས་རང་ལ་རང་གིས་རྒྱས་གདབ་མེད་པར་ བཞུགས་ཚུལ་ལོ། ། སྦྱངས་འབྲས་དག་པ་གཉིས་ལྡན་ཐོབ་ཚུལ་ལ་གསུམ། དོན་དམ་གཞན་སྟོང་གི་ལྷ་ ཐམས་ཅད་རིགས་དྲུག་ཏུ་བསྡུས་ཚུལ། དེ་ལ་ཕྱེ་ན་སུམ་ཅུ་རྩ་དྲུག་ལ་སོགས་པར་འགྱུར་ ཚུལ། དེ་རྣམས་ཤེས་རབ་དང་ཐབས་ཀྱི་དཀྱིལ་འཁོར་རྣམས་སུ་བསྟན་པའོ། །དང་པོ་ལ་ གཉིས། དོན་དམ་གཞན་སྟོང་སེམས་དཔའ་དྲུག་བསྟན་པ། དེ་སོ་སོའི་རང་བཞིན་ བསྟན་པའོ། །འདི་ལ་དྲུག །དོན་ཆེན་འགྱུར་མེད་རྡོ་རྗེ་སེམས་དཔའ། འདོད་ཆགས་ཆེན་ པོའི་སེམས་དཔའ་ཆེན་པོ། ཞེ་སྡང་ཆེན་པོ་བྱང་ཆུབ་སེམས་དཔའ། གཏི་མུག་ཆེན་པོ་ དམ་ཚིག་སེམས་དཔའ། ཁྲོ་བ་ཆེན་པོ་རྡོ་རྗེ་རྣལ་འབྱོར། ཆགས་པ་ཆེན་པོ་དུས་ཀྱི་ འཁོར་ལོ་གསལ་བར་བཤད་པའོ། ། དེ་ལ་ཕྱེ་ན་སུམ་ཅུ་རྩ་དྲུག་ལ་སོགས་པར་འགྱུར་བ་ལ་གཉིས། ཁྱབ་བྱའི་ལྷར། ཁྱབ་བྱེད་ པའི་ལྷར་བཞུགས་ཚུལ་ལོ། །དང་པོ་ལ་གཉིས། གཞན་སྟོང་ཆོས་ཉིད་ཀྱི་ཕུང་པོ་ཁམས་ ལ་སོགས་རྩ་དྲུག་ལ་བཞུགས་ཚུལ། དེ་རྣམས་དབྱིངས་དང་ཡེ་ཤེས་དབྱེར་མེད་ལྷ་ ཚོགས་སུ་བསྟན་པའོ། །དང་པོ་ལ་དྲུག གཞན་སྟོང་ཆོས་ཉིད་མི་འགྱུར་བའི་ཕུང་པོ་ དྲུག །ཁམས་དྲུག །དབང་པོ་དྲུག །ཡུལ་དྲུག །ལས་དབང་དྲུག །ལས་དབང་གི་བྱ་བ་དྲུག་ རྣམས་རྩ་དྲུག་ལ་བཞུགས་ཚུལ་ལོ། ། ཆུ་ཁམས་གསེར་དང་ནམ་མཁའ་དག་པ་ལྟར། །དབྱིངས་རིག་དབྱེར་མེད་དང་པོའི་ སངས་རྒྱས་ཀྱི། །དྲི་མ་གློ་བུར་བ་རྣམས་དག་མཛད་པ། །དབང་གི་བསྒྲུབ་པ་རྣམ་འགྲེལ་ མཁས་གྲུབ་གཞུང༌། །ལེགས་པར་ཕྱེ་བ་ལས་བྱུང་དགེ་བ་ཡིས། །སྡུག་བསྔལ་རྒྱུར་གྱུར་ ལས་དང་ཉོན་མོངས་གཞི། །ཀུན་གཞི་རྣམ་ཤེས་འཕོ་བའི་བག་ཆགས་ཀྱི། །རྩ་བ་ 8-1-6 དབུགས་འདི་མྱུར་དུ་འགག་གྱུར་ཅིག །འགྱུར་མེད་བདེ་ཆེན་མཁའ་ཁྱབ་ཆོས་ཀྱི་ སྐུ། །གདོད་ནས་རྟག་ཏུ་བཞུགས་པ་མྱུར་ཐོབ་ནས། །རྒྱ་ཆེན་གཟུགས་སྐུའི་དཔག་བསམ་ ཤིང་ཆེན་གྱིས། །འགྲོ་བའི་རེ་འདོད་ཡིད་བཞིན་སྐོངས་པར་ཤོག །དབང་མདོར་བསྟན་ པའི་འགྲེལ་པ་དོན་དམ་པ་བསྡུས་པ་ཞེས་བྱ་བའི་བསྡུས་དོན་སྟོང་གཞི་ཆོས་ཀྱི་དབྱིངས་ ལས་ཤེས་ནས་དད་པ་ཐོབ་པ་གང་ཡིན་པ་དེས་བཀོད་པ་རྫོགས་སོ།། །།མངྒ་ལཾ། བྷ་ ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-7 ༄༅། །རྡོ་རྗེ་གར་གྱི་བརྗེད་བྱང་མདོར་བསྡུས་པ་བཞུགས་སོ། ། ༄༅། །རྗེ་བཙུན་བླ་མ་རྣམས་ལ་ཕྱགས་འཚལ་ལོ། །གར་གྱི་སྔོན་དུ་བསྒོམ་པའི་དཀྱིལ་ འཁོར་ནམ་མཁའ་ལ་བཏེགས་ནས་ཕྱག་རྒྱ་བཀྲོལ་ཏེ། པད་སྐོར་བྱེད་ཅིང་ལུས་ཀུན་ ནས་གཡོ་བ་དང་བཅས་པས། རིམ་གྱིས་ལངས་ཏེ། རྐང་པ་མཉམ་པ་ལ་གནས་པས། པད་སྐོར་ལྔ་སྔོན་དུ་འགྲོ་བའམ་གཡས་བརྐྱང་གཡོན་བརྐྱང་དང་བཅས་པ་ལ་སོགས་ པའི་མཐར་དབུས་སུ་འོངས་ཏེ་སྤྱི་བོར་ཐལ་མོ་སྦྱར་ལ། ཨོཾ་པྲ་ཎ་མཱ་མི་སརྦ་ཏ་ཐཱ་ག་ཏ་ ནི། ཞེས་བརྗོད་ནས། ཡང་གཡས་བརྐྱང་གཡོན་བརྐྱང་གཉིས་ལ་བྱས་ཏེ། དབུས་སུ་ འོངས་ནས་སྙིང་གར་ཐལ་མོ་སྦྱར་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏི་བྷྱཿ ཞེས་བརྗོད་ཅིང༌། བདག་ དབུལ་བའི་ཕྱིར་མེ་ཏོག་འགྲེངས་པའི་ཚུལ་བྱེད་ཅིང༌། ཨཱད་མཱ་ནཱཾ་ནིརྱ་ཏ་ཡ་མི། ཞེས་པ་ རྣམས་ཀྱིས་ཕྱག་འཚལ་བའོ། །དེ་ནས་གཡས་བརྐྱང་ལ་ལག་པ་གཡས་པ་འདེབས་པའི་ ཚུལ་བྱ་ཞིང༌། ཡཱ་ཝན་ཏཱ་སརྦ་ས་དྭེ། དབུས་སུ་བསྐོར་བ་བྱེད་ཅིང༌། སཏྭ་སཾ་གྷ་ཧ་ན་སཾ་ གྷྀ་ཧི་ཏྭཱ། གཡོན་བརྐྱང་ལ་སྒོང་སྐྱེས་ཀྱི་ཚུལ་བྱ་ཞིང༌། ཨནྚ་ཛཱ་ཝ། དབུས་སུ་མངལ་སྐྱེས་ ཀྱི་ཚུལ་བྱ་ཞིང༌། ཛཱ་ར་ཡུ་ཛཱ་ཝ། གཡས་བརྐྱང་བའི་དྲོད་གཤེར་སྐྱེས་ཀྱི་ཚུལ་བྱ་ཞིང༌། སཾ་ སྟྭི་ཏ་ཛཱ་ཝཱ། དབུས་སུ་བརྫུས་སྐྱེས་ཀྱི་ཚུལ་བྱ་ཞིང༌། ཨཽ་བ་སཱ་ཏུ་ཀཱཾ་ཝཱ། གཡོན་བརྐྱང་ལ་ གཟུགས་ཅན་གཟུགས་མེད་ཚུལ་བྱ་ཞིང༌། རུ་པི་ཎོ་ཝཱ། ཨ་རུ་པི་ནོ་ཝཱ། དབུས་སུ་འདུ་ ཤེས་ཡོད་མེད་ཀྱི་ཚུལ་བྱ་ཞིང༌། སཾ་ཛྙི་ནོ་ཝཾ། ཨ་སཾ་ཛྙི་ནོ་ཝཱ། གཡས་བརྐྱང་ལ་ནེ་ཝ་སཾ་ཛྙི་ ནོ་ཝ། ན་སཾ་ཛྙི་ན་ཝ། དབུས་སུ་སེམས་ཅན་དེ་དག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་ དགོད་པར་བསམ་ཞིང༌། སརྦ་ཏེ་སང་སྟྭེ། སེམས་ཅན་དེ་དག་ཐམས་ཅད་མ་ཡ་མཧཱ་མུ་ དྲ་པ་དྲེ། པྲ་ཏིཥྟ་པ་ཡི་ཏ་བྷྱཾ་རབ་ཏུ་དགོད་པར་བྱའོ། །ཞེས་བརྗོད་ཅིང་བསྐོར་བ་བྱས་ པ་དངོས་གྲུབ་ཀྱི་ཕྱག་རྒྱ་བཅའ་བ་ནི་སེམས་བསྐྱེད་པའི་གར་རོ། ། དེ་ནས་གཡོན་བརྐྱང་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅའ་ཞིང༌། ཁྲོ་བོ་ཁམས་གསུམ་ 8-1-8 རྣམ་པར་རྒྱལ་བ་ཞལ་གསུམ་ཕྱག་དྲུག་པར་བསྒོམས་ནས། ཧཱུཾ་ཀྲོ་དྷ་དྲིཥྟི་ཧྲཱིཿ ཞེས་ བརྗོད་ཅིང༌། རྒྱན་དང་ཆ་ལུགས་ལ་ལྟ་བཞིན་པས་བྱས་པ་ལ་མིག་བྱིན་གྱིས་བརླབ་པ་ ནི་མིག་གཡས་པ་ཡི་གེ་མ་ལས་ཉི་མར་བྱིན་གྱིས་བརླབ་ཅིང༌། ལག་པ་གཡས་པའི་ མཛུབ་མོ་མིག་གཡས་པ་ལ་བསྟན་ནས། མ་ཀཱ་རེ་ཎ་སུརྱ་ཀྲི་ཏ་ས་བྱེ་ནེ་དྲཿ ཞེས་པ་དང༌། གཡོན་པ་ཊ་ལས་ཟླ་བར་བསམ་ཞིང༌། མཛུམ་མོ་མིག་གཡོན་པ་ལ་བསྟན་ནས། ཊ་ཀ་ར་ ཎ་ཙནྡྲ་ཀྲི་ཏ་བྷ་མ་ནེ་དྲཿ ཞེས་བརྗོད་ཅིང༌། མིག་འབྲས་བུ་གཉིས་སུ་ཧཱུཾ་ལས་དུས་ མཐའི་མེ་ལྟར་འབར་བ། རྡོ་རྗེའི་ལྟ་བས་ཕྱོགས་ཐམས་ཅད་དུ་བགེགས་ཀྱི་ཚོགས་མ་ ལུས་པ་ལ་ཡང་ནས་ཡང་དུ་བལྟས་ནས་ཉི་མས་བསྲེག་ཅིང༌། ཟླ་བས་གསོལ་བར་བསམ་ སྟེ། ང་རྒྱལ་བསྐྱེད་པའི་ཕྱིར། དབུས་སུ་འཕྱོངས་ལ། ལག་པ་གཡས་ཀྱི་སོར་མོ་དཔྲལ་ བར་རེག་ཅིང༌། གཡོན་པས་སྡིགས་མཛུབ་སྙིང་ཁར་བསྒྲེངས་ནས། ཨ་ཧཱཾ་མེ་ཝཱ་སྭ་ཡ་ བཛྲི། གཡས་བརྐྱང་ལ་ལག་པ་གཡས་ཀྱིས་རྡོ་རྗེ་ནམ་མཁའ་ལ་ཕྱར་ཞིང༌། གཡོན་སྡིགས་ མཛུབ་ཐུགས་ཀར་བསྒྲེངས་ལ། བཛྲ་སཏྭ་མྱ་ཧཾ་སྭ། ཡང་དབུས་སུ་མཉམ་པ་ལ་སྙིང་ཁར་ ཐལ་མོ་སྦྱར་ནས། ཨ་ཧཾ་བུདྡྷོ་མཧཱ་རཱ་ཛ། གཡོན་བརྐྱང་ལ་ལག་པ་གཉིས་ཕན་ཚུལ་ བསྣོལ་བར་གྲུ་མོ་དང་དཔུང་པའི་མཚམས་ནས་བཟུང་བ་གཡོ་ཞིང༌། ཨ་ཧཾ་བཛྲེ་མཧཱ་ན་ མཿ དབུས་སུ་རྡོ་རྗེ་ཕག་མོའི་འདུག་སྟངས་ལ་ལག་པ་གཉིས་འགྱིང་བག་དང་བཅས་ པས་གྲི་གུག་དང་ཐོད་པ་འཛིན་པ་ལྟར་སྟེང་འོག་ཏུ་རྡོ་རྗེ་དྲིལ་བུ་བཟུང་ལ། ཨ་ཧཾ་ཡོ་ གི་ཤྭ་རོ་རཱ་ཛ། གཡས་བརྐྱང་དང་མཉམ་དུ་ལག་པ་གཡས་པ་གཅིག་ཆར་སྐྱོང་ཞིང་ གཡོན་སྡིགས་མཛུབ་བཅས་ལ། བཛྲ་པཱ་ཎི་ར་ཧཾ་དྲི་ཧཾ། ཞེས་བརྗོད་པ་རྣམས་ནི་ཁྲོ་བོར་ བསྒོམས་ནས། རྡོ་རྗེའི་ལྟ་བས་བལྟས་ཏེ་ང་རྒྱལ་བསྐྱེད་པའོ། ། འདི་དག་ལ་སྡེ་ཚན་རེ་རེ་ རྫོགས་པའི་མཐར་བསྡུ་བ་རེ་བྱས་ནའང་ལེགས་གསུངས་སོ། ། དེ་ནས་རྐང་པ་རྡོ་རྗེ་རྩེ་གཅིག་པར་བྱིན་གྱིས་བརླབ་པའི་ཕྱིར། ལུས་རྡོ་རྗེ་རྩེ་གཅིག་ པའི་རྣམ་པར་བྱ་ཞིང་རྐང་བ་གཡས་པ་བོལ་གོང་གཡོན་པའི་སྟེང་དུ་ཟུར་ལ་བཞག་པ་ ལས། པད་སྐོར་རྫོགས་པ་དང་པུས་མོ་གཡོན་པའི་སྟེང་དུ་བཏེགས་ལ་ལག་པའི་མཛུབ་ 8-1-9 མོ་གཉིས་བགྲང་བ་ཐད་ཀར་བཙུག་སྟེ། ཨེ་ཀ་པཱུ་ཙི་ཀ་བཛྲ་པཱ་ཏ། ཞེས་པ་དང༌། གཡོན་ པ་ཡང་དེ་བཞིན་དུ་བྱིན་གྱིས་བརླབས་ཏེ། རྡོ་རྗེ་རྩེ་གཅིག་པའི་འགྲོས་ཀྱིས་དབང་ལྡན་ ནས་འགྲོ་བར་བྱའོ། །དེ་ལ་པད་སྐོར་ལྔའམ་གསུམ་རྫོགས་པ་ནས་རྐང་བ་གཡས་པ་བོལ་ གོང་གཡོན་པའི་སྟེང་དུ་ཟུར་ལ་བཞག་པ་དང་དུས་མཉམ་དུ་དྲིལ་བུ་ལ་རྡོ་རྗེ་ལན་ གསུམ་བསྐོར་བའི་མཐར་རྡོ་རྗེ་འོག་ཏུ་བཟུང་པའི་སྟེང་དུ་དྲིལ་བུ་ཡུན་རིང་དུ་དཀྲོལ་ ནས་རྒྱ་མཚོའི་རླབས་ལྟར་ལག་པ་དང་ལུས་ཀུན་ནས་གཡོ་བ་དང་བཅས་པ་གཡས་པ་ རྡོ་རྗེ་གསོར་བ་དང་གཡོན་པས་དྲིལ་བུ་དཀུར་འཛིན་པ་དང༌། གོམ་པ་གཡས་པས་མཐོ་ ལྔ་ཙམ་གྱི་མདུན་དུ་བརྡེག་པ་དང༌། གཡོན་པ་གཡས་འོག་ཏུ་འཁྱོག་པ་དང༌། མིག་ཕྲག་ པ་གཡས་ཕྱོགས་ནས་རྒྱབ་ཏུ་བལྟ་བ་རྣམས་དུས་མཉམ་དུ་བྱ་ཞིང༌། ངག་དུ། ཨོཾ་ཨེ་ཀ་ པཱུ་ཙི་ཀ་བཛྲ་སཱ་དང། བཛྲ་མཧཱ་ཀྲོ་དྷ། བྷཛྫ་བྷཛྫ་སརྦ་དུཥྟ་ནཱ་སུ་རཱ་ཎ་ཧཱུཾ་ཕཊ། ཅེས་དྲག་ ཏུ་བརྗོད་ཅིང་བསྐོར་བ་བྱའོ། །དེ་བཞིན་དུ། པད་སྐོར་རྫོགས་པ་དང༌། གཡོན་པ་ཡང་ གཡས་པའི་སྟེང་དུ་བཞག་པ་ལ་སོགས་པ་སྔ་མ་བཞིན་ཏེ། འོན་ཀྱང་མིག་ཕྲག་པ་གཡོན་ ཕྱོགས་ནས་རྒྱབ་ཏུ་བལྟའོ། །དེ་ནས་རྩེ་གསུམ་པ་བྱིན་གྱིས་བརླབས་པ་ནས། གཞན་སྔར་ དང་འདྲ་བ་ལ། རྐང་པ་གཡས་ཀྱི་མདུན་དུ་རྡོ་རྗེ་རྩེ་གསུམ་པ་བྲིས་ནས་བཏེགས་སྟེ། དྲིལ་བུ་ཙི་ཀ་བཛྲ་སཱ་ཏ། ཞེས་དང༌། གཡོན་གྱི་རྒྱབ་ཏུ་རྩེ་གསུམ་བྲིས་ནས་གོང་ལྟར་ བྱིན་གྱིས་བརླབ་བོ། །འགྲོ་བའི་ཚེ་ཡང་པད་སྐོར་རྫོགས་ནས། རྐང་པ་གཡས་ཀྱི་རྒྱབ་ཏུ་ གསུམ་དང་མདུན་གསུམ་བྲིས་པའི་མཐར་གོམ་པ་གཡས་ལ་མཐོ་ལྔ་ཙམ་གྱི་མདུན་དུ་ འདོར་ཞིང༌། ལག་པ་གཡས་འོག་དང་གཡོན་སྟེང་དུ་བཅས་ཏེ་གནས་པ་ལས། རི་བོ་ འདོར་བ་ལྟར་ལུས་ཀུན་ནས་གཡོ་བ་དང་བཅས་པ་གཡས་པ་སྟེང་དུ་སྐྲ་མཚམས་དང༌། གཡོན་པ་འོག་ཏུ་སྙིང་ཁར་བཞག་ཅིང༌། ལུས་ཀྱི་ལྗིད་པུས་མོ་གཡས་པའི་སྟེང་བཀུག་ལ། སྐྱིད་པའི་གཡོན་པ་དྲང་པོར་བྱ་ཞིང༌། དཔུང་མགོ་གཡོན་ཕྱོགས་མིག་ཟུར་བལྟའོ། །དེ་ བཞིན་རྐང་པ་གཡོན་གྱིས་འགྲོ་བ་ཡང་འདིའི་རིག་པས་རྟོགས་པར་བྱའོ། །འགྲོ་བའི་ སྔགས་ནི། ཨོཾ་དྲི་པཱུ་ཙི་ཀ་བཛྲ་པཱ་དང༌། བཛྲ་མཧཱ་ཀྲོ་དྷ་བྷཉྩ་བྷཉྩ་སརྦ་དུཥྚ་པུ་རཱ་ཎ་ཧཱུཾ་ 8-1-10 ཕཊ། ཅེས་པའོ། །རྩེ་ལྔ་པ་བྱིན་གྱིས་བརླབས་པ་ཡང་གཞན་སྔར་དང་འདྲ་བ་ལ་རྐང་བ་ གཡས་ཀྱི་གཞོག་གཡོན་དུ་རྩེ་ལྔ་པའི་རི་མོ་བྲིས་ནས་པཉྩ་པཱུ་ཙི་ཀ་བཛྲ་པཱ་ད། ཞེས་པ་ དང། གཡོན་གྱི་གཡས་ལོགས་སུ་བྲིས་པ་སྔགས་འདིས་བྱིན་གྱིས་བརླབས་ནས། འགྲོ་བའི་ ཚེའང༌། མིག་གཉིས་ལག་གཉིས་དེ་བཞིན་དགུ། ། རྐང་པ་གཞོགས་སུ་གཡས་སྐོར་ དུ། །ཕེག་རྡོབ་སྦྱོར་བས་དགྱེས་པར་བྱ། །སླར་ཡང་གཡོན་དུ་དེ་བཞིན་ནོ། །ཞེས་པ་ལྟར་ རོལ་བའི་བསྐྱོད་པས་སྒེག་པའི་ཉམས་དང་ལྡན་པར་བྱའོ། ། སྔགས་ནི། ཨོཾ་པཉྩ་པཱུ་ཙི་ ཀ །ཞེས་པ་མན་ཆད་གོང་དང་འདྲའོ། ། སྣ་ཚོགས་རྡོ་རྗེར་བྱིན་གྱིས་བརླབས་ནས། གཡས་ཀྱི་མདུན་གསུམ་དང་གཡོན་གསུམ་ བྲིས་ནས། བི་ཤྭ་པཱུ་ཙི་ཀ་བཛྲ་པཱ་ད། ཞེས་དང༌། གཡོན་གྱི་རྒྱབ་གསུམ་དང་གཡོན་ གསུམ་བྲིས་ནས་སྔར་འདི་བྱིན་གྱིས་བརླབས་ཏེ། འགྲོ་བའི་ཚེ། གཡོན་གྱི་རྒྱབ་གསུམ་ དང་གཡོན་གསུམ་བྲིས་ནས་སླར་ཡང་བཞག་སྟེ། གཡས་ཀྱི་མདུན་གསུམ་དང་གཡས་ གསུམ་བྲིས་པའི་མཐར། གཡས་བསྡུ་ལྟར་ནས་ཁྲོ་བོ་བསྐྱོད་པས་མདུན་དུ་རྔམ་པ་དང་ བཅས་པས་ཕྱོགས་ཏེ་སླར་གཡོན་བསྡུ་ལྟར་བྱས་ཤིང༌། ཨོཾ་བི་ཤྭ་པཱུ་ཙ་ཀ །ཞེས་སོགས་ བརྗོད། དེ་བཞིན་དུ། གཡོན་གྱིས་འགྲོ་བ་ལའང་འདི་ཉིད་ཀོ་བཟློག་པས་རྟོགས་སོ། །དེ་ ལྟར་འགྲོས་པའོ། །དེ་དག་ཐམས་ཅད་གང་ཡང་རུང་བས་བསྐོར་བ་གཅིག་གམ་གསུམ་ ལ་སོགས་པ་བྱས་པའི་མཐར་དབང་ལྡན་དབུས་སུ་ཞུགས་ཏེ། གཡས་བརྐྱང་ལ་ཁྲོ་བོ་ཧཱུཾ་ མཛད་དུ་གསལ་བར་བསྒོམས་ནས། བགེགས་རྣམས་ལ་བཀའ་བགོ་བར་བྱ་ཞིང་བསྡུའོ། ། དེ་ནས་ཐབས་ཤེས་ཁ་སྦྱོར་ནི་ཤར་དུ་ཕྱོགས་པ་དེ་ཉིད་ལའམ། ཡང་ན་བྱང་ནས་ བརྩམས་ཏེ་སློབ་དཔོན་གཡོན་བརྐྱང་དང༌། སློབ་མ་གཡས་བརྐྱང་དུ་གནས་པ་ལ་ཕན་ ཚུལ་དག་གཅིག་གིས་རྡོ་རྗེ་གཞུག་པར་བྱ་ཞིང༌། ཨོཾ་ཙ་དུར་མུ་ཁ་ཨ་དྱཱེ་ཥྛ་ཎ་བྷི་ན་མཱ་ བཛྲ་མཧཱ་ཀྲོ་དྷ་ཨ་དྷི་ཏིཥྛ་སརྦ་དྷི་ཤ་ཧཱུཾ་ཏྲཾ་ཧྲཱིཿཨཱཿཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ བསྡུའོ། །དེ་བཞིན་དུ། ཤར་དང༌། ལྷོ་དང༌། ནུབ་ཏུ་གཡས་བརྐྱང་དང་གཡོན་བརྐྱང་རིས་ མོས་ཀྱི་བྱའོ། ། 8-1-11 དེ་ནས་ཡང་འགྲོས་བཞི་གང་ཡང་རུང་བས། དབང་ལྡན་ནས་མཐོན་ཏེ་བསྐོར་བ་བྱེད་ ཅིང༌། ཤར་དུ་གཡས་བརྐྱང་ལ་པད་སྐོར་ལྔའི་རྗེས་སུ་བཅའ་གཞི་རྫོགས་པ་ན་ལག་པ་ སྒྲོལ་མཛད་ཀྱི་ཕྱག་རྒྱ་གཡོན་དུ་སྨད་ལ། ཨ་ཧཾ་མཧཱ་ཀྲོ་དྷ། ཞེས་པ་དང༌། རྐང་སྟབས་ དངོས་ལ་ལག་སྟབས་དང་མཐུན་པར་བྱས་ནས། ཨཱ་ལཱཾ་ཌ་པཱ་ཏ། ཞེས་པའི་སིབ་གཉིས་ བཏབ་ནས། དངོས་གཞིའི་འཆིང་འགྲོལ་འགྱིང་བག་དང་བཅས་པས་ལག་གཡས་རྡོ་རྗེ་ གྱེན་དུ་གསོར་ཞིང་གཡོན་པས་སྡིགས་མཛུབ་སྙིང་ཁར་བཟུང་ནས། ཨོཾ་ཨཱ་ལཱཾ་ཌ་པཱ་ད་ བཛྲ་མཧཱ་ཀྲོ་དྷ་བི་གྷུ་ཎ་ཡ་བི་གྷུ་ཎ་ཡ་སརྦ་དུཥྟན་དེ་བ་ཨ་དྷཱི་མཱ་ར་ན་ཧཱུཾ་ཕཊ། ཅེས་ དྲག་ཏུ་བརྗོད་ནས་བསྡུའོ། ། ལྷོར་གཡོན་བརྐྱང་ལ། ཨ་ཧཾ་ཀྲོ་དྷ་རཱ་ཛཿ ཞེས་པ་དང༌། པྲ་ ཏི་ཨ་ལཱི་ཊ་པ་ད། ཞེས་པའི་སིབ་མ་གཉིས་བཏབ་ནས། ཕྱག་རྒྱ་གོང་ལྟར་བྱས་ཏེ། ཨོཾ་པྲ་ ཏི་ཨ་ལི་ཌ་པ་ཏ། བཛྲ་མཧཱ་ཀྲོ་དྷ་བི་གྷུར་ཎ་ཡ་བི་གྷུར་ཎ་ཡ། སརྦ་དུཥྟན་ཡ་མ་ཨཱ་དྷི་མཱ་ ར་ན་ཧཱུཾ་ཕཊ། ཅེས་དྲག་ཏུ་བརྗོད་ནས་བསྡུའོ། །ནུབ་ཏུ་ས་ག་ལ། ཨེ་ཧཾ་མཧཱ་ཀྲོ་དྷ། ཞེས་ པ་དང༌། བི་ཤ་ཀ་པ་ད། ཞེས་པའི་སིབ་གཉིས་བཏབ་ནས། དྲིལ་བུ་ལ་རྡོ་རྗེ་ལན་གསུམ་ བསྐོར་བའི་མཐར་སྟེང་འོག་ཏུ་བཟང་བས་དཀྲོལ་ཞིང༌། ཨ་བི་ཤ་ཀ་པཱ་ཏ་བཛྲ་མཧཱ་ཀྲོ་ དྷ་བི་གྷུར་ཎ་ཡ་སརྦ་དུཥྟན་ནཱ་ཀ་ཨ་དྷི་མ་ར་ན་ཧཱུཾ་ཕཊ། ཅེས་པའི་མཐར་བསྡུའོ། །བྱང་ དུ་ཟླུམ་པོ་ལ། ཨོཾ་ཧཾ་ཀྲོ་དྷ་ར་ཛཿ ཞེས་པ་དང༌། མཎྜལ་པཱ་ཏ། སི་སིབ་གཉིས་བཏབ་ནས། ཕྱག་རྒྱ་ས་གའི་ལྟ་བུ་ལ། རིམ་ཀྱིས་གཡས་སུ་བསྐོར་ཞིང༌། ཨོཾ་མཎྜལ་ལ་པཱ་ཏ་བཛྲ་མཧཱ་ ཀྲོ་དྷ་བི་གྷུརྞ་ཡ་བི་གྷུརྞ་ཡ་སརྦ་དུཥྟན་ཡཀྵ་ཨ་དྷཱི་མ་ར་ཎ་ཧཱུཾ་ཕཊ། ཅེས་པའི་མཐར་ བསྡུའོ། །དབུས་སུ་མཉམ་པ་ལ། ཨ་ཧཾ་མཧཱ་ཀྲོ་དྷ། ཞེས་པ་དང༌། སཱ་མ་པཱ་ད། ཞེས་པའི་ སིབ་གཉིས་ཕྱག་རྒྱ་ས་གའི་ལྟ་བུ་ལ། ཨོཾ་ས་མ་པཱ་ཏ་བཛྲ་མཧཱ་ཀྲོ་དྷ་བི་གྷུརྞ་ཡ་བི་གྷུརྞ་ཡ་ སརྦ་དུཥྟན་དྲཻ་དྷཱ་རུ་ཀིཥྛི་ཏ་སརྦ་ཨཱ་དྷི་མ་ར་ན་ཧཱུཾ་ཕཊ། ཅེས་རྟག་ཏུ་བརྗོད་ནས་བསྡུ་ བར་བྱ་སྟེ། གནས་ངེས་པ་ཅན་ལྔའོ། ། དེ་ནས་ངེས་མེད་བརྒྱད་ལ་ནི་པད་སྐོར་རྫོགས་པ་དང༌། གར་གྱི་གཞི་བཅས་གཡས་ བརྐྱང་ལྟར་བྱས་ལ། ལག་པ་གཉིས་རྡོ་རྗེ་སེམས་དཔའི་ཚུལ་བྱ་ཞིང༌། ཨོཾ་ཉཾ་བཛྲ་སཏྭ། 8-1-12 ཞེས་བརྗོད་ནས། བཀྲོལ་ཏེ་རྐང་པ་གཡོན་དྲང་པོར་གནས་པ་ཉིད་ལ་རྐང་པ་གཡས་ པའི་སོར་མོ་ལ་ལོགས་སུ་བསྟན་ཅིང༌། པུས་མོ་ཅུང་ཟད་བསྐུལ་ནས། རྟིང་པ་གཉིས་ཀྱི་ བར་དུ་སོར་བཞི་ཡོད་པར་བྱ་སྟེ། དཔྱི་མགོ་གཡོན་པ་སྒེག་པ་དང་བཅས་པ་ལ་ལག་ སྟབས་དང་མཐུན་པར་བྱས་ཏེ། དེ་ནས། ཛཱ་ཏ་སཱ་ཏ། ཞེས་བརྗོད་དེ། དེ་ལྟར་སིབ་གཉིས་ པོ་འདི་ནི་འོག་མ་རྣམས་ལ་ཡང་ངོ༌། །དེ་བཀྲོལ་ནས་སྐུ་གཡོན་པའི་ཐད་ཀར་ལག་པ་ གཉིས་ཡངས་པ་ཅན་གྱི་སྒྲོལ་མའི་ཕྱག་རྒྱ་ལྟར་བྱ་ཞིང༌། མགོ་གཡོན་དུ་ཕྱོགས་པས། དཀུ་གཡོན་པར་ཟུར་མིག་བལྟ་བའི་ཚེ། ཨོཾ་ཛཱ་ཏ་པཱ་ཏ་བཛྲ་མཧཱ་ཀྲོ་དྷ་བི་གྷུརྞ་ཡ་བི་ གྷུརྞ་ཡ་སརྦ་དུཥྟན་ནི་རི་ཏི་ཧཱུཾ་ཕཊ། ཅེས་པའི་མཐར་བསྡུའོ། །འདི་ནི་སྐྱེས་པའི་རྐང་ སྟབས་ཏེ་ཕྱི་མ་རྣམས་ལའང་གཡོན་བརྐྱང་དང་གཡས་བརྐྱང་གི་གཞི་བཅའ་བ་སྦེལ་ མར་བྱས་ནས། བསྡུ་བ་ཡང་དེ་དང་མཐུན་པར་བསྡུའོ། །སྐྱེས་པའི་ཟླ་ནི་འདི་ལས་བཟློག་ པ་ཁོ་ནའོ། །འོན་ཀྱང་སིབ་གཉིས་དུས་སུ། བཛྲ་སཏྭ་ཨ་ཧཾ། ཞེས་པ་དང༌། པྲ་ཏི་ཐཱ་ཏ་སཱ་ ཏ། ཞེས་པ་ནི་ཁྱད་པར་ཏེ། ཕྱག་རྒྱ་ནི་གོང་དུ་བསྟན་ཟིན་ཏོ། ། དངོས་གཞིའི་སྔགས་ཀྱང༌། ཨོཾ་པྲ་ཏི་ཛཱ་ཏ་པཱ་ད་བཛྲ་མཧཱ་ཀྲོ་དྷ་བི་གྷུརྞ་ཡ་བི་གྷུརྞ་ཡ་ སརྦ་དུཥྟན་པཱ་ཡུན་ཧཱུཾ་ཕཊ། ཅེས་པའོ། །རྣམ་པར་གཙིགས་པའི་ཚུལ་གྱིས་གཡས་བརྐྱང་ གི་གཞི་བཅའ་བའི་རྗེས་སུ་ལ་སིབ་དང་པོ་གཉིས་བཏབ་ནས། རྐང་པ་གཡས་པ་མདུན་ དུ་མཐོ་གསུམ་གྱི་བར་དུ་བཞག་པའི་པུས་མོ་བསྐུམ་ཞིང་སྒྱིད་པ་གཡོན་པ་བསྲངས་ཏེ་ རྐང་སྟབས་ལྟར་ཕྱག་རྒྱ་བཅའ་ལ། བི་ཀ་ཌ་པཱ་ད། ཞེས་པའི་སིབ་གཉིས་པ་བཏབ་ནས། བཀྲོལ་ཏེ་ལག་པའི་གྲུ་མོ་གཉིས་བརྐྱང་ནས་སྡིགས་མཛུབ་གྱེན་དུ་བསྒྲེང་བ་གཡས་ བརྐྱང་ཞིང་གཡོན་བསྐུམ་པ་ནི་མིག་གཡས་སུ་བལྟ་ཞིང་གཡོན་བརྐྱང་ནས་གཡས་ བསྐུམ་པ་ན་མིག་གཡོན་དུ་ལྟའོ། །དེ་ལྟར་ཡང་དང་ཡང་དུ་གཡོ་ཞིང༌། ཨོཾ་བི་ཀ་ཊ་པ་ད་ བཛྲ་མཧཱ་ཀྲོ་དྷ་བི་གྷུརྞ་ཡ་བི་གྷུརྞ་ཡ་སརྦ་དུཥྟན་ཧཱུཾ་ཕཊ། ཅེས་བརྗོད་དོ། །རྣམ་པར་ གཙིགས་པའི་ཟླ་ནི་འདི་ལས་བཟློག་པ་ཁོ་ནའོ། །འོན་ཀྱང་སིབ་གཉིས་ནི། བཛྲ་སཏྭ་ཨ་ ཧཾ། ཞེས་པ་དང༌། པྲ་ཏི་བྷི་ཀ་ཊ་སཱ་ད། ཞེས་པའོ། ། 8-1-13 དངོས་གཞིའི་སྔགས་ནི། ཨོཾ་པྲ་ཏི་བི་ཀ་ཊ་སཱ་པཱ་ད་བཛྲ་མཧཱ་ཀྲོ་དྷ་བི་གྷུརྞ་ཡ་བི་གྷུརྞ་ཡ་ སརྦ་དུཥྟན་ཧཱུཾ་ཕཊ། ཅེས་པའོ། །ཁ་སྦྱོར་ནི་གཡས་བརྐྱང་གི་གཞི་བཅས་ནས་སིབ་དང་ པོ་བཏབས་ཏེ། འགྱིང་བག་དང་བཅས་པས་རྐང་པའི་མཐིལ་གཉིས་སྦྱར་ཞིང༌། ལག་པ་ གཉིས་ཀྱང་སྒེག་ཅིང་རོལ་པ་དང་བཅས་པས་མཐིལ་སྦྱར་ནས། སཾ་སུ་ཌ་པཱ་ད། ཞེས་ པའི་སིབ་གཉིས་པ་བསྟན་ཅིང༌། བཀྲོལ་ཏེ་འགྱེང་བས་དང་བཅས་པས་སླར་ཡང་རྡོ་རྗེ་ འབེབས་པའི་ཕྱག་རྒྱ་བཅའ་ཞིང༌། ཨོཾ་སི་བུ་ཊཱ་པཱ་ད་བྷེ་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ནས་བསྡུའོ། །རུས་སྦལ་ནི་གཡོན་བརྐྱང་གི་བཅའ་གཞི་ དང་སིབ་དང་པོ་བཏབ་ནས་བཀྲོལ་ཏེ། རྐང་པ་གཡས་པས་གཡོན་པའི་བོལ་གོང་ མནན་ཅིང༌། ལག་པའང་གཡོན་པའི་རྒྱབ་གཡས་པས་བཀབ་ལ། ཀུར་མ་པཱ་ད། ཞེས་ པའི་སིབ་གཉིས་པ་བཏབ་ནས་བཀྲོལ་ཏེ། འགྱིང་བག་དང་བཅས་པས་རྡོ་རྗེ་ཁུ་ཚུལ་ གཉིས་སྤྲད་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་བྱ་ཞིང༌། མཛུབ་མོ་གཉིས་བསྒྲེངས་ཏེ་རྩེ་ མོ་སྦྱར་གན་རྐྱལ་དུ་ཁའི་ཐད་ཀར་བཟུང་ནས། ལྷག་པ་བཅུམ་ཞིང་ཀི་ཀོ་དང་ལག་པ་ མདུན་དུ་དུང་པ་ལ། ཨོཾ་ཀུར་མ་པཱ་ད་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཀྲ་མ་ཡ་ཀྲ་མ་ཡ་སརྦ་བཱ་ ད་ལ་སི་ཨ་དྷཱི་མ་རཱ་ན་ཧཱུཾ་ཕཊ། ཅེས་པའི་མཐར་བསྡུའོ། །རྐང་གཅིག་ནི་གཡས་བརྐྱང་ གི་གཞི་བཅའ་ཞིང་སིབ་དང་པོ་བཏབ་ནས། ལག་པ་གཡས་པ་མགོ་བོ་ལ་བསྐོར་ཞིང༌། གཡོན་པ་ཐུར་དུ་གཙུག་པ་ལྟར་དྲང་བོར་བསྲངས་ཏེ། ཨེ་ཀ་སཱ་ཏ། ཞེས་སིབ་གཉིས་པ་ བཏབ་ནས། རྐང་པ་གཡོན་གཙུག་པ་ལ་གཡས་བཏེག་ཅིང་གཡོན་ནས་བསྐོར་བ་གཅིག་ གམ་གསུམ་བྱ་ཞིང༌། ཨོཾ་ཨེ་ཀ་སཱ་ད་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཀཾ་པ་ཡ་ཀཾ་པ་ཡ་སརྦ་ དུཥྟན་ཏ་ཀྵི་དྲི་མ་ར་ན་ཧཱུཾ་ཕཊ། ཅེས་པའི་མཐར་བསྡུའོ། །པུང་བའི་དྲ་བ་ནི་གཡོན་ བརྐྱང་གི་གཞི་བཅས་ལ་སིབ་དང་བོ་བཏབ་སྟེ། རྐང་པ་གཡས་པ་འགྱིང་བ་དང་བཅས་ པས་དྲང་པོར་བྱ་ཞིང་གཡོན་པ་ཡང་འགྱིང་བ་དང་བཅས་པས་རིམ་གྱི་པུས་མོའི་སྟེང་ དུ་བཏེགས་ནས། དེ་དང་མཐུན་པའི་ལག་སྟབས་ཀྱིས་བྷྲ་མ་ར་ཛཱ་ལ་པཱ་དང༌། ཞེས་སིབ་ གཉིས་པ་བཏབ་ཅིང་བཀྲོལ་ནས། སྒེག་ཅིང་རོལ་པའི་ཉམས་དང་ལྡན་པས་གྲུ་མོ་ 8-1-14 གཉིས་བརྐྱངས་ནས་མཛུབ་མོ་གཉིས་གྱེན་དུ་བསྒྲེང་བ་ཀུན་ནས་གཡོ་ཞིང་སྔགས་ བརྗོད་དོ། ། སླར་ཡང་རྐང་པ་གཉིས་རེས་འཇོག་ཏུ་བྱས་ནས་ཀྱང་ལུས་ཀུན་ནས་གཡོ་བ་ཉིད་དོ། ། སྔགས་ནི། ཨོཾ་བྷྲ་མ་རི་ཛཱ་ལ་བྷི་ན་ཡ་བཛྲ་མཧཱ་ཀྲོ་དྷ་ཛཾ་བྷ་ཡ་སརྦ་ཏཱིར་ཐི་ཀ་ན་ཧཱུཾ་ཕཊ། ཅེས་པའི་མཐར་བཅའ་གཞི་དང་མཐུན་པར་བསྡུ་བར་བྱས་ཏེ། ངེས་པ་མེད་པ་བརྒྱད་ དོ། ། འདི་དག་ལ་གནས་ཀྱི་ངེས་པ་མེད་མོད་ཀྱི་འོན་ཀྱང་འཇུག་པ་མི་འཚོལ་བར་བྱ་བའི་ ཕྱིར་དང་པོ་བཞི་མཚམ་བཞི་དང༌། དེ་ན་བཞི་མཚམས་ཕྱོགས་བཞིར་བྱས་ནའང་བདེ་ གསུངས་སོ། །ཐམས་ཅད་དུ། སྒེག་པ་དང༌། དཔའ་བ་དང༌། མི་སྡུག་པ་དང༌། རྒོད་པ་ དང༌། དྲག་ཤུལ་དང༌། འཇིགས་སུ་རུང་བ་དང༌། སྙིང་རྗེ་བ་དང༌། རྔམ་པ་དང༌། ཞི་བའི་ ཉམས་རྣམས་དང་ལྡན་པར་བྱས་ཏེ། དེའང་ཅི་རིག་པར་སྦྱར་རོ། ། གར་གྱི་བརྗེད་བྱང་ཆར་གྱི་ཟེགས་མ་གང༌། །མང་ཐོས་ཀླུང་དབང་དུ་མས་བསྟེན་པའི་ གནས། །བསླབ་གསུམ་དྲི་མེད་ཆུ་བོ་འདུ་བའི་གཏེར། །ཡོན་ཏན་རྒྱ་མཚོར་འདི་ཡང་ འབབ་པར་ཤོག །རྡོ་རྗེ་གར་གྱི་བརྗེད་བྱང་མདོར་བསྡུས་པ་འདི་ནི། དགེ་བའི་བཤེས་ གཉེན་ཡོན་ཏན་རྒྱ་མཚོས་བསྐུལ་ནས། ཤེས་རབ་རྒྱལ་མཚན་བཟང་པོས་བཀོད་ པའོ།། །།འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ། བྷ་ལན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན། སྔགས་རྣམས་ལ་དག་ཆ་མེད་པར་སྣང༌།) 8-1-15 ༄༅། །དགྱེས་རྡོར་དབང་གི་ལེགས་བཤད་ལུང་དང་མཐུན་པ་ཞེས་བྱ་བ་བཞུགས་སོ། ། ༄༅། །ནམཿཤྲཱི་གུ་རུ་ཝེ། གང་གསུང་ཆར་གྱི་ཟེགས་མ་ཕྲ་བས་ཀྱང༌། །མི་ཤེས་དྲི་མ་རྩད་ ནས་སེལ་མཛད་ཅིང༌། །བློ་གྲོས་པད་མོའི་ཚལ་རབ་རྒྱས་མཛད་པའི། །བླ་མ་རྒྱལ་བ་སྲས་ བཅས་རྒྱལ་གྱུར་ཅིག ། སྤྱིར་རྡོ་རྗེ་ཐེག་པའི་སྒོ་ནས་གྲོལ་བྱེད་ལམ་ལ་འཇུག་པ་ལ། སྨིན་བྱེད་ཀྱི་དབང་རྣམ་ དག་གཅིག་སྔོན་དུ་འགྲོ་དགོས་ཏེ། དུས་ཀྱི་འཁོར་ལོའི་འགྲེལ་པར། རྒྱལ་བས་གསུངས་ པའི་ཆོ་གས་དབང་མཆོག་བླང་ནས། ཞེས་སོགས་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ ཀྱང༌། དེ་ནས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་དོན་ཞུ། །ཞེས་པ་དང༌། སློབ་དཔོན་ཨ་བྷྱ་ཀ་རས་མཛད་པའི་མན་ངག་སྙེ་མ་ཆུང་བར་ཡང༌། ཐོག་མར་སྨིན་ པའི་དབང་ཡིན་ཏེ། །གྲོལ་བྱེད་ལམ་ནི་རིམ་པ་གཉིས། །ཞེས་སོགས་མང་པོར་གསུངས། དེ་ལ་ཡང༌། གང་གིས་དབང་བསྐུར་བའི་སློབ་དཔོན། གང་ལ་དབང་བསྐུར་བར་བྱ་བའི་ སློབ་མ། གང་དུ་དབང་བསྐུར་བའི་དཀྱིལ་འཁོར། བསྐུར་བར་བྱ་བའི་དབང་གིས་ངེས་ ཚིག །དབང་བསྐུར་བའི་ཕན་ཡོན། ཚུལ་ཇི་ལྟར་བསྐུར་བ་དང་དྲུག་ལས། དང་པོ་སློབ་དཔོན་གྱིས་མཚན་ཉིད་ནི། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ལས། བརྟན་ ཅིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་ཆོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་ འཁོར་འབྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །དང་བའི་ བདག་ཉིད་དབང་པོ་ཐུལ། །ཞེས་གསུངས་པའི་མཚན་ཉིད་ཚང་བའི་སློབ་དཔོན་དགེ་ སློང་ངམ། དགེ་ཚུལ་ལམ། དགེ་བསྙེན་གསུམ་པོ་གང་ཡང་རུང་བ་གཅིག་ཡིན་ཏེ། ཡང་ དེ་ཉིད་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་པས། །གསུམ་ལ་དགེ་སློང་མཆོག་ཡིན་ 8-1-16 ཞིང༌། །འབྲིང་ནི་དགེ་ཚུལ་ཞེས་གསུངས་ཏེ། །ཁྱིམ་གནས་དེ་ལ་ཐ་མའོ། །ཞེས་གསུངས་ ཤིང༌། མདོར་ན་བཀའ་ཡོད་ལ་ལྷད་མེད་པ། མཐོང་བ་རྒྱུད་པ་དང་བཅས་པའི་ཆོས་ ཤེས་ཤིང་དམ་ཚིག་དང༌། སྙིང་བརྩེར་ལྡན་པ་གཅིག་དགོས་ཏེ། རྡོ་རྗེ་ཕྲེང་བར། དེ་ནས་ སློབ་དཔོན་མང་དུ་ཐོས་པ་གསང་སྔགས་ཀྱི་ཚུལ་ལ་མཁས་པ་བློ་བརྟན་པ་སེར་སྣ་མེད་ པ་སྤྲོས་པའི་ངང་ཚུལ་ཅན་སྙིང་རྗེ་དང་ལྡན་པས་ཞེས་གསུངས་སོ། ། གཉིས་པ་ནི། གསང་བ་སྤྱི་རྒྱུད་ལས། སློབ་མ་ཡན་ལག་མ་ཉམས་པ། །ལྷག་པར་ཡོན་ཏན་ ལྡན་པ་དང༌། །ནད་མེད་རིགས་ནི་བཙུན་པ་དང༌། །དད་ཅིང་བརྟུལ་ཤུགས་ལྡན་པ་ དཀོན། །དཀོན་མཆོག་གསུམ་ལ་གང་དད་ཅིང༌། །ཐེག་པ་ཆེན་པོ་ལུགས་ལ་དགའ། ། བསོད་ནམས་འདོད་པའི་སེམས་ཅན་ནི། །ཆེན་པོ་དེ་དག་མདོར་བཟུང་ངོ༌། །བདེ་ གཤེགས་གསང་སྔགས་བསྒྲུབ་པ་ལ། །དོན་གཉེར་བརྩོན་པའི་སློབ་མ་ནི། །གཟུགས་ངན་ ཡོན་ཏན་མི་ལྡན་ཡང༌། །བློ་དང་ལྡན་པས་གཞུག་པར་བྱ། །ཞེས་སོགས་དང༌། གཞན་ ལས་ཀྱང༌། བློ་ལྡན་གཟུར་གནས་དོན་གཉེར་བ། །ཉན་པོས་སྣོད་ཅེས་གསུང་བར་ བཤད། །ཅེས་སོགས་མང་དུ་གསུངས་ཀྱང༌། བླ་མ་དང་ཆོས་ལ་གུས་ཤིང༌། ཐེག་ཆེན་གྱི་ སེམས་བསྐྱེད་དང་པོའི་གང་ཟག་གོ ། གསུམ་པ་ནི། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་དཀྱིལ་འཁོར་འདི་ནི་ སངས་རྒྱས་འབྱུང་བ་སྟེ། དཀྱིལ་ནི་སྙིང་པོ་ཞེས་གསུང་ངོ༌། །འཁོར་ནི་རྫོགས་པ་སྟེ། དེའི་ མགོན་སྙིང་པོར་གྱུར་པ་གཞན་མེད་པས་དེ་བས་ན་དཀྱིལ་འཁོར་ཞེས་བྱའོ། །ཞེས་དང༌། ངེས་བརྗོད་བླ་མར་ཡང༌། ཆོས་ཀྱི་དབྱིངས་ཀྱི་གྲོང་ཁྱེར་མཆོག །དྲ་བ་དྲ་ཕྱེད་ཀྱིས་ བརྒྱན་པ། ། ཞེས་སོགས་དང༌། དུས་འཁོར་གྱི་རྩ་རྒྱུད་ལས་ཀྱང༌། དཀྱིལ་འཁོར་ཆོས་ཀྱི་ དབྱིངས་ཉིད་དོ། ། ཞེས་གསུངས་པ་བཞིན། དོན་དམ་ཆོས་ཉིད་ཀྱི་དཀྱིལ་འཁོར་དང༌། ཀུན་རྫོགས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། བྷ་གའི་དཀྱིལ་འཁོར་དང༌། རྡུལ་ ཚོན་གྱི་དཀྱིལ་འཁོར་གང་རུང་དུ་དབང་བསྐུར་བ་ཡིན་ལ། མན་ངག་སྙེ་མ་ཆུང་བར་ ཡང༌། དག་པ་རྡུལ་ཚོན་དཀྱིལ་འཁོར་དང༌། །བྷ་ག་དང་ནི་བྱང་ཆུབ་སེམས། །དེ་བཞིན་ 8-1-17 ཆོས་ཉིད་དཀྱིལ་འཁོར་ལའོ། ། ཞེས་གསུངས་སོ། ། བཞི་པ་ནི། རྩ་བའི་རྒྱུད་བརྟག་པ་གཉིས་པར། གཏོར་དང་བླུགས་པ་ཞེས་གསུངས་ འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་པས་བུམ་དབང་ལ་སོགས་དབང་ བཞིའི་དུས་སུ་རིམ་པ་བཞིན་དུ། སྤྱི་བོ་དང༌། ལྕེ་དང༌། དབང་གིས་གནས་པ་དང༌། རང་ གི་སེམས་རྣམས་ལ་གཏོར་ཞེས་བླུགས་པ་སྟེ། ཨོཾ་ཨ་བྷི་ཥེ་ཀ་ཏ་ཞེས་པའི་དོན་ཏོ། །ཡང་ ན། ཨ་བྷི་ཥིཉྩ་ནི་དབང་བར་བྱས་པས་ན་དབང་སྟེ། དབང་བཞི་ཐོབ་པས་བསྐྱེད་རིམ་ ལ་སོགས་པའི་ལམ་བཞི་པོ་བསྒོམ་པ་ལ་དབང་བར་བྱས་པའི་དོན་ཏོ། །ཡང་ན། སྣ་ནན་ ཏན་འཁྲུད་པར་བྱེད་པས་དབང་སྟེ། དབང་བཞི་པོས་རིམ་པ་བཞིན་དུ་ལུས་དང༌། ངག་ དང༌། ཡིད་དང༌། ཀུན་གྱི་དྲི་མ་འཁྲུད་པའི་དོན་ཏོ། །མན་ངག་སྙེ་མ་ཆུང་བར། དབང་ བསྐུར་བའི་ནུས་པ་ཡང༌། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་བྱེད་པ་སྟེ། དེ་ལྟར་ ཡང༌། ལུས་ངག་ཡིད་ལས་བྱུང་བའི་དྲི་མ་འདག་ཕྱིར་དབང་དུ་བརྗོད། །ཅེས་གསུངས་ སོ། །ཡང་ན། ཕྲ་དོག་ཀྵ་སྐལ་བ་དང་ལྡན་པའི་དོན་ཏེ། འབྲས་བུ་སྐུ་བཞི་ཐོབ་ནུས་ཀྱི་ སྐལ་བ་དང་ལྡན་པའི་དོན་ཏོ། །འབྲས་བུ་སྐུ་བཞི་ཐོབ་ནུས་ཀྱི་སྐལ་བ་དང་ལྡན་པར་ བྱེད་པས་ན་དབང་བཞིའོ། ། དེ་ལ་ཕྱེ་ན་ལམ་ལ་སྦྱོར་བར་བྱེད་པས་རྒྱུའི་དབང་གོམས་ པར་བྱེད་པས་ལམ་གྱི་དབང་མི་འཕྲོགས་པར་སྦྱོར་བར་བྱེད་པ་འབྲས་བུའི་དབང་དང་ གསུམ་ཡིན་པར་གསུངས་སོ། ། ལྔ་པ་ནི། དེ་ཁོ་ན་ཉིད་ཀྱི་རྒྱུད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་ བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལས་ནི། །མ་བསྒོམ་པར་ཡང་དངོས་གྲུབ་ ཐོབ། །ཅེས་དང༌། གཞན་ཡང་རྒྱུད་སྡེ་མང་པོར་དབང་ཐོབ་ཅིང༌། དམ་ཚིག་དང་ལྡན་ པ་ལ་ཕན་ཡོན་དཔག་ཏུ་མེད་པ་གསུངས་སོ། ། དྲུག་པ། ཚུལ་ཇི་ལྟར་དབང་བསྐུར་བ་ལ། འབྲེལ་བརྟག་པ་སྟེ་སློབ་མ་བཟུང་བའི་ཆོ་ ག སྔོན་དུ་བསྙེན་པའི་ཆོ་ག སའི་ཆོ་ག སྟ་གོན་ལ་གནས་པའི་ཆོ་ག དཀྱིལ་འཁོར་བྲི་ ཞིང་རྒྱན་དགྲམ་པ། བསྒྲུབ་ཅིང་མཆོད་པ། འཇུག་ཅིང་དབང་བསྐུར་བ། འཇུག་གི་བྱ་བ་ 8-1-18 དང་བརྒྱད་ལས། དང་པོ་ནི། བླ་མ་ལྔ་བཅུ་པ་ལས། བླ་མ་དག་ནི་སློབ་མ་དག །མཚུངས་པར་དམ་ཚིག་ ཉམས་འགྱུར་བ། །དཔའ་བོས་དང་པོར་སློབ་དཔོན་དང༌། །སློབ་མའི་འབྲེལ་བ་བརྟག་ པར་བྱ། །ཞེས་པ་བཞིན། དང་པོ་སློབ་དཔོན་གྱི་འབྲེལ་བརྟགས་ནས། སྔར་བརྗོད་པའི་ མཚན་ཉིད་ཚང་བའི་བླ་མ་ལ། སློབ་མ་སྣོད་དང་ལྡན་པས་མཎྜལ་ཕུལ་ནས། ཁྱོད་ཞབས་ པད་མ་སྤངས་ནས་ནི། །གཙོ་བོ་གཞན་ན་སྐྱབས་མ་མཆིས། ། ཞེས་སོགས་སམ། ཇི་ལྟར་ འོས་པའི་ཚིག་གིས་གསོལ་བ་བཏབ་ནས། བླ་མས་ཀྱང༌། སློབ་མ་ལ་སྐྱབས་འགྲོ་སེམས་ བསྐྱེད་དང༌། བགེགས་མཐར་བྱེད་ལ་སོགས་ཀྱི་བསྒོམ་བཟླས་བྱིན་ཏེ། བར་ཆད་དུ་འགྲོ་ བའི་གནས་དང༌། སྤྱོད་པ་སྤངས་ནས་དགེ་བ་ལ་བརྩོན་པར་གྱིས་ཤིག །ཅེས་བསྒོམ་ལ་ བཏང་ངོ༌། །དེས་ཀྱང་སློབ་དཔོན་ལ། ཕྱག་འཚལ་དེ་ཇི་ལྟར་ནུས་པ་ཁས་བླང་ངོ༌། ། གཉིས་པ་བསྙེན་པ་ནི། གནས་དབེན་ཞིང་ཡིད་དུ་འོང་བར། བུམ་པ་ལ་མ་བརྟེན་པའམ། བརྟེན་པ་གང་རུང་གིས་བསྙེན་པ་རབ་འབྲིང་ཐ་མ་གསུམ་བྱ་སྟེ། བརྟག་གཉིས་ལས། དཀྱིལ་འཁོར་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ཞེས་ གསུངས་པ་བཞིན་ནམ། ཡང་ན་བསྙེན་པའི་གྲངས་ཀྱང་རབ་འབྲིང་གསུམ་དུ་གཙོ་བོ་ ལ་འབུམ་མམ། ཁྲིའམ། སྟོང་གང་རུང་དང༌། འཁོར་ལ་ཁྲིའམ། སྟོང་ངམ། བརྒྱ་གང་རུང་ བཟླས་ཏེ། འདི་ལ། སྡོམ་པ་འབྱུང་བ་ལས། རྫོགས་ལྡན་དུས་སུ་གཅིག་བཟླས་ ཤིང༌། །གསུམ་ལྡན་དུས་སུ་གཉིས་འགྱུར་བཟླས། །གཉིས་ལྡན་དུས་སུ་གསུམ་འགྱུར་ ཏེ། །རྩོད་པའི་དུས་སུ་བཞི་འགྱུར་བཟླས། །ཞེས་གསུངས་པ་དང་མཐུན་པར། བླ་མ་གོང་ མ་རྣམས་ཀྱིས་ཀྱང་དེང་སང་བཞི་འགྱུར་དུ་བཟླས་དགོས་པར་བཞེད་ལ། ལེགས་པར་ གྲུབ་པ་ལས་ནི། མཁས་པས་གསང་སྔགས་ཡི་གེ་ནི། །བཅོ་ལྔ་མན་ཆད་གྲངས་རྣམས་ ལ། །སྤྱིར་ནི་ཡི་གེ་དུ་ཡོད་པ། ། དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཡི་གེ་སུམ་ཅུ་རྩ་ གཉིས་ལ། །བཟླ་བརྗོད་འབུམ་ཕྲག་བྱ་བར་བཤད། །དེ་བས་ཡི་གེ་མང་པོ་ལ། །སྔོན་དུ་ བསྙེན་པ་ཁྲི་བྱའོ། །ཞེས་གསུངས་པ་ལྟར་ཡང་རུང་སྟེ། དུས་ཐ་མར་ཡང༌། ཞག་བདུན་དུ་ 8-1-19 ཐུན་བཞིའི་ངེས་པ་བྱའོ། །ཞེས་རྡོ་རྗེ་འཆང་དང་གཉིས་སུ་མེད་པའི་བླ་མ་གོང་མ་ རྣམས་ཀྱིས་གསུངས་སོ། །དབང་བསྐུར་བའི་དུས་ཀྱང༌། རབ་གནས་ཀྱི་རྒྱུད་ལས། དབང་ བསྐུར་དང་ནི་རབ་གནས་དག །ཡར་གྱི་ངོ་ལ་བརྩམ་པར་བྱ། །ཞེས་གསུངས་པས། ཡར་ གྱི་ངོས་གཟའ་དང་སྐར་མ་དང༌། སྦྱོར་བ་སོགས་འཛོམ་པའི་དུས་སུ་བྱ་ཞིང༌། འདི་དག་ མ་འཛོམ་ན་མར་ངོ་ལའང་རུང་སྟེ། ཡང་དེ་ཉིད་ལས། གཟའ་དང་སྐར་མ་འཛོམ་གྱུར་ ན། །མར་གྱི་ངོ་ལའང་ཉེས་ལ་མེད། །ཅེས་སོ། ། དེ་དག་ལའང་གསང་བ་སྤྱི་རྒྱུད་ལས། རྣམ་པ་དང་པོ་ས་གཞི་གཟུང༌། །གཉིས་པ་སྟ་གོན་གནས་པ་སྟེ། །ནུབ་གསུམ་པ་ལ་ འཇུག་པ་ཤིས། །ཞེས་གསུངས་པ་དང༌། མཐུན་པར་གསུམ་པ། ས་ཡི་ཆོ་ག་ལས། ས་བརྟག་པ། ས་བློས་བཟུང་བ། ས་བསླང་བ། ས་ སྦྱང་བ། ས་བཟུང་བ། ས་བསྲུང་བ་དང་དྲུག་ལས། དང་པོ་ནི། ས་བཟང་ངན་བརྟག་པ་ལ་མང་དུ་གསུངས་ཀྱང༌། མདོར་བསྡུ་ན། སྤྱི་རྒྱུད་ ལས། མདོར་ན་ས་གཞི་མཉམ་པ་དང༌། །མདངས་སྣུམ་ཤར་དུ་གཞོལ་བ་བཞེད། །ཆུ་མང་ ལྡན་པའི་གནས་དང་ནི། །ལྗོན་ཤིང་བཟང་པོས་བརྒྱན་པ་དང༌། །བདག་གི་མིག་ཡིད་ མགུ་བ་དང༌། །འཚེ་མེད་ཟུག་རྔུ་སྤངས་པ་ནི། །དཀྱིལ་འཁོར་གནས་སུ་ཤེས་པ་སྟེ། །མི་ཡི་ དངོས་གྲུབ་ཀུན་ཐོབ་བྱེད། །ཅེས་གསུངས་པས་མཚན་ཉིད་དང་ལྡན་པའི་གནས་ བསྔགས་ཤིང་དེ་དག་ཏུའང༌། སྔར་ས་ཆོག་ལེགས་པར་བྱས་པའམ། དཀྱིལ་འཁོར་ཁང་ པ་རྙིང་པོ་ལ་སོགས་པས་བརྟག་པ་དང༌། སྦྱང་བ་མི་དགོས་ཏེ། སྤྱི་རྒྱུད་ལས། དྲང་སྲོང་ གནས་དང་དབེན་གནས་ལྷས། །ས་གཞི་གང་ན་འཐས་པ་དང༌། །ཁ་དོག་དང་པོ་རྡོ་ལེབ་ དང༌། །མཆོད་རྟེན་དྲུང་དང་འབབ་ཆུའི་འགྲམ། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་ གཞི་སྦྱང་དང་བརྟག་པ་དག །ནན་ཏན་དུ་ནི་བྱ་མི་དགོས། །དེར་ནི་ཟུག་རྔུ་དབྱུང་མི་ དགོས། །འཐས་པར་བཅག་ཀྱང་དེར་མི་དགོས། །མཐོ་དམན་ལ་སོགས་སྐྱོན་རྣམས་ གང༌། །དེ་ནི་རྟོགས་པ་བསྐྱེད་མི་དགོས། །རང་བཞིན་གནས་པའི་ས་གཞི་ལ། །བྱི་དོར་ ལེགས་པར་བྱས་ནས་ནི། །ལག་པས་བྲན་ཞིང་གསང་སྔགས་བཟླས། །དེ་ཡི་སྦྱང་བ་དེ་ 8-1-20 ཡིན་ནོ། །ཞེས་གསུངས་པ་འདི་ལྟ་བུ་མ་ཡིན་པའི་ས་ཕྱོགས་སུ་སའི་ཆོ་ག་ཐམས་ཅད་ རྫོགས་པར་བྱའོ། ། གཉིས་པ་ས་བློས་བཟུང་བ་ནི། དེ་ལྟར་ཉམས་དགའ་བའི་ས་ཕྱོགས་འདིར་བདག་གིས་ དཀྱིལ་འཁོར་བྱ་སྙམ་པ་སྟེ། སྤྱི་རྒྱུད་ལས། བློས་ནི་ཡོངས་སུ་བཟུང་བྱས་ནས། །གནས་ནི་ ཡོངས་སུ་བཟུང་བ་ཡིན། །ཞེས་སོགས་གསུངས་སོ། ། གསུམ་པ་ས་བསླང་བ་ལ། མངོན་པ་ལ་ཚིག་གིས་ས་བསླང་ཞིང༌། མི་མངོན་པ་ལ་བསླང་ བ་ནི། གཤེད་དམར་རྒྱུད་ལེའུ་བཅུ་དགུ་པ་ལས། སའི་ལྷ་མོ་པདྨ་ལས་གནས་པ་གཡོན་ ན་བུམ་པ་འཛིན་པ། ཕྱག་གཡས་པད་མ་བཅའ་ཁས་ལེན་པ་བཞིན་དུ་བསྐྱེད་པའམ། ཡང་ན་ཕྱག་གཉིས་ཀས་བུམ་པ་འཛིན་པར་བསྐྱེད་དེ། བཟང་པོ་ཡོངས་བཟུང་ནས། བཾ་ ལས་བྱུང་བའི་ལྷ་མོ་བསམ། །ཕྱག་གཉིས་བུམ་པ་བཟང་པོ་འཛིན། །སྐུ་མདོག་སེར་མོའི་ འོད་ལྡན་ཞིང༌། །ཡེ་ཤེས་རྫོགས་པ་ཡན་ལག་མཆོད། །ལྷག་པར་གནས་ནས་གཤེགས་སུ་ གསོལ། །ཞེས་དང༌། སའི་ལྷ་མོ་དང་བགེགས་རྣམས་ཆོ་ག་ནས་འབྱུང་བ་བཞིན་དུ་བྱས་ ཏེ། ས་བསླང་བའོ། །ཀྱེ་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ནག་པོ་པས་ མཛད་པ་ནས་ཀྱང༌། འདི་བཞིན་དུ་བཤད་པས་དེ་དག་གིས་སྐྱེ་མཆེད་སྐུ་གསུང་ཐུགས་ བྱིན་གྱིས་བརླབས་ཏེ། རིགས་བདག་གིས་རྒྱས་གདབ་པའི་བར་དུ་བྱ་ཞིང༌། དེ་ལས་ མཆོད་ནས། བརྟག་གཉིས་ལས། གོང་གི་ལ་སོགས་སྔགས་ཀྱིས་ནི། །དེ་ལ་གཏོར་མ་རྣམ་ པར་སྦྱིན། །ཞེས་པ་བཞིན་ལྷ་དང་འབྱུང་པོ་ལ་གཏོར་མ་བྱིན་ནས། བཞི་པ་ས་སྦྱང་བ་ལ། བརྟག་གཉིས་ལས། དང་པོར་ལྷ་ཡི་བདག་ཉིད་ཀྱི། །རྣལ་འབྱོར་ པས་ནི་ནོར་འཛིན་སྦྱང༌། །ཞེས་གསུངས་པས། ལས་དང་བྱ་བས་སྐྱོན་བསལ་བ་ནི། སྔར་ བཤད་པའི་མཚན་ཉིད་ཚང་བའི་གནས་དག་ཏུ་མི་དགོས་ལ། ཏིང་ངེ་འཛིན་གྱིས་ བགེགས་སྦྱང་བ་ནི། ཉིན་མོའི་འབྱུང་གནས་ཟླ་བས་གསུངས་པའི། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ ཧཱུཾ་ཕཊ། ཅེས་པ་དང༌། དཔལ་མཆོག་ལས་བྱུང་པའི། ཨོཾ་བྷུ་ཁཾ་གི་སྔགས་དང༌། གུར་ལས་ གསུངས་པའི། མེ་དྷ་ནི་སྔགས་ཀྱིས་རྗེ་བཙུན་གོང་མའི་གསུང་རབ་ལ་ས་འབྱུང་བ་ 8-1-21 བཞིན་སྦྱང་བར་བྱའོ། ། ལྔ་པ་ས་བཟུང་བ་ནི། དཀྱིལ་འཁོར་བྱ་བའི་ས་གཞི་དེ་བྱི་དོར་ལེགས་པར་བྱས་ཏེ། བ་ བྱུང་དང་དྲི་བཟང་གིས་བྱུགས་པས། རིན་ཆེན་འབར་བར། བློ་ལྡན་འཁོར་ལོའི་དབུས་ སུ་ལེགས་གནས་སྔོན་འགྲོ་ནས་བརྩམས་ཏེ། མཆོད་བསྟོད་ཀྱིས་ནི་སྦྱོར་ལྡན་པས། །ཞེས་ བཤད་པ་བཞིན། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་དབུས་སུ་འདུག །ཕྱོགས་བཞི་གཽ་རི་ སོགས་ཀྱི་ང་རྒྱལ་འཛིན་པའི་སློབ་མ་འདུག་སྟེ། སྔོན་འགྲོ་ནས། མཆོད་བསྟོད་ཀྱི་བར་ དུ་བྱའོ། །དེ་ནས་ཕྲེང་བར་འབྱུང་བ་བཞིན། མ་ལུས་ཕྱོགས་ན་བཞུགས་པ་ཡི། །ཞེས་ སོགས་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་སློབ་དཔོན་གྱིས་དཀྱིལ་འཁོར་ལ་གསོལ་བ་ གདབ་ནས། སློབ་མ་དཀྱིལ་འཁོར་བསྡུས་ཏེ། གཽ་རི་སོགས་ཀྱི་ང་རྒྱལ་གྱིས་ཕྱོགས་བཞི་ ནས་རིམ་པ་བཞིན། གསང་འདུས་ནས་འབྱུང་བ་བཞིན་དུ། དེ་བཞིན་གཤེགས་པ་ཀུན་ ཞི་བ། །ཞེས་སོགས་ཀྱི་ཚིགས་བཅད་ཀྱིས་གསོལ་བ་གདབ་པོ། །དེའི་རྗེས་སུ་རིན་ཆེན་ འབར་བར། དེ་ནས། དེའི་ཀྱེ་རྡོ་རྗེ་ཁྲོས་ལྟས་ནས། །དཀྱིལ་འཁོར་མཁའ་ལ་བཏེག་བར་ བྱ། །ཞེས་པ་བཞིན་དུ་སློབ་དཔོན་གྱིས་བཛྲོད་ཏིཥྟའི་སྔགས་དང་ཕྱག་རྒྱས་བསྒོམས་པའི་ དཀྱིལ་འཁོར་ནམ་མཁར་བཏེགས་ནས། རང་ཉིད་ཕྱག་གཉིས་པའི་ང་རྒྱལ་གྱིས་རྡོ་རྗེ་ དང་དྲིལ་བུ་བླངས་ཏེ། དཀྱིལ་འཁོར་གྱི་དབུས་སུ་ལངས་ལ། རིན་ཆེན་འབར་བར། ཡི་ གེ་མ་ཊས་ཉི་ཟླའི་མིག ། ཕྱོགས་དུས་ཐམས་ཅད་སྦྱང་བར་བྱས། །ཞེས་པ་བཞིན་མིག་ གཡས་པ་དང་གཡོན་པ་མ་དང་ཊ་ལས་ཉི་མ་དང་ཟླ་བར་བསྒོམས་ནས། བགེགས་ རྣམས་ཚར་བཅད་པ་དང་རྗེས་སུ་བཟུང་བ་བྱ་སྟེ། རིན་ཆེན་འབར་བར། བློ་ལྡན་འགྲོ་ལ་ ལྟས་ནས་ནི། །འཁོར་ལོའི་ས་ནི་ཡོངས་སུ་བསྐོར། །རྐང་འོག་རྡོ་རྗེ་འབར་བ་དང༌། །རྡོ་རྗེ་ བསོར་བས་ཤིན་ཏུ་བརྩོན། །རིམ་པའི་རྡོ་རྗེ་འགྲོས་ཀྱིས་གར། །ཞེས་པ་བཞིན་སྟང་སྟབས་ ཀྱིས་ས་བཟུང་བ་བྱས་ནས། བགེགས་ལ་བཀའ་བསྒོ་བ་ནི། གཤེད་དམར་གྱི་རྒྱུད་ལས་ ཀྱང༌། ལུས་ངག་སེམས་ལ་གནས་པ་ཡི། ། བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ཞེས་ པའི་རྗེས་སུ་གུར་དང་གཤེད་དམར་ལས་གསུངས་པའི། ང་ནི་དཔལ་ལྡན་རྡོ་རྗེ་ 8-1-22 འཆང༌། །ཞེས་སོགས། ཚིགས་བཅད་བརྗོད་དེ། བཀའ་བསྒོ་བར་བྱའོ། ། དྲུག་པ་ས་བསྲུང་བ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བར། སེང་ལྡེང་ལས་ནི་བྱས་པ་ཡི། ། ཕུར་ བུ་སོར་ནི་བཅུ་གཉིས་པ། །ཟུར་གསུམ་ཡི་གེ་གསུམ་བྱིན་རློབ། །སྔགས་ཀྱི་ཆུ་ཡིས་ བསངས་ནས་ནི། །ཕྱོགས་དང་མཚམས་སུ་འགོད་པར་བྱ། །ཞེས་དང༌། རིན་ཆེན་འབར་ བར་ཡང༌། དེ་ལྟར་ས་ནི་ཡོངས་བཟུང་ལ། །བགེགས་མེད་ཕྱིར་ནི་ཕུར་བུས་གདབ། །སྟོད་ དུ་བགེགས་འཛོམས་ཁྲོ་བོ་ལ། །སྨད་དུ་རྩེ་གཅིག་བསམ་ནས་བཏབ། །ཅེས་པ་བཞིན་ ཕུར་བུ་རྣམས་བསྒོམ་སྟེ། བགེགས་རྣམས་ཀྱི་སྙིང་ཁར། རྒྱུད་རྡོ་རྗེ་ཕྲེང་བ་ནས་འབྱུང་ བའི། ཨོཾ་གྷ་གྷ་སོགས་ཀྱི་སྔགས་བརྗོད་ཅིང༌། ཕུར་བུས་གདབ་ལ། རྡོ་རྗེ་ཐོ་བས་བརྡུང་སྟེ། མུད་ག་རའི་སྔགས་བརྗོད་ཅིང༌། བསྲུང་འཁོར་བསྒོམ་པ་ནི་ས་བསྲུང་བའོ། ། བཞི་པ་སྟ་གོན་དུ་གནས་པ་ལ། རིན་ཆེན་འབར་བར། བགེགས་མེད་པར་ནི་ཕྱོགས་ བཅིང་ནས། །དེ་ནས་ལྷག་པར་གནས་པར་བྱ། །ཞེས་པ་བཞིན། ས་སྟ་གོན། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་དང་བཞི་ལས། དང་པོ་ནི། སྤྱི་རྒྱུད་ལས། ལག་མཐིལ་ལྟ་བུར་མཉམ་བྱས་ནས། །བ་ལྕི་བ་ཆུར་སྦྱར་བྱས་ ནས། །ཤར་གྱི་ཕྱོགས་ནས་འགོ་འཛུག་ནས། །བློ་དང་ལྡན་པས་ལེགས་པར་བྱུག ། ཅེས་པ་ བཞིན། དཀྱིལ་འཁོར་བྱ་པའི་ས་གཞི་བ་བྱུང་དང་དྲི་བཟང་གིས་ལེགས་པར་བྱུག ། ཐིག་ ཆེན་བརྒྱད་སྐྱ་ཐིག་ཏུ་བཏབ་ནས། པཎ་ཙ་རེ་ཁཱའི་རྩིག་པའི་ནང་ཕན་ཆོད་སྟོང་པར་ བཞག་ཅིང༌། དེའི་ཕྱི་རོལ་ནས་མཆོད་རྫས་རྣམས་ཁོར་ཡུག་ཏུ་བཤམས་ཤིང༌། ཁྱད་པར་ དུའང་སྤྱི་རྒྱུད་ལས། དཀྱིལ་འཁོར་གྱི་ནི་བདག་པོ་ལ། །ལྷ་བཤོས་དག་ནི་གཉིས་འགྱུར་ འབུལ། །འགོ་མ་རྣམས་ལ་གོ་རིམ་བཞིན། །མཁས་པ་དེས་བས་ཆུང་ངུ་འབུལ། །ཞེས་ དང༌། ཡང་དེ་ལས། འབྱོར་ལ་ལྷ་རྣམས་ཐམས་ཅད་ལ། །རས་ནི་ཟུང་རེ་དབུལ་བར་ བྱས། ། ཡང་ན་ཆོ་ག་ཤེས་པ་ཡི། །དཀྱིལ་འཁོར་དབུས་སུ་རས་ཕྲན་ནི། །ཟུང་ཅིག་སློབ་ མའི་སྟེང་བཞག་སྟེ། །འབུལ་ནས་ཀུན་ལ་བསྔོ་བར་བྱ། །ཞེས་པ་བཞིན་ཅི་འབྱོར་བའི་ མཆོད་པ་བཤམས་ཏེ། དཀྱིལ་འཁོར་ཀྱི་ས་དེར་དྲིས་བྱུག་ལ། དེའི་དབུས་སུ་མེ་ཏོག་ཚོམ་ 8-1-23 བུ་ལ་ལྷ་སོ་སོའི་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་ལ་མཆོད་བསྟོད་བྱས། གཏོར་མ་ཕུལ་ ཏེ། བརྟག་གཉིས་ལས་བྱུང་བའི། མཱ་མ་རིན་ཆེན་སྣ་ཚོགས་འཛིན། །ཞེས་སོགས་སམ། རྣམ་སྣང་མངོན་བྱང་ལས་བྱུང་བའི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་སོགས་ ཚིགས་བཅད་གཉིས་ཀྱིས་གསོལ་བ་བཏབ་ནས། ལྷ་མོ་ས་དེ་ཉིད་དུ་ཐིམ་པར་བསམ་སྟེ། རིན་ཆེན་འབར་བར། མཆོད་བསྟོད་རྒྱ་ཆེར་བཅས་ནས་ཀྱང༌། །དཀྱིལ་འཁོར་དབུས་སུ་ དྲིས་བྱུག་ལ། །ལྷ་མོ་བསྐྱེད་དེ་མཆོད་བྱས་ནས། །ལྷག་པར་གནས་ཏེ་གཤེགས་སུ་ གསོལ། །ཞེས་སོ། །འོན་ཀྱང་ཕལ་ཆེར་ས་ཆོག་སྟ་གོན་རྣམས་ནུབ་རེ་ཕྱོགས་གཅིག་ཏུ་ མཛད་པས། ས་བསླང་བ་དང༌། ས་ལྷ་ཐུན་མོང་དུ་མཛད་དེ། ཁྱད་པར་ནི་ས་ཆོག་ལ་ མཎྜལ་གྱི་སྟེང་དུ་བསྒྲུབ་ཅིང༌། ས་ལྷ་སྟ་གོན་དང་ཕྱོགས་གཅིག་ཏུ་མཛད་དུས་དཀྱིལ་ འཁོར་དབུས་ཀྱི་གཞིར་བསྒྲུབ་པ་དོན་གྱི་དམ་པ་རྣམས་ཀྱིས་གསུང་ལས་གསལ་ལོ། ། གཉིས་པ་ནི། ལག་པ་གཡས་པས་དབང་ལྡན་ནས་བརྩམས་ཏེ་དྲིའི་ཆུས་རྩིག་པའི་ནང་ ཚུན་ཁྱམ་མེད་པར་བྱུག་ཅིང༌། རྡོ་རྗེའི་ས་གཞིར་བསྒོམ་ལ་བཛྲ་རཀྵའི་སྔགས་བརྗོད་ ཅིང་བསྲུང་བའི་འཁོར་ལོ་དུར་ཁྲོད་དང་བཅས་པ་བསྐྱེད་ནས། ལག་པ་མ་བཏེག་པར་ མེ་ཏོག་བསྒྱུར་ཏེ། གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པ་ནི། དབུས་སུ་དྲིའི་ ཆུས་གྲུ་བཞིར་བྱུག །གཞན་རྣམས་སུ་ཟླུམ་པོར་བྱུག་སྟེ། རྡོ་རྗེ་མཁའ་འགྲོ་ལས། བདུད་ རྩིས་ལྔས་ནི་ཀུན་ཏུ་བྱུག །དེ་བཞིན་གཤེགས་པའི་གནས་རྣམས་སུ། །ཙན་དན་ལ་སོགས་ གྲུ་བཞིར་བྱ། །ཕལ་པ་ཡི་ནི་གནས་རྣམས་སུ། །སོ་སོར་ཟླུམ་པོར་བྱས་ནས་ནི། །ཞེས་སོ། ། དེ་ལྟར་བྱུག་པའི་སྟེང་དུ། མེ་ཏོག་ཚོམ་བུ་བཀོད་ནས། ཤྲི་ཧེ་བཛྲ་ན་མཿ ཞེས་སོགས་ཀྱི་ སྔགས་བརྗོད་ཅིང་གཙོ་བོས་བརྩམས་ཏེ། རིམ་པ་བཞིན་དུ་སྙིང་པོ་ཚིག་ཙམ་ལས་ བསྐྱེད་ནས། མཆོད་བསྟོད་ཀྱི་བར་དུ་བྱས་ཏེ། དགྱེས་པ་རྡོ་རྗེ་མཎྜལ་གྱི་ཆོ་གར། དེ་ནས་ མེ་ཏོག་གི་ཚོམ་བུ་དཀྱིལ་འཁོར་དུ་དགོད་པར་བྱ་སྟེ། དབུས་སུ། ཨོཾ་ཨཱཿཧཱུཾ་ན་མཿ ཞེས་ བརྗོད་དེ། མེ་ཏོག་གཏོར་རོ། །ཤར་དུ་གཾ་གཽ་རི་ན་མཿ ཞེས་བྱ་བས་མེ་ཏོག་གཏོར་རོ། ། ཞེས་སོགས་ཀྱིས་ལྷ་དགུའི་སྙིང་པོ་ཚིག་ཙམ་ལས་བསྐྱེད་པར་བཤད་ཅིང༌། སློབ་དཔོན་ 8-1-24 ཀ་ལ་རཀྵི་པས། གཤིན་རྗེ་གཤེད་ཀྱི་མཎྜལ་གྱི་ཆོ་གར། རིན་ཆེན་མཛེས་པའི་འབྲུ་ཉིད་ དམ། །སྲོག་ཆགས་བྲལ་བའི་མེ་ཏོག་གིས། །རྣམ་པ་བཅོ་བརྒྱད་བཀྲམ་བྱ་སྟེ། །ཞེས་བཤད་ ལ། རིན་ཆེན་འབར་བ་ལས་ཀྱང༌། བའི་ལྔ་དང་དྲི་ཞིམ་སོགས། བ་བྱུང་མེ་ཏོག་ཚོམ་བུ་ བཀྲམ། མཁས་པས་དེ་བཞིན་གཤེགས་པའི་གནས་དེ་ལ། དཀྱིལ་འཁོར་དང་གསང་ སྔགས་ཡི་གེ་སྤྲུལ། སྤྱན་དྲངས་མཆོད་བསྟོད། ཞེས་སོ། །ཡང་དེ་ལས། དེ་ནས་བློ་ལྡན་པུས་ བཙུག་སྟེ། ། ལག་པར་སྤོས་ཐོག་གསོལ་བ་གདབ། །ཅེས་པ་བཞིན། སྤོས་དང་བཅས་པའི་ རྡོ་རྗེ་དྲིལ་བུ་འཛིན་པས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། གསང་བ་སྤྱི་རྒྱུད་ ལས་འབྱུང་བའི། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །ཞེས་སོགས་ཀྱི་ཚིགས་བཅད་ལན་གསུམ་ གྱིས་གསོལ་བ་གདབ་བོ། ། དེའང་རིན་ཆེན་འབར་བར། དེ་ལྟར་ལན་གསུམ་གསོལ་བ་བཏབ་ནས། བུམ་པ་ལྷག་ པར་གནས་པར་བྱ། །ཞེས་པས་དེའི་རྗེས་སུ་གསུངས་པ། བུམ་པ་སྟ་གོན་བྱ་སྟེ། དེའང་སྤྱི་ རྒྱུད་ལས། བུམ་པ་ནག་པོ་ར་རི་མེད། །གཟུགས་བཟང་ཁ་དོག་རབ་ཏུ་དམར། །གསར་པ་ མ་ཆག་མ་གས་པ། །ཡང་ན་དབྱིབས་ནི་ལེགས་ཤིང་ཟླུམ། །སྤོས་ཆུ་དག་གིས་བཀང་བ་ ལས། །ཁ་རྒྱན་ལྡེམ་ན་བཟང་པོས་བྱ། །ཞེས་དང༌། རིན་ཆེན་འབར་བར་ཡང༌། མགྲིན་པ་ རིང་བ་ལྟོ་ཆེ་བ། །དཀར་པོས་བྱུགས་ཏེ་མཚན་མ་གདགས། །ཞེས་དང༌། རྡོ་རྗེ་མཁའ་ འགྲོར། གོས་ཟུང་གིས་ནི་མགྲིན་པར་དཀྲིས། །ཁ་ནི་ལོ་མ་བཟང་གིས་གདབ། །ཀུ་ཤ་ཆེན་ པོ་འོག་ཏུ་སྦྱར། །ཚོན་གྱི་སྐུད་པས་རྣམ་པར་སྤྲས། །ཞེས་བཤད་པ་བཞིན། མཚན་ཉིད་ དང་ལྡན་པའི་བུམ་པ་ལས་ལྷའི་མཚན་མ་བཏག་སྟེ། ལྷའི་ཁ་དོག་དང་མཐུན་པར་གོས་ སམ་རས་ཟུང་གིས་མགུལ་ཆིངས་དང༌། འབྲས་བུ་དང་ལྡན་པའི་ཤིང་གི་ཁ་རྒྱན་པའི་ ནང་དུ། སྤྱི་རྒྱུད་ནས་བཤད་པ་བཞིན། རིན་པོ་ཆེ་ལྔ་དང༌། འབྲུ་ལྔ་དང༌། སྨན་ལྔ་སྟེ། བཅུད་བཅོ་ལྔའམ། དེའི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་བཅུད་རྣམས་བཅུག་ པའི་བུམ་པ་ལྷ་གྲངས་དང་མཉམ་པའམ། རྣམ་རྒྱལ་དང་ལས་བུམ་གཉིས་ལས་བསྡུས་ ཀྱང་རུང་ཞིང༌། དེའང་བླ་མ་རྣམས། དེའི་སྟེང་དུ་དུང་ཆོས་ཆུས་བཀང་བའི་སྟེང་དུ་རྡོ་ 8-1-25 རྗེ་ལས་གཟུང་ཐག་བཏགས་ལ་བཞག་གོ །ཞེས་གསུངས་པའི་ཤེས་བྱེད་ནི། རིན་ཆེན་ འབར་བར། ཧཱུཾ་བདུན་བཟླས་པའི་སྲད་བུ་དཀར། །མེ་ཏོག་ཕྲེང་བཏགས་རྡོ་རྗེ་ནི། །སྟེང་ དུ་བཞག་སྟེ། ཞེས་དང༌། བཟང་པོ་ཡོངས་བཟུང་ལ་སོགས་སུའང་འདི་ཉིད་དང་མཐུན་ པར་གསུངས་ཤིང༌། རྡོ་རྗེ་ཕྲེང་བར་ཡང༌། དེའང་གཙོ་བོ་ཡིན་པའི་ཕྱིར་དང་བྱ་བ་མང་ བའི་ཕྱིར་རྣམ་པར་རྒྱལ་བའི་སྟེང་དུ་ཇི་ལྟར་རྙེད་པའི་བདུད་རྩི་དང་དྲི་བཟང་གི་ཆུ། ཨོཾ་བཛྲ་ཨ་མྲྀ་ཏ་ཏེ་ཀ་ཛ་ཧཱུཾ། ཞེས་བྱ་བ་དང༌། ཡི་གེ་གསུམ་གྱིས་ལན་བདུན་བསྔགས་ པས་ཡེ་ཤེས་ཀྱི་བདུད་རྩིར་བྱས་པ་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དང་ལྡན་པའི་ དུང་ཆུས་སམ་པད་མའི་སྣོད་དུ། ཧཱུཾ་གི་སྔགས་པ་དང་མེ་ཏོག་གི་ཕྲེང་བ་བཅིངས་པའི་ རྡོ་རྗེ་བཞག་ནས། ཞེས་སོ། །དེ་ལྟ་བུའི་བུམ་པ་རྣམས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ བསངས། ལས་ཀྱི་རྡོ་རྗེའི་ཀུ་ཤའི་ཆུན་པོས་ནང་མཆོད་དམ་བསང་ཆུས་བསང་ཞིང༌། སྭ་ བྷཱ་ཝས་སྦྱངས་པའི་བུམ་པ་རྣམས་བསྐྱེད་པ་ཚར་ནས། རྣམ་རྒྱལ་གྱི་བུམ་པ་མངོན་བྱང་ ལྔ་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པའི་མཁའ་གསང་ཕྱིན་གྱིས་བརླབས། སྙོམས་པར་ ཞུགས་པའི་སྒྲས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ཡུམ་གྱི་མཁར་ཞུ་བའི་ ཐིག་ལེ་ལས་ལྷ་མོ་རྣམས་དང་བདུད་རྩི་འཁྱིལ་པའི་སྐུ་ཡོངས་སུ་རྫོགས་པར་བསྐྱེད་ ནས། སོ་སོའི་བུམ་པར་སྤྲོས་ཏེ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ ནས་མཆོད་བསྟོད་ཀྱི་བར་དུ་བྱའོ། །ཞེས་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་ཤིང༌། བདག་བསྐྱེད་བསྒོམ་པའི་སྐབས་སུ་ཡན་ལག་དྲུག་པའི་ལུགས་ལའང༌། རྒྱུ་རྡོ་རྗེ་འཛིན་ པ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ལྷ་མོ་རྣམས་སྐུ་ཡོངས་སུ་རྫོགས་པར་བསྐྱེད་དེ། སོ་སོའི་ གདན་གྱིས་སྟེང་དུ་འཁོད་པ་དེ་ལེགས་སམ་སྙམ་སྟེ། བརྟག་གཉིས་ལས་ཀྱང༌། གྲོང་ཁྱེར་ ཉམས་དགར་ཁྱོད་དང་ང༌། །དགའ་བས་ཤིན་ཏུ་རོལ་པ་ལས། ། དཀར་མ་མང་པོའི་ ཕྱོགས་ཕྱུང་ནས། །ཤར་གྱི་སྒོ་རུ་ཡང་དག་གནས། །ཡང་ན་བསྲུང་བའི་སྦྱོར་བ་ ལས། །ཆོམ་རྐུན་མ་ཡང་ཕྱུང་ནས་ནི། །ཞེས་སོགས་གསུང་ཞིང༌། བྲམ་ཟེ་ནག་པོའི་ཞབས་ ཀྱིས་མཛད་པའི་སྒྲུབ་ཐབས་ལས་ཀྱང༌། དེ་དང་མཐུན་པར་བཤད་པའི་ཕྱིར་རོ། ། འོན་ 8-1-26 ཀྱང་མི་ཐུབ་ཟླ་བས་མཛད་པའི་ཡན་ལག་དྲུག་ལས་ནི་སྦྱོར་མཚམས་ནས། ལྷ་རྫོགས་ པར་བསྐྱེད་པའང་གསལ་བ་མི་སྣང་ངོ༌། །དེ་ལྟར་བུམ་པའི་ལྷ་རྣམས་ཀྱི་སྐྱེ་མཆེད་སྐུ་ གསུང་ཐུགས་བྱིན་གྱིས་བརླབས་ཏེ། མཆོད་བསྟོད་ཀྱི་བར་དུ་བྱས་ནས། སྔགས་བཟླས་ཏེ། རྡོ་རྗེ་ཕྲེང་བར། དེ་ནས་ཧཱུཾ་བརྗོད་ཅིང་རྡོ་རྗེ་དང་འབྲེལ་པའི་མེ་ཏོག་གི་མཐར་གཡོན་ པའི་ཁུ་ཚུར་གྱིས་བཟུང་ལ་འཁོར་ལོའི་གཙོ་བོའི་སྙིང་པོའི་སྔགས་སམ། ཨོཾ་བཛྲ་ཀྲོ་ཏ་ཧཱུཾ། ཞེས་བྱ་བས་ཆུ་ལ་བརྒྱ་རྩ་བརྒྱད་སྔགས་ནས། དེར་འཁྱིལ་བ་བཟླས་པའི་མེ་ཏོག་དཀར་ པོ་གཞུག་བར་བྱའོ། །བུམ་པ་གཞན་ལྷ་མོ་གང་དང་གང་ཡིན་པ་དེ་ནི་དེའི་སྔགས་ཀྱིས་ བརྒྱ་རྩ་བརྒྱད་དམ། ཉི་ཤུ་རྩ་གཅིག་གམ། བདུན་བཟླས་ཏེ། སྟེང་གི་རྡོ་རྗེའི་མེ་ཏོག་གི་ མཐར་དེ་ལྟར་བཟླས་ནས་སོ། །དེ་བཞིན་དུ། མེ་ཏོག་ཀྱང་གཞུག་པར་བྱའོ། །ཞེས་ སོ། །སླར་ཡང་མཆོད་བསྟོད་བྱས་ལ་ལྷ་རྣམས་ཞུ་པའི་ཆུར་བལྟའོ། ། བཞི་པ་སློབ་མ་སྟ་གོན་ནི། ལུས་དང༌། བསམ་པའི་བྱ་བ། ནང་གི་དབང༌། དོན་ཞུ། སྤྲོ་བ་ བསྐྱེད། བྱང་ཆུབ་སེམས། བསྲུང་དང༌། མཆོད་བསྟོད་དང༌། སོ་ཤིང༌། ཁྱོར་ཆུ་བླུད། ཀུ་ཤ ཆོས་བཤད། རྨི་ལམ་བརྟག །དེ་ལྟར་ཆོས་བཅུ་བཞི་ལས། དང་པོ་ནི། རྣམ་སྣང་མངོན་བྱང་ལས། སློབ་མ་དད་ཅིང་རིགས་བཙུན་པ། །དེ་བཞིན་ དཀོན་མཆོག་གསུམ་ལ་དད། །དཔའ་ལ་ཡིད་དམ་དྲན་པ་ཡིན། །གཅིག་བཞི་བཞི་ལས་ ལྷག་ཀྱང་རུང༌། །དཔྱད་མི་དགོས་པར་གཟུང་བར་བྱ། །ཞེས་ངེས་མེད་གསུང་ནའང༌། སྤྱི་ རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔ་འམ་ཡང་ན་བདུན་དག་གམ། ། ཉི་ ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་བཟུང༌། །དེ་བས་ལྷག་པའི་སློབ་མ་ནི། ། ཡོངས་སུ་བཟུང་བར་མི་ཤེས་སོ། །ཞེས་གསུངས་པ་ལྟར་བླ་མ་གོང་མ་རྣམས་ཕྱག་ལེན་ ལ་གྲངས་ངེས་པ་ཅན་མཛད་པས། མཚན་ཉིད་དང་ལྡན་པའི་སློབ་མ་ཁྲུས་བྱས་ཏེ། འཁོད་པ་རྣམས་ཀྱིས་མཎྜལ་ཕུལ་ཏེ། དེའང་སྦྱོར་བ་འབད་རྩོལ་གྱི་དྲི་མ་དང་བྲལ། དངོས་གཞིའི་སེར་སྣའི་དྲི་མ་དང་བྲལ། རྗེས་རློམ་སེམས་ཀྱི་དྲི་མ་སྟེ་གསུམ་དང་བྲལ་ བའི་མཎྜལ་ཡུལ་བསམ་པ། དངོས་པོ་རྒྱ་ཆེ་བ་གསུམ་གྱིས་དབུལ་དུ་བཅུག་ནས། ལུས་ 8-1-27 པུས་གཙུགས་ཏེ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བ་ལའོ། །དེ་ཡང་རྡོ་རྗེ་ཕྲེང་བར། དེ་ལ་སློབ་མ་གཅིག་གམ་གཉིས་སམ། མང་པོས་མཎྜལ་བྱས་ནས། པུས་མོ་ས་ལ་བཙུགས་ ཏེ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བ་རྣམས་ལ། ཞེས་གསུངས་པའི་ཕྱིར། དེ་ལྟར་ སློབ་མ་རྣམས་ཀྱི་རིམ་པས་འཁོད་པ་ལ་སྙིང་རྗེ་ཆེན་པོ་ཀུན་ནས་བསླངས་ཏེ། ཟང་ཟིང་ དང་སྙེད་བཀུར་ལ་མི་ལྟ་བར། ཡི་དམ་གྱི་ཏིང་ངེ་འཛིན་བརྟན་པོ་དང་ལྡན་པས་འདི་ ལྟར་གདམས་པར་བྱའོ། །དེའང་ཁྱོད་རྣམས་སྐྱེ་བ་སྔ་མ་ལས་དཀར་བ་བསགས་ཤིང་ སྨོན་ལམ་དྲི་མ་མེད་པ་བཏབ་པའི་སྟོབས་ཀྱིས། ཚེ་འདིར་དལ་འབྱོར་གྱི་མི་ལུས་རིན་པོ་ ཆེ་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་མཇལ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་དུ་ ཞུག་སྟེ། ལམ་རིམ་གཉིས་བགྲོད་ཅིང་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བློ་སྐྱེས་ པ་ལེགས། ལེགས་པའི་རྒྱུ་མཚན་ཡང་དལ་འབྱོར་རིན་པོ་ཆེ་འདི་མ་ཡིན་པ་རྟེན་གཞན་ ལ་གསང་སྔགས་ཀྱི་ཆོས་རྣམས་བསྒྲུབ་པའི་སྐལ་བ་མེད་ལ། ཆོས་བསྒྲུབ་པའི་རྟེན་དལ་ འབྱོར་འདི་ཡང་རྙེད་པར་དཀའ་ལ་མི་རྟག་ཅིང་འཆི་ངེས། ནམ་འཆི་ཆ་མེད་འཆི་བའི་ ཚེ་དགེ་བ་མ་ཡིན་པ་གང་གིས་ཀྱང་མི་ཕན་པར་གསུངས་ཏེ། རྒྱལ་སྲས་ཞི་བ་ལྷས། དལ་ འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུ་དོན་གྲུབ་ཐོབ་པར་གྱུར་པ་ལས། །གལ་ཏེ་ འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་དང༌། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུ་སྦལ་ མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །ཞེས་སོགས། དཔེ་དང་གྲངས་ དང༌། རྒྱུ་ཡི་སྒོ་ནས་རྙེད་པར་དཀའ་བ་དང༌། དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཞིབ་ཏུ་ བཤད་ཅིང༌། འཆི་ངེས་པའི་རྒྱུ་མཚན་ཡང༌། སྤྱོད་འཇུག་ལས། བདག་ནི་མེད་པར་གྱུར་ པའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང༌། ། ཞེས་པ་དང༌། ཉིན་མཚན་སྡོད་པ་ཡོད་མེད་ པས། ཚེ་འདི་རྟག་ཏུ་འགོད་འགྱུར་ཞིང༌། །སྣོན་པའང་ཀུན་ནས་ཡོད་མེད་ཅིང༌། །བདག་ ལྟ་འཆི་བར་ཅིས་མི་འགྱུར། །ཞེས་དང༌། ཆེད་དུ་བརྗོད་པའི་ཚོམ་ལས་ཀྱང༌། གང་དུ་ ཕྱིན་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་དུ་ཡོད་མིན་ཏེ། །ནམ་མཁའ་ན་ 8-1-28 མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོ་ཀུན་གྱི་ཕྲག་ཏུ་ཞུགས་ཀྱང་མེད། །ཞེས་ གསུངས་ཤིང༌། སྐབས་འདིར་བྱི་བ་དཀར་ནག་གི་དཔེ་ཡང་བཤད་ན་འགྲིག་གོ །ནམ་ འཆི་ཡང་ངེས་པ་མེད་དེ། ཞི་བ་ལྷས། དེ་རིང་ཁོ་ན་མི་འཆི་ཞེས། ། བདེ་བར་འདུག་པའི་ རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་ འབྱུང༌། །ཞེས་གཞན་ལས་ཀྱང༌། ལ་ལ་རྒན་ཏེ་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་ ཚེ། །དེ་ནི་རིམ་གྱི་འཆི་འགྱུར་བས། །དེ་ལྟར་བས་ན་ཆོས་མཛོད་ཅིག །ཞེས་གསུངས་ཤིང་ འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་ཏེ། དེ་ཡང༌། ཆོས་བཞིན་བྱས་ན་ འཆི་བའི་བྲོད་པར་འགྱུར། །ཆོས་བཞིན་གནས་ན་སུ་ཞིག་འཆི་བས་འཇིགས། །ཞེས་ གསུངས་ལ། འཆི་བའི་ཚེ་ན། ཉེ་འབྲེལ་དང་ལོངས་སྤྱོད་རྣམས་རྗེས་ན་མི་འབྲང་ཞིང༌། རང་གཅིག་པུ་ལག་སྟོང་དུ་འགྲོ་དགོས་ཏེ། ཇི་སྐད་དུ། རྒྱལ་པོ་ལ་གདམས་པ་ལས། དུས་ ཀྱིས་བསྙེན་ཏེ་རྒྱལ་པོ་འགྲོ་བའི་ཚེ། །ལོངས་སྤྱོད་མཛའ་དང་གཉེན་གཤེས་རྗེས་མི་ འབྲང༌། ། རྒྱལ་པོ་གང་དང་གང་དུ་འགྲོ་འགྱུར་བ། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་ འབྲང༌། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། ཆོམ་པོས་འཕྲོག་པ་ཇི་བཞིན་དུ། །སྒྲེན་མོ་ ལག་པ་སྟོང་བར་འགྲོ། །ཞེས་སོགས་རྒྱས་པར་གསུངས་པའི་ཕྱིར་ན། དལ་འབྱོར་གྱི་ལུས་ རིན་པོ་ཆེ་ནི་ཐོབ། ལམ་རྣམ་དག་སྟོན་པའི་དགེ་བའི་བཤེས་གཉེན་དང་མཇལ། ཆོས་ བྱེད་པའི་ཐབས་ནི་ཤེས། འདིར་ཆོས་བྱེད་དབང་ནི་ཡོད་པའི་དུས་འདིར། མི་དགེ་བ་ སྤོང་བ་དང༌། དགེ་བ་ལ་བསྒྲུབ་པ་ལ་འབད་འཚལ་ཏེ། གལ་ཏེ་མ་འབད་ན། རང་གིས་ རང་བསླུས་པ་དང༌། རྨོངས་ཚབ་ཤིན་ཏུ་ཆེ་བ་ཡིན་ཏེ། ཞི་བ་ལྷས། འདི་འདྲའི་དལ་བ་ རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་ དེ། །འདི་ལ་རྨོངས་པའང་གཞན་མེད་དོ། །ཞེས་དང༌། དགེ་བ་དག་ཀྱང་མ་བྱས་ལ། །སྡིག་ པ་དག་ཀྱང་ཉེར་བསགས་ན། ། བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་ མི་འགྱུར། །ཞེས་གསུངས་ཤིང༌། མདོར་ན་བྱང་ཆུབ་ཐོབ་ནུས་ཀྱི་ཆོས་གཤའ་མ་ཅིག་མ་ བྱས་ན། རིས་དྲུག་གང་དུ་སྐྱེས་ཀྱང་དུཿཁ་ལས་མ་འདས་ཏེ། བྱམས་པ་མགོན་པོས། མི་ 8-1-29 གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ལ་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་ མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་གསུངས་ཤིང༌། དེས་ན་དལ་འབྱོར་གྱི་ མི་ལུས་ཐོབ་པའི་དུས་འདིར་སངས་རྒྱས་ངོ་ཤེས་པའི་ཐེག་ཆེན་གྱི་ལམ་རྣལ་མ་གཅིག་ ལ་འཇུག་དགོས་ལ། དེ་ལ་ཕྱེ་ན་ཕ་རོལ་ཏུ་ཕྱིན་པ་དང༌། གསང་སྔགས་རྡོ་རྗེ་ཐེག་པ་ གཉིས་ལས། སྔགས་ཀྱི་ཐེག་པ་ལ། རྒྱུད་སྡེ་བཞི་ལ་སོགས་པ་དུ་མ་ཡོད་ཀྱང་འདི་རྣལ་ འབྱོར་བླ་ན་མེད་པ་ཀྱེའི་རྡོ་རྗེ་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་ལ་སྟ་གོན་ དང་པོ་གསུམ་གྲུབ་ནས། སློབ་མ་སྟ་གོན་གྱི་གཉིས་པ་བསམ་པའི་བྱ་བ་ནི། སྔར་བརྗོད་ པ་རྣམས་དང༌། སྤྱི་རྒྱུད་ནས་འབྱུང་བའི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །ཞེས་ པ་ནས། འབད་པ་མེད་པར་འདི་འདྲའི་འགྲུབ། ། ཞེས་པའི་བར་དོན་གོ་བར་སྙད་པར་ བྱའོ། ། གསུམ་པ་གསང་སྒྲོགས་སུ་མི་འགྱུར་བར་བྱ་བའི་ཕྱིར། ནང་དབང་བསྐུར་བ་ནི། རྡོ་རྗེ་ ཕྲེང་བ་ལས། ཁ་ནས་རང་གི་ལུས་ལ་བཅུག་སྟེ། རྡོ་རྗེའི་ལམ་ནས་ཐོན་ནས། ཤེས་རབ་ཀྱི་ པད་མ་ན་གནས་པ་རྣམས་ལ་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཤེས་རབ་ དང་བཅས་པའི་དེ་བཞིན་གཤེགས་པ་ཁ་ནས་ཞུགས་ཤིང་ཞུ་བར་གྱུར་པ་རྣམས་ཀྱི་ དབང་བསྐུར་བར་བསྒོམས་ནས། ཞེས་གསུངས་པ་ལྟར་རོ། ། བཞི་པ་ཁྱད་པར་ཅན་གྱི་དོན་ཞུ་བ་ནི། བདག་མེད་མ་ཡི་མགྲིན་འཁྱུད་པའི། །ཞེས་དང༌། བཤད་རྒྱུད་རྡོ་རྗེ་ཕྲེང་པར་གསུངས་པ་ཡིས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། ། ཞེས་ སོགས་ཀྱིས་གསོལ་བ་ལན་གསུམ་གདབ། ལྔ་པ་གསང་སྔགས་རྡོ་རྗེ་ཐེག་པ་ལ་སྤྲོ་བ་བསྐྱེད་པ་ནི། རྣམ་སྣང་མངོན་བྱང་ལས་ གསུངས་པའི། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཞེས་སོགས་ཀྱི་དོན་ཡང་བཤད་པར་བྱའོ། ། དྲུག་པ་རྒྱུན་བཤགས་སྔོན་དུ་སོང་ནས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ནི། གུར་ ལས་གསུངས་པའི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་བདུན་ནམ་ དག་གི་དོན་དྲན་བཞིན་པས་ལན་གསུམ་བརྗོད་དུ་གཞུག་གོ ། 8-1-30 བདུན་པ་དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར། རྩ་བའི་སྔགས་ཀྱིས་བསྲུང་ཞིང༌། ལྷར་བསྐྱེད་ནས་བྱིན་གྱིས་བརླབ་པ་ནི། སློབ་མ་རྣམས་ ལ་དམིགས་ལ་རྩ་སྔགས་བཟླ་ཞིང༌། སྙིང་ཁའི་ས་བོན་གྱི་འོད་ཀྱིས་སྡིག་པ་ཐམས་ཅད་ བསྲེགས་པས་ཕྱི་ནང་གིས་བར་ཆད་བསྲུང་ལ། སློབ་མ་རྣམས་ཞལ་གཅིག་ཕྱག་གཉིས་ པར་སྐད་ཅིག་གིས་བསམ་ལ། བསྲུང་བ་བྱས་ཏེ། དེ་ཡང་རིན་ཆེན་འབར་བར། ལས་ ཀུན་བྱེད་པས་བསྲུངས་ནས་ནི། །སྙིང་ཁ་ལྐོག་མ་སྤྱི་བོ་རུ། །རྡོ་རྗེ་པད་མ་འཁོར་ལོ་ དག །ཧཱུཾ་ཨཱཿཨོཾ་ལས་དེ་དག་དགོད། །སྤོས་ཆུ་རྡོ་རྗེ་ཁུ་ཚུར་དག །སྙིང་ཁ་ལྐོག་མ་སྤྱི་བོར་ གདུགས། ། དེ་བཞིན་ཧཱུཾ་ཨཱཿཨོཾ་བརྗོད་བྱ། །ཞེས་སོགས། བརྒྱད་པ་དེ་ལྟར་སེམས་བསྐྱེད་ཅིང་བྱིན་གྱིས་བརླབ་པ་ལ་མཆོད་པ་ནི། སྔགས་དང་ བཅས་པས་མེ་ཏོག་ལ་སོགས་རིམ་པར་སྦྱིན་པར་བྱ་སྟེ། ཇི་སྐད་དུ། རྣམ་སྣང་མངོན་ བྱང་ལས། དེ་ནས་དེ་དག་ལ་སྤོས་དང༌། །མེ་ཏོག་ལ་སོགས་པ་སྦྱིན་ནོ། །ཞེས་དང༌། རིན་ ཆེན་འབར་བ་ལས། མེ་ཏོག་ལ་སོགས་རིམ་བཞིན་བཞག །སྦྱི་བོར་མེ་ཏོག་མདུན་དུ་ སྤོས། ། མར་མེ་དྲི་ནི་སྙིང་ཁ་རུ། །ཞེས་སོ། ། དགུ་པ་དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར། སོ་ཤིང་བྱིན་ནས་དཀྱིལ་འཁོར་གྱི་ཤར་དུ་ དྲི་བཟང་གིས་བགོ་ཙམ་དུ་བྱུག་པའི་མཎྜལ་གྱི་སྟེང་དུ། མེ་ཏོག་གི་ཚོམ་བུ་དགུ་བྱས་ པར། སློབ་མས་སོ་ཤིང་གི་རྩེ་མོའི་འཆོལ་ནས་འདོར་དུ་བཅུག་སྟེ། དངོས་གྲུབ་ཀྱི་ལྟས་ བསྟན་ཏོ། ། བཅུ་པ་ཁ་དག་པར་བྱ་བ་དང་རྨི་ལམ་གསལ་བོ་འབྱུང་བར་བྱ་བའི་ཕྱིར། དྲི་ཞིམ་པོའི་ ཁྱོར་ཆུ་ལན་གསུམ་དུ་བླུགས་པར་བྱའོ། །དེ་དག་གི་ཤེས་བྱེད་ཀྱང་གསང་བ་སྤྱི་རྒྱུད་ ལས། སོ་ཤིང་ཨུ་དུམ་བཱ་རའམ། །ཨ་ཤྭ་ཐ་ནི་རྨ་མེད་པ། །ཧ་ཅང་མི་སྦོམ་མི་ཕྲ་ ཞིང༌། །སོར་གྲངས་བཅུ་གཉིས་ཚད་དུ་བྱ། །སྤོས་ཀྱི་ཆུས་ནི་ལེགས་པར་བཀྲུས། །སྐུད་ལ་ དག་གིས་རྣམ་པར་དཀྲིས། །སྤོས་ཀྱིས་བྱུག་ཅིང་བདུག་པས་བདུག །ལག་པས་བྲང་ཞིང་ རིགས་ཀྱི་ནི། །སྙིང་པོ་ལན་གྲངས་མང་པོ་ཡི། །ཡང་ན་ལན་བདུན་བཟླས་བརྗོད་ 8-1-31 བྱ། །སློབ་མ་རྣམས་ཀྱི་གྲངས་ལ་ནི། །སོ་ཤིང་ལ་སོགས་སོགས་པར་བྱ། །སོ་ཤིང་མགོ་ ཞབས་མཉམ་བྱས་ལ། །ཏོར་ཏོ་གཅིག་ནི་མགོ་བྱས་ན། །རྩེ་མོ་ནས་ནི་བཅའ་བུར་ བྱ། །ཞེས་དང༌། སློབ་མ་མཐུན་ཞིང་ཚོགས་པ་རྣམས༌། །བྱང་གི་ཕྱོགས་སུ་ཁ་བལྟས་ ཤིང༌། །ཐལ་མོ་སྦྱར་ཏེ་འཁོད་པ་ལ། །སོ་ཤིང་རིམ་པ་བཞིན་དུ་སྦྱིན། །ཞེས་པས་ནས། ཁྱོད་བར་བླུགས་ནས་ལན་གསུམ་བླུད། ། ཞེས་གསུངས་ཞིང༌། རིན་ཆེན་འབར་བ་ལས་ ཀྱང༌། ཀུན་བྱེད་བཟླས་ནས་གུས་པ་ཡི། ། སློབ་མ་རྣམས་ལ་སྦྱིན་པར་བྱ། །ཨ་ཤྭད་ཨུ་ དུམ་བཱ་ར་ཡི། །སོ་ཤིང་སོར་ནི་བཅུ་གཉིས་པ། ། མ་ཡོ་མ་གས་སྲོག་ཆགས་མེད། །རྩེ་མོ་མེ་ ཏོག་བཅས་པ་སྦྱིན། །ཤར་རམ་བྱང་དུ་ཁ་བལྟས་བཞག །བཅས་ནས་ལྟོས་པ་མེད་པར་ ནི། །བ་ཀོ་ཙམ་དུ་བྱུག་པ་དོར། །ཞི་བ་ལ་སོགས་དངོས་གྲུབ་བསྟན། །འཐོར་ཐུང་ཁྱོར་ཆུ་ ལན་གསུམ་བླུད། །ཨོཾ་ཨཱཿཛྷི་ཧཱ་སཾ་བྷ་དྷ་ནི་ཧཱུཾ་ཕཊ། སོ་ཤིང་བཟླས་པའི་སྔགས་སོ། །ཞེས་ དང༌། ཕྲེང་བར་ཡང༌། དེ་རྣམས་ཀྱིས་ཀྱང་ཁྲུ་བཞི་པ་གྲུ་བཞི་པའི་ལྕི་བས་བྱུགས་པར། ཤར་རམ་བྱང་དུ་ཕྱོགས་པས་སོ་ཤིང་དེ། ཨོཾ་བཛྲ་ཧཱ་ས་ཧཿ ཞེས་བརྗོད་ནས་རྩེ་མོའི་ འཆོས་ཏེ་མ་གས་པ་སྟེང་དུ་བསྟན་ཅིང་ལྟོས་པ་མེད་པར་མདུན་དུ་དོར་རོ།། ཞེས་སོ། ། བཅུ་གཅིག་པ་རྨི་ལམ་སོགས་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར། བསྲུང་སྐུད་ བཅིང་བ་ནི། སྐུད་པ་ཚད་ལྡན་རྡོ་རྗེ་མདུད་པ་ཅན་ལ་ཡེ་ཤེས་སྐུད་པ་བཀུག་སྟེ། གཉིས་ སུ་མེད་པར་བསྟིམ་པ་ལ་རྩ་བའི་སྔགས་བཟློས་ཤིང༌། ཁམས་དཀར་དམར་མི་ཉམས་ པར་བྱ་བའི་ཕྱིར། སྐྱེས་པའི་དཔུང་པ་གཡོན་དང༌། བུད་མེད་ཀྱི་གཡས་ལ་བཅིང་ལ། དེ་ ལ་ལག་པ་གཉིས་འཇུས་ཏེ། ཨོཾ་བཛྲ་སཏྭ་ཞེས་སོགས་ཡི་གེ་བརྒྱ་པས་བརྟན་པར་ བྱའོ། །དེ་འང་སྤྱི་རྒྱུད་ལས། བུ་མོ་གཞོན་ནུས་བཀལ་བའི་སྐུད། །བླངས་ནས་བཞི་བཅུ་རྩ་ དགུར་བཟླས། །སློབ་མ་རྣམས་ནི་བློས་བསམ་ནས། །མཉམ་པར་བཞག་ཏེ་མདུད་པ་ བོར། །ཞེས་དང༌། རྣམ་སྣང་མངོན་བྱང་ལས། དེ་ནས་ལག་པ་གཡོན་པ་ལ། །སྐུད་པ་ མདུད་པ་གསུམ་ལྡན་པས། །བདག་ཉིད་མཉམ་པར་བཞག་པ་ཡིས། །ལེགས་པ་རུ་ནི་ བཅིང་བར་བྱ། །ཞེས་དང༌། ནག་པོ་པས། ཡི་གེ་ཧཱུཾ་བཟླས་པའི་སྐུད་པ་མདུད་པ་གསུམ་ 8-1-32 དང་ལྡན་པས་དཔུང་བར་བཏགས་ལ། ཡི་གེ་བརྒྱ་པས་བྱིན་གྱིས་བརླབ་པར་གསུངས་ ཤིང༌། དབང་མཆོག་རྡོ་རྗེ་ཕྲེང་བར་ཡང༌། དེ་ནས་ཧཱུཾ་ལས་བྱུང་བའི་སྐུད་པ་དམར་པོ་ སློབ་མའི་ལུས་ཀྱི་ཚད་གསུམ་བལྟབ་ཏུ་བྱ་སྟེ། འཁྱིལ་པ་ལན་བདུན་བཟླས་ལ། མདུད་པ་ གསུམ་བཟླས་ལ་མདུད་པ་གསུམ་མམ་དྲུག་བྱས་པ་དེ་རྣམས་ཀྱི་དཔུང་པ་གཡས་པའམ། གཡོན་པར་གཞན་དུ་གསུང་སྟེ། ཞེས་བཤད་དོ། ། བཅུ་གཉིས་པ་རྨི་ལམ་མི་འཁྲུག་པར་བྱ་བའི་ཕྱིར་ཀུ་ཤ་སྦྱིན་ནོ། །དེ་ཡང་རིན་ཆེན་ འབར་བར། ཀུ་ཤའི་སྙིང་པོ་རྩེ་མ་ཉམས། །དྷཱིཿལས་བྱུང་བ་བསམ་པར་བྱ། །དང་པོར་སྦྱི་ བོར་དེ་བཟུང་ལ། །གཞན་དག་སྔས་དང་སྟན་ཕྱིར་སྦྱིན། །ཞེས་སོ། ། དེ་ནས་བཅུ་གསུམ་པ་ཆོས་ཟབ་མོ་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། རྣམ་སྣང་ མངོན་བྱང་ལས་གསུངས་པའི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཞེས་སོགས་ཀྱི་དོན་ འགྲེལ་པ་ལྟར་བཤད་པར་བྱའོ། ། བཅུ་བཞི་པ་རྨི་ལམ་བརྟག་ཅིང་ངན་པ་བསྲུང་བ་ཡང༌། ཇི་སྐད་དུ། སྤྱི་རྒྱུད་ལས། འདོད་ ཆགས་བྲལ་དང་ལྡན་པའི་ཆོས། །སློབ་མ་རྣམས་ལ་བཤད་ནས་ནི། །ཀུ་ཤ་བཏིང་བའི་ས་ གཞི་ལ། །ཤར་ཕྱོགས་སྔས་བསྟན་ཉལ་དུ་གཞུགས། །དེ་ནས་ནང་བར་ནམ་ལངས་ ནས། །རྨི་ལམ་ཅི་མཐོང་དྲི་བར་བྱ། །ཐོས་ནས་བཟང་ངམ་མི་བཟང་བ། །ཐེ་ཙོམ་མེད་ པར་བཤད་པར་བྱ། །ཞེས་སོགས་ཀྱི་རྨི་ལམ་བཟང་ངན་བརྟགས་ནས་བཟང་ན་དགའ་ བ་བསྐྱེད་ཅིང༌། ངན་ན་རྩ་སྔགས་དང་སངས་རྒྱས་སྤྱན་གྱི་བསྒོམ་བཟླས་དང་སྦྱིན་སྲེག་ གིས་བཟློག་པར་བྱའོ། །སྟ་གོན་ནོ། །སློབ་མ་སྟ་གོན་འདི་རྣམས་ལ་ཡང་དབང་མ་རྟོགས་ པ་ཕལ་ཆེར་རིམ་པ་བཞིན་དུ། རིན་ཆེན་འབར་བར་བཤད་ཅིང་གལ་ཏེ་སྔར་སློབ་མ་ བཟུང་བའི་སློབ་མ་འགའ་ཞིག་སྟ་གོན་གྱི་དུས་སུ་མ་སླེབ་ན། ཚབ་གཞན་ལ་བྱས་ན་ ཡང་རུང་བར་གསུངས་ཏེ། སྤྱི་རྒྱུད་ལས། སློབ་མ་ཡོངས་སུ་བཟུང་བ་གང༌། །སྟ་གོན་བྱ་ ཚེ་མེད་ན་ནི། །དེ་ཡི་གཟུགས་ཅན་བྱས་ནས་ནི། །ཇི་སྐད་བཤད་པའི་ལས་རྣམས་ བྱ། །སློབ་མ་ཡོངས་སུ་བཟུང་བ་གང༌། །གལ་ཏེ་རྒྱུད་ཆེན་འགའ་ཞིག་གིས། །དེར་ནི་འོང་ 8-1-33 བར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པར་གཞུག །ཅེས་སོ། ། ལྔ་པ་དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ་ནི། སྤྱྀར་དཀྱྀལ་འཁོར་བྲིས་སྐུ་ལ་བརྟེན་པ་ དང༌། རྡུལ་ཚོན་ཀྱི་དཀྱིལ་འཁོར་འབྲི་བའི་ལུགས་གཉིས་ལས། བྲིས་སྐུའི་དཀྱིལ་འཁོར་ ལ་བརྟེན་པའི་ལུགས་འདི་ནི། བདེ་མཆོག་ཨ་བྷི་དྷ་ན་ལས་གསུངས་པ་ལ་བརྟེན་ནས། སློབ་དཔོན་རྡོ་རྗེ་དྲིལ་བུ་པ་དང༌། སློབ་དཔོན་དགའ་རབ་རྡོ་རྗེ་ལ་སོགས་པས་གསུངས་ ལ། དེང་སང་གི་རྒྱ་གར་གྱི་ཡུལ་ནའང་ཆོ་ག་ཕལ་ཆེར་འདིས་མཛད་དོ། །བླ་མ་གོང་མ་ རྣམས་ཀྱང་སྐབས་སུ་ཕྱག་ལེན་ལ་འདི་ལ་མཛད་པས་ལུགས་འདི་ཧ་ཅང་མི་ལེགས་པ་ མ་ཡིན་ཞེས་བླ་མ་རྗེ་བཙུན་ཆེན་པོས་གསུང་ཞིང༌། སློབ་དཔོན་དྲིལ་བུ་པས་དབང་གི་ བྱ་བར་ཡང༌། རི་མོར་གནས་བའི་ལས་དང་ནི། །ཐིག་ལས་ཚོན་དགྱེའི་རིམ་པ་ བསྟན། །ཞེས་གསུངས་སོ། ། དེ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་བ་ལ། ཐིག་གིས་འབྲི་བ་དང་ཚོན་གྱིས་འབྲི་བ་ གཉིས་ལས། དང་པོ་ལའང༌། ལས་ཐིག་དང་ཡེ་ཤེས་ཀྱི་ཐིག་གཉིས་གསུངས་ཏེ། རྡོ་རྗེ་ མཁའ་འགྲོ་ལས། ཡེ་ཤེས་ཐིག་ནི་གདབ་བྱས་ན། །ལས་འདི་ཡང་དག་བརྩམ་པར་བྱ། ། ཞེས་དང༌། ནག་པོ་པའྀ་དཀྱིལ་ཆོག་ཏུ་ཡང༌། དང་པོ་རྡོ་རྒྱུས་ཐིག་སོགས་ཀྱིས། །ཐིག་ རྣམས་ཐམས་ཅད་ངེས་པར་བྱ། །དེ་ཡི་སྟེང་དུ་ཡེ་ཤེས་ཐིག །ཀུན་ནས་ཡོངས་སུ་བརྐྱང་ པར་བྱ། ། ཞེས་སོ། ། དང་པོ་ལས་ཐིག་ནི་དྲིས་བྱུག་ཅིང་ལྷ་སྟ་གོན་བྱས་པའི་ས་མཉམ་ཞིང་ཡིད་དུ་འོང་བར། དེ་ནས་དཀྱིལ་འཁོར་ཁྲུ་གསུམ་དང་མཐེ་འོང་གསུམ་ནི་ལྷག་པ་བྱ། ། ཞེས་དཔལ་བརྟག་ པ་གཉིས་པར་གསུངས་བཞིན་དུ་ཚད་དང་ལྡན་པའམ། ཡང་ན་སྡོམ་འབྱུང་ལས། ཁྲུ་ བྱེད་ལ་སོགས་ནས་བརྩམས་ནས། །ཇི་སྲིད་ཁྲུ་ནི་བརྒྱ་ཡི་བར། །ཞེས་པ་དང༌། ཁྲུ་གདན་ ནས་ནི་བརྩམས་ནས་ནི། །ཇི་སྲིད་ཁྲུ་ནི་སྟོང་གི་བར། །ཞེས་ཕྲེང་བར་ལུངས་དྲངས་པ་ ལྟར་བྱས་ཀྱང་རུང་ངམ་སྙམ་དུ་སེམས་པས། གང་ལྟར་ཡང༌། ཐིག་རྣམས་མ་ནོར་བར་ རྫོགས་པར་གདབ་ཅིང༌། ཁྱད་པར་པད་མ་མཉམ་གསུམ་ངེས་པ་ཅན་དུ་སེམས་འགྲེལ་ 8-1-34 རྣམས་ལས་ཀྱང་གསུངས་ཤིང༌། ཕྲེང་བར་ཡང༌། དགྱེས་རྡོར་གྱི་སྐབས་སུ། ཇི་སྐད་དུ། དགུའི་བདག་ཉིད་ཅན་དགྱེས་པ་རྡོ་རྗེ་བཞི་ནི་ཚངས་ཐིག་ལས་ཕྱོགས་ངོས་སུ་ལྟེ་བའི་ དོན་དུ་ཆ་ཆུང་ལྔ་དོར་ནས་གེ་སར་གྱི་ཐིག་ཟླུམ་པོ་གཅིག་གོ །དེའི་ཕྱི་རོལ་ཏུ་འདབ་ མའི་དོན་དུ་ཆ་ཆུང་བཅུ་སྤངས་པར་གཅིག་གོ །ཞེས་པ་ཁྱད་པར་རོ། །ཞེས་གསུངས་ པའི་ཕྱིར། གང་ལེགས་བཟུང་བར་བྱའོ། ། དེ་ནས་ཡེ་ཤེས་ཀྱི་ཐིག་གདབ་པ་ནི། བརྟག་གཉིས་ལས། རང་འདོད་ལྷ་ཡི་གཟུགས་ཀྱིས་ ནི། །གསར་བ་ལེགས་པར་བསྐལ་པ་དང༌། །ཤིན་ཏུ་ཆང་མ་མཛེས་པ་ཡི། །སྲད་བུས་ཤེས་ རབ་ཅན་གྱིས་གདབ། །ཅེས་པའམ། ཕྲེང་བར། དཔའ་བོའི་རིན་གྱིས་ཉོས་པའི་སྐུད་པ་ལྔ་ པར་ལྔ། ཞེས་གསུངས་པ་ལ། དེའི་དོན་ལ་ཡང༌། འཇམ་དཔལ་རྩ་བའི་རྟོག་པར། གཙོ་ བོའི་ཚིག་ནི་དང་པོ་གང༌། །སྨྲས་པ་ལ་ནི་སྔགས་རིག་དེས། །དེ་ནས་མྱུར་དུ་རྔན་པ་ སྦྱིན། །དཔའ་བོ་ཉོ་ལུགས་ཞེས་དེ་བཤད། །ཅེས་དང༌། ལྔ་ཚན་ལྔ་དགོས་པར་ཡང་རྡོ་རྗེ་ མཁའ་འགྲོར། ཉི་ཤུ་རྩ་ལྔ་དབྱེ་བ་ཡིས། །ཐིག་སྐུད་ཀྱིས་ནི་གདབ་པར་བྱ། །ཞེས་ལེགས་ པར་བཀའ་སྩལ་ཏོ། །དེའི་རིང་ཐུང་གི་ཚད་ཀྱང༌། རྡོ་རྗེ་ཕྲེང་བར། དེ་ནས་དེ་ལྟར་ བསྒྲིལ་པའི་ལྔ་རྣམས་ཀྱིས་ཐིག་སྐུད་གཅིག་ཏུ་བསྒྲིལ་བའི་ཐིག་སྐུད། སློབ་དཔོན་དང་ སློབ་མ་ལག་པ་གཡོན་པའི་མཛུབ་མོ་ནས་བརྩམ་ནས་སོར་མོ་བཞིའི་རྒྱབ་ནས་དཀྲིས་ ཏེ། དབུས་སུ་བཅུག་ལ་མཛུབ་མོའི་སྟེང་ནས་སྟོན་པ་མཐེ་བོང་གིས་ས་ལ་སྦྱར་ཏེ་མནན་ པའི་བར་གྱི་ལྷག་མ་མ་གཏོགས་པའི་ཇི་སྲིད་དུ་དཀྱིལ་འཁོར་གཉིས་འགྱུར་དང༌། ཞེས་ གསུངས་པས་མཚན་ཉིད་ལྡན་པའི་ཐིག་དང་ཚོན་ཐུན་མོང་དུ་བསྐྱེད་ཆོག་ལྟར་ བསྒྲུབས་ནས་གཏོར་མའི་བར་གྱིས་མཆོད་དེ། གུར་དང་དེ་ཉིད་འདུས་པར་གསུངས་ པའི། ཨོཾ་བཛྲ་ས་མ་ཡ་སུ་དྲ་མ་ཏི་གྲ་མ་ཧཱུཾ། ཞེས་པས་ཐིག་དང༌། དེ་ཉིད་འདུས་པར་ གསུངས་པའི། ཨོཾ་བཛྲ་ཙི་དྲ་ས་མ་ཡ་ཡ་ཧཱུཾ། ཞེས་པ་ཉེར་གཅིག་གིས་ཚོན་བྱིན་གྱིས་ བརླབ་པར་བྱའོ། །དེ་ལྟར་བྱིན་གྱིས་བརླབ་པའི་ཐིག་ལས་དང་མཐུན་པའི་དྲི་བཟང་ པའི་ཆུ་ལ་སྦངས་ནས་གདབ་པར་བྱ་སྟེ། ཕྲེང་བར། ལུང་དྲངས་པ་འདི་ལྟ་སྟེ། དེ་ནས་ 8-1-35 ཐིག་སྐུད་དཀར་བྱས་ནས། །རང་ཉིད་བསྒྲུབ་པའི་གྲོགས་དང་ལྡན། །ཙན་དན་དཀར་པོ་ དང་བསྲེས་པའི། །ས་ལུ་བཏགས་པས་སྤང་བར་བྱ། ། ཚངས་པའི་ཐིག་ནི་དག་པ་ གཉིས། །འཁོར་ལོའི་ཚད་ནི་གང་ཡིན་པ། །དེ་ཉིད་གཉིས་འགྱུར་གདབ་བྱའོ། །དེ་ཡི་ཕྱེད་ དུ་ཚངས་པའི་ཐིག །ཅེས་གསུངས་པའི་ཕྱིར། དེ་ཡང་རིན་ཆེན་འབར་བའི་དོན་རྗེ་ བཙུན་ཆེན་པོས་བཀོད་པ་བཞིན་གདབ་པར་བྱའོ། །མན་ངག་རིགས་པའི་སློབ་དཔོན་ དག་གིས་སོ། །ཇི་སྐད་དུ། རྡོ་རྗེ་ཕྲེང་བར། སློབ་དཔོན་རྐང་པ་གཡོན་པ་སྐྱིལ་ཀྲུང་ཕྱེད་ པར་གནས་ནས་རྐང་པ་གཡས་པ་ས་ལ་བཙུགས་ཏེ་སློབ་མ་དེ་ལས་བཟློག་ནས་འདུག་ ཅིང་ཇི་ལྟར་རིགས་པར་རྒྱབ་ཀྱིས་འགྲོ་བའི་སློབ་མ་ལྷན་ཅིག་ཏུ་གཡོན་པའི་རྡོ་རྗེ་ཁུ་ ཚུར་གྱིས་ཐིག་སྐུད་བཟུང་ནས་གང་ནམ་མཁའ་ལ་ཐིག་གདབ་པའི་མོས་པའི་དེས་ གདབ་པར་བྱའོ། །དེ་ལྟར་ཐིག་གདབ་པ་གཞན་རྣམས་ལ་ཡང་ངོ༌། །ཞེས་ཐིག་འདེབས་ ཚུལ་སོགས་རྒྱས་པར་གསུངས་པས་དེ་ཉིད་ཞིབ་ཏུ་ལྟ་བར་བྱ་ཞིང་རྒྱས་པར་ནི། རིན་ ཆེན་འབར་བ་ལས། མཁས་པས་མཉམ་ཞིང་ཡིད་འོང་བ། །བ་ཡི་ལྔ་དང་བདུད་རྩི་ ལྔ། །དྲི་ཞིམ་ཆུ་ཡི་ལེགས་བྱུག་ལ། །ཕྱི་ཡི་རྒྱ་ནི་ཁྲུ་བདུན་ལ། །ནང་གི་ཁྲུ་གསུམ་མཐེ་འོང་ གསུམ། ། དཀྱིལ་འཁོར་ཐིག་ནི་གདབ་པར་བྱ། །ཐིག་སྐུད་གསར་པ་མཛེས་པར་ ལྡན། །རིགས་ལྔའི་ས་བོན་དེ་མདོག་བྱུང༌། །ཡེ་ཤེས་ལྔ་ལྡན་སྲད་བུ་གང༌། །ལྔ་ཕྲག་ལྔར་ ནི་རྣམས་ཕྱེ་ལ། །ཉི་ཟླ་འབར་མིག་ལྕགས་ཀྱུ་དགུག །ལས་ཀུན་བྱེད་པའི་སྲད་བུ་ ཡང༌། །གཙང་མ་ལེགས་བཀལ་དྲི་ཞིམ་དང༌། །བདུད་རྩིས་སྤང་ཞིང་ཡིག་གསུམ་ གསུང༌། །ཐིག་འཛིན་གྲོགས་དག་བསྒྲིལ་བར་བྱ། །ཛྫ་ཡིས་བརྐྱང་ཞིང་རང་ཡང་བཟློ། །ཁུ་ ཚུར་གཡོན་པས་ལྟེ་བར་བཟུང༌། ། ནུབ་དང་ཤར་དང་དབང་ལྡན་གྱིས། །མཁའ་དང་ འོག་གི་ཐིག་གདབ་བྱ། །ཨོཾ་ས་མ་ཡ་སུ་དྲ་མ་ཏི་ཀྲ་མ་ཧཱུཾ། ནམ་མཁའ་གང་བའི་བདེ་ གཤེགས་རྣམས། །ཁྱོད་ཀྱིས་འགྲོ་དོན་མཛད་དུས་ལགས། །ཐིག་གི་སྒྲ་ཡིས་བསྐུལ་ནས་ ནི། །དེ་རྣམས་འདིར་ནི་གཤེགས་སུ་གསོལ། ། ལྟས་ངན་གྱིས་ནི་དངོས་མི་འགྲུབ། །ཐིག་ སྐུད་ཆད་ནས་སློབ་དཔོན་འཆི། །ཕྱོགས་འཁྲུལ་བ་ཡི་སློབ་མ་དང༌། །སློབ་དཔོན་ལ་ཡང་ 8-1-36 ཉེས་པར་གསུངས། །སློབ་དཔོན་སློབ་མ་ཤར་ནུབ་ཏུ། །བལྟས་ཏེ་ཚངས་པའི་ཐིག་གདབ་ བྱ། །ཞེས་སོགས་དང༌། ཤར་ནུབ་བྱང་དང་ལྷོ་ཕྱོགས་ཐིག །བྱང་སྒོ་ཤར་ནུབ་བལྟ་བས་ གདབ། །མེ་གནས་རླུང་ལྷས་བདེན་བྲལ་ནས། ། དབང་ལྡན་བལྟས་ཏེ་ཚངས་ཐིག་ གདབ། །ཞེས་སོགས་ཀྱི་མཐར། བདུན་པ་རྟ་བབས་དག་ཏུ་གྱུར། །བརྒྱད་པ་པད་མ་ འཁོར་ལོ་གདུགས། །དེ་རྒྱབ་ཉི་ཟླའི་དཀྱིལ་འཁོར་ཏེ། །སྣ་ཚོགས་པད་མ་རྡོ་རྗེའི་རྭ། །མེ་ འོད་རིམ་བཞིན་བསྐོར་བར་བྱ། །དེ་ནས་མཁས་པས་ཚོན་རྣམས་ལ། །བྲུཾ་ཨོཾ་ཛཾ་ཁཾ་ཧཱུཾ་ རྣམས་ཀྱིས། །རྡུལ་ཚོན་ལྷ་ཡི་རྣམ་པར་སྦྱོར། །འབར་བའི་བལྟ་བྱ་ཡེ་ཤེས་འབར། །ཡང་ དག་གཟི་བསྐྱེད་གསང་སྔགས་བཟླས། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། འདི་ནི་ཆོས་དབྱིངས་ དག་པ་སྟེ། །སེམས་ཅན་ཁམས་ནི་ཐར་བར་བྱེད། །ཀྱེ་ཡི་རྡོ་རྗེའི་རྒྱ་ཆེན་གྱི། །དཀྱིལ་ འཁོར་དམ་པ་བཞེང་བར་བྱ། །བླ་མས་གཡོན་པའི་ཁུ་ཚུར་གྱིས། ། དབང་ལྡན་ཕྱོགས་ ནས་བརྩམས་ནས་ནི། །དཀར་དང་དེ་བཞིན་སེར་དང་དམར། །ལྗང་ཁུ་དང་ནི་ནག་པོ་ ཉིད། །མཉམ་ཉིད་གཡས་སྐོར་རྒྱུན་མ་ཆད། །མ་ཡོ་བར་ནི་ཚོན་རྩི་དགྱེ། ། ཞེས་དང༌། ཡང་གུར་ལས། ཡེ་ཤེས་ཀྱི་ཐིག་གི་སྐབས་སུ། དང་པོ་ཚངས་པའི་ཐིག་ཡིན་ཏེ། ། གཉིས་ པ་ཟུར་གྱི་ཐིག་ཡིན་ནོ། །གསུམ་པ་ལ་ནི་ངོས་སུ་ནི། །ཐིག་བཞི་རབ་ཏུ་གདབ་པར་ བྱ། །ཞེས་ཀྱང་གསུངས་ཤིང༌། དེའང་དང་པོ་ནམ་མཁའ་དང༌། ཕྱི་ནས་ས་ལ་གདབ་པར་ བྱ་སྟེ། སྡོམ་འབྱུང་ལས། ཛཿཡིག་གསུམ་ནི་བརྗོད་པ་ཡིས། །ལྟེ་བར་གཡོན་པའི་ཁུ་ཚུལ་ གྱིས། །བློ་ལྡན་ནམ་མཁར་ཐིག་གདབ་བྱ། །དེ་བཞིན་འོག་ཏུ་ཐིག་རབ་གདབ། །ཞེས་ གསུངས་སོ། །དེ་ལྟར་ཐིག་རྣམས་བཏབ་པའི་མཐའ་མཆོད་ཅིང་བསྟོད་ནས་ཡེ་ཤེས་ཀྱི་ ཐིག་སྐུད་གཤེགས་སུ་གསོལ་བར་བྱ་སྟེ། ཉི་འབྱུང་ཟླ་བས། དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་ བདག་ཉིད་ཀྱི་དཀྱིལ་འཁོར་ཚོན་ཅན་གྱི་ཐིག་གདབ་ལས། ཐིག་སྐུད་ཀྱང་ཡི་གེ་གསུམ་ པ་མུའི་མཐའ་ཅན་གྱིས་གཤེགས་སུ་གསོལ་ཏེ། སྣོད་གཙང་མར་བཞག་པར་བྱའོ། །ཞེས་ སོ། ། དེ་ནས། མན་ངག་བཞིན་དཀྱིལ་འཁོར་གྱི་ནང་དུ་ཡང་སྟེ། ཕྱོགས་བཞིའི་སྒོ་བར་གྱི་ རྩ་ཐིག་རྣམས་ཧཱིཿཧཱི་ཞེས་བརྗོད་ཅིང་དབྱེ་བར་བྱ་སྟེ། མཁའ་འགྲོར་རྒྱ་མཚོར་ཏེ། ཧི་ 8-1-37 ཡིག་ཁྲོ་བོའི་ལྟ་བ་ཡིས། །དེ་ནས་སྒོ་ཡང་དབྱེ་བར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ ནས་ཚོན་གྱིས་བྲིས་པར་ནི། དཀྱིལ་འཁོར་གྱི་རྡུལ་ལ་སོགས་པ་ཕྱག་ལ། སློབ་དཔོན་ དབུས་སུ་འདུག་སྟེ། ཚོན་རྩི་རྣམས་རིམ་པས་བླང་ནས་ལག་པ་གཡོན་པའི་ཁུ་ཚུར་གྱིས་ བཟུང་ལས་གུར་ལས་གསུངས་པར། འདི་ནི་ཆོས་དབྱིངས་དག་པ་སྟེ། །ཞེས་སོགས་དང༌། ཨོཾ་ཙི་དྲ་སོགས་བརྗོད་ཅིང་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། ཆ་ཆེན་གཅིག་གི་ པར་བྲི་བར་བྱ་སྟེ། བདེ་མཆོག་སྡོམ་འབྱུང་ལས། སློབ་དཔོན་དབང་ལྡན་ཕྱོགས་སུ་ ནི། །སོང་སྟེ་མཉམ་པར་བཞག་ནས་སུ། །ལག་པར་གཡོན་པའི་ཁུ་ཚུར་གྱིས། །རི་མོ་ཡང་ ནི་བྲི་བར་བྱ། ། ཞེས་སོགས་དེའི་རིམ་པ་ནི། དང་པོར་ནང་དུ་ནག་པོ། དེ་ནས་ལྗང་ཁུ། དམར་པོ། སེར་པོ། དཀར་པོའོ། །དེ་ཡང་ནག་པོ་པས། གཞུང་འགྲེལ་གྱི་དཀྱིལ་ཆོག་ལས། བདག་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་པས་ཁུ་ཚུར་གཡོན་པས་སོ་སོར་ བླངས་ཏེ། དབང་ལྡན་གྱི་ཕྱོགས་ནས་བརྩམས་ལ། དཀར་པོ། སེར་པོ། དམར་པོ། ལྗང་ཁུ། ནག་པོའི་ཁ་ཏོག་རྣམས་ཀྱིས་ཕྱི་རོལ་ནས་བརྩམས་ཏེ། བསྐོར་ཞིང་བྲི་བར་བྱའོ། །ཞེས་ སོ། །ཡང་ནག་པོའི་རྩར་དཀར་པོ། དེའི་ཕྱིར་སེར་པོ། དམར་པོ། ལྗང་ཁུ་སྟེ། གོང་མ་རྡོ་རྗེ་ རྩེ་མོའི་དགོངས་པས་ཕྱོགས་ཀྱི་རིམ་པ་ཡིན་ལ། འོག་མ་གདན་བཞིའི་དགོངས་པས་ཡེ་ ཤེས་ཀྱི་རིམ་པའོ། ། ཞེས་རྗེ་བཙུན་རྩེ་མོའི་མཐའ་ཅན་གསུངས། དེའང་དེང་སང་ཁ་ ཅིག་གཡོན་རྡོ་རྗེས་མཚན་བའི་ཁུ་ཚུར་གྱིས་འབྲྀ་མོད། འོན་ཀྱང་ཕྲེང་བར་ནི། གཡས་རྡོ་ རྗེ་བཟུང་ཞིང་གཡོན་པའི་ཁུ་ཚུར་གྱིས་བྲི་བར་གསུངས་ཏེ། ཇི་སྐད་དུ། དང་པོ་ནང་གི་ དཀྱིལ་འཁོར་དུ་འདུག་སྟེ། ལག་པ་གཡས་པ་རྡོ་རྗེས་མཚན་ཅིང་གཡོན་པ་རྡོ་རྗེ་ཁུ་ ཚུར་གྱིས། ཨོཾ་བཛྲ་རེ་ཁ་ས་མ་ཡ་ཨོཾ་ཨཱཿཧཱུཾ་ཞེས་བྱང་འམ། ཨོཾ་བཛྲ་ཙི་དྲ་ས་མ་ཡ་ཧཱུཾ། ཞེས་ བྱ་བ་བརྗོད་ཅིང༌། དཀྱིལ་འཁོར་གྱི་ནང་དུ་ཤར་དུ་ཕྱོགས་པར་འདུག་པས་དབང་ལྡན་ གྱི་མཚམས་ནས་བརྩམས་ནས། གཡས་སྐོར་དུ་ཚོན་དགྱེ་བར་བྱའོ། །ཕྱི་ནས་གཞན་གྱིས་ ཀྱང་ངོ༌། །ཞེས་སོ། །ཡང་ཚོན་དང་ཚོན་དགྱེ་ཚུལ་གཞན་ཡང་བརྟག་པ་གཉིས་པ་ལས། རྡུལ་ཚོན་དམ་པའི་ཚོགས་དང་ནི། ། ཞེས་སོགས་དང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བར་ 8-1-38 ཡང༌། གོས་དཀར་བགོས་ཤིང་གཙང་བྱས་ལ། །དུལ་ཞིང་ཟེ་ཁ་བཅིངས་ནས་ སུ། །བསྒྲིམས་ཏེ་བྱང་ཤར་ཕྱོགས་མཚམས་ནས། ། ཚོན་རྩི་དག་ནི་དགྱེ་བར་བྱ། །རྡོ་རྗེ་ཁུ་ ཚུར་ཚུལ་གྱིས་སམ། །ཡང་ན་ལྕགས་ཀྱུའི་ཕྱག་རྒྱས་སམ། །སྣོད་ཀྱི་ཕྱག་རྒྱའི་ཚུར་གྱིས་ སམ། །རིག་བྱེད་འདོན་པའི་ལག་པས་སོ། །ཞེས་རྡུལ་ཚོན་འཛིན་ལུགས་བཞི་ག་གསུངས་ ན་ཡང༌། བདག་གི་འདྲེན་པ་དག་ནི་རིག་བྱེད་འདོན་པའི་ལག་པས་འབྲི་བ་ཕྱག་ལེན་ ལ་མཛད་དོ། །དེ་ལྟར་སྒོ་ཚད་གཅིག་བྲིས་ལ་ཐོད་པས་བཀབ་ནས་བྲ་བརྟགས་པར་བྱ་ སྟེ། ནག་པོ་པས། དེ་ལྟར་རི་མོ་ལྔ་པོ་ཅུང་ཟད་བྲིས་ནས་ཁ་ཐོད་པ་ལ་སོགས་པས་བཀབ་ སྟེ། ཞེས་སོ། །དེ་ནས་ཚོན་རྣམས་མ་ནོར་བཀྱེ་ཞིང༌། ཁྱད་པར་དུ་དབུས་ཀྱི་པད་མའི་ཁ་ དོག་ནི། རྡོ་རྗེ་ཕྲེང་བར། ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་དུ་སྣ་ཚོགས་པད་མའི་ལྟེ་བ་ ལ། ཞེས་དང༌། ནག་པོ་པས་ཀྱང༌། དབུས་སུ་ནི་སྣ་ཚོགས་མཛད་པའི་སྟེང་དུ་སྣ་ཚོགས་ རྡོ་རྗེས་མཚན་པའི་ཐོད་པ་དུམ་བུ་གསུམ་པ་དང༌། ཟངས་གྲི་སྔོན་པོ་བྲིའོ། །ཞེས་ གསུངས་པའི་ཕྱིར། སྣ་ཚོགས་པད་མ་ཡིན་པར་བཤད་ཅིང༌། སྣ་ཚོགས་པད་མའི་དོན་ལ། ཕྲེང་བ་ལས། སྣ་ཚོགས་པད་མའི་འདབ་མ་ནི། །བདེན་བྲལ་ལྗང་དང་དབང་ལྡན་ནག། མེ་དང་རླུང་གི་མཚམས་ནི་སེར། །ཕྱོགས་རྣམས་ཀྱི་ནི་དམར་པོའོ། །ཞེས་པའི་ཕྱིར་དེ་ ལྟར་བྱས་ཀྱང་རུང་ངམ་སྙམ་མོ། །འོན་ཀྱང་དེང་སང་འགའ་ཞིག །ཕྱོགས་སྔོ་མཚམས་ དམར་དང༌། གོ་བཟློག་ཅེས་པ་དང་མཐུན་པར་བྲིའོ། །དེ་ལྟར་སྔར་བརྗོད་པའི་ཐིག་ ཚོན་དང་མཚན་མ་འགོད་ཚུལ་རྩ་རྒྱུད་ལས་རྒྱས་པར་གསུངས་པ་འདི་ལྟ་སྟེ། མཚན་མ་ གཅིག་དང་སྒོ་བཞི་པ། །སྣ་ཚོགས་འོད་ཀྱིས་ཡང་དག་འཁྲུགས། །རྟ་བབས་བཞི་དང་ ཡང་དག་ལྡན། །རྡོ་རྗེ་སྲད་དབུས་རྣམ་པར་བརྒྱད། །རེ་ཁཱ་ལྔ་དང་ཡང་དག་ལྡན། །དེ་ ནས་བུམ་པ་བརྒྱད་པོ་བྲི། །རིན་ཆེན་ལྔ་ཡི་ཕྱེ་མ་འམ། །ཡང་ན་འབྲས་ལ་སོགས་པས་སོ། ། དུར་ཁྲོད་ཀྱིས་ནི་སོ་ཕག་གམ། །དེ་བཞིན་དུར་ཁྲོད་སོལ་བ་ཡིས། །དེ་དབུས་པད་མ་ འདབ་མ་ནི། །བརྒྱད་པ་ཟེར་བར་བཅས་པ་བྲི། །སྙིང་པོར་སྐྱེས་པའི་ཐོད་པ་ནི། །མདོག་ དཀར་ཆ་གསུམ་པ་ནི་བྲི། །དབང་ལྡན་དུ་ནི་ཤ་ར་བྷ། །མི་ཡི་མཚམས་སུ་དགེ་སློང་བྲི། ། 8-1-39 བདེན་བྲལ་དུ་ནི་འཁོར་ལོ་བྲི། །རླུང་དུ་རིག་བྱེད་བདག་པོ་ཉིད། །ཤར་དུ་དེ་བཞིན་གྲི་ གུག་བྲི། །གཡས་སུ་ཅང་ཏེ་བྲི་བ་ཉིད། །ནུབ་ཏུ་རུ་སྦལ་བྲི་བ་ཉྀད། །ལྟོ་འཕྱེ་བྱང་དུ་དེ་ བཞིན་ནོ། །ལྷ་མོ་ཁ་དོག་དབྱེ་བ་ཡིས། །ཕྱག་མཚན་བརྒྱད་དུ་རབ་ཏུ་གྲགས། །དབུས་སུ་ ཐོད་པ་དཀར་པོ་ཡང༌། །སྣ་ཚོགས་རྡོ་རྗེ་མཚན་པ་བྲི། །ཞེས་གསུངས་སོ། །མཚན་མ་ འགོད་ཚུལ་ཡང༌། གསང་བའི་སྤྱི་རྒྱུད་ལས། དང་པོ་གཟུགས་སུ་བྲི་བར་བཤད། །གཉིས་ པ་དང་ནི་ཕྱག་རྒྱ་བྲི། །གསུམ་པ་བསྟན་དང་གནས་དག་ཏུ། །བྲི་བའི་ཆོ་ག་ཡོངས་སུ་ བསྒྲག ། ཅེས་གསུམ་གསུངས་པའི་ནང་ནས། ཕྱག་མཚན་དུ་འགོད་པར་ལྷག་པར་ བསྔགས་ཏེ། ཡང་དེ་ལས། ཕྱག་རྒྱ་རྣམས་སུ་གང་འདོད་པ། །པད་མ་རབ་ཏུ་བསྒྲགས་པ་ ནི། །ཁྱད་པར་དུ་ནི་དེ་སྔགས་ཏེ། །དེ་ནི་བྱིན་གྱིས་བརླབ་པར་འགྱུར། །ཕྱག་རྒྱ་བྲི་ནའང་ བདེ་བ་སྟེ། ། ཕྱག་རྒྱས་གང་ཡིན་དེ་ཉིད་ལྷ། །དེ་བས་མཁས་པ་ནན་ཏན་དུ། །དཀྱིལ་ འཁོར་དག་ནི་ཕྱག་རྒྱ་བྲི། །ཞེས་དང༌། དེ་མ་གྲུབ་ན་གཏན་དུ་དགོད་པར་བྱ་སྟེ། ཡང་དེ་ ལ། བསྟན་དགོད་པའི་ཆོ་ག་ནི། འདི་ལས་གཞན་པ་གསུམ་པ་བཤད། །དཀྱིལ་འཁོར་ དག་གི་ནང་དུ་ནི། ། ཚོན་རྩི་ཕྱེ་མའི་ཐིག་ལེ་བྲི། །ཞེས་དང༌། ཕྱི་རོལ་ཏུ་ནི་ཐིག་ལེ་ ལ། །མཁས་པས་ལྷ་རྣམས་ཐམས་ཅད་དགོད། །ཐམས་ཅད་ཐིག་ལེར་གནས་བྱས་ ནས། །ཞེས་དང༌། དེང་སང་ཡང་ན་མི་ནུས་ན། སྟན་དུ་དགོད་པའི་དཀྱིལ་འཁོར་ བྱ། །ཞེས་སོགས། རྒྱས་པར་གསུངས་པས། གསང་སྔགས་ཀྱི་ཕྱག་ལེན་པ་འགའ་ཞིག་གིས་ རྒྱུད་འདི་ལེགས་པར་གཟིགས་ན་བླང་དོར་གྱི་གནས་རྣམས་ཕྱེད་ཅིང༌། རང་གཞན་ལ་ ཕན་པ་རྒྱ་ཆེར་འབྱུང་བར་མངོན་ནོ། །གཞན་ཡང༌། བདེ་མཆོག་སྡོམ་པ་འབྱུང་བའི་ རྒྱུད་དུ། རྡོ་རྗེ་རྭ་བའི་ནང་དུ་ནི། །དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་ནི། །གཏུམ་དྲག་དེ་ བཞིན་ཚང་ཚིང་དང༌། །ཞེས་སོགས་རྒྱས་པར་གསུངས་པ་ལྟར། དུར་ཁྲོད་བརྒྱད་དུ་བྲི་ ཚུལ་སྒྲུབ་ཐབས་ལྟར་རྟོགས་པར་བྱ་ཞིང༌། གཞན་ཕྱོགས་མདོག་དང༌། འདོད་ཡོན་སྣམ་ བུ་ནས་བརྩམས་ཏེ། མེ་རིའི་བར་གྱི་ཁ་དོག་གི་ངེས་པ་ནི། རིན་ཆེན་འབར་བར། ཤར་དུ་ དཀར་པོ་ཆེན་པོ་སྟེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆ་ལ་དམར་པོ་སྡེ། །བྱང་ 8-1-40 དུ་ལྗང་ཁུ་ཡང་དག་ལྡན། །དབུས་ཀྱི་ས་གཞི་ཆ་དག་ནི། ། ཨིནྡྲ་ནཱི་ལའི་འོད་གསལ་ འབར། །ཞེས་དང༌། རྡོ་རྗེ་ཕྲེང་བར་ཡང༌། རྩ་ཐིག་ནི་ནང་གི་དཀྱིལ་འཁོར་དུ་ཡང་ཟུར་ ཐིག་གཉིས་གཉིས་ཀྱིས་བཅད་པའི་ནང་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་ གོ །བསྒོམ་བྱའི་དཀྱིལ་འཁོར་གྱི་ཕྱོགས་བཞིའི་ཐོག་རྣམས་ཀྱང་དེ་བཞིན་ནོ། །ཀ་བ་ རྣམས་ཀྱང་དེ་བཞིན་ནོ། །རང་རང་གི་རེ་མིག་གི་དེ་བཞིན་གཤེགས་པའི་མཚན་མའི་ ཕྲེང་བས་མཚན་པའོ། །གཙོ་བོའི་ས་ནི་གཙོ་བོའི་མདོག་གོ །ཞེས་དང༌། འདོད་པ་གཉི་ག་ ལ་ཡང་སྟེགས་བུ་ནི་ཤེལ་ལམ་གསེར་གྱི་རང་བཞིན་ནམ། པད་མ་རཱ་གའི་རང་བཞིན་ ནམ། རིན་པོ་ཆེའི་གཞན་ཡང་རུང་སྟེ་ཇི་ལྟར་མཛེས་པའོ། །རིན་པོ་ཆེའི་ཤར་བུ་དང་ མདའ་ཡབ་རྣམས་ནི་དཀར་པོའོ། །རིན་པོ་ཆེའི་ཤར་བུ་དང་མདའ་ཡབ་དང༌། དར་ དཔྱངས་ཀྱི་བར་གྱི་ས་བཞི་ནི་སྔོན་པོ་སྟེ། ནམ་མཁའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་ ཀྱི་ཕྱིར་བར་གྱི་སྣམ་བུ་ལ་མུན་པའི་སྣམ་བུ་ལ་ཞེས་བརྗོད་དོ། །གདུང་ནི་ཇི་ལྟར་མཛེས་ པར་རིན་པོ་ཆེ་ལས་བྱས་པ་སྟེ། རིན་པོ་ཆེ་སྣ་ཚོགས་པའི་པ་ཊ་འཕྲོ་བ་ལ་སོགས་པས་ བརྒྱན་པའོ། །རྟ་བབས་ཀྱི་ཀ་བ་རྣམས་ནི་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ ཁ་དོག་ཀྱོག་པོའི་ནང་གི་བླ་རེས་ཀྱི་འོག་གི་གཞིའི་ས་ཡང་དེ་རང་གི་དེ་བཞིན་ གཤེགས་པའི་ཁ་དོག་གི་འོད་ཀྱིས་སྤྲས་པའི་ནམ་མཁའི་རང་བཞིན་ནོ། །རྟ་རྨིག་དང་བ་ དན་དང་ཆུ་སྲིན་གྱི་སྣམ་བུ་ནི་ཁ་དོག་ཇི་ལྟར་མཛེས་པའོ། །འཁོར་ལོ་རྣམས་ནི་གསེར་ གྱི་ཁ་དོག་གོ ། ཁ་ཅིག་ནི་རིན་པོ་ཆེའི་གཞན་ལས་བྱས་པའོ། །ཞེས་སོ། །རི་དྭགས་དང་རི་ དྭགས་མོ་ནི་གསེར་གྱི་རང་བཞིན་ཏེ། རིན་པོ་ཆེའི་གཞན་གྱིས་སྤྲས་པའོ། །སྣ་ཚོགས་རྡོ་ རྗེའི་ལྟེ་བ་ནི་ནམ་མཁའོ། །ཁ་ཅིག་ཏུ་ནི་གཙོ་བོའི་དེ་བཞིན་གཤེགས་པའི་མདོག་ གོ །དབུས་ཀྱི་རྭ་རྣམས་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་གོ །དེ་ལ་ གཞན་པ་རྣམས་ནི་དེའི་གློ་དག་གི་དེ་བཞིན་གཤེགས་པའི་མདོག་གོ །རྭ་ལྔ་པ་ལས་ནི་ དེ་ལས་གཞན་པའི་ཕྱོགས་དང་དབུས་ཀྱི་དེ་བཞིན་གཤེགས་པའི་མདོག་སྟེ་ཇི་ལྟར་ རིགས་སོ། །ཕྱོགས་གཅིག་གི་རྭ་ཐམས་ཅད་ཀྱང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་ 8-1-41 པའི་མདོག་གོ །ཞེས་པ་ཁ་ཅིག་ཏུའོ། །ཞེས་དང༌། བུམ་པ་བཟང་པོ་རྣམས་ནི། གསེར་ ལས་བྱས་པའོ། །ཞེས་དང༌། པད་མའི་ལྟེ་བ་ནི་ལྗང་ཁུའོ། །གེ་སར་ནི་སེར་པོའོ། །འདབ་ མ་རྣམས་ཀྱི་ཁ་དོག་སྣ་ཚོགས་པའོ། །དེའི་ས་གཞི་ནི་དམར་པོ་ཤས་ཆེ་བའི་དཀར་ པོའོ། །ཆོས་འབྱུང་གི་ཆའི་རེ་ཁཱ་ནི་དཀར་པོའོ། །ཁོར་ཡུག་གི་ཕྱོགས་ལ་ཡང་ཤེལ་ཉིད་ཅི་ རེ་ཁཱ་དཀར་པའམ། གསེར་གྱི་མདོག་ཡིན་ན་སེར་པོ་ཡི། རྡོ་རྗེ་རྣམས་དང་རྡོ་རྗེའི་རེ་ཁཱ་ ཡང་ནག་པོའོ། །གཞན་དུ་དཀར་པོའམ་སེར་པོ། ཞེས་གསུངས་སོ། །རྡོ་རྗེའི་ས་གཞིའི་ མདོག་ནི་ཇི་ལྟར་མཛེས་པ་སྟེ། བསྒོམ་བྱའི་དཀྱིལ་འཁོར་འོག་ཏུ་རླུང་གི་དཀྱིལ་འཁོར་ གྱི་མཐའ་ནས་སྟེང་དུ་འོག་མིན་གྱི་བར་དུ་རྡོ་རྗེ་རྭ་བ་གནས་པའི་ཕྱིར་དང༌། རླུང་ལ་ སོགས་པ་རྣམས་ནི་ཇི་ལྟར་རིགས་པར་ཁ་དོག་སྣ་ཚོགས་པའི་ཕྱིར་རོ། །འོད་ཟེར་རྣམས་ ནི་དེ་བཞིན་གཤེགས་པའི་ཁ་དོག་སྟེ་འཕྲོ་བའི་ཚུལ་ལོ། །ཞེས་སོགས་རྒྱུད་དང་མན་ངག་ རྣམས་ནས་ལེགས་པར་གསུངས་པ་ལྟར་རྫོགས་ཤིང་མ་ནོར་བར་བྲི་བར་བྱའོ། །དེ་ལྟར་ འོང་བའི་རྒྱུ་མཚན་ལྷ་དང་ཕྱག་མཚན་གྱི་དག་པ་སྒྲུབ་ཐབས་སུ་བཤད་ཅིང༌། དཀྱིལ་ འཁོར་ཞེས་ནི་གང་བཤད་པ་ཞེས་སོགས་ཀྱིས་འཆད་པར་འགྱུར་ལ་རྒྱས་པར་རྟོགས་ པར་འདོད་པ་རྣམས་ནི། སློབ་དཔོན་ཨ་བྷྱ་ཀ་རས་མཛད་པའི་མན་ངག་སྙི་མའི་སྙི་མ་ བཅོ་བརྒྱད་པར་བལྟ་བར་བྱའོ། །ཡང་དེང་སང་འགའ་ཞིག་དཀྱིལ་འཁོར་གྱི་སྣ་ཚོགས་ རྡོ་རྗེ་སྔར་གྱི་སྲུང་འཁོར་གྱི་སྣ་ཚོགས་རྡོ་རྗེ་ནི་ཞུ་ནས་རྡོ་རྗེའི་རྭ་གུར་ལ་སོགས་སུ་གྱུར་ པའི་ཕྱིར་རོ། །དེ་ཡང་བརྟག་གཉིས་ལས། དེ་ཕས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཉི་ དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་རྭ་བ་དང༌། ། གུར་བཅིང་བ་ཡང་ རྣམ་པར་བསྒོམ་པར་བྱ། །ཞེས་གསུངས་ཤིང༌། རྡོ་རྗེ་ཕྲེང་བར་ལུང་དྲངས་པར། བསྡུས་ པའི་རིམ་པ་བརྟན་གཡོ་ཡི། །བདག་ཉིད་སྟོང་པར་བསྒོམས་ནས་སུ། ། ཆོ་གའི་སྦྱོར་བ་ འདི་ཡིས་ནི། །ཡེ་ཤེས་ས་ནི་བྱིན་གྱིས་རློབས། །ནམ་མཁའི་ཁམས་ཀྱི་དབུས་གནས་ པར། །ཧཱུཾ་ཡིག་ས་བོན་ཡང་ལ་བྱུང༌། །ཞེས་བྱ་བ་ལ་སོགས་པ་ནས། དཀྱིལ་འཁོར་བཞི་ བསྡུས་རྡོ་རྗེ་ཡི། །ས་ཡི་ཆུ་ཡི་དཀྱིལ་འཁོར་དེ། །དེར་ནི་བྷྲུཾ་ཡིག་ལས་བྱུང་བ། ། གཞལ་ 8-1-42 ཡས་ཁང་པ་རྣམ་པར་བསྒོམ། །ཞེས་བྱ་བའི་བར་དུ་སྟེ། འདིར་ཡེ་ཤེས་པ་དང་ནམ་ མཁའི་ཁམས་ནི་ཆོས་འབྱུང་ངོ༌། །དེ་ཡི་དབུས་སུ་པད་མའོ། །དེར་གནས་པའི་རླུང་དང་ མེ་དང་ཆུ་དང་སའི་དཀྱིལ་འཁོར་བཞི་འདྲེས་པར་གྱུར་པས་སའི་ཆ་སྣ་ཚོགས་རྡོ་རྗེའི་ ངོ་བོར་བསྐྱེད་ནས་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་བྷྲུཾ་ལས་གཞལ་ཡས་ཁང་ ངོ༌། །ཞེས་པའི་དོན་ཏོ། །དེ་ནས་འདིར་པད་མ་མེད་པ་སྣ་ཚོགས་རྡོ་རྗེའི་ཞེས་པ་ནི་ འཁྲུལ་ལོ། །ཞེས་དང༌། ཁ་ཅིག་ན་རེ། དེ་བས་ཚིག་འདི་ཉིད་ཀྱིས་གེ་སར་ལ་སོགས་པ་ མེད་དོ་ཞེས་པ་ནི་མི་རིགས་སོ། །པད་མ་དང་ཆུ་སྐྱེས་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེ་ལ་ གནས་པའི་ཕྱིར་རོ། །ཞེས་གསུངས་ཡང༌། འདིར་འབྱུང་བཞིའི་བར་དོའི་སེམས་སམ་བྷྲུཾ་ ལས་བྱུང་བའི་འཁོར་ལོ་དང་བཅས་པ་ལས་གཞལ་མེད་ཁང་བསྐྱེད་དེ། གུར་ལས། རྡོ་ རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། ། ཞེས་པ་ནས། དབང་ཆེན་དཀྱིལ་འཁོར་སྟེང་དུ་ ནི། །བདག་ཉིད་ཀྱང་ནི་བསྒོམ་པར་བྱ། ། བྷྲུཾ་ལས་གནས་ནི་བསམ་ནས་སུ། །ཞེས་དང༌། མི་ཐུབ་ཟླ་བས། ཡཾ་རཾ་བཾ་ལཾ་བཞིའི་དཀྱིལ་འཁོར། །བྷྲུཾ་ལས་འཁོར་ལོའི་སྟེང་དུ་ བདག །པད་མའི་སྐྱེས་བུ་བསམ་གཏན་བྱ། །འདི་ནི་འཐུག་པའི་དཀྱིལ་འཁོར་ བཞིའོ། །འཁོར་ལོ་དང་ནི་ལྔ་པའོ། །གཅིག་གྱུར་དེ་ལ་སངས་རྒྱས་ཀྱི། །གཞལ་ཡས་ཁང་ དུ་གྱུར་པ་སྟེ། །ཞེས་དང༌། མཚོ་སྐྱེས་དང༌། བཟང་པོ་ཡོངས་སུ་བཟུང་དུ་འང༌། དེ་དག་ ཐམས་ཅད་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་བྱ། འཁོར་ལོའི་ཁང་པའི་འོད་ཀྱི་སྣང་ བ་ཅན་ཞེས་སོགས་གསུངས་པའི་ཕྱིར་རོ། །ཡང་གོ་སྐབས་དོག་པ་ལ་སོགས་པ་འགའ་ ཞིག་ཏུ། དཀྱིལ་འཁོར་རྫོགས་པར་མ་བྲིས་ཀྱང་བསྒྲུབ་པའི་དཀྱིལ་འཁོར་ཙམ་ལ་ཡང༌། རྟེན་དུ་རུང་སྟེ། སྤྱི་རྒྱུད་ལས། དྲི་གཙང་ཁང་ངམ་གནས་ཁང་ངམ། ། ཕུག་གམ་ཡང་ན་ གོ་སྐབས་དག །དོག་པ་ཞིབ་ཏུ་བྱེད་ན་ནི། །དེར་ནི་ཅི་བདེར་འདོད་པར་བྱ། ། གོ་སྐབས་ དོག་པ་དག་ཏུ་ནི། །བསྒྲུབ་པའི་དཀྱིལ་འཁོར་མ་གཏོགས་པར། །སློབ་དཔོན་གྱིས་ནི་ གཞན་མི་བྲི། །བྲིས་ན་མོད་ལ་འཆི་བར་འགྱུར། །དཀྱིལ་འཁོར་དག་ནི་མ་ལུས་པ། ། གོ་ སྐབས་ཡངས་པའི་ཕྱོགས་སུ་ཤིས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ལེགས་པར་བྲིས་ 8-1-43 པའི་མཐར་མཆོད་ཅིང་བསྟོད་ནས། ཡེ་ཤེས་ཆེན་པོ་གཤེགས་སུ་གསོལ་ཞིང་དམ་ཚིག་ པ་རང་ལ་བསྡུའོ། །དེ་ཡང་ཉི་འབྱུང་ཟླ་བས། རྡུལ་ཚོན་ལྷག་མ་ཡི་གེ་གསུམ་གྱི་མཐར་ཡི་ གེ་མུཿཡིས་གཤེགས་སུ་གསོལ། ཞེས་བཤད་དོ། །དེ་དག་གིས་ནི་དཀྱིལ་འཁོར་བྲི་བའི་ ལས་གྲུབ་བོ། ། དེ་ལ་དཀྱིལ་འཁོར་གྱི་རྒྱན་བཀྲམ་ཞིང་བུམ་པ་དབུལ་བའི་ཆོ་ག་ནི། དང་པོ་བུམ་པ་ དབུལ་ཏེ། འོག་ཏུ་བུམ་པའི་དབང་བསྐུར་དུས། བུམ་པ་ཐམས་ཅད་བླང་ནས་སོ་སོར་ དབང་བསྐུར་དགོས་ལ། དེ་མི་དགོས་པར་ཟོར་ཡང་བར་བྱ་བའི་དོན་དུ། རྣམ་རྒྱལ་གྱི་ བུམ་པར་བུམ་པ་ཐམས་ཅད་ནས་ཆུ་བསྡུས་ཏེ་བླུགས། ལན་ཅིག་ཆུ་ཡང་བུམ་ཆུ་ལ་བྱེད་ ན་བུམ་པ་ཀུན་ནས་བསྡུས་པའི་ཆུ་རྣམ་རྒྱལ་གྱི་བུམ་པའི་ཐོག་ཏུ་བཞག །དཀྱིལ་འཁོར་ ཤིན་ཏུ་ཡངས་པ་ཡིན་ན། རྣམ་རྒྱལ་གྱི་བུམ་པའི་ནང་གི་པད་མའི་ཤར་གྱི་འདབ་མའི་ སྟེང་དུ་བཞག །ལྷ་མོའི་བུམ་པ་བརྒྱད་པོ་ནང་གི་བུམ་པ་བརྒྱད་ཀྱི་སྟེང་ངམ། ལྷ་མོ་ཉིད་ ཀྱི་མཚན་མ་ནོན་ཙམ་དུ་བཞག །ལས་བུམ་སྒོའི་ཕྱི་རོལ་གྱི་བྱང་ཤར་ལ་ཉེ་བར་བཞག་ གོ །དཀྱིལ་འཁོར་ཆུང་བ་ཡིན་ན་ལན་རེ་ལྷའི་མཚན་མའི་སྟེང་དུ་ཕུལ་ལ། ཕྱི་རོལ་རྡོ་ རྗེའི་རྭ་བའི་ནང་ཙམ་ནས། རྣམ་རྒྱལ་གྱི་བུམ་པ་ཤར་དུ་བཞག་སྟེ། རྣམ་པར་རྒྱལ་བ་ ཤར་དུ་སྦྱིན། །ཞེས་སོ། །ལས་ཐམས་ཅད་པ་ཤར་དང་བྱང་གི་བར། གཽ་རིའི་བུམ་པ་ཤར་ ལྷོའི་བར། ལྷ་མོ་གཞན་རྣམས་ཀྱི་བུམ་པ་རང་རང་གི་ཕྱོགས་སུ་བཞག །ཞེས་རྗེ་བཙུན་ བསོད་ནམས་རྩེ་མོའི་གསུང་རབ་ལས་འབྱུང་ཞིང༌། གསང་བ་སྤྱི་རྒྱུད་ལས། ཁྱད་པར་དུ་ ནི་བཞག་པར་བྱ། ། བུམ་པ་གཅིག་གིས་སྒོ་ཕྱེ་ཡིས། །དྲུང་དུ་མངོན་པར་བཞག་པར་ བྱ། །མང་པོ་འབྱོར་པར་མ་གྱུར་ན། །བརྒྱད་དམ་ཡང་ན་བཞི་བཞག་གོ །ཉུང་ངུ་རྣམས་ ནི་ཁྱད་པར་དུ། །ཕྱི་རོལ་དག་ཏུ་དགོད་བྱ་སྟེ། །སྒོ་ཡི་དྲུང་དུ་གཅིག་བཞག་པ། །དེ་ནི་ ངེས་པར་བྱ་དགོས་སོ། །ཞེས་གསུང་ཞིང༌། རྡོ་རྗེ་ཕྲེང་བ་ལས་ནི། དེ་ལ་འཁོར་ལོའི་ དབང་པོའི་རྣམ་པར་རྒྱལ་བའི་བུམ་པ་དཀྱིལ་འཁོར་གྱི་འཁོར་ལོའི་གཡས་ཕྱོགས་སུ་ བསྐོར་ཏེ། རྡོ་རྗེ་རྭ་བའི་བདག་ཉིད་ཀྱི་ཁོར་ཡུག་དང་འབར་པའི་ཕྲེང་བའི་སའི་ཕྱོགས་ 8-1-44 ངོས་སུ་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་ཀའི་གནས་ལས་ཅུང་ཟད་གཡས་སུ་བཞག་པར་ བྱའོ། །གཡོན་ལོགས་གོ་རིམ་བཞིན་དུ་གཡས་སྐོར་དུ་རྣམ་པར་སྣང་མཛད་དང་སྤྱན་མ་ དང་ལས་ཐམས་ཅད་པའི་བུམ་པའོ། ། ཞེས་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་དུ་བུམ་ པ་དགོད་པའི་སྐབས་སུ། རྡོ་རྗེ་ཕྲེང་བའི་ཕྱི་རོལ་ཏུ་བཀོད་པ་གསལ་བར་བཤད་ཅིང༌། བཟང་པོ་ཡོངས་བཟུང་དུ། བུམ་པ་རྣམས་ནི་དགོད་པར་བྱ། །རྒྱལ་བ་དང་ནི་བཀྲ་ཤིས་ ཞེས། །གསུངས་པ་ཤར་སྒོའི་ལོག་གཉིས་ལ། ། ལྷོ་རུ་དངོས་གྲུབ་བསྲུང་བར་བྱ། །ནུབ་ཏུ་ རྒྱལ་ཞིང་ཞི་བ་ཉིད། །བྱང་དུ་དངོས་གྲུབ་རྫུ་འཕྲུལ་སྟེ། །དངོས་གྲུབ་ཆེན་པོ་བུམ་ པའོ། །ཞེས་དང༌། གཞུང་འགྲེལ་དཀྱིལ་ཆོག་ཏུའང་འདི་དང་མཐུན་པར་བཤད་ དོ། །སློབ་དཔོན་ཉི་མའི་འབྱུང་གནས་ཟླ་བས། བུམ་པའི་ཆུ་ཡང༌། གླང་པོ་ཆེ་དང༌། རྟ་ དང༌། བ་ལང་དང༌། བོང་བུ་ལ་སོགས་པས་མ་བགྲོད་པའི་ཆུ་ཀླུང་ལ་སོགས་པ་ནས་ཤིན་ ཏུ་བཤམས་ལ། ཆུ་བླངས་ལ་སྣོད་གཞན་དང་རེག་པར་མི་བྱའོ། ། ཞེས་བཤད། དེ་ནས་ དཀྱིལ་འཁོར་ཁོར་ཡུག་ཏུ་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། འབྲས་ཅན་ལ་ སོགས་པའི་བཟའ་བ་དང༌། སོགས་སྡེ་ཀ་ལ་སོགས་པའི་བཅའ་བ་དང༌། འོ་ཐུག་ལ་ སོགས་པའི་ཐུག་པའི་རིགས་རྣམས་དང༌། གཞན་ཡང་གསང་བ་སྤྱི་རྒྱུད་ནས་འབྱུང་བ་ བཞིན། མཆོད་པའི་ཡོ་བྱད་ཅི་འབྱོར་བ་བཤམ་མོ། །སྔོན་དུ་འགྲོ་བའི་གཏོར་མ་ལ་ སོགས་པ་གཏོར་མའི་རིམ་པ་རྣམས་དང༌། སྟེང་དུ་གདུགས་དང་རྒྱལ་མཚན་དང་བླ་ རེས་ལ་སོགས་པ་དང༌། འོག་ཏུ་རེག་པའི་དབང་ལྔ་དང་རྡོ་རྗེ་དང་སློབ་དཔོན་དང༌། དུང་གི་དུས་སུ་འབུལ་བའི་མཆོད་པ་ལྔ་ཚན་དྲུག་དང༌། ལས་ཐམས་ཅད་པའི་མཆོད་པ་ ལྔ་དང༌། སློབ་མའི་གྲངས་དང་མཉམ་པའི་གདོང་གཡོག །མེ་ཏོག་གི་ཕྲེང་བ་དབུ་རྒྱན་ དང༌། རྡོ་རྗེ་དང་དྲིལ་བུ་དང༌། ཐུན་མོང་དུ་དགོས་པའི་མེ་ལོང༌། མདའ་གཞུ། འཁོར་ལོ། པོ་ཏི། འབུད་དུང་ལ་སོགས་པ་རྒྱས་པར་བཤམ་པར་བྱའོ། །ཡང་སྤྱི་རྒྱུད་ལས། ཕྱོགས་ བཞིར་ཆོས་ཀློག་བཞི་བཞག་ནས། །དེ་ལ་ཤར་གྱི་ཕྱོགས་སུ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་ བཞག །བྱང་གི་ཕྱོགས་སུ་བཞག་པ་ནི། །གསེར་འོད་དམ་པའི་མདོ་སྡེ་ཡིན། །ནུབ་ཀྱི་ 8-1-45 ཕྱོགས་སུ་བཞག་པ་ནི། །དེ་བཞིན་གཤེགས་པ་གསང་བའི་མདོ། །ཐེག་པ་ཆེན་པོ་སྡོང་པོ་ བཀོད། །ལྷོ་ཡི་ཕྱོགས་སུ་བཞག་ནས་སུ། །གུས་པས་དེ་ལ་མཆོད་པར་བྱ། །ཞེས་པའམ། ཡང་ན། འཇམ་དཔལ་རྩ་རྒྱུད་ལས། ལྷོ་ཕྱོགས་སུ་རྒྱལ་བའི་ཡུམ་ཤེར་ཕྱིན། ནུབ་ཕྱོགས་ སུ་ཟླ་བའི་སྒྲོན་མའི་ཏིང་ངེ་འཛིན། བྱང་ཕྱོགས་སུ་སྡོང་པོས་བརྒྱན་པ། ཤར་ཕྱོགས་སུ་ གསེར་འོད་དམ་པ་འདོན་པར་བྱའོ། །ཞེས་པ་ལྟར་བསྒྲུབ་པར་བྱའོ། ། དྲུག་པ་དཀྱིལ་འཁོར་ཆེན་པོ་བསྒྲུབ་ཅིང་མཆོད་པ་ནི། སློབ་དཔོན་རང་ཉིད། ཁྲུས་དང་ གཙང་སྦྲ་དྲི་ཞིམ་ལུས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །ཅེས་པ་ལྟར་ཁྲུས་བྱས་ ཤིང་རྒྱན་གོས་བཟང་པོ་དང་ལྡན་པས། དཀྱིལ་འཁོར་གྱི་ཤར་སྒོ་ལ་ཁ་ཕྱོགས་ནས་ འདུག་སྟེ། གནས་དང་ཡོ་བྱད་བྱིན་གྱིས་བརླབས་པ་ནས། བཟུང་ནས་བཟླས་པའི་བར་ དུ་བྱས་ལ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གསལ་གདབ་པར་བྱའོ། །དེ་ལ་དཀྱིལ་འཁོར་ བསྒྲུབ་པའི་ཆོ་ག་ནི་འདི་ཡིན་ཏེ། དེ་ཡང་བདག་གི་རྣལ་འབྱོར་ཚར་ནས་ཁམས་གསུམ་ སྣོད་བཅུད་བསྲུང་བའི་འཁོར་ལོ་ལ་བསྡུ། བསྲུང་བའི་འཁོར་ལོ་དང༌། དུར་ཁྲོད་བརྒྱད་ དང༌། གཞལ་ཡས་ཁང་པ་མི་བསྡུ་བར་བཞག །ལྷ་མོ་བརྒྱད་ཞལ་བརྒྱད་ལ་བསྡུ། ཡང་ན་ མི་བསྡུ་པར་མདུན་བསྐྱེད་རྒྱས་བསྡུས་གང་རུང་གསལ་གདབ་ནས་བདག་བསྐྱེད་བསྲེལ། རང་དཀྱིལ་འཁོར་གྱི་དབུས་སུ་བསམ་པའམ། ཡང་ན་ཤར་གྱི་སྒོ་ཁང་དུ་འདུག་པར་ བསམ་ལ། ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་པ་ནས། ཡབ་ཡུམ་གྱི་མཁར་ དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྐྱེད་པའི་བར་བྱས་ནས། དེ་ལ་ལྷ་རྐང་ཐུན་དུ་སྤྲོ་ བ་དང༌། ཡོངས་རྫོགས་སྤྲོ་བ་གང་རུང་བྱས་ཏེ། འོག་མ་ནི་གོ་སླ་ལ། རྐང་ཐུན་དུ་སྤྲོ་ན། གཙོ་བོ་ཡབ་ཡུམ་དཔག་ཏུ་མེད་པ་འཕྲོས། ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ། སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། སླར་འདུས་རང་དབུས་ སུ་བསྐྱེད་ལ་རང་ལ་བསྟིམ། རང་ཤར་དུ་བསྐྱེད་ནས་དཀྱིལ་འཁོར་གྱི་དབུས་སུ་མཚན་ མའི་སྟེང་དུ་བཞག །དེ་བཞིན་དུ་གཽ་རི་དཔག་ཏུ་མེད་པ་འཕྲོ་བ་འདུ་བྱས་ནས། སླར་ འདུས་ཏེ་ཤར་ཕྱོགས་ཀྱི་གདན་ཚངས་པའི་སྟེང་དུ་བཞག་པ་སོགས་དཀྱིལ་འཁོར་ 8-1-46 བདུན་བསྲེ་བ་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། དགྱེས་པ་ རྡོ་རྗེའི་མཎྜལ་གྱི་ཆོ་གར། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དགྱེས་པ་རྡོ་རྗེ་ལྷ་ དགུའི་དཀྱིལ་འཁོར་དུ་སྤྲུལ་ཏེ། མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ་ནས། དེའི་ འོད་ཟེར་གྱི་སྣ་ལ་འཇུས་ཏེ་འོངས་པའི་བགེགས་ཐམས་ཅད་ཚར་བཅད་པར་བསམ་ པས་ཧཱུཾ་བཞིས་བགེགས་བསྐྲད་པར་བྱའོ། །ཞེས་པ་བཞིན། ཡེ་ཤེས་པའི་ཕྱི་ནས་འབྲང་ བའི་བགེགས་བསྐྲད་པ་ནས་བརྟན་པར་བྱ་བའི་བར་དུ་བྱ་སྟེ། དེ་ཡང༌། ཨ་བྷི་ད་ན་ལས། ཡི་གེ་བརྒྱ་པས་ཐམས་ཅད་དུ། ། གསང་སྔགས་བརྟན་པར་བསྒོམས་ནས་སུ། །རང་གི་ མིང་བཞིན་ལྡན་པར་ནི། །གཅིག་ཏུ་སྤེལ་བ་བཟླས་པར་བྱ། །ཞེས་དང༌། ཡང་དེ་ཉིད་ ལས། ཐོག་མ་དབུས་དང་མཐར་ཐུག་པར། །ཡི་གེ་བརྒྱ་པའི་གསང་སྔགས་བཟླས། །འཁོར་ ལོ་དག་ནི་བརྟན་བྱ་སྟེ། །ཞེས་སོ། ། དེ་ལ་ཕྱི་དང་ནང་དང་ཡིད་ལས་བྱུང་བའམ། བསྟོད་ པའི་མཆོད་པ་རྣམས་བླ་མ་གོང་མ་རྣམས་ཀྱི་གསུང་རབ་ལས་བྱུང་བ་བཞིན་དུ་བྱས་ཏེ། རིན་ཆེན་འབར་བ་ལས། དེ་ནས་སློབ་དཔོན་རང་ལྷ་ཡི། །སྦྱོར་རྫོགས་གཙོ་བོའི་བདག་ ཉིད་ཀྱིས། །དཀྱིལ་འཁོར་སྤྲུལ་པ་རྡུལ་ཚོན་དང༌། །གཉིས་མེད་མཁར་གནས་ཀྱང་དེར་ བཞུགས། །བྱིན་གྱིས་བརླབས་དང་དབང་བསྐུར་གྱིས། །རབ་རྫོགས་བྱ་ལ་འཆད་པ་ ཡི། །ཆོ་གས་དཀྱིལ་འཁོར་རབ་ཏུ་མཆོད། ། ཅེས་དང༌། བཟང་པོ་ཡོངས་སུ་བཟུང་ དུའང༌། དེ་ནས་རང་གཙོ་བོའི་སྦྱོར་བདག་ཉིད། ། སངས་རྒྱས་ཐམས་ཅད་འདུས་པའི་ སྐུ། །ཡེ་ཤེས་ཕྱག་རྒྱ་རྡོ་རྗེ་བཞུགས། །ཏིང་ངེ་འཛིན་ལ་དམིགས་པ་བྱ། །ཏིང་འཛིན་གྱིས་ སྤྲོས་སངས་རྒྱས་རྣམས། །རང་རང་མཚན་མར་བཀོད་པར་བྱ། །བྱིན་གྱིས་བརླབ་པ་ལ་ སོགས་དང༌། །དབང་བསྐུར་བར་དུ་ཡོངས་རྫོགས་བྱ། ། ཞེས་སོ། །དེ་ལྟར་མཆོད་པས་ དཀྱིལ་འཁོར་གྱི་ལྷ་མཉེས་པར་བྱ་སྟེ་རང་གི་ལྕེ་ལ་བདུད་རྩི་མྱང་ལ། རང་གི་དཀྱིལ་ འཁོར་ཡང་མཉེས་པར་བྱ་སྟེ། ལེགས་གྲུབ་ལས། ཁང་པའི་ཕྱི་རོལ་ཁོར་ཡུག་ཏུ། །ལྷ་ རྣམས་ཀུན་དང་འབྱུང་པོ་ཡི། །གཏོར་མ་གུས་པར་འབུལ་པར་བྱ། ། ཞེས་གསུངས་པ་ ལྟར། དཀྱིལ་འཁོར་བསྲུང་བའི་དོན་དུ་བསྒྲུབ་པའི་གྲོགས་ནང་དུ་རྩ་སྔགས་བཟློས་སོ་ 8-1-47 བཅུག །རང་དཀྱིལ་འཁོར་ཁང་པའི་སྒོའི་ཕྱི་རོལ་ཏུ་སོང་ནས་གཏོར་མ་ཆེན་པོ་དང་ མར་མེ་ཆེ་བར་སྦར་བ་ཁྱེད་ལ། ཕྱི་རོལ་པའི་གཏོར་མ་བཏང་ཞིང༌། གཞུང་འགྲེལ་ དཀྱིལ་ཆོག་ལས་བྱུང་བའི་ཧྲི་བི་ཤུད་དྷའི་སྔགས་ཀྱིས་ཁ་བཤལ་གྱི་ཆུ་སྦྱིན་ནས། ཡི་གེ་ བརྒྱ་པའི་མཐར་བཛྲ་མུཿ གཤེགས་སུ་གསོལ། རོལ་མོ་དང་བཅས་པས་འབབ་ཆུའམ་ ལམ་གྱི་བཞི་མདོ་ཆེན་པོར་དོར་དེ། ཐམས་ཅད་ཀྱང་བར་ཆད་བསྲུང་བའི་ཕྱིར་རྩ་ སྔགས་བཟློས་ཤིང་ནང་དུ་ལོག་ནས། དངོས་སུ་དཀྱིལ་འཁོར་ལ་བསྐོར་བ་ཤོང་ན་བྱ། མི་ ཤོང་ན་ཡིད་ཀྱིས་འདོད་ཡོན་གྱིས་ནས་བསྐོར་བ་བྱེད་པར་བསམ་ལ། རྡོ་རྗེ་དྲིལ་བུ་ དཀྲོལ་ཞིང་ཡི་གེ་བརྒྱ་པ་བརྗོད་ནས། དེ་ཡན་ཆད་ཀྱི་ཆོ་ག་ལྷག་ཆད་དང་ནོར་བ་ བཟོད་པ་གསོལ་པར་བྱ་སྟེ། རྡོ་རྗེ་ཕྲེང་བར། འཆད་པར་འགྱུར་བའི་ཆོ་གས་འབྱུང་པོ་ ཐམས་ཅད་པའི་གཏོར་མ་བཏང་བར་བྱའོ། །ཡོད་ན་བསྒྲུབ་པའི་གྲོགས་པོ་དཀྱིལ་ འཁོར་དུ་བཞག་ལ། ཕྱིར་བྱུང་ནས་ཤར་ལ་སོགས་པའི་ཕྱོགས་སུ་འཆད་པར་འགྱུར་བའི་ འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གས་རང་གི་འདོད་པའི་ལྷ་དང་དབང་པོ་ལ་ སོགས་པ་ལ་གཏོར་མ་འབུལ་ལོ། ། ཞེས་དང༌། རིན་ཆེན་འབར་བར་ཡང༌། རང་ཕྱི་རོལ་ འབྱུང་པོའི་གཏོར་མ་སྦྱིན། །མ་དག་ལ་སོགས་པ་ཉེས་པ་རྣམས། །རྒྱལ་བ་རྣམས་ལ་ བཟོད་པར་གསོལ། །ཞེས་གསུངས་པའི་ཕྱིར་རོ། །སྦྱིན་སྲེག་བྱེད་ནའང་སྐབས་འདིར་ སྦྱིན་སྲེག་གི་ཆོ་ག་ལས་འབྱུང་བ་བཞིན་དུ་སྦྱིན་སྲེག་བྱས་ནས། སློབ་དཔོན་རང་ཉིད་ ཀྱེའི་རྡོ་རྗེ་ཕྱག་གཉིས་པའི་ང་རྒྱལ་གྱིས་དཀྱིལ་འཁོར་མངོན་སུམ་དུ་ལྟ་བར་དམིགས་ ལ། དཀྱིལ་འཁོར་གྱི་ཤར་སྒོའི་སྒོ་ཁང་དུ་སོང་བར་མོས་ཏེ། མཎྜལ་ཕུལ་ནས། དཀྱིལ་ འཁོར་དུ་འཇུག་པ་དང་དབང་བསྐུར་བ་རྫོགས་ཀྱི་བར་དུ་བླངས་ལ་སློབ་མ་གཞུག་ པའི་ཕྱིར། བསྒྲུབ་ཅིང་མཆོད་པའི་དཀྱིལ་འཁོར་དང་རྡོ་རྗེ་སློབ་དཔོན་རང་ཉིད་དང༌། གཞུག་ཅིང་དབང་བསྐུར་བའི་སློབ་མ་དེ་འཁོར་གསུམ་ཀའང་སྣང་ལ་རང་བཞིན་མེད་ པར་བསྒྱུར། རང་གིས་དྲན་པར་བྱས་ནས། སློབ་མས་ཀྱང་དེ་ལྟ་བུར་རྟོགས་པར་མཛོད་ ཅེས་གསོལ་བ་གདབ་པ་དྲན་པ་བྱས་ཏེ། རྡོ་རྗེ་དྲིལ་བུ་བསིལ་ཞིང༌། དཔལ་མཆོག་ལས་ 8-1-48 བཤད་པའི། ཨོཾ། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཞེས་སོགས་ཀྱི་ཚིགས་བཅད་དང༌། རིན་ཆེན་འབར་བར་འབྱུང་བའི། ཤེས་རབ་ཐབས་དང་དཀྱིལ་འཁོར་གྱི། །ཞེས་སོགས་ ལན་གསུམ་བརྗོད་པར་བྱས་ཏེ། རིན་ཆེན་འབར་བར། ཕྱི་ནང་སྦྱིན་སྲེག་དག་གིས་ ཀྱང༌། །འཁོར་ལོ་མཆོད་དེ་བདག་ཉིད་ཀྱང༌། །སློབ་མའི་རིམ་བཞིན་དབང་བླངས་ ཏེ། །གཟུགས་ཅན་ལྟ་བུའི་འཁོར་ལོ་རུ། །སློབ་མ་གཞུག་ཕྱིར་བདེན་པ་བསྒྲག །ཅེས་སོ། ། བདུན་པ་གཞུག་ཅིང་དབང་བསྐུར་བ་ལ། ནུབ་གསུམ་པ་ལ་འཇུག་པ་ཤིས། །ཞེས་བཤད་ པས་དང་པོ་སློབ་མ་གཞུག་པའི་ཕྱིར། ཐོག་མར་ཁྲུས་བྱས་ནས། དཀྱིལ་འཁོར་གྱི་ཁང་པ་ ཡོད་ན་དེའི་སྒོ་དྲུང་དུ་སོང་ལ་བྱ། དེ་མེད་ན་སློབ་མ་དང་དཀྱིལ་འཁོར་གྱི་བར་དུ་ཡོལ་ བས་བཅད། སྟ་གོན་གྱི་ཚེ་ཇི་ལྟར། འདུག་པའི་གོ་རིམ་བཞིན་གྲལ་ལ་འཁོད་ནས། འཇུག་ཡོན་དང་མཎྜལ་ཕུལ་ནས། དང་པོ་བླ་མས་བྱ་བ་ནི། བླ་གོས་ཕྲག་པར་བཟར་ ནས་ནི། །པུས་མོ་གཡས་པའི་ལྷ་ང་དག །ས་ལ་ལེགས་པར་བཙུགས་ནས་ནི། །ཐལ་མོ་ སྙིང་ཁར་སྦྱར་བར་བྱ། །ཞེས་གདན་བཞི་ལས་གསུངས་པ་ལྟར། མེ་ཏོག་དང་བཅས་ཏེ་ ཐལ་མོ་སྦྱར་བས་བཤད་རྒྱུད་རྡོ་རྗེ་ཕྲེང་བར་འབྱུང་བའི། དགའ་ཆེན་ཁྱོད་བདག་སྟོན་ པ་སྟེ། །ཞེས་པ་ནས། མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་པའི་བར་ལན་གསུམ་ གྱིས་གསོལ་བ་གདབ། རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་ནི། གུར་ལས་བཤད་ པའི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱི་ལན་གསུམ་གྱིས་ སེམས་བསྐྱེད་དོ། ། འོ་ན་སྟ་གོན་གྱི་སྐབས་སུ་ཡང་སེམས་བསྐྱེད་མོད། འདིར་ཟློས་པའི་ སྐྱོན་དུ་འགྱུར་རམ་སྙམ་ན། སྤྱི་རྒྱུད་ལས། བླ་མས་དང་པོར་བྱང་ཆུབ་སེམས། །མ་བསྐྱེད་ པ་རྣམས་བསྐྱེད་བྱ་ཞིང༌། །བསྐྱེད་པ་སླར་ཡང་དྲན་དུ་གཞུག །ཅེས་པ་གསུངས་པས་ སྐྱོན་མེད་མོད། དེའང་སངས་རྒྱས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ལ་ལམ་རིམ་པ་ གཉིས་ཉམས་སུ་བླང་དགོས། དེ་ལ་དབང་ཐོབ་དགོས། དེའི་རྟེན་དུ་གསང་སྔགས་ཀྱི་ དམ་ཚིག་དང་སྡོམ་པ་ཐོབ་དགོས། དེ་ཐོབ་པར་བྱེད་པ་ལའང་སྡོམ་པ་བསྒྲགས་པ་དང་ གཟུང་བ་གཉིས་ལས། དང་པོ་ནི། རིན་ཆེན་འབར་བར་གསུངས་པའི། སངས་རྒྱས་ཆོས་ 8-1-49 དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །ཞེས་སོགས་ཀྱི་ཚིགས་ བཅད་རྣམས་ལན་གཅིག་བསྒྲགས་ལ་དེའི་དོན་བཤད་དོ། །དེ་ལྟར་སྡོམ་པ་བསྒྲགས་ པས་བསྲུང་ནུས་པར་ཤེས་ནས། བསྡོམ་པ་བཟུང་བ་དང༌། རྗེས་སུ་འབྲེལ་བས། སྡོམ་པ་ གང་བླང་བར་བྱ་བའི་ཡུལ། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་ འབྱོར་མ་རྣམས་ཀུན། །དགོངས་སུ་གསོལ་ནས་ལེན། ལེན་པ་པོ་བདག་ཆྒཻ་མོ་ཞེས་བགྱི་ བས་ལེན། དུས་འདི་ནས་ནི་བཟུངས་ཏེ། ཇི་སྲིད་བྱང་ཆུབ་སྙིང་པོར་རྡོ་རྗེ་འཆང་གིས་ གོ་འཕང་མ་ཐོབ་ཀྱི་བར་དུ་ལེན་པར་བྱེད། གང་བླང་བར་བྱ་བའི་སྡོམ་པ་རིགས་ལྔ་ སྤྱིའི་སྡོམ་པ་ཞེས་གྲགས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། རིགས་ལྔའི་སྡོམ་པ་ བཟུང་བ་དང༌། བྱང་ཆུབ་ཀྱི་སེམས་དེ་ལ་གནས་ནས་གཞན་དོན་བྱ་བར་དམ་བཅའ་བ་ དང་གསུམ་ལས་དང་པོ་ནི། ཇི་ལྟར་དུས་གསུམ་གྱི་མགོན་པོ་རྣམས་ཀྱིས་བྱང་ཆུབ་ཏུ་ནི་ ངེས་པར་ཐོབ་པར་མཛད་པའི་རྒྱུ་བྱང་ཆུབ་སྨོན་པའི་སེམས་ནི་བླ་ན་མེད། དམ་པ་ བདག་གིས་བསྐྱེད་པར་བགྱི། །ཞེས་པ། སྨོན་པ་སེམས་བསྐྱེད་བསྟན་པ་ལགས། ཚུལ་ ཁྲིམས་ཀྱིས་བསླབ་པ་ནི། སེམས་ཅན་ལ་གནོད་འཚེ་གཞི་དང་བཅས་པ་སྤོང་ཞིང་ མདོར་ན་མི་དགེ་པ་ཕྲ་ཞིང་ཕྲ་བ་ནས་སྤོང་བའི་སེམས་པའོ། །དགེ་བའི་ཆོས་ནི་སྡུད་པ་ ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་ལ་སོགས་པ་བསྒྲུབ་བོ། །སེམས་ཅན་དོན་བྱེད་ཀྱི་ ཚུལ་ཁྲིམས་ནི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་ལ་ཕན་པ་དང་བདེ་བ་གཉིས་ཀ་ བྱེད་པའོ། །མདོར་ན་དེ་གསུམ་སོ་སོར་མཉམས་པར་ཉམས་སུ་ལེན་པར་བྱེད་པའི་ འཇུག་པ་སེམས་བསྐྱེད་དོ། །བསླབ་པ་ཐམས་ཅད་འདི་གསུམ་དུ་མ་འདུས་པ་མེད་པས་ སྤྱིའི་སྡོམ་པ་ཡང་ཟེར་རོ། ། གཉིས་པ་ནི། སངས་རྒྱས་ནི་སྐུ་བཞིའི་བདག་གཉིད་ཅན། ཆོས་ལུང་དང་རྟོགས་པས་ བསྡུས་པ། དགེ་འདུན་ཕྱིར་མི་ལྡོག་པ་གསུམ་ལ་ཕྱིའི་དཀོན་མཆོག་གསུམ་ཟེར། ནང་ དོན་གྱི་དཀོན་མཆོག་གསུམ་ནི། སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་བླ་མ་ནི་སངས་རྒྱས། རིམ་ གཉིས་ཟབ་མོ་བཟླས་པ་དང་བཅས་པ་ནི་ཆོས། དེ་ཉམས་སུ་ལེན་པར་བྱེད་པ་ནི་དགེ་ 8-1-50 འདུན་ནོ། ། ཡང་ན། རང་གི་སེམས་རང་བཞིན་སྒྲིབ་པ་ལས་གྲོལ་བ་སངས་རྒྱས་དེ་ཉིད་ རྟོག་པ་མེད་པས་རྟོགས་པ་ཆོས། དེ་ཉིད་རྒྱུན་ལྡན་དུ་ཉམས་སུ་ལེན་པར་བྱེད་པ་དགེ་ འདུན་ཏེ། བླ་ན་མེད་པའི་དཀོན་མཆོག་གསུམ་པོ་དང༌། སངས་རྒྱས་རྣམ་སྣང་རྣལ་ འབྱོར་ལས་སྐྱེས་པའི་སྡོམ་པའང༌། དེང་ནས་བརྟན་པོར་བཟུང་ཞེས་པ་ནི་རྣམ་སྣང་གི་ དམ་ཚིག་དང་སྡོམ་པར་ངེས་ཏེ། རྣམ་སྣང་དེ་བཞིན་གཤེགས་པའི་ངོ་བོ་ཡིན་པའི་ཕྱིར་ རོ། །རྡོ་རྗེ་མི་བསྐྱོད་པའི་རིགས་མཆོག་ཆེན་པོ་ལ་རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱ་སྟེ། དམ་ཚིག་གསུམ་དང༌། ཡང་དག་པའི་དེ་ཁོ་ན་ཉིད་གཟུང་བ་དང༌། དེ་དག་སྟོན་པར་ བྱེད་པའི་སློབ་དཔོན་དག་ཀྱང་བཟུང་བ་སྟེ། དེ་དག་མི་བསྐྱོད་པའི་དམ་ཚིག་དང་སྡོམ་ པར་ངེས་ཏེ། མི་བསྐྱོད་པ་བྱང་ཆུབ་སེམས་ཀྱྀ་ངོ་བོ་ཡིན་པའི་ཕྱིར་རོ། །རྡོ་རྗེ་དྲིལ་བུ་དེ་ ཡང་ཕྱི་བརྡའི་རྡོ་རྗེ་དྲིལ་བུ་ཚད་ལྡན་རེ་འཆང་ཞིང༌། ཁྱད་པར་དུ་ནང་དོན་གྱི་རྡོ་རྗེ་ དྲིལ་བུ་ནི། ཐབས་གཞན་དོན་བྱང་ཆུབ་ཀྱི་སེམས་དང༌། སྤྲོས་བྲལ་དེ་ཁོ་ན་ཉིད་རྟོགས་ པའི་ཤེས་རབ་གཉིས་ཏེ། བྱང་ཆུབ་སེམས་གང་དེ་རྡོ་རྗེ་ཤེས་རབ་དྲིལ་བུ་ཞེས་བཤད་ དོ། །ཞེས་འབྱུང་བའི་དོན་ཡིན། རིགས་མཆོག་ཆེན་པོའི་དམ་ཚིག་དང་སྡོམ་པ་ཡིད་དུ་ འོང་བ་ལ་ཉིན་རེ་ཞིང་ནི་དུས་དྲུག་ཏུ་སྦྱིན་པ་རྣམ་བཞི་ནི། ཟང་ཟིང་དང་ཆོས་དང་མི་ འཇིགས་པ་དང༌། བྱམས་པའི་སྦྱིན་པ་རྟག་ཏུ་སྟེར་བ་ཡིན་ཏེ། རིན་ཆེན་འབྱུང་ལྡན་ དང་འབྲེལ་པའི་དམ་ཚིག་དང་སྡོམ་པར་ངེས་ཏེ། རིན་ཆེན་འབྱུང་ལྡན་སྦྱིན་པའི་ངོ་བོ་ ཡིན་པའི་ཕྱིར་རོ། །བྱང་ཆུབ་ཆེན་པོ་སོ་སོར་རྟོགས་པའི་ཡེ་ཤེས་ལས་བྱུང་བའི་པད་ མའི་རིགས་མཆོག་འོད་དཔག་མེད་ཀྱི་དམ་ཚིག་དང་སྡོམ་པའི་རིགས་མཆོག་ཆེན་པོ་ལ། ཕྱི་ཡི་བསྡུས་པའི་སྔགས་བྱ་བ་དང་སྤྱོད་པ། གསང་བས་བསྡུས་པའི་སྔགས་ཀྱི་ཐེག་པ་ རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པ། ཐེག་གསུམ་ཉན་ཐོས་དང་རང་སངས་རྒྱས་ དང་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། མདོར་ན་དམ་པའི་ཆོས་མ་ལུས་པ་འཛིན་པ་དེ་ ནི་དེའི་དམ་ཚིག་དང་སྡོམ་པར་ངེས་ཏེ། འོད་དཔག་ཏུ་མེད་པ་ཤེས་རབ་ཀྱི་ངོ་བོ་ཡིན་ པའི་ཕྱིར། འཕྲིན་ལས་དོན་ཡོད་གྲུབ་པའི་དམ་ཚིག་དང་སྡོམ་པའི་རིགས་མཆོག་ཆེན་ 8-1-51 པོ་ལ། གསང་སྔགས་ཀྱི་སྡོམ་པ་ཐམས་ཅད་དང་ལྡན་པར་ནི་ཡང་དག་ཉིད་དུ་གཟུང་ བར་བགྱི་བ་དང༌། ཁྱད་པར་དུ་མཆོད་པའི་ལས་ཅི་ནུས་བགྱི་བ་ནི། དེའི་དམ་ཚིག་དང་ སྡོམ་པར་ངེས་པར་ཏེ། དོན་ཡོད་གྲུབ་པ་བརྩོན་འགྲུས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། ། གསུམ་པ་བྱང་ཆུབ་ཀྱི་སེམས་དེ་ལ་གནས་ནས་གཞན་དོན་བྱའོ། །ཞེས་དམ་བཅའ་བ་ནི། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ ཀུན་གྱི་མཐར་ཐུག་གི་དོན་གྱི་ཕྱིར་དང༌། དེ་བཞིན་གཤེགས་པའི་རིགས་ཀྱི་སྤང་བྱ་གཏི་ མུག ། རྡོ་རྗེ་རིགས་ཀྱི་སྤང་བྱ་རྣམ་རྟོག་ཞེ་སྡང༌། རིན་ཆེན་རིགས་ཀྱི་སྤང་བྱ་སེར་སྣ། པད་མ་རིགས་ཀྱི་སྤང་བྱ་འདོད་ཆགས། ལས་ཀྱི་རིགས་ཀྱི་སྤང་བྱ་ལེ་ལོ། དེ་དག་ལས་མ་ བསྒྲལ་བ་རྣམས་བདག་གིས་བསྒྲལ། མ་གྲོལ་པ་རྣམས་བདག་གིས་གྲོལ་བར་བྱ། དབུགས་ མ་དབྱུང་བ་རྣམས་དབུགས་དབྱུང་བར་བྱ། དེ་འདྲའི་སེམས་ཅན་མ་ལུས་པ་རྣམས་མྱ་ ངན་ལས་འདས་པའི་ས་ལ་འགོད་པར་བྱའོ། །ཞེས་སློབ་དཔོན་ཀུན་དགའ་སྙིང་པོས་ བཞེད་དེ། འདི་དག་རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པ་ཡིན་ཞིང༌། ལེགས་པར་ སྣང་ཞེས་གསུང་ནའང༌། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རང་ལ་གཏུགས་ ཏེ་ཞིབ་ཏུ་བརྟག་གོ ། ཡང་ན། སཾ་བྷུ་ཊི་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆྒཻ་མོ་ཞེས་བགྱི་བས་དུས་འདི་ནས་ བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཞེས་པའི་རྗེས་སུ། ཇི་ལྟར་དུས་ གསུམ་མགོན་པོ་རྣམས། ། ཞེས་སོགས་བཤད་པས། དེ་དག་གི་དོན་ནི་དགོངས་སུ་གསོལ་ ཏེ། ངེས་པར་འཛིན་པ་དང་བཅས་པའི་རྣམ་པར་གཟིགས་པའི་དོན་ཏོ། །ཆྒཻ་མོ་ཞེས་ བགྱི་བ་ཞེས་པ་ཁས་བླངས་པ་ཡོངས་སུ་མི་གཏོང་བར་དགོངས་པས་རང་གི་མིང་བཟུང་ བའོ། །དུས་འདི་ནས་བཟུང་སྟེ། ཇི་སྲིད་སྟོང་པ་དང་སྙིང་རྗེའི་རང་བཞིན་བདེ་བ་ཆེན་ པོའི་བྱང་ཆུབ་དེ་ཁོ་ན་ཉིད་ཆོས་ཐམས་ཅད་ཀྱི་སྙིང་ཁུ་ཡིན་པས་སྙིང་པོ་དེ་ལ་མཆིས་ པའི་གནས་ཀྱི་བར་དུ། ཇི་སྲིད་དུས་གསུམ་དུ་སེམས་ཅན་གྱི་མགོན་པོ་དང་སྐྱབས་ཡིན་ པས་མགོན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་དོན་དུ་ 8-1-52 སེམས་བསྐྱེད་ཟིན་པ་དེ་ལྟར་རང་གཞན་རྫོགས་པའི་བྱང་ཆུབ་ཏུ་གདོན་མི་ཟ་བར་ མཛད་པའི་བྱང་ཆུབ་ཀྱི་སེམས་ནི་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐོབ་པར་བྱེད་ པ་བླ་ན་མེད་པའི་དམ་པ། བདག་གིས་བསྐྱེད་པར་བགྱི། །ཞེས་པ་ནི། བྱང་ཆུབ་སྨོན་པའི་ སེམས་བསྐྱེད་པའོ། །དེ་ནས་འཇུག་པའི་སེམས་བསྐྱེད་ནི། དེ་ཡང་བྱང་ཆུབ་ཀྱི་སེམས་དེ་ གནས་པའི་ཆེད་དུ་མི་དགེ་བ་ལས་ལྡོག་པའི་ངོ་བོ་ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། ཞེས་པས་སྡོམ་པའི་ཚུལ་ཁྲིམས་དང༌། བདག་ཉིད་ཀྱི་ཆོས་ཡོངས་སུ་སྨིན་པའི་ཆེད་དུ་ དགེ་བའི་ཆོས་ཡང་དག་པར་སྡུད་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་ ཡོངས་སུ་སྨིན་པའི་ཆེད་དུ་དོན་རྒྱ་ཆེར་བྱེད་པའི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ རྣམ་པ་གསུམ། འགྲོ་བ་འཁོར་བ་ལ་བསྒྲོལ་བར་ཁས་བླང་བ་བདག་གིས་བརྟན་པ་སྟེ། མི་ཉམས་པར་བཟུང་བར་བགྱི་ཞེས་པ་རྣམས་ཀྱིས་རིགས་ལྔ་སྤྱིའི་སྡོམ་པ་བཟུང་ནས། ཁྱད་པར་གྱི་སྡོམ་པ་ནི། འབྲས་བུའི་ངོ་བོ་སངས་རྒྱས་དང༌། རྒྱུ་དང་འབྲས་བུའི་བདག་ ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ནི་ཆོས་དང༌། རྒྱའི་ངོ་བོ་བྱང་ཆུབ་སེམས་དཔའི་དགེ་འདུན་ ཏེ། དེ་ལས་མཆོག་ཏུ་གྱུར་པ་མེད་པའི་ཕྱིར་བླ་ན་མེད་པ་གོང་ན་མེད་པའི་དགའ་བའི་ རྒྱུ་ཡིན་པ་དང་རྙེད་པར་དཀའ་བ་ཉིད་ཀྱི་ཕྱིར་དཀོན་མཆོག་གསུམ་དང༌། སངས་རྒྱས་ རྣལ་འབྱོར་ལས་སྐྱེས་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །སྒྲིབ་པ་རྣམས་ལས་ ལུས་ངག་ཡིད་གསུམ་སྡོམ་པས་ན་སྡོམ་པའང་དེང་ནས་བརྟན་པོར་བཟུང་སྟེ། སྡོམ་པ་ འདི་ནི་གཏི་མུག་རྣམ་པར་དག་པ་གཙོ་བོ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་ཆེན་པོའི་རིགས་ བསྲུང་ལ་ཞེས་པ། རྡོ་རྗེ་ཆེན་པོ་ནི་མི་བསྐྱོད་པའོ། །དེ་ལས་དཔག་ཏུ་མེད་པའི་སྤྲུལ་པ་ འབྱུང་བས་རིགས་སྣ་ཚོགས་པའི་ལྷ་རྣམས་འདིར་བསྡུ་བར་བྱ་བས་བསྡུས་པ་ཆེན་པོ་ལ། རྡོ་རྗེ་ཐུགས་ཀྱི་དྲིལ་བུ་གསུང་གི་ཕྱག་རྒྱ་ཆེན་པོའི་དམ་ཚིག་སྟེ་གསུམ་པོ་ཡང༌། ཡང་ དག་པ་ཉིད་དུ་གཟུང་བར་བགྱིའོ། །སློབ་དཔོན་དེ་བླ་མ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་དག་ ཀྱང་རང་ཉིད་ཀྱིས་གཟུང་བར་བགྱིའོ། །སྡོམ་པ་འདི་ཡང་དེ་ཁོ་ན་ཉིད་ཤེས་པ་གཙོ་ བོའི་ཕྱིར་རམ། མི་བསྐྱོད་པའི་རིགས་ལའོ། །རིན་ཆེན་རིགས་མཆོག་ཆེན་པོའི་འདའ། 8-1-53 དཀའ་བས་ན་དམ་ཚིག་སྦྱིན་པས་དགའ་བའི་དགའ་སྟོན་འགྱེད་པས་ན་ཡིད་དུ་འོང་ བ་ལ་ཉིན་རེ་ཞིང་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དྲུག་ཏུ། ཆོས་དང་ཟང་ཟིང་ དང་མི་འཇིགས་པ་དང་སྙན་པར་སྨྲ་བ་སྟེ། སྦྱིན་པ་རྣམ་པ་བཞི་རྟག་ཏུ་སྦྱིན་ཞེས་ པའམ། ཡང་ན་ནོར་དང་ཤིན་ཏུ་བའི་ནོར་དང༌། ལུས་དང་ཤིན་ཏུ་བའི་ལུས་སྦྱིན་ཞེས་ འཆད་པ་དང༌། གསེར་དང་དངུལ་ལ་སོགས་པའི་ནོར་དང༌། བུ་དང་ཆུང་མ་ལ་སོགས་ པ་ཤིན་ཏུ་བའི་ནོར་དང༌། ལག་པ་དང་རྐང་པ་ལ་སོགས་པའི་ལུས་དང་མགོ་དང་ཚིལ་ དང་རྐང་ལ་སོགས་པ་ཤིན་ཏུ་བའི་ལུས་ཏེ་སྦྱིན་པ་རྣམ་པ་བཞི་སྦྱིན་ནོ། །ཞེས་ པའོ། །རིན་ཆེན་འབྱུང་བའི་སྦྱིན་པས་སེམས་ཅན་ཚིམ་པས་བྱེད་པའི་དབང་བྱས་པའི་ ཕྱིར་རོ། །དོན་དམ་བྱང་ཆུབ་ཆེན་པོ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་འབྱུང་བ་ཁ་ན་མ་ ཐོ་བ་མེད་པའི་ངག་གི་རང་བཞིན་ཉིད་ཀྱིས་པད་མ་འོད་དཔག་ཏུ་མེད་པའི་རིགས་ ཆེན་དག་པ་ལ། ཕྱི་དང་གསང་བ་དང་ཐེག་པ་གསུམ་གྱི་གཟུང་ཞེས་མདོར་བསྟན་ནས། ཕྱི་ནི་དམ་ཚིག་གསུམ་བཀོད་པ་དང་འབྱུང་པོ་འདུལ་བྱེད་ལ་སོགས་པ་གང་དུ་ཕྱི་རོལ་ གྱི་ལུགས་མ་དང་བྲིས་སྐུ་ལ་སོགས་པ་ལྷ་རུ་དམིགས་ཤིང༌། ཁྲུས་དང་སྨྲ་བཅད་སོགས་ གཙོ་བོ་སྟོན་པ་བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་ནི་རྣམ་སྣང་མངོན་བྱང་ལ་སོགས་པ། གསང་པ་ནི་དེ་ཉིད་འདུས་པ་རྣལ་འབྱོར་གྱི་རྒྱུད་དང༌། གསང་འདུས་ལ་སོགས་པ་རྣལ་ འབྱོར་བླ་ན་མེད་པའི་རྒྱུད་རྣམས་སོ། །ཐེག་པ་གསུམ་གྱི་མཚན་ཉིད་ཀྱི་ཐེག་པ་དང༌། འབྲེལ་པའི་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཕ་རོལ་ཏུ་ཕྱིན་ པའི་ཐེག་པ་སྟེ། མདོར་ན་དམ་པའི་ཆོས་ནི་མ་ལུས་པ་བཟུང་ངོ༌། ། ཞེས་འཆད་དོ། །སྡོམ་ པ་འདི་ནི་འོད་དཔག་ཏུ་མེད་པའི་རིགས་དག་པ་ལ་སྟེ། འདི་ནི་ཁ་ན་མ་ཐོ་བ་མེད་ པའི་ངག་གི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ལས་ཀྱི་རིགས་མཆོག་ཆེན་པོ་དོན་ཡོད་གྲུབ་ པའི་སྡོམ་པ་ལ་མཆོད་པའི་ལས་ཀྱང་ཅི་ནུས་བགྱི། ཞེས་སྦྲེལ་ནས་ཐམས་ཅད་ལྡན་པ་ནི། ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་དོ། །ཕྱིའི་མཆོད་པ་ནི་ཉེར་སྤྱོད་ལྔ་ལ་ སོགས་པ་རྣམས་ཀྱིས་སོ། །གསང་བའི་མཆོད་པ་ནི་བསམ་གཏན་གྱི་དཀྱིལ་འཁོར་དུ་ 8-1-54 རང་གི་ཁུ་བ་ལ་སོགས་པ་འཛིན་པའོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། དེ་ཁོ་ན་ཉིད་ལ་ ཤེས་རབ་དང་སྙོམས་པར་འཇུག་པ་སྟེ། དགའ་བ་བཞིའི་རིམ་པ་ཉོན་མོངས་པ་རྣམ་ པར་དག་པའི་གོ་འཕང་མངོན་དུ་བྱེད་པའི་ཕྱིར་རོ། །བླ་ན་མེད་པའི་དེ་ཁོ་ན་ཉིད་ཀྱི་ མཆོད་པ་ནི། བྱང་ཆུབ་ཀྱི་སེམས་སྒོམ་པ་ཁོ་ན་སྟེ། མངོན་བརྗོད་ཕྱི་མར། རང་བཞིན་ མེད་པའི་གནས་བསྒོམས་ལས། །ལྷ་ཡི་སྙིང་པོ་སྒོམ་བྱེད་པ། །དེ་ནི་མཆོད་པ་ཆེན་པོར་ འདོད། ། སངས་རྒྱས་ཐམས་ཅད་རྟོགས་བྱེད་པའོ། །ཞེས་སོ། །རང་བཞིན་མེད་པ་ཉིད་དུ་ རང་གི་ལྷག་པ་ལྷའི་ངོ་བོ་རྗེས་སུ་བྱེད་པས་མཆོད་པ་ནི་འཇིག་རྟེན་ལས་འདས་པའི་ འབྲས་བུ་འཐོབ་པར་བྱེད་པའོ། །སྡོམ་པ་འདི་ཡང༌། དོན་ཡོད་གྲུབ་པའི་རིག་ལ་སྟེ་ མཆོད་པ་ནི། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ བླ་མེད་མཆོག ། ཞེས་སོགས་ཀྱི་ཡང་འཇུག་པའི་སེམས་བསྐྱེད་པར་བྱེད་དེ། ཉན་ཐོས་ དང་རང་སངས་རྒྱས་རྣམས་ཤེས་བྱའི་སྒྲིབ་པ་ལས་མ་བསྒྲལ་བར་རྣམས་བདག་གིས་ བསྒྲལ། ཚངས་པ་ལ་སོགས་པ་གཏི་མུག་སོགས། བསྒྲིབ་པ་གཉིས་ཀྱི་འཆིང་བ་ལས། །མ་ གྲོལ་བ་རྣམས་བདག་གིས་དགྲོལ། །དམྱལ་བ་ལ་སོགས་པ་དབུགས་མ་ཕྱིན་པ་རྣམས་ དབུགས་དབྱུང་ཞིང༌། སེམས་ཅན་འདི་རྣམས་མི་གནས་པའི་མྱ་ངན་ལས་འདས་པ་ལ་ དགོད་པར་བྱའོ། །ཞེས་པ་འདི་ཡང༌། སློབ་དཔོན་ཨ་བྷྱ་ཀ་རས་མཛད་པའི་མན་ངག་སྙེ་ མ་ལྟར་ཁོ་བོས་ལེགས་པར་བཤད་པས་སྔ་མ་དང་གང་འཐད་སྙད་པར་བྱའོ། །དེ་ལྟར་ རིགས་ལྔའི་དམ་ཚིག་དང་སྡོམ་པ་ཐོབ་ནས་དཀྱིལ་འཁོར་ཆེན་པོར་འཇུག་པ་འབྲེལ་ པས། གསང་འདུས་ལས་བྱུང་བའི། ཨཱཿཁཾ་བྷི་ར་ཧཱུཾ། ཞེས་པའི་སྔགས་འདི་བརྗོད་ཅིང་ སློབ་མའི་གདོང་གཡོགས་པར་བྱ་སྟེ། དེའང་གཞུང་འགྲེལ་དཀྱིལ་ཆོག་ལས། ཨཱཿཁཾ་བི་ར་ ཧཱུཾ། ཞེས་བྱ་བའི་སྔགས་བཟླས་པའི་གདོངས་གཡོག་བཅིངས་ཏེ་མེ་ཏོག་གི་ཕྲེང་བ་ བཟུང༌། ཞེས་དང༌། སྤྱི་རྒྱུད་ལས། ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །བཏབ་པའི་ གོས་ཀྱིས་གདོང་གཡོགས་ཏེ། །ཞེས་སོ། །རྡོ་རྗེ་ཕྲེང་བ་ལས་ནི། བདུད་རྩི་འཁྱིལ་པ་བཟླས་ པའི་གོས་དམར་པོའམ་སེར་པོ། ཨོཾ་ཙཀྵུ་བྷནྡྷ་བ་ར་མ་ན་ཡ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱི་ 8-1-55 མིག་རས་བཅིང་ལ། ཨཱཿཁཾ་བི་ར་ཧཱུཾ། ཞེས་བྱ་བ་བརྗོད་ནས་མེ་ཏོག་གི་ཕྲེང་བ་བཟུང་ ཞིང་ཞེས་བཤད་དོ། །དེ་ནས་སློབ་མ་རྣམས་ལ་མེ་ཏོག་གི་ཕྲེང་བ་གཏད་དེ། ཨ་མྲྀ་ཏའི་ སྔགས་བརྗོད་ཅིང༌། ལས་བུམ་གྱི་ཆུ་གཏོར་རོ། ། བདུད་རྩི་ལྕེ་ལ་བཞག་ནས་ཨོཾ་ཨཱཿཧཱུཾ། ཞེས་བརྗོད་དོ། །དེ་ནས་རིགས་དང་མཐུན་པ་ངེས་པར་བྱ་བའི་ཕྱིར། གཤེད་དམར་གྱི་ རྒྱུད་ལེའུ་བཅུ་དགུ་པ་ལས། ཀྱེ་ཁྱོད་བུ། ཞེས་བརྗོད་བྱ་སྟེ། བདག་བསྐལ་པ་བཟང༌། ཞེས་ སྨྲ་བར་བྱ། ཞེས་པ་བཞིན་དུ། སློབ་དཔོན་དང་སློབ་མས་བུ་ཁྱོད་སུ་ཡིན་ཞེས་སོགས་ཀྱི་ དྲིས་ལན་བྱ་སྟེ། རིན་ཆེན་འབར་བ་ལས། དེ་ནས་སློབ་མས་གོས་དམར་པོས། །གདོང་ གཡོགས་མེ་ཏོག་ཕྲེང་བ་བཟུང༌། །བདུད་རྩི་འཁྱིལ་བའི་བུམ་པའི་ཆུས། །བསྲུང་ཞིང་སྐུ་ གསུང་ཐུགས་སྦྱངས་ལ། །བུ་སྡུག་སུ་ཡིན་ཅི་ལ་དགའ། །སློབ་དཔོན་གྱིས་ནི་གཞུག་ཕྱིར་ དྲི། །སྐལ་བཟང་བདེ་ཆེན་བདག་ལ་དགའ། །ཞེས། སློབ་མ་བློ་ཆེན་གྱིས་སྨྲའོ། །ཞེས་ གསུངས་པའི་ཕྱིར་རོ། །འོ་ན་སངས་རྒྱས་མཆོག་སྟེ། རྒྱུ་གང་ལ་བྱུང་སྙམ་ན། བརྟག་ གཉིས་ལས། ཀུན་རྫོབ་དོན་དམ་ཚུལ་ཅན་གྱིས། །བྱང་ཆུབ་སེམས་གཉིས་རབ་ཏུ་ བསྐྱེད། །ཅེས་པ་བཞིན། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ལས་བྱུང་བས། སློབ་མའི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ བསྒོམ་པའི་རྗེས་སུ་དངོས་སུ་རྡོ་རྗེ་གཏུག་ཅིང༌། དཔལ་མཆོག་ལས་བཤད་པའི་རྡོ་རྗེ་ དཀར་པོ་རྩེ་ལྔ་པ་དོན་དམ་བྱང་ཆུབ་སེམས་སུ་དམིགས་ནས། ཨོཾ་སརྦ་ཡོ་ག་ཙིཏྟ་ཞེས་ སོགས་ཀྱི་སྔགས་བརྗོད་དོ། །དེ་ཡང་དཔལ་མཆོག་ལས། བྱང་ཆུབ་སེམས་ནི་བླ་མེད་ པ། །མཆོག་ཏུ་བསྐྱེད་པར་བྱས་ནས་ནི། །སྙིང་ཁར་རྡོ་རྗེ་ལ་བཞག་ནས། ། སུ་ར་ཏི་ས་མ་ ཡ་སྟྭཾ་ཧོཿ ཞེས་དང༌། ཉིན་མོའི་འབྱུང་གནས་ཟླ་བས་ནི། སྙིང་ཁར་མེ་ཏོག་དང་བཅས་ པའི་རྡོ་རྗེ་བཞག་པར་བྱའོ། །ཞེས་སོ། །དེ་ནས་སྤྱི་བོར་རྡོ་རྗེ་བཞག་ནས། དེ་ཉིད་འདུས་ པར་གསུངས་པའི། དེ་བཞིན་གཤེགས་པ་ཞེས་སོགས་བརྗོད་པར་གསང་བར་གདམས་ ནས། ཧཱུཾ་ཛ་ཧཱུཾ། ཞེས་པའམ། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་དོ། །སློབ་མས་རྡོ་རྗེ་འཛིན་དུ་ བཅུག་ལ་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་ཏེ་གཙོ་བོའི་མདུན་དུ་བཞག་པར་མོས་ 8-1-56 ཤིག་ཅེས་བསྒོ་ནས། ཕྱི་ནང་ཡོད་ན་དཀྱིལ་འཁོར་ཁང་པའི་ནང་དུ་འཇུག་པའོ། །ནང་ ན་ཡོད་ན་ཡོལ་བ་བསལ་ཏེ་ཅུང་ཟད་དུད་པ་ཙམ་བྱེད་དུ་གཞུག་གོ །རྡོ་རྗེ་ཕྲེང་བར་ནི། ཨ་ཁཾ་བི་ར་ཧཱུཾ། ཞེས་པ་འདིས་ཡོལ་བའི་ནང་དུ་བཅུག་ནས། ཞེས་བཞེད་ཅིང༌། གསང་ འདུས་ལས་ཀྱང༌། དེ་ལ་འདིར་ནི་དཀྱིལ་འཁོར་ཆེན་པོར་འཇུག་པའི་རྡོ་རྗེའི་དམ་ཚིག་ གོ །ཨ་ཁཾ་བཱི་ར་ཧཱུཾ། ཞེས་དང༌། རིན་ཆེན་འབར་བ་ཡང༌། ཡི་གེ་ལྔ་ཡང་དེ་བཞིན་དུ་ བརྗོད་དེ། ཞེས་པའི་ཡི་གེ་ལྔ་ནི་འདི་ཡིན་པས་སྔགས་འདིས་འཇུག་པར་བྱའོ། །དཀྱིལ་ འཁོར་ཆེན་པོ་ཕྱིའི་འཇུག་པའོ། །དེ་དག་གིས་ཤེས་བྱེད་ཀྱང༌། རིན་ཆེན་འབར་བར། སེམས་བསྐྱེད་པ་དང༌། དེའི་སྔགས་དང་གསང་བར་གདམས་པ་རྣམས་བཤད་པའི་རྗེས་ སུ། གཽ་རི་ལ་སོགས་རང་སྔགས་ཀྱིས་དམ་པས་དགུག་དང་གཞུག་པར་བྱ། ཡི་གེ་ལྔ་ཡང་ དེ་བཞིན་དུ། བརྗོད་དེ་དམ་ཚིག་མཆོག་འཛིན་གཞུག །ཅེས་སོ། །དེ་ནས་དཀྱིལ་འཁོར་ ཆེན་པོར་ནང་གི་འཇུག་པ་ལ་ཡང་སྦྱར་བ་དམ་ལ་བཞག་པ་དང་དངོས་གཞི་ཡེ་ཤེས་ དབབ་ཅིང་བརྟན་པར་བྱ་བ། ཞེས་དཀྱིལ་འཁོར་བསྟན་པའོ། །དང་པོ་ལའང་བཞི་ཡོད་ པའི་དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། སྤྱི་བོར་རྡོ་རྗེ་བཞག་ནས། དེ་ཉིད་ འདུས་པར་འབྱུང་བའི། ཡེ་ཤེས་གང་གིས་ཁྱོད་ཅེས་སོགས་བརྗོད་དོ། ། གཉིས་པ་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། སློབ་མའི་སྙིང་ཁར་རྡོ་རྗེ་བཟུང་ ནས། དེ་ཉིད་འདུས་པར་བཤད་པའི། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས་ཞེས་སོགས་བརྗོད་ ཅིང༌། ཡང་སྤྱི་བོར་རྡོ་རྗེ་བཟུང་ནས། འདི་ནི་ཁྱོད་ཀྱི་དམ་ཚིག་རྡོ་རྗེ་སྟེ། །ཞེས་སོགས་ བརྗོད་པར་བྱའོ། ། གསུམ་པ་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། ཐོད་པའི་བདུད་རྩིའམ། སྔར་བུམ་ པའི་ཆུ་བསྡུས་པ་དེ་བདུད་རྩི་ལྔས་སྦགས་ལ་བླུད་ཅིང༌། བཤད་རྒྱུད་རྡོ་རྗེ་ཕྲེང་བར་ འབྱུང་བ། འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ། །ཞེས་སོགས་དང༌། པཉྩ་ཨ་མྲྀ་ཏའི་སྔགས་ བརྗོད་དེ། རིན་ཆེན་འབར་བར། སང་གནས་ཡི་གེ་གསུམ་གྱི་སྦར། །མི་འཆི་ལྔ་པ་འཐུང་ དུ་གཞུག །ཅེས་དང༌། རྡོ་རྗེ་ཕྲེང་བར། རྣམ་པར་རྒྱལ་བའི་བུམ་པའི་སྟེང་ན་གནས་པའི་ 8-1-57 ཆུ་མིང་མེད་དང༌། མཐེ་འོང་གིས་གཟུང་བའི་སྣོད་ཀྱི་ཁས་དེའི་ཁར་བཅུག་ཅིང༌། འདི་ ནི་ཁྱོད་ཀྱི་ཞེས་སོགས་ཀྱི་ཚིགས་བཅད་དང་སྔགས་གསུང༌། བཞི་པ་བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། ཡང་སྤྱི་བོར་རྡོ་རྗེ་བཟུང་ ནས། བཤད་རྒྱུད་རྡོ་རྗེ་ཕྲེང་བར་འབྱུང་པའི། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །ཞེས་སོགས་ བརྗོད་ཅིང༌། དམ་ལ་བཞག་པ་བཞི་པོའི་དོན་ཡང་སྐབས་དང་མཐུན་པར་བཤད་པར་ བྱའོ། ། དངོས་གཞི་ཡེ་ཤེས་དབབ་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་ རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། ཞེས་པ་ལན་གསུམ་གྱི་གསོལ་བ་ འདེབས་སུ་བཅུག་ནས། ལུས་ཙོག་པུ་རྐང་པའི་བྲང་བ་ལ་ལུས་ཀྱི་ལྗིད་བསྐུར། སྙིང་ཁར་ ཐལ་མོ་སྦྱར་ཏེ་འཁོད་པ་ལ། ཡེ་ཤེས་དབབ་པའི་དམིགས་པ་རྣམས་ཇི་ལྟ་བ་བཞིན་ གསལ་གདབ་སྟེ། བྱི་ལའི་བྲུན། ཟླ་མཚན་འཛག་པའི་འདོམས་དཀྲིས་ཀྱི་རས། གུ་གུལ་ རྣམས་བསྲེས་པ་ཡི་དྭགས་ཀྱི་མེ་ལ་བསྲེག་པས་བདུག་སྟེ། བཤད་རྒྱུད་རྡོ་རྗེ་ཕྲེང་བར། མཚལ་ཆེན་འབབ་པའི་བུ་མོའི་གོས། །ཁྲག་དང་ཁུ་བས་ཡང་དག་བསྒོ། །གུ་གུལ་དང་ནི་ རྣམ་པར་བསྲེས། །ཡི་དྭགས་མེ་ནི་བླང་ནས་སུ། །པད་མའི་སྣོད་དུ་བཞག་ནས་ནི། །དེར་ ནི་ཐམས་ཅད་བདུག་པར་བྱ། །རྨད་བྱུང་ཆེན་པོའི་བདུག་པས་བདུག །འབབ་པར་ འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །དེ་ནས་དེ་ཉིད་ལས་བྱུང་པའི། ཨུ་ཏིཥྟ་མཧཱ་ཀྲོ་དྷ་ སོགས་ཀྱིས་སྔགས་བདུན་ནམ། ཉེར་གཅིག་བཟླས། འཇིགས་སུ་རུང་བའི་རྡོ་རྗེའི་གླུ་ དང༌། གར་བྱ་ཞིང་རོལ་མོའི་སྒྲ་དྲག་ཏུ་བརྡུངས་པས་དབབ་པར་བྱའོ། །འདི་ཡི་སྐབས་ སུ་རྡོ་རྗེ་ཕྲེང་བར་ནི། སློབ་མ་ལྷ་གནས་བྱས་པས་མདུན་དུ་བྱས་ཏེ་སྐད་ཅིག་གིས་སྟོང་ པ་ཉིད་ཀྱི་རྗེས་ལ་ཡི་གེ་ཨཱཿལས་བྱུང་བའི་སྣང་བ་མཐའ་ཡས་ཀྱི་གཟུགས་སུ་བསྐྱེད་ ནས། ཞེས་བཤད་དོ། ། དེ་ལྟར་ན། སྐུ་ཕེབས་པས་ལུས་འཕར་གཡོ། གསུངས་ཕེབས་པས་ སྔགས་ལེགས་པར་སྨྲ་བ། ཐུགས་ཕེབས་པས་ཏིང་ངེ་འཛིན་སྐྱེ་བར་དུས་ཀྱི་འཁོར་ལོ་ལ་ སོགས་སུ་བཤད་ཅིང༌། གསུངས་ཕེབས་པ་ལ་པྲ་རྟོགས་ན། ལྕེ་ལ་ཨཱཿདམར་པོ་བསམ་སྟེ། 8-1-58 རྡོ་རྗེ་དགེ་བ་དང་མི་དགེ་བ་དྲིའི་གསུངས་ཤིག་ཅེས་དྲིས་ནས་སྨྲའོ། །དེ་ལྟར་ཕེབས་པ་ བརྟན་པར་བྱ་བའི་ཕྱིར། ཏིཥྟ་བཛྲ། ཞེས་བརྗོད་ཅིང༌། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ གོ །དེའི་རྒྱུ་མཚན་ཡང་རིན་ཆེན་འབར་བར། དེ་སྐད་བརྗོད་ནས། དེའི་ཐུགས་ཀར། དབང་ཆེན་དཀྱིལ་འཁོར་མཚམས་སུ་ནི། །རྡོ་རྗེས་མཚན་པ་ཁ་དོག་སེར། །ལཾ་ལས་བྱུང་ བ་ཧཱུཾ་བསྒོམ་བྱ། །བཾ་བྱུང་ཆུ་ནི་ཁ་དོག་དཀར། །བུམ་པས་མཚན་ཅིང་ཡོངས་སུ་ཟླུམ། །ཡཾ་ ལས་བྱུང་བ་གཡོ་བའི་རླུང༌། །བ་དན་སྔོན་པོ་གཞུ་ཡི་དབྱིབས། །དེ་ལ་སྐུ་གསུང་ཧ་ཨ་ བསྒོམས། །རྐང་འོག་ཛྷི་ནི་རི་རབ་འབར། །རླུང་ལ་རང་བྱུང་གྲུ་གསུམ་པས། །གནས་པར་ སྤར་ལ་སློབ་མ་དབབ། །དེ་ནས་འཇིགས་སུ་རུང་བ་ཡི། །རྡོ་རྗེ་གླུ་དང་གར་བྱའོ། །དེ་ནས་ ལྕེ་ལ་ཨ་ནི་དམར་པོ་ཞིག ། བསམས་ཏེ་བབས་ལ་སླར་ཡང་བསྒོམ། །འདོད་ཆགས་རྡོ་རྗེ་ དེ་གནས་པ། །སྨྲོས་ཤིག་རྡོ་རྗེ་དགེ་མི་དགེ །བབས་པ་དེ་ནི་བརྟགས་བྱ་བ། །དེ་ལ་ཏིཥྟ་ བཛྲ་བརྗོད། །ཅེས་དང༌། ཉིན་མོའི་འབྱུང་གནས་ཟླ་བས་ཀྱང༌། འདི་དང་མཐུན་པར་ བྱའོ། །འཇུག་ཕྱིར་དཀྱིལ་འཁོར་བསྟན་པ་ནི། སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་བསིལ་ ཞིང༌། དཀྱིལ་འཁོར་ལ་གསོལ་བ་གདབ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཀུན་གྱི་ གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག ། ཅེས་པའི་རྗེས་སུ། གསང་བ་སྤྱི་རྒྱུད་ནས་ འབྱུང་བའི། སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། ། ཞེས་སོགས་ཚིགས་བཅད་ལན་གསུམ་ བརྗོད་ནས། སློབ་མ་ཤར་སྒོའི་སྒོ་དྲུང་དུ་ཁྲིད་དེ། དེར་ལངས་ནས་མགོ་དུད་པ་ཙམ་ བྱེད་དུ་བཅུག་སྟེ། མིག་ལམ་ན་ཁྲུ་གང་ཚུན་ཆད་ཀྱི་ནམ་མཁའི་ཁ་དོག་དྲི་བར་བྱ་ཞིང༌། ཁ་དོག་སྣ་ཚོགས་མཐོང་ན་འཕྲིན་ལས་སྣ་ཚོགས་འགྲུབ་པར་ལུང་བསྟན་ཞིང༌། དེ་ གཞན་མཐོང་ན། རྡོ་རྗེ་ཕྲེང་བར། དེ་ནས་སློབ་མ་དཀྱིལ་འཁོར་ལ་ཕྱོགས་པ་ལས། ཁྱོད་ ཀྱི་མིག་ལ་ཅི་སྣང་ཞེས་དྲིས་ནས། དེ་ན་རེ། དཀར་པོ་དང༌། སེར་པོ་དང༌། དམར་པོ་ དང༌། ནག་པོ་སྣང་ཞེས་ཟེར་ན། རིམ་པ་བཞིན་དུ་འདི་ནི། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་ཀྱི་དངོས་གྲུབ་ལ་སྐལ་བ་ལྡན་པར་གོ་ནས། ཞེས་གསུངས་བས་ དེ་བཞིན་དུ་ལུང་བསྟན་ཏོ། །ཡང་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་བསིལ་ཞིང༌། གུར་ནས་ 8-1-59 བཤད་པའི། ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད་དོ། །ཞེས་སོགས་བརྗོད་པར་བྱའོ། །དེ་ལྟར་ ནམ་མཁའི་ཁ་དོག་བརྟགས་པའི་རྗེས་སུ། རྡོ་རྗེ་ཕྲེང་བར། དེ་ནས་སྔར་བཟུང་བའི་མེ་ ཏོག་ཕྲེང་བ་ཡི་གེ་ཏྲཾ་གིས་སྔགས་པ་ལས། ཡང་ཞིང་མ་རྙིང་པའི་མེ་ཏོག་བཏོན་ལ་དེའི་ ལག་པ་ཐལ་མོ་སྦྱར་བར་སྦྱིན་པར་བྱའོ། །ཞེས་གསུངས་པས་སློབ་མ་སྔར་གྱི་མེ་ཏོག་ཕྲེང་ བ་ཐལ་མོ་སྦྱར་བའི་བར་དུ་གཟུང་བ་དཀྱིལ་འཁོར་གྱི་སྟེང་དུ་རྐྱང་དུ་བཅུག་ལ་འདི་ སྐད་ཅེས་བསྒོ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་ལ་ལྷ་དགུ་བཞུགས་སོ། ། འདི་རྣམས་ལ་ བཟང་ངན་གྱི་ཁྱད་པར་དུ་འགྱུར་བ་འགའ་ཡང་མེད་དེ། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་ སུ་དག་པ་གཅིག་གི་སྣང་བ་ཡིན་པས། དེ་བས་ན་རང་གི་ལས་གང་བསགས་པའི་ལྷ་ ཅིག་དང་ཕྲད་པར་འགྱུར་བས་ལྟོས་པ་མེད་པར་མེ་ཏོག་དོར་ཅིག །ཅེས་པའི་ཚིག་གིས་ འདོར་དུ་གཞུག་སྟེ། རྣམ་སྣང་མངོན་བྱང་ལས། སྐྱོབ་པ་རྣམས་ཀྱི་སྤྱན་སྔར་ནི། །དེ་ནས་ མེ་ཏོག་འདོར་དུ་གཞུག །ཅེས་སོ། །སློབ་མས་ཀྱང་དེ་ཉིད་འདུས་པར་བཤད་པའི། ཨོཾ་པྲ་ ཏཱིཙྪ་བཛྲའི་སྔགས་བརྗོད་ནས། དོར་བར་བྱ་ཞིང༌། ཁམས་གསུམ་རྣམ་རྒྱལ་དུའང༌། པྲ་ ཏཱིཙྪ་བཛྲ་སྙིང་པོ་འདིས་མེ་ཏོག་དོར་བར་བྱའོ། །ཞེས་སོ། །དེ་ནས་མེ་ཏོག་གང་ལ་ཕོག་ པའི་ལྷའི་རིགས་སུ་ཤེས་པར་བྱའོ། །གཉིས་ཀྱི་བར་དུ་ལྷུང་ན་གང་ཉེ་བའི་རིགས་སོ། །ཉེ་ རིང་མེད་པའམ་རྩིག་པའི་ཕྱི་རོལ་ཏུ་ལྷུང་ན་བསྐྱར་ནས་ལན་གསུམ་འདོར་དུ་གཞུག་ སྟེ། གསང་བ་སྤྱི་རྒྱུད་ལས། དེར་ནི་སླར་ཡང་འདོར་དུ་གཞུག །ལན་གསུམ་སྤོག་སྟེ་མ་ བབས་ན། ། རེ་དག་ཆར་དེ་སླར་གཏང་ངོ༌། །ཞེས་དང༌། རིན་ཆེན་འབར་བར། མེ་ཏོག་ ཕྲེང་བ་འཁོར་ལོར་དོར། །གལ་ཏེ་བཟང་པོར་མ་ལྷུང་ན། །ལན་གཉིས་པར་དུ་དོར་བར་ བྱ། །ཞེས་སོ། ། རྒྱས་པར་ཤེས་པར་འདོད་ན་ཕྲེང་བར་བལྟའོ། །དེ་ཡང་སྤྱི་རྒྱུད་ལས། གང་ ཚེ་སངས་རྒྱས་བཅོམ་ལྡན་གྱི། །དབུ་ལ་མེ་ཏོག་བབ་གྱུར་ན། །དེ་ཚེ་གཙུག་ཏོར་མཛོད་སྤུ་ དག །གདོན་མི་ཟ་བར་འགྲུབ་པར་འགྱུར། །སྤྱན་ལ་སོགས་པ་སྔགས་རྣམས་དང༌། །ཞལ་ དུ་བབས་ནའང་འགྲུབ་པར་འགྱུར། །སྟེང་དུ་བབས་ན་མཆོག་རྣམས་འགྲུབ། །རྐེད་དུ་ བབས་ན་འབྲིང་རྣམས་འགྲུབ། །རོ་སྨད་ཕྱོགས་སུ་བབས་ན་ནི། །དངོས་གྲུབ་ཕལ་རྣམས་ 8-1-60 འགྲུབ་པར་འགྱུར། །ཞེས་དང༌། དཀྱིལ་འཁོར་གྱི་ནི་བདག་པོ་ལ། །གང་གིས་མེ་ཏོག་ བབས་གྱུར་ན། ། དེས་ནི་དེ་ཡི་ལས་རྣམས་ཀུན། །མྱུར་དུ་འགྲུབ་ཅིང་མཆོག་ཏུ་ འགྱུར། །ཞེས་གསུངས་ལ། རྡོ་རྗེ་ཕྲེང་བར་ཡང༌། འདིར་རྡུལ་ཚོན་གྱི་རང་བཞིན་ལྷ་ རྣམས་གང་གིས་མེ་ཏོག་དོར་བར་གྱུར་ཀྱང་སྐྱོན་ཅུང་ཟད་ཀྱང་མེད་དེ། སེམས་དགེ་བ་ ལས་ཉེས་པ་མེད། །ཅེས་སོ། །དེ་ལྟར་མི་ཤེས་པ་ལ་ནི། དྲི་མ་མེད་པའི་འོད་ལས། རྡུལ་ ཚོན་གྱི་དཀྱིལ་འཁོར་དུ་མེ་ཏོག་དོར་བས་རྡུལ་མཚོན་ཉམས་པའི་ཕྱིར་བསོད་ནམས་མ་ ཡིན་པར་འགྱུར་རོ། །དེས་རྣམ་པར་རྒྱལ་བའི་བུམ་པ་ལ་གནས་པའི་མཚན་མ་ལ་མེ་ ཏོག་དོར་བར་བྱའོ། །ཞེས་པའི་ལུང་འདིས་མེ་ཏོག་གི་རྡུལ་ཚོན་བཤིག་ན་མཆོད་རྟེན་ བཤིག་པར་འགྱུར་རོ། །ཞེས་པའི་ཀླན་ག་ལས་གྲོལ་ལོ། །དེ་ནས་མེ་ཏོག་ཕྲེང་བ་ཏེ་སློབ་ མའི་སྤྱི་བོའམ་རྣ་ལྟག་གཡས་པར་བཞག་སྟེ། དེ་ཉིད་འདུས་པར་འབྱུང་བའི། པྲ་ཏི་གྷྲིཧྞ་ སོགས་ཀྱིས་སྔགས་བརྗོད་དོ། །རིན་ཆེན་འབར་བར། དེ་ནི་སྤྱི་བོར་གཅིང་བར་བྱ། །པྲ་ཏི་ གྷྲིཧྞ་སོགས་མི་མི། །ཞེས་སོགས་ཀྱི་སྔགས་ཀྱི་འཇུག་ཏུ། མིག་ཏུ་འབར་བཅས་ཨོཾ་བསམ་ ནས། ཞེས་པ་དང༌། གཞུང་འགྲེལ་གྱི་དཀྱིལ་ཆོག་ལས་ཀྱང༌། མིག་འབྲས་གཉིས་ཨོཾ་དུ་ དམིགས་ལས། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། ། ཞེས་སོགས་དང༌། ཧེ་བཛྲ་པ་ཤྱ། ཞེས་ བརྗོད་ནས་གདོང་གཡོག་བཀྲོལ་ཏེ། གཞུང་འགྲེལ་དཀྱིལ་ཆོག་ལས་འབྱུང་བའི། ཐར་པ་ ཆེན་པོའི་གྲོང་ཁྱེར་མཆོག །ཅེས་སོགས་ཚིགས་བཅད་གཅིག་གི་རྗེས་སུ། སྤྱི་རྒྱུད་ནས་ བཤད་པའི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཞེས་སོགས་ཀྱིས་དཀྱིལ་འཁོར་ལྟར་ བཅུག་ནས། མེ་ཏོག་ཕོག་པའི་ལྷ་ངོ་སྤྲད་པར་བྱའོ། །དེ་ཡང༌། དེ་ཉིད་འདུས་པར་གདོང་ གཡོགས་བཀྲོལ་ཏེ། དཀྱིལ་འཁོར་བསྟན་ཏེ། ཞེས་པ་དང༌། སྤྱོད་རྒྱུད་ལས་ཀྱང༌། དེ་ནས་ འདིས་བརྟན་པར་བྱ་སྟེ། ཨོཾ་བཛྲ་པ་ཤྱ་ཧོཿ ཞེས་སོགས། དེ་བཞིན་དུ་སློབ་མ་རིམ་གྱིས་ བཅུག་ནས་བླ་མའི་ཞབས་ལ་ཕྱག་བྱས་པ་དེ་རྣམས། ཨོཾ། རྡོ་རྗེ་དཀྱིལ་འཁོར་ཆེན་པོ་ ཡི། །ཞེས་སོགས་བརྗོད་དུ་གཞུག་སྟེ། རིན་ཆེན་འབར་བར། སློབ་མ་ཡོན་དང་བཅས་པ་ ཡིས། །བླ་མའི་ཞབས་ལ་ཕྱག་བྱས་ཏེ། །དེ་ནས་འདི་སྐད་བརྗོད་པར་བྱ། །ཨོཾ། རྡོ་རྗེ་དཀྱིལ་ 8-1-61 འཁོར་ཆེན་པོ་ཡི། །ཞེས་སོགས་གསུངས་པའི་ཕྱིར། དེ་ནས་སློབ་མ་ལ་དཀྱིལ་འཁོར་ བསྟན་ཏེ། ཕྱག་ལེན་ལ་མཐའ་ནས། སྟོན་པ་མཛད་ཀྱང༌། རྗེ་བཙུན་ཆེན་པོའི་མཐའ་ ཅན་ནི། པད་མ་ཀ་ཅན་དུ་བཞེད་ལ། རིན་ཆེན་འབར་བར། དེ་ནས་གཙོ་བོ་ནས་ བརྩམས་ཏེ། དཀྱིལ་འཁོར་མཐའ་ཡི་བར་དུ་བསྟན། ། ཞེས་གསུངས་ཞིང་ལུགས་གང་ བྱེད་ཀྱང༌། དཀྱིལ་འཁོར་གྱི་རྒྱན་དང༌། བཀོད་པ་ལྷའི་སྐུ་མདོག་ཕྱག་མཚན་སོགས་སྒྲུབ་ ཐབས་ལས་འབྱུང་བ་བཞིན་རྒྱས་པར་བསྟན་ལ། དེ་ཁོ་ན་ཉིད་ནི་བརྗོད་པར་མི་བྱ་སྟེ། དབང་བསྐུར་བ་མ་བྱས་པའི་ཕྱིར་རོ། །དེ་སྐད་དུའང༌། དབང་བསྐུར་ནས་ནི་དེ་ཉིད་ བསྟན། །གཞན་དུ་ན་ནི་དངོས་གྲུབ་དག །ཤིན་ཏུ་རིང་བར་འགྱུར་རོ་ཞེས། །རྡོ་རྗེ་འཛིན་ པ་ཉིན་ཀྱི་གསུང༌། །ཞེས་བཤད་པས། སློབ་དཔོན་གྱིས་དབང་བསྐུར་ལ་བཤད་པར་ བྱའོ། ། དེ་རྣམས་ཀྱིས་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བར། ཕྱི་དང་ནང་གི་དཀྱིལ་འཁོར་ ནི། །གཉིས་པོ་དེ་ལ་བསྟན་པར་བྱ། །ཞེས་པའི་དོན་དཀྱིལ་འཁོར་དུ་འཇུག་པ་སོང༌། དེ་ནས་དབང་བསྐུར་བྱ་བའི་ཕྱིར། སློབ་མ་རྣམས་ཀྱིས་མཎྜལ་ཕུལ་ནས། གུར་ལས་ གསུངས་པའི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་ གདབ། དེ་ནས་སློབ་མ་དབང་སྟེགས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ། ཤེས་བྱའི་ཆོ་ ག་བྱས་ཏེ། དེ་ནས་དབང་བསྐུར་བར་བྱའོ། །དེའང་རྣམ་སྣང་མངོན་བྱང་ལས། དེ་ནས་ སློབ་དཔོན་གྱིས་རྩ་བའི་དཀྱིལ་འཁོར་གྱི་མདུན་དུ། སར་ཁྲུ་དོ་བོར་ནས་དཀྱིལ་འཁོར་ གྱི་ས་ལ་དཀྱིལ་འཁོར་གཉིས་པ་གྲུ་བཞི་པ་སྒོ་བཞི་པ་གཉིས་པ་བྲིའོ། །ཞེས་དང༌། རིན་ ཆེན་འབར་བ་ཡང༌། དཀྱིལ་འཁོར་ཤར་དུ་ཁྲུ་དོ་དོར། །ནང་གི་དཀྱིལ་འཁོར་ཕྱེད་ཚད་ ཙམ། ། མཚན་ཉིད་ལྡན་པའི་དཀྱིལ་འཁོར་ནི། །དཀྱིལ་འཁོར་གཉིས་པར་སློབ་མ་ བཞག །ཅེས་གསུངས་པ་བཞིན། ཚོན་རྩི་དཀར་པོས་ནང་པད་མ་འདབ་བརྒྱད་ཕྱི་གྲུ་ བཞི་པ་སྒོ་བཞི་པ་འདོད་ཡོན་ཕ་གུ་དྲ་བྱེད་མདའ་ཡབ་དང་བཅས་པ་སློབ་མའི་གྲངས་ དང་མཉམ་པ་བྲིས་པའི་སྟེང་དུ་སློབ་མ་མེ་ཏོག་ཕོག་པའི་ལྷར་བསམས་ཏེ་བཞག །དེའི་ གཡས་སུ་ཞབས་བསིལ་གྱི་ཆུ་དྲི་ཞིམ་པོ་དང༌། ཞབས་བསིལ་བའི་ཆུ་འོ་མ་དང་དངར་ 8-1-62 སྦྱར་བ་དང༌། བསང་གཏོར་གྱི་ཆུ་གཙང་མ་དང༌། མཆོད་ཡོན་གྱི་ཆུ་གཙང་མ་ལ་མེ་ ཏོག་དཀར་པོ་བཅུག་པ་སྟེ། ཆུ་བཞི་དང༌། སློབ་མའི་གཡས་སུ་མེ། གཡོན་དུ་ཆུ། མདུན་ དུ་བཟེར་ཞལ་གྱི་སྣོད་མེས་བཀང་བའི་ཁམ་ཕོར་དང་ཡུངས་ཀར་དང༌། གཡས་སུ་ གདུགས་དཀར་པོ་དང༌། གཡོན་དུ་རྒྱལ་མཚན་བསྒྲེང་བ་ལ་སོགས་པ་ཡོ་བྱད་རྣམས་སྟ་ གོན་བྱའོ། །དེ་ནས་སྦྱང་ཞིང་ཤེས་པར་བྱ་བ་དངོས་ནི། དང་པོར་གྲུབ་ན་སློབ་མ་ལ་བའི་ རྣམ་ལྔ་དང༌། མར་ཁུ་དང༌། ཤུན་པ་ལྔ་ལ་སོགས་པས་ཁྲུས་བྱས་ཆུ་བཞི་དབུལ་ཞིང༌། ཞབས་བཀྲུ། ཞབས་བསིལ་ཏོ་བཟེད་ཞལ་དུ་བླུགས། ཀུ་ཤའི་ཆུན་པོས་ལུས་ཐམས་ཅད་ ལ་བསང་གཏོར་བྱ། མཆོད་ཡོན་ཕྱག་ཏུ་གཏད། ཁུ་ཚུལ་གཉིས་ཀྱིས་ཡུངས་ཀར་བླངས་ ཏེ། ཨོཾ་སརྦ་པ་པཾ་སོགས་ཀྱི་སྔགས་བརྗོད་ཅིང༌། གཡས་སུ་མེའི་ཤེས་པ་དང༌། ཁུ་ཚུལ་ གཉིས་ཀྱི་ཆུ་བླངས་ལ། ཨོཾ་ཧཱུཾ་ཊ་ཊི་ཏ་ཧཱུཾ་ཕཊ། ཅེས་བརྗོད་དེ། གཡོན་དུ་ཆུའི་ཤེས་པ་བྱ་ སྟེ། ཧེ་རུ་ཀ་འབྱུང་བའི་དཀྱིལ་ཆོག་སློབ་དཔོན་ཉིན་མོའི་འབྱུང་གནས་ཟླ་བས་མཛད་ པར། དེ་ནས་ཁུ་ཚུར་གཡས་གཡོན་གྱིས་ཉུངས་ཀར་སེར་པོ་བླངས་ལ་ལུགས་སུ་འཇུག་ པ་དང་བཟློག་པས་སྐོར་ལ། ཨོཾ་སརྦ་པ་པཾ་སོགས་ཀྱི་སྔགས་ལན་གསུམ་གྱིས་བསྔགས་ལ་ མེ་ལ་དོར་བར་བྱའོ། །དེ་བཞིན་དུ་སྔགས་དེ་ཉིད་ཀྱི་ཆུ་ལ་དོར་བར་བྱའོ། །དེ་ནས་ཁམ་ ཕོར་སོ་མ་བཏང་བ་དང༌། ཟན་ཆང་གིས་ཀྱང་བྱབ་པར་བྱའོ། །དེའི་རྗེས་ལ་ཧྲིཿབི་ཤུདྡྷའི་ སྔགས་ཀྱིས་ཁྱོར་ཆུ་བྱིན་ལ་ཆྒཻ་མོའི་ཞེས་བྱ་བའི་བྱུར་དང་སྐལ་བ་ངན་པ་བཀྲ་མི་ཤིས་ པ་ཐམས་ཅད་ཞི་བར་གྱུར་ཅིག །ཅེས་བརྗོད་དེ། སྤྱི་བོར་མེ་ཏོག་བཞག །ཞབས་བསིལ་ ལ་སོགས་པ་རྣམས་མེའི་ནང་དུ་བླུགས་ཏེ། ཁང་པའི་ཕྱིར་བསྐུར་རོ། །དེ་དག་གིས་ནི་ དབང་བསྐུར་བའི་སྣོད་ཁྱད་པར་ཅན་དུའང་འགྱུར་བ་དང༌། ཁ་དག་པའི་དགོས་པ་ ཡོད་དོ་གསུངས། དེ་ནས་བསྒྲུབ་གཡོག་གིས། རྣམ་རྒྱལ་དང་ལས་བུམ་བཏེགས། སློབ་ དཔོན་རྡོ་རྗེ་དྲིལ་བུ་བསིལ་ཞིང་ཕུན་སུམ་ཚོགས་པ་ལ་སོགས་པའི་བཀྲ་ཤིས་མང་དུ་ བརྗོད་པར་བྱ་སྟེ། རྣམ་གང་མངོན་བྱང་ལས། པད་མ་འདབ་མ་དེ་ལ་ནི། ། སྔགས་པ་ དག་གིས་དེ་བཞག་ནས། །ཞེས་པའི་རྗེས་སུ་སྤོས་དང་མེ་ཏོག་ལ་སོགས་པས་མཆོད་པ་ 8-1-63 དང་བཀྲ་ཤིས་ཀྱི་བར་དུ་བྱ་བ་གསུངས་ཤིང༌། སྤྱི་རྒྱུད་ལས་ཀྱང༌། སྤྱི་བོར་གདུགས་ དཀར་བཟང་པོ་ལས། །མེ་ཏོག་ཕྲེང་བ་དཀར་པོས་བརྒྱན། །རས་ཕྲན་དཀར་པོ་བཅིངས་ པས་བཟུངས། །སློབ་མས་ཡོན་ནི་ཆེར་ཕུལ་ཞིང༌། །བླ་མ་བསྙེན་བཀུར་བྱས་པ་ དང༌། །སྟན་དེ་ལ་ནི་བཞག་ནས་སུ། །སྔགས་ཀྱིས་སྐྱོན་བསལ་བཀྲ་ཤིས་བྱ། །ཞེས་དང༌། རིན་ཆེན་འབར་བར་ཡང༌། མཆོད་ཡོན་ཞབས་བསིལ་ལ་སོགས་སྦྱིན། །བག་ཆགས་སྦྱང་ བའི་ཆོ་ག་བྱ། ། སློབ་མ་ཤིས་པར་འདོད་པ་ཡིས། །བླ་མས་བཀྲ་ཤིས་གླུ་བླང་བྱ། །ཞེས་ གསུངས་པའི་ཕྱིར་རོ། ། དེ་ནས། སཾ་བྷུ་ཊི་ལས། དང་པོ་ལ་ནི་བུམ་པའི་དབང༌། །གཉིས་ པ་ནི་གསང་བའི་དབང༌། ། གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ ནོ། །ཞེས་གསུངས་པའི་དབང་དང་པོ་ལའང་སློབ་མ་ལ་བྱ་བ་ཐུན་མོང་གི་དབང་བསྐུར་ བའི་ཆོ་ག་དང༌། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ་སོགས་པ་བཞི་ བསྐུར་བའོ། ། དང་པོ་ལ་གཉིས། རང་ལྷག་པའི་ལྷའི་རྟེན་ལ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ རིག་པའི་དབང་བསྐུར་བ་དང༌། རྡོ་རྗེ་འཆང་ཆེན་པོའི་རྟེན་ལ་སྐུ་གསུང་ཐུགས་ཀྱི་བྱིན་ གྱིས་བརླབ་པའི་དབང་གཉིས་ལས། དང་པོ་ལའང༌། བླ་མས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབས་ཤིང་ནམ་མཁའི་གནས་ སུ་ཡང་དཀྱིལ་འཁོར་སྤྲུལ་ནས་ཁྱེད་རྣམས་ལ་དབང་བསྐུར་བ་ཡིན་ལ། དེ་ཐམས་ཅད་ ཀྱང་བླ་མ་ལ་རག་ལས་པས། བླ་མ་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང༌། ནམ་ མཁའི་དཀྱིལ་འཁོར་དང་གསུམ་ཐ་དད་མེད་པར་མོས་པར་བྱ་སྟེ། དེ་ལ་དབང་བླང་ བར་བྱ། མོས་པ་བྱ་གསུངས། དབང་བསྐུར་བ་རྣལ་བ་གཅིག་བྱེད་པ་ལ། དབང་བསྐུར་ བའི་སློབ་དཔོན་གྱི་ལུས་དབང་བསྐུར་བྱ་སློབ་མའི་ལུས། དབང་བསྐུར་བའི་རྫས་དང་ གསུམ་ཀ་གང་ན་གསུམ་ཚང་ཞིང༌། ཚང་བ་ཡང་ཤེས་པ་གཅིག་དགོས་ཏེ། གདན་ གསུམ་པོ་གང་རུང་མ་ཚང་ནའང་དབང་གི་བྱ་བ་མ་རྫོགས་པའི་ཕྱིར་གསུངས། གདན་ གསུམ་ནི་སངས་རྒྱས་དང་རིག་མའི་གདན། བྱང་སེམས་དང་ལྷ་མོའི་གདན་ཁྲོ་བོ་དང་ 8-1-64 ཁྲོ་མོའི་གདན་ནོ། །མདོར་ན་གདན་ཞེས་པ་དབང་གི་ལྷའི་ངོ་བོ་ཡིན་པས་ན་འདི་གལ་ ཆེ། ཞེས་སློབ་དཔོན་གྱིས་འདི་དག་གིས་བརྡ་དོན་ལེགས་པར་སྤྲད་པ་གནད་ཆེའོ་ གསུངས། དེའང་རྡོ་རྗེ་གུར་ལས། དང་པོར་ཆུ་ཡི་དབང་ཡིན་ཏེ། །གཉིས་པ་དབུ་རྒྱན་དབང་ཡིན་ ནོ། །གསུམ་པ་རྡོ་རྗེའི་དབང་ཡིན་ཏེ། །བཞི་པ་རང་བདག་དབང་ཡིན་ནོ། །ལྔ་པ་མིང་གི་ དབང་བསྐུར་བྱ། །ཞེས་རིམ་པ་བཞིན་དུ་གསུངས་པའི། ཐོག་མ་མི་བསྐྱོད་པའི་ཆུའི་དབང་ལ་ཡང༌། སྭ་བྷཱ་ཝས་བདག་དང་སློབ་མ་དང་དབང་ རྫས་དང་གསུམ་ཀ་སྟོང་པ་ཉིད་དུ་སྒོམ་པའི་ངང་ལས་པད་མ་ཉི་མའི་སྟེང་དུ་ཧཱུཾ་ལས་ རྡོ་རྗེའི་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས་མི་བསྐྱོད་པ་ ཀྱེའི་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་མཚན་ དང་གདན་ལ་སོགས་པ་རྡོ་རྗེ་གུར་བཞིན་དུ་བསྐྱེད་པའམ། ཡང་ན་གཙོ་བོ་འདི་མཛད་ པས། གཡས་པ་བརྒྱད་ཀྱིས་རྡོ་རྗེ། གཡོན་པ་བརྒྱད་ཀྱིས་དྲིལ་བུ་འཛིན་པ་ཡུམ་མཱ་མ་ཀཱི་ སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བར་དཔོན་སློབ་གཉིས་ ཀས་བསྒོམ། དེ་དག་ནི་དམ་ཚིག་སེམས་དཔའ་བསྐྱེད་པ་བསྙེན་པའི་ཡན་ལག་གོ །དེའི་ སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི་ཉེ་བར་བསྒྲུབ་པའི་ཡན་ལག་ གོ །དེ་དག་གི་སྙིང་ཁའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ནས། གཽ་རི་ལ་སོགས་པ་དང་ གཉིས་སུ་མེད་པར་བསྟིམ་པ་ནི། བསྒྲུབ་པའི་ཡན་ལག་གོ །ཡང་སྙིང་ཁའི་འོད་ཀྱིས་ སངས་རྒྱས་བྱང་ཆུབ་སེམས་དཔའ་མི་བསྐྱོད་པའི་རྣམ་པར་སྤྱན་དྲངས། སློབ་དཔོན་ གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་ གསོལ། ཞེས་གསོལ་བ་གདབ་པས། དེ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་ནས་བདག་ དང་བུམ་པའི་ལྷ་གཉིས་ལ་དབང་བསྐུར། ལུས་ཐམས་ཅད་གང་ཆུའི་ལྷག་མ་ཡར་ལུད་ པ་ལས་མི་བསྐྱོད་པས་དབུ་རྒྱན། བུམ་པའི་ནང་གི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ ཞུགས་ནས། ཞུ་བའི་ཆུར་བསམ། སློབ་དཔོན་དང་དབང་རྫས་ཀྱི་ཡན་ལག་བཞིའོ། །སློབ་ 8-1-65 མའི་ཡན་ལག་བཞི་བྱ་བའི་ཕྱིར། གདན་གསུམ་ཚང་བའི་དབང་གིས་ལྷ་རྣམས་ལ་སློབ་ དཔོན་དང་སློབ་མ་གཉིས་ཀས། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །ཞེས་སོགས་ ཀྱིས་གསོལ་བ་གདབ་པས། རིགས་ལྔས་རིན་པོ་ཆེ་ལས་བྱས་པའི་བུམ་པ་བྱང་ཆུབ་ སེམས་ཀྱི་ཆུས་གང་བས་དབང་བསྐུར། རིག་མས་རྡོ་རྗེ་གླུ་ལེན། བྱང་ཆུབ་སེམས་དཔས་ བཀྲ་ཤིས་བརྗོད། ཁྲོ་བོས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པར་བསྒོམ་དུ་བཅུག་ ལ། དངོས་སུ་སློབ་དཔོན་གྱིས་གསང་འདུས་ལས་བྱུང་བའི། སངས་རྒྱས་རྣམས་ནི་ཐམས་ ཅད་ཀྱི། །གསང་གསུམ་གནས་ནས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་ པའི། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཅིང་ བུམ་པ་ཐམས་ཅད་ཀྱི་ཆུ་བསྡུས་པའི་རྣམ་རྒྱལ་བུམ་པའི་ཆུས་དབང་བསྐུར། ལུས་ཐམས་ ཅད་གང༌། ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་མི་བསྐྱོད་པས་དབུ་རྒྱན་པར་བསམ་ མོ། །དེ་ལྟར་དེ་བཞིན་གཤེགས་པའི་སྐུར་གནས་པ་ལ་གྲུབ་ན་རེ་རེའི་མདུན་དུ་མཆོད་ པ་ལྔ་ཚན་རེ་འབུལ། མ་གྲུབ་ནའང་ཨོཾ་བཛྲ་པུཥྤེ་ལ་སོགས་པ་སྤྱིར་མཆོད་པ་ལྔ་ཚན་རེ་ འབུལ། དེའི་རྗེས་སུ་སློབ་དཔོན་གྱིས་འདི་སྐད་དུ། ཁྱོད་དབང་བསྐུར་ལྔ་ལ་ཆུའི་དབང་ ཐོབ། ཉོན་མོངས་པ་ལྔ་ལས་ཞེ་སྡང་གི་དྲི་མ་དག ། ཕུང་པོ་ལྔ་ལས་རྣམ་པར་ཤེས་པའི་ ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རིགས་ལྔ་ལས་ མི་བསྐྱོད་པའི་བག་ཆགས་དང༌། ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་དོན་ལྔའི་ རྟོགས་པ་བསྐྱེད་པར་བྱའོ། །ཧེ་རུ་ཀ་འབྱུང་བའི་དཀྱིལ་ཆོག་ལས་ནི། ཆོས་ཀྱི་དབྱིངས་ ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཆུའི་དབང་ཞེས་བྱའོ། །ཞེས་སོ། །ཡན་ལག་ བཞི་རྫོགས་སུ་བསྐྱེད་ཅིང་དབང་བསྐུར་བའི་ཚུལ་འདི་བཞིན་དུ་འོག་མ་རྣམས་སུ་ རིགས་བསྒྲེས་ཏེ་ཤེས་པར་བྱའོ། །དེ་སྐད་དུའང༌། མཁའ་འགྲོ་མ་རྡོ་རྗེ་གུར་དུ། རིག་པའི་ དབང་ཡང་དག་བཤད་པ། །རང་གི་རིག་པ་སྐྱེས་བུ་ཆུས། །བུམ་པ་བརྒྱད་པོ་ཐམས་ཅད་ ཀྱིས། །རྡོ་རྗེ་ཐུགས་ནི་རབ་བསྒོམས་པས། །རྡོ་རྗེ་ཅན་བསམ་དབང་བསྐུར་བྱ། །ཞེས་དང༌། བཤད་རྒྱུད་རྡོ་རྗེ་ཕྲེང་བར་ཡང༌། རྣམ་རྒྱལ་བུམ་པ་བླངས་ནས་ནི། ། པད་མའི་སྣོད་ནི་ 8-1-66 བཟང་པོ་ལ། །དེ་ཡི་དབུས་སུ་བློ་བཟང་ངོ༌། །ཧཱུཾ། རྣལ་འབྱོར་ལས་བྱུང་མི་བསྐྱོད་ བསྒོམ། །རང་ཉིད་ཡེ་ཤེས་ས་བོན་གྱིས། །འོད་ཟེར་ཡང་དག་བསྐུལ་བར་བྱུང༌། ། སླར་ ཡང་ཡེ་ཤེས་སེམས་དཔའ་བསྒོམ། །མི་བསྐྱོད་པ་ཡི་རྣམ་པ་མཆོག །མི་བསྐྱོད་ངོ་བོ་དེ་ ཉིད་ཀྱི། །རྣམ་པར་ཤེས་པའི་ཕུང་པོ་བསྒོམ། །ཞེས་གསུངས། དེ་ལྟར་མི་བསྐྱོད་པའི་རང་ བཞིན་དུ་གྱུར་པའི་ཆུའི་དབང་ཐོབ་ནས། སེམས་ལ་དབང་བསྐུར་བའི་ཏིང་ངེ་འཛིན་ དང་འབྲེལ་བ་ཡིན། རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་བསྐུར་བ་འབྲེལ་བས། གཉིས་པ་ཅོད་པན་གྱི་དབང་ལ། འཁོར་གསུམ་ཀ་སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ ཨོཾ་ལས་རིན་ཆེན་འབྱུང་ལྡན་ཀྱེའི་རྡོ་རྗེའི་ཡབ་ཡུམ་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་ གོང་གི་རིགས་བསྒྲེས་པ་ལ། སངས་རྒྱས་རྣམས་ནི་ལ་སོགས་པའི་མཐར། རིན་ཆེན་ དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི་བཛྲ་ར་ཀ་ཏ་བཛྲ་ཤ་ལི་ཧོཿ ཞེས་བརྗོད་དེ། དབུ་རྒྱན་བཅིང༌། སྔ་མ་བཞིན་བུམ་པའི་ཆུས་དབང་བསྐུར་ནས་རིན་ ཆེན་འབྱུང་ལྡན་གྱིས་དབུ་རྒྱན་པ་ལ་མཆོད་ཅིང་རིན་འབྱུང་གི་སྒོ་ནས་ཅོད་པན་གྱི་ དབང་ཐོབ། ཅེས་སོགས་དོན་ལྔའི་རྟོགས་པ་བསྐྱེད་པར་བྱ་སྟེ། གུར་ལས། རྡོ་རྗེ་ཉི་མ་ རང་བསྒོམ་ལ། །དེར་ནི་དབུ་རྒྱན་སྦྱིན་པར་བྱ། །ཐམས་ཅད་སྔ་མ་བཞིན་བསྒོམ་ལ། །རྡོ་ རྗེ་ཚིགས་བཅད་རབ་ཏུ་སྦྱོར། །ཅེས་དང༌། རྒྱུད་རྡོ་རྗེ་ཕྲེང་བར། ཆུ་ཡི་རྟིང་ནས་སློབ་མ་ ལ། །དབུ་རྒྱན་དབང་བསྐུར་དོན་དུ་ནི། །ཅོད་པན་འཇིག་རྟེན་གསུམ་རྒྱལ་ལོ། །སེམས་ ཅན་ཀུན་གྱི་དོན་བསྒྲུབ་པ། ། སྙིང་རྗེས་ཁྱབ་པ་ངས་བྱིན་གྱིས། །ས་བོན་དྲང་ལས་བྱུང་ བ་ཡི། །རིན་ཆེན་འབྱུང་ལྡན་བསྒོམ་པ་ནི། །རི་མོ་དར་སོགས་ཅོད་པན་དང༌། །སློབ་མའི་ མགོ་བོར་སྦྱིན་པར་བྱ། །ཞེས་སོ། ། དབུ་རྒྱན་གྱི་དབང་ཐོབ་ནས་སེར་སྣ་ལ་སོགས་པ་ ཉོན་མོངས་པ་གང་གིས་ཀྱང་མི་ཚུགས་པའི་ཡོན་ཏན་དང་ལྡན་པས་འོད་དཔག་མེད་ ཀྱེའི་རྡོ་རྗེའི་དབང་བསྐུར་བ་འབྲེལ་བས། གསུམ་པ་རྡོ་རྗེའི་དབང་ལ། འཁོར་གསུམ་ཀ་སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཛྲིཾ་ ལས་པད་མ་ཛྲིཾ་གིས་མཚན་པ་ལས་འོད་དཔག་མེད་ཀྱེའི་རྡོ་རྗེ་ཡབ་ཡུམ་དུ་བསྐྱེད་པ་ལ་ 8-1-67 སློབ་དཔོན་གྱིས་གུར་དང་རིན་ཆེན་འབར་དུ་འབྱུང་བའི། སངས་རྒྱས་ཀུན་གྱི་རྡོ་རྗེའི་ དབང༌། །ཞེས་སོགས་གྱི་མཐར། ཨོཾ་མཧཱ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཅིང༌། སློབ་མའི་ སྙིང་ཀ་དང༌། མགྲིན་པ་དང༌། མགོ་བོ་རྣམས་སུ་རྡོ་རྗེ་རྩེ་དགུ་པས་རེག་ནས་ལག་པ་ གཡས་སུ་སྦྱིན་པར་བྱ་སྟེ། དེ་ལྟར་ཡང་ཕྲེང་བར། སློབ་མའི་སྙིང་ཁ་དང༌། མགྲིན་པ་ དང༌། མགོ་བོ་རྣམས་ལ་རྡོ་རྗེ་རེག་ནས་དེ་ལ་ལག་པ་གཡས་སུ་སྦྱིན་པར་བྱའོ། །ཞེས་ གསུངས་པས། ལྷག་མའི་ཆུ་དབང་ནས་དོན་ལྔའི་རྟོགས་པ་བསྐྱེད་པའི་བར་དུ་བྱ་སྟེ། གུར་ལས། རྡོ་རྗེ་ཆེན་པོ་རྩེ་དགུ་པ། །སྙིང་ཁར་རང་གིས་ལག་པས་བྱ། །སློབ་མ་འཇིག་ རྟེན་དབང་ཕྱུག་བྱ། །རྡོ་རྗེ་སེམས་དཔའ་དབང་བསྐུར་བྱ། །ཞེས་དང༌། རྡོ་རྗེ་ཕྲེང་བར། ཧྲཱིཿལས་པད་མ་རྫོགས་པ་ནི། །འོད་དཔག་མེད་དུ་རྣམ་པར་བསྒོམ། །རྡོ་རྗེ་ལག་པ་ གཡས་པར་སྦྱིན། ། ཞེས་སོགས། རྡོ་རྗེ་དབང་ཐོབ་ནས་སེམས་ལ་ཕྲག་དོག་ལ་སོགས་ ཀྱིས་མི་གོས་པའི་ནུས་པ་ཡོད་པས། དོན་ཡོད་གྲུབ་པ་དྲིལ་བུའི་དབང་འབྲེལ་པས། བཞི་པ་དྲིལ་བའི་དབང་ལ། འཁོར་གསུམ་ག་སྟོང་པའི་ངང་ལས་ཁཾ་ལས་རལ་གྲི་ཁཾ་གིས་ མཚན་པ་ལས་དོན་ཡོད་གྲུབ་པ་ཀྱེའི་རྡོ་རྗེ་ཡབ་ཡུམ་དུ་བསྐྱེད་པ་ལ། གུར་དུ་འབྱུང་ བའི། ཨོཾ་བཛྲ་ཨ་དྷི་པ་ཏི་སྟོམ་ཞེས་སོགས་ཀྱི་སྔགས་བརྗོད་ནས། ཕྲེང་བར། དྲིལ་བུ་ཡང་ དོན་ཡོད་གྲུབ་པ་ཡོངས་སུ་གྲུབ་པར་བྱས་ནས། དེའི་ལག་པ་གཡོན་དུ་སྦྱིན་ལ། ལག་པ་ རྡོ་རྗེ་དྲིལ་བུ་ལྡན་པས་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་བྱེད་དུ་བཅུག་སྟེ། དབང་བསྐུར། ཞེས་གསུངས་པ་ལྟར། ལག་པ་གཡོན་པས་དྲིལ་བུ་སྦྱིན་ནས་འཁྱུད་པའི་ཚུལ་བྱེད་དུ་ གཞུག་ཅིང༌། ཆུའི་དབང་ནས་དོན་ལྔའི་རྟོགས་པ་བསྐྱེད་པའི་བར་བྱ་སྟེ། གུར་ལས། སློབ་མ་རྟ་མཆོག་ལྷ་མོ་ནི། །སྒྲོལ་མས་འཁྱུད་པ་བསམ་པར་བྱ། །ལག་པས་རྡོ་རྗེ་དྲིལ་ འཁྲོལ་ཞིང༌། ། རྡོ་རྗེ་བདག་པོས་དབང་བསྐུར་བྱ། །ཞེས་བྱ་དང༌། རྒྱུད་རྡོ་རྗེ་ཕྲེང་བར། ཁང་ལས་བྱུང་བའི་རལ་གྲི་ནི། །དོན་ཡོད་གྲུབ་པ་ངོ་བོ་འོ། །རྫོགས་པའི་ལག་པ་གཡོན་ པ་ནི། །སློབ་མ་འགྱིངས་པའི་ཕྱག་རྒྱ་འཛིན། །ཞེས་པའི་རྗེས་སུ། དྲིལ་བུ་སྟེར་བའི་ཚིགས་ བཅད་གསུངས། དོན་ཡོད་གྲུབ་པའི་དབང་ཐོབ་ནས་མི་ཤེས་པའི་སྐྱོན་མེད་པའི་ནུས་ 8-1-68 པ་དང་ལྡན་པས། རྣམ་སྣང་གི་དབང་བསྐུར་བ་འབྲེལ་བས། ལྔ་པ་མིང་གི་དབང་བསྐུར་བ་ལ། བདག་དང་སློབ་མ་གཉིས་ཀ་སྟོང་པའི་ངང་ལས་པད་ ཉིའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་རྣམ་སྣང་ཀྱེ་རྡོ་རྗེ་ཡབ་ཡུམ་དུ་ བསྐྱེད་ལ། མགོ་བོར་དྲིལ་བུ་རྡོ་རྗེ་མཉམ་པར་བཟུང་ཞིང་དབང་བསྐུར་ཞེས་ཕྲེང་བར་ གསུངས་ཤིང༌། ཧེ་རུ་ཀ་འབྱུང་བའི་དཀྱིལ་ཆོག་ཏུའང་འདི་བཞིན་བཤད་པས། སློབ་ དཔོན་གྱིས་མེ་ཏོག་གི་ཕྲེང་བའམ། རྡོ་རྗེ་དྲིལ་བུ་གཉིས་སློབ་མའི་སྤྱི་བོར་བཞག་ལ། གུར་ནས་བྱུང་བའི། ཨོཾ་བཛྲ་སཏྭ་ཏྲི། ཞེས་བརྗོད་ནས། ཀྱེ་དཔལ་མི་བསྐྱོད་རྡོ་རྗེ་ཞེས་བྱ་ བའི་དེ་བཞིན་གཤེགས་པའོ། །ཞེས་སོགས་མེ་ཏོག་གང་ལ་ཕོག་པའི་ལྷའི་མིང་བཏགས་ ཤིང༌། འདི་དག་རྒྱས་པར་ཤེས་པར་འདོད་ན། གུར་གྱི་ལེའུ་གསུམ་པར་བལྟའོ། །ཆུའི་ དབང་ནས་དོན་ལྔའི་རྟོགས་པ་བསྐྱེད་པའི་བར་དུ་བྱ་སྟེ། གུར་ལས། སློབ་མ་རྣམ་སྣང་ བྱས་ནས་ནི། ། མིང་གིས་ཀྱང་ནི་དབང་བསྐུར་བྱ། །ཀྱེ་ཆྒཻ་མོ་རྡོ་རྗེ་ཞེས་དང༌། རྒྱུད་རྡོར་ ཕྲེང་དུའང༌། རྣམ་པར་སྣང་མཛད་རང་ངོ་བོ། །སློབ་མའི་མགོ་ལ་ལག་བཞག་སྟེ། །རྡོ་རྗེ་ ཅན་གྱི་མིང་དབང་བསྐུར། །གཟུགས་ཀྱི་ཕུང་པོ་རྣམ་པར་བསྒོམ། །ཞེས་གསུངས་ཞིང་ རྡོར་དྲིལ་མིང་དབང་གསུམ་གྱི་ལུང༌། ཕྲེང་བ་ནས། དྲངས་པ་འདི་དང་མཐུན་པར་ བརྟག་གཉིས་ཀྱི་ནཱ་རོ་འགྲེལ་པར་ཡང་བཞུགས་སོ། །ཉིན་མོའི་འབྱུང་གནས་ཟླ་བས་ནི། འདི་ནི་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་མིང་གི་དབང་ཞེས་བྱའོ། །ཞེས་གསུངས་སོ། །འོ་ན་ རིགས་བཞི་ལ་དབང་རྫས་འབྱུང་ལ་རྣམ་སྣང་ལ་མི་འབྱུང་བ་ཅི་ཞེ་ན། རིགས་བཞིའི་ དབང་གི་སྦྱང་གཞི་རྣམ་པར་ཤེས་པ་ལ་སོགས་པ་མིང་ཙམ་ཡིན་ལ། དེ་ཆུ་ལ་སོགས་པ་ རྫས་སུ་གྲུབ་ནས། དབང་བསྐུར་བ་ཟུང་འཇུག་ཏུ་འགྱུར། རྣམ་སྣང་གི་དབང་གི་སྦྱང་ གཞི་གཟུགས་ཀྱི་ཕུང་པོ་རྫས་སུ་གྲུབ་པ་དེ་ལ། མིང་གིས་དབང་བསྐུར་བས་ཟུང་འཇུག་ ཏུ་འགྱུར་རོ། །ཞེས་བླ་མ་དམ་པ་འཕགས་པས་གསུངས་ཞེས་ཟེར་ཏེ། བློ་ལྡན་གྱིས་བརྟག་ པར་རིགས་སོ། །གོང་གི་རིགས་པའི་དབང་ལྔའི་སྔ་ཕྱིའི་འབྲེལ་འདི་རྣམས་སྔ་རབས་པ་ འགའ་ཞིག་གིས་བཞེད་པ་ལྟར་བྲིས་ནའང༌། ཀྱེའི་རྡོ་རྗེའི་རྩ་རྒྱུད་འབུམ་ལྔ་ལས། འདི་ 8-1-69 ལྟར་ཡང་གསུངས་ཏེ། བྱིས་པ་སྐྱེས་པ་མ་ཡིས་ནི། །ཆུ་ཡིས་འཁྲུད་བྱེད་དབང་བསྐུར་ རོ། །དེ་ཡི་གཙུག་ཕུད་རབ་བཞག་པ། ། དབུ་རྒྱན་དུ་ནི་ཡོངས་སུ་བརྟགས། །དེ་ཡི་རྣ་བ་ འབུག་ལ་སོགས། །དར་དཔྱངས་དབང་བསྐུར་ཞེས་པར་བཤད། །བྱིས་པ་སྨྲ་དང་རྒོད་ དང་ནི། །རྡོ་རྗེ་དྲིལ་བུའི་དབང་བསྐུར་རོ། ། ལྔ་པ་ལོངས་སྤྱོད་བརྟུལ་བཞུགས་ ཡིན། །མིང་ནི་མིང་གི་དབང་བསྐུར་རོ། །ཕ་ཡི་རྟག་ཏུ་ཀློག་ལ་སོགས། །སྟེར་བར་བྱེད་ པའི་རྗེས་གནང་ཡིན། །རྣམ་པ་བདུན་པོ་འདི་ཉིད་ནི། ། དབང་བདུན་དུ་ནི་རབ་བཤད་ པ། །ཞེས་པ་ལྟར། མངལ་སྐྱེས་ཀྱི་དག་པ་དང་སྦྱར་རོ། ། འདི་དག་ལ་རིགས་པའི་དབང་ ཞེས་པའི་རྒྱུ་ཅི་ཞེ་ན། རྒྱུད་རྡོར་ཕྲེང་དུ། ཕུང་པོ་ལྔ་ཡི་རྣམ་དག་པས། །ཐོག་མར་ཆུ་ནས་ མིང་གི་མཐར། །དབང་བསྐུར་བ་ནི་མཆོག་ཏུ་ཤེས། །རྨད་བྱུང་ཆེན་པོ་བཤད་པར་ བྱ། །སངས་རྒྱས་ལྔ་ནི་རྣམ་དག་པས། །དབང་བསྐུར་ལྔ་ནི་ཐོབ་པར་འགྱུར། །མ་རིག་པ་ ནི་བསལ་ནས་ནི། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་དང༌། རྡོ་རྗེ་ཕྲེང་བར་ཡང༌། ཕྲེང་བ་དང་ཆུ་ལ་སོགས་པ་དབང་དྲུག་པོ་འདི་རྣམས་ཀྱིས་མ་རིག་པའི་གཉེན་པོ་ནུས་ པ་ཉིད་དུ་སྒྲུབ་པར་བྱེད་པས་རིག་པའི་དབང་ཞེས་བརྗོད་དོ། །རྗེ་བཙུན་ཆེན་པོས་ཀྱང་ འདི་རྣམས་དང༌། མཐུན་པར་གསུངས་སོ། །གོང་དུ་དོན་ལྔའི་རྟོགས་པ་བསྐྱེད་པའི་རྗེས་ སུ། དངོས་ཀུན་གང་དང་གང་སྣང་བ་ཞེས་པ་རྣམ་པར་དག་པའི་ཕུང་པོ་ལྔ་དང་ཉོན་ མོངས་པ་ལྔའོ། །གཙོ་ཆེར་རང་གི་ལྷག་པའི་ལྷ་ནི་ནི་སངས་རྒྱས་རིགས་ལྔའི་ངོ་བོར་ ཤེས་པར་བྱའོ། །ཆོས་རྣམས་རང་བཞིན་རྣམ་པར་དག་པ་ནི་ཕུང་པོ་ལ་སོགས་པ་རིགས་ ལྔའི་ངོ་བོར་རྣམ་པར་དག་གོ །སངས་རྒྱས་ཡེ་ཤེས་བལྟ་བར་གྱིས་ནི་རང་བཞིན་གྱིས་ དག་ཀྱང་གློ་བུར་གྱི་དྲི་མས་བསྒྲིབས་པ་ཆོས་འདིས་བསལ་བས་ལམ་བསྒོམ་པའི་སྣོད་དུ་ རླུང་གི་ཕུང་པོ་ལ་སོགས་པ་གནས་ཡོངས་སུ་གྱུར་པར་བྱེད་དོ། །ཞེས་པའོ། ། རིག་པའི་ དབང་འདི་རྣམས་ལ་སློབ་དཔོན་བདག་ཉིད་མི་བསྐྱོད་པའི་རྣལ་འབྱོར་ཁོ་ན་ལ་གནས་ ལ། སློབ་མ་དང་དབང་རྫས་སོ་སོའི་རྣལ་འབྱོར་བྱས་པས་ཀྱང་རུང༌། ཞེས་རྗེ་བཙུན་ བསོད་ནམས་རྩེ་མོས་བཞེད་ཅིང༌། གུར་རྒྱན་ལས་ཀྱང༌། དེ་ལ་རྡོ་རྗེ་སློབ་དཔོན་ནི། ། རྡོ་ 8-1-70 རྗེ་སེམས་དཔའ་དབང་བསྐུར་བྱ། །ཞེས་པས། སློབ་དཔོན་རང་ཉིད་མི་བསྐྱོད་པའི་ང་ རྒྱལ་ལས་མི་འཕོས་ཀྱང་རུང༌། ཞེས་སོ། ། གཉིས་པ་རྡོ་རྗེ་འཆང་ཆེན་པོའི་རྟེན་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་དབང་ ནི། རྡོ་རྗེ་སློབ་དཔོན་ཀྱེའི་རྡོ་རྗེར་བསམས་ནས། སློབ་མ་སྟོང་པའི་ངང་ལས་པད་ཟླའི་ སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་ཧཱུཾ་གིས་མཚན་པ་ལས་རྡོ་རྗེ་འཆང་ཞལ་བརྒྱད་ཕྱག་བཅུ་ དྲུག་པའམ། ཞལ་གཅིག་ཕྱག་གཉིས་པ་ཡུམ་རྡོ་རྗེ་སྙེམས་མ་དང་སྦྱོར་བར། བསྐྱེད་པའི་ གནས་གསུམ་དང་སྐྱེ་མཆེད་བྱིན་གྱིས་བརླབས་ནས། དབང་བསྐུར་ནས་མི་བསྐྱོད་པས་ དབུ་རྒྱན་པར་བསྒོམ་སྟེ། སློབ་དཔོན་གྱིས་རྡོ་རྗེ་དེ། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་ བའི་ཀྱེའི་རྡོ་རྗེ་ལྷ་ཉེར་བརྒྱད་ཚང་བར་བསྐྱེད་ནས། གུར་ནས་འབྱུང་བའི། འདི་ནི་ སངས་རྒྱས་ཐམས་ཅད་དེ། ། ཞེས་སོགས་དང༌། ཨོཾ་སརྦ་ཏཱ་ཐ་ག་ཏ་སིད་དྷི་བཛྲ་སོགས་ ཀྱི་སྔགས་བརྗོད་དེ། སློབ་མའི་ལག་པ་གཡས་སུ་བྱིན་ལ། སློབ་མས་ཀྱང་རྡོ་རྗེ་སྙིང་ཁར་ བཟུང་ནས་སྙིང་ཁའི་ནང་དུ་རང་དང་འདྲ་བའི་རྡོ་རྗེ་ཧེ་རུ་ཀ་དྲན་པར་བྱའོ། །དེ་ལྟར་ དབང་བསྐུར་བ་དྲུག་པོ་འདི་ནི་སློབ་དཔོན་དང་སློབ་མ་གཉིས་ཀ་ལ་དབང་བསྐུར་བར་ བྱ་བ་ཡིན་ནོ། །དེ་ནས་སློབ་མ་རྣམས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་ཀྱི་དཀྱིལ་ འཁོར་ཆེན་པོའི་ཁ་དོག་དང་དབྱིབས་མིག་གིས་མཐོང་བ་དང༌། བྱིའི་འཇུག་པ་བྱས་པ་ དང༌། ཡེ་ཤེས་དབབ་པའི་ཏིང་ངེ་འཛིན་སྐྱེས་པ་ནི་ནང་གི་འཇུག་པ་ཡིན་ཏེ། དེ་ནས་ རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས་པ་ཡིན་ཞིང༌། དེས་ལྷ་དང་སྐལ་བ་ མཉམ་པར་བྱས་པ་ཡིན་ནོ། །དེས་ནས་ཁོ་བོས་ཁྱེད་ལ་ཆུ་དང་ཅོད་པན་དང་རྡོ་རྗེ་དང་ དྲིལ་བུ་དང་མིང་དང་དབང་རྫས་རྣམས་སྤྱི་བོ་དང་ལག་པ་འཁོར་གསུམ་ཡོངས་སུ་ དག་པ་བཞི་བྱིན་པ་ཡིན་ཏེ། དེས་ཁྱོད་ཀྱིས་ཉོན་མོངས་པ་ལྔ་དང་ཕུང་པོ་དང་འབྱུང་ བ་ལྔའི་དྲི་མ་སྦྱངས་ཏེ། དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔར་བྱིན་གྱིས་རློབ་པ་ ཡིན་ནོ། །དེའི་རྗེས་ལ་རྡོ་རྗེའི་བརྟུལ་ཞུགས་བྱིན་པས་ནི་ཐ་མལ་གྱི་ལུས་ངག་ཡིད་ གསུམ་གྱི་སྤྱོད་པ་བརྟུལ་ལ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་རྡོ་རྗེ་འཆང་ཆེན་ 8-1-71 པོའི་སྐུ་གསུང་ཐུགས་རྡོ་རྗེ་ལ་གནས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཡིན་ནོ། ། དེ་ལྟར་ བུའི་རིག་པའི་དབང་ཐོབ་ཕྱིན་ཆད་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལྔའི་སྤྱི་དང་ཁྱད་ པར་གྱི་དམ་ཚིག་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སོགས་པ་བསྲུང་བ་དང་བསྟན་པ་ལ་ བསླབ་པར་བྱའོ། །དབང་འདི་ཐོབ་པས་རྟོག་པ་དང༌། བྱ་སྤྱོད་དང༌། རྣལ་འབྱོར་གྱི་རྒྱུད་ མཐའ་དག་ཉན་དུ་རུང༌། རྣལ་འབྱོར་གྱི་རྒྱུད་བཤད་དུ་མི་རུང་ཡང༌། བྱ་སྤྱོད་ཀྱི་རྒྱུད་ བཤད་དུ་རུང་བ་ཡིན་ནོ། །རྣལ་འབྱོར་མ་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་ དག་གི་སྒྲུབ་ཐབས་ལ་སོགས་པ་ཅི་རིགས་པ་མཉན་དུ་རུང་ཞིང༌། རྣལ་འབྱོར་བླ་མེད་ ན་གསུངས་པའི་དངོས་གྲུབ་ཀྱི་སྒྲུབ་ཐབས་དང༌། དཀྱིལ་འཁོར་འབྲི་བ་ལས་དངོས་ གྲུབ་བླང་བ་ཞེས་བྱ་བའི་བསྒྲུབ་པ་གང་འདོད་པ་ཉམས་སུ་བླང་དུ་རུང་བ་ཡིན་ ནོ། །ཞེས་རྗེ་བཙུན་རྩེ་མོའི་མཐའ་ཅན་གསུངས་ཤིང༌། རྒྱ་གར་དུའང་དེ་ལྟར་བཞེད་ པའི་པཎྜི་ཏ་འགའ་རེ་བྱུང་ན་ཡང་སློབ་དཔོན་ཨ་བྷྱ་ཀ་རས་རྡོ་རྗེ་ཕྲེང་བ་ལས་ནི། ཕྲེང་ བ་དང་ཆུ་ལ་སོགས་པ་དབང་དྲུག་པོ་འདི་རྣམས་ཀྱིས་མ་རིག་པའི་གཉེན་པོ་ནུས་པ་ ཉིད་དུ་སྒྲུབ་པར་བྱེད་པས། རིག་པའི་དབང་ཞེས་བརྗོད་དོ། །དབང་འདི་རྣམས་སུ་ བསྐུར་བའི་སློབ་མ་བྱ་བ་དང་སྤྱོད་པའི་རྒྱུད་དག་ཉན་པ་དང་བཤད་པ་དང་སྔགས་ བསྒྲུབ་པ་རྣམས་ལ་དབང་བར་འགྱུར་རོ། ། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ རྣམས་ཀྱང་ངོ༌། །ཞེས་སློབ་དཔོན་དུ་རློམ་པ་དུ་མའི་འདོད་པ་ནི་ལུང་དང་མི་ལྡན་ ཏོ། །ལྷན་ཅིག་སྐྱེས་པའི་དབང་དང་སྡོམ་པ་དང་བྲལ་བ་ལ་དེའི་རང་བཞིན་བརྗོད་པར་ བཅོམ་ལྡན་འདས་ཀྱི་གང་དུའང་བཀའ་སྩལ་ཅིང༌། རིགས་པ་ཡང་མ་ཡིན་ནོ། །དབང་ འདི་རྣམས་ཀྱང་སློབ་དཔོན་གྱི་དབང་དོན་མི་གཉེར་བ་ལ་ནི་ཐུན་མོང་གི་སྡོམ་པ་སྔོན་ དུ་འགྲོ་བས་སྦྱིན་ནོ། །དོན་དུ་གཉེར་བ་ལ་ནི་སྡོམ་པ་གཉིས་སྔོན་དུ་འགྲོ་བས་སོ། །ཞེས་ གསུངས་སོ། །དེ་ནས་མེ་ཏོག་ཕོག་པའི་ལྷ་ངོ་སྤྲོད་ནས་དེ་དག་གི་བསྙེན་པ་དང་བསྒྲུབ་ པ་ལ་བརྩོན་པར་གྱིས་ཤིག །ཅེས་པས་བསྒོ་སྟེ། རྡོ་རྗེ་ཕྲེང་བར། དེ་ནས་རང་གི་སྙིང་པོ་ ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་དམ་ལན་གསུམ་བཟླས་པས། བཅོམ་ལྡན་བདག་ 8-1-72 གིས་སྦྱིན་ལགས་ཀྱིས། །འདི་ལ་མཉེས་པར་མཛད་དུ་གསོལ། །ཞེས་བརྗོད་ཅིང་སློབ་མ་ ལ་སྦྱིན་ནོ། །སློབ་མས་ཀྱང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། ། བདག་ལ་ཉེ་བར་ མཛད་དུ་གསོལ། །ཞེས་བྱ་བ་འདིས་གཟུངས་ལན་གསུམ་དུ་བཟླའོ། ། ཞེས་པ་ལྟར་སྐབས་ འདིར་སྔགས་ལུང་མན་ངག་བཞིན་སྦྱིན་པར་བྱའོ། །སློབ་དཔོན་དང་སློབ་མ་ཐུན་མོང་ གི་དབང་གི་ཆོ་ག་རྫོགས་སོ།། །། གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ་སོགས་པ་བཞི་བསྐུར་བ་ལ། སློབ་དཔོན་གསང་བ་ཤེས་རབ་དང༌། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བརྟག་གཉིས་ ལས་གསུངས་པ་ལྟར། དང་པོ་བུམ་པའི་དབང༌། གཉིས་པ་གསང་བའི་དབང༌། གསུམ་ པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། བཞི་པ་ཚིག་ཉིད་རིན་པོ་ཆེའི་དབང་བསྐུར་བའོ། ། དང་པོ་ལའང་སློབ་མས་མཎྜལ་ཕུལ་ནས། ཕྲེང་བ་དང་རིན་ཆེན་འབར་དུ་འབྱུང་བའི། མི་ལྡོག་འཁོར་ལོའི་དབང་བསྐུར་བ། །ཞེས་སོགས་ལན་གསུམ་གྱི་གསོལ་བ་གདབ། སློབ་ མ་དབང་སྟེགས་ཀྱི་སྟེང་དུ་རིན་པོ་ཆེའི་ཁྲི་དང༌། པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ ཧཱུཾ་གིས་མཚན་པ་ལས་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་སྙེམས་མ་དང་སྦྱོར་བར་དམིགས་པའི་ སྟེང་དུ་གདུགས་དང་འཕན་དང༌། རྒྱལ་མཚན་ལ་སོགས་པས་བརྒྱན་པར་བསྒོམ་པའི་ ལག་པ་གཡས་སུ་རྡོ་རྗེ་ཏེ། རིགས་ལྔ། མཁའ་འགྲོ་ལྔ། སེམས་དཔའ་བརྒྱད། སེམས་མ་ བརྒྱད། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་ཏེ། ལྷ་ཉེར་བརྒྱད་ཀྱི་བདག་ཉིད་དུ་དྲན་ པར་བྱས་ནས་སྦྱིན་པར་བྱེད་དེ། ལྷ་ཉེར་བརྒྱད་ནི་རྡོ་རྗེ་གདན་གཞི་ལས། ལྷ་ནི་ཉི་ཤུ་རྩ་ བརྒྱད་ལྡན། །རྡོ་རྗེ་སྔོན་དུ་བསྟན་པ་དང༌། །ཞེས་དང༌། དབུས་ཀྱི་ལྷ་ནི་རྣམ་སྣང་ མཛད། །ཐམས་ཅད་ཐོག་མ་མི་བསྐྱོད་པ། །ལྷོ་ཡི་རྩེ་མོ་རིན་ཆེན་འབྱུང༌། །ནུབ་ཏུ་སྣང་བ་ མཐའ་ཡས་དགོད། ། བྱང་གི་ཕྱོགས་དུ་དོན་ཡོད་གྲུབ། །རྩེ་མོ་ལྔ་ནི་ལྷ་ལྔ་རྣམས། །པད་ མ་བྱང་ཆུབ་ཡན་ལག་བརྒྱད། །ས་བོན་ཇི་བཞིན་དགོད་བྱ་བ། །ཕྱག་ན་པད་མ་བྱམས་པ་ དང༌། །མཁའ་སྙིང་ཀུན་ཏུ་བཟང་པོ་དང༌། །ཕྱག་ན་རྡོ་རྗེ་འཇམ་དཔལ་དབྱངས། །ས་ སྙིང་སྒྲིབ་སེལ་དེ་བཞིན་ནོ། ། ལྷ་ནི་བརྒྱད་པོ་འདི་དག་ཉིད། །ཤར་ལ་སོགས་པ་ཇི་ 8-1-73 བཞིན་དགོད། །གཞན་ཡང་བདག་བརྒྱད་ལྷ་མོ་བརྒྱད། །ཇི་བཞིན་གནས་སུ་སྦྱར་བར་ བྱ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང༌། ། རྡོ་རྗེ་ལྕགས་སྒྲོགས་དྲིལ་བུ་ཉིད། །ཕྱོགས་ཀྱི་པད་ མར་ཡང་དག་གནས། །མཚམས་ཀྱི་བཞི་པོ་དག་ཏུ་ཡང༌། །བསྐུར་བྱེད་རིན་ཆེན་སྒྲོལ་མ་ དང༌། །དེ་བཞིན་རྡོ་རྗེ་ལྕགས་སྒྲོགས་དང༌། །གཞན་གྱིས་མི་ཐུབ་ཞེས་བྱ་བ། །མཚམས་ཀྱི་ འདབ་མ་ཀུན་ལ་དགོད། །རྩེ་མོ་ལྔ་ནི་མཁའ་འགྲོ་ལྔ། །སྔ་མ་ཇི་བཞིན་བསམ་པར་ བྱ། །ཤར་དུ་རྡོ་རྗེ་མཁའ་འགྲོ་མ། །བྱང་དུ་དྲག་མོ་ཞེས་བྱ་སྟེ། །ནུབ་ཏུ་དེ་བཞིན་རོ་ ལངས་མ། །ལྷོ་ཡི་ཕྱོགས་སུ་གཏུམ་མོ་གནས། ། དབུས་སུ་ཡེ་ཤེས་མཁའ་འགྲོ་མ། །རྡོ་རྗེ་ དེ་བཞིན་དེ་ཁོ་ནའི་ལྷ། །མཁས་པ་ཡིས་ནི་ཤེས་པར་བྱ། །ཞེས་སོ། །འདི་དེ་ཞེས་སོགས་ཀྱི་ ཚིགས་བཅད་དང་སྔགས་ཀྱི་རྡོ་རྗེ་བྱིན་ནས། དེ་ཁོ་ན་ཉིད་ནི་གུར་ལས་འབྱུང་བའི། ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཞེས་སོགས་ཀྱི་ཚིགས་བཅད་དང༌། དཔའ་ མཆོག་ལས་གསུངས་པའི། བཅོམ་ལྡན་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་པ་དང༌། གུར་ལས་འབྱུང་བའི། ཨོཾ་མཧཱ་བཛྲ་ཧཱུཾ། ཞེས་བརྗོད་ནས། དེའི་དོན་ནི་རྡོ་རྗེ་འདི་ནི་ཆོས་ དབྱིངས་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་རིག་སྟོང་དབྱེར་མེད་ཀྱི་ངོ་ བོ་ཡིན། དེ་ནི་སྐྱེ་བ་དང་འགག་པ་མེད་པ་དེ་དང་རོ་གཅིག་པའི་སེམས་དང་སེམས་ ལས་བྱུང་བ་དང་དབྱེར་མེད་པ། ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཆགས་ པའི་རང་བཞིན་ཀུན་ནས་བཟང་ཞིང་རིགས་ཐམས་ཅད་ཀྱི་བདག་པོ་དབྱིངས་རྣམ་ པར་དག་པ་རིག་པའི་ལྷ་མོའི་བདག་པོའི་བྱ་བ་ཡིན་ནོ། །ཞེས་བྱ་བ་ནི་རྡོ་རྗེའི་དེ་ཁོ་ན་ ཉིད་ཐུགས་ཀྱི་དམ་ཚིག་གོ །དེ་ནས་ལྷ་ཉེར་གསུམ་གྱི་བདག་ཉིད་དྲིལ་བུའི་དེ་ཁོ་ན་ ཉིད་རྫོགས་པར་དྲན་པས་ཨ་ལས་བྱུང་བའི་དྲིལ་བུ་བསྐྱེད་ནས། གུར་ནས་བཤད་པའི། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་བཤད། ། ཞེས་ སོགས་དང༌། བཛྲ་གྷཎ་ཊེ་ཨ། ཞེས་བརྗོད་ནས་དྲིལ་བུ་ལག་པ་གཡོན་དུ་སྦྱིན་པར་བྱ་སྟེ། དེའི་ལྷ་ཉེར་གསུམ་ནི་མཁའ་འགྲོ་ལྔ། ལྷ་མོ་བརྒྱད། སེམས་མ་བརྒྱད། ཤེས་རབ་ཕ་རོལ་ ཕྱིན་མ་ཡབ་དང་བཅས་པ་སྟེ། དེ་ལྟར་ཡང་རྡོ་རྗེ་གདན་བཞི་ལས། ཉི་ཤུ་རྩ་གསུམ་ལྷ་ 8-1-74 རྣམས་ཀྱི། །དྲིལ་བུའི་བདག་ཉིད་བསྒོམ་པར་བྱ། །ཞེས་པ་དང༌། ཕྱོགས་བརྒྱད་ཅེས་ནི་བྱ་ བ་རྣམས། །ལྷ་མོ་བརྒྱད་དུ་ཡང་དག་གྲགས། །ཡི་གེ་བརྒྱད་ཀྱི་ས་བོན་ནི། ། ཕྱོགས་བརྒྱད་ དུ་ནི་དགོད་པར་བྱ། །ཤར་དུ་ལྷ་མོ་སྒྲོལ་མ་སྟེ། །བྱང་ཕྱོགས་སུ་ནི་མཱ་མ་ཀཱི། ། ལྷོ་ཕྱོགས་སུ་ ནི་སངས་རྒྱས་སྤྱན། །མདོག་བཟང་དབྱངས་སྙན་མཛེས་པ་དང༌། །བཞི་པ་རྡོ་རྗེ་ཕྲེང་བ་ མོ། །དབུས་སུ་ནམ་མཁའི་རང་བཞིན་ལ། །གཟུགས་ཀུན་རྫོགས་ཤིང་མཛེས་པ་ནི། །པད་ མ་རྒྱས་ལ་ཡང་དག་འབྱུང༌། །གཟུགས་མེད་གནས་ཀྱི་ཕྱོགས་སུ་ནི། །ཤེས་རབ་བདུད་རྩི་ བུམ་པ་འདྲ། །དེ་ཡི་དབུས་ཀྱི་བསྟན་དག་ལ། །ཤེས་རབ་ཕ་རོལ་ཕྱིན་ལྷ་མོ། ། གཟུགས་ མཛེས་ཡོན་ཏན་རྣམས་ཀྱི་གནས། །སྟེང་གི་པད་མ་རྡོ་རྗེ་རྣམས། །སྔ་མ་བཞིན་དུ་བསམ་ པར་བྱ། །ཞེས་པ་རྣམས་སོ། །དེ་ནས་དཔལ་མཆོག་ལས་བཤད་པའི། ཨཱཿ སྲིད་པ་ངོ་བོ་ ཉིད་ཀྱིས་བདག །ཅེས་བརྗོད་ནས་དེའི་དོན་ནི་ཀྱེ་དྲིལ་བུ་འདི་ནི་ཆོས་དབྱིངས་སྤྲོས་པ་ ཐམས་ཅད་དང་བྲལ་བའི་སྒྲ་ཡིན་ནོ། །དེ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་ དག་པའོ། །ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་དེ་ལྟར་ངོ་བོ་ཉིད་ཀྱིས་གྲོལ་བའོ། །ཞེས་བྱ་བ་ འདི་ནི་དྲིལ་བུའི་དེ་ཁོ་ན་ཉིད་དེ། གསུང་གི་དམ་ཚིག་གོ །དེ་ནས་སློབ་མ་རྡོ་རྗེ་སེམས་ དཔའ་ཞལ་བརྒྱད་ཕྱག་བཅུ་དྲུག་པའམ། ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་སྙེམས་མ་ལོ་ བཅུ་དྲུག་ལོན་པ་ལ་འཁྱུད་པར་བསྒོམས་ཏེ། བརྟག་གཉིས་ལས། ཤེས་རབ་བཅུ་དྲུག་ ལོན་པ་ལ། ། ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་ དཔོན་དབང་དུ་རབ་ཏུ་བརྗོད། །ཅེས་པ་ལྟར་དྲན་པར་གྱིས་ཤིག །ཅེས་བསྒོ་ལ་སླར་ ཡང་དེ་ཉིད་ལས་བཤད། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཞེས་སོགས་ཀྱི་རྗེས་སུ་གནས་པ་ བསྡུས་པ་བརྗོད་དེ། སློབ་མའི་ལག་པ་གཉིས་ཀས་འཁྱུད་པའི་སྟེང་ཀ་བྱེད་དུ་བཅུག་པ་ ལ། དཔལ་མཆོག་ལས་བྱུང་བའི། སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །ཞེས་སོགས་ཀྱིས་ཕྱག་ རྒྱའི་དེ་ཁོ་ན་ཉིད་རྒྱས་པར་བསྟན་ནས། དེ་དག་གི་དོན་ནི། ཐ་མལ་གྱི་བདེ་བ་ནི་མ་ དག་པའོ། །དེ་བས་ན་སྲིད་པའི་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར། རང་གི་ ལྷའི་རྣལ་འབྱོར་བྱས་ཏེ། འདོད་པའི་ལོངས་སྤྱོད་ལ་སྤྱོད་ཅིག །ཐམས་ཅད་ལ་མཆོད་པ་ 8-1-75 གྱིས་ཤིག །འདིས་རྡོ་རྗེ་འཆང་ཆེན་པོ་ཁ་སྦྱོར་ཀྱི་སྐུ་ཐོབ་པ་ལས་མི་འདའོ། །དེས་ན་ཏིང་ ངེ་འཛིན་འདི་ལ་གནས་པར་གྱིས་ཤིག །ཅེས་གསུངས་པས་འདི་ནི་ཕྱག་རྒྱའི་དམ་ཚིག་ གོ །དེ་ནས་སློབ་དཔོན་གྱི་དབང་དེ་ལ་བསྟན་པའི་ཡན་ལག་ཏུ་བུམ་པའི་དབང་བསྐུར་ ཏེ། གུར་ལས། མཁའ་འགྲོ་ལྔ་དང་ཡང་དག་ལྡན། །དམ་ཚིག་ལྔ་ཡིས་ཡོངས་གང་ བ། །མཁའ་འགྲོ་མ་ཡི་ཚོགས་དང་ལྡན། ། སློབ་མ་རྡོ་རྗེ་ཅན་དབང་བསྐུར། །ཞེས་ གསུངས་པའམ། མཁའ་འགྲོ་ལྔ་དང་ཡང་དག་ལྡན་ནི། བདག་དང་ནམ་མཁའི་དེ་ བཞིན་གཤེགས་པ་དང༌། བུམ་པའི་ནང་དུ་རིགས་ལྔའི་ལྷ་བསྐྱེད་པའོ། །དམ་ཚིག་ལྔའི་ གང་བ། དེ་བཞིན་གཤེགས་པ་ལྔ་ཞུ་བ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱིས་བུམ་པ་གང་ བའོ། །མཁའ་འགྲོ་ལྔའི་ཚོགས་དང་ལྡན་ན་དབང་བསྐུར་མཁན་ནོ། །དེ་རྣམས་ཀྱི་དོན་ སློབ་དཔོན་གྱི་སྙིང་ཁའི་ས་བོན་ལས་སངས་རྒྱས་རིགས་ལྔའི་དཀྱིལ་འཁོར་དཔག་ཏུ་ མེད་པར་སྤྲུལ་ལ། དེ་དག་གིས་ཀྱང་མཆོད་པ་སྣ་ཚོགས་དང་ཡེ་ཤེས་ཀྱི་བདུད་རྩིས་གང་ བའི་བུམ་པ་བསྣམས་ནས་བཀྲ་ཤིས་བརྗོད་ཅིང༌། དབང་བསྐུར་བར་བསམ་ལ། དངོས་ སུའང་རྒྱལ་མཚན་ལ་སོགས་པས་མཛེས་པར་བྱ་ཞིང༌། བཀྲ་ཤིས་ཀྱི་གླུ་དང་རོལ་མོ་ལ་ སོགས་པ་དང་བཅས་པས། སློབ་དཔོན་གྱིས་རྣམ་རྒྱལ་བའི་བུམ་པ་བླངས་ཏེ་བཟེད་ཞལ་ སློབ་མའི་མདུན་དུ་བཞག་ལ། བུམ་པའི་ཆུས་སློབ་མའི་སྤྱི་བོ་ནས་བླུགས་ཤིང༌། སངས་ རྒྱས་རྣམས་ནི་ལ་སོགས་པ་སྔགས་དང་བཅས་པ་བརྗོད་དེ། ཏིང་ངེ་འཛིན་གྱི་ནམ་ མཁའ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྔར་བཤད་པའི་དབང་ ཐམས་ཅད་བསྐུར་བར་བསམ་པར་བྱའོ། །སྤྲོས་པ་ལ་དགའ་ཞིང་ནུས་ན་བུམ་པ་ཐམས་ ཅད་ཀྱིས་དབང་བསྐུར་བར་བྱའོ། །དེ་ལྟར་དབང་བསྐུར་དྲི་མ་དག་ཆུའི་ལྷག་མ་ཡར་ ལུད་པས་སྤྱི་བོར་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔས་དབུ་རྒྱན་པར་ གྱུར་ཅིང༌། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྗོད་དེ། མེ་ཏོག་གཏོར་ཞིང༌། མཆོད་པར་ བྱའོ། ། འདི་ཡར་བཅད་ལ་བུམ་དབང་ཟེར་བའི་རྒྱུ་མཚན་ནི། རྡོ་རྗེ་ཕྲེང་བ་ལས། དེ་ལ་ ཆུ་དང༌། ཅོད་པན་དང༌། རྡོ་རྗེ་དང༌། བདག་པོ་དང༌། མིང་དང༌། སློབ་དཔོན་གྱི་དབྱེ་ 8-1-76 བས་དྲུག་ནི་བུམ་པའི་དབང་སྟེ། ཐམས་ཅད་དེ་བཞིན་གཤེགས་པ་དང་སྤྱན་མ་ལ་ སོགས་པའི་རིག་མ་རྣམས་ཀྱི་བུམ་པས་དབང་བསྐུར་བའི་ཕྱིར། ཞེས་པ་དང༌། ཧེ་རུ་ཀ་ འབྱུང་བའི་དཀྱིལ་ཆོག་ཏུའང༌། རིག་པའི་དབང་དང༌། སློབ་དཔོན་གྱི་དབང་ནི། བུམ་ པའི་དབང་ཞེས་བརྗོད་དེ། ནོར་བུའི་བུམ་པ་ལ་མངོན་པར་དབང་བསྐུར་བའི་ཕྱིར་ གསུངས་སོ། །དེ་ལྟར་སློབ་མ་རེ་རེ་ནས་རྫོགས་པ་དང༌། དབང་བསྐུར་ནས་ནི་དེ་ཉིད་ བསྟན། །གཞན་དུ་དངོས་གྲུབ་རེང་བར་གྱུར། །ཞེས་གསུངས་པ་ལྟར་ཐམས་ཅད་ལས་ ཐུན་མོང་དུ་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། ཇི་སྐད་དུ། ཇི་ལྟར་ཕྱི་རོལ་དེ་བཞིན་ དང༌། །ཇི་ལྟར་ནང་ལ་དེ་བཞིན་གཞན། །ཞེས་ཕྱི་རྡུལ་ཚོན་ལ་སོགས་ཀྱི་དཀྱིལ་འཁོར་ དང་ནང་དང༌། གཞན་ཆོས་ཉིད་དང་གསུམ་ལས་འདིར་ལམ་དང་གཞན་གཙོ་བོར་ སྟོན་ཅིང༌། དེ་ལྟར་ན། ཁྱོད་ལ་རྡོ་རྗེ་འཆང་ཆེན་པོའི་དབང་བསྐུར་བ་འདིས། ཁྱེད་ཀྱི་ ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དྲི་མ་དག་པར་བྱས་པས་དེ་ཐམས་ཅད་རང་གི་ སེམས་ཉིད་ཙམ་དུ་འདུས་ལ་སེམས་ཉིད་དེ་ཉིད་བཅོས་ལྡན་མི་བསྐྱོད་པ་ཡིན་ལ། དེའི་ རང་བཞིན་སེམས་དཔའ་ཡིན་པས། རྡོ་རྗེ་སེམས་དཔའ་ཉིད་མི་བསྐྱོད་པ་ཡིན་པར་ མོས་པར་གྱིས་ཤིག །དེ་བས་ན་རང་གིས་སེམས་རྣམ་པར་དག་པ་ཉིད་དཀྱིལ་འཁོར་གྱི་ འཁོར་ལོ་ཡིན་ཏེ། དཀྱིལ་འཁོར་ཞེས་ནི་གང་བཤད་པ། །ཡིན་ཉིད་དཀྱིལ་འཁོར་དམ་པ་ ཡིན། །ཞེས་གསུངས་སོ། །དེ་ལ་སེམས་ཀྱི་བྱེ་བྲག་ཐ་དད་ཀྱི་དབང་དུ་བྱས་ནས། བྱང་ ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་གཞན་ཡས་ཁང་གི་སྒོ་དང་རྒྱན་ལ་ སོགས་པ་ཡིན་ནོ། །དེ་བས་ན་སེམས་ཉིད་ནི་རྟེན་གྱི་དཀྱིལ་འཁོར་ཡིན་པས། སེམས་དེ་ ཉིད་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་ཉིད་གདན་གསུམ་ཚང་བའི་ལྷ་ཡིན་ ཏེ། མདོར་ན་ཕུང་པོ་ལྔ་རྒྱལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཡིན་ཞེས་བྱ་བ་ལ་ སོགས་པ་ཐབས་ཀྱི་རྒྱུད་ལས་གསུངས་ལ། འདིར་ཡང་གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ཡང་ཕུང་པོ་ལྔ་ནི་དེ་བཞིན་གཤེགས་ པའི་གདན་འབྱུང་བ་བཞི་ནི་རིག་མའི་གདན། ནང་གི་སྐྱེ་མཆེད་ནི་བྱང་ཆུས་སེམས་ 8-1-77 དཔའི་གདན། ཕྱིའི་སྐྱེ་མཆེད་ནི་ལྷ་མོའི་གདན། ཉོན་མོངས་ཀྱི་སྒྲིབ་པ་ལ་སོགས་པ་ཟད་ པར་བྱེད་པ་ནི། ཁྲོ་བོ་དང་ཁྲོ་མོའི་གདན་ཡིན་ནོ། །ཞེས་དཀྱིལ་འཁོར་དང་ལྷའི་དེ་ཁོ་ ན་ཉིད་ཡོངས་སུ་བསྡུས་པ་བསྟན་པར་བྱའོ། །ཡང་ན་སློབ་མ་བློ་མཆོག་ཏུ་གྱུར་པ་ རྣམས་ལ་དེ་ཁོ་ན་ཉིད་རྒྱས་པར་བསྟན་པར་བྱ་སྟེ། ཐམས་ཅད་གསང་བའི་རྒྱུད་དུ་ འབྱུང་བའི། དཀྱིལ་འཁོར་ཞེས་ནི་གང་བཤད་པ། །ཞེས་སོགས། ཕལ་ཆེར་གོ་སླ་ཞིང༌། ཆོས་རྗེས་དྲན་པའི་སྦྱོར་བའོ། །ཞེས་ནི། ནག་པོ་ཞབས་ཀྱི་ཆོས་ཀྱི་སྡོམ་བཞི་དྲན་པ་ལ་ གསུང་ལ། དད་དབང་ལ་སོགས་པ་སེམས་ནི་རྭ་བ་ལྔར་ནི་ཡང་དག་འབྱུང༌། ཞེས་པའི་ དད་སོགས་དབང་པོ་ལྔ་དང༌། སྟོབས་ལྔ་ནི་རྭ་བ་ལྔའི་ནང་ལྔ་དང་ཕྱི་ལྔ་ལ་བཞེད་པ་ ལྔའང་སྣང་ཞིང་ཁ་ཁྱེར་བཞི་ནི་འདོད་ཡོན་སྣམ་བུའམ་སྟེགས་བུ་ཡིན་ལ། ཉོན་མོངས་ ཐམས་ཅད་འཇོམས་པ་དང༌། ཕྱིར་འཇོམས་པའི་དོན་ནི། རྩ་བ་དང་ཉེ་བའི་ཉོན་མོངས་ པ་འཇོམས་པ་ལ་ནག་པོ་ཞབས་ཀྱིས་གསུངས་ནའང་ཨ་བྷྱ་ཡས། ཉོན་མོངས་པའི་རྩ་བ་ བཏོན་པ་འཇིག་རྟེན་ལས་འདས་པའི་སྒོམ་པའི་ལམ་རྣམ་པར་དག་པས་རྭ་བ་རྣམས་ སོ། །ཉོན་མོངས་པ་གནོན་པའི་ཕྱིར་འཇིག་རྟེན་པའི་སྒོམ་རྣམ་པར་དག་པས་དྲ་བ་ཕྱེད་ པ་རྣམས་སོ། །ཞེས་རྒྱུད་ཀྱི་ལུང་གི་ཤེས་བྱེད་དང་བཅས་པ་གསུངས་སོ། །ཧེ་རུ་ཀ་འབྱུང་ བའི་དཀྱིལ་ཆོག་ཉིན་མོའི་འབྱུང་གནས་ཟླ་བས་མཛད་པར། སེམས་ཅན་གྱི་དོན་བྱེད་ པ་དང༌། དགེ་བའི་ཆོས་སྡུད་པ་དང༌། སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་པ་ནི། རྒྱན་ དུ་མས་བརྒྱན་པའོ། །སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་ཏིང་ངེ་འཛིན་དང་ ཤེས་རབ་ཡང་དག་པར་འདུས་པ་དེ་བཞིན་གཤེགས་པའི་ལམ་གྱི་ཡེ་ཤེས་ནི་རྔ་ཡབ་བོ་ ཞེས་བཤད་དོ། །དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིན་རྒྱས་པར་བཤད་ལ། དེ་ ནས་སྔར་བརྗོད་པ་བཞིན་གདན་གསུམ་ཚང་བའི་ལྷའི་དེ་ཁོ་ན་ཉིད་རྒྱས་པར་བཤད་ པར་བྱ་སྟེ། དེ་ཡང་ལྷའི་དེ་ཁོ་ན་ཉིད་དང་ཕྱག་དང་ཕྱག་མཚན་དང་ཞལ་དང་གདན་ དང༌། བཞུགས་ཚུལ་སོགས་ཀྱི་དེ་ཁོ་ན་ཉིད་ནི་སྒྲུབ་ཐབས་ལ་སོགས་པར་རྟོག་པར་ བྱའོ། །བུམ་པའི་དབང་གི་དངོས་གཞིའོ། ། 8-1-78 དེ་ལྟར་དབང་དེས་དེ་ཁོ་ན་ཉིད་རྟོག་པའི་སློབ་མ་ལ་རྗེས་སུ་གནང་བར་བྱ་སྟེ། དོན་ནི་ དེ་ལྟར་དམ་ཚིག་གསུམ་དང་དེ་ཁོ་ན་ཉིད་ལ་གནས་པ་ཡིན་ལ། དེ་རིང་རྡོ་རྗེ་སློབ་ དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་གསུངས་པ་ཡིན་པས་ཁྱོད་ ཀྱིས་མཐའ་སྣ་ཆོགས་ཀྱིས་སེམས་ཅན་གྱི་དོན་གྱིས་ཤིག །ཅེས་གསུངས་པ་རྗེས་སུ་དྲན་ པའི་གནང་བའི་བསྡུས་པ་ཡིན་ནོ། །རྗེས་སུ་གནང་བ་འབྲིང་དུ་བྱེད་ན། དེ་ཉིད་འདུས་ པ་དང་རིན་ཆེན་འབར་བར་བཤད་པ་ནི། ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ ལྔར་ནི་རབ་ཏུ་གྲག །རྡོ་རྗེ་སྐྱེ་མཆེད་ངེས་པར་ནི། །བྱང་ཆུབ་སེམས་དཔའ་དཀྱིལ་ འཁོར་མཆོག ། ས་ནི་སྤྱན་ཞེས་ཀུན་ཏུ་བརྗོད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །ཞེས་སོགས་ བརྗོད་པས་ཁྱབ་བོ། ། རྒྱས་པར་བྱེད་ན། ལྷ་མཆོད་པ་དང༌། སེམས་ཅད་གྱི་དོན་བྱ་བའི་རྗེས་གནང་གཉིས་ ལས། དང་པོ་ནི། སློབ་མ་རྣམས་ལ་མེ་ཏོག་གཏོར་ནས། པད་སྐོར་གྱི་གར་སྔོན་དུ་འགྲོ་ བའི་སློབ་མ་ཁུ་ཚུལ་དཀུར་བཞག་སྟེ། སྒེག་པ་ལྟར་བྱེད་དུ་བཅུག་སྟེ། སློབ་དཔོན་ནག་ པོ་པས་མཛད་པའི་ཀྱེའི་རྡོ་རྗེ་གཞུང་འགྲེལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ལས་འབྱུང་བའི། མཆོད་པའི་རྗེས་གནང་བརྒྱད་པོ་རྣམས་རིམ་པ་བཞིན་དུ་དེང་ནས་བརྩམས་ཏེ། ཞེས་ སོགས་དང༌། ཨ་ཞེས་བརྗོད་ལ། དོན་དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ལ་སྒེག་པའི་ མཆོད་པ་ཕུལ་ཅིག །དེང་ཕྱིན་ཆད་སྣ་ཚོགས་པའི་སྤྱོད་པ་ཅི་དང་ཅི་བྱས་པ་དེ་ཐམས་ ཅད་ལ་དཀྱིལ་འཁོར་ལ་མཆོད་པར་འགྱུར་རོ། །ཞེས་སོགས་བརྗོད་དོ། །ཚུལ་འདི་བཞིན་ དུ་ལྷ་མོ་གཞན་རྣམས་ཀྱང་རང་རང་གི་མིང་དང་མཐུན་པའི་མཆོད་པས་དངོས་སུ་ མཆོད་དུ་བཅུག་ནས་དམིགས་པ་དང་ལག་ལེན་དང་དོན་བཤད་པ་རྣམས་གོང་མའི་ རིགས་བསྒྲེས་ཏེ། ཆུ་དབང་ལྟར་ཤེས་པ་བྱའོ། ། གཉིས་པ་སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་ནི། དེའང་རྡོ་རྗེ་སློབ་དཔོན་གྱི་ དབང་ཐོབ་ནས་སེམས་ཅན་གྱི་དོན་བྱེད་དགོས་ཤིང༌། དེའང་ཐོག་མར་མ་རིག་པའི་ ལིང་ཏོག་བསལ་ནས། རང་གྲོལ་བར་བྱེད་དགོས་ཏེ། རང་དོན་གྲུབ་ནས་གཞན་དོན་ 8-1-79 ནི། །བྱེད་པ་གང་དེ་མཁས་པ་ཡིན། །ཞེས་གསུངས་པ་ལྟར་མ་རིག་པའི་ལིང་ཏོག་བསལ་ ནས་སེམས་ཅན་གྱི་དོན་བྱ་བའི་ཕྱིར། གསེར་དངུལ་གྱི་སྣོད་དུ་བཞག་པའི་མར་དང་ སྦྲང་རྩིས་བསྒོས་པའི་གསེར་གྱི་ཐུར་མའམ། མེད་ན་རྡོ་རྗེ་ལ་རྩ་བའི་སྔགས་བཟླས་ཏེ་ སློབ་མའི་མིག་དག་ལ་པྲཾ་སྒོམ་ལ་མིག་ལ་བྱུག་པའི་ཚུལ་དུ་བྱ་ཞིང༌། རྣམ་སྣང་མངོན་ བྱང་ལས་གསུངས་པའི། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །ཞེས་གསུངས་པ་དང༌། ཨོཾ་ བཛྲ་ནེ་ཏྲ་སོགས་ཀྱི་སྔགས་ཀྱི་བརྗོད་དེ། རྡོ་རྗེ་ཕྲེང་བར། དེ་ནས་གསེར་དངུལ་གྱི་སྣོད་ དུ་བཞག་པའི་མར་དང་སྦྲང་རྩི་གསེར་ལས་བྱས་པའི་ཐུར་མས་སློབ་མའི་མིག་དག་ལ་ ཡི་གེ་པྲཾ་བསྒོམ་ལ། ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཞེས་འདོད་ཅིང་བསྐུལ་ཏེ། ཞེས་གསུངས་སོ། །དེ་ལྟར་མ་རིག་པའི་ལིང་ཏོག་བསལ་ནས་ཆོས་ཐམས་ཅད་གཟུགས་ བརྙན་ལྟར་ཤེས་པར་གྱིས་ཤིག ། ཅེས་བསྟན་པར་བྱ་བའི་ཕྱིར་མེ་ལོང་ལ་ཡི་གེ་ཨ་ལས་ བསྔགས་ཏེ་སློབ་མ་ལ་བསྟན་ཅིང༌། རྣམ་སྣང་མངོན་བྱང་ལས་བྱུང་བའི། ཆོས་རྣམས་ གཟུགས་བརྙན་ལྟ་བུ་སྟེ། །ཞེས་བརྗོད་དེ། དེ་ནས་སྒྲ་ཐམས་ཅད་གྲགས་ལ་རང་བཞིན་ མེད་པར་བསྟན་པའི་ཕྱིར། ཨཱཿལས་སྐྱེས་པའི་དྲིལ་བུ་བྱིན་ལ་བཀྲོལ་དུ་བཅུག་སྟེ། དཔལ་ མཆོག་ལས་བྱུང་བའི། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ཞེས་བརྗོད་དེ། ཆོས་ ཐམས་ཅད་དྲིལ་བུའི་སྒྲ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བར་དྲན་དུ་གཞུག་གོ །དེ་ ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་ནས་ཉན་ཐོས་དང་རང་རྒྱལ་བའི་ སེམས་སུ་གྱུར་ན་མ་རུང་བས། ཕྱོགས་ཐམས་ཅད་དུ་ཉན་ཐོས་དང་རང་རྒྱལ་བའི་ སེམས་བསད་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་འགྱུར་ བས་དེ་ལྟར་བསྟན་པའི་ཕྱིར། ཡི་གེ་ཧོཿལས་བྱུང་བའི་མདའ་གཞུ་ཧོཿཞེས་བྱ་བས་བྱིན་ ལ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པར་བྱོས་ཤིག །ཞེས་བརྗོད་ལ་ ཕྱོགས་བཞི་དང་སྟེང་འོག་ཏུ་མདའ་འཕེན་པའི་ཚུལ་བྱེད་དུ་གཞུག་གོ །དེ་འང་རྡོ་རྗེ་ ཕྲེང་བར། བགེགས་ལ་འབིགས་པའི་བསམ་པས་ཕྱོགས་བཞིར་མདའ་འཕང་བར་བྱའོ། ། སྟེང་དུ་གཅིག་སྟེ་འོག་ཏུ་གཞན་ནོ། །ཞེས་སོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་ 8-1-80 པར་ཤེས་པས། མ་རིག་པའི་ལིང་ཏོག་བསལ། དེ་ཡང་གང་གིས་ཤེས་ན་སྔར་ཡེ་ཤེས་པ་ དབབ་པའི་དུས་ཀྱི་ཉམས་སུ་མྱོང་བ་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ གསུང་ཐུགས་རྡོ་རྗེ་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་བཞུགས་པའོ། །དེ་ཤེས་པར་ བྱ་བའི་ཕྱིར། ཨོཾ་བཛྲ་སཏྭ། ཞེས་པས་མེ་ལོང་བསྟན་ལ། རྡོ་རྗེ་སེམས་དཔའ་མེ་ལོང་ ལྟར། །ཞེས་སོགས་བརྗོད་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་ པ་དང༌། ཉན་ཐོས་དང་རང་རྒྱལ་བའི་སེམས་བསད་ནས་སེམས་ཅན་གྱི་དོན་བྱེད་པ་དེ་ ལ་ཆོས་ཀྱིས་འཁོར་ལོ་བསྐོར་དགོས་པས། ཆོས་བཤད་པའི་རྗེས་སུ་གནང་བ་བྱ་བའི་ ཕྱིར། ཡང་སློབ་མ་རེ་རེ་ནས་དབང་སྟེགས་ཀྱི་སྟེང་དུ་བཞག་ལ། རྣམ་སྣང་མངོན་བྱང་ ལས་འབྱུང་བའི་ཨོཾ་བཛྲ་ཧེ་དུ། ཞེས་པས་བྷྲུཾ་ལས་སྐྱེས་པའི་འཁོར་ལོ་རྐང་པའི་བར་དུ་ གཞུག །ཨོཾ་བཛྲ་པ་ཤ་རཾ། ཞེས་པས་ལག་པ་གཡས་པར་ཡི་གེ་ཨ་ལས་སྐྱེས་པའི་དུང་བྱིན། ཨོཾ་བཛྲ་གཎ་ཌེ་ཨཱཿ ཞེས་པས་གཡོན་པར་དབྱངས་ཐ་མ་ལ་སྐྱེས་པའི་དྲིལ་བུ་སྦྱིན། ཨ་ ཞེས་པས་ལག་ངར་གྱི་སྟེང་དུ་ཨ་ལས་སྐྱེས་པའི་ཧེ་བཛྲའི་པོ་ཏི་གཞུག་ལ། རྣམ་སྣང་ མངོན་བྱང་ལས་འབྱུང་བའི། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཞེས་སོགས་བརྗོད་ དོ། །དེ་ནས་སོ་སོའི་འཁོར་ལོར་སྒྱུར་བའི་རྣལ་འབྱོར་དུ་བྱས་ལ། རིག་པ་ཐམས་ཅད་ཀྱི་ བརྟག་པ་གསང་བའི་ཆོ་ག་རྒྱས་པའི་རྒྱུད་ལས་འབྱུང་བའི། སེམས་ཅན་ཀུན་ལ་རྣམ་ ཀུན་ཏུ། །ཞེས་སོགས་བརྗོད་ལ། ལག་པ་གཡས་པ་རྡོ་རྗེ་བཟུང་ལ་རྣམ་སྣང་གི་ཕྱག་རྒྱ་ ཆེན་པོ་བཅིང་ངོ༌། །དེ་བཞིན་དུ་བསྒྲེས་ཏེ། ཚིགས་བཅད་རྣམས་ཀྱང་རིམ་པ་བཞིན་དུ་ བརྗོད་ལ། མི་བསྐྱོད་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱང་བཅིང་བར་བྱའོ། །དེ་ ལྟར་བས་ན་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ། ཆོས་ཀྱི་འཁོར་ལོ་རབ་ཏུ་ བསྐོར། །ཞེས་སོགས་བརྗོད་དོ། །དེའང་བཤད་རྒྱུད་རྡོ་རྗེ་ཕྲེང་བར། དེ་ནས་གླེགས་བམ་ དུང་ལ་སོགས། །མདའ་གཞུ་འཁོར་ལོ་རལ་གྲི་དང༌། །སྔོན་སྦྱིན་སྔགས་ཀྱིས་དག་པར་ བྱས། །སློབ་མའི་ལག་ཏུ་རིམ་ན་སྦྱིན། །ཞེས་གསུངས་སོ། །དེ་དག་ནི་རྗེས་སུ་གནང་ བའོ། །དེ་ལྟར་བསྐྱེད་པ་ཕྱིའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་ 8-1-81 དག །ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུའི་རྟེན་འབྲེལ་ མངོན་དུ་བྱས། ཞེས་དྲན་པར་བྱའོ། །བུམ་པའི་དབང་ངོ༌། ། དེའང་གུར་ལས། གཉིས་པ་ལ་ནི་གསང་བའི་དབང་ཞེས་པ་གསང་དབང་གི་དུས་སུ་ བུམ་དབང་གིས་ལུས་ཀྱི་དྲི་མ་དག་པར་བྱས་པ་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་འཛིན་ པའི་སློབ་མས་བླ་མ་ལོངས་སྐུར་དམིགས་ལ་མཎྜལ་ཕུལ་ཏེ། གུར་ནས་འབྱུང་བའི། སྐུ་ གསུམ་གྱི་བསྟོད་པ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཞེས་སོགས་ལན་ གསུམ་གྱིས་གསོལ་བ་གདབ་པར་བྱ་སྟེ། དེ་དག་གི་དོན་ནི། གུར་རྒྱན་ལས། ཁྱོད་ནི་ཞེས་ པའི་ཚིག་རྐང་དང་པོས་ནི། ལྷན་ཅིག་སྤྱོད་པ་དང་རྗེས་སུ་འབྲང་བའི་ལྷ་མོའི་འཁོར་ ལོའི་འཁོར་ཕུན་སུམ་ཚོགས་པ་དང་ལྡན་པས་ཟག་པ་མེད་པའི་བདེ་བ་ལ་ལོངས་སྤྱོད་ པ་སྟེ། ལོངས་སྤྱོད་དང་རྫོགས་པ་དང༌། ཁ་སྦྱོར་བ་དང་བདེ་ཆེན་ཞེས་པ་ཡན་ལག་ གསུམ་དང་ལྡན་པ་ལོངས་སྐུའི་མཚན་ཉིད་ཡིན་ནོ། །རྐང་པ་གཉིས་པས་ནི་ཆོས་ཀྱི་དེ་ བཞིན་ཉིད་ཐུགས་སུ་ཆུད་པ་རང་བཞིན་མེད་པའི་ཡན་ལག་ཆོས་སྐུ་ཡིན་ནོ། །དེ་ནས་ རྐང་པ་གསུམ་པས་ནི་སྤྲུལ་སྐུའི་མཚན་ཉིད་དེ། སྙིང་རྗེ་ཆེན་པོའི་ཡན་ལག་གིས་འགོག་ པའི་མཐར་ནི་ཤེས་པར་རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་མཛད་པར་ཞེས་བྱ་བ་ སྟེ། སེམས་ཅན་ཐམས་ཅད་སད་པར་མཛད་པ་ཞེས་བྱ་བ་དང༌། སྒྱུ་མ་སྤྲོས་པས་རྡོ་རྗེ་ འཕེན་མཛད་པ་ཞེས་པའི་དོན་ཡིན་ཏེ་སྤྲུལ་པའི་སྐུའི་ཡན་ལག་གོ །ཧེ་རུ་ཀ་དཔལ་ཞེས་ བྱ་བ་ནི་ཆོས་སྐུ་དང་གཟུགས་སྐུ་གཉིས་ཀའི་སྒོ་ནས་ཡིག་བཞིའི་དོན་དང་ལྡན་པ་སྟེ། རང་དང་གཞན་གྱི་དགོས་པ་ཐམས་ཅད་གྲུབ་པས་ན་ཡིད་དགོས་པ་ཆེན་པོ་ཞེས་བྱ་ བའི་དོན་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་གདོང་གཡོགས་ནས་འབྲུ་གསུམ་བརྗོད་ ཅིང་བྱིན་གྱིས་བརླབས་ནས། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས་དེ་ བཞིན་གཤེགས་པ་ཐམས་ཅད་བཀུག་པ་ཞལ་དུ་ཞུགས་ཐུགས་ཀར་འོད་དུ་ཞུ། གསང་ བའི་གནས་ནས་བྱང་སེམས་ཀྱི་ཐིག་ལེའི་རྣམ་པས་བབ་པ། དེ་དག་གི་ལྕེ་ཐོག་ཏུ་གནང་ བར་བསམ་ཞིང༌། བརྟག་གཉིས་ལས་གསུངས་པའི། ཇི་ལྟར་འདས་པའི་སངས་རྒྱས་ 8-1-82 ཀྱིས། །ཞེས་སོགས་བརྗོད་ནས། དངོས་སུ་བདུད་རྩི་མཐེ་འོང་སྲིན་ལག་དག་གིས་ནི། སློབ་མའི་ཁར་ནི་ལྟུང་བར་བྱ། །ཞེས་པ་ལྟར། སློབ་མའི་ཁར་བླུགས་པ་མགྲིན་པའི་གནས་ སུ་ཐིམ་པས། རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། གསུང་རྣམ་པར་དག་པ་འོད་ དཔག་ཏུ་མེད་པའི་ངོ་བོར་གྱུར་པར་མོས་པར་བྱ། དེའང་རང་བཞིན་བརྒྱད་ཅུའི་རྟོག་ པ་ནི། སྤྱོད་བསྡུས་སྒྲོན་མེ་ལས། འདོད་ཆགས་དང་བྲལ་བ་བར་མ་དང༌། ཞེས་སོགས་ཞེ་ སྡང་ལས་གྱུར་པ་སུམ་ཅུ་རྩ་གསུམ་དང༌། ཆགས་དང་ཀུན་ཏུ་ཆགས་པ། ཞེས་སོགས། འདོད་ཆགས་ལས་གྱུར་པ་བཞི་བཅུ་དང༌། ཆགས་པ་དང༌། ཆགས་པ་བར་མ་དང༌། བརྗེད་ངེས་པ་དང༌། ཞེས་སོགས་གཏི་མུག་ལས་གྱུར་པ་བདུན་སྟེ། བརྒྱད་ཅུ་གསུངས་ སོ། །དེ་ནས་འབྲུ་གསུམ་བརྗོད་ནས་གདོང་གཡོགས་དབྱེ་བར་བྱའོ། །སྔར་གྱི་ཆོ་ག་རྣམས་ རྡོ་རྗེ་འཆང་གི་ང་རྒྱལ་གྱིས་བྱེད་ཀྱང༌། འདིར་བསྟན་པ་གཅིག་ལ་སྟོན་པ་གཉིས་མི་ འབྱུང༌། ཞེས་པའམ། སྟོན་པ་དང་བསྟན་འཛིན་རྣམས་ཀྱི་ནང་ནས། ངུར་སྨྲིག་འཛིན་པ་ མཆོག་ཡིན། ཞེས་བསྟན་པའི་ཕྱིར༌། སྤྲུལ་སྐུ་ཤཱཀྱ་ཐུབ་པའི་ཆ་ལུགས་ཀྱིའོ། །དེའང་མ་ འོངས་པའི་དུས་སུ་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པའི་ཕྱིར། སློབ་དཔོན་རང་ ཉིད་ལངས་ལ་ཆོས་གོས་གྱོན་ཏེ། ཆོས་གོས་ཀྱི་སྣ་གཉིས་སེང་གེའི་རྣ་བ་ལྟར་བྱས་ལ་ གཡོན་པས་བཟུང་སྟེ། གཡས་པས་རྡོ་རྗེ་དྲིལ་བུ་བཟུང་ལ་སྐྱབས་སྦྱིན་དུ་བྱས་ལ། འདིར་ ནི་ཁྱོད་ལ་ངས་ལུང་བསྟན། ཞེས་སོགས་ནས། སྔགས་འདི་དང་ཕྱག་རྒྱ་འདི་ཡི་མཐུ་ཡིན་ ནོ། །ཞེས་སོགས་ཀྱི་བར་བརྗོད་པར་བྱའོ། །ཆྒཻ་མོ་རྡོ་རྗེ་ཞེས་བྱ་བའི་གནས་དེར་སློབ་མ་ སོ་སོའི་སྔར་དབང་གི་དུས་སུ་བརྟགས་པའི་མིང་བཅུག་སྟེ། རེ་རེ་ནས་ལུང་བསྟན་པར་ བྱའོ། །དེ་དག་གི་དོན་ཡང༌། རྡོ་རྗེ་ཕྲེང་བར། དེ་ལྟར་ཡང་བྷུར་ནི་རླུང་གི་དཀྱིལ་འཁོར་ ལ་སོགས་པ་འཁོར་དང་ལྡན་པའི་ས་འོག་གོ །བྷུར་བ་ཞེས་པ་ནི་ས་སྟེང་གི་འཇིག་རྟེན་ ནོ། །ཞེས་སོགས། ཞེས་པ་ནི་མཐོ་རིས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ ཀྱི་མཐར་ཐུག་པའོ། ། དེ་གསུམ་ཆར་ཡང་ཁྱོད་ཡིན་ཏེ་གང་གི་ཕྱིར་དེ་རྣམས་ཀྱི་རང་ བཞིན་གྱི་དེ་ཁོ་ན་ཉིད་ཀྱི་ས་མ་ཡ་སྟྭཾ། ས་རབ་ཏུ་དགའ་བ་ལ་སོགས་པའི་རིམ་པས་ 8-1-83 རྟོགས་པར་ནུས་པ་ཉིད་ཀྱིས་སོ། ། ཞེས་པ་ནི་ས་མ་ཡ་སྟྭཾ། བྷུར་བྷུ་བ་སོགས། ཞེས་བྱ་བའི་ དོན་ཏོ། །དེའང་རྡོ་རྗེ་གུར་ལས། ཤཱཀྱ་ཐུབ་པ་རང་གྱུར་ནས། །སློབ་མ་ཆེན་པོ་ལུང་ བསྟན་བྱ། །ཞེས་དང༌། དྲིལ་བུ་ཞབས་དང་ཕྲེང་བར་གཡས་པས་དྲིལ་བུ་མི་འཛིན་པར་ གསུང་ཞིང༌། དྲིལ་བུ་འཛིན་པ་རྗེ་བཙུན་ཆེན་པོའི་ཕྱག་ལེན་ནི་རིན་ཆེན་འབར་བར་ གསུངས་ཏེ། ཇི་སྐད་དུ། གཡས་པ་མཆོད་སྦྱིན་ཁུ་ཚུར་གྱིས། །སྙིང་ཁར་ཆོས་གོས་གྲྭ་ནས་ བཟུང༌། །ལག་པ་དྲིལ་བུ་མགུལ་དུ་བསྡམ། ། བླ་མ་རྡོ་རྗེ་འཆང་བ་ཡིས། །དབུགས་འབྱུང་ ཐམས་ཅད་ཡང་དག་བླང༌། །ཤཱཀྱ་ཐུབ་པ་ཉིད་གྱུར་པས། །སློབ་མ་ཆེན་མོ་ལུང་བསྟན་ བྱེད། །ཅེས་སོ། །དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ཅེས་དྲན་དུ་ གཞུག་གོ །གསང་བའི་དབང་ངོ༌། ། དེ་ནས་གུར་ལས། གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །ཞེས་པས། གསང་དབང་གིས་ངག་གི་ དྲི་མ་དག་པའི་སློབ་མ་འོད་དཔག་མེད་ཀྱི་ང་རྒྱལ་གྱིས། བླ་མ་ཆོས་ཀྱི་སྐུར་དམིགས་པ་ ལ། མཎྜལ་ཕུལ་ཏེ། བརྟག་པ་གཉིས་ལས་འབྱུང་བའི། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །ཞེས་ སོགས། ལན་གསུམ་གྱི་གསོལ་བ་གདབ། གདོང་གཡོག་ནས་འབྲུ་གསུམ་བརྗོད་ཅིང༌། བདུད་རྩི་གཏོར་བས་བྱིན་གྱིས་བརླབས་ཏེ། དེ་ནས་སློབ་མ་ཀྱེའི་རྡོ་རྗེར་དམིགས་པ་ལ་ བླ་མས་རིག་མ་རྡོ་རྗེ་བདག་མེད་མ་གནང་བར་བསམ་ཞིང༌། བརྟག་གཉིས་ལས་འབྱུང་ བའི། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །ཞེས་སོགས་དྲིས་ལན་དང༌། མཁའ་གསང་བྱིན་ གྱིས་བརླབས་ལ་མཉམ་པར་གཞག་གོ །བཤང་གཅི་དག་ནི་བཟའ་བ་དང༌། །ཞེས་པ་ ནས། འདི་ཉིད་དུ་ནི་རྟག་ཏུ་གཞུག །ཅེས་པའི་བར་ཉིན་མོའི་འབྱུང་གནས་ཟླ་བར་ གསུངས་ཤིང༌། ནག་པོ་པས་ཐམས་ཅད་ཚང་བར་གསུངས་སོ། །དེ་ནས་གདོང་གཡོགས་ ཕྱེ་ལ། དཔལ་མཆོག་དང་དེ་ཉིད་འདུས་པར་འབྱུང་བའི། འདོད་ཆགས་བྲལ་བ་ལྟ་བུ་ ཡི། །ཞེས་སོགས་བརྗོད་དེ། དེ་དག་གི་དོན་ནི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ལ་ཆགས་པ། དད་པས་ལྷ་དང་བླ་མ་ལ་ཆགས་པ། སྙིང་རྗེས་སེམས་ཅན་གྱི་དོན་དང་བདེ་བ་ཆེན་པོ་ ལ་ཆགས་པ་སྟེ། ཆགས་པ་གསུམ་གྱི་དོན་ལ་གདམས་ནས། ཕྱག་འཚལ་ཏེ་རང་གི་ལུས་ 8-1-84 ཕུལ་ལ། སྤྱི་རྒྱུད་ལས་གསུངས་པའི། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་ འདི་ནི་ཕུལ་བ་ལགས། །ཞེས་པས། དཀྱིལ་འཁོར་དང་སངས་རྒྱས་རྣམས་ལ་ཕུལ་ནས། སྤྱི་རྒྱུད་ལས་འབྱུང་བའི། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །ཞེས་སོགས་བརྗོད་ ནས། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་པའི། ཁམས་གསུམ་གྱི་ནི་རྒྱལ་སྲིད་ ཆེ། །ཞེས་སོགས་ཀྱིས་འབྲས་བུའི་དབུགས་ཕྱུང་ནས། ལམ་གྱི་དབུགས་འབྱུང་བ་འདི་ རྣམས་གུར་ལས་བཤད་པ་དེ་ལ་ཡང༌། རྩ་བའི་ལྟུང་བ། མི་འབྲལ་བའི་དམ་ཚིག །སེམས་ བརྟན་པ་ཐོབ་པའི་དམ་ཚིག །ལས་དང་པོ་པའི་དམ་ཚིག་དང་བཞི་ལས། དང་པོ་ནི། སློབ་དཔོན་སྨད་པར་མི་བྱ་ཞིང༌། །ཞེས་པ་ནས། བུད་མེད་ཉིད་ལ་སྨད་མི་ བྱ། ། ཞེས་པའི་བར་གྱིས་བསྟན་པ་དེ་དག་གི་དོན་ཏོ། །དུས་འཁོར་འགྲེལ་ཆེན་དང༌། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་རྩ་ལྟུང་གི་བཤད་པར་བལྟའོ། ། གཉིས་པ་ནི། མི་འབྲལ་བའི་དམ་ཚིག་ལ། ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དཀོན་ མཆོག་གསུམ་ནི་སྤང་མི་བྱ། །ཞེས་པ་ནི་སྤྱིའི་དམ་ཚིག་གོ །རྡོ་རྗེ་དྲིལ་བུ་ནི་ཕྱིའི་བརྡ་ དང༌། ནང་ཐབས་ཤེས་རབ་ཀྱི་མཁའ་དང་གསང་བ། བྱང་ཆུབ་སེམས་གང་དེ་རྡོ་ རྗེ། །ཤེས་རབ་དྲིལ་བུ་ཞེས་སུ་བཤད། །ཅེས་པའོ། །གཙུག་ཏོར་ནི་ཕྱི་རྫས་གྱི་དབུ་རྒྱན། ནང་རིགས་པ་དག །གསང་བ་སྤྱི་གཙུག་གི་ཧཾ། སྦྱིན་སྲེག་ནི་ཕྱི་མེ་ཐབ། ནང་ཁ་ཟས། གསང་བ་སྔགས་དང་ཆོས་སོ། །རབ་གནས་ནི་ཕྱི་སྐུ་གཟུགས། ནང་ཏིང་ངེ་འཛིན་གྱི་ དཀྱིལ་འཁོར་ལ་ཡེ་ཤེས་པ་གསང་སྔགས་དང་ཆོས་དབྱིངས་བྱང་སེམས་གཞིར་གནས་ ལ་བྱོན། སྤྱན་དྲང་བ་གཏོར་མ་ནི་ཕྱི་འབྱུང་པོ་ལ་ནང་ཁ་ཟས་གསང་བ་སྔགས་དང་ ཆོས་སོ། །སྔགས་ཕྱིའི་ཨོཾ་ལ་སོགས་པ་ནང་སྔགས་དང་ཆོས། གསང་བ་སྐྱེ་བ་མེད་པ་དེ་ དག་ཀྱང་ཕྱི་རྣམས་རྟག་ཏུ་མ་གྲུབ་ཀྱང་ནང་དང་གསང་བ་རྟག་ཏུ་མི་འབྲལ་བར་བྱ་ དགོས་ཏེ། དེ་དག་ཀྱང་ཇི་ལྟར་བྱ་ཞེ་ན། མི་འབྲལ་བར་བྱ་བ་ནི། བསྐྱེད་པ་དང་རྫོགས་ པའི་རིམ་པ་ཐུན་བཞི་ཁ་ཟས་ཀྱི་རྣལ་འབྱོར་དང་མི་འབྲལ་བར་བྱས་ནས་འགྲུབ་པར་ འགྱུར་བ་ཡིན་ནོ། །ཞེས་བླ་མ་རྗེ་བཙུན་ཆེན་པོས་གུར་རྒྱན་དུ་གསུངས་སོ། ། 8-1-85 གསུམ་པ་སེམས་བརྟན་པ་ཐོབ་པའི་དམ་ཚིག་ནི། སྤྱོད་པའི་གནས་སྐབས་ཡིན་པས་ཕྱག་ རྒྱ་བཅིང་བ་རྣམས་སྤང་ཞིང༌། ཞེས་པ་ནས། བླ་མའི་རྒན་རབ་ཕྱག་འཚལ་བའི་བར་ གྱིས་བསྟན་ཏོ། ། བཞི་པ་ལས་དང་པོ་པའི་དམ་ཚིག་ནི། རྟག་པར་རྒྱུན་དུ་སྔགས་བཟླས་ཤིང་ཞེས་སོགས་ ཚིག་ཇི་ལྟ་བ་ཤེས་པར་བྱའོ། །ལམ་གྱིས་དབུགས་དབྱུང་བའོ། །དེ་ལྟར་ཀུན་རྫོབ་བྱང་ ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཅེས་སོགས་དྲན་དུ་ གཞུག་གོ །ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །ཤེས་རབ་ཡེ་ཤེས་ཀྱི་དྲི་མ་དག་པས་སེམས་ རྣམ་པར་དག་པ་མི་བསྐྱོད་པའི་ང་རྒྱལ་གྱིས་བླ་མ་ངོ་བོ་ཉིད་ཀྱི་སྐུར་དམིགས་པ་ལ། དབང་བཞི་བའི་འདོད་དུ་མཎྜལ་ཕུལ་ནས། གཞུང་འགྲེལ་གྱི་དཀྱིལ་ཆོག་ལས་འབྱུང་ བའི། བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་ གདབ། གདོང་གཡོགས་ལ་འབྲུ་གསུམ་བརྗོད་ཅིང་བདུད་རྩི་གཏོར་པས་བྱིན་གྱིས་ བརླབས་ནས་ལུས་དཀྱིལ་ཀྲུང༌། ལག་པ་མཉམ་བཞག་གི་ཕྱག་རྒྱ་བཅའ་ལ། བརྟག་ གཉིས་ལས་འབྱུང་བའི། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །ཞེས་སོགས་བརྗོད་དེ། དེ་དག་གི་ དོན་གྱི་ཡེ་ཤེས་འདི་ནི་སངས་རྒྱས་ཀྱི་ཡེ་ཤེས་དང་སེམས་ཀྱི་ཆོས་ཉིད་མཚོན་པར་བྱེད་ པ་དབང་གསུམ་པའི་ཡེ་ཤེས་ལྷན་སྐྱེས་སོ། །ཆེས་ཕྲ་བ་ནི་རྟོགས་པར་དཀའ་བའོ། །རྡོ་རྗེ་ ནི་རྣམ་རྟོག་གིས་མི་ཕྱེད་པའོ། །དམིགས་པ་མེད་པའི་དཔེ་ནི་ནམ་མཁའ་སྟེ། དཀྱིལ་ ལམ་སྙིང་པོ་ནི་མཐའ་དང་བྲལ་བའོ། །རྡུལ་བྲལ་ནི་ཉོན་མོངས་པ་ཟད་པའོ། །མཐར་ ཕྱིན་པ་ནི་སྲིད་པ་ཟད་པ་སྟེ་རྡོ་རྗེ་འཆང་སྦྱིན་པའོ། །ཞི་བ་ནི་གདོད་མ་ནས་མ་སྐྱེས་ པའོ། །ཁྱོད་རང་ཡང་ནི་དེའི་ཕ་ཞེས་བྱ་བ་ནི། ཐ་སྙད་ཀྱིས་བརྗོད་པར་ཤེས་པར་མི་ནུས་ པས། རང་ལ་ཡེ་ཤེས་སྐྱེད་པ་དེའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་སྟེ། སངས་རྒྱས་ཀྱིས་ མངོན་དུ་གྱིས་ཤིག །ཅེས་བྱ་བའི་དོན་ཡིན་ནོ། ། ཞེས་རྗེ་བཙུན་ཆེན་པོའི་དག་ལྡན་ལ་ གསུངས་ཤིང༌། བླ་མ་དམ་པ་འཕགས་པས་ཀྱང༌། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ ནམ་མཁའི་དཀྱིལ་ལྟ་བུའི། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ 8-1-86 ཕ། །དེ་ཡང་རང་གི་སེམས་ཉིད་ནི། །ཐོག་མཐའ་མེད་ཅིང་སྐྱེ་འགག་མེད། །དངོས་པོ་ ཀུན་གྱི་ཆོས་ཉིད་དེ། །ལྷན་ཅིག་སྐྱེས་པའི་ངོ་སྤྲོད་ཚིགས་བཞི་པའོ། །དེའི་ཡེ་ཤེས་སྐྱེ་བ་ ནི་དོན་གྱི་བཞི་པ། ཕྱག་རྒྱ་དང་བཅས་པ་རྟེན་ཅན་ཀུན་ཏུ་གོམ་བྱེད་ལམ་གྱི་བཞི་ པའོ། །འགྲོས་བཞི་ཐིམ་ནས་གྲུབ་པ་གང༌། །མངོན་དུ་བྱེད་པ་བཞི་པ་སྟེ། ། ཞེས་དབང་ གོང་མ་གསུམ་གྱི་ལག་ལེན་གྱི་རིམ་པར་གསུངས། མན་ངག་སྙེ་ཆུང༌། སློབ་དཔོན་ཨ་ བྷྱས་མཛད་པར་གྲགས་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་སྐབས་སུ། འདི་སྐད་ དུ། དེའི་དུས་སུ་སྐྱེས་པའི་ཡེ་ཤེས་ལ་ཁ་ཅིག་ནི་དཔེའི་ཡེ་ཤེས་སུ་འདོད་ལ། ཁ་ཅིག་ དོན་གྱི་ཡེ་ཤེས་སུ་འདོད་པའོ། །འདིར་ནི་དོན་གྱི་ཡེ་ཤེས་སུ་བཀའ་སྲོལ་དང་བཅས་ པར་བཤད་དོ། །དེ་ལ་ཁ་ཅིག་ནི་དོན་གྱི་ཡེ་ཤེས་སུ་འདོད་པ་སྟེ། སྤང་བྱ་མ་སྤངས་པའི་ ཕྱིར་ཟེར་ན་དེ་ནི་མི་རིགས་ཏེ་དབང་དུས་ཀྱི་ཡེ་ཤེས་དེས་སྤང་བྱ་མ་སྤངས་ཀྱང་ཡེ་ ཤེས་དངོས་ཡིན་ཏེ་མུན་ཁུང་གི་ནོར་བུ་ལྟ་བུའོ། །ཁྲོ་བོ་རོལ་པ་དམ་པའི་རྒྱུད་ལས་ཀྱང༌། ཉི་ཟླ་མཁའ་ལ་ཤར་བའི་ཚེ། །གླིང་དང་ཆུ་ཀླུང་རྣམས་སུ་ཡང༌། །ཐམས་ཅད་དྲོ་བར་མ་ ནུས་ཀྱང༌། །ཉི་མ་མིན་པ་སུ་ཞིག་སྨོད། །དབང་གིས་བསྟན་པའི་ཡེ་ཤེས་དེས། །སྤང་བྱ་ སྤང་བར་མི་ནུས་ཤིང༌། །འབྲས་བུ་འབྱིན་པར་མི་ནུས་ཀྱང༌། །ཡེ་ཤེས་མིན་པར་བརྗོད་ མི་ནུས། ། ཞེས་སོ། །དེས་ན་དབང་དུས་ཀྱི་ཡེ་ཤེས། དཔེར་ན་འདོད་པ་དེས་གསུང་རབ་ ཀྱི་དོན་མང་པོར་མི་ཤེས་སོ། །ཐལ་འགྱུར་གྱི་དོན་མེད་དོ། །ཞེས་གསུམ་པའི་ཡེ་ཤེས་ཏེ། དོན་གྱི་ཡེ་ཤེས་སུ་བརྗོད་ནའང༌། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་དུས་ཀྱི་ འཁོར་ལོའི་འགྲེལ་པ་མཆོག་མི་འགྱུར་གྱི་སྐབས་སུ་དེའི་ཕྱིར་བརྗོད་པར་བྱའོ། །བྱང་ ཆུབ་སེམས་ཀྱི་ཐིག་ལེར་གྱུར་པའི་བདེ་བ་ཀུན་ཏུ་བཟང་པོའི་བདེ་བ་ཆེན་པོའི་ཤེས་ རབ་ཡེ་ཤེས་དེ་བཞིན་གཤེགས་པས་གསུངས་པས་དེ་ལྟར་མ་ཡིན་ཏེ། གང་གི་ཕྱིར་བཞི་ པའི་དེ་ཡང་དེ་བཞིན་ནོ། ། ཞེས་པའི་དགག་པ་གསུངས་པའི་ཕྱིར་རོ། །འདིར་གལ་ཏེ་ གསུམ་པར་འགྱུར་བའི་བདེ་བ་ཤེས་རབ་ཡེ་ཤེས་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་བཞི་ པ་ཡིན་ན་དེའི་ཚེ་མངོན་པར་བརྗོད་ཟིན་པ་མངོན་པར་བརྗོད་པར་འགྱུར་རོ། །དེ་ལྟར་ 8-1-87 ཡང་རིགས་པ་མ་ཡིན་ཏེ། ཟློས་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ལག་ པ་ཞེས་བརྗོད་པའི་རྗེས་ལ་སླར་ཡང་ལག་པ་ཞེས་པ་དང༌། དེ་བཞིན་དུ། སླང་ཡང་ཞོ་ ཞེས་པ་བཞིན་ནོ། །འདི་ནི་བྱིས་པ་དང་བསྙོན་པའི་ཚིག་སྟེ་མཁས་པ་རྣམས་ཀྱིས་ནི་མ་ ཡིན་ནོ། །དེའི་ཕྱིར་བཞི་པ་ཞེས་གསུངས་པའི་ཕྱིར་གསུམ་པར་མི་འགྱུར་རོ། །དེ་ཡང་དེ་ བཞིན་ནོ། །ཞེས་གསུངས་ཕྱིར། དེ་ཉིད་ཤེས་རབ་ཡེ་ཤེས་སོ། །ཞེས་དང་འདི་གལ་ཏེ་ཐིག་ ལེ་འདོར་བའི་གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་པ་ཡིན་ན། དེའི་ཚེ་བཅོམ་ལྡན་ འདས་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་བར་མི་འགྱུར་ཞིང༌། གལ་ཏེ་བཞི་པ་ཁྱད་པར་ དགའ་བ་ཡིན་ན། དེའི་ཚེ་དགའ་བ་དང་མཆོག་དགའ་དང་ཁྱད་པར་དགའ་བ་དང་ ལྷན་ཅིག་སྐྱེས་པའི་བསམ་གཏན་བཞི་པའི་རྩེ་མོ་འཆད་པར་མི་འགྱུར་ཞིང༌། དེའི་ཕྱིར་ དེ་བཞིན་གཤེགས་པའི་ཡེ་ཤེས་ནི་དབང་པོ་མེད་ཅིང་རང་རིག་པའོ། །ཞེས་པ་དང༌། གསུམ་པ་དང་བཞི་པ་མི་གཅིག་པར་གསུངས་ཤིང༌། དཔལ་ཕྱག་ན་རྡོ་རྗེ་བདེ་མཆོག་ སྟོད་འགྲེལ་ལས་ཀྱང༌། འདིར་བྱིས་པའི་སྐྱེ་བོ་རྣམས་གསུམ་པའི་ཤེས་རབ་ཡེ་ཤེས་ཉིད་ དབང་བསྐུར་བ་བཞི་པའི་ཞེས་སྨྲ་བར་འགྱུར་ཏེ། དེས་ན་བརྗོད་པར་བྱའོ། །གསུམ་པའི་ ཤེས་རབ་ཡེ་ཤེས་སླར་ཡང་དེ་བཞིན་གྱི་སྒྲས་བཞི་པར་མི་འགྱུར་རོ། །གལ་ཏེ་གསུམ་པ་ དེ་ཉིད་བསྐྱར་ནས་བརྗོད་ན་ཚིག་ཟློས་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །ཅི་སྟེ་གསུམ་ པ་ནི་རྒྱུ་ཡིན་ཞིང་བཞི་པ་ནི་འབྲས་བུའོ། །རྒྱུ་དང་འབྲས་བུ་དག་ལ་དབྱེ་བ་མེད་པའི་ ཕྱིར་རོ། །བཞི་པ་ཡང་གསུམ་པར་གྲུབ་བོ། །ཞེས་པའི་བྱིས་པ་རྣམས་ཀྱི་ཚིག་འབྱུང་བར་ འགྱུར་ཏེ་དེས་ན་བརྗོད་པར་བྱའོ། །འདི་ཉིད་བཅོམ་ལྡན་འདས་ཀྱི་གསུང་མ་ཡིན་ ཏེ། སྔར་བརྗོད་པའི་དོན་དམ་པའི་བདེན་པ་ལས་སོ། །གང་གི་ཕྱིར་བཅོམ་ལྡན་འདས་ ཀྱིས་འབྲས་བུ་གསུམ་བསྒྲུབ་པའི་ཕྱིར། ཕྱག་རྒྱ་གསུམ་གསུངས་པའི་ཕྱིར་རོ། ། ཞེས་པ་ རྣམས་ཀྱིས་བཞི་པ་དང༌། གསུམ་པའི་མི་གཅིག་པར་བཤད་དོ། །འོ་ན་ཁྱད་པར་ཇི་ལྟར་ བུ་སྙམ་ན། བུམ་པའི་དབང་དང་གསང་དབང་དང་ཤེས་རབ་ཡེ་ཤེས་གསུམ་པ་མན་ ཆད་ནི་ཞུ་བདེ་འགྱུར་བཅས་ཀུན་རྫོབ་འཇིག་རྟེན་པ་དང་ཐུན་མོང་པའི་དབང་ཡིན་ 8-1-88 ལ། བཞི་པ་ཤེས་རབ་ཡེ་ཤེས་ཆེན་པོའི་ཞུ་བདེ་འགྱུར་མེད་འཇིག་རྟེན་ལས་འདས་པ་ དོན་དམ་པའི་དབང་ཡིན་ཏེ། དབང་མདོར་བསྟན་པའི་རྒྱུད་ལས། བུམ་པ་དང་ནི་ གསང་བའི་དབང༌། ། ཤེས་རབ་ཡེ་ཤེས་མངོན་བརྗོད་པ། །སླར་ཡང་ཤེས་རབ་ཆེན་པོ་ ཉིད། །དེ་ཡི་ཡེ་ཤེས་མངོན་པར་བརྗོད། །འགྱུར་དང་འགྱུར་དང་དེ་ནས་འཛག །དེ་ནས་ གཞན་ནི་མི་འཛག་པའོ། ། ཞེས་གསུངས་ཤིང༌། བདེ་མཆོག་སྟོད་འགྲེལ་ལས་ཀྱང༌། འདིར་རྒྱུད་གཞན་དང་དགོས་པའི་སྐབས་གཞན་དང༌། ངེས་པའི་དོན་གྱིས་སླར་ཡང་ བུམ་པའི་སྒྲས་བསྟན་ནས་མ་བརྗོད་དོ། ། དེ་ལ་རིག་པ་ལ་འགྱུར་བའི་བདེ་བ་བསྐྱེད་པ་ གང་ཡིན་པ་དེ་ནི་བུམ་པའི་དབང་བསྐུར་བའོ། །དེ་ལྟར་གསང་བར་རྡོ་རྗེ་སྤྲོ་བ་ལས་ འགྱུར་བའི་བདེ་བ་བསྐྱེད་པ་གང་ཡིན་པ་དེ་ནི་གསང་བའི་དབང་བསྐུར་བའོ། །དབང་ པོ་གཉིས་སྙོམས་པར་ཞུགས་པ་འགའ་ཞིག་འཛག་པའི་བདེ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་ དབང་བསྐུར་བའོ། །ཕྱག་རྒྱ་ཆེན་མོའི་རྗེས་སུ་ཆགས་པས་འགའ་ཞིག་འགྱུར་བ་མེད་ པའི་བདེ་བ་ནི་བཞི་པ་དེ་ཡང་དེ་བཞིན་གྱི་དབང་བསྐུར་བའོ། །དེ་ལྟར་འགྱུར་བ་དང་ འགྱུར་བ་དང༌། འཛག་པ་དང་འཛག་པ་མེད་པའི་དབྱེ་བས་དབང་བསྐུར་བ་རྣམ་པ་ བཞིའོ། །ཞེས་པ་ལྟར་བཞི་པ་ངོ་སྤྲད་པར་བྱ་ཞིང༌། རྒྱས་པར་ནི་ལུང་དང་མན་ངག་རྒྱ་ ཆེ་རབ་འབྱམས་ལས་རྟོགས་པར་བྱའོ། ། བརྒྱད་པ་འཇུག་གི་བྱ་བ་ནི། མཎྜལ་ཕུལ་ཏེ། ནག་པོ་པའི་གཞུང་འགྲེལ་ལས་བྱུང་བའི། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་ གསུམ་གྱིས་དམ་ཚིག་དང་སྡོམ་པ་བསྡུས་ཏེ་ཁས་བླངས་ནས། དེང་ནས་བརྩམས་ཏེ་ བདག་བྲན་དུ། ། ཞེས་སོགས་ཀྱིས་ལུས་དང་ལོངས་སྤྱོད་བཏང་རྟག་ཏུ་འབུལ་ལོ། །དེ་ ནས་གཏོར་མ་རྣམས་སྟ་གོན་གྱི་སྐབས་ལྟར་ཕུལ་ནས་ཕྱི་ནང་གི་ལྷ་རྣམས་མཆོད་པའི་ ཕྱིར། ཚོགས་ཀྱི་འཁོར་ལོ་ལྷག་གཏོར་བཀྲ་ཤིས་དང་བཅས་པའི་བར་ཆོ་ག་ནས་འབྱུང་ བ་ལྟར་བྱས་ནས། མདུན་གྱི་དཀྱིལ་འཁོར་ལ་སླར་ཡང་མཆོད་པ་དང་བསྟོད་པ་བྱས་ ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཇི་ལྟར་འདོད་པ་རྣམས་གསོལ་བ་བཏབ་ 8-1-89 ནས། ལས་བསགས་པ་འབྲས་བུ་དང་ལྡན་པའི་ཕྱིར། བསྔོ་བ་དང་སྨོན་ལམ་རྒྱ་ཆེར་ བཏབ་ལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་ པ་དང་ནི་བགྱིད་རྩལ་གང༌། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཞེས་པ་དང༌། ཡི་ གེ་བརྒྱ་པ་ཡང་བརྗོད་དོ། །དཀྱིལ་འཁོར་ལ་མ་བསྟིམས་པའི་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་ལ། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་ དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་ དུ་གསོལ། །ཞེས་བརྗོད་ལ་ཡི་གེ་བརྒྱ་པའི་མཐར་མུཿ ཞེས་བརྗོད་དེ། དཀྱིལ་འཁོར་གྱི་ཡེ་ ཤེས་པ་དང༌། བུམ་པ་ལྷའི་ཡེ་ཤེས་པ་ཐམས་ཅད་དབྱིངས་སུ་གཤེགས་སུ་གསོལ། ཨོཾ་ ཨཱཿཧཱུཾ་ཞེས་བརྗོད་པས་དམ་ཚིག་པ་བདག་གི་ཐུགས་ཀར་བསྡུ། ཨོཾ་ཨཱ་ཀ་རོ་མི་ཁཾ་སརྦ་ དྷརྨ་ཎཾ་ཨདྱ་ནུ་དེ་པན་ན་ཏྭད། ཞེས་བྱ་བ་དང༌། རིན་ཆེན་འབར་བ་དང༌། བཟང་པོ་ ཡོངས་བཟུང་ལས་གསུངས་པའི། ཨོཾ་ཀི་ལི་ཀི་ལི་ཧཱུཾ་ཛ་ཕཊ་སྭཱཧཱ། ཞེས་བརྗོད་ནས་རྡུལ་ ཚོན་དབང་ལྡན་གྱི་རྩིག་པ་དང་པོར་བྲིས་པ་དེ་དང་པོར་གཤེགས་སུ་གསོལ་ལ། དེ་ནས་ ཅི་བདེ་བར་གཤེགས་སུ་གསོལ། དཀྱིལ་འཁོར་གྱི་རྗེས་པའི་རྣམ་ལྔ་དང་དྲིའི་ཆུས་ ལེགས་པར་བྱུག་པར་བྱ་ཞིང༌། གྲུབ་ན་བར་འདིར་ལྷག་ཆད་བསྐང་བའི་ཕྱིར་ཞི་བའི་ སྦྱིན་སྲེག་བྱ། སླར་ཡང་རྡུལ་ཚོན་ཆུ་བོ་ཆེན་པོར་སྤྱན་དྲངས་པ་ལ་སོགས་པ་མཐོང་བ་ བརྒྱུད་པ་ལས་ཤེས་པར་བྱའོ། །རས་བྲིས་ཀྱི་དཀྱིལ་འཁོར་ལ་བསྟིམ་པ་ནི་རབ་ཏུ་གནས་ པ་མཆོག་ཏུ་འགྱུར་བའི་ཕྱིར། བརྟན་པར་བཞུགས་སུ་གསོལ་ནས། གཏོར་མའི་མགྲོན་ རྣམས་གཤེགས་སུ་གསོལ། གཏོར་མ་ཉིད་ཀྱང་རོལ་མོའི་སྒྲ་དང་བཅས་པས་བཏང་སྟེ། བདག་ཉིད་ཀྱི་གནས་གསུམ་བསྲུངས་ནས་ལས་ཀྱི་རྗེས་བསྡུས་ལ། བཀྲ་ཤིས་རྒྱས་པར་ བྱའོ། ། དབང་དོན་ལེགས་བཤད་ཡིད་བཞིན་ནོར་བུ་འདི། །རྣམ་དཔྱོད་གསལ་བའི་དེད་དཔོན་ དམ་པའི་མཐུས། །རྣམ་དག་ལུང་གི་རྒྱ་མཚོར་ལེགས་ཞུགས་ཏེ། །ཆོས་རྗེ་བླ་མའི་གསུང་ བཞིན་འབད་དེ་བླང༌། །འཁྲུལ་པ་མཆིས་ན་རྒྱལ་བ་སྲས་བཅས་དང༌། །རྒྱུད་སྡེའི་ 8-1-90 དགོངས་དོན་ཟབ་མོ་ཐུགས་ཆུད་ཅིང༌། །ལུང་རིགས་ཚུལ་ལ་ཆེས་ཆེར་སྦྱངས་པ་ཅན། ། མཁས་པའི་སྐྱེ་བོ་རྣམས་ལ་བཟོད་པར་གསོལ། །དེས་བསྐྲུན་དགེ་བས་བདག་སོགས་འགྲོ་ བ་ཀུན། །རྣམ་དག་དབང་བཞིའི་ལམ་ལ་རབ་ཞུགས་ཏེ། །འཕྲིན་ལས་རྣམ་བཞིའི་འགྲོ་ དོན་མཐར་ཕྱིར་པ། །སྐུ་བཞིའི་དཔལ་ལ་ཉེ་བར་སྤྱོད་པར་ཤོག ། ཅེས་པ་དབང་གི་ལེགས་བཤད་ལུང་དང་མཐུན་པ་ཞེས་བྱ་བ་འདི་ནི། རྡོ་རྗེ་འཆང་དང་ གཉིས་སུ་མེད་པའི་དཔལ་ལྡན་བླ་མ་དམ་པ་ས་སྐྱ་པ་ཡབ་སྲས་ཀྱི་གསུང་རབ་ལ་རྣམ་ དག་ལུང་གི་ཤེས་བྱེད་དང་སྦྱར་ཏེ། རང་བཟོ་འཁྲུལ་བའི་ལག་ལེན་རྣམས་དོར་ནས། འདི་ལྟ་བུའི་ལག་ལེན་རྣམ་དག་གི་རྗེས་སུ་འཇུག་པར་རིགས་སོ། །ཞེས་གདམས་པ་དང་ རང་གི་བརྗེད་བྱང་དུ། མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་དུ་མའི་གསུང་གི་བདུད་ རྩིའི་བཅུད་མྱངས་པས་བླང་དོར་གྱི་དོན་ཅུང་ཟད་རིག་ཅིང༌། ཆོས་ཀྱི་རྗེ་ས་སྐྱ་པ་ཡབ་ སྲས་ལ་མི་ཕྱེད་པའི་དད་པ་ཐོབ་པ། རྟོན་པ་བཞི་དང་ལྡན་པ་བདག་གིས་སྦྱར་ བའོ།། །།བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ ཅིག། །།མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾ། ཞུས་དག། འདིའི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་བྷྱ་ག་ར་གུབྟ། ཨ་ནུ་བ་ར་ རཀྵི་ཏ་བ་ཀྵ་ཏ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། བི་བྷུ་ཏི་ཙནྟྲ། བུ་བྷུ་མི་ཤྲི། བི་མ་ལ་ཤྲི་བྷ་ཏྲ། མང་ཀྱང་རྒྱུས། ཕུར་པ་བྱང་སེང༌། སྐྱི་སྟོན་འཇམ་དབྱངས། ཆོས་རྗེ་ཀུན་མཁྱེན་ཆེན་པོ། ཕྱོགས་རྒྱལ་བ། ཤེས་རབ་འོད་ཟེར། དགེ་བཤེས་དཔལ་རྒྱལ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-91 ༄༅། །དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བའི་ཐིག་རྩ་མན་ངག་གིས་བརྒྱན་པ་བཞུགས་སོ། ། ༄༅། །ན་མོ་བཛྲ་སཏྭ་ཡ། གང་ཞིག་ཐོགས་མེད་ཆོས་ཀྱི་དབྱིངས། །དབྱིངས་ལ་མ་གཡོས་ གཟུགས་ཀྱི་སྐུ། །སྐུ་གསུམ་དབྱེར་མེད་འཁོར་འདས་གཙོ། །གཙོ་བོ་ཨེ་ཝཾ་དེ་ལ་ འདུད། །གང་ཞིག་སྐྱེ་བོ་སྙིང་གི་མུན་པ་རྣམས། །སེལ་མཛད་ཤཱཀྱའི་རྒྱལ་པོའི་རྒྱལ་ཚབ་ མཆོག །འཇིགས་མེད་འབྱུང་གནས་སྦས་པས་གསུངས་པའི་དོན། །ཤིན་ཏུ་རླིང་བ་དཀྱིལ་ འཁོར་ཐིག་གི་ཚུལ། །རྒྱལ་བ་རྣམས་ཀྱིས་ཐུགས་རྗེ་སྐྲུན་པའི་སྐུ། །རིགས་ལྡན་ས་བཅུའི་ དབང་ཕྱུག་འཇམ་པའི་དབྱངས། །ཀུན་མཁྱེན་བླ་མའི་བཀའ་དྲིན་གྱིས་རྙེད་པ། །བདག་ ཉིད་དྲན་དང་འགའ་ལ་ཕན་ཕྱིར་བསྡུ། ། དང་པོར་འཇམ་ཞིང་མཉམ་པའི་སྟེགས་བུ་ལ། །ཐིག་ཆེན་རྣམས་དང་རྩ་ཐིག་བཙལ་ བྱའི་ཕྱིར། །ཆད་གུས་དབུས་ནས་ཟླུམ་པོའི་ཐིག་བསྐོར་ནས། །རྐང་པ་དང་བཅས་སུམ་ ཆས་ལྷག་པ་ཡི། །ཕྱོགས་བཞི་རྣམས་སུའང་དེ་བཞིན་བསྐོར་བྱས་ནས། །ཚངས་ཐིག་ སྒོ་ཚད་ཉེར་བཞི་གདབ་པར་བྱ། །དེ་ལས་ཕྱི་རོལ་ཟུར་ཐིག་བཞི་པོ་ཡང༌། །སྒོ་ཚད་བཅུ་ བདུན་བར་དུ་ལེགས་བཏབ་སྟེ། །ཟུར་ཐིག་རྩེ་ལ་མདའ་ཡབ་ཐིག་བཞི་གདབ། །རྩ་ཐིག་ མདའ་ཡབ་དབུས་སུ་ཐིག་བྱིན་ནས། །ནང་མ་དབུས་དོར་མཐའ་གཉིས་གདབ་བྱ་ ཞིང༌། །ཕྱི་མ་ཕྱེད་བགོ་དེ་ཡི་ཕྱི་ཡང་ཕྱིད། །དཀྱིལ་འཁོར་དག་ནི་ཆེ་ཆུང་ཐམས་ཅད་ ལ། །སྒོ་ནི་འཁོར་ལོའི་བརྒྱད་ཆ་དེ་ཡི་ནི། །རྐང་པ་དག་ལ་ཆེ་ཆུང་ཞེས་སུ་གསུངས། །སྒོ་ དང་མཉམ་པའི་སྒོ་ཁྱུད་དེ་བཞིན་འགྲམ། །ལོགས་ཀྱང་དེ་དང་འདྲ་བར་གསུངས་པ་ ཡིན། །རྩིག་པ་ཀ་བ་ཆ་ཆུང་རེ་རེའོ། །རྟ་བབས་སྒོ་ལས་སུམ་འགྱུར་དག་ལ་ནི། །སྣམ་བུ་ བཅུ་གཅིག་རིམ་བཞིན་གསེར་དང་ནི། །ཤར་བུ་རིན་ཆེན་རྨིག་པ་མུན་པ་དང༌། །བབ་ རན་མུན་པ་ཤར་བུ་རིན་ཆེན་དང༌། །རྨིག་པ་མདའ་ཡབ་རྣམས་ཡིན་དཔངས་སུ་ ནི། །མུན་པ་གཉིས་ནི་ཕྱེད་བཅས་ཆ་ཆུང་རེ། །གཞན་རྣམས་རེ་རེ་འདི་རྣམས་སྲིད་དུ་ 8-1-92 ཡང༌། །དང་པོ་དྲུག་པ་ཀ་བ་མདའ་དང་མཉམ། །གཉིས་གསུམ་བཞི་རྣམས་དེ་ལས་ཆ་ རེས་རིང༌། །བདུན་པ་དག་ནི་སྒོ་ལོགས་ཐིག་དང་མཉམ། །ལྔ་བརྒྱད་དགུ་བཅུ་རྩིག་པའི་ མཐའ་ཡི་ཚད། །བཅུ་གཅིག་པ་ནི་ཆ་ཆུང་བཅུ་པའོ། །ཚངས་ཐིག་དང་ནི་སྣམ་བུ་བཞི་པ་ ཡི། །སྟེང་ཐིག་འཛོམ་པར་ཕུར་བུ་བཟུང་བྱས་ནས། །སྒོ་ཚད་གཅིག་གིས་ཟླུམ་པོ་ཕྱེད་མ་ ནི། །སྟེང་ནས་ཕུབ་པ་བསྐོར་ཞིང་འོག་མ་ལ། ། ཚངས་ལས་གཡས་གཡོན་སྣམ་བུ་དང་པོ་ དང༌། །གཉིས་གསུམ་བཞི་རྣམས་རིམ་བཞིན་ཆ་ཆུང་ནི། །ཕྱེད་བཅས་ལྔ་དང་དྲུག་དྲུག་ བཞི་དོར་པའི། །ཟླུམ་པོའི་རྣམ་པ་སྟེང་དང་ཕྲད་པ་ཡིས། །གུ་ན་ཧ་ར་གསལ་འགྱུར་དེ་ ནང་དུ། །ཆ་ཆུང་ཕྱེད་པའི་ཟླུམ་པོ་དེ་བཞིན་ནོ། །ཡང་ན་སྣམ་བུ་བཅུ་གཅིག་འདི་དག་ དཔངས། །དང་པོ་གཉིས་པ་ལྔ་བརྒྱད་བཅུ་གཅིག་པ། ། ཕྱེད་བཅས་ཆ་ཆུང་རེ་རེ་གསུམ་ བདུན་དགུ། །ཆ་ཆུང་རེ་རེ་བཞི་དྲུག་བཅུ་པ་རྣམས། །ཆ་ཆུང་ཕྱེད་ཕྱེད་འདི་རྣམས་སྲིད་ དང་ནི། །གུ་ན་ཧ་རི་ཚད་རྣམས་སྔར་དང་མཚུངས། །དེ་སྟེང་ཆ་ཆེན་གཅིག་ལ་ཆོས་ འཁོར་དང༌། །རྡོ་རྗེ་རྭ་རྩེ་དེ་ཕྱིར་ཆ་ཆེན་ཕྱེད། །ཕྱེད་དང་གཅིག་གིས་པད་མ་རྡོར་ཕྲེང་ དང༌། །འོད་ཟེར་ཕྲེང་བ་དག་གི་ཁོར་ཡུག་གོ །འདི་ནི་ཆ་ཆེན་ཉེར་བཞི་འགྲམ་ལོགས་ ཀྱང༌། །སྒོ་དང་མཉམ་ཞིང་རྟ་བབས་ལུགས་གཉིས་སོ། །སྒོ་དང་མཉམ་པའི་སྒོ་ཁྱུད་ འགྲམ་ལོགས་ལ། །ཆ་ཆེན་ཕྱེད་ཕྱེད་རྩིག་པ་མུན་པ་དང༌། །ཀ་བ་དར་དཔྱངས་ཆ་ཆུང་ རེ་རེའོ། །ཆ་ཆེན་གཅིག་པའི་རྟ་བབས་དག་ལ་ནི། །དང་པོར་བརྒྱད་དུ་བགོ་བྱ་གསུམ་པ་ ཡི། །གསུམ་ཆ་ཕྱིར་བགོ་ལྔ་པའི་ནང་དུ་བགོ། །བདུན་པའི་ཕྱིར་བགོ་སྣམ་བུ་བཅུ་གཅིག་ ལ། །འདི་རྣམས་བརྒྱར་ནི་ཚངས་ཐིག་གཡས་གཡོན་དུ། །ཕྱེད་བཅས་ཆ་ཆུང་བཞི་དོར་ དང་པོར་ནི། །ཕྱེད་དང་བཅས་པ་ཆ་ཆུང་གཉིས་པའོ། །ཆ་ཆུང་ལྔ་ལྔ་དག་ནི་དོར་བའི་ མཐར། །གཉིས་པ་གསུམ་པ་ཆ་ཆུང་གསུམ་གསུམ་མོ། །རིག་བྱེད་དོར་ནས་བཞི་པ་ཆ་ ཆུང་གསུམ། །ཕྱེད་བཅས་གསུམ་དོར་ལྔ་བ་ཕྱེད་དང་བཞི། །གསུམ་སྤངས་དྲུག་པ་ཉིད་ ནི་ཆ་ཆུང་ལྔ། །དེ་དབུས་གླང་རྒྱབ་ཅུང་ཟད་ཟླུམ་པའོ། །བདུན་བརྒྱད་དགུ་པ་ཕྱོགས་ དེར་ཆ་ཆུང་བརྒྱད། །བཅུ་པ་བདུན་དང་བཅུ་གཅིག་དྲུག་པའོ། །ཆ་ཆེན་གཅིག་ལ་ཆོས་ 8-1-93 འཁོར་རྭ་རྩེ་སྟེ། །དེ་ཡིས་ཆ་ཆེན་བཅུ་དྲུག་རྫོགས་པར་བསྟན། །པད་མ་རྡོར་ཕྲེང་ཆ་ཆུང་ རེ་རེ་དང༌། །འོད་ཟེར་ཆ་ཆེན་ཕྱེད་དུ་གསུངས་པའང་ཡོད། །ཕྱི་རོལ་དག་ན་དཀྱིལ་ འཁོར་གཞན་ཡོད་ན། །ཆ་རྣམས་ནང་མའི་གཉིས་འགྱུར་གདབ་བར་བྱ། །དགོས་པ་མེད་ པའི་ཐིག་རྣམས་དཔྱི་བྱ་ཞིང༌། །ནང་ཐིག་ལྷ་ཡི་དབྱེ་བས་ཐ་དད་འགྱུར། །དུས་འཁོར་ ལས་གཞན་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱི་ཐིག་ལུགས་གཉིས་རྣམ་པར་དག་ པའོ། །དང་པོར་དཔལ་ལྡན་གསང་བ་འདུས་པ་ཡི། །གཙོ་བོར་འཇམ་པའི་རྡོ་རྗེ་གྱུར་པ་ ལ། །རྩ་བའི་ཐིག་ལས་ནང་དུ་ཆ་ཆེན་གཅིག །དེར་ནས་སྣམ་བུ་གྲུ་བཞི་དེ་ལས་ ཀྱང༌། །ཆ་ཆེན་གཅིག་དོར་ཟླུམ་པོར་བསྐོར་བ་ཡི། །ཆ་ཆུང་གཅིག་པའི་རྡོར་ཕྲེང་ཟླུམ་པོ་ དང༌། །དེ་དབུས་ཆ་ཆུང་གཅིག་པའི་གདུང་གིས་ནི། །ཕྱོགས་བཞིར་བཅད་པའི་རེ་མིག་ དགུ་པའོ། །གཙོ་བོར་མི་བསྐྱོད་པ་ཉིད་གྱུར་པ་ལ། །དེ་ལས་ཁྱད་པར་རྡོར་ཕྲེང་མང་དུ་ ནི། །ཆ་ཆུང་གཅིག་པའི་རྡོ་རྗེ་ཕྲེང་བ་སྟེ། །སྔ་མ་འོད་གྱི་ཕྲེང་བར་འགྱུར་བ་ཡིན། །དཔལ་ ལྡན་ཁ་སྦྱོར་རྒྱུད་དུ་གསུངས་པ་ཡི། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རྩ་ཐིག་ལས། །ཆ་ ཆུང་གསུམ་དོར་ནང་དུ་བསྐོར་བར་བྱ། །དེ་ནང་ཆ་ཆུང་ཕྱེད་པ་དེ་བཞིན་བསྐོར། །དེ་ བཞིན་ནང་དུ་རིམ་པ་གཉིས་དང་གསུམ། །ཕྱེད་པ་རྣམས་ལ་འཁོར་ལོ་པད་མ་ དང༌། །འོད་ཟེར་ཕྲེང་བ་དེ་ནང་ཆ་ཆུང་ཕྱེད། ། རྡོ་རྗེ་ཕྲེང་བ་ཡིན་ཏེ་དབུས་སུ་ ཡང༌། །ཆ་ཆུང་ཕྱེད་པའི་གདུང་གིས་རེ་མིག་དགུ། །གདན་བཞིར་གསུངས་པའི་ཡེ་ཤེས་ མཁའ་འགྲོ་ལ། །རྩ་ཐིག་ནང་དུ་ཆ་ཆེན་གཅིག་དོར་བར། ། འོད་དང་རྡོར་ཕྲེང་ཆ་ཆུང་ རེ་རེ་ཡི། །ཟླུམ་པོ་བསྐོར་ཞིང་དབུས་སུ་ཆ་ཆུང་ནི། །གཅིག་པའི་གདུང་གིས་རེ་མིག་དགུ་ པའོ། །ཀྱེ་ཡི་རྡོ་རྗེ་རྣམ་བཞི་བདག་མེད་མ། །རྣམ་པ་གཉིས་དང་ཀུ་རུ་ཀུལླེ་དང༌། །རྡོ་རྗེ་ བདུད་རྩི་རྣམ་བཞིའི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་ཕྱེད་བཅས་ཆ་ཆེན་གཅིག །དོར་ བར་འོད་དང་རྡོ་རྗེའི་ཕྲེང་བ་ནི། །ཆ་ཆུང་རེ་རེ་ཟླུམ་པོ་བསྐོར་བར་བྱ། ། བརྒྱད་ཆས་ པད་མའི་མཐའ་ཐིག་ཚད་ཡིན་ཏེ། །ནང་དུ་ཆ་ཆུང་ལྔ་དང་བཞི་ཆ་ནས། ། བསྐོར་བའི་ པད་མ་འདབ་མ་བརྒྱད་པའོ། །དགྱེས་རྡོར་ལྷ་དགུའི་བདག་ཉིད་རྣམ་པ་བཞི། ། སྒྱུ་མ་ 8-1-94 ཆེན་མོ་ལྷ་ལྔའི་བདག་ཉིད་དང༌། །སངས་རྒྱས་ཐོད་པ་ལྷ་དགུའི་དཀྱིལ་འཁོར་ལ། ། རྩ་ ཐིག་ནང་དུ་ཆ་ཆུང་གཅིག་པ་ཡི། །རྡོ་རྗེ་ཕྲེང་བ་ཟླུམ་པོས་བསྐོར་པའི་དབུས། །པད་མ་ འདབ་བརྒྱད་སུམ་ཆ་ལྟེ་བའོ། །རྡོ་རྗེ་ཧཱུཾ་མཛད་དཀྱིལ་འཁོར་དག་ལ་ནི། །རྩ་ཐིག་ནང་ དུ་རྐང་བ་དང་བཅས་པའི། །ཆ་ཆེན་གཉིས་དོར་དེ་དབུས་པད་འདབ་བརྒྱད། །དེ་ལས་ ཕྱི་རོལ་ཆ་ཆུང་གཅིག་དོར་ནས། །ཕྱེད་བཅས་ཆ་ཆུང་བདུན་པའི་ཆུ་སྐྱེས་ནི། །འདབ་མ་ བརྒྱད་པ་ཕྱོགས་མཚམས་རྣམས་སུའོ། །ཤར་ནུབ་སྒོ་ཡི་དབུས་སུ་ཆུ་སྐྱེས་ནི། །འདབ་མ་ བརྒྱད་པ་བརྒྱར་ནི་ཆ་ཆུང་གསུམ། །བདེ་མཆོག་གསུམ་དང་རྡོ་རྗེ་ཕག་མོ་ གསུམ། །སངས་རྒྱས་ཐོད་པ་རྣམས་ཀྱི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་ཆ་ཆུང་ཕྱེད་ དང་ནི། །ཕྱེད་དང་བཅས་པའི་ཆ་ཆུང་གསུམ་རྣམས་ནི། །ནང་དུ་རིམ་བཞིན་ལན་ གསུམ་བསྐོར་བྱ་སྟེ། །ཕྱི་ནས་རིམ་བཞིན་ཕྱེད་པ་རྣམས་ལ་ནི། །འཁོར་ལོ་པད་མ་རྡོ་རྗེ་ ཕྲེང་བ་དང༌། །བར་དུ་འཁོར་ལོ་རྩིབས་བརྒྱད་ཚངས་ཟུར་གྱིས། །ངོས་སུ་ཆ་ཆུང་གཉིས་ ལ་འཁོར་ལོའི་རྩིབས། ། དབུས་སུ་ཆ་ཆུང་བཞི་ཆའི་གྲི་གུག་གིས། །བསྐོར་པའི་པད་མ་ འདབ་མ་བརྒྱད་པའོ། ། སངས་རྒྱས་ཐོད་པ་ལ་ནི་ཁྱད་པར་དུ། །ཐུགས་ཀྱི་འཁོར་ལོའི་ གནས་སུ་པད་མའོ། །རྣལ་འབྱོར་ནམ་མཁའི་ཕྲེང་བ་རྩ་ཐིག་ལས། །ཕྱེད་དང་བཅས་ པའི་ཆ་ཆུང་གསུམ་དོར་ནས། ། རྡོར་ཕྲེང་ཟླུམ་པོ་ཆ་ཆུང་གཅིག་པ་དང༌། །དེ་ནང་ཕྱེད་ བཅས་ཆ་ཆུང་གསུམ་དོར་བར། ། འོད་ཟེར་དང་ནི་རྡོ་རྗེ་ཕྲེང་བ་དང༌། །རེ་མིག་དགུ་པ་ གསང་འདུས་འཕགས་ལུགས་བཞིན། ། གཤིན་རྗེ་གཤེད་ལ་རྩ་བའི་ཐིག་ལས་ནི། །ཆ་ ཆེན་གཉིས་དོར་རྡོར་ཕྲེང་གྲུ་བཞི་པ། །ཆ་ཆུང་གཅིག་པ་དེ་ནང་པད་འདབ་བརྒྱད། །ཆ་ ཆེན་གཉིས་ལ་སྣ་ཚོགས་རྡོ་རྗེའོ། །སྒྲོལ་མ་ལ་ནི་རྩ་བའི་ཐིག་གི་ནང༌། །ཆ་ཆུང་བདུན་ དོར་པད་མ་འདབ་བརྒྱད་དོ། །འོད་ཟེར་ཅན་ལ་རྩ་བའི་ཐིག་གི་ནང༌། །ཆ་ཆེན་གཉིས་ དོར་ཟླུམ་པོ་དེ་ནང་དུ། །ཆ་ཆུང་གཅིག་པའི་རྡོར་ཕྲེང་དེ་དབུས་སུ། །རེ་མིག་དགུ་པ་ཆ་ ཆུང་ཟླ་བའི་གདུང༌། །བསྲུང་བ་ལྔ་ལ་རྩ་ཐིག་ནང་དུ་ནི། །ཆ་ཆེན་གསུམ་དོར་དེ་ནང་ པད་འདབ་བརྒྱད། །དེ་ལས་ཕྱི་རོལ་ཆ་ཆུང་གཅིག་དོར་ནས། །ཕྱོགས་བཞིར་ཆ་ཆེན་ 8-1-95 གཉིས་པའི་ཆུ་སྐྱེས་སོ། །རྡོ་རྗེ་དབྱིངས་ལ་དཀྱིལ་འཁོར་རིམ་པ་གཉིས། །ནང་མའི་རྩ་ ཐིག་ནང་དུ་ཟླུམ་པོ་བསྐོར། །དེ་ནང་དཀྱིལ་འཁོར་ཕྱི་མའི་ཆ་ཆུང་གཅིག །དོར་ནས་ བསྐོར་བྱ་དེ་དབུས་རེ་མིག་དགུ། །གདུང་གི་ཚད་ནི་ཕྱི་མའི་ཆ་ཆུང་གཅིག །འདི་ལས་ ཕྱིན་ནས་དཀྱིལ་འཁོར་གཅིག་བསྣན་པ། །འཇམ་པའི་རྡོ་རྗེ་དེ་ཕྱིར་ཟླུམ་པོ་ ཡིས། །དཀྱིལ་འཁོར་གཅིག་བསྣན་ཆོས་དབྱིངས་ངག་དབང་ངོ༌། །ངན་སོང་སྦྱོང་བ་ལས་ ནི་རྩ་ཐིག་ལས། །ཆ་ཆེན་གཉིས་དོར་ནང་དུ་ཆ་ཆུང་རེ། །འོད་ཟེར་དང་ནི་རྡོ་རྗེ་ཕྲེང་བ་ སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་གསེར་མདོག་གོ །འབྱུང་པོ་འདུལ་བར་བྱེད་པའི་ དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་ཟུར་ནས་ཆ་ཆེན་གཅིག །དོར་ནས་ལྷན་ཅིག་ལོགས་ ཐིག་གསུམ་ཡིན་ཏེ། །དེ་བཞིན་ཆ་ཆེན་རེ་རེ་དོར་བའི་ནང༌། །ལོགས་ཐིག་རེ་རེ་ནང་ལ་ རེག་པ་ཡི། །ཟླུམ་པོ་བསྐོར་ཞིང་ཆ་ཆུང་གཅིག་དོར་ནས། །ཟླུམ་བསྐོར་དབུས་སུ་རེ་མིག་ དགུ་པ་ནི། །གསང་བ་འདུས་པ་འཕགས་ལུགས་ལྟ་བུའོ། །མཁའ་འགྲོ་ལྔ་ལ་རྩ་ཐིག་ནང་ དུ་ཡང༌། །ཕྱེད་བཅས་ཆ་ཆུང་གཅིག་དོར་ལོགས་ཐིག་གཅིག །ཚངས་པའི་ཐིག་ལས་ཆ་ ཆུང་ཕྱེད་དང་ལྔ། །དོར་བར་ཐིག་གཅིག་དེ་ལ་ཆ་ཆུང་གཅིག །དོར་ནས་ཐིག་དེ་ཕྱོགས་ བཞིར་གདབ་པར་བྱ། །དེ་ལྟར་དཀྱིལ་འཁོར་ལྔ་པོ་རང་རང་གི །ཚད་ཀྱི་སྒོ་ལོགས་པར་ ཤེས་པར་བྱ། །དཀྱིལ་འཁོར་རྣམས་ཀྱི་དབུས་སུ་རིམ་པ་བཞིན། །ཆ་ཆུང་གཅིག་པའི་རྡོ་ རྗེ་ཕྲེང་བ་ཡི། །བསྐོར་བའི་ཟླ་བ་ཕྱེད་པ་དབུས་སུའོ། །ཤར་དུ་ཟླུམ་པོའི་འཁོར་ལོའི་ཕྲེང་ བས་བསྐོར། །ལྷོ་ནི་རིན་ཆེན་ཕྲེང་བས་བསྐོར་བ་ཡི། །ནོར་བུ་ཆ་བརྒྱད་ནུབ་ཏུ་པད་མ་ ཡི། །ཕྲེང་བས་བསྐོར་བ་གྲུ་བཞི་བྱང་དུ་ཡང༌། །གྲུ་གསུམ་རལ་གྲིའི་ཕྲེང་བས་བསྐོར་ བའོ། །འཁོར་ལོ་བསྒྱུར་བ་དྲུག་གི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་ཆ་ཆུང་གཉིས་དོར་ ནས། །ཟླུམ་པོ་བསྐོར་ཞིང་དེ་ནང་ཆ་ཆེན་གཉིས། །དོར་ནས་ཟླུམ་པོ་དེ་ནང་ཆ་ཆུང་ གཉིས། ། དོར་ནས་ཐིག་ནི་གྲུ་བཞི་མཉམ་པའོ། །ཤར་གྱི་ཚངས་ཐིག་ཟླུམ་པོ་ནང་མ་ ནི། །ཟླུམ་བསྐོར་ནང་མར་ཆ་ཆུང་བདུན་བདུན་དང༌། །ཕྱི་མ་ལ་ནི་ཕྱེད་དང་བཅུ་བདུན་ རེ། །གཞལ་བའི་ནང་ནས་སོ་སོའི་ཚངས་ཐིག་ལྔ། །སྒོ་སོགས་རང་རང་ཚད་ཀྱིས་ཤེས་ 8-1-96 པར་བྱ། །ཀུན་གྱི་དབུས་སུ་པད་མ་ཆ་ཆུང་ནི། །བཅོ་བརྒྱད་པ་སྟེ་ཕྱོགས་མཚམས་རྣམས་ སུ་ཡང༌། །ཆ་ཆུང་དྲུག་པའི་ཆུ་སྐྱེས་དེ་ཡི་ཕྱིར། །ཆ་ཆུང་གཅིག་པའི་རྡོར་ཕྲེང་ཟླུམ་ པོའོ། །དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ། །མཎྜལ་དབུས་སུ་ཕུར་བུ་བཟུང་ བྱས་ཏེ། །ཁྲུ་བཞིའི་མཐའ་ནས་དང་པོ་ཟླུམ་པོ་བསྐོར། །དེ་ཡི་ཚད་དུ་ཚངས་པའི་ཐིག་ གཉིས་གདབ། །དེ་ལས་ཆ་ཆུང་ཉི་མའི་ཕྱི་ནས་ཀྱང༌། །བསྐོར་བའི་ཚད་དུ་ཟུར་གྱི་ཐིག་ གཉིས་གདབ། །ཚངས་ཐིག་ཕྱེད་དུ་སྐུ་ཡི་རྩ་ཐིག་སྟེ། །དེ་ཡི་ཕྱེད་དུ་གསུང་གི་རྩ་ཐིག་ དང༌། །གསུང་གི་ཕྱེད་དུ་ཐུགས་ཀྱི་རྩ་ཐིག་ཡིན། །ཐུགས་ཀྱི་ཕྱེད་དུ་བདེ་བ་ཆེན་པོ་ སྟེ། །དེ་ཡི་ཕྱེད་དུ་གཙོ་བོའི་པད་མ་ཡིན། ། དེ་དང་དེ་ཡི་ཚད་དང་མཚན་མ་ནི། །ཟུར་ལ་ ལོགས་ཐིག་ཡང་ཡང་བཙལ་བས་རྙེད། །དེ་ཡང་འདི་ལྟར་ཚངས་ཐིག་མཐའ་ནས་ མཐར། །ལོ་ཐུབ་བྱས་ནས་སྐུ་ཡི་རྩ་ཐིག་རྙེད། །རྩ་ཐིག་འདི་དང་ཚངས་ཐིག་ཕྲད་ མཚམས་ནས། །ལོ་ཐུབ་བྱས་པས་གསུང་གི་རྩ་ཐིག་རྙེད། ། དེ་བཞིན་གསུམ་པས་ཐུགས་ ཀྱི་རྩ་ཐིག་དང༌། །བཞི་པས་བདེ་བ་ཆེན་པོ་རྙེད་པར་འགྱུར། ། སྐུ་གསུང་ཐུགས་ཀྱི་བར་ གྱིས་ས་གང་ཡིན། །དེ་ཡི་ཕྱེད་དུ་སོ་སོའི་མདའ་ཡབ་ཐིག ། ཚངས་ཐིག་མཐའ་དང་སྐུ་ ཡི་རྩ་ཐིག་པར། །འདི་ཡི་ཕྱེད་དུའང་སྐུ་ཡི་མདའ་ཡབ་སྟེ། །ཟུར་ཐིག་རྣམས་ཀྱི་མཐའ་ ནས་མཐའ་རུའོ། །དེ་ལྟར་དཀྱིལ་འཁོར་གསུམ་པོ་རང་རང་གི །རྩ་ཐིག་ནས་ནི་ཀྲ་མ་ཤྲི་ ཥཱའི་བར། །གང་ཡིན་དེ་ནི་ཕྱེད་དུ་བགོ་བྱ་ཞིང༌། །དེ་ཡི་ནང་མ་དབུས་དོར་མཐའ་ གཉིས་དང༌། །ཕྱི་མ་ཕྱེད་བགོ་དེ་ཡི་ཕྱེད་དང་ཕྱེད། །སྐུ་ཡི་སྒོ་ཁྱུད་བདེ་ཆེན་འཁོར་ལོའི་ ཚད། །དེ་བཞིན་སྒོ་ལོགས་ཐུགས་ཀྱི་མདའ་ཡབ་ཚད། །རྟ་བབས་ཀ་བ་གསུང་གི་རྩ་ཐིག་ ཚད། །གསུང་གི་སྒོ་ཁྱུད་དབུས་ཀྱི་པད་མའི་ཚད། །རྟ་བབས་ཀ་བ་ཐུགས་ཀྱི་རྩ་ཐིག་ ཚད། །དེ་བཞིན་ཁོ་ནར་ཐུགས་ཀྱི་སྒོ་ཁྱུད་ཀྱང༌། །ཕྱོགས་བཞིར་རྒྱལ་བའི་གཡས་གཡོན་ ཀ་བའི་ཚད། །རྟ་བབས་ཀ་བ་བདེ་ཆེན་འཁོར་ལོའི་ཚད། །དེ་སོགས་ཆ་ཡི་དབྱེ་བ་ཇི་ སྙེད་པ། །ཆ་ཆུང་གིས་ཕྱེད་དབུས་ན་སོར་བྱེད་པ། །རོ་ཟླ་རིག་བྱེད་ཟླ་བ་རི་དང་ནི། ། རྒྱ་ མཚོ་ཟླ་བ་ཉི་མ་རི་ཆུ་དང༌། །ཟླ་བ་རྒྱལ་བ་དྲག་པོ་ཉི་མ་དང༌། །ཟླ་བ་ནོར་ཆུས་སྐུ་ཡི་ 8-1-97 མདའ་ཡབ་པར། །རྟ་བབས་སྒོ་ལས་སུམ་འགྱུར་དག་ལ་ནི། །སྣམ་བུ་བཅུ་གཉིས་འདི་ དག་རྣམས་ཀྱི་སྤངས། །ཟླ་བ་ཟླ་བའི་རིག་བྱེད་ཕྱེད་དང་གཟུགས། །མི་ཕྱེད་ཟླ་མིག་ཕྱེད་ དང་ཕྱེད་བཅས་གཟུགས། །མིག་སྟེ་འདི་དག་རྣམས་ཀྱི་སྲིད་དུ་ཡང༌། །རྒྱལ་བ་མི་བདག་ གཉིས་པ་ཉི་མ་དང༌། །ཆོས་དང་ཀླུ་དང་ཉི་མ་ཉི་མ་ཀླུ། །ལག་སྟེ་རིང་བོའི་སྣམ་བུ་གསུམ་ ལ་ནི། ། ཚངས་ཐིག་གཡས་གཡོན་མིག་ཟླ་རིག་བྱེད་དང༌། །ཟླ་དོར་གྱེན་དུ་ཆ་ཆུང་བཞི་ པ་སྟེ། ། དྲུག་པ་གཡས་གཡོན་ཕྱེད་བཅས་ཟླ་བ་དང༌། །རྐང་པས་དམན་པའི་ཟླ་བའི་མེ་ དང་ནི། ། རྐང་དམན་ཟླ་དོར་གྱེན་དུ་གསུམ་པའོ། །སྣམ་བུ་དགུ་པ་དབུས་ན་ཟླ་བ་ དང༌། །ཕྱེད་མིག་ཕྱེད་དོར་དཔངས་སུ་ཆ་ཆུང་གཉིས། །ཕྱི་མཐའ་རྣམས་ནི་མྱོས་ བསྲུངས་མཐར་ཐུག་ཅིང༌། ། སྟེང་མ་བུམ་པ་ཆ་ཆུང་གཉིས་པའོ། །རང་རང་སྒོ་ཡི་དྲུག་ ཆ་དག་ལ་ནི། །ཆ་ཆུང་ཞེས་སུ་སེམས་དཔའི་འགྲེལ་པར་གསུངས། །ཆུ་མེ་རླུང་མཁའ་ འོད་ཟེར་ཁོར་ཡུག་རྣམས། །རིམ་བཞིན་ཁྲུ་བྱེད་གསུམ་དང་བཞི་ཆ་དང༌། །ཕྱེད་པ་རྣམ་ ཀྱིས་གསལ་བར་འགྱུར་བ་སྟེ། ། ནམ་མཁའི་དབུས་སུ་ཆ་ཆུང་དྲུག་གི་ཚད། །རྡོ་རྗེ་ཕྲེང་ བར་ཟླུམ་པོར་འགྱུར་བའོ། །དེ་ལྟར་ཚད་དང་མཚན་མ་ཀུན་ཤེས་ནས། །ཕྱོགས་ཀྱི་ ཡོངས་འཇོམས་འགོངས་པར་མི་འགྱུར་བར། །མཉམ་དང་མི་མཉམ་རྐང་པའི་འདུག་ སྟངས་ཀྱིས། །ཚོན་གྱི་ཁུ་བ་ལས་དང་མཐུན་པས་གདབ། །དཀྱིལ་འཁོར་རྣམས་ཀྱི་དབྱེ་ བསྡུའི་བྱེ་བྲག་དང༌། །གཙོ་བོ་འཕོ་བའི་བྱེད་པ་ལ་སོགས་པ། །རྒྱུད་སྡེ་རྒྱ་མཚོའི་དགོངས་ པ་ཇི་བཞིན་དུ། །བློ་གྲོས་ལྡན་པས་གཞུང་ཉིད་དཔང་མཛོད་ནས། །ཕྱོགས་ཞེན་མིག་ དང་བྲལ་བས་མཁྱེན་པར་མཛོད། །དེ་ལྟར་བླ་མའི་དྲིན་ལས་རྙེད་པ་ཡི། །འཇིགས་མེད་ འབྱུང་གནས་དགྱེས་པའི་སྤྱོད་པ་འདིས། །སྐྱེ་འགྲོའི་མ་རིག་མུན་པའི་སྦུབས་བྲལ་ ནས། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མཐོང་བར་ཤོག ། ཅི་སྟེ་བདག་བློའི་ཉེས་པས་ འཁྲུལ་སྲིད་ན། །དེ་ཉིད་གཟིགས་པའི་སྤྱན་ལྡན་རྣམས་ལ་བཤགས། །སླར་ཡང་བདག་ལ་ ཐུགས་རྗེ་ཆེར་བཟུང་ནས། །དེ་ཉིད་གཟིགས་པའི་སྤྱན་ཏེ་སྩལ་དུ་གསོལ། །ཚུལ་འདི་ མཁས་གཞན་དག་ལ་ཆེར་མ་གྲགས། །འགའ་ཞིག་གྲགས་ཀྱང་ཇི་བཞིན་མ་རྟོགས་ 8-1-98 པས། །ལུགས་འདི་ཁྱད་པར་འགའ་དང་འགའ་ཡིས་ལྷག །དེ་ཕྱིར་འདི་ནི་མན་ངག་གིས་ བརྒྱན་ལགས། རྒྱ་གར་གྱིས་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་དཀྱིལ་ འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བའི་ཐིག་གདབ་པའི་ཚུལ་མན་ངག་གིས་བརྒྱན་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་དོལ་པོ་པའི་གསུང་གི་བདུད་རྩིས་ཉེ་བར་བསྐྱངས་པས། བཙུན་པ་ ཐང་ཆེན་པོས་སྦྱར་བའོ།། །། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-99 ༄༅། །འཁོར་ལོ་སོམ་པའི་རྩ་སྔགས་རྒྱུད་ནས་བཏུས་པའོ། ། ༄༅། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛཱ་ལ་སཾ་བྷ་ར་སྭཱཧཱ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་སྭཱཧཱ། ཨོཾ་སུམ་བྷ་ནི་སུམ་བྷ་བཛྲ་ཌཱ་ཀི་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ གྷྲྀཧྞ་གྷྲྀཧྞ་བཛྲ་ལ་མེ་ཧཱུཾ་ཧཱུཾ་ཕཊ། གྷྲྀཧྞ་པ་ཡ་གྷྲྀཧྞ་པ་ཡ་བཛྲ་ཁཎ་ཊ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ ཨ་ན་ཡ་ཧོ་བྷ་ག་ཝན་བཛྲ་བཛྲ་རུ་པི་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷ་ག་བཱ་ཏེ་ཝཱི་རེ་ཤཱ་ཡ་ བཛྲ་ཀ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ཀ་ལ་པཱག་ནི་སན་ནི་བྷ་ཡཱ། བཛྲོ་ལ་ཏུ་ཀ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཊཱ་མ་ཀུ་ཊཱ་ཀྐོ་ཊ་ཡཱ། བཛྲ་ཤྭཱ་ནཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དཾཥྚཱ་ཀཱ་རཱ་ལོ་གྲ་བྷི་ཥ་ཎཱ་མུ་ཁ་ ཡཱ། བཛྲ་སུ་ཀ་རཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་པྲ་བྷུ་ཛ་བྷུ་སུ་ར་ཡཱ། བཛྲ་ཡ་མ་དྲཱ་ཌྷི་ཧཱུཾ་ཧཱུཾ་ཕཊ། ཨོཾ་པར་ཤུ་པཱ་ཤོ་རྱ་ཏ་ཤཱུ་ལ་ཁ་ཌཱཾ་དྷ་རི་ཎཱི་བཛྲ་ཡ་མ་དྷཱུ་ཏི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷྲ་ཛཱི་ནཱེ་ མན་དྷ་རཱ་ཡ། བཛྲ་ཡ་མ་དཾཥྚི་ཎཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་དྷུ་མན་དྷ་ཀཱ་ར་བ་སུ་ཥ་ཡ། བཛྲ་ ཡ་མ་ཐ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀ་ར་ཀ་ར་བཛྲ་པྲ་ཙཎ་ཊི་བཛྲ་ཁཎ་ཊ་ཀ་པཱ་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་བཛྲ་ཙཎ་ཊཱ་ཀྵི། བཛྲ་མཧཱ་ཀཾ་ཀ་ལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྷན་དྷ་བྷན་དྷ་བཛྲ་པྲ་ བྷཱ་བ་ཏི་བཛྲ་ཀཾ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྲཱ་ས་ཡ་དྲཱ་ས་ཡ་བཛྲ་མཧཱ་ན་སེ། བཛྲ་བི་ཀ་ཊ་དཾཥྚི་ ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ། བཛྲ་བཱི་ར་མཱ་ཏི་བཛྲ་སུ་རཱ་བཻ་རི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲོཾ་ཧྲོཾ་ བཛྲ་བཛྲ་ཁར་བ་བཛྲཱ་མི་ཏ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཱཿཧྲཱཿབཛྲ་ལཾ་ཀི་ཤྭ་རི་བཛྲ་པྲ་བྷ་ཧཱུཾ་ཧཱུཾ་ ཕཊ། ཨོཾ་ཕེཾ་ཕེཾ་བཛྲ་དྲུ་མ་ཙྪཱ་ཡེ་བཛྲ་དེ་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་བཛྲོ་རཱ་བ་ཏི་བཛྲཾ་ཀུ་ རི་ཀཱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་བཛྲ་མཧཱ་བཻ་ར་བེ་བཛྲ་ཛ་ཊི་ལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྷཀྵ་བྷཀྵ་ བཛྲ་བཱ་ཡུ་བེ་ཀེ་བཛྲ་མཧཱ་བཱི་ར་བཛྲ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཱ་སུ་རུ་ཏི་རཱན་ཏྲ་མཱ་ལཱ་བ་ལཾ་བ་ནེ་ གྲིཧྣ་གྲིཧྣ་བཛྲ་སུ་རཱ་བྷཀྵཱི་བཛྲ་ཧཱུཾ་ཀ་ར་ཧཱུཾ་ཧཱུཾ་ཕཊ། ཨོཾ་པསྟཱ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྤཾ་ བ་ཏར་ཛ་ཡ་ཏར་ཛ་ཡ། བཛྲ་ཤྱ་མ་དེ་བི་བཛྲ་སུ་བྷ་ཏྲ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཊ་ཊྱ་བཛྲ་སུ་ བྷཱ་ཏྲེ་བཛྲ་པྲ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲིཾ་ཧྲིཾ་བཛྲ་ཧ་ཡ་ཀར་ཎེ་བཛྲ་མཧཱ་བྷཻ་ར་བ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ 8-1-100 ཛྙཽཾ་ཛྙཽཾ་བཛྲ་ཁ་གཱ་ན་ནཱེ་བཛྲ་བེ་རུ་པཱཀྵ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཱཾ་ཀྵྨཱཾ་བཛྲ་ཙཀྲ་བེ་གེ་བཛྲ་མཧཱ་པ་ལ་ ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཱཾ་ཧྲཱཾ་བཛྲ་ཁཎ་ཊ་རོ་ཧེ་བཛྲ་རད་ན་བཛྲ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཱིཾ་ཧྲཱིཾ་བཛྲ་ནི་ བཛྲ་ཧ་ཡ་གྷྲི་བ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་བཛྲ་ཙཀྲ་ཝར་མི་ཎཱི་བཛྲ་ཀཱ་ཤ་གརྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ ཀི་ལི་ཀི་ལི་བཛྲ་སུ་བཱི་ར་བཛྲ་ཧེ་རུ་ཀ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་བཛྲ་ཙཀྲ་ཝར་ཏི་བི་ བཛྲ་བཻ་རོ་ཙ་ན་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལི་བཛྲ་མཧཱ་བཱེརྱེ་བཛྲ་སཏྭ་ཧཱུཾ་ཧཱུཾ་ཕཊ། བདེ་མཆོག་རྩ་རྒྱུད་འབུམ་པ་ཆེན་པོར་གསུངས་པ་དཔལ་ཕྱག་ན་རྡོ་རྗེས་སྟོད་ འགྲེལ་དུ་གསལ་བར་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་སྟེ། ཁྱད་པར་དུ་ འཕགས་པའོ།། །། མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-101 ༄༅། །དབང་གི་ཆོ་ག་རྣམ་པར་བསྡུས་པའི་རྡོ་རྗེའི་ཕྲེང་བ་བཞུགས་སོ། ། ༄༅། །ན་མཿཤྲཱི་བཛྲ་སཏྭཱ་ཡ། སྤངས་དཀའི་སྐྱོན་རྣམས་རིང་དུ་རབ་སྤངས་ཤིང༌། ། ཡིད་ འཕྲོག་ཡོན་ཏན་བྱེ་བས་རབ་བརྒྱན་པ། །འཇིགས་མེད་འབྱུང་གནས་ཞབས་ལ་ཕྱག་ མཚལ་ནས། །དེ་གསུང་གཏེར་ལས་དབང་གི་ནོར་བུ་བླང༌། །མགོན་དེ་ཉིད་ཀྱི་གསུང་གི་ འོད་བརྒྱ་ཡིས། །འཇིག་རྟེན་མི་ཤེས་མུན་པ་འཇོམས་པ་ལ། །བདག་བློའི་མེ་ཁྱེར་ཅི་ཡང་ མ་ཡིན་མོད། །འོན་ཀྱང་འདི་ནི་བྱིས་པས་རྟོགས་ཕྱིར་ཡིན། ། འདིར་སེམས་ཅན་ཐོག་མ་མེད་པའི་མ་རིག་པ་ལ་སོགས་པ་དོར་བར་དཀའ་བའི་ འཆིང་བ་རྒྱུད་མས་བཅིངས་པའི་བློ་ཅན། བཟློག་པར་དཀའ་བའི་ལས་ཀྱི་རླུང་གི་ཤུགས་ ཀྱིས་འཕངས་པ། སྐྱབས་མེད་པ་ངན་སོང་གསུམ་དང་བདེ་འགྲོ་གཉིས་ཀྱི་འཁོར་བའི་ རྒྱ་མཚོའི་རྦ་ཀླུང་ཤིན་ཏུ་བརྒལ་དཀའ་བར་སོ་སོར་ཡང་དང་ཡང་དུ་ལྷུང་ཞིང་འཐོན་ པས་དལ་བའི་སྐབས་མེད་ཅིང་རང་དབང་མེད་པར་ལུས་ལེན་པ་རྣམས། སྙིང་རྗེ་ མཆོག་ཏུ་གཞོལ་བས་ཡང་དག་པར་འདོན་པར་བརྩོན་པའི་སློབ་དཔོན་མང་དུ་ཐོས་པ། གསང་སྔགས་ཀྱི་ཚུལ་ལ་མཁས་པ། བློ་བརྟན་པ། སེར་སྣ་མེད་པ། སྤྲོ་བའི་ངང་ཚུལ་ཅན། སྙིང་རྗེ་དང་ལྡན་པ་བསྙེན་པ་སྔོན་དུ་སོང་བ་ལ། དབང་བསྐུར་བར་གསོལ་བ་ལན་ གཉིས་ལན་གསུམ་དུ་བཏབ་པར་གྱུར་པས། སྔ་དྲོ་ནས་བརྩམས་ཏེ་དཀྱིལ་འཁོར་ཀྱི་ ལས་བྱའོ། ། དེ་ཡང་ཟླ་བ་དང་ཚེས་དང་གཟའ་དང་རྒྱུ་སྐར་དང་དུས་སྦྱོར་དང་སྦྱོར་བ་དང་བྱེད་པ་ བཟང་པོ་རྣམས་དང༌། ཡུད་ཙམ་བཟང་པོ་ལ་སོགས་པའི་དུས་ལེགས་པར་བརྟགས་ནས། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང༌། གཙུག་ལག་ཁང་དང༌། སྐྱེད་མོས་ཚལ་དང༌། ཁྱིམ་རྣམས་ཀྱི་དབང་ལྡན་གྱི་མཚམས་སུའམ། གང་དུ་ཡིད་དུ་འཐད་པར་གྱུར་ཅིང༌། ཤར་དང་བྱང་གཞོལ་བ་རབ་ཏུ་ཤིས་པའི་གནས་སུ་ལྷའི་རྣལ་འབྱོར་ཤིན་ཏུ་བསྒོམ་ 8-1-102 ཞིང༌། དཀྱིལ་འཁོར་གྱི་དོན་དུ་དྲི་ལ་སོགས་པས་མཎྜལ་བྱས་ཏེ། དེར་དཀྱིལ་འཁོར་ཀྱི་ ལྷ་རྣམས་མཆོད་ཅིང་གཏོར་མ་ཕུལ་ནས། ནམ་མཁར་བཏེགས་ཏེ། དེར་གནས་པའི་ ཞིང་སྐྱོང་ལ་སོགས་པ་རྣམས་ཀྱང་གཏོར་མ་དང་ཞལ་ཟས་ལ་སོགས་པས་མཆོད་ནས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའི་གཞན་དག་ལ། །ས་འདི་ བདག་གིས་བསླང་བར་བགྱི། ། དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་གསོལ། །ཞེས་ལན་གསུམ་ དུ་གསོལ་བ་བཏབ་ཅིང༌། དེ་དག་གིས་ཀྱང་རྨི་ལམ་ལ་སོགས་པར་བྱིན་པའམ་མ་བཀག་ པར་རིག་ནས། ཉི་མ་གཞན་གྱྀ་སྔ་དྲོ་ལ་ནམ་མཁའི་དཀྱིལ་ན་བཞུགས་པའི་དཔལ་རྡོ་རྗེ་ འཆང་ལ་སོགས་པ་རྣམས་ལ་ཡིད་ཀྱིས་གསོལ་བ་བཏབ་ཅིང༌། རྗེས་སུ་གནང་བ་ཞུས་ ནས། ཉི་མའི་གུང་ལ་བགེགས་བསྐྲད་པར་བྱ་སྟེ། བསྲུང་བའི་འཁོར་ལོ་དང༌། བགེགས་ ལ་ཕུར་བུས་གདབ་པ་བསྒོམས་པས་སོ། ། ཡང་ན་དྲག་པོའི་སྦྱིན་སྲེག་གིས་བགེགས་བསྐྲད་ནས། སློབ་མ་བསྲུང་བའི་ཕྱིར་མེ་ མཚམས་ཀྱི་ཐབ་ཁུང་དུ་ཕྱི་དྲོ་ཞི་བའི་སྦྱིན་སྲེག་ཀྱང་བྱའོ། །ས་དེ་ཡང༌། ཨོཾ་ཨཱཿབིགྷ་ན་ (བགེགས་)ཨནྟ་ཀྲྀ་ཏ་(མཐར་བྱེད་པ་)ཧཱུཾ། ཞེས་པ་ལ་སོགས་པ་ལས་ཐམས་ཅད་པ་ བཟླས་པའི་ཡུངས་ཀར་དང་ཆུ་དང་ཐལ་བ་རྣམས་ཀྱིས་བསང་ངོ༌། ། དེ་ནས་དེར་རྡོ་རྗེ་སྐྱིལ་ཀྲུང་བཅས་ཏེ། སའི་ལྷ་མོ་འཆད་པར་འགྱུར་བའི་གཟུགས་ཅན་ བསྒོམས་ལ། ཞབས་བསིལ་དང་ཞལ་བསིལ་དང་མཆོད་ཡོན་དང་མཆོད་པ་སྔོན་དུ་འགྲོ་ བས། ཨོཾ་ཚུར་སྤྱོན་ཞེས་པ་ལ་སོགས་པས་སམ། སྐྱོབ་པ་ཞེས་པ་ལ་སོགས་པས་ལན་ གསུམ་དུ་གསོལ་བ་བཏབ་པས། དེ་ལྟར་གྱིས་ཤིག །ཅེས་བརྗོད་པ་ཅན་ཡིད་ཀྱིས་བཏེག་ སྟེ། ནམ་མཁའ་ལ་བཞུགས་སུ་གསོལ་ལོ། །དེ་ནས་ས་དེ་ཉེ་འཁོར་དང་བཅས་པ་གྲུ་ བཞིར་གཞལ་ནས་ས་བརྐོ་བའི་དོན་དུ་ས་བདག་ལྟོ་འཕྱེ་བརྟགས་པར་བྱའོ། །དེ་ཡང་ སྟོན་ཟླ་གསུམ་ལ་ཤར་དུ་མགོ་དང༌། ནུབ་ཏུ་མཇུག་མ་གནས་ཤིང་ཁ་ལྷོར་ཕྱོགས་པས། ཉལ་བའི་ལུས་ལ་སྲིད་དུ་ཆ་དགུ་སྟེ། གསང་གནས་དབུས་སུ་བཞག་ནས། འོག་ཏུ་སྦྲུལ་ གྱི་རྣམ་པ་དང༌། སྟེང་དུ་གདེངས་ཀ་དང་བཅས་པའི་སྐྱེས་བུ་ལག་པ་གཡོན་པ་རྣ་བར་ 8-1-103 བཞག་ཅིང༌། གཡས་པ་རིན་པོ་ཆེ་འཛིན་པ་དཀུར་བཞག་པའི་རྣམ་པའོ། །དེ་ཉིད་ དབང་ལྡན་ནས་མེའི་མཐར་ཐུག་པ་ཆ་དགུ་བཅུར་ཕྱེ་བ་ལ། ཉིན་ཞག་རེ་རེ་ཞིང་འཕོ་ བ་ཤེས་པར་བྱ་སྟེ། དབང་ལྡན་ནས་མེའི་བར་དུ་མགོ་བོ་དང༌། བདེན་བྲལ་ནས་རླུང་གི་ བར་དུ་མཇུག་མ་རིམ་གྱིས་འཕོ་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ། དགུན་ཟླ་གསུམ་དང༌། དཔྱིད་ཟླ་གསུམ་དང༌། དབྱར་ཟླ་གསུམ་ལ་རིམ་པ་ལྟར་ལྷོ་དང་ནུབ་དང་བྱང་དུ་མགོ་ བོ་བསྟན་ཅིང་ཉལ་བ་ལ་སོགས་ཤེས་པར་བྱས་ནས། དེའི་ལྟོ་བ་ལས་ཅུང་ཟད་མདུན་གྱི་ ཆད་དང་པོར་བརྐོ་བར་བྱ་ཞིང་ཕྱིས་ནི་ཐམས་ཅད་དུའོ། །དེ་ལ་ལས་བྱེད་པ་རྣམས་ བགེགས་མཐར་བྱེད་པ་ལ་སོགས་པའི་གཟུགས་སུ་བྱས་ནས། ཆུ་ལ་ཐུག་པའམ། རྡོ་ལ་ ཐུག་པའམ། འདོམ་གང་ཙམ་ལ་སོགས་ལ་གཡས་བསྐོར་དུ་བརྐོ་བར་བྱ་སྟེ། ས་བརྐོ་བའི་ ཆོ་གའོ། ། དེ་ནས་ཐལ་བ་དང་སོལ་བ་དང་སྐྲ་དང་ཕུབ་མ་དང་རྡོ་བ་དང་རུས་པ་དང༌། གྱོ་དུམ་ དང༌། སོ་ཕག་དང༌། ཤིང་དུམ་ལ་སོགས་པའི་ཟུག་རྔུ་མཐའ་དག་བསལ་ནས། ས་དེ་ཉིད་ དྲི་བཟང་པོའི་ཆུ་དང་སྦྱར་བས་དོང་དགང་སྟེ། མ་ཁེངས་ན་གཞན་གྱིས་ཀྱང་ངོ༌། །དེ་ ནས་ཡི་གེ་ཧཱུཾ་དང་ལས་ཐམས་ཅད་པ་བཟླས་པའི་ཆུ་དྲི་ཞིམ་པོས་གཏོར་ཞིང་བརྡུངས་ ལ། ཁྲུ་ཕྱེད་ཙམ་དུ་མཐོ་ཞིང་མཉམ་ལ། དེ་ཅུང་ཟད་རུས་སྦལ་གྱི་རྒྱབ་ལྟར་མཐོ་བ་དང༌། ཤར་དང་བྱང་གིས་མཚམས་ཡིད་ཙམ་དམའ་བར་བྱའོ། ། གཞན་ཡང༌། ས་སེལ་ཉེས་པ་ཐམས་ཅད་ནི། །གལ་ཏེ་བྱུང་བར་མི་ནུས་ན། །ལག་པ་རེག་ ལ་སྔགས་བཟླས་བྱ། དེ་ཉིད་དག་པ་མཆོག་ཏུ་འགྱུར། །ཁང་བཟང་བྲག་སྟེང་བ་གླང་ ལྷས། །གཙུག་ལག་ཁང་སོགས་ཆུ་འགྲམས་དང༌། །སྔོན་འདུས་བྱས་པའི་གནས་དག་ཏུ། ། མ་བརྐོས་ན་ཡང་དག་པ་ཡིན། །དེར་ནི་བདུད་རྩི་འཁྱིལ་བ་འབའ་ཞིག་གིས་སྡང་བ་ རྣམས་བསལ་ཞིང༌། ཡུངས་ཀར་དང་ཆུ་དང་ཐལ་བ་ལ་(འཁྱིལ་ལ་)དེ་བཟླས་པ་གཏོང་ བར་བྱའོ། ། ས་འདི་དང་བརྐོས་ཤིང་བརྡུངས་པ་དག་ལ་ཤར་གྱི་ཕྱོགས་ནས་བརྩམས་ཏེ། བའི་རྣམ་ལྔ་ལ་དེ་(འཁྱིལ་ལ་)བཟླས་པས་བྱུག་ཅིང༌། དྲིའི་ཆུས་ཀྱང་གཏོར་ལ། ཨོཾ་བྷཱུ་ 8-1-104 (ས་གཞི་)ཁཾ་(ནམ་མཁའ་) ཞེས་བརྗོད་པས་ན་(ས་མཆོག་དེ་)མཁར་(བསམ་ པར་)བྱའོ། །དེ་ནས་ཧཱུཾ་ལཾ་ཧཱུཾ་ཞེས་(བརྗོད་)པས་(ས་མཆོག་དེ་)རྡོ་རྗེའི་རང་བཞིན་དུ་ བསྒོམས་ཏེ། ཨོཾ་མེ་དེ་ནི་(ས་གཞི་)བཛྲཱི་(རྡོ་རྗེ་)བྷ་བ་(འགྱུར་)བཛྲ་(རྡོ་རྗེ་)བནྡྷ་ (བཅིང་པ་)ཧཱུཾ། ཞེས་པ་དང༌། ཨོཾ་ཧ་ན་(བསྣུན་ཅིག་)ཧ་ན་(བསྣུན་ཅིག་)བཛྲ་ཀྲོ་དྷ་(རྡོ་ རྗེ་ཁྲོ་བོ་) ཧཱུཾ་ཕཊ། ཅེས་པ་དང༌། ཨོཾ་ཨཱཿཧཱུཾ་ཤོ་དྷ་ཡ་(སྦྱོངས་ཅིག་)ཤོ་དྷ་ཡ་(སྦྱོངས་ ཅིག་)རཀྵ་(སྲུང་ཅིག་)རཀྵ་(སྲུང་ཅིག་)ཧཱུཾ་ཧཱུཾ་ཕཊ། ཅེས་པས་བསྔགས་ཤིང་ལག་པ་ རེག་སྟེ་བྱིན་གྱིས་བརླབས་པར་བྱའོ། ། ས་དེའི་དབུས་སུ་ཇི་ལྟར་འོས་པར་རིན་པོ་ཆེ་ལྔ་ དང༌། སྨན་ལྔ་དང༌། འབྲུ་ལྔ་ལ་ལས་ཐམས་ཅད་པ་བཟླས་པ་བཅུག་སྟེ། དེ་བཟླས་པའི་ དྲི་ཆུས་བྱུག་པར་ནམ་མཁའ་ལ་གནས་པའི་ལྷ་མོ་ལ་གཏོར་མ་དང་ཞལ་བསིལ་ལ་ སོགས་པ་ཕུལ་ཏེ་བསྟིམ་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང་ལག་པ་པད་བསྐོར་གྱི་ཕྱག་རྒྱ་ བྱ་ཞིང་ཡི་གེ་བརྒྱ་པ་ཡང་བརྗོད་པར་བྱའོ། །སྣ་ཚོགས་པ་སྟོང་པ་ཉིད་དང་རོ་གཅིག་པའོ་ ཞེས་བརྟན་པར་མོས་པས་ས་དེ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་ཤིན་ཏུ་རྣམ་པར་དག་ པར་མོས་པར་བྱ་བ་ནི་བླ་ན་མེད་པའི་རྣམ་པར་དག་པའོ། །དེ་ལྟར་ས་སྦྱང་བའི་ཆོ་ག་ གསུམ་ལས་ཇི་ལྟར་རིགས་པའོ། ། དེ་ནས་དེར་དཀྱིལ་འཁོར་གྱི་སའི་དབུས་སུ་མེ་ཏོག་བཅལ་དུ་བཀྲམ་པར་འདུག་ལ། རྡོ་ རྗེ་དང་རྡོ་རྗེ་དྲིལ་བུ་བཟུང་སྟེ་འདྲི་བར་འགྱུར་བའི་དཀྱིལ་འཁོར་གྱི་རྣལ་འབྱོར་དང་ ལྡན་པས་བསྲུང་བའི་འཁོར་ལོ་ལ་སོགས་པས་བགེགས་བསལ་ཏེ། སྤོས་ཕོར་བཟུང་ནས་ ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་བྱས་ཏེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ རྣམས་ནི་བདག་ལ་དགོངས། །བདག་ནི་རྡོ་རྗེ་ཆྒཻ་ཡིས། །འདིར་ནི་དཀྱིལ་འཁོར་བྲི་བར་ བགྱི། ། སངས་རྒྱས་ལ་སོགས་ཀུན་བྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་ སྩོལ། །ཞེས་སངས་རྒྱས་ལ་སོགས་པ་རྣམས་ལ་སྙན་གསན་དབབ་ཅིང་མཆོད་ནས་རྣམ་ པར་སྣང་མཛད་ལ་སོགས་པ་ནམ་མཁའ་ལ་བཞུགས་པ་རྣམས་དང༌། ཤར་ལ་སོགས་ པའི་ཕྱོགས་སུ་གནས་པའི་སློབ་མ་རྡོ་རྗེ་དྲིལ་བུ་འཛིན་ཅིང་རྣམ་པར་སྣང་མཛད་ལ་ 8-1-105 སོགས་པའི་རྣལ་འབྱོར་དང་ལྡན་པ་བཞིའམ། སློབ་མ་གཅིག་ཉིད་རིམ་པ་བཞིན་དེ་ དང་དེར་སོང་བས་ཀྱང་རུང་སྟེ། (ཤར་ནས་རྣམ་པར་སྣང་མཛད་ཀྱིས། གསང་བ་ འདུས་པར་གསུངས་པའི།)དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་ གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བསྟན་དུ་ གསོལ། །(ལྷོ་ནས་རིན་ཆེན་འབྱུང་ལྡན་གྱིས།)མཚན་ཉིད་ཐམས་ཅད་ཡང་དག་རྫོགས། ། མཚན་ཉིད་མིན་པ་ཐམས་ཅད་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་ དམ་པ་བཤད་དུ་གསོལ། །(ནུབ་ནས་འོད་དཔག་མེད་ཀྱིས།) ཞི་བའི་ཆོས་མཆོག་ལས་ བྱུང་བ། །ཡེ་ཤེས་མཆོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་ འཁོར་དམ་པ་བཤད་དུ་གསོལ། །(བྱང་ན་དོན་ཡོད་གྲུབ་པས།) སེམས་ཅན་ཀུན་གྱི་ སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་ བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པའི་ཚིགས་སུ་བཅད་པ་རེ་རེས་སོ་ སོ་ནས་བདག་ཉིད་ལ་གསོལ་བ་འདེབས་སུ་གཞུག་གོ །དངོས་སུ་མེད་ན་བསམ་གཏན་ གྱིས་ཀྱང་དེ་ལྟར་བྱ་སྟེ། འདི་ནི་མན་ངག་གོ ། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་བསྒོམ་པའི་ དཀྱིལ་འཁོར་འདེགས་པའི་ཕྱག་རྒྱ་(རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་བརྐྱང་ལ་ རྩེ་མོ་སྦྱར་བ་འོག་ཏུ་ཕྱོགས་པ་སྤྱི་བོར་བཟུང་བ་)དང༌། ཧཱུཾ་བཛྲ་ཨུད་ཏིཥྟ། ཞེས་པས་ ནམ་མཁའ་ལ་བཏེག་སྟེ། སྐྱིལ་ཀྲུང་བཤིག་ལ་ཤར་དུ་ཕྱོགས་པས་མཉམ་པའི་རྐང་ སྟབས་བྱས་ཏེ། མགོ་བོ་ཐལ་མོ་སྦྱར་བས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས། སེམས་ཅན་མ་རིག་པའི་མུན་པར་སོན་ཅིང་བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ལ་ མངོན་པར་བལྟས་ཏེ། བདུད་བསལ་བར་བྱ་བའི་ཕྱིར། སྐད་ཅིག་གིས་འཆད་པར་འགྱུར་ བའི་རྡོ་རྗེ་ཧཱུཾ་མཛད་ཁྲོ་བོའི་ཆ་བྱད་ཅན་སྨིན་མ་གཉེར་ཞིང་མཆེ་བ་གཙིགས་པ། ཤིན་ ཏུ་ཁྲོས་པའི་ཆ་བྱད་ཀྱིས་གཡོ་བ་ལ་སོགས་པ་དང་ལྡན་པས། མིག་གཡས་པ་མ་ལས་ཉི་ མ་དང༌། གཡོན་པ་ཊ་ལས་ཟླ་བར་བྱས་ནས། མིག་འབྲས་གཉིས་ཧཱུཾ་ལས་དུས་མཐའི་མེ་ 8-1-106 ལྟར་འབར་བའི་རྡོ་རྗེའི་བལྟ་བ་འདིས་ཕྱོགས་ཐམས་ཅད་དུ་བལྟ་ཞིང་འགྲོ་བས་ང་ རྒྱལ་བསྐྱེད་པར་བྱ་སྟེ། ཨ་ཧཾ་མེ་ཝ་སྭ་ཡཾ་བཛྲི(ང་ནི་རང་ཉིད་རྡོ་རྗེ་ཅན)། བཛྲ་སཏྭཱ་མྱ་ ཧཾ་སྭ་ཡ(རྡོ་རྗེ་སེམས་དཔའ་རང་ཉིད་དང་)། ཨ་ཧཾ་བུདྡྷོ་མཧཱ་རཱ་ཛ(ང་ནི་སངས་རྒྱས་ རྒྱལ་པོ་ཆེ)། ཨ་ཧཾ་བཛྲཱི་མཧཱ་པ་ལཿ(ང་ནི་སྟོབས་ཆེན་རྡོ་རྗེ་ཅན)། ཨ་ཧཾ་ཡོ་གཱི་ཤྭ་རོ་རཱ་ ཛ(ང་ནི་རྣལ་འབྱོར་དབང་ཕྱུག་རྒྱལ)། བཛྲ་པཱ་ཎི་ར་ཧཾ་ཌི་ཌཾ(རྡོ་རྗེ་སེམས་དཔའ་རང་ ཉིད་དང་)། ཞེས་པ་ལ་སོགས་པས་སོ། ། དེ་ནས་རྐང་པའི་མཐིལ་དུ་རྡོ་རྗེ་འབར་བ་ བསྒོམས་ཏེ། སྐབས་ཇི་ལྟར་བར་འགྱིང་བ་དང་བཅས་པའི་པད་བསྐོར་བྱེད་ཅིང༌། རྡོ་རྗེ་ གསོར་ནས་རྡོ་རྗེ་དྲིལ་བུ་བཀྲོལ་ཞིང་རྡོ་རྗེའི་རྐང་སྟབས་ཀྱིས་དབང་ལྡན་དུ་ཕྱིན་ཏེ། དེ་ ནས་སློབ་མ་དང་ལྷན་ཅིག་གཡས་བསྐོར་དུ་རྡོ་རྗེའི་རྐང་སྟབས་ཀྱིས་དཀྱིལ་འཁོར་གྱི་ ས་གཞིར་གར་བྱེད་ཅིང༌། མིག་གཉིས་ལག་གཉིས་དེ་བཞིན་དཀུར། །རྐང་པ་གཞོགས་སུ་ གཡས་བསྐོར་དུ། །ཕེབ་རྡོབ་སྦྱོར་བས་དཀྱེར་བར་བྱ། ། སླར་ཡང་གཡོན་དུ་དེ་བཞིན་ ནོ། །དེ་ནས་འཛིན་པའི་གར་བྱས་ནས། །དེ་ནས་གཡོ་ཞིང་གར་བྱའོ། །མྱུར་དུ་ཕེག་ བརྡབ་དེ་བཞིན་དུ། །གར་བྱས་འཁོར་ལོ་རབ་བསྐོར་ཞིང༌། །(སཾ་བུ་ཊ་ལས་གསུངས་པའི།) གང་སུ་དག་ལྷ་དང༌། ལྷ་མ་ཡིན་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། བརྗེད་བྱེད་དང༌། འབྱུང་པོ་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། གྲིབ་གནོན་དང༌། རྒན་པོ་དང༌། རྒན་མོ་དང༌། གཡོག་དང༌། འཁོར་དང༌། ནམ་མཁའ་ ལྡིང་དང༌། མིའམ་ཅི་དང༌། རིག་སྔགས་གྲུབ་པ་ཁྱེད་རྣམས་དེངས་ཤིག །སའི་ཕྱོགས་ འདིར་བདག་རྡོ་རྗེ་སློབ་དཔོན་ཆྒཻ་མོ་ཞེས་བྱ་བས་སེམས་ཅན་ཐམས་ཅད་ཀྱིས་བླ་ན་ མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དང༌། སློབ་མ་ཆྒཻ་མོ་ཞེས་བྱ་བའི་མངོན་པར་ རྫོགས་པར་བྱང་ཆུབ་པ་རྫོགས་པར་བྱ་བའི་དོན་དུ། དཔལ་ཆྒཻ་མོ་ཞེས་བྱ་བའི་དཀྱིལ་ འཁོར་ཆེན་པོ་བྲི་བར་བྱའོ། །དེའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི་བཀའ་འདི་ཐོས་ནས་མྱུར་ དུ་དེངས་ཤིག ། གང་དག་མི་འགྲོ་བ་དེའི་མགོ་བོ་བདག་ཧཱུཾ་མཛད་ཀྱི་རྡོ་རྗེ་རབ་ཏུ་ འབར་བ་གསལ་ཞིང་རབ་ཏུ་གསལ་བའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་འདིས། རྣམ་པ་བརྒྱར་ 8-1-107 འགས་པར་བྱའོ། ། ཞེས་པའམ། ལས་ངག་ཡིད་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ ཡང་དག་ཉོན། ། ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །བཀའ་ཡི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་ འབར་བའི་གཟུགས་ཀྱིས་ནི། །ལུས་གསུམ་ལས་བྱུང་དགས་བྱ་སྟེ། །གལ་ཏེ་ཁ་ཅིག་བདག་ ལས་འདའ། ། འདིར་ནི་འཇིགས་འགྱུར་གཞན་དུ་མིན། །ཞེས་ལན་གསུམ་བརྗོད་ཅིང༌། ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས་བགེགས་རྣམས་བསལ་བར་བྱའོ། །དཀྱིལ་འཁོར་གྱི་ས་ གཞི་ཡང་དབང་ཆེན་གྱི་གཏིང་ལ་ཐུག་པར་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་དུ་ བྱིན་གྱིས་བརླབ་བོ། ། འདིར་བསྐོར་བའི་དུས་སུ་བདག་ཉིད་ཀྱི་གཡོན་ན་གནས་པའི་ སློབ་མའི་དྲིལ་བུར་སློབ་དཔོན་གྱི་རྡོ་རྗེ་གཞུག་པར་བྱ་ཞིང༌། དེའི་རྡོ་རྗེ་ཡང་བདག་ ཉིད་ཀྱི་དྲིལ་བུར་རོ། །དེ་ལྟར་མདུན་དང་གཡས་དང་རྒྱབ་ཏུ་ཡང་སྟེ། སྒོ་རྣམས་ སུའོ། །བསྐོར་བའི་ཚེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་རྐང་མཐིལ་དུ་བསམས་ནས། དེས་རྡོ་རྗེ་ས་ལ་བྲི་ཞིང་གར་གྱིས་བསྐོར་བར་བྱའོ། །དེ་བཞིན་དུ། རྩེ་གསུམ་པ་དང༌། རྩེ་ ལྔ་པ་དང༌། སྣ་ཚོགས་རྡོ་རྗེ་སྟེ། ཕྱིར་ལོག་ནས་བསྐོར་ཞིང་རྗེས་གདོད་དོ། །བཞི་པོ་འདི་ རྣམས་རྡོ་རྗེས་མཚན་པ་དང༌། རྡོ་རྗེ་རྣམས་འདྲི་བས་རྡོ་རྗེའི་རྐང་སྟབས་ཏེ། གཡས་ བརྐྱང་ལ་སོགས་པ་རྣམས་བྱེད་པ་ན་སོ་སོར་གཡས་བསྐོར་དུ་ལན་གཅིག་གམ་གསུམ་ ལ་སོགས་པ་བྱའོ། ། དེ་ཡང་གནས་ངེས་པ་ཅན་ལྔ་དང༌། ངེས་པ་མེད་པ་བརྒྱད་དང༌། ཚུལ་དྲུག་དང༌། བཅུ་ གསུམ་དང༌། ཀུན་ཏུ་བསྐྱོད་པ་དགུ་དང༌། གདན་གྱི་ཚུལ་བཅུ་དང༌། གར་གྱི་ཉམས་ དགུ་ལ་སོགས་པ་ཐམས་ཅད་དམ་ཇི་ལྟར་རིག་པར་བྱའོ། །ཡོངས་སུ་མི་ཤེས་པས་སམ། མི་ནུས་པས་སམ། བྱ་བ་བསྡུས་པ་ལ་དགའ་བས་སམ། མི་འདོད་པས་ཀྱང་རུང་སྟེ། རྡོ་ རྗེའི་རྐང་སྟབས་ལ་སོགས་པ་ཐམས་ཅད་དམ། ཉུང་ཟད་མ་བསྒྲུབས་ན་ཡང༌། སྐབས་སུ་ བབ་པ་ཉམས་པར་མི་འགྱུར་ཏེ། བགེགས་བསལ་བ་ནི་བསྐོར་བ་ལ་སོགས་པས་ཀྱང་ འགྲུབ་པའི་ཕྱིར་རོ། །ཞེས་མན་ངག་རིག་པ་རྣམས་གསུང་ངོ༌། ། དེ་ནས་དཀྱིལ་འཁོར་གྱི་ས་གཞིར་དྲིས་བྱུགས་པ་ལ། མེ་ཏོག་དང་སྤོས་ལ་སོགས་པ་ 8-1-108 དང༌། ཟུར་བཞི་དང་སྒོ་བཞིར་སྤོས་ཕོར་ལ་སོགས་པ་དང༌། གར་དང་གླུ་ལ་སོགས་པས་ ཡང་དག་པར་མཆོད་ནས། ལག་པས་རེག་ཅིང་དཀྱིལ་འཁོར་གྱི་བདག་པོའི་སྔགས་བརྒྱ་ རྩ་བརྒྱད་དང༌། ཡི་གེ་བརྒྱ་པ་ལན་བདུན་བཟླས་ལ། དེ་ཉིད་དུ་ལྷའི་འཁོར་ལོ་སྤྲོ་ཞིང་ བསྡུ་བས་ཉལ་བར་བྱས་ཏེ། ས་ཡོངས་སུ་བཟུང་བའི་ཆོ་གའོ། ། དེ་ནས་སྔ་བར་ལངས་ལ་འགྲོ་བ་རྡོ་རྗེ་འཆང་གི་གོ་འཕང་ལ་དགོད་པར་བྱ་བའི་ཆེད་ དུ་བགེགས་མེད་པར་བྱའོ། །ཞེས་བསམས་ནས། སྐད་ཅིག་གིས་སྟོང་པ་ཉིད་ཀྱིས་རྗེས་ལ་ རཾ་ལས་བྱུང་བའི་ཉི་མ་དང༌། ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ བསྒོམས་ནས། དེའི་འོད་ཟེར་ལས་བྱུང་བའི་རྡོ་རྗེ་འབར་བ་སྤྲོས་པས་བར་མཚམས་མེད་ ཅིང༌། དུམ་བུ་གཅིག་ཏུ་གྱུར་པའི་རྡོ་རྗེའི་རྭ་བ་དང་གུར་དང་མདའི་དྲ་བ་དང༌། བླ་རེ་ དང་འོག་ཏུ་ས་གཞི་འབར་ཞིང༌། བཟོད་པར་དཀའ་བའི་སྣ་ཚོགས་རྡོ་རྗེའི་རང་བཞིན་ དུ་བསྒོམ་མོ། ། དེའི་དབུས་སུ་སྐད་ཅིག་གིས་བདག་ཉིད་རྡོ་རྗེ་སེམས་དཔའི་ངོ་བོ་ ཡོངས་སུ་གྱུར་ནས་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་མིང་གཞན་རྡོ་རྗེ་ཧཱུཾ་ མཛད་ཅེས་བྱ་བ་གཡས་བརྐྱང་(ཞིང་གཡོན་བསྐུམ་)བའི་ཞབས་གཉིས་ཀྱིས་སྣ་ཚོགས་ པདྨ་དང་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་མ་མནན་པ། རབ་ཏུ་ཁྲོས་ པ་བསྐལ་པའི་མཐའི་མེ་ལྟར་འོད་ཟེར་གྱི་ཕུང་པོ་འབར་བ། འགྲོ་བ་མ་ལུས་པའི་ བགེགས་ཀྱི་ཚོགས་ཟ་བ་ལྟ་བུ། སྔོ་བ་དང༌། སེར་བ་དང༌། ལྗང་ཁུའི་མདོག་ཅན་གྱི་རྩ་བ་ དང༌། གཡས་པ་དང་ཅིག་ཤོས་ཀྱི་ཞལ་གསུམ་གདངས་པ། མཆེ་བ་གཙིགས་པ། ལྗགས་ འདྲིལ་བ། ཞལ་རེ་རེ་ཞིང་སྨིན་མ་འཁྱོག་ཅིང་ཁྲོ་གཉེར་དང་བཅས་པ། སྤྱན་གསུམ་ དམར་ཞིང་ཟླུམ་པ། ཕྱག་རྒྱ་དྲུག་དང་ལྡན་པ། དཔྲལ་བར་ཐོད་པ་ལྔས་བརྒྱན་པ། ཁྲག་ འཛག་པ་མགོ་བོའི་ཕྲེང་བ་མགུལ་བ་ལ་འཕྱང་བ། མགོ་བོ་དང་བཅས་པའི་སྐེ་རགས་ ཅན། སྟག་གི་པགས་པའི་ན་བཟའ་འཕྱང་བ། མཐའ་ཡས་ནག་པོས་བཅིངས་པའི་དབུ་ སྐྲ་ཁམ་པ་གྱེན་དུ་འབར་བ། འཇོག་པོ་ལ་སོགས་པ་ཀླུའི་རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ། རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བཟུང་ནས་(ཕྱག་གཉིས་ཀྱི་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ཏེ་ 8-1-109 མཐེ་ཆུང་གཉིས་སྦྲེལ་མཛུབ་མོ་གཉིས་བརྐྱང་བར་བྱས་པ་)འཇིག་རྟེན་གསུམ་ལས་རྣམ་ པ་རྒྱལ་བའི་ཕྱག་རྒྱས་རང་འོད་ཀྱི་ཤེས་རབ་དང་སྙོམས་པར་འཇུག་པ། ཕྱག་གཡས་པ་ དག་གིས་ལྕགས་ཀྱུ་དང་ཞགས་པ་དང༌། གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་ འཛིན་པ། ཧཱུཾ་དྲག་ཏུ་སྒྲོགས་ཤིང་ཕྱོགས་སུ་ལྟ་བས་རང་གི་སྙིང་ཁའི་ཧཱུཾ་ལས་སྤྲོས་པའི་ འོད་ཟེར་གྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ། ཧཱུཾ་ལས་འཕྲོས་པའི་ཁྲོ་བོ་བཅུ་ལ་ གཏད་པར་བྱའོ། །ཁྲོ་བོ་དེ་རྣམས་ཀྱིས་ཀྱང་སྒྲ་རིང་པོར་བརྗོད་པའི་ཧཱུཾ་ལས་བྱུང་བའི་ ཁྲོན་པ་བཅུར་བགེགས་རྣམས་བཅུག་པ་ལ་སྣོད་གཙང་མར་བཞག་པའི་ཕུར་བུ་སེང་ ལྡེང་ངམ་ལྕགས་སམ། རུས་པའི་རང་བཞིན་ལ་ཡུངས་ཀར་དང་ཙནྡན་དམར་པོས་ བྱུགས་ཤིང་ཚོན་སྐུད་ལྔས་དཀྲིས་དེ་མེ་ཏོག་གི་ཕྲེང་བ་དམར་པོ་བཅིངས་ནས་མཆོད་ ཅིང༌། དེ་དག་རེ་རེ་ཡང་འོག་ཏུ་རྩེ་གཅིག་པའི་རྣམ་པ་དང༌། སྟེང་དུ་ཁྲོ་བོ་སོ་སོའི་ གཟུགས་ཅན་བསྐལ་པའི་མཐའི་མེ་ལྟར་འབར་བར་བསྒོམས་ནས་གཡོན་པའི་ཁུ་ཚུར་ གྱིས་བཟུང་སྟེ། ཕྱག་གཡས་པས་མཚན་མའི་གཙོ་བོ་ཡོངས་སུ་གྱུར་པའི་ཐོ་བ་མེ་ཏོག་ དམར་པོའི་ཕྲེང་བས་བཅིངས་པ་བཟུང་ནས། ཨོཾ་བཛྲ་(རྡོ་རྗེ་)ཀཱི་ལི་ཀཱི་ལ་ཡ་(ཕུར་བས་ ཐོབ་ཕུར་བས་ཐོབ་)སརྦ་བིགྷྣ་ཨན་(བགེགས་ཀུན་ལ་)ཧཱུཾ། ཞེས་པའམ། (གསང་བ་ འདུས་པར་གསུང་པའི།)ཨོཾ་གྷ་(ཆོམས་)གྷ་(ཆོམས་)གྷཱ་ཏ་ཡ་(འཇོམས་སུ་ཆུག་) གྷཱ་ཏ་ ཡ་(འཇོམས་སུ་ཆུག་)སརྦ་དུཥྟཱན་ཕཊ་ཕཊ་(གདུག་པ་ཅན་ཐམས་ཅད་)ཀཱི་ལ་ཡ་(ཕུར་ བས་ཐོབ་)ཀཱི་ལ་ཡ་(ཕུར་བས་ཐོབ་)སརྦ་པཱ་པཾ་(སྡིག་པ་ཅན་ཐམས་ཅད་)ཕཊ་ཕཊ་ཧཱུཾ་ ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་(རྡོ་རྗེ་ཕུར་བ་)བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི་(རྡོ་རྗེ་འཛིན་པའི་བཀའ་བསྒོ་ བར་བྱེད་དོ།།)སརྦ་བི་གྷ་ནཱ་ནཾ་(བགེགས་རྣམས་ཀུན་གྱི་)ཀཱ་ཡ་ཝཱཀ་ཙིཏྟཾ་(ལུས་དང་ ངག་དང་སེམས་ལ་)ཀཱི་ལ་ཡ་(ཕུར་བས་ཐོབ་)ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པས་མགོ་བོར་ཕུར་ བུ་བཏབ་ནས། ཨོཾ་བཛྲ་(རྡོ་རྗེ་)མུཏྒ་ར་(ཐོ་བ་)ཨཱ་ཀོ་ཊ་ཡ་(བསྡིགས་ཅིག་)ཧཱུཾ། ཞེས་པ་ དང༌། རྡོ་རྗེ་ཐོ་བས་བརྡུང་བར་བྱ་སྟེ། དབང་ལྡན་ནས་བརྩམས་ཏེ་གཡས་བསྐོར་ དུའོ། །དེ་ལ་གཙུག་ཏོར་ཕུར་བུ་ནི་ཤར་གྱི་ཕུར་བུ་ལས་ཤར་དུ་སྟེ། གནོད་མཛེས་ཀྱི་ནི་ 8-1-110 ནུབ་ཀྱི་ཕུར་བུ་ལས་ནུབ་ཏུའོ། །དེ་ལྟར་ཕུར་བུས་གདབ་པ་དང་བརྡུང་བ་དག་གིས་ བགེགས་ཀྱི་ཚོགས་བདེ་བ་ཆེན་པོས་དེ་བཞིན་ཉིད་དུ་རོ་གཅིག་པར་གྱུར་ཅིང༌། ལྷག་མ་ རྣམས་ཀྱང་རིང་དུ་བྲོས་པར་བསམ་མོ། །དེ་ལྟ་བུ་ཕྱོགས་བཅུར་ཁོར་ཡུག་ཆེན་པོའི་བར་ དུ་འགྲོ་བ་རྣམས་རྣམ་པ་ཐམས་ཅད་དུ་བགེགས་མེད་པར་བརྟན་པོར་མོས་པ་བྱས་ཏེ། རིམ་པ་གཅིག་གོ ། ཡང་ན། (ཤར་)ཨོཾ་ཨཱཿཧཱུཾ་ཡ་མ་ཨན་ཏ་ཀྲིཏ་(གཤིན་རྗེ་མཐར་བྱེད་)སརྦ་(ཐམས་ ཅད་)དུཥྟཱན་(གདུག་པ་ཅན་)ཨིནྡྲོན་(དབང་པོ་ཉེར་དབང་)ས་པ་རི་ཝཱ་རཱན་(འཁོར་ དང་བཅས་པ་རྣམས་)ཀཱི་ལ་ཡ་(ཕུར་བས་ཐོབ་)ཧཱུཾ་ཕཊ། (ལྷོ་)ཨོཾ་ཨཱཿཧཱུཾ་པྲཛྙཱ་ཨན་ཏ་ ཀྲིཏ་(ཤེས་རབ་མཐར་བྱེད་)སརྦ་(ཐམས་ཅད་)དུཥྟ་(གདུག་པ་ཅན་)ཡ་མཱན་(གཤིན་ རྗེ་)ས་པ་རི་བཱ་རཱན་(འཁོར་དང་བཅས་པ་)ཀཱི་ལ་ཡ་(ཕུར་བས་ཐོབ་)ཧཱུཾ་ཕཊ། (ནུབ་) ཨོཾ་ཨཱཿཧཱུཾ་པདྨ་ཨན་ཏ་ཀྲིཏ་(པདྨ་མཐར་བྱེད་)སརྦ་(ཐམ་ཅད་)དུཥྟཱ་(གདུག་པ་ ཅན་)ནཱ་གཱན་(གླུ་)ས་པ་རི་བཱ་རཱན་(འཁོར་དང་བཅས་པ་)ཀཱི་ལ་ཡ་(ཕུར་བས་ཐོབ་)ཧཱུཾ་ ཕཊ། (བྱང་)ཨོཾ་ཨཿཧཱུཾ་བི་གྷ་ན་ཨན་ཏ་ཀྲིཏ་(བགེགས་མཐར་བྱེད་)སརྦ་(ཐམས་ ཅད་)དུཥྟཱ་(གདུག་པ་ཅན་)ཀུ་བེ་རཱ་ན་(ལུས་ངན་)ས་པ་རི་ཝཱ་རཱན་(འཁོར་དང་བཅས་ པ་)ཀཱི་ལ་ཡ་(ཕུར་བས་ཐོབ་)ཧཱུཾ་ཕཊ། (དབང་ལྡན་)ཨོཾ་ཨཱཿཧཱུཾ་ཨ་ཙ་ལ་(མི་གཡོ་བ་)སརྦ་ (ཐམས་ཅད་)དུཥྟ་(གདུག་པ་ཅན་)ཨཱི་ཤཱ་ན་ནཱན་(དབང་ལྡན་)ས་པ་རི་ཝཱ་རཱན་(འཁོར་ དང་བཅས་པ་)ཀཱི་ལ་ཡ་(ཕུར་བས་ཐོབ་)ཧཱུཾ་ཕཊ། (མེ་)ཨོཾ་ཨཱཿཧཱུཾ་ཊཀྐི་(འདོད་པ་)སརྦ་ (ཐམས་ཅད་)དུཥྟ་(གདུག་པ་ཅན་)ཨཱག་ནཱིན་(མེ་ལྷ་རྣམས་)ས་པ་རི་ཝཱ་རཱན་(འཁོར་ དང་བཅས་པ་)ཀཱི་ལ་ཡ་(ཕུར་བས་ཐོབ་)ཧཱུཾ་ཕཊ། (བདེན་བྲལ་)ཨོཾ་ཨཱཿཧཱུཾ་ནཱི་ལ་(སྔོན་ པོ་)དཎྜ་(དབྱུག་པ་)སརྦ་(ཐམས་ཅད་)དུཥྟ་(གདུག་པ་ཅན་)ནཻ་རི་ཏིན་(བདེན་ བྲལ་)ས་པ་རི་བཱ་རཱན་(འཁོར་དང་བཅས་པ་)ཀཱི་ལ་ཡ་(ཕུར་བས་ཐོབ་)ཧཱུཾ་ཕཊ། (རླུང་)ཨོཾ་ཨཱཿཧཱུཾ་མཧཱ་བ་ལ་(སྟོབས་པོ་ཆེ་) སརྦ་(ཐམས་ཅད་)དུཥྟ་(གདུག་པ་ཅན་)བཱ་ ཡུན་(རླུང་ལྷ་)ས་པ་རི་ཝཱ་རཱན་(འཁོར་དང་བཅས་པ་)ཀཱི་ལ་ཡ་(ཕུར་བས་ཐོབ་)ཧཱུཾ་ཕཊ། 8-1-111 (རྒྱ་དཔེ་ལ་ཨོཾ་ཨཱ་བྷྲུཾ་ཞེས་པར་སྣང་)ཨོཾ་ཨཱཿཧཱུཾ་ཙཀྲ་ཝར་ཏིན་(འཁོར་ལོ་སྒྱུར་བ་)སརྦ་ (ཐམས་ཅད་)དུཥྟཱརྐ་(གདུག་པ་ཅན་ཉི་མ་)ཙནྡྲ་(ཟླ་བ་)པཱི་ཏཱ་མཧཱན་(ཚངས་པ་)ས་པ་ རི་ཝཱ་རཱན་(འཁོར་དང་བཅས་པ་)ཀཱི་ལ་ཡ་(ཕུར་བས་ཐོབ་)ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་སུམ་བྷ་ (གནོད་མཛེས་)སརྦ་(ཐམས་ཅད་)དུཥྟ་(གདུག་པ་ཅན་)བེ་མ་ཙི་ཏྲི་(ཐག་བཟང་ རིས་)པྲི་ཐི་བཱི་དེ་བཱ་ཏཱཿ(སའི་ལྷ་མོ་)ས་པ་རི་ཝཱ་རཱཿ (འཁོར་དང་བཅས་པ་)ཀཱི་ལ་ཡ་ (ཕུར་བས་ཐོབ་)ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱི་ཤར་ལ་སོགས་པར་དབང་པོ་ལ་སོགས་ པའི་ངོ་བོ་བགེགས་རྣམས་ལ་ཕུར་བུས་གདབ་པ་དང་བརྡུང་བར་བྱ་སྟེ། གཞན་ཐམས་ ཅད་ནི་སྔ་མ་བཞིན་ནོ། །རིམ་པ་གཉིས་པའོ། ། ཡང་སེང་ལྡེང་ལ་སོགས་པའི་ཕུར་བུ་མེད་པར་ཇི་ལྟར་བརྗོད་པའི་བསྒོམ་པ་ཁོ་ནས་ ཕུར་བུས་གདབ་པ་དང༌། བརྡུང་བ་བྱས་ལ་ལག་པ་གན་རྐྱལ་དུ་གནས་པ་བསྒྱུར་ནས། ཨོཾ་བཛྲ་ཧཱུཾ། ཞེས་བརྗོད་ཅིང༌། ས་ལ་བསྣུན་ཏེ་དེ་ལྟར་མོས་པར་བྱའོ། །དེ་ལྟར་བགེགས་ ལ་ཕུར་བུས་གདབ་པའི་ཆོ་ག་རྣམ་པ་གསུམ་ལས་ཇི་ལྟར་རིགས་པའོ། ། དེའི་རྗེས་ལ་དཀྱིལ་འཁོར་ཀྱི་དབུས་སུ་འདུག་སྟེ། རང་གི་མདུན་དུ་དྲིའི་མཎྜལ་བྱས་ པར་བཾ་ལས་བྱུང་བའི་སའི་ལྷ་མོ་སེར་མོ་ཞི་བ་ན་བཟའ་དཀར་པོ་རྒྱན་སྣ་ཚོགས་ཅན། ཞལ་གཅིག་མ་ཕྱག་གཡོན་པས་གསེར་གྱི་བུམ་པ་བསྣམས་ཤིང་ཅིག་ཤོས་ཀྱི་མི་འཇིགས་ པར་མཛད་པ། དགའ་བ་དང་ལྡན་པའི་ཐུགས་ཅན་བསྒོམས་ནས། ལག་པ་གཡས་པའི་ ཟླ་བར་ཧཱུཾ་གསུམ་བསམས་ཏེ། སོར་མོའི་རྩེ་མོས་ས་ལ་ལན་གསུམ་བསྣུན་པས། དེའི་སྒྲ་ དང་ཧཱུཾ་གིས་འོད་ཟེར་རྣམས་ཀྱིས་བསྐུལ་བ་ལས། སའི་ལྷ་མོ་ཡེ་ཤེས་སེམས་དཔའི་ངོ་བོ་ འཐོན་པ་དང་ལྷན་ཅིག་འདྲེས་པར་གྱུར་པ་ལ་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་ བས་མཆོད་པའི་མཇུག་ཐོག་ཏུ། ཨོཾ་ཚུར་སྤྱོན་ཚུར་སྤྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིགས་ རྟེན་ཡུམ། ། རིན་ཆེན་ཀུན་གྱི་རབ་གང་མ། །བཟང་པོ་རྒྱན་གྱིས་རྣམ་བརྒྱན་མ། །དོ་ཤལ་ རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་ ནས་སུ། ། དཀྱིལ་འཁོར་ལས་ནི་ལེགས་གྲུབ་མཛོད། །ཧྲཱི་ཧཱི་ཧཱི་ཧཱི་ཧཱཾ་སྭཱཧཱ། ཞེས་ལན་ 8-1-112 གསུམ་བརྗོད་ལ་སྤྱན་དྲངས་པ་དང༌། ཉེ་བར་གནས་པར་གསོལ་བ་གདབ་པ་དང་ བཅས་པའི་ལྷག་པར་གནས་པར་བྱའོ། །ཡང་ན། སྐྱོབས་པ་སངས་རྒྱས་ཐམས་ཅད་ ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་ དཔང་དུ་གྱུར། །སྐྱོབས་པ་ཤཱཀྱ་སེངྒེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་ལྟར་ བདག་གིས་བདུད་ཀྱི་སྟོབས། ། བཅོམ་ནས་དཀྱིལ་འཁོར་བྲི་བར་བགྱི། །ཞེས་ལན་གསུམ་ བརྗོད་ལ་ལྷག་པར་གནས་པར་བྱའོ། །དེ་ཡང་དེ་ལྟར་གྱིས་ཤིག་ཅེས་གསུངས་ནས་དེ་ ཉིད་དུ་ཐིམ་པར་བསམས་ཏེ། རྡོ་རྗེ་བཅིང་བ་ནང་དུ་བྱས་པས་ས་དེ་མནན་ལ། ཨོཾ་བཛྲ་ (རྡོ་རྗེ་)བྷ་བ་(འགྱུར་)ཧཱུཾ། ཞེས་ལན་གསུམ་བརྗོད་དེ། རྡོ་རྗེ་བསྡམས་པ་ལས་བྱུང་བའི་ ཧཱུཾ་འབར་བ་འཕྲོས་པས་དབང་ཆེན་གྱི་བར་དུ་རྡོ་རྗེར་བསམས་ནས། ཨོཾ་བཛྲ་ཌི་ཌྷ་ཏིཥྛ་ (བརྟན་པར་བཞུགས་)ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ཏེ། དེ་ནས་ས་ རང་གི་དབང་དུ་བྱའོ། །ནོར་འཛིན་མ་ལྷག་པར་གནས་པའི་ཆོ་གའོ། ། དེ་ནས་དཀྱིལ་འཁོར་གྱི་ས་གཞི་བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོ་ཡི་གེ་གསུམ་ གྱིས་བསྔགས་པས་བྱུགས་ཤིང་མེ་ཏོག་གཅལ་དུ་འགྲེམས་སུ་བཅུག་ལ། ཕྱི་དྲོ་ཁྲུས་བྱ་ ཞིང་དྲི་བཟང་པོས་བྱུག་སྟེ། གོས་དམར་པོ་གྱོན་པ་མེ་ཏོག་གི་ཕྲེང་བ་ཅན་ཞལ་དྲི་ བཟང་པོས་བསྒོས་པ་དོ་ཤལ་དང༌། རྐང་གདུབ་དང༌། དཔུང་རྒྱན་དང༌། རྣ་རྒྱན་དང༌། ལག་གདུབ་དང༌། འོག་པག་དང༌། སོར་གདུབ་ལ་སོགས་པའི་རྒྱན་གྱིས་བརྒྱན་ཏེ། ཨོཾ་ཧཱུཾ་ སྭཱཧཱ། ཞེས་པ་ལན་བདུན་བསྔགས་པའི་རས་དམར་པོ་དང༌། ཨོཾ་བཛྲ་(རྡོ་རྗེ་)ཨུཥྞཱི་ཥ་ (གཙུག་ཏོར་)ཧཱུཾ་ཕཊ། ཅེས་པས་ལན་བདུན་བསྔགས་པའི་ཅོད་པན་གྱིས་བརྒྱན་པ་ཤར་ དུ་ཕྱོགས་པས་དཀྱིལ་འཁོར་གྱི་དབུས་སུ་འདུག་པའམ། ཡང་ན་ནུབ་ཏུ་ཕྱོགས་པས་ དཀྱིལ་འཁོར་གྱི་ཤར་དུ་འདུག་སྟེ། དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་ པས་ལྷ་རྣམས་ཀྱི་གནས་སུ་བདུད་རྩི་དང་ཙནྡན་དང་གུར་གུམ་ལ་སོགས་པས་མཎྜལ་ བྱས་ལ། རང་གི་དམ་ཚིག་གི་འཁོར་ལོ་ཇི་ལྟ་བར་བསྒོམས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་ དྲངས་ནས་བཅུག་སྟེ། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་ཡང་བྱའོ། ། 8-1-113 དེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཤར་ལ་སོགས་པའི་ཕྱོགས་སུ་གནས་པའི་བུམ་པ་ རྣམས་སམ། ཡང་ན་བྱང་དུ་ཕྱོགས་པས་དབང་ལྡན་གྱི་མཚམས་ན་གནས་པའི་བུམ་པ་ རྣམས་ལྷག་པར་གནས་པར་བྱའོ། །དེ་ཡང་གསེར་ལ་སོགས་པའི་བུམ་པ་མཚན་ཉིད་ དང་ལྡན་པ་འབྲས་བཏགས་པའམ་ཐོད་ལོ་སྐོར་རམ་ཙན་དན་གྱིས་བྱུགས་ཏེ་དཀར་ པོར་བྱས་པ་བདུད་རྩི་ལྔ་དང་བཅས་པའི་དྲི་ལྔའི་ཆུ་དང༌། རིན་པོ་ཆེ་ལྔ་དང༌། སྨན་ལྔ་ དང༌། འབྲུ་ལྔ་དང་ལྡན་པ་ཡལ་འདབ་ཀྱིས་ཁ་བརྒྱན་ཅིང་སྐེ་ལ་མེ་ཏོག་གི་ཕྲེང་བ་དང་ བཅས་པའི་རས་ཟུང་བཅིངས་པ་རྣམས་བླ་རེའི་འོག་ཏུ་འཆད་པར་འགྱུར་བའི་རྡུལ་ ཚོན་གྱི་དཀྱིལ་འཁོར་ལ་མཚན་མ་དགོད་པའི་རིམ་པས་སོ་སོར་དྲིའི་མཎྜལ་ལ་དཀྱིལ་ འཁོར་གྱི་རྣམ་པས་བཀོད་ནས་ཧཱུཾ་ལན་གསུམ་བཟླས་པའི་སྲད་བུ་དཀར་པོ་བདུན་གྱིས་ དཀྲི་བར་བྱ་སྟེ། ཨོཾ་བཛྲ་(རྡོ་རྗེ་)ཤི་ཁ་ར་(རྩེ་མོ་)ཀ་ཊ་(བརླག་པར་གྱིས་)མཊ་དཱི་ཤཱཾའ་ (ཕྱོགས་རྣམས་)བྷན་དྷ་(ཆིངས་)བྷན་དྷ་(ཆིངས་)ཧཱུཾ། ཞེས་པའི་སྔགས་ཀྱིས་སོ། །དེ་ ལ་བུམ་པའི་གྲངས་ནི་ལྷ་གྲངས་དང་མཉམ་པའམ། ཡང་ན་དབུས་ཀྱི་ཕོ་བྲང་གི་ལྷ་ རྣམས་ཁོ་ནའི་འོ། །དེ་ལ་རིགས་ཀྱི་ཡུམ་རྣམས་ཀྱི་བཞིའོ། །དེ་བཞིན་གཤེགས་པ་རྣམས་ ཀྱི་ལྔའོ། །ཡང་ན་དེ་བཞིན་གཤེགས་པ་རྣམས་ཁོ་ནའི་ལྔའོ། ། ཡང་ན་བདག་པོའི་གཅིག་ དང༌། དེ་བཞིན་གཤེགས་པ་བཞིའི་གཅིག་དང༌། རིགས་ཀྱི་ཡུམ་བཞིའི་གཅིག་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་གི་གཅིག་དང༌། ཁྲོ་བོ་བཞིའི་གཅིག་སྟེ་ལྔའོ། །ཡང་ན་ གཙོ་བོ་ཁོ་ནའི་གཅིག་གོ །ཕྱོགས་འདི་རྣམས་ལ་ལས་ཐམས་ཅད་པའི་བུམ་པ་ལྷག་པར་ གནས་པ་བྱ་སྟེ། སློབ་མ་ལ་སོགས་པ་བསང་བའི་དོན་དུའོ། ། དེ་ལྟར་འཇམ་པའི་རྡོ་རྗེའི་ དཀྱིལ་འཁོར་ལ་བུམ་པའི་གྲངས་རྣམ་པར་བཞག་པའོ། ། འདིའི་རྗེས་སུ་འབྲངས་ནས་ དཀྱིལ་འཁོར་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པར་བུམ་པའི་གྲངས་རིག་པར་ བྱའོ། །དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ལ་ཆོས་འབྱུང་གི་དབུས་སུ་པད་མ་ལ་ཇི་ལྟར་ རིག་པར་ཟླ་བའམ་ཉི་མར་བདག་པོའི་མཚན་མའམ་ས་བོན་ནོ། །བུམ་པ་གཞན་རྣམས་ ལ་ནི་པདྨ་ལ་གནས་པའི་ཟླ་བའམ་ཉི་མ་ཇི་ལྟར་རིགས་པར་ལྷ་རྣམས་ཀྱི་རང་རང་གི་ 8-1-114 མཚན་མའམ་ས་བོན་ནོ། །དེ་ལ་གཙོ་བོ་ཡིན་པའི་ཕྱིར་དང་བྱ་བ་མང་བའི་ཕྱིར་རྣམ་ པར་རྒྱལ་བའི་སྟེང་དུ་དུང་ཆོས་སམ་ཐོད་པར་བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་ པོའི་ཆུ་བླུགས་ཏེ་ཡི་གེ་གསུམ་དང་བཛྲ་(རྡོ་རྗེ་)ཨ་མྲྀ་ཏ་ཨུ་ཏ་ཀ་ཋཿ(བདུད་རྩིའི་ ཆུ་)ཧཱུཾ། ཞེས་པ་ལན་བདུན་བསྔགས་པས་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་ཡེ་ཤེས་ཀྱི་ བདུད་རྩིར་བྱས་ནས། དེའི་སྟེང་དུ་མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་ཧཱུཾ་གིས་ བསྔགས་པ་བཞག་པར་བྱའོ། །དེ་བཞིན་དུ། ཨོཾ་ཏཔྟེ་(དྲོས་པ་)མཧཱ་ཏཔྟེ་(ཆེན་པོར་ དྲོསས་པ་)སྭཱཧཱ། ཞེས་པ་འདིས་དྲངས་པའི་ལྷའི་ཆུ་གང་གཱའི་ངོ་བོར་བྱས་པ་བུམ་པ་ རྣམས་སུ་བླུགས་ནས། སྐད་ཅིག་སྟོང་པར་བྱས་ཏེ་བཾ་ལས་རིན་པོ་ཆེའི་ངོ་བོར་བསྒོམས་ ནས། དེར་ལྷའི་འཁོར་ལོ་གདན་དང་བཅས་པ་བསམས་ལ། སྙིང་ཁའི་ས་བོན་གྱི་འོད་ ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སྤྱན་དྲངས་ནས་མཆོད་དེ། དམ་ཚིག་གི་འཁོར་ལོ་ ལ་བཅུག་ནས། འདོད་ཆགས་ཆེན་པོས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་ཞུ་བར་གྱུར་ཏེ། སྔར་བླུགས་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །མཚན་མ་ཡང་དམ་ཚིག་གི་ ལྷ་ཡེ་ཤེས་ཀྱི་ལྷ་དང་གཅིག་ཏུ་གྱུར་པར་བསམས་ནས། ཧཱུཾ་བརྗོད་ཅིང་རྡོ་རྗེ་དང་འབྲེལ་ བའི་མེ་ཏོག་གི་མཐར་གཡོན་པའི་ཁུ་ཚུར་གྱིས་བཟུང་སྟེ། འཁོར་ལོའི་གཙོ་བོའི་སྙིང་ པོའམ། ཨོཾ་བཛྲ་ཨུ་ད་ཀ་(རྡོ་རྗེའི་ཆུ་)ཧཱུཾ། ཞེས་པ་བརྒྱ་རྩ་བརྒྱད་ཀྱིས་ཆུ་ལ་བསྔགས་ནས། དེར་འཁྱིལ་པ་བཟླས་པའི་མེ་ཏོག་དཀར་པོ་གཞུག་པར་བྱའོ། །བུམ་པ་གཞན་རྣམས་ལ་ ནི་རང་རང་གི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དམ། ཉི་ཤུ་རྩ་གཅིག་གམ། བདུན་དུ་བསྔགས་ ཏེ་མེ་ཏོག་གཞུག་པར་བྱའོ། ། དེ་ནས་མེ་ཏོག་ལ་སོགས་པས་མཆོད་དེ། བསྲུང་བའི་དོན་དུ་ལས་ཐམས་ཅད་པའི་ཆུས་ བསངས་ནས་ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་རྣམས་མ་རྫོགས་པའི་བར་དེ་སྲིད་དུ་ བགེགས་རྣམས་བཟློག་པར་མཛོད་ཅིག །ཅེས་བརྗོད་ཅིང་གཏོར་མ་བྱིན་ནས་ཉེ་བར་ རེག་སྟེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་ དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ཁྱོད་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ 8-1-115 ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ ཁྱོད་ཕྱག་མཚལ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མེད་ མཁའ། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་དཔག་ མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་ བརྙེས། །རྡོ་རྗེ་གསུང་ཁྱོད་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ ཐམས་ཅད་ཡོངས་རྫོགས་མཛད། །དག་པ་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ ཁྱོད་ཕྱག་འཚལ། ། ཞེས་པ་ལ་སོགས་པའི་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ བར་བྱའོ། །བདག་ཉིད་དང་སློབ་མ་རྣམས་བསང་བའི་དོན་དུ་བུམ་པ་རྣམས་ལས་ཆུ་ ཉུང་ཟད་ཉུང་ཟད་བླངས་ནས་དུང་ཆོས་ལ་སོགས་པར་བླུགས་ཏེ། དཀྱིལ་འཁོར་གྱི་ཁང་ པའི་ཤར་སྒོའི་གཡོན་དུ་བཞག་པར་བྱའོ། །ཡང་ན་དེར་ལས་ཐམས་ཅད་པའི་བུམ་པ་ཀུ་ ཤ་དང་བཅས་པ་བཞག་པར་བྱ་སྟེ་བསང་བའི་དོན་དུའོ། ། དེ་ལྟར་བུམ་པ་རྣམས་ལ་མངོན་པར་བསྔགས་པ་དང་མཆོད་པ་ ཉི་མ་སོ་སོར་ཐུན་གསུམ་མམ་གཅིག་ཏུ་བྱའོ། །དེ་ལ་སྔགས་རྣམས་ནི་འཇམ་པའི་རྡོ་ རྗེའི་དཀྱིལ་འཁོར་ལ་གཙོ་བོ་མི་བསྐྱོད་པ་དང་ལྷན་ཅིག་དབྱེར་མེད་པའི། ཨོཾ་ཨཱཿམཾ་ཧཱུཾ། རྣམ་པར་སྣང་མཛད་ཀྱི། ཨོཾ་ཨཱཿཛི་ན་ཛིཀ་(རྒྱལ་བ་)ཧཱུཾ། རིན་ཆེན་འབྱུང་ལྡན་གྱི། ཨོཾ་ ཨཱཿརཏྣ་དྡྷིཀ་(རིན་ཆེན་འཛིན་)ཧཱུཾ། སྣང་བ་མཐའ་ཡས་ཀྱི། ཨོཾ་ཨཱཿཨ་རོ་ལིཀ་(རོ་མྱང་ བ་)ཧཱུཾ། དོན་ཡོད་གྲུབ་པའི། ཨོཾ་ཨཱཿཔྲཛྙཱ་དྷྲིཀ་(ཤེས་འཛིན་)ཧཱུཾ། སྤྱན་མའི། ཨོཾ་ཨཱཿམོ་ཧཱ་ར་ ཏི་(གཏི་མུག་དགའ་མ་)ཧཱུཾ། མཱ་མ་ཀཱིའི། ཨོཾ་ཨཱཿདྭེ་ཥ་ར་ཏི་(ཞེ་སྡང་དགའ་མ་)ཧཱུཾ། གོས་ དཀར་མོའི། ཨོཾ་ཨཱཿརཱ་ག་ར་ཏི་(འདོད་དགའ་མ་)ཧཱུཾ། སྒྲོལ་མའི། ཨོཾ་ཨཱཿབཛྲ་ར་ཏི་(རྡོ་རྗེ་ དགའ་མ་)ཧཱུཾ། གཟུགས་རྡོ་རྗེ་མའི། ཨོཾ་ཨཱཿརུ་པ་བཛྲེ་(གཟུགས་རྡོ་རྗེ་མ་)ཛཿཧཱུཾ། སྒྲ་རྡོ་རྗེ་ མའི། ཨོཾ་ཨཱཿཤབྟ་བཛྲེ་(སྒྲ་རྡོ་རྗེ་མ་)ཧཱུཾ་ཧཱུཾ། དྲི་རྡོ་རྗེ་མའི། ཨོཾ་ཨཱཿགན་དྷ་བཛྲེ་(དྲི་རྡོ་རྗེ་ མ་)བཾ་ཧཱུཾ། རོ་རྡོ་རྗེ་མའི། ཨོཾ་ཨཱཿར་ས་བཛྲེ་(རོ་རྡོ་རྗེ་མ་)ཧོཿཧཱུཾ། རེག་བྱ་རྡོ་རྗེ་མའི། ཨོཾ་ ཨཱཿསྤར་ཤ་བཛྲེ་(རེག་བྱ་རྡོ་རྗེ་མ་)ཁཾ་ཧཱུཾ། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའི། ཨོཾ་ཨཱཿདྷརྨཱ་དྷཱ་ 8-1-116 དུ་བཛྲ་(ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་)རཾ་ཧཱུཾཾ། གཤིན་རྗེ་གཤེད་ཀྱི། ཨོཾ་ཨཱཿཡ་མཱནྟ་ཀྲིད་ (གཤིན་རྗེ་མཐར་བྱེད་) ཧཱུཾ། ཤེས་རབ་མཐར་བྱེད་ཀྱི། ཨོཾ་ཨཱཿཔྲཛྙཱནྟ་ཀྲིད་(ཤེས་རབ་ མཐར་བྱེད་)ཧཱུཾ། པད་མ་མཐར་བྱེད་ཀྱི། ཨོཾ་ཨཱཿཔད་མཱནྟ་ཀྲིད་(པདྨ་མཐར་བྱེད་)ཧཱུཾ། བདུད་རྩི་འཁྱིལ་པའི། ཨོཾ་ཨཱཿབིགྷ་ནཱནྟ་ཀྲིད་(བགེགས་མཐར་བྱེད་)ཧཱུཾ། གང་གི་ཚེ་ འཇམ་པའི་རྡོ་རྗེ་དང་དབྱེར་མེད་པའི་མི་བསྐྱོད་པས་འཁོར་ལོའི་གཙོ་བོ་བྱེད་པ་དེའི་ ཚེ་འདིའི། ཨོཾ་ཨཱཿབཛྲ་ཌྷྲིཀ་(རྡོ་རྗེ་འཛིན་)ཧཱུཾ་ངོ༌། །བསྡུས་པའི་རིམ་པའི་དཀྱིལ་འཁོར་ལ་ མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་སྔགས་ནི་སྔར་བརྗོད་པ་ཉིད་དོ། ། བྱམས་པ་ལ་ སོགས་པ་རྣམས་ཀྱི་ནི། ཨོཾ་ཨཱཿམཻ་ཏྲེ་ཡ་མཻ་(བྱམས་པ་)ཧཱུཾ། ཨོཾ་ཨཱཿཀྵཱི་ཏི་གརྦྷ་ཐླྷཱིཾ་(སའི་སྙིང་ པོ་)ཧཱུཾ། ཨོཾ་ཨཱཿབཛྲ་པཱ་ཎེ་(ཕྱག་ན་རྡོ་རྗེ་)ཨོཾ་ཧཱུཾ། ཨོཾ་ཨཱཿཁ་གརྦྷ་(ནམ་མཁའི་སྙིང་པོ་)ཨོཾ་ ཧཱུཾ། ཨོཾ་ཨཱཿལོ་ཀེ་ཤྭ་ར་(འཇིག་རྟེན་དབང་ཕྱུག་)ཨོཾ་ཧཱུཾ། ཨོཾ་ཨཱཿམཉྫུ་གྷོཥ་(འཇམ་པའི་ དབྱངས་)ཧཱུཾ་ཧཱུཾ། ཨོཾ་ཨཱཿསརྦ་ནི་བ་ར་ཎ་(སྒྲིབ་པ་ཐམས་ཅད་)བི་སྐམ་བིན་(རྣམ་པར་ སེལ་བ་)ཨོཾ་ཧཱུཾ། ཨོཾ་ཨཱཿས་མན་ཏ་བྷ་ཏྲ་(ཀུན་ཏུ་བཟང་པོ་)སཾ་ཧཱུཾ། ཨོཾ་ཨཱཿཨ་ཙ་ལ་(མི་ གཡོ་བ་)ཧཱུཾ་ཧཱུཾ། ཨོཾ་ཨཱཿཊཀྐི་(འདོད་པ་)ཧཱུཾ་ཧཱུཾ། ཨོཾ་ཨཱཿནཱི་ལ་དཎྜ་(དབྱུག་པ་སྔོན་པོ་)ཧཱུཾ་ ཧཱུཾ། ཨོཾ་ཨཱཿམཧཱ་བ་ལ་(སྟོབས་པོ་ཆེ་)ཧཱུཾ་ཧཱུཾ། ཨོཾ་ཨཱཿཨུཥྞཱི་ཥ་(གཙུག་ཏོར་)ཧཱུཾ་ཧཱུཾ། ཨོཾ་ཨཱཿསུམ་ བྷ་(གནོད་མཛེས་)ཧཱུཾ་ཧཱུཾ། གང་གི་ཚེ་མི་བསྐྱོད་པ་དང་དབྱེར་མེད་པའི་རྡོ་རྗེ་སེམས་ དཔའ་འཁོར་ལོའི་གཙོ་བོ་བྱེད་པ་དེའི་ཚེ་འདིའི། ཨོཾ་ཨཱཿཧཱུཾ་ཧཱུཾ་ཞེས་པའི་སྔགས་སོ། ། སྔགས་གཞན་རྣམས་ནི་སོ་སོའི་སྒྲུབ་ཐབས་ལས་ཤེས་པར་བྱའོ། ། འདིར་དཀྱིལ་འཁོར་གྱི་ལས་ལ་ཉེ་བར་མཁོ་བའི་ཕྱིར། པད་མ་འདབ་བརྒྱད་བྲིས་པའི་ ལྟེ་བར་རྣམ་པར་རྒྱལ་བའི་བུམ་པ་དང༌། ཤར་དུ་ཐིག་སྐུད་དང༌། ལྷོར་རྡོ་རྗེ་དང༌། བྱང་ དུ་རྡོ་རྗེ་དྲིལ་བུ་དང༌། ནུབ་དང་མཚམས་ཀྱི་འདབ་མ་རྣམས་ལ་རྡུལ་ཚོན་ལྔའི་སྣོད་ བཀོད་ནས་སྟ་གོན་དུ་གནས་པར་བྱའོ། །དེ་ལ་ཐིག་སྐུད་ནི་གཞོན་ནུ་མ་མ་ཉམས་པས་ བཀལ་བའམ་དཔའ་བོའི་རིན་གྱིས་ཉོས་པའི་སྐུད་པ་ལྔ་ཚན་ལྔ་སྟེ། བདུད་རྩི་ལྔ་དང་ ཡུངས་ཀར་གྱི་ཕྱེ་མ་བསྲེས་པའི་ཚོན་ལྔ་དྲི་ཞིམ་པོ་དང་ལྡན་པས་སོ་སོར་ཁ་བསྒྱུར་པ་ 8-1-117 སྣོད་གཙང་མ་ལྔར་གནས་པ་རྣམས་སོ། །དེ་དག་ཀྱང་རང་གི་ལག་མཐིལ་གཡོན་པར་ (སོར་མོའི་རྩེ་མོ་ནས་མཐེ་བོའི་རྩ་བའི་བར་ལ་དཀར་སེར་དམར་ལྗང་ནག་པོ་)རིམ་ གྱིས་བཀོད་དེ། (འཁོར་ལོ་སྡོམ་པར་) བུཾ་ཨཾཿཧྲཱིཿཁཾ་ཧཱུཾ། ཞེས་པའམ། (ཀྱེ་རྡོ་རྗེར་)བུཾ་ཨཾ་ཛཱིཾ་ ཁཾ་ཧཱུཾ། ཞེས་པའམ། (གསང་འདུས་སུ་)ཨོཾ་སྭཱ་ཨཱཿཧཱ་ཧཱུཾ། ཞེས་པ་ལ་སོགས་པ་རང་རང་གི་ རྒྱུད་ལས་གསུངས་པའི་ཡི་གེ་ལྔ་ལས་བྱུང་བའི་དེ་བཞིན་གཤེགས་པ་ལྔའི་ངོ་བོར་ བསྒོམ་པར་བྱའོ། །དེ་ནས་ནམ་མཁར་བཞུགས་པའི་(རང་རང་གི་ཕྱོགས་ཀྱི་)དེ་བཞིན་ གཤེགས་པ་(ཐམས་ཅད་བསྡུས་པ་)ལྔའི་ཐུགས་ཀར་སྔར་བསྟན་པའི་ཡི་གེ་ལྔ་ལས་ཡེ་ ཤེས་ཀྱི་སྐུད་པ་འོད་ཟེར་གྱི་རང་བཞིན་དུ་བལྟས་ནས་གསོལ་བ་གདབ་པར་བྱ་སྟེ། ཨོཾ་ ཨཱཿཤཱ་ཤྭ་ཏ་(རྟན་པ་)བཛྲ་སཱུ་ཏྲཾ་(རྡོ་རྗེའི་ཐིག་སྐུད་)མེ་པྲ་ཨ་ཙྪ་(བདག་ལ་སྩལ་དུ་ གསོལ་)མཧཱ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་(དཔལ་ཆེན་པོའི་ཐིག་གདབ་པའི་ཆེད་དུ་)ཧཱུཾ། ཞེས་པ་ དང༌། དེ་བཞིན་དུ། ཤཱ་ཤྭ་ཏ། ཞེས་པ་འདིའི་གནས་སུ། རཏྣ་སཾ་བྷ་ཝ། ཞེས་པ་དང༌། ཨ་ མི་ཏ་བྷ་ཝ། ཞེས་པ་དང༌། ཨ་མོ་གྷ་སིདྡྷ། ཞེས་པ་དང༌། ཨ་ཀྵོ་བྷྱཿ ཞེས་པ་རྣམས་བཅུག་ ནས། དེ་བཞིན་གཤེགས་པ་ལྔ་ལ་སོ་སོར་གསོལ་བ་གདབ་པར་བྱའོ། ། དེ་ནས་རང་གི་མིག་གཉིས་ཛ་ལས་སྐྱེས་པའི་ཉི་མ་དང་ཟླ་བ་ཉི་མ་སེར་པོར་བྱས་ནས་ མྱུར་དུ་བསྒྲིལ་ཞིང་རྫི་མ་རྡེབས་པ་འབར་བའི་ལྟ་བ་ལྕགས་ཀྱུ་ལྟ་བུ་དང༌། ཨོཾ་དཱིཔྟ་ (འབར་བའི་)ཌཱི་ཥྟི་(མིན་)ཨཾ་ཀུ་ཤ་ཛཿ (ལྕགས་ཀྱུ་ཅན་) ཞེས་པ་འདིས་ཡེ་ཤེས་ཀྱི་ ཐིག་སྐུད་དེ་རྣམས་བཀུག་ནས་དམ་ཚིག་པ་དང་རོ་གཅིག་ཏུ་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་ དག་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །དེ་བཞིན་དུ། ས་བོན་རེ་ལས་དེ་བཞིན་གཤེགས་པ་ ལྔ་ལྔ་སྤྲོ་ཞིང་སྡུད་པའི་ཕྱིར་རེ་རེ་ཡང་ལྔ་ལྔའི་བདག་ཉིད་དེ་དེ་ལྟར་ན་ཉི་ཤུ་རྩ་ ལྔའོ། །དེ་དག་ཀྱང་ལྷའི་རྣལ་འབྱོར་དང་ལྡན་པས་སློབ་མ་དང་ལྷན་ཅིག། ཨོཾ་ཨཱཿནྱོ་ནྱ་ ཨ་ནུ་ག་ཏཱཿ (ཕན་ཚུན་རྗེས་སུ་སོང་བ)སརྦ་དྷརྨྨཱ་(ཆོས་ཐམས་ཅད་)པ་རསྤ་ར་ཨ་ནུ་ པྲ་བིཥྟཱཿ (ཕན་ཚུན་རྗེས་སུ་ཞུགས་པ) སརྦ་དྷརྨྨཱ་(ཆོས་ཐམས་ཅད་) ཨཪྻན་ཏ་ཨ་ནུ་པྲ་ བིཥྟཱཿ (ཤིན་ཏུ་རྗེས་སུ་ཞུགས་པ) སརྦ་(ཐམས་ཅད་)དྷརྨཱ་(ཆོས་)ཨོཾ་ཨཱཿཧཱུཾ། ཞེས་ 8-1-118 བརྗོད་ཅིང༌། དང་པོར་སྲད་བུ་ལྔ་ལྔས་སྐུད་པ་རེ་རེ་བྱའོ། །སླར་ཡང་ལྔ་ཆར་གཅིག་ཏུ་ བསྒྲིལ་ཏེ་སྦོམས་སུ་(ནས་ཀྱི་ཉི་ཤུ་ཆས་ལྷག་པའི་)ནས་ཙམ་དང་སྲིད་དུ་འཛིན་པའི་ཆ་ མ་གཏོགས་པ་དཀྱིལ་འཁོར་ལས་གཉིས་འགྱུར་བྱས་ནས། སླར་ཡང་གསེར་ལ་སོགས་ པའི་སྣོད་གཙང་མར་གཞག་ཅིང༌། དྲིའི་ཁུ་བ་དང་བདུད་རྩི་ལྔ་ལ་སོགས་པས་སྦངས་ཏེ་ ཡི་གེ་གསུམ་གྱིས་བསྔགས་ནས་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ། ལག་པས་རེག་ ཅིང་འཁྱིལ་བ་བརྗོད་པས་བསྲུང་བར་བྱའོ། །དེ་ནས་མིག་གཡས་པ་མ་ལས་ཉི་མ་དང་ གཡོན་པ་ཊ་ལས་ཟླ་བར་བྱས་ཏེ། འབར་བའི་ལྟ་བས་བལྟ་ཞིང༌། བཛྲ་ཊིཥྟི་མ་ཊ(རྡོ་ རྗེའི་ལྟ་བས་བརླག་པར་གྱིས)། ཞེས་བརྗོད་པས་བརྟན་པར་བྱས་ནས་བདུད་རྩིའི་ཆུ་ དང་ཡུངས་ཀར་དང་དྲི་ཆུ་ལས་ཐམས་ཅད་པ་བཟླས་པས་གཏོར་ཏེ། ལག་པ་གཡས་པ་ རྡོ་རྗེ་དང་བཅས་པས་རེག་ཅིང༌། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲི་མཱ་ཏི་ཀྲ་མ་ཧཱུཾ། ཞེས་པ་དང༌། ཡི་ གེ་གསུམ་གྱིས་བརྒྱ་རྩ་བརྒྱད་དུ་བཟླས་ནས། ལྷག་པར་གནས་པར་བྱའོ། །དེ་བཞིན་དུ། རྡུལ་ཚོན་ཡང་བཾ་ལཾ་རཾ་ཧཾ་ཡཾ་རྣམས་ལས་བྱུང་བའི་དཀར་པོ་དང་སེར་པོ་དང་དམར་པོ་ དང་ལྗང་ཁུ་དང་ནག་པོའི་ཁ་དོག་སྟེ། འབྱོར་བའི་དབྱེ་བའི་ཟླ་ཤེལ་དང་སྤུག་དང་པད་ མ་རཱ་ག་དང་མ་ར་ཀ་ཏ་དང་ཨིནྡྲ་ནཱི་ལ་རྣམས་སམ། དེ་དག་མེད་ན་མུ་ཏིག་དང་ གསེར་དང་བྱི་རུ་དང་ཚོན་བཞི་བསྲེས་པ་དང་མུ་མིན་རྣམས་སམ། དེ་དག་ཀྱང་མེད་ན་ ཁམས་ལས་བྱས་པའམ། འབྲས་ལས་བྱས་པའམ། མེ་ཏོག་ལས་བྱས་པ་ལ་སོགས་པའི་ ཚོན་རྣམས་སྔ་མ་བཞིན་དུ་བུམ་པ་ལ་སོགས་པའི་ཡི་གེ་ལྔ་ལས་དེ་བཞིན་གཤེགས་པ་ ལྔའི་ངོ་བོར་བསྒོམ་པར་བྱའོ། །དེ་ནས་སྔར་བསྟན་པ་བཞིན་དུ་ནམ་མཁར་བཞུགས་ པའི་སངས་རྒྱས་རྣམས་ཀྱི་ཐུགས་ཀར་ཡི་གེ་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་ཚོན་འོད་ཟེར་ གྱི་རང་བཞིན་བལྟ་སྟེ། འབར་བའི་ལྟ་བ་སྔགས་དང་བཅས་པས་བཀུག་ནས་དམ་ཚིག་ པ་དང་རོ་མཉམ་པར་བྱས་ཏེ། བུཾ་ལ་སོགས་པ་དང༌། ཨོཾ་བཛྲ་(རྡོ་རྗེ་) ཙི་ཏྲ་(ཚོན་གྱི་)ས་ མ་ཡ་(དམ་ཚིག་)ཧཱུཾ། ཞེས་པས་བརྒྱ་རྩ་བརྒྱད་དུ་བསྔགས་ཤིང༌། དྲི་ལ་སོགས་པས་ མཆོད་པར་བྱའོ། །དེ་བཞིན་དུ། རྡོ་རྗེའི་ལྟེ་བ་ཆ་བརྒྱད་པ་ལ་རྡོ་རྗེ་སེམས་དཔའ་དང༌། 8-1-119 དྲིལ་བུའི་བུམ་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང༌། རྭ་ལྔ་པོ་རྣམས་ལ་ཡེ་ཤེས་ མཁའ་འགྲོ་མ་ལ་སོགས་པ་ལྔ་དང༌། པད་མའི་འདབ་མ་བརྒྱད་པོ་རྣམས་ལ་རྡོ་རྗེའི་ ལྕགས་ཀྱུ་མ་ལ་སོགས་པ་བརྒྱད་དང༌། རྡོ་རྗེའི་ཕྱོགས་གཞན་གྱི་རྭ་རྣམས་ལ་ནི་རིགས་ ལྔ་དང༌། འདབ་མ་བརྒྱད་ལ་ནི་བྱང་ཆུབ་སེམས་དཔའ་བརྒྱད་དེ། དེ་ལྟར་དམ་ཚིག་ སེམས་དཔའ་བསྐྱེད་ནས། སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་སེམས་ དཔའ་དང་རོ་གཅིག་ཏུ་བྱས་ཏེ། མཆོད་ནས་དེ་དང་དེའི་རྣམ་པར་ཡོངས་སུ་གྱུར་པར་ བལྟས་ལ། རྡོ་རྗེ་ཐབས་ཀྱི་རང་བཞིན་དང༌། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་དང༌། གཉིས་ཀ་ཡང་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་མོས་པར་བྱའོ། །དེ་ བཞིན་དུ། དེ་དག་འཛིན་པའི་ཚེ་ཡང༌། པད་སྐོར་སྔོན་དུ་འགྲོ་བས་གཡས་པའི་མཐེ་བོ་ དང་མིང་མེད་ཀྱིས་རྡོ་རྗེ་བཟུང་ཞིང༌། ཨོཾ་སརྦ་(ཐམས་ཅད་)ཏ་ཐཱ་ག་ཏ་(དེ་བཞིན་ གཤེགས་པ་)སིདྡྷི་(དངོས་གྲུབ་)བཛྲ་ས་མ་ཡེ་(རྡོ་རྗེ་དམ་ཚིག་)ཏིཥྟ་(གནས་པར་ མཛོད་)ཨེ་ཥ་(འདི་)ཏྭཾ་(ཁྱོད་)དྷ་ར་ཡཱ་མི་(འཛིན་དུ་འཇུག་གོ་)ཧིཿཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ་ཧཱུཾ་ ཕཊ་སྭཱཧཱ། ཞེས་བརྗོད་ནས་གསོར་རོ། །དེ་བཞིན་དུ། གཡོན་པས་དྲིལ་བུ་བཟུང་ཞིང༌། ཨོཾ་ བཛྲ་གྷཎྜཱ་ཧཱུཾ། ཞེས་བརྗོད་དེ། དེ་ནས། ཨོཾ་བཛྲ་(རྡོ་རྗེ་)དྷརྨཱ་ར་ཎི་ཏ་(ཆོས་ཀྱི་སྒྲ་) པྲ་ར་ ཎི་ཏ་(རབ་ཏུ་བསྒྲགས་)སཾ་པྲ་ར་ཎི་ཏ་(ཡང་དག་པར་རབ་ཏུ་བསྒྲགས་)སརྦ་བུདྡྷ་ (སངས་རྒྱས་ཀྱི་ཞིང་) ཀྵེ་ཊ་པྲ་ཙཱ་ལི་ནེ་(རབ་ཏུ་གཡོ་བར་བྱེད་པ་)པྲཛྙཱ་པ་ར་མཱི་ཏཱ་ (ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་)ནཱ་ད་སྭ་བྷཱ་ཝེ་ཏ་(སྒྲའི་རང་བཞིན་)བཛྲ་སཏྭ་ཧྲི་ད་ ཡ་(རྡོ་རྗེ་སེམས་དཔའི་ཐུགས་)སཾ་ཏོ་ཥ་ཎི་(ཡང་དག་པར་མཉེས་པར་བྱེད་པ་)ཧཱུཾ་ཧཱུཾ་ ཧཱུཾ་ཧོ་ཧོ་ཧོ་སྭཱཧཱ། ཞེས་བརྗོད་ཅིང་དཀྲོལ་བར་བྱའོ། །དེ་བཞིན་དུ། ཐམས་ཅད་ལ་བུམ་ པའི་ཆུས་གཏོར་ཞིང༌། ཨོཾ་ཨ་ཨཱ་ཨཾ་ཨཿཞེས་པའམ་འཁྱིལ་པའི་སྔགས་ཀྱིས་བསང་ གཏོར་བྱ་སྟེ། བུམ་པ་ལ་སོགས་པར་ལྷག་པར་གནས་པའི་ཆོ་གའོ། ། དེ་ནས་དཀྱིལ་འཁོར་གྱི་ས་གཞི་དྲི་བཟང་ལ་སོགས་པས་བྱུག་ཅིང་མེ་ཏོག་གཅལ་དུ་ བཀྲམ་སྟེ། དེར་ནུབ་ཏུ་ཕྱོགས་པས་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་པོས་ཇི་ལྟར་ 8-1-120 འབྱུང་བའི་བདག་པོ་ལྔའི་ལེའུ་ཚེ་རྣམས་སུ་མཎྜལ་གྲུ་བཞི་པ་དང༌། ལྷ་གཞན་རྣམས་ལ་ ཟླུམ་པོར་བྱས་ལ་དེ་རྣམས་སུ་འབྲི་བར་འགྱུར་བའི་ལྷའི་འཁོར་ལོ་བསྒོམས་ཏེ། རང་གི་ སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་དང་རོ་གཅིག་ བྱས་ནས། ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བའི་མཆོད་པ་དང་བསྟོད་པ་དང་ བདུད་རྩི་མྱང་བ་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཤིང་ལྕེ་ཧཱུཾ་ལས་སྐྱེས་ པའི་རྡོ་རྗེ་རྩེ་གཅིག་པར་བྱས་ལ་ཧཱུཾ་བཀོད་དེ། ལག་པ་གཡས་པས་སྤོས་ཕོར་ཐོགས་པ་ དང༌། གཡོན་པས་དྲིལ་བུ་དཀྲོལ་ཞིང༌། བཅོམ་ལྡན་རྡོ་རྗེ་ཆྒཻ་མཆོག །རིག་པའི་རྒྱལ་པོ་ ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ ཕྱིར། ། མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་བྲི་བར་བདག་འཚལ་ ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་ རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའང་འབྲས་གནས་ དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་ དང༌། །འབྱུང་པོ་བྱང་ཆུབ་བརྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་ བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། ། བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ ནི་ཆྒཻ་རྡོ་རྗེ་ཅན། །ཆྒཻ་འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པ་ཉེར་སྦྱོར་བས། །འགྲོ་ བ་སྦྱང་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བའི་ཉེར་བཟུང་ ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་བྱོན་པར་མཛད་པར་ རིགས། །ཞེས་དོན་མངོན་དུ་བྱེད་ཅིང་ལན་གསུམ་བརྗོད་པས་གསོལ་བ་གདབ་པར་བྱས་ ཏེ། ལྷ་ལྷག་པར་གནས་པའི་ཆོ་གའོ། ། དེ་ནས་སློབ་མ་ལེགས་པར་ཡོངས་སུ་བརྟག་པ་ང་རྒྱལ་ལ་སོགས་པའི་སྐྱོན་དང་བྲལ་བ། དགེ་བསྙེན་ལ་སོགས་པའི་བསླབ་པ་ལ་གནས་ཤིང་ཡོངས་སུ་སྦྱངས་པ། གུས་པ་དང་ ལྡན་ཞིང་རྡོ་རྗེ་སེམས་དཔའི་སྡོམ་པ་བཟུང་བར་ནུས་ལ། རྡོ་རྗེ་ཐེག་པ་ལ་སྟོན་པ་ གཞན་མི་ཚོལ་ན། རིགས་དང་གཟུགས་ཀྱི་ཡོན་ཏན་དང་བྲལ་ཡང་ལྷག་པར་གནས་པ་ 8-1-121 བྱའོ། །དེ་ལ་སློབ་མ་གཅིག་གམ་གཉིས་སམ་མང་པོས་མཎྜལ་བྱས་ནས་པུས་མོ་ས་ལ་ བཙུགས་ཏེ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བ་རྣམས་ལ། (ཁ་ཅིག་གསང་སྔགས་ གྲུབ་དོན་གཉེར། །དཀྱིལ་འཁོར་འདིར་ནི་འཇུག་པར་འགྱུར། །དེ་ལས་གཞན་ནི་བསོད་ ནམས་འདོད། །ཕལ་ཆེར་དད་པར་བྱས་ནས་ནི། །འཇིག་རྟེན་ཕ་རོལ་ལ་དམིགས་ཏེ། །བློ་ ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །འདི་ཡི་འབྲས་བུ་འདོད་མི་བྱ། །འདི་ཡི་འབྲས་བུ་དོན་ གཉེར་ན། ། འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །སྐྱེས་བུ་འཇིག་རྟེན་ཕ་རོལ་ གཉེར། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་གསུངས་ལ།)འཇིག་རྟེན་འདི་ཉིད་ ཀྱི་མངོན་པར་མཐོ་བ་དོན་དུ་གཉེར་བས་མ་ཡིན། འཇིག་རྟེན་ཕ་རོལ་གྱི་མངོན་པར་ མཐོ་བའི་ཆེད་དུ་ཡང་མ་ཡིན་གྱི། འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་གསུམ་གྱི་ཕུན་ སུམ་ཚོགས་པ་ཐོབ་པར་བྱ་བའི་ཕྱིར། དཀྱིལ་འཁོར་དུ་འཇུག་པར་བྱའོ། ། དེ་ལྟར་ན་ནི་ མངོན་པར་མཐོ་བ་གཉིས་ཀྱང་ཐོབ་པར་འགྱུར་རོ། །ཞེས་བསྒྲག་པར་བྱའོ། ། དེ་ནས་སློབ་མ་དེ་དག་རང་གི་ཁ་ནས་ལུས་ལ་བཅུག་སྟེ། རྡོ་རྗེའི་ལམ་ནས་འཐོན་ཅིང་ ཤེས་རབ་ཀྱི་པད་མར་གནས་པ་བསྒོམས་ནས། སླར་ཡང་རང་གི་སྙིང་གའི་ས་བོན་གྱི་ འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཤེས་རབ་དང་བཅས་པ་རྣམས་བཀུག་སྟེ་ཁ་ནས་ རང་གི་ལུས་ལ་བཞུགས་ཤིང་ཞུ་བར་གྱུར་པ་རྣམས་ཀྱིས་དེ་དག་དབང་བསྐུར་བར་ བསམ་པར་བྱའོ། །དེ་ནས་སླར་ཡང་དེ་དག་དཀྱིལ་འཁོར་གྱི་ཤར་གྱི་སྒོར་བཞག་སྟེ། འཇུག་པར་གསོལ་བ་འདེབས་སུ་གཞུག་པ་ནི། སྐྱེ་རྒ་འཆི་དང་ན་གྲ་ཡི། །ཆུ་སྲིན་ལ་ སོགས་འཇིགས་རུང་བའི། ། སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་པ་ ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ ཆོས་དང་དགེ་འདུན་ཏེ། ། སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་ གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བརྗོད་དུ་གཞུག་གོ །དེ་ནས་ སློབ་མ་གཅིག་གཙོ་བོར་བྱས་ཏེ། བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་སྤྱོད་ 8-1-122 ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །སྐུ་ གསུང་ཐུགས་ཀྱི་རྡོ་རྗེ་ཅན། ། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་ མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུན་ཀྱི་སྡེ། །མི་བཟད་ ཆེན་པོའི་སྟོབས་ཆེན་བཅོམ། ། འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ ཤིག །ཅེས་པ(དང༌། རྟོག་པ་ཐམས་ཅད་ཡང་དག་བསྡུས་ནས་ནི། །ཤིན་ཏུ་བསམ་པ་ བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་ཧེ་རུ་ཀ་སོགས་པའི། །བདེ་བར་གཤེགས་པ་ རྣམས་ཀྱིས་བྱིན་མི་སློབ། །ཅེས་པ)ས་ཡང་དག་པར་འཛིན་དུ་གཞུག་གོ ། དེ་ནས། (དཔལ་སྒྱུ་འཕྲུལ་དྲ་བ་ལས་འབྱུང་བའི་)དཀོན་མཆོག་གསུམ་ལ་སྐྱབས་སུ་ འཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་ རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་བརྗོད་(པས་ཐུན་མོང་གི་སྡོམ་པ་འཛིན་)དུ་ གཞུག །དེ་ལྟར་ཐུན་མོང་གི་སྡོམ་པ་ཅན་གྱིས། སློབ་དཔོན་གྱི་སྡོམ་པ་བཟུང་བའི་ ཕྱིར། །འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་ འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་འཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ ཚིག་དང༌། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་བགྱིད། ། ཅེས་ཁྱད་པར་དུ་གསོལ་བ་འདེབས་སུ་ བཅུགས་ནས། བྱང་ཆུབ་ཀྱི་སེམས་བསྐྱེད་དུ་གཞུག་པར་བྱ་སྟེ། (སཾ་བུ་ཊ་ལས་གསུངས་ པའི་)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆྒཻ་མོ་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་ མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ པ། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། ། ཚུལ་ཁྲིམས་ བསླབ་པ་རྣམ་པ་གསུམ། །དགེ་བ་དང་ནི་ཆོས་སྡུད་དང༌། །སེམས་ཅན་དོན་བྱེད་ཚུལ་ 8-1-123 ཁྲིམས་ནི། །བདག་གིས་སོ་སོར་བརྟན་པོར་བཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ ཏེ། །དཀོན་མཆོག་མཆོག་གསུམ་བླ་ན་མེད། །སྡོམ་པ་སངས་རྒྱས་རྣལ་འབྱོར་བྱུང༌། ། དེང་ནས་བརྩམས་ཏེ་བཟུང་བར་བགྱི། །རྡོ་རྗེ་ཆེན་པོའི་རིགས་བསྡུས་ལ། །རྡོ་རྗེ་དྲིལ་བུ་ ཕྱག་རྒྱ་ཡང༌། །དེ་ཉིད་ཀྱིས་ནི་རབ་ཏུ་བཟུང༌། །སློབ་དཔོན་དག་ཀྱང་བཟུང་བས་བགྱི། ། རིན་ཆེན་ཆེན་པོའི་རིགས་མཆོག་གི །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨའི་རིགས་ཆེན་དག་པ་ལ། །བྱང་ཆུབ་ ཆེན་པོ་ལས་བྱུང་བ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཚིག་སེམས་དཔའ་བཟུང་ བར་བགྱི། །ལས་ཆེན་རིགས་ནི་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །མཆོད་ པའི་ལས་ནི་ཅི་ནུས་བཞིན། །ཀུན་ནས་སོ་སོར་བཟུང་བར་བགྱི། །སེམས་ཅན་ཀུན་གྱི་ དོན་གྱི་ཕྱིར། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་ཡང་དག་བསྐྱེད་བགྱི་ཞིང༌། །སྡོམ་ པ་མ་ལུས་གཟུང་བགྱིས་ནས། །མ་རྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་ བདག་གིས་དགྲོལ། །དབུགས་མ་ཕྱུང་བ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་ འདས་ལ་དགོད། །ཅེས་ལན་གསུམ་བརྗོད་དུ་གཞུག་པར་བྱའོ། ། དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་དེ་རྣམས་བསྲུང་སྟེ། སྙིང་ཁར་རྡོ་རྗེའི་སྟེང་དུ་ ཉི་མ་ལ་ཧཱུཾ་ནག་པོ་དང༌། མགྲིན་པར་པད་མའི་སྟེང་དུ་ཉི་མའམ། ཟླ་བ་ལ་ཨཱཿདམར་པོ་ དང༌། དཔྲལ་བར་འཁོར་ལོའི་སྟེང་དུ་ཟླ་བ་ལ་ཨོཾ་དཀར་པོ་རྣམས་བསྒོམས་ཏེ། ཧཱུཾ་ཨཱཿཨོཾ་ ཞེས་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གཡས་པས་བཟུང་བའི་དྲིའི་ཆུས་དེ་ དག་ཏུ་བྱུག་པར་བྱའོ། །དེ་ནས་མགོ་ལ་མེ་ཏོག་དང༌། མདུན་དུ་བདུག་སྤོས་དང༌། མར་ མེ་དང༌། སྙིང་གར་སླར་ཡང་དྲི་སྦྱིན་ནོ། །དེའི་རྗེས་ལ་(འདི་རྒྱ་དཔེ་ལ་མེད་)སློབ་ དཔོན་བྱང་དུ་ཕྱོགས་ཏེ་ཤྭད་ཐ་ལ་སོགས་པའི་ཤིང་སོར་བཅུ་གཉིས་པ་དྲང་ཞིང་སྲོག་ ཆགས་མེད་པ་མ་གས་པ་རྨ་མེད་པ་དྲི་བཟང་གི་ཆུས་བཀྲུས་པ་རྩེ་མོར་མེ་ཏོག་བཅིངས་ པ་སློབ་མ་རྣམས་ལ་སྦྱིན་ནོ། ། དེ་རྣམས་ཀྱིས་ཀྱང་ཁྲུ་བཞི་པ་གྲུ་བཞི་པའི་མཎྜལ་བའི་ལྕི་ བས་བྱུགས་པར་ཤར་རམ་བྱང་དུ་ཕྱོགས་པས་སོ་ཤིང་སྟེ། ཨོཾ་བཛྲ་ཧཱ་ས་ཧཱཾ། ཞེས་བརྗོད་ 8-1-124 ནས། རྩེ་མོ་འཆོས་ཏེ་མ་གས་པ་སྟེང་དུ་བསྟན་ཅིང༌། ལྟོས་པ་མེད་པར་མདུན་དུ་དོར་ རོ། །དེ་རྣམས་ལ་སོ་ཤིང་ལྷུང་བའི་རྗེས་སུ་འབྲངས་ཏེ། འབྱུང་བར་འགྱུར་བའི་དངོས་ གྲུབ་བརྗོད་པར་བྱའོ། །ཤར་དང་བྱང་དང་ནུབ་དང་ལྷོ་དང་སྟེང་དང་འོག་ཏུ་ཕྱོགས་ པར་ལྷུང་ན། རིམ་པ་བཞིན་དུ་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་དང་རིག་ པ་འཛིན་པ་དང་ས་འོག་གི་དངོས་གྲུབ་སྟེ། ཕྱི་རོལ་ཏུ་ལྷུང་ན་ནི་དངོས་གྲུབ་མེད་དོ། ། དེ་ནས་བཾ་ལས་སྐྱེས་པའི་ཆུ་བཾ་བཟླས་པ་ཁ་བཀྲུ་བའི་ཕྱིར་བྱིན་ནས་འཁྱིལ་པ་ལན་ བདུན་བཟླས་པའི་དྲི་ཞིམ་པོའི་ཆུ་ཁྱོར་བ་གསུམ། ཨོཾ་ཧྲཱིཿབི་ཤུདྡྷ་(རྣམ་པར་དག་ པ་)དྷརྨ་སརྦ་(ཆོས་ཐམས་ཅད་)པཱ་པཱ་ནིཥྩ་ཨ་སྱ་(སྡིག་པ་རྣམས་འདི་)ཤྭ་དྷ་ཡ(སྦྱོངས་ ཤིག་)། སརྦ་བི་ཀལྤན་(རྣམ་པར་རྟོག་པ་རྣམས་)ཨ་པ་ན་ཡ་(བསལ་བར་མཛོད་)ཧཱུཾ། ཞེས་བརྗོད་ཅིང་བླུད་དོ། ། སླར་ཡང་ཧཱུཾ་ལས་བྱུང་བའི་ཀུ་ཤ་རྩེ་མོ་མ་ཉམས་པ་མང་པོ་ལ་ཧཱུཾ་དང་འཁྱིལ་པས་ བསྔགས་པ་དང༌། དྷཱིཿལས་བྱུང་བའི་ཀུ་ཤ་གཅིག་ལ་དྷཱིཿདང་འཁྱིལ་པས་བསྔགས་པ་ དག་རིམ་པ་ལྟར་སྟན་དང་སྔས་ཀྱི་དོན་དུ་སྦྱིན་པར་བྱ་སྟེ། ཨོཾ་བཛྲ་ཏཱིཀྵྞ་བཾ(རྡོ་རྗེ་རྣོན་ པོ)། ཞེས་པའི་སྔགས་ཀྱིས་སོ། །དེ་ནས་ཧཱུཾ་ལས་བྱུང་བའི་སྐུད་པ་དམར་པོ་སློབ་མའི་ལུས་ ཀྱི་ཚད་གསུམ་ལྡབ་ཏུ་བྱས་ཏེ། འཁྱིལ་པ་ལན་བདུན་བཟླས་ལ་མདུད་པ་གསུམ་མམ་ དྲུག་བྱས་པ་ཡང་དཔུང་པ་གཡས་པའམ་གཡོན་པར། ཨོཾ་བུདྡྷ་(སངས་རྒྱས་)མཻ་ཏྲཱི་ (བྱམས་པ་)རཀྵ་རཀྵ་(སྲུངས་ཤིག་སྲུངས་ཤིག་)སརྦཱན་(ཐམས་ཅད་རྣམས་)སྭཱཧཱ། ཞེས་ བརྗོད་ཅིང༌། རང་ཉིད་ཀྱི་བཅིངས་པས་ཡང་དག་པར་བསྲུངས་ནས་སྤྲོ་བ་བསྐྱེད་པར་ བྱ་སྟེ། (འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་བཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་ འབྱུང་བ། ། དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ ངན་མི་འདའ་བྱེད་པར་ནུས།།)བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་བྱས་ པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། ། དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་ 8-1-125 པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་ སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པ་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ ཀྱི། །བློ་གྲོས་ཤིན་ཏུ་དྲི་མེད་པ། །དེ་རྣམས་ཀྱིས་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་ འགྲོ་ཡང་དག་ཞི། །བདག་ཉིད་ཆེན་པོ་ཁྱོད་རྣམས་ཀྱིས། །དེ་རང་རྙེད་པ་མཉམ་མེད་ རྙེད། །གང་གི་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱིས། །བསྟན་ འདི་ཀུན་ལ་ཡོངས་སུ་བཟུང༌། །གནས་པ་སྐྱེ་བར་འགྱུར་བ་ནི། །དེ་ཡིས་ཁྱེད་རྣམས་ཐེག་ ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་ མཆོག་འདི་ནི་དཔལ་དང་ལྡན། །གང་གིས་ཁྱེད་རྣམས་འགྲོ་འགྱུར་བས། །དེ་བཞིན་ གཤེགས་པར་འགྱུར་བ་ཡིན། །ཞེས་པ་ཉན་དུ་བཅུག་ནས་སོ། ། དེ་ནས་འཁྱིལ་པའི་ སྔགས་ཀྱིས་བསྲུངས་ནས། བཟླས་པའི་དོན་དུ་འཁྱིལ་པའི་སྔགས་བྱིན་ཏེ། ནང་པར་ བདག་ལ་རྨི་ལམ་སྨྲོས་ཤིག་ཅེས་བརྗོད་ལ། སེང་གེའི་ཉལ་སྟབས་ཀྱི་ཉལ་དུ་གཞུག་ གོ །རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་བསྲུང་བའི་དོན་དུ་འཁྱིལ་བའི་ སྔགས་བཟླ་བར་བྱའོ། །འདི་སྡོམ་པ་གང་སློབ་དཔོན་དུ་མི་བྱེད་པ་ཡང་སྟེར་བ་དེ་ནི་ ཐུན་མོང་པ་སྟེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་ཙམ་གྱི་མཚན་ཉིད་དོ། ། གང་སློབ་དཔོན་དུ་བྱེད་པ་ལ་སྟེར་བ་དེ་ནི་སློབ་དཔོན་གྱི་སྡོམ་པ་སྟེ། རིགས་ལྔས་བསྡུས་ པའོ། །དེ་བས་ན་འདི་ནི་སྡོམ་པ་གཉིས་སྦྱྀན་པ་སྔོན་དུ་འགྲོ་བ་ཅན་གྱི་སློབ་མ་ལྷག་པར་ གནས་པའི་ཆོ་གའོ། ། དེ་ནས་སྒོའི་སློབ་དཔོན་དུ་འོས་པ་བཞིའམ། གསུམ་མམ། གཉིས་སམ། ཐ་ན་གཅིག་ཀྱང་ རུང་སྟེ། སྒོའི་སློབ་དཔོན་དུ་བསྐོ་བར་བྱའོ། །གཞན་སློབ་མ་ལྔ་པ་ལས་ཐམས་ཅད་ལ་ མཁས་པ་ནི་ལས་ཀྱི་རྡོ་རྗེར་བྱས་ཏེ། མེད་ན་དེ་རྣམས་ཉིད་དོ། །ཅི་སྟེ་དེ་དག་ལ་སྔར་ རང་ཉིད་ཀྱིས་དབང་བྱིན་པ་མ་ཡིན་ན། དེའི་ཚེ་དེ་དག་ལ་ཡང་སྡོམ་པ་གཉིས་སྦྱིན་པ་ སྔོན་དུ་འགྲོ་བའམ། སློབ་དཔོན་གྱི་སྡོམ་པ་སྦྱིན་པ་སྔོན་དུ་འགྲོ་བའི་ལྷག་པར་གནས་པ་ སྔ་མ་བཞིན་དུ་བྱས་ཏེ། དེ་ནས་སྒོའི་སློབ་དཔོན་དུ་བསྐོ་བར་བྱའོ། །ནང་པར་བླ་མས་ 8-1-126 གཏོར་མ་བཏང་སྟེ། དཀྱིལ་འཁོར་གྱི་ཁང་པ་ལས་ཕྱིར་འཐོན་ནས། སློབ་མ་རྣམས་ལ་རྨི་ ལམ་དྲིས་ཏེ་ངན་ན་འཁྱིལ་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་སྔར་ལྷག་པར་ གནས་པའི་དོན་དུ་བཀོད་པའི་ལྷའི་འཁོར་ལོ་མཆོད་དེ་ནམ་མཁའ་ལ་བཀོད་ནས། དཀྱིལ་འཁོར་གྱི་ས་ལ་བུམ་པའི་ཆུ་གཏོར་ཞིང༌། ཨོཾ་སརྦ་སཾ་ཤྭ་དྷ་ནི་(ཐམས་ཅད་ཡང་ དག་པར་བྱེད་པ་)ཧཱུཾ་ཕཊ། ཅེས་བསང་གཏོར་བྱས་ནས་དྲིས་བྱུགས་ཏེ། ཐིག་གདབ་པར་ བྱའོ། །དེ་ལ་བདག་ཉིད་འདྲི་བར་འགྱུར་བའི་ལྷའི་རྣལ་འབྱོར་དང་ལྡན་པས། སྔར་ལྷག་ གནས་བྱས་པའི་ཐིག་སྐུད་དྲི་དང་སྤོས་ལ་སོགས་པས་མཆོད་དེ། སྒྲུབ་པའི་གྲོགས་པོ་ རྣམ་པར་སྣང་མཛད་དམ། འཁྱིལ་པའི་གཟུགས་སུ་བསམས་ནས། གཉི་གའི་མིག་དག་ ཛ་ལས་སྐྱེས་པའི་ཉི་མ་དང་ཟླ་བ་འོད་ཟེར་འཕྲོ་བར་བསྒོམས་ཏེ། རྡོ་རྗེའི་རྐང་བས་ དཀྱིལ་འཁོར་ཀྱི་ནུབ་ཏུ་གནས་ཤིང༌། ཤར་དུ་ཕྱོགས་ནས་རྡོ་རྗེ་ཁུ་ཚུར་གཡོན་པས་ བཟུང་བའི་ཐིག་སྐུད་ཛྫཿཛྫཿཛྫཿཛ་ཛ་ཛ། ཞེས་པས་བསྐུལ་ཏེ་སྒྲུབ་པའི་གྲོགས་པོ་ཤར་ན་གནས་ཤིང༌། ནུབ་ཏུ་ཕྱོགས་པ་ལ་གཏད་ པར་བྱའོ། །དེས་ཀྱང་ཛྫཿཛྫཿཛྫཿཛ་ཛ་ཛ། ཞེས་བརྗོད་ཅིང་དྲངས་ནས་ལྟེ་བའི་ཐད་ཀར་ བར་སྣང་ལ་བརྐྱང་སྟེ། སློབ་དཔོན་གྱི་ལག་པ་གཡས་པ་རྡོ་རྗེ་དང་བཅས་པས་ཐིག་ གདབ་པ་དང་སེ་གོལ་གྱི་སྒྲ་ཡང་བྱའོ། །དེ་བཞིན་དུ། ལྷོ་དང་བྱང་དུ་གནས་པས་ཚངས་ ཐིག་གཉིས་པ་སྟེ། ཐིག་གདབ་པ་ཐམས་ཅད་དུའང༌། ཨོཾ་བཛྲ་ས་མ་ཡ་(རྡོ་རྗེ་དམ་ ཚིག་)སཱུ་ཏྲཾ་མཱ་ཏི་ཀྲ་མ་(ཐིག་ལས་མ་འདའ་ཅིག་)ཧཱུཾ་ཧཱུཾ་ཨོཾ་སྭཱ་ཨཱཿཧཱ། ཞེས་བརྗོད་པར་ བྱའོ། །ཐིག་གི་སྒྲ་དེས་ཀྱང་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ ནས་ཐིག་རྣམས་ལ་ཐིམ་པར་བསྒོམ་མོ། །སྒྲ་འདིའི་དོན་ནི། སེམས་ཅན་དོན་དུ་ཁྱེད་ རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་སྤྱོན་ཅིག །ཅེས་པའོ། །ཐམས་ཅད་དུ་སློབ་དཔོན་ དང༌། སྒྲུབ་པའི་གྲོགས་པོ་གཡས་བསྐོར་དུ་འགྲོ་ཞིང༌། ཕྱོགས་ཐམས་ཅད་མཉམ་པ་ཉིད་ དུ་མོས་པར་བྱའོ། །ནམ་མཁའི་ཐིག་གཉིས་བཞིན་དུ་ས་ལ་ཡང་ཚངས་ཐིག་གཉིས་ གདབ་པར་བྱའོ། །དེ་བཞིན་དུ། ཟུར་ཐིག་གཉིས་དང་རྩ་བའི་ཐིག་བཞི་ལ་སོགས་པ་ 8-1-127 གང་དང་གང་གི་དཀྱིལ་འཁོར་བཞེངས་པར་འགྱུར་བ་དེ་དང་དེའི་ཐིག་མཐའ་དག་ གདབ་པར་བྱའོ། །གང་གྀ་ཚེ་ཁོར་ཡུག་རྣམས་བསྐོར་བ་དེའི་ཚེ། སེང་ལྡེང་གི་ཕུར་བུ་ཧཱུཾ་ ལས་བྱུང་བ་སྟེང་དུ་རྩེ་ལྔ་པ་དང༌། འོག་ཏུ་རྩེ་གཅིག་པའི་རྣམ་པར་བསྒོམས་ཏེ། ཨོཾ་ བཛྲ་ཀཱི་ལི་ཀཱ་ལ། ཞེས་པ་ལ་སོགས་པ་གདབ་པ་སྔགས་ཀྱི་བརྒྱ་རྩ་བརྒྱད་དུ་བསྔགས་ཏེ། དཀྱིལ་འཁོར་གྱི་དབུས་སུ་བཏབ་ནས། ཨོཾ་བཛྲ་མུཏྒ་ར་(རྡོ་རྗེའི་ཐོ་བ་)ཨཱ་ཀོ་ཊ་ཡ་ (སྡིགས་ཅིག)ཧཱུཾ། ཞེས་པ་བརྡུང་བའི་སྔགས་དང་རྡོ་རྗེ་ཐོ་བས་བརྡུང་སྟེ་དེ་ནས་བསྐོར་ བར་བྱའོ། །དེ་བཞིན་དུ། སྒོ་རྣམས་ཀྱང་དག་པར་བྱས་ཏེ། ཁྲོ་བོའི་ལྟ་བས་ཧི་ཧི་ཞེས་ བརྗོད་ཅིང་སེམས་ཅན་ཐམས་ཅད་ཀྱི་ཐར་པའི་སྒོའི་བགེགས་རྣམས་དབྱི་བར་བྱའོ། ། ཞེས་མོས་པ་སྒོའི་རྩ་ཐིག་དབྱི་བར་བྱའོ། །དེ་ལྟར་ཐིག་བཏབ་པའི་མཐར་མཆོད་པ་དང་ གཏོར་མ་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཞེས་པས་ཡེ་ཤེས་ཀྱི་ཐིག་སྐུད་ནམ་ མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་བཅུགས་ནས། ཐིག་སྐུད་ གཞན་གཞན་ནི་གནས་ཇི་ལྟ་བར་བཞག་པར་བྱ་སྟེ། ཐིག་གདབ་པའི་ཆོ་གའོ། ། དེ་ནས་གཏོར་མ་བྱིན་ཏེ་སྔར་ལྷག་གནས་བྱས་པའི་རྡུལ་ཚོན་རྣམས་འབར་བའི་ལྟ་ བས་ཡང་དག་པར་གཟི་བརྗིད་བསྐྱེད་ཅིང་རེ་རེ་ལ་ཧཱིཿབཀོད་ནས། བདེན་པ་གང་གིས་ སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ ཅན་རྣམས་ལ་ཆགས་པས་རྗེས་སུ་ཆགས་པར་གྱུར་པའི་བདེན་པ་དེས་རྡུལ་ཚོན་རྣམས་ འབར་བར་གྱུར་ཅིག །བདེན་པའི་བྱིན་གྱིས་བརླབས་ཀྱིས་སྦར་ཏེ། དྲི་དང་མེ་ཏོག་ལ་ སོགས་པའི་མཆོད་པར་བྱའོ། །དེ་ནས། ཨོཾ་བཛྲ་(རྡོ་རྗེ་)ཀཱི་ལ་ཡ་ཨུད་(ཕུར་པ་ཕྱུང་ ཅིག་)ཀཱི་ལ་ཡ་སརྦ་(ཕུར་པ་ཐམས་ཅད་)ཀཱི་ལན་(ཕུར་པ་རྣམས་)བཛྲ་དྷ་ར་(རྡོ་རྗེ་ འཛིན་པའི་)ཨཛྙཱ་ཡཱའ་(བཀའ་ཡིས་)ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཿ ཞེས་པ་ཧཱུཾ་བཞི་པའི་སྔགས་ འདིས་དབུས་ཀྱི་ཕུར་བུ་བཏོན་ནས། རང་གི་ལག་པའི་རྡོ་རྗེ་ལ་བསྟིམ་སྟེ། ཚོན་སྣ་ལྔས་ ཁུང་བུ་བཀང་ནས་མཉམ་པོར་བྱས་ཏེ་དྲིལ་བུའི་སྒྲ་དང་རྡོ་རྗེའི་གླུས་མཚན་མ་ངན་པ་ བསལ་བར་བྱའོ། །ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་ 8-1-128 མཛད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ ཀུན་ལས་རྣམ་པར་གྲོལ། །འཁོར་ལོའི་ནང་དུ་ཡང་དག་གནས། ། ཞེས་པས་ཆོས་ཀྱི་ དབྱིངས་རྣམ་པར་དག་པར་མོས་ནས། དང་པོར་ནང་གི་དཀྱིལ་འཁོར་དུ་འདུག་སྟེ། ལག་པ་གཡས་པ་རྡོ་རྗེས་མཚན་ཞིང༌། གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས། ཨོཾ་བཛྲ་རེ་ཁཱ་ས་མ་ ཡ་(རྡོ་རྗེ་རི་མོའི་དམ་ཚིག་)ཨོཾ་ཨཱཿཧཱུཾ། ཞེས་པའམ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་(རྡོ་རྗེ་ཚོན་གྱི་ དམ་ཚིག་)ཧཱུཾ། ཞེས་བརྗོད་ཅིང༌། དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་གཡས་བསྐོར་ དུ་ཚོན་དགྱེ་བར་བྱ་ཞིང༌། ཕྱི་ནས་གཞན་གྱིས་ཀྱང་ངོ༌། །འགོམ་པའི་སྡིག་པས་འཇིགས་པ་ ལ་ནི་རྡོ་རྗེ་ཤུགས་ཀྱིས་ཡེ་ཤེས་ཀྱི་ཐིག་དང་ཚོན་ནམ་མཁའ་ལ་བཏེག་ནས། ཨོཾ་བཛྲ་བེ་ གཱ་ཀ་མ་(རྡོ་རྗེ་ཤུགས་གནོན་པ་)ཧཱུཾ། ཞེས་བརྗོད་ཅིང་ནང་གི་དཀྱིལ་འཁོར་དུ་བྲི་བའི་ ཕྱིར་འཇུག་པའམ་འབྱུང་བར་བྱའོ། །དེ་ལྟར་བུའི་ཆོ་ག་གང་དང་གང་བཞེངས་པའི་ དཀྱིལ་འཁོར་དེ་དང་དེའི་ཚོན་དགྱེ་བ་དང༌། མཚན་ལ་དགོད་པ་རྣམས་གཞུང་ནས་ བཤད་པ་ལྟར་བྲིས་ཏེ། མཐར་ཡང་བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུ་ལ་ཧཱུཾ་དང་ འཁྱིལ་བ་བཟླས་ཏེ་དཀྱིལ་འཁོར་གྱི་ཕྱི་རོལ་བྱུག་ཅིང༌། དེ་བཟླས་པའི་ཆུས་འཁོར་ལོ་ བསངས་ཏེ། ཨོཾ་ཨཱཿཧཱུཾ་བཛྲ་(རྡོ་རྗེ་)མུཿ (གཤེགས) ཞེས་པ་ཡེ་ཤེས་ཀྱི་ཚོན་གཤེགས་སུ་ གསོལ་ཏེ། ཚོན་ལྷག་མ་དབེན་པར་བཞག་གོ །ཚོན་དགྱེ་བའི་ཆོ་གའོ། ། དེ་ནས་སྔར་ལྷག་པར་གནས་པ་བྱས་པའི་བུམ་པ་རྣམས་གཡས་བསྐོར་དུ་དགོད་པར་ བྱའོ། །དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ནི་དཀྱིལ་འཁོར་ལ་གཡས་ཕྱོགས་སུ་བསྐོར་ཏེ། འོད་ཟེར་གྱི་ཕྲེང་བའི་ཕྱི་རོལ་ཏུ་ཤར་སྒོའི་ཐད་ཀའི་གནས་ལས་ཅུང་ཟད་གཡས་སུ་ བཞག་པར་བྱའོ། །གཡོན་ལོགས་སུ་རྣམ་པར་སྣང་མཛད་དང༌། སྤྱན་མ་དང༌། ལུས་ ཐམས་ཅད་པའི་བུམ་པ་སྟེ་རིམ་པ་བཞིན་དུའོ། །དེ་ཁོ་ན་ལྟར་གཡས་སུ་གཟུགས་རྡོ་རྗེ་ མ་དང༌། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དང༌། གཤིན་རྗེ་གཤེད་རྣམས་ཀྱིའོ། །ལྷོའི་གཡོན་ དུ་རིན་ཆེན་འབྱུང་ལྡན་དང༌། མཱ་མ་ཀཱི་དག་དང༌། གཡས་སུ་སྒྲ་རྡོ་རྗེ་མ་དང༌། ཤེས་ 8-1-129 རབ་མཐར་བྱེད་དག་གིའོ། །ནུབ་ཀྱི་གཡོན་དུ་སྣང་བ་མཐའ་ཡས་དང༌། གོས་དཀར་མོ་ དག་དང༌། གཡས་སུ་དྲི་རྡོ་རྗེ་མ་དང༌། པདྨ་མཐར་བྱེད་དག་གིའོ། །བྱང་གི་གཡོན་དུ་ དོན་ཡོད་གྲུབ་པ་དང༌། སྒྲོལ་མ་དག་དང༌། གཡས་སུ་རོ་རྡོ་རྗེ་མ་དང༌། རེག་བྱ་རྡོ་རྗེ་མ་ དང༌། བགེགས་མཐར་བྱེད་རྣམས་ཀྱིའོ། །དེ་ལྟ་བུ་འདི་ནི་འཇམ་པའི་རྡོ་རྗེའི་དཀྱིལ་ འཁོར་དུ་བུམ་པ་དགོད་པ་སྟེ། གཞན་རྣམས་ལ་ཡང་འདིས་མཚོན་ནས་རིག་པར་ བྱའོ། །འོན་ཀྱང་དུས་ཀྱི་འཁོར་ལོའི་བུམ་པ་དགོད་པ་ནི། གཞུང་ཉིད་དམ་འགྲེལ་པ་ ཆེན་པོ་ལས་ཤེས་པར་བྱའོ། །གྲྭ་བཞིའི་བུམ་པ་རྣམས་ལ་སྒྲོ་དང་བཅས་པའི་མདའ་བཞི་ སྟེ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་པའི་སྔགས་ཀྱིས་དགོད་དོ། །བུམ་པ་དགོད་པའི་ཆོ་གའོ། ། དེ་ནས་(སྤྱི་རྒྱུད་ལས། ཕྱོགས་བཞིར་ཆོས་ཀློག་བཞི་གཞི་སྟེང༌། །དེ་ལ་ཤར་གྱི་ཕྱོགས་སུ་ ནི། །ཤེས་རབ་ཕ་རོལ་ཕྱིན་པ་བཞག །བྱང་གི་ཕྱོགས་སུ་བཞག་པ་ནི། །གསེར་འོད་དམ་ པའི་མདོ་སྡེའོ། །ནུབ་ཀྱི་ཕྱོགས་སུ་བཞག་པ་ནི། །དེ་བཞིན་གཤེགས་པའི་གསང་བའི་ མདོ། །ཐེག་པ་ཆེན་པོའི་སྡོང་པོ་བཀོད། །ལྷོ་ཡི་ཕྱོགས་སུ་བཞག་ནས་སུ། །གུས་པར་དེ་ དག་མཆོད་པར་བྱ། །ཞེས་འབྱུང་ལ། འཇམ་དཔལ་རྩ་རྒྱུད་ལས་ནི། ལྷོ་ཕྱོགས་སུ་རྒྱལ་ བའི་ཡུམ་ཤེར་ཕྱིན། ནུབ་ཕྱོགས་སུ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན། བྱང་ཕྱོགས་སུ་སྡོང་ པོས་བརྒྱན་པ། ཤར་ཕྱོགས་སུ་གསེར་འོད་དམ་པར་བཀླག་པར་གསུངས་པས་)དཀྱིལ་ འཁོར་ལས་ཕྱི་རོལ་ཏུ་དམ་པའི་ཆོས་བཞི་སྟེ། ཤར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང༌། ལྷོར་སྡོང་པོ་བཀོད་པ་དང༌། ནུབ་ཏུ་དེ་བཞིན་གཤེགས་པ་གསང་བའི་མདོ་དང༌། བྱང་དུ་གསེར་འོད་དམ་པ་རྣམས་བཀླག་པར་བྱའོ། །དེ་བཞིན་དུ། ག་བུར་དང༌། ཨ་ཀ་ རུ་དང༌། དུ་རུསྐ་ལ་སོགས་པའི་སྤོས་ཕོར་བརྒྱད་དང༌། ན་བཟའ་སྣ་ཚོགས་པ་སྟོང་ལ་ སོགས་པའམ། ལྷ་སོ་སོ་ལ་རེའམ། ཇི་ལྟར་ནུས་པ་དང༌། གདུགས་དང༌། རྒྱལ་མཚན་ དང༌། བ་དན་རྣམས་དང༌། རྟ་བབས་དང་རས་བཟང་པོ་དང་དྲིལ་བུ་དང་བཅས་པའི་ རྔ་ཡབ་དང༌། བུམ་པ་གང་བ་ལ་སོགས་པ་ཡི་གེ་ཧཱུཾ་དང༌། བདག་པོའི་སྔགས་ཀྱིས་མངོན་ པར་བསྔགས་པ་རྣམས། ཨོཾ་བཛྲ་སྤ་ར་ཎ་ཁཾ། ཞེས་པས་ཕུལ་ཏེ། གནས་ཇི་ལྟ་བ་བཞིན་ 8-1-130 བཞག་པར་བྱའོ། །དེ་ནས་ཁྲུས་བྱས་ཤིང་དྲིས་བྱུགས་ཏེ། རྒྱན་ཐམས་ཅད་ཀྱིས་བརྒྱན་ ནས། དཀྱིལ་འཁོར་གྱི་ཤར་དུ་འདུག་སྟེ། ནུབ་ཏུ་ཕྱོགས་པས་འཁོར་ལོའི་དབང་པོའི་ རྣལ་འབྱོར་བསྒོམས་ནས། འཁྱིལ་པ་བཟླས་པའི་ཆུས་བྲིས་པའི་དཀྱིལ་འཁོར་བསངས་ ཏེ། སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་དཀྱིལ་འཁོར་གང་ཡིན་པའི་དམ་ཚིག་གི་ འཁོར་ལོ་རྫོགས་པར་བསྒོམ་པར་བྱའོ། །དེ་ནས་རང་ཉིད་ཡུམ་དང་སྙོམས་པར་ཞུགས་ པ་ལས། དགའ་བའི་སྒྲས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་མཆོད་དེ་རང་གི་ནང་དུ་ བཅུག་ནས། འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཏེ། རྡོ་རྗེའི་ལམ་ནས་ཡུམ་གྱི་པད་མར་ བྱུང་བའི་ཡེ་ཤེས་ཀྱི་འཁོར་ལོ་སྤྲོས་ཏེ། དམ་ཚིག་གི་འཁོར་ལོ་ལ་རོ་མཉམ་པར་བྱའོ། །དེ་ ནས་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ནས། སླར་ཡང་སྙིང་ཁའི་ས་བོན་གྱི་ འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་དབང་བསྐུར་ ནས་ཇི་ལྟར་རིགས་པར་རྒྱས་གདབ་པའོ། །རིགས་མི་ཤེས་པ་རྣམས་ལ་ནི་མི་བསྐྱོད་ པའམ། རྡོ་རྗེ་སེམས་དཔས་སོ། ། དེ་ནས་མཆོད་པའི་ལྷ་མོ་སྤྲོས་པ་རྣམས་ཀྱིས་ཡིད་ཀྱི་རང་བཞིན་གྱི་མཆོད་པས་མཆོད་ དེ་བསིལ་བའི་རས་དང༌། རས་ཟུང་དང༌། བླ་རེ་ལས་དཔྱངས་པའི་རས་དང༌། གོས་ དང༌། བཟའ་བ་དང༌། བཅའ་བ་དང༌། བལྡག་པ་དང༌། གཞིབ་པ་དང༌། བཏུང་བའི་ཉེ་ བར་སྤྱོད་པ་ལ་སོགས་པ་དང༌། གསེར་དང༌། བུ་མོ་དང༌། གླང་པོ་ཆེ་དང༌། རྟ་དང༌། བ་ ལང་ལ་སོགས་པའི་ཡི་གེ་གསུམ་གྱིས་བསྔགས་པ་ཕུལ་ནས། ཕྱི་རོལ་གྱི་རྣལ་འབྱོར་མ་ བཅུ་དྲུག་གམ། བརྒྱད་དམ། བཞི་ཡང་རུང་སྟེ། དེ་དག་གཟུགས་རྡོ་རྗེ་མ་ལ་སོགས་པའི་ ངོ་བོར་བྱས་ནས། རང་རང་གི་མཆོད་པས་མཆོད་དེ། དྲིལ་བུ་དཀྲོལ་ཞིང་མི་བསྐྱོད་རྡོ་ རྗེ་ཞེས་པ་ལ་སོགས་པས་བསྟོད་པར་བྱའོ། །དེ་ནས་རང་གི་བྱང་ཆུབ་ཀྱི་སེམས་ཤེས་ རབ་ཀྱི་མེ་ཏོག་དང་བཅས་པ་པདྨའི་སྣོད་དུ་བཅུགས་ནས་བདུད་རྩི་དང་བཅས་པ་ ཕུལ་ཏེ། དེ་རྣམས་བདུད་རྩི་མྱངས་པས་ཚིམ་ཞིང་བདེ་བ་ཆེན་པོའི་རང་བཞིན་དུ་བྱས་ ནས། འཁོར་ལོའི་དབང་པོའི་སྔགས་བརྒྱ་རྩ་བརྒྱད་དང༌། དཀྱིལ་འཁོར་པའི་སྔགས་ 8-1-131 ཉེར་གཅིག་དང༌། ཡི་གེ་བརྒྱ་བ་བཟླ་བར་བྱའོ། །ཡོད་ན་སྒྲུབ་པའི་གྲོགས་པོ་དཀྱིལ་ འཁོར་དུ་བཞག་སྟེ། རང་ཉིད་ཕྱིར་བྱུང་ནས་ཤར་ལ་སོགས་པའི་ཕྱོགས་རང་གི་འདོད་ པའི་ལྷ་དང་དབང་པོ་ལ་སོགས་པ་རྣམས་ལ་གཏོར་མ་དབུལ་བར་བྱ་སྟེ། འཆད་པར་ འགྱུར་བའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གའོ། ། དེ་ནས་ཉེ་རེག་གི་ཆོ་ག་བྱ་བར་འདོད་ན་གཞུང་ནས་བཤད་པ་བཞིན་དུ་བྱའོ། །གྲུབ་ན་ ཞི་བ་དང་རྒྱས་པའི་སྦྱིན་སྲེག་ཀྱང་བྱས་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་རྣལ་ འབྱོར་དང་ལྡན་པས། མེ་ཏོག་གི་ཕྲེང་བ་བླངས་ཏེ། ཨོཾ་སུམ་བྷ་ནི་སུམ་བྷ་(གནོད་མཛེས་ ངེས་པར་གནོད་མཛེས་)ཧཱུཾ་ཧཱུཾ་ཕཊ། ཨོཾ་གྷྲྀཧྣ་གྷྲྀཧྣ་(ཟུང་ཅིག་ཟུང་ཅིག་)ཧཱུཾ་ཧཱུཾ་ཕཊ། ཨོཾ་ གྲྀཧྣ་པཱ་ཡ་གྲྀཧྣ་པཱ་ཡ་(འཛིན་དུ་ཆུག་འཛིན་དུ་ཆུག་)ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་(ཁུག་ ཅིག་)བྷ་ག་ཝཱན་(བཅོམ་ལྡན་འདས་)བིདྱཱ་རཱ་ཛ་(རིག་པའི་རྒྱལ་པོ་)ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླ་ཞིང་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ནས། རྡོ་རྗེ་གསོར་ཞིང་དྲིལ་བུ་ དཀྲོལ་ཏེ། རྡོ་རྗེའི་རྐང་པས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ཏེ། སྒོའི་སློབ་ དཔོན་རྣམས་དང་ལྷན་ཅིག་ཏུའོ། །སློབ་དཔོན་དེ་དག་ཀྱང་གོ་རིམ་བཞིན་དུ། ཨོཾ་ཧཱུཾ་ ཕཊ། ཅེས་པ་དང༌། ཨོཾ་ཧཱུཾ་ཨཱཿཕཊ། ཅེས་པ་དང༌། ཨོཾ་ཧཱུཾ་ཨཱཿཨཱཿ ཕཊ། ཅེས་པ་དང༌། ཨོཾ་ ཧཱུཾཿཧ་ན་(རྒྱོབ་)མཱ་ར་ཡ་(གསོད་དུ་ཆུག་)དུཥྟཱན་(གདུག་པ་ཅན་རྣམས་)གྷཱ་ཏ་ཡ་ (འཇོམས་སུ་ཆུག་)གྷཱ་ཏ་ཡ་(འཇོམས་སུ་ཆུག་)ཨཱཿཨཿཧཱུཾ་ཧྲཱིཾ་ཕཊ། ཅེས་པ་རྣམས་བཟླ་ བཞིན་པས་སོ། ། དེ་ལྟར་བསྐོར་བའི་དུས་སུ། ཨོཾ་བཛྲ་ཨུད་གྷཱ་ཊ་ཡ་(རྡོ་རྗེ་དབྱེ་བར་ མཛོད་)ས་མ་ཡ་བྲ་བེ་ཤ་ཡ་(དམ་ཚིག་ལ་རབ་ཏུ་ཞུགས་པར་མཛོད་)ཧཱུཾ། ཞེས་པ་ འདིས་སྒོ་བཞི་ཕྱེ་ནས་འཁོར་ལོ་ལ་བལྟས་ཏེ་ཕྲེང་བ་བཅོས་ལྡན་འདས་ལ་དབུལ་བར་ བྱའོ། །དེ་ནས་གར་བྱེད་ཅིང༌། ཨོཾ་ས་མ་ཡཾ་པྲ་བི་ཤཱ་མི(དམ་ཚིག་ལ་རབ་ཏུ་ཞུགས་སོ)། ཞེས་པས་སླར་ཡང་ཕྲེང་བ་བླངས་ནས། རང་གི་མགོ་ལ་བཅིངས་ཏེ་འཁོར་ལོ་ལ་ཕྱག་ འཚལ་ནས། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་སྐལ་བ་སྩོལ་ཅིག །ཅེས་གསོལ་བ་ 8-1-132 བཏབ་སྟེ་བསྒོམ་པ་དང་བཟླས་པ་བྱའོ། །འདིར་ཡོད་ན་དཀྱིལ་འཁོར་གྱི་ཁང་པ་ལས་ཕྱི་ རོལ་ཏུ་བ་དན་བརྒྱད་དང་བཅོ་ལྔ་གཟུགས་པར་བྱ་སྟེ་གཞུང་ནས་བཤད་པའི་ཚུལ་ གྱིས་སོ། །མ་འབྱོར་ན་ནུས་པ་ཇི་ལྟ་བར་བ་དན་རྣམས་དབུལ་བར་བྱས་ཏེ། དཀྱིལ་ འཁོར་བསྒྲུབ་པའི་ཆོ་ག་འཁོར་དང་བཅས་པའོ། ། དེ་ནས་བདག་ཉིད་འཇུག་པར་བྱ་སྟེ། དཀྱིལ་འཁོར་གྱི་ཁང་བར། ཨོཾ་བྲ་བི་ཤ་(བཞུགས་ སུ་གསོལ་)བྷ་ག་ཝཱན་(བཅོམ་ལྡན་འདས་)མཧཱ་སུ་ཁ་(བདེ་བ་ཆེན་པོ་)མོ་ཀྵ་སུ་རཾ་ (ཐར་བའི་དྲུང་དུ་)སརྦ་སིདྡྷི་སུ་ཁ་པྲ་དཾ་(དངོས་གྲུབ་དང་བདེ་བ་ཀུན་ཏུ་སྟེར་ བར་)པ་ར་མ་སུ་ཁོན་ཏ་མ་སི་དྷྱ(མཆོག་ཏུ་བདེ་བ་དམ་པར་གྲུབ་པར་མཛོད)། ཛཿཧཱུཾ་ བཾ་ཧོཿ པྲ་སི་དྷྱ་(རབ་ཏུ་གྲུབ་པར་མཛོད)སྭཱཧཱ། ཞེས་སྤྲོ་བ་བསྐྱེད་པས་ཞུགས་ནས་གཡས་ བསྐོར་དུ་འཁོར་ལོའི་དབང་ཕྱུག་གི་གཟུགས་ཀྱིས་ནུབ་ལ་སོགས་པའི་སྒོར་གནས་ཏེ། ཨོཾ་བཛྲོད་གྷཱ་ཏ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པས་ཤར་ལ་སོགས་པའི་སྒོ་ཕྱེ་ནས་མེ་ ཏོག་གི་ཕྲེང་བ་རྣམས། ཨོཾ་པ་ར་མ་སུ་ཁཱ་ཤ་ཡ་(མཆོག་ཏུ་བདེ་བའི་བསམ་པས་)སུ་ལ་ ལི་ཏ་(ལེགས་པར་རོལ་ཅིག་)བི་ལཱ་པ་ན་མི་ཏཻ་རེ་ན་མཱ་མི་(རྣམ་པར་སྒེག་པའི་འདུད་ པ་རྣམས་ཀྱིས་ཕྱག་འཚལ་ལོ) བྷ་ག་ཝཱན་ཏཾ་(བཅོམ་ལྡན་འདས་)ཛཱཿཧཱུཾ་བཾ་ཧོཿ ཧི་ཧི་ཧི་ ཧི་ཧཱིཿ པྲ་ཏཱིཙྪ་(བཞེས་སུ་གསོལ་)ཀུ་སུ་མཱན་ཛཱ་ལིཾ་(མེ་ཏོག་སྙིམ་པ་)ན་ཐ་(མགོན་ པོ་)ཧོཿ ཞེས་པས་དཀྱིལ་འཁོར་དུ་དོར་ནས། སླར་ཡང་ཕྲེང་བའི་དབང་གི་བསམས་ པས་རང་གི་མགོར་བཅིང་ངོ༌། །དེ་ལ་འཁོར་ལོའི་དབང་ཕྱུག་གི་བླ་མ་མངོན་སུམ་དུ་ གྱུར་པར་མོས་ཏེ། དེས་སྟེར་བཞིན་པའི་ཕྲེང་བའི་དབང་དང༌། འཆད་པར་འགྱུར་བའི་ དབང་མ་ལུས་པ་དང༌། སློབ་དཔོན་གྱི་ལས་ཐམས་ཅད་ལ་རྗེས་སུ་གནང་བ་ཐོབ་པར་ བྱའོ། །དེ་ནས་སློབ་མ་གཞུག་པའི་ཆེད་དུ། དེ་ཁོ་ན་ཉིད་ཀྱི་བསྟོད་པ་སྔོན་དུ་འགྲོ་བས་ དཀྱིལ་འཁོར་གྱི་དངོས་གྲུབ་མངོན་པར་ཞུ་ཞིང་བདེན་པའི་བྱིན་རླབས་བྱ་སྟེ། ནམ་ མཁའ་སྐྱེ་བ་མཚན་མའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་ རང་བཞིན། །མི་བསྐྱོད་རྡོ་རྗེའི་དེང་བདག་བསྒྲུབས། །དངོས་གྲུབ་ཆེན་པོ་ཀུན་གྱི་ 8-1-133 མཆོག ། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་ མཆོག་ཏུ་བདག་བསྒྲུབ་མཛོད། །ཉེས་པ་མེད་པ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱིས་ རྗེས་ཆགས་པ། །བཅོམ་ལྡན་ཆགས་ཆེན་དགའ་བ་ཆེ། །དེ་ཉིད་དུ་ནི་བདག་བསྒྲུབས་ མཛོད། །ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་བསྒྲུབས་མཛོད། །དངོས་ གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཆེན་མཆོག་གི་ཕྱག་རྒྱ་ཡིས། །རྡོ་རྗེ་ཆེན་པོ་གསལ་བ་ ལས། །རྡོ་རྗེ་སྙེམས་བདག་བདག་བསྒྲུབས་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་ པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཡིན། །དམ་ཚིག་ མཆོག་གི་འདོད་པ་མཆོག ། བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་ དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་ཁྱོད། །འདོད་པ་བདག་ལ་ཡོངས་རྫོགས་ མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་ དུ་མེད་ཅིང་བརྗོད་དུ་མེད། ། རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་ཉིད་དེ་བཞིན་ཉིད་ ངེས་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་ རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་བརྗོད་པར་བྱ་སྟེ། སློབ་དཔོན་འཇུག་ བའི་ཆོ་གའོ། ། དེ་ནས་སློབ་མ་རྣམས་ཁྲུས་བྱས་ཤིང་དྲིས་བྱུགས་ཏེ། ཡོལ་བའི་ཕྱི་རོལ་ཏུ་རྣམ་པར་སྣང་ མཛད་དམ་འཁོར་ལོའི་དབང་ཕྱུག་གི་གཟུགས་སུ་དམིགས་ལ་འཁྱིལ་པ་བཟླས་པའི་ གོས་དམར་པོའམ། གཞན་ཡང་རུང་བའི་སྨད་གཡོགས་སྦྱིན་པར་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་)ཨ་ནུད་ཏ་ར་བོ་དྷི་(བླ་ན་མེད་པའི་བྱང་ ཆུབ་)ཨ་ལཾ་ཀཱ་ར་བསྟྲ་(རྒྱན་དང་གོས་ཀྱི་)པཱུ་ཛཱ་མེ་གྷ་(མཆོད་པའི་སྤྲིན་)ས་མུ་དྲ་(རྒྱ་ མཚོ་)སྥ་ར་ཎ་(སྤྲོ་བ་)ས་མ་ཡེ་(དམ་ཚིག་ལ་)ཧཱུཾ། ཞེས་པས་སོ། །དེ་བཞིན་དུ། ཨོཾ་བཛྲ་ རཀྵ་(རྡོ་རྗེ་སྲུང་བ་)ཧཾ། ཞེས་པས་སྟོད་གཡོགས་དང༌། ཨོཾ་བཛྲ་ཨཥྞཱི་ཥ་(རྡོ་རྗེ་གཙུག་ ཏོར་)ཧཱུཾ་ཕཊ། ཅེས་པས་གཙུག་ཏོར་རོ། །དེ་ནས་འཁྱིལ་པ་བཟླས་པའི་གོས་དམར་ 8-1-134 པོའམ་སེར་པོས་མིག་བཅིང་བར་བྱ་སྟེ། ཨོཾ་ཙཀྵུར་(མིག་)བ་དཾ་(འཆིང་བ་) བ་ར་ མཱ་ན་ཡ་(སྒྲིབ་བཞིན་པར་མཛོད་)ཧཱུཾ། ཞེས་པས་སོ། །དེ་བཞིན་དུ། ཨཱཿཁཾ་བཱི་ར་(དཔའ་ བོ་)ཧཱུཾ། ཞེས་པས་མེ་ཏོག་གི་ཕྲེང་བ་བཟུང་སྟེ་ཡོན་ཕུལ་ནས། ལས་ཐམས་ཅད་པའི་ཆུས་ བསངས་ཏེ། སྙིང་གར་རྡོ་རྗེའི་སྟེང་དུ་ཉི་མ་ལ་ཧཱུཾ་ནག་པོ་དང༌། མགྲིན་པར་པད་མའི་ སྟེང་དུ་ཉི་མ་ལ་ཨཱཿདམར་པོ་དང༌། དཔྲལ་བར་འཁོར་ལོའི་སྟེང་དུ་ཟླ་བ་ལ་ཨོཾ་དཀར་ པོ་རྣམས་བཀོད་དེ། དེ་དག་གི་འོད་ཟེར་གྱིས་ལུས་འོད་གསལ་བར་བྱས་ཤིང༌། ཧཱུཾ་ཞེས་ བརྗོད་ནས་དཀྱིལ་འཁོར་གྱི་ཤར་སྒོར་འདུག་སྟེ། ལས་ཀྱི་རྡོ་རྗེ་ཅན་གྱིས་བཟུང་བ་ལ་ དཀྱིལ་འཁོར་དུ་གཞུག་པའི་ཕྱིར་དྲི་བར་བྱའོ། །དགའ་བ་ལ་དགའ་ཁྱོད་སུ་ཀྱེ། དེས། བདེ་ཆེན་བདག་ནི་སྐལ་བ་བཟང༌། །ཞེས་བརྗོད་པར་བྱའོ། །དེ་ནས། ཨོཾ་སརྦ་(ཐམས་ ཅད་)ཡོ་ག་ཙི་ཏ་ཏཾ་(རྣལ་འབྱོར་གྱི་སེམས་)ཨུད་པཱ་ཏ་ཡཱ་མི(བསྐྱེད་པར་བགྱིའོ)། ཞེས་ འདོན་དུ་གཞུག་ཅིང་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། ཨོཾ་སུ་ར་ཏེ་(ཤིན་ཏུ་དགའ་བ་)ས་ མ་ཡ་སྟྭཾ་(དམ་ཚིག་ཁྱོད་)ཧོ་སི་དྷྱ་(གྲུབ་པར་མཛོད་)བཛྲ་ཡ་ཐཱ་སུ་ཁཾ(ཇི་ལྟར་བདེ་ བར་)། ཞེས་བརྗོད་ཅིང༌། རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་ཁར་བཟུང་སྟེ། དེང་ཁྱོད་ལ་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ་མ་ཞུགས་པ་ རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པར་ཡང་མི་བྱའོ། །ཞེས་བརྗོད་ནས། ཨོཾ་ཡ་མཱན་ཏ་ ཀྲིད་(གཤིན་རྗེ་མཐར་བྱེད་)ཧཱུཾ། ཞེས་བརྗོད་ཅིང་ཁྲིད་དེ། ཨཱཿཁཾ་བཱི་ར་(དཔའ་བོ་)ཧཱུཾ། ཞེས་པ་འདིས་ཡོལ་བའི་ནང་དུ་བཅུགས་ནས། མཧཱ་ར་ཏ་(དགའ་བ་ཆེན་པོ་)སུ་ཌི་ཌྜྷ་ (ཤིན་ཏུ་དགའ་བ་)སུ་ཏོ་ཥྱ་(ཤིན་ཏུ་དགའ་བར་བྱས་པ་)སུ་སུ་ཁོ་(ཤིན་ཏུ་བདེ་ བ་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)ཨ་དྱ་(དེ་རིང་) སི་དྷྱ་(གྲུབ་པར་མཛོད་)མཱཾ(བདག་ ལ)། ཞེས་འདོན་པས་བསྐོར་བ་བྱེད་ཅིང༌། ཐལ་མོ་སྦྱར་བས་དཀྱིལ་འཁོར་གྱི་ཤར་སྒོར། ཨོཾ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཀུན་ལ་)པཱུ་ཛོ་(མཆོད་པ་དང་)པསྠཱ་ནཱ་ཡ་ (བསྙེན་བཀུར་གྱི་ཆེད་དུ་)ཨཱཏྨ་ནཾ་ནིཪྻཱ་ཏ་ཡཱ་མི(བདག་ངེས་པར་དབུལ་བར་བགྱིའོ)། 8-1-135 སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)ཨ་ དྷི་ཏིཥྟ་(བྱིན་གྱིས་བརློབ་)མཱཾ(བདག་ལ)། ཞེས་པ་དང༌། ཡང་དེ་ཉིད་ནས། ཨོཾ་སརྦ་བུདྡྷ་ (སངས་རྒྱས་ཀུན་ལ་)པཱུ་ཛོ་(མཆོད་པ་དང་)པསྠཱ་ནཱ་ཡ (བསྙེན་བཀུར་གྱི་ཆེད་དུ)། ཨཱཏྨ་ ནཾ་ནིཪྻཱ་ཏ་ཡཱ་མི(བདག་ངེས་པར་བཏང་བར་བགྱིའོ)། སརྦ་ཏ་ཐཱ་ག་ཏ་(དེ་བཞིན་ གཤེགས་པ་ཐམས་ཅད་)བཛྲ་བཻ་རོ་ཙ་ན་(རྡོ་རྗེ་རྣམ་པར་སྣང་མཛད་)ཨ་དྷི་ཏིཥྛ་(བྱིན་ གྱིས་བརློབ་)མཱཾ (བདག་ལ)། ཞེས་པ་དང༌། ལྷོར། ཨོཾ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་ པ་ཀུན་ལ་)པཱུ་ཛ་(མཆོད་པ་དང་)ཨ་བྷི་ཥེ་ཀཱ་ཡ་(བསྙེན་བཀུར་ཆེད་དུ་)ཨཱཏྨ་ནཾ་ནིཪྻཱ་ ཏ་ཡཱ་མི(བདག་ངེས་པར་དབུལ་བར་བགྱིའོ)། སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ ཐམས་ཅད་)བཛྲ་རཏྣ་(རྡོ་རྗེ་རིན་ཆེན་)ཨ་བྷི་ཥིཉྩ་(དབང་བསྐུར་ཅིག་)མཱཾ(བདག་ལ)། ནུབ་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཀུན་ལ་)པཱུ་ཛཱ་(མཆོད་པ་དང་)པྲ་ བར་ཏ་ནཱ་ཡ་(རབ་ཏུ་འཇུག་པའི་ཆེད་དུ་) ཨཱཏྨ་ནཾ་ནིཪྻཱ་ཏ་ཡཱ་མི(བདག་ངེས་པར་ དབུལ་བར་བགྱིའོ)། སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་) བཛྲ་དྷརྨ་པྲ་ བར་ཏ་(རྡོ་རྗེ་ཆོས་རབ་ཏུ་འཇུག་པར་མཛོད་)མཱཾ(བདག་ལ)། བྱང་དུ། ཨོཾ་སརྦ་ཏ་ཐཱ་ག་ ཏ་(དེ་བཞིན་གཤེགས་པ་ཀུན་ལ་)པཱུ་ཛཱ་ཀརྨ་ཎེ་(མཆོད་པའི་ལས་ཀྱི་ཆེད་དུ་)ཨཱཏྨ་ནཾ་ ནིཪྻཱ་ཏ་ཡཱ་མི(བདག་ངེས་པར་དབུལ་བར་བགྱིའོ)། སརྦ་ཏ་ཐཱ་ག་ཏཱ་(དེ་བཞིན་གཤེགས་ པ་ཐམས་ཅད་)བཛྲ་ཀརྨ་ཀུ་རུ་(རྡོ་རྗེ་ལས་མཛོད་)མཱཾ (བདག་ལ)། ཞེས་པས་དཀྱིལ་ འཁོར་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱེད་དུ་བཅུག་ནས། སླར་ ཡང༌། ཤར་སྒོར། ཨོཾ་གུ་རུ་(བླ་མའི་)ཙ་ར་ཎོ་པསྠཱ་ནཱ་ཡ་(ཞབས་བསྙེན་བཀུར་གྱི་ཆེད་ དུ་)ཨཱཏྨ་ནཾ་ནིཪྻཱ་ཏ་ཡཱ་མི(བདག་ངེས་པར་དབུལ་བར་བགྱིའོ)། ཨོཾ་སརྦ་སཏྭ་(སེམས་ཅན་ ཐམས་ཅད་)པ་རི་ཏྲཱ་ན་ཨརྠཾ་(ཡོངས་སུ་བསྐྱབ་པའི་དོན་དུ་)ཨཱཏྨ་ནཾ་ནིཪྻཱ་ཏ་ཡཱ་མི(བདག་ངེས་ པར་དབུལ་བར་བགྱིའོ)། ཞེས་པས་བླ་མ་ལ་ཕྱག་འཚལ་དུ་གཞུག་པར་བྱ་སྟེ། དོན་གོ་བ་ སྔོན་དུ་འགྲོ་བས་སོ། ། 8-1-136 དེ་ནས་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེས་ན་ ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་ཀྱིས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་ གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ ཀྱིས་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད་དེ་ མགོ་བོར་རྡོ་རྗེ་བཟུང་ནས་དྲིལ་བུ་དཀྲོལ་ཞིང༌། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་ དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་སྤྱི་བོར་ འགེམས། །ཞེས་བསྒྲགས་ལ་སྙིང་ཁར་རྡོ་རྗེ་བཟུང་སྟེ། ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་ རང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་དེ་ཚུལ་འདི་སྨྲས་ནས་ནི། །དེ་མ་ཐག་ཏུ་ དྲལ་ཏེ་གཤེགས། །ཞེས་བཀའ་བསྒོས་ནས་མིང་མེད་དང་མཐེ་འོང་གིས་བཟུང་བའི་ དུང་གི་ཆུ་སྣོད་དེ་ཉིད་ཀྱིས་སློབ་མའི་ཁར་སྦྱིན་ཅིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ ཆུ། །དམ་ཚིག་འདས་ནས་བསྲེག་པར་བྱེད། ། དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་ རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཨོཾ་པཙྪ་(ལྔ་)ཨ་མྲྀ་ཏ་(བདུད་རྩི་)ཨུ་ཏ་ཀ་ (ཆུ་)ཋཿཞེས་བརྗོད་ཅིང་མནའི་བཏུང་བ་བྱེད་དུ་བཅུག་ནས། དེང་ནས་བརྩམས་ཏེ་ ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་ དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་ དུས་བྱས་ནས། སེམས་ཅན་དམྱལ་བར་ལྷུང་བར་གྱུར་ཏ་རེ། ཞེས་བརྗོད་དོ། །དེ་ནས་ སློབ་མ་སྐད་ཅིག་གིས་སྟོང་པ་ཉིད་ཀྱིས་རྗེས་ལ་ཨཱཿལས་བྱུང་བའི་སྣང་བ་མཐའ་ཡས་ སུ་བསྐྱེད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་ སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག །ཅེས་བརྗོད་དུ་བཅུག་ལ། དེའི་སྙིང་ཁར་ ལཾ་ལས་སྐྱེས་པའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་པར་ ཉི་མ་ལ་ཧཱུཾ་སྔོན་པོ་དང༌། མགོ་བོར་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་ཞིང་ ཟླུམ་པ་བུམ་པས་མཚན་པར་ཟླ་བ་ལ་ཧཿདཀར་པོ་དང༌། མགྲིན་པར་ཡཾ་ལས་བྱུང་བའི་ 8-1-137 རླུང་གིས་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུར་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་ བ་ལ་ཨཱཿདམར་པོ་དང༌། རྐང་བ་དག་གི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱིས་སྦར་བའི་ མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་རཾ་ལས་བྱུང་ཞིང་རཾ་གྱིས་མཚན་པ་འོད་ཟེར་ འཕྲོ་བ་ལ་གནས་པའི་ཛྷཻཿདམར་པོས་སློབ་མ་འདེགས་བཞིན་པར་བསྒོམས་ནས། རང་ གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཐུགས་དང་གསུང་དང་སྐུ་རྡོ་རྗེ་ རྣམས་ཧཱུཾ་ཧཿཨཱཿཞེས་པ་དེ་རྣམས་ལ་བསྟིམ་ཞིང༌། རྐང་པའི་བུ་ག་ནས་ཛྷཻཿའི་འོད་ཟེར་ གྱི་ཚོགས་ཞུགས་པ་དང༌། ཧཱུཾ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་མཐའ་དག་བཀང་ བར་བསྒོམ་ཞིང༌། སྤོས་ཕོར་འདེགས་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཞིང༌། ཨཱ་བེ་ཤ་ ཡསྟོ་(དབབ་པར་མཛོད་)བྷ་ཡ་(རེངས་པར་མཛོད་)ར་ར་ར་ར་ཙཱ་ལ་ཡ་(གཡོ་བར་ བྱེད་དུ་ཆུག་)ཙཱ་ལ་ཡ་(གཡོ་བར་བྱེད་དུ་ཆུག་)ཧཱུཾ་ཧཿཨཱཿཛྷཻཿ ཞེས་རྣམ་པ་བརྒྱད་འདོན་ ཅིང་བསམ་གཏན་ལ་གཞོལ་བས་དབབ་པར་བྱའོ། །གལ་ཏེ་ཕེབས་པ་རིང་དུ་འཕར་ན། དེའི་སྟེང་དུ་རི་རབ་རྡོ་རྗེའི་རང་བཞིན་དང༌། དེའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་ དང༌། དེའི་སྟེང་དུ་རྡོ་རྗེ་སེར་པོ་རྩེ་ལྔ་པ་དང༌། དེའི་སྟེང་དུ་ཡི་གེ་ཡ་དང༌། དེའི་སྟེང་དུ་ རྣམ་པར་སྣང་མཛད་བསྒོམས་ཏེ་བཟློག་པར་བྱའོ། ། དེ་ལྟར་ཕེབས་པར་གྱུར་པ་ལ་ཅུང་ ཟད་དྲི་བར་འདོད་པ་རྣམས་དྲིས་ཏེ། ཕེབས་པའི་ལྷ་སླར་ཡང་སྙིང་གའི་ས་བོན་གྱི་འོད་ ཟེར་གྱིས་བཀུག་ནས་རང་གི་སྙིང་ཁའི་ས་བོན་ལ་བསྟིམ་ཞིང༌། སློབ་མའི་མགོ་བོར་རྡོ་ རྗེ་བཟུང་ལ། ཨོཾ་ཁྱེད་ཀྱི་སེམས་ཅན། ཞེས་པ་ལ་སོགས་པ་སྔོན་དུ་འགྲོ་བས། ཧཱུཾ་ ཧཿཨཱཿཛྷཻཿམུཿ ཞེས་པས་གཤེགས་སུ་གསོལ་ལོ། །ཅི་སྟེ་དབབ་པའི་ཚུལ་གཞན་ཡང་བྱ་ བར་འདོད་ན་ནི་གཞུང་ཉིད་དུ་བལྟའོ། ། དེ་ནས་སློབ་མ་དཀྱིལ་འཁོར་དུ་ཕྱོགས་པ་ལ་ཁྱེད་ཀྱི་མིག་ལ་ཇི་ལྟར་སྣང༌། ཞེས་དྲིའོ། །དེ་ན་རེ། དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོར་སྣང་ངོ༌། །ཞེས་ཟེར་ན་རིམ་པ་བཞིན་དུ། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་ཀྱི་དངོས་གྲུབ་ལ་སྐལ་བ་དང་ལྡན་ པ་གོ་བར་བྱས་ནས། རྡོ་རྗེ་དང་ལྡན་པའི་ལག་པ་གཡས་ཀྱིས་དེའི་མཐེ་བོ་ནས་གཟུང་ 8-1-138 སྟེ་འཁྱིལ་པ་བརྗོད་ཅིང་རྡོ་རྗེའི་རྐང་སྟབས་ཀྱིས་བསྐོར་བ་གསུམ་བྱས་ནས། ཡང་དག་ པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པ་འདི། །ལྷ་རྣམས་རིགས་ཀྱི་ རིམ་པ་ནི། ། བསོད་ནམས་ཇི་ལྟར་དེ་ལྟར་ཤོག །འདི་ཡི་དངོས་གྲུབ་ཅི་འདྲར་ འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་འདྲ་བ། །དེ་ལྟར་ དཀྱིལ་འཁོར་དུ་གྱུར་ཅིག །ཅེས་བདེན་པའི་བྱིན་རླབས་བྱ་སྟེ། སློབ་མ་གདོང་གཡོགས་ དང་བཅས་པ་གཞུག་པའི་ཆོ་གའོ། ། དེ་ནས་སྔར་བཟུང་བའི་མེ་ཏོག་གི་ཕྲེང་བ་ཏྲཾ་གིས་བསྔགས་པ་ལས། ཡང་ཞིང་མ་རྙིང་ པའི་མེ་ཏོག་བཏོན་ལ་དེའི་ཐལ་མོ་སྦྱར་བར་སྦྱིན་ནོ། །དེས་ཀྱང་མེ་ཏོག་གི་ཕྲེང་བར་ མོས་ཏེ། རང་ཉིད་ཡི་གེ་གསུམ་གྱིས་འོད་གསལ་ཞིང་སྡིག་པ་བཀྲུས་པར་མོས་ལ། བླ་ མས་ཀྱང་དེ་ལྟར་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་དུ་ཡིད་ཀྱིས་ཞུགས་ཏེ། འཁོར་ ལོའི་དབང་ཕྱུག་མདུན་ན་གནས་པའི་དབུ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་(འདིའི་བར་རྒྱ་ དཔེ་ལ་མི་སྣང་)ཏིཥྛ་(བཞུགས་པར་མཛོད་)བཛྲ་ཌ྄ི་ཌྷོ་(རྡོ་རྗེ་བརྟན་པ་)མེ་བྷ་བ་(གྱུར་ ཅིག་)ཤ་ཤྭ་ཏོ་(རྟག་པ་)མེ་བྷ་བ་(གྱུར་ཅིག་)ཧྲི་ད་(སྙིང་པོ་)ཡ་མེ་(བདག་ལ་)ཨ་དྷི་ ཏིཥྛ་(བྱིན་གྱིས་བརླབས་)སརྦ་སིདྡྷི་(དངོས་གྲུབ་ཀུན་)མྨེ་པྲ་ཡཙྪ་(སྩལ་དུ་གསོལ་) ཧཱུཾ་ ཧ་ཧ་ཧ་ཧ་ཧོཿ ཨཱཿ ཁཾ་བཱི་རཱ་(དཔའ་བོ་)ཧཱུཾ། པྲ་ཏཱིཙྪ་(བཞེས་སུ་གསོལ་)ཀུ་སུ་མཱན་ཛ་ལི་ (མེ་ཏོག་སྙིམ་པ་)ནཱ་ཐ་(མགོན་པོ་)ཧོཿ ཞེས་བརྗོད་ཅིང་མེ་ཏོག་དོར་བར་བྱའོ། །རེ་ཁཱའི་ ནང་དུ་མེ་ཏོག་ལྷུང་བ་དང་བསྟུན་ཏེ་རིགས་བསྟན་ནས་དེའི་རྣལ་འབྱོར་སྦྱིན་ཞིང༌། དངོས་གྲུབ་ཀྱང་མཚོན་པར་བྱའོ། །རེ་ཁཱ་ལྔའི་ཕྱི་རོལ་ཏུ་ལྷུང་ན་ལན་གསུམ་གྱི་བར་དུ་ སླར་ཡང་དོར་བར་བྱའོ། ། དེ་ནས་མེ་ཏོག་དེ་བཟུང་ནས་ཕྲེང་བ་ལ་བཅིངས་ཏེ། ཨོཾ་པྲ་ ཏི་གྲིཧྣ་(རབ་ཏུ་བཟུང་བར་མཛོད་) ཏྭཾ་(ཁྱོད་)ཨི་མཱཾ་(འདི་)སཏྭ་(སེམས་དཔའ་)མཧཱ་ བ་ལ(སྟོབས་ཆེན་པོ)། (སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། ། འདི་ནི་རབ་ཏུ་བཟུང་ བར་གྱིས། །ཞེས་པའོ།།)ཞེས་བརྗོད་ཅིང༌། ཕྲེང་བ་དེ་སློབ་མའི་མགོ་བོར་བཅིང་ངོ༌། །མེ་ ཏོག་ཕྲེང་བའི་དབང་གི་ཆོ་གའོ། ། 8-1-139 དེའི་རྗེས་སུ་སློབ་མའི་སྙིང་གར་ཟླ་བ་ལ་བདག་པོ་དང༌། དཔྲལ་བ་དང་མིག་གཉིས་ལ་ འབར་བ་དང་བཅས་པའི་ཨོཾ་གཉིས་བསྒོམས་ནས། ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་ རང༌། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ ནི་འབྱེད་པར་མཛོད། །ཨོཾ་ཛྙཱ་ན་ཙཀྵུཿ(ཡེ་ཤེས་ཀྱི་སྤྱན་)ཧཱུཾ་ཨཱཿསྭཱཧཱ། ཞེས་པས་གདོང་ གཡོགས་བསལ་བར་བྱའོ། །དེ་ནས། ཀྱེ་རྡོ་རྗེ་ལྟོས་ཤིག །ཅེས་བརྗོད་ནས། ལྷ་རྣམས་ཀྱི་ མིང་བརྗོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་བདག་པོ་ནས་བརྩམས་ཏེ། སྒོ་སྐྱོང་གི་ བར་དུ་བསྟན་ནས། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་ བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱེད་འགྱུར་ གྱིས། །རྡོ་རྗེ་པད་མ་རྩེ་རོལ་པས། ། གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ཞེས་བརྗོད་ དོ། །དེ་ནས་སློབ་མས། རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་ སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། །གསང་བའི་ དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ཧོཿཧོཿཧོཿཞེས་བརྗོད་པར་ བྱ་སྟེ། དཀྱིལ་འཁོར་མཐོང་པར་བཞུགས་པའི་ཆོ་གའོ། ། དེའི་རྗེས་ལ་ཆུའི་དབང་གིས་དོན་དུ་བླ་མ་ལ་ཇི་ལྟར་འབྱོར་པའི་ཡོན་ཕུལ་ནས། པུས་ མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་ སྩོལ། །ཞེས་གསོལ་བ་གདབ་བོ། ། དེ་ནས་ཁྲུས་ཀྱི་སྟེགས་བུ་ཤིང་སྟན་དང་བཅས་པ་ཇི་སྐད་གསུངས་པ་ལྟར་རམ། མ་གྲུབ་ ན་ཡང་དེ་ལྟ་བུར་བསྒོམས་པ་ལ་སློབ་མ་རྡོ་རྗེ་འཆང་གི་གཟུགས་སུ་བསམས་ནས། དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་བཞག་པར་མོས་ཏེ། དང་པོར་སྦྱང་བར་བྱའོ། །དེ་ ལ། ཨོཾ་ཨཱཿབི་གྷ་ནཱའ་ཨཱནྟ་ཀྲིད་ཧཱུཾ། ཞེས་པ་དང༌། ཡི་གེ་ཧཱུཾ་ལན་བདུན་བཟླས་པའི་ཡུངས་ ཀར་རྣམས་ཁུ་ཚུར་གཉིས་ཀྱིས་བཟུང་ནས། སློབ་མ་ལ་གཡོན་དུ་ལན་གཉིས་སུ་བསྐོར་ 8-1-140 ཞིང༌། ཨོཾ་སརྦ་པཱ་པ་ད་ཧ་ན་(སྡིག་པ་ཐམས་ཅད་བསྲེག་པ་)བཛྲ་ཡ་(རྡོ་རྗེའི་ཆེད་ དང་)བཛྲ་སཏྭ་སྱ་(རྡོ་རྗེའི་སེམས་དཔའ་)སརྦ་པཱ་པཾ་ད་ཧ་(སྡིག་པ་ཐམས་ཅད་སྲེག་ ཅིག)སྭཱཧཱ། ཞེས་བརྗོད་པས་བྱབས་ལ་ཡུངས་ཀར་རྣམས་མེ་ལ་དོར་བར་བྱའོ། །དེ་ བཞིན་དུ། གཡས་བསྐོར་དུ་ཡང་ལན་གཉིས་སུ་བསྐོར་ཞིང་བྱབས་ནས་མེར་དོར་རོ། །དེ་ བཞིན་དུ། ཆུས་ཀྱང་བསྐོར་ཞིང་བྱབས་ནས་དོར་བ་དང༌། ཁམ་ཕོར་དཀར་པོ་དང༌། བ་ ལྕིའི་ཆང་བུ་དུར་བའི་མྱུ་གུ་དང་བཅས་པ་དང༌། ཟན་ཆངས་རྣམས་དང༌། སེང་རས་ རྣམས་ཀྱིས་ཀྱང་བསྐོར་ཞིང་བྱབས་ནས་དོར་བར་བྱ་སྟེ། འོན་ཀྱང་འདི་དག་མེ་ལ་ འདོར་བ་ནི་མ་ཡིན་ནོ། ། དེ་ནས་ལག་པ་དག་གིས་སློབ་མ་ལ་ཉེ་བར་རེག་ཅིང༌། གཙོ་བོའི་སྔགས་ཀྱིས་དྲིའི་ བྱུགས་པ་སྙིང་ཁར་ཕྱིན་པ་དང༌། མེ་ཏོག་གི་ཕྲེང་བ་མགོ་ལ་བཅིང་བ་དང༌། མདུན་དུ་ མཆོད་ཡོན་ཕུལ་ནས་མར་མེས་ཡོངས་སུ་བསྐོར་ཏེ། འཁྱིལ་བ་དང་ཡི་གེ་ཧཱུཾ་ལན་བདུན་ བཟླས་པའི་སྤོས་དཀར་གྱིས་བདུག་པར་བྱ་སྟེ་སྦྱང་བའི་རིམ་པའོ། ། དེ་ནས་སློབ་མ་རྣམས་རང་གི་ཁ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ནས་ཡུམ་གྱི་པད་མར་ སྤྲོས་པ་རྣམས་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་ཧཱུཾ་དང་རྡོ་རྗེ་ལས་བྱུང་བའི་མི་ བསྐྱོད་པ། ཤེས་རབ་དང་བཅས་པར་བསྒོམས་ནས། ཡེ་ཤེས་སེམས་དཔའ་དང་དབྱེར་ མེད་པར་བལྟའོ། །དེ་ནས་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་མཐའ་ཡས་པ་ ན་བཞུགས་པའི་དེ་བཞིན་གཤེགས་པ་དང༌། རིག་པའི་ལྷ་མོ་རྣམས་ལ་མཆོད་དེ། སློབ་ མ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་ དབང༌། ། ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་སྩོལ། །ཞེས་ གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་དེ་རྣམས་ཤེས་རབ་དང་སྙོམས་པར་ཞུགས་ པ་ལས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཏེ། རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ པ་རྡོ་རྗེའི་ལམ་ནས་བྱུང་བའི་ཁུ་བ་དེས་སློབ་མ་དབང་བསྐུར་ནས། སླར་ཡང་པད་མ་ ལས་ཕྱུང་སྟེ། ཕྱི་རོལ་ན་གནས་པ་ལ་སྤྱན་མ་ལ་སོགས་པ་ནམ་མཁའ་གང་བའི་རིག་མ་ 8-1-141 དང་བཅས་པས་གདུགས་དང་རྒྱལ་མཚན་དང་བ་དན་དང༌། ན་བཟའ་དང༌། རོལ་མོའི་ སྒྲ་དང་གླུ་དང་གར་དང་མེ་ཏོག་གུར་གུམ་ལ་སོགས་པའི་ཆར་འབེབས་བཞིན་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བའི་བུམ་པ་དཀར་པོ་ཕྱག་གིས་ཅུང་ཟད་ཡོ་ བར་བཟུང་བ་རྣམས་ཀྱིས་སློབ་མ་འཁྲུད་བཞིན་པ་དང༌། གཟུགས་རྡོ་རྗེ་མ་ལ་སོགས་ པའི་ལྷ་མོ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་ བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་ པ་མངའ་བ་གསེར་གྱི་རི་བོ་འདྲ། ། འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་ པ། །སངས་རྒྱས་པད་མ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །དེས་ནི་དེ་རིང་ཁྱོད་ལ་ ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་ གསུམ་ན་གྲགས་ཤིང་ལྷ་དང་མི་ཡིས་མཆོད། །ཆོས་མཆོག་སྐྱེ་དགུ་རྣམས་ལ་རྟག་ཏུ་ཞི་ བྱེད་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དམ་ཆོས་ལྡན་པ་ཐོས་དང་བཀྲ་ ཤིས་ཀྱིས་ཕྱུག་ཤིང༌། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས། །ཚོགས་ཀྱི་ མཆོག་རབ་ངོ་ཚ་ཤེས་ཤིང་དཔལ་གྱི་གཞི། ། དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ ཤོག །ཅེས་བཀྲ་ཤིས་ཀྱི་གླུ་རྣམས་ཀྱིས་བཀྲ་ཤིས་ཉེ་བར་སྦྱོར་བཞིན་པ་ལ། རང་གིས་ ཀྱང་ཚིག་དེ་རྣམས་ཀྱིས་གླུ་བླང་ཞིང་བཀྲུ་བར་བྱ་སྟེ། བུམ་པ་རྣམས་ལས་ཆུ་ཉུང་ཟད་ ཉུང་ཟད་གཅུས་ཏེ། དུང་ཆོས་སུ་བླུགས་པས་སོ། །ཡང་ན། ཨོཾ་མཧཱ་སུ་ཁ་(བདེ་བ་ཆེན་ པོ་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)ཨ་བྷི་ཥེ་ཀེ་ཎ་(མངོན་པར་དབང་བསྐུར་ནས་) ཏྲཱཾ་ (ཁྱོད་)ཨ་བྷི་ཥིཉྩ་མི་(མངོན་པར་དབང་བསྐུར་རོ་)སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ (ལྷག་པའི་བདག་པོ་ཉིད་ཀྱིས་)ཌི་ཌྜྷོ་བྷ་བ(བརྟན་པར་གྱུར་ཅིག)། ཞེས་བརྗོད་ནས་ སམ། བསྡུས་པ་ལ་དགའ་བས་མ་བརྗོད་ཀྱང་རུང་སྟེ། ཡལ་འདབ་དང་བཅས་པའི་རྡོ་རྗེ་ ལག་པ་གཡས་པས་བཟུང་ནས། དང་པོར་རྣམ་པར་རྒྱལ་བའི་ཆུས་བཀྲུ་བར་བྱའོ། །དེ་ ནས་དེ་བཞིན་གཤེགས་པ་བཞིའི་བུམ་པ་རྣམས་ཀྱིས་སོ། །དེ་ནས་ལྷ་མོ་བཞིའི་བུམ་པ་ 8-1-142 རྣམས་ཀྱིས་སོ། །དེ་ནས་དཀྱིལ་འཁོར་བའི་བུམ་པ་ཇི་ལྟར་རིག་པ་རྣམས་ཀྱིས་སོ། །དེ་ ལྟར་མེད་ན་ནི་རྣམ་པར་རྒྱལ་བ་གཅིག་པུས་སོ། །དེ་དག་ཐམས་ཅད་ལ་ཡབ་འདབ་ དང་བཅས་པའི་རྡོ་རྗེའི་རྩེ་མོ་ནས་ལྟུགས་བཞིན་པས། དབང་བསྐུར་ཆེན་པོ་རྡོ་རྗེ་ ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། ། རྡོ་རྗེ་གསང་བ་གསུམ་བྱུང་བ། །སངས་རྒྱས་ ཀུན་གྱི་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲ་ཨུ་ད་ཀ་(རྡོ་རྗེའི་ཆུ་)ཨ་བྷི་ཥིཉྩ་(མངོན་པར་དབང་ བསྐུར་བ་)ཧཱུཾ་སུ་ར་ཏ་སྟྭཾ་(ཤིན་ཏུ་དགའ་བའོ་)ཨ་ཧཾ། ཞེས་བརྗོད་ཅིང་དབང་བསྐུར་ ནས། དེས་བདེ་བ་ཆེན་པོ་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་བསམ་པར་བྱ་སྟེ། ཆུའི་ དབང་ངོ༌། ། དེ་ནས་ཡང༌། བྱང་ཆུབ་རྡོ་རྗེ། ཞེས་པ་ལ་སོགས་པས་གསོལ་བ་བཏབ་པར་གྱུར་པ་དེ། ཨོཾ་དང་རིན་པོ་ཆེ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་ཡེ་ཤེས་སེམས་དཔའ་དང་རོ་ གཅིག་ཏུ་གྱུར་པ་ལ་ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་དང༌། ལྷ་མོ་རྣམས་ཀྱི་ བུམ་པས་དབང་བསྐུར་བཞིན་པ་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་ཀྱི་གླུ་ ལེན་པར་བསྒོམ་པ་སྔ་མ་བཞིན་ཏེ། རྡོ་རྗེ་དང་བདག་པོ་དང་མིང་གི་དབང་རྣམས་ལ་ ཡང་དེ་བཞིན་ནོ། །དེ་ནས་གསེར་དང་རས་ལ་སོགས་པའི་དབུ་རྒྱན་རིན་ཆེན་འབྱུང་ ལྡན་གྱི་རང་བཞིན། ཡེ་ཤེས་སེམས་དཔའི་ངོ་བོ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་ བརླབས་པ། སློབ་མས་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་བདག་པོ་དབུས་ན་གནས་པ་ དེའི་མགོ་ལ་བཅིང་བར་བྱ་སྟེ། དཔྲལ་བ་དང༌། ལོགས་གཉིས་དང༌། སྤྱི་བོ་དང༌། རྒྱབ་ རྣམས་སུ་རིམ་པ་གང་ཡིན་པ་ལྟར། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་(རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ མ་)ཨ་བྷི་ཥིཉྩ་(མངོན་པར་དབང་བསྐུར་ཅིག)ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་སཏྭ་བཛྲི་(སེམས་ དཔའ་རྡོ་རྗེ་མ་)ཨ་བྷི་ཥིཉྩ་བྲུཾ། ཨོཾ་རཏྣ་བཛྲ་(རིན་ཆེན་རྡོ་རྗེ་མ་)ཨ་བྷི་ཥིཉྩ་ཨཱཿ ཨོཾ་དྷརྨ་ བཛྲི་(ཆོས་ཀྱི་རྡོ་རྗེ་མ་)ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་བཛྲི་(ལས་ཀྱི་རྡོ་རྗེ་མ་)ཨ་བྷི་ཥིཉྩ་ (མངོན་པར་དབང་བསྐུར་ཅིག)ཏྲཱཾ། ཞེས་པ་ལྔས་བཞག་ནས་མགོ་ལ་བསྐོན་ཞིང༌། དབང་བསྐུར་ཆེན་པོ། ཞེས་པ་ལ་སོགས་པ་དང༌། ཨོཾ་ཨཱཿབཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ་སུ་ 8-1-143 ར་ཏ་སྟྭཾ་ཨ་ཧཾ། ཞེས་བརྗོད་ལ། བཛྲ་ཏུ་ཥྱ་ཧོ(རྡོ་རྗེ་དགྱེས་པར་བྱ་བ)། ཞེས་པས་དགྱེས་ པར་བྱ་སྟེ། ཅོད་པན་གྱི་དབང་ངོ༌། ། དེ་ནས། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨཱཿ ཞེས་པས་དཔྲལ་བར་དར་དཔྱངས་བཅིང་ངོ༌། །དེ་ནས་(བྱང་ ཆུབ་རྡོ་རྗེ་སེམས་དཔའ་ལ་སོགས་པས་)དེ་ལྟར་(རཏྣ་རཀྵི་ཏས། ཤེས་རབ་ཕ་རོལ་ཕྱིན་ རང་བཞིན། །གང་ཞིག་ཐོབ་པས་ཐམས་ཅད་དུ། །བདག་ནི་རྨད་བྱུང་ཡོན་ཏན་ འབྱུང༌། །དྲིལ་བུའི་དབང་བསྐུར་བདག་ལ་སྩོལ། །ཞེས་པས་)གསོལ་བ་བཏབ་པར་གྱུར་ པའི་སློབ་མ་ཧྲཱིཿདང་པད་མ་ཡོངས་སུ་གྱུར་པའི་སྣང་བ་མཐའ་ཡས་ཡེ་ཤེས་སེམས་ དཔའ་དང་དབྱེར་མེད་པ་དང༌། རྡོ་རྗེ་ཡང་སྣང་བ་མཐའ་ཡས་ཀྱི་བདག་ཉིད་དུ་ བསམས་ནས། དབང་བསྐུར་ཆེན་པོ། ཞེས་པ་ལ་སོགས་པ། སངས་རྒྱས་རྣམས་ཀྱི་རྡོ་རྗེ་ ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་ རབ་ཏུ་གྲུབ་ཕྱིར་བཟུང༌། །ཞེས་བརྗོད་ཅིང་སྙིང་ཁ་དང་མགྲིན་པ་དང་མགོ་བོ་རྣམས་ ལ་རྡོ་རྗེས་རེག་ནས་ལག་པ་གཡས་སུ་སྦྱིན་པར་བྱས་ཏེ། རྡོ་རྗེའི་དབང་ངོ༌། ། དེ་ནས་དེ་བཞིན་དུ་གསོལ་བ་བཏབ་པར་གྱུར་པ་དང༌། ཁཾ་དང་རལ་གྲི་ལས་སྐྱེས་པའི་ དོན་ཡོད་གྲུབ་པ་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་དང༌། དྲིལ་བུ་ཡང་དོན་ ཡོད་གྲུབ་པ་ཡོངས་སུ་གྱུར་པར་བྱས་ནས། དེའི་ལག་པ་གཡོན་དུ་བྱིན་ཏེ། ལག་པ་རྡོ་རྗེ་ དང་དྲིལ་བུ་དང་ལྡན་པས་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་བྱེད་དུ་བཅུག་ནས། དབང་ བསྐུར་ཞེས་པ་ལ་སོགས་པ་སྔོན་དུ་འགྲོ་བས། ཨོཾ་བཛྲ་(རྡོ་རྗེ་)ཨ་དྷི་པ་ཏི་(ལྷག་པའི་ བདག་པོ་)ཏྭཾ་(ཁྱོད་)ཨ་བྷི་ཥིཉྩ་མི་(མངོན་པར་དབང་སྐུར་རོ་)ཏིཥྛ་(གནས་པར་ མཛོད་)བཛྲ་ས་མ་ཡ་ཏྭཾ(རྡོ་རྗེ་དམ་ཚིག་ཁྱོད་)། ཞེས་བརྗོད་ཅིང༌། དེས་ཀྱང༌། ཨོཾ་བཛྲ་ (རྡོ་རྗེ་)གཎྜ་(དྲིལ་བུ་)ཨཿཨཿ བཅོམ་ལྡན་གཟུང་ངོ་བདག་ལ་ནི། ། ཡང་དག་གྱུར་པར་ ཉེ་བར་མཛོད། །ཅེས་བརྗོད་དོ། །བདག་པོའི་དབང་སྟེ། མིང་གཞན་དྲིལ་བུའི་དབང་ ངོ༌། ། དེ་ནས་སྔར་བཞིན་གསོལ་བ་བཏབ་པར་གྱུར་པ་དེ། ཨོཾ་དང་འཁོར་ལོ་ལས་སྐྱེས་པའི་ 8-1-144 རྣམ་པར་སྣང་མཛད་ཡེ་ཤེས་སེམས་དཔའ་དང་རོ་གཅིག་པར་བསྒོམས་ནས། མགོ་བོར་ རྡོ་རྗེ་དྲིལ་བུ་མཉམ་པར་བཟུང་ཞིང༌། དབང་བསྐུར་ཞེས་པ་ལ་སོགས་པ་བརྗོད་དེ། ཨོཾ་ བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)ཏྭཾ་(ཁྱོད་)ཨ་བྷི་ཥིཉྩ་མི་(མངོན་པར་དབང་བསྐུར་)བཛྲ་ ནཱ་མ་ཨ་བྷི་ཥེ་ཀ་ཏཿ (རྡོ་རྗེ་མིང་གིས་དབང་བསྐུར་བས་) ཁྱོད་ནི་ཞེ་སྡང་རྡོ་རྗེ་སེམས་ ཞེས་པའམ། ཁྱོད་ནི་གཏི་མུག་རྡོ་རྗེ་ཞེས་པ་ལ་སོགས་པའི་མེ་ཏོག་ལྷུང་བའི་རྗེས་སུ་ འབྲངས་ཏེ། རང་གི་རིགས་ཀྱི་མིང་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱིས་དབང་ བསྐུར་བར་བྱའོ། །དེ་ལ་རྡོ་རྗེ་སེམས་དཔའི་མིང་རྣམས་ནི། མཆོག་གི་དང་པོ་དང༌། དཔེ་ མེད་དང༌། ཤིན་ཏུ་དགའ་བ་དང༌། རོ་མཉམ་པ་དང༌། རྣམ་པར་རྒྱལ་བ་དང༌། ཨ་ལ་ལ་ དང༌། སེམས་དཔའ་དང༌། བདེ་ཆེན་དང༌། ཡན་ལག་མེད་པ་དང༌། ཡེ་ཤེས་དང༌། ལྷན་ ཅིག་སྐྱེས་པའི་རྡོ་རྗེ་རྣམས་སོ། །རེ་རེ་ལ་ཡང་རྡོ་རྗེའི་སྒྲ་སྦྱར་བར་བྱ་སྟེ། དེ་བཞིན་ གཤེགས་པ་དྲུག་གི་མིང་རྣམས་ཁོ་ན་ལའོ། ། མི་བསྐྱོད་པའི་བཞད་པ་དང༌། རྣམ་པར་ སྒེག་པ་དང༌། དགའ་བ་དང༌། སྒེག་པ་དང༌། རོལ་པ་དང༌། རང་བྱུང་དང༌། ཞེ་སྡང་ དང༌། ཧེ་དང༌། སྙིང་རྗེ་དང༌། ཐུགས་དང༌། ཧཱུཾ་མཛད་དང༌། མི་བསྐྱོད་རྡོ་རྗེ་རྣམས་ སོ། །རྣམ་པར་སྣང་མཛད་ཀྱི་རྣམ་པར་སྣང་མཛད་དང༌། ཨོཾ་མཛད་དང༌། རྟག་པ་དང༌། དེ་བཞིན་གཤེགས་པ་དང༌། སྒྱུ་མ་དང༌། སངས་རྒྱས་དང༌། གཟུགས་དང༌། སྐུ་རྡོ་རྗེ་ རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེ་དང༌། ཡིད་བཞིན་གྱི་ནོར་བུ་དང༌། མཁའ་དང༌། ནམ་མཁའ་དང༌། གཟི་བརྗིད་དང༌། བདུད་ལས་རྒྱལ་བ་དང༌། འོད་བྱེད་ དང༌། ང་རྒྱལ་རྡོ་རྗེ་རྣམས་སོ། །སྣང་བ་མཐའ་ཡས་ཀྱི་འདོད་ཆགས་དང༌། སྤྱན་རས་ གཟིགས་དང༌། ཆོས་དང༌། པདྨ་དང༌། རྡོ་རྗེའི་མྱུ་གུ་དང༌། པདྨའི་མྱུ་གུ་དང༌། རབ་ཏུ་ དགའ་བའི་མྱུ་གུ་དང༌། སྙིང་རྗེའི་མྱུ་གུ་དང༌། མཆོག་དགའ་དང༌། ཤིན་ཏུ་དགའ་བའི་ དགའ་བ་དང༌། དཔག་མེད་དང༌། གསུང་རྡོ་རྗེ་རྣམས་སོ། །དོན་ཡོད་གྲུབ་པའི་དོན་ ཡོད་དང༌། རྟ་མཆོག་དང༌། དམ་ཚིག་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། ལས་དང༌། རླུང་ དང༌། རེག་བྱ་དང༌། ཕྲག་དོག་རྡོ་རྗེ་རྣམས་སོ། །རྡོ་རྗེ་སེམས་དཔའི་བུད་མེད་ཀྱི་མིང་ 8-1-145 རྣམས་ནི། རྡོ་རྗེ་ཤུགས་མ་དང༌། རྡོ་རྗེ་རོལ་པ་མོ་དང༌། རྡོ་རྗེ་མ་ཏཱ་དང༌། རྡོ་རྗེ་ཀོང་ཀ་ ན་དང༌། རྡོ་རྗེ་བཞིན་མ་དང༌། རྡོ་རྗེ་བ་དན་མ་དང༌། རྡོ་རྗེ་ཕྲེང་བ་མ་དང༌། རྡོ་རྗེ་ འཆར་མའོ། །མི་བསྐྱོད་པའི་རྡོ་རྗེ་བདག་མེད་པ་དང༌། རྡོ་རྗེ་ཕྱག་མ་དང༌། རྡོ་རྗེ་ཕྲེང་ བ་མ་དང༌། རྡོ་རྗེ་བྱེད་མ་དང༌། རྡོ་རྗེ་མཱ་མ་ཀཱི་དང༌། ཞེ་སྡང་དགའ་བ་མའོ། །རྣམ་པར་ སྣང་མཛད་ཀྱི་རྡོ་རྗེ་མཁའ་འགྲོ་མ་དང༌། རྡོ་རྗེ་དཀར་མོ་དང༌། རྡོ་རྗེ་སྒེག་མོ་དང༌། རྡོ་ རྗེ་སྤྱན་མ་དང༌། གཏི་མུག་དགའ་མའོ། །རིན་ཆེན་འབྱུང་ལྡན་གྱི་རྡོ་རྗེ་དོ་ཤལ་མ་དང༌། རྡོ་རྗེ་དབུགས་འབྱིན་མ་དང༌། རྡོ་རྗེ་འབར་མ་དང༌། རྡོ་རྗེ་ཕྲེང་བ་མ་དང༌། རྡོ་རྗེ་ནམ་ མཁའ་མ་དང༌། ནམ་མཁའ་དགའ་མའོ། །སྣང་བ་མཐའ་ཡས་ཀྱི་རྡོ་རྗེ་འདོད་ཆགས་མ་ དང༌། རྡོ་རྗེ་གླུ་མ་དང༌། རྡོ་རྗེ་ཨེ་མ་བདེ་དང༌། རྡོ་རྗེ་རོ་ལངས་མ་དང༌། རྡོ་རྗེ་བློ་གྲོས་ མ་དང༌། རྡོ་རྗེ་བཞད་མ་དང༌། རྡོ་རྗེ་གོས་དཀར་མོ་དང༌། འདོད་ཆགས་དགའ་བ་ མའོ། །དོན་ཡོད་གྲུབ་པའི་རྡོ་རྗེ་སྙེམས་མ་དང༌། རྡོ་རྗེ་སྒྱུ་མ་དང༌། རྡོ་རྗེ་རྒོད་མ་དང༌། རྡོ་རྗེ་སྒྲོལ་མ་དང༌། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང༌། རྡོ་རྗེ་དམ་ཚིག་མ་དང༌། རྡོ་རྗེ་ དགའ་བ་མའོ། །མིང་གི་དབང་ངོ༌། ། ཕྲེང་བ་དང་ཆུ་ལ་སོགས་པ་དབང་དྲུག་པོ་འདི་རྣམས་ཀྱིས་མ་རིག་པའི་གཉེན་པོ་ནུས་ པ་ཉིད་དུ་སྒྲུབ་པར་བྱེད་པས་རིག་པའི་དབང་ཞེས་བརྗོད་དོ། །དབང་འདི་རྣམས་ བསྐུར་བའི་སློབ་མ། བྱ་བ་དང་སྤྱོད་པའི་རྒྱུད་དག་ཉན་པ་དང་འཆད་པ་དང་སྔགས་ བསྒྲུབ་པ་རྣམས་ལ་དབང་བར་འགྱུར་རོ། །དབང་འདི་རྣམས་ཀྱང་སློབ་དཔོན་གྱི་དབང་ དོན་དུ་མི་གཉེར་བ་ལ་ནི་ཐུན་མོང་གི་སྡོམ་པ་སྔོན་དུ་འགྲོ་བས་བྱིན་ནོ། །དོན་དུ་གཉེར་ བ་ལ་ནི་སྡོམ་པ་གཉིས་སྔོན་དུ་འགྲོ་བས་སོ། །དེ་ནས་ཡོན་ཕུལ་ཞིང་ཐལ་མོ་སྦྱར་ཏེ། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་ དཔོན་གྱི་ནི་དབང༌། ། ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་གསོལ་བ་གདབ་ པར་བྱས་པ་དེ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་བསམས་ནས། ཐོག་ མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ 8-1-146 ཀུན་བདག་ཉིད། །རྡོ་རྗེ་སྙེམས་མ་བདག་པོའི་བདག །བཅོམ་ལྡན་མཆོག་གི་དང་པོའི་ སྐྱེས་བུ་ཞེས་བརྗོད་ཅིང༌། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དེ་ཁོ་ན་ཉིད་ཀྱིས་འཛིན་དུ་གཞུག་པ་ ནི། རྡོ་རྗེའི་དམ་ཚིག་གོ །དེ་ནས་དྲིལ་བུ་ཨཱཿལས་སྐྱེས་པར་བསྒོམས་ནས། འདི་དེ་སངས་ རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་ བས་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང༌། །ཞེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱིས་ འཛིན་དུ་གཞུག་གོ །དེས་ཀྱང་སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་འགལ་ བྱས། །རང་བཞིན་དག་མཆོག་སེམས་དཔའ་ཡིས། །དམ་པའི་སྲིད་པ་བྱེད་པར་ འགྱུར། །ཞེས་བརྗོད་ཅིང་དཀྲོལ་བར་བྱ་སྟེ། དྲིལ་བུའི་དམ་ཚིག་གོ ། དེ་ནས། ཡིད་ཀྱིས་ལས་ནི་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། ། གང་ གིས་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་པ་དང༌། ཡེ་ ཤེས་ཕྱག་རྒྱ་བྱིན་རླབས་ནས། །འདོད་པ་ཐམས་ཅད་ལོངས་སྤྱོད་པས། །དངོས་གྲུབ་ ཐམས་ཅད་བསྒྲུབ་པར་བྱའོ། །ཞེས་པ་གོ་བར་བྱས་ལ། རྡོ་རྗེ་སེམས་དཔའི་སྐུ་དང་ཡེ་ ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་བརློབ་ཏུ་བཅུག་ནས་འཁྱུད་པའི་ཚུལ་ བྱེད་དུ་གཞུག་གོ །ཕྱག་རྒྱའི་དམ་ཚིག་སྟེ། དམ་ཚིག་གསུམ་སྦྱིན་པའི་ཆོ་གའོ། ། དེ་ལྟར་དམ་ཚིག་གསུམ་བཟུང་བ་ནི། (རཏྣ་རཀྵི་ཏས། མཚན་མ་མེད་ལས་འགྲོ་བའི་ དོན། ། འདིར་ནི་གང་གི་བྱེད་འགྱུར་བ། །ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ ཆེན་པོས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པས་)སྔ་མ་བཞིན་དུ་ཁྲུས་ཀྱི་སྟེགས་ བུའམ། མེད་ན་དེ་ལྟར་བསྒོམ་པའི་སྟེང་དུ་བཞག་ནས། རྡོ་རྗེ་སེམས་དཔའི་གཟུགས་སུ་ བསམ་པ་ལ་སྔར་བསྟན་པའི་ཆུའི་དབང་གིས་སླར་ཡང་དབང་བསྐུར་བར་བྱ་སྟེ། སློབ་ མ་རྣམས་རང་གི་ཁ་ནས་ཞུགས། ཞེས་པ་ནས། སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་ པའི་བར་གྱིས་སོ། །འདིའི་མཐར་སྔགས་ནི། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ ཤྲཱི་ཡེ་ཧཱུཾ་སྭཱཧཱ། ཞེས་པ་སྟེ། དེ་བརྗོད་ཅིང་དབང་བསྐུར་ནས། མི་བསྐྱོད་པ་ཅོད་པན་དུ་ བསམས་ཏེ། ལྷ་དང་ལྷ་མོ་གཞན་ཐམས་ཅད་ཡེ་ཤེས་སེམས་དཔའི་ངོ་བོར་དེ་ཉིད་དུ་ 8-1-147 བཅུག་ནས། ཨོཾ་སུ་པྲ་ཏིཥྛི་ཏ་བཛྲ་ཡེ་(ལེགས་པར་རབ་ཏུ་གནས་པའི་རྡོ་རྗེ་ལའོ)སྭཱཧཱ། ཞེས་པས་བྱིན་གྱིས་བརླབས་ཏེ། མེ་ཏོག་ལ་སོགས་པས་དབུལ་ལོ། །དེ་ནས་(དབང་ བསྐུར་ནས་ནི་དེ་ཉིད་བསྟན་པས། །ཞེས་གསུངས་)མདོར་བསྡུ་ན་གཞལ་ཡས་ཁང་འདི་ ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་དེ་ ཁོ་ན་ཉིད་རྣམ་པར་དག་པ་དང༌། ཕུང་པོ་ལྔ་ནི་མདོར་བསྡུ་ན། །སངས་རྒྱས་ལྔར་ནི་ རབ་ཏུ་གྲགས། ། ཞེས་པ་ལ་སོགས་པས་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་ དང༌། དོན་དམ་པར་ནི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་རང་བཞིན་མེད་པའི་ བདག་ཉིད་ཅན་དེ་བཞིན་ཉིད་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང༌། དཀྱིལ་འཁོར་ བྲི་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་རིམ་པ་འཁོར་དང་བཅས་པ་བརྗོད་པར་ བྱའོ། །དེ་ལྟར་དཀྱིལ་འཁོར་དེ་ཁོ་ན་ཉིད་ལ་སོགས་པ་ཤེས་པར་བྱ་བའི་དམ་ཚིག་དང༌། འདའ་བར་བྱ་བ་མ་ཡིན་པའི་དམ་ཚིག་དང༌། བྱ་བ་དང་མི་བྱ་བའི་བདག་ཉིད་ཅན་གྱི་ སྡོམ་པ་སྐྱོང་བ་ལ་སྐལ་བ་དང་ལྡན་པ་ཉིད་བརྗོད་དོ། །ཕྱིར་མི་ལྡོག་པའི་དབང་སྟེ་མིང་ གཞན་སློབ་དཔོན་གྱི་དབང་ངོ༌། ། དེ་ནས། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། ། ཞེས་བརྗོད་ཅིང༌། རང་གི་སྙིང་པོ་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་དམ་ལན་གསུམ་ དུ་བཟླས་པས་སློབ་མ་ལ་སྦྱིན་ནོ། །དེས་ཀྱང༌། བཅོམ་ལྡན་བདག་གིས་བཟུང་ལགས་ ཀྱིས། ། བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་པས་བཟུང་ནས་ལན་གསུམ་དུ་བཟླ་ བར་བྱ་སྟེ། སྔགས་གཏད་པའི་ཆོ་གའོ། ། དེ་ནས་སློབ་མའི་མིག་དག་ལ་ཡི་གེ་པྲཾ་བསྒོམས་པ་ལ་གསེར་རམ་དངུལ་གྱི་སྣོད་དུ་ བཞག་པའི་མར་དང་སྦྲང་རྩི་དག་གསེར་གྱི་ཐུར་མས་བྱུག་ཅིང༌། ཨོཾ་བཛྲ་(རྡོ་རྗེ་)ནེ་ཏྲ་ (མིག་)ཨ་པ་ཧ་ར་(ངེས་པར་གསལ་བའི་)པ་ཊ་ལཾ་(ལིང་ཏོག་གམ་རབ་རིབ་)ཧྲཱིཿ ཞེས་ བརྗོད་ནས། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། ། རྒྱལ་བ་རྣམས་ཀྱི་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ཞེས་བརྗོད་དེ། མིག་སྨན་ 8-1-148 གྱི་ཆོ་གའོ། །དེ་ནས་མེ་ལོང་ཨཱཿཡིས་བསྔགས་ཤིང་སློབ་མ་ལ་བསྟན་ཅིང༌། ཆོས་རྣམས་གཟུགས་ བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། ། རྒྱུ་དང་ལས་ལས་ཡང་དག་བྱུང༌། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་ དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་བདག་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ ཞུགས། ། རང་བཞན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །ཞེས་བརྗོད་ དེ། མེ་ལོང་གི་དབང་ངོ༌། ། དེ་ནས་ཧོཿལས་བྱུང་བའི་གཞུ། ཧོཿཞེས་བརྗོད་ཅིང་བྱིན་ནས། སརྦ་ཏ་ཐཱ་ག་ཏཱཾ་(དེ་ བཞིན་གཤེགས་པ་ཀུན་ལ་)ཨ་ནུ་རཱ་ག་ཡ་སྭ(རྗེས་སུ་ཆགས་པར་བྱོས)། ཞེས་བརྗོད་ དོ། །དེ་བཞིན་དུ། མདའ་ཡང་སྔགས་འདི་ཉིད་ཀྱི་སྦྱིན་ནོ། །དེས་ཀྱང༌། སརྦ་ཏ་ཐཱ་ག་ཏཱ་ (དེ་བཞིན་གཤེགས་པ་ཀུན་ལ་)ཨ་ནུ་རཱ་ག་ཡཱ་མི(རྗེས་སུ་ཆགས་པར་བགྱིའོ)། ཞེས་ བརྗོད་ཅིང༌། བགེགས་ལ་འབིགས་པའི་བསམ་པས་ཕྱོགས་བཞི་དང་སྟེང་འོག་ཏུ་མདའ་ འཕང་བར་བྱ་སྟེ། མདའ་འཕང་བའི་ཆོ་གའོ། ། དེ་ནས་གསང་བའི་དབང་གི་དོན་དུ། གཞོན་ནུ་མ་དམ་ཚིག་དང་ལྡན་པའམ། གཞན་ ཡང་རུང་སྟེ། བླ་མ་རྡོ་རྗེ་སེམས་དཔའ་ལ་ཕུལ་ནས་ཐལ་མོ་སྦྱར་ཏེ། ཁྱོད་ཀྱིས་ཞབས་ཀྱི་ བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། ། མགོན་པོས་རྗེས་སུ་བཟུང་བར་མཛོད། །ཅེས་གསོལ་བ་གདབ་པར་བྱའོ། ། དེ་ནས་བླ་མ་འཁོར་ལོའི་དབང་ཕྱུག་གི་ང་རྒྱལ་དང་ལྡན་པས། ཤེས་རབ་མ་ལྷ་མོའི་ གཟུགས་སུ་བསྐྱེད་པ་ལ། རྡོ་རྗེ་དང་པད་མ་འདུས་བྱ་བ་སྔོན་དུ་འགྲོ་བས་སྙོམས་འཇུག་ བྱ་ཞིང༌། ཨོཾ་ས(པ་ཀུན་ལ་)ཨ་ནུ་རཱ་ག་ཎ་(རྗེས་སུ་ཆགས་པ་)བཛྲ་སྭ་བྷཱ་ཝ་ཨཱཏྨ་ ཀོ྅(རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ)ཧཾ། ཞེས་བརྗོད་པ་ཅན་སྙིང་ཁའི་ས་བོན་ གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་རྣམས་བདག་ 8-1-149 ཉིད་ལ་བཅུག་ནས། ཆགས་པ་ཆེན་པོས་ཞུ་བར་གྱུར་ཏེ། ཨ་བ་དྷཱུ་ཏཱི་ནས་འགྲོ་བར་ བསམ་ཞིང༌། རྡོ་རྗེའི་ནོར་བུར་ལྷན་ཅིག་སྐྱེས་པ་བརྟན་པར་བྱས་ཏེ། པདྨ་ལས་ཕྱུང་ ནས་མཐེ་བོང་དང་མིང་མེད་ཀྱིས་རྡོ་རྗེ་ནོར་བུ་བཙུར་བའི་ཁུ་བ་དེ་སློབ་མ་གདོང་ བཅིངས་པའི་ཁར་འཕང་བར་བྱ་ཞིང༌། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་ སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་ དབང་བསྐུར་བགྱི། །ཞེས་པ་དང༌། དཀྱིལ་འཁོར་གྱི་བདག་པོའི་སྔགས། ཨོཾ་ཨཱཿབཛྲ་(རྡོ་ རྗེ་)དྷྲིཀ་(འཛིན་)ཧཱུཾ། ཞེས་པ་ལ་སོགས་པ་རྒྱུད་ཇི་ལྟ་བ་བཞིན་དུ་བརྗོད་ཅིང་དབབ་ བོ། །དེས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཀུན་འདུས་པའི་ བློས། ཨ་ཧོ་མཧཱ་སུ་ཁཾ། ཞེས་བརྗོད་ཅིང་བཏུང་བར་བྱའོ། །ཤེས་རབ་ཀྱང་ལངས་ལ་གོས་ མེད་པ་ཉིད་དུ་རང་གི་ཆུ་སྐྱེས་ན་གནས་པའི་ཐིག་ལེ་རྣམས་དེའི་ཁར་འཕང་བར་བྱ་ ཞིང༌། དེས་ཀྱང་དེ་བཞིན་དུ་བཏུང་བར་བྱ་སྟེ། གསང་བའི་དབང་ངོ༌། ། དེ་ནས་བྱང་ཆུབ་རྡོ་རྗེ་ཞེས་པ་ལ་སོགས་པས་གསོལ་བ་བཏབ་པ་ཅན་གྱི་སློབ་མ་ལ། ཤེས་རབ་མ་དེའམ་གཟུགས་དང་ལང་ཚོ་དང་ལྡན་ཞིང་དམ་ཚིག་དང་སྡོམ་པ་ལ་ གནས་པ་གཞན་ཡང་རུང་སྟེ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་ རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རིམ་པ་སྦྱོར་བ་ཡི། །བདེ་བ་དམ་པ་མྱང་བར་ གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བའི་ནང་དུ་གནས་ལྟ་བས། །ཞེས་གོ་བར་ བྱས་ནས་གཏད་པར་བྱའོ། །དེས་ཀྱང་གུར་གུམ་ལ་སོགས་པའི་དྲི་ཞིམ་པོར་བྱུག་སྟེ། གོས་མེད་པའི་ཆུ་སྐྱེས་སློབ་མ་ལ་སྟོན་ཅིང༌། ཨེ་མ་བདག་གི་པད་མ་འདི། །བདེ་བ་ ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་ གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པད་མར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་ རྒྱལ་པོ་རང་ཉིད་ནི། ། འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཛ་མོ་ཀྵ་ཧོཿ ཞེས་གདོན་ ནོ། །སློབ་མ་དེས་ཀྱང༌། རང་ཉིད་ལྷའི་གཟུགས་དང༌། ཤེས་རབ་མ་ལྷ་མོའི་གཟུགས་སུ་ བསྐྱེད་ནས། རྡོ་རྗེ་དང་པད་མ་འདུས་བྱ་བ་སྔོན་དུ་འགྲོ་བའི་སྙོམས་འཇུག་བྱ་སྟེ། ཨོཾ་ཤཱི་ 8-1-150 ཤཱི་ཤཱི་ཧ་ཧ་ཧ་སྭཱཧཱ། ཞེས་པ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཀུན་ལ་)ཨ་ ནུ་རཱ་ག་ཎ་(རྗེས་སུ་ཆགས་པ་)བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅(རྡོ་རྗེའི་རང་བཞིན་གྱི་བདག་ ཉིད་ངའོ)ཧཾ། ཞེས་བཟློ་ཞིང༌། བླ་མའི་མན་ངག་ལས་དགའ་བའི་དབྱེ་བ་ཀུན་ཏུ་རིག་ པས། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པས་ བྱིན་གྱིས་བརླབ་ཅིང༌། བླ་མས་ཀྱང༌། རྣམ་པར་སྣང་མཛད་དང་སྤྱན་མ་ལ་སོགས་པ་ དཔག་ཏུ་མེད་པ་བཅུག་པ་དང་རོ་གཅིག་ཏུ་གྱུར་པས་དགའ་བ་བརྩམ་པར་བྱ་སྟེ། ཤེས་ རབ་ཡེ་ཤེས་ཀྱི་དབང་ངོ༌། ། དབང་འདི་གཉིས་ནི་རབ་ཏུ་བྱུང་བ་ལ་ཚིག་གིས་མཚམས་སྦྱར་བ་ཙམ་དང༌། ཡིད་ཀྱི་ བསམ་པ་ཙམ་སྟེ། གཞན་དུ་ན་སྡོམ་པ་སྔ་མ་ཉམས་པས་དོན་མེད་པ་ཆེན་པོར་འགྱུར་ རོ། ། དེ་ནས་སྔ་མ་ལྟར་གསོལ་བ་བཏབ་པར་གྱུར་པ་ལ། (དཔལ་ཀུན་ཏུ་ཁ་སྦྱོར་ལས། སློབ་མའི་མོས་པ་ཤེས་བྱ་སྟེ། །དབང་བསྐུར་ཆོ་ག་བཞིན་བྱིན་ནས། །ཟབ་ཅིང་རྒྱ་ཆེ་ལ་ མོས་ན། །ཚིག་གི་རིན་ཆེན་དབང་བསྐུར་བྱས། །ཞེས་གསུངས་པས་)དབང་བཞི་པ་མན་ ངག་གི་སྦྱིན་པར་བྱ་སྟེ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡན་ལག་ བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ དབང་བཞི་པའི་ངོ་བོ་བསྟན་པར་བྱའོ། །དབང་བཞི་པའོ། ། དེའི་རྗེས་ལ་ཤེས་རབ་ཀྱི་ལག་པ་སློབ་མའི་ལག་པར་བཞག་ཅིང༌། རང་གི་ལག་པ་ གཡོན་པས་བཟུང་སྟེ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པ་སློབ་མའི་མགོ་བོར་ བཞག་ནས། འདིར་ནི་ཁྱོད་རྣམས་དཔང་པོ་ལགས། །བདག་གིས་འདི་ལ་འདི་གཏད་ དོ། །ཞེས་དེ་བཞིན་གཤེགས་པ་རྣམས་དཔང་པོར་བཙུགས་ཏེ། ཐབས་གཞན་གྱིས་ནི་ སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་འདི་དང་བྲལ་བར་ ནི། །ཁྱེད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་ བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་ གྲུབ་མེད། །ཅེས་བརྗོད་པར་བྱ་སྟེ། རིག་པའི་བརྟུལ་ཞུགས་སོ། །དེ་ནས་སློབ་མ་རྡོ་རྗེ་ 8-1-151 སེམས་དཔའི་གཟུགས་སུ་བསྒོམས་ལ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་ སེམས་དཔའི་ཕྱག་ན་གནས། ། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཁྱེད་ཀྱིས་ཀྱང་ནི་ རྟག་ཏུ་བཟུང༌། །ཞེས་བརྗོད་ཅིང༌། རྡོ་རྗེ་འཛིན་དུ་གཞུག་གོ །དེས་ཀྱང༌། ཨོཾ་སརྦ་ཏ་ཐཱ་ ག་ཏ་སིདྡྷི་(དངོས་གྲུབ་)བཛྲ་ས་མ་ཡ་(རྡོ་རྗེ་དམ་ཚིག་)ཏིཥྛ་(གནས་པར་མཛོད་)ཨེ་ཀ་ (འདི་)ཏྭཱཾ་(ཁྱོད་)དྷཱ་ར་ཡཱ་མི་(འཛིན་དུ་འཇུག་)བཛྲ་སཏྭ་(རྡོ་རྗེ་སེམས་ དཔའ་)ཧཱིཿཧིཧིཧིཧི་ཧཱུཾ། ཞེས་བརྗོད་ཅིང་བཟུང་བར་བྱ་སྟེ། རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ ནས་ཁ་ཊྭཱཾ་ག་དང་ཅང་ཏེའུ་དང་པདྨའི་སྣོད་རྣམས་ལ་སངས་རྒྱས་ཐོད་པ་དང༌། བདེ་ མཆོག་དང༌། དགྱེས་པའི་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་སྙིང་པོའི་སྔགས་ཀྱིས་ ལན་གསུམ་བཟླས་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་ གནས། །དེས་ན་ཁ་ཊྭཱཾ་ཅང་ཏེའུ་སྣོད། །སྦྱིན་པ་དཔའ་བོས་བཟུང་བར་གྱིས། །ཞེས་བརྗོད་ ཅིང་འཛིན་དུ་གཞུག་གོ །སྤྱོད་པའི་ཡན་ལག་གཞན་གསུངས་པ་ཡང་འཁོར་ལོའི་དབང་ ཕྱུག་གི་སྙིང་པོས་སྔགས་ལ། རྡོ་རྗེ་སེམས་དཔའི་ཞེས་པ་ལ་སོགས་པས་འཛིན་དུ་གཞུག་ གོ །གང་ཡང་བཙུན་མོའམ་སྐྱེས་པ་སྤྱོད་པའི་བརྟུལ་ཞུགས་ཞུ་ན། དེ་རྡོ་རྗེ་ཕག་མོའི་ གཟུགས་སམ། བདག་མེད་མའི་གཟུགས་སམ། མེ་ཏོག་ལྷུང་བ་དང་བསྟུན་པའི་ལྷའི་ གཟུགས་སུ་དང༌། སྐྱེས་པ་ནི་བདེ་མཆོག་དང་དགྱེས་པ་རྡོ་རྗེ་ལ་སོགས་པ་གང་རུང་ བའི་གཟུགས་སུ་བསམས་ནས། དེ་དང་དེ་ལ་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ པའི་ཡེ་ཤེས་ཀྱི་ལྷ་བཅུག་ནས། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་ མེད། །མགུལ་གྱི་ཕྲེང་བ་རིན་ཆེན་དབང༌། །ལག་པར་རྣམ་པར་སྣང་མཛད་དྲན། །སྐ་ རགས་ལ་ནི་དོན་ཡོད་གནས། །ཞེས་གསུངས་པའི་ཕྱིར། འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། སྐ་རགས་རྣམས་ལ་རིམ་པ་བཞིན་དུ། མི་བསྐྱོད་པ་ དང༌། འོད་དཔག་མེད་དང༌། རིན་ཆེན་འབྱུང་ལྡན་དང༌། རྣམ་པར་སྣང་མཛད་དང༌། དོན་ཡོད་གྲུབ་པའི་གཟུགས་སུ་སྐད་ཅིག་གི་བསམས་ལ། དེ་དང་དེའི་ཡེ་ཤེས་སེམས་ 8-1-152 དཔའ་བཅུག་སྟེ། ཡོངས་སུ་གྱུར་པ་ལས་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་རྣམས་སུ་མོས་ ནས། ཨོཾ་དྷ་ར་(ཟུང་ཅིག)་དྷ་ར(ཟུང་ཅིག)། དྷཱ་ར་ཡ་(འཛིན་དུ་ཆུག་)དྷཱ་ར་ཡ(འཛིན་ དུ་ཆུག)། མར་ད་(ཉེད་པར་གྱིས་)མར་ད་(ཉེས་པར་གྱིས་)བཛྲ་དྷྲིཀ་(རྡོ་རྗེ་འཛིན་ པ་)ཕཊ་སྭཱཧཱ། ཞེས་ལན་གསུམ་བཟླས་པའི་འཁོར་ལོ་མགོ་བོར་བཞག་པར་བྱ་སྟེ། རྡོ་རྗེ་ སེམས་དཔའ་ཞེས་པ་ལ་སོགས་པས་སོ། །དེ་བཞིན་དུ། ཨོཾ་བཛྲ་(རྡོ་རྗེ་)དྷརྨཱ་(ཆོས་)ས་མ་ ཡ་(དམ་ཚིག་)སྟྭཾ་(ཁྱོད་)ཧུ་ལུ་ཧུ་ལུ་(འདས་པ་མཛོད་)ཨ་རོ་ལིཀ་(རོ་མྱང་བ་) [རྒྱ་ དཔེ་འགའ་ཞིག་ལ། ཨཱ་རོ་ལིཀ་(ཀུན་ནས་བསྐོར་བ་ལས་སོ།།)ཅེས་པ་ཨཱ་རིང་པོར་ སྣང༌།]ཕཊ་སྭཱཧཱ། ཞེས་ལན་གསུམ་བཟླས་པའི་རྣ་རྒྱན་གཉིས་རྣ་བ་དག་ལའོ། །ཨོཾ་བཛྲ་ (རྡོ་རྗེ་)སུཪྻ་(ཉི་མ་)ཏ་མོ་བི་དྷ་མ་ན་(མུན་པ་གསལ་བར་བྱེད་པ་)ས་མ་ཡ་(དམ་ ཚིག་)སྟྭཾ་(ཁྱོད་)ཨ་ཧ་རཏྣ་དྷྲིཀ་(རིན་ཆེན་འཛིན་པ)ཕཊ་སྭཱཧཱ། ཞེས་ལན་གསུམ་བཟླས་ པའི་མགུལ་རྒྱན་མགུལ་པར་རོ། །ཨོཾ་ཤཱ་(རྟག་པ་)ཤྭ་ཏ་པ་ར་མ་ཤཱ་(མཆོག་ཏུ་རྟག་ པ་)ཤྭ་ཏ་ཨེ་ཧྱེ་ཧི་(ཚུར་གཤེགས་ཚུར་གཤེགས་)ཛི་ན་ཛིཀ་(རྒྱལ་བ་)ཕཊ་སྭཱཧཱ། ཞེས་ ལན་གསུམ་བཟླས་པའི་ལག་རྒྱན་གཉིས་གདུ་བུ་བཞིན་ལག་པ་དག་ལའོ། །ཨོཾ་ ཕུཿཕུཿཧི་ཧི་ཧི་པྲཛྙཱ་དྷྲིཀ་(ཤེས་རབ་འཛིན་པ)ཕཊ་སྭཱཧཱ། ཞེས་ལན་གསུམ་བཟླས་པའི་སྐ་ རགས་རྐེད་པ་ལའོ། ། བུད་མེད་ཀྱི་ཕྱོགས་ལ་ཚིགས་སུ་བཅད་པའི་དཔའ་བོ་ཞེས་པ་ ཕྱུང་ནས་ལྷ་མོ་ཞེས་པ་གཞུག་པར་བྱའོ། །ཡང་དག་གནས་ཞེས་བྱ་བའི་རྗེས་ལ། འཁོར་ ལོ་མི་བསྐྱོད་པ་ཡི་གཟུགས། ། ཞེས་པ་དང༌། རྣ་རྒྱན་གཉིས་ནི་གསུང་རྡོ་རྗེ། །ཞེས་པ་དང༌། མགུལ་བའི་ཕྲེང་བ་རིན་ ཆེན་འབྱུང༌། །ཞེས་པ་དང༌། ལག་གདུབ་རྟག་པའི་བདག་ཉིད་དོ། །ཞེས་པ་དང༌། སྐ་ རགས་དོན་ཡོད་གྲུབ་པ་ནི། །ཞེས་པ་བཅུག་ནས་རྡོ་རྗེ་ཞེས་པ་ལ་སོགས་པ་གདོན་པར་ བྱའོ། ། གང་ཡང་བུད་མེད་དང་སྐྱེས་པ་གང་དག་ལྟ་སྟངས་ལ་སོགས་པའི་ནུས་པ་ཐོབ་ པས་གཞན་གྱི་དོན་དུ་དཔའ་བོའི་སྤྱོད་པའི་བརྟུལ་ཞུགས་བླང་བར་འདོད་ན། དེ་ཡང་ གཞུང་དུ་བཤད་པའི་ཆོ་གས་སྦྱིན་པར་བྱས་ཏེ། སྤྱོད་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་ 8-1-153 གའོ། ། དེ་ནས་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་བྱས་ནས། ཁུ་ཚུར་གཡོན་པས་ཆོས་ གོས་ཀྱི་གྲྭ་སྙིང་ཁར་བཟུང་ཞིང་ལག་པ་གཡས་པ་མི་འཇིགས་པའི་ཕྱག་རྒྱས། སྲིད་པའི་ ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་ གཤེགས། །བདག་གིས་ཁྱོད་ནི་ལུང་བསྟན་བགྱི། །ཀྱེ་ཆྒཻ་མོ་རྡོ་རྗེ། ཏ་ཐཱ་ག་ཏཱ་ཤི་ཥྱ་(སློབ་ མ་) ས་མ་ཡ་(དམ་ཚིག་)སྟྭཾ་(ཁྱོད་)བྷུར་(ས་གཞི་)བྷུ་བ་(ས་སྟེང་)སྭ(མཐོ་རིས་)། ཞེས་ བརྗོད་ཅིང༌། མེ་ཏོག་ལྷུང་བ་དང་བསྟུན་པའི་དེ་བཞིན་གཤེགས་པའི་གཟུགས་ཀྱིས་ སློབ་མ་ལུང་བསྟན་ནས། གང་ཡང༌། འདི་ལྟར་ལུང་བསྟན་པ་དེ་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །ཞེས་དད་པར་བྱ་ སྟེ། ལུང་བསྟན་པའི་ཆོ་གའོ། ། དེ་ནས་སློབ་མའི་མདུན་ནམ་སྟན་ལ་བྷྲུཾ་ལས་སྐྱེས་པའི་ཆོས་ཀྱི་འཁོར་ལོ། ཨོཾ་བཛྲ་(རྡོ་ རྗེ་)ཧེ་ཏུ་(རྒྱུ་)མཾ། ཞེས་བརྗོད་པ་དང༌། ལག་པ་གཡས་སུ། ཨོཾ་བཛྲ་(རྡོ་རྗེ་)བྷཱ་ག་(སྨྲ་ བ་)རཾ། ཞེས་བརྗོད་ཅིང༌། ཨ་ལས་སྐྱེས་པའི་དུང་དང༌། གཡོན་དུ་དབྱངས་དང་པོ་ (ཨ་)ལས་སྐྱེས་པའི་པོ་ཏི་དབྱངས་དང་པོ་བརྗོད་པ་དང༌། དབྱངས་ཐ་མ་(ཨཿ)ལས་ སྐྱེས་པའི་དྲིལ་བུ་དབྱངས་ཐ་མ་བརྗོད་ཅིང་བྱིན་ལ། དྲིལ་བུ་དཀྲོལ་དུ་གཞུག་ཅིང༌། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། ། ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་ མཁའ་དང་ནི་མཉམ་སྦྱོར་བས། །ཐམས་ཅད་མཆོག་གི་མཉམ་ཉིད་གསལ། །དེང་ནས་ བརྩམས་ཏེ་དང་བཅས་པའི། །སེམས་ནི་བསྐྱེད་པ་ཙམ་གྱིས་ནི། །དེ་རིང་ཕན་ཆད་ འཇིག་རྟེན་ལ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་བཀངས་ནས་ནི། །ཆོས་ ཀྱི་འཁོར་ལོ་བསྐོར་བར་གྱིས། །(རཏྣ་རཀྵི་ཏས། སོམ་ཉི་ཡིད་གཉིས་མི་བྱ་ཞིང༌། །དོགས་ པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་ཚུལ་ཆོ་ག་སྤྱོད། །དེ་ལྟར་བྱས་ན་སངས་ རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང༌། །ཀུན་ཏུ་ཁྱེད་ ལ་སྲུང་བར་བྱེད།།)ཞེས་བརྗོད་པར་བྱའོ། །དེ་ལྟར་སྤྱིར་རྗེས་སུ་གནང་བ་བྱེད་ནས། ལྷག་ 8-1-154 པར་རྗེས་སུ་གནང་བ་སྦྱིན་པར་བྱ་བའི་ཆེད་དུ་རིམ་པ་བཞིན་སློབ་མ་རྣམ་པར་སྣང་ མཛད་ལ་སོགས་པའི་གཟུགས་སུ་བསྒོམས་ནས། (སཾ་བུ་ཊ་ལས།)སེམས་ཅན་ཀུན་ལ་ ཕན་དོན་ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། ། སྣ་ཚོགས་ཇི་ལྟར་འདུལ་བ་ ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཤེས་རབ་ཐབས་ཀྱི་རང་བཞིན་བདག །ཡིད་ བཞིན་ནོར་བུ་ལྟར་མཐོང་བས། །སྐྱོན་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ ཅན་དོན་གྱིས་ཤིག །ཅེས་པ་དང༌། ཆོས་ཀྱི་སྒྲའི་གནས་སུ་རྡོ་རྗེ་དང༌། རིན་པོ་ཆེ་དང༌། པད་མ་དང༌། ལས་ཀྱི་སྒྲ་བཅུག་ནས་ཀྱང་རྗེས་སུ་གནང་བ་སྦྱིན་ནོ། །དེས་ཀྱང་ཕྱག་བྱས་ ལ། གཙོ་བོས་ཇི་ལྟར་བཀའ་བསྒོ་བ། །དེ་བཞིན་དུ་ནི་བདག་གིས་བགྱི། །ཞེས་བརྗོད་ དོ། །རྗེས་སུ་གནང་བའི་ཆོ་གའོ། ། དེ་ནས། སྤྱི་བོ་རུ་ནི་གདུགས་བཟུང་ནས། །བསྐོར་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་ འཁོར་སྒོར་ནི་ཐལ་སྦྱོར་བ། །གདུགས་བཅས་དབབ་ཅིང་འདི་བརྗོད་བྱ། །རྒྱུད་རྣམས་ འཛིན་པར་འགྱུར་བ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་པས་དཀྱིལ་འཁོར་གྱི་ དབང་ཕྱུག་ལ་གསོལ་བ་གདབ་ཅིང༌། གདུགས་གཞན་དུ་བཞག་ནས། སློབ་མའི་སྙིང་ལ་ དབབ་པ་བརྗོད་པར་བྱ་སྟེ། དེ་ནི་ཁྱེད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་ རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་དག་ཀྱང་ དགོངས་བར་འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་ བཞིན། ། རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་ བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར་ གྲོལ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་ འཆི་བ་ཡོད་མ་ཡིན། །སྲིད་པ་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐའ་གྲུབ་ བོ། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་རོ། །ཁམས་གསུམ་ ཀུན་གྱི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་ སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ 8-1-155 ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་སྤྱོད་པས་ཁྱོད། །གང་ལའང་འཇིགས་མེད་སྤྱད་ པར་གྱིས། །ཤ་ལྔ་བདུད་རྩི་ལྔ་བཟའ་བྱ། །འདི་ལས་གཞན་ཡང་དམ་ཚིག་བསྲུང༌། །སྲོག་ ཆགས་བསད་པར་མི་བྱ་ཞིང༌། །བུད་མེད་རིན་ཆེན་སྨད་མི་བྱ། །སློབ་དཔོན་སྤང་བར་མི་ བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱེད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་ གསུང་ཇི་ལྟར། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གིས་དམ་ཚིག་མི་ བཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་ཉུང་ལས་རྡོ་རྗེ་སེམས་དཔའ་ དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་བྱིན་པར་འགྱུར། །གཞན་ཡང་གང་ དག་ཆྒཻ་ཇི་ལྟ་བ་བཞིན་དབང་བསྐུར་བ་ལ་དགེ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱིས་སྡུག་པའི་བུ་དང་འདྲ་བར་ཐུགས་དང་བས་ཡང་དག་ པར་དགོས་པ་མཛད་པ་འདི་ནི་ཆོས་ཉིད་ཡིན་ནོ། ། དབུགས་དབྱུང་བའི་ཆོ་གའོ། ། དེ་ལྟར་དབང་ཐོབ་ཅིང་དབུགས་ཕྱིན་ཏེ། དགའ་བའི་སློབ་མས་དེ་ལྟར་བགྱིའོ།།(དེའི་ བར་དཀྱུས་ལ་རྒྱ་དཔེ་ལ་མི་སྣང་བས་མཆན་དཀྱུས་ཤོར་དུ་སྣང༌། དཔལ་ཀུན་ཏུ་ཁ་ སྦྱོར་ལས།) དེ་རིང་སངས་རྒྱས་ཐམས་ཅད་ནི། །བདག་ལ་ཉེ་བར་དགོངས་སུ་ གསོལ། །འདི་ལྟར་ཁྱོད་ཀྱི་བཀའ་དྲིན་གྱིས། །བདག་ནི་བྱང་ཆུབ་བསྒྲུབ་ཏུ་གསོལ། །དེང་ བདག་སྐྱེ་བ་འབྲས་བུར་བཅས། ། བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་ སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་གྱུར། །ཅེས་བརྗོད་དེ། གླང་ པོ་ཆེ་དང༌། རྟ་དང༌། རིན་པོ་ཆེ་དང༌། ས་ལེ་སྦྲམ་དང༌། དངུལ་དང༌། གོས་དང༌། རྒྱན་ དང༌། བ་ལང་དང༌། མ་ཧེ་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་ལ་སོགས་པ་ དང༌། གཅེས་པའི་ཆུང་མ་དང༌། བུ་དང༌། བུ་མོ་ལ་སོགས་པ་རྣམས་སམ། ཇི་ལྟར་ནུས་ པར་བླ་མ་ལ་བཀུར་སྟི་བྱས་ཏེ་ཡོན་དབུལ་བར་བྱའོ། །གཏོར་མ་དང༌། སྦྱིན་སྲེག་དང༌། སྟོན་མོ་ལ་སོགས་པ་ཡང་བྱའོ། །དེ་དག་ཀྱང་འབྱུང་པོ་འདུལ་བྱེད་དང༌། འོད་ཟེར་ཅན་ དང༌། བསྲུང་བ་ལྔ་ལ་སོགས་པ་བྱ་སྤྱོད་ཀྱི་རྒྱུད་དུ་གཏོགས་པ་རྣམས་སུ་རིག་པའི་ 8-1-156 དབང་ལྔ་འཁོར་དང་བཅས་པ་ཙམ་སྦྱིན་པར་བྱ་སྟེ། ཐུན་མོང་གི་སྡོམ་པ་སྔོན་དུ་འགྲོ་ བས་སོ། །རྡོ་རྗེ་དབྱིངས་དང༌། ངན་སོང་ཡོངས་སུ་སྦྱོང་བ་དང༌། ཆོས་ཀྱི་དབྱིངས་གསུང་ གི་དབང་ཕྱུག་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དུ་གཏོགས་པ་རྣམས་སུ་བུམ་དབང་ ཡོངས་སུ་རྫོགས་པ་འཁོར་དང་བཅས་པ་སྦྱིན་པར་བྱ་སྟེ། ཐུན་མོང་གི་སྡོམ་པ་དང༌། སློབ་དཔོན་གྱི་སྡོམ་པ་སྔོན་དུ་འགྲོ་བས་སོ། །འདུས་པ་དང་འཁོར་ལོ་སྡོམ་པ་ལ་སོགས་ པ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གཏོགས་པ་རྣམས་སུ་ནི་དབང་མཐའ་དག་སྦྱིན་པར་ བྱ་སྟེ། རྗེས་ཀྱི་ཆོ་ག་རྣམས་དང༌། སའི་ཆོ་ག་དང༌། སྟ་གོན་གཞན་རྣམས་ནི་ཐམས་ཅད་ ལ་མཚུངས་པར་བྱའོ། །ཞེས་གསུངས་སོ། །དེ་ལྟ་བུ་འདི་ནི་གཞན་དབང་བསྐུར་བའི་ཆོ་ གའོ། ། རང་ཉིད་ཀྱང་དམ་ཚིག་ཉམས་ན། འདི་ལྟ་བུའི་དབང་རང་ཉིད་ཀྱིས་བླང་བར་བྱ་སྟེ། ཇི་ལྟར་སློབ་དཔོན་འཇུག་པའི་ཆོ་གར་བཤད་པ་དེ་ལྟར་རོ། །འོན་ཀྱང་བླ་མ་དམ་པ་ ཤིན་ཏུ་ཐག་རིང་པ་དང༌། ལམ་བགྲོད་དཀའ་བ་ལ་སོགས་པའམ། ཉེ་བར་འཚེ་བས་ བགྲོད་པར་མི་ནུས་པའི་ཕྱོགས་སུ་གནས་ན་སྟེ། གཞན་དུ་ནི་མ་ཡིན་ནོ། །རྟག་ཏུ་ཡི་ དམ་བྱེད་པས་ནི། རང་གི་འདོད་པའི་ལྷའི་རྣལ་འབྱོར་གྱིས་ཡིད་ཀྱི་དཀྱིལ་འཁོར་ བསྒོམས་པར་ཆུའི་དབང་ལ་སོགས་པ་ནས་དབུགས་དབྱུང་བའི་མཐར་ཐུག་པ་དཀྱིལ་ འཁོར་གྱི་དབང་ཕྱུག་ལ་བླང་བར་བྱ་སྟེ། རང་དབང་བསྐུར་བའི་ཆོ་གའོ། ། དེ་ནས་ཆོ་ག་ཇི་ལྟ་བར་རྒྱས་པ་དང་ཞི་བའི་སྦྱིན་སྲེག་བྱས་ཏེ། དཀྱིལ་འཁོར་མཆོད་ ནས། ཞུགས་པ་རྣམས་ཀྱང་བཟའ་བ་དང༌། བཅའ་བ་དང༌། བལྡག་པ་དང༌། ཆང་ལ་ སོགས་པ་འཁོར་ལོ་ལ་ཕུལ་བ་རྣམས་ཀྱིས་ཚིམ་པར་བྱས་ཏེ། ཁྱེད་རྣམས་ཀྱིས་འཇུག་པ་ འདི་སུ་ལ་ཡང་སྨྲ་བར་མི་བྱའོ། །ཞེས་བརྗོད་དོ། །དེ་ནས་སློབ་མ་རྣམས་བཞག་སྟེ། ཕྱི་ རོལ་ཏུ་ཕྱོགས་ཀྱི་གཏོར་མ་དང༌། མཆོད་པ་ཕུལ་ནས་ནང་དུ་ཞུགས་ཏེ། འཁོར་ལོ་ལ་ ཕྱག་འཚལ་ཞིང་མཆོད་ཡོན་ལ་སོགས་པ་ཕུལ་ནས་དགེ་བ་ཡོངས་དུ་བསྔོས་ཏེ། དཀྱིལ་ འཁོར་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་ཕྱོགས་པས་ཤར་སྒོར་ 8-1-157 འདུག་སྟེ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ན། གང་ཡང་བདག་བློ་རྨོང་པ་ཡིས། །ཉེས་ བྱས་ཆུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ ཀུན་བཟོད་པར་མཛོད། །གང་ཡང་ནུས་པ་མ་མཆིས་པས། །མ་རྙེད་ཡོངས་སུ་མ་ཤེས་ དང༌། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛོད་རིགས། །ཞེས་པས་ བཟོད་པར་གསོལ་ཏེ། ཨོཾ་ཁྱོད་ཀྱིས་ཞེས་པ་ལ་སོགས་པ་དང༌། ཨོཾ་ཨཱཿཧཱུཾ་བཛྲ་(རྡོ་ རྗེ་)མུཿ (གཤེགས) ཞེས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་ཞིང༌། རང་ གིས་སྤྲུལ་པའི་དཀྱིལ་འཁོར་བདག་ཉིད་ལ་བསྟིམས་ཏེ། ཨོཾ་ཨ་ཀཱ་རོ་(ཨ་ཡིག་གི་)མུ་ཁཾ་ (སྒོ་)སརྦ་དྷརྨཱ་ཎཾ་ཨ་དི་(ཆོས་ཐམས་ཅད་ཀྱི་གདོད་མ་ནས་)ཨ་ནུཏྤནྣ་ཏྭཏ་(མ་སྐྱེས་ པའི་ཕྱིར་རོ)ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཧཱུཾ་མུཿ ཞེས་འདོན་ཅིང༌། ཆོས་ཐམས་ཅད་སྐྱེ་བ་ མེད་པས་མོས་པས་དྲིལ་བུ་དཀྲོལ་ཞིང༌། ལག་པ་ན་གནས་པའི་རྡོ་རྗེས་ཤར་སྒོ་ནས་ བརྩམས་ཏེ་ཚངས་པའི་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་མཐར་ཐུག་པ་དབྱི་ཞིང༌། རང་གི་མགོ་ལ་རྡུལ་ཚོན་ཅུང་ཟད་བླངས་ནས་པད་མ་ལ་སོགས་པ་དབྱེ་བར་བྱའོ། །དེ་ ནས་ཧཱུཾ་བཞི་པའི་སྔགས་ཀྱིས་ཕུར་བུ་རྣམས་བཏོན་ལ། ཨོཾ་རུ་རུ་(སྒྲ་)སྤུ་རུ་(སྤྲོ་བར་ གྱིས་)ཛྭ་ལ་(འབར་བར་མཛོད་)ཏིཥྛ་(བཞུགས་ཤིག་)སིདྷ་(སྒྲུབ་པ་)ལོ་ཙ་ནེ་(སྤྱན་ མ་)སརྦ་ཨར་ཐ་སཱའ་དྷ་ནི་(དོན་ཐམས་ཅད་སྒྲུབ་པར་བྱེད་མ་)སྭཱཧཱ། ཞེས་པ་འོ་མ་ལ་ བརྒྱ་རྩ་བརྒྱད་བཟླས་པས་བཀྲུའོ། །ཕུར་བུའི་ལྷ་རྣམས་ཀྱང་གཤེགས་སུ་གསོལ་ཞིང་ཁུང་ བུ་ཡང་དགང་ངོ༌། །དེ་ནས་རྡུལ་ཚོན་དོན་དུ་གཉེར་བ་རྣམས་ལ་ཉུང་ཟད་སྦྱིན་ཞིང༌། གཞན་ཐམས་ཅད་རྣམ་པར་རྒྱལ་བའི་བུམ་པའམ། བུམ་པ་གཞན་གསར་བ་རས་ཀྱིས་ བརྒྱན་པར་བླུགས་ཏེ། གླང་པོ་ཆེའི་སྟེང་ངམ་ཁྱོགས་ལ་བཞག་པ་རས་ཀྱིས་བརྒྱན་པའི་ རྣལ་འབྱོར་མས་བཟུང་བ། འདོ་ལི་ལ་ཞོན་པའི་སློབ་དཔོན་ནམ། སློབ་མའི་དྲིལ་བུའི་སྒྲ་ དང༌། བཀྲ་ཤིས་ཀྱི་གླུ་དང༌། རོལ་མོའི་སྒྲ་དང༌། གདུགས་དང༌། རྒྱལ་མཚན་དང༌། མཆོད་པ་རྣམས་དང་ལྡན་པས་ཁྱེར་ཏེ། འབབ་ཆུ་ཆེན་པོའམ། མཚོ་ཆེན་པོའམ། ཆུ་ཟབ་ མོའི་འགྲམ་དུ་འདུག་ནས། བའི་ལྕི་བ་དང༌། དྲི་ཞིམ་པོས་བྱུགས་ཤིང༌། ཚོན་དཀར་པོས་ 8-1-158 པད་མ་འདབ་མ་བརྒྱད་པ་བྲིས་པའི་ལྟེ་བ་ལ་རྡོ་རྗེ་སེམས་དཔའ་དང༌། འདབ་མ་ བརྒྱད་ལ་ཀླུའི་རྒྱལ་པོ་རྣམས་མཆོད་དེ། ལག་པ་གཡོན་པ་གདེངས་ཀའི་ཚུལ་དང་ གཡས་པ་བརྐྱང་པས། ཨོཾ་ཨ་ནནྟ་(མཐའ་ཡས་)བཱ་སུ་ཀི་(ནོར་རྒྱས་)ཏཀྵ་ཀ་(འཇོག་ པོ་)ཀར་ཀོ་ཊ་(སྟོབས་ཀྱི་རྒྱུ་)པད་མ་(པདྨ་)མཧཱ་པདྨ་(པདྨ་ཆེན་པོ་)ཤཾ་ཁ་(དུང་ སྐྱོང་)པཱ་ལ་ཀུ་ལི་ཀ་(རིགས་ལྡན་)དེ་བ་ཏི་(ལྷ་མོ་)མཧཱ་དེ་བ་ཏི་(ལྷ་མོ་ཆེན་མོ་)སོ་མ་ ཤི་ཁི་(ཟླ་བའི་སྤྱི་གཙུག་)མཧཱ་ཤི་ཁི་(གཙུག་ཆེན་པོ་)དཎྜ་དྷ་ར་(དབྱུག་པ་འཛིན་ པ་)མཧཱ་དཎྜ་དྷ་ར་(དབྱུག་འཛིན་ཆེན་པོ་)ཨ་པ་ལ་(སོག་མ་མེད་)ཧུ་ལུཎྜ་ཨ་ནནྟ་ (དགའ་བོ་)ཨུ་པ་ཨ་ནནྟ་(ཉེར་དགའ་)སཱ་ག་ར་(རྒྱ་མཚོ་)མཧཱ་སཱ་ག་ར་(རྒྱ་མཚོ་ཆེན་ པོ་)ཏ་པ་ཏ་(ཚ་བ་)མཧཱ་ཏ་པ་ཏ་(ཚ་བ་ཆེན་པོ་)ཤྲཱི་ཀཱནྟི་(དཔལ་མཛེས་)མཧཱ་ཀཱནྟི་ (མཛེས་པ་ཆེན་པོ་)རཏྣ་ཀཱནྟི་(རིན་ཆེན་མཛེས་པ་)སུ་རུ་པ་(གཟུགས་མཛེས་)མཧཱ་སུ་ རུ་པ་(གཟུགས་མཛེས་ཆེན་པོ་)བྷ་ཏྲཱ་ཧི་ཀ་(སྦྲུལ་བཟང་)མ་ཧོ་ར་ག་(ལྟ་བོ་ཆེ་)ཤི་ལི་ མཧཱ་ཤི་ལི། ཨོཾ་བྷཀྵ་(ཟོ་)བྷཀྵ་(ཟོ་)ཨཱ་གཙྪ་(ཚུར་ཤོག་)ཨཱ་གཙྪ་(ཚུར་ཤོག་)མཧཱ་(ཆེན་ པོ་)ནཱ་ག་(ཀླུའི་)ཨ་དྷི་པ་ཏི་(བདག་པོ་)སརྦ་(ཀུན་)བྷུར་(ས་)བྷུ་བ་(ས་སྟེང་)ཕྲཱུཾ་ཕྲཱུཾ་སྭཱཧཱ། ཞེས་པའི་སྔགས་ཀྱི་ཀླུ་རྣམས་ལ་འོ་ཐུག་གི་གཏོར་མ་ཕུལ་ནས། དེ་དག་ལ་རྡུལ་ཚོན་ གཏད་དེ་ཆུ་ལ་བསྐུར་བར་བྱའོ། །ཀླུ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་ས་འོག་གི་ གཞིར་ཁྱེར་བར་བསམ་མོ། །གང་དུ་རྡུལ་ཚོན་ཁྱེར་བའི་བུམ་པ་དེ་ཆུས་བཀང་ནས་སླར་ ཡང་སྔ་མ་བཞིན་དུ་དཀྱིལ་འཁོར་གྱི་ཁང་པར་འོངས་ནས་གཏོར་བར་བྱ་ཞིང༌། གཞོན་ ནུ་མ་རྣམས་ལ་ཡང་འོ་ཐུག་གི་སྟོན་མོ་བྱའོ། ། སློབ་དཔོན་དང་སྒོའི་སློབ་དཔོན་རྣམས་ དང་ལས་ཀྱི་རྡོ་རྗེ་ཅན་དང་རྣལ་འབྱོར་མ་རྣམས་ཀྱང་སོ་རྩི་དང་གོས་ལ་སོགས་པས་ ཚིམ་པར་བྱའོ། །དགེ་འདུན་གྱི་སྟོན་མོ་དང་ཚོགས་ཀྱི་འཁོར་ལོ་ཡང་བྱ་ཞིང་དམན་པ་ དང་མགོན་མེད་པ་རྣམས་ཀྱང་ཚིམ་པར་བྱའོ། །དཀྱིལ་འཁོར་བསྡུ་བ་ལ་སོགས་པའི་ཆོ་ གའོ། ། གང་གི་ཚེ་ཡོ་བྱད་མ་འཛོམ་ན་དེའི་ཚེ་འདི་དག་ཐམས་ཅད་ཏིང་ངེ་འཛིན་གྱིས་བྱ་སྟེ། 8-1-159 གང་གི་ཕྱིར་རྫས་ཀྱི་དངོས་པོ་ཡོད་པ་ལ་ཡང་བསམ་གཏན་ཁོ་ན་གཙོ་བོ་ཡིན་པའི་ཕྱིར་ རོ། །ཡིད་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ། ། འདིར་བརྗོད་པའི་ཆོ་ག་རྣམས་དང་བྱ་བ་གཞན་རྣམས་ལ་ཡང༌། དང་པོ་དང་མཐར་ བགེགས་ཉེ་བར་ཞི་བའི་ཆེད་དུ་གཏོར་མ་སྦྱིན་ནོ། །དེ་ལ་འདི་ནི་རིམ་པ་སྟེ། དང་པོར་ སློབ་དཔོན་ཅོད་པན་ལ་སོགས་པ་ཇི་ལྟར་རྙེད་པས་བརྒྱན་པ་དཔལ་རྡོ་རྗེ་སེམས་ དཔའི་གཟུགས་ཀྱིས་སྣོད་ཆེན་པོ་རྣམས་སུ་ཟན་དང་འཁུར་བ་དང་འབྲས་ཁུར་དང༌། ལ་དུ་དང་ཆན་ཐུག་ལ་སོགས་པ་རྣམས་དང༌། ཉ་དང་བཙོང་དང་སྒོག་སྐྱ་དང་ཆང་དང་ཆུ་དང་ འོ་མ་ལ་སོགས་པ་རྣམས་མཆོད་པའི་ཡོ་བྱད་རྣམས་ཀྱིས་ཉེ་བར་བརྒྱན་པའམ། ཟན་ དང་ཆུ་ལ་སོགས་པ་ཇི་ལྟར་རྙེད་པ་བཀོད་ནས། ཡཾ་ལས་བྱུང་བའི་རླུང་གི་སྟེང་དུ་རཾ་ ལས་སྐྱེས་པའི་མེ་ལ། ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་མགོ་བོ་གསུམ་གྱི་སྟེང་དུ་ཨཱཿལས་བྱུང་ བའི་ཐོད་པ་དཀར་པོར་ཧཱུཾ་བྲུཾ་ཨཾ་ཧྲཱིཿཁཾ་བྷྲཱུཾ་ཧཱུཾ་ཧྲཱིཿཏཱཾ་གི་ཡི་གེ་རྣམས་ལས་བྱུང་ཞིང༌། དེས་ བྱིན་གྱིས་བརླབས་པའི་བདུད་རྩི་དང་སྒྲོན་མ་ལྔའི་ངོ་བོ་(རྣམས། སམ་སུ་ཊི་ལས། ཧ་ ཞེས་པས་ནི་ཁ་དོག་འཕྲོག །ཧོ་ཡིས་དྲི་ནི་གཞོམ་པར་བྱ། །ཧྲཱིཿཞེས་བྱ་བས་ནུས་པ་ འཇོམས། །རིམ་པ་དེ་ལྟར་མངོན་པར་བརྗོད། །ཅེས་གསུངས་པས།)ཧ་ཧོ་ཧྲཱིཿའི་ཡི་གེས་ རིམ་པ་བཞིན་དུ་ཐ་མལ་བའི་དྲི་དང་མདོག་དང་ནུས་པ་བསལ་ནས། རླུང་གིས་བསྐྱོད་ པའི་མེ་འབར་བས་ཡི་གེ་ལ་སོགས་པ་ཞུ་བར་གྱུར་ནས། དེའི་རླངས་པ་ལས་བྱུང་བའི་ ཁ་ཊྭཱཾ་ག་ཧཱུཾ་ལས་སྐྱེས་པའི་རྡོ་རྗེས་མཚན་པ་ཞུ་ནས་བབས་པས་བདུད་རྩིར་གྱུར་ཏེ། དེའི་སྟེང་དུ་ཨོཾ་ལས་བྱུང་བའི་ཟླ་བ་ལ་གནས་པའི་ཨོཾ་ཨཱཿཧཱུཾ་གི་འོད་ཟེར་རྣམས་ཀྱིས་ ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་དང༌། རྒྱ་ མཚོ་ལ་སོགས་པར་གནས་པའི་བདུད་རྩི་བཀུག་གནས་ཐིམ་པ་དང༌། ཡི་གེ་གསུམ་དང་ བཅས་པའི་ཟླ་བ་ཡང་ཞུ་བར་བསམ་ཞིང༌། ཡི་གེ་གསུམ་གྱིས་དངུལ་ཆུ་བཞིན་དང་བར་ བྱིན་གྱིས་བརླབ་བོ། །བདུད་རྩིར་བསྒྲུབ་པའོ། ། 8-1-160 དེ་ནས་མདུན་དུ་དྲི་བཟང་ལ་སོགས་པས་མཎྜལ་བྱས་པར་རང་གི་དཀྱིལ་འཁོར་གྱི་ དབང་པོ་ལ་སོགས་པ་ཐམས་ཅད་ཡང་དག་པར་མཆོད་ནས་བསྟོད་དེ། སྙིང་ཁའི་ས་ བོན་གྱི་འོད་ཟེར་གྱིས་ཁྲོ་བོ་དང་བཅས་པའི་བསྲུང་བའི་འཁོར་ལོ་དང༌། དེར་གནས་ པའི་དཀྱིལ་འཁོར་དང༌། དབང་པོ་ལ་སོགས་པ་འཁོར་དང་བཅས་པ་དང༌། ཀླུ་རྣམས་ དང༌། སེམས་ཅད་ཐམས་ཅད་བཀུག་ནས། དབང་པོ་ལ་སོགས་པ་སྐད་ཅིག་གིས་འོད་གསལ་དུ་ བཅུག་པའི་རྗེས་ལ་འདུས་པའི་ལྷ་ཤེས་རབ་དང་བཅས་པའི་ངོ་བོར་བསམས་ནས། མདུན་དུ་ཞབས་བསིལ་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཞིང་རྡོ་ རྗེ་གསོར་ཏེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སུ་ལྷག་པར་ མོས་པས་འཁོར་གསུམ་ཡོངས་སུ་དག་པའི་གཏོར་མ། ཨོཾ་ཨཱཿཆྒཻ་མོ་བཛྲ་ཞེས་ལྷ་རྣམས་ རེ་རེ་ཞིང་བོས་ནས་དེའི་ས་བོན་དེ་བརྗོད་དེ། སརྦ་དུཥྟ་(གདུག་པ་ཅན་ཀུན་གྱི་)ས་མ་ ཡ་(དམ་ཚིག་)མུ་དྲཱ་(ཕྱག་རྒྱ་)པྲ་བྷཉྫ་ཀ་(འཇིགས་པར་བྱེད་པ་)མ་མ་(བདག་ ལ་)ཤཱནྟིཾ་(ཞི་བ་དང་)རཀྵཉྩ་ཀུ་རུ་(བསྲུང་བར་མཛོད་ཅིག)སྭཱཧཱ་ཧཱུཾ། ཨོཾ་ཨཱཿསརྦ་ (ཀུན་)དྲ་ཡ་དྷྭ་ཛ(དུས་གསུམ་དུ་སྐྱེས་པ)། ད་ཤ་དིཀ་(ཕྱོགས་བཅུ་ན་)ལོ་ཀ་དྷཱ་ཏུ། (འཇིགས་རྟེན་གྱི་ཁམས)ཨ་ནནྟ་(མཐའ་ཡས་པ་)ག་ག་ན་(ནམ་མཁའ་དང་)ས་མུ་དྲ་ (རྒྱ་མཚོ་)མེ་གྷ་(སྤྲིན་གྱི་) བྷཱུ་ཧ་(བཀོད་པ་)པྲ་ས་ར་(རབ་འབྱམས་ཀྱི་)པ་ར་མ་ཨ་ནུ་ ར་ཛོ་(རྡུལ་ཕྲ་རབ་ཀྱི་)མཎྜ་ལ་(དཀྱིལ་འཁོར་)པ་རཾ་པ་ར་ཨནྟར་ག་ཏ(ཕན་ཚུན་ནང་ དུ་སོན་པ)། ས་མཱ་པཏྟི(སྙོམས་པར་འཇུག་ཅིང་)། ཨ་པསྠི་ཏ(ངེས་པར་གནས་པ)། དྷརྨ་ དྷཱ་ཏུ་(ཆོས་ཀྱི་དབྱིངས་ལྟར་)པ་མ་བ་ས་ར་ཎ(ཡང་དག་པར་རབ་འབྱམས)། ཨཱ་ཀཱ་ཤ་ དྷ་ཏུ་(ནམ་མཁའི་ཁམས་ཀྱི་)པཪྻ་བ་སཱ་ནཱཿ (མཐས་གཏུགས་པ་དང་)སརྦ་(ཀུན་)དྲ་ ཡ་དྷཱ་ཛ(དུས་གསུམ་དུ་སྐྱེས་པ)། ད་ཤ་དིཀ་(ཕྱོགས་བཅུ་ན་)ལོ་ཀ་དྷཱ་ཏུ(འཇིག་རྟེན་ གྱི་ཁམས)། ཨ་ནནྟ་(མཐའ་ཡས་པ་)མེ་གྷ་(སྤྲིན་གྱི་)བྷུ་ཧ(བཀོད་པ)། པྲ་ས་ར་(རབ་ འབྱམས་ཀྱི་)ག་ག་ན་ས་མཱཿ (ནམ་མཁའ་དང་མཉམ་པའི) སརྦ་ལོ་ཀ་པཱ་ལཱཿ (འཇིག་ 8-1-161 རྟེན་སྐྱོང་བ་དང་) སརྦ་སཏྭཤྩ(སེམས་ཅན་ཐམས་ཅད)། ཏདྱ་ཐཱ(འདི་ལྟ་སྟེ)། བཛྲ་ ཨ་ཡུ་དྷ(རྡོ་རྗེ་མཚོན་ཆ)། མཱ་ཡཱ་བཛྲ(སྒྱུ་མ་རྡོ་རྗེ)། བཛྲ་ཨ་ན་ལ(རྡོ་རྗེ་མེ་ལྷ)། བཛྲ་ཀཱ་ ལ(རྡོ་རྗེ་དུས)། བཛྲ་མུ་ཥ་ལ(རྡོ་རྗེ་གཏུན་ཤིང་)། ནཱ་ག་བཛྲ(ཀླུ་རྡོ་རྗེ)། བཛྲ་ཨ་ནི་ལ(རྡོ་ རྗེ་རླུང་ལྷ་)། བཛྲ་བྷཻ་ར་བ(རྡོ་རྗེ་འཇིགས་བྱེད)། བཛྲ་ཤཽཎྜ(རྡོ་རྗེ་ཆང་འཚོང་)། བཛྲ་ཀྲོ་ དྷ(རྡོ་རྗེ་ཁྲོ་བོ)། བཛྲ་ཀུཎྜ་ལི(རྡོ་རྗེ་འཁྱིལ་པ)། བཛྲ་པྲ་བྷ(རྡོ་རྗེ་འོད)། མཽ་ན་བཛྲ(རྡོ་རྗེ་ མི་སྨྲ་བ)། བེ་མ་ཙི་ཏྲི(ཐགས་བཟང་རིས)། པྲི་ཐི་བཱི་དེ་བ་ཏཱཿ (ས་གཞིའི་ལྷ་མོ) ས་པ་རི་ ཝཱ་རཱ་(འཁོར་དང་བཅས་པ་)ཨི་མཾ(འདི)། པུཥྤ(མེ་ཏོག)། དྷཱུ་པ་(བདུག་སྤོས)། དཱི་པ་ (མར་མེ)། གནྡྷ་(དྲི)། ནི་བེ་དྱེ(ལྷ་བཤོས་ལ་སོགས)། ཨཱ་དཱི་སཾ་ཡུ་ཏཾ་བ་ལིཾ་(ཡང་དག་པར་ལྡན་པའི་གཏོར་མ་)ཨུ་པ་ཧཱ་ རཾ(ཉེ་བར་སྤྱོད་པ)། པྲ་ཏཱིཙྪ་(བཞེས་སུ་གསོལ་)ཨུ་པ་བྷུ་ཛྱ(ཉེ་བར་ལོངས་སྤྱད་ནས)། མ་ མ་ཧི་ར་ཎྱ་(བདག་གི་དབྱིག་དང་)སུ་བརྞ་(གསེར་དང་)དྷ་ན(ནོར་དང་)། དྷཱ་ན་ ཡ(འབྲུ་དང་)། ཨ་ཡུ(ཚེ་དང་)། ཡཽ་བ་ན(ལང་ཚོ་དང་)། ཨཱ་རོ་ག་ཡ(ནད་མེད་པ་དང་)། སད་སུ་ཁ་(དམ་པའི་བདེ་བ་)ཨ་པ་ཧཱ་ར་ཀཱན(འཕྲོག་པར་བྱེད་པ)། སརྦ་བི་གྷ་ནན། (ཐམས་ཅད་བགེགས་དང་) བི་ནཱ་ཡ་ཀཱན(ལོག་པར་འདྲེན་པ)། སརྦ་ (ཀུན་)དུཥྟཱཾ(གདུག་པ་ཅན་དང་)། པྲ་དུཥྟཱན (རབ་ཏུ་གདུག་པ་ཅན་དང་)། མ་ནུ་ ཥྱན(མི་དང་)། ཨ་མ་ནུ་ཥྱེན(མི་དང་མི་མ་ཡིན་པ་རྣམས)། (ཛམྦྷ་ཡ་ཏ་སྟམྦྷ་ཡ་ཏ་བནྦྷ་ ཡ་ཏ་ཞེས་པ་རྒྱ་དཔེ་ལ་སྣང་)ཛམ་བྷ་ཡ་ཏ(རྨུགས་པར་མཛོད)། སྟམ་བྷ་ཡ་ཏ(རྨོངས་ པར་མཛོད)། བན་དྷ་ཡ་ཏ(བཅིང་བར་མཛོད)། བི་དྷྭཾ་པ་ཡ་ཏ(རྣམ་པར་འཇིགས་པར་ མཛོད)། མ་མ་ཧི་ར་ཎྱ(བདག་གི་དབྱིག་དང་)། སུ་བརྞ(གསེར་དང་)། དྷ་ན(ནོར་དང་)། དྷཱ་ན་ཡ(འབྲུ་དང་)། ཨ་ཡུར(ཚེ་དང་)། ཡཽ་བ་ན (ལང་ཚོ་དང་)། ཨཱ་རོ་ག་ཡ(ནད་མེད་ པ་དང་)། སད་སུ་ཁཱ་ནི(བདེ་བ་རྣམས)། མཧཱ་སུ་ཁ(ཆེན་པོའི་བདེ་བ)། པྲ་བྲིད་དྷ་ཡེ་ ཡཱ(རབ་ཏུ་འཕེལ་བའི་ཆེད་དུ)། བད་ཨ་བོ་དྷི(ཇི་སྲིད་བྱང་ཆུབ)། མཎྜ་པཪྻན་ཏཾ(སྙིང་ པོའི་མཐར་ཐུག་པར)། ཌྷཽ་ཀ་ཡ་ཏ(གནང་བར་མཛོད)། སད་ས་ཧཱ་ཡ་ཏཱ་(སྡོངས་གྲོགས་ 8-1-162 དམ་པ་མཛོད་)ཤནྟིཾ་(ཞི་བ་དང་)རཀྵཉྩ་(སྲུང་བ་)ཀུ་རུ་(མཛོད་ཅིག་)ཏ་ཧཱུཾ། ཞེས་པའི་ སྔགས་དང༌། ཀླུ་གཏོར་གྱི་སྔགས་ཀྱིས་ཀྱང་དབུལ་ལོ། །དེ་རྣམས་ཀྱང་དཀྱིལ་འཁོར་གྱི་ བདག་པོ་ནས་བརྩམས་ཏེ། གནོད་མཛེས་ཀྱི་བར་དང༌། དེ་ནས་དབང་པོ་ལ་སོགས་པ་ འཁོར་དང་བཅས་པ་དང༌། དེ་ནས་ཀླུ་རྣམས་དང༌། དེ་ནས་སེམས་ཅན་རྣམས་ཏེ། ཐམས་ཅད་ཀྱི་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པར་བྱས་ནས། དེའི་འོད་ཟེར་གྱི་སྦུ་ གུ་རྣམས་ཀྱིས་བདུད་རྩི་དྲངས་པ་གསོལ་ནས། བདེ་བ་ཆེན་པོའི་རང་བཞིན་སྟོང་པ་ ཉིད་དང༌། རོ་གཅིག་པར་ཅི་སྲིད་འདོད་ཀྱི་བར་དུ་བསམ་པར་བྱ་ཞིང༌། ཞལ་བསིལ་ དང༌། ཕྱག་ཕྱི་བ་དང༌། སོ་རྩི་ལ་སོགས་པ་བྱིན་ནས་མཆོད་དེ། བཟོད་བར་གསོལ་ཞིང༌། ཨོཾ་བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)ས་མ་ཡ(དམ་ཚིག)། མ་ནུ་པཱ་ལ་ཡ། (རྗེས་སུ་སྐྱོང་ཅིག) བཛྲ་སཏྭ་ཏྭེ་ནོ་པ་(རྡོ་རྗེ་སེམས་དཔའ་ཉིད་ཀྱིས་)ཏིཥྛ་ཌཱི་ཌྷོ་ མེ་བྷ་བ(ཉེ་བར་མཛོད་ཅིག་བརྟན་པར་བདག་ལ་གྱུར་ཅིག)། སུ་ཏོ་ཥྱོ་མེ་བྷ་བ(ཤིན་ཏུ་ དགྱེས་པར་བདག་ལ་གྱུར་ཅིག)། ཨ་ནུ་རཀྟོ་མེ་བྷ་བ(རྗེས་སུ་ཆགས་པར་བདག་ལ་གྱུར་ ཅིག)། སུ་པོ་ཥྱོ་མེ་བྷ་བ(ཤིན་ཏུ་རྒྱས་པར་བདག་ལ་གྱུར་ཅིག)། སརྦ་སིདྡྷི་མྨེ་པྲ་ ཡཙྪ(དངོས་གྲུབ་ཀུན་བདག་ལ་སྩལ་ཏུ་གསོལ)། སརྦ་ཀརྨ་སུ་ཙ་མེ(ལས་ཐམས་ཅད་ལ་ ཡང་བདག་གི་)། ཙིཏྟཾ་ཤྲེ་ཡཿཀུ་རུ་(སེམས་དགེ་ལེགས་སུ་མཛོད་)ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ ག་ཝཱན་(བཅོམ་ལྡན་འདས་)སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཀུན་)བཛྲ་(རྡོ་ རྗེ་)མཱ་མེ་མུཉྩ་(བདག་མ་འདོར་ཅིག་)བཛྲི་བྷ་བ་(རྡོ་རྗེར་འགྱུར་བ་)མཧཱ་ས་མ་ཡཱ་སཏྭ་ (དམ་ཚིག་སེམས་དཔའ་ཆེན་པོ་)ཨཱཿ ཞེས་ཡི་གེ་བརྒྱ་པ་བཟླས་ནས། ཨོཾ་ཡོ་ག་ ཤུདྡྷོཿ(རྣལ་འབྱོར་དག་པ་)སརྦ་དྷརྨྨ་(ཆོས་ཀུན་)ཡོ་ག་ཤུདྡྷོ(རྣལ་འབྱོར་དག་པ)྅ཧཾ། ཞེས་བརྗོད་ཅིང༌། པད་བསྐོར་དང་འཁྱུད་པའི་ཕྱག་རྒྱས་ལྷའི་འཁོར་ལོ་བདག་ཉིད་ལ་ བཅུག་ནས། ཁྲོ་བོ་བཅུ་དང་དབང་པོ་ལ་སོགས་པ་རྣམས་ནི་དཀྱིལ་འཁོར་གྱི་ཁང་པའི་ ཕྱོགས་བཅུར་དགོད་པར་བྱ་སྟེ། དཀྱིལ་འཁོར་གྱི་ལས་རྩོམ་ནས་ཇི་སྲིད་མཐར་ཐུག་ པའི་བར་དུའོ། །དཀྱིལ་འཁོར་གཤེགས་སུ་གསོལ་བའི་རྗེས་ལ་ནི་གཏོར་མ་བཏང་ནས་ 8-1-163 ཁྲོ་བོ་རྣམས་ཀྱང་བདག་ཉིད་ལ་བཅུག་སྟེ། སེ་གོལ་གཏོག་ཅིང་དབང་པོ་ལ་སོགས་པ་ རྣམས་རང་རང་གི་གནས་སུ་གཤེགས་སུ་གསོལ་ལོ། །གཞན་དུ་ཡང་ཉི་མ་སོ་སོའམ་ ཐུན་སོ་སོ་ལ་གཏོར་མ་སྟེར་བ་ནི་དེ་ལྟར་བྱའོ། ། ཡང་ན་དཔལ་འཁོར་ལོ་སྡོམ་པའི་ གཟུགས་ཀྱིས། དྲི་ཞིམ་པོ་ལ་སོགས་པས་མཎྜལ་བྱས་པར་རང་རང་གིས་འཁོར་ལོ་མཆོད་ ནས། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དེ། རང་གི་སྙིང་ཁར་གནས་པའི་ཧཱུཾ་གི་འོད་ ཟེར་གྱིས་ཁྲོ་བོ་དང་བཅས་པའི་བསྲུང་བའི་འཁོར་ལོ་དང༌། དེའི་ལྟེ་བར་ཆུད་པའི་ དཀྱིལ་འཁོར་གྱི་འཁོར་ལོ་དང༌། ཕྱི་ངོས་སུ་ཡང་དབང་པོ་ལ་སོགས་པ་འཁོར་དང་ བཅས་པ་དང༌། སེམས་ཅན་དཔག་ཏུ་མེད་པ་ནམ་མཁར་དགུག་ཅིང༌། དཔྲལ་པའི་སྟེང་ དུ་འབར་བའི་ཕྱག་རྒྱ་བཅས་ཏེ་འགྱིང་བ་དང་བཅས་ཕཊ་ཅེས་ལན་གསུམ་བརྗོད་ནས་ སྤྱན་དྲང་ངོ༌། ། དབང་པོ་ལ་སོགས་པ་ནི། (སཾ་བུ་ཊ་ལས་བྱུང་བའི་)ཨོཾ་ཀཀྐ་ཀཊྚ་ན་བནྡྷ་བནྡྷ་ན་ཁཀྑ་ཁཱ་ ད་ན། སརྦ་དུཥྟཱ་ནཱཾ་(གདུག་པ་ཅན་རྣམས་ལ་)ཧ་ན་(རྒྱོབ་)ཧ་ན་(རྒྱོབ་)གྷག་གྷ་གྷཱ་ཏ་ཡ་ ཆྒཻ་མོའི་ཤཱནྟིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛཿསྭཱཧཱ། ཞེས་པ་འདིས་བཀུག་ནས། སྐད་ཅིག་གིས་ སྟོང་པ་ཉིད་ཀྱི་རྗེས་ལ་ཤེས་རབ་དང་བཅས་པའི་བདེ་མཆོག་གི་སྐུར་བསྒོམས་ནས། ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བས། སྔ་མ་བཞིན་དུ་འཁོར་གསུམ་ཡོངས་སུ་ དག་པས། ལག་མཐིལ་གཡོན་དུ་ཟླ་བ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ཧཱུཾ་ལས་སྐྱེས་པའི་ ལྟེ་བར་བདུད་རྩིའི་སྣོད་སྔ་མ་ལྟ་བུ་བཀོད་ནས་སམ་བསྒོམས་ཏེ། ལག་པ་གཡས་པ་རྡོ་ རྗེ་ཁུ་ཚུར་བྱས་པའི་སྡིགས་མཛུབ་བརྐྱང་བ་སྟོན་ཅིང༌། བཅོམ་ལྡན་འདས་དང་དེའི་ ཤེས་རབ་མ་དང༌། མཁའ་འགྲོ་མ་ལ་སོགས་པ་དང༌། ཁྭ་གདོང་མ་ལ་སོགས་པ་རྣམས་ལ་ ཕྱོགས་སུ་གཡོན་བསྐོར་དང༌། མཚམས་སུ་གཡས་བསྐོར་གྱིས་བསྐོར་ཞིང༌། ཨོཾ་བཛྲ་ཌཱ་ཀ་ (རྡོ་རྗེ་མཁའ་འགྲོ་)ཨེ་མཾ་(འདི་)བ་ལིཾ་(གཏོར་མ་) གྲྀཧྣ་(ཟུང་)གྲྀཧྣ་(ཟུང་)ཧཱུཾ་ཕཊ། ཨོཾ་ ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ་(དམ་ཚིག་ཁྱོད་)ཌ྄ི་ཥྱ་ཧོཿ (ལྟ་བར་བྱ་བ) ཞེས་པ་ལན་ གཅིག་གམ་གཉིས་སམ་གསུམ་མམ་བཞིའམ་ལྔ་བརྗོད་པས་ཕུལ་ནས། འཁོར་ལོ་གསུམ་ 8-1-164 གྱི་ལྷ་རྣམས་ལ། ཨོཾ་ཀ་ར་(གྱིས་)ཀ་ར(གྱིས )། ཀུ་རུ་(བྱོས་)ཀུ་རུ(བྱོས )། བྷནྡྷ་ (ཆིངས་)བྷནྡྷ(ཆིངས)། ཏྲཱ་ས་ཡ་( སྐྲག་ཏུ་ཆུག་)ཏྲཱ་ས་ཡ( སྐྲག་ཏུ་ཆུག)། ཀྵོ་བྷ་ཡ་ (བསྐྱོད་པར་མཛོད་)ཀྵོ་བྷ་ཡ(བསྐྱོད་པར་མཛོད )། ཧྲཽཾ་ཧྲཽཾ། ཧྲཿཧྲཿ ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ (བསྲེག་)ད་ཧ(བསྲེག)། པ་ཙ་(ཚོས་)པ་ཙ (ཚོས)། བྷཀྵ་(ཟོ་)བྷཀྵ་(གསོལ་)བ་ས་རུ་ (ཞག་)དྷི་ར་(ཁྲག་)ཨནྟྲ་(རྒྱུ་མ་)མཱ་ལཱ་(ཕྲེང་བ་)བ་ལམ་བི་ནེ་(འཕྱང་བ་)གྲྀཧྣ་ (ཟུང་)གྲྀཧྣ(ཟུང་)། སཔྟ་(བདུན་)པཱ་ཏ་ལ་(ས་འོག་སོན་པ་)ག་ཏ་བྷུ་ཛཾ་(ལག་འགྲོ་)ག་ སརྦཾ་བཱ་(སྦྲུལ་ཡང་)ཏརྫྫ་ཡ་(སྡིགས་)ཏརྫྫ་ཡ་(སྡིགས་)ཨཱ་ཀཊྚ་ཡ། ཨཱ་ཀཊྚ་ཡ། ཧྲིཾ་ཧྲིཾ། ཛྙཱཽཾཛྙཱཽཾ། ཀྵྨཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ ཕཊ་ཕཊ་སྭཱཧཱ། ཞེས་ལན་གཅིག་བརྗོད་པས་དབུལ་ལོ། ། དེ་ནས་བསྲུང་འཁོར་གྱི་ཁྲོ་བོ་བཅུ་ལ། ཨོཾ་ཁ་བཛྲ་དྷྲིཀ་(མཁའ་རྡོ་རྗེ་འཛིན་པ་)བཛྲ་(རྡོ་ རྗེ་)ཧཱུཾ་ཀ་ར་བཛྲ་(མཛད་པ་རྡོ་རྗེ་)ཧཱུཾ་ཕཊ། ཨོཾ་བཛྲ་(རྡོ་རྗེ་)དཎྜ་བཛྲ་(དབྱུག་པ་རྡོ་ རྗེ་)ཧཱུཾཾ་ཕཊ། ཨོཾ་བཛྲ་(རྡོ་རྗེ་) ཨ་ན་ལརྐ་བཛྲ་(མེ་དང་ཉི་མ་རྡོ་རྗེ་)ཧཱུཾ་ཕཊ། ཨོཾ་བཛྲ་(རྡོ་ རྗེ་)ཀུཎྜ་ལི་བཛྲ་(འཁྱིལ་པ་རྡོ་རྗེ་)ཧཱུཾ་ཕཊ། ཨོཾ་བཛྲ་(རྡོ་རྗེ་)ཡཀྵ་བཛྲ་(གནོད་སྦྱིན་རྡོ་ རྗེ་)ཧཱུཾ་ཕཊ། ཨོཾ་བཛྲ་(རྡོ་རྗེ་)ཀཱ་ལ་བཛྲ་(དུས་རྡོ་རྗེ་)ཧཱུཾ་ཕཊ། ཨོཾ་བཛྲ་(རྡོ་རྗེ་)མཧཱ་བ་ལ་ བཛྲ་(ཆེན་པོ་སྟོབས་རྡོ་རྗེ་)ཧཱུཾ་ཕཊ། ཨོཾ་བཛྲ་(རྡོ་རྗེ་)བྷི་ཥ་ཎ་བཛྲ་(འཇིགས་སུ་རུང་བ་ རྡོ་རྗེ་)ཧཱུཾ་ཕཊ། ཨོཾ་བཛྲ་(རྡོ་རྗེ་)ཨུཥྞཱི་ཥ་ཙཀྲ་ཝརྟི་བཛྲ་(གཙུག་ཏོར་འཁོར་ལོས་བསྒྱུར་ བ་རྡོ་རྗེ་)ཧཱུཾ་ཕཊ། ཨོཾ་བཛྲ་(རྡོ་རྗེ་)པཱ་ཏཱ་ལ་བཛྲ་(ས་འོག་རྡོ་རྗེ་)ཧཱུཾ་ཕཊ། ཅེས་པ་བཅུ་ལ་ ཧཱུཾ་ཕཊ། ཅེས་པའི་སྔོན་དུ། ཨི་མཾ་(འདི་)བ་ལིཾ་(གཏོར་མ་)གྲྀཧྣ་གྲྀཧྣ་(ལོངས་མཛོད་)ཆྒཻ་ མོའི་ཤཱནྟིཾ་རཀྵཱཉྫ་ཀུ་རུ་(ཞི་བ་དང་བསྲུང་བར་མཛོད་)ཞེས་བཅུག་ནས་ལན་རེ་བརྗོད་ པས་བསྐོར་ཕྱོགས་གཉིས་དང༌། སྟེང་དང་འོག་ཏུ་དབུལ་ལོ། ། དེ་ནས་ཕྱི་རོལ་ཏུ་དབང་པོ་ལ་སོགས་པ་རྣམས་ལ། ཨོཾ་ཁ་(ཟོ་)ཁ་(ཟོ་)ཁཱ་ཧི་(ཟོ་ཅིག་) ཁཱ་ཧི(ཟོ་ཅིག)། སརྦ་(ཐམས་ཅད་)ཡཀྵ་(གནོད་སྦྱིན་)རཱཀྵ་(སྲིན་པོ་)ས་བྷུ་ཏ་(འབྱུང་ པོ་)པྲེ་ཏ་(ཡི་དྭགས་)པི་ཤཱ་ཙ(ཤ་ཟ)། ཨུནྨཱ་ད་(སྨྱོ་བྱེད་)ཨ་པསྨཱ་ར་(བརྗེད་བྱེད་)ཌཱ་ཀ་ 8-1-165 ཌཱ་ཀི་ནྱ་ད་ཡ(མཁའ་འགྲོ་མཁའ་འགྲོ་མ་ལ་སོགས་པ་རྣམས)། ཨི་མཾ་(འདི་)བ་ལིཾ་ (གཏོར་མ་)གྲྀཧྣན་ཏུ་(ཟུང་)ས་མ་ཡཾ་(དམ་ཚིག་)རཀྵནྟུ་(སྲུངས་)སརྦ་སིདྡྷི་(དངོས་ གྲུབ་ཀུན་)མྨེ་པྲ་ཡཙྪནྟུ་(བདག་ལ་སྩལ་དུ་གསོལ་)ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ལན་བཞི་ བརྗོད་པས་བསྐོར་ཕྱོགས་གཉིས་དང༌། སྟེང་དང་འོག་ཏུ་དབུལ་ལོ། ། ཡི་གེ་བརྒྱ་པ་ཡང་འདིར་གཞན་ཏེ། ཨོཾ་བཛྲ་(རྡོ་རྗེ་)ཧེ་རུ་ཀ་ས་མ་ཡ(དམ་ཚིག)། མ་ནུ་ པཱ་ལ་ཡ(རྗེས་སུ་སྐྱོང་ཅིག)། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ(ཧེ་རུ་ཀ་ཉིད་ཀྱིས་ཉེ་བར་མཛོད)། ཌི་ཌྷོ་མེ་བྷ་བ(བརྟན་པར་བདག་ལ་གྱུར་ཅིག)། སུ་ཏོ་ཥྱོ་མེ་བྷ་བ(ཤིན་ཏུ་དགྱེས་པར་ བདག་ལ་གྱུར་ཅིག)། ཨ་ནུ་རཀྟོ་མེ་བྷ་བ (རྗེས་སུ་ཆགས་པར་བདག་ལ་གྱུར་ཅིག)། སུ་ པོ་ཥྱོ་མེ་བྷ་བ(ཤིན་ཏུ་རྒྱས་པར་བདག་ལ་གྱུར་ཅིག)། སརྦ་སིདྡྷི་མྨེ་པྲ་ཡཙྪ(དངོས་གྲུབ་ ཀུན་བདག་ལ་སྩལ་དུ་གསོལ)། སརྦ་ཀརྨ་སུ་ཙ་མེ(ལས་ཐམས་ཅད་ལ་ཡང་བདག་གི)། ཙིཏྟཾ་ཤྲེ་ཡཿཀུ་རུ་(སེམས་དགེ་ལེགས་སུ་མཛོད་)ཧཱུཾ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་(བཅོམ་ ལྡན་འདས་)བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ(རྡོ་རྗེ་ཧེ་རུ་ཀ་བདག་ལ་འདོར་ཅིག)། ཧེ་རུ་ཀ་བྷ་ བ(འགྱུར་བ)། མཧཱ་ས་མ་ཡ་སཏྭཱ་ཨཱཿ(དམ་ཚིག་སེམས་དཔའ་ཆེན་པོ་)ཧཱུཾ་ཕཊ། ཅེས་ པའོ། །བདེ་མཆོག་གི་འབྱུང་པོ་ཐམས་ཅད་པའི་གཏོར་མའོ། ། ཡང་དགྱེས་པའི་རྡོ་རྗེའི་གཟུགས་ཀྱིས་སྙིང་ཁའི་ཧཱུཾ་གི་འོད་ཟེར་གྱིས་ཁྲོ་བོ་དང་བཅས་ པའི་བསྲུང་བའི་འཁོར་ལོ་དང༌། དེར་གནས་པའི་དཀྱིལ་འཁོར་དང༌། ཕྱི་རོལ་ཏུ་དབང་ པོ་ལ་སོགས་པ་དང༌། སེམས་ཅན་དཔག་ཏུ་མེད་ལ་བཀུག་ནས། དབང་པོ་ལ་སོགས་པ་ འོད་གསལ་དུ་བཅུག་སྟེ། ཤེས་རབ་དང་བཅས་པའི་ཧེ་རུ་ཀར་བསམས་ནས། ཞབས་ བསིལ་ལ་སོགས་པ་སྔོན་དུ་འགྲོ་བས། སྔ་མ་བཞིན་སྦྱངས་པའི་གཏོར་མ། ཨོཾ་དེ་ཝ་ (ལྷ་)པི་ཙུ་(འཇམ་པོ་)བཛྲ་ཨི་མཾ་བ་ལིཾ་གྲྀཧྣ་གྲྀཧྣ་ཆྒཻ་མོའི་ཤནྟིཾ་རཀྵཱཉྫ་ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ ཕཊ་སྭཱཧཱ། ཞེས་པས་བཅོམ་ལྡན་འདས་ལ་དབུལ་ལོ། ། ཨོཾ་ཨཱཿནཻ་ར་ཨཱད་མ་ཡ་(བདག་མེད་མ་)ཞེས་པ་ལ་སོགས་པ་མཚན་ནས་བརྗོད་ཅིང་ས་ བོན་ཡང་བརྗོད་དེ། ཨི་མཾ་བ་ལིཾ་གྲྀཧྣ་གྲྀཧྣ་ཆྒཻ་མོའི་ཤནྟིཾ་རཀྵཱཉྫ་ཀུ་རུ་སྭཱཧཱ་ཧཱུཾ། ཞེས་པས་ 8-1-166 བདག་མེད་མ་ལ་སོགས་པ་རྣམས་ལ་དབུལ་ལོ། ། དེ་ནས། ན་མཿས་མནྟ་(ཕྱག་འཚལ་ཀུན་ནས་)བུདྡྷེ་བྷྱོ(སངས་རྒྱས་རྣམས་ལ)། ན་མོ་ བཛྲ་མུད་གྷ་ར་(ཕྱག་ན་ཐོ་བ་ཅན་ལ་)ཧསྟཱ་ཡ། ཙཎྜ་མཎྜ་ལ་ཨཱ་ཀྵེ་པ་ཀ་རཱ་ཡ་(གཏུམ་ པོའི་དཀྱིལ་འཁོར་འཕེན་པར་བྱེད་པ་ལ་)ཧཱུཾ་ཕཊ། ན་མཿས་མནྟ་བུདྡྷེ་བྷྱོ། མཧཱ་དཎྜ་དྷ་ ར(ཆེན་པོ་དབྱུག་པ་འཛིན་པ)། བི་བི་དྷ་(རྣམ་པ་སྣ་ཚོགས་པའི་)སུ་ར་(ལྷ་)ཨ་སུ་ར་ (ལྷ་མ་ཡིན་)མར་ཏ་ན་(ཉེད་པ་)བྷུ་ཏཱན་(འབྱུང་པོ་རྣམས་)ནིར་མ་ཐ་(ངེས་པར་ སྲུབས་)ཧཱུཾ་ཕཊ། ན་མཿས་མནྟ་བུདྡྷེ་བྷྱོ། ཧུ་ལུ་(འབད་པར་གྱིས་)ཧུ་ལུ(འབད་པར་གྱིས)། མཧཱ་པདྨ (ཆེན་པོ)། ཨ་མྲྀ་ཏི་ཀུ་རུ་(བདུད་རྩི་མཛད་དོ་)མཧཱ་པད་མ་(པདྨ་ཆེན་པོ་)ཨ་ མྲྀ་ཏི་ཀུ་རུ་(མཛོད་)མཧཱ་(ཆེན་པོ་)བི་ཥཱན་(དུག་རྣམས་)ཨཱཿ ན་མཿས་མནྟ་བུདྡྷེ་བྷྱོ། ན་ མོ་བཛྲ་ཀྲོ་དྷ་ཡཿ (རྡོ་རྗེ་ཁྲོ་བོ་པ) མཧཱ་(ཆེན་པོ་)དཾཥྟོརྐ་ཊ་བྷཻ་ར་བཱ་ཡ(མཆེ་བ་ གཙིགས་པ་འཇིགས་པར་བྱེད་པ)། བཛྲ་སནྡོ་ཧ་དར་པཱ་ཡ(རྡོ་རྗེ་ཚོགས་ཀྱིས་དྲེགས་པ་ ལ)། ཨ་མྲྀ་ཏ་ཀུཎྜ་ལི་(འཁྱིལ་པ་)ཧཱུཾ། ན་མཿས་མནྟ་བུདྡྷེ་བྷྱོ། ན་མོ་ཨ་ཙ་ལ་(མི་གཡོ་ བ་)ཀཱ་ཎ་(ཞར་བ་)ཙིཊྚ་(བྲན་)ཙིཊྚ་(བྲན་)མོཊྚ་མོཊྚ་(ཅོང་ཆེ་བ་)ཏུཊྚ་ཏུཊྚ། གྷ་ (ཆོམ་)གྷ་(ཆོམ་)གྷཱ་ཏ་ཡ་(འཛོམས་སུ་ཆུག་)གྷཱ་ཏ་ཡ་(འཛོམས་སུ་ཆུག་)ཧཱུཾ་ཕཊ། ན་ མཿས་མནྟ་བུདྡྷེ་བྷྱོ། ཊཀྐི་ཧཱུཾ་ཛཿ (འདོད་པ) ན་མཿས་མནྟ་བུདྡྷེ་བྷྱོ། ཨོཾ་ཡ་མ་དཎྜཱ་ཡ་ (གཤིན་རྗེ་དབྱུག་པ་ལ་)ནཱི་ལ་ཡ་(སྔོན་པོ་)ནཱི་ལ་(སྔོན་པོ་)དཎྜཱ་ཡ (དབྱུག་པ)། ཏུ་རུ་ཏུ་ རུ། མུ་རུ་མུ་རུ། སརྦ་དུཥྟཱན་མཱ་ར་ཡ་(གསོད་དུ་ཆུག་)ཧཱུཾ་ཕཊ། ན་མཿས་མནྟ་བུདྡྷེ་བྷྱོ། ན་ མོ་མཧཱ་བ་ལཱ་ཡ་(སྟོབས་པོ་ཆེ་ལ་)ཨུ་ཙུཥྨ་(འཆོལ་བ་)ཀྲོ་དྷ་(ཁྲོ་བོའི་)རཱ་ཛཱ་ཡ་(རྒྱལ་པོ་ ལ་)སརྦ་ནཱ་ག་ནཱཾ་(ཀླུ་རྣམས་ཐམས་ཅད་ཀྱིས་)ཧྲི་ད་ཡཾ་(སྙིང་)ཏ་ཊ་ཡ་(བརྡུང་དུ་ ཆུག་)ཧཱུཾ་ཕཊ། ན་མཿ(ཕྱག་འཚལ་)ས་མནྟ་(ཀུན་ཏུ་)བུདྡྷཱ་ནཱཾ(སངས་རྒྱས་རྣམས་ལ)། ན་ མཿ(ཕྱག་འཚལ་)ས་མནྟ་(ཀུན་ཏུ་)དྷརྨྨཱ་ཎཱཾ(ཆོས་རྣམས་ལ)། ན་མཿ(ཕྱག་འཚལ་)ས་མནྟ་ (ཀུན་ཏུ་)སཾ་གྷ་ནཱཾ(དགེ་འདུན་རྣམས་ལ)། ཨོཾ་སི་ཏཱ་(དཀར་པོ་)ཏ་པ་ཏྲ(གདུགས)། ཨོཾ་ བི་མ་ལ(དྲི་མ་མེད་པ)། ཨོཾ་ཤང་ཀ་ར(བདེ་བ་བྱེད་པ)། ཨོཾ་པྲ་ཏྱཾ་གི་ར་(ཕྱིར་བཟློག་པ་) 8-1-167 བཛྲ་(རྡོ་རྗེ་)ཨུཥྞྀ་ཥ་(གཙུག་ཏོར་)ཙཀྲ་ཝརྟི་སརྦ་(འཁོར་ལོ་སྒྱུར་བ་ཐམས་ཅད་)ཡནྟྲ་ (འཁྲུལ་འཁོར་)མནྟྲ་(སྔགས་མཱུ་ལ་ཀརྨ་བན་དྷ་ན(རྩ་བའི་ལས་འཆིང་བ)། ཏཱ་ཌ་ན་ (བརྡེགས་པ་)ཀཱི་ལ་ནཾ་བཱ་(ཕུར་བུས་འདེབས་པའང་རུང་) མ་མ་(བདག་ལ་)ཀྲི་ཏེ་ཡེ་ (བྱས་པ་)ན་ཀེ་ན་ཙིད་ཀྲི་ཏཾ་(གང་སུ་ཡང་རུང་བས་བྱས་པ་)ཏཏ(དེ)། སརྦནྟུ་ (ཐམས་ཅད་རྣམས་)ཙྪིནྡྷ་(ཆོད་)ཙྪིནྡྷ(ཆོད)། བྷིནྡ་(ཕུག་ཅིག་)བྷིནྡ(ཕུག་ཅིག)། ཙི་རི་ (རྡུལ་བར་གྱིས་)ཙི་རི(རྡུལ་བར་གྱིས)། མི་རི་(མནན་པར་གྱིས་)མི་རི(མནན་པར་གྱིས)། མ་ར་(གསོད་ཅིག་)མ་ར(གསོད་ཅིག)། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཨོཾ་ སུམ་བྷ་ནི་སུམ་བྷ་ཧཱུཾ། གྲྀཧྣ་གྲྀཧྣ་ཧཱུཾ། གྲྀཧྣ་པཱ་ཡ་གྲྀཧྣ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་ རཱ་ཛ་ཧཱུཾ་ཕཊ། ཅེས་པ་བཅུས་ཁྲོ་བོ་བཅུ་ལ་ཤར་ལ་སོགས་པ་དང༌། དབང་ལྡན་ལ་སོགས་ པར་གཡས་བསྐོར་དང༌། སྟེང་དང་འོག་ཏུ་ཡང་ངོ༌། ། དེ་ནས། ཨོཾ་ཨིནྡ་(དབང་པོ་)ཛ་མ་(གཤིན་རྗེ་)ཛ་ལ(ཆུ་ལྷ)། ཛཀྑ(གནོད་སྦྱིན)། བྷུ་ ཏ(འབྱུང་པོ)། བ་ཧྣི(མེ་ལྷ)། བཱ་ཧུ(རླུང་ལྷ)། རཀྑ(སྲིན་པོ)། ཙན་ད(ཟླ་བ)། སུཛྫ(ཉི་མ)། མཱ་ད(མ)། བཔྤ(ཕ)། ཏ་ལ་(འོག་)པ་ཏཱ་ལིཾ(ས་འོག)། ཨཊྚ་(བརྒྱད་)སཔྤ(ཀླུ)། ཨེ་དཾ་ (འདི་)བཱ་ལིཾ་(གཏོར་མ་) བྷུཉྫ(ཟོ་ཅིག)། ཛི་གྷཱ(བསྣོམས་ཅིག)། ཕུལླ(མེ་ཏོག)། དྷཱུཔྤ(བདུག་སྤོས)། མཱཾ་ས(ཤ)། བིཾ་ཧ(ཆང་)། ཨམྦྷ(བདག་གི)། ཀཛྫ (བྱ་བ)། སབ་བ་ (ཐམས་ཅད་)སཱ་དྷ་(སྒྲུབས་ཅིག་)ཁནྟི་(བཟོད་པ་)ཁཱུ་ནྀ་(མཛོད་)ཕེ་ཊ་(གསོལ་ ཅིག་)གཱ་ཏ་(ནད་) སྭཱཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དི་ཨ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ ཕཊ་སྭཱཧཱ། ཞེས་པས་དབང་པོ་ལ་སོགས་པ་རྣམས་ལའོ། །འདིར་ཡང་ཁྲོ་བོའི་སྔགས་ རྣམས་ཀྱི་ཡི་གེ་ཧཱུཾ་དང་ཡི་གེ་ཨཱཿའི་སྔོན་དུ་ཨི་མཾ་བ་ལིཾ་གྲྀཧྣ་གྲྀཧྣ་ཞེས་བརྗོད་པར་ བྱའོ། །ཁྲོ་བོ་རྣམས་ཀྱི་ཁ་དོག་དང༌། ཕྱག་མཚན་ལ་སོགས་པ་ནི་རྫོགས་པའི་རྣལ་འབྱོར་ གྱི་འཕྲེང་བར། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་ནོ། །དགྱེས་པ་རྡོ་རྗེའི་ འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གའོ། །འདི་དག་གིས་ཉེ་བར་མཚོན་ནས་ གཏོར་མའི་ཆོ་ག་གཞན་ཡང་རིག་པར་བྱ་སྟེ། རང་རང་གི་རྒྱུད་ཇི་ལྟ་བ་བཞིན་ 8-1-168 དུའོ། །འདི་དག་ཀྱང་ཡོ་བྱད་མ་འཛོམ་ན་ཏིང་ངེ་འཛིན་ཁོ་ནས་བྱ་སྟེ། གཏོར་མའི་ཆོ་ གའོ། །དེ་བཞིན་དུ། ཆོ་ག་ཐམས་ཅད་ལ་ཉེ་བར་མཁོ་བའི་ཕྱིར། ཞབས་བསིལ་ལ་སོགས་ པ་དབུལ་བའི་ཆོ་ག་བཤད་པར་བྱའོ། །དེ་ལ་དང་པོར་ཞབས་བསིལ་དང་བསང་གཏོར་ དང་ཞབས་བསིལ་དང་མཆོད་ཡོན་གྱི་སྣོད་རྣམས་སུ་ཞི་བ་ལ་འོ་མ་དང་མེ་ཏོག་དཀར་ པོ་དང་ཀུ་ཤ་དང་ཏིལ་དང་འབྲས་ཡོས་དང་དྲི་དཀར་པོའི་ཆུ་བདུད་རྩི་དང་བཅས་པ་ བླུགས་པར་བྱའོ། ། རྒྱས་པ་ལ་ནི་ཏིལ་དང་ཞོ་དང་མེ་ཏོག་སེར་པོ་དང་ཀུ་ཤ་དང་དྲི་སེར་པོའི་ཆུ་བདུད་རྩི་ དང་བཅས་པ་བླུགས་ནས། ཡི་གེ་གསུམ་དང་བདག་པོའི་སྔགས་དང་འཁྱིལ་པའི་སྔགས་ ཀྱིས་ལན་བདུན་ནམ་བརྒྱ་རྩ་བརྒྱད་དུ་བསྔགས་པར་བྱའོ། །མདུན་དུ་བཟེད་ཞལ་གྱི་ སྣོད་སྟོང་པ་གསུམ་ཡང་ངོ༌། །དེ་ནས་ལྷ་རྣམས་དམིགས་པ་བྱས་ནས། ཁུ་ཚུར་གཡས་པ་ འགྱིང་བ་དང་བཅས་པའི་མཐེ་བོང་དང༌། མཛུབ་མོའི་སྐམ་པས་ཞབས་བསིལ་གྱི་ཆུ་མེ་ ཏོག་དང་བཅས་པ་གཡས་སུ་བསྐོར་ཞིང་བླངས་ནས། ཨོཾ་ཨཱཿཧྲཱིཿཔྲ་བ་(རབ་མཆོག་)ར་ སད་ཀཱ་རཾ་(བསྙེན་བཀུར་)པཱ་དྱཾ་(ཞབས་བསིལ་)པྲ་ཏཱིཙྪ་(བཞེས་སུ་གསོལ་)ཧཱུཾ་སྭཱཧཱ། ཞེས་བརྗོད་ཅིང་ལྷ་རྣམས་ཀྱི་ཞབས་བཀྲུ་བར་མོས་པས་བཟེད་ཞལ་གྱི་སྣོད་དང་པོར་ ལན་གསུམ་དབུལ་བར་བྱ་སྟེ། ཁུ་ཚུར་སྟེང་དུ་ཕྱོགས་པའི་མཛུབ་མོ་དང་གུང་མོ་དང་ སྲིན་ལག་དང་མཐེའུ་ཆུང་རྣམས་རིམ་གྱིས་འགྲོལ་བཞིན་པས་སོ། །དེ་ནས་འགྱིང་བ་ དང་བཅས་པས། བསང་གཏོར་གྱི་ཆུ་ཀུ་ཤའི་རྩེ་མོས་བླངས་ཏེ། ཨོཾ་ཨཱཿཧྲིཿཔྲ་བ་(རབ་ མཆོག་)ར་སཏྐཱ་རཾ་(བསྙེན་བཀུར་)པྲོཀྵ་ཎཾ་(བསང་གཏོར་)པྲ་ཏཱིཙྪ་(བཞེས་སུ་ གསོལ་)ཧཱུཾ་སྭཱཧཱ། ཞེས་བརྗོད་ཅིང་ལྷ་རྣམས་ལ་བསང་གཏོར་བྱ་བར་མོས་པས། བཟེད་ ཞལ་ནི་སྣོད་གཉིས་པར་ལན་གསུམ་གཏོར་བར་བྱའོ། །དེ་བཞིན་དུ། མཐེ་བོ་དང་མཛུབ་ མོའི་སྐམ་པས་ཞལ་བསིལ་གྱི་ཆུ་མེ་ཏོག་དང་བཅས་པས། གཡོན་དུ་བསྐོར་ཞིང་བླངས་ ནས། ཨོཾ་ཨཱཿཧྲཱིཿཔྲ་བ་(རབ་མཆོག་)ར་སཏྐཱ་རཾ་(བསྙེན་བཀུར་)ཨཱ་ཙ་མ་ནཾ་(ཞབས་ བསིལ་)པྲ་ཏཱིཙྪ་(བཞེས་སུ་གསོལ་) ཧཱུཾ་སྭཱཧཱ། ཞེས་བརྗོད་ཅིང་ལྷ་རྣམས་ཀྱི་ཞལ་བཀྲུ་བར་ 8-1-169 མོས་པས། བཟེད་ཞལ་གྱི་སྣོད་གཉིས་པ་ཉིད་དུ་ལན་གསུམ་དབུལ་བར་བྱ་སྟེ། ཁུ་ཚུར་ འོག་ཏུ་ཕྱོགས་པའི་མཐེའུ་ཆུང་དང་སྲིན་ལག་དང་གུང་མོ་དང་མཛུབ་མོ་རྣམས་རིམ་ གྱིས་འགྲོལ་བཞིན་པས་སོ། །དེ་ནས་མཆོད་ཡོན་གྱི་ཆུ་མེ་ཏོག་དང་བཅས་པ་སྙིམ་པས་ བླངས་ཏེ། ཨོཾ་ཨཱཿཧྲཱིཿཔྲ་བ་(རབ་མཆོག་)ར་སད་ཀཱ་རཾ་(བསྙེན་བཀུར་)ཨརྒྷཾ་(མཆོད་ ཡོན་)པྲ་ཏཱིཙྪ་(བཞེས་སུ་གསོལ་)ཧཱུཾ་སྭཱཧཱ། ཞེས་བརྗོད་ཅིང་ལྷ་རྣམས་ ཀྱི་ཕྱག་ཏུ་དབུལ་བའི་མོས་པས། བཟེད་ཞལ་གྱི་སྣོད་གསུམ་པར་ལན་གསུམ་དབུལ་བར་ བྱ་སྟེ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བས་སོ། །དེ་ལྟར་ཆུ་བཞི་ལས་ཐམས་ཅད་དམ་ཇི་ལྟར་ རྙེད་པ་ཕུལ་ཏེ། དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་སོ་སོའི་སྔགས་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱིས་དབུལ་བར་བྱ་སྟེ། མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ དང་སྣང་གསལ་ནི་མདུན་དུའོ། །དྲི་ནི་ཐུགས་ཀར་རོ། །ཞལ་ཟས་ནི་ཕྱག་གམ་ཞལ་ དུའོ། ། གཞན་ཡང་ཇི་ལྟར་རིགས་པར་ནུས་པ་ཇི་ལྟ་བུའི་མཆོད་པ་བྱ་སྟེ། ཆོ་ག་ཐམས་ ཅད་དུའོ། ། ཅི་སྟེ་མཆོད་པ་ལ་སོགས་པ་མཁོ་བའི་ཡོ་བྱད་མ་འཛོམ་ན། དེའི་ཚེ་སློབ་མ་ བསྡུ་བའི་ཆོ་ག་བྱ་སྟེ། གཞུང་དུ་བཤད་པའི་ཆོ་གས་སོ། ། མཁས་མང་གསུང་གི་ཆུ་ཀླུང་དུ་མའི་རྒྱུན་འདུས་པ། །དཀྱིལ་འཁོར་ཆོ་ག་ཆུ་ཡི་གཏེར་ ལས་ཁོ་བོ་ཡི། །བློ་གྲོས་ཟབ་མོའི་ཆུ་འཛིན་གྱིས་ནི་ཇི་ཞིག་ལྟར། །དབང་གི་ཆོ་གའི་ཆུ་ བསིལ་འདི་ནི་རབ་བླངས་སོ། །དེ་ལྟར་བློ་གྲོས་དམན་འགའ་ཡིས། །བདེ་བླག་རྟོགས་ ཕྱིར་འབད་པ་ལས། །བདག་གིས་དགེ་བ་གང་ཐོབ་པ། །དེ་ཡང་གཞན་གྱི་དོན་དུ་བསྔོ། ། དེ་དག་ཀྱང་བསྡུས་པའི་རྒྱུད་རྣམས་དང༌། ཤིང་རྟ་ཆེན་པོ་རྣམས་ཀྱི་སྲོལ་ལ་ཅུང་ཟད་ བརྟེན་པ་སྟེ། རེ་ཤིག་འཇིག་རྟེན་ན་པཎྜི་ཏ་རྣམས་ལ་རབ་ཏུ་གྲགས་པ་ཙམ་དུ་ཟད་ཀྱི། རྩ་བའི་རྒྱུད་རྣམས་དང་མཐུན་པ་ནི་མ་ཡིན་ཞིང༌། སོ་སོའི་དག་པ་ལ་སོགས་པ་དྲང་བ་ དང་ངེས་པའི་དོན་དུ་རྣམ་པར་ཕྱེ་བ་ཡང་མ་ཡིན་ནོ། །རྩ་བའི་རྒྱུད་རྣམས་སུ་གསུངས་ པའི་དཀྱིལ་འཁོར་ལ་སོགས་པ་དང༌། དབང་བདུན་དང༌། བཅུ་དང༌། བཅུ་གཅིག་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པས་རབ་ཏུ་ཕྱེ་བ། ཀུན་རྫོབ་དང་དོན་དམ་ 8-1-170 པའི་བདག་ཉིད། དྲང་བ་དང་ངེས་པའི་དོན་དུ་རྣམ་པར་གནས་པ་རྣམས་ཀྱི་མཚན་ ཉིད་དང༌། དག་པ་དང༌། གྲངས་ངེས་པ་དང༌། འབྲས་བུ་དང༌། གོ་རིམ་ལ་སོགས་པའི་ ངེས་པ་ནི། དཔལ་ལྡན་ས་བཅུ་པ་རྣམས་ཀྱི་འགྲེལ་པ་ལས་རྟོགས་པར་བྱ་ཡི། བསྡུད་ པའི་རྒྱུད་ཙམ་དང་པཎྜི་ཏ་རྣམས་ཀྱི་འགྲེལ་པས་ནི་མ་ཡིན་ནོ། ། དེ་ཕྱིར་ཤེས་ལྡན་དག །མྱུར་བར་ཐར་འདོད་ན། །རྩ་བའི་རྒྱུད་རྣམས་དང༌། །སེམས་ དཔའི་འགྲེལ་པ་ལོང༌། །དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་ལས། དབང་གི་ཆོ་ག་རྣམ་ པར་བསྡུས་པའི་རྡོ་རྗེའི་ཕྲེང་བ་(མཆན་དང་བཅས་པ་)འདི་ནི། སྐྱེས་བུ་དམ་པ་རྣམས་ ཀྱི་གསུང་གིས་ཉེ་བར་བསྐུལ་ནས། བཙུན་པ་དོལ་པོ་པས་བྲིས་ཤིང༌། སྔགས་རྣམས་ཀྱང་ རྒྱ་དཔེ་ལ་གཏུགས་ནས་ཞུས་དག་བགྱིས་པའོ།། །། སླན་འཆད་འདྲི་བ་རྣམས་ཀྱང་འདི་ཁོ་ན་བཞིན་མཛད་པར་ཞུ། མང་ག་ལཾ་བྷ་བ་ཏུ། ཤུ་ བྷ་མ་སུ་སརྦ་ཛ་ག་ཏཱཾ། གཅིག་ཞུས། བཀྲ་ཤིས་པར་གྱུར་ཅིག །དགེ་ལེགས་ལྡན་པར་གྱུར་ ཅིག ། རྡོ་རྗེ་ཕྲེང་བ་བསྐོར་གསུམ་དབང་དང་བཅས་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་ འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་བྷ་ཡ་ཀ་ར་གུཔྟ། ཨ་ནུ་ས་མ་ཡ་རཀྵི་ཏ། བིཀྵ་ཏ་ དེ་བ། པཎ་ཆེན་ཤཱཀྱ་ཤྲི། བྷུ་མི་ཤྲི། བྷི་མ་ལ་ཤྲཱི་བྷ་ཏྲ། གུ་རུ་བྷོ་དྷི་སེང་ཧ། སྐྱི་སྟོན་གྲགས་ པ་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ། ཨཱ་ནན་ཏ་ལཀྵྱེ་ལ། དེས་རོང་པོའི་དགེ་བཤེས་ཨ་འབྲུག་ཀུན་དགའ་དཔལ་ལ་གནང་བ་ལགས་སོ། །བསྟན་ པ་དང་སེམས་ཅན་ཐམས་ཅད་ལ་དོན་འགྲུབ་པར་གྱུར་ཅིག །དགེའོ། །ལེགས་སོ།། །། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་མ་༦༣༥ མཆན་ཅན་དང༌། གཞན་ དབུས་པར་གདོང་རྟགས་མི་གསལ་བ་དང༌། འཛམ་ཐང་པར་མ་བཅས་གཏུག་སྐབས་ སུ་མི་འདྲ་ས་ཉུང་ཙམ་མ་གཏོགས་ཆེན་པོ་མེད།) 8-1-171 ༄༅། །མཁས་བཙུན་ཡོན་ཏན་རྒྱ་མཚོའི་རྣམ་ཐར་ དངོས་གྲུབ་འབྱུང་གནས་ཞེས་བྱ་བ་ བཞུགས་སོ། ། 8-1-172 ༄༅། །མཁས་བཙུན་ཡོན་ཏན་རྒྱ་མཚོའི་རྣམ་ཐར་ དངོས་གྲུབ་འབྱུང་གནས་ཞེས་བྱ་བ་ བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པའི་ རྣམ་པར་ཐར་པ་དངོས་གྲུབ་འབྱུང་གནས་ཞེས་བྱ་བ། བླ་མ་སངས་རྒྱས་རྡོ་རྗེ་འཆང་ལ་ ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་ བར་མཛད་དུ་གསོལ། གང་ཞིག་གདོད་ནས་ནམ་མཁའ་བཞིན་དུ་སྐྱོན་རྣམས་ཀུན་གྱིས་རྣམ་པར་དག །གང་ ཞིག་གདོད་ནས་རིན་ཆེན་གཏེར་བཞིན་སྟོབས་སོགས་ཡོན་ཏན་མཁའ་ཁྱབ་མངའ། །དེ་ སླད་གདོད་ནས་རང་བཞིན་གྱིས་དག་གདོད་ནས་རང་བཞིན་ལྷུན་གྲུབ་པའི། །སྤངས་ རྟོགས་མཆོག་དང་ཚོགས་གཉིས་མཆོག་མངའ་དཔལ་ལྡན་བླ་མ་མཆོག་ལ་འདུད། །གང་ ཞིག་ཀུན་རྫོབ་ཆོས་རྣམས་ཀུན་གྱིས་གདོད་ནས་སོང་ཞིང་དབེན་པའི་གཞི། །དོན་དམ་ ཆོས་ཉིད་ཀུན་འགྲོ་ཀུན་ཁྱབ་རང་བཞིན་གཉུག་མ་འོད་གསལ་གྱི། །སངས་རྒྱས་ཆོས་ དང་ཚོགས་མཆོག་མཁའ་ཁྱབ་སྐད་ཅིག་རྟེན་འབྲེལ་ལས་འདས་པ། །བསྟན་མེད་བརྗོད་ མེད་འདུས་མ་བྱས་ཀྱི་སྐྱབས་གསུམ་བླ་མ་མཆོག་ལ་འདུད། །གང་ཞིག་ཀུན་བརྟགས་ གཞན་དབང་ཀུན་གྱིས་གཟོད་ནས་དབེན་ཞིང་དག་པའི་གཞི། །འགྱུར་མེད་ཡོངས་གྲུབ་ ལྷུན་གྱིས་གྲུབ་ཅིང་རང་བཞིན་གྱིས་གྲུབ་སྐུ་གསུམ་དང༌། །སྐུ་བཞི་སྐུ་ལྔ་ཡེ་ཤེས་ལྔ་ བདག་ཤེས་བཅུ་རྣམ་དག་བདག་ཉིད་ཅན། །དཔལ་ལྡན་བླ་མ་དང་པོའི་སངས་རྒྱས་ དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །དེ་ལྟར་ཆོས་སྐུ་མཁའ་ལྟར་ཀུན་ཁྱབ་མཁའ་ལྟར་ ཡངས་པའི་ཀློང་ཡངས་ནས། །གདུལ་བྱའི་དོན་སླད་གཟུགས་སྐུའི་ཉི་ཟླ་གཟའ་སྐར་ལ་ སོགས་སྒྱུ་མ་དང༌། །རྨི་ལམ་མིག་འཕྲུལ་ཆུ་ཟླ་སྤྲུལ་པ་དྲི་ཟའི་གོང་ཁྱེར་དང་མཚུངས་ པས། །འགྲོ་ཀུན་ཡང་དག་ལམ་ལ་འགོད་མཛད་བླ་མའི་ཞབས་རྡུལ་གུས་མཆོད་ 8-1-173 ནས། །དེ་ཡི་རྣམ་ཐར་རྒྱ་མཚོ་ཆེ་ལས་ཆུ་ཐིགས་ཙམ་དང་ནམ་མཁའ་ལས། །བུམ་པའི་ ནང་གི་ནམ་མཁའ་ཙམ་ཞིག་འདིར་ནི་སྐྱེས་མཆོག་དམ་པ་འགས། །དད་པའི་བསམ་ པས་ཡང་ཡང་བསྐུལ་ཕྱིར་བདག་གི་དད་པའི་བསམ་པ་ཡིས། །གང་ཤེས་ཉུང་ཟད་བྲི་ བར་བགྱིའོ་དད་གུས་ལྡན་རྣམས་དགྱེས་པར་མཛོད། ། དེ་ལ་འདིར་བླ་མ་སངས་རྒྱས་ཆོས་ཀྱི་རྗེ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ནི་རང་བཞིན་ འོད་གསལ་ཆོས་ཀྱི་སྐུ་འགྱུར་མེད་བདེ་བ་ཆེན་པོ་མཁའ་ཁྱབ་དུ་མ་རོ་གཅིག་འཁོར་ འདས་དབྱེར་མེད་རྒྱུ་གཞི་འབྲས་ངོ་བོ་དབྱེར་མེད་དབྱིངས་རིག་དབྱེར་མེད་སྟོང་ཉིད་ སྙིང་རྗེ་དབྱེར་མེད་ཐབས་དང་ཤེས་རབ་དབྱེར་མེད་བདེ་བ་དང་སྟོང་པ་དབྱེར་མེད་ འགལ་འདུས་སྐྱོན་མེད་གཉིས་མེད་ཡེ་ཤེས་ཀྱི་དབྱིངས་སུ་གདོད་མ་ཉིད་ནས་རང་ བཞིན་གྱིས་སངས་རྒྱས་ནས་རང་དང་གཞན་གྱི་དོན་ཐམས་ཅད་མངའ་བརྙེས་པ་ཡིན་ ཏེ། དེ་ཡང་དཔལ་དུས་ཀྱི་འཁོར་ལོར། དེ་གཅིག་པུ་ལས་མཐའ་དག་རྒྱལ་བ་མཆོག་ འདི་རྣམས་ཀྱི་རྣམ་པ་ལྔ་ཡིས་མངོན་རྫོགས་བྱང་ཆུབ་དང༌། །རྣམ་པ་ཉི་ཤུའི་རང་ བཞིན་དང་ནི་སླར་ཡང་དེ་ནས་སྒྱུ་འཕྲུལ་དུ་མའི་རང་གི་ངོ་བོའོ། །དེ་ཡི་སྐད་ཅིག་ གཅིག་ནི་བདེ་མཉམ་འབྲས་བུ་སྟེར་བར་འགྱུར་ཏེ་ལས་གཞན་གྱི་ནི་རང་བཞིན་ མིན། །འདིར་ནི་འཕོ་མེད་ཐབས་གང་ཡིན་པའི་སྐད་ཅིག་མ་འདི་ལྷན་སྐྱེས་ཆོས་ཀྱི་ དབྱིངས་སུ་རབ་ཞུགས་པའོ། །མཐའ་ཡས་སངས་རྒྱས་ཞིང་རྣམས་དང་ནི་དཔག་མེད་ ཡོན་ཏན་རྣམས་དང་ནམ་མཁའ་ལ་སོགས་ཁམས་རྣམས་དང༌། །གནས་དང་སྐྱེ་དང་ ཉམས་པ་རྣམ་གསུམ་ཞེས་པའི་སྲིད་པ་དང་ནི་འགྲོ་བ་དྲུག་གི་སེམས་ཅན་ཀུན། །སངས་ རྒྱས་ཁྲོ་བོ་ལྷ་སོགས་རྣམས་དང་སྙིང་རྗེའི་ཐུགས་ལྡན་བྱང་ཆུབ་སེམས་དཔའ་བཙུན་ མོར་བཅས་རྣམས་ཏེ། །འདི་དག་རྣམས་ནི་སྲིད་པ་གསུམ་གྱིས་ཕྱག་བྱས་རྒྱལ་བའི་བདེ་ འབྱུང་གཅིག་པུའི་འཁོར་ལོ་གཅིག་ཡིན་ནོ། །ཞེས་དང༌། དེ་དག་རྣམས་ཀྱིས་དུས་ཀྱི་ འཁོར་ལོ་རྫུ་འཕྲུལ་རབ་ཏུ་གསལ་བྱེད་ཆེན་པོ་དུ་མ་སྤྲུལ་པའི་སྐུ། །རྡོ་རྗེ་འབར་བ་འཕྲོ་ བ་རྣམས་ཀྱིས་འདོད་པའི་ཁམས་ན་གནས་པ་ལྷ་མིན་དང་ནི་མི་རྣམས་དང༌། །ལོངས་ 8-1-174 སྤྱོད་རྫོགས་པས་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་ རྣམས་ལ་ཆོས་སྐུ་ཡིས། །སྟོང་པའི་ཆ་ཡིས་སྲིད་གསུམ་མཐའ་དག་སྟོང་པའི་ཟད་པར་ རླུང་རྣམས་ཀྱིས་ནི་རླུང་གི་ཟད་པར་ཏེ། །མེ་ཡི་ཆ་ཤས་རྣམས་ཀྱིས་མེ་ཡི་ཟད་པར་ཆུ་ ཡང་འགྲོ་ལ་སྤྲོས་པའི་ཆུ་ཡི་ཆ་རྣམས་ཀྱིས། །འཛིན་མའི་ཆ་ཤས་རྣམས་ཀྱིས་ས་ཡི་ཟད་ པར་ཚོགས་པའི་ཡུལ་རྣམས་ཀྱིས་ནི་དངོས་པོའི་རང་བཞིན་ཀུན། །ཀུན་ནས་ནམ་ མཁའ་དག་དང་མཚུངས་པ་གཅིག་གི་བདག་ཉིད་འདི་ནི་དག་པའི་ས་ལ་སྟོན་པར་ མཛད། ། དེ་ལྟར་སངས་རྒྱས་སྐུར་གྱུར་བདེ་བ་གཅིག་པུའི་རང་བཞིན་ཕྱིར་ན་འཆི་བར་ ཡང་ནི་མི་འགྱུར་རོ། །ཞེས་དང༌། སྐྱེ་བ་སྔ་མར་རང་གི་སྙིང་གིས་བསྐྱེད་པའི་ཞི་དང་ ཆགས་པ་ལ་སོགས་དངོས་པོ་རྣམས་ཀྱི་ནི། །བག་ཆགས་སྟོབས་ཀྱིས་འཁོར་ལོར་གནས་ པ་གཅིག་ནི་དུ་མར་མཐོང་སྟེ་སྨོན་ལམ་ཡོན་ཏན་དབང་གིས་སོ། །དོན་གཅིག་དུ་མའི་ སྐད་ནི་རང་རང་དངོས་པོ་རྣམས་ཀྱིས་སྲོག་ཆགས་རྣམས་ཀྱི་སྙིང་ལ་རབ་ཏུ་ འཇུག །གནས་ཅན་རྣམས་ཀྱི་བསོད་ནམས་སླད་དུ་འཁོར་ལོར་གནས་པ་བསོད་སྙོམས་ ལ་ནི་རྣམ་པར་རྒྱུ་རུ་གཤེགས། ། དུད་འགྲོ་ཡི་དྭགས་ལྷ་མིན་རྣམས་དང་ལྟོ་འཕྱེ་ལྷ་དང་ མི་ནི་འཕགས་པ་བོད་ལ་སོགས་རྣམས་ལ། །བྱུང་དང་འབྱུང་འགྱུར་ད་ལྟར་བྱུང་བ་རྣམ་ པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་ནི་གསུངས་བྱེད་ཅིང༌། །རང་རང་སྐད་གཞན་ དག་གིས་སྲིད་པ་གསུམ་པོ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། །འདི་ནི་ བདེ་མཉམ་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱང་མ་ཡིན་ ནོ། །སངས་རྒྱས་རྣམས་ཀྱིའང་རྟོགས་བྱ་མིན་པ་དཔག་མེད་ཡོན་ཏན་དང་ལྡན་སངས་ རྒྱས་སྤྲུལ་པ་སྒྱུ་མ་ནི། །སྲིད་པ་གསུམ་གྱི་གནས་སུ་བདག་ཉིད་སྟོན་པར་བྱེད་དེ་བརྒྱ་ བྱིན་གཞུ་ནི་ཅི་བཞིན་ཉིད་དུའོ། །སྣ་ཚོགས་དངོས་རྣམས་ཀྱིས་ཕྱེ་རྒྱལ་བ་དང་བཅས་ལྷ་ མི་རྣམས་ཀྱི་རང་རང་སེམས་ལ་རབ་ཞུགས་པ། །འདི་ནི་མ་སྐྱེས་ཆོས་ཏེ་ཆུ་ལ་ནམ་ མཁའ་བཞིན་དུ་འདིར་ནི་སྐྱེ་བར་འཁྲུལ་པ་གཏེར་བའོ། །ཞེས་དང༌། དཔལ་ལྡན་ཟླ་བ་ དང་ནི་ཟླ་བ་ཆུ་ཤེལ་རྣམ་རྟོག་མེད་པའི་རང་བཞིན་ལས་ནི་ཆུ་འབྱུང་བ། ། དེ་བཞིན་ 8-1-175 འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་པོ་ལ་རྟེན་ཐམས་ཅད་མཁྱེན་པའི་ཆོས་ འཛག་སྟེ། །ཆུ་ནི་ས་བོན་ཁམས་ལ་ཀུན་ཏུ་བརྟེན་ནས་རོ་མཉམ་འགྱུར་བ་ཉིད་དུ་ཆོས་ དག་ནི། །སེམས་ཅན་རྣམས་ཀྱི་དག་པའི་སེམས་ཀྱི་རྣམ་པ་མང་པོར་འགྱུར་ཏེ་སྔོན་གྱི་ ལས་ཀྱི་མཐུ་ལས་སོ། །སྲིད་གསུམ་གནས་ན་སེམས་ཅན་དོན་གྱི་བྱེད་པོ་དང་ནི་ཡིད་ བཞིན་ནོར་བུ་ལ་ཡང་བསམ་པ་མེད། །སེམས་ལ་གནས་པ་དེ་ནི་མི་དགེ་བ་ཡི་འབྲས་ བུའི་དབང་གིས་སྡིག་པའི་ལས་ཅན་སེམས་ཅན་གྱིས་མི་མཐོང༌། །ཡིད་བཞིན་ནོར་བུའི་ སྐྱོན་མིན་མི་དགེ་བ་དང་དགེ་བའི་འབྲས་བུ་སེམས་ཅན་ཐམས་ཅད་རབ་ཏུ་ སྤྱོད། །སེམས་ནི་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་ གྱིས་ཅི་ཞིག་བྱ། །གང་གིས་མྱུ་གུ་འདི་བསྐྱེད་སྐྱེད་པར་བྱེད་པ་དེ་ནི་དངོས་པོ་སྐྱེས་ནས་ རྣམ་པར་ཉམས་པར་འགྱུར། །ཉམས་པ་དེ་ཡིས་སྐྱེས་པར་རབ་ཏུ་འགྱུར་ཏེ་སླར་ཡང་ས་ བོན་རྒྱལ་པོ་དག་གི་སྐྱེད་བྱེད་དོ། །སྔ་མ་གང་དེ་གཞན་གྱི་དངོས་ལས་ཤི་བ་ཞེས་པའི་ ཚིག་སྟེ་རང་གི་ངོ་བོས་སྐྱེས་པ་མིན། །གང་གིས་སྟོང་པ་ནས་ནི་ས་ལ་འོངས་པ་བདེ་བའི་ སྐད་ཅིག་དེ་ཡིས་སྟོབས་བཅུར་འགྲོ་བར་འགྱུར། །བདེ་ནས་བདེ་ལ་རྗེས་ཆགས་སྐད་ ཅིག་འདིར་ནི་ལྷན་སྐྱེས་དངོས་པོ་གཞན་ལ་རྗེས་སུ་ཆགས་པ་མིན། །ཕུང་པོ་གང་དག་ དེ་ཡིས་བསྐྱེད་རྣམས་སླར་ཡང་བདེ་བའི་སྐད་ཅིག་དེ་ཡིས་སྐྱེད་པར་བྱེད་པ་སྟེ། །དག་ པ་ལས་ཆོས་དེ་ལས་གཞན་ཏེ་སླར་ཡང་དེ་ལས་གཞན་དང་དེ་ལས་རྣམ་པར་དག་ པའོ། །དག་པའི་ས་ལ་ས་བོན་བཏབ་པ་ལས་ནི་རྩ་བ་རྣམས་དང་ལོ་མ་མེ་ཏོག་འབྲས་བུ་ བཞིན། །ཞེས་དང༌། དཔལ་ལྡན་དག་པ་ལས་ནི་ཆོས་སྐུར་འགྱུར་ཏེ་ཆོས་ལས་ངེས་པར་ ལོངས་སྤྱོད་རྫོགས་སྐུ་བཟང་པོའོ། །ལོངས་སྤྱོད་ལས་ནི་སྤྲུལ་པའི་སྐུ་རུ་འགྱུར་ཏེ་རྒྱལ་ བའི་བདག་པོའི་སེམས་ཅན་ཀུན་དོན་བྱེད་པ་པོ། །ཞེས་དང༌། རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་ དང་ཡུལ་ཅན་རྣམས་ཀྱི་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། །གསུང་གི་རྡོ་རྗེ་ སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་ 8-1-176 གནས། །དྲི་མེད་ནོར་བུ་ལྟ་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་ རྡོ་རྗེའོ། །ཞེས་དང༌། ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་ སྟེ་ཆོས་ཀྱི་སྐུར་གྱུར་པ། །ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཡེ་ ཤེས་དང་ནི་རྣམ་ཤེས་དབྱེ་བ་ལས། །འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྒྲ་བརྙན་ལྟ་ བུ་སེམས་ཅན་དུ་མའི་དོན་ནི་བྱེད་པ་པོ། །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སླར་ ཡང་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར། །ཞེས་སོགས་ཀྱིས་བླ་མ་སངས་ རྒྱས་རྡོ་རྗེ་འཆང་སྐུ་བཞི་རྡོ་རྗེ་བཞིའི་ངོ་བོར་བཞུགས་པས་དོན་མཛད་ཚུལ་གསུངས་ ལ། ཡང་དེ་ཉིད་མཚོན་བྱེད་དྲུག་གིས་མཚོན་པའི་དོན་དམ་གྱི་ལྷ་རིགས་དྲུག་པ་རྣམས་ སུ་ཡང་གསུངས་ཏེ། ཇི་སྐད་དུ། འཁོར་ལོ་སྲིད་གསུམ་ཀུན་ནས་དང་བ་ཞེས་པའོ་བདེ་ བ་རིན་ཆེན་འདི་ཡི་ཆགས་པ་ཉིད་དག་ནི། །པད་མའོ་ཉོན་མོངས་ཟད་པ་རལ་གྲི་རྡོ་རྗེ་ དག་ཀྱང་ཡེ་ཤེས་སྐུ་ཆེན་རྣམ་པར་མི་ཕྱེད་པའོ། །མི་ཤེས་གཅོད་པ་གྲི་གུག་མཆོག་གི་ རིགས་དྲུག་རྣམས་ཏེ་འདི་དག་རྣམས་ཀྱིས་བསྐྱེད་པ་གང་ཡིན་པ། །ཕུང་པོ་ཁམས་དང་ དབང་པོ་ལ་སོགས་མཁའ་བཞིན་རོ་མཉམ་དེ་དག་རྣམས་ཀྱང་དེ་བཞིན་རིག་པར་ བྱ། །གང་དུ་ངེས་པར་རིགས་ཀྱི་གཟུགས་ནི་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཆེན་པོའི་ གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ ཚོར་བ་ཆེན་པོར་གསུངས་པ་སྟེ། །གང་དུ་འཁོར་བའི་འདུ་ཤེས་ཉམས་པ་ཉིད་དུ་གྱུར་ པ་དེ་ནི་རྡོ་རྗེའི་འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བ་འཕེལ་བ་ཉམས་པ་ཉིད་དུ་གྱུར་ པ་དེ་ནི་རྡོ་རྗེའི་འདུ་བྱེད་ཁོ་ནའོ། །གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམས་ པ་ཉིད་དུ་གྱུར་པ་དེ་ཡང་རྣམ་པར་ཤེས་པར་གསུངས། །གང་དུ་ཤེས་པ་མིན་པའི་ དངོས་པོ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཐུབ་པའི་ཡེ་ཤེས་ཉིད། །འདི་རྣམས་རྣམ་པར་ སྣང་མཛད་ལ་སོགས་དམ་པའི་རྒྱལ་བ་མཆོག་ནི་རྣམ་པ་དྲུག་སྟེ་རིགས་དྲུག་ རྣམས། །གཞན་ནི་ཁམས་དྲུག་དབྱེ་བ་རྣམས་ཏེ་ས་དང་ཆུ་དང་མེ་དང་རླུང་དང་ནམ་ མཁའ་ཞི་བ་རྣམས། །གང་དུ་གཏི་མུག་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་སྤྱན་མ་ 8-1-177 ཡིན་ཏེ་དེ་ནི་འཛིན་མའོ། །གང་དུ་ང་རྒྱལ་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་མཱ་མ་ ཀཱི་སྟེ་དེ་ནི་ཆུ་ཉིད་དོ། །གང་དུ་ཆགས་པ་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་གོས་ དཀར་མོ་སྟེ་དེ་ནི་མེ་ཡིན་ནོ། །གང་དུ་ཕྲག་དོག་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་ སྒྲོལ་མ་ཡིན་ཏེ་དེ་ནི་རླུང་ཡང་ངོ༌། །གང་དུ་ཞེ་སྡང་མཐའ་དག་ཉམས་པ་ཉིད་དུ་གྱུར་ པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་མཁའ། །གང་དུ་སེར་སྣ་ཐམས་ཅད་ཉམས་པ་ ཉིད་དུ་གྱུར་པ་སྣ་ཚོགས་ཡུམ་སྟེ་དེ་ནི་འགྱུར་མེད་དོ། །མཐོང་དང་མ་མཐོང་གཟུགས་ ནི་ཡིད་དང་ནམ་མཁའ་ལ་ཡང་ལྟ་བར་བྱེད་པ་གང་ཡིན་དེ་ནི་མིག །རིང་ནས་རབ་ཏུ་ གསལ་བ་བཞིན་དུ་སྒྲ་ནི་ཐོས་པ་འདི་ནི་རྒྱལ་བའི་རྣ་བ་ཆེན་པོའོ། །མཆོག་གི་བདེ་བ་ བྱེད་པའི་དྲི་རྣམས་ཐམས་ཅད་འཛིན་པ་དེ་ནི་ཁབ་བདག་གི་ཡང་སྣ་བཟང་པོ། ། རང་ གི་ཟླ་བའི་བདུད་རྩི་བདེ་སྟེར་དག་ཀྱང་རྟག་ཏུ་མྱང་བར་བྱེད་པ་གང་ཡིན་དེ་ནི་ལྩེ། ། རྡོ་རྗེའི་རེག་བྱ་ཀུན་ནས་འཕྲོག་པ་གང་ཡིན་དེ་ནི་རྟག་ཏུ་རྡོ་རྗེའི་ལུས་ཀྱི་དབང་པོ་ སྟེ། ། ཐབས་དང་ཤེས་རབ་རབ་ཏུ་འདུས་པ་འདི་ཡིས་ཆོས་ཏེ་བདེ་མཉམ་ལ་འཇུག་ གང་ཡིན་དེ་ནི་ཡིད། །དབྱེ་བ་དྲུག་གིས་ཕྱེ་བའི་ཡུལ་དང་ཡུལ་ཅན་འདི་རྣམས་བྱང་ ཆུབ་སེམས་དཔའ་བཙུན་མོར་བཅས་པ་རྣམས། །སྣ་ཚོགས་གཟུགས་ལ་སོགས་པ་འདི་ རྣམས་རྒྱལ་བ་མཆོག་གི་ཡུལ་རྣམས་རྣམ་པ་དྲུག་སྟེ་ཀུན་ནས་ནི། །དང་ཞིང་མ་སྐྱེས་མ་ འགགས་མཆོག་གི་བདེ་བྱེད་གོས་པ་མེད་ཅིང་ཡེ་ཤེས་ཀྱིས་ནི་རྟོགས་བྱ་སྟེ། །ཁམས་ གསུམ་དག་ཏུ་གཞན་གྱིས་བཟུང་བྱ་དང་ནི་མཐའ་དག་འགྲོ་བའི་དབང་པོའི་སྒོ་ཡིས་ རྟོགས་བྱ་མིན། །ཞེས་སོ། ། ཡང༌། དེ་ཉིད་འཇིག་རྟེན་ཀུན་རྫོབ་འདི་ལས་གཞན་དང༌། ཕ་རོལ་དང༌། མཆོག་ཏུ་ གྱུར་པའི་ལྷ་རྣམས་ཀྱི་དོན་མཛད་པར་གསུངས་ཏེ། ཇི་སྐད་དུ། རྡོ་རྗེ་སེམས་དཔའ་ གཅིག་པུ་འདི་ནི་དུས་མཐའི་སྤྲིན་དང་མཚུངས་པ་ཧེ་རུ་ཀར་ནི་བྱུང་བར་གྱུར། །གདུག་ པ་རྣམས་ནི་སྨིན་པའི་དོན་ཏེ་དེ་ཡང་དམ་ཚིག་རྒྱལ་བ་རྨོངས་པ་རྣམས་ནི་བདེ་བའི་ དོན། །རིན་ཆེན་དབང་པོ་སྡུག་བསྔལ་ལྡན་པ་རྣམས་ཀྱི་དེ་ཡང་པད་འཛིན་ཆགས་ཅན་ 8-1-178 རྣམས་ཀྱི་ཆགས་པའི་སླད། །བགེགས་རྣམས་དག་ནི་གཞོམ་པའི་དོན་དུ་ཕྱག་གི་པད་མ་ རལ་གྲི་དོན་ཡོད་གྲུབ་པར་བྱུང་བར་གྱུར། །ཞེ་སྡང་ལས་ནི་སྣ་ཚོགས་ཡུམ་གང་དུས་ མཐའི་རྩེ་མོ་ཅན་མཚུངས་དེ་ནི་མཁའ་འགྲོ་མར་བྱུང་གྱུར། །གཏི་མུག་དག་ལས་སྤྱན་མ་ ཞེས་བྱ་མཆོག་གི་སྙིང་རྗེ་མཱ་མ་ཀཱི་ནི་ང་རྒྱལ་རྒྱུ་ལས་སོ། །ཆགས་ལས་དེ་ནི་གོས་དཀར་ ཞེས་བྱ་མཐའ་དག་ཡོན་ཏན་གཏེར་ཏེ་སྒྲོལ་མ་ཡང་ནི་ཕྲག་དོག་ལས། །སྣ་ཚོགས་ གཟུགས་ཅན་གཉིས་པོ་འདི་དག་ཡུལ་དང་ཡུལ་ཅན་གཞན་རྣམས་ཐམས་ཅད་དུ་ཡང་ བྱུང་བར་གྱུར། །ཞེས་གསང་སྔགས་ཟབ་མོ་རྣམས་སུ་དོན་དམ་གྱི་སྐུས་ཀྱང་གཞན་དོན་ མཛད་པར་གསུངས་པ་ཡོད་དེ། དེ་ནི་ཐུན་མོང་མ་ཡིན་པའི་གདུལ་བྱ་ཡོངས་སུ་དག་ པ་ལའོ། །ཐུན་མོང་དུ་སྤྲུལ་པའི་སྐུས་གཞན་དོན་མཛད་ཚུལ་ནི་མདོ་སྔགས་གཉིས་ཀ་ ལས་རྒྱ་ཆེར་གསུངས་ཤིང༌། རྒྱལ་བ་བྱམས་མགོན་གྱི་ཞལ་སྔ་ནས། ཆོས་སྐུ་མཚན་ཉིད་ པ་དང༌། བཏགས་པ་བའི་ཁྱད་པར་དང༌། དོན་དམ་ཆོས་སྐུ་དང་ཀུན་རྫོབ་གཟུགས་ སྐུའི་རང་གཞན་གྱི་དོན་ཕུན་སུམ་ཚོགས་པར་གསུངས་ཏེ། ཇི་སྐད་དུ། ཆོས་སྐུ་རྣམ་ གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང༌། །དེ་ཡི་རྒྱུ་མཐུན་ཟབ་པ་ དང༌། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་དང༌། རང་དོན་གཞན་དོན་དོན་དམ་སྐུ་དང་ ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ ཡི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །བདག་ཉིད་ཀྱི་ནི་འབྱོར་པའི་གནས། ། དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སོང་རྣམས་ཀྱིས་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་ པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། ། གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་རྣམས་དང་ལྡན། །ཞེས་ དང༌། ཐུན་མོང་དུ་སྤྲུལ་པའི་སྐུས་གཞན་དོན་མཛད་ཚུལ་ནི། བཟོ་དང་སྐྱེ་དང་བྱང་ ཆུབ་ཆེ། །མྱང་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་ པར་གྲོལ་བའི་ཐབས་ཆེན་པོ། ། ཞེས་སངས་རྒྱས་ཀྱི་སྤྲུལ་པ་དཔག་ཏུ་མེད་ཅིང་ཚད་ མེད་པ་གཞལ་དུ་མེད་པ་རྣམས་ཚན་པ་བཞིར་བསྡུས་ནས་གསུངས་ཤིང༌། ཁྱད་པར་དུ་ 8-1-179 བཟོ་སྤྲུལ་པ་དང༌། སྐྱེ་བ་སྤྲུལ་པ་དག་ནི་རྣམ་པ་མཐའ་ཡས་ལ་དཔག་ཏུ་མེད་ཅིང༌། ཚད་མེད་གཞལ་དུ་མེད་པར་གཞུང་ལུགས་རྣམ་དག་མང་ཞིང་ཆེས་མང་བ་རྣམས་སུ་ ཡང་ཡང་གསུངས་པའི་ཕྱིར། ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ། བྱང་ཆུབ་ སེམས་དཔའ་དང༌། རང་རྒྱལ་དང༌། ཉན་ཐོས་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། ཁམས་ཀྱི་རྒྱལ་ཕན་དང༌། བློན་པོ་དང༌། དེད་དཔོན་དང༌། ཚོང་དཔོན་དང༌། རྒྱལ་ རིགས་ཤིང་སཱ་ལ་ལྟ་བུ་དང༌། བྲམ་ཟེའི་རིགས་ཤིང་སཱ་ལ་ལྟ་བུ་དང༌། ཁྱིམ་བདག་གི་ རིགས་ཤིང་སཱ་ལ་ལྟ་བུ་དང༌། དགེ་བའི་བཤེས་གཉེན་དང༌། གཞན་ཡང་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་དང༌། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་ དང༌། བཀྲེས་པ་དང༌། སྐོམ་པ་དང༌། དབུལ་ཞིང་ཕོངས་པ་དང༌། མགོན་མེད་ཅིང་ སྐྱབས་མེད་པ་ལྟ་བུ་དང༌། མྱ་ངན་གྱིས་གཟེར་ཞིང་ཉམ་ཐག་པ་ལྟ་བུ་དང༌། གླེན་པ་ དང༌། ལྐུགས་པ་དང༌། ལོང་བ་དང༌། འོན་པ་ལ་སོགས་པ་དབང་པོ་མ་ཚང་བ་ལྟ་བུ་ དང༌། ཞ་བོ་དང༌། སྒུར་པོ་དང༌། རྐང་ལག་དང༌། སོར་མོ་ཆད་པ་ལ་སོགས་པ་ཡན་ལག་ དང༌། ཉིང་ལག་མ་ཚང་བ་ལྟ་བུ་དང༌། གཞན་ཡང་རི་བོང་སྟག་དང༌། སེང་གེ་བྱ་དང༌། རི་དྭགས་ཉ་སྦལ་བུང་བ་ལ་སོགས་པ་འགྲོ་བ་མཐའ་ཡས་ཤིང་དཔག་ཏུ་མེད། ཚད་མེད། གཞལ་དུ་མེད་པའི་རྣམ་པ་དང༌། རི་དང་ནགས་ཚལ་དང༌། ཆུ་ཀླུང་དང༌། གྲོང་དང༌། གྲོང་ཁྱེར་དང༌། ཕུག་དང༌། སྐྱེད་མོས་ཚལ་དང༌། གྲུ་དང༌། གཟིངས་དང༌། ཟམ་ལ་སོགས་ པ་བརྟན་གཡོའི་དངོས་པོ་མཐའ་ཡས་པའི་རྣམ་པར་བསྟན་ནས། གང་ལ་གང་འཚམས་ ཀྱི་ཆོས་མཐའ་ཡས་པ་གདུལ་བྱ་རང་རང་སོ་སོའི་སྐད་དང་རྣམ་འགྱུར་དང་བྱེད་ལས་ དང་མཐུན་པར་བསྟན་ནས་ལམ་གྱི་རྟེན་དང་ལམ་ཡང་དག་པ་དང༌། ལམ་གྱི་འབྲས་བུ་ རྣམས་ལ་དགོད་པའི་ཆེད་དུ་མཐོ་རིས་ཀྱི་ཐེག་པ་དང༌། ཐར་པའི་ཐེག་པ་རྣམ་པ་ གསུམ་ལ་འགོད་པར་མཛད་པ་དང༌། འདི་དག་གཞན་དུ་བདེ་བ་དང་ཕན་པ་དུ་མ་ལ་ འགོད་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ ཀྱི་རྣམ་པར་ཐར་པ་ཡིན་ཏེ། རྒྱལ་བ་མ་ཕམ་པའི་ཞལ་སྔ་ནས། གང་གི་སྲིད་པ་ཇི་སྲིད་ 8-1-180 བར། །འགོ་ལ་ཕན་པ་སྣ་ཚོགས་དག ། མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་ རྒྱུན་མི་འཆད། །དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་ འདོད། །ཅེས་དང༌། དུས་རྣམས་རྟག་ཏུ་བྱམས་པ་དང༌། །ཐུགས་རྗེ་ཆེན་པོ་དག་དང་ ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །སོ་སོར་ རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། ། ཏིང་ངེ་འཛིན་དང་གཟུངས་ རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་ པ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། ། ཆོས་ཆེན་ཆར་ནི་རབ་ ཏུ་འབེབས། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་ མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅད་ཀུན་གྱི་དོན་སྒྲུབ་པའོ། ། སངས་རྒྱས་སྤྲུལ་པ་ དེ་རྟག་ཏུ། །མཛད་པ་གྲུབ་པའི་བྱེ་བྲག་དང༌། །གྲངས་དང་ཞིང་གིས་རྣམ་ཀུན་ ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་དང༌། གཞུང་ལུགས་རྣམ་དག་གཞན་དང་ གཞན་མང་པོར་ཡང༌། དེ་དག་དང་མཐུན་པ་མང་ཞིང་ཆེས་མང་བར་གསུངས་པའི་ ཕྱིར། དཔལ་ལྡན་བླ་མ་དམ་པ་སྤྲུལ་པའི་སྐུ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ནི་དེ་ལྟ་ བུ་ཡིན་པར་ཤེས་པར་བྱའོ། ། ཁྱད་པར་སྤྲུལ་པའི་སྐུ་འདི་ཉིད་ཀྱིས་གཞན་དོན་མཛད་ཚུལ་ནི། འཁྲུངས་ཡུལ་མདོག་ གི་སྤེན་མཁར་རིང་ཞེས་བྱ་བ་སྔགས་པའི་དགོན་པར། ཡབ་ཕྱུག་པོ་དགེ་བསྙེན་ཀུན་ དགའ་དཔལ་ཞེས་བགྱི་བ་དང༌། ཡུམ་ཇོ་ཇོ་ཀུན་སྐྱིད་ཅེས་བགྱི་བའི་སྲས་སུ་སྐུ་འཁྲུངས་ ཤིང༌། གདུང་ནི་ལྡིང་ཞེས་བགྱི་བར་གདའ། སངས་རྒྱས་སྲས་བཅས་ཀུན་གྱི་རྣམ་ཐར་ནི། །གཅིག་ཏུ་རྣམ་དཀར་གཞན་ལ་ཕན་ མཛད་ཕྱིར། །ཡུམ་ལ་མཚན་ལྟས་བཟང་པོ་དུ་མ་དང༌། །འཁྲུངས་ཚེ་ཡ་མཚན་ལྟས་མང་ བྱུང་བར་ངེས། ། ཆོས་རྗེ་རིན་པོ་ཆེ་འདི་ནི་སྐུ་མཆེད་ལྔ་ཡོད་པའི་ནང་ནས་ཐ་ལྷག་མ་ཡིན་ཞིང༌། དང་ པོ་ཆུང་ཆུང་རང་ནས་འཇིག་རྟེན་གྱི་བྱ་བ་དང་མདུན་མ་ཀུན་ལ་སྙིང་པོ་མེད་པར་ 8-1-181 དགོངས་ནས་ཐུགས་མ་སོང་བས་སྤྱོད་ལམ་རང་ལུགས་སུ་ཅི་བདེ་ལ་འཇོག་པ་ཅིག་ བྱུང་བ་ལ། ཡབ་ཡུམ་གྱི་གསུང་གིས་འདིས་ཅི་ཡང་མི་འོང་བ་ཅིག་འདུག་པས་བྲིས་ཀློག་ ལ་སོགས་བསླབ་པས་ཀྱང་རྒྱུ་མཚན་མེད་ཅེས་ཅུང་ཟད་ཁྱད་དུ་གསོད་པར་བྱེད་སྐད། སངས་རྒྱས་བྱང་ཆུབ་སེམས་དཔལ་རྣམས། ། ཤིན་ཏུ་གྲིམས་པའི་སྐུ་གསུང་ཐུགས། ། བརྩོན་ཆེན་རབ་མཆོག་རབ་མངའ་ཡང༌། ། གཞན་ཕན་ཆེད་དུ་ཅིར་ཡང་སྟོན། ། མཆེད་ཡ་འདི་རྣམས་ཤིན་ཏུ་གྲིམས་པར་འདུག་པས་ཡོན་ཏན་སློབ་ཏུ་འཇུག་ཟེར་ནས། ཁུ་བོ་དགེ་བཤེས་བྱང་ཤེ་ཞེས་བྱ་བ་ཡོན་ཏན་རྣམ་དག་མངའ་ཞིང༌། ཐུགས་དམ་གྱི་ ངང་ནས་མངོན་ཤེས་འཆར་བ་ཅིག་ཡོད་པའི་དྲུང་དུ་ཀོག་སློབ་ཏུ་བཏང་བས། ཁུ་བོ་ དགེ་བཤེས་ཀྱི་གསུང་གིས་ཁྱེད་ཕ་མ་དག་བུ་གཞན་ཀུན་ལ་གཙིགས་ཆེ་བར་བྱས་ནས་ ངའི་གམ་དུ་གཏོང་བར་འདུག་ཅིང༌། འདིས་ཅི་ཡང་མི་ཤེས་སྙམ་ནས་མི་གཏོང་བར་ འདུག་སྟེ། ད་སྡོད་གཞན་འདི་རྣམས་ཀྱིས་རང་གཞན་ལ་ཕན་པ་ཅི་ཡང་མི་འོང༌། འདིས་གཞན་ལ་ཕན་པ་རྒྱ་ཆེན་པོ་འོང་བར་འདུག་པས་འདི་ང་ཅན་ཐོང་ཞེས་ གསུངས་ཀྱང༌། ཡབ་ཡུམ་གྱིས་མ་བཏང་བ་ལ། དེ་ནས་ཁོང་པས་ཀ་ཁ་གུག་བསྐྱེད་ཅིག་ གཏད་ནས་ཁྱོད་རང་འདི་ཀུན་སློབས་གསུངས། དེ་ནས་བླ་མཆོད་འདྲའི་ཞོར་ལ་ཅུང་ ཟད་བསླབས་པས་སྔོན་གྱི་ལས་འཕྲོ་སད་ནས་འབད་རྩོལ་མ་དགོས་པར་ཀློག་བཟང་པོ་ ཕུལ་དུ་ཕྱིན་པ་མྱུར་པོར་མཁྱེན་པ་བྱུང༌། རྒྱལ་དང་རྒྱལ་སྲས་དམ་པ་རྣམས། ། ཤེས་བྱའི་གནས་རྣམས་ཐུགས་ཆུད་ཀྱང༌། ། གདུལ་བྱ་རྗེས་སུ་བཟུང་བའི་ཕྱིར། ། ཡི་གེའི་གྲྭར་ཡང་འཇུག་པར་མཛད། ། དེ་ནས་དགུང་ལོ་བཅུ་གསུམ་པ་ལ་བླ་མ་ཡེ་ཤེས་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་ 8-1-182 བསླབ་པ་བླངས་ཤིང༌། མཚན་ཐུགས་རྗེ་དཔལ་ཞེས་བགྱི་བར་བཏགས། དགུང་ལོ་བཅོ་ ལྔ་པ་ལ་མདར་གྱི་གྲྭ་སར་བྱོན་ནས་བླ་ཆོས་པ་སྤྱང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མཁན་ པོ་མཛད། ཟུར་ཆོས་པ་དགེ་བཤེས་ཡོན་ཏན་དཔལ་གྱིས་སློབ་དཔོན་མཛད་དེ། དགེ་ ཚུལ་གྱི་སྡོམ་པ་བླངས། མཚན་ཡང་ཐུགས་རྗེ་རྒྱལ་མཚན་ཞེས་བགྱི་བར་བཏགས། དགེ་ ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ་ལ་སོགས་པ་བསླབ་བྱ་རྣམས་ལ་ལེགས་པར་ བསླབས། ཚད་མ་རྣམ་པར་ངེས་པ་གསན་པས་རིང་པོ་མ་ཐོགས་པར་ཚིག་དོན་ཐམས་ ཅད་ཚེགས་ཆུང་ངུའི་སྒོ་ནས་ཐུགས་སུ་ཆུད་ཅིང་བཤད་པ་ཡང་མཛད། རྩོད་པ་བཟང་ བའི་མཆོག་ཏུ་ཡང་གྱུར་ནས་གྲོགས་མཆེད་རྣམས་ཀྱང་དད་པ་ཐོབ་པར་གྱུར། རྣམ་དག་རིགས་པའི་གཞུང་ལུགས་དུ་མ་ལ། ། ཡང་དང་ཡང་དུ་གོམས་པ་སྔོན་སོང་ཕྱིར། ། སྐུ་ཚེ་འདིར་ནི་ལན་རེ་གཟིགས་ཙམ་གྱིས། ། གཞན་ལས་ཁྱད་པར་འཕགས་པའི་མཁས་པར་འགྱུར། ། དེ་ནས་ཆོས་མངོན་པ་ཀུན་ལས་བཏུས་གསན་པས་རིང་པོ་མ་ཐོགས་པར་ཚིག་དོན་ ཐམས་ཅད་ཐུགས་སུ་ཆུད་པར་གྱུར། དེ་ནས་ཉེ་ཚན་རྣམས་ཀྱིས་གདན་ས་ཆེན་པོ་ དཔལ་ལྡན་ས་སྐྱར་ཁྲིད་ནས་བླ་མ་འཇམ་དབྱངས་ཆེན་པོ་གཞི་ཐོག་པ་ལ་སྤྲད། ཁོང་ པས་ཀྱང་ཟུར་ཆོས་པ་འུ་སྟོན་ཀུན་བཟང་དཔལ་ལ་སྤྲད་དེ། ཕར་ཕྱིར་འཇམ་གསར་མ་ ལ་ནན་ཏན་ཅུང་ཟད་ཙམ་མཛད་པས་རིང་པོ་མ་ཐོགས་པར་ཚིག་དོན་ཐམས་ཅད་ ཐུགས་སུ་ཆུད་ནས་བཤད་པ་མཛད་པས་བླ་མ་འཇམ་དབྱངས་ཆེན་པོ་ཤིན་ཏུ་མཉེས་ ནས་ད་ནང་སྔ་དྲོ་ཆོས་ཁྲིའི་སྟེང་དུ་འབུལ་བ་གང་བྱུང་ཁྱེད་ལ་སྟེར་བས་ཁྱེད་རང་ཆོས་ ཁྲིའི་སྟེང་དུ་སྡོད་ཅིག ། འབུལ་བ་ཆེ་ཆུང་ཁྱེད་རང་གི་བསོད་ནམས་ལ་རག་ལས་སོ་ གསུངས། དེ་ནས་སྔ་དྲོ་ཆོས་ཁྲིའི་སྟེང་དུ་བཞུགས་པས་མདོ་ཁམས་པ་ཅིག་གིས་ཇའི་ འབུལ་བ་ལ་དབུ་ཞྭ། གསོལ་ཞལ་གསོལ་སྡེར་བཟང་པོ། ཐོ་ལིང་ཏ་ཧུང་གི་བེར་ཐུལ་ བཟང་པོ། ཇ་གདུམ་བཟང་པོ། གོས་ཕྱི་ནང༌། ས་ཁེབས་ཀྱི་འབོར་ཁ་སུན་ལེགས་པ། མཛོ་ 8-1-183 བཟང་པོ་ལ་སོགས་འབུལ་བ་ཆེན་པོ་ཅིག་བྱུང་བ་ལ། ཐམས་ཅད་མ་བཞེས་པར་ལ་ལ་ བཞེས། སྡེ་སྣོད་རྒྱ་མཚོ་ཆེན་པོའི་གཞུང་ལུགས་རྣམས། ། སྔོན་དུ་ལེགས་པར་ཐུགས་སུ་ཆུད་པའི་མཐུས། ། སྐུ་ཚེ་འདིར་ནི་ལན་རེ་གསན་ཙམ་གྱིས། ། མཁས་པའི་མཁས་པ་ཕུལ་དུ་ཕྱིན་པར་གྱུར། ། དེ་ནས་བླ་མ་འཇམ་དབྱངས་ཆེན་པོའི་དྲུང་དུ་ཕྱི་ནང་གི་རྒྱུད་སྡེ་རྣམས་གསན་ཅིང་ ཕྱག་ལེན་རྣམས་བསླབས། མཚན་ཉིད་པའི་གསེབ་ཏུ་ཕར་ཚད་ལ་སོགས་པ་ལུང་རིགས་ ཀྱི་སྒྲོ་གླེང་མང་པོ་མཛད། བླ་མ་གྲུབ་པ་དཔལ་བཟང་པོ་དང༌། བླ་མ་འོད་ལྡན་དཔལ་བ་ ལའང་ཕྱག་ལེན་གྱི་སྐོར་མང་དུ་བསླབས། རྒྱུད་སྡེ་མང་དུ་གསན། མདོར་ན་སྔགས་ མཚན་ཉིད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བའི་རྒྱུ་མཚན་གྱིས་བླ་མ་དུས་ འཁོར་བ་ཆེན་པོ་གོང་དུ་གཤེགས་པའི་ཆགས་ཕྱི་ལ་ཅི་ནས་ཀྱང་གཤེགས་དགོས་ གསུངས། བླ་མ་འཇམ་དབྱངས་ཆེན་པོས་ཀྱང་གསུང་ནན་ཅན་བྱོན་ནས་མི་སྤྲོ་བཞིན་ དུ་དབང་མེད་ལ་གཤེགས་དགོས་པར་བྱུང༌། བགྲོད་དཀའི་ལམ་རིངས་བགྲོད་པ་ལ། ། གཡང་སར་འཕྱོང་བཞིན་ཐུགས་འཚེར་ནའང༌། ། བླ་མའི་བཀའ་ལས་འདའ་མ་ནུས། ། དེ་ཕྱིར་དཀའ་བ་དང་དུ་བླངས། ། གོང་དུ་གདན་ཕེབས་ནས་ཆོས་ཀྱི་བྱ་བ་འབའ་ཞིག་གིས་དུས་འདའ་བར་མཛད་ཅིང༌། ཆགས་སྡང་དང་འདོད་ཡོན་གྱི་འདུ་འཛི་རྣམ་གཡེང་ལ་སོགས་པ་སྐྱོན་གང་གིས་ཀྱང་ མ་གོས་པར་བཞུགས། རྒྱལ་ཕྲན་ཞིག་གི་བླ་མཆོད་ལ། །གཏོང་ཞེས་གསུང་ཡང་ཐུགས་མ་ཤོར། །འདི་འདྲ་ བཞེད་པ་གཞན་ཡོད་པས། །གཞན་ལ་གནང་བར་ཞུ་ཞེས་གསུངས། །སྡིག་རྔམས་ཆེ་ཆེ་ 8-1-184 ཚོགས་པའི་ཡུལ། །སྣང་ཤས་ཆེ་ཆེ་ཚོགས་པའི་ཡུལ། །ཆགས་སྡང་ཆེ་ཆེ་ཚོགས་པའི་ ཡུལ། །རང་འདོད་ཆེ་ཆེ་ཚོགས་པའི་ཡུལ། །སྙིང་རྗེ་མེད་མེད་ཚོགས་པའི་ཡུལ། །ངོ་ཚ་ མེད་མེད་ཚོགས་པའི་ཡུལ། །དད་པ་མེད་མེད་ཚོགས་པའི་ཡུལ། །ཕན་སེམས་མེད་མེད་ ཚོགས་པའི་ཡུལ། །དེར་གནས་སྐྱེ་བོ་ཕལ་ཆེར་ནི། །གཏན་གྱི་འདུན་མ་རྒྱབ་ཏུ་སྐྱུར། །ཚེ་ འདི་འབའ་ཞིག་དོན་དུ་གཉེར། །མི་ལུས་དོན་མེད་བྱེད་དེ་རྣམས། །བཟང་བཟང་འདྲ་ ཡང་བཟང་པོ་མིན། ། མཐོ་མཐོ་འདྲ་ཡང་མཐོན་པོ་མིན། །ཆེ་ཆེ་འདྲ་ཡང་ཆེ་བ་ མིན། །ལྷག་ལྷག་འདྲ་ཡང་ལྷག་པོ་མིན། །མཁས་མཁས་འདྲ་ཡང་མཁས་པ་མིན། །སྤྱང་ སྤྱང་འདྲ་ཡང་སྤྱང་པོ་མིན། །དྲུང་དྲུང་འདྲ་ཡང་དྲུང་པོ་མིན། །རྒོད་རྒོད་འདྲ་ཡང་རྒོད་ པོ་མིན། །དཔའ་དཔའ་འདྲ་ཡང་དཔའ་བོ་མིན། །འཛངས་འཛངས་འདྲ་ཡང་འཛངས་ པ་མིན། །ཕྱུག་ཕྱུག་འདྲ་ཡང་ཕྱུག་པོ་མིན། །ལེགས་ལེགས་འདྲ་ཡང་ལེགས་པོ་ མིན། །དགའ་དགའ་འདྲ་ཡང་དགའ་བ་མིན། ། སྐྱིད་སྐྱིད་འདྲ་ཡང་སྐྱིད་པ་མིན། །གྲུབ་ གྲུབ་འདྲ་ཡང་གྲུབ་པ་མིན། །ཐོབ་ཐོབ་འདྲ་ཡང་ཐོབ་པ་མིན། །སྡིག་ཤས་ཆེ་ལ་ཆོས་ཤས་ ཆུང༌། །འདོད་པ་ཆེ་ལ་ངོ་ཚ་ཆུང༌། །ཉོན་མོངས་ཆེ་ལ་གཉེན་པོ་ཆུང༌། །ལེ་ལོ་ཆེ་ལ་ བརྩོན་འགྲུས་ཆུང༌། །འདོད་ཡོན་ལ་ནི་ཤིན་ཏུ་བརྐམ། ། སྡིག་པ་ལ་ནི་ཤིན་ཏུ་ རྔམ། །འཁོར་བ་ལ་ནི་ཤིན་ཏུ་སྲེད། །ཟང་ཟིང་ལ་ནི་ཤིན་ཏུ་ཆགས། ། ཐར་པ་ལ་ནི་རྒྱབ་ ཀྱི་ཕྱོགས། །མཐོ་རིས་ལ་ནི་སྐལ་བ་མེད། །ངན་འགྲོ་ལ་ནི་གཅིག་ཏུ་གཞོལ། །སྡུག་བསྔལ་ ལ་ནི་བདེ་བར་མཐོང༌། །ལོངས་སྤྱོད་ཡོད་ཀྱང་ངོ་ཚ་མེད། །སྡིག་པ་ཡོད་ཀྱང་དགེ་བ་ མེད། །དབང་བསྐུར་ཡོད་ཀྱང་དམ་ཚིག་མེད། །སྤང་བྱ་ཡོད་ཀྱང་གཉེན་པོ་མེད། །དེ་ འདྲའི་གནས་ལུགས་གཟིགས་ཙམ་གྱིས། །དཔལ་ལྡན་བླ་མའི་ཐུགས་དགོངས་ནི། །སྡིག་ ཡུལ་སྡིག་ཟས་སྡིག་སྤྱོད་ཅན། །འདི་ནས་ཐར་དུས་ནམ་འོང་སྙམ། །དེ་འདྲ་འབའ་ཞིག་ དགོངས་པར་གྱུར། །དཔེར་ན་མེ་འོབས་ནང་ལྷུང་བའམ། །མི་གཙང་འདམ་དུ་བྱིང་ པའམ། །གཤེད་མས་བཙོན་དུ་བཟུང་བཞིན་གཟིགས། །འོན་ཀྱང་བླ་ཆེན་དུས་འཁོར་བ། ། སྐྱེས་མཆོག་དེ་ཡི་ཐུགས་ལྟར་གྱུར། །དེ་ཕྱིར་གཙན་དོང་ཞུས་གྱུར་ན། །དེ་ཡི་ཐུགས་ཀྱིས་ 8-1-185 བས་ཀྱི་དོགས། །དེ་སླད་དད་གུས་ཆེན་པོ་ཡིས། །ལྐོག་ནས་གསོལ་བ་ཡང་ཡང་གདབ། ། དངོས་སུ་ཐབས་མཁས་འཇམ་པོ་ཡིས། །ཞུ་བ་ནན་ཅན་ཡང་ཡང་མཛད། །ཁྱད་པར་ མཁན་པོ་དད་བསོད་ཀྱི། །སེམས་བཟུང་ཞུ་གྲོགས་ཡང་ཡང་བཅོལ། །དེ་ནས་བླ་མ་དམ་ པ་དེའི། ། ཐུགས་ཀྱི་མི་ཐོངས་བཞིན་དུ་གནང༌། །དེ་ནས་མཁན་པོ་དད་བསོད་པ་རྫོངས་ ལན་གྱི་འབུལ་བ་སྐྱེལ་བ་དང་འགྲོགས་ནས་ཡར་བྱོན་པས། ད་ནི་འཁོར་བའི་འདམ་ ནས་ཐོན་པ་ཡིན་སྙམ་པའི་དགྱེས་ཚོར་ཆེན་པོ་བྱུང་གསུངས། གང་ཐུགས་འཁོར་བའི་འཆིང་བ་ཀུན་ལས་ངེས་གྲོལ་ཡང༌། ། འཁོར་བའི་བདེ་བ་སྤུ་གྲིའི་ཁར་ཆགས་སྦྲང་རྩི་ལ། ། ལྡག་པ་ལྟ་བུ་ལོག་པར་ཞེན་རྣམས་རྗེས་བཟུང་ཕྱིར། ། ཐབས་མཁས་སྟོན་མཛད་བླ་མ་སངས་རྒྱས་ལ་ཕྱག་འཚལ། ། དང་པོ་གདན་ས་ཆེན་པོ་ནས་ཆགས་ཐེགས་ཏེ། སླར་ཡང་ས་སྐྱར་ཆགས་ཕེབས་ཕེབས་ ལ་ལོང་ངོ་བཞི་ཙམ་རིལ་པོ་གསུམ་ཙམ་སོང་གསུངས། དེ་ནས་བླ་མ་འཇམ་དབྱངས་ ཆེན་པོའི་དྲུང་དུ། ནག་འཇིགས་སྐོར་གསུམ་ལ་སོགས་པའི་དབང་སྐུར་མང་པོ་ཞུས། དཔལ་དུས་ཀྱི་འཁོར་ལོ་དང༌། དཔལ་ཀྱེའི་རྡོ་རྗེ་ལ་སོགས་རྒྱུད་སྡེ་ཟབ་ཅིང་རྒྱ་ཆེ་བ་ མང་པོ་ཞུས་ཤིང་གསན། མཁས་གྲུབ་ཆེན་པོ་རྣམས་ཀྱིས་མཛད་པའི་སྔགས་མཚན་ཉིད་ ཀྱི་བསྟན་བཅོས་ཤིན་ཏུ་མང་པོ་རྣམས་ཞུས་ཤིང་གསན། བླ་མ་གྲུབ་པ་དཔལ་བཟང་ པོའི་དྲུང་དུའང་ཕྱི་ནང་གི་ཆོས་ཟབ་ཅིང་རྒྱ་ཆེ་བ་ཤིན་ཏུ་མང་བར་ཞུས་ཤིང་ཐུགས་སུ་ ཆུད་པར་མཛད། ཤེས་བྱའི་གནས་ཀུན་མེ་ལོང་ནང་གི་གཟུགས་བརྙན་རབ་ཏུ་གསལ་བ་ལ། །མིག་ལྡན་ སྐྱེས་བུ་ཉེ་བར་གནས་པས་མངོན་སུམ་ཉིད་དུ་ལྟ་བ་བཞིན། །གང་ཐུགས་ཡེ་ཤེས་རབ་ ཏུ་གསལ་བས་མདོ་རྒྱུད་བསྟན་བཅོས་རྣམ་དག་རྣམས། །མངོན་སུམ་མཁྱེན་ཡང་གཞན་ དོན་སླད་དུ་ད་བཟོད་སློབ་ལྟར་སྟོན་ལ་འདུད། ། དེ་ནས་དཔལ་ལྡན་བླ་མ་བྱང་སེམས་ཆེན་པོའི་གསུང་གིས་ཁྱེད་ལྟ་བུ་ཐོས་པ་རྒྱ་ཆེན་ 8-1-186 པོས་ཕྱིའི་སྒྲོ་འདོགས་ཐམས་ཅད་ལེགས་པར་ཆོད་འདུག་ཅིང༌། ནང་དུ་ཡང་དག་ འཇོག་ལ་གཞོལ་བའི་ཐུགས་དགོངས་ཀྱང་ཕུན་སུམ་ཚོགས་པ་གདའ་བས། ངའི་ལུགས་ ལ་ཇོ་ནང་དཔལ་གྱི་རི་ཁྲོད་ཆེན་པོར་བྱོན་ནས། ཀུན་སྤངས་ཀུན་ཏུ་བཟང་པོ་ཆོས་ཀྱི་ རྗེ་སྤྲུལ་པའི་སྐུ་ཆེན་པོ་དེའི་ཞབས་ཀྱི་པད་མོ་དྲི་མ་མེད་པ་ལ་གུས་པས་བཏུགས་ཏེ་ ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་སོགས་པ་ཆོས་ཟབ་མོ་ཁྱད་པར་དུ་འཕགས་པ་རྣམས་ ཀྱི་ཁྲིད་ཞུས་ཤིང་མན་ངག་ཟབ་མོ་རྣམས་ཀྱི་རྩད་བཅད་ནས་དོན་ཆེ་བར་མཆི་ཞེས་ བསྐུལ་བས་ཐུགས་ལ་ཤིན་ཏུ་འབབ་བར་གྱུར་ཏེ། འདོད་ལྡན་འདོད་པའི་ཡུལ་དང་ཕྲད་པའམ། ། བརྩེ་ལྡན་བརྩེ་བའི་ཡུལ་དང་ཕྲད་པ་ལ། ། ཕན་འདོགས་དགའ་ཞིང་སྤྲོ་བ་ཇི་ལྟར་བར། ། སྐྱེས་མཆོག་འདི་ཡང་དེ་ལ་དེ་བཞིན་གྱུར། ། དེ་ནས་དགུང་ལོ་སུམ་ཅུ་བཞེས་པའི་དུས་སྟག་གི་ལོ་ལ་ཇོ་ནང་དཔལ་གྱི་གནས་ཆེན་དུ་ བྱོན། གང་གི་མཚན་ཙམ་ཐོས་པས་ཀྱང༌། །བསྐལ་པ་མང་པོར་བསགས་པའི་སྡིག །ཟད་ འགྱུར་ཆོས་རྗེ་རིན་པོ་ཆེ། །ཀུན་སྤང་ཀུན་ཏུ་བཟང་པོ་ཞེས། །མཚན་མཆོག་དོན་ལྡན་ འགྲོ་བ་ལ། །ཡོངས་སུ་གྲགས་པ་དེ་དང་མཇལ། །མཐོང་བ་ཙམ་གྱིས་བ་སྤུ་ གཡོས། །སངས་རྒྱས་དངོས་དང་མཇལ་སྙམ་དུ། །དད་གུས་ཆེན་པོ་གཏིང་ནས་ སྐྱེས། །དགའ་སྤྲོ་ཆེན་པོ་རབ་རྒྱས་ནས། །རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །འདི་འདྲ་ མཐོང་བར་མཛད་པ་ཡི། །སྐྱེས་མཆོག་དམ་པ་ཐུགས་རྗེ་ཅན། །དཔལ་ལྡན་བྱང་སེམས་ ཆེན་པོ་ཡི། །བཀའ་དྲིན་ཁྱེར་བ་མེད་དོ་སྙམ། ། དེ་ལའང་དད་གུས་ལྷག་པར་སྐྱེས། །དེ་ ནས་ཀུན་སྤངས་ཆོས་ཀྱི་རྗེ། །ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་མཛོད། །ཆོས་ཀྱི་རྒྱ་མཚོ་ཆོས་ཀྱི་ གཏེར། །ཆོས་ཀྱི་མངའ་བདག་ཆེན་པོ་དེས། །ཆོས་རྣམས་ཀུན་གྱི་སྣོད་ཀྱི་མཆོག །ཆོས་ ཀྱི་བདག་པོར་འོས་དེ་ལ། །ཆོས་ཀྱི་ཆར་ཆེན་ཕབ་པ་ཡིས། །ཆོས་ཀྱི་རྒྱལ་སྲིད་ཆེན་པོར་ གྱུར། ། 8-1-187 དེ་ཡང་རྩ་རྒྱུད་ཆེན་པོ་རྣམས་སུ་དག་པའི་རིམ་པ་དང༌། དཔའ་བོའི་རིམ་པ་དང༌། རང་ བྱིན་གྱིས་བརླབ་པའི་རིམ་པ་དང༌། ཤིན་ཏུ་རྣམ་དག་གི་རིམ་པ་སྟེ། དེ་ལྟར་རིམ་པ་བཞི་ གསུངས་པ་ལས། དག་པའི་རིམ་པ་ནི། དབང་བསྐུར་གྱི་ཆོ་ག་ཤིན་ཏུ་ཡོངས་སུ་དག་ ཅིང་རྣམ་པར་དག་པ་ཕུན་སུམ་ཚོགས་པ་སྟེ། རྣམ་པར་དག་པའི་སྟ་གོན་ཕུན་སུམ་ ཚོགས་པ་རྣམ་པ་དགུ་སྔོན་དུ་སོང་བ་ཅན། ཐིག་དང་ཚོན་དང༌། ས་བོན་ནམ་མཚན་ མའམ། ལྷའི་སྐུ་དགོད་པ་ལ་སོགས་པ་སྒོ་ཐམས་ཅད་ནས་སྐྱོན་མེད་ཅིང༌། རྣམ་པར་ དག་པའི་དཀྱིལ་འཁོར་ལ་རབ་ཏུ་གནས་པ་ལ་སོགས་པ་ལེགས་པར་གྲུབ་ཅིང༌། སློབ་མ་ དཀྱིལ་འཁོར་དུ་ཞུགས་པ་ལ་དབང་བསྐུར་བ་འོག་མ་བདུན་དང༌། གོང་མ་གསུམ་དང༌། གོང་མ་ལས་ཀྱང་གོང་མ་གཅིག་སྟེ། རིམ་པ་ལྟར་བསོད་ནམས་ཀྱི་ཚོགས་དང༌། ཚུལ་ ཁྲིམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུའོ། །དེ་རྣམས་ཀྱི་འབྲས་བུ་ནི་མ་ དག་པ་ས་བདུན་དང༌། དག་པ་ས་གསུམ་དང༌། སངས་རྒྱས་ཀྱི་སའོ། །ཡང་དབང་འོག་ མ་བདུན་གྱིས་སྔགས་ཀྱི་ཚུལ་ལ་དགེ་བསྙེན་དང༌། བུམ་པའི་དབང་གིས་དགེ་ཚུལ་དང༌། གསང་བའི་དབང་གིས་དགེ་སློང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་གནས་བརྟན་ རྒན་པོ་དང༌། དབང་བཞི་པས་སྐྱེ་དགུའི་བདག་པོར་འགྱུར་བ་ལ་སོགས་པར་ངོ་སྤྲོད་ ཅིང་ལམ་རིམ་པ་གཉིས་སྒོམ་པར་དབང་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་ འདས་པའི་ཡོན་ཏན་རྣམས་ཐོབ་པར་བྱེད་པའི་རྟེན་འབྲེལ་སྒྲིག་པའི་དབང་བསྐུར་ རྣམ་དག་ལ། དག་པའི་རིམ་པའི་དབང་བསྐུར་ཞེས་གསུངས་སོ། ། དཔའ་བོའི་རིམ་པ་དང༌། བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་དངོས་སུ་ན་དབང་ འོག་མ་བདུན་གྱི་ལམ་བསྐྱེད་པའི་རིམ་པ་སྟེ། ལྷ་དྲག་པོ་སྒྲུབ་པ་དང༌། ཞི་བ་སྒྲུབ་ པའོ། །ཤིན་ཏུ་རྣམ་དག་གི་རིམ་པ་ནི་དབང་གོང་མ་གསུམ་དང༌། གོང་མ་ལས་ཀྱང་ གོང་མའི་ལམ་རྫོགས་པའི་རིམ་པ་སྟེ། ངེས་དོན་གྱི་བསྙེན་བསྒྲུབ་བཞི་དང༌། རྡོ་རྗེའི་ རྣལ་འབྱོར་བཞིའོ། ། དེ་ལྟ་བུའི་ངེས་པ་ཀུན་སྤངས་ཀུན་ཏུ་བཟང་པོའི་ཞལ་སྔ་ནས། ལེགས་པར་ཐུགས་སུ་ 8-1-188 ཆུད་པས་དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་དང༌། རྡོ་རྗེའི་རྣལ་ འབྱོར་བཞི་སྦྱོར་བ་ཡན་ལག་དྲུག་ཏུ་ཕྱེ་བའི་ཁྲིད་ཡོངས་སུ་རྫོགས་པ་གནང་ནས། དུས་ འཁོར་རྒྱུད་འགྲེལ་ཆེན་པོ། འགྲེལ་ཆུང་པད་མ་ཅན། རྒྱུད་ཕྱི་མ། དོན་དམ་བསྙེན་པ། དབང་མདོར་བསྟན། དེའི་འགྲེལ་པ་གྲུབ་ཆེན་དུས་ཞབས་པས་མཛད་པ་དང༌། གྲུབ་ ཆེན་ནཱ་རོ་པས་མཛད་པ་སྟེ་གཉིས། དབང་གི་རབ་བྱེད་རྩ་འགྲེལ། རྒྱུད་ཀྱི་སྙིང་པོ་རྩ་ འགྲེལ། སྦས་པ་མིག་འབྱེད་རྩ་འགྲེལ། གསུང་རབ་རིན་ཆེན་འདུས་པ་རྩ་འགྲེལ། དཔལ་ ཤྭ་བ་རི་པའི་གཞུང་རྩ་འགྲེལ། དུས་ཞབས་སྙན་རྒྱུད་རྩ་འགྲེལ། རྣལ་འབྱོར་གསུམ་གྱི་ སྙིང་པོ་གསལ་བ་རྩ་འགྲེལ། གྲུབ་ཆེན་ནཱ་རོ་པཎ་ཆེན་གྱི་སྦྱོར་དྲུག །སྒྲོམ་གྱི་ལྡེ་མིག་རྩ་ འགྲེལ། ཁ་ཆེ་པཎ་ཆེན་གྱི་སྦྱོར་དྲུག །རྡོ་རྗེ་ཚིག་གི་སྙིང་པོ་བསྡུས་པ་རྩ་འགྲེལ། དོན་དམ་ པའི་མཚན་བརྗོད་ཀྱི་འགྲེལ་པ་ཨ་ནུ་པ་མ་རཀྵི་ཏས་མཛད་པ། ཉི་ཟླ་སྒྲུབ་པ། ཡེ་ཤེས་ སྤྱན་སྒྲུབ། དཔལ་ཤྭ་བ་རི་དབང་ཕྱུག་གི་མན་ངག་བཞི་སྦྱོར། བྲམ་ཟེ་བསོད་སྙོམས་པས་ མཛད་པའི་སྙིང་པོ་རྒྱན་གྱི་སྒྲུབ་ཐབས། སློབ་དཔོན་ཨ་བྷ་ཡ་ཀ་རའི་སྦྱོར་དྲུག ། ཙ་མི་ པཎ་ཆེན་གྱི་སྦྱོར་དྲུག་རྒྱས་པ། ཙ་མི་པཎ་ཆེན་གྱི་སྦྱོར་དྲུག་འབྲིང་པོ་ནོར་བུ་འདོན་ པའི་དཔེས་བསྟན་པ། ཙ་མི་ལོ་ཙཱ་བའི་སྦྱོར་དྲུག་འབྲིང་པོ་བསྒོམ་ཐབས་འཁྲུལ་འཁོར་ ཉི་ཤུ་རྩ་ལྔ་པ། བསྡུས་པ་སྙིང་པོ་གསུམ་དང༌། དོན་དམ་བཞིར་བསྟན་པ། སྦྱོར་དྲུག་ བསྡུས་པའི་བསྒོམ་ཐབས་ཆུ་བོ་དང་གྲུའི་དཔེས་ཡན་ལག་དྲུག་བསྟན་པ། གེགས་སེལ་ དང་ཉམས་རྟགས་བསྟན་པ་དང༌། ཙ་མི་ལོ་ཙྪ་བའི་སྦྱོར་དྲུག་སྟེ་སྐོར། ཙ་མིའི་སྦྱོར་ཕྲེང༌། དེའི་ལག་ལེན་རླུང་སྦྱོར་བཞི། ལམ་གྱི་ཆ་རྐྱེན་བཅུད་ལེན་དང་བཅས་པ། གྱི་ཇོ་ལོ་ཙཱ་ བའི་སྦྱོར་དྲུག་གི་སྐོར། གྱི་ཇོ་པད་མ་འོད་ཟེར་གྱི་སྦྱོར་དྲུག་གི་རྒྱབ་རྟེན། འབྲོ་ལོ་ཙཱ་བའི་ སྦྱོར་དྲུག་བསྙེན་བསྒྲུབ་བཞིས་བཅིང་བ་དང་སྐབས་བསྟན་པ། འབྲོ་བའི་ལོ་རྒྱུས་ཆེན་ མོ། འབྲོ་ཤེས་རབ་གྲགས་ཀྱི་སྦྱོར་དྲུག ། གྲུབ་ཆེན་ཡུ་མོའི་སྦྱོར་དྲུག་རྒྱས་འབྲིང་བསྡུས་ གསུམ། གསལ་སྒྲོན་བཞི། གཅེས་བསྡུས་སྒྲོན་མ། རྡོ་རྗེ་ཚིག་གི་མདུད་གྲོལ་གྱི་བསྐོར། སེམས་ཐག་བཅད་པ། ཉམས་རྟགས་ཀྱི་ཡིག་ཆུང༌། འབྲོ་བའི་ལུགས་ཀྱི་བླ་མའི་རྣལ་ 8-1-189 འབྱོར་ཐུན་མོང་མ་ཡིན་པ། མཁས་གྲུབ་ཆོས་རྗེ་འཇམ་གསར་གྱི་སྦྱོར་དྲུག །སྤྲིང་ཡིག་ བཻཌཱུརྱའི་ཕྲེང་བ། འཁྲུངས་རབ་རྣམ་ཐར། རི་བོ་རྩེ་ལྔར་གཤེགས་ཚུལ། འཁོར་རྣམས་ལ་ ཕྱི་ཐན་དུ་བཞག་པ་ལ་སོགས་པ་དང༌། ནང་གི་ཉི་ཟླ་གཟས་འཛིན། གསུང་སྒྲོས་རྒྱས་པ་ འོད་ཟེར་ཕྲེང་བ། ཁྱུང་གི་ཊི་ཀ་དྲི་མེད་རྒྱན། གྲུབ་ཆེན་ཡུ་མོའི་སྦྱོར་དྲུག་གི་ལུང་སྦྱོར། ར་པའི་སྦྱོར་དྲུག་གི་ཁུངས་ཀྱི་རྒྱུད་ཀྱི་དུམ་བུ། ཕྱག་རྒྱ་བརྟག་པ་དང་ཉམས་སུ་བླངས་ པའི་རྒྱུད་དྲང་བ། འཆི་ལྟས་བརྟག་ཅིང་འཆི་བ་བསླུ་བའི་རྒྱུད་ལུང༌། རྩ་རྒྱུད་ཀྱི་ལུང་ གིས་སྦྱོར་བ་ཡན་ལག་དྲུག་སྟོན་པ། བརྩོན་འགྲུས་ཅན་ཚེ་འདིར་སངས་རྒྱ་བའི་སྦྱོར་ དྲུག་སྟན་ཐོག་གཅིག་མ། གདམས་ངག་ཅན་བར་དོར་སངས་རྒྱ་བ་བྱང་སེམས་སྤྲིན་ འོག་ཏུ་སྦ་བ། ཐུགས་རྗེ་ཆེན་པོའི་དམར་ཁྲིད། ལམ་གྱི་བོགས་འདོན་ཕྱག་རྒྱ་བཞིའི་ གདམས་ངག །ལམ་གྱི་གེགས་སེལ། ལམ་རིམ་གྱིས་པ་རྣམ་རྟོག་ལ་བརྟེན་ནས་མི་རྟོག་པ་ བསྐྱེད་ཐབས། རྣལ་འབྱོར་གྱི་ཡན་ལག་འཕོ་བའི་གདམས་ངག །འཆི་ལྟས་བརྟག་པ་ དང་བཅས་པ། ཕ་རྒྱུད་གསང་བ་འདུས་པའི་སྦྱོར་དྲུག་བསྒོམ་ཐབས་དབང་པོ་རབ་ འབྲིང་གི་མན་ངག །མ་རྒྱུད་ཀྱེའི་རྡོ་རྗེའི་སྦྱོར་དྲུག་རླུང་གེགས་སེལ་དང་བཅས་པ། གཉོས་ཀྱི་ཁུང་པའི་སྦྱོར་དྲུག །པཎ་ཆེན་བྷི་བྷཱུ་ཏི་ཙན་ཏྲའི་གསུང་ལ་དཔྱལ་ཨ་མོ་གྷའི་ ཟིན་བྲིས། ལྷོ་པ་ཚུལ་གཞོན་གྱི་ཟིན་བྲིས། སྲེག་པ་ཚང་པའི་ཟིན་བྲིས། དཔལ་ལྡན་རྒ་ ལོའི་སྦྱོར་དྲུག །བླ་མ་ཞང་གཡུ་བྲག་པའི་སྦྱོར་དྲུག་ལ་སོགས་པ་སྦྱོར་བ་ཡན་ལག་དྲུག་ པའི་ཆོས་སྐོར་མཐའ་ཡས་པ་གསན་ཞིང༌། ཆོས་དེ་རྣམས་ཕལ་ཆེ་བ་དང༌། མཚན་ བརྗོད་ཕན་ཡོན་གྱི་འགྲེལ་པ་རྗེ་དུས་ཞབས་པས་མཛད་པ་དང༌། གྲུབ་ཆེན་ནཱ་རོ་པཎ་ ཆེན་གྱི་གདམས་ངག་གཟེར་ལྔ་ལ་སོགས་པ་ཆོས་མཆོག་ཤིན་ཏུ་མང་བ་རྣམས་དཔལ་ ལྡན་བྱང་སེམས་ཆེན་པོ་ལ་ཡང་ཞུས་ནས། ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་དེ་ཉམས་ རྟོགས་བཟང་པོ་ཕུན་སུམ་ཚོགས་པ་འཁྲུངས་ནས། གཞན་དག་ལ་ཡང་རྒྱ་ཆེར་ཡང་ དག་པར་རབ་ཏུ་སྟོན་པར་མཛད་དོ། ། དུས་འཁོར་སྤྲུལ་པས་དུས་འཁོར་སྤྲུལ་པ་ལ། ། 8-1-190 དུས་འཁོར་དབང་སྒྲུབ་དུས་འཁོར་རྒྱུད་འགྲེལ་དང༌། ། དུས་འཁོར་མན་ངག་མང་པོའི་ཆར་ཕབ་ནས། ། དེས་ཀྱང་འགྲོ་མང་དུས་འཁོར་ལམ་ལ་བཀོད། ། དཔལ་གསང་བ་འདུས་པའི་དབང་བསྐུར་དང༌། རིམ་ལྔའི་ཁྲིད་དང༌། བྱང་ཆུབ་སེམས་ འགྲེལ་ལ་སོགས་པ་དང༌། སློབ་དཔོན་ཨཱརྱ་དེ་བའི་སྤྱོད་པ་བསྡུས་པའི་སྒྲོན་མ། བདག་ བྱིན་གྱིས་བརླབ་པ། མངོན་པར་བྱང་ཆུབ་པའི་རིམ་པ། སེམས་ཀྱི་སྒྲིབ་སྦྱོང་ལ་སོགས་ གསང་འདུས་འཕགས་སྐོར་དུ་གྲགས་པའི་མན་ངག །རྒྱུད་འགྲེལ་པ་མང་དུ་ཞུས་ཤིང་ གསན། ཆོས་རྗེ་བྱང་སེམས་ཆེན་པོའི་ཞལ་སྔ་ནས་ཀྱང༌། དཔལ་གསང་བ་འདུས་པའི་རྩ་ རྒྱུད་དུ་གྲགས་པ་ལེའུ་བཅུ་བདུན་པ། རྒྱུད་ཕྱི་མ་ལེའུ་གཅིག་སྟེ་བཅོ་བརྒྱད་པ། བཤད་ རྒྱུད་ཆེན་པོ་བཞི། འགྲེལ་པ་སྒྲོན་གསལ། འཕགས་པ་ཀླུ་སྒྲུབ་ཀྱི་དབང་ཆོག་ཉི་ཤུ་པ། སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་ཆོ་ག་ཉི་ཤུ་པ། སློབ་དཔོན་སྒྲ་གཅན་འཛིན་བཟང་པོའི་ དབང་ཆོག །བསྐྱེད་རིམ་མདོར་བྱས། མདོ་བསྲེ། རྣམ་བཞག་རིམ་པ་ལ་སོགས་པ་མང་ དུ་གསན་ཅིང་ཐུགས་སུ་ཆུད་བར་མཛད་དོ། ། དཔལ་ལྡན་གསང་བ་འདུས་པའི་གཟུགས་སྐུ་ཡིས། ། དཔལ་ལྡན་གསང་བ་འདུས་པའི་གཟུགས་སྐུ་ལ། ། དཔལ་ལྡན་གསང་བ་འདུས་པའི་ཆོས་བསྟན་ཅིང༌། ། དེས་ཀྱང་གདུལ་བྱ་གསང་འདུས་ལམ་མ་བཀོད། ། དཔལ་ལྡན་བླ་མ་འཇམ་དབྱངས་ཆེན་པོ་པ་ལས། དཔལ་ཀྱེའི་རྡོ་རྗེའི་རྒྱུད་རྣམས་དང༌། དབང་དང་གདམས་ངག་མང་དུ་ཐོབ་ཅིང༌། ཀུན་སྤངས་ཀུན་ཏུ་བཟང་པོའི་ཞལ་སྔ་ ནས་ཀྱང༌། ས་བཅུའི་དབང་ཕྱུག་འཕགས་པ་རྡོ་རྗེ་སྙིང་པོས་མཛད་པའི་རང་འགྲེལ། ལམ་འབྲས་ཉག་མ། དམར་མ། དཀར་མ། ཞ་ལུགས། འབྲོམ་ལུགས། ཆོས་རྗེ་པ་ཉིད་ཀྱིས་ དག་ཐེར་མཛད་པའི་ལམ་འབྲས་ཁྱད་འཕགས། དེ་དག་སོ་སོའི་དཀྱུས། འཕོས་གེགས་ སེལ། ལོ་རྒྱུས། ལུང་སྦྱིན་དང་བཅས་པ། ལམ་སྦས་བཤད། གྲུབ་ཆེན་བཅུ། ཕྲ་མོ་བརྒྱད། 8-1-191 ཏོག་ཙེ་བའི་བསམ་མི་ཁྱབ། འཕགས་པ་ཀླུ་སྒྲུབ་ཀྱི་མཆོད་རྟེན་གྱི་དྲུང་དུ་སེམས་ཐག་ བཅད་པ། སློབ་དཔོན་ཌོཾ་བྷི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་སྦྱོར། སློབ་དཔོན་ངག་གི་དབང་ ཕྱུག་གི་ཕྱག་རྒྱ་ཆེན་པོའི་ཡི་གེ་མེད་པ། སློབ་དཔོན་ནག་པོ་པའི་གཏུམ་མོའི་ལམ་རྫོགས་ དང༌། ཡོན་པོ་བསྲང་བ། སློབ་དཔོན་པད་མ་བཛྲ་གྱིས་མཛད་པའི་ཟབ་པའི་ཚུལ་དགུ། ཆོས་རྒྱལ་ཨིན་ཏྲ་བོ་དེའི་ཕྱག་རྒྱ་བཞི་པ། དཔལ་ས་སྐྱ་པའི་བླ་མའི་རྣལ་འབྱོར་ཐུན་ མོང་མ་ཡིན་པ་ལ་སོགས་པ་དང༌། དཔལ་ལྡན་ཆོས་སྐྱོང༌། འབིར་བ་པའི་འཆི་མེད་གྲུབ་ པ་ཆ་ལག་དང་བཅས་པ། བདག་མེད་མའི་དབང༌། བྱིན་རླབས། སྒྲུབ་ཐབས་ལ་སོགས་པ་ དང༌། རྩ་ལྟུང་འཁྲུལ་སྤོང༌། ས་ཆོག། ཞི་བའི་སྦྱིན་བསྲེག །ལས་བཞིའི་སྦྱིན་བསྲེག་ལ་ སོགས་པ་མང་དུ་གསན་ཅིང་གསན། ཆོས་དེ་རྣམས་ཕལ་ཆེ་བ་དང༌། ཀོ་བྲག་པའི་ལམ་ འབྲས། དགྱེས་རྡོར་རྔོག་ལུགས་ཀྱི་དབང༌། རྒྱུད། ཁྲིད་བཀའ། ཀྱེའི་རྡོ་རྗེ་མེ་ལུགས་ཀྱི་ ཡབ་བཀའ། ཡུམ་བཀའི་དབང༌། ཆོས་སྐོར། རྔོག་ལུགས་ཀྱི་ལྷ་མོ་བཅོ་ལྔའི་དབང་ལ་ སོགས་པ་ཆོས་མང་པོ་རྣམས་ཆོས་རྗེ་བྱང་སེམས་ཆེན་པོ་ལ་ཡང་ཞུས་ཤིང་ཐུགས་སུ་ ཆུད་ནས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་མཛད་དོ། ། ཧེ་དང་བཛྲ་རྣམ་འཕྲུལ་གྱིས། ། ཧེ་དང་བཛྲ་རྣམ་འཕྲུལ་ལ། ། ཧེ་དང་བཛྲ་ཆོས་བསྟན་ནས། ། དེས་ཀྱང་འགྲོ་མང་དེ་ལ་བཀོད། ། ཀུན་སྤངས་ཆོས་རྗེའི་ཞལ་སྔ་ནས། བདེ་མཆོག་དྲིལ་བུ་པའི་དབང༌། བདེ་མཆོག་ཁ་ཆེ་ ལུགས་ཀྱི་དབང་ལ་སོགས་པ་བདེ་མཆོག་གི་དབང་བསྐུར་མང་དུ་གནང་ཞིང༌། བདེ་ མཆོག་རྩ་རྒྱུད་དུ་གྲགས་པ་ལེའུ་ལྔ་བཅུ་རྩ་གཅིག་པ། དེའི་སྟོད་འགྲེལ་གསང་བདག་ ཕྱག་ན་རྡོ་རྗེས་མཛད་པ། མངོན་པར་བརྗོད་པའི་རྒྱུད་བླ་མ། མཁའ་འགྲོ་རྒྱ་མཚོ་ལ་ སོགས་པའི་རྒྱུད་དང༌། བདེ་མཆོག་ར་ལིའི་སྐོར་གྱི་རྒྱུད་རྣམས་དང༌། བདེ་མཆོག་རིམ་ ལྔ། གྲུབ་ཆེན་གསུམ་གྱི་ལམ་འབྲས། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར། ཕྱག་རྒྱ་ཆེན་པོ་ 8-1-192 སངས་རྒྱས་མཉམ་སོར། ཕྱག་རྒྱ་ཆེན་པོ་ཐོག་བབས། ཕྱག་རྒྱ་ཆེན་པོ་གང་གཱ་མ། ཕྱག་རྒྱ་ ཆེན་པོ་ཡི་གེ་བཞི་པ། རས་ཆུང་བའི་ཕྱག་རྒྱ་ཆེན་པོ་ཐུན་འཇོག །བདེ་ཆེན་རལ་གཅིག་ གི་དབང༌། རྒྱུད། སྒྲུབ་ཐབས། མན་ངག་དང་བཅས་པ། སེམས་ཉིད་ངལ་སོ་ཆ་ལག་དང་ བཅས་པ། གྷ་ན་ཤྲཱིའི་ཆོས་སྐོར། མཁའ་འགྲོ་གསང་ཚིག་ལ་སོགས་མང་དུ་ཞུས་ཤིང༌། ཆོས་དེ་རྣམས་ཕལ་ཆེ་བ་དང༌། གཞན་ཡང་ཕྱག་རྒྱ་ཆེན་པོ་སྐུ་གསུམ་ངོ་སྤྲོད། ནཱ་རོའི་ ཆོས་དྲུག །ཇོ་བོ་རྗེའི་རོ་སྙོམས་གསུམ་གྱི་གེགས་སེལ། བསམ་གཏན་ཆོས་དྲུག་རྩ་འགྲེལ། ཇོ་བོ་ནས་བརྒྱུད་པའི་ཕག་མོ་རིན་ཆེན་རྒྱན་གྱི་བྱིན་བརླབས། སྒྲུབ་ཐབས་དམར་ཆུང་ མ། ཡེར་པ་མ། པུ་རངས་ལོ་ཆུང་ནས་བརྒྱུད་པའི་ཕག་མོ་མཁའ་སྤྱོད། ཕག་མོ་མངོན་ འབྱུང༌། བ་རེག་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་བརྡ་རྩ་བཅུ་གསུམ། ཕྱག་རྒྱ་ཆེན་པོ་ གྲུབ་སྙིང་གི་སྐོར་རྣམས་དང༌། གོ་ཆ་ལམ་ཁྱེར་ལ་སོགས་པ་ཆོས་མང་པོ་ཆོས་རྗེ་བྱང་ སེམས་ཆེན་པོ་ལ་ཡང་ཞུས་ཤིང་ཐུགས་སུ་ཆུད་ནས། གཞན་དག་ལ་ཡང་རྒྱ་ཆེར་ཡང་ དག་པར་རབ་ཏུ་སྟོན་པར་མཛད་དོ། ། བདེ་མཆོག་ཕྱག་རྒྱ་ཆེན་པོའི་སྤྲུལ་པ་ཡིས། ། བདེ་མཆོག་ཕྱག་རྒྱ་ཆེན་པོའི་སྤྲུལ་པ་ལ། ། བདེ་མཆོག་ཕྱག་རྒྱ་ཆེན་པོའི་ཆོས་བསྟན་ནས། ། དེས་ཀྱང་འགྲོ་མང་ཕྱག་རྒྱ་ཆེ་ལ་བཀོད། ། ཆོས་རྗེ་ཡབ་སྲས་སྤྲུལ་པའི་སྐུ་ཆེན་པོ་དེ་གཉིས་ཀ་ལ། མཧཱ་མ་ཡ། རྡོ་རྗེ་གདན་བཞི། སངས་རྒྱས་ཐོད་པ། གཤིན་རྗེའི་གཤེད་ལ་སོགས་པའི་དབང༌། རྒྱུད། སྒྲུབ་ཐབས་ལ་ སོགས་པའི་ཆོས་སྐོར་ཤིན་ཏུ་མང་བ་རྣམས་དང༌། འཇམ་དབྱངས་སྨྲ་སེང༌། ཨུ་རྒྱན་ སྒྲོལ་མ། སྒྲོལ་མ་ལུས་དཀྱིལ་ལ་སོགས་པ་དང༌། ཞི་བྱེད་ཀཾ་ལུགས་ཀྱི་བརྒྱུད་པའི་ལོ་རྒྱུས། ཞི་བྱེད་སྐབས་དང་པོ། བདེན་བཞི། ཆོས་ཁྱུང་དྲུག་པའི་ཁྲིད། བྱང་ཆུབ་སེམས་སྦྱོང༌། སྐྱབས་འགྲོ་གཉིས་མེད། གོ་བཟློག །ཐབས་ལམ། བྱིན་རླབས་ལ་སོགས་ཀཾ་ལུགས་ཀྱི་མན་ ངག་རྣམས་མ་ལུས་པ་གསན། ཞི་བྱེད་རྨ་ལུགས་ཀྱི་ཆོས་སྐོར། བརྒྱུད་པའི་ལོ་རྒྱུས་རྩ་ 8-1-193 བའི་ཐུན་བཅུད་ཀྱི་ཁྲིད། རྒྱབ་སྐྱོར་ཆེན་མོ། སེམས་བསྐྱེད་གོ་ཆ་ལ་སོགས་རྨ་ལུགས་ཀྱི་ ཆོས་སྐོར་རྣམས་དང༌། ཞི་བྱེད་སོ་ལུགས་ཀྱི་སྐོར་ལ། སྤྱན་རས་གཟིགས་ལམ་རིག་པ་དྲི་ མ་མེད་པ་ལ་ངོ་སྤྲད་པ། ཕྱག་ན་རྡོ་རྗེའི་རིག་པ་བརྟུལ་ཞུགས་ལ་ངོ་སྤྲད་པ། རྗེ་བཙུན་ སྒྲོལ་མ་དངོས་གྲུབ་ཀྱི་དོན་རྒྱུད་ལ་ངོ་སྤྲད་པ། སོ་སོའི་རིག་པ་གཅེར་མཐོང་གི་མན་ ངག། མཁའ་འགྲོ་སུ་ཀ་སིད་དྷིའི་ཕྱི་ནང་གསང་སྒྲུབ་འཕྲིན་ལས་བཞི་དང་བཅས་པ་ལ་ སོགས་དང་གཅོད་ཀྱི་སྐོར་རྣམས་ཀྱང་གསན་ཞིང་ཐུགས་སུ་ཆུད་པར་མཛད་ནས་ གཞན་དག་ལ་ཡང་སྟོན་པར་མཛད་དོ། ། རྙིང་མའི་སྐོར་ལ། གསང་བ་སྙིང་པོའི་དབང་ཞུས། འགྲེལ་པ་སྤར་གབ། མན་ངག་ལམ་ རིམ་ལ་སོགས་ཀྱི་སྐོར། མདོ་དགོངས་པ་འདུས་པའི་དབང་ཞུས། རྒྱུད་གསན། མན་ངག་ ལ་དང་པོ་ལྟ་བས་ཐག་བཅད་པའི་ལྟ་བའི་བྱུང་ཚུལ་བཅུ་གཉིས་ལ་སོགས་པ། བར་དུ་ བསམ་གཏན་བསྒོམས་པའི་རིམ་པ་བཅུ་གཅིག་ལ་སོགས་པ། ཐ་མ་བསླབ་པའི་གནས་ བཅུ་ལ་སོགས་པ་རྒྱ་ཆེར་གསན། ཨ་རོའི་ཐེག་ཆེན་རྣལ་འབྱོར་དང༌། ཞེན་ལོག་སྤོང་ སྒྲོན་ལ་སོགས་དང༌། སྙིང་ཐིག་གི་སྐོར་གྱི་རྒྱུད། མན་ངག་ལ་སོགས་པ་ཤིན་ཏུ་མང་པོ་ དང༌། ཡེ་ཤེས་སྤྱི་བླུགས་དང༌། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང༌། བཀའ་སྡོད་མཁའ་འགྲོ་ ཙ་མུན་ཊིའི་བྱིན་རླབས་གཏོར་ཡིག་དང་བཅས་པ། ཀུན་བྱེད་རྒྱལ་པོའི་རྩ་རྒྱུད། རྒྱུད་ཕྱི་ མ། ཕྱི་མའི་ཕྱི་མ། བཤད་རྒྱུད་མདོ་བཅུ། ཟབ་མོའི་རྒྱུད་བཞི། འགྲེལ་པ་བཞི། རྩ་བ་བཞི། ལྡེ་མིག་བཞི། མན་ངག་བཞི། སྙན་རྒྱུད་ཡི་གེ་མེད་པའི་མན་ངག་སྟེ་རྒྱབ་ཆོས་ཉི་ཤུ་རྩ་ གཅིག་ཏུ་གྲགས་པ་དང༌། ཀློང་གི་སྐོར་ལ། རྒྱ་མཚོའི་ཀློང༌། རད་དུ་བྱུང་བའི་ཀློང༌། ནམ་ མཁའི་ཀློང་ཡངས་ལ་སོགས་པ་དང༌། གབ་པའི་སྐོར་ལ། གབ་པ་འཁོར་ལོ། ལྟ་བའི་སྙིང་ པོ། གབ་པ་བཅོ་བརྒྱད་ལ་སོགས་པ་དང༌། གསང་བའི་སྐོར་ལ། ཡེ་ཤེས་གསང་བ། ཡེ་ ཤེས་རྫོགས་པ། ཉ་མོ་འཁོར་ལོ། ཉ་མོ་བག་ལ་ཉལ་ལ་སོགས་པ་དང༌། ཟབ་མོའི་སྐོར་ལ། རིན་པོ་ཆེ་རྒྱས་བ། རིན་པོ་ཆེ་སྤུངས་པ། ནམ་མཁའ་རོལ་པ། བང་མཛོད་ལྡེ་མིག །འཁོར་ བ་རྩད་གཅོད། ཡེ་ཤེས་བདུན་འབྱུང༌། རིན་པོ་ཆེ་འཁོར་ལོ། ཡེ་ཤེས་རྫོགས་པ། འཁོར་བ་ 8-1-194 དོང་སྤྲུག་ལ་སོགས་པ་དང༌། བཻ་རོ་ཙ་ནའི་འདྲ་འབག་ཆེན་མོ། ཁོག་དབུབ་གསེར་གྱི་ སྤངས་ཐེམས་བཅུ་གསུམ་དང༌། ཨ་རོའི་ཆོས་སྐོར་ལ། རྩ་བ་ཡེ་ཤེས་འཁོར་ལོ། དེའི་ཕྱག་ ཆ་ལ། སེམས་འདུལ་གྱི་ཁྲིད། མན་ངག་སྤུ་གྲི་ལྟ་བུ། རང་བྱུང༌། ཡེ་ཤེས་མ་ཤར་བ་ཤར་ བར་བྱེད་པ། ཡེ་ཤེས་ངོས་བཟུང་བའི་མན་ངག །བྱང་སེམས་ཅོག་བཞག་གི་མན་ ངག །ཉམས་མྱོང་བཅུ་གསུམ་གྱི་མན་ངག །ནད་མེད་ཐིགས་པ། སྙན་རྒྱུད་གདབ་པ་ དང༌། སྤུངས་པ། སྤུངས་པ་ལ། ཐུན་མོང་སྤུངས་པ་དང༌། ཁྱད་པར་སྤུངས་པ། སྙན་རྒྱུད་ ཐུགས་ཀྱི་སྙིང་པོ། སྟོབས་གསུམ་གྱི་མན་ངག །ཁ་འཐོར་དེ་ལྡེ་མིག་གི་སྐོར་ལ། ལོ་ཙྪ་བ་ ཟངས་དཀར་མཛོད་ཁུར་ནས་བརྒྱུད་པ་རྩ་འགྲེལ་མན་ངག་ཐོར་བུ་དང་བཅས་པ། བར་ དོ་ལྔའི་བདར་ཤ་བཅད་པ། རྒྱུད་ཡེ་ཤེས་གསང་བའི་སྒྲོན་མ། རིན་པོ་ཆེ་མན་ངག་གི་ རྒྱུད། སྐོར་ལུགས་ཀྱི་སྟོང་ཐུན། སེམས་སྡེ་བཅོ་བརྒྱད་ཀྱི་བཤད་ལུགས། རྩོལ་མེད་ཀྱི་ཁྲིད། ཟུར་ཆུང་ཤེས་རབ་གྲགས་ཀྱི་ཞལ་གདམས་བརྒྱད་ཅུ་བ། སེམས་ཉིད་ལྟ་བའི་མེ་ལོང༌། བསམ་གཏན་མིག་སྒྲོན་རྩ་འགྲེལ། ཡེ་ཤེས་གསང་སྒྲོན་ལ་སོགས་པ་མང་དུ་གསན། སངས་རྒྱས་མཁྱེན་པ་བསམ་མི་ཁྱབ། །རྒྱལ་སྲས་མཁྱེན་པ་བསམ་མི་ཁྱབ། །དེ་སླད་བླ་ མའི་མཁྱེན་པ་ཡང༌། །བསམ་མི་ཁྱབ་པར་ཤེས་པར་བྱ། །རྒྱལ་བའི་ཐུགས་རྗེས་མཁའ་ དབྱིངས་ཁྱབ། །རྒྱལ་སྲས་ཐུགས་རྗེས་མཁའ་དབྱིངས་ཁྱབ། །དེ་ཕྱིར་བླ་མའི་ཐུགས་རྗེ་ ཡིས། །མཁའ་དབྱིངས་ཁྱབ་པར་ཤེས་པར་བྱ། །རྒྱལ་བའི་བྱིན་རླབས་མཚུངས་པ་མེད། ། རྒྱལ་སྲས་བྱིན་རླབས་མཚུངས་པ་མེད། །དེ་སླད་བླ་མའི་བྱིན་རླབས་ཀྱང༌། །མཚུངས་པ་ མེད་ལ་སྐྱབས་སུ་མཆི། ། དགུང་ལོ་སུམ་ཅུ་རྩ་བདུན་བཞེས་པའི་དུས། བྱ་ལོ་སྨིན་དྲུག་གི་ཟླ་བ་ལ། བླ་བྲང་བཞི་ ཐོག་ཏུ་ཆོས་རྗེ་འཇམ་དབྱངས་ཆེན་པོས་མཁན་པོ་མཛད། ཀུན་སྤངས་ཀུན་ཏུ་བཟང་ པོས་ལས་ཀྱི་སློབ་དཔོན་མཛད། བླ་མ་ཡེ་ཤེས་རྒྱལ་མཚན་པས་གསང་སྟེ་སྟོན་པ་མཛད། དད་པའི་དགེ་འདུན་གྲངས་དང་མཚན་ཉིད་ཕུན་སུམ་ཚོགས་པ་ཚང་བ་མང་པོའི་ དབུས་སུ་བསྙེན་པར་རྫོགས་པར་མཛད་དེ། དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་ 8-1-195 ཏོ། །འདི་ནི་རིག་པ་འཛིན་པ་རྣམས་ཀྱི་ནང་ན་རབ་དང་མཆོག་ཏུ་གྱུར་པ་སྟེ། ཇི་སྐད་ དུ། དེ་ཉིད་བཅུ་ནི་ཡོངས་ཤེས་པའི། །གསུམ་ལས་དགེ་སློང་མཆོག་ཡིན་ཏེ། །འབྲིང་པོ་ དགེ་ཚུལ་ཉིད་དུ་བརྗོད། །ཁྱིམ་ན་གནས་པ་ཐ་མ་ཡིན། །ཞེས་རྡོ་རྗེ་འཆང་ཆེན་པོས་ ལེགས་པར་བཀའ་སྩལ་པའི་ཕྱིར་རོ། །དེ་ལྟ་བས་ན་དགེ་སློང་རྡོ་རྗེ་འཛིན་པ་ལ་བསྟོད་ བཀུར་བསྔགས་པ་ཡང་ཡང་གསུང་ཞིང༌། དགེ་ཚུལ་ལ་ཡང་དེ་བཞིན་ཏེ། །རབ་ཏུ་བྱུང་ བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ ཡི། །བྱང་ཆུབ་སེམས་དཔའ་ཁྱད་པར་འཕགས། །ཞེས་པའི་ལུང་དེ་ཡང་ཡང་འདྲེན་པར་ མཛད་དོ། །གཞན་ཡང་ཐེག་པ་ཆེན་པོ་པ་ལ་བྱམས་སྙིང་རྗེ་དང་ཕན་སེམས་ཆེན་པོ་ མེད་ཀ་མེད་ཡིན་པས་ཅི་ལ་ཐུགས་ཀྱང་ངེས་པར་དགོས་སོ་ཞེས་ཡང་ཡང་གསུང་ཞིང༌། ཕྱག་ལེན་ལ་ཡང་འདེབས་ལུང་ཡང་འདྲེན་པར་མཛད་དེ། ཇི་སྐད་དུ། ཚངས་པའི་ གནས་ལ་གནས་པ་ཡི། །བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེས་ནི་ཚོགས་རྣམས་རྫོགས་ བྱེད་ཅིང༌། །སེམས་ཅན་དག་ཀྱང་རྣམ་སྨིན་བྱེད། །ཀུན་ཏུ་ཚངས་དང་མི་འབྲལ་ལ། །དེ་ ཡི་མི་མཐུན་ཕྱོགས་དང་བྲལ། ། བག་མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་བཟད་པས་ཀྱང་མི་ འགྱུར་རོ། །བྱང་ཆུབ་སེམས་དཔའ་གནོད་སེམས་དང༌། །རྣམ་འཚེ་མི་དགའ་གནོད་ སེམས་དང༌། །འདོད་པའི་འདོད་ཆགས་དང་ལྡན་པ། །ཉེས་དམིགས་རྣམ་པ་མང་ལ་ རེག །ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་ འཇོམས། །ཉམས་བཅས་རྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་ བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམ་རྣམས་སུ་སྐྱེ། ། ཐོབ་དང་མ་ཐོབ་ཉམས་པས་ཡིད་ ལ་སྡུག་བསྔལ་ཆེན་པོ་འཐོབ། །ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ ལ་མི་འབྱུང་སྟེ། །ཉོན་མོངས་ཅན་མིན་སེམས་ཅན་གྱི། ། དོན་དུ་འཁོར་བའང་ཡོངས་མི་ གཏོང༌། །ཇི་ལྟར་རྒྱལ་བའི་སྲས་རྣམས་སེམས་ཅན་ལ། ། བྱམས་པ་ལ་སོགས་སེམས་ དཔའ་འདི་འབྱུང་བ། །སེམས་ཅན་ཐམས་ཅད་ཡོན་ཏན་ལྡན་པ་ཡི། །བུ་གཅིག་པ་ལ་དེ་ ལྟར་མ་ཡིན་ནོ། །རབ་འབར་དགྲ་ཡི་དབང་དུ་སོང༌། །སྡུག་བསྔལ་གྱིས་ནོན་མུན་པས་ 8-1-196 བསྒྲིབས། །བགྲོད་དཀའི་ལམ་ལ་ཀུན་ཏུ་ཞུགས། །འཆིང་བ་ཆེ་དང་ཡང་དག་ལྡན། །ཟས་ ཆེན་དུག་དང་འདྲེས་ལ་ཞེན། །ལམ་ནི་རབ་ཏུ་སྟོར་གྱུར་པ། །ལམ་གོལ་རབ་ཞུགས་ སྟོབས་ཆུང་བའི། །སེམས་ཅན་རྣམས་ལ་སྙིང་རྗེའོ། །འཚེ་སྤངས་བྱང་ཆུབ་མཆོག་གི་ས་ བོན་དང༌། །བདེ་བ་སྐྱེད་དང་གདུང་བྱེད་འདོད་པའི་རྒྱུ། །ངོ་བོ་ཉིད་སྦྱིན་ཆོས་ལ་བརྟེན་ པ་ཡི། །རྒྱལ་བའི་སྲས་ལ་བྱང་ཆུབ་ཐག་མི་རིང༌། །སྙིང་རྗེ་བློ་མཆོག་འཁོར་བར་གཏོགས་ པ་ཡི། །སྡུག་བསྔལ་བདག་ཉིད་ཀུན་དང་བདག་མེད་པའང༌། །རྣམ་པར་ཤེས་ནས་སྐྱོ་ བར་མི་འགྱུར་ཞིང༌། །ཉེས་པས་རབ་གནོད་པར་ཡང་མི་འགྱུར་རོ། །འཇིག་རྟེན་སྡུག་ བསྔལ་བདག་ཉིད་ལྟ་བ་ཡི། །བརྩེ་དང་ལྡན་པ་སྡུག་བསྔལ་དེ་དང་ནི། །དེ་ཡོངས་སྤོངས་ པའི་ཐབས་ཀྱང་ཅི་བཞིན་རིག །ཉམ་ང་བར་བྱེད་སྐྱོ་བར་ཡང་མི་འགྱུར། ། སྙིང་རྗེའི་ བདག་ཉིད་ཅན་གྱི་བརྩེ་བ་འདི། །རང་གཞན་དང་ནི་སོ་སོར་བརྟགས་པ་དང༌། །དེ་ སྔོན་གོམས་པར་བྱས་དང་ལྡན་པ་དང༌། །མི་མཐུན་ཕྱོགས་ཉམས་རྣམ་དག་ཐོབ་པས་ བཞི། །མཉམ་དང་བརྟག་མིན་ལྷག་པའི་བསམ་པས་མིན། །སྒྲུབ་པའི་སྒོ་དང་འདོད་ ཆགས་བྲལ་བ་དང༌། །མི་དམིགས་པས་མིན་གང་དེ་བརྩེ་མིན་ཏེ། །དེ་བཞིན་བརྩེ་མེད་ གང་དེ་བྱང་ཆུབ་མིན། །སྙིང་རྗེ་དང་ནི་བཟོད་དང་སེམས་དཔའ་དང༌། །སྨོན་ལམ་སྐྱེ་བ་ སེམས་ཅན་ཡོངས་སྨིན་བྱེད། །དང་པོ་རྩ་བ་ཐ་མ་འབྲས་མཆོག་ལྡན། །འདི་ནི་སྙིང་རྗེའི་ ལྗོན་ཤིང་བཟང་པོ་ཡིན། །རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་སྤྱོད་བཟོད་པ་ཉིད་མི་ འགྱུར། ། བློ་ལྡན་སྡུག་བསྔལ་མི་བཟོད་ན། །སེམས་ཅན་དོན་སེམས་ཉིད་མི་ འགྱུར། །སེམས་དཔའ་དང་ནི་བྲལ་བའི་བློ། །སྐྱེ་བ་དཀར་པོ་རྣམ་དག་ཏུ། །སྨོན་ལམ་ འདེབས་པར་མི་འགྱུར་རོ། ། སྐྱེ་བ་བཟང་པོ་མ་ཐོབ་ན། །སེམས་ཅན་ཡོངས་སྨིན་བྱེད་མི་ འགྱུར། །སྙིང་རྗེའི་འཆུ་བ་བྱམས་པ་སྟེ། །དེ་སྡུག་བསྔལ་ན་བདེ་བ་ཡིས། །སངས་རྒྱས་ ཚུལ་བཞིན་ཡིད་བྱེད་པས། ། ཡལ་ག་རྒྱ་ཆེར་འཕེལ་བ་དང༌། །སྨོན་ལམ་རྒྱུན་ནི་མ་ བཅད་པས། །ལོ་མ་འདོར་ལེན་རྐྱེན་རྣམ་གཉིས། །གྲུབ་པ་དེ་ཕྱིར་མེ་ཏོག་དང༌། །འབྲས་ བུ་དོན་ཡོད་ཤེས་པར་བྱ། །སྙིང་རྗེ་ཆེན་པོ་ཡོན་ཏན་འབྱུང་གནས་ཀྱི། །སེམས་ཅན་ 8-1-197 རྣམས་ལ་སྙིང་རྗེ་སུ་མི་བྱེད། །འདི་ལྟར་འདི་དག་ལ་ནི་སྡུག་བསྔལ་ཡང༌། །བརྩེས་བསྐྱེད་ བདེ་བ་གཞལ་དུ་མེད་པ་འབྱུང༌། །སྙིང་རྗེས་ཟིན་པའི་བརྩེ་ལྡན་རྣམས། །ཞི་ལའང་ཡིད་ ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་འགྱུར་བ་སྨོས་ཅི་ དགོས། །ཁ་ན་མ་ཐོ་མེད་པའི་བྱམས་པ་གང༌། ། དེ་ནི་ཡོད་མིན་འཇིག་རྟེན་པ་ཡང་ མིན། །བློ་ལྡན་རྣམས་ཀྱི་བརྩེ་བས་བྱམས་པ་ནི། །ཁ་ན་མ་ཐོ་མེད་ཅིང་འཇིག་རྟེན་ འདས། །སྡུག་བསྔལ་དཔའ་རྒལ་ཆེ་དང་མི་ཤེས་པའི། །མུན་པ་ཆེ་ལ་བརྟེན་པར་གྱུར་པ་ ཡི། །འཇིག་རྟེན་འདྲེན་པའི་ཐབས་གང་ཡིན་པ་དེ། །ཇི་ལྟར་ཁ་ན་མ་ཐོ་མེད་མི་ འགྱུར། །འཇིག་རྟེན་བྱང་ཆུབ་རང་སངས་རྒྱས་པ་ཡི། །དགྲ་བཅོམ་རྣམས་ལའང་བྱམས་ པ་དེ་མེད་ན། །དེ་ལས་གཞན་ལྟ་སྨོས་ཀྱང་ཅི་དགོས་པ། །ཇི་ལྟར་འཇིག་རྟེན་འདས་པ་ མ་ཡིན་འགྱུར། །བྱང་ཆུབ་སེམས་དཔའ་སྡུག་བསྔལ་མེད། །བརྩེ་བས་སྡུག་བསྔལ་འགྱུར་ བ་གང༌། །དེ་ལ་དང་པོར་ཀུན་ཏུ་སྐྲག །རེག་ནས་ཤིན་ཏུ་མངོན་པར་དཀའ། །བརྩེ་བས་ བསྐྱེད་པའི་སྡུག་བསྔལ་འཇིག་རྟེན་གྱི། །བདེ་བ་ཐམས་ཅད་ཟིལ་གྱིས་གནོན་འགྱུར་ ཞིང༌། །དོན་བྱས་རྣམས་ཀྱང་དེ་དང་མི་ལྡན་གང༌། །དེ་ལ་ངོ་མཚར་ཆེ་བ་ཅི་ཞིག་ཡོད། ། བརྟན་པའི་བརྩེ་དང་ལྡན་པའི་སྦྱིན་པ་ཡིས། །སྦྱིན་པའི་བདེ་བ་བྱེད་པ་གང་ཡིན་པ། །དེ་ ལ་ཁམས་གསུམ་ཉེ་བར་སྤྱད་རྣམས་ཀྱིས། །བདེ་བ་དེ་ཡིས་ཆར་ཡང་མི་ཕོད་དོ། །སེམས་ ཅན་དོན་ཕྱིར་བརྩེ་བས་སྡུག་བསྔལ་གྱི། །རང་གཞན་འཁོར་བ་གང་ཡིན་མི་གཏོང་ན། ། སྙིང་རྗེ་ཅན་རྣམས་གཞན་ལ་ཕན་པའི་ཕྱིར། །སྡུག་བསྔལ་ཅི་སྟེ་ཁས་ལེན་བྱེད་མི་ འགྱུར། །བརྩེ་དང་ལྡན་པ་སྙིང་རྗེའི་སྦྱིན་པ་དང༌། །ལོངས་སྤྱོད་དང་ནི་དེ་ལས་བྱམས་ པ་དང༌། །རྗེས་སུ་བཟུང་བས་སྐྱེད་དང་དེ་ཡི་མཐུས། །བྱས་པའི་བདེ་བ་རྟག་ཏུ་འཕེལ་ བར་འགྱུར། །སྙིང་རྗེ་རྒྱས་པར་བྱ་ཞིང་འཕེལ་བར་བྱ། །སྦྱིན་ལ་ཡོངས་སྨིན་བྱ་ཞིང་བདེ་ བར་བྱ། །ཀུན་ཏུ་དྲང་བར་བྱ་ཞིང་བཀྲི་བྱ་ཞེས། །ཞན་པ་རྣམས་ལ་རབ་ཏུ་སྨྲ་དང་ འདྲ། །སྙིང་རྗེས་སྡུག་བསྔལ་དག་གིས་སྡུག་བསྔལ་བ། །བདེ་མ་བསྐྱེད་པར་གང་གིས་བདེ་ བར་འགྱུར། །དེ་ཕྱིར་བརྩེ་དང་ལྡན་པས་གཞན་བདེ་བ། །བསྐྱེད་ནས་བདག་ཉིད་བདེ་ 8-1-198 བར་བྱེད་པ་ཡིན། ། སྙིང་རྗེ་ཅན་ནི་རྟག་ཏུ་རང་སྦྱིན་ལ། །སྟོན་དང་འདྲ་སྟེ་རང་བདེ་མི་ འདོད་པ། །ལོངས་སྤྱོད་རྣམས་ཀྱིས་གཞན་དག་བདེ་བར་གྱིས། །ཡང་ན་ཐ་དད་མིན་ བདེ་བདག་ལའང་མིན། །དེ་བདེས་བདེ་བ་བདག་གིས་སྦྱིན་པ་ནི། །འབྲས་དང་བཅས་ ཏེ་སེམས་ཅན་རྣམས་ལ་བྱིན། ། གལ་ཏེ་ཁྱོད་ཀྱིས་བདག་ལ་བྱ་བ་ཡོད། །དེ་དག་ཉིད་ལ་ ཤིན་ཏུ་འབྲས་བུར་བྱོས། །སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་པ། །ལོངས་སྤྱོད་ཤིན་ཏུ་ མང་ལ་བཟང་དང་ཕྲད། །བདག་ནི་བདེ་བ་དེ་འདོད་མ་ཡིན་ཏེ། །འདི་ལྟར་བདག་ནི་ སྦྱིན་ལ་རྒྱུད་དང་ལྡན། །བདག་ནི་རྟག་ཏུ་བརྩེ་བས་བདོག་པ་ཀུན། །ཡོངས་སུ་གཏོང་བ་ གང་ཡིན་དེ་ལྟོས་ལ། །དེས་ན་ཁྱོད་ཀྱིས་བདག་ནི་དེ་འབྲས་ལ། །དོན་གཉེར་མེད་པ་ཉིད་ དུ་ཤེས་པར་བྱ། །གལ་ཏེ་ཁྱོད་འབྲས་ཐོབ་པ་མི་གཏོང་ན། །སྦྱིན་ལ་མངོན་དགའ་ཡིན་ པར་མི་འགྱུར་ཏེ། །འདི་ལྟར་སྐད་ཅིག་ཙམ་ཡང་སྦྱིན་མེད་ན། །སྦྱིན་ལ་མངོན་པར་ དགའ་བ་ཉིད་མ་ཡིན། །མ་བྱས་པ་ལ་འབྲས་བུ་མི་འབྱིན་ཏེ། །འདི་ལྟར་ལན་ལྟས་བདག་ གི་ཆ་མ་ཡིན། །ཁྱོད་ཀྱི་ལན་ལ་ལྟ་དང་བྲལ་བས་ན། །འབྲས་བུ་ཤིན་ཏུ་གཞན་ལ་གཏོང་ བ་ཡིན། །རྒྱས་སྲས་རྣམས་ཀྱི་བརྩེ་བས་སྦྱིན་པ་ནི། ། ཁ་ན་མ་ཐོ་མེད་ཅིང་དག་པའི་ གཞི། །བདེ་བ་འདྲེན་པར་བྱེད་པ་ཉིད་དང་ནི། །རྗེས་སུ་བསྲུང་བཅས་ཚོལ་མེད་གོས་པ་ མེད། །རྒྱལ་སྲས་རྣམས་ཀྱི་བརྩེ་བས་སྦྱིན་པ་ནི། །མཐའ་དག་རྒྱ་ཆེན་གཙོ་དང་རྟག་པ་ དང༌། །དགའ་དང་ཟང་ཟིང་མེད་དང་དག་པ་དང༌། །བྱང་ཆུབ་ལ་གཞོལ་དགེ་ལ་ གཞོལ་བ་ཡིན། །ཇི་ལྟར་བདེ་བ་གསུམ་གྱིས་ཚིམ་པའི་ཡིད། ། བརྩེ་ལྡན་ཡོངས་སུ་གཏོང་ བས་དགའ་འགྱུར་བ། །ལོངས་སྤྱོད་ཅན་དག་ཉེ་བར་སྤྱད་པ་ཡིས། །དེ་ལྟར་དགའ་བར་ འགྱུར་བ་མ་ཡིན་ནོ། །བཀྲེན་ལ་བརྩེ་དང་མ་རུང་པ་ལ་བརྩེ། ། ཀུན་འཁྲུག་ལ་བརྩེ་བག་ མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་བརྩེ་དང༌། །ལོག་པར་མངོན་ ཞེན་ཅན་ལ་སྙིང་བརྩེའོ། །བདེ་དང་སྡུག་བསྔལ་དེ་རྒྱུ་ལས། །བྱང་ཆུབ་སེམས་དཔའི་ སྙིང་རྗེ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་སྙིང་ རྗེའོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི། །མཉམ་པར་ཤེས་བྱ་དེ་བསམ་ཕྱིར། ། བསྒྲུབ་ 8-1-199 ཕྱིར་འདོད་ཆགས་བྲལ་ཕྱིར་དང༌། །མི་དམིགས་ཕྱིར་དང་དག་ཕྱིར་རོ། །རང་གི་སེམས་ ཀྱིས་བྱམས་ལ་སོགས། །སྒོམ་པ་ཆོས་ལ་མོས་པ་དང༌། །བསམ་དང་དབང་འབྱོར་ཉིད་ དང་ནི། །རྣམ་པར་མི་རྟོག་ཅིག་ཕྱིར་མཆོག །ཅེས་དང༌། བྱང་ཆུབ་སེམས་དཔའི་སྦྱིན་པ་ ནི། ། སེམས་ཅན་གཅིག་བདེ་བསྐལ་མང་དུ། །གནོད་པ་བྱེད་ཀྱང་དགར་འགྱུར་ན། །དེ་ ལས་བཟློག་པ་སྨོས་ཅི་དགོས། །ལུས་ཅན་རྣམས་ནི་གང་ཕྱིར་ནོར་འདོད་པ། །བརྟན་ རྣམས་དེ་ཉིད་ལུས་ཅན་རྣམས་ལ་གཏོང༌། །སྐྱེ་བོ་རྣམས་ནི་ལུས་ཕྱིར་ནོར་འདོད་དེ། །དེ་ ཉིད་བརྟན་རྣམས་བརྒྱ་ཕྲག་རྣམས་སུ་གཏོང༌། །གང་ཚེ་ལུས་ཉིད་གཏོང་ཡང་ཡིད་སྡུག་ མི་བསྔལ་བ། ། དེ་ཚེ་རྫས་ངན་ལྟ་ལ་སྨོས་ཀྱང་ཅི་ཞིག་དགོས། །དེ་འདིའི་འཇིག་རྟེན་ འདས་པ་དེ་དེས་དགར་འགྱུར་བ། །གང་ཡིན་དེ་ནི་དེའི་ཡང་བླ་མ་ཡིན། །ཇི་ལྟར་བློ་ ལྡན་འདི་ན་ཀུན་གཏོང་བས། །དོན་གཉེར་སྐྱེ་བོ་དགའ་བས་དགའ་བ་ལྟར། །དེ་ལྟར་ སློང་མོ་པ་དག་བླང་བྱ་བ། །འདོད་དགུ་ཐོབ་པ་དག་གིས་དགའ་མི་འགྱུར། །བློ་ལྡན་ བདོག་དགུ་བཏང་བས་ནོར་མེད་པ། །བདག་ཉིད་ནོར་ལྡན་སེམས་དཔའ་ཇི་ལྟ་ བར། །སློང་བ་ལོངས་སྤྱོད་ཀུན་རྫོགས་བདག་ཉིད་ནི། །དེ་ལྟར་ནོར་དང་ལྡན་པར་མི་ སེམས་སོ། །ཇི་ལྟར་བློ་ལྡན་འདི་ན་སྦྱིན་པ་བཟང་པོ་ཚུལ་བཞིན་དུ། །དོན་གཉེར་ཚིམ་ བྱས་དེ་ལ་ཕལ་ཆེན་འདོགས་པར་སེམས་པ་ལྟར། །དེ་བཞིན་སློངས་མོ་པ་དག་ཤིན་ཏུ་ ནོར་མང་ཐོབ་ནས་ནི། །སྦྱིན་པ་པོ་ལ་རྙེད་པའི་རྒྱུ་ཡིས་དྲིན་དུ་མི་རྩིའོ། །ལམ་ཀའི་ འབྲས་མཆོག་ལྡན་པའི་ལོངས་སྤྱོད་ཤིང་ལས་ཇི་ལྟ་བར། །ལུས་ཅན་རྣམས་ཀྱིས་གང་གི་ ནོར་རྫས་རྒྱ་ཆེན་བླངས་ནས་ནི། །བདག་ཉིད་དོགས་དང་བྲལ་བར་རང་ཉམས་སྤྱོད་ པར་བྱེད་པ་ལ། །བཏང་དགའ་ལོངས་སྤྱོད་ཅན་དེ་བྱང་ཆུབ་སེམས་དཔའ་ལས་གཞན་ མིན། །ཞེས་སོགས་ཟབ་ཅིང་རྒྱ་ཆེ་བ་མང་དུ་གསུངས། གཞན་ཡང་བསད་ཤ་སྤྱོད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ ཀྱིས་རབ་ཏུ་བཀག་ཅིང༌། མཆོག་ཏུ་བཀག་ལ་ལ་ཤིན་ཏུ་བཀག་ནའང་དགེ་བཤེས་ལ་ ལའི་བསམ་པ་ལ་མ་བཀག་ཅིང་གནང་བ་ཡིན་པས་ཆོས་དང་མི་འགལ་ཞིང་མཐུན་ནོ་ 8-1-200 སྙམ་ནས་སྤྱད་པས་དེ་དག་གི་རྗེས་འཇུག་ཐམས་ཅད་ཀྱིས་བསམ་པ་ལའང་འདི་ཀ་ ཆོས་ཀྱི་ལུགས་རང་ཡིན་སྙམ་པའི་ལོག་ཤེས་ཀྱི་རབ་རིབ་ཀྱིས་བློ་མིག་བསྒྲིབས་ནས་ཆོས་ ཀྱི་གནད་མ་མཐོང་ཞིང་མ་རྟོགས་པ་རྣམས་ཀྱི་ལྟ་སྤྱོད་ལོག་པ་ལ་ཞེན་པ་ལོག་ཅིང༌། ཆོས་ཀྱི་གནད་ཡིན་པ་ནས་རྟོགས་ཏེ། བསད་ཤ་སྤོང་བའི་ཐུགས་དགོངས་ཀྱང་སྔ་མོ་ ནས་ཐུགས་ལ་འཁྲུངས་པར་འགྱུར་ཏེ། དེའི་རྒྱུ་མཚན། སངས་རྒྱས་ཀྱི་བསྟན་པ་ནི་ཐོག་ མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཡིན་གྱི། ཐོག་མར་མི་དགེ་བའམ། བར་དུ་ མི་དགེ་བའམ། ཐ་མར་མི་དགེ་བ་ནི་དམ་པའི་ཆོས་མ་ཡིན་པའི་ཕྱིར་དང༌། སངས་རྒྱས་ ཀྱི་ཆོས་ནི། སྡིག་མ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ ནི་ཡོངས་སུ་འདུལ། ། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སངས་རྒྱས་བསྟན་པའི་ དོན་དེ་གསུམ་ལ་གསུངས་པའི་ཕྱིར་དང༌། སེམས་ཅན་ལ་འཚེ་བ་ནི་བསྟན་པ་ལས་ཕྱི་ རོལ་ཏུ་གྱུར་པ་རྣམས་ཀྱི་ལུགས་ཡིན་གྱི། སངས་རྒྱས་ཀྱི་བསྟན་པ་ནི་སྙིང་རྗེས་ཁྱད་པར་ དུ་བྱས་པ་ཡིན་ནོ། །ཞེས་ཆུ་ཚགས་གཏོད་པས་ཉེ་བར་མཚོན་ནས་སེམས་ཅན་ཐམས་ ཅད་ལ་གནོད་འཚེ་སྤོངས་ཤིག །ཅེས་མཁན་པོའི་གསུང་གིས་ཉེ་བར་བསྟན་པའི་ཕྱིར་ དང༌། རང་གི་ལུས་ལ་དཔེ་ལོང་ལ། ། གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གཞན་ལ་ གནོད་པའི་ཆོས་ནི་ཐེག་དམན་གྱི་ཆོས་སུ་ཡང་མི་རུང་ན། ཐེག་ཆེན་གྱི་ཆོས་སུ་ལྟ་ག་ལ་ རུང་བའི་ཕྱིར་དང༌། སྙིང་རྗེ་མེད་ན་བྱང་ཆུབ་ཀྱི་སེམས་མེད་ཅིང༌། དེ་མེད་ན་ཐེག་ ཆེན་པར་མི་རུང་ལ། ཆོས་བྱས་ཀྱང་ཐེག་ཆེན་གྱི་ལམ་དུ་མི་འགྱུར་བར་གསུངས་པའི་ ཕྱིར་དང༌། བྱང་ཆུབ་སེམས་དཔའ་ལ་བདག་གཞན་མཉམ་བརྗེ། བྱང་ཆུབ་ཀྱི་སེམས་ མེད་ཀ་མེད་དུ་གསུངས་ཤིང༌། བསད་ཤ་བསྟེན་ན་བདག་གཞན་བརྗེ་བ་ལྟ་ ཞོག །བདག་གཞན་མཉམ་པ་ཙམ་ཡང་མེད་པར་འགྱུར་བའི་ཕྱིར་དང༌། སེམས་ཅན་ ཐམས་ཅད་དྲིན་ཅན་ཕ་མ་ཡིན་པས་དེ་གསོད་པའམ་གསོད་པ་ལ་བསྐུལ་ན་ཕ་མ་ལ་ གནོད་འཚེ་བྱས་པར་འགྱུར་བའི་ཕྱིར་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ སྙིང་པོ་ཅན་ཡིན་པས་ཡི་དམ་ལྷའི་རང་བཞིན་ཅན་དུ་བཞུགས་པ་ལ་གནོད་འཚེ་བྱས་ 8-1-201 ན། སངས་རྒྱས་ཐམས་ཅད་མི་གཉེས་ཤིང༌། གསང་སྔགས་ཀྱི་དམ་ཚིག་ཉམས་པར་ འགྱུར་བའི་ཕྱིར་དང༌། སེམས་ཅན་གྱི་སྲོག་ལ་གནོད་ན་བྱམས་པ་དོར་བ་ཆེན་པོར་ འགྱུར་བས་རྩ་ལྟུང་བཞི་པར་འགྱུར་བའི་ཕྱིར་དང༌། སངས་རྒྱས་ཀྱི་བཀའ་ལས་འདས་ པས་རྩ་ལྟུང་གཉིས་པ་དང༌། བླ་མ་དམ་པའི་ལྐོག་ཏུ་བསད་ཤ་ཟོས་ན་བླ་མ་དམ་པའི་ ལྐོག་ཏུ་མི་དགེ་བ་བྱས་པས་རྩ་ལྟུང་གཉིས་པར་འགྱུར་བའི་ཕྱིར་དང༌། བླ་མ་དམ་པའི་ མངོན་སུམ་དུ་བསད་ཤ་ཟོས་ན་དེའི་མངོན་སུམ་དུ་མི་དགེ་བ་བྱས་པས་རྩ་ལྟུང་དང་ པོར་འགྱུར་བའི་ཕྱིར་དང༌། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལས་ཀྱང་ཡོངས་སུ་ཉམས་པར་ འགྱུར་བའི་ཕྱིར་དང༌། ཡུམ་ཆེན་མོར་ཡང༌། ཉིང་ཤ་ཉིང་གིས་ཟོས་ན་ངན་སོང་གསུམ་ ལས་མི་ཐར་བར་གྱུར་ཏ་རེ། ཞེས་ལེགས་པར་དཀའ་སྩལ་པའི་ཕྱིར་དང༌། ལང་ཀར་ གཤེགས་པར་ཡང༌། བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ ཐམས་ཅད་མི་བཟའོ། །ཞེས་དང༌། དྲི་ང་འཕགས་མིན་རྣམས་ཀྱིས་བསྟེན། །མི་སྙན་པ་ ཡང་བྱེད་པ་སྟེ། །ཉ་ནི་ཤ་ཟན་དག་གི་ཟས། །བཟའ་མིན་བྱ་ཞེས་བཅོམ་ལྡན་ གསུངས། །ཟོས་ན་ཉེས་པ་གང་ཡིན་པ། །ཤ་ཟ་དེ་ལ་གང་ཡོད་དང༌། ། མ་ཟོས་པ་ཡི་ཕན་ ཡོན་དག །བློ་གྲོས་ཆེན་པོས་ཤེས་པར་གྱིས། །འཁྲུལ་པ་དང་ནི་གཉེན་བཤེས་དང༌། །ཁུ་ བ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ནི་དངང་འགྱུར་བས། ། རྣལ་འབྱོར་ཅན་ གྱིས་ཤ་མི་བཟའ། །ཤ་རྣམས་དང་ནི་སྒོག་ཙོང་དང༌། །ཆང་དག་རྣམ་པ་སྣ་ཚོགས་ དག །ཀིའུ་དང་སྒོག་སྐྱ་དེ་བཞིན་དུ། །རྣལ་འབྱོར་ཅན་གྱིས་རྟག་ཏུ་སྤངས། །འབྲུ་མར་ གྱིས་ཀྱང་བྱུག་བ་ཡང༌། །ཁྲི་ལ་བརྟེན་པའི་སེམས་ཅན་རྣམས། །བུ་ག་བུ་གར་འཇིག་ འགྱུར་ཕྱིར། །ཁྲི་ལ་ཉལ་བར་མི་བྱའོ། །ཞེས་དང༌། ཁྱེ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་ལས་ཅན། །ངུ་འབོད་བྱེད་ལ་སོགས་ པར་གཙོ། །གང་གིས་ཐུབ་བའི་བཀའ་འདས་ཏེ། །བསམ་པ་ངན་པས་ཤ་ཟ་ན། །འཇིག་ རྟེན་གཉིས་ནི་གཞིག་པའི་ཕྱིར། །ཤཱཀྱའི་བསྟན་ལས་བརྟུལ་ཞུགས་བླངས། །ཤིན་ཏུ་མི་ བཟད་དམྱལ་བར་ཡང༌། །སྡིག་པའི་ལས་ཅན་དེ་དག་འདོད། །མ་རུང་ངུ་འབོད་ལ་ 8-1-202 སོགས་སུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་ བརྟགས་པ་དང་མ་སླངས་དང༌། །མ་བསྐུལ་བ་ཡང་ཡོད་མེད་པས། །དེ་བས་ཤ་ནི་མི་ ཟའོ། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ང་དང་སངས་རྒྱས་དག་གིས་བཤད། །སེམས་ ཅན་གཅིག་ལ་གཅིག་ཟ་བས། །ཤ་ཟན་དག་གི་རིགས་སུ་སྐྱེ། །དི་མི་ཞིམ་ཞིང་སྨད་པ་ དང༌། །སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར། །གདོལ་པ་སྨེ་ཤ་ཅན་རིགས་དང༌། །བཙོ་བླག་ མཁན་དུ་ཡང་ཡང་སྐྱེ། །མཁའ་འགྲོའི་རིགས་ཀྱི་སྐྱེ་གནས་དང༌། །ཤ་ཟའི་རིགས་སུ་སྐྱེ་ བར་འགྱུར། །མི་ཡི་ཐ་ཤལ་དེ་དག་ནི། །སྲིན་པོ་བྱི་ལའི་མངལ་དུ་སྐྱེ། །གླང་པོའི་རྩལ་ དང་སྤྲིན་ཆེན་དང༌། ། མྱ་ངན་འདས་དང་སོར་དང་ཕྲེང༌། །ལང་ཀར་གཤེགས་པའི་མདོ་ ལས་ཀྱང༌། །ངས་ནི་ཤ་ཡང་རྣམ་པར་སྤངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ དང༌། །ཉན་ཐོས་རྣམས་ཀྱིས་སྨད་པ་ལ། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་ བར་འགྱུར། །ཤ་ལ་སོགས་པ་སྤངས་པའི་ཕྱིར། །བྲམ་ཟེའི་རིགས་དང་རྣལ་འབྱོར་ ཅན། །ཤེས་རབ་ཅན་དང་ནོར་ལྡན་པར། །དེ་དག་རྣམས་ནི་སྐྱེ་བར་འགྱུར། །མཐོང་དང་ ཐོས་དང་དོགས་པ་ཡིས། །ཤ་རྣམས་ཐམས་ཅད་རྣམ་པར་སྨད། །ཤ་ཟན་རིགས་སུ་སྐྱེས་ པ་ཡི། །རྟོག་གེ་པ་རྣམས་མི་ཤེས་སོ། ། ཇི་ལྟར་འདོད་ཆགས་ཐར་པ་ལ། །བར་ཆད་བྱེད་ པར་འགྱུར་བ་བཞིན། །དེ་ལྟར་ཤ་དང་ཆང་ལ་སོགས། །བར་ཆད་བྱེད་པར་འགྱུར་ བའོ། །མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དང༌། །ཤ་ནི་སྡིག་མེད་རུང་བའོ་ ཞེས། །སངས་རྒྱས་ཀྱིས་ནི་བཤད་ཅེས་ཟེར། །ཟས་ལ་སྨན་དང་འདྲ་བ་དང༌། །བུ་ཡི་ཤ་ དང་མཚུངས་པར་ཡང༌། །རན་པ་དང་ནི་མི་འཕྲོད་པར། ། རྣལ་འབྱོར་ཅན་གྱིས་ཟས་ལ་ སྤྱོད། །སེང་གེ་དག་དང་སྟག་རྣམས་དང༌། །ཝ་ལ་སོགས་དང་འགྲོགས་འགྱུར་བས། །ངས་ ནི་བྱམས་པས་གནས་པ་ལ། །རྟག་པར་རྣམ་པ་ཀུན་ཏུ་སྨད། །ཐར་པའི་ཆོས་དང་འགལ་ བའི་ཕྱིར། །མི་རྣམས་དངང་བར་འགྱུར་བའི་ཤ །དེ་ཕྱིར་བཟའ་བར་མི་བྱ་སྟེ། །འདི་ནི་ འཕགས་པའི་རྒྱལ་མཚན་ནོ། །ཞེས་སོགས་དང༌། འཕགས་པ་འཇམ་དཔལ་གྱི་ཞལ་སྔ་ ནས་ཀྱང༌། རྫས་ཐོབ་དོན་དུ་སྲོག་གཅོད་དང༌། །བཟའ་བའི་དོན་དུ་རིན་འཇལ་ 8-1-203 བ། །གཉིས་པོ་དག་ཀྱང་གསོད་པོ་སྟེ། །ངུ་འབོད་ལ་སོགས་རྣམས་སུ་འཚེད། ། རྫས་ཀྱི་ དོན་དུ་སེམས་ཅན་གསོད། །རྫས་སྟེར་མེད་ན་སུས་ཀྱང་མིན། །བྱ་དང་བྱེད་པོ་ཡང་དག་ འབྲེལ། །རྟག་ཏུ་སྲོག་ཆགས་གསོད་པའོ། །གང་ཚེ་རྫས་ཀྱི་ཉ་ཉོས་པས། །ཁྱིམ་གནས་ རྣམས་ལ་སྡིག་མེད་ན། །དེ་བཞིན་སྐུ་གཟུགས་ལ་སོགས་པ། །བྱས་ནའང་ཇི་ལྟར་བསོད་ ནམས་འགྱུར། །མཆོད་རྟེན་ཐིག་མཁན་གྱིས་བྱས་དང༌། །ཉ་ནི་ཉ་པས་བསད་པ་ སྟེ། །མཆོད་རྟེན་ཕྱག་བྱེད་བྱེད་པོ་མིན། །ཉ་ཟོས་གསོད་པ་པོ་ལ་མིན། །གང་ཚེ་ཉ་དེ་ཟོས་ པ་ཡིས། །སྡིག་པ་ཟ་བ་བོར་མེད་ན། །དེ་ཚེ་མཆོད་རྟེན་མཆོད་པ་ཡི། །བསོད་ནམས་ མཆོད་བྱེད་པོ་ལ་མེད། །གསོད་པ་པོ་དང་ཟ་བ་པོ། །གཉིས་པོ་དག་ཀྱང་སོ་སོ་སྟེ། ། གསོད་པ་པོ་ནི་ནོར་ལ་སྲེད། །ཟ་བ་པོ་ནི་ཟས་ཀྱི་དོན། །གསོད་པོ་ནོར་ལ་སྲེད་པ་དག ། བསྐལ་པ་འབུམ་དུ་འཚེད་པའོ། །ཟ་བོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་མཚེད་ པའོ། ། ཞེས་དང༌། ཤ་ཟ་བ་ཡི་མི་གང་ཞིག །དང་པོ་ཡི་དྭགས་འགྲོ་བ་སྟེ། །ཕྱི་ནས་ངུ་ འབོད་འགྲོ་བའོ། །ཤ་ཟ་བ་ལ་སྙིང་རྗེ་དང༌། །ཆང་འཐུང་བ་ལ་དགའ་བ་དང༌། །ཕ་རོལ་ བུད་མེད་འཛིན་བྱམས་དང༌། །སྨད་པའི་ལས་བྱེད་བཏང་སྙོམས་མེད། །ཅེས་སོགས་ དང༌། རྩ་རྒྱུད་དང་པོའི་སངས་རྒྱས་སུ་ཡང༌། ལྷ་དང་རང་འཇིགས་ཕ་མེས་ དང༌། །དངོས་གྲུབ་དོན་དང་བཙོང་ཕྱིར་ཡང༌། །གདུལ་དཀའ་སྡིག་པ་བྱེད་རྣམས་ ཀྱིས། །གནོད་བྱེད་མིན་པའི་སེམས་ཅན་བསད། །དེ་ཡི་ཤ་དེ་ཉོ་བ་དང༌། །ཟ་འདོད་ཁ་ན་ མ་ཐོ་བཅས། །མ་བླངས་སྣོད་དུ་ལྷུང་གྱུར་པ། །དེ་ཉིད་ཁ་ན་མ་ཐོ་མེད། །ཅེས་སོགས་ དང༌། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར་ཡང༌། བསད་ཤ་རྣམ་པ་ཐམས་ཅད་དུ་བཀག་ ཅིང༌། གལ་ཏེ་ཟོས་ན་ཉེས་པ་དཔག་མེད་འབྱུང་བར་བཀའ་སྩལ་པའི་ཕྱིར་དང༌། འགྲེལ་ཆེན་དུ་ཡང༌། སྔགས་ཀྱི་ཐེག་པ་འདིར་རྣལ་འབྱོར་པ་རྣམས་ཀྱིས་ཤ་བཟའ་བར་ བཅོམ་ལྡན་འདས་ཀྱིས་གསུངས་ལ། དེ་ཉིད་ཀྱང་རྟག་ཏུ་སྲོག་བཅད་པ་ལས་འབྱུང་སྟེ། སྲོག་བཅད་པ་མེད་པར་ནི་བརྒྱ་ལམ་ན་སྲིད་དོ། ། གལ་ཏེ་ཟ་བ་པོ་མེད་ན་གསོད་པ་པོ་ ཡང་མི་འབྱུང་ངོ༌། །དེའི་ཕྱིར་ཟ་བ་པོ་དང་གསོད་པ་པོ་དག་གིས་སྲོག་གཅོད་པར་ 8-1-204 འགྱུར་རོ། །འདིར་ཡང་ཉི་མ་སོ་སོར་སྔགས་པས་དམ་ཚིགས་བཞི་བྱའོ། །ཞེས་པ་ནི་དེ་ བཞིན་གཤེགས་པའི་ངེས་པའོ་ཞེ་ན། དེ་ནི་བདེན་ཏེ་རྒྱུ་གང་གི་ཕྱིར་མཚན་མ་དང་ཁ་ ན་མ་ཐོ་བ་དང་བཅས་པས་སྲོག་གཅོད་པར་འགྱུར་བ་རྒྱུད་དེའི་ཕྱིར། རྣལ་འབྱོར་པ་ རྣམས་ཀྱིས་མཚན་མ་མེད་པ་དང་ཁ་ན་མ་ཐོ་བ་མེད་པ་གོ་ཀུ་ལ་སོགས་པ་བཟའ་བར་ བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་ཡུལ་གང་ན་འཇིག་རྟེན་པ་རྣམས་ཀྱིས་ གང་བཟའ་བ་མ་ཡིན་པ་དང༌། གང་བཙོང་བ་མ་ཡིན་པ་གོ་ཀུ་ལ་སོགས་པ་རང་གི་ལས་ ཀྱིས་ཤི་བ་དང༌། གཡུལ་དུ་ལས་ངན་པས་སམ་ཆོམ་རྐུན་ལ་སོགས་པ་རང་གི་རྐྱེན་གྱིས་ བསད་པ་དེ་རྣམས་ཐམས་ཅད་རྣལ་འབྱོར་པས་བཟའ་བར་དེ་བཞིན་གཤེགས་པས་ གསུངས་སོ། །རྫས་ཀྱིས་ཉོས་པ་ནི་མ་ཡིན་ཞིང༌། ཕ་མེས་ལ་སོགས་པ་དང༌། མཆོད་སྦྱིན་ ལ་སོགས་པའི་བྱ་བ་ལ་སོགས་པའི་བྱ་བ་ལ་བསད་པ་ཡང་མ་ཡིན་ཏེ། མཚན་མ་དང་ བཅས་པའི་ཤ་བཟའོ། །ཞེས་དེ་བཞིན་གཤེགས་པས་མ་གསུངས་སོ། །ཡང་གང་ཞིག་ཉི་ མ་སོ་སོར་དམ་ཚིག་བྱ་བ་དེ་ནི་ཁ་ན་མ་ཐོ་བ་མེད་པའི་གོ་ཀུ་ལ་སོགས་པ་ལྔ་དང་རྣམ་ པར་སྣང་མཛད་ལ་སོགས་པ་ལྔའི་རིལ་བུ་ཡུངས་དཀར་ཀི་ཚད་ཙམ། ཉི་མ་སོ་སོར་དམ་ ཚིག་གི་དོན་དུ་བསྟེན་པར་བྱའོ། ། ཞེས་པ་ལ་སོགས་པས་སྡིག་པ་རྣམས་ཀྱི་ནང་ནས། བསད་ཤ་བསྟེན་པ་ལ་ཁྱད་པར་དུ་དམིགས་ཀྱིས་བཀར་ནས་ཉེས་དམིགས་དཔག་ཏུ་ མེད་པ་ཡོད་པར་གསུངས་པའི་ཕྱིར་དང༌། བསད་ཤ་སོད་པ་ནི་ལྷ་མ་ཡིན་གྱི་ཆོས་དང༌། དགེ་སྡིག་འདྲེས་པ་ནི་འབྱུང་པོའི་ཆོས་སུ་གསུངས་པའི་ཕྱིར་དང༌། སྤྱོད་འཇུག་ཏུ་ཡང༌། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་ དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་དང༌། གང་ཞིག་བདག་དང་ གཞན་རྣམས་ནི། ། མྱུར་དུ་སྐྱབས་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་ བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང༌། འགྲོ་བ་འདི་ཀུན་ཐུགས་རྗེའི་བདག་ ཅན་དེས། །བདག་ཏུ་མཛད་པ་འདི་ལ་ཐེ་ཙོམ་མེད། །སེམས་ཅན་ངོ་བོར་མཐོང་བ་འདི་ དག་ཉིད། །མགོན་དེ་བདག་ཉིད་ཅི་ཕྱིར་གུས་མི་བྱེད། །ཅེས་དང༌། གཞན་ཡང་གཡོ་ 8-1-205 མེད་གཉེར་འགྱུར་ཞིང༌། །ཕན་པ་དཔག་མེད་མཛད་རྣམས་ལ། །སེམས་ཅན་མགུ་བྱ་མ་ གཏོགས་པ། །གཞན་གང་ཞིག་གིས་ལན་ལོན་འགྱུར། །གང་ཕྱིར་སྐུ་བཏོང་མནར་མེད་ འཇུག་པ་ལ། །དེ་ལ་ཕན་བཏགས་ལན་ལོན་འགྱུར་བས་ན། །དེ་བས་འདི་དག་གནོད་ ཆེན་བྱེད་ན་ཡང༌། །ཐམས་ཅད་བཟང་དགུ་ཞིག་ཏུ་སྤྱད་པར་བྱ། །རེ་ཞིག་བདག་གི་རྗེར་ གྱུར་ཉིད་ཀྱང་ནི། །གང་ཕྱིར་རང་གི་སྐུ་ལའང་མི་གཟིགས་པ། །དེ་ལ་རྨོངས་པ་བདག་ གིས་ཇི་ལྟར་ན། །ང་རྒྱལ་བྱ་ཞིང་བྲན་གྱི་དངོས་མི་བྱ། །གང་དག་བདེ་བས་ཐུབ་རྣམས་ དགྱེས་འགྱུར་ཞིང༌། །གང་ལ་གནོད་ན་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ ཐུབ་དབང་ཀུན་དགྱེས་ཤིང༌། །དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས། །ཇི་ལྟར་ལུས་ལ་ ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ ཅན་གནོད་པ་བྱས་ན་ཡང༌། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་ སོགས་རབ་ཏུ་རྒྱས་པ་དང༌། གཞན་དུ་ཡང༌། དྲིན་ཅན་སེམས་ཅན་རྣམས་ལ་བརྩེ་བྲལ་ བ། །རྒྱལ་བ་མཆོད་པས་སུ་ལ་ཇི་ཞིག་བྱ། །ཞེས་པ་ལ་སོགས་པས་སེམས་ཅན་ལ་གནོད་ ན་འཕགས་པ་ཐམས་ཅད་མི་མཉེས་ཤིང༌། དམ་པ་རྣམས་ཀྱི་ཐུགས་ཀྱིས་བས་ལ། ཐེག་ པ་གསུམ་དང༌། སྡེ་སྣོད་གསུམ་དང༌། བསླབ་པ་གསུམ་དང༌། བཀའ་འཁོར་ལོ་གསུམ་ དང༌། གྲུབ་མཐའ་བཞི་དང༌། རྒྱུད་སྡེ་བཞི་ལ་སོགས་པ་གཞུང་ལུགས་རྣམ་དག་ཟབ་ ཅིང་རྒྱ་ཆེ་བ་སོ་སོའི་དགོངས་འགྲེལ་ཟབ་མོ་ཁྱད་འཕགས་དང་བཅས་པ་ཐམས་ཅད་ དང་འགལ་ཚབས་ཅན་དུ་གནས་པ་དང༌། རྣམ་པར་དག་པའི་མདོ་རྒྱུད་བསྟན་བཅོས་ ལུང་རིགས་མན་ངག་ཐམས་ཅད་དང་འགལ་ཚབས་ཅན་དུ་གནས་པ་ལེགས་པར་ དགོངས་པའི་ཕྱིར། ཇོ་ནང་དུ་གདན་ཕེབས་ནས་སྐུ་ཚེ་ཇི་སྲིད་བཞུགས་ཀྱི་བར་དུ་ བསད་ཤ་ཅུང་ཟད་ཀྱང་མི་གསོལ་ཞིང༌། སྐུ་ཚེ་གཞན་དུ་ཡང་མི་གསོལ་བའི་སྨོན་ལམ་ ཡང་ནས་ཡང་དུ་འདེབས་པར་མཛད་ལ། དེ་འདྲའི་གང་ཟག་གཞན་ལ་ཡང་དགྱེས་ ཚོར་དང༌། དག་སྣང་ཆེན་པོ་མཛད་ཅིང༌། བསྟོད་བཀུར་བསྔགས་པའི་གསུང་མང་དུ་ བྱོན་ལ། དེ་ལས་བཟློག་པ་རྣམས་ལ་མ་བཟོད་པའི་བརྩེ་བ་ཆེན་པོ་མཛད་དོ། །ཆོས་རྗེ་ 8-1-206 ཡབ་སྲས་གོང་མ་གཉིས་ཀྱང་དེ་ལྟར་དུ་མཛད་སྐད། གཞན་ཡང༌། ཆོས་སྤོང་གི་ལས་ལ་ཤིན་ཏུ་འཛེམས་པར་མཛད་དེ། དེའི་རྒྱུ་མཚན། འཕགས་པ་རྣམ་པར་འཐེག་པ་ཐམས་ཅད་བསྡུས་པའི་མདོ་ལས། འཇམ་དཔལ་དམ་ པའི་ཆོས་སྤོང་བའི་ལས་ཀྱི་བསྒྲིབ་པ་ནི་ཕྲའོ། །འཇམ་དཔལ། གང་ལ་ལ་དེ་བཞིན་ གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ ཤེས་ན་དམ་པའི་ཆོས་སྤོང་བའོ། །དམ་པའི་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་ སྐུར་བ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་ པའོ། །འདི་མི་རིགས་པའོ། །ཞེས་ཟེར་ན་དེ་དམ་པའི་ཆོས་སྤོང་བ་ཡིན་ནོ། །ངས་འདི་ན་ ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའམ་རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའམ། ཐེག་ པ་ཆེན་པོ་དང་ལྡན་པར་ཆོས་ཐ་དད་པར་བསྟན་པ་གང་ཡང་མེད་ན། མི་བླུན་པོ་དེ་ དག་ང་ཡི་ཆོས་འདི་ལ་འདི་ནི་ཉན་ཐོས་རྣམས་ལ་བཤད་པ། འདི་ནི་རང་སངས་རྒྱས་ རྣམས་ལ་བཤད་པའོ་ཞེས་ཐ་དད་དུ་འབྱེད་དེ། དེ་ཐ་དད་པའི་འདུ་ཤེས་ཀྱི་དམ་པའི་ ཆོས་སྤོང་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ། །འདི་ནི་བྱང་ཆུབ་ སེམས་དཔའི་བསླབ་པ་མ་ཡིན་ནོ་ཞེས་ཟེར་ན་དམ་པའི་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་ བ་ལ་སྤོབས་པ་མེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་ནི་ཆོས་མ་ཡིན་པར་སྟོན་ ཏོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། ། སངས་རྒྱས་འབྱུང་བ་མེད་པར་གཟུངས་ཐོབ་པ་ མེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། ། ཆོས་སྨྲ་བ་ལ་གཟུངས་ཐོབ་པ་མེད་དོ་ཞེས་ ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བའི་སྤྱོད་པ་ལ་སུན་འབྱིན་ན་ཆོས་སྤོང་བ་ཡིན་ ནོ། །ཆོས་སྨྲ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ ནོ། །བག་མེད་པས་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤྱོད་ལམ་གྱི་གླེང་ན་ཆོས་སྤོང་བ་ཡིན་ ནོ། །སྤྱོད་པ་དང་ཚུལ་ཁྲིམས་ཉམས་པས་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤོབས་པས་གོ་ བར་མི་བྱེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་རྣམས་ཀྱི་སྣང་བ་ལེགས་པར་མ་ བཤད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཁོང་དུ་མ་ཆུད་པས་ཚིག་དང་ཚིག་ཏུ་ 8-1-207 འགལ་བ་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཡི་གེའི་མིང་གིས་དེ་བཞིན་ གཤེགས་པའི་བཀའ་ལ་འཇིག་གོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། ། མདོ་སྡེ་དང་ མདོ་སྡེར་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཚིགས་སུ་བཅད་པ་དང་ ཚིགས་སུ་བཅད་པ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། ། དོན་ལ་ལ་ལ་ མོས་ཤིང་དོན་ལ་ལ་ལ་མ་མོས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་འཆད་པའི་ཚེ་ གཏམ་གཞན་དུ་སྒྱུར་ན་ཆོས་སྤོང་བ་ཡིན་ནོ། །བཀྲུགས་མ་བྱེད་ན་ཆོས་སྤོང་བ་ཡིན་ ནོ། །ཀུན་ཏུ་རྟོག་པས་སྨྲ་ན་ཆོས་སྤོང་བ་ཡིན་ནོ། །འདི་ལ་སྤྱད་འདི་ལ་མི་སྤྱད་ཅེས་ཟེར་ ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་ལེགས་པར་གསུངས་པ་འདི་ནི་ལེགས་པར་གསུངས་པ་ མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདིས་ནི་སངས་རྒྱས་ཀྱི་གསུང་གི་དམ་ ཚིག་སྨྲས་སོ་འདིས་ནི་སངས་རྒྱས་ཀྱི་གསུང་གི་དམ་ཚིག་མ་སྨྲས་སོ་ཞེས་ཟེར་ན་ཆོས་ སྤོང་བ་ཡིན་ནོ། །འཇམ་དཔལ་དེ་ལྟར་ན་ཅི་ཙམ་དུ་ཅུང་ཟད་འགལ་བར་བྱེད་ན་དེ་ ཙམ་དུ་ཆོས་སྤོང་བ་ཡིན་ནོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་ བསྙེན་མས་ཆོས་སྨྲ་བ་འདི་ནི་འདི་འདྲའོ་ཞེས་སེམས་སམ་སྨྲ་ན་ཐམས་ཅད་དམ་པའི་ ཆོས་སྤོང་བ་ཡིན་ནོ། །ཞེས་དང༌། རིགས་ཀྱི་བུ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ པ་ན་འགའ་ཞིག་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་པ་ ན་འཁོར་དེ་ལས་ཁ་ཅིག་སྤུ་ཟིང་ཞེས་བྱེད་དམ། ཁ་ཅིག་མཆི་མ་འབྱུང་བ་དེ་དག་ ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་མཐུས་གྱུར་པ་ཡིན་ན། དེ་ལ་སྐྱེས་བུ་བླུན་པོ་ བྱང་ཆུབ་སེམས་དཔའ་མ་ཡིན་པར་བྱང་ཆུབ་སེམས་དཔར་ཁས་འཆེ་བ། བྱང་ཆུབ་ སེམས་དཔའ་སུན་འབྱིན་པ། ཆོས་རྐུ་བ། ཚུལ་འཆོས་པ་དེ་དག་འདི་སྐད་ཅེས་ཆོས་སྟོན་ པ་རྣམས་ལ་འདིས་ཇི་ཞིག་རྟོགས་ཞེས་ཟེར་བ་ལ་སོགས་པ་ལའང་དེ་བཞིན་དུ་སྦྱར་ཏེ། གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བརྙས་པ་དེ་དག་ནི་སེམས་ཅན་དམྱལ་བ་ ན་གནས་པ་མཐར་ཕྱིན་པར་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། གང་བྱང་ཆུབ་སེམས་ དཔའ་ཆོས་སྨྲ་བ་ལ་བརྙས་པ་དེ་ནི་སངས་རྒྱས་ལ་སྨོད་པ་ཡིན་ནོ། །དེ་ནི་ཆོས་སྤོང་བ་ 8-1-208 ཡིན་ནོ། །དེ་ནི་དགེ་འདུན་ལ་བཤུང་བ་ཡིན་ནོ། །གང་ཆོས་སྨྲ་བ་ལ་སྨོད་པ་དེ་ནི་སངས་ རྒྱས་ལ་མི་གུས་པ་ཡིན་ནོ། །གང་ཆོས་སྨྲ་བ་ལ་མི་གུས་པ་དེ་སངས་རྒྱས་མཐོང་བར་མི་ འདོད་པ་ཡིན་ནོ། །གང་ཆོས་སྨྲ་བ་ལ་མཐོང་བར་མི་འདོད་པ་དེ་སངས་རྒྱས་ལ་མི་སྙན་ པར་བརྗོད་པ་ཡིན་ནོ། །གང་ཆོས་སྨྲ་བ་ལ་མི་སྙན་པར་བརྗོད་པ་དེ་སངས་རྒྱས་ཡོངས་ སུ་གཏོང་བ་ཡིན་ནོ། །ཞེས་གསུངས་པ་རྣམས་ཀྱི་དོན་ལེགས་པར་ཐུགས་སུ་ཆུད་ནས་ ཕྱག་ལེན་ལ་ཐེབས་པར་མཛད་ཅིང༌། གཞན་དག་ལ་ཡང་ཆོས་སྤོང་གི་ལས་ནི་སྡིག་པ་ ཤིན་ཏུ་ལྕི་བ་ལས་ཀྱང་ཆེས་ཤིན་ཏུ་ལྕི་བ་ཡིན་པས་ཅི་ལ་ཐུག་ཀྱང་མ་བྱེད་ཅིག །ཅེས་ ཡང་ཡང་འདོམས་པར་མཛད་པའི་ཕྱིར་རོ། ། གཞན་ཡང༌། ཤིན་ཏུ་གལ་ཆེ་ཞིང་མེད་ཐབས་མེད་པར་གྱུར་པ་ཡང་དག་པའི་དགེ་ བའི་བཤེས་གཉེན་ལ་དད་ཅིང་གུས་པ་ཕུན་སུམ་ཚོགས་པ་མངའ་བའི་ཕྱིར་གཞན་དག་ ལ་ཡང༌། འདི་སྐད་དུ། སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་ བྱེད། ། དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་དང༌། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བྱས་ལུང་གིས་ ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་ བརྟེན། །ཞེས་དང༌། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་ དང༌། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ བའོ། །དཔལ་འབྱུང་བའི་རྣམ་ཐར་ལས། བླ་མ་བསྟེན་པའི་ཚུལ་ལྟར་བསླབ། །ཅེས་སོགས་ དང༌། བླ་མ་མཁས་པ་རྣམས་ནི་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ ཏན་དེ་ལས་འབྱུང༌། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་དུ་སྟོན། །སངས་རྒྱས་ཆོས་ རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་ སྐད་གསུངས། །ཞེས་དང༌། ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་སོགས་མང་པོ་ ཡང་ཡང་གསུངས་ཤིང༌། བཤེས་གཉེན་ཇི་ལྟར་བསྟེན་པའི་ཚུལ་ཡང༌། ཐུགས་ཉམས་སུ་ 8-1-209 བཞེས་ནས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་མཛད་དེ། འདི་ སྐད་དུ། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང༌། །སྒྲུབ་པའི་སྒོ་ནས་བཤེས་གཉེན་ བསྟེན་པར་བྱ། །བསྟེན་གཞི་དེ་བཞིན་བློ་ལྡན་ཆོས་ལ་ནི། ། ཤེས་བསམ་དུས་སུ་འདུད་ པས་བཤེས་གཉེན་བགྲོད། །དེ་ནི་བསྙེན་བཀུར་རྙེད་ལ་འདོད་པ་མེད། །བསྒྲུབ་པར་བྱ་ ཕྱིར་དེ་སྤོངས་བསྔོ་བར་བྱེད། །བརྟན་པ་ཇི་སྐད་བསྟན་པ་བསྒྲུབ་པ་དེས། །དེ་ཡི་སེམས་ ནི་ཡང་དག་མགུ་བར་བྱེད། །ཐེག་པ་གསུམ་ལ་མཁས་པ་བློས་རྟོགས་ནས། །རང་གི་ཐེག་ པ་འགྲུབ་པར་བྱ་ཕྱིར་འབད། །སེམས་ཅན་ཚད་མེད་ཡོངས་སྨིན་བྱ་ཕྱིར་དང༌། །ཞིང་ དག་པ་ཡང་སྦྱང་བར་བྱ་བའི་ཕྱིར། །དེ་ཆོས་བགོ་སྐལ་ལ་སྤྱོད་ཡོན་ཏན་ལྡན། །བཤེས་ གཉེན་རབ་ཏུ་བསྟེན་བྱ་ཟང་ཟིང་མིན། །བློ་དང་ལྡན་པ་རྒྱུ་དང་འབྲས་བུ་དང༌། །ཆོས་ སྒོ་རྗེས་འགྲོ་ཕྱིར་དང་ཐོས་མཉན་དང༌། །སེམས་ཀྱི་རྣལ་འབྱོར་ང་རྒྱལ་བཅས་པ་ དང༌། །ང་རྒྱལ་མེད་ཡིད་ལྡན་པས་བཤེས་གཉེན་བསྟེན། །བློ་ལྡན་འགྲོ་དང་སྦྱོར་བ་ དང༌། །སྨོན་པའི་སྒོ་ནས་བཤེས་གཉེན་བསེན། །རང་གི་སེམས་ཀྱིས་བཤེས་གཉེན་མཆོག་ བསྟེན་པ། །ཆོས་ལ་མོས་དང་བསམ་དང་དབང་འབྱོར་དང༌། །རྣམ་པར་མི་རྟོག་ཐབས་ ཡོངས་བཟུང་བ་དང༌། །ཀུན་དང་དོན་གཅིག་ཉིད་ལ་འཇུག་པས་མཆོག །ཅེས་སོགས་ ཡང་ཡང་གསུངས་ཞིང་ཕྱག་ལེན་ལ་ཡང་ཐེབས་པར་མཛད་དོ། ། ཁྱད་པར་གསང་སྔགས་ཀྱི་སྐབས་སུ་བླ་མའི་རྣལ་འབྱོར་ལ་གཙོ་བོར་བྱེད་པ་གལ་ཆེ་ ལུགས་དང༌། དེ་མེད་ན་བླ་མ་ལས་རྟེན་འབྲེལ་མི་འགྲིག་ཅིང༌། དེ་ལས་མ་འགྲིག་ན་ གང་ལས་ཀྱང་འགྲིག་པ་མི་སྲིད་པའི་རྒྱུ་མཚན་མང་དུ་གསུངས་ཤིང༌། ཇི་སྐད་དུ། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ ཀྱི་སྦྱོར་བ་ཤེས། །སྙིང་བརྗེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ ཏེ། །དང་བའི་བདག་ཉིད་དབང་པོ་དུལ། །ཞེས་སོགས་དང༌། དང་པོར་ཡང་དག་བསྟེན་ བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེའི་ཐེག་ལ་ལྷག་པར་གནས། །དེ་ཉིད་ 8-1-210 བསྒོམས་ཤིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བཟོད་པའི་ངང་ཚུལ་ལམ་ ལ་ཞུགས། །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་ཅིང་དེ་ ཉིད་ལས་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་དེ་ཡང་འཛིན་མའི་ གཞི་ལ་རྡོ་རྗེ་སེམས་དཔར་རབ་གྲགས་པའོ། །ཞེས་བླ་མ་དམ་པ་བསྟེན་དགོས་ཚུལ་ དང༌། གདུག་པའི་སློབ་དཔོན་སྤངས་དགོས་ཚུལ་ཡང་གསུང་སྟེ། ང་རྒྱལ་དང་ལྡན་ཁྲོ་ བས་ཟིལ་མནན་དམ་ཚིག་རྣམས་བྲལ་རྫས་ལ་བརྐམ་ཞིང་ཐོས་པ་དག་ཀྱང་མེད། །སློབ་ མ་རྣམས་ནི་བསླུ་བ་དོན་དུ་གཉེར་ཞིང་མཆོག་གི་བདེ་བའི་གནས་ལས་སེམས་ཉམས་ དབང་མ་བསྐུར། །ལོངས་སྤྱོད་དག་ལ་ཀུན་ཆགས་བག་མེད་རྩུབ་མོའི་ཚིག་དང་བཅས་ ཤིང་དབང་པོའི་དོན་དུ་འདོད་ལྡན་པ། །དེ་ཉིད་དམྱལ་བ་བཞིན་དུ་སློབ་མ་མཁས་པ་ རྣམས་ཀྱིས་རྫོགས་པའི་བྱང་ཆུབ་རྒྱུར་ནི་སྤང་བར་བྱ། ། ཞེས་དང༌། དོན་དམ་བསྙེན་ པར། སློབ་དཔོན་དེ་གཉིས་ཀྱི་མཚན་ཉིད་རྒྱ་ཆེར་གསུངས་པ་དང༌། སྔ་མ་བསྟེན་དགོས་ ཚུལ་དང༌། ཕྱིར་མ་སྤངས་དགོས་ཚུལ་རྒྱ་ཆེར་གསུངས་པ་རྣམས་ཀྱང་ཡང་ཡང་ གསུངས། དེ་ལྟ་བུའི་རྣམ་དབྱེ་ལེགས་པར་དགོངས་པ་དང༌། སྔོན་ཡང་བསོད་ནམས་ བསགས་པ་དང༌། བླ་མའི་དད་གུས་ལ་གོམས་པའི་ཤུགས་ཀྱིས་ད་ལྟ་ཡང་བླ་མ་དམ་པ་ ལ་དད་གུས་ཤིན་ཏུ་ཆེ་ཞིང་བརྟན་པ་ཚད་མེད་པར་མངའ་བར་བཞུགས་པ་ཡིན་ཏེ། དེའི་རྒྱུ་མཚན། བླ་མ་ལྔ་བཅུ་པ་ལས། དེ་འདྲའི་མགོན་ལ་བསམས་བྱས་ནས། ། སློབ་མར་ གྱུར་ནས་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་པས་ན། །དེས་ནི་རྟག་ཏུ་སྡུག་ བསྔལ་ཐོབ། །བླ་མ་ལ་ནི་སྨོད་པ་དེ། །ཡམས་དང་མཛེ་དང་ནད་རྣམས་དང༌། །གདོན་ དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་ སྦྲུལ་གདུག་དང༌། །ཆུ་དང་མཁའ་འགྲོ་རྐུན་པོ་དང༌། །གདོན་དང་ལོག་འདྲེན་རྣམས་ ཀྱིས་ཀྱང༌། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །དེས་ན་སློབ་དཔོན་དག་གི་ ནི། །ཀུན་ཏུ་སེམས་དཀྲུག་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱེད་གྱུར་ན། །དམྱལ་བར་ངེས་ པར་འཚེད་པར་བྱེད། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བར་བསྟན་པ་ 8-1-211 གང་ཡིན་པ། ། སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་ བཤད། །དེ་བས་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཚེ། །དགེ་བ་རབ་ ཏུ་མི་བཅོམ་པས། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བྱས་ཡོན། །རྗེས་སུ་ མཐུན་པ་དབུལ་བར་བྱ། ། དེས་ནི་རིམ་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་ མི་འགྱུར་རོ། །རང་གི་དམ་ཚིག་སློབ་དཔོན་ལ། །སྦྱིན་མིན་བུ་དང་ཆུང་མ་དང༌། །རང་ སྲོག་གིས་ཀྱང་བསྟེན་བྱ་ན། ། ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །གང་ཕྱིར་བསྐལ་པ་བྱེ་ བ་ནི། །གྲངས་མེད་པར་ཡང་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བཅོམ་ལྡན་ལ། །ཚེ་ འདི་ཉིད་ལ་སྟེར་བར་བྱེད། ། རྟག་ཏུ་རང་གི་དམ་ཚིག་བསྲུང༌། །རྟག་ཏུ་དེ་བཞིན་ གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་འབུལ། །འདི་ནི་སངས་རྒྱས་ཀུན་དང་ འདྲ། །མི་ཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་ པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་འབུལ། ། དེ་ཕུལ་སངས་རྒྱས་ཐམས་ཅད་ ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་ དངོས་གྲུབ་མཆོག་ཏུ་འགྱུར། །དེ་བས་སློབ་མ་སྙིང་རྗེ་གཏོང༌། ། ཚུལ་ཁྲིམས་བཟོད་པའི་ ཡོན་ཏན་ལྡན། །སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ །མཆོད་ རྟེན་བཤིག་འདྲའི་སྡིག་འཇིགས་པས། །གྲིབ་མའང་འགོམ་པར་མི་བྱ་ན། །ལྷམ་དང་སྟན་ དང་བཞོན་པ་སོགས། །བགོམ་མི་བྱ་བ་སྨོས་ཅི་དགོས། །བློ་གྲོས་ཆེན་པོའི་དགའ་སེམས་ དང༌། །བླ་མའི་བཀའ་ནི་འབད་དེ་མཉན། །རིག་པ་ཡིས་ནི་མི་ནུས་པ། ། མི་ནུས་དེ་ལ་ ཚིག་གི་སྦྱང༌། །བླ་མ་ལས་ནི་དངོས་གྲུབ་དང༌། །མཐོ་རིས་ལས་ནི་བདེ་བ་ཐོབ། །དེ་བས་ འབད་པ་ཐམས་ཅད་ཀྱིས། །བླ་མའི་བཀའ་ལས་འདའ་མི་བྱ། །བླ་མའི་རྫས་ནི་སྲོག་ཇི་ བཞིན། །དེ་ཡི་སྡུག་པའང་བླ་མ་བཞིན། །དེ་ཡི་འཁོར་ནི་གཉེན་བཞིན་ནོ། །མཉམ་པར་ བཞག་པས་རྟག་ཏུ་བསམ། །མལ་སྟན་འདུག་དང་སྔོན་འགྲོ་དང༌། །གཙུག་ཏོར་དག་ དང་བཅས་པ་དང༌། །སྟན་ལ་རྐང་འཇོག་རྐེད་པར་ནི། །ལག་བཞག་མཉེ་བར་མི་བྱའོ། ། བླ་མ་དག་ནི་ལྡང་བ་ན། །ཉལ་དང་འདུག་པར་མི་བྱའོ། །རྟག་ཏུ་དེ་ཡི་བྱ་བ་ལ། །ལྡང་ 8-1-212 མཁས་ཕུམ་སུམ་ཚོགས་པར་བྱ། །མཆིལ་མ་ལ་སོགས་འདོར་བ་དང༌། །སྟན་ལ་རྐང་བ་ རྐྱོང་བ་དང༌། །འཆག་དང་རྩོད་པ་སྨྲ་བ་དག །བླ་མའི་མདུན་དུ་མི་བྱའོ། །ཡན་ལག་མཉེ་ དང་གར་དག་དང༌། །གླུ་དང་རོལ་མོ་མི་བྱ་ཞིང༌། །གཏམ་གྱི་སྦྱོར་བ་མང་པོ་ རྣམས། །ཐོས་པའི་ཉེ་འཁོར་དུ་མི་བྱ། །བཏུད་དེ་སྟན་ལས་ལྡང་བ་དང༌། །གུས་པ་ཡིས་ནི་ འདུག་པར་བྱ། ། མཚན་ཆུ་འཇིགས་བཅས་ལམ་དང་ནི། །བསྒོ་བ་ཐོབ་ནས་སྔོན་འགྲོ་ བྱ། །སློབ་དཔོན་གྱིས་ནི་མཐོང་མདུན་དུ། །བློ་དང་ལྡན་པས་ལུས་བཀྲུ་དང༌། །ཀ་བ་ལ་ སོགས་རྟེན་མི་བྱ། །སོར་མོའི་ཚིགས་ནི་དང་མི་བྱ། །རྐང་བཀྲུ་བ་དང་ལུས་བཀྲུ་ དང༌། །དྲིལ་དང་མཉེ་བ་ལ་སོགས་པ། །ཕྱག་ནི་སྔོན་དུ་འགྲོ་བར་བྱ། །དེ་ནས་ཇི་ལྟར་ བདེ་བའམ་ཞུ། །དེ་བཞིན་མཐར་ནི་ཅི་བདེར་བྱ། །དེ་ཡི་མཚན་སྨོས་བརྗོད་ན་ནི། །མིང་ མཐར་ཞལ་སྔ་གདག་པར་བྱ། །གཞན་དག་གུས་པར་བྱ་བའི་ཕྱིར། །ཁྱད་པར་གྱི་ནི་ ཚིགས་ཀྱང་བརྗོད། །བླ་མ་ལ་ནི་བཀའ་གསོལ་ཞུ། ། བཀའ་བཞིན་བགྱིད་ཅེས་བརྗོད་ བྱས་ལས། །ཐལ་མོ་སྦྱར་ཞིང་མ་ཡེངས་པར། །བླ་མས་བསྒོ་བ་མཉན་པར་བྱ། །རྒོད་དང་ ལུད་པ་ལ་སོགས་ལ། །ལག་པས་ཁ་ནི་དགག་པར་བྱ། ། བྱ་བ་ཟིན་ནས་འཇམ་པ་ ཡི། །ཚིག་དག་གིས་ནི་གདས་པར་བྱ། །མདུན་དུ་དུལ་བར་འདུག་པ་དང༌། །གོས་སོགས་ ཚུལ་བཞིན་བསམས་པ་དང༌། །པུས་བཙུགས་ཐལ་མོ་སྦྱར་བ་ཡིས། ། མཉན་སོགས་ འདོད་ལ་གསོལ་གསུམ་གདབ། །བསྙེན་བཀུར་སྤྱོད་པ་ཐམས་ཅད་ལ། ། ཡིད་ནི་ང་རྒྱལ་ མེད་པར་བྱ། །ངོ་ཚ་འཇིགས་ཤིང་བསྡམས་པ་ཡིས། །བག་མ་གསར་བའི་ཚུལ་གནས་ བྱ། །སྒེག་པ་ལ་སོགས་བྱ་བ་ཀུན། །སྟོན་པའི་མདུན་དུ་སྤང་བར་བྱ། །གཞན་ཡང་དེ་ འདྲའི་བྱ་བ་ནི། །རང་གིས་བརྟགས་ལ་དོར་བར་བྱ། །རབ་གནས་དཀྱིལ་འཁོར་སྦྱིན་ བསྲེག་དང༌། །སློབ་མ་སྡུད་དང་འཆད་པ་རྣམས། །ཡུལ་དེར་བླ་མ་གནས་པ་ན། ། རྗེས་མ་ གནང་བར་མི་བྱའོ། །སྤྱན་འབྱེད་ལ་སོགས་ཅི་ཐོབ་པ། །དེ་ཀུན་བླ་མ་དག་ལ་འབུལ། །དེ་ ཡི་བསྟབས་པ་བླངས་ནས་ནི། །གཞན་དག་ལ་ནི་ཅི་བདེར་སྤྱད། །བླ་མའི་སློབ་མ་སློབ་ མར་མིན། །སློབ་མའང་བླ་མའི་མདུན་དུ་མིན། །བསྙེན་བཀུར་དག་དང་ལྡན་པ་ 8-1-213 དང༌། །ཕྱག་སོགས་བྱེད་པ་བཟློག་པར་བྱ། །སློབ་དཔོན་ལ་ནི་གང་དབུལ་དང༌། །བླ་མས་ ཀྱང་ནི་གང་གནང་བ། །དེ་ལ་བཏུད་དེ་ལག་གཉིས་ཀྱིས། །བློ་དང་ལྡན་པས་བླང་བར་ བྱ། །དྲན་པ་བརྗེད་པར་གྱུར་པ་དང༌། །རང་གི་ཀུན་སྤྱོད་ལ་བརྩོན་པས། །སྤུན་གྱིས་རང་ སྤྱོད་ལས་འདས་ཀྱང༌། །དགའ་བས་ཕན་ཚུན་བཟློག་པར་བྱ། །ན་བས་བླ་མའི་བྱ་བ་ལ། ། བཏུད་དེ་རྗེས་མ་གནང་བར་ཡང༌། །བཀག་པ་རྣམས་ནི་སྤྱད་བྱས་ཀྱང༌། །དགེ་སེམས་ ཅན་ལ་སྡིག་མི་འགྱུར། །འདིར་མང་སྨྲས་པ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་ བྱ། ། མི་མཉེས་བྱེད་ཀུན་སྤང་བ་སྟེ། ། དེ་དང་དེ་ལ་འབད་དེ་སྤྱད། །དངོས་གྲུབ་སློབ་ དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུང་བར། །ཤེས་ནས་དངོས་པོ་ཐམས་ ཅད་ཀྱིས། ། བླ་མ་ཡོངས་སུ་གཉེས་པར་བྱ། །བསམ་པ་དག་པའི་སློབ་མ་ནི། །དཀོན་ མཆོག་གསུམ་ལ་སྐྱབས་སོང་ལ། །བླ་མའི་རྗེས་སུ་འཇུག་པ་འདི། །ཁ་ཐོན་བྱ་བར་སྦྱིན་ པར་བྱ། །དེ་ནས་སྔགས་སོགས་སྦྱིན་པ་ཡི། །དམ་ཚིག་སྣོད་དུ་བྱས་ནས་སུ། །རྩ་བའི་ལྟུང་ བ་བཅུ་བཞི་ནི། ། ཀླག་དང་འཛིན་པ་ཉིད་དུ་བྱ། །ཞེས་གསུངས་པའི་དོན་ལེགས་པར་ དགོངས་ནས་ཐུགས་ཉམས་སུ་བཞེས་ཤིང་གཞན་དག་ལ་ཡང་དེ་ལྟར་ཡང་ཡང་དུ་ འདོམས་པར་མཛད་པའི་ཕྱིར་རོ། །དེ་བཞིན་དུ། དཔལ་དུས་ཀྱི་འཁོར་ལོར་ཡང༌། སངས་རྒྱས་ཆོས་དང་དགེ་འདུན་ལ་ནི་མི་རྣམས་ཐར་པའི་ཆེད་དུ་སྐྱབས་སུ་ཉེ་བར་ འགྲོ་བ་སྟེ། །འདིར་ནི་སངས་རྒྱས་གཙུག་ལག་ཁང་ན་གནས་པ་འདི་དང་ཡི་གེ་བྲིས་ པའི་གླེགས་བམ་ཆོས་ཉིད་དང༌། ། དགེ་འདུན་ངུར་སྨྲིག་འཛིན་པས་མཆོག་གི་ཁྱབ་ བདག་བདེ་བ་སྐྱེ་བ་འབུམ་ཕྲག་རྣམས་ཀྱིས་སྟེར་བ་མིན། །སློབ་དཔོན་དག་ནི་སངས་ རྒྱས་ཉིད་དེ་རབ་མཆོག་ས་ཡི་གཞི་ལ་ཆོས་ནི་དེ་ཡིས་བསྟན་པའོ། །དགེ་འདུན་གང་ ཞིག་དེར་གནས་རབ་ཏུ་དགའ་བའི་ཐུགས་ལྡན་སེམས་ཅན་ཀུན་ལ་རྗེས་སུ་བརྩེ་བ་ སྟེ། །ཞེས་དང༌། གང་ཞིག་མི་ཡི་འཇིག་རྟེན་དག་ན་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་ སྡིག་བྲལ་དེ་བདག་སྟེ། །དེ་ལ་གནོད་པ་བྱས་པས་སྲོག་ཆགས་རྣམས་ནི་ངེས་པར་དམྱལ་ བར་འགྱུར་བས་འདི་ལ་ངོ་མཚར་མེད། །དེ་མཉེས་པ་ཡིས་བདག་ནི་མགུ་སྟེ་དེ་ལ་ཁྲོ་ 8-1-214 བའི་མེ་ནི་ཁྲོས་པ་ཞེས་བྱ་ཆེན་པོའོ། །དེ་ཉིད་སེམས་ཅན་རྣམས་ལ་ཐར་པ་བདེ་མཉམ་ འབྲས་སྟེར་བུ་རྣམས་དག་གིས་ཕྱག་འོས་མཆོད་འོས་སོ། ། སྡིག་ཅན་གང་ཡིན་གང་ཞིག་ དཔལ་ལྡན་བླ་མའི་ཞབས་པད་བཟང་ལ་དུས་གསུམ་ཕྱག་མི་བྱེད་པའོ། །མི་ཤེས་གང་ ཡིན་གང་ཞིག་རྣམ་མང་མེ་ཏོག་རྣམས་ཀྱིས་དུས་གསུམ་དུ་ནི་མཎྜལ་མི་བྱེད་པའོ། །མྱུར་ དུ་མནར་མེད་འགྲོ་བ་གང་ཡིན་གང་ཞིག་བདེ་མཉམ་སྟེར་བྱེད་བླ་མ་སྐྱོ་བ་བསྐྱེད་ པའོ། །ཤེས་རབ་ཡེ་ཤེས་ཐོབ་པ་གང་ཡིན་མ་ཉམས་གང་ཞིག་མཆོག་གི་བླ་མའི་ཞབས་ ནི་མི་སྤོང་བའོ། །ཉམས་པ་གང་ཡིན་གང་ཞིག་རྩ་གསུམ་དག་ལ་གནས་པའི་རླུང་ནི་ མཐའ་ཡས་དུས་སུ་བསད་པའོ། །དཔའ་བོ་གང་ཡིན་གང་ཞིག་མཉམ་དང་མི་མཉམ་ ལམ་ལ་སྲོག་དང་ཐུར་སེལ་རླུང་ནི་གསོད་བྱེད་པའོ། །སྦྱིན་བདག་གང་ཡིན་གང་ཞིག་ དཔལ་ལྡན་བླ་མར་རང་ལུས་བུ་དང་ཆུང་མ་ལ་སོགས་ཀུན་དབུལ་བའོ། །མ་རབས་གང་ ཡིན་གང་ཞིག་སླུ་བྱེད་རང་སྙིང་སྡིག་པས་དྲངས་པའི་སེམས་དང་གཡོ་སྒྱུ་དང་ལྡན་ པའོ། །ཞེས་དང༌། རྒྱལ་བར་རབ་ཏུ་གསལ་བའི་སློབ་དཔོན་ལ་ཡང་མཁས་པ་མིན་པའི་ ཉན་ཐོས་གང་ཞིག་སྨོད་བྱེད་པ། །དེ་རྣམས་བགེགས་ཀྱི་མགོན་པོས་བསད་དེ་མཆོག་ཏུ་ འཇིགས་པ་བྱེད་པའི་མནར་མེད་དུ་ནི་མྱུར་དུ་འགྲོ། །གང་ལ་རབ་མཆོག་རྒྱལ་བའི་ བདག་པོས་སྔགས་ཀྱི་མཐུ་རྣམས་ཀྱིས་ནི་རང་ཉིད་བྱིན་གྱིས་བརླབ་པ་མཛད། །མི་ རྣམས་དག་ལས་བརྟུལ་ཞུགས་ངེས་པའི་གནས་ལ་དེ་དང་ཚངས་པར་སྤྱོད་པ་མཚུངས་ པའི་དགེ་སློང་སུ། །ཞེས་དང༌། སྡོམ་པ་འབྱུང་བའི་རྒྱུད་དུ་ཡང༌། བླ་མ་སངས་རྒྱས་བླ་མ་ ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་ འགྲོ་མ་ཡི་དྲ་བ་སྡོམ། །དེ་ཕྱིར་སངས་རྒྱས་གོ་འཕང་ནི། །འདོད་པས་བླ་མ་མཉེས་པར་ བྱ། །ཞེས་དང༌། ཡེ་ཤེས་གྲུབ་པར་ཡང༌། གང་ལ་བླ་མའི་དྲིན་ཡོད་པ། །དེས་ན་དེ་ཉིད་ མཆོག་རྙེད་འགྱུར། ། བླ་མ་སངས་རྒྱས་ཆོས་འགྱུར་ཞིང༌། །དགེ་འདུན་ཡང་ནི་དེ་ཉིད་ དེ། །དེ་འདྲའི་དྲིན་གྱིས་ཤེས་འགྱུར་བས། །དེ་བས་དཀོན་མཆོག་གསུམ་པོ་ཡིན། །མི་ཤེས་ རབ་རིབ་ཀྱིས་ལྡོངས་ལ། །འདི་ནི་ལམ་རབ་སྟོན་བྱེད་ཡིན། །བདེ་བ་ཀུན་གྱི་མཆོག་གྱུར་ 8-1-215 དང༌། །འདོད་པ་ཐམས་ཅད་སྟེར་བྱེད་ཡིན། །ཞེས་དང༌། དཔལ་རྡོ་རྗེའི་ཕྲེང་བའི་རྒྱུད་ དུ་ཡང༌། བླ་མ་དང་ནི་རྡོ་རྗེ་འཆང༌། །ཐ་དད་པར་ནི་མི་བརྟག་གོ །ཞེས་དང༌། དཔལ་ ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དུ་ཡང༌། གང་ཞིག་དབང་བསྐུར་སྦྱིན་བྱེད་པ། །དེ་ནི་རྡོར་ སེམས་ལྟ་བུར་བལྟ། །བླ་མ་སྤྲུལ་རྒྱལ་ལྟ་བུར་བལྟ། །དཔལ་ལྡན་བླ་མ་མེ་འདྲར་བལྟ། །བླ་ མ་སངས་རྒྱས་པས་ལྷག་བལྟ། ། ཡིད་བཞིན་རིན་ཆེན་མཉམ་པར་བལྟ། །ཞེས་དང༌། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་དུ་ཡང༌། བླ་མ་མཐོ་རིས་ཐར་པའི་བུ། །བླ་མ་ཡེ་ཤེས་བླ་མ་ བདེ། །བླ་མ་སྟོན་པ་བླ་མ་མགོན། །བླ་མ་རྡོ་རྗེ་འཛིན་པ་ཉིད། །ཅེས་དང༌། སྒྱུ་འཕྲུལ་དྲྭ་ བའི་རྒྱུད་དུ་ཡང༌། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་ མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ནི་ཡེ་ ཤེས་རྒྱ་མཚོ་ཆེ། །ཡིད་བཞིན་ནོར་བུ་རིན་ཆེན་བཞིན། །སློབ་དཔོན་གྱི་ནི་ཡོན་ཏན་ བཟུང༌། ། སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཡོན་ཏན་གྱིས་ནི་དངོས་གྲུབ་ཅིང༌། །སྐྱོན་ རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཕྱིར་ཀུན་ཏུ་རབ་བསྒྲིམས་ཏེ། ། བསམ་ཡས་ འབྲས་བུ་སྦྱིན་བྱེད་པ། །སངས་རྒྱས་འབྲས་བུ་འདོད་པ་ཡིས། །སེམས་ཅན་དད་པས་དེ་ མཆོད་ཅིག །ཅེས་པ་ལ་སོགས་པ་གསུང་རབ་ཟབ་མོ་དཔག་ཏུ་མེད་པ་རྣམས་སུ་བླ་མའི་ རྣལ་འབྱོར་གྱི་དོན་རྒྱ་ཆེར་བཀའ་སྩལ་པ་རྣམས་ཀྱི་དོན་ལེགས་པར་ཐུགས་སུ་ཆུད་ ནས་ཐུགས་ཉམས་སུ་བཞེས་ཏེ་བླ་མ་དམ་པའི་མཚན་ཐོས་པ་ཙམ་དང༌། ཡོན་ཏན་དྲན་ པ་ཙམ་དང༌། བཀའ་དྲིན་རྗེས་སུ་དྲན་པ་ཙམ་གྱིས་སྤྱན་ཆབ་འབྱུང་བའི་དད་གུས་ཆེན་ པོ་དཔག་ཏུ་མེད་པ་རྒྱུན་དུ་མངའ་བར་བཞུགས་ལ། དེའི་རྒྱུ་མཚན་གྱིས་བླ་མ་དམ་པའི་ བྱིན་རླབས་ཞུགས་ཤིང་དེ་ལ་བརྟེན་ནས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཞུགས་ པས་འདུན་མ་ཐམས་ཅད་ལེགས་པའི་གཞི་ཚུགས་ཤིང་རྟེན་འབྲེལ་ཐམས་ཅད་ འགྲིགས་ནས་གང་དགོས་ཐམས་ཅད་ལྷུན་གྱིས་གྲུབ་ཅིང༌། གང་མཛད་ཐམས་ཅད་ཐོག་ ཏུ་འབབ་ལ། ཅི་བརྩམས་ཐམས་ཅད་མཐར་ཕྱིན་པར་འགྱུར་བའི་སྐྱེས་མཆོག་དམ་པ་ ཁྱད་པར་དུ་འཕགས་པ་ཐུགས་དགོངས་བཟང་པོ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ 8-1-216 ཁྱབ་པ་ལ་དབང་འབྱོར་བར་བཞུགས་ཤིང༌། དད་གུས་དང༌། དམ་ཚིག་དང༌། སྡོམ་པའི་ ཚོགས་རྣམ་པར་དག་ཅིང་ཕུལ་དུ་ཕྱིན་པ་ལ་མངའ་བརྙེས་པར་བཞུགས་པ་དང༌། བྱམས་པ་དང༌། ཐུགས་རྗེ་དང༌། བདག་གཞན་མཉམ་བརྗེ་བྱང་ཆུབ་ཀྱི་སེམས་དཔག་ཏུ་ མེད་པ་ལ་ཐུགས་ཤིན་ཏུ་འབྱོངས་པར་བཞུགས་པ་དང༌། ལུང་རིགས་མན་ངག་མདོ་ རྒྱུད་བསྟན་བཅོས། སྔགས། མཚན་ཉིད། ཕྱི་ནང་གི་ཕྱག་ལེན་ཐམས་ཅད་ལ་ཤིན་ཏུ་ མཁས་པར་བཞུགས་པ་དང༌། ཆོས་ཟབ་མོ་མཐར་ཐུག་གི་ཉམས་མྱོང་དང་རྟོགས་པ་ རབ་དང༌། མཆོག་དང༌། ཕུལ་དུ་བྱུང་བར་བཞུགས་པའི་རྒྱུ་མཚན་གྱིས། མཁས་བཙུན་ ཡོན་ཏན་རྒྱ་མཚོ་ཞེས་མི་རྣམས་ཀྱིས་མཚན་དོན་དང་མཐུན་པ་གསོལ་ཞིང༌། བསྟན་པ་ ལ་དད་པའི་ལྷ་དང་ཀླུ་དང༌། རིག་པ་འཛིན་པ་དང༌། དཔའ་བོ་མཁའ་འགྲོ་ལ་སོགས་པ་ གང་ཟག་དམ་པ་གཞན་རྣམས་ཀྱང་དེ་སྐད་དུ་གླེང་ཡང་དག་སྙམ་དུ་སེམས་སོ། །གདུལ་ བྱ་དད་པ་ཅན་རྣམས་ཀྱིས་ཀྱང་ཆོས་རྗེ་ཡབ་སྲས་གསུམ་ག་ཁྱད་མེད་དུ་གཟིགས་ནས་ ཆོས་མང་པོ་ཞུས་ཤིང༌། ཆོས་རྗེ་ཡབ་སྲས་གོང་མ་གཉིས་ཀྱིས་ཀྱང༌། སྐྱེས་མཆོག་ཁྱད་ པར་དུ་འཕགས་པ་ཆེན་པོར་གཟིགས་ནས། ཐུགས་གཙིགས་ཆེན་པོ་དཔག་ཏུ་མེད་པ་ མཛད། ཁྱད་པར་བསྙུང་བ་དྲག་པོ་ཅིག་བྱུང་དུས། ཀུན་སྤངས་ཀུན་ཏུ་བཟང་པོ་རང་ ཉིད་བྱོན་ནས་སྐུའི་རིམ་གྲོ་དང༌། བྱིན་རླབས་མཛད་པས། བསྙུང་བ་དྭངས་པའི་ཚེ། ཆོས་རྗེའི་གསུང་གིས། ངའི་འདི་མེད་ན་ད་བཟོད་ལུང་པ་འདི་སྟོང་པ་ཅིག་འོང་བར་ ཡོད་པ་ལ། ད་ལན་ལེགས་པར་བྱུང་བ་ཡིན་གསུང་སྐད། མདོར་ན་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་དང༌། གཞན་ལ་ཕན་ཐོགས་པའི་སྐྱེས་བུ་ཆེན་པོར་དགོངས་ནས། ཆོས་རྗེ་གོང་མ་གཉིས་སྐུ་ མཚམས་ལ་བཞུགས་པའི་བར་ལ་ཆོས་ཞུ་བ་བྱུང་བ་རྣམས་དང༌། ཚོགས་པ་ལ་ཡང་ཆོས་ གང་དགོས། གང་འཚམ་གསུང་བ་ལ་བསྐོས་ནས། བླ་མའི་བཀའ་དང་དུ་བླངས་ཏེ། སྐྱོ་ དུབ་མེད་པར་གདུལ་བྱ་ཆོས་དོན་དུ་གཉེར་བ་རྣམས་ལ་གང་དང་གང་དགོས་པའི་ ཆོས་ཟབ་པ་དང་རྒྱ་ཆེ་བ་ཐམས་ཅད་གསུངས་ནས་འགྲོ་བ་མང་པོ་སྨིན་ཅིང་གྲོལ་བར་ 8-1-217 མཛད། མཚམས་བར་ལ་ཆོས་རྗེ་ཡབ་སྲས་གསུམ་གས་ཆོས་ཀྱི་ཆར་ཆེན་པོ་འབེབས་ ཡང་ལན་མང་དུ་མཛད། དེ་ནས་ལྕགས་ཕོ་སྤྲེའུའི་ལོ་ལ། ཆོས་རྗེ་བྱང་སེམས་ཆེན་པོ་བདེ་བར་གཤེགས་པའི་ཚུལ་ བསྟན་ནས། བུ་སློབ་ཡོན་བདག་ཐམས་ཅད་ཀྱིས་གདན་ས་དངོས་གཞི་ལ་བཞུགས་པར་ ཞུ་བ་ཕུལ་ནས། དབང༌། ཁྲིད། རྒྱུད་འགྲེལ་པ། མན་ངག་ལ་སོགས་པས་གདུལ་བྱ་སྨིན་ ཅིང་གྲོལ་བར་མཛད་པ་དང༌། སེམས་ཅན་མང་པོ་ལ་སེམས་བསྐྱེད་རིན་པོ་ཆེ་ཕོག་ནས་ བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་སྟོན་པ་དང༌། དགེ་སློང་ཕ་མ། དགེ་ ཚུལ་ཕ་མ། དགེ་བསྙེན་ཕ་མ། བསྙེན་གནས་ཡན་ལག་བརྒྱད་པ་རྣམས་ཀྱི་སྡོམ་པ་ འབོགས་པ་དང༌། ཕོག་ནས་ཀྱང་བསྲུང་མཚམས་ལེགས་པར་སྟོན་པ་དང༌། གལ་ཏེ་ ཉམས་པ་ཚར་གཅོད་པ་དང༌། གསོར་རུང་ན་སླར་གསོ་བ་ལ་སོགས་པ་དང༌། སྐྱབས་ འགྲོ་ལ་སོགས་པ་ཆོས་འབྲེལ་གང་ཡང་རུང་བའི་སྒོ་ནས་ཀྱང་འགྲོ་དོན་རྒྱ་ཆེན་པོ་ མཛད། ཁྱད་པར། བླ་མ་ཆོས་གྲགས་དཔལ་བཟང་པོ་པས་ཞུ་བ་པོ་མཛད་དེ། དཔལ་དུས་ཀྱི་ འཁོར་ལོའི་དབང་ཡོངས་སུ་རྫོགས་པ་ཐུགས་ལ་བཏགས་ནས་དགེ་བའི་བཤེས་གཉེན་ མང་པོས་བསྟན་རྒྱུན་སྤེལ་ཞིང༌། བུ་སློབ་གཞན་མང་པོ་ལ་ཡང་ཕན་པ་ཆེན་པོ་བྱུང༌། དྲུང་པ་ཡང་ཤིན་ཏུ་མཉེས་ནས། སེམས་འགྲེལ་སྐོར་གསུམ་ཆ་ལག་དང་བཅས་པ་ལ་ སོགས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་མང་པོ་ཐུགས་ལ་བཏགས། གཞན་ཡང་སྲོག་རྩོལ་ལ་བརྟེན་ནས་བདེ་ཉམས་ཆེན་པོ་འུར་ལངས་པ་ལ་སོགས་པ་ ནང་དུ་ཉམས་མྱོང་གི་ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང༌། མཚན་ཕྱེད་ན་བེའུ་ རྐུན་མས་ཁྱེར་བ་འཁོར་རྣམས་ཀྱིས་མ་ཚོར་ཡང་དྲུང་པ་སྒོམ་ཁང་ན་བཞུགས་པའི་ ཐུགས་ཤེས་ཀྱིས་གཟིགས་པ་ལ་སོགས་པ་ངོ་མཚར་བ་མང་དུ་ཡོད་ཀྱང་འདིར་ཡི་གེ་ རིས་སུ་བྲི་བར་དཀའ། གཞན་ཡང༌། གཞི་ལ་གདོད་ནས་བཞུགས་པ་དོན་དམ་བདེ་གཤེགས་སྙིང་པོ་དང་པོའི་ 8-1-218 སངས་རྒྱས་དང་དེ་མངོན་དུ་བྱེད་པའི་ལམ་མཆོག་རྡོ་རྗེའི་རྣལ་འབྱོར་དང༌། དེ་ཉམས་ སུ་ལེན་པའི་གང་ཟག་རྣམས་ལ་དད་གུས་དང་དག་སྣང་ཕུན་སུམ་ཚོགས་པ་མངའ་ ཞིང༌། དེ་ལྟར་མ་རྟོགས་པ་དང་དེ་དག་ལས་འགལ་བར་སྤྱོད་པ་རྣམས་ལ་ཐུགས་ཀྱིས་ མི་བཟོད་པའི་ཐུགས་རྗེ་ཆེན་པོ་མངའ་བ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་ མངའ་བ་རྣམས་ནི་འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། ། རྒྱལ་བ་རྣམས་ཀྱི་ཡོན་ཏན་དང༌། །འཕྲིན་ལས་ནམ་མཁའི་མཐའ་དང་མཉམ། །དེ་སླད་ བླ་མའི་ཡོན་ཏན་དང༌། །འཕྲིན་ལས་མཐའ་ཡང་དེ་དང་མཉམ། །ཅི་སླད་ཅེ་ན་རྫོགས་ པ་ཡི། །སངས་རྒྱས་རྡོ་རྗེ་འཆང་སོགས་ཀྱིས། །མཚན་ལྡན་བླ་མ་དམ་པ་ནི། །སངས་རྒྱས་ ཉིད་དུ་གསུང་ཕྱིར་རོ། ། དེ་ཡང༌། མཁའ་འགྲོ་མ་རྡོ་རྗེ་གུར་དུ། བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་དང༌། རྡོ་རྗེ་སེམས་དཔའ་ཇི་ལྟ་བུ། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་ སུ་བཟུང་དམིགས་ནས། །ཕལ་བའི་གཟུགས་སུ་གནས་པའོ། །ཞེས་སོགས་ཤིན་ཏུ་མང་ བར་བཀའ་སྩལ་ཅིང༌། ཆོས་རྗེ་གོང་མ་གཉིས་ཀྱི་རྣམ་པར་ཐར་པ་ན་ཡང་རྒྱས་པར་ བཞུགས་སོ། ། དེ་ལྟར་བླ་མ་སངས་རྒྱས་ཀྱི་ཚུལ་གྱིས་གཞན་དོན་མཛད་པ་ལྟར། བྱང་ཆུབ་སེམས་ དཔའི་ཚུལ་གྱིས་ཀྱང་གཞན་དོན་མཛད་དེ། དེ་ནི། འཕགས་པ་མ་ཕམ་པའི་ཞལ་སྔ་ནས། ཇི་ལྟར་བློ་ལྡན་སེམས་ཅན་ལ། །རབ་ཏུ་བྱམས་པར་འགྱུར་བ་ལྟར། །སེམས་ཅན་བདག་ དང་ཆུང་མ་དང༌། །བུ་བཤེས་གཉེན་ལ་དེ་ལྟར་མིན། །དོན་གཉེར་བ་ལ་ཕྱོགས་མེད་ དང༌། ། ཚུལ་ཁྲིམས་རྟག་ཏུ་མ་ཉམས་དང༌། །ཀུན་ཏུ་བཟོད་ཅིང་ཐམས་ཅད་ ཕྱིར། །བརྩོན་འགྲུས་ཆེན་པོ་རྩོམ་པ་དང༌། །རྟག་ཏུ་བསམ་གཏན་དགེ་བ་དང༌། །ཤེས་ རབ་རྣམ་པར་མི་རྟོག་ཉིད། །བྱང་ཆུབ་སེམས་དཔའ་དེ་དག་ལ། །དེ་ལྟར་སེམས་མཉམ་ ཤེས་པར་བྱ། །སྣོད་ཉིད་དུ་ནི་བྱེད་པ་དང༌། །ཚུལ་ཁྲིམས་དག་ལ་འགོད་པ་དང༌། །གནོད་ པ་ལ་ནི་བཟོད་པ་དང༌། །དོན་བྱེད་པར་ནི་འགྲོ་བ་དང༌། །བསྟན་པ་ལ་ནི་འཛུད་པ་ 8-1-219 དང༌། །ཐེ་ཚོམ་གཅོད་པར་བྱེད་པ་འདི། །བློ་ལྡན་རྣམས་ཀྱིས་སེམས་ཅན་ལ། །ཕན་ འདོགས་ཉིད་དུ་འདོད་པ་ཡིན། ། གང་དག་རྟག་ཏུ་སེམས་ཅན་རྣམས། །བསམ་པ་ མཉམ་པས་འཛིན་བྱེད་ཅིང༌། །འཕགས་པའི་ས་ལ་བསྐྱེད་པ་དང༌། །དགེ་བ་འཕེལ་བར་ བྱེད་པ་དང༌། །ཉེས་བྱས་ལས་ནི་ཡོངས་བསྲུངས་དང༌། །ཐོས་པ་བྱང་བར་བྱེད་པ་ ནི། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་མ་དང་འདྲ་བ་ཡིན། །སེམས་ཅན་ ཀུན་ལ་རྟག་པར་ནི། །དད་པ་སྐྱེད་པར་བྱེད་པ་དང༌། །ལྷག་པའི་ཁྲིམས་སོགས་བསླབ་པ་ དང༌། །རྣམ་པར་གྲོལ་བར་སྦྱོར་བའི་ཕྱིར། ། སངས་རྒྱས་ལ་ནི་གསོལ་བ་དང༌། །དེ་དག་ སྒྲིབ་པ་སྤོང་བའི་ཕྱིར། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་ཕ་དང་འདྲ་བ་ ཡིན། །གང་དག་བསྟན་པར་མི་འོས་པའི། ། སེམས་ཅན་རྣམས་ལ་གསང་བྱེད་ ཅིང༌། །བསླབ་ལས་ཉམས་ལ་སྨོད་པ་དང༌། །ཕུན་སུམ་ཚོགས་ལ་བསྔགས་པ་ ཉིད། །གདམ་ངག་སྦྱིན་པར་བྱེད་པ་དང༌། །བདུད་རྣམས་སྣྲོན་པར་བྱེད་པ་སྟེ། །ལས་ལྔ་ དག་གིས་རྒྱལ་སྲས་རྣམས། །སེམས་ཅན་རྩ་ལག་འདྲ་བ་ཡིན། །ཀུན་ནས་ཉོན་མོངས་ རྣམ་བྱང་ལ། །གང་དག་རང་བློ་མ་འཁྲུལ་བ། །འཇིག་རྟེན་འཇིག་རྟེན་མིན་པ་ཡི། །ཕུན་ ཚོགས་ཟད་པར་སྦྱིན་པར་བྱེད། །སྐྱོ་བ་མེད་པས་མི་ཕྱེད་ཅིང༌། །རྟག་ཏུ་ཕན་དང་བདེ་ འདོད་པ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་གྲོགས་པོ་འདྲ་བ་ཡིན། །གང་ དག་སེམས་ཅན་སྨིན་བྱ་ལ། །རྟག་ཏུ་བརྩོན་པ་དད་ལྡན་ཞིང༌། །ཡང་དག་ངེས་པ་འབྱུང་ བར་སྨྲ། །ལོག་པར་བསྒྲུབ་པ་རྣམས་ལ་བཟོད། །ཕུན་སུམ་ཚོགས་པ་གཉིས་སྦྱིན་བྱེད། །དེ་ ཡི་ཐབས་ལ་མཁས་པ་ནི། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་བྲན་དང་ འདྲ་བ་ཡིན། །གང་དག་མི་སྐྱེ་ཆོས་ལ་ནི། །བཟོད་པ་ཐོབ་པར་འདོད་པ་དང༌། ། ཐེག་པ་ ཐམས་ཅད་སྟོན་པ་དང༌། །རྣལ་འབྱོར་གྲུབ་པར་སྦྱོར་བ་དང༌། །བཞིན་མཛེས་ལན་དུ་ ཕན་འདོགས་དང༌། །རྣམ་པར་སྨིན་ལ་མི་ལྟ་བ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། ། སེམས་ཅན་སློབ་དཔོན་འདྲ་བ་ཡིན། །སེམས་ཅན་དོན་ལ་ཤིན་ཏུ་བརྩོན། །ཚོགས་རྣམས་ རྫོགས་པར་བྱེད་པ་དང༌། །ཚོགས་བསགས་མྱུར་དུ་གྲོལ་བར་བྱེད། །མི་མཐུན་ཕྱོགས་ནི་ 8-1-220 སྤོང་བྱེད་ཅིང༌། །འཇིག་རྟེན་འཇིག་རྟེན་མ་ཡིན་པའི། །ཕུན་སུམ་ཚོགས་པ་ལ་སྦྱོར་བ། ། ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་མཁན་པོ་འདྲ་བ་ཡིན། །ཞེས་དང༌། སངས་རྒྱས་སྲས་རྣམས་སློང་དང་ཕྲད་ན་རང་གི་སྲོག་ཀྱང་རྟག་ཏུ་གཏོང༌། །སྙིང་རྗེས་ གཞན་ལ་ལན་ཡང་མི་རེ་འདོད་པའི་འབྲས་བུ་དོན་མ་གཉེར། །སྦྱིན་པ་དེ་ཉིད་ཀྱིས་ ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །སྦྱིན་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་ འཇིག་རྟེན་དག་ན་མི་ཟད་བཞག །སངས་རྒྱས་སྲས་རྣམས་སྡོམ་དང་བརྩོན་པའི་རང་ བཞིན་ཚུལ་ཁྲིམས་གསུམ་རྟག་བླངས། །མཐོ་རིས་མངོན་པར་མི་འདོད་ཡང་དག་ཐོབ་ ཀྱང་དེ་ལ་ཆགས་མ་བསྐྱེད། ། ཚུལ་ཁྲིམས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་ གསུམ་ལ་བཀོད། །ཚུལ་ཁྲིམས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་ བཞག །སངས་རྒྱས་སྲས་རྣམས་ཤིན་ཏུ་བྱ་དཀའ་དེ་བཞིན་མི་ཡི་གནོད་ཀུན་ བཟོད། །མཐོ་རིས་གཉེར་དང་མི་ནུས་པས་མིན་འཇིགས་པས་མ་ཡིན་ཕན་བལྟས་ མིན། །བཟོད་པ་བླ་ན་མེད་པས་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བཟོད་པ་ ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག །རྒྱལ་བའི་སྲས་རྣམས་ གོ་ཆ་སྦྱོར་བའི་བདག་ཉིད་བརྩོན་འགྲུས་དཔེ་མེད་བྱས། །རང་དང་གཞན་གྱི་ཉོན་ མོངས་ཚོགས་གཞོམ་བྱང་ཆུབ་དམ་པ་ཐོབ་པར་བྱེད། ། བརྩོན་འགྲུས་དེ་ཉིད་ཀྱིས་ཀྱང་ སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བརྩོན་འགྲུས་ཡེ་ཤེས་ཀྱིས་ཡོངས་ཟིན་ པས་འཇིག་རྟེན་དག་ན་མི་ཟད་བཞག །སངས་རྒྱས་སྲས་རྣམས་ཏིང་འཛིན་མང་ལྡན་ བསམ་གཏན་རྣམ་པ་ཐམས་ཅད་བསྒྲུབས། །བསམ་གཏན་བདེ་བ་ཕུལ་གྱིས་གནས་ཤིང་ སྙིང་རྗེས་སྐྱེ་བ་དམན་ལ་བརྟེན། །བསམ་གཏན་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ ཆུབ་གསུམ་ལ་བཀོད། །བསམ་གཏན་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་ མི་ཟད་བཞག །སངས་རྒྱས་སྲས་རྣམས་དེ་ཉིད་ཤེས་བྱ་གང་ཡིན་མཐའ་དག་རྣམ་ཀུན་ ཤེས། །མྱ་ངན་འདས་ལའང་བློ་ཡིས་ཆགས་རབ་མ་བསྐྱེད་འཁོར་བར་སྨོས་ཅི་ དགོས། །ཡེ་ཤེས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཡེ་ཤེས་ 8-1-221 སེམས་ཅན་ཡོངས་སུ་བཟུང་བས་འཇིག་རྟེན་དག་ན་མི་ཟད་བཞག །ཅེས་དང༌། བྱང་ ཆུབ་སེམས་དཔའ་སེམས་ཅན་ལ། །བུ་གཅིག་པ་ལ་བྱ་བ་བཞིན། །རྐང་གི་ཁོང་ནས་ བྱམས་པ་ཆེ། ། དེ་ལྟར་རྟག་ཕན་བྱེད་པར་འདོད། །སེམས་ཅན་རྣམས་ལ་ཕན་བྱེད་ ཕྱིར། །དེ་ལ་ཆགས་སྐྱེས་ལྟུང་མི་འགྱུར། །དེ་ཡི་ཞེ་སྡང་རྣམ་ཀུན་ཏུ། །སེམས་ཅན་ཀུན་ དང་འགལ་བར་འགྱུར། ། ཇི་ལྟར་ཕུག་རོན་རང་གིས་བུ་མཆོག་བྱམས། །རང་གི་བུ་དེ་ཉེ་ བར་འཁྱུད་ནས་འདུག །དེ་འདྲ་བ་ལ་ཁོང་ཁྲོ་འགལ་བ་ལྟར། །བརྩེར་བཅས་ལུས་ཅན་ བུ་ལའང་དེ་དང་འདྲ། །གང་ཕྱིར་བྱམས་པ་དེ་ཕྱིར་ཁོང་ཁྲོ་འགལ། །གང་ཕྱིར་ཞི་བ་དེ་ ཕྱིར་གནོད་སེམས་འགལ། ། གང་ཕྱིར་དོན་བྱེད་དེ་ཕྱིར་སྒྱུ་སེམས་འགལ། །གང་ཕྱིར་ ཚིམ་བྱེད་དེ་ཕྱིར་འཇིགས་བྱེད་འགལ། །སྨན་བཟང་པོ་ལ་ནད་པ་བཞིན། །འཁོར་བ་ལ་ ནི་འཇུག་པར་བྱེད། །ནད་པ་ལ་ནི་སྨན་པ་བཞིན། །སེམས་ཅན་རྣམས་པ་སྒྲུབ་པར་ བྱེད། །བྲན་མ་གྲུབ་པ་ཇི་བཞིན་དུ། ། བདག་ཉིད་ལ་ནི་སྒྲུབ་པར་བྱེད། །ཟོང་ལ་ཚོང་པ་ ཇི་བཞིན་དུ། །འདོད་པ་དག་ལ་སྒྲུབ་པར་བྱེད། །གོས་ལ་བཙོ་བསླག་མཁན་བཞིན་ དུ། །ལས་ལ་རབ་ཏུ་སྒྲུབ་པར་བྱེད། །བུ་གཞོན་པ་ལ་ཕ་བཞིན་དུ། །སེམས་ཅན་མི་འཚེ་ སྒྲུབ་པར་བྱེད། །མེ་དོན་གཉེར་ལ་བརྩུབ་ཤིང་ལྟར། །རྟག་པར་རབ་ཏུ་སྒྲུབ་པར་ བྱེད། །ཡིད་བརྟན་བཞིན་དུ་ལྷག་པའི་སེམས། །མ་རྫོགས་པ་ལ་སྒྲུབ་པར་བྱེད། །སྒྱུ་མ་ མཁན་ལྟར་ཤེས་བྱ་ལ། །ཤེས་རབ་ཀྱིས་ནི་སྒྲུབ་པར་བྱེད། །ཅེས་པ་ལ་སོགས་པ་སྟེ། བདག་ ཅག་གི་དཔལ་ལྡན་བླ་མ་དམ་པ་ནི་དེ་ལྟ་བུའི་ཚུལ་གྱིས་གཞན་དོན་རྣམ་དག་མཛད་ པ་ཡིན་ནོ། །དེ་ལྟར་གཞན་དོན་མཛད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ ཉིད་དམ་པ་རང་བཞིན་དང་མཚན་གྱི་རྣམ་གྲངས་ཇི་ལྟ་བུ་ཞེ་ན། འདོད་པ་མ་ཆགས་ ལས་གསུམ་རྣམ་པར་དག །ཁྲོ་བ་ཟིལ་གནོན་ཡོན་ཏན་མཆོག་ལྷུར་ལེན། །ཆོས་ལས་མི་ གཡོ་དེ་ཉིད་ཟབ་མོ་མཐོང༌། །བྱང་ཆུབ་དགའ་ལྡན་བྱང་ཆུབ་སེམས་དཔའ་ཡིན། །ཕན་ ཐོགས་འདོད་དང་གནོད་པ་མེད་ལྟ་དང༌། །གཞན་གྱི་གནོད་པ་དང་དུ་ལེན་པ་ དང༌། །བརྟན་པ་བག་ཡོད་མང་དུ་ཐོས་པ་དང༌། །གཞན་གྱི་དོན་བརྩོན་བྱང་ཆུབ་སེམས་ 8-1-222 དཔའ་ཡིན། །རང་གི་ཡོངས་སུ་བཟུང་བའི་ཉེས་དམིགས་ཤེས། །ལོངས་སྤྱོད་མ་ཆགས་ ཞེན་ལ་ཁོན་མི་འཛིན། །རྣལ་འབྱོར་རྒྱུ་མཚན་ལ་མཁས་ལྟ་ངན་མེད། །ནང་དུ་རབ་ གནས་བྱང་ཆུབ་སེམས་དཔའ་ཡིན། །བརྩེ་དང་ལྡན་པ་ངོ་མཚར་ཡོན་ཏན་གནས། ། སྡུག་བསྔལ་དང་ལེན་རང་གི་བདེ་མ་ཆགས། །དན་གཙོ་ཤིན་ཏུ་མཉམ་པར་བཞག་པའི་ བདག །ཐེག་པ་མི་འཁྲུགས་བྱང་ཆུབ་སེམས་དཔའ་ཡིན། །སྡུག་བསྔལ་སེལ་བ་སྡུག་ བསྔལ་མི་བྱེད་ཉིད། །སྡུག་བསྔལ་བཟོད་པ་སྡུག་བསྔལ་འཇིགས་པ་མེད། །སྡུག་བསྔལ་ རྣམ་གྲོལ་སྡུག་བསྔལ་མི་རྟོག་པ། །སྡུག་བསྔལ་ཁས་ལེན་བྱང་ཆུབ་སེམས་དཔའ་ཡིན། ། ཆོས་ལ་མི་དགའ་རང་བཞིན་ཆོས་ལ་དགའ། །ཆོས་ལ་སྨོད་ཅིང་རང་བཞིན་ཆོས་ལ་ བརྩོན། ། ཆོས་ལ་དབང་བ་ཆོས་ལ་མུན་པ་མེད། །ཆོས་གཙོར་བྱེད་པ་བྱང་ཆུབ་སེམས་ དཔའ་ཡིན། །ལོངས་སྤྱོད་བག་ཡོད་ངེས་ལ་བག་ཡོད་དང༌། །བསྲུང་ལ་བག་ཡོད་དགེ་ ལ་བག་ཡོད་དང༌། །བདེ་ལ་བག་ཡོད་ཆོས་ལ་བག་ཡོད་དང༌། །ཐེག་པ་བག་ཡོད་བྱང་ ཆུབ་སེམས་དཔའ་ཡིན། །མ་གུས་ངོ་ཚ་ཉེས་ཆུང་ངོ་ཚ་དང༌། །མི་བཟོད་ངོ་ཚ་ཡོངས་ ཉམས་ངོ་ཚ་དང༌། །རྣམ་འཕྲོ་ངོ་ཚ་ལྟ་ཆུང་ངོ་ཚ་དང༌། །ཐེག་གཞན་ངོ་ཚ་བྱང་ཆུབ་ སེམས་དཔའ་ཡིན། །འདི་དང་ཕ་རོལ་དང་ནི་བཏང་སྙོམས་དང༌། །འདི་བྱེད་ལྡན་དང་ དབང་འབྱོར་ཉིད་ཐོབ་དང༌། །མཚུངས་པར་སྟོན་དང་འབྲས་བུ་ཆེན་པོ་ཡིས། །བྱང་ ཆུབ་སེམས་དཔའ་ཕན་འདོགས་བྱེད་ལ་འཇུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེ། །བློ་ལྡན་ཉིད་དང་གསལ་བའི་མཆོག །རྒྱལ་སྲས་རྒྱལ་བའི་གཞི་དང་ནི། །རྒྱལ་བྱེད་ རྒྱལ་བའི་མྱུ་གུ་དང༌། །རྩལ་ལྡན་དང་ནི་འཕགས་མཆོག་དང༌། །དེད་དཔོན་དང་ནི་ གྲགས་མཆོག་དང༌། །སྙིང་རྗེ་ཅན་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་ དང་ལྡན། །དེ་ཉིད་བཟང་རྟོགས་དོན་ཆེན་ལེགས་རྟོགས་དང༌། ། དོན་ཀུན་རྟོགས་དང་ རྟག་ཏུ་རྟོགས་པ་དང༌། །ཐབས་རྣམས་རྟོགས་པར་འགྱུར་བའི་ཁྱད་པར་རྒྱུ། །དེས་ན་ བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བདག་རྗེས་རྟོག་དང་ལྟ་བ་ཕྲ་རྟོག་དང༌། ། རྣམ་རིག་ སྣ་ཚོགས་རྣམ་པར་རྟོག་དང་ཀུན། །ཡང་དག་མིན་རྟོག་ཡིན་པར་རྟོགས་པའི་རྒྱུ། ། དེས་ 8-1-223 ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །མ་རྟོགས་རྟོགས་དང་རྗེས་སུ་རྟོགས་པ་རྟོགས། ། དངོས་མེད་རྟོགས་དང་རབ་ཏུ་སྐྱེ་བ་རྟོགས། །མ་རྟོགས་རྟོགས་པ་སོ་སོར་རྟོགས་པའི་ རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དོན་མེད་རྟོགས་དང་དོན་དམ་རྟོགས་ པ་དང༌། །དོན་ཀུན་རྟོགས་དང་མཐའ་དག་དོན་རྟོགས་དང༌། །རྟོགས་བྱ་རྟོགས་གཞི་ རྟོགས་པ་རྟོགས་པའི་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གྲུབ་པར་གྱུར་པ་ རྟོགས་དང་གནས་རྟོགས་དང༌། །ལྷུམས་རྗེས་རྟོགས་དང་རིམ་པ་རྟོགས་པ་དང༌། །རབ་ ཏུ་རྟོགས་དང་ཐེ་ཚོམ་གསལ་རྟོགས་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་ དང༌། འདུན་པ་མེད་པ་མ་ཡིན་ཆགས་དང་འཁུ་བའི་སྙིང་མེད་ཁྲོ་མེད་ལེ་ ལོ་མེད། །བྱམས་དང་སྙིང་རྗེ་མིན་པའི་བསམ་མེད་བློ་གྲོས་ངན་རྟོག་རྣམ་རྟོག་འཕྲོག་པ་ མེད། །བློ་གྲོས་རྣམ་པར་གཡེང་མིན་བདེ་བས་མི་འཕྲོག་སྡུག་བསྔལ་དག་གིས་གནོད་པ་ མེད། །དགེ་བའི་བཤེས་ལ་ཉེ་བར་བརྟེན་ཅིང་ཐོས་པ་ལྷུར་ལེན་སྟོན་པ་མཆོད་ལ་ བརྩོན། །ཐབས་མཆོག་ཤེས་པ་གང་ཞིག་བསོད་ནམས་ཡང་དག་བསྡུས་པ་ཤིན་ཏུ་རྒྱ་ ཆེན་ཀུན། །གཞན་དང་ཐུན་མོང་བྱས་ནས་ཉིན་ཅིག་བཞིན་དུ་རྫོགས་པའི་བྱང་ཆུབ་ ཡོངས་བསྔོ་ཞིང༌། །བཟང་པོའི་གནས་སུ་སྐྱེས་པ་རྟག་ཏུ་དགེ་བྱེད་མངོན་ཤེས་ཡོན་ཏན་ རྣམས་ཀྱིས་རྩེན། །སངས་རྒྱས་སྲས་དེ་ཀུན་གྱི་བླ་ན་འདུན་པ་ཡོན་ཏན་གཏེར་དུ་ཤེས་ པར་བྱ། །ཞེས་དང༌། བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་པར་དག །ཚུལ་ཁྲིམས་ཤིན་ཏུ་ རྣམ་དག་མཉམ་པར་བཞག །ཆོས་ལ་ང་སྤངས་རྒྱུ་དང་ཀུན་ཉོན་མོངས། །རྣམ་པར་དག་ པ་ཐ་དད་ང་རྒྱལ་མེད། །སྐད་ཅིག་གཅིག་བློ་ཐོབ་པ་བཏང་སྙོམས་པ། །ཞིང་རྣམས་སྦྱོང་ བ་སེམས་ཅན་སྨིན་བྱེད་པ། །མཁས་པ་མཐུ་ཆེན་ལས་ཡོངས་རྫོགས་པ་དང༌། ། ངེས་པར་ སྟོན་ལ་མཁས་པ་དབང་བསྐུར་ཡིན། །ཞེས་པ་དེ་ལྟ་བུའི་ཡོན་ཏན་ཡང་བདག་ཅག་གི་ དཔལ་ལྡན་བླ་མ་དམ་པ་ལ་ཡོངས་སུ་རྫོགས་པར་མངའ་བའོ། ། བར་དུ་གཅོད་པ་ནི། སེམས་ཅན་ཆེད་དུ་དམྱལ་བའི་སྲིད་པར་གནས་པ་ཡི། །སྡུག་ བསྔལ་མི་བཟད་ཅིས་ཀྱང་རྒྱལ་སྲས་གནོད་བྱེད་མིན། །ཞི་སྲིད་ཡོན་ཏན་སྐྱོན་གྱིས་ཐེག་ 8-1-224 པ་དམན་ཞུགས་པའི། །རྣམ་རྟོག་དགེ་བ་སྣ་ཚོགས་བློ་ལྡན་གནོད་བྱེད་མིན། །བློ་དང་ ལྡན་པ་དམྱལ་བར་གནས་པ་དུས་ཀུན་ཏུ། །བྱང་ཆུབ་དྲི་མེད་ཡངས་པའི་བར་དུ་གཅོད་ བྱེད་མིན། །ཐེག་པ་གཞན་ལ་རབ་བསིལ་རྣམ་རྟོག་བདག་ཕན་པ། །རབ་ཏུ་བདེ་བར་ གནས་ཀྱང་བར་དུ་གཅོད་པར་བྱེད། །ཅེས་པ་ལ་སོགས་པའི་སྐྱོན་ཐམས་ཅད་ནི་བདག་ ཅག་གི་དཔལ་ལྡན་བླ་མ་དམ་པ་ལ་མི་མངའོ། །ཆོས་རྗེ་གོང་མ་དག་ལ་ཡང་དེ་བཞིན་ ནོ། ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པས་གཞན་དོན་མཛད་པ་ནི་བླ་མ་གོང་མ་ སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་དྲིན་ལན་གྱི་མཆོག་ཏུ་གསུངས་ཏེ། ཇི་ སྐད་དུ། ལོངས་སྤྱོད་རྣམས་ལ་མ་ཆགས་དང༌། །ཚུལ་ཁྲིམས་ཉམས་པ་མེད་པ་ དང༌། །བྱས་པ་བཟོ་དང་ལྡན་པ་དང༌། །སྒྲུབ་པ་ལ་ཡང་སྦྱོར་བའི་ཕྱིར། །ཕ་རོལ་ཕྱིན་པ་ དྲུག་པོ་ལ། །དེ་ལྟར་འཇུག་པའི་ལུས་ཅན་དག །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །དེ་ བཞིན་ལན་དུ་ཕན་འདོགས་ཡིན། །ཞེས་གསུངས་པ་ལྟར་ལེགས་པར་དགོངས་ནས་ཕྱག་ ལེན་ལ་ཐེབས་པར་མཛད་པ་ཡིན་ནོ། ། གཞན་ཡང༌། ཆོས་མངོན་པ་མཛོད་དུ། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་ སོགས་ཇི་བཞིན་ཡང་དག་སྟོན། །ཞེས་གསུངས་པ་ལྟར། བདག་ཅག་གི་དཔལ་ལྡན་བླ་མ་ དམ་པ་ནི་དམ་པའི་ཆོས་སྟོན་པ་ལ་ཤིན་ཏུ་མཁས་ཤིང་དེ་ལ་སྐྱོ་བ་དང༌། སུན་པ་ཡང་ མི་མངའ་ལ། གཞན་དག་ལ་ཡང་སྟོན་ཅིག་ཅེས་ཕན་ཡོན་དང་བཅས་པ་འདོམས་པར་ མཛད་དེ། འདི་སྐད་དུ། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང༌། །བཟུང་འོས་དེ་ཉིད་གཉིས་སྟོན་ པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །སེམས་དཔའ་ མཆོག་གི་སྟོན་པ་ནི། །འཇམ་ཞིང་རྒྱགས་བྲལ་མི་སྐྱོ་དང༌། །གསལ་ཞིང་སྣ་ཚོགས་རིག་པ་ དང༌། །གོ་ཞིང་ཟང་ཟིང་མེད་ཀུན་འགྲོ། །རྒྱལ་སྲས་ཚིག་ནི་མི་ཞན་པ། །སྙན་ཅིང་ལེགས་ བཤད་ཕུན་ཚོགས་དང༌། །ཅི་རིགས་པ་དང་ཟང་ཟིང་མེད། །རན་ཅིང་དེ་བཞིན་ཡངས་ པ་ཡིན། །བསྟན་དང་དེ་བཞིན་བཤད་པ་དང༌། །ཐེག་དང་མཐུན་དང་བདེ་བ་ 8-1-225 དང༌། །གྲགས་པ་དང་ནི་ཅི་རིགས་དང༌། །ངེས་པར་འབྱུང་དང་མཐུན་པའི་ཕྱིར། །དེ་ མདོར་སེམས་དཔའ་མཆོག་རྣམས་ཀྱི། །ཡི་གེ་ཕུན་ཚོགས་ཡིན་ཞེས་བྱ། །བདེ་གཤེགས་ གསུང་ནི་མཐའ་ཡས་ཏེ། ། ཡན་ལག་དྲུག་ཅུ་བསམ་མི་ཁྱབ། །ངག་ཚིག་ཤིན་ཏུ་རིགས་ པ་དང༌། །བསྟན་དང་རྣམ་འབྱེད་ཐེ་ཚོམ་གཅོད། །ལན་མང་བྱེད་དང་ལྡན་པ་ནི། །མགོ་ སྨོས་རྣམ་སྤྲོས་གོ་རྣམས་ལ། ། སངས་རྒྱས་རྣམས་ཀྱི་སྟོན་པ་འདི། །འཁོར་གསུམ་གྱིས་ནི་ དག་པ་སྟེ། །འདི་ནི་ཉེས་པ་བརྒྱད་དག་དང༌། །བྲལ་བ་ཉིད་དུ་ཤེས་པར་བྱ། །ལེ་ལོ་དང་ ནི་མི་འགོང་དང༌། །སྐབས་མི་འབྱེད་དང་མ་ངེས་དང༌། །ཐེ་ཙོམ་དག་ནི་མི་གཅོད་ དང༌། །དེ་དང་བྲལ་བ་གཏན་མི་བྱེད། ། སྐྱོ་བ་དང་ནི་སེར་སྣ་ཉིད། །འདི་དག་གཏན་གྱི་ ཉེས་པར་འདོད། །དེ་དག་མེད་ཕྱིར་སངས་རྒྱས་ཀྱི། །བཤད་པ་བླ་ན་མེད་པར་ འགྱུར། །དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །དོན་རྣམ་ གཉིས་ལྡན་བཟུང་བླ་དང༌། །ཡོན་ཏན་བཞི་ཅན་ཚངས་སྤྱོད་སྟོན། །གཞན་དང་ཐུན་ མོང་མ་ཡིན་ལྡན་པ་དང༌། །ཁམས་གསུམ་ཉོན་མོངས་རྣམ་སྤོང་རྫོགས་བྱེད་དང༌། །ངོ་ བོ་ཉིད་དག་དྲི་མ་དག་པ་སྟེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད། །ཅེས་ དང༌། བརྟན་པ་རྣམས་ནི་སྲོག་དང་ལོངས་སྤྱོད་ཚོགས་ཞེས་རྙེད་ཅིང་སྙིང་པོ་མེད་པ་ དག །རབ་དགའི་ཡིད་ཀྱིས་སེམས་ཅན་སྡུག་བསྔལ་རྣམས་ལ་སྦྱིན་རྣམས་རྒྱ་ཆེན་རྟགས་ གཏོང་ན། །ཆོས་སྤངས་སྐྱེ་དགུ་རྣམས་ལ་རྣམ་ལ་ཀུན་ཏུ་ཕན་བྱེད་ཚོགས་ཆེན་རེད་མིན་ ཞིང༌། །ཤིན་ཏུ་བཏང་ཡང་ཟད་མེད་འཕེལ་འགྱུར་ལྟ་བ་ལན་ཅིག་མ་ཡིན་སྨོས་ཅི་ དགོས། །ཞེས་པ་ལ་སོགས་པ་མང་པོའི་དོན་ལེགས་པར་གསུངས་སོ། །དེ་བཞིན་དུ། དཀོན་མཆོག་མཆོད་པ་ལ་བརྩོན་པའི་ཕན་ཡོན་རླབས་པོ་ཆེ་ཐམས་ཅད་ཐུགས་སུ་ཆུད་ ཅིང་ཐུགས་ཉམས་སུ་བཞེས་ནས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་ སྟོན་པར་མཛད་དེ། འདི་སྐད་དུ། རབ་དང་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་ རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ལ་གོས་སོགས་ཀྱིས། །མངོན་སུམ་མངོན་ སུམ་མིན་པར་མཆོད། །སངས་རྒྱས་འབྱུང་བ་དོན་ཡོད་པར། །སྨོན་ལམ་དང་ནི་ལྡན་པ་ 8-1-226 ཡི། །གསུམ་པོ་དམིགས་པར་མི་བྱེད་པ། །སངས་རྒྱས་མཆོད་པ་རྫོགས་པ་ཡིན། །ཞེས་ སོགས་དང༌། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ། ཐམས་ཅད་དཀོན་མཆོག་མཆོད་ ལས་བྱུང་བས། ཞེས་སོགས་ཀྱི་ལུང་མང་པོ་འདྲེན་པར་མཛད་དོ། ། དེ་བཞིན་དུ། བདེ་བར་གཤེགས་པའི་སྐུ་གཟུགས་རྣམས་དང་ནི། །མཆོད་རྟེན་རྣམས་ལ་ རྡུལ་ཕྲན་དུ་སོང་བ། །དེ་བྱེད་མི་རྣམས་ལྷ་མིའི་གོ་འཕང་དང༌། །གཟུགས་དང་གཟུགས་ མེད་ཏིང་འཛིན་ཀུན་ཐོབ་ནས། །རྒ་དང་ན་དང་འཆི་བ་ལ་སོགས་པའི། །སྡུག་བསྔལ་ སྤངས་ཏེ་མཐར་ནི་རྫོགས་སངས་རྒྱས། །ཞེས་སོགས་མདོ་རྒྱུད་དཔག་ཏུ་མེད་པ་ལས་ རྟེན་གསུམ་བཞེངས་པ་དང༌། ཞིག་སོས་དང་ཕྱག་མཆོད་བསྐོར་བ་ལ་སོགས་པའི་ཕན་ ཡོན་རབ་འབྱམས་གསུངས་པ་རྣམས་ཀྱི་དོན་ཡང་ཡང་གསུང་ངོ༌། །བརྩོན་འགྲུས་ཀྱི་ ཕན་ཡོན་དང་བསྔགས་པ་ཆེན་པོ་ཡང་གསུངས་པ་མཛད་དེ། འདི་སྐད་དུ། དགེ་བའི་ ཚོགས་ཀྱི་ནང་ནས་བརྩོན་འགྲུས་མཆོག །འདི་ལྟར་དེ་ལས་བརྟེན་ནས་དེ་རྗེས་ འཐོབ། །བརྩོན་འགྲུས་ཀྱིས་ནི་མོད་ལ་བདེ་གནས་མཆོག །དངོས་གྲུབ་འཇིག་རྟེན་ འདས་དང་འཇིག་རྟེན་གཏོགས། །བརྩོན་འགྲུས་ཀྱིས་ནི་སྲིད་སྐྱོང་འདོད་པ་ ཐོབ། །བརྩོན་འགྲུས་ཀྱིས་ནི་དག་པ་རབ་འགྱུར་ལྡན། ། བརྩོན་འགྲུས་ཀྱིས་ནི་འཇིག་ རྟེན་འདས་ནས་གྲོལ། །བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་སངས་རྒྱས། །གཞན་ཡང་ ཉམས་དང་འཕེལ་བའི་བརྩོན་འགྲུས་དང༌། །ཐར་པའི་དབང་དང་མི་མཐུན་ཕྱོགས་ སྤངས་གཞན། །དེ་ཕྱིར་རབ་ཞུགས་ཡོངས་སུ་བསྒྱུར་བྱེད་དང༌། །བརྩོན་འགྲུས་དོན་ ཆེན་ངེས་ཚིག་གཞན་དུ་འདོད། །ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི། །ཚུལ་ བཞིན་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་ཏེ། །མ་ཞུམ་མི་འཁྲུགས་ཆོག་མི་ཤེས་བརྩོན་ འགྲུས། །རྣམ་པ་ཐམས་ཅད་སངས་རྒྱས་རྣམས་རབ་གསུངས། །ཐེག་པ་གསུམ་བརྩོན་སྐྱེ་ བོ་ལ་བརྟེན་ནས། །བསམ་བློ་གཞན་དང་རྒྱ་རབ་ཆེ་ལྡན་ཕྱིར། །བརྩོན་འགྲུས་ཐ་མ་ འབྲིང་དང་མཆོག་གཞན་ཏེ། །དེ་ནི་དོན་ཆུང་བ་དང་དོན་ཆེན་འདོད། །བརྩོན་འགྲུས་ ལྡན་པ་ལོངས་སྤྱོད་ཀྱིས་ཕམ་མེད། །བརྩོན་འགྲུས་ལྡན་པ་ཉོན་མོངས་ཀྱིས་ཕམ་མེད། ། 8-1-227 བརྩོན་འགྲུས་ལྡན་པ་སྐྱོ་བས་ཕམ་པ་མེད། །བརྩོན་འགྲུས་ལྡན་པ་ཐོབ་པས་ཕམ་པ་ མེད། ། ཅེས་སོགས་དང༌། འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་གཡོ་བ་མེད་ པ་བཞིན། ། བསོད་ནམས་བརྩོན་འགྲུས་མེད་མི་འབྱུང༌། །བརྩོན་གང་དགེ་ལ་སྤྲོ་ བའོ། །ཞེས་སོགས་རྒྱ་ཆེར་གསུངས། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ངེས་པར་དགོས་ཚུལ་ཡང་གསུང་སྟེ། འདི་སྐད་དུ། ཕ་ རོལ་ཕྱིན་པ་དྲུག་པོ་ཡི། །མི་མཐུན་ཕྱོགས་ནི་འཕེལ་བ་དང༌། །གཉེན་པོ་འགྲིབ་པས་བྱང་ ཆུབ་སེམས། །མི་ཟད་ངོ་ཚ་སྐྱེ་བར་འགྱུར། །བརྟན་རྣམས་ཕ་རོལ་ཕྱིན་པ་དྲུག །བརྟེན་པ་ ལ་ནི་ལེ་ལོ་དང༌། །ཉོན་མོངས་རྗེས་སུ་མཐུན་ཆོས་ལ། །སྦྱོར་བ་ལས་ཀྱང་ངོ་ཚར་འགྱུར། ། མཉམ་བཞག་ངོ་བོ་ཉིད་མིན་ཆུང༌། །འབྲིང་དང་དམན་པའི་ས་པ་དང༌། །བསམ་པ་ དམན་པ་ངར་བཅས་པའི། །ངོ་ཚ་དམན་ཏེ་ལས་གཞན་ལྷག །བློ་ལྡན་ངོ་ཚ་མེད་པ་ ནི། །ཚུལ་བཞིན་མིན་པས་ཉོན་མོངས་དག །དང་དུ་ལེན་ཅིང་ཁོང་ཁྲོ་དང༌། །ཡལ་བར་ འདོད་དང་ང་རྒྱལ་གྱིས། །སེམས་ཅན་རྣམས་དང་ཚུལ་ཁྲིམས་འཇོམས། །འགོད་པས་ ཉམས་དང་བཅས་འགྱུར་ཞིང༌། །བཀུར་སྟི་དམན་པ་འཐོབ་འགྱུར་དེས། །དད་ལྡན་མི་ མིན་ཚོགས་དང་ནི། །སྟོན་པས་ཀྱང་ནི་བཏང་སྙོམས་མཛད། །རྒྱལ་སྲས་ཆོས་དང་ མཐུན་རྣམས་ཀྱིས། །རྣམ་པར་སྨོད་ཅིང་འཇིག་རྟེན་ལས། །མཐོང་བའི་ཆོས་ལས་མི་སྙན་ ཐོབ། །གཞན་དུ་ཕྱིར་ཞིང་མི་ཁོམ་སྐྱེ། །དེས་ན་ཆོས་དཀར་ཐོབ་པ་དང༌། །མ་ཐོབ་པ་ལས་ རྣམ་ཉམས་འགྱུར། །དེ་ཕྱིར་སྡུག་བསྔལ་གནས་པ་དང༌། །ཡིད་ཀྱང་རྣལ་དུ་མི་གནས་ འགྱུར། །རྒྱལ་སྲས་ངོ་ཚ་ལྡན་རྣམས་ལ། །ཉེས་པ་འདི་དག་ཀུན་མི་འབྱུང༌། །མཁས་པ་ རྟག་ཏུ་ལྷ་དག་དང༌། །མི་རྣམས་སུ་ནི་ཡང་དག་སྐྱེ། །བློ་ལྡན་ངོ་ཚས་མྱུར་དུ་ནི། །རྫོགས་ པའི་བྱང་ཆུབ་ཚོགས་རྫོགས་བྱེད། ། རྒྱལ་བའི་སྲས་ནི་སེམས་ཅན་རྣམས། །སྨིན་བྱེད་སྐྱོ་ བར་མི་འགྱུར་ཉིད། །དེ་རྟག་མི་མཐུན་ཕྱོགས་དང་ནི། །གཉེན་པོ་འབྲལ་དང་མི་འབྲལ་ འགྱུར། །དེ་ལྟར་རྒྱལ་སྲས་ངོ་ཚ་ལྡན། ། ཕན་ཡོན་དེ་དག་ཐོབ་པར་འགྱུར། །བྱིས་པ་ཤིན་ ཏུ་གོས་བཟང་གྱོན་ཡང་ནི། །ཁྲེལ་དང་བྲལ་ཞིང་ཉེས་པའི་དྲི་མ་ཅན། །རྒྱལ་སྲས་ངོ་ཚ་ 8-1-228 ཤེས་པའི་གོས་ཅན་ནི། །དགབ་པ་མེད་ཀྱང་ཉེས་པའི་དྲི་མ་བྲལ། །རྒྱལ་བའི་སྲས་ནི་ཁྲེལ་ དང་ལྡན་གྱུར་པ། །ནམ་མཁའ་བཞིན་དུ་ཆོས་ཀྱིས་མི་གོས་འགྱུར། །རྒྱས་སྲས་རྣམས་ཀྱི་ ནང་ན་འདུས་གྱུར་པ། །ངོ་ཚ་ཤེས་པས་བརྒྱན་པ་མཛེས་པ་ཡིན། །བྱང་ཆུབ་སེམས་ དཔའ་རྣམས་ནི་ངོ་ཚ་བ། །གདུལ་བྱ་རྣམས་ལ་མ་བཞིན་བྱམས་པ་ཉིད། །ངོ་ཚ་བས་ནི་ ཉེས་པ་ཐམས་ཅད་ལས། །འཁོར་བ་ཀུན་ཏུ་སྲུང་བར་བྱེད་པའང་ཡིན། །ཞེས་སོགས་ དང༌། ཆོས་མངོན་པར། ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་བ་ཐམས་ཅད་དང་ མཚུངས་པར་ལྡན་ནོ། །ཞེས་དང༌། སྤྱོད་འཇུག་ཏུ། སངས་རྒྱས་བྱང་ཆུབ་སེམས་དཔའ་ རྣམས། །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །བདག་ ནི་རྟག་པར་གནས་སོ་ཞེས། །དེ་ལྟར་བསམས་ནས་ངོ་ཚ་དང༌། །འཇིགས་དང་གུས་ལྡན་ དེ་བཞིན་མནོས། །ཞེས་དང༌། སྐྱེས་རབས་སུ། མ་མཐོང་བཞིན་དུ་སྡིག་པ་བྱས་ན་ ཡང༌། །དུག་ཟོས་བཞིན་དུ་བདེ་བར་ག་ལ་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མིག་དག་ གི །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། ། ཞེས་སོགས་ལུང་མང་པོ་དྲངས་ནས་ཆོས་ དང་མི་མཐུན་པ་བྱེད་པ་ཐམས་ཅད་ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་ཡིན་ལུགས་དང༌། འཕགས་པ་རྣམས་ལ་ངོ་ཚ་སྙམ་པ་དང༌། དེ་དག་གི་ཐུགས་ཀྱིས་བས་ན་མི་རུང་སྙམ་ ནས་ཆོས་མིན་ཐམས་ཅད་སྤོང་ཞིང་ཆོས་དང་མཐུན་པར་སྤྱོད་ན་ངོ་ཚ་ཤེས་པ་དང་ ཁྲེལ་ཡོད་པ་ཡིན་གྱི། འཇིག་རྟེན་སྣང་ཤས་པ་དག་བསད་ཤའི་ཐབ་ཀ་མེད་ན་ངོ་ཚ་ སྙམ་པ་དང༌། སྐྱེ་བོ་རྣམས་ཀྱིས་ཀྱང་འཕྱ་རུ་འོང་སྙམ་པ་ལ་སོགས་ནི་ངོ་ཚ་མེད་པ་དང་ ཁྲེལ་མེད་པ་ཆེན་པོ་ཡིན་པས་དེ་འདྲའི་རིགས་ཅན་ཐམས་ཅད་སྤོངས་ལ་ངོ་ཚ་ཤེས་པ་ དང༌། ཁྲེལ་ཡོད་པ་སངས་རྒྱས་ཀྱི་བཀའ་བཞིན་གནས་པར་གྱིས་ཤིག །ཅེས་ཡང་ཡང་ གསུངས། གཞན་ཡང༌། འདི་སྐད་དུ། རྣམ་རྟོག་མ་ཟད་བར་དུ་ལས་ཡོད་པས། །ལས་ཀྱི་ རྣམ་པར་སྨིན་ལ་ཡིད་ཆེས་བྱ། །ཞེས་སོགས་ཀྱི་ལུང་མང་དུ་དྲངས་ནས། ཀུན་རྫོབ་ཏུ་ ལས་རྒྱུ་འབྲས་མི་བསླུ་བར་ངེས་པས་བླང་དོར་ཕྱིན་ཅི་མ་ལོག་པར་གྱིས་ཤིག །ཅེས་ཡང་ ཡང་གསུངས། དེ་ཡང་དངོས་འཛིན་གྱི་དུག་དང་འདྲེས་ན་མི་བཟང་བས་བདེན་མེད་ 8-1-229 སྣང་ཙམ་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་པའི་ངང་ནས་སྡིག་སྤོང་དགེ་བ་སྒྲུབ་པ་ལ་བརྩོན་ པར་གྱིས་ཤིག །ཅེས་པ་དང༌། དེའི་ཤེས་བྱེད་ལ། འདི་སྐད་དུ། ཆོས་རྣམས་སྟོང་པ་ཉིད་ ཤེས་ནས། ། དགེ་བའི་ལས་རྣམས་སྒྲུབ་བྱེད་པ། །ངོ་མཚར་ལས་ཀྱང་འདི་མཚར་ ཞིང༌། །རྨད་བྱུང་ལས་ཀྱང་འདི་རྨད་བྱུང༌། །ཞེས་སོགས་ལུང་རིགས་མང་པོ་དང་བཅས་ ཏེ་ཡང་ཡང་གསུངས། གཞན་ཡང༌། འདི་སྐད་དུ། འཇིག་རྟེན་འདི་དང་ཕ་རོལ་ཏུའང༌། །འདོད་པ་རྣམས་ནི་ ཕུང་ཁྲོལ་བསྐྱེད། །འདིར་ནི་བསད་དང་བཅིངས་དང་གཅོད། །ཕ་རོལ་ཏུ་ནི་དམྱལ་ སོགས་ཐོབ། །ཅེས་སོགས་དང༌། འདོད་ལྡན་རྣམས་ལ་དེ་ལ་སོགས། །ཉེས་དམིགས་མང་ ལ་མནོག་ཆུང་སྟེ། །ཤིང་རྟ་འདྲེན་པའི་ཕྱུགས་དག་གིས། །རྩྭ་ནི་ཁམ་འགའ་ཟོས་པ་ བཞིན། །ཕྱུགས་ཀྱིས་སྒྲུབས་ནའང་མི་དཀོན་པའི། །གནོག་ཆུང་གང་ཡིན་དེ་དོན་ དུ། །དལ་འབྱོར་ཕུན་ཚོགས་རྙེད་དཀའ་འདི། །ལས་ཀྱིས་མནར་བ་རྣམས་ཀྱིས་ བཅོམ། །འདོད་པ་ངེས་པར་འཇིག་འགྱུར་ཞིང༌། །དམྱལ་ལ་སོགས་པར་ལྷུང་བྱེད་ པ། །ཆེན་པོ་མིན་ཕྱིར་དུས་ཀུན་ཏུ། ། དུབ་པའི་ཚེགས་ཆུང་གང་ཡིན་པ། །དེ་ཡི་བྱེ་བའི་ ཆ་ཙམ་གྱི། །ཚོགས་ཀྱིས་སངས་རྒྱས་ཉིད་འགྲུབ་ན། །འདོད་ལྡན་བྱང་ཆུབ་སྤྱོད་པ་ བས། །སྡུག་བསྔལ་ཆེ་ལ་བྱང་ཆུབ་མེད། །དམྱལ་སོགས་སྡུག་བསྔལ་བསམ་བྱས་ ནས། །འདོད་པ་རྣམས་ལ་མཚོན་དང་ནི། །དུག་དང་མེ་དང་གཡང་ས་དང༌། །དགྲ་ རྣམས་ཀྱིས་ཀྱང་དཔེར་མི་ཕོད། །ཅེས་སོགས་མང་དུ་དྲངས་ནས་འདོད་པའི་ཉེས་ དམིགས་མང་པོ་དང༌། འདོད་པ་སྤངས་པའི་ཕན་ཡོན་མང་པོ་གསུང་ཞིང༌། དེ་དག་ལ་ བླང་དོར་མ་ནོར་བ་མེད་ཐབས་མེད་དོ། །ཞེས་སྙིང་གཏམ་གདམ་ངག་ཏུ་འབོགས་པར་ མཛད། གཞན་ཡང༌། འདི་སྐད་དུ། བསག་དང་བསྲུང་དང་བརླག་པའི་སྡུག་བསྔལ་གྱིས། །ནོར་ ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ནོར་ལ་ཆགས་པས་གཡེངས་པར་གྱུར་པ་དག ། སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ཞེས་སོགས་མང་དུ་དྲངས་ནས་ནོར་ལ་ 8-1-230 ཆགས་པའི་ཉེས་དམིགས་ཆེན་པོ་དང༌། ལུས་གང་བཀྲེས་དང་སྐོམ་སོགས་ནད། །གསོ་ བའི་ཆོ་ག་བྱེད་འདོད་པས། །བྱ་དང་ཉ་དང་རི་དྭགས་དག །གསོད་པར་བྱེད་ཅིང་ལམ་ སྒུགས་བྱེད། །གང་ཞིག་ཁེ་དང་རིམ་འགྲོའི་ཕྱིར། །ཕ་དང་མ་ཡང་གསོད་བྱེད་ཅིང༌། ། དཀོན་མཆོག་གསུམ་གྱི་བཀོར་རྐུས་ནས། །དེ་ནས་མནར་མེད་སྲེག་འགྱུར་ན། །མཁས་པ་ སུ་ཞིག་ལུས་འདི་ལ། །འདོད་ཅིང་བསྲུང་དང་མཆོད་བྱེད་ཅིང༌། །འདི་ལ་སུ་ཞིག་དགྲ་ བཞིན་དུ། །བལྟ་བར་མི་བྱེད་བརྙས་མི་བྱེད། །ཅེས་དང༌། དེ་བས་བདག་གིས་ཆགས་མེད་ པར། །འགྲོ་ལ་ཕན་ཕྱིར་ལུས་བཏང་བྱ། །དེས་ན་འདི་ལ་ཉེས་མང་ཡང༌། །ལས་ཀྱི་སྤྱད་ བཞིན་གཟུང་བར་བྱ། །དེ་བས་བྱིས་པའི་སྤྱོད་པས་ཆོག །བདག་གིས་མཁས་པའི་རྗེས་ བསྙགས་ཏེ། །བག་ཡོད་གཏམ་ནི་དྲན་བྱས་ནས། །གཉིད་དང་རྨུགས་པ་བཟློག་པར་བྱ། ། རྒྱལ་སྲས་ཐུགས་རྗེ་ཆེ་རྣམས་ལྟར། །རིགས་པའི་སྲན་ནི་གཟུགས་བྱས་ཏེ། །ཉིན་མཚན་ ཕྱད་པར་མ་འབད་ན། །བདག་གི་སྡུག་བསྔལ་ནམ་མཐར་ཕྱིན། །ཞེས་སོགས་མང་པོ་ དྲངས་ནས་འདོད་ཡོན་ལ་ཆགས་པའི་ཉེས་དམིགས་དང༌། མ་ཆགས་པའི་ཕན་ཡོན་ དཔག་ཏུ་མེད་པ་གསུངས། གཞན་ཡང༌། འདི་སྐད་དུ། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་ རྒོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །དགའ་བའི་རྒྱུ་ ནི་མཐའ་ཡས་པའི། །དམ་ཆོས་དགའ་བའི་མཆོག་སྤངས་ནས། །སྡུག་བསྔལ་རྒྱུ་ཡི་གཡེང་ བ་དང༌། །རྒོད་སོགས་ལ་ཁྱོད་ཅི་ཕྱིར་དགའ། །ཞེས་སོགས་དང༌། དོན་མེད་གཡེང་བར་ ལྟ་བ་ནི། །བདག་གི་ནམ་ཡང་མི་བྱ་སྟེ། །ཞེས་སོགས་དང༌། སེམས་ནི་རྣམ་པར་གཡེངས་ པའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་སོགས་དྲངས་ནས། འདུ་འཛི་རྣམ་ གཡེང་ལ་ཉེས་དམིགས་དཔག་མེད་ཡོད་པས་སྤོངས་ཤིག །ཅེས་ཡང་ཡང་གསུངས། གཞན་ཡང༌། འདི་སྐད་དུ། ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་ འབྱུང་ངོ༌། །དེ་བས་འཇིག་རྟེན་སྤང་བྱའི་ཞིང༌། །རྣམ་པར་རྟོག་པ་ཡོངས་སུ་དོར། །ཞེས་ སོགས་དང༌། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་ 8-1-231 འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་སོགས་དང༌། དེ་བས་སྒྲིབ་པ་བསལ་བའི་ ཕྱིར། །ལོག་པའི་ལམ་ལས་སེམས་བླན་ཏེ། །ཡང་དག་དམིགས་པ་རྟག་པར་ཡང༌། །བདག་ གིས་མཉམ་པར་བཞག་པར་བྱ། །ཞེས་དང༌། དེ་ལྟར་འདོད་ལ་སྐྱོ་བྱ་སྟེ། །དབེན་པ་ལ་ནི་ དགའ་བ་བསྐྱེད། །རྩོད་དང་ཉོན་མོངས་ཀྱིས་སྟོང་པ། །ཞི་བའི་ནགས་ཀྱི་ནང་དག་ ཏུ། །སྐལ་ལྡན་ཟླ་འོད་ཙན་དན་གྱིས་བསིལ་བའི། །ཡངས་པའི་རྡོ་ལེབ་ཁང་བཟང་ ཉམས་དགའ་བར། །སྒྲ་མེད་ཞི་བའི་ནགས་རླུང་གཡོ་བ་དེར། །གཞན་ལ་ཕན་གནོད་ སེམས་ཤིང་འཆག་པར་བྱེད། །ཁང་སྟོང་ཤིང་དྲུང་ཕུག་དག་ཏུ། །གང་དུ་ཇི་སྲིད་འདོད་ གནས་ཤིང༌། །ཡོངས་འཛིན་བསྲུང་བའི་སྡུག་བསྔལ་སྤངས། །ལྟོས་པ་མེད་པར་བག་ ཡངས་སྤྱོད། །རང་དབང་སྤྱོད་ཅིང་ཆགས་མེད་ལ། །གང་དང་ཡང་ནི་འབྲལ་མེད་ པའི། །ཆོས་ཤེས་བདེ་སྤྱོད་གང་ཡིན་པ། །དབང་པོས་ཀྱང་ནི་དེ་རྙེད་དཀའ། །དེ་ལ་ སོགས་པའི་རྣམ་པ་ཡིས། །དབེན་པའི་ཡོན་ཏན་བསམ་བྱས་ནས། །རྣམ་རྟོག་ཉེ་བར་ཞི་ བ་དང༌། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །ཞེས་སོགས་མང་དུ་དྲངས་ནས་དལ་ འབྱོར་རིན་པོ་ཆེ་རྒྱ་ལ་ལན་ཅིག་ཐོབ་ཐོག་འདི་ལ་རབ་ཏུ་དབེན་པ་བསྟེན་ནས། བྱང་ ཆུབ་སེམས་གཉིས་བསྒོམ་པ་ལ་འབད་ནས་དལ་འབྱོར་དོན་ཅན་དུ་བྱས་པ་ཡིན་གྱི། དོན་མེད་གཡེང་བས་དུས་འདས་ན་རིན་ཆེན་གླིང་དུ་སླེབ་ནས་ཀྱང་སྟོང་ལོགས་བྱས་ པ་ལྟར་དལ་འབྱོར་ཐོབ་པ་དོན་མེད་དུ་བྱས་པ་ཡིན་ཞིང༌། ཆོས་མིན་བྱས་ན་དོན་ལོག་ ཏུའང་བྱས་པ་ཡིན་ནོ། །ཞེས་གདམ་ངག་ཟབ་མོ་སྙིང་གཏམ་དུ་འབོགས་པར་མཛད་ དོ། ། དེ་བཞིན་དུ། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཞེས་སོགས་དྲངས་ནས་ཚུལ་ ཁྲིམས་རྣམ་དག་ནི་ཅི་ལ་ཐུག་ཀྱང་མེད་ཐབས་མེད་པ་ཡིན་པས་སྲོག་བས་ཀྱང་གཅེས་ པར་གྱིས་ཤིག །ཅེས་པ་ཡང་ཡང་གསུངས། ཡང༌། འདི་སྐད་དུ། ཚུལ་ཁྲིམས་ལས་ནི་ ཉམས་བླ་ཡིས། །ལྟ་ལས་ནམ་ཡང་ཉམས་མི་བྱ། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་ 8-1-232 འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྲོ། །ཞེས་དང༌། དགེ་སློང་དག། ཚུལ་ཁྲིམས་ཉམས་པ་ ནི་བླ་ཡི། ལྟ་བ་ཉམས་པ་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང༌། རྒྱལ་བ་ཀུན་གྱིས་སྟོང་པ་ ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་ སྒྲུབ་ཏུ་མེད་པར་གསུངས། །ཞེས་དང༌། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ ཕུང་བར་འགྱུར། ། ཞེས་སོགས་དྲངས་ནས། ཚུལ་ཁྲིམས་ཉམས་པ་ལ་ཉེས་དམིགས་ དཔག་ཏུ་མེད་དེ། དེ་བས་ཀྱང་ལྟ་བ་ཉམས་པ་ཉེས་དམིགས་ཆེས་ཤིན་ཏུ་ཆེ་བ་ལས་ ཀྱང་མཆོག་ཏུ་ཆེ་བས་ལྟ་བ་རྣམ་དག་མེད་ཐབས་མེད་པ་ཡིན་ནོ། །ཞེས་ཡང་ཡང་ འདོམས་པར་མཛད། གཞན་ཡང༌། འདི་སྐད་དུ། དམ་ཚིག་ཉམས་པ་དམྱལ་བའི་རྒྱུ། །ཞེས་སོགས་དང༌། དམ་ ཉམས་དམྱལ་མེའི་བུད་ཤིང་ཡིན། །ཞེས་སོགས་མང་དུ་དྲངས་ནས་དམ་ཚིག་ཉམས་ན་ འགྲོ་ས་དམྱལ་བ་ལས་མེད་པས་སྲོག་བས་ཀྱང་དམ་ཚིག་གཅེས་པར་ཟུང་ཅིག །ཅེས་པ་ ཡང་ཡང་འདོམས་པར་མཛད། གཞན་ཡང༌། འདི་སྐད་དུ། གལ་ཏེ་བྱིན་ན་ཅི་སྤྱད་ཅེས། །བདག་དོན་སེམས་པ་འདེ་ཡི་ ཚུལ། །གལ་ཏེ་སྤྱད་ན་ཅི་བྱིན་ཞེས། །གཞན་དོན་སེམས་པ་ལྷ་ཡི་ཆོས། །བདག་ཕྱིར་ གཞན་ལ་གནོད་བྱས་ན། །དམྱལ་ལ་སོགས་པར་གདུངས་པར་འགྱུར། །གཞན་ཕྱིར་ བདག་ལ་གནོད་བྱས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ། །བདག་ཉིད་མཐོ་བར་ འདོད་པ་དེས། །ངན་འགྲོ་ངན་དང་གླེན་པར་འགྱུར། །དེ་ཉིད་གཞན་ལ་སྤོ་བྱས་ ན། །བདེ་འགྲོ་རིམ་འགྲོ་ཐོབ་པར་འགྱུར། །བདག་གི་དོན་དུ་གཞན་བཀོལ་ནས། །བྲན་ལ་ སོགས་པ་མྱོང་བར་འགྱུར། །གཞན་གྱི་དོན་དུ་བདག་སྤྱད་ན། །རྗེ་དཔོན་ཉིད་སོགས་ ཐོབ་པར་འགྱུར། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་ བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །མང་དུ་ བཤད་ལྟ་ཇི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང༌། །ཐུབ་པ་གཞན་གྱི་དོན་མཛད་ པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་སོགས་དང༌། ཡིད་ཁྱོད་རང་དོན་བྱེད་འདོད་ 8-1-233 པས། །བསྐལ་པ་གྲངས་མེད་འདས་གྱུར་ཀྱང༌། །ངལ་བ་ཆེན་པོ་དེ་ལྟ་བུས། །ཁྱོད་ཀྱིས་ སྡུག་བསྔལ་འབའ་ཞིག་བསྒྲུབས། །དེ་ལྟས་ངེས་པར་གཞན་དག་གི །དོན་ལ་རབ་ཏུ་ འཇུག་གྱིས་དང༌། །ཐུབ་པའི་བཀའ་ནི་མི་བསླུ་བས། །དེ་ཡི་ཡོན་ཏན་ཕྱིས་མཐོང་ འགྱུར། །གལ་ཏེ་ཁྱོད་ཀྱིས་སྔ་དུས་སུ། །ལས་འདི་བྱས་པར་གྱུར་ན་ནི། །སངས་རྒྱས་ཕུན་ ཚོགས་བདེ་མིན་པ། །འདི་འདྲའི་གནས་སྐབས་སྲིད་མི་འགྱུར། །ཞེས་སོགས་དང༌། ཁྱོད་ ཀྱིས་ཁོ་བོ་གར་བརླག་པའི། ། སྔོན་གྱི་དུས་དེ་གཞན་ཡིན་ཏེ། །ངས་མཐོང་ཁྱོད་དེ་གང་ དུ་འགྲོ། །ཁྱེད་ཀྱི་དྲེགས་པ་ཀུན་གཞོམ་བྱ། །ད་དུང་བདག་ལ་རང་གི་དོན། །ཡོད་སྙམ་ སེམས་དཔའ་དེ་དོར་ཅིག །བདག་གིས་གཞན་ལ་ཁྱོད་བཙོངས་ཀྱིས། །སྐྱོ་བར་མ་སེམས་ ཞོ་ཤ་ཕུལ། །གལ་ཏེ་བག་མེད་གྱུར་ནས་ཁྱོད། །སེམས་ཅན་རྣམས་ལ་མ་བྱིན་ན། །ཁྱོད་ ཀྱིས་ཁོ་བོ་དམྱལ་བ་ཡི། །བསྲུངས་མ་རྣམས་ལ་བྱིན་དུ་ངེས། །དེ་ལྟར་ཁྱོད་ཀྱི་རེ་ལྟ་ ཞིག །ཁོ་བོ་བྱིན་པས་ཡུན་རིང་སྡུག །ད་ནི་ཁོན་རྣམས་དྲན་བྱས་ཏེ། །ཁྱོད་ཀྱིས་རང་དོན་ སེམས་དཔའ་གཞོམ། །ཞེས་སོགས་མང་དུ་དྲངས་ནས་རང་འདོད་བྱས་པའི་ཉེས་ དམིགས་ཆེན་པོ་དང༌། དེ་སྤངས་ནས་གཞན་ཕན་བྱས་པའི་ཕན་ཡོན་ཆེན་པོ་ཡང་ཡང་ གསུང་ཞིང༌། དེ་དག་བླང་དོར་མ་ནོར་བ་གལ་ཆེའོ། །ཞེས་གདམས་ངག་འབོགས་པར་ མཛད། གཞན་ཡང༌། མི་ལུས་རྙེད་དཀའ་བ་དང་ཁྱད་པར་དལ་འབྱོར་རྙེད་དཀའ་བ་དང༌། འཆི་བ་མི་རྟག་པ་དང༌། འཁོར་བའི་ཉེས་དམིགས་དང༌། ཁྱད་པར་ངན་སོང་གི་གཡང་ ས་དང༌། སྡུག་བསྔལ་ཉིད་གསུམ་དང༌། བརྒྱད་ཀྱི་རང་བཞིན་རྟེན་འབྲེལ་ཡན་ལག་བཅུ་ གཉིས་སྡུག་བསྔལ་ཀུན་འབྱུང་གི་འཁོར་ལོ་ཟོ་ཆུན་ཁྱུད་མོ་ལྟར་རྟོགས་ནས་འཁོར་བ་ ལ་ཡིད་འབྱུང་བ་དང༌། ཞེན་པ་ལྡོག་ཅིང་སྐྱོ་ཤས་སྐྱེ་བའི་ཐབས་དང༌། མི་སྡུག་པའི་འདུ་ ཤེས་དགུ་དང༌། སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་དང༌། དྲན་པ་ཉེར་བཞག་ལ་སོགས་ པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་ཞེན་ཆགས་ལྡོག་པའི་ཐབས་དང༌། ཐར་པ་ ཐོབ་པའི་ཐབས་མང་པོ་ལུང་རིགས་མན་ངག་ཟབ་མོ་དང་བཅས་ཏེ་ཡང་ཡང་གསུངས། 8-1-234 གཞན་ཡང༌། འདི་སྐད་དུ། ཤེས་པས་སྲིད་ལ་མི་གནས་དང༌། །སྙིང་རྗེས་ཞི་ལ་མི་གནས་ དང༌། །ཐབས་མ་ཡིན་པས་རིང་བ་དང༌། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །ཅེས་སོགས་ དང༌། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བརྟེན་ནས། །འཕགས་པ་འཁོར་བའམ་མྱ་ ངན་འདས་མི་འགྱུར། །ཞེས་སོགས་དང༌། དངོས་སམ་ཡང་ན་བརྒྱུད་ཀྱང་རུང༌། །སེམས་ ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ ཕྱིར་བསྔོའོ། །ཞེས་སོགས་ཀྱིས་ལུང་རྣམ་དག་མང་དུ་དྲངས་ནས་ཞུ་བར་ལྷུང་ཡང་སྐྱོན་ ཆེ་བས་སྲིད་ཞི་གང་ལ་ཡང་མི་གནས་པའི་མྱང་འདས་ཐོབ་དགོས་པའི་ཕྱིར་རྡོག་ གཏད་དེ་ལ་གྱིས་ཤིག །ཅེས་ཡང་ཡང་གསུངས། གཞན་ཡང༌། ཤིན་ཏུ་ངོ་མཚར་བའི་ ལུང་རིགས་མན་ངག་ཟབ་མོ་དང་བཅས་པ་དཔག་ཏུ་མེད་པ་ཡོད་དེ། འདིར་ཡི་གེ་མང་ དུ་དོགས་ནས་མ་བྲིས་ཤིང་འགའ་ཞིག་ནི་ཆོས་རྗེ་འདི་ཉིད་ཀྱིས་མཛད་པའི་ཆོས་རྗེ་ བྱང་སེམས་ཆེན་པོའི་རྣམ་ཐར་ན་ཡང་བཞུགས་སོ། ། དེ་ནས་སྐུ་མི་གཤེགས་པའི་ལོ་གཉིས་ཙམ་གྱི་གོང་རོལ་ཏུ། བདག་ལ་ན་བཟའ་ལ་སོགས་ ཀྱི་གནང་སྦྱིན་ཆེ་བར་འཛད་ནས་ཆོས་ཤོད་གསུངས། བདག་གིས་ཕྱག་ཕུལ་ནས་དེ་ འདྲ་འོང་བའི་ལུགས་སུ་མི་བདོག་པས་གསུང་དེ་མི་འབྱོན་པར་ཞུ་ཞེས་ཞུ་བ་ནན་ཅན་ ཕུལ་ཡང་གནང་བའི་ལུགས་སུ་མི་འདུག་ཅིང་སླར་མི་མཉེས་པའི་རྒྱུར་འགྲོ་བར་ འདུག །རང་གི་བློ་རིགས་གནས་ངེས་མེད་འགྲིམ་པ་མ་གཏོགས་པ་དགོན་གནས་ངེས་ པ་ཅན་དུ་མི་མགོ་བྱེད་པ་ལ་བློ་ཡེ་མི་འགྲོ་བར་ཡོད་ནའང༌། བླ་མ་དམ་པའི་བཀའ་ལ་ འདའ་མ་ནུས་པར་གང་ནུས་ནུས་ཅིག་བློས་བླང་དགོངས་པ་ལ་ཐུགས་སྙམ་ནས་ཁས་ བླངས་པས་དྲུང་པ་ལ་མཉེས་ཚོར་ཆེན་པོ་དཔག་ཏུ་མེད་པ་བྱུང༌། དེའི་ངང་ནས་ཆོས་ ཀྱི་ལྷག་མ་རྣམས་ཀྱང་བུམ་པ་གང་བྱོའི་ཚུལ་དུ་གནང་པ་ཡིན་ནོ་གསུངས་ནས་ཡོངས་ སུ་རྫོགས་པར་གནང༌། དེ་ནས་བསྙུང་བ་ཙམ་མེད་པར་མེ་མོ་ཡོས་རབ་བྱུང་གི་ལོ་ཐ་ སྐར་གྱི་ཟླ་བའི་དཀར་ཕྱོགས་ཀྱི་ཡང་ངོའི་ཚེས་བརྒྱད་ལ་སྒྲ་དང་འོད་དང་ས་གཡོ་བ་ 8-1-235 དང་མེ་ཏོག་གི་ཆར་འབབ་པ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་བདེ་ བར་གཤེགས་པའི་ཚུལ་བསྟན་པར་འགྱུར། བླ་མ་སངས་རྒྱས་ཆོས་སྐུ་ལ། །སྐྱེ་འགག་འདས་གྲོངས་མི་མངའ་ཡང༌། །གཟུགས་ཀྱི་སྐུ་ལ་ སྐྱེ་འགག་ཏུ། །སྣང་བ་གདུལ་བྱའི་དབང་གིས་ཡིན། །ཇི་ལྟར་མེ་ནི་གཞན་དུ་འབར། ། གཞན་དུ་ཞི་བར་འགྱུར་བ་ལྟར། །དེ་བཞིན་སངས་རྒྱས་རྣམས་ལ་ཡང༌། །སྣང་དང་མི་ སྣང་ཤེས་པར་བྱ། །གང་ཞིག་སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་འགའ་ཞིག་དག་ཏུ་ མེ་བཞིན་འབར་བར་སྣང་བྱེད་ཅིང༌། །གང་ཞིག་རྫོགས་པའི་བྱང་ཆུབ་ཆོས་ཀྱི་འཁོར་ལོ་ ལ་ལར་ཡང་ནི་སླར་ཡང་རབ་ཏུ་ཞི་བ་སྟོན། །སྲིད་པ་གསུམ་གྱི་འཇིགས་པ་འཕྲོག་པ་སྣ་ ཚོགས་ཐབས་ཚུལ་རྣམས་ཀྱིས་རྣམ་པ་དུ་མར་རབ་འཇུག་པ། །ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་ དོན་ཆེན་ཕྱོགས་བཅུ་རྣམས་སུ་རྗེས་སུ་སོན་པ་དེ་ལ་ཕྱག་འཚལ་ལོ། ། དེ་ནས་རེ་ཤིག་ཕྱིའི་མི་རྣམས་ལ་གསང་ནས་ཞག་བདུན་གྱི་བར་དུ་མཆོད་པ་དང་ བཅས་ཤིང་གསོལ་བ་བཏབ། དེ་ནས་སྤུར་སྦྱངས་པའི་ཚེ་ཡ་མཚན་ཆེ་བའི་ལྟས་དུ་མ་ བྱུང༌། ཁྱད་པར་དུ་ཡང་སྤུར་ཁང་ལས། །འོད་ཟེར་མཁའ་ལ་འཕྲོ་བ་དང༌། །དུ་བའི་ གསེབ་ན་རྨ་བྱ་ཡི། །མདོངས་ལྟར་རབ་ཏུ་མཛེས་པ་དང༌། །འོད་ཀྱི་གོང་བུ་རྫ་མ་ ཡི། །གཟུགས་འདྲ་ཚད་ཀྱང་དེ་ཙམ་པ། །མང་པོ་བྱུང་ཞིང་མཁའ་ལ་ཡལ། །དེ་སོགས་ཡ་ མཚན་དཔག་མེད་བྱུང༌། །སྐུ་གདུང་རིང་བསྲེལ་ཕུང་པོར་གྱུར། །ཨེ་མ་ངོ་མཚར་ཆོས་རྗེ་ ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་གྱི། །འཕྲིན་ལས་རྣམ་འཕྲུལ་མཆོག་ལ་འདུད། ། དེ་ནས་སྐུ་གདུང་རིང་བསྲེལ་ཕལ་མོ་ཆེ་ཚོགས་ཁང་དུ་གདན་དྲངས་ཤིང༌། ལ་ལ་སྤུར་ ཁང་ན་བཞུགས་པ་དང་བཅས་པ་ལ་བུ་ཆེན་རྣམས་དང༌། གཞན་ཡང་བུ་སློབ་དད་གུས་ ཅན་རྣམས་ཀྱིས་གསོལ་འདེབས་ཀྱི་ཆོ་ག་ཞག་མང་པོ་གཤེགས་རྫོངས་དང་བཅས་པ་ དང༌། ཆོས་རྗེ་གོང་མ་གཉིས་དང་མཐུན་པའི་སྐུ་འདྲ་སྐུ་འབུམ་རྣམ་རྒྱལ་དང་བཅས་པ་ ཡང་ལེགས་པར་གྲུབ། བླ་མ་དམ་པའི་བྱིན་རླབས་དང་ཐུགས་རྗེས་ཉེ་བར་བསྐུལ་ནས། སྐུ་འབུམ་ཆེན་པོ་འཛམ་གྱིང་རྒྱན་བཞེངས་པ་ལ་ཡང་རང་ལ་ཆ་རྐྱེན་མེད་མོད་ཀྱི་བླ་ 8-1-236 མ་དཀོན་མཆོག་གི་བྱིན་རླབས་ཀྱིས་འགལ་རྐྱེན་མེད་ཅིང༌། མཐུན་རྐྱེན་ཡང་ཚང་བར་ བྱུང་ནས་ལེགས་པར་གྲུབ་ནས། གང་གི་ཆ་ནས་ཀྱང་བླ་མ་དམ་པའི་བཀའ་དྲིན་ལ་ཁྱེར་ བ་མ་མཆིས་ལགས་སོ། ། དེ་ལྟར་ཆོས་རྗེ་དཔལ་ལྡན་བླ་མའི་རྣམ་ཐར་ནི། །མཁའ་ལྟར་རབ་ཏུ་ཡངས་པའི་ནང་ ནས་བུམ་པ་ཡི། །མཁའ་ཙམ་བརྗོད་པའི་དགེ་བ་མཁའ་ལྟར་ཡངས་པ་དེས། །འགྲོ་ཀུན་ བླ་མས་རྗེས་སུ་བཟུང་ནས་གྲོལ་བར་ཤོག །འདི་ནི་དཔལ་ལྡན་བླ་མ་དམ་པ་ཆོས་གྲགས་ དཔལ་བཟང་པོའི་གསུང་གིས་བསྐུལ་བ་དང༌། གཞན་ཡང་སྡེ་སྣོད་འཛིན་པ་སློབ་ དཔོན་ཆེན་པོ་རིན་ཆེན་དཔལ་དང༌། བླ་མ་ལོ་ཙཱ་བ་རྣམ་པ་ལ་སོགས་པ་བུ་ཆེན་བུ་སློབ་ དད་གུས་ཅན་རྣམས་ཀྱིས་ཉེ་བར་བསྐུལ་ནས། རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་ རྟོན་པ་བཞི་ལྡན་གྱིས་མདོ་ཙམ་བཀོད་པའོ།། །། འདིས་ཀྱང་སེམས་ཅན་མང་པོ་ལ་ཕན་པར་གྱུར་ཅིག །ཡི་གེ་པ་ནི་སློབ་དཔོན་ནམ་ མཁའ་རྒྱལ་མཚན་དང༌། སློབ་དཔོན་བྱང་ཆུབ་སེང་གེའོ།། །། མངྒ་ལམ། བྷ་ཝན་ཏུ། ཤུ་བྷཾ།། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རིང་ཕྱི་ར་༡༤༤དང༌། འཛམ་ཐང་པར་མ་བཅས་ཡིན།) 8-1-237 ༄༅། །ཡན་ལག་དྲུག་གི་ཐུན་མོང་མ་ཡིན་པ་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་བྱིན་རླབས་ཆར་འབེབས་མ་བཞུགས་སོ། ། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡེཿ བླ་མ་ཡི་དམ་དཀོན་མཆོག་གསུམ་ལ། །བདག་ཡིད་དང་ བས་སྐྱབས་སུ་མཆིའོ། །སེམས་ཅན་རྣམས་ལ་བྱམས་དང་སྙིང་རྗེ། །དགའ་དང་བཏང་ སྙོམས་སྐྱེ་བར་གྱུར་ཅིག །སེམས་ཅན་དོན་དུ་ཟབ་ལམ་བླ་མའི། །རྣལ་འབྱོར་ཉིད་ལ་ བརྩོན་པར་བགྱིའོ། །མ་དག་སྣོད་བཅུད་འཇིག་རྟེན་ཐམས་ཅད། །ཅིར་ཡང་མི་དམིགས་ སྟོང་པར་གྱུར་ཅིག །རང་གི་སྤྱི་བོར་རིན་ཆེན་ཁྲི་སྟེང༌། །པད་ཟླ་ལ་སོགས་གདན་ལྔའི་ སྟེང་དུ། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས། ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས། །སྣ་ཚོགས་དར་གྱི་ན་བཟའ་ཀླུབ་མཛེས། ། རིན་ཆེན་རུས་བརྒྱན་འགྱིང་བག་དང་ལྡན། །རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཞིང༌། །སྐུ་ ཡི་གནས་བཞིར་ཡེ་གེ་བཞིས་མཚན། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། །རྩ་ རྒྱུད་བླ་མ་སྐྱབས་གནས་ཐམས་ཅད། །ཛཿཧཱུཾ་བཾ་ཧོཿ གཉིས་མེད་ཐིམ་གྱུར། །མི་འགྱུར་ཡིད་ འོང་མཚན་དཔེས་ལེགས་སྤྲས། །འགག་མེད་ཚངས་དབྱངས་ཕྱོགས་བཅུར་སྒྲོགས་ མཛད། །འཁྲུལ་མེད་ཕྱག་རྒྱ་ཆེ་ལ་གནས་པའི། །བླ་མའི་སྐུ་གསུང་ཐུགས་ལ་ཕྱག་ འཚལ། །སོར་སྡུད་ལ་སོགས་སྦྱོང་བྱེད་དྲུག་གིས། །ཕུང་པོ་ལ་སོགས་སྦྱང་བྱ་དྲུག་ དྲུག །ལེགས་པར་སྦྱངས་པའི་བདེ་གཤེགས་སོ་དྲུག །གཅིག་ཏུ་བསྡུས་པའི་སྐུ་ལ་ཕྱག་ འཚལ། །ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས། །མཆོད་པའི་སྤྲིན་དཔུང་དཔག་ ཏུ་མེད་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཅི་བཞིན། །བདག་ཡིད་དང་བས་མཆོད་པ་ འབུལ་ལོ། །ལུས་ངག་ཡིད་ཀྱི་སྒོ་ནས་བསགས་པའི། །སྡིག་པའི་ཚོགས་ཀུན་མཐོལ་ལོ་ 8-1-238 བཤགས་སོ། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་མཛད། །རྟག་ཏུ་བཞུགས་པར་གསོལ་བ་ འདེབས་སོ། །ཚོགས་གསུམ་མཐར་ཕྱིན་བཅུ་གཉིས་ལམ་བགྲོད། །རྡོ་རྗེ་འཛིན་པ་ཀུན་གྱི་ གཙོ་བོ། །སྐུ་བཞིའི་མངའ་བདག་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་ རློབས་ཤིག །གཉིས་མེད་ཡེ་ཤེས་རྩེ་གཅིག་བསྒོམས་པས། །གཉིས་སྣང་ཚོགས་བརྒྱད་ གནས་གྱུར་ཐོབ་པའི། ། ཡེ་ཤེས་ལྔ་ལྡན་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་ གྱིས་རློབས་ཤིག །བསྐྱེད་རྫོགས་མཐར་ཕྱིན་བཅུ་གཉིས་དབང་གིས། །སྐལ་ལྡན་གདུལ་བྱ་ སྨིན་གྲོལ་མཛད་པའི། ། བླ་མ་ཀུན་འདུས་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་ བྱིན་གྱིས་རློབས་ཤིག ། ཁྱེད་ཕུང་རིགས་དྲུག་སྐྱེ་མཆེད་སྲས་བརྒྱད། །ཕྱག་ཞབས་ལ་ སོགས་ཁྲོ་བོའི་ཚོགས་ཀུན། ། ཡི་དམ་ཀུན་འདུས་དཔལ་ལྡན་བླ་མར། །གསོལ་བ་ འདེབས་སོ་བྱིན་གྱིས་རློབས་ཤིག ། དོན་གཉིས་མཐར་ཕྱིན་ཆོས་སྐུའི་ངོ་བོ། །སྣ་ཚོགས་ སྤྲུལ་པས་འགྲོ་བའི་དོན་མཛད། ། སངས་རྒྱས་ཀུན་འདུས་དཔལ་ལྡན་བླ་མར། །གསོལ་ བ་འདེབས་སོ་བྱིན་གྱིས་རློབས་ཤིག ། དོན་དམ་བརྗོད་བྲལ་རྣམ་བྱང་བདེན་ པའི། །གསུང་རབ་གླེགས་བམ་རྣམ་པར་སྟོན་མཛད། ། དམ་ཆོས་ཀུན་འདུས་དཔལ་ལྡན་ བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག ། རིག་གྲོལ་གཉིས་ལྡན་ས་བཅུའི་ མངའ་བདག །འགྲོ་བའི་མགོན་སྐྱབས་བཤེས་གཉེན་དམ་པ། །དགེ་འདུན་ཀུན་འདུས་ དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །དམིགས་མེད་སྙིང་རྗེ་ བདེ་ཆེན་ངོ་བོ། །ཐབས་ཀྱི་སྒོ་ནས་དགྲ་བགེགས་འཇོམས་མཛད། ། ཆོས་སྐྱོང་ཀུན་ འདུས་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག ། ཞི་རྒྱས་དབང་ དྲག་ལས་ལ་མངའ་བརྙེས། །མཆོག་དང་ཐུན་མོང་དངོས་གྲུབ་སྟེར་མཛད། ། དངོས་གྲུབ་ འབྱུང་གནས་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག ། མདོ་ རྒྱུད་མན་ངག་བསྟན་བཅོས་ཀུན་ལ། །འཆད་རྩོད་རྩོམ་གྱིས་ལོག་རྟོག་སེལ་མཛད། །མ་ རིག་མུན་སེལ་དཔལ་ལྡན་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག ། དེང་ ནས་བདག་ནི་བླ་མ་ཁྱེད་དང༌། །ལུས་དང་གྲིབ་མ་ལྟ་བུར་འགྲོགས་ཏེ། །ཟབ་དོན་མན་ 8-1-239 ངག་བདུད་རྩི་འཐུང་བར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །མ་དག་ལོག་པའི་ འཚོ་བ་སྤངས་ནས། །བདུད་རྩི་ལྕེ་སྦྱོར་ཉམས་སུ་བླངས་ཏེ། །ཟས་གོས་སོགས་ལ་ལྟོས་པ་ མེད་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །དབེན་པའི་གནས་སུ་ཟབ་མོའི་ དོན་ལ། །རྩེ་གཅིག་བསམ་གཏན་སྒྲུབ་པ་བྱས་ནས། །ཚེ་འདི་ཉིད་ལ་ཕྱག་ཆེན་ཐོབ་ པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །བླ་མའི་གནས་ཀྱི་ཡི་གེ་བཞི་པོ། །སངས་ རྒྱས་ཀུན་གྱི་སྐུ་བཞིར་མོས་ཤིང༌། །དེ་ལ་དམིགས་ཏེ་དབང་བཞི་ལེན་པར། །དཔལ་ལྡན་ བླ་མའི་བྱིན་གྱིས་རློབས་ཤིག །དཔྲལ་བའི་ཨོཾ་ལས་ཨོཾ་ཡིག་དཀར་པོ། །རང་གི་ལུས་ཀྱི་ དཔྲལ་བར་ཞུགས་ཤིང༌། །དེ་ལ་བརྟེན་ནས་བུམ་དབང་ཐོབ་པར། །དཔལ་ལྡན་བླ་མའི་ བྱིན་གྱིས་རློབས་ཤིག །ལུས་དང་སད་པའི་སྒྲིབ་པ་དག་ནས། །དགའ་བའི་དགའ་བཞི་ ཉམས་སུ་མྱོང་བས། །སྐུ་ཡི་རྡོ་རྗེ་སྤྲུལ་སྐུ་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ ཤིག །མགྲིན་པའི་ཨཱཿལས་ཨཱཿཡིག་དམར་པོ། །རང་གི་ལུས་ཀྱི་མགྲིན་པར་ཞུགས་ཤིང༌། ། དེ་ལ་བརྟེན་ནས་གསང་དབང་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག ། ངག་དང་རྨི་ལམ་སྒྲིབ་པ་དག་ནས། །མཆོག་གི་དགའ་བཞི་ཉམས་སུ་མྱོང་བས། །གསུང་ གི་རྡོ་རྗེ་ལོངས་སྐུ་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །ཐུགས་ཀའི་ཧཱུཾ་ ལས་ཧཱུཾ་ཡིག་ནག་པོ། །རང་གི་ལུས་ཀྱི་སྙིང་གར་ཞུགས་ཤིང༌། །དེ་ལ་བརྟེན་ནས་ཤེར་ དབང་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །ཡིད་དང་གཉིད་འཐུག་ སྒྲིབ་པ་དག་ནས། ། ཁྱད་པར་དགའ་བཞི་ཉམས་སུ་མྱོང་བས། །ཐུགས་ཀྱི་རྡོ་རྗེ་ཆོས་སྐུ་ ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །ལྟེ་བའི་ཧོཿལས་ཧོཿཡིག་སེར་ པོ། །རང་གི་ལུས་ཀྱི་ལྟེ་བར་ཞུགས་ཤིང༌། །དེ་ལ་བརྟེན་ནས་བཞི་དབང་ཐོབ་ པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག །ཆགས་པའི་བག་ཆགས་དྲི་མ་དག་ ནས། །ལྷན་སྐྱེས་དགའ་བཞི་ཉམས་སུ་མྱོང་བས། །ཡེ་ཤེས་རྡོ་རྗེ་བདེ་སྟོང་ཐོབ་ པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག ། སྤྱི་བོའི་བླ་མ་འོད་དུ་ཞུ་ནས། །རང་གི་ལུས་ལ་གཉིས་མེད་ཐིམ་ཞིང༌། །སྙིང་ཁའི་པད་མ་ 8-1-240 འདབ་བརྒྱད་དབུས་སུ། །བརྟན་པར་བཞུགས་ནས་བྱིན་གྱིས་རློབས་ཤིག །དེ་ལྟར་ བསྒོམས་པས་བདག་སོགས་སེམས་ཅན། །རང་རྒྱུད་ཁམས་ཀྱི་དྲི་མ་སྦྱངས་ནས། །བདེ་ གཤེགས་སྙིང་པོ་མྱུར་དུ་ཐོབ་པར། །དཔལ་ལྡན་བླ་མའི་བྱིན་གྱིས་རློབས་ཤིག ། ཅེས་པ་ཡན་ལག་དྲུག་གི་ཐུན་མོང་མ་ཡིན་པའི་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་ བྱིན་རླབས་ཆར་འབེབས་མ་ཞེས་བྱ་བ་འདི། རྟོན་པ་བཞི་ལྡན་གྱིས་རང་བཞིན་ལྷུན་ གྲུབ་ཀྱི་ཕོ་བྲང་དུ་སྦྱར་བའོ།། །།ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-241 ༄༅། །རྩ་བའི་བླ་མའི་གསོལ་འདེབས་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་གུ་རུ་ཝེ། དངོས་གྲུབ་འབྱུང་གནས་བླ་མ་རིན་པོ་ཆེ། །འགྲོ་ཀུན་སྤྱི་གཙུག་པད་ མོའི་གདན་བཞུགས་ནས། །ཐུགས་རྗེ་རྒྱུན་ཆད་མེད་པའི་བཀའ་དྲིན་ཅན། །མཆོག་དང་ ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །སྐྱབས་གསུམ་ངོ་བོ་བླ་མ་རིན་པོ་ཆེ། །སྐུ་གསུང་ ཐུགས་ཀྱི་ཡོན་ཏན་བསམ་མི་ཁྱབ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གྲངས་ལས་འདས། ། བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྐྱབས་གསུམ་ལྡན་པའི་སངས་རྒྱས་ཀུན་གྱི་ གཙོ། །ཐེག་གསུམ་ལྡན་པའི་དམ་ཆོས་ཀུན་གྱི་གཏེར། །བསླབ་གསུམ་ལྡན་པའི་དགེ་ འདུན་ཀུན་གྱི་བདག །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །དུས་གསུམ་རྒྱལ་ བའི་རྣམ་པར་སྤྲུལ་པའི་སྐུ། །དུག་གསུམ་ནད་སེལ་དམ་ཆོས་བདུད་རྩིའི་ གསུངས། །འཕགས་པའི་དགེ་འདུན་རྟག་ཏུ་མཐུན་པའི་ཐུགས། །དཔལ་ལྡན་བླ་མའི་སྐུ་ གསུང་ཐུགས་ལ་འདུད། །གང་གི་མཁྱེན་པའི་ཕུང་པོ་རབ་རྒྱས་ནས། །རྣམ་དག་མཁའ་ ལ་ཉི་མའི་དཀྱིལ་འཁོར་བཞིན། །མ་རིག་མུན་སེལ་འོད་ཀྱི་དྲྭ་བ་འགྱེད། །སྙིང་གི་མུན་པ་ སངས་པར་བྱིན་གྱིས་རློབས། །གང་གི་ཐུགས་རྗེའི་ཕུང་པོ་ཀུན་ལ་སྙོམས། །བརྟན་གཡོ་ ཀུན་ལ་མི་འགྱུར་ནམ་མཁའ་བཞིན། །ལུས་ཅན་ཀུན་ལ་བདེ་གཤེགས་སྙིང་པོ་ བཞུགས། །རང་བྱུང་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །གང་གིས་ནུས་པ་འཕྲིན་ལས་ བསམ་མི་ཁྱབ། །རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར། །འགྲོ་བའི་རེ་འདོད་སྐོང་ བར་གདོན་མི་ཟ། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །བྲལ་དང་སྨིན་པའི་ ཡོན་ཏན་ཚད་མེད་གཏེར། །ཆུ་དང་རིན་ཆེན་ཆུ་སྐྱེས་རྒྱ་མཚོ་བཞིན། །གང་གི་ཐུགས་ནི་ འགྱུར་མེད་བདེ་བས་གང༌། །འཕོ་མེད་བདེ་ཆེན་ཐོབ་པར་བྱིན་གྱིས་རློབས། །དཀོན་ མཆོག་གསུམ་དང་བླ་མ་གཉིས་སུ་མེད། ། དེ་དང་ཡོན་ཏན་ཚོགས་གཉིས་ཐ་མི་ 8-1-242 དད། །དེ་ཕྱིར་དངོས་གྲུབ་རྩ་བ་བླ་མ་ཡིན། །ཞལ་གྱི་བདུད་རྩི་རྒྱུན་དུ་འཐུང་བར་ ཤོག །གང་གི་དྲིན་གྱིས་སྐྱེ་བ་ཐམས་ཅད་དུ། །བདུད་དང་ཉོན་མོངས་ཚོགས་ཀྱིས་མི་ ཚུགས་པར། །ཟབ་ལམ་རིན་ཆེན་རྩེ་གཅིག་སྒོམ་པ་ཡིས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ ཐོབ་ཤོག །གསོལ་བ་འདེབས་སོ་འགྲོ་མགོན་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་ཡབ་སྲས་ སྐུ་དྲིན་ཅན། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། །གསོལ་བ་འདེབས་སོ་བྱིན་ གྱིས་བརླབ་ཏུ་གསོལ། ། ཞེས་བླ་མ་ལ་གསོལ་བ་འདེབས་པ་དངོས་གྲུབ་འབྱུང་གནས་ཞེས་བྱ་བ། འདི་ནི་བླ་མ་ རྗེ་བཙུན་གྱི་བྲན་དུ་གྱུར་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་དཀོད་པའོ།། །། མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-243 ༄༅། །བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས་བཞུགས་སོ། ། ༄༅། །ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ བླ་མ་སངས་རྒྱས་བཀའ་དྲིན་ཅན་གྱི་ ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ ཅད་དུ་རྗེས་སུ་བཟུང་དུ་གསོལ། མཚོན་རྣོན་བྱེ་བ་ཁྲག་ཁྲིག་སྟོང་གིས་ཀྱང༌། །མ་ཆོད་མི་ ཆོད་ཆོད་པར་མི་འགྱུར་བའི། །བདག་འཛིན་འཆིང་བ་དམ་པོ་གཅོད་མཛད་པ། །བླ་མ་ སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །གོ་མཚོན་བསྟར་བའི་དཔལ་བོ་མང་པོས་ ཀྱང༌། །མ་ཆོམས་མི་ཆོམས་ཆོམས་པར་མི་འགྱུར་བའི། །མི་བཟད་ཉོན་མོངས་གཡུལ་ངོ་ སེལ་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །བྱེ་བ་ཁྲག་ཁྲིག་འབུམ་གྱི་ ཉི་མས་ཀྱང༌། །མ་སྐམས་མི་སྐམས་སྐེམས་པར་མི་འགྱུར་བའི། །སྲིད་པའི་ཆུ་པོ་ཆེན་པོ་ སྐེམས་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །རྡོ་རྗེ་རབ་ཏུ་འབར་བ་ དུ་མས་ཀྱང༌། །མ་ཤིགས་མི་ཤིགས་ཤིགས་པར་མི་འགྱུར་བའི། །ང་རྒྱལ་རི་བོ་མཐོན་པོ་ སྙིལ་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །ཉི་ཟླ་ནོར་བུ་སྒྲོན་མའི་ འོད་ཀྱིས་ཀྱང༌། །མ་སེལ་མི་སེལ་སེལ་བར་མི་འགྱུར་བའི། །མ་རིག་མུན་པ་མུན་ནག་ སེལ་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་འདུད། །རྟེན་ཅིང་འབྲེལ་འབྱུང་ དབང་པོ་ཀུན་གྱིས་ཀྱང༌། །མ་མཐོང་མི་མཐོང་མཐོང་བར་མི་འགྱུར་བའི། །བདེ་ གཤེགས་སྙིང་པོ་མངོན་སུམ་མཐོང་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་ འདུད། །ཡིད་ཀྱི་རྣམ་ཤེས་ཤིན་ཏུ་སྒྲིན་པོས་ཀྱང༌། །མ་རིག་མི་རིག་རིག་པར་མི་འགྱུར་ བའི། །རང་བྱུང་ཡེ་ཤེས་རང་གིས་རིག་མཛད་པ། །བླ་མ་སངས་རྒྱས་བཀའ་དྲིན་ཅན་ལ་ འདུད། །སེམས་དང་སེམས་བྱུང་རབ་ཏུ་གསལ་བས་ཀྱང༌། །མ་ཤེས་མི་ཤེས་ཤེས་པར་མི་ འགྱུར་བའི། །རང་བཞིན་འོད་གསལ་རང་གིས་ཤེས་མཛད་པ། །བླ་མ་སངས་རྒྱས་བཀའ་ དྲིན་ཅན་ལ་འདུད། །བུ་ལ་ཤིན་ཏུ་བྱམས་པའི་ཕ་མས་ཀྱང༌། །མ་སྦྱིན་མི་སྦྱིན་སྦྱིན་པར་ མི་འགྱུར་བའི། །དོན་དམ་ཆོས་སྐུའི་གཏེར་ཆེན་སྩོལ་མཛད་པ། །བླ་མ་སངས་རྒྱས་ 8-1-244 བཀའ་དྲིན་ཅན་ལ་འདུད། །གྲུ་གཟིངས་མཉན་པ་དེད་དཔོན་བྱེ་བས་ཀྱང༌། །མ་བརྒལ་ མི་བརྒལ་བརྒལ་བར་མི་འགྱུར་བའི། ། སྡུག་བསྔལ་རྒྱ་མཚོ་ཆེ་ལས་སྒྲོལ་མཛད་པ། །བླ་མ་ སངས་རྒྱས་བཀའ་དྲིན་ཅན་ལ་འདུད། ། དེ་སླད་ཁྱེད་ཀྱི་བཀའ་དྲིན་བསམས་པ་ ན། །སྟོང་གསུམ་རིན་ཆེན་བདུན་གྱིས་རབ་བཀང་ནས། །གུས་པས་ཉིན་རེ་བཞིན་དུ་ རྟག་འབུལ་ཡང༌། །དྲིན་ལན་བྱེ་བའི་ཆ་ཡང་ལོན་མ་ལགས། །དྲིན་ཅན་ཁྱེད་ཀྱི་བྱ་བ་ བསྒྲུབ་སླད་དུ། །བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱར། །སྒོ་གསུམ་མི་ངལ་བྲན་ བཞིན་རབ་བཀོལ་ཡང༌། །བཀའ་དྲིན་ཆེ་ཡི་ཆ་ཡང་ལོན་མ་ལགས། །རྟག་ཏུ་ཚུལ་གནས་ ཐོས་དང་བསམ་ལྡན་པས། །{རྡོ་རྗེ་རྣལ་འབྱོར་ཉིན་དང་མཚན་སྒོམ་ཞིང༌། །{ཟབ་ལམ་ ངེས་དོན་སྒོམ་པ་ལ་སྦྱར་ནས།།}བརྩེ་བས་གཞན་ལ་ཕན་དང་བདེ་བསྒྲུབས་ན། །ཁྱེད་ཀྱི་ དྲིན་ལན་ཅུང་ཟད་ལོན་ནམ་སྙམ། །དེ་སླད་ཁྱེད་ཀྱི་དགོངས་པ་བསྒྲུབ་སླད་དུ། །ཚུལ་ ཁྲིམས་ཏིང་འཛིན་ཤེས་རབ་དྲི་མ་མེད། །ནམ་མཁའ་རྒྱ་མཚོ་ཉི་ཟླའི་འོད་ལྟ་བུས། །རང་ དང་གཞན་གྱི་དགོས་པ་འགྲུབ་པ་ཤོག །དྲིན་ཅན་ཁྱེད་དང་རྟག་ཏུ་མི་འབྲལ་ ཞིང༌། །ཟང་ཟིང་བྱ་བ་བསྒྲུབ་པའི་བསྙེན་བཀུར་གྱིས། །དྲིན་ཆེན་བླ་མ་རྟག་ཏུ་མཉེས་ བྱས་ནས། །བླ་མ་ལྟ་བུའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་བླ་མའི་བཀའ་དྲིན་དྲན་པའི་ གསོལ་འདེབས། སྤྲང་པོ་ཤེས་རབ་རྒྱལ་མཚན་གྱིས་བཀོད་པའོ།། །།མངྒ་ལཾ། བྷ་ཝན་ ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-245 ༄༅། །དགེ་ལེགས་རྒྱ་མཚོ་ཞེས་བྱ་བའི་གསོལ་ འདེབས་བཞུགས་སོ། ། 8-1-246 ༄༅། །དགེ་ལེགས་རྒྱ་མཚོ་ཞེས་བྱ་བའི་གསོལ་ འདེབས་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བོ་ན་མོ་ན་མཿ ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་དང་སྤྲུལ་པའི་སྐུ་ཆོས་རྗེ་ཡབ་སྲས་རྣམས་ཀྱི་ ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ ཅད་དུ་རྗེས་སུ་བཟུང་དུ་གསོལ། ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་སྤྲུལ་པའི་སྐུ། །རྒྱ་མཚོ་ལྟ་ བུར་ཟབ་པའི་ཐུགས་མངའ་ཞིང༌། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་ པ། །ཆོས་རྗེ་ཡབ་སྲས་རྣམས་ལ་ཕྱག་འཚལ་འདུད། །དུས་གསུམ་སངས་རྒྱས་ཀུན་གྱི་ སྤྲུལ་པའི་སྐུ། །ལྷུན་པོ་ལྟ་བུར་བརྟན་པའི་ཐུགས་མངའ་ཞིང༌། །གང་གིས་མཐོང་ཐོས་ དྲན་པའི་དཔལ་གྱུར་པ། །ཆོས་རྗེ་ཡབ་སྲས་རྣམས་ལ་ཕྱག་འཚལ་འདུད། །རྒྱལ་བ་རྒྱལ་ སྲས་ཀུན་གྱི་སྤྲུལ་པའི་སྐུ། །ཉི་མ་ལྟ་བུར་གསལ་བའི་ཐུགས་མངའ་ཞིང༌། །གང་གིས་ མཐོང་ཐོས་དྲན་པའི་དཔལ་གྱུར་པ། །ཆོས་རྗེ་ཡབ་སྲས་རྣམས་ལ་ཕྱག་འཚལ་ འདུད། །ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་སྤྲུལ་པའི་སྐུ། །ཟླ་རྒྱས་ལྟ་བུར་བསིལ་བའི་ཐུགས་ མངའ་ཞིང༌། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པ། །ཆོས་རྗེ་ཡབ་སྲས་རྣམས་ ལ་ཕྱག་འཚལ་འདུད། །རིགས་ལྡན་རིགས་གསུམ་མགོན་གྱི་སྤྲུལ་པའི་སྐུ། །ནམ་མཁའ་ལྟ་ བུར་ཡངས་པའི་ཐུགས་མངའ་ཞིང༌། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་ པ། །ཆོས་རྗེ་ཡབ་སྲས་རྣམས་ལ་ཕྱག་འཚལ་འདུད། །དཔལ་ལྡན་དུས་ཀྱི་འཁོར་ལོའི་ སྤྲུལ་པའི་སྐུ། །ཆུ་ཟླ་ལྟ་བུར་དྭངས་པའི་ཐུགས་མངའ་ཞིང༌། །གང་གིས་མཐོང་ཐོས་དྲན་ པའི་དཔལ་གྱུར་པ། །ཆོས་རྗེ་ཡབ་སྲས་རྣམས་ལ་ཕྱག་འཚལ་འདུད། །ཕ་རྒྱུད་ལྷ་ཚོགས་ ཀུན་གྱི་སྤྲུལ་པའི་སྐུ། །རྡོ་རྗེ་ལྟ་བུར་བརླིང་བའི་ཐུགས་མངའ་ཞིང༌། །གང་གིས་མཐོང་ ཐོས་དྲན་པའི་དཔལ་གྱུར་པ། །ཆོས་རྗེ་ཡབ་སྲས་རྣམས་ལ་ཕྱག་འཚལ་འདུད། །མ་རྒྱུད་ 8-1-247 ལྷ་ཚོགས་ཀུན་གྱི་སྤྲུལ་པའི་སྐུ། །ནོར་བུ་ལྟ་བུར་ལེགས་བཟང་ཐུགས་མངའ་ཞིང༌། །གང་ གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པ། །ཆོས་རྗེ་ཡབ་སྲས་རྣམས་ལ་ཕྱག་འཚལ་ འདུད། །མ་རིག་འཁྲུལ་པའི་མུན་པས་བསྒྲིབས་པ་ཡིས། །བདག་འཛིན་གཡང་དུ་ལྟུང་ བའི་སྐྱབས་མེད་རྣམས། །སྐྱབས་མཆོག་ཐུགས་རྗེ་ཆེན་པོས་ལེགས་དྲངས་ནས། །བདག་ འཛིན་འགགས་པའི་གནས་མཆོག་ཐོབ་པར་མཛོད། །མི་གཙང་བ་ལ་གཙང་བར་འཛིན་ པའི་བློས། །འདོད་པའི་འདམ་དུ་བྱིང་བའི་མགོན་མེད་རྣམས། །མགོན་པོ་ཁྱེད་ཀྱི་ཐབས་ མཁས་ཐུགས་རྗེ་ཡིས། །ཆགས་བྲལ་བདེ་བ་ཆེན་པོའི་གནས་ཐོབ་མཛོད། །ཞེ་སྡང་སྦྲུལ་ གདུག་མཆེ་བས་རབ་བཟུང་བས། །ཀུན་ནས་མནར་སེམས་དུག་གིས་ཁྱབ་པ་ རྣམས། །ཁྱེད་ཀྱི་དམ་ཆོས་སྔགས་དང་སྨན་གྱི་མཐུས། །ནད་མེད་བདེ་བ་ཆེན་པོའི་ལུས་ ཐོབ་མཛོད། །དངོས་པོར་འཛིན་པའི་བདེན་པའི་རབ་རིབ་ཀྱིས། །བློ་གྲོས་མིག་སྒྲིབ་ དམིགས་སུ་མེད་པ་རྣམས། །ཉེ་ལམ་མྱུར་བདེ་ལམ་ནས་ལེགས་ཁྲིད་དེ། །ཐར་པ་ཆེན་ པོའི་གནས་མཆོག་ཐོབ་པར་མཛོད། །ཆོས་དང་ནད་མེད་ལོངས་སོད་དབང་ཕྱུག་ སོགས། །ཅི་ཡང་རུང་བས་ཁེངས་པའི་མེས་ཚིག་རྣམས། །སྟོན་མཆོག་ཁྱེད་ཀྱི་བརྩེ་སྤྲིན་ ལས་བྱུང་བའི། །འཛིན་མེད་སྟོང་ཉིད་ཆར་གྱིས་བསིལ་བར་མཛོད། །ཆགས་མེད་རང་ དབང་སྤྱོད་པའི་སྐབས་མེད་པ། །སེར་སྣའི་རི་བོས་ནོན་པའི་ཉམ་ཆུང་རྣམས། །འདྲེན་ མཆོག་ཁྱེད་ཀྱི་ཐབས་མཁས་མཐུ་སྟོབས་ཀྱིས། །འཛིན་མེད་རང་དབང་སྤྱོད་པའི་གནས་ ཐོབ་མཛོད། །རྙེད་དང་བཀུར་སྟི་རོ་ལ་ཆགས་པ་ཡིས། །ཕྲག་དོག་རབ་རྒྱས་དུག་གིས་ མྱོས་པ་རྣམས། །བརྩེ་ལྡན་ཁྱེད་ཀྱི་དམ་ཆོས་བདུད་རྩི་ཡིས། །མཉམ་མེད་བདེ་བ་ཆེན་པོ་ ཐོབ་པར་མཛོད། །ཁྲོ་བ་ཁོན་འཛིན་འཆབ་པའི་ཚིག་པ་རྣམས། །གཡོ་སྒྱུ་རྒྱགས་དང་ རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་དམུ་རྒོད་མ་དད་ལེ་ལོ་ཅན། །ཉེ་བའི་ཉོན་མོངས་ཀུན་ དང་བྲལ་བར་མཛོད། །ཉོན་མོངས་སྒྲ་གཅན་ཁ་ནས་རབ་ཐར་ཡང༌། །འཁོར་གསུམ་ ཡོངས་རྟོག་ཤེས་བྱའི་སྒྲིབ་པ་ཡི། །ཆུ་འཛིན་གྱིས་སྒྲིབ་ཆོས་སྐུའི་ཉི་ཟླ་དག །སྤྲིན་བྲལ་ མངོན་སུམ་ཉིད་དུ་མཐོང་བར་མཛོད། །མཚམས་མེད་ལྔ་དང་མི་དགེ་བཅུ་ལ་ 8-1-248 སོགས། །ལས་ཀྱི་སྒྲིབ་པ་ཀུན་དང་བྲལ་བར་མཛོད། །ཚེ་རིང་ལྷ་དང་ངན་སོང་འགྲོ་ལ་ སོགས། །རྣམ་སྨིན་སྒྲིབ་པ་ཀུན་དང་བྲལ་བར་མཛོད། །རྡོ་རྗེའི་སྦྱོར་བས་ཉོན་མོངས་ སྦུབས་བཅོམ་ནས། །དོན་དམ་བདེ་གཤེགས་སྙིང་པོ་མཐོང་བར་མཛོད། །བྱེད་བཅིངས་ ཐབས་ཀྱིས་རླུང་སེམས་རབ་འགགས་ནས། །སེམས་མེད་བདེ་གཤེགས་སྙིང་པོ་ཐོབ་པར་ མཛོད། །ལྟེ་བའི་ཨ་ཤད་གཏུམ་མོས་མེ་འབར་བས། །སྤྱི་བོའི་ཧཾ་ཡིག་ཟླ་བ་ཞུ་བར་ མཛོད། །གཡས་གཡོན་ཉི་ཟླའི་རྒྱུ་བ་རབ་བཅོམ་ནས། །སྒྲ་གཅན་དབུ་མའི་ནང་དུ་ཐིམ་ པར་མཛོད། །ལུས་ངག་སེམས་དང་འཕོ་བའི་ལོངས་སྤྱོད་ལ། །ལྟོས་མེད་ཆེན་པོའི་རྣལ་ འབྱོར་རྫོགས་པར་མཛོད། །སྲོག་རླུང་འགགས་པས་ཐུར་སེལ་རབ་འགགས་ནས། །ཁམས་ རྣམས་འཕོ་བ་མེད་པའི་བདེ་ཐོབ་མཛོད། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་སྲོག་འགགས་ ནས། །ཉོན་མོངས་ཤེས་བྱའི་སྒྲིབ་ཀུན་འགགས་པར་མཛོད། །སྒྲིབ་གཉིས་དྲི་མའི་སྦུབས་ ལས་ངེས་གྲོལ་ནས། །བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ་ཐོབ་ཤོག །སེམས་དང་སེམས་ འབྱུང་རྣམ་ཤེས་ཆོས་སྤངས་ནས། །གཉིས་མེད་ཡེ་ཤེས་སྙིང་པོ་ཐོབ་པར་མཛོད། །རྣམ་ ཤེས་བག་ཆགས་ཀུན་རྫོབ་ཆོས་སྤངས་ནས། །ཡེ་ཤེས་སྣང་བ་འོད་གསལ་མཆོག་ཐོབ་ མཛོད། །དགེ་ལེགས་རྒྱ་མཚོ་ཞེས་བྱ་བའི་གསོལ་བ་འདེབས་པ་འདི་ནི། བླ་མ་རྗེ་བཙུན་ གྱི་བྲན་དུ་གྱུར་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་སྦྱར་བའོ།། །།མངྒ་ལཾ། བྷ་ ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-249 ༄༅། །བླ་མའི་གསོལ་འདེབས་རིགས་ལྡན་བསྟོད་པ་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ བླ་མ་སངས་རྒྱས་རིགས་ལྡན་རྣམས་ཀྱི་ ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ ཅད་དུ་རྗེས་སུ་བཟུང་དུ་གསོལ། ཉི་མ་བྱེ་བའི་འོད་ཀྱིས་མི་སེལ་བའི། །སྙིང་གི་མུན་པ་སྟུག་པོ་དཔག་ཡས་རྣམས། ། གང་ གི་བཀའ་དྲིན་འོད་ཀྱིས་སེལ་མཛད་པ། །བླ་མ་སངས་རྒྱས་རིགས་ལྡན་རྣམས་ལ་ འདུད། །དུས་མཐའི་མེ་ཡིས་བསྲེག་པར་མི་ནུས་པའི། །འདོད་ཆགས་ནགས་ཚལ་ཚང་ ཚིང་འཁྲིགས་པ་རྣམས། །གང་གི་བཀའ་དྲིན་མེ་ཡིས་བསྲེག་མཛད་པ། །བླ་མ་སངས་ རྒྱས་རིགས་ལྡན་རྣམས་ལ་འདུད། །གནམ་ལྕགས་འབར་བས་གཞིག་པར་མི་ནུས་ པའི། །ཞེ་སྡང་ཕྲག་དོག་བྲག་རི་ཆེན་པོ་རྣམས། །གང་གི་བཀའ་དྲིན་རྡོ་རྗེས་བཤིག་ མཛད་པ། །བླ་མ་སངས་རྒྱས་རིགས་ལྡན་རྣམས་ལ་འདུད། །རྣམ་པར་འཐོར་རླུང་ཆེན་ པོས་མི་ཤིགས་པའི། །མི་ཤེས་སྒྲིབ་པའི་སྤྲིན་ཚོགས་འཁྲིགས་པ་རྣམས། །གང་གི་བཀའ་ དྲིན་རླུང་གིས་འཐོར་མཛད་པ། །བླ་མ་སངས་རྒྱས་རིགས་ལྡན་རྣམས་ལ་འདུད། །རྒྱ་ མཚོ་ཆེན་པོས་བཀྲུ་བར་མི་ནུས་པའི། །སྒྲིབ་གཉིས་བག་ཆགས་དྲི་མའི་ལྗན་ལྗིན་ རྣམས། །གང་གི་བཀའ་དྲིན་ཆབ་ཀྱིས་སྦྱོང་མཛད་པ། །བླ་མ་སངས་རྒྱས་རིགས་ལྡན་ རྣམས་ལ་འདུད། །ཐོང་གཤོལ་ཐོང་ལྕགས་རྣོན་པོས་མི་ཕྱེད་པའི། །སེམས་ཅན་སེམས་ རྒྱུད་ཐ་བ་རེངས་པ་རྣམས། །གང་གི་བཀའ་དྲིན་ཐབས་ཀྱིས་འདུལ་མཛད་པ། །བླ་མ་ སངས་རྒྱས་རིགས་ལྡན་རྣམས་ལ་འདུད། ། ཤིན་ཏུ་རྣོན་པོའི་མཚོན་གྱིས་མི་ཆོད་ པའི། །སྲོག་དང་ཐུར་སེལ་རླུང་གི་རྒྱུ་བ་རྣམས། །གང་གི་བཀའ་དྲིན་མཚོན་གྱིས་གཅོད་ མཛད་པ། །བླ་མ་སངས་རྒྱས་རིགས་ལྡན་རྣམས་ལ་འདུད། །རབ་ཏུ་སྲ་བའི་ཞགས་པས་ མི་འཆིངས་པའི། །རླུང་སེམས་ཐིག་ལེ་མི་བརྟན་གཡོ་བ་རྣམས། །གང་གི་བཀའ་དྲིན་ 8-1-250 ཞགས་པས་འཆིང་མཛད་པ། །བླ་མ་སངས་རྒྱས་རིགས་ལྡན་རྣམས་ལ་འདུད། །མེ་དང་ བུད་ཤིང་རླུང་གིས་མི་འབར་བའི། །ལྟེ་བའི་ཨ་ཡིག་གཏུམ་མོ་གློག་གི་མེ། །གང་གི་ བཀའ་དྲིན་ཐབས་ཀྱིས་འབར་མཛད་པ། །བླ་མ་སངས་རྒྱས་རིགས་ལྡན་རྣམས་ལ་ འདུད། །ལྕགས་ཀྱུ་སྟོང་གིས་དགུག་པར་མི་ནུས་པའི། །སྤྱི་བོའི་ཧཾ་ཡིག་བྱང་ཆུབ་སེམས་ ཀྱི་རྒྱུན། །གང་གི་བཀའ་དྲིན་ལྕགས་ཀྱུས་འགུགས་མཛད་པ། །བླ་མ་སངས་རྒྱས་རིགས་ ལྡན་རྣམས་ལ་འདུད། །མདུད་འགྲོལ་སྟོང་གིས་དགྲོལ་བར་མི་ནུས་པའི། །བདུན་ཁྲི་ གཉིས་སྟོང་རྩ་ཡི་མདུད་པ་རྣམས། །གང་གི་བཀའ་དྲིན་ཐབས་ཀྱིས་འགྲོལ་མཛད་ པ། །བླ་མ་སངས་རྒྱས་རིགས་ལྡན་རྣམས་ལ་འདུད། །སྒྲིན་པོ་རྣམས་ཀྱིས་ཤེས་པར་མི་ ནུས་པའི། །བདེ་གཤེགས་སྙིང་པོ་ཡིད་བཞིན་ནོར་ལྟ་བུ། །གང་གི་བཀའ་དྲིན་ཐབས་ ཀྱིས་ཤེས་མཛད་པ། །བླ་མ་སངས་རྒྱས་རིགས་ལྡན་རྣམས་ལ་འདུད། །མིག་སྟོང་ལྡན་ པས་མཐོང་བར་མི་ནུས་པའི། །རང་བཞིན་འོད་གསལ་པྲ་ཕབ་བརྒྱད་ལྟ་བུ། །གང་གི་ བཀའ་དྲིན་མིག་གིས་མཐོང་མཛད་པ། །བླ་མ་སངས་རྒྱས་རིགས་ལྡན་རྣམས་ལ་འདུད། ། མིག་ཐུར་རྣོན་པོས་སེལ་བར་མི་ནུས་པའི། །རྣམ་རྟོག་རབ་རིབ་བྱེ་བ་མཐའ་ཡས་ རྣམས། ། གང་གི་བཀའ་དྲིན་ཐུར་མས་སེལ་མཛད་པ། །བླ་མ་སངས་རྒྱས་རིགས་ལྡན་ རྣམས་ལ་འདུད། །སྨན་བཟང་སྨན་པ་མཁས་པས་མི་སོས་པའི། །མི་བཟད་ཉོན་མོངས་ ནད་ཀྱིས་གདུངས་པ་རྣམས། །གང་གི་བཀའ་དྲིན་སྨན་གྱིས་གསོ་མཛད་པ། །བླ་མ་ སངས་རྒྱས་རིགས་ལྡན་རྣམས་ལ་འདུད། །ཡན་ལག་བཞི་ལྡན་དཔུང་གིས་མི་ཆོམས་ པའི། །གནས་སྐབས་རིགས་བཞིའི་བག་ཆགས་བདུད་ཀྱི་དཔུང༌། །གང་གི་བཀའ་དྲིན་ དཔུང་གིས་འཇོམས་མཛད་པ། །བླ་མ་སངས་རྒྱས་རིགས་ལྡན་རྣམས་ལ་འདུད། །མི་ བཟད་འཁྲུལ་འཁོར་དུ་མས་མི་ཤིགས་པའི། །སྐྱེ་རྒ་ན་འཆི་འཁོར་བའི་སྡུག་བསྔལ་ རྫོང༌། །གང་གི་བཀའ་དྲིན་ཐབས་ཀྱིས་བཤིག་མཛད་པ། །བླ་མ་སངས་རྒྱས་རིགས་ལྡན་ རྣམས་ལ་འདུད། །ཁམས་གསུམ་ནོར་གྱིས་ཚིམ་པར་མི་ནུས་པའི། །སེམས་ཅན་དབུལ་པོ་ ཆོས་ཀྱིས་འཕོངས་པ་རྣམས། །གང་གི་བཀའ་དྲིན་ཆོས་ཀྱིས་ཚིམ་མཛད་པའི། །བླ་མ་ 8-1-251 སངས་རྒྱས་རིགས་ལྡན་རྣམས་ལ་འདུད། །ཕྱག་འཚལ་མཆོད་ཅིང་སྡིག་པ་ཐམས་ཅད་ བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་ གསོལ་དགེ་བ་རྣམས། །བྱང་ཆུབ་ཕྱིར་བསྔོ་སྨོན་ལམ་འགྲུབ་པར་ཤོག །བླ་མ་སངས་རྒྱས་ རིགས་ལྡན་རྣམས་ཀྱི་བྲན། ། ཤེས་རབ་མིང་ཅན་བླུན་པོས་དེ་སྐད་དུ། །ཆུས་ཁྱེར་སྐམ་ པའི་གྲོགས་ལ་རེ་བ་ལྟར། །ཉམ་ཐག་ང་རོས་འོ་དོད་འབོད་ཅིང་མཆིས། །མཁྱེན་བརྩེ་ ནུས་པ་འཕྲིན་ལས་དྲི་མ་མེད། །ཀུན་ཁྱབ་ལྷུན་གྲུབ་དུས་ལས་མི་འདའ་བས། །སྡུག་ བསྔལ་ཆུ་བོ་ཆེ་ལས་རབ་དྲངས་ནས། ། འགྱུར་མེད་བདེ་ཆེན་གནས་མཆོག་ཐོབ་པར་ མཛོད།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-252 ༄༅། །བླ་མ་ཡི་དམ་དབྱེར་མེད་ལ་གསོལ་འདེབས་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཇོ་ནང་དཔལ་གྱི་གནས་ཆེན་དུ། །བླ་མ་ སངས་རྒྱས་རིགས་ལྡན་དང༌། །དབྱེར་མེད་རྡོ་རྗེ་དབྱིངས་ཀྱི་ལྷ། །བདེ་གཤེགས་སྙིང་ པོའི་དབྱིངས་ལ་འདུད། །གཙུག་ཏོར་ནམ་མཁའི་འཁོར་ལོ་རུ། །དོན་དམ་བདེ་གཤེགས་ སྙིང་པོ་ཡི། །ཕུང་པོ་ཁམས་དང་དབང་པོའི་ཡུལ། །གཞོམ་མེད་རྡོ་རྗེའི་རིགས་ལ་འདུད། ། འོད་གསལ་བདེ་གཤེགས་སྙིང་པོ་ཡི། །རྣམ་ཤེས་ཕུང་པོ་མི་བསྐྱོད་པ། །མཁའ་དབྱིངས་ རྡོ་རྗེ་དབྱིངས་ཕྱུག་མ། །རྣམ་ཤེས་ནམ་མཁའ་གཞན་ལ་འདུད། །འོད་གསལ་བདེ་ གཤེགས་སྙིང་པོ་ཡི། །རྣ་བ་ཕྱག་ན་རྡོ་རྗེ་དང༌། །ཆོས་ཁམས་ཆོས་དབྱིངས་རྡོ་རྗེ་མ། །རྣ་ བ་ཆོས་ཁམས་གཞན་ལ་འདུད། །འོད་གསལ་བདེ་གཤེགས་སྙིང་པོ་ཡི། །གསང་གནས་ གཙུག་ཏོར་འཁོར་ལོ་བསྒྱུར། །ས་བོན་འབབ་པ་དྲག་སྤྱན་མ། །གསང་བ་ས་བོན་འབབ་ གཞན་འདུད། །དཔྲལ་བ་རླུང་གི་འཁོར་ལོ་རུ། །དོན་དམ་བདེ་གཤེགས་སྙིང་པོ་ཡི། །ཕུང་ པོ་ཁམས་དང་དབང་པོ་ཡུལ། །གཞོམ་མེད་རལ་གྲིའི་རིགས་ལ་འདུད། །རང་བྱུང་བདེ་ གཤེགས་སྙིང་པོ་ཡི། །འདུ་བྱེད་དོན་ཡོད་གྲུབ་པ་དང༌། །རླུང་གི་ཁམས་ནི་སྒྲོལ་མ་ ཡུམ། །འདུ་བྱེད་རླུང་ཁམས་གཞན་ལ་འདུད། །རང་བྱུང་བདེ་གཤེགས་སྙིང་པོ་ཡི། །སྣ་ནི་ ནམ་མཁའི་སྙིང་པོ་དང༌། །རེག་ནི་རེག་བྱ་རྡོ་རྗེ་མ། །སྣ་གཞན་རེག་བྱ་གཞན་ལ་ འདུད། །རང་བྱུང་བདེ་གཤེགས་སྙིང་པོ་ཡི། །ངག་དབང་ཁྲོ་བོ་བགེགས་མཐར་ མཛད། །བཤང་འབབ་ཤིན་ཏུ་སྟོབས་ཅན་མ། །ངག་གཞན་བཤང་འབབ་གཞན་ལ་ འདུད། །མགྲིན་པ་མེ་ཡི་འཁོར་ལོ་རུ། །དོན་དམ་བདེ་གཤེགས་སྙིང་པོ་ཡི། །ཕུང་པོ་ 8-1-253 ཁམས་དང་དབང་པོ་ཡུལ། །གཞོམ་མེད་རིན་ཆེན་རིགས་ལ་འདུད། །ལྷན་སྐྱེས་བདེ་ གཤེགས་སྙིང་པོ་ཡི། །ཚོར་བ་རིན་ཆེན་འབྱུང་ལྡན་དང༌། །མེ་ཡི་ཁམས་ནི་གོས་དཀར་ མོ། །ཚོར་གཞན་མེ་ཁམས་གཞན་ལ་འདུད། ། ལྷན་སྐྱེས་བདེ་གཤེགས་སྙིང་པོ་ཡི། །མིག་ ནི་ས་ཡི་སྙིང་པོ་དང༌། །དེ་ཉིད་རོ་ཡི་རྡོ་རྗེ་མ། ། མིག་གཞན་རོ་གཞན་ལ་ཕྱག་ འཚལ། །ལྷན་སྐྱེས་བདེ་གཤེགས་སྙིང་པོ་ཡི། །ལག་པ་ཤེས་རབ་མཐར་བྱེད་དང༌། །འགྲོ་ བ་ཤེས་རབ་མཐར་བྱེད་མ། །ལག་གཞན་འགྲོ་བ་གཞན་ལ་འདུད། །སྙིང་ཁ་ཆུ་ཡི་འཁོར་ ལོ་རུ། །དོན་དམ་བདེ་གཤེགས་སྙིང་པོ་ཡི། །ཕུང་པོ་ཁམས་དང་དབང་པོ་ཡུལ། །གཞོམ་ མེད་པད་མའི་རིགས་ལ་འདུད། །ཁྱབ་བདག་བདེ་གཤེགས་སྙིང་པོ་ཡི། །འདུ་ཤེས་ཕུང་ པོ་འོད་དཔག་མེད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །འདུ་ཤེས་ཆུ་ཁམས་གཞན་ལ་ འདུད། །ཁྱབ་བདག་བདེ་གཤེགས་སྙིང་པོ་ཡི། །ལྕེ་ནི་འཇིག་རྟེན་དབང་ཕྱུག་ དང༌། །གཟུགས་ནི་གཟུགས་ཀྱི་རྡོ་རྗེ་མ། །ལྕེ་གཞན་གཟུགས་ཁམས་གཞན་ལ་འདུད། ། ཁྱབ་བདག་བདེ་གཤེགས་སྙིང་པོ་ཡི། །རྐང་བ་པདྨ་མཐར་བྱེད་དང༌། །ལེན་པ་ཤེས་རབ་ མ་མཐར་བྱེད་མ། །རྐང་གཞན་ལེན་པ་གཞན་ལ་འདུད། །ལྟེ་བ་ས་ཡི་འཁོར་ལོ་རུ། །དོན་ དམ་བདེ་གཤེགས་སྙིང་པོ་ཡི། །ཕུང་པོ་ཁམས་དང་དབང་པོ་ཡུལ། །གཞོམ་མེད་འཁོར་ ལོའི་རིགས་ལ་འདུད། །རང་བཞིན་བདེ་གཤེགས་སྙིང་པོ་ཡི། །གཟུགས་ཀྱི་ཕུང་པོ་རྣམ་ སྣང་མཛད། །ས་ཡི་ཁམས་ནི་སངས་རྒྱས་སྤྱན། །གཟུགས་གཞན་ས་ཁམས་གཞན་ལ་ འདུད། །རང་བཞིན་བདེ་གཤེགས་སྙིང་པོ་ཡི། །ལུས་དབང་སྒྲིབ་པ་རྣམ་པར་སེལ། །དྲི་ནི་ དྲི་ཡི་རྡོ་རྗེ་མ། །ལུས་གཞན་དྲི་གཞན་ལ་ཕྱག་འཚལ། །རང་བཞིན་བདེ་གཤེགས་སྙིང་པོ་ ཡི། །བཤང་ལམ་གཤིན་རྗེ་མཐར་བྱེད་དང༌། །བརྗོད་པའི་བྱ་བ་རེངས་བྱེད་མ། །བཤང་ ལམ་བརྗོད་པ་གཞན་ལ་འདུད། །གསང་གནས་ཡེ་ཤེས་འཁོར་ལོ་རུ། །དོན་དམ་བདེ་ གཤེགས་སྙིང་པོ་ཡི། །ཕུང་པོ་ཁམས་དང་དབང་པོ་ཡུལ། །གཞོམ་མེད་གྲི་གུག་རིགས་ལ་ འདུད། ། ཆོས་སྐུ་བདེ་གཤེགས་སྙིང་པོ་ཡི། །ཡེ་ཤེས་ཕུང་པོ་རྡོ་རྗེ་སེམས། །ཡེ་ཤེས་ཁམས་ ནི་སྣ་ཚོགས་ཡུམ། །ཡེ་ཤེས་ཡེ་ཤེས་ཁམས་མཆོག་འདུད། །ཆོས་སྐུ་བདེ་གཤེགས་སྙིང་པོ་ 8-1-254 ཡི། ། ཡིད་དབང་ཀུན་ཏུ་བཟང་པོ་དང༌། །སྒྲ་ནི་སྒྲ་ཡི་རྡོ་རྗེ་མ། །ཡིད་གཞན་སྒྲ་གཞན་ལ་ ཕྱག་འཚལ། །ཆོས་སྐུ་བདེ་གཤེགས་སྙིང་པོ་ཡི། །མཆོག་དབང་གནོད་མཛེས་རྒྱལ་པོ་ དང༌། ། དྲི་ཆུ་འབབ་པ་རབ་སྔོན་མོ། །མཆོག་གཞན་དྲི་ཆུ་འབབ་གཞན་འདུད། །གློ་བུར་ དྲི་མའི་ཕུང་པོ་སོགས། །ཤུན་པ་ལྟ་བུར་རབ་འགགས་ནས། །འོད་གསལ་ཆོས་སྐུའི་ཕུང་ པོ་སོགས། ། སྙིང་པོ་ལྟ་བུ་མྱུར་ཐོབ་མཛོད། །ཞེས་པ་ལྷ་རྗེ་ཀུན་དགའ་གྲགས། །དགེ་བའི་ བསམ་པས་གསོལ་བཏབ་ཕྱིར། །བྲིས་པའི་དགེ་བ་གཞན་དོན་དུ། །རྫོགས་པའི་སངས་ རྒྱས་ཐོབ་ཕྱིར་བསྔོ། ། ཞེས་པ་བླ་མ་ཡི་དམ་དབྱེར་མེད་ལ་གསོལ་བ་འདེབས་པ། དོལ་པོ་པས་བཀོད་ པའོ།། །། མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-255 ༄༅། །ཀུན་སྤངས་ཆེན་པོ་ཆོས་རྗེ་ཡབ་སྲས་རྣམས་ལ་གསོལ་འདེབས་བཞུགས་སོ། ། ༄༅། །ༀ་ཨཱཿཧཱུཾ་ཧོཿ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་བསྡུས་པའི་དངོས། །དམ་ཆོས་རྒྱ་མཚོའི་ དཔལ་ཀུན་འབྱུང་བའི་གནས། །དགེ་འདུན་རྒྱ་མཚོའི་གཙུག་གི་རྒྱན་གྱུར་པ། །ཀུན་ སྤངས་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་ཐོག་མེད་གདོད་མའི་དུས་ཉིད་དུ། །རང་ བྱུང་ཡེ་ཤེས་གསལ་བར་མངོན་དུ་མཛད། །ས་ལམ་ཀུན་བགྲོད་ཡོན་ཏན་མ་ལུས་ རྫོགས། །དང་པོའི་སངས་རྒྱས་ཆོས་རྗེའི་ཞབས་ལ་འདུད། །རྡོ་རྗེའི་རྣལ་འབྱོར་ཏིང་ འཛིན་ང་རོ་ཡིས། །བག་ཆགས་རིགས་བཞིའི་གཉིད་ལས་སངས་གྱུར་ནས། །བདེ་སྟོང་ཡེ་ ཤེས་སྣང་བ་རབ་རྒྱས་པ། །སྐུ་བཞི་མཐར་ཕྱིན་ཆོས་རྗེའི་ཞབས་ལ་འདུད། །སྟོང་ཉིད་ རྣམ་ཐར་ཏིང་འཛིན་རྒྱལ་པོ་ཡིས། །འཕོ་བའི་བག་ཆགས་བདུད་ཀྱི་ཚོགས་བཅོམ་ ནས། །མཆོག་ཏུ་མི་འགྱུར་བདེ་བས་ཡོངས་གང་བའི། །ཆོས་རྗེ་བདེ་ཆེན་སྐུ་ལ་ཕྱག་ འཚལ་ལོ། །མཚན་མ་མེད་པའི་ཏིང་འཛིན་སྒྲོན་མེ་ཡིས། །གཉིད་འཐུག་བག་ཆགས་མུན་ པ་གཏན་བཅོམ་ནས། །འོད་གསལ་ཆེན་པོའི་ལམ་ལ་རྟག་བཞུགས་པའི། །ཆོས་རྗེ་ཆོས་ ཀྱི་སྐུ་ལ་ཕྱག་འཚལ་ལོ། །སྨོན་པ་མེད་པའི་ཏིང་འཛིན་ཆུ་བསིལ་གྱིས། །རྨི་ལམ་བག་ ཆགས་དྲི་མ་ཀུན་བཀྲུས་ནས། །ཐམས་ཅད་མཁྱེན་པའི་གསུང་གིས་ཆོས་སྟོན་པའི། །ཆོས་ རྗེ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །འདུ་བྱེད་བྲལ་བའི་ཏིང་འཛིན་འཁོར་ལོ་ ཡིས། །སད་པའི་བག་ཆགས་དྲྭ་བ་ཀུན་བཅད་ནས། །སྣ་ཚོགས་སྒྱུ་མ་སྤྲུལ་པའི་གཟུགས་ འཛིན་པའི། །ཆོས་རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཁྱོད་ནི་ལ་ལར་ཤཱཀྱའི་རྒྱལ་པོར་ སྟོན། །འགའ་ཞིག་ཏུ་ནི་ཡུམ་ལ་སྙོམས་པར་འཇུག །ལ་ལ་དག་ཏུ་ཆོས་རྒྱལ་དུ་མ་ དང༌། །རིགས་ལྡན་རིགས་གཅིག་མཛད་པར་མངོན་སྤྲུལ་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ གསལ་བར་མཛད། །ཁ་ཅིག་ཏུ་ནི་རྒྱལ་སྲས་རང་རྒྱལ་དང༌། །དགྲ་ལས་རྣམ་རྒྱལ་དགྲ་ བཅོམ་དུ་མར་སྟོན། །ཞིང་ཁམས་ལ་ལར་གཞོན་ནུའི་རོལ་རྩེད་མཛད། །ཁབ་ནས་ངེས་ 8-1-256 འབྱུང་དཀའ་ལ་སྤྱོད་པ་དང༌། །བདུད་ཀྱི་ཚོགས་བཅོམ་མངོན་པར་སངས་རྒྱས་ ནས། །འཁོར་ལོ་རྣམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར། །རྒྱལ་སྲས་དུ་མ་རྒྱལ་བར་ལུང་ སྟོན་མཛད། །མགོན་ཁྱོད་ལ་ལར་ཚངས་དབང་ཁྱབ་འཇུག་དང༌། །དྲག་པོ་ལུས་མེད་ འབྱུང་པོ་ལྷ་མིན་དབང༌། །གདེངས་ཀའི་དབང་པོ་ནོར་བུའི་ཅོད་པན་ཅན། །སྡེ་དང་ བཅས་པའི་གཟུགས་སུ་སྣང་ན་ཡང༌། །འགའ་ཞིག་ཏུ་ནི་བྲན་ཕོ་བྲན་མོ་དང༌། །ཉ་བ་ ཞིང་པ་གདོལ་བ་ཐ་ག་པ། །འདྲེག་མཁན་དང་ནི་སློང་མོ་བར་ཡང་སྟོན། །དཔའ་ཁྱོད་ལ་ ལར་འཁོར་ལོས་བསྒྱུར་རྒྱལ་ཚུལ། །བཙུན་མོའི་འཁོར་ལ་དགྱེས་དགུར་རོལ་པ་ དང༌། །འདོད་པའི་བདེ་ལ་སྤྱོད་པར་སྣང་ན་ཡང༌། །ཁ་ཅིག་ཏུ་ནི་དཀའ་ཐུབ་མཐར་ ཕྱིན་པའི། །དགེ་སློང་དགེ་སྦྱོང་བྲམ་ཟེའི་གཙོ་བོ་དང༌། །དམོད་པ་འདོར་བའི་དྲང་སྲོང་ རྣམས་སུའང་སྟོན། །མགོན་ཁྱོད་ལ་ལར་རྒྱལ་རིགས་བྲམ་ཟེའི་རིགས། །ཁྱིམ་བདག་ཆེན་ པོའི་རིགས་སུ་སྟོན་ན་ཡང༌། །འགའ་ཞིག་ཏུ་ནི་དམན་པའི་ཚུལ་བཟུང་ནས། །ཞི་བའི་ གནས་སུ་དབེན་པའི་གནས་བཅས་ཏེ། །རྩེ་གཅིག་བསམ་གཏན་བསྒྲུབ་ལ་གཞོལ་བར་ སྟོན། །ཁྱབ་བདག་ལ་ལར་ས་ཆུ་མེ་རླུང་དང༌། །ཉི་མ་ཟླ་བ་གཟའ་དང་རྒྱུ་སྐར་དང༌། །རི་ དང་རྒྱ་མཚོ་ཚལ་དང་ཚང་ཚིང་དང༌། །རྩི་དང་གེལ་བ་མེ་ཏོག་འབྲས་བུར་ བཅས། །དཔག་བསམ་རྐང་འཐུང་འདོད་འཇོ་བུམ་པ་བཟང༌། །གྲུབ་པའི་བཅུད་སོགས་ རྫས་ཀྱི་མཆོག་རྣམས་དང༌། །གྲོང་དང་གྲོང་ཁྱེར་ལྗོངས་དང་ཡུལ་འཁོར་དང༌། །ནོར་ དང་འབྲུ་དང་རྣམ་མང་ནོར་བུ་དང༌། །གོས་དང་རྒྱན་ལ་སོགས་པའི་རྣམ་པས་ ཀྱང༌། །རྣམ་པ་དུ་མར་འགྲོ་བའི་ཉེར་འཚོ་མཛད། །སྐྱབས་ཆེན་ཁྱོད་ནི་ལྷ་དང་ལྷ་མིན་ དང༌། །ཀླུ་དང་གནོད་སྦྱིན་གྲུལ་བུམ་ལ་སོགས་པ། །འགྲོ་བ་ཀུན་གྱི་སྐད་དུ་ཆོས་སྟོན་ ཅིང༌། །སྒྲ་དང་སྒྲ་མིན་ལེགས་སྦྱར་ཟུར་ཆགས་དང༌། །སྣ་ཚོགས་ཡུལ་སྐད་ཐ་མལ་དག་ གིས་ཀྱང༌། །ཕྱོགས་བཅུར་འགྲོ་མང་ཆོས་ལ་འགོད་པར་མཛད། །ཨེ་མ་ཁྱེད་ཀྱི་སྐུ་གསུང་ ཐུགས་མཆོག་དང༌། །རྨད་བྱུང་མཛད་པ་དཔག་ཡས་མདོར་བསྡུས་ན། །ཆོས་ཀྱི་དབྱིངས་ དང་ནམ་མཁའ་ཅི་ཙམ་པ། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱང་དེ་ཙམ་སྟེ། །ཅི་ཙམ་ལས་ 8-1-257 དང་ཉོན་མོངས་སེམས་ཅན་མཐའ། །ཁྱོད་ཀྱི་འཕྲིན་ལས་མཐའ་ཡང་དེ་ཙམ་ལགས། །དེ་ ཕྱིར་ཁྱོད་ནི་སྣ་ཚོགས་སྒྱུ་མ་འཛིན། །གར་མཁན་བདག་པོ་གར་གྱིས་རྣམ་པར་ རོལ། །འགྲོ་བའི་དོན་དགྱེས་འགྲོ་བའི་རོལ་མོ་མཛད། །ཨེ་མ་ངོ་མཚར་ཆོས་རྗེའི་ཞབས་ ལ་འདུད། །ཁྱོད་ཀྱི་རྣམ་འཕྲུལ་གཏིང་མཐའ་རབ་ཡངས་པ། །ཟབ་ཅིང་རྒྱ་ཆེའི་གཏིང་ དཔག་དཀའ་བའི་ཕྱིར། །འཕགས་རྣམས་ཀྱིས་ཀྱང་ཇི་བཞིན་རྟོགས་མིན་ན། །བདག་ལྟ་ བླུན་པོས་ཆ་ཡི་ཆ་ཙམ་ཡང༌། །རྟོགས་པར་མི་ནུས་བརྗོད་པར་ནུས་མ་ལགས། །དེ་ལྟ་ན་ ཡང་ས་ལས་རྡུལ་ཙམ་དང༌། །ནམ་མཁའི་ཁམས་ལས་ཁབ་ཀྱི་བུ་ག་དང༌། །རྒྱ་མཚོ་ཆེ་ ལས་ཆུ་ཡི་ཐིག་པ་ལྟར། །ཁྱོད་ཀྱི་ཡོན་ཏན་ཆ་ཙམ་དྲན་པས་ཀྱང༌། །བདག་གི་ཡིད་ནི་ རབ་ཏུ་གཡོས་གྱུར་ནས། །མཆོག་ཏུ་དད་པས་རྟག་ཏུ་ཕྱག་འཚལ་ཞིང༌། །རྩེ་གཅིག་གུས་ པས་གསོལ་བ་རབ་འདེབས་ན། །སྐལ་དམན་ཐ་ཤལ་བདག་ལ་གཟིགས་སུ་གསོལ། །ཉོན་ མོངས་ཉམ་ཐག་འདི་འདྲ་བསྐྱབ་ཏུ་གསོལ། །མགོན་པོ་ཁྱེད་དང་མཚུངས་པར་དྲང་དུ་ གསོལ། །ཆོས་རྗེ་བླ་མ་ལྟ་བུར་བྱིན་གྱིས་རློབས། །ཆོས་ཀྱི་སྐུ་ལ་གཡོས་པ་མེད་བཞིན་ དུ། །འགྲོ་བའི་དོན་ཕྱིར་བཤེས་གཉེན་གཟུགས་སུ་བྱོན། །བྱང་ཆུབ་སེམས་གཉིས་ལེགས་ པར་མཐར་ཕྱིན་པ། །བྱང་སེམས་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །གཟུངས་དང་ཏིང་ འཛིན་སྤོབས་པ་ཕ་མཐའ་ཡས། །སྔགས་དང་རྒྱུད་ཀྱི་སྦྱོར་བའི་དེ་ཉིད་མཁྱེན། །སྟོང་ ཉིད་སྙིང་རྗེ་གཉིས་སུ་མེད་པའི་དངོས། །རྒྱལ་བའི་ཡེ་ཤེས་བླ་མ་ལ་ཕྱག་འཚལ། །རང་ བཞིན་འོད་གསལ་སེམས་ཉིད་ཕྱག་རྒྱ་ཆེ། །མཆོག་ཏུ་མི་འགྱུར་བདེ་བས་ལེགས་འཁྱུད་ པའི། །ཡེ་ཤེས་ཆུ་བོ་མ་ལུས་འདུས་པའི་གཏེར། །ཡོན་ཏན་རྒྱ་མཚོ་བླ་མའི་ཞབས་ལ་ འདུད། །ཡན་ལག་བཅུ་གཉིས་ཁྱིམ་གྱི་འཁོར་ལོ་འགགས། །བདེན་དོན་བཅུ་གཉིས་དེ་ ཉིད་བཅུ་དྲུག་རིག །རྡོ་རྗེ་ཉི་མ་ཟླ་བ་དྲི་མེད་འོད། །ཨེ་ཝཾ་ཟུང་འཇུག་བླ་མ་ལ་ཕྱག་ འཚལ། །སངས་རྒྱས་ཆོས་དང་དགེ་འདུན་དཀྱིལ་འཁོར་ལྷ། །དཔའ་བོ་དཔའ་མོ་རྣལ་ འབྱོར་དབང་ཕྱུག་སོགས། །ཕྱག་འོས་མཆོད་འོས་གང་དང་གང་མཆིས་པ། །དེ་དང་དེ་ ལ་བདག་དང་འགྲོ་བ་ཀུན། །ཞིང་གི་རྡུལ་རྙེད་ལུས་རབ་བཏུད་པ་ཡིས། །ལུས་དང་ངག་ 8-1-258 ཡིད་དང་བས་ཕྱག་འཚལ་ཞིང༌། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །མཆོད་སྤྲིན་རྒྱ་ མཚོ་ནམ་མཁའ་གང་བས་མཆོད། །ལུས་དང་ལོངས་སྤྱོད་དགེ་བ་ཐམས་ཅད་ དང༌། །གླིང་བཞི་རི་རབ་ཉི་ཟླར་བཅས་རྣམས་དང༌། །ལྷ་མིའི་ཡོ་བྱད་ཀུན་བཟང་མཆོད་ པའི་སྤྲིན། །ལྟོས་པ་མེད་པར་གུས་པས་དབུལ་བར་བགྱི། །ཐོག་མེད་དུས་ནས་ད་ལྟའི་ བར་དུ་བདག ། ཉོན་མོངས་ལས་ངན་སྡིག་གྲོགས་དབང་གྱུར་པས། །མཚམས་མེད་ཉེ་ལྔ་ མི་དགེ་བཅུ་ལ་སོགས། །རང་བཞིན་སྡིག་པར་གྱུར་པ་གང་བགྱིས་དང༌། །སྡོམ་པ་གསུམ་ དང་འགལ་བའི་ཉེས་ལྟུང་རྣམས། །རང་གནོང་འགྱོད་པས་སོ་སོར་རབ་བཤགས་ ནས། །ཅི་ལ་བབ་ཀྱང་ད་ནི་ཡོངས་མི་བགྱིད། །ཕྱོགས་བཅུ་མཐའ་ཡས་འཇིག་རྟེན་ ཁམས་རྣམས་ན། །དགེ་བ་བཅུ་དང་ཕ་རོལ་ཕྱིན་པ་བཅུ། །ཚངས་པའི་གནས་བཞི་བསྡུ་ བའི་དངོས་པོ་བཞི། །སྡེ་སྣོད་གསུམ་དང་བསླབ་པ་རྣམ་པ་གསུམ། །ཐོས་བསམ་སྒོམ་ སོགས་དགེ་བ་བསྒྲུབ་རྣམས་ལ། །མཆོག་ཏུ་དགའ་བའི་རྗེས་སུ་ཡི་རང་ངོ༌། །བླ་མ་རྣམས་ དང་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཟབ་ལེགས་བསྐོར་ ནས། །འཇིག་རྟེན་མུན་པའི་ཐིབས་པོ་བསལ་བར་མཛོད། །མྱ་ངན་མི་འདའ་བསྐལ་པ་ བྱེ་བ་བརྒྱར། །བརྟན་པར་བཞུགས་ནས་འགྲོ་ཀུན་དྲང་དུ་གསོལ། །བསམ་པ་དག་པས་ མགོན་ལ་བདག་འབུལ་ཞིང༌། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ཁྱེད་ཀྱི་རྗེས་ སུ་བདག་ཀྱང་རབ་ཞུགས་ནས། །བདག་གཞན་མཉམ་རྗེ་ཀུན་རྫོབ་བྱང་ཆུབ་ སེམས། །སྤྲོས་བྲལ་དོན་དམ་བྱང་ཆུབ་སེམས་བསྐྱེད་དོ། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་ སྤྱད་པར་བགྱི། །དགེ་བ་འདི་དང་དགེ་བའི་རྩ་བ་གཞན། །བདག་གཞན་ཀུན་གྱིས་ བསྡུས་པ་གང་མཆིས་པས། །མགོན་པོ་ཁྱོད་ཀྱི་དགོངས་པ་ལེགས་རྫོགས་ནས། །འགྲོ་ཀུན་ བྱང་ཆུབ་ལམ་ལ་རབ་ཞུགས་ཏེ། །གནས་སྐབས་རིགས་བཞིའི་བག་ཆགས་གཏན་བཅོམ་ ཞིང༌། །གཉིས་མེད་ཡེ་ཤེས་སྐུ་བཞིའི་དཔལ་ཐོབ་ཤོག །ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་ དུའང༌། །མགོན་པོ་ཁྱོད་ཀྱི་ཞབས་རྡུལ་རྟག་བསྟེན་ནས། །རྣམ་པར་མི་རྟོག་ཡེ་ཤེས་ ལེགས་སྐྱོང་ཞིང༌། །ལུང་དང་རྟོགས་པའི་དཔལ་གྱིས་བརྗིད་པ་དང༌། །བྱང་ཆུབ་སྤྱོད་ 8-1-259 ལས་ནམ་ཡང་མི་ཉམས་པར། །བསོད་ནམས་ཡེ་ཤེས་ཚོགས་རབ་རྫོགས་བྱེད་ཤོག ། ཅེས་པ་ཀུན་སྤངས་ཆེན་པོ་ཆོས་ཀྱི་རྗེ་ཡབ་སྲས་རྣམས་ལ་གསོལ་བ་འདེབས་པ། སྤྲང་པོ་ ཤེས་རབ་རྒྱལ་མཚན་གྱིས་བཀོད་པའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-260 ༄༅། །ཟབ་ལམ་ཉེ་རྒྱུད་ཀྱི་གསོལ་འདེབས་བཞུགས་སོ། ། ༄༅། །ༀ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཆོས་རྗེ་བླ་མ་བཀའ་རྒྱུད་དང་བཅས་ པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ ཐམས་ཅད་རྗེས་སུ་བཟུང་དུ་གསོལ། རིགས་ལྡན་རྒྱ་མཚོའི་ཚོགས་ཀྱིས་ཡོངས་བསྐོར་བའི། །རྒྱལ་བ་རྒྱ་མཚོ་དང་པོའི་སངས་ རྒྱས་མཆོག །དུས་འཁོར་རྒྱ་མཚོ་རྡོ་རྗེ་འཆང་ཆེན་ལ། །དད་པ་རྒྱ་མཚོའི་ཡིད་ཀྱིས་ཕྱག་ འཚལ་འདུད། །འཕགས་མཆོག་རྒྱ་མཚོའི་ཚོགས་ཀྱིས་ཡོངས་བསྐོར་བའི། །གྲུབ་མཆོག་ རྒྱ་མཚོ་དཔལ་ལྡན་ཤྭ་བ་རི། །སྐྱེ་དགུ་རྒྱ་མཚོའི་དཔལ་དུ་གྱུར་པ་ལ། །དད་པ་རྒྱ་མཚོའི་ ཡིད་ཀྱིས་ཕྱག་འཚལ་འདུད། །མཁས་མཆོག་རྒྱ་མཚོའི་ཚོགས་ཀྱིས་ཡོངས་བསྐོར་ བའི། །ལྔ་རིག་རྒྱ་མཚོ་རྣམ་པར་འབྱོར་བའི་ཟླ། །གྲུབ་ཆེན་རྒྱ་མཚོས་རྗེས་བཟུང་ལུང་ བསྟན་ལ། །དད་པ་རྒྱ་མཚོའི་ཡིད་ཀྱིས་ཕྱག་འཚལ་འདུད། །ཆོས་ལྡན་རྒྱ་མཚོའི་ཚོགས་ ཀྱིས་ཡོངས་བསྐོར་བའི། །གསང་སྔགས་རྒྱ་མཚོ་མར་སྟོན་གཡང་འབར་མཆོག །གདམས་ ངག་རྒྱ་མཚོ་གདུལ་བྱ་རྗེས་འཛིན་ལ། །དད་པ་རྒྱ་མཚོའི་ཡིད་ཀྱིས་ཕྱག་འཚལ་ འདུད། །མཁས་གྲུབ་རྒྱ་མཚོའི་ཚོགས་ཀྱིས་ཡོངས་བསྐོར་བའི། །བརྩོན་འགྲུས་རྒྱ་མཚོ་ རྣལ་འབྱོར་སེང་གེ་འབུམ། །ངེས་དོན་རྒྱ་མཚོ་རྒྱས་པའི་འབྱུང་གནས་ལ། །དད་པ་རྒྱ་ མཚོའི་ཡིད་ཀྱིས་ཕྱག་འཚལ་འདུད། །སྐལ་ལྡན་རྒྱ་མཚོའི་ཚོགས་ཀྱིས་ཡོངས་བསྐོར་ བའི། །ཀུན་བཟང་རྒྱ་མཚོ་ཐུགས་རྗེའི་རིན་ཆེན་གླིང༌། །བརྩོན་འགྲུས་རྒྱ་མཚོས་འགྲོ་ སྐྱོང་ཆོས་རྗེ་ལ། །དད་པ་རྒྱ་མཚོའི་ཡིད་ཀྱིས་ཕྱག་འཚལ་འདུད། །བརྩེ་ལྡན་རྒྱ་མཚོའི་ ཚོགས་ཀྱིས་ཡོངས་བསྐོར་བའི། །བྱང་སེམས་རྒྱ་མཚོ་དུས་གསུམ་རྒྱལ་བ་ཡི། །ཡེ་ཤེས་རྒྱ་ མཚོ་འགྲོ་བའི་མུན་སེལ་ལ། །དད་པ་རྒྱ་མཚོའི་ཡིད་ཀྱིས་ཕྱག་འཚལ་འདུད། །བློ་ལྡན་རྒྱ་ མཚོའི་ཚོགས་ཀྱིས་ཡོངས་བསྐོར་བའི། །ཐུགས་རྗེ་རྒྱ་མཚོ་བསྟན་པའི་རིན་ཆེན་ 8-1-261 གཏེར། །ཡོན་ཏན་རྒྱ་མཚོ་ཐར་པའི་རྒྱལ་མཚན་ལ། །དད་པ་རྒྱ་མཚོའི་ཡིད་ཀྱིས་ཕྱག་ འཚལ་འདུད། །ལུང་རིགས་རྒྱ་མཚོ་རྣལ་འབྱོར་ཟླ་བའི་སྲས། །མན་ངག་རྒྱ་མཚོ་དཔྱལ་ སྟོན་ཨ་མོ་གྷ། །ཀུན་མཁྱེན་རྒྱ་མཚོ་ཆོས་སྐུ་འོད་ཟེར་དང༌། །ཡབ་སྲས་རྒྱ་མཚོར་སླར་ ཡང་ཕྱག་འཚལ་འདུད། །ཁྱེད་ནི་སངས་རྒྱས་ཀུན་གྱི་སྤྲུལ་པ་སྟེ། །སངས་རྒྱས་ཀུན་ཀྱང་ ཁྱེད་ཀྱི་སྤྲུལ་པ་ལགས། །ཁྱེད་ནི་རིགས་ལྡན་ཀུན་གྱི་སྤྲུལ་པ་སྟེ། །རིགས་ལྡན་ཀུན་ཀྱང་ ཁྱེད་ཀྱི་སྤྲུལ་པ་ལགས། །དེ་སླད་ཁྱེད་ནི་མཐོང་ཐོས་དྲན་པས་ཀྱང༌། །ངན་འགྲོའི་ འཇིགས་པ་ཆེ་ལས་ཐར་འགྱུར་ན། །ཁྱེད་ཀྱི་བཀའ་བཞིན་བསྒྲུབ་རྣམས་སྨོས་ཅི་ དགོས། །དེ་སླད་ཁྱོད་ལ་ཕྱག་འཚལ་སྐྱབས་སུ་མཆི། །མཆོད་པ་ཀུན་གྱིས་རྟག་ཏུ་མཆོད་ བགྱིད་ཅིང༌། །སྡིག་པ་བགྱིས་རྣམས་འགྱོད་པས་བཤགས་ཤིང་སྡོམ། །དགེ་བ་ཀུན་ལ་ རྗེས་སུ་ཡི་རང་འབུལ། །ཆོས་འཁོར་བླ་མེད་རྟག་ཏུ་བསྐོར་བར་གསོལ། །མྱ་ངན་མི་ འདའ་རྟག་ཏུ་བཞུགས་གསོལ་འདེབས། །བདག་གི་ལུས་འདི་ཁྱེད་ལ་བྲན་དུ་ འབུལ། །སྐྱབས་མཆོག་ཁྱེད་ལ་རྟག་པར་སྐྱབས་སུ་མཆི། །རིན་ཆེན་བྱང་ཆུབ་སེམས་ ལེགས་བཟུང་བར་བགྱི། །དགེ་བ་འདི་དང་དགེ་བའི་རྩ་བ་གཞན། །བགྱིས་དང་བགྱིད་ རྩལ་རྗེས་སུ་ཡི་རང་ཀུན། །སེམས་ཅན་མ་ལུས་སྲིད་མཚོ་ལས་བསྒྲལ་ཕྱིར། །འཁོར་ གསུམ་དག་པས་བྱང་ཆུབ་ཆེན་པོར་བསྔོ། ། ཞེས་པ་འདི་དང་འདི་ལྟ་བུ་དག་གིས་བསམ་པ་ཐག་པ་ནས་གསོལ་བ་འདེབས་པ་དེ་ལ། བླ་མ་བཀའ་རྒྱུད་དང་བཅས་པའི་བྱིན་རླབས་འཇུག་པར་འགྱུར་བ་ཉིད་དོ། ། དངོས་གྲུབ་རྒྱ་མཚོ་བླ་མ་བརྒྱུད་པར་བཅས། །ཆོས་ཀྱི་རྒྱ་མཚོ་རྣམས་ལ་རབ་དད་ པས། །གསོལ་འདེབས་རྒྱ་མཚོ་འདི་འདྲས་གསོལ་འདེབས་པ། །སྙོམ་ལས་རྒྱ་མཚོ་ཤེས་ རབ་རྒྱལ་མཚན་ཡིན། །དགེ་བ་རྒྱ་མཚོ་རབ་ཟབ་གང་སྐྱེས་དེས། །སེམས་ཅན་རྒྱ་མཚོའི་ སྡུག་བསྔལ་ཟད་བྱས་ནས། །ཡོན་ཏན་རྒྱ་མཚོའི་ཕ་རོལ་ལེགས་སོན་པ། །སངས་རྒྱས་རྒྱ་ མཚོའི་གོ་འཕང་མྱུར་ཐོབ་ཤོག །སྐྱེ་བ་རྒྱ་མཚོ་དལ་འབྱོར་རྒྱ་མཚོ་ནི། །དད་པ་རྒྱ་མཚོ་ བརྩོན་འགྲུས་རྒྱ་མཚོ་དང༌། །ཚུལ་ཁྲིམས་རྒྱ་མཚོ་ཏིང་འཛིན་རྒྱ་མཚོ་དང༌། །ཤེས་རབ་ 8-1-262 རྒྱ་མཚོས་བརྒྱན་པ་ལེགས་ཐོབ་ཤོག །འདོད་ཆགས་རྒྱ་མཚོ་ཞེ་སྡང་རྒྱ་མཚོ་དང༌། །གཏི་ མུག་རྒྱ་མཚོ་ང་རྒྱལ་རྒྱ་མཚོ་དང༌། །ཕྲག་དོག་རྒྱ་མཚོ་སེར་སྣ་རྒྱ་མཚོ་སོགས། །ཉོན་ མོངས་རྒྱ་མཚོ་རྟག་ཏུ་སྐེམས་བྱེད་ཤོག །སྡིག་པའི་རྒྱ་མཚོ་མཚན་མའི་རྒྱ་མཚོ་དང༌། །སྐྱེ་ བའི་རྒྱ་མཚོ་རྒ་བའི་རྒྱ་མཚོ་དང༌། །ན་བའི་རྒྱ་མཚོ་འཆི་བའི་རྒྱ་མཚོ་སོགས། །སྡུག་ བསྔལ་རྒྱ་མཚོ་མྱུར་དུ་སྐེམས་བྱེད་ཤོག །ཐོས་པ་རྒྱ་མཚོ་དྲན་པ་རྒྱ་མཚོ་དང༌། །ཤེས་ བཞིན་རྒྱ་མཚོ་བློ་གྲོས་རྒྱ་མཚོ་དང༌། །རྟོགས་པ་རྒྱ་མཚོ་རྣམ་གྲོལ་རྒྱ་མཚོ་ཡིས། །ཡེ་ཤེས་ རྒྱ་མཚོ་མྱུར་དུ་རྫོགས་བྱེད་ཤོག ། བསམ་པ་རྒྱ་མཚོ་སྦྱོར་བ་རྒྱ་མཚོ་དང༌། །བསོད་ནམས་ རྒྱ་མཚོ་ཡེ་ཤེས་རྒྱ་མཚོ་དང༌། །མཉམ་བཞག་རྒྱ་མཚོ་རྗེས་ཐོབ་རྒྱ་མཚོ་ཡིས། །སྐུ་གཉིས་ རྒྱ་མཚོ་མྱུར་དུ་རྫོགས་བྱེད་ཤོག ། སྦྱིན་པ་རྒྱ་མཚོ་ཚུལ་ཁྲིམས་རྒྱ་མཚོ་དང༌། །བཟོད་པ་ རྒྱ་མཚོ་བརྩོན་འགྲུས་རྒྱ་མཚོ་དང༌། །བསམ་གཏན་རྒྱ་མཚོ་ཤེས་རབ་རྒྱ་མཚོ་ཡིས། །དོན་ གཉིས་རྒྱ་མཚོ་མྱུར་དུ་རྫོགས་བྱེད་ཤོག ། ཐབས་མཁས་རྒྱ་མཚོ་ཐུགས་རྗེ་རྒྱ་མཚོ་ དང༌། །སྨོན་ལམ་རྒྱ་མཚོ་མཐུ་སྟོབས་རྒྱ་མཚོ་དང༌། །བྱམས་པ་རྒྱ་མཚོ་ཡེ་ཤེས་རྒྱ་མཚོ་ ཡིས། །སྤངས་རྟོགས་རྒྱ་མཚོ་མྱུར་དུ་རྫོགས་བྱེད་ཤོག ། བླ་མ་རྒྱ་མཚོ་སངས་རྒྱས་རྒྱ་མཚོ་ དང༌། །དམ་ཆོས་རྒྱ་མཚོ་དགེ་འདུན་རྒྱ་མཚོ་དང༌། །སྐུ་གཟུགས་རྒྱ་མཚོ་མཆོད་རྟེན་རྒྱ་ མཚོ་ལ། །མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད་བྱེད་ཤོག ། བཀྲེས་སྐོམ་རྒྱ་མཚོ་ཕོངས་པ་ རྒྱ་མཚོ་དང༌། །ཉམ་ང་རྒྱ་མཚོ་ཉམ་ཐག་རྒྱ་མཚོ་དང༌། །མགོན་མེད་རྒྱ་མཚོ་ནད་པ་རྒྱ་ མཚོ་རྣམས། །འདོད་དགུ་རྒྱ་མཚོས་རྟག་ཏུ་ཚིམ་བྱེད་ཤོག ། མདོ་སྡེ་རྒྱ་མཚོ་རྒྱུད་སྡེ་རྒྱ་ མཚོ་དང༌། །ལུང་རིགས་རྒྱ་མཚོ་མན་ངག་རྒྱ་མཚོ་དང༌། །སྡེ་སྣོད་རྒྱ་མཚོ་བསླབ་གསུམ་ རྒྱ་མཚོ་ཡིས། །ཆོས་འདོད་རྒྱ་མཚོ་རྟག་ཏུ་ཚིམ་བྱེད་ཤོག །སྤོང་བ་རྒྱ་མཚོ་བསྒྲུབ་པ་རྒྱ་ མཚོ་དང༌། །རྣམ་ཐར་རྒྱ་མཚོ་ཚངས་གནས་རྒྱ་མཚོ་དང༌། །བསྡུ་དངོས་རྒྱ་མཚོ་སྤོབས་པ་ རྒྱ་མཚོ་ཡིས། །གདུལ་བྱ་རྒྱ་མཚོ་རྟག་ཏུ་ཚིམ་བྱེད་ཤོག །སེམས་ཅན་རྒྱ་མཚོ་ཡོངས་སུ་ སྨིན་བྱས་ཤིང༌། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་བྱས་ཏེ། །ཞིང་ཁམས་རྒྱ་མཚོ་ཡོངས་ སུ་དག་བྱས་ནས། །ཆོས་ཉིད་རྒྱ་མཚོའི་དབྱིངས་སུ་འཇུག་པར་ཤོག། །།མངྒ་ལཾ། བྷ་ 8-1-263 ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-264 ༄༅། །བླ་མ་བཀའ་རྒྱུད་རིང་བ་ལ་གསོལ་འདེབས་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཆོས་རྗེ་ཡབ་སྲས་བཀའ་རྒྱུད་དང་བཅས་ པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། ནམ་མཁའ་ལྟ་བུར་གདོད་ནས་དག་པའི་དབྱིངས། །གློ་བུར་དྲི་མའི་ཚོགས་ལས་ངེས་ གྲོལ་ནས། །འབད་པ་མེད་བཞིན་འགྲོ་བའི་དོན་སྒྲུབ་པ། །དང་པོའི་སངས་རྒྱས་དུས་ཀྱི་ འཁོར་ལོར་འདུད། །རྒྱལ་བའི་སྲས་མཆོག་རྒྱལ་བའི་འཕྲིན་ལས་མཛད། །རྒྱལ་བའི་རྒྱུད་ རྒྱལ་ཞུ་ཞིང་སྡུད་པར་མཛད། །འགྲེལ་མཛད་སྟོན་མཛད་ཀླ་ཀློའི་ཆོས་མཐར་ མཛད། །ཆོས་རྒྱལ་རིགས་ལྡན་རྣམས་ལ་ཕྱག་འཚལ་འདུད། །རིགས་ལྡན་སྤྲུལ་པས་འགྲོ་ བའི་དོན་མཛད་པ། །དུས་འཁོར་རྒྱས་མཛད་གྲུབ་ཆེན་དུས་འཁོར་ཞབས། །དེ་དང་རྗེས་ མཐུན་དུས་ཞབས་གཉིས་པ་དང༌། །རྒྱལ་སྲས་ནཱ་ལེན་དྲ་པའི་ཞབས་ལ་འདུད། །ཟླ་བ་ མགོན་པོ་འབྲོ་སྟོན་ལོ་ཙཱ་དང༌། །ལྷ་རྗེ་སྒོམ་པ་སྒྲོ་སྟོན་གནམ་ལ་བརྩེགས། །གྲུབ་ཆེན་ཡུ་ མོ་དྷརྨེ་ཤྭ་ར་དང༌། །སྤྲུལ་སྐུ་ཇོ་འབུམ་རྣམས་ཀྱི་ཞབས་ལ་འདུད། །ནམ་མཁའ་འོད་དང་ གྲུབ་ཐོབ་སེ་མོ་ཆེ། །འཇམ་དབྱངས་གསར་མ་ཆོས་སྐུ་འོད་ཟེར་དང༌། །ཀུན་སྤངས་ཆོས་ རྗེ་བྱང་སེམས་ཆེན་པོ་དང༌། །མཁས་བཙུན་ཡོན་ཏན་རྒྱ་མཚོའི་ཞབས་ལ་ འདུད། །ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །དུས་གསུམ་རྒྱལ་བ་ཀུན་གྱི་ངོ་ བོ་ཉིད། །རིགས་ལྡན་རིགས་གསུམ་མགོན་གྱི་སྤྲུལ་པའི་སྐུ། །ཆོས་རྗེ་ཡབ་སྲས་རྣམས་ལ་ ཕྱག་འཚལ་འདུད། །འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི། །ཤེས་བྱ་ཀུན་ལ་ཆགས་ ཐོགས་མི་མངའ་བའི། །ཡེ་ཤེས་གཟིགས་པ་སྒྲིབ་མེད་ཡངས་པ་ཅན། །ཆོས་རྗེ་ཡབ་སྲས་ རྣམས་ལ་ཕྱག་འཚལ་འདུད། །ཁྱེད་ནི་དུས་གསུམ་རྒྱལ་བའི་རྣམ་འཕྲུལ་ཏེ། །དུས་གསུམ་ རྒྱལ་བའང་ཁྱེད་ཀྱི་སྤྲུལ་པ་ལགས། །དེ་སླད་ཁྱེད་དང་དུས་གསུམ་རྒྱལ་བ་ལ། །ཐ་དད་ 8-1-265 ཅུང་ཟད་མེད་པར་བདག་གིས་འཚལ། །ཁྱེད་ནི་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ ཏེ། །རིགས་གསུམ་མགོན་ཡང་ཁྱེད་ཀྱི་རྣམ་འཕྲུལ་ལགས། །དེ་སླད་ཁྱེད་དང་རིགས་ གསུམ་མགོན་པོ་ལ། །དབྱེ་བ་རྡུལ་ཙམ་མེད་པར་བདག་གིས་ཁུམས། །ཁྱེད་ནི་དཀོན་ མཆོག་གསུམ་གྱི་རྣམ་འཕྲུལ་ཏེ། །དཀོན་མཆོག་གསུམ་ཡང་ཁྱེད་ཀྱི་རྣམ་འཕྲུལ་ ལགས། །དེ་ཡི་སླད་དུ་ཁྱེད་དང་དཀོན་མཆོག་གསུམ། །ཐ་དད་མེད་ལ་རྟག་ཏུ་ཕྱག་ འཚལ་འདུད། །ཁྱོད་ཀྱི་སྐུ་གཟུགས་ཁྱེད་ཀྱི་མཆོད་རྟེན་དང༌། །ཁྱེད་ཀྱི་སྐུ་གདུང་ཁྱེད་ཀྱི་ རིང་བསྲེལ་དང༌། །ཁྱེད་སྐུ་མཐོང་ཞིང་ཁྱེད་གསུང་ཐོས་ལ་སོགས། །ཕྱག་འོས་ཀུན་ལ་ གུས་པས་ཕྱག་འཚལ་འདུད། །རབ་འབྱམས་ཞིང་ན་ཡིད་འོང་མཆོད་པའི་རྫས། །བདག་ གིར་མ་བཟུང་ཇི་སྙེད་མཆིས་པ་དང༌། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ ཡི། །མཆོད་སྤྲིན་རྒྱ་མཚོ་མཁའ་དབྱིངས་ཁྱབ་པས་མཆོད། །ཐོག་མེད་དུས་ནས་ད་ལྟའི་ བར་དུ་བདག །སྡིག་གྲོགས་ཉོན་མོངས་ལས་ཀྱི་དབང་གྱུར་ཏེ། །མི་ཤེས་སྡིག་བགྱིས་རབ་ གནོང་འགྱོད་པས་བཤགས། །ད་ནི་སྲོག་ལ་ཐུགས་ཀྱང་མི་བགྱིད་ཤོག །དུས་གསུམ་རྒྱལ་ བའི་དགེ་ཚོགས་ཐམས་ཅད་དང༌། །རྒྱལ་སྲས་རང་རྒྱལ་དགྲ་བཅོམ་འཕགས་རྣམས་ དང༌། །སྐྱེ་བོ་ཀུན་གྱི་དགེ་ཚོགས་མཐའ་དག་ལ། །བསམ་པ་ཐག་པས་དགའ་ཞིང་རྗེས་ཡི་ རང༌། །རྒྱལ་བའི་གཟུགས་སྐུ་འགྲོ་བའི་མགོན་རྣམས་ཀྱིས། །རིན་ཆེན་ཆོས་ཀྱི་སྒྲོན་མ་ རབ་སྦར་ནས། །འགྲོ་བའི་མ་རིག་མུན་པ་རབ་བསལ་ནས། །ཡེ་ཤེས་སྣང་བ་རྒྱས་པར་ མཛད་དུ་གསོལ། །རྒྱལ་བའི་སྤྲུལ་སྐུ་མྱ་ངན་འདའ་བཞེད་པ། །ཕྱོགས་བཅུ་ཀུན་ན་ཇི་ སྙེད་མཆིས་རྣམས་ལ། །འགྲོ་བའི་དོན་དུ་མྱ་ངན་མི་འདའ་བར། །འཁོར་བ་སྲིད་དུ་ བཞུགས་པར་གསོལ་བ་འདེབས། །ཡོན་ནས་ཀུན་ལ་བདག་གིས་ལུས་འབུལ་ ཞིང༌། །སྐྱབས་མཆོག་ཀུན་ལ་རྟག་པར་སྐྱབས་སུ་མཆི། །སྨོན་འཇུག་བྱང་ཆུབ་སེམས་ གཉིས་བསྐྱེད་བགྱི་ཞིང༌། །དགེ་བ་གང་བསགས་བྱང་ཆུབ་ཆེན་པོར་བསྔོ། །འགྲོ་མགོན་ བླ་མ་རྒྱལ་བ་སྲས་བཅས་ཀྱིས། །བདག་དང་སེམས་ཅན་འདམ་དུ་བྱིང་བ་ རྣམས། །ཐུགས་རྗེ་ཐབས་མཁས་མཐུ་ཡིས་རབ་དྲངས་ནས། །བདེ་ཆེན་གནས་མཆོག་ 8-1-266 ཐོབ་པར་མཛད་དུ་གསོལ། ། ཞེས་པ་འདི་དང་འདི་ལྟ་བུས་རྟག་ཏུ་གསོལ་བ་འདེབས་པ་དེ་ལ་བླ་མའི་བྱིན་རླབས་ འཇུག་པར་ཐེ་ཚོམ་མེད་དོ། ། བླ་མ་སངས་རྒྱས་སྤྲུལ་པའི་སྐུ། །བཀའ་རྒྱུད་སྤྲུལ་སྐུའི་ཕྲེང་བར་བཅས། །ཀུན་ལ་གསོལ་ འདེབས་རིན་ཆེན་ཕྲེང༌། །འདི་ནི་མི་བསྐྱོད་རྡོ་རྗེས་བསྡེབས། །དེ་ལས་བྱུང་བའི་དགེ་བ་ ཡི། །བླ་མ་སངས་རྒྱས་མཉེས་བྱས་ནས། །རྫོགས་པའི་སངས་རྒྱས་མྱུར་ཐོབ་སྟེ། །འགྲོ་ཀུན་ དགེ་ལ་འགོད་པར་ཤོག། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-267 ༄༅། །ཀུན་སྤངས་ཆོས་རྗེ་ལ་གསོལ་འདེབས་ཀུན་ཏུ་བཟང་པོ་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ནམཿ ཀུན་སྤངས་ཆོས་རྗེ་ཀུན་ཏུ་བཟང་པོ་ཞེས་ ས་གསུམ་དུ་གྲགས་པ་རིགས་ལྡན་གྱི་སྤྲུལ་པའི་སྐུ་དེ་ལ་ཕྱག་འཚལ་ཞིང་སྐྱབས་སུ་ མཆིའོ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཏུ་གསོལ། ཆོས་བརྒྱད་འཇིག་རྟེན་ཆོས་དང་རྒྱལ་བའི་ཐུགས། །ཀུན་སྤངས་ཀུན་བཟང་ཆོས་རྗེ་ སྤྲུལ་པའི་སྐུ། །འགྲོ་བའི་རེ་སྐོང་དཔག་བསམ་རྐང་འཐུང་ལ། །གུས་པས་ཕྱག་འཚལ་ མཆོད་ཅིང་སྐྱབས་སུ་མཆི། །ཀུན་ནས་ཉོན་མོངས་རྣམ་པར་བྱང་བའི་ཆོས། །ཀུན་སྤངས་ ཀུན་ཐོབ་ཆོས་རྗེ་སྤྲུལ་པའི་སྐུ། །འགྲོ་བའི་གདུང་སེལ་ཟླ་བ་རྒྱས་པ་ལ། །གུས་པས་ཕྱག་ འཚལ་མཆོད་ཅིང་སྐྱབས་སུ་མཆི། །སྒྲིབ་གཉིས་བག་ཆགས་ཇི་བཞིན་ཇི་སྙེད་པ། །ཀུན་ སྤངས་ཀུན་རིག་ཆོས་རྗེ་སྤྲུལ་པའི་སྐུ། །འགྲོ་བའི་མུན་སེལ་ནམ་མཁའི་ནོར་བུ་ལ། །གུས་ པས་ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །གློ་བུར་དྲི་མ་བདེ་གཤེགས་སྙིང་པོའི་ མཆོག །ཀུན་སྤངས་ཀུན་བརྙེས་ཆོས་རྗེ་སྤྲུལ་པའི་སྐུ། །འགྲོ་བའི་ནད་སེལ་སྨན་པའི་རྒྱལ་ པོ་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །རྣམ་ཤེས་ཚོགས་བརྒྱད་རང་ བྱུང་ཡེ་ཤེས་ཆེ། །ཀུན་སྤངས་ཀུན་འཆང་ཆོས་རྗེ་སྤྲུལ་པའི་སྐུ། །འགྲོ་བའི་ཕོངས་སེལ་ དབང་གི་རྒྱལ་པོ་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །ཀུན་ཏུ་རྟོག་ དང་རྣམ་པར་མི་རྟོག་པ། །ཀུན་སྤངས་ཀུན་གྲུབ་ཆོས་རྗེ་སྤྲུལ་པའི་སྐུ། །འགྲོ་བའི་དེད་ དཔོན་མཉན་པའི་མཆོག་ཉིད་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་སྐྱབས་སུ་ མཆི། །འཕོ་བའི་བག་ཆགས་འཕོ་མེད་བདེ་བ་ཆེ། །ཀུན་སྤངས་ཀུན་རིག་ཆོས་རྗེ་སྤྲུལ་ པའི་སྐུ། །འགྲོ་བའི་འདྲེན་མཆོག་སྟོན་པའི་རྒྱལ་པོ་ལ། །གུས་པས་ཕྱག་འཚལ་མཆོད་ ཅིང་སྐྱབས་སུ་མཆི། །བདུད་ཀྱི་ལས་དང་གདུལ་བྱའི་སེམས་ཅན་རྣམས། །ཀུན་སྤངས་ ཀུན་སྐྱོབ་ཆོས་རྗེ་སྤྲུལ་པའི་སྐུ། །འགྲོ་བའི་ཡབ་ཅིག་གཉེན་གྱི་མཆོག་ཁྱོད་ལ། །གུས་པས་ 8-1-268 ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། ། ཀུན་ཏུ་བཟང་པོ་ཞེས་བྱ་བའི་གསོལ་འདེབས་འདི་ནི། བླ་མ་ཀུན་བཟང་རྣམས་ཀྱི་བྲན་ གཡོག་ཏུ་གྱུར་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་གུས་པས་སྦྱར་ནས། སླར་ཡང་ གདུང་བའི་སེམས་ཀྱིས་རྩེ་གཅིག་ཏུ་གསོལ་བ་བཏབ་པ། ཀུན་སྤངས་ཀུན་བཟང་ཆོས་རྗེ་ལ་གསོལ་བ་འདེབས། །ཀུན་སྤངས་ཀུན་རྒྱལ་ཆོས་རྗེ་ལ་ གསོལ་བ་འདེབས། །ཀུན་སྤངས་ཀུན་ཐོབ་ཆོས་རྗེ་ལ་གསོལ་བ་འདེབས། །ཀུན་བྱང་ཀུན་ ཆུབ་ཆོས་རྗེ་ལ་གསོལ་བ་འདེབས། །ཀུན་སྤངས་ཀུན་གྲུབ་ཆོས་རྗེ་ལ་གསོལ་བ་ འདེབས། །ཀུན་བཅོམ་ཀུན་ལྡན་ཆོས་རྗེ་ལ་གསོལ་བ་འདེབས། །ཀུན་སྤངས་ཀུན་མཁྱེན་ ཆོས་རྗེ་ལ་གསོལ་བ་འདེབས། །ཀུན་ཞི་ཀུན་རྒྱས་ཆོས་རྗེ་ལ་གསོལ་བ་འདེབས། །ཀུན་ སྤངས་ཀུན་འདྲེན་ཆོས་རྗེ་ལ་གསོལ་བ་འདེབས། །ཀུན་སྤངས་ཀུན་འགྲོ་ཆོས་རྗེ་ལ་ གསོལ་བ་འདེབས། །ཀུན་སྤངས་ཀུན་བདེ་ཆོས་རྗེ་ལ་གསོལ་བ་འདེབས། །ཀུན་སྤངས་ ཀུན་རྟོགས་ཆོས་རྗེ་ལ་གསོལ་བ་འདེབས། །ཀུན་འདུལ་ཀུན་དགའ་ཆོས་རྗེ་ལ་གསོལ་བ་ འདེབས། །ཀུན་སྤངས་ཀུན་འདུས་ཆོས་རྗེ་ལ་གསོལ་བ་འདེབས། །ཀུན་འདས་ཀུན་ འཆང་ཆོས་རྗེ་ལ་གསོལ་བ་འདེབས། །ཀུན་སྤངས་ཀུན་ལེགས་ཆོས་རྗེ་ལ་གསོལ་བ་ འདེབས། །ཀུན་དག་ཀུན་རྫོགས་ཆོས་རྗེ་ལ་གསོལ་བ་འདེབས། །ཀུན་སྤངས་ཀུན་རྙེད་ ཆོས་རྗེ་ལ་གསོལ་བ་འདེབས། ། ཞེས་པ་ལ་སོགས་པས་རྩེ་གཅིག་ཏུ་གསོལ་བ་འདེབས་པ་དེ་ལ། སྤངས་པ་དང་རྟོགས་ པར་ལྡན་པའི་བླ་མ་སངས་རྒྱས་ཆོས་ཀྱི་རྗེ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་འཇུག་ པར་ཐེ་ཚོམ་མེད་དོ། ། སྤངས་རྟོགས་གཉིས་ལྡན་བླ་མའི་མཚན། །ཀུན་སྤངས་ཀུན་བཟང་ལ་སོགས་སྒྲ། །སྤང་ བྱའི་ཆོས་དང་ཐོབ་བྱའི་ཆོས། །གྲངས་བཞིན་སྦྱར་བས་གསལ་བར་འགྱུར། །ཞེས་ གདམས་སོ། །མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-269 ༄༅། །ཀུན་སྤངས་ཆེན་པོ་ལ་གསོལ་འདེབས་ངན་འགྲོའི་འཇིགས་སེལ་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དཔལ་ལྡན་བླ་མ་ཀུན་སྤངས་ཆོས་རྗེ་ལ་ ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་ དུ་གསོལ། ཚུལ་ཁྲིམས་ཆེན་པོས་འཆལ་ཚུལ་དྲི་མའི་ཚོགས། །ཀུན་སྤངས་ཀུན་ཏུ་བཟང་པོ་ཆོས་ཀྱི་ རྗེ། །མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་སེལ་བ། །འགྲོ་བའི་མགོན་པོ་ཁྱེད་ལ་ གསོལ་བ་འདེབས། །ཏིང་འཛིན་ཆེན་པོས་གཟུང་འཛིན་རྟོགས་པའི་ཚོགས། །ཀུན་སྤངས་ ཀུན་ཏུ་བཟང་པོ་ཆོས་ཀྱི་རྗེ། །མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་སེལ་བ། །འགྲོ་ བའི་འདྲེན་མཆོག་ཁྱེད་ལ་གསོལ་བ་འདེབས། །ཤེས་རབ་ཆེན་པོས་སྤྲོས་བཅས་མཚན་ མའི་ཚོགས། །ཀུན་སྤངས་ཀུན་ཏུ་བཟང་པོ་ཆོས་ཀྱི་རྗེ། །མཚན་ཙམ་ཐོས་པས་ངན་ འགྲོའི་འཇིགས་སེལ་བ། །འགྲོ་བའི་མུན་སེལ་ཁྱེད་ལ་གསོལ་བ་འདེབས། །ཐུགས་རྗེ་ཆེན་ པོས་རང་དོན་ཞི་བདེའི་ཆོས། །ཀུན་སྤངས་ཀུན་ཏུ་བཟང་པོ་ཆོས་ཀྱི་རྗེ། །མཚན་ཙམ་ ཐོས་པས་ངན་འགྲོའི་འཇིགས་སེལ་བ། །འགྲོ་བའི་སྐྱབས་མཆོག་ཁྱོད་ལ་གསོལ་བ་ འདེབས། །བརྩོན་འགྲུས་ཆེན་པོས་རྣམ་གསུམ་ལེ་ལོའི་ཚོགས། །ཀུན་སྤངས་ཀུན་ཏུ་ བཟང་པོ་ཆོས་ཀྱི་རྗེ། །མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་སེལ་བ། །འགྲོ་བའི་ གདུང་སེལ་ཁྱེད་ལ་གསོལ་བ་འདེབས། །མཐའ་བྲལ་རྟོགས་པས་ཡོད་མེད་རྟག་ཆད་ མཐའ། །ཀུན་སྤངས་ཀུན་ཏུ་བཟང་པོ་ཆོས་ཀྱི་རྗེ། །མཚན་ཙམ་ཐོས་པས་ངན་འགྲོའི་ འཇིགས་སེལ་བ། །འགྲོ་བའི་བླ་མ་ཁྱེད་ལ་གསོལ་བ་འདེབས། །ནམ་མཁའ་སྦྱོར་བས་ ཉོན་མོངས་བདུད་ཀྱི་ཚོགས། །ཀུན་སྤངས་ཀུན་ཏུ་བཟང་པོ་ཆོས་ཀྱི་རྗེ། །མཚན་ཙམ་ ཐོས་པས་ངན་འགྲོའི་འཇིགས་སེལ་བ། །འགྲོ་བའི་བདུད་འཇོམས་ཁྱེད་ལ་གསོལ་བ་ 8-1-270 འདེབས། །བྱེད་བཅིངས་ཐབས་ཀྱིས་རླུང་སེམས་འགྱུར་བའི་ཚོགས། །ཀུན་སྤངས་ཀུན་ཏུ་ བཟང་པོ་ཆོས་ཀྱི་རྗེ། །མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་སེལ་བ། །འགྲོ་བའི་ ཡིད་འཕྲོག་ཁྱེད་ལ་གསོལ་བ་འདེབས། །དམིགས་བཅས་སྟོང་པས་ཆད་པའི་སྟོང་པ་ ཉིད། །ཀུན་སྤངས་ཀུན་ཏུ་བཟང་པོ་ཆོས་ཀྱི་རྗེ། །མཚན་ཙམ་ཐོས་པས་ངན་འགྲོའི་ འཇིགས་སེལ་བ། །འགྲོ་བའི་ལམ་མཁན་ཁྱེད་ལ་གསོལ་བ་འདེབས། །དམིགས་མེད་སྙིང་ རྗེས་ཟག་བཅས་འཁོར་བའི་ཆོས། །ཀུན་སྤངས་ཀུན་ཏུ་བཟང་པོ་ཆོས་ཀྱི་རྗེ། །མཚན་ཙམ་ ཐོས་པས་ངན་འགྲོའི་འཇིགས་སེལ་བ། །འགྲོ་བའི་དམིགས་བུ་ཁྱེད་ལ་གསོལ་བ་ འདེབས། །རྟེན་འབྲེལ་རྟོགས་པས་རྒྱུ་འབྲས་བསྐུར་འདེབས་ཆོས། །ཀུན་སྤངས་ཀུན་ཏུ་ བཟང་པོ་ཆོས་ཀྱི་རྗེ། །མཚན་ཙམ་ཐོས་པའི་ངན་འགྲོའི་འཇིགས་སེལ་བ། །འགྲོ་བའི་ སྟོན་མཆོག་ཁྱེད་ལ་གསོལ་བ་འདེབས། །རྟོན་པ་རྣམ་བཞིས་རྟོན་པ་མིན་ལ་རྟོན། །ཀུན་ སྤངས་ཀུན་ཏུ་བཟང་པོ་ཆོས་ཀྱི་རྗེ། །མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་སེལ་ བ། །འགྲོ་བའི་རྒྱན་གྱུར་ཁྱེད་ལ་གསོལ་བ་འདེབས། ། ངན་འགྲོའི་འཇིགས་སེལ་ཞེས་བྱ་བའི་གསོལ་འདེབས་འདི་ནི། འགྲོ་མགོན་བླ་མ་རྣམས་ ཀྱི་བྲན་དུ་གྱུར་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་ཉེ་བར་བཀོད་ནས། སླར་ ཡང་གདུང་བའི་སེམས་ཀྱིས་གསོལ་བ་བཏབ་པ། བདག་དང་འགྲོ་བ་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །འཁོར་བར་འཁོར་བ་ཀུན་ལ་ བྱིན་གྱིས་བརླབ་ཏུ་གསོལ། །ངན་འགྲོར་ལྷུང་བ་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །བར་ དོར་འཁྱམས་པ་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །མ་རིགས་འཁྲུལ་བ་རྣམས་ལ་བྱིན་ གྱིས་བརླབ་ཏུ་གསོལ། །ལས་ཀྱིས་མནར་བ་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །སྡུག་ བསྔལ་རྒྱས་པ་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདུད་ཀྱིས་བསླུས་པ་རྣམས་ལ་ བྱིན་གྱིས་བརླབ་ཏུ་གསོལ། །རང་གིས་བསླུས་པ་རྣམས་ལ་བྱིན་གྱིས་བརླབ་ཏུ་ གསོལ། །རང་ཉེས་རང་སྡུག་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །མགོན་མེད་སྐྱབས་མེད་ ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །བཙན་དུག་ཟ་བ་ཀུན་ལ་བྱིན་གྱིས་བརླབ་ཏུ་ 8-1-271 གསོལ། །གཡང་དུ་ལྷུང་བ་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །འདམ་དུ་བྱིང་བ་ རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཆུ་ཡིས་ཁྱེར་བ་རྣམས་ལ་བྱིན་གྱིས་བརླབ་ཏུ་ གསོལ། །མེ་ཡིས་ཚིག་པ་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །དུག་ཆུ་འཐུངས་པ་ རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །རང་སྲོག་གཅོད་པ་ཀུན་ལ་བྱིན་གྱིས་བརླབ་ཏུ་ གསོལ། །རང་གིས་རང་བཅིངས་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །བཙོན་རར་ཆུད་པ་ ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །མུན་པས་བཏུམས་པ་ཀུན་ལ་བྱིན་གྱིས་བརླབ་ཏུ་ གསོལ། །ཐར་པའི་ལམ་སྟོར་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །དགྲ་ཡིས་བཅོམ་པ་ ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །ལམ་དང་བྲལ་བ་ཀུན་ལ་བྱིན་གྱིས་བརླབ་ཏུ་ གསོལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-272 ༄༅། །ཆོས་རྗེ་བྱང་སེམས་ཆེན་པོ་ལ་བསྟོད་པ་དངོས་གྲུབ་འབྱུང་གནས་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྐུ་ དཔལ་ལྡན་བྱང་སེམས་ཆེན་པོའི་ཞབས་ཀྱི་པདྨོ་རྣམ་པར་རྒྱས་པ་བྱིན་རླབས་ཀྱི་ཟེའུ་ འབྲུས་ཉེ་བར་བརྒྱན་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐུ་གསུང་ ཐུགས་ཀྱི་བྱིན་གྱིས་བརླབས་ཀྱིས་རྣམ་པ་ཐམས་ཅད་དུ་བྱིན་གྱིས་བརླབ་ཏུ་གསོལ། རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་ཡི། །རང་བྱུང་ཡེ་ཤེས་ཆེན་པོར་རབ་བརྙེས་ པ། །དཔལ་ལྡན་བྱང་སེམས་ཆེན་པོ་སངས་རྒྱས་ལ། །དང་བས་ཕྱག་འཚལ་གུས་པས་ སྐྱབས་སུ་མཆི། །དུས་མེད་དུས་གསུམ་རྒྱལ་བ་རྒྱ་མཚོ་ཡི། །གཉིས་མེད་ཡེ་ཤེས་ཆེན་པོ་ རབ་བརྙེས་པས། །དཔལ་ལྡན་བྱང་སེམས་ཆེན་པོ་སངས་རྒྱས་ལ། །དང་བས་ཕྱག་འཚལ་ གུས་པས་སྐྱབས་སུ་མཆི། །རྒྱལ་བ་སྲས་བཅས་རྒྱལ་བ་རྒྱ་མཚོ་ཡི། །སྤྲོས་མེད་ཡེ་ཤེས་ཆེན་ པོ་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་པོ་སངས་རྒྱས་ལ། །དང་བས་ཕྱག་འཚལ་ གུས་པས་སྐྱབས་སུ་མཆི། །རྣམ་པར་སྣང་མཛད་རྒྱལ་བ་རྒྱ་མཚོ་ཡི། །མེ་ལོང་ཡེ་ཤེས་ ཆེན་པོ་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་པོ་སངས་རྒྱས་ལ། །དང་བས་ཕྱག་ འཚལ་གུས་པས་སྐྱབས་སུ་མཆི། །རིན་ཆེན་འབྱུང་ལྡན་རྒྱལ་བ་རྒྱ་མཚོ་ཡི། །མཉམ་ཉིད་ཡེ་ ཤེས་ཆེན་པོ་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་པོ་སངས་རྒྱས་ལ། །དང་བས་ཕྱག་ འཚལ་གུས་པས་སྐྱབས་སུ་མཆི། །སྣང་བ་མཐའ་ཡས་རྒྱལ་བ་རྒྱ་མཚོ་ཡི། །སོར་རྟོག་ཡེ་ ཤེས་ཆེན་པོར་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་པོ་སངས་རྒྱས་ལ། །དང་བས་ 8-1-273 ཕྱག་འཚལ་གུས་པས་སྐྱབས་སུ་མཆི། །དོན་ཡོད་རྡོ་རྗེ་རྒྱལ་བ་རྒྱ་མཚོ་ཡི། །བྱ་གྲུབ་ཡེ་ ཤེས་ཆེན་པོ་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་པོ་སངས་རྒྱས་ལ། །དང་བས་ ཕྱག་འཚལ་གུས་པས་སྐྱབས་སུ་མཆི། །མི་བསྐྱོད་རྡོ་རྗེ་རྒྱལ་བ་རྒྱ་མཚོ་ཡི། །ཆོས་དབྱིངས་ ཡེ་ཤེས་ཆེན་པོ་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་པོ་སངས་རྒྱས་ལ། །དང་ བས་ཕྱག་འཚལ་གུས་པས་སྐྱབས་སུ་མཆི། །ལྷན་ཅིག་སྐྱེས་དགའ་རྒྱལ་བ་རྒྱ་མཚོ་ ཡི། །འགྱུར་མེད་ཡེ་ཤེས་ཆེན་པོ་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་པོ་སངས་ རྒྱས་ལ། ། དང་བས་ཕྱག་འཚལ་གུས་པས་སྐྱབས་སུ་མཆི། །འོད་གསལ་ཆོས་སྐུ་རྒྱལ་བ་རྒྱ་ མཚོ་ཡི། ། མི་རྟོག་ཡེ་ཤེས་ཆེན་པོ་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་པོ་སངས་ རྒྱས་ལ། ། དང་བས་ཕྱག་འཚལ་གུས་པས་སྐྱབས་སུ་མཆི། །ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་ རྒྱ་མཚོ་ཡི། ། གཞོམ་མེད་ཡེ་ཤེས་ཆེན་པོ་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་པོ་ སངས་རྒྱས་ལ། ། དང་བས་ཕྱག་འཚལ་གུས་པས་སྐྱབས་སུ་མཆི། །སྣ་ཚོགས་སྤྲུལ་སྐུ་རྒྱལ་ བ་རྒྱ་མཚོ་ཡི། ། འགག་མེད་ཡེ་ཤེས་ཆེན་པོ་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་ པོ་སངས་རྒྱས་ལ། ། དང་བས་ཕྱག་འཚལ་གུས་པས་སྐྱབས་སུ་མཆི། །ཡེ་ཤེས་རྡོ་རྗེ་རྒྱལ་ བ་རྒྱ་མཚོ་ཡི། །སྟོང་ཉིད་ཡེ་ཤེས་ཆེན་པོར་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་ པོ་སངས་རྒྱས་ལ། ། དང་བས་ཕྱག་འཚལ་གུས་པས་སྐྱབས་སུ་མཆི། །ཐུགས་ཀྱི་རྡོ་རྗེ་རྒྱལ་ བ་རྒྱ་མཚོ་ཡི། ། མཚན་མེད་ཡེ་ཤེས་ཆེན་པོ་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་པོ་ སངས་རྒྱས་ལ། ། དང་བས་ཕྱག་འཚལ་གུས་པས་སྐྱབས་སུ་མཆི། །གསུང་གི་རྡོ་རྗེ་རྒྱལ་ བ་རྒྱ་མཚོ་ཡི། །སྨོན་མེད་ཡེ་ཤེས་ཆེན་པོ་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་པོ་ སངས་རྒྱས་ལ། ། དང་བས་ཕྱག་འཚལ་གུས་པས་སྐྱབས་སུ་མཆི། །སྐུ་ཡི་རྡོ་རྗེ་རྒྱལ་བ་རྒྱ་ མཚོ་ཡི། །བྱེད་མེད་ཡེ་ཤེས་ཆེན་པོ་རབ་བརྙེས་པ། །དཔལ་ལྡན་བྱང་སེམས་ཆེན་པོ་ སངས་རྒྱས་ལ། ། དང་བས་ཕྱག་འཚལ་གུས་པས་སྐྱབས་སུ་མཆི། ། དངོས་གྲུབ་འབྱུང་གནས་ཞེས་བྱ་བའི་གསོལ་འདེབས་འདི་ནི། བླ་མ་སངས་རྒྱས་ཀུན་ གྱི་བྲན་དུ་གྱུར་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་ཉེ་བར་བཀོད་ནས། ཡང་ 8-1-274 གདུང་བའི་སེམས་ཀྱིས་གསོལ་བ་བཏབ་པ། རྒྱལ་བའི་སྐུ་མཆོག་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་གསུང་དབྱངས་བླ་མ་ལ་ གསོལ་བ་འདེབས། །རྒྱལ་བའི་ཐུགས་ཟབ་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་ཡེ་ཤེས་ བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་སྙིང་པོ་བླ་མ་ལ་གསོལ་བ་འདེབས། ། རྒྱལ་བའི་ ཡོན་ཏན་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་གདུང་སོབ་བླ་མ་ལ་གསོལ་བ་ འདེབས། །རྒྱལ་བའི་རྒྱལ་ཚབ་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་ཐུགས་རྗེ་བླ་མ་ལ་ གསོལ་བ་འདེབས། །རྒྱལ་བའི་སྨོན་ལམ་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་མཐུ་ སྟོབས་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་འཕྲིན་ལས་བླ་མ་ལ་གསོལ་བ་འདེབས། ། རྒྱལ་བའི་ཆོས་མཆོག་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་སྲས་མཆོག་བླ་མ་ལ་གསོལ་ བ་འདེབས། །རྒྱལ་བའི་བློ་མཆོག་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་འཁོར་མཆོག་ བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་བསྟན་པ་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་ བསྟན་འཛིན་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་བསྟན་རྩ་བླ་མ་ལ་གསོལ་བ་ འདེབས། །རྒྱལ་བའི་བསྟན་བསྲུང་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་སྐུ་གཟུགས་བླ་ མ་ལ་གསོལ་བ་འདེབས། །རྒྱལ་བའི་མཆོད་རྟེན་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་ གསུང་རབ་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་བསྟན་བཅོས་བླ་མ་ལ་གསོལ་བ་ འདེབས། །རྒྱལ་བའི་ཕྱག་མཚན་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་ས་བོན་བླ་མ་ལ་ གསོལ་བ་འདེབས། །རྒྱལ་བའི་དཀྱིལ་འཁོར་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་ལྷ་ ཚོགས་བླ་མ་ལ་གསོལ་བ་འདེབས། །རྒྱལ་བའི་གསང་སྔགས་བླ་མ་ལ་གསོལ་བ་ འདེབས། ། རྒྱལ་བའི་རྒྱུད་ཆེན་བླ་མ་ལ་གསོལ་བ་འདེབས། །མི་བཟད་ཉོན་མོངས་ནད་ ཀྱིས་རྟག་གཟིར་ཅིང༌། །དགེ་བའི་གོས་བྲལ་ཏིང་འཛིན་ཟས་མ་མྱོང༌། །སྡུག་བསྔལ་ མཚོན་བསྣུན་ལས་ཀྱི་ཞགས་པས་བཅིངས། །སྲིད་པའི་མཚོར་ལྷུང་བདག་དང་སེམས་ ཅན་རྣམས། །རྒྱལ་བའི་ཡེ་ཤེས་ཆེན་པོས་ཉེར་གཟིགས་ནས། །རྒྱལ་བའི་ཐུགས་རྗེ་ཆེན་ པོས་རྗེས་བཟུང་ཞིང༌། །རྒྱལ་བའི་མཐུ་སྟོབས་ཆེན་པོས་རབ་དྲངས་ཏེ། །རྒྱལ་བའི་དཔལ་ 8-1-275 འབྱོར་ཆེན་པོས་ཚིམ་པར་མཛོད། །ཕྱི་རོལ་སྣ་ཚོགས་ཡུལ་གྱི་ཚང་ཚིང་དང༌། །ནང་གི་ཕྲ་ རྒྱས་མེ་ཡི་ཁམས་ཕྲད་པ། །ཚུལ་མིན་ཡིད་བྱེད་རླུང་གིས་སྦར་བ་ཡི། །ཉོན་མོངས་མེས་ ཚིག་བདག་དང་སེམས་ཅན་རྣམས། །རྒྱལ་བའི་ཡེ་ཤེས་སྤྱན་གྱིས་ཉེར་གཟིགས་ཏེ། །རྒྱལ་ བའི་ཐུགས་རྗེའི་ཆར་སྤྲིན་རབ་བསྡུས་ཤིང༌། །རྒྱལ་བའི་དམ་ཆོས་ཆར་ཆེན་རབ་ཕབ་ ནས། །རྒྱལ་བའི་རྣམ་གྲོལ་བསིལ་བའི་གནས་ཐོབ་ཤོག། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-276 ༄༅། །བྱང་སེམས་ཆེན་པོའི་བསྟོད་པ་དགོས་འདོད་འབྱུང་གནས་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་ སྐུ་དཔལ་ལྡན་བྱང་སེམས་ཆེན་པོའི་ཞབས་ཀྱི་པདྨོ་རྣམ་པར་བརྒྱན་པ་མཁྱེན་བརྩེའི་ཟེ་ འབྲུས་ལེགས་པར་བརྒྱན་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། བདེ་ཆེན་འོད་གསལ་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་ བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་ འཚལ་སྐྱབས་སུ་མཆི། །སྟོང་ཉིད་སྙིང་རྗེ་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་ གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །ཨེ་ཝཾ་ཡི་གེ་རྒྱལ་བའི་དཀྱིལ་འཁོར་ གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་ པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །རྒྱུ་འབྲས་དབྱེར་མེད་རྒྱལ་ བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །འཁོར་ ལོ་སྡོམ་པ་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་ པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་ སྐྱབས་སུ་མཆི། །གསང་བ་འདུས་པ་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ ལ་མངའ་བརྙེས་པ། ། མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་ པས་ཕྱག་འཚལ་སྐྱབས་སུ་མཆི། །ཐབས་དང་ཤེས་རབ་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་ སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །དགྱེས་པ་རྡོ་རྗེ་རྒྱལ་བའི་དཀྱིལ་ 8-1-277 འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །རྡོ་རྗེ་པད་མ་རྒྱལ་ བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །ཆ་མེད་ ཀུན་འགྲོ་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་ པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། ། རྣམ་གསུམ་དག་པས་ཕྱག་འཚལ་ སྐྱབས་མཆི། །དུས་ཀྱི་འཁོར་ལོ་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་ མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ ཕྱག་འཚལ་སྐྱབས་སུ་མཆི། །དང་པོའི་སངས་རྒྱས་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་ སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །མཁའ་ལྟར་ཀུན་ཁྱབ་རྒྱལ་བའི་ དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། ། མཚན་མཆོག་དོན་ལྡན་ ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །རང་བཞིན་ ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་ པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་ སྐྱབས་སུ་མཆི། །སྒྱུ་འཕྲུལ་དྲྭ་བའི་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་ཆུབ་ཡེ་ཤེས་ཆེ་ལ་ མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ ཕྱག་འཚལ་སྐྱབས་སུ་མཆི། །མཧཱ་མཱ་ཡ་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་ དག་པས་ཕྱག་འཚལ་སྐྱབས་སུ་མཆི། །ཐོག་མཐའ་དབུས་མེད་རྒྱལ་བའི་དཀྱིལ་འཁོར་ གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་ པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །རྡོ་རྗེ་གདན་བཞི་རྒྱལ་བའི་ དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ 8-1-278 ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །སངས་རྒྱས་ ཐོད་པ་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་ མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་མཆི། ། འགྲོ་བའི་གནས་མེད་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་ བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་ འཚལ་སྐྱབས་སུ་མཆི། །རྒྱུ་མེད་མཐའ་བྲལ་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་ གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །རྡོ་རྗེ་མཁའ་འགྲོ་རྒྱལ་བའི་དཀྱིལ་འཁོར་ གྱི། ། བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་ པད་ལ། ། རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །མཁའ་འགྲོ་རྒྱ་མཚོ་རྒྱལ་ བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །རྣམ་པ་ ཀུན་ལྡན་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་ པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་ སྐྱབས་སུ་མཆི། །པྲ་ཕབ་བརྒྱད་མཚུངས་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ ཆེ་ལ་མངའ་བརྙེས་པ། ། མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་ དག་པས་ཕྱག་འཚལ་སྐྱབས་སུ་མཆི། །བདེ་གཤེགས་སྙིང་པོ་རྒྱལ་བའི་དཀྱིལ་འཁོར་ གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་ པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །རླུང་སེམས་རབ་འགགས་ རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་ དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། ། རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་ མཆི། །ཉོན་མོངས་བདུད་འཇོམས་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་ མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ 8-1-279 ཕྱག་འཚལ་སྐྱབས་སུ་མཆི། །ཡོན་ཏན་ཀུན་རྫོགས་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་ སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །འཕྲིན་ལས་ལྷུན་གྲུབ་རྒྱལ་བའི་ དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་པ། །མཚན་མཆོག་དོན་ལྡན་ ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་སྐྱབས་སུ་མཆི། །དགོས་འདོད་ འབྱུང་གནས་རྒྱལ་བའི་དཀྱིལ་འཁོར་གྱི། །བྱང་སེམས་ཡེ་ཤེས་ཆེ་ལ་མངའ་བརྙེས་ པ། །མཚན་མཆོག་དོན་ལྡན་ཁྱེད་ཀྱི་ཞབས་པད་ལ། །རྣམ་གསུམ་དག་པས་ཕྱག་འཚལ་ སྐྱབས་སུ་མཆི། །དགོས་འདོད་འབྱུང་གནས་ཞེས་བྱ་བའི་གསོལ་འདེབས་འདི་ནི། དཔལ་ ལྡན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བསྡེབས་པ་ སྟེ། གང་དག་འདི་ཡིས་གསོལ་བ་འདེབས་པ་དེ་དག་ལ། བླ་མ་རྒྱལ་བ་ཀུན་གྱི་བྱིན་ རླབས་འཇུག་པར་འགྱུར་རོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-280 ༄༅། །མཁས་བཙུན་ཡོན་ཏན་རྒྱ་མཚོ་ལ་བསྟོད་པ་བྱིན་རླབས་རྒྱ་མཚོ་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དུས་གསུམ་རྒྱལ་བ་ཀུན་གྱི་སྤྲུལ་པའི་སྐུ་ མཁས་བཙུན་ཡོན་ཏན་རྒྱ་མཚོ་ཞེས་གྲགས་པ་དེའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་ སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། བློ་གྲོས་ཆེན་པོའི་གཏིང་མཐའ་རབ་ཡངས་པ། །ལུང་དང་རྟོགས་པའི་ཆབ་དང་ནོར་ བུས་བལྟམས། །ཡོན་ཏན་རྒྱ་མཚོ་བླ་མ་སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་ བརླབ་ཏུ་གསོལ། །ཐུགས་རྗེ་ཆེན་པོའི་གཏིང་མཐའ་རབ་ཡངས་པ། །བྱང་ཆུབ་སེམས་ཀྱི་ ཆབ་དང་ནོར་བུས་བལྟམས། །ཡོན་ཏན་རྒྱ་མཚོ་བླ་མ་སངས་རྒྱས་ལ། །གསོལ་བ་ འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཚུལ་ཁྲིམས་ཆེན་པོའི་གཏིང་མཐའ་རབ་ཡངས་ པ། །ཏིང་འཛིན་ཆེན་པོའི་ཆབ་དང་ནོར་བུས་བལྟམས། །ཡོན་ཏན་རྒྱ་མཚོ་བླ་མ་སངས་ རྒྱས་ལ། ། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འོད་གསལ་ཆེན་པོའི་ གཏིང་མཐའ་རབ་ཡངས་པ། །འགྱུར་བ་མེད་པའི་ཆབ་དང་ནོར་བུས་བལྟམས། །ཡོན་ ཏན་རྒྱ་མཚོ་བླ་མ་སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ གསོལ། །བདེ་བ་ཆེན་པོའི་གཏིང་མཐའ་རབ་ཡངས་པ། །སྐུ་དང་ཡེ་ཤེས་ཆབ་དང་ནོར་ བུས་བལྟམས། །ཡོན་ཏན་རྒྱ་མཚོ་བླ་མ་སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་ བརླབ་ཏུ་གསོལ། །ཡེ་ཤེས་ཆེན་པོའི་གཏིང་མཐའ་རབ་ཡངས་པ། །སྨོན་ལམ་ཆེན་པོའི་ ཆབ་དང་ནོར་བུས་བལྟམས། ། ཡོན་ཏན་རྒྱ་མཚོ་བླ་མ་སངས་རྒྱས་ལ། །གསོལ་བ་ འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། མཐུ་སྟོབས་ཆེན་པོའི་གཏིང་མཐའ་རབ་ཡངས་ པ། །གཞན་དོན་ཕན་བདེའི་ཆབ་དང་ནོར་བུས་བལྟམས། །ཡོན་ཏན་རྒྱ་མཚོ་བླ་མ་ སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བརྩོན་འགྲུས་ཆེན་ 8-1-281 པོའི་གཏིང་མཐའ་རབ་ཡངས་པ། །རང་གཞན་དོན་གྱི་ཆབ་དང་ནོར་བུས་ བལྟམས། །ཡོན་ཏན་རྒྱ་མཚོ་བླ་མ་སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ ཏུ་གསོལ། །སྡེ་སྣོད་མདོ་སྡེའི་གཏིང་མཐའ་རབ་ཡངས་པ། །གསང་སྔགས་རྒྱུད་སྡེའི་ཆབ་ དང་ནོར་བུས་བལྟམས། །ཡོན་ཏན་རྒྱ་མཚོ་བླ་མ་སངས་རྒྱས་ལ། ། གསོལ་བ་འདེབས་སོ་ བྱིན་གྱིས་བརླབ་ཏུ་གསོལ། །དད་འདུན་མོས་པའི་གཏིང་མཐའ་རབ་ཡངས་པ། །བྱིན་ རླབས་དབང་བཞིའི་ཆབ་དང་ནོར་བུས་བལྟམས། །ཡོན་ཏན་རྒྱ་མཚོ་བླ་མ་སངས་རྒྱས་ ལ། །གསོལ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྩེ་གཅིག་བསྒྲུབ་པའི་གཏིང་མཐའ་ རབ་ཡངས་པ། །དངོས་གྲུབ་གཉིས་ཀྱི་ཆབ་དང་ནོར་བུས་བལྟམས། ། ཡོན་ཏན་རྒྱ་མཚོ་ བླ་མ་སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། བྱིན་རླབས་རྒྱ་མཚོ་ཞེས་བྱ་བའི་གསོལ་འདེབས་འདི། བླ་མ་སངས་རྒྱས་ཀུན་གྱི་བྲན་དུ་ གྱུར་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བཀོད་ནས། སླར་ཡང་གསོལ་བ་བཏབ་ པ། ཆོས་ཀྱི་རྒྱ་མཚོ་བླ་མ་ལ་གསོལ་བ་འདེབས། །ཚོགས་གཉིས་རྒྱ་མཚོ་བླ་མ་ལ་གསོལ་བ་ འདེབས། །མཁྱེན་བརྩེའི་རྒྱ་མཚོ་བླ་མ་ལ་གསོལ་བ་འདེབས། །བསླབ་གསུམ་རྒྱ་མཚོ་བླ་ མ་ལ་གསོལ་བ་འདེབས། །ལྷག་བསམ་རྒྱ་མཚོ་བླ་མ་ལ་གསོལ་བ་འདེབས། །སྨོན་ལམ་རྒྱ་ མཚོ་བླ་མ་ལ་གསོལ་བ་འདེབས། །མཐུ་སྟོབས་རྒྱ་མཚོ་བླ་མ་ལ་གསོལ་བ་འདེབས། ། འཕྲིན་ལས་རྒྱ་མཚོ་བླ་མ་ལ་གསོལ་བ་འདེབས། །དོན་གཉིས་རྒྱ་མཚོ་བླ་མ་ལ་གསོལ་བ་ འདེབས། །བདེ་ལེགས་རྒྱ་མཚོ་བླ་མ་ལ་གསོལ་བ་འདེབས། །བཀྲ་ཤིས་རྒྱ་མཚོ་བླ་མ་ལ་ གསོལ་བ་འདེབས། །དངོས་གྲུབ་རྒྱ་མཚོ་བླ་མ་གསོལ་བ་འདེབས། །འོད་གསལ་རྒྱ་མཚོ་ བླ་མ་ལ་གསོལ་བ་འདེབས། །བདེ་ཆེན་རྒྱ་མཚོ་བླ་མ་ལ་གསོལ་བ་འདེབས། །དབང་ བཞིའི་རྒྱ་མཚོ་བླ་མ་ལ་གསོལ་བ་འདེབས། །སྐུ་བཞིའི་རྒྱ་མཚོ་བླ་མ་ལ་གསོལ་བ་ འདེབས། །ཡེ་ཤེས་རྒྱ་མཚོ་བླ་མ་ལ་གསོལ་བ་འདེབས། །དགའ་བ་རྒྱ་མཚོ་བླ་མ་ལ་གསོལ་ བ་འདེབས། ། རྒྱལ་བ་རྒྱ་མཚོ་བླ་མ་ལ་གསོལ་བ་འདེབས། །རྒྱལ་སྲས་རྒྱ་མཚོ་བླ་མ་ལ་ 8-1-282 གསོལ་བ་འདེབས། ། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། ཞེས་པ་ལ་སོགས་པས་གཡེང་བ་མེད་པར་གསོལ་བ་འདེབས་པ་དེ་ལ་བླ་མ་སངས་རྒྱས་ ཀུན་གྱིས་བྱིན་རླབས་འཇུག་པར་ཐེ་ཙོམ་མེད་དོ། ། དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །ཀུན་རྫོབ་དྲི་མའི་རྒྱ་མཚོ་རབ་བསྐམས་ ནས། །དོན་དམ་འོད་གསལ་བདེ་བ་ཆེན་པོའི་མཚོ། །ཡོན་ཏན་ནོར་བུས་གང་བ་རབ་ ཐོབ་ཤོག །ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུ། །དད་བརྩོན་དྲན་དང་ཚུལ་ཁྲིམས་ཏིང་ འཛིན་གྱི། ། རྒྱ་མཚོ་ཆེན་པོ་རྣམ་པར་མི་རྟོག་པའི། །ཤེས་རབ་ནོར་བུའི་གླིང་གིས་བརྒྱན་ པར་ཤོག། །། མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-283 ༄༅། །མཁས་བཙུན་ཡོན་ཏན་རྒྱ་མཚོའི་བསྟོད་པ་དབང་བསྐུར་རྒྱ་མཚོ་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དུས་གསུམ་རྒྱལ་བ་ཀུན་གྱི་སྤྲུལ་པའི་སྐུ་ མཁས་བཙུན་ཡོན་ཏན་རྒྱ་མཚོ་ཞེས་གྲགས་པ་དེའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་ སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། ཟབ་ཡངས་གསུང་རབ་ཆུ་བོ་འདུས་པའི་གཏེར། །བདེན་གཉིས་རྟོགས་པའི་ཀླུ་དབང་ གནས་པའི་གཞི། །ཡོན་ཏན་རྒྱ་མཚོ་བླ་མ་ཆོས་རྗེ་ལ། །གསོལ་བ་འདེབས་སོ་དབང་ བསྐུར་བྱིན་གྱིས་རློབས། །བྱམས་དང་ཐུགས་རྗེ་ཆུ་བོ་འདུས་པའི་གཏེར། །ལྷག་བསམ་ རྣམ་དག་ཀླུ་དབང་གནས་པའི་གཞི། །ཡོན་ཏན་རྒྱ་མཚོ་བླ་མ་ཆོས་རྗེ་ལ། །གསོལ་བ་ འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཚུལ་ཁྲིམས་ཏིང་འཛིན་ཆུ་བོ་འདུས་པའི་ གཏེར། །གཟུངས་དང་སྤོབས་པའི་ཀླུ་དབང་གནས་པའི་གཞི། །ཡོན་ཏན་རྒྱ་མཚོ་བླ་མ་ ཆོས་རྗེ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཟབ་ཡངས་མཁྱེན་ བརྩེའི་ཆུ་བོ་འདུས་པའི་གཏེར། །བྱང་ཆུབ་སེམས་ཀྱི་ཀླུ་དབང་གནས་པའི་གཞི། །ཡོན་ ཏན་རྒྱ་མཚོ་བླ་མ་ཆོས་རྗེ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་ རློབས། །བསོད་ནམས་ཚོགས་ཆེན་ཆུ་བོ་འདུས་པའི་གཏེར། །ཡེ་ཤེས་ཚོགས་ཆེན་ཀླུ་ དབང་གནས་པའི་གཞི། །ཡོན་ཏན་རྒྱ་མཚོ་བླ་མ་ཆོས་རྗེ་ལ། །གསོལ་བ་འདེབས་སོ་ དབང་བསྐུར་བྱིན་གྱིས་རློབས། །ཞི་གནས་ལྷག་མཐོང་ཆུ་བོ་འདུས་པའི་གཏེར། །རྣམ་ གྲོལ་ཐར་པའི་ཀླུ་དབང་གནས་པའི་གཞི། །ཡོན་ཏན་རྒྱ་མཚོ་བླ་མ་ཆོས་རྗེ་ལ། །གསོལ་བ་ འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ལྟ་སྒོམ་སྤྱོད་མཆོག་ཆུ་བོ་འདུས་པའི་ གཏེར། །ལྷུན་གྲུབ་འབྲས་མཆོག་ཀླུ་དབང་གནས་པའི་གཞི། །ཡོན་ཏན་རྒྱ་མཚོ་བླ་མ་ ཆོས་རྗེ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །སྡེ་སྣོད་མདོ་རྒྱུད་ཆུ་ 8-1-284 བོ་འདུས་པའི་གཏེར། །ས་ལམ་འབྲས་བུའི་ཀླུ་དབང་གནས་པའི་གཞི། །ཡོན་ཏན་རྒྱ་ མཚོ་བླ་མ་ཆོས་རྗེ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །དམ་ཚིག་ སྡོམ་པའི་ཆུ་བོ་འདུས་པའི་གཏེར། །སྤྱན་དང་མངོན་ཤེས་ཀླུ་དབང་གནས་པའི་ གཞི། །ཡོན་ཏན་རྒྱ་མཚོ་བླ་མ་ཆོས་རྗེ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་ རློབས། །{རྣམ་དག་དབང་བཞིའི་{དྲི་མེད་བསླབ་གསུམ་}ཆུ་བོ་འདུས་པའི་གཏེར། ། རྒྱུད་དོན་སྙིང་པོའི་ཀླུ་དབང་གནས་པའི་གཞི། །ཡོན་ཏན་རྒྱ་མཚོ་བླ་མ་ཆོས་རྗེ་ལ། ། གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །དམིགས་བཅས་སྟོང་ཉིད་ཆུ་བོ་ འདུས་པའི་གཏེར། །དམིགས་མེད་སྙིང་རྗེའི་ཀླུ་དབང་གནས་པའི་གཞི། །ཡོན་ཏན་རྒྱ་ མཚོ་བླ་མ་ཆོས་རྗེ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །བདེན་དོན་ བཅུ་གཉིས་ཆུ་བོ་འདུས་པའི་གཏེར། །དེ་ཉིད་བཅུ་དྲུག་ཀླུ་དབང་གནས་པའི་ གཞི། །ཡོན་ཏན་རྒྱ་མཚོ་བླ་མ་ཆོས་རྗེ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་ རློབས། ། དབང་བསྐུར་རྒྱ་མཚོ་ཞེས་བྱ་བའི་གསོལ་འདེབས་འདི་ནི། བླ་མ་ཆོས་རྗེ་རྣམས་ཀྱི་བྲན་ དུ་གྱུར་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བཀོད་ནས། སླར་ཡང་གསོལ་བ་ བཏབ་པ། སྐུ་བཞིའི་དབང་ཕྱུག་བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་ གསོལ། །ཡེ་ཤེས་ལྔ་ལྡན་བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་ གསོལ། །ཤེས་བྱ་ཀུན་མཁྱེན་བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་ བརླབ་ཏུ་གསོལ། །ཀུན་མཁྱེན་ཀུན་གཟིགས་བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་ བྱིན་གྱིས་བརླབ་ཏུ་གསོལ། །ཡོན་ཏན་ཀུན་རྫོགས་བླ་མ་ལ་གསོལ་བ་འདེབས་སོ་དབང་ བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །དྲི་མ་ཀུན་བྲལ་བླ་མ་ལ་གསོལ་བ་འདེབས་སོ་དབང་ བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་རྗེ་ཆེ་མངའ་བླ་མ་ལ་གསོལ་བ་འདེབས་སོ་ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཐབས་མཁས་ཐུགས་རྗེ་བླ་མ་ལ་གསོལ་བ་ 8-1-285 འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མཐུ་སྟོབས་ཆེ་མངའ་བླ་མ་ལ་ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྟོབས་བཅུའི་སྟོབས་ མངའ་བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱབས་ གསུམ་ངོ་བོ་བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ། མ་རིག་མུན་སེལ་བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ། ཐར་པའི་ལམ་སྟོན་བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་ གསོལ། །ཟབ་མོའི་དོན་སྟོན་བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་ བརླབ་ཏུ་གསོལ། །དངོས་གྲུབ་འབྱུང་གནས་བླ་མ་ལ་གསོལ་བ་འདེབས་སོ་དབང་ བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །དགེ་ལེགས་འབྱུང་གནས་བླ་མ་ལ་གསོལ་བ་འདེབས་ སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཉོན་མོངས་ནད་སེལ་བླ་མ་ལ་གསོལ་བ་ འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྨན་པའི་རྒྱལ་པོ་བླ་མ་ལ་གསོལ་ བ་འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བ་ཀུན་འདུས་བླ་མ་ལ་ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །དམ་ཆོས་མངའ་བདག་ བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཚོགས་མཆོག་ གཙོ་བོ་བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཡིད་ བཞིན་ནོར་མཆོག་བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་ གསོལ། །དགོས་འདོད་ཀུན་འབྱུང་བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་ བརླབ་ཏུ་གསོལ། ། བསྟན་པའི་སྲོག་ཤིང་བླ་མ་ལ་གསོལ་བ་འདེབས་སོ་དབང་བསྐུར་ བྱིན་གྱིས་བརླབ་ཏུ་གསོལ། །བསྟན་པའི་རྒྱལ་མཚན་བླ་མ་ལ་གསོལ་བ་འདེབས་སོ་ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །བསྟན་པའི་བ་དན་བླ་མ་ལ་གསོལ་བ་ འདེབས་སོ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ། ཞེས་པ་ལ་སོགས་པས་གསོལ་བ་རྒྱུན་དུ་བཏབ་ན། བླ་མ་ཆོས་ཀྱི་རྗེའི་བྱིན་རླབས་འཇུག་ པར་འགྱུར་བ་ཁོ་ནའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-286 ༄༅། །སྦྱོར་དྲུག་ངོས་འཛིན་གྱི་གསོལ་འདེབས་ བདེ་སྟོང་གསལ་བྱེད་བཞུགས་སོ། ། 8-1-287 ༄༅། །སྦྱོར་དྲུག་ངོས་འཛིན་གྱི་གསོལ་འདེབས་ བདེ་སྟོང་གསལ་བྱེད་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཡིད་རྣམ་རྟོག་ འགྱུ་བ་སོ་སོར་བཅད། །ཉམས་འོད་གསལ་རྟགས་བཅུ་རྫོགས་གྱུར་ནས། །ལམ་སོར་སྡུད་ འབྱོངས་པར་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ལུས་རླུང་ སེམས་ངག་རྣམས་མི་གཡོ་ཞིང༌། །ཉམས་ཤེས་རབ་རྟོག་དཔྱོད་དགའ་བདེ་འཕེལ། །ལམ་ བསམ་གཏན་འབྱོངས་བར་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་ གྱིས། །རྩ་རོ་རྐྱང་རླུང་བཅུ་དབུ་མར་ཚུད། །ཉམས་གཏུམ་མོ་འབར་བའི་ཧཾ་ཡིག་ ཞུ། །ལམ་སྲོག་རྩོལ་འབྱོངས་བར་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་ དྲིན་གྱིས། །ལུས་རྩ་འདབ་བདེ་ཆེན་ཐིག་ལེས་གང༌། །ཉམས་ཞུ་བདེ་འགྱུར་མེད་རྒྱུད་ལ་ སྐྱེས། །ལམ་འཛིན་པ་འབྱོངས་བར་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་ དྲིན་གྱིས། །ཁམས་འཛག་མེད་ཐིག་ལེ་དཔྲལ་བར་བརྟན། །ཉམས་ཕྱག་རྒྱ་གསུམ་ལ་ མངའ་བརྙེས་པའི། །ལམ་རྗེས་དྲན་འབྱོངས་བར་བྱིན་གྱིས་རློབས། །ལྷ་བདེ་གཤེགས་ སྙིང་པོའི་བཀའ་དྲིན་གྱིས། །རྩ་འཁོར་ལོ་དྲུག་པོ་བདེ་བས་གང༌། །ཉམས་སྤྲོས་པ་མེད་ལ་ དབང་འབྱོར་པའི། །ལམ་ཏིང་འཛིན་འབྱོངས་བར་བྱིན་གྱིས་རློབས། །ལྷ་བདེ་གཤེགས་ སྙིང་པོའི་བཀའ་དྲིན་གྱིས། །ལུས་བྱེད་བཅིངས་ནད་དང་མ་བྲལ་ཞིང༌། །ཆོས་མ་ནོར་ མན་ངག་ཟབ་མོ་ཡིས། །ལམ་སྦྱོར་དྲུག་འབྱོངས་བར་བྱིན་གྱིས་རློབས། ། སྦྱོར་དྲུག་ངོས་འཛིན་གྱི་གསོལ་འདེབས་འདི། དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་ བཟང་པོས། དབེན་གནས་ཇོ་ནང་དུ་བྲིས་པའོ།། །།ཤུ་བྷཱུཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-288 ༄༅། །བདེ་གཤེགས་སྙིང་པོའི་གསོལ་འདེབས་བཞུགས་སོ། ། ༄༅། །བླ་མ་སངས་རྒྱས་རིགས་ལྡན་རྣམས་དང་དབྱེར་མེད་པའི་རྡོ་རྗེ་དབྱིངས་ཀྱི་ དཀྱིལ་འཁོར་ཆེན་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། ཇོ་ནང་དཔལ་གྱི་གནས་ཆེན་དུ། །ཆོས་རྗེ་ཡབ་སྲས་སྤྲུལ་པའི་སྐུ། །ཆོས་རྒྱལ་རིགས་ལྡན་ བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་ དུ། །བདེ་གཤེགས་སྙིང་པོ་རྡོ་རྗེ་དབྱིངས། །དཀྱིལ་འཁོར་ཆེན་པོ་བྱིན་རླབས་ཅན། །བྱིན་ རླབས་ཅན་ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་དུ། །བདེ་གཤེགས་སྙིང་ པོ་ཕུང་པོ་ཁམས། །སངས་རྒྱས་ཡབ་ཡུམ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་ འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་དུ། །བདེ་གཤེགས་སྙིང་པོའི་སྣ་ཚོགས་ཡུམ། །མི་ བསྐྱོད་རྡོ་རྗེ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་ གནས་ཆེན་དུ། །བདེ་གཤེགས་སྙིང་པོ་སངས་རྒྱས་སྤྱན། །དོན་ཡོད་གྲུབ་པ་བྱིན་རླབས་ ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་དུ། །བདེ་ གཤེགས་སྙིང་པོ་མཱ་མ་ཀཱི། །རིན་ཆེན་འབྱུང་ལྡན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་ གསོལ་བ་འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་དུ། །བདེ་གཤེགས་སྙིང་པོ་གོས་དཀར་ མོ། །སྣང་བ་མཐའ་ཡས་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཇོ་ ནང་དཔལ་གྱི་གནས་ཆེན་དུ། །བདེ་གཤེགས་སྙིང་པོ་སྒྲོལ་མ་ཡུམ། །རྣམ་པར་སྣང་ མཛད་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་ གནས་ཆེན་དུ། །བདེ་གཤེགས་སྙིང་པོ་དབང་ཕྱུག་མ། །རྡོ་རྗེ་སེམས་དཔའ་བྱིན་རླབས་ ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་དུ། །བདེ་ 8-1-289 གཤེགས་སྙིང་པོ་དབང་པོ་ཡུལ། །སེམས་དཔའ་སེམས་མ་བྱིན་རླབས་ཅན། །བྱིན་རླབས་ ཅན་ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་དུ། །བདེ་གཤེགས་སྙིང་པོ་སྒྲ་ ཡི་ཁམས། །ཕྱག་ན་རྡོ་རྗེ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཇོ་ ནང་དཔལ་གྱི་གནས་ཆེན་དུ། །བདེ་གཤེགས་སྙིང་པོ་དྲི་ཡི་ཁམས། །ནམ་མཁའི་སྙིང་པོ་ བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་ དུ། །བདེ་གཤེགས་སྙིང་པོ་གཟུགས་ཀྱི་ཁམས། །ས་ཡི་སྙིང་པོ་བྱིན་རླབས་ཅན། །བྱིན་ རླབས་ཅན་ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་དུ། །བདེ་གཤེགས་སྙིང་ པོ་རོ་ཡི་ཁམས། །འཇིག་རྟེན་དབང་ཕྱུག་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་ འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་དུ། །བདེ་གཤེགས་སྙིང་པོ་རེག་བྱའི་ ཁམས། །སྒྲིབ་པ་རྣམ་སེལ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཇོ་ ནང་དཔལ་གྱི་གནས་ཆེན་དུ། །བདེ་གཤེགས་སྙིང་པོ་ཆོས་ཀྱི་ཁམས། །ཀུན་ཏུ་བཟང་པོ་ བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་ དུ། །བདེ་གཤེགས་སྙིང་པོ་ལས་དབང་ཡུལ། །ཁྲོ་བོ་ཁྲོ་མོ་བྱིན་རླབས་ཅན། །བྱིན་རླབས་ ཅན་ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་དུ། །གསང་གནས་གཙུག་ཏོར་ འཁོར་ལོ་བསྒྱུར། །ཤིན་ཏུ་སྔོན་མོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་ འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་དུ། །ངག་གི་དབང་པོ་བགེགས་མཐར་ བྱེད། །གཤིན་རྗེའི་གཤེད་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་ འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་དུ། །ལག་པ་ཤེས་རབ་མཐར་བྱེད་དང༌། །ང་ རྒྱལ་ཅན་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་ གནས་ཆེན་དུ། །རྐང་པ་པད་མ་མཐར་བྱེད་དང༌། །རྨུགས་པར་བྱེད་མ་བྱིན་རླབས་ ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་དུ། །བཤང་ ལམ་གཤིན་རྗེ་མཐར་བྱེད་དང༌། །ཤིན་ཏུ་སྟོབས་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ ལ་གསོལ་བ་འདེབས། །ཇོ་ནང་དཔལ་གྱི་གནས་ཆེན་དུ། །མཆོག་དབང་གནོད་མཛེས་ 8-1-290 རྒྱལ་པོ་དང༌། །དྲག་སྤྱན་ཁྲོ་མོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་ འདེབས། །གློ་བུར་དྲི་མ་ཕུང་པོ་ཁམས། །སྐྱེ་མཆེད་ལས་ཀྱི་དབང་པོ་ཡུལ། །འགགས་ནས་ ཕུང་པོ་ཁམས་སོགས་གཞན། །བདེ་གཤེགས་སྙིང་པོ་མྱུར་ཐོབ་མཛོད། །ཚུལ་འདིས་གང་ གིས་གསོལ་འདེབས་པ། །དེ་ཡི་རླུང་སེམས་འགྱུར་བ་རྣམས། །འགགས་ནས་བདེ་ གཤེགས་སྙིང་པོ་ཡི། །དབྱིངས་ལ་མྱུར་དུ་འཇུག་པར་ཤོག །ཟབ་མོ་ཐུན་མོང་མ་ཡིན་ པའི། །ཚུལ་འདི་ལྷ་རྗེ་ཀུན་གྲགས་པ། །བསམ་པ་བཟང་པོས་ཡང་དང་ཡང༌། །གསོལ་བ་ བཏབ་པའི་དོན་ཕྱིར་བྲིས།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-291 ༄༅། །ཆོས་འཁོར་མ་ཞེས་བྱ་བའི་གསོལ་འདེབས་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཆོས་རྗེ་བླ་མ་རྣམས་ཀྱི་ཞབས་ལ་གུས་ པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་ བཟུང་དུ་གསོལ། ཆོས་ཀྱི་རིན་ཆེན་གཏེར་དང་མཛོད་མངའ་ཞིང༌། །ཆོས་ཀྱི་དཔལ་དང་གྲགས་པའི་གཟི་ འོད་ཅན། །ཆོས་ཀྱི་རྒྱལ་སྲིད་ཆེ་ལ་དབང་བསྒྱུར་བ། །ཆོས་ཀྱི་རྒྱལ་པོ་བླ་མའི་ཞབས་ལ་ འདུད། །ཆོས་ཀྱི་རྒྱ་མཚོ་ཆེན་པོར་ལེགས་འཁྲུངས་ཤིང༌། །ཆོས་ཀྱི་བང་རིམ་ཚུལ་ལ་ འཚམ་པ་ཅན། །ཆོས་ཀྱི་དཔལ་གྱིས་མཐོ་ཞིང་ལྷམ་མེ་བ། །ཆོས་ཀྱི་ལྷུན་པོ་བླ་མའི་ཞབས་ ལ་འདུད། །ཆོས་ཀྱི་ནམ་མཁའ་རབ་ཏུ་ཡངས་པ་ལས། །ཆོས་ཀྱི་བདུད་རྩིའི་ཆར་གྱི་རྒྱུན་ ཕབ་ནས། །ཆོས་ཀྱི་ལོ་ཏོག་རྣམ་པར་འཕེལ་བགྱིད་པ། །ཆོས་ཀྱི་སྤྲིན་ཆེན་བླ་མའི་ཞབས་ ལ་འདུད། །ཆོས་ཀྱི་བློ་གྲོས་ཤར་རིའི་རྩེ་མོ་ནས། །ཆོས་ཀྱི་ཚ་ཟེར་འོད་སྟོང་རབ་བཀྱེ་ བས། ། ཆོས་ཀྱི་ཆུ་སྐྱེས་ཚལ་རབ་རྒྱས་མཛད་པ། །ཆོས་ཀྱི་ཉི་དབང་བླ་མའི་ཞབས་ལ་ འདུད། ། ཆོས་ཀྱི་ཆ་ཤས་མ་ལུས་རབ་རྫོགས་ཤིང༌། །ཆོས་ཀྱི་བསིལ་ཟེར་འོད་ཀྱི་དྲྭ་བ་ ཡིས། །ཆོས་ཀྱི་ཀུ་མུད་ཚལ་རབ་རྒྱས་མཛད་པ། །ཆོས་ཀྱི་ཟླ་རྒྱས་བླ་མའི་ཞབས་ལ་ འདུད། །ཆོས་ཀྱི་ཆུ་བོ་དུ་མ་འདུས་པའི་གཏེར། །ཆོས་ཀྱི་རྒྱ་ཁྱོན་གཏིང་མཐའ་རབ་ ཡངས་པ། །ཆོས་ཀྱི་རིན་ཆེན་དུ་མའི་སྙིང་པོ་ཅན། །ཆོས་ཀྱི་རྒྱ་མཚོ་བླ་མའི་ཞབས་ལ་ འདུད། །ཆོས་ཀྱི་དཔལ་གྱིས་ཕོངས་པའི་སེམས་ཅན་རྣམས། །ཆོས་ཀྱི་གྲུ་ཡིས་སྲིད་པའི་ མཚོ་བསྒྲལ་ནས། །ཆོས་ཀྱི་རིན་ཆེན་གླིང་དུ་བསྐྱེལ་མཛད་པ། །ཆོས་ཀྱི་དེད་དཔོན་བླ་ མའི་ཞབས་ལ་འདུད། །ཆོས་ཀྱི་ར་བ་དུ་མས་ཡོངས་བསྐོར་ཞིང༌། །ཆོས་ཀྱི་རྫིང་བུ་ཀུན་ དགའི་བསྐྱེད་ཚལ་དང༌། །ཆོས་ཀྱི་རྩེ་དགའ་དགེ་བའི་དཔལ་འབྱོར་ཅན། །ཆོས་ཀྱི་གྲོང་ ཁྱེར་བླ་མའི་ཞབས་ལ་འདུད། ། ཆོས་ཀྱི་རྩིག་པ་མཁྱེན་བརྩེའི་བ་གམ་ཅན། །ཆོས་ཀྱི་བང་ 8-1-292 མཛོད་བསླབ་གསུམ་ནོར་གྱིས་གང༌། །ཆོས་ཀྱི་སྒོ་མོ་ཐར་པའི་རྟ་བབས་ཅན། །ཆོས་ཀྱི་ ཁང་བཟང་བླ་མའི་ཞབས་ལ་འདུད། ། ཆོས་ཀྱི་རིན་ཆེན་ཏོག་གིས་རབ་མཛེས་ ཤིང༌། །ཆོས་ཀྱི་ལྷབ་ལྷུབ་ཐུགས་རྗེའི་ཡུ་བ་ཅན། ། ཆོས་ཀྱི་ཁང་བཟང་སྟེང་ན་རྩེན་པ་ ཡི། །ཆོས་ཀྱི་རྒྱལ་མཚན་བླ་མའི་ཞབས་ལ་འདུད། ། ཆོས་ཀྱི་ནོར་གྱིས་ཕོངས་པའི་སེམས་ ཅན་ལ། །ཆོས་ཀྱི་གཏེར་ཆེན་ཟབ་མོའི་སྒོ་ཕྱེ་ནས། ། ཆོས་ཀྱི་སྦྱིན་པས་འགྲོ་བློའི་དབུལ་ སེལ་བ། །ཆོས་ཀྱི་སྦྱིན་བདག་བླ་མའི་ཞབས་ལ་འདུད། ། ཆོས་ཀྱི་སྡོང་བུ་ཚུལ་ཁྲིམས་སྣུམ་ གྱིས་བྱུགས། །ཆོས་ཀྱི་མེ་ལྕེ་ཏིང་འཛིན་གཟི་འོད་ཅན། ། ཆོས་ཀྱི་འོད་རྒྱས་བློ་ཡི་མུན་ སེལ་བ། །ཆོས་ཀྱི་སྒྲོན་མེ་བླ་མའི་ཞབས་ལ་འདུད། །ཆོས་ཀྱི་མཁའ་ལས་ལྷུན་གྱིས་གྲུབ་པ་ ཡི། །ཆོས་ཀྱི་སྒྲ་ཡིས་བག་མེད་གནས་ལས་སློང༌། །ཆོས་ཀྱི་སྒྲ་ཡིས་ཉེ་བར་འཚེ་བ་ སེལ། །ཆོས་ཀྱི་རྔ་ཆེན་བླ་མའི་ཞབས་ལ་འདུད། །ཆོས་ཀྱི་དུང་མཆོག་ཟབ་མོའི་སྒྲ་ཆེན་ ལྡན། །ཆོས་ཀྱི་གཎྜི་སྟོང་ཉིད་སྒྲ་བོ་ཆེ། །ཆོས་ཀྱི་སིལ་སྙན་ཕན་བདེའི་གླུ་དབྱངས་ ཅན། །ཆོས་ཀྱི་སྒྲ་སྒྲོགས་བླ་མའི་ཞབས་ལ་འདུད། །ཆོས་ཀྱི་རྩ་བ་རབ་ཏུ་བརྟན་གྱུར་ པའི། །ཆོས་ཀྱི་སྡོང་པོ་མཐོ་ཞིང་རྒྱར་ཡངས་ལ། །ཆོས་ཀྱི་ཡལ་འདབ་མེ་ཏོག་འབྲས་རྒྱས་ པ། །ཆོས་ཀྱི་ལྗོན་ཤིང་བླ་མའི་ཞབས་ལ་བདུད། །ཆོས་ཀྱི་དབང་ཕྱུག་རྒྱས་པའི་ལྷུན་སྟུག་ ཅིང༌། །ཆོས་ཀྱི་བདེ་དགའ་མེ་ཏོག་འབྲས་མང་ལྡན། །ཆོས་ཀྱི་དྲང་སྲོང་རི་དྭགས་མང་ པོའི་གནས། །ཆོས་ཀྱི་རི་བོ་བླ་མའི་ཞབས་ལ་འདུད། །ཆོས་ཀྱི་རི་སུལ་དགེ་བའི་སར་ གནས་ཤིང༌། །ཆོས་ཀྱི་རྩལ་རྫོགས་སྤོབས་པའི་རལ་པ་ཅན། །ཆོས་ཀྱི་ང་རོ་འཇིགས་མེད་ རབ་སྒྲོགས་པ། །ཆོས་ཀྱི་སེང་གེ་བླ་མའི་ཞབས་ལ་འདུད། །ཆོས་ཀྱི་ཡན་ལག་རྫོགས་པའི་ ལུས་མཆོག་ཅན། །ཆོས་ཀྱི་ཚུལ་གྱིས་འགྲོ་བའི་ཚོགས་སྐྱོང་ཞིང༌། །ཆོས་ཀྱི་ལམ་ནས་ ལེགས་པར་འདྲེན་མཛད་པ། །ཆོས་ཀྱི་ཁྱུ་མཆོག་བླ་མའི་ཞབས་ལ་འདུད། །ཆོས་ཀྱི་ དཔུང་གིས་བདུད་ཀྱི་དཔུང་འཇོམས་ཤིང༌། །ཆོས་ཀྱི་བདུད་རྩིས་ཉོན་མོངས་ནད་སེལ་ ལ། །ཆོས་ཀྱི་མཐུ་ཡིས་ཐར་པའི་དཔལ་སྟེར་བ། །ཆོས་ཀྱི་དབང་ཕྱུག་བླ་མའི་ཞབས་ལ་ འདུད། །ཆོས་ཀྱི་མངའ་ཐང་ཆེས་ཆེར་རབ་ཡངས་པ། །ཆོས་ཀྱི་རིན་ཆེན་བདུན་ཕྲག་ 8-1-293 གསུམ་གྱིས་འབྱོར། ། ཆོས་ཀྱི་སྐྱེད་ཚལ་གཏེར་དང་མཛོད་མངའ་བ། །ཆོས་ཀྱི་རྒྱལ་སྲིད་ བླ་མའི་ཞབས་ལ་འདུད། ། ཆོས་ཀྱི་སྦྱིན་པས་འགྲོ་མང་ཚིམ་བྱས་ཀྱང༌། །ཆོས་ཀྱི་ལོངས་ སྤྱོད་ཟད་པ་མི་མངའ་ལ། ། ཆོས་ཀྱི་འབྱོར་པ་ཕྱིར་ཞིང་རྣམ་འཕེལ་བ། །ཆོས་ཀྱི་གཏེར་ ཆེན་བླ་མའི་ཞབས་ལ་འདུད། ། ཆོས་ཀྱི་རི་རབ་ཆོས་ཀྱིས་རབ་འཕགས་པ། །ཆོས་ཀྱི་འོད་ ཟེར་དྲྭ་བས་ཕྱོགས་ཀུན་ཁྱབ། ། ཆོས་ཀྱི་རི་མཚོ་གླིང་གིས་ཡོངས་བསྐོར་བ། །ཆོས་ཀྱི་ཞིང་ མཆོག་བླ་མའི་ཞབས་ལ་འདུད། ། ཆོས་ཀྱི་ཡོ་བྱད་རྨད་དུ་བྱུང་བའི་ཕུལ། །ཆོས་ཀྱི་དགའ་ བ་དམ་པ་རྒྱས་མཛད་ཅིང༌། །ཆོས་ཀྱི་འོད་དང་གཟི་བརྗིད་རྣམ་བཀྲ་བ། །ཆོས་ཀྱི་མཆོད་ སྡོང་བླ་མའི་ཞབས་ལ་འདུད། །ཆོས་ཀྱི་ཞིང་རབ་མཆོག་ལས་ལེགས་སྐྱེས་པའི། །ཆོས་ཀྱི་ རོ་ཡིས་ཐར་པའི་ཁམས་གཏས་ཤིང༌། ། ཆོས་ཀྱི་ཁུ་ཤུགས་དམ་པས་ལེགས་ཚིམ་པ། །ཆོས་ ཀྱི་ཟས་ཅན་བླ་མའི་ཞབས་ལ་འདུད། ། ཆོས་ཀྱི་ཚུལ་ལ་གཟིགས་པ་རབ་རིབ་མེད། །ཆོས་ ཀྱི་དེ་ཉིད་ཇི་ལྟར་ཇི་སྙེད་གཟིགས། ། ཆོས་ཀྱི་དམིགས་བུས་ཕོངས་ལ་དམིགས་བུ་ མཛད། །ཆོས་ཀྱི་སྤྱན་ཅན་བླ་མའི་ཞབས་ལ་འདུད། །ཆོས་ཀྱི་མཚོན་ཆས་འཁོར་བའི་ དགྲ་འཇོམས་ཤིང༌། །ཆོས་ཀྱི་གོ་ཆས་ཐར་པའི་ལུས་བསྲུང་ལ། །ཆོས་ཀྱི་རྒྱན་གྱིས་རྟག་ པར་རབ་མཛེས་པ། །ཆོས་ཀྱི་སྐྱེས་བུ་བླ་མའི་ཞབས་ལ་འདུད། །ཆོས་ཀྱི་ཁོར་ཡུག་རྡོ་རྗེའི་ འོད་བཟང་ལྡན། །ཆོས་ཀྱི་སྒོ་དང་སྟེགས་བུ་དོ་ཤལ་སོགས། །ཆོས་ཀྱི་རྒྱན་དང་མཚན་ ཉིད་ཀུན་རྫོགས་པ། །ཆོས་ཀྱི་དཀྱིལ་འཁོར་བླ་མའི་ཞབས་ལ་འདུད། །ཆོས་ཀྱི་རྒྱལ་པོ་ སངས་རྒྱས་བཅོམ་ལྡན་འདས། །ཆོས་ཀྱི་བདུད་རྩི་མྱ་ངན་འདས་པའི་ལམ། །ཆོས་ཀྱི་ ཞིང་རབ་མཆོག་གྱུར་འཕགས་པའི་ཚོགས། །ཆོས་ཀྱི་དཔལ་མངའ་ཀུན་ལ་ཕྱག་འཚལ་ ལོ། །ཆོས་ཀྱི་ཚུལ་དང་མཐུན་པའི་མཆོད་པས་མཆོད། །ཆོས་ཀྱི་ཚུལ་དང་འགལ་བའི་ སྡིག་པ་བཤགས། །ཆོས་ཀྱི་ཚུལ་གྱིས་གནས་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་དམ་པ་ བསྐོར་བར་བསྐུལ། །ཆོས་ཀྱི་དོན་དུ་ཡུན་རིང་བཞུགས་གསོལ་འདེབས། ། ཆོས་ཀྱི་དབང་ ཕྱུག་རྣམས་ལ་བདག་ལུས་འབུལ། །ཆོས་ཀྱི་གཙོ་བོ་བྱང་ཆུབ་སེམས་བསྐྱེད་བགྱི། །ཆོས་ ཀྱི་སྐྱབས་མཆོག་རྣམས་ལ་བདག་སྐྱབས་ཚོལ། །ཆོས་ཀྱི་སྤྱན་བཟང་ཡངས་པས་ཉེར་ 8-1-294 གཟིགས་ནས། །ཆོས་ཀྱི་ཐབས་མཁས་ཕྱག་གིས་ལེགས་བཟུང་ཞིང༌། །ཆོས་ཀྱི་མཐུ་རྩལ་ དམ་པས་རབ་དྲངས་ཏེ།། ཆོས་ཀྱི་དཔལ་འབྱོར་ཆེན་པོས་ཚིམ་པར་མཛོད། ། ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་གསོལ་འདེབས་འདི་ནི། བླ་མ་དམ་པ་རྣམས་ཀྱི་བྲན་དུ་ གྱུར་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བཀོད་པའོ།། །། ཆོས་ཀྱི་ཚུལ་འདིས་བདག་དང་སེམས་ཅན་ཀུན། །ཆོས་ཀྱི་རང་བཞིན་གདོད་ནས་འོད་ གསལ་ཆེ། །ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་ལེགས་ཞུགས་ནས། །ཆོས་ཀྱི་ནོར་བུས་འགྲོ་ ཀུན་ཚིམ་བྱེད་ཤོག ། ཆོས་དོན་གཉེར་བའི་སྐལ་ལྡན་བུ་ཡི་ཚོགས། །ཆོས་ཀྱི་དེ་ཉིད་རྟོགས་པར་བྱེད་པའི་ བཤེས། །ཆོས་རྗེ་བླ་མ་ཤེས་རབ་རྒྱལ་མཚན་གྱིས། །ཆོས་ཀྱི་གདུངས་པ་བདག་རྣམས་ བསྐྱང་དུ་གསོལ། །མངྒ་ལཾ། བྷ་ཝནྟུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-295 ༄༅། །མཚུངས་མེད་མ་ཞེས་བྱ་བའི་གསོལ་འདེབས་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་བྷི་སཏྭེ་བྷྱོ་ན་མོ་ན་མཿ དུས་གསུམ་རྒྱལ་བ་དུས་གསུམ་གཟིགས་ པ་ཡི། །ཡེ་ཤེས་སྐུ་མངའ་མཁྱེན་རབ་ཐུགས་རྗེ་དང༌། །མཐུ་སྟོབས་རང་བཞིན་ཆོས་རྗེ་ ཡབ་སྲས་སོགས། །བླ་མ་སངས་རྒྱས་རིགས་ལྡན་རྣམས་ལ་འདུད། །ཐུབ་བསྟན་ཀུ་མུད་ རྣམ་པར་འཕེལ་བགྱིད་སླད། །མགོན་ཁྱེད་ཀུན་དའི་གཉེན་དང་མཚུངས་པ་ ལགས། །ཡོན་ཏན་ཆ་ཤས་ཡོངས་ཡེ་འགྲིབ་མེད་པས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ ལགས་སོ། ། དུས་འཁོར་ཆུ་སྐྱེས་ཚལ་རབ་འཕེལ་བགྱིད་སླད། །མགོན་ཁྱེད་ཉིན་མོར་ བྱེད་དང་མཚུངས་པ་ལགས། །སེམས་ཀྱི་གདུང་བ་ཉེ་བར་ཞི་མཛད་པས། །ཤིན་ཏུ་ མཚུངས་པ་ཉིད་ཀྱང་མ་ལགས་སོ། །ཟླ་བ་ཉི་མ་གསོལ་བར་མཛད་པའི་སླད། །མགོན་ ཁྱེད་སྒྲ་གཅན་འཛིན་དང་མཚུངས་པ་ལགས། །ལན་གཅིག་ཙམ་ཡང་ཡོང་ཡེ་མི་གཏོང་ བས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །དགེ་བའི་ལོ་ཏོག་རྣམ་པར་འཕེལ་ བགྱིད་སླད། །མགོན་ཁྱེད་ཆར་སྤྲིན་ཆེ་དང་མཚུངས་པ་ལགས། །སྲིད་པའི་ཆུ་བོ་སྐེམས་ པར་མཛད་པས་ན། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །སྡིག་པའི་ལྗན་ལྗིན་མ་ ལུས་བསྲེག་བགྱིད་སླད། ། མགོན་ཁྱེད་དུས་མཐའི་མེ་དང་མཚུངས་པ་ལགས། །ཐུགས་ རྗེའི་རླན་དང་ཡོང་ཡེ་མ་བྲལ་བས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །སྒྲིབ་ པའི་སྤྲིན་ཚོགས་རྣམ་པར་འཐོར་བའི་སླད། །མགོན་ཁྱེད་མི་བཟད་རླུང་དང་མཚུངས་པ་ ལགས། །ཆོས་ཀྱི་དབྱིངས་ལས་ནམ་ཡང་མི་གཡོ་བས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ ལགས་སོ། །སྐྱེ་དགུའི་ཉེར་འཚོ་དམ་པའི་གཞིར་གྱུར་སླད། །མགོན་ཁྱེད་འཛིན་མའི་གཞི་ དང་མཚུངས་པ་ལགས། །ལྷར་བཅས་འགྲོ་བའི་བླ་ན་མཆིས་པས་ན། །ཤིན་ཏུ་མཚུངས་ པ་ཉིད་ཀྱང་མ་ལགས་སོ། །སེམས་ཀྱི་དྲི་མ་རྣམ་པར་སྦྱོང་བའི་སླད། །མགོན་ཁྱེད་ཆུ་བོའི་ རྒྱུན་དང་མཚུངས་པ་ལགས། །ཉོན་མོངས་ཚང་ཚིང་མ་ལུས་བསྲེག་པས་ན། །ཤིན་ཏུ་ 8-1-296 མཚུངས་པ་ཉིད་ཀྱང་མ་ལགས་སོ། །དགེ་བའི་མེ་ཏོག་ཡལ་འདབ་རྒྱས་པའི་ སླད། །མགོན་ཁྱེད་ལྗོན་ཤིང་ཆེ་དང་མཚུངས་པ་ལགས། ། མཚན་མའི་རླུང་གིས་ནམ་ ཡང་མི་གཡོ་བས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། ། དངོས་གྲུབ་ཆུ་བོའི་ རྒྱུན་ཀུན་འདུས་པའི་སླད། །མགོན་ཁྱེད་རྒྱ་མཚོ་ཆེ་དང་མཚུངས་པ་ལགས། །སྲིད་པའི་ རླན་དང་བྲལ་བ་ཉིད་ཀྱིས་ན། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །ཉི་ཁྲི་ཆིག་ སྟོང་དྲུག་བརྒྱའི་སྲོག་གཅོད་སླད། །མགོན་ཁྱེད་དཔའ་བོ་ཆེ་དང་མཚུངས་པ་ ལགས། །འགྲོ་ཀུན་ཐམས་ཅད་བུ་གཅིག་ལྟར་དགོངས་པས། །ཤིན་ཏུ་མཚུངས་པ་ཉིད་ ཀྱང་མ་ལགས་སོ། །གཞན་གྱི་ནོར་མཆོག་དགའ་མ་ཉེར་བསྟེན་སླད། །མགོན་ཁྱེད་འདོད་ ལྡན་ངག་དང་མཚུངས་པ་ལགས། །སྡིག་བྲལ་ཚངས་སྤྱོད་བརྟུལ་ཞུགས་མཐར་ཕྱིན་ པས། ། ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །འཇིགས་མེད་བརྟན་པའི་རྩལ་དང་ ལྡན་པའི་སླད། །མགོན་ཁྱེད་རི་དྭགས་དབང་དང་མཚུངས་པ་ལགས། །འགྲོ་བ་དྲུག་ལས་ རིང་དུ་འཕགས་པས་ན། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །སྲིད་པའི་འདམ་ དུ་སྲིད་པས་མ་གོས་སླད། །མགོན་ཁྱེད་འདམ་སྐྱེས་མཆོག་དང་མཚུངས་པ་ལགས། །ཉེས་ པའི་མཚན་མོས་ཟུམ་པ་ཡོད་མེད་པས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་ སོ། །ཡིད་ཀྱི་མུན་པ་དྲུངས་ནས་འབྱིན་པའི་སླད། །མགོན་ཁྱེད་སྒྲོན་མ་ཆེ་དང་མཚུངས་ པ་ལགས། ། རྟོག་པའི་རླུང་གིས་བསྐྱོད་པར་མི་ནུས་པས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་ མ་ལགས་སོ། ། འགྲོ་ལ་བྱམས་པས་རྗེས་སུ་སྐྱོང་བའི་སླད། །མགོན་ཁྱེད་ཕ་མ་གཉེན་དང་ མཚུངས་པ་ལགས། ། ཀུན་ལ་ཉེ་རིང་ཆགས་སྡང་མི་མངའ་བས། །ཤིན་ཏུ་མཚུངས་པ་ ཉིད་ཀྱང་མ་ལགས་སོ། ། འཇིག་རྟེན་ལོང་བ་རྣམ་པར་འདྲེན་པའི་སླད། །མགོན་ཁྱེད་ དམིགས་བུ་བཟང་དང་མཚུངས་པ་ལགས། །རྟོག་མེད་སྤྲོས་མེད་ལམ་ནས་ཁྲིད་པས་ ན། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །ཀུན་རྟོག་རབ་རིབ་སེལ་བར་བགྱིད་ པའི་སླད། །མགོན་ཁྱེད་མིག་ཐུར་མཁན་དང་མཚུངས་པ་ལགས། །ལན་དང་རྣམ་པར་ སྨིན་ལ་མི་རེ་བས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །ཉོན་མོངས་ནད་རྣམས་ 8-1-297 འཇོམས་པར་མཛད་པའི་སླད། །མགོན་ཁྱེད་སྨན་པ་ཆེ་དང་མཚུངས་པ་ལགས། །སྐྱེ་དང་ རྒ་དང་འཆི་བ་མེད་མཛད་པས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །རྣམ་ འཕྲུལ་དུ་མ་སོ་སོར་སྟོན་པའི་སླད། །མགོན་ཁྱེད་སྒྱུ་མ་མཁན་དང་མཚུངས་པ་ ལགས། །རྫས་དང་སྔགས་ཀྱི་མཐུ་ལ་མི་ལྟོས་པས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ ལགས་སོ། །ཐུགས་རྗེས་གཞན་གྱི་དོན་ལ་གཡོ་བའི་སླད། །མགོན་ཁྱེད་ཟློས་གར་མཁན་ དང་མཚུངས་པ་ལགས། །ཀུན་ནས་ཉོན་མོངས་དྲི་མས་མ་གོས་པས། ། ཤིན་ཏུ་མཚུངས་ པ་ཉིད་ཀྱང་མ་ལགས་སོ། །གཞན་སྣང་ནམ་མཁར་སྐྱེ་ཞིང་འཇིག་པའི་སླད། །ཁྱེད་སྐུ་ དབང་པོའི་གཞུ་དང་མཚུངས་པ་ལགས། །ཐུགས་རྗེའི་དབང་གིས་ཅིར་ཡང་སྟོན་པས་ ན། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །ཀུན་ཏུ་སྣང་ཡང་གནས་ལས་མི་གཡོའི་ སླད། །ཁྱེད་སྐུ་ཚངས་པ་ཆེ་དང་མཚུངས་པ་ལགས། །སྲིད་པའི་རྩེ་མོ་ལས་ཀྱང་འདས་ པས་ན། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །གཅིག་ལས་དུ་མའི་གཟུགས་སུ་ འཆད་པའི་སླད། །ཁྱེད་སྐུ་ཆུ་ཟླའི་གཟུགས་དང་མཚུངས་པ་ལགས། །འགྱུར་མེད་བདེ་བ་ ཆེན་པོས་ལེགས་གང་པས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །འཚེ་བ་སེལ་ ཞིང་བག་ཡོད་བགྱིད་པའི་སླད། །ཁྱེད་གསུང་ལྷ་ཡི་རྔ་དང་མཚུངས་པ་ལགས། །ས་འོག་ འཇིག་རྟེན་ཀུན་ཏུའང་སོང་བས་ན། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །གཏི་ མུག་གཉིད་ལས་སློང་བར་མཛད་པའི་སླད། །ཁྱེད་གསུང་འབྲུག་གི་སྒྲ་དང་མཚུངས་པ་ ལགས། །ཆོས་དོན་རྣམ་ངེས་ལུང་དུ་སྟོན་པས་ན། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ ལགས་སོ། ། གདུལ་བྱའི་རྐྱེན་དང་འཚམ་པར་གྲགས་པའི་སླད། །ཁྱེད་གསུང་བྲག་ཆའི་ ཆ་དང་མཚུངས་པ་ལགས། །རྒྱུ་མེད་པར་ཡང་མཉེས་གཤིན་བརྩེར་ལྡན་པས། །ཤིན་ཏུ་ མཚུངས་པ་ཉིད་ཀྱང་མ་ལགས་སོ། །འགྲོ་ཀུན་རང་རང་སྐད་དུ་གོ་བའི་སླད། །ཁྱེད་ གསུང་འགྲོ་ཀུན་སྐད་དང་མཚུངས་པ་ལགས། །སྨྲ་བསམ་བརྗོད་མེད་ངང་ལས་མི་གཡོ་ བས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །ཀུན་ལ་ཁྱབ་ཅིང་ཀུན་རྟོག་མི་མངའི་ སླད། །ཁྱེད་ཐུགས་ནམ་མཁའི་དབྱིངས་དང་མཚུངས་པ་ལགས། །སྒྱུ་མ་ཆེན་མོའི་གར་ 8-1-298 གྱིས་རབ་དགྱེས་པས། ། ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །མཚན་མའི་རླུང་ གིས་བསྐྱོད་པར་མི་ནུས་སླད། ། ཁྱེད་ཐུགས་ལྷ་ཡི་རི་དང་མཚུངས་པ་ལགས། །རྣམ་པ་ ཀུན་ལྡན་རྣམ་པ་མེད་པས་ན། ། ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །བརྟན་ཞིང་ དུལ་བའི་ངང་ཚུལ་བརྙེས་པའི་སླད། ཁྱེད་ཐུགས་གླང་པོའི་མཆོག་དང་མཚུངས་པ་ ལགས། །ལྟ་ངན་སེང་གེའི་ཚོགས་ཀུན་ཚར་གཅོད་པས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་ མ་ལགས་སོ། །རྣམ་པར་མི་རྟོག་འོད་གསལ་རྒྱས་པའི་སླད། །ཁྱེད་ཐུགས་ཉི་མའི་འོད་ དང་མཚུངས་པ་ལགས། །འདུས་མ་བྱས་ཤིང་མཁའ་དབྱིངས་ཀུན་ཁྱབ་པས། །ཤིན་ཏུ་ མཚུངས་པ་ཉིད་ཀྱང་མ་ལགས་སོ། །བེམས་མིན་གཟུགས་བརྙན་སོ་སོ་རང་རིག་ སླད། །ཁྱེད་ཐུགས་པྲ་ཕབ་བརྒྱད་དང་མཚུངས་པ་ལགས། ། རྒྱུ་རྐྱེན་རྟེན་འབྲེལ་ཆོས་ ལས་རབ་འདས་པས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། ། བདེ་བ་ཆེན་པོ་སོ་ སོ་རང་རིག་སླད། །ཁྱེད་ཐུགས་དབང་པོའི་བདེ་དང་མཚུངས་པ་ལགས། ། འཕོ་བའི་ བག་ཆགས་རིང་དུ་སྤངས་པས་ན། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། ། འཕོ་ བས་མི་ཕྱེད་གཞོམ་དུ་མེད་པའི་སླད། །ཁྱེད་ཐུགས་རྡོ་རྗེ་མཆོག་དང་མཚུངས་པ་ ལགས། ། ཆ་མེད་ཀུན་འགྲོ་ཀུན་ལ་ཁྱབ་པས་ན། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་ སོ། །རྟོག་པ་མེད་བཞིན་འགྲོ་བའི་རེ་སྐོང་སླད། །ཁྱེད་མཛད་རིན་ཆེན་མཆོག་དང་ མཚུངས་པ་ལགས། ། བྱང་ཆུབ་གསུམ་གྱི་དཔལ་ཡང་རྩོལ་མཛད་པས། །ཤིན་ཏུ་མཚུངས་ པ་ཉིད་ཀྱང་མ་ལགས་སོ། །གདུལ་བྱའི་བསམ་པ་ཡོངས་སུ་རྫོགས་བགྱིད་སླད། །ཁྱེད་ མཛད་དཔག་བསམ་ཤིང་དང་མཚུངས་པ་ལགས། །རྣམ་དག་བསླབ་གསུམ་ནོར་མང་ རྩོལ་མཛད་པས། །ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་སོ། །སེམས་པ་མེད་ཀྱང་ གཞན་ཕན་བསྒྲུབ་པའི་སླད། །ཁྱེད་མཛད་བུམ་པ་བཟང་དང་མཚུངས་པ་ལགས། །ཡུལ་ དུས་གནས་སྐབས་ཀུན་ཏུ་ཁྱབ་པས་ན། ། ཤིན་ཏུ་མཚུངས་པ་ཉིད་ཀྱང་མ་ལགས་ སོ། །མཚུངས་མེད་ཁྱེད་ལ་མཚུངས་པའི་དཔེ་སྦྱར་ཡང༌། །ཤིན་ཏུ་མཚུངས་པའི་དཔེ་ནི་ འགའ་མ་མཆིས། །ཆ་ཙམ་མཚུངས་པའི་དཔེ་ནི་འཇིག་རྟེན་ན། །འདུས་བྱས་འདུས་མ་ 8-1-299 བྱས་ཀྱི་ཆོས་ཀུན་ལགས། །བསམ་གྱིས་མི་ཁྱབ་བགྲང་བ་ལས་འདས་པའི། །ཡོན་ཏན་ ཀུན་རྫོགས་ཉེས་པ་མཐའ་དག་དང༌། །བྲལ་བ་ཁྱེད་ཀྱི་ཞབས་ལ་རྩེ་གཅིག་ཏུ། །དད་དང་ གུས་པའི་གཙུག་གི་ནོར་བུས་འདུད། །ལུས་ངག་ཡིད་དང་རྫས་ཀྱི་མཆོད་པ་དང༌། །རྣམ་ དག་བསྒྲུབ་པའི་མཆོད་པས་ཁྱེད་མཆོད་ཅིང༌། །བག་མེད་དབང་གིས་ཉེས་པ་གང་དང་ གང༌། །བགྱིས་པ་དེ་ཀུན་རབ་གནོད་འགྱོད་པས་བཤགས། །དགེ་ཚོགས་སྒྲུབ་པ་གང་ དང་གང་བགྱིས་པ། །དེ་དང་དེ་ལ་དགའ་བས་རྗེས་ཡི་རང༌། །ཆོས་རྗེ་རྣམས་ཀྱི་ཆོས་ཀྱི་ འཁོར་ལོ་ནི། །མཁའ་མཉམ་འགྲོ་ལ་རྟག་ཏུ་བསྐོར་བར་གསོལ། །མྱ་ངན་མི་འདའ་ འཁོར་བ་ཇི་སྲིད་དུ། །བཞུགས་ནས་གཞན་དོན་མཛད་པར་གསོལ་བ་འདེབས། ། དགེ་ བ་འདི་དང་དགེ་བའི་རྩ་བ་གཞན། །མ་ལུས་བྱང་ཆུབ་ཆེན་པོའི་ཕྱིར་བསྔོའོ། །ཆོས་རྗེ་བླ་ མ་རྒྱལ་བ་རྒྱལ་སྲས་བཅས། །འཕགས་པ་རྣམས་ཀྱི་བྱིན་རླབས་ཐུགས་རྗེ་དང༌། ། བདག་ གི་དད་གུས་བསམ་པ་དག་པའི་མཐུས། །བསྔོ་བའི་རྒྱལ་པོ་མཆོག་འདི་གྲུབ་གྱུར་ ཅིག །དེ་ལྟར་མི་ཤེས་བླུན་པོའི་ཚིག་དག་གིས། །བསྟོད་འོས་བསྟོད་པ་ལྡབ་ལྡིབ་གང་ སྨྲས་པ། །དེ་ནི་བླ་མའི་བྲན་གྱུར་སྙོམ་ལས་ཅན། །ཀུན་རྨོངས་གྱུར་ཀྱང་ཤེས་རབ་མིང་ ཅན་ལགས།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-300 ༄༅། །སྙིང་པོ་རབ་གསལ་ཞེས་བྱ་བའི་གསོལ་འདེབས་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་ པར་གནས་པའི་བདེ་གཤེགས་སྙིང་པོ་རང་བྱུང་གི་ཡེ་ཤེས་དུས་ཀྱི་འཁོར་ལོ་དང་པོའི་ སངས་རྒྱས་མངོན་སུམ་དུ་སྟོན་པར་མཛད་པ་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། གང་གི་བཀའ་དྲིན་ཞལ་གྱི་གདམས་པའི་མཐུས། །སྣ་ཚོགས་ཀུན་རྟོག་བུམ་པའི་སྦུབས་ བཅག་ནས། །བདེ་གཤེགས་སྙིང་པོ་འོད་གསལ་མར་མེ་ཡིས། །ཡིད་ཀྱི་མུན་སེལ་བླ་མའི་ ཞབས་ལ་འདུད། །གང་གི་བཀའ་དྲིན་ཞལ་གྱི་གདམས་པའི་མཐུས། །སྣ་ཚོགས་ཀུན་རྟོག་ སྤྲིན་གྱི་ཚོགས་གཏོར་ནས། །བདེ་གཤེགས་སྙིང་པོ་ཆོས་སྐུའི་ཉི་ཟླ་དག །མངོན་དུ་གྱུར་ མཛད་བླ་མའི་ཞབས་ལ་འདུད། །གང་གི་བཀའ་དྲིན་ཞལ་གྱི་གདམས་པའི་མཐུས། ། ཉོན་མོངས་ནང་ནས་དབུལ་པོའི་གཏེར་ཕྱེ་ནས། །བདེ་གཤེགས་སྙིང་པོ་མི་ཟད་གཏེར་ ཆེན་གྱིས། །འགྲོ་བའི་ཕོངས་སེལ་བླ་མའི་ཞབས་ལ་འདུད། །གང་གི་བཀའ་དྲིན་ཞལ་གྱི་ གདམས་པའི་མཐུས། །ཉོན་མོངས་ཀུན་རྟོག་འདམ་གྱི་སྦུབས་བཅོམ་ནས། །བདེ་ གཤེགས་སྙིང་པོ་ཡིད་བཞིན་ནོར་བུ་ཡིས། །འགྲོ་བའི་རེ་སྐོང་བླ་མའི་ཞབས་ལ་ འདུད། །གང་གི་བཀའ་དྲིན་ཞལ་གྱི་གདམས་པའི་མཐུས། །རྟོག་པའི་གོས་ཧྲུལ་དྲི་ངན་ སྦུབས་བསལ་ནས། ། རྒྱལ་བའི་སྙིང་པོ་རིན་ཆེན་རྒྱལ་བའི་སྐུ། །མངོན་དུ་གྱུར་མཛད་བླ་ མའི་ཞབས་ལ་འདུད། ། གང་གི་བཀའ་དྲིན་ཞལ་གྱི་གདམས་པའི་མཐུས། །ཉོན་མོངས་ ཀུན་རྟོག་མངལ་གྱི་སྦུབས་དྲལ་ནས། །རྫོགས་པའི་སངས་རྒྱས་འཁོར་ལོས་སྒྱུར་བའི་ རྒྱལ། །མངོན་དུ་གྱུར་མཛད་བླ་མའི་ཞབས་ལ་འདུད། །གང་གི་བཀའ་དྲིན་ཞལ་གྱི་ གདམས་པའི་མཐུས། །སྣ་ཚོགས་ཀུན་རྟོག་ས་ཡི་སྦུབས་ཕྱེ་ནས། །བདེ་གཤེགས་སྙིང་པོ་ རྒྱལ་བའི་ཆུ་གཙང་གིས། །སེམས་ཀྱི་དྲི་སྦྱོང་བླ་མའི་ཞབས་ལ་འདུད། །གང་གི་བཀའ་ 8-1-301 དྲིན་ཞལ་གྱི་གདམས་པའི་མཐུས། །ཀུན་རྟོག་མི་གཙང་ལྗན་ལྗིན་རབ་གསལ་ནས། །བདེ་ གཤེགས་སྙིང་པོ་གསེར་གྱི་གོང་བུ་ཡིས། ། འགྲོ་བའི་དོན་བསྒྲུབ་བླ་མའི་ཞབས་ལ་ འདུད། །གང་གི་བཀའ་དྲིན་ཞལ་གྱི་གདམས་པའི་མཐུས། །སྣ་ཚོགས་ཀུན་རྟོག་པད་མའི་ སྦུབས་ཕྱེ་ནས། །བདེ་གཤེགས་སྙིང་པོ་འོད་གསལ་རྒྱལ་བའི་སྐུ། །མངོན་དུ་གྱུར་མཛད་ བླ་མའི་ཞབས་ལ་འདུད། །གང་གི་བཀའ་དྲིན་ཞལ་གྱི་གདམས་པའི་མཐུས། །སྣ་ཚོགས་ ཀུན་རྟོག་སྦུན་པ་རབ་བསལ་ནས། །རང་བཞིན་འོད་གསལ་འབྲུ་ཡི་སྙིང་པོ་ཡིས། །རང་ གཞན་ཚིམ་མཛད་བླ་མའི་ཞབས་ལ་འདུད། །གང་གི་བཀའ་དྲིན་ཞལ་གྱི་གདམས་པའི་ མཐུས། །སྣ་ཚོགས་ཀུན་རྟོག་རྡོ་ཡི་སྦུབས་བཅོམ་ནས། །བདེ་གཤེགས་སྙིང་པོ་རིན་ཆེན་ བཻ་ཌཱུཪྻ། །མངོན་དུ་གྱུར་མཛད་བླ་མའི་ཞབས་ལ་འདུད། །གང་གི་བཀའ་དྲིན་ཞལ་གྱི་ གདམས་པའི་མཐུས། །སྣ་ཚོགས་ཀུན་རྟོག་སྦྲང་མའི་ཚོགས་བསལ་ནས། ། བདེ་བཤེགས་ སྙིང་པོ་བདེ་ཆེན་སྦྲང་རྩིའི་རོས། །རང་གཞན་དགའ་མཛད་བླ་མའི་ཞབས་ལ་ འདུད། །སྙིང་པོ་རབ་གསལ་ཞེས་བྱ་བའི་གསོལ་འདེབས་རྫོགས་སོ།། །། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-302 ༄༅། །མཐའ་བྲལ་ཆེན་མོ་ཞེས་བྱ་བའི་གསོལ་འདེབས་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ རིགས་ལྡན་རྣམས་ཀྱི་སྤྲུལ་པའི་སྐུ་ཆེན་པོ་ ཆོས་རྗེ་ཡབ་སྲས་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་ བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། བདག་མེད་ཆོས་ལ་བདག་ཏུ་སྒྲོ་འདོགས་དང༌། །བདག་མཆོག་དག་པའི་བདག་ལ་སྐུར་ འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་གཉིས་སྤངས་ པའི་ལམ་སྟོན་ཁྱེད་ལ་འདུད། །ཟག་བཅས་ལོངས་སྤྱོད་བདེ་བར་སྒྲོ་འདོགས་དང༌། །ཟག་ མེད་བདེ་ཆེན་མཆོག་ལ་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ ནས། །མཐའ་གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །འདུས་བྱས་ཆོས་རྣམས་རྟག་ པར་སྒྲོ་འདོགས་དང༌། །དོན་དམ་རྟག་པའི་དབྱིངས་ལ་སྐུར་འདེབས་པ། །གཉིས་ཀ་ ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་ འདུད། །མི་གཙང་ལུས་ལ་གཙང་བར་སྒྲོ་འདོགས་དང༌། །གཙང་བའི་མཐར་ཕྱིན་ དབྱིངས་ལ་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་ གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །རྣམ་རྟོག་ཡེ་ཤེས་ཆེན་པོར་སྒྲོ་འདོགས་ དང༌། །མི་རྟོག་ཡེ་ཤེས་ཆེ་ལ་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་ གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །སེམས་དང་སེམས་ བྱུང་ཆོས་སྐུ་སྒྲོ་འདོགས་དང༌། །སེམས་མེད་ཕྱག་རྒྱ་ཆེ་ལ་སྐུར་འདེབས་པ། །གཉིས་ཀ་ ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་ འདུད། །རྣམ་ཤེས་ཚོགས་བརྒྱད་ཆོས་སྐུར་སྒྲོ་འདོགས་དང༌། །སེམས་མེད་ཡེ་ཤེས་ཆེ་ལ་ སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་གཉིས་ སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །ཀུན་རྫོབ་ལས་སྣང་ཆོས་སྐུར་སྒྲོ་འདོགས་ 8-1-303 དང༌། །དོན་དམ་འོད་གསལ་དབྱིངས་ལ་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་ མཚུངས་གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །རྟེན་འབྲེལ་ རང་བྱུང་ཆེན་པོར་སྒྲོ་འདོགས་དང༌། །རང་བྱུང་འོད་གསལ་ཆེ་ལ་སྐུར་འདེབས་ པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་ སྟོན་ཁྱེད་ལ་འདུད། །རྣམ་ཤེས་ཡེ་ཤེས་ཆེན་པོར་སྒྲོ་འདོགས་དང༌། །ཡེ་ཤེས་པྲ་ཕབ་ མཚུངས་ལ་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་ གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །འདུས་བྱས་ཕྱག་རྒྱ་ཆེན་པོ་སྒྲོ་འདོགས་ དང༌། །པྲ་མཚུངས་ཕྱག་རྒྱ་ཆེ་ལ་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་ གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །ཀུན་རྫོབ་འཁྲུལ་ སྣང་བདེན་པར་སྒྲོ་འདོགས་དང༌། །དོན་དམ་འོད་གསལ་བརྫུན་པར་སྐུར་འདེབས་ པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་ སྟོན་ཁྱེད་ལ་འདུད། །གློ་བུར་དྲི་མ་ཡོད་པར་སྒྲོ་འདོགས་དང༌། །བདེ་གཤེགས་སྙིང་པོ་ མེད་པར་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་ གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །གཡེང་བས་ཆོས་ཉིད་མཐོང་བར་སྒྲོ་ འདོགས་དང། །མཉམ་བཞག་འོད་གསལ་སྣང་ལ་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ ལོག་ཏུ་མཚུངས་གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་ འདུད། །ཀུན་རྫོབ་སྲིད་གསུམ་ཡོད་པར་སྒྲོ་འདོགས་དང༌། །དོན་དམ་སྲིད་གསུམ་མེད་ པར་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་གཉིས་ སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །ཀུན་རྫོབ་ཕུང་པོ་ཡོད་པར་སྒྲོ་འདོགས་ དང༌། །དོན་དམ་ཕུང་པོ་མེད་པར་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་ གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །གློ་བུར་ཁམས་ རྣམས་ཡོད་པར་སྒྲོ་འདོགས་པ་དང༌། །རང་བཞིན་ཁམས་རྣམས་མེད་པར་སྐུར་འདེབས་ པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་ 8-1-304 སྟོན་ཁྱེད་ལ་འདུད། །ཀུན་རྫོབ་དབང་པོ་ཡོད་པར་སྒྲོ་འདོགས་དང༌། །དོན་དམ་དབང་ པོ་མེད་པར་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་ གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །ཆོས་ཅན་ཡུལ་རྣམས་ཡོད་པར་སྒྲོ་ འདོགས་དང༌། །ཆོས་ཉིད་ཡུལ་རྣམས་མེད་པར་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ ལོག་ཏུ་མཚུངས་གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །དྲི་ བཅས་ལས་དབང་ཡོད་པར་སྒྲོ་འདོགས་དང༌། །དྲི་མེད་ལས་དབང་མེད་པར་སྐུར་ འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་གཉིས་སྤངས་ པའི་ལམ་སྟོན་ཁྱེད་ལ་འདུད། །དྲི་བཅས་བྱ་བ་ཡོད་པར་སྒྲོ་འདོགས་དང༌། །དྲི་བྲལ་བྱ་ བ་མེད་པར་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་ གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །ཕྱི་ནང་ཆོས་རྣམས་ཡོད་པར་སྒྲོ་འདོགས་ གང༌། །གཞན་གྱིས་ཆོས་རྣམས་མེད་པར་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་ མཚུངས་གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །ཀུན་རྫོབ་ ཤུན་པ་ཡོད་པར་སྒྲོ་འདོགས་དང༌། །དོན་དམ་སྙིང་པོ་མེད་པར་སྐུར་འདེབས་ པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་ སྟོན་ཁྱེད་ལ་འདུད། །རྣམ་རྟོག་ཕྱག་རྒྱ་ཆེན་པོར་སྒྲོ་འདོགས་དང༌། །མི་རྟོག་ཕྱག་རྒྱ་ཆེན་ ལ་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་མཚུངས་གཟིགས་ནས། །མཐའ་གཉིས་ སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། །ཉོན་མོངས་ཕྱག་རྒྱ་ཆེན་པོར་སྒྲོ་འདོགས་ དང༌། །ཉོན་མོངས་མེད་པའི་དབྱིངས་ལ་སྐུར་འདེབས་པ། །གཉིས་ཀ་ཕྱིན་ཅི་ལོག་ཏུ་ མཚུངས་གཟིགས་ནས། །མཐའ་གཉིས་སྤངས་པའི་ལམ་སྟོན་ཁྱེད་ལ་འདུད། ། མཐའ་བྲལ་ཆེན་མོ་ཞེས་བྱ་བ། ངེས་པའི་དོན་གྱི་གསོལ་འདེབས་འདི་ཡང་སྤྲང་པོ་དོལ་ པོ་པས་བཀོད་པའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-305 ༄༅། །རྫོགས་ལྡན་གྱི་གསོལ་འདེབས་བཞུགས་སོ། ། ༄༅། །ཨོཾ་གྲུབ་པར་གྱུར་ཅིག །འདི་ན་ལྟ་བ་ཉམས་པ་མང་པོས་བསྟན་པ་ཉམས་པར་ བྱས་པ་སེམས་ཀྱིས་མ་བཟོད་ཅིང༌། །དྲིན་ཅན་ཕ་མ་སེམས་ཅན་མང་པོ་ལམ་ལོག་ལམ་ གོལ་ཞུགས་པ་རྣམས་ལའང་མ་བཟོད་པས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀུན་ལ་ ཉམ་ཐག་ང་རོས་འོ་དོད་འབོད་དོ་ཐུགས་རྗེས་ཟུང༌། །མཁྱེན་བརྩེའི་མཐུ་སྟོབས་ཡོན་ ཏན་འཕྲིན་ལས་རྨད་དུ་བྱུང་བ་མཁའ་ཁྱབ་མངའ་པའི་བྱིན་གྱིས་རློབས། །ཤེར་ཕྱིན་ ཟབ་མོ་མི་མཐུན་ཕྱོགས་ལ་ཤེར་ཕྱིན་ཟབ་མོར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་ རྗེས་ཟུང༌། ། དབུ་མ་ཆེན་པོའི་མི་མཐུན་ཕྱོགས་ལ་དབུ་མ་ཆེན་པོར་འདོད་པ་འདི་ རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །མྱང་འདས་ཆེན་པོའི་མི་མཐུན་ཕྱོགས་ལ་མྱང་ འདས་ཆེན་པོར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །ཕྱག་རྒྱ་ཆེན་པོའི་ མི་མཐུན་ཕྱོགས་ལ་ཕྱག་རྒྱ་ཆེན་པོར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ ཟུང༌། །འོད་གསལ་ཆེན་པོའི་མི་མཐུན་ཕྱོགས་ལ་འོད་གསལ་ཆེན་པོར་འདོད་པ་འདི་ རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། ། བདེ་བ་ཆེན་པོའི་མི་མཐུན་ཕྱོགས་ལ་བདེ་བ་ ཆེན་པོར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །བྱང་ཆུབ་ཆེན་པོའི་མི་ མཐུན་ཕྱོགས་ལ་བྱང་ཆུབ་ཆེན་པོར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ ཟུང༌། །དོན་དམ་བདེན་པའི་མི་མཐུན་ཕྱོགས་ལ་དོན་དམ་བདེན་པར་འདོད་པ་འདི་ རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །ཆོས་ཉིད་ཟབ་མོའི་མི་མཐུན་ཕྱོགས་ལ་ཆོས་ཉིད་ ཟབ་མོར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། ། ཆོས་ཀྱི་དབྱིངས་ཀྱི་མི་ མཐུན་ཕྱོགས་ལ་ཆོས་ཀྱི་དབྱིངས་སུ་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ ཟུང༌། །དེ་བཞིན་ཉིད་ཀྱི་མི་མཐུན་ཕྱོགས་ལ་དེ་བཞིན་ཉིད་དུ་འདོད་པ་འདི་རྣམས་ 8-1-306 སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །འགྱུར་བ་མེད་པའི་མི་མཐུན་ཕྱོགས་ལ་འགྱུར་བ་མེད་ པར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །ཡོངས་སུ་གྲུབ་པའི་མི་མཐུན་ ཕྱོགས་ལ་ཡོངས་སུ་གྲུབ་པར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། ། བདེ་གཤེགས་སྙིང་པོའི་མི་མཐུན་ཕྱོགས་ལ་བདེ་གཤེགས་སྙིང་པོར་འདོད་པ་འདི་ རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །རང་བཞིན་རིགས་ཀྱི་མི་མཐུན་ཕྱོགས་ལ་རང་ བཞིན་རིགས་སུ་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །ངོ་བོ་ཉིད་སྐུའི་ མི་མཐུན་ཕྱོགས་ལ་ངོ་བོ་ཉིད་སྐུར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ ཟུང༌། །དོན་དམ་ཆོས་སྐུའི་མི་མཐུན་ཕྱོགས་ལ་དོན་དམ་ཆོས་སྐུར་འདོད་པ་འདི་རྣམས་ སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །སངས་རྒྱས་སྐུ་ལྔའི་མི་མཐུན་ཕྱོགས་ལ་སངས་རྒྱས་སྐུ་ ལྔར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །ཡེ་ཤེས་རྣམ་ལྔའི་མི་མཐུན་ ཕྱོགས་ལ་ཡེ་ཤེས་རྣམ་ལྔར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །རྡོ་རྗེ་ སེམས་དཔའི་མི་མཐུན་ཕྱོགས་ལ་རྡོ་རྗེ་སེམས་དཔར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ ཐུགས་རྗེས་ཟུང༌། །རང་བཞིན་གཉུག་མའི་མི་མཐུན་ཕྱོགས་ལ་རང་བཞིན་གཉུག་མར་ འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །ཨ་ཏི་ཡོ་གའི་མི་མཐུན་ཕྱོགས་ལ་ ཨ་ཏི་ཡོ་གར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །ཀུན་ཏུ་བཟང་པོའི་ མི་མཐུན་ཕྱོགས་ལ་ཀུན་ཏུ་བཟང་པོར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ ཟུང༌། །བདེ་དགྱེས་ཡོ་གའི་མི་མཐུན་ཕྱོགས་ལ་བདེ་དགྱེས་ཡོ་གར་འདོད་པ་འདི་རྣམས་ སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །གསང་བ་འདུས་པའི་མི་མཐུན་ཕྱོགས་ལ་གསང་བ་ འདུས་པར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །དུས་ཀྱི་འཁོར་ལོའི་མི་ མཐུན་ཕྱོགས་ལ་དུས་ཀྱི་འཁོར་ལོར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ ཟུང༌། །རྡོ་རྗེ་དབྱིངས་ཀྱི་མི་མཐུན་ཕྱོགས་ལ་རྡོ་རྗེ་དབྱིངས་སུ་འདོད་པ་འདི་རྣམས་ སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །རྡོ་རྗེ་རྩེ་མོའི་མི་མཐུན་ཕྱོགས་ལ་རྡོ་རྗེ་རྩེ་མོར་འདོད་པ་ འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །དཔལ་མཆོག་དང་པོའི་མི་མཐུན་ཕྱོགས་ལ་ 8-1-307 དཔལ་མཆོག་དང་པོར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །འགོག་ བདེན་ཟབ་མོའི་མི་མཐུན་ཕྱོགས་ལ་འགོག་བདེན་ཟབ་མོར་འདོད་པ་འདི་རྣམས་སྙིང་ རེ་རྗེའོ་ཐུགས་རྗེས་བཟུང༌། །ཆོས་ཉིད་རིག་པའི་མི་མཐུན་ཕྱོགས་ལ་ཆོས་ཉིད་རིག་པར་ འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །དོན་དམ་ཚད་མའི་མི་མཐུན་ ཕྱོགས་ལ་དོན་དམ་ཚད་མར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །འདི་ འདྲའི་རིགས་ཅན་གཞན་ཡང་ཤིན་ཏུ་མང༌། །དེ་རྣམས་ཀུན་གྱི་ཤེས་རྒྱུད་བྱིན་རླབས་ ནས། །དེ་མ་ཡིན་ལ་དེར་འཛིན་མེད་པ་དང༌། །ཇི་ལྟར་གནས་བཞིན་རྟོགས་པར་མཛད་ དུ་གསོལ། །ལྟ་བ་ཉམས་དང་སྤྱོད་པ་ཉམས་པ་དང༌། །གཉིས་ཀ་ཉམས་སོགས་བདུད་ ལས་ཞི་བ་དང༌། །རྫོགས་ལྡན་ལུགས་ཀྱི་ལྟ་སྒོམ་སྤྱོད་པ་རྣམས། །མྱུར་དུ་རྫོགས་པར་བྱིན་ གྱིས་བརླབ་ཏུ་གསོལ། ། འདི་ནི་རྫོགས་ལྡན་ལུགས་ཀྱི་གསོལ་འདེབས་ཏེ། གསུམ་ལྡན་མར་བཅད་ཀྱི་ལུགས་ལས་ ཁྱད་པར་དུ་འཕགས་པའོ། །འདིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་ གྱུར་ཅིག །ཅེས་པའི་འདི་ཡང་རྫོགས་ལྡན་གྱི་ཆོས་ལ་ཤེས་ནས་དད་པ་ཐོབ་པ། རྒྱལ་ ཁམས་པ་རྟོན་པ་བཞི་ལྡན་གྱིས་བཀོད་པ་རྫོགས་སོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-308 ༄༅། །རྡོ་རྗེ་ཚིག་གི་མདུད་གྲོལ་ཆེན་མོ་ཞེས་བྱ་བའི་གསོལ་འདེབས་བཞུགས་སོ། ། ༄༅། །ཨོཾ་འགྲུབ་པར་གྱུར་ཅིག །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀུན་ལ་གསོལ་བ་ འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། འདི་ན་ལྟ་བ་ངན་པར་ཞུགས་པ་འདི་རྣམས་ སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། ། སྟོང་ཉིད་གསུངས་ཚད་རང་སྟོང་ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ ཟུང༌། །སྟོང་ཉིད་གསུངས་ཚད་མེད་དགག་ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ ཐུགས་རྗེས་ཟུང༌། །སྟོང་ཉིད་གསུངས་ཚད་ཅང་མེད་ཁོ་ནར་འདོད་པ་འདི་རྣམས་སྙིང་ རེ་རྗེའོ་ཐུགས་རྗེས་ཟུང༌། །སྟོང་ཉིད་གསུངས་ཚད་སྣང་མེད་ཁོ་ནར་འདོད་པ་འདི་ རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །སྟོང་ཉིད་གསུངས་ཚད་ཡེ་མེད་ཁོ་ནར་འདོད་པ་ འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །སྤྲོས་བྲལ་ཐམས་ཅད་རང་སྟོང་ཁོ་ནར་ འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །སྤྲོས་བྲལ་ཐམས་ཅད་མེད་དགག་ ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །སྤྲོས་བྲལ་གསུངས་ཚད་ ཅང་མེད་ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །སྤྲོས་བྲལ་ཐམས་ ཅད་སྣང་མེད་ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །སྤྲོས་བྲལ་ གསུངས་ཚད་ཡེ་མེད་ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ ཟུང༌། །མཐའ་བྲལ་གསུངས་ཚད་རང་སྟོང་ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ ཐུགས་རྗེས་ཟུང༌། །མཐའ་བྲལ་ཐམས་ཅད་མེད་དགག་ཁོ་ནར་འདོད་པ་འདི་རྣམས་ སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །མཐའ་བྲལ་གསུངས་ཚད་ཅང་མེད་ཁོ་ནར་འདོད་པ་ འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །མཐའ་བྲལ་ཐམས་ཅད་སྣང་མེད་ཁོ་ནར་ འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །མཐའ་བྲལ་གསུངས་ཚད་ཡེ་མེད་ 8-1-309 ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །མེད་པར་གསུངས་ཚད་ རང་སྟོང་ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །མེད་པར་ གསུངས་ཚད་མེད་དགག་ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ ཟུང༌། །མེད་པར་གསུངས་ཚད་ཅང་མེད་ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ ཐུགས་རྗེས་ཟུང༌། །མེད་པར་གསུངས་ཚད་སྣང་མེད་ཁོ་ནར་འདོད་པ་འདི་རྣམས་སྙིང་ རེ་རྗེའོ་ཐུགས་རྗེས་ཟུང༌། །མེད་པར་གསུངས་ཚད་གཏན་མེད་ཁོ་ནར་འདོད་པ་འདི་ རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །དབེན་པར་གསུངས་ཚད་རང་སྟོང་ཁོ་ནར་ འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །དབེན་པར་གསུངས་ཚད་མེད་ དགག་ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །དབེན་པར་ གསུངས་ཚད་ཅང་མེད་ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ ཟུང༌། །དབེན་པར་གསུངས་ཚད་སྣང་མེད་ཁོ་ནར་འདོད་པ་འདི་རྣམས་སྙིང་རེ་རྗེའོ་ ཐུགས་རྗེས་ཟུང༌། །དབེན་པར་གསུངས་ཚད་གཏན་མེད་ཁོ་ནར་འདོད་པ་འདི་རྣམས་ སྙིང་རེ་རྗེའོ་ཐུགས་རྗེས་བཟུང༌། ། གཤིས་ལུགས་ཟབ་མོ་མཐར་ཐུག་ཐམས་ཅད་དུ། །སྟོང་པར་གསུངས་ཚད་སྟོང་པའི་གཞི་ ལས་དགོངས། །བྲལ་བར་གསུངས་ཚད་བྲལ་པའི་གཞི་ལ་དགོངས། །མེད་པར་གསུངས་ ཚད་མེད་པའི་གཞི་ལ་དགོངས། །དབེན་པར་གསུངས་ཚད་དབེན་པའི་གཞི་ལ་ དགོངས། །གང་གིས་དེ་ལྟར་ཡང་དག་རྟོགས་པ་དེ། །མཁས་པ་ལས་ཀྱང་མཁས་པའི་ མཁས་པ་ལགས། །གསལ་བ་ལས་ཀྱང་གསལ་བའི་གསལ་བ་ལགས། །ཟབ་པ་ལས་ཀྱང་ ཟབ་པའི་ཟབ་པ་ལགས། །བརླིང་བ་ལས་ཀྱང་བརླིང་བའི་བརླིང་བ་ལགས། །ཡངས་པ་ ལས་ཀྱང་ཡངས་པའི་ཡངས་པ་ལགས། །བླ་མ་ལས་ཀྱང་བླ་མའི་བླ་མ་ལགས། །གོང་མ་ ལས་ཀྱང་གོང་མའི་གོང་མ་ལགས། །དེ་ཕྱིར་དེས་ནི་གཤིས་ལུགས་མཐར་ཐུག་གི །ཤེར་ ཕྱིན་དབུ་མ་ཕྱག་རྒྱ་ཆེན་པོ་དང༌། །ཤིན་ཏུ་རྣལ་འབྱོར་ཤིན་ཏུ་སྤྲོས་མེད་དང༌། །སངས་ རྒྱས་མཉམ་སྦྱོར་ལྷན་ཅིག་སྐྱེས་སྦྱོར་དང༌། །རྡོ་རྗེའི་རྣལ་འབྱོར་རྡོ་རྗེ་འཆང་ཆེན་ 8-1-310 དང༌། །དང་པོའི་སངས་རྒྱས་གཞི་ཡི་སངས་རྒྱས་དང༌། །སངས་རྒྱས་ཀུན་བས་སྔར་ སངས་རྒྱས་པ་དང༌། །རང་བཞིན་རིགས་དང་ངོ་བོ་ཉིད་ཀྱི་སྐུ། །དོན་དམ་ཆོས་སྐུ་དོན་ དམ་ཡེ་ཤེས་དང༌། །དོན་དམ་ཐུགས་རྗེ་དོན་དམ་ཐབས་ཤེས་དང༌། །དོན་དམ་བདེ་ སྟོང་དོན་དམ་ཡབ་ཡུམ་དང༌། །དོན་དམ་ཨེ་ཝཾ་དོན་དམ་ཧཾ་ཀྵ་དང༌། །དོན་དམ་གླེང་ གཞི་དོན་དམ་ཞིང་ཁམས་དང༌། །དོན་དམ་རྡོ་རྗེ་སེམས་དཔའ་དུས་འཁོར་ལོ། །དོན་ དམ་བདེ་དགྱེས་དོན་དམ་གསང་འདུས་སོགས། །དོན་དམ་ལྷ་སྔགས་རྒྱུད་དང་དཀྱིལ་ འཁོར་དང༌། །དོན་དམ་བྱང་ཆུབ་དོན་དམ་ཕྱག་རྒྱ་ཀུན། །དོན་དམ་སེམས་དང་དོན་ དམ་སྲིད་པ་དང༌། །དོན་དམ་ཨཱ་ལི་ཀཱ་ལི་ལ་སོགས་དང༌། །དོན་དམ་རྟེན་དང་བརྟེན་པ་ ལ་སོགས་དང༌། །དོན་དམ་ཡུལ་དང་ཡུལ་ཅན་ལ་སོགས་དང༌། །དོན་དམ་ལག་པ་རྐང་ པ་ལ་སོགས་དང༌། །དོན་དམ་ཕུང་པོ་ཁམས་སོགས་ཐུན་མོང་མིན། །འགལ་འདུས་སྐྱོན་ མེད་ཕུང་པོ་གསུམ་པའི་དོན། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །རྣལ་འབྱོར་ཅན་ གྱིས་སྤྱོད་ཡུལ་ཟབ་ཅིང་ཕྲ། །རང་བཞིན་གཉུག་མ་རང་བཞིན་ལྷན་ཅིག་སྐྱེས། །རང་ བཞིན་འོད་གསལ་རང་བཞིན་ལྷུན་གྱིས་གྲུབ། །རང་བཞིན་འགྱུར་མེད་རང་བཞིན་མ་ བཅོས་པ། །རང་བཞིན་ཡོངས་གྲུབ་པྲ་ཕབ་བརྒྱད་ལྟ་བུ། །ཀུན་རྫོབ་སངས་རྒྱས་བྱོན་རུང་ མ་བྱོན་རུང༌། །གང་ཟག་རྣམས་ཀྱིས་རྟོགས་རུང་མ་རྟོགས་རུང༌། །ནམ་ཡང་གང་ནའང་ རྟག་ཏུ་བཞུགས་པ་ཡི། །ཡོངས་གྲུབ་དགུ་དང་བཅུ་གཉིས་འདུས་མ་བྱས། །དར་ཡུག་ ཆེན་པོའི་དཔེ་ཡིས་གང་གསུངས་པ། །ཁྱབ་བདག་རྟག་པའི་སངས་རྒྱས་ཆོས་དང་ ནི། །རྒྱལ་སྲས་རང་རྒྱལ་ཉན་ཐོས་ལ་སོགས་པ། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ ཕྱིར། །དོན་དམ་གཞན་སྟོང་སྟོང་ཆེན་འགྱུར་མེད་ལྔ། །ཐིག་ལེ་སྟོང་པ་ཡིག་དྲུག་ཡི་གེ་ མེད། །ཆ་མེད་ཀུན་འགྲོ་ཀུན་ལ་ཁྱབ་པའི་བདག །བདག་མེད་བདག་མཆོག་དེ་བཞིན་ ཉིད་ཀྱི་བདག ། རྟག་བརྟན་ཐེར་ཟུག་གཡུང་དྲུང་མི་འགྱུར་བ། །དམན་པ་རྣམས་ཀྱི་བློ་ ལས་རབ་འདས་པ། །རྫོགས་དན་ཆོས་མཆོག་ཁྱད་པར་འཕགས་རྣམས་དང༌། །ཁྱད་པར་ ཤམ་བྷ་ལ་ཡི་རྒྱུད་མཆོག་དང༌། །འགྲེལ་མཆོག་མན་ངག་མཆོག་ལ་སྦྱངས་པ་ཡི། །བླ་མ་ 8-1-311 བདུན་ལྡན་ཞབས་ཀྱིས་རྟོགས་བྱ་བ། །ཟབ་མོ་མཐར་ཐུག་ཐུན་མོང་མིན་པ་ ཀུན། །ལེགས་པར་རྟོགས་ཤིང་དེ་ཡི་ལམ་ཡང་རྟོགས། །དེ་ཕྱིར་དེ་ལ་འདྲི་བར་འོས་པ་ ཡིན། །གསུམ་ལྡན་མར་བཅད་ལྷད་ཅན་སྐྱོན་ཅན་དང༌། །ཁ་སྙན་རྣམས་ལ་བཟང་པོར་ མིང་བཏགས་ནས། །སྙན་སྙན་རྩིགས་རྩིགས་གཅེས་གཅེས་བྱས་པ་ཡིས། །མགོ་བོ་འཁོར་ བ་རྣམས་ལ་ཅི་ཆ་ཡོད། ། འདི་ཡང་སྡང་བའི་ཕྱིར་མིན་ཞིང༌། །གཞན་ལ་སྨོད་པའི་ཕྱིར་ཡང་མིན། །ཕ་མ་ལམ་ལོག་ གཞུགས་མཐོང་ནས། །མ་བཟོད་སྙིང་རྗེའི་དབང་གིས་བྱུང༌། །སངས་རྒྱས་བསྟན་པ་རིན་ པོ་ཆེ། །ཉམས་སུ་ཕངས་པ་ཡིན་ན་ཡང༌། །རྫོགས་ལྡན་ཉམས་ན་གསུམ་ལྡན་ དང༌། །གཉིས་ལྡན་དུ་ཡང་སང་གིས་དོགས། །དེ་ཕྱིར་སེམས་ཀྱིས་མ་བཟོད་པས། །རྒྱལ་ བ་སྲས་བཅས་ཐམས་ཅད་ལ། །ཉམ་ཐག་ང་རོས་འོ་དོད་འབོད། །ཤིན་ཏུ་མྱུར་བར་ ཐུགས་རྗེས་ཟུང༌། ། རྡོ་རྗེ་ཚིག་གི་མདུད་གྲོལ་ཆེན་མོ་ཞེས་བྱ་བའི་གསོལ་འདེབས་འདིས་ཀྱང་བསྟན་པ་ དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །།མངྒ་ལཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-312 ༄༅། །བསྟན་པ་སྤྱི་འགྲེལ་ཞེས་བྱ་བའི་གསོལ་འདེབས་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཆོས་རྗེ་བླ་མ་དམ་པ་སྤྲུལ་པའི་སྐུ་རྣམས་ ཀྱི་ཞབས་ཀྱི་པད་མོ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་ དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། རྟག་བརྟན་གཡུང་དྲུང་ཆོས་རྗེ་རིན་པོ་ཆེ། །འཕྲིན་ལས་མཁའ་ཁྱབ་ལྷུན་གྱིས་གྲུབ་ མཛད་པ། །འཁྲུལ་མེད་ངེས་གསང་དོན་དམ་གསལ་མཛད་པའི། །རྟོན་པ་བཞི་ལྡན་བླ་ མའི་ཞབས་ལ་འདུད། །འདུས་བྱས་ཐམས་ཅད་རི་གཟར་འབབ་ཆུ་བཞིན། །སྤྲིན་བཞིན་ ཀློག་བཞིན་རྩྭ་རྩེའི་ཟིལ་བ་བཞིན། །མི་རྟག་མི་བརྟན་འགྱུར་བའི་ཆོས་ཅན་དུ། །ལེགས་ པར་སྟོན་མཛད་བླ་མའི་ཞབས་ལ་འདུད། །མེ་ཡི་འོབས་དང་སྦྲུལ་གདུག་ཁར་ཚུད་ བཞིན། །བུམ་པའི་ནང་དུ་སྦྲང་མ་འཁོར་བ་བཞིན། །ཁམས་གསུམ་མཐའ་དག་སྡུག་ བསྔལ་རང་བཞིན་དུ། །མཚུངས་པར་སྟོན་མཛད་བླ་མའི་ཞབས་ལ་འདུད། །མི་གཙང་ ལུས་ལ་གཙང་བར་འཛིན་པ་རྣམས། །ངན་སྐྱུགས་བུམ་པ་རྒྱན་གྱིས་བརྒྱན་པ་ལ། །མི་ ཤེས་བྱིས་པ་དགའ་ཞིང་ཆགས་པ་དང༌། །མཚུངས་པར་སྟོན་མཛད་བླ་མའི་ཞབས་ལ་ འདུད། །འཁོར་བ་ཉིད་ལ་དགའ་བའི་སེམས་ཅན་རྣམས། །མི་རྟག་མི་གཙང་ཡིད་འབྱུང་ སྐྱོ་བསྐྱེད་ནས། །བདག་མེད་སྟོང་པ་ཞི་བའི་ལམ་འཇུག་པ། །བདེན་བཞི་སྟོན་མཛད་བླ་ མའི་ཞབས་ལ་འདུད། ། ཆོས་རྣམས་ཐམས་ཅད་རྐྱེན་ལས་བྱུང་བ་ཙམ། །བདག་དང་སེམས་ཅན་སྲོག་དང་བྱེད་ པོ་མེད། །རྨི་ལམ་སྒྱུ་མ་སྨིག་རྒྱུ་སྒྲ་བརྙན་དང༌། །མཚུངས་པར་སྟོན་མཛད་བླ་མའི་ཞབས་ ལ་བདུད། །དོན་དུ་སྣང་ཡང་སེམས་ཀྱི་བག་ཆགས་ཙམ། །སེམས་དང་ཡིད་དང་རྣམ་ པར་ཤེས་པ་ཡང༌། །མིང་ཙམ་བརྡ་ཙམ་མཁའ་ལྟར་སྟོང་ཉིད་དུ། །གསལ་བར་སྟོན་ མཛད་བླ་མའི་ཞབས་ལ་འདུད། །གཟུགས་སོགས་ཕུང་པོ་ལྦུ་བ་གདོས་པ་དང༌། །ཆུ་ཡི་ཆུ་ 8-1-313 བུར་སྨིག་རྒྱུ་སོགས་འདྲར་སྟོན། །སྐྱེ་མཆེད་གྲོང་སྟོང་ཁམས་རྣམས་སྦྲུལ་གདུག་ དང༌། །འདྲ་བར་སྟོན་མཛད་བླ་མའི་ཞབས་ལ་འདུད། །སྲིད་དང་མྱ་ངན་འདས་པའི་ ཆོས་རྣམས་ཀུན། །མ་སྐྱེས་མ་འགགས་འགྲོ་འོང་གནས་བྲལ་ཞིང༌། །མཐའ་དང་དབུས་ མེད་རང་རང་ངོ་བོ་ཡིས། །སྟོང་པར་སྟོན་མཛད་བླ་མའི་ཞབས་ལ་འདུད། །བུམ་ནང་ མར་མེ་དབུལ་པོའི་གཏེར་སོགས་བཞིན། །བདེ་གཤེགས་སྙིང་པོ་འོད་གསལ་ཆོས་ཀྱི་ སྐུ། །ཀུན་རྫོབ་གློ་བུར་ཕུང་པོའི་སྦུབས་ནང་ན། །གནས་པར་སྟོན་མཛད་བླ་མའི་ཞབས་ ལ་འདུད། །ཀུན་བཏགས་གཞན་དབང་ཆོས་ཀུན་ཡོད་མིན་ཞིང༌། །ཡོངས་གྲུབ་ཆོས་ཉིད་ ནམ་ཡང་མེད་མིན་ཞེས། །ལེགས་པར་ཕྱེ་སྟེ་ཡོད་མེད་རྟག་ཆད་ལས། །འདས་པར་སྟོན་ མཛད་བླ་མའི་ཞབས་ལ་འདུད། །ཀུན་རྫོབ་ཆོས་ཀུན་རྒྱུ་འབྲས་རྟེན་འབྲེལ་ཙམ། །དོན་ དམ་རང་བྱུང་རྟེན་འབྲེལ་ལས་འདས་ཞེས། །རྐྱེན་ལས་བྱུང་དང་རང་བྱུང་ཡེ་ཤེས་ ཀྱི། །ཁྱད་པར་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཕྱི་ནང་ཆོས་ཀུན་མ་རིག་འཁྲུལ་ འཁོར་ཙམ། །གཞན་ནི་ཆོས་ཉིད་རང་བྱུང་ཡེ་ཤེས་ཞེས། །རྣམ་ཤེས་ཡེ་ཤེས་འཁོར་ འདས་བདེན་གཉིས་ཀྱི། །རྣམ་དབྱེ་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཀུན་རྫོབ་སྲིད་ གསུམ་འཁྲུལ་སྣང་སྒྲོ་བཏགས་ཙམ། །དོན་དམ་སྲིད་གསུམ་བདེ་གཤེགས་སྙིང་པོ་ ནི། །གཞོམ་མེད་མ་བརྟགས་མ་འཁྲུལ་སྣང་བ་ཞེས། །ཕྱེ་སྟེ་སྟོན་མཛད་བླ་མའི་ཞབས་ལ་ འདུད། །བདེན་པ་བཞི་ཡི་ཆོས་ཀྱི་འཁོར་ལོ་དང༌། །མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ ལོ་དང༌། །དོན་དམ་རྣམ་ངེས་ཆོས་ཀྱི་འཁོར་ལོ་ཡི། །དགོངས་པ་སྟོན་མཛད་བླ་མའི་ ཞབས་ལ་འདུད། །འཁོར་ལོ་རིམ་གསུམ་བདུད་རྩིའི་ཆུ་རྒྱུན་གྱིས། །རགས་པ་ཕྲ་བ་ཤིན་ ཏུ་ཕྲ་བ་ཡི། །དྲི་མ་གསུམ་སྦྱངས་ཆོས་སྐུའི་རིན་ཆེན་མཆོག །དྲི་བྲལ་སྟོན་མཛད་བླ་མའི་ ཞབས་ལ་འདུད། །དོན་སྨྲ་རྣམས་ལ་ཐམས་ཅད་སེམས་སུ་སྟོན། །སེམས་སུ་ཞེན་ལ་སྣང་ མེད་དབུ་མ་སྟོན། །སྣང་མེད་སྨྲ་ལ་ཡང་དག་སྣང་བ་ཡི། །དབུ་མ་སྟོན་མཛད་བླ་མའི་ ཞབས་ལ་འདུད། །དམན་པ་རྣམས་ལ་རྒྱུ་འབྲས་ཆོས་རྣམས་སྟོན། །ཡོད་འཛིན་ཅན་ལ་ ཐམས་ཅད་སྟོང་པར་སྟོན། །ཅང་མེད་སྨྲ་ལ་འོད་གསལ་བདེ་གཤེགས་ཀྱི། །སྙིང་པོ་སྟོན་ 8-1-314 མཛད་བླ་མའི་ཞབས་ལ་འདུད། །དབང་པོ་དམན་པ་ཉན་ཐོས་ཐེག་པ་དང༌། །དབང་པོ་ འབྲིང་ལ་རང་རྒྱལ་ཐེག་པ་དང༌། །མཆོག་ལ་ཐེག་མཆོག་རྒྱུ་དང་འབྲས་བུའི་ཚུལ། །མདོ་ སྔགས་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཇི་ལྟར་བུ་ཆུང་གཞོན་ནུ་ལང་ཚོ་ རྣམས། །སྣོད་དང་འཚམ་པར་ཕ་མས་སྐྱོང་བ་ལྟར། །འཁོར་ལོ་རིམ་གསུམ་ཁྱད་པར་ གསང་སྔགས་ཀྱི། །གདུལ་བྱ་རིམ་བཞིན་སྐྱོང་མཛད་ཁྱོད་ལ་འདུད། །ཡང་ན་དམན་པ་ འབྲིང་དང་མཆོག་གི་བུ། །རྒྱུད་དང་འཚམ་པའི་ལས་ལ་སྦྱོར་བ་ལྟར། །འཁོར་ལོ་རིམ་ གསུམ་ཁྱད་པར་སྔགས་ཚུལ་གྱི། །གདུལ་བྱའི་རྒྱུད་དང་འཚམ་པར་སྟོན་ལ་འདུད། །ཁང་ བཟང་གསུམ་བརྩེགས་སྟེང་དུ་འཛེག་པ་ལྟར། །འཁོར་ལོ་རིམ་གསུམ་ཁྱད་པར་གསང་ སྔགས་ཀྱི། །སངས་རྒྱས་བསྟན་པའི་ཁང་བཟང་གསུམ་བརྩེགས་ལ། །རིམ་བཞིན་འཛེག་ པར་སྟོན་མཛད་ཁྱེད་ལ་འདུད། །ཇི་ལྟར་ནོར་བུ་མཁན་གྱིས་ནོར་བུ་ཡི། །དྲི་མ་རིམ་ གསུམ་རིམ་བཞིན་སྦྱོང་བ་ལྟར། །འཁོར་ལོ་རིམ་གསུམ་ཁྱད་པར་གསང་སྔགས་ ཀྱིས། །བདེ་གཤེགས་སྙིང་པོ་སྦྱོང་བར་སྟོན་ལ་འདུད། །བདེ་གཤེགས་སྙིང་པོ་རྒྱུ་དང་ འབྲས་བུ་གཞན། །རྒྱུ་གཞན་འོད་གསལ་སྟོང་ཉིད་གཟུགས་བརྙན་ཏེ། །འབྲས་བུ་གཞན་ ནི་འགྱུར་མེད་བདེ་བ་ཆེ། །པྲ་ཕབ་བརྒྱད་དང་མཚུངས་པར་སྟོན་ལ་འདུད། །གསང་བ་ གསང་ཆེན་མཁའ་ཁམས་སྣ་ཚོགས་ཡུམ། །ཆོས་འབྱུང་ཆུ་སྐྱེས་བྷ་ག་སེང་གེའི་ ཁྲི། །བདག་མེད་ཕག་མོ་ལ་སོགས་སྣ་ཚོགས་མིང༌། །དུ་མ་དོན་གཅིག་སྟོང་ཉིད་སྟོན་ལ་ འདུད། །དེ་ཉིད་རྡོ་རྗེ་ཐིག་ལེ་ཧེ་རུ་ཀ །འདུས་པ་སྡོམ་པ་ཧེ་དང་སྙིང་རྗེ་ཆེ། །དང་པོའི་ སངས་རྒྱས་བྱང་ཆུབ་སེམས་སོགས་མིང༌། །དུ་མ་དོན་གཅིག་བདེ་ཆེན་སྟོན་ལ་ འདུད། །རྡོ་རྗེ་སེམས་དཔའ་ཨེ་ཝཾ་དུས་འཁོར་ལོ། །འཁོར་ལོ་སྡོམ་པ་དགྱེས་པ་རྡོ་རྗེ་ དང༌། །སྒྱུ་འཕྲུལ་དྲྭ་བ་གསང་འདུས་ལ་སོགས་མིང༌། །དུ་མ་དོན་གཅིག་ཟུང་འཇུག་སྟོན་ ལ་འདུད། །ཟུང་འཇུག་དབྱེར་མེད་རོ་མཉམ་མི་ཤིགས་པ། །རང་བྱུང་ཡེ་ཤེས་དང་པོའི་ སངས་རྒྱས་ནི། །དྲི་བཅས་དེ་བཞིན་ཉིད་དུ་ཐམས་ཅད་ལ། །མཁའ་བཞིན་ཀུན་གཞིར་ ཡོད་པར་སྟོན་ལ་འདུད། །དེ་ཉིད་དྲི་མའི་སྦུབས་ལས་གྲོལ་བའི་ཐབས། །རྡོ་རྗེའི་རྣལ་ 8-1-315 འབྱོར་ཤེས་རབ་ཕ་རོལ་ཕྱིན། །ཤིན་ཏུ་རྣལ་འབྱོར་ཕྱག་རྒྱ་ཆེ་སྒོམ་པ། །ཡན་ལག་དང་ བཅས་ལམ་དུ་སྟོན་ལ་འདུད། །གཞི་ལ་བཞུགས་པ་ལམ་གྱི་ཐབས་མཆོག་གིས། །སྤྲིན་ དང་རྡུལ་སོགས་སངས་པའི་ནམ་མཁའ་བཞིན། །དྲི་མ་ཀུན་སྤངས་དྲི་མེད་དེ་བཞིན་ ཉིད། །མངོན་དུ་གྱུར་ཙམ་འབྲས་བུར་སྟོན་ལ་འདུད། ། འགྱུར་མེད་འོད་གསལ་རྣམ་པར་མི་རྟོག་པའི། །ཡེ་ཤེས་ཚོགས་ཀྱིས་རང་བྱུང་ཡེ་ཤེས་ ཀྱི། །དྲི་མའི་སྦུབས་བསལ་དོན་དམ་ཆོས་སྐུ་ཡིས། །རང་དོན་ཕུན་ཚོགས་གྲུབ་པར་སྟོན་ ལ་འདུད། །མ་གྱུར་འགྲོ་ལ་བརྩེ་ཆེན་ལྷག་བསམ་གྱིས། །ཕན་དང་བདེ་སྒྲུབ་བསོད་ ནམས་ཚོགས་ཀྱིས་ནི། །ཀུན་རྫོབ་གཟུགས་སྐུ་ཕུན་ཚོགས་རབ་བསྐྱེད་ནས། །གཞན་དོན་ ཕུན་ཚོགས་འགྲུབ་པར་སྟོན་ལ་འདུད། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པ་ དང༌། །སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་པ་དང༌། །ཞིང་ཁམས་རྒྱ་མཚོ་ཡོངས་སུ་དག་ བྱས་ནས། །ཡང་དག་མཐའ་ལ་ཐིམ་པར་སྟོན་ལ་འདུད། །བུམ་བཟང་ཉི་མ་ནོར་བུ་ དཔག་བསམ་ཤིང༌། །ལྷ་ཡི་རྔ་བཞིན་མི་འབད་མི་རྟོག་ཀྱང༌། །སྔོན་གྱི་འཕེན་པས་གཞན་ ཕན་ལྷུན་གྲུབ་ཏུ། །ཕྱོགས་དུས་ཀུན་ཏུ་འབྱུང་བར་སྟོན་ལ་འདུད། ། ཆོས་འཁོར་མཐར་ཐུག་འཁོར་ལོ་ཐ་མ་དང༌། །ཐེག་པའི་མཐར་ཐུག་ཐེག་པ་ཆེན་པོ་ དང༌། །ཐེག་ཆེན་མཐར་ཐུག་སྙིང་པོའི་ཐེག་པ་དང༌། །སྙིང་པོའི་མཐར་ཐུག་བདེ་ཆེན་ སྟོན་ལ་འདུད། །བསྟན་པའི་མཐར་ཐུག་ཐེག་པ་ཆེན་པོ་དང༌། །ཐེག་ཆེན་མཐར་ཐུག་ སྔགས་ཀྱི་ཐེག་པ་དང༌། །སྔགས་ཀྱི་མཐར་ཐུག་དུས་ཀྱི་འཁོར་ལོ་དང༌། །དུས་འཁོར་ མཐར་ཐུག་བདེ་སྟོང་སྟོན་ལ་འདུད། །གྲུབ་མཐའི་མཐར་ཐུག་དབུ་མ་ཆེན་པོ་ དང༌། །དབུ་མའི་མཐར་ཐུག་སྐྱེ་མེད་མཐའ་བྲལ་དང༌། །མཐའ་བྲལ་མཐར་ཐུག་རང་ བཞིན་འོད་གསལ་དང༌། །འོད་གསལ་མཐར་ཐུག་བདེ་ཆེན་སྟོན་ལ་འདུད། །ལྟ་བའི་ མཐར་ཐུག་མཐའ་བྲལ་སྟོང་ཉིད་དང༌། །སྟོང་ཉིད་མཐར་ཐུག་དམིགས་བཅས་སྟོང་ ཉིད་དང༌། །སྤྱོད་པའི་མཐར་ཐུག་སྙིང་རྗེ་ཆེན་པོ་དང༌། །སྙིང་རྗེའི་མཐར་ཐུག་དམིགས་ མེད་སྟོན་ལ་འདུད། །དབང་གི་མཐར་ཐུག་འཇིག་རྟེན་འདས་པའི་དབང༌། །སྒྲུབ་པའི་ 8-1-316 མཐར་ཐུག་རྫོགས་རིམ་ངེས་པའི་དོན། །དངོས་གྲུབ་མཐར་ཐུག་མཆོག་གི་དངོས་གྲུབ་ ཆེ། །སློབ་མའི་མཐར་ཐུག་དོན་དུ་སྟོན་ལ་འདུད། །དཀྱིལ་འཁོར་མཐར་ཐུག་རང་བཞིན་ འོད་གསལ་མཆོག །ལྷ་ཡི་མཐར་ཐུག་བདེ་སྟོང་ཡེ་ཤེས་སྐུ། །ཕྱག་རྒྱའི་མཐར་ཐུག་འོད་ གསལ་ཕྱག་རྒྱ་ཆེ། །སྔགས་ཀྱི་མཐར་ཐུག་ཡིད་སྐྱོབ་སྟོན་ལ་འདུད། །གཞི་ཡི་མཐར་ཐུག་ དྲི་བཅས་དེ་བཞིན་ཉིད། །ལམ་གྱི་མཐར་ཐུག་སྦྱོར་བ་ཡན་ལག་དྲུག ། འབྲས་བུའི་ མཐར་ཐུག་བྲལ་འབྲས་དེ་བཞིན་ཉིད། །ཆོས་ཀྱི་མཐར་ཐུག་རྫོགས་པར་སྟོན་ལ་འདུད། ། བསྟན་པ་སྤྱི་འགྲེལ་ཞེས་བྱ་བའི་གསོལ་འདེབས་འདི་ནི། ཆོས་རྗེ་བླ་མ་རྣམས་ཀྱི་བྲན་དུ་ གྱུར་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བསྡེབས་པའོ།། །། དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །བྲལ་འབྲས་དོན་དམ་ཆོས་སྐུ་མངོན་ གྱུར་ནས། །བསྐྱེད་འབྲས་ཀུན་རྫོབ་གཟུགས་སྐུ་རྣམ་གཉིས་ཀྱིས། །འཁོར་བ་སྲིད་དུ་ གཞན་དོན་བྱེད་པར་ཤོག །ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུའང༌། །འཁོར་ལོ་རིམ་གསུམ་ ཁྱད་པར་གསང་སྔགས་ཀྱིས། །རང་གཞན་བདེ་གཤེགས་སྙིང་པོའི་དྲི་མ་རྣམས། །རིམ་ བཞིན་སྦྱོང་ལ་རྟག་ཏུ་བརྩོན་པར་ཤོག། །། མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༥༢༡ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-317 ༄༅། །རྒྱལ་བ་རིགས་བཞིའི་གསོལ་འདེབས་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ རྒྱལ་བ་སྐུ་བཞིའི་རང་བཞིན་དཔལ་ལྡན་ བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་ དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། སོར་སྡུད་བསམ་གཏན་བསྙེན་པའི་ཡན་ལག་གིས། །སད་པའི་གནས་སྐབས་སྤངས་ནས་ སད་པ་གཞན། །བདེ་གཤེགས་སྙིང་པོའི་སད་པ་སྣ་ཚོགས་གཟུགས། །མངོན་སུམ་སྟོན་ མཛད་བླ་མའི་ཞབས་ལ་འདུད། །སྲོག་རྩོལ་འཛིན་པ་ཉེར་སྒྲུབ་ཡན་ལག་གིས། །རྨི་ལམ་ གནས་སྐབས་སྤངས་ནས་རྨི་ལམ་གཞན། །བདེ་གཤེགས་སྙིང་པོ་རྨི་ལམ་གཞོམ་མེད་ སྒྲ། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །རྗེས་སུ་དྲན་པ་སྒྲུབ་པའི་ཡན་ ལག་གིས། །གཉིད་འཐུག་གནས་སྐབས་སྤངས་ནས་གཉིད་འཐུག་གཞན། །བདེ་གཤེགས་ སྙིང་པོ་གཉིད་འཐུག་བསམ་དུ་མེད། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་ འདུད། །ཏིང་འཛིན་ཡན་ལག་སྒྲུབ་པ་ཆེན་པོ་ཡིས། །ཆགས་པའི་གནས་སྐབས་སྤངས་ ནས་ཆགས་པ་གཞན། །བདེ་གཤེགས་སྙིང་པོའི་ཆགས་པ་འགྱུར་མེད་བདེ། །མངོན་སུམ་ སྟོན་མཛད་བླ་མའི་ཞབས་ལ་འདུད། །འདུ་མི་བྱེད་པའི་རྣམ་ཐར་སྙིང་རྗེ་ཡིས། །ལུས་ཀྱི་ བྱ་བ་སྤངས་ནས་ལུས་གཞན་མཆོག །བདེ་གཤེགས་སྙིང་པོའི་ལུས་མཆོག་རྡོ་རྗེའི་ སྐུ། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །སྨོན་པ་མེད་པའི་རྣམ་ཐར་ དགའ་བ་ཡིས། །ངག་གི་བྱ་བ་སྤངས་ནས་ངག་གཞན་མཆོག །བདེ་གཤེགས་སྙིང་པོའི་ ངག་མཆོག་རྡོ་རྗེའི་གསུང༌། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །མཚན་ མ་མེད་པའི་རྣམ་ཐར་བྱམས་པ་ཡིས། །སེམས་ཀྱི་བྱ་བ་སྤངས་ནས་སེམས་གཞན་ མཆོག །བདེ་གཤེགས་སྙིང་པོའི་སེམས་མཆོག་རྡོ་རྗེའི་ཐུགས། །མངོན་སུམ་སྟོན་མཛད་ བླ་མའི་ཞབས་ལ་འདུད། །སྟོང་པ་ཉིད་ཀྱི་རྣམ་ཐར་བཏང་སྙོམས་ཀྱིས། །ཆགས་པའི་བྱ་ 8-1-318 བ་སྤངས་ནས་ཆགས་པ་གཞན། །བདེ་གཤེགས་སྙིང་པོའི་ཆགས་པ་རྡོ་རྗེའི་བདེ། །མངོན་ སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །དགའ་བའི་དགའ་བ་བུམ་པའི་དབང་ མཆོག་གིས། །ལུས་ཀྱི་ཐིག་ལེ་འགགས་ནས་ཐིག་ལེ་གཞན། །བདེ་གཤེགས་སྙིང་པོའི་ཐིག་ ལེ་སྤྲུལ་པའི་སྐུ། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །མཆོག་དགའི་དགའ་ བ་གསང་བའི་དབང་མཆོག་གིས། །ངག་གི་ཐིག་ལེ་འགགས་ནས་ཐིག་ལེ་གཞན། །བདེ་ གཤེགས་སྙིང་པོའི་ཐིག་ལེ་ལོངས་སྤྱོད་སྐུ། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་ འདུད། །ཁྱད་པར་དགའ་བ་གསུམ་པའི་དབང་མཆོག་གིས། །སེམས་ཀྱི་ཐིག་ལེ་འགགས་ ནས་ཐིག་ལེ་གཞན། །བདེ་གཤེགས་སྙིང་པོའི་ཐིག་ལེ་ཆོས་ཀྱི་སྐུ། །མངོན་སུམ་སྟོན་ མཛད་བླ་མའི་ཞབས་ལ་འདུད། །ལྷན་ཅིག་སྐྱེས་དགའ་བཞི་པའི་དབང་མཆོག་ གིས། །ཆགས་པའི་ཐིག་ལེ་འགགས་ནས་ཐིག་ལེ་གཞན། །བདེ་གཤེགས་སྙིང་པོའི་ཐིག་ ལེ་ལྷན་སྐྱེས་སྐུ། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །སོར་སྡུད་བསམ་ གཏན་དབྱིབས་ཀྱི་རྣལ་འབྱོར་གྱིས། །ལུས་ཀྱི་སྒྲིབ་པ་ཕུང་པོའི་བདུད་བཅོམ་ནས། །དམ་ ཚིག་སེམས་དཔའ་པད་འདབ་ཡངས་པའི་སྤྱན། །མངོན་སུམ་སྟོན་མཛད་བླ་མའི་ ཞབས་ལ་འདུད། །སྲོག་རྩོལ་འཛིན་པ་སྔགས་ཀྱི་རྣལ་འབྱོར་གྱིས། །ངག་གི་སྒྲིབ་པ་ཉོན་ མོངས་བདུད་བཅོམ་ནས། །སེམས་དཔའ་ཆེན་པོ་ཉིན་མོར་བྱེད་པའི་སྐུ། །མངོན་སུམ་ སྟོན་མཛད་བླ་མའི་ཞབས་ལ་འདུད། །རྗེས་དྲན་ཡན་ལག་ཆོས་ཀྱི་རྣལ་འབྱོར་ གྱིས། །སེམས་ཀྱིས་སྒྲིབ་པ་འཆི་བདག་བདུད་བཅོམ་ནས། །བྱང་ཆུབ་སེམས་དཔའ་ཡེ་ ཤེས་ཆེན་པོའི་སྐུ། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཏིང་འཛིན་ཡན་ ལག་དག་པའི་རྣལ་འབྱོར་གྱིས། །མ་རིག་སྒྲིབ་པ་ལྷ་ཡི་བདུད་བཅོམ་ནས། །རྡོ་རྗེ་སེམས་ དཔའ་ཐམས་ཅད་མཁྱེན་པའི་སྐུ། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་ འདུད། །ལུས་ཀྱི་ལོངས་སྤྱོད་ཀུན་ལ་མི་ལྟོས་པས། །ལུས་ལ་ཆགས་པ་ལུས་ཀྱི་ཉེས་བཅོམ་ ནས། །དྲི་བྲལ་འབྲས་བུ་རྣམ་ཀུན་མཁྱེན་པ་ཉིད། །མངོན་སུམ་སྟོན་མཛད་བླ་མའི་ ཞབས་ལ་འདུད། །ངག་གི་ལོངས་སྤྱོད་ཀུན་ལ་མི་ལྟོས་པར། །ངག་ལ་ཆགས་པ་དག་གི་ 8-1-319 ཉེས་བཅོམ་ནས། །སྐྱེས་བུ་བྱེད་པའི་འབྲས་བུ་ལམ་མཁྱེན་ཉིད། །མངོན་སུམ་སྟོན་མཛད་ བླ་མའི་ཞབས་ལ་འདུད། །ཡིད་ཀྱི་ལོངས་སྤྱོད་ཀུན་ལ་མི་ལྟོས་པར། །སེམས་ལ་ཆགས་པ་ སེམས་ཀྱི་ཉེས་བཅོམ་ནས། །རྣམ་སྨིན་འབྲས་བུ་ལམ་གྱི་རྣམ་མཁྱེན་ཉིད། །མངོན་སུམ་ སྟོན་མཛད་བླ་མའི་ཞབས་ལ་འདུད། །འཕོ་བའི་ལོངས་སྤྱོད་ཀུན་ལ་མི་ལྟོས་པས། །འཕོ་ ལ་ཆགས་པས་འཕོ་བའི་ཉེས་བཅོམ་ནས། །རྒྱུ་མཐུན་འབྲས་བུ་ཐམས་ཅད་མཁྱེན་པ་ ཉིད། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཨོཾ་ཡིག་རྣམ་པ་སྣ་ཚོགས་སྐད་ ཅིག་མ། །སྤྱི་བོའི་འཁོར་ལོ་དག་པའི་ཧེ་རུ་ཀ །སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་བྱང་ཆུབ་ པ། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཨཱཿཡིག་རྣམ་པར་སྨིན་པའི་སྐད་ ཅིག་མས། །མགྲིན་པའི་འཁོར་ལོ་དག་པའི་ཧེ་རུ་ཀ །རྣམ་པ་ཉི་ཤུས་མངོན་རྫོགས་བྱང་ ཆུབ་པ། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཧཱུཾ་ཡིག་རྣམ་པར་འཇོམས་ པའི་སྐད་ཅིག་མས། །སྙིང་གའི་འཁོར་ལོ་དག་པའི་ཧེ་རུ་ཀ །རྣམ་པ་ལྔ་ཡིས་མངོན་ རྫོགས་བྱང་ཆུབ་པ། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཧོཿཡིག་མཚན་ ཉིད་བྲལ་བའི་སྐད་ཅིག་མས། །ལྟེ་བའི་འཁོར་ལོ་དག་པའི་ཧེ་རུ་ཀ །སྐད་ཅིག་གཅིག་ གིས་མངོན་རྫོགས་བྱང་ཆུབ་པ། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་ འདུད། །གདན་བཞི་བདེན་བཞི་དེ་ཉིད་བཞི་ལ་སོགས། །རིགས་བཞིའི་འཁོར་ལོ་དཀྱིལ་ འཁོར་བླ་མ་དང༌། །སངས་རྒྱས་སྲས་བཅས་ཀུན་ལ་ཕྱག་འཚལ་མཆོད། །སྡིག་པ་ཀུན་ བཤགས་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར་དུ་གསོལ། །མྱ་ངན་མི་ འདའ་ཡུན་རིང་བཞུགས་གསོལ་འདེབས། །ལུས་འབུལ་སྐྱབས་མཆི་བྱང་ཆུབ་སེམས་ བསྐྱེད་བགྱི། །དགེ་བ་གང་བསགས་སྐུ་བཞི་ཐོབ་ཕྱིར་བསྔོ། ། རྒྱལ་བའི་རིགས་བཞིའི་འཁོར་ལོ་ཞེས་བྱ་བའི་གསོལ་འདེབས་འདི་ནི། བླ་མ་སྐུ་བཞིའི་ བྲན་དུ་གྱུར་པ། ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བཀོད་པའོ།། །། དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །ཀུན་རྫོབ་ལུས་ལ་སོགས་པའི་སྦུབས་ བཅོམ་པས། །དོན་དམ་འོད་གསལ་བདེ་གཤེགས་སྙིང་པོ་ཡི། །ལུས་ངག་སེམས་དང་ 8-1-320 ཆགས་པ་གཞན་ཐོབ་ཤོག །ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུའང༌། །ལྟོས་མེད་བཞི་དང་རྡོ་ རྗེའི་རྣལ་འབྱོར་བཞི། །རྣམ་ཐར་སྒོ་བཞི་ཚངས་པའི་གནས་བཞི་ཡིས། །གནས་སྐབས་ རྣམ་བཞི་སྦྱོང་ལ་བརྩོན་པར་ཤོག། །།མང་ག་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-321 ༄༅། །སྐུ་བཞིའི་གསོལ་འདེབས་བཞུགས་སོ།། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿ དཔལ་ལྡན་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ། །བདག་དང་སྲིད་གསུམ་ སེམས་ཅན་མ་ལུས་པའི། །སྤྱི་བོའི་འཁོར་ལོ་ལུས་ཀྱི་ཐིག་ལེ་ལ། །རྟག་ཏུ་བཞུགས་ནས་ བྱིན་གྱིས་བརླབ་ཏུ་གསོལ། །བུམ་པའི་དབང་གིས་མངོན་པར་དབང་བསྐུར་ཏེ། །ལུས་ཀྱི་ ལོངས་སྤྱོད་ཀུན་ལ་མི་ལྟོས་པར། །བསྙེན་པའི་ཡན་ལག་དབྱིབས་ཀྱི་རྣལ་འབྱོར་ དང༌། །འདུ་མི་བྱེད་པའི་རྣམ་པར་ཐར་པ་ཡིས། །སད་པའི་གནས་སྐབས་ལུས་ཀྱི་སྒྲིབ་ བྲལ་ནས། །དགའ་བའི་དགའ་བ་སྐུ་ཡི་རྡོ་རྗེ་འཛིན། །དྲི་མེད་འབྲས་བུ་པད་འདབ་ ཡངས་པའི་སྤྱན། །སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་སྟེ། །སྣ་ཚོགས་གཟུགས་བརྙན་ ངེས་པ་མེད་པ་པོ། །དབྱིབས་ཀྱི་རྣམ་པ་རྫུ་འཕྲུལ་བགྲོད་པ་ཅན། །གང་ལ་གང་འདུལ་ ཅིར་ཡང་སྤྲུལ་པའི་སྐུ། །དམ་ཚིག་སེམས་དཔར་དེང་བདག་གྲུབ་པར་མཛོད། ། དཔལ་ལྡན་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ། །བདག་དང་སྲིད་གསུམ་སེམས་ཅན་མ་ ལུས་པའི། །མགྲིན་པའི་འཁོར་ལོ་ངག་གི་ཐིག་ལེ་ལ། །རྟག་ཏུ་བཞུགས་ནས་བྱིན་གྱིས་ བརླབ་ཏུ་གསོལ། །གསང་བའི་དབང་གིས་མངོན་པར་དབང་བསྐུར་ཏེ། །ངག་གི་ལོངས་ སྤྱོད་ཀུན་ལ་མི་ལྟོས་པར། །ཉེ་བར་སྒྲུབ་པ་སྔགས་ཀྱི་རྣལ་འབྱོར་དང༌། །སྨོན་པ་མེད་ པའི་རྣམ་པར་ཐར་པ་ཡིས། །རྨི་ལམ་གནས་སྐབས་ངག་གི་སྒྲིབ་བྲལ་ནས། །མཆོག་ དགའི་དགའ་བ་གསུང་གི་རྡོ་རྗེ་འཛིན། །སྐྱེས་བུ་བྱེད་འབྲས་ཉིན་མོར་བྱེད་པའི་ སྐུ། །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་སྟེ། །གཞོམ་དུ་མེད་པའི་རང་སྒྲ་མི་ཟད་ དབྱངས། །ཐམས་ཅད་སྐད་ཀྱིས་ཇི་ལྟར་མོས་བཞིན་དུ། །ཐེག་པ་ཀུན་སྟོན་ལོངས་སྤྱོད་ རྫོགས་པའི་སྐུ། །སེམས་དཔའ་ཆེན་པོར་དེང་བདག་གྲུབ་པར་མཛོད། ། དཔལ་ལྡན་བླ་མ་འོད་གསལ་ཆོས་ཀྱི་སྐུ། །བདག་དང་སྲིད་གསུམ་སེམས་ཅན་མ་ལུས་ པའི། །སྙིང་ཁའི་འཁོར་ལོ་ཡིད་ཀྱི་ཐིག་ལེ་ལ། །རྟག་ཏུ་བཞུགས་ནས་བྱིན་གྱིས་བརླབ་ཏུ་ གསོལ། །གསུམ་པའི་དབང་གིས་མངོན་པར་དབང་བསྐུར་ཏེ། །ཡིད་ཀྱི་ལོངས་སྤྱོད་ཀུན་ 8-1-322 ལ་མི་ལྟོས་པར། །སྒྲུབ་པའི་ཡན་ལག་ཆོས་ཀྱི་རྣལ་འབྱོར་དང༌། །མཚན་མ་མེད་པའི་ རྣམ་པར་ཐར་པ་ཡིས། །གཉིད་འཐུག་གནས་སྐབས་ཡིད་ཀྱི་སྒྲིབ་བྲལ་ནས། །ཁྱད་པར་ དགའ་བ་ཐུགས་ཀྱི་རྡོ་རྗེ་འཛིན། །རྣམ་སྨིན་འབྲས་བུ་ཡེ་ཤེས་ཆེན་པོའི་སྐུ། །རྣམ་པ་ལྔ་ ཡིས་མངོན་པར་བྱང་ཆུབ་སྟེ། །སེམས་ཀྱི་རང་བཞིན་གདོད་ནས་འོད་གསལ་ཆེ། །མཁའ་ དབྱིངས་ཀུན་ཁྱབ་གཏི་མུག་ཆེན་པོའི་བདག །རྣམ་པར་མི་རྟོག་སྤྲོས་བྲལ་ཆོས་ཀྱི་ སྐུ། །བྱང་ཆུབ་སེམས་དཔར་དེང་བདག་གྲུབ་པར་མཛོད། ། དཔལ་ལྡན་བླ་མ་ལྷན་ཅིག་སྐྱེས་པའི་སྐུ། །བདག་དང་སྲིད་གསུམ་སེམས་ཅན་མ་ལུས་ པའི། །ལྟེ་བའི་འཁོར་ལོ་ཡེ་ཤེས་ཐིག་ལེ་ལ། །རྟག་ཏུ་བཞུགས་ནས་བྱིན་གྱིས་བརླབ་ཏུ་ གསོལ། །བཞི་པའི་དབང་གིས་མངོན་པར་དབང་བསྐུར་ཏེ། །འཕོ་བའི་ལོངས་སྤྱོད་ཀུན་ ལ་མི་ལྟོས་པས། །སྒྲུབ་པ་ཆེན་པོ་དག་པའི་རྣལ་འབྱོར་དང༌། །སྟོང་པ་ཉིད་ཀྱི་རྣམ་པར་ ཐར་པ་ཡིས། །ཆགས་པའི་གནས་སྐབས་ཡེ་ཤེས་སྒྲིབ་བྲལ་ནས། །ལྷན་ཅིག་སྐྱེས་དགའ་ ཡེ་ཤེས་རྡོ་རྗེ་འཛིན། །རྒྱུ་མཐུན་འབྲས་བུ་ཐམས་ཅད་མཁྱེན་པའི་སྐུ། །སྐད་ཅིག་གཅིག་ གིས་མངོན་པར་བྱང་ཆུབ་སྟེ། །འགྱུར་བ་མེད་པ་མཆོག་གི་བདེ་བ་ཆེ། །སྣང་སྲིད་ཀུན་ ཁྱབ་འདོད་ཆགས་ཆེན་པོའི་བདག །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དག་པའི་སྐུ། །རྡོ་རྗེ་ སེམས་དཔར་དེང་བདག་གྲུབ་པར་མཛོད། ། གང་དག་སྐུ་བཞིའི་ངོ་བོ་བླ་མ་ལ། །ཚུལ་འདིས་ཐུན་བཞིའི་ངོ་བོར་གསོལ་འདེབས་ པ། །དེ་དག་དབང་བཞིའི་ཆབ་ཀྱིས་ལེགས་བཀྲུས་ནས། །དགའ་བ་རྣམ་བཞིའི་དྲི་ཡིས་ བྱུག་པ་ལ། །བསྙེན་སྒྲུབ་རྣམ་བཞིའི་གོས་ཀྱིས་ཀླུབས་བྱས་ཤིང༌། །རྡོ་རྗེ་རྣམ་བཞིའི་རྒྱན་ གྱིས་ལེགས་བརྒྱན་ཏེ། །ཚད་མེད་རྣམ་བཞིའི་དྲྭ་བས་རབ་མཛེས་པའི། །རྣམ་ཐར་སྒོ་ བཞིའི་ཐེག་པ་མཆོག་ཞོན་ཅིང༌། །ལྟོས་མེད་རྣམ་བཞིའི་ལྕགས་ཀྱིས་ལེགས་བསྐུལ་ ཏེ། །བག་ཆགས་རིགས་བཞིའི་གཡང་ས་རབ་སྤངས་ནས། །ནམ་ཡང་བདུད་བཞིའི་ འཇིགས་པ་མེད་པའི་གྲོང༌། །མཁྱེན་པ་རྣམ་བཞིའི་ཁང་བཟང་ཉམས་དགའ་བར། ། བྱང་ཆུབ་རྣམ་བཞི་འདུན་པས་ལེགས་བཞུགས་ནས། །སེམས་དཔའ་རྣམ་བཞིའི་གདན་ 8-1-323 ལ་ཉེར་འདུག་སྟེ། །སྐད་ཅིག་རྣམ་བཞིའི་འཁོར་གྱིས་ལེགས་བསྐོར་ཞིང༌། །ཟག་མེད་སྐུ་ བཞིའི་དཔལ་ལ་སྤྱོད་པ་དང༌། །སྐྱེ་གནས་རྣམ་བཞིའི་སྐྱེ་བོ་མཐའ་དག་ལ། །བསྡུ་བ་རྣམ་ བཞིའི་དགའ་སྟོན་རབ་བཀྱེ་སྟེ། །ཟག་བཅས་རྣམ་བཞིའི་རབ་རིབ་ཀུན་གསལ་ ནས། །བདེན་པ་རྣམ་བཞིའི་ཆོས་ཉིད་མཐོང་བར་ཤོག །ཅེས་བཙུན་པ་དོལ་པོ་པས་སྦྱར་ བའོ།། །། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ། ༢༠༤ དང༌། ཡང་དཔེ་རྙིང་ཞིག་ཡིན།) 8-1-324 ༄༅། །དྲུག་དྲུག་སོ་དྲུག་གི་གསོལ་འདེབས་ བཞུགས་སོ། ། 8-1-325 ༄༅། །དྲུག་དྲུག་སོ་དྲུག་གི་གསོལ་འདེབས་ བཞུགས་སོ། ། ༄༅། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣམ་དག་ཕུང་པོ་དྲུག་ དང་ཁམས་དྲུག་དང༌། །དབང་པོ་དྲུག་དང་དབང་པོའི་ཡུལ་དྲུག་དང༌། །ལས་དབང་ དྲུག་དང་དེ་ཡི་བྱ་བ་དྲུག །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །རྣམ་ཤེས་ ཕུང་པོ་ཡེ་ཤེས་ཁམས་དག་པ། །མི་བསྐྱོད་རྡོ་རྗེ་ཤེས་རབ་ཕ་རོལ་ཕྱིན། །ལྗང་སྔོན་ཐབས་ དང་ཤེས་རབ་གཉིས་མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །འདུ་ བྱེད་ཕུང་པོ་ས་ཡི་ཁམས་དག་པ། །དོན་ཡོད་གྲུབ་པ་ལྷ་མོ་སངས་རྒྱས་སྤྱན། །ནག་སེར་ ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་ འཚལ། །ཚོར་བའི་ཕུང་པོ་ཆུ་ཡི་ཁམས་དག་པ། །རིན་ཆེན་འབྱུང་ལྡན་ལྷ་མོ་མཱ་མ་ ཀི། །དམར་དཀར་ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་ འཇུག་ལ་ཕྱག་འཚལ། །འདུ་ཤེས་ཕུང་པོ་མེ་ཡི་ཁམས་དག་པ། །སྣང་བ་མཐའ་ཡས་ལྷ་མོ་ གོས་དཀར་མོ། །དཀར་དམར་ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །ཀུན་ཁྱབ་བདེ་ སྟོང་ཟུང་འཇུག་ལ་ཕྱག་འཚལ། །གཟུགས་ཀྱི་ཕུང་པོ་རླུང་གི་ཁམས་དག་པ། །རྣམ་པར་ སྣང་མཛད་ལྷ་མོ་སྒྲོལ་མ་ཡུམ། །སེར་ནག་ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །ཀུན་ ཁབ་བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །ཡེ་ཤེས་ཕུང་པོ་ནམ་མཁའི་ཁམས་དག་ པ། །རྡོ་རྗེ་སེམས་དཔའ་རྡོ་རྗེ་དབྱིངས་ཕྱུག་མ། །སྔོ་ལྗང་ཐབས་དང་ཤེས་རབ་གཉིས་ མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །རྣ་བའི་དབང་པོ་སྒྲ་ཡི་ ཁམས་དག་པ། །ཕྱག་ན་རྡོ་རྗེ་སྒྲ་ཡི་རྡོ་རྗེ་མ། །ལྗང་སྔོན་ཐབས་དང་ཤེས་རབ་གཉིས་ མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །སྣ་ཡི་དབང་པོ་དྲི་གཞན་ རྣམ་དག་པ། །ནམ་མཁའི་སྙིང་པོ་དྲི་ཡི་རྡོ་རྗེ་མ། །ནག་སེར་ཐབས་དང་ཤེས་རབ་གཉིས་ མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །མིག་གི་དབང་པོ་གཟུགས་ 8-1-326 གཞན་རྣམ་དག་པ། །ས་ཡི་སྙིང་པོ་གཟུགས་ཀྱི་རྡོ་རྗེ་མ། །དམར་དཀར་ཐབས་དང་ཤེས་ རབ་གཉིས་མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །ལྕེ་ཡི་དབང་པོ་ རོ་གཞན་རྣམ་དག་པ། །འཇིག་རྟེན་དབང་ཕྱུག་རོ་ཡི་རྡོ་རྗེ་མ། །དཀར་དམར་ཐབས་ དང་ཤེས་རབ་གཉིས་མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །ལུས་ ཀྱི་དབང་པོ་རེག་གཞན་རྣམ་དག་པ། །སྒྲིབ་པ་རྣམས་སེལ་རེག་བྱ་རྡོ་རྗེ་མ། །སེར་ནག་ ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་ འཚལ། །ཡིད་ཀྱི་དབང་པོ་ཆོས་གཞན་རྣམ་དག་པ། །ཀུན་ཏུ་བཟང་པོ་ཆོས་ཁམས་རྡོ་རྗེ་ མ། །སྔོ་ལྗང་ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ ཕྱག་འཚལ༌། །གསང་བའི་དབང་པོ་དྲི་ཆུ་འདོར་བ་དག །གཙུག་ཏོར་ཅན་དང་ཁྲོ་མོ་ ཤིན་ཏུ་སྔོ། །ལྗང་སྔོན་ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་ འཇུག་ལ་ཕྱག་འཚལ། །ངག་གི་དབང་པོ་བརྗོད་པ་རྣམ་དག་པ། །བགེགས་མཐར་བྱེད་ དང་ཁྲོ་མོ་རེངས་བྱེད་མ། །ནག་སེར་ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །ཀུན་ཁྱབ་ བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །ལག་པའི་དབང་པོ་ལེན་པ་རྣམ་པར་དག ། ཤེས་ རབ་མཐར་བྱེད་ཁྲོ་མོ་ཁེངས་བྱེད་མ། །དམར་དཀར་ཐབས་དང་ཤེས་རབ་གཉིས་མེད་ སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །རྐང་པའི་དབང་པོ་འགྲོ་བ་རྣམ་ དག་པ། །པད་མ་མཐར་བྱེད་ཁྲོ་མོ་རྨུགས་བྱེད་མ། །དཀར་དམར་ཐབས་དང་ཤེས་རབ་ གཉིས་མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །བཤང་ལམ་དབང་པོ་ དྲི་ཆེན་འདོར་བ་དག །གཤིན་རྗེ་མཐར་བྱེད་ཁྲོ་མོ་ཤིན་ཏུ་སྟོབས། །སེར་ནག་ཐབས་ དང་ཤེས་རབ་གཉིས་མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་འཚལ། །མཆོག་ གི་དབང་པོ་བྱང་སེམས་འདོར་བ་དག །གནོད་མཛེས་རྒྱལ་པོ་ཁྲོ་མོ་དྲག་སྤྱན་མ། །སྔོ་ ལྗང་ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ཕྱག་ འཚལ། །ནམ་མཁའ་རླུང་མེ་ཆུ་ས་ཡེ་ཤེས་ཀྱི། །ཁ་དོག་ལྗང་ནག་དམར་དཀར་སེར་དང་ སྔོ། །ས་བོན་མཚན་མ་ལྷ་དང་རིགས་དང་ཁམས། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ལ་ 8-1-327 ཕྱག་འཚལ། །དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ། །བདེན་གཉིས་རིགས་ཀྱི་རྣམ་བཞག་ མཁས་པ་ཡིས། །གསུང་རབ་ཟབ་མོའི་ལམ་ལ་ལེགས་ཞུགས་ཏེ། །རྡོ་རྗེ་ཐེག་པའི་བཅུད་ ཀྱིས་ཚིམ་པར་ཤོག། །།མངྒ་ལཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-328 ༄༅། །རྒྱལ་བ་རིགས་དྲུག་གི་གསོལ་འདེབས་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ ཡེ་ཤེས་ཀྱི་རང་བཞིན་དཔལ་ལྡན་བླ་མ་དམ་པའི་ཐུགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་ མཆིའོ། །ཐུགས་རྗེ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། གསང་སྔགས་རྒྱལ་པོ་སོར་སྡུད་ཡན་ལག་གིས། །ཀུན་རྫོབ་ཡེ་ཤེས་ཕུང་པོ་ཡེ་ཤེས་ ཁམས། །ཡིད་ཀྱི་དབང་པོ་སྒྲ་དང་དབང་པོ་མཆོག །མི་བསྐྱོད་འབབ་པ་སྤངས་པའི་དེ་ རྣམས་གཞན། །དོན་དམ་རྡོ་རྗེ་སེམས་དཔའ་སྣ་ཚོགས་ཡུམ། །ཀུན་ཏུ་བཟང་པོ་སྒྲ་ཡི་རྡོ་ རྗེ་མ། །གནོད་མཛེས་རྒྱལ་དང་ཤིན་ཏུ་སྔོན་མོ་སྟེ། །ཤིན་ཏུ་རྣམ་དག་ཆོས་ཀྱི་དབྱིངས་ ལ་འདུད། །གསང་སྔགས་རྒྱལ་པོ་བསམ་གཏན་ཡན་ལག་གིས། །ཀུན་རྫོབ་རྣམ་ཤེས་ཕུང་ པོ་ནམ་མཁའི་ཁམས། །རྣ་བའི་དབང་པོ་ཆོས་ཁམས་གསང་གནས་དབང༌། །ས་བོན་ འབབ་པ་སྤངས་པའི་དེ་རྣམས་གཞན། །དོན་དམ་མི་བསྐྱོད་རྡོ་རྗེ་དབྱིངས་ཕྱུག་ མ། །ཕྱག་ན་རྡོ་རྗེ་ཆོས་ཀྱི་ཁམས་མ་དང༌། །ཁྲོ་ཆེན་གཙུག་ཏོར་དྲག་སྤྱན་མ་རྣམས་ ཏེ། །ཆོས་དབྱིངས་ཡེ་ཤེས་བླ་མའི་ཐུགས་ལ་འདུད། །གསང་སྔགས་རྒྱལ་པོ་སྲོག་རྩོལ་ ཡན་ལག་གིས། །ཀུན་རྫོབ་འདུ་བྱེད་ཕུང་པོ་རླུང་གི་ཁམས། །སྣ་ཡི་དབང་པོ་རེག་བྱ་ངག་ གི་དབང༌། །རྣམ་སྣང་འབབ་པ་སྤངས་པའི་དེ་རྣམས་གཞན། །དོན་དམ་དོན་ཡོད་གྲུབ་ དང་སྒྲོལ་མ་གཞན། །ནམ་མཁའི་སྙིང་པོ་རེག་བྱ་རྡོ་རྗེ་མ། །ཤིན་ཏུ་སྟོབས་དང་ཤིན་ཏུ་ སྟོབས་མ་སྟེ། །བྱ་གྲུབ་ཡེ་ཤེས་བླ་མའི་ཐུགས་ལ་འདུད། །གསང་སྔགས་རྒྱལ་པོ་འཛིན་ པའི་ཡན་ལག་གིས། །ཀུན་རྫོབ་ཚོར་བའི་ཕུང་པོ་མེ་ཡི་ཁམས། །མིག་གི་དབང་པོ་རོ་དང་ ལག་པའི་དབང༌། །འགྲོ་བའི་བྱ་བ་སྤངས་པའི་དེ་རྣམས་གཞན། །དོན་དམ་རིན་ཆེན་ དབང་པོ་གོས་དཀར་མོ། །ས་ཡི་སྙིང་པོ་རོ་མཆོག་རྡོ་རྗེ་མ། །རྨུགས་བྱེད་དང་ནི་རྨུགས་ བྱེད་མ་རྣམས་ཏེ། །མཉམ་ཉིད་ཡེ་ཤེས་བླ་མའི་ཐུགས་ལ་འདུད། །གསང་སྔགས་རྒྱལ་པོ་ 8-1-329 རྗེས་དྲན་ཡན་ལག་གིས། །ཀུན་རྫོབ་འདུ་ཤེས་ཕུང་པོ་ཆུ་ཡི་ཁམས། །ལྕེ་ཡི་དབང་པོ་ གཟུགས་དང་རྐང་པའི་དབང༌། །ལེན་པའི་བྱ་བ་སྤངས་པའི་དེ་རྣམས་གཞན། །དོན་ དམ་སྣང་བ་མཐའ་ཡས་མཱ་མ་ཀཱི། །འཇིག་རྟེན་དབང་ཕྱུག་གཟུགས་ཀྱི་རྡོ་རྗེ་མ། །ཁེངས་ བྱེད་དང་ནི་ཁེངས་བྱེད་མ་རྣམས་ཏེ། །སོར་རྟོག་ཡེ་ཤེས་བླ་མའི་ཐུགས་ལ་ འདུད། །གསང་སྔགས་རྒྱལ་པོ་ཏིང་འཛིན་ཡན་ལག་གིས། །ཀུན་རྫོབ་གཟུགས་ཀྱི་ཕུང་པོ་ ས་ཡི་ཁམས། །ལུས་ཀྱི་དབང་པོ་དྲི་དང་དྲི་ཆེན་དབང༌། །བརྗོད་པའི་བྱ་བ་སྤངས་པའི་ དེ་རྣམས་གཞན། །དོན་དམ་རྣམ་པར་སྣང་མཛད་སྤྱན་མ་དང༌། །སྒྲིབ་ཀུན་རྣམ་སེལ་དྲི་ ཡི་རྡོ་རྗེ་མ། །རེངས་བྱེད་དང་ནི་རེངས་བྱེད་མ་རྣམས་ཏེ། །མེ་ལོང་ཡེ་ཤེས་བླ་མའི་ ཐུགས་ལ་འདུད། །ཀུན་རྫོབ་ཕུང་པོ་སུམ་ཅུ་རྩ་དྲུག་དང༌། །ཁམས་ཀྱི་རྣམ་འགྱུར་སུམ་ཅུ་ རྩ་དྲུག་གི །སྦུབས་ལས་ངེས་གྲོལ་དོན་དམ་འོད་གསལ་གྱི། །ཕུང་པོ་ཁམས་སོགས་བླ་ མའི་ཐུགས་ལ་འདུད། །ཕྱི་ནང་ཟླ་བ་རབ་འགགས་ཟླ་བ་གཞན། །དོན་དམ་རྡོ་རྗེ་ཟླ་བ་ དྲི་མེད་འོད། །དེ་ཉིད་བཅུ་དྲུག་རིག་པ་བླ་མའི་ཐུགས། །སྟོང་པ་ཆེན་པོ་འགྱུར་མེད་ལྔ་ ལ་འདུད། །ཕྱི་ནང་ཉི་མ་རབ་འགགས་ཉི་མ་གཞན། །དོན་དམ་རྡོ་རྗེ་ཉི་མ་སྣང་བ་ ཆེ། །བདེན་དོན་བཅུ་གཉིས་ལྡན་པ་བླ་མའི་ཐུགས། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ལ་ འདུད། །གསལ་བྱེད་འདུས་པ་དམིགས་བཅས་སྟོང་ཉིད་ཨེ། །དབྱངས་ཡིག་འདུས་པ་ དམིགས་མེད་སྙིང་རྗེ་ཝཾ། །ཨེ་ཝཾ་རོ་མཉམ་རང་བྱུང་ཡེ་ཤེས་དབྱིངས། །བདེ་གཤེགས་ སྙིང་པོ་བླ་མའི་ཐུགས་ལ་འདུད། །ཀུན་འགྲོ་ཀུན་ཁྱབ་བསམ་དུ་མེད་པའི་ཐུགས། །ཀུན་ གྱི་གཙོ་བོ་དཔལ་ལྡན་རྡོ་རྗེ་འཆང༌། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ ཡི། །དཀྱིལ་འཁོར་ཡངས་པ་བླ་མའི་ཐུགས་ལ་འདུད། །སུམ་ཅུ་རྩ་བདུན་བྱང་ཆུབ་ ཕྱོགས་ཀྱི་ཆོས། །རང་བཞིན་གྱིས་དག་དྲི་མའི་སྦུབས་ལས་ཀྱང༌། །རྣམ་པར་གྲོལ་བའི་ ཆོས་ཀུན་འདུས་པའི་སྐུ། །ཆོས་ཉིད་ཆོས་དབྱིངས་བླ་མའི་ཐུགས་ལ་འདུད། ། རྒྱལ་བ་རིགས་དྲུག་གི་འཁོར་ལོ་ཞེས་བྱ་བ་རྒྱུད་ལ་འཇུག་པའི་གསོལ་འདེབས་འདི་ ཡང༌། ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བཀོད་པའོ།། །།དགེ་བ་འདི་ཡིས་ 8-1-330 བདག་དང་སེམས་ཅན་ཀུན། །དྲུག་དྲུག་སུམ་ཅུ་རྩ་དྲུག་ཀུན་རྫོབ་ཀྱི། །སྦུབས་ལས་ངེས་ གྲོལ་སུམ་ཅུ་རྩ་དྲུག་གཞན། །དོན་དམ་དབྱིངས་ཀྱི་སུམ་ཅུ་དྲུག་ཐོབ་ཤོག །ཇི་སྲིད་དེ་མ་ ཐོབ་པ་དེ་སྲིད་དུའང༌། །ཕ་རོལ་ཕྱིན་དྲུག་སྔགས་ཀྱི་རྒྱལ་པོ་དྲུག །ཡན་ལག་དྲུག་གིས་རྩ་ དྲུག་འཁོར་ལོ་དྲུག །རྣམ་པར་སྦྱངས་ནས་རྒྱུ་དྲུག་སྦྱོང་བར་ཤོག། །།མངྒ་ལཾ། བྷ་ཝན་ ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-331 ༄༅། །ཕྱོགས་དུས་ཀུན་ཁྱབ་མ་བཞུགས་སོ། ། 8-1-332 ༄༅། །ཕྱོགས་དུས་ཀུན་ཁྱབ་མ་བཞུགས་སོ། ། ༄༅། །ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་ མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་ གྱིས། །འདིར་གཤེགས་མཆོད་སྦྱིན་རྒྱ་མཚོའི་དབུས་བཞུགས་གསོལ། །གང་ཞིག་དྲན་ པས་སྡུག་བསྔལ་ཀུན་སེལ་ཞིང༌། །གུས་པས་བསྟེན་ན་བླ་མེད་མཆོག་སྩོལ་བ། །དབང་ རྒྱུད་མན་ངག་དོན་སྟོན་ལ་སོགས་པའི། །རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱེ་དགུ་ བསམ་འཕེལ་ཡིད་བཞིན་ནོར་བུའི་སྐུ། །སྡུག་བསྔལ་ཞི་བྱེད་སྨན་ཆེན་བདུད་རྩིའི་ གསུང༌། །ཡེ་ཤེས་ཐུགས་རྗེ་མཁར་ལྟར་ཁྱབ་པའི་ཐུགས། །བརྒྱུད་པའི་བླ་མ་རྣམས་ལ་ ཕྱག་འཚལ་ལོ། །མི་གཡོ་གསུམ་ལྡན་རྡོ་རྗེ་རྣལ་འབྱོར་གྱིས། །རླུང་སེམས་དག་པའི་ རྟགས་བཅུ་མངོན་དུ་གྱུར། །དྷཱུ་ཏཱིའི་ལམ་སྦྱངས་འོད་གསལ་ངང་ལ་བཞུགས། །སྦྱོར་དྲུག་ བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །རང་བཞིན་ལྷུན་གྲུབ་འོད་གསལ་འདུས་མ་ བྱས། །མ་བཅོས་ཀ་དག་ཟུང་འཇུག་རོལ་པའི་ངང༌། །དགོངས་བརྒྱུད་བརྡ་བརྒྱུད་སྙན་ བརྒྱུད་ལ་སོགས་པའི། །རྫོགས་ཆེན་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །ཡིད་ལ་མི་བྱེད་ དོན་ལ་རྒྱུད་སྦྱངས་ནས། །རེ་དོགས་རྩོད་བྲལ་གང་ཡང་བློ་ལས་འདས། །དེ་ལོ་ནཱ་རོ་མར་ པ་མི་ལ་སོགས། །ཕྱག་ཆེན་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །སྣང་བ་རྒྱུད་གསུམ་སྙན་ རྒྱུད་མན་ངག་གིས། །དབུ་མར་འགྲོས་བཞི་ཐིམ་ནས་མཆོག་བརྙེས་པ། །དབང་ཕྱུག་ འབིར་བ་པ་ལ་སོགས་པ་ཡི། །ལམ་འབྲས་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །ལྷག་ བསམ་རྣམ་དག་ཐབས་ཀྱིས་རྒྱུད་སྦྱངས་ནས། །ཕྱི་ནང་འགལ་རྐྱེན་ཆོས་སྐུ་ཆེན་པོར་ རྟོགས། །རྗེ་བཙུན་དམ་པ་རྒྱ་གར་ལ་སོགས་པའི། །ཞི་བྱེད་བརྒྱུད་པ་རྣམས་ལ་ཕྱག་ འཚལ་ལོ། །བྱམས་དང་སྙིང་རྗེ་ཆེན་པོས་རྒྱུད་སྦྱངས་ནས། །མཐའ་ཡས་སེམས་ཅན་ བདེ་ལ་འགོད་མཛོད་པའི། །དཔལ་ལྡན་ཇོ་བོ་ཆེན་པོ་ལ་སོགས་པའི། །བློ་སྦྱོངས་བརྒྱུད་ པ་རྣམས་ལ་ཕྱག་འཚལ་ལོ། །སྦྱང་བྱ་མེད་པའི་དོན་ལ་རྒྱུད་སྦྱངས་ནས། །རོ་སྙོམས་སྤྱོད་ 8-1-333 པས་གང་བྱུང་ཐད་དཀར་སྤྱོད། །མ་ཅིག་ལབ་ཀྱི་སྒྲོལ་མ་ལ་སོགས་པའི། །གཅོད་ཡུལ་ བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ལུས་ལ་རླུང་སེམས་རྟེན་འབྲེལ་ འགྲིགས། །དགའ་བཞིའི་ཡེ་ཤེས་བདེ་སྟོང་གར་གྱིས་རོལ། །ཟུང་འཇུག་འོད་གསལ་འགྲོ་ འོང་མེད་པར་རྟོགས། །ཆོས་དྲུག་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །སྒྱུ་ལུས་རྨི་ལམ་ ཟབ་མོས་རྒྱུད་སྦྱངས་ནས། །ཟུང་འཇུག་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །གྲུབ་ཐོབ་ཁྱུང་ པོ་རྣལ་འབྱོར་ལ་སོགས་པ། །ཤངས་པ་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །བསྐྱེད་ རྫོགས་རིམ་གཉིས་ཟབ་མོའི་རྒྱུད་སྦྱངས་ནས། །ཁྱེར་སོ་གསུམ་གྱི་དོན་ལ་བརྟན་པ་ ཐོབ། །འཕགས་པ་སྤྱན་རས་གཟིགས་དབང་ལ་སོགས་པའི། །དམར་ཁྲིད་བརྒྱུད་པ་ རྣམས་ལ་ཕྱག་འཚལ་ལོ། །བཅིངས་གྲོལ་མེད་པའི་དོན་ལ་རྒྱུད་སྦྱངས་ནས། །འོད་གསལ་ གཉུག་མ་འགྲོ་འོང་མེད་པར་རྟོགས། །རྣལ་འབྱོར་དབང་ཕྱུག་མི་དྲ་ལ་སོགས་ པའི། །ངལ་བསོའི་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །མཐའ་བརྒྱད་སྤྲོས་པའི་སྐྱོན་ལ་ ངེས་གྲོལ་ཏེ། །མཐའ་བྲལ་སྙིང་པོ་འདོན་ལ་མངའ་བརྙེས་པའི། །སློབ་དཔོན་འཕགས་པ་ ཀླུ་སྒྲུབ་ལ་སོགས་པའི། །དབུ་མའི་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །ཟབ་ལམ་སྟོང་ ཉིད་སྙིང་རྗེས་རྒྱུད་སྦྱངས་ནས། །ཐུགས་རྗེའི་འཕྲིན་ལས་ཐར་ལམ་ས་བཅུ་ བགྲོད། །བསྒྲུབ་མཆོག་དགེ་སློང་དཔལ་མོ་ལ་སོགས་པའི། །བསྙུང་གནས་བརྒྱུད་པ་ རྣམས་ལ་ཕྱག་འཚལ་ལོ། །བསྙུང་གནས་གཟུངས་སྔགས་ཟབ་མོས་རྒྱུད་སྦྱངས་ ནས། །བདེ་ཆེན་ཐར་པའི་འཕགས་པའི་གོ་འཕང་བརྙེས། །དགེ་བསྙེན་ཞི་བའི་གོ་ཆ་ལ་ སོགས་པའི། །དོན་ཞགས་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །སྦྱོར་དངོས་རྗེས་གསུམ་ སྐྱོན་ལས་ངེས་གྲོལ་ཞིང༌། །ལུས་ངག་ཡིད་གསུམ་དགེ་བའི་ལས་ལ་སྦྱོར། །མཁན་པོ་བོ་དྷི་ སཏྭ་ལ་སོགས་པའི། །སྡོམ་མཆོག་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །སྨིན་གྲོལ་ལམ་ སོགས་རྣམས་ཀྱིས་རྒྱུད་སྦྱངས་ནས། །གཟུང་འཛིན་ཀུན་གྲོལ་མཉམ་ཉིད་ཆེན་པོར་ རྟོགས། །རྒྱལ་བ་བྱམས་པ་མགོན་པོ་ལ་སོགས་པའི། །རྟེན་འབྲེལ་སྙིང་བརྒྱུད་རྣམས་ལ་ ཕྱག་འཚལ་ལོ། །གྲོལ་ལམ་བསྐྱེད་རྫོགས་ཟབ་མོས་རྒྱུད་སྦྱངས་ནས། །གཟུང་འཛིན་ཀུན་ 8-1-334 གྲོལ་ཁྱབ་བདག་བདེ་ཆེན་བརྙེས། །འདྲེན་མཆོག་རྡོ་རྗེ་འཆང་ཆེན་ལ་སོགས་ པའི། །གསང་སྔགས་སྤྱི་རྒྱུད་རྣམས་ལ་ཕྱག་འཚལ་ལོ། །མཁྱེན་གསུམ་གཞི་ལམ་སྦྱོར་ བཞིས་རྒྱུད་སྦྱངས་ནས། །སྐུ་བཞིའི་འཕྲིན་ལས་མཛད་པ་མཐར་རུ་ཕྱིན། །རྒྱལ་བ་ཤཱཀྱ་ ཐུབ་པ་ལ་སོགས་པའི། །མདོ་ཡི་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །རིག་པའི་གནས་ལྔ་ དག་ལ་རྒྱུད་སྦྱངས་ནས། །འདུལ་བ་མདོ་སྡེ་མངོན་པའི་དགོངས་པ་བརྙེས། །རྒྱན་དྲུག་ མཆོག་གཉིས་སེང་བཟང་ལ་སོགས་པའི། །མཚན་ཉིད་བརྒྱུད་པ་རྣམས་ལ་ཕྱག་འཚལ་ ལོ། །གང་གིས་རང་བཞིན་སྐྱོན་ལས་ངེས་གྲོལ་ཞིང༌། །གདུལ་བྱའི་དོན་ལ་སྣ་ཚོགས་ ཐབས་ཚུལ་སྟོན། །མདོ་རྒྱུད་བསྟན་བཅོས་གསང་སྔགས་ཕྱི་ནང་གྱི །བརྒྱུད་པའི་བླ་མ་ རྣམས་ལ་ཕྱག་འཚལ་ལོ། །དུས་ཀྱི་འཁོར་ལོ་དགྱེས་པ་རྡོ་རྗེ་དང༌། །འཁོར་ལོ་སྡོམ་པ་ གསང་བ་འདུས་པ་དང༌། །དགྲ་ནག་གདོང་དྲུག་གཤིན་རྗེ་གཤེད་ལ་སོགས། །བླ་མེད་ལྷ་ ཚོགས་རྣམས་ལ་ཕྱག་འཚལ་ལོ། །དབང་རྒྱུད་མན་ངག་དོན་སྟོན་བླ་མ་དང༌། །དངོས་ གྲུབ་རྣམ་གཉིས་སྒྲོལ་མཛད་ཡི་དམ་ལྷ། །འགྲོ་བའི་སྐྱབས་གྱུར་སྐྱབས་གནས་དཀོན་ མཆོག་གསུམ། །ཀུན་གྱིས་བཀུར་འོས་རྣམས་ལ་ཕྱག་འཚལ་ལོ། །ཤཱཀ་ཐུབ་རྡོར་སྙིང་རིན་ ཆེན་འོད་འཕྲོ་དང༌། །ཀླུ་དབང་དཔའ་བོའི་སྡེ་དང་དཔལ་དགྱེས་དང༌། །རིན་ཆེན་མེ་ དང་ཟླ་འོད་དོན་ཡོད་དང༌། །རིན་ཆེན་ཟླ་བ་རྣམས་ལ་ཕྱག་འཚལ་ལོ། །དྲི་མེད་དཔལ་ སྦྱིན་ཚངས་པ་ཚངས་སྦྱིན་དང༌། །ཆུ་ལྷ་ཆུ་ཡི་ལྷ་དང་དཔལ་བཟང་དང༌། །ཙན་དན་ དཔལ་དང་གཟི་མཐའ་འོད་དཔལ་དང༌། །མྱ་ངན་མེད་དཔལ་རྣམས་ལ་ཕྱག་འཚལ་ ལོ། །སྲིད་མེད་མེ་ཏོག་དཔལ་དང་ཚངས་པའི་འོད། །པད་མའི་འོད་ཟེར་ནོར་དཔལ་ དྲན་པའི་དཔལ། །མཚན་དཔལ་ཏོག་གི་རྒྱལ་མཚན་ཤིན་ཏུ་གནོན། །གཡུལ་ལས་རྒྱལ་བ་ རྣམས་ལ་ཕྱག་འཚལ་ལོ། །གཤེགས་དཔལ་སྣང་བ་བཀོད་དང་རིན་ཆེན་གནོན། །དེ་ བཞིན་གཤེགས་པ་རི་དབང་རྒྱལ་པོ་སྟེ། །འགྲོ་དྲུག་སྒྲིབ་སྦྱོངས་བྱང་ཆུབ་ལམ་སྟོན་ པའི། །སངས་རྒྱས་སུམ་ཅུ་ལྔར་ཕྱག་འཚལ་ལོ། །མཚན་ལེགས་རིན་ཆེན་ཟླ་དང་གསེར་ བཟང་དང༌། །མྱ་ངན་མེད་དང་ཆོས་བསྒྲགས་མངོན་མཁྱེན་རྒྱལ། །སྨན་གྱི་བླ་དང་ 8-1-335 ཤཱཀྱའི་རྒྱལ་པོ་སྟེ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །དགའ་བའི་དཔལ་ དང་རིན་ཆེན་མྱ་ངན་མེད། །འོད་འཕྲོ་རྒྱལ་དབང་རི་དབང་གླང་པོ་དང༌། །པད་མོ་ དམ་པ་ཉི་སྣང་གདུགས་དམ་པ། །པད་མའི་དཔལ་སོགས་རྣམས་ལ་ཕྱག་འཚལ་ ལོ། །རྣམ་སྣང་མི་བསྐྱོད་པ་དང་རིན་ཆེན་འབྱུང༌། །སྣང་བ་མཐའ་ཡས་དོན་ཡོད་གྲུབ་པ་ དང༌། །བདེ་གཤེགས་དཔའ་བོ་བདུན་དང་སངས་རྒྱས་སྟོང༌། །དུས་གསུམ་སངས་རྒྱས་ རྣམས་ལ་ཕྱག་འཚལ་ལོ། །འདོད་ལ་ཆགས་བྲལ་དོན་དམ་འགོག་པ་དང༌། །ཀུན་རྫོབ་ ལམ་གྱིས་བསྡུས་པའི་རྟོགས་པ་དང༌། །ཡན་ལག་བཅུ་གཉིས་ལ་སོགས་གསུང་རབ་སྟེ། ། སྐྱབས་མཆོག་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །པདྨ་བརྩེགས་པ་བྱང་ཆུབ་ཆེན་པོ་ དང༌། །བཀྲ་ཤིས་སྒོ་མང་ཆོ་འཕྲུལ་ཆེན་པོ་དང༌། །ལྷ་ལས་བབས་དང་བྱམས་མགོན་ མཆོད་རྟེན་དང༌། །བྱིན་རླབས་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །ལྷུང་བཟེད་ཁ་ སྦུབས་ཁང་བུ་བརྒྱ་ཡི་བརྩེགས། །གསུམ་དང་བརྒྱ་དང་བྱེ་བ་ལ་སོགས་པ། །མཉམ་མེད་ ཆོས་ཀྱི་སྐུ་ཡི་རང་བཞིན་མཆོག །བདེ་གཤེགས་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །ས་ ཡི་སྙིང་པོ་ནམ་སྙིང་སྤྱན་རས་གཟིགས། །ཕྱག་རྡོར་བྱམས་པ་སྒྲིབ་སེལ་ཀུན་བཟང་ དང༌། །འཇམ་དབྱངས་ཆོས་འཕགས་ནོར་བཟང་རྟག་ཏུ་ངུ༌། །རྒྱལ་བའི་སས་མཆོག་ རྣམས་ལ་ཕྱག་འཚལ་ལོ། །སན་མ་མཱ་མ་ཀྱི་དང་ན་བཟའ་དཀར། །སོལ་མ་དབྱིངས་ཕྱུག་ མ་དང་རིག་བྱེད་མ། །ཡུམ་ཆེན་ཕ་རོལ་ཕྱིན་མ་དུག་སེལ་མ། །རྒྱལ་བའི་ཡུམ་ཆེན་ རྣམས་ལ་ཕྱག་འཚལ་ལོ། །རྣམ་རྒྱལ་འོད་ཟེར་ཅན་དང་གདུགས་དཀར་ཅན། །སྟོང་ཆེན་ རྨ་བྱ་ཆེན་མོ་སོ་སོར་འབྲང༌། །བསིལ་བའི་ཚལ་དང་གསང་སྔགས་རྗེས་འཛིན་ སོགས། །རིག་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །བྷ་ར་དྷྭ་ཛ་གསེར་ཅན་བ་ཀུ་ལི། །ལམ་ བརྟན་སྦེད་བྱེད་རྡོ་རྗེ་མོ་ཡི་བུ། །སྒྲ་གཅན་འཛིན་དང་ཀླུ་སྟེ་ཡན་ལག་འབྱུང༌། །ནགས་ གནས་མི་ཕམ་ལམ་ཕྲན་གསེར་བེའུ། །མི་ཕྱེད་པ་དང་དུས་ལྡན་བཟང་པོ་དང༌། །ཉེ་ གནས་དྷརྨ་ད་ལ་ཤཱ་རིའི་བུ། །རབ་འབྱོར་མོ་འགལ་འོད་སྲུང་ཀུན་དགའ་བོ། །རྒྱལ་བའི་ ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །རང་ཉིད་བྱང་སེམས་གདུང་བ་སེལ་བ་དང༌། །སྣང་ 8-1-336 བ་བརྩེགས་དང་འཇིགས་པ་མེད་པ་དང༌། །དཔའ་བོ་འདུལ་དང་ཤེས་རབ་མགྱོགས་ ཆེན་དང༌། །རི་བོ་རྒྱལ་དང་སྨྲ་བའི་སྒྲ་ཆེན་དང༌། །བསེ་རུའི་ཚུལ་དང་དུག་སེལ་ འཇོམས་པ་དང༌། །རྫུ་འཕྲུལ་ཆེར་སྟོན་སེང་གེའི་སྒྲ་དང་ནི། །ཡིད་མྱུར་ལ་སོགས་རང་ རྒྱལ་འཕགས་པའི་ཚོགས། །དགེ་འདུན་དཀོན་མཆོག་རྣམས་ལ་ཕྱག་འཚལ་ལོ། །ཐོགས་ མེད་དབྱིག་གཉེན་འཕགས་པ་ཀླུ་སྒྲུབ་དང༌། །ཨཱརྱ་དེ་བ་ཕྱོགས་གླང་ཆོས་གྲགས་ དང༌། །བྲམ་ཟེ་ཡོན་ཏན་འོད་དང་ཤཱཀྱའི་འོད། །འཛམ་གླིང་རྒྱན་མཆོག་རྣམས་ལ་ཕྱག་ འཚལ་ལོ། །ས་ར་ཧ་དང་ལཱུ་ཡི་བི་རུ་པ། །དྲིལ་བུ་པ་དང་ཌོཾ་བྷི་ཀུ་ཀུ་རི། །ཉི་མ་སྦས་པ་ པད་འབྱུང་མི་ཕམ་མགོན། །གྲུབ་ཐོབ་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ གསང་བ་དྲི་མེད་བཤེས་གཉེན་དང༌། །སྒེག་པའི་རྡོ་རྗེ་བོ་དྷི་སཏྭ་དང༌། །དི་པཾ་ཀ་ར་གྷ་ ཡ་དྷ་ར་སོགས། །ལྔ་རིས་པཎ་ཆེན་རྣམས་ལ་ཕྱག་འཚལ་ལོ། །ཀ་ཅོག་ཞང་གསུམ་རིན་ ཆེན་བཟང་པོ་དང༌། །ཆག་རྔོག་འབྲོག་ནག་རྭ་འབྲོ་གཉེན་དང་མར། །པ་ཁྲོ་དཔྱལ་རྒྱལ་ འགོས་ཁུག་ཤོང་ལོ་སོགས། །ས་བསྒྱུར་ལོ་ཙཱ་རྣམས་ལ་ཕྱག་འཚལ་ལོ། །འཁོར་ལོ་བསྒྱུར་ དང་གཤིན་རྗེ་མི་གཡོ་མགོན། །རྟ་མགྲིན་གཞན་གྱི་མི་ཐུབ་བདུད་རྩི་འཁྱིལ། །འཇིག་ རྟེན་གསུམ་རྒྱལ་ཁྲོ་རྒྱལ་སྟོབས་པོ་ཆེ། །ཡེ་ཤེས་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །ཕྱོགས་ སྐྱོང་བཅུ་དང་མགོན་པོ་ལྕམ་དྲལ་དང༌། །རྒྱལ་ཆེན་བཞི་སོགས་དཔལ་མགོན་བདུན་ཅུ་ སོགས། །གནོད་སྦྱིན་སྡེ་དཔོན་ཅི་འཇིགས་ལ་སོགས་པའི། །རྒྱལ་བའི་བསྟན་བསྲུང་ རྣམས་ལ་ཕྱག་འཚལ་ལོ། ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་མཆོག་ཞལ་ཟས་ རོལ་མོ་དང༌། །གཟུགས་སོགས་འདོད་ཡོན་ལྔ་པོ་རྣམས་ཀྱིས་མཆོད། །འཁོར་ལོ་ནོར་བུ་ བཙུན་མོ་བློན་པོ་དང༌། །གླང་པོ་རྟ་མཆོག་དམག་དཔོན་གཏེར་བུམ་དང༌། །གདུགས་ དང་དུང་དཀར་གསེར་ཉ་པདྨ་དང༌། །བུམ་པ་དཔལ་བེའུ་རྒྱལ་མཚན་འཁོར་ལོ་ སོགས། །བདག་པོ་གཞན་གྱིས་མ་བཟུང་ཐམས་ཅད་འབུལ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་ ཆེ། །འཁར་རྔ་ཅང་ཏེའུ་རྟེའུ་ཆུང་ཏིང་ཏིང་ཤག །བཞད་མ་སྒེག་མོ་གླུ་མ་གར་མ་ 8-1-337 དང༌། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱིས་མཆོད། །ཙནྡན་ཁང་བཟང་མལ་ཆ་རིན་ཆེན་ ཁྲི། །ལྷ་ཡི་ན་བཟའ་ཀླུ་ཡི་པགས་པ་དང༌། །མཆིལ་ལྷམ་རལ་གྲི་ཉེ་བའི་རིན་ཆེན་ སོགས། །བླ་མ་ཡི་དམ་དཀོན་མཆོག་ཚོགས་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་ བཞེས་སུ་གསོལ། །སྡོམ་གསུམ་དང་འགལ་ཉེས་པའི་ཚོགས་རྣམས་བཤགས། །སྐྱེ་འཕགས་ ཀུན་གྱི་དགེ་ལ་རྗེས་ཡི་རང༌། །བློ་དང་མཐུན་པའི་ཆོས་འཁོར་བསྐོར་དུ་གསོལ། །མྱ་ངན་ མི་འདའ་བརྩེ་བས་བཞུགས་སུ་གསོལ། །དེང་ནས་བྱང་ཆུབ་བར་དུ་བདག་སྐྱབས་ མཆི། །བླ་མེད་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །བདག་ལུས་ཁྱེད་ཀྱི་བྲན་དུ་དབུལ་བར་ བགྱི། །དགེ་བ་གཞན་ཕྱིར་བྱང་ཆུབ་ཆེན་པོར་བསྔོ། །ཡན་ལག་བཅུ་པོས་བསྟོད་དབྱངས་ རྒྱ་མཚོའི་དབྱངས། །མཐོང་ངམ་ཐོས་སམ་རྗེས་སུ་དྲན་ཀྱང་རུང༌། །ཚེ་རབས་ཀུན་ཏུ་ སྒྲིབ་གཉིས་གཏན་སྤངས་ནས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །བླ་ མ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང༌། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རིང་བ་ དང༌། །དགེ་འདུན་ཆོས་སྤྱོད་བསྒྲུབ་པ་འཕེལ་བར་ཤོག །རྒྱུ་སྦྱོར་ཕྱི་ནང་རྐྱེན་རྣམས་ཞི་ བ་དང༌། །ཚེ་དང་དཔལ་དང་འབྱོར་བ་རྒྱས་པ་དང༌། །ཅི་བསམ་དོན་ཀུན་ཆོས་བཞིན་ འགྲུབ་པར་ཤོག །འདས་དུས་གནད་གཅོད་སྡུག་བསྔལ་མེད་པ་དང༌། །བར་དོར་འཁྲུལ་ བའི་སྣང་ལོག་མི་འབྱུང་ཞིང༌། །འཇིགས་སྐྲག་ཡ་ངའི་གནས་དང་བྲལ་བར་ཤོག །བདེན་ ཞེན་སྲེད་ལེན་གནས་པ་རབ་ཞི་ནས། །བར་དོར་སྐྱབས་གསུམ་དོན་མཆོག་ཐོབ་པར་ ཤོག །གྲུབ་ཆེན་བརྒྱད་དང་ལས་བཞི་ལྷུན་གྲུབ་ནས། །ལམ་ལྔ་ཁྱད་པར་ཅན་རྣམས་ ལེགས་བགྲོད་དེ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་མཆོག་ཐོབ་ཤོག ། བླ་མ་ཡི་དམ་དཀོན་མཆོག་ གསུམ་པོ་དང༌། །མཁའ་འགྲོ་ཆོས་སྐྱོང་རིག་འཛིན་རྩལ་བཟང་དང༌། །མཆེད་ལྕམ་ཕོ་མོ་ ཉན་རང་དགྲ་བཅོམ་གྱིས། །ཇི་ལྟར་བསྔོས་པ་བཞིན་དུ་འགྲུབ་པར་ཤོག །དགེ་བ་འདི་ ཡིས་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། །འཆི་དང་ན་ དང་རྒ་བའི་རླབས་འཁྲུགས་པའི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །གང་ ཞིག་བླ་མ་རྒྱལ་བ་སྲས་བཅས་འདི་དག་གི །མཚན་ནས་བརྗོད་ཅིང་སྨོན་ལམ་བཏབ་ 8-1-338 པའི་མཐུས། །གནས་སྐབས་ཀུན་ཏུ་བདེ་སྐྱིད་ཕུན་སུམ་ཚོགས། །མཐར་ཐུག་བདེ་ གཤེགས་སྙིང་པོ་མྱུར་ཐོབ་ཤོག ། འདི་ནི་གཞུང་ལུགས་རྣམ་དག་རྣམས་ཀྱི་དོན་ལ། སྒྲོ་སྐུར་གྱི་སྒོ་ནས། ཕྱོགས་ལྷུང་ཅན་ དུ་མ་གྱུར་ཅིང༌། དཀར་པོའི་ཆོས་ལ་བློ་གཟུ་བྱོར་གནས་པའི་སྒོ་ནས། གཞུང་ལུགས་སོ་ སོའི་ཉམས་སུ་ལེན་ཚུལ་ཇི་ལྟ་བ་བཞིན་དུ་མཛད་པའི། ལྟ་སྒོམ་སྤྱོད་འབྲས་རྣམས་ཕྱིན་ ཅི་མ་ལོག་པས་རྣལ་འབྱོར་པས་དོན་སྐྱོན་གྱིས་མི་ཁྲེལ་ཞིང༌། མཁས་པའི་ཚིག་སྐྱོན་གྱིས་ མི་ཁྲེལ་བའི་སྒོ་ནས་བཀོད་པའོ། །ཞེས་པ་ཕྱོགས་དང་རིས་མེད་པའི་ཤེས་རབ་རྒྱལ་ མཚན་དཔལ་བཟང་པོས་སྦྱར་བའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-339 ༄༅། །བླ་མའི་གསོལ་འདེབས་ཁྱད་འཕགས་བཞུགས་སོ། ། ༄༅། །ན་མཿཤྲཱི་གུ་རུ་ཝེ། སྐྱབས་གསུམ་ངོ་བོ་བླ་མ་ལ་གསོལ་བ་འདེབས་སོ། །སྐུ་བཞིའི་ དབང་ཕྱུག་བླ་མ་ལ་གསོལ་བ་འདེབས་སོ། །ཡེ་ཤེས་ལྔ་ལྡན་བླ་མ་ལ་གསོལ་བ་འདེབས་ སོ། །ཡིད་བཞིན་ནོར་མཆོག་བླ་མ་ལ་གསོལ་བ་འདེབས་སོ། །དཔག་བསམ་ཤིང་ཆེན་བླ་ མ་ལ་གསོལ་བ་འདེབས་སོ། །བུམ་པ་བཟང་པོ་བླ་མ་ལ་གསོལ་བ་འདེབས་སོ། །དངོས་ གྲུབ་འབྱུང་གནས་བླ་མ་ལ་གསོལ་བ་འདེབས་སོ། །དགེ་ལེགས་ཀུན་འབྱུང་བླ་མ་ལ་ གསོལ་བ་འདེབས་སོ། །མ་རིག་མུན་སེལ་བླ་མ་ལ་གསོལ་བ་འདེབས་སོ། །ཐར་པའི་ལམ་ སྟོན་བླ་མ་ལ་གསོལ་བ་འདེབས་སོ། །ཟབ་མོའི་དོན་སྟོན་བླ་མ་ལ་གསོལ་བ་འདེབས་ སོ། །རྒྱལ་བ་ཀུན་འདུས་བླ་མ་ལ་གསོལ་བ་འདེབས་སོ། །རྡོ་རྗེ་འཆང་ཆེན་བླ་མ་ལ་ གསོལ་བ་འདེབས་སོ། །དུས་ཀྱི་འཁོར་ལོ་བླ་མ་ལ་གསོལ་བ་འདེབས་སོ། །དང་པོའི་ སངས་རྒྱས་བླ་མ་ལ་གསོལ་བ་འདེབས་སོ། །རང་བྱུང་ཡེ་ཤེས་བླ་མ་ལ་གསོལ་བ་ འདེབས་སོ། །ཆོས་རྒྱལ་རིགས་ལྡན་བླ་མ་ལ་གསོལ་བ་འདེབས་སོ། །བཀའ་རྒྱུད་མཁས་ གྲུབ་བླ་མ་ལ་གསོལ་བ་འདེབས་སོ། །ཆོས་རྗེ་ཡབ་སྲས་བླ་མ་ལ་གསོལ་བ་འདེབས་ སོ། །ཆོས་ཀྱི་དབང་ཕྱུག་བླ་མ་ལ་གསོལ་བ་འདེབས་སོ། །ཆོས་ཀྱི་རྒྱལ་པོ་བླ་མ་ལ་གསོལ་ བ་འདེབས་སོ། །ཆོས་ཀྱི་གཏེར་ཆེན་བླ་མ་ལ་གསོལ་བ་འདེབས་སོ། །ཆོས་ཀྱི་རྒྱལ་མཚན་ བླ་མ་ལ་གསོལ་བ་འདེབས་སོ། །འགྲོ་བའི་འདྲེན་མཆོག་བླ་མ་ལ་གསོལ་བ་འདེབས་ སོ། །འགྲོ་བའི་སྟོན་མཆོག་བླ་མ་ལ་གསོལ་བ་འདེབས་སོ། །འགྲོ་བའི་སྐྱབས་ཆེན་བླ་མ་ལ་ གསོལ་བ་འདེབས་སོ། །འགྲོ་བའི་གཉེན་མཆོག་བླ་མ་ལ་གསོལ་བ་འདེབས་སོ། །ཉོན་ མོངས་ནད་སེལ་བླ་མ་ལ་གསོལ་བ་འདེབས་སོ། །སྨན་པའི་རྒྱལ་པོ་བླ་མ་ལ་གསོལ་བ་ 8-1-340 འདེབས་སོ། །སྡུག་བསྔལ་དབུགས་འབྱིན་བླ་མ་ལ་གསོལ་བ་འདེབས་སོ། །མ་རིག་སྦུབས་ འབྱེད་བླ་མ་ལ་གསོལ་བ་འདེབས་སོ། །དེད་དཔོན་ཆེན་པོ་བླ་མ་ལ་གསོལ་བ་འདེབས་ སོ། །དཔའ་བོ་ཆེན་པོ་བླ་མ་ལ་གསོལ་བ་འདེབས་སོ། །སྦྱིན་བདག་ཆེན་པོ་བླ་མ་ལ་ གསོལ་བ་འདེབས་སོ། །ཀུན་འདུས་ཆེན་པོ་བླ་མ་ལ་གསོལ་བ་འདེབས་སོ། །གསོལ་བ་ འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། ལྷུན་གྲུབ་ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བདེ་བ་ཆེན་པོའི་དབྱིངས་ ནས་བྱིན་གྱིས་བརླབ་ཏུ་གསོལ། །འོད་གསལ་ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་ གསོལ། །ཐེར་ཟུག་ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཁྱབ་བདལ་ཆེན་ པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །རང་བྱུང་ཆེན་པོའི་དབྱིངས་ནས་བྱིན་ གྱིས་བརླབ་ཏུ་གསོལ། །རང་གྲོལ་ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་ གསོལ། །མཉམ་ཉིད་ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །འཕོ་འགྱུར་ མེད་པའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །དྲི་མ་མེད་པའི་དབྱིངས་ནས་བྱིན་ གྱིས་བརླབ་ཏུ་གསོལ། །མཚན་མ་མེད་པའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་ གསོལ། །སྤྲོས་པ་མེད་པའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཉོན་མོངས་མེད་ པའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མཁའ་ལྟར་མཉམ་པའི་དབྱིངས་ནས་ བྱིན་གྱིས་བརླབ་ཏུ་གསོལ། །ཚད་མེད་ཀུན་འགྲོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་ གསོལ། །མཐའ་དབུས་མེད་པའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཐོག་མ་མེད་ པའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ཆེན་པོའི་དབྱིངས་ནས་བྱིན་གྱིས་ བརླབ་ཏུ་གསོལ། །ཐུགས་རྗེ་ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མཁྱེན་ རབ་ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མཐུ་སྟོབས་ཆེན་པོའི་དབྱིངས་ ནས་བྱིན་གྱིས་བརླབ་ཏུ་གསོལ། །འཕྲིན་ལས་ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་ གསོལ། །སྨོན་ལམ་ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །འདོད་དགུ་ འབྱུང་བའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཡིད་བཞིན་ནོར་བུའི་དབྱིངས་ 8-1-341 ནས་བྱིན་གྱིས་བརླབ་ཏུ་གསོལ། །དབང་གི་རྒྱལ་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་ གསོལ། །བདེ་གཤེགས་སྙིང་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །དུས་ཀྱི་ འཁོར་ལོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨེ་ཝཾ་ཡི་གེའི་དབྱིངས་ནས་བྱིན་ གྱིས་བརླབ་ཏུ་གསོལ། །རྡོ་རྗེ་སེམས་དཔའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་ གསོལ། །ཀུན་བཟང་ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཀུན་གྲོལ་ཆེན་ པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཀུན་རིག་ཆེན་པོའི་དབྱིངས་ནས་བྱིན་ གྱིས་བརླབ་ཏུ་གསོལ། །ཀུན་མཁྱེན་ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་ གསོལ། །ཀུན་གཟིགས་ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཀུན་ཁྱབ་ ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཀུན་འདུས་ཆེན་པོའི་དབྱིངས་ནས་ བྱིན་གྱིས་བརླབ་ཏུ་གསོལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདག་ དང་སེམས་ཅན་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །མཁའ་མཉམ་སེམས་ཅན་རྣམས་ ལ་བྱིན་གྱིས་བརླབ་ཏུ་གསོལ། །ཉོན་མོངས་ཉམ་ཐག་རྣམས་ལ་བྱིན་གྱིས་བརླབ་ཏུ་ གསོལ། །ལས་ཀྱི་མནར་བ་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །སྡུག་བསྔལ་རྒྱས་པ་ རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །མགོན་མེད་སྐྱབས་མེད་རྣམས་ལ་བྱིན་གྱིས་བརླབ་ ཏུ་གསོལ། །རང་ཉེས་རང་སྡུག་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །མ་རིག་འཁྲུལ་བ་ ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །འདམ་དུ་བྱིང་བ་ཀུན་ལ་བྱིན་གྱིས་བརླབ་ཏུ་ གསོལ། །གཡང་དུ་ལྷུང་བ་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཆུ་བོས་ཁྱེར་བ་ཀུན་ལ་ བྱིན་གྱིས་བརླབ་ཏུ་གསོལ། །དུག་གིས་མྱོས་པ་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །བཙོན་ རར་ཆུད་པ་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །འཁོར་བར་འཁྱམས་པ་ཀུན་ལ་བྱིན་ གྱིས་བརླབ་ཏུ་གསོལ། །ངན་འགྲོར་ཞུགས་པ་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །སྲིད་ པའི་ལམ་ཞུགས་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །དམྱལ་བའི་བུད་ཤིང་ཀུན་ལ་བྱིན་ གྱིས་བརླབ་ཏུ་གསོལ། །འདོད་པའི་ཁོལ་པོ་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །སྲེད་པས་ བཅིངས་པ་ཀུན་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདེ་བའི་སྐབས་མེད་ཀུན་ལ་བྱིན་གྱིས་ 8-1-342 བརླབ་ཏུ་གསོལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་ཉིད་རྟོགས་ པར་བྱིན་གྱིས་བརླབ་ཏུ་གསོལ། །བདག་མེད་རྟོགས་པར་བྱིན་གྱིས་བརླབ་ཏུ་ གསོལ། །སྟོང་ཉིད་སྐྱེ་མེད་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །འོད་གསལ་སྐྱེ་མེད་ རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །བདེ་ཆེན་རྟོགས་པར་བྱིན་གྱིས་བརླབ་ཏུ་ གསོལ། །ཟུང་འཇུག་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྙིང་པོ་རྟོགས་པར་བྱིན་ གྱིས་བརླབ་ཏུ་གསོལ། །གནས་ལུགས་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཉོན་ མོངས་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །ཀུན་རྟོག་བྲལ་བར་བྱིན་གྱིས་བརླབ་ཏུ་ གསོལ། །རླུང་སེམས་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། །ལས་ངན་ཟད་པར་བྱིན་ གྱིས་བརླབ་ཏུ་གསོལ། །འདུས་བྱས་འགགས་པར་བྱིན་གྱིས་བརླབ་ཏུ་གསོལ། །གཟུང་ འཛིན་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། །འོད་གསལ་མཐོང་བར་བྱིན་གྱིས་བརླབ་ཏུ་ གསོལ། །བདེ་སྟོང་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྙིང་པོ་ཐོབ་པར་བྱིན་གྱིས་ བརླབ་ཏུ་གསོལ། །སྐུ་བཞི་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ཐོབ་པར་བྱིན་ གྱིས་བརླབ་ཏུ་གསོལ། །ཆོས་ཉིད་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །གསོལ་བ་ འདེབས་སོ་བྱིན་གྱིས་རློབས། །འཆི་བ་རྗེས་སུ་དྲན་པར་བྱིན་གྱིས་རློབས། །མི་རྟག་རྒྱུད་ ལ་སྐྱེ་བར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །དད་བརྩོན་ དྲག་པོ་འབར་བར་བྱིན་གྱིས་རློབས། །ཤེས་རབ་སྙིང་རྗེ་འབར་བར་བྱིན་གྱིས་ རློབས། །ཚུལ་ཁྲིམས་ཏིང་འཛིན་འཕེལ་བར་བྱིན་གྱིས་རློབས། །བདག་གཞན་མཉམ་བརྗེ་ འབྱོངས་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་ཉིད་རྫོགས་པར་བྱིན་གྱིས་ རློབས། །ཆགས་མེད་ཞེན་མེད་ཆེན་པོར་བྱིན་གྱིས་རློབས། །ཕྱོགས་མེད་རིས་མེད་ཆེན་ པོར་བྱིན་གྱིས་རློབས། །བླང་མེད་དོར་མེད་ཆེན་པོར་བྱིན་གྱིས་རློབས། །བློ་ཟད་ཆོས་ཟད་ ཆེན་པོར་བྱིན་གྱིས་རློབས། །གནས་ལུགས་ནང་ནས་འཆར་བར་བྱིན་གྱིས་ རློབས། །སངས་རྒྱས་ནང་ནས་འཆར་བར་བྱིན་གྱིས་རློབས། །ཆོས་ཉིད་ནང་ནས་འཆར་ བར་བྱིན་གྱིས་རློབས། །བདེ་ཆེན་ནང་ནས་འཆར་བར་བྱིན་གྱིས་རློབས། །ཡེ་ཤེས་ནང་ 8-1-343 ནས་འཆར་བར་བྱིན་གྱིས་རློབས། །ཡོན་ཏན་ནང་ནས་འཆར་བར་བྱིན་གྱིས་ རློབས། །ཉམས་རྟོགས་ནང་ནས་འཆར་བར་བྱིན་གྱིས་རློབས། །འཕྲིན་ལས་ནང་ནས་ འཆར་བར་བྱིན་གྱིས་རློབས། །གང་ཡང་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །གང་ ཡང་བདེ་བར་འཆར་བར་བྱིན་གྱིས་རློབས། །གང་ཡང་གྲོགས་སུ་འཆར་བར་བྱིན་གྱིས་ རློབས། །གང་བྱུང་ཅིས་ཀྱང་ཆོག་པར་བྱིན་གྱིས་རློབས། །གང་ཡང་ལམ་དུ་འགྱུར་བར་ བྱིན་གྱིས་རློབས། །གང་བྱས་གཞན་ལ་ཕན་པར་བྱིན་གྱིས་རློབས། །གང་བྱས་ཆོས་སུ་འགྲོ་ བར་བྱིན་གྱིས་རློབས། །ཆོས་མིན་བསམ་རྒྱུ་མེད་པར་བྱིན་གྱིས་རློབས། །ཆོས་མིན་སྒྲུབ་རྒྱུ་ མེད་པར་བྱིན་གྱིས་རློབས། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །ཡེ་ཤེས་རྡོ་རྗེར་བྱིན་ གྱིས་རློབས། །མྱུར་བའི་ལས་ཀྱི་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །སྐད་ ཅིག་འདི་ལ་བྱིན་གྱིས་རློབས། །རྒྱུན་ཆད་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །འབྲལ་བ་ མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །ལྷུན་གྲུབ་ཆེན་པོར་བྱིན་གྱིས་བརླབ་ཏུ་ གསོལ། །རང་གྲོལ་ཆེན་པོར་བྱིན་གྱིས་བརླབ་ཏུ་གསོལ། །མཉམ་ཉིད་ཆེན་པོར་བྱིན་གྱིས་ བརླབ་ཏུ་གསོལ། །ཕྱོགས་དུས་ཀུན་ནས་བྱིན་གྱིས་བརླབ་ཏུ་གསོལ། །གནས་སྐབས་ཀུན་ ནས་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་བ་ཀུན་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །ཀུན་ནས་ ཀུན་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །རྟོན་པ་བཞི་ལ་གནས་པར་བྱིན་གྱིས་བརླབ་ཏུ་ གསོལ། །རྣམ་ཐར་སྒོ་བཞི་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཚངས་པའི་གནས་བཞི་ ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཡང་དག་སྤོང་བཞི་ཐོབ་པར་བྱིན་གྱིས་བརླབ་ཏུ་ གསོལ། །རྫུ་འཕྲུལ་རྐང་བཞི་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དབང་པོ་སྟོབས་ལྔ་ ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱང་ཆུབ་ཡན་ལག་ཐོབ་པར་བྱིན་གྱིས་བརླབ་ཏུ་ གསོལ། །འཕགས་ལམ་བརྒྱད་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཕ་རོལ་ཕྱིན་དྲུག་ རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །དོན་དམ་དབང་བཞི་ཐོབ་པར་བྱིན་གྱིས་བརླབ་ ཏུ་གསོལ། །ཟག་མེད་དགའ་བཞི་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ལྟོས་མེད་རྣམ་ བཞི་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བསྙེན་སྒྲུབ་རྣམ་བཞི་ཐོབ་པར་བྱིན་གྱིས་ 8-1-344 བརླབ་ཏུ་གསོལ། །རྡོ་རྗེ་རྣམ་བཞི་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཉོན་མོངས་བག་ ཆགས་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། །འཕོ་བའི་བག་ཆགས་འགག་པར་བྱིན་ གྱིས་བརླབ་ཏུ་གསོལ། །རླུང་སེམས་ཐིག་ལེ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། །མ་ རིག་བག་ཆགས་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། །འཆི་བདག་བདུད་ལས་རྒྱལ་ བར་བྱིན་གྱིས་བརླབ་ཏུ་གསོལ། །ཕུང་པོའི་བདུད་ལས་རྒྱལ་བར་བྱིན་གྱིས་བརླབ་ཏུ་ གསོལ། །ལྷ་མིན་བདུད་ལས་རྒྱལ་བར་བྱིན་གྱིས་བརླབ་ཏུ་གསོལ། །གསོལ་བ་འདེབས་སོ་ བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་ལ་སོགས་པས་སྙིང་ཐག་པ་ནས་གསོལ་བ་འདེབས་ པ་དེ་ལ་བླ་མའི་བྱིན་རླབས་འཇུག་པར་ཐེ་ཚོམ་མེད་དོ། །དེ་ལྟ་བུའི་གསོལ་འདེབས་ ཁྱད་པར་དུ་འཕགས་པ་འདི་ནི། ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་སྦྱར་ བའོ།། །།ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-345 ༄༅། །ངེས་དོན་མཐར་ཐུག་གི་གསོལ་འདེབས་བཞུགས་སོ། ། ༄༅། །ཨོཾ། བླ་མ་དང་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ གསོལ། རྣམ་ཤེས་ཡེ་ཤེས་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ བཟུང་དུ་གསོལ། །རང་སྟོང་གཞན་སྟོང་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ ཐུགས་རྗེས་བཟུང་དུ་གསོལ། །ཀུན་རྫོབ་དོན་དམ་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་ རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །ཆོས་དང་ཆོས་ཉིད་གཅིག་ཏུ་འཁྲུལ་བ་འདི་ རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །མཐའ་དང་དབུས་མ་གཅིག་ཏུ་ འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །བཅོས་མ་རང་བཞིན་ གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །གློ་བུར་ གཉུག་མ་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། ། ཀུན་བརྟགས་ཡོངས་གྲུབ་གཅིག་ཏུ་འཁྲུལ་བ་འདི་རྣམས་ སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །ཉོན་མོངས་རྣམ་བྱང་གཅིག་ཏུ་འཁྲུལ་བ་ འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །འཁོར་བ་མྱང་འདས་གཅིག་ཏུ་ འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །སྡུག་ཀུན་འགོག་ བདེན་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །ཕྱི་ ནང་གཞན་མཆོག་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་ གསོལ། །སྐྱོན་དང་ཡོན་ཏན་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ བཟུང་དུ་གསོལ། །ཟག་བཅས་ཟག་མེད་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ ཐུགས་རྗེས་བཟུང་དུ་གསོལ། །དྲི་བཅས་དྲི་མེད་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་ རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །{སྦྱང་བྱ་སྦྱང་གཞི་}ངན་པ་བཟང་པོ་}གཅིག་ཏུ་ འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །སྐྱེས་དང་མ་སྐྱེས་ 8-1-346 གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །བྱས་དང་མ་ བྱས་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །བྱུང་ དང་མ་བྱུང་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་ གསོལ། །འཇིག་དང་མི་འཇིག་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ བཟུང་དུ་གསོལ། །གཡོ་དང་མི་གཡོ་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་ རྗེས་བཟུང་དུ་གསོལ། །རྟོག་དང་མི་རྟོག་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ ཐུགས་རྗེས་བཟུང་དུ་གསོལ། །རྣམ་ཤེས་སངས་རྒྱས་གཅིག་ཏུ་འཁྲུལ་བ་འདི་རྣམས་ སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །སེམས་ཅན་སངས་རྒྱས་གཅིག་ཏུ་འཁྲུལ་བ་ འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །རྣམ་རྟོག་ཆོས་སྐུ་གཅིག་ཏུ་ འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །ཤུན་པ་སྙིང་པོ་གཅིག་ ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །བརྫུན་དང་བདེན་ པ་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །སླུ་དང་མི་ སླུ་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །མེད་དང་ ཡོད་པ་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་ གསོལ། །འཁྲུལ་དང་མ་འཁྲུལ་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ བཟུང་དུ་གསོལ། །སྡུག་བསྔལ་བདེ་ཆེན་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ ཐུགས་རྗེས་བཟུང་དུ་གསོལ། །ལས་གཟུགས་འོད་གསལ་གཅིག་ཏུ་འཁྲུལ་བ་འདི་རྣམས་ སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། སྤང་བྱ་བླང་བྱ་གཅིག་ཏུ་འཁྲུལ་བ་འདི་ རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །དོར་བྱ་ཐོབ་བྱ་གཅིག་ཏུ་འཁྲུལ་བ་ འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །སྦྱང་བྱ་སྦྱང་གཞི་གཅིག་ཏུ་ འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །བསྐྱེད་འབྲས་བྲལ་ འབྲས་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །སྐྱེད་ བྱེད་བྲལ་བྱེད་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་ 8-1-347 གསོལ། །དུག་ལྔ་ཡེ་ཤེས་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་ དུ་གསོལ། །དུག་དང་བདུད་རྩི་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་ བཟུང་དུ་གསོལ། །མུན་པ་སྣང་བ་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་ རྗེས་བཟུང་དུ་གསོལ། །དགྲ་དང་གཉེན་མཆོག་གཅིག་ཏུ་འཁྲུལ་བ་འདི་རྣམས་སྙིང་རེ་ རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །ཤན་འབྱེད་ལ་ཟློ་གཅིག་ཏུ་འཁྲུལ་བ་འདི་རྣམས་ སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །རྗེས་ཐོབ་མཉམ་གཞག་གཅིག་ཏུ་འཁྲུལ་བ་ འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། །འཁྲུལ་གཞི་མང་པོས་འཁྲུལ་ ལུགས་མང་བ་འདི་རྣམས་སྙིང་རེ་རྗེའོ་ཐུགས་རྗེས་བཟུང་དུ་གསོལ། ། རྫོགས་ལྡན་ཆོས་དང་མ་མཇལ་བར། །གསུམ་ལྡན་མར་བཅད་སྐྱོན་ཅན་གྱི། །ཆོས་ལ་ དཔང་དུ་བྱས་པ་རྣམས། །སྙིང་རེ་རྗེའོ་ཐུགས་རྗེས་ཟུང༌། །དེ་མ་ཡིན་ལ་དེར་འཛིན་ གྱི། །ཕྲ་མ་སྔ་བཙན་དབང་པོ་ཆེ། །འདི་ཡིས་བསླུས་པའི་སེམས་ཅན་ཀུན། །སྙིང་རེ་རྗེའོ་ ཐུགས་རྗེས་བཟུང་དུ་གསོལ། །ཕ་མས་བུ་སྡུག་མེ་འོབས་སུ། །ལྷུང་བ་མཐོང་ན་ག་ལ་ བཟོད། །དེ་བཞིན་གསོལ་འདེབས་མཆོག་འདི་ཡང༌། །མ་བཟོད་སྙིང་རྗེའི་ཤུགས་ལས་ བྱུང༌། །ལ་ལས་སྡང་བར་གོ་བ་སྲིད། །བདག་ལ་སྡང་སེམས་གཏན་ནས་མེད། །ཉེས་ཀྱི་ དོགས་པ་འབའ་ཞིག་དང༌། །ལེགས་ན་དགའ་བ་ཁོ་ན་ཡིན། །དེ་ཡི་རྒྱུ་མཚན་འདི་སྐད་ དུ། །ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་ནམ་ཡང་ཉམས་མི་བྱ། །ཞེས་སོགས་རྒྱས་ པར་གསུངས་ཕྱིར་རོ། ། ཀྱེ་མ་ཀྱི་ཧུད་སྙིགས་མའི་དུས། །ཁྱད་པར་ལྟ་བའི་སྙིགས་མ་བདོ། །དེ་ཕྱིར་ལྟ་བ་ཉམས་ པ་མང༌། །སྤྱོད་པ་ཉམས་པ་དེ་བས་མང༌། །གཉིས་ཀ་ཉམས་པ་རྣམས་ལ་ཡང༌། །འཕགས་ པའི་ཐུགས་རྗེས་ཉེར་གཟིགས་ནས། །ཡང་དག་ལྟ་སྒོམ་སྤྱོད་པ་རྣམས། །ཡོངས་སུ་རྫོགས་ པར་བྱིན་གྱིས་རློབས། ། གསོལ་འདེབས་ཁྱད་འཕགས་ཞེས་བྱ་བ་ངེས་དོན་མཐར་ཐུག་གི་གསོལ་འདེབས་འདི་ ཉིད། རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །།འདིས་ཀྱང་བསྟན་པ་ 8-1-348 དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །ཤུ་བྷཾ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཞིག་དང༌། འཛམ་ཐང་པར་མ་ཡིན། ཡིག་རྙིང་ན་སྙིང་རེ་རྗེའོ་དང་ འཛམ་ཐང་པར་སྙིང་རེ་རྗེ་ན་ཟེར་བའི་ཚིག་མི་འདྲ་བ་དགོངས་འཇག་ཞུ།) 8-1-349 ༄༅། །སྨོན་ལམ་ཁྱད་འཕགས་རྒྱས་པ་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿན་མཿ བདེན་པ་གཉིས་ཀྱིས་ཡང་དག་བསྡུས་པ་ཡི། །བླ་མ་ དཀོན་མཆོག་ཕྱག་འོས་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་བསྟོད་དེ་སྐྱབས་སུ་ མཆི། །སྡིག་པ་བགྱིས་རྣམས་འགྱོད་པས་སོ་སོར་བཤགས། །དགེ་བ་ཀུན་ལ་དགའ་བས་ རྗེས་ཡི་རང༌། །ཆོས་རྗེ་རྣམས་ཀྱིས་ཆོས་འཁོར་བསྐོར་དུ་གསོལ། །འགྲོ་བའི་དོན་སླད་ ཡུན་རིང་བཞུགས་གསོལ་འདེབས། །དགེ་བ་གང་བསགས་བྱང་ཆུབ་ཆེན་པོར་ བསྔོ། །གནས་སྐབས་ཀུན་ཏུ་འཕགས་པའི་རིགས་མཆོག་ཏུ། །དལ་འབྱོར་ཁྱད་འཕགས་ མཐོ་རིས་ཡོན་ཏན་རྫོགས། །ལུས་ངག་སེམས་རྩ་ཤིན་ཏུ་བཟང་བ་ཅན། །ལུས་གནད་ལྟ་ སྟངས་བཟང་པོར་སྐྱེ་བ་དང༌། །བཤེས་གཉེན་མཆོག་ལས་མན་ངག་མཆོག་ཐོབ་ ནས། །དད་བརྩོན་མཆོག་དང་སྙིང་སྟོབས་ཆེན་པོ་ཡིས། །མཉམ་པར་བཞག་པའི་སྐད་ ཅིག་དེ་ཉིད་ལ། །རླུང་སེམས་རབ་འགགས་ཡེ་ཤེས་མཆོག་ཐོབ་ཤོག །མཐའ་ཡིས་རྩ་ རྣམས་རླུང་གིས་རབ་སྟོངས་ཤིང༌། །དབུས་ཀྱི་རྩ་ཆེན་རླུང་གིས་རབ་གང་བས། །དབུ་ མའི་དབུས་མ་ཐིག་ལེ་སྐ་བ་ཡིས། །རབ་ཏུ་གང་བའི་བདེ་ཆེན་མྱུར་ཐོབ་ཤོག །མཐའ་ཡི་ རྩ་རྣམས་ཤིན་ཏུ་ཕྲ་བ་དང༌། །དབུས་ཀྱི་རྩ་བཟང་ཤིན་ཏུ་སྦོམ་པ་དང༌། །ཤིན་ཏུ་ཡིད་ རབ་གཞུངས་པའི་མཆོག་ཐོབ་ནས། །བསྒོམས་མ་ཐག་ཏུ་རླུང་སེམས་འགག་པར་ ཤོག །ལུས་གནད་ལྟ་སྟངས་བཅས་པའི་སྐད་ཅིག་ལ། །ཉི་ཟླའི་རྒྱུ་བ་ཇི་སྙེད་ཡོད་པ་ ཀུན། །སྒྲ་གཅན་ལམ་ཞུགས་ཨ་ཡིག་རབ་འབར་བས། །ཧཾ་ཡིག་རྒྱས་པའི་བདེ་ཆེན་མྱུར་ ཐོབ་ཤོག །མཐའ་ཡི་ཡན་ལག་གང་ཡིན་རབ་འགགས་ཤིང༌། །དབུ་མའི་ཡན་ལག་ཐིག་ ལེས་རབ་གང་བས། །ཞུ་བདེ་འགྱུར་མེད་དགའ་བ་བཅུ་དྲུག་གི ། བདེ་ཆེན་མྱུར་ཐོབ་ ནམ་ཡང་མི་ཉམས་ཤོག །དབུགས་ཀྱི་ལྷག་མ་མ་ལུས་རབ་འགགས་པས། །འཕོ་བའི་ ཆགས་པ་མ་ལུས་རབ་འགགས་ཤིང༌། །འཕོ་མེད་ཆགས་མེད་ཏིང་འཛིན་རབ་ཐོབ་ནས། 8-1-350 ཕྱོགས་དུས་ཀུན་ཏུ་གཞན་དོན་བྱེད་པར་ཤོག །སྲོག་དང་ཐུར་སེལ་མྱུར་དུ་རབ་ འགགས་པས། །བྱང་སེམས་སྟེང་དུ་གཤེགས་པའི་དཔལ་འབྱོར་ལ། །ཉིན་དང་མཚན་དུ་ སྤྱོད་བཞིན་སྤྲུལ་པ་ནི། །ནམ་མཁའ་གང་བས་གཞན་དོན་བྱེད་པར་ཤོག །སྐྱོན་རྣམས་ ཀུན་གྱིས་མྱུར་དུ་སྟོངས་པ་དང༌། །ཡོན་ཏན་ཀུན་གྱིས་མྱུར་དུ་གང་བ་དང༌། །སྐྱོན་མེད་ ཡོན་ཏན་རྫོགས་པ་མྱུར་ཐོབ་ནས། །བསྟན་དང་འགྲོ་ལ་རྟག་ཏུ་ཕན་བྱེད་ཤོག །ཀུན་ རྫོབ་ཆོས་ཀུན་རང་རང་ངོ་བོ་ཡིས། །སྟོང་པར་རྟོགས་ནས་མེད་བཞིན་སྣང་བ་ ཡི། །དངོས་པོ་རྨི་ལམ་སྒྱུ་མ་འདྲ་བ་ལ། །སྒྱུ་མ་མཁན་བཞིན་ཆགས་པ་མེད་པར་ ཤོག །རྣམ་ཤེས་སྤྱོད་ཡུལ་ཁམས་གསུམ་ཆོས་འདི་དག །གཤེས་ལ་རི་བོང་རྭ་བཞིན་ གཏན་མེད་ཀྱང༌། །མཁྲིས་ནད་ཅན་གྱི་དུང་ཡང་སེར་པོར་བཞིན། །མེད་སྣང་འཁྲུལ་ སྣང་ཁོ་ནར་རྟོགས་པར་ཤོག །བདེན་མེད་ངང་ནས་སྒོ་གསུམ་ལོངས་སྤྱོད་ སོགས། །དངོས་པོ་ཐམས་ཅད་དགེ་ཚོགས་སྟོབས་ཆེན་དུ། །ཡང་ཡང་བསྒྱུར་ནས་མཁའ་ ཁྱབ་ཕ་མ་ཡིས། །སྐུ་བཞི་ཐོབ་ཕྱིར་ཡང་ཡང་བསྔོ་བར་ཤོག །སེམས་ཅན་ཐམས་ཅད་ དྲིན་ཅན་ཕ་མ་དང༌། །སངས་རྒྱས་སྙིང་པོ་ཅན་དུ་ངེས་རྟོགས་ནས། །ཚད་མེད་རྣམ་བཞི་ བདག་གཞན་བརྗེ་བ་དང༌། །ཀུན་ཏུ་སྟོན་པ་བཞིན་དུ་གུས་པར་ཤོག །སྟོང་གཞི་དོན་ དམ་རང་བཞིན་འོད་གསལ་ནི། །རྟོག་གེ་རྣམ་ཤེས་རྟེན་འབྲེལ་ལས་འདས་པར། །རྟོགས་ ནས་རྣམ་ཤེས་ངང་གིས་འགག་པའི་ཐབས། །བྱེད་པ་བཅིང་བའི་སྦྱོར་བ་བསྒོམ་པར་ ཤོག །གཤིས་ཀྱི་གནས་ལུགས་ཟབ་མོ་གང་ཡིན་ཏེ། །མི་རྟོག་ཡེ་ཤེས་ཉིད་ཀྱི་སྤྱོད་ཡུལ་ དུ། །ལེགས་པར་རྟོགས་ནས་རྟོག་མེད་སྤྲོས་མེད་ཅིང༌། །མཚན་མ་མེད་པའི་རྣལ་འབྱོར་ བསྒོམ་པར་ཤོག །རྒྱལ་བའི་སྐུ་གཉིས་མྱུར་ཐོབ་བྱ་བའི་ཕྱིར། །མཉམ་རྗེས་གཉིས་སུ་ ཚོགས་གཉིས་བསྒྲུབ་པ་ལ། །རང་གཞན་ཐམས་ཅད་རྟག་ཏུ་བསྐུལ་བ་དང༌། །ཇི་ལྟར་ བསྐུལ་བ་བཞིན་དུ་འཁུལ་བར་ཤོག །སྡིག་པའི་སྒོ་རྣམས་རྟག་ཏུ་གཅོད་པ་དང༌། །དགེ་ བའི་སྒོ་རྣམས་ཐམས་ཅད་རབ་ཕྱེ་ནས། །ངན་འགྲོ་འཁོར་བའི་སྒོ་རྣམས་གཅོད་པ་ དང༌། །མཐོ་རིས་ཐར་པའི་སྒོ་རྣམས་འབྱེད་པར་ཤོག །ལམ་ལོག་ལམ་གོལ་ཞུགས་པའི་ 8-1-351 སེམས་ཅན་ཀུན། །ཡང་དག་ལམ་ལ་ལེགས་པར་འགོད་པ་དང༌། །ལྟ་བ་ངན་ལ་ཞེན་པའི་ སེམས་ཅན་རྣམས། །ཡང་དག་ལྟ་ལ་རབ་ཏུ་འགོད་པར་ཤོག །རྒྱལ་བ་ཀུན་གྱིས་བདེན་ གཉིས་གསུངས་པ་དང༌། །སྣང་སྟོང་དབྱེར་མེད་ཟུང་འཇུག་གསུངས་རྣམས་ལ། །བདེན་ ལུགས་སྣང་ལུགས་སྟོང་ལུགས་གཉིས་གཉིས་སུ། །ལེགས་པར་རྟོགས་ནས་གཞན་ལ་སྟོན་ པར་ཤོག །འཁོར་འདས་དབྱེར་ཡོད་དབྱེར་མེད་གསུངས་པ་དང༌། །བདེན་གཉིས་དབྱེར་ ཡོད་དབྱེར་མེད་གསུངས་པ་དང༌། །བདེན་བཞི་དབྱེར་ཡོད་དབྱེར་མེད་གསུངས་པ་ ཡི། །དགོངས་པ་ཇི་བཞིན་རྟོགས་ནས་སྟོན་པར་ཤོག །སྐུ་གསུམ་དབྱེར་ཡོད་དབྱེར་མེད་ གསུངས་པ་དང༌། །སྐྱབས་གསུམ་དབྱེར་ཡོད་དབྱེར་མེད་གསུངས་པ་དང༌། །ཐེག་གསུམ་ དབྱེར་ཡོད་དབྱེར་མེད་གསུངས་པའི་དོན། །ཚུལ་བཞིན་རྟོགས་ནས་སྒོམ་ཞིང་སྟོན་པར་ ཤོག ། ཁམས་གསུམ་དབྱེར་ཡོད་དབྱེར་མེད་གསུངས་པ་དང༌། །དུས་གསུམ་དབྱེར་ཡོད་ དབྱེར་མེད་གསུངས་པ་དང༌། །སྲིད་གསུམ་དབྱེར་ཡོད་དབྱེར་མེད་གསུངས་པའི་ དོན། །རྟོགས་ནས་ཚུལ་བཞིན་བསྒོམ་ཞིང་སྟོན་པར་ཤོག །འགལ་འདུས་སྐྱོན་ཡོད་སྐྱོན་ མེད་ལ་སོགས་དང༌། །སྲིད་གསུམ་སྐྱེ་འཇིག་ཡོད་མེད་ལ་སོགས་དང༌། །རང་བྱུང་གཞན་ བྱུང་རྣམ་ཤེས་ཡེ་ཤེས་སོགས། །དགོངས་ཆེན་ཟབ་མོ་ཐམས་ཅད་རྟོགས་པར་ཤོག །སྐྱེ་བ་ ཀུན་ཏུ་བདེ་བར་གཤེགས་པའི་བཀའ། །འཁོར་ལོ་གསུམ་དང་རྒྱུད་སྡེ་རྣམ་བཞི་ ཡི། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་ནས། །ཟང་ཟིང་མེད་པར་འགྲོ་ལ་ སྟོན་པར་ཤོག །བདག་ཡོད་རྟོགས་ལ་སྐྱོན་ཡོན་གཉིས་གསུངས་དང༌། །བདག་མེད་ རྟོགས་ལ་སྐྱོན་ཡོན་གཉིས་གསུངས་དང༌། །དེ་བཞིན་སྟོང་དང་མི་སྟོང་རྟོགས་ ལའང༌། །སྐྱོན་ཡོན་གཉིས་གཉིས་གསུངས་རྣམས་རྟོགས་པར་ཤོག །རྟག་པར་རྟོགས་ལ་ སྐྱོན་ཡོན་གཉིས་གསུངས་དང༌། །མི་རྟག་རྟོགས་ལ་སྐྱོན་ཡོན་གཉིས་གསུངས་དང༌། །དེ་ བཞིན་རྟག་ཆད་རྟོགས་ལའང་སྐྱོན་ཡོན་ནི། །གཉིས་གཉིས་གསུངས་པའི་དགོངས་ཆེན་ རྟོགས་པར་ཤོག །བདེ་བར་རྟོགས་ལའང་སྐྱོན་ཡོན་གཉིས་གསུངས་དང༌། །སྡུག་བསྔལ་ རྟོགས་ལའང་སྐྱོན་ཡོན་གཉིས་གསུངས་དང༌། །དེ་བཞིན་གཙང་དང་མི་གཙང་རྟོགས་ 8-1-352 ལའང༌། །སྐྱོན་ཡོན་གཉིས་གཉིས་གང་གསུངས་རྟོགས་པར་ཤོག །ཡོད་པར་རྟོགས་ལ་ སྐྱོན་ཡོན་གཉིས་གསུངས་དང༌། །མེད་པར་རྟོགས་ལ་སྐྱོན་ཡོན་གཉིས་གསུངས་ དང༌། །དེ་བཞིན་བདེན་བརྫུན་རྟོགས་ལའང་སྐྱོན་ཡོན་ནི། །གཉིས་གཉིས་གསུངས་པའི་ དགོངས་ཆེན་རྟོགས་པར་ཤོག །བསླབ་གསུམ་དམ་ཚིག་སྡོམ་གསུམ་རྣམ་དག་ ཅིང༌། །ནམ་ཡང་མི་ཉམས་ཆེས་ཆེར་འཕེལ་བ་ཡིས། །ས་དང་ལམ་ལས་ནམ་ཡང་མི་ ཉམས་ཤིང༌། །ཡོན་ཏན་ཁྱད་འཕགས་ཆེས་ཆེར་འཕེལ་བར་ཤོག །ཚེ་འདིའི་སྣང་བ་ནུབ་ པ་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བ་དང༌། །སྐྱེས་མ་ཐག་ཏུ་མགོན་པོས་ལུང་ བསྟན་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །དགེ་ཚོགས་བརླབས་ ཆེན་གྲུབ་པའི་བྱིན་རླབས་ཀྱིས། །མཐོང་ཐོས་རེག་པ་ཙམ་གྱིས་གྲོལ་བ་དང༌། །ཕྱག་ མཆོད་བསྐོར་བ་ཙམ་གྱིས་གྲོལ་བ་དང༌། །ཡིད་ལ་དྲན་པ་ཙམ་གྱིས་གྲོལ་བར་ ཤོག །འཕགས་པ་ཀུན་གྱི་ཡོན་ཏན་ཇི་སྙེད་པ། །སྐད་ཅིག་གཅིག་ལའང་བདག་གིས་རབ་ ཐོབ་ནས། །འཕགས་པ་ཀུན་གྱིས་ཇི་སྙེད་བསྒྲལ་བ་ཙམ། །སྐད་ཅིག་གཅིག་ལའང་བདག་ གིས་སྒྲོལ་བར་ཤོག ། འཕགས་པ་ཀུན་གྱི་ཚོགས་གཉིས་ཇི་སྙེད་པ། །སྐད་ཅིག་གཅིག་ ལའང་བདག་གིས་རབ་ཐོབ་ནས། །འཕགས་པ་ཀུན་གྱིས་གྲོལ་བར་མཛད་པ་ཙམ། །སྐད་ ཅིག་གཅིག་ལའང་བདག་གིས་འགྲོལ་བར་ཤོག །འཕགས་པ་ཀུན་གྱིས་མཐུ་སྟོབས་ཇི་ སྙེད་པ། །སྐད་ཅིག་གཅིག་ལའང་བདག་གིས་རབ་ཐོབ་ནས། །གཞན་རྣམས་ཀུན་གྱིས་ སྨིན་པར་མཛད་པ་ཙམ། །སྐད་ཅིག་གཅིག་ལའང་བདག་གིས་སྨིན་བྱེད་ཤོག །གཞན་ རྣམས་ཀུན་གྱིས་སེམས་ཅན་མང་པོ་ལ། །དགེ་བ་བསྐྱེད་ནས་ཐར་པའི་ས་བོན་ མཆོག །ཐེབས་པར་མཛད་དང་རྟག་པར་མཛད་པ་ཙམ། །སྐད་ཅིག་གཅིག་ལའང་ བདག་གིས་བྱེད་པར་ཤོག །གཞན་རྣམས་ཀུན་གྱི་རྒྱལ་བའི་གཙུག་ལག་ཁང༌། །སྐུ་ གཟུགས་མཆོད་རྟེན་གསུང་རབ་བཞེངས་ལ་སོགས། །ཆོས་སྤྱོད་དགེ་པ་ཇི་སྙེད་བསྒྲུབ་པ་ ཙམ། །སྐད་ཅིག་གཅིག་ལའང་བདག་གིས་འགྲུབ་པར་ཤོག །དེ་ལྟར་ཕྱོགས་དུས་གནས་ སྐབས་ཐམས་ཅད་དུ། །འགྲོ་ལ་ཕན་བདེ་རླབས་ཆེན་བསྒྲུབ་པ་དང༌། །བསྟན་ལ་བྱ་བ་ 8-1-353 དཔག་མེད་བྱེད་པ་ལ། །མཐུ་ལྡན་ཀུན་གྱིས་སྡོང་གྲོགས་བྱེད་པར་ཤོག །རྒྱལ་སྲས་བླ་མ་ ཡེ་ཤེས་འོད་ཀྱི་ཏོག །སྨོན་ལམ་བློ་གྲོས་དབང་པོ་ཞི་བ་དང༌། །འཇམ་དབྱངས་རྣམས་ཀྱི་ དམིགས་གསལ་རྣམ་གསུམ་པོ། །གང་བསྒྲུབ་དེ་འདྲ་བདག་གིས་འགྲུབ་པར་ ཤོག །བདེན་གཉིས་རང་བཞིན་དཀོན་མཆོག་ཐམས་ཅད་དང༌། །དེ་རྣམས་ཀུན་གྱི་རྟེན་ གསུམ་བྱིན་རླབས་དང༌། །དགེ་བ་བསགས་དང་བསོག་འགྱུར་ཀུན་གྱི་མཐུས། །སྨོན་ལམ་ འདི་དག་ངེས་པར་འགྲུབ་གྱུར་ཅིག །དེ་ལྟ་བུའི་སྨོན་ལམ་ཁྱད་པར་འཕགས་པ་འདི། དད་གུས་དང་ཤེས་རབ་དང་སྙིང་རྗེ་དང་ཚུལ་ཁྲིམས་ལ་སོགས་པའི་རྒྱན་གྱིས་མཛེས་ པའི་དགེ་བའི་བཤེས་གཉེན་སེ་མཆེར་འདུལ་གྲྭ་བ་བསོད་ནམས་དཔལ་གྱིས་བསྐུལ་ ནས། རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །།འདིས་ཀྱང་བསྟན་པ་དང་ སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག །མངྒ་ལ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-354 ༄༅། །སྨོན་ལམ་ཁྱད་འཕགས་བསྡུས་པ་བཞུགས་སོ། །༄༅། །བླ་མ་ཡི་དམ་མཆོག་གི་བྱིན་རླབས་དང༌། །དགེ་བ་གང་བསགས་ཀུན་གྱི་ནུས་པ་དང༌། །འོད་གསལ་མཁའ་ཁྱབ་ཆོས་སྐུའི་བྱིན་རླབས་ཀྱིས། །སྨོན་ལམ་འདི་དག་མྱུར་དུ་འགྲུབ་པར་ཤོག །ཚེ་འདི་ཉིད་ལ་རྩ་བཟང་སྐྱེ་བ་དང༌། །གནས་མཆོག་རྙེད་ནས་རྣལ་འབྱོར་འཕེལ་བ་དང༌། །བླ་མ་ལྷག་པའི་ལྷ་དང་མཇལ་བ་དང༌། །དངོས་གྲུབ་ཐོབ་ནས་གཞན་དོན་བྱེད་པར་ཤོག །ཚེ་འདི་ཉིད་ལ་རླུང་སེམས་རབ་འགགས་ཤིང༌། །རྣམ་ཤེས་འགགས་ནས་ཡེ་ཤེས་ཕེབས་བ་དང༌། །ས་བཅུ་དབང་བཅུའི་ཡོན་ཏན་མྱུར་ཐོབ་ནས། །སྣ་ཚོགས་སྤྲུལ་པའི་ཆོས་རབ་སྟོན་པར་ཤོག །ཚེ་འདི་ཉིད་ལ་བདུད་རྩི་ཀུན་ཐོབ་ཅིང༌། །བཅུད་མཆོག་དབང་གི་རྒྱལ་པོ་མྱུར་ཐོབ་ནས། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལ་སོགས་པས། །འགྲོ་ཀུན་རེ་འདོད་ཡིད་བཞིན་སྐོང་བར་ཤོག །ཚེ་འདི་ཉིད་ལ་གཟུངས་དང་ཏིང་འཛིན་དང༌། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་ཀུན་ཐོབ་ནས། །ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་མྱུར་སོང་སྟེ། །རྒྱལ་བ་ཀུན་ལ་དམ་ཆོས་ཐོབ་པར་ཤོག །སེམས་ཅན་ཀུན་གྱི་གྲངས་དང་མཉམ་པ་ཡི། །སྤྲུལ་པ་སྣ་ཚོགས་ཅིག་ཆར་རབ་བསྟན་ནས། །གང་ལ་གང་འདུལ་རྣམ་འཕྲུལ་དེ་དང་དེས། །འགྲོ་ཀུན་ཕན་བདེའི་མཆོག་ལ་འགོད་པར་ཤོག །འགྲོ་བ་ཀུན་གྱི་ཁམས་དང་བསམ་པ་དང༌། །བག་ལ་ཉལ་ཀུན་གསལ་བར་ལེགས་རྟོགས་ནས། །གང་ལ་གང་འཚམ་ཆོས་ཀྱི་བདུད་རྩི་མཆོག །རང་རང་སྐད་ཀྱིས་རྟག་ཏུ་ལེགས་སྟོན་ཤོག །མཐོང་ཐོས་རེག་པ་ཙམ་གྱིས་གྲོལ་བ་དང༌། །ཕྱག་མཆོད་བསྐོར་བ་ཙམ་གྱིས་གྲོལ་བ་དང༌། །ཡིད་ལ་དྲན་པ་ཙམ་གྱིས་གྲོལ་བ་དང༌། །ཅི་བསམ་ཡིད་བཞིན་མྱུར་དུ་གྲུབ་གྱུར་ཅིག །ཆོས་སྤྱོད་བསྒྲུབ་པ་ཉམས་སུ་ལེན་པ་ལ། །མཐུན་རྐྱེན་གང་འདོད་ཡིད་བཞིན་ཚང་བ་དང༌། །འགལ་རྐྱེན་བར་ཆད་གང་ཡང་མེད་པ་དང༌། །དངོས་གྲུབ་སྡེ་གཉིས་མྱུར་དུ་ཐོབ་གྱུར་ཅིག །ཚེ་འདིར་གལ་ཏེ་སངས་ 8-1-355 རྒྱས་མ་ཐོབ་ན། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བ་དང༌། །སྐྱེས་མ་ཐག་ཏུ་ས་བཅུ་རབ་རྫོགས་ནས། །མཁའ་ཁྱབ་སྤྲུལ་པས་གཞན་དོན་བྱེད་པར་ཤོག །རྒྱལ་སྲས་ཡེ་ཤེས་བླ་མ་འོད་ཀྱི་དོག །སྨོན་ལམ་བློ་གྲོས་དབང་པོ་ཞི་བ་དང༌། །འཇམ་དབྱངས་རྣམས་ཀྱིས་དམིགས་བསལ་རྣམ་གསུམ་པོ། །གང་བསྒྲུབ་དེ་འདྲ་བདག་གིས་འགྲུབ་གྱུར་ཅིག །འདི་ནས་བཟུང་ནས་སྐྱེ་བ་ཐམས་ཅད་དུ། །ལུས་ངག་སེམས་རྩ་ཤིན་ཏུ་བཟང་བ་དང༌། །ལུས་གནད་ལྟ་སྟངས་ཤིན་ཏུ་བཟང་བ་དང༌། །རླུང་སེམས་ཐམས་ཅད་ངང་གིས་འགག་པར་ཤོག །འཕོ་བའི་བག་ཆགས་མྱུར་དུ་འགག་པ་དང༌། །འཕོ་མེད་བདེ་ཆེན་མྱུར་དུ་ཐོབ་པ་དང༌། །ཞུ་བདེ་འགྱུར་མེད་མྱུར་དུ་རྫོགས་པ་དང༌། །རང་བཞིན་འགྱུར་མེད་མྱུར་དུ་རྫོགས་པར་ཤོག །དམ་ཚིག་རྣམ་དག་མྱུར་དུ་རྫོགས་པ་དང༌། །སྡོམ་གསུམ་རྣམ་དག་མྱུར་དུ་རྫོགས་པ་དང༌། །བསླབ་གསུམ་རྣམ་དག་མྱུར་དུ་རྫོགས་པ་དང༌། །ཚོགས་གསུམ་རྣམ་དག་མྱུར་དུ་རྫོགས་པར་ཤོག །ཅེས་པའི་སྨོན་ལམ་མདོར་བསྡུས་པ་འདི་ནི་རྟོན་པ་བཞི་ལྡན་གྱི་བཀོད་པའོ།། །།(མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ཐང་པར་མ་ཡིན།) 8-1-356 ༄༅། །སྨོན་ལམ་ཁྱད་འཕགས་གཉིས་པ་བཞུགས་སོ། ། ༄༅། །ཨོཾ་རྒྱལ་བ་སྲས་བཅས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཚེ་འདི་ཉིད་ལ་ ད་ལྟ་འདི་ཉིད་དུ། །ཀུན་གཞིའི་རྣམ་ཤེས་འཁོར་བཅས་མྱུར་འགགས་ཤིང༌། །ཀུན་ གཞིའི་ཡེ་ཤེས་འཁོར་བཅས་མྱུར་ཐོབ་ནས། །སྣ་ཚོགས་གཟུགས་སྐུས་གཞན་དོན་བྱེད་ པར་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །རྩ་བཟང་རབ་མཆོག་གྱུར་པ་མྱུར་སྐྱེས་ ཤིང༌། །རླུང་སེམས་འཕོ་བའི་སྐད་ཅིག་རབ་འགགས་ནས། །འདུས་མ་བྱས་ཀྱི་བདེ་ཆེན་ མྱུར་ཐོབ་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །འཁོར་ལོ་དྲུག་ཏུ་ལས་རླུང་མྱུར་ འགགས་ཤིང༌། །ཡེ་ཤེས་རླུང་གིས་ས་རྣམས་མྱུར་བགྲོད་ནས། །ཁྱབ་བདག་རྟག་པའི་ སངས་རྒྱས་མྱུར་ཐོབ་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །འགྱུར་མེད་མཆོག་གི་ བདེ་བ་སྐད་ཅིག་མ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མྱུར་རྫོགས་ནས། །རྟག་པའི་བདེ་ཆེན་ མཁའ་ཁྱབ་མྱུར་ཐོབ་ཤོག ། ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །ཀུན་བརྟགས་ཐམས་ ཅད་མྱུར་དུ་རབ་འགགས་ཤིང༌། །ཡོངས་གྲུབ་མྱུར་ཐོབ་སྣ་ཚོགས་གཟུགས་སྐུ་ ཡིས། །མཁའ་ཁྱབ་འགྲོ་བའི་དོན་ཀུན་བྱེད་པར་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་ དུ། །དབང་གི་རྒྱལ་པོ་མཁའ་མཛོད་ཏིང་འཛིན་སོགས། །ཡོན་ཏན་མ་ལུས་རྫོགས་པ་ མྱུར་ཐོབ་ནས། །བསྟན་དང་འགྲོ་ལ་ཕན་ཆེར་མྱུར་བྱེད་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ ཉིད་དུ། །ཡང་དག་ཡེ་ཤེས་རྒྱུད་ལ་མྱུར་སྐྱེས་ཤིང༌། །ཀུན་བཏགས་གཞན་དབང་མྱུར་དུ་ རབ་འགགས་ནས། །འགྱུར་མེད་ཡོངས་གྲུབ་དེ་བཞིན་ཉིད་ཐོབ་ཤོག །ཚེ་འདི་ཉིད་ལ་ད་ ལྟ་འདི་ཉིད་དུ༌། །རྡོ་རྗེ་རྣལ་འབྱོར་ཡན་ལག་དྲུག་རྫོགས་ཤིང༌། །ཕྱི་ནང་གློ་བུར་དྲི་མ་ མྱུར་འགགས་ནས། །གཞན་མཆོག་ཕ་རོལ་སངས་རྒྱས་མྱུར་ཐོབ་ཤོག །ཚེ་འདི་ཉིད་ལ་ད་ ལྟ་འདི་ཉིད་དུ། །སྦྱོང་བྱེད་གཉེན་པོ་ཐམས་ཅད་མྱུར་སྐྱེས་ནས། །སྦྱང་བྱའི་དྲི་མ་ཐམས་ ཅད་མྱུར་ཟད་ཅིང༌། །སྦྱང་གཞི་ཡོན་ཏན་མང་པོ་མྱུར་ཐོབ་ཤོག །ཚེ་འདི་ཉིད་ལ་ད་ལྟ་ 8-1-357 འདི་ཉིད་དུ། །སྦྱངས་འབྲས་ཡོན་ཏན་མང་པོ་མྱུར་ཐོབ་ནས། །སྣ་ཚོགས་གཟུགས་སྐུས་ འགྲོ་བའི་དོན་བྱེད་ཅིང༌། །བསྟན་པ་རིན་ཆེན་ཀུན་ཏུ་རྒྱས་བྱེད་ཤོག །ཚེ་འདི་ཉིད་ལ་ད་ ལྟ་འདི་ཉིད་དུ། །རྫོགས་ལྡན་ཆོས་ཀྱིས་ཀུན་ཏུ་ཁྱབ་བྱས་ནས། །གསུམ་ལྡན་མར་བཅད་ སྐྱོན་དང་བཅས་པ་ཡི། །ཆོས་ངན་ཆོས་ལོག་ཐམས་ཅད་མྱུར་ཉམས་ཤོག ། ཚེ་འདི་ཉིད་ ལ་ད་ལྟ་འདི་ཉིད་དུ། །ཐུན་མོང་མཆོག་གི་དངོས་གྲུབ་མྱུར་ཐོབ་ནས། །སྣ་ཚོགས་སྤྲུལ་ པས་བདུད་ཀྱི་ཚོགས་འདུལ་ཞིང༌། །འགྲོ་ཀུན་ཡང་དག་ལམ་ལ་འགོད་པར་ཤོག ། ཚེ་ འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །ཉེས་སྐྱོན་ཐམས་ཅད་མྱུར་དུ་རབ་ཟད་ཅིང༌། །ཡོན་ ཏན་ཐམས་ཅད་རྫོགས་པར་མྱུར་ཐོབ་ནས། །བསྟན་དང་འགྲོ་ལ་ཕན་ཆེན་མྱུར་བྱེད་ ཤོག ། དོན་དམ་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། །ཀུན་རྫོབ་དཀོན་མཆོག་ གསུམ་གྱི་བྱིན་རླབས་དང༌། །དགེ་བ་གང་བསགས་ཀུན་གྱི་མཐུ་སྟོབས་ཀྱིས། །སྨོན་ལམ་ འདི་དག་ཇི་བཞིན་མྱུར་འགྲུབ་ཤོག །དེ་ལྟ་བུའི་སྨོན་ལམ་ཁྱད་འཕགས་གཉིས་པ་འདི་ རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-358 ༄༅། །ངེས་དོན་མཐར་ཐུག་གི་སྨོན་ལམ་ བཞུགས་སོ། ། ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །སྐྱེ་བ་ཀུན་ཏུ་བསླབ་གསུམ་སྡོམ་གསུམ་དམ་ཚིག་ ཐམས་ཅད་སྐྱོན་མེད་ཡོན་ཏན་རྫོགས་པར་ཤོག །ལུས་གནད་ལྟ་སྟངས་ཤིན་ཏུ་བཟང་ ཞིང་རླུང་སེམས་ཐམས་ཅད་ངང་གིས་འགག་ཅིང་རང་འགགས་གཏན་འགགས་ཆེན་ པོར་འགག་པར་ཤོག །རྣམ་ཤེས་ཐམས་ཅད་མྱུར་འགགས་ཡེ་ཤེས་མྱུར་ཐོབ་སེམས་ཅན་ ཐམས་ཅད་ཀུན་གྱི་དོན་བྱེད་ཤོག །ཀུན་གཞི་རྣམ་ཤེས་མྱུར་དུ་འགགས་ནས་ཀུན་གཞི་ ཡེ་ཤེས་བདེ་ཆེན་མཁའ་ཁྱབ་ཆེན་པོར་མྱུར་ཐོབ་ཤོག །གཞན་བྱུང་ཡེ་ཤེས་མྱུར་དུ་སྐྱེས་ ནས་རང་བྱུང་ཡེ་ཤེས་མཁའ་ཁྱབ་ཆེན་པོ་མྱུར་ཐོབ་ཤོག །ཀུན་བཏགས་ཐམས་ཅད་ མྱུར་དུ་འགགས་ནས་ཡོངས་གྲུབ་མྱུར་ཐོབ་སེམས་ཅན་ཀུན་གྱི་དོན་བྱེད་ཤོག །གློ་བུར་ དྲི་མ་ཐམས་ཅད་མྱུར་འགགས་བདེ་གཤེགས་སྙིང་པོ་མྱུར་ཐོབ་མཁའ་ཁྱབ་འགྲོ་བའི་ དོན་བྱེད་ཤོག །ཕྱི་ནང་དྲི་མ་ཐམས་ཅད་མྱུར་འགགས་གཞན་མཆོག་ཕ་རོལ་དང་པོའི་ སངས་རྒྱས་མྱུར་ཐོབ་ཤོག །མཐའ་མའི་སྐྱོན་ཀུན་རབ་འགགས་དབུ་མའི་ཡོན་ཏན་ཀུན་ ཐོབ་སེམས་ཅན་ཀུན་གྱི་དོན་བྱེད་ཤོག །གློ་བུར་ཆོས་ཀྱི་སྐྱོན་ཀུན་མྱུར་འགགས་ཆོས་ ཉིད་གཉུག་མའི་བདེ་ཆེན་བགྲང་ཡས་ཐོབ་པར་ཤོག །རྣམ་པར་རྟོག་པའི་སྐྱོན་ཀུན་ རབ་འགགས་མི་རྟོག་ཡེ་ཤེས་ཕྱག་རྒྱ་ཆེན་པོ་མྱུར་ཐོབ་ཤོག །རླུང་སེམས་འཕོ་བའི་ ཆགས་པ་རབ་འགགས་འཕོ་མེད་ཕྱག་ཆེན་བདེ་བ་ཆེན་པོ་མྱུར་ཐོབ་ཤོག །དོན་དམ་ ཆོས་སྐུའི་ཡོན་ཏན་བགྲང་འདས་གདོད་ནས་བཞུགས་པའི་སངས་རྒྱས་མྱུར་ཐོབ་རང་ དོན་མཐར་ཕྱིན་ཤོག །ཀུན་རྫོབ་གཟུགས་སྐུའི་ཡོན་ཏན་རྨད་བྱུང་རྫོགས་པར་བསྐྱེད་ ནས་མཁའ་ཁྱབ་འགྲོ་བའི་དོན་བྱེད་ཤོག །ངེས་དོན་མཐར་ཐུག་གི་སྨོན་ལམ་འདིས་ བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ། ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་ པར་མ་ཁོ་ན་ཡིན།) 8-1-359 ༄༅། །འཕོ་བའི་མན་ངག་ཁྱད་འཕགས་རབ་ཏུ་རྒྱས་པ་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿན་མཿ རྗེ་བཙུན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་ འཚལ་ལོ། ། རྣལ་འབྱོར་རིག་པ་ཆོས་ཉིད་འོད་གསལ་གྱི། །དབྱིངས་སུ་འཕོ་བའི་མན་ངག་ཁྱད་པར་ ཅན། །སྙན་རྒྱུད་ཡིན་ཡང་མཁན་ཆེན་རིན་པོ་ཆེའི། །གསུང་མ་ཆོག་པས་ཅུང་ཟད་བྲི་བ་ ལ། །དམ་ཅན་མཁའ་འགྲོའི་ཚོགས་རྣམས་བཟོད་མཛད་ཅིང༌། །སྣོད་མིན་རྣམས་ཀྱིས་མི་ མཐོང་མི་ཐོས་པར། །མཐུ་ཆེན་རྣམས་ཀྱི་བྱིན་གྱིས་རློབ་པ་དང༌། །སྣོད་ལྡན་རྣམས་ལ་ ཕན་པར་མཛད་དུ་གསོལ། ། རྣལ་འབྱོར་རིག་པ་དབྱིངས་སུ་འཕོ་བ་ལ། །སྔོན་དུ་ཟབ་མོའི་ལམ་ལ་གོམས་པ་ འཚལ། །ལམ་མཆོག་དེ་ཡང་ལྟ་སྒོམ་སྤྱོད་པ་རྣམས། །ཚང་ལ་མ་ནོར་ཡོངས་སུ་རྫོགས་ པར་འཚལ། །(བདེན་གཉིས་ཀྱི་བསྡུས་པའི་ཤེས་བྱའི་)གནས་ལུགས་ཇི་བཞིན་རྟོགས་པ་ ལྟ་བའི་མཆོག །སྤྲོས་བྲལ་ངང་དུ་འཇོག་པ་སྒོམ་པའི་མཆོག །(ལྟ་སྒོམ་)དེ་དག་ (གིས་)གྲོགས་སུ་འགྱུར་བ་སྤྱོད་པའི་མཆོག །དེ་(གསུམ་)ལས་གཤིས་ལུགས་ཐོབ་པ་ འབྲས་བུའི་མཆོག(དེ་རྣམས་རྒྱས་པར་བཤད་ན)། ཨེ་མ་ཧོ། (ཀུན་རྫོབ་ཀྱི་གནས་ལུགས་རྟོགས་པའི་ལྟ་བ་ནི་)ཆོས་འདི་ཐམས་ཅད་རང་ རང་ངོ་བོས་སྟོང༌། །དེ་ཕྱིར་(ཀུན་རྫོབ་ཀྱི་ཆོས་)འདི་དག་གཤིས་ལས་གྲུབ་པ་ མེད། །མེད་བཞིན་(དུ་རྣམ་ཤེས་ལ་)སྣང་བ་(འདི་ནི་)འཁྲུལ་སྣང་ཁོ་ན་སྟེ། །དཔེར་ན་ རྨི་ལམ་སྣང་བ་ཇི་བཞིན་ནོ། །དེ་ཕྱིར་(ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་)ཆོས་འདི་ ནམ་མཁའི་མེ་ཏོག་དང༌། །རི་བོང་རྭ་དང་མོ་གཤམ་བུ་བཞིན་དུ། །གཤིས་ལུགས་དོན་ ལ་ནམ་ཡང་གྲུབ་པ་མེད། །(མེད་བཞིན་སྣང་བའི་)འཁྲུལ་ལུགས་འདི་ཡིས་འགྲོ་བ་མང་ པོ་བསླུས། །སྐྱེ་འགག་སྣང་ཡང་གཤིས་ལ་སྐྱེ་འགག་མེད། །མོ་གཤམ་བུ་ལ་སྐྱེ་འགག་མེད་ 8-1-360 པ་བཞིན། །འཕོ་འགྱུར་སྣང་ཡང་གཤིས་ལ་འཕོ་འགྱུར་མེད། །རི་བོང་རྭ་ལ་འཕོ་འགྱུར་ མེད་པ་བཞིན། །འགྲོ་འོང་སྣང་ཡང་གཤིས་ལ་འགྲོ་འོང་མེད། །མོ་གཤམ་བུ་ལ་འགྲོ་འོང་ མེད་པ་བཞིན། །འཕེལ་འགྲིབ་སྣང་ཡང་གཤིས་ལ་འཕེལ་འགྲིབ་མེད། །རི་བོང་རྭ་ལ་ འཕེལ་འགྲིབ་མེད་པ་བཞིན། །རྒྱུ་འབྲས་སྣོད་བཅུད་བདག་གཞན་གཟུང་འཛིན་ སོགས། །གཉིས་སྣང་གཉིས་ཆོས་འདི་དག་ནམ་མཁའ་ཡི། །མེ་ཏོག་ལྟ་བུར་གཤིས་ལ་ ཡོད་མིན་ཡང༌། །འཁྲུལ་པ་མ་ཟད་བར་དུ་འཁྲུལ་སྣང་འཆར། །མཁྲིས་ནད་ཅན་ལ་དུང་ ཡང་སེར་པོ(ར་སྣང་བ་བཞིན་)བཞིན། །གཉིད་ཀྱིས་བསླད་ལ་རྨི་ལམ་སྣང་བ་ བཞིན། །སྒྱུ་མ་མཁན་གྱི་སྔགས་ཀྱིས་བསླད་པ་ན། །རྟ་གླང་ལ་སོགས་མེད་ཀྱང་སྣང་བ་ བཞིན། །(དེའི་རྒྱུ་མཚན་)རྣམ་པར་རྟོག་པའི་མཁྲིས་ནད་རྒྱས་ཕྱིར་དང༌། །རྣམ་པར་ ཤེས་པའི་གཉིད་ཀྱིས་བསླད་ཕྱིར་དང༌། །རླུང་སེམས་འགྱུ་བའི་སྔགས་ཀྱིས་བསླད་པའི་ ཕྱིར། །སེམས་(སེམས་བྱུང་)ལ་གང་སྣང་འདི་ཀུན་འཁྲུལ་སྣང་(ཁོ་ན་)ཡིན། །འཁྲུལ་སྣང་ འཆར་བའི་སེམས་ཀྱང་འཁྲུལ་བ་སྟེ། །འཁྲུལ་བས་འཁྲུལ་བའི་ལས་དང་ཉོན་མོངས་ སོགས། །འཁྲུལ་བའི་འབྲས་བུ་སྐྱེ་བ་འཁྲུལ་བ་ལེན། །དེར་ཡང་འཁྲུལ་བའི་ཡོ་ལངས་ བྱེད་པས་ན། །ཀྱེ་མ་འཁྲུལ་བའི་ཁམས་གསུམ་འཁོར་བ་འདི། །འཁྲུལ་བའི་ཀུན་འབྱུང་ འཁྲུལ་བའི་སྡུག་བསྔལ་དག །འཁྲུལ་བའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་(རྒྱུ་ འབྲས་)སུ། །རྒྱུན་དུ་འཁོར་བ་མ་རིག་འཁྲུལ་འཁོར་(སྐད་མེད་འཕེལ་མེད་)ཡིན། །རྣམ་ རྟོག་གང་ཡིན་རྣམ་པར་ཤེས་པ་སྟེ། །རྣམ་ཤེས་གང་ཡིན་(ནི་འཁྲུལ་ལུགས་རིག་སྲིད་ ཀྱང་གཤིས་ཀྱི་)གནས་ལུགས་མ་རིག་པའོ། །དེ་ཡང་(དེའི་ཞོན་པ་)དབུགས་དང་ལྷན་ ཅིག་འགྱུ་བའི་ཕྱིར། །(སྡུག་བསྔལ་ཀུན་གྱི་རྩ་བ་)འཕོ་བའི་ཆགས་པས་ཀུན་ནས་འཁྱུད་ པར་གསུངས(དེ་དེ་ནི་ཀུན་འབྱུང་གི་མཐར་ཐུག་པའོ)། །གལ་ཏེ་(ལམ་མཆོག་སྒོམ་ པས་)འཕོ་བའི་ཆགས་པ་འགགས་གྱུར་ན། །འཕོ་མེད་ཆགས་ཆེན་བདེ་བ་ཆེན་པོ་ ཡིས(ཞུ་བདེ་འགྱུར་མེད་ལུས་ལ་སྐྱེས་པ)། །(རྩ་བའི་)འཁོར་ལོ་དྲུག་ཏུ་ས་ལམ་མ་ལུས་ བགྲོད། །(གཤིས་ཀྱི་)གནས་ལུགས་ཟབ་མོ་སྟོང་ཆེན་བདེ་ཆེན་(བཀོད་ནས་འདྲེས་པ་ 8-1-361 ཆོས་སྐུ་)ཐོབ། །བསོད་ནམས་ཚོགས་དང་སྨོན་ལམ་རྒྱ་མཚོ་དང༌། །ཆོས་སྐུའི་བྱིན་རླབས་ མཆོག་ལས་བྱུང་བ་ཡི། །གཟུགས་སྐུ་སྣ་ཚོགས་རྒྱ་ཆེར་རབ་འབྱམས་ཀྱིས། །མཁའ་ཁྱབ་ འགྲོ་བའི་དོན་ཀུན་མཛད་པར་འགྱུར། །དེ་ཕྱིར་དེ་འདྲའི་གནས་མཆོག་ཐོབ་འདོད་ པས། །འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་དང༌། །དལ་འབྱོར་རྙེད་དཀའ་ཚེ་ ལ་ལོངས་མེད་པ། །རླུང་གསེབ་མར་མེ་ལྟ་བུར་རྟོགས་པ་ཡིན། །དཔལ་ལྡན་བླ་མའི་ཞལ་ གྱི་བདུད་རྩི་མཆོག །རླུང་སེམས་ངང་གིས་འགག་པའི་ཐབས་བསྒོམས་ན། །ཉི་ཤུ་རྩ་ བཞིའི་ཡུལ་གྱི་རྩ་རྣམས་འཆིང་(སྤྱི་བོ་ནས་རྐང་པའི་བར་གནས)། །(གཡས་)ཉི་མ་ཟླ་བ་ (གཡོན་)སྒྲ་གཅན་(སྟེང་འོག་དབུས་ཀྱི་)ཁ་རུ་ཚུད། །(དེས་ལྟེ་བའི་)ཨ་ཡིག་འབར་བས་ (སྤྱི་བོའི་)ཧཾ་ཡིག་བཞུ་བ་ལས། །(བྱུང་བའི་)བདུད་རྩིའི་རྒྱུན་གྱིས་ལུས་ཀུན་རབ་གང་ བས། །ཡས་མར་བྱོན་དང་མས་ཡར་གཤེགས་པ་ཡིས། །དགའ་བཞི་ཞུ་བདེ་འགྱུར་མེད་ རྫོགས་པར་འགྱུར(དེ་ནི་ལམ་བདེན་གྱི་མཐར་ཐུག་པའོ)། །དེ་རབ་རྫོགས་པས་(འགོག་ བདེན་མཐར་ཐུག་པ་ཐོབ་སྟེ་དེ་ཡང་)རང་བཞིན་འགྱུར་མེད་ཀྱིས། །དགའ་བ་བཞི་ དང་བཅུ་དྲུག་(གདོད་ནས་ཀུན་ཁྱབ་ཏུ་བཞུགས་ཤིང་དེ་ཡང་)འདུས་མ་ བྱས(པ)། །རང་བཞིན་འོད་གསལ་འགྱུར་མེད་ཡོངས་སུ་གྲུབ། །གདོད་ནས་གྲོལ་བའི་ སངས་རྒྱས་(དབྱིངས་རིག་དབྱེར་མེད་)དེ་བཞིན་ཉིད། །དང་པོའི་སངས་རྒྱས་རང་ བཞིན་ལྷན་ཅིག་སྐྱེས། །རང་བཞིན་གཉུག་མ་རང་བཞིན་ལྷུན་གྱིས་གྲུབ། །སྐྱེ་མེད་འགག་ མེད་མཚན་མེད་སྤྲོས་པ་མེད། །གཞིག་མེད་གཞོམ་མེད་གཟུང་དང་འཛིན་པ་མེད། །ཆོས་ རྣམས་ཀུན་གྱིས་གདོད་ནས་སྟོང་པའི་གཞི། །ཆོས་ཉིད་ཀུན་འགྲོ་རྣམ་པ་ཐམས་ཅད་ པ། །ཆོས་རྣམས་ཀུན་གྱིས་གདོད་ནས་དག་པའི་གཞི། །རང་བཞིན་རྣམ་དག་དབང་པོ་ ཐམས་ཅད་པ། །ཆོས་རྣམས་ཀུན་གྱིས་གདོད་ནས་དབེན་པའི་གཞི། །ཆོས་རྣམས་ཐམས་ ཅད་གདོད་ནས་ཟད་པའི་གཞི། །ཆོས་རྣམས་ཐམས་ཅད་གདོད་ནས་འགག་པའི་ གཞི། །ཆོས་རྣམས་ཐམས་ཅད་གདོད་ནས་མེད་པའི་གཞི། །ཆོས་ཉིད་ཟབ་མོ་པྲ་ཕབ་ བརྒྱད་ལྟ་བུར། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་ཀྱི་དབྱིངས། །(དོན་དམ་)བདེ་ཆེན་ 8-1-362 བྱང་ཆུབ་སེམས་ཀྱི་སྙིང་པོ་ཅན། །དམིག་བཅས་སྟོང་ཉིད་དམིགས་མེད་སྙིང་རྗེའི་ སྐུ(ཚད་མེད་བཞི་དང་གདོད་ནས་འདྲེས་པའི)། །(དེ་ཉིད་གཤིས་ལུགས་ཀྱི་)ཨེ་ཝཾ་ མཆོག་དང་ཨ་ཧཾ་(མཆོག་དང་)འཁོར་ལོ་སྡོམ(པ་དང་)། །རྡོ་རྗེ་སེམས་དཔའ་ (དང་)ཐིག་ལེ་གྲུ་གསུམ་མཆོག(དང༌།) །རྡོ་རྗེ་པད་མ་(དང་)རྡོ་རྗེ་བྷ་ག་ མཆོག(དང༌།) །རྡོ་རྗེ་ཟླ་ཉི་(དང་)ཨཱ་ལི་ཀཱ་ལི་མཆོག(དང༌།) །རྡོ་རྗེའི་ཁུ་རྡུལ་(དང་རྡོ་ རྗེའི་)ཕྱོགས་གཉིས་(དང་རྡོ་རྗེའི་)བགྲོད་པ་གཉིས(དང་)། །ཧེ་དང་བཛྲ་(མཆོག་ དང་)དུས་དང་འཁོར་ལོ་མཆོག (དང༌།) །གསང་པ་འདུས་པ་(མཆོག་དང་)རྡོ་རྗེ་ གདན་བཞི་(རྣམ་ཐར་སྒོ་)དང༌། །རྡོ་རྗེ་མཁའ་འགྲོ་(དང་)རྡོ་རྗེ་ཕག་མོ་མཆོག །རྡོ་རྗེ་ ཧཱུཾ་མཛད་(དང་)རྡོ་རྗེ་བདག་མེད་མ(དང་)། །རྡོ་རྗེ་འཇིགས་བྱེད་(དང་)རྡོ་རྗེ་རོ་ ལངས་མ(དང་)། །རྡོ་རྗེ་རྩེ་མོ་(དང་)རྡོ་རྗེ་དབྱིངས་(དང་རྡོ་རྗེ་བདུད་རྩི་)ལ་ སོགས། །གནས་ལུགས་གཉུག་མའི་ལྷ་རྣམས་ཐམས་ཅད་དང༌། །དཀྱིལ་འཁོར་སྔགས་ དང་ཕྱག་རྒྱ་རྒྱུད་རྣམས་ཀུན། །དབྱེར་མེད་འདུས་པ་དུ་མ་རོ་གཅིག་དབྱིངས། །དར་ ཡུག་ཆེན་པོའི་དཔེ་ཡིས་གང་(སངས་རྒྱས་ཕལ་པོ་ཆེ་སོགས་སུ་)གསུངས་པ། །ཆ་མེད་ ཀུན་འགྲོ་ཀུན་ལ་ཁྱབ་པའི་བདག །བདག་(གཉིས་)མེད་(པའི་གཞི་)བདག་མཆོག་དེ་ བཞིན་ཉིད་ཀྱི་བདག །སྤྲིན་ཡོད་སྤྲིན་མེད་ཀུན་ལ་ཁྱབ་པ་ཡི། །མཁའ་ལྟར་གཞི་ལ་ བཞུགས་པའི་ཆོས་ཀྱི་སྐུ། །གཉུག་མའི་ཡོན་ཏན་(སྟོབས་བཅུ་པ་སོགས་པ་)ཀུན་(གདོད་ ནས་)འདུས་(རྟག་ཏུ་བཞུགས་པ་དེ་དོན་དམ་གྱི་གནས་ལུགས་ཡིན་པས་དེ་ལྟར་རྟོགས་ དགོས་ཤིང་ཐོབ་ན་སངས་རྒྱས་)ཐོབ་པར་འགྱུར། །དེ་ཐོབ་བྱ་ཕྱིར་མཉམ་བཞག་རྗེས་ ཐོབ་ཏུ། །ཚོགས་གཉིས་བསྒྲུབ་ལ་རྟག་ཏུ་བརྩོན་པར་རིགས། །ཆོས་རྣམས་ཐམས་ཅད་ ཅིར་ཡང་མ་གྲུབ་པས། །ཅིར་ཡང་འཛིན་མེད་ངང་ལ་བཞག་པར་རིགས། །གཤིས་ཀྱི་ གནས་ལུགས་སྤྲོས་པ་ཀུན་བྲལ་བས། །སྤྲོས་པ་མེད་པའི་ངང་ལ་བཞག་པར་ རིགས། །གནས་ལུགས་གཉུག་མ་བསམ་གྱིས་མི་ཁྱབ་པས། །བསམ་དུ་མེད་པའི་ངང་ལས་ བཞག་པར་རིགས། །རྟོག་མེད་སྤྲོས་བྲལ་མཉམ་ཉིད་འོད་གསལ་གྱི། །ངང་དུ་མ་ཞོགས་ 8-1-363 (གཡས་གཡོན་)ཉི་ཟླ་(རྩ་དབུས་མར་)གཅིག་ཏུ་སྦྱོར(ཞིང་)། །(དེས་)ལྟེ་བའི་ཨ་ཤད་ གཏུམ་མོའི་མེ་འབར་བས། །(གཡོན་)ཉོན་མོངས་(གཡས་)བདུད་ཀྱི་རླུང་(ལྔ་)དང་ (སེམས་)གཟུང་འཛིན་(གྱི་བུད་ཤིང་)བསྲེག །བྱང་སེམས་ཟླ་བ་བདུད་རྩི་འབྱུང་བའི་ གནས། །སྤྱི་བོའི་ཧཾ་ཡིག་བཞུ་བ་ལས་བྱུང་བའི། །ཐིག་ལེའི་རྒྱུན་གྱིས་(འཁོར་ལོ་བཞི་ གང་ནས་)དགའ་བཞིའི་དཔལ་རབ་སྟེར། །(སྟེང་) སྲོག་རླུང་འགགས་པས་(འོག་)ཐུར་ སེལ་རླུང་ཡང་འགག །ཐུར་སེལ་འགགས་པས་(ཐིག་ལེ་དཀར་དམར་བཤང་གཅི་ཤ་ ཆེན་གྱི་དྭངས་མ་སྟེ་)བདུད་རྩི་ལྔ་(ལུས་ལ་མི་འཕོ་བར་)བརྟེན་(པའི་)ཕྱིར། །ཟླ་བ་ བདུད་རྩི་རྡོ་རྗེ་(སྟེང་ནས་བྱོན་པ་དེ་)ནོར་བུ་ལས། །གཙུག་ཏོར་བར་དུ་ངང་གིས་སྟེང་ དུ་གཤེགས (དེས་ཞུ་བདེ་འགྱུར་མེད)། །དགའ་བཞིའི་(ཡས་བྱོན་པ་དང་མས་གཤེགས་ པ་)འཁོར་ལོ་(རྒྱུན་དུ་)བསྐོར་བས་ དཔལ་རབ་སྟེར། །ལུས་ངག་སེམས་ལ་ཉམས་མྱོང་སྣ་ཚོགས་འཆར། །གནས་ལུགས་ གཉུག་མ་ཅུང་ཟད་མངོན་དུ་གྱུར། །དེ་དང་རྗེས་མཐུན་རྨི་ལམ་ཉམས་ཀྱང་ འཆར། །གནས་ལུགས་ཟབ་མོ་རྡོ་རྗེ་བཞི་ཡི་བདག །དེ་ཉིད་རྣམ་པ་ཀུན་གྱི་བདག་ཉིད་ (ཡིན་པའི་)ཕྱིར། །(དེས་བྱིན་གྱིས་རླབས་པའི་ཉམས་ཀྱི་རྣམ་འགྱུར་ཡང་སྣ་ཚོགས་ འཆར་ཏེ་)རྡོ་རྗེའི་སྐུ་ཡིས་ལུས་ལ་བྱིན་རླབས་ན། །འདར་སྤྲུག་འཕར་གཡོ་རྡབ་དང་ མཆོང་རྒྱུགས་སོགས། །ལུས་ཀྱི་རྣམ་འགྱུར་དུ་མ་ཤུགས་ཀྱིས་འཆར། །རྡོ་རྗེའི་གསུང་གིས་ ངག་ལ་བྱིན་རླབས་ན། །གླེང་བརྗོད་རྒོད་ངུ་འོ་དོད་འབོད་ལ་སོགས། །ངག་གི་རྣམ་ འགྱུར་དུ་མ་ཤུགས་ཀྱིས་འཆར། །རྡོ་རྗེའི་ཐུགས་ཀྱིས་སེམས་ལ་བྱིན་རླབས་ན། །ཏིང་ འཛིན་མཆོག་དང་མངོན་ཤེས་སྐྱེ་བར་འགྱུར། །རྡོ་རྗེ་ཡེ་ཤེས་གལ་ཏེ་ཕེབས་གྱུར་ན། །ས་ བཅུའི་ཡོན་ཏན་མྱུར་དུ་ཐོབ་པར་འགྱུར། །(འདི་ལས་)ས་གཞན་(དོན་དམ་སངས་ རྒྱས་)སྤྱན་མས་བྱིན་གྱིས་བརླབས་པ་ན། །ལུས་ལྕི་སྲ་ཞིང་གཡོ་བ་མེད་པར་འགྱུར། །ཆུ་ (འདི་ལས་)གཞན་(དོན་དམ་པའི་ཆུ་)མཱ་མ་ཀཱི་ཡིས་བྱིན་བརླབས་ན། །ལུས་བསིལ་ཤིན་ ཏུ་གྲང་བས་ཉེན་པར་འགྱུར། །མེ་(འདི་ལས་)གཞན་(དོན་དམ་པའི་མེ་)གོས་དཀར་མོ་ 8-1-364 ཡིས་བྱིན་བརླབས་ན། །ལུས་ལ་དྲོད་འབར་ཚ་བས་གདུང་བར་འགྱུར། །རླུང་(འདི་ ལས་)གཞན་(དོན་དམ་པའི་རླུང་)སྒྲོལ་མས་བྱིན་གྱིས་བརླབས་གྱུར་ན། །ལུས་ནི་ཡང་ ཞིང་(དངོས་པོ་)གཞན་ཡང་སྐམ་པར་འགྱུར། །ནམ་མཁའ་(འདི་ལས་)གཞན་མཆོག་ (དོན་དམ་པའི་ནམ་མཁའ་རྡོ་རྗེ་དབྱིངས་ཕྱུག་མ་)ཕེབས་པས་མི་སྣང་བའམ། །མཁའ་ ལ་འཕར་དང་འགྲོ་བ་ལ་སོགས་བྱེད། །རྡོ་རྗེའི་སྐྱེ་མཆེད་(སེམས་དཔའ་སེམས་མ་)ལ་ སོགས་ལྷ་གཞན་(རྣམས་)དང༌། །འདོད་མ་(སོ་དྲུག་)རྣམས་དང་ཕྱིར་འདོད་མ་(སོ་ དྲུག་)རྣམས་ཏེ(འདོར་ན)། །ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཕེབས་པའི་ཉམས། །རྣམ་པ་ སྣ་ཚོགས་(དང་)ཤུགས་ཀྱིས་འཆར་བ་ལ། །མི་མཁས་པ་དག་སྐྱོན་དུ་ལྟ་བར་ བྱེད། །གེགས་སུ་བཟུང་ནས་བཅོས་ཐབས་དུ་མ་དང༌། །གདོན་དུ་བཟུང་ནས་དྲག་སྔགས་ ལ་སོགས་དང༌། །སྨྱོ་བར་བཟུང་ནས་བཅིངས་པ་ལ་སོགས་དང༌། །ཧ་དང་དབྱུག་བཅོས་ གཏར་ཁ་མེ་བཙའ་སོགས། །བདུད་ལས་མང་པོས་ཡོན་ཏན་སྐྱོན་དུ་བསྒྱུར། །རྟེན་འབྲེལ་ འཆུག་པས་ལུས་ལ་ན་ཚ་དང༌། །སེམས་ལ་སྡུག་བསྔལ་དྲག་པོ་འབྱུང་བར་འགྱུར། །རོ་ སྟོད་བརྒྱངས་ཤིང་སྙིང་ནི་མི་དགའ་བས། །སྙིང་དང་སྲོག་པ་རྩ་ལ་རླུང་ཞུགས་ནས། །ཆུ་ སེར་ཁྲག་དང་ཁྲག་རླུང་རིམ་གྱིས་བསྐྱེད(པས་སྨྱོ་ནས་ཤི་བ་ལ)། །(ཆོས་ཀྱི་སྐྱོན་དུ་)སྒོམ་ སྨྱོ་བྱུང་ནས་ཤི་ཞེས་མི་རྣམས་སྒྲོགས (དོན་ལ་གང་ཟག་གི་སྐྱོན་ཡིན་པས)། །སྒོམ་བཟང་ སྐྱེས་པ་(སྒོམ་བཟང་ངོ་མ་ཤེས་པས་)བདུད་ཀྱིས་ཁྱེར་བ་འཕངས། །ཨེ་མ་སྒོམ་བཟང་ སྐྱེས་པ་མཆོག་ཏུ་དཀོན། །སྐྱེས་པ་ངོ་ཤེས་དེ་བས་ཀྱང་ནི་དཀོན། །དེ་ཕྱིར་ཉམས་མྱོང་ སྐྱོན་དུ་མི་བསྒྱུར་བར། །ཡོན་ཏན་ཆེ་ཆེར་འཕེལ་བར་འགྱུར་འདོད་ན། །སྐྱོན་དུ་མི་ བཟུང་གེགས་སུ་མི་ལྟ་བར། །གེགས་མེད་བྱུང་རྒྱལ་ཉིད་ཀྱི་ངང་ལ་བསྐྱང༌། །དེ་ལྟར་བྱས་ ན་རྩ་མདུན་མང་པོ་གྲོལ། །བདེ་གསལ་མི་རྟོག་ཏིང་འཛིན་མཆོག་ཏུ་འཕེལ། །གཟུང་ འཛིན་འཁྲུལ་བའི་སྣང་བ་ཟིལ་གྱིས་གནོན། །ལུས་ཀྱི་ནད་གཞི་ཐམས་ཅད་མེད་པར་ བྱེད། །རླུང་སེམས་ལས་རུང་ལུས་སེམས་བདེ་བས་གང༌། །ཁ་ཟས་མང་འཇུ་ལུས་ལ་ མདངས་སྟོབས་འཕེལ། །སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ། །ཡོན་ཏན་གཞན་ 8-1-365 ཡང་མཆོག་ཏུ་འཕེལ་བར་འགྱུར། །གཤིས་ཀྱི་གནས་ལུགས་ཆོས་ཉིད་གཉུག་མའི་ དོན། །རང་བཞིན་སྐྱེ་མེད་རང་བཞིན་ལྷུན་གྱིས་གྲུབ། །རང་བཞིན་འོད་གསལ་རང་ བཞིན་ལྷན་ཅིག་སྐྱེས། །རྣམ་པ་ཀུན་ལྡན་རྣམ་པ་མེད་པ་པོ། །རྣམ་པར་ཤེས་པའི་ཡུལ་ ལས་རབ་འདས་པ། །གཞི་ལ་གདོད་ནས་རྟག་ཏུ་བཞུགས་པ་དེ། །རྣམ་རྟོག་བུམ་པ་ཆག་ ཅིང་མི་རྟོག་པའི། །ཡེ་ཤེས་སྐྱེས་ཚེ་མར་མེ་བཞིན་དུ་མཐོང༌། །མཐོང་བྱ་(འོད་ གསལ་)དེ་ཉིད་འཁོར་འདས་དབྱེར་མེད་དང༌། །བདེན་གཉིས་དབྱེར་མེད་བདེན་བཞི་ དབྱེར་མེད་དང༌། །སྲིད་གསུམ་དབྱེར་མེད་དུས་གསུམ་དབྱེར་མེད་དང༌། །ཀུན་རྫོབ་ འདི་ལས་གཞན་པའི་གཟུགས་སོགས་ཡིན། །ཅི་ཕྱིར་ཞེ་ན་རྣམ་པ་འཁོར་བ(འི་རྣམ་ པ་)དང༌། །ངོ་བོ་མྱང་འདས་(ཡིན་ཞིང་)དེ་དག་དབྱེར་མེད་(ཡིན་པའི་)ཕྱིར། །རྣམ་པ་ ཀུན་ལྡན་འོད་གསལ་ཆོས་ཉིད་ལ། །འཁོར་འདས་དབྱེར་མེད་དོན་དུ་རྒྱལ་བས་ གསུངས། །རྣམ་པ་ཀུན་རྫོབ་(ཀྱི་རྣམ་པ་ཡིན་ཡང་)ངོ་བོ་དོན་དམ་སྟེ། །དེ་དག་དབྱེར་ མེད་རང་བཞིན་འོད་གསལ་ཉིད། །བདེན་གཉིས་དབྱེར་མེད་དོན་དུ་རྒྱལ་བས་ གསུངས། །དེ་(དག་)ལས་གཞན་དུ་(སྣང་བ་ཐམས་ཅད་འཁོར་བ་དང་ཀུན་རྫོབ་སྟོང་ ཆ་ཐམས་ཅད་མྱང་འདས་དང་དོན་དམ་སོགས་)འདོད་རྣམས་འཁྲུལ་བར་ཟད། །རྣམ་ པ་བདེན་བཞིའི་ངོ་བོ་བདེན་པ་གཅིག །(རྣམ་པ་དང་ངོ་བོ་)དེ་དག་དབྱེར་མེད་རོ་ མཉམ་ཆོས་ཀྱི་དབྱིངས། །རྣམ་པ་ཀུན་ལྡན་རྣམ་པ་མེད་པ་ལ། །བདེན་བཞི་དབྱེར་མེད་ དོན་དུ་རྒྱལ་བས་གསུངས། །ཆོས་ཉིད་འོད་གསལ་སྲིད་གསུམ་རྣམ་པ་ཅན། །(རྣམ་ པ་)དུ་མར་སྣང་ཡང་ངོ་བོ་རོ་གཅིག་པ། །དེ་ལ་སྲིད་གསུམ་དབྱེར་མེད་དོན་དུ་ གསུངས། །(སྲིད་གསུམ་ཐམས་ཅད་རང་སྟོང་དུ་གཅིག་པས་དབྱེར་མེད་ཅེས་ སོགས་)གཞན་དུ་སྨྲ་བ་རྒྱུད་སྡེའི་དགོངས་པ་མིན། །གནས་ལུགས་འོད་གསལ་རྣམ་པ་ ཐམས་ཅད་པ(ཡིན་པས)། །དུས་གསུམ་ཆོས་རྣམས་ཀུན་གྱི་རྣམ་པ་ཅན། །རྣམ་པ་དུ་མ་ ངོ་བོ་རོ་གཅིག་པའི། །དེ་བཞིན་ཉིད་ལ་དུས་གསུམ་དབྱེར་མེད་(ཀྱི་དོན་དུ་ཀུན་མཁྱེན་ གྱིས་)གསུངས། །ཀུན་རྫོབ་གཟུགས་སོགས་རྣམ་མཁྱེན་བར་གྱིས་ཆོས། །འདི་ལས་གཞན་ 8-1-366 (ནམ་)མཆོག་(ཏུ་གྱུར་པ་དོན་དམ་གྱི་)གཟུགས་ནས་རྣམ་མཁྱེན་བར། །ཆོས་ཉིད་ འགྱུར་བ་མེད་པའི་ཡོངས་གྲུབ་ཀྱི། །གཟུགས་ནས་སངས་རྒྱས་ཆོས་ཀྱི་བར་དང་ ནི། །རྣམ་པར་དག་པའི་གཟུགས་ནས་རྣམ་མཁྱེན་བར། །ཆོས་དེ་ཀུན་གྱི་རྣམ་པ་ཚངས་ པ་ཡིན། །ཡང་དག་མཐའ་ལ་གཟུགས་སོགས་གཞན་ཞེས་(ཐམས་ཅད་མཁྱེན་ པས་)གསུངས། །ཀུན་རྫོབ་འདི་ལས་གཞན་པ་ཡིན་ཕྱིར་རོ། །དེ་བཞིན་(དུ་རྒྱལ་ཡུམ་ ལས་)ཁམས་གསུམ་དང་ནི་དུས་གསུམ་ལས། །འདས་པའི་གཟུགས་སོགས་རྣམ་མཁྱེན་ བར་གསུངས་པ། །དེ་ཡང་ཆོས་ཉིད་རྣམ་པ་ཐམས་ཅད་པའི། །རྣམ་པ་རྣམས་ལ་ལེགས་ པར་དགོངས་པ་ཡིན(གྱི་དེ་རྣམས་ཀུན་རྫོབ་འདི་མ་ཡིན་ནོ)། །དེ་ཕྱིར་རྣམ་པ་ཀུན་ལྡན་ སྟོང་ཉིད་ཅེས། །(མདོ་རྒྱུད་མང་པོར་)གསུངས་པའི་རྣམ་པ་(ནི་)རྣམ་ཤེས་(ཀྱི་)སྤྱོད་ ཡུལ་མིན(གྱི)། །སོ་སོ་རང་རིག་ཡེ་ཤེས་(ཁོ་ནའི་)སྤྱོད་ཡུལ་ཏེ། །དོན་དམ་གཟིགས་པ་ རྣམས་ཀྱི་ཡུམ་ཉིད་དོ། །ཅི་སླད་ཅེ་ན་(གཤིས་ཀྱི་)གནས་ལུགས་ཟབ་མོ་དེ། །ཕྲ་ཕྱིར་ཐོས་ པའི་ཤེས་པས་མཐོང་བ་མིན། །དོན་དམ་ཡིན་ཕྱིར་བསམ་བྱུང་ཤེས་པས་མིན། །ཆོས་ ཉིད་ཟབ་ཕྱིར་རྟོག་པའི་སྒོམ་པ་དང༌། །བསམ་གཏན་གཟུགས་མེད་ལ་སོགས་ཞི་གནས་ ཙམ། །སྒོམ་པ་འཇིག་རྟེན་པ་ཡི་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་ཇི་ བཞིན་དུ། །བྱིས་པས་དེ་སྔོན་མཐོང་བ་མེད་ཕྱིར་(དོན་དམ་པའི་གནས་ལུགས་རྟོགས་པ་ དེ་ལྟར་ཡང་རྟོགས་དགོས་སོ། །བདེན་གཉིས་མི་གཅིག་པར་)རོ། །(དེ་གཉིས་མཐོང་བའི་ ཤེས་པ་ཡང་མི་གཅིག་སྟེ་)དེ་ཕྱིར་ཆོས་ཉིད་འོད་གསལ་མཐོང་བ་ཡི། །ཤེས་པ་གང་དེ་ མི་རྟོག་ཡེ་ཤེས་ཉིད། །ཡིན་གྱི་རྣམ་ཤེས་རྟོག་པ་གཏན་མ་ཡིན། །དེ་བཞིན་ལས་གཟུགས་ སྣང་བའི་ཤེས་པ་ཡང༌། །རྣམ་ཤེས་ཡིན་གྱི་ཡེ་ཤེས་གཏན་མ་ཡིན། །དོན་འདི་རྒྱལ་བ་ བྱམས་པའི་ཞལ་སྔ་ནས། །ཆོས་དེ་སྣང་བས་ཆོས་ཉིད་མི་སྣང་ཞིང༌། །དེ་མི་སྣང་བས་ ཆོས་ཉིད་སྣང་ཞེས་གསུངས། །དེ་ཕྱིར་རྣམ་པར་ཤེས་(ཀྱི་ཆོས་ཉིད་མཐོང་མི་སྲིད་པ་) པས་གང་མཐོང་བའི། །ཆོས་རྣམས་ཐམས་ཅད་ཆོས་ཉིད་མ་ཡིན་ཡང༌། །རང་རང་ངོ་ བོས་སྟོང་ཕྱིར་སྟོང་ཉིད་ཡིན། །དེས་ན་(ལམ་ཁྱེར་)དེ་དག་མེད་བཞིན་སྣང་བའི་ 8-1-367 ཕྱིར། །ཀུན་བཏགས་འཁྲུལ་སྣང་རྨི་ལམ་སྒྱུ་མ་དང༌། །མཚུངས་པར་ལྟ་བ་རྗེས་ཐོབ་ལམ་ ཁྱེར་ཡིན། །མི་རྟོག་ཡེ་ཤེས་ཅིར་ཡང་འཛིན་མེད་ལ། །རང་བཞིན་འོད་གསལ་སྣང་བ་ གང་ཤར་དེ། །ཆོས་ཀྱི་རྣམ་པར་(རྣམ་ཤེས་ལ་)སྣང་ཡང་ཆོས་ཉིད་ཡིན། །(མཉམ་བཞག་ རིགས་པས་ཤེས་པ་ལ་)ཀུན་རྫོབ་རྣམ་པར་སྣང་ཡང་དོན་དམ་ཡིན(མཉམ་བཞག་ཟབ་ མོའི་ལམ་ཁྱེར་ནི)། །བརྫུན་པའི་རྣམ་པར་སྣང་ཡང་བདེན་པ་ཡིན། །བཅོས་མའི་རྣམ་ པར་སྣང་ཡང་རང་བཞིན་ཡིན། །གློ་བུར་རྣམ་པར་སྣང་ཡང་གཉུག་མ་ཡིན། །གཞན་ བྱུང་རྣམ་པར་སྣང་ཡང་རང་བྱུང་ཡིན། །རྣམ་ཤེས་རྣམ་པར་སྣང་ཡང་ཡེ་ཤེས་ཡིན། །རྒྱུ་ ལས་སྐྱེས་པ་མེད་ཀྱང་ལྷན་སྐྱེས་ཡིན། །སྡུག་བསྔལ་རྣམ་པར་སྣང་ཡང་བདེ་ཆེན་ ཡིན། །འགྱུར་བའི་རྣམ་པར་སྣང་ཡང་འགྱུར་མེད་ཡིན། །ཀུན་བཏགས་རྣམ་པར་སྣང་ ཡང་ཡོངས་གྲུབ་ཡིན། །མུན་པའི་རྣམ་པར་སྣང་ཡང་འོད་གསལ་ཡིན། །ཁམས་གསུམ་ རྣམ་པར་སྣང་ཡང་ཆོས་སྐུ་ཡིན། །སྲིད་གསུམ་རྣམ་པར་སྣང་ཡང་བདེ་གཤེགས་ ཡིན། །ཤུན་པའི་རྣམ་པར་སྣང་ཡང་སྙིང་པོ་ཡིན། །འཁོར་བའི་རྣམ་པར་སྣང་ཡང་མྱང་ འདས་ཡིན། །ཆུང་ངུའི་རྣམ་པར་སྣང་ཡང་ཆེན་པོ་ཡིན། །ཀུན་འབྱུང་རྣམ་པར་སྣང་ ཡང་འགོག་བདེན་ཡིན། །ཉོན་མོངས་རྣམ་པར་སྣང་ཡང་རྣམ་བྱང་ཡིན། །དྲང་དོན་ རྣམ་པར་སྣང་ཡང་ངེས་དོན་ཡིན། །གནས་སྐབས་རྣམ་པར་སྣང་ཡང་མཐར་ཐུག་ ཡིན། །འཁྲུལ་ལུགས་རྣམ་པར་སྣང་ཡང་གཤིས་ལུགས་ཡིན། །མི་ཟབ་རྣམ་པར་སྣང་ཡང་ ཟབ་མོ་ཡིན། །ཕྱི་ནང་རྣམ་པར་སྣང་ཡང་གཞན་མཆོག་ཡིན། །ཚུ་རོལ་རྣམ་པར་སྣང་ ཡང་ཕ་རོལ་ཡིན། །བེམ་པོའི་རྣམ་པར་སྣང་ཡང་རིག་པ་ཡིན། །གཞན་རིག་རྣམ་པར་ སྣང་ཡང་རང་རིག་ཡིན། །མ་རིག་རྣམ་པར་སྣང་ཡང་ཀུན་རིག་ཡིན། །བླུན་རྨོངས་རྣམ་ པར་སྣང་ཡང་ཤེར་ཕྱིན་ཡིན། །མིང་ཚིག་ཡེ་གེར་སྣང་ཡང་བརྗོད་མེད་ཡིན། །སྣ་ཚོགས་ དུ་མར་སྣང་ཡང་རོ་གཅིག་ཡིན། །ཆ་ཤས་དུ་མར་སྣང་ཡང་ཆ་མེད་ཡིན། །འགྲོ་འོང་ མེད་པ་ཡིན་ཡང་(ཀུན་ལ་ཁྱབ་པའོ་)ཀུན་འགྲོ་ཡིན། །ཕམ་པའི་རྣམ་པར་སྣང་ཡང་ རྒྱལ་བ་ཡིན། །སྡར་མའི་རྣམ་པར་སྣང་ཡང་དཔའ་བོ་ཡིན། །ཉི་ཚེའི་རྣམ་པར་སྣང་ཡང་ 8-1-368 ཁྱབ་བདག་ཡིན། །ཕྱོགས་རིས་རྣམ་པར་སྣང་ཡང་ཕྱོགས་མེད་ཡིན། །མ་འདྲེས་སོ་སོར་ སྣང་ཡང་ཡེ་འདྲེས་ཡིན། །དངོས་པོའི་རྣམ་པར་སྣང་ཡང་སྟོང་ཉིད་ཡིན། །མཚན་མའི་ རྣམ་པར་སྣང་ཡང་མཚན་མེད་ཡིན། །སྨོན་པའི་རྣམ་པར་སྣང་ཡང་སྨོན་མེད་ ཡིན། །སྤྲོས་པའི་རྣམ་པར་སྣང་ཡང་སྤྲོས་མེད་ཡིན། །གཟུང་འཛིན་རྣམ་པར་སྣང་ཡང་ འཛིན་མེད་ཡིན། །སྐྱེ་བའི་རྣམ་པར་སྣང་ཡང་སྐྱེ་མེད་ཡིན། །འགག་པའི་རྣམ་པར་སྣང་ ཡང་འགག་མེད་ཡིན། །ཟད་པའི་རྣམ་པར་སྣང་ཡང་ཟད་མེད་ཡིན། །ཆད་པའི་རྣམ་ པར་སྣང་ཡང་ཆད་མེད་ཡིན། །འཕེལ་བའི་རྣམ་པར་སྣང་ཡང་འཕེལ་མེད་ཡིན། །འགྲིབ་ པའི་རྣམ་པར་སྣང་ཡང་འགྲིབ་མེད་ཡིན། །འཕོ་བའི་རྣམ་པར་སྣང་ཡང་འཕོ་མེད་ ཡིན། །འཇིག་པའི་རྣམ་པར་སྣང་ཡང་འཇིག་མེད་ཡིན། །རྩ་རླུང་ཐིག་ལེར་སྣང་ཡང་ དམིགས་མེད་ཡིན། །ལུས་སྦྱོང་འཁྲུལ་འཁོར་སྣང་ཡང་རྩོལ་མེད་ཡིན། །ཟག་བཅས་རྣམ་ པར་སྣང་ཡང་ཟག་མེད་ཡིན། །དྲི་མའི་རྣམ་པར་སྣང་ཡང་དྲི་མེད་ཡིན། །རྙོག་པའི་རྣམ་ པར་སྣང་ཡང་རྙོག་མེད་ཡིན། །ཐོགས་བཅས་རྣམ་པར་སྣང་ཡང་ཐོགས་མེད་ཡིན། །(རྒྱ་ དང་དཔངས་དང་རྣམ་པ་)དཔག་ཏུ་ཡོད་པར་སྣང་ཡང་དཔག་མེད་ཡིན། །བགྲང་དུ་ ཡོད་པར་སྣང་ཡང་བགྲང་མེད་ཡིན། །(རྒྱ་དཔངས་དང་)ཚད་ཅན་རྣམ་པར་སྣང་ཡང་ ཚད་མེད་ཡིན། །(རྒྱ་དཔངས་ཆེད་)མཐའ་ཅན་རྣམ་པར་སྣང་ཡང་མཐའ་མེད་ ཡིན། །གསར་དུ་བྱུང་བར་སྣང་ཡང་ཐོགས་མེད་ཡིན། །གཉིས་ཆོས་རྣམ་པར་སྣང་ཡང་ གཉིས་མེད་ཡིན། །ཡང་དག་མཐའ་ལ་(རྣམ་པར་)གནས་ཀྱང་གནས་མེད་ ཡིན། །འཇིགས་པའི་རྣམ་པར་སྣང་ཡང་འཇིགས་མེད་ཡིན། །(ཆ་མེད་ཀུན་འགྲོ་འདུས་ མ་བྱས་ལ་སོགས་པར་)ནམ་མཁའི་ཁམས་དང་མཚུངས་ཀྱང་དཔེ་མེད་ཡིན། །ཐ་སྙད་ རྣམ་པར་སྣང་ཡང་དོན་ཟབ་(ནི་རྒྱ་ཆེ་བ་)ཡིན། །དོན་ཆུང་རྣམ་པར་སྣང་ཡང་དོན་ ཆེན་(མཚུངས་མེད་རབ་ཞི་བ་)ཡིན། །ནུས་མེད་རྣམ་པར་སྣང་ཡང་ཤུགས་ཆེན་ ཡིན། །བུལ་བའི་རྣམ་པར་སྣང་ཡང་(ནམ་མཁའི་མཐའ་ཁྱབ་ཏུ་སླེབ་པས་)མགྱོགས་ ཆེན་ཡིན། །ཆགས་བྲལ་རྣམ་པར་སྣང་ཡང་(དོན་དམ་གྱི་)ཆགས་ཆེན་ཡིན། །(ཀུན་རྫོབ་ 8-1-369 ཀྱི་)སྲོག་དང་(གདོད་ནས་) བྲལ་བ་ཡིན་ཡང་(དོན་དམ་གྱི་)སྲོག་ཆེན་ཡིན། །སེམས་ ཡིད་རྣམ་ཤེས་(གདོད་ནས་) མེད་ཀྱང་(དོན་དམ་གྱི་)སེམས་ཆེན་ཡིན། །མངོན་སུམ་ ཉིད་དུ་མཐོང་ཡང་(གསང་བ་དང་)གསང་ཆེན་ཡིན། །མྱ་ངན་(གྱི་)གཟིར་བར་སྣང་ ཡང་དགའ་ཆེན་ཡིན། །ཞི་ཞིང་དུལ་བར་སྣང་ཡང་(མ་རུང་པ་བཅོམ་པས་)དྲག་ཆེན་ ཡིན། །དབང་ཆུང་རྣམ་པར་སྣང་ཡང་(རྣམ་བཅུ་དབང་དང་ལྡན་པས་)དབང་ཆེན་ ཡིན། །སྟོབས་ཆུང་རྣམ་པར་སྣང་ཡང་སྟོབས་ཆེན་ཡིན། །ཇི་ཡང་(ནི་ཉོན་མོངས་ཀྱི་ རྣམ་གྲངས་ཡིན་པས་དེ་)མེད་པ་ཡིན་ཡང་(དོན་དམ་དཔལ་འབྱོར་རྒྱས་པས་)ཕྱུག་ ཆེན་ཡིན། །ཆགས་པའི་རྣམ་པར་སྣང་ཡང་ཆགས་བྲལ་(ལུས་ལས་འདས་པའོ་)ཡིན། །མ་ དག་རྣམ་པར་སྣང་ཡང་(གདོད་ནས་རང་བཞིན་གྱི་)རྣམ་དག་ཡིན། །ལོག་པའི་རྣམ་ པར་སྣང་ཡང་ཡང་དག་ཡིན། །བཅིངས་པའི་རྣམ་པར་སྣང་ཡང་གྲོལ་བ་ཡིན། །བཙོན་ རར་བཟུང་བར་སྣང་ཡང་ཐར་པ་ཡིན། །ངན་པའི་རྣམ་པར་སྣང་ཡང་བཟང་པོ་ ཡིན། །དམའ་བའི་རྣམ་པར་སྣང་ཡང་(གདོད་ནས་རང་བཞིན་གྱི་)མཐོན་པོ་ ཡིན། །དམྱལ་བའི་རྣམ་པར་སྣང་ཡང་(གདོད་ནས་རང་བཞིན་གྱི་)སངས་རྒྱས་ཡིན། །ཡི་ དྭགས་རྣམ་པར་སྣང་ཡང་(གདོད་ནས་རང་བཞིན་གྱི་)བཅོམ་ལྡན་ཡིན། །དུད་འགྲོའི་ རྣམ་པར་སྣང་ཡང་(གདོད་ནས་རང་བཞིན་གྱི་)ཀུན་མཁྱེན་ཡིན། །ལྷ་མིན་རྣམ་པར་ སྣང་ཡང་(གདོད་ནས་རང་བཞིན་གྱི་)བྱང་ཆུབ་ཡིན། །ལྷ་མིའི་རྣམ་པར་སྣང་ཡང་ (གདོད་ནས་རང་བཞིན་གྱི་)ལུས་མེད་(ལུས་དེ་ལུས་ཀྱི་མཆོག་)ཡིན། །སབ་སོབ་རྣམ་ པར་སྣང་ཡང་(གདོད་ནས་རང་བཞིན་གྱི་)རྡོ་རྗེ་ཡིན། །བསྟན་པ་དུ་མར་སྣང་ཡང་ (སངས་རྒྱས་ཀུན་གྱི་)བསྟན་པ་གཅིག(པུ་ཡིན།)།ཐེག་པ་གསུམ་དུ་སྣང་ཡང་(ངེས་དོན་ མཐར་ཐུག་གི་)ཐེག་(པ་)གཅིག་ཡིན། །སྐྱབས་གནས་གསུམ་དུ་སྣང་ཡང་(ངེས་དོན་ མཐར་ཐུག་གི་)སྐྱབས་གཅིག་ཡིན། །བདེན་བཞིའི་རྣམ་པར་སྣང་ཡང་(ངེས་དོན་མཐར་ ཐུག་གི་)བདེན་(པ་)གཅིག་(པུ་འགོག་བདེན་)ཡིན། །སྐུ་གསུམ་རྣམ་པར་སྣང་ཡང་ (ངེས་དོན་མཐར་ཐུག་གི་)སྐུ་གཅིག་(པུ་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་ཡིན་)ཡིན། །ལམ་ 8-1-370 གསུམ་(གྱི་)རྣམ་པར་སྣང་ཡང་(དོན་དམ་གྱི་)ལམ་གཅིག་ཡིན། །(རང་དང་གཞན་དང་ གཉིས་ཀའི་དོན་དེ་)དོན་གསུམ་རྣམ་པར་སྣང་ཡང་(ངེས་དོན་མཐར་ཐུག་གི་) དོན་ གཅིག་ཡིན། །དུས་གསུམ་རྣམ་པར་སྣང་ཡང་(ངེས་དོན་མཐར་ཐུག་གི་)དུས་གཅིག་(པུ་ མཉམ་པ་ཉིད་ཀྱི་དུས་)ཡིན། །གདོང་བརྒྱའི་རྣམ་པར་སྣང་ཡང་(ངེས་དོན་མཐར་ཐུག་ གི་)གདོང་གཅིག་ཡིན། །མིག་བརྒྱའི་རྣམ་པར་སྣང་ཡང་(ངོ་བོ་རོ་གཅིག་པས་)མིག་ གཅིག་ཡིན། །ལག་བརྒྱའི་རྣམ་པར་སྣང་ཡང་(ངོ་བོ་རོ་གཅིག་པས་)ལག་གཅིག་ ཡིན། །རིགས་བརྒྱའི་རྣམ་པར་སྣང་ཡང་(ངོ་བོ་རོ་གཅིག་པས་)རིགས་གཅིག་ ཡིན། །རིགས་དྲུག་རྣམ་པར་སྣང་ཡང་(ངོ་བོ་རོ་གཅིག་པས་)རིགས་གཅིག་ཡིན། །རིགས་ ལྔའི་རྣམ་པར་སྣང་ཡང་(ངོ་བོ་རོ་གཅིག་པས་)རིགས་གཅིག་ཡིན། །རིགས་བཞིའི་རྣམ་ པར་སྣང་ཡང་(ངོ་བོ་རོ་གཅིག་པས་)རིགས་གཅིག་ཡིན། །རིགས་གསུམ་རྣམ་པར་སྣང་ ཡང་(ངོ་བོ་རོ་གཅིག་པས་)རིགས་གཅིག་ཡིན། །རྒྱས་པའི་རིགས་སུ་སྣང་ཡང་རང་ བཞིན་(གྱི་) རིགས(ཡིན)། །ཆོས་མིན་རྣམ་པར་སྣང་ཡང་(དོན་དམ་གྱི་ཆོས་ཡིན་ པས་)ཆོས་མཆོག་ཡིན། །ཐེག་དམན་རྣམ་པར་སྣང་ཡང་ཐེག་མཆོག་ཡིན། །དགྲ་བོའི་ རྣམ་པར་སྣང་ཡང་གཉེན་མཆོག་ཡིན། །བདུད་ཀྱི་རྣམ་པར་སྣང་ཡང་མགོན་མཆོག་ ཡིན། །གཤེད་མའི་རྣམ་པར་སྣང་ཡང་སྐྱབས་མཆོག་ཡིན། །འདྲེ་གདོན་རྣམ་པར་སྣང་ ཡང་ལྷ་མཆོག་ཡིན། །ཕྲ་རབ་རྡུལ་དང་བྲལ་ཡང་གཟུགས་མཆོག་ཡིན། །(ཀུན་རྫོབ་ ཀྱི་)ལུས་ཀྱིས་(གདོད་ནས་)སྟོང་པ་ཡིན་ཡང་(དོན་དམ་གྱི་)ལུས་ཀྱི་མཆོག །སེམས་ཅན་ མེད་པ་ཡིན་ཡང་སེམས་ཅན་མཆོག །གང་ཟག་མེད་པ་ཡིན་ཡང་(དོན་དམ་གྱི་)གང་ ཟག་མཆོག །གནོད་བྱེད་རྣམ་པར་སྣང་ཡང་དཔུང་གཉེན་ཡིན། །སྐྱབས་གནས་མིན་ པར་སྣང་ཡང་སྐྱབས་གནས་མཆོག །ཕྱག་འོས་མིན་པར་སྣང་ཡང་ཕྱག་འོས་(བཀུར་ འོས་བརྗེད་འོས་ལ་སོགས་དེས་འདྲེས་)ཡིན། །མཆོད་འོས་མིན་པར་སྣང་ཡང་མཆོད་ འོས་ཡིན། །བསྟོད་འོས་མིན་པར་སྣང་ཡང་བསྟོད་འོས་ཡིན། །མི་བརྟན་གཡོ་བར་སྣང་ ཡང་(འདུས་མ་བྱས་ཡིན་པས་)ཐེར་ཟུག་ཡིན། །སྐྱེ་རྒས་ན་འཆིར་སྣང་ཡང་(སྐད་ཅིག་ 8-1-371 ལས་འདས་པའི་ཡེ་ཤེས་ཡིན་པས་) གཡུང་དྲུང་ཡིན། །བྱུར་ངན་ཐ་ཤལ་སྣང་ཡང་བཀྲ་ཤིས་(ཀུན་གྱི་བཀྲ་ཤིས་)ཡིན། །ཕུན་ སུམ་ཚོགས་མིན་སྣང་ཡང་(དོན་དམ་གྱི་དཔལ་འབྱོར་)ཕུན་ཚོགས་ཡིན། །དྲག་པོའི་ རྣམ་པར་སྣང་ཡང་ཞི་བ་ཡིན། །རྒན་པོའི་རྣམ་པར་སྣང་ཡང་(འཇམ་དཔལ་)གཞོན་ནུ་ ཡིན། །རྩུབ་པའི་རྣམ་པར་སྣང་ཡང་འཇམ་པ(འི་དབྱངས་)ཡིན། །རྒུད་པའི་རྣམ་པར་ སྣང་ཡང་དར་བ་(ཆེན་པོ་ཆོས་ཀྱི་རྟོག་)ཡིན། །འཕྲལ་དུ་སྐྱེས་པར་སྣང་ཡང་གཞི་(ལ་ རྟག་ཏུ་)བཞུགས་(པ་)ཡིན། །སྟོང་པའི་རྣམ་པར་སྣང་ཡང་ནོར་བུ་(བདེ་ ཆེན་)ཡིན། །མཚོན་ཆའི་རྣམ་པར་སྣང་ཡང་(སྟོང་ཆེན་)པད་མ་(ནོར་བུ་དང་པདྨ་དེ་ གཉིས་དབྱེར་མེད་པ་ནི་ནོར་བུ་པདྨ་ལ་ཞུགས་པ་དེ་མ་ཎི་པད་མེའོ།།)ཡིན། །(ཀུན་རྫོབ་ ཀྱི་)ཡི་གེ་མེད་པ་ཡིན་ཡང་(དོན་དམ་གྱི་)ཨ་ཡིག་ཡིན། །རང་རིག་ཡེ་ཤེས་ཡིན་ཡང་ (དོན་དམ་གྱི་)མཁའ་ཁམས་ཡིན། །བརྗོད་དུ་མེད་པ་ཡིན་ཡང་(དོན་དམ་གྱི་)ཨེ་ཝཾ་ ཡིན། །སྐྱེས་(ནས་སྐད་ཅིག་གཅིག་ཀྱང་མ་ལོན་པས་སྐྱེས་) མ་ཐག་པ་ཡིན་ཡང་གནས་ བརྟན་ཡིན། །(གནས་བརྟན་རྒན་པོ་)སྐྱེ་དགུའི་བདག་པོ་ཡིན་ཡང་(གང་ཟག་དང་ ཆོས་ཀྱི་)བདག་(གཉིས་)མེད་(པའི་གཞི་)ཡིན། །ཕ་རོལ་(དུ་)ཕྱིན་པ་(རྒྱུའི་ཚུལ་སྟོང་ ཆེན་) ཡིན་ཡང་གསང་སྔགས་(ཀྱི་ཚུལ་འབྲས་བུ་བདེ་ཆེན་)ཡིན། །བསད་པའི་རྣམ་ པར་སྣང་ཡང་འཆི་མེད་ཡིན། །དུག་གི་རྣམ་པར་སྣང་ཡང་བདུད་རྩི་ཡིན། །གཞན་ དབང་རྣམ་པར་སྣང་ཡང་རང་དབང་ཡིན། །དམན་པའི་རྣམ་པར་སྣང་ཡང་དམ་པ་ ཡིན། །ཟང་ཟིང་རྣམ་པར་སྣང་ཡང་དབེན་པ་ཡིན། །མི་གཙང་ལྗན་ལྗིན་སྣང་ཡང་ གཙང་མ་ཡིན། །འགལ་བ་འདུས་པར་སྣང་ཡང་སྐྱོན་མེད་ཡིན། །སྐྱོན་གྱི་རྣམ་པར་སྣང་ ཡང་(དོན་དམ་གྱི་)ཡོན་ཏན་ཡིན། །ཆོས་རྣམས་(བསྐྱེད་བྱ་སྐྱེད་བྱེད་ཀྱི་ཚུལ་)འབྱུང་བ་ མེད་ཀྱང་ཆོས་འབྱུང་ཡིན། །མི་རིགས་རྣམ་པར་སྣང་ཡང་རིགས་པ་ཡིན། །ཚད་མིན་ རྣམ་པར་སྣང་ཡང་ཚད་མ་ཡིན། །སྦྱང་བྱའི་དྲི་མར་སྣང་ཡང་སྦྱང་གཞི་ཡིན། །སྤང་བྱའི་ རྣམ་པར་སྣང་ཡང་བླང་བྱ་ཡིན། །དོར་བྱའི་རྣམ་པར་སྣང་ཡང་ཐོབ་བྱ་ཡིན། །སྡིག་པའི་ 8-1-372 རྣམ་པར་སྣང་ཡང་དགེ་བ་(དོན་དམ་གྱི་)ཡིན། །རིག་པ་དུ་མར་སྣང་ཡང་ཅིག་ཆར་ ཡིན། །སྲ་ཞིང་བརྟན་པར་སྣང་ཡང་གཟུང་(དུ་)མེད་(ཅིང་རེག་ཏུ་མེད་པ་)ཡིན། །མེ་ཡི་ ཕུང་པོར་སྣང་ཡང་བསིལ་བ(ར་གྱུར་པ་རྙོག་པ་མེད་)ཡིན། །(ཡོད་མེད་རྟག་ཆད་ལ་ སོགས་པ་)མཐའ་ཡི་རྣམ་པར་སྣང་ཡང་(དེ་དག་སྤངས་པའི་གཞི་)དབུ་མ་(ཕུང་པོ་ གསུམ་པ་མ་ནིང་)ཡིན། །ཕོ་མོའི་རྣམ་པར་སྣང་ཡང་(རྡོ་རྗེ་སེམས་དཔའ་)མ་ནིང་(གི་ གོ་འཕངས་)ཡིན། །ཁ་དོག་དབྱིབས་ཀྱིས་སྟོང་ཡང་གྲུ་གསུམ་(ཤིན་ཏུ་ཡངས་པའི་ གཟུགས་)ཡིན། །མི་ཤིགས་རྡོ་རྗེར་སྣང་ཡང་(དོན་དམ་གྱི་)བྷ་ག་ཡིན། །ཡིད་དུ་འོང་ བར་སྣང་ཡང་(རྡོ་རྗེ་)འཇིགས་བྱེད་ཡིན། །ཆུ་མཚོར་བྱིང་བར་སྣང་ཡང་(བྱ་བ་བྱས་ པ་)སྐམ་སར་གནས(པ་ཡིན)། །བསམ་པས་ཤེས་པར་སྣང་ཡང་བསམ་མི་ཁྱབ། །(དོན་ དམ་གྱི་)ས་བཅུའི་དབང་ཕྱུག་ཡིན་ཡང་རྫོགས་སངས་རྒྱས། །དུས་གསུམ་(གྱིས་) དུས་ མེད་(པ་)ཡིན་ཡང་(དོན་དམ་གྱི་)དུས་(ཀྱི་)འཁོར་ལོ། །འབད་རྩོལ་རྣམ་པར་སྣང་ཡང་ ལྷུན་གྱིས་གྲུབ། །ལུས་མེད་ལུས་ལས་འདས་ཀྱང་ཡེ་ཤེས་ལུས(ཅན་དེ་བཞིན་ གཤེགས)། །འཛིན་པ་མེད་པ་ཡིན་ཡང་(བཅུ་དྲུག་བྱེད་ཕྱེད་)ཐིག་ལེ་འཛིན། །དཀའ་བ་ མེད་པ་ཡིན་ཡང་(དཀའ་ཐུབ་མཐར་ཕྱིན་)དཀའ་ཐུབ་ཆེ། །དྲན་པ་མེད་པ་ཡིན་ཡང་ རྗེས་དྲན་དྲུག(དོན་དམ་མངོན་ཤེས་དྲུག་ལྡན་འཆར།) ། ཡན་ལག་མེད་པ(འི་རྡོ་ རྗེ་)ཡིན་ཡང་ལག་པ་བརྒྱ(པོ་ཀུན་སྐྱོན་ཡིན)། །གཡོ་བ་མེད་པ་ཡིན་ཡང་(དཔལ་ལྡན་ པདྨ་)གར་གྱི་བདག །བྲམ་ཟེ་ཚངས་པ་ཡིན་ཡང་(ཀུན་རྫོབ་ཀྱི་དང་)ལུས་དང་ བྲལ། །(བརྟན་པོ་)མི་སྡུག་གཟུགས་འཆང་(བ་)ཡིན་ཡང་སྡུག་ཅིང་མཛེས། །ཁམས་ གསུམ་དབང་ཕྱུག་(ཆེན་པོ་)ཡིན་ཡང་ཁམས་གསུམ་འདས། །དེ་ཉིད་(དོན་དམ་པའི་ སྐུ་དང་དགའ་བ་)བཅུ་དྲུག་ཡིན་ཡང་གྲངས་ལས་འདས། །འཇིག་རྟེན་རྣམ་པར་སྣང་ ཡང་འཇིག་རྟེན་(ལས་གདོད་ནས་རང་བཞིན་གྱི་) འདས། །འདུས་བྱས་རྣམ་པར་སྣང་ ཡང་འདུས་མ་བྱས། །ཕུང་པོའི་རྣམ་པར་སྣང་ཡང་(ཀུན་རྫོབ་ཀྱི་གདོད་ནས་)ཕུང་པོ་ (གདོད་ནས་)མེད། །ཁམས་ཀྱི་རྣམ་པར་སྣང་ཡང་ཁམས་ཀྱིས་སྟོང༌། །སྐྱེ་མཆེད་རྣམ་ 8-1-373 པར་སྣང་ཡང་སྐྱེ་མཆེད་བྲལ། །རྟེན་འབྲེལ་རྣམ་པར་སྣང་ཡང་རྟེན་འབྲེལ་འདས། །ནམ་ མཁའི་པད་མར་སྣང་ཡང་གཏན་མེད་ཡིན། །ཉན་རང་དགྲ་བཅོམ་སྣང་ཡང་ཐེག་ དམན་མིན། །བདག་དང་གཙོ་བོར་སྣང་ཡང་མུ་སྟེགས་མིན། །རྟོག་གེས་རྟོགས་པར་སྣང་ ཡང་(རྣམ་ཤེས་རྟོགས་པས་)རྟོགས་བྱ་མིན། །རྟོགས་པས་མཐོང་བར་སྣང་ཡང་(རྣམ་ ཤེས་རྟོགས་པས་)མཐོང་བ་མིན། །(སྟོང་གཞི་ཡིན་པས་)སྟོང་ཉིད་ཆེན་པོ་ཡིན་ཡང་ རང་སྟོང་མིན། །སྙིང་རྗེ་ཆེན་པོ་ཡིན་ཡང་(ཆོས་ཉིད་ཀྱི་སྙིང་རྗེ་ཡིན་པས་)ཆོས་ཅན་ མིན། །བདེ་བ་ཆེན་པོ་ཡིན་ཡང་(དོན་དམ་གྱི་བདེ་བ་ཡིན་པས་)སྐད་ཅིག་ མིན། །འདོད་ཆགས་ཆེན་པོ་ཡིན་ཡང་(དོན་དམ་གྱི་འདོད་ཆགས་ཡིན་པས་)འཛག་ བདེ་མིན། །ཞེ་སྡང་ཆེན་པོ་ཡིན་ཡང་(དོན་དམ་གྱི་ཞེ་སྡང་ཡིན་པས་)སྡིག་པ་ མིན། །གཏི་མུག་ཆེན་པོ་ཡིན་ཡང་(དོན་དམ་པའི་གཏི་མུག་ཡིན་པས་)རྨོངས་པ་ མིན། །ཁྲོ་བ་ཆེན་པོ་ཡིན་ཡང་(དོན་དམ་གྱི་ཁྲོ་བ་ཡིན་པས་)ཉོན་མོངས་མིན། །ང་རྒྱལ་ ཆེན་པོ་ཡིན་ཡང་ཁེངས་པ་མིན། །དགའ་བ་ཆེན་པོ་ཡིན་ཡང་(དོན་དམ་གྱི་དགའ་བ་ ཡིན་པས་)རྣམ་རྟོག་མིན། །ཁ་དོག་ཆེན་པོ་ཡིན་ཡང་(དོན་དམ་གྱི་ཁ་དོག་ཡིན་ པས་)ཁ་དོག་མིན། །ལུས་བོང་ཆེན་པོ་ཡིན་ཡང་(དོན་དམ་པའི་ལུས་བོང་ཡིན་ པས་)ལུས་བོང་མིན། །ཕུང་པོ་གསུམ་པ་ཡིན་ཡང་(དངོས་པོ་དང་དངོས་མེད་གང་ཡང་ མ་ཡིན་པའི་ཤེས་བྱ་ཡིན་པས་)ཕུང་པོ་མིན། །ཚོགས་གཉིས་(ཚོགས་ནི་)བསགས་པ་ (པོ་)ཡིན་ཡང་གསར་སྐྱེས་མིན། །རང་རིག་རང་གསལ་ཡིན་ཡང་སེམས་(རྣམ་ཤེས་ལས་ འདས་པ་)ཙམ་མིན། །དབུ་མ་ཆེན་པོ་ཡིན་ཡང་(འདུས་མ་བྱས་ཡིན་པས་)རྟེན་འབྲེལ་ མིན། །ཕྱག་རྒྱ་ཆེན་པོ་ཡིན་ཡང་(ལ་ལའི་འདོད་པ་ལྟར་)རྣམ་ཤེས་མིན། །ལྷན་ཅིག་སྐྱེས་ སྦྱོར་ཡིན་ཡང་རང་སྟོང་མིན། །སངས་རྒྱས་མཉམ་སྦྱོར་ཡིན་ཡང་(ཅི་ཡང་མ་གྲུབ་ པའི་)ཆད་སྟོང་མིན། །ཤིན་ཏུ་རྣལ་འབྱོར་ཡིན་ཡང་(ཡེ་ཤེས་རང་རིག་མེད་པས་)བེམ་ སྟོང་མིན། །དེ་བཞིན་ཉིད་བདག་(དག་པའི་བདག་)ཡིན་ཡང་བདག་ལྟ་མིན། །ཆོས་ རྣམས་(གཤིས་ལ་)མེད་པ་ཡིན་ཡང་(དོན་དང་མཐུན་པའི་)མེད་ལྟ(འི་སྐྱོན་ 8-1-374 ཅན་)མིན། །ཆོས་ཉིད་(གཤིས་ལ་)ཡོད་པ་ཡིན་ཡང་(དོན་དང་མཐུན་པའི་)ཡོད་ལྟ(འི་ སྐྱོན་ཅན་)མིན། །རྟག་པ་ཀུན་རྒྱལ་ཡིན་ཡང་(རྣལ་འབྱོར་ཅན་)རྟག་ལྟ་མིན། །དངོས་ ཀུན་(གཤིས་ལ་)ཆད་པ་ཡིན་ཡང་ཆད་ལྟ(འི་སྐྱོན་ཅན་) མིན། །དོན་དམ་ཡེ་བཞུགས་ ཡིན་ཡང་སྒྲོ་འདོགས་མིན། །ཀུན་རྫོབ་(གཤིས་ལ་)གཏན་མེད་ཡིན་ཡང་སྐུར་འདེབས་ མིན། །ཡི་གེ་(སྟོང་ཆེན་)དམ་པ་ཡིན་ཡང་བརྗོད་བྱེད་མིན། །བླ་མ་ཆེན་པོ་ཡིན་ཡང་ གཟུགས་ཅན་མིན། །ཚོགས་ཀྱི་སློབ་དཔོན་(ཚོགས་ཀྱི་མཆོག་)ཡིན་ཡང་དངོས་པོ་ མིན། །(དོན་དམ་གྱི་)དཀྱིལ་འཁོར་ཆེན་པོ་ཡིན་(པས་)ཡང་(རྒྱུ་རྐྱེན་གྱི་)བྱས་པ་ མིན། །ཀུན་ལ་སྙོམས་པ(ར་ཁྱབ་པ་)ཡིན་ཡང་(ཀུན་དང་)ཐུན་མོང་མིན། །སྦྱིན་སོགས་ ལམ་དུ་སྣང་ཡང་(འདུས་མ་བྱས་པ་ཡིན)ལམ་བདེན་མིན། །སངས་རྒྱས་གཟུགས་སུ་ སྣང་ཡང་(ཆོས་སྐུ་ཡིན་པས་)གཟུགས་སྐུ་མིན། །མཚན་དང་དཔེ་བྱད་སྣང་ཡང་(དོན་ དམ་གྱི་མཚན་དཔེ་ཡིན་པས་)ཀུན་རྫོབ་མིན། །ཞིང་ཁམས་དུ་མར་སྣང་ཡང་(དོན་དམ་ གྱི་ཞིང་ཁམས་ཡིན་པས་)འདུས་བྱས་མིན། །གཙོ་འཁོར་རྣམ་པར་སྣང་ཡང་(དོན་དམ་ གྱི་གཙོ་འཁོར་ཡིན་པས་)དངོས་པོ་མིན། །ལྷ་དང་དཀྱིལ་འཁོར་སྣང་ཡང་བསྐྱེད་རིམ་ མིན། །སྔགས་དང་ཡིག་འབྲུར་སྣང་ཡང་བཟླས་བརྗོད་མིན། །སྲིད་པ་གསུམ་དུ་སྣང་ ཡང་སྲིད་གསུམ་མིན། །འགྲོ་བ་དྲུག་ཏུ་སྣང་ཡང་འགྲོ་དྲུག་མིན། །གནས་འབྱམ་རྣམ་ པར་སྣང་ཡང་གནས་འབྱམ་མིན། །བདེན་པའི་དངོས་པོར་སྣང་ཡང་བདེན་དངོས་ མིན། །རྣམ་པ་དུ་མར་སྣང་ཡང་(ངོ་བོ་)དུ་མ་མིན། །མིག་འཕྲུལ་ལྟ་བུར་སྣང་ཡང་ འཕྲུལ་སྣང་མིན། །སྒྱུ་མ་ལྟ་བུར་སྣང་ཡང་སླད་པ་མེད། །རྨི་ལམ་ལྟ་བུར་སྣང་ཡང་གཉིད་ པ་མེད། །ཆུ་ཟླ་ལྟ་བུར་སྣང་ཡང་གཏོང་བྱེད་མེད། །བློས་བྱས་ལྟ་བུར་སྣང་ཡང་བསམ་པ་ མེད། །ཡལ་ནས་སོང་བར་སྣང་ཡང་(དོན་ལ་)ཡལ་བ་མེད། །བླ་ན་ཡོད་པར་སྣང་ཡང་ བླ་ན་མེད། །མཚུངས་པ་ཡོད་པར་སྣང་ཡང་མཚུངས་པ་མེད། །མཉམ་པར་ཡོད་པར་ སྣང་ཡང་མཉམ་པ་མེད། །དཔེ་ཟླ་ཡོད་པར་སྣང་ཡང་དཔེ་ཟླ་མེད། །རྣམ་པ་ཀུན་ལྡན་ ཡིན་ཡང་རྣམ་པ་(དེ་འདྲའི་དངོས་པོ་)མེད། །རང་བཞིན་འོད་གསལ་ཡིན་ཡང་(དངོས་ 8-1-375 པོའི་)རང་བཞིན་མེད། །རང་བཞིན་ལྷན་སྐྱེས་ཡིན་ཡང་(རྒྱུ་ལས་)སྐྱེས་པ་མེད། །(དོན་ དམ་པའི་ས་དང་གནས་ལ་སོགས་)བདེན་དོན་བཅུ་གཉིས་ཡིན་ཡང་བདེན་དངོས་ མེད། །(དོན་དམ་གྱི་དྲན་པ་ཡིན་པས་)དྲན་པ་ཆེན་པོ་ཡིན་ཡང་དྲན་པ་མེད། །ངོ་བོ་ ཉིད་སྐུ་ཡིན་ཡང་(ཀུན་རྫོབ་ཀྱི་)ངོ་བོ་མེད། །སེམས་ཅན་ཀུན་ལ་(ཤས་ཆེར་) ཆགས་ ཀྱང་(ནམ་མཁའ་ལྟ་བུར་)ཆགས་པ་མེད། །འགྱུར་མེད་ཡོངས་གྲུབ་ཡིན་ཡང་སེམས་ ཙམ་མིན། །ཤེར་ཕྱིན་ཟབ་མོ་ཡིན་ཡང་དངོས་པོ་མིན། །སྤྲོས་པ་ཀུན་བྲལ་ཡིན་ཡང་ གཏན་མེད་མིན། །འགོག་པའི་བདེན་པ་ཡིན་ཡང་རང་སྟོང་མིན། །སྐྱེ་འགག་མེད་པ་ ཡིན་ཡང་མེད་དགག་མིན། །མཚན་མེད་སྨོན་མེད་ཡིན་ཡང་མེད་དགག་མིན། །ཆོས་ ཉིད་སྟོང་ཉིད་ཡིན་ཡང་མེད་དགག་མིན། །ཆོས་སྐུ་སྟོང་ཉིད་ཡིན་ཡང་མེད་དགག་ མིན། །དབུ་མ་ཆེན་པོ་ཡིན་ཡང་རང་སྟོང་མིན། །ཕྱག་རྒྱ་ཆེན་པོ་ཡིན་ཡང་རང་སྟོང་ མིན། །ཨ་ཏི་ཡོ་ག་ཡིན་ཡང་རང་སྟོང་མིན། །ཆོས་དབྱིངས་སྟོང་ཉིད་ཡིན་ཡང་རང་སྟོང་ མིན། །(དོན་དམ་པ་ཡིན་པས་)འགལ་འདུས་སྐྱོན་མེད་བསམ་གྱིས་མི་ཁྱབ་པ། །དཔེ་ དང་བྲལ་ཡང་པྲ་ཕབ་བརྒྱད་ལྟ་བུ། །གཟུགས་མེད་གཟུགས་བཟང་(དམ་པ་སྟེ་)ལུས་ མེད་(ལུས་ཏེ་)ལུས་ཀྱི་མཆོག །གནས་བརྟན་རྒན་པོ་(ཡིན་ཡང་)སྐྱེས་མ་ཐག་པའི་ བདག །སངས་རྒྱས་སྲས་པོ་(དམ་པ་ཡིན་ཡང་)སངས་རྒྱས་(ཐམས་ཅད་ཀྱི་སྐྱེད་པ་པོ་ ཡིན་པས་)ཀུན་གྱི་ཡབ། །(དངོས་པོ་དངོས་མེད་ལ་སོགས་ཕྱོགས་སུ་ལྷུང་བའི་)མཐའ་ རྣམས་བྲལ་ཞིང་ཡང་དག་(པའི་)མཐར་(ཐུག་པར་)གྱུར་པ། །(ཀུན་རྫོབ་ཀྱི་)དངོས་པོ་ མེད་ཅིང་(དོན་དམ་གྱི་) དངོས་(པོ་སྟེ་རྣམ་པ་)ཀུན་རང་བཞིན་མཆོག(གམ་གཞན་ ནོ།)། འཛིན་པ་མེད་ཅིང་(དོན་དམ་གྱི་)དངོས་ཀུན་རང་བཞིན་འཛིན། །དངོས་གཅིག་ (དོན་དམ་གྱི་)དངོས་པོ་ཀུན་གྱི་ངོ་བོ་ཉིད། །(དོན་དམ་གྱི་)དངོས་ཀུན་དངོས་པོ་ གཅིག་གི་ངོ་བོ་ཉིད། །གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་(དོན་ དམ་གྱི་)དངོས་ཀུན་དེ་བཞིན་ཉིད་དུ་མཐོང་(དོན་དམ་གྱི་གནས་ལུགས་རྟོགས་པས་དེ་ རྣམས་ཀྱང་རྟོགས་སོ)། །དེ་ཕྱིར་མཉམ་བཞག་ཟབ་མོའི་ལམ་ཁྱེར་ལ། །རྟོག་མེད་སྤྲོས་ 8-1-376 མེད་ཡེ་ཤེས་རང་སྣང་ནི། །གང་ཤར་ཐམས་ཅད་དེ་བཞིན་ཉིད་ཡིན་པས། །གང་ཤར་ ཅིས་ཀྱང་ཆོག་པའི་གདམས་ངག་གཅེས། །དེ་བཞིན་ཉིད་ལ་དབྱེ་བ་ཡོད་མིན་ པས། །སྐྱོན་དང་ཡོན་ཏན་བཟང་ངན་མི་འབྱེད་པར། །རེ་དོགས་སྤངས་བླངས་དགག་ བསྒྲུབ་མེད་པར་ནི། །མཉམ་ཉིད་ངང་ལ་འཇོག་པའི་གདམས་ངག་གཅེས། །རྣམ་རྟོག་ འགྱུ་བ་རང་སར་ཞི་བྱེད་པ། །དེ་ཡི་བཞོན་པ་དབུགས་རྣམས་འགོག་པ་དང༌། །དབུགས་ ཀྱི་རྒྱུ་སྲང་རྩ་རྣམས་འཆིང་བ་ཡི། །གདམས་པ་ཟབ་མོ་ཁྱད་པར་འཕགས་པ་ གཅེས། །གང་ཕྱིར་བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་(གཞན་པྲ་ཕབ་པ་ལྟ་ བུའོ་)པོ་ནི་(མངོན་གསུམ་དུ་)བསྒྲུབ་པར་བྱ་ཞེས་(བདེ་མཆོག་ལ་སོགས་པའི་རྒྱུད་ དུ་)གསུངས། །(མཉམ་བཞག་ཟབ་མོ་)དེ་ལས་དེ་(རང་བཞིན་འོད་གསལ་)མཐོང་ ན་)ཡང་དག་(པའི་མཐའ་)མཐོང་བ་སྟེ། །ཡང་དག་མཐོང་ན་རྣམ་པར་གྲོལ་བར་(རྒྱུད་ བླ་མ་ལ་སོགས་པར་)གསུངས། །ཅི་སླད་ཅེ་ན་གནས་ལུགས་དེ་བཞིན་ཉིད། །རང་བཞིན་ འོད་གསལ་གཉུག་མ་ཆོས་ཉིད་ནི། །སྐྱོན་རྣམས་ཐམས་ཅད་གདོད་ནས་སྤངས་ཕྱིར་ དང༌། །རང་བྱུང་ཡེ་ཤེས་གདོད་ནས་རྒྱས་པའི་ཕྱིར། །འདི་ལ་བསལ་(བར་)བྱ་(དགོས་ པ་)སྐྱོན་ནི་ཅི་ཡང་མེད། །ཡོན་ཏན་བསྣན་ནས་བཞག་དགོས་ཅུང་ཟད་མེད། །(སྤངས་ རྟོགས་ཀྱི་ཡོན་ཏན་མཐར་ཐུག་པ་ཚང་བ་གདོད་ནས་) དེ་ཕྱིར་དང་པོའི་སངས་རྒྱས་ གདོད་ནས་གྲོལ(བའི་སངས་རྒྱས)། །སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཞེས་(སོགས་ གསུང་རབ་ཟབ་མོ་རྣམས་སུ་)གསུངས། །(དོན་དམ་གྱི་གནས་ལུགས་རྟོགས་པ་དེ་རྣམས་ ཀྱང་རྟོགས་དགོས་སོ་དོན་དམ་)དེ་ཐོབ་དོན་དུ་ཟབ་མོའི་རྣལ་འབྱོར་མཆོག །ཡང་ཡང་ གོམས་པས་ཚེ་འདིར་ཐོབ་པའམ། །འཆི་ཁ་བར་དོ་སྐྱེ་བདུན་ཚུན་ཆད་དུ། །ངེས་པར་ ཐོབ་ཅེས་དཔལ་གྱི་མགུར་ནས་གསུངས། །གལ་ཏེ་ཚེ་འདི་ཉིད་ལ་མ་ཐོབ་ན། །འཆི་ཁར་ ཐོབ་པའི་གདམས་ངག་ཟབ་མོ་གཅེས། །དེ་ལ་སྡིག་སྤོང་དགེ་བ་སྒྲུབ་པ་ཡིས། །དམ་ཚིག་ མ་ཉམས་ཞེན་ཆགས་མེད་པ་གཅེས། །དེས་ནི་འཆི་ཁའི་གོང་དུ་མ་བསྒོམས་ཀྱང༌། །འོད་ གསལ་རབ་འབྱམས་ཇི་ཞིག་ལྟར་ཡང་མཐོང༌། །(དེ་བྱུང་ན་)མྱུར་དུ་འཆི་བའི་རྟག་ཏུ་ 8-1-377 ཤེས་བྱས་ནས། །ཆགས་ཞེན་སྐྱེ་བའི་དངོས་ཀུན་སྦྱིན་པར་བཏང༌། །འདུ་འཛི་ཀུན་ སྤངས་དབེན་པའི་གནས་མཆོག་ཏུ། །ཉམས་རྟོགས་ཅན་གྱི་གྲོགས་དང་བཅས་ པའམ། །ཡང་ན་རང་ཉིད་གཅིག་པུར་གནས་བཅས་ནས། །རིག་པ་ཆོས་སྐུའི་དབྱིངས་སུ་ འགྲོ་བ་ལ། །དགའ་ཞིང་སྤྲོ་བའི་ངང་ནས་འདི་ལྟར་བསམ། །འོད་གསལ་ཆོས་སྐུ་རྣམ་པ་ ཐམས་ཅད་པའི། །རྣམ་པ་ཅུང་ཟད་སྔར་ཡང་མཐོང་མོད་ཀྱི། །རྒྱ་ཆེན་རབ་འབྱམས་ ཚད་འདས་མཐོང་བ་མེད། །ད་ནི་ཚད་འདས་རྩིས་གྲངས་ལས་འདས་པ། །རྣམ་པ་སྣ་ ཚོགས་མཐོང་བ་ཉམས་རེ་དགའ། །རྒྱལ་བའི་སྐུ་དང་འགྲོ་བ་བཟང་ངན་སོགས། །བཟང་ ངན་དུ་མར་སྣང་ཡང་བཟང་ངན་མེད། །ཐམས་ཅད་(འོད་གསལ་གྱི་རྣམ་པ་)ཆོས་སྐུའི་ རྣམ་པར་རོལ་པ་ཡིན། །དེ་ཕྱིར་གང་ཤར་དེ་ལ་ལྟ་བ་ཙམ། །རེ་དོགས་སྤང་བླང་དགག་ སྒྲུབ་མི་བྱེད་པར། །སྤྲོས་བྲལ་མཉམ་ཉིད་ངང་དུ་ལྷན་གྱིས་བཞག །དྲུང་ན་ཡོད་པས་ གཡེང་འཚེ་མ་བྱས་ན། །ཕྱི་དབུགས་ཆད་ནས་ནང་དབུགས་ཆད་པའི་བར། །ཉིན་ཞག་ གསུམ་བཞི་ཡང་ན་ལྔ་དྲུག་སོགས། །འོད་གསལ་ངང་དུ་བརྒྱལ་བ་བཞིན་དུ་ གནས། །སྔོན་དུ་ཆེར་གོམས་ངོ་ཡང་ལེགས་འཕྲོད་ན། །རིག་པ་འོད་གསལ་དབྱིངས་ལ་ ཐིམ་པར་འགྱུར། །མ་ཐིམ་ན་ཡང་གཞན་དུ་ལོ་ཟླ་ནི། །མང་པོ་འབད་དེ་སྒོམ་པ་བས་ ཀྱང་ལྷག །གལ་ཏེ་དེ་ལས་བར་དོར་(རླུང་སེམས་གཞན་སྔར་དུ་འཕོས་ཀྱང་)འཕོ་བ་ ན། །ཀུན་གཞིའི་རྣམ་ཤེས་ནོར་རྒྱལ་(གྱི་)རླུང་དང་བཅས(པ་སྔར་མ་འཕོས་པ་དེ་ དང་)། །ཐིག་ལེ་(དཀར་དམར་)གཉིས་དང་ལྷན་ཅིག་ལུས་ལས་འཕོ། །དེ་ཡང་ཐིག་ལེ་ དམར་པོ་སྟེང་(གི་ལམ་)དང་ནི། །དཀར་པོ་འོག་གི་ལམ་ནས་འབྱུང་བར་འགྱུར། །དེ་ཚེ་ ཤེས་པ་བརྒྱལ་བ་སངས་ཞེས་བྱ། །བར་དོར་བརྫུས་སྐྱེས་བག་ཆགས་ཙམ་གྱི་ལུས། །སྐད་ ཅིག་དེ་ལ་རྨི་ལམ་ལུས་བཞིན་འགྲུབ། །དུས་དེར་བར་དོའི་མན་ངག་ཟབ་མོ་ གཅེས། །སྔོན་དུ་བར་དོ་ཡིན་སྙམ་ཡང་དང་ཡང༌། །གོམས་པར་བྱ་ཞིང་ཡིན་མིན་བརྟག་ པའི་ཐབས། །གྲིབ་མ་ཡོད་མེད་སྔར་འདྲིས་མི་རྣམས་ཀྱིས། །ཤེས་སམ་མི་ཤེས་(ལྟ་བ་ དང་)བྲག་རི་ལ་སོགས་(པ་)ལ། །(རང་ལུས་)ཐོགས་པ་ཡོད་མེད་བརྟག་པ(དང་ཆུའི་ 8-1-378 སྟེང་དུ་ཕྱིན་ན་བྱིང་མི་བྱིང་ལྟ་བ་ལ་སོགས་པ་བར་དོ་ཡིན་མིན་བརྟག་པ་)འང་གོམས་ པར་བྱ། །ཤིན་ཏུ་གོམས་ན་བར་དོའི་སྐབས་སུ་ཡང༌། །བར་དོ་ཉིད་དུ་རང་གིས་ཤེས་པ་ དང༌། །གཞན་གྱིས་ཁྱོད་ནི་བར་དོ་ཡིན་ནོ་ཞེས། །བརྗོད་པ་ལས་ཀྱང་བར་དོར་ཤེས་པ་ འབྱུང༌། །(སྔོན་དུ་གོམས་པ་ལ་)དེ་ལྟ་མིན་ན་རྨི་ལམ་(ལ་)རྨི་ལམ་དུ། །གཉིད་དུས་ཉིད་ ན་ཤེས་པ་མེད་པ་ལྟར། །བར་དོ་རྣམས་ཀྱིས་(རང་)བར་དོར་ངོ་མི་ཤེས། །མ་ཤི་སྙམ་ ནས་སྔར་བཞིན་(ཆགས་སྡང་གི་)བག་ཆགས་བསོག །དེ་ཕྱིར་དེ་ཚེ་བར་དོར་ཤེས་པ་ གཅེས། །ཤེས་ནས་སྔར་གྱི་གདམས་ངག་སྒོམ་པ་གཅེས། །དེར་ཡང་འོད་གསལ་སྣང་བ་ གང་ཤར་ལ། །འཛིན་མེད་ངང་ནས་གཏད་དེ་ལྟ་བ་ཙམ། །མ་གཡེང་རྩེ་གཅིག་གནས་ན་ (སྔར་འཇིགས་སྣང་ཡོད་ཀྱང་ཕྱིན་ཆད་)འཇིགས་སྣང་དང༌། །བྲལ་ནས་འོད་གསལ་ ཉིད་ལ་ཐིམ་པར་འགྱུར། །འཆི་ཁ་བར་དོའི་གནས་སྐབས་ཐམས་ཅད་དུ། །རང་ལ་(ཟབ་ དོན་ལགས་པར་འཕྲོད་པའི་)ངེས་ཤེས་བརྟན་པོ་ཡོད་པའམ། །གཞན་གྱི་ཟབ་མོའི་ གསལ་འདེབས་(ངོ་འཕྲོད་)ཡང་ཡང་(བསྟན་པ་) གཅེས། །གལ་ཏེ་བར་དོ་ཉིད་དུ་མ་ གྲོལ་ནའང༌། །ཆོས་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེས། །དེ་གོམས་པ་ལས་མཆོག་ གི་དབྱིངས་སུ་འགྲོ། །གལ་ཏེ་ཡུན་རིང་བསྒོམ་པར་མ་གྱུར་ཀྱང༌། །ཆོས་དབྱིངས་ཉམས་ མྱོང་ངེས་ཤེས་བརྟན་པོ་དག །མི་དགེ་སྤངས་ཤིང་དམ་ཚིག་མ་ཉམས་ན། །འཆི་ཁའི་ འོད་གསལ་བར་དོའི་འོད་གསལ་དག །ཡང་ཡང་གོམས་པས་སྐྱེ་བ་བདུན་གྱི་ མཐར། །ངེས་པར་གྲོལ་བ་འདི་ལ་ཐེ་ཚོམ་མེད། །ཅི་སླད་ཅེ་ན་མགོན་པོ་སྤྱན་རས་ གཟིགས། །ཚད་མར་གྱུར་ཅིང་དཔང་དུ་གྱུར་པ་དེས། །ངེས་པ་ཉིད་དུ་དེ་ལྟར་གསུངས་ ཕྱིར་དང༌། །ལུང་ལ་བརྟེན་པའི་རིགས་པས་གྲུབ་ཕྱིར་རོ། །འདི་ལས་གཞན་པའི་འཕོ་བ་ བར་དོ་ཡི། །མན་ངག་ཟབ་ཟབ་ལྟ་བུ་ཕལ་ཆེ་ལ། །འཕོ་ཡུལ་འོད་གསལ་ཆོས་སྐུ་མཐོང་ བ་དཀོན། །གལ་ཏེ་མཐོང་ཡང་ཆོས་སྐུར་ཤེས་པ་དཀོན། །དེ་དག་འཕོ་ཡུལ་(བླ་མ་འམ་ ཡི་དམ་གྱི་སྐུ་ལ་སོགས་པ་)བློ་ཡིས་བཀོད་པ་ལ། །རྣམ་ཤེས་འཕོས་སོ་སྙམ་དུ་རློམ་པ་ ཙམ། །དེ་ཕྱིར་འོད་གསལ་བདེ་གཤེགས་སྙིང་པོ་དང༌། །རྣམ་ཤེས་གློ་བུར་དྲི་མ་ཕྱེད་པ་ 8-1-379 གཅེས། །དེ་སླད་འདི་ནི་ཁྱད་འཕགས་ཆེན་པོ་སྟེ། །སྣོད་མིན་རྣམས་ལ་ཤིན་ཏུ་གསང་ ཞིང་སྦ། །སྣོད་ལྡན་རྣམས་ལ་བཀའ་རྒྱ་དམ་པོ་ཡིས། །རིམ་པ་རིམ་པར་གདབ་(ལ་ སྦྱིན་)ཀྱིས་(དེ་ལ་ཚུལ་) གཞན་དུ་(ནི་སྦྱིན་བྱ་)མིན། ། འདིར་འབད་དགེ་བ་ལ་སོགས་དུས་གསུམ་དུ། གང་བསགས་དགེ་བ་ཀུན་དང་དཀོན་ མཆོག་ཀུན། །བདེ་གཤེགས་སྙིང་པོའི་བྱིན་རླབས་ཆེན་པོའི་མཐུས། །བདག་གཞན་རིག་ པ་(ཆོས་ཉིད་ཀྱི་)དབྱིངས་སུ་འཕོ་བར་ཤོག །སྔགས་ཀྱི་ཉེ་ལམ་མྱུར་བདེ་རབ་བསྒོམས་ པས། །ཀུན་གཞི་རྣམ་ཤེས་དབུགས་དང་ལྷན་ཅིག་ཏུ། །མྱུར་བར་འགགས་ནས་ཀུན་གཞི་ ཡེ་ཤེས་ལྔ། །ཐོབ་ཅིང་གཟུགས་སྐུས་གཞན་དོན་བྱེད་པར་ཤོག །འཁོར་བ་སྡུག་བསྔལ་ ཉིད་དུ་རབ་ཤེས་ནས། །དེ་རྒྱུ་ཀུན་འབྱུང་དབུགས་དང་ལྷན་ཅིག་ཏུ། །མྱུར་བར་ འགགས་པའི་ལམ་མཆོག་རབ་བསྒོམས་ཏེ། །འགོག་བདེན་དོན་དམ་བདེན་པ་མྱུར་ཐོབ་ ཤོག །ཀུན་བཏགས་སྒྲོ་བཏགས་ཁོ་ནར་རབ་ཤེས་ཤིང༌། །གཞན་དབང་སྡུག་བསྔལ་ དབུགས་དང་ལྷན་ཅིག་ཏུ། །འགོག་པར་ནུས་པའི་ཐབས་མཆོག་རབ་བསྒོམས་ ནས། །ཡོངས་གྲུབ་(རྣམ་པ་གཉིས་)ཐོབ་སྟེ་འགྲོ་ཀུན་སྒྲོལ་བར་ཤོག །ཕྱི་ནང་ཀུན་རྫོབ་ གློ་བུར་དྲི་མའི་སྦུབས། །སྲོག་དང་ཐུར་སེལ་རླུང་དང་ལྷན་ཅིག་ཏུ། །འཇོམས་པར་ནུས་ པའི་ཐབས་ཟབ་ལ་བརྟེན་ནས།། གཞན་མཆོག་དོན་དམ་(བདེ་གཤེགས་)སྙིང་པོ་མྱུར་ ཐོབ་ཤོག །གནས་སྐབས་ཀུན་ཏུ་དེ་བཞིན་གཤེགས་པའི་བཀའ། །འཁོར་ལོ་གསུམ་དང་ རྒྱུད་སྡེ་རྣམ་བཞི་ཡི། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་ནས། །ཕྱོགས་དུས་ ཀུན་ཏུ་འགྲོ་ལ་སྟོན་པར་ཤོག །འདི་ནི་མཆོག་ཏུ་ཟབ་ཅིང་གསང་བ་ལས་ཀྱང་ཆེས་ གསང་བ་ཡིན་པས། ཡི་གེ་རིས་སུ་བྲི་བ་ཤིན་ཏུ་དཀའ་ནའང༌། མཁན་ཆེན་རིན་པོ་ཆེ་ བའི་གསུང་མ་ཆོག་པ་ལ་བརྟེན་ནས། རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་མདོ་ཙམ་ བྲིས་པའོ། །སྣོན་མིན་གྱི་ལག་ཏུ་འཁྱར་ཞིང་འཆུག་པ་དགག་པའི་ཆེད་དུ། དཔེ་ཆ་ཤིན་ ཏུ་སྦ་ཞིང་གསང་བར་ཞུ། དེ་ལྟར་མི་མཛད་ན་དམ་ཚིག་དང་འགལ་ལོ། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ 8-1-380 (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༡༦༤ མཆན་ཅན་དང༌། ཕྱི་ལ ༥༡༥ ཤིང་སྤར་ཞིག་དང་བཅས་ཡིན།) ཟབ་མོ་མཐར་ཐུག་གི་སྣོད་མིན་རྣམས་ལ་སྦེད། བླ་མའི་ཆེད་དུ་རང་རང་གི་ལུས་ལ་ བཅང་བའི་ཆེད། ཤོག་དྲིལ་ཆུང་ཆུང་འདི་འདྲ་ཁོ་ན་མཛད་པའང༌། རང་མེད་པའི་ ཤུལ་དུ་འཇོགས་ནའང་རྒྱས་འདེབས་པར་ཞུ། མངྒ་ལཾ། (འདིའི་མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-381 ༄༅། །འཕོ་བའི་མན་ངག་བསྡུས་པ་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿན་མཿ རྗེ་བཙུན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་ འཚལ་ལོ། །རྣལ་འབྱོར་རིག་པ་ཆོས་ཉིད་འོད་གསལ་གྱི། །དབྱིངས་སུ་འཕོ་བའི་གདམས་ པ་ཁྱད་པར་ཅན། །སྙན་རྒྱུད་ཡིན་ཡང་མཁན་ཆེན་རིན་པོ་ཆེའི། །གསུང་མ་ཆོག་པས་ ཅུང་ཟད་བྲི་བ་ལ། །དམ་ཅན་མཁའ་འགྲོའི་ཚོགས་རྣམས་བཟོད་མཛད་ཅིང༌། །སྣོད་ མིན་རྣམས་ཀྱིས་མི་མཐོང་མི་ཐོས་པར། །མཐུ་ཆེན་རྣམས་ཀྱིས་བྱིན་གྱིས་རློབ་པ་ དང༌། །སྣོད་ལྡན་རྣམས་ལ་ཕན་པར་མཛད་དུ་གསོལ། ། རྣལ་འབྱོར་རིག་པ་དབྱིངས་སུ་འཕོ་བ་ལ། །སྔོན་དུ་ཟབ་མོའི་ལམ་ལ་གོམས་པ་ འཚལ། །ལམ་མཆོག་དེ་ཡང་ལྟ་སྒོམ་སྤྱོད་པ་རྣམས། །ཚང་ལ་མ་ནོར་ཡོངས་སུ་རྟོགས་ པར་འཚལ། །གནས་ལུགས་ཇི་བཞིན་རྟོགས་པ་ལྟ་བའི་མཆོག །སྤྲོས་བྲལ་ངང་དུ་འཇོག་ པ་སྒོམ་པའི་མཆོག །དེ་དག་གྲོགས་སུ་གྱུར་པ་སྤྱོད་པའི་མཆོག །དེ་ལས་གཤིས་ལུགས་ ཐོབ་པ་འབྲས་བུའི་མཆོག ། ཨེ་མ་ཧོ། ཆོས་འདི་ཐམས་ཅད་རང་རང་ངོ་བོས་སྟོང༌། །དེ་ཕྱིར་འདི་དག་གཤིས་ལ་གྲུབ་ པ་མེད། །མེད་བཞིན་སྣང་བ་འཁྲུལ་སྣང་ཁོ་ན་སྟེ། །དཔེར་ན་རྨི་ལམ་སྣང་བ་ཇི་བཞིན་ ནོ། །དེ་ཕྱིར་ཆོས་འདི་ནམ་མཁའི་མེ་ཏོག་དང༌། །རི་བོང་རྭ་དང་མོ་གཤམ་བུ་བཞིན་ དུ། །གཤིས་ལུགས་དོན་ལ་ནམ་ཡང་གྲུབ་པ་མེད། །འཁྲུལ་ལུགས་འདི་ཡིས་འགྲོ་བ་མང་ པོ་བསླུས། །སྐྱེ་འགག་སྣང་ཡང་གཤིས་ལ་སྐྱེ་འགག་མེད། །མོ་གཤམ་བུ་ལ་སྐྱེ་འགག་མེད་ པ་བཞིན། །འཕོ་འགྱུར་སྣང་ཡང་གཤིས་ལ་འཕོ་འགྱུར་མེད། །རི་བོང་རྭ་ལ་འཕོ་འགྱུར་ མེད་པ་བཞིན། །འགྲོ་འོང་སྣང་ཡང་གཤིས་ལ་འགྲོ་འོང་མེད། །མོ་གཤམ་བུ་ལ་འགྲོ་འོང་ མེད་པ་བཞིན། །འཕེལ་འགྲིབ་སྣང་ཡང་གཤིས་ལ་འཕེལ་འགྲིབ་མེད། །རི་བོང་རྭ་ལ་ འཕེལ་འགྲིབ་མེད་པ་བཞིན། །རྒྱུ་འབྲས་སྣོད་བཅུད་བདག་གཞན་གཟུང་འཛིན་ སོགས། །གཉིས་སྣང་གཉིས་ཆོས་འདི་དག་ནམ་མཁའ་ཡི། །མེ་ཏོག་ལྟ་བུར་གཤིས་ལ་ 8-1-382 ཡོད་མིན་ཡང༌། །འཁྲུལ་བ་མ་ཟད་བར་དུ་འཁྲུལ་སྣང་འཆར། །མཁྲིས་ནད་ཅན་ལ་དུང་ ཡང་སེར་པོ་བཞིན། །གཉིད་ཀྱིས་བསླད་ལ་རྨི་ལམ་སྣང་བ་བཞིན། །སྒྱུ་མ་མཁན་གྱི་ སྔགས་ཀྱིས་བསླད་པ་ན། །རྟ་གླང་ལ་སོགས་མེད་ཀྱང་སྣང་བ་བཞིན། །རྣམ་པར་རྟོག་ པའི་མཁྲིས་ནད་རྒྱས་ཕྱིར་དང༌། །རྣམ་པར་ཤེས་པའི་གཉིད་ཀྱིས་བསླད་ཕྱིར་ དང༌། །རླུང་སེམས་འགྱུ་བའི་སྔགས་ཀྱིས་བསླད་པའི་ཕྱིར། །སེམས་ལ་གང་སྣང་འདི་ཀུན་ འཁྲུལ་སྣང་ཡིན། །འཁྲུལ་སྣང་འཆར་བའི་སེམས་ཀྱང་འཁྲུལ་བ་སྟེ། །འཁྲུལ་བས་འཁྲུལ་ བའི་ལས་དང་ཉོན་མོངས་སོགས། །འཁྲུལ་བའི་འབྲས་བུ་སྐྱེ་བ་འཁྲུལ་བ་ལེན། །དེར་ ཡང་འཁྲུལ་བའི་ཡོ་ལང་བྱེད་པས་ན། །ཀྱེ་མ་འཁྲུལ་བའི་ཁམས་གསུམ་འཁོར་བ་ འདི། །འཁྲུལ་བ་ཀུན་འབྱུང་འཁྲུལ་བའི་སྡུག་བསྔལ་དག །འཁྲུལ་བའི་རྟེན་འབྲེལ་ཡན་ ལག་བཅུ་གཉིས་སུ། །རྒྱུན་དུ་འཁོར་བའི་མ་རིག་འཁྲུལ་འཁོར་ཡིན། །རྣམ་རྟོག་གང་ ཡིན་རྣམ་པར་ཤེས་པ་སྟེ། །རྣམ་ཤེས་གང་ཡིན་གནས་ལུགས་མ་རིག་པའོ། །དེ་ཡང་ དབུགས་དང་ལྷན་ཅིག་འགྱུ་བའི་ཕྱིར། །འཕོ་བའི་ཆགས་པ་ཀུན་ནས་འཁྲུལ་བར་ གསུངས། །གལ་ཏེ་འཕོ་བའི་ཆགས་པ་འགགས་གྱུར་ན། །འཕོ་མེད་ཆགས་ཆེན་བདེ་བ་ ཆེན་པོ་ཡིས། །འཁོར་ལོ་དྲུག་ཏུ་ས་ལམ་མ་ལུས་བགྲོད། །གནས་ལུགས་ཟབ་མོ་སྟོང་ཆེན་ བདེ་ཆེན་ཐོབ། །བསོད་ནམས་ཚོགས་དང་སྨོན་ལམ་རྒྱ་མཚོ་དང༌། །ཆོས་སྐུའི་བྱིན་ རླབས་མཆོག་ལས་བྱུང་བ་ཡི། །གཟུགས་སྐུ་སྣ་ཚོགས་རྒྱ་ཆེན་རབ་འབྱམས་ཀྱིས། །མཁའ་ ཁྱབ་འགྲོ་བའི་དོན་ཀུན་མཛད་པར་འགྱུར། །དེ་ཕྱིར་དེ་འདྲའི་གནས་མཆོག་ཐོབ་ འདོད་པས། །འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་དང༌། །དལ་འབྱོར་རྙེད་ དཀའ་ཚེ་ལ་ལོང་མེད་པ། །རླུང་གསེབ་མར་མེ་ལྟ་བུར་རྟོགས་པ་ཡིས། །དཔལ་ལྡན་བླ་ མའི་ཞལ་གྱི་བདུད་རྩི་མཆོག །རླུང་སེམས་ངང་གིས་འགགས་པའི་ཐབས་བསྒོམས་ ན། །ཉི་ཤུ་རྩ་བཞིའི་ཡུལ་གྱི་རྩ་རྣམས་འཆིང༌། །ཉི་མ་ཟླ་བ་སྒྲ་གཅན་ཁ་རུ་ཚུད། །ཨ་ཡིག་ འབར་བས་ཧཾ་ཡིག་བཞུ་བ་ལས། །བདུད་རྩིའི་རྒྱུན་གྱིས་ལུས་ཀུན་རབ་གང་བས། །ཡས་ མར་བྱོན་དང་མས་ཡར་གཤེགས་པ་ཡི། །དགའ་བཞི་ཞུ་བདེ་འགྱུར་མེད་རྫོགས་པར་ 8-1-383 འགྱུར། །དེ་རབ་རྫོགས་པས་རང་བཞིན་འགྱུར་མེད་ཀྱི། །དགའ་བ་བཞི་དང་བཅུ་དྲུག་ འདུས་མ་བྱས། །རང་བཞིན་འོད་གསལ་འགྱུར་མེད་ཡོངས་སུ་གྲུབ། །གདོད་ནས་གྲོལ་ བའི་སངས་རྒྱས་དེ་བཞིན་ཉིད། །དང་པོའི་སངས་རྒྱས་རང་བཞིན་ལྷན་ཅིག་སྐྱེས། །རང་ བཞིན་གཉུག་མ་རང་བཞིན་ལྷུན་གྱིས་གྲུབ། །སྐྱེ་མེད་འགག་མེད་མཚན་མེད་སྤྲོས་པ་ མེད། །གཞིག་མེད་གཞོམ་མེད་གཟུང་དང་འཛིན་པ་མེད། །ཆོས་རྣམས་ཀུན་གྱིས་གདོད་ ནས་སྟོང་པའི་གཞི། །ཆོས་ཉིད་ཀུན་འགྲོ་རྣམ་པ་ཐམས་ཅད་པ། །ཆོས་རྣམས་ཀུན་གྱིས་ གདོད་ནས་དག་པའི་གཞི། །རང་བཞིན་རྣམ་དག་དབང་པོ་ཐམས་ཅད་པ། །ཆོས་རྣམས་ ཀུན་གྱིས་གདོད་ནས་དབེན་པའི་གཞི། །ཆོས་རྣམས་ཐམས་ཅད་གདོད་ནས་ཟད་པའི་ གཞི། །ཆོས་རྣམས་ཐམས་ཅད་གདོད་ནས་འགག་པའི་གཞི། །ཆོས་རྣམས་ཐམས་ཅད་ གདོད་ནས་མེད་པའི་གཞི། །ཆོས་ཉིད་ཟབ་མོ་པྲ་ཕབ་བརྒྱད་ལྟ་བུ། །རྣམ་ཀུན་མཆོག་ ལྡན་སྟོང་པ་ཉིད་ཀྱི་དབྱིངས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་སྙིང་པོ་ཅན། །དམིགས་ བཅས་སྟོང་ཉིད་དམིགས་མེད་སྙིང་རྗེ་སྐུ། །ཨེ་ཝཾ་མཆོག་དང་ཨ་ཧཾ་འཁོར་ལོ་སྡོམ། །རྡོ་ རྗེ་སེམས་དཔའ་ཐིག་ལེ་གྲུ་གསུམ་མཆོག །རྡོ་རྗེ་པད་མ་རྡོ་རྗེ་བྷ་ག་མཆོག །རྡོ་རྗེ་ཉི་ཟླ་ ཨཱ་ལི་ཀཱ་ལི་མཆོག ། རྡོ་རྗེ་ཁུ་རྡུལ་ཕྱོགས་གཉིས་བགྲོད་པ་ཉིད། །ཧེ་དང་བཛྲ་དུས་དང་ འཁོར་ལོ་མཆོག ། གསང་བ་འདུས་པ་རྡོ་རྗེ་གདན་བཞི་དང༌། །རྡོ་རྗེ་མཁའ་འགྲོ་རྡོ་རྗེ་ ཕག་མོ་མཆོག །རྡོ་རྗེ་ཧཱུཾ་མཛད་རྡོ་རྗེ་བདག་མེད་མ། །རྡོ་རྗེ་འཇིགས་བྱེད་རྡོ་རྗེ་རོ་ ལངས་མ། །རྡོ་རྗེ་རྩེ་མོ་རྡོ་རྗེ་དབྱིངས་ལ་སོགས། །གནས་ལུགས་གཉུག་མའི་ལྷ་རྣམས་ ཐམས་ཅད་དང༌། །དཀྱིལ་འཁོར་སྔགས་དང་ཕྱག་རྒྱ་རྒྱུད་རྣམས་ཀུན། །དབྱེར་མེད་ འདུས་པ་རྡོ་རྗེ་གདན་བཞི་དང༌། །རྡོ་རྗེ་མཁའ་འགྲོ་དུ་མ་རོ་གཅིག་དབྱིངས། །དར་ ཡུག་ཆེན་པོའི་དཔེ་ཡིས་གང་གསུངས་པ། །ཆ་མེད་ཀུན་འགྲོ་ཀུན་ལ་ཁྱབ་པའི་ བདག །བདག་མེད་བདག་མཆོག་དེ་བཞིན་ཉིད་ཀྱི་བདག ། སྤྲིན་ཡོད་སྤྲིན་མེད་ཀུན་ལ་ ཁྱབ་པ་ཡི། །མཁའ་ལྟར་གཞི་ལ་བཞུགས་པ་ཆོས་ཀྱི་སྐུ། །གཉུག་མའི་ཡོན་ཏན་ཀུན་ འདུས་ཐོབ་པར་འགྱུར། །དེ་ཐོབ་བྱ་ཕྱིར་མཉམ་བཞག་རྗེས་ཐོབ་ཏུ། །ཚོགས་གཉིས་ 8-1-384 བསྒྲུབ་ལ་རྟག་ཏུ་བརྩོན་པར་རིགས། །ཆོས་རྣམས་ཐམས་ཅད་ཅིར་ཡང་མ་གྲུབ་ པས། །ཅིར་ཡང་འཛིན་མེད་ངང་ལ་བཞག་པར་རིགས། །གཤིས་ཀྱི་གནས་ལུགས་སྤྲོས་པ་ ཀུན་བྲལ་བས། །སྤྲོས་པ་མེད་པའི་ངང་ལ་བཞག་པར་རིགས། །གནས་ལུགས་གཉུག་མ་ བསམ་གྱིས་མི་ཁྱབ་པས། །བསམ་དུ་མེད་པའི་ངང་ལ་བཞག་པར་རིགས། །རྟོག་མེད་སྤྲོས་ བྲལ་མཉམ་ཉིད་རང་གསལ་གྱི། །ངང་དུ་ཞོགས་ཚེ་ཉི་ཟླ་གཅིག་ཏུ་སྦྱོར། །ལྟེ་བའི་ཨ་ཤད་ གཏུམ་མོའི་མེ་འབར་བས། །ཉོན་མོངས་བདུད་ཀྱི་རླུང་དང་གཟུང་འཛིན་ བསྲེགས། །བྱང་སེམས་ཟླ་བ་བདུད་རྩི་འབྱུང་བའི་གནས། །སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་ བྱུང་བའི། །ཐེག་ལེ་རྒྱུན་གྱིས་དགའ་བཞིའི་དཔལ་རབ་སྟེར། །སྲོག་རླུང་འགགས་པས་ ཐུར་སེལ་རླུང་ཡང་འགག །ཐུར་སེལ་འགགས་པས་བདུད་རྩི་ལྔ་བསྟེན་ཕྱིར། །ཟླ་བ་ བདུད་རྩི་རྡོ་རྗེ་ནོར་བུ་ལས། །གཙུག་ཏོར་བར་དུ་ངང་གིས་སྟེང་དུ་གཤེགས། །དགའ་ བཞིའི་འཁོར་ལོ་བསྐོར་བས་དཔལ་རབ་སྟེར། །ལུས་ངག་སེམས་ལ་ཉམས་མྱོང་སྣ་ཚོགས་ འཆར། །གནས་ལུགས་གཉུག་མ་ཅུང་ཟད་མངོན་དུ་འགྱུར། །དེ་དང་རྗེས་མཐུན་རྨི་ལམ་ ཉམས་ཀྱང་འཆར། །གནས་ལུགས་ཟབ་མོ་རྡོ་རྗེ་བཞི་ཡི་བདག །དེ་ཉིད་རྣམ་པ་ཀུན་གྱི་ བདག་ཉིད་ཕྱིར། །རྡོ་རྗེའི་སྐུ་ཡིས་ལུས་ལ་བྱིན་རླབས་ན། །འདར་སྤྲུག་འཕར་གཡོ་ རྡེབས་དང་མཆོང་རྒྱུགས་སོགས། །ལུས་ཀྱི་རྣམ་འགྱུར་དུ་མ་ཤུགས་ཀྱིས་འཆར། །རྡོ་རྗེའི་ གསུང་གིས་ངག་ལ་བྱིན་བརླབས་ན། །གླེང་བརྗོད་རྒོད་ངུ་འོ་དོད་འབོད་ལ་ སོགས། །ངག་གི་རྣམ་འགྱུར་དུ་མ་ཤུགས་ཀྱིས་འཆར། །རྡོ་རྗེའི་ཐུགས་ཀྱིས་སེམས་ལ་ བྱིན་བརླབས་ན། །ཏིང་འཛིན་མཆོག་དང་མངོན་ཤེས་སྐྱེ་བར་འགྱུར། །རྡོ་རྗེའི་ཡེ་ཤེས་ གལ་ཏེ་ཕེབས་གྱུར་ན། །ས་བཅུའི་ཡོན་ཏན་མྱུར་དུ་ཐོབ་པར་འགྱུར། །ས་གཞན་སྤྱན་ མས་བྱིན་གྱིས་བརླབས་པ་ན། །ལུས་ལྕི་སྲ་ཞིང་གཡོ་བ་མེད་པར་འགྱུར། །ཆུ་གཞན་མཱ་མ་ ཀཱི་ཡིས་བྱིན་བརླབས་ན། །ལུས་བསིལ་ཤིན་ཏུ་གྲང་བས་ཉེན་པར་འགྱུར། །མེ་གཞན་ གོས་དཀར་མོ་ཡིས་བྱིན་བརླབས་ན། །ལུས་ལ་དྲོད་འབར་ཚ་བས་གདུངས་པར་ འགྱུར། །རླུང་གཞན་སྒྲོལ་མས་བྱིན་གྱིས་བརླབས་པ་ན། །ལུས་ནི་ཡང་ཞིང་གཞན་ཡང་ 8-1-385 སྐམ་པར་འགྱུར། །ནམ་མཁའ་གཞན་མཆོག་ཕེབས་པས་མི་སྣང་བ། །མཁའ་ལ་འཕར་ དང་འགྲོ་བ་ལ་སོགས་བྱེད། །རྡོ་རྗེའི་སྐྱེ་མཆེད་ལ་སོགས་ལྷ་གཞན་དང༌། །འདོད་མ་ རྣམས་དང་ཕྱིར་འདོད་མ་རྣམས་ཏེ། །ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཕེབས་པའི་ ཉམས། །རྣམ་པ་སྣ་ཚོགས་ཤུགས་ཀྱིས་འཆར་བ་ལ། །མི་མཁས་པ་དག་སྐྱོན་དུ་ལྟ་བར་ བྱེད། །གེགས་སུ་བཟུང་ནས་བཅོས་ཐབས་དུ་མ་དང༌། །གདོན་དུ་བཟུང་ནས་དྲག་སྔགས་ ལ་སོགས་དང༌། །སྨྱོ་བར་བཟུང་ནས་བཅིངས་པ་ལ་སོགས་དང༌། །ཧ་དང་དབྱུག་བཅོས་ གཏར་ཀ་མེ་བཙའ་སོགས། །བདུད་ལས་མང་པོས་ཡོན་ཏན་སྐྱོན་དུ་བསྒྱུར། །རྟེན་འབྲེལ་ འཆུག་པས་ལུས་ལ་ན་ཚ་དང༌། །སེམས་ལ་སྡུག་བསྔལ་དྲག་པོ་འབྱུང་བར་འགྱུར། །རོ་ སྟོད་བརྒྱངས་ཤིང་སྙིང་ནི་མི་དགའ་བས། །སྙིང་དང་སྲོག་པ་རྩ་ལ་རླུང་ཞུགས་ནས། །ཆུ་ སེར་ཁྲག་དང་ཁྲག་རླུང་རིམ་གྱིས་བསྐྱེད། །སྒོམ་སྨྱོ་བྱུང་ན་ཤི་ཞེས་མི་རྣམས་ སྒྲོགས། །སྒོམ་བཟང་སྐྱེས་པ་བདུད་ཀྱིས་ཁྱེར་བ་འཕངས། །ཨེ་མ་སྒོམ་བཟང་སྐྱེ་བ་མཆོག་ ཏུ་དཀོན། །སྐྱེས་པ་ངོ་ཤེས་དེ་བས་ཀྱང་ནི་དཀོན། །དེ་ཕྱིར་ཉམས་མྱོང་སྐྱོན་དུ་མི་བསྒྱུར་ བར། །ཡོན་ཏན་ཆེ་ཆེར་འཕེལ་བར་འགྱུར་འདོད་ན། །སྐྱོན་དུ་མི་བཟུང་གེགས་སུ་མི་ལྟ་ བར། །གལ་མེད་བྱུང་རྒྱལ་ཉིད་ཀྱི་ངང་ལས་བསྐྱང༌། །དེ་ལྟར་བྱས་ན་རྩ་མདུད་མང་པོ་ གྲོལ། །བདེ་གསལ་མི་རྟོག་ཏིང་འཛིན་མཆོག་ཏུ་འཕེལ། །གཟུང་འཛིན་འཁྲུལ་བའི་སྣང་ བ་ཟིལ་གྱིས་གནོན། །ལུས་ཀྱི་ནད་གཞི་ཐམས་ཅད་མེད་པར་བྱེད། །རླུང་སེམས་ལས་རུང་ ལུས་སེམས་བདེ་བས་གང༌། །ཁ་ཟས་མང་འཇུ་ལུས་ལ་མདངས་སྟོབས་འཕེལ། །སྤྱན་དང་ མངོན་པར་ཤེས་པ་ལ་སོགས་པ། །ཡོན་ཏན་གཞན་ཡང་མཆོག་ཏུ་འཕེལ་བར་ འགྱུར། །གཤིས་ཀྱི་གནས་ལུགས་ཆོས་ཉིད་གཉུག་མའི་དོན། །རང་བཞིན་སྐྱེ་མེད་རང་ བཞིན་ལྷུན་གྱིས་གྲུབ། །རང་བཞིན་འོད་གསལ་རང་བཞིན་ལྷན་ཅིག་སྐྱེས། །རྣམ་པ་ཀུན་ ལྡན་རྣམ་པ་མེད་པའོ། །རྣམ་པར་ཤེས་པའི་ཡུལ་ལས་རབ་འདས་པ། །གཞི་ལ་གདོད་ ནས་རྟག་ཏུ་བཞུགས་པ་དེ། །རྣམ་རྟོག་བུམ་པ་ཆག་ཅིང་མི་རྟོག་པའི། །ཡེ་ཤེས་སྐྱེས་ཚེ་ མར་མེ་བཞིན་དུ་མཐོང༌། །མཐོང་བྱ་དེ་ཉིད་འཁོར་འདས་དབྱེར་མེད་དང༌། །བདེན་ 8-1-386 གཉིས་དབྱེར་མེད་བདེན་བཞི་དབྱེར་མེད་དང༌། །སྲིད་གསུམ་དབྱེར་མེད་དུས་གསུམ་ དབྱེར་མེད་དང༌། །ཀུན་རྫོབ་འདི་ལས་གཞན་པའི་གཟུགས་སོགས་ཡིན། །ཅི་ཕྱིར་ཞེ་ན་ རྣམ་པ་འཁོར་བ་དང༌། །ངོ་བོ་མྱང་འདས་དེ་དག་དབྱེར་མེད་ཕྱིར། །རྣམ་པ་ཀུན་ལྡན་ འོད་གསལ་ཆོས་ཉིད་ལ། །འཁོར་འདས་དབྱེར་མེད་དོན་དུ་རྒྱལ་བས་གསུངས། །རྣམ་པ་ ཀུན་རྫོབ་ངོ་བོ་དོན་དམ་སྟེ། །དེ་དག་དབྱེར་མེད་རང་བཞིན་འོད་གསལ་ཉིད། །བདེན་ གཉིས་དབྱེར་མེད་དོན་དུ་རྒྱལ་བས་གསུངས། །དེ་ལས་གཞན་དུ་འདོད་རྣམས་འཁྲུལ་ བར་ཟད། །རྣམ་པ་བདེན་བཞི་ངོ་བོ་བདེན་པ་གཅིག །དེ་དག་དབྱེར་མེད་རོ་མཉམ་ ཆོས་ཀྱི་དབྱིངས། །རྣམ་པ་ཀུན་ལྡན་རྣམ་པ་མེད་པ་ལ། །བདེན་བཞི་དབྱེར་མེད་དོན་དུ་ རྒྱལ་བས་གསུངས། །ཆོས་ཉིད་འོད་གསལ་སྲིད་གསུམ་རྣམ་པ་ཅན། །དུ་མར་སྣང་ཡང་ ངོ་བོ་རོ་གཅིག་པ། །དེ་ལ་སྲིད་གསུམ་དབྱེར་མེད་དོན་དུ་གསུངས། །གཞན་དུ་སྨྲ་བ་རྒྱུད་ སྡེའི་དགོངས་པ་མིན། །གནས་ལུགས་འོད་གསལ་རྣམ་པ་ཐམས་ཅད་པ། །དུས་གསུམ་ ཆོས་རྣམས་ཀུན་གྱི་རྣམ་པ་ཅན། །རྣམ་པ་དུ་མ་ངོ་བོ་རོ་གཅིག་པའི། །དེ་བཞིན་ཉིད་ལ་ དུས་གསུམ་དབྱེར་མེད་གསུངས། །ཀུན་རྫོབ་གཟུགས་སོགས་རྣམ་མཁྱེན་བར་གྱི་ ཆོས། །འདི་ལས་གཞན་མཆོག་གཟུགས་ནས་རྣམ་མཁྱེན་བར། །ཆོས་ཉིད་འགྱུར་བ་མེད་ པའི་ཡོངས་གྲུབ་ཀྱི། །གཟུགས་ནས་སངས་རྒྱས་ཆོས་ཀྱི་བར་དང་ནི། །རྣམ་པར་དག་པའི་ གཟུགས་ནས་རྣམ་མཁྱེན་བར། །ཆོས་དེ་ཀུན་གྱི་རྣམ་པ་ཚང་བ་ཡིན། །ཡང་དག་མཐོང་ ལ་གཟུགས་སོགས་གཞན་ཞེས་གསུངས། །ཀུན་རྫོབ་འདི་ལས་གཞན་པ་ཡིན་ཕྱིར་རོ། །དེ་ བཞིན་ཁམས་གསུམ་དང་ནི་དུས་གསུམ་ལས། །འདས་པའི་གཟུགས་སོགས་རྣམ་མཁྱེན་ བར་གསུངས་པར། །དེ་ཡང་ཆོས་ཉིད་རྣམ་པ་ཐམས་ཅད་པའི། །རྣམ་པ་རྣམས་ལ་ ལེགས་པར་དགོངས་པ་ཡིན། །དེ་ཕྱིར་རྣམ་པ་ཀུན་ལྡན་སྟོང་ཉིད་ཅེས། །གསུངས་པའི་ རྣམ་པ་རྣམ་ཤེས་སྤྱོད་ཡུལ་མིན། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་ཏེ། །དོན་དམ་ གཟིགས་པ་རྣམས་ཀྱི་ཡུམ་ཉིད་དོ། །ཅི་སླད་ཅེ་ན་གནས་ལུགས་ཟབ་མོ་དེ། །ཕྲ་ཕྱིར་ཐོས་ པའི་ཤེས་པས་མཐོང་མ་མིན། །དོན་དམ་ཡིན་ཕྱིར་བསམ་བྱུང་ཤེས་པས་མིན། །ཆོས་ 8-1-387 ཉིད་ཟབ་ཕྱིར་རྟོག་པའི་སྒོམ་པ་དང༌། །བསམ་གཏན་གཟུགས་མེད་ལ་སོགས་ཞི་གནས་ ཙམ། །སྒོམ་པ་འཇིག་རྟེན་པ་ཡི་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་ཅི་ བཞིན་དུ། །བྱིས་པས་དེ་སྔོན་མཐོང་བ་མེད་ཕྱིར་རོ། །དེ་ཕྱིར་ཆོས་ཉིད་འོད་གསལ་ མཐོང་བ་ཡི། །ཤེས་པ་གང་དེ་མི་རྟོག་ཡེ་ཤེས་ཉིད། །ཡིད་ཀྱི་རྣམ་ཤེས་རྟོག་པ་གཏན་མ་ ཡིན། །དེ་བཞིན་ལས་གཟུགས་སྣང་བའི་ཤེས་པ་ཡང༌། །རྣམ་ཤེས་ཡིན་གྱི་ཡེ་ཤེས་གཏན་ མ་ཡིན། །དོན་འདི་རྒྱལ་བ་བྱམས་པའི་ཞལ་སྔ་ནས། །ཆོས་དེ་སྣང་བས་ཆོས་ཉིད་མི་སྣང་ ཞིང༌། །དེ་མི་སྣང་བས་ཆོས་ཉིད་སྣང་ཞེས་གསུངས། །དེ་ཕྱིར་རྣམ་པར་ཤེས་པས་གང་ མཐོང་བའི། །ཆོས་རྣམས་ཐམས་ཅད་ཆོས་ཉིད་མ་ཡིན་ཞིང༌། །རང་རང་ངོ་བོས་སྟོང་ ཕྱིར་སྟོང་ཉིད་ཡིན། །དེས་ན་དེ་དག་མེད་བཞིན་སྣང་བའི་ཕྱིར། །ཀུན་བརྟགས་འཁྲུལ་ སྣང་རྨི་ལམ་སྒྱུ་མ་དང༌། །མཚུངས་པར་ལྟ་བ་རྗེས་ཐོབ་ལམ་ཁྱེར་ཡིན། །མི་རྟོག་ཡེ་ཤེས་ ཅིར་ཡང་འཛིན་མེད་ལ། །རང་བཞིན་འོད་གསལ་སྣང་བ་གང་ཤར་དེ། །ཆོས་ཀྱི་རྣམ་ པར་སྣང་ཡང་ཆོས་ཉིད་ཡིན། །ཀུན་རྫོབ་རྣམ་པར་སྣང་ཡང་དོན་དམ་ཡིན། །བདེན་ བཞིའི་རྣམ་པར་སྣང་ཡང་བདེན་གཅིག་ཡིན། །འཁོར་བའི་རྣམ་པར་སྣང་ཡང་མྱང་ འདས་ཡིན། །སྡུག་བསྔལ་རྣམ་པར་སྣང་ཡང་སྡུག་བསྔལ་མེད། །སྐྱེ་འགགས་རྣམ་པར་ སྣང་ཡང་སྐྱེ་འགགས་མེད། །འཕོ་འགྱུར་རྣམ་པར་སྣང་ཡང་འཕོ་འགྱུར་མེད། །འགྲོ་འོང་ རྣམ་པར་སྣང་ཡང་འགྲོ་འོང་མེད། །ཆགས་བཅས་རྣམ་པར་སྣང་ཡང་ཆགས་པ་ མེད། །ཟག་བཅས་རྣམ་པར་སྣང་ཡང་ཟག་བཅས་མེད། །འཇིག་རྟེན་རྣམ་པར་སྣང་ཡང་ འཇིག་རྟེན་འདས། །འདུས་བྱས་རྣམ་པར་སྣང་ཡང་འདུས་མ་བྱས། །ཕུང་པོའི་རྣམ་པར་ སྣང་ཡང་ཕུང་པོ་མེད། །སྐྱེ་མཆེད་རྣམ་པར་སྣང་ཡང་སྐྱེ་མཆེད་བྲལ། །ཁམས་ཀྱི་རྣམ་ པར་སྣང་ཡང་ཁམས་ཀྱིས་སྟོང༌། །རྟེན་འབྲེལ་རྣམ་པར་སྣང་ཡང་རྟེན་འབྲེལ་ འདས། །སྦྱིན་སོགས་ལམ་དུ་སྣང་ཡང་ལམ་བདེ་མིན། །སངས་རྒྱས་གཟུགས་སུ་སྣང་ཡང་ གཟུགས་སྐུ་མིན། །མཚན་དང་དཔེ་བྱད་སྣང་ཡང་ཀུན་རྫོབ་མིན། །ཞིང་ཁམས་དུ་མར་ སྣང་ཡང་འདུས་བྱས་མིན། །གཙོ་འཁོར་རྣམ་པར་སྣང་ཡང་དངོས་པོ་མིན། །ལྷ་དང་ 8-1-388 དཀྱིལ་འཁོར་སྣང་ཡང་བསྐྱེད་རིམ་མིན། །སྔགས་དང་ཡིག་འབྲུར་སྣང་ཡང་བཟླས་ བརྗོད་མིན། །སྲིད་པ་གསུམ་དུ་སྣང་ཡང་སྲིད་གསུམ་མིན། །འགྲོ་བ་དྲུག་ཏུ་སྣང་ཡང་ འགྲོ་དྲུག་མིན། །བདེན་པའི་དངོས་པོར་སྣང་ཡང་བདེན་དངོས་མིན། །རྣམ་པར་དུ་མར་ སྣང་ཡང་དུ་མ་མིན། །མིག་འཕྲུལ་ལྟ་བུར་སྣང་ཡང་འཕྲུལ་སྣང་མིན། །སྒྱུ་མ་ལྟ་བུར་སྣང་ ཡང་བསླད་པ་མེད། །རྨི་ལམ་ལྟ་བུར་སྣང་ཡང་གཉིད་པ་མེད། །ཆུ་ཟླ་ལྟ་བུར་སྣང་ཡང་ གཏོང་བྱེད་མེད། །བློས་བྱས་ལྟ་བུར་སྣང་ཡང་བསམ་པ་མེད། །འགལ་འདུས་སྐྱོན་མེད་ བསམ་གྱིས་མི་ཁྱབ་པ། །དཔེ་དང་བྲལ་ཡང་པྲ་ཕབ་བརྒྱད་ལྟ་བུ། །གཟུགས་མེད་གཟུགས་ བཟང་ལུས་མེད་ལུས་ཀྱི་མཆོག །གནས་བརྟན་རྒན་པོ་སྐྱེས་མ་ཐག་པའི་བདག །སངས་ རྒྱས་སྲས་པོ་སངས་རྒྱས་ཀུན་གྱི་ཡབ། །མཐའ་རྣམས་བྲལ་ཞིང་ཡང་དག་མཐར་གྱུར་ པ། །དངོས་པོ་མེད་ཅིང་དངོས་ཀུན་རང་བཞིན་མཆོག ། འཛིན་པ་མེད་ཅིང་དངོས་ཀུན་ རང་བཞིན་འཛིན། །དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་ གཅིག་གི་ངོ་བོ་ཉིད། །གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ ཀུན་དེ་བཞིན་ཉིད་དུ་མཐོང༌། །དེ་ཕྱིར་མཉམ་བཞག་ཟབ་མོའི་ལམ་ཁྱེར་ལ། །རྟོག་མེད་ སྤྲོས་མེད་ཡེ་ཤེས་རང་སྣང་ནི། །གང་ཤར་ཐམས་ཅད་དེ་བཞིན་ཉིད་ཡིན་པས། །གང་ ཤར་ཅིས་ཀྱང་ཆོག་པའི་གདམས་ངག་གཅེས། །དེ་བཞིན་ཉིད་ལ་དབྱེ་བ་ཡོད་མིན་ པས། །སྐྱོན་དང་ཡོན་ཏན་བཟང་ངན་མི་འབྱེད་པར། །རེ་དོགས་སྤང་བླང་དགག་སྒྲུབ་ མེད་པར་ནི། །མཉམ་ཉིད་ངང་ལ་འཇོག་པའི་གདམས་ངག་གཅེས། །རྣམ་རྟོག་འགྱུ་བ་ རང་སར་ཞི་བྱེད་པ། །དེ་ཡི་བཞོན་པ་དབུགས་རྣམས་འགོག་པ་དང༌། །དབུགས་ཀྱི་རྒྱུ་ སྲང་རྩ་རྣམས་འཆིང་བ་ཡི། །གདམས་ངག་ཟབ་མོ་ཁྱད་པར་འཕགས་པ་གཅེས། །གང་ ཕྱིར་བྱེད་པ་བཅིང་བའི་སྦྱོར་བ་ཡི། །ས་གསུམ་པོ་ནི་བསྒྲུབ་པར་བྱ་ཞེས་གསུངས། །དེ་ལ་ དེ་མཐོང་ཡང་དག་མཐོང་བས་ཏེ། །ཡང་དག་མཐོང་ན་རྣམ་པར་གྲོལ་བར་ གསུངས། །ཅི་སླད་ཅེ་ན་གནས་ལུགས་དེ་བཞིན་ཉིད། །རང་བཞིན་འོད་གསལ་གཉུག་ མའི་ཆོས་ཉིད་ནི། །སྐྱོན་རྣམས་ཐམས་ཅད་གདོད་ནས་སངས་ཕྱིར་དང༌། །རང་བཞིན་ 8-1-389 ཡེ་ཤེས་གདོད་ནས་རྒྱས་པའི་ཕྱིར། །འདི་ལ་བསལ་བྱ་སྐྱོན་ནི་ཅི་ཡང་མེད། །ཡོན་ཏན་ བསྣན་ནས་བཞག་དགོས་ཅུང་ཟད་མེད། །དེ་ཕྱིར་དང་པོའི་སངས་རྒྱས་གདོད་ནས་ གྲོལ། །སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཞེས་གསུངས། །དེ་ཐོབ་དོན་དུ་ཟབ་མོའི་ རྣལ་འབྱོར་མཆོག །ཡང་ཡང་གོམས་པས་ཚེ་འདིར་ཐོབ་པའམ། །འཆི་ཁ་བར་དོ་སྐྱེ་ བདུན་ཚུན་ཆད་དུ། །ངེས་པར་ཐོབ་ཅེས་དཔལ་གྱི་མགུར་ནས་གསུངས། །གལ་ཏེ་ཚེ་ འདི་ཉིད་ལ་མ་ཐོབ་ན། །འཆི་ཁར་ཐོབ་པའི་གདམས་ངག་ཟབ་མོ་གཅེས། །དེ་ལ་སྡིག་ སྤོང་དགེ་བ་བསྒྲུབ་པ་ཡིས། །དམ་ཚིག་མ་ཉམས་ཞེན་ཆགས་མེད་པ་གཅེས། །དེས་ནི་ འཆི་ཁའི་གོང་དུ་མ་བསྒོམས་ཀྱང༌། །འོད་གསལ་རབ་འབྱམས་ཇི་ཞིག་ལྟར་ཡང་ མཐོང༌། །མྱུར་དུ་འཆི་བའི་རྟགས་སུ་ཤེས་བྱས་ནས། །ཆགས་ཞེན་སྐྱེ་བའི་དངོས་ཀུན་ སྦྱིན་པར་གཏོང༌། །འདུ་འཛི་ཀུན་སྤངས་དབེན་པའི་གནས་མཆོག་ཏུ། །ཉམས་རྟོགས་ ཅན་གྱི་གྲོགས་དང་བཅས་པའམ། །ཡང་ན་རང་ཉིད་གཅིག་པུར་གནས་བྱས་ནས། །རིག་ པ་ཆོས་སྐུའི་དབྱིངས་སུ་འགྲོ་བ་ལ། །དགའ་ཞིང་སྤྲོ་བའི་ངང་ནས་འདི་ལྟར་ བསམ། །འོད་གསལ་ཆོས་སྐུ་རྣམ་པ་ཐམས་ཅད་པའི། །རྣམ་པ་ཅུང་ཟད་སྔར་ཡང་ མཐོང་མོད་ཀྱི། །རྒྱ་ཆེན་རབ་འབྱམས་ཚད་འདས་མཐོང་བ་མེད། །ད་ནི་ཚད་འདས་ རྩིས་གྲངས་ལས་འདས་པ། །རྣམ་པ་སྣ་ཚོགས་མཐོང་བ་ཉམ་རེ་དགའ། །རྒྱལ་བའི་སྐུ་ དང་འགྲོ་བ་བཟང་ངན་སོགས། །བཟང་ངན་དུ་མར་སྣང་ཡང་བཟང་ངན་མེད། །ཐམས་ ཅད་ཆོས་སྐུའི་རྣམ་པར་རོལ་པ་ཡིན། །དེ་ཕྱིར་གང་ཤར་དེ་ལ་ལྟ་བ་ཙམ། །རེ་དོགས་ སྤང་བླང་དགག་བསྒྲུབ་མི་བྱེད་པར། །སྤྲོས་བྲལ་མཉམ་ཉིད་ངང་དུ་ལྷུན་གྱིས་ བཞག །དྲུང་ན་ཡོད་པས་གཡེང་འཚེ་མ་བྱས་ན། །ཕྱི་དབུགས་ཆད་ནས་ནང་དབུགས་ ཆད་པའི་བར། །ཉིན་ཞག་གསུམ་བཞི་ཡང་ན་ལྔ་དྲུག་སོགས། །འོད་གསལ་ངང་དུ་ བརྒྱལ་བ་བཞིན་དུ་གནས། །སྔོན་དུ་ཆེར་གོམས་ངོ་ཡང་ལེགས་འཕྲོད་ན། །རིག་པ་འོད་ གསལ་དབྱིངས་ལ་ཐིམ་པར་འགྱུར། །མ་ཐིམ་ན་ཡང་གཞན་དུ་ལོ་ཟླ་ནི། །མང་པོ་འབད་ དེ་བསྒོམ་པ་བས་ཀྱང་ལྷག །གལ་ཏེ་དེ་ལས་བར་དོར་འཕོ་བ་ན། །ཀུན་གཞི་རྣམ་ཤེས་ 8-1-390 ནོར་རྒྱལ་རླུང་དང་བཅས། །ཐིག་ལེ་གཉིས་དང་ལྷན་ཅིག་ལུས་ལས་འཕོ། །དེ་ཚེ་ཐིག་ལེ་ དམར་པོ་སྟེང་དང་ནི། །དཀར་པོ་འོག་གི་ལམ་ནས་འབྱུང་བར་འགྱུར། །དེ་ཚེ་ཤེས་པར་ བརྒྱལ་བ་སངས་ཞེས་བྱ། །བར་དོར་རྫུས་སྐྱེས་བག་ཆགས་ཙམ་གྱི་ལུས། །སྐད་ཅིག་དེ་ལ་ རྨི་ལམ་ལུས་བཞིན་འགྲུབ། །དུས་དེར་བར་དོའི་མན་ངག་ཟབ་མོ་གཅེས། །སྔོན་དུ་བར་ དོ་ཡིན་སྙམ་ཡང་དང་ཡང༌། །གོམས་པར་བྱ་ཞིང་ཡིན་མིན་བརྟག་པའི་ཐབས། །གྲིབ་མ་ ཡོད་མེད་སྔར་འདྲིས་མི་རྣམས་ཀྱིས། །ཤེས་སམ་མི་ཤེས་བྲག་རི་ལ་སོགས་ལ། །ཐོགས་པ་ ཡོད་མེད་བརྟག་ལའང་གོམས་པར་བྱ། །ཤིན་ཏུ་གོམས་ན་བར་དོའི་སྐབས་སུ་ ཡང༌། །བར་དོ་ཉིད་དུ་རང་གིས་ཤེས་པ་དང༌། །གཞན་གྱིས་ཁྱོད་ནི་བར་དོ་ཡིན་ནོ་ ཞེས། །བརྗོད་པ་ལས་ཀྱང་བར་དོར་ཤེས་པ་འབྱུང༌། །དེ་ལྟ་མིན་ན་རྨི་ལམ་རྨི་ལམ་ དུ། །གཉིད་དུས་ཉིད་ན་ཤེས་པ་མིན་པ་ལྟར། །བར་དོ་རྣམས་ཀྱི་བར་དོར་ངོ་མི་ཤེས། །མ་ ཤི་སྙམ་ནས་སྔར་བཞིན་བག་ཆགས་སོགས། །དེ་ཕྱིར་དེ་ཚེ་བར་དོར་ཤེས་པ་ གཅེས། །ཤེས་ནས་སྔར་གྱི་གདམས་ངག་བསྒོམ་པ་གཅེས། །དེར་ཡང་འོད་གསལ་སྣང་བ་ གང་ཤར་ལ། །འཛིན་མེད་ངང་ནས་གཏད་དེ་ལྟ་བ་ཙམ། །མ་ཡེངས་རྩེ་གཅིག་གནས་ན་ འཇིགས་སྣང་དང༌། །བྲལ་ནས་འོད་གསལ་ཉིད་ལ་ཐིམ་པར་འགྱུར། །འཆི་ཁ་བར་དོའི་ གནས་སྐབས་ཐམས་ཅད་དུ། །རང་ལ་རང་ཤེས་བརྟན་པོ་ཡོད་པའམ། །གཞན་གྱིས་ཟབ་ མོའི་གསལ་འདེབས་ཡང་ཡང་གཅེས། །གལ་ཏེ་བར་དོ་ཉིད་དུ་མ་གྲོལ་ནའང༌། །ཆོས་ པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེས། །དེ་གོམས་པ་ལས་མཆོག་གི་དབྱིངས་སུ་ འགྲོ། །གལ་ཏེ་ཡུན་རིང་བསྒོམ་པར་མ་གྱུར་ཀྱང༌། །ཆོས་དབྱིངས་ཉམས་མྱོང་ངེས་ཤེས་ བརྟན་པོ་དག །མི་དགེ་སྤངས་ཤིང་དམ་ཚིག་མ་ཉམས་ན། །འཆི་ཁའི་འོད་གསལ་བར་ དོའི་འོད་གསལ་དག །ཡང་ཡང་གོམས་པས་སྐྱེ་བ་བདུན་གྱི་མཐར། །ངེས་པར་གྲོལ་བ་ འདི་ལ་ཐེ་ཙོམ་མེད། །ཅི་སླད་ཅེ་ན་མགོན་པོ་སྤྱན་རས་གཟིགས། །ཚད་མར་གྱུར་ཅིང་ དཔང་དུ་གྱུར་པ་དེས། །ངེས་པ་ཉིད་དུ་དེ་ལྟར་གསུངས་ཕྱིར་དང༌། །ལུང་ལ་བརྟེན་པའི་ རིགས་པས་གྲུབ་ཕྱིར་རོ། །འདི་ལས་གཞན་པའི་འཕོ་བ་བར་དོ་ཡི། །མན་ངག་ཟབ་ཟབ་ 8-1-391 ལྟ་བུ་ཕལ་ཆེ་ལ། །འཕོ་ཡུལ་འོད་གསལ་ཆོས་སྐུ་མཐོང་བ་དཀོན། །གལ་ཏེ་མཐོང་ཡང་ ཆོས་སྐུར་ཤེས་པ་དཀོན། །དེ་དག་འཕོ་ཡུལ་བློ་ཡིས་བཀོད་པ་ལ། །རྣམ་ཤེས་འཕོས་སོ་ སྙམ་དུ་རློམ་པ་ཙམ། །དེ་ཕྱིར་འོད་གསལ་བདེ་གཤེགས་སྙིང་པོ་དང༌། །རྣམ་ཤེས་གློ་བུར་ དྲི་མ་ཕྱེད་པ་གཅེས། །དེ་སླད་འདི་ནི་ཁྱད་འཕགས་ཆེན་པོ་སྟེ། །སྣོད་མིན་རྣམས་ལ་ཤིན་ ཏུ་གསང་ཞིང་སྦ། །སྣོད་ལྡན་རྣམས་ལ་བཀའ་རྒྱ་དམ་པོ་ཡིས། །རིམ་པར་རིམ་པར་ གདབ་ཀྱིས་གཞན་དུ་མིན། ། འདིར་འབད་དགེ་བ་ལ་སོགས་དུས་གསུམ་དུ། །གང་བསགས་དགེ་བ་ཀུན་དང་དཀོན་ མཆོག་ཀུན། །བདེ་གཤེགས་སྙིང་པོའི་བྱིན་རླབས་ཆེན་པོའི་མཐུས། །བདག་བཞན་རིག་ པ་དབྱིངས་སུ་འཕོ་བར་ཤོག །སྔགས་ཀྱི་ཉེ་ལམ་མྱུར་བདེ་རབ་བསྒོམས་པས། །ཀུན་གཞི་ རྣམ་ཤེས་དབུགས་དང་ལྷན་ཅིག་ཏུ། །མྱུར་བར་འགགས་ནས་ཀུན་གཞི་ཡེ་ཤེས་ ལྔ། །ཐོབ་ཅིང་གཟུགས་སྐུས་འགྲོ་དོན་བྱེད་པར་ཤོག །འཁོར་བ་སྡུག་བསྔལ་ཉིད་དུ་རབ་ ཤེས་ནས། །དེ་རྒྱུ་ཀུན་འབྱུང་དབུགས་དང་ལྷན་ཅིག་ཏུ། །མྱུར་བར་འགགས་པའི་ལམ་ མཆོག་རབ་བསྒོམས་ཏེ། །འགོགས་བདེན་དོན་དམ་བདེན་པ་མྱུར་ཐོབ་ཤོག །ཀུན་ བརྟགས་སྒྲོ་བཏགས་ཁོ་ནར་རབ་ཤེས་ཤིང༌། །གཞན་དབང་སྡུག་བསྔལ་དབུགས་དང་ ལྷན་ཅིག་ཏུ། །འགོག་པར་ནུས་པའི་ཐབས་མཆོག་རབ་བསྒོམས་ནས། །ཡོངས་གྲུབ་ཐོབ་ སྟེ་འགྲོ་ཀུན་གྲོལ་བར་ཤོག །ཕྱི་ནང་ཀུན་རྫོབ་གློ་བུར་དྲི་མའི་སྦུབས། །སྲོག་དང་ཐུར་ སེལ་རླུང་དང་ལྷན་ཅིག་ཏུ། །འཇོམས་པར་ནུས་པའི་ཐབས་ཟབ་ལ་བརྟེན་ནས། །གཞན་ མཆོག་དོན་དམ་སྙིང་པོ་མྱུར་ཐོབ་ཤོག །གནས་སྐབས་ཀུན་ཏུ་དེ་བཞིན་གཤེགས་པའི་ བཀའ། །འཁོར་ལོ་གསུམ་དང་རྒྱུད་སྡེ་རྣམ་བཞི་ཡི། །དགོངས་ཆེན་དོན་དང་དེ་ཉིད་ མཆོག་མཐོང་ནས། །ཕྱོགས་དུས་ཀུན་ཏུ་འགྲོ་ལ་སྟོན་པར་ཤོག ། འདི་ནི་མཆོག་ཏུ་ཟབ་ཅིང་གསང་བ་ལས་ཀྱང་ཆེས་གསང་བ་ཡིན་པས། ཡི་གེ་རིས་སུ་ བྲི་བ་ཤིན་ཏུ་དཀའ་ནའང༌། མཁན་ཆེན་རིན་པོ་ཆེ་པའི་གསུང་མ་ཆོག་པ་ལ་བརྟེན་ ནས། རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་མདོ་ཙམ་བྲིས་པའོ།། །། 8-1-392 སྣོད་མིན་གྱི་ལག་ཏུ་འཁྱར་ཞིང་འཆུག་པ་དགག་པའི་ཆེད་དུ། དཔེ་ཆ་ཤིན་ཏུ་སྦ་ཞིང་ གསང་བར་ཞུ། དེ་ལྟར་མ་མཛད་ན་དམ་ཚིག་དང་འགལ་ལོ། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞུས་ དག ། མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ ༥༡༥ ཤིང་སྤར་ཞིག་དང་འཛམ་ ཐང་པར་མ་ཡིན། 8-1-393 ༄༅། །ངོ་སྤྲོད་ཁྱད་འཕགས་བཞུགས་སོ། ། ༄༅། །དཔལ་ལྡན་བླ་མ་དམ་པ་དང༌། དཔལ་ཡོངས་གྲུབ་ཐམས་ཅད་ལ་ཕྱག་འཚལ་ ཞིང་སྐྱབས་སུ་སོང་ནས། ངེས་དོན་མཐར་ཐུག་གི་གནད་ཟབ་མོ་བསྟན་པར་བྱའོ། ། དེ་ཡང་ཤེར་ཕྱིན་ལྔ་བརྒྱ་པར། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་དངོས་པོ་མེད་པ། དངོས་པོ་ངན་པ། དངོས་པོ་ཡོད་པའོ། །རབ་ འབྱོར། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ནི་ དངོས་པོ་མེད་པ་དང༌། དངོས་པོ་ངན་པ་དང༌། དངོས་པོ་ཡོད་པ་དང༌། རབ་འབྱོར་ མིག་དང༌། གཟུགས་རྣམས་དང༌། མིག་གི་རྣམ་པར་ཤེས་པ་དང༌། རྣ་བ་དང༌། སྒྲ་རྣམས་ དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣ་དང༌། དྲི་རྣམས་དང༌། སྣའི་རྣམ་པར་ཤེས་པ་ དང༌། ལྕེ་དང༌། རོ་རྣམས་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་དང༌། རེག་བྱ་རྣམས་ དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་དང༌། ཆོས་རྣམས་དང༌། ཡིད་ཀྱི་རྣམ་པར་ ཤེས་པ་ནི་དངོས་པོ་མེད་པ། དངོས་པོ་ངན་པ། དངོས་པོ་ཡོད་པའོ། །དེ་ལྟར་གཟུགས་ཏེ་ ལེའུ་གསུམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ མི་ཤེས་པས། གཟུགས་དེ་ལ་མངོན་པར་ཞེན་ཏོ། །མངོན་པར་བསྒྲུབ་བོ། །སྒྲིབ་པར་བྱེད་ དོ། །དེ་དག་རྣམས་གཟུགས་དེ་ལ་མངོན་པར་ཞེན་ཅིང་མངོན་པར་བསྒྲུབ་སྟེ། སྒྲིབ་པར་ བྱེད་པས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་པས་ཀྱང་ངེས་པར་ འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་མངོན་པར་ ཞེན་ཅིང་མངོན་པར་བསྒྲུབ་སྟེ། སྒྲུབ་པར་བྱེད་པ་འདི་ལྟ་སྟེ། སེམས་ཅན་དམྱལ་བ་ རྣམས་དང༌། དུད་འགྲོ་རྣམས་དང༌། ཡི་དྭགས་རྣམས་དང༌། ལྷ་དང་མི་རྣམས་ཀྱི་ནང་ དུ་ཡུན་རིང་པོར་རྒ་ཤི་མྱོང༌། རབ་འབྱོར། དེ་བཞིན་དུ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དངོས་པོ་མེད་པ་དང༌། དངོས་པོ་ངན་པ་དང༌། 8-1-394 དངོས་པོ་ཡོད་པ་དང༌། རབ་འབྱོར། མིག་དང༌། གཟུགས་རྣམས་དང༌། མིག་གི་རྣམ་པར་ ཤེས་པ་དང༌། རྣ་བ་དང༌། སྒྲ་རྣམས་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣ་དང༌། དྲི་ རྣམས་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེ་དང༌། རོ་རྣམས་དང༌། ལྕེའི་རྣམ་པར་ཤེས་ པ་དང༌། ལུས་དང༌། རེག་བྱ་རྣམས་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་དང༌། ཆོས་རྣམས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དངོས་པོ་མེད་པ། དངོས་པོ་ངན་པ། དངོས་ པོ་ཡོད་པ། དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལེའུ་གསུམ་དུ་བྱིས་པ་སོ་སོའི་སྐྱེ་བོ་ རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས། རྣམ་པར་ཤེས་པ་དེ་ལ་ མངོན་པར་ཞེན་ཏོ། །མངོན་པར་བསྒྲུབ་བོ། །སྒྲིབ་པར་བྱེད་དོ། །དེ་དག་རྣམ་པར་ཤེས་ པ་དེ་ལ་མངོན་པར་ཞེན་ཅིང༌། མངོན་པར་བསྒྲུབ་སྟེ། སྒྲིབ་པར་བྱེད་པས་ཉན་ཐོས་ཀྱི་ ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན། ཐེག་པ་ཆེན་པོ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་མངོན་པར་ཞེན་ཅིང་མངོན་པར་བསྒྲུབ་ སྟེ། སྒྲུབ་པར་བྱེད་པ་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང༌། དུད་འགྲོ་རྣམས་ དང༌། ཡི་དྭགས་རྣམས་དང༌། ལྷ་དང་མི་རྣམས་ཀྱི་ནང་དུ་ཡུན་རིང་པོར་རྒ་ཤི་མྱོང་ ངོ༌། ། མཁས་པ་རྣམས་ཀྱིས་ནི་གཟུགས་ཏེ་དེ་ལྟར་ལེའུ་གསུམ་དུ་ཡང་དག་པར་ཇི་ལྟ་བ་ བཞིན་དུ་ཤེས་པས་མངོན་པར་ཞེན་པར་མི་བྱེད་ཅིང༌། མངོན་པར་བསྒྲུབ་པར་མི་བྱེད་ ཅིང་གསལ་བར་བྱེད་དོ། །མངོན་པར་ཞེན་པ་མི་བྱེད་ཅིང༌། མངོན་པར་བསྒྲུབ་པར་མི་ བྱེད་ཀྱི། གསལ་བར་བྱེད་པས་ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་ན། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་ མངོན་པར་ཞེན་པར་མི་བྱེད་ཅིང༌། མངོན་པར་བསྒྲུབ་པར་མི་བྱེད་ཀྱི། གསལ་བར་མི་ བྱེད་པས། འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང༌། དུད་འགྲོ་དང༌། ཡི་དྭགས་ རྣམས་དང༌། ལྷ་དང་མི་རྣམས་ཀྱི་ནང་དུ་རྒ་ཤི་མྱོང་བ་མ་ཡིན་ནོ། །རབ་འབྱོར། དེ་ བཞིན་དུ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དང༌། མིག་དང༌། གཟུགས་རྣམས་དང༌། མིག་གི་རྣམ་པར་ཤེས་པ་དང༌། རྣ་བ་དང༌། སྒྲ་རྣམས་ 8-1-395 དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣ་དང༌། དྲི་རྣམས་དང༌། སྣའི་རྣམ་པར་ཤེས་པ་ དང༌། ལྕེ་དང༌། རོ་རྣམས་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་དང༌། རེག་བྱ་རྣམས་ དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་དང་ཆོས་རྣམས་དང༌། ཡིད་ཀྱི་རྣམ་པར་ ཤེས་པ་རྣམས་དེ་ལེའུ་གསུམ་དུ་མཁས་པ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ ཏུ་ཤེས་པས་མངོན་པར་ཞེན་པར་མི་བྱེད་ཅིང༌། མངོན་པར་བསྒྲུབ་པར་མི་བྱེད་ཀྱི་ གསལ་བར་བྱེད་དོ། །མངོན་པར་ཞེན་པར་མི་བྱེད་ཅིང༌། མངོན་པར་བསྒྲུབ་པར་མི་ བྱེད་ཀྱི་གསལ་བར་བྱེད་པས་ཐེག་པ་ཆེན་པོས་ཀྱང་མངོན་པར་འབྱུང་བར་འགྱུར་ན། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ལྟ་མོས་ཀྱང་ཅི་དགོས། དེ་ ལྟར་མངོན་པར་ཞེན་པར་མི་བྱེད་ཅིང༌། མངོན་པར་བསྒྲུབ་པར་མི་བྱེད་ཀྱི་གསལ་བར་ བྱེད་པས་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང༌། དུད་འགྲོ་རྣམས་དང༌། ཡི་ དྭགས་རྣམས་དང༌། ལྷ་དང་མི་རྣམས་ཀྱི་ནང་དུ་རྒ་ཤི་མྱོང་བར་མ་ཡིན་ནོ། །ཞེས་ ལེགས་པར་བཀའ་སྩལ་ཏོ། །དེ་ལ་དངོས་པོ་མེད་པའི་གཟུགས་དང༌། ཚོར་བ་ལ་སོགས་ པ་ནི། ཀུན་བཏགས་ཀྱི་གཟུགས་དང༌། ཚོར་བ་ལ་སོགས་པ་སྟེ་ཤེས་པར་བྱའོ། །དངོས་པོ་ ངན་པའི་གཟུགས་དང་ཚོར་བ་ལ་སོགས་པ་ནི། གཞན་དབང་གི་གཟུགས་དང་ཚོར་བ་ ལ་སོགས་པ་སྟེ། སྤང་བར་བྱའོ། །དངོས་པོ་ཡོད་པའི་གཟུགས་དང་ཚོར་བ་ལ་སོགས་པ་ ནི། ཆོས་ཉིད་ཡོངས་གྲུབ་ཀྱི་གཟུགས་དང་ཚོར་བ་ལ་སོགས་པ་སྟེ། དྲི་མ་བསལ་ནས་ ཐོབ་པར་བྱའོ། །འདི་ནི་གཤིས་ལུགས་ལ་ཡོད་པར་ཆོས་ཉིད་འདུས་མ་བྱས་ཀྱི་དངོས་པོ་ སྟེ། ཀུན་རྫོབ་འདུས་བྱས་ཀྱི་དངོས་པོ་ནི་མ་ཡིན་ནོ། །དེ་བཞིན་དུ། སངས་རྒྱས་ཉིད་ཀྱིས་ གསུངས་པའི་རང་འགྲེལ་གཞན་དུ་ཡང༌། ཆོས་ཉིད་ཀྱི་གཟུགས་དང་ཚོར་བ་ལ་སོགས་ པ་ནས། ཆོས་ཉིད་ཀྱི་བྱང་ཆུབ་དང༌། ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་རྒྱ་ ཆེར་བཀའ་བསྩལ་པ་ཐམས་ཅད་ཀྱང༌། ཆོས་ཉིད་འདུས་མ་བྱས་ཀྱི་དངོས་པོ་རིག་པ་སྟེ། སངས་རྒྱས་འཇིག་རྟེན་དུ་བྱོན་ཡང་རུང་མ་བྱོན་ཀྱང་རུང༌། གང་ཟག་རྣམས་ཀྱིས་ རྟོགས་ཀྱང་རུང་མ་རྟོགས་ཀྱང་རུང༌། མཐོང་ཡང་རུང་མ་མཐོང་ཡང་རུང༌། ཐོབ་ཀྱང་ 8-1-396 རུང་མ་ཐོབ་ཀྱང་རུང༌། རྟག་ཏུ་འགྱུར་བ་མེད་པ་ཉིད་དུ་ཡོངས་སུ་གྲུབ་པར་བཞུགས་ པའི་ཆོས་དབྱིངས་ཀུན་འགྲོ་ཡིན་པའི་ཕྱིར་དང༌། དེ་ཡང་སོ་སོའི་རང་གི་རིག་པ་གཉིས་ མེད་ཡེ་ཤེས་ཡིན་པའི་ཕྱིར་དང༌། སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང༌། ཐིག་ལེ་སྟོང་པ་ འགྱུར་མེད་དྲུག་དབྱེར་མེད་པ། ཨེ་ཝཾ་རོ་མཉམ་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་ འཕང་ཡིན་པའི་ཕྱིར་དང༌། དེ་ཡང་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་སྟོང་པའི་གཞི། ཆོས་ཉིད་དོན་དམ་པ་འདུས་མ་བྱས་ཀྱི་ཡེ་ཤེས་པྲ་ཕབ་བརྒྱད་དང་མཚུངས་པ་ཡིན་ པའི་ཕྱིར་དང༌། དེ་ཡང་ཀུན་རྫོབ་ཀྱི་ཟླ་ཉི་དང༌། ཁུ་རྡུལ་གྱི་སྟོང་པའི་གཞི། རྡོ་རྗེ་ཟླ་བ་ དྲི་མེད་འོད་དང༌། རྡོ་རྗེ་ཉི་མ་སྣང་བ་ཆེ། བདེན་དོན་རྣམ་པར་བཅུ་གཉིས་ལྡན་དང༌། དེ་ཉིད་རྣམ་པ་བཅུ་དྲུག་གི་རིག་པ་ཡིན་པའི་ཕྱིར་དང༌། དེ་ཡང་ཀུན་རྫོབ་ཀྱི་གཟའ་ བཅུ་དང༌། རླུང་བཅུ་དང༌། ཆར་དང༌། གློག་དང༌། ཆུ་དང༌། མེ་དང༌། སྐར་མ་ཕྲ་སྦོམ་ དང༌། འཇའ་ཚོན་ཕྲ་རགས་དང་ས་རྡོ་སྟེ་ཀུན་རྫོབ་ཀྱི་སྲིད་པ་རྣམ་པ་བཅུས་གདོད་ ནས་སྟོང་པའི་གཞི་དོན་དམ། ཆོས་ཉིད་ཀྱི་སྲིད་པ་རྣམ་པ་བཅུས་པྲ་ཕབ་པ་ལྟ་བུ་ཆ་ མེད་ཀུན་འགྲོ་ཁྱབ་པ་པོ་ཡིན་པའི་ཕྱིར་དང༌། དེ་ཡང་ཀུན་རྫོབ་ཀྱི་རླུང་མེ་ཆུ་དང་སའི་ དཀྱིལ་འཁོར་ལ་སོགས་འདུས་བྱས་ཀྱི་རྣམ་པ་བཅུས་གདོད་ནས་རང་བཞིན་གྱིས་ འགག་པའི་གཞི་ཆོས་ཉིད་རྣམ་པ་ཐམས་ཅད་པའི་རྣམ་བཅུ་དབང་ལྡན་ཆེན་པོ་ཡིན་ པའི་ཕྱིར་དང༌། དེ་ཡང་ཀུན་རྫོབ་ཀྱི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ལ་སོགས་ གདོད་ནས་རང་བཞིན་གྱིས་འགོག་པའི་གཞི་དོན་དམ་ཆོས་ཉིད་ཀྱི་ཕུང་པོ་ཁམས་དང་ སྐྱེ་མཆེད་ཐམས་ཅད་གདོད་ནས་རང་བཞིན་གྱིས་འདྲེས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ འཁོར་ཆེན་པོ་མཁའ་ལྟར་ཡངས་པ་ཡིན་པའི་ཕྱིར་དང༌། དེ་ཡང་ཀུན་རྫོབ་ཀྱི་རྒྱུ་སྐར་ ཉེར་བདུན་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་གདོད་ནས་རང་བཞིན་གྱིས་སྟོང་པའི་གཞི་ ཆོས་ཉིད་ཀྱི་ལྷ་སྟོང་དྲུག་བརྒྱ་ཉི་ཤུ་དབྱེར་མེད་དུ་འདྲེས་པ་དཔལ་ལྡན་རྒྱུ་སྐར་གྱི་ དཀྱིལ་འཁོར་པྲ་ཕབ་པ་དང་མཚུངས་པ་ཡིན་པའི་ཕྱིར་དང༌། དེ་ཡང་ཆོས་ཅན་ཀུན་ རྫོབ་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་དང༌། རོ་དང་ཁམས་ཀྱི་རྣམ་འགྱུར་སུམ་ཅུ་རྩ་དྲུག་ལ་ 8-1-397 སོགས་པས་གདོད་ནས་རང་བཞིན་གྱིས་སྟོང་པའི་གཞི། ཨེ་ཝཾ་རྡོ་རྗེ། ཡི་གེ་རྡོ་རྗེ། པད་ མ་རྡོ་རྗེ། སེམས་དཔའ་རྡོ་རྗེ། བྷ་ག་ཐིག་ལེ་གྲུ་གསུམ། ཨཱ་ལི་ཀཱ་ལི་དམིགས་བཅས་སྟོང་ ཉིད། དམིགས་མེད་སྙིང་རྗེ། ཤེས་རབ་ཐབས་ཀྱི་བདག་ཉིད། གདོད་ནས་དབྱེར་མེད་དུ་ འདྲེས་པའི་ལྷ་ཡབ་ཡུམ་ཐམས་ཅད་པྲ་ཕབ་བརྒྱད་དང་མཚུངས་པ། བརྟན་གཡོ་ཀུན་ ལ་མཁའ་ལྟར་ཁྱབ་པའི་བདག་ཉིད་ཡིན་པའི་ཕྱིར་དང༌། དེ་ཡང་ཀུན་བཏགས་ཐམས་ ཅད་ཀྱིས་སྟོང་པའི་གཞི། ཆོས་ཉིད་ཡོངས་གྲུབ་ཀྱི་དུས་འཁོར། གསང་འདུས། བདེ་ དགྱེས། མཧཱ་མ་ཡ། རྡོ་རྗེ་གདན་བཞི། སངས་རྒྱས་ཐོད་པ། སངས་རྒྱས་མཁའ་འགྲོ། རྡོ་རྗེ་ མཁའ་འགྲོ། རིན་ཆེན་མཁའ་འགྲོ། པད་མ་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ། ཡེ་ཤེས་ མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ་ལ་སོགས་ཆོས་ཉིད་ཀྱི་ལྷ་དང༌། སྔགས་དང་རྒྱུད་དང་ དཀྱིལ་འཁོར་དང༌། ཕྱག་རྒྱ་ཐམས་ཅད་དབྱེར་མེར་རོ་མཉམ་དུ་གདོད་ནས་འདྲེས་པ་ པྲ་ཕབ་པ་དང་མཚུངས་པ་མཁའ་ལྟར་ཁྱབ་པའི་ཕྱིར་དང༌། དེ་ཡང་ཀུན་རྫོབ་ཀྱི་དུས་ གསུམ་དང༌། དུས་བཞི་དང༌། དུས་དྲུག་ལ་སོགས་པས་གདོད་ནས་རང་བཞིན་གྱིས་སྟོང་ པའི་གཞི་དོན་དམ་ཆོས་ཉིད་ཀྱི་དུས་གསུམ་དང༌། དུས་བཞི་དང༌། དུས་དྲུག་ལ་སོགས་ པ་དུས་གསུམ་དུས་མེད་རྟོགས་པ་པོ་དང༌། དུས་གསུམ་མཉམ་པ་ཉིད་གཞན་པྲ་ཕབ་ལྟ་ བུ་ཆོས་ཉིད་ཀྱི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ཡིན་པའི་ཕྱིར་དང༌། དེ་ཡང་ཀུན་རྫོབ་ཀྱི་དགེ་མི་དགེ་ལུང་མ་བསྟན་པ་ཐམས་ཅད་ཀྱི་གདོད་ནས་རང་ བཞིན་གྱིས་སྟོང་པའི་གཞི་དོན་དམ་པ་འདུས་མ་བྱས་རྟག་ཏུ་ཡོད་པའི་དགེ་བ་པྲ་ཕབ་ པ་ལྟ་བུ་ཆོས་ཉིད་ཀྱི་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ དང༌། དེ་ཡང་ཆོས་ཅན་ཀུན་རྫོབ་ཀྱི་ལོ་དང༌། ཟླ་བ་དང༌། བགྲོད་པ་དང༌། ཕྱོགས་དང༌། ཉིན་མཚན་དང༌། སྔ་དྲོ་དང༌། ཕྱི་དྲོ་དང༌། ནམ་གུང་དང༌། ཉིན་གུང་དང༌། དུས་སྦྱོར་ དང༌། ཆུ་ཚོད་དང༌། ཆུ་སྲང་དང༌། དབུགས་དང༌། ཐུན་མཚམས་དང༌། ཐུན་ཚོད་དང༌། ཡུད་ཙམ་ལ་སོགས་པས་གདོད་ནས་རང་བཞིན་གྱིས་སྟོང་པའི་གཞི་ཆོས་ཉིད་ཀྱི་འོད་ གསལ་པྲ་ཕབ་ལྟ་བུའི་ལོ་དང༌། ཟླ་བ་དང༌། བགྲོད་པ་དང༌། ཕྱོགས་དང༌། ཉིན་མཚན་ 8-1-398 དང༌། སྔ་དྲོ་དང༌། ཕྱི་དྲོ་དང༌། ནམ་གུང་དང༌། དུས་སྦྱོར་དང༌། ཆུ་ཚོད་དང༌། ཆུ་སྲང་ དང༌། དབུགས་དང༌། ཐུན་མཚམས་དང༌། ཐུན་ཚོད་དང༌། ཡུད་ཙམ་ལ་སོགས་པ་པྲ་ ཕབ་བརྒྱད་དང་མཚུངས་པ་དང༌། རྡུལ་མེད་རྡུལ་བྲལ་དྲི་མ་མེད། ཀུན་ཤེས་ཀུན་རིགས་ དམ་པ་པོ་ཡིན་པའི་ཕྱིར་དང༌། དེ་ཡང་ཆོས་ཅན་ཀུན་རྫོབ་ཀྱི་རི་དང་བྲག་དང་ཆུ་ཀླུང་ དང༌། ཚལ་དང༌། ནགས་ཚང་ཚིང་དང༌། རྩ་བ་དང༌། སྡོང་པོ་དང༌། ཡལ་ག་དང༌། ལོ་མ་ དང༌། འདབ་མ་དང༌། མེ་ཏོག་དང༌། འབྲས་བུ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། དུང་དང༌། གླིང་བུ་དང༌། རྔ་དང༌། ཆ་ལང་དང༌། མཁའ་རྔ་དང༌། པི་ཝཾ་ དང༌། གླུ་དང༌། དབྱངས་དང༌། གར་དང༌། རོལ་མོ་སྣ་ཚོགས་པ་དང༌། རྒོད་པ་དང༌། ངུ་ བ་ལ་སོགས་པ་གློ་བུར་གྱི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ཀྱི་ རི་དང༌། བྲག་ཆ་དང༌། ཆུ་ཀླུང་དང༌། ཚལ་དང༌། ནགས་ཚང་ཚིང་དང༌། རྩ་བ་དང༌། སྡོང་པོ་དང༌། ཡལ་ག་དང༌། ལོ་མ་དང༌། འདབ་མ་དང༌། མེ་ཏོག་དང༌། འབྲས་བུ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། དུང་དང༌། གླིང་བུ་དང༌། རྔ་དང༌། ཆ་ ལང་དང༌། མཁའ་རྔ་དང༌། པི་ཝཾ་དང༌། གླུ་དང༌། དབྱངས་དང༌། གར་དང༌། རོལ་མོ་སྣ་ ཚོགས་པ་དང༌། རྒོད་པ་དང༌། ངུ་བ་ལ་སོགས་པའི་རྣམ་འགྱུར་མི་འདྲ་བ་རྣམ་པ་སྣ་ ཚོགས་པ་རྣམས་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་ཡིན་པའི་ཕྱིར་དང༌། དེ་ཡང་ཀུན་ རྫོབ་ཀྱི་བདེན་པར་གཏོགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། སོ་སོའི་སྐྱེ་བོ་དང༌། སློབ་པ་དང༌། མི་ སློབ་པ་དང༌། གྲུབ་པ་ཐོབ་པ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་དང༌། མཁའ་འགྲོ་ ཆོས་སྐྱོང་བ་ལ་སོགས་པ་ཀུན་རྫོབ་གློ་བུར་བའི་ཆོས་ཉིད་ཀྱིས་སྟོང་པའི་གཞི། ཆོས་ཉིད་ གཉུག་མ་རང་བཞིན་འོད་གསལ་བའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། སོ་སོ་སྐྱེ་བོ་དང༌། སློབ་པ་དང༌། མི་ སློབ་པ་དང༌། གྲུབ་པ་ཐོབ་པ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་དང༌། མཁའ་འགྲོ་ ཆོས་སྐྱོང་ལ་སོགས་པ་པྲ་ཕབ་པ་ལྟ་བུ་གཟུགས་མེད་གཟུགས་བཟང་དམ་པ་ཡིན་པའི་ 8-1-399 ཕྱིར་དང༌། དེ་ཡང་བཅོས་མ་གློ་བུར་བའི་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་ མོ་དང༌། མ་ནིང་དང༌། ཞིང་དང༌། ཁང་པ་དང༌། གྲོང་ཁྱེར། ཡུལ་ཁམས་ཆེན་པོ་དང༌། རྒྱལ་པོ་དང༌། བཙུན་མོ་དང༌། བློན་པོ་དང༌། རྒྱལ་ཕྲན་དང༌། བྲམ་ཟེ་དང༌། རྗེ་རིགས་ དང༌། དམངས་རིགས་དང༌། གདོལ་བའི་རིགས་དང༌། ཁྱི་དང༌། ཕག་དང༌། མ་ཧེ་དང༌། བ་ལང་དང༌། བོང་བུ་དང༌། རྟ་དང༌། གཡག་དང༌། ར་ལུག་ལ་སོགས་པ་ལས་གཟུགས་ སྣ་ཚོགས་ཀྱིས་གདོན་ནས་རང་བཞིན་གྱིས་དག་པའི་གཞི་ཆོས་ཉིད་འོད་གསལ། བདེ་ གཤེགས་སྙིང་པོའི་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་དང༌། མ་ནིང་དང༌། ཞིང་དང༌། ཁང་པ་དང༌། གྲོང་ཁྱེར་དང༌། ཡུལ་ཁམས་ཆེན་པོ་དང༌། རྒྱལ་པོ་དང༌། བཙུན་མོ་དང༌། བློན་པོ་དང༌། རྒྱལ་ཕྲན་དང༌། བྲམ་ཟེ་དང༌། རྗེ་རིགས་དང༌། དམངས་ རིགས་དང༌། གདོལ་པའི་རིགས་དང༌། ཁྱི་དང༌། ཕག་དང༌། མ་ཧེ་དང༌། བ་ལང་དང༌། བོང་བུ་དང༌། རྟ་དང༌། གཡག་དང༌། ར་ལུག་ལ་སོགས་པ་པྲ་ཕབ་བརྒྱད་དང་མཚུངས་ པ། དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། སྐྱེ་མེད་ ཆོས་དེ་སྣ་ཚོགས་དོན། ཆོས་ཀུན་ངོ་བོ་ཉིད་འཆང་བ་ཡིན་པའི་ཕྱིར་དང༌། དེ་ཡང་ཀུན་ བཏགས་གཞན་དབང་ཆོས་ཉིད་ཀྱིས་གདོད་ནས་རང་བཞིན་གྱིས་སྟོང་ཞིང་དབེན་ལ་ དག་པའི་གཞི་གང་ཡིན་པ་ཆོས་ཉིད་ཀུན་རྫོབ་རྣམ་པ་ཐམས་ཅད་པ། དབང་པོ་ཐམས་ ཅད་པ། ཕྱག་ཐམས་ཅད་པ། ཞབས་ཐམས་ཅད་པ། དབུ་ཐམས་ཅད་པ། སྤྱན་ཐམས་ ཅད་པ། སྙན་ཐམས་ཅད་པ། ཤངས་ཐམས་ཅད་པ། ལྗགས་ཐམས་ཅད་པ། ཞལ་ཐམས་ ཅད་པ། དབྱིབས་ཐམས་ཅད་པ། ཁ་དོག་ཐམས་ཅད་པ། གཟུགས་ཐམས་ཅད་པ། སྒྲ་ ཐམས་ཅད་པ། དྲི་ཐམས་ཅད་པ། རོ་ཐམས་ཅད་པ། རེག་བྱ་ཐམས་ཅད་པ། ཆོས་ཐམས་ ཅད་ལ་ཀུན་ནས་པྲ་ཕབ་པ་དང་མཚུངས་པ་སྟེ། ཀུན་ནས་ཕྱག་དང་ཞབས་ལ་སོགས། ། ཀུན་ནས་དབུ་དང་ཀུན་ནས་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ ཁྱབ་པར་བྱས་ཏེ་བཞུགས། །ཞེས་པ་ཆོས་ཉིད་ཀུན་འགྲོ་ཡེ་ཤེས་སེམས་དཔའ་ཀུན་འགྲོ་ ཡིན་པའི་ཕྱིར་དང༌། དེ་ཡང་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་དེ་རྣམས་ཐམས་ཅད་ཀྱིས་ 8-1-400 གདོད་ནས་སྟོང་ཞིང་དབེན་ལ་ཡང་དག་པའི་གཞི་གང་ཡིན་པ་གཞན་མཆོག་ཕ་རོལ་ དམ་པ་དང་པོའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་རྡུལ་སྙེད་ལས་འདས་པའི་པྲ་ ཕབ་བརྒྱད་དང༌། མཚུངས་པ་ལུས་མེད་ལུས་དེ་ལུས་ཀྱི་མཆོག་ཡིན་པའི་ཕྱིར་དང༌། དེ་ ལ་ཡང་ཀུན་བཏགས་ཀུན་རྫོབ་གློ་བུར་བའི་འདོད་པའི་ཁམས་དང༌། གཟུགས་ཀྱི་ ཁམས་དང༌། གཟུགས་མེད་པའི་ཁམས་དང༌། དམྱལ་བ་དང༌། ཡི་དྭགས་དང༌། དུད་ འགྲོ་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟ་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ ཆེན་པོ་དང༌། སྲུལ་པོ་དང༌། ལུས་སྲུལ་པོ་དང༌། གྲུལ་བུམ་དང༌། བརྗེད་བྱེད་དང༌། རོ་ ལངས་དང༌། ནམ་མཁའ་ལྡིང་དང༌། བྱ་རྒོད་དང༌། བྱ་རོག་ལ་སོགས་པ་འདབ་ཆགས་ ཀྱི་རིགས་མང་པོ་དང༌། ཤ་བ་དང༌། གླ་བ་དང༌། རྒོ་བ་ལ་སོགས་པའི་རི་དྭགས་ཀྱི་ རིགས་མང་པོ་དང༌། ཉ་སྦལ་དང་ལྕོང་མོ་ལ་སོགས་པ་ཆུ་ན་རྒྱུ་བའི་རིགས་མང་པོ་དང༌། གྲོགས་བུར་དང་འབུ་སྲིན་གྱི་རིགས་མང་པོ་ལ་སོགས་པ་ས་ལ་རྒྱུ་བའི་སྲོག་ཆགས་ ཐམས་ཅད་ཀྱིས་གདོད་ནས་རང་བཞིན་གྱིས་སྟོང་ཞིང་དབེན་ལ། དག་པའི་གཞི་གང་ ཡིན་པ་མ་བཅོས་གཉུག་མ་རང་བཞིན་འོད་གསལ་ཆོས་ཉིད་ཀྱི་རྣམ་པ་པྲ་ཕབ་བརྒྱད་ དང་མཚུངས་པ་རྣམ་པ་མེད་པ་ཁམས་གསུམ་མ་ལུས་པའི་སངས་རྒྱས་གཟུགས་ཏེ། ཆོས་ཉིད་ཀྱི་ཡང་སོས་མ། ཐིག་ནག་མ། བསྡུས་འཇོམས་མ། ངུ་འབོད་མ། ངུ་འབོད་ཆེན་ པོ་མ། ཚ་བ་མ། རབ་ཏུ་ཚ་བ་མ། མནར་མེད་མ། ལྷུང་བ་མོ། བར་མེད་མ། བུ་མོ། གཤིན་ རྗེ་མོ། མེ་འགལ་མོ། མར་ནག་ཏུ་འཚེད་མ། རི་གཉིས་ཀྱིས་བཙིར་མ། ལྡང་མ། རྨོངས་མ། ཕྲག་དོག་མ། ཆགས་མྱོས་མ། སེར་སྣ་མ། སྐུད་པ་མ། གྲགས་མ། རལ་གྲིའི་ནགས་ཚལ། དུ་ མ། མུ་གེ་མ། ནད་དགོན་མ། མཚན་དགོན་མ། ཆུའི་དགོན་པ་མ། རལ་གྲི་མ། སེན་མོ་ རབ་མེད་པ། སྤུ་གྲིའི་ལོ་མ། འཁོར་ལོ་མ། གྲུལ་བུམ་མ། ལྷ་མོ་ཆེ་མཆེད་མ། ཟམ་གཉིད་ མ། ལེ་ལོ་མ། ཆོས་སེམས་མ། སྒོམ་པ་མོ། ཁྱེད་སེམས་མ། བུད་མེད་སེམས་མ། དོན་སེམས་ སྦྱོར་བྲལ་མ། བུ་སེམས་མ། མྱ་ངན་མ། བསམ་གཏན་སེམས་མ། སྔགས་བཟློས་མ། ངོ་ཚ་ མ། ང་རྒྱལ་མ། གདུང་བ་མོ། སེམས་ཅན་དོན་བྱེད་མ། བརྩོན་པ་མོ། རྒྱལ་པོ་སེམས་མ། 8-1-401 གཞན་གཅོད་མ། ཡེ་ཤེས་ཐོབ་མ། དཀའ་ཐུབ་མ། རྒས་མ། འཆི་བའི་སེམས་ཅན་མ། བདེ་མ་སྡུག་མ་མི་དགའ་མ། ཡོད་དང་མེད་པ་ཉིད་དང་ནི། བླ་མ་སེམས་མ་འགྲོ་བ་མ། བཟོད་མ་མི་བཟོད་མ། ངལ་ལམ། ངལ་སོས་མ། བཀྲེས་མ་མཆོག །ལས་ཐམས་ཅད་བྱེད་ པ་མོ། རྒྱལ་ཆེན་བཞིའི་རིས་མ། སུམ་ཅུ་རྩ་གསུམ་འཁོར་སྒྱུར་མ། འཐབ་བྲལ་དགའ་ ལྡན་འཁོར་བསྒྱུར་མ། འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་མ། ཚངས་རིས་ཚངས་པ་ འདུན་ན་འདུན། ཚངས་ཆེན་འོད་ཆུང་ཚད་མེད་འོད། འོད་གསལ་མ་དང་དགེ་ཆུང་མ། ཚད་མེད་དགེ་མ་དགེ་རྒྱས་མ། སྤྲིན་མེད་མ་དང་བསོད་ནམས་སྐྱེས། འབྲས་བུ་ཆེ་དང་ མི་ཆེ་མ། མི་གདུང་མ་དང་ཤིན་ཏུ་མཐོང༌། བཟང་ངན་མ་དང་འོག་མིན་མ། ནམ་ མཁའ་མཐའ་ཡས་སྐྱེ་མཆེད་མ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་མ། འདུ་ཤེས་མེད་དང་ མེད་མིན་མ། དམྱལ་མོ་ཡི་དྭགས་མོ་དེ་བཞིན། དུད་འགྲོ་མི་མོ་ལྷ་མིན་མོ། གཞལ་མེད་ ཁང་སྤྱོད་མ་དེ་བཞིན། ཟླ་བ་ཉི་མ་གཤིན་རྗེ་མོ། དབང་མོ་འཁོར་བསྒྱུར་མ་ཤེས་བྱ། གཞན་ཡང་ངང་མོ་བྱ་དཀར་སྲེག་པ་མོ། རྨ་བྱ་ཕུག་རོན་བྱ་རོག་ཆེན་པོ་མོ། བྱི་ལ་མོ་ཁྲ་ མོ་ཧོར་མོ། སེང་གེ་སྟག་མོ་རི་བོང་མོ། གླང་ཆེན་རི་དྭགས་ལྕེ་སྤྱང་མོ། བསེ་མོ་འབྲི་མོ། རྔ་མོ་སྲེ་མོ། རྩང་པ་མོ། བྱི་བ་བོང་མོ། དོམ་མོ། རུ་སྦལ་མ། ཆུ་སྲིན་མོ། སྟག་གི་ནག་མོ། སྲིན་མོའི་གདོང་མ། ཆག་མོ། ཆུ་བྱི་མོ། གྲོག་མོའི་གདོང་མ། ཆུ་སྦྲུལ་མ། དུང་མོ། མགྲོན་ བུ་མ། ཉ་ཕྱིས་མ། ཤ་སྦྲང་མ། ཉ་བ་མོ། སྡིག་དཀར་མ། དུང་མཁན་མ། ཐག་མཁན་མ། ཁུར་བ་མཁན་མོ། ཤིང་བཟོ་མ། ཕྲེང་བ་མཁན་མ། ཚོས་མཁན་མ། སྲིན་བལ་བྱེད་མ། ཕོ་ ཉ་མོ། བཤང་བ་འཕྱངས་མ། རྩི་མཁན་མ། ལྡུམ་རའི་གཉེར་པ་མོ། རྒྱལ་པོས་བཀྲ་བ་མ། བཤན་པ་མོ། སོ་རྩི་འཚོ་བར་བྱེད་མ། གསེར་འགར་མ། ནོར་རྒྱུད་མ། ནགས་པ་མོ། ཀླ་ཀློ་ མ། ཚོད་པ་མོ། རྡོ་བཟོ་མ། ཞིང་ལས་མ། གོ་ལྤགས་མཁན་མ་ཞེས་པ་ལ་སོགས་པ་མཁའ་ འགྲོ་རྒྱ་མཚོའི་རྒྱུད་དུ། ཁམས་གསུམ་པའི་རྣམ་པ་ཐམས་ཅད་ཡེ་ཤེས་ཀྱི་ལྷར་གསུངས་ ཤིང༌། དེ་ཡང་རང་འདྲའི་ཐབས་དང་བཅས་པར་གསུངས་པ་ཐམས་ཅད་རང་འགྲེལ་ ཁྱད་འཕགས་རྣམས་ལ་ཆོས་ཉིད་ཀྱི་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར། དོན་ 8-1-402 དམ་པའི་ཆོས་བརྒྱ་དང་ཉེར་བདུན་ལེགས་པར་བཀའ་སྩལ་པ་རྣམས་དང་དོན་གཅིག་ པ་ཡིན་ལ་རང་བཞིན་གྱི་རིགས་ལ་དབྱེ་བསྡུ་མང་པོར་གསུངས་པ་ཐམས་ཅད་དང་ ཡང་དོན་གཅིག་པ་ཡིན་ཞིང༌། རྣམ་དག་ལེའུ་རྒྱ་ཆེར་གསུངས་པ་རྣམས་དང་དོན་ གཅིག་ལ། ཆོས་ཉིད་རང་བཞིན་གྱིས་དགེ་བ་ཁ་ན་མ་ཐོ་བ་མེད་པ་ཟག་པ་མེད་པ། ཉོན་ མོངས་པ་མེད་པ་རྣམ་པར་བྱང་བ་འཇིག་རྟེན་ལས་འདས་པ་འདུས་མ་བྱས་པའི་ གཟུགས་ནས་རྣམ་མཁྱེན་གྱི་བར་ཡུམ་ལ་གསུངས་པ་རྣམས་དང༌། གཞན་ཡང་གསུང་ རབ་དྲི་མ་མེད་པ་མང་པོ་ལས་དོན་དམ་གྱི་ཆོས་ཉིད་འཁོར་འདས་དབྱེར་མེད་དང་། བདེན་བཞི་དབྱེར་མེད་དང༌། སྲིད་ཞི་དབྱེར་མེད་དང༌། དུ་མ་རོ་གཅིག་དང༌། ཆོས་ ཉིད་པྲ་ཕབ་པ་ལྟ་བུའི་གནས་ལུགས་ལེགས་པར་རྟོགས་ནས། མཉམ་བཞག་ཟབ་མོ་ལ་ ཟློ་བ་ཅིར་ཡང་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། རླུང་སེམས་ཀྱི་ འགྱུ་བ་ཐམས་ཅད་རང་གིས་ངང་གིས་འགགས་ཤིང་འགྱུར་མེད་བདེ་ཆེན་མྱུར་དུ་ཐོབ་ ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་གྱུར་ཅིག ། སངས་རྒྱས་རང་ཉིད་ཀྱིས་གསུངས་པའི་རང་འགྲེལ་རྣམས་དང༌། དཔལ་མཁའ་འགྲོ་རྒྱ་ མཚོ་ལ་སོགས་པ་ངེས་པའི་དོན་གྱིས་མདོ་རྒྱུད་ཟབ་མོ་རྣམས་ཀྱི་ངོ་སྤྲོད་ཐུན་མོང་མ་ ཡིན་པ། རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་བཀོད་པ་རྫོགས་ སོ།། །། སྣོད་ལྡན་མ་གཏོགས་པ་ལ་གསང་བའི་རྒྱས་བཏབ་བོ། །ངེས་དོན་མཐར་ཐུག་གི་བསྟན་ པ་ཟབ་མོ་ཕྱོགས་བཅུ་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག །མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾ། ངོ་སྤྲོད་འདི་འདྲ་རྒྱས་བསྡུས་སེམས་འགྲེལ་ལུགས། ། བསྡུས་རྒྱུད་རྣམས་སུ་རྡོ་རྗེའི་ཚིག་གིས་གསུངས། ། དེ་སླད་བློ་དམན་ཕལ་གྱི་སྤྱོད་ཡུལ་མིན། ། དེ་ལ་ཕལ་ཆེར་འདི་ལ་དད་མི་འགྱུར། ། ཕྱོགས་མེད་སྤངས་པའི་བློ་ཡིས་དཔྱད་པ་ནི། ། 8-1-403 མདོ་རྒྱུད་གོང་འགྲིགས་ཉམས་མྱོང་ཚད་མས་གྲུབ། ། ངོ་སྤྲོད་འདི་འདྲ་གཞན་ལ་མེད་པར་སྙམ། ། དེ་ལྟར་གོ་བའང་རྒྱལ་བ་སྲས་བཅས་དྲིན། ། ཞེས་པའི་ཚིག་འདི་ཡེ་ཤེས་རྡོ་རྗེས་སྨྲས། ། ཧེ་ཧེ། དགེའོ། ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-404 ༄༅། །ཤེས་རབ་བླ་མའི་ཞུས་ལན་བཞུགས་སོ། །ཟབ་ལམ་མ་ཐོབ་པས་མ་ལྟ་ཅིག ༄༅། །ཤེས་རབ་བླ་མའི་ཞུས་ལན་བཞུགས་སོ། །ཟབ་ལམ་མ་ཐོབ་པས་མ་ལྟ་ཅིག ༄༅། །རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །དུས་གསུམ་རྒྱལ་བའི་འཕྲིན་ལས་ མཛད། །རྩོད་དུས་སེམས་ཅན་དཔལ་དུ་བྱོན། །ཟབ་མོའི་ཆོས་ཀྱི་འབྲུག་སྒྲ་ཡིས། །མི་ཤེས་ མུན་པ་སངས་མཛད་པ། །འགྲོ་མགོན་བླ་མའི་ཞབས་ལ་འདུད། །སྒྲུབ་པ་མཐའ་རུ་ཐོན་ པར་བྱིན་གྱིས་རློབས། །མཉམ་མེད་སྐུ་དྲིན་ཅན་གྱི་དྲུང་དུ་ཞུ། །སྤྲང་བན་བདག་གིས་ ཉམས་ལ་འདི་ལྟར་གསལ། །དུ་བ་ལ་སོགས་རྟགས་རྣམས་དང༌། །རིགས་དྲུག་སྣ་ཚོགས་ སྣང་བ་དང༌། །ཁྱད་པར་བྱ་དང་རི་དྭགས་དང༌། །ཤིང་དང་ཕཊ་ཊ་མེ་ཏོག་དང༌། །ཐིག་ ལེ་དཀར་དམར་སྣ་ཚོགས་དང༌། །སྤྲུལ་སྐུ་ལོངས་སྐུ་སྣ་ཚོགས་དང༌། །ཁྱད་པར་རྣལ་ འབྱོར་བླ་མེད་ལྷ། །ཞལ་ཕྱག་དུ་མ་ཡུམ་དང་བཅས། །རི་དང་ས་གཞི་ལུང་པའི་ དབྱིབས། །ཉིན་པར་ཇི་བཞིན་མཐོང་བ་དང༌། །འགྲོ་འཆག་ཉལ་དང་ཟ་དུས་ སུའང༌། །སྤྱན་རས་གཟིགས་ལ་སོགས་པའི་སྐུ། །རྒྱུན་ཆད་མེད་པར་གསལ་བར་ འབྱུང༌། །རེས་འགའ་མ་བསྒོམས་པར་ཡང་འབྱུང༌། །རེས་འགའ་རྟོག་པ་བཀག་མི་ ཁེགས། །རེས་འགའ་བདེ་སྣང་ཅུང་ཟད་འཆར། །རེས་འགའ་ཡི་མུག་འགྲོ་སྙིང་ འོང༌། །རེས་འགའ་ཁ་ནས་གད་མོ་འཆོར། །རེས་འགའ་ཟས་ཀྱི་སྣང་མི་འཆར། །རེས་ འགའ་ཟོས་ཀྱང་ཚིམ་པ་མེད། །འདི་རྣམས་ལ་ནི་གོལ་བའི་ས། །མཆིས་སམ་མ་མཆིས་ཇི་ ལྟར་ལགས། །དུས་ཀྱི་འཁོར་ལོའི་དགོངས་པ་ཡི། །གཞི་ལམ་འབྲས་བུ་ཇི་ལྟར་ ལགས། །ཚིག་ཉུང་གོ་བ་བདེ་བ་ཅིག །བཀའ་སྩལ་བར་ནི་མཛད་དུ་གསོལ། །དངོས་སུ་ཞུ་ བ་མ་སྤོབས་པར། །ཞུ་བ་ཡི་གེར་བཀོད་པ་ལགས། །དཔལ་ལྡན་བླ་མས་གཙོར་མཛད་ པའི་སྒྲུབ་པ་ཕོ་མོ་རྣམས་སྐུ་ཁམས་བཟང་པོའི་ཐད་ནས། སོ་སོ་ནས་ཐུགས་དམ་ཟླ་བ་ ཡར་གྱི་ངོ་བཞིན་འཕེལ་བར་གྱུར་ཅིག །ཅེས་པའི་ཞུ་བ་ཤེས་རབ་བླ་མ་བདག་གིས་ཕུལ་ 8-1-405 བ་དགེ་བར་གྱུར་ཅིག། ༈ དཔལ་ལྡན་བླ་མ་དམ་པ་དང་དབྱེར་མེད་པའི་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་ འཚལ་ཞིང་སྐྱབས་སུ་སོང་ནས། ཤེས་རབ་བླ་མ་ལ་བསྐུར་བ། སྒོམ་ཉམས་ཟབ་མོ་རྡོལ་བ་ དེ་རྗེས་སུ་ཡི་རང་ཞིང༌། སེམས་དགའ། འཆར་སྒོ་སྣ་ཚོགས་སྔར་ཤར་བ་དེ་རྣམས་དང༌། དེ་བས་ཀྱང་ཆེས་མང་བ་འཆར་བར་བཤད་ཅིང༌། སྒྲུབ་པ་ཡུན་རིང་ནུས་པ་རྣམས་ལ། ལུས་ཉམས། ངག་ཉམས། སེམས་ཉམས། རྨི་ཉམས། འོད་གསལ་གྱི་ཉམས་ལ་སོགས་རྣམ་ པ་སྣ་ཚོགས་འཆར་བ་ལུགས་ཡིན། གང་ཤར་བ་རྣམས་ལ་དགག་སྒྲུབ་མེད་པར་བྱུང་ རྒྱལ་དུ་སྐྱོང་བ་རང་གདམ་ངག་གི་རྒྱལ་པོ་ཆེན་པོ་ཡིན། གལ་ཏེ་ལུས་ཀྱི་གཟུགས་སྣ་ ཚོགས་དང༌། འཁྲུལ་འཁོར་དང་འཕར་གཡོ་སྣ་ཚོགས་རང་རྡོལ་དུ་འཆར་བ་ལ། སྐྱོན་དུ་ བཟུང་ནས་འགོག་ཅིང་བསྐྱིལ་ནའང་གེགས་ཀྱིས་ཁྱེར་ཞིང༌། སྒོམ་བདུད་ལ་བསྐུར་བ་ ཡིན། ངག་གི་སྨྲ་བརྗོད་སྣ་ཚོགས་གང་ཤར་དུ་འབྱུང་བ་ལ། སྐྱོན་དུ་བལྟས་ནས་གནོན་ པའང་བདུད་ཀྱིས་ཁྱེར་ལ། སེམས་ཀྱི་དགའ་སྡུག་དང༌། མཐོ་དམན་དང༌། འོད་གསལ་ གྱི་རྣམ་འགྱུར་སྣ་ཚོགས་སུ་འཆར་བ་ལ་དོན་བདེན་པར་ཕྱོགས་གཅིག་པར་བཟུང་ནས་ དགག་སྒྲུབ་དང༌། བླང་དོར་དང༌། བཟང་ངན་དུ་འབྱེད་ནའང༌། གེགས་དང་བར་ཆད་ ཀྱི་དབང་དུ་འགྲོ་བར་གདོན་མི་ཟ་བ་ཡིན་པས། དེ་ཡིན་ནའང་ལུས་ཉམས་ངག་ཉམས་ བྱུང་ཡང་མ་སྐྱིལ་བར་རྒྱ་ཡན་དུ་ཐོང༌། སེམས་ལ་ཡི་མུག་དང་འགྲོ་སྙིང་འདོད་དང༌། འཕྲོ་རྒོད་སྣ་ཚོགས་སུ་འཆར་ན་གང་ཤར་དེ་ཉིད་ལ་ཆེར་གྱིས་ལྟོས་རྗེན་ཀྱིས་ངོས་ བཟུང་ལ་ངོ་བོའམ། ངོས་བཟུང་ངམ། རང་བཞིན་དུ་གྲུབ་པ་ཅི་འདུག་ལྟོས། བལྟས་ན་ རང་བཞིན་མེད་དེ། ནམ་མཁའ་ལྟར་རང་སྟོང་རང་ཞི་རང་གྲོལ་ཅིར་ཡང་མ་གྲུབ་པས་ མིང་ཙམ་དུ་རྟོགས་ན། སེམས་ཀྱི་གནས་ལུགས་རྟོགས་པ་ཡིན་པས་སེམས་ལ་སེམས་ ཀྱིས་བལྟ་བ་གལ་ཆེ། སེམས་ཀྱིས་སེམས་ཚོལ་བ་གལ་ཆེ། སེམས་ལ་སེམས་ཀྱིས་གྲོས་ འདེབས་པ་གལ་ཆེ། འོད་གསལ་གྱི་རྣམ་འགྱུར་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་ པར་གཞི་ལ་ཡེ་བཞུགས་སུ་གནས་པ་དེ་ལ་མཐའ་ངེས་པ་མེད་ཅིང༌། ཚད་ངེས་པ་མེད་ 8-1-406 ལ། རྣམ་པ་ཡང་ངེས་པ་མེད། སྣ་ཚོགས་ཡིན་པས་གང་ཤར་ཡང་བཟང་ངན་ནམ་ འདོད་མི་འདོད་དམ། དགའ་མི་དགའ་གང་དུ་ཡང་བླང་དོར་དགག་སྒྲུབ་རེ་དོགས་ གང་ཡང་མི་བྱ་བར་སྤྲོས་བྲལ་དུ་བཞག །གལ་མེད་དུ་བཏང༌། བྱུང་རྒྱལ་དུ་བརྐྱང༌། རེས་ འགའ་ཞག་མང་པོར་ཁ་ཟས་མི་དགོས་པ་དང༌། རེས་འགའ་ཅི་ཙམ་ཟོས་ཀྱང་ཚིམ་པ་ མེད་པ་ཡང་རྣལ་འབྱོར་པ་ལས་དང་པོ་པ་ཕལ་ཆེ་བ་ལ་ཡོང་གིན་ཡོད་ཅིང༌། འོང་བར་ བཤད་པ་ཡང་ཡིན་པས་སྐྱོན་དང་ཡོན་ཏན་དུ་མི་ལྟ། ཟས་འདོད་པའི་ཚེ་ཅི་ཙམ་ འདོད་པ་ཟོ། རྒྱགས་ཆད་ན་སྟེར་བ་ཡིན་པས་ལོན་བསྐུར་ལ་ཐོང༌། གཞི་ལམ་འབྲས་ བུའི་གནས་ལུགས་མདོར་བསྡུས་པ་ཅིག་ཞུ་ཟེར་བ་དེ་ལ། གནས་ལུགས་ལེགས་པར་ཁོང་ དུ་ཆུད་པ་ལ་ནི་ཞིབ་ཏུ་བཤད་ཅིང་ཡང་ཡང་གཉན་དགོས། མདོར་བསྡུས་པ་ཙམ་ནི། སངས་རྒྱས་ཞེས་བྱ་བ་མཐར་ཐུག་ཆོས་སྐུ་ཡིན་ཞིང༌། དེའང་མི་རྟོག་བདེ་ཆེན་འོད་ གསལ་རྣམ་པ་ཐམས་ཅད་པ། རྒྱུ་མེད། རང་བྱུང༌། མཁའ་ཁྱབ། ལྷུན་གྲུབ། ཆ་མེད་ཀུན་ འགྲོ། དབང་པོ་ཐམས་ཅད་པ། སྨྲ་བསམ་བརྗོད་དུ་མེད་པའི་དབྱིངས། པྲ་ཕབ་པ་ལྟ་ བུར་བསམ་གྱིས་མི་ཁྱབ་ཅིང༌། རྣལ་འབྱོར་པས་སོ་སོ་རང་རིག་རང་བྱུང་ཡེ་ཤེས་ཀྱི་ རང་སྣང་དེ་ཉིད་ཡིན། དེ་ཡང་གདོད་མ་ནས་ནམ་མཁའ་ལྟར་ཀུན་ཁྱབ་ཏུ་རྟག་པར་ བཞུགས་པ་གཞི་ཡིན་ཏེ། དབུལ་བོའི་ཁང་ཕུགས་ན་ཡོད་པའི་གཏེར་ཆེན་པོ་དང་འདྲ། དེ་ལ་རླུང་སེམས་ཀྱི་འགྱུ་བ་ངང་གིས་འགགས་ན་ཡེ་བཞུགས་ཀྱི་སངས་རྒྱས་འོད་ གསལ་ཆོས་སྐུ་མངོན་དུ་གྱུར་པ་སྟེ། ས་རྡོ་བསལ་བས་གཏེར་ཆེན་པོ་མངོན་དུ་གྱུར་པ་ དང་འདྲ། ས་རྡོ་མཐའ་དག་བསལ་ན་གཏེར་ཆེན་པོ་ཐོབ་སྟེ། དབུལ་བ་བསལ་བ་དང་ འདྲ་བར་སངས་རྒྱས་ཐོབ་པ་ལ་རླུང་སེམས་མཐའ་དག་འགག་དགོས་པ་ལགས། དེའི་ དོན་བསྒྲུབ་པ་ལ་བརྩོན་པས་གཞུང་བསྲིང་དགོས་པ་ལགས་སོ། །གཞི་ཡི་མཐར་ཐུག་དྲི་ བཅས་དེ་བཞིན་ཉིད། །ཡིད་བཞིན་ནོར་བུ་འདམ་གྱིས་གཡོག་དང་འདྲ། །ལམ་གྱི་མཐར་ ཐུག་སྦྱོར་བ་ཡན་ལག་དྲུག །ནོར་བུའི་འདམ་དེ་སྦྱོང་བར་བྱེད་དང་འདྲ། །འབྲས་བུའི་ མཐར་ཐུག་བྲལ་འབྲས་དེ་བཞིན་ཉིད། །དྲི་མ་བྲལ་བའི་ནོར་བུ་ཐོབ་དང་འདྲ། །གཞི་ཡི་ 8-1-407 མཐར་ཐུག་དྲི་བཅས་ཆོས་སྐུ་ནི། །བུམ་པའི་ནང་ན་གནས་པའི་མར་མེ་འདྲ། །ལམ་གྱི་ མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ནི། །བུམ་པ་དེ་ཉིད་བཅག་པའི་ཐོ་བ་འདྲ། །འབྲས་བུའི་ མཐར་ཐུག་བྲལ་འབྲས་ཆོས་སྐུ་ནི། །བུམ་པ་བཅག་པས་མར་མེ་ཐོབ་དང་འདྲ། །གཞི་ཡི་ མཐར་ཐུག་དྲི་བཅས་སངས་རྒྱས་ནི། །ནམ་མཁའི་ཉི་ཟླ་སྤྲིན་གྱིས་གཡོགས་དང་ འདྲ། །ལམ་གྱི་མཐར་ཐུག་དུས་འཁོར་རྣལ་འབྱོར་ནི། །སྤྲིན་གྱི་ཚོགས་རྣམས་འཐོར་བའི་ རླུང་དང་འདྲ། །འབྲས་བུའི་མཐར་ཐུག་དྲི་བྲལ་སངས་རྒྱས་ནི། །སྤྲིན་སངས་གྱུར་པའི་ ཉི་ཟླ་གསལ་དང་འདྲ། །གཞི་ཡི་མཐར་ཐུག་དྲི་བཅས་དེ་བཞིན་ཉིད། །དྭངས་པའི་ཆུ་ དང་རྙོགས་པ་འདྲེས་པ་འདྲ། །ལམ་གྱི་མཐར་ཐུག་མཚན་མེད་རྫོགས་རིམ་ནི། །དྭངས་ སྙིགས་འབྱེད་པའི་ནོར་བུ་ཆུ་དྭངས་འདྲ། །འབྲས་བུའི་མཐར་ཐུག་དྲི་བྲལ་ཡེ་ཤེས་ ནི། །རྙོགས་མ་དྭངས་པའི་ཆུ་གཙང་ཐོབ་པ་འདྲ། །གཞི་འབྲས་ངོ་བོ་གཉིས་སུ་ཡོད་མ་ ཡིན། །གློ་བུར་དྲི་མས་བསྒྲིབས་དང་མ་བསྒྲིབས་ལ། །གཞི་འབྲས་ཐ་དད་ལྟ་བུར་བརྗོད་ པར་ཟད། །དོན་ལ་ངོ་བོ་གཉིས་སུ་ཡོད་མ་ཡིན། །སངས་རྒྱས་བསྒྲུབ་ཕྱིར་ལམ་ལ་འབད་ པ་ཡང༌། །ཆོས་སྐུ་བསྐྱེད་ཕྱིར་འབད་པ་མ་ཡིན་གྱིས། །ཆོས་སྐུ་མཐོང་ཐོབ་གེགས་སུ་གྱུར་ པ་ཡི། །སྒྲིབ་གཡོག་དྲི་མ་སེལ་ཕྱིར་འབད་པ་ཡིན། །འབྲས་བུ་དྲི་བྲལ་ཆོས་སྐུ་ཐོབ་ པའང༌། །ཆོས་སྐུ་སྔར་མེད་གསར་སྐྱེས་མ་ཡིན་གྱིས། །གདོད་ནས་ཡེ་བཞུགས་མངོན་དུ་ གྱུར་ཙམ་སྟེ། །མ་དག་ནམ་མཁའ་དག་པར་གྱུར་དང་མཚུངས། །ཇི་ལྟར་ནམ་མཁའ་ ཉིད་ལ་གནས་སྐབས་གསུམ། །སྤྲིན་ཚོགས་དཔག་མེད་འཁྲིགས་པའི་གནས་སྐབས་ དང༌། །སྤྲིན་ཚོགས་རླུང་གིས་འཐོར་བའི་གནས་སྐབས་དང༌། །གཏོར་ནས་དག་པར་ འགྱུར་བའི་གནས་སྐབས་སོ། །དེ་བཞིན་ཆོས་སྐུ་ལའང་གནས་སྐབས་གསུམ། །དྲི་མས་ བསྒྲིབས་པ་གཞི་ཡི་གནས་སྐབས་དང༌། །དྲི་མ་སེལ་བ་ལམ་གྱི་གནས་སྐབས་དང༌། །དྲི་ མ་བྲལ་བ་འབྲས་བུའི་གནས་སྐབས་སོ། །ཚུལ་འདི་དེང་སང་མཁས་པར་གྲགས་རྣམས་ དང༌། །བསྒོམ་བཟང་རྟོགས་པ་མཐོ་བར་འདོད་རྣམས་དང༌། །གྲུབ་ཐོབ་ཆེན་པོར་རློམ་ པ་ཕལ་ཆེར་གྱིས། །མ་ཚོར་བ་དེ་རིགས་ལྡན་དྲིན་གྱིས་རྙེད། །ཁྱེད་ཀྱང་གལ་ཏེ་རྒྱས་པར་ 8-1-408 ཤེས་འདོད་ན། །བསྟན་པའི་མཐར་ཐུག་ཐེག་པ་ཀུན་གྱི་རྩེ། །བདེ་གཤེགས་སྙིང་པོའི་ རྣལ་འབྱོར་བསྒོམས་བསྒོམས་ནས། །ཁྱད་འཕགས་ཆོས་ཆར་འབེབས་པའི་དུས་སུ་ ཉོན། །གཞི་ལམ་འབྲས་བུའི་རང་བཞིན་མཐའ་དང་བྲལ། །མཚན་མེད་སྤྲོས་མེད་རེ་ དོགས་མེད་པ་ཡི། །རྣལ་འབྱོར་རྩེ་གཅིག་ཉམས་སུ་བླང་བླང་ནས། །སྟོང་ཉིད་འབྲུག་སྒྲ་ སྒྲོགས་པའི་དུས་སུ་ཉོན། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །རྟོག་མེད་མ་ བཅོས་གནས་ལུགས་གཉུག་མ་ཡི། །ངང་ལ་མ་བཅོས་རྩེ་གཅིག་བཞག་བཞག་ ནས། །གསང་ཚིག་ཟབ་མོ་སྒྲོགས་པའི་དུས་སུ་ཉོན། །ལུས་གནད་ལྟ་སྟངས་རིག་པའི་ བཞག་ཐབས་རྣམས། །མ་འཁྲུལ་མ་གཡེང་བྱིང་རྒོད་སྐྱོན་སྤངས་ཏེ། །གསལ་སྟོང་འཛིན་ མེད་བསྒོམས་པར་བྱས་བྱས་ནས། །ཆོས་ཀྱི་རྔ་ཆེན་བརྡུང་བའི་དུས་སུ་ཉོན། །བསྒོམ་མེད་ གཡེངས་མེད་མཉམ་བཞག་ཟབ་མོ་ལས། །ལངས་པའི་དུས་སུ་རྗེས་ཐོབ་སྤྱོད་པ་ནི། །མ་ རྟོགས་འགྲོ་ལ་སྙིང་རྗེ་བསྐྱེད་བསྐྱེད་ནས། །ཆོས་ཀྱི་ཆར་ཆེན་འབེབས་པའི་དུས་སུ་ ཉོན། །ཡང་ཡང་མར་གྱུར་མཁའ་མཉམ་སེམས་ཅན་གྱི། །སྡུག་བསྔལ་བསལ་ཕྱིར་བྱམས་ དང་སྙིང་རྗེ་ཡིས། །སྨོན་ལམ་རླབས་ཆེན་ཡང་ཡང་བཏབ་བཏབ་ནས། །ཆོས་ཀྱི་དུང་ ཆེན་འབུད་པའི་དུས་སུ་ཉོན། །དགའ་སྡུག་མཐོ་དམའ་འཕྲོ་རྒོད་ལ་སོགས་པ། །གེགས་ དང་བར་ཆད་རྣམ་པ་ཅི་བྱུང་ཡང༌། །བླ་མ་དཀོན་མཆོག་ཡིད་བཞིན་ནོར་མཆོག་ ལ། །རྩེ་གཅིག་གདུངས་པས་གསོལ་བ་དྲག་ཏུ་ཐོབ། །ཡང་ན་གང་ཤར་སེམས་ཀྱི་རྩད་ རྗེས་གཅོད། །དགྲ་བོ་གར་སོང་དེད་ནས་གསོད་པ་ལྟར། །འགྱུ་བའི་རྩད་རྗེས་བཅད་ ནས་གཏན་མེད་དུ། །གྲོལ་བར་འགྱུར་བ་སེམས་ཀྱི་གནས་ལུགས་ཡིན། །དེ་ལྟར་རེ་ཞིག་ ནད་མེད་ཁམས་སྙོམས་ཀྱང༌། །རྩ་རྩེའི་ཟིལ་པའམ་རླུང་གསེབ་མར་མེ་ལྟར། །མི་རྟག་ འཆི་བ་ནམ་ཡོངས་མི་ཤེས་པས། །ཕྱི་ཤོལ་ལེ་ལོ་སྤོངས་ལ་བརྩོན་འགྲུས་བསྐྱེད། །འཁོར་ བར་འཁྱམས་ན་གཏན་དུ་སྡུག་བསྔལ་ཞིང༌། །དམ་པའི་ཆོས་དང་མཇལ་བ་རབ་དཀའ་ བས། །ད་ལན་རྟེན་འབྲེལ་འཛོམ་པའི་དུས་འདི་ལ། །གཏན་གྱི་འདུན་མ་སྒྲུབ་པར་ མཛོད་གཅིག་བུ། །ངན་འགྲོའི་གཡང་ས་བདེ་འགྲོའི་ཕན་ཡོན་དང༌། །འཁོར་བའི་ཉེས་ 8-1-409 དམིགས་ཐར་པའི་ཕན་ཡོན་དང༌། །འདུ་འཛིའི་ཉེས་དམིགས་དབེན་པའི་ཕན་ཡོན་ རྣམས། །ཡང་ཡང་བསམས་ནས་ལྕག་གིས་བསྐུལ་འཚལ་ལོ། །ཚུལ་ཁྲིམས་རྣམ་དག་དམ་ ཚིག་མ་ཉམས་པས། །ཆོས་མཆོག་བདུད་རྩི་ལྟ་བུ་འདི་འདྲ་ལ། །ཐོས་བསམ་སྒོམ་སྒྲུབ་ སྤེལ་མར་ཉམས་བླངས་ནས། །རིང་པོར་མི་ཐོགས་ཆོས་ཀྱི་རྒྱལ་པོར་འགྱུར། །མཉམ་ བཞག་དུས་སུ་ཡེ་ཤེས་ཚོགས་བསགས་ཤིང༌། །རྗེས་ཐོབ་དུས་སུ་བསོད་ནམས་ཚོགས་ བསགས་ན། །ཆོས་སྐུ་ཐོབ་ནས་རང་དོན་མཐར་ཕྱིན་ཅིང༌། །གཟུགས་སྐུ་ཐོབ་ནས་གཞན་ དོན་བྱེད་པར་འགྱུར། །ཡེ་ཤེས་ཚོགས་ཀྱིས་ཆོས་སྐུའི་དྲི་མ་འཁྲུད། །བསོད་ནམས་ཚོགས་ ཀྱིས་གཟུགས་སྐུ་ཕུན་ཚོགས་བསྐྱེད། །སྨོན་ལམ་སྟོབས་ཀྱིས་གཞན་དོན་འཕྲིན་ལས་ ནི། །རབ་འབྱམས་འབད་མེད་ལྷུན་གྱིས་གྲུབ་པར་འགྱུར། །སྣོད་མིན་ལ་ནི་གསང་བའི་ རྒྱས་གདབ་བོ། །ཞེས་པ་བཙུན་པ་དོལ་པོ་པས་ཤེས་རབ་བླ་མ་ལ་གདམས་ པའོ།། །།དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༢༠༤ དང་འཛམ་ཐང་ པར་མ་ཡིན།) 8-1-410 ༄༅། །རྣལ་འབྱོར་པ་དད་པ་སེང་གེ་ལ་གདམས་པ་བཞུགས་སོ། །ཟབ་ལམ་མ་ཐོབ་པས་མ་ལྟ་ཅིག ༄༅། །རྣལ་འབྱོར་པ་དད་པ་སེང་གེ་ལ་གདམས་པ་བཞུགས་སོ། །ཟབ་ལམ་མ་ཐོབ་པས་མ་ལྟ་ཅིག ༄༅། །ཨོཾ་ཨཿཧཱུཾ་ཧོཿཧཾ་ཀྵཿན་མོ་ན་མཿ སྐྱབས་དང་པོའི་སངས་རྒྱས་ཆོས་ཀྱི་རྗེ། །དོན་མ་རིག་མུན་སེལ་སྒྲོན་མེ་མཆོག །བུ་སྐལ་ལྡན་གྱི་སྙིང་ལ་རྟག་ཞུགས་ནས། །ཉམས་བདེ་སྟོང་གི་ཡེ་ཤེས་འབར་བར་མཛོད། །ཡུལ་མདོ་ཁམས་སུ་སྐྱེས་པའི་དད་པ་ཅན། །ངག་སེང་གེའི་ང་རོ་སྒྲོགས་པ་ཁྱེད། །ཕ་བླ་མའི་སྙིང་གཏམ་འདི་ལ་ཉོན། །དོན་ཟབ་མོ་རྡོ་རྗེའི་གླུ་འདི་ཉོན། །སེམས་རང་བཞིན་འོད་གསལ་ཆོས་ཀྱི་སྐུ། །ཐུགས་བདེ་གཤེགས་སྙིང་པོའི་ཚུལ་དུ་བཞུགས། །འདི་ཀུན་ལ་ཁྱབ་པར་བཞུགས་མོད་ཀྱང༌། །ཐབས་མན་ངག་མེད་ན་མཐོང་མི་འགྱུར། །བུ་ཁྱོད་ཀྱི་དད་གུས་བརྩོན་འགྲུས་ལ། །ཕ་རིགས་ལྡན་གྱི་བྱིན་རླབས་ཞུགས་ཙ་ན། །དཔལ་དུས་འཁོར་ནས་བཤད་པའི་ཉམས་མྱོང་རྣམས། །ད་ཁྱེད་ཀྱི་རྒྱུད་ལ་ཤར་ནས་གདའ། །དེ་ལེགས་སོ་ལེགས་སོ་ཨ་རེ་ལེགས། །དེ་ལེགས་པའི་རྒྱུ་མཚན་འདི་ལྟར་ཡིན། །ལུས་རྩ་ཡི་དྲྭ་བས་ཁྱབ་པ་འདི། །རྩ་མདུད་པ་གྲོལ་ན་བདེ་བ་འཆར། །རྩ་མདུད་པ་རང་སར་མ་གྲོལ་ན། །དུས་ཇི་ཙམ་བསྒོམས་ཀྱང་འབྲས་བུ་མེད། །རྩ་མདུད་པ་གྲོལ་བའི་ཐབས་ཀྱི་མཆོག །ལུས་འཕར་གཡོ་འཁྲུལ་འཁོར་སྣ་ཚོགས་འདི། །རང་བྱུང་དུ་བྱུང་ན་ངོ་མཚར་ཆེ། །རང་ཤར་དུ་ཤར་ན་ཨ་ལ་ལ། །དེ་མནན་པས་མི་གནོན་ཅི་དགར་ཐོང༌། །མི་ནོན་པས་མནན་ན་གེགས་སུ་འགྲོ། །དེ་བསྐྱིལ་བས་མི་འཁྱིལ་ཅི་དགར་ཐོང༌། ། མི་འཁྱིལ་བས་བསྐྱིལ་ན་བར་ཆད་འཇུག །དེ་བཀག་པས་མི་ཁེགས་ཅི་དགར་ཐོང༌། །མི་ཁེག་པས་བཀག་ན་ཁམས་འདུས་འཇུག །དེ་བསྒྲུབ་པས་མི་འགྲུབ་རང་སར་ཞོག །མི་འགྲུབ་པས་བསྒྲུབ་ན་ཨ་ཐང་ཆད། །རྩ་མདུད་པ་ཐམས་ཅད་གྲོལ་ཙ་ན། །ལུས་འཁྲུལ་འཁོར་ཉམས་མྱོང་ཀླུངས་སུ་ཕེབས། །དུས་དེ་ཙ་ན་ལུས་སེམས་བདེ་བས་གང༌། །སྔར་ནད་གཞི་ཡོད་པ་ 8-1-411 ཐམས་ཅད་བྱང༌། །རྩ་ཆད་པ་དང་འགྲམས་པ་ཐམས་ཅད་མཐུད། །རྩ་ཞར་པ་དང་སྐམ་པ་ཐམས་ཅད་སོས། །རྩ་འཆུས་པ་དང་འཁྲིལ་བ་ཐམས་ཅད་སྲོངས། ། ལུས་ཡང་རྩལ་བཀྲག་མདངས་ཕུན་སུམ་ཚོགས། །ནད་གདོན་གྱི་བར་ཆད་མི་ཚུགས་ཤིང༌། ། ལུས་སྤྲུལ་སྐུའི་རྟེན་འབྲེལ་འགྲིགས་པ་ཡིན། །ངག་སྨྲ་བརྗོད་རྣམ་པ་སྣ་ཚོགས་པ། །དེ་མ་བྱས་ཀྱང་རང་གི་ངང་གིས་འཆར། །ཉམས་འདི་ཡང་བཀག་པས་མི་ཁེགས་ཤིང༌། །མནན་པས་མི་ནོན་ཅི་དགར་ཐོང༌། །ཉམས་འདིས་ཀྱང་རྩ་རླུང་དག་པར་བྱེད། །ངག་རྩ་རླུང་གི་མདུད་པ་གྲོལ་ཙ་ན། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དག་པ་ཡིན། །ངག་ལོངས་སྐུའི་རྟེན་འབྲེལ་འགྲིག་པ་ཡིན། །ལར་ལུས་ངག་གི་རྣམ་འགྱུར་འདི་ལྟ་བུ། །མི་རྒྱུས་མེད་ཀྱིས་བལྟས་ན་སྨྱོ་བ་འདྲ། །རང་རིག་པ་མ་འཁྲུལ་སལ་ལེ་ཡོད། །ལུས་ངག་ལ་ན་ཟུག་ཉམ་ང་མེད། །འདི་ཡིན་པ་བླ་མའི་བྱིན་རླབས་ཡིན། །བླ་མ་སངས་རྒྱས་ཀྱི་བྱིན་རླབས་ཡིན། ། སངས་རྒྱས་རིགས་ལྡན་གྱི་བྱིན་རླབས་ཡིན། །བདེ་གཤེགས་སྙིང་པོའི་བྱིན་རླབས་ཡིན། ། མི་ལ་ལས་འདི་ལ་སྐྱོན་དུ་འཛིན། །བར་ཆད་དང་ཁམས་ལོག་ཡིན་ཞེས་ཟེར། །གེགས་སེལ་དང་བཅས་བཅོས་མང་པོ་བྱེད། །སྨན་དཔྱད་དང་རིམ་གྲོ་མང་པོ་བྱེད། །མི་མཁས་ཀྱང་མཁས་པ་སྐད་དུ་སྨྲ། །མི་ཤེས་ཀྱང་ཤེས་པ་ལྟ་བུར་བཅོས། །མི་ཕན་ཡང་ཕན་པ་སྐད་དུ་ལབ། །མི་རྒྱུས་མེད་ཀྱི་མགོ་བོ་དེ་ཀས་འཁོར། །དེ་ཡིན་པ་བདུད་ཀྱི་བར་ཆད་ཡིན། ། དངོས་གྲུབ་ལ་གེགས་སུ་བཟུང་བ་ཡིན། །བྱིན་རླབས་ལ་བདུད་དུ་བཟུང་བ་ཡིན། །ཡོན་ཏན་ལ་སྐྱོན་དུ་བལྟས་པ་ཡིན། །གྲོགས་ཁ་ནང་དུ་བྱུང་བ་ལྕེ་ཡིས་ཕུད། །དེ་ཤིན་ཏུ་འཕངས་ཏེ་བྱ་ཐབས་མེད། །གྲོགས་ངན་གྱིས་བསླུ་བ་སྙིང་རེ་རྗེ། །ཉམས་མེད་དང་འགྲོགས་པ་ཨ་རེ་སྡུག །དུས་ད་ལྟ་གསང་སྔགས་ཀྱི་གདམས་ངག་དང༌། །གེགས་སེལ་ལ་མཁས་རློམ་མང་ན་ཡང༌། །ཉམས་འདི་འདྲ་བྱུང་ན་རང་མཚངས་སྟོན། །མཁས་མི་མཁས་དེ་དུས་ཤེས་པ་ཡིན། །དཔའ་མི་དཔའ་གཡུལ་ངོར་སྤྲད་ན་མངོན། །ལར་དྲང་པོ་སྨྲས་ན་གཞན་མི་དགའ། །གཞན་གང་ཟེར་བྱས་ན་སློབ་མ་བསླུ། །དུས་ད་ལྟའི་སློབ་དཔོན་བྱ་བར་དཀའ། ། དེ་ཡིན་ཡང་ཁྱེད་ལ་དྲང་པོར་སྨྲ། །བྱང་ཤམ་བྷ་ལ་རིགས་ལྡན་བཞུགས་པའི་གནས། ། དཔལ་ཀ་ལཱ་པ་ཆོས་ཀྱི་ཕོ་བྲང་ན། །ཉམས་ 8-1-412 འདི་འདྲ་མཁྱེན་པ་མང་དུ་བཞུགས། །བོད་ཁ་བ་ཅན་གྱི་རྒྱལ་ཁམས་ན། །ཉམས་འདི་འདྲ་ཤེས་པ་ཁོ་བོ་ཙམ། །བུ་དེ་ཕྱིར་ཐེ་ཙོམ་མི་དགོས་ཀྱི། །མི་གཞན་ཟེར་གྱི་ངག་ལ་མ་ཉན་པར། །ཉམས་བྱུང་རྒྱལ་དུ་སྐྱོང་ཅིག་རྣལ་འབྱོར་པ། །ལུས་རྒྱ་ཡན་དུ་ཐོང་ཅིག་དད་པ་ཅན། །ངག་རྒྱ་ཡན་དུ་ཐོང་ཅིང་སེང་གེ་སྒྲ། ། སེམས་རྒྱ་ཡན་དུ་ཐོང་ཅིག་ལས་འཕྲོ་ཅན། །ཚུལ་དེ་ལྟར་ཁྱེད་ཀྱིས་བྱས་གྱུར་ན། །ཆོས་གསང་སྔགས་ཟབ་མོའི་རྒྱུད་སྡེ་ལས། །དོན་གང་བཤད་ཀྱི་འབྲས་བུ་ཐོབ་པར་འགྱུར། ། མི་ཉམས་མེད་ཀྱི་ཅི་འདྲ་སྨྲས་ཡང་བསླ། །ཆོས་ཟབ་མོ་ཁྱད་པར་འཕགས་པ་འདི། །མི་སྐལ་མེད་རྣམས་ལ་མ་སྟོན་པར། །བུ་རང་གིས་སྙིང་གི་དཀྱིལ་དུ་ཆོངས། །ཁོང་སྐལ་ལྡན་འགའ་ལ་ཕན་ཡང་རུང༌། །ཐམས་ཅད་ཀྱིས་སྒོམ་ཉམས་ངོ་ཤེས་པར་གྱུར་ཅིག །ཅེས་པ་བཙུན་པ་དོལ་པོ་པས་རྣལ་འབྱོར་པ་དད་པ་སེང་གེ་ལ་གདམས་པའོ།། །། མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༢༠༤ དང་འཛམ་ཐང་པར་མ་ཡིན།) 8-1-413 ༄༅། །ཉེ་གནས་སངས་རིན་ལ་གདམས་པ་བཞུགས་སོ། །༄༅། །ཕ་དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ། །རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། ། བུ་སྐལ་ལྡན་གྱི་སྤྱི་བོར་རྟག་བཞུགས་ནས། །དུས་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། ། བཀའ་མདོ་རྒྱུད་ཀྱི་སྙིང་པོ་བསྡུ་བསྡུ་བ། །རྗེ་མཁས་གྲུབ་རྒྱུད་པའི་གདམས་ངག་གིས། ། བུ་ལས་ཅན་བྱིན་གྱིས་བརླབས་གྱུར་ན། །ལྷ་བདེ་གཤེགས་སྙིང་པོའི་བྱིན་རླབས་འཇུག ། ཡིད་རླུང་སེམས་དབུ་མའི་ནང་དུ་ཚུད། །དྲོད་ལྟེ་བའི་གཏུམ་མོ་མེ་ལྟར་འབར། །མགོ་སྤྱི་གཙུག་ཚངས་པའི་བུ་ག་ནས། །ཧཾ་བྱང་སེམས་ཞུ་བ་བདུད་རྩིའི་རྒྱུན། །ལུས་རྩ་ཡི་དྲ་བ་ཀུན་ཏུ་འཇུག །དུས་དེ་ཙམ་ན་རྩ་མདུད་མང་པོ་གྲོལ། །སྔར་སྐམ་པ་དང་ཞར་བའི་རྩ་རྣམས་སོས། །རྩ་ཆད་པ་དང་འཆུས་པ་མཐུད་ཅིང་སྲོངས། །དེ་ཙམ་ན་རྩ་ཟུག་རླུང་ཟུག་གིས། ། ལུས་ཐམས་ཅད་ཚ་ཞིང་འབྲབ་པ་དང༌། །ནད་མེད་པའི་སྐྲངས་འབུར་ལ་སོགས་འོང༌། །དེ་མི་བཟོད་འཕར་ཞིང་སྤྲུག་པ་དང༌། །གཡོ་འགུལ་འཁྲུལ་འཁོར་སྣ་ཚོགས་བྱེད། །དེ་བཀག་པས་མི་ཁེགས་བྱེད་དུ་ཆུག །འདི་གཞན་གྱིས་བལྟས་ན་སྨྱོ་བ་འདྲ། །སེམས་ས་ལེ་སེང་ངེ་འཁྲུལ་བ་མེད། །དེ་བླ་མའི་བྱིན་རླབས་ཞུགས་པའི་རྟགས། །ལུས་ཉམས་ཀྱི་རྒྱལ་པོ་འཁྲུལ་འཁོར་གྱིས། །རྩ་མདུད་མཐའ་དག་གྲོལ་བར་བྱེད། །དེ་རྗེས་ལུས་སེམས་བདེ་བས་གང༌། ། ཡུལ་མཐོང་ཚད་ཐོས་ཚད་བདེ་བར་འཆར། །ཡིད་སྡུག་བསྔལ་མིང་ཡང་མེད་པ་འོང༌། ། དུས་དེ་ཙ་ན་བཙན་ས་ཟིན་པ་ཡིན། །དུས་ད་ལྟ་ཡམ་ཡོམ་སོ་མ་བསོད། །ཉམས་ཟང་ཟིང་བན་བུན་འར་འུར་པོ། །འདི་རྒྱུས་མེད་ཀྱིས་བལྟས་ན་སྐྱོན་དུ་མཐོང༌། །མི་ཉམས་མེད་ལ་དྲིས་ན་མགོ་བོ་བསྐོར། །འདི་ཡིན་པ་རིགས་ལྡན་གྱི་བྱིན་རླབས་ཡིན། །ཉམས་བདེ་སྟོང་རྒྱས་པའི་མྱུ་གུ་ཡིན། །མཆོག་ཐུན་མོང་འགྲུབ་པའི་སྔ་ལྟས་ཡིན། །ད་འདི་ལ་བཅས་བཅོས་མ་བྱེད་པར། །ཉམས་བྱུང་ 8-1-414 རྒྱལ་དུ་བསྐྱངས་ན་དེ་ཀས་ཆོག །དུས་རིང་པོར་འཁོར་བར་འཁྱམ་མི་དགོས། །ལར་འདི་འདྲ་འཆར་བའི་གང་ཟག་དཀོན། །ཁྱེད་སྔོན་གྱི་ལས་འཕྲོ་ཡོད་པར་ངེས། །ཉམས་འདི་འདྲ་རིན་གྱིས་ཉོས་ནའང་དཀོན། །བུ་ལེགས་སོ་ལེགས་སོ་ངོ་མཚར་ཆེ། །ང་འདི་འདྲ་ཁོ་ན་སྙིང་ལ་འདོད། །བུ་སློབ་མ་བརྒྱ་དང་སྟོང་ཡོད་ཀྱང༌། །ཉམས་འདི་འདྲ་སྐྱེས་པ་བཞི་བཅུ་ཙམ། །དུས་ད་ལྟ་རི་ཁྲོད་འདི་ན་ཡོད། །ཉམས་འདི་འདྲ་ཤར་བ་མང་བར་བདོག །ཉམས་ཤར་བ་མང་ཡང་ཤེས་པ་ཉུང༌། །ངོ་ཤེས་ན་དངོས་གྲུབ་ཕུགས་ནས་རྡོལ། །མ་ཤེས་ན་བར་ཆད་ཀྱི་དབང་དུ་འགྲོ། །དུས་ད་ལྟ་གངས་ཅན་ཁྲོད་འདི་ན། ། ཆོས་མཁས་པ་མང་དུ་བཞུགས་ལགས་ཀྱང༌། །ཉམས་འདི་འདྲ་ཤེས་པ་རེ་རེ་ཙམ། །ཤམ་བྷ་ལ་ཆོས་ཀྱི་ཕོ་བྲང་ན། །ཉམས་འདི་འདྲ་མཁྱེན་པ་མང་དུ་བཞུགས། །ཡུལ་གངས་ཅན་ཁྲོད་ན་ཁོ་བོ་ཙམ། །དེ་ཁ་པོ་མ་ལགས་དྲང་གཏམ་ཡིན། །ཕ་ཆོས་རྗེའི་སྙིང་གཏམ་སེམས་ལ་བབས། །དེ་ཁྱེད་ལ་སྙིང་གཏམ་སྨྲས་པ་ལགས། །མི་ལ་ལས་འདི་ལ་སྐྱོན་དུ་འཛིན། ། ཐབས་གེགས་སེལ་བཅས་བཅོམ་མང་པོ་བྱེད། །རྐྱེན་བཟློག་པའི་ཐབས་སུ་འདྲེ་འདུལ་དང༌། །ལྷ་མཆོད་དང་རིམ་གྲོ་བྱེད་པ་ཡོད། །མེ་བཙའ་དང་ནད་འདོན་ལ་སོགས་པ། །མི་མཁས་ཀྱང་མཁས་རློམ་རྣམས་ཀྱིས་བྱེད། །མི་ཤེས་ཀྱང་ཤེས་ཚུལ་སྣ་ཚོགས་སྟོན། །མི་ཕན་ཀྱང་ཕན་པ་སྐད་དུ་སྨྲ། །མི་རྒྱུས་མེད་ཀྱི་མགོ་བོ་དེ་ཀས་བསྐོར། །གྲོག་ཁ་ནང་དུ་བྱུང་ན་ལྕེ་ཡིས་ཕུད། །དེ་ཕངས་པ་ཕངས་ཏེ་བྱ་ས་མེད། །གྲོགས་ངན་གྱིས་བསླུས་པ་སྙིང་རེ་རྗེ། ། ཐག་པ་ལ་སྦྲུལ་འཛིན་སྙིང་རེ་རྗེ། །ལས་ངན་གྱིས་བསླུས་པ་སྙིང་རེ་རྗེ། །ཉམས་ཅན་གྱི་གྲོགས་མེད་ཨ་རེ་སྡུག །ད་འོ་སྐོལ་འདི་འདྲའི་དངོས་གྲུབ་ལ། །བུ་སྐྱོན་དུ་མ་ལྟ་དགའ་བ་བསྒོམས། །འདི་ད་རུང་རེ་ཞིག་ཡོང་བ་ཡིན། །དེ་བྱུང་ན་བྱུང་ཚད་ལེགས་པ་ཡིན། །འདི་མ་བསྐྱིལ་མ་འགོག་རང་དགར་ཐོང༌། །བུ་ཅི་ཡང་མི་ལྟོ་ང་རང་ཤེས། །ལུས་རྩ་མདུད་ཐམས་ཅད་གྲོལ་ཙ་ན། །སྒོམ་{རླུངས་{ཀློངས་}སུ་ཕེབས་པའི་བདེ་བ་འབྱུང༌། །ལར་དུས་དེར་མི་བཟོད་ངག་གི་ཉམས། །ངུ་དང་རྒོད་དང་ཅ་ཅོ་གྱི། །སྨྲ་བརྗོད་དཔག་ཏུ་མེད་པ་རྣམས། ། བསྐྱིལ་བས་མི་འཁྱིལ་རང་ཤུགས་འབྱུང༌། །དེ་བྱུང་ན་བྱུང་ 8-1-415 ཚད་ལེགས་པ་ཡིན། །ངག་རླུང་གི་མདུད་པ་གྲོལ་བར་བྱེད། །ངག་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རུ། །སྐད་གཞོམ་མེད་ཀུན་མཁྱེན་གསུང་དུ་འགྲུབ། །ལར་དེར་ཡང་མི་ཟད་སེམས་ཀྱི་ཉམས། །བྱིང་རྒོད་དང་མཐོ་དམན་སྣ་ཚོགས་འཆར། །ཇི་ཤར་ཡང་རླུང་གི་བྱེད་པ་ཡིན། །དེ་འགལ་མེད་དུ་བསྐྱངས་ན་རང་སར་གྲོལ། །སྤྱིར་ལུས་ཉམས་ཀྱིས་ལུས་ཀྱི་སྒྲིབ་པ་སྦྱོང༌། །ངག་ཉམས་ཀྱིས་ངག་གི་སྒྲིབ་པ་སྦྱོང༌། །སེམས་ཉམས་ཀྱིས་སེམས་ཀྱི་སྒྲིབ་པ་སྦྱོང༌། །བདེ་ཉམས་ཀྱིས་འཕོ་བའི་སྒྲིབ་པ་སྦྱོང༌། །ལུས་ཉམས་ཀྱིས་ལུས་ཀྱི་མདུད་པ་གྲོལ། །ངག་ཉམས་ཀྱིས་ངག་གི་མདུད་པ་གྲོལ། །སེམས་ཉམས་ཀྱིས་སེམས་ཀྱི་མདུད་པ་གྲོལ། །བདེ་ཉམས་ཀྱིས་ཆགས་པའི་མདུད་པ་གྲོལ། །ལུས་ཉམས་ཀྱིས་ལུས་ལ་བདེ་བ་འབར། །ངག་ཉམས་ཀྱིས་ངག་ལ་བདེ་བ་འབར། །སེམས་ཉམས་ཀྱིས་སེམས་ལ་བདེ་བ་འབར། །བདེ་ཉམས་ཀྱི་བདེ་ཆེན་འབར་ནས་མཆི། །ལུས་ཉམས་ཀྱི་རྒྱལ་པོ་འཁྲུལ་འཁོར་ཡིན། །ངག་ཉམས་ཀྱི་རྒྱལ་པོ་སྨྲ་བརྗོད་ཡིན། །སེམས་ཉམས་ཀྱི་རྒྱལ་པོ་མཐོ་དམན་ཡིན། །བདེ་ཉམས་ཀྱི་རྒྱལ་པོ་འཛག་མེད་ཡིན། །ལུས་ཉམས་ཀྱིས་སྤྲུལ་སྐུའི་ཞིང་མཆོག་འགྲུབ། །བདེ་ཆེན་གྱི་འཁོར་ལོ་དག་པར་བྱེད། །ངག་ཉམས་ཀྱི་ལོངས་སྐུའི་ཞིང་མཆོག་འགྲུབ། །མགྲིན་པའི་འཁོར་ལོ་དག་པར་བྱེད། །སེམས་ཉམས་ཀྱིས་ཆོས་སྐུའི་ཞིང་མཆོག་འགྲུབ། །སྙིང་ཁའི་འཁོར་ལོ་དག་པར་བྱེད། །བདེ་ཉམས་ཀྱིས་ལྷན་ཅིག་སྐྱེས་སྐུ་འགྲུབ། །ལྟེ་བའི་འཁོར་ལོ་དག་པར་བྱེད། །ལུས་འདི་ལ་རྩ་ཡི་གཙོ་བོ་དྲུག །རྩ་ཕལ་པ་བདུན་ཁྲི་གཉིས་སྟོང་ཡོད། །རྩ་འཁོར་ལོ་ཆེ་བ་བཅོ་བརྒྱད་ཡོད། །རྩ་འཁོར་ལོ་ཆུང་བ་དྲུག་ཅུ་ཡོད། །དེ་ཐམས་ཅད་བདེ་བས་ཁེངས་པ་ལ། །ཉམས་འདི་འདྲ་མེད་ཐབས་མེད་པ་ཡིན། །དེ་མཁྱེན་པར་མཛོད་ཅིག་རྣལ་འབྱོར་པ། །ཁྱེད་རིང་པོར་མི་ཐོགས་གྲོལ་བར་ངེས། །གླུ་འདི་ལ་ལྟོས་ལས་སེམས་ཐག་ཆོད། །དེས་ཀྱང་སྒྲོ་འདོགས་མ་ཆོད་ན། །མི་རྒན་གྱི་ཕུག་སྒོར་ལན་ཅིག་བྱོན། །ཐེ་ཙོམ་གྱི་དྲ་བ་བཅད་དེ་མཆིས། །ལར་འདི་ཡི་རྒྱུན་ལ་ལོ་གཅིག་ཙམ། །རྒྱུན་ཆགས་སུ་བསྒོམ་ན་བཙན་ས་ཟིན། །ཅེས་པ་འདི་དོལ་པོ་པོས་ཉེ་གནས་སངས་རིན་ལ་གདམས་པའོ།། །།མངྒ་ལཾ། བྷ་ཝན་ཏུ། 8-1-416 (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༢༠༤ དང༌། ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་གཉིས་དང༌། འཛམ་ཐང་པར་མ་ཡིན། དཔེ་རྙིང་གཉིས་ལ་མཇུག་ལྡེབ་མི་ཚང༌།) 8-1-417 ༄༅། །ཉེ་གནས་ནམ་མཁའ་བྱང་ཆུབ་ལ་ གདམས་པ་བཞུགས་སོ། ། 8-1-418 ༄༅། །ཉེ་གནས་ནམ་མཁའ་བྱང་ཆུབ་ལ་ གདམས་པ་བཞུགས་སོ། ། ༄༅། །ན་མོ་གུ་རུ། ཉེ་གནས་ནམ་མཁའ་བྱང་ཆུབ་ལ་བསྐུར་བ། བསྒོམ་སྐྱེས་ཚུལ་དེ་འདྲ་ བཟང་པོ་ཡིན་ཏེ། དེ་ངོ་ཤེས་མཁན་ཡང་དཀོན། རྗེས་སྐྱོང་མཁན་ཡང་དཀོན། གཉེར་ ཡོང་བ་ཡང་དཀོན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ལན་ཅིག་ཕྲད་འདའ་བ་ འདི་མ་ཤོར་བ་གལ་ཆེ། ལུས་ཉམས་ངག་ཉམས་འུར་འགྲོ་ན་ལེགས་པ་ཡིན་ཏེ། གེགས་ སུ་འཛིན་ན་འཛིན་མཁན་འཁྲུལ། ལུས་ཉམས་ངག་ཉམས་འུར་བ་ལས་ལྷག་པའི་སྒོམས་ ཅིག་འདོད་ན། འདོད་མཁན་འཁྲུལ། རིག་པ་ནམ་ཟིན་དུས་སུ་འུར་འགྲོ་བ་དེ་སྒོམ་ ལེགས་པའི་རྟགས་ཡིན་ཏེ། གེགས་དང་བར་ཆད་དུ་འཛིན་ན་འཛིན་མཁན་འཁྲུལ། ལུས་ལ་སྐུ་ཡི་བྱིན་རླབས་ཞུགས་པ་དང༌། ངག་ལ་གསུང་གི་བྱིན་རླབས་ཞུགས་པ་དང༌། སེམས་ལ་ཐུགས་ཀྱི་བྱིན་རླབས་ཞུགས་པ་ལ་སྐྱོན་དུ་ལྟ་བ་ན་ལྟ་མཁན་འཁྲུལ། རྣམ་པ་ སྣ་ཚོགས་པའི་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཉམས་སྣང་སྣ་ཚོགས་དང༌། ངོ་ མཚར་གྱི་ལྟད་མོ་སྣ་ཚོགས་འཆར་བ་དེ་ཡེ་ཤེས་རང་སྣང་ཡིན། ཆོས་ཉིད་རང་གསལ་ ཡིན། སྐྱེ་མེད་འགག་མེད་ཡིན། མཐའ་མེད་དབུས་མེད་ཡིན། མཚན་མེད་སྤྲོས་མེད་ཡིན། རང་བཞིན་མེད་པ་ཡིན། དངོས་པོ་སྟོང་པ་ཡིན། དེས་ན་དེ་དག་ལ་དགའ་མི་དགའ་ གང་དུ་ཡང་མི་འཛིན་པར་གལ་མེད་བྱུང་རྒྱལ་དུ་སྐྱོང་ནུས་ན། མདུན་མ་ལྷུན་གྲུབ་ ཅིག་མཆི། འཆིང་བ་རང་ཡལ་ཅིག་མཆི། སྡུག་བསྔལ་རང་ཡལ་ཅིག་མཆི། རླུང་སེམས་ རང་འགག་ཅིག་མཆི། ཡེ་ཤེས་རྒྱུན་ཆགས་ཅིག་མཆི། བདེ་ཆེན་རང་འབར་ཅིག་མཆི། བདག་འཛིན་རང་ཡལ་ཅིག་མཆི། ངོ་སྤྲོད་རང་རྡོལ་ཅིག་མཆི། མངོན་ཤེས་རང་ཐལ་ ཅིག་མཆི། གཏེར་ཆེན་རང་རྡོལ་ཅིག་མཆི་བས། སྤང་བླང་རེ་དོགས་དགག་བསྒྲུབས་ མེད་པའི་ངང་ལས་རྒྱུན་བསྲིང་མཛོད། རྒྱག་ཟད་ན་ནང་ནས་བླང་བས་མཆི། ལར་ཁྱེད་ 8-1-419 ཀྱི་ཚེ་འདི་དང་འཇིག་རྟེན་འདི་ལྟས་ཀྱི་འཁྲུལ་བ་བཙན་ཐབས་སུ་བཅད་ནས་འཁོར་ ཡུག་ཏུ་བསྒོམས་ན་གྲུབ་ཐོབ་འོང་བར་གདའ། ཐ་ནའང་ལོ་སྒྲུབ་རེ་ཙམ་མ་བགྱིས་ན་ བར་ཆད་ཆེན་པོ་འོང་དོགས་གདའ་བས་ཐུགས་ཀྱི་དགོངས། ཞིབ་པར་མཚམས་གྲོལ་ དུས་གླེང་བ་ལགས། ཞེས་པ་བཙུན་པ་དོལ་པོ་པས་ཉེ་གནས་ནམ་མཁའ་བྱང་ཆུབ་ལ་གདམས་པ། ཤིང་མོ་ ཕག་གི་ལོ་གྲོ་ཞུན་གྱི་ཟླ་བའི་ཚེས་ཉི་ཤུའི་དྲོ་བར་གྱི་དུས་སོ། །སྣོད་མིན་ལ་གསང་བ་ གལ་ཆེའོ། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-420 ༄༅། །ཟབ་ལམ་བསྒོམ་པའི་བུ་སློབ་རྣམས་ལ་ གདམས་པ་བཞུགས་སོ། ། 8-1-421 ༄༅། །ཟབ་ལམ་བསྒོམ་པའི་བུ་སློབ་རྣམས་ལ་ གདམས་པ་བཞུགས་སོ། ། ༄༅། །ཨེ་མ་ཧོ། ཕ་བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས། །སྤྲང་པོ་བདག་གི་གོ་ལུགས་འདི་ འདྲ་ལགས། །ཡུལ་ཁམས་གསུམ་སྡུག་བསྔལ་འཁྲུལ་སྣང་འདི། །དོན་གཤིས་ལ་མེད་ཀྱང་ བདེན་བདེན་འདྲ། །ལས་རླུང་ཆེན་འཁོར་ལོ་མ་ཡལ་ན། །འདི་སྣང་བ་འཁོར་བའི་རང་ བཞིན་ཡིན། །ཡིད་གཟུང་འཛིན་འཁྲུལ་སྣང་ཡལ་ཙམ་ན། །དོན་བདེ་ཆེན་འོད་གསལ་ ཕྱག་རྒྱ་ཆེ། །དེ་པྲ་ཕབ་བརྒྱད་ཀྱི་ཚུལ་དུ་འཆར། །འདི་ཞི་བ་མྱང་འདས་རང་བཞིན་ ཡིན། །ཡིད་ཏིང་ངེ་འཛིན་ལ་བཞག་པ་ན། །སྒྲ་ཅིར་ཡང་གྲགས་པ་གཞོམ་དུ་མེད། །དེ་སྨྲ་ བརྗོད་ཡུལ་ལས་འདས་པ་ཡིན། །གཟུགས་ཅི་ཡང་མཐོང་བ་ཆོས་ཀྱི་དབྱིངས། །དེ་རྣམ་ ཀུན་མཆོག་ལྡན་བསམ་གཏན་ལས། །འཕར་གཡོ་ལ་སོགས་ལུས་ཉམས་ཡིན། །དེ་རྩ་ མདུད་གྲོལ་བའི་སྔ་ལྟས་སོ། །སྐད་འགྲོ་བ་དུ་མའི་ངག་དང་ནི། །ཕཊ་དང་ཧཱུཾ་དང་ཧ་ ཧའི་གད་མོའང་སྒྲོགས། །དེ་ངག་ཉམས་ངག་གི་སྒྲིབ་པ་དག །གཉིད་དབྱིངས་དང་བསྲེ་ བ་རྨི་ལམ་ཉམས། །དེ་རྨི་ཉམས་རྨི་ལམ་འཁྲུལ་སྣང་དག །ཁམས་འཛག་པ་མེད་པ་བདེ་ ཉམས་ཡིན། །དེ་རང་བཞིན་འགྱུར་མེད་བདེ་བ་ཐོབ། །སེམས་བདེ་སྡུག་མཐོ་དམན་འཕྲོ་ རྒོད་འཆར། །སེམས་ལྷོད་ཀྱི་གློད་ལ་དྲན་པས་བཟུང༌། །ལྷ་དཀོན་མཆོག་གསུམ་ལ་ གསོལ་བ་འདེབས། །འདི་སེམས་ཀྱི་ཉམས་ཞེས་བྱ་བ་ཡིན། །མི་གཡེང་བ་ཅན་ལ་འདི་མི་ སྐྱེ། །ཚོགས་བསགས་པའི་མི་ལ་ཉམས་འདི་སྐྱེ། །ཡེ་རྩོལ་བ་མེད་ཀྱང་འཁྲུངས་པར་ གསུངས། །འགལ་བ་མེད་པའི་ངང་དུ་བསྐྱང་ན་ནི། །གནས་རྒ་ཤི་མེད་པའི་དབྱིངས་ མཆོག་ཐོབ། །ལུས་འཕར་གཡོ་ངག་གི་སྨྲ་བརྗོད་ལ། །དེ་རྩ་ལོག་རླུང་གིས་བརྒྱངས་ པའམ། །གདོན་འབྱུང་པོའི་ཟིན་པ་ཞེས་པའམ། ཆོས་པ་བསྒོམ་སྨྱོན་བྱུང་བ་ཡིན་ནོ་ ཞེས། །ཚོགས་མ་བསགས་པ་རྣམས་འཕྱ་བར་བྱེད། །དེ་སྐད་སྨྲ་བ་སྙིང་རེ་རྗེ། །ལར་བྱང་ 8-1-422 ཆུབ་བསྒྲུབ་པ་ཕར་ལ་ཞོག །དེ་འགྲུབ་པར་འདོད་ན་བསམ་གཏན་གྱི། །ཉམས་འདི་ རྣམས་མེད་ཐབས་ག་ལ་ཡོད། །ཉམས་འདི་ལ་དགའ་སྤྲོ་བསྒོམ་པར་བྱ། །ལར་འདི་ལ་ རློམ་སེམས་འབྱུང་སྲིད་ན། །བདུད་དེ་ལས་ཆེ་བ་གང་ན་མེད། །ཕ་བླ་མའི་ཐུགས་ཀྱིས་མ་ ཁྲེལ་ཞིང༌། །བུ་རང་གི་སེམས་ལ་འགྱོད་མེད་ན། །མི་གཞན་གྱིས་འཕྱ་བ་འཇིགས་རྒྱུ་ མེད། །རང་དབེན་པའི་གནས་སུ་ཉམས་མཆོག་སྐྱོང༌། །བདག་ཆོས་རྒྱུས་ཆེ་བ་མ་ཡིན་ ཏེ། །ཕ་ཆོས་རྗེའི་སྙིང་གཏམ་སེམས་ལ་བབས། །བཀའ་མདོ་རྒྱུད་རྣམས་དང་འདི་མཐུན་ པས། །བདག་སྙིང་གི་དཀྱིལ་ན་དག་སྣང་སྐྱེས། །ད་འདི་ལ་སོགས་པར་འཛིན་རེ་ ཞིག །འདི་བྲིས་པའི་དགེ་བས་འགྲོ་བ་རྣམས། །ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བར་ བསྔོ། །ལར་འདི་ལ་འགལ་བའི་ཚོགས་མཆིས་ན། །དོན་ཆོས་ཉིད་གཟིགས་པས་བཟོད་ པར་མཛོད། །རྫོགས་ལྡན་གྱི་ཆོས་མཆོག་དར་གྱུར་ཅིག །ཀུན་མཁྱེན་ཆེན་པོའི་ཞལ་སྔ་ ནས་ཟབ་ལམ་བསྒོམ་པའི་བུ་སློབ་རྣམས་ལ་གསུངས་པ་དགེ་ལེགས་སུ་གྱུར་ཅིག ། མངྒ་ ལཾ། བྷ་ཝན་ཏུ། ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-423 ༄༅། །སྟོན་པ་གྲུབ་བཟང་ལ་གདམས་པ་ བཞུགས་སོ། ། 8-1-424 ༄༅། །སྟོན་པ་གྲུབ་བཟང་ལ་གདམས་པ་ བཞུགས་སོ། ། ༄༅། །ན་མོཿ གུ་རུ་ཤྲཱི་ཀཱ་ལ་ཙཀྲ་ཡཿ ཡེ་ཤེས་ཀྱིས་ནི་བདེན་པ་ཤ་སྟག་དང༌། །བརྩེ་བ་ ཡིས་ཀྱང་ལེགས་པ་འབའ་ཞིག་སྟོན། །གང་ཞིག་ཐེ་ཙོམ་དྲྭ་བ་ཀུན་གཅོད་ཅིང༌། །འདྲི་ ཀུན་ལན་ལྡོན་དེ་ལ་ཕྱག་འཚལ་ནས། །གང་གིས་ལྷ་བསམ་རྣམ་པར་དག་པ་ ཡིས། །ལེགས་པར་བྲིས་པའི་ཚིག་གི་དོན་འདི་དག །ངེས་པའི་དོན་གྱི་གསུང་རབ་དཔང་ བྱས་ནས། །ཆོས་དང་མཐུན་པའི་ལན་གྱིས་རྒྱས་པར་བྱ། །ཆོས་ཀུན་སྐྱེ་བ་མེད་ཅིང་ འགག་མེད་ཅེས། །མཐུན་པར་གསུང་གང་འདི་ཡིས་ལེགས་དཔྱད་ན། །དངོས་ཀུན་ གདོད་ནས་རྣམ་དག་སྟོང་པ་ཉིད། །གཉིས་མེད་མཐའ་བྲལ་རང་རང་ངོ་བོས་སྟོང༌། །དེ་ ལ་བདེན་མེད་སྐྱེ་བ་མེད་ཅེས་བྱ། །སྐྱེ་མེད་ཉིད་ཕྱིར་སྣང་བ་འགག་པ་མེད། །སྣང་བ་དེ་ ཡང་གང་ཟག་དབང་གིས་གསུམ། །མཉམ་པར་མ་བཞག་སྐྱེ་བོ་ཕལ་པ་ལ། །སེམས་ཀྱི་སྒྲོ་ བཏགས་ལས་སྣང་འཁྲུལ་བར་འཆར། །ནང་དུ་ཡང་དག་འཇོག་ལ་བརྩོན་པ་ཡི། །རྣལ་ འབྱོར་པ་ལ་ཉམས་མྱོང་སྣང་བ་སྟེ། །སེམས་ཀྱི་རང་བཞིན་འོད་གསལ་ཕྱོགས་ཙམ་ མོ། །ཀུན་རྟོག་བག་ཆགས་མ་ལུས་སྤངས་པ་ཡི། །སངས་རྒྱས་ལ་ནི་དག་པའི་སྣང་བ་ ཡི། །གྲུབ་པ་གཞན་ཡང་དེ་དང་ཅུང་ཟད་མཐུན། །ལྟ་བའི་ཚང་ཚིང་ཀུན་དང་བྲལ་བ་ ལ། །ཡང་དག་ལྟ་བ་ཞེས་པར་ཐ་སྙད་མཛད། །ཡོད་མེད་ཅིར་ཡང་མི་རྟོག་མཉམ་ཉིད་ ལས། །མ་ཡེངས་རྩེ་གཅིག་སྒོམ་པ་ཞེས་སུ་བརྗོད། །དེ་ཚེ་སེམས་ཀྱི་རང་བཞིན་འོད་ གསལ་ལ། །ལྟ་བ་དང་ནི་སྒོམ་པ་ཐུན་མོང་མིན། །སྤྱོད་པ་རྣལ་འབྱོར་པ་ཡི་བློ་ཁྱད་ ཀྱིས། །གོང་ནས་གོང་དུ་ཁྱད་ཞུགས་སྤྱོད་པར་གསུངས། །དང་པོའི་ལས་ཅན་དམ་ཚིག་ སྡོམ་པ་དང༌། །བྱམས་བརྩེ་བྱང་ཆུབ་སེམས་ལ་བློ་སྦྱང་ཞིང༌། །འདུས་བྱས་དགེ་བའང་ ཡལ་བར་མི་འདོར་པས། །ཆོས་སྤྱོད་སྨོན་ལམ་རྒྱ་མཚོ་རྫོགས་བྱེད་ཅིང༌། །ཇི་ལྟར་འཇིག་ 8-1-425 རྟེན་མ་དང་མི་འགྱུར་བས། །ཡུལ་དང་རིགས་ཀྱི་ཐ་སྙད་སྤྱོད་པར་གསུངས། །རྣལ་ འབྱོར་གོམས་པ་རྣལ་འབྱོར་འབའ་ཞིག་ལ། །ནན་ཏན་སྙིང་པོ་བྱ་བ་སྤྱོད་པའི་ མཆོག །གྲུབ་པ་ཐོབ་ཚེ་ཐ་སྙད་ཀུན་ལས་གྲོལ། །བཟའ་དང་བཟའ་བར་བྱ་བ་མ་ཡིན་ ལ། །བགྲོད་དང་བགྲོད་པར་བྱ་བ་མ་ཡིན་པ། །ཐམས་ཅད་མཉམ་ཉིད་གང་ལའང་ ཐོགས་པ་མེད། །ཉམ་ང་མེད་ཅིང་རྩིས་གདབ་མེད་པར་སྤྱོད། །གདོད་ནས་རྣམ་དག་ ཆོས་སྐུ་འདུས་མ་བྱས། །དེ་བཞིན་ཉིད་ལ་ཅིར་ཡང་སྒྲུབ་ཏུ་མེད། །སྟོང་ཉིད་འོད་གསལ་ རྒྱུ་རྐྱཻན་བྲལ་བ་ལ། །ལམ་གྱི་རྩོལ་བས་ཅི་ཡང་བསྒྱུར་དུ་མེད། །དེ་ལྟར་ན་ཡང་གློ་བུར་དྲི་ མ་དང༌། །བྲལ་བ་ཙམ་ལས་འབྲས་བུ་ཞེས་སུ་བརྗོད། །དྲི་མ་བྲལ་ཚེ་རྣམ་ཤེས་ཆོས་ཉིད་ འདས། །གཟུང་འཛིན་ཀུན་རྟོག་མ་ལུས་དབྱིངས་སུ་ཡལ། །རེ་དོགས་སྤང་བླང་དགག་ སྒྲུབ་ཀུན་ལས་གྲོལ། །རྩ་རླུང་ཐིག་ལེའི་འཇུག་པ་མཐའ་དག་ཞིག །ཉེས་མེད་རྩ་བ་འཕོ་ བའི་བག་ཆགས་སྤངས། །ཇི་བཞིན་ཇི་སྙེད་ཆོས་ཀྱི་སྣང་བ་རྒྱས། །བདེ་སྟོང་ཡེ་ཤེས་ གཉིས་མེད་སྣང་བ་རྒྱས། །གཉིས་སྣང་མ་ལུས་དབྱིངས་སུ་ནུབ་པ་ལ། །འབྲས་བུ་ཞེས་ བརྗོད་དོན་ལ་གྲུབ་པ་མེད། །དེ་ལྟར་བརྗོད་པའི་ལྟ་སྒོམ་སྤྱོད་འབྲས་འདི། །ངེས་པའི་ དོན་གྱི་གསུང་རབ་ཐམས་ཅད་དང༌། །གྲུབ་པ་རྣམས་ཀྱི་གསུང་ཡིན་དུས་འཁོར་ ལས། །ལྟ་སྒོམ་སྤྱོད་འབྲས་ལོགས་པ་ཅི་ཡང་མེད། །སེམས་ཡོད་རྣམས་ལ་སེམས་ཀྱི་རང་ བཞིན་ཡོད། །རང་བཞིན་འོད་གསལ་གདོད་ནས་གནས་པ་ལ། །ལྷན་ཅིག་སྐྱེས་པའི་ཡེ་ ཤེས་ཞེས་པར་བརྗོད། །དེ་ཉིད་གདོད་ནས་དྲི་མས་གཡོགས་པ་ལ། །ལྷན་ཅིག་སྐྱེས་པའི་ མ་རིག་པ་ཞེས་བརྗོད། །གློ་བུར་ཉིད་ཕྱིར་འདི་ནི་སྤང་དུ་རུང༌། །རང་བཞིན་ཉིད་ཕྱིར་ ཆོས་ཉིད་འབྲལ་མི་རུང༌། །དེ་ཡི་ཕྱིར་ན་སེམས་ཅན་སངས་རྒྱས་སུ། །འགྱུར་བ་ཡོད་ཀྱང་ སངས་རྒྱས་སེམས་ཅན་དུ། །སླར་མི་ལྡོག་པ་དངོས་པོའི་ཆོས་ཉིད་ལགས། །སེམས་ཅན་ སངས་རྒྱས་འཁོར་བ་མྱ་ངན་འདས། །རང་བཞིན་དེ་བཞིན་ཉིད་ལ་ཁྱད་པར་མེད། །གློ་ བུར་དྲི་མ་བྲལ་དང་མ་བྲལ་བའི། །དེ་བཞིན་ཉིད་ལ་སངས་རྒྱས་སེམས་ཅན་དང༌། །མྱ་ ངན་འདས་དང་འཁོར་བ་པ་ཞེས་བརྗོད། །དམ་པའི་དོན་དུ་འཁོར་འདས་གང་ཡང་ 8-1-426 མེད། །ཀུན་རྫོབ་སྣང་ངོར་བརྗོད་པ་དེ་ལྟར་ལགས། །བྱས་ཆོས་ཁོ་ནས་སངས་རྒྱས་མི་ ཐོབ་ཀྱང༌། །ལམ་གྱི་གྲོགས་དང་སྟེགས་སུ་འགྱུར་བ་ལགས། །སྐྱེ་མེད་རྟོགས་པ་དམ་ཚིག་ རྣམས་ཀྱི་མཆོག ། བསྲུང་མེད་བསྲུང་བ་ཆེན་པོར་རྒྱལ་བས་གསུངས། །ཉོན་མོངས་ཡེ་ ཤེས་ཅིར་ཡང་མི་རྟོག་པ། །དེ་ཉིད་དབྱེར་མེད་ཉམས་སུ་ལེན་པའི་མཆོག །གཅིག་ཆར་ བ་ལ་ས་ལམ་རིམ་པ་མེད། །སེམས་ཀྱི་རང་བཞིན་འོད་གསལ་ཕྱག་རྒྱ་ཆེ། །ཡོད་མིན་མེད་ མིན་བདེན་མིན་བརྫུན་པའང་མིན། །གཞོན་ནུ་མ་ལ་པྲ་ནི་ཕབ་པ་བཞིན། །མ་བསམ་པ་ ཡི་སྣང་བ་ཆོས་ཀྱི་དབྱིངས། །མི་འགྱུར་བདེ་བ་ཆེན་པོས་འཁྱུད་པ་ལ། །ཕྱག་རྒྱ་ཆེ་ཞེས་ ངེས་པའི་དོན་དུ་གསུངས། །ཐེག་ཆེན་མདོ་དང་སྔགས་ལ་ཁྱད་པར་མེད། །འོན་ཀྱང་ ཐབས་ཀྱིས་གསང་སྔགས་ཁྱད་པར་འཕགས། །རྒྱུ་དང་འབྲས་བུའི་ཐེག་ཆེན་ཞེས་བརྗོད་ པ། །དེ་ཡང་སྟོང་པ་ཉིད་དང་བདེ་བ་ཆེ། །གཙོ་བོར་གང་སྟོན་དེ་ལ་དེ་སྐད་བརྗོད། །རྣམ་ པར་མི་རྟོག་ཏིང་འཛིན་རྒྱལ་པོ་ལ། །མངོན་རྟོགས་བརྒྱད་ཚད་གཉེན་པོ་མཐའ་དག་ འདུས། །སངས་རྒྱས་བསྟན་པ་ལུང་དང་རྟོགས་པའི་བདག །ལུང་གི་ཆོས་ལ་སྡེ་སྣོད་རྣམ་ པ་གསུམ། །ཐེག་པ་གསུམ་མམ་ཡང་ན་ཐེག་པ་དགུ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ ལགས། །རྟོགས་པའི་ཆོས་ནི་འགོག་ལམ་གཉིས་ཀྱིས་བསྡུས། །གཉེན་པོའི་ཆོས་ཀྱིས་སྤང་ བྱ་འགག་པ་གང༌། །དེ་ལ་མཁས་རྣམས་འགོག་པའི་བདེན་པར་བརྗོད། །ལམ་གྱི་བདེན་ པ་ལམ་ལྔའི་རང་བཞིན་ཏེ། །ཕ་རོལ་ཕྱིན་དྲུག་བསླབ་པ་རྣམས་ལ་གསུམ། །ཞི་གནས་ ལྷག་མཐོང་སྟོང་ཉིད་སྙིང་རྗེ་དང༌། །རིམ་པ་གཉིས་དང་ཚོགས་གཉིས་དག་གིས་ བསྡུས། །དེ་ལྟ་བས་ན་འོ་སྐོལ་ལམ་པ་ཡི། །བྱང་ཆུབ་སེམས་ཀྱི་རྩ་བ་བརྟན་བྱ་ ཞིང༌། །འདོད་ཡོན་རྣམ་གཡེང་འདུ་འཛི་རབ་སྤངས་ན། །བས་མཐའ་དག་ཏུ་དབེན་ པའི་གནས་བཅས་ཏེ། །ཞི་གནས་ལྷག་མཐོང་ཟུང་དུ་ཆུད་པ་ཅན། །ནང་དུ་ཡང་དག་ འཇོག་ལ་བརྩོན་པར་བྱ། །ཐུན་མཚམས་སུ་ཡང་བྱམས་དང་སྙིང་རྗེ་དང༌། །བྱང་ཆུབ་ སེམས་གཉིས་བསྒོམ་པ་ལྷུར་བྱེད་ཅིང༌། །བདག་གཞན་མཉམ་རྗེས་གཞན་ལ་གང་ཕན་ བྱ། །སྣང་བ་བདེན་མེད་སྒྱུ་མའི་བློ་སྦྱང་ཞིང༌། །བདག་མེད་སེམས་ཅན་མེད་བཞིན་སྣང་ 8-1-427 བ་ཡི། །འགྲོ་བ་འཁྲུལ་བ་འཁོར་བའི་ཉེས་དམིགས་དང༌། །དལ་འབྱོར་རྙེད་དཀའ་ཆོས་ དང་ཕྲད་པའང་དཀའ། །ཕྲད་ཀྱང་ཡུན་དུ་གནས་དཀའ་ཚེ་ཡིས་གཏུགས། །ཚེ་ལ་ལོང་ མེད་ནམ་འཆི་ངེས་པ་མེད། །དུས་ཀྱང་མི་སྡོད་རང་རང་ངང་གིས་འདས། །དེ་ལྟར་ བསམས་ནས་ཆོས་ལ་ཡང་ཡང་བསྐུལ། ། མདོར་ན་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་ཕྱིར། སྤྲོས་པ་མེད་པའི་ངང་ལ་བཞག་ པར་མཛོད། དེ་ལྟར་བཞག་པའི་ཚེ་སྣང་བ་གང་ཤར་ཡང༌། ཆོས་ཉིད་ཉམས་སུ་མྱོང་ བའི་སྣང་བ་ལས་མ་འདས་ཤིང༌། དེ་ལ་བདེན་པ་གང་ཡང་མེད་པས་དགའ་མི་དགའ་ ཅིར་ཡང་མི་བཟུང་གི །དེ་ཉིད་ཀྱི་ངང་ལ་མ་གཡོས་པར་སླར་དེ་ཉིད་ལ་གཏད་དེ་དེ་ལྟ་ བ་ཉིད་ཐབས་ཀྱི་མཆོག་ལགས། ཅི་སྟེ་རིག་པ་འཕྲོ་བའམ། རྒོད་ན་དེའི་འཕྲོ་གཅོད་ཅིང་ རྒྱུན་མི་མཐུན་པར་ངང་ལ་བཞག །དེས་ཀྱང་མི་ཕན་ན་དེ་ཉིད་ཀྱི་རྩར་བཅད་ཅིང་ མཚམས་མ་ཤོར་བར་གང་སྐྱེས་གང་ཤར་གྱི་ངོ་བོ་ལ་ལྟོས་མཛོད། དེ་བཞིན་དུ་རེས་ འགའ་དོན་མེད་པར་དགའ་དྲགས་པའམ། ཡི་མུག་པའམ་འགྲོ་སྙིང་འདོད་པ་ཁམས་ ཚབ་ཚུབ་ལ་སོགས་པ་མཐོ་དམན་ཅི་བྱུང་ཡང་དེ་ཉིད་ཀྱི་ངོ་བོ་ལ་བལྟ་ཞིང་རྩད་བཅད་ པར་བྱ། ཕུགས་ཐུག་ཐུག་རིག་པ་རྐྱང་འདེད་བྱ། བླ་མ་དཀོན་མཆོག་ལ་གསོལ་བ་ འདེབས་པ་རྩེ་གཅིག་ཏུ་བྱ། དྲན་པས་བཟུང་ནས་བློ་གསལ་བར་བྱ། མཚམས་དམ་དུ་ བྱའོ། །མདོར་ན་ཚེ་འདི་བློས་དོར་ཞིང༌། ཕྱི་མ་འབའ་ཞིག་ལ་བསམ་ཞིང༌། དབེན་བར་ ཡུན་ཅི་རིགས་སུ་སྒྲུབ་པ་ཅི་འཕེལ་བྱ། མི་དང་མི་ཕྲད་མཐུན་འཇུག་མི་བྱ། ཕར་སྟེར་ ཚུར་སྟེར་དང་ཕར་ལབ་ཚུར་ལབ་མི་བྱ། སྣང་བ་འབྲང་མཁས་པས། འདོད་ཡོན་ལ་ཤོར་ གྱིས་དོགས་པའི་དྲན་འཛིན་ཡང་ཡང་བྱ་ཞིང་གཉེན་པོ་ཡང་ཡང་བསྟེན། གཞན་གྱིས་ ཟེར་ལོ་འདུག་ལོ་ལ་མི་ཉན། བསྟོད་པས་དགའ་བའམ་སྨད་པས་མི་དགའ་བ་སྐྱེ་བའམ། བློ་ལ་འབབ་མི་འབབ་ཅི་བྱུང་ཡང་དེ་ཉིད་ལ་བཟློག་བསྒོམ་བྱ། ཐོག་རྫིས་བྱ་གནོད་ལན་ དུ་ཕན་གདགས། དེ་ཉིད་ཆོས་སྟོན་པའི་བླ་མར་བརྟགས། བཟོད་པའི་བསྐུལ་མར་ བརྟགས། དེ་བཞིན་དུ་འཇིགས་སྣང་ངམ་ཡ་ང་བ་ཅི་བྱུང་ཡང་ལུས་སྲོག་ཐེད་ལ་བོར། 8-1-428 གལ་མེད་དུ་བསྒྱུར། ལྟོས་མེད་དུ་བྱིན་ནས་བྱམས་པ་བསྒོམ། ཆགས་ཞེན་བསྐྱུང༌། ཆོས་ བརྒྱད་སྤང༌། དམན་ཆ་བཟུང་ཞིང་རི་དྭགས་ལྟ་བུར་བྱ། སྔོན་གྱི་གྲུབ་ཐོབ་རྣམས་ཀྱི་ རྣམ་ཐར་བསམ། གཙོ་ཆེར་གང་དུ་ཡང་མི་རྟོག་པའི་ཏིང་ངེ་འཛིན་ལ་ཚིག་འདྲིལ་དུ་ བྱའོ། །ཁམས་ཀྱི་ཆུན་ན་ལུས་གནད་ལྟ་སྟངས་རིག་པའི་འཇོག་ཐབས་རྣམས་འཇུར་ བར་བྱའོ། །ཐུན་བསྲིང་མི་ཆུན་ན་ཁམས་གསོ་ཕྱིར་ཅུང་ཟད་གློད། ཐུན་ཆུང་ངུ་བྱས་དེ་ ཐམས་ཅད་གཞན་དོན་དུ་བསྔོའོ། །སྨོན་ལམ་མང་དུ་གདབ། དག་སྣང་མོས་གུས་སྦྱང༌། དེ་ལྟར་བྱས་ན་བློ་ཅི་བདེ་ལ་འགྲོ། ཉམས་ཅི་དགའ་ལ་འགྲོ། ཆོས་བྱེད་སྙིང་ཇེ་འདོད་ལ་ འགྲོ། ཚེ་འདི་དང་འདོད་ཡོན་གྱི་ཕྱོགས་སུ་ཕུལ་ཡང་མི་འགྲོ་བའི་བློ་ངང་གིས་འཆར། རྣམ་གཡེང་ལ་སྐྱོན་དུ་ངང་གིས་མཐོང༌། བདག་མི་བསྟོད་གཞན་མི་སྨོད། གཞན་སྐྱོན་མི་ རྟོགས་པར་རང་སྐྱོན་རྟོགས་ནས་སྤོང་བའི་བློ་ངང་གིས་འཆར། ཏིང་ངེ་འཛིན་ཇེ་ བརྟན་ལ་འགྲོ། ཉམས་མྱོང་གི་སྣང་བ་ཇེ་རྒྱས། ལུས་ཀྱི་བདེ་བ་ཇེ་ཆེ་ལ་སོང་ནས་འཆི་ བྲོད་པའམ། མི་འཚེར་བ་ངང་གིས་འབྱུང་ཞིང༌། འཆི་ཁར་ཡང་འོད་གསལ་གྱི་སྣང་བ་ ཆེས་ཆེར་འཕེལ་ནས་དག་པའི་སྣང་བ་འཆར། འཇིགས་སྣང་དུ་མི་འཆར་བར་ཉམས་ སྣང་དུ་ཤེས་ནས་དེ་ཉིད་ཀྱི་ཚེ་འདི་འོད་གསལ་མ་བུ་འཕྲོད་ནས་བར་དོའི་སྣང་བ་མི་ འཆར། ཅི་སྟེ་ཤར་ན་ཡང་འདིར་གོམས་པའི་དབང་གིས་དེའི་ཚེ་ན་ཡང་སྒོམ་ལྷག་པར་ འཕེལ། དེ་དག་གིས་ཏིང་ངེ་འཛིན་སྟོབས་ལྡན་དུ་གྱུར་ནས་ཆོས་ལྡན་གྱི་རིགས་སུ་སྐྱེས་ དེ་སྒོམ་གྱི་མན་ངག་བཟང་པོ་དང་འཕྲད་པའམ། ཐོག་བབས་སུ་ཏིང་ངེ་འཛིན་བཟང་ པོས་རླུང་སེམས་བརྟན་པར་བྱས་ནས། གཟུང་འཛིན་ལས་གྲོལ་བར་གསུངས་པ་ལགས། རྣམ་གཡེང་བདུད་ཀྱི་ཕོ་ཉས་ཟིན་པ་ཡི། །བློ་ཞན་ཉམས་རྟོགས་ཞན་པ་བདག་ལྟ་ བུས། །གཅིག་ཏུ་བསྒྲུབ་པ་ནན་ཏན་ལྷུར་ལེན་པ། །ཁྱེད་ལྟ་བུ་ལ་བསྐུལ་བར་མི་རིགས་ ཀྱང༌། །ཆོས་ཀྱི་དྲི་བ་འདི་དག་ལན་ཐོབ་ལ། །སླར་ཡང་ཇི་ལྟ་བ་ལ་སྨྲོས་ཤིག་ཅེས། །ཁྱེད་ ཉིད་ཀྱིས་ནི་གསུང་གིས་ཉེར་བསྐུལ་བས། །མུ་ཅོར་འདི་ལ་ཉེས་པ་མེད་གྱུར་ཅིག ། ཅེས་པ་སྟོན་པ་གྲུབ་བཟང་ལ་གདམས་པའི་ཐེ་ཙོམ་མུན་སེལ་ཞེས་བྱ་བ། རྟོན་པ་བཞི་ 8-1-429 ལྡན་གྱིས་བཀོད་པའོ།། །།ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-430 ༄༅། །དུས་འཁོར་བ་རྡོ་རྗེ་སྙིང་པོ་ལ་གདམས་པ་ བཞུགས་སོ། ། 8-1-431 ༄༅། །དུས་འཁོར་བ་རྡོ་རྗེ་སྙིང་པོ་ལ་གདམས་པ་ བཞུགས་སོ། ། ༄༅། །ཇོ་ནང་རི་ཁྲོད་ནས་བླ་མ་དུས་འཁོར་བ་རྡོ་རྗེ་སྙིང་པོའི་ཕྱག་ཏུ་ཕུལ་བ། སྐུ་ཁམས་བཟང་ཞིང་ ཐུགས་དམ་གཞན་དོན་བསྟན་པའི་བྱ་བ་འཕེལ་བར་འདུག་པའི་ཐད་ནས། གསུང་ཡིག་རྟེན་དང་ བཅས་པ་གདུགས་རྩིབས་རིང་བ་སུམ་ཅུ་རྩ་བདུན། ཐུང་བ་བཅོ་བརྒྱད་དང་བཅས་པ་དཔོན་བསྒོམ་ པ་གཉིས་ཀྱི་འདིར་འཕྲོད་པས། རྗེས་སུ་ཡི་རང་ཞིང་སེམས་དགའ། འགྲེལ་པ་སྐོར་གསུམ་གྱི་བཤད་པའི་བརྒྱུད་རིམ་ནི། ཆོས་རྗེ་ཀུན་སྤངས་ཆེན་པོ་ནས་བརྒྱུད་དེ། མཁས་ བཙུན་ཡོན་ཏན་རྒྱ་མཚོ་དང༌། མཁས་མཆོག་སྐྱི་སྟོན་འཇམ་པའི་དབྱངས་ཀྱི་ཞལ་སྔ་ནས། བདག་ལ་ དགྱེས་བཞིན་དུ་ལེགས་པར་གནང་ངོ༌། ། གཞན་ཡང༌། གནས་སྐབས་དང་མཐར་ཐུག་ལ་དགོངས་པའི་ཞལ་ཏ་ཅིག་ཐུགས་ལ་འདོགས་པར་ཞུ་ ཞེས་པ་འདི་ལ། ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཏིང་འཛིན་དང༌། །ལྷག་པའི་ཤེས་རབ་རྣམས་ལ་གོམས་བྱས་ ནས། །གཞན་ཡང་དེ་དང་དེ་ལ་འགོད་པ་ནི། །གནས་སྐབས་མཐར་ཐུག་ཀུན་ལ་དགོས་པ་ཡིན། །སྦྱིན་ དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་ཐབས་སྟོབས་སྨོན་ལམ་ དང༌། །ཡེ་ཤེས་མཆོག་ལ་རང་གཞན་དགོད་པ་ནི། ། གནས་སྐབས་མཐར་ཐུག་ཀུན་ལ་དགོས་པ་ ཡིན། །བྱམས་བརྩེ་བྱང་ཆུབ་སེམས་ལ་གཞི་བྱས་ནས། །བདག་གཞན་མཉམ་རྗེ་བདག་པས་གཞན་ གཅེས་ལ། །རང་གཞན་ཐམས་ཅད་འགོད་པར་མཛད་པ་ནི། །གནས་སྐབས་མཐར་ཐུག་ཀུན་ལ་དགོས་ པ་ཡིན། །སྡེ་སྣོད་གསུམ་ལ་ཤེས་རབ་གསུམ་སྦྱངས་ཤིང༌། །ཐེག་པ་གསུམ་གྱི་དོན་ལ་མཁས་པ་ དང༌། །སྒོ་གསུམ་དགེ་བའི་ཕྱོགས་ལ་བཀོལ་བ་རྣམས། །གནས་སྐབས་མཐར་ཐུག་ཀུན་ལ་དགོས་པ་ ཡིན། །རྒྱུད་སྡེ་བཞི་ལ་དབང་བཞིའི་དོན་བསྒོམས་ནས། །ཞུ་བདེ་འགྱུར་མེད་རང་བཞིན་འགྱུར་མེད་ 8-1-432 ཀྱི། །དགའ་བ་བཞི་ལ་རང་གཞན་རོལ་པ་ནི། །གནས་སྐབས་མཐར་ཐུག་ཀུན་ལ་དགོས་པ་ཡིན། །ཀུན་ རྫོབ་ཆོས་རྣམས་ཀུན་གྱིས་སྟོང་པའི་གཞི། །ཆོས་ཉིད་དོན་དམ་བདེ་གཤེགས་སྙིང་པོའི་མཆོག །མཐོང་ ཞིང་རྟོགས་ནས་ཐོབ་པར་བྱེད་པ་ནི། །གནས་སྐབས་མཐར་ཐུག་ཀུན་ལ་དགོས་པ་ཡིན། །བདེ་ གཤེགས་སྙིང་པོ་པྲ་ཕབ་བརྒྱད་ལྟ་བུ། ། རྣམ་པ་ཀུན་ལྡན་རྣམ་པ་མེད་པ་པོ། །གཙང་བདག་བདེ་ཆེན་ རྟག་པར་རྟོགས་པ་ནི། ། གནས་སྐབས་མཐར་ཐུག་ཀུན་ལ་དགོས་པ་ཡིན། །དེ་ཉིད་དུས་འཁོར་བདེ་ དགྱེས་གསང་འདུས་དང༌། །དབུ་མ་ཤེར་ཕྱིར་ཕྱག་རྒྱ་ཆེན་པོ་སོགས། །མཐར་ཐུག་ཐམས་ཅད་སྟོང་ ཉིད་ཡིན་རིག་པ། །གནས་སྐབས་མཐར་ཐུག་ཀུན་ལ་དགོས་པ་ཡིན། །དེ་ཉིད་གཞི་ལ་རྟག་ཏུ་བཞུགས་ པ་དང༌། །གློ་བུར་དྲི་མའི་སྦུབས་ལས་གྲོལ་བའི་ཕྱིར། །རྡོ་རྗེ་རྣལ་འབྱོར་ཉིན་དང་མཚན་བསྒོམ་ པ། །གནས་སྐབས་མཐར་ཐུག་ཀུན་ལ་དགོས་པ་ཡིན། །ཀུན་རྫོབ་ཆོས་རྣམས་ཐམས་ཅད་རང་སྟོང་ དང༌། །དོན་དམ་ཆོས་ཉིད་གཞན་སྟོང་ཟབ་མོ་ནི། །ལེགས་པར་རྟོགས་ནས་གཞན་ལ་ལེགས་སྟོན་ པ། །གནས་སྐབས་མཐར་ཐུག་ཀུན་ལ་དགོས་པ་ཡིན། །རང་སྟོང་ཡིན་ན་གཤིས་ལ་མེད་པ་ དང༌། །གཞན་སྟོང་ཟབ་མོ་གཤིས་ལ་ཡོད་པར་ནི། ། ལེགས་པར་རྟོགས་ནས་ལེགས་པར་སྟོན་མཛད་ པ། །གནས་སྐབས་མཐར་ཐུག་ཀུན་ལ་དགོས་པ་ཡིན། །སྟོང་གཞི་གཞན་སྟོང་ཟབ་མོ་མ་རྟོགས་ ན། །ཤེར་ཕྱིན་དབུ་མ་ཕྱག་རྒྱ་ཆེ་ལ་སོགས། །ཟབ་མོ་མཐར་ཐུག་ཐམས་ཅད་རྟོག་མིན་ཞེས། །གནས་ སྐབས་མཐར་ཐུག་ཀུན་ལ་དགོས་པ་ཡིན། །སྙིང་པོ་མེད་པའི་ལུས་དང་ལོངས་སྤྱོད་སོགས། །སྙིང་པོ་ མཆོག་ལ་སྦྱར་ནས་བྱང་ཆུབ་ཏུ། །བསྔོ་བ་སྨོན་ལམ་རབ་རྒྱས་མཛད་པ་ནི། །གནས་སྐབས་མཐར་ཐུག་ ཀུན་ལ་དགོས་པ་ཡིན། །རྣམ་པར་མང་ཡང་ཉེ་བར་བསྡུས་པར་བརྗོད། །འདི་ལ་བརྟེན་ནས་ཁྱེད་ཀྱི་ བློ་གྲོས་ཀྱིས། །རབ་ཏུ་རྒྱས་པ་སྤྲོ་བར་ནུས་པ་ལགས། ། ཡི་གེའི་རྟེན་དུ་རྫོགས་ལྡན་གྱི་ཆོས་མཆོག་ཁྱད་པར་འཕགས་པ་གཉིས་པ་དང་དར་ཁ་གཉིས་ལ་ཤམ་ བྷ་ལའི་བཀོད་པ་པར་དུ་བཏབ་ནས་འབུལ། དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ། ཞུས་དག (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-433 ༄༅། །མཁའ་འགྲོ་རྒྱ་མཚོ་བྱང་ཆུབ་ལ་གདམས་ པའོ། ། 8-1-434 ༄༅། །མཁའ་འགྲོ་རྒྱ་མཚོ་བྱང་ཆུབ་ལ་གདམས་པའོ། ། ༄༅། །ན་མཿཤྲཱི་གུ་རུ་ཝེ། དྲིན་ཅན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དཔའ་བོ་མཁའ་ འགྲོ་བཀྲ་ཤིས་མཛོད། །ཉམས་ལེན་གནད་ཀྱི་གདམས་པ་འཐོར་བུ་བྲི། །ཁྱོད་དང་སྒྲུབ་ བརྩོན་གཞན་ལའང་ཕན་གྱུར་ཅིག ། མཁའ་འགྲོ་རྒྱ་མཚོ་ལ་བསྐུར་བ། ཉམས་མྱོང་གི་ཞུ་ཡིག་འཕྲོད། བསྒོམ་པའི་རྟགས་སུ་ འདུག་པས་རྗེས་སུ་ཡི་རང༌། ཁ་ཉིན་འཇམ་དུས་རེས་སྡང་བའང་འོང་གིས་འདུག་ཟེར་ བ་ཡིན་ནའང༌། རླུང་བྱང་རབ་འདུག་པས་ཆེར་མི་སྐྱོན་སྙམ་ནས་གདམ་ངག་གཅིག་མ་ ཕོགས་པ་དེས་ལན་པ་ཡིན་མཆི། ད་དུང་སྲིད་བུ་ལྟ་བུ་རླུང་སྡང་བ་འདུག་ན་རླུང་ལམ་ དུ་མ་ཚུད་པ་ཡིན་པས། སྐྱིལ་ཀྲུང་བཅས་པའི་ལག་པ་གཉིས་བརླའི་ཕྱིར་ཟུར་གྱི་ས་ལ་ བཙུགས་ཏེ། རླུང་ཁ་སྣ་གཉིས་ཀ་ནས་རྔུབ་པ་དང་ལུས་སྡང་ཞིང་རླུང་ཐུབ་ཚད་མནན་ པ་ཡང་ཡང་མཛོད། དེས་ཕན་ལགས། ད་ལྟར་ལུས་ཐམས་ཅད་མི་བདེ་འདུག་ན། སྐྱིལ་ཀྲུང་བྱས་པའི་ལུས་ཁོང་སྟོང་ཟོ་བ་ ཞབས་མེད་ལྟ་བུར་བསྒོམས་ཏེ་དབུགས་རང་པོའི་ངང་ནས་བཤང་ལམ་ཟོ་བ་ཞབས་ མེད་ལྟ་བུ་ནས་རླུང་རོ་ཐམས་ཅད་བུན་གྱིས་ས་འོག་ནས་མར་ཐམས་ཅད་སོང་ཞིང༌། ཕྱིར་འབྱུང་བ་ནས་སྤྱི་བོ་ཟོ་བ་ཁ་ཕྱེ་བ་ལྟ་བུ་ནས་ཡང་བུན་གྱིས་སོང་བར་ཡང་ཡང་ བསྒོམ་མཛོད། དེས་ཕན་ཡང་གསུངས་པ་ལ། ཟུགས་དང་ལྦོས་པ་འདུག་ན། སྐྱིལ་ཀྲུང་ བྱས་པའི་རླུང་ཁ་འགུལ་བ་ཙམ་དུ་སྣ་བུག་གཉིས་ག་ནས་རྔུབ་པས་རྩ་ནང་ཐམས་ཅད་ དུ་སིབ་སོང་བར་བསམས་ཏེ། སྟེང་རླུང་ཐུབ་ཚད་མནན་ཅིང་འོག་རླུང་ཡན་པར་བཞག་ གོ །དེས་ཕན་ལགས། ཡང་མགོ་དང་རོ་སྟོད་དང་རྐང་ལག་ཐམས་ཅད་ན་ན། ཟས་བཅུད་ཅན་བསྟེན། ལུས་ སྐྱིལ་ཀྲུང་བྱ། སྣའི་རླུང་སྣ་བུག་གཉིས་ཀ་ནས་སང་སང་བ་ནད་མེད་དུ་ཡང་ཡང་བུས་ 8-1-435 མཛོད། དེས་ཕན་ལགས། སྐབས་སུ་ད་ལན་གྱི་གེགས་དེས་སེལ་ནས་ཐུན་གོ་ཐམས་ཅད་དུ་དབུགས་འགྱུ་བ་མ་ ནོར་བར་གྲངས་ཟིན་པའི་རྡོ་རྗེའི་བཟླས་པ་བརྒྱ་རྩ་རེ་མ་ཆད་པར་མཛོད། དེས་གེགས་ མི་འབྱུང་ཞིང་སྒོམ་གནད་དུ་འགྲོ་བའི་གདམ་ངག་ཟབ་མོ་ལགས། སྤྱིར་སྦྱོར་དྲུག་པའི་ལུགས་ལ། འོད་གསལ་དང་མི་འབྲལ་ན་བདེ་བ་ཤུགས་ལ་སྐྱེ་བས་ རླུང་སྦྱོར་དྲག་པོའི་མི་འཚལ། འོན་ཀྱང་སྟོང་གཟུགས་འཆར་ཞིང་ཁམས་བཟང་དུས་སུ་ སྲོད་རྩོལ་འཇམ་རླུང་དགང་གཏོང་བུམ་པ་ཅན་བཅུག །དེས་ཚངས་སུ་བཅུག་ནས་ནམ་ དགོས་དུས་གེགས་སེལ་ཐམས་ཅད་ཀྱི་རྩ་རླུང་ལ་གནད་དུ་བསྣུན་པ་ལགས། བདག་ གིས་རྒྱུད་སྡེའི་དགོངས་པ་ཕྱོགས་ཙམ་གོ ། སྐྱེས་བུ་དམ་པའི་དགོངས་པ་མང་དུ་ མཛད། །རང་ལ་བསྒོམ་པའི་ཉམས་ཀྱང་ཅུང་ཟད་ཡོད། །མངོན་ཤེས་ལྡན་པས་གཟིགས་ ན་བག་མི་ཚ། །འོན་ཀྱང་སྙིགས་དུས་སྐྱེ་བོ་དམུ་རྒོད་རྣམས། །ལེགས་པར་བཤད་ཀྱང་ ཉེས་པར་འཛིན་པས་ན། །གཞན་ལ་ལྷག་པར་ཕན་པ་དཀའ་བར་མངོན། །རང་ཉིད་རྩེ་ གཅིག་བསྒོམ་པར་ནམ་ཞིག་འགྱུར། ། རྟོན་པ་བཞི་ལྡན་གྱིས་སློབ་མ་མཁའ་འགྲོ་རྒྱ་མཚོ་ལ་གདམས་པ་རྫོགས་སོ།། །།ཤུ་ བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-436 ༄༅། །ཉི་འོད་ལ་གདམས་པ་བཞུགས། 8-1-437 ༄༅། །ཉི་འོད་ལ་གདམས་པ་བཞུགས། ༄༅། །སྣང་ལུགས་བདེན་གཉིས་ཡ་བྲལ་སྣང༌། །ཡིན་ལུགས་བདེན་གཉིས་ཟུང་དུ་ འཇུག །སྣང་ལུགས་སེམས་ཅན་སྡུག་བསྔལ་སྣང༌། །ཡིན་ལུགས་སྡུག་བསྔལ་གྲུབ་མ་ མྱོང༌། །སྣང་ལུགས་སྣོད་བཅུད་འཁོར་བར་སྣང༌། །ཡིན་ལུགས་འཁོར་བ་གཏན་ནས་ མེད། །སྣང་ལུགས་སེམས་ཅན་གྲངས་ལས་འདས། །ཡིན་ལུགས་སེམས་ཅན་གཅིག་ལས་ མེད། །སྣང་ལུགས་སངས་རྒྱས་འགྱུར་བར་སྣང༌། །ཡིན་ལུགས་སངས་རྒྱས་འགྱུར་བ་ མེད། །སྣང་ལུགས་སངས་རྒྱས་སྒྱུ་མར་སྣང༌། །ཡིན་ལུགས་སངས་རྒྱས་རྟག་པར་ སྣང༌། །སྣང་ལུགས་སངས་རྒྱས་གྲངས་ལས་འདས། །ཡིན་ལུགས་སངས་རྒྱས་གཅིག་ལས་ མེད། །དག་པ་གཉིས་ལྡན་གྱི་སངས་རྒྱས་དང༌། །ཁམས་གསུམ་འཁོར་བའི་སེམས་ཅན་ གཉིས། །དོན་དམ་བདེན་པའི་ཀློང་ནས་མཉམ། །ལར་སྟོང་ལྟ་ཡི་རྫོང་ལ་ཞེན་འདོད་ རྣམས། །འདི་ལ་ཐུགས་དགོངས་ཐོང་མཛོད་དང༌། །རྫོང་དེ་ལ་ཞེན་པས་ཆོག་པ་ ཡིན། །ཉི་འོད་ལ་གདམས་པའོ།། །།ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-438 ༄༅། །ལྷ་རྗེ་ཚུལ་ཁྲིམས་འོད་ལ་གདམས་པའོ། ། 8-1-439 ༄༅། །ལྷ་རྗེ་ཚུལ་ཁྲིམས་འོད་ལ་གདམས་པའོ། ། ༄༅། །དཔལ་ལྡན་བླ་མ་དམ་པ་དང་དབྱེར་མི་ཕྱེད་པའི་དཔལ་དུས་ཀྱི་འཁོར་ལོ་ལ་ ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ། ཇོ་ནང་དཔལ་གྱི་རི་ཁྲོད་ནས། དཔོན་ལྷ་རྗེ་ཚུལ་ཁྲིམས་འོད་ལ་བསྐུར་བ། ཉིད་ཅག་སྐུ་ ཁམས་བཟང་ཞིང༌། ཐུགས་དམ་ལ་བརྩོན་པར་བཞུགས་མཆི། འདི་ཕྱོགས་ནའང༌། སྒྱུ་ ལུས་ཀྱི་ཕུང་པོ་རྩ་ཁའི་ཟིལ་བའམ། རླུང་གསེབ་ཀྱི་མར་མེ་ལྟ་བུ་ལ་འགལ་རྐྱེན་གློ་བུར་ བ་ཉེ་དུས་སུ་མ་བྱུང་ཙམ་གྱི་ངང་ནས། རྨི་ལམ་ལྟ་བུའི་དགེ་སྦྱོར་དང༌། བྲག་ཆ་ལྟ་བུའི་ ཆོས་ཀྱིས། སྒྱུ་མ་ལྟ་བུའི་སེམས་ཅན་རྣམས། སྨིག་རྒྱུ་ལྟ་བུའི་སྲིད་མཚོ་ལས་སྒྲོལ་བ་མེད་ པའི་ཚུལ་གྱིས་སྒྲོལ་བ་ལ་བརྩོན་པར་བདོག ། སྐབས་ཀྱི་དོན་ནི། ཁ་ཉིན་གྱི་གསུང་གླེང་བྱུང་བ་བཞིན་དུ། ཁམས་གསུམ་འཁོར་བ་འདི་ མཐའ་དག་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཉིང་བསིངས། རྒྱུ་ཀུན་འབྱུང་ དང་འབྲས་བུ་སྡུག་བསྔལ་གྱི་འཁོར་ལོ་ཤིང་རྟའི་འཕང་ལོ་བཞིན་དུ་འཁོར་ཞིང༌། མ་ རིག་པ་ལ་སོགས་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དྲྭ་བར་ཆུད་པ་འདི། ནགས་ སྟུག་པོར་ཕྱོགས་བསླད་ནས་ལམ་སྟོར་བའམ། གླང་པོ་ཆེ་འདམ་དུ་བྱིང་བའམ། མི་ནག་ ཅན་བཙོན་དོང་དུ་བཅུགས་པའམ། རྒྱ་མཚོར་གྲུ་ཞིག་པ་དང་འདྲ། འདི་ལས་ཐར་པར་ བྱེད་པ་ལ་དམ་པའི་ཆོས་ཀྱི་ཐབས་ཟབ་མོ་དགོས་ནའང༌། དེ་ཉམས་སུ་ལེན་པ་ལ་དལ་ འབྱོར་མི་ལུས་དགོས་ཏེ། གལ་ཏེ་རྒྱ་ལམ་ན་ལན་རེ་ཙམ་ཐོབ་པ་སྲིད་ཀྱང༌། ཆོས་ཀྱི་བློ་ སྐྱེ་བ་དཀོན་ཞིང༌། བཤེས་གཉེན་དམ་པ་དང་མཇལ་པའང་དཀོན་ལ། གདམས་ངག་ ཟབ་མོ་དང་མཇལ་བ་དཀོན། གལ་ཏེ་མཇལ་ཡང་འཆི་བ་མི་རྟག་པ་ནམ་འོང་མི་ཤེས་ པའི། གློ་བུར་ཚེ་ལ་ཡིད་བརྟན་དུ་མི་རུང༌། འཆི་ཀའི་འཇིགས་པ་ཆེན་པོ་དང་བར་དོའི་ འཇིགས་པ་ཆེན་པོ། གཡང་དུ་མཆོང་བ་ལྟ་བུའམ། ཕ་རོལ་གྱི་དམག་ཚོགས་ཀྱི་ནང་དུ་ 8-1-440 འགྲོ་བ་ལྟ་བུ་ཉམས་སུ་མྱོང་ཡང༌། དེས་སྡུག་བསྔལ་མི་རྫོགས་པར་སླར་སྐྱེ་བ་ཡང་ནས་ ཡང་དུ་ལེན་དགོས་པ་འདི་ལ་བསམས་ནས། དུས་ད་ལྟ་མགོའམ་གོས་ལ་མེ་ཤོར་བ་ གསོད་པ་ལྟ་བུའི་བརྩོན་འགྲུས་བརྩམ་འཚལ། དེ་ལ་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་ པ་འདི་དག་ཐམས་ཅད་ཡེ་གདོད་མ་ནས་མ་གྲུབ་ཅིང་རང་རང་ངོ་བོས་སྟོང་སྟེ། ནམ་ མཁའི་མེ་ཏོག་གམ། རི་བོང་གི་རྭའམ། བྱེ་མའི་མར་ཁུ་ལྟ་བུ་རེ་ཡིན་ཡང༌། རྣམ་ཤེས་ རྟོག་པའི་བག་ཆགས་ཀྱིས་བསླད་པ་རྣམས་ལ་སྣང་བ་མ་འགགས་པར་འཆར་བ་འདི། དཔེར་ན་གཉིད་ཀྱིས་བསླད་པ་ལ་རྨི་ལམ་གྱི་སྣང་བ་སྣ་ཚོགས་སུ་འཆར་བའམ། མཁྲིས་ ནད་རྒྱས་པ་རྣམས་ཀྱིས་དུང་ཡང་སེར་པོར་མཐོང་བ་ལྟ་བུ། འཁྲུལ་སྣང་སྒྲོ་བཏགས་ ཀྱིས་སྣང་བ་འབའ་ཞིག་ལས་མ་འདས་མོད་ཀྱི། དེ་ལྟར་མི་ཤེས་པ་རྣམས་ཀྱིས་དངོས་ པོར་བཟུང་ཞིང་བདེན་པར་བཟུང་ནས། ལས་དང་ཉོན་མོངས་སྣ་ཚོགས་གསོག་སྟེ། རི་ དྭགས་རྣམས་སྨིག་རྒྱུ་ལ་ཆུར་འདུ་ཤེས་ནས་སྙེགས་པ་དང་འདྲ། དེ་ལྟར་འཁྲུལ་སྣང་ལ་ འཁྲུལ་སྣང་ཉིད་དུ་རྟོགས་ཀྱང༌། རླུང་སེམས་ཀྱི་རྒྱུ་བ་འདི་མ་འགགས་ཀྱི་བར་དུ་འཁྲུལ་ བའི་སྣང་བ་འདི་མི་འགག་སྟེ། མཁྲིས་ནད་མ་བྱང་གི་བར་དུ་དུང་ལ་སེར་པོའི་སྣང་བ་ མི་འགག་པ་དང་འདྲ། རླུང་སེམས་ཀྱི་འགྱུ་བ་འདི་འགགས་པ་ལ་བྱང་ཤམ་བྷ་ལའི་ཁྱད་ ཆོས་རིགས་ལྡན་ས་བཅུ་པ་རྣམས་ཀྱི་སྙིང་གཏམ་དུས་འཁོར་བདེ་གཤེགས་སྙིང་པོའི་ གདམས་ངག་ཐུན་མོང་མ་ཡིན་པ་ཅིག་དགོས་ཀྱི་གཞན་ཐན་ཐུན་གྱིས་འགག་མི་ནུས། རླུང་སེམས་ཀྱི་འགྱུ་བ་འདི་འགགས་པས་བེམ་པོའམ། ཅང་མེད་དུ་འགྱུར་བ་ཡང་མ་ ཡིན་ཏེ། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པ་ཉིད་ཀྱིས་རྣམ་པར་མི་རྟོག་ཡེ་ཤེས་ལྷུན་ གྱིས་གྲུབ་ཅིང༌། རྣམ་པར་ཤེས་པའི་ཆོས་ལས་འདས་པ་ཉིད་ཀྱིས་གཉིས་མེད་ཡེ་ཤེས་ ཆེན་པོའི་ངང་ཚུལ་དུ་འགྱུར་ཏེ། མཁྲིས་ནད་བྱང་བ་ཉིད་ཀྱིས་དུང་དཀར་པོར་ཇི་ལྟར་ གནས་པ་བཞིན་དུ་མཐོང་བའམ། བུམ་པ་བཅག་པ་ཉིད་ཀྱིས་དེའི་ནང་ན་གནས་པའི་ མར་མེ་མཐོང་བའམ། ནམ་མཁའ་ལ་སྤྲིན་སངས་པ་ཉིད་ཀྱིས་གཟའ་སྐར་མཐོང་བ་ དང་འདྲ་བ་ལགས་ནའང༌། དེ་ལྟར་རྟོགས་པ་ཆོས་པའི་ནང་ན་ཡང་དཀོན་ཞིང༌། སྒོམ་ 8-1-441 ཆེན་པའི་ནང་ནའང་དཀོན་ན། སྐྱེ་བོ་གཞན་དག་གི་ཁྲོད་ན་ལྟ་སྨོས་ཀྱང་ཅི་འཚལ། འོད་གསལ་ཕྱག་རྒྱ་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔའི་དབྱིངས་བསམ་གྱིས་མི་ཁྱབ་པ་ ཅིག །སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་རྟག་ཏུ་གནས་པར་མདོ་རྒྱུད་ཁུངས་མ་རྣམས་ སུ་གསུངས་ཤིང༌། དོན་ལ་གནས་པར་གདའ་ནའང༌། དེའི་ཁུངས་མ་ཆོད་པ་རྣམས་ཀྱིས་ སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེན་པོ་དང༌། སྐུ་བཞི་ཡེ་ཤེས་ལྔ་ཡིན་ནོ། །ཞེས་སྒྲོ་འདོགས་ པ་མང་བར་གདའ་བས། ཐར་འདོད་རྣམས་ཀྱིས། སྒྲོ་སྐུར་གྱི་མཐའ་ལ་གྲོལ་བ་ཡང་དག་ པ་དོན་གྱི་དབུ་མ་ཆེན་པོ་ལ་སློབ་འཚལ་བ་ལགས། ཇི་ལྟར་སློབ་ན་གཞི་ལ་བཞུགས་ པའི་སངས་རྒྱས་ཡིད་བཞིན་གྱི་ནོར་བུ་ལྟ་བུུ་གློ་བུར་དྲི་མའི་འདམ་གྱིས་གཡོགས་པ་ དེ། ལམ་ལྟ་སྒོམ་སྤྱོད་པའི་ཆུ་རྒྱུན་གྱིས་བཀྲུས་པས། འབྲས་བུ་དག་པ་གཉིས་ལྡན་ཆོས་ ཀྱི་སྐུ་ནོར་བུ་དྲི་མ་མེད་པ་ལྟ་བུ་མངོན་དུ་གྱུར་ནས། རང་གཞན་གྱི་དོན་མཐའ་དག་ ལྷུན་གྱིས་གྲུབ་པ་ལགས། དེ་ལ་གཞིའི་སངས་རྒྱས་ཆོས་ཀྱི་སྐུ་དང༌། འབྲས་བུའི་སངས་ རྒྱས་ཆོས་ཀྱི་སྐུ་ལ་ངོ་བོ་ཐ་དད་ཅུང་ཟད་ཙམ་ཡང་མེད་མོད་ཀྱི། གློ་བུར་གྱི་དྲི་མ་ཡོད་ མེད་ཀྱི་སྒོ་ནས་གཞི་དང་འབྲས་བུར་འབྱེད་དེ། ནམ་མཁའི་དབྱིངས་ཉིད་སྤྲིན་ལ་ སོགས་པས་མ་དག་པ་དང༌། དག་པའི་གནས་སྐབས་སུ་བརྗོད་པ་དང་འདྲ་བར་གདའ། སངས་རྒྱས་ཡེ་ཤེས་ཀྱི་སྐུར་གསུངས་ཤིང༌། གློ་བུར་དྲི་མ་རྣམ་ཤེས་ཀྱི་ཚོགས་སུ་གསུངས་ ཏེ། དེ་ལྟར་ཡེ་ཤེས་དང་རྣམ་ཤེས་ནི་སྣང་བ་དང་མུན་པའམ། བདུད་རྩི་དང་དུག་ཆུ་ བཞིན་དུ་ཁྱད་པར་ཤིན་ཏུ་ཆེ་བར་གསུངས་ནའང༌། དེ་གཉིས་ཀྱི་ཁྱད་པར་ཕྱེད་པ་ཤིན་ ཏུ་དཀོན་པར་གདའ། དེང་སང་ཕལ་ཆེར་སེམས་ཉིད་འདི་ཀ་ཆོས་སྐུ། རང་བྱུང་ཡེ་ཤེས། ཕྱག་རྒྱ་ཆེན་པོ། ཞེས་འདོད་པ་དང༌། རྣམ་རྟོག་ཆོས་སྐུ། ཉོན་མོངས་ཡེ་ཤེས། འཁོར་ འདས་དབྱེར་མེད། སྣང་གྲགས་འདི་སྐུ་གསུམ་སྐུ་བཞི། ཞེས་པ་ལ་སོགས་པར་འདོད་པ་ མང་བར་གདའ་སྟེ། སེམས་ཉིད་ལ་གཉིས་ཏེ། རང་བཞིན་འོད་གསལ་དང༌། གློ་བུར་དྲི་ མའོ། །དེ་ལ་རང་བཞིན་འོད་གསལ་ནི་རྣམ་པར་མི་རྟོག་པའོ། །གློ་བུར་དྲི་མ་ནི་རྣམ་ པར་རྟོག་པའོ། །རང་བཞིན་འོད་གསལ་ནི་ཡེ་ཤེས་སོ། །གློ་བུར་དྲི་མ་ནི་རྣམ་ཤེས་ 8-1-442 སོ། །རང་བཞིན་འོད་གསལ་ནི་མྱ་ངན་ལས་འདས་པའོ། །གློ་བུར་དྲི་མ་ནི་འཁོར་ བའོ། །རང་བཞིན་འོད་གསལ་ནི་དོན་དམ་པའོ། །གློ་བུར་དྲི་མ་ནི་ཀུན་རྫོབ་བོ། །རང་ བཞིན་འོད་གསལ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །གློ་བུར་དྲི་མ་ནི་ལྷན་ཅིག་སྐྱེས་ པའི་མ་རིག་པའོ། །རང་བཞིན་འོད་གསལ་ནི་འཇིག་རྟེན་ལས་འདས་པའོ། །གློ་བུར་དྲི་ མ་ནི་འཇིག་རྟེན་པའོ། །རང་བཞིན་འོད་གསལ་ནི་ཟགུ་པ་མེད་པའོ། །གློ་བུར་དྲི་མ་ནི་ ཟག་པ་དང་བཅས་པའོ། །རང་བཞིན་འོད་གསལ་ནི་སངས་རྒྱས་སོ། །གློ་བུར་དྲི་མ་ནི་ བདུད་དོ། །རང་བཞིན་འོད་གསལ་ནི་འདུས་མ་བྱས་སོ། །གློ་བུར་དྲི་མ་ནི་འདུས་བྱས་ སོ། །རང་བཞིན་འོད་གསལ་ནི་དུས་གསུམ་ལས་འདས་པའོ། །གློ་བུར་དྲི་མ་ནི་དུས་ གསུམ་གྱིས་བསྡུས་པའོ། །རང་བཞིན་འོད་གསལ་ནི་ཕུང་པོ་དང་བྲལ་བའོ། །གློ་བུར་དྲི་ མ་ནི་ཕུང་པོ་དང་བཅས་པའོ། །རང་བཞིན་འོད་གསལ་ནི་རྟེན་འབྲེལ་ལས་འདས་ པའོ། །གློ་བུར་དྲི་མ་ནི་རྟེན་འབྲེལ་གྱིས་བསྡུས་པའོ། །རང་བཞིན་འོད་གསལ་ནི་སྐྱེ་ འགག་ཐམས་ཅད་དང་བྲལ་བའོ། །གློ་བུར་དྲི་མ་ནི་སྐད་ཅིག་གིས་སྐྱེ་ཞིང་སྐད་ཅིག་ གིས་འགག་པའོ། །རང་བཞིན་འོད་གསལ་ནི་འགྱུར་བ་མེད་པའོ། །གློ་བུར་དྲི་མ་ནི་ འགྱུར་བའི་རང་བཞིན་ནོ། །རང་བཞིན་འོད་གསལ་ནི་ཆོས་ཉིད་དོ། །གློ་བུར་དྲི་མ་ནི་ ཆོས་ཅན་ནོ། །རང་བཞིན་འོད་གསལ་ནི་དབུ་མའི་ལམ་མོ། །གློ་བུར་དྲི་མ་ནི་མཐར་ལྟུང་ བའོ། །རང་བཞིན་འོད་གསལ་ནི་སྤང་དུ་ཡང་མི་རུང་ཞིང་འབྲལ་དུ་ཡང་མི་རུང་ བའོ། །གློ་བུར་དྲི་མ་ནི་སྤང་དུ་ཡང་རུང་ཞིང་འབྲལ་དུ་ཡང་རུང་བའོ། །རང་བཞིན་འོད་ གསལ་ནི་གཞོམ་དུ་མེད་ཅིང་གཞིག་ཏུ་མེད་པའོ། །གློ་བུར་དྲི་མ་ནི་གཞོམ་དུ་ཡོད་ཅིང་ གཞིག་ཏུ་ཡང་ཡོད་པའོ། །རང་བཞིན་འོད་གསལ་ནི་འཛག་མེད་ཀྱི་བདེ་བ་རྒྱུ་བ་མི་ འཆད་པའོ། །གློ་བུར་དྲི་མ་ནི་སྡུག་བསྔལ་གསུམ་དང་བརྒྱད་ལས་མ་འདས་པའོ། །རང་ བཞིན་འོད་གསལ་ནི་འགོག་པའི་བདེན་པའོ། །གློ་བུར་དྲི་མ་ནི་སྡུག་བསྔལ་དང་ཀུན་ འབྱུང་གི་བདེན་པའོ། །རང་བཞིན་འོད་གསལ་ནི་སྙིང་པོའོ། །གློ་བུར་དྲི་མ་ནི་ཤུན་ པའོ། །རང་བཞིན་འོད་གསལ་ནི་མ་བཅོས་པའོ། །གློ་བུར་དྲི་མ་ནི་བཅོས་པའོ། །རང་ 8-1-443 བཞིན་འོད་གསལ་ནི་སྒྲོ་མ་བཏགས་པའོ། །གློ་བུར་དྲི་མ་ནི་སྒྲོ་བཏགས་པའོ། །རང་ བཞིན་འོད་གསལ་ནི་རྣམ་པར་བྱང་བའོ། །གློ་བུར་དྲི་མ་ནི་ཀུན་ནས་ཉོན་མོངས་ པའོ། །རང་བཞིན་འོད་གསལ་ནི་མཚན་མ་མེད་པའོ། །གློ་བུར་དྲི་མ་ནི་མཚན་མ་དང་ བཅས་པའོ། །རང་བཞིན་འོད་གསལ་ནི་སྤྲོས་པ་མེད་པའོ། །གློ་བུར་དྲི་མ་ནི་སྤྲོས་པ་དང་ བཅས་པའོ། །རང་བཞིན་འོད་གསལ་ནི་དབུགས་འགྱུ་བ་དང་བྲལ་བའོ། །གློ་བུར་དྲི་མ་ ནི་དབུགས་འགྱུ་བ་དང་བཅས་པའོ། །རང་བཞིན་འོད་གསལ་ནི་བདག་འཛིན་དང་ བྲལ་བའོ། །གློ་བུར་དྲི་མ་ནི་བདག་འཛིན་དང་བཅས་པའོ། །རང་བཞིན་འོད་གསལ་ནི་ སྨོན་པ་མེད་པའོ། །གློ་བུར་དྲི་མ་ནི་སྨོན་པ་དང་བཅས་པའོ། །རང་བཞིན་འོད་གསལ་ནི་ མངོན་པར་འདུ་བྱེད་པ་དང་བྲལ་བའོ། །གློ་བུར་དྲི་མ་ནི་མངོན་པར་འདུ་བྱེད་པ་དང་ བཅས་པའོ། །རང་བཞིན་འོད་གསལ་ནི་ཕྱག་རྒྱ་ཆེན་པོ་སྟེ་བུམ་ནང་གི་མར་མེ་ལྟ་ བུའོ། །གློ་བུར་དྲི་མ་ནི་དེའི་སྒྲིབ་གཡོགས་ཏེ་མར་མེ་ལ་བཀབ་པའི་བུམ་པ་ལྟ་ བུའོ། །རང་བཞིན་འོད་གསལ་ནི་དུས་ཀྱི་འཁོར་ལོ་སྟེ་ནམ་མཁའ་ཉི་ཟླ་ལྟ་བུའོ། །གློ་བུར་ དྲི་མ་ནི་དེའི་སྒྲིབ་གཡོགས་ཏེ་སྤྲིན་དང་ཁུག་རྣ་ལྟ་བུའོ། །རང་བཞིན་འོད་གསལ་ནི་ དང་པོའི་སངས་རྒྱས་ཏེ་དབུལ་པོའི་ཁང་ཕུག་གི་གཏེར་ལྟ་བུའོ། །གློ་བུར་དྲི་མ་ནི་དེའི་ སྒྲིབ་གཡོགས་ཏེ་གཏེར་གཡོགས་པའི་ས་རྡོ་ལྟ་བུའོ། །རང་བཞིན་འོད་གསལ་ནི་རྡོ་རྗེ་ སེམས་དཔའ་སྟེ་ཡིད་བཞིན་ནོར་བུ་ལྟ་བུའོ། །གློ་བུར་དྲི་མ་ནི་དེའི་སྒྲིབ་གཡོགས་ཏེ་ ནོར་བུ་ལ་གཡོགས་པའི་མི་གཙང་བ་ལྟ་བུའོ། །རང་བཞིན་འོད་གསལ་ནི་རྡོ་རྗེ་འཆང་ སྟེ་གསེར་གྱི་གོང་བུ་ལྟ་བུའོ། །གློ་བུར་དྲི་མ་ནི་དེའི་སྒྲིབ་གཡོགས་ཏེ་དེ་ལ་གཡོགས་པའི་ འདམ་རྫབ་ལྟ་བུའོ། །རང་བཞིན་འོད་གསལ་ནི་དགྱེས་པ་རྡོ་རྗེ་སྟེ་འབྲས་བུའི་སྙིང་པོ་ ལྟ་བུའོ། །གློ་བུར་དྲི་མ་ནི་དེའི་སྒྲིབ་གཡོགས་ཏེ་འབྲས་ཤུན་ལྟ་བུའོ། །རང་བཞིན་འོད་ གསལ་ནི་བདེ་མཆོག་འཁོར་ལོ་སྟེ་སྦྲང་རྩིའི་གོང་བུ་ལྟ་བུའོ། །གློ་བུར་དྲི་མ་ནི་དེའི་སྒྲིབ་ གཡོགས་ཏེ་དེ་ལ་འདུས་པའི་སྦྲང་མ་ལྟ་བུའོ། །རང་བཞིན་འོད་གསལ་ནི་མཧཱ་མ་ཡ་སྟེ་ སངས་རྒྱས་ཀྱི་སྐུ་ལྟ་བུའོ། །གློ་བུར་དྲི་མ་ནི་དེའི་སྒྲིབ་གཡོགས་ཏེ་དེ་ལ་གཡོགས་པའི་ 8-1-444 རས་དྲི་མ་ཅན་ལྟ་བུའོ། །རང་བཞིན་འོད་གསལ་ནི་རྡོ་རྗེ་གདན་བཞི་སྟེ་དངུལ་དཀར་ གྱི་མེ་ལོང་ལྟ་བུའོ། །གློ་བུར་དྲི་མ་ནི་དེའི་སྒྲིབ་གཡོགས་ཏེ་མེ་ལོང་ལ་གཡོགས་པའི་ ཤུབས་ལྟ་བུའོ། །རང་བཞིན་འོད་གསལ་ནི་རྡོ་རྗེ་མཁའ་འགྲོ་སྟེ་གྲུབ་པའི་རལ་གྲི་ལྟ་ བུའོ། །གློ་བུར་དྲི་མ་ནི་རལ་གྲི་ལ་གཡོགས་པའི་ཤུབས་ལྟ་བུའོ། །རང་བཞིན་འོད་གསལ་ ནི་རྡོ་རྗེའི་ཕག་མོ་སྟེ་འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུའོ། །གློ་བུར་དྲི་མ་ནི་དེའི་སྒྲིབ་ གཡོགས་ཏེ་སྤྲིན་དང་རྡུལ་འཚུབ་ལ་སོགས་པ་ལྟ་བུའོ། །རང་བཞིན་འོད་གསལ་ནི་ རིགས་གསུམ་གྱི་མགོན་པོ་སྟེ་གྲུབ་པའི་རྡོ་རྗེ་ལྟ་བུའོ། །གློ་བུར་དྲི་མ་ནི་དེའི་སྒྲིབ་ གཡོགས་ཏེ་དེ་ལ་གཡོགས་པའི་ཤུབས་ལྟ་བུའོ། །དེ་ལ་སོགས་པ་ཆུ་དྭངས་སྙིགས་འབྱེད་ པ་ལྟར། རང་བཞིན་འོད་གསལ་དང་གློ་བུར་དྲི་མ་འབྱེད་པའི་མན་ངག་ཐུན་མོང་མ་ ཡིན་པ་ཅིག་འཚལ། དེ་མེད་ན་དུག་ལ་སྨན་དུུ་བཟུང་བའམ། ར་གན་ལ་གསེར་དུ་ བཟུང་བ་ལྟར། གློ་བུར་བའི་སེམས་དང་སེམས་བྱུང་གྱ་གྱུ་འདི་ལ་སྐུ་དང༌། ཡེ་ཤེས་ལ་ སོགས་པ་བཟུང་བར་གདའ། ལ་ལ་དག་སེམས་གྱ་གྱུ་འདི་ངོ་ཤེས་ན་སངས་རྒྱས། ངོ་མ་ ཤེས་ན་འཁོར་བ། ངོ་ཤེས་ན་ཡེ་ཤེས། ངོ་མ་ཤེས་ན་མ་རིག་པ་ལགས། ཞེས་འདོད་པ་ གདའ་སྟེ། སངས་རྒྱས་ཀྱི་བཀའ་དང་མི་མཐུན་ཞིང་རིགས་པ་དང་ཡང་འགལ། དཔེར་ ན་མེ་འདི་ངོ་ཤེས་ན་བསིལ་བ། ངོ་མ་ཤེས་ན་ཚ་བ་ཞེས་འདོད་པའམ། བོང་ང་འདི་ངོ་ ཤེས་ན་བདུད་རྩི། ངོ་མ་ཤེས་ན་དུག་ཡིན་ཞེས་འདོད་པའམ། གཡང་ས་ཆེན་པོ་འདི་ངོ་ ཤེས་ན་ཐང་བདེ་མོ། ངོ་མ་ཤེས་ན་གཡང་ས་ཆེན་པོ་ཡིན་ཞེས་འདོད་པའམ། སྤུ་གྲི་འདི་ ངོ་ཤེས་ན་ལུས་ལ་གཅོད་མི་ནུས། ངོ་མ་ཤེས་ན་ལུས་ལ་གཅོད་ནུས་ཞེས་འདོད་པ་ལ་ སོགས་པ་དང་འདྲ་བར་གདའ། དེ་ལྟར་དུས་འཁོར་བདེ་དགྱེས་ལ་སོགས་པ་ལྷ་དང་ སྔགས་དང་རྒྱུད་དང་དཀྱིལ་འཁོར་གྱི་རྣམ་པ་དུ་མའི་སྒོ་ནས་གསུངས་པ་རྣམས་དོན་ ལ་གཅིག་ལས་མི་བདོག །གཅིག་པོ་དེ་རྟོགས་པ་ཤིན་ཏུ་གལ་ཆེ། དེ་མ་རྟོགས་ན་ཆོས་ཀྱི་ གནད་ཆེན་པོ་འཆུག་འགྲོ། རྟོགས་པ་ཙམ་གྱིས་མི་ཆོག །གློ་བུར་དྲི་མའི་སྦུབས་ལས་གྲོལ་ དགོས། མ་གྲོལ་ན་དུང་སེར་པོ་སྣང་བ་བཞིན་དུ་མཁྲིས་ནད་ཀྱི་སྐྱོན་རྟོགས་བཞིན་ 8-1-445 དུའང༌། མཁྲིས་ནད་མ་བྱང་གི་བར་དུ་སེར་པོར་སྣང་བ་མི་འགག་པ་དང་འདྲ་བ་ ལགས་པས། གློ་བུར་དྲི་མ་སྦྱོང་བ་གལ་ཆེ། དྲི་མ་སྦྱངས་ཞིང༌། བསོད་ནམས་ཀྱི་ཚོགས་ བསགས་ནས། སྨོན་ལམ་རྣམ་པར་དག་པ་བཏབ་པ་ལ་བརྟེན་ནས། གནས་སྐབས་དང་ མཐར་ཐུག་གི་དོན་འགྲུབ་པ་ཡིན་པས། དེ་རྣམས་ཐུགས་ཀྱིས་དགོངས་པར་ཞུ། ཡི་གེ་ གཟིགས་པའི་རྟེན་ཙམ་དུ་བསྲུང་དར་ཁ་གང་བདོག །བྱང་ཤམ་བྷ་ལའི་ཁྱད་ཆོས། རྒྱལ་ བ་རིགས་གསུམ་མགོན་པོའི་སྙིང་གཏམ་ཐུན་མོང་མ་ཡིན་པའི་གདམ་ངག་འདི་ལྟ་བུའི་ ཆོས་སྐད་འདི་བོད་ཁ་ཅན་ན། སྔོན་ཆད་གྲགས་པ་ཆུང་ཞིང༌། བློ་དམན་ཐོས་ཆུང་དད་ པའི་རྗེས་འབྲང་སྐྱོ་མ་སྔ་བཙན་གྱི་དབང་དུ་འགྲོ་བ་རྣམས་ལ་ལོག་རྟོག་སྣ་ཚོགས་ བསྐྱེད་པ་ལས་མེད་པས། གཞན་ལ་མི་བརྗོད་པར་གསང་བ་གལ་ཆེ། ཤིན་ཏུ་གལ་ཆེ་ བས་གསང་བའི་རྒྱས་བཏབ་བོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་ འཛམ་ཐང་པར་མ་ཡིན།) 8-1-446 ༄༅། །གཞོན་ནུ་དོན་གྲུབ་ལ་གདམས་པ་བཞུགས་ སོ།། 8-1-447 ༄༅། །གཞོན་ནུ་དོན་གྲུབ་ལ་གདམས་པ་བཞུགས་སོ།། ༄༅། །གཞོན་ནུ་དོན་གྲུབ་ལ་སྨྲས་པ། ཁྱོད་དོན་དམ་གཞན་སྟོང་ལ་མི་མཉེས་ཡོད་པར་ གདའ་སྟེ། དེ་བདེན་ན་ཤིན་ཏུ་མ་ལེགས། དེའི་རྒྱུ་མཚན་ཐམས་ཅད་མཁྱེན་པ་སངས་ རྒྱས་བཅོམ་ལྡན་འདས་ཀྱིས། བཅོམ་ལྡན་འདས་མ་ཡོན་ཏན་རིན་ཆེན་སྡུད་པར། འཇིག་རྟེན་དེ་བཞིན་ཉིད་དང་དགྲ་བཅོམ་དེ་བཞིན་ཉིད། །རང་རྒྱལ་དེ་བཞིན་ཉིད་ དང་རྒྱལ་སྲས་དེ་བཞིན་ཉིད། །གཅིག་པ་ཉིད་དེ་དངོས་བྲལ་གཞན་མིན་དེ་བཞིན་ ཉིད། །ཤེས་རབ་ཕ་རོལ་ཕྱིན་པ་དེ་བཞིན་གཤེགས་པས་མཁྱེན། །མཁས་པས་འཇིག་རྟེན་ གནས་སམ་མྱ་ངན་འདས་ཀྱང་རུང༌། །ཆོས་ཉིད་སྐྱོན་མེད་ཆོས་རྣམས་སྟོང་པ་འདི་ གནས་ཏེ། །བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་འདི་རྗེས་སུ་རྟོགས། །དེ་ཕྱིར་དེ་ བཞིན་གཤེགས་ཞེས་སངས་རྒྱས་མཚན་གསོལ་ཏོ། །ཞེས་བཀའ་སྩལ་ཏེ། དེའི་དོན་ བཤད་ན། འཇིག་རྟེན་གྱི་དེ་བཞིན་ཉིད་དང༌། དགྲ་བཅོམ་རང་རྒྱལ་རྒྱལ་སྲས་ལ་སོགས་ པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་གཅིག་པ་ཉིད་དེ། སོ་སོ་མ་ཡིན་ཐ་མི་དད་པ་ དེ་ནི་དོན་དམ་བདེན་པའོ། །དེ་དངོས་པོ་དང་བྲལ་ཞེས་པས་དེར་དངོས་པོ་སྟོང་པར་ སྟོན་ཏེ། འདིས་ཀྱང་དོན་དམ་གཞན་སྟོང་དུ་བསྟན་ཏེ། དོན་དམ་ཡིན་ན་དངོས་པོ་མ་ ཡིན། དངོས་པོ་ཡིན་ན་དོན་དམ་མ་ཡིན་པར་བསྟན་པའི་ཕྱིར་དང༌། དངོས་པོ་སྟོང་ པའི་དོན་དམ་དེ་ཉིད་དོན་དམ་གཞན་སྟོང་ཡིན་པའི་ཕྱིར་རོ། །དེ་བཞིན་དུ། ཆོས་ཉིད་ སྐྱོན་མེད་ཅེས་པ་འདིས་ཀྱང་དོན་དམ་གཞན་སྟོང་དུ་བསྟན་ཏེ། སྐྱོན་མེད་པའི་དོན་ དམ་ཞེས་པ་སྐྱོན་གྱིས་སྟོང་པའི་དོན་དམ་ཡིན་པའི་ཕྱིར་དང༌། དེ་ཉིད་དོན་དམ་གཞན་ སྟོང་ཡིན་པའི་ཕྱིར་རོ། །དེ་བཞིན་དུ། གཞན་མིན་དེ་བཞིན་ཉིད་ཅེས་པ་འདིས་ཀྱང་ དོན་དམ་གཞན་སྟོང་དུ་བསྟན་ཏེ་གཞན་དུ་འགྱུར་བ་ཡིན་ན་དོན་དམ་མ་ཡིན། དོན་ དམ་ཡིན་ན་གཞན་དུ་འགྱུར་བ་མ་ཡིན་པས་གཞན་དུ་འགྱུར་བས་སྟོང་པའི་དོན་དམ་ 8-1-448 དེ་ཉིད་དོན་དམ་གཞན་སྟོང་ཡིན་ནོ། །དེ་བཞིན་དུ། ཆོས་ཀྱི་དབྱིངས་ལ་ཟད་པ་མེད་ ཅིང་འཕེལ་བ་མེད་ཅེས་བཀའ་སྩལ་པ་ལས་ཀྱང་དོན་དམ་གཞན་སྟོང་རྟོགས་དགོས་ཏེ། ཟད་པ་དང་འཕེལ་བ་ནི་དོན་དམ་གྱི་ཆོས་མ་ཡིན་པས་དོན་དམ་ཡིན་ན་ཟད་པ་དང་ འཕེལ་བས་སྟོང་ངོ༌། །དེ་ལྟར་ཟད་པ་དང་འཕེལ་བས་སྟོང་པའི་དོན་དམ་ནི་དོན་དམ་ གཞན་སྟོང་ངོ༌། །གཞན་ཡང༌། ཡོངས་སུ་གྲགས་པའི་ཡོངས་གྲུབ་དགུའི་ནང་ནས་ཆོས་ སྐྱོན་མེད་པ་ཉིད་ཅེས་པ་འདི་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་པ་འདིས་ ཀྱང་དོན་དམ་གཞན་སྟོང་གསལ་པོར་བསྟན་ཏེ། སྐྱོན་དང་ནོར་བ་དང༌། གཞན་དུ་ འགྱུར་བ་ནི་དོན་དམ་མ་ཡིན་ལ། དོན་དམ་བདེན་པ་ཡང་སྐྱོན་དང་ནོར་བ་དང་ གཞན་དུ་འགྱུར་བས་སྟོང་པའི་ཕྱིར་དང༌། ནོར་བ་ཐམས་ཅད་རྣམ་པར་སྤངས་པ་ཡིན་ པའི་ཕྱིར་རོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས་ཀྱང༌། ཆོས་ཀྱི་དབྱིངས་ལ་ བསྟོད་པར། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་ རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་གསུངས་པ་ལས་ ཀྱང༌། དོན་དམ་གཞན་སྟོང་དུ་རྟོགས་དགོས་ཏེ། དོན་དམ་བདེན་པ་ནི་སྐྱེ་འགག་གིས་ སྟོང་ཞིང༌། སྐྱེ་འགག་བྱེད་ན་དོན་དམ་མ་ཡིན་པའི་ཕྱིར་དང༌། དོན་དམ་ཡིན་ན་སྐྱེ་ འགག་མེད་པའི་ཕྱིར། དོན་དམ་སྐྱེ་འགག་གིས་སྟོང་པ་དེ་དོན་དམ་གཞན་སྟོང་ ངོ༌། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད་ལ་སོགས་པ་ཡང་བླ་མ་དམ་པ་མཁས་པའི་ མཆོག་གི་མན་ངག་མཆོག་དང་ལྡན་པས་བཤད་ན་དོན་དམ་གཞན་སྟོང་དུ་རྟོགས་པར་ འགྱུར་གྱི། དོན་དམ་དོན་དམ་གྱིས་སྟོང་པ་ནི་མི་སྲིད་དོ། །ཡོངས་གྲུབ་དགུ་པོ་ཐམས་ ཅད་ཀྱང་དེ་བཞིན་ནོ། །དེ་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང༌། མ་ བྱོན་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་དབྱིངས་དང༌། ཆོས་གནས་པ་ཉིད་ དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་ པའི་དབྱིངས་ནི་རྟག་ཏུ་དེ་བཞིན་དུ་གནས་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་མངོན་ 8-1-449 པར་རྫོགས་པའི་སངས་རྒྱས་སོ། །མངོན་པར་ཐུགས་སུ་ཆུད་དོ། །མངོན་པར་རྫོགས་པར་ སངས་རྒྱས་ཤིང༌། མངོན་པར་ཐུགས་སུ་ཆུད་ནས་ཀྱང་གསུངས་སོ། །སྟོན་ཏོ། །བརྗོད་ དོ། །འགྲེལ་ཏོ། །རྣམ་པར་འབྱེད་དོ། །གསལ་བར་བྱེད་དོ། །ཞེས་ཡང་ཡང་གསུངས་པ་ གང་ཡིན་པ་སྟེ། རྒྱས་པར་ཡུམ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་ལས་ཤེས་པར་ བྱའོ། །དེ་ཤེས་ན་ཤེར་ཕྱིན་དགུ་དང༌། ཕྱག་རྒྱ་ཆེན་པོ་དགུ། དབུ་མ་ཆེན་པོ་དགུ་དང༌། དོན་དམ་གཞན་སྟོང་དགུ་ལ་སོགས་པ་དང༌། བདེ་གཤེགས་སྙིང་པོ་དགུ་ལ་སོགས་པའི་ སྟོང་གཞི་ཟབ་མོ་གཤིས་ལུགས་ཟབ་མོ་ཐམས་ཅད་ཤེས་པར་འགྱུར་བས། འདི་ནི་གལ་ པོ་ཆེ་ཉིད་དང༌། མཆོག་ཏུ་གཅེས་པ་ཉིད་དུ་ཤེས་པར་བྱའོ། །གལ་ཏེ་དོན་དམ་གཞན་ སྟོང་ཡིན་ན་དེ་ཉི་ཚེ་བའི་སྟོང་ཉིད་ཡིན་པར་འགྱུར་རོ། །སྙམ་དུ་འགའ་ཞིག་སེམས་ པར་གྱུར་ན་དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར་ཉི་ཚེ་བའི་དོན་ནི་ཉུང་ཤས་ལ་གསུངས་ ཏེ་སེམས་ཅན་ཉུང་ཟད་ཉི་ཚེའི་དོན་དུ་གོ་ཅ་བགོས་པ་མ་ལགས། ཞེས་སོགས་ཀྱིས་ཡུམ་ ལས་རབ་ཏུ་གསལ་བར་བཀའ་སྩལ་པའི་ཕྱིར་རོ། །ལེགས་བཤད་ཟབ་མོ་ཁྱད་པར་དུ་ འཕགས་པ་འདི་ནི་སེམས་ཅན་ཐམས་ཅད་ཀྱིས་མཐོང་ཞིང་རྟོགས་ན་ཤིན་ཏུ་ལེགས་ པའི་མཆོག་ཏུ་འགྱུར་བས་གཞན་དག་ལ་ཡང་ཕན་སེམས་ཆེན་པོས་སྟོན་པར་ མཛོད། །ཁྱོད་ཀྱི་དྲིས་པ་དེ་ཤེས་པ་ལ་མ་དྲིས་པར་མི་ཤེས་པ་ལ་དྲིས་གདའ་བས་དེ་ལ་ ལན་དེ་ཀ་ལ་འོས་ཅི་བདོག །ལན་དེ་ལ་དྲུག་འགྱུར་དུ་གསུངས་པ་མི་གདའ་བས་བཤད་ པ་ཡང་ནོར་གདའ།། །། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-450 ༄༅། །བླ་མ་ཇོ་མདོ་པ་གྲགས་པ་རྒྱལ་མཚན་ལ་ གདམས་པའི་ སྤྲིངས་ཡིག་བདེ་ཆེན་འོད་གསལ་བ་ བཞུགས་སོ།། 8-1-451 ༄༅། །བླ་མ་ཇོ་མདོ་པ་གྲགས་པ་རྒྱལ་མཚན་ལ་གདམས་པའི་ སྤྲིངས་ཡིག་བདེ་ཆེན་འོད་གསལ་བ་ བཞུགས་སོ།། ༄༅། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་གདོད་ ནས་འོད་གསལ་ཆེ། །ཆ་མེད་ཀུན་འགྲོ་འགྱུར་བ་མེད་པའི་དབྱིངས། །རྟག་བརྟན་ཞི་བ་ གཡུང་དྲུང་ཡེ་ཤེས་སྐུ། །དང་པོའི་སངས་རྒྱས་བླ་མའི་ཞབས་ལ་འདུད། །རྒྱལ་བ་སྤྲུལ་སྐུ་ རྒྱལ་བའི་མཛད་པ་ཅན། །རིགས་ལྡན་རྣམས་ཀྱི་རིགས་སུ་གང་འཁྲུངས་པ། །ཆོས་རྗེ་ ཆོས་ཀྱི་དབང་ཕྱུག་དེ་དག་གི །ཞབས་རྡུལ་གུས་ལེན་རྣམས་ཀྱི་ཞབས་ལ་འདུད། །ཁྱད་ པར་དུ་ཡང་རྒྱལ་སྲས་མཆོག་གི་རིགས། །མཁྱེན་དང་བརྩེ་དང་ནུས་པར་རབ་ལྡན་ ཞིང༌། །གྲགས་པ་མཐའ་ཡས་སྔགས་ཀྱི་ཚུལ་བཟུང་ནས། །ཟབ་ཡངས་རྒྱལ་མཚན་འཛིན་ པ་དེ་ལ་འདུད། །གང་གི་རྣམ་ཐར་ཀུན་ནས་མ་སྨད་པ། །བསྔགས་པར་འོས་པ་དེ་ཡི་ ཞབས་དྲུང་དུ། །ཆོས་རྗེ་རྣམས་ཀྱིས་ཆོས་ཀྱིས་བསྐྱང་བའི་བྲན། །ཐ་ཆུང་གང་ལགས་དེ་ ཡིས་བཀའ་མཆིད་ཞུ། །ཁྱེད་ཀྱིས་ཐུབ་བསྟན་རིན་ཆེན་སྒྲོན་མེ་བཟུང༌། །བསླབ་གསུམ་ རིན་ཆེན་བྱི་དོར་ལེགས་པར་མཛད། །ལམ་བཟང་རིན་ཆེན་རྒྱན་གྱིས་རང་བཞིན་ བརྒྱན། །ཀུན་རྟོག་མ་རིག་ཉེས་ཚོགས་ཚང་ཚིང་རྣམས། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་ རླུང་གིས་གཏོར། །མི་རྟོག་ཏིང་འཛིན་མིག་ཐུར་དམ་པ་ཡིས། །གློ་བུར་དྲི་མའི་རབ་རིབ་ ཀུན་བསལ་ནས། །བདེ་གཤེགས་སྙིང་པོ་གསལ་བར་མངོན་དུ་མཛད། །འོད་གསལ་ཕྱག་ རྒྱ་ཆེ་ལ་དགྱེས་པར་རོལ། །འགྱུར་མེད་བདེ་བ་ཆེན་པོའི་དཔལ་ལ་སྤྱོད། །གནས་སྐབས་ རིགས་བཞིའི་དྲི་མ་སྦྱོང་ལ་བརྩོན། །ཟུང་འཇུག་གསུམ་དང་ནམ་ཡང་མི་འབྲལ་བ། །དེ་ ཙམ་ཁོ་ནས་ཆོས་རྗེ་དེ་དག་གི །རྣམ་ཐར་བསྐྱང་ཞིང་དགོངས་པ་ཡོངས་རྫོགས་ མོད། །འོན་ཀྱང་ད་དུང་ཁྱོད་ཐུགས་མ་ཚིམ་པར། །གདན་ས་མ་བུར་འབུལ་འགྱེད་ཡང་ 8-1-452 ཡང་མཛོད། །ཁྱད་པར་ད་ལོ་ཇ་ཡི་གནང་སྦྱིན་གྱིས། །རྣལ་འབྱོར་སྤྱོད་རྣམས་སེམས་ལ་ དགའ་བས་ཁྱབ། །དམ་པའི་ཚུལ་ལ་དད་ཅིང་གུས་པར་འགྱུར། །དུས་ཀྱི་མཆོད་པ་དུས་ སུ་རྒྱ་ཆེར་བསྒྲུབ། །བླ་མའི་བྱིན་རླབས་ཐུགས་ལ་ཞུགས་པ་ཁྱོད། །ཉི་མའི་འོད་ལྟར་མ་ རིག་མུན་སེལ་ཞིང༌། །ཟླ་བའི་འོད་ལྟར་ཉོན་མོངས་གདུང་སེལ་ལ། །རིན་ཆེན་ཆེ་ལྟར་ མཁོ་དགུའི་གནས་ལགས་པས། །འགྲོ་བའི་དོན་སླད་ཉིད་སྐུ་བརྟན་མཛད་དེ། །པྲ་ཕབ་ བརྒྱད་ལྟར་དེ་བཞིན་ཉིད་དམིགས་པ། །ཨེ་ཝཾ་ཡི་གེ་རྡོ་རྗེའི་རྣལ་འབྱོར་མཆོག །ནང་དུ་ ཡང་དག་འཇོག་ལས་མ་གཡོས་བཞིན། །ལུས་ཅན་ཀུན་ལ་བདེ་གཤེགས་སྙིང་པོའི་ དབྱིངས། །བུམ་ནང་མར་མེ་དབུལ་པོའི་གཏེར་བཞིན་དུ། །གནས་པ་གང་ཡིན་དེ་ཀུན་ མི་རྟོག་པའི། །ཡེ་ཤེས་སྒྲོན་མེས་གསལ་བར་མཛད་དུ་གསོལ། །ཆོས་རྗེ་ཆོས་ཀྱི་སྤྱན་ལྡན་ ཆོས་ཀྱི་རྒྱལ། །ཆོས་མཛོད་ཆོས་ཀྱི་དབང་ཕྱུག་དེ་དག་གི །གསུང་རྒྱུན་བདུད་རྩིའི་མཆོག་ ལ་མོས་པ་རྣམས། །སྔར་བཞིན་དགེ་བའི་སྤྱན་གྱིས་གཟིགས་སུ་གསོལ། །ཨེ་མ་ཧོ་རྒྱལ་ བའི་འཕྲིན་ལས་རྨད་དུ་བྱུང༌། །སྐུ་ཡི་དངོས་སུ་འདུལ་བ་བསམ་མི་ཁྱབ། །གསུང་གི་ བསྟན་རྒྱུན་རབ་འབྱམས་བསམ་མི་ཁྱབ། །ཐུགས་ཀྱི་ཡེ་ཤེས་རྒྱ་མཚོ་བསམ་མི་ཁྱབ། །སྐུ་ གདུང་རིང་བསྲེལ་བྱིན་རླབས་བསམ་མི་ཁྱབ། །སྐུ་གཟུགས་མཆོད་རྟེན་འཕྲིན་ལས་ བསམ་མི་ཁྱབ། །སྲས་དང་སློབ་མའི་དགོངས་སྤྱོད་བསམ་མི་ཁྱབ། །དེ་ལ་དད་པའི་ བསོད་ནམས་བསམ་མི་ཁྱབ། །དེ་སླད་མ་འོངས་དུས་ཀྱི་སེམས་ཅན་རྣམས། །ཆོས་རྗེ་ རྣམས་ཀྱི་གདུལ་བྱར་བྱ་ཕྱིར་དང༌། །ས་ཆེན་འདི་ཡང་བྱིན་གྱིས་བརླབ་ཕྱིར་དང༌། །ཁྱབ་ པར་དཔལ་ལྡན་བྱང་སེམས་ཆེན་པོ་ཡི། །སྐུ་གཟུགས་མཆོད་རྟེན་ཀུན་གྱིས་མཐོང་བྱའི་ ཕྱིར། །རྒྱལ་བ་ཀུན་འདུས་ཡབ་སྲས་འདུས་པའི་སྐུ། །ལུས་དང་ལོངས་སྤྱོད་སྙིང་པོ་ལེན་ འདོད་པའི། །དད་འདུས་རྣམས་ཀྱིས་དགའ་ཞིང་ལེགས་བསྒྲུབ་ཀྱིས། །དགྱེས་པར་རོལ་ ཅིག་ཆོས་རྗེའི་བུ་ཆེན་རྣམས། །བྱིན་གྱིས་རློབས་ཅིག་རྒྱལ་སྲས་བློ་ཆེན་རྣམས། །སྤྱན་རས་ གཟིགས་ཤིག་མཁྱེན་བརྩེ་སྤྱན་མངའ་རྣམས། །རབ་གནས་མཛོད་ཅིག་རྒྱལ་བ་སྲས་ བཅས་རྣམས།། །།མངྒ་ལཾ། བྷ་ཝན་ཏུ། 8-1-453 (མ་དཔེ་ནི་དབུས་པར་མ་གདོང་རྟགས་མེད་པ་ཞིག་དང༌། འཛམ་ཐང་པར་མ་ཡིན།) 8-1-454 ༄༅། །རྒྱ་ཡུལ་བའི་བླ་མ་དཀོན་མཆོག་རྒྱལ་མཚན་ ལ་ གདམས་པ་བཞུགས་སོ། ། 8-1-455 ༄༅། །རྒྱ་ཡུལ་བའི་བླ་མ་དཀོན་མཆོག་རྒྱལ་མཚན་ལ་ གདམས་པ་བཞུགས་སོ། ། ༄༅། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཆ་མེད་ཀུན་འགྲོ་ཁྱབ་ པའི་སྐུ། །ཆོས་ཆེན་ཉེ་བར་ཞི་བ་འོད་གསལ་ཆེ། །ཚོགས་མཆོག་འདུས་མ་བྱས་པའི་ཟག་ མེད་དབྱིངས། །སྐྱབས་གསུམ་དབྱེར་མེད་བླ་མའི་ཞབས་ལ་འདུད། །གང་གི་རྡོ་རྗེའི་ རྣལ་འབྱོར་མཆོག་གཅིག་གིས། །དོན་དམ་ངེས་དོན་དཀོན་མཆོག་གསུམ་བསྒྲུབས་ ནས། །ཟབ་ལམ་བསྟན་པའི་རྒྱལ་མཚན་ལེགས་འཛིན་པ། །སྐྱེས་མཆོག་དེ་ཡི་ཞབས་ལ་ གུས་པས་འདུད། །སྔོན་སྦྱངས་སྟོབས་ཅན་སྔོན་གྱི་རྒྱལ་བ་ལ། །བྱ་བ་བྱས་པ་ཁྱེད་ཀྱིས་ ཆོས་ཀྱི་རྗེ། །བླ་མ་ཡབ་སྲས་རྡོ་རྗེ་འཆང་དུ་གཟིགས། །དེ་ཡིས་དེ་ཡི་བྱིན་རླབས་ཐུགས་ ལ་ཞུགས། །ད་ལྟ་མི་དབང་གཙུག་གིས་ཁྱེད་ཞབས་མཆོད། །དཔག་ཡས་གདུལ་བྱ་མང་ པོའི་འདྲེན་པར་གྱུར། །བདེ་གཤེགས་སྙིང་པོ་འགྲོ་ལ་གསལ་བར་མཛད། །འགྱུར་མེད་ བདེ་བ་ཆེ་ལ་དགྱེས་པར་རོལ། །འོད་གསལ་ཕྱག་རྒྱ་ཆེན་མོས་རྟག་ཏུ་འཁྱུད། །གཞོམ་དུ་ མེད་པའི་ཆོས་སྒྲ་ཟབ་ཡང་སྒྲོགས། །ཟུང་འཇུག་རྣམ་གསུམ་ཏིང་འཛིན་རྒྱ་མཚོར་ གནས། །སྐུ་བཞི་རིགས་དྲུག་ཆོས་སྐུའི་དཔལ་ལ་སྤྱོད། །རང་བྱུང་ཡེ་ཤེས་རང་གིས་ མངོན་མཛད་ནས། །རང་བས་གཞན་གཅེས་བྱང་ཆུབ་སེམས་མཆོག་གིས། །རང་གཞན་ མ་ལུས་དུས་ཀྱི་འཁོར་ལོའི་དབྱིངས། །ཨེ་ཝཾ་ཡི་གེའི་དབྱིངས་སུ་དྲངས་སོ་ཞེས། །སྙན་ པའི་དྲི་བསུང་ཚིག་གི་སེར་བུ་ཡིས། །ཀུན་ཏུ་བསྐྱོད་པས་ཀུན་ཏུ་ཁྱབ་གྱུར་པའི། །དྲི་ཡི་ ཆ་ཡིས་བདག་བློ་དད་པའི་དབང༌། །དྲི་འཛིན་དབང་པོ་ཀུན་ནས་ཚིམ་པར་གྱུར། །དམ་ པའི་ཡོན་ཏན་རྒྱ་མཚོ་རྨད་པོ་ཆེས། །བདག་བློ་དད་པ་རྒྱ་མཚོའི་དབང་གྱུར་ཅིང༌། །རྩེ་ གཅིག་དགའ་བ་རྒྱ་མཚོ་ཁྱབ་གྱུར་ནས། །དགེ་ལེགས་རྒྱ་མཚོ་ཁྱེད་ལ་ཕྱག་འདི་ བགྱིད། །ཚུལ་ཁྲིམས་རྒྱ་མཚོ་ཉེས་པའི་སྐྱོན་མ་གོས། །ཏིང་འཛིན་རྒྱ་མཚོ་ལྷུན་པོ་ཆེ་ལྟར་ 8-1-456 བརྟན། །ཤེས་རབ་རྒྱ་མཚོ་ཉི་མ་སྟོང་པས་ལྷག །ལྷག་བསམ་རྒྱ་མཚོ་དབང་ཆེན་ལྟ་བུར་ བཟང༌། །སྨོན་ལམ་རྒྱ་མཚོ་ནམ་མཁའི་དབྱིངས་ལྟར་ཡངས། །དད་བརྩོན་རྒྱ་མཚོ་འཁོར་ ཡུག་རི་ལྟར་འཕགས། །བརྩེ་ཆེན་རྒྱ་མཚོ་དཔག་བསམ་ཤིང་ལྟ་བུ། །འཕྲིན་ལས་རྒྱ་མཚོ་ ནོར་བུ་རིན་ཆེན་བཞིན། །ཀུན་ནས་བཟང་པོ་དེ་ཡི་ཞབས་པད་ལ། །གཡོ་མེད་གུས་པ་ཁོ་ ནས་ཕྱག་འཚལ་ཞིང༌། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ཀྱིས། །བདག་ ཀྱང་ཁྱེད་དང་མཚུངས་པར་བྱིན་གྱིས་རློབས། །དེ་ལྟར་སྐྱེས་བུ་དམ་པའི་ཡོན་ཏན་ཚད་ མེད་པ་དང་ལྡན་པའི་བདག་ཉིད་ཆེན་པོ་དཔལ་ལྡན་བླ་མ་དམ་པ་དཀོན་མཆོག་རྒྱལ་ མཚན་པའི་དྲུང་དུ། རྒྱལ་ཁམས་ཀྱི་སྤྲང་པོ་ཤེས་རབ་རྒྱལ་མཚན་གྱིས་ཞུས་བ། དྲུང་ནས་ སྐུ་ཁམས་བཟང་ཞིང་དགོངས་པ་ཟབ་མོ་ཆོས་ཀྱི་དབྱིངས་ལ་གཡོས་པ་མེད་པའི་ངང་ ནས། གདུལ་བྱ་དཔག་ཏུ་མེད་པ་ཞིག་སྐུ་བཞིའི་གོ་འཕང་ལ་སྦྱར། དཔག་ཏུ་མེད་པ་ ཞིག་ཕྱིར་མི་ལྡོག་པའི་ས་ལ་བཀོད། དཔག་ཏུ་མེད་པ་ཞིག་བླ་ན་མེད་པའི་བྱང་ཆུབ་ཏུ་ སེམས་བསྐྱེད་པར་མཛད། དཔག་ཏུ་མེད་པ་ཞིག་དཀོན་མཆོག་གསུམ་ལ་ཡང་དག་པར་ འཛིན་དུ་བཅུག །དཔག་ཏུ་མེད་པ་ཞིག་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་ བཀོད། དཔག་ཏུ་མེད་པ་ཞིག་བསླབ་པའི་གནས་རྣམས་ཡང་དག་པར་འཛིན་དུ་བཅུག་ སྟེ། དེ་ལྟར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་སྣ་ཚོགས་ཀྱིས་སེམས་ཅན་གྱི་ཚོགས་ བགྲང་བ་ལས་ཡང་དག་པར་འདས་པ་མངོན་མཐོ་དང་ངེས་པར་ལེགས་པའི་དཔལ་ལ་ བཀོད་ཅིང༌། བསྟན་པ་ལ་སྟོན་པ་གཉིས་པའི་བྱ་བ་མཛད་ཅེས་ཐོས་པས་སེམས་དགའ་ ཞིང་ཐུགས་ལ་བཏགས། ཁྱད་པར་དུ་ཟབ་ལམ་གྱི་བསྟན་པར་དར་ཞིང་རྒྱས་པར་མཛད་ པ་དེ་ལྷག་པར་ཡང་ཐུགས་ལ་བཏགས་ཤིང༌། དགོན་པ་མ་བུུ་ན་བཞུགས་པ་རྣམས་ཀྱི་ གཙོ་བྱས་པ་རང་རེའི་ཆོས་རྒྱུད་གཅིག་པ་ཐམས་ཅད་ལ་དགའ་ཚོར་ཆེན་པོ་དཔག་ཏུ་ མེད་པ་མཆིས་ལགས། དེའི་ཐད་ནས་བླ་མ་དམ་པ་རྣམས་ཀྱི་ཆོས་ཀྱི་དམ་ཚིག་ཟབ་མོ་ ལ་དགོངས་ནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱས་གཙོ་མཛད། འབྲེལ་ཡོད་ཀྱི་ དགོན་སྡེ་རྣམས་སུ་དབུལ་འགྱེད་ཀྱི་གནང་སྦྱིན་ཕུན་སུམ་ཚོགས་པ་དང༌། ཁྱད་པར་ 8-1-457 རང་རེའི་དགོན་པ་མ་བུར་ཤིན་ཏུ་ཁྱད་པར་འཕགས་པའི་གནང་སྦྱིན་ཕུན་སུམ་ཚོགས་ པས། བསམ་གཏན་པ་རྣམས་ཀྱི་སེམས་ཚིམ་པར་མཛད་དེ། དགའ་བ་དང༌། སྤྲོ་བ་དང༌། དང་བ་དང༌། གུས་པ་ཁྱད་པར་ཅན་འཕེལ་བར་མཆིས་ལགས། འདི་ན་ཡང་བླ་མ་དམ་ པའི་སྤྲུལ་པའི་སྐུ་དེ་དག་གིས་སྤྲུལ་སྐུ་ཆོས་ཀྱི་དབྱིངས་སུ་བསྡུས་ནས། མགོན་དང་བྲལ་ བ་ལྟ་བུར་གྱུར་ནའང༌། དེ་དག་ཉིད་ཀྱི་བཀའ་དྲིན་ལས་ཐོབ་པའི་གདམ་ངག་ཟབ་མོའི་ མིག་ཐུར་གྱིས། ཀུན་ཏུ་རྟོག་པའི་རབ་རིབ་བསལ་བ་ལ་བརྟེན་ནས། རང་རང་ལ་གནས་ པའི་རང་བྱུང་གི་ཡེ་ཤེས་མངོན་དུ་གྱུར་པས་མགོན་དང་ཡང་བཅས་ཤིང་གསུང་རྒྱུན་ དང༌། གདན་ས་ལ་དད་པ་དང༌། གུས་པ་བགྱིས་ནས་རི་ཁྲོད་ཆེན་པོར་ངེས་པའི་དོན་ལ་ གཞོལ་ཞིང་མཆིས། རིགས་ལྡན་རིགས་ལས་འཁྲུངས་པ་ཁྱོད་ལྟ་བུ། །མི་དབང་ཁ་ལོ་ བསྒྱུར་བའི་མཆོག་རབ་སྟེ། །ཐུབ་བསྟན་རིན་ཆེན་སྒྲོན་མེ་འཛིན་པ་པོ། །ལམ་བཟང་རིན་ ཆེན་འཛིན་པའི་སྲོག་ཤིང་ལགས། །དེ་སླད་ཁྱེད་སྐུ་རིང་དུ་གནས་མཛད་ནས། །སྔར་ བཞིན་ཆོས་རྗེའི་རྣམ་ཐར་རིན་པོ་ཆེ། །མི་ཉམས་ཀུན་ནས་འཕེལ་བའི་འཕྲིན་ལས་ ཀྱིས། །སྲིད་ཞིའི་རྒུད་པ་མ་ལུས་བསལ་དུ་གསོལ། །ཏིང་འཛིན་རྒྱལ་པོའི་དག་བྱེད་དམ་ པ་ཡིས། །ཀུན་ཏུ་རྟོགས་པའི་དྲི་མ་ཀུན་སྦྱང་ནས། །བདེ་གཤེགས་སྙིང་པོའི་དྲི་མེད་ནོར་ བུ་ཡིས། །དགེ་ལེགས་དཔལ་ཀུན་འཕེལ་བར་མཛད་དུ་གསོལ། །དྲང་དོན་ཕལ་པའི་སྦུན་ པ་ལས་གྲོལ་བ། །ཉེ་ལམ་མྱུར་བདེ་སྔགས་ཀྱི་རྣལ་འབྱོར་གྱིས། །དོན་དམ་ངེས་དོན་ཟག་ མེད་སྙིང་པོའི་དོན། །སྐྱེ་དགུ་རྒྱ་མཚོས་ཐོབ་པར་མཛད་དུ་གསོལ། །ཁྱད་པར་དུ་ཡང་ ཆོས་རྗེ་རྣམས་ཀྱི་ནང་རྟེན་བཞུགས་པའི་ལྷ་ཁང་སྡེ་སྐོར་དང་བཅས་པ་བཞེངས་ནས་ གནས་ཆེན་ཁྱད་པར་ཅན་དུ་དགེ་འདུན་གྱི་སྡེ་བཙུགས་པ་དེ་ལྷག་པར་ཐུགས་ལ་ བཏགས་ཤིང༌། བསྟན་རྒྱུན་རིང་དུ་གནས་པའི་རྟེན་འབྲེལ་དེ་ད་དུང་ཡང་རྒྱ་ཆེར་སྒྲིག་ པར་ཞུ་འཚལ། ཆོས་རྗེ་ཡབ་སྲས་སྤྲུལ་པའི་སྐུ་ཐམས་ཅད་ཀྱི་སྐུ་འབུམ་ཆེ་བ་དེ་ཙམ་ ཀུན་གྱིས་མཐོང་བར་ཡོད་ན། ས་གཞི་བྱིན་གྱིས་རློབ་ཅིང་སེམས་ཅན་མང་པོ་ལ་ཐར་ པའི་ས་བོན་འཇོག་པ་དང༌། གསུང་རྒྱུན་རིང་དུ་གནས་པའི་རྟེན་འབྲེལ་དུ་གོ་བ་ཅིག་ 8-1-458 བྱུང་ནས། སྐུ་གདུང་སྐུ་མཚལ་དབུ་སྐྲ་ལ་སོགས་བསྐུར་བདོག་པས། སྐུ་འབུམ་ཅིག་ཀྱང་ བཞེངས་པར་ཞུ་ན། མཆི་ལགས་སམ་ཞེས་ཞུ་བ་ལགས། འདི་ཕྱོགས་ན་ཡང་ཆོས་རྗེ་ཡབ་ སྲས་རྣམས་ཀྱི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལྟར། སྐུ་གདུང་དང་མཆོད་རྟེན་གྱི་ བྱིན་རླབས་ཀྱང་བསམ་གྱིས་མི་ཁྱབ་པའི་གོ་བ་ལ་བརྟེན་ནས། གོང་མ་ཡོན་མཆོད་ཆེན་ པོ་ལ་སོགས་པ་བསྟན་པའི་རྩ་ལག་དམ་པ་རྣམས། སྐུ་ཁམས་བཟང་བར་བྱ་བའི་ཕྱིར་ དང༌། རྒྱལ་ཁམས་ཐམས་ཅད་ལ་ཡུན་རིང་པོར་དགེ་ལེགས་འབྱུང་བར་བྱ་བའི་ཕྱིར་ དང༌། ཁྱད་པར་གྱི་བྱང་སེམས་ཆེན་པོའི་སྐུ་འབུམ་ཀུན་གྱི་མཐོང་བ་བྱུང་ན་སྙམ་པ་ལ་ བརྟེན་ནས། ཡབ་སྲས་ཀུན་འདུས་ཀྱི་མཆོད་རྟེན་ཆེ་བ་གཅིག་བཞེངས་ཅིང་བདོགས་ པས་བྱིན་གྱིས་བརློབ་པར་ཞུ་ཞིང༌། ཕྱོགས་ཐམས་ཅད་ནས་རྗེས་སུ་འཛིན་པར་ཞུ་ འཚལ། ཞུ་ཡིག་འབུལ་པའི་རྟེན་ཙམ་དུ་ཞྭ་ཡུག་ལེགས་པ་ཅིག་འབུལ་ཞིང༌། བདག་ གཞན་གྱི་རྒྱན་དུ་ཆོས་རྗེ་བྱང་སེམས་ཆེན་པོའི་རྣམ་ཐར་ཡང་འབུལ་ལགས། རྟ་ལོ་ཟླ་བ་ བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་བྲིས་ནས་ཕུལ་བའི་ཞུ་ཡིག་དགེ་ཞིང་བཀྲ་ཤིས་ པར་གྱུར་ཅིག། མངྒལཾ། བྷ་ཝན་ཏུ། (མ་དཔེ་ནི་དབུས་པར་གདོང་རྟགས་མེད་པ་གཅིག་དང༌། འཛམ་ཐང་པར་མ་ཡིན།) 8-1-459 ༄༅། །བླ་མ་དཀོན་མཆོག་རྒྱལ་མཚན་པའི་གཅུང་ པོ་རྡོ་རྗེ་དཔལ་ལ་ བསྐུར་བའི་སྤྲིང་ཡིག་མ་རིག་མུན་སེལ། {དེའི་གཅུང་པོ་རྡོ་རྗེ་རྒྱལ་མཚན་ལ་གདམས་པ།} 8-1-460 ༄༅། །བླ་མ་དཀོན་མཆོག་རྒྱལ་མཚན་པའི་གཅུང་པོ་རྡོ་རྗེ་དཔལ་ལ་ བསྐུར་བའི་སྤྲིང་ཡིག་མ་རིག་མུན་སེལ། {དེའི་གཅུང་པོ་རྡོ་རྗེ་རྒྱལ་མཚན་ལ་གདམས་པ།} ༄༅། །བླ་མ་དང་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །གང་གིས་འོད་ཟེར་ ཆ་ཡི་ཆ་ཤས་ཕྲ་མོ་ཡིས། །བསྐལ་པའི་མུན་པ་མུན་ནག་རབ་སེལ་ཉི་མས་ཀྱང༌། །གསལ་ བར་མ་ནུས་བདེ་གཤེགས་སྙིང་པོ་གསལ་མཛད་པ། །ཆོས་རྗེའི་གསུང་འོད་དྲི་མ་མེད་ལ་ ཕྱག་འཚལ་ལོ། །གང་ཐུགས་ལུང་དང་མངོན་པར་རྟོགས་པའི་དཔལ་མངའ་བ། །མི་ འགྱུར་མི་ཕྱེད་རྡོ་རྗེ་ལྟ་བུའི་དོན་གཟིགས་ནས། །ཟབ་ཅིང་རྒྱ་ཆེ་བསྟན་པའི་རྒྱལ་མཚན་ ལེགས་འཛིན་པའི། །བཤེས་གཉེན་མཆོག་སྟེ་སྐྱེ་དགུའི་དཔལ་དུ་བརྟན་གྱུར་ཅིག །ཅེས་ མངོན་པར་བསྟོད་ནས། སླར་ཡང་སྐྱེས་བུ་དམ་པ་དེ་ཉིད་ཀྱི་དྲུང་དུ། ཇོ་ནང་དཔལ་གྱི་ རི་ཁྲོད་ནས་ཞུ་བ། དྲུང་ནས་སྐུ་ཁམས་བཟང་ཞིང་འཆད་ཉན་དང༌། སྒོམ་སྒྲུབ་འཕེལ་ བའི་ཐད་ནས་ལྷུན་གྱིས་གྲུབ་པའི་འགྲོ་དོན་རབ་ཏུ་རྒྱས་ཤིང༌། འབུལ་འགྱེད་ཕུན་སུམ་ ཚོགས་པའི་གནང་སྦྱིན་གྱིས་ཐམས་ཅད་ཀྱི་བསམ་པ་ཚིམ་པར་མཛད་པས། འབྲེལ་ཡོད་ རྣམས་ཀྱི་སེམས་ལ་དགའ་བ་དང༌། སྤྲོ་བ་དབྱར་གྱི་ཆུ་མཚོ་ལྟར་ཤིན་ཏུ་འཕེལ་བར་ གྱུར་ལགས། འདི་ན་ཡང་ཆོས་རྗེ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་སྒོ་ གསུམ་ཐ་མལ་དུ་མི་ལུས་པར་མཆིས། སྐབས་ཀྱི་ཞུ་དོན་ལ། སྔར་ཡང་འཁོར་ལོ་སྒྱུར་ བའི་བློན་པོ་ཆེན་པོ་ལྟར། བླ་མ་དམ་པའི་ཐུགས་དགོངས་ཁྱད་པར་ཅན་རྣམས་ དགོངས་པ་གཅིག་པའི་སྒོ་ནས་བློ་མཐུན་གྲོས་གཅིག་ཏུ་མཛད་དེ། གོང་མའི་སྐུའི་རིམ་ གྲོ་བསྟན་པའི་བྱ་བ་ཟབ་ལམ་གྱི་སྦྱིན་པ། ཆོས་རྗེ་ཡབ་སྲས་རྣམས་ཀྱི་རྣམ་ཐར་མི་ ཉམས་ཤིང་འཕེལ་བར་མཛད་པ་སྟེ། མདོར་ན་བདག་གཞན་ལ་ཕན་པའི་ཀུན་ཏུ་སྤྱོད་ 8-1-461 པ་རྨད་དུ་བྱུང་ཞིང་རླབས་པོ་ཆེ་ལ་བརྩོན་པར་མཛད་པ་དེ་ཤིན་ཏུ་ཐུགས་ལ་བཏགས་ ཤིང༌། ཐུགས་རྗེས་བཟུང་བ་ལགས། ད་དུང་ཡང་སྐུ་ཁམས་བཟང་པོའི་རྟེན་འབྲེལ་ མཛད་ནས་སྔར་བཞིན་དུ་ཐུགས་ལ་འདོགས་པར་ཞུ། གཉིས་སྐྱེས་རྣམས་ཀྱིས་འདབ་མ་ གཉིས་པོ་ཡང༌། །ལུས་འདེགས་བྱ་བ་བསྒྲུབ་ལ་གཅིག་པ་ལྟར། ། ལུས་ཅན་འཁོར་བའི་ གནས་ནས་འདེགས་པ་ལ། །སྐུ་མཆེད་མཆོག་ཀྱང་སྔར་བཞིན་མཛད་དུ་གསོལ། །ཇི་ལྟར་ འཇིག་རྟེན་ཕ་མ་གཉིས་པོ་ཡང༌། །བུ་སྡུག་བྱམས་པས་སྐྱོང་ལ་གཅིག་པ་ལྟར། །དཔག་ ཡས་སྐྱེ་དགུ་བུ་བཞིན་སྐྱོང་བ་ལ། །སྐུ་མཆེད་མཆོག་ཀྱང་སྔར་བཞིན་མཛད་དུ་ གསོལ། །ཇི་ལྟར་སྐྱེས་བུའི་རྐང་པ་གཉིས་པོ་ཡང༌། །བགྲོད་བྱའི་གནས་སུ་བགྲོད་ལ་ གཅིག་པ་ལྟར། །རང་བཞིན་སྐུ་བཞིའི་གྲོང་དུ་བགྲོད་པ་ལ། །སྐུ་མཆེད་མཆོག་ཀྱང་སྔར་ བཞིན་མཛད་དུ་གསོལ། །ཁྱད་པར་དུ་བསམ་གཏན་ལ་བརྩོན་པའི་ཀུན་སྤངས་པ་ རྣམས་སྔར་བཞིན་དུ་བརྩེ་བ་ཆེན་པོའི་སྤྱན་རས་གྱིས་བཙའ་བར་གསོལ། ཞེས་ཆོས་རྗེ་ ཡབ་སྲས་སྤྲུལ་པའི་སྐུ་རྣམས་ཀྱི་ཐུགས་རྗེ་དང༌། འཕྲིན་ལས་ཀྱི་རྒྱུན་བསམ་གྱིས་མི་ཁྱབ་ པས་སྐུ་འབུམ་ལ་བརྟེན་ནས་ཀྱང༌། སེམས་ཅན་ཐམས་ཅད་གནས་སྐབས་སུ་མངོན་པར་ མཐོ་བ་དང༌། མཐར་ཐུག་ངེས་པར་ལེགས་པའི་གནས་ལ་དགོད་པའི་ཕྱིར་དང༌། ས་ གཞི་བྱིན་གྱིས་བརླབས་ནས། རྒྱལ་ཁམས་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་དང༌། གོང་མ་ཡོན་མཆོད་ཆེན་པོ་རྣམས་ཀྱི་ཡང༌། སྐུའི་རིམ་གྲོར་དམིགས་ནས། སྐུ་འབུམ་ཆེ་ བ་གཅིག་བཞེངས་ཀྱིན་བདོགས་པས་འདི་ལ་ཡང་དགེ་བའི་སྤྱན་གྱིས་གཟིགས་སུ་ གསོལ། ཞེས་ཞུ་ཡིག་འབུལ་བའི་རྟེན་ཙམ་དུ་ཞྭ་ཡུག་ལེགས་པ་གཅིག་འབུལ། རྟ་ལོ་ཟླ་ བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་བྲིས་ནས་ཕུལ་བའི་ཞུ་ཡིག་དགེ་ལེགས་སུ་གྱུར་ ཅིག །མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་དབུས་གཙང་པར་མ་དང༌། འཛམ་ཐང་པར་མ་ཡིན་གཉིས་ཡིན་ལ་ཅུང་ ཟད་རེ་མི་འདྲ་བ་ཡོད་པས་དབུས་པར་མ་གཙོ་བོར་བརྟེན་ཡོད།) 8-1-462 ༄༅། །ཆོས་རྗེ་རིན་པོ་ཆེས་བླ་མ་རྡོ་རྗེ་དཔལ་བ་ལ་ གང་དུ་བསྐུར་བའི་སྤྲིང་ཡིག 8-1-463 ༄༅། །ཆོས་རྗེ་རིན་པོ་ཆེས་བླ་མ་རྡོ་རྗེ་དཔལ་བ་ལ་ གང་དུ་བསྐུར་བའི་སྤྲིང་ཡིག ༄༅། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་བློའི་ལྗོན་ཤིང་བསླབ་ གསུམ་དག་པའི་ཡལ་འདབ་རྒྱས། །ཏིང་འཛིན་མི་རྟོག་འོད་གསལ་ཆེན་པོའི་མདངས་ རབ་གསལ། །འཕྲིན་ལས་འབྲས་མཆོག་དཔག་ཡས་སྐྱེ་དགུའི་ཉེར་འཚོར་འགྱུར། །ཐུགས་ རྗེའི་དྲི་བསིལ་ཉོན་མོངས་གདུང་བ་ཀུན་སེལ་མཆོད། །ཁྱེད་ཐུགས་རབ་ཟབ་རྡོ་རྗེ་ལྟ་ བུར་མི་ཤིགས་པ། །གཉིས་མེད་མི་འགྱུར་རྡོ་རྗེ་རྣལ་འབྱོར་རིན་པོ་ཆེ། །ཉེ་ལམ་མཐར་ ཐུག་རྡོ་རྗེ་ཐེག་པ་ངེས་པའི་དོན། །ཨེ་ཝཾ་ཡི་གེ་རྡོ་རྗེ་སེམས་དཔར་ལེགས་བསྒྲུབས་ ནས། །མཁྱེན་བརྩེའི་དཔལ་གྱིས་རང་གི་དོན་འབྱོར་ཞིང༌། །འཕྲིན་ལས་དཔལ་གྱིས་ གཞན་གྱི་དོན་མཛད་ལ། །འགྲོ་བའི་དཔལ་གྱུར་ཆེན་པོ་རྣམས་ཀྱི་གཙུག །ཁྱེད་ཞབས་ཆུ་ སྐྱེས་དཔལ་གྱིས་མཛེས་པར་གྱུར། །དེ་ལྟར་གང་གི་མཚན་བཟང་དོན་ལྡན་པ། །སྐྱེས་ མཆོག་དེ་ཡི་ཞབས་ལ་ཕྱག་འཚལ་ཞིང༌། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་འདེབས་ ཀྱིས། །བྱང་ཆུབ་བར་དུ་རྗེས་སུ་བཟུང་དུ་གསོལ། ། སླར་ཡང་སྐྱེས་བུ་དམ་པ་དེ་ཉིད་ཀྱི་དྲུང་དུ། རྒྱལ་ཁམས་པ་སྤྲང་པོ་ཤེས་རབ་རྒྱལ་ མཚན་གྱིས་ཞུ་བ། དྲུང་ནས་སྐུ་ཁམས་བཟང་ཞིང་ཐུགས་དམ་ཟབ་མོ་ལ་གཡེལ་བ་མི་ མངའ་བའི་ཐད་ནས། ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས་གདུལ་བྱ་དཔག་ཏུ་མེད་པ་ མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་གནས་ལ་བཀོད་ཅིང༌། ཁྱད་པར་ཟབ་ ལམ་གྱི་བསྟན་པ་དར་རྒྱས་སུ་མཛད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ཆེས་གསལ་ བར་མཛད་ནས། ཆོས་རྗེ་ཡབ་སྲས་སྤྲུལ་པའི་སྐུ་རྣམས་ཀྱི་རྣམ་ཐར་བཟང་པོ་བསྐྱང་ ཞིང༌། སྐྱོང་བ་ལ་བརྩོན་ཞེས་ཐོས་པས་སེམས་དགའ་ཞིང་ཤིན་ཏུ་ཐུགས་ལ་བཏགས། དེའི་ཐད་ནས་གསུངས་ཤོག་སྙན་པོ། གན་གོས་ཀྱི་གནང་སྦྱིན་བཟང་པོ་དང༌། མང་ཇའི་ 8-1-464 རྒྱུ་གོས་ཕྱི་ནང་བཟང་བ་དང་བཅས་པ་གནང་པ་རྣམས། སློབ་དཔོན་པ་ཞལ་རྣམ་པས་ ལེགས་པར་འཕྲོད་པས་དཔེ་མེད་པར་ཐུགས་ལ་བཏགས། འདི་ན་ཡང་ཆོས་རྗེ་ཡབ་སྲས་སྤྲུལ་པའི་སྐུ་རྣམས་ཀྱི་གསུང་རྒྱུན་དང༌། གདན་ས་ལ་ མོས་པ་བསྒོམ་ཞིང༌། ངེས་པའི་དོན་ལ་ཡིད་འཇུག་པར་མཆིས། སྐབས་ཀྱི་ཞུ་དོན་ལ། སྐུ་ཁམས་བཟང་བའི་རྟེན་འབྲེལ་མཛད་ནས། སེམས་ཅན་སྤྱི་དང་ བསྟན་པ་སྤྱིའི་དོན་ལྷག་པར་དགོངས་པ་དང༌། ཁྱད་པར་ངེས་དོན་གྱི་བསྟན་རྒྱུན་སྤེལ་ ནས། ཆོས་རྗེ་ཡབ་སྲས་སྤྲུལ་པའི་སྐུ་དེ་རྣམས་ཀྱི་ཐུགས་དགོངས་རྫོགས་པར་མཛད་པ་ དང༌། དེ་དག་གི་རྗེས་སུ་སློབ་མ་རྣམས་རྗེས་སུ་འཛིན་པ་ལ་སྔར་བཞིན་དུ་གཡེལ་བ་ མེད་པར་མཛད་དུ་གསོལ། ཞེས་ཞུ་ཡིག་འབུལ་བའི་རྟེན་ཙམ་དུ་འགྲོ་མགོན་འཕགས་པས་མཛད་པའི་བདུད་རྩི་ རིལ་བུ་དགུ་ཚན་གཅིག་འབུལ། རྟ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་ཕུལ་བ་ བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾ། (མ་དཔེ་ནི་དབུས་གཙང་པར་མ་དང༌། འཛམ་ཐང་པར་མ་ཡིན་གཉིས་ཡིན་ལ་ཅུང་ ཟད་རེ་མི་འདྲ་བ་ཡོད་པས་དབུས་པར་མ་གཙོ་བོར་བརྟེན་ཡོད།) 8-1-465 ༄༅། །ཞུ་ཡིག་འབུལ་བ་བཞུགས། 8-1-466 ༄༅། །ཞུ་ཡིག་འབུལ་བ་བཞུགས། ༄༅། །ཐོག་མ་ཉིད་དུ་རྫོགས་སངས་རྒྱས་ཀྱང་ད་དུང་རྒྱལ་བ་ཀུན་གྱི་སྲས། །སྲིད་པའི་སྐྱེ་ བ་སྔ་ནས་སྤངས་ཀྱང་ད་དུང་སྲིད་པའི་འཐིབས་པོར་འཇུག །འགྲོ་བ་ཀུན་གྱིས་གཉེན་ གཅིག་ཡིན་ཡང་བདུད་དང་གཤིན་རྗེ་རྣམས་ཀྱི་དགྲ། །བསམ་གྱིས་མི་ཁྱབ་བརྟགས་ པར་དཀའ་བ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་ཐུགས་མཁྱེན་བརྩེའི་དཀྱིལ་ འཁོར་རབ་རྒྱས་ཤིང༌། །ཡོན་ཏན་ཆ་ཤས་མ་ལུས་རྫོགས་པ་ཅན། །གཞན་ཕན་བསིལ་ ཟེར་འགྲོ་བའི་གདུང་བ་སེལ། །འགྲོ་ཀུན་དགའ་མཛད་ཁྱེད་ཞབས་གཙུག་གིས་བླང༌། ། ཞེས་མངོན་པར་བསྟོད་ནས། སླར་ཡང་སྐྱེས་བུ་དམ་པ་དེ་ཉིད་ཀྱི་དྲུང་དུ། ཇོ་ནང་ དཔལ་གྱི་རི་ཁྲོད་ནས་ཞུ་བ། དྲུང་ནས་སྐུ་ཁམས་བཟང་ཞིང་དགོངས་པ་ཟབ་མོ་ཆོས་ཀྱི་ དབྱིངས་ལས་གཡོ་བ་མེད་པའི་ངང་ནས། གདུལ་བྱ་དཔག་ཏུ་མེད་པ་རྣམས་ལ། དགེ་ བའི་རྩ་བ་མ་བསྐྱེད་པ་རྣམས་བསྐྱེད་པར་མཛད། བསྐྱེད་པ་རྣམས་ཡོངས་སུ་སྨིན་པར་ མཛད། སྨིན་པ་རྣམས་རྣམ་པར་གྲོལ་བར་མཛད་དེ། རྒྱལ་བ་གཉིས་པ་ལྟར་འགྲོ་དོན་ རྣམ་དག་ཆེས་ཆེར་འཕེལ་ཞིང་རྒྱས་སོ། །ཞེས་ཁུམས་པས་ཐུགས་ལ་བཏགས་ཤིང༌། དགའ་བ་དང༌། དང་བ་དང༌། ཡི་རང་བ་ཁྱད་པར་ཅན་སྙིང་ཐག་པ་ནས་སྐྱེ་བར་བྱུང་ ལགས། སླད་ནས་ཀྱང་སེམས་ཅན་སྡུག་བསྔལ་ཞིང་རྣམ་པར་འཐོམ་པ་རྣམས་ཀྱི་དོན་ ལ་དགོངས་ཏེ། སྐུ་མཆོག་རིང་དུ་གནས་པར་མཛད་ནས། ལམ་སྟོར་བ་རྣམས་ལ་ལམ་ཉེ་ བར་སྟོན་པའི་སླད་དུ། སྔར་བཞིན་བརྩོན་པ་ཆེན་པོ་མཛད་དུ་གསོལ་ཞིང༌། བདག་ཅག་ ཀྱང་བྱང་ཆུབ་ཀྱི་བར་དུ་རྗེས་སུ་བཟུང་དུ་གསོལ། ཞེས་ཞུ་ཡིག་འབུལ་བའི་རྟེན་ཙམ་དུ། བོ་དེ་ཙེའི་བགྲང་ཕྲེང་གཅིག་འབུལ། རྟ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་ ཕུལ་བའི་ཞུ་ཡིག་དགེ་བར་གྱུར་ཅིག །མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་དབུས་གཙང་ པར་མ་དང༌། འཛམ་ཐང་པར་མ་ཡིན་གཉིས་ཡིན་ལ་ཅུང་ཟད་རེ་མི་འདྲ་བ་ཡོད་པས་ 8-1-467 དབུས་པར་མ་གཙོ་བོར་བརྟེན་ཡོད།) 8-1-468 ༄༅། །ཆོས་རྗེ་རིན་པོ་ཆེས་དཔོན་མོ་དྷཱརྨ་ཤྲཱི་ལ་ གོང་དུ་བསྐུར་བ། 8-1-469 ༄༅། །ཆོས་རྗེ་རིན་པོ་ཆེས་དཔོན་མོ་དྷཱརྨ་ཤྲཱི་ལ་ གོང་དུ་བསྐུར་བ། ༄༅། །ན་མཿ ཤྲཱི་ཀཱ་ལ་ཙཀྲ་ཡེ། གང་གི་མཚན་ཙམ་ཐོས་པས་ཀྱང༌། །བསྐལ་སྟོང་བསགས་ པའི་སྡིག་འཇོམས་ཤིང༌། །སྲིད་དང་ཞི་བའི་རྒུད་སེལ་བ། །ཀུན་སྤངས་ཆོས་རྗེའི་ཞབས་ ལ་འདུད། །དེ་ཡི་ཐུགས་སྲས་དེ་དང་མཉམ། །དེ་དང་ཡོན་ཏན་དབྱེར་མེད་ ཅིང༌། །འཕྲིན་ལས་ཐ་དད་མི་མངའ་བ། །བྱང་སེམས་ཆེན་པོའི་ཞབས་ལ་འདུད། །དེ་ ལྟར་རྒྱལ་བའི་སྤྲུལ་སྐུ་མཆོག །ཞིང་འདིར་སྙིགས་དུས་གདུལ་བྱ་ཡི། །དཔལ་དུ་བྱོན་པ་ དེ་དག་དང༌། །དེ་སྲས་དམ་པ་ཀུན་ལ་འདུད། །རིགས་གཟུགས་འབྱོར་བའི་དཔལ་ལྡན་ མ། །དད་བརྩོན་མཆོག་ལྡན་བློ་ཆེན་མ། །དཔོན་མོ་ཆེན་མོ་དྷརྨཱ་ཤྲཱི། །དགེ་ལེགས་དཔལ་ གྱིས་འབྱོར་གྱུར་ཅིག ། སྙིགས་མའི་དུས་ཀྱི་རྡོ་རྗེ་འཆང༌། །ཀུན་སྤངས་ཆོས་རྗེ་ཡབ་སྲས་ ཀྱིས། །བྱིན་གྱིས་བརླབ་པའི་གྲུབ་ཐོབ་མ། །ཆོས་ཉིད་མངོན་དུ་མཛད་པ་དེའི། །སྙན་པ་ ཁྱོད་ཀྱིས་ཐོས་པ་ལས། །ཡོན་ཏན་རྗེས་སུ་དྲན་ཕྱིར་དང༌། །ལོངས་སྤྱོད་སྙིང་པོ་བླང་ཕྱིར་ དང༌། །རང་གཞན་དགེ་ལེགས་སྤེལ་བའི་ཕྱིར། །ཆབ་གསེར་སྲང་གང་བསྐུར་བ་ འདིར། །དགེ་བའི་བཤེས་གཉེན་རྣམ་པས་འཕྲོད། །འཕགས་མ་དེ་ཡི་གཟུགས་ཀྱི་སྐུ། །རྫུ་ འཕྲུལ་བྱིན་རླབས་ཐུགས་རྗེ་ཡི། །དགེ་མཚན་རྨད་དུ་བྱུང་བ་དང༌། །བཅས་ཏེ་ནམ་ མཁའི་འཇའ་བཞིན་ཡལ། །འོན་ཀྱང་དེ་ཡི་སྐུ་གདུང་རྣམས། །བཞུགས་པའི་མཆོད་རྟེན་ ཆེན་པོ་ལ། །ཁྱོད་ཀྱི་ཆབ་གསེར་ལེགས་བཏང་ནས། །གནས་སྐབས་མངོན་པར་མཐོ་བ་ དང༌། །མཐར་ཐུག་ཆོས་སྐུའི་རྟེན་འབྲེལ་བསྒྲིགས། །དེ་སླད་ཐུགས་དགོངས་ཡོངས་ རྫོགས་པས། །ཐུགས་ལ་དགྱེས་པ་བསྐྱེད་པར་ཞུ། །དེ་ལྟར་ཁྱེད་ཀྱི་དད་པ་དང༌། །ལྷག་ བསམ་རྣམ་པར་དག་པ་ཡིས། །དགོངས་སྤྱོད་ཟབ་མོ་དེ་འདྲ་བ། །བདག་ཀྱང་དགའ་ བས་ཡི་རང་ཞིང༌། །ཐུགས་ལ་བཏགས་སྙམ་སྤྲོ་བར་གྱུར། །སླར་ཡང་ཁྱེད་ལ་ཞུ་བ་ 8-1-470 ནི། །ཡོན་ཏན་བདུན་ལྡན་མི་ཡི་རྟེན། །དལ་དང་འབྱོར་བའི་ཆོས་ལྡན་པའི། །གོ་འཕང་ དམ་པ་དེ་ལྟ་བུའི། །ཕྱྭ་ཡིས་མ་བྱས་གནམ་གྱིས་མིན། །ཁ་རྗེས་མ་ཡིན་སྟེས་དབང་ མིན། །རྒྱུ་མེད་མ་ཡིན་བྱེད་པོ་མེད། །རང་གི་སྔོན་གྱི་ལེགས་བྱས་ལགས། །འདི་ལས་ དཔག་སྟེ་ཕ་རོལ་གྱི། །ཕུན་སུམ་ཚོགས་པ་ཅི་སྙེད་པ། །དེ་ཀུན་ད་ལྟར་བསྒྲུབ་དུས་ ཏེ། །གང་ཕྱིར་དལ་བ་རྙེད་དཀའ་ཞིང༌། །སངས་རྒྱས་འབྱུང་རྙེད་ཤིན་ཏུ་དཀའ། །བཤེས་ གཉེན་མཆོག་དང་མཇལ་དཀའ་ཞིང༌། །ཐུབ་བསྟན་ཡུན་རིང་གནས་པ་དཀའ། །ལོངས་ སྤྱོད་རྣམས་ཀྱང་སྤྲིན་ལྟར་གཡོ། །ཚེ་ཡང་གློག་བཞིན་མི་རྟག་ལ། །དགེ་སྡིག་འབྲས་བུ་མི་ བསླུ་བས། །ལུས་དང་ལོངས་སྤྱོད་སྙིང་པོ་མེད་ལ་སྙིང་པོ་བླངས། །རང་གི་སྲོག་བཞིན་ ཐམས་ཅད་གཅེས་པ་ཁོ་ནར་བསྲུང༌། །ཉེས་པའི་འབྱུང་གནས་རྣམ་གཡེང་མང་པོ་ཐག་ བསྲིང་སྟེ། །རྣམ་པར་མི་རྟོག་རང་བཞིན་འོད་གསལ་བདེ་བ་ཆེ། །མ་སྐྱེས་མི་འགག་ཟག་ པ་མེད་ཁྱབ་ཆོས་ཀྱི་དབྱིངས། །གཟུགས་མེད་གཟུགས་བཟང་ཟབ་ཅིང་རྒྱ་ཆེ་སྟོང་པའི་ གཟུགས། །ཆ་མེད་ཀུན་འགྲོ་ནམ་མཁའ་ལས་བྱུང་རང་བྱུང་བ། །བདེ་གཤེགས་སྙིང་པོ་ དང་པོའི་སངས་རྒྱས་ཡེ་ཤེས་སྐུ། །མཉམ་པར་བཞག་པའི་རྣལ་འབྱོར་མིག་གིས་མེ་ལོང་ པྲ་བཞིན་གཟིགས་པ་དང༌། །སེམས་ཅན་ཞིང་དང་རྒྱལ་བའི་ཞིང་ལ་དགེ་བའི་ས་བོན་ འདེབས་པ་དང༌། །དཔལ་གྱི་འབྱུང་གནས་དཔལ་གྱི་བླ་མ་གཙུག་གི་རྒྱན་དུ་མཛད་པ་ ལ། །སྔ་མཁོ་བཞིན་དུ་གཡེལ་བ་མེད་པར་མཛད་དུ་གསོལ་ཞེས་བསྐུལ་བའི་ཚིག །ལྐོག་ ཏུ་གྱུར་ཀྱང་མངོན་སུམ་བཞིན་དུ་དགའ་བའི་སེམས་ཀྱིས་རབ་དམིགས་ནས། །རིང་སར་ གནས་ཀྱང་ཉེ་བའི་སེམས་ཀྱིས་སྤོབས་པ་བསྐྱེད་ནས་ཞུ་བ་ལགས། །ཇི་ལྟར་ཆུ་ཀླུང་ཆུ་ བྲན་དུ་མ་རྒྱ་མཚོར་སྙོགས་ལ་མཚུངས་པ་ལྟར། །ལམ་བཟང་རིན་ཆེན་བསྒོམ་པ་རྣམས་ ཀྱང་ཆོས་སྐུའི་རྒྱ་མཚོར་ངེས་པར་འཇུག །དེ་སླད་དེ་ཚེ་ངེས་པར་མཇལ། །རེ་ཞིག་སོ་ སོར་གནས་ཀྱི་བར། །དགའ་བའི་འདུན་པས་མཇལ་བ་དང༌། །འདུན་པ་གཅིག་པའི་ བཀའ་མཆིད་ཞུ། །གནས་སྐབས་ཀུན་ཏུ་རྒྱལ་སྲས་མ། །དཔའ་མོ་ཁྱེད་སྐུ་བརྟན་པ་ དང༌། །ཆོས་ཀྱི་དཔལ་འབྱོར་འཕེལ་བ་དང༌། །ཚེ་རིང་ནད་མེད་ཕུན་ཚོགས་ཤོག ། 8-1-471 ཅེས་དཔོན་མོ་བྱང་ཆུབ་སེམས་མ་དྷརྨཱ་ཤྲཱིའི་དྲུང་དུ། ཇོ་ནང་དཔལ་གྱི་རི་ཁྲོད་ནས་ ཞུས་པ་སྟེ། མོས་གུས་ཀྱི་རྟེན་དུ་གྲུབ་ཐོབ་མ་དེ་ཉིད་ཀྱི་སྐུ་གདུང་གཅིག་འབུལ། ཞུ་ཡིག་ འབུལ་བའི་རྟེན་ཙམ་དུ་བུམ་ཆུའི་རིལ་བུ་དགུ་ཚན་གཅིག་འབུལ། རྟ་ལོ་ཟླ་བ་བཅུ་ གཉིས་པའི་ཚེས་བཅོ་བརྒྱད་ལ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། བྷ་ཝན་ཏུ། ཤུ་ བྷཾ། (མ་དཔེ་ནི་དབུས་གཙང་པར་མ་དང༌། འཛམ་ཐང་པར་མ་ཡིན་གཉིས་ཡིན་ལ་ཅུང་ ཟད་རེ་མི་འདྲ་བ་ཡོད་པས་དབུས་པར་མ་གཙོ་བོར་བརྟེན་ཡོད།) 8-1-472 ༄༅། །ཡར་འབྲོག་པ་དཔོན་མོ་ཁྱེ་འདྲེན་མགོན་ལ་ འཆི་ཁར་གདམས་པ་བཞུགས་སོ། ། 8-1-473 ༄༅། །ཡར་འབྲོག་པ་དཔོན་མོ་ཁྱེ་འདྲེན་མགོན་ལ་ འཆི་ཁར་གདམས་པ་བཞུགས་སོ། ། ༄༅། །ནམཿཤྲཱི་གུ་རུ་ཝེ། སེམས་ཀྱི་རང་བཞིན་འོད་གསལ་དེ། །འཆི་ཁར་མངོན་དུ་ འགྱུར་བ་ཡིན། །འོད་གསལ་བུ་ལ་གོམས་བྱས་ནས། །འཆི་ཁར་མངོན་དུ་འགྱུར་བ་ ཡིན། །དེ་ནི་རྣམ་པ་སྣ་ཚོགས་པ། །པྲ་ཕབ་བརྒྱད་དང་མཚུངས་པ་ཡིན། །དེ་ལ་བཟང་ ངན་གང་ཡང་མེད། །མཉམ་ཉིད་ངང་དུ་གཏད་དེ་བལྟ། །དེ་ལ་མ་ཡེངས་རྩེ་གཅིག་ ཏུ། །གནས་ན་དེ་ཡི་ངང་དུ་ཐིམ། །འཁྲུལ་སྣང་གང་ཡང་མི་འཆར་རོ། །རིག་པ་འོད་ གསལ་ངང་ལ་ཐིམ། །ལྷ་འདྲེ་མི་ཡི་རྣམ་པ་གང་ཤར་ཡང༌། །རང་བཞིན་འོད་གསལ་ རྣམ་པ་ཐམས་ཅད་པའི། །རྣམ་པ་སྣ་ཚོགས་རྣམ་པ་གང་ཤར་པ། །གནས་ན་དེ་ཡི་ངང་ དུ་ཐིམ། །འཁྲུལ་སྣང་གང་ཡང་མི་འཆར་ཡང༌། །རིག་པ་འོད་གསལ་ངང་ལ་ཐིམ། །ལྷ་ འདྲེ་མི་ཡི་རྣམ་པ་གང་ཤར་ཡང༌། །རང་བཞིན་འོད་གསལ་རྣམ་པ་ཐམས་ཅད་ པའི། །རྣམ་པ་སྣ་ཚོགས་རྣམ་པ་གང༌། །རྣམ་པ་དེ་ལ་གཏད་དེ་ལྟ་བ་ཙམ། །དགའ་དང་ མི་དགའ་བཟང་ངན་མི་ཕྱེད་པར། །ཐམས་ཅད་མཉམ་ཉིད་ངང་དུ་ལྷན་གྱིས་བཞག །བླ་ མ་དཀོན་མཆོག་མིན་པའི་རེ་ས་མ་མཆིས་སོ། །ཇི་མཛད་གང་མཛད་བླ་མ་དཀོན་མཆོག་ མཁྱེན། །མཐོ་གཏོང་དམའ་གཏོང་བླ་མ་དཀོན་མཆོག་མཁྱེན། །ཤི་མ་ཐག་ཏུ་རྫུས་ཏེ་སྐྱེ་ བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་རྫོགས་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་ བྱེད་པར་ཤོག །ཡི་གེ་གཟིགས་རྟེན་དུ་ངེད་རང་གོན་འཕྲོའི་ཞྭ་སེར་གཅིག །ཡར་ཕྱམ་ གཅིག ཅོག་ཙེ་གཅིག་རྣམས་བདོག །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། (མ་དཔེ་ནི་དབུས་གཙང་པར་མ་དང༌། འཛམ་ཐང་པར་མ་ཡིན་གཉིས་ཡིན་ལ་ཅུང་ ཟད་རེ་མི་འདྲ་བ་ཡོད་པས་དབུས་པར་མ་གཙོ་བོར་བརྟེན་ཡོད།) 8-1-474 ༄༅། །ཇོ་བོ་རི་པ་བླ་མ་དཀོན་མཆོག་མགོན་གྱི་ ཞུས་ལན་བཞུགས་སོ། ། 8-1-475 ༄༅། །ཇོ་བོ་རི་པ་བླ་མ་དཀོན་མཆོག་མགོན་གྱི་ ཞུས་ལན་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དྲི་མ་སྦྱང་བའི་གཞི་བདེ་བར་གཤེགས་ པའི་སྙིང་པོ་ལ་ཕྱག་འཚལ་ལོ། །དྲི་མ་སྦྱོང་བའི་ལམ་རྡོ་རྗེའི་རྣལ་འབྱོར་ལ་ཕྱག་འཚལ་ ལོ། །དྲི་མས་དག་པའི་གཞི་བྲལ་འབྲས་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །སྐྱེས་བུ་དམ་པ་ ཁྱེད་བསླབ་པ་རིན་པོ་ཆེ་གསུམ་གྱི་ནོར་གྱིས་ནི་ཕྱུག །རྣམ་པར་དག་པའི་ཐོས་བསམ་ གྱིས་ཆོས་རྣམས་ཀྱི་མཐའ་ནི་ཆོད། ཞི་གནས་ལྷག་མཐོང་ཟུང་འཇུག་གི་སྟོང་ཉིད་ཟབ་ མོའི་དོན་ནི་གཟིགས། མ་རྟོགས་པའི་སེམས་ཅན་རྣམས་ལ་བུ་གཅིག་བུ་གཅེས་པ་ལྟ་ བུར་ནི་དགོངས། འདོད་ཡོན་ཟང་ཟིང་རྣམ་གཡེང་གི་ཚོགས་ལ་དུག་དང་ཚེར་མ་ལྟ་ བུར་ཉེ་བར་གཟིགས། བླ་མ་རྣམས་དང་དཀོན་མཆོག་རྟེན་གསུམ་དང་བཅས་པ་ནི་ རིགས་ཀྱི་བདག་པོ་ལྟར་ཅོད་པན་དུ་ནི་འཛིན། ཁམས་གསུམ་སྣང་གྲགས་འདི་དག་ནི་ རྨི་ལམ་སྒྱུ་མ་ལྟ་བུར་ཐུགས་སུ་ཆུད། སྡོམ་གསུམ་རྣམ་པར་དག་པ་ལ་ནི། སྤྱན་གྱི་འབྲས་ བུ་ལ་བྱ་བ་ལྟར་དུ་གཅེས་སྤྲས་སུ་མཛད། གདུལ་བྱ་སྣོད་དུ་གྱུར་པ་རྣམས་ལ་ནི་སྣོད་ དང་འཚམ་པར་ཆོས་དང་ཟང་ཟིང་ལ་སོགས་པས་ཕན་འདོགས་པར་མཛད། སེམས་ ཅན་མགོན་མེད་པ་རྣམས་ལ་ནི་འདི་དང་གཞན་དུ་བདེ་བ་དང་ཕན་པར་འགྱུར་བའི་ ཐབས་སྣ་ཚོགས་མཛད། དེ་ལྟར་རང་གཞན་གྱི་དོན་ཆེན་པོ་བསྒྲུབ་པ་ལ་ནི་མགོ་འམ་ གོས་ལ་མེ་ཤོར་བ་ལ་བྱ་བ་ལྟར་གཡེལ་བ་མིན་མངའ་བའི་ཐད་ནས། བླ་མ་གོང་མའི་སྐུ་ འདྲ་དང་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཆོད་རྟེན་ཆེན་ པོ་ལ་འབུལ་བ་བཟང་ཞིང་ཕུན་སུམ་ཚོགས་པ་གསུང་ཡིག་དང་བཅས་ཏེ། གསུང་ལན་ བཞིན་དུ་བསྐུར་བ་དགེ་བའི་བཤེས་གཉེན་པ་རྣམ་པས་ཇི་ལྟ་བཞིན་ལམ་དུ་བར་ཆད་ མེད་པར་འདིར་ལེགས་པར་འཕྲོད་པས་ཐུགས་ལ་བཏགས་ཤིང་ཤིན་ཏུ་ངོ་མཚར་ཆེ་ལ་ 8-1-476 རྗེས་སུ་ཡི་རང་བ་ལགས། ཐུགས་དགོངས་བཞིན་དུ་དགེ་བ་རྣམ་དག་དམིགས་སུ་འགྲོ་ ཞིང་བསོད་ནམས་ཀྱི་རྒྱུན་རིང་འབྱུང་བའི་བྱེད་ཕྱོགས་བགྱིད་པ་ལགས། གསུང་ཡིག་གཉིས་པ་དེའི་ལན་ལ། བདེ་གཤེགས་སྙིང་པོ་ནི་རང་བྱུང་ཡེ་ཤེས་ཡིན་གྱི། གཞན་འབྱུང་རྣམ་ཤེས་མ་ཡིན་ཞིང༌། ཆོས་ཉིད་དོན་དམ་ཡིན་གྱི། ཆོས་ཅན་ཀུན་རྫོབ་ མ་ཡིན་ལ་དྲི་མ་སྦྱང་གཞི་ཡིན་གྱི་སྦྱང་བྱའི་དྲི་མ་མ་ཡིན་པས། སེམས་དང་ཡིད་དང་ རྣམ་ཤེས་ཀྱི་གསལ་བྱའམ་འཆར་ཚུལ་ཐམས་ཅད་གཞན་དབང་ཡིན་གྱི་ཡོངས་གྲུབ་མ་ ཡིན་ལ། ཁམས་གསུམ་པར་གཏོགས་ཀྱི་ཁམས་གསུམ་ལས་གདོད་ནས་རང་བཞིན་གྱིས་ འདས་པ་མ་ཡིན་ཞིང༌། རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཡིན་གྱི་རྟེན་འབྲེལ་ལས་འདས་པ་ མ་ཡིན་པས་བདེ་གཤེགས་སྙིང་པོ་མ་ལགས་སོ། །རང་བཞིན་འོད་གསལ་ནི་སེམས་རང་ བཞིན་པའམ། གཉུག་མའི་སེམས་དེ་ཡོད་པའི་སེམས་དང་དོན་དམ་པའི་སེམས་ སོ། །རྣམ་ཤེས་ཀྱི་སེམས་གང་ཡིན་པ་ནི་བཅོས་མ་གློ་བུར་བའི་སེམས་དེ་གནས་ལུགས་ ལ་མེད་པའི་སེམས་དང་ཀུན་རྫོབ་པའི་སེམས་སོ། །དེ་ལྟར་དེ་དག་རིམ་པ་བཞིན་དུ་ བདེ་གཤེགས་སྙིང་པོ་དང་གློ་བུར་དྲི་མ་སྟེ་ནོར་བུ་འདམ་གྱིས་གཡོགས་པ་དང༌། བུམ་ ནང་མར་མེ་ལ་སོགས་པའི་དཔེ་རྣམས་ཀྱིས་གསལ་བར་གསུངས་པ་རྣམས་སྔར་ཐུགས་ ལ་གསལ། རང་བཞིན་འོད་གསལ་དེ་མངོན་དུ་གྱུར་པའི་ཤེས་པ་རྟོག་མེད་ལམ་གྱི་ཡེ་ ཤེས་ནི་འོད་གསལ་འཆར་བ་དང༌། ཟུང་དུ་འབྲེལ་ཡང་འོད་གསལ་དང་ངོ་བོ་གཅིག་པ་ ནི་མ་ཡིན་ཏེ། ལམ་བདེན་འདུས་བྱས་ཀུན་རྫོབ་དང༌། འགོག་བདེན་འདུས་མ་བྱས་དོན་ དམ་གྱི་ཁྱད་པར་ཡོད་པའི་ཕྱིར་རོ། །དེས་ན་ལམ་བདེན་གྱིས་འགོག་བདེན་མཐོང་བ་ནི། ཡུལ་དང་ཡུལ་ཅན་ཐ་དད་པའི་ཚུལ་གྱིས་ཡིན་པས། འགོག་བདེན་གྱིས་འགོག་བདེན་ མཐོང་བ་ནི་ཐ་མི་དད་པའི་ཚུལ་གྱིས་ཡིན་ཞིང༌། ཡུལ་ཅན་དེ་གཉིས་ཀ་ཡེ་ཤེས་སུ་འདྲ་ ཡང་འདུས་བྱས་འདུས་མ་བྱས་ཀྱི་སྒོ་ནས་མི་འདྲ་ལ། སྐད་ཅིག་མ་དང་དེ་ལས་འདས་ པའི་སྒོ་ནས་ཀྱང་མི་འདྲ་ཞིང༌། གཞན་བྱུང་དང་རང་བྱུང་གི་སྒོ་ནས་ཀྱང་མི་འདྲའོ། །དེ་ ལ་འགོག་བདེན་འོད་གསལ་ཉིད་རང་གིས་རང་རིག་པའི་ཡེ་ཤེས་ནི་ཇི་ལྟ་བ་དང་ཇི་ 8-1-477 སྙེད་པའི་ཆོས་མ་ལུས་པ་གཟིགས་པའི་ཀུན་མཁྱེན་ཡེ་ཤེས་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་ སྐད་ཅིག་དང་རྟེན་འབྲེལ་ལས་འདས་པ་ཡོངས་གྲུབ་སྟེ། ཆོས་ཀྱི་དབྱིངས་དང་དབྱེར་ མེད་པའོ། །དེའི་ཕྱིར་དབྱིངས་དང་ཡེ་ཤེས་དང་དབྱེར་མེད་རོ་གཅིག་པའི་རང་བཞིན་ འོད་གསལ་ནི་སེམས་རྣམ་ཤེས་ཀྱི་གསལ་ཆ་ལ་འཆར་ཚུལ་ཡང་མ་ཡིན་ལ། དེས་དེ་ མཐོང་བ་ཡང་མི་སྲིད་པར་གསུངས་སོ། །དེ་ལྟར་ན་ཡང་སློབ་ལམ་ལ་གནས་པའི་གང་ ཟག་གིས་རང་བཞིན་འོད་གསལ་མཐོང་བ་ནི་ལམ་གྱི་ཡེ་ཤེས་ཀྱི་མཐོང་བ་ཡིན་གྱི་རྣམ་ ཤེས་ཀྱིས་ནི་མ་ཡིན་ཞེས་བྱེ་བྲག་ཕྱེད་པར་བྱ་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། གདོད་ནས་ དྲི་མ་རང་བཞིན་གྱིས་འགགས་པའི་འགོག་བདེན་ནི་གློ་བུར་དྲི་མ་སྦྱང་བའི་གཞི་ཡིན་ པས་བདེ་གཤེགས་སྙིང་པོ་ཡིན་ལ། རྣམ་ཤེས་ལས་མ་འདས་པའི་སྡུག་བསྔལ་ཀུན་ འབྱུང་ནི་སྦྱང་བྱ་དྲི་མ་ཡིན་པས་ངེས་པར་སྦྱང་དགོས་ཤིང༌། ལམ་བདེན་ནི་དྲི་མ་སྦྱོང་ བྱེད་གཉེན་པོ་ཡིན་པས་བསྒོམ་དགོས་ཏེ། ནམ་མཁའ་ལ་གནས་པའི་སྤྲིན་ཚོགས་འཐོར་ བར་བྱེད་པ་ལ་རླུང་གི་ཤུགས་བཞིན་ནོ། །མིང་གི་རྣམ་གྲངས་ནི་ཆོས་ཉིད་དང༌། ཆོས་ཀྱི་ དབྱིངས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ཀྱི་སྐྱོན་མེད་པ་ཉིད་དང༌། དེ་ བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པའི་དེ་བཞིན་ཉིད་ དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། མ་སྐྱེས་ཤིང་ མ་འགགས་ལ་བཟོད་མ་ནས་ཞི་བའི་དབྱིངས་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ ལས་འདས་པ་དང༌། གཙང་བདག་བདེ་དང་རྟག་པ་མཐར་ཐུག་པའི་དབྱིངས་དང༌། རང་བཞིན་གྱི་རིགས་དང༌། གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཡུམ་ཆེན་མོ་དང༌། ཕྱག་རྒྱ་ ཆེན་པོ་དང༌། ངོ་བོ་ཉིད་ཀྱི་སྐུའམ་རང་བཞིན་པའི་སྐུ་དང༌། ཆོས་ཀྱི་སྐུ་དང༌། ལྷན་ཅིག་ སྐྱེས་པའི་དགའ་བ་དང༌། རྣམ་མཁྱེན་གྱི་ཡེ་ཤེས་དང༌། རང་བྱུང་གི་ཡེ་ཤེས་དང༌། དང་ པོའི་སངས་རྒྱས་དང༌། གདོད་ནས་གྲོལ་བའི་སངས་རྒྱས་དང༌། སངས་རྒྱས་ཀུན་བས་ སྔར་སངས་རྒྱས་དང༌། ནམ་མཁའ་རང་བཞིན་གདོད་ནས་རྣམ་གྲོལ་ཐུགས་དང༌། ཨ་ ཡིག་དང༌། ཆོས་འབྱུང་དང༌། གྲུ་གསུམ་དང༌། ཐིག་ལེ་དང༌། དེ་ཁོ་ན་ཉིད་དང༌། ཨེ་ཝཾ་ 8-1-478 དང༌། ཨ་ཧཾ་དང༌། ཧཾ་ཀྵ་དང༌། ཨཱ་ལི་ཀཱ་ལི་དང༌། བྷ་ག་དང༌། གསང་བ་དང༌། གསང་ ཆེན་དང༌། མཁའ་ཁམས་དང༌། སེང་གེའི་ཁྲི་དང༌། བདེ་བ་ཅན་དང༌། བདེ་བའི་གནས་ དང༌། བདེ་བའི་གཞི་དང༌། ཀུན་གྱི་བདག་ཉིད་དང༌། སངས་རྒྱས་ཐམས་ཅད་དང༌། མཉམ་པར་སྦྱོར་བ་དང༌། ལྷན་ཅིག་སྐྱེས་སྦྱོར་དང༌། སྲིད་གསུམ་གཞན་དང༌། སྲིད་ གསུམ་ཀུན་ནས་དང་བ་དང༌། སྲིད་གསུམ་སྐྱེ་འཇིག་མེད་པ་དང༌། ཁམས་གསུམ་གཞན་ དང༌། འཁོར་འདས་དབྱེར་མེད་དང༌། བདེན་གཉིས་དབྱེར་མེད་དང༌། སྲིད་པ་ལས་ འདས་པའི་སྲིད་པ་དང༌། དམ་པའི་སྲིད་པ་དང༌། ངོ་བོ་ཉིད་དང་དག་པའི་སྲིད་པ་ དང༌། རང་བཞིན་གྱིས་དག་པའི་སེམས་དང༌། ཡོད་པའི་སེམས་དང༌། ཡོད་པའི་དགེ་བ་ མ་བྱས་པའི་དགེ་བ་དང༌། དོན་དམ་པའི་དགེ་བ་དང༌། འདུས་མ་བྱས་ཀྱི་དགེ་བ་དང༌། སངས་རྒྱས་ཀྱི་རང་བཞིན་ནམ། རང་བཞིན་གྱིས་སངས་རྒྱས་དང༌། ཤྲི་ཡིག་དང༌། ཧེ་རུ་ ཀ་དང༌། དུས་ཀྱི་འཁོར་ལོ་དང༌། འཁོར་ལོ་སྡོམ་པ་དང༌། ཀྱེའི་རྡོ་རྗེ་དང༌། གསང་བ་ འདུས་པ་དང༌། སྒྱུ་འཕྲུལ་དྲྭ་བ་དང༌། མཧཱ་མ་ཡ་དང༌། རྡོ་རྗེ་གདན་བཞི་དང༌། རྡོ་རྗེ་ཧཱུཾ་ མཛད་དང༌། རྡོ་རྗེ་རྩེ་མོ་དང༌། རྡོ་རྗེ་རྣམ་འཇོམས་དང༌། རྡོ་རྗེ་བདུད་རྩི་དང༌། རྡོ་རྗེ་ པད་མ་དང༌། རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་མཁའ་འགྲོ་དང༌། སངས་རྒྱས་མཁའ་ འགྲོ་དང༌། རིན་ཆེན་མཁའ་འགྲོ་དང༌། པད་མ་མཁའ་འགྲོ་དང༌། སྣ་ཚོགས་མཁའ་འགྲོ་ དང༌། ཡེ་ཤེས་མཁའ་འགྲོ་དང༌། མཁའ་འགྲོ་རྒྱ་མཚོ་དང༌། སངས་རྒྱས་ཐོད་པ་དང༌། རྡོ་ རྗེ་སྒྲོལ་མ་དང༌། རྡོ་རྗེ་ཕག་མོ་དང༌། རྡོ་རྗེ་རྣལ་འབྱོར་དང༌། རྡོ་རྗེ་བདག་མེད་མ་དང༌། སྣ་ཚོགས་ཡུམ་དང༌། སྣ་ཚོགས་བདེ་བ་དང༌། སྣ་ཚོགས་གཟུགས་ཅན་མ་དང༌། གཽ་རི་མ་ ལ་སོགས་བརྒྱད་དང༌། རྡོ་རྗེ་མ་དང༌། ཀར་མོ་མ་དང༌། ཆུ་ལྷ་ལ་སོགས་པ་དང༌། གདོད་ ནས་རང་བཞིན་གྱི་རྣམ་པར་དག་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཐམས་ ཅད་དོན་དམ་གྱི་ལྷ་ཐམས་ཅད་དང༌། རྒྱུད་ཐམས་ཅད་དང༌། ཕྱག་རྒྱ་ཐམས་ཅད་དང༌། དཀྱིལ་འཁོར་ཐམས་ཅད་དེ་ཟབ་མོའི་དོན་གཅིག་ཉིད་མིང་ཚིག་ཡི་གེའི་རྣམ་པ་མང་ པོ་དང༌། ཆོས་ཤིན་ཏུ་མང་བ་རྣམས་ཀྱིས་གསུངས་པའི་རྒྱུད་སྡེ་རིན་པོ་ཆེ་རྣམ་པར་ 8-1-479 དག་པ་རྣམས་ན་གསལ་བར་བཞུགས་ལ། ཁྱད་པར་དུ་དོན་དམ་པའི་མཚན་ཡང་དག་ པར་བརྗོད་པར། འཇམ་དཔལ་དང༌། ཡེ་ཤེས་སེམས་དཔའ་དང༌། ཡེ་ཤེས་སྐུ་སྟེ་རང་ བྱུང་བ་དང༌། རྡོ་རྗེ་རྣོན་པོ་དང༌། སྡུག་བསྔལ་གཅོད་པ་དང༌། ཤེས་རབ་ཡེ་ཤེས་དང༌། ཡེ་ཤེས་སྐུ་ཅན་དང༌། གསུང་གི་དབང་ཕྱུག་དང༌། ཨ་ར་པ་ཙ་ན་དང༌། ཨ་ལས་བྱུང་ བའི་སངས་རྒྱས་དང༌། དོན་ཆེན་འགྱུར་མེད་དམ་པ་དང༌། སྲོག་ཆེན་པོ་དང༌། འདོད་ ཆགས་ཆེན་པོ་ལ་སོགས་པ་ཉོན་མོངས་ཆེན་པོ་དང༌། དཀྱིལ་འཁོར་ཆེན་པོ་ཡངས་པ་ དང༌། རིགས་ཆེན་པོ་ལ་སོགས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱེད་ལ་འདུད། ཅེས་པའི་མཐར་ ཐུག་པས་གཞི་འབྲས་ངོ་བོ་དབྱེར་མེད་དོན་དམ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་ ཉིད་མཚན་གྱི་རྣམ་གྲངས་ཤིན་ཏུ་མང་པོས་ཡང་དག་པར་བརྗོད་དེ། དེའི་ཕྱིར་དོན་ དམ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་བྱའོ། །དེ་ལྟ་བས་ན་ཟབ་མོ་མཐའ་ཐུག་ གི་གཞི་འབྲས་ངོ་བོ་དབྱེར་མེད་སྟོན་པའི་མིང་ཇི་སྙེད་གསུངས་པ། ཐམས་ཅད་བདེ་ གཤེགས་སྙིང་པོའི་རྣམ་གྲངས་སུ་དོན་ལ་གནས་པར་གདའོ། །དེ་ལ་ཟབ་མོ་མཐར་ཐུག་ གི་གཞི་འབྲས་ངོ་བོ་ཇི་ལྟར་གཅིག་ན་དེ་གཉི་ག་དོན་དམ་ཆོས་ཉིད་ཀྱི་དབྱིངས་ཉིད་ ཡིན་པའི་ཕྱིར་དང༌། དེ་ཡང་ངོ་བོ་ཐ་དད་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་གཞི་ དང་འབྲས་བུར་འཇོག་པ་མི་འགལ་ཏེ། དབྱིངས་རང་བཞིན་རྣམ་དག་དེ་ཉིད་གང་ ཟག་འགའ་ཞིག་ལ་གློ་བུར་དྲི་བཅས་དང༌། འགའ་ཞིག་ལ་དྲི་བྲལ་དུ་བཞུགས་པའི་ཕྱིར་ རོ། །དེས་ན་རང་བཞིན་རྣམ་དག་དོན་དམ་གྱི་དབྱིངས་ན། མཁའ་ཁྱབ་དེ་ཉིད་གང་ ཟག་ལ་དག་པ་གཅིག་ལྡན་དུ་བཞུགས་པ་ལ་གཞི་དང༌། དག་པ་གཉིས་ལྡན་དུ་བཞུགས་ པ་ལ་འབྲས་བུར་གསུངས་ཏེ་བྲལ་འབྲས་སོ། །འདིར་གནས་གྱུར་གྱི་དོན་ཡང་ངོ་བོ་ཉིད་ མི་འགྱུར་བར་གློ་བུར་བའི་དྲི་བཅས་དྲི་མེད་དུ་གྱུར་པ་ལ་གསུངས་ཏེ། ནམ་མཁའ་སྤྲིན་ དང་བཅས་པ་ལས་སྤྲིན་མེད་པར་གྱུར་པ་ལྟ་བུའོ། །དེ་ཡང་གང་ཟག་རེ་རེའི་དབང་དུ་ བྱས་ནས་དང་པོ་དྲི་བཅས་ཁོ་ན་དང༌། བར་དུ་དྲི་མས་དག་མ་དག་པ་གཉིས་ལྡན་དང༌། མཐར་ཐུག་དྲི་མ་ཐམས་ཅད་ཀྱིས་དག་པ་ལ་གཞི་དང་ལམ་དང་འབྲས་བུའི་གནས་ 8-1-480 སྐབས་ཞེས་ཆོས་ཀྱི་སྐུ་གཅིག་ཉིད་གནས་སྐབས་གསུམ་དུ་གསུངས་པ་དང༌། སངས་རྒྱས་ ཐོབ་པ་དང་མ་ཐོབ་པའི་གང་ཟག་དག་གི་དབང་དུ་བྱས་ན་རང་བཞིན་རྣམ་དག་དོན་ དམ་གྱི་དབྱིངས་དེ་ཉིད་དྲི་བཅས་ཀྱང་ཡིན་ལ་དྲི་བྲལ་ཡང་ཡིན་ཏེ། སྤྲིན་ཚོགས་ཡོད་ མེད་ཀྱི་ཡུལ་ལ་ཁྱབ་པའི་ནམ་མཁའ་གཅིག་ཉིད་སྤྲིན་ཡོད་པ་ཡང་ཡིན་པ་ལ་མེད་པ་ ཡང་ཡིན་པ་ཇི་ལྟ་བ་བཞིན་ནོ། །དེ་ལྟ་བས་ན་སྤྲིན་ཡོད་མེད་ཀྱི་ནམ་མཁའ་ལ་ངོ་བོ་ཐ་ དད་མེད་པ་ཇི་ལྟ་བ་བཞིན་དུ། གློ་བུར་དྲི་མ་ཡོད་མེད་དེ་བཞིན་ཉིད་ལ་ཡང་ངོ་བོ་ཐ་ དད་མེད་པས་གཞི་འབྲས་ངོ་བོ་ཐ་མི་དད་པའི་དོན་ནི་དེ་ཡིན་ནོ། །དེའི་ཕྱིར་གཞི་ འབྲས་ངོ་བོ་དབྱེར་མེད་ཀྱི་དོན་དེ། བདེ་གཤེགས་སྙིང་པོ་གཅིག་ཉིད་ལ་མིང་གི་རྣམ་ གྲངས་ཤིན་ཏུ་མང་བར་གསུངས་ཀྱང་དོན་གྱི་ངོ་བོ་ཐ་དད་པ་བཙལ་དུ་མི་བཏུབ་སྟེ། དུ་མ་རོ་གཅིག་པའི་ཕྱིར་རོ། །དེ་ལྟར་མཐར་ཐུག་གི་སངས་རྒྱས་ཆོས་སྐུ་བདེ་གཤེགས་ སྙིང་པོ་དེ་རང་ཆས་སུ་བཞུགས་ཀྱང་མ་ཐོབ་པ་ནི་གློ་བུར་དྲི་མ་ལན་ཅིང༌། དེའི་རྩ་བ་ ཡང་དབུགས་རྒྱུ་བ་འདི་ཡིན་པས་འདི་མ་འགགས་པར་རྣམ་ཤེས་འགག་མི་སྲིད་ལ། དེ་ མ་འགགས་པར་ཡེ་བཞུགས་ཀྱི་སངས་རྒྱས་ཐོབ་མི་སྲིད་པའི་ཕྱིར། རླུང་སེམས་ལྷན་ཅིག་ ཏུ་ངང་གིས་འགགས་པའི་རྣལ་འབྱོར་ཟབ་མོ་གང་ཡིན་པ་ནི་མེད་ཁ་མེད་དུ་གསུངས་ ནའང༌། བསོད་ནམས་བསགས་ཕུལ་ཆུང་བ་རྣམས་ལ་དེའི་སྐལ་བ་མེད་པས་བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་དགོས་ཏེ། རླུང་སེམས་འཕོ་བའི་བག་ཆགས་ཀྱི་ རྒྱུན་འགག་པ་དང༌། འཕོ་མེད་བདེ་སྟོང་འོད་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ འཆར་བ་དུས་མཉམ་ཞིང་གནད་གཅིག་པའི་སྤངས་པ་དང་རྟོགས་པ་ཟུང་འཇུག་རྡོ་ རྗེའི་རྣལ་འབྱོར་རམ་ཤིན་ཏུ་རྣལ་འབྱོར་ཕྱག་རྒྱ་ཆེན་པོ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་རྣལ་འབྱོར་བླ་གབ་ལ་ཉིན་མཚན་དུ་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཕུན་ སུམ་ཚོགས་པའི་ཡོན་ཏན་གྱི་ཆེ་བ་དཀོན་མཆོག་མཁའ་ཁྱབ་རྟེན་གསུམ་དང་བཅས་པ་ ལ་དད་གུས་ཆེན་པོས་བརྩོན་འགྲུས་བཀུར་སྟི་བྱེད་པ་དང༌། བདུད་དང་ཉོན་མོངས་ པའི་དབང་དུ་སོང་བའི་ཕ་མ་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་མཁའ་ཁྱབ་ལ་ 8-1-481 བྱམས་སྙིང་རྗེ་ཡང་མཁའ་ཁྱབ་ཀྱིས་ཕན་འདོགས་པ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ ཏེ། དེ་ལྟར་ཞིང་གཉིས་ལ་བརྟེན་ནས་ལུས་དང་ངག་དང་ཡིད་དང༌། ལོངས་སྤྱོད་དང་ ས་རྡོ་དང་ཆུ་ཤིང་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་དགེ་ཕྱོགས་སུ་བཀོལ་བ་ གང་ཡིན་པ་ཐམས་ཅད་དོ། །དེ་དག་གང་གིས་གང་བསྒྲུབ་ནི། གང་ཟག་གི་དབང་གིས་ ཅི་རིགས་པར་མངོན་ཏེ། ཏིང་ངེ་འཛིན་ཟབ་མོ་ལ་མཉམ་རྗེས་མེད་པར་འཁོར་ཡུག་ཏུ་ འབྱམ་ན་རེ་ཞིག་དེ་ཉིད་གཙོ་བོར་བྱས་ནས་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་ ཅིང༌། རང་ཉིད་འཇིགས་པ་མེད་པར་གྱུར་ནས་མཐའ་ཡས་པའི་སེམས་ཅན་སྨིན་པར་ བྱེད་པ་དང་ཞིང་ཡོངས་སུ་སྦྱོང་བ་དང༌། སྨོན་ལམ་ཐབས་ཆེན་བསྒྲུབ་པ་ལ་གཙོ་བོར་ བྱའོ། །མཉམ་བཞག་ལ་འཁོར་ཡུག་ཏུ་གནས་པར་མི་ནུས་ན་རྗེས་ཐོབ་ཏུ་བསོད་ནམས་ ཀྱི་ཚོགས་སྤེལ་བའམ། དེ་ཡང་མི་ནུས་ན་བསོད་ནམས་ཀྱི་ཚོགས་ལ་གཙོ་བོར་བྱེད་ པའམ། དེ་ཡང་མི་ནུས་ན་དགེ་བ་སྣ་གཅིག་ཙམ་ཡང་བྱ་ཞིང་དེ་དག་གི་ཡང་སྐལ་བ་ མེད་པ་རྣམས་ལ་ཐར་པའི་ས་བོན་གདབ་པ་ཙམ་ངེས་པར་བགྱིད་འཚལ་ཏེ། སྔར་དུ་ ལེགས་པར་དགོངས་ཤིང་ཕྱག་ལེན་ལ་འདེབས་བཞིན་པ་དེ་རང་ལགས། དེ་ལྟ་བས་ན་ཚོགས་གཉིས་སུ་གཏོགས་པ་ཐམས་ཅད། སྤྱིར་སངས་རྒྱས་ཐོབ་པར་བྱེད་ པ་ལ་མེད་ཁ་མེད་ལགས་ནའང༌། ལས་དང་པོ་པ་ལ་སོགས་པ་གང་ཟག་འགའ་ཞིག་ གིས་ད་ལྟ་ཐམས་ཅད་བསྒྲུབ་པར་མི་ནུས་པས། ད་ལྟ་ནས་བཟུང་སྟེ་མ་འོངས་པ་ནའང་ རིམ་གྱིས་དགེ་བའི་སྟོབས་འཕེལ་བ་དང༌། ཆེར་འཕེལ་བ་དང༌། ཤིན་ཏུ་ཆེས་ཆེར་ འཕེལ་ཞིང་རྒྱས་པར་འགྱུར་བའི་རྟེན་འབྲེལ་སྨོན་ལམ་རྣམ་དག་རྟེན་དང་བཅས་པ་ལ་ འབད་འཚལ། ཡོད་ན་གྲོགས་སུ་འགྱུར་ལ་མེད་ཀྱང་བཏུབ་ཙམ་གྱི་ཆོས་ནི་ཇི་འདྲ་ ལགས་ཞེས་གསུངས་པའི་ཕྱོགས་ལའང༌། གང་ཟག་གི་དབང་གིས་ཅི་རིགས་པ་མངོན་ཏེ། འགའ་ཞིག་ལ་རྩིས་དང་དབྱངས་དང་གར་སྟབས་དང་ཕྱག་རྒྱའི་འཆིང་གྲོལ་དང་རྡོ་རྗེ་ དྲིལ་བུ་སྟབས་ལ་སོགས་པ་དང༌། སྒྲ་དང་སྙན་ངག་ལ་སོགས་པ་དོན་དུ་འགྱུར་ཡང་ འགའ་ཞིག་ལ་མི་འགྱུར་བ་ལྟ་བུ་སྟེ། ངེས་དོན་ཟབ་མོ་བསྒོམ་པའི་སྐབས་སུ་ནི། དེ་དག་ 8-1-482 ལ་སོགས་པ་སྤྲོས་པ་ཐམས་ཅད་དོར་འཚལ་ཞིང༌། སྤྲོས་བྲལ་གྱི་ངང་དུ་ཞོག་པ་ཉིད་ལ་ ཡོན་ཏན་ཐམས་ཅད་འབྱུང་པའི་ཕྱིར། དེ་འདྲའི་གང་ཟག་ལ་སྤྲོས་བཅས་དེ་དག་མེད་ ཀྱང་རུང་བ་ལགས། མྱུར་དུ་སངས་རྒྱས་པའི་ཡན་ལག་ནི་གང་ལགས་ཞེས་གསུངས་པ་ ལ། བསོད་ནམས་བསགས་པའི་གང་ཟག་རྩ་བཟང་ཞིང༌། དད་བརྩོན་དང་སྙིང་སྟོབས་ ལ་སོགས་པའི་ཡོན་ཏན་ཅན་གདམ་ངག་ཟབ་མོ་མངའ་བའི་བླ་མ་དམ་པ་དང་མཇལ་ ནས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་དམ་ཚིག་དང་སྡོམ་པ་ལ་ཡང་དག་པར་ གནས་པ་རྣམས་སོ་སོར་སྤོང་བ་དང༌། བསམ་གཏན་ལ་གཞི་བྱས། སྲོག་རྩོལ་དང༌། འཛིན་པ་དང༌། རྗེས་དྲན་གྱིས་བོགས་འདོན། ཏིང་ངེ་འཛིན་གྱི་ཡན་ལག་གིས་རབ་ཏུ་ དགའ་བ་ལ་སོགས་པའི་ས་རྣམས་སྒྲུབས་ཤིང༌། དམིགས་བསལ་གསུམ་པོ་མྱུར་དུ་རྫོགས་ པར་བྱས་ནས་སངས་རྒྱས་མྱུར་དུ་ཐོབ་པའི་ཡན་ལག་ལགས། དེ་ཡང་བོགས་ཇི་ལྟར་ གང་ལ་འདོན་ན་སྲོག་རྩོལ་དང་འཛིན་པས་དབུགས་ཀྱི་ལྷག་མ་རྣམས་བཀག་ནས་ཐིག་ ལེ་བརྟན་པར་བྱེད་ཅིང༌། རྗེས་སུ་དྲན་པའི་ཐབས་ཀྱིས་འཛག་མེད་འགྱུར་མེད་ཀྱི་བདེ་ བ་ཆེན་པོས་མྱུར་དུ་རྫོགས་པར་བྱས་ནས་འཇིག་རྟེན་ལས་འདས་པའི་བདེ་བ་མྱུར་དུ་ ཐོབ་པར་བྱེད་པ་ལ་གསུངས་པས། འཛིན་པ་ལེགས་པར་ཐོབ་ནས་ཕྱག་རྒྱ་བསྟེན་ནས་ འགྱུར་མེད་བདེ་བའི་སྐད་ཅིག་ཐམས་ཅད་མྱུར་དུ་རྫོགས་པར་བྱེད་པའི་ཕྱིར། ཉེ་ལམ་ མྱུར་ལམ་ཕོ་ཉའི་ལམ་དུ་གསུངས་པ། འཛིན་པ་ལེགས་པར་མ་ཐོབ་ན་སླར་འཆིང་ཤིང་ འཁོར་བའི་རྒྱུར་གསུངས་པས་འདི་ནི་ཁེ་ཉེན་གཉིས་ཀ་ཤིན་ཏུ་ཆེ་བར་གསུངས་ཏེ། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། བུད་མེད་སྦྱོར་བས་ དམན་ལ་ཐར་པའི་བདེ་བ་མེད། བུད་མེད་སྦྱོང་བས་དམན་ལ་སྲིད་མེད་སྡུག་བསྔལ་ མེད། །ཅེས་པ་ལ་སོགས་པའི་དཔལ་དོན་དམ་བསྙེན་པ་དང༌། དུས་འཁོར་འགྲེལ་ཆེན་ དུ་རྒྱས་ཤིང་གསལ་བར་གཏན་ལ་ཕབ་པ་ལྟར། ཀྱེའི་རྡོ་རྗེ་ལ་སོགས་པ་རྒྱུད་སྡེ་ཟབ་མོ་ གཞན་དང་གཞན་དག་ཏུ་ཡང་འདོད་ཆགས་ཉིད་ཀྱིས་གྲོལ་བ་དང༌། འདོད་ཡོན་ བསྟེན་པས་གྲོལ་བར་གསུངས་པ་རྣམས་ཀྱིས་དགོངས་པ་རིག་པར་བྱ་དགོས་ལ། འདོད་ 8-1-483 ཆགས་ལམ་དུ་འགྱུར་མི་འགྱུར་ཡང་རླུང་སེམས་འཆིངས་པའི་ཏིང་ངེ་འཛིན་གྱིས་མས་ བརྟན་པའི་དགའ་བ་བཞི་རྫོགས་པར་ནུས་མི་ནུས་ཀྱིས་འབྱེད་ཅིང༌། འདོད་ཡོན་ གཞན་ལམ་གྱི་གྲོགས་སུ་འགྱུར་མི་འགྱུར་ཡང་རྨི་ལམ་སྒྱུ་མའི་ངང་ནས་བསྐྱེད་རྫོགས་ ཀྱིས་ཟིན་མ་ཟིན་དང༌། བདེ་གསལ་མི་རྟོགས་པའི་ཏིང་ངེ་འཛིན་གྱི་སྤེལ་བ་དང༌། བོགས་འདོན་པའི་གྲོགས་འགྱུར་མི་འགྱུར་གྱིས་འབྱེད་པར་གདའ། དེ་ལ་ཡན་ལག་དང་ པོ་གཞིའི་དོན་རྒྱུད་ལ་སྐྱེས་པས་རྗེས་དྲན་ནས་བརྩམས་ཏེ་ཕྱག་རྒྱ་བསྟེན་པར་གསུངས་ ཤིང༌། དེ་བས་སྔ་བར་བསྟེན་ན་སྐྱོན་དུ་འགྱུར་བར་གསུངས་ལ། བསྟེན་དུ་རུང་བ་དེ་ལ་ ཡང་རླུང་སེམས་ལེགས་པར་འཆིངས་པའི་འཛིན་པ་ཐོབ་དགོས་ཤིང༌། དེ་ལ་ཡང་སྔར་ སྲོལ་རྩོལ་ལ་སོགས་པ་ཡན་ལག་དང་པོ་གསུམ་ངེས་པར་སྔོན་དུ་འགྲོ་དགོས་པར་ གསུངས་སོ། །སྲོག་རྩོལ་ཡང་རྩོལ་མེད་ཀྱི་སྲོག་རྩོལ་ལ་གཞི་བྱས་ནས་རྩོལ་བྱས་ཀྱིས་ བོགས་འདོན་ན་འཛིན་པ་མྱུར་དུ་ཐོབ་པའི་ཐབས་སུ་ཆེ་ལ། ཐབས་དེ་ལ་ཡང་རླུང་དང་ རྩ་ལ་གནད་དུ་བསྣུན་པ་དང༌། དེ་ལ་ཡང་ལུས་ལ་གནད་དུ་བསྣུན་པའི་ཐབས་ལ་ སོགས་པ་ནི་གསང་སྔགས་ཀྱི་ལམ་མྱུར་བའི་དོན་ནོ། །འོན་ཀྱང་དེ་ལྟར་རྗེས་དྲན་གྱི་ དུས་ལ་བབ་པ་ཅིག་ཡིན་ཡང༌། རབ་ཏུ་བྱུང་བ་ཡིན་ན་ལས་ཀྱི་ཕྱག་རྒྱ་མི་བསྟེན་གྱི། ཕྱག་རྒྱ་ཆེན་པོ་ཉིད་རྒྱུན་དུ་བསྟེན་པས་ནམ་ཞིག་ན་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་ པའམ། མ་འོངས་པ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པར་གྱུར་ནས་ཕྱག་རྒྱ་མ་ བསྟེན་ཏེ། ལུས་ལ་འཁོར་ལོ་དྲུག་གི་ལྟེ་བར་འགྱུར་མེད་བདེ་བ་སྐད་ཅིག་ཉི་ཁྲི་ཆིག་ སྟོང་དྲུག་བརྒྱ་རྫོགས་པར་བྱེད་བཞིན་དུ་སེམས་ཅན་མང་པོའི་དོན་དང་དཀོན་མཆོག་ གི་ཞབས་ཏོག་ལ་སོགས་པ་སྒོ་མང་པོ་ནས་དགེ་བའི་རྩ་བ་རྫོགས་པར་བྱེད་ཅིང༌། སྨོན་ ལམ་དང་ཞིང་བཟུང་བསྒྲུབ་པ་ལ་སོགས་པའི་རྟེན་འབྲེལ་བསྒྲིགས་པ་ལགས། ཡང་ཚོགས་གཉིས་ཟུང་འཇུག་ལ་སོགས་པ་ཟུང་བཞི་ཡ་བརྒྱད་པོ་འདི་རྣམས་ཀྱི་སོ་ སོའི་ངོ་བོ་ནི་གང་ལགས་ཞེས་སོགས་ལ། ཚོགས་གཉིས་ཀྱི་དོན་བཤད་ཟིན་ཅིང༌། ཐབས་ ཤེས་ནི། ཕར་ཕྱིན་དང་པོ་ལྔ་དང་དྲུག་པ་ཡོངས་སུ་གྲགས་པ། ཐུན་མོང་བའི་ཆོས་སྐད་ 8-1-484 དང་མཐུན་ལ། ཐུན་མོང་མ་ཡིན་པ་ལ་གཞི་འབྲས་ཀྱི་ཐབས་ཤེས་དང༌། བདེ་སྟོང་དང་ སྙིང་རྗེ་སྟོང་ཉིད་ནི་དོན་དམ་བདེ་གཤེགས་སྙིང་པོ་ཉིད་དེ། དེ་ཡང་ཆོས་ཐམས་ཅད་ཀྱི་ སྟོང་པའི་གཞིར་གྱུར་པ་ཉིད་ཀྱིས་སྟོང་ཉིད་ཀྱང་ཡིན་ཞིང༌། ཡུམ་ཆེན་མོ་ཡང་ཡིན་པ་ ཉིད་ཀྱིས་ཤེས་རབ་ཀྱང་ཡིན་ལ་དོན་དམ་པའི་བདེ་བ་ཡིན་པ་ཉིད་ཀྱིས་དམིགས་མེད་ སྙིང་རྗེ་དང་ཐབས་བདེ་ཆེན་ཡང་ཡིན་ཞིང༌། དེ་དག་རོ་མཉམ་པ་ཉིད་ངོ་བོ་གཅིག་ ཉིད་ཀྱིས་དབྱེར་མེད་དང་ཟུང་འཇུག་ཀྱང་ཡིན་ནོ། །དེ་དག་མངོན་དུ་བྱེད་པའི་ཐབས་ ལམ་ཐུན་མོང་མ་ཡིན་པ་ལ་ནི་རླུང་སེམས་ངང་གིས་འགག་པའི། ཏིང་ངེ་འཛིན་ལ་ཡེ་ བཞུགས་ཀྱི་འོད་གསལ་མངོན་དུ་གྱུར་པ་དང༌། ཞུ་བདེ་འཛག་མེད་མས་བརྟན་པའི་ དགའ་བ་བཞི་སྐྱེས་པ་ཉིད་ལ་བདེ་སྟོང་དང་སྙིང་རྗེ་སྟོང་ཉིད་དང་ཐབས་ཤེས་ཟུང་དུ་ འབྲེལ་བ་ཉིད་ཀྱིས་ཟུང་འཇུག་ཅེས་བྱ་ཞིང༌། དེ་དག་ཐུན་མོང་པ་ནི་ཡོངས་གྲགས་ཆེན་ པོ་དང་མཐུན་ནོ། །སྟོང་ཉིད་ཀྱང་ཐམས་ཅད་རང་རང་ངོ་བོས་སྟོང་པ་ཡིན་གྱིས་རང་ གིས་མི་སྟོང་ན་གཞན་སྟོང་གིས་སྟོང་ཉིད་ཀྱི་གོ་མི་ཆོད། ཅེས་ཡོངས་གྲགས་ཆེ་མོད་ཀྱི་ ཆོས་ཅན་ཀུན་རྫོབ་གང་ཡིན་པ་ཐམས་ཅད་ནི་དེ་ཁོ་ན་ལྟར་འོ་སྐོལ་ཡང་འདོད་ལ། དེ་ རྣམས་ཀྱིས་སྟོང་པའི་གཞི་དང༌། དེ་རྣམས་གནས་པའི་གཞི་ཆོས་ཉིད་དོན་དམ་ནི་ བདག་ཉིད་ཆད་པ་མི་སྲིད་ཅིང༌། རང་གིས་མི་སྟོང་ཡང་གཞན་གློ་བུར་བའི་ཆོས་རྣམས་ ཀྱི་སྟོང་པའི་ཕྱིར། གཞན་སྟོང་དུ་དོན་ལ་གནས་ཏེ། གསུང་རབ་ཟབ་མོ་མཐར་ཐུག་པ་ རྣམས་ཀྱི་དགོངས་པ་ཡིན་ལ། དེ་ལྟར་མཐོང་བ་རྣམས་ནི་དགོངས་པ་ཆེན་པོའི་དོན་ མཐོང་བར་ཡང་འགྱུར་བས། འཕགས་པ་སོར་མོའི་འཕྲེང་བ་ལ་ཕན་པ་དང༌། ཡོངས་སུ་ མྱ་ངན་ལས་འདས་པ་ཆེན་པོ་དང༌། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་དང༌། སྤྲིན་ཆེན་ པོའི་མདོ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། རྣམ་པར་མི་རྟོག་པ་ལ་ འཇུག་པའི་གཟུངས་དང༌། ལྷ་མོ་དཔལ་འཕྲེང་གི་མདོ་དང༌། སངས་རྒྱས་ཕལ་པོ་ཆེ་ལ་ སོགས་པ་གཟིགས་ན་རབ་ཏུ་གསལ། གཞན་ཡང་གསུང་རབ་ཟབ་མོ་རྣམས་སུ་དོན་དམ་ཆོས་ཉིད་གཤིས་ཀྱི་གནས་ལུགས་ 8-1-485 གང་ཡིན་པ་དེ་རང་གིས་མི་སྟོང་པ་ལ་དགོངས་ནས། སྟོང་པ་ཡང་མ་ཡིན་ཞེས་པ་དང༌། ཀུན་རྫོབ་མེད་པ་ལ་དགོངས་ནས་ཡོད་མིན་ཞེས་པ་དང༌། སྒྲོ་འདོགས་པ་ཡོད་པའི་ མཐའ་དང་བྲལ་བར་གསུངས་ལ། དོན་དམ་ཡོད་པ་ལ་དགོངས་ནས་མེད་མིན། ཞེས་པ་ དང༌། མེད་པར་སྐུར་འདེབས་ཀྱི་མཐའ་དང་བྲལ་བར་གསུངས་ཤིང༌། བསལ་བཞག་ མེད་པ་ལ་སོགས་པ་གསུངས་ཚུལ་གཞན་དང་གཞན་གྱིས་བསྟན་པ་རྣམས་ལ་ཡང་ དགོངས་པ་ཆེན་པོའི་དོན་དེ་ལྟར་རྟོགས་འཚལ་པར་གདའ་བས། དེ་བཞིན་ཉིད་ལ་ སོགས་པའི་རྣམ་གྲངས་སུ་གང་གྱུར་པའི་སྟོང་པ་ཉིད་དེ་ནི་རང་སྟོང་གང་ཡིན་པ་ རྣམས་ཀྱང་དེ་བཞིན་ཉིད་ལ་སོགས་པའི་རྣམ་གྲངས་ཡིན་མི་སྲིད་པའི་ཕྱིར། དེའི་ཆ་ ནས་བོད་ཀྱི་ཡོངས་གྲགས་ཆེན་པོ་འདི་དང་མི་མཐུན་ཡང་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཆེན་པོ་རྣམས་དང་ཤིན་ཏུ་མཐུན་པར་བདོག་གོ །དེ་རྣམས་སེམས་ཀྱི་ གསལ་ཆའམ་འཆར་ཚུལ་གང་ལ་ངོས་འཛིན་གསུང་བ་ལ། གང་སེམས་ལས་མ་འདས་ པའི་བསོད་ནམས་ཀྱི་ཚོགས་དང༌། ཐབས་ཤེས་རབ་དང༌། སྟོང་ཉིད་སྙིང་རྗེ་དང༌། བདེ་ བ་རྣམས་ནི་སེམས་ཀྱི་གསལ་ཆ་དང༌། འཆར་ཚུལ་གང་དུའང་མི་འགལ་ལ། གང་སེམས་ ལ་སེམས་འདས་པ་གཉིས་མེད་ཡེ་ཤེས་སུ་གཏོགས་པའི་ཐབས་ཤེས་ལ་སོགས་པ་རྣམས་ ནི། སེམས་ཀྱི་གསལ་ཆའམ། འཆར་ཚུལ་གང་ཡང་མ་ཡིན་ཏེ། སེམས་རྣམ་ཤེས་དང་ གཉིས་མེད་ཡེ་ཤེས་ནི་སྣང་མུན་ལྟར་ཕན་ཚུན་སྤང་འགལ་ཡིན་པའི་ཕྱིར་རོ། །དེ་ཡང་ འདིར་སེམས་ཞེས་པ་ཀུན་རྫོབ་ཀྱི་དབང་དུ་བྱས་ཀྱི། དོན་དམ་པའི་སེམས་ནི་ཡེ་ཤེས་ ཉིད་དང་དོན་གཅིག་པས་དོན་དམ་གྱི་ཐབས་ཤེས་ལ་སོགས་པ་ཟུང་བཞི་ཡ་བརྒྱད་ནི་ ཡོད་པའི་སེམས་སམ་དོན་དམ་པའི་སེམས་ཀྱི་གསལ་ཆ་ཡང་ཡིན་ལ་འཆར་ཚུལ་ཡང་ ཡིན་ནོ། །ཡང་ལྟ་སྒོམ་སྤྱོད་གསུམ་ལ་བརྩམས་ཏེ་ཅི་འདྲ་ལ་ངོས་འཛིན་ཞེས་སོགས་ གསུངས་པ་ལ། གནས་ལུགས་དང་མཐུན་པར་རྟོགས་ན་ལྟ་བ་རྣམ་དག་དང༌། ཞི་ལྷག་ ཟུང་དུ་ཆུད་ན་སྒོམ་པ་རྣམ་དག་དང༌། སངས་རྒྱས་དགྱེས་པའི་སྤྱོད་པ་བྱེད་པ་ན་སྤྱོད་ པ་རྣམ་དག་ཏུ་འགྱུར་བ་དགོངས་པ་མཐུན་མཆི། འོན་ཀྱང་འགའ་ཞིག་ལ་གྲགས་པ་ 8-1-486 ལྟར། ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་ལ་ སོགས་པར་ལྟ་བའམ། ཐམས་ཅད་དེ་ལས་བཟློག་པར་ལྟ་ན་གནས་ལུགས་དང་མཐུན་ པར་ལྟ་བ་མ་ཡིན་ལ་ལེགས་པར་རྣམ་པར་ཕྱེ་སྟེ་རྟག་མི་རྟག་དང༌། བདེ་སྡུག་དང༌། སྟོང་མི་སྟོང་དང༌། བདག་ཡོད་མེད་དང༌། གཙང་མི་གཙང་དང༌། དག་མ་དག་དང༌། ཞི་ མ་ཞི་དང༌། དབེན་མི་དབེན་དང༌། བྲལ་མ་བྲལ་དང༌། འགགས་མ་འགགས་དང༌། གཤིས་ལ་ཡོད་མེད་དང༌། རང་སྟོང་གཞན་སྟོང་དང༌། རང་བྱུང་གཞན་བྱུང་དང༌། རང་ རིག་གཞན་རིག་དང༌། རྣམ་ཤེས་ཡེ་ཤེས་གཅིག་མི་གཅིག་དང༌། ཤེས་དང་ཤེས་བྱ་ གཅིག་མི་གཅིག་དང༌། བདེན་གཉིས་དབྱེར་ཡོད་དབྱེར་མེད་དང༌། འཁོར་འདས་ དབྱེར་ཡོད་དབྱེར་མེད་དང༌། གཟུང་འཛིན་དབྱེར་ཡོད་དབྱེར་མེད་དང༌། གཞི་འབྲས་ དབྱེར་ཡོད་དབྱེར་མེད་དང༌། རྒྱུ་འབྲས་དབྱེར་ཡོད་དབྱེར་མེད་དང༌། འགལ་འདུས་ དབྱེར་ཡོད་དབྱེར་མེད་དང༌། རང་བཞིན་གྱི་ཆོས་ལས་འདས་མ་འདས་དང༌། རྣམ་ཤེས་ ཀྱི་ཆོས་ལས་འདས་མ་འདས་དང༌། རྟོག་གེའི་ཆོས་ལས་འདས་མ་འདས་དང༌། སྐད་ ཅིག་གི་ཆོས་ལས་འདས་མ་འདས་དང༌། འཇིག་རྟེན་གྱི་དཔེ་ལས་འདས་མ་འདས་དང༌། རང་བཞིན་གཉུག་མ་དང་བཅོས་མ་གློ་བུར་བའི་ཁྱད་པར་དང༌། རང་བཞིན་གྱིས་དག་ ལ་དབེན་པ་ལ་སོགས་པ་དང༌། གཉེན་པོས་བཀག་ཅིང་དག་ལ་དབེན་པར་བྱས་པ་ལ་ སོགས་པའི་ཁྱད་པར་དང༌། རང་བཞིན་ལྷུན་གྱིས་གྲུབ་པའི་སྤངས་རྟོགས་དང༌། ལམ་གྱི་ བདེན་པས་བསྒྲུབ་པའི་སྤངས་རྟོགས་ཀྱི་ཁྱད་པར་ལ་སོགས་པ་དང༌། རིགས་ལ་རང་ བཞིན་དང༌། རྒྱས་པའི་ཁྱད་པར་དང༌། ལམ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའམ། རྟོག་བཅས་རྟོག་མེད་དང༌། ཉེ་རིང་ལ་སོགས་པའི་ཁྱད་པར་དང༌། འབྲས་བུ་ལ་བསྐྱེད་ འབྲས་བྲལ་འབྲས་དང༌། ཀུན་རྫོབ་གཞན་དོན་གྱི་སྐུ་དང༌། དོན་དམ་རང་དོན་གྱི་སྐུ་ལ་ སོགས་པའི་ཁྱད་པར་དང༌། སྤང་བྱ་ལ་ཀུན་བཏགས་ལྷན་སྐྱེས་དང༌། ཉོན་སྒྲིབ་ཤེས་ སྒྲིབ་ལ་སོགས་པའི་ཁྱད་པར་དང༌། གཉེན་པོ་ལ་མཉམ་བཞག་གི་ཤེས་རབ་དང༌། རྗེས་ ཐོབ་ཀྱི་ཡེ་ཤེས་ལ་སོགས་པའི་ཁྱད་པར་དང༌། གཞན་ཡང་སྦྱང་གཞི་སྦྱང་བྱ་སྦྱང་བྱེད་ 8-1-487 སྦྱོང་ཚུལ་སྦྱངས་འབྲས་ཀྱི་ཁྱད་པར་དང༌། གཞི་ལམ་འབྲས་བུ། ལྟ་སྒོམ་སྤྱོད་པ། ངོ་བོ་ ཉིད་གསུམ་དང༌། ཐེག་པ་གསུམ། བསླབ་པ་གསུམ། བཀའ་འཁོར་ལོ་གསུམ། ཕྱི་ནང་ གཞན་གསུམ་ལ་སོགས་པའི་ཁྱད་པར་དང༌། རྨི་ལམ་སྒྱུ་མ་ལ་སོགས་པ་དང༌། ཀུན་རྫོབ་ འདྲ་ཚུལ་དང༌། དོན་དམ་འདྲ་ཚུལ་གྱིས་ཁྱད་པར་དང༌། ངོ་བོ་ཉིད་མེད་པ་ལ་མེད་ ཚུལ་གྱི་ཁྱད་པར་དང༌། གནས་གྱུར་པ་ལ་གྱུར་ཚུལ་གྱི་ཁྱད་པར་དང༌། སྟོང་པ་ཉིད་ལ་ དངོས་པོ་མེད་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཁྱད་པར་དང༌། མེད་པར་ གསུངས་པ་ལ། གང་མེད་པར་གསུངས་པ་དང༌། མེད་པའི་ལྷག་མ་གང་ཡིན་པའི་ཁྱད་ པར་ལ་སོགས་པ་ཇི་ལྟར་གནས་པ་བཞིན་དུ་ལེགས་པར་རྟོགས་ན་ཡང་དག་པར་ཇི་ལྟ་ བ་ཡིན་གྱི་གཞན་དུ་ན་དེར་འགྱུར་བ་དཀའོ། །དེ་བཞིན་དུ། ལྟ་སྒོམ་སྤྱོད་འབྲས་ལ་དྲང་ དོན་ངེས་དོན་དང༌། གནས་སྐབས་མཐར་ཐུག་དང༌། ཐུན་མོང་མ་ཡིན་པ་ལ་སོགས་པ་ དང༌། མཐའ་བྲལ་ལ་སོགས་པར་གསུངས་པ་རྣམས་མཉམ་བཞག་ལ་ཟློ་བའི་སྐབས་ལ་ དགོངས་ཚུལ་དང༌། རྗེས་ཐོབ་ཤན་འབྱེད་པའི་སྐབས་ལ་དགོངས་ཚུལ་ལ་སོགས་པའི་ རྒྱལ་བའི་དགོངས་པ་དང༌། མཐུན་ན་རྣམ་པར་དག་ཅིང་གཞན་དུ་ན་དེར་མི་འགྱུར་བ་ ཐུགས་ལ་གསལ་བས་འདིར་ཡི་གེ་མང་དུ་དོགས་ནས་རྒྱ་ཆེར་མ་བྲིས་སོ། ། དེ་རྣམས་སེམས་ཀྱི་འཆར་ཚུལ་ལམ་གསལ་ཆ་ཡིན། མ་ཡིན་ན་དེ་རྣམས་སེམས་ཡིན་ མིན་ལ་ཐུག་པས་སྔར་དྲིས་པ་དང་གནད་མཚུངས་སོ། །སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ ལམ་མྱུར་མི་མྱུར་གྱི་ཁྱད་པར་གཙོ་བོ་ཡང་སྔར་བསྟན་པར་འདུས་ཤིང༌། ལྟ་སྒོམ་སྤྱོད་ པ་ཡང་ཆེར་མཐུན་ལ་གསང་སྔགས་ཐབས་མང་དཀའ་བ་མེད་པ་ལ་སོགས་པས་ཁྱད་ པར་འཕགས་ཚུལ་ཡང་ཐུགས་ལ་གསལ་ཞིང་བཤད་ཟིན་དང༌། འཆད་འགྱུར་གྱི་ཁྲོད་ ནས་ཀྱང་ཅི་རིགས་གསལ་བ་ལགས། ཡང་སྟོང་ཉིད་གཟུགས་བརྙན་འཛིན་པ་རྒྱུ་ཞེས་ སོགས་འདིར་རྒྱུ་གཞན་དང་འབྲས་བུ་གཞན་གྱི་མན་ངག་དང༌། རང་རིག་རང་འཛིན་ པ་དང་རང་ལ་རང་གིས་རྒྱས་གདབ་པ་ལ་འགལ་འདུས་སྐྱོན་མེད་ཀྱི་མན་ངག་གསལ་ བཏབ་ནས་འདི་ལྟར་དགོངས་འཚལ་འདིར་སྟོང་ཉིད་གཟུགས་བརྙན་ཞེས་པ་ཀུན་རྫོབ་ 8-1-488 རང་སྟོང་གི་གཟུགས་བརྙན་ནི་མ་ཡིན་གྱི་སྟོང་གཞི་དོན་དམ་གཞན་སྟོང་གིའོ། །འཛིན་ པ་ནི་རང་གིས་རང་འཛིན་པ་འགལ་འདུས་སྐྱོན་མེད་དང༌། འཛིན་པ་གཞན་མིན་པས་ རང་གིས་རང་རིག་པའི་ཡེ་ཤེས་རང་སྣང་ངོ༌། །འདིར་རྒྱུ་ནི་འདུས་བྱས་ལྟར་མི་སྐྱེད་ པའི་རྒྱུ་སྟེ་འགྱུར་མེད་བདེ་བའི་རྒྱུའོ། །སྙིང་རྗེ་འགྱུར་མེད་འཛིན་པ་ཞེས་པ་ཡང་དོན་ དམ་དུ་འདུས་མ་བྱས་ཀྱི་བདེ་བ་རང་གིས་རིག་པའི་དོན་དེ་འབྲས་བུ་ཡང་འདིར་མ་ བསྐྱེད་པའི་འབྲས་བུ་ཞེས་པ་འགལ་འདུས་སྐྱོན་མེད་དོ། །དེ་ལྟར་འཇིག་རྟེན་དཔེ་ལས་ འདས་པའི་ཆོས་ཉིད་ཀྱི་རྒྱུ་དང་འབྲས་བུ་ནི་ཤེས་རབ་དང་ཐབས་དེ་རྟེན་དང་བརྟེན་ པ་གཞན་ནོ། །དེའི་ཕྱིར་དེ་དག་གི་རྟེན་ཨེ་ཡིག་དང་བརྟེན་པ་ཝཾ་ཡིག་སྟེ། དེ་བཞིན་དུ། ཨ་ཧཾ་དང་འཁོར་ལོ་སྡོམ་པ་དང་གསང་བ་འདུས་པ་ལ་སོགས་པ་དང༌། རྟེན་དང་ བརྟེན་པའི་དཀྱིལ་འཁོར་ལ་སོགས་པ་ཡང་ངོ༌། །འདིར་ཤེས་རབ་སྟོང་ཉིད་གང་ཡིན་པ་ དེ་ཉིད་ཐབས་དམིགས་མེད་སྙིང་རྗེ་དང༌། བདེ་ཆེན་ཡང་ཡིན་ལ། དེ་རྣམས་ཀྱང་དེ་ དག་ཡིན་པའི་ཕྱིར། ཕན་ཚུན་རོ་མཉམ་གཅིག་ཏུ་འདྲེས་པ་ལ་ཕན་ཚུན་རྒྱས་གདབ་ པའི་དོན་དུ་གསུངས་ཏེ། རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ངོ༌། །དེ་བཞིན་དུ། ཤེས་དང་ཤེས་བྱ་གཅིག་པ་དང༌། རྣལ་འབྱོར་མ་སྦྱོར་བ་དང༌། དང་པོའི་སངས་རྒྱས་ རྒྱུད་དམ་རིས་མེད་པ་ལ་སོགས་པའི་དོན་ཡང་དེ་ཡིན་ཞིང༌། ཡང་ཧེ་བཛྲ་དང༌། ཨཱ་ལི་ ཀཱ་ལི་དང༌། བརྗོད་དུ་མེད་པའི་དབྱངས་གསལ་བྱེད་དང༌། རྡོ་རྗེ་ཟླ་ཉི་དང༌། རྡོ་རྗེ་ཁུ་ རྡུལ་དང༌། རྡོ་རྗེ་པད་མ་དང༌། ཐིག་ལེ་གྲུ་གསུམ་ལ་སོགས་པ་གཞི་འབྲས་ངོ་བོ་ཉིད་ དབྱེར་མེད་ཀྱི་ཐབས་དང་ཤེས་རབ་ཇི་སྙེད་གསུངས་པ་ཐམས་ཅད་དབྱེར་མེད་པ་དང༌། གཉིས་སུ་མེད་པ་དང་ཟུང་དུ་འཇུག་པ་ལ་སོགས་པར་གསུངས་པའི་དོན་ཡང་དེ་ཡིན་ ནོ། །ཡང་ཉམས་མྱོང་གདམ་ངག་གི་གནད་ཀྱི་ལས་སྣང་རྨི་ལམ་སྒྱུ་མའི་ཚུལ་དུ་སྣང་ ཞིང་ཉམས་སུ་མྱོང་བའི་ངང་ནས་སྐྱོ་བ་དང་ཞེས་སོགས་ལ་ཏིང་ངེ་འཛིན་གྱི་ཕུལ་ཆེ་ ཆུང་གིས་ཅི་རིགས་པར་སྦྱར་ཏེ། ཕུལ་ཆེན་ལས་གཟུགས་མི་སྣང་བས་དེ་ལ་དེས་དོན་ གྲུབ་ཅིང༌། དེའི་ངང་ནས་རྨི་ལམ་སྒྱུ་མ་ལྟར་རྟོགས་པ་ཡང་ངང་གིས་འབྱུང་བའི་ཕྱིར་ 8-1-489 མངོན་ཞེན་ཐམས་ཅད་ཀྱང་ངང་གིས་འཇིག་གོ །ཕུལ་ཅུང་ཟད་ཆུང་ན་མཉམ་བཞག་ ཏུ་འོད་གསལ་དང་རྗེས་ཐོབ་ཏུ་ལས་གཟུགས་ལ་ལྟ་བའི་ངང་ནས་རྨི་ལམ་སྒྱུ་མ་ལ་ སོགས་པའི་ལམ་ཁྱེར་གྱིས་མཉམ་རྗེས་ཀྱི་ལམ་ཁྱེར་སྤེལ་མས་དུབ་པ་སེལ་ཅིང་གཉི་ གའི་ཡོན་ཏན་འཕེལ་བར་འགྱུར་ལ། ཕུལ་ཤིན་ཏུ་ཆུང་ན་ལས་གཟུགས་ལ་ལྟ་བའི་ལམ་ ཁྱེར་ལ་སོགས་པ་ལས་ཐབས་མེད་པ་ལགས། མདོར་ན་རླུང་སེམས་ཀྱི་རྒྱུན་མ་འགག་ན་ མངོན་ཞེན་ཐམས་ཅད་འཇིག་པ་མི་སྲིད་ཅིང༌། འགགས་ན་མངོན་ཞེན་ཐམས་ཅད་ གཏན་ནས་རང་ཞིག་ལ་འགྲོ་བས་དེ་གཉིས་ལ་འཕྲལ་ཡུན་གྱིས་རྐྱེན་ཐོག་ཏུ་གང་ འགྱུར་དགོངས་མཆི། ཡང་ནང་དུ་སེམས་ཉིད་ཀྱི་འཆར་ཚུལ་ལ་ལྟ་བ་དང་ཕྱི་རོལ་ ཉམས་སྣང་ཞེས་སོགས་ལ་རླུང་སེམས་ཀྱི་རྒྱུན་འགགས་པའི་ཏིང་ངེ་འཛིན་བརྟན་ན་ འཁོར་འདས་དབྱེར་མེད་ངང་གིས་འཆར་ཞིང༌། ཏིང་ངེ་འཛིན་མེད་ན་འཁོར་བ་འདི་ ཉིད་རང་སྟོང་དུ་གནས་པ་མྱང་འདས་ཡིན། ཞེས་ཡང་ཡང་རྟོགས་ཤིང་དྲན་པར་བྱེད་ པ་ལ་སོགས་པས་ནི་འཁོར་འདས་དབྱེར་མེད་ཀྱི་གོ་མི་ཆོད་དེ། རང་སྟོང་ཡིན་ན་མྱང་ འདས་ཆེན་པོ་འགལ་བའི་ཕྱིར་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡང་རང་ སྟོང་དུ་འགལ་བའི་ཕྱིར་རོ། །དེ་བས་ན་འཁོར་བ་མཚན་ཉིད་པ་སྲིད་པ་གསུམ་པོ་འདི་ དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་ནི་དབྱེར་མེད་མ་ཡིན་ཏེ། ཀུན་རྫོབ་འདུས་ བྱས་སྡུག་བསྔལ་ཀུན་འབྱུང་དང༌། དོན་དམ་འདུས་མ་བྱས་འགོག་བདེན་མཐར་ཐུག་ པའི་ཁྱད་པར་ཡོད་པའི་ཕྱིར་དང༌། བཅོས་མ་གློ་བུར་བ་མི་རྟག་སྡུག་བསྔལ་སྟོང་པ་ བདག་མེད་པ་ལ་སོགས་པ་དང༌། གཙང་བདག་བདེ་ཆེན་རྟག་བརྟན་ཐེར་ཟུག་གཡུང་ དྲུང་ལ་སོགས་པའི་ཁྱད་པར་ཡོད་པའི་ཕྱིར་དང༌། སྦྱང་བྱ་གློ་བུར་དྲི་མ་དང༌། སྦྱང་གཞི་ བདེ་གཤེགས་སྙིང་པོའི་ཁྱད་པར་ཡོད་པའི་ཕྱིར་དང༌། ལམ་ཟབ་གཉིས་པོས་སྤང་དུ་ རུང་མི་རུང་དང་གཞིག་ཅིང་གཞོམ་དུ་རུང་མི་རུང་གི་ཁྱད་པར་ཡོད་པའི་ཕྱིར་ རོ། །འདི་དག་ལ་དགོངས་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ སྔ་ནས་ཀྱང༌། སྲིད་པ་དང་མྱ་ངན་ལས་འདས་པ་ནི་གཅིག་པ་ཉིད་མ་ཡིན་ཏེ། གྲིབ་མ་ 8-1-490 དང་ཉི་མ་བཞིན་ནོ། །ཞེས་པ་ལ་སོགས་པ་གསུང་རབ་ཟབ་མོ་རྣམས་སུ་རྒྱས་པར་ གསུངས་སོ། །དེ་ལྟ་ན་ཡང་བོད་འགའ་ཞིག་ལ་རང་སྟོང་ཉིད་མྱང་འདས་སུ་གྲགས་པ་ ནི། སྟོང་ཉིད་དང་ཆོས་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པ་རྣམ་གྲངས་སུ་ གསུངས་པ་ལས། འཁྲུལ་བ་ཡིན་ཏེ་དེ་དག་དང་རྣམ་གྲངས་སུ་གྱུར་པའི་སྟོང་གཞི་དོན་ དམ་གཞན་སྟོང་ཁོང་མ་ཆོད་པའི་ཕྱིར་རོ། །དེ་ལྟ་བས་ན་སྟོང་གཞི་དོན་དམ་གང་ཡིན་ པ་དེ་མི་རྟོག་ཡེ་ཤེས་ལ་འཁོར་བ་སྲིད་གསུམ་ཀུན་རྫོབ་ཀྱི་རྣམ་པར་སྣང་ཡང་རང་ བཞིན་གྱིས་ཞི་བ་མྱང་འདས་དོན་དམ་གྱི་ངོ་བོར་བཞུགས་པ་ལ་དགོངས་ནས་འཁོར་ འདས་དབྱེར་མེད་དང༌། སྲིད་གསུམ་དབྱེར་མེད་དང༌། བདེན་གཉིས་དབྱེར་མེད་དུ་ གསུངས་ཤིང་དེ་གང་དུ་ཡང་མི་རྟོག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ལ་སྲིད་ཞི་ མཉམ་ཉིད་ལ་སོགས་པའི་རྣལ་འབྱོར་དུ་གསུངས་སོ། །དེའི་ཕྱིར་རླུང་སེམས་འགགས་ པའི་ཡེ་ཤེས་སྐྱེས་པ་ལ་བླ་མ་དམ་པའི་མན་ངག་གིས་ཡིན་པར་ངོ་སྤྲད་ནས་འཁོར་ འདས་དབྱེར་མེད་ལ་སོགས་ཉམས་རྟོགས་རྣམ་དག་འཆར་ཞིང་འཁོར་བ་འདི་ཉིད་ རང་སྟོང་དུ་གནས་པ་མྱང་འདས་ཡིན་སྙམ་ན་དེ་མ་ཡིན་ལ་དེར་འཛིན་པས་ལོག་ཤེས་ སུ་འགྱུར་རོ། །དེ་ལྟར་ན་ཡང་ཡུལ་ཅན་ཁམས་གསུམ་པའི་རྣམ་གྲངས་འདི། ཐམས་ཅད་ གཤིས་ཀྱི་གནས་ལུགས་ལ་རི་བོང་གི་རྭ་ལྟར་གནས་མེད་ཅིང་མ་གྲུབ་ལ་འདུས་མ་བྱས་ ནམ་མཁའ་ལྟར་གང་གི་ངོ་བོར་ཡང་མེད་ཅིང་མ་གྲུབ་པས་ཅིར་ཡང་མེད་བཞིན་དུ་ རྣམ་ཤེས་རང་བཞིན་གྱིས་འཁྲུལ་བ་འདི་ལྟར་ཡོངས་སུ་སྣང་བ་འདི་རྨི་ལམ་སྒྱུ་མའི་ སྣང་བ་ལྟར་གནས་མེད་ཅིང་འཁྲུལ་སྣང་དང་ལོག་སྣང་ཉིད་དུ་བློ་ཐག་རྦད་ཀྱིས་ཆོད་ དགོས་ལ། མིག་གི་སྐྱོན་རབ་རིབ་ལ་སོགས་པ་མ་ཟད་ན་སྐྲ་ཤད་དང་དུང་སེར་པོ་སྣང་ བ་ལ་སོགས་པ་མ་འགགས་པ་ལྟར། ནང་གི་སྐྱོན་རྣམ་ཤེས་རྟོག་པ་མ་ཟད་ན་ཁམས་ གསུམ་འཁོར་བའི་སྣང་བ་མི་འགགས་པས་སྡུག་བསྔལ་ལས་མི་ཐར་ཞིང༌། རྣམ་ཤེས་ འགགས་ན་འཁྲུལ་སྣང་ཐམས་ཅད་རང་ཡལ་དུ་སོང་ནས། གཤིས་ཀྱི་གནས་ལུགས་ལ་ ཡེ་བཞུགས་ཀྱི་སངས་རྒྱས་ངེས་པར་ཐོབ་པ་ལ་སོགས་པའི་རྒྱུ་མཚན་དང༌། དཔེ་དང་ 8-1-491 བཅས་ཤིང་ཡོན་ཏན་རྟགས་དང་བཅས་པའི་མན་ངག་ཟབ་མོ་ངེས་ཤེས་ཁྱད་པར་ཅན་ གྱི་རྟོགས་པ་བརྟན་པོ་ངེས་པ་ཁོ་ནར་དགོས་མོད་ཀྱི། ཆོས་ཉིད་ལ་ཤིན་ཏུ་མཉམ་པར་ བཞག་པའི་སྐབས་སུ་ནི་དེ་ཙམ་གྱི་རྟོག་དཔྱོད་ཀྱང་མི་བྱ་བར་གསུངས་ཏེ། ཕུང་འདི་ སྟོང་ཞེས་རྟོག་ནའང་ཞེས་སོགས་དང༌། སྟོང་པ་བསྒོམ་པར་མི་བྱ་སྟེ། །ཞེས་སོགས་རྒྱས་ པར་རབ་ཏུ་བཞུགས་སོ། །དེ་ལྟ་བས་ན་ཞི་ལྷག་ཟུང་འཇུག་གི་བསམ་གཏན། རྣམ་དག་ སྐྱེ་ཕུལ་གང་སྐྱེ་བ་དེ་མཆོག་གོ ། ཡང་མངོན་ཞེན་རྟོག་པས་བར་ཆོད་པ་རླུང་སེམས་ཀྱི་རྒྱུན་འགགས་པས་ཁྱབ་བམ་མ་ ཁྱབ་ཞེས་སོགས་ལ་རླུང་སེམས་འཇུག་པ་གཅིག་ཅིང་གནད་གཅིག་པའི་ཕྱིར། འགགས་ ན་ཡང་ལྷན་ཅིག་ཏུ་འགག་ཅིང་འགྱུ་ན་ཡང་ལྷན་ཅིག་ཏུ་འགྱུ་བའི་ངེས་པའོ། །ཡང་ ཉམས་སྣང་སྟོང་གཟུགས་རྟེན་ཅིང་འབྲེལ་འབྱུང་གི་ཆ་ལགས་སམ་མ་ལགས། ཞེས་ གསུངས་པ་ལ། །རང་བཞིན་འོད་གསལ་ཡིན་མ་ཡིན་ལ་ཐུགས་ཏེ། གང་རང་བཞིན་འོད་ གསལ་ཡིན་པ་དེ་ནི་སྐྱེ་འགགས་ལྟར་དུ་མངོན་ཡང་འགལ་འདུས་སྐྱོན་མེད་ཀྱི་སྐྱེ་ འགག་ཡིན་པས་དོན་ལ་སྐྱེ་འགག་མེད་པའི་ཕྱིར་རྟེན་འབྲེལ་ལས་འདས་སོ། །ཡང་ སེམས་ངོ་འཕྲོད་པའི་དོན་ཅི་ཙམ་ལ་བགྱི་ཞེས་གསུངས་པ་ལ། སེམས་སེམས་ཀྱིས་སྟོང་ ཞིང་ཅིར་ཡང་མ་གྲུབ་ལ་མ་རེ་བ་བཞིན་དུ་འགྲོགས་པའི་རྟ་མི་ལ་བསྡད་དབང་མེད་པ་ བཞིན་དུ་དབུགས་འགྱུ་བའི་རྣམ་ཤེས་ལ་བསྡད་དབང་མེད་པས་ལས་དང་བག་ཆགས་ སྣ་ཚོགས་བསགས་ནས་ཁམས་གསུམ་པ་སྡུག་བསྔལ་གྱི་འཁོར་ལོ་བསྐོར་བ་དང༌། དབུགས་འགགས་ན་རྣམ་ཤེས་འགགས་ནས་སྡུག་བསྔལ་གྱི་འཁོར་ལོ་འགག་པར་ངོ་ འཕྲོད་ན་ལུས་ལེགས་པ་ལགས། དེ་ལ་གཞན་དུ་བོད་འགའ་ཞིག་འདོད་པ་ལྟར། སེམས་སྟོང་པ་ཆོས་སྐུ་དང༌། སངས་ རྒྱས་དང༌། ཕྱག་རྒྱ་ཆེན་པོ་དང༌། རང་བྱུང་ཡེ་ཤེས་ལ་སོགས་པར་ངོ་འཕྲོད་ན་དེ་མ་ ཡིན་ལ་དེར་འཛིན་གྱི་ལུགས་སུ་འགྲོ་མཆི། སེམས་ཀྱི་གནས་ལུགས་ཇི་ལྟར་ཡིན་པ་ བཞིན་ངོ་འཕྲོད་ཀྱང་དེ་ཙམ་གྱིས་མི་ཆོག་སྟེ། དེ་ལས་འདས་པའི་ཡེ་ཤེས་ཀྱང་ངོ་འཕྲོད་ 8-1-492 དགོས་པའི་ཕྱིར་རོ། །ཡང་རྒྱུད་བླ་མ་སོགས་ནས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྐུའི་ ཡོན་ཏན་གདོད་ནས་ལྷུན་གྲུབ་ཏུ་རྟག་པར་གནས་པར་གསུངས་ནས་ཆོས་སྐུ་ནི་གང༌། ཡོན་ཏན་ནི་གང་ཞེས་གསུངས་པ་ལ། ཆོས་སྐུ་ནི་དེ་བཞིན་ཉིད་དོ། །ཡོན་ཏན་ནི་དེ་ བཞིན་ཉིད་ལ་གདོད་ནས་རང་བཞིན་གྱིས་ཚང་བའི་ཡོན་ཏན་ཏེ་ཆོས་འབྱུང་ཕྱག་རྒྱ་ ཆེན་པོ་དང་དབྱེར་མེད་རོ་གཅིག་པའི་སྟོབས་དང༌། མི་འཇིགས་པ་ལ་སོགས་པ་དོན་ དམ་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་པའམ། ཆོས་སྐུའི་ཡོན་ཏན་གང་གཱའི་ ཀླུང་གི་བྱེ་མ་སྙེད་ལས་འདས་པ་ཞེས་པའམ། དོན་དམ་པའི་ཡོན་ཏན་གྱི་ཆོས་ཀྱི་ཕུང་ པོ་མཐའ་ཡས་པ་ཞེས་གང་གསུངས་པའོ། །དེས་ན་དེ་བཞིན་ཉིད་དང་མི་འབྲལ་བའི་ ཡོན་ཏན་གང་ཡིན་པ་རྣམས་དེ་བཞིན་ཉིད་གང་ལ་བཞུགས་པ་དེ་ལ་བཞུགས་ཏེ། ཡོན་ ཏན་མེད་པའི་དེ་བཞིན་ཉིན་ནི་གཏན་ནས་མི་སྲིད་དོ། །འདིར་ལྷུན་གྱིས་གྲུབ་པའི་དོན་ ནི། རྒྱུ་རྐྱེན་རྩོལ་བ་གང་གིས་ཀྱང་མ་བསྐྱེད་ཅིང་མ་བསྒྲུབ་ལ་གང་དུ་བསྒྱུར་བ་མེད་ བཞིན་དུ་རང་བཞིན་གྱི་གྲུབ་ཅིང་རང་བྱུང་གི་ངོ་བོ་ཉིད་དུ་གདོད་ནས་ཡོངས་སུ་གྲུབ་ པ་སྟེ། འདུས་བྱས་རྟེན་འབྲེལ་དང་དཔེར་བྱ་ཀུན་ལས་ཡང་དག་པར་འདས་སོ། །མི་ འབྲལ་བའི་ཡོན་ཏན་གྱི་ཆོས་མཐའ་ཡས་པའི་བདག་ཉིད་ངོ་བོ་ཉིད་ཀྱིས་ནི་རང་ བཞིན་གྱིས་རྟག་པར་གསུངས་ཤིང་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ སུ་གསུངས་པས་རྟག་པ་ཡང་ཡིན་ལ། མཁྱེན་བརྩེ་དང་བྱིན་རླབས་ལ་སོགས་པའི་རྣམ་ པ་ཅུང་ཟད་ཀྱང་མེད་པ་ནམ་མཁའ་ལྟ་བུར་མ་ཡིན་པས་རྟག་པ་ཡང་མ་ཡིན་ཞེས་ཀྱང་ བྱ་སྟེ། འདི་དག་ལ་དགོངས་ནས་ཆོས་སྐུ་རྟག་པར་ཡང་གསུངས་ཤིང༌། རྟག་པ་ཡང་མ་ ཡིན་མི་རྟག་པ་ཡང་མ་ཡིན་ཞེས་ཀྱང་གསུངས་ཏེ། འཇིག་རྟེན་དཔེ་ལས་འདས་པའི་ རྟག་ལུགས་སོ། །དེ་ལྟར་ཟག་པ་མེད་ཅིང་མི་འབྲལ་བའི་ཡོན་ཏན་མཐའ་ཡས་པའི་ བདག་ཉིད་ཆོས་ཀྱི་དབྱིངས་ནི་ད་ལྟར་གྱི་ཤེས་རྒྱུད་འདི་ལ་ཡང༌། ནམ་མཁའ་ལྟར་ཁྱབ་ པར་བཞུགས་མོད་ཀྱི་སེམས་རྒྱུད་འདིའི་སེམས་དང་སེམས་རྒྱུད་གང་ཡང་མ་ཡིན་པས་ དེའི་གསལ་བྱའི་རེག་བྱ་གང་ཡང་མ་ཡིན་ནོ། །འོན་ཀྱང་རང་ལ་རང་ཆས་སུ་བཞུགས་ 8-1-493 པའི་རང་བྱུང་ཡེ་ཤེས་ནི་གསལ་ཆ་ཡང་ཡིན་ལ་རིག་ཆ་ཡང་ཡིན་ནོ། །དེ་བས་ན་འདི་ ནི། མི་མངོན་མི་སྣང་གསལ་བྱེད་མིན། །ཞེས་པ་རྣམ་ཤེས་ལའོ། །སྣང་བ་ཆེན་པོ་གསལ་ བ་ཆེ། །ཞེས་པ་ཡེ་ཤེས་ལའོ། །དེ་ལྟ་བས་ན་རྣམ་ཤེས་ཡེ་ཤེས་འབྱེད་པའི་མན་ངག་ཤིན་ ཏུ་གལ་ཆེ་ཞིང༌། ཡེ་ཤེས་ལ་ཡང་བདེན་གཉིས་སུ་འབྱེད་པའི་མན་ངག་གལ་ཆེའོ། །ཡང་ སེམས་ཅན་ལ་ཐར་པའི་ས་བོན་ཐེབས་པ་དང༌། སྨིན་པའི་དོན་ཅི་ཙམ་ལ་ཡང་བགྱི་ ཞེས་གསུངས་པ་ལ་རང་བཞིན་གྱི་རིགས་ཆད་པའི་སེམས་ཅན་མི་སྲིད་ཀྱང་རྒྱས་པའི་ རིགས་ཆད་པ་ནི་ཤིན་ཏུ་མང་སྟེ། གང་ལ་ཐར་པའི་ས་བོན་མ་ཐེབས་པའི་སེམས་ཅན་ ཐམས་ཅད་དོ། །དེ་དག་གི་རྣ་ལམ་དུ་སངས་རྒྱས་ཀྱི་མཚན་དང༌། གཟུགས་སྔགས་ཟབ་ མོ་ལ་སོགས་པ་སྒྲོགས་པ་དང༌། སངས་རྒྱས་ཀྱི་སྐུ་གཟུགས་དང༌། མཆོད་རྟེན་ལ་སོགས་ པ་མཐོང་དུ་འཇུག་ཅིང༌། དེ་དག་གི་རྡུལ་དང་རླུང་དང་ཆུ་དང་གྲིབ་མ་ལ་སོགས་པས་ རེག་ཏུ་འཇུག་པ་དང༌། དཀྱིལ་འཁོར་གྱི་རྡུལ་ཚོན་དང་སྦྱིན་སྲེག་གི་ཐལ་བ་ལ་སོགས་ པའམ། ཟབ་མོའི་སྔགས་ཀྱིས་མངོན་པར་སྔགས་པའི་ཆུ་དང༌། ཐལ་བ་དང་བྱེ་མ་ཡུངས་ ཀར་ལ་སོགས་པས་གང་ལ་རེག་པ་དེ་ལ་ཐར་པའི་ས་བོན་སྔར་མ་ཐེབས་པ་ཡིན་ན་ ཐེབས་པར་འགྱུར་ཞིང༌། ཐེབས་པ་ཡིན་ན་གསོས་འདེབས་པར་འགྱུར་ལ། ས་བོན་ བཏབ་པ་རྣམས་དགེ་བས་མཐར་གྱིས་བྱེད་པར་འགྱུར་ཞིང༌། དགེ་བ་ཡང་དང་ཡང་དུ་ བསགས་པ་རྣམས་རིམ་གྱིས་ཡོངས་སུ་སྨིན་པར་འགྱུར་ལ་དགེ་བ་ཡོངས་སུ་སྨིན་པ་ གང་ཡིན་པ་དེ་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལ་སྨིན་པའི་དོན་ཇི་ལྟར་རྨ་དང་ཟས་ ལ་དེ་དག་གི་གཟག་དང་སྤྱད་དུ་རུང་བ་སྨིན་འདོད་ལྟར། དེ་བཞིན་རྟེན་འདིར་ཕྱོགས་ གཉིས་ཞི་བ་དང༌། །དེ་བཞིན་སྤྱད་པ་ཉིད་དུ་ཕྱོགས་གཉིས་བསྟན། །ཞེས་པ་སྟེ། སྤང་ བྱའི་ཕྱོགས་ཞི་བར་བྱར་རུང་བ་དང༌། གཉེན་པོའི་ཕྱོགས་སྤྱད་དུ་རུང་བ་ཉིད་འགྱུར་བ་ གང་ཡིན་པའོ། །དེ་ལྟར་བསྟན་པ་རྣམས་ཀྱི་གསེབ་ན་མི་མང་པོའི་བློར་མི་ཤོང་ཞིང༌། དེ་ དག་གི་སྤྱོད་ཡུལ་དུ་མི་འགྱུར་བ་མང་པོ་བདོག་ལ། གསང་བ་ལས་ཀྱང་ཆེས་གསང་བ་ དང༌། གསང་ཆེན་ལས་ཀྱང་ཆེས་གསང་ཆེན་དུ་གྱུར་པའི་གསང་ཚིག་ཟབ་མོ་ཐུན་མོང་ 8-1-494 མ་ཡིན་པ་མང་བར་བདོག་ཅིང༌། ཡི་གེར་བཀོད་དུ་མི་རུང་བ་ཙམ་གྱི་ཆོས་གཉེན་པོ་ ཡང་བདོག་མོད་ཀྱི། ཡུལ་གྱིས་བསྐལ་པས་སྙན་རྒྱུད་རང་དུ་བྱར་མ་བཏུབ་པ་དང༌། སྣོད་ཤིན་ཏུ་བཟང་བ་རྣམ་པར་དག་ཅིང་སྐུ་ངོ་ཤིན་ཏུ་ཆེ་བ་དང༌། དད་གུས་ཀྱང་ཤིན་ ཏུ་ཆེ་ལ་གཞན་ལ་ཕན་པའི་དོན་ཡང་ཤིན་ཏུ་ཆེ་བ་ལ་སོགས་པའི་རྒྱུ་མཚན་གྱིས་ཡི་ གེར་གསལ་པོར་བཀོད་པ་ལགས་པས། གཞན་སུས་ཀྱང་མི་མཐོང་བ་དང༌། ཁྱད་པར་ སྣོད་མིན་གྱི་ལག་ཏུ་ཡོང་ཡེ་མ་འཁྱར་བ་ཅི་ནས་ཀྱང་མཛད་པར་ཞུ། དེ་ཁོ་ན་ལྟར་ བཀའ་རྒྱས་བཏབ་ཅིང༌། ལག་གཉིས་ལན་གསུམ་དུ་བཏབ་པས། དམ་ཚིག་ལས་མི་ འདའ་བ་གལ་ཆེ་གལ་ཆེ། ཨོཾ་བྷུར་བྷུ་ཝ་སྭཱཧཱ། ན་མོ་དེ་ཝི་བྷྱཿ སྭ་སྟི་པྲཛྙཱ་བྷྱཿ སྭཱཧཱ་རཱ་ཛཱ་བྷྱཿ སྭ་དྷཱ་པྲ་ཏི་བྷྱཿ ཨ་ལཾ་ བྷུ་ཏེ་བྷྱཿ ཝ་ཥ་ཊ་ཨིན་ཏྲ་ཡ།། མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾ།། ཞུས་དག། །། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-495 ༄༅། །བླ་མ་དོན་ཡོད་རྒྱལ་མཚན་དཔལ་བཟང་ པོས་ཆོས་རྗེའི་ དྲུང་དུ་ཕུལ་བ་བཞུགས་སོ། ། 8-1-496 ༄༅། །བླ་མ་དོན་ཡོད་རྒྱལ་མཚན་དཔལ་བཟང་པོས་ཆོས་རྗེའི་ དྲུང་དུ་ཕུལ་བ་བཞུགས་སོ། ། ༄༅། །ཨོཾ་སྭཱ་སྟི་སིདྷཾ། ན་མོ་རཏྣ་དྲ་ཡཱ་ཡ། བདག་མེད་ཆོས་རྣམས་ཐུགས་སུ་ཆུད་ཀྱང་ བདག་བས་གཞན་གཅེས་གཟིགས་པ་ཅན། །འགྲོ་བ་ཀུན་ལ་བུ་ལྟར་བརྩེ་ཡང་འགྲོ་བ་ གདོད་ནས་མ་གཟིགས་ཤིང༌། །ཤེས་བྱའི་རྣམ་པ་མཐའ་དག་མཁྱེན་ཡང་མཁྱེན་བྱའི་ དངོས་པོ་མ་གཟིགས་པ། །བདེ་སོགས་རྣམས་ལས་ཤིན་ཏུ་འདས་ཀྱང་འགྱུར་མེད་བདེ་ བའི་རང་བཞིན་རྒྱལ། །ཆོས་སྨྲའི་བཙུན་པ་དོན་ཡོད་རྒྱལ་མཚན་དཔལ་བཟང་པོས། བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་ཅིང༌། སངས་རྒྱས་དུ་མའི་བསྟན་པ་ལ་བྱ་ བ་བྱས་པ། ལེགས་པར་བཤད་པ་རྒྱ་མཚོའི་དབུས་ནས་གནས་ཤིང༌། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དྲི་མ་མེད་པའི་རིན་པོ་ཆེ་དུ་མ་ལ་དབང་འབྱོར་ལ་ཐོས་ པ་དང༌། བསམ་པ་དང༌། སྒོམ་པ་ལས་བྱུང་བའི་བློའི་སྦྲུལ་མགོའི་གདེངས་ཀ་དང་ལྡན་ ཞིང༌། བདེ་བར་གཤེགས་པའི་གསུང་རབ་དུ་མའི་ཕུང་སྒྲ་སྒྲོགས་པའི་ཀླུ་དབང་ཤེས་ བྱའི་རྣམ་པ་ཀུན་རྫོགས་པར་མཁྱེན་པ། དམ་པ་རྣམས་ཀྱི་བསྔགས་པར་བྱ་བའི་ཡོན་ ཏན་དུ་མའི་དཔལ་གྱིས་མངོན་པར་མཐོ་བ། བླ་མ་ཤེས་རབ་རྒྱལ་མཚན་གྱི་ཕྱག་ཏུ་ཕུལ་ བ། ངེད་ཁམས་སྙོམས་ཤིང་འཆད་ཉན་ལ་ཅི་ནུས་ཀྱིས་བརྩོན་པར་བདོག། ཉིད་ཅག་ བདེ་བར་གཤེགས་པའི་གསུང་རབ་ལ་དཔང་མཛད་ནས་བསླབ་པ་རིན་པོ་ཆེ་གསུམ་ སྤྱན་གྱི་འབྲས་བུ་བཞིན་དུ་འཛིན་ཞིང༌། རྒྱལ་སྲས་ཀྱི་སྤྱོད་པ་མདོ་སྡེ་རྒྱན་ལ་སོགས་ པར་འབྱུང་བ་བཞིན་ཐུགས་ཉམས་སུ་བཞེས་ནས་འགྲོ་བ་མང་པོ་སྨིན་གྲོལ་གྱི་ལམ་ལ་ འགོད་པ་ལ་བརྩོན་པར་བཞུགས། ཞེས་ཐོས་ནས་དེའི་ཐད་ནས་བདག་ཅག་རྣམས་ལ་ དྲན་པ་བསྐུལ་བ་སྐུར་བ་རྣམས་ཀྱང༌། སློབ་དཔོན་ལོ་ཙཱ་བས་རྒྱུ་མཚན་དང་བཅས་པ་ འཕྲོད་པས་ཡིད་རབ་ཏུ་དགའ། སྐབས་ཀྱི་དོན་ལ། སྔར་བཞིན་དུ་སྐྱེས་བུ་དམ་པའི་སྤྱོད་ 8-1-497 པས་འགྲོ་བ་མང་པོ་རྣམ་གྲོལ་གྱི་ལམ་ལ་བཀོད་པར་རིགས་སོ། །ཞེས་བསྐུལ་ཇི་ཞིག་ འཚལ་ཏེ། བདག་བས་གཞན་གཅེས་སྡུག་པ་རྙེད་ནས་ནི། །དེ་ལྟར་བདག་བས་གཞན་ དོན་མཆོག་ཏུ་ཤེས། །རང་གི་དོན་གང་གཞན་གྱི་དོན་གང་ཡིན། །ཇི་ལྟ་སྙིང་རྗེའི་བདག་ ཉིད་གཞན་གྱི་དོན་གྱི་ཕྱིར། །བདག་ལ་སྡུག་བསྔལ་མི་བཟད་གདུང་བར་རབ་བྱེད་ པ། །དེ་ལྟར་འཇིག་རྟེན་གདུང་བའི་ལས་ཀྱི་གཞན་དགྲ་ལ། །ཤིན་ཏུ་བརྩེ་བ་མེད་པར་ རབ་ཏུ་འཇུག་མ་ཡིན། །ཞེས་པ་དང༌། སློབ་དཔོན་བརྩེ་ཆེན་རྟག་ཏུ་བསྟེན་པའི་ བདག །ཕ་རོལ་སྡུག་བསྔལ་དག་གི་སེམས་གདུང་བ། །གཞན་གྱི་བྱ་བ་ཉེ་བར་གནས་པ་ ལ། །གཞན་གྱི་བསྐུལ་བ་ཤིན་ཏུ་ངོ་ཡང་ཚ། །མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ ཡི། །སེམས་དཔའ་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་ བས་རབ་བཅིངས་པ། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །ཞེས་པ་ལ་སོགས་པ་ གསུངས་པ་རྣམས། ཐུགས་རྒྱུད་དང་ཤིན་ཏུ་འདྲེས་པའི་ཕྱིར་རོ། །བདག་ཅག་ཀྱང་ གསུང་ལན་བཞིན་དུ། ཐུབ་པའི་བསྟན་པ་དང༌། སེམས་ཅན་གྱི་དོན་ཅི་ནུས་ཀྱིས་འབད་ པ་འདོན་པ་ལགས། སླར་ཡང་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་དང༌། །དེ་ འཛིན་བཤེས་གཉེན་དམ་པའི་ཚོགས་རྣམས་ཀུན། །ནམ་མཁའ་ཇི་སྲིད་བར་དུ་གནས་ པ་དང༌། །མི་དགེའི་དགྲ་ཡང་གཏན་ནས་སྤངས་པར་ཤོག །བདེ་གཤེགས་སྙིང་པོའི་ཁང་ བཟང་ཡངས་པའི་རྩཻར། །རྣམ་དཔྱོད་ཤེས་རབ་རྒྱལ་མཚན་ལེགས་བཙུག་ནས། །ལུང་ རིགས་དཔལ་འབྱོར་མཆོག་གིས་ཕྱུག་བྱས་ཏེ། །བསྡུ་རྣམ་བཞི་ཡིས་འགྲོ་བ་ཚིམ་བྱེད་ རྒྱལ། །གཞན་ཡང་སོ་སོ་ནས་ཁམས་བཟང་པོར་བགྱིས་ནས་དམ་པའི་ཆོས་ཀྱི་འབེལ་ གཏམ་རྒྱ་ཆེན་པོ་ལ་སྤྱོད་པར་སྨོན། ཞེས་པ་གཟིགས་པའི་རྟེན་ཙམ་དུ་གོས་ཡུག་གཅིག་ མཆིས། བྱའི་ལོ་ཟླ་བ་བདུན་པའི་ཚེས་ཉེར་བརྒྱད་ལ་ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱར་ བྲིས་པ་དགེའོ།། །། 8-1-498 ༄༅། །ཆོས་རྗེ་ཉིད་ཀྱིས་བླ་མ་དོན་ཡོད་རྒྱལ་མཚན་ པ་ལ་ ཕུལ་བ་བཞུགས་སོ། ། 8-1-499 ༄༅། །ཆོས་རྗེ་ཉིད་ཀྱིས་བླ་མ་དོན་ཡོད་རྒྱལ་མཚན་པ་ལ་ ཕུལ་བ་བཞུགས་སོ། ། ༄༅། །ཨོཾ་སྭཱ་སྟི། ན་མོ་རཏྣ་དྲ་ཡཱ་ཡ། གང་ཞིག་ཀུན་གྱི་སེམས་ལ་གནས་ཀྱང་འགྲོ་བ་ཀུན་ གྱིས་མ་རྟོགས་ཤིང༌། །རྟེན་ཅིང་འབྲེལ་འབྱུང་ཆོས་ལས་འདས་ཀྱང་མཁྱེན་བརྩེ་ནུས་ པས་མཁའ་འབྱིངས་ཁྱབ། །སྤུངས་དང་སྐྱེ་སྒོ་རིགས་དོན་མེད་ཀྱང་ཕུང་པོ་སྐྱེ་མཆེད་ ཁམས་མཆོག་གཞན། །བདེ་གཤེགས་སྙིང་པོའི་རྣམ་པ་མེད་ཀྱང་རྣམ་པ་ཀུན་དང་ལྡན་ ལ་འདུད། །གང་གི་བསྟན་པ་རིམ་གསུམ་ཐབས་ཚུལ་གྱིས། །བདེ་གཤེགས་སྙིང་པོ་ཡིད་ བཞིན་ནོར་བུ་ཡི། །དྲི་མ་རིམ་གསུམ་རིམ་གྱིས་སྦྱོང་མཛད་པ། །རྒྱལ་བ་ནོར་བུ་མཁན་ལ་ ཕྱག་འཚལ་ལོ། །གང་གི་མཛད་པ་དོན་ཡོད་མ་སྨད་པས། །ཐུབ་བསྟན་རིན་ཆེན་རྒྱལ་ མཚན་ལེགས་འཛིན་ཅིང༌། །བསོད་ནམས་ཡེ་ཤེས་དཔལ་གྱིས་ཆེ་བའི་ལྷ། །ཀུན་ནས་ ཀུན་ཏུ་བཟང་པོའི་ཞབས་ལ་འདུད། ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུར་རྗེས་སུ་བརྩེ་བའི་སྤྱན་རས་ཀྱིས་བདག་ ཅག་ལ་ཡང་ཉེ་བར་གཟིགས་ནས་གནོད་སྦྱིན་ཆེན་པོ་དང་བཅས་པའི་བཀའ་ཤོག་ བཟང་པོ་མཁས་པ་རྣམས་ཀྱི་བསྔགས་པར་འོས་པའི་ཚིག་དོན་ཕུན་སུམ་ཚོགས་པས་ རྣམ་པར་བརྒྱན་པ་ཐུགས་ལ་བཏགས་པས་དགའ་བ་དང་སྤྲོ་བ་དང་དང་བའི་བློ་ འཕེལ་བར་བྱུང་ལགས། བུ་ལ་སྙོམས་པར་བྱམས་པའི་ཕ་མ་ཡང༌། །ན་བའི་བུ་ལ་ལྷག་པར་བརྩེ་བ་ལྟར། །དམན་ པ་རྣམས་ལ་ལྷག་པར་ཐུགས་བརྩེ་བ། །འདི་ནི་རྒྱལ་སྲས་དམ་པའི་ཚུལ་ཞེས་གདའ། །གོ་ ཆ་ཆེན་པོ་དཔག་ཏུ་མེད་པ་བགོས་ཏེ་བསྟན་པ་རིན་པོ་ཆེའི་ཁུར་ཆེན་པོ་བསྣམ་ནས་ ལུང་དང་རིགས་པའི་ཚུལ་རྒྱ་ཆེན་པོ། འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ལྟ་བུ་ལ་སྟོན་པར་ མཛད་པ་དང༌། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ 8-1-500 གསལ་བར་སྟོན་པ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལེགས་པར་གསུངས་པ་ལ། དད་པ་ དང༌། རྗེས་སུ་ཡི་རང་བ་ལ་འཕེལ་བར་བྱུང་ཞིང༌། བདག་དང་སེམས་ཅན་ཐམས་ཅད་ ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ལགས། དེ་ཉིད་བྱང་ཆུབ་སེམས་དཔའ་ས་དང་མཚུངས་ ལྡན་དུ་གསུངས་ན། ལྷག་པར་ཡང་དོན་ཆེ་ཞིང་སེམས་ལ་འབབ་པར་གདའ་བས་སྣོད་ དུ་གྱུར་པ་རྣམས་ལ་རིམ་གྱིས་ཐུགས་ལ་འདོགས་པར་ཞུ་འཚལ། ཇི་ལྟར་ལོང་བའི་ མདུན་ན་རིན་ཆེན་ལྟར། །མཁས་རློམ་མང་པོས་ཚུལ་བཞིན་མཐོང་མིན་པའི། །ཆོས་ཚུལ་ རྒྱ་མཚོ་ལྟ་བུ་འདི་འདྲ་བ། །ཆོས་ཀྱི་རྒྱལ་པོ་ཁྱཻད་ཀྱིས་བསྟན་པར་འོས། ། རྒྱལ་བའི་བསྟན་པ་འཁོར་ལོ་རིམ་པ་གསུམ་དུ་ཕྱེ་བ་དང༌། རྒྱུ་དང་འབྲས་བུའི་མཚན་ ཉིད་ཅན་ཕ་རོལ་ཏུ་ཕྱིན་པ་དང༌། སྔགས་ཀྱི་ཚུལ་རབ་འབྱམས་ཡང་སྔར་བའི་ན་ཡུན་ རིང་དུ་བསྟན་དུ་གསོལ་ཞིང༌། ཁྱད་པར་རྒྱུད་བླ་མ་དང་དུས་ཀྱི་འཁོར་ལོ་ལ་སོགས་པ་ མཐར་ཐུག་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་ཆོས་ཆེན་པོ་ཟབ་པ་ལས་ཆེས་ ཟབ་པ། གསང་ཆེན་ལས་ཀྱང་ཆེས་གསང་ཆེན་དུ་གྱུར་པ་རྣམས་དེ་ཉིད་ཀྱི་སྣོད་དུ་རུང་ བ་རྣམས་ལ་ལེགས་པར་བསྟན་དུ་གསོལ། ཞེས་གསོལ་བ་འདེབས་པ་ལགས། ཕྱོགས་རེའི་ མིག་ཅན་རྣམས་ཀྱིས་ཕྱོགས་རེ་མཐོང༌། །མཁས་མཆོག་ཁྱོད་ཀྱིས་ཐམས་ཅད་མཐོང་བ་ ལགས། །འདི་ན་ལ་ལས་ཅུང་ཟད་ཤེས་པས་ཚིམ། །ཁྱོད་ནི་མང་དུ་མཁྱེན་ཡང་ངོམས་མི་ མངའ། །ཇི་ལྟར་རྒྱ་མཚོ་ཆབ་ཀྱིས་མི་ངོམས་ཤིང༌། །བུད་ཤིང་གིས་ཀྱང་གཙང་བྱེད་ ངོམས་མིན་ལྟར། །ཁྱེད་ཐུགས་གཞུང་ལུགས་མང་པོས་ངོམས་མི་མངའ། །དེ་ཡི་སླད་དུ་ དེ་སྐད་གསོལ་བར་སྤོབས། །ཆོས་ཀྱི་སྤྱན་ལྡན་ཆོས་ལ་དབང་བསྒྱུར་ཞིང༌། །རྒྱལ་བའི་ རྣམ་འཕྲུལ་རྒྱལ་བའི་བསྟན་སྐྱོང་ལ། །དད་ལྡན་སྐལ་བ་དམན་པའི་རྨོངས་པ་ བདག །སྤོབས་པ་བསྐྱེད་ནས་ད་དུང་ཞུ་བ་མཆིས། །རྣམ་པར་ཤེས་པའི་ཆོས་ལས་འདས་ པའི་དབྱིངས། །དོན་དམ་བདེ་གཤེགས་སྙིང་པོ་སྟོན་པའི་གཞུང༌། །དབུ་མའི་མཐར་ཐུག་ འཁོར་ལོ་གསུམ་པ་ལ། །རྣམ་རིག་ཙམ་ཞེས་ཆོས་ལ་སྐུར་འདི་དག །ལུང་དང་རིགས་ པས་ལེགས་པར་སུན་ཕྱུང་ནས། །དམ་ཆོས་སྤོངས་པའི་ལས་ལས་བཟློག་ཏུ་གསོལ། །བདེ་ 8-1-501 གཤེགས་སྙིང་པོ་དྲང་བའི་དོན་ཞེས་པ། །ལོག་པར་ཞུགས་པ་འདི་ཡང་བཟློག་ཏུ་ གསོལ། །རྣམ་ཤེས་ཡེ་ཤེས་ཀུན་རྫོབ་དོན་དམ་དང༌། །གློ་བུར་དྲི་མ་རང་བཞིན་འོད་ གསལ་ཆེ། །ཆོས་དང་ཆོས་ཉིད་འཁོར་འདས་ལ་སོགས་པར། །རྒྱལ་དང་རྒྱལ་སྲས་མཆོག་ གིས་རྣམ་ཕྱེ་ཡང༌། །མངོན་ཤེས་སྔ་མེད་མཁས་པའི་དྲེགས་པ་ཅན། །རིགས་ལྡན་མན་ ངག་རྣམ་པར་སྤངས་རྣམས་ཀྱིས། །རྣམ་པར་མ་ཕྱེད་སྨན་དུག་འདྲེས་པ་བཞིན། །བདེན་ གཉིས་བསྲེས་པ་འདི་ཡང་དབྱེ་བར་གསོལ། །བསྟན་དང་བསྟན་འཛིན་འཇིག་རྟེན་དགེ་ ལེགས་རྣམས། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བ་དང༌། །ལྷུན་པོའི་རྒྱལ་པོ་ལྟ་བུར་བརྟན་ པར་ནི། །སྤྲུལ་སྐུ་ཁྱོད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ། ཞེས་པ་ཞུ་ཡིག་འབུལ་བའི་རྟེན་ཙམ་དུ། བསམ་པ་ཉེར་མཚོན་པ་ཅུང་ཟད་ཙམ་འདི་ གསེར་གྱི་ལྷུན་པོ་བྱེ་བ་ཕྲག་བརྒྱར་མོས་པས་འབུལ་ཞིང༌། གཞན་ཡང་འཇིག་རྟེན་ ཁམས་ན་བདག་གིར་ཡོངས་སུ་མ་བཟུང་བའི་དངོས་པོ་བཟུང་ཞིང༌། ཕུན་སུམ་ཚོགས་ པ་ཇི་སྙེད་མཆིས་པ་ཐམས་ཅད་བློས་བླང་ནས་མཆོད་པར་འབུལ་ལ། ལུས་དང་ངག་ དང་ཡིད་དང་དགེ་བའི་རྩ་བ་ཅི་མཆིས་པ་ཡང་འབུལ་བ་ལགས། ཚེས་བརྒྱད་ལ་རི་ཁྲོད་ ནས་ཕུལ་བའི་ཞུ་ཡིག །མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-502 ༄༅། །བླ་མ་དོན་ཡོད་རྒྱལ་མཚན་པས་ཆོས་རྗེའི་ དྲུང་དུ་ ཕུལ་བ་བཞུགས་སོ། ། 8-1-503 ༄༅། །བླ་མ་དོན་ཡོད་རྒྱལ་མཚན་པས་ཆོས་རྗེའི་དྲུང་དུ་ ཕུལ་བ་བཞུགས་སོ། ། ༄༅། །ཨོཾ་སྭཱ་སྟི་སིདྷི། ཤྲཱི་མ་ཏི་ཀུ་བེ་རཏྣ་ཏྲ་ཡཱ་ཡ་ཙ་ན་མོ་ན་མཿ ཇི་ལྟ་ཇི་སྙེད་མངོན་ སུམ་གཟིགས་ཀྱང་ཆོས་ཀུན་ངོ་བོ་ཉིད་མ་གཟིགས། །བརྩེ་བའི་ཐུགས་རྗེས་འགྲོ་ལ་ དམིགས་ཀྱང་འགྲོ་བ་བདག་བས་གཅེས་པར་དམིགས། །མཛད་པའི་འཕྲིན་ལས་དུས་ ཚད་མེད་ཀྱང་གདུལ་བྱའི་དུས་ལས་རྟག་མི་ཡོལ། །གང་ཞིག་འགྲོ་བ་ཀུན་ལས་འདས་ ཀྱང་འགྲོ་བའི་གཙོ་བོ་དེ་ལ་འདུད། །གང་ལ་ཐོག་མ་དབུས་མཐའ་ལ་སོགས་སྤྲོས་པ་མ་ ལུས་གཏན་བཅོམ་ཡང༌། །འགྲོ་བ་རྣམས་ལ་བུ་ལྟར་བརྩེ་བས་ཡང་དག་རིགས་པའི་ལམ་ སྟོན་པ། །འཁོར་བའི་རྒྱ་མཚོ་རབ་ཏུ་བྱིང་བའི་སྐྱེ་འགྲོ་རྟག་ཏུ་ཐར་མཛད་པ། །སེམས་ ཅན་གཉེན་གཅིག་རྫོགས་སངས་རྒྱས་དེར་དང་བས་རབ་ཏུ་ཕྱག་འཚལ་ལོ། །གང་ཞིག་ བསྟེན་ན་འཁོར་བའི་རྒྱ་མཚོ་ལས། །ངེས་པར་གྲོལ་ཞིང་རྨོངས་པའི་མུན་པ་ཀུན། །སེལ་ མཛད་བདེན་གཉིས་མཚན་ཉིད་ཅན་དེ་ལ། །ཐོས་བསམ་བསྒོམ་པའི་བསྒྲུབ་པས་གུས་ པར་མཆོད། །གང་ཞིག་ཐེག་གསུམ་ལམ་ལ་རབ་གནས་ནས། །ཐོས་བསམ་སྒོམ་གསུམ་བྱ་ བས་སྐྱོ་མེད་ཅིང༌། །དྲི་མེད་བསླབ་གསུམ་གུས་པས་འཛིན་མཛད་ལ། །ལུས་ངག་ཡིད་ གསུམ་དང་བས་ཕྱག་འཚལ་ལོ། །གང་གི་མཐུ་ཡི་ཚད་མེད་མཁྱེན་པའི་དཔལ། །རབ་ཏུ་ སྟེར་ཞིང་འགྲོ་བ་ཀུན་ལ་གནས། །དྲི་མེད་ཆོས་ཚུལ་ཀུན་གྱི་གཞིར་གྱུར་པ། །བདེ་ གཤེགས་སྙིང་པོ་ཡིད་བཞིན་ནོར་བུར་འདུད། །ཆོས་མིན་ཚུལ་ལས་ཐག་མ་བསྲིང་ཀྱང་ ཆོས་སྨྲའི་ཚུལ་ལ་རབ་ཞུགས་ཤིང༌། །དལ་འབྱོར་རྙེད་པ་དོན་ཡོད་མིན་ཡང་དོན་ཡོད་ མིང་ཙམ་འཛིན་པ་ཅན། །བསྟན་པའི་རྒྱལ་མཚན་སློང་བྱེད་མིན་ཡང་ངུར་སྨྲིག་རྒྱལ་ མཚན་ཙམ་འཛིན་ལ། །སྲིད་ཞིའི་དཔལ་འབྱོར་བཟང་པོ་མིན་ཡང་དཔལ་འབྱོར་བཟང་ པོའི་རྗེས་འཇུག་པས། །ཤེས་བྱ་མཐའ་དག་ཚུལ་རྣམས་ཐུགས་ཆུད་ནས། །རབ་ཏུ་བརྩེ་ 8-1-504 བ་བློ་ཡིས་གདུལ་བྱ་རྣམས། །རྒྱལ་བའི་ཆོས་ཚུལ་དྲི་མེད་ལ་སྦྱོར་ཞིང༌། །མཚན་མ་མ་ ལུས་ཞི་བའི་ཏིང་འཛིན་གྱིས། །དཔལ་ལྡན་བླ་མའི་རིང་ལུགས་འཛིན་མཛད་པ། །བཟང་ པོའི་ལམ་སྐྱོང་རྒྱལ་སྲས་རྣམ་དག་པ། །གང་ལ་བརྟེན་ན་དགེ་བ་འཕེལ་བ་ཡིས། །བཤེས་ གཉེན་གང་དེའི་སྙན་དུ་ཚིག་འགའ་གསོལ། །བདག་ནི་འདུ་འཛིའི་རྒྱ་མཚོ་ཆགས་སྡང་ འཛིན་འཁྲི་རབ་གང་ཞིང༌། །ངན་པའི་རྣམ་རྟོག་རྦ་རླབས་དུ་མ་གཡོ་བ་ཅན། །སྡུག་ བསྔལ་ཆུ་བོ་ཕྱོགས་རྣམས་ཀུན་ནས་རབ་ཏུ་འབབ། །རྟག་ཏུ་གནས་ཀྱང་སྐྱོ་བ་མེད་ཅིང་ འཚམ་པོར་མཆིས། ། ཉིད་ཅག་སྐུ་ཁམས་བཟང་ཞིང་ཐུགས་དམ་འཕེལ་ལ། བདག་བས་གཞན་གཅེས་པའི་ བྱང་ཆུབ་ཀྱི་སེམས་ཀྱི་ཀུན་ནས་བསླང་ནས། སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ རྣམ་པར་ཐར་པའི་ཚུལ་བསམ་གྱིས་མི་ཁྱབ་པ་ལ་བརྩོན་པའི་ངང་ནས་འདི་ཕྱོགས་སུ་ ཚིགས་སུ་བཅད་པ་རྟེན་གསེར་དང་བཅས་པ་བསྐུར་བ་འདི་རུ་འཕྲོད་པས། ཡིད་སྤྲོ་བ་ སྐྱེས་པ་ནི། འདི་ལྟ་སྟེ། སྤྲིན་ཕྲེང་ལྡན་དུས་ཆུ་གཏེར་དང༌། །ཡར་གྱི་ངོ་ཡི་ཟླ་བ་ བཞིན། །དང་བ་སྟོན་དུས་ལྷ་ཡི་ལམ། །ཟླ་བའི་འོད་ཀྱིས་ཁྱབ་པ་བཞིན། ། སྐབས་ཀྱི་དོན་ལ། སྔར་བཞིན་དུ་ཐུགས་དམ་དང༌། འགྲོ་བའི་དོན་ལ་བརྩོན་པ་རྒྱ་ཆེན་ པོ་མཛད་འཚལ་ཏེ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། རྒྱལ་སྲས་བརྩོན་འགྲུས་མཆོག་ ལ་བརྟེན་པ་དེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་ གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར། །ཞེས་གསུངས་པ་དང༌། སློབ་དཔོན་རྩེ་ཆེན་ཤིན་ཏུ་བསྙེན་པའི་བདག །ཅེས་གསུངས་པ་དང༌། དེ་ལྟར་རྒྱུད་ནི་ གོམ་གྱུར་པ། །གཞན་གྱི་སྡུག་བསྔལ་ཞི་དགའ་བས། །པད་མའི་མཚོ་ལ་ངང་བ་ བཞིན། །མནར་མེད་པར་ཡང་འཇུག་པར་འགྱུར། །ཞེས་སོགས་དང༌། དང་པོར་ང་ཞེས་ བདག་ཏུ་འཛིན་གྱུར་ཅིང༌། །ང་ཡི་འདི་ཞེས་དངོས་ལ་ཞེན་འགྱུར་བས། །ཟོ་ཆུན་འཕྱང་ ལྟར་རང་དབང་མེད་པ་ཡིས། །འགྲོ་བ་སྙིང་བརྩེར་གང་གྱུར་དེ་ལ་འདུད། །ཅེས་པ་ལ་ སོགས་པ་གསུང་རབ་དགོངས་འགྲེལ་དང་བཅས་པ་རྣམས་ལས་ཇི་ལྟར་གསུངས་པའི་ 8-1-505 ཚུལ་ཁྱེད་ཉིད་ཀྱི་ཐུགས་ལ་མངའ་བས། དེ་བཞིན་དུ་བསྒྲུབ་པ་དང༌། ལུས་ནི་དགྲ་ལྟར་ མཐོང་མོད་ཀྱི། །དེ་ལྟ་ནའང་དེ་བསྲུང་བྱ། །ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །བདག་ དང་གཞན་ལ་ཕན་པ་བྱེད། །ཅེས་པ་ལྟར། སྐུ་ཁམས་ཀྱི་འཚོ་སྐྱོང་ལ་བརྩོན་པ་གལ་ཆེ། ཡང་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་བཤད་པ་ལ། བསྔགས་པ་ཆེན་པོ་དང༌། བྱང་ས་དང་ བསྒྲིག་ལ་ཤོད་གསུངས་པ་དང༌། རྒྱུ་དང་འབྲས་བུའི་མཚན་ཉིད་ཅན། ཕ་རོལ་ཏུ་ཕྱིན་ པ་དང༌། གསང་སྔགས་ཀྱི་ཚུལ་ཟབ་ཅིང༌། རྒྱ་ཆེ་བ་རྣམས་ཀྱི་འཆད་ཉན་དང༌། བདེ་ གཤེགས་སྙིང་པོ་ངེས་པའི་དོན་དུ་སྟོན་པའི་ལུང་རྣམས་དང༌། བདེན་པ་གཉིས་ཀྱི་རྣམ་ དབྱེ་ལ་སོགས་པ་རྣམས་ལ། བདག་ཅག་ཀྱང་ཤིན་ཏུ་དང་ཞིང༌། གསུང་ཡིག་ལྟར་བགྱིད་ པའི་སྤྲོ་བ་བདོག་ནའང༌། སྲིད་ལྡན་དུག་ཅན་ཁ་ཟས་བསྟེན་པ་ལྟར། །བདེ་ལྟར་སྣང་ ཡང་སྡུག་བསྔལ་ཀུན་བསྐྱེད་པའི། །འཇིག་རྟེན་བྱ་བ་མི་འདོད་བཞིན་དུ་ཡང༌། །སྔོན་གྱི་ ལས་ཀྱི་རྗེས་སུ་འབྲེལ་བར་གྱུར། །དེ་སླད་གདུག་པའི་སྐྱེ་བོ་དུ་མ་ཡིས། །སྣ་ཚོགས་གཡོ་ སྒྱུའི་ཐབས་དང་ཟོལ་སྦྱོར་གྱིས། །ཐོས་བསམ་སྒོམ་པའི་བྱ་བ་སྒྲུབ་བྱེད་ཅིང༌། །དགེ་བའི་ ནོར་ཡང་འཕྲོག་པ་ལྟ་བུར་བྱས། ། གཞན་ཡང༌། མ་རུང་བློ་ལྡན་སྐྱེ་བོ་འདི་དག་བསམ་པ་ཇི་བཞིན་འགྲུབ་ལྟར་སྣང༌། །ཆོས་ ལ་བརྟེན་པའི་སྐྱེ་བོ་ཕལ་ཆེར་ཚེ་ཐུང་ནད་མང་ལོངས་སྤྱོད་ཕོངས། །ཆོས་སྨྲར་རློམ་ རྣམས་རྙེད་བཀུར་ཕྱིར་དུ་རྒྱལ་བའི་བསྟན་པ་འདོར་བར་བྱེད། །དེ་ལྟའི་དུས་འདིར་ བདག་གིས་འབད་ཀྱང་སེམས་ཅན་ལས་སྟོབས་བཟློག་པར་དཀའ། ། གཞན་ཡང༌། བློ་དང་ཐོས་པའི་ནོར་མཆོག་ལྡན་ཡང་རྙེད་བཀུར་མི་ལྡན་གཞོན་པ་ རྣམས། །མཁས་པར་མི་འཛིན་རྙེད་བཀུར་ལྡན་ཡང་ཐོས་དང་མི་ལྡན་དྲེགས་པ་ ཅན། །ལོ་གྲངས་རྒན་རྣམས་མཁས་པ་ཡིན་ཞེས་སྐྱེ་བོ་བླུན་པོ་ཕལ་ཆེར་སྒྲོགས། །དེ་ཕྱིར་ མཁས་རྨོངས་ཁྱད་པར་ཕྱེད་པའང་འཇིག་རྟེན་འདི་ན་རབ་ཏུ་དཀོན། །འོན་ཀྱང་ཅི་ འགྲུབ་ཀྱིས་གསུང་ཡིག་བཞིན་བགྱིད་ལགས་ཤིང༌། རྒྱ་མཚོ་ཆེན་པོ་ཆུ་ཡི་ངོམས་མིན་དང༌། །ས་གསུམ་ལ་གནས་བྱང་ཆུབ་སེམས་དཔའ་ 8-1-506 རྣམས། །ཐོས་པ་དག་གིས་རྟག་ཏུ་མི་ངོམས་ལྟར། །ཁྱོད་ཐུགས་ལེགས་བཤད་དུ་མས་ ངོམས་མིན་ཞེས། །ཐོས་པས་རྗེས་སུ་ཡི་རང་འཕེལ་བ་ནི། །ཚ་ཟེར་བྱེད་ལས་པད་ཚལ་ཇི་ བཞིན་ནམ། །ཀུ་མུད་གཉེན་གྱི་རྒྱ་མཚོ་ཇི་བཞིན་དུ། །རབ་ཏུ་འཕེལ་ཞིང་རྒྱུན་ཡང་རྟག་ པར་མཆིས། །སླར་ཡང་བདུད་དང་ཕྱོགས་ཀྱི་མུན་པ་རྣམས། །རབ་ཏུ་ནུབ་དང་སངས་ རྒྱས་བསྟན་པ་ཡི། །སྣང་བ་འཕེལ་བ་དུས་མཉམ་གྱུར་ནས་ནི། །དགེ་བའི་པད་ཚལ་རབ་ ཏུ་རྒྱས་པར་ཤོག །མི་གསལ་བློ་ཅན་བྱིས་པའི་སྐྱེ་བོ་ཡི། །མི་ཤེས་མུན་པ་བསལ་བར་བྱ་ བའི་ཕྱིར། །མི་ཡི་སེང་གེས་ཇི་ལྟར་གསུངས་པའི་ཚུལ། །མི་མཆིའི་གོ་འཕང་འདོད་པས་ བསྒོམ་པར་རིགས། ། ཞེས་གཟིགས་པའི་རྟེན་དུ་རྟེན་འགེབས་གཅིག་དང༌། དར་ཡུག་གཅིག་བདོག། ཁྱི་ལོ་ཟླ་ བ་གཉིས་པའི་ཚེས་ཉི་ཤུ་ལ། ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱར་བྲིས། མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-507 ༄༅། །ཆོས་རྗེ་ཉིད་ཀྱིས་བླ་མ་དོན་ཡོད་རྒྱལ་མཚན་ པའི་ དྲུང་དུ་ཕུལ་བ་བཞུགས་སོ། ། 8-1-508 ༄༅། །ཆོས་རྗེ་ཉིད་ཀྱིས་བླ་མ་དོན་ཡོད་རྒྱལ་མཚན་པའི་ དྲུང་དུ་ཕུལ་བ་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོཿན་མོ་ན་མཿ གང་ཞིག་སྲིད་པ་གསུམ་ལས་འདས་ཀྱང་ སྲིད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ཆོས་དང་བྲལ་ཞིང་བརྟན་དང་གཡོ་བ་ ཀུན་གྱི་གཟུགས། །ལུས་དང་དབང་པོའི་སྦྱོར་བ་སྤངས་ཀྱང་རྟག་ཏུ་འདོད་ཆགས་ཆེ་ལ་ རོལ། །བསམ་གྱིས་མི་ཁྱབ་བརྟག་པར་དཀའ་བ་བདེ་གཤེགས་སྙིང་པོའི་དབྱིངས་ལ་ འདུད། །རྣམ་ཀུན་དོན་ཡོད་རྒྱལ་བའི་མཛད་པས་མཐའ་ཡས་འགྲོ་ཀུན་རྗེས་འཛིན་ ཅིང༌། །བསླབ་གསུམ་རྒྱལ་མཚན་རབ་ཏུ་བརྟན་པས་རབ་དཀར་གྲགས་པ་གསལ་བ་ ཅན། །ལེགས་བཤད་དཔལ་འབྱོར་ཟད་མི་ཤེས་པས་བློ་ལྡན་སྐྱེ་བོ་ཚིམས་མཛད་ པ། །མཁྱེན་རབ་བཟང་པོས་ཤེས་བྱ་ཀུན་མཁྱེན་བླ་མ་མཆོག་དེའི་ཞབས་ལ་འདུད། ། དེ་ལྟར་སྐྱེ་དགུ་ཐམས་ཅད་ཀྱི་དཔལ་དུ་གྱུར་ཅིང་སེམས་ཅན་ཐམས་ཅད་བུ་གཅིག་པ་ ལྟར་གཟིགས་པའི་ཁྲོད་ནས་རྒྱལ་ཁམས་ཀྱི་སྤྲང་པོ་ལ་ཡང་ཐུགས་རྗེ་ཆེན་པོའི་སྤྱན་ རས་ཀྱིས་ཉེ་བར་གཟིགས་ཏེ། ཚིག་དོན་ཕུན་སུམ་ཚོགས་པའི་རྒྱན་གྱི་རྣམ་པར་བཀྲ་ བའི་བཀའ་ཤོག་ཕུན་སུམ་ཚོགས་པ་གནང་སྦྱིན་ཆེན་པོ་དང་བཅས་ཏེ་ཐུགས་ལ་ བཏགས་པས་སེམས་ཞུམ་པ་སོས་པར་གྱུར་ཅིང༌། དཔེ་མེད་པར་རྗེས་སུ་བཟུང་བ་ ལགས། བསྟན་པ་རིན་པོ་ཆེའི་དོན་དང་སེམས་ཅན་དཔག་ཏུ་མེད་པའི་དོན་ལ་དགོངས་ནས་ སྐུ་ཁམས་ཀྱི་འཚོ་སྐྱོང་ཐུགས་ལ་འདོགས་པར་ཞུ་ཞིང༌། དེའི་ཐད་ནས་ལུང་དང་མངོན་ པར་རྟོགས་པས་བསྡུས་པའི་ཆོས་རྣམས་དང༌། དེ་དག་འཛིན་པར་བྱེད་པ་རྣམས། སྔར་ བཞིན་དུ་ཕྱོགས་ཐམས་ཅད་ནས་རྗེས་སུ་འཛིན་པར་ཞུ་འཚལ། ཞུ་ཡིག་འབུལ་བའི་ རྟེན་ཙམ་དུ་ཐེར་སྲབ་སྒྲིལ་མ་གཅིག་འབུལ་ཞིང་མཆིས། 8-1-509 གང་ཞིག་གང་གི་བདེ་ལ་མ་ཆགས་པར། །གཞན་གྱི་དོན་དུ་གོ་ཆ་མཆོག་བསྣམས་ པའི། །སྐྱེས་བུ་དམ་པ་ཉིན་བྱེད་ལྟ་བུའི་སྐུ། །ལྷུན་པོ་ལྟ་བུར་རབ་ཏུ་བརྟན་གྱུར་ ཅིག །བསྟན་དང་བསྟན་འཛིན་ཀུན་ནས་རྒྱས་པ་དང༌། །བསྟན་པའི་མཐར་ཐུག་འཁོར་ ལོ་གསུམ་པའི་དོན། །བདེ་གཤེགས་སྙིང་པོ་དང་པོའི་སངས་རྒྱས་ཀྱི། །བསྟན་པ་ཁྱད་ པར་དུ་ཡང་རྒྱས་གྱུར་ཅིག། །།མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-510 ༄༅། །དོན་ཡོད་པས་ཆོས་རྗེ་ལ་ཕུལ་བ་ བཞུགས་སོ། ། 8-1-511 དོན་ཡོད་པས་ཆོས་རྗེ་ལ་ཕུལ་བ་ བཞུགས་སོ། ། ༄༅། །ཨོཾ་སྭཱ་སྟི་སིདྷཾ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དྲི་མེད་བདེ་གཤེགས་སྙིང་ པོའི་ཁམས། །བདག་མེད་རྟོགས་པའི་ཤེས་རབ་ཀྱིས། །བྱིན་པ་མཆོག་གིས་ལེགས་སྦྱངས་ ནས། །ཐབས་ཚུལ་སྣ་ཚོགས་སྦྱོར་པ་ཡིས། །སྟོང་ཉིད་སྙིང་རྗེ་རྒྱུ་རྐྱེན་ལས། །ལེགས་པར་ གྲུབ་ཅིང་ཐེ་ཙོམ་གྱི། །དྲྭ་བ་ཐམས་ཅད་གཅོད་མཛད་པ། །རལ་གྲི་རིན་ཆེན་གང་དེར་ འདུད། །ཆོས་སྨྲ་དོན་ཡོད་རྒྱལ་མཚན་དཔལ་བཟང་པོས། །གང་ཞིག་གསུང་རབ་ཀུན་གྱི་ མཛོད་འཛིན་ཅིང༌། །བསྟན་པའི་སྙིང་པོ་སྟོང་ཉིད་སྙིང་རྗེའི་དོན། །རྩེ་གཅིག་བསྒོམ་ པའི་རྣལ་འབྱོར་མཆོག་ལྡན་པ། །བཤེས་གཉེན་གང་དེའི་སྙན་དུ་ཚིག་འདི་ གསོལ། །བདག་ནི་རྣམ་གཡེང་འདུ་འཛི་ལོངས་སྤྱོད་ཀྱིས། །ཉིན་བཞིན་རྟག་ཏུ་ཁྱབ་པར་ བྱས་གྱུར་ཅིང༌། ། བདུད་རིགས་མི་ཡི་གཟུགས་ཅན་གྱིས་བསྐོར་ནས། །དགེ་བའི་གོ་ སྐབས་འཕྲོག་པ་བཞིན་དུ་བྱས། ། ཁྱེད་སྐུ་ཁམས་རིན་པོ་ཆེ་རི་བོང་འཛིན་པ་བསྙུན་གྱི་ཆུ་འཛིན་གྱི་སྒྲིབ་བྱེད་ཀྱིས་ དབེན་ཞིང༌། ལེགས་པར་བཤད་པའི་བསིལ་ཟེར་གྱིས་བསྟན་པ་ཀུ་མུད་ཀྱི་ཟེའུ་འབྲུ་ གསལ་བར་མཛད་དེ། གདུལ་བྱའི་གདུང་བ་མ་ལུས་པ་སེལ་ལ་དགེ་ལེགས་ཀྱི་ཆུ་གཏེར་ འཕེལ་བར་མཛད་པའི་ཐད་ནས། ངེད་ལ་ཡང༌། གསུང་ཡིག་མཁས་པ་རྣམས་ཀྱི་ བསྔགས་པར་འོས་པའི་ཚིག་གི་རྒྱན་དང༌། སྙན་ངག་གིས་རྣམ་པར་བཀྲ་བ་རྟེན་དང་ བཅས་པ། འདིར་འཇིག་རྟེན་གྱི་མིག་ཟུང་གིས་བགྲོད་པས་ཡིད་རབ་ཏུ་དགའ་བ་ནི། མཐོ་རིས་དབང་པོའི་གྲོང་ཁྱེར་གྱི་འབྱོར་བ་སྲེད་ལྡན་སྐྱེ་བོའི་ཐོབ་པར་གྱུར་པ་ཇི་ལྟ་ བའམ། དགའ་བའི་ཚལ་དུ་བགྲོད་པ་བཞིན། སྐབས་ཀྱི་དོན་ལ། སྔར་བཞིན་དུ། མ་ལུས་མར་གྱུར་འགྲོ་བ་བསྐྱབ་བྱའི་ཕྱིར། །མེ་ 8-1-512 མདག་རབ་འབར་དམྱལ་མེའང་ཁྱད་བསད་ནས། །མུ་མེད་འཁོར་བའི་སྡུག་བསྔལ་ བསལ་དོན་དུ། །མ་ལུས་ཆོས་ཀུན་སྙིང་པོ་བསྒོམ་པར་མཛོད། །དེ་ལྟར་ཁྱེད་ལ་བསྐུལ་ ཡང་ཅི་འཚལ་མོད། །དོ་ནུབ་ཙམ་ཡང་མི་འཆི་གདེངས་མེད་ཅིང༌། །དུ་བ་ལྟར་དུ་གཡོ་ བའི་སེམས་ཅན་རྣམས། །ད་ལྟ་ཉིད་དུ་ཁྱེད་ཀྱི་སྡུག་བསྔལ་སོལ། །ཞེས་པའི་དོན་དུ་ས་ བཅུའི་ངག་ལྟ་བུའི། །ཚིག་འགའ་སྨྲས་ལ་ནོངས་པ་བཟོད་མཛད་ཅིང༌། །སླད་ནས་བདེ་ གཤེགས་བསྟན་པའི་ཉིན་མོར་བྱེད། །མི་མཐུན་སྒྲ་གཅན་ཕྱོགས་ལས་རྣམ་གྲོལ་ཏེ། །ཕན་ བདེའི་ཚ་ཟེར་བྱེ་བ་རབ་འཕྲོས་པས། །འགྲོ་བའི་ཡིད་གཞིར་དགེ་བའི་ལོ་ཏོག་ རྣམས། །སྨིན་པར་བྱེད་ཅིང་ལོག་ལྟ་མུན་པའི་ཚོགས། །རྣམ་པ་ཀུན་ཏུ་འབྱུང་བ་མེད་ གྱུར་ཅིག །བསྟན་པའི་རྒྱལ་མཚན་འཛིན་པའི་བཤེས་གཉེན་གྱི། །སྐུ་ཚེ་ནམ་མཁའི་བར་ དུ་བརྟན་པ་དང༌། །འགྲོ་རྣམས་ལེགས་བཤད་མཆོག་གི་དགའ་སྟོན་གྱི། །བདེ་བའི་ དཔལ་ལ་རྒྱུན་དུ་སྤྱོད་གྱུར་ཅིག ། ཅེས་པ་གཟིགས་པའི་རྟེན་དུ་རྟེན་འགེབས་གཅིག་དང་དར་ཡུག་གཅིག་བདོག། ཁྱི་ ལོ་ཟླ་བ་བདུན་པའི་ཉི་ཤུ་གསུམ་ལ་ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱར་བྲིས། མངྒ་ལཾ། བྷ་ ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-513 ༄༅། །གཡག་སྡེ་པཎ་ཆེན་གྱིས་དྲིས་ལན་བཞུགས་ སོ།། 8-1-514 ༄༅། །གཡག་སྡེ་པཎ་ཆེན་གྱིས་དྲིས་ལན་བཞུགས་སོ།། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ན་མོ་ན་མཿ དགེ་བའི་བཤེས་གཉེན་གཡག་སྡེ་པཎ་ཆེན་གྱིས་ ཆོས་ཀྱི་དྲི་བ་གསུམ་བསྐུར་གདའ་བ་འདི་ལ། ངེད་ཀྱི་སློབ་མ་གདན་ས་བས་ལན་བཏབ་ ཟིན་གདའ་ཞིང་དེར་ཕལ་ཆེར་འདུ་བར་གདའ་བས་སླར་ཡང་བྲི་འཚལ་བ་མི་གདའ། འོན་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཡང༌། བདེན་གཉིས་རྣམ་དབྱེ་མཁྱེན་པ་ འཚལ། །དོན་དམ་ཆོས་སྐུའི་ཡེ་ཤེས་གང༌། །དབྱིངས་རིག་དབྱེར་མེད་ཡིན་ཕྱིར་ དང༌། །འགོག་བདེན་མཐར་ཐུག་ཡིན་ཕྱིར་དང༌། །རང་བྱུང་ཡེ་ཤེས་ཡིན་ཕྱིར་ དང༌། །འགྱུར་མེད་ཡོངས་གྲུབ་ཡིན་ཕྱིར་དང༌། །དོན་དམ་བྱང་སེམས་ཡིན་ཕྱིར་ དང༌། །རང་བཞིན་ལྷན་སྐྱེས་ཡིན་ཕྱིར་དང༌། །རང་བཞིན་རྣམ་དག་ཡིན་ཕྱིར་ དང༌། །རང་བཞིན་འོད་གསལ་ཡིན་ཕྱིར་དང༌། །རང་བཞིན་གཉུག་མ་ཡིན་ཕྱིར་ དང༌། །རང་བཞིན་འགྱུར་མེད་ཡིན་ཕྱིར་དང༌། །རང་བཞིན་ལྷུན་གྲུབ་ཡིན་ཕྱིར་ དང༌། །ཆོས་རྣམས་ཀུན་གྱི་སྟོང་པའི་གཞི། །ཀུན་གཞི་ཡེ་ཤེས་ཡིན་ཕྱིར་དང༌། །བདག་ དང་བདག་གིས་སྟོང་པའི་གཞི། །དེ་བཞིན་ཉིད་བདེན་ཡིན་ཕྱིར་དང༌། །ཡང་དག་ མཐའ་དང་མཚན་མ་མེད། །རང་བཞིན་མྱང་འདས་ཡིན་ཕྱིར་དང༌། །ཨེ་ཝཾ་ཧཾ་ཀྵ་ཨ་ཧཾ་ དང༌། །ཨཱ་ལི་ཀཱ་ལི་སོགས་ཀྱི་དོན། །རྡོ་རྗེའི་ཟླ་ཉི་ཁུ་རྡུལ་དང༌། །རྡོ་རྗེ་པད་མ་རྡོ་རྗེ་ སེམས། །རྡོ་རྗེ་བྷ་ག་རྡོ་རྗེ་འཆང༌། །རྡོ་རྗེ་རྩེ་མོ་རྡེ་རྗེ་དབྱིངས། །རྡོ་རྗེ་བདུད་རྩི་རྡོ་རྗེ་ སྔགས། །རྡོ་རྗེ་རྒྱལ་པོ་རྡོ་རྗེ་སྙིང༌། །རྡོ་རྗེ་འཇིགས་བྱེད་རྡོ་རྗེའི་སྐུ། །རྡོ་རྗེ་ཕམ་མོ་བདག་ མེད་མ། །རྡོ་རྗེ་སྒྲོལ་མ་ལ་སོགས་དང༌། །ཐིག་ལེ་གྲུ་གསུམ་དུས་འཁོར་ལོ། །དགྱེས་པ་རྡོ་ རྗེ་འཁོར་ལོ་སྡོམ། །གསང་འདུས་སྒྱུ་འཕྲུལ་དྲྭ་བ་དང༌། །རྡོ་རྗེ་གདན་བཞི་སྒྱུ་མ་ ཆེ། །མཁའ་འགྲོ་རྒྱ་མཚོ་ལ་སོགས་པ། །སྟོང་གཞི་དོན་དམ་མཐར་ཐུག་གི །ལྷ་སྔགས་རྒྱུད་ དང་དཀྱིལ་འཁོར་དང༌། །ཕྱག་རྒྱ་ཐམས་ཅད་ཡིན་ཕྱིན་དང༌། །དུས་གསུམ་དུས་མེད་ 8-1-515 ཡིན་ཕྱིར་དང༌། །དུས་གསུམ་མཉམ་ཉིད་ཡིན་ཕྱིར་དང༌། །རྟེན་འབྲེལ་སྐད་ཅིག་ལས་ འདས་ཕྱིར། །དེ་ནི་དུས་གསུམ་གྱིས་མ་བསྡུས། །ཀུན་རྫོབ་གཟུགས་སྐུའི་ཡེ་ཤེས་ ལའང༌། །ལམ་གྱི་བདེན་པར་གཏོགས་ཕྱིར་དང༌། །ཕྱིན་ཅི་མ་ལོག་ཡོངས་གྲུབ་ དང༌། །ཡང་དག་ཡེ་ཤེས་གཞན་བྱུང་དང༌། །འདུས་བྱས་རྟེན་འབྲེལ་སྐད་ཅིག་མ། །ཡིན་ ཕྱིར་དེ་ནི་དུས་ཀྱིས་བསྡུས། །དེ་ལྟར་བདེན་གཉིས་མཚན་ཉིད་ཅན། །རྒྱལ་བའི་ཡེ་ཤེས་ རྣམ་གཉིས་ཀྱིས། །ཇི་ལྟ་ཇི་སྙེད་མཁྱེན་པ་ཡང༌། །ཆོས་ཉིད་སྣང་ནས་དངོས་སུ་ མཁྱེན། །ཆོས་རྣམས་མེད་པ་ཤུགས་ལ་མཁྱེན། །དེ་ཕྱིར་དངོས་རྟོགས་ཤུགས་རྟོགས་ ཡིན། །ཟབ་མོ་གཤིས་ཀྱི་གནས་ལུགས་ལ། །ཀུན་རྫོབ་ཆོས་རྣམས་རི་བོང་རྭ། །མོ་གཤམ་ བུ་དང་ནམ་མཁའ་ཡི། །མེ་ཏོག་ལྟ་བུར་མེད་པའི་ཕྱིར། །ཡེ་ཤེས་མཆོག་ལ་སྣང་བ་ མེད། །དེ་ཕྱིར་དུས་གསུམ་དངོས་པོ་རྣམས། །མེད་པར་མཁྱེན་ཕྱིར་སྣང་མི་དགོས། །སྣང་ ན་ཧ་ཅང་ཐལ་བས་གནོད། །སེམས་ཅན་སེམས་རྒྱུད་མཁྱེན་པ་ཡང༌། །དེ་མེད་མཁྱེན་ལ་ དེ་མཁྱེན་གྱི། །དོན་དུ་གསུངས་ཏེ་བསམ་མི་ཁྱབ། །ཞེས་པ་གཞུང་མཆོག་རྣམས་སུ་ གསུངས། །དེ་ལྟར་རྟོགས་ན་ཐེ་ཙོམ་དང༌། །ལོག་རྟོག་གླན་ཀ་ཀུན་ལས་གྲོལ། །སེམས་ ཉིད་ལ་ཡང་བདེན་གཉིས་ཀྱི། །རྣམ་དབྱེ་ཤེས་ན་དེ་བཞིན་ཏེ། །ཀུན་གཞི་ལ་ཡང་བདེན་ གཉིས་ཀྱི། །རྣམ་དབྱེ་རྟོགས་ན་དེ་བཞིན་ནོ། །གཞན་ཡང་ཤེས་བྱ་བདེན་གཉིས་ སུ། །གསུངས་པའི་དོན་ལ་བདེན་ལུགས་གཉིས། །སྣང་སྟོང་དབྱེར་མེད་གསུངས་པ་ ལའང༌། །སྣང་ལུགས་གཉིས་དང་སྟོང་ལུགས་གཉིས། །སྒྲོ་འདོགས་གསུངས་ལ་འདོགས་ ལུགས་གཉིས། །བསྐུར་བདེབས་གསུངས་ལ་འདེབས་ལུགས་གཉིས། །སྣང་དང་མི་སྣང་ གསུངས་པ་ལའང༌། །ཆོས་དང་ཆོས་ཉིད་སྣང་མི་སྣང༌། །རྣམ་པར་ཤེས་པ་སྣང་མི་ སྣང༌། །ཡེ་ཤེས་ལ་ཡང་སྣང་མི་སྣང༌། །རྣམ་ཤེས་ཡེ་ཤེས་དབྱེ་བ་དང༌། །ཆོས་དང་ཆོས་ ཉིད་དབྱེ་བ་དང༌། །དབུས་དང་མཐའ་ཡི་དབྱེ་བ་དང༌། །བཅོས་མ་རང་བཞིན་དབྱེ་བ་ དང༌། །གཉུག་མ་གློ་བུར་དབྱེ་བ་དང༌། །སྙིང་པོ་ཤུན་པ་དབྱེ་བ་དང༌། །སྦྱང་གཞི་སྦྱང་བྱ་ དབྱེ་བ་དང༌། །རང་བྱུང་གཞན་བྱུང་དབྱེ་བ་དང༌། །ངོ་བོ་ཉིད་གསུམ་དབྱེ་བ་དང༌། །ཕྱི་ 8-1-516 ནང་གཞན་གསུམ་དབྱེ་བ་དང༌། །བདེན་བཞི་ཆོས་ལྔའི་དབྱེ་བ་དང༌། །འཁོར་འདས་ དབྱེར་ཡོད་དབྱེར་མེད་དང༌། །བདེན་གཉིས་དབྱེར་ཡོད་དབྱེར་མེད་དང༌། །བདེན་བཞི་ དབྱེར་ཡོད་དབྱེར་མེད་དང༌། །རྒྱུ་འབྲས་དབྱེར་ཡོད་དབྱེར་མེད་དང༌། །གཞི་འབྲས་ དབྱེར་ཡོད་དབྱེར་མེད་དང༌། །འགལ་འདུས་སྐྱོན་ཡོད་སྐྱོན་མེད་དང༌། །འཇིག་རྟེན་ དཔེ་ལས་འདས་མ་འདས། །ཤེས་དང་ཤེས་བྱ་གཅིག་མི་གཅིག །སྲིད་གསུམ་སྐྱེ་འཇིག་ ཡོད་མེད་སོགས། །བྲལ་འབྲས་བསྐྱེད་འབྲས་ལ་སོགས་པའི། །རྣམ་དབྱེ་ཚུལ་བཞིན་ ལེགས་རྟོགས་ན། །སོམ་ཉི་ལོག་རྟོག་གཞན་ཡང་སེལ། །དེ་ཕྱིར་དེ་འདྲ་ཤེས་འདོད་ ན། །མན་ངག་ཟབ་མོས་ལེགས་བརྒྱན་པའི། །སེམས་འགྲེལ་སྐོར་བཅུ་ཆ་ལག་ བཅས། །སྙིང་པོ་མདོ་བཅུ་ལ་སོགས་པ། །འཁོར་ལོ་གསུམ་དང་རྒྱུད་སྡེ་བཞི། །སློབ་ལ་ མགོ་བོའི་མེ་གསོད་ལྟར། །ཤིན་ཏུ་ཆེས་ཆེར་བརྩོན་པར་རིགས། །དེ་ལྟར་བྱས་ན་གནས་ ལུགས་དང༌། །འཁྲུལ་ལུགས་འཁྲུལ་སྤོང་རྟོགས་པར་འགྱུར། །རྟག་ཀྱང་རྟག་ལྟར་མ་ལྷུང་ དང༌། །རྟག་པའི་མཐར་ནི་ལྷུང་བའང་སྣང༌། །ཆད་ཀྱང་ཆད་ལྟར་མ་ལྷུང་དང༌། །ཆད་ པའི་མཐར་ནི་ལྷུང་བའང་སྣང༌། །ཡོད་ཀྱང་ཡོད་མཐར་མ་ལྷུང་དང༌། །ཡོད་པའི་མཐར་ ནི་ལྷུང་བའང་སྣང༌། །མེད་ཀྱང་མེད་མཐར་མ་ལྷུང་དང༌། །མེད་པའི་མཐར་ནི་ལྷུང་ བའང་སྣང༌། །དེ་ཕྱིར་འདི་འདྲའི་ཚུལ་ལའང༌། །བློ་ཡི་སྣང་བ་རབ་རྒྱས་ཏེ། །དགོངས་ ཆེན་དོན་དང་དེ་ཉིད་དོན། །རྟོགས་ནས་གཞན་ལ་སྟོན་པར་ཤོག །འདིས་ཀྱང་བསྟན་པ་ དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ ཐང་པར་མ་ཡིན།) 8-1-517 ༄༅། །བསམ་སྡིངས་ཅོག་པུ་པའི་ཞུས་ལན་ བཞུགས་སོ། ། 8-1-518 ༄༅། །བསམ་སྡིངས་ཅོག་པུ་པའི་ཞུས་ལན་ བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དྲི་མ་སྦྱངས་པའི་གཞི་བདེ་གཤེགས་སྙིང་ པོ་ལ་ཕྱག་འཚལ་ལོ། །དྲི་མ་སྦྱོང་བའི་ལམ་རྡོ་རྗེའི་རྣལ་འབྱོར་ལ་ཕྱག་འཚལ་ལོ། །དྲི་མ་ དག་པའི་གཞི་བྲལ་འབྲས་ཆོས་སྐུ་ལ་ཕྱག་འཚལ་ལོ། །དགེ་སློང་རྣལ་འབྱོར་སྤྱོད་པའི་ དབང་ཕྱུག་དམ་པ་ཁྱེད། ཆོས་ཉིད་ཟབ་མོ་ལ་མཉམ་པར་བཞག་པ་འཁོར་ཡུག་གི་ངང་ ནས། མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པའི་གསུང་ཡིག་བཟང་པོ་རྟེན་དང་བཅས་པ་ བསྐུར་བ་འདིར་འཕྲོད་པས། སེམས་ཤིན་ཏུ་དགའ་བ་དང༌། སྤྲོ་བ་འཕེལ་བར་བྱུང་ཞིང༌། སྐྱེས་བུ་དམ་པའི་རྣམ་པར་ཐར་པ། ངོ་མཚར་བ་རྣམས་ལ་དག་སྣང་དང་མོས་གུས་སྐྱེ་ བར་བྱུང་ལགས། ཆོས་སྐལ་སྐུར་ལ་ཐོང་གསུངས་པའི་ཕྱོགས་ལ་ཉིད་ཅག་སྐུ་ཚེ་མང་པོའི་གོང་ནས་དགེ་ བ་མང་དུ་བསགས་མཐུས་སྐུ་ཚེ་འདིར་དལ་འབྱོར་གྱི་ལུས་བཟང་པོ་དང་ལྡན་པ་ནི་ རྙེད། དད་པ་དང༌། བརྩོན་འགྲུས་དང༌། ཤེས་རབ་དང༌། སྙིང་རྗེ་དང༌། ངེས་འབྱུང་དང༌། བློ་བཏང་དང༌། སྙིང་སྟོབས་དང༌། ཡིད་གཞུངས་པ་ལ་སོགས་པའི་ཡོན་ཏན་མང་པོ་ དང་ལྡན་པར་ནི་འཁྲུངས། གཞོན་ནུ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་ མཇལ་ནས་ཚུལ་ཁྲིམས་རྣམ་པར་དག་པ་དང༌། མང་དུ་ཐོས་པ་དྲི་མ་མེད་པ་ལ་ནི་ ལེགས་པར་བསླབ། རྡོ་རྗེ་ཐེག་པའི་དབང་དང་གདམས་པ་ཟབ་མོ་དང་མཇལ་ནས་བདེ་ གསལ་མི་རྟོགས་པའི་ཏིང་ངེ་འཛིན་རབ་འབྱམས་ནི་ཐུགས་ལ་འཁྲུངས། ལུས་ལ་ཡུལ་ ཉི་ཤུ་རྩ་བཞི་ལ་སོགས་པའི་གནད་རྣམས་ནི། རང་སར་རང་གིས་འཆིང༌། རླུང་སེམས་ འཕོ་བའི་བག་ཆགས་རྣམས་ནི་རིམ་གྱིས་དག། གློ་བུར་དྲི་མའི་སྦུབས་ལས་ནི་ཅུང་ཟད་ གྲོལ། ཞུ་བདེ་འགྱུར་མེད་ཀྱིས་དགའ་བ་བཞི་དང་བཅུ་དྲུག་གིས་ནི་ལུས་སེམས་ལ་ཁྱབ། 8-1-519 རང་བཞིན་འོད་གསལ་ཆོས་ཀྱི་སྐུའི་རྣམ་པ་ཐམས་ཅད་པ། བདེ་གཤེགས་སྙིང་པོ་ གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ་ནི་ཅི་རིགས་པར་མངོན་པར་འགྱུར། ཐུགས་དམ་ གྱི་དམ་བཅའ་བརྟན་པོ་མཛད་པ་ནི་གནད་དུ་སོང་གེགས་དང་གོལ་ས་དང༌། བར་ཆད་ རྣམས་ཀྱིས་ནི་གླགས་མ་རྙེད། འཆིང་བ་དང་མདུད་པ་ཕལ་ཆེར་ནི་ནང་ནས་གྲོལ། ཏིང་ ངེ་འཛིན་གྱི་བཟའ་བ་དང་བཏུང་བ་ཕུན་སུམ་ཚོགས་པ་ནི་ནང་ནས་རྡོལ། བདེ་དྲོད་ ཆེན་པོ་ངང་གིས་འབར་བའི་བེར་ཐུལ་ལ་སོགས་པ་ན་བཟའ་མང་པོ་རྣམས་ནི་ནང་ ནས་རྙེད། ཉམས་དང་རྟོགས་པ་ཕུན་སུམ་ཚོགས་པའི་ཉི་མ་ནི་ནང་ནས་ཤར། མ་རྟོག་ ལོག་རྟོག་ཐེ་ཙོམ་ལ་སོགས་པའི་མུན་པ་ནི་རང་སར་སངས། མཉམ་རྗེས་གཉིས་སུ་མེད་ པའི་ཞི་གནས་དང་ལྷག་མཐོང་འཁོར་ཡུག་གིས་ནི་དུས་འདའ། ཁམས་གསུམ་པའི་སྣང་ གྲགས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་གཏན་མེད་འཁྲུལ་སྣང་དུ་ནི་ཐག་ཆོད། བློས་ བྱས་རྟོགས་སྒོམ་སྤྲོས་བཅས་ཀྱི་ཆོས་རྣམས་ནི་སྦུན་སྐོགས་བཞིན་དུ་སོང༌། སྤྲོས་མེད་ མཐར་ཐུག་ཟབ་མོ་དེ་ཁོ་ན་ཉིད་ཀྱི་དོན་ལ་ནི་ངེས་པར་གཏིང་ཚུགས། མདོ་རྒྱུད་ཟབ་ མོ་མཐར་ཐུག་པ་རྣམས་ཀྱི་དགོངས་པའི་དོན་ནི་ཏིང་ངེ་འཛིན་གྱི་ངང་ནས་ཤར། ཡང་ དག་པ་མ་ཡིན་པ་ཀུན་ཏུ་རྟོག་པའི་རྙོག་མ་ནི་རང་སར་དྭངས། མི་རྟོག་པ་ཡེ་ཤེས་འོད་ གསལ་བའི་གཏེར་སྒོ་ཆེན་པོའི་ངང་གིས་བྱེ། བདེ་སྟོང་དབྱེར་མེད་ཐབས་ཤེས་ཟུང་ འཇུག་གིས། དཔལ་འབྱོར་ཆེན་པོ་ལ་ནི་རྒྱུན་དུ་སྤྱོད། ཐེག་ཆེན་མཐར་ཐུག་ཐུན་མོང་མ་ ཡིན་པའི་ལྟ་སྒོམ་སྤྱོད་འབྲས་ལ་ནི་གཙོར་མཛད། ཉན་རང་དང་ཐེག་པ་ཐུན་མོང་པའི་ ལྟ་སྒོམ་སྤྱོད་པའི་ཡོན་ཏན་གྱི་ཆ་རྣམས་ནི་ཡར་ལྡན་དང༌། དེ་ཡི་ཁོངས་སུ་འདུ་བར་ མཛད། དེ་དག་གི་སྐྱོན་གྱི་ཆ་རྣམས་ནི་རིང་དུ་སྤངས་ནས་གོང་དུ་འཕགས། འོད་གསལ་ ཕྱག་རྒྱ་ཆེན་མོ་ཆོས་འབྱུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་ནི་ཉིན་དང་མཚན་དུ་ འཁྱུད། དོན་དམ་པའི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་གྱི་ངོ་བོ་ནི་གསལ་ བར་གཟིགས། རང་བཞིན་ལྷན་ཅིག་སྐྱེས་པའི་སྐུ་དང་དགའ་བ་མཁའ་ཁྱབ་ལ་ནི་ཉེ་ བར་བསྙེན། ལུས་ངག་སེམས་དང་བཞི་པ་རྣམས་ལ། སྐུ་གསུང་ཐུགས་དང་ཡེ་ཤེས་ནི་ 8-1-520 ཕེབས། གནས་སྐབས་རིགས་བཞིའི་ཀུན་ཏུ་རྟོག་པ་ནི་ཕལ་ཆེར་ལ་ཡལ། རྡོ་རྗེ་རྣལ་ འབྱོར་དང་བསྙེན་སྒྲུབ་རྣམ་པ་བཞིའི་སྣང་བ་ནི་རྒྱས། བདེན་གཉིས་དབྱེར་ཡོད་དབྱེར་ མེད་དང་འཁོར་འདས་དབྱེར་ཡོད་དབྱེར་མེད་ཀྱི་དོན་ནི་རྟོགས་ཤིང་ཉམས་སུ་མྱོང༌། སྲིད་གསུམ་སྐྱེ་འཇིག་ཡོད་མིན་དང་སྲིད་གསུམ་མི་གཅིག་པ་དང་གཅིག་པ་ལ་སོགས་ པའི་དོན་ནི་ཁོང་དུ་ཆུད། གེགས་སེལ་དང་ངོ་སྤྲོད་མ་བདེ་བའི་འཕྲང་སྒྲོལ་ལ་སོགས་ནི་ ནང་ནས་འབྱོན། གང་ལ་ཡང་རེ་ལྟོས་མེད་པའི་སྒོ་ནས་སྒྲུབ་པ་ཉམས་ལེན་ཟབ་མོ་ གཅིག་འགྲིལ་དུ་ལྷུར་མཛད་པ་ལ་བདག་གི་ཆོས་བཤད་འཚལ་བའི་ལུགས་མ་ལགས། ཁྱད་པར་དུ། ཉམས་རྟོགས་ཀུན་གྱི་གཞི་མ་དེ། །གཡོ་མེད་ལུས་གནད་ལེགས་ལ་ གདའ། །ཞེས་གསུངས་པ་ཤིན་ཏུ་མང་སྟེ། དེ་ལྟར་ལུས་ལ་གནད་དུ་བསྣུན་པ་ཉིད་ཀྱི་རྩ་ དང༌། རླུང་དང༌། སེམས་ལ་ངང་གིས་གནད་དུ་བསྣུན་པར་འགྱུར་ཞིང༌། དེས་རྣམ་པར་ མི་རྟོག་པའི་ཡེ་ཤེས་བདེ་བ་ཆེན་པོ་དེ་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་ པའི་སྟོང་པ་ཉིད་འཇིག་རྟེན་དཔེ་ལས་འདས་ཀྱང་པྲ་ཕབ་བརྒྱད་དང་མཚུངས་པ། འདུས་མ་བྱས་ཀྱི་དབྱིངས་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ། སོ་སོར་རང་རིག་ཡེ་ ཤེས་ཀྱི་སྤྱོད་ཡུལ་དུ་འཆར་བ་ཟུང་དུ་འབྲེལ་བའི་གནད་ཟབ་མོ་ཡོད་པས་སོ། །དེས་ན་ སྔར་བཞིན་དུ་ལུས་གནད་ལྟ་སྟངས་ལ་སོགས་པ་ཆུད་ཆེ་བའི་ཁོག་ནས་སྒྲུབ་པ་རྒྱུན་དུ་ བསྲིང་པ་ཉིད་ཀྱིས་གཞི་ལ་ཡེ་བཞུགས་ཀྱི་སངས་རྒྱས་དོན་དམ་ཆོས་ཀྱི་སྐུ་ལྷན་ཅིག་ སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོའི་རང་བཞིན་གྱིས་རྣམ་པར་དག་ཅིང་རང་བཞིན་ འོད་གསལ་བ་ཆོས་ཀྱི་དབྱིངས་ཆ་མེད་ཀུན་འགྲོ་ཁྱབ་པ་པོ། གཟུགས་མེད་གཟུགས་ བཟང་དམ་པ་ནམ་མཁའ་ལས་བྱུང་རང་བྱུང་རྣམ་པ་ཀུན་ལྡན་རྣམ་པ་མེད་པ། ཁ་དོག་ ཆེ་ཞིང་ལུས་བོང་ཆེ་བའི་དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིད་བཞིན་ནོར་བུ་ཆེན་པོ་ དཔག་བསམ་ཤིང་ཆེན་རྒྱས་པ་ནམ་མཁའི་མཐའ་ལ་རབ་ཏུ་གནས་ཤིང་ནམ་མཁའི་ བདག་པོ་སྣ་ཚོགས་སྟོན་པས་མཁའ་དབྱིངས་ཁྱབ་པ་ཀུན་ལ་རྟག་ཏུ་བཞུགས་པ། ཡོན་ ཏན་མཐའ་ཡས་པའི་བདག་ཉིད་ལ་སྔར་ཅི་རིགས་གཟིགས་པ་ཐམས་ཅད་བུམ་ནང་གི་ 8-1-521 མར་མེ་བུམ་པ་ཅུང་ཟད་བཅག་པས་མཐོང་བའམ། ནམ་མཁའི་ཉི་མ་སྤྲིན་གྱི་གོ་བར་ཕྱེ་ བ་ནས་མཐོང་བ་ལྟ་བུར་གསུངས་པ་སྟེ་གློ་བུར་དྲི་མའི་སྦུབས་བཅག་པ་ཅི་ཙམ་དུ་ཆེ་ བ་དེ་ཙམ་དུ་བདེ་གཤེགས་སྙིང་པོའི་མཐོང་རྒྱ་ཇེ་ཆེ་དང་བདེ་གསལ་མི་རྟོགས་པའི་ ཏིང་ངེ་འཛིན་ཇེ་བཟང་དང་ཇེ་བརྟན་ལ་སོང་ནས་མངོན་ཤེས་ལ་སོགས་པའི་ཡོན་ ཏན་མང་པོ་དང་ལྷན་ཅིག་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་རིང་པོར་མི་ ཐོགས་པར་མངོན་འགྱུར་བ་ལགས། དེ་ལྟར་ཐུགས་དགོངས་བཟང་པོ་རྣམ་པར་དག་ པས། རབ་ཏུ་དབེན་པ་རྒྱུན་དུ་བསྟེན་ན། སྒོ་གསུམ་མི་དགེ་བ་དང་ལུང་དུ་མ་བསྟན་ པས་དབེན་པར་མ་ཟད། དགེ་བ་ཟག་བཅས་རྩོལ་བཅས་སྤྲོས་བཅས་རྣམས་ཀྱིས་ཀྱང་ དབེན་ཞིང་ཉོན་མོངས་པ་དང་ཐ་མལ་གྱི་རྟོགས་པ་ལ་སོགས་པས་དབེན་པར་མ་ཟད། ཆོས་རྟོགས་བཟང་རྟོགས་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པས་ཀྱང་རྣམ་པར་དབེན་ པའི་མི་རྟོགས་ཡེ་ཤེས་འོད་གསལ་བ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཟབ་མོ་འཁོར་ ཡུག་གི་ངང་ནས་ཆོས་ཉིད་ཀྱི་ལྟད་མོ་དང༌། རོལ་རྩེད་སྣ་ཚོགས་ཀྱིས་དགའ་བ་དང་ བདེ་བ་རྣམ་པ་སྣ་ཚོགས་ཁ་ན་མ་ཐོ་བ་མེད་པས་དུས་འདའ་བ་ལ་ཉན་རང་དང༌། ཐེག་ ཆེན་ཐུན་མོང་པར་གྲགས་པའི་ལྟ་སྒོམ་སྤྱོད་པ་རྣམས་ཀྱི་ཡོན་ཏན་གྱི་ཆ་གང་ཡིན་པ་ རྣམས་ཁོངས་སུ་འདུ་ཞིང་ཡར་ལྡན་དུ་ཚང་ལ། སྐྱོན་གྱི་ཆ་གང་ཡིན་པ་རྣམས་ངང་ གིས་བྲལ་བ་ལགས་པར་སྐྱེས་བུ་དམ་པ་ཁྱེད་ཀྱི་ལྟ་སྒོམ་སྤྱོད་པ་དེ་ལྟ་བུ་ལ་ཞེ་ཐག་པ་ ནས་དད་གུས་སྐྱེས་ཤིང༌། རྗེས་སུ་ཡི་རང་ལགས། ཚུལ་དེས་བྲལ་འབྲས་ཆོས་སྐུ་མཁའ་ ཁྱབ་དང༌། སྐྱེད་འབྲས་གཟུགས་སྐུ་རྒྱ་ཆེན་རབ་འབྱམས་ཐོབ་ནས་སེམས་ཅན་མ་ཟད་ ཀྱི་བར་དུ་གཞན་ཕན་སྣ་ཚོགས་རང་ས་རང་སར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་ གདོན་མི་ཟ་ཞིང་དེ་འདྲའི་འབྲས་བུ་རང་ལ་ཉན་རང་དགྲ་བཅོམ་པ་ལ་སོགས་པ་ འཕགས་པ་གཞན་གྱི་ཡོན་ཏན་གྱི་ཆ་ཐམས་ཅད་ཁོངས་སུ་འདུས་ཏེ་ནམ་མཁའི་ཁོངས་ སུ་སྟོང་གསུམ་གྱི་ནམ་མཁའ་འདུ་བ་བཞིན་ནོ། ། མཁས་པ་གཞན་ལ་བསྟན་ཡང་བློར་ཤོང་བ་དཀའ་ཞིང༌། མན་ངག་གི་ཉམས་མྱོང་མེད་ 8-1-522 པ་རྣམས་ལ་གསང་བར་གསུངས་པས། འདི་དག་ཀྱང་གསང་བར་ཞུ། ལུང་གིས་བརྒྱན་ དགོས་གསུངས་པའི་ཕྱོགས་ལ་སྔར་ཐུན་མོང་དུ་གྲགས་པ་རྣམས་ནི་བྲི་མི་འཚལ་གདའ་ ཞིང༌། མ་གྲགས་པ་ཐུན་མོང་མ་ཡིན་པའི་གནད་ཟབ་ཟབ་འགའ་ཞིག་བྲི་ཞིང་བདོག་ ནའང༌། ད་དུང་མ་ཚར་བས་ནམ་ཚར་བ་ན་དཔོན་དོན་གྲུབ་བཟང་པོས་གཟིགས་པ་ འབུལ་བར་བདོག །བདག་ཀྱང་སྐྱེས་མཆོག་ཁྱོད་བཞིན་དུ། །ས་རབ་དགའ་བ་ཐོབ་པར་ དུ། །འདུ་འཛི་རྣམ་གཡེང་ཀུན་སྤངས་ཤིང༌། །རྣམ་དག་སྡོམ་གསུམ་བསླབ་གསུམ་ ལ། །ཡང་དག་གནས་ནས་ཟབ་མོའི་དོན། །རྩེ་གཅིག་སྒྲུབ་པ་མཐར་ཕྱིན་ཏེ། །རླུང་སེམས་ འཕོ་བའི་བག་ཆགས་དང༌། །ལྷན་ཅིག་བདག་འཛིན་རབ་འགགས་ནས། །སངས་རྒྱས་ རིང་ཚུལ་མི་བསྒྲུབ་པར། །སྨོན་ལམ་རླབས་ཆེན་བསྒྲུབ་པ་དང༌། །ཞིང་རྣམས་རླབས་ཆེན་ སྦྱོང་བ་དང༌། །འགྲོ་ཀུན་སྨིན་བྱེད་བརྩོན་པར་ཤོག །དེ་གསུམ་རླབས་ཆེན་མ་རྫོགས་ པར། །ཡང་དག་མཐའ་ལ་ཐིམ་མ་གྱུར། །དེ་བར་འོ་སྐོལ་ལྷན་ཅིག་ཏུ། །ཆོས་མཆོག་ཀུན་ ལ་སྤྱོད་པར་ཤོག །ཁྱེད་ནི་ཟག་མེད་འབྱོར་ལྡན་ཡང༌། །མཆོད་པའི་ཡོ་བྱད་ཅུང་ཟད་ འདི། །བདག་དང་བདག་འདྲའི་སེམས་ཅན་ལ། །བརྩེ་བར་དགོངས་ནས་བཞེས་སུ་ གསོལ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-523 ༄༅། །ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་ཞུས་ལན་ བཞུགས་སོ། ། 8-1-524 ༄༅། །ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་ཞུས་ལན་ བཞུགས་སོ། ། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། སློབ་དཔོན་ལོ་ཙཱ་བ་ཤེས་རབ་རིན་ཆེན་བཞེད་པའི་དོན་ དེ་ལ། སྤྱིར་ཐེག་ཆེན་ལ་མདོ་སྔགས་གཉིས་དང༌། ཐུན་མོང་པ་དང༌། ཐུན་མོང་མ་ཡིན་ པ་གཉིས་སུ་གནས་པ་ལ། ཐུན་མོང་མ་ཡིན་པ་གསང་སྔགས་ལ་སྦས་པའི་བསྡུས་རྒྱུད་ དང་མ་སྦས་ཤིང་གསལ་བའི་རྩ་རྒྱུད། གཉིས་སུ་གསུངས་པ་ལས། དུས་འཁོར་དང་པོའི་ སངས་རྒྱས་ཀྱི་རྒྱུད་ནི་ཕྱི་མར་གཏོགས་ཤིང༌། རྒྱུད་ཀྱི་དགོངས་འགྲེལ་ལ་ཡང་མངོན་ ཤེས་ལྔ་དང་བྲལ་བའི་པཎྜི་ཏས་མཛད་པ་དང༌། ས་བཅུ་པས་མཛད་པ་གཉིས་ལས། སེམས་འགྲེལ་སྐོར་གསུམ་ནི་ཕྱི་མ་ཡིན་པས་ཁྱད་པར་འཕགས་ལ། བྱམས་ཆོས་རྣམས་ ཀྱང་དེ་དང་མཐུན་ནོ། ། དེ་ལ་རྩ་རྒྱུད་སེམས་འགྲེལ་དང་བཅས་པ་རྣམས་ནི་འཕགས་པའི། གནས་ཆེན་པོ་ཤམ་ བྷ་ལའི་ཆོས་ཟབ་མོ་ཁྱད་པར་འཕགས་པ་ཐུན་མོང་མ་ཡིན་པའི་མཐར་ཐུག་པ་ཡིན་ ཞིང༌། གྲུབ་ཆེན་དུས་ཞབས་ཆེན་པོ་ཤམ་བྷ་ལར་རྫུ་འཕྲུལ་གྱི་སྟོབས་ཀྱིས་བྱོན་ཏེ་སེམས་ འགྲེལ་སྐོར་གསུམ་མན་ངག་དང་བཅས་པ་བླངས་ནས། རྒྱ་གར་དུ་རྗེ་ནཱ་རོ་པཎ་ཆེན་ དང་གྲུབ་ཆེན་དུས་ཞབས་པ་གཉིས་པ་ལ་སོགས་པ་རྣམས་ལ་གནང་སྟེ། རྒྱ་གར་དུ་ཡང་ དེ་ནས་བཟུང་སྟེ་ཅུང་ཟད་དར་བར་གྱུར། ལོ་ཙཱ་བ་ཙ་མི་སངས་རྒྱས་གྲགས་དང༌། གྱི་ཅོ་ ཟླ་བའི་འོད་ཟེར་ལ་སོགས་པས་སྔ་རབ་ཏུ་བསྒྱུར་ཡང་བོད་དུ་དར་ཆ་ཆེན་པོ་མ་བྱུང༌། དེ་རྗེས་འབྲོ་ཤེས་རབ་གྲགས་དང༌། རྭ་ཆོས་རབ་ཀྱིས་བསྒྱུར་ཅིང་བཤད་སྒྲུབ་ཀྱི་སྲོལ་ བཏོད་པ་ལས། བོད་དབུས་གཙང་དུ་ཅུང་ཟད་དར་བར་འགྱུར་ཏེ། དེ་ཡང་འབྲོ་པ་ བཀའ་རྒྱུད་ལ་ངེས་དོན་བསྒོམ་པའི་བཀའ་བབས་ནས་གྲུབ་ཐོབ་དང་ཉམས་རྟོགས་ ཅན་གྱི་རྣལ་འབྱོར་པ་མང་བར་བྱོན། རྭ་པ་བཀའ་རྒྱུད་ལ་དྲང་དོན་དང་གཞུང་བཤད་ 8-1-525 ཀྱི་བཀའ་བབས་ནས་བཤད་པ་དང༌། དྲང་དོན་ལ་མཁས་པ་མང་དུ་བྱོན། ཞེས་རབ་ཏུ་ གྲགས་དུས་ཕྱིས་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་སྤྲུལ་པའི་སྐུ་ཆེན་པོར་གྱུར་པ། ཀུན་ སྤངས་ཀུན་ཏུ་བཟང་པོ་ཆོས་རྗེ་ཡབ་སྲས་རྣམས་ཀྱི་ངེས་དོན་ཟབ་མོ་ཉམས་སུ་ལེན་པ་ རབ་ཏུ་རྒྱས་པར་མཛད་ཅིང༌། མཁས་པའི་དབང་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ འགྱུར་བཅོས་པས་སྔར་གྱི་ལེགས་པ་རྣམས་ཀྱི་སྟེང་དུ་ཡང་ལེགས་པའི་སྐྱེད་མང་པོ་ ཐོན་ནས་རྒྱུད་འགྲེལ་གྱི་དགོངས་པ་རྟོགས་སླ་བར་གྱུར་ཏེ། མཁས་པ་མང་དུ་འཕེལ་བ་ ལ་བརྟེན་ནས་ལོ་ཙཱ་བ་བློ་གྲོས་རྣམ་གཉིས་ཀྱི་ཡང་འགྱུར་བཅོས་པས་སྔར་གྱི་ལེགས་པ་ རྣམས་ཀྱི་སྟེང་དུ་སླར་ཡང་ལེགས་པའི་ཆ་མང་དུ་རྙེད་ཅིང༌། འཆད་ཉན་དང་བསྒོམས་ བསྒྲུབ་མང་པོས་ཡང་དང་ཡང་དུ་གཏན་ལ་ཕབ་པ་ལས་ཀྱང་རྒྱུད་འགྲེལ་མན་ངག་ དང་བཅས་པའི་དགོངས་པ་ཟབ་མོ་རྙེད་པ་མང་དུ་བྱུང་ལ། བླ་མ་རྒྱལ་བ་སྲས་བཅས་ ཀུན་གྱི་སྐུ་འབུམ་བཞེངས་ཤིང་གསོལ་བ་བཏབ་པ་ལས་ཀྱང་མཐར་ཐུག་ཟབ་མོའི་རང་ སྐད་ཇི་ལྟ་བ་བཞིན་ཐོན་པ་དང༌། རྒྱུད་སྡེ་ཟབ་མོའི་གསང་ཚིགས་ཇི་ལྟ་བ་བཞིན་ཐོན་ པ་དང༌། རིགས་གསུམ་མགོན་པོ་དང། རྒྱལ་བ་བྱམས་པ་ལ་སོགས་པས་ས་བཅུའི་དབང་ ཕྱུག་རྣམས་ཀྱི་ལེགས་བཤད་ཟབ་མོའི་མན་ངག་ཁྱད་པར་འཕགས་པ་ལ་བརྟེན་ནས་རྡོ་ རྗེ་འཆང་གི་དགོངས་པ་ཆེན་པོའི་གནད་ཟབ་མོ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཡིག་ འཇོག་ཀྱང་མང་དུ་གྲུབ་པའི་ཕྱིར། ད་ནི་དོན་གཉེར་བྱེད་པ་ཡོད་ན་ཤིན་ཏུ་རྟོགས་སླ་ ཞིང་སྒོམ་སླ་བར་གྱུར་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞི་ལམ་འབྲས་བུ་ དང༌། ལྟ་སྒོམ་སྤྱོད་པ་རྣམ་པར་དག་ཅིང་ཕུན་སུམ་ཚོགས་པའི་གནད་རྣམས་ཚེག་ཆུང་ ངུས་ཀྱང་རྟོགས་སུ་རུང་བར་གྱུར་ཏེ། དེ་ཙམ་དུ་ཟབ་ཅིང་ཁྱད་པར་འཕགས་ཀྱང་རྒྱ་ བོད་དུ་སྔོན་མ་དར་བ་ནི་ཤམ་བྷ་ལ་ནས་བྱོན་པ་འཕྱིས་པའི་ཕྱིར་རོ། །ཤམ་བྷ་ལའི་ གནས་མཆོག་དུ་ནི་སྔ་མོ་ནས་དར་ཞིང༌། ད་ལྟ་ཡང་དར་ལ། མ་འོངས་པ་ནས་ཆ་ གཞན་དུ་ཆོས་ལོག་དར་ནས་སངས་རྒྱས་ཀྱི་ཆོས་ནུབ་པ་བྱུང་ན། དེ་འཆོས་པ་ཡང་ཤམ་ བྷ་ལ་ནས་སྤྲུལ་པའི་སྐུ་འབྱོན་པར་གསུངས་སོ། །དེས་ན་གནས་མཆོག་ཁྱད་པར་ 8-1-526 འཕགས་པ་དེར་རིགས་གསུམ་མགོན་པོ་དང༌། ཁྲོ་རྒྱལ་བཅུ་དང༌། སའི་སྙིང་པོ་ལ་ སོགས་པ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་མཐར་ཐུག་ཟབ་མོ་ཡང་ཡང་སྟོན་ཅིང་བྱིན་ གྱིས་རློབ་པའི་ཕྱིར་དང༌། དེ་ནི་དེའི་འབྱུང་གནས་དམ་པས་གསུངས་པས། དེ་ལ་དད་ པ་དང་གུས་པ་ཆེན་པོ་སྨོན་ལམ་དང་གསོལ་བ་གདབ་པར་རིགས་སོ།། །།ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-527 ༄༅། །རྗེ་བཙུན་གུ་རུ་རིན་པོ་ཆེ་ལ་བསྟོད་ཅིང་ གསོལ་བ་འདེབས་པ་ དགེ་ལེགས་འབྱུང་གནས་ཞེས་བྱ་བ་ བཞུགས་སོ། ། 8-1-528 ༄༅། །རྗེ་བཙུན་གུ་རུ་རིན་པོ་ཆེ་ལ་བསྟོད་ཅིང་གསོལ་བ་འདེབས་པ་ དགེ་ལེགས་འབྱུང་གནས་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མཿཤྲཱི་བཛྲ་གུ་རུ་ཝེ། རྗེ་བཙུན་གུ་རུ་རིན་པོ་ཆེ་ལ་བསྟོད་ཅིང་གསོལ་བ་ འདེབས་པ་དགེ་ལེགས་འབྱུང་གནས་ཞེས་བྱ་བ། རྗེ་བཙུན་དེ་ཉིད་ཀྱི་ཞབས་ལ་གུས་ པས་ཕྱག་འཚལ་ལོ། ། གང་ཞིག་འགྱུར་མེད་ཡོངས་གྲུབ་ཆོས་ཀྱི་དབྱིངས། །ཤེས་བཅུ་རྣམ་དག་རང་བྱུང་ཡེ་ ཤེས་ལྔ། །དོན་དམ་འགོག་བདེན་མཁའ་ཁྱབ་བརྙེས་པ་ཡི། །པད་མ་བཟང་པོ་ཐོད་ འཕྲེང་རྩལ་ལ་འདུད། །དབྱིངས་རིག་དབྱེར་མེད་འོད་གསལ་ཆོས་ཀྱི་སྐུ། །རྡུལ་དང་སྐད་ ཅིག་རྣམ་ཤེས་རྟེན་འབྲེལ་ལས། །གདོད་མ་ཉིད་ནས་རབ་འདས་རྟག་པའི་སྐུ། །མངོན་ དུ་མཛད་པ་དེ་ལ་ཕྱག་འཚལ་ལོ། །དོན་དམ་ཆོས་སྐུའི་ཡོན་ཏན་སྟོབས་ལ་སོགས། །གང་ གཱའི་ཀླུང་གི་རྡུལ་སྙེད་ལས་འདས་པ། །མཁའ་ཁྱབ་དབྱེར་མེད་གདོད་ནས་རྟག་ བཞུགས་རྣམས། །ཁྱེད་སྐུས་མངོན་དུ་མཛད་ལ་སྐྱབས་སུ་མཆི། །མཐའ་གཉིས་མཐའ་ བཞི་མཐའ་བརྒྱད་ལ་སོགས་པའི། །སྐྱོན་རྣམས་ཀུན་དང་གདོད་ནས་བྲལ་བའི་ གཞི། །དབུས་མ་བར་མ་ཕུང་པོ་གསུམ་པའི་མཆོག །མ་ནིང་གོ་འཕང་བརྙེས་པ་ཁྱེད་ལ་ འདུད། །བདུད་དང་ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲུབ་ཀུན་ལས་གྲོལ་སྐུ་བཞི་རྡོ་ རྗེ་བཞི། །མངོན་དུ་མཛད་ནས་སྣ་ཚོགས་སྤྲུལ་པའི་སྐུ། །གཞན་དོན་མཛད་པ་ཁྱེད་ལ་ སྐྱབས་སུ་མཆི། །རྣམ་ཐར་སྒོ་བཞི་ཚངས་པའི་གནས་བཞི་དང༌། །བསྙེན་སྒྲུབ་རྣམ་བཞིའི་ རྡོ་རྗེ་རྣལ་འབྱོར་བཞི། །གནས་སྐབས་རིགས་བཞིའི་ཀུན་རྟོག་ཀུན་བསལ་ནས། །འགྱུར་ མེད་དགའ་བཞི་བརྙེས་པ་ཁྱེད་ལ་འདུད། །རླུང་སེམས་འཕོ་བའི་བག་ཆགས་རབ་ འགགས་ནས། །འཕོ་མེད་ཆགས་ཆེན་བདེ་བ་ཆེན་པོ་ཡིས། །ས་ལམ་ཀུན་བགྲོད་ཡོན་ 8-1-529 ཏན་མ་ལུས་རྫོགས། །འཕྲིན་ལས་མཁའ་ཁྱབ་མངའ་བ་ཁྱེད་ལ་འདུད། །བྲལ་བའི་ཡོན་ ཏན་སུམ་ཅུ་རྩ་གཉིས་ཅན། །དོན་དམ་ཆོས་སྐུ་དབུལ་བོའི་གཏེར་ཆེན་བཞིན། །ཀུན་ལ་ ཁྱད་མེད་རྟག་ཏུ་བཞུགས་པ་སྟེ། །ཁྱེད་ཀྱིས་མངོན་སུམ་ཉིད་དུ་མཛད་པ་ ལགས། །འབྲས་མཆོག་ཅན་གྱི་ལྗོན་ཤིང་མཆོག་བསྐྱེད་བཞིན། །དགེ་ཚོགས་རླབས་ཆེན་ ཡུན་རིང་ལེགས་བསྒྲུབས་པས། །རྣམ་སྨིན་ཡོན་ཏན་སུམ་ཅུ་རྩ་གཉིས་ཅན། །གཟུགས་སྐུ་ ཕུན་ཚོགས་བརྙེས་པ་ཁྱེད་ལ་འདུད། །ཁྱོད་ཀྱིས་རྣམ་དག་ཚོགས་གཉིས་ལེགས་བསྒྲུབས་ པས། །སྐུ་གཉིས་ལེགས་ཐོབ་དོན་གཉིས་མཐར་ཕྱིན་པ། །རྩོད་མེད་ཡོངས་གྲགས་པད་མ་ འབྱུང་གནས་དཔལ། །མགོན་སྐྱབས་དམ་པ་ཁྱེད་ལ་སྐྱབས་སུ་མཆི། །དངོས་སུ་འབྱོར་ དང་ཡིད་ཀྱིས་སྤྲུལ་པ་དང༌། །བདག་གིར་མ་བཟུང་མཆོད་རྫས་བཟང་དགུ་ རྣམས། །ཡོན་གནས་དམ་པ་ཁྱོད་ལ་མཆོད་པ་འབུལ། །གཞན་གྱི་དོན་སླད་བརྩེ་བས་ བཞེས་སུ་གསོལ། །ཐོག་མེད་དུས་ནས་མ་རིག་དབང་སོང་བས། །ཆོས་དང་འགལ་བས་ བྱ་བ་སྣ་ཚོགས་བགྱིས། །རང་གནོད་འགྱོད་པས་དེ་ཀུན་ཁྱེད་ལ་བཤགས། །མྱུར་བ་ཉིད་ དུ་དག་པར་མཛད་དུག་གསོལ། །དགེ་བ་ཀུན་ལ་དགའ་བས་རྗེས་ཡི་རང༌། །ཟབ་ཡངས་ ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཡུན་རིང་བཞུགས་ནས་གང་གིས་གང་འདུལ་ བའི། །འཕྲིན་ལས་ཕུན་ཚོགས་མཛད་པར་གསོལ་བ་འདེབས། །བདག་ཅག་ལ་སོགས་ སེམས་ཅན་ཐམས་ཅད་ཀྱིས། །འཁོར་བ་སྡུག་བསྔལ་ཉིད་དུ་ཤེས་པ་དང༌། །དེ་རྒྱུ་ཀུན་ འབྱུང་དབུགས་དང་ལྷན་ཅིག་ཏུ། །མྱུར་བར་འགགས་པའི་ལམ་མཆོག་སྩལ་དུ་ གསོལ། །སྐུ་གསུང་ཐུགས་ཀྱིས་མྱུར་བར་བྱིན་བརླབས་ནས། །དོན་མེད་བྱ་བ་ཐམས་ཅད་ རབ་སྤངས་ཏེ། །བསམ་རྒྱུ་བསྒྲུབ་རྒྱུ་ཆོས་ལས་མེད་པ་དང༌། །ཆོས་མཆོག་མྱུར་དུ་འགྲུབ་ པར་བྱིན་གྱིས་རློབས། །ཁྱེད་ཀྱི་སྐུ་མཆོག་མྱུར་དུ་མཐོང་བ་དང༌། །གསུང་མཆོག་ཐོས་ ཤིང་ཐུགས་མཆོག་ཡེ་ཤེས་མཆོག །མྱུར་དུ་ཕེབས་པའི་དབང་བསྐུར་མཆོག་སྩོལ་ ནས། །ས་བཅུ་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །སྲིན་པོ་རྣམས་ལ་ཇི་ལྟར་མཛད་པ་ བཞིན། །བསྟན་དགྲ་བསྟན་བཤིག་དམུ་རྒོད་མ་རུངས་པ། །གདུག་པ་ཅན་རྣམས་ཁྱེད་ཀྱི་ 8-1-530 མཐུ་རྩལ་གྱིས། །རབ་ཏུ་བཏུལ་ནས་ཆོས་ལ་དགོད་དུ་གསོལ། །དེ་མིན་དེར་འཛིན་ཕྲ་མ་ སྔ་བཙན་གྱི། །ཆོས་མིན་ཆོས་ལྟར་བཅོས་པའི་སྟོབས་འཕེལ་ནས། །ཡང་དག་ཆོས་ལ་ སྡང་ཞིང་སྨོད་པ་རྣམས། །ཁྱེད་ཀྱིས་ཡང་དག་ལམ་ལ་དགོད་དུ་གསོལ། །སངས་རྒྱས་ བསྟན་པ་སེང་གེ་ཁོག་པ་བཞིན། །རང་གི་ནང་ནས་ཉམས་པར་བྱེད་པ་རྣམས། །ཁྱེད་ ཀྱིས་ཐབས་མཁས་ཐུགས་རྗེ་མཐུ་སྟོབས་ཀྱིས། །སླར་ཡང་བསྟན་པ་སྐྱོང་བར་བྱིན་གྱིས་ རློབས། །བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། །སྐྱེས་མཆོག་ཁྱེད་ཀྱི་ཞབས་དྲུང་ ཉེར་བསྟེན་ནས། །ཁྱེད་གསུང་བདུད་རྩི་དཔལ་ལ་སྤྱོད་པ་དང༌། །ཁྱེད་ཀྱིས་བཀའ་ བཞིན་དོན་གཉིས་འགྲུབ་གྱུར་ཅིག །ཁྱེད་ཀྱིས་རྗེས་སུ་བཟུང་བའི་བྱིན་རླབས་ ཀྱིས། །ཁྱེད་ཀྱི་ཐུགས་དང་འགལ་བ་ཀུན་སྤངས་ཤིང༌། །ཁྱེད་ཀྱི་ཐུགས་དང་མཐུན་པ་ ཀུན་བསྒྲུབས་ཏེ། །ཁྱེད་ཀྱི་གོ་འཕང་ལྟ་བུ་མྱུར་ཐོབ་ཤོག །ཁྱེད་ལ་དད་གུས་བགྱིས་པའི་ རྟེན་འབྲེལ་གྱིས། །ལས་ལུང་རབ་འགགས་རྣམ་ཤེས་རབ་འགགས་ཤིང༌། །ཡེ་ཤེས་རླུང་ འཕེལ་ཡེ་ཤེས་རབ་འཕེལ་ནས། །ཁྱེད་བཞིན་གཞན་དོན་རླབས་ཆེན་བྱེད་གྱུར་ ཅིག །མཐའ་ཡི་རྩ་རྣམས་རླུང་གིས་རབ་སྟོངས་ཤིང༌། །དབུ་མའི་རྩ་བཟང་རླུང་གིས་རབ་ གང་བས། །ཞུ་བདེ་འགྱུར་མེད་དགའ་བཞི་རབ་རྫོགས་ནས། །རང་བཞིན་འགྱུར་མེད་ མཁའ་ཁྱབ་ཐོབ་གྱུར་ཅིག །ཇི་ལྟར་དེ་མ་ཐོབ་པ་དེ་སྲིད་དུའང༌། །བསླབ་གསུམ་སྡོམ་པ་ གསུམ་དང་དམ་ཚིག་རྣམས། །ཡོང་ཡེ་མི་ཉམས་ཕྱིར་ཞིང་འཕེལ་བ་དང༌། །དགེ་ཚོགས་ ཐམས་ཅད་ཀུན་ནས་རྒྱས་པར་ཤོག །གཞན་ལ་ཕན་ཕྱིར་བསོད་ནམས་ཚོགས་ཆེན་ དང༌། །འགྱུར་མེད་བདེ་རྒྱས་ཡེ་ཤེས་ཚོགས་ཆེན་གྱིས། །ལམ་མཆོག་སྒྲུབ་པའི་འགལ་ རྐྱེན་མེད་པ་དང༌། །མཐུན་རྐྱེན་ཐམས་ཅད་ལྷུན་གྱིས་གྲུབ་གྱུར་ཅིག །ཡོངས་གྲུབ་ཡབ་ ཡུམ་དབུ་མ་ཡབ་ཡུམ་དང༌། །ཤེར་ཕྱིན་ཡབ་ཡུམ་དོན་དམ་ཡབ་ཡུམ་གྱི། །ལྷ་ཚོགས་ ཀུན་གྱི་གཟུགས་ནས་རྣམ་མཁྱེན་བར། །རྣམ་པ་ཀུན་ལྡན་རྣམ་པ་མེད་པའོ། །རྨི་ལམ་སྒྱུ་ མ་པྲ་ཕབ་བརྒྱད་ལྟ་བུ། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཀུན་ཏུ་བཟང་པོ་ དབང་པོ་ཐམས་ཅད་པ། །མཁྱེན་བརྩེ་ནུས་མཐུ་སྟོབས་དང་འཕྲིན་ལས་མཆོག །དཔེར་ 8-1-531 བྱ་ཀུན་ལས་འདས་པ་མཁའ་ཁྱབ་ཏུ། །གདོད་ནས་རྟག་ཏུ་བཞུགས་པའི་བྱིན་རླབས་ དང༌། །དེ་དག་གཟུགས་སྐུ་རྟེན་གསུམ་བྱིན་རླབས་ཀྱིས། །བསྔོ་བའི་རྒྱལ་པོ་མཆོག་འདི་ འགྲུབ་གྱུར་ཅིག །སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག །ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-532 ༄༅། །རྟ་མགྲིན་ཡང་གསང་ཁྲོས་པ་རྟེན་དང་ བརྟེན་པར་ བཅས་པའི་བསྟོད་པ་ བཞུགས་སོ། ། 8-1-533 ༄༅། །རྟ་མགྲིན་ཡང་གསང་ཁྲོས་པ་རྟེན་དང་བརྟེན་པར་ བཅས་པའི་བསྟོད་པ་ བཞུགས་སོ། ། ༄༅། །བླ་མ་དང་དཔལ་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཧྲཱིཿཧྲཱིཿཧྲཱིཿ ཀེང་རུས་མེ་ འབར་ཟུར་བཞིར་དུ་བ་འཐུལ། །གནམ་ལྕགས་ཨུར་མོ་འབར་བས་ཁོང་གཟིར་ བཏབ། །ཁྲོ་ཆུ་ཁོལ་མའི་སྤྱན་ནི་བར་མཚམས་སྦྱར། །ཀེང་རུས་རེ་ཁཱ་ལྷུན་བརྗིད་ལ་ཕྱག་ འཚལ། །དེ་སྟེང་ཧཱུཾ་ལས་རྡོ་རྗེ་རྭ་གུར་ནི། །སྟེང་དུ་འཕྲོས་པས་རྡོ་རྗེ་བླ་རེ་ལས། །འོག་ཏུ་ འཕྲོས་པས་རྡོ་རྗེའི་ས་གཞིར་གྱུར། །ལོག་ལ་འཕྲོས་པས་རྡོ་རྗེ་རྭ་བ་སྟེ། །ཕྱི་ནས་བལྟས་ ནས་མེ་དཔུང་གཅིག་ཏུ་གྱུར། །ནང་ནས་བལྟས་ནས་རྡོ་རྗེའི་གཞལ་ཡས་ཁང༌། །བདུད་ བགེགས་ལོག་འདྲེན་ཐམས་ཅད་འཇོམས་མཛད་པ། །རྡོ་རྗེའི་རྭ་གུར་ཁང་ཆེན་ལ་ཕྱག་ འཚལ། །བྷྲཱུཾ་ལས་སྐྱེས་པའི་རང་བཞིན་གཞལ་ཡས་ཁང༌། །ཟུར་བཞི་ཅོག་བཞི་བཙོ་མ་ གསེར་གྱི་མདོག །གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན། །ཡེ་ཤེས་ཉི་མའི་སྐར་ཁུང་ཏ་ ལ་ལ། །ཁ་དོག་རྣམ་ལྔའི་ཟེར་གྱིས་འཕྲིན་ལས་མཛད། །དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ རབ་ཏུ་བརྒྱན། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པའི། །ལྔ་ལྡན་གཞལ་མེད་ ཁང་ཆེན་ལ་ཕྱག་འཚལ། །དེ་ཡི་ནང་ནས་བཅུད་ཀྱི་གཞལ་ཡས་ཁང༌། །ཐོད་རྭ་རིམ་ གཉིས་གནམ་ལྕགས་འབར་བས་གཟིར། །ཁྲག་ཆེན་སྦྱིན་དང་གླད་པའི་ཞ་ལ་བྱས། །མི་ ཁྲག་རྟ་ཡི་ཁྲག་གིས་བྱུག་པ་བྱས། །གཟའ་ནི་ཆེན་པོ་བརྒྱད་ཀྱི་གདུང་མ་ལ། །རྒྱུ་སྐར་ཉི་ ཤུ་རྩ་བརྒྱད་ལྕམ་གྱི་ཚུལ། །འདི་ལྟར་ཉི་ཟླ་ཟུང་ཅིག་གར་བཞུགས་མ། །རྒྱལ་པོ་ཆེན་པོ་ སྡེ་གཞིས་ཀ་བ་བཏེགས། །ཚངས་པ་བརྒྱ་བྱིན་གཉིས་ཀྱི་ཀ་གདན་བྱས། །ཀླུ་ཡི་རྒྱལ་པོ་ མཐའ་ཡས་འཇོག་པོ་གཉིས། །སྒོ་ཡི་སྐྱེས་བུ་གཡས་པ་གཡོན་ན་མཛད། །ཀླུ་ཡི་རྒྱལ་པོ་ དགའ་བོ་ཉེ་དགའ་གཉིས། །ཡ་ཐེམ་མ་ཐེམ་མཛད་ཅིང་ཕཊ་ཅེས་སྒྲོགས། །ཐར་པ་ནག་ 8-1-534 པོ་བསྒྲལ་བ་ལ་སོགས་པའི། །སྒོ་གླེགས་ཕྱོགས་བཞིའི་སྒོ་མོ་ལེགས་པར་བྱས། །མཧཱ་གསེར་ གྱི་རུ་སྦལ་སྒོ་ཡི་དཔྱིས། །གཡང་བཞིའི་ཐོག་ཕུབ་ཉ་སྦལ་ཟ་ར་ཚག །རབ་འཇིགས་ བཅུད་ཀྱི་གཞལ་ཡས་ཁང་ལ་འདུད། །དེ་ཡི་དབུས་ན་འཁོར་ལོ་རྩིབས་བཞི་ འབར། །ཤར་དཀར་ལྷོ་སེར་ནུབ་དམར་བྱང་ཕྱོགས་ལྗང༌། །དེ་ཡི་དབུས་ན་ཆོས་ཉིད་ རང་བྱུང་ཆེ། །དམར་ནག་གྲུ་གསུམ་ཟླ་གམ་གསུམ་དང་བཅས། །དེ་སྟེང་པད་མ་ཉི་ཟླ་རུ་ ཊའི་སྟེང༌། །དམར་ནག་མདོག་ཅན་ཧྲཱིཿཡིག་གྱུར་པ་ལས། །དུས་གསུམ་དབང་བསྒྱུར་ཡེ་ ཤེས་ལྷ་ཡི་ལྷ། །ཧ་ཡ་གྲྀ་བ་སྐུ་མདོག་དམར་ནག་བརྗིད། །དབུ་གསུམ་ཕྱག་དྲུག་ཞབས་ བཞིར་བརྐྱང་བསྐུམ་བསྒྲད། །གཡས་དཀར་གཡོན་ལྗང་དབུས་དམར་རྔམ་སྒྲ་ སྒྲོགས། །པད་མ་ལྕགས་ཀྱུ་བེ་ཅོན་གཡས་ནས་བསྣམས། །བན་དམར་ཞགས་པ་རལ་གྲི་ གཡོན་ན་བསྣམས། །གཡས་བསྐུམ་གཡོན་བརྐྱང་རྫུ་འཕྲུལ་ཞབས་བཞིར་ལྡན། །དུར་ ཁྲོད་ཆས་བརྒྱད་གར་གྱི་ཉམས་དང་ལྡན། །ཧ་ཡ་གྲྀ་བ་རྟ་མཆོག་དཔལ་ལ་འདུད། །ནམ་ མཁའི་མདོག་ཅན་མ་ཡིག་གྱུར་པ་ལས། །གར་གྱི་དབང་ཕྱུག་ཞལ་གཅིག་ཕྱག་གཉིས་ མ། །གཡས་གཡོན་ཙི་ཏ་ཐོད་འཛིན་ཡབ་ལ་འཁྲིལ། །ཁྲོ་མོའི་རྒྱལ་མོ་ཡུམ་ཆེན་ལ་ཕྱག་ འཚལ། །ཧཱུཾ་ཡིག་ལས་བྱུང་སྤྲུལ་པའི་ཁྲོ་བོ་བཞི། །འཁོར་ལོ་རྩིབས་བཞིར་གནས་བདུད་ དགྲ་བགེགས་སྒྲོལ། །ཤར་ཕྱོགས་འཁོར་ལོར་དྲི་ཟ་བསྣོལ་བའི་སྟེང༌། །རྡོ་རྗེ་དབང་ཆེན་ མཐིང་ནག་ཁྲོ་བོ་ནི། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །སྤྱན་གསུམ་ ཞལ་བསྒྲད་མཆེ་བ་རབ་ཏུ་གཙིགས། །དབུ་སྐྲ་ཁམ་ནག་གྱེན་བརྫེས་སྦྲུལ་གྱིས་ བཅིངས། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་དབྱུག་བསྣམས། །ཤར་ཕྱོགས་སྤྲུལ་པའི་ཁྲོ་ རྒྱལ་ལ་ཕྱག་འཚལ། །ལྷོ་ཕྱོགས་འཁོར་ལོར་གྲུལ་བུམ་བསྣོལ་བའི་སྟེང༌། །རིན་ཆེན་ དབང་ཆེན་མཐིང་དམར་ཁྲོ་བོ་ནི། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་ རྫོགས། །སྤྱན་གསུམ་ཞལ་བསྒྲད་མཆེ་བ་རབ་ཏུ་གཙིགས། །དབུ་སྐྲ་ཁམ་ནག་གྱེན་བརྫེས་ སྦྲུལ་གྱིས་བཅིངས། །ཕྱག་གཡས་རིན་ཆེན་གཡོན་པ་ལྕགས་ཀྱུ་བསྣམས། །ལྷོ་ཕྱོགས་སྤྲུལ་ པའི་ཁྲོ་རྒྱལ་ལ་ཕྱག་འཚལ། །ནུབ་ཕྱོགས་འཁོར་ལོར་ཀླུ་དབང་བསྣོལ་བའི་སྟེང༌། །པད་ 8-1-535 མ་དབང་ཆེན་དམར་ནག་ཁྲོ་བོ་ནི། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་ རྫོགས། །སྤྱན་གསུམ་ཞལ་བསྒྲད་མཆེ་བ་རབ་ཏུ་གཙིགས། །དབུ་སྐྲ་ཁམ་ནག་གྱེན་བརྫེས་ སྦྲུལ་གྱིས་བཅིངས། །ཕྱག་གཡས་པད་མ་གཡོན་པས་ཞགས་པ་བསྣམས། །ནུབ་ཕྱོགས་ སྤྲུལ་པའི་ཁྲོ་རྒྱལ་ལ་ཕྱག་འཚལ། །བྱང་ཕྱོགས་འཁོར་ལོར་གནོད་སྦྱིན་བསྣོལ་བའི་ སྟེང༌། །ཀརྨ་དབང་ཆེན་ལྗང་དམར་ཁྲོ་བོ་ནི། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་ བརྒྱད་རྫོགས། །སྤྱན་གསུམ་ཞལ་བསྒྲད་མཆེ་བ་རབ་ཏུ་གཙིགས། །དབུ་སྐྲ་ཁམ་ནག་གྱེན་ བརྫཻས་སྦྲུལ་གྱིས་བཅིངས། །ཕྱག་གཡས་རལ་གྲི་གཡོན་ན་རྩེ་གསུམ་བསྣམས། །བྱང་ ཕྱོགས་སྤྲུལ་པའི་ཁྲོ་རྒྱལ་ལ་ཕྱག་འཚལ། །དཀྱིལ་འཁོར་ཆེན་པོའི་སྒོ་བཞིར་པད་ཟླ་ ལ། །ཛཿཧཱུཾ་བཾ་ཧོཿལས་བྱུང་རབ་གཏུམ་མ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུ་ མ། །དཀར་སེར་དམར་ལྗང་དུར་ཁྲོད་ཆགས་ཀུན་རྫོགས། །དགུག་བཅིང་བསྟིམ་དང་ བརྒྱལ་བར་མཛད་པ་མོ། །སྤྲུལ་པའི་གིང་ཆེན་རྣམས་ལ་ཕྱག་འཚལ་ལོ། །བདུད་བགེགས་ བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །དངོས་གྲུབ་ཐམས་ཅད་འབྱུང་བར་མཛད་དུ་ གསོལ། །བསམ་པའི་དོན་རྣམས་འགྲུབ་པར་མཛད་དུ་གསོལ། ། ཞེས་པདྨ་དབང་ཆེན་ཡང་གསང་ཁྲོས་པ་རྟེན་དང་བརྟེན་པར་བཅས་པ་ལ་བསྟོད་ པ་འདི་ནི། རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་དབེན་གནས་ཇོ་ ནང་དཔལ་གྱི་རི་ཁྲོད་དུ་ཕུལ་པའོ།། །།ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-536 ༄༅། །ཕྱག་རྡོར་གྱི་བསྟོད་པ་བཞུགས་སོ། ། 8-1-537 ༄༅། །ཕྱག་རྡོར་གྱི་བསྟོད་པ་བཞུགས་སོ། ། ༄༅། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཉི་ཟླ་པད་མ་བརྩེགས་ པའི་གདན་སྟེང་ནས། །ལྷ་ཆེན་ཕོ་མོ་བསྐྱེལ་བའི་ཁྲི་སྟེང་ནས། །ཆོས་ཉིད་རྣམ་དག་ཕྱག་ ན་རྡོ་རྗེའི་སྐུ། །ཆོས་ཉིད་རྡོ་རྗེ་ཉིད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཧཱུཾ་ལས་བྱུང་བའི་ཁྲོ་ རྒྱལ་སྐུ། །སྐུ་ཆེ་ཡན་ལག་རགས་པས་གཟི་བརྗིད་ལྡན། །ཁམས་གསུམ་ཟིལ་གནོན་རྡོ་རྗེ་ གཤོག་པ་བརྐྱངས། །ཕྱག་ན་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རྔམས་པའི་ང་རོ་འབྲུག་ སྟོང་ལྡིར་བའི་སྒྲ། །ཧཱུཾ་ཕཊ་སྒྲ་སྒྲོགས་སྔགས་ཀྱི་ཆར་འབེབས་ཤིང༌། །རྐན་སྒྲ་སྒྲོགས་པས་ མུ་སྟེགས་སྒྲ་སྐད་འཇོམས། །ཕྱག་ན་རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །མི་རྟོག་ཡེ་ ཤེས་འོད་གསལ་ཏིང་འཛིན་ཐུགས། །མ་རིག་རྨོངས་པའི་མུན་སེལ་ཡེ་ཤེས་ཐུགས། །ཏིང་ འཛིན་གཟུངས་ཀྱི་གཏེར་མཆོག་ཡེ་ཤེས་ཐུགས། །ཕྱག་ན་རྡོ་རྗེའི་ཐུགས་ལ་ཕྱག་འཚལ་ བསྟོད། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་འཚེར། །ཆོས་སྐུ་ཉག་གཅིག་རྗེ་བཙུན་ ཞལ་གཅིག་པ། །དུས་གསུམ་མཁྱེན་པའི་སྤྱན་གསུམ་རབ་ཏུ་ལྡན། །ཕྱག་ན་རྡོ་རྗེ་ཁྱེད་ལ་ ཕྱག་འཚལ་བསྟོད། །འཁོར་བའི་སྐྱོན་མེད་དབུ་སྐྲ་གྱེན་དུ་བརྫེས། །ཉོན་མོངས་མ་གོས་ དབུ་སྐྲ་སིལ་མ་མཛད། །ཐུགས་རྗེས་དོན་མཛད་དབུ་སྐྲ་རྩེ་མོ་གུག །ཕྱག་ན་རྡོ་རྗེ་ཁྱེད་ལ་ ཕྱག་འཚལ་ལོ། །ཐུགས་རྗེ་ཆེ་ལྡན་སྤྱན་རྩ་དམར་ལ་བསྒྲད། །ཐུགས་རྗེས་རབ་འཁྲོས་ ཞལ་བསྒྲད་མཆེ་བ་གཙིགས། །འཕྲིན་ལས་རྒྱས་བྱེད་ཨག་ཙོམ་མེ་ལྟར་འབར། །ཕྱག་ན་ རྡོ་རྗེ་ཁྱེད་ལ་ཕྱག་འཚལ་ལོ། །ཐབས་ཤེས་ཟུང་འབྲེལ་ཡེ་ཤེས་ཕྱག་གཉིས་ནི། །ཡེ་ཤེས་ལྔ་ ལྡན་ཕྱག་གཡས་རྡོ་རྗེ་བསྣམས། །ཆོས་སྒྲ་སྒྲོགས་མཛད་ཕྱག་གཡོན་དྲིལ་བུ་ བསྣམས། །ཕྱག་ན་རྡོ་རྗེ་ཁྱེད་ལ་ཕྱག་འཚལ་བསྟོད། །རྫུ་འཕྲུལ་བཞི་ལྡན་ཞབས་གཉིས་ བརྐྱང་བསྐུམ་མཛད། །འདོད་ཆགས་འཇོམས་མཛད་དུས་མཚན་དམར་མོ་མནན། །ཞེ་ 8-1-538 སྡང་འཇོམས་མཛད་འཇིགས་བྱེད་ནག་པོ་བརྫིས། །ཕྱག་ན་རྡོ་རྗེ་ཁྱེད་ལ་ཕྱག་འཚལ་ བསྟོད། །སྐུ་གསུམ་ཡོངས་རྫོགས་སེམས་དཔའ་གསུམ་བརྩེགས་ཅན། །སྐུ་ལྔ་ཡོངས་རྫོགས་ རིགས་ལྔའི་དབུ་རྒྱན་ཅན། །སྐུ་རྣམས་ཡོངས་རྫོགས་ནམ་མཁའི་འཇའ་ལྟ་བུ། །ཕྱག་ན་ རྡོ་རྗེ་ཁྱེད་ལ་ཕྱག་འཚལ་བསྟོད། །མ་རུངས་འདུལ་མཛད་སྟག་ལྤགས་ཤམ་ཐབས་ ཅན། །ཕོངས་པ་སེལ་བྱེད་རིན་ཆེན་རྒྱན་གྱིས་བརྒྱན། །གདུག་པ་འདུལ་མཛད་སྦྲུལ་ རིགས་དྲུག་གིས་བརྒྱན། །ཕྱག་ན་རྡོ་རྗེ་ཁྱེད་ལ་ཕྱག་འཚལ་བསྟོད། །བར་ཆད་བཟློག་ མཛད་རྡོ་རྗེ་གོ་ཁྲབ་ཅན། །བགེགས་དཔུང་བསྲེག་མཛད་ཡེ་ཤེས་མེ་དཔུང་འབར། །སྡུག་ བསྔལ་འཇོམས་མཛད་ཁྱུང་རིགས་ལྔ་ཡིས་བརྒྱན། །ཕྱག་ན་རྡོ་རྗེ་ཁྱེད་ལ་ཕྱག་འཆལ་ བསྟོད། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིས། །བདག་ཅག་ལུས་ངག་ཡིད་ལ་ བྱིན་གྱིས་རློབས། །ཞེས་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བསྟོད་པའོ།། །།ཤུ་ བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-539 ༄༅། །འཕགས་པ་འཇིག་རྟེན་དབང་ཕྱུག་གི་ བསྟོད་པའོ། ། 8-1-540 ༄༅། །འཕགས་པ་འཇིག་རྟེན་དབང་ཕྱུག་གི་ བསྟོད་པའོ། ། ༄༅། །ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ་ན་མོ་ན་མཿ རྒྱལ་བ་ཀུན་གྱི་ཐུགས་རྗེ་ཆེན་པོའི་རྣམ་ པར་རོལ་པ་རྣམ་པ་ཐམས་ཅད་པ། །ཤེས་དང་ཤེས་བྱ་གཅིག་ཏུ་གྱུར་པའི་ཡེ་ཤེས་སྐུ་ ཆེན་དབང་པོ་ཐམས་ཅད་པ། །ཀུན་ནས་ཉོན་མོངས་ཀུན་ཏུ་རྟོག་པའི་འཆིང་བ་དམ་པོ་ མི་བཟད་པ་ཡང་གཅོད། །འཇིག་རྟེན་ཡབ་གཅིག་འཇིག་རྟེན་དབང་པོ་ཆུ་སྐྱེས་ཅན་ གྱིས་འཇིག་རྟེན་སྐྱོང་གྱུར་ཅིག །སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཀྱང་ད་དུང་ སངས་རྒྱས་སྲས་ཀྱི་ཚུལ། །སྲིད་པའི་སྐྱེ་བ་ཡོངས་སུ་ཟད་ཀྱང་ད་དུང་སྲིད་པར་སྐྱེ་བ་ འཛིན། །སེམས་ཅན་འགའ་ཡང་གཟིགས་པ་མེད་ཀྱང་ད་དུང་སེམས་ཅན་དོན་མི་ འདོར། །བསམ་གྱིས་མི་ཁྱབ་བརྟག་པར་དཀའ་བའི་ཐུགས་རྗེ་ཅན་ལ་ཕྱག་འཚལ་ འདུད། ། གང་སྐུ་ནམ་མཁའི་རང་བཞིན་མི་འདོར་ལ། །མོས་པའི་དབང་གིས་སྣ་ཚོགས་སྐུར་ཡང་ སྟོན། །གང་གསུང་བརྗོད་དུ་མེད་པའི་ཆོས་ཉིད་ཅན། །འགྲོ་ཀུན་སྐད་ཀྱིས་མཚམས་པའི་ ལམ་ཡང་སྟོན། །གང་ཐུགས་སེམས་ཡིད་རྣམ་ཤེས་མི་མངའ་ཡང༌། །ཆོས་དང་ཆོས་ཉིད་ མི་མཁྱེན་པ་ཡང་མེད། །གང་གི་ཡེ་ཤེས་དམ་པ་སྦྱོར་བྲལ་ཡང༌། །བདེ་ཆེན་མཁའ་ མཉམ་མངའ་བས་འགྲོ་འདི་སྐྱོངས། །ཀྱེ་མ་འཇིག་རྟེན་མུན་པའི་ལམ་དུ་ཞུགས། །ཆོས་ དང་ཆོས་མིན་རྣམ་པར་མི་ཤེས་པས། །སྡུག་བསྔལ་བརྒྱ་ཕྲག་དཀའ་བ་བརྒྱ་ཡིས་ བསྒྲུབ། །འདི་དག་དགོངས་ཤིག་བཅོམ་ལྡན་ལྷ་ཡི་ལྷ། །སངས་རྒྱས་བསྟན་པ་ཕྱི་དྲོའི་ཉི་ མའམ། །སྣུམ་ཟད་མར་མེ་ལྟ་བུར་འགྱུར་དུ་ཉེ། །འདི་ལ་མགོན་པོ་ཁྱོད་ཀྱི་ཐུགས་རྗེ་ དང༌། །ཐབས་མཁས་མཐུ་སྟོབས་དུས་ལ་བབ་པོ་ལྷ། །ཡོན་གནས་དམ་པ་ཁྱོད་ལ་མཆོད་ སླད་དུ། །མཆོད་པར་བྱ་བའི་རྫས་འདི་ཆུང་ན་ཡང༌། །སེམས་ཀྱི་མཆོད་སྤྲིན་ནམ་མཁའ་ 8-1-541 མཉམ་པར་ནི། །མངོན་པར་མོས་པས་འབུལ་ལོ་བཞེས་སུ་གསོལ། །ཕྱོགས་དུས་ཀུན་ན་ བདག་གིར་མ་བཟུང་བའི། །མཆོད་པ་ཡིད་འོང་ཇི་སྙེད་མཆིས་པ་རྣམས། །སྒྱུ་མ་ལྟ་བུ་བློ་ ཡིས་རབ་བླངས་ནས། །སེམས་ཅན་ཀུན་ཀྱི་དོན་དུ་ཁྱེད་ལ་འབུལ། །སྐྱེ་བ་ཀུན་ཏུ་སངས་ རྒྱས་དགྱེས་པ་ཡི། །ཚུལ་ཁྲིམས་ཏིང་འཛིན་མང་དུ་ཐོས་པ་དང༌། །ཤེས་རབ་སྙིང་རྗེ་ བསོད་ནམས་ཡེ་ཤེས་ཚོགས། །རྣམ་དག་བསྒྲུབ་པའི་མཆོད་པས་ཁྱེད་མཆོད་ ཤོག །འཇིག་རྟེན་འདིར་ཡང་ཁྱོད་ཀྱི་འཕྲིན་ལས་ཀྱིས། །སེམས་ཅན་ཐམས་ཅད་ཁྱེད་ལ་ ཕ་མ་འམ། །རིགས་ཀྱི་ལྷ་དང་སྟོན་པའི་འདུ་ཤེས་ཀྱིས། །ཕྱག་མཆོད་བསྟོད་བཀུར་ བསྔགས་ལ་བརྩོན་པར་ཤོག ། ཅེས་པ་འཇིག་རྟེན་དབང་ཕྱུག་ལ་བསྟོད་པ། ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་ བཀོད་པའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ ཐང་པར་མ་ཡིན།) 8-1-542 ༄༅། །འཇམ་དབྱངས་གསུང་གི་ལྷ་ཚོགས་ལ་ བསྟོད་པའོ། ། 8-1-543 ༄༅། །འཇམ་དབྱངས་གསུང་གི་ལྷ་ཚོགས་ལ་ བསྟོད་པའོ། ། ༄༅། །ཨོཾ་དྷརྨ་དྷ་ཏུ་ཝ་གི་ཤྭ་ར་མུཿན་མོ། མགོན་པོ་གང་ཞིག་མུཾཿཡིག་ལས་བྱུང་གསེར་ གྱི་མདོག་ཅན་རོལ་པའི་སྐུ། །ཆུ་སྐྱེས་ཟླ་བ་རྒྱས་པའི་སྟེང་ན་འཇིགས་མེད་སེང་གེ་ལ་ གནས་ཤིང༌། །སྣ་ཚོགས་རིན་ཆེན་རྒྱན་གྱིས་རྣམ་རྒྱན་རལ་པའི་ཅོད་པན་མི་བསྐྱོད་ པས། །གང་ལ་རྒྱས་བཏབ་དཔལ་ལྡན་འཇམ་དབྱངས་སེང་གེའི་སྒྲ་ལ་ཕྱག་འཚལ་ ལོ། །དེ་ཡི་གཡས་ན་ཧཱུཾ་ཡིག་ལས་བྱུང་ནོར་བཟང་གཞོན་ནུ་མཛེས་པའི་སྐུ། །མཛེས་པའི་ རྒྱུན་ལྡན་གུས་པའི་ཚུལ་གྱིས་ཕྱག་གི་པད་མ་ཐལ་སྦྱར་ཞིང༌། །རིན་ཆེན་ཆོས་ཀྱི་གླེགས་ བམ་དམ་པས་གང་གི་མཆན་ཁུང་རྣམ་མཛེས་པ། །ཆོས་ཀྱི་རྒྱལ་བུ་ཆོས་ལ་དབང་བསྒྱུར་ འཕགས་པའི་ཞབས་ལ་སྤྱི་བོས་འདུད། །དཔལ་ལྡན་པད་འདབ་རྒྱས་པའི་ཟེར་འབྲུར་ཟླ་ བ་ཡོངས་སུ་གང་བ་ལ། །མུཿཡིག་ལས་བྱུང་འཇམ་དཔལ་གཞོན་ནུ་གུར་གུམ་མདོག་ ཅན་མཛེས་པའི་སྐུ། །སྣ་ཚོགས་རྒྱན་ལྡན་ཟུར་ཕུད་ལྔ་པ་སྒེག་པའི་ཉམས་ཅན་འཛུམ་ པའི་ཞལ། །རལ་གྲི་པོ་ཏི་ཕྱག་ན་ལེགས་བསྣམས་བརྟན་པའི་འཁོར་ལོ་ཁྱེད་ལ་འདུད། ། སེམས་ཅན་རྣམས་ཀྱིས་མཐོང་བར་མ་ནུས་ཀྱང༌། །ཁྱོད་ནི་སེམས་ཅན་ཀུན་གྱི་སྙིང་ལ་ བཞུགས། །གཞོམ་དུ་མེད་པའི་ནཱ་ད་ཀུན་མཁྱེན་གསུང༌། །གསུང་གི་དབང་ཕྱུག་འཇམ་ པའི་དབྱངས་ལ་འདུད། །དོན་དམ་བདེ་གཤེགས་སྙིང་པོ་ཡེ་ཤེས་སྐུ། །ཆོས་ཉིད་འོད་ གསལ་བདེ་བ་ཆེན་པོའི་དབྱིངས། །རྣམ་པ་ཀུན་ལྡན་རྣམ་པ་མེད་པ་པོ། །འཇམ་ དབྱངས་ངག་གི་དབང་པོས་བདག་ཅག་སྐྱོངས། །ཟླ་བའི་འོད་ཅན་རྡོ་རྗེ་ཟླ་བ་རྡོ་རྗེའི་ སྐུ། །གང་ཐུགས་འགྱུར་མེད་བདེ་བ་ཆེན་པོས་ཡོངས་གང་བ། །དམིགས་པ་མེད་པའི་ སྙིང་རྗེ་ཆེན་པོ་རྫོགས་པའི་སྐུ། །མཚན་གྱི་མེ་ཏོག་རྒྱས་པའི་རྒྱན་གྱིས་བརྒྱན་ལ་ འདུད། །ཉི་མའི་འོད་ཅན་རྡོ་རྗེ་ཉི་མ་བདེན་པའི་དོན། །ཡན་ལག་བཅུ་གཉིས་སྲིད་པའི་ 8-1-544 རྩ་བ་རབ་བཏོན་པ། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད། །ཡེ་ཤེས་མེ་ལྕེ་ རབ་ཏུ་རྒྱས་པའི་འོད་ལ་འདུད། །ཆ་མེད་ཀུན་འགྲོ་ཀུན་ལ་ཁྱབ་པ་པོ། །རང་བཞིན་འོད་ གསལ་འགྱུར་མེད་བདེ་བའི་གཟུགས། །ཇི་བཞིན་ཇི་སྙེད་མངོན་སུམ་རྫོགས་སངས་ རྒྱས། །ཆོས་དབྱིངས་ངག་གི་དབང་ཕྱུག་ཁྱེད་ལ་འདུད། །དཔལ་ལྡན་དཔའ་བོ་གཅིག་ གྲུབ་འཇམ་པའི་དབྱངས། །ཟླ་བའི་གདན་ལ་རྡོ་རྗེའི་གདན་གྱིས་བཞུགས། །ཞལ་གཅིག་ ཕྱག་གཉིས་མཆོད་སྦྱིན་ཨུཏྤལ་ཅན། །ཀུན་ད་ལྟར་དཀར་ཟུར་ཕུད་ལྔ་པ་རྒྱས། །ཆོས་ དབྱིངས་གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །ཟླ་བའི་མདོག་ཅན་ཟླ་བའི་གདན་ ལ་བཞུགས། །ཞལ་བཞི་ཕྱག་བརྒྱད་རྣམ་དག་མཚན་མས་བརྒྱན། །སྐྱབས་མཆོག་དམ་པ་ ཁྱེད་ལ་སྐྱབས་སུ་མཆི། །དཔལ་ལྡན་ཆོས་དབྱིངས་གསུང་གི་ནི། །དབང་ཕྱུག་སྟོན་ཟླ་ལྟར་ དཀར་བ། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །གཞོན་ནུ་ཟུར་ཕུད་ལྔ་པ་མཆོད། །དཔལ་ ལྡན་མུཾཿཡིག་ལས་བྱུང་འཇམ་པའི་དཔལ། །གཞོན་ནུ་གུར་གུམ་གཞོན་ནུ་ལྟ་བུའི་ མདོག །པད་ཟླ་ལ་གནས་ཞལ་གསུམ་ཕྱག་དྲུག་པ། །མེ་ཏོག་རྒྱན་ལྡན་ཟུར་ཕུད་ལྔ་པ་ མཆོད། །ཨཱའ་ཡིག་འཕགས་པ་འཇམ་པའི་དབྱངས། །ར་ཡིག་དྲྭ་བ་ཅན་གྱི་འོད། །པ་ ཡིག་ཟླ་འོད་དེ་བཞིན་ཏེ། །ཙ་ཡིག་འཕགས་མ་སྐྲ་ཅན་མ། །ན་ཡིག་ཉེ་བའི་སྒྲ་ཅན་ མ། །སྟོན་ཀའི་ཟླ་བ་རྒྱས་པའི་མདོག །རྒྱན་རྣམས་ཀུན་གྱིས་རྣམ་བརྒྱན་ཅིང༌། །རལ་གྲི་ པོ་ཏིས་མཚན་ལ་འདུད། །ཁྱོད་ཀྱི་ཤེས་རབ་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་ཡི་ཟེགས་ མའི་ཆས། །བདག་དང་བདག་འདྲའི་བློ་ཡི་མུན་པ་མུན་ནག་སྟུག་པོ་རབ་གསལ་ ནས། །ཡང་དག་ཡེ་ཤེས་ཡིད་བཞིན་ནོར་བུ་དེ་བཞིན་གཤེགས་པའི་སྙིང་པོ་ནི། །མཁའ་ མཉམ་རྡུལ་བྲལ་ཀུན་ལ་གནས་ཏེ་མྱུར་བ་ཉིད་དུ་མཐོང་བར་མཛོད། །སྐྱེ་མེད་རྡུལ་བྲལ་ དམ་པའི་དོན། །གཡོ་བ་མེད་ཅིང་མེད་པ་ཡི། །ཆོས་ཀྱི་སྒོ་ལ་བདག་གཞན་ཀུན། །མྱུར་བ་ ཉིད་དུ་འཇུག་པར་ཤོག །ཆུ་དང་པད་དཀར་ཟླ་བ་ལ། །རྡོ་རྗེའི་གདན་བཞུགས་འོད་ཀྱི་ སྐུ། །མཁའ་ལྟར་ཁྱབ་པའི་ཡེ་ཤེས་ཀྱི། །འོད་ཀྱིས་བདག་བློ་གསལ་བར་མཛོད། །ཚེ་རབས་ ཀུན་ཏུ་ཁྱོད་ཀྱི་རྗེས་བཟུང་ནས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཡེ་ཤེས་ཀྱི། །ཕུན་ 8-1-545 སུམ་ཚོགས་པ་ཀུན་ལ་སྤྱོད་པ་དང༌། །འཇིག་རྟེན་ཀུན་གྱི་མུན་པ་སེལ་བྱེད་ཤོག །ཁྱེད་སྐུ་ བདེ་གཤེགས་སྙིང་པོ་དང༌། །གཞན་དོན་སྒྲུབ་མཛད་བརྡ་ཡི་སྐུ། །ལོངས་སྤྱོད་རྫོགས་ དང་སྣ་ཚོགས་སྤྲུལ། །གཟུགས་བརྙན་ཙམ་ཡང་མཐོང་བར་ཤོག ། གཡོན་ན་མི་བཟད་གཤིན་རྗེ་གཤེད་པོ་འཇིགས་སུ་རུང་བ་རྔམ་པའི་ཚུལ། །ཧཱུཾ་ཡིག་ལས་ བྱུང་མིག་སྨན་མདོག་ཅན་བགེགས་ཀུན་འཇོམས་པའི་ཐོ་བ་བསྣམས། །གདུག་པ་མ་ ལུས་རབ་ཏུ་ཞི་མཛད་གདུག་པའི་སྦྲུལ་གྱིས་ཡན་ལག་བརྒྱན། །མ་རུངས་རྣམས་ལ་མ་ རུངས་ཚུལ་སྟོན་ཧ་ཧའི་གད་རྒྱངས་སྒྲོགས་ལ་འདུད། ། རླུང་དང་ཀུན་རྟོག་ནང་གི་མ་རུངས་པ། །ཤིན་ཏུ་འདུལ་སླད་འཇིགས་སུ་རུང་བའི་ ཚུལ། །མི་བཟད་གཤིན་རྗེ་གཤེད་པོ་ཁྲོས་པའི་ཞལ། །བགེགས་ཀུན་བརླག་པར་མཛད་ལ་ སྐྱབས་སུ་མཆི། །འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད། །དེས་པ་རྣམས་ལ་དེས་པའི་ ཚུལ། །མ་རུངས་པ་ལ་མ་རུངས་པའི། །གཟུགས་སུ་སྟོན་མཛད་ཁྱོད་ལ་འདུད། །ཁྱོད་ཀྱི་ ཡེ་ཤེས་མེ་དཔུང་གིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཀུན་རྟོག་ཉོན་མོངས་ མ་རུངས་པའི། །བུད་ཤིང་མཐའ་དག་བསྲེག་ཏུ་གསོལ། །ཕུང་པོ་ཉོན་མོངས་འཆི་བདག་ དང༌། །ལྷ་ཡི་བུ་སྟེ་བདུད་བཞི་པོ། །ཁྱོད་ཀྱི་རྡོ་རྗེའི་དབྱུག་པ་ཡིས། །མྱུར་བ་ཉིད་དུ་ གཞོམ་པར་མཛོད། །དེ་ལྟར་བདེ་གཤེགས་སྙིང་པོ་ཡི། །གཟུགས་བརྙན་བཞེངས་ནས་ མཆོད་པ་དང༌། །བསྟོད་ཅིང་གསོལ་བཏབ་པ་ལས། །རྣམ་དག་དགེ་བ་གང་བསྐྲུན་ པ། །དེ་ཡིས་བདག་དང་སེམས་ཅན་ཀུན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །བདེ་གཤེགས་ སྙིང་པོ་འོད་གསལ་གྱི། །དབྱིངས་སུ་མྱུར་བར་འཇུག་གྱུར་ཅིག །དལ་འབྱོར་ལུས་མཆོག་ དད་བརྩོན་དང༌། །ཤེས་རབ་སྙིང་རྗེ་ཚུལ་ཁྲིམས་ཀྱི། །རྒྱན་གྱིས་རྟག་ཏུ་ལེགས་བརྒྱན་ ནས། །ཟག་མེད་བདེ་བ་སྤྱོད་པར་ཤོག། །། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ ཐང་པར་མ་ཡིན།) 8-1-546 ༄༅། །འཇམ་དབྱངས་ལྷ་ཁང་གི་ལྷ་ཚོགས་ལ་ བསྟོད་པ་བཞུགས་སོ། ། 8-1-547 ༄༅། །འཇམ་དབྱངས་ལྷ་ཁང་གི་ལྷ་ཚོགས་ལ་ བསྟོད་པ་བཞུགས་སོ། ། ༄༅། །ཨོཾ་གུ་རུ་མཉྫུ་ཤྲཱི་ཡེ་ན་མོ། ཉེ་བར་ལེན་པའི་གཟུགས་ཀྱི་ཕུང་པོ་ལས་འདས་ པ། །འགག་མེད་དོན་དམ་བདེ་བར་གཤེགས་པའི་སྙིང་པོའི་གཟུགས། །མེ་ལོང་ཡེ་ཤེས་ རང་བཞིན་འོད་གསལ་རྣམ་སྣང་མཛད། །གཟུགས་མེད་གཟུགས་བཟང་ཟབ་ཅིང་རྒྱ་ ཆེའི་གཟུགས་ལ་འདུད། །ཚོར་བ་རབ་འགགས་ཚོར་བ་ཆེན་པོ་རིན་ཆེན་ འབྱུང༌། །མཉམ་ཉིད་ཡེ་ཤེས་རང་བཞིན་ནོར་བུ་རིན་ཆེན་ཏོག །ནམ་མཁའི་ལམ་གནས་ ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །ཁྱབ་བདག་རིན་ཆེན་མཆོག་སྦྱིན་ཕྱག་ལ་ཕྱག་ འཚལ་ལོ། །འདུ་ཤེས་སྤངས་པའི་འདུ་ཤེས་ཆེན་པོ་ཡེ་ཤེས་སྐུ། །སོ་སོར་ཀུན་ཏུ་རྟོག་པའི་ ཡེ་ཤེས་ཀུན་རྟོག་དང༌། །བྲལ་བར་གྱུར་ཀྱང་མ་ལུས་ཇི་བཞིན་མཁྱེན་པ་པོ། །སྣང་བ་ མཐའ་ཡས་ཏིང་འཛིན་ཕྱག་ལ་ཕྱག་འཚལ་འདུད། །གང་ཞིག་རྟེན་ཅིང་འབྲེལ་འབྱུང་ ཆོས་ལས་རྣམ་འདས་པ། །རྒྱུ་དང་རྐྱེན་གྱི་འདུ་བྱེད་སྤངས་པའི་འདུ་བྱེད་གཞན། །བྱ་བ་ མ་ལུས་གདོད་ནས་གྲུབ་པའི་ཡེ་ཤེས་ཆེ། །དོན་ཡོད་གྲུབ་པ་སྐྱབས་སྦྱིན་ཕྱག་ལ་ཕྱག་ འཚལ་ལོ། ། གང་ཞིག་ཀུན་རྫོབ་ཆོས་ལས་འདས་པའི་སླད། །ས་ལས་འདས་པའི་ས་གཞན་སྤྱན་མ་ ནི། །གཞོམ་མེད་གཟུང་དུ་མེད་པ་ཡེ་ཤེས་ཀྱི། །སྣང་བ་བསམ་མི་ཁྱབ་ལ་ཕྱག་འཚལ་ ལོ། །གཤེར་བ་མེད་ཕྱིར་ཆུ་ཡི་ཁམས་ལས་འདས། །དེ་ལྟ་ན་ཡང་བདེ་གཤེགས་སྙིང་པོའི་ ཆུ། །ཆུ་གཞན་བསམ་མི་ཁྱབ་པའི་མཱ་མ་ཀཱི། །རྒྱལ་བ་མཆོག་གི་ཡུམ་ལ་ཕྱག་འཚལ་ ལོ། །རྨི་ལམ་སྒྱུ་མ་པྲ་ཕབ་ལྟ་བུའི་མེ། །དྲོ་མ་མེད་ཕྱིར་མེ་ཡི་ཁམས་ལས་འདས། །དེ་ལྟ་ མོད་ཀྱི་མེ་གཞན་གོས་དཀར་མོ། །བདེ་གཤེགས་སྙིང་པོའི་མེ་ལ་ཕྱག་འཚལ་ལོ། །གདོད་ མ་ཉིད་ནས་འཇིག་རྟེན་དཔེ་ལས་འདས། །གཡོ་བ་མེད་ཕྱིར་རླུང་གི་ཚོགས་སྤངས་ 8-1-548 པའི། །རླུང་གཞན་དམ་ཚིག་སྒྲོལ་མ་སྟོབས་མོ་ཆེ། །དོན་དམ་དབྱིངས་ཀྱི་རླུང་ལ་བདག་ དད་ལགས། །མཆོད་པའི་ལྷ་མོ་ཀུན་ད་ལྟར་དཀར་མ། །སྣ་ཚོགས་རྒྱན་ལྡན་ཞལ་གཅིག་ ཕྱག་གཉིས་མ། །ལྷ་ཡི་ཆུ་བོས་ཡོངས་སུ་གང་བ་ཡི། །བུམ་པ་བཟང་པོ་བསྣམས་ལ་ཕྱག་ འཚལ་འདུད། །རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོ་ཡི། །དངོས་གྲུབ་མཆོག་ སྩོལ་སེམས་ཀྱི་དྲི་མ་ནི། །ཐོགས་མེད་རྒྱུན་ཅན་མ་འབྲེལ་གློ་བུར་བ། །མི་རྟོག་ཏིང་འཛིན་ ཆབ་ཀྱིས་བཀྲུ་བར་གསོལ། ། ཞེས་པ་ལ་སོགས་པ་རྣམས་འཇམ་པའི་དབྱངས་འཁོར་དང་བཅས་པའི་བསྟོད་པ་སྟེ། འཇམ་དབྱངས་ལྷ་ཁང་ན་བཞུགས་པའོ། །སོ་སོའི་སྔགས་རྣམས་ཀྱང་འདིའི་རྗེས་སུ་བྲི་ བར་བྱའོ། །མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ ཐང་པར་མ་ཡིན།) 8-1-549 ༄༅། །མགོན་པོ་འཇམ་པའི་དབྱངས་ཀྱི་བ་སྤུ་ཉག་ གཅིག་ལ་བསྟོད་པ་ ངེས་དོན་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ བཞུགས་སོ། ། 8-1-550 ༄༅། །མགོན་པོ་འཇམ་པའི་དབྱངས་ཀྱི་བ་སྤུ་ཉག་གཅིག་ལ་བསྟོད་པ་ ངེས་དོན་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མཿཤྲཱི་བཛྲ་གུ་རུ་ཝེ། ན་མོ་མཉྫུ་བཛྲ་ཡེ། མགོན་པོ་འཇམ་པའི་དབྱངས་ཀྱི་བ་སྤུ་ ཉག་གཅིག་ལ་བསྟོད་པ་ངེས་དོན་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་ དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གང་ཞིག་ཆོས་ཀྱི་དབྱིངས། །འགྱུར་བ་མེད་པ་ ཡང་དག་མཐའ། །རང་བྱུང་ཡེ་ཤེས་མཁའ་ཁྱབ་སྐུ། །བརྗོད་དུ་མེད་ལ་བདག་ཕྱག་ འཚལ། །མཆོད་འོས་བསྟོད་འོས་བརྗོད་པར་འོས་པ་འཇམ་པའི་དབྱངས་ལ་ཡོན་ཏན་ གྱི། །ཕྲེང་བ་སྤེལ་ལེགས་གསང་འཐོར་སྒྲོགས་པའི་བསྟོད་དབྱངས་ཡོན་ཏན་རྒྱ་མཚོ་ ཡིས། །འདས་དང་མ་བྱོན་ད་ལྟར་བྱུང་བའི་རྒྱལ་བ་སྲས་བཅས་ཀུན་གྱིས་ཀྱང༌། །བསྟོད་ པར་བགྱིད་སླད་དེ་ཡི་རྗེས་སུ་བདག་ཀྱང་བསྟོད་པར་འདོད་མོད་ཀྱི། །གང་ཞིག་ཡོན་ ཏན་ནམ་མཁའི་ཁམས་ལྟར་དཔག་མེད་གཞལ་དུ་མ་མཆིས་ཤིང༌། །རྡུལ་དང་སྐད་ཅིག་ སེམས་ཅན་གྲངས་ལྟར་བགྲང་བ་ཀུན་ལས་རྣམ་འདས་ལ། །རང་རིག་ཡེ་ཤེས་སྤྱོད་ཡུལ་ ཉིད་སླད་རྟོག་གེས་བརྟག་པར་དཀའ་བའི་ཕྱིར། །ཀྱེ་མ་འདི་ལ་ཕྱིར་ཕྱིར་བསམ་གྱིན་ བདག་ཡིད་ཞུམ་པ་ཉིད་དུ་གྱུར། །གང་ཕྱིར་དཔག་ཏུ་མེད་པ་ལ་ནི་མཁས་པ་སུ་ཞིག་ དཔོག་པར་བགྱི། །གང་ཞིང་གཞལ་དུ་མེད་པ་དེ་ལ་བློ་ལྡན་སུ་ཞིག་འཇལ་བར་ སྩོལ། །གང་དག་བགྲང་དུ་མེད་པ་དེ་ལ་ཤེས་ལྡན་སུ་ཞིག་བགྲང་བར་འདོད། །གང་གི་ སྤྱོད་ཡུལ་མིན་པ་དེ་ལ་དེ་ཡི་བྱ་བ་ཇི་ལྟར་འཇུག །དེ་ལྟ་མོད་ཀྱི་དད་ལྡན་དམ་པ་ འགས། །ཡང་ཡང་ནན་གྱིས་གསོལ་བ་བཏབ་པའི་ངོར། །འཇམ་པའི་དབྱངས་ཀྱི་བ་སྤུ་ ཉག་གཅིག་གིས། །ཡོན་ཏན་ཆ་ཡི་ཆ་ཙམ་བརྗོད་པར་བྱ། །སྣ་ཚོགས་ཤེས་བྱ་མཁའ་ལྟར་ རབ་ཡངས་པ། །རྣམ་པ་སྣ་ཚོགས་སྒྱུ་མ་ལྟ་བུ་དང༌། །བདག་མེད་སྤྲོས་བྲལ་ཆོས་དབྱིངས་ 8-1-551 ཡངས་པ་ཡང༌། །ཁྱོད་ཀྱི་བ་སྤུ་གཅིག་གིས་མངོན་སུམ་མཁྱེན། །སྲིད་དང་མྱ་ངན་འདས་ པའི་ཆོས་ཀུན་ལ། །ནམ་མཁའི་ཁམས་ཀྱིས་ཁྱབ་པ་ཇི་ལྟ་བར། །མཁྱེན་ཏེ་ཁྱེད་ཀྱི་བ་སྤུ་ གཅིག་ཉིད་ཀྱི། །འཁོར་འདས་ཀུན་ལ་རྟག་ཏུ་ཁྱབ་པ་ལགས། །ཉན་ཐོས་རང་རྒྱལ་རྒྱལ་ བའི་སྲས་རྣམས་དང༌། །ལྷ་ཀླུ་ལྷ་མིན་མི་ཡི་བདེ་ཀུན་གྱིས། །ཁྱོད་ཀྱི་བ་སྤུ་གཅིག་གིས་ བདེ་བ་ལ། །བྱེ་བ་སྟོང་གི་ཆར་ཡང་ཕོད་མ་ལགས། །དེ་དག་ཀུན་གྱི་ཤེས་རབ་ཇི་སྙེད་ དང༌། །མི་རྟོག་ཡེ་ཤེས་གསལ་བ་ཀུན་གྱིས་ཀྱང༌། །ཁྱེད་ཀྱི་བ་སྤུ་གཅིག་གིས་ཡེ་ཤེས་ ལ། །དཔེ་དང་རྒྱུར་ཡང་རུང་བ་མ་ལགས་སོ། །དེ་དག་ཀུན་གྱི་སྙིང་རྗེ་ཇི་སྙེད་པ། །བྱེ་བ་ ཁྲག་ཁྲིག་འབུམ་དུ་བསྒྱུར་བས་ཀྱང༌། །ཁྱོད་ཀྱི་བ་སྤུ་གཅིག་གིས་ཐུགས་རྗེ་ཡི། །བྱེ་བ་ ཁྲག་ཁྲིག་འབུམ་གྱི་ཆར་མི་ཕོད། །དེ་དག་ཀུན་ཀྱི་མཐུ་རྩལ་ཇི་སྙེད་དང༌། །སྟོབས་སུ་ བགྲང་བ་བྱེ་བ་ཕྲག་བརྒྱས་ཀྱང༌། །ཁྱོད་ཀྱི་བ་སྤུ་གཅིག་གིས་སྟོབས་བཅུ་ཡི། །སྟོབས་ གཅིག་ཙམ་གྱི་ཆ་ཡི་ཆར་མི་ཕོད། །དེ་དག་ཀུན་གྱི་ཡོན་ཏན་ཇི་སྙེད་དང༌། །གཞན་ཕན་ འཕྲིན་ལས་ཇི་སྙེད་མཆིས་པས་ཀྱང༌། །ཁྱེད་ཀྱི་བ་སྤུ་གཅིག་གི་ཡོན་ཏན་དང༌། །འཕྲིན་ ལས་མཆོག་ལ་དཔེར་ཡང་རུང་མ་ལགས། །ཅི་སླད་ཅེ་ན་ཁྱོད་ཀྱི་བ་སྤུ་ཡང༌། །བདེ་སྟོང་ ཡེ་ཤེས་སྙིང་རྗེའི་དབྱིངས་ཉིད་ལགས། །དེ་སླད་ཁྱེད་ཀྱི་བ་སྤུའི་ཡོན་ཏན་ཀུན། །བརྗོད་ པར་ནུས་པ་འཇིག་རྟེན་གསུམ་མ་མཆིས། །སྟོབས་དང་མི་འཇིགས་རྒྱལ་བའི་མ་འདྲེས་ སོགས། །ཆོས་སྐུའི་ཡོན་ཏན་གང་གཱའི་བྱེ་སྙེད་རྣམས། །ཡོན་ཏན་རྒྱ་མཚོ་ཁྱོད་ཀྱི་བ་སྤུ་ ནི། །རེ་རེ་ལ་ཡང་ཡོངས་སུ་རྫོགས་པ་ལགས། །གཟུགས་མེད་གཟུགས་བཟང་དམ་པའི་ གཟུགས་འཆང་བ། །སྣ་ཚོགས་གཟུགས་ཅན་ཡིད་ལས་བྱུང་ཁྱོད་ཀྱིས། །བ་སྤུ་རྣམས་ཀྱང་ དོན་དམ་ཆོས་ཀྱི་དབྱིངས། །ཡང་དག་བདག་མེད་དེ་བཞིན་ཉིད་ལགས་ཕྱིར། །ཐོག་ མཐའ་དབུས་མེད་སྐྱེ་འཇིག་འགྲོ་འོང་མེད། །རྒྱུ་དང་རྐྱེན་མེད་གཞན་དུ་འགྱུར་བ་ མེད། །མཚན་མེད་སྤྲོས་མེད་གཞིག་མེད་གཞོམ་དུ་མེད། །ཉོན་མོངས་མེད་ཅིང་སྐྱེ་རྒ་ན་ འཆི་མེད། །གཙང་བདག་བདེ་དང་རྟག་པའི་མཐར་སོན་ཅིང༌། །ཐེར་ཟུག་ཞི་བ་གཡུང་ དྲུང་ལྷུན་གྱིས་གྲུབ། །རྣམ་ཤེས་ལས་འདས་གཉིས་མེད་ཡེ་ཤེས་སྐུ། །རྟོག་གེ་ཀུན་གྱི་ཡུལ་ 8-1-552 ལས་འདས་པ་ལགས། །ལུས་མེད་རྡོ་རྗེའི་བ་སྤུ་རེ་རེ་ཡང༌། །ཐབས་དང་ཤེས་རབ་དབྱེར་ མེད་ཡེ་ཤེས་ལྔ། །དེ་སླད་དེ་དག་ཤེས་བཅུའི་བདག་ཉིད་དང༌། །ཤེས་བཅུ་རྣམ་དག་ འཆང་བ་པོ་ཡང་ལགས། །ལུས་མེད་ལུས་མཆོག་ཁྱོད་ཀྱི་བ་སྤུ་ཡང༌། །སྲིད་གསུམ་ཀུན་ ནས་དང་བ་ཉིད་ཡིན་སླད། །སྡུ་གུ་འཇིག་རྟེན་གསུམ་མཆོག་བདེ་བ་དང༌། །འཇིག་རྟེན་ གསུམ་གཅིག་གཞོན་ནུའི་ལུས་ཀྱང་ལགས། །སྲིད་གསུམ་དགའ་བ་ཆེན་པོ་ཁྱོད་ཀྱི་ སྤུ། །རྡོ་རྗེ་ཡེ་ཤེས་རྟེན་དུ་གྱུར་པའི་སླད། །རྣམ་པ་བཅུ་པོ་དོན་བཅུའི་དོན་དང་ནི། །རྣམ་ བཅུ་དབང་ལྡན་ཆེ་བ་པོ་ཡང་ལགས། །ཤེས་དང་ཤེས་བྱ་མཆོག་གི་བདག་ཁྱེད་ཀྱི། །བ་སྤུ་ རྣམས་ཀྱང་བདེ་ཆེན་སྟོང་ཆེན་སླད། །སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ནི། །ཐིག་ལེ་ སྟོང་པ་འགྱུར་མེད་དྲུག་ཀྱང་ལགས། །རྡོ་རྗེའི་ཉི་ཟླ་ཁྱོད་ཀྱི་བ་སྤུ་རྣམས། །རླུང་སེམས་ འཕོ་བའི་བག་ཆགས་འགགས་པའི་སླད། །བདེན་དོན་རྣམ་པ་བཅུ་གཉིས་ལྡན་པ་ དང༌། །དེ་ཉིད་རྣམ་པ་བཅུ་དྲུག་རིག་པའང་ལགས། །དང་པོའི་སངས་རྒྱས་རིས་མེད་ ཁྱོད་ཀྱི་སྤུ། །འགྲོ་ཀུན་ལོངས་སྤྱོད་དབུགས་རྣམས་འགགས་པའི་གཞི། །མཁའ་ལ་རྒྱལ་ པོའི་ལྷ་ནི་བཞུགས་པའི་སླད། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ལྷ་ཡང་ལགས། །ཚིག་ རྗེ་ཚིག་བདག་སྨྲ་མཁས་ཁྱོད་ཀྱི་སྤུ། །འགྲོ་ཀུན་སྐད་ཀྱིས་ཆོས་སྒྲ་སྒྲོགས་པའི་སླད། །ཆོས་ ཀྱི་དུང་ཡང་གཎྜེ་རྔ་བོ་ཆེ། །རྡོ་རྗེ་སྒྲ་ཆེན་ཡི་གེ་མེད་པའང་ལགས། །སྨྲ་བསམ་བརྗོད་དུ་ མེད་པ་ཁྱོད་ཀྱི་སྤུ། །ཀུན་ཏུ་རྟོག་པ་ཐམས་ཅད་རབ་སྤངས་ཤིང༌། །རྣམ་པར་མི་རྟོག་ དབྱིངས་མི་ཟད་པའི་སླད། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་མ་ལགས། །དོན་དམ་ གཞན་སྟོང་ཆེན་པོ་ཁྱོད་ཀྱི་སྤུ། །རྡུལ་མེད་རྡུལ་བྲལ་སྐད་ཅིག་ལས་འདས་ཤིང༌། །འགྱུར་ མེད་བདེ་བ་ཆེ་ལ་འཁྱུད་པའི་སླད། །རྒྱལ་བ་ཀུན་གྱི་ཕྱག་རྒྱ་ཆེན་པོའང་ལགས། །བཅུ་ དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པའི་སླད། །ཆ་མེད་ཆ་ལས་འདས་པ་ཉིད་ཕྱིར་ དང༌། །ཆགས་བྲལ་དང་པོ་ཆགས་པ་ཆེ་བའི་སླད། །བསམ་གཏན་བཞི་ཡི་རྩེ་མོ་འཛིན་ པའང་ལགས། །ནམ་མཁའི་མཐའ་ལ་ལོངས་སྤྱོད་ཁྱོད་ཀྱི་སྐུ། །སྐྱབས་དང་སྐྱོབ་པ་བླ་ན་ མེད་པ་དང༌། །ནོར་བུ་དཔག་བསམ་ཤིང་དང་བུམ་བཟང་ལྟ། །འགྲོ་བའི་རེ་འདོད་ཡིད་ 8-1-553 བཞིན་སྐོང་པ་ལགས། །ཀུན་ཏུ་བཟང་པོ་བློ་བཟང་ཁྱོད་ཀྱི་སྤུ། །འཛག་མེད་བདེ་ཆེན་ དུས་མེད་དུས་དང་ནི། །རྣམ་ཀུན་མཆོག་ལྡན་སྟོང་ཆེན་འཁོར་ལོ་དག །གཉིས་སུ་མེད་ པའི་དུས་ཀྱི་འཁོར་ལོ་ལགས། །ནམ་མཁའི་མཐའ་ལ་རབ་གནས་ཁྱོད་ཀྱི་སྤུ། །བདེ་སྟོང་ དབྱེར་མེད་ཡེ་ཤེས་ཉིད་ཡིན་སླད། །དགྱེས་རྡོར་བདེ་མཆོག་གསང་འདུས་ལ་སོགས་ པ། །ཐབས་ཤེས་སྦྱོར་བའི་ལྷ་རྣམས་ཐམས་ཅད་ལགས། །གསང་སྔགས་ཚུལ་ཆེན་ལས་ བྱུང་ཁྱེད་ཀྱི་སྤུ། །གང་ཕྱིར་ཡིད་ནི་སྐྱོབ་པར་འགྱུར་དེའི་ཕྱིར། །གསང་སྔགས་ཆེ་མཆོག་ སྔགས་ཚུལ་ཚུལ་ཆེན་བདག །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་པའང་ ལགས། །འདོད་པ་ཆེན་པོ་བདེ་བ་ཆེན་པོ་དང༌། །དགའ་བ་ཆེན་པོ་མགུ་བ་ཆེན་པོ་ སྟེ། །དགའ་བཞི་རྒྱུན་ཆད་མེད་པ་ཁྱོད་ཀྱི་སྤུ། །རྒྱུད་རྣམས་ཀུན་གྱི་བདག་པོ་ཆེན་པོ་ ལགས། །དྲུག་དྲུག་སུམ་ཅུ་རྩ་དྲུག་རྣམ་དག་ལྟར། །ཆོས་ཀྱི་ཕུང་པོའི་དཀྱིལ་འཁོར་ཁྱེད་ ཀྱི་སྤུ། །ཆོས་རྣམས་ཀུན་གྱི་སྙིང་པོར་གྱུར་པའི་སླད། །དོན་དམ་དཀྱིལ་འཁོར་ཆེན་པོ་ ཡངས་པ་ལགས། །ཡེ་ཤེས་དཀྱིལ་འཁོར་རྒྱུད་དང་སྔགས་དང་ལྟ། །ཇི་སྙེད་མཆིས་པ་ ཀུན་གྱི་ཡོན་ཏན་ཀུན། །མགོན་པོ་རིགས་མཆོག་ཆེན་པོ་ཁྱོད་ཀྱི་སྤུ། །རེ་རེ་ལ་ཡང་ ཡོངས་སུ་རྫོགས་པ་ཡི། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་རྒྱལ་བ་ཡིས། །ཕྱོགས་བཅུའི་ཞིང་ རྣམས་ཀུན་གྱི་རྡུལ་སྙེད་ཀྱི། །བསྐལ་པར་སྤྱོད་ཀྱང་ཟད་པར་འགྱུར་མིན་གྱི། །བདག་ དང་བདག་འདྲས་སྨོས་ཀྱང་ཇི་ཞིག་འཚལ། །རི་རབ་ལྷུན་པོ་རྡོ་རྗེའི་རང་བཞིན་ལ། །ལོ་ སྟོང་འདས་པའི་རྗེས་བཞིན་ཀ་ཤི་ཀའི། །རས་ཀྱིས་ལན་རེ་ཕྱིས་པའི་ཚུལ་དེ་ཡིས། །ལྷུན་ པོ་ཟད་སྲིད་ཁྱོད་སྤུའི་ཡོན་ཏན་མིན། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་རྒྱ་མཚོ་ རྣམས། །ལོ་བརྒྱ་འདས་པའི་རྗེས་སུ་སྐྲ་རྩེ་ཡིས། །ལན་རེ་ཕྱགས་པར་གྱུར་ན་ཚུལ་དེ་ ཡིས། །རྒྱ་མཚོ་ཟད་སྲིད་ཁྱོད་སྤུའི་ཡོན་ཏན་མིན། །ཁྱོད་ནི་ཀུན་ལ་རྟག་ཏུ་བཞུགས་མོད་ ནའང༌། །དྲི་མས་བསྒྲིབས་པ་རྣམས་ཀྱིས་མི་མཐོང་སྟེ། །དེ་ཕྱིར་ཁྱོད་ནི་སེམས་ཡིད་རྣམ་ ཤེས་ལ། །མི་མངོན་མི་སྣང་གསལ་བྱེད་མིན་པ་ལགས། །གང་གི་གློ་བུར་དྲི་མའི་སྦུབས་ བཅོམ་ནས། །དེ་ཡིས་ཡེ་ཤེས་སྣང་བ་ལམ་མེ་མཐོང༌། །དེ་ཕྱིར་ཁྱེད་ནི་མི་རྟོག་ཡེ་ཤེས་ 8-1-554 ལ། །སྣང་བ་ཆེན་པོ་གསལ་བ་ཆེ་བ་ལགས། །རྫོགས་པའི་སངས་རྒྱས་བཅོམ་ལྡན་ཁྱོད་ཀྱི་ སྤུ། །འགྱུར་མེད་མཆོག་གི་དབྱིངས་ལས་བྱུང་ཕྱིར་དང༌། །ཁྱབ་བདག་ཡེ་ཤེས་ལྔ་ཡི་ བདག་ཉིད་ཕྱིར། །ཨ་ཡིག་ལས་བྱུང་ཨ་ཡིག་ཉིད་ཀྱང་ལགས། །ཁྱོད་མེད་ན་ནི་ཁམས་ གསུམ་སེམས་ཅན་ཀུན། །མགོ་བོ་བཅད་པ་ལྟ་བུར་གྱུར་པའི་སླད། །སེམས་ཅན་ཀུན་གྱི་ སེམས་ཅན་གྱུར་པ་ཁྱོད། །སེམས་ཅན་ཀུན་གྱི་སྲོག་ཆེན་པོ་འང་ལགས། །མི་གཙང་ལྗན་ ལྗིན་རུལ་བའི་ནང་གནས་རིན་ཆེན་ལྟར། །སེམས་ཅན་ཉོན་མོངས་ལྗན་ལྗིན་མང་བའི་ ནང་ན་ཡང༌། །ཡིད་བཞིན་ནོར་བུ་ཆེན་པོ་ཁྱོད་སྤུ་རྟག་བཞུགས་མོད། །རང་བཞིན་དག་ ཕྱིར་དྲི་མ་ཀུན་གྱིས་གོས་མ་ལགས། །མནར་མེད་དམྱལ་བའི་མེ་ཆེན་ནང་ན་ཁྱོད་ བཞུགས་ཤིང༌། །སྡུག་བསྔལ་མི་བཟད་བརྣག་དཀའི་ནང་ནའང་ཁྱོད་བཞུགས་ མོད། །རྟག་ཏུ་འདུས་མ་བྱས་བདེ་ཉིད་ལ་རོལ་པའི་སླད། །དེ་དང་དེ་ནི་ཁྱོད་ལ་ཕན་ དང་གནོད་མ་ལགས། །ཁྱོད་ཀྱི་བ་སྤུ་གཅིག་གི་ཡོན་ཏན་ཇི་སྙེད་པ། །སྐུ་གསུང་ཐུགས་ དང་ཡེ་ཤེས་ཀུན་གྱི་ཡོན་ཏན་ཏེ། །དེ་བཞིན་ཡེ་ཤེས་ཐུགས་གསུང་སྐུ་ཡི་ཡོན་ཏན་ ཡང༌། །རྡོ་རྗེ་བ་སྤུ་གཅིག་ཉིད་ཀྱི་ཡང་ཡོན་ཏན་ལགས། །དེ་ཀུན་ཆོས་དབྱིངས་འདུས་ མ་བྱས་ཉིད་ཕྱིར། །ཕན་ཚུན་དབྱེར་མེད་འདྲེས་པ་ཉིད་ཀྱི་སླད་དུ་སྟེ། །ནམ་མཁའ་ཀུན་ དང་བུམ་པའི་ནང་གི་ནམ་མཁའ་དག །ཕན་ཚུན་དབྱེར་མེད་འདྲེས་པ་ཉིད་དང་ མཚུངས་ཕྱིར་རོ། །ཁྱོད་སྐུ་གཟུགས་ཅན་མ་ལགས་འདུས་བྱས་མིན། །རྟེན་ཅིང་འབྲེལ་ འབྱུང་ཆོས་ལས་འདས་པའི་སླད། །བ་སྤུ་རྣམས་ཀྱང་གཟུགས་ཅན་མ་ལགས་ ཤིང༌། །འདུས་བྱས་མ་ལགས་རྟེན་འབྲེལ་ཆོས་མ་ལགས། །གང་དག་ཁྱོད་སྐུ་དབང་པོ་ རྣམས་དང་ནི། །བ་སྤུ་དང་བཅས་གཟུགས་སུ་ལྟ་བ་དང༌། །འདུས་བྱས་རྟེན་འབྲེལ་ཆོས་ སུ་བལྟ་ན་དེས། །ཁྱོད་ཀྱི་རང་བཞིན་ལེགས་པར་མཐོང་མ་ལགས། །ཁྱེད་སྐུ་དབང་པོ་ རྣམས་དང་བ་སྤུར་བཅས། །དབྱིངས་དང་ཡེ་ཤེས་དབྱེར་མེད་ཉིད་ཀྱི་སླད། །དབྱིངས་ དང་ཡེ་ཤེས་ཐ་དད་འདོད་ན་དེས། །ཁྱོད་ཀྱི་རང་བཞིན་ལེགས་པར་མཐོང་མ་ ལགས། །ཁྱོད་ནི་འདུས་བྱས་ཀུན་གྱི་སྟོང་པའི་གཞི། །རྟེན་འབྲེལ་ལས་འདས་དོན་དམ་ 8-1-555 སྟོང་ཉིད་སླད། །རང་སྟོང་ཙམ་ལ་ཆོས་ཉིད་དོན་དམ་དུ། །འདོད་པ་རྣམས་ཀྱིས་མགོན་ ཁྱོད་མཐོང་མ་ལགས། །ཁྱོད་ཀྱི་ཡེ་ཤེས་སྐད་ཅིག་ལས་འདས་ཤིང༌། །ཀུན་རྫོབ་རྟེན་ འབྲེལ་ཆོས་ལས་འདས་པའི་སླད། །རང་བྱུང་ཡེ་ཤེས་ཀུན་རྫོབ་རྟེན་འབྲེལ་དུ། །འདོད་ པ་རྣམས་ཀྱིས་ལྷ་ཁྱོད་མཐོང་མ་ལགས། །ཁྱོད་ནི་ཞལ་ཕྱག་ཁ་དོག་དབྱིབས་རྣམས་ དང༌། །གདན་དང་ཕྱག་མཚན་བརྟག་པ་ཀུན་དང་བྲལ། །དེ་སླད་གང་ཞིག་དེ་དང་དེར་ རྟོག་ན། །དེས་ཁྱོད་ཤིན་ཏུ་ལེགས་པར་བསྒོམ་མ་ལགས། །དེ་ལྟ་ན་ཡང་གཟུགས་བརྙན་ མ་ལུས་འཆང་བ་ཁྱོད། །ཞལ་ཕྱག་ཁ་དོག་དབྱིབས་མཚན་ཅིར་ཡང་འཆར། །གང་ལ་ མོས་པ་དེ་ལ་དེ་འབྲས་སྩོལ། །དེ་སླད་འདི་འདྲའི་ཚུལ་ཡང་ཉེར་སྟོན་ཏོ། །སྨྲ་བའི་སེང་ གེ་མཚུངས་པ་མེད་པའི་སླད། །རི་དྭགས་རྒྱལ་པོ་རལ་པ་ཅན་ལ་བཞུགས། །སེམས་ཅན་ ཀུན་ལ་ཤས་ཆེར་ཆགས་པའི་སླད། །ཉི་མ་འཆར་ཁའི་དཀྱིལ་ལྟར་མཛེས་པའི་སྐུ། །དོན་ གཅིག་གཉིས་མེད་ཆོས་ཀྱི་དབུ་ལ་ནི། །སངས་རྒྱས་ལྔ་བདག་ཅོད་པན་མི་བསྐྱོད་ གཙོ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས་པའི་ཕྱག །ཆོས་ཀྱི་སྦྱིན་བདག་ཆེན་པོའི་ཕྱག་ རྒྱ་ཡིས། །དབྱིངས་དང་ཐུགས་རྗེའི་ཨུཏྤལ་ལ་གནས་པ། །ཉོན་མོངས་གཅོད་པའི་ཤེས་ རབ་རལ་གྲི་དང༌། །ཆོས་རྣམས་ཀུན་གྱིས་གཏེར་གྱུར་གླེགས་བམ་བསྣམས། །སངས་རྒྱས་ སྤྲུལ་པས་རྣམ་པ་ཀུན་གྱི་རྒྱན། །ཡིད་འཕྲོག་ཡོན་ཏན་མཆོག་གི་རྒྱན་ཀུན་རྫོགས། །ཆུ་ སྐྱེས་ཟླ་བ་རྒྱས་ལ་དཀྱིལ་འཁོར་ནི། །རྡོ་རྗེ་རྒྱན་ནི་མ་ལུས་ལྡན་པའི་ཚུལ། །ཡེ་ཤེས་འཕྲོ་ བ་དེ་འདྲའི་སྐུར་ཡང་སྣང༌། །དེ་ལས་གཞན་ཡང་ཞལ་ཕྱག་མཚོན་ཆ་དང༌། །དབྱིབས་ དང་ཁ་དོག་གཏན་དང་བཞུགས་ཚུལ་དང༌། །དཀྱིལ་འཁོར་སྔགས་དང་ཡི་གེ་ལ་སོགས་ པའི། །རྣམ་པ་དཔག་ཡས་བགྲང་བ་ཀུན་ལས་འདས། །དེ་ལྟར་མང་ཡང་གཅིག་ལས་ མེད་པ་དང༌། །གཅིག་ཉིད་ན་ཡང་དུ་མར་འཆར་བའི་སླད། །སྤྲུལ་པ་སྒྱུ་མ་གར་མཁན་ ལྟ་བུ་ཡི། །དོན་དམ་དབྱིངས་འདི་ཨེ་མ་ངོ་མཚར་རྨད། །འཇིགས་པ་མ་ལུས་སེལ་བ་ ཁྱོད་ཀྱི་སྤུ། །སྲིད་པའི་རི་བོ་ཆེན་པོ་འཇོམས་པ་དང༌། །མ་རིག་སྒོ་ངའི་སྦུབས་རྣམས་ འབྱེད་པ་དང༌། །ལེགས་པའི་ལམ་ནི་སྟོན་པར་མཛད་པ་དང༌། །བྱེད་པ་སེམས་ཅན་ཀུན་ 8-1-556 དོན་བྱེད་པ་དང༌། །དུས་གསུམ་རྒྱལ་བའི་འཕྲིན་ལས་མཛད་པའི་སླད། །འདུས་མ་བྱས་ ཀྱང་ནུས་པ་ཡོད་མ་ལགས། །ནུས་པ་ཡོད་ཀྱང་འདུས་བྱས་ནུས་པ་ལྟར། །ནུས་པ་ཕྱོགས་ རེས་ཉེ་ཚེའི་དོན་བྱེད་མིན། །དེ་ཕྱིར་ཁྱོད་ཀྱི་ནུས་པ་ཟབ་ཅིང་ཕྲ། །རྣམ་པར་དཔྱད་ དཀའ་རྟོགས་པར་དཀའ་བ་ལགས། །རྣམ་པ་མེད་ཀྱང་རྣམ་པ་ཐམས་ཅད་པ། །དབང་ པོ་མེད་ཀྱང་དབང་པོ་ཐམས་ཅད་པ། །བརྗོད་དུ་མེད་ཀྱང་ཚིག་ཀུན་གསལ་བར་ བྱེད། །ཡི་གེ་མེད་ཀྱང་ཨ་སོགས་ཡི་གེའི་བདག །སངས་རྒྱས་སྲས་པོ་སངས་རྒྱས་ཀུན་གྱི་ ཡབ། །ཤིན་ཏུ་རྒན་ཡང་གཞོན་ནུར་གྱུར་པ་ཡང༌། །གནས་བརྟན་ཡིན་ཡང་སྐྱེས་མ་ཐག་ པ་དང༌། །གཟུགས་མེད་གཟུགས་བཟང་ལུས་མེད་ལུས་མཆོག་སོགས། །འགལ་འདུས་ མང་ཡང་སྐྱོན་མེད་འདི་འདྲ་བ། །ཀུན་རྫོབ་ཆོས་རྣམས་ཀུན་ལ་ཡོད་མེད་པས། །ཨེ་མ་ ཁྱོད་ནི་བསམ་གྱིས་མི་ཁྱབ་ཅིང༌། །དཔེ་མེད་དཔེ་བྱད་ཀུན་ལས་འདས་པ་ལགས། ། ཁྱེད་སྐུ་མཁའ་ལ་འཇའ་ཚོན་བཞིན་དུ་བདག་གི་མདུན་ན་རྟག་བཞུགས་ ཀྱང༌། །བདག་གིས་མ་མཐོང་ལོང་བ་ཉིད་དམ་འོན་ཏེ་གཉིད་ཀྱིས་ནོན་པ་ལགས། །ཁྱོད་ གསུང་ལྷ་ཡི་རྔ་སྒྲ་བཞིན་དུ་བདག་གི་རྣ་དྲུང་རྟག་བཞུགས་ཀྱང༌། །བདག་གིས་མ་ཐོས་ འོན་པ་ཉིད་དམ་ཡང་ན་བདག་ནི་བེམ་པོ་ལགས། །ཟས་མཆོག་ཡིད་འོང་བཟང་དགུའི་ ཁྲོད་ན་བདག་ནི་རྟག་ཏུ་བཀྲེས་པས་གཟེར། །བདུད་རྩི་རྒྱ་མཚོ་མཐའ་ཡས་ནང་ན་ བདག་ནི་ཤིན་ཏུ་སྐོམ་པས་གདུང༌། །མི་ཟད་འདོད་དགུའི་གཏེར་ཆེན་ནང་ན་བདག་ནི་ རྟག་ཏུ་འབུལ་ཞིང་ཕོངས། །བདེ་བའི་མཆོག་རྣམས་ཀུན་གྱི་ནང་ན་བདག་ནི་ཤིན་ཏུ་ སྡུག་བསྔལ་གྱུར། །རྩི་སྨན་དམ་པའི་ནགས་ཀྱི་ཁྲོད་ན་བདག་ནི་ནད་རྣམས་ཀུན་གྱིས་ གཟིར། །གངས་རི་ལྟ་བུར་བསིལ་བའི་ནང་ན་བདག་ནི་རྟག་ཏུ་ཚ་བས་གདུང༌། །ཉི་འོད་ ཀུན་ཏུ་དྲོ་བའི་ནང་དུ་བདག་ནི་རབ་ཏུ་གྲང་བས་ཉེན། །མགོན་པོ་དཔའ་བོ་ཆེན་པོའི་ དྲུང་དུ་བདག་ནི་དགྲ་ཡི་ལག་ཏུ་སོང༌། །ཀྱི་ཧུད་ཀྱེ་ཧུད་ཀྱེ་མ་འདི་འདྲ་བདག་གིས་ གང་དུ་ཇི་ཞིག་ནོངས། །དེ་ཕྱིར་ད་ནི་བཟོད་དཀའི་སྡུག་བསྔལ་དཔག་ཡས་དྲན་པས་ དགོན་ཁྱོད་ལ། །དད་གུས་མཆོག་ལྡན་བསམ་པ་ཐག་པས་སྐྱབས་སུ་འཆི་ལགས་ 8-1-557 ཀྱི། །སྲིད་དང་ཞི་བའི་འཇིགས་པ་ཀུན་ལས་མྱུར་བ་ཉིད་དུ་ཐར་པར་མཛོད། །སྡུག་ བསྔལ་རྒྱུར་གྱུར་ལས་དང་ཉོན་མོངས་རྩ་བར་གང་གྱུར་མ་རིག་པའི། །བཞོན་པར་གང་ གྱུར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་འདི་འགགས་པ་དང༌། །རྒ་དང་ན་དང་འཆི་ བའི་གཞིར་གྱུར་སྐྱེ་བའི་རྒྱ་མཚོར་ལྷུང་བྱེད་པ། །ཀུན་གཞིའི་རྣམ་ཤེས་འཕོ་བའི་སྐད་ ཅིག་གང་ཡིན་དེ་ཡང་འགག་པར་མཛོད། །འགྱུར་མེད་བདེ་ཆེན་མཁའ་དབྱིངས་ཁྱབ་ པའི་ཡེ་ཤེས་རྒྱ་ཆེན་མྱུར་ཐོབ་ནས། །རྨད་དུ་བྱུང་བ་རྣམ་པར་འཕྲུལ་པ་རྣམ་པ་སྣ་ ཚོགས་དཔག་ཡས་པ། །སེམས་ཅན་ཀུན་གྱི་གྲངས་དང་མཉམ་ཞིང་འདུལ་ཐབས་བླ་ན་ མེད་པ་ཡི། །རྣམ་པ་དེ་དང་དེ་འདྲ་ཁོ་ནས་གཞན་དོན་བྱེད་པར་བྱིན་གྱིས་རློབས། ། འོན་ཏེ་བདག་ལ་དེ་འདྲ་ཡི། །སྐལ་བ་རེ་ཞིག་མ་མཆིས་ན། །ཞུ་དོན་ཕྲ་མོ་འདི་ཙམ་ པ། །བརྩེ་ཆེན་ལྡན་པ་བསྒྲུབ་ཏུ་གསོལ། །སོ་སོར་རྟོགས་པའི་ཤེས་རབ་ཀྱིས། །དངོས་ཀུན་ སྒྱུ་མར་རྟོགས་པ་དང༌། །རྣམ་པར་མི་རྟོག་ཤེས་རབ་ཀྱིས། །ཆོས་ཉིད་དོན་དམ་མཐོང་ བར་མཛོད། །འཁོར་བའི་ཉེས་དམིགས་ཤེས་པ་དང༌། །ལམ་དང་འབྲས་བུ་ཤེས་པ་ ཡིས། །ཉེས་སྤྱོད་རྣམས་དང་བྲལ་བ་དང༌། །ལེགས་སྤྱོད་རྒྱ་ཆེར་འགྲུབ་པར་མཛོད། །ཞི་ བའི་ཉེས་དམིགས་ཤེས་པ་དང༌། །འགྲོ་ཀུན་ཕ་མར་ཤེས་པར་གྱིས། །ཅི་བྱེད་གཞན་ལ་ ཕན་པ་དང༌། །རང་དོན་འཁྲི་བ་མེད་པར་མཛོད། ། དེ་ལྟར་འཇམ་དཔལ་དཔལ་དང་ལྡན་པའི་བ་སྤུ་གཅིག་གི་ཡོན་ཏན་ནི། །ནམ་ མཁའི་ཁམས་ལྟར་ཡངས་པའི་ནང་ནས་ཁབ་མིག་བུ་གའི་རྣ་བ་ཙམ། །གླེངས་པ་གང་ འདི་གཟུགས་སྐུའི་ཡོན་ཏན་བརྗོད་པ་ཙམ་མིན་སྒྲོ་བཏགས་མིན། །དོན་དམ་ངེས་དོན་ དོན་ལ་གནས་གང་དོན་ལ་བརྟེན་པ་ཉིད་ཀྱིས་བརྗོད། །དེ་ཕྱིར་འདི་ན་བློ་ལྡན་གང་ དག་ཐ་སྙད་ཙམ་ལ་མངོན་དགའ་ཞིང༌། །དོན་མེད་ཚིག་གི་སྙན་སྙན་བསྟོད་པའི་སྙན་ ངག་ཙམ་ཞིག་ལྷུར་ལེན་ལ། །བྱིས་པ་འབྲིད་བྱེད་ཕྲན་ཚེགས་རིག་པ་ཀུན་རྫོབ་དོན་ཙམ་ རྗེས་ཆགས་པ། །རྟོན་པ་བཞི་བྲལ་མཁས་པར་གྲགས་པ་དེ་དག་ཀུན་ལ་བཟོད་པར་ གསོལ། །འདི་འདྲའི་ཚུལ་གྱིས་ལན་ཅིག་ཙམ་ཡང་དད་པའི་སྒོ་ནས་བསྟོད་བྱེད་ན། །དེ་ 8-1-558 ཡི་དགའ་བ་འཇམ་དབྱངས་བཞིན་དུ་ནམ་མཁའི་མཐའ་དང་མཉམ་འགྱུར་ཞིང༌། །སྐྱེ་ བ་ཀུན་ཏུ་ལྷ་དང་མི་ཡི་བདེ་བ་དང་ལྡན་བྱང་ཆུབ་ཀྱི། །ལམ་གྱི་ཡོན་ཏན་རྫོགས་པར་ བྱས་ནས་མཐར་ནི་ཆོས་ཀྱི་རྒྱལ་པོར་འགྱུར། །དེ་ལྟར་ཡོན་གནས་མཚུངས་པ་མེད་ལ་ མཆོད་ཅིང་བསྟོད་པ་ལ་སོགས་པ། །དགེ་བའི་རྩ་བ་བགྱིས་དང་བགྱིད་རྩལ་རྗེས་སུ་ཡི་ རང་གང་ཡིན་རྣམས། །སེམས་ཅན་ཀུན་དང་ཐུན་མོང་ཉིད་བྱས་རྨི་ལམ་སྒྱུ་མ་ལྟ་བུའི་ བློས། །དཔལ་ལྡན་འཇམ་དབྱངས་ཡེ་ཤེས་སེམས་དཔའ་མྱུར་ཐོབ་བྱ་ཕྱིར་ཡོངས་སུ་ བསྔོ། ། ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུ། །དལ་འབྱོར་མཆོག་ཐོབ་འཕགས་པའི་ནོར་རྣམས་ དང༌། །མཐོ་རིས་ཡོན་ཏན་ཀུན་གྱིས་ལེགས་བརྒྱན་ཅིང༌། །རྗེ་བཙུན་ཁྱེད་དང་ཁྱེད་ འདྲའི་བཤེས་གཉེན་མཆོག །དམ་པ་རྣམས་ཀྱིས་རྗེས་སུ་འཛིན་པ་དང༌། །རྣམ་དག་ བསླབ་གསུམ་ཕ་རོལ་ཕྱིན་པ་བཅུ། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་བསྒྲུབ་པ་ལ། །མགོ་ ཡི་མེ་གསོད་ལྟ་བུར་བརྩོན་པར་ཤོག ། འདི་ནི་སྐྱེས་བུ་དམ་པ་མཁན་ཆེན་བྲག་མར་པའི་ཐུགས་དགོངས་ཡོངས་སུ་བསྐང་ བའི་དོན་དུ། རྒྱལ་ཁམས་པས་ཇོ་ནང་དཔལ་གྱི་གནས་ཆེན་དུ་བྲིས་པའོ།། །། མངྒ་ལཾ། བྷ་ ཝན་ ཏུ། ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-559 ༄༅། །འཕགས་པ་བྷུ་ཁང་པ་ལ་བསྟོད་པ་ བཞུགས་སོ། ། 8-1-560 ༄༅། །འཕགས་པ་བྷུ་ཁང་པ་ལ་བསྟོད་པ་ བཞུགས་སོ། ། ༄༅། །ན་མོ་ལོ་ཀེ་ཤྭ་ར་ཡ། རྒྱལ་བ་ཀུན་གྱི་ཐུགས་རྗེ་ཆེན་པོའི་རྣམ་པར་རོལ་བ་རྣམ་པ་ ཐམས་ཅད་པ། །ཤེས་དང་ཤེས་བྱ་གཅིག་ཏུ་གྱུར་པའི་ཡེ་ཤེས་སྐུ་ཆེན་དབང་པོ་ཐམས་ ཅད་པ། །ཀུན་ནས་ཉོན་མོངས་ཀུན་ཏུ་རྟོག་པའི་འཆིང་བ་དམ་པོ་མི་བཟོད་པ་ཡང་ གཅོད། །འཇིག་རྟེན་ཡབ་གཅིག་འཇིག་རྟེན་དབང་པོ་ཆུ་སྐྱེས་ཅན་གྱིས་འཇིག་རྟེན་ སྐྱོང་གྱུར་ཅིག །སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཀྱང་ད་དུང་སངས་རྒྱས་སྲས་ཀྱི་ ཚུལ། །སྲིད་པ་སྐྱེ་བ་ཡོངས་སུ་ཟད་ཀྱང་ད་དུང་སྲིད་པར་སྐྱེ་བ་འཛིན། །སེམས་ཅན་ འགའ་ཡང་གཟིགས་པ་མེད་ཀྱང་ད་དུང་སེམས་ཅན་དོན་མི་འདོར། །བསམ་གྱིས་མི་ ཁྱབ་རྟག་པར་དཀའ་བ་ཐུགས་རྗེ་ཅན་ལ་ཕྱག་འཚལ་འདུད། ། གང་སྐུ་ནམ་མཁའི་རང་བཞིན་མི་འདོར་ལ། །མོས་པའི་དབང་གིས་སྣ་ཚོགས་སྐུར་ཡང་ སྟོན། །གང་གསུང་བརྗོད་དུ་མེད་པའི་ཆོས་ཉིད་ཅན། །འགྲོ་ཀུན་སྐད་དང་འཚམས་པའི་ ལམ་ཡང་སྟོན། །གང་ཐུགས་སེམས་ཡིད་རྣམ་ཤེས་མི་མངའ་ཡང༌། །ཆོས་དང་ཆོས་ཉིད་ མི་མཁྱེན་པ་ཡང་མེད། །གང་གིས་ཡེ་ཤེས་དབང་པོའི་སྦྱོར་བྲལ་ཡང༌། །བདེ་ཆེན་མཁའ་ མཉམ་མངའ་བས་འགྲོ་འདི་སྐྱོངས། །ཀྱེ་མ་འཇིག་རྟེན་མུན་པའི་ལམ་དུ་ཞུགས། །ཆོས་ དང་ཆོས་མིན་རྣམ་པར་མི་ཤེས་པས། །སྡུག་བསྔལ་བརྒྱ་ཕྲག་དཀའ་བ་བརྒྱ་ཡིས་ བསྒྲུབ། །འདི་དག་དགོངས་ཅིག་བཅོམ་ལྡན་ལྷ་ཡི་ལྷ། །སངས་རྒྱས་བསྟན་པ་ཕྱི་དྲོའི་ཉི་ མའམ། །སྣུམ་ཟད་མར་མེ་ལྟ་བུར་འགྱུར་དུ་ཉེ། །འདི་ལ་མགོན་པོ་ཁྱེད་ཀྱི་ཐུགས་རྗེ་ དང༌། །ཐབས་མཁས་མཐུ་སྟོབས་དུས་ལ་བབ་པོ་ལྷ། །ཡོན་གནས་དམ་པ་ཁྱེད་ལ་མཆོད་ སླད་དུ། །མཆོད་པར་བྱ་བའི་རྫས་འདི་ཆུང་ན་ཡང༌། །སེམས་ཀྱི་མཆོད་སྤྲིན་ནམ་མཁའ་ མཉམ་པར་ནི། །མངོན་པར་མོས་པས་འབུལ་ལོ་བཞེས་སུ་གསོལ། །ཕྱོགས་དུས་ཀུན་ནས་ 8-1-561 བདག་གིར་མ་བཟུང་བའི། །མཆོད་རྫས་ཡིད་འོང་ཇི་སྙེད་མཆིས་པ་རྣམས། །སྒྱུ་མ་ལྟ་ བུའི་བློ་ཡིས་རབ་བླངས་ནས། །སེམས་ཅན་ཀུན་གྱི་དོན་དུ་ཁྱེད་ལ་འབུལ། །སྐྱེ་བ་ཀུན་ཏུ་ སངས་རྒྱས་དགྱེས་པ་ཡི། །ཚུལ་ཁྲིམས་ཏིང་འཛིན་མང་དུ་ཐོས་པ་དང༌། །ཤེས་རབ་སྙིང་ རྗེ་བསོད་ནམས་ཡེ་ཤེས་ཚོགས། །རྣམ་དག་བསྒྲུབ་པའི་མཆོད་པས་ཁྱོད་མཆོད་ ཤོག །འཇིག་རྟེན་འདིར་ཡང་ཁྱེད་ཀྱི་འཕྲིན་ལས་ཀྱིས། །སེམས་ཅན་ཐམས་ཅད་ཁྱོད་ལ་ ཕ་མ་འམ། །རིགས་ཀྱི་ལྷ་དང་སྟོན་པའི་འདུ་ཤེས་ཀྱིས། །ཕྱག་མཆོད་བསྟོད་བཀུར་ བསྔགས་ལ་བརྩོན་པར་ཤོག །ཅེས་འཕགས་པ་བྷུ་ཁང་ལ། བཙུན་པ་དོལ་པོ་པས་བསྟོད་ པའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན། གསལ་བཤད། འཕགས་པ་བྷུ་ཁང་ལ་བསྟོད་ པ་འདི་ནི། གོང་གི་འཕགས་པ་འཇིག་རྟེན་དབང་ཕྱུག་གི་བསྟོད་པ་དང་གཅིག་ལགས།) 8-1-562 ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་རྡོ་རྗེ་ རབ་ཏུ་འབར་བ་ཞེས་བྱ་བ་ བཞུགས་སོ། ། 8-1-563 ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་རྡོ་རྗེ་ རབ་ཏུ་འབར་བ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་གུ་རུ་བཛྲ་བྷཻ་ར་བ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་རྡོ་རྗེ་རབ་ཏུ་ འབར་བ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། སངས་རྒྱས་ཀུན་ཀྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་འཇམ་པའི་དབྱངས། །ཐུགས་རྗེས་ གདུག་པ་འདུལ་པའི་ཕྱིར། །ཁྲོས་གྱུར་གཤིན་རྗེ་གཤེད་ལ་འདུད། །བཅོམ་ལྡན་རྡོ་རྗེ་ འཇིགས་བྱེད་ནི། །སྒོ་དགུ་འགགས་པས་ཞལ་དགུ་པ། །གསལ་བྱེད་འགགས་པས་སོ་ བཞིའི་ཕྱག །དབྱངས་རྣམས་འགགས་པས་བཅུ་དྲུག་ཞབས། །གཡས་བསྐུམ་གཡོན་ བརྐྱང་འགྱིང་བ་ཡིས། །འདབ་སྟོང་ལྡན་པའི་ཆུ་སྐྱེས་དང༌། །ཟླ་ཉིའི་སྟེང་དུ་རབ་ འཇིགས་སྐུ། །འོད་སྟོང་འབར་བས་བཞུགས་ལ་འདུད། ། གང་གི་རྩ་ཞལ་སྤྲིན་ནག་དང་མཚུངས་མ་ཧེའི་ཁྲོས་གདོང་ཧཱུཾ་ཕཊ་སྒྲོགས། །གཉིས་པ་བྱུ་ རིའི་འོད་འཕྲོ་གད་རྒྱངས་འབྲུག་ལྟར་ཆེར་སྒྲོགས་གསུམ་པ་ཡང༌། །འཇམ་དབྱངས་ ཞལ་ནི་གསེར་གྱི་མདོག་ཅན་ཟུར་ཕུད་ལྔ་ལྡན་ཤིན་ཏུ་འཛུམ། །གཡས་ཀྱི་དང་པོ་མཆེ་ བ་གཙིག་ཤིང་མཁའ་ལྟར་སྔོ་ལ་གཉིས་པ་ཡང༌། །ཉིན་བྱེད་འབར་འདྲ་གློག་ལྟར་ལྗགས་ འདྲིལ་གསུམ་པ་གསེར་མདོག་ཁྲོ་གཉེར་བསྡུས། །གཡོན་ཞལ་དང་པོ་རི་བོང་ཅན་ མཚུངས་མདུད་དཔུང་གཡུལ་བཅས་རྨོངས་པར་བྱེད། །གཉིས་པ་དུད་མདོག་གཤིན་རྗེ་ ལ་སོགས་རེངས་པར་བྱེད་ཅིང་གསུམ་པ་ཡང༌། །མིག་སྨན་མདོག་མཚུངས་ཉི་ཁྲི་ཆིག་ སྟོང་དྲུག་བརྒྱ་གསོད་བྱེད་དཔའ་བོའི་ཞལ། །རལ་པ་དམར་སེར་དུས་མཐའི་མེ་ལྟར་ གྱེན་དུ་འབར་ཞིང་མི་མགོ་ནི། །སྐམ་པོ་ལྔ་ལྔས་ཁྲོ་ཞལ་རྣམས་ལ་རྣམ་པར་བརྒྱན་ཅིང་ སྤྱན་གསུམ་གསུམ། །དམར་པོ་གློག་ལྟར་རབ་ཏུ་འཁྱུག་ཅིང་དུས་མཐའི་སྤྲིན་མཚུངས་ 8-1-564 སྲིན་པོ་ཡི། །ཆ་ལུགས་ཅན་ཁྱོད་ཡེ་ཤེས་བསྐལ་མེ་ལྟར་འབར་དབུས་ན་བཞུགས་ལ་ འདུད། །གྲི་གུག་འཕང་མདུད་གཏུན་ཤིང་ཆུ་གྲི་རྡོ་རྗེ་རྩེ་གཅིག་དགྲ་སྟ་མདུང༌། །མདའ་ དང་ལྕགས་ཀྱུ་དབྱུག་པ་ཁ་ཊྭཱཾ་འཁོར་ལོ་རྡོ་རྗེ་རྩེ་ལྔ་དང༌། །ཐོ་བ་རལ་གྲི་ཅང་ཏེའུ་ རྣམས་ཀྱི་གཡས་ཀྱི་ཕྱག་རྣམས་རིམ་བཞིན་བརྒྱན། །གཡོན་རྣམས་ཀྱིས་ཀྱང་རིམ་པ་ བཞིན་དུ་ཐོད་ཁྲག་མགོ་ཕུབ་རྐང་བ་དང༌། །ཞགས་པ་གཞུ་དང་རྒྱུ་མ་དང་ནི་དྲིལ་བུ་ ལག་པ་རོ་རས་དང༌། །སྐྱེས་བུ་གསལ་ཤིང་གིས་ཕུག་དང་ནི་མེ་ཐབ་ཐོད་ཚལ་སྡིགས་ མཛུབ་དང༌། །འཕན་ལྕེ་གསུམ་དང་རླུང་རས་འཛིན་ཅིང་ལྷག་མ་ཡིས་ནི་ཕྱག་གཉིས་ ཀྱིས། །གླང་ཆེན་གོ་རློན་རྒྱང་སྟེ་གོན་པ་འཇིགས་པའང་འཇིགས་མཛད་དེ་ལ་ འདུད། །མི་དང་མ་ཧེ་གླང་དང་བོང་བུ་རྔ་མོང་ཁྱི་ལུག་ལྕེ་སྤྱང་དང༌། །བྱ་རྒོད་འུག་པ་ ཁྲ་དང་བྱ་རོག་ནེ་ཙོ་ཁྱུང་ཆེན་རེ་སྐེགས་བཞད། །མནན་ཅིང་ཚངས་པ་དབང་པོ་ཉེ་ དབང་དྲག་པོ་གཞོན་ནུ་གདོང་དྲུག་རྣམས། །ཁ་སྦུབ་བསྒྱེལ་བ་བརྒྱད་གཉིས་ཞབས་ ཀྱིས་ཡང་དག་མནན་པ་དེ་ལ་འདུད། །ཐལ་ཆེན་ཚོམ་བུ་སྐུ་ལ་རཀྟའི་ཐིག་ལེ་ཞག་གི་ཟོ་ རིས་དང༌། །ཁྲག་འཛག་མགོ་བོ་བརྒྱ་ཕྱེད་ཕྲེང་བ་སྦྲུལ་ནག་ཆེན་པོས་དོ་ཤལ་བྱས། །ཕྱག་ རྒྱ་དྲུག་གིས་རྣམ་པར་བརྒྱན་ཅིང་ལིང་ག་དམར་མོ་གྱེན་དུ་བསླང༌། །སྤྲུལ་པའི་ཕོ་ཉ་སྣ་ ཚོགས་འཕྲོ་བ་རྡོ་རྗེ་འཁྲོས་དབང་ཁྱོད་ལ་འདུད། ། དེས་པ་རྣམས་ལ་ཞི་གཟུགས་ཀྱིས། །མ་རུངས་འདུལ་ལ་དྲག་པོའི་སྐུ། །དུར་ཁྲོད་ཆས་ ཀྱིས་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ ལ། །ཐུགས་རྗེས་སྤྲུལ་པའི་སྐུར་སྟོན་པ། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་སྐུ། །དུད་ཁ་མུན་ ཆེན་ཁྱོད་ལ་འདུད། །སྒེག་པ་དཔའ་བ་མི་སྡུག་པ། །རྒོད་པ་དྲག་ཤུལ་འཇིགས་སུ་ རུང༌། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་ཉམས་ལྡན་ཁྱོད་ལ་འདུད། །དེ་ལྟར་ འཇམ་པའི་རྡོ་རྗེ་ལ། །བསྟོད་ཚིག་མེ་ཏོག་མདངས་བཀྲ་ཡི། །འཕྲེང་བས་ཁྱོད་མཆོད་ དགེ་བ་ཡིས། །ཁྱོད་དང་བདག་གཞན་རོ་གཅིག་གྱུར། ། ཅེས་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་རྡོ་རྗེ་རབ་ཏུ་འབར་བ་ཞེས་བྱ་བ་རྒྱུད་ 8-1-565 དང་མཐུན་པར། དཔལ་མི་བསྐྱོད་རྡོ་རྗེས་ཇོ་ནང་རི་ཁྲོད་དུ་བཀོད་ པའོ།། །།བསྟན་པ་དང་འགྲོ་བ་ལ་རྟག་ཏུ་ཕན་བྱེད་ཤོག །མངྒ་ལཾ། བྷ་ཝན་ཏུ། ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡ་ཙ་ནི་ ར་མ་ཡ། ཧཱུཾ་ཕཊ། ཨོཾ་ཧྲཱིཿཥྟི་བི་ཀྲི་ཏ་ན་ན་ཧཱུཾ་ཕཊ། ཅེས་རྩ་བའི་རྒྱུད་དང་འགྲེལ་ཆེན་ ལས་འབྱུང་ངོ༌། ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ ཐང་པར་མ་ཡིན།) 8-1-566 ༄༅། །དཔལ་མཁའ་འགྲོ་རྒྱ་མཚོ་ལ་བསྟོད་པ་ བཞུགས་སོ། ། 8-1-567 ༄༅། །དཔལ་མཁའ་འགྲོ་རྒྱ་མཚོ་ལ་བསྟོད་པ་ བཞུགས་སོ། ། ༄༅། །དཔལ་ལྡན་བླ་མ་དམ་པ་རྣམས་དང༌། དཔལ་མཁའ་འགྲོ་རྒྱ་མཚོ་ལ་ཕྱག་འཚལ་ ལོ། །ཡན་ལག་བཅུ་གཉིས་སྲིད་པའི་རྩ་བཏོན་བདེན་དོན་བཅུ་གཉིས་འཁོར་ལོ་ ཅན། །ཟླ་བའི་ཆ་ཤས་བཅུ་དྲུག་རབ་འགགས་དེ་ཉིད་བཅུ་དྲུག་རིག་པའི་སྒོ། །ཕྱོགས་ གཉིས་རབ་འགགས་སྟོང་ཉིད་སྙིང་རྗེ་བཅུ་དྲུག་ཕྲག་གཉིས་དུར་ཁྲོད་ཅན། །རྒྱལ་བ་སྐུ་ བཞིའི་དཀྱིལ་འཁོར་འཁོར་ལོ་པྲ་ཕབ་བརྒྱད་དང་མཚུངས་ལ་འདུད། །བཅོམ་ལྡན་རི་ ཟླའི་ཞལ་གྱི་ཟླ་བར་སྤྱན་གསུམ་རི་དྭགས་མཚན་མས་མཚན། །བདུན་ཅུ་རྩ་དྲུག་ཕྱག་གི་ པད་མ་རྣམ་མང་མཚན་མའི་བུང་བས་དཀྲིགས། །དུ་བ་འཁྱིལ་འདྲའི་རལ་པའི་ཅོད་ པན་ཟླ་ཕྱེད་སྣ་ཚོགས་རྡོ་རྗེས་མཚན། །གཡས་བརྐྱང་གར་གྱིས་འཇིགས་བྱེད་དུས་ མཚན་ཉི་མར་གནོན་མཛད་ཁྱོད་ལ་འདུད། །དེ་ཡི་དགའ་མ་སྣ་ཚོགས་གཟུགས་མ་རྡོ་རྗེ་ ཕག་མོ་རིགས་ལྡན་མ། །ཞལ་བཞི་ཕྱག་ནི་བཅུ་གཉིས་དང་ལྡན་ཕྱག་གི་པད་མ་བཅུ་ གཉིས་མ། །རྡོ་རྗེ་ལ་སོགས་མཚོན་ཆས་བྲེལ་མ་ཨུ་མ་འཇིགས་བྱེད་གནོད་མཛད་ མ། །ཕྱག་རྒྱ་ལྔ་དང་ཐོད་པ་ལྔ་སོགས་རྒྱན་ཀུན་ལྡན་མས་འཁྱུད་ལ་འདུད། །དུར་བའི་མྱུ་ གུ་འཁྲིགས་པའི་ཕུང་པོ་མར་གད་འོད་ཀྱིས་གསལ་བ་ལྟའི། །ཆུ་སྐྱེས་རབ་རྒྱས་བཞི་བཅུ་ བརྒྱད་ཀྱི་འདབ་མའི་ཕྲེང་བ་རབ་རྒྱས་པར། །རྒྱལ་བའི་བཙུན་མོ་མཁའ་འགྲོ་མ་སོགས་ རྒྱལ་བ་མཆོག་གི་རྣལ་འབྱོར་མ། །མཚམས་དང་མཚམས་སུ་བདུད་རྩིའི་སྣོད་ལྡན་སྙིང་ པོའི་པད་མར་ཕྱག་འཚལ་ལོ། །སུམ་ཅུ་རྩ་དྲུག་རྩིབས་ཀྱི་ཕྲེང་ལྡན་རྡོ་རྗེའི་འཁོར་ལོ་ མཐོན་མཐིང་ལ། །མཁའ་འགྲོ་མ་དང་ལཱ་མ་ལ་སོགས་སུམ་ཅུ་དྲུག་དང་དེ་བཞིན་ དུ། །སྙིང་པོའི་འཁོར་ལོ་དམར་སེར་མདོག་ལ་རྡོ་རྗེ་འཆང་མ་ལ་སོགས་དང༌། །ཡོན་ཏན་ འཁོར་ལོ་དཀར་དམར་མདོག་ལ་བྲམ་ཟེ་མོ་སོགས་སུམ་ཅུ་དྲུག །ཞལ་གཅིག་ཕྱག་བཞི་ 8-1-568 ཐོད་པ་ཁ་ཊྭཱཾ་ཌ་མ་རུ་དང་གྲི་གུག་ཅན། །གཅེར་བུ་སྐྲ་གྲོལ་རོ་ལ་གཡས་བརྐྱང་རང་ འདྲའི་ཐབས་ཀྱིས་ལེགས་ཁྱུད་ཅིང༌། །སྒོ་དང་མཚམས་སུ་ཁྭ་གདོང་མ་སོགས་ཕྱི་རོལ་ཏུ་ ཡང་གཏུམ་དྲག་སོགས། །རྡོ་རྗེར་གནས་པའི་དུར་ཁྲོད་བརྒྱད་ལྡན་ལྷན་ཅིག་སྐྱེས་ དགུའི་དཀྱིལ་འཁོར་ཟླུམ་པོ་རྒྱལ། །ནམ་མཁའི་འཁོར་ལོ་ནམ་མཁའི་མདོག་ལ་མི་འམ་ ཅི་མོ་ལ་སོགས་དང༌། །རླུང་གི་འཁོར་ལོ་རླུང་གི་མདོག་ལ་མཁའ་ལྡིང་མོ་དང་ངང་མོ་ སོགས། །ས་ཡི་འཁོར་ལོ་ས་ཡི་མདོག་ལ་སྲེ་མོ་སྟག་མོ་ལ་སོགས་པ། །སུམ་ཅུ་རྩ་དྲུག་ཕོ་ ཉ་མོ་རྣམས་རང་འདྲས་འཁྱུད་ཅིང་རོ་ལ་གནས། །སྒོ་དང་མཚམས་སུ་ཚངས་མ་དང་ནི་ དབང་ཕྱུག་མ་ལ་སོགས་རྣམས་དང༌། །ཕྱི་རོལ་ཏུ་ཡང་འབར་བྱེད་དབུས་སུ་གསོད་དང་ ཀུན་ཏུ་སྐྲག་བྱེད་སོགས། །དུར་ཁྲོད་ཆེན་པོས་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་ གཉིས་པ་ཆོས་སྐུ་ཡི། །དཀྱིལ་འཁོར་ཟླུམ་པོ་མི་རྟོག་འོད་གསལ་ཆོས་ཀྱི་དབྱིངས་ལ་ཕྱག་ འཚལ་ལོ། །མེ་ཡི་འཁོར་ལོ་མེ་ཡི་མདོག་ལ་མ་དང་ཆུང་མ་སྲིང་མོ་སོགས། །ཆུ་ཡི་འཁོར་ ལོ་ཆུ་ཡི་མདོག་ལ་མ་ཀ་ར་མོ་ལ་སོགས་དང༌། །ཡེ་ཤེས་འཁོར་ལོ་སྣ་ཚོགས་མདོག་ལ་ལྷ་ མིན་ཏིལ་མཆོག་མ་ལ་སོགས། །སུམ་ཅུ་རྩ་དྲུག་རྣལ་འབྱོར་མ་རྣམས་རང་འདྲས་ལེགས་ འཁྱུད་རོ་ལ་གནས། །སྒོ་དང་མཚམས་སུ་དཀར་མོ་དང་ནི་ཆོམ་རྐུན་མ་ལ་སོགས་རྣམས་ དང༌། །ཕྱི་རོལ་ཆུ་ཡི་དཀྱིལ་འཁོར་ལ་གནས་བྱིས་པ་གསོད་སོགས་དུར་ཁྲོད་ ཀྱིས། །ཡོངས་སུ་བསྐོར་བའི་དཀྱིལ་འཁོར་གསུམ་པ་དཔལ་ལྡན་ལོངས་སྤྱོད་རྫོགས་སྐུ་ ཡི། །དཀྱིལ་འཁོར་ཟླུམ་པོ་གཞོམ་མེད་སྒྲ་བརྙན་ཐམས་ཅད་མཁྱེན་པའི་སྐད་ལ་ འདུད། །ཐུགས་ཀྱི་འཁོར་ལོ་མིག་སྨན་མདོག་ལ་ཀླུ་མོ་ལ་སོགས་སུམ་ཅུ་དྲུག །གསུང་གི་ འཁོར་ལོ་བཙོད་ཀྱི་མདོག་ལ་མཆོད་མ་ཟ་མ་གཉིད་མ་སོགས། །སྐུ་ཡི་འཁོར་ལོ་གངས་ རིའི་མདོག་ལ་རྒྱལ་ཆེན་བཞི་མ་ལ་སོགས་པ། །སུམ་ཅུ་རྩ་དྲུག་རང་འདྲས་ལེགས་འཁྱུད་ རོ་ལ་གནས་ཤིང་གཟི་བརྗིད་འབར། །སྒོ་དང་མཚམས་སུ་ཆུ་སྐྱེས་དཀར་མོ་གན་དྷ་རི་ མ་ལ་སོགས་དང༌། །ཕྱི་རོལ་ཏུ་ཡང་ཚིགས་པ་ལ་སོགས་དུར་ཁྲོད་བརྒྱད་ཀྱིས་ཡོངས་ བསྐོར་བའི། །དཀྱིལ་འཁོར་བཞི་པ་གཟུགས་མེད་གཟུགས་བཟང་རྡུལ་མེད་རྡུལ་དང་ 8-1-569 བྲལ་བའི་གཟུགས། །པྲ་ཕབ་གཟུགས་འདྲ་སྤྲུལ་སྐུའི་དཀྱིལ་འཁོར་གྲུ་བཞི་པ་ལ་ཕྱག་ འཚལ་ལོ། །གྲི་གུག་རིན་ཆེན་རྡོ་རྗེ་དང་ནི་པད་མ་འཁོར་ལོ་རལ་གྲི་དང༌། །སྣ་ཚོགས་རྡོ་ རྗེ་ཐོད་པ་མགོ་བོ་ཀེང་རུས་ཞགས་པ་ལྕགས་ཀྱུ་ཡི། །ཕྲེང་བས་ཡོངས་བསྐོར་འཁོར་ལོར་ གནས་པའི་ལྷ་དང་ལྷ་མོ་འཁོར་ལོའི་མདོག །ལས་ཀྱི་འཁོར་ལོ་ས་ཡི་དུམ་བུ་ས་དང་ གནས་སོགས་བཅུ་གཉིས་རྒྱལ། །ཐབས་དང་ཤེས་རབ་སྐུ་གསུང་ཐུགས་དང་དགའ་བ་ རྣམ་བཞི་ཡེ་ཤེས་ལྔའི། །རྭ་བ་གཉིས་གསུམ་བཞི་དང་ལྔ་ཡིས་རིམ་བཞིན་ཡོངས་བསྐོར་ མཆོད་པ་ཡི། །ལྷ་མོ་བརྒྱད་གཉིས་དེ་བཞིན་འཁྱམས་སུ་བཞི་ཡིས་དམན་པའི་རྒྱལ་བ་ སྟོང༌། །དེ་ལྟར་བརྒྱ་ཕྲག་བཅོ་ལྔའི་རྣམ་པ་བདེ་གཤེགས་སྙིང་པོའི་དབྱིངས་ལ་ འདུད། །ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་ རྡུལ་གྱི་ཆོས་དང་བྲལ་ཡང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ལུས་དང་དབང་པོའི་ སྦྱོར་བ་སྤངས་ཀྱང་རྟག་ཏུ་འདོད་ཆགས་ཆེ་ལ་རོལ། །བསམ་གྱིས་མི་ཁྱབ་རྟག་པ་དཀའ་ བ་མཁའ་འགྲོ་རྒྱ་མཚོས་བདག་སྐྱོངས་ཤིག །ཞེས་པ་དཔལ་ས་ཇོ་ནང་དཔལ་གྱི་རི་ཁྲོད་ དུ་བྲིས་པའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ ཐང་པར་མ་ཡིན། འདི་སྔར་དེབ་ཕྲེང་ཉེར་བཞི་པར་ཀུན་སྤངས་པའི་བཀའ་འབུམ་ ནང་དུ་པར་བསྐྲུན་བྱས་པ་ནི། ཀུན་མཁྱེན་དོལ་པོའི་མཚན་གྱི་རྣམ་གྲངས་མི་བསྐྱོད་རྡོ་ རྗེ་མ་ཤེས་པ་དགོངས་འགལ་མེད་པར་ཞུ།) 8-1-570 ༄༅། །འཁོར་ལོ་སྡོམ་ཆུང་གི་བསྟོད་པའོ། ། 8-1-571 ༄༅། །འཁོར་ལོ་སྡོམ་ཆུང་གི་བསྟོད་པའོ། ། ༄༅། །ན་མཿཤྲཱི་གུ་རུ་ཝེཿ ན་མཿཤྲཱི་ཙཀྲ་སཾ་བྷ་ར་ཡཿ མཁའ་ལ་རླུང་མེ་ཆུ་ས་ལྷུན་པོ་ དང༌། །ཆུ་སྐྱེས་ཟླ་ཉི་སྒྲ་གཅན་རྣམ་བཅུའི་བདག །གཞལ་མེད་ཁང་མཛེས་ས་ཆུ་མེ་རླུང་ དང༌། །རྡོ་རྗེ་འབར་བས་བསྐོར་ལ་ཕྱག་འཚལ་ལོ། །གསང་གནས་ལྷུན་པོའི་ཆུ་སྐྱེས་ལྟེ་བ་ ནི། །རྩ་བའི་གདན་ལ་ཕག་མོ་རིགས་ལྡན་མ། །དེ་བཞིན་ཟེ་འབྲུ་གཙུག་ཏོར་ཐམས་ཅད་ ཀྱི། །གདན་ལ་ལེགས་གནས་དཔལ་ཆེན་ཧེ་རུ་ཀ །དུང་ཅན་དག་ཕྱིར་མཁའ་ལྟར་སྔོན་ པོ་སྟེ། །ཨ་བ་དྷཱུ་ཏཱི་ཕག་མོ་ལྗང་གུས་འཁྱུད། །དམིགས་མེད་སྙིང་རྗེ་ཝཾ་ཡིག་འོད་གསལ་ ཨེ། །བདེ་སྟོང་ཡེ་ཤེས་སྐུ་ལ་ཕྱག་འཚལ་ལོ། །རྩ་བཞི་འགགས་པས་ཞལ་ནི་ནག་པོ་ དང༌། །ཉི་མ་གསེར་མཚུངས་སྟོན་ཀའི་འོད་ལྟ་བུ། །ཉི་མའི་སྤྱན་ནི་ཉི་མའི་རྣལ་འབྱོར་ མས། །དགྱེས་མཛད་ཉི་མར་གནས་ལ་ཕྱག་འཚལ་ལོ། །བདེན་དོན་བཅུ་གཉིས་ཕྱག་ནི་ མཚན་མས་འབྲེལ། །ཞབས་ནི་ཡོན་བརྐྱང་སྐུ་ལ་ཕྱག་རྒྱ་སྤྲུལ། །སྟག་ལྤགས་ཐོད་འཕྲེང་ མགོ་བོའི་ཕྲེང་བར་ལྡན། །འཇིགས་བྱེད་ཨུ་མའི་དགྲ་ལ་ཕྱག་འཚལ་ལོ། །ཕྱོགས་བཞིའི་ འདབ་མ་འཁོར་ལོ་བཞི་ཡི་རྩ། །བདག་གཞན་སྔགས་དང་དེ་ཉིད་གདན་གྱི་ རོར། །མཁའ་འགྲོ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ། །ཐུན་མཚམས་དག་པ་ཞལ་བཞིའི་ ལྷ་མོར་འདུད། །དེ་བཞིན་མཚམས་སུ་དྲི་ཆུ་དྲི་ཆེན་ཁྲག །རྐང་གི་ཚོགས་རབ་འགགས་ པས་འཆི་མེད་ཕྱིར། །འཆི་མེད་རྒྱུན་གྱིས་གང་བའི་ཐོད་པའམ། །བུམ་པ་དང་བཅས་ཡེ་ ཤེས་འཁོར་ལོར་འདུད། །ཁ་དང་མདུང་གིས་འབིགས་པར་ཁྭ་གདོང་མ། །སྣ་གཡས་ ཚིགས་པའི་རོར་ནི་འུག་གདོང་མ། །ཐུར་སེལ་རྣག་གི་དྲི་ནི་ཁྱི་གདོང་མ། །སྣ་བུག་གཡོན་ དང་རུལ་པར་ཕག་གདོང་མ། །རྣ་གཡོན་བྱིས་པ་ཤི་བར་གཤིན་རྗེའི་བརྟན། །རྣ་གཡས་ སྦྲུལ་གྱིས་བཟུང་བར་ཕོ་ཉ་མོ། །མིག་གཡས་དྲག་པོའི་གཡུལ་དུ་མཆི་བ་མ། །མིག་གཡོན་ ལྷག་མ་ཅན་དུ་འཇོམས་མ་སྟེ། །སྒོ་དང་མཚམས་སུ་རོ་ལ་ལེགས་གནས་མ། །ཐུན་ཚོད་ 8-1-572 དག་པ་ཡན་ལག་བརྒྱད་ལ་འདུད། །སྤྱི་བོ་བུ་རྣ་གཽ་རི་ཤར་རྩིབས་སུ། །རབ་གཏུམ་མ་ དང་ཐོད་པའི་དུམ་བུ་སྟེ། །གཙུག་ཏོར་ཛཱ་ལན་དྷ་ར་ལྷོ་རྩིབས་སུ། །གཏུ་མིག་མ་དང་ ཀེང་རུས་ཆེན་མོ་ཉིད། །རྣ་གཡས་ཨུ་ཏྲི་ཡ་ཎ་ནུབ་རྩིབས་སུ། །འོད་ལྡན་མ་དང་ཀེང་ རུས་མཉམ་པར་སྦྱོར། །ལྷག་པར་ཨར་བུ་ཏ་དང་བྱང་རྩིབས་སུ། །སྣ་ཆེན་མ་དང་མཆེ་བ་ རྣམ་པར་གཙིགས། །རྣ་གཡོན་ཀོ་ཊ་ཝ་རི་དབང་ལྡན་དུ། །སྤྱི་བོའི་བློ་ཅན་མ་དང་ཆང་ དགྲ་སྟེ། །སྨིན་དབུས་ར་མི་ཤྭ་རི་རླུང་རྩིབས་སུ། །མི་ཐུད་མ་དང་འོད་དཔག་མེད་པ་ སྦྱོར། །མིག་གཉིས་དྷེ་བིའི་ཀོ་ཏྲ་བདེན་བྲལ་དུ། །ལང་ཀའི་དབང་ཕྱུག་མ་དང་རྡོ་རྗེའི་ འོད། །ཕྲག་གོང་མ་ལ་ཝ་དང་མེ་མཚམས་སུ།། ཤིང་གྲུབ་མ་དང་རྡོ་རྗེའི་སྐུ་རྣམས་ ཏེ། །སྙིང་ཁའི་རྩ་བརྒྱད་གནས་དང་ཉེ་བའི་གནས། །མཁའ་ལ་སྤྱོད་པ་རྣམས་ལ་ཕྱག་ འཚལ་ལོ། །མཆན་ཁུང་ཀ་མ་རུ་པ་ཤར་ཕྱོགས་སུ། །ས་བསྲུངས་མ་དང་མྱུ་གུ་ཅན་རབ་ སྦྱོར། །ནུ་མ་དག་དང་ཨོ་ཊི་ལྷོ་ཕྱོགས་སུ། །འཇིགས་བྱེད་ཆེན་མོ་རྡོ་རྗེ་རལ་པ་ཅན། །ལྟེ་ བའི་དྲི་ཤ་ཀུ་ནི་ནུབ་ཕྱོགས་སུ། །རླུང་ཤུགས་མ་དང་དཔའ་བོ་ཆེན་པོ་ཉིད། །སྣ་རྩེ་ཀོ་ས་ ལ་དང་བྱང་ཕྱོགས་སུ། །ཆང་འཐུང་མ་དང་རྡོ་རྗེ་ཧཱུཾ་མཛད་སྦྱོར། །ཁ་དང་ཀ་ལཾ་ཀ་དང་ བྱང་ཤར་དུ། །སྔོ་བསང་ལྷ་མོ་རབ་ཏུ་བཟང་མོ་སྟེ། །མགྲིན་པ་ལམ་པ་ཀ་དང་ནུབ་བྱང་ དུ། །ཤིན་ཏུ་བཟང་མོ་རྡོ་རྗེ་བཟང་པོར་ལྡན། །སྙིང་ཁ་དང་ནི་ཀན་རྩི་ལྷོ་ནུབ་ཏུ། །རྟ་རྣ་ མ་དང་འཇིགས་བྱེད་ཆེན་པོ་སྦྱོར། །འདོམ་པར་ཧི་མ་ལ་ཡར་ཤར་ལྷོར་ནི། །མཁའ་འགྲོ་ མ་དང་སྤྱན་མི་བཟང་རྣམས་དེ། །མགྲིན་པའི་རྩ་བརྒྱད་ཞིང་དང་ཉེ་བའི་ཞིང༌། །འདུ་བ་ ཉེ་འདུ་ས་སྤྱོད་རྣམས་ལ་འདུད། །མཚན་མ་བྲེ་ཏ་པུ་རི་བརྒྱ་བྱིན་དང༌། །འཁོར་ལོའི་ ཤུགས་ཅན་མ་དང་སྟོབས་པོ་ཆེ། །བཤང་ལམ་འགྲོ་བ་དེ་ཝི་གཤིན་རྗེར་ནི། །དུམ་སྐྱེས་མ་ དང་རིན་ཆེན་རྡོ་རྗེ་སྟེ། །བརླ་གཉིས་པོ་རཥྟ་དང་ཆུ་བདག་ཏུ། །ཤོན་ཊི་ཎི་དང་རྟ་ མགྲིན་ཡང་དག་སྦྱོར། །བྱིན་པར་སུ་བར་ཎ་དང་ནོར་སྦྱིན་དུ། །འཁོར་ལོའི་གོ་ཆ་མ་དང་ མཁའ་སྙིང་པོ། །རྐང་སོར་ན་ག་ར་དང་དབང་ལྡན་དུ། །ཤིན་ཏུ་དཔའ་མོ་དང་ནི་ཧེ་རུ་ ཀ ། བོལ་གོང་དག་དང་སིན་དྷུ་རླུང་མཚམས་སུ། །སྟོབས་ཆེན་མ་དང་པད་མ་གར་ 8-1-573 དབང་ཕྱུག ། རྐང་པའི་མཐེ་བོང་མ་རུང་བདེན་བྲལ་དུ། །འཁོར་ལོ་སྒྱུར་མ་རྣམ་པར་ སྣང་མཛད་སྦྱོར། །པུས་མོ་ཀུ་ལུ་ཏ་དང་མེ་མཚམས་སུ། །བརྩོན་འགྲུས་ཆེན་མོ་རྡོ་རྗེ་ སེམས་དཔའ་སྟེ། །དཔྲལ་བའི་རྩ་འདབ་འདུས་པའི་དུར་ཁྲོད་ནི། །ཉེ་བ་དང་བཅས་ས་ འོག་སྤྱོད་ལ་འདུད། །ཕྱོགས་དང་དུས་སྦྱོར་བྱེད་པ་ཉི་ཤུ་བཞི། །ཕྱི་དང་ནང་དུ་རབ་ འགགས་རྣལ་འབྱོར་མ། །དཔའ་བོས་ལེགས་འཁྱུད་ཟླ་བ་ལ་གནས་པ། །ཉིང་ལག་ཉི་ཤུ་ བཞི་ལ་ཕྱག་འཚལ་ལོ། །སུམ་ཅུ་རྩ་དྲུག་དབྱངས་ཀྱིས་ལེགས་འཁྱུད་པའི། །གསལ་བྱེད་ སོ་སོ་ལས་བྱུང་ཕོ་ཉ་མོ། །ཉི་ཟླའི་རྐང་བ་སུམ་ཅུ་དྲུག་འགགས་པའི། །གདན་ལ་ཉེ་བར་ གནས་པས་བདག་སྐྱོངས་ཤིག །དེ་ལྟར་སུམ་ཅུ་དྲུག་ལ་ཤར་དང་ནི། །མེ་རུ་གནས་ རྣམས་དགུ་ནི་ནག་མོ་སྟེ། །ལྷོ་དང་བདེན་བྲལ་དུ་གནས་བྱུ་རུའི་མདོག །ནུབ་དང་རླུང་ དུ་གནས་རྣམས་གསེར་ལྟ་བུ། །བྱང་དང་དབང་ལྡན་གནས་རྣམས་དཀར་མོ་སྟེ། །ཞལ་ གཅིག་ཕྱག་གཉིས་གྲི་གུག་ཐོད་པ་ཅན། །གཅེར་བུ་སྤྱན་གསུམ་ཕྱག་རྒྱ་ལྔས་བརྒྱན་ མ། །ཆོས་དབྱིངས་མཁའ་འགྲོའི་དྲྭ་བར་ཕྱག་འཚལ་ལོ། །ཐུན་མཚམས་ཐུན་ཚོད་དུས་ སྦྱོར་ཕྱེད་པའི་རླུང༌། །སུམ་ཅུ་རྩ་དྲུག་རྣམ་དག་ཕོ་ཉ་མོ། །ཀུན་ཁྱབ་དབུ་མའི་རླུང་དག་ རིགས་ལྡན་མ། །བྱང་ཆུབ་ཕྱོགས་ཀྱི་ཆོས་ལ་ཕྱག་འཚལ་ལོ། །ཞལ་གཅིག་ཕྱག་བཞི་རྡོ་རྗེ་ དྲིལ་བུ་དང༌། །ཌ་མ་རུ་དང་ཁ་ཊྭཱཾ་ཁར་བཅས་པ། །རིས་མི་མཐུན་པས་འཁྱུད་པའི་རྣལ་ འབྱོར་མ། །ཀུན་ནས་དགྱེས་མཛད་དཔའ་བོ་རྣམས་ལ་འདུད། །ཟླ་རྐང་དག་ཕྱིར་དཔའ་ བོ་ཉི་ཤུ་ལྔ། །ཉི་མའི་ཁྱིམ་འགགས་ཉི་མའི་ཕོ་ཉ་མོ། །ཟླ་ཉི་ཐབས་དང་ཤེས་རབ་སུམ་ཅུ་ བདུན། །སྣང་ཡང་བྱང་ཆུབ་ཕྱོགས་ཀྱི་ཆོས་ལ་འདུད། །སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་ དང༌། །འབྱུང་པོ་བྱེ་བ་ཕྱེད་བཅུ་གསུམ་ལ་སོགས། །དཀྱིལ་འཁོར་ཆེན་པོའི་འཁོར་ན་ གང་མཆིས་པ། །དེ་རྣམས་ཀྱིས་ཀྱང་འགྲོ་ཀུན་རྟག་སྐྱོངས་ཤིག །ཚེ་རབས་ཀུན་ཏུ་ལམ་ བཟང་རིན་ཆེན་གྱིས།། སྟེང་འོག་ལམ་གསུམ་རྣམ་དག་སྲོག་ཆེན་པོ། །དབུ་མའི་དབུགས་ མཆོག་འགྱུར་མེད་བདེ་བ་ཡི། །རིགས་ལྡན་མ་ནི་རྟག་ཏུ་མཆོད་པར་ཤོག །ཅེས་པ་སྤྲང་ པོ་ཤེས་རབ་རྒྱལ་མཚན་དཔལ་གྱིས་བསྟོད་པའོ།། །།འདིས་འཁོར་བ་སྡུག་བསྔལ་གྱི་ 8-1-574 རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག །མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-575 ༄༅། །སྲུང་མ་དྲུག་ཅུའི་བསྟོད་པ་བཞུགས་སོ། ། 8-1-576 ༄༅། །སྲུང་མ་དྲུག་ཅུའི་བསྟོད་པ་བཞུགས་སོ། ། ༄༅། །ཧཱུཾ། གང་ཐུགས་མཉམ་པ་ཉིད་ལས་མ་གཡོས་ཀྱང༌། །ཐུགས་རྗེ་ཆེན་པོས་གདུག་ པའི་ཚོགས་འདུལ་ཞིང༌། །རབ་ཁྲོས་འཇིགས་སུ་རུང་བའི་སྐུར་སྟོན་པ། །ཁྲོ་བོའི་དབང་ པོ་རྡོ་རྗེ་ཤུགས་ལ་འདུད། །འཇིགས་རུང་བསྐལ་པའི་མེ་ལྟར་རབ་འབར་ཞིང༌། །འབྱུང་ པོའི་དབང་པོ་ཞབས་ཀྱི་འོག་ཏུ་བརྫིས། །ཁྲོ་རྒྱལ་རྣམས་ལ་སོ་སོར་བཀའ་བསྩལ་པ། །ཉི་ མ་བྱེ་བའི་གཟི་ལྡན་ཁྱོད་ལ་འདུད། །སྟེང་དང་འོག་གི་བགེགས་ཀུན་འཇོམས་མཛད་ པ། །གཙུག་ཏོར་གནོད་མཛེས་རྒྱལ་པོ་ལྗང་སྔོན་མདོག །འཇིགས་པའི་མཚོན་ཆས་ བདུད་རྣམས་ཕྱེ་མར་བརླག །ཧ་ཧའི་གད་རྒྱངས་ཅན་ལ་ཕྱག་འཚལ་ལོ། །ཤར་དང་ཤར་ ལྷོར་བདུད་ཀྱི་ཚོགས་འཇོམས་པས། །བགེགས་དགྲ་དབྱུག་པ་སྔོན་པོ་འཇིགས་པའི་ གཟུགས། །ཆར་སྤྲིན་མདོག་ཅན་ལྗགས་འདྲིལ་མཆེ་བ་གཙིགས། །སྡང་མིག་མེ་ལྟར་ འབར་ལ་ཕྱག་འཚལ་ལོ། །ལྷོ་དང་བདེན་བྲལ་མཚམས་སུ་བགེགས་འཇོམས་པ། །རྨུགས་ བྱེད་འདོད་པའི་རྒྱལ་པོ་མེ་ལྟར་འབར། །སྐད་ཅིག་ཙམ་གྱིས་བགེགས་ཀུན་ཐལ་བར་ རློག །མི་བཟད་ཉི་མའི་གཟི་ལ་ཕྱག་འཚལ་ལོ། །བྱང་དང་དབང་ལྡན་མཚམས་སུ་གནས་ པའི་བགེགས། །མ་ལུས་རྩད་ནས་འཇོམས་མཛད་ཁྲོ་བོའི་རྒྱལ། །པད་མ་མཐར་བྱེད་རབ་ འཇིགས་མི་གཡོ་བ། །གངས་རི་ལྟ་བུའི་བརྗིད་ལ་ཕྱག་འཚལ་ལོ། །ནུབ་དང་རླུང་བུ་ བགེགས་ཀུན་ཚར་གཅོད་པ། །གཤིན་རྗེ་མཐར་བྱེད་ཁྲོ་རྒྱལ་སྟོབས་པོ་ཆེ། །གསེར་གྱི་རི་ ལྟར་རབ་བརྗིད་འཇིགས་པའི་སྐུ། །འོད་སྟོང་འབར་བའི་སྐུ་ལ་ཕྱག་འཚལ་ལོ། །ཟད་པར་ སྟོང་པ་རླུང་མེ་ཆུ་ས་ཡི། །རྣལ་འབྱོར་གྲུབ་པ་གཟུགས་དང་གཟུགས་མེད་གཞན། །སེམས་ ལ་དབང་བསྒྱུར་སྣང་བ་རྒྱས་པར་མཛད། །ཁམས་ལྔ་གྲུབ་པའི་ཞབས་ལ་ཕྱག་འཚལ་ ལོ། །ཚངས་པ་ཁྱབ་འཇུག་བདེན་བྲལ་རླུང་གི་ལྷ། །གཤིན་རྗེ་མེ་ལྷ་རྒྱ་མཚོ་དབང་ལྡན་ 8-1-577 དང༌། །དབང་པོ་ནོར་སྦྱིན་མཚོན་ཆ་བཞོན་པར་ལྡན། །ཕྱོགས་བཅུ་སྐྱོང་མཛད་གཞན་ ལ་ཕྱག་འཚལ་ལོ། །སྒྲ་གཅན་དུས་མེ་ཟླ་བ་ཉི་མ་དང༌། །ཟླ་སྐྱེས་བཀྲ་ཤིས་དཀར་པོ་ལྷ་ཡི་ བླ། །ཀེ་རུ་ཉི་མའི་བུ་གཞན་གཟི་བརྗིད་ཆེ། །མཐུ་དཔལ་རྫུ་འཕྲུལ་ལྡན་ལ་ཕྱག་འཚལ་ ལོ། །ཀླུ་རྒྱལ་རྒྱལ་བ་རྣམ་རྒྱལ་སྟོབས་ཀྱི་རྒྱུ། །པད་མ་ནོར་རྒྱས་དུང་སྐྱོང་མཐའ་ཡས་ དང༌། །རིགས་ལྡན་འཇོག་པོ་དེ་བཞིན་པད་མ་ཆེ། །མཐུ་ལྡན་ཀླུ་ཆེན་གཞན་ལ་ཕྱག་ འཚལ་ལོ། །འབྱུང་པོའི་ཚོགས་གཞན་རོ་ལངས་གྲུལ་བུམ་ཆེ། །མི་འམ་ཅི་དང་དེ་བཞིན་ སྐྱེས་བུའམ་ཅི། །དྲི་ཟ་འབྱུང་པོ་སྲིན་པོ་ཡི་དྭགས་ཆེ། །བརྗེད་བྱེད་མཁའ་ལྡིང་མཆོག་ལ་ བདག་བསྟོད་ཀྱིས། །ཀླུ་དང་འབྱུང་པོས་ལུས་ཀྱི་ཁམས་སྲུངས་ཤིག །གཟའ་དང་ཕྱོགས་ སྐྱོང་ངག་གི་ཁམས་སྲུངས་ཤིག །ཟད་པར་ཁྲོ་བོས་སེམས་ཀྱི་ཁམས་སྲུངས་ཤིག །ཁམས་ དྲུག་དག་པས་ཁམས་ཀུན་རབ་བསྲུངས་ཤིག །ཅེས་པ་ལ་སོགས་པ་སྟེ། ཕྱག་མཚན་དང་ ཁམས་དང༌། དག་པ་ལ་སོགས་པའི་སྒོ་ནས་ཀྱང་རྒྱས་པ་དང་བསྡུས་པ་ཅི་རིགས་པར་ བསྟོད་ཅིང༌། སྐབས་ཀྱི་དོན་གང་དང་གང་ཡིན་པ་ཞུ་ཞིང་གསོལ་བ་གདབ་པ་དང༌། འཕྲིན་ལས་གཞོལ་བ་ཡང་ཅི་རིགས་པ་སྐབས་དང་སྦྱར་ལ་བརྗོད། སྡེ་དྲུག་སྲུང་མའི་ ཚོགས་ཀུན་འཁོར་དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག ། སྦྱང་སྤེལ་སྦར་བའི་གཏོར་མ་འདི་བཞེས་ཤིག །བདུད་རྩི་སྒྲུབ་པའི་གཏོར་མ་འདི་ བཞེས་ཤིག །ཕྱི་དང་ནང་གི་གཏོར་མ་འདི་བཞེས་ཤིག། ཅེས་པའང་ཅི་རིགས་པར་སྦྱར་ བས་མཆི། ཞེས་པ་དཔལ་ལྡན་ཟླ་བ་བཟང་པོས་བསྐུལ་ནས། སྤྲང་པོ་ཤེས་རབ་རྒྱལ་ མཚན་དཔལ་བཟང་པོས་བསྟོད་པའོ།། །། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-578 ༄༅། །རྒྱལ་བའི་མཆོད་རྟེན་དཔལ་ཡོན་ཅན་གྱི་ བཞེངས་ཚུལ་ལ་བསྟོད་པ་འཁོར་བ་ དོང་སྤྲུག་ཅེས་བྱ་བ་ བཞུགས་སོ།། 8-1-579 ༄༅། །རྒྱལ་བའི་མཆོད་རྟེན་དཔལ་ཡོན་ཅན་གྱི་ བཞེངས་ཚུལ་ལ་བསྟོད་པ་འཁོར་བ་ དོང་སྤྲུག་ཅེས་བྱ་བ་ བཞུགས་སོ།། ༄༅། །ན་མོ་ཤྲཱི་ཝ་ཀི་ཤྭ་ར། བླ་མ་སངས་རྒྱས་རིགས་ལྡན་རྣམས་དང༌། དེ་དག་གི་མཆོད་ རྟེན་ཆེན་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་ རྗེས་སུ་བཟུང་དུ་གསོལ། ཡང་དང་ཡང་དུ་ཕ་དང་མར་གྱུར་པའི། །མཁའ་མཉམ་སེམས་ཅན་མགོན་མེད་ཉམ་ ཐག་རྣམས། །ངན་འགྲོ་སྲིད་པའི་སྡུག་བསྔལ་ལས་བཏོན་ནས། །མཐོ་རིས་ཐར་པའི་ དཔལ་ལ་འགོད་བྱའི་ཕྱིར། །རྒྱལ་བ་ཀུན་གྱི་མཆོད་རྟེན་དཔལ་ཡོན་ཅན། །བཀྲ་ཤིས་ དཔལ་འབར་མཐོང་བ་དོན་ཡོད་འདི། །རྟ་ལོ་ཟླ་བ་གསུམ་པའི་ཚེས་གསུམ་ནས། །ལྷ་མི་ དད་འདུན་རྣམས་ཀྱི་གཞི་བཏིང་སྟེ། །མིག་འཕྲུལ་ལྟ་བུ་སྤྲུལ་པ་ལྟ་བུ་ཡིས། །ཉིན་མོ་མི་ རྣམས་ཇི་ལྟར་བཞེངས་པ་བཞིན། །མཚན་མོ་མི་མ་ཡིན་གྱིས་ལེགས་པར་ བཞེངས། །མཁའ་འགྲོ་རྣམས་ཀྱིས་འགལ་རྐྱེན་བར་ཆད་བསྲུངས། །བསྟན་ལ་དགའ་བ་ རྣམས་ཀྱིས་མཐུན་རྐྱེན་བསྒྲུབས། །སངས་རྒྱས་རིང་བསྲེལ་མང་པོའི་སྙིང་པོ་ ཅན། །མཆོད་རྟེན་གཅིག་ལ་ལྷ་ཁང་བརྒྱ་རྩ་བརྒྱད། །ལྷ་ཁང་རྣམས་ཀྱི་ཕུག་ན་དབུ་རྩེ་ ཅན། །མདོ་རྒྱུད་བསྟན་བཅོས་མན་ངག་མང་པོ་ལས། །ཇི་ལྟར་འབྱུང་བཞིན་ཚད་དང་ ལྡན་པར་བཞེངས། །ཨུ་རྒྱན་པད་མས་མི་འགྱུར་སྲོག་ཤིང་བཙུགས། །ཀ་ཆེན་རྣམས་ཀྱང་ རྒྱལ་ཆེན་སྡེ་བཞིས་བཀོད། །དཔའ་བོ་མཁའ་འགྲོས་འཕྲུལ་དང་འདྲ་བའི་གདུགས། །དྲ་ བ་དྲ་ཕྱེད་ཁྱད་འཕགས་བཅས་པ་མཛད། །ལྷ་ཀླུ་ལྷ་མིན་མི་དང་མི་མ་ཡིན། །དཔག་ཏུ་ མེད་པས་ལྕགས་ཐག་སོ་སོར་འཐེན། །བྱ་ལོ་ཟླ་བ་བཅུ་བའི་ཚེས་བཅུ་ལ། །ཕྱོགས་བཅུའི་ 8-1-580 སངས་རྒྱས་མང་པོས་རབ་གནས་མཛད། །ཡིད་བཞིན་ནོར་བུ་ལྟ་བུར་བྱིན་གྱིས་ བརླབས། །རྒྱལ་བའི་རྒྱལ་ཚབ་ཆེན་པོར་མངའ་གསོལ་མཛད། །སྨོན་ལམ་མཐུ་སྟོབས་ བྱིན་རླབས་ལྷུན་པོར་གྱུར། །རྒྱལ་སྲས་རིགས་ལྡན་རྣམས་ཀྱིས་ཤིས་པ་བརྗོད། །གཏུམ་ ཆེན་ཁྲོ་རྒྱལ་རྣམས་ཀྱིས་བགེགས་ཀུན་བསྐྲད། །རིག་པའི་རྒྱལ་མོས་བཀྲ་ཤིས་གླུ་ དབྱངས་བླངས། །ལྷ་རྣམས་ཀྱིས་ཀྱང་མེ་ཏོག་ཆར་ཆེན་ཕབ། །ནམ་མཁའ་བར་སྣང་ འཇའ་ཚོན་སྣ་ལྔས་ཁྱབ། །ཕྱོགས་སྐྱོང་རྣམས་ཀྱིས་རླུང་འཚུབ་ཞི་བར་བྱས། །གཟའ་སྐར་ རྣམས་ཀྱིས་འོད་ཟེར་འཇམ་པོ་བཀྱེ། །ཀླུ་ཆེན་རྣམས་ཀྱིས་དུས་ཚིགས་བདེ་བར་ བྱས། །མཁས་མཆོག་རྣམས་ཀྱིས་ཕྱག་འཚལ་མཆོད་ཅིང་བསྟོད། །གྲུབ་ཆེན་རྣམས་ཀྱིས་ རྡོ་རྗེའི་གླུ་གར་མཛད། །བཀའ་རྒྱུད་རིགས་འཛིན་དགྱེས་པས་བྱིན་ཆེན་ཕབ། །འགྲོ་ལ་ ཕན་པའི་ལྟས་དང་དགེ་མཚན་ཅན། །བྱིན་རླབས་ཆེན་པོ་འདི་ཡིས་སེམས་ཅན་ ཀུན། །མགོན་དང་སྐྱབས་དང་དཔུང་གཉེན་ལྡན་པར་བྱས། །ངན་འགྲོའི་སྒོ་བཀག་ཐར་ པའི་སྒོ་རྣམས་ཕྱེ། །མཐོ་རིས་མི་ཡུལ་ས་འོག་ཐམས་ཅད་དུ། །འདི་ཡི་བྱིན་རླབས་དཔལ་ གྱི་འོད་ཟེར་འཕྲོ། །ལྷ་མིན་ཀླ་ཀློ་ནག་པོའི་ཕྱོགས་འཇོམས་ཤིང༌། །དགེ་སྤྱོད་དཀར་ ཕྱོགས་ཐར་པའི་སྲོག་ཤིང་ཚུགས། །རྡོ་རྗེའི་གདན་དུ་ཐུབ་དབང་བྱོན་པ་ལྟར། །དུས་ཀྱི་ མཐའ་འདིར་སངས་རྒྱས་གཉིས་པ་བྱོན། །འཁོར་བའི་མཚོ་ནས་འདྲེན་པའི་ལྕགས་ཀྱུ་ མཆོག ། མཐོ་རིས་ཐར་པའི་ཐེམ་སྐས་ཆེན་པོར་གྱུར། །དེ་ཕྱིར་འདི་ལ་བྱ་བ་བྱས་རྣམས་ དང༌། །བྱེད་པར་འགྱུར་རྣམས་ཚོགས་བསགས་སྐལ་བ་བཟང༌། །རྡོ་ཤིང་ས་ཆུ་ལུས་དང་ ལོངས་སྤྱོད་སོགས། །སྙིང་པོ་མེད་ལས་སྙིང་པོའི་མཆོག་ལོངས་པས། །ད་ནི་སུ་ཡང་སྡུག་ བསྔལ་བྱ་མི་དགོས། །ད་ནི་རྟག་ཏུ་ལྷ་མིའི་དཔལ་ཐོབ་ནས། །སངས་རྒྱས་རྣམས་དང་ ཕྲད་པར་ཐེ་ཙོམ་མེད། །བདེ་ཆེན་ཆོས་སྐུ་ཐོབ་པར་གདོན་མི་ཟ། །འདི་ལ་དད་དང་ བསྐོར་བ་ཕྱག་བྱས་ན། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་བྱས་པར་འགྱུར། །གལ་ཏེ་ལ་ ལས་སྨོད་ཅིང་གནོད་བྱས་ན། །དེ་ཡང་ཕྱོགས་བཅུའི་སངས་རྒྱས་ཀུན་ལ་བྱས། །འདི་ལ་ དད་པས་མར་མེ་འབུལ་བྱེད་ན། །ངན་འགྲོར་མི་ལྟུང་ལོང་བར་མི་སྐྱེ་ཞིང༌། །མ་རིག་ 8-1-581 མུན་པའི་ཚོགས་ཀུན་རབ་བསལ་ནས། །དྲི་མེད་ཆོས་ཀྱི་སྣང་བ་ཐོབ་པར་འགྱུར། །དད་ ཅིང་གུས་པས་འདི་ལ་སྤོས་ཕུལ་ན། །ཁ་དང་ལུས་ལ་སྤོས་མཆོག་དྲི་འབྱུང་བའི། །མཐོ་ རིས་ལུས་ཐོབ་སངས་རྒྱས་རྣམས་དང་མཇལ། །ཚུལ་ཁྲིམས་དྲི་ལྡན་ཚུལ་ཁྲིམས་ཡོངས་ རྫོགས་འགྱུར། །མེ་ཏོག་འབྲས་བུ་ཞལ་ཟས་གོས་ཕུལ་ན། །གཟུགས་ངན་དབང་ཆུང་ དབུལ་བོར་མི་སྐྱེ་ཞིང༌། །མཐོ་རིས་གཟུགས་བཟང་ལོངས་སྤྱོད་མཆོག་ཐོབ་ནས། །ཀུན་ ཀྱིས་བཀུར་ཞིང་ལྟ་བའི་འོས་སུ་འགྱུར། །གདུགས་དང་རྒྱལ་མཚན་སིལ་སྙན་ལ་སོགས་ པ། །མཆོད་རྫས་ཅི་ཡང་རུང་བ་ཅི་འབྱོར་པས། །མཆོད་པར་བྱིན་ན་ཚེ་རིང་ནད་མེད་ ཅིང༌། །གཟུགས་སྡུག་དབྱངས་སྙན་དཔལ་འབྱོར་གྲགས་ཆེན་འགྱུར། །ས་རྩི་གསོལ་ལམ་ ལྗན་ལྗིན་འཆག་བྱེད་དམ། །འཁོར་ས་ཉེ་འཁོར་གཙང་མར་བྱེད་པ་དེ། །ལུས་ལ་འོད་ འཕྲོ་མཚན་གྱི་མེ་ཏོག་རྒྱས། །ཡོངས་དག་ཞིང་དུ་ཇི་ལྟར་འདོད་བཞིན་སྐྱེ། །མཐོང་ཐོས་ རེག་གམ་ཡིད་ལ་དྲན་པའམ། །འདི་ཡི་རྡུལ་དང་གྲིབ་མས་ཕོག་ན་ཡང༌། །ཐར་པའི་ས་ བོན་ཆེན་པོ་ཐེབས་པས་ན། །རིང་པོར་མི་ཐོགས་ཆོས་ཀྱི་རྒྱལ་པོར་འགྱུར། །འདི་ཡི་ཕན་ ཡོན་སངས་རྒྱས་ཐམས་ཅད་ཀྱིས། །བསྐལ་པ་བྱེ་བ་ཁྲག་ཁྲིག་ཐེར་འབུམ་བརྒྱར། །རྟག་ ཏུ་གསུངས་ཀྱང་རྫོགས་པར་མི་འགྱུར་ཏེ། །ནམ་མཁའི་དབྱིངས་ལྟར་མཐའ་ལས་འདས་ ཕྱིར་རོ། །ཕན་ཡོན་གཞན་ཡང་དཔག་ཏུ་མེད་པ་རྣམས། །རྒྱལ་བས་མདོ་རྒྱུད་རྣམས་སུ་ གསལ་བར་གསུངས། །དེ་ལས་ཆེ་ལོངས་བསྡུས་པ་ཟུར་ནའང་ཡོད། །དེ་ཕྱིར་རྒྱས་པར་དེ་ དང་དེར་གཟིགས་འཚལ། ། ཞེས་པ་རྒྱལ་བའི་མཆོད་རྟེན་དཔལ་ཡོན་ཅན་གྱི་བཞེངས་ཚུལ་ལ་བསྟོད་པ་འཁོར་ བ་དོང་སྤྲུག་འདི་ནི། ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་སྦྱར་བའོ།། །། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༣༩༩ དང༌། འཛམ་ཐང་པར་མ་བཅས་ ཡིན།) 8-1-582 ༄༅། །མཆོད་རྟེན་ཆེན་པོ་དཔལ་ཡོན་ཅན་ལ་ བསྟོད་པ་ བྱིན་རླབས་ཀྱི་གཏེར་ཆེན་ཞེས་བྱ་བ་ བཞུགས་སོ།། 8-1-583 ༄༅། །མཆོད་རྟེན་ཆེན་པོ་དཔལ་ཡོན་ཅན་ལ་བསྟོད་པ་ བྱིན་རླབས་ཀྱི་གཏེར་ཆེན་ཞེས་བྱ་བ་ བཞུགས་སོ།། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་སྭཱ། སངས་རྒྱས་ཀུན་གྱི་བྱིན་རླབས་ཆེན་པོའི་ མཐུས། །མཐོང་ཐོས་རེག་པ་ཙམ་གྱིས་གྲོལ་བ་དང༌། །ཕྱག་མཆོད་བསྐོར་བ་ཙམ་གྱིས་ གྲོལ་འགྱུར་བའི། །མཆོད་རྟེན་ཆེན་པོ་དཔལ་ཡོན་ཅན་ལ་འདུད། །ཁྱེད་ལ་ཞབས་ཏོག་ བྱས་པའི་བྱིན་རླབས་དང༌། །ཁྱོད་ལ་དད་གུས་བགྱིས་པའི་བྱིན་རླབས་ཀྱིས། །འགྲོ་བ་ ཀུན་གྱིས་སངས་རྒྱས་མྱུར་ཐོབ་ཕྱིར། །ཚོགས་གཉིས་བསྒྲུབ་ཅིང་སྒྲིབ་གཉིས་སྤྱོད་པར་ ཤོག །པི་ཝཾ་གླིང་བུ་རྔ་དང་འཁར་རྔ་དང༌། །གདུགས་དང་རྒྱལ་མཚན་བ་དན་ལ་སོགས་ པ། །མཆོད་པའི་ཁྱད་པར་ཅུང་ཟད་ཙམ་གྱིས་ཀྱང༌། །མངོན་མཐོ་ངེས་ལེགས་འགྲུབ་པ་ ཁྱེད་ལ་བསྟོད། །སྤོས་དང་མར་མེ་ཞལ་ཟས་ལ་སོགས་དང༌། །ཕྱག་དར་བྱས་ཤིང་ཐལ་མོ་ སྦྱར་བ་དང༌། དང་བའི་མིག་གིས་བལྟས་པ་ཙམ་གྱིས་ཀྱང༌། །ཚོགས་གཉིས་རྫོགས་པ་ ཁྱེད་ལ་སྐྱབས་སུ་མཆི། །ཁྱེད་ཀྱི་རྡུལ་དང་གྲིབ་མས་རེག་པ་དང༌། །ཁྱེད་ལ་རེག་པའི་ རླུང་གིས་རེག་པ་དང༌། །ཁྱེད་ཀྱི་དྲིལ་བུའི་སྒྲ་ཙམ་ཐོས་པས་ཀྱང༌། །སངས་རྒྱས་ཐོབ་པ་ ཁྱེད་ལ་སྐྱབས་སུ་མཆི། །ཉེ་འཁོར་ཕྱགས་ཤིང་གཙང་མར་བྱས་པ་དང༌། །འཁོར་ས་བདེ་ མོར་བྱས་པ་ཙམ་གྱིས་ཀྱང༌། །ལྷ་དང་མི་ཡི་ཕུན་ཚོགས་རབ་ཐོབ་ནས། །མྱུར་དུ་གཞན་ དོན་མཛད་པ་ཁྱེད་ལ་འདུད། །ཁྱེད་ལ་བ་རྒྱ་ཆགས་པ་བསལ་བ་དང༌། །མེ་ཏོག་རྙིད་པ་ ཉལ་ཉིལ་ཕྱགས་པས་ཀྱང༌། །སྒོ་གསུམ་དྲི་མ་ཀུན་གྱིས་དག་གྱུར་བ། །བྱིན་རླབས་ཆེན་པོ་ ཁྱེད་ལ་སྐྱབས་སུ་མཆི། །ཕྱོགས་དུས་ཀུན་ན་མཆོད་རྫས་བཟང་དགུ་རྣམས། །ཇི་སྙེད་ མཆིས་ཀུན་ཁྱེད་ལ་མཆོད་པར་འབུལ། །འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་ པའི། །སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱི། །དགེ་བ་ཀུན་ལ་དགའ་བས་རྗེས་ 8-1-584 ཡི་རང༌། །ཆོས་ཀྱི་འཁོར་ལོ་རྟག་པར་བསྐོར་དུ་གསོལ། །ཡུན་རིང་བཞུགས་ནས་གཞན་ དོན་མཛད་དུ་གསོལ། །དེང་ནས་བཟུང་སྟེ་སྐྱེ་བ་ཀུན་ཏུ་ཡང༌། །དཀོན་མཆོག་གསུམ་ལ་ མི་ཕྱེད་དད་ཐོབ་ཅིང༌། །རྟེན་གསུམ་ཁྱད་འཕགས་མང་པོ་བཞེངས་པ་དང༌། །ཚུལ་ གནས་ཐོས་བསམ་སྒོམ་སྒྲུབ་ཟབ་མོ་ཡིས། །མདོ་རྒྱུད་ཟབ་དགུའི་སྙིང་པོ་ལོངས་པར་ ཤོག ། མཆོད་རྟེན་ཆེན་པོ་དཔལ་ཡོན་ཅན་ལ་བསྟོད་པ་འདི་ནི། དངོས་གྲུབ་བཟང་པོས་ བསྐུལ་བའི་ངོར། རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །། མངྒ་ལཾ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༣༩༩ དང༌། འཛམ་ཐང་པར་མ་བཅས་ ཡིན།) 8-1-585 ༄༅། །གནས་ལུགས་ཟབ་མོ་སྟོང་པ་ཉིད་ལ་བསྟོད་ པ་ ཞེས་བྱ་བ་བཞུགས་སོ། ། 8-1-586 ༄༅། །གནས་ལུགས་ཟབ་མོ་སྟོང་པ་ཉིད་ལ་བསྟོད་པ་ ཞེས་བྱ་བ་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿན་མཿ གནས་ལུགས་ཟབ་མོ་སྟོང་པ་ཉིད་ལ་བསྟོད་པ་ཞེས་བྱ་ བ། རྗེ་བཙུན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་མཁྱེན་བརྩེ་ ཟབ་ཡངས་མཚོན་རྣོན་འབར་བ་ཡིས། །མ་རྟོག་ལོག་རྟོག་ཐེ་ཙོམ་དྲྭ་བ་གཅོད་མཛད་ པ། །དཔལ་ལྡན་བླ་མའི་ཞབས་རྡུལ་སྤྱི་བོར་གུས་བླངས་ནས། །གནས་ལུགས་ཟབ་མོ་སྟོང་ པ་ཉིད་ལ་བསྟོད་པར་འདུད། །ཟབ་མོ་ཞེས་བྱ་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །སྒྲོ་ འདོགས་སྐུར་འདེབས་མཐའ་ལས་གྲོལ་བའི་དབུ་མ་དང༌། །ཡོད་མེད་རྟག་ཆད་མཐའ་ ལས་གྲོལ་བའི་དབུ་མར་གསུངས། །དེ་སླད་དེ་ལས་བདག་ཅག་བླ་མའི་དྲིན་གྱིས་ དང༌། །ཅི་སླད་ཅིས་ན་གནས་ལུགས་སྟོང་ཉིད་ཟབ་མོ་ཁྱོད། །བདག་དང་སེམས་ཅན་ སྲོག་དང་གསོ་བ་སྐྱེས་བུ་དང༌། །གང་ཟག་ཤེད་ཅན་ཤེད་བདག་དང་ནི་བྱེད་པོ་ དང༌། །ཚོར་པོ་ཤེས་པོ་མཐོང་བ་པོས་ཀྱང་སྟོང་ཕྱིར་དང༌། །ཕུང་པོ་ཁམས་དང་སྐྱེ་ མཆེད་དངོས་པོ་ཐམས་ཅད་དང༌། །ས་ཆུ་མེ་རླུང་ནམ་མཁའ་དང་ནི་རྣམ་ཤེས་ དང༌། །རྟེན་ཅིང་འབྲེལ་འབྱུང་ཆོས་རྣམས་ཀུན་གྱིས་སྟོང་སླད་དུ། །གང་ཟག་དང་ནི་ ཆོས་ཀྱི་བདག་གིས་སྟོང་ཕྱིར་རོ། །དེ་བཞིན་ཁྱོད་ནི་ལམ་གྱི་ཆོས་རྣམས་ཀྱིས་ཀྱང་ སྟོང༌། །དེ་སླད་ཕར་ཕྱིན་སྟོང་པ་ཉིད་དང་བྱང་ཆུབ་ཕྱོགས། །བདེན་པ་བསམ་གཏན་ ཚད་མེད་ལ་སོགས་རྣམ་མཁྱེན་པར། །རྣམ་པར་བྱང་བས་དངོས་རྣམས་ཀྱིས་ཀྱང་སྟོང་ པ་ལགས། །འོན་ཀྱང་ཁྱོད་ཉིད་དོན་དམ་བདེན་པ་ཆོས་ཀྱི་དབྱིངས། །དེ་བཞིན་ཉིད་ དང་ཡང་དག་མཐའ་དག་དེ་ཡི་ཕྱིར། །སྒྲོ་འདོགས་སྐུར་འདེབས་མཐའ་ལས་གྲོལ་ཞིང་ ཡོད་མེད་དང༌། །རྟག་ཆད་ལས་གྲོལ་དེ་སླད་མཐའ་བྲལ་དབུ་མ་ལགས། །ཁྱོད་ནི་ཅི་ ཡང་མེད་པ་ལགས་མོད་དེ་ལྟ་ནའང༌། །ཨེ་ཡིག་གསང་བའི་པད་མ་ཆོས་འབྱུང་མཁའ་ 8-1-587 ཁམས་དང༌། །བདེ་ཆེན་གནས་དང་སེང་གེའི་ཁྲི་དང་བྷ་ག་དང༌། །གསང་ཆེན་མཆོག་ དང་རྡོ་རྗེ་ཕག་མོ་སྣ་ཚོགས་ཡུམ། །བདག་མེད་མ་དང་དཔལ་ལྡན་སྣ་ཚོགས་གཟུགས་ ཅན་མ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་སྒྲོལ་མ་དང༌། །ན་བཟའ་དཀར་མོ་མཱ་མ་ ཀཱི་དང་སངས་རྒྱས་སྤྱན། །ཤེས་རབ་ཕ་རོལ་ཕྱིན་མ་མཆོག་ལགས་དེ་བཞིན་དུ། །ཆོས་ཀྱི་ ཁམས་མ་རེག་བྱ་རོ་ཡི་རྡོ་རྗེ་མ། །གཟུགས་དང་དྲི་དང་སྒྲ་ཡི་རྡོ་རྗེ་མ་ཡང་སྟེ། །དྲག་ སྤྱན་མ་དང་ཤིན་ཏུ་སྟོབས་མ་རྨུགས་བྱེད་མ། །ཁེངས་མ་རེངས་མ་ཤིན་ཏུ་སྔོན་མོ་ སོགས་ཀྱང་ལགས། །དེ་བཞིན་ཁྱོད་ཉིད་རང་རིག་བདེ་ཆེན་ཉིད་ལགས་ཕྱིར། །ཝཾ་ཡིག་ དགའ་བ་ཆེན་པོ་དང་ནི་འདོད་ཆགས་ཆེ། །ལྷན་སྐྱེས་འགྱུར་མེད་མཆོག་དང་ཐིག་ལེ་དེ་ ཉིད་དང༌། །ཡེ་ཤེས་དང་ནི་རྣམ་དག་སེམས་དང་བདེ་མཆོག་དང༌། །དུས་ཀྱི་འཁོར་ལོ་ དགྱེས་པ་རྡོ་རྗེ་འཇིགས་བྱེད་དང༌། །མི་བསྐྱོད་རྒྱལ་བ་དོན་ཡོད་གྲུབ་དང་རིན་ཆེན་ དབང༌། །འོད་དཔག་མེད་དང་རྣམ་པར་སྣང་མཛད་རྡོ་རྗེ་སེམས། །ཕྱག་ན་རྡོ་རྗེ་དེ་ བཞིན་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་འཇིག་རྟེན་དབང་ཕྱུག་སྒྲིབ་ཀུན་ སེལ། །ཀུན་ཏུ་བཟང་པོ་གཙུག་ཏོར་དང་ནི་ཤིན་ཏུ་སྟོབས། །རྨུགས་བྱེད་ཁེངས་བྱེད་ རེངས་བྱེད་དང་ནི་གནོད་མཛེས་སོགས། །ལྷ་མོ་རྣམས་དང་ལྷ་རྣམས་ཐམས་ཅད་ཁྱེད་ ཉིད་ལགས། །དེ་དག་དབྱེར་མེད་གདོད་ནས་འདྲེས་ཕྱིར་རོ་མཉམ་ཕྱིར། །ཆད་སྟོང་མིན་ ཞིང་བེམ་སྟོང་མིན་ཕྱིར་རང་རིག་ཕྱིར། །དབྱིངས་དང་རིག་པ་དབྱེར་མེད་ཕྱིར་དང་ རིས་མེད་ཕྱིར། །སྟོང་ཉིད་སྙིང་རྗེ་གཅིག་ཏུ་འདྲེས་ཕྱིར་མགོན་ཁྱེད་ནི། །ཨེ་ཝཾ་ཡི་གེ་རྡོ་ རྗེ་སེམས་དཔའ་བྱང་ཆུབ་སེམས། །དུས་དང་འཁོར་ལོ་དང་ནི་སངས་རྒྱས་རྒྱུ་མེད་ དང༌། །ཤེས་རབ་ཐབས་ཀྱི་བདག་ཉིད་དང་ནི་རྣལ་འབྱོར་དང༌། །ཤེས་དང་ཤེས་བྱའི་ བདག་པོ་མཆོག་དང་གཉིས་མེད་དང༌། །ཐོག་མཐའ་མེད་དང་ཞི་བ་འདུས་པ་སྡོམ་པ་ དང༌། །བདེ་མཆོག་ཡབ་ཡུམ་དུས་འཁོར་ཡབ་ཡུམ་ལ་སོགས་པ། །གཙོ་བོ་ཡབ་ཡུམ་ ཐམས་ཅད་ཁྱེད་ལགས་དེ་བཞིན་དུ། །རྒྱལ་བ་ཡབ་ཡུམ་དབྱེར་མེད་འདྲེས་པའང་ཁྱོད་ ཉིད་དེ། །དེ་བཞིན་རྒྱལ་སྲས་ཡབ་ཡུམ་གདོད་ནས་འདྲེས་པ་དང༌། །ཁྲོ་རྒྱལ་ཡབ་ཡུམ་ 8-1-588 དབྱེར་མེད་འདྲེས་པ་ལ་སོགས་དང༌། །དཀྱིལ་འཁོར་ལྷ་ཚོགས་དབྱེར་མེད་འདྲེས་པ་ལ་ སོགས་པ། །རྟེན་དང་བརྟེན་པར་དབྱེར་མེད་མཆོག་ཀུན་ཁྱོད་ཉིད་ལགས། །ཁྱོད་ནི་རང་ བཞིན་ལྷན་སྐྱེས་ལགས་ཀྱང་སྐྱེ་བ་མེད། །ཁྱོད་ནི་འགོག་བདེན་མཐར་ཐུག་ལགས་ཀྱང་ འགག་པ་མེད། །ཁྱོད་ནི་ཆོས་དབྱིངས་ཀུན་འགྲོ་ལགས་ཀྱང་འགྲོ་བ་མེད། །ཁྱོད་ནི་ཆོས་ རྣམས་ཀུན་ལ་གནས་ཀྱང་གནས་པ་མེད། །ཁྱོད་ནི་རྣམ་པ་ཀུན་ལྡན་ལགས་ཀྱང་རྣམ་པ་ མེད། །ཁྱོད་ནི་སྒྱུ་མ་ལྟ་བུ་ལགས་ཀྱང་འཁྲུལ་བ་མེད། །ཁྱོད་ནི་སྤྲོས་བསྡུའི་བདག་ཉིད་ ལགས་ཀྱང་སྤྲོས་པ་མེད། །ཁྱོད་ནི་རང་བཞིན་གཉུག་མ་ལགས་ཀྱང་རང་བཞིན་ མེད། །ཁྱོད་ནི་ཐུབ་པ་ཆེན་པོ་ལགས་ཀྱང་ཐུབ་པ་མེད། །ཁྱོད་ནི་འདོད་ཆགས་ཆེན་པོ་ ལགས་ཀྱང་འདོད་ཆགས་མེད། །ཁྱོད་ནི་ཞེ་སྡང་ཆེན་པོ་ལགས་ཀྱང་ཞེ་སྡང་མེད། །ཁྱོད་ ནི་གཏི་མུག་ཆེན་པོ་ལགས་ཀྱང་གཏི་མུག་མེད། །ཁྱོད་ནི་ང་རྒྱལ་ཆེན་པོ་ལགས་ཀྱང་ང་ རྒྱལ་མེད། །ཁྱོད་ནི་ཕྲག་དོག་ཆེན་པོ་ལགས་ཀྱང་ཕྲག་དོག་མེད། །ཁྱོད་ནི་སེར་སྣ་ཆེན་པོ་ ལགས་ཀྱང་སེར་སྣ་མེད། །ཁྱོད་ནི་ཉོན་མོངས་ཆེན་པོ་ལགས་ཀྱང་ཉོན་མོངས་ མེད། །ཁྱོད་ནི་སྨྲ་བའི་སེང་གེ་ལགས་ཀྱང་སྨྲ་བསམ་མེད། །ཁྱོད་ནི་མཁའ་ཁྱབ་གར་ མཛད་ལགས་ཀྱང་གཡོ་བ་མེད། ཁྱོད་ནི་སྲིད་གསུམ་དགའ་ཆེན་ལགས་ཀྱང་སྲིད་པ་ མེད། །ཁྱོད་ནི་དཔལ་ཀུན་འབྱོར་བ་ལགས་ཀྱང་དཔེ་ཟླ་མེད། །ཁྱོད་ནི་མཐའ་བྲལ་དབུ་ མ་ལགས་ཀྱང་ཡང་དག་མཐའ། །ཁྱོད་ནི་བདེན་པ་མེད་པ་ལགས་ཀྱང་དོན་དམ་ བདེན། །ཁྱོད་ནི་བདག་གིས་སྟོང་པ་ལགས་ཀྱང་དག་པའི་བདག །ཁྱོད་ནི་དཔེ་ལས་ འདས་པ་ལགས་ཀྱང་ནམ་མཁའ་འདྲ། །ཁྱོད་ནི་རབ་ཏུ་ཞི་བ་ལགས་ཀྱང་རབ་ཏུ་ འཁྲོས། །ཁྱོད་ནི་སྐྱེས་མ་ཐག་པ་ལགས་ཀྱང་གནས་བརྟན་ཏེ། །ཁྱོད་ནི་སྡུག་གུ་མཛེས་པ་ ལགས་ཀྱང་མི་སྡུག་པ། །ཁྱོད་ནི་སངས་རྒྱས་སྲས་པོ་ལགས་ཀྱང་རྒྱལ་བའི་ཡུམ། །ཁྱོད་ནི་ འགྲོ་ཀུན་གཉེན་གཅིག་ལགས་ཀྱང་གཤིན་རྗེའི་དགྲ། །ཁྱོད་ནི་རྒྱལ་བའི་བཙུན་མོ་ ལགས་ཀྱང་རྒྱལ་བའི་ཡབ། །ཁྱོད་ནི་འགྲོ་བའི་མགོན་སྐྱབས་ལགས་ཀྱང་བདུད་ཀྱི་ བདུད། །ཁྱོད་ནི་ལུས་མེད་རྡོ་རྗེ་ལགས་ཀྱང་ལུས་ཀྱི་མཆོག ། ཁྱོད་ནི་གཞོན་ནུར་གྱུར་པ་ 8-1-589 ལགས་ཀྱང་རྒན་པོ་སྟེ། །ཁྱོད་ནི་ཁ་ཏོག་མེད་པ་ལགས་ཀྱང་ཁ་ཏོག་ཆེ། །ཁྱོད་ནི་དུས་ གསུམ་དུས་མེད་ལགས་ཀྱང་དུས་འཁོར་ལོ། །ཁྱོད་ནི་ལུས་ལས་འདས་པ་ལགས་ཀྱང་ ལུས་བོང་ཆེ། །ཁྱོད་ནི་ཡེ་ཤེས་མིག་གཅིག་ལགས་ཀྱང་མིག་བརྒྱ་པ། །ཁྱོད་ནི་ཡི་གེ་མེད་ པ་ལགས་ཀྱང་ཡི་གེ་དྲུག །ཁྱོད་ནི་ཡན་ལག་མེད་པ་ལགས་ཀྱང་ཡན་ལག་བརྒྱ། །ཁྱོད་ནི་ གཅིག་པུ་སྲ་མཁྲེགས་ལགས་ཀྱང་ཐམས་ཅད་པ། །དེ་སླད་ཁྱོད་ནི་རྟོག་གེ་ཀུན་ལས་རབ་ འདས་ཤིང༌། །ཐོས་དང་བསམ་པའི་བློ་ཡི་ཡུལ་མིན་དེ་བཞིན་དུ། །བསམ་གཏན་བཞི་ དང་གཟུགས་མེད་ལ་སོགས་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་རྣམ་ཤེས་ཀུན་གྱིས་ མཐོང་མིན་པས། །ཤིན་ཏུ་རྟོག་དཀའ་གཏིང་དཔག་དཀའ་ཞིང་བསམ་མི་ཁྱབ། །མི་ མངོན་མི་སྣང་གསལ་བྱེད་མིན་ཕྱིར་མཐོང་བར་དཀའ། །དེ་ལྟ་ན་ཡང་སོ་སོར་རང་གི་ ཡེ་ཤེས་ལ། །སྣང་བ་ཆེན་པོ་གསལ་བ་ཆེ་ཞེས་ཁྱོད་ཉིད་གསུང༌། །དེ་སླད་ཡོན་གནས་ མཚུངས་པ་མེད་པའི་མགོན་ཁྱོད་ལ། །བདག་དང་འགྲོ་ཀུན་དེང་ནས་སྐྱེ་བ་ཐམས་ཅད་ དུ། །ཚུལ་གནས་ཐོས་བསམ་བསྒོམ་པའི་ཡིད་ཀྱིས་འདུན་པ་དང༌། །མངོན་སུམ་བྱས་ ནས་གཞན་ལ་རྒྱ་ཆེར་སྟོན་པར་ཤོག །གནས་ལུགས་ཟབ་མོ་སྟོང་པ་ཉིད་ལ་བསྟོད་པ་ ཞེས་བྱ་བ། རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་སྦྱར་ བའོ།། །།འདིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག །དགེའོ།། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-590 ༄༅། །ཤིན་ཏུ་རྣལ་འབྱོར་ལ་བསྟོད་པ་ཚོགས་ གཉིས་ འབྱུང་བ་ཞེས་བྱ་བ་བཞུགས་སོ། ། 8-1-591 ༄༅། །ཤིན་ཏུ་རྣལ་འབྱོར་ལ་བསྟོད་པ་ཚོགས་གཉིས་ འབྱུང་བ་ཞེས་བྱ་བ་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཤིན་ཏུ་རྣལ་འབྱོར་ལ་བསྟོད་པ་ཚོགས་གཉིས་འབྱུང་བ་ཞེས་ བྱ་བ། རྗེ་བཙུན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། ། གང་ཞིག་མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཟག་མེད་ཤེས་རབ་མཁའ་ཁྱབ་སྐུ། །གང་ཞིག་ མཁའ་ཁྱབ་རྒྱལ་བ་ཀུན་གྱི་དམིགས་མེད་ཐུགས་རྗེས་མཁའ་ཁྱབ་སྐུ། །གང་ཞིག་མཁའ་ ཁྱབ་རྒྱལ་བ་ཀུན་གྱི་རྩོལ་མེད་མཐུ་སྟོབས་མཁའ་ཁྱབ་སྐུ། །དེ་དག་དབྱེར་མེད་ཡོན་ཏན་ རྒྱ་མཚོ་རྡོ་རྗེ་འཆང་ལ་ཕྱག་འཚལ་ནས། །རྒྱལ་བས་ཐེག་པ་ཇི་སྙེད་གསུངས་པ་དེ་དག་ ཀུན་གྱི་ཡང་རྩེ་མཆོག །གཞི་ལམ་འབྲས་བུ་ཇི་སྙེད་གསུངས་པ་དེ་དག་ཀུན་གྱི་སྙིང་པོ་ མཆོག །ལྟ་སྒོམ་སྤྱོད་པ་ཇི་སྙེད་གསུངས་པ་དེ་དག་ཀུན་གྱི་མཐར་ཐུག་མཆོག །སྐྱོན་མེད་ ཡོན་ཏན་མ་ལུས་ཚང་བ་ཤིན་ཏུ་རྣལ་འབྱོར་བསྟོད་པར་བགྱི། ། གནས་ལུགས་ཟབ་མོ་སྟོང་པ་ཉིད་ཀྱི་དབྱིངས། །དམིགས་མེད་སྙིང་རྗེ་ཆེན་པོའི་སྙིང་པོ་ ཅན། །ཀུན་རྟོག་མཚན་མའི་ཚོགས་ཀུན་ཉེར་ཞི་བ། །ཤིན་ཏུ་རྣལ་འབྱོར་མཆོག་ལ་ཕྱག་ འཚལ་འདུད། །ཁྱོད་ནི་ནམ་མཁའ་ལྟ་བུའི་སྟོང་པ་ཉིད། །ཆོས་རྣམས་ཐམས་ཅད་ནམ་ མཁའི་མེ་ཏོག་དང༌། །མོ་གཤམ་བུ་དང་རི་བོང་རྭ་བཞིན་སྟོང༌། །དེ་ལྟར་སྟོང་བཞིན་སྣ་ ཚོགས་སྣང་བ་འཆར། །དེ་སླད་ཁྱོད་ནི་སྟོང་པ་ཁོ་ན་མིན། །མི་སྟོང་ཉིད་མིན་གཉིས་དང་ གཉིས་མིན་མིན། །སྟོང་དང་མི་སྟོང་སྨྲ་བསམ་བརྗོད་དུ་མེད། །རྟོགས་དཀའ་ཤིན་ཏུ་ རྣལ་འབྱོར་ལ་ཕྱག་འཚལ། །ཡོད་པ་མིན་ཕྱིར་སྒྲོ་འདོགས་མཐའ་དང་བྲལ། །མེད་པ་ མིན་ཕྱིར་བསྐུར་འདེབས་མཐའ་དང་བྲལ། །ཡོད་མེད་མཐའ་གཉིས་སྤངས་པ་དབུ་མའི་ མཆོག ། སྟོང་ཉིད་ཤིན་ཏུ་རྣལ་འབྱོར་ལ་ཕྱག་འཚལ། །ཡོད་པ་སྤངས་པས་རྟག་པའི་ མཐའ་དང་བྲལ། །མེད་པ་སྤངས་པས་ཆད་པའི་མཐའ་དང་བྲལ། །རྟག་ཆད་མཐའ་དང་ 8-1-592 བྲལ་བའི་དབུ་མ་མཆོག །ཆོས་ཉིད་ཤིན་ཏུ་རྣལ་འབྱོར་ལ་ཕྱག་འཚལ། །ཁྱོད་ནི་མཁའ་ ལྟར་ནམ་ཡང་འགྱུར་བ་མེད། །རྒྱུ་མེད་རྐྱེན་མེད་སྐྱེ་དང་འགག་པ་མེད། །ཡུལ་མེད་ཡུལ་ ཅན་མེད་ཅིང་གཟུང་འཛིན་མེད། །གཉིས་མེད་ཤིན་ཏུ་རྣལ་འབྱོར་ལ་ཕྱག་འཚལ། །ཁྱོད་ ནི་འདོད་པའི་ཁམས་ཀྱིས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱོད་ཉིད་འདོད་པའི་ ཁམས། །ཁྱོད་ནི་གཟུགས་ཀྱི་ཁམས་ཀྱིས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱོད་ཉིད་གཟུགས་ ཀྱི་ཁམས། །ཁྱོད་ནི་གཟུགས་མེད་ཁམས་ཀྱིས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱོད་ཉིད་ གཟུགས་མེད་ཁམས། །ཁྱོད་ནི་དུས་གསུམ་ཆོས་ཀྱིས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱོད་ ཉིད་དུས་གསུམ་ཆོས། །ཁྱོད་ནི་འགྲོ་བ་དྲུག་གིས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱོད་ཉིད་ འགྲོ་བ་དྲུག །ཁྱོད་ནི་བརྟན་གཡོ་ཀུན་གྱིས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱོད་ཉིད་ བརྟན་དང་གཡོ། །ཁྱོད་ནི་ཕུང་པོ་ཀུན་གྱིས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱེད་ཉིད་ཕུང་ པོ་མཆོག །ཁྱོད་ནི་ཁམས་རྣམས་ཀུན་གྱིས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱོད་ཉིད་ཁམས་ རྣམས་ཚུལ། །ཁྱོད་ནི་སྐྱེ་མཆེད་ཀུན་གྱིས་སྟོང་ཞིང་དག །དེ་ལྟ་ན་ཡང་ཁྱོད་ཉིད་སྐྱེ་ མཆེད་ཆེ། །ཁྱོད་ནི་འབྱུང་བ་ཀུན་གྱིས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱོད་ཉིད་འབྱུང་བ་ ཆེ། །ཁྱོད་ནི་རྟེན་འབྲེལ་ཀུན་གྱིས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱོད་ཉིད་རྟེན་འབྲེལ་ ཆེ། །ཁྱོད་ནི་ཕར་ཕྱིན་ཀུན་གྱིས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱོད་ཉིད་ཕ་རོལ་ ཕྱིན། །ཁྱོད་ནི་སྟོང་པའི་ཆོས་ཀྱིས་སྟོང་ཞིང་དག །དེ་ལྟ་ན་ཡང་ཁྱོད་ཉིད་སྟོང་པ་ ཆེ། །ཁྱོད་ནི་དྲན་པ་ཀུན་གྱིས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱོད་ཉིད་དྲན་པ་ཆེ། །ཁྱོད་ནི་ སྤོང་བ་ཀུན་གྱིས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱོད་ནི་སྤོང་བ་ཆེ། །ཁྱོད་ནི་རྫུ་འཕྲུལ་ རྐང་པས་རྟག་ཏུ་སྟོང༌། །དེ་ལྟ་ན་ཡང་ཁྱོད་ཉིད་རྫུ་འཕྲུལ་ཆེ། །ཁྱོད་ནི་དབང་པོ་རྣམས་ ཀྱིས་དབེན་ཞིང་སྟོང༌། །དེ་ལྟ་ན་ཡང་ཁྱོད་ཉིད་དབང་པོ་ཆེ། །ཁྱོད་ནི་སྟོབས་རྣམས་ཀྱིས་ ཀྱང་སྟོང་ཞིང་དབེན། །དེ་ལྟ་ན་ཡང་ཁྱོད་ཉིད་སྟོབས་ཀྱི་མཆོག །ཁྱོད་ནི་བྱང་ཆུབ་ཡན་ ལག་རྣམས་ཀྱིས་སྟོང༌། །འོན་ཀྱང་ཁྱོད་ཉིད་བྱང་ཆུབ་ཡན་ལག་མཆོག །ཁྱོད་ནི་ལམ་གྱི་ ཡན་ལག་རྣམས་ཀྱིས་སྟོང༌། །འོན་ཀྱང་ཁྱོད་ཉིད་ལམ་གྱི་དམ་པ་ལགས། །ཁྱོད་ནི་ 8-1-593 འཕགས་པའི་བདེན་པས་དབེན་ཞིང་སྟོང༌། །འོན་ཀྱང་ཁྱོད་ཉིད་བདེན་པ་བཞི་ཡི་ ཚུལ། །ཁྱོད་ནི་བསམ་གཏན་ཚད་མེད་རྣམས་ཀྱིས་སྟོང༌། །འོན་ཀྱང་ཁྱོད་ཉིད་བསམ་ གཏན་ཚད་མེད་མཆོག །ཁྱོད་ནི་གཟུགས་མེད་སྙོམས་པར་འཇུག་པས་སྟོང༌། །འོན་ཀྱང་ ཁྱོད་ཉིད་གཟུགས་མེད་སྙོམས་པར་འཇུག །ཁྱོད་ནི་རྣམ་ཐར་བརྒྱད་ཀྱིས་དབེན་ཞིང་ སྟོང༌། །འོན་ཀྱང་ཁྱོད་ཉིད་རྣམ་ཐར་བརྒྱད་ཀྱི་མཆོག །ཁྱོད་ནི་སྙོམས་འཇུག་དགུ་ཡིས་ དབེན་ཞིང་སྟོང༌། །འོན་ཀྱང་ཁྱོད་ནི་སྙོམས་འཇུག་དགུ་ཡི་མཆོག །ཁྱོད་ནི་མངོན་ཤེས་ ཏིང་འཛིན་དབེན་ཞིང་སྟོང༌། །འོན་ཀྱང་ཁྱོད་ཉིད་མངོན་ཤེས་ཏིང་འཛིན་མཆོག །ཁྱོད་ ནི་གཟུགས་དང་བདེ་གཤེགས་སྟོབས་ཀྱིས་སྟོང༌། །འོན་ཀྱང་ཁྱོད་ཉིད་གཟུགས་དང་ སྟོབས་བཅུའི་མཆོག །ཁྱོད་ནི་མི་འཇིགས་སོ་སོར་རིག་བཞིས་སྟོང༌། །འོན་ཀྱང་ཁྱོད་ཉིད་ མི་འཇིགས་སོ་སོའི་རིག །ཁྱོད་ནི་བྱམས་དང་ཐུགས་རྗེ་ཆེན་པོས་སྟོང༌། །འོན་ཀྱང་ཁྱོད་ ཉིད་བྱམས་བརྩེ་ཆེན་པོའི་མཆོག །ཁྱོད་ནི་སངས་རྒྱས་མ་འདྲེས་ཆོས་ཀྱིས་སྟོང༌། །འོན་ ཀྱང་ཁྱོད་ཉིད་མ་འདྲེས་ཆོས་ཀྱི་མཆོག །ཁྱོད་ནི་རྒྱུན་དུ་ཞུགས་པའི་འབྲས་བུས་ སྟོང༌། །འོན་ཀྱང་ཁྱོད་ནི་རྒྱུན་དུ་ཞུགས་པའི་མཆོག །ཁྱོད་ནི་ལན་ཅིག་ཕྱིར་འོང་འབྲས་ བུས་སྟོང༌། །འོན་ཀྱང་ཁྱོད་ཉིད་ལན་ཅིག་ཕྱིར་འོང་མཆོག ། ཁྱོད་ནི་ཕྱིར་མི་འོང་གིས་ དབེན་ཞིང་སྟོང༌། །འོན་ཀྱང་ཁྱོད་ཉིད་ཕྱིར་མི་འོང་གི་མཆོག ། ཁྱོད་ནི་དགྲ་བཅོམ་རང་ སངས་རྒྱས་ཀྱིས་སྟོང༌། །འོན་ཀྱང་ཁྱོད་ཉིད་དགྲ་བཅོམ་རང་རྒྱལ་མཆོག །ཁྱོད་ནི་མཁྱེན་ གསུམ་ཆོས་ཀྱིས་སྟོང་ན་ཡང༌། །ཁྱོད་ཉིད་མཁྱེན་པ་གསུམ་གྱི་དམ་པ་ལགས། །དེ་སླད་ ཁྱོད་ནི་ཡོད་མིན་མེད་མིན་ཞིང༌། །རྟག་མིན་ཆད་མིན་སྟོང་མིན་མི་སྟོང་མིན། །བདེན་ མིན་རྫུན་མིན་སྣང་མིན་མི་སྣང་མིན། །ཤིན་ཏུ་རྣལ་འབྱོར་བསམ་མི་ཁྱབ་ལ་ འདུད། །གང་གིས་འདི་དོན་ཚུལ་བཞིན་རྟོགས་པ་དེས། །དུས་གསུམ་རྒྱལ་བའི་དགོངས་ པ་ཚུལ་བཞིན་རྟོགས། །གང་གིས་འདི་མ་རྟོགས་ན་རྒྱལ་བ་ཡི། །དགོངས་པ་ཟབ་མོ་རིང་ དུ་སྤངས་པ་ལགས། །ཅི་སླད་ཅེ་ན་ཤིན་ཏུ་རྣལ་འབྱོར་ཁྱོད། །ཆོས་རྣམས་ཀུན་གྱི་སྙིང་པོ་ ལགས་ཕྱིར་དང༌། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད་ལགས་ཕྱིར། །དེ་ཤེས་མདོ་དང་ 8-1-594 རྒྱས་པར་ཤེས་ཕྱིར་རོ། །དེ་སླད་འདི་ནི་རྟོགས་པ་གང་ལགས་པ། །དེ་དག་ཀུན་ལ་གུས་ པས་ཕྱག་འཚལ་ཞིང༌། །མ་རྟོགས་སེམས་ཅན་དར་གྱི་སྲིན་བུ་ལྟར། །རང་གིས་རང་ བཅིངས་ཐམས་ཅད་སྙིང་རེ་རྗེ། །ཀྱེ་མ་ད་ནི་རྒྱལ་བའི་འཕྲིན་ལས་དང༌། །ཤིན་ཏུ་རྣལ་ འབྱོར་ཟབ་མོའི་བྱིན་རླབས་ཀྱིས། །སྟོང་ཉིད་དོན་དམ་ཆོས་དབྱིངས་ཡང་དག་ མཐའ། །རང་བྱུང་ཡེ་ཤེས་ཀུན་བཟང་ཡངས་པའི་ཀློང༌། །ཐོག་མཐའ་མེད་ཅིང་དབུས་ མཐའ་མེད་པའི་མཁའ། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་མཆོག །མཁའ་ཁྱབ་ཕ་མ་ ཀུན་གྱིས་ལེགས་རྟོགས་ནས། །དགག་སྒྲུབ་སྤང་བླང་རེ་དོགས་ཡལ་བར་ཤོག ། ཚུལ་འདི་ནི་ཤིན་ཏུ་རྣལ་འབྱོར་ལ་ཤེས་ནས། དད་པ་ཐོབ་པའི་རྒྱལ་ཁམས་པས་ཇོ་ནང་ དཔལ་གྱི་གནས་ཆེན་དུ་སྨྲས་པའོ།། །།ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ ཐང་པར་མ་ཡིན།) 8-1-595 ༄༅། །བདེ་གཤེགས་སྙིང་པོའི་བསྟོད་པ་དད་གུས་ གཏེར་ཆེན་ ཞེས་བྱ་བ་བཞུགས་སོ། ། 8-1-596 ༄༅། །བདེ་གཤེགས་སྙིང་པོའི་བསྟོད་པ་དད་གུས་གཏེར་ཆེན་ ཞེས་བྱ་བ་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ བདེ་གཤེགས་སྙིང་པོ་ལ་བསྟོད་པ་དད་གུས་ཀྱི་གཏེར་ཆེན་པོ་ ཞེས་བྱ་བ། རྗེ་བཙུན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། ། གང་ཞིག་ཀུན་རྫོབ་ཆོས་རྣམས་ཀུན་གྱིས་གདོད་ནས་སྟོང་ཞིང་དག་པའི་གཞི། །ཆོས་ ཉིད་དོན་དམ་རང་བཞིན་གཉུག་མའི་རང་བཞིན་འོད་གསལ་དེ་བཞིན་ཉིད། །སྐྱེ་མེད་ འགག་མེད་འཕོ་འགྱུར་མེད་ཅིང་མཚན་མ་མེད་ལ་སྤྲོས་པ་མེད། །ཡོད་མིན་མེད་མིན་ མཐའ་དང་བྲལ་བ་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ། །གང་ཞིག་གཅིག་མིན་དུ་མ་ ཡང་མིན་རྟག་པ་མ་ཡིན་ཆད་པ་མིན། །སྟོང་པ་མ་ཡིན་མི་སྟོང་མིན་ལ་བདེན་མིན་ བརྫུན་པ་མ་ཡིན་པ། །གང་ཟག་མེད་ཅིང་ཆོས་ཀྱང་མེད་ཕྱིར་བདག་མེད་བདག་གི་མེད་ པའི་དབྱིངས། །ཟབ་མོ་སྟོང་ཉིད་ཉེ་བར་ཞི་བ་བདེ་གཤེགས་སྙིང་པོ་ལ་ཕྱག་ འཚལ། །གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕུང་པོ་མེད་ཅིང་ཁམས་ཀྱང་ མེད། །སྐྱེ་མཆེད་མེད་ཅིང་བདེན་པ་མེད་ལ་གཟུང་བ་མེད་ཅིང་འཛིན་པ་མེད། །ཁམས་ གསུམ་མེད་ཅིང་སྲིད་གསུམ་མེད་ལ་དུས་གསུམ་ཆོས་རྣམས་ཐམས་ཅད་མེད། །སྡུག་ བསྔལ་ཀུན་འབྱུང་ལམ་དང་ཡེ་ཤེས་མེད་པ་ཁྱེད་ལ་ཕྱག་འཚལ་ལོ། །ཁྱོད་ནི་ནམ་ཡང་ ནམ་མཁའ་ལྟ་བུ་འགྱུར་བ་མེད་ཕྱིར་དེ་བཞིན་ཉིད། །ཀུན་རྟོག་མེད་ཅིང་སེམས་དང་ ཡིད་དང་རྣམ་པར་ཤེས་པ་ཞི་བའི་སླད། །ཁྱོད་ནི་མཚན་མ་མེད་པའི་དབྱིངས་ལགས་ འཕགས་པའི་ཆོས་རྣམས་མ་ལུས་པའི། །རྒྱུད་དང་ཁམས་ལགས་དེ་ཡི་སླད་དུ་ཁྱོད་ནི་ ཆོས་ཀྱི་དབྱིངས་ཀྱང་ལགས། །འཕགས་པ་རྣམས་ཀྱི་སོ་སོར་རང་རིག་ཡེ་ཤེས་དམ་པའི་ སྤྱོད་ཡུལ་སླད། །ཁྱོད་ནི་དོན་དམ་བདེན་པ་ཉིད་ལགས་ཕྱིན་ཅི་ལོག་དང་བྲལ་བས་ ན། །ཨེ་མ་ཁྱོད་ནི་ཡང་དག་མཐའ་ལགས་མཐའ་དང་བྲལ་སླད་དབུ་མའང་ 8-1-597 ལགས། །ཀུན་ནས་ཉོན་མོངས་གཟོད་ནས་ཞི་སླད་མྱ་ངན་འདས་པའི་དབྱིངས་ཀྱང་ ལགས། །རང་བཞིན་འགྱུར་མེད་བདེ་བ་ཆེ་ལ་ཀུན་ནས་འཁྱུད་ཅིང་རྒྱས་འདེབས་ ཕྱིར། །ཁྱོད་ནི་ཕྱག་རྒྱ་ཆེན་པོ་ཉིད་ལགས་དེ་བཞིན་ཁྱོད་ནི་སྟོང་ཆེན་ལ། །ཀུན་ནས་ འཁྱུད་ཅིང་རྒྱས་འདེབས་སླད་དུ་ཕྱག་རྒྱ་ཆེན་པོ་ཉིད་ཀྱང་སྟེ། །རྒྱལ་བ་ཀུན་གྱི་ཡུམ་ མཆོག་ཉིད་སླད་ཤེས་རབ་ཕ་རོལ་ཕྱིན་མའང་ལགས། །མི་འགྱུར་མི་ཕྱེད་མི་ཤིགས་ཕྱིར་ དང་སྲིད་གསུམ་གཅིག་པ་ཉིད་ཀྱི་ཕྱིར། །ཁྱོད་ནི་རྡོ་རྗེ་སེམས་དཔའ་མཆོག་ལགས་སྙིང་ རྗེ་སྟོང་ཉིད་དབྱེར་མེད་ཕྱིར། །ཁྱོད་ནི་ཀྱེ་ཡི་རྡོ་རྗེ་མཆོག་ལགས་དེ་བཞིན་ཐབས་དང་ ཤེས་རབ་དག །གདོད་ནས་དབྱེར་མེད་རོ་མཉམ་འདྲེས་ཕྱིར་ཁྱོད་ནི་བདེ་མཆོག་འཁོར་ ལོའང་ལགས། །སྐུ་བཞི་དབྱེར་མེད་རོ་མཉམ་ཕྱིར་དང་བདེ་སྟོང་དབྱེར་མེད་ཟུང་འཇུག་ སླད། །ཁྱོད་ནི་ཀཱ་ལ་ཙཀྲ་མཆོག་ལགས་ཕོ་ཉ་ཀུན་གྱི་གསང་བ་དང༌། །རྒྱལ་བ་ཀུན་གྱི་ དཔལ་ཀུན་འདུས་སླད་ཁྱོད་ནི་གསང་བ་འདུས་པ་ཡང༌། །བྱང་ཆུབ་སེམས་དང་ཡིད་ སྐྱོབ་ཕྱིར་ན་ཁྱོད་ནི་ལྷ་དང་སྔགས་ཀྱང་ལགས། །སངས་རྒྱས་ཀུན་གྱི་རིག་མ་ཉིད་སླད་ སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །དབྱིངས་དང་ཡེ་ཤེས་ལྷན་ཅིག་སྐྱེས་སླད་ཁྱོད་ ནི་ལྷན་ཅིག་སྐྱེས་སྦྱོར་ཏེ། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི་སླད་ཁྱོད་ནི་སྡུག་བསྔལ་ ཞི་བྱེད་ཀྱང༌། །རྣལ་འབྱོར་ཀུན་གྱི་མཐར་ཐུག་ཉིད་སླད་ཤིན་ཏུ་རྣལ་འབྱོར་མཆོག་ཀྱང་ ལགས། །ཁྱོད་ནི་མཁའ་ལྟར་ཀུན་ལ་ཁྱབ་ཀྱང་ཆོས་རྣམས་ཀུན་གྱིས་གོས་མ་ ལེགས། །ཁྱོད་ནི་ཆོས་དབྱིངས་ཀུན་འགྲོ་ལགས་ཀྱང་ནམ་མཁའ་བཞིན་དུ་འགྲོ་འོང་ མེད། །ཆོས་རྣམས་ཀུན་གྱི་གནས་སུ་གསུངས་ཀྱང་ཆོས་རྣམས་ཀུན་གྱིས་རྟག་ཏུ་ སྟོང༌། །རྟོགས་པར་དཀའ་ཞིང་རྣམ་པར་དཔྱད་དཀའ་བསམ་མི་ཁྱབ་པ་ཁྱོད་ལ་ འདུད། །སྐྱབས་མཆོག་ཁྱོད་ལ་འདི་འདྲའི་ཚུལ་གྱིས་ལན་གཅིག་ཙམ་ཡང་བསྟོད་བྱེད་ ན། །བསོད་ནམས་ཚོགས་ཆེན་ཉེ་བར་བསྡུད་ཕྱིར་གཞན་དག་ལ་ཡང་སྟོན་པ་དང༌། །མ་ གཡེང་རྩེ་གཅིག་བསྒོམ་པར་བྱེད་པའི་བསོད་ནམས་བརླབས་ཆེན་སྨོས་ཅི་འཚལ། །དེ་ ཕྱིར་ཀུན་གྱིས་འདི་དོན་རྟོགས་ཤིང་ཚུལ་བཞིན་བསྒོམས་ནས་སྟོན་པར་ཤོག ། 8-1-598 ཅེས་པ་འདི་ནི་སྡེ་སྣོད་འཛིན་པ་ལྷ་མགོན་དཔལ་གྱིས་གསོལ་བ་བཏབ་པའི་ངོར། རྣམ་གྲངས་མང་པོ་ཅན་གྱི་དེ་བཞིན་ཉིད་ལ་ཤེས་ནས་དད་པ་ཐོབ་པའི་རྒྱལ་ཁམས་ པས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་སྦྱར་བའོ།། །།ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-599 ༄༅། །ཞིང་མཆོག་ཤམ་བྷ་ལའི་བསྟོད་པ་ བཞུགས་སོ། ། 8-1-600 ༄༅། །ཞིང་མཆོག་ཤམ་བྷ་ལའི་བསྟོད་པ་ བཞུགས་སོ། ། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡེ། དཔལ་ལྡན་རྒྱུད་ཆེན་ཀུན་གྱི་དེ་ཉིད། །ཉིད་ཀྱིས་གཟིགས་ བཞིན་གཞན་ལ་སྟོན་མཛད། །མཛད་པ་རྨད་བྱུང་བླ་མ་རྣམས་དང༌། །དང་པོའི་སངས་ རྒྱས་རྣམས་ལ་ཕྱག་འཚལ། །འགྲོ་ལ་ལྷག་པར་བརྩེ་བ་རྣམས་ཀྱིས། །ཆོས་ཀྱི་དབྱིངས་ལ་ གཡོ་བ་མེད་བཞིན། །འཇིག་རྟེན་ཀུན་ཁྱབ་རྣམ་འཕྲུལ་དུ་མས། །རྟག་པར་གཞན་དོན་ མཛད་ལ་ཕྱག་འཚལ། །ཁྱད་པར་དཔལ་ལྡན་ཀ་ལཱ་པར་འཁྲུངས། །འཁོར་ལོས་སྒྱུར་བ་ ཆེན་པོའི་གཟུགས་ཀྱིས། །ས་ལ་དུས་ཀྱི་འཁོར་ལོ་གསལ་མཛད། །ཆོས་རྒྱལ་རིགས་ལྡན་ རྣམས་ལ་ཕྱག་འཚལ། །དེ་དག་གིས་བསྟེན་ཤམ་བྷ་ལར་ནི། །སྨོན་ལམ་རྒྱ་མཚོའི་རྡུལ་ སྙེད་ཀྱིས་སྤྲུལ། །རྣམ་དག་ཡེ་ཤེས་དབྱིངས་ལས་གྲུབ་སླད། །རབ་མཆོག་དྲི་མེད་དག་ པའི་ཞིང་སྟེ། །ལས་ཀྱི་ས་འདིར་འཛམ་གླིང་ཆུང་ངུའི། །བྱང་གི་ཆ་ལ་ལྷ་ཡིས་ལེགས་ བཀོད། །རབ་གསལ་གངས་རིའི་ཕྲེང་བས་ཡོངས་བསྐོར། །ཕྱེད་བཅས་དཔག་ཚད་བྱེ་བ་ བཅུ་གཉིས། །དེ་ནང་ཆུ་སྐྱེས་འདབ་བརྒྱད་མཛེས་པའི། །དབུས་ཀྱི་སུམ་ཆ་གེ་སར་སྡོང་ བུ། །ཀཻ་ལ་ཤ་ཡི་རི་བོར་རབ་གྲགས། །དྲི་ཞིམ་མེ་ཏོག་འབྲས་བུ་མང་ལྡན། །རྣམ་མང་ལྗོན་ པའི་དྲྭ་བས་ལེགས་བརྒྱན། །རིན་ཆེན་སྨན་མཆོག་གྲུབ་པའི་རོལ་གར། །ཡན་ལག་བརྒྱད་ པའི་འབབ་ཆུ་མང་ལྡན། །རྨད་བྱུང་རྣམ་པའི་མཆོག་ཀུན་ཡོངས་རྫོགས། །རབ་མཛེས་ ཟླུམ་ཞིང་མཐོང་བའི་སྟེང་ན། །ཤམ་བྷ་ལར་གྲགས་ཐུབ་མཆོག་གི་གནས། །གྲོང་ནི་བྱེ་བ་ ལྷག་པར་གནས་པའི། །གཙོ་བོ་དཔལ་ལྡན་ཀ་ལཱ་པ་སྟེ། །ཆུ་ཞེང་ཐ་གྲུར་དཔག་ཚད་བཅུ་ གཉིས། །གསེར་དང་རིན་ཆེན་སྣ་ཚོགས་ཀྱིས་སྤྲས། །ཐེག་མཆོག་ཆོས་ཀྱི་དགའ་བདེ་དང་ ལྡན། །འཕགས་པའི་ཕོ་བྲང་མཆོག་དེར་ཕྱག་འཚལ། །དེ་ཡི་ལྷོར་ཡང་དེ་དང་མཉམ་ པའི། །མ་ལ་ཡ་ཡི་ཚལ་གྱི་དབུས་ན། །རྒྱལ་བ་བསྐྱེད་མཛད་དུས་ཀྱི་འཁོར་ལོ། །དཀྱིལ་ 8-1-601 འཁོར་རིན་ཆེན་ལྔ་ལ་ཡོངས་རྫོགས། །ཀུན་ནས་ཁྲུ་ནི་བརྒྱ་ཕྲག་བཞི་པ། །ཕྱི་རོལ་རྡོ་རྗེ་ འཕྲེང་བའི་རྒྱར་ཡང༌། །ཁྲུ་མཆོག་བརྒྱ་ཕྲག་བཅུ་གཉིས་དང་ལྡན། །དྲི་མེད་འོད་འཕྲོ་དེ་ ལ་ཕྱག་འཚལ། །དེ་ཡི་ཤར་ན་ཉེ་བའི་ཡིད་དང༌། །ནུབ་ན་པད་མ་དཀར་པོ་མཚོ་ ཡོད། །དེ་ཙམ་དྲི་ཞིམ་བསིལ་བའི་ཆུས་གང༌། །དྲི་ཞིམ་མེ་ཏོག་རྣམ་མང་གིས་ དཀྲིས། །མཛེས་པའི་བྱ་ཚོགས་སྐད་སྙན་སྒྲོགས་ལྡན། །སྤོས་དང་མེ་ཏོག་འབྲས་བུ་ཤིང་ སོགས། །ལྷ་བས་ལྷག་པའི་འབྱོར་བ་མང་ལྡན། །ཀཻ་ལ་ཤ་ཡི་རི་བོར་ཕྱག་འཚལ། །ཕྱི་རོལ་ པད་འདབ་སོ་སོར་གྲོང་ནི། །བྱེ་བ་བཅུ་གཉིས་མཉམ་པར་ལེགས་བཀོད། །དེ་ལྟར་བྱེ་བ་ དགུ་བཅུ་དྲུག་གི །མི་བདག་རིན་ཆེན་ཅོད་པན་བཅིངས་པ། །དགུ་བཅུ་དྲུག་གི་གཙུག་ གི་ནོར་བུའི། །འོད་ཟེར་ཚོགས་ཀྱིས་ཞབས་ལ་གཏུགས་གང༌། །འདས་པའི་ཆོས་རྒྱལ་ཉི་ མའི་འོད་ཟེར། །བགེགས་ཀུན་མཐར་བྱེད་ཞབས་ལ་ཕྱག་འཚལ། །དེ་སྲས་དབང་ལྡན་ཟླ་ བ་བཟང་པོ། །རྒྱལ་བ་ཀུན་གྱི་གསང་པའི་མཛོད་མཛིན། །རྩ་བའི་རྒྱུད་ཆེན་གསོལ་བ་ འདེབས་མཛད། །ཕྱག་ན་རྡོ་རྗེའི་ཞབས་ལ་ཕྱག་འཚལ། །དེ་ཡི་རིགས་ལ་སྤྲུལ་སྐུའི་ཕྲེང་ བ། །ས་ཡི་སྙིང་པོས་ས་འཛིན་ལྷ་དབང༌། །གཤིན་རྗེ་མཐར་བྱེད་གཟི་བརྗིད་ཅན་ དང༌། །སྒྲིབ་ཀུན་རྣམ་སེལ་མི་དབང་ཟླས་བྱིན། །ཤེས་རབ་མཐར་བྱེད་ལྷ་ཡི་དབང་ ཕྱུག །པད་མ་མཐར་བྱེད་སྣ་ཚོགས་གཟུགས་དང༌། །ནམ་མཁའི་སྙིང་པོ་ལྷ་ཡི་དབང་ ལྡན། །ཐམས་ཅད་མཚུངས་པར་ལོ་བརྒྱ་དག་ཏུ། །ནོར་བུ་ཆེན་པོ་སེང་གེའི་ཁྲི་ ལ། །དཔལ་ལྡན་རྩ་བའི་རྒྱུད་ཆེན་སྟོན་མཛད། །རབ་མཆོག་ཡོན་ཏན་མཐའ་ཡས་གཏེར་ མངའ། །ས་བཅུའི་དབང་ཕྱུག་རྣམས་ལ་ཕྱག་འཚལ། །དེ་དག་རིགས་ལས་འཇམ་པའི་རྡོ་ རྗེ། །རྡོ་རྗེའི་རིགས་ཀྱིས་རིགས་ཀུན་གཅིག་མཛད། །དེ་ཕྱིར་དཔལ་ལྡན་གྲགས་པ་རིགས་ ལྡན། །རྒྱུད་རྒྱལ་སྡུད་པར་མཛད་ལ་ཕྱག་འཚལ། །དེ་སྲས་རྒྱལ་བ་ཀུན་གྱི་ཐུགས་ རྗེ། །འཇིག་རྟེན་དབང་ཕྱུག་པད་མ་དཀར་འཛིན། །རྒྱ་ཆེན་འགྲེལ་མཛད་སྐྱོབ་པ་མཆོག་ དེའི། །ཞབས་པད་དྲི་མ་མེད་ལ་ཕྱག་འཚལ། །རིགས་ལྡན་རིགས་ལ་རྒྱུད་རྒྱལ་སྟོན་ མཛད། །གཤིན་རྗེ་གཤེད་སོགས་ཁྲོ་རྒྱལ་རྣམ་བཅུ། །དེ་བར་དག་ཏུ་ཞི་བའི་རྒྱལ་ 8-1-602 སྲས། །ས་ཡི་སྙིང་པོ་ལ་སོགས་བཅུ་གསུམ། །བཟང་པོ་རྣམ་རྒྱལ་བཤེས་གཉེན་བཟང་ པོ། །མི་དབང་ཕྱག་དམར་ཁྱབ་འཇུག་སྦས་པ། །ཉི་མ་གྲགས་དང་ཤིན་ཏུ་བཟང་པོ། །རྒྱ་ མཚོ་རྣམ་རྒྱལ་རྒྱལ་དཀའ་ཉི་མ། །སྣ་ཚོགས་གཟུགས་དང་ཟླ་འོད་མཐའ་ཡས། །ས་སྐྱོང་ དཔལ་སྐྱོང་སེང་གེའི་རྣམ་གནོན། །སྟོབས་ཆེན་མ་འགགས་མི་ཡི་སེང་གེ །དབང་ཕྱུག་ ཆེན་པོ་མཐའ་ཡས་རྣམ་རྒྱལ། །ལྷ་དབང་དྲག་པོའི་རིགས་ལྡན་དག་སྟེ། །ལྷ་མིན་ཀླ་ཀློའི་ རིགས་ལ་འཇིགས་སྟེར། །དམ་པ་རྣམས་ལ་ཞི་བའི་རང་བཞིན། །མཚན་དང་དཔེ་བྱད་ བཟང་པོས་ལེགས་བརྒྱན། །སྤྱན་དང་མངོན་པར་ཤེས་པ་ལྔ་སོགས། །དབང་ཕྱུག་དམ་ པའི་ཡོན་ཏན་ཀུན་རྫོགས། །ཆོས་ཀྱི་འོད་རྒྱས་འཇིག་རྟེན་སྣང་མཛད། །སེམས་དཔའ་ ཆེན་པོ་རྣམས་ལ་ཕྱག་འཚལ། །དྲག་པོའི་སྲས་ནི་ཚངས་པ་ལྷ་དབང༌། །རྒྱབ་དང་མདུན་ གྱི་དུམ་བུར་ཆོས་སྟོན། །དཔལ་ལྡན་འཇམ་དབྱངས་འཇིག་རྟེན་མགོན་པོ། །རྣམ་འཕྲུལ་ བསམ་མི་ཁྱབ་ལ་ཕྱག་འཚལ། །དེ་ནས་འོད་སྲུང་ལ་སོགས་བརྒྱད་དེ། །མི་བདག་ འཕགས་པ་ཐུན་མོང་པ་རྣམས། །འགྲོ་ལ་ལྷག་པར་ཆོས་ལམ་སྟོན་མཛད། །དེ་དག་ཀུན་ ལ་ཕྱག་འཚལ་སྐྱབས་མཆི། །དེ་ལྟར་མི་དབང་འཁོར་ལོ་ཅན་དང༌། །འཁོར་ལོ་ཕྱེད་ཅན་ དུམ་བུ་ཅན་གྱིས། །བདག་ཅག་མི་ཤེས་མུན་པར་ཞུགས་རྣམས། །འཇིགས་རུང་འཁོར་བ་ འདི་ལ་སྐྱོབ་ཅིག །ཀུན་ནས་ཉོན་མོངས་བདུད་ཀྱི་དབང་སོང༌། །ལས་ཀྱི་ཞགས་པས་ བཅིངས་པ་བདག་ཀྱང༌། །མི་བཟད་འཁོར་བའི་སྡུག་བསྔལ་དྲན་པས། །ལྷག་པར་ཁྱོད་ལ་ སྐྱབས་སུ་མཆིའོ། །དེ་དག་ཀུན་དང་རྗེས་མཐུན་འཕྲིན་ལས། །རྒྱུད་དོན་སྙིང་པོ་ཕྱོགས་ སུ་གསལ་མཛད། །དུས་ཞབས་ནཱ་རོ་ཤ་བ་རི་སོགས། །རྒྱ་བོད་མཁས་གྲུབ་རྣམས་ལ་ཕྱག་ འཚལ། །གཞན་ཡང་ཕྱོགས་རྣམས་གང་ན་གང་བཞུགས། །རྒྱལ་བ་སྲས་དང་སློབ་མར་ བཅས་རྣམས། །སྡོམ་བརྩོན་རྣམ་འབྱོར་སྤྱོད་པ་རྣམས་དང༌། །ཕྱག་འོས་མཆོད་འོས་ཀུན་ ལ་ཕྱག་འཚལ། །རབ་འབྱམས་ཞིང་ན་མཆོད་པའི་བྱེ་བྲག །ཡིད་འོང་བདག་གིར་མ་ གཟུང་གང་མཆིས། །མོས་པས་བཀོད་པའི་མཆོད་སྤྲིན་དང་བཅས། །རྣམ་གསུམ་དག་ པས་གཏན་དུ་དབུལ་བགྱི། །ཐོག་མེད་དུས་ནས་ད་ལྟའི་བར་དུ། །སྡིག་གྲོགས་ཉོན་ 8-1-603 མོངས་ལས་ཀྱི་དབང་གྱུར། །བདག་གིས་སྡིག་པ་གང་བགྱིས་དེ་ཀུན། །རང་གནོན་འགྱོད་ པས་སོ་སོར་བཤགས་སོ། །དགེ་བ་ཀུན་ལ་རྗེས་སུ་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་ བར་བསྐུལ་ཞིང༌། །མྱ་ངན་མི་འདའ་བཞུགས་པར་བདག་གསོལ། །དེང་ནས་ཁྱོད་ཀྱི་ བྲན་དུ་བདག་མཆི། །དེ་ཚེ་ཁྱོད་ཀྱིས་ཡོངས་སུ་བཟུང་ནས། །བདག་ཀྱང་འཁོར་བའི་ སྡུག་བསྔལ་ཞི་སླད། །རིན་ཆེན་བྱང་ཆུབ་སེམས་ལེགས་བཟུང་ནས། །ཁྱོད་ཀྱི་རྗེས་སུ་ འཇུག་པར་བགྱིའོ། །དེ་ལྟར་དད་པས་དམ་པ་རྣམས་ལ། །མཆོད་ཅིང་བསྟོད་དེ་སྐྱབས་ སུ་སོང་ལ། །དགེ་བ་གང་སྐྱེས་གཞན་གྱི་དོན་སླད། །ཚོགས་གསུམ་མི་ཉམས་འཕེལ་བའི་ ཕྱིར་བསྔོ། །གང་ཚེ་ལུས་སེམས་བྲལ་བ་དེ་ཚེ། །འགྱོད་དང་གཡེང་ཚེ་འགྱོད་པ་མེད་ ཅིང༌། །ཕྱག་རྒྱ་ཆེ་ལ་མ་གཡོས་བཞིན་དུ། །དད་དང་དགའ་དང་སྤྲོ་བ་བརྟན་པོས། །ངེས་ པར་དཔལ་ལྡན་ཀ་ལཱ་པར་སོང༌། །ཙན་དན་ཚལ་གྱིས་གཞལ་མེད་ཁང་དུ། །རིགས་ལྡན་ རྒྱལ་བས་བྱིན་གྱིས་བརླབས་ནས། །སྐད་ཅིག་དེ་ལ་གྲོལ་བར་གྱུར་ཅིག །དེ་ལྟར་དུས་ཀྱི་ འཁོར་ལོའི་དྲིན་ལས། །འགྱུར་མེད་ཕྱག་རྒྱ་ཆེན་པོ་གྲུབ་ནས། །ཕྱོགས་བཅུར་གཅིག་ཆར་ རྣམ་འཕྲུལ་དུ་མས། །གཉིས་སུ་གཞན་གྱི་དོན་ལ་བརྩོན་འགྱུར། །གཞན་ཡང་དེང་ནས་ སྐྱེ་བ་ཀུན་ཏུ། །དད་བརྩོན་ཤེས་རབ་སྙིང་རྗེ་ཆེ་ལྡན། །ལྷག་བསམ་རྣམ་དག་ཤིན་ཏུ་ཡིད་ གཞུངས། །སྙིང་སྟོབས་མཆོག་ལྡན་འཚོ་བ་ཡོངས་དག །འཕགས་པ་དགྱེས་པའི་ཚུལ་ ཁྲིམས་ལ་གནས། །བཤེས་གཉེན་དམ་པ་རྣམས་ཀྱིས་རྗེས་བཟུང༌། །མང་དུ་ཐོས་པ་དྲི་ མེད་དང་ལྡན། །ཏིང་འཛིན་མཆོག་ཐོབ་སེམས་ལ་དབང་བསྒྱུར། །གཟུགས་དང་སྤོབས་ པ་མངོན་ཤེས་ལྔ་སོགས། །ཡོན་ཏན་ཀུན་ལྡན་བསླབ་གསུམ་དག་ལས། །ཟག་མེད་རང་ བྱུང་ཐམས་ཅད་མཁྱེན་པའི། །ཆོས་ཀུན་ཡོངས་སུ་རྫོགས་པར་བགྱི་སླད། །ཕ་རོལ་ཕྱིན་ བཅུ་རྡོ་རྗེའི་རྣལ་འབྱོར། །ཀུན་ནས་རྟག་ཏུ་སྤྱོད་པར་གྱུར་ཅིག །དཀོན་མཆོག་གསུམ་གྱི་ བདེན་པ་ཆེན་པོས། །སྨོན་ལམ་འདི་དག་ཡིད་བཞིན་འགྲུབ་ཤོག །རྒྱ་བོད་མཁས་པས་ སྔོན་ཆད་མ་རྙེད་པའི། །ཤམ་བྷ་ལ་དང་དཔལ་ལྡན་ཀཻ་ལ་ཤའི། །གནས་ཚུལ་ཇི་བཞིན་ བདག་གི་སྐལ་བས་རྙེད། །རིང་མོ་ཞིག་ཏུ་སེམས་ལ་དགའ་བས་ཁྱབ། །གནས་དང་སྟོན་ 8-1-604 འཁོར་ཆོས་ལ་དད་པ་ཐོབ། །ལུས་འདི་བོར་ཚེ་ཞིང་དེར་རིགས་ལྡན་གྱི། །སྲས་སུ་འགྱུར་ ཞེས་སྨོན་པའི་ཚིག་ཤོར་ཅིང༌། །རང་གཞན་དོན་དུ་དམ་པས་བསྐུལ་ཕྱིར་བཀོད། །འདི་ ནི་སྔོན་ཆད་འདི་བཞིན་མ་གྲགས་པས། །རེས་འགའི་ཐུགས་ལ་འགལ་ཏེ་མ་འཚལ་ ན། །སྔར་གྱི་བག་ཆགས་ངན་པ་ཡོངས་དོར་ལ། །གཟུ་བོའི་བློ་ཡིས་རྒྱུད་འགྲེལ་ཆེ་ལ་ གཟིགས། །ཞེས་པ་སྤྲང་པོ་དོལ་པོ་པས། དོན་ལ་རྟོན་པ་ཉིད་ལ་བརྟེན་ནས། གོ་སླ་བར་ སྦྱར་བའོ།། །།ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-605 ༄༅། །ཤམ་བྷ་ལའི་བསྟོད་པ་ཆུང་བ་བཞུགས་སོ། ། 8-1-606 ༄༅། །ཤམ་བྷ་ལའི་བསྟོད་པ་ཆུང་བ་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཚོགས་གཉིས་ཟུང་འཇུག་ཤིན་ཏུ་ལེགས་ གོམས་པས། །སྐུ་གཉིས་ཟུང་འཇུག་ཀུན་ནས་འགྲུབ་གྱུར་ཏེ། །དོན་གཉིས་ཟུང་འཇུག་ མཐར་ཕྱིན་བཅོམ་ལྡན་འདས། །དབྱེར་མེད་ཟུང་འཇུག་བླ་མ་རྣམས་ལ་འདུད། །ལས་ཀྱི་ ས་འདིར་འཛམ་གླིང་ཆུང་ངུའི་ཕྱེད། །བྱང་གི་ཆ་ལ་ལྷ་ཡིས་བཀོད་པའི་ཞིང༌། །རབ་ མཆོག་གངས་རིས་ཀུན་ནས་བསྐོར་བའི་དབུས། །ཆུ་སྐྱེས་འདབ་བརྒྱད་ལྟེ་བར་ཀཻ་ལ་ ཤ །ཟླུམ་ཞིང་མཐོ་བའི་སྟེང་ན་ཀ་ལཱ་པ། །ཙན་དན་ཚལ་དབུས་རྒྱལ་བའི་གཞལ་མེད་ ཁང༌། །ཉེ་བའི་ཡིད་དང་པད་དཀར་མཚོ་ལ་སོགས། །ཕུན་ཚོགས་མང་ལྡན་ཤམ་བྷ་ལར་ ཕྱག་འཚལ། །ཕྱི་རོལ་པད་འདབ་བརྒྱད་ལ་མཚུངས་པར་གྲོལ། །བྱེ་བ་བཅུ་གཉིས་མཉམ་ པར་ལེགས་བཀོད་སླད། །གྲོང་ནི་བྱེ་བ་དགུ་བཅུ་རྩ་དྲུག་གིས། །མི་བདག་རིན་པོ་ཆེ་ཡི་ ཅོད་པན་ཅན། །དགུ་བཅུ་དྲུག་གིས་གཙུག་ནི་ནོར་བུ་ཡི། །འོད་ཟེར་ཚོགས་ཀྱིས་ཞབས་ པད་ལ་གཏུགས་གང༌། །ཤཱཀྱའི་རིགས་འཁྲུངས་ཆོས་རྒྱལ་ཉི་མའི་འོད། །ཟླ་བ་བཟང་པོ་ ལྷ་དབང་གཟི་བརྗིད་ཅན། །ཟླས་བྱིན་ལྷ་ཡི་དབང་ཕྱུག་སྣ་ཚོགས་གཟུགས། །ལྷ་ཡི་དབང་ ལྡན་གྲགས་པས་པད་དཀར་འཛིན། །བཟང་པོ་རྣམ་རྒྱལ་བཤེས་གཉེན་བཟང་པོ་ དང༌། །ཕྱག་དམར་ཁྱབ་འཇུག་སྦས་པ་ཉི་མ་གྲགས། །ཤིན་ཏུ་བཟང་པོ་རྒྱ་མཚོ་རྣམ་རྒྱལ་ དང༌། །རྒྱལ་དཀའ་ཉི་མ་དེ་བཞིན་སྣ་ཚོགས་གཟུགས། །ཟླ་བའི་འོད་དང་མཐའ་ཡས་ས་ སྐྱོང་དང༌། །དཔལ་སྐྱོང་སེང་གེ་རྣམ་གནོན་སྟོབས་པོ་ཆེ། །མ་འགགས་མི་ཡི་སེང་གེ་ དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་དྲག་པོ་རིགས་ལྡན་ཏེ། །སུམ་ཅུ་རྩ་གཉིས་མཚན་ གྱི་ཡན་ལག་རྫོགས། །དཔེ་བྱད་བརྒྱད་ཅུས་ལེགས་སྤྲས་དབང་ཕྱུག་གིས། །ཡོན་ཏན་ཀུན་ རྫོགས་རྒྱུད་ཆེན་ཞུ་བར་མཛད། །བསྡུས་མཛད་འགྲེལ་མཛད་རྒྱ་ཆེར་སྟོན་པར་ མཛད། །རིགས་ཀུན་གཅིག་མཛད་ཀླ་ཀློའི་ཆོས་མཐར་མཛད། །ས་བཅུའི་དབང་ཕྱུག་ 8-1-607 རྣམས་ལ་ཕྱག་འཚལ་ལོ། །དེ་བཞིན་སླར་ཡང་ཚངས་པ་ལྷ་དབང་གཉིས། །འོད་སྲུང་ སོགས་བརྒྱད་དེ་ལྟར་འཁོར་ལོ་ཅན། །འཁོར་ལོ་ཕྱེད་ཅན་དུམ་བུ་ཅན་ལ་ སོགས། །འཕགས་པ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །དེང་ནས་བཟུང་སྟེ་སྐྱེ་བ་ཀུན་ ཏུ་བདག །སྲིད་པའི་འཇིགས་འཕྲོག་ཁྱེད་ཞབས་ཆུ་སྐྱེས་ཀྱིས། །རྡུལ་གྱི་ཅོད་པན་སྤྱི་བོས་ ལེགས་འཛིན་ཅིང༌། །རབ་མཆོག་ཞལ་གྱི་བདུད་རྩི་འཐུང་བར་ཤོག །ཚུལ་འདི་གང་གིས་ མཐོང་ཐོས་དྲན་པ་དང༌། །དད་དང་ཁ་དོག་གཞན་ལ་སྟོན་ཏེ་ཡང༌། །ལམ་བཟང་རིན་ ཆེན་བསྒོམ་པའི་སྣོད་གྱུར་ཏེ། །ཆོས་རྒྱལ་རིགས་ལྡན་སྲས་ཀྱི་ཐུ་བོར་ཤོག །ཅེས་པ་འདི་ ཡང་བཙུན་པ་དོལ་པོ་པས་བཀོད་པའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-608 ༄༅། །ཤམ་བྷ་ལའི་ཞིང་བཀོད་ཀྱི་བསྟོད་པ་ བཞུགས་སོ། ། 8-1-609 ༄༅། །ཤམ་བྷ་ལའི་ཞིང་བཀོད་ཀྱི་བསྟོད་པ་ བཞུགས་སོ། ། ༄༅ །ཨོཾ་ཨཱཿཧཱུཾ་ཧོཿ གངས་རིའི་ཕྲེང་བས་ཀུན་ནས་བསྐོར་བའི་དབུས། །ཆུ་སྐྱེས་འདབ་ བརྒྱད་ལྟེ་བ་ཀཻ་ལ་ཤའི། །རི་བོའི་སྟེང་ན་ལྷ་ཡིས་བཀོད་པའི་གྲོང༌། །ཤམ་བྷ་ལ་ཡི་གཙོ་ བོ་ཀ་ལཱ་པར། །ཉེ་བའི་ཡིད་དང་པད་མ་དཀར་པོའི་མཚོ། །ཙནྡན་ནགས་དབུས་དཀྱིལ་ འཁོར་འཁོར་ལོ་དང༌། །ཕྱི་རོལ་པད་འདབ་སོ་སོར་གནས་པའི་གྲོང༌། །བྱེ་བ་དགུ་བཅུ་ རྩ་དྲུག་ལ་སོགས་པ། །སྔགས་ཀྱི་ཞིང་མཆོག་ཁྱད་འཕགས་དེར་བཞུགས་པའི། །ཆོས་རྒྱལ་ རིགས་ལྡན་ཡེ་ཤེས་ལྷ་ཚོགས་དང༌། །སྤྲུལ་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་སོགས། །མཆོད་ འོས་ཀུན་ལ་ཕྱག་འཚལ་སྐྱབས་མཆིའོ། །མངྒ་ལཾ། བྷ་ཝན་ཏུ། འདི་ཡང་བཙུན་པ་དོལ་པོ་ པས་ཤམ་བྷ་ལའི་བཀོད་པར་གསོལ་བ་བཏབ་པའི་བསྟོད་པའོ།། །། ༈ དགེ་བ་འདི་ཡིས་གློ་བུར་དྲི་མའི་ཚོགས། །སྲོག་དང་ཐུར་སེལ་རྩ་དང་ལྷན་ཅིག་ ཏུ། །འཇོམས་པར་ནུས་པའི་ཐབས་ཟབ་ལ་བརྟེན་ནས། །གཞན་མཆོག་བདེ་གཤེགས་ སྙིང་པོ་མྱུར་ཐོབ་ཤོག །ཅེས་པ་འདི་ནི་རྟོན་པ་བཞི་ལྡན་གྱིས་སྨོན་ལམ་མཛད་ པའོ།། །།དར་རྒྱས་འཕེལ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-610 ༄༅། །རྒྱལ་སྲས་ལག་ལེན་བཞུགས་སོ། ། 8-1-611 ༄༅། །རྒྱལ་སྲས་ལག་ལེན་བཞུགས་སོ། ། ༄༅། །བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྲས་ཀྱིས་ལག་ ལེན་འགའ་ཞིག་ནི། །འདིར་བརྗོད་གྱུར་ནས་བདག་སོགས་མ་རིག་བློ། །རབ་རིབ་ཀུན་ སེལ་ཡེ་ཤེས་སྒྲོན་མེའི་མཆོག །མར་མེ་སྣང་མཛད་དེ་ལ་ཕྱག་འཚལ་ལོ། ། ཡང་དག་ལྟ་དང་བྲལ་ནས་དགེ་བས་ཀྱང༌། །རྫོགས་པའི་བྱང་ཆུབ་ཐོབ་པ་མི་སྲིད་ པས། །གནས་ལུགས་འཁྲུལ་ལུགས་འཁྲུལ་སྤོང་ཐབས་མཆོག་ཀུན། །རྟོགས་པར་བྱེད་པ་ རྒྱལ་སྲས་ལག་ལེན་ཡིན། །དམ་ཚིག་ཉམས་ན་དངོས་གྲུབ་མི་ཐོབ་ཅིང༌། །རྡོ་རྗེ་དམྱལ་ བར་གཏན་དུ་བསྲེག་འགྱུར་བས། །རང་གི་ལུས་སྲོག་བས་ཀྱང་གཅེས་པར་ནི། །དམ་ ཚིག་བསྲུང་བ་རྒྱལ་སྲས་ལག་ལེན་ཡིན། །སྲོག་ཐུར་ཉི་ཟླའི་རླུང་རྣམས་མ་འགགས་ ན། །གཟུང་འཛིན་རྣམ་རྟོག་འགག་པ་མི་སྲིད་ཅིང༌། །འགྱུར་མེད་བདེ་ཆེན་ཐོབ་པ་མི་ སྲིད་པས། །བྱེད་བཅིང་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །རླུང་སེམས་འཕོ་བའི་བག་ ཆགས་མ་འགགས་ན། །ཞུ་བདེ་འགྱུར་མེད་རྫོགས་པ་མི་སྲིད་ཅིང༌། །རང་བཞིན་ལྷན་ སྐྱེས་ཐོབ་པ་མི་སྲིད་པས། །སྦྱོར་དྲུག་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །རྡོ་རྗེའི་ཚིག་གི་ མདུད་པ་མ་གྲོལ་ན། །རྒྱུད་སྡེ་ཟབ་མོའི་ངེས་དོན་མི་རྙེད་ཅིང༌། །མདོ་མཆོག་རྣམས་ཀྱི་ དགོངས་པ་མི་ལོན་པས། །སེམས་འགྲེལ་སློབ་པ་རྒྱལ་སྲས་ལག་ལེན་ཡིན། །ལས་ཀྱི་རླུང་ རྣམས་དབུ་མར་མ་ཚུད་ན། །ལྟེ་བའི་གཏུམ་མོ་འབར་བ་མི་སྲིད་ཅིང༌། །སྤྱི་བོའི་ཧཾ་ཡིག་ ཞུ་བ་མི་སྲིད་པས། །ཉི་ཟླ་འཆིང་བ་རྒྱལ་སྲས་ལག་ལེན་ཡིན། །ཐིག་ལེ་འཆིང་བའི་ཐབས་ དང་མི་ལྡན་ན། །ལུས་སེམས་བདེ་བས་གང་བ་མི་སྲིད་ཅིང༌། །དགའ་བཞི་སྐུ་བཞི་ཐོབ་ པ་མི་སྲིད་པས། །འཛག་མེད་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན། །ལྟོས་མེད་རྣམ་བཞིས་ རང་རྒྱུད་ལེགས་སྦྱངས་ནས། །ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་བཞི། །བསྙེན་ བསྒྲུབ་རྣམ་བཞི་ཉིན་དང་མཚན་དུ་ནི། །རྒྱུན་དུ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། ། 8-1-612 ཞེས་པ་རྟོན་པ་བཞི་ལྡན་གྱིས་སྦྱར་བའོ། །བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ པར་གྱུར་ཅིག། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-613 ༄༅། །རང་གཞན་ཆོས་ལ་བསྐུལ་བ་ བཞུགས་སོ། ། 8-1-614 ༄༅། །རང་གཞན་ཆོས་ལ་བསྐུལ་བ་ བཞུགས་སོ། ། ༄༅། །རྗེ་བཙུན་བླ་མ་སྐུ་དྲིན་ཅན་རྣམས་ཀྱི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་ མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། ཁམས་གསུམ་ སྣོད་བཅུད་སྣང་གྲགས་ཆོས་འདི་རྣམས། །རི་བོང་རྭ་དང་ནམ་མཁའི་མེ་ཏོག་ བཞིན། །མོ་གཤམ་བུ་བཞིན་བྱེ་མའི་མར་ཁུ་བཞིན། །རུས་སྦལ་སྤུ་ཡི་གོས་བཞིན་གདོད་ ནས་མེད། །དེ་ཕྱིར་འདི་དག་ནམ་ཡང་སྐྱེ་འགག་མེད། །བདག་མེད་བདག་གི་མེད་ཅིང་ གཟུང་འཛིན་མེད། །ཡུལ་མེད་ཡུལ་ཅན་མེད་ཅིང་གཟུང་འཛིན་མེད། །འགྲོ་འོང་འཕོ་ འགྱུར་མེད་ཅིང་མཚན་མ་མེད། །སྤྲོས་པ་མེད་ཅིར་རྣམ་པར་རྟོག་པ་མེད། །འཕེལ་ འགྲིབ་མེད་ཅིང་རྒྱུ་དང་འབྲས་བུ་མེད། །ནམ་མཁའ་བཞིན་དུ་ཅི་ཡང་མེད་པའི་ ཕྱིར། །གནས་ལུགས་ལ་ནི་སྣང་བ་ཙམ་དུའང་མེད། །དེ་ལྟར་མེད་ཀྱང་སེམས་ཅན་ འཁྲུལ་པ་ལ། །སྣ་ཚོགས་སྣང་བ་འདི་ནི་མེད་སྣང་སྟེ། །རྨི་ལམ་སྒྱུ་མ་སྨིག་རྒྱུ་དྲི་ཟའི་ གྲོང༌། །ཆུ་ཟླ་བཞིན་དུ་མེད་ཀྱང་ཡོད་པར་སྣང༌། །རབ་རིབ་ཅན་གྱི་མིག་གི་ནམ་མཁའ་ ལ། །སྐྲ་ཡི་དོག་པ་གཟིང་བར་མཐོང་བ་ལྟར། །རྣམ་པར་ཤེས་པའི་རབ་རིབ་རྒྱས་པ་ ཡི། །སྣང་གྲགས་འདི་དག་མེད་ཀྱང་ཡོད་པར་མཐོང༌། །དེ་ཕྱིར་ཡོད་པར་སྒྲོ་བཏགས་ འཁྲུལ་བར་ཟད། །འཁྲུལ་བའི་དབང་གིས་ལས་དང་ཉོན་མོངས་བསགས། །དེ་ཡི་འབྲས་ བུ་འགྲོ་བ་དྲུག་ཏུ་སྨིན། །དེ་ཕྱིར་འཁྲུལ་བ་ཇི་སྲིད་མ་ཟད་པར། །འཁྲུལ་སྣང་སྐྱེ་འཆིའི་ འཁོར་ལོ་ཟད་མི་སྲིད། །དབུགས་ཀྱི་རྒྱུན་འདི་ཇི་སྲིད་མ་འགགས་པར། །དེ་སྲིད་རྣམ་ ཤེས་རྒྱུན་འདི་འགག་མི་སྲིད། །སེམས་དང་སེམས་འབྱུང་རྒྱུན་འདི་མ་འགགས་ པར། །ཁམས་གསུམ་འཁྲུལ་སྣང་འདི་ཡང་འགག་མི་སྲིད། །དེ་ཕྱིར་སྡུག་བསྔལ་རང་ བཞིན་ཁམས་གསུམ་ལས། །འདའ་བར་འདོད་པས་རྣམ་གཡེང་ཀུན་སྤངས་ཏེ། །བླ་མ་ 8-1-615 དམ་པའི་ཞལ་གྱི་བདུད་རྩི་མཆོག །རྡོ་རྗེའི་རྣལ་འབྱོར་ཟབ་མོ་རབ་བསྒོམས་ན། །རླུང་ སེམས་ལྷན་ཅིག་འགྱུ་བའི་རྒྱུན་འདི་འགག །དེ་ཕྱིར་གཟུང་འཛིན་ཀུན་རྟོག་མཚན་མ་ དང༌། །སྤྲོས་པའི་ཚོགས་ཀུན་ངང་གིས་ཡལ་བའི་ཕྱིར། །འཁྲུལ་བ་འགགས་ཤིང་འཁྲུལ་ སྣང་དབྱིངས་སུ་ཡལ། །མ་ནོར་མ་འཁྲུལ་ཡང་དག་ཡེ་ཤེས་ཀྱི། །རྒྱ་མཚོ་ཆེན་པོ་ནང་ ནས་རྡོལ་བའི་ཕྱིར། །ཆོས་རྣམས་ཀུན་གྱིས་སྟོང་གཞི་ཆོས་ཀྱི་དབྱིངས། །གནས་ལུགས་ ཟབ་མོ་གང་ཡིན་མངོན་དུ་འགྱུར། །འཁྲུལ་ལུགས་འཁྲུལ་བའི་སྣང་བ་ནུབ་གྱུར་ ཀྱང༌། །མ་འཁྲུལ་ཡེ་ཤེས་སྣང་བ་མངོན་དུ་འགྱུར། །གློ་བུར་དྲི་མའི་སྣང་བ་ཡལ་གྱུར་ ཀྱང༌། །བདེ་གཤེགས་སྙིང་པོ་སྣང་བ་མངོན་དུ་འགྱུར། །གཞན་དབང་ཀུན་བཏགས་སྣང་ བ་ནུབ་གྱུར་ཀྱང༌། །ཆོས་ཉིད་ཡོངས་གྲུབ་སྣང་བ་མངོན་དུ་འགྱུར། །གཞན་བྱུང་རྣམ་ ཤེས་སྣང་བ་ཟད་གྱུར་ཀྱང༌། །རང་བྱུང་ཡེ་ཤེས་སྣང་བ་མངོན་དུ་འགྱུར། །ཆོས་ཅན་ཀུན་ རྫོབ་སྣང་བ་ནུབ་གྱུར་ཀྱང༌། །ཆོས་ཉིད་དོན་དམ་སྣང་བ་མངོན་དུ་འགྱུར། །སྡུག་བསྔལ་ འཁོར་བའི་སྣང་བ་ཡལ་གྱུར་ཀྱང༌། །བདེ་ཆེན་མྱང་འདས་སྣང་བ་མངོན་དུ་འགྱུར། །དེ་ ཕྱིར་ཡོད་མེད་མཐའ་ལས་འདས་པ་དང༌། །རྟག་དང་ཆད་པའི་མཐའ་གཉིས་བྲལ་བ་ དང༌། །སྒྲོ་འདོགས་སྐུར་འདེབས་མཐའ་གཉིས་སྤངས་པའི་དབུས། །རང་བཞིན་འོད་ གསལ་གཉུག་མ་ཕྱག་རྒྱ་ཆེ། །ལྷན་ཅིག་སྐྱེས་སྦྱོར་ཤིན་ཏུ་རྣལ་འབྱོར་ཆེ། །ཆོས་རྣམས་ ཀུན་གྱི་ཆོས་ཉིད་དེ་བཞིན་ཉིད། །སངས་རྒྱས་མཉམ་སྦྱོར་ཤེས་རབ་ཕ་རོལ་ཕྱིན། །གང་ གིས་ཐོས་པ་དེ་ལ་བདག་ཕྱག་འཚལ། །དེ་ཐོབ་སླད་དུ་ལམ་ལ་རབ་བརྩོན་པས། །མི་རྟག་ སྡུག་བསྔལ་བདག་མེད་མི་གཙང་ལུས། །སྤངས་ནས་གཙང་བདག་བདེ་དང་རྟག་པ་ ཡི། །ཆོས་སྐུ་ཐོབ་པར་མཛད་ལ་བདག་དང་ལགས། །དོན་མེད་འཇིག་རྟེན་བྱ་བ་རབ་ སྤངས་ནས། །མི་རྟོག་ཏིང་འཛིན་ཟབ་མོའི་ཆུ་རྒྱུན་གྱིས། །ཀུན་རྟོག་དྲི་མའི་ལྗན་ལྗིན་མ་ ལུས་པ། །སྦྱོང་བར་གང་བརྩོན་དེ་ལ་བདག་ཉིད་དང༌། །བྱེད་པ་བཅིངས་པའི་ཐབས་ མཆོག་དམ་པ་ཡིས། །འཕོ་བའི་ཆགས་པ་མ་ལུས་སྤོང་བ་དང༌། །འཕོ་མེད་ཆགས་ཆེན་ ཀུན་ནས་རྒྱས་པ་ཡིས། །ཞུ་བདེ་འགྱུར་མེད་རྫོགས་ལའང་བདག་དང་ལགས། །མ་རྟོགས་ 8-1-616 འགྲོ་ཀུན་དྲིན་ཅན་ཕ་མ་དང༌། །སངས་རྒྱས་སྙིང་པོ་ཅན་དུ་ལེགས་རྟོགས་ནས། །བཟོད་ མེད་སྙིང་རྗེས་བདག་གཞན་བརྗེ་བ་དང༌། །སྟོན་པ་བཞིན་དུ་མཆོད་ལའང་རྗེས་ཡི་ རང༌། །དེ་ལྟར་བདག་གཞན་མཉམ་པར་ཤེས་པ་ཡི། །རང་གིས་ཉམས་ལ་རྗེས་སུ་ དཔགས་ནས་ནི། །གཞན་ལ་གནོད་པ་མཐའ་དག་སྤོང་བ་དང༌། །ཀུན་ལ་ཕན་པ་བསྒྲུབ་ ལའང་རྗེས་ཡི་རང༌། །ལོངས་སྤྱོད་ཆེད་དུ་ཆོས་མིན་མི་སྤྱོད་ཅིང༌། །ཆོས་མཐུན་ངང་ནས་ བྱུང་བའི་ལོངས་སྤྱོད་རྣམས། །ཞིང་བཟང་གཉིས་ལ་བཏབ་ན་ཚོགས་གཉིས་ཀྱིས། །ལོ་ ཏོག་རྒྱས་པར་མཛད་ལའང་ཐལ་མོ་སྦྱོར། །འཁོར་ལོས་སྒྱུར་རྒྱལ་ཐོབ་ནས་དོར་བ་ ལྟར། །ལུས་དང་ལོངས་སྤྱོད་ཕུན་ཚོགས་ཐོབ་གྱུར་ཀྱང༌། །སྐད་ཅིག་ཙམ་གྱིས་འདོར་ བར་རབ་ཤེས་ནས། །སྙིང་པོ་ལེན་པར་མཛད་ལའང་བདག་ཡིད་རང༌། །གཉེན་དང་ གྲོགས་བཤེས་འཁོར་དང་དབང་ཕྱུག་སོགས། །འཇིག་རྟེན་དཔལ་འབྱོར་ཕུན་སུམ་ ཚོགས་གྱུར་ཀྱང༌། །འཁོར་བར་འཆིང་བྱེད་ཉིད་དུ་རྟོགས་གྱུར་ནས། །དབེན་པར་རྩེ་ གཅིག་སྒྲུབ་ལའང་རྗེས་ཡིད་རང༌། །དགེ་བའི་རྩ་བ་གཞན་གྱིས་བྱས་མཐོང་ངམ། །ཐོས་ དང་དྲན་ལས་ཕྲག་དོག་མི་བྱེད་པར། །བསམ་པ་ཐག་པས་རྗེས་སུ་ཡི་རང་བར། །མཛད་ པ་ཀུན་ལའང་ཐལ་མོ་སྦྱར་སྙིང་འདོད། །ཅེས་པ་འདི་རྟོན་པ་བཞི་ལྡན་གྱིས་རང་གཞན་ ཆོས་ལ་བསྐུལ་བའོ།། །། མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང༌། གཞན་ དཔེ་རྙིང་གདོང་རྟགས་མེད་པ་ཅན་དང༌། འཛམ་ཐང་པར་མ་ཡིན།) 8-1-617 ༄༅། །བར་སྐབས་སུ་ཐོར་བུ་བརྗོད་པ་ བཞུགས་སོ། ། 8-1-618 ༄༅། །བར་སྐབས་སུ་ཐོར་བུ་བརྗོད་པ་ བཞུགས་སོ། ། ༄༅། །རྗེ་བཙུན་བླ་མ་སྐུ་དྲིན་ཅན་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཡིད་བཞིན་ ནོར་བུ་ལྟ་བུ་ཆོས་ཀྱི་སྐུ། །རང་བཞིན་འོད་གསལ་བདེ་བ་ཆེན་པོའི་དབྱིངས། །མཁའ་ ལྟར་ཀུན་ལ་ཁྱབ་པར་བཞུགས་མོད་ཀྱང༌། །རྣམ་ཤེས་རྟོག་པས་མཐོང་བར་ནུས་མ་ ཡིན། །དེ་ཕྱིར་མི་རྟོག་ཏིང་འཛིན་བསྒོམ་པ་ལ། །མགོ་བོའི་མེ་གསོད་ལྟ་བུར་བརྩོན་པར་ རིགས། །རྡོ་རྗེ་རྣལ་འབྱོར་བསྒོམ་པའི་བློ་ཡོད་ཀྱང༌། །བདུད་ཀྱི་བར་ཆད་མང་དུ་འབྱུང་ བའི་ཕྱིར། །ཞེན་ཆགས་ཐམས་ཅད་བདུད་དུ་ཤེས་བྱས་ནས། །ཆགས་མེད་རི་ཁྲོད་དབེན་ པར་བསམ་གཏན་གྱིས། །བདེ་བ་དམ་པ་རྒྱུན་དུ་སྤེལ་བྱེད་ན། །བདུད་ཀྱི་ཡུལ་ལས་ འདས་པའི་བདེ་ཆེན་འཐོབ། །རིགས་མཐུན་ལྷན་ཅིག་ཚོགས་པའི་གཉེན་བཤེས་ ཀྱང༌། །སོ་སོར་གྱེས་ནས་སོ་སོའི་ལས་ལ་སྤྱོད། །ཕན་ཚུན་ཆགས་ཀྱང་བྲལ་བའི་ཆོས་ཅན་ ཏེ། །ནམ་ཞིག་ཕན་ཚུན་གསོད་པའི་དགྲར་ཡང་འགྱུར། །ཡིད་ལ་ཆགས་པའི་ལོངས་སྤྱོད་ སྣ་ཚོགས་ཀྱང༌། །ཟད་ཅིང་དེངས་པར་འགྱུར་བའི་ཆོས་ཅན་ཏེ། །རབ་ཏུ་འབད་པས་ བསགས་དང་བསྲུང་བྱས་ཀྱང༌། །ནམ་ཞིག་སྡིག་པའི་རྐྱེན་དུ་འགྱུར་བ་ཡིན། །མི་རྟོག་ཡེ་ ཤེས་ཆེན་པོ་གཉེན་གྱི་མཆོག །གང་ཡང་སྒྱུ་མར་ཤེས་པ་བཤེས་ཀྱི་མཆོག །ཆོག་ཤེས་ གཏེར་སྒོ་ཕྱེད་པ་ནོར་གྱི་མཆོག །ཟུང་འཇུག་ཏིང་འཛིན་ཟབ་མོ་ཟས་ཀྱི་མཆོག །ཡོད་ མེད་མཐའ་བྲལ་རྟོགས་པ་ལྟ་བའི་མཆོག །རླུང་སེམས་འགག་པའི་ཏིང་འཛིན་སྒོམ་པའི་ མཆོག །ཆགས་མེད་གཞན་ལ་ཕན་པ་སྤྱོད་པའི་མཆོག །རྒྱལ་བའི་སྐུ་གཉིས་ཐོབ་པ་ འབྲས་བུའི་མཆོག །དྲི་བཅས་དེ་བཞིན་ཉིད་དེ་གཞི་ཡི་མཆོག །རྣལ་འབྱོར་ཡན་ལག་ དྲུག་ནི་ལམ་གྱི་མཆོག །བྲལ་འབྲས་ཆོས་ཀྱི་སྐུ་ནི་འབྲས་བུའི་མཆོག །དེ་ལྟར་ཁོང་དུ་ ཆུད་པ་རྟོགས་པའི་མཆོག །ཀུན་རྫོབ་ཆོས་རྣམས་རང་རང་ངོ་བོས་སྟོང༌། །སྟོང་པའི་ 8-1-619 གཞི་ལ་དོན་དམ་ཆོས་སྐུ་བཞུགས། །ཀུན་རྫོབ་ཆོས་ཀུན་གདོད་ནས་ཅིར་ཡང་ མེད། །མེད་པའི་གཞི་ལ་དོན་དམ་ཆོས་སྐུ་བཞུགས། །ཀུན་རྫོབ་ཆོས་ཀུན་ངོ་བོ་ཉིད་ཀྱིས་ དབེན། །དབེན་པའི་གཞི་ལ་དོན་དམ་འོད་གསལ་བཞུགས། །དེ་ལྟར་རྟོགས་ན་གཞི་ཡི་ གནས་ལུགས་དང༌། །བདེན་པ་གཉིས་ཀྱི་སྟོང་ཚུལ་རྟོགས་པ་ཡིན། །བདེན་པ་གཉིས་ལ་ རང་སྟོང་གཞན་སྟོང་དང༌། །མེད་པ་ཙམ་དང་མེད་པའི་གཞི་དང་ནི། །མེད་དགག་མ་ ཡིན་དགག་གི་ཁྱད་པར་སོགས། །ལེགས་པར་རྟོགས་ན་གནས་ལུགས་རྟོགས་པ་ ཡིན། །གནས་ལུགས་ཟབ་མོ་མཐར་ཐུག་ཆོས་ཉིད་ལ། །བདག་མེད་བདག་གི་མེད་ཅིང་ གཟུང་འཛིན་མེད། །ཡུལ་མེད་ཡུལ་ཅན་མེད་ཅིང་རྣམ་ཤེས་མེད། །སྐྱེ་མེད་འགག་མེད་ འགྲོ་འོང་འཕོ་འགྱུར་མེད། །སྐྱེ་རྒ་ན་འཆི་མེད་ཅིང་མཚན་མ་མེད། །སྤྲོས་པ་མེད་ཅིང་ རྣམ་པར་རྟོག་པ་མེད། །ལས་དང་ཉོན་མོངས་མེད་ཅིང་སྡུག་བསྔལ་མེད། །སྐྱོན་ཀུན་ མེད་པའི་གཞི་ནི་ཆོས་ཉིད་ཡིན། །སྟོབས་དང་མི་འཇིགས་མ་འདྲེས་ཆོས་ལ་ སོགས། །ཟག་མེད་མི་འབྲལ་བསམ་གྱིས་མི་ཁྱབ་པའི། །ཆོས་སྐུའི་ཡོན་ཏན་གང་གཱའི་ རྡུལ་ལས་ཀྱང༌། །འདས་པའི་ཡོན་ཏན་རྣམས་ཀྱི་ཆོས་ཉིད་ཡིན། །དེ་ལྟར་སྐྱོན་མེད་ཡོན་ ཏན་ལྡན་པ་དང༌། །སྤངས་པ་དང་ནི་རྟོགས་པ་ཕུན་སུམ་ཚོགས། །ངོ་བོ་ཉིད་ཀྱིས་ཚང་ བ་དེ་བཞིན་ཉིད། །རང་བཞིན་རྣམ་དག་མཁའ་ལྟར་གཞི་ལ་བཞུགས། །གློ་བུར་དྲི་མའི་ སྤྲིན་ཚོགས་འཐོར་བ་ལ། །མི་རྟོག་ཡེ་ཤེས་ཚོགས་ཀྱི་རླུང་ཆེན་དགོས། །དེ་ཡི་རྒྱུ་དང་ གྲོགས་སུ་བསོད་ནམས་ཚོགས། །རབ་ཏུ་སྤེལ་ཕྱིར་ལུས་དང་ལོངས་སྤྱོད་སོགས། །དྲི་མེད་ དགེ་བའི་ཕྱོགས་སུ་ལེགས་བསྒྱུར་ནས། །རྣམ་དག་སྨོན་ལམ་མཆོག་གིས་རྒྱས་བཏབ་ ན། །ཚོགས་གཉིས་རྫོགས་ཤིང་སྒྲིབ་པ་གཉིས་ཟད་ནས། །སྐུ་གཉིས་ཐོབ་སྟེ་དོན་གཉིས་ རྫོགས་པར་འགྱུར། །དེ་ལྟར་རྟོགས་ཤིང་ཉམས་སུ་ལེན་པ་རྣམས། །རིང་པོར་མི་ཐོགས་ ཆོས་ཀྱི་རྒྱལ་པོ་འགྱུར། །དེ་ཕྱིར་དེ་འདྲ་སུ་ལ་མངའ་བ་སྟེ། །ལྷར་བཅས་འགྲོ་བས་བཀུར་ བར་འོས་པ་ཡིན། །དེ་ལྟར་མ་རྟོགས་དེ་བཞིན་མི་བསྒྲུབ་པའི། །ལྷ་མི་ཡ་རབས་མཐོན་ པོར་སྐྱེས་གྱུར་ཅིང༌། །ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་གྱུར་ཀྱང༌། །མཐའ་མེད་ 8-1-620 འཁོར་བར་འཁྱམས་པ་སྙིང་རེ་རྗེ། །དགེ་བ་མི་བསྒྲུབ་སྡིག་པ་ངང་གིས་འཕེལ། །དོན་ མེད་འདུ་འཛི་ཉིན་མཚན་དུས་འདའ་བའི། །མི་དེ་དྲུང་དྲུང་འདྲ་ཡང་བླུན་པོའི་ མཆོག །སྒྲེན་མོ་ལག་སྟོང་འགྲོ་བ་སྙིང་རེ་རྗེ། །རྙེད་པར་དཀའ་བའི་དལ་འབྱོར་ལུས་ ཐོབ་ཅིང༌། །མཇལ་བར་དཀའ་བའི་ཆོས་དང་མཇལ་ནས་ཀྱང༌། །རྩེ་གཅིག་བསྒྲུབ་ལ་ ཉམས་ལེན་མི་བྱེད་ན། །ཕྱིས་ན་འགྱོད་པ་དྲག་པོ་སྐྱེས་པ་རེ། །དེ་ཕྱིར་ད་ནི་བདག་དང་ འགྲོ་བ་ཀུན། །དོན་མེད་འཇིག་རྟེན་བྱ་བ་ཀུན་སྤངས་ནས། །འདུ་འཛི་རྣམ་གཡེང་སྤྲོས་ པ་ཀུན་དོར་ཏེ། །ཚོགས་གཉིས་བྱ་བས་དུས་ཀུན་འདའ་བར་ཤོག །བྱེད་པ་བཅིང་བའི་ ཐབས་ཀྱི་རྒྱལ་པོ་ཡི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དབུགས་ཀྱི་རྒྱུན། །རྣམ་ཤེས་ཚོགས་དང་ ལྷན་ཅིག་རབ་འགགས་ནས། །བདེ་གསལ་མི་རྟོག་ཡེ་ཤེས་མྱུར་ཐོབ་ཤོག །རླུང་སེམས་ འཕོ་བའི་བག་ཆགས་རབ་འགགས་ཤིང༌། །འཕོ་མེད་བདེ་ཆེན་མཆོག་གི་སྐད་ཅིག་ མ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རབ་རྫོགས་ཏེ། །རང་བཞིན་ལྷན་སྐྱེས་མཁའ་ཁྱབ་མྱུར་ ཐོབ་ཤོག །ལུས་དང་ལོངས་སྤྱོད་འབྱུང་བ་ཆེ་རྣམས་ཀྱང༌། །རླབས་ཆེན་དགེ་བའི་ཚོགས་ སུ་ལེགས་བསྒྱུར་ཏེ། །གཞན་ལ་ཕན་པའི་སྤྱོད་པ་རླབས་ཆེན་གྱིས། །བསོད་ནམས་ཚོགས་ ཆེན་མྱུར་དུ་རྫོགས་བྱེད་ཤོག །སེམས་ཅན་རླབས་ཆེན་ཡོངས་སུ་སྨིན་པ་དང༌། །ཞིང་ ཁམས་རླབས་ཆེན་ཡོངས་སུ་སྦྱོང་བ་དང༌། །སྨོན་ལམ་རླབས་ཆེན་ཡོངས་སུ་རྫོགས་བྱས་ ནས། །གཞན་དོན་རླབས་ཆེན་རྟག་ཏུ་བྱེད་པར་ཤོག །ཅེས་གནས་ལུགས་ཟབ་མོ་ལ་ཤེས་ ནས་དད་པ་ཐོབ་ཀྱང་ལེ་ལོའི་གཞན་དབང་དུ་སོང་བ་གང་ཡིན་པ་དེ་བར་སྐབས་སུ་ ཐོར་བུར་བརྗོད་པའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ ཐང་པར་མ་ཡིན།) 8-1-621 ༄༅། །ལྷག་བསམ་བསྐུལ་བའི་མདོའི་ལུང་བཏུས་ བཞུགས་སོ། ། 8-1-622 ༄༅། །ལྷག་བསམ་བསྐུལ་བའི་མདོའི་ལུང་བཏུས་ བཞུགས་སོ། ། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །ལྷག་བསམ་བསྐུལ་བའི་མདོ་ལས། དེ་ནས་བཅོམ་ ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཡོན་ཏན་དེ་ བཞིན་གཤེགས་པས་གསུངས་པ་གང་ལགས་པ་འདི་དག་ལས་གང་གིས་སེམས་བསྐྱེད་ པ་གང་ཡང་རུང་བ་ཞིག་ཡིད་ལ་བགྱིད་ཅིང༌། དེ་བཞིན་གཤེགས་པ་ཚེ་དཔག་མེད་ ཡིད་ལ་བགྱིད་པ་དེ། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་ན། བཅོམ་ལྡན་འདས་ སེམས་བསྐྱེད་པ་དེ་དག་གང་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། །བྱམས་པ། སེམས་བསྐྱེད་པ་གང་གིས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བར་བྱེད་པ་དེ་ དག་ནི་བྱིས་པའི་སེམས་བསྐྱེད་པ་མ་ཡིན། སྐྱེས་བུ་དམ་པ་མ་ཡིན་པའི་སེམས་བསྐྱེད་པ་ མ་ཡིན། ཀུན་ནས་ཉོན་མོངས་པའི་སེམས་བསྐྱེད་པ་མ་ཡིན་ཏེ། བྱམས་པས་སེམས་ བསྐྱེད་པ་ནི་བཅུ་པོ་འདི་དག་ཡིན་ནོ། །བཅུ་གང་ཞེ་ན། བྱམས་པ། འདི་ལྟ་སྟེ། སེམས་ ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་ཞེ་འགྲས་པས་ནི་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་མི་ནུས་ཏེ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ བསྐྱེད་པ་དང༌། འཚེ་བ་ཡོངས་སུ་སྤངས་ཏེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་ བསྐྱེད་པ་དང༌། ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་བསྲུང་བའི་སེམས་བསྐྱེད་པ་ དང༌། ཟབ་མོའི་བཟོད་པ་ལས་ངེས་པར་གྱུར་པ་དམ་པའི་ཆོས་ལ་མངོན་པར་ཞེན་པའི་ སེམས་བསྐྱེད་པ་དང༌། རྙེད་དང་བཀུར་སྟིས་མ་གོས་པས་བསམ་པ་ཡོངས་སུ་དག་པའི་ 8-1-623 སེམས་བསྐྱེད་པ་དང༌། བརྗོད་པ་མེད་པས་ཐམས་ཅད་མཁྱེན་པ་ཉིད་ལ་རིན་པོ་ཆེར་ སེམས་བསྐྱེད་པ་དང༌། ཞུམ་པ་མེད་པས་སེམས་ཅན་ཐམས་ཅད་ལ་བླ་མ་བཞིན་དུ་གུས་ པའི་སེམས་བསྐྱེད་པ་དང༌། བྱང་ཆུབ་ཀྱི་ཡན་ལག་ངེས་པས་ཉེ་ཚེ་བའི་བསམ་གཏན་ གྱིས་རོ་མྱང་བར་མི་བྱ་བའི་སེམས་བསྐྱེད་པ་དང༌། མ་འདྲེས་པས་དགེ་བའི་རྩ་བ་རྣམ་ པ་སྣ་ཚོགས་ཀྱི་སེམས་བསྐྱེད་པ་དང༌། མཚན་མ་ཡོངས་སུ་སྤངས་ཏེ་སངས་རྒྱས་རྗེས་སུ་ དྲན་པའི་བསྒོམ་པའི་སེམས་བསྐྱེད་པ་སྟེ། བྱམས་པའི་སེམས་བསྐྱེད་པ་བཅུ་པོ་ནི་དེ་ དག་ཡིན་ཏེ། སེམས་བསྐྱེད་པ་བཅུ་པོ་དེ་དག་ལས་སེམས་བསྐྱེད་པ་གང་ཡང་རུང་བའི་ སེམས་བསྐྱེད་པ་གང་ཡིན་པ་དེ་ནི་སེམས་བསྐྱེད་པ་དེ་དང་ལྡན་ན་སངས་རྒྱས་ཀྱི་ཞིང་ དེར་སྐྱེ་བར་མི་འགྱུར་བ་དེ་ནི་གནས་མེད་དོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-624 ༄༅། །རང་གཞན་བདེ་བ་ཅན་དུ་སྐྱེ་བའི་ཐབས་ མཆོག་ ཅེས་བྱ་བ་བཞུགས་སོ། ། 8-1-625 ༄༅། །རང་གཞན་བདེ་བ་ཅན་དུ་སྐྱེ་བའི་ཐབས་མཆོག་ ཅེས་བྱ་བ་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ རང་གཞན་བདེ་བ་ཅན་དུ་སྐྱེ་བའི་ཐབས་ མཆོག་ཅེས་བྱ་བ། རྗེ་བཙུན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སངས་ རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །དགེ་སློང་ཆོས་ཀྱི་འབྱུང་གནས་ ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྗེ་བཙུན་སྤྱན་རས་ གཟིགས་དང་མཐུ་ཆེན་ཐོབ་ལ་སོགས་པ་འཕགས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་ སྐྱབས་སུ་སོང་ནས། འཕགས་པ་འོད་དཔག་མེད་ཀྱི་བཀོད་པའི་ལེའུའི་མདོ་སྡེ་ཟབ་མོ་ཁྱད་འཕགས་འདི་ འཆད་པ་ལ་སྤྱི་དོན་གསུམ་སྟེ། ཐོག་མར་མཚན་སྨོས་ཞིང་ཕྱག་འཚལ་བ། གཙོ་བོར་ གཞུང་གི་དོན་བཤད་པ་དངོས། ཞོར་ལ་གང་གིས་བསྒྱུར་བའི་ཚུལ་སྨོས་པའོ།། བར་པ་ལ་གསུམ། གླེང་གཞི་ཕུན་ཚོགས་བཤད་པ། གླེང་དོན་ཕུན་ཚོགས་བཤད་པ། དེ་ དག་ལ་རྗེས་སུ་ཡི་རང་བའོ། ། དང་པོ་ལ་བཞི། སྟོན་པ་དང་གནས་ཕུན་སུམ་ཚོགས་པ། འཁོར་ཆེན་པོས་བསྐོར་ནས་ བཞུགས་ཚུལ། ཞུ་བ་པོས་ཆོས་ཁྱད་འཕགས་ཞུས་ཚུལ། སྟོན་པས་གསུང་རབ་ཞལ་གྱིས་ བཞེས་པའོ། ། གཉིས་པ་ལ་གཉིས། ཉན་ཐོས་ཀྱི་དགེ་འདུན་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ གྱིས་བསྐོར་བའོ། ། གླེང་དོན་ཕུན་ཚོགས་བཤད་པ་ལ་བརྒྱད། སྔོན་གྱི་དུས་ན་ཇི་ལྟ་བུ་བྱུང་བའི་ཚུལ། ཁྱད་ པར་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་ཇི་ལྟར་མཛད་ཚུལ། དེའི་འབྲས་བུ་ཁྱད་ འཕགས་གྲུབ་ནས་ད་ལྟར་ཡང་གནས་ཚུལ། ཁྱད་འཕགས་དེ་འདྲར་སྐྱེ་བའི་ཐབས་ལ་ 8-1-626 འབད་པར་གདམས་པ། དེ་དག་གི་ཕན་ཡོན་རླབས་ཆེན་ཁྱད་འཕགས་བསྟན་པ། དེས་ ན་ཆོས་འདིས་གཟུང་བར་གདམས་ཤིང་ཡོངས་སུ་གཏད་པ། ཀུན་གྱི་དོན་བསྡུས་ནས་ མན་ངག་ཟབ་མོ་སྙིང་གཏམ་དུ་གདམས་པ། ཆོས་འདི་གསུངས་པའི་བྱིན་རླབས་ཀྱི་ རྣམ་འགྱུར་ཁྱད་འཕགས་མང་པོ་བྱུང་ཚུལ་ལོ། ། གཉིས་པ་ལ་ལྔ། སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ལ་བསྟོད་ཅིང་གསོལ་བ་ བཏབ་ཚུལ། སངས་རྒྱས་དེས་དེ་ལ་ཆོས་ཁྱད་འཕགས་བསྟན་ཚུལ། དེས་ཆོས་དེ་བཟུང་ ནས་སྨོན་ལམ་ཁྱད་འཕགས་བཏབ་ཚུལ། བཏབ་ནས་དོན་ཇི་ལྟར་བ་བཞིན་དུ་ལེགས་ པར་བསྒྲུབ་ཚུལ། གྲུབ་ནས་སངས་རྒྱས་ཐོབ་སྟེ་ད་ལྟ་ཡང་བཞུགས་ཚུལ་ལོ། ། གསུམ་པ་ལ་བདུན། ཞིང་ཁྱད་འཕགས་མང་པོའི་བཀོད་པ། ཞིང་གཅིག་ལས་བསྡུས་ པའི་སྨོན་ལམ་རྩོམ་ཚུལ། དེ་ལས་སངས་རྒྱས་མཉེས་ཤིང་རྗེས་སུ་ཡི་རང་ནས་སྐུལ་བར་ མཛད་པ། སྨོན་ལམ་ཁྱད་འཕགས་བཞི་བཅུ་རྩ་དགུ་བཏབ་ཚུལ། དེ་རྣམས་མ་གྲུབ་པར་ སངས་རྒྱས་མི་ཐོབ་ཀྱིས་དོག་པའི་སྨོན་ལམ། དེ་རྣམས་ཇི་ལྟར་དེ་བཞིན་དུ་སྒྲུབ་པར་ དམ་བཅས་པའི་སྨོན་ལམ། དེ་རྣམས་འགྲུབ་མི་འགྲུབ་བརྟག་པའི་བདེན་སྟོབས་བརྗོད་ པ། དེས་ན་དེ་འདྲའི་སྨོན་ལམ་དང་ལྡན་པ་ཉུང་བར་བསྟན་པའོ། ། དེའི་འབྲས་བུའི་ཁྱད་འཕགས་གྲུབ་ནས་ད་ལྟ་ཡང་གནས་ཚུལ་ལ་བཞི། དགེ་སློང་དེས་ སངས་རྒྱས་ཐོབ་པའི་འོད་དང་མཚན་ཁྱད་པར་འཕགས་ལུགས། དེའི་ཉན་ཐོས་ཀྱི་དགེ་ འདུན་ལ་གྲངས་མེད་ལུགས། དེའི་སྐུ་ཚེ་ལ་བསྐལ་པའི་གྲངས་མེད་ལུགས། དེའི་ཞིང་ ཁམས་ལ་སྐྱོན་མེད་ཡོན་ཏན་རྫོགས་ལུགས་སོ། ། འདི་ལ་བཅུ་གཅིག །སྣོད་ཀྱི་ཞིང་ཁམས་ཁྱད་པར་འཕགས་ལུགས། བཅུད་ཀྱི་ཞིང་ ཁམས་དང་མཆོད་རྫས་ལ་སོགས་པ་ཁྱད་པར་འཕགས་ལུགས། ཕན་ཡོན་མདོར་བསྡུས་ པ་བརྗོད་ཅིང༌། དེར་སྐྱེ་བའི་ཐབས་ལ་འབད་པར་གདམས་པ། བདེ་བ་ཅན་གྱི་མཚན་ ཐོས་པའི་ཕན་ཡོན་རླབས་ཆེན་བསྟན་ནས་ཐེ་ཙོམ་སྤང་བར་གདམས་པ། དེའི་བསྔགས་ པ་ཕྱོགས་བཅུའི་སངས་རྒྱས་གྲངས་མེད་ཀྱིས་གསུངས་པའི་རྒྱུ་མཚན། ཕྱོགས་བཅུའི་ 8-1-627 རྒྱལ་སྲས་དཔག་མེད་ཀྱང་ཞིང་འདིར་འདུ་བའི་རྒྱུ་མཚན། ཞིང་དེའི་བྱང་ཆུབ་ཀྱི་ཞིང་ ཁྱད་པར་འཕགས་ལུགས། ཞིང་དེའི་རྒྱལ་སྲས་ཐམས་ཅད་བཟོད་པ་ཐོབ་ཅིང་སྐྱེ་བ་ གཅིག་གིས་ཐོགས་པ་ལ་སོགས་པའི་ཡོན་ཏན་མང་ལུགས། ཞིང་དེའི་ཉན་ཐོས་དང་ རྒྱལ་སྲས་རྣམས་ཀྱི་འོད་ཀྱི་ཁྱད་པར། ཞིང་དེའི་རྒྱལ་སྲས་ཐམས་ཅད་ཡོན་ཏན་དུ་མས་ ཁྱད་པར་འཕགས་ཚུལ། སྐབས་དེར་ཞིང་ཕན་ཚུན་སྣང་བར་བྱིན་གྱིས་བརླབས་ཚུལ་ ལོ། ། དང་པོ་ལ་གསུམ། སྤྱིར་བསྟན་པ། སོ་སོར་བཤད་པ། ཉེ་བར་བསྡུས་ནས་བསྟན་ པའོ། །བར་པ་ལ་ལྔ། ལྗོན་ཤིང་ཕུན་ཚོགས་ལ་སོགས་པས་ཁྱད་པར་འཕགས་ལུགས། རིན་ ཆེན་པད་མ་ལ་སོགས་པས་ཁྱད་པར་འཕགས་ལུགས། རི་ཕལ་པ་དང༌། རྒྱ་མཚོ་མེད་ ཚུལ་ལ་སོགས་པས་ཁྱད་པར་འཕགས་ལུགས། ཆུ་ཀླུང་ཕུན་ཚོགས་ལ་སོགས་པས་ཁྱད་ པར་འཕགས་ལུགས། མི་དགེ་བ་ལ་སོགས་པ་སྐྱོན་རྣམས་མེད་པས་ཁྱད་པར་འཕགས་ ལུགས་སོ། ། གསུམ་པ་ལ་གཉིས། ཁྱད་པར་འཕགས་ལུགས་དངོས་དང༌། དེ་ལས་འཕྲོས་པའི་དྲིས་ ལན་གྱིས་སེམས་ཅན་གྱི་ཐེ་ཙོམ་བསལ་བའོ། ། བཅུད་ཀྱི་ཞིང་ཁམས་དང་མཆོད་རྫས་ལ་སོགས་པ་ཁྱད་པར་འཕགས་ལུགས་ལ་གཉིས། ལུས་ལོངས་སྤྱོད་མངོན་ཤེས་ལ་སོགས་པ་ཁྱད་པར་འཕགས་ལུགས་མདོར་བསྟན་པ། དེ་ དག་གི་ཁྱད་པར་མང་པོ་རྒྱས་པར་བཤད་པའོ། ། འདི་ལ་དགུ། ཁམས་ཀྱི་ཟས་མེད་ཀྱང་ལུས་ཚིམ་ཞིང་མཆོད་རྫས་ཐམས་ཅད་ལ་དབང་ འབྱོར་ལུགས་ཁྱད་འཕགས། གོས་རྒྱན་ལ་སོགས་པ་ཅི་འདོད་ཐམས་ཅད་རིན་ཆེན་ལྗོན་ ཤིང་ལས་འབྱུང་ལུགས་ཁྱད་འཕགས། ལྷ་མོ་དང་བཅས་པའི་གཞལ་མེད་ཁང་ཁྱད་ འཕགས་མདུན་དུ་འབྱུང་ཞིང་ལོངས་སྤྱོད་ལུགས། དེར་སྐྱེས་པའི་མི་ཐམས་ཅད་གཞན་ འཕྲུལ་དབང་བྱེད་ཀྱི་ལྷ་དང་ཁྱད་པར་མེད་ལུགས། ཉིན་མཚན་དུས་དྲུག་དུ་དྲི་ཞིམ་མེ་ ཏོག་གི་ཆར་འབབ་ཅིང་རྙིང་པ་འཐོར་ལུགས་ཁྱད་འཕགས། སྤོས་ཀྱིས་བསྒོམས་པའི་ 8-1-628 རླུང་གིས་རེག་པས་བདེ་བ་ཁྱད་འཕགས་སྐྱེ་ལུགས། ཉི་ཟླ་ཉིན་མཚན་མེད་ཀྱང་མུན་པ་ ལ་སོགས་པ་མེད་ལུགས། དུས་དུས་སུ་ལྷའི་མཆོད་རྫས་ཁྱད་འཕགས་ཐམས་ཅད་ཆར་ འབབ་ཅིང་མངོན་པར་མཆོད་ལུགས། དེར་སྐྱེས་པ་ཐམས་ཅད་ཡང་དག་པ་ཉིད་དུ་ ངེས་པར་འགྱུར་ལུགས་སོ། ། དེའི་བསྔགས་པ་ཕྱོགས་བཅུའི་སངས་རྒྱས་གྲངས་མེད་ཀྱིས་གསུངས་པའི་རྒྱུ་མཚན་ལ་ གསུམ། སངས་རྒྱས་འོད་དཔག་མེད་ཀྱི་མཚན་ཐོས་ན་དད་པས་ཕྱིར་མི་ལྡོག་ཐོབ་ཚུལ། དེ་ཡིད་ལ་བྱེད་ཅིང་དགེ་བ་བསགས་ནས་སྨོན་ལམ་བཏབ་ན་བདེ་བ་ཅན་དུ་སྐྱེ་ཚུལ་ལ་ སོགས་པ། རྒྱུ་དེས་ན་ཕྱོགས་བཅུའི་སངས་རྒྱས་གྲངས་མེད་ཀྱིས་སངས་རྒྱས་འོད་དཔག་ མེད་ཀྱི་མཚན་དང་བསྔགས་པ་གསུང་ཚུལ་ལོ། ། ཕྱོགས་བཅུའི་རྒྱལ་སྲས་དཔག་མེད་ཀྱང་ཞིང་དེར་འདུ་བའི་རྒྱུ་མཚན་ལ་བདུན། ཕྱོགས་ བཅུའི་རྒྱལ་སྲས་དཔག་མེད་ཀྱི་ཕྱག་མཆོད་བསྐོར་བ་བྱས་ནས་བསྟོད་ཅིང་ཞིང་མཆོག་ བསྒྲུབས་ཚུལ། དེ་ལ་སངས་རྒྱས་འོད་དཔག་མེད་ཀྱི་བྱིན་རླབས་ཀྱི་རྣམ་འགྱུར་ཁྱད་ འཕགས་བསྟན་ཚུལ། དེ་ལ་རྒྱལ་སྲས་དེ་རྣམས་ལྷག་པར་དད་ནས་བསྟོད་ཅིང་དགའ་ བ་སྒྲོགས་ཚུལ། སངས་རྒྱས་འོད་དཔག་མེད་ཀྱི་ལུང་བསྟན་བཟང་པོའི་སྔ་ལྟས་བསྟན་ ཚུལ། དེའི་དོན་འཕགས་པ་སྤྱན་རས་གཟིགས་ཀྱི་ཞུས་ཚུལ་དགོས་པ་དང་བཅས་པ། དེའི་ལན་སངས་རྒྱས་ཚེ་དཔག་མེད་ཀྱིས་ལུང་བསྟན་པ། དེ་རྣམས་ཤཱཀྱ་ཐུབ་པས་ བསྡུས་ནས་སྙིང་གཏམ་དུ་གདམས་པའོ། ། སྐབས་དེར་ཞིང་ཕན་ཚུན་སྣང་བར་བྱིན་གྱིས་རླབས་ཚུལ་ལ་གཉིས། དེའི་ཚེ་ཞིང་འདི་ ནས་ཀྱང་བདེ་བ་ཅན་ན་བཞུགས་པ་རྣམས་མཐོང་བར་གྱུར་ཚུལ། བདེ་བ་ཅན་དུ་ཡང་ ཞིང་འདིའི་བཀོད་པ་སྣང་བར་གྱུར་ཚུལ་ལོ། ། ཁྱད་འཕགས་དེ་འདྲར་སྐྱེ་བའི་ཐབས་ལ་འབད་པས་གདམས་པ་ལ་གཉིས། བདེ་བ་ ཅན་ལ་གནས་ཚུལ་གྱི་ཁྱད་པར་སྤྱིར་བསྟན་པ། ཐེ་ཙོམ་ཡོད་མེད་ཀྱི་སྨོན་ལམ་གྱི་འབྲས་ བུ་ཕྱེ་སྟེ་བཤད་པའོ། ། 8-1-629 འདི་ལ་བཞི། ཐེ་ཙོམ་མེད་པའི་སྨོན་ལམ་ལ་ཕན་ཡོན་མང་ལུགས། ཐེ་ཙོམ་ཅན་གྱི་སྨོན་ ལམ་ལ་ཉེས་དམིགས་མང་ལུགས། དེས་ན་ཐེ་ཙོམ་སྤངས་པའི་སྨོན་ལམ་སྒྲུབས་པར་ གདམས་པ། ཕྱོགས་བཅུ་ནས་ཞིང་དེར་རྒྱལ་སྲས་དཔག་མེད་འཁྲུང་བར་འགྱུར་ཚུལ་ ལོ། ། དེ་དག་གི་ཕན་ཡོན་རླབས་ཆེན་ཁྱད་འཕགས་བསྟན་པ་ལ་གསུམ། སངས་རྒྱས་དང་ ཆོས་འདིའི་ཕན་ཡོན་རླབས་ཆེན་བསྟན་པ། དེས་ན་ཆོས་འདི་ལ་བསྟན་པར་བཟུང་ནས་ གུས་པས་ཉམས་སུ་བླང་ཚུལ། དེ་འདྲའི་དོན་དུ་དཀའ་བ་ཆེན་པོ་ཡང་དང་ཡང་དུ་ ལེན་པའི་རིགས་ཚུལ་ལོ། ། དང་པོ་ལ་གཉིས། སངས་རྒྱས་འོད་དཔག་མེད་ཀྱི་མཚན་ཐོས་པའི་ཕན་ཡོན་རླབས་ ཆེན་བསྟན་པ། སངས་རྒྱས་དེ་དང་ཆོས་འདི་ལ་དད་པའི་ཕན་ཡོན་རླབས་ཆེན་བསྟན་ པའོ། །སངས་རྒྱས་འོད་དཔག་མེད་ཀྱི་སྨོན་ལམ་དང༌། ཞིང་ཁམས་ལ་སོགས་པའི་བཀོད་ པའི་བསྡུས་དོན་རྫོགས་སོ། ། ད་ནི་ལོག་རྟོག་དང་ཐེ་ཙོམ་བསལ་བ་ཡང་བརྗོད་པར་བྱ་སྟེ། འདིར་དགེ་བའི་བཤེས་ གཉེན་ལ་ལ་དག །བདེ་བ་ཅན་དུ་སོ་སོའི་སྐྱེ་བོ་མི་སྐྱེ་བས་ད་ལྟ་སོ་སོའི་སྐྱེ་བོར་ཡོད་པ་ རྣམས་ཀྱིས་འབད་ཀྱང་དེར་མི་སྐྱེའོ། །ཞེས་འདོད་པ་ནི། ལོག་རྟོག་དང་ཐེ་ཙོམ་སྐྱེ་བའི་ གནས་མ་ཡིན་པ་ལ་སྐྱེ་བར་འགྱུར་བས་སེམས་ཅན་ལ་གནོད་པར་འགྱུར་ཏེ། དེ་ནི་དགེ་ སློང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འབྱུང་གནས་ཀྱི་སྨོན་ལམ་བཞི་བཅུ་རྩ་དགུའི་ནང་ ནས་བཅོ་བརྒྱད་པས་ལེགས་པར་གསལ་ཏེ། ཇི་ལྟར་བསལ་ཞེ་ན། གང་ཟག་ཏེ་འཆི་བའི་ དུས་བྱེད་པའི་ཚེ། སངས་རྒྱས་འོད་དཔག་མེད་པ་འཁོར་དང་བཅས་པ་མདུན་དུ་བྱོན་ པའི་སྣང་བ་ཤར་ནས་དགའ་ཞིང་དད་པ་དང་བཅས་ཏེ་བདེ་བ་ཅན་དུ་འགྲོ་བར་ གསལ་ལ། སངས་རྒྱས་ཤཱཀྱ་ཐུབ་པས་ཀྱང་དེ་དང་མཐུན་པར་བཀའ་སྩལ་པས། འཆི་ཁ་ བར་དོའི་གནས་སྐབས་དེར་འཕགས་པར་འགྱུར་བའི་ཕྱིར་རོ། །འདི་ནི་སངས་རྒྱས་ཕལ་ པོ་ཆེའི་མདོར། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །བསྒྲིབ་པ་ཐམས་ཅད་དག་ནི་ 8-1-630 ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་ དེར་རབ་ཏུ་འགྲོ། །ཞེས་སོགས་གསུངས་པ་དང་ཡང་དོན་གཅིག་གོ ། ཡང་ལ་ལ་དག་ན་རེ། ཚིགས་སུ་བཅད་པ་གཉིས་པའི་གཟུངས་ཀྱི་འགྲེལ་པ་སློབ་དཔོན་ མཛེས་བཀོད་ཀྱིས་མཛད་པ་དང༌། མདོ་སྡེ་རྒྱན་གྱི་འགྲེལ་པ་དང་འགྲེལ་བཤད་དུ། བདེ་ བ་ཅན་དུ་སྨོན་ལམ་བཏབ་པས་སྐྱེ་ཞེས་པ་ནི་དུས་གཞན་ལ་དགོངས་པའི་དཔེ་བརྗོད་ དུ་གསུངས་པས། མདོ་འདི་ནས་གསུངས་པ་བཞིན་བསྒྲུབས་ཀྱང་ཚེ་ཕྱི་མར་ཞིང་དེར་སྐྱེ་ བ་མ་ཡིན་ནོ། །ཞེས་སྨྲས་པ་ཡང་ཆོས་སྤོང་གིས་ལས་དང་ཐེ་ཙོམ་གྱི་རྒྱུར་འགྱུར་བའི་ ཕྱིར་སེམས་ཅན་ལ་གནོད་པ་ཡིན་ཏེ། དེ་ནི་དགེ་སློང་འདི་ནི་སྨོན་ལམ་བཅུ་དགུ་པས་ བསལ་བ་ཡིན་ནོ། །ཇི་ལྟར་བསལ་ཞེ་ན། འདི་ནས་ཀྱང་སྨོན་ལམ་བཏབ་པས་མི་ཆོག་ པར་མཚམས་མེད་པ་དང༌། དམ་པའི་ཆོས་སྤོང་བའི་ལས་ལས་རིང་དུ་གྱུར་པ་དགོས་ ཤིང་དགེ་བའི་རྩ་བ་ཐ་ནའང་སེམས་བསྐྱེད་པའི་འགྱུར་བ་བཅུ་དགོས་པར་གསུངས་པ་ སྨོན་ལམ་ཙམ་གྱིས་མི་འགྲུབ་པར་གསུངས་པའི་ཕྱིར་དང༌། དུས་གཞན་ལ་དགོངས་ པའི་དཔེ་བྱས་པ་དེ་ཡང་སྨོན་ལམ་ཙམ་ལ་དགོངས་པའི་ཕྱིར་རོ། །དེས་ན་འདི་དང་དེ་ ལ་འགལ་བ་ཅུང་ཟད་ཙམ་ཡང་མེད་ཀྱི་དགོངས་པ་མཐུན་པ་ཡིན་ནོ། །གཞན་ཡང༌། དགེ་སློང་དེའི་སྨོན་ལམ་བཞི་བཅུ་རྩ་དགུ་པོ་ཐམས་ཅད་གྲུབ་བམ་མ་གྲུབ། གྲུབ་ན་ནི་ བཅོ་བརྒྱད་པ་དང༌། བཅུ་དགུ་པ་ཡང་གྲུབ་པས་དེ་དག་ལ་ལོག་རྟོག་དང་ཐེ་ཙོམ་བྱར་ མི་རུང་ལ། མ་གྲུབ་ན་ནི་དགེ་སློང་དེ་བདེ་བ་ཅན་དུ་མངོན་པར་རྫོགས་པར་སངས་ རྒྱས་ནས་སྐལ་བ་བཅུ་ལོན་པར་བཀའ་སྩལ་པ་དང་འགལ་ཞིང༌། འགྲུབ་མི་འགྲུབ་ བརྟག་པའི་ཚེ་འགྲུབ་པའི་མཚན་རྟགས་ཤར་བ་དང་ཡང་འགལ་ལ། རྒྱལ་སྲས་ཆེན་པོ་ རྣམས་དམིགས་གསལ་གསུམ་པོ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མི་ མཛད་པར་གསུངས་པ་གང་འགལ་བ་ཡིན་ནོ། །དེའི་ཕྱིར་འདི་ལ་ལོག་རྟོག་དང་ཐེ་ཚོམ་ སྐྱེས་ཀྱིས་དོགས་ནས་སངས་རྒྱས་ཤཱཀྱ་ཐུབ་པས་ཐེ་ཙོམ་ཡོད་མེད་ཀྱི་སྐྱོན་ཡོན་དང་ དཔེ་དོན་ལ་སོགས་པ་རྣམ་པ་མང་པོས་རྒྱལ་སྲས་མ་ཕམ་པ་ལ་ལེགས་པར་གདམས་ 8-1-631 ཤིང་ཕྱོགས་བཅུའི་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པས་ཀྱང་དེ་ལྟར་གསུང་བར་ བཀའ་སྩལ་པའི་ཕྱིར། ཉེས་པ་དེ་དག་སྤངས་ནས་རྒྱལ་བས་ཇི་ལྟར་བཀའ་སྩལ་པ་ལ་ ཡིད་ཆེས་པར་བྱ་སྟེ། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་ཡང་དང་ཡང་དུ་ བསགས་ནས་སྨོན་ལམ་རྣམ་དག་ཡང་དང་ཡང་དུ་སྒྲུབ་པ་ལ་བསམ་པ་ཐག་པ་ནས་ འབད་པར་བྱའོ། །དེ་ལྟར་བྱས་ན་བདེ་བ་ཅན་དུ་པད་མ་ལ་བརྫུས་ཏེ་སྐྱེ་བར་ཐེ་ཙོམ་ མེད་ཅིང་སྨོན་ལམ་བཞི་བཅུ་རྩ་དགུ་དང་མཐུན་པའི་ཡོན་ཏན་མང་པོ་འཐོབ་པར་ ཡང་ཐེ་ཙོམ་མེད་དོ། ། ཀྱེ་མ་དེང་སང་ལྟ་བའི་སྙིགས་མ་བདོ། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་རྣམས་ ནི། །འགྲོ་མང་ཞིང་དེར་སྐྱེ་བའི་ཐབས་མང་སྟོན། །འདི་ན་ལ་ལ་དེ་ལས་བཟློག་པར་ འཆད། །པད་མའི་མངལ་དུ་ཡུན་རིང་གནས་དགོས་ནས། །རྒྱལ་རྣམས་ཐེ་ཙོམ་སེལ་བའི་ ཐབས་མང་གསུང༌། །ལ་ལ་ཐེ་ཙོམ་སྐྱེ་བའི་ཐབས་མེད་སྨྲ། །ཀྱེ་མ་མཁྱེན་བརྩེའི་ཁྱད་པར་ འདི་འདྲ་ལྟོས། །དེ་ཕྱིར་བདག་ནི་རྒྱལ་བས་གང་གསུངས་པའི། །དྲང་དོན་ངེས་དོན་ དགོངས་པ་ལེན་མཁས་པས། །སྨོན་ལམ་ཞེ་དགུ་གྲུབ་ཕྱིར་བཅོ་བརྒྱད་དང༌། །བཅུ་དགུ་ པ་ཡང་གྲུབ་པར་ངེས་ཤེས་སྐྱེས། །རྣམ་དག་ལུང་རིགས་གནོད་བྱེད་འདི་ལ་མེད། །ཤེས་ བྱེད་རྣམ་དག་ལུང་རིགས་མང་དུ་སྣང༌། །གནོད་བྱེད་ལྟ་བུར་མཐོང་རྣམས་འཁྲུལ་བར་ ཟད། །དེ་ཕྱིར་དེ་ནི་ཐེ་ཙོམ་མ་བྱེད་ཅིག །ཐེ་ཙོམ་བགྱིས་འདིར་རང་གཞན་ཀུན་ལ་ གནོད། །ཐེ་ཙོམ་མེད་པར་མདོ་བཞིན་བསྒྲུབས་ན་ནི། །འཆི་ཁའམ་བར་དོར་འཕགས་པ་ ཉིད་གྱུར་ནས། །ཞིང་མཆོག་འདིར་སྐྱེས་གཏན་གྱི་དོན་ཀུན་འགྲུབ། །དེ་སླད་འཆིང་བ་ ཀུན་ལས་གྲོལ་འདོད་ཅིང༌། །ཐར་པའི་བདེ་དགའ་ཐོབ་འདོད་ཐམས་ཅད་དང༌། །ཁྱད་ པར་བདག་ལ་བླ་མར་འཛིན་རྣམས་ཀྱིས། །དོན་འདི་བསྒྲུབ་ལ་མྱུར་བར་བརྩོན་འཚལ་ ལོ། །ཅི་སླད་ཅེ་ན་དལ་འབྱོར་རྙེད་དཀའ་ཞིང༌། །ཡུན་རིང་གནས་དཀའ་ཆོས་ཀྱང་རྙེད་ པར་དཀའ། །ཆོས་ལ་ཞུགས་ཀྱང་འདི་འདྲའི་ཐབས་རྙེད་དཀའ། །ཆོས་མིན་ཆོས་ལྟར་ བཅོས་པས་ཐར་མི་སྲིད། །དེ་སླད་ད་རེས་འདི་ལ་མ་འབད་ན། །འཁོར་བར་གནས་ 8-1-632 འགྱུར་ཉོན་མོངས་གོམས་པ་དང༌། །གྲོགས་ངན་ཕོངས་དང་གཞན་གྱི་དབང་སོང་ ནས། །ངན་འགྲོར་ཡུན་རིང་སྡུག་བསྔལ་གྱུར་ཏ་རེ། །དེ་ཕྱིར་བདག་ནི་ཀུན་ལ་ཕན་ འདོད་པས། །ཐལ་མོ་སྦྱར་ནས་གུས་པས་གསོལ་འདེབས་ཀྱིས། །ཞུ་བའི་དོན་འདི་འགྲུབ་ པར་མཛོད་ཅིག་དང༌། །རིང་པོར་མི་ཐོགས་དོན་དམ་གཟིགས་པར་འགྱུར། །འདིར་ འབད་དགེ་བས་བདག་སོགས་སེམས་ཅན་ཀུན། །རྒྱལ་བའི་ཡེ་ཤེས་ཐུགས་རྗེའི་བྱིན་ རླབས་དང༌། །ཡོན་ཏན་འཕྲིན་ལས་སྨོན་ལམ་ཁྱད་འཕགས་ལ། །ཤེས་ནས་དད་ཐོབ་ བཀའ་བཞིན་བསྒྲུབ་པར་མཛོད། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་རྫོགས་ནས། །སྤྲུལ་པས་ཕྱོགས་ བཅུར་གཞན་དོན་བྱེད་པར་ཤོག ། དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱི་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་གྲུབ་པའི་ མཐུ་དང༌། སངས་རྒྱས་འོད་དཔག་མེད་དང༌། བདེ་བ་ཅན་གྱི་མཚན་ཐོས་པའི་བྱིན་ རླབས་ཆེན་པོ་དང༌། འཕགས་པ་ཐམས་ཅད་ཀྱི་ཐབས་མཁས་ཐུགས་རྗེའི་བྱིན་རླབས་ དང༌། དགེ་བའི་རྩ་བ་གང་བསགས་པ་ཀུན་གྱི་མཐུ་དང༌། ཀུན་ལ་ཁྱབ་པར་བཞུགས་པ་ སྟོང་གཞི་དོན་དམ་གཞན་སྟོང་རང་བཞིན་འོད་གསལ་ཆེན་པོའི་བྱིན་རླབས་མཁའ་ ཁྱབ་ཀྱི་མཐུས་སྨོན་ལམ་འདི་དག་དེ་ཁོ་ན་བཞིན་དུ་འགྲུབ་པར་གྱུར་ཅིག ། འདིའང་རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་བཀོད་པ་སྟེ། སེམས་ཅན་ཐམས་ཅད་ལ་ ཕན་ཐོགས་པར་གྱུར་ཅིག། །།དགེའོ།། ༈ མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག ། སྐྱེས་མ་ཐག་ཏུ་ས་བཅུ་རབ་རྫོགས་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ ཤོག །ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག ། སྐྱེས་མ་ཐག་ཏུ་མགོན་པོས་ལུང་བསྟན་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་ པར་ཤོག །རེ་ཞིག་བདེ་བ་ཅན་དུ་ངལ་བསོས་ནས། །ཕྱོགས་བཅུར་གཞན་གྱི་དོན་ལ་ འགྲོ་བར་ཤོག །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པར་ཤོག །ཇི་བཞིན་འགྲོ་བའི་ 8-1-633 དོན་ཀུན་བྱེད་པར་ཤོག །ཅེས་དང༌། ཟ་མ་ཏོག་བཀོད་པའི་མདོ་ལས། འཆི་བའི་ཚེ་དེ་ བཞིན་གཤེགས་པ་བཅུ་གཉིས་གཤེགས་ནས་དབུགས་འབྱིན་པ་མཛད་དེ། རིགས་ཀྱི་བུ་ མ་འཇིགས་ཤིག ། ཁྱོད་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་རིན་པོ་ཆེའི་རྒྱལ་པོ་ཟ་མ་ཏོག་ བཀོད་པ་ཐོས་སོ། །བདེ་བ་ཅན་དུ་འགྲོ་བའི་ཕྱིར་ལམ་སྣ་ཚོགས་ཀྱང་སྟ་གོན་བྱས་ སོ། །གདུགས་སྣ་ཚོགས་དང༌། ཅོད་པན་དང༌། རྣ་ཆ་དང༌། སེ་མོ་དོ་རྣམས་ཀྱང་སྟ་གོན་ བྱས་སོ། །ལྟས་དེ་ལྟ་བུ་འབྱུང་ཞིང་འཆི་བའི་དུས་ཀྱི་ཚེ་བར་ཆད་མེད་པར་བདེ་བ་ཅན་ དུ་འགྲོ་བར་འགྱུར་རོ། །ཞེས་ལུང་བསྟན་པའི་བྱིན་རླབས་ཆེན་པོའི་མཐུས། དེ་ཁོ་ན་ བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་དང༌། བདེ་བ་ཅན་གྱི་ཞིང་བཀོད་ལས། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེའི་ ཁ་དོག་དང༌། དབྱིབས་དང༌། ཆུ་ཞེང་དང༌། ཞབས་འབྲིང་བ་དགེ་སློང་གི་དགེ་འདུན་ ཅི་འདྲ་བའི་སངས་རྒྱས་ཀྱི་སྤྲུལ་པ་དག་མདུན་དུ་གནས་པར་འགྱུར་ཏེ། དེ་དག་དེ་ བཞིན་གཤེགས་པ་མཐོང་བས་རབ་ཏུ་དང་བ་ལ་དམིགས་པའི་ཏིང་ངེ་འཛིན་དེ་དང༌། བརྗོད་པ་མེད་པའི་དྲན་པས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བར་ འགྱུར་རོ། །ཞེས་སོགས་འགྲེའོ། །སྨན་བླའི་མདོ་ལས། བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་ འདེབས་པ་དེ་དག་འཆི་བའི་དུས་ཀྱི་ཚེ། བྱང་ཆུབ་སེམས་དཔའ་བརྒྱད་རྫུ་འཕྲུལ་གྱིས་ ལྷགས་ནས་ལམ་སྟོན་པར་འགྱུར་རོ། །ཞེས་སོགས་འགྲེའོ།། གཙུག་ཏོར་དྲི་མེད་ཀྱི་མདོ་ ལས། སྦྲུལ་སྤགས་རྗེས་པ་བཞིན་དུ་ལུས་འདི་བོར་ནས་བདེ་བ་ཅན་དུ་འགྲོ་བར་འགྱུར་ རོ། །ཞེས་སོགས་འགྲེའོ། །ཐེ་ཙོམ་མེད་པ་གལ་ཆེའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-634 ༄༅། །བདེ་བ་ཅན་གྱི་སྨོན་ལམ་བཞུགས་སོ། ། 8-1-635 ༄༅། །བདེ་བ་ཅན་གྱི་སྨོན་ལམ་བཞུགས་སོ། ། ༄༅། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཀྱེ་མ་དེང་སང་ལྟ་བའི་སྙིགས་མ་ བདོ། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་རྣམས་ནི། །འཁོར་མང་ཞིང་དེར་སྐྱེ་བའི་ ཐབས་མང་སྟོན། །འདི་ན་ལ་ལ་དེ་ལས་བཟློག་པར་འཆད། །པད་མའི་མངལ་དུ་ཡུན་ རིང་གནས་དགོས་ནས། །རྒྱལ་རྣམས་ཐེ་ཙོམ་སེལ་བའི་ཐབས་མང་གསུངས། །ལ་ལ་ཐེ་ ཙོམ་བསྐྱེད་པའི་ཐབས་མང་སྨྲ། །ཀྱེ་མ་མཁྱེན་བརྩེའི་ཁྱད་པར་འདི་འདྲ་ལྟོས། །དེ་ཕྱིར་ བདག་ནི་རྒྱལ་བས་གསུངས་པ་ཡི། །དྲང་དོན་ངེས་དོན་དགོངས་པ་ལེན་མཁས་ པས། །སྨོན་ལམ་ཞེ་དགུ་འགྲུབ་ཕྱིར་བཅོ་བརྒྱད་དང༌། །བཅུ་དགུ་པ་ཡང་གྲུབ་པར་ངེས་ ཤེས་སྐྱེས། །རྣམ་དག་ལུང་རིགས་གནོད་བྱེད་འདི་ལ་མེད། །ཤེས་བྱེད་རྣམ་དག་ལུང་ རིགས་མང་དུ་སྨྲ། །གནོད་བྱེད་ལྟ་བུར་མཐོང་རྣམས་འཁྲུལ་བར་ཟད། །དེ་ཕྱིར་ད་ནི་ཐེ་ ཙོམ་མ་བྱེད་ཅིག །ཐེ་ཙོམ་བགྱིས་འདི་རང་གཞན་ཀུན་ལ་གནོད། །ཐེ་ཙོམ་མེད་པར་ མདོ་བཞིན་བསྒྲུབས་ནས་ནི། །འཆི་ཁའི་བར་དོར་འཕགས་པ་ཉིད་གྱུར་ནས། །ཞིང་ མཆོག་དེར་སྐྱེས་གཏན་གྱི་དོན་ཀུན་འགྲུབ། །དེ་སླད་འཆིང་བ་ཀུན་ལས་གྲོལ་འདོད་ ཅིང༌། །ཐར་པའི་བདེ་དགའ་ཐོབ་འདོད་ཐམས་ཅད་དང༌། །ཁྱད་པར་བདག་ལ་བླ་མར་ འཛིན་རྣམས་ཀྱིས། །དོན་འདི་བསྒྲུབ་ལ་མྱུར་བར་བརྩོན་འཚལ་ལོ། །ཅི་སླད་ཅེ་ན་དལ་ འབྱོར་རྙེད་དཀའ་ཞིང༌། །ཡུན་རིང་གནས་དཀའ་ཆོས་མཆོག་རྙེད་པར་དཀའ། །ཆོས་ལ་ ཞུགས་ཀྱང་འདི་འདྲའི་ཐབས་རྙེད་དཀའ། །ཆོས་མིན་ཆོས་ལྟར་བཅོས་པས་ཐར་མི་ སྲིད། །དེ་སླད་ད་རེས་འདི་ལ་མ་འབད་ན། །འཁོར་བར་གནས་འགྱུར་ཉོན་མོངས་ གོམས་པ་དང༌། །གྲོགས་ངན་ཕོངས་དང་གཞན་གྱི་དབང་སོང་ནས། །ངན་འགྲོར་ཡུན་ རིང་སྡུག་བསྔལ་གྱུར་ཏ་རེ། །དེ་ཕྱིར་བདག་ནི་ཀུན་ལ་ཕན་འདོད་པས། །ཐལ་མོ་སྦྱར་ ནས་གུས་པས་གསོལ་འདེབས་ཀྱིས། །ཞུ་བའི་དོན་འདི་འགྲུབ་པར་མཛོད་ཅིག་ 8-1-636 དང༌། །རིང་པོར་མི་ཐོགས་དོན་དམ་གཟིགས་པར་འགྱུར། །འདིར་འབད་དགེ་བས་ བདག་སོགས་སེམས་ཅན་རྣམས། །རྒྱལ་བའི་ཡེ་ཤེས་ཐུགས་རྗེའི་བྱིན་རླབས་དང༌། །ཡོན་ ཏན་འཕྲིན་ལས་སྨོན་ལམ་ཁྱད་འཕགས་ལ། །ཤེས་ནས་དད་ཐོབ་བཀའ་བཞིན་བསྒྲུབ་ པར་ཤོག །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་རྫོགས་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་ པར་ཤོག ། དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱི་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་གྲུབ་ པའི་མཐུ་དང༌། སངས་རྒྱས་འོད་དཔག་མེད་དང༌། བདེ་བ་ཅན་གྱི་མཚན་ཐོས་པའི་ བྱིན་རླབས་ཆེན་པོ་དང༌། འཕགས་པ་ཐམས་ཅད་ཀྱི་ཐབས་མཁས་ཐུགས་རྗེའི་བྱིན་ རླབས་དང༌། དགེ་བའི་རྩ་བ་གང་བསགས་པ་ཀུན་གྱི་མཐུ་དང༌། ཀུན་ལ་ཁྱབ་པར་ བཞུགས་པ་སྟོང་གཞི་དོན་དམ་གཞན་སྟོང་རང་བཞིན་འོད་གསལ་ཆེན་པོའི་བྱིན་ རླབས་མཁའ་ཁྱབ་ཀྱི་མཐུས། སྨོན་ལམ་འདི་དག་དེ་ཁོ་ན་བཞིན་དུ་འགྲུབ་པར་གྱུར་ ཅིག ། འདིའང་རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱི་བཀོད་པས་སེམས་ཅན་ཐམས་ཅད་ལ་ ཕན་པར་གྱུར་ཅིག །མངྒ་ལཾ། བྷ་ཝན་ཏུ། (གསལ་བཤད། སྨོན་ལམ་འདི་ནི་གོང་གི་རང་ གཞན་བདེ་བ་ཅན་དུ་སྐྱེ་བའི་ཐབས་མཆོག་གི་མཇུག་དང་གཅིག་ལགས། མ་དཔེ་ནི་ འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-637 ༄༅། །བདེ་བ་ཅན་གྱི་སྨོན་ལམ་བཞུགས་སོ། ། 8-1-638 ༄༅། །བདེ་བ་ཅན་གྱི་སྨོན་ལམ་བཞུགས་སོ། ། ༄༅། །བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་ རྒྱས་བླ་ན་མེད། །ཚེ་དང་ཡེ་ཤེས་དཔག་མེད་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ ལ་ཕྱག་འཚལ་ལོ། །སྨོན་ལམ་མཐའ་ཡས་ཡོངས་སུ་རྫོགས་པའི་མཐུས། །ཕྱོགས་བཅུར་ བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས། །ཡོན་ཏན་བསྔགས་པའི་འཕྲེང་བ་བརྗོད་ པའི་ཞིང༌། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །རྐང་གཉིས་གཙོ་བོ་འོད་དཔག་མེད་ མགོན་དང༌། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས། །སངས་རྒྱས་བྱང་སེམས་ དཔག་མེད་བཞུགས་པའི་ཞིང༌། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །ལམ་མཐིལ་ ལྟར་མཉམ་རིན་ཆེན་ས་གཞིའི་སྟེང༌། །ཐམས་ཅད་གསེར་གྱི་དྲ་བས་ཁྱབ་གྱུར་ཅིང༌། །ངོ་ མཚར་པད་མོ་མང་པོས་གང་བའི་ཞིང༌། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །པད་མོ་ རེ་རེའི་རྩེ་མོ་དག་ལས་ཀྱང༌། །དཔག་མེད་འོད་འཕྲོ་འོད་ཟེར་སྣ་ཚོགས་ཀྱིས། །བདེ་ གཤེགས་སྤྲུལ་པ་དཔག་མེད་འགྱེད་པའི་ཞིང༌། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ ཤོག །ལྗོན་ཤིང་སྣ་ཚོགས་རིན་ཆེན་བདུན་ལས་གྲུབ། །ཁ་དོག་དབྱིབས་ལེགས་མཛེས་ ཤིང་བལྟ་ན་སྡུག །སྙན་པའི་སྒྲ་དབྱངས་ཕྱོགས་ཅུར་སྒྲོགས་པའི་ཞིང༌། །བདེ་བ་ཅན་དུ་ བརྫུས་ཏེ་སྐྱེ་བར་ཤོག །བྱ་ཚོགས་རྣམ་མང་བདེ་གཤེགས་སྤྲུལ་པའི་བྱ། །སྣ་ཚོགས་སྒྲ་ སྐད་སྙན་པ་སྒྲོགས་བྱེད་ཅིང༌། །ཀུན་གྱིས་མགོན་པོ་རྗེས་སུ་དྲན་པའི་ཞིང༌། །བདེ་བ་ ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །ཆུ་ཀླུང་ཉམས་དགའི་དྲི་མཆོག་རྣམས་དང་ལྡན། །རྒྱལ་ བའི་ཡོན་ཏན་དཔག་མེད་སྣ་ཚོགས་ཀུན། །རྟག་ཏུ་རྒྱུན་མི་འཆད་པར་སྒྲོགས་པའི་ ཞིང༌། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །གསེར་གྱི་མདོག་ཅན་ལྷ་མི་ཐམས་ཅད་ ཀུན། །སྣ་ཚོགས་གོས་གྱོན་རིན་ཆེན་རྒྱན་གྱིས་སྤྲས། །དམ་ཆོས་དགའ་བདེ་རྟག་ཏུ་ འབྱུང་བའི་ཞིང༌། །བདེ་བ་ཅན་དུ་བརྗུས་ཏེ་སྐྱེ་བར་ཤོག ། ཟས་དང་གོས་དང་མལ་ཅ་ 8-1-639 སྨན་རྣམས་དང༌། །ཆོས་གོས་ལྷུང་བཟེད་རིན་ཆེན་ཁང་པ་སོགས། །ཡིད་ལ་བསམ་པ་ ཙམ་གྱིས་འབྱུང་བའི་ཞིང༌། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག ། གདུགས་དང་རྒྱལ་ མཚན་ལ་སོགས་མཆོད་པའི་ཚོགས། །ཡིད་ལ་བསམ་པ་ཙམ་གྱིས་ཅི་འདོད་ཀུན། །མགོན་ པོའི་སྨོན་ལམ་སྟོབས་ཀྱིས་འགྲུབ་པའི་ཞིང༌། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །ལྷ་ ཡི་མིག་དང་ལྷ་ཡི་རྣ་བ་དང༌། །སྔོན་གྱི་གནས་དང་བློ་གྲོས་མཁས་མཆོག་དང༌། །རྫུ་ འཕྲུལ་སྟོབས་རྣམས་མྱུར་དུ་ཐོབ་པའི་ཞིང༌། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ ཤོག །འཆི་བའི་ཚེ་ན་སངས་རྒྱས་བྱེ་བ་ཕྲག །དགུ་བཅུ་རྩ་དགུས་མངོན་སུམ་ལུང་བསྟན་ ནས། །སངས་རྒྱས་སྟོང་གིས་དགྱེས་པའི་ཕྱག་བརྐྱང་བའི། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་ བར་ཤོག །བདག་སོགས་སེམས་ཅན་འཆི་བའི་དུས་ཀྱི་ཚེ། །འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་ འོད་དཔག་མེད། །དགེ་སློང་བརྒྱ་ཕྲག་ཚོགས་ཀྱིས་ཡོངས་བསྐོར་ནས། །བརྩེ་བས་བདག་ གི་མདུན་དུ་འབྱོན་གྱུར་ཅིག །མགོན་པོ་འཁོར་བཅས་བདག་གིས་མཐོང་ནས་ ཀྱང༌། །སེམས་ལ་དགའ་བདེ་དཔག་མེད་སྐྱེ་བ་དང༌། །དྲན་པ་མ་ཉམས་སྐད་ཅིག་དེ་ ཉིད་ལས། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །འཇིག་རྟེན་དབང་ཕྱུག་རྒྱལ་པོའི་ བྱིན་རླབས་དང༌། །ཆོས་ཀྱི་འབྱུང་གནས་སྨོན་ལམ་མཐུ་སྟོབས་དང༌། །འོད་དཔག་མེད་ པའི་བྱིན་རླབས་ཆེན་པོ་ཡིས། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །དགེ་བ་གང་ བསགས་ཆེན་པོའི་བྱིན་རླབས་དང༌། །འོད་གསལ་ཕྱག་རྒྱ་ཆེན་པོའི་བྱིན་རླབས་ དང༌། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་འདི་དག་མྱུར་ དུ་འགྲུབ་གྱུར་ཅིག ། ཅེས་པའི་སྨོན་ལམ་འདི་ནི་རྟོན་པ་བཞི་ལྡན་གྱིས་སྦྱར་ བའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-640 ༄༅། །གལ་པོ་ཆེའི་སྨོན་ལམ་བཞུགས་སོ། ། 8-1-641 ༄༅། །གལ་པོ་ཆེའི་སྨོན་ལམ་བཞུགས་སོ། ། ༄༅། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འཁོར་དང་བཅས་པ་ཐམས་ཅད་བདག་ལ་ དགོངས་སུ་གསོལ། བླ་མ་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། །མཁའ་འགྲོ་ཆོས་སྐྱོང་ཀུན་གྱི་མཐུ་ རྩལ་དང༌། །དགེ་བ་གང་བསགས་ཀུན་གྱི་ནུས་པ་དང༌། །དོན་དམ་མཁའ་ཁྱབ་ཆེན་པོའི་ གཟི་བརྗིད་ཀྱིས། །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །ལས་ངན་ཐམས་ཅད་གཏན་ནས་ ཟད་པ་དང༌། །ལན་ཆགས་ཐམས་ཅད་གཏན་ནས་ཁྱེར་བ་དང༌། །རླུང་སེམས་ཐམས་ ཅད་གཏན་ནས་འགག་པར་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །ཉེས་སྐྱོན་ཐམས་ ཅད་གཏན་ནས་ཟད་པ་དང༌། །ཡོན་ཏན་ཐམས་ཅད་རྫོགས་པར་ཐོབ་པ་དང༌། །འདུན་ མ་ཐམས་ཅད་ཤིན་ཏུ་ལེགས་པར་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །བླ་མ་ མཆོག་གི་རྗེས་སུ་འཛིན་པ་དང༌། །ཡི་དམ་མཆོག་གིས་བྱིན་གྱིས་རློབ་པ་དང༌། །དབང་ མཆོག་ཐོབ་ནས་མྱུར་དུ་གྲོལ་བར་ཤོག །ཚེ་འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །གནས་ མཆོག་ཁྱད་འཕགས་མྱུར་དུ་རྙེད་པ་དང༌། །རྫས་མཆོག་བཅུད་མཆོག་སྨན་མཆོག་རིན་ ཆེན་མཆོག །ཆོས་མཆོག་བདུད་རྩི་མཆོག་ཐོབ་མྱུར་གྲོལ་ཤོག །ཚེ་འདི་ཉིད་ལ་ད་ལྟ་ འདི་ཉིད་དུ། །རིག་པ་གསུམ་དང་སྤྱན་ལྔ་མངོན་ཤེས་དྲུག །ས་བཅུ་དབང་བཅུ་སྟོབས་ བཅུ་མྱུར་ཐོབ་ནས། །བསྟན་དང་འགྲོ་ལ་ཕན་ཆེན་མྱུར་བྱེད་ཤོག །ཚེ་འདི་ཉིད་ལ་ད་ལྟ་ འདི་ཉིད་དུ། །རྡོ་རྗེ་ལྟ་བུ་དཔའ་བར་འགྲོ་བ་དང༌། །ནམ་མཁའ་མཛོད་སོགས་ཏིང་ འཛིན་ཀུན་ཐོབ་ནས། །མཁའ་ཁྱབ་འགྲོ་བའི་དོན་ཀུན་བྱེད་པར་ཤོག །ཚེ་འདི་ཉིད་ལ་ ད་ལྟ་འདི་ཉིད་དུ། །རྩ་བཟང་རབ་མཆོག་གྱུར་པ་མྱུར་སྐྱེས་ཤིང༌། །ཡེ་ཤེས་ཕེབས་ནས་ བདག་འཛིན་འགག་པ་དང༌། །འགྱུར་མེད་བདེ་ཆེན་མྱུར་དུ་ཐོབ་གྱུར་ཅིག །ཚེ་འདི་ ཉིད་ལ་ད་ལྟར་འདི་ཉིད་དུ། །ཞུ་བདེ་འགྱུར་བཅས་མྱུར་དུ་འགགས་པ་དང༌། །ཞུ་བདེ་ 8-1-642 འགྱུར་མེད་མྱུར་དུ་རྫོགས་པ་དང༌། །རང་བཞིན་འགྱུར་མེད་མྱུར་དུ་ཐོབ་པར་ཤོག །ཚེ་ འདི་ཉིད་ལ་ད་ལྟ་འདི་ཉིད་དུ། །ནམ་མཁའི་མཐའ་ཁྱབ་རྫུ་འཕྲུལ་ཀུན་ཐོབ་ ཅིང༌། །ཕྱོགས་བཅུའི་ཀུན་ཏུ་མྱུར་བར་རབ་སོང་སྟེ། །རྒྱལ་བ་ཀུན་མཆོད་འགྲོ་ཀུན་སྨིན་ བྱེད་ཤོག །ལེགས་པ་ཀུན་དང་རྟག་ཏུ་ཕྲད་པ་དང༌། །ཉེས་པ་ཀུན་དང་རྟག་ཏུ་བྲལ་བ་ དང༌། །གང་བྱས་ཐམས་ཅད་ཤིན་ཏུ་ལེགས་པ་དང༌། །ཅི་བསམ་ཐམས་ཅད་ཡིད་བཞིན་ འགྲུབ་པར་ཤོག །ད་ལྟ་རྩེ་གཅིག་སྒྲུབ་པ་འཕེལ་བའི་རྐྱེན། །གནས་འཁོར་ལ་སོགས་ མཐུན་རྐྱེན་ཕུན་ཚོགས་ཤིང༌། །རྩེ་གཅིག་སྒྲུབ་པ་ཉམས་སུ་ལེན་པ། །འགལ་རྐྱེན་བར་ ཆད་གང་ཡང་མེད་པར་ཤོག །འཕགས་པ་ཀུན་གྱི་བྱིན་རླབས་ཆེན་པོ་དང༌། །དགེ་བ་ ཀུན་གྱི་ནུས་མཐུ་ཆེན་པོ་ཡིས། །གསོལ་བ་གང་བཏབ་མྱུར་དུ་ཐེབས་པ་དང༌། །སྨོན་ལམ་ གང་བཏབ་མྱུར་དུ་ཐེབས་པར་ཤོག། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-643 ༄༅། །ཡིག་དྲུག་བཀའ་མ་བཞུགས་སོ། ། 8-1-644 ༄༅། །ཡིག་དྲུག་བཀའ་མ་བཞུགས་སོ། ། ༄༅། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ་ལ་ཕྱག་འཚལ་ལོ། ། འདིའི་བྱུང་ཚུལ་ནི། བོད་མུན་པའི་སྨག་རུམ་འདྲ་བ་ལས། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཐུགས་རྗེ་བོད་ཀྱི་རྒྱལ་པོར་སྤྲུལ་ནས། དམ་པའི་ཆོས་ཀྱི་ཉི་མ་ ཤར་བར་མཛད་དེ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་དམ་པའི་ཆོས་དབུ་ བརྙེས། སྲོལ་བཏོད། དར་ཞིང་རྒྱས་པར་མཛད་པ་ཐམས་ཅད་ལ་ཡོངས་སུ་གྲགས་པ་ ལས། དང་པོ་ལྷ་ཐོ་ཐོ་རི་སྙན་བཙན་ཕོ་བྲང་ཡུ་བུ་གླ་སྒང་ན་བཞུགས་དུས། ཐོག་མར་ཟ་ མ་ཏོག་བཀོད་པའི་མདོ། ཤེལ་གྱི་མཆོད་རྟེན་ཕྱག་རྒྱའི་དམ་ཁ་ལ་སོགས་པ་རྣམས་ནམ་ མཁའ་ལས་རང་བབས་སུ་བྱོན་བྱུང༌། དེ་དུས་ཁ་ཆེའི་མཁས་པ་ལེགས་སྦྱིན་ཞེས་བྱ་བ་ ལ་བསྒྱུར་བར་ཞུས་པས། བོད་ན་ཡི་གེ་མེད་པའི་སྟོབས་ཀྱིས་བསྒྱུར་མ་ནུས། ཆོས་ཟབ་ མཐར་ཐུག་བྱིན་རླབས་ཅན་དུ་འདུག་པས། དད་གུས་དང་ཕྱག་མཆོད་བྱས་ན་ལེགས་ པར་འོང་གསུངས་ནས། པཎྜི་ཏ་རྒྱ་ནག་ཏུ་གཤེགས། དེ་ནས་རྒྱལ་པོས་གསེར་སྐྱེམས་ དང༌། གཡུ་སྔོན་ལ་སོགས་པས་མཆོད་ཅིང་ཕྱག་དང་བསྐོར་བ་དང༌། དད་གུས་མཛད་ པས་ཤིན་ཏུ་བྱིན་རླབས་ཆེ་ཞིང༌། བཀྲ་ཤིས་པར་བྱུང་ནས། ཆོས་དེ་ལ་གཉན་པོ་གསང་ བ་ཞེས་གྲགས་སོ། ། དེ་ནས་རྒྱལ་པོ་སྲོང་བཙན་སྒོམ་པོའི་སྐུ་རིང་ལ་བསྒྱུར་བས། ཟ་མ་ཏོག་བཀོད་པ་ཡི་གེ་ དྲུག་པའི་མདོར་ཤེས་ནས་སྲོལ་བཏོད། དེ་ནས་ཁྲི་སྲོང་ལྡེའུ་བཙན་གྱིས་དར་ཞིང་རྒྱས་པར་མཛད་པས། ལྷ་འདི་དང་ཆོས་འདི་ བོད་ཀྱི་ལྷ་སྐལ་དང༌། ཆོས་སྐལ་དུ་གྲགས་ཤིང་ས་ཆ་མང་པོར་ཁྱབ་པས་ཀུན་གྱིས་ངོ་མི་ ཤེས་པ་མེད་པར་མཛད་པས་འདི་སེམས་ཅན་རྣམས་ལ་སྐུ་དྲིན་ཤིན་ཏུ་ཆེ་གསུངས། 8-1-645 སྐུ་བཞེངས་པ་དང༌། ཐུགས་བསྒོམ་པ་དང༌། སྔགས་བཟླས་པ་མང་པོ་བྱུང་བས་གྲུབ་པ་ ཐོབ་པ་དང༌། ནུས་པ་བྱིན་རླབས་ཅན་དང༌། མཁས་བཙུན་མཁས་གྲུབ་མང་པོ་རིམ་པ་ ལྟར་བྱོན་ནས། རྒྱལ་ཁམས་ཐམས་ཅད་ཆོས་དང་བཀྲ་ཤིས་ཕུན་སུམ་ཚོགས་པ་དང་ ལྡན་པར་མཛད་པས་བྱིན་རླབས་དང་སྐུ་དྲིན་ཤིན་ཏུ་ཆེ་གསུངས། སྔགས་ཟློ་བར་བྱེད་པ་ལ་འཛབ་ཅེས་དང་པོར་གྲགས་ཏེ། དེ་ནི་འཛབ་ཅེས་པ་སཾ་སྐྲྀ་ ཏའི་སྐད་ཡིན། བོད་སྐད་དུ་བསྒྱུར་བ་བཟླས་པ་ཞེས་པར་འགྱུར་བས། འཛབ་བྱེད་ཟེར་ ན་བཟླས་པ་བྱེད་ཅེས་པའི་དོན་གོ་དགོས་ཀྱི། བོད་བློན་པོ་ལ་ལས་གྱེར་མ་བྱེད་པ་ལ། འདོད་པ་དེ་ནི་རྒྱལ་བའི་དགོངས་པ་མ་ཡིན་པས། འཛབ་བྱེད་ན་སྔགས་དབང་པོ་ཤ་ར་ ར་ཟློས་དགོས་ཞེས་སྔོན་གྱི་ལོ་ཙྪ་བ་མཁས་པ་ཆེན་པོ་རྣམས་ཞལ་མཐུན་པར་གསུངས། མདོ་སྡེ་ཆེ་ཆུང་ཐམས་ཅད་དང་སྔགས་ཀྱི་རྒྱ་གཞུང་བཟླས་པ་སྟོན་པ་ཐམས་ཅད་ ནའང༌། འཛབ་ཅེས་བཟླས་པར་བསྒྱུར་བ་ཤ་སྟག་ཡོད་ཀྱི། གྱེར་མར་བསྒྱུར་བ་གཅིག་ ཀྱང་མེད། དེའི་སྟོབས་ཀྱིས་མཁས་པ་ཐམས་ཅད་ལ་འཁྲུལ་བ་དེ་མེད། བླུན་པོ་རྣམས་ འཁྲུལ་བའི་གཞི་ནི། དང་པོ་བོད་ན་ཆོས་མེད་ལ་བོན་པོ་མང་བས། ཕྱིས་ཆོས་བྱོན་དུས་ གྱེར་མ་མེད་པ་ལ་མི་རྣམས་མ་དད་ནས། གཤེ་སྐུར་སྣ་ཚོགས་ཀྱིས་ལས་ངན་བསོགས་པ་ མང་དུ་བྱུང༌། དེ་རྣམས་རིམ་གྱིས་དྲང་བའི་ཕྱིར་དུ། ཆོས་ཀྱི་ཚིག་ཀྱང་གྱེར་མ་ལ་བསྐྱོན་ པ་འགའ་རེ་བྱས་པས། དེ་མཆེད་ཅིང་འཇགས་ནས། སྔགས་ལའང་གྱེར་མ་བྱེད་པ་ འགའ་རེ་བྱུང་ཞིང༌། སྔགས་པ་གྱེར་བསྒོམ་པ་ཡིན་ཟེར་བ་བྱུང་སྟེ། སྔགས་རྙིང་མ་པར་ གྲགས། དེ་ནས་གསར་མ་བ་ལ་ལས་ཀྱང་དེའི་ལན་མོ་བྱས་པ་ཐལ་ནས་སྔགས་ལའང་གྱེར་མ་ བྱེད་པ་བྱུང་སྟེ། སྔགས་ཀྱི་མཚན་ཉིད་ཉམས་པ་མ་ཚོར་བས་བྱིན་རླབས་དང་མཐུ་ སྟོབས་ཆུང་ངུ་སོང་ནས་གྲུབ་ཐོབ་ནུས་པ་ཅན་ཉུང་དུ་སོང༌། ས་གཞི་བྱིན་ཆུང་ངུ་སོང་ ནས་འབྲུ་བཅུད་དང་རྩི་ཐོག་ལ་སོགས་པ་བཟང་པོ་མི་སྨིན། མི་ནད་དང༌། ཕྱུགས་ནད་ དང༌། འཐབ་རྩོད་འཁྲུག་ལོང་ལ་སོགས་པ་བཀྲ་མི་ཤིས་པ་སྣ་ཚོགས་དར་བ་ནི། རིགས་ 8-1-646 སྔགས་ལོག་པར་བསྒྲུབ་པ་བཞིན། །ཞེས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་དང༌། རྗེས་སུ་མཐུན་པར་གསུངས། སྔགས་ཀྱི་བྱིན་རླབས་ཅན་འོང་བ་ལ་སྔགས་ཀྱི་མཚན་ཉིད་ཚང་དགོས། དེ་ལ་ཡི་གེ་ཐུང་ བ་རིང་བ་ཤིན་ཏུ་རིང་བ་རྣམས་མ་ནོར་ཞིང་མ་འཁྲུགས་དགོས། ཐུང་བ་ནི་མིག་ འཛུམས་པའི་ཚད་དོ། །རིང་བ་ནི་དེའི་གཉིས་འགྱུར་རོ། །ཤིན་ཏུ་རིང་བ་ཞིག་གསུམ་ འགྱུར་ཏེ། ཡི་གེ་བདག་ཉིད་ཀུན་མཐའ་ཡང༌། །མིག་འཛུམ་ཚང་དུ་གནས་པ་ ཡིན། །ཞེས་སོགས་གསལ་བར་གསུངས་སོ། །དེས་ན་སྔགས་གྱེར་མ་བྱས་ན། ཐུང་ངུ་ལ་ རིང་པོ་དང༌། ཤིན་ཏུ་རིང་པོར་སོང་བ་དང༌། དེ་བས་ཀྱང་ཆེས་ཤིན་ཏུ་རིང་བ་དང༌། དེ་བས་ཀྱང་ཆེས་ཤིན་ཏུ་རིང་ཞིང་རིང་བ་ལས་ཀྱང་རིང་བར་སོང་བ་ལ་སོགས་སྐྱོན་ མང་པོ་འདྲེན་འོང་བས་སྔགས་བཟླ་བ་རྣམས་ཀྱི་གྱེར་མ་སྤངས་ནས། བགྲང་འཕྲེང་ བཟུང་སྟེ། ཇི་སྐད་བཤད་པ་བཞིན་ཤ་ར་ར་བཟླས་པས་བྱིན་རླབས་ཀྱང༌། ཇི་སྐད་བཤད་ པ་བཞིན་འབྱུང་ངོ༌། །འོ་ན་སྐབས་སྐབས་སུ་འཛབ་བསྟོད་དང༌། མཆོད་བསྟོད་བྱ་བར་ གསུངས་མོད་ཅེ་ན། དེ་དག་ནི་བཟླས་པས་སྐྱོ་བ་དང༌། བྱིང་བ་དང༌། རྨུགས་པ་དང༌། གཉིད་དང་རྒོད་པ་ལ་སོགས་པ་བསལ་བའི་ཆེད་དུ་སྔགས་ལས་གཞན་བསྟོད་པའི་ ཚོགས་ལེགས་པོ་དག་གིས་མཆོད་པ་ཕུལ་ནས། འདོད་པའི་དོན་ཞུ་ཞིང་གསོལ་བ་ གདབ་པ་ལ་སོགས་པ་རྣམས་ལ་དགོངས་ཀྱི། སྔགས་ཉིད་གྱེར་མར་བྱེད་པ་ལ་དགོངས་ པ་ནི་གཏན་ནས་མ་ཡིན་ནོ། །ཞེས་སྐྱེས་མཆོག་དམ་པ་མཁས་གྲུབ་ཆེན་པོ་རྣམས་ཞལ་ མཐུན་པར་གསུངས་ཤིང༌། ཤིང་རྟ་ཆེན་པོ་རྣམས་དང་རྡོ་རྗེ་འཆང་ཆེན་པོའི་དགོངས་ པ་ཡང་དེ་བཞིན་དངོས་ཡིན་གསུངས། གཞན་ཡང༌། བཟླས་པའི་གྲངས་ཚད་བྱེ་བ་ཞེས་གསུངས་པ་ཡང་གྱེར་མར་མ་བྱས་ནས་ ཧ་ཅང་ཐལ་བ་ལ་སོགས་སྐྱོན་མང་པོ་ཡོད་ཅིང་གྱེར་བའི་སྔགས་རེ་རེའི་བར་ལ་བཟླས་ པ་ཡང་དག་བཅུའམ་ཉི་ཤུ་ལ་སོགས་པ་མང་པོ་འགྲུབ་པས། དེ་ངེས་བྱེད་ལའང་ད་ལྟར་ འཛབ་ཡང་དག་བྱས་ཀྱང་གྱེར་མ་མ་བྱས་ནས་འཛབ་མ་བྱས་སྙམ་པ་ནི་ནོར་བ་ཡིན་ 8-1-647 གསུང་ངོ༌། ། བཀའ་མ་གཏེར་མ་ཞེས་བྱ་བ་གྲགས་པ་ལ། བཀའ་མ་ནི། ཤིན་རྟ་ཆེན་པོ་རྣམས་དང༌། ཁྱད་པར་སློབ་དཔོན་ཙནྟྲ་གཽ་མི། སློབ་དཔོན་ཟླ་བ་གྲགས་པ། དགེ་སློང་མ་དཔལ་མོ། སློབ་དཔོན་དགེ་བསྙེན་ཀུན་སྦྱིན། ཇོ་བོ་ཆེན་པོ་རྗེ་ལྷ་གཅིག། བྱང་སེམས་ཟླ་བ་རྒྱལ་ མཚན། གྲུབ་ཐོབ་སྐྱེར་སྒང་བ། གྲུབ་ཐོབ་ཤྭ་བུད་སྒང་པ། གྲུབ་ཐོབ་གཉེན་ཚིམ་བུ་པ། གྲུབ་ཐོབ་དམ་པ་དམར་པོ་ལ་སོགས་པ་ཤིན་ཏུ་མང་པོས་བཟླས་པ་ཡང་དག་གི་ལུགས་ སུ་མཛད་པས་གྲུབ་རྟགས་ལེགས་པར་ཐོན་ལུགས་དེ་ལ་སྔགས་པ་མང་པོ་གསུང་ངོ༌། ། གཏེར་མ་ཞེས་གྲགས་པ་ལ་ཡི་གེ་བདུན་པ་ནི། གུ་རུ་ཆོས་དབང་བྱོན་ནས་བྱུང་སྟེ། ཁོང་ པ་རང་གིས་བཟླས་པ་ཡང་དག་གི་ལུགས་བཞིན་མཛད་པས། ནུས་པ་ཐོན་ཞིང༌། ཡོན་ ཏན་མང་པོ་བརྙེས། གུ་རུ་པད་མ་འབྱུང་གནས་དང་མཇལ་བའི་སྐྱེས་མཆོག་དམ་པར་ འགྱུར། གདུལ་བྱ་སྣོད་ལྡན་རྣམས་ལ་བཟླས་པ་ཡང་དག་གི་ལུགས་སུ་སྣང་ངོ༌། །གཞན་ དད་མེད་སྐལ་དམན་ཚེ་ཕྱི་མ་མི་དྲན་པར་འདི་ཁོ་ན་དོན་དུ་གཉེར་ཞིང་མིག་རྟོག་ སྣར་བསྟས་པ། གླུ་གཞས་དང༌། གྲགས་ལ་དགའ་བའི་སྙིང་མེད་སྙིང་རུལ་རྣམས་ཀྱི་ཆོས་ སྐལ་གཏན་ཆད་ལ་སོང་གི་དགོངས་པའི་ཐུགས་རྗེ་ཆེན་པོ་མཛད་ནས། གྱེར་མ་དང་ འདྲེས་པ་འདི་མཛད་དེ། དེ་ཡང་དང་པོ་གྱེར་མའི་ཐབས་ཀྱིས་བསྡུས་ནས་སྐབས་སྐབས་ སུ་བཟླས་པ། ཡང་དག་ཀྱང་བརྒྱ་ཕྲག་སྟོང་ཕྲག་མང་དུ་མཛད་དུ་འཇུག །དེའི་ནང་ནས་ སྐལ་ལྡན་བྱུང་ན་ཟབ་ཆོས་གཞན་ཡང་གནང་པ་ཡིན་པར་གདའ་སྟེ། དུས་ཕྱིས་སྐལ་ བཟང་ནི་ཇེ་ཉུང༌། སྐལ་ངན་ནི་ཇེ་མང་སོང་བས་ཡང་དག་དེ་ནི་ནུབ་པ་བཞིན་སོང་ བས། ལྟར་སྣང་དེའི་དར་བར་གྱུར་ཏེ། ཆོས་གངས་?མེད་གྲེད་པོ་གྲེད་མོ་གླུ་གཞས་སྣ་ ཚོགས་ལ་དགའ་ནས་གྲོགས་བྱེད་པ་ལ་མ་ཎི་བྱེད་ཟེར་བ། འདི་འབྱུང་བ་ཡིན་པར་ གདའ། ཤིན་ཏུ་སྤངས་ནས་མི་ཟུག་སྟེ་བྱས་མེད་འཇུག་བྱ་འཇུག་བྱེད་ཀྱི་ཧུད་ཀྱི་ཧུད། བསྟན་པའི་ཡང་སྙིང་ཟབ་མོ་ལ་འདི་ལྟ་བུའི་དུས་འོང་བ། བརྫུན་པས་བདེན་པ་སྣུབ་པ་ ལྟར་སྣང་གི་ཡང་དག་འགོག་པ། འདི་འདྲ་ལ་སངས་རྒྱས་རྣམས་ཀྱིས་ཐུགས་རྗེས་ 8-1-648 གཟིགས་སུ་གསོལ། དེར་མ་ཟད་ལ་ལ་ན་རེ། ཧྲཱིཿ མ་བཟླས་ན་ཡིག་དྲུག་བཟླས་ཀྱང་ སངས་རྒྱས་ལ་ཉེར་མི་འགྲོ་ཞེས་སོགས་སངས་རྒྱས་ཀྱི་བཀའ་ཡང་དག་པ་ལ་གཤེ་སྐུར་ འདེབས་པ་རྣམས་ནི་ལྷག་པར་ཡང་སྙིང་རྗེ་གསུངས། འོ་ན་ཧྲཱིཿབཟླས་པ་ལ་སྐྱོན་ཅི་ཡོད་ སྙམ་ན་ཐུགས་ཀྱི་སྙིང་པོའི་ས་བོན་ཡིན་པས་སྐྱོན་མེད། མ་བཟླས་ཀྱང་ཡི་གེ་དྲུག་པ་ལ་ འདུ་བས་སྐྱོན་ནི་མེད། ཡིག་དྲུག་ཟབ་མི་ཟབ་ཟ་མ་ཏོག་བཀོད་པའི་མདོ་སྡེ་ལ་སོགས་ མདོ་རྒྱུད་ཟབ་མོ་རྣམས་ལ་བལྟས་ནས་གསལ། གཏེར་མ་ལ་གཏེར་ཁ་གོང་འོག་ཞེས་གྲགས་པའི་གོང་མ་མངའ་བདག་ཉང་རལ་གྱི་ ལུགས་ལ་ཧྲི་དྲག་མེད་པར་མདོ་དང་མཐུན། དེ་བས་ན་དེ་གཉིས་ཀྱི་ཕྱོགས་བཟུང་ནས་ རྩོད་པ་དང་སྨོད་པ་བྱེད་པ་མི་ཐད་གང་ཟེར་ན་བཟླས་སྒོམ་པ་ནུས་པ་ལ་གཉིས་ཀས་ ཆེར་ཕན་མི་ནུས་པ་ལ་གཉིས་ཀས་ཆེར་མི་ཕན། འོན་ཀྱང་ས་བོན་ཙམ་འཇོག་པ་སྲིད་ གསུངས། བྲིས་པ་མཐོང་བའི་ཕན་ཡོན་དཔག་མེད་གསུངས་པ་ལ་སོགས་པ་དཔག་མེད་ འབའ་ཞིག་དུས་གཞན་ལ་དགོངས་པ་ཡང་ཡོད་སྲིད་པས་འདི་ཙམ་སྤོང་བ་རང་མི་ བདེན་སྙམ་པ་བྱར་མ་བཏུབ། བཀའ་ཡང་དག་པའི་བྱིན་རླབས་ཚད་མེད་ཅིང་བསམ་ གྱིས་མི་ཁྱབ་པ་ལ་དད་གུས་བསྐྱེད་པ་དང༌། ཐེ་ཙོམ་མེད་པ་གལ་ཆེ་གསུངས། ལུགས་གང་ལྟར་ཉམས་སུ་ལེན་ཡང་དབེན་པར་སྒོམ་པའི་ཚུལ་ནི་གཞན་ན་གསལ། མང་པོ་ཚོགས་ནས་གཟུངས་སྒྲུབ་ཀྱི་ཚུལ་དུ་བྱེད་པ་དང༌། བསྙུང་གནས་ལ་སོགས་པའི་ བྱེད་ཚུལ་ཡང་གཞན་ནས་གསལ། འོན་ཀྱང་དེ་དག་ལ། གང་ཟག་གདེངས་ཅན་དགོས་ པས་ཅུང་དཀའ་གསུངས། འདིར་ཐུན་མོང་དུ་མང་པོས་བྱར་རུང་བ་ལ། མཆོད་པའི་རྫས་ཡོད་ན་ཤིན་ཏུ་བཟང་ ཞིང་རྒྱ་ཆེ་ལ་གྱ་ནོམ་པར་བསག །མེད་ན་གང་འབྱོར་པ་ལ། ཕུན་ཚོགས་དཔག་མེད་དུ་ མོས་ཤིང༌། གནས་དང་ཡོ་བྱད་བྱིན་དབབ། ལྷ་རྟེན་ཡོད་ན་དེ་ལ་བཞུགས་པའི་ཡེ་ཤེས་ པ་གསལ་བཏབ། མེད་ན་ནམ་མཁའ་གང་བར་རྟག་ཏུ་བཞུགས་པའི་ཡེ་ཤེས་ལྷ་ཚོགས་ གསལ་གདབ། པོ་ཊ་ལ་དང༌། བདེ་བ་ཅན་ལ་སོགས་པ་ཕྱོགས་བཅུའི་ཞིང་ཁམས་དང་ 8-1-649 དཔག་ཡས་རྣམས་ན་བཞུགས་པའི་སངས་རྒྱས་གཟུགས་ཀྱི་སྐུས་གཞན་དོན་མཛད་པ་ འཁོར་དང་བཅས་པ་ཐམས་ཅད་སྤྱན་འདྲེན་གྱི་ཚིགས་གང་ཡང་རུང་བ་དང་བཅས་ པས་སྤྱན་དྲངས་ལ། ལུས་གྲངས་མེད་དུ་མོས་ཏེ། གང་གི་དྲིན་གྱིས་ཞེས་སོགས་དང༌། སྐྱོན་གྱིས་མ་གོས་ཞེས་སོགས་དང༌། ཇི་སྙེད་སུ་དག་ ཅེས་སོགས། གང་མོས་གང་ཤེས་ཀྱི་ཚིག་དང་བཅས་ནས་ཕྱག་འཚལ་བ་ལ་སོགས་པ་ ཡན་ལག་བདུན་པ་ཞེ་ཐག་པས་བྱ། མཎྜལ་ཕུལ་ནས་འདོད་པའི་དོན་ཀུན་འགྲུབ་པར་ གསོལ་བ་གདབ། དེ་ནས་ཐམས་ཅད་ཀྱིས་དཀོན་མཆོག་ཐམས་ཅད་ལ་དད་གུས་ཆེན་ པོ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དང་དངོས་པོ་ཐམས་ཅད་བདེན་མེད་ སྣང་ཙམ་ཡིན་ཡང་རླུང་སེམས་མ་འགགས་པ་དེ་སྲིད་དུ་རྒྱུ་འབྲས་ལས་མ་འདས་ཤིང་ དེའང་མི་སླུ་བར་ངེས་པས་འཁོར་བར་འཁྱམས་པའི་ཉེས་དམིགས་དྲན་པ། ཤིན་ཏུ་ རྙེད་པར་དཀའ་པའི་མི་ལུས་འདི་འདྲ་བར་རྒྱ་ལ་ལན་གཅིག་ཙམ་ཐོབ་ཀྱང༌། མི་རྟོག་ པ་རང་ཆས་སུ་འབྲེལ་བས། ནམ་འཆི་ཆ་མེད་པ་དྲན་པས་ལྕགས་འདེབས་བྱས་ནས་མ་ ཡེངས་རྩེ་གཅིག་ཏུ་མགྱོགས་བུལ་རན་ཞིང་གསལ་བར་སྔགས་བཟླས། བཟླས་པས་སྐྱོ་ བའམ་བྱིང་རྨུགས་ལ་སོགས་སུ་གྱུར་ན་དབྱངས་དང་བཅས་པའམ་དབྱངས་མེད་ཀྱང་ རུང༌། བསྟོད་པ་གང་རན་བྱ་ཞིང༌། རོལ་མོ་ལ་སོགས་པ་མཆོད་པ་རྒྱས་བསྡུས་གང་མོས་ བྱ། འདོད་དོན་གང་ཡིན་གསོལ་བ་དྲག་ཏུ་གདབ། བསྐོར་བ་བྱ། ཟ་མ་ཏོག་བཀོད་པའི་ མདོ་སྡེ་རིན་པོ་ཆེ་བཀླག དཀོན་མཆོག་ཆོས་སྐྱོང་མཁའ་འགྲོ་ལ་སོགས་པ་ལ་གཏོར་མ་ འབུལ། སེམས་ཅན་ཐམས་ཅད་གཏོར་མ་ལ་སོགས་པས་ཚིམ་པར་བྱ། སྔགས་ཀྱི་གྲངས་ཐམས་ཅད་བསྡུས་ནས་ཁྲག་ཁྲིག་འབུམ་ཕྲག་འདི་ཙམ་གྲུབ་པའི་དགེ་ བ་འདིས་གཙོ་བྱས་པ་དུས་གསུམ་དང་འབྲེལ་བའི་དགེ་བ་རང་གིས་བྱས་པ་དང༌། གཞན་བྱེད་དུ་བཅུག་ཅིང་བསྐུལ་བ་དང༌། གཞན་གྱིས་དགེ་བ་ལ་རྗེས་སུ་ཡི་རང་བགྱིས་ པ་ཅི་མཆིས་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་ རྒྱས་ཐོབ་པར་གྱུར་ཅིག །དེ་མ་ཐོབ་བར་དུ་རྒྱལ་བ་རིགས་གསུམ་མགོན་པོ་ལ་སོགས་པ་ 8-1-650 འཕགས་པ་ཐམས་ཅད་མཉེས་པར་བྱེད་ཅིང༌། དམ་པའི་ཆོས་དང་དགེ་འདུན་ལ་ སོགས་པ། ཡོན་གནས་ཐམས་ཅད་ལ་བྱ་བ་ཆེན་པོ་བྱེད་པར་གྱུར་ཅིག །གནས་སྐབས་ ཐམས་ཅད་དུ་ཚོགས་གཉིས་རྫོགས་པ་དང༌། སྒྲིབ་གཉིས་སྦྱོང་བའི་བྱ་བས་དུས་འདའ་ བར་གྱུར་ཅིག ། རྟག་ཏུ་དད་པ་དང༌། ངེས་འབྱུང་དང༌། སྐྱོ་ཤས་མི་རྟག་པ་དྲན་པས། ཆོས་ཕྱོགས་སུ་བརྩོན་འགྲུས་རྩོམ་པར་གྱུར་ཅིག །ཡུལ་ཕྱོགས་ཐམས་ཅད་དུ་མི་ནད་ ཕྱུགས་ནད་འཐབ་བརྩོད་འཁྲུགས་ལོང་སད་སེར་ལ་སོགས་པ་བཀྲ་མི་ཤིས་པ་དང༌། བར་དུ་གཅོད་པ་ཐམས་ཅད་མེད་ཅིང་མི་འབྱུང་བར་གྱུར་ཅིག །འདུན་མ་གང་བྱས་ ཐམས་ཅད་ལེགས་ཤིང་ཆོས་དང་མཐུན་པའི་སྒོ་ནས་བཀྲ་ཤིས་ཕན་བདེའི་དཔལ་ལ་ སྤྱོད་པར་གྱུར་ཅིག ། ཅེས་སོགས་སྨོན་ལམ་རྒྱས་པ་ཞེ་ཐག་པ་ནས་བཏབ་ནས། དཀོན་མཆོག་གསུམ་གྱིས་ བྱིན་རླབས་ཆེན་པོ་དང༌། དགེ་བ་གང་བྱས་རྣམས་ཀྱི་ནུས་པ་དང༌། ཆོས་ཀྱི་དབྱིངས་དེ་ བཞིན་ཉིད་ཀྱི་བྱིན་བརླབས་ཆེན་པོའི་མཐུས། སྨོན་ལམ་ཐམས་ཅད་ཡང་དག་པ་ཇི་ལྟ་ བ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་སོགས་གང་ཟབ་བྱས་ནས། གཏང་རག་མཆོད་ བསྟོད་འབུལ། མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་གང་རུང་གིས་བཟོད་པར་ གསོལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐོང༌། དངོས་གྲུབ་ཞུས་ནས་ཡེ་ཤེས་པ་ལྷ་རྟེན་ལ་ བརྟན་པར་བཞུགས་སུ་གསོལ། གཟུགས་སྐུ་འཁོར་དང་བཅས་པ་དང༌། གཏོར་མའི་ མགྲོན་རྣམས་གཤེགས་སུ་གསོལ། དེ་ལྟར་བྱས་ན་བྱེད་མཁན་རྣམས་དང་ཕ་མ་ཉེ་ འབྲེལ་ལ་སོགས་པ་དུས་ལས་འདས་པའི་དགེ་རྩའམ། དུས་མཆོད་དམ། ན་བའི་རིམ་ འགྲོའམ། སད་སེར་དང་རིམས་ནད་ལ་སོགས་པ་འགལ་རྐྱེན་བར་ཆད་མི་མཐུན་པའི་ ཕྱོགས་རྣམས་བཟློག་པ་ལ་དམིགས་པ་ཡིན་ཡང་རུང༌། མདོར་ན་གང་དང་གང་ལ། དམིགས་པ་དེ་དང་དེ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་འགྲུབ་པར་འགྱུར་ཏེ། འདི་ལ་ཐེ་ཙོམ་མེད་དོ། ། འདིའི་དམ་ཚིག་ནི། འཆི་བ་མི་རྟག་པ་དང༌། ལས་རྒྱུ་འབྲས་མི་བསླུ་བ་དང༌། འཁོར་ 8-1-651 བའི་ཉེས་དམིགས་དང༌། ཐར་པའི་ཕན་ཡོན་དང༌། དཀོན་མཆོག་གི་བྱིན་རླབས་ཡང་ ཡང་དྲན་པའི་སྒོ་ནས་མི་དགེ་བ་མཐའ་དག་ཅི་ནུས་ཀྱིས་སྤངས། དགེ་བ་མཐའ་དག་ཅི་ ནུས་ཀྱིས་བསྒྲུབ། བླ་མ་དཀོན་མཆོག་ལ་དད་གུས་ཆེན་པོ་བསྐྱེད། སེམས་ཅན་ཐམས་ ཅད་ལ་ཉེ་རིང་མེད་པར་བྱམས་སྙིང་རྗེ་དང༌། ཕན་སེམས་ཆེར་བསྐྱེད་ནས་ནུས་ཀྱིས་ ཕན་འདོགས་གནོད་པ་སྐྱོབ། ཞག་རེ་ལ་སྔགས་སྟོང་ཕྲག་མང་པོའམ་ཅི་འགྲུབ་རེ་ཟློ་ བའི་དམ་བཅའ་བྱས་ནས། མ་ཆགས་པར་ཟློ། གཞན་ཡང༌། འགྲོ་རུང་འདུག་རུང༌། ཁ་མི་ དལ་བར་ཟློ། རྟེན་གསུམ་གང་མཐོང་ཡང༌། དད་པས་ཕྱག་གིས་ཐལ་མོ་སྦྱོར་བའམ། ཐ་ ན་མགོ་འདུད་པ་ཙམ་ཡང་བྱེད། དེ་ལྟར་བྱས་ན་ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། བསམ་པའི་དོན་རྣམས་འགྲུབ། མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས། བསམ་པ་ ཆོས་དང་མཐུན་ཞིང་ལས་སུ་རུང་བར་གྱུར་ནས། ཚེའི་དུས་བྱེད་པའི་ཚེ། སངས་རྒྱས་ དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡ་མཚན་ཆེ་བས་བསུ་ནས། བདེ་བ་ཅན་ནམ། པོ་ཏ་ལ་ལ་སོགས་པར་སྐྱེ་ཞིང་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་རོ། ། བཀའ་མདོ་རྒྱུད་ཟབ་མོ་ཐམས་ཅད་ལས་ཇི་ལྟར་གསུངས་བཞིན་གྲུབ་ཐོབ་གོང་མ་ རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པའི་ཞལ་གདམས་ཟབ་མོ་མདོར་བསྡུས་པ་རྫོགས་ སོ། །འདི་ནི་བཀའ་མའི་ལུགས་སོ། ། ཧོར་གྱི་འཇིགས་ནས་ཤིན་ཏུ་དབེན་པའི་གནས་སུ་རབ་ཏུ་ཡིབ་པའི་ཚེ། རྒྱལ་ཁམས་ ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་བྲིས་པའོ།། །། འདིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཤིན་ཏུ་ཆེས་ཆེར་ཕན་པར་གྱུར་ ཅིག།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-652 ༄༅། །ཡི་གེ་དྲུག་པའི་སྒྲུབ་ཐབས་བཞུགས་སོ། ། 8-1-653 ༄༅། །ཡི་གེ་དྲུག་པའི་སྒྲུབ་ཐབས་བཞུགས་སོ། ། ༄༅། །ཨོཾ་མ་ཎི་པདྨེ་ཧཱུཾ། རང་གཞན་འཁོར་བའི་སྡུག་བསྔལ་ལས་མྱུར་དུ་ཐར་པར་ འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཞེ་ཐག་པས་བྱས་ནས། མ་དག་པའི་ཕུང་པོ་ ཁམས་དང་སྐྱེ་མཆེད་འདི་ཐམས་ཅད་ཀྱི་སྟོང་ཞིང་དབེན་པའི་གཞི་ལ། དག་པའི་དོན་ དེ་བཞིན་ཉིད་ཐབས་དང་ཤེས་རབ་གཉིས་སུ་མེད་ཅིང་འོད་གསལ་པའི་བདེ་བ་དང༌། སྟོང་པ་ཟུང་དུ་འཇུག་པ་མ་ཎི་དང་པད་མེའི་དོན། རྗེ་བཙུན་སྤྱན་རས་གཟིགས་དབང་ ཕྱུག །དབྱིབས་དང་ཁ་དོག་ཐམས་ཅད་དམ། སྐུ་མདོག་དཀར་ལ་འོད་ཟེར་དཔག་མེད་ ཕྱོགས་བཅུར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པའམ། ཕྱག་བཞི་པའམ། བཅུ་གཅིག་ ཞལ་ལ་སོགས་པས་སྐུའི་རྣམ་པར་རོལ་པ་དཔག་ཏུ་མེད་པས་ནམ་མཁའ་ཐམས་ཅད་ གང་བར་དུས་ཐམས་ཅད་དུ་བཞུགས་པ་ཡང་ཡང་གསལ་འདེབས་ཤིང༌། དེ་ཉིད་དུས་ འཁོར། དགྱེས་རྡོར། བདེ་མཆོག གསང་འདུས། སྒྱུ་འཕྲུལ་དྲྭ་བ། རྡོ་རྗེ་གདན་བཞི། མཧཱ་ མ་ཡ། མཁའ་འགྲོ་རྒྱ་མཚོ། ཡུམ་ཆེན་མོ། ཕྱག་རྒྱ་ཆེན་པོ། ཤིན་ཏུ་རྣལ་འབྱོར༌། སངས་ རྒྱས་མཉམ་སྦྱོར། དབུ་མ་ཆེན་པོ། རང་བྱུང་ཡེ་ཤེས། རྡོ་རྗེ་སེམས་དཔའ། རྡོ་རྗེ་འཆང་ལ་ སོགས་པ་གཤིས་ལུགས་ཟབ་མོའི་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ལྷ་ དང༌། སྔགས་དང༌། རྒྱུད་དང༌། དཀྱིལ་འཁོར་དང༌། ཕྱག་རྒྱ་དང༌། དངོས་གྲུབ་ཐམས་ ཅད་འདུས་པ་བླ་མའི་རྣལ་འབྱོར་དང་གཅིག་ཉིད་དུ་ཡིད་ཆེས་པར་བྱས་ནས་དད་ གུས་དྲག་པོ་དུང་དུང་པ་ཡང་ཡང་བྱ་ཞིང༌། འདོད་དོན་གང་ཡིན་གསོལ་བ་གདབ། མ་ཎི་ཞེས་པ་ནོར་བུ་ཡིན་ལ་དེ་ཡང་འགྱུར་མེད་དོན་དམ་པའི་མཁའ་ཁྱབ་སྟེ། སངས་རྒྱས་རིན་པོ་ཆེའོ། །དེ་གང་ལ་བཞུགས་ན། སྟོང་གཞི་ཆོས་ཉིད་ཀྱི་ཟ་མ་ཏོག་ན་ བཞུགས་པ་དེ་ཉིད་པད་མ་ལ་བཞུགས་པའོ། །དེས་ན་འདིར་པད་མེ་ཞེས་པ་ནི་པད་མ་ ལ་ཞེས་པའི་དོན་ཡིན་ལ། དེ་དག་ཉིད་སངས་རྒྱས་ཀྱི་རིན་ཆེན་ཟ་མ་ཏོག་ན་བཞུགས་ 8-1-654 པའི་དོན་ཡིན་ཞིང༌། ཟ་མ་ཏོག་བཀོད་པའི་དོན་ཡང་དེ་ཡིན་ལ་ཨེ་ལ་ཝཾ་ཞུགས་པ་ དང༌། ཨ་ལ་ཧཾ་ཞུགས་པ་དང༌། ཤེས་རབ་ལ་ཐབས་ཞུགས་པ་དང༌། སྟོང་ཆེན་ལ་བདེ་ ཆེན་ཞུགས་པ་དང༌། སྟོང་ཉིད་ལ་སྙིང་རྗེ་ཞུགས་པ་དང༌། ཨཱ་ལི་ལ་ཀཱ་ལི་ཞུགས་པ་དང༌། རྡོ་རྗེ་ཉི་མ་ལ་རྡོ་རྗེ་ཟླ་བ་ཞུགས་པ་དང༌། པད་མ་ལ་རྡོ་རྗེ་ཞུགས་པ་དང༌། གྲུ་གསུམ་ལ་ ཐིག་ལེ་ཞུགས་པ་དང༌། སེམས་དཔའ་ལ་རྡོ་རྗེ་ཞུགས་པ་དང༌། རྟེན་གྱི་དཀྱིལ་འཁོར་ལ་ བརྟེན་པ་ལྷ་ཚོགས་བཞུགས་པའི་དོན་ཡིན་པས། གཤིས་ལུགས་ཟབ་མོའི་ལྷ་ཡབ་ཡུམ་ ཐམས་ཅད་དང༌། ཐབས་ཤེས་ཐམས་ཅད་དང༌། རྟེན་དང་བརྟེན་པའི་དཀྱིལ་འཁོར་ ཐམས་ཅད་འདུས་པ། མ་ཎི་པད་མེ་ཧཱུཾ། དེ་ཡང་ཐབས་དམིགས་བཅས་སྙིང་རྗེ་རྣམ་ གྲངས་ལ། ནོར་བུ་དང༌། རིན་ཆེན་དང༌། ཐིག་ལེ་དང༌། རྡོ་རྗེ་དང༌། ཨཱ་ལི་དང༌། ཧཾ་ཡིག་ དང༌། ཝཾ་ཡིག་དང༌། ཧེ་ཡིག་དང༌། སྡོམ་པ་དང༌། འདུས་པ་དང༌། དུས་དང༌། དང་པོའི་ སངས་རྒྱས་ལ་སོགས་པ་ཤིན་ཏུ་མང་པོ་གསུངས་ཤིང༌། ཤེས་རབ་དམིགས་བཅས་སྟོང་ ཆེན་གྱི་རྣམ་གྲངས་ལ། པད་མ་དང༌། ཆོས་འབྱུང་དང༌། གྲུ་གསུམ་དང༌། སེམས་དཔའ་ དང༌། ཀཱ་ལི་དང༌། ཨཱ་ཡིག་དང༌། ཨེ་ཡིག་དང༌། བཛྲ་དང༌། འཁོར་ལོ་དང༌། གསང་བ་ དང༌། འཁོར་ལོ་དང༌། ཟ་མ་ཏོག་གམ། སེང་གེའི་ཁྲི་ལ་སོགས་པ་ཤིན་ཏུ་མང་དུ་ གསུངས་པའི་ཕྱིར་རོ། ། ཨོཾ་ཡིག་ནི་ཐབས་ཀྱི་ཡེ་ཤེས་ལྔ། ཧཱུཾ་ཡིག་ནི་འདིར་ཤེས་རབ་ཀྱི་ཡེ་ཤེས་ལྔ་སྟེ། དེ་ ལྟར་ན་ཤེས་བཅུ་རྣམ་དག་བདག་ཉིད་ཅན་ནོ། །དེ་ལྟར་གསང་སྔགས་རྒྱལ་པོ་དྲུག་ནི་ འགྱུར་མེད་དྲུག་སྟེ། རྒྱལ་བ་རིགས་དྲུག་ལ་སོགས་པ་དོན་དམ་པའི་དྲུག་ཚན་ཐམས་ ཅད་དོ། །ཞེས་ཤེས་པས་ལྷ་གཅིག་ལ་ལྷ་ཀུན་འདུས་པ་དང༌། སྔགས་གཅིག་ལ་སྔགས་ ཀུན་འདུས་པའི་མན་ངག་ཟབ་མོ་ལ་ཡིད་ཆེས་པའི་ངང་ནས། དག་གསལ་རྒྱུན་མ་ འཆད་ཅིང་རིང་ཐུང་རན་པོར་བཟླས་པས་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ རྒྱུད་བསྐུལ་ནས། བྱིན་རླབས་དང་ཐུགས་རྗེའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བསལ། དངོས་གྲུབ་ཐམས་ཅད་ཐོབ་ནས། 8-1-655 ཡི་གེ་དྲུག་པ་ངག་ཏུ་བཟློས་པའི་སྒྲས་ནམ་མཁའ་ཐམས་ཅད་གང་བར་བསམ། དེའི་ ངང་ནས་ཕྱག་དང༌། བསྐོར་བ་དང༌། མཆོད་པ་དང༌། བསྟོད་པ་དང༌། གཏོར་མ་དང༌། ཆབ་གཏོར་དང༌། སྡིག་བཤགས་དང༌། དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། བསྐུལ་ཞིང་ གསོལ་བ་གདབ་པ་དང༌། མཎྜལ་འབུལ་བ་ལ་སོགས་པ་དགེ་བའི་བྱ་བ་ཐམས་ཅད་བྱ་ ཞིང༌། རྫོགས་རིམ་ཟབ་མོ་ཡང་བླ་མའི་མན་ངག་བཞིན་དུ་བསྒོམ་པར་བྱའོ། །དེ་ལྟར་ བྱས་ན་ཚེ་རིང་ཞིང་ནད་མེད་པ་དང༌། ལོངས་སྤྱོད་དང༌། དབང་ཕྱུག་ཕུན་སུམ་ཚོགས་ པ་ལ་དགྲ་དང༌། ཆོམ་རྐུན་དང༌། མེ་དང༌། ཆུ་ལ་སོགས་པ་དང༌། མི་དང་མི་མ་ཡིན་པའི་ གདོན་ཐམས་ཅད་ཞི་བ་དང༌། བསམ་པ་དགེ་ཞིང་ལས་སུ་རུང་ལ་ཆོས་མཐུན་པས། འཆི་བའི་ཚེ་འཇིགས་པའི་སྣང་བ་དེ་དག་མི་འཆར་བར་རྗེ་བཙུན་སྤྱན་རས་གཟིགས་ དབང་ཕྱུག་འཁོར་དང་བཅས་པའམ། དེའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་བསུ་ ནས། པོ་ཏ་ལའམ། བདེ་བ་ཅན་དུ་པད་མ་ལ་བརྫུས་ཏེ་སྐྱེ་ཞིང༌། སྐྱེས་མ་ཐག་ཏུ་གཟུང་ དང༌། ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་མང་པོ་ཐོབ་ནས། སངས་རྒྱས་ཐམས་ཅད་ མཉེས་པར་བྱེད་ཅིང༌། ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ནས། མགོན་པོ་སྤྱན་རས་གཟིགས་དང་མཚུངས་པའི་གོ་འཕང་ཐོབ་པར་འགྱུར་རོ། ། དེ་ལྟར་ཕན་ཡོན་ཆེ་ལ་བསྒྲུབ་པར་སླ་བའི་མན་ངག་ཟབ་མོ་ཁྱད་པར་འཕགས་པ་ འདི་ནི། བླ་མ་སེང་གེ་རྒྱལ་མཚན་ལ་སོགས་པས་ཐུན་པ་ཡོན་མཆོད་ལ་སོགས་པའི་ སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་དུ་གསོལ་བ་བཏབ་ནས། མ་ཎི་པད་མེའི་ངེས་ དོན་ཟབ་མོ་ལ་ངེས་ཤེས་དད་པ་ཐོབ་ཅིང༌། གསང་སྔགས་རྒྱལ་པོ་དྲུག་ལྡན་ཡི་གེ་དྲུག་ ལ་རྡོ་རྗེའི་སྒྲ་དང༌། གཉིས་སུ་མེད་པའི་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ བཀའ་དྲིན་གྱིས་ཉེ་བར་བསྐྱངས་པའི་རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་སྦྱར་ བའོ།། །།འདིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག ། དགེའོ། ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-656 ༄༅། །མ་ཎི་ངེས་དོན་བཞུགས་སོ། ། 8-1-657 ༄༅། །མ་ཎི་ངེས་དོན་བཞུགས་སོ། ། ༄༅། །ཨོཾ་མ་ཎི་པདྨེ་ཧཱུཾ། སྟོང་པ་ཆེན་པོ་འགྱུར་མེད་ལྔ། །ཐིག་ལེ་སྟོང་པ་འགྱུར་མེད་ དྲུག །གཉིས་མེད་སྦྱོར་བ་བཅུ་གཅིག་ཞལ། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མ་ཎི་ ཞེས་པ་ནོར་བུ་འདི། །དམིགས་མེད་སྙིང་རྗེ་བདེ་ཆེན་ཐབས། །པད་མ་སྟོང་ཆེན་ཤེས་ རབ་ལ། །བཞུགས་པ་ཁྱེད་ལ་ཕྱག་འཚལ་ལོ། །ཝཾ་ཡིག་ཨེ་ལ་ཞུགས་པ་དང༌། །ཧཾ་ཡིག་ཨཱ་ ལ་ཞུགས་པ་དང༌། །ནོར་བུ་པད་མ་ལ་བཞུགས་པ། །སྤྱན་རས་གཟིགས་ལ་སྐྱབས་སུ་ མཆི། །དུས་དང་འཁོར་ལོ་དབྱེར་མེད་ཅིང༌། །ཧེ་དང་བཛྲ་དབྱེར་མེད་ལྟར། །ནོར་བུ་ པད་མ་དབྱེར་མེད་པ། །སྤྱན་རས་གཟིགས་ལ་ཕྱག་འཚལ་འདུད། །ཐབས་དང་ཤེས་རབ་ དབྱེར་མེད་ཅིང༌། །བདེ་ཆེན་སྟོང་ཆེན་དབྱེར་མེད་པས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ པ། །ནོར་བུ་པད་མ་ལ་ཕྱག་འཚལ། །ལྷ་དང་དཀྱིལ་འཁོར་དབྱེར་མེད་ཅིང༌། །རྟེན་དང་ བརྟེན་པ་དབྱེར་མེད་ལ། །གཙོ་བོ་གཙོ་མོ་དབྱེར་མེད་པའི། །ནོར་བུ་པད་མ་ལ་ཕྱག་ འཚལ། །ཤེས་དང་ཤེས་བྱ་དབྱེར་མེད་ཅིང༌། །སྲིད་དང་མྱང་འདས་དབྱེར་མེད་ ལ། །བདེན་གཉིས་བདེན་བཞི་དབྱེར་མེད་པའི། །ནོར་བུ་པད་མ་ལ་ཕྱག་འཚལ། །ཆོས་ རྣམས་ཀུན་གྱི་སྟོང་པའི་གཞི། །ཆོས་ཉིད་ཀུན་བྲལ་བྱང་ཆུབ་སེམས། །ཡབ་ཡུམ་ཐབས་ ཤེས་དབྱེར་མེད་པའི། །ནོར་བུ་པད་མ་ལ་ཕྱག་འཚལ། །སངས་རྒྱས་ཀུན་བས་སྔར་སངས་ རྒྱས། །གདོད་ནས་གྲོལ་བའི་དེ་བཞིན་གཤེགས། །དང་པོའི་སངས་རྒྱས་རིགས་མེད་ པའི། །ནོར་བུ་པད་མ་ལ་ཕྱག་འཚལ། །བདག་གཉིས་མེད་ཅིང་སྟོང་པའི་གཞི། །དེ་བཞིན་ ཉིད་བདག་དགེ་བའི་བདག །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ནོར་བུ་པད་མ་ལ་ཕྱག་ འཚལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །སྲོག་ཆགས་ཀུན་གྱི་སྲོག་ཆེན་པོ། །བདེ་ བཤེགས་སྙིང་པོ་ཆོས་ཀྱི་སྐུ། །ནོར་བུ་པད་མ་ལ་ཕྱག་འཚལ། །དྲི་བཅས་རྣམས་ལ་གཞི་ཡི་ ཚུལ། །དྲི་བྲལ་རྣམས་ལ་འབྲས་བུའི་ཚུལ། །དབྱེར་མེད་ཀུན་གཞི་ཡེ་ཤེས་སྐུ། །ནོར་བུ་ 8-1-658 པད་མ་ལ་ཕྱག་འཚལ། །སྤྲིན་མེད་སྤྲིན་ཆེན་ཡུལ་རྣམས་ལ། །ནམ་མཁའ་ཁྱབ་པ་ཇི་ལྟ་ བར། །འཁོར་འདས་ཀུན་ལ་རྟག་བཞུགས་པའི། །ནོར་བུ་པད་མ་ལ་ཕྱག་འཚལ། །དངོས་ པོ་མ་ཡིན་དངོས་མེད་མིན། །རྟག་པ་མ་ཡིན་ཆད་པ་མིན། །མཐའ་གཉིས་སྤངས་པའི་ དབུ་མ་མཆོག །ནོར་བུ་པད་མ་ལ་ཕྱག་འཚལ། །ཡོད་དང་མེད་པ་མ་ཡིན་པས། །སྒྲོ་ འདོགས་སྐུར་འདེབས་མཐའ་བྲལ་ཞིང༌། །ཕུང་པོ་གསུམ་པར་གྱུར་པ་ཡི། །ནོར་བུ་པད་ མ་ལ་ཕྱག་འཚལ། །སྟོབས་སོགས་ཆོས་སྐུའི་ཡོན་ཏན་ནི། །གང་གཱའི་ཀླུང་གི་རྡུལ་སྙེད་ ལས། །འདས་པའི་སྐུ་བཞི་ཡེ་ཤེས་ལ། །ནོར་བུ་པད་མ་ལ་ཕྱག་འཚལ། །མགོན་མེད་ རྣམས་ཀྱི་མགོན་གཅིག་པུ། །སྐྱབས་མེད་རྣམས་ཀྱི་སྐྱབས་གཅིག་པུ། །སྲོག་ཆགས་རྣམས་ ཀྱི་སྲོག་ཆེན་པོ། །ནོར་བུ་པད་མ་ལ་ཕྱག་འཚལ། །ཐེག་པ་གཅིག་པུ་སྐུ་གཅིག་པུ། །བདེ་བ་ གཅིག་པུ་སྐྱབས་གཅིག་པུ། །འགལ་འདུས་སྐྱོན་མེད་དཔེ་ཟླ་མེད། །ནོར་བུ་པད་མ་ལ་ ཕྱག་འཚལ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །དཔག་བསམ་ཤིང་ཆེན་རྒྱས་པ་ སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །ནོར་བུ་པད་མ་ལ་ཕྱག་འཚལ། །དགོས་འདོད་ ཐམས་ཅད་འབྱུང་བའི་གནས། །ནོར་བུ་ཆེན་པོ་རིན་ཆེན་ཏོག །ཤེས་རབ་ཕ་རོལ་ཕྱིན་ པའི་མཆོག །ནོར་བུ་པད་མ་ལ་ཕྱག་འཚལ། །འགྲོ་བའི་རེ་འདོད་ཡིད་བཞིན་སྐོང༌། །ནོར་ བུ་ཆེན་པོ་འོད་ཆགས་དཔལ། །དཔལ་ལྡན་སངས་རྒྱས་པད་མ་སྐྱེས། །ནོར་བུ་པད་མ་ལ་ ཕྱག་འཚལ། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སངས་རྒྱས་ཀུན་གྱི་རང་བཞིན་ འཆང༌། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ནོར་བུ་པད་མ་ལ་ཕྱག་འཚལ། །དོན་ གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པ་དོན་ནི་འཇིག་པ་མེད། །ཡང་དག་བདག་མེད་ དེ་བཞིན་ཉིད། །ནོར་བུ་པད་མ་ལ་ཕྱག་འཚལ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་ བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ནོར་བུ་པད་མ་ལ་ ཕྱག་འཚལ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཡེ་ཤེས་ཀུན་རྣམས་མ་ལུས་ འཆང༌། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ནོར་བུ་པད་མ་ལ་ཕྱག་འཚལ། །ཨོཾ་ནི་ཐབས་ ཀྱི་ཡེ་ཤེས་ལྔ། །ཧཱུཾ་ནི་ཤེས་རབ་ཡེ་ཤེས་ལྔ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཨོཾ་ 8-1-659 དང་ཧཱུཾ་ལ་ཕྱག་འཚལ་ལོ། །དེ་ལྟར་གསང་སྔགས་རྒྱལ་པོ་དྲུག །ཡི་གེ་དྲུག་པ་རྡོ་རྗེའི་ སྒྲ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །བདག་སོགས་ སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་མྱུར་དུ་ཟད་གྱུར་ཅིག །དངོས་གྲུབ་ཐམས་ཅད་ མྱུར་ཐོབ་ནས། །ཁྱེད་བཞིན་འགྲོ་དོན་བྱེད་པར་ཤོག ། ཅེས་པ་འདི་ཡང་བླ་མ་ཤེས་རབ་རྒྱལ་མཚན་པས་ཐུན་པ་ཡོན་མཆོད་ལ་སོགས་པ་ སེམས་ཅན་ཐམས་ཅད་ཀྱི་དོན་དུ་གསོལ་བ་བཏབ་ནས། མ་ཎི་དང་པད་མེའི་དོན་ཤེས་ ནས་དད་པ་ཐོབ་པ་གང་ཡིན་པ་ངེས་དོན་དང་མཐུན་པར་བཀོད་པའོ། །སེམས་ཅན་ ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག། །། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-660 ༄༅། །སྤྱན་རས་གཟིགས་ཀྱི་གཟུངས་འདུས་ བཞུགས་སོ། ། 8-1-661 ༄༅། །སྤྱན་རས་གཟིགས་ཀྱི་གཟུངས་འདུས་ བཞུགས་སོ། ། ༄༅། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ དོན་ཡོད་ཞགས་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ན་ མཿསྟྲཻ་ཡ་དྷྭ་ཨ་ནུ་ག་ཏ་པྲ་ཏིཥྛི་ཏ་བྷྱཿ སརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿ ན་མཿཔྲ་ཏྱེ་ཀ་བུདྡྷ་ཨཱརྱ་ ཤྲཱ་བྷ་ཀ་སཾ་གྷེ་བྷྱོཿ ཨཱ་ཏཱི་ཏ་ཨ་ནཱ་ག་ཏ་པྲ་ཏྱུང་པན་ནེ་བྷྱཿ ན་མཿསམྱཀ་སཾ་ག་ཏཱ་ནཱཾ། ནམཿ སམྱཀ་པྲ་ཏི་པན་ནཱ་ནཱཾ། ན་མཿཤ་ར་དྭ་ཏཱི་པུ་ཏྲཱ་ཡ་མཧཱ་མ་ཏ་ཡེ། ན་མཿཨཱརྱ་མཻ་ཏྲ་ ཡ་པྲ་མུ་ཁེ་བྷྱོ་མཧཱ་བོ་དྷི་སཏྭེ་བྷྱོཿ ན་མཿསུ་པྲ་ཏིཥྛི་ཏ་ཤཻ་ལེན་ཏྲ་རཱ་ཛ་པྲ་མུ་ཁེ་བྷྱཿ སརྦ་ ཏ་ཐཱ་ག་ཏེ་བྷྱོ་ཨ་ར་ཧད་ཏྱ་བྷྱ་སམྱཀ་སཾ་བུདྡྷ་བྷྱོ་བྷ་ག་བད་བྷྱཿ ན་མཿསུ་ཝརྞ་ཝརྞ་སུ་པྲ་ ཏི་བྷ་ས་བི་ན་ར་ད་དེ་ཤྭ་ར་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ན་མཿ སིཾ་ཧ་བི་ཀྲྀ་ཊི་ཏ་རཱ་ཛཱ་ཡ་ཏ་ ཐཱ་ག་ཏཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ་བྷ་ཡ་ཏ་ཐཱ་ག་ཏཱ་ཡ་ན་མཿ སུ་པྲ་ཏིཥྛི་ཏ་ཡ་ནི་ཀཱུ་ཊ་རཱ་ ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ན་མཿ ས་མན་ཏཱ་ར་སྨྱུང་ག་ཏ་ཤྲཱ་ཀུ་ཊ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་ མོ་བི་པ་ཤྱེ་ནེ་ཏ་ཐཱ་ག་ཏཱ་ཡ་ན་མཿ ཤེ་ཁེ་ནེ་ཏ་ཐཱ་ག་ཏཱ་ཡ། ན་མོ་བི་ཤྭ་བྷུ་པེ། ཏ་ཐཱ་ག་ ཏཱ་ཡ་ན་མཿ ཀྲ་ཀུ་ཚན་ཏྲཱ་ཡ་ཏ་ཐཱ་ག་ཏཱ་ཡ་ན་མཿ ཀན་ཀ་མུ་ན་མེ་ཏ་ཐཱ་ག་ཏཱ་ཡ་ན་མཿ ཀཱ་ཤྱ་པ་ཏ་ཏ་བ་ཏ་ཏ་ཐཱ་ག་ཏཱ་ཡ་ན་མཿ ཤཱཀྱ་མུ་ནེ་ཡེ་ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་ སཾམྱཀ་སཾ་བུདྡྷ་ཡེ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མཧཱ་མུ་ནི་ཡེ་སྭཱཧཱ། ཨོཾ་ས་མེ་ས་མེ་མཧཱ་ས་མེ་ རཀྵ་རཀྵ་མཱཾ་སརྦ་སཏྭེ་ཥྩ། སརྦ་པཱ་པཾ་ཤ་མ་ནེ་སྭཱཧཱ། ན་མ་སུ་བ་རཱ་ཀཱིརྟི་ཏ་ནཱ་མ་དྷེ་ཡཱ་ཏ་ ཐཱ་ག་ཏཱ་ཡ་ན་མཿ ས་མན་ཏཱ་ཨ་བ་བྷ་ས་བི་ཛཱ་ཏི་སཾ་གྲཱ་ར་མ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ་ན་མཿ ཨིན་ཏྲ་ཀེ་ཏུ་དྷཱ་ཛ་ཤྲཱི་ཡེ་ཏ་ཐཱ་ག་ཏཱ་ཡཿ ན་མོ་རཏྣ་པྲ་བྷ་སེ་ཤྭ་ར་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ ཡ། ན་མོ་ཨ་པྲ་ཏི་ཧ་ཏ་བེ་ཥ་ཛྱ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མོ་བེ་ཀྲཱན་ཏ་གཱ་མི་ན་ཏ་ཐཱ་ ག་ཏཱ་ཡ། ན་མོཿབུདྡྷ་ཡ། ན་མོཿདྷརྨ་ཡ། ན་མོཿས་གྷ་ཡ། ན་མོཿཨ་ཏཱི་ཏ་ཨ་ནཱ་ག་ཏ་པྲ་ 8-1-662 ཏྱུང་ནེ་བྷྱོ་བུདྡྷེ་བྷྱོ་བྷ་ག་བད་བྷྱཿ ཏདྱ་ཐཱ། སྨྲི་ཏི་སར་དྷ་ནི། མ་ཏི་བར་དྷ་ནི། ག་ཏི་བར་ དྷ་ནི། དྷི་ཏི་བར་དྷ་ནི། པྲཛྙཱ་བར་དྷ་ནི། པྲ་དྷི་བྷཱ་དྷི་བར་དྷ་ནི། དྷྱ་བར་དྷ་ནི། དྷྱ་བར་དྷ་ ནི། ས་མར་ཐྱ་བར་དྷ་ནི། སརྦ་བོ་དྷི་པཀྵ་དྷརྨ་བར་དྷ་ནི། ས་ཀ་ལ་བུདྡྷ་དྷརྨ་པ་རི་པུ་རཱ་ ཎི་ཡེ་སྭཱཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མཧཱ་ སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མཧཱ་སྠཱ་མ་པྲ་པ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ ཡ། ཨེ་བྷྱོཿན་མཿསྐྲི་ཏྱ། ཨི་དཾ་ཨརྱ་ཨ་ཝ་ལོ་ཀཱི་ཏེ་ཤྭ་ར་མུ་ཁོད་གཱིརྞ་ཨ་མོ་གཱ་དྲཱ་ཤཱ་རཱ་ཛཱ་ ནཱ་མ་ཧི་དང་ཡཾ། ཏ་ཐཱ་ག་ཏཱ་སཾ་མུ་ཁཾ་བྷཱ་ཤཱི་ཏཾ་མཧཱ་ཏཱཾ། པར་ཥ་ན་ཡ་དྷེ། ཨ་ཧཱི་ཨི་དྷ་ནི། མ་བ་ར་དྷ་ཡི་ཥྟ། སདྷྱན་ཏུ་མེ་མན་ཏྲ། པྲ་ཏྲཱ། སརྦ་ཀཱརྱ་ཎྀ། སརྦ་བྷ་ཡེ་བྷྱོཿ མ་ན་སརྦ་ སཏྭ་ནཱཾ་ཙ་ར་ཀྵཱཾ། བྷ་ཝན་ཏུ། ཏདྱ་ཐཱ། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ར་མ་ར། མི་རི་མི་རི། མུ་རུ་མུ་རུ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། ཙུ་རུ་ ཙུ་རུ། ཙི་རི་ཙི་རི། པི་རི་པི་རི། སི་རི་སི་རི། ཡི་རི་ཡི་རི། མཧཱ་པད་མ་ཨསྟ། ཀ་ལ་ཀ་ལ། ཀི་ ལི་ཀི་ལི། ཀུ་ལུ་ཀུ་ལུ། མཧཱ་ཤུདྡྷ་སཏྭ་བུདྡྷྱ་སུདྡྷྱ། བོ་དྷ་བོ་དྷ། བོ་དྷ་ཡ་བོ་དྷ་ཡ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། པ་ར་མ་ཤུདྡྷ་སཏྭ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མཧཱ་སྠ་ མ་པྲ་པ་ཏ། ཙ་ལ་ཙ་ལ། སཾ་ཙ་ལ་སཾ་ཙ་ལ། བི་ཙ་ལ་བི་ཙ་ལ། པྲ་ཙ་ལ་པྲ་ཙ་ལ། ཨེ་ཊ་ཊ། ཨེ་ཊ་ཊ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཨེ་ཧྱི་ ཧི་མཧཱ་ཀཱ་རུ་ཎི་ཀཱ། མཧཱ་པ་ཤུ་པ་ཏི་པེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། པ་ར་པ་ར། བ་ར་བ་ར། མ་ར་མ་ར། ལ་ར་ལ་ར། ཧ་ར་ ཧ་ར། ཧཱ་ཧཱ། ཧཱི་ཧཱི། ཧུ་ཧུ། ཨོཾ་ཀ་ར་པྲ་ཧྨ་པེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། ན་ར་ན་ར། བ་ར་བ་ར། ཧ་ར་ཧ་ར། རསྨི་ཤ་ཏ་ས་ ཧ་སྲ་པྲ་ཏི་མན་ཊི་ཏ་ཤ་རི་ར། ཛཱ་ལ་ཛཱ་ལ། ཏ་པ་ཏ་པ། བྷཱ་ས་བྷཱ་ས། བྷྲ་མ་བྷྲ་མ། བྷ་ག་ ཝན། སོ་མཱ་ཨ་ཏེ་ཏྱ་ཡ་མ། བ་རུ་ཎ། ཀུ་བེ་ར། པྲ་ཧྨ་ཨིནྟྲ་པྲ་བཱ་ཡུ། ཨག་ནི་དྷ་ན་ད། དེ་བ་ རི་ཥི་ག་ཎཱ་བྷྱ་ར་ཙི་ཏ་ཙི་ཏ་ཎ། སུ་རུ་སུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། གྷུ་རུ་གྷུ་རུ། སན་ཏ་ ཀུ་ཡཱ་ར་རུ་ཏྲ་བྷ་ས་བ་པཥྛི། ད་ནཱ་ད་བཱ་ཡུ། ཨ་ག་ནི་རི་ཤྭ་ནཱ་ཡ་ཀ་བ་ཧུ་བི་བི་དྷ་བ་ཥ་ 8-1-663 དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ཐ་ར་ཐ་ར། གྷ་ར་གྷ་ར། ཡ་ར་ཡ་ ར། ལ་ར་ལ་ར། ཧ་ར་ཧ་ར། པ་ར་པ་ར། ས་ར་ས་ར། བ་ར་བ་ར། ས་ར་དཱ་ཡ་ཀ་ས་མན་ ཏ་ཨ་བ་ལོ་ཀི་ཏེ། བི་ལོ་ཀི་ཏ། ལོ་ཀི་ཤྭ་ར། མ་ཧེ་ཤོ་ར། ཏྲི་བྷུ་བ་ནེ་ཤྭ་ར། སརྦ་གུ་ཎ་ས་ མ་ཡ་ལཾ་ཀྲི་ཏ། ཨ་བ་ལོ་ཀེ་ཏེ་ཤྭ་ར། མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ། རཀྵ་ རཀྵ་མཱཾ་སརྦ་སཏྭཾཥྩ། སརྦ་བྷ་ཡེ་བྷྱེ། སཏྭོ་བ་ཏྲ་བེ་བྷྱཿ སཏྭོ་པ་ར་པ་ར་གེ་བྷྱཿ སརྦ་གྲ་ཧེ་ བྷྱཿ སརྦ་བྷྱ་དྷེ་བྷྱེཿ སརྦ་བེ་ཥེ་བྷྱེཿ སརྦ་ཛྭ་རེ་བྷྱཿ ཨེ་བཾ་བ་དྷ། བན་དྷཱ་ན་ཏཱ་ཊ་ན་ཏ་ར་ཛ་ ན་རཱ་ཛ། ཏསྠ་ར་ཨག་ནི་ཨུད་ད་ཀ །བཥྛ་ཤ་ཏྲ་པ་རི་མ་ཙ་ཀ །ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཨིན་ཏྲི་ཡ། བ་ལ་བོ་དྷཾ་ཀ །ཙ་ཏུར་ཨརྱ་ སཏྱ་སཾ་པྲ་ཀཱ་ཤ་ཀ། ཏ་པ་ཏ་པ། ཏ་མ་ཏ་མ། ད་མ་ད་མ། ས་མ་ས་མ། མ་ས་མ་ས། དྷ་མ་ དྷ་མ། མཧཱ་ཀཱ་རུ་ཎྀ་ཀ །མཧཱ་ཏ་མོ་ཨན་ཏ་ཀཱ་ར་བི་དྷ་དྷ་མ་ན། ཥ་ཊ་པཱ་རཱ་མི་ཏཱ་པཱ་རི་པཱུ་ ར་ཀ། མ་ལ་མ་ལ། མི་ལི་མི་ལི། མུ་ལུ་མུ་ལུ། ཊ་ཊ་ཊ་ཊ ཋ་ཋ་ཋ་ཋ། ཊི་ཊི་ཊིཊི། ཊུ་ཊུ་ཊུ་ ཊུ། ཋི་ཋི་ཋི་ཋི། ཋུ་ཋུ་ཋུ་ཋུ། ཨཻ་ནེ་ཡ་ཙརྨ་ཀྲི་ཏ་ས་རི་ཀ་ར། ཨི་ཧྱེ་ཧི་མཧཱ་ཀ་རུ་ཎི་ཀ །ཨི་ ཤྭ་ར་མ་ཧཻ་ཤྭ་ར་མཧཱ་བྷུ་ཏ་ག་ཎ་སཾ་པཉྩ་ཀ །ཀ་ར་ཀ་ར། ཀི་རི་ཀི་རི། ས་ར་ས་ར། ཧ་ར་ ཧ་ར། བ་ར་བ་ར། ས་ར་ས་ར། ཀ་ར་ཀ་ར། ཀ་ཊ་ཀ་ཊ། ཀི་ཊི་ཀི་ཊི། ཀུ་ཊུ་ཀུ་ཊུ། མ་ཊ་མ་ ཊ། མཧཱ་བི་ཤུདྡྷ། བི་ཥ་ཡ་ནི་བཱ་སིན་མཧཱ་ཀཱ་རུ་ཎི་ཀ། ཤེ་ཏ་ཡཛྙཱོ་ས་བྷི་ཏ། རཏྣ་མུ་ཀུ་ཊ་ མཱ་ལཱ་དྷ་ར། སརྦ་ཛྙ་ཤི་རི་སི་ཀྲི་ཏ་ཛ་ཏྲཱ་མུ་ཀུ་ཊ། མཧཱ་ད་བྷུ་ཏ་ཀ་མ་ལ་ཨ་ལཾ་ཀྲི་ཏ་ཀ་ ར་ཏ་ལ། དྷྱ་ན་ས་མ་དྷི་བི་མོ་ཀྵ་ཨ་པྲ་ཀཾ་སྱ་བ་ཧུ་སཏྭ་བན་ཏ་ཏི་པ་རི་པ་ཙ་ཀ །མཧཱ་ཀ་ རུ་ཎི་ཀ། སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤྭ་དྷ་ཀ། སརྦ་ཛྙ་ཛྙ་ན་པ་རི་པཱུ་ར་ཀ །སརྦ་བྷྱ་ཏི་པ་རི་ མོ་ཙ་ཀ །སརྦ་སཏྭ་ཨ་ཤཱ་པ་རི་པཱུ་ར་ཀ །སརྦ་སཏྭ་ས་མཱ་ཤཱ་ས་ན་ཀ་ར་ན་མོ་སྟུ་ཏེ་སྭཱཧཱ། ཨ་མོ་གྷ་ཡ་སྭཱཧཱ། ཨ་མོ་གྷཱ་པཱ་ཤཱ་ཡ་སྭཱཧཱ། ཨ་ཛི་ཏཱ་ཡ་སྭཱཧཱ། ཨ་པ་རཱ་ཛི་ཏཱ་ཡ་སྭཱཧཱ། ཨ་མི་ ཏ་བྷ་ཡ་སྭཱཧཱ། ཨ་མི་ཏཱ་བྷ་སུ་ཏཱ་ཡ་སྭཱཧཱ། མ་ར་སེ་ནྱ་པྲ་མར་དྷ་ནཱ་སྭཱཧཱ། ཨ་བྷ་ཡ་པྲ་དྷཱ་ཡ་ སྭཱཧཱ། ཛ་ཡཱ་ཡ་སྭཱཧཱ། བི་ཛཱ་ཡཱ་ཡ་སྭཱཧཱ། ཛི་ཡ་བི་ཛ་ཡཱ་ཡ་སྭཱཧཱ། བ་ར་དྷཱ་ཡ་སྭཱཧཱ། བ་ར་པྲ་དྷཱ་ ཡ་སྭཱཧཱ། ཨ་ཀ་ལ་མྲི་ཏྱུ་པྲ་ཤ་མ་ཎ་ཡ་སྭཱཧཱ། ཨི་དཾ་ཙ་མེ་ཀརྨ་ཀུ་ད་ན་མོ་སྟུས་ཏེ་སྭཱཧཱ། ཨོཾ་ 8-1-664 ར་ཎ་ར་ཎ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཛ་ཡ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཛ་ཛི་ཛུཾ་སྭཱཧཱ། ཨོཾ་ཧཱུཾ་ཛ་ཡ་སྭཱཧཱ། ཨོཾ་ ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ། ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧཿཏ་ཧྲིཿཧ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བྷ་སུ་བ་ཏི་ སྭཱཧཱ། ཨོཾ་ཨ་རོ་ལི་ཀ་སྭཱཧཱ། ཨོཾ་བ་ཧུ་ལེ་བ་ཧཱུ་ལེ་སྭཱཧཱ། ཨ་རོ་ལི་ཀ་ཧྲིཿཧྲིཿཧཱུཾ་ཕཊ་སྭཱཧཱ། ནི་ ཡ་ཏ་ཨ་ནི་ཡ་ཏ། བ་ཤུ་བྷ་སྱ་མ། བྷ་ག་ཝན་ཀརྨ་ཎོ་ཨ་ཤེ་ཥ་ཏཿ ཀྵ་ཡཾ་ཀུ་རུ་སྭཱཧཱ། ཨོཾ་ པད་མཧཱ་སྟཱ་ཡ་སྭཱཧཱ། ཨོཾ་བུདྡྷ་དྷརྨ་སཾ་གྷཱ་ཡ་སྭཱཧཱ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅུ་གཅིག་ཞལ་ལ་ཕྱག་འཚལ་ཞིང་སྐྱབས་ སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ ཙ་ན་བྱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་སམྱཀ་སཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏཱ་ བྷྱཿ ཨ་ར་ཧ་ཏེ་བྷྱཿ སམྱཀ་སཾ་བུདྡྷེ་བྷྱཿ ན་མཿཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨེཊྚེ་ ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ། དེ་ཝ་རེ། ཨི་ལི་མི་ལི། ཛི་ཏི་ཛཱོ་ལ་ མ་པ་ན་ཡ་སྭཱཧཱ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་སེང་གེའི་སྒྲ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཨཱཿཧྲཱིཿསིཾ་ཧཱ་ནཱ་ད་ཧཱུཾ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་ དྷི་སཏྭ་ཡ། མཧཱ་སཏྭ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊོཾ་ ཀ་ཊེ་ཀ་རོར་ཊེ་བྷིར་ཡེ་སྭཱཧཱ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་མགྲིན་པ་སྔོན་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་ བརླབ་ཏུ་གསོལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱ་ཨ་ཝ་ལོ་ཀཱི་ཏཱེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡེ། མཧཱ་སཏྭ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་བན་ད་ན་ཙྪེ་ད་ན་ཀ་ར་ཡ་སརྦ་པཱ་པཾ་ ས་མུ་ཏྲོ་ཙྪ་ཥ་ན་ཀཱ་རཱ་ཡ། སརྦ་བ་ཏི་པྲ་ཤ་མ་ན་ག་རཱ་ཡ། སརྦ་ཏྱུ་པ་ཏྲ་བི་བི་ནཱི་ཤ་ནེ་ག་ ར་ཡ། སརྦ་བྷ་ཡེ་ཥུ་ཊ་ཎཱ་ཡ། ཏ་པུ་ན་མ་ས་སྐྲི་ཏཾ་ཨི་ཏཾ་ཨཱརྱ་ཨ་ཝ་ལོ་ཀེ་ཏེ་ཤྭ་རཱ་ཡ། ཏ་ ཝ་ནཱེ་ལ་ཀན་ཋ་ན་མཿ ཧྲིཿདང་ཡཾ་ཨ་བརྟ་ཡི་ཥྞ་མི་སརྦ་སྠ་སཱ་དྷ་ནི་ཤུ་བྷྱ་ཙིཏྟ་ནི། སརྦ་ སཏྭ་ནཱཾ། པ་ས་མཱ་ར་ག་བི་ཤྭ་དྷ་ཀཾ ། ཏདྱ་ཐཱ། ཨ་བ་ལོ་ཀེ་ལོ་ཀ་མ་ཏི་ལོ་ཀ་ག་ཏི་ཨེ་ཧྱེ་ཧཱི་ 8-1-665 མཧཱ་བོ་དྷི་སཏྭ་ཧེ་ཀ་རུ་ཎི་ཀཱརྨར་ཧྲི་དྷ་ཡཾ། ཨེ་ཧྱེ་ཧི་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤ་ར་ས་ར་མ་ མཻ་ཏྲེ་ཙིར་ཏ་ཀུ་རུ་ཎི་ཀ །ཀུ་རུ་ཀུ་རུ། ཀརྨ་སྭ་དྷ་ཡ་པཱ་དྷ་ཡ་བི་དྷྱཾ་དེ་ཧི་དེ་ཧི། མེ་ཨ་རཾ་ གྷ་མཾ་གྲཱ་མ་བི་ཧད་གམ་ཧི་སིད་དྷ་ཡོ་གི་ཤྭ་ར་དུ་ཧུ་དུ་ཧུ། བཱི་ར་ཡནྟེ། མཧཱ་བཱ་ཡནྟེ། དྷ་ ར་དྷ་ར། དྷ་ར་ཎི་ཤྭ་ར་ཛྭ་ལ་ཛྭ་ལ་བ་ཧ་ལཱ་མཱུ་ཏེ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ་ཀྲིཥྞ་ཨ་ཛི་ ན་ཛ་ན་ཛ་ཊཱ་མུ་ཀུ་ཊ་ཨ་ལཾ་ཀྲི་ཏ་ཤྭ་རཱི་ར། ལཾ་བ་པྲ་ལཾ་བ་བི་ལཾ་མཧཱ་སིདྡྷི་བྷུདྡྷ་དྷ་ར་བ་ ལ་བ་ལ། མཧཱ་བ་ལ། མ་ལ་མ་ལ། མཧཱ་མ་ལ། ཛཱ་ལ་ཛ་ལ། མཧཱ་ཛ་ལ། ཀྲིཥྞ་པཀྵ་ཀྲིཥྞ་པ་ར་ ཎ་ཀྲིཥྞ་པཱ་ཤ་ན་རེ། གྷཱ་ཏ་ན། ཧེ་པད་མ་ཧསྠ་ཛ་ལ། ཀ་ར་ན་ཤ་ཙ་རེ་ཤྭ་ར་ཀྲིཥྞ་སརྦ་ཀྲི་ ཏ་ས་ཛྙ་པ་ཝཱི་ཏ། ཨེ་ཧྱེ་ཧི་བ་རཱ་ཧ་མུ་ཁ་ཏྲི་བུ། ར་ད་ཧ་ནེ་ཤྭ་ར། ནཱ་རཱ་ཡ་ཎ་བ་ལ་རུ་པ་ བི་ཥ་དྷ་རི། ཧི་ནཱི་ལ་ཀཎ་ཋ་ཧེ་མཧཱ་ཧ་ལཱ་ཧ་ལཱ། བི་ཥ་ཎ་ར་ཙི་ཏ། ལོ་ཀ་སྱ་ག་ར་ག་བི་ ཥ་ནཱ་ཤ་ན། ཏ་ཏ་ཤ། བི་ཥ་ན་ཤ་ན། ནི་ར་ལོ་ཤ་ན། ཧུ་ལུ་ཧུ་ལུ། མུཉྩ་མུཉྩ། མུ་ཧུ་ལུ་མུ་ ཧུ་ལུ། ཧ་ལཱ་ཧཱ་ལཱ། མཧཱ་པད་མ་ནཱ་བྷ། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། བུད་དྷྱ་བུད་ དྷྱ། བོ་དྷ་ཡ་བོ་དྷ་ཡ། བོ་དྷ་ཡ་མི། ཏ་ནཱི་ལ་ཀཎ་ཋ། ཨེ་ཧྱེ་ཧི་ནཱི་ལ་ཀཎ་ཋ། ཨེ་ཧྱེ་ཧི་བཱ་མ་ སྠ་ར་སིཾ་ཧ་མུ་ཁ། ཧ་ས་ཧ་ས་མུཉྩ་མུཉྩ། མཧཱ་ཊྱ་ཊྱ། ནིར་ནཱ་དི་ནེ། ཨེ་ཧྱེ་ཧི་བྷོ་བྷོ་མཧཱ་ སིད་དྷ་ཡོ་གཱི་ཤྭ་ར་བྷན་དྷ་བྷན་དྷ། བ་ཙི་སད་དྷཾ་སང་སང་དྷ་ཡ་བཏྱཾ་སྨ་ར་སྨ་ར་ཏྭཾ་ཧེ། བྷ་ག་ཝན་ལོ་ཀེ་བི་ལོ་ཀ་སྟོཾ་ཏ་ཐཱ་ག་ཏཱ་དཱ་ད་ཧི་མེ་དར་ཤ་ནཱཾ་པྲ་ས་དྷ་ཡ་མེ་སྭཱཧཱ། སིད་ དྷ་ཡ་སྭཱཧཱ། མཧཱ་སིད་དྷ་ཡ་སྭཱཧཱ། སིད་དྷ་ཡོ་གཱི་ཤྭ་ར་ཡ་སྭཱཧཱ། ནི་ལ་ཀཎ་ཋ་ཡ་སྭཱཧཱ། མ་ར་ ཧ་མུ་ཁ་ཡ་སྭཱཧཱ། སིང་ཧཱ་མུ་ཁ་ཡ་སྭཱཧཱ། མཧཱ་ན་ར་སིང་ཧ་མུ་ཁཱ་ཡ་སྭཱཧཱ། སིད་དྷྱ་སིད་དྷྱ་ དྷ་ར་ཡ་སྭཱཧཱ། པད་མ་ཧསྟ་ཡ་སྭཱཧཱ། མཧཱ་པད་མ་ཧསྟ་ཡ་སྭཱཧཱ། བཛྲ་ཧཱསྟཱ་ཡ་སྭཱཧཱ། མཧཱ་ བཛྲ་ཧསྟཱ་ཡ་སྭཱཧཱ། ཀྲིཥྞ་སརྦ་ཀྲི་ཏ་ཡ་ཛྙོ་པཱ་བཱི་ཏཱ་ཡ་སྭཱཧཱ། མཧཱ་ཀཱ་ལ་མུ་ཀུ་ཊ་དྷ་ར་ཡ་ སྭཱཧཱ། ཙཀྲ་ཡུ་དྷ་དྷ་ར་ཡ་སྭཱཧཱ། ཤཾ་ཁ་ཤབ་ཏ་ནིར་ན་ད་ནཱ་ཀཱ་རཱ་ཡ་སྭཱཧཱ། བོ་དྷ་ན་ཀཱ་ར་ ཡ་སྭཱཧཱ། བ་མ་སྐན་དྷ་ཡ་དེ་ཤ་སྠ་ཏ་ཀྲིཥྞ་ཛི་ན་ཡ་སྭཱཧཱ། བྷ་མ་ཧསྟ་བུ་གྷྲྀ་ཙརྨ་ནི་པ་ས་ནཱ་ ཡ་སྭཱཧཱ། ལོ་ཀེ་ཤྭ་ར་ཡ་སྭཱཧཱ། མཧཱ་ལོ་ཀེ་ཤྭ་ར་ཡ་སྭཱཧཱ། སརྦ་སིད་དྷེ་ཤོ་ར་ཡ་སྭཱཧཱ། རཀྵ་ རཀྵ་མཱཾ་སྭཱཧཱ། ཀུ་རུ་རཀྵ་མུར་ཏཱི་ནཱཾ་སྭཱཧཱ། ན་མོ་བྷ་ག་ཝ་ཏེ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་བོ་ 8-1-666 དྷི་སཏྭཱ་ཡ་མཧཱ་སཏྭ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། སིཏྱ་ན་ཏུ་མེ་མནྟྲ་པ་ཏ་ནི་སྭཱཧཱ། བཅོམ་ ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་གེ་དྲུག་པ་ ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་མ་ཎི་པདྨེ་ཧཱུཾ། བཅོམ་ ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁ་སར་པ་ཎི་ལ་ ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཧྲཱིཿསྭཱཧཱ། བཅོམ་ལྡན་ འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་གཟིགས་དབང་ཕྱུག་ཧ་ལ་ཧ་ལའི་ཞབས་ལ་ ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཧཱ་ལ་ཧཱ་ལ་ཧྲཱིཿ བཅོམ་ ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྡོ་རྗེ་ཆོས་ལ་ ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་བཛྲ་དྷརྨྨཿཧྲཱིཿ བཅོམ་ལྡན་ འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པད་མ་གར་གྱི་ དབང་ཕྱུག་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཧྲཱིཿཔད་མ་ ན་ར་ཏེ་ཧ་ཤྭ་ར་ཧཱུཾ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་ཧ་རི་ཧ་རི་ལ་ཞོན་པ་གྱུར་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་ བརླབ་ཏུ་གསོལ། ཨོཾ་ཨཱཿཧཱུཾ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་འཇིག་རྟེན་གསུམ་པོ་དབང་དུ་བྱེད་པ་ལ་ཕྱག་འཚལ་ཞིང་སྐྱབས་ སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ཧྲཱིཿཧཱུཾ་ཡཾ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་དམར་པོ་ལྷག་པར་དབང་དུ་ མཛད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཙི་ཊི་ཙི་ན་ ཊི་བི་ཀཱོ་བི་ཀོ་ལི་བི་ཀཱོ་ལི་ཨ་མུ་ཀཾ་པཱ་དྷ་ན་པ་རི་པཱ་ར་མྨེ་པ་ཤ་མ་ན་ཡ་སྭཱཧཱ། བཅོམ་ ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷག་པར་ དབང་དུ་མཛད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཧཱུཾཿ བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་སྤྱན་རས་གཟིགས་དབང་ ཕྱུག་མགྲིན་སྔོན་ཅན་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ 8-1-667 སུ་ཨི་གཱ་ཊ་ཊ་ཧཱ་སཱ་ཀྵཿ བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་སྒྱུ་འཕྲུལ་དྲྭ་བའི་རིམ་པའི་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་ བརླབ་ཏུ་གསོལ། ཨོཾ་ཨཱཿཧཱུཾ། ཨི་ཧི་མུ་ནི་བཱ་ར་བཛྲེ་ཧྲཱིཿཧཱུཾཿཛཿ བཅོམ་ལྡན་འདས་ཐུགས་ རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པད་མའི་ཕྱག་ལ་ཕྱག་འཚལ་ཞིང་ སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ན་མཿཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭ་ ཡ། མཧཱ་སཏྭ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། ཧུ་ ལུ་ཧུ་ལུ། མུ་ལུ་མུ་ལུ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ། པད་མ་ཧསྟཻ་སྭཱཧཱ། བཅོམ་ལྡན་ འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཤེས་རབ་འཕེལ་བར་མཛད་པ་ སྲན་མ་མ་ཤའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ན་ མཿཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭ་ཡ། མཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། དྷ་ར་ཎཱི་དྷཱ་ར་དྷ་རེ་བྷ་ཏྲེ་སུ་བྷ་ཏྲེ་སྭཱཧཱ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་ སྤྱན་རས་གཟིགས་དབང་ཕྱུག་འཇིག་རྟེན་གསུམ་དབང་དུ་མཛད་པའི་འཕགས་པ་བྱུག་ མ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཨཱཿཧཱུཾ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་ འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབ་ཏུ་གསོལ། ཨི་ཧ་ཤྲ་རི་སུ་ཏྲ་ཡོ་བོ་དྷི་སཏྭ་ མཧཱ་སཏྭཱ་སརྦ་དྷརྨཱ་ན་མོ་སཻ་ཏི། ནོ་པ་དད་ཏི། ནོ་པ་དད་ཏི། ནཱ་ར་བྷ་ཏེ། དེ་ནི་མ་ཎི་དྷ་ ར་ནི། མན་ཏྲ། པ་ཏ། དྷ་ར་ཡི་ཏ་བྱཱ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཨ་ཎི་མ་ཎི། ཨོཾ་ཁེ་མུ་ཁེ་ མུ་ཁེ། ས་མནྟ་མུ་ཁེ་སོ་མེ། སད་ཏྱཱ་ར་མེ། སྟོའུ་ཏུ་ཡུ་ཏི། ནི་རུུ་ག་ཏེ། ནི་རུུ་ག་ཏེ། པྲ་ བྷེ། ཧི་ལི་ཧི་ལི། ཀལ་པེ། ཀལ་པ། སི་སཱ་རེ། ས་ར་བ་ཏེ། ཧེ་ལེ་ཧེ་ལེ། ཧེ་ལེ་ཧེ་ལེ། ཧེ་ལེ་ཧེ་ ལེ། ཧེ་ལེ་ཧེ་ལེ། ཧི་ཧི་ལེ་མཧཱ་ཧི་ཧི་ལེ། ཧི་ལེ་དུ་ཎ་ཊ། ཙཎ་ཊེ། ཙ་བ་ཎེ། ཙ་ར་ཙ་ར་ཎེ། ཨ་ཙ་ལེ། མ་ཙ་ལེ། ཨ་ནན་ཏེ། ཨ་ནན་ཏེ། ཨ་ནན་ཏ་ག་ཏེ། ཨ་ར་ཎེ། ནིར་མ་ཊེ་ནིར་བ་ བ་ནི། ནིར་བར་ཏ་ནི། ནིར་བྷཱན་ཏེ། དྷ་ར་མ་དྷ་རེ། ནི་ཧཱ་རེ་ནི་ཧཱ་རེ། བི་མ་ལེ། བི་ཤྭ་དྷ་ ནི། ཤཱི་ལ་བི་ཤྭ་དྷ་ནི། པྲ་ཀྲི་ཏི་དཱི་བ་ནི། བྷ་བ་ནི་བྷཱ་བ། བི་བྷ་བ་ནི། ཨ་སཾ་གེ་ཨ་ས་གེ་ཨ་ 8-1-668 སི་ག་བི་ཧཱ་རེ། དྷ་མ་ཤ་མེ། བི་མ་ལེ། བི་མ་ལ་པྲ་བྷེ། སཾ་ཀ་ར་ཥ་ནི། དྷི་རེ། དྷི་དྷི་རེ། མཧཱ་ དྷི་དྷི་རེ། ཡ་ཤོ་ཡ་ཤོ་བ་ཏི་ཙ་ལེ། ཨ་ཙ་ལེ། མ་ཙ་ལེ། ས་མ་ཙ་ལེ། ཏྲི་དྷ་སན་ཏི། སུ་སྠི་རེ། ཨ་སཾ་གེ། ཨ་སཾ་གེ་སི་ཧཱ་རེ། ཨ་སཾ་ག་ནི་དྷ་ར། ནི་ཧཱ་ར། བི་ཤྭ་དྷ་ནེ། ཧྲི་བྷ་སོ་མེ། སྠི་རེ་སྠི་ མེ། སྠ་མ་བ་དེ། མཧཱ་པྲ་བྷ། ས་མནྟ་བྲ་བྷེ། བྷི་མ་ལ་པྲ་བྷེ། བི་བུ་ལ་རསྨི་སཾ་བྷ་བེ། ས་མནྟ་མུ་ཁེ། པ་ར་བ་ཏྲ་ཨ་ནུ་ག་ ཏེ། ཨ་ནཱ་ཙྪ་ཏྱ། པྲ་ཏི་བྷ་ནེ། དྷེ་ར་ཎཱེ། ནི་དྷ་ནི། དྷར་མ་ནི་དྷ་ནི། གོ་ཏྲེ་ས་མནྟ་བྷ་ཏྲེ། སརྦ་ཏ་ཐཱ་ག་ཏཱ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱཧཱ། ཨོཾ་ཨ་མོ་གཱ། མཧཱ་དཱ་ན་པ་ར་མི་ཏ་པ་རི་པཱུ་ ར་ཡ་ཧཱུཾ། ད་ར་ད་ར། བི་བི་དྷ་བི། ཙི་ཏྲེ་སརྦ་སཏྭ་ཨུ་པ་བྷོ་ག་སརྦེ་ཏ་ཐཱ་ག་ཏཱ་མཧཱ་དཱ་ན་ པཱུ་ཛ་མེ་གྷ་པྲ་བརྟ་ཡ་ཏ་རེ་ཏ་ར་ཏ་ར་ཡ། མཧཱ་པདྨ་ནི་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨ་མོ་གྷ་ཀྵན་ ཏི་སརྦ་བོ་དྷི་སཏྭ་ཀྵ་མ་ནི། མཧཱ་མཻ་ཏྲི་ཀཱ་རུ་ཎ་སཏྭ་སད་ས་ལ་མཧཱ་ཀཱ་རུ་ཎ་སཏྭ་ཀྵ་མི་ ཎ་ཧཱུཾ་ཕཊ། ཨོཾ་ཨ་མོ་གྷ་ཤཱི་ལ་སཾ་བྷ་ར་བྷ་ར་བྷ་ར། མཧཱ་ཤུདྡྷ་སཏྭ་པད་མ་བི་བྷུ་ཥི་ཏ་བྷུ་ ཛེ་དྷ་ར་དྷ་ར་ས་མནྟ། ཨ་བ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་མཧཱ་བིདྱ་ཨ་མོ་གྷ་བི་ལོ་ཀི་ཏེ། བ་ ར་བ་ར། མཧཱ་དྷ་བིཏྱ་མཧཱ་བ་ལ་བ་ལ་མཧཱ་བོ་ཊཾ་ཏྱ་ག་བ་ལོ་བ་དྷ་ནི་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ སརྦ་ཏ་ཐཱ་ག་ཏཱ་མཧཱ་ཨ་མོ་གཱ་ཀཱ་རུ་ཎ་དྷྱ་ན་ས་མཱ་དྷི་བི་མོ་ཀྵ་ཨ་པྲ་ཀཾ་སྱ་ཀ་ཙུ་རུ་ཙུ་རུ་ ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨ་མོ་གྷ་མཧཱ་པྲཛྙཱ་ཨ་བ་བྷ་ས་ས་མནྟ་སྥ་ར་ཎ་བུད་དྷི་པྲ་ས་ར་པྲ་ས་ར། ས་མནྟ་བུད་དྷི། ཨ་བ་ལོ་ཀི་ཏེ་བྷ་ག་ཝན་པྲཛྙཱ་ཨ་བ་ལོ་ཀི་ཏེ། ཙཀྵུ་ཥྞ་མཧཱ་པྲཛྙཱ་པཱ་ར་ཏ་ པ་ཎི། མཧཱ་པྲཛྙཱ་པད་མ་དྷ་རི་ཎ་བྷུ་ཛེ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཙ། ཨོཾ་བྷུ། ཨོཾ་པདྨེ། ཨོཾ་པད་མ་ཧྲི། ཨོཾ་པད་མ་བྷུ་ཛ། ཨོཾ་པད་མ་ལོ་ཀི་ཏེ། ཨོཾ་པད་མ་ཛོ་ལ་ཧཱུཾ་དྷིག །ཨོཾ་ཨ་མོ་གྷ་མ་ཎི་པདྨེ། ཨོཾ་ཨ་པད་མ་ལོ་ཙ་ནི་ཧུ་རུ་ཧཱུཾ། ཨོཾ་པད་མོ་ཥྞཱི་ཥ་བི་མ་ལེ་ཧཱུཾ་ཕཊ། ས་བཅུ་པའི་སྔགས་ སོ། །སྒྲུབ་ཐབས་རྒྱ་མཚོའི་སྒྲུབ་ཐབས་ཉེར་དགུ་པ་དང་སུམ་ཅུ་པར་ཡེ་ཤེས་ཕེབས་པའི་ ལུས་ཉམས་དང་ངག་ཉམས་ཀྱི་ཡོན་ཏན་བྲམ་ཟེ་ཆེན་པོ་དཔལ་ས་ར་ཧའི་ཞལ་སྔ་ནས་ གསུངས་པ་འདི་ལྟ་སྟེ། དེ་བཞིན་དུ་གོམས་པས་འདར་བ་དང༌། གཡོ་བ་ལ་སོགས་པའི་ ཡོན་ཏན་སྐྱེ་བར་འགྱུར་རོ། །ཞེས་དང༌། འདི་ལ་གོམས་པའི་སྦྱོར་བས་འདར་བ་དང༌། 8-1-669 གཡོ་བ་དབབ་པར་བྱས་པས་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ལྟ་བུའི་ རྣལ་འབྱོར་པ་དེ་གླང་པོ་ཆེ་སྨྱོན་པ་ལྟར། མྱོས་བྱེད་ཀྱི་ཆུས་མྱོང་པ་བཞིན་དུ་རིགས་ལྔ་ ལ་ལོངས་སྤྱོད་དོ། །གལ་ཏེ་རིགས་ལྔ་ལ་ལོངས་མི་སྤྱོད་ན། དེའི་ཚེ་དེའི་ལུས་འདར་བ་ དང་གཡོ་བ་དང་འབབ་པ་ལ་སོགས་པ་མི་གནས་སོ། །དེ་ལྟར་ངེས་པས་རིགས་ལྔ་ལ་ ལོངས་སྤྱོད་པར་བྱའོ། །དེས་འགྲུབ་པར་འགྱུར་རོ། །གྲུབ་པར་གྱུར་ན་གཞན་གྱི་ལུས་ལ་ ཡང་འདར་བ་དང་གཡོ་བ་དབབ་པར་བྱས་པས་འདོད་ཆགས་དང་ཞེ་སྡང་ལ་སོགས་ པ་འགག་པར་འགྱུར་རོ། །ཇི་ལྟར་སྒྲུབ་པའི་དངུལ་ཆུས་ཕུགས་པས་ཟངས་མའི་ནག་པོ་ སྤངས་པ་བཞིན་དུ། དེ་བཞིན་དུ་ལུས་པོ་ཉིད་ཀྱང་གཉིས་སུ་མེད་པའི་རོས་ཕུག་ནས་ འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྤངས་པར་འགྱུར་རོ། །ཞེས་སོ།། །། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-670 ༄༅། །དུས་མཆོད་བཞི་ངོས་བཟུང་བ་ བཞུགས། 8-1-671 ༄༅། །དུས་མཆོད་བཞི་ངོས་བཟུང་བ་ བཞུགས། ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །དུས་བཟང་མཆོད་པ་ཐམས་ཅད་བསོད་ནམས་ཆེ། ཁྱད་པར་ཚེས་བརྒྱད་ལ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་ཡིན་པས་དེ་ དྲན་པར་བྱས་ནས་སངས་རྒྱས་སྐུ་བལྟམས་པའི་དུས་མཆོད་པ་འབུལ་ལོ་སྙམ་དུ་བསམ་ ཞིང་ངག་ཏུ་ཡང་བརྗོད་ན་བསོད་ནམས་ལྷག་པར་ཆེའོ། ། ཚེས་བཅོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། བདུད་བཏུལ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཆོ་འཕྲུལ་ཆེན་པོ་བསྟན་པ་དང༌། དཔལ་ལྷ་ལས་བབ་ པ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་དང༌། དུས་འཁོར་དང་པོའི་སངས་རྒྱས་ བསྟན་པའི་ཆེད་དུ་དཔལ་འབྲས་སྤུངས་ཆོས་ཀྱི་དབྱིངས་སུ་དབང་བསྐུར་ཞིང་རྒྱུད་ བསྟན་པ་ལ་སོགས་པ་ཟབ་མོ་ཁྱད་འཕགས་མང་པོའི་དུས་མཆོད་དང༌། གཞན་གྲུབ་ ཐོབ་ཐམས་ཅད་ཀྱང་ཚེས་བཅོ་ལྔ་ལ་ཐོབ་པར་གསུངས་པས། དེ་རྣམས་ཐམས་ཅད་ཀྱི་ དུས་མཆོད་ལ་འབུལ་ལོ་སྙམ་དུ་བསམས་ནས་ངག་ཏུ་བརྗོད་དོ། ། དེ་ལྟར་བྱས་ན་བསོད་ནམས་དཔག་ཏུ་མེད་པ་ཚད་མེད་པ་གཞལ་དུ་མེད་པ་ཐོབ་པར་ གསུངས་པ་དེ་ལྟར་ཉམས་སུ་བླང་བར་བྱ་ཞིང་གཞན་དག་ལ་ཡང་ཞིབ་ཏུ་བསྙད་དུ་ བྱའོ། ། ཞག་གི་དུས་མཆོད་དང༌། ཟླ་བའི་དུས་མཆོད་དང༌། ལོའི་དུས་མཆོད་དང༌། ལོ་དྲུག་ ཅུའི་དུས་མཆོད་དེ། དེ་ལྟར་དུས་མཆོད་བཞི་ནི་དུས་བཟང་གང་རུང་དང་འཛོམ་པ་ལ་ བྱས་ན་ཤིན་ཏུ་བསོད་ནམས་ཆེ། གནམ་གང་གི་དུས་མཆོད་དེ་རྣམས་མེད་ཀྱང་སྤྱིར་དུས་བཟང་ཡིན་ཏེ་ཟླ་བའི་ཆ་བཅོ་ ལྔ་ཤར་བ་རྣམས་ནུབ་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེས་ན་དེ་ལ་ཡང་ཕྱག་མཆོད་ 8-1-672 བསྐོར་བ་ལ་སོགས་པ་དགེ་བ་གང་བསྒྲུབ་པ་བྱས་ན་འབྲས་བུ་ཆེན་པོར་འགྱུར་རོ། ། ཞེས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་ཡི་གེར་བཀོད་པའོ།། །།སྐྱེས་བུ་ ཐམས་ཅད་ཀྱིས་ཉམས་སུ་ལེན་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ ཅིག། །། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༤༢༡ སྤར་མ་དང་འཛམ་ཐང་པར་མ་ ཡིན།) 8-1-673 ༄༅། །ཐུན་མོང་མ་ཡིན་པའི་གཏོར་མ་ བཞུགས། 8-1-674 ༄༅། །ཐུན་མོང་མ་ཡིན་པའི་གཏོར་མ་ བཞུགས། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿ དཀོན་མཆོག་མཆོད་པ་ལ་རྟག་ཏུ་བརྩོན་པར་བྱའོ། །དེ་ལ་མཆོད་ རྫས་ནི་བསད་ཤ་རྣམ་པ་ཐམས་ཅད་དུ་སྤངས་པ། དཀར་གསུམ་མངར་གསུམ་ལ་ སོགས་པ་སྡིག་པ་དང་མ་འདྲེས་པ་ཅི་འབྱོར་པ་རྣམས། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་བདུད་རྩིར་བྱིན་གྱིས་བརླབས་ནས། བླ་མ་དཀོན་མཆོག་ནམ་མཁའ་ གང་བར་རྟག་ཏུ་བཞུགས་པ་ཐམས་ཅད་ལ་འབུལ་ལོ། །གཟུགས་ལ་བཞུགས་པའི་ གཟུགས་གཞན་རྣམ་པར་སྣང་མཛད་ལ་འབུལ་ལོ། །ཚོར་བ་ལ་བཞུགས་པའི་ཚོར་བ་ གཞན་རིན་ཆེན་འབྱུང་ལྡན་ལ་འབུལ་ལོ། །འདུ་ཤེས་ལ་བཞུགས་པའི་འདུ་ཤེས་གཞན་ འོད་དཔག་མེད་ལ་འབུལ་ལོ། །འདུ་བྱེད་ལ་བཞུགས་པའི་འདུ་བྱེད་གཞན་དོན་ཡོད་ གྲུབ་པ་ལ་འབུལ་ལོ། །རྣམ་ཤེས་ལ་བཞུགས་པའི་རྣམ་ཤེས་གཞན་མི་བསྐྱོད་པ་ལ་འབུལ་ ལོ། །ཡེ་ཤེས་ཀྱི་ཕུང་པོ་ལ་བཞུགས་པའི་ཡེ་ཤེས་གཞན་རྡོ་རྗེ་སེམས་དཔལ་ལ་འབུལ་ ལོ། །མིག་ལ་བཞུགས་པའི་མིག་གཞན་སའི་སྙིང་པོ་ལ་འབུལ་ལོ། །རྣ་བ་ལ་བཞུགས་པའི་ རྣ་བ་གཞན་ཕྱག་ན་རྡོ་རྗེ་ལ་འབུལ་ལོ། །སྣ་ལ་བཞུགས་པའི་སྣ་གཞན་ནམ་མཁའི་སྙིང་ པོ་ལ་འབུལ་ལོ། །ལྕེ་ལ་བཞུགས་པའི་ལྕེ་གཞན་འཇིག་རྟེན་དབང་ཕྱུག་ལ་འབུལ་ ལོ། །ལུས་ལ་བཞུགས་པའི་ལུས་གཞན་སྒྲིབ་པ་རྣམ་སེལ་ལ་འབུལ་ལོ། །ཡིད་ལ་བཞུགས་ པའི་ཡིད་གཞན་ཀུན་ཏུ་བཟང་པོ་ལ་འབུལ་ལོ། །གཟུགས་ལ་བཞུགས་པའི་གཟུགས་ གཞན་གཟུགས་རྡོ་རྗེ་མ་ལ་འབུལ་ལོ། །སྒྲ་ལ་བཞུགས་པའི་སྒྲ་གཞན་སྒྲ་རྡོ་རྗེ་མ་ལ་ འབུལ་ལོ། །དྲི་ལ་བཞུགས་པའི་དྲི་གཞན་དྲི་རྡོ་རྗེ་མ་ལ་འབུལ་ལོ། །རོ་ལ་བཞུགས་པའི་ རོ་གཞན་རོ་རྡོ་རྗེ་མ་ལ་འབུལ་ལོ། །རེག་ལ་བཞུགས་པའི་རེག་གཞན་རེག་རྡོ་རྗེ་ལ་ འབུལ་ལོ། །ཆོས་ལ་བཞུགས་པའི་ཆོས་གཞན་ཆོས་ཁམས་རྡོ་རྗེ་མ་ལ་འབུལ་ལོ། །རྣམ་ 8-1-675 ཤེས་དྲུག་དང༌། རེག་པ་དྲུག་དང༌། ཚོར་བ་དྲུག་དང༌། ཁམས་དྲུག་དང༌། རྟེན་འབྲེལ་ བཅུ་གཉིས་ལ་སོགས་པ་ཆོས་ཐམས་ཅད་ལ་བཞུགས་པའི་ཆོས་ཉིད་འོད་གསལ་རྣམ་པ་ ཐམས་ཅད་པ་ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་ལ་འབུལ་ལོ། །སྙམ་དུ་བསམ་ཞིང་ངག་ ཏུ་ཡང་བརྗོད་པས། ལྷ་ཐམས་ཅད་ཀྱིས་ལོངས་སྤྱོད་པར་བསམ་ཞིང་མཉེས་པར་གྱུར་ ཅིག །ཅེས་ཀྱང་བརྗོད་དོ། །འདི་ནི་ཁ་ཟས་ཀྱི་རྣལ་འབྱོར་ཟབ་མོ་མདོར་བསྡུས་པའོ། ། རྒྱས་པར་ན་སྐྲ་ལ་བཞུགས་པའི་སྐྲ་གཞན་དང༌། བ་སྤུ་ལ་བཞུགས་པའི་བ་སྤུ་གཞན་ལ་ སོགས་པ་གཞན་རིགས་ཀྱི་དབྱེ་བ་རྒྱས་པར་ཤེས་པ་རྣམས་ཀྱིས་མང་པོ་དཔག་ཏུ་མེད་ པ་ཚད་མེད་པ་ཡང་གསལ་བཏབ་ནས་མཆོད་པ་འབུལ་ཞིང༌། འདོད་དོན་གསོལ་བ་ ཡང་གདབ་བོ། །སྨོན་ལམ་འདིའང་བཏབ་བོ། །ཁ་ཟས་ཀྱི་རྣལ་འབྱོར་འདི་ནི། རྒྱལ་ ཁམས་པས་བཀོད་པའོ།། །།ཞུས་དག། མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༤༢༡ སྤར་མ་དང་འཛམ་ཐང་པར་མ་ ཡིན།) 8-1-676 ༄༅། །ཐུན་མོང་མ་ཡིན་པའི་ཆོས་སྤྱོད་ བཞུགས། 8-1-677 ༄༅། །ཐུན་མོང་མ་ཡིན་པའི་ཆོས་སྤྱོད་ བཞུགས། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ འདིར་མཐར་ཐུག་ཟབ་མོ་ཐུན་མོང་མ་ ཡིན་པའི་ཆོས་སྤྱོད་བྱ་བར་འདོད་ན། སྐུ་གཟུགས་ལ་སོགས་པའི་རྟེན་ཡོད་དམ་མེད་ ཀྱང་རུང་སྟེ། ཆོས་ཉིད་འདུས་མ་བྱས་ཀྱི་སངས་རྒྱས་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་པ། དབང་པོ་ཐམས་ཅད་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་པས་ནམ་ མཁའ་ཐམས་ཅད་ཏིལ་གྱི་གང་བུ་ལྟར་ཡོངས་སུ་གང་ནས་དུས་ཐམས་ཅད་དུ་བཞུགས་ པ་གསལ་བཏབ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ས་མ་ཡ་ཛཿ ཞེས་པ་དང༌། རབ་ཏུ་སད་ཅིང་ རྟོགས་པར་བྱས་ནས། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་ རིན་ཆེན་འོད་ཀྱི་ཚོགས་ཀྱི་མུན་བཅོམ་སྟེ། །མིག་སྐྱོན་མེད་རྣམས་རོལ་པར་བཅས་པའི་ སྟེང་དུ་ནི། །ལྟ་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཀྱི་གཟུགས་ལ་ཕྱག་ འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཆོས་ཉིད་ཀྱི་ཚོར་བ་དང༌། ཆོས་ཉིད་ཀྱི་འདུ་ཤེས་དང༌། ཆོས་ཉིད་ཀྱི་འདུ་བྱེད་ལ། ཆོས་ ཉིད་ཀྱི་རྣམ་པར་ཤེས་པ་ལ། ཆོས་ཉིད་ཀྱི་མིག་ལ། ཆོས་ཉིད་ཀྱི་རྣ་བ་ལ། ཆོས་ཉིད་ཀྱི་སྣ་ ལ། ཆོས་ཉིད་ཀྱི་ལྕེ་ལ། ཆོས་ཉིད་ཀྱི་ལུས་ལ། ཆོས་ཉིད་ཀྱི་ཡིད་ལ། ཆོས་ཉིད་ཀྱི་གཟུགས་ ལ། ཆོས་ཉིད་ཀྱི་སྒྲ་ལ། ཆོས་ཉིད་ཀྱི་དྲི་ལ། ཆོས་ཉིད་ཀྱི་རོ་ལ། ཆོས་ཉིད་ཀྱི་རེག་བྱ་ལ། ཆོས་ཉིད་ཀྱི་ཆོས་ལ་ཕྱག་འཚལ་ལོ། ། ཆོས་ཉིད་ཀྱི་མིག་གི་རྣམ་པར་ཤེས་པ་ལ། ཆོས་ཉིད་ཀྱི་རྣ་བའི་རྣམ་པར་ཤེས་པ་ལ། ཆོས་ ཉིད་ཀྱི་སྣའི་རྣམ་པར་ཤེས་པ་ལ། ཆོས་ཉིད་ཀྱི་ལྕེའི་རྣམ་པར་ཤེས་པ་ལ། ཆོས་ཉིད་ཀྱི་ ལུས་ཀྱི་རྣམ་པར་ཤེས་པ་ལ། ཆོས་ཉིད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཕྱག་འཚལ་ལོ། ། 8-1-678 ཆོས་ཉིད་ཀྱི་མིག་གི་འདུས་ཏེ་རེག་པ་ལའོ། །ཆོས་ཉིད་ཀྱི་རྣ་བའི་འདུས་ཏེ་རེག་པ་ ལའོ། །ཆོས་ཉིད་ཀྱི་སྣའི་འདུས་ཏེ་རེག་པ་ལའོ། །ཆོས་ཉིད་ཀྱི་ལྕེའི་འདུས་ཏེ་རེག་པ་ ལའོ། །ཆོས་ཉིད་ཀྱི་ལུས་ཀྱི་འདུས་ཏེ་རེག་པ་ལ། ཆོས་ཉིད་ཀྱི་ཡིད་ཀྱི་འདུས་ཏེ་རེག་པ་ ལ་ཕྱག་འཚལ་ལོ། ། ཆོས་ཉིད་ཀྱི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ། ཆོས་ཉིད་ཀྱི་རྣ་བའི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ། ཆོས་ཉིད་ཀྱི་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་ལ། ཆོས་ཉིད་ཀྱི་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་ལ། ཆོས་ཉིད་ཀྱི་ལུས་ཀྱི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ། ཆོས་ཉིད་ཀྱི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ གྱིས་ཚོར་བ་ལ་ཕྱག་འཚལ་ལོ། ། ཆོས་ཉིད་ཀྱི་སའི་ཁམས་ལ། ཆོས་ཉིད་ཀྱི་ཆུའི་ཁམས་ལ། ཆོས་ཉིད་ཀྱི་མེའི་ཁམས་ལ། ཆོས་ཉིད་ཀྱི་རླུང་གི་ཁམས་ལ། ཆོས་ཉིད་ཀྱི་ནམ་མཁའི་ཁམས་ལ། ཆོས་ཉིད་ཀྱི་རྣམ་ པར་ཤེས་པའི་ཁམས་ལ་ཕྱག་འཚལ་ལོ། ། ཆོས་ཉིད་ཀྱི་མ་རིག་པ་ལ། ཆོས་ཉིད་ཀྱི་འདུ་བྱེད་ལ། ཆོས་ཉིད་ཀྱི་རྣམ་པར་ཤེས་པ་ལ། ཆོས་ཉིད་ཀྱི་མིང་དང་གཟུགས་ལ། ཆོས་ཉིད་ཀྱི་སྐྱེ་མཆེད་དྲུག་ལ། ཆོས་ཉིད་ཀྱི་རེག་པ་ ལ། ཆོས་ཉིད་ཀྱི་ཚོར་བ་ལ། ཆོས་ཉིད་ཀྱི་སྲེད་པ་ལ། ཆོས་ཉིད་ཀྱི་ལེན་པ་ལ། ཆོས་ཉིད་ ཀྱི་སྲིད་པ་ལ། ཆོས་ཉིད་ཀྱི་སྐྱེ་བ་ལ། ཆོས་ཉིད་ཀྱི་རྒ་ཤི་ལ་ཕྱག་འཚལ་ལོ། ། ཆོས་ཉིད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ། ཆོས་ཉིད་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ། ཆོས་ཉིད་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ། ཆོས་ཉིད་ཀྱི་བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ། ཆོས་ཉིད་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ། ཆོས་ཉིད་ཀྱི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཆོས་ཉིད་ཀྱི་ནང་སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་ཕྱི་སྟོང་པ་ ཉིད་ལ། ཆོས་ཉིད་ཀྱི་ཕྱི་ནང་སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་སྟོང་པ་ཉིད་སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་ཆེན་པོ་སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་དོན་དམ་པ་སྟོང་པ་ཉིད་ལ། ཆོས་ ཉིད་ཀྱི་འདུས་བྱས་སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་འདུས་མ་བྱས་སྟོང་པ་ཉིད་ལ། ཆོས་ 8-1-679 ཉིད་ཀྱི་མཐའ་ལས་འདས་པ་སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་ཐོག་མ་དང་ཐ་མ་མེད་པ་ སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་དོར་བ་མེད་པ་སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་རང་བཞིན་ སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་རང་གི་ མཚན་ཉིད་སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་མི་དམིགས་པ་སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་ དངོས་པོ་མེད་པ་སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ། ཆོས་ཉིད་ཀྱི་དྲན་པ་ཉེ་བར་བཞག་པ་ བཞི་ལ། ཆོས་ཉིད་ཀྱི་ཡང་དག་པར་སྤོང་བ་བཞི་ལ། ཆོས་ཉིད་ཀྱི་རྫུ་འཕྲུལ་གྱི་རྐང་པ་ བཞི་ལ། ཆོས་ཉིད་ཀྱི་དབང་པོ་ལྔ་ལ། ཆོས་ཉིད་ཀྱི་སྟོབས་ལྔ་ལ། ཆོས་ཉིད་ཀྱི་བྱང་ཆུབ་ ཀྱི་ཡན་ལག་བདུན་ལ། ཆོས་ཉིད་ཀྱི་འཕགས་པའི་ལམ་ཡན་ལག་ལ། ཆོས་ཉིད་ཀྱི་ འཕགས་པའི་བདེན་པ་བཞི་ལ། ཆོས་ཉིད་ཀྱི་བསམ་གཏན་བཞི་ལ། ཆོས་ཉིད་ཀྱི་ཚད་ མེད་པ་བཞི་ལ། ཆོས་ཉིད་ཀྱི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ། ཆོས་ཉིད་ ཀྱི་རྣམ་པར་ཐར་པ་བརྒྱད་ལ། ཆོས་ཉིད་ཀྱི་མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་དགུ་ལ། ཆོས་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་ དང༌། སྨོན་པ་མེད་པ་ལ་ཆོས་ཉིད་ཀྱི་མངོན་པར་ཤེས་པ་ལ། ཆོས་ཉིད་ཀྱི་ཏིང་ངེ་ འཛིན་ཐམས་ཅད་ལ། ཆོས་ཉིད་ཀྱི་གཟུངས་ཀྱི་སྒོ་ཐམས་ཅད་ལ། ཆོས་ཉིད་ཀྱི་དེ་བཞིན་ གཤེགས་པའི་སྟོབས་བཅུ་ལ། ཆོས་ཉིད་ཀྱི་མི་འཇིགས་པ་བཞི་ལ། ཆོས་ཉིད་ཀྱི་སོ་སོ་ ཡང་དག་པར་རིག་པ་བཞི་ལ། ཆོས་ཉིད་ཀྱི་བྱམས་པ་ཆེན་པོ་བཞི་ལ། ཆོས་ཉིད་ཀྱི་སྙིང་ རྗེ་ཆེན་པོ་དང༌། ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ། ཆོས་ཉིད་ ཀྱི་རྒྱུན་དུ་བཞུགས་པའི་འབྲས་བུ་ལ། ཆོས་ཉིད་ཀྱི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ། ཆོས་ཉིད་ཀྱི་ཕྱིར་མི་འོང་བའི་འབྲས་བུ་ལ། ཆོས་ཉིད་ཀྱི་དགྲ་བཅོམ་པ་ཉིད་ལ། ཆོས་ ཉིད་ཀྱི་རང་བྱུང་ལ། ཆོས་ཉིད་ཀྱི་ཐམས་ཅད་ཤེས་པ་ཉིད་ལ། ཆོས་ཉིད་ཀྱི་ལམ་གྱི་རྣམ་ པར་ཤེས་པ་ཉིད་ལ། ཆོས་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕྱག་འཚལ་ ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་བཞིན་དུ་གཟུགས་ཀྱི་ 8-1-680 ཆོས་ཉིད་ནས་རྣམ་མཁྱེན་གྱི་ཆོས་ཀྱི་བར་དུ་སྨོས་ནས་རེ་རེ་ལ་ཕྱག་འཚལ་ལོ། །ཞེས་ སོགས་སྦྱར་རོ། ། ཡང་གཟུགས་ཀྱི་དེ་བཞིན་ཉིད་ནས་རྣམ་མཁྱེན་གྱི་དེ་བཞིན་ཉིད་ཀྱི་བར་དང༌། གཟུགས་རྣམ་པར་དག་པ་ནས་རྣམ་མཁྱེན་གྱི་རྣམ་པར་དག་པའི་བར་དང༌། རྣམ་པར་ དག་པའི་གཟུགས་ནས་རྣམ་པར་དག་པའི་རྣམ་མཁྱེན་གྱི་བར་དང༌། གཟུགས་ཡོངས་སུ་ དག་པ་ནས་རྣམ་མཁྱེན་གྱི་ཡོངས་སུ་དག་པའི་བར་དང༌། ཡོངས་སུ་དག་པའི་གཟུགས་ ནས་ཡོངས་སུ་དག་པའི་རྣམ་མཁྱེན་གྱི་བར་དང༌། གཟུགས་རང་བཞིན་གྱི་འོད་གསལ་ བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གྱི་འོད་གསལ་བའི་བར་དང༌། ཁམས་གསུམ་ལས་འདས་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། དུས་གསུམ་ལས་ འདས་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། རྡོ་རྗེ་སེམས་དཔའི་གཟུགས་ནས་ རྣམ་མཁྱེན་གྱི་བར་དང༌། རྡོ་རྗེ་པད་མའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། རྡོ་རྗེ་ བྷ་གའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། ཐིག་ལེ་གྲུ་གསུམ་གྱི་གཟུགས་ནས་རྣམ་ མཁྱེན་གྱི་བར་དང༌། ཨཱ་ལི་ཀཱ་ལིའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། རྡོ་རྗེ་ཟླ་ ཉིའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། རྡོ་རྗེ་ཁུ་རྡུལ་གྱི་གཟུགས་ནས་རྣམ་མཁྱེན་ གྱི་བར་དང༌། ཨེ་ཝཾ་ཡི་གེའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། དུས་ཀྱི་འཁོར་ལོའི་ གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། དགྱེས་པ་རྡོ་རྗེའི་གཟུགས་ནས་རྣམ་མཁྱེན་གྱི་ བར་དང༌། བདེ་མཆོག་འཁོར་ལོའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། གསང་བ་ འདུས་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། སྒྱུ་འཕྲུལ་དྲྭ་བའི་གཟུགས་ནས་རྣམ་ མཁྱེན་གྱི་བར་དང༌། རྡོ་རྗེ་གདན་བཞིའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། མཧཱ་ མ་ཡའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། སངས་རྒྱས་ཐོད་པའི་གཟུགས་ནས་ རྣམ་མཁྱེན་གྱི་བར་དང༌། མཁའ་འགྲོ་རྒྱ་མཚོའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། བདེ་བར་གཤེགས་པ་གཤེགས་མ་ཐམས་ཅད་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་གཟུགས་ནས་རྣམ་མཁྱེན་ 8-1-681 གྱི་བར་དང༌། རིག་པའི་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་ དང༌། མཐར་ཐུག་གི་ལྷ་དང༌། སྔགས་དང༌། རྒྱུད་དང༌། ཕྱག་རྒྱ་དང༌། དཀྱིལ་འཁོར་ ཐམས་ཅད་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། གསང་བ་དང༌། གསང་ཆེན་ དང༌། མཁའ་ཁམས་དང༌། ཆོས་འབྱུང་དང༌། ཆུ་སྐྱེས་དང༌། སེང་གེའི་ཁྲི་དང༌། ཀུན་གྱི་ བདག་ཉིད་ལ་སོགས་པ་སྟོང་ཆེན་གྱི་རྣམ་གྲངས་མང་པོ་རེ་རེ་ནས་སྨོས་པ་རྣམས་ཀྱི་ གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། ཐིག་ལེ་དང༌། དེ་ཉིད་དང༌། འདུས་པ་དང༌། སྡཽམ་པ་དང༌། བྱང་ཆུབ་ཀྱི་སེམས་ལ་སོགས་པ་བདེ་ཆེན་གྱི་རྣམ་གྲངས་མང་པོ་རེ་རེ་ ནས་སྨོས་པ་རྣམས་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཕྱག་འཚལ་ལོ། །མཆོད་དོ་ སྐྱབས་སུ་མཆིའོ། །ཞེས་སོགས་ཆོས་སྤྱོད་རྒྱས་པ་གྲུབ་ན་ཤིན་ཏུ་ལེགས། དེ་ཙམ་མ་གྲུབ་ན། དོན་དམ་ཆོས་ཉིད་ཀྱི་ཕུང་པོ་ལྔ། དབང་པོ་དྲུག །ཡུལ་དྲུག། རྣམ་ ཤེས་དྲུག །རེག་པ་དྲུག །ཚོར་བ་དྲུག །ཁམས་དྲུག །རྟེན་འབྲེལ་བཅུ་གཉིས། ཕ་རོལ་ཏུ་ ཕྱིན་པ་དྲུག །སྟོང་ཉིད་བཅོ་བརྒྱད། བྱང་ཆུབ་ཕྱོགས་ཀྱི་ཆོས་ཚན་པ་བདུན། འཕགས་ པའི་བདེན་པ་བཞི་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང༌། རྒྱུན་དུ་ཞུགས་པ་ ནས་རྣམ་མཁྱེན་གྱི་བར་ལ་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་པ་སྟོང་ཆེན་གྱི་རྣམ་ གྲངས་དང༌། དེ་དག་ཟུང་གི་རྣམ་གྲངས་ལ་ཐུགས་ལ་གང་མོས་གང་ཤེས་སྨོས་པའི་ མཐར། དེ་དང་དེའི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཕྱག་འཚལ་ལོ། །མཆོད་དོ་ སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཞེས་བསམ་པ་ཐག་པ་ནས་ཉམས་སུ་ བླངས་ནས་བསོད་ནམས་ཆེས་ཆེར་འཕེལ་ཞིང༌། རྡོ་རྗེ་དབྱིངས་ཀྱི་སྙིང་པོ་དང༌། སྔགས་ ཀྱི་དབྱིངས་ཀྱི་སྙིང་པོའི་བྱིན་རླབས་ཆེན་པོ་མྱུར་བ་ཉིད་དུ་འཇུག་པར་འགྱུར་རོ། །དེ་ དག་གི་དོན་ཇི་ལྟར་ཡིན་པར་ཤེས་པར་འདོད་ན། སེམས་འགྲེལ་སྐོར་གསུམ་ལ་སོགས་ པ་མཐར་ཐུག་ཐུན་མོང་མ་ཡིན་པའི་མན་ངག་ཟབ་མོ་དང་ལྡན་པའི་ཞལ་ལས་བླངས་ པར་བྱའོ། ། ཞེས་པ་འདི་སྟོང་གཞི་འོད་གསལ་རྣམ་པ་ཐམས་ཅད་པ་བདེ་གཤེགས་སྙིང་པོ་ལ་ཤེས་ 8-1-682 ནས་དད་པ་ཐོབ་པ་གང་ཡིན་པ་དེས་བཀོད་པའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-683 ༄༅། །སློབ་མ་ལ་སྤྲིང་བ་ནོར་བུའི་ཕྲེང་བ་ ཞེས་བྱ་བ་བཞུགས་སོ། ། 8-1-684 ༄༅། །སློབ་མ་ལ་སྤྲིང་བ་ནོར་བུའི་ཕྲེང་བ་ ཞེས་བྱ་བ་བཞུགས་སོ། ། ༄༅། །ཨོཾ་སྭཱ་སྟི་སི་དྷཾཿ (བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སློབ་མ་ལ་ སྤྲིང་བ་ནོར་བུའི་ཕྲེང་བ་ཞེས་བྱ་བ།) བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། འཁོར་འདས་འཇིགས་པ་ཀུན་ལས་སྐྱོབ་པའི་སྐྱབས། །ཚུལ་ཁྲིམས་རྣམ་དག་ཤིན་ ཏུ་རྒྱལ་གྱུར་ཅིག །བདུད་ཀྱི་དབང་བསྒྱུར་མཛེས་པའི་གཞོན་ནུ་ཁྱོད། །བདག་གིས་མ་ བཟོད་སྨྲ་བའི་ངག་འདི་ནི། །བརྩེ་བས་ཕན་པར་སྨྲ་བའི་ཚིག་འདི་གསོན། །དུག་ཅན་ སྣོད་དང་ཕྲད་ན་ཞེ་སྡང་འཕེལ། །ཤེས་ལྡན་རྣམས་ཀྱིས་ཐོས་ན་ངོ་མཚར་སྐྱེས། །དད་པ་ ཅན་གྱིས་ཐོས་ན་དང་བ་འདྲེན། །རིགས་བཟང་བློ་གྲོས་གསལ་ལྡན་གཞོན་ནུ་ ཁྱོད། །མཁས་པའི་གཙུག་རྒྱན་ཐོབ་པར་བྱར་ཡོད་ཀྱང༌། །ལུང་རིགས་འོ་མའི་རྒྱ་མཚོ་ སྤངས་པའི་མཐུས། །མི་གཙང་འདམ་དུ་བྱིང་བ་མ་ཚོར་རམ། །བདུད་ཀྱི་ཕོ་ཉས་མངག་ པའི་མཛེས་མ་ཡིས། །བཞིན་རས་གཞུ་ལ་ཟུར་མིག་མདའ་བཀང་སྟེ། །གཞོན་ནུ་ཁྱོད་ཀྱི་ སྙིང་གི་དཀྱིལ་དེར་འཕངས། །ཐར་པའི་རྩ་བ་བཅད་པ་མ་ཚོར་རམ། །ན་ཆུང་བཞིན་ རས་པད་མོ་རྒྱས་པ་ལ། །གཞོན་ནུ་འཛུམ་པའི་ཚ་ཟེར་ཕོག་པ་ཡིས། །དགའ་བ་སོ་ཡི་ ཟེའུ་འབྲུ་བསྟན་པའི་ཚེ། །གཞོན་ནུ་ཡིད་ཀྱི་བུང་བ་མ་གཡོས་སམ། །ན་ཆུང་ཟླ་བའི་ བསིལ་ཟེར་ཕོག་པ་ཡིས། །གཞོན་ནུ་བག་ཡོད་ཆུ་སྐྱེས་ཟུམ་གྱུར་ཅིང༌། །ཉེས་སྐྱོན་ཀུ་མུུ་ ཏ་ཡི་ཁ་ཕྱེས་ནས། །ལྟུང་བའི་སྦྲང་རྩིས་གང་བས་མ་བསླུས་སམ། །གཞོན་ནུ་རི་དྭགས་ ཡུལ་དུ་རྒྱུ་བའི་ཚེ། །ན་ཆུང་རྔོན་པའི་དམག་གིས་མཐའ་བསྐོར་ཏེ། །གླིང་བུའི་སྐད་ལྟར་ སྙན་པའི་གླུ་ཡིས་བསླུས། །དགེ་ལེགས་སྲོག་དང་བྲལ་བ་མི་ཤེས་སམ། །ཕ་ཡུལ་འཕྲང་ལ་ བསྒུགས་པའི་ཆོམ་པོ་ཡིས། །དབང་མེད་འདོད་ཆགས་ཞགས་པས་རབ་བཅིངས་ ཏེ། །མཐོ་རིས་ཐར་པའི་དགོས་འདོད་འབྱུང་བའི་གནས། །ཚུལ་ཁྲིམས་ནོར་མཆོག་ 8-1-685 འཕྲོག་པ་མི་ཤེས་སམ། །བླ་མ་མཁས་པ་རྣམས་ལ་བརྟེན་པའི་མཐུས། །ལེགས་ཉེས་བླང་ དོར་བྱ་བ་ཤེས་བཞིན་དུ། །རྟག་ཏུ་ཉེས་ལྟུང་འབའ་ཞིག་བསྒྲུབ་པ་ཡི། །གཞོན་ནུ་ཁྱོད་ནི་ འཆི་ཁར་མི་འགྱོད་དམ། །རྙེད་པར་དཀའ་བའི་མི་ལུས་ཐོབ་ན་ཡང༌། །སངས་རྒྱས་ བསྟན་པའི་བདུད་རྩི་མི་འཐུང་བར། །འདོད་ཆགས་ཆང་གིས་མྱོས་པའི་གཞོན་ནུ་ ཁྱོད། །ཚེ་འདི་སྟོང་ཟད་བྱས་པ་མ་ཚོར་རམ། །གསུང་རབ་རྒྱ་མཚོར་བརྩོན་པའི་གཟིངས་ བཅས་ཏེ། །མཁས་པའི་ནོར་མཆོག་བླང་དུ་ཡོད་བཞིན་དུ། །བདུད་ཀྱི་བཙོན་རར་འཐབ་ རྩོད་འབྱུང་བའི་གཞི། །ཕ་ཡུལ་སྒྲོག་གིས་བཅིངས་པ་ཁྱོད་རེ་འཁྲུལ། །ཆང་གི་བུམ་པ་བྱི་ དོར་བྱས་པ་ལྟར། །བཤང་གཅི་ལ་སོགས་མི་གཙང་ཕུང་པོ་ལ། །མ་བརྟགས་མཛེས་པར་ སྣང་བའི་པགས་པས་གཡོགས། །མི་གཙང་སྣོད་ལ་ཆགས་པ་ཁྱོད་རེ་འཁྲུལ། །བདེ་བའི་ འབྱུང་གནས་ཐར་ལམ་རིང་དུ་སྤངས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་མི་བཟོད་པ། །འཁོར་ བའི་འདམ་ལས་ཐོན་པ་མ་མཆིས་ན། །གཞོན་ནུ་ཁྱོད་ནི་བདུད་ཀྱིས་མ་བསླུས་ སམ། །ལན་ཚྭའི་སྡོང་བུ་འདོད་ཆགས་སྐོམ་གྱིས་ངོམས། །ཉེས་སྤྱོད་སྡིག་ཏོའི་སྒྲོན་མེ་ ཆེར་འབར་བས། །དགེ་ལེགས་དཔག་བསམ་རྒྱ་མཚོ་སྐམ་པར་བྱས། །ངན་འགྲོ་མུ་ འཚམས་མེད་པར་མི་འཇིགས་སམ། །ཚུལ་ཁྲིམས་འཆལ་པས་མནར་མེད་ལྷུང་བའི་ ཚེ། །ཡིད་ལ་ཆགས་པའི་གྲོགས་མོས་མདུན་ནས་བོས། །སྤུ་གྲིས་གཏམས་པའི་ལམ་ལ་ གཤེགས་པའི་ཚེ། །སྡུག་བསྔལ་མི་བཟད་མྱོང་བས་མི་འཇིགས་སམ། །བུ་ཁྱོད་ཕྱི་མའི་སྡུག་ བསྔལ་མི་སེམས་ཀྱང༌། །ཚེ་འདིར་སྐྱེ་བོ་ཀུན་གྱིས་སྨོད་པར་འགྱུར། །ཉེ་དུ་འབྲེལ་པ་ རྣམས་ཀྱིས་བྲན་བཞིན་བཀོལ། །ཚེ་འདིར་སྡུག་བསྔལ་འབའ་ཞིག་མི་ཤེས་སམ། །ལན་ ཆགས་འགྲོ་བ་མཛེས་པའི་བུ་འཁྲུངས་ཏེ། །གཞོན་ནུ་སྐྱེ་བོའི་སྡུག་བསྔལ་མི་བཟོད་ བསྐྱེད། །ལང་ཚོ་རྒྱས་ན་ཚུར་ལ་རྒོལ་བར་བྱེད། །དེ་ལ་གཉེན་དུ་འཛིན་པ་ཁྱོད་རེ་ འཁྲུལ། །སྡིག་དང་སྡུག་དང་གཏམ་ངན་མི་འཇིགས་སམ། །སེར་སྣས་ཞིབ་པར་བསགས་ པའི་ནོར་རྫས་རྣམས། །དབང་མེད་ཧོར་འདྲའི་དམག་དཔུང་ཆེར་ལྷགས་ཏེ། །དབང་ མེད་འཕྲོག་པར་བྱེད་པ་མི་ཤེས་སམ། །ཕན་པར་སྨྲ་བའི་མཁན་སློབ་རྒྱབ་ཏུ་ 8-1-686 སྤངས། །ཕུང་བྱེད་བདུད་ཀྱི་བུ་མོ་པང་དུ་བླངས། །ཆོས་ཀྱི་ལོངས་སྤྱོད་ནམ་མཁའི་སྤྲིན་ ལྟར་དེངས། །སྡུག་བསྔལ་བདེ་བར་འཛིན་པ་ཁྱོད་རེ་འཁྲུལ། །ཚུལ་ཁྲིམས་ཉམས་པའི་ ཉེས་པས་མི་ཆོག་པར། །ཚུལ་ཁྲིམས་འཆལ་བའི་ལུས་ཅན་གཞོན་ནུ་ཁྱོད། །དགེ་སློང་ ཚུལ་དུ་མ་འཆོས་དཀར་པོ་གྱོན། །ཚུལ་ཁྲིམས་འཆལ་བའི་ཉེས་པས་མི་ཆོག་པར། །ཚུལ་ འཆོས་ཉེས་པས་གོས་ན་མི་རུང་ངོ༌། །གཞོན་ནུ་ཁྱོད་ནི་ཁྱིམ་པའི་ཚུལ་འཛིན་ན། །ཁྱིམ་ པའི་བྱ་བ་བདག་གིས་བཤད་ཀྱིས་ཉོན། །ཡོན་ཏན་རྒྱ་མཚོ་མ་ལུས་འབྱུང་བའི་ གཞི། །དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་སུ་སོང༌། །སྔར་བྱས་སྡིག་པའི་ལས་ལ་ འགྱོད་པ་བསྐྱེད། །སེམས་ཅན་དོན་དུ་ཉེས་ལྟུང་སོ་སོར་བཤགས། །སྦྱོར་བ་བྱང་ཆུབ་ སེམས་དང་རབ་ལྡན་ཞིང༌། །དངོས་གཞི་ཆོས་རྣམས་སྒྱུ་མ་ལྟ་བུར་བལྟ། །མཐར་ནི་ མཐའ་ཡས་སེམས་ཅན་དོན་དུ་བསྔོ། །བྱང་ཆུབ་མཆོག་ཏུ་བསྔོ་བས་རྒྱས་བཏབ་ ནས། །མི་དགེ་བཅུ་སྤང་དགེ་བཅུ་དང་དུ་བླངས། །སངས་རྒྱས་ཆོས་དང་དགེ་འདུན་རྒྱ་ མཚོ་དང༌། །ཕ་མ་ལ་སོགས་མཆོད་ཡུལ་གུས་པས་མཆོད། །ཤིན་ཏུ་ཉམ་ཐག་གྱུར་པའི་ སེམས་ཅན་ལ། །སྙིང་རྗེའི་དབང་གིས་རྟག་ཏུ་སྐྱོང་བར་མཛོད། །ཡན་ལག་བདུན་དང་ གཏོར་མ་བྱ་བ་དང༌། །རིམ་གསུམ་ཟུང་འཇུག་ཡི་དམ་བསྒོམ་བཟླས་དང༌། །དྲི་མེད་མདོ་ ནི་ཀློག་པ་ལ་སོགས་པ། །བླ་མེད་ཆོས་ཀྱི་ཐེག་པར་གནས་པ་ན། །ཚེ་རིང་ནད་མེད་ དཔལ་འབྱོར་རྒྱས་པར་འགྱུར། །སེམས་ཅན་ཀུན་ལ་བྱམས་དང་སྙིང་རྗེ་དང༌། །དགའ་ དང་བཏང་སྙོམས་ཆེན་པོ་བསྒོམ་པར་བྱ། །ཡུལ་མི་སྤྱི་སེམས་ལྡན་པས་སྐྱོང་བར་ མཛོད། །ལྟོས་པའི་མི་རྣམས་བསླུ་བར་མ་བྱེད་ཅིག །མང་པོས་བཀུར་བའི་རྒྱལ་པོ་ཇི་ བཞིན་དུ། །ཡུལ་མི་ཀུན་གྱིས་བཀུར་བའི་གནས་སུ་འགྱུར། །མདོར་ན་སྒོ་གསུམ་བྱ་བ་མ་ ལུས་པ། །སྔར་བཤད་བསམ་པ་གསུམ་གྱིས་རྒྱས་བཏབ་ནས། །ཟབ་ཅིང་དགའ་བའི་རྒྱ་ མཚོ་སྤེལ་བར་འགྱུར། །ཕྱི་མ་གཞོན་ནུ་རབ་བྱུང་ཚུལ་ཁྲིམས་ལྡན། །ཤེས་བྱ་ཀུན་ལ་བློ་ གྲོས་མིག་ལྡན་པ། །བསྟན་པའི་གསལ་བྱེད་ཆེན་པོར་སྨོན་ལམ་ཐོབ། །བདག་གིས་ཕན་ པར་སྨྲ་བའི་ངག་འདི་ནི། །གཞོན་ནུ་ཁྱོད་ཀྱི་རྣ་བར་མི་སྙན་ཡང༌། །རྡུལ་བྲལ་འཕགས་ 8-1-687 པའི་ལུང་དང་མི་འགལ་བར། །ཤེས་ལྡན་རྣམས་ཀྱི་དང་དུ་བླང་བར་རིགས། ། (སློབ་མ་ལ་སྤྲིང་བ་ཞེས་བྱ་བ་དབེན་དགེ་བ་ཀུན་མཁྱེན་པས་སྦྱར། མངྒ་ལཾ། བྷ་ཝན་ཏུ། གསལ་བཤད། འདི་ནི་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་སྐྱེས་རབས་རྣམ་ཐར་ནང་དུ་ཡང་ ཡོད། མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-688 ༄༅། །རིམ་གཉིས་ཀྱི་སྨོན་ལམ་བཞུགས་སོ། ། 8-1-689 ༄༅། །རིམ་གཉིས་ཀྱི་སྨོན་ལམ་བཞུགས་སོ། ། ༄༅། །བླ་མ་དང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །བསྐྱེད་པའི་རིམ་པར་ལེགས་ གནས་ཤིང༌། །སྔགས་ཀྱི་ནུས་པ་མཐར་ཕྱིན་ཏེ། །ཞི་སོགས་འཕྲིན་ལས་བཅུ་གཉིས་ པོ། །ཐོགས་པ་མེད་པར་འགྲུབ་པར་ཤོག །རལ་གྲི་རེག་འདྲ་བཅུད་ཀྱི་དབང༌། །བདུད་རྩི་ འབྲས་བུ་རིལ་བུ་དང༌། །རོ་ཙ་ན་དང་མིག་སྨན་དང༌། །རྐང་མགྱོགས་གྲུབ་ཆེན་བརྒྱད་ ཐོབ་ཤོག ། འོག་མིན་གནས་ཀྱི་མཐར་ཐུག་པ། །འཇིག་རྟེན་པ་ཡི་དངོས་གྲུབ་ མཆོག །ཕུན་སུམ་ཚོགས་པ་ཐམས་ཅད་ཀུན། །འབད་པ་མེད་པར་འགྲུབ་པར་ཤོག །དེས་ ཀྱང་ཆོག་པར་མི་འཛིན་ཅིང༌། །ལྟོས་མེད་བཞི་དང་ལྡན་པ་ཡི། །ཡིད་ཆེས་གསུམ་ལྡན་ ཟབ་མོའི་ལམ། །རྫོགས་པའི་རིམ་པ་བསྒོམ་པར་ཤོག །ཐུགས་ཀྱི་རྡོ་རྗེ་ནམ་མཁར་ བཞག །ཡུལ་དང་ཡུལ་ཅན་འབྲེལ་པ་བཅད། །སྟོང་ཉིད་མངོན་སུམ་གྱུར་པ་ཡི། །སོ་སོར་ སྡུད་པ་བསྒོམ་པར་ཤོག ། ཤེས་རབ་རྟོག་དང་དཔྱོད་པ་དང༌། །དགའ་དང་གཡོ་མེད་ བདེ་བ་ཡིས། །སྟོང་གཟུགས་རྟག་ཏུ་བརྟན་པར་བསྒོམ། །བསམ་གཏན་ཡན་ལག་མངོན་ གྱུར་ཤོག །གཡས་གཡོན་ཉི་ཟླའི་རྒྱུ་བ་གཉིས། །འགགས་ནས་དབུ་མའི་ལམ་དུ་ གཞུག །དུས་མིན་འཆི་ལས་རྣམ་རྒྱལ་བ། །སྲོག་རྩོལ་ཡན་ལག་མངོན་གྱུར་ཤོག །ལྟེ་བ་ སྙིང་ཁ་མགྲིན་པ་དང༌། །དཔྲལ་བར་ཐིག་ལེའི་གནས་རྣམས་སུ། །སྲོག་ནི་འགྲོ་འོང་མེད་ པར་འཛིན། །འཛིན་པའི་ཡན་ལག་མངོན་གྱུར་ཤོག །གཏུམ་མོ་ཡེ་ཤེས་མེ་འབར་ བས། །འདོད་པའི་ལྷ་མཐོང་གཟུགས་རྟོག་བྲལ། །འོད་འཕྲོ་གཟུགས་ལས་ཁམས་གསུམ་ སྤྲོས། །རྗེས་དྲན་ཡན་ལག་མངོན་གྱུར་ཤོག །འདོད་པའི་ལྷ་ལ་རྗེས་ཆགས་པས། །ཤེས་ དང་ཤེས་བྱ་དབྱེར་མེད་པའི། །མི་འགྱུར་བདེ་བ་རྩེ་གཅིག་པའི། །ཏིང་འཛིན་ཡན་ལག་ མངོན་གྱུར་ཤོག །འབྱུང་བཞི་རིམ་གྱིས་སྟོང་པར་ཐིམ། །སྟོང་པ་མཚན་མ་རྣམ་བཅུར་ འགྱུར། །མཚན་མ་རྣམ་པ་ཀུན་ལྡན་གཟུགས། །གཟུགས་ཀྱང་མི་འགྱུར་བདེ་བར་ 8-1-690 ཤོག །མི་འགྱུར་བདེ་བའི་ཡེ་ཤེས་ལས། །ནམ་མཁར་འགྲོ་སོགས་རྫུ་འཕྲུལ་དང༌། །ཁམས་ གསུམ་དབང་ཕྱུག་དངོས་གྲུབ་མཆོག །ཚེ་འདི་ཉིད་ལ་གྲུབ་པར་ཤོག ། རྣལ་འབྱོར་ གསུམ་གྱི་ལམ་ལ་བསླབས། །ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས། །སྤྱོད་པ་གསུམ་གྱི་ མཐར་ཕྱིན་ཏེ། །རྡོ་རྗེ་གསུམ་པོ་མངོན་གྱུར་ཤོག །བསྙེན་བསྒྲུབས་ཡན་ལག་བཞི་སྦྱངས་ ཤིང༌། །རྡོ་རྗེ་བཞི་ཡི་དམ་ཚིག་བསྟེན། །གནས་སྐབས་བཞི་ཡི་འཁྲུལ་བ་ཟད། །སྐུ་བཞི་ མངོན་དུ་འགྱུར་བར་ཤོག །ལམ་ལྔ་མ་ལུས་ལེགས་པར་བགྲོད། །སྤྱན་ལྔ་རིམ་གྱིས་མངོན་ དུ་གྱུར། །ཕུང་པོ་ལྔ་ཡི་སྒྲིབ་པ་སྦྱངས། །ཡེ་ཤེས་ལྔ་པོ་ཐོབ་པར་ཤོག །ཡན་ལག་དྲུག་ལ་ ལེགས་པར་སྦྱངས། །རིགས་དྲུག་དམ་ཚིག་སྡོམ་པ་བསྟེན། །ཁམས་དྲུག་སྒྲིབ་པ་བྲལ་བ་ ཡི། །རིགས་དྲུག་དབྱེར་མེད་མངོན་གྱུར་ཤོག །རྣལ་འབྱོར་གནས་སྐབས་བཅུ་པོ་ བགྲོད། །ཕ་རོལ་ཕྱིན་པ་བཅུ་ལ་བསླབས། །དབང་བཅུ་སྟོབས་བཅུ་མངོན་དུ་གྱུར། །ཕྱི་ ནང་རྣམ་བཅུ་དག་པར་ཤོག །འཕོ་བ་བཅུ་གཉིས་རྒྱུ་བ་འགགས། །རྟེན་འབྲེལ་ཡན་ལག་ བཅུ་གཉིས་མཛད། །རབ་དགའ་ལ་སོགས་བཅུ་གཉིས་པོ། །ཚེ་འདི་ཉིད་ལ་བགྲོད་པར་ ཤོག ། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཡོན་ཏན་ ཀུན་རྫོགས་སངས་རྒྱས་ཉིད། །ཚེ་འདི་ཉིད་ལ་མྱུར་ཐོབ་ཤོག །རང་གི་སྔོན་གྱི་ཉེས་པ་ ཡིས། །ཚེ་འདིར་བྱང་ཆུབ་མ་ཐོབ་ནའང༌། །རྒྱལ་དང་རྒྱལ་སྲས་ཐུགས་རྗེ་ཡིས། །འཕོ་མ་ ཐག་ཏུ་ཐོབ་པར་ཤོག །འཆི་ཚེ་སངས་རྒྱས་བྱང་སེམས་དང༌། །དཔའ་བོ་རྣལ་འབྱོར་མ་ ཚོགས་ཀྱིས། །མཆོད་པ་རྣམ་པ་དུ་མ་ཡིས། །བསུས་ནས་མཁའ་སྤྱོད་ཁྲིད་པར་ཤོག །དེ་མ་ ཐག་ཏུ་ཏིང་འཛིན་ཐོབ། །སྒྲིབ་པ་ཀུན་སྤངས་ཡོན་ཏན་རྫོགས། །ས་རྣམས་མཐར་ཕྱིན་ སངས་རྒྱས་ཉིད། །སྐད་ཅིག་དེ་ལ་ཐོབ་པར་ཤོག །ཅིས་ཀྱང་སྐྱེ་བ་བདུན་གྱི་བར། །རྡོ་རྗེ་ འཆང་གི་གོ་འཕང་ཉིད། །གདོན་མི་ཟ་བར་འགྲུབ་གྱུར་ཅིག །དེ་ལས་གཞན་དུ་མ་གྱུར་ ཅིག །བདག་ཀྱང་སྐྱེ་བ་ཐམས་ཅད་དུ། །བློ་ལྡན་རིགས་བཟང་ང་རྒྱལ་མེད། །བླ་མ་ལ་ གུས་སྙིང་རྗེར་ལྡན། །དུས་འཁོར་དམ་ཚིག་ལ་གནས་ཤིང༌། །རྡོ་རྗེ་དྲིལ་བུ་རྟག་ཏུ་ འཆང༌། །ཟབ་ཅིང་རྒྱ་ཆེའི་ཆོས་འདོན་ཅིང༌། །དམ་ཚིག་བཞི་པོ་བསྟེན་པ་དང༌། །རིམ་ 8-1-691 གཉིས་ཟབ་ལམ་བསྒོམ་པར་ཤོག །འདི་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་དུས་ཀྱི་ འཁོར་ལོ་ཡི། །རྨད་བྱུང་རྡོ་རྗེ་ཐེག་པ་དང༌། །མི་འབྲལ་ཚུལ་བཞིན་བསྒྲུབ་པར་ ཤོག །སྒྲུབ་ལ་བར་ཆད་མི་འབྱུང་ཞིང༌། །འདི་ནས་སྐྱེ་བདུན་ལ་སོགས་པར། །བླ་མ་ དཔལ་ལྡན་དུས་འཁོར་གྱི། །ཞབས་རྡུལ་སྤྱི་གཙུག་གནས་པར་ཤོག །གང་ཚེ་མགོན་ལ་ བལྟ་བ་དང༌། །ཅུང་ཟད་འདྲི་བར་འདོད་ན་ཡང༌། །བཅོམ་ལྡན་དུས་ཀྱི་འཁོར་ལོ་ ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐའ་གཏུགས་ པའི། །སེམས་ཅན་མ་ལུས་དོན་གྱི་ཕྱིར། །ཐུབ་དབང་སྤྱོད་པ་ཇི་ལྟ་བར། །བདག་གིས་ སྤྱོད་པའང་དེ་ལྟར་ཤོག །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ ཐམས་ཅད་ཀྱང༌། །སེམས་ཅན་ཀུན་ལ་སྨིན་གྱུར་ནས། །འཕྲལ་དང་ཡུན་དུ་བདེ་བར་ ཤོག །སེམས་ཅན་རྣམས་ཀྱི་མི་དགེའི་ཚོགས། །སྡུག་བསྔལ་རྒྱ་མཚོའི་རྒྱུར་གྱུར་པ། །དེ་ ཀུན་བདག་ལ་སྨིན་གྱུར་ནས། །སྡུག་བསྔལ་རིན་ཆེན་དབང་པོར་ཤོག ། གང་ཞིག་བདག་ ནི་མཐོང་བ་དང༌། །བདག་མིང་ཐོས་དང་དྲན་པ་དང༌། །དད་དང་དགའ་བར་བྱེད་པ་ ཀུན། །ཚེ་འདིར་རྡོ་རྗེ་འཆང་ཐོབ་ཤོག །གང་དག་ང་ལ་སྨོད་པ་དང༌། །བརྡེག་གཙོག་མི་ སྙན་བརྗོད་པ་དང༌། །ཕྲག་དོག་ངན་སེམས་འཆང་བ་ཀུན། །ཚེ་འདིར་སངས་རྒྱས་མྱུར་ ཐོབ་ཤོག །བདག་ལ་བརྟེན་ནས་ནམ་དུ་ཡང༌། །གཞན་ལ་གནོད་པར་མ་འགྱུར་ཅིག །སྒོ་ གསུམ་གང་དང་གང་བརྩམས་པ། །གཞན་ལ་ཕན་པར་འགྱུར་བར་ཤོག །བུམ་པ་བཟང་ པོ་དཔག་བསམ་ཤིང༌། །ཡིད་བཞིན་ནོར་བུ་ཇི་ལྟར་བར། །སེམས་ཅན་རྣམས་ཀྱི་འདོད་ པའི་དོན། །ཐམས་ཅད་བདག་ལ་འབྱུང་བར་ཤོག །གལ་ཏེ་གཞན་ལ་ཕན་གྱུར་ན། །རང་ གི་དོན་ལ་ལྟོས་མེད་པར། །ངན་སོང་གསུམ་གྱི་སྡུག་བསྔལ་ཡང༌། །གཞན་གྱི་དོན་དུ་ བཟོད་པར་ཤོག །མི་བཟད་ལས་ཀྱི་མཐུ་སྟོབས་ཀྱིས། །མི་ཁོམས་གནས་སུ་སྐྱེས་གྱུར་ ནས། །ཉོན་མོངས་ནད་ཀྱིས་གདུངས་པ་ལ། །ཆོས་ཀྱི་བདུད་རྩི་སྦྱིན་པར་ཤོག །བླ་མ་ དཀོན་མཆོག་གསུམ་པོ་དང༌། །ཁྱད་པར་དཔལ་ལྡན་དུས་འཁོར་ལ། །མ་དད་བསོད་ ནམས་དམན་པ་ནི། །ཆོས་ཀྱི་ཕོངས་པ་གྱུར་པ་རྣམས། །བདག་གིས་སྣ་ཚོགས་ཐབས་ 8-1-692 ཀུན་གྱིས། །ལེགས་པར་ཁྲིད་དེ་བླ་མ་དང༌། །དཀོན་མཆོག་གསུམ་དང་དུས་འཁོར་ ལ། །དད་བྱས་ལམ་ལ་དགོད་གྱུར་ཅིག །བླ་མ་ལྷར་བཅས་བྱིན་རླབས་དང༌། །ཟབ་ལམ་ རིམ་གཉིས་བསྒོམ་པའི་མཐུས། །དངོས་གྲུབ་རྣམ་པ་གཉིས་ཐོབ་ན། །སེམས་ཅན་སྨིན་ པའི་མཐུ་ལྡན་ཤོག །བདག་ནི་འཆི་བའི་དུས་ཀྱི་ཚེ། །སྡིག་དང་འགྱོད་པ་མེད་པ་ དང༌། །དབང་པོ་རྣམས་ནི་བསལ་བ་དང༌། །ཏིང་འཛིན་ངང་ནས་འཕོ་བར་ཤོག །དཔའ་ བོ་རྣལ་འབྱོར་མ་ཚོགས་ཀྱིས། །མེ་ཏོག་རྒྱལ་མཚན་གདུགས་ཐོགས་ཏེ། །རོལ་མོ་སྒྲ་སྙན་ གླུས་མཆོད་ཅིང༌། །མཁའ་སྤྱོད་གནས་སུ་འཁྲིད་པར་ཤོག །ངེས་པར་མཆོག་ཏུ་མི་འགྱུར་ བའི། །བདེ་བའི་ཏིང་འཛིན་རབ་ཐོབ་ནས། །ཁྱབ་བདག་དབུགས་ཀྱི་གྲངས་འཕེལ་ བས། །གནས་དང་ཉེ་གནས་སོགས་བགྲོད་ཤོག །ནོར་བུའི་རྩེ་མོར་ཉི་རྡུལ་ བརྟན། །གཙུག་ཏོར་བྱང་སེམས་ཟླ་བ་ཉ། །མི་གནས་མྱ་ངན་འདས་པ་མཆོག །རྫོགས་ པའི་སངས་རྒྱས་ཐོབ་པར་ཤོག། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-693 ༄༅། །བདེ་གཤེགས་སྙིང་པོའི་བཀྲ་ཤིས་ བཞུགས་སོ། ། 8-1-694 ༄༅། །བདེ་གཤེགས་སྙིང་པོའི་བཀྲ་ཤིས་ བཞུགས་སོ། ། ༄༅། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་ རིགས་ཀུན་གྱིས་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་ སྟེ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྲིད་གསུམ་རྣམ་ པར་དང་བའི་གཟུགས། །གཟུགས་མེད་གཟུགས་བཟང་ཕྲ་རབ་རྡུལ་དང་བྲལ་བའི་ གཟུགས། །ཆ་མེད་ཀུན་འགྲོ་བདེ་གཤེགས་སྙིང་པོ་གང་ལགས་པ། །དེས་ནི་དེ་རིང་ཁྱོད་ ལ་ཞི་བྱེད་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་པྲ་ཕབ་བརྒྱད་དང་མཚུངས་པའི་ གཟུགས། །ཐོག་མཐའ་དབུས་མེད་མཁའ་ལྟར་གཞོམ་དུ་མེད་པའི་གཟུགས། །དམིགས་ བཅས་སྟོང་ཉིད་བདེ་གཤེགས་སྙིང་པོ་གང་ལགས་པ། །དེས་ནི་དེ་རིང་ཁྱེད་ལ་ཞི་བྱེད་ བཀྲ་ཤིས་ཤོག ། བཀྲ་ཤིས་གང་ཞིག་འཕོ་བའི་བག་ཆགས་ཀུན་སྤངས་ཤིང༌། །སྐུ་གསུང་ ཐུགས་དང་ཡེ་ཤེས་ཐིག་ལེ་འཛིན་པའི་བདེ། །འགྱུར་བ་མེད་པ་བདེ་གཤེགས་སྙིང་པོ་ གང་ལགས་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ དབང་པོའི་སྦྱོར་བ་སྤངས་པའི་བདེ། །ནམ་མཁའ་ལས་བྱུང་ནམ་མཁའ་མ་ལུས་ཁྱབ་ པའི་བདེ། །དམིགས་མེད་སྙིང་རྗེ་བདེ་གཤེགས་སྙིང་པོ་གང་ལགས་པ། །དེས་ནི་དེ་རིང་ ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རྡུལ་དང་ཉི་མ་རྣམ་དག་ཅིང༌། །ཁུ་ བ་ཟླ་བ་རྣམ་དག་གཉིས་མེད་སྦྱོར་བ་བདེ། །ཨེ་ཝཾ་ཡི་གེ་བདེ་གཤེགས་སྙིང་པོ་གང་ ལགས་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་བདེན་ དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་བཅུ་དྲུག་སོ་སོ་རང་གི་རིག་པའི་དབྱིངས། །རྡོ་རྗེ་ ཉི་ཟླ་བདེ་གཤེགས་སྙིང་པོ་གང་ལགས་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ ཤོག །བཀྲ་ཤིས་གང་ཞིག་ཤེས་དང་ཤེས་བྱ་གཅིག་པའི་སྐུ། །སྐྱེ་འཇིག་མེད་པའི་ཁམས་ 8-1-695 གསུམ་རྣམ་པ་དང་བའི་གཟུགས། །དུས་ཀྱི་འཁོར་ལོ་བདེ་གཤེགས་སྙིང་པོ་གང་ལགས་ པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དམིགས་པ་མེད་ པའི་བདེ་ཆེན་དེ། །དམིགས་བཅས་སྙིང་རྗེ་པྲ་ཕབ་བརྒྱད་མཚུངས་བཛྲ་སྟེ། །ཀྱེ་ཡི་རྡོ་རྗེ་ བདེ་གཤེགས་སྙིང་པོ་གང་ལགས་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ ཤོག །བཀྲ་ཤིས་གང་ཞིག་ཆ་མེད་ཀུན་ལས་འདས་པའི་བདེ། །རྣམ་པ་ཀུན་ལྡན་རྣམ་པ་ མེད་པའི་སྟོང་པ་ཉིད། །བདེ་མཆོག་འཁོར་ལོ་བདེ་གཤེགས་སྙིང་པོ་གང་ལགས་ པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རྒྱལ་བ་ཀུན་གྱི་ གསང་ཆེན་གཏེར། །འཕོ་མེད་དམ་ཚིག་རླུང་སེམས་ཐིག་ལེ་སྡོམ་པའི་བདེ། །གསང་བ་ འདུས་པ་བདེ་གཤེགས་སྙིང་པོ་གང་ལགས་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ ཤིས་ཤོག །བཀྲ་ཤིས་གང་ཞིག་སྒྱུ་མ་རྨི་ལམ་མིག་འཕྲུལ་མཚུངས། །རང་བྱུང་ཡེ་ཤེས་ བདེ་བ་ཆེན་པོ་རྟེན་མེད་པ། །མཧཱ་མ་ཡ་བདེ་གཤེགས་སྙིང་པོ་གང་ལགས་པ། །དེས་ནི་ དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རྣམ་པར་ཤེས་པའི་ཆོས་ལས་ འདས། །གཉིས་མེད་ཡེ་ཤེས་བདེ་གསལ་སྟོང་ཉིད་ཚུལ་འཆང་བ། །སངས་རྒྱས་བདེ་སྐྱོང་ བདེ་གཤེགས་སྙིང་པོ་གང་ལགས་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ ཤོག །བཀྲ་ཤིས་གང་ཞིག་བདག་གཞན་སྔགས་དང་དེ་ཉིད་ཀྱི། །གདན་དུ་རབ་གྲགས་རྡོ་ རྗེའི་རྣལ་འབྱོར་རྣམ་ཐར་བཞི། །རྡོ་རྗེ་གདན་བཞི་བདེ་གཤེགས་སྙིང་པོ་གང་ལགས་ པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཕུང་པོ་ཁམས་ དང་རྣམ་བྲལ་ཞིང༌། །ཕུང་པོ་གཞན་དང་ཁམས་གཞན་དམ་པའི་ཕུང་པོའི་ ཁམས། །རྒྱལ་བ་ལྷ་མོ་བདེ་གཤེགས་སྙིང་པོ་གང་ལགས་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་ བྱེད་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཡུལ་དང་དབང་པོ་རྣམ་བྲལ་ཞིང༌། །དབང་པོ་ གཞན་དང་ཡུལ་གཞན་དམ་པའི་དབང་པོའི་ཡུལ། །སེམས་དཔའ་སེམས་མ་བདེ་ གཤེགས་སྙིང་པོ་གང་ལགས་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །བཀྲ་ ཤིས་གང་ཞིག་ལས་དབང་བྱ་བ་རྣམ་བྲལ་ཞིང༌། །དོན་དམ་དེ་ཉིད་ལས་ཀྱི་དབང་པོ་བྱ་ 8-1-696 བ་གཞན །ཁྲོ་བོ་ཁྲོ་མོ་བདེ་གཤེགས་སྙིང་པོ་གང་ལགས་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་ བྱེད་བཀྲ་ཤིས་ཤོག ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་ཀྱི་སྲོག་ཆེན་པོ། །བསམ་དུ་ མེད་པ་ཐུགས་ཀྱི་རྡོ་རྗེ་རྡོ་རྗེའི་དབྱིངས། །དཀྱིལ་འཁོར་ཆེན་པོའི་བདེ་གཤེགས་སྙིང་པོ་ གང་ལགས་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །བདེ་གཤེགས་སྙིང་པོའི་ བཀྲ་ཤིས་ཞེས་བྱ་བ་ཐུན་མོང་མ་ཡིན་པའི་བཀྲ་ཤིས་འདི་ནི་སྟོན་པ་དཔལ་གྱིས་བསྐུལ་ ནས། ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བསྡེབས་པའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-697 ༄༅། །ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ཐབས་ དང་པོ་བཞུགས་སོ། ། 8-1-698 ༄༅། །ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ཐབས་ དང་པོ་བཞུགས་སོ། ། ༄༅། །ཨོཾ་བྷུར་བྷུ་ཝཿསྭཱཧཱ། ན་མོ་དེ་བེ་བྷྱཿ སྭ་སྟི་པྲ་ཛྙཱ་བྷྱཿ སྭཱཧཱ་ར་ཛཱ་བྷྱཿ སྭ་དྷཱ་པི་ཏྲི་བྷྱཿ ཨ་ལཾ་བྷུ་ཏེ་བྷྱཿ ཝ་ཥ་ཌ་ཨིན་ཏྲ་ཡ། གང་ཞིག་སྐྱོན་རྣམས་ཀུན་གྱིས་སྟོང་པའི་ གཞི། །མཐར་ཐུག་ཡོན་ཏན་ཀུན་གྱིས་ཡོངས་གང་བ། །བདེ་གཤེགས་སྙིང་པོ་བཀྲ་ཤིས་ རྒྱ་མཚོ་ཡི། །བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག །གནས་སྐབས་རིགས་བཞིའི་ རྟོག་པས་སྟོང་པའི་གཞི། །སྐུ་བཞིའི་ཡོན་ཏན་ཀུན་གྱིས་ཡོངས་གང་བ། །རྡོ་རྗེ་རྣམ་ བཞིའི་བཀྲ་ཤིས་རྒྱ་མཚོ་ཡི། །བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག །ཉོན་མོངས་ དུག་ལྔའི་སྐྱོན་གྱིས་སྟོང་པའི་གཞི། །རྣམ་དག་ཕུང་པོའི་ཡོན་ཏན་ཡོངས་རྫོགས་པ། །ཡེ་ ཤེས་ལྔ་ཡི་བཀྲ་ཤིས་རྒྱ་མཚོ་ཡི། །བྱིན་རླབས་མཆོག་དེ་ཁྱོད་ལ་འཇུག་གྱུར་ཅིག །འཁོར་ བའི་སྡུག་བསྔལ་ཀུན་གྱིས་སྟོང་པའི་གཞི། །མྱང་འདས་ཆེན་པོའི་ཡོན་ཏན་ཡོངས་ རྫོགས་པ། །དུས་ཀྱི་འཁོར་ལོའི་བཀྲ་ཤིས་རྒྱ་མཚོ་ཡི། །བྱིན་རླབས་མཆོག་དེ་ཁྱེད་ལ་ འཇུག་གྱུར་ཅིག །བདུད་དང་ཉོན་མོངས་ཀུན་གྱིས་སྟོང་པའི་གཞི། །རྒྱལ་བའི་ཡོན་ཏན་ ཀུན་གྱིས་ལེགས་གང་བ། །དགྱེས་པ་རྡོ་རྗེའི་བཀྲ་ཤིས་རྒྱ་མཚོ་ཡི། །བྱིན་རླབས་མཆོག་དེ་ ཁྱེད་ལ་འཇུག་གྱུར་ཅིག །སྒྲོ་བཏགས་ཆོས་རྣམས་ཀུན་གྱིས་སྟོང་པའི་གཞི། །རང་བཞིན་ འོད་གསལ་ཡོན་ཏན་ཡོངས་གང་བ། །འཁོར་ལོ་སྡོམ་པའི་བཀྲ་ཤིས་རྒྱ་མཚོ་ཡི། །བྱིན་ རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག ། གློ་བུར་འཁྲུལ་སྣང་ཀུན་གྱིས་སྟོང་པའི་ གཞི། །གཉུག་མ་ལྷན་སྐྱེས་ཡོན་ཏན་ཡོངས་རྫོགས་པ། །གསང་བ་འདུས་པའི་བཀྲ་ཤིས་ རྒྱ་མཚོ་ཡི། །བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག ། ཟག་བཅས་བདེ་སྡུག་ཀུན་ གྱིས་སྟོང་པའི་གཞི། །ཟག་མེད་བདེ་ཆེན་ཡོན་ཏན་ཡོངས་རྫོགས་པ། །སྒྱུ་འཕྲུལ་དྲྭ་བའི་ བཀྲ་ཤིས་རྒྱ་མཚོ་ཡི། །བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག །སེམས་དང་སེམས་ 8-1-699 བྱུང་ཀུན་གྱིས་སྟོང་པའི་གཞི། །རབ་བྱུང་ཡེ་ཤེས་ཡོན་ཏན་ཡོངས་རྫོགས་པ། །རྡོ་རྗེ་ མཁའ་འགྲོའི་བཀྲ་ཤིས་རྒྱ་མཚོ་ཡི། །བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ ཅིག །ཀུན་གཞི་རྣམ་པར་ཤེས་པས་སྟོང་པའི་གཞི། །ཀུན་གཞིའི་ཡེ་ཤེས་ཡོན་ཏན་ཡོངས་ རྫོགས་པ། །མཧཱ་མ་ཡའི་བཀྲ་ཤིས་རྒྱ་མཚོ་ཡི། །བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ ཅིག །ཀུན་རྫོབ་མེད་པའི་ཆོས་ཀྱིས་སྟོང་པའི་གཞི། །དོན་དམ་ཡོད་པའི་ཡོན་ཏན་ཡོངས་ རྫོགས་པ། །རྡོ་རྗེ་གདན་བཞིའི་བཀྲ་ཤིས་རྒྱ་མཚོ་ཡི། །བྱིན་རླབས་མཆོག་དེ་ཁྱེད་ལ་ འཇུག་གྱུར་ཅིག །ཀུན་བཏགས་གཞན་དབང་ཆོས་ཀྱིས་སྟོང་པའི་གཞི། །ཡོངས་གྲུབ་ ཆོས་ཉིད་ཡོན་ཏན་ཡོངས་རྫོགས་པ། །སངས་རྒྱས་ཐོད་པའི་བཀྲ་ཤིས་རྒྱ་མཚོ་ཡི། །བྱིན་ རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག །ཕྱི་ནང་གློ་བུར་དྲི་མས་སྟོང་པའི་ གཞི། །གཞན་མཆོག་སྙིང་པོ་ཡོན་ཏན་ཡོངས་རྫོགས་པ། །རྡོ་རྗེ་བདུད་རྩིའི་བཀྲ་ཤིས་རྒྱ་ མཚོ་ཡི། །བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག །སྤང་བྱ་ཉེས་པ་ཀུན་གྱིས་སྟོང་ པའི་གཞི། །ཐོབ་བྱ་ཡོན་ཏན་ཀུན་གྱིས་ཡོངས་གང་བ། །རྒྱལ་བ་ཀུན་གྱི་བཀྲ་ཤིས་རྒྱ་མཚོ་ ཡི། །བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་གྱུར་ཅིག །དེ་ལྟར་མཐར་ཐུག་སངས་རྒྱས་ ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་མཆོག །མཁའ་ཁྱབ་ལྷུན་ གྲུབ་བསམ་མི་ཁྱབ་པའི་མཐུས། །ཤིས་བརྗོད་འདི་དག་དོན་བཞིན་འགྲུབ་གྱུར་ ཅིག །ཅེས་ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ཐབས་སོ།། །། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ ཐང་པར་མ་ཡིན།) 8-1-700 ༄༅། །ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ཐབས་ གཉིས་པ་བཞུགས་སོ། ། 8-1-701 ༄༅། །ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ཐབས་ གཉིས་པ་བཞུགས་སོ། ། ༄༅། །ཨོཾ་བྷུར་བྷུ་ཝཿསྭཱཧཱ། ན་མོ་དེ་བེ་བྷྱཿ སྭ་སྟི་པྲཛྙཱ་བྷྱཿ སྭཱཧཱ་རཱ་ཛཱ་བྷྱཿ སྭ་དྷཱ་པི་ཏྲི་བྷྱཿ ཨ་ལཾ་བྷུ་ཏེ་བྷྱཿ ཝ་ཥ་ཌ་ཨིན་ཏྲ་ཡ། ཀུན་རྫོབ་ཆོས་རྣམས་ཀུན་གྱིས་སྟོང་པའི་ གཞི། །དོན་དམ་ཆོས་ཉིད་བདེ་བ་ཆེན་པོའི་དབྱིངས། །སྙིང་རྗེ་སྟོང་ཉིད་ཧེ་དང་བཛྲ་ དག །གཉིས་སུ་མེད་པ་དེ་ཡིས་ཁྱེད་ལ་སྐྱོངས། །དམིགས་མེད་ཐུགས་རྗེས་འགྲོ་ལ་ཆགས་ པའི་སྤྱན། །ཡེ་ཤེས་མིག་གཅིག་མིག་མེད་མིག་གི་མཆོག །ཇི་ལྟ་ཇི་སྙེད་གཟིགས་པ་ཀུན་ ནས་སྤྱན། །བཀྲ་ཤིས་སྤྱན་དེས་ཁྱེད་ལ་གཟིགས་གྱུར་ཅིག །ཁ་དོག་མེད་པའི་ཁ་དོག་ ཐམས་ཅད་ལའང༌། །བྱམས་པའི་ཐུགས་མཆོག་འགྱུར་བ་མེད་པའི་སླད། །ཡན་ལག་མེད་ པའི་རྡོ་རྗེ་ཡན་ལག་གནས། །བཀྲ་ཤིས་སྐུ་དེས་ཁྱེད་སྐུ་བདེ་གྱུར་ཅིག །གདོད་ནས་རང་ བཞིན་གྱིས་གྲུབ་སྦྱིན་པ་དང༌། །སྙན་སྨྲ་དོན་སྤྱོད་དོན་དང་མཐུན་པའི་ཞབས། །ཆ་མེད་ ཀུན་འགྲོ་ཀུན་ལ་བཀྲ་ཤིས་པ། །ཀུན་ནས་ཞབས་དེས་ཁྱེད་ཞབས་བརྟན་གྱུར་ཅིག །རང་ བཞིན་འགྱུར་མེད་རྣམ་ཐར་བརྒྱད་ཀྱི་ཞལ། །གཟུགས་མེད་གཟུགས་བཟང་ཞལ་མེད་ ཞལ་བཟང་པོ། །སྒྲ་མེད་ཆོས་སྒྲ་མཁའ་ཁྱབ་སྒྲོགས་པའི་ཞལ། །བཀྲ་ཤིས་སྒོ་དེ་ཁྱེད་ལ་ འབྱེད་གྱུར་ཅིག །ཕུང་པོ་ཁམས་དང་དབང་པོ་རྣམས་དང་ནི། །མར་ངོའི་ཚེས་རྣམས་ ཀུན་གྱིས་སྟོང་པའི་གཞི། །དོན་དམ་གཞན་སྟོང་བཅུ་དྲུག་བཀྲ་ཤིས་ཅན། །ཀུན་ནས་ ཕྱག་དེ་ཁྱེད་ལ་སྐྱོང་གྱུར་ཅིག །ཡར་ངོའི་ཚེས་དང་འཛག་བཅས་དགའ་བ་ རྣམས། །གདོད་ནས་ངོ་བོ་ཉིད་ཀྱིས་འགགས་པའི་གཞི། །འགྱུར་མེད་དགའ་བ་དེ་ཉིད་ བཅུ་དྲུག་གིས། །བདེ་སྐྱོང་བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །ཡི་གེ་མེད་ཅིང་བརྗོད་དུ་ མེད་པའི་དབྱངས། །སྟོང་པ་ཆེན་པོ་ཡི་གེ་ལྔ་ཡི་བདག ། སངས་རྒྱས་ལྔ་བདག་བཀྲ་ཤིས་ ཅོད་པན་ནི། །ཁྱེད་ཀྱི་དབུ་ལ་རྟག་ཏུ་གནས་གྱུར་ཅིག ། ཕྱི་ནང་གློ་བུར་དྲི་མ་གདུག་པ་ 8-1-702 ཅན། །འདུལ་བར་མཛད་ཕྱིར་བདེ་གཤེགས་སྙིང་པོ་མཆོག ། ཁྲོ་བོའི་སྐུར་སྟོན་བདུད་ འདུལ་བཀྲ་ཤིས་ཀྱིས། ཁྱེད་ལ་བགེགས་མེད་བཀྲ་ཤིས་མཛད་གྱུར་ཅིག །བདེ་གཤེགས་ སྙིང་པོ་དགྱེས་པ་རྡོ་རྗེའི་ཤ །ཤ་མེད་ཤ་བཟང་དོན་དམ་ཤ་གང་ཡིན། །འཕགས་མ་བུཀྐ་ སི་ཡི་བཀྲ་ཤིས་ཀྱིས། །ཁྱེད་ལ་རྟག་ཏུ་ཤིས་པ་མཛད་གྱུར་ཅིག ། དོན་དམ་གཞན་སྟོང་ དགྱེས་པ་རྡོ་རྗེའི་ཁྲག །རྡུལ་མེད་རྡུལ་བྲལ་ཆོས་སྐུའི་ཁྲག་གང་ཡིན། །འཕགས་མ་ཤ་བ་ རི་ཡྀ་བཀྲ་ཤིས་ཀྱིས། །ཁྱེད་ལ་བཀྲ་ཤིས་ཉི་མ་འཆར་གྱུར་ཅིག །རང་བཞིན་འོད་གསལ་ བདེ་སྟོང་ཡེ་ཤེས་ཀྱི། །ཁུ་བ་གང་ལགས་གདོལ་བ་མོར་གསུངས་པ། །དཔེ་མེད་དོན་དམ་ ཁུ་བའི་བཀྲ་ཤིས་ཀྱིས། །ཁྱེད་ལ་བཀྲ་ཤིས་ཟླ་བ་འཆར་གྱུར་ཅིག ། འདུས་མ་བྱས་ དབྱིངས་བདེ་གཤེས་སྙིང་པོ་ཡི། །རྐང་དང་ཚིལ་བུ་པྲ་ཕབ་བརྒྱད་མཚུངས་ གང༌། །འཕགས་མ་གཡུང་མོའི་བཀྲ་ཤིས་རྒྱ་མཚོ་ཡིས། །ཁྱེད་ལ་བཀྲ་ཤིས་རྒྱ་མཚོ་བསྐྱིལ་ ཀྱུར་ཅིག །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག །དགྱེས་པ་རྡོ་རྗེའི་པགས་པ་ གང་ལགས་པ། །བྱང་ཆུབ་ཡན་ལག་བདུན་གྱི་བཀྲ་ཤིས་ཀྱིས། །ཁྱེད་ལ་བཀྲ་ཤིས་ཡན་ ལག་སྤེལ་གྱུར་ཅིག །རྟེན་འབྲེལ་ལས་འདས་གཞོམ་དུ་མེད་པའི་དབྱིངས། །དགྱེས་པ་རྡོ་ རྗེའི་རུས་པ་ཆོས་ཉིད་ཀྱི། །བདེན་པ་བཞི་པོའི་བཀྲ་ཤིས་ལྷུན་པོ་ཡིས། །ཁྱེད་ལ་བཀྲ་ཤིས་ ལྷུན་པོ་སྤེལ་གྱུར་ཅིག །ཟླ་ཉི་གདོད་ནས་འགགས་པའི་ཟླ་ཉི་གཞན། །རྡོ་རྗེ་ཟླ་བ་དྲི་མེད་ འོད་དང་ནི། །རྡོ་རྗེ་ཉི་མ་སྣང་ཆེན་བྱིན་རླབས་ཀྱིས། །ཤིས་བརྗོད་མཆོག་འདི་ཡང་དག་ གྲུབ་གྱུར་ཅིག །སྙིང་ཁའི་རྩ་བརྒྱད་ལྟེ་བར་བཅས་པ་ལ། །རྟག་ཏུ་བཞུགས་པའི་དགྱེས་ རྡོར་ལྷ་དགུ་ཡི། །བྱིན་རླབས་མཐུ་སྟོབས་མཁའ་ཁྱབ་བདེན་པའི་མཐུས། །ཤིས་བརྗོད་ འདི་དག་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདི་ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ ཐབས་སོ།། །།མངྒ་ལཾ། བྷ་ཝནྟུ། ལྷག་བསམ་དགེ་བས་རབ་དཀར་བསོད་ནམས་འདིས། ། རྩ་བའི་བླ་མ་དགྱེས་བྱེད་མཆོད་སྤྲིན་དང༌། ། བདག་གཞན་སྒྲིབ་སྦྱངས་ཚོགས་ཆེན་རབ་རྫོགས་ཤིང༌། ། 8-1-703 དོན་གཉིས་རྒྱ་མཚོའི་དཔལ་ཡོན་མྱུར་སྤྱོད་ཤོག ། ཅེས་པའི་བསྔོ་སྨོན་ཉེར་བསྡུས་འདི་ཆོས་མཆེད་གུ་ཎ་བྷ་དྲ་ཉིད་ལ་མཁོ་ཕྱིར། མ་ཏིས་ བྲིས་པའོ།། །། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་དང་འཛམ་ ཐང་པར་མ་ཡིན།) 8-1-704 ༄༅། །པྲ་དབབ་པ་བཞུགས་སོ། ། 8-1-705 ༄༅། །པྲ་དབབ་པ་བཞུགས་སོ། ། ༄༅། །ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པད་མ་འབྱུང་ གནས། བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། ། གནམ་སྨན་དང་ཐུགས་རྗེ་ཆེན་པོའི་པྲ་འབེབས་ལུགས། དང་པོ་རས་དཀར་དང༌། ཡང་ ན་སྣམ་བུ་གཙང་མའི་སྟེང་དུ་ནས་དཀར་མོ་བྲེ་གསུམ་བདལ་ལ། དེའི་སྟེང་དུ་དཀར་ གཏོར་གསུམ་དང་དམར་གཏོར་བཞི་བཤམས། གྲོ་ཡོས་དང༌། འབྲང་རྒྱས་དང༌། ཕྱེ་མར་ དང༌། མ་ནུ་གླ་སྒང་དང༌། ལུག་ལྤགས་བུ་དཀར་སླུད་དང༌། ཆང་ཕུད་བཤམས། མདའ་ རྒོད་སྒྲོ་མ་ལ་དར་དཀར་དམར་གཉིས་བཏགས། མེ་ལོང་དང་བཅས་པའི་རྩར་བུ་མོ་ སྔར་མཐོང་བ་རང་ལ་རྒྱུས་ཡོད་ན་གཅིག་གིས་ཆོག། དེ་མེད་ན་གསུམ་མམ། བཞི་གང་ རུང་བཞག །དེ་ལ་འབེབས་པའི་དུས་སུ་ས་གཙང་སར་བྱ། རང་དང་ཐམས་ཅད་ཁྲུས་བྱ། དེ་ནས་བགེགས་གཏོར་བཏང་ནས། སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། རང་ཡི་དམ་ གང་ཡིན་གྱི་བསྒོམ་བཟླས་བྱ། དེ་ནས་གཏོར་མ་དང་པོ་གུ་རུ་པད་མ་དང་ཡི་དམ། གཉིས་པ་རང་གི་ཆོས་སྐྱོང་གི་གཙོ་བྱས་ཆོས་སྐྱོང་སྤྱི་ལ། གསུམ་པ་གཞི་བདག་ལ། བཞི་ པ་ཐུགས་རྗེ་ཆེན་པོ། ལྔ་པ་དཀོན་མཆོག །དྲུག་པ་པྲ་སྨན་ལ་འབུལ། ཐམས་ཅད་ཀྱི་ སྔགས་ལ་ཨ་ཀཱ་རོ་ཡིས་ཆོག །གཏོར་མ་ཕུལ་ཟིན་པ་དང༌། སྐྱབས་འགྲོ་བྱས་ནས། རང་གི་མདུན་དུ་གསེར་གྱི་མཆོད་རྟེན། དེའི་སྟེང་དུ་འཕགས་པ་ སྤྱན་རས་གཟིགས་ཞལ་བཅུ་གཅིག་པ། ཕྱག་ན་གསེར་གྱི་བུམ་པ་བདུད་རྩིས་གང་བ་ བསྣམས་པ། དེ་བདག་དང་པྲ་རྟེན་གྱི་སྤྱི་བོར་བསམས་པས། སྡིག་སྒྲིབ་ཐམས་ཅད་བྱང་ སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་རང་གིས་མཐོང༌། སྒྲ་ཐམས་ཅད་ཐོས། སེམས་ལ་ ཅི་སྨོན་ཐམས་ཅད་ཤེས་པར་བསྒོམས་ནས། སྔགས་འདི་བཟླས། ཨོཾ་བྲུཾ་བྲུཾ་བྲུཾ་ཏིང་འདིར་ ནཱ་ག་ཕོབ་ནཱ་ག་སྟོན། སྤྱན་རས་གཟིགས་ཀྱིས་སྟོན། སིན་དྷུར་ཕཊ། ཞེས་པ་འདི་སྲོག་གི་ 8-1-706 སྙིང་པོ་ཡིན། འདི་ལ་བསྙེན་པ་འབུམ་ཕྲག་བཅུ་བསྐྱལ་ན། འབབས་པའི་དུས་སུ་ཤམ་ བུའི་སྔགས་འདི་དང་སྲོག་སྙིང་སྤེལ་ལ། ཉེར་གཅིག་རེ་བཟླས་ནས། ནས་ལ་བཏབ་ནས་ ཟུར་ཅིག་ཏུ་བཞག་ནས། སྤོས་དཀར་གྱི་དུད་པ་བཏང་ནས་སྤྱན་དྲངས་ཏེ། འདིར་ཆང་ ཕུད་གཏོར། ཀྱེ། སྨན་ཡུལ་དགེ་མའི་དགེ་སྟེང་ནས། །གངས་དཀར་ཟུར་གསུམ་གཞི་སྟེང་ ན། །དར་དཀར་གུར་ཆེན་སྒེངས་སེ་སྒེངས། །དུང་གི་ཚུགས་ཤིང་རེངས་སེ་རེངས། །དར་ གྱི་ཆོན་ཐག་རྒྱངས་སེ་རྒྱངས། །ཤེལ་གྱི་ཚོན་ཕུར་ཤར་ར་ར། །གུར་ཆེན་དེ་ཡི་ནང་ཤེད་ ནས། །གནམ་སྨན་དཀར་མོ་མཆེད་བདུན་བཞུགས། །སྐུ་ལ་དར་དཀར་ལྭ་བ་ གསོལ། །ཆིབས་སུ་སྨན་ཤ་ཡུ་ཆུང་ཆིབས། །གངས་དཀར་རྩེ་ནས་རེ་རེ་དགའ། །གནམ་ སྨན་དཀར་མོ་ད་ཚུད་བྱོན། །སྲིད་པ་གསུམ་གྱི་གཏམ་ཅིག་དྲི། །ལྷ་སྲིད་སྡེ་བརྒྱད་མིང་ ནས་ཐོན། །ལྷབས་ལྷབས་འཕུར་གྱིན་ད་ཚུར་བྱོན། །ཐོལ་ཐོལ་སྨྲ་ཞིང་ད་ཚུར་བྱོན། །པྲ་ རྟེན་འདི་ལ་པྲ་སྟོན་ཅིག ། ཅེས་སྤྱན་དྲངས། དེ་ལྟར་བྱས་པས་བྱོན་ན། མེ་ལོང་གི་ནང་ དུ་ལམ་དང༌། མི་དང༌། ལྷ་འདྲེའི་རིགས་དང༌། ཁང་པ་དང༌། ལུང་པ་དང༌། ཅི་རིགས་པ་ འོང༌། དེ་འདྲའི་རིགས་བྱུང་ན་བྱོན་པའི་རྟགས་ཡིན་པས། རིམ་པ་བཞིན་ཏུ་དྲི། གལ་ཏེ་ ཐང་ཅིག་གིས་མ་བྱོན་ན། ལན་གཉིས་བྱ། དེས་ཀྱང་མ་བྱོན་ན། ལན་གསུམ་གྱིས་སྤྱན་ དྲངས་ཏེ། དོན་ལ་མ་བྱོན་གྱི་བར་དུ་སྤྱན་དྲངས། འདྲི་བའི་དུས་སུ་ཐོག་མར་སྦྱིན་ བདག་ཡིན་པ་དེའི་རྒན་རིམ་ནས་དྲི། དྲིས་པས་ཁོ་རང་སུ་ཡིན་པ་དེ་ཁོ་རང་གི་ གཟུགས་སྟོན་ནས་འོང་བ་ཡིན། དེ་ལ་དགེ་བཤེས་ལ་རྡོ་རྗེ་དྲིལ་བུ། གདུགས་རྒྱལ་མཚན་ བྱུང་ན་བཟང༌། སྔགས་པ་ལ་ཕུར་པ་བྱུང་ན་བཟང༌། བོན་པོ་ལ་གཤང་སྔོ་ཐུལ་བྱུང་ན་ བཟང༌། སྐྱེས་པ་ལ་མདའ་བྱུང་ན་བཟང༌། བུད་མེད་ལ་འཕང་བྱུང་ན་བཟང༌། ནད་པ་ ལ་འབྲང་རྒྱས་དང་མདའ་དར་བྱུང་ན་བཟང༌། ལར་གྱིས་གཟུགས་མི་འདྲ་བ་ཅི་བྱུང་ ཡང༌། ཁོ་རང་ལ་གང་ཡིན་རྣམས་ཁོ་རང་གིས་སྟོན་པ་ཡིན། བུ་མོ་གསལ་ཤོས་ཀྱིས་མི་ དང་མི་ལབ་པ་བཞིན་དུ་ལབ་ཏུ་འོང༌། བུ་མོ་འབྲིང་གིས་གཟུགས་ཐམས་ཅད་མཐོང༌། ལབ་པ་བག་རེ་ཙམ་ཐོས། བུ་མོ་ཐ་མས་ལབ་པ་མི་ཐོས། གཟུགས་མཐོང༌། གང་དྲིས་པ་ 8-1-707 དེ། ཡོང་ན་མགོ་གུག་གུག་བྱེད། མི་ཡོང་ན་མགོ་རིལ་རིལ་བྱེད། དེ་ལ་བརྟག་དགོས་ གཟུགས་རྟ་པ་དང༌། བྱ་དང༌། ཁྱི་དང༌། མི་དང༌། ནག་མོ་བྱུང་ན་བདུད་རིགས་གནོད་ པ་ཡིན། དེ་རྣམས་དམར་པོར་བྱུང་ན་བཙན་ཡིན། དཀར་པོར་བྱུང་ན་ལྷའི་རིགས་ཡིན། མཚོ་དང༌། ཆུ་མིག་དང༌། ཤིང་རྩི་བན་བུན་བྱུང་ན་ཀླུ་གནོད་པ་ཡིན། གྲོགས་བྱ་ལ། བཀྲ་ ཤིས་རྟགས་བརྒྱད་བྱུང་ན་བཟང༌། རིན་པོ་ཆེ་མང་པོ་བྱུང་ན་བཟང༌། འབྲུ་དང་ལོ་ཏོག་ རྒྱས་པ་བཟང༌། དགྲ་བྱ་ལ་མདའ་ཆགས་མདུད་ཆགས་སོགས་ངན། ནས་རུལ་བ་བྱུང་ན་ མི་ཕུག་ལྟོགས་སུ་འགྲོ་བས་ངན་པར་གསུངས། སྦང་མ་བྱུང་ན་མཐར་རབ་ཆད་འོང་ བས་ངན། དཀར་པོ་ཐམས་ཅད་བཟང༌། ཁྲ་བོ་འབྲིང༌། ནག་པོ་ངན། བཟང་པོ་རྣམས་ བཟང་བ་མང་བ་ཆེ་མཐོར་སོང་ན་བཟང༌། ཐང་པོ་ཆེ་ཅི་མཐོར་སོང་ན་རྒྱལ་ས་ཟིན། གང་ལྟར་བྱུང་བྱུང་རང་གི་ཐེ་ཙོམ་དང༌། མི་ཤེས་པ་བྱུང་ན་ཁོ་རང་ལ་གང་ཡིན་དྲིས་ པས་ཁོ་རང་གིས་སྟོན་པ་ཡིན། ཐུགས་རྗེ་ཆེན་པོ་དང་གནམ་སྨན་གྱི་པྲ་དབབ་ལུགས་ དགེའོ། ། ཤམ་བུའི་སྔགས་ནི། ཨོཾ་མཧཱ་པད་མ་ཆུ་བུར་མིག་གི་གོ་སོལ་ཕྱེ། ན་སི་བུ་མོ་ཆུ་བུར་མིག་ གི་གོ་སོལ་ཕྱེ། ཤུ་བུ་མོ་བྷ་ཏ། ཆུར་བུར་མིག་གི་གོ་སོལ་ཕྱེ། གང་གོ་ལ་གང་གོ་ལ། ཆུ་བུར་ མིག་གི་གོ་སོལ་ཕྱེ། ཀི་སི་རི་ཧི། ཀི་སི་རི་ཧི། ཆུ་བུར་མིག་གི་གོ་སོལ་ཕྱེ། ཤོ་ན་གོ་ལེ། ཤོ་ན་ གོ་ལེ། ཆུ་བུར་མིག་གི་གོ་སོལ་ཕྱེ། པྲའི་ལྷ་མོ་སྟོན། པྲ་ས་ལེ་པྲ་ས་ལེ། ཞེས་པ་འདི་ འབེབས་དུས་སྲོག་སྙིང་ལ་བཏགས། ཉི་ཤུ་རྩ་གཅིག་རེ་གདགས་སོ། ། གཅིག་ལ་མ་མཐོང་ན། སྤྱན་རས་གཟིགས་ལྷ་མི་ཡང་སྤྱན་རས་གཟིགས་བསྒོམ་ཞིང༌། དཔྲལ་བར་ཉི་མ་ཤར་བར་བསམ། དེ་ཡང་རྒྱབ་མཆོད་རྟེན་ལ་གཏད་པར་བསམ་ མོ། །ཞེས་ཟཻར་བར་འདུག །མེ་ལོང་གི་ཁ་ཚུར་ལྟ་བ། ལྟ་བ་པོའི་གཡས་རང་ས། གཡོན་ཕྱི་ ས། དེ་ནས་མེ་ལོང་གི་གཡས་ཕྱི་ས། གཡོན་རང་སའོ། །ཧཱུཾ། འཛམ་གླིང་བྱང་ཤར་ཕ་ཀི་ ན། །གཡའ་དང་སྤང་གི་མཚམས་ཤེད་ནས། །སྤྲིན་དང་ན་བུན་ཐུ་ལུ་ལུ། །གསེར་མཁར་ རྩེ་དགུ་ལྡེམས་སེ་ལྡེམས། །གཡུ་ཡི་བ་གམ་ཐིབས་སེ་ཐིབས། །དུང་གི་སྒོ་མོ་ཁྲིགས་སེ་ 8-1-708 ཁྲིགས། །མུ་མེད་སྒོ་ལུགས་ཁྲ་ལ་ལ། །སྤྲིན་དང་ན་བུན་ཐུ་ལུ་ལུ། །དེ་འདྲའི་མཁར་གྱི་ སྟེང་ཤེད་ན། །དར་དཀར་གུར་ཆེན་ལྡི་རི་རི། །གསེར་གྱི་ཚོགས་ཤིང་ལྡེམས་སེ་ ལྡེམས། །མུ་མིན་ཆུན་ཐག་རྒྱངས་སེ་རྒྱངས། །དངུལ་གྱི་ཆུན་ཕུར་ཐབས་སེ་ཐབས། །གུར་ དཀར་དེ་ཡི་ནང་ཤེད་ནས། །ཛ་མོ་གཡུ་ཡི་སྒྲོན་གཅིག་མ། །སྤྱན་རས་གཟིགས་ཀྱི་ལྕམ་ གཅིག་མ། །ཆོས་མཛད་ཡོངས་ཀྱི་སྲིང་གཅིག་མ། །དེ་རིང་པྲ་ཡི་དངོས་གྲུབ་ཞུ། །ཧཱུཾ། འབོད་དོ་དེ་ནི་སུ་ལ་འབོད། །བུ་མོ་གཡུ་སྒྲོན་ཁྱོད་ལ་འབོད། །བུ་མོ་དེ་ནི་ཕོ་ཆས་ ཅན། །སྟག་རལ་དེ་ནི་གཡས་ན་བཀྲ། །གཟིག་ཤུབས་དེ་ནི་གཡོན་ནས་འཁྱུག །གཡས་ན་ སྟག་དོང་མེ་ལྕེ་རིས། །ཉག་ཕྲན་མདའ་དང་བཅས་པ་ཡིན། །གཡོན་ན་གཟིག་ཤུབས་ ཐིག་ལེ་རིས། །མཆོག་དཀར་གཞུ་དང་བཅས་པ་ཡིན། །ཆིབས་སུ་ཤ་བ་རྐྱང་ལ་ བཅིགས། །བུ་མོ་གཡུ་ཡི་སྒྲོན་གཅིག་མ། །མིང་པོས་འབོད་དོ་གནས་འདིར་བྱོན། །གཤོང་ བུ་དེ་ནི་དམའ་དམའ་ནས། །སྤོས་དཀར་དུད་པས་འཐུལ་གྱིས་མཆིས། །གོང་ཁ་དེ་ནི་ མཐོ་མཐོ་ནས། །མདའ་དང་དར་གྱིས་གཡབ་ཀྱིན་མཆིས། །ཐོལ་ཐོལ་དེ་ནི་སྨྲ་ཡིན་ བྱོན། །ལྷབ་ལྷབ་དེ་ནི་འཕུར་གྱིན་གཤེགས། །དལ་དལ་དེ་ནི་མྱུར་དུ་གཤེགས། །གཞལ་ ཡས་དེ་ནི་ཉམས་རེ་དགའ། །བུད་མེད་དེ་ནི་འཆམ་ཁ་མེད། །མདའ་བཟང་དེ་ནི་བྱ་རྒོད་ མ། །མདའ་དར་དེ་ནི་དམར་པོ་དང༌། །མེ་ལོང་དེ་ནི་རྒྱུ་ལོང་དང༌། །ལྤགས་བུ་དེ་ནི་ དཀར་སླུད་དང༌། །གཞི་ནས་དེ་ནི་བྲེ་གང་དང༌། །འབྲང་རྒྱས་དེ་ནི་ཞལ་དཀར་ དང༌། །མ་ནུ་དེ་ནི་བླ་སྒང་དང༌། །བུ་མོ་དེ་ནི་འཆལ་ཁ་མེད། །བུ་མོ་ཡིས་ནི་སྤྱན་ གཟིགས་མ། །བུ་མོ་དེ་ནི་རོལ་གྱིན་གནས། །ལྷབ་ལྷབ་དེ་ནི་འཕུར་གྱིན་གཤེགས། །ཐོལ་ ཐོལ་དེ་ནི་སྨྲ་ཡིན་གཤེགས། །བུ་མོ་དེ་ནི་སྤྱན་གཟིགས་ན། །པྲ་རྟེན་འདི་ལ་པྲ་སྟོན་ ཅིག །ཨོཾ་མཧཱ་པད་མ་ཆུ་བུར་མིག་གི་གོ་སོལ་ཕྱེ། ན་སེ་བུ་མོ་ཆུ་བུར་མིག་གི་གོ་སོལ་ཕྱེ། ཤུ་བུ་མོ་བྷ་ཏ། ཆུ་བུར་མིག་གི་གོ་སོལ་ཕྱེ། གཾ་གོ་ལོ། གཾ་གོ་ལོ། ཆུར་བུར་མིག་གི་གོ་སོལ་ ཕྱེ། ཀི་སི་རི་ཧི། ཀི་སི་རི་ཧི། ཆུ་བུར་མིག་གི་གོ་སོལ་ཕྱེ། ཤོ་ན་གོ་ལེ། ཤོ་ན་གོ་ལེ། ཆུ་བུར་ མིག་གི་གོ་སོལ་ཕྱེ། སང་ལེ། སང་མོ་ལེ་སང༌། སྣང་སྲིད་གསལ་བར་སྟོན་ཅིག །ནས་སྤར་ 8-1-709 གང་ལ་བསྔགས་ནས། མེ་ལོང་དང་ལྟ་མི་ལ་གཏོར་རོ། །ཞེས་པ་རྟོན་པ་བཞི་ལྡན་ ནོ།། །། ཨྠིྀ། ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 8-1-710 འདྲེན་མཆོག་བླ་མ་བདེ་བར་གཤེགས་པའི་བྱིན་ རླབས་ དུས་ཀྱི་ཁྱད་པར་དྲན་བྱེད། 8-1-711 8-1-712 ༄༅། །འདྲེན་མཆོག་བླ་མ་བདེ་བར་གཤེགས་པའི་བྱིན་རླབས་ དུས་ཀྱི་ཁྱད་པར་དྲན་བྱེད། ༄༅། །དཔལ་ལྡན་བླ་མ་དམ་པ་ཀུན་མཁྱེན་ཆོས་ཀྱི་རྗེ་ལྕགས་མོ་གླང་ལོ་དགུང་ལོ་ བདུན་ཅུ་དགུན་ཟླ་ར་བའི་ཡར་ངོའི་ཚེས་དྲུག་སྲོད་ཐུན་དང་པོའི་དུས། ཞིང་མཆོག་ བདེ་བ་ཅན་དུ་བདེ་བར་གཤེགས། །རྗེ་བཙུན་བླ་མ་སྤྱན་རས་གཟིགས་དབང་གིས། ། བདག་ཀྱང་ཐུགས་རྗེའི་ཞགས་པས་རྗེས་དྲངས་ཏེ། །སྣང་བ་མཐའ་ཡས་རྒྱལ་བའི་ མངོན་སུམ་དུ། །ལུང་བསྟན་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། ། དཔལ་ལྡན་བླ་མ་ཆོས་རྗེ་ལོ་ཙྪ་བ། དགུང་ལོ་ལྔ་བཅུ་རྩ་ལྔ། ཤིང་ཕོ་རྟ་ལོ། དགུན་ཟླ་ འབྲིང་པོའི། ཡར་ངོའི་ཚེས་བརྒྱད་ནམ་གྱི་གོང་ཡོལ་ལ། །ཡོངས་དག་རྒྱལ་བའི་ཞིང་དུ་ བདེ་བར་གཤེགས། །བླ་མའི་ཡོན་ཏན་ཚད་མེད་དྲན་པ་ཡིས། །རྩེ་གཅིག་གདུང་བ་ཆེན་ པོས་གསོལ་འདེབས་ན། །སྒྲིབ་མེད་མཁྱེན་པའི་སྤྱན་གྱིས་ཉེར་གཟིགས་ཏེ། །ཁྱེད་བཞིན་ འགྲོ་བ་འདྲེན་པར་བྱིན་གྱིས་རློབས། །འདྲེན་མཆོག་བླ་མ་བདེ་བར་གཤེགས་པ་ཡིས། ། བྱིན་རླབས་དུས་ཀྱི་ཁྱད་པར་དྲན་བྱེད་འདི། །བླ་མའི་གསུང་རྒྱུན་རྗེས་འབྲང་མངའ་ རིས་པས། །དད་ལྡན་གདུལ་བྱའི་བསོད་ནམས་དབང་གིས་བདེ་ལ་བཀོད། །བདེ་ལེགས་ སུ་གྱུར་ཅིག ། 8-1-713 ༄༅། །ཞང་སྟོན་པས་མཛད་པའི་ངོ་སྤྲོད་བསྡུས་པ་ བཞུགས་སོ། ། 8-1-714 ༄༅། །ཞང་སྟོན་པས་མཛད་པའི་ངོ་སྤྲོད་བསྡུས་པ་ བཞུགས་སོ། ། ༈ ཨོཾ་ན་མོ་གུ་རུ་བུད་དྷ་བོ་དྷི་ས་ཏྭ་བྷྱོ་ན་མོ་ན་མཿ མན་ངག་བཞིན་དུ་ཟབ་ལམ་བསྒོམ་ གནས་པའི། །རྣལ་འབྱོར་པ་ལ་མཐོང་ཉམས་སྣ་ཚོགས་འཆར། །དེ་ལ་རྣམ་པ་བཟང་ ངན་ཅིར་སྣང་ཡང༌། །ངོ་བོ་འོད་གསལ་ཆོས་སྐུ་ཉིད་ཡིན་ནོ། །འཆི་ཁར་བར་དོར་མཐོང་ སྣང་དེ་དག་ཀུན། །ད་ལྟ་བས་ཀྱང་མང་ཞིང་གསལ་བ་འབྱུང༌། །དེ་ཚེ་དེ་ལ་ཆོས་སྐུར་ངོ་ ཤེས་ནས། །འོད་གསལ་མ་བུ་འཕྲོད་ཅེས་བྱ་བ་ཡིན། །དེ་ལྟར་གྱུར་ནས་བར་དོའི་ འཇིགས་སྐྲག་སོགས། །སྡུག་བསྔལ་མི་འབྱུང་འོད་གསལ་ལ་ཐིམ་ནས། །སྐྱེ་བ་ཕྱི་མ་མེད་ པར་གྲོལ་བའང་སྲིད། །དེས་ན་དེ་ལྟར་མཉམ་བཞག་བསྒོམ་པ་གཅེས། །རྗེས་ཐོབ་ཏུ་ ཡང་གང་སྣང་ཐམས་ཅད་ལ། །འོད་གསལ་རྣམ་པ་ཀུན་དང་ལྡན་པའི་ཕྱིར། །སྣང་བ་སྣ་ ཚོགས་འདི་འདྲ་འབྱུང་སྙམ་དུ། །བློ་སྦྱོང་བྱས་ནའང་འཆི་ཁ་བར་དོར་ཕན། །བར་དོ་ལ་ ཡང་བར་དོར་ཤེས་པ་གཅེས། །དེ་ཡི་ཆེད་དུ་ད་ལྟ་ནས་བཟུང་སྟེ། །བར་དོ་ཡིན་མིན་ ཡང་ཡང་བརྟགས་བྱ་ཞིང༌། །བར་དོ་སྙམ་དུ་རྒྱུན་དུ་བསྒོམ་པར་བྱ། །གཞན་ཡང་བསྒོམ་ པའི་ཤུགས་ལས་བྱུང་བ་ཡིས། །འཕར་གཡོ་མཆོང་རྒྱུག་ལ་སོགས་ལུས་ཉམས་དང༌། །སྨྲ་ བརྗོད་རྒོད་ངུ་ལ་སོགས་ངག་ཉམས་དང༌། །བདེ་སྡུག་དགའ་གདུང་ལ་སོགས་སེམས་ཀྱི་ ཉམས། །ཅི་འདྲར་ཤར་ཡང་སྐྱོན་དུ་མི་བཟུང་ཞིང༌། །ཡོན་ཏན་ཡིན་ཡང་རློམ་སེམས་མི་ བྱ་བར། །གང་བྱུང་དེ་ཉིད་བྱུང་རྒྱལ་བག་ཡངས་བསྐྱངས། །འདི་ཉིད་གེགས་སེལ་རྣམས་ ཀྱི་ནང་ན་མཆོག །མན་ངག་རྣམས་ཀྱི་ནང་ན་ཉིང་ཁུ་སྟེ། །ངོ་སྤྲོད་རྣམས་ཀྱི་ནང་ན་ རྒྱལ་པོ་ཡིན། །ཀུན་མཁྱེན་ཆོས་རྗེའི་གསུང་གི་བདུད་རྩི་ལས། །ཇི་ལྟར་རྙེད་བཞིན་ཞང་ སྟོན་རྒྱ་བོས་བཀོད། །སྒོམ་མ་ཐོབ་ལ་དཔེ་འདི་མི་བསྟན་ཞིང༌། །དོན་འདི་དག་ཀྱང་ཤིན་ 8-1-715 ཏུ་སྦ་བར་བྱ། །དགེ་བ་འདི་ཡིས་ཕ་མ་སེམས་ཅན་ཀུན། །སྐུ་གཉིས་ཐོབ་ནས་གཞན་དོན་ བྱེད་པར་ཤོག །མངྒ་ལཾ། བྷ་ཝནྟུ། 8-1-716 ༄༅། །ཀུན་མཁྱེན་དོལ་པོ་པའི་རྣམ་ཐར་རྒྱས་པ་ ལས་ སླར་ཡང་བསྡུས་པ་ལྷའི་རྒྱལ་མཚན་གྱིས་ བཀོད་པའི་དབུ་ཕྱོགས་ ལགས་སོ། ། 8-1-717 ༄༅། །ཀུན་མཁྱེན་དོལ་པོ་པའི་རྣམ་ཐར་རྒྱས་པ་ལས་ སླར་ཡང་བསྡུས་པ་ལྷའི་རྒྱལ་མཚན་གྱིས་ བཀོད་པའི་དབུ་ཕྱོགས་ ལགས་སོ། ། ༄༅། །ཆོས་རྗེ་ཀུན་མཁྱེན་ཆེན་པོ་ལ་ཕྱག་འཚལ་ལོ། །ཆོས་རྗེ་རྣམ་ཐར་བསྡུས་པ་ནི་ འཁྲུངས་ཡུལ། མངའ་རིས་དོལ་པོའི་པན་ཚངས་སུ་མདོ་སྔགས་རྙིང་མའི་རྒྱུད་དུ་ འཁྲུངས། གཞོན་ནུ་ལ་རབ་ཏུ་བྱུང་ནས། གློ་བོ་དང་དཔལ་ས་སྐྱར་མཁས་མཆོག་སྐྱི་སྟོན་ གྲགས་པ་རྒྱལ་ མཚན་ལ་ཆོས་མང་དུ་གསན་པ། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །མཁས་པ་མཁས་ པ་དུ་ནི་སྔོན་སྦྱངས་པའི། །ཚེ་འདིར་ལན་རེ་བཟུང་རེ་ཐོས་ཙམ་གྱིས། །གཞུང་ལུགས་ ཀུན་ཤེས་ཤེས་རབ་རྒྱལ་མཚན་དཔལ། །ཞེས་པར་གྱུར་ནས་དགུང་ལོ་ཉེར་གཉིས་ལ་ རྣམ་བཞག་མཛད། ཆོས་ཁྲི་ཐང་གི་ཤར་སྒོ་བྱང་མའི་སྟེང་ནས་དབྱར་ཆོས་ལ་དཀའ་ བོད་བཞི་ཆར་གསུངས་པས། ཆོས་གསན་པ་དང་དངོས་པོ་འབུལ་བ་མང་པོ་བྱུང༌། དགུན་ཆོས་ལ་དབུས་གཙང་ལ་གྲྭ་སྐོར་མཛད་པས། སློབ་དཔོན་དོལ་པོ་པ་ལྟ་བུ་ཞེས་ སྟོན་པ་བཟང་བའི་ཚད་རྡོར་གྱུར། དེ་མ་ཐག་མཁན་ཆེན་བསོད་ནམས་གྲགས་པའི་ ཚོགས་ལ་བསྙེན་རྫོགས་མཛད། དེ་ནས་དགུང་ལོ་བཅུ་གཉིས་པའི་བར་ལ་བླ་མ་བཟང་ པོ་མང་པོ་ལ་ཆོས་གསན་ཅིང་ཐུགས་དམ་མཛད། སོ་གསུམ་པ་ལ་དཔལ་ཇོ་ནང་གི་ གདན་ས་མཛད་ནས། དབྱར་དགུན་མཚམས་དམ་དུ་བཅད་ནས་མཉམ་བཞག་གཙོ་ བོར་སྟོན། སྟོན་དཔྱིད་གཞི་བྱས་ཀྱི་གྲྭ་བ་དུ་མ་ལ་ངེས་དོན་མདོ་ལྔ་མདོ་བཅུ། སྙིང་པོ་ མདོ་ལྔ་མདོ་བཅུ། སྔགས་ཀྱི་སེམས་འགྲེལ་སྐོར་ལྔ། བྱམས་པ་དང་འབྲེལ་པའི་ཆོས་སྡེ་ཉི་ ཤུ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རིག་ཚོགས་བསྟོད་ཚོགས་གཏམ་གྱི་ཚོགས་ 8-1-718 རྣམས་རྒྱ་འགྲེལ་གྱི་ཐོག་ནས་གསུངས། གཞན་ཡང་དབང་དཀའ་བསྒྲུབ་དཀའ་ཁྲིད་ དཀའ་སྣ་ཚོགས་གསུངས། ས་སྐྱར་བླ་མ་ཆེན་པོ་ཏི་ཤི་ཀུན་དགའ་རྒྱལ་མཚན་གྱིས་ གདན་དྲངས། དུས་འཁོར་སོགས་ཞུས། ཇོ་ནང་དུ་ཕེབས་པ་དང༌། བླ་མ་རོག་པ་ཚང་ བས། རྡོར་འཕྲེང་དཀྱིལ་འཁོར་ཞེ་བཞི། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་བཅུ་ གཅིག་གི་དབང་ཞུས། ནམ་མཁའ་ལ་སྒྲ་འོད་གསལ། མེ་ཏོག་གི་ཆར་འབབས། རྟ་ལོ་ཟླ་ བ་གསུམ་པའི་ཚེས་གསུམ་ལ་སྐུ་འབུམ་ཆེན་པོའི་ཁྲི་འོག་གི་རྒྱ་ལ་ཁྲུ་ཉིས་བརྒྱ་བཅོ་ལྔ། རྨང་ནས་གན་ཛི་རའི་བར་ལ་དཔངས་ཁྲུ་ཉིས་བརྒྱ་བཅོ་ལྔ་ཡོད་པའི་འགྲམ་བཏིངས་ ནས། བྱ་ལོ་ཟླ་བཅུ་བའི་ཚེས་བཅུ་ལ་གདུགས་ཁེབ། རགས་རིམ་ལོ་བཞི་ལ་འབྱོངས་ནས་ རབ་གནས་མཛད་པའི་ཚེ། ངོ་མཚར་བའི་ལྟས་ས་གཡོས། ནམ་མཁའ་ལ་སྒྲ་གྲགས། མེ་ ཏོག་གི་ཆར་བབ། འོད་ཟེར་དུ་མ་བྱུང་བའི་སྙན་པས་ཕྱོགས་བཅུར་ཁྱབ་སྟེ། ཕྱོགས་སོ་སོ་ ནས། ཀ་རུ་མའི་དངོས་པོ་འབུལ་བ་དང༌། བཟོ་གནས་མཁས་པ་མང་པོ་འདུས། ལྷ་ཁང་ སོ་སོའི་ཡོན་བདག་བྱེད་པ་སུས་ཐོབ་བྱེད་པ་བྱུང་ནས་མཐར་ཐུག་པ་མཛད། རབ་ གནས་རྣམས་རིམ་པར་མཛད་པའི་ཚེ། ངོ་མཚར་བའི་ལྟས་རྣམས་ཀྱང་རིམ་པར་བྱུང་ ངོ༌། །ཡང་དེ་དུས་ཇོ་གདན་རྒྱལ་བ་བྱང་སེམས་ཞེས་པ་དགྲ་བཅོམ་པ་ལྟ་བུ་བཟང་པོ་ གཅིག་གིས་སྐུ་འབུལ་བཞེངས་པའི་རྩིག་བཟོ་བ། ཤིང་བཟོ་བ། ལྕགས་མགར་བ། ཟངས་ མགར་བ། བླུགས་མགར་བ། ལྷ་བཟོ་བ། ཆ་གསུམ་བཞིའི་བཟོ་བར་ན། ཞལ་ལྷ་མཛད་ པའི་ཆོས་རྗེ་ཡང་རེ་རེ་དུས་མཉམ་དུ་བྱོན་པར་གཟིགས་ནས། མི་ལ་ལ་བརྫུན་བྱས་ནས་ མི་ཆོས་བླ་མར་འགྲོ་ན་ངས་ད་ལྟར་མངོན་གསུམ་དུ་མཐོང་བའི་དཔང་པོར་དཀོན་ མཆོག་བཞུགས་གསུངས་པ་དང༌། དེ་དང་དེའི་དུས་རྣམས་སུ་ཐུགས་དམ་པ་རྣམས་ ཀྱིས་ཀྱང་ཉིན་མོ་མི་རྣམས་དགེ་ལས་བྱེད་པ་ལྟར། མཚན་མོ་མི་མ་ཡིན་གྱིས་ཀྱང་སྐུ་ འབུམ་བཞེངས་པར་གཟིགས་སོ། །དེ་ལྟར་གཞན་དོན་རྣམས་རིམ་པར་མཛད་ནས། དགུང་ལོ་བདུན་བཅུ་པ་ལ་གླང་ལོའི་སྟོན་ཁྲིད་ཀྱི་དུས་ཁྲིད་པ་མང་པོ་འཚོགས་ཀྱང༌། བླ་མ་གདན་ས་པ་ས་སྐྱ་ནས་མ་ཕེབས་པར། ཚེས་ལྔ་སྔོན་འགྲོ་རྣམས་ཞིབ་རྒྱས་སུ་ 8-1-719 གསུངས་ཏེ། ཞལ་ཆེམ་ཡིན་པར་བྱེད། སྐབས་སུ་ནམ་མཁའ་ལ་ཡང་ཡང་གཟིགས་ཏེ། རྒྱལ་བ་སྲས་བཅས་མང་པོ་གཟིགས་པ་ནི། བསུ་བ་ཡིན་པར་བྱེད། འདོད་ཆོས་འཚམས་ དེ་ལ་བྱེད། ངེས་དོན་རྒྱ་མཚོའི་འཕྲོ་སྐ་རག་ ལེགས་པར་གྱིས་ཞེས་གསུངས། ད་ང་སྐུ་འབུམ་དུ་ཐེག་གསུང་བ་ལ་ཐམས་ཅད་ཀྱིས་ ཞུུ་བ་བྱས་ནས། བླ་བྲང་གི་གཟིམ་ཁང་ཀ་བཞི་མར་གདན་དྲངས། ཐམས་ཅད་ལ་ མཉེས་མཉེས་མཛད་ཅིང༌། བསྙུང་བའི་རྣམ་པ་ཅུང་ཟད་མེད་པའི་ངང་ནས། ཚེས་དྲུག་ གི་དགོང་མོ་ལ་བདེ་བར་གཤེགས་སོ། །དེ་དུས་སྤུར་ཁང་དུ་སྤོས་དྲི་བཟང་པོ་དང༌། རོལ་ མོའི་སྒྲ་སྣ་ཚོགས་གྲགས་པ་དེ་མི་མ་ཡིན་གྱི་མཆོད་པར་ངེས་སོ། །ཚེས་བདུན་གྱི་ནང་མོ་ སྤུར་ལ་བལྟས་པས་ཁམས་དཀར་པོ་སྟེང་དང༌། དམར་བོ་ཆུ་ལམ་ནས་མར་བྱོན་འདུག་ སྟེ། རྒྱུད་ནས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་ མ་རྡུལ་སྒྲ་གཅན། །སངས་རྒྱས་ཀུན་གྱི་མཛོད་སྤུ་ཡི། །པད་མར་ཟླ་བའི་བདུད་རྩི་ཉ། །ཉི་ རྡུལ་གནམ་སྟོང་གསང་བར་ཏེ། །ཞེས་པ་ཕལ་པ་ལས་འདས་པའི་རྟགས་ཁྱད་པར་ཅན་ བྱོན་ནོ། །སྐུ་གཤེགས་ པའི་ནུབ་མོ་ཐུགས་དམ་པ་རྣམས་ཀྱི་སྣང་བ་ལ་ཆོས་རྗེ་པ་སྤྱན་རས་གཟིགས་ཀྱི་རྣམ་ པར་མཛད་ནས། ལ་ལའི་མདོ་ལི་ལ། ལ་ལའི་རྟ་དཀར་པོ་ལ། ལ་ལའི་སེང་གེ་དཀར་པོ་ ལ་བཅིབས་ནས། བདེ་བ་ཅན་གཤེགས་པར་གཟིགས་སོ། །སྤུར་སྦྱང་བའི་ཚེ། དུ་བ་སྟེང་ དུ། མདུང་གང་ཙམ་འཕགས་ཏེ། དེ་ནས་མདའ་འཕངས་བཞིན་དུ་སྐུ་འབུམ་སྨད་ནས་ རིམ་པར་གཡས་སུ་ལན་དུ་མ་བསྐོར་ནས། ནུབ་ཕྱོགས་སུ་མི་སྣང་བར་གྱུར་ཏོ། །རྒྱུད་ འགྲེལ་གསན་པ་རྣམས་ལ་གདུང་ཅུང་ཟད་རེ་བསྐྱེལ་བ་ན་རིང་བསྲེལ་ཆུ་ཤེལ་ལྟར་ དཀར་ཞིང་དྭངས་པ་མང་དུ་བྱོན་ཞིང༌། ཕྱིས་ནི་གདུང་ཐལ་སོགས་ལས་དཔག་མེད་ འཕེལ་ལོ། །དེ་དང་དེ་དག་ཏུ་ངོ་མཚར་བའི་ལྟས་ཇི་ལྟ་བུ་བྱུང་ཞེ་ན། སྐུ་གཤེགས་པའི་ ཞག་འགའི་གོང་དུ་འོད་ཀྱི་གོང་བུ་རྫ་མ་ཙམ་དཀར་པོ་ཟེར་གྱིས་ནམ་མཁའ་འགེངས་ པ་ཅིག་སྲོད་ཀྱི་ཆ་ལ་ནག་ཕུག་གི་ཤར་ཕྱོགས་ནས་བྱུང་ནས་ནུབ་ཕྱོགས་སུ་སོང་བར་ 8-1-720 རྩང་ལ་སོགས་པ་ཡུལ་ཀུན་ནས་མཐོང་བ་དང༌། ས་ཆེན་པོ་གཡོས་ཤིང་སྒྲ་ཆེན་པོ་བྱུང་ བ། སྐུ་གཤེགས་པའི་ནུབ་ཕྱོགས་གཡས་རུ་རྩང་པོ་ཕྱེད་མེད་དུ་བྲི་བ་དང༌། བོ་ཏོད་ཇོ་བོ་ སྤྱན་རས་གཟིགས་ཀྱི་དྲུང་དུ་དཀར་མེ་ཞག་གསུམ་འབར་དུ་མ་འདོད་པ་དང༌། དེའི་ཚེ་ ཁ་བ་འབབ་པ་ཡང་ཐུགས་དམ་པ་བཟང་པོ་རྣམས་ཀྱིས་མེ་ཏོག་གི་ཆར་དུ་གཟིགས་པ་ དང༌། ཚེས་ལྔའྀ་ཐོ་རེངས་ཀྱི་ཆ་ལ་མཁན་ཆེན་སྣང་ཐང་པ་སོགས་གང་ཟག་བཟང་པོ་ རྣམས་གྱི་གཟིམ་ཁང་དུ་ཆོས་རྗེ་པ་བྱོན་ནས་ཆོས་གསུངས་ཞིང༌། བྱིན་རླབས་མཛད་ པའི་སྣང་བ་བྱུང་བ་དང༌། །བདེ་བར་གཤེགས་ནས་སྤུར་བཞུུ་བ། སྤུར་ཁང་ཞལ་ འབྱེད་པ། ཟླ་མཆོད་དུས་མཆོད་རྣམས་སུ་སྤྲིན་ནག་པོ་དང་རླུང་མེད་པའི་འཇའ་ཁ་ དོག་ལྔ་པ་ཟླུམ་པོ་སོགས་བློས་བཀོད་པ་འདྲ་བ་དཔག་ཏུ་མེད་པ་བྱུང་ངོ༌། །སྐུ་གཤེགས་ པའི་ཕྱིར་ལོའི་ཟླ་དུས་ཚེས་གྲངས་ལ། ཆོས་རྗེ་ཕྱོགས་པ་བྱོན་ནས་དུས་མཆོད་བསྒྲུབ་ པའི་ཉིན་མོ་མེ་ཏོག་གི་ཆར་འབབ་པ་ལ། ཆག་ཕྱི་བ་སློབ་དཔོན་བདེ་བསོད་ཀྱིས་མེ་ ཏོག་བཏུས་པ་ནས་གཟིགས་པ་ཕུལ་བ་ལ། འདབ་མ་བཞི་པ། བརྒྱད་པ། བཅུ་དྲུག་པ། ལ་ སོགས་པ་ཁ་དོག་དཀར་པོ། དམར་པོ་སོགས་ཕྱོགས་གཅིག་པ་དུ་མ་དང༌། ལ་ལ་དཀྱིལ་ དཀར་མཐའ་དམར་པོ། ལ་ལ་དཀྱིལ་དམར་པོ་ལ་མཐའ་དཀར་པོ་སོགས། དཔོན་སློབ་ པས་གཟིགས། ཆོས་རྗེ་ཕྱོགས་པས་སྤྱན་ཆབ་མང་པོ་ཕྱུང་སྟེ། ཆོས་རྗེ་རིན་པོ་ཆེ་བའི་བྱྀན་ རླབས་དང་ནུས་མཐུ་ཡིན་གསུངས་སོ། །འཕགས་པ་སྤྱན་རས་གཟིགས་ འདི་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ་དེ་བཞིན་གཤེགས་པ་ཆོས་སྣང་བ་ ཞེས་བྱ་བར་གྱུར་པར་ཕྱག་སྟོང་སྤྱན་སྟོང་གི་མདོར་གསུངས་པ་དེ་དག་མཐུན་པར། འཕགས་པ་ཀླུ་སྒྲུབ་ཀྱི་མགྲིན་སྔོན་ཅན་གྱི་སྒྲུབ་ཐབས་སུ། སྤྱན་རས་གཟིགས་དབང་རྒྱལ་ སྲས་ཐུགས་རྗེ་ཅན། །འདས་པའི་དུས་ན་མངོན་པར་སངས་རྒྱས་ཀྱང༌། །ཐུགས་རྗེའི་ དབང་གིས་ས་བཅུའི་ཚུལ་སྟོན་པ། །ཐབས་ཚུལ་དཔག་མེད་རིགས་ལ་ཕྱག་འཚལ་ ལོ། །ཆོས་རྗེ་རིན་པོ་ཆེ་འདི་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ། དབུས་ཀྱི་ སྟོད་ལུང་མཚུར་ཕུ་གནས་ནང་ན། རྟོགས་ལྡན་གྲགས་སེང་བྱ་བ་གཞན་རྒྱུད་མཁྱེན་ 8-1-721 པའི་ཡེ་ཤེས་མངའ་བ་ཅིག་ལ། སློབ་མ། ཆོས་རྗེ་ལ་ཤིན་ཏུ་མ་གུས་པ་ཅིག་ཡོད་པས། ཇོ་ ནང་པ་ལྟར་ཕྱིན། ཆོས་རྗེ་དང་མི་མཇལ་བསྙམ་པ་ལ། སྐུ་འབུམ་སྐོར་ལམ་དུ་མཇལ། གཟི་བརྗིད་མ་བཟོད་པར་ཕྱག་གཅིག་ འཚལ། བྱིན་རླབས་དང་ཆོས་མ་ཞུས་པར་ལོག་ནས། རྟོགས་ལྡན་པའི་དྲུང་དུ་ཕྱིན་པ་ལ་ རྟོགས་ལྡན་པས་ཁོ་ལ། ཆོས་རྗེ་ཀུན་མཁྱེན་པ་སྐུ་ཁམས་བཟང་ངམ་ཞེས་སོགས་དྲིས་པ་ ལ་ཁོས་སྔར་གྱི་ལོ་རྒྱུས་ཞུས་བས། རྟོགས་ལྡན་པས་དབུ་ཧྲིལ་ཀྱིས་ཕུར་ནས། སྤྱན་ཆབ་ བྱུང༌། དེ་ཅི་ལགས་ཞུས་པས། ཁྱོད་སྙིང་རེ་རྗེ། ཆོས་རྗེ་པ་དེ་ཤལ་བྷ་ལའི་དྲུང་དུ་རིགས་ ལྡན་ས་བཅུ་པ་སྤྱན་རས་གཟིགས་ཀྱི་ངོ་བོ་གཅིག་གི་སྤྲུལ་པ་ཡིན། ཁྱོད་ཀྱིས་ལས་ངན་ བསགས། འགྲོ་ས་དམྱལ་བ་ལས་མེད་གསུངས། དེ་ལ་ཅི་ཕན་ཞུས་པས། དག་རྩང་དུ་ སོང་ལ་ཁོ་བོའི་དྲུང་དུ་འདུག་ལ་བཤགས་པ་ཡང་ཡང་ཕུལ། གསོལ་བ་རྩེ་གཅིག་ཏུ་ཐོབ་ ལ་མོས་གུས་ཀྱིས་གསུངས། ཁོང་གིས་ཀྱང་དེ་བཞིན་བྱས་སོ། །སྤྱི་པོ་ལྷ་ས་ན་བླ་མ་མཚོ་ སྐྱེས་རྡོ་རྗེ་ཞེས་བྱ་བའི་གང་ཟག་བཟང་པོ་གཅིག་ཡོད་པས། མཚམས་བསྡམས་ནས། ཐུགས་ དམ་ལ་རྩེ་གཅིག་ཏུ་བཞུགས་པའི་ནམ་ལངས་ཁའི་རྨི་ལམ་དུ། བྱར་ཤོངས་ཅུང་ཁང་ ནང་ཕྱོགས་ཀྱི་ཁྲི་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞུགས་ནས་འཁྱམས་ ནས་ཁྲོམ་ཆེན་པོ་ལ་ཆོས་གསུངས་པ་ལ། ཁོང་བ་གཤེགས་ནས་ཆོས་གསན་པར་རྨི་ལམ་ སད་པ་དང༌། ནམ་ལངས་པ་དང་པྲང་ཁང་ན་ཆོས་རྗེ་ཀུན་མཁྱེན་པ་དེ་རིང་བྱར་ ཤོངས་སུ་ཐུགས་བསྐྱེད་གསུང་བ་གདའ་བས་གསན་པའི་ཚེ། གཤེགས་སོ་བྱ་བའི་སྐད་ གཏོང་བ་གསུམ་དུ་གཅིག་ལ་བྱུང་བས། མཚམས་བཀྲོལ་ཏེ་གསན་དུ་གཤེགས་པས། མདང་ཇི་ལྟར་རྨིས་པ་བཞིན་དུ་འདུག་པ་དང༌། དེ་ཕྱིན་ཆད་ཆོས་རྗེ་འདི་སྤྱན་རས་ གཟིགས་དངོས་ཡིན་སྙམ་པའི་ངེས་ཤེས་བརྟན་པོ་དང༌། ཐུགས་དམ་བོག་ཆེན་པོ་བྱུང་ གསུངས་པ་དང༌། བྲག་རམ་པའི་སློབ་དཔོན་ཆེན་པོ་དཀོན་བཟང་བས། ཇོ་ནང་དུ་ཆོས་ རྗེ་ལ་དུས་འཁོར་དབང་མོ་ཆེ་ཞུས་དུས། ཁོང་པ་ཡིས་ཆོས་རྗེ་སྤྱན་རས་གཟིགས་དངོས་ 8-1-722 སུ་གཟིགས་ཏེ། ཞབས་ལ་ཡང་ཡང་ཕྱག་འཚལ་ཞིང་བྱིན་རླབས་ཞུས། ཞལ་ནས་སྤྱན་ རས་གཟིགས་སྤྱན་རས་གཟིགས་ཞེས་བརྗོད། ཡར་རྒྱུག་མར་རྒྱུག་བྱས་པས་དབང་ཞུ་མི་ གཞན་ཐམས་ཅད་ཀྱང་འུར་བ་དང༌། ཆོས་རྗེ་ལྷ་སར་བཞུགས་དུས་ནུབ་གཅིག་ལྷ་སའི་ གནས་པོ་མགོར་རིས་ཀྱི་རྨི་ལམ་དུ། སེང་ལྡེང་སྒོ་མོའི་མདུན་དུ་ཁྲི་ཆེན་པོ་ལ་རྒྱལ་པོ་ སྲོང་བཙན་སྒམ་པོ་ཡིན་ཟེར་བའི་རྒྱལ་པོ་ཆ་བྱད་ཅན་ལ་ཐུང་ཅན་གཅིག་ཆོས་ གསུངས་པ་ལ་མི་མང་པོ་ཉན་འགྲོ་ཡིན་འདུག །ཁོ་རང་གིས་ཀྱང་ཕྱིན་པ་དང༌། རྨིས་ པའི་ནང་མོ་སེང་ལྡེང་སྒོའི་མདུན་གྱི་ཁྲི་ཆེན་པོ་ལ་ཆོས་རྗེ་པ་བཞུགས་ནས། སེམས་ བསྐྱེད་གསུངས་པ་ལ་ཉན་པས། རྒྱལ་པོ་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ དངོས་སུ་བྱད་བྱེད་པས། ཆོས་རྗེ་པ་འདི་སྤྱན་རས་གཟིགས་དངོས་སུ་འདུག་སྙམ་པའི་ མོས་གུས་སྐྱེས་ཟེར་བ་དང༌། ཆོས་རྗེའི་བཀའ་ཤོག་ལས་འབྱུང་པོ་གདུག་པ་ཅན་ཆེན་པོ་ རྣམས་འདའ་མི་ནུས་པའི་སྙན་པ་ཕྱོགས་སོ་སོར་ཐོས་ནས། ཉིན་རེ་བཀའ་ཤོག་ཞུུ་བ་ ཉི་ཤུ་སུམ་ཅུ་ཙམ་རེ་འོངས་ནས། བདག་ཅག་ལ་བླ་མ་བྱིན་རླབས་ཅན་དུ་གྲགས་པ་ འདི་དང་འདི་ལྟ་བུས་མ་ཐུལ་བའི་གདོན་ཁ་ཟུག་འདི་འདྲ་བར་ལ་གནོད་གསུངས་ པའི་བཀའ་ཤོག་ཞུས་ཏེ། གནང་པ་སྒོ་གོང་དུ་བཏགས་ནས་བསྒྲགས། ཕྱིན་ཆད་གནོད་ པ་བར་ཆད་ལས་གྲོལ་བ་ཤ་སྟག་བྱུང་ངོ༌། གཞན་ཡང་ཆོས་རྗེ་པ་ལ་ཐུགས་ཤེས་མངའ་ བའི་ལོ་རྒྱུས་མང་པོ་ཡོད་དོ། །སྔར་བོད་དུ་ངེས་དོན་ཕྱོགས་རེ་ཙམ། དགོངས་པ་མང་དུ་ བྱོན་ཞིང༌། ཁྱད་པར་སྒོམ་ཆེན་པ་རྣམས་ཤས་ཆེན་འང་བཀའ་བསྟན་བཅོས་མན་ངག་ རྣམས་ཀྱི་ངེས་དོན་མཐའ་དག་རྫོགས་པར་ཆུད་པས། གྲུབ་མཐའ་ཁྱད་པར་ཅན་མྱུར་ དུ་སངས་རྒྱས་ཐོབ་པའི་ལམ་མཆོག་སྟོན་པ་ནི་ཆོས་རྗེ་འབའ་ཞིག་ལས་བོད་དུ་མ་བྱོན་ ནོ། །དེ་ལྟ་བུའི་གྲུབ་མཐའ་འདི་ལ་སློབ་པ་རྣམས་མྱུར་དུ་སངས་རྒྱས་པའི་ལམ་མཆོག་ ཡིན་པའི་སྟོབས་ཀྱིས། ཆོས་རྗེ་དང་གྲུབ་མཐའ་ལ་རྩེ་གཅིག་ཏུ་མོས་པའི་སྒོ་ནས་འགྲོ་ དོན་རང་བསྒྲུབ་པ་མཛད་པའི་བུ་ཆེན་དངོས་སློབ་རྒྱུད་སློབ་རྣམས་སྐུ་ཚེ་རིང་ཞིང་ འགྲོ་དོན་གཞན་པས་ཆེ་ལ། ཐུགས་དམ་གཞན་ 8-1-723 པས་འཕེལ་བ་དང༌། ནམ་གཤེགས་པའི་ཚེ་ངོ་མཚར་བའི་ལྟས་དང་བཅས་པ་ཤ་སྟག་ བྱོན་པ་རགས་པ་ཙམ་བརྗོད་ན། བླ་མ་ཀུན་སྤངས་པ་ཆོས་གྲགས་དཔལ་བཟང་པོ་སྐུ་ གཤེགས་དུས་ན་ནམ་མཁའ་ལ་སྒྲ་ཆེན་པོ་དང༌། གདུང་ལ་རིང་བསྲེལ་མང་པོ་བྱོན་པ་ དང༌། ཇོ་ནང་ལོཙྪ་བའི་གདུང་ལ། ཁ་སར་པ་ཎི་བྱོན་པ་དང༌། མཁན་པོ་རྒྱལ་བཟང་ གཤེགས་ཁར་མདོ་ནས་གསུངས་པ་ལྟར། འོད་གསལ་དགེ་འདུན་དང་བཅས་པའི་བསུ་ བའི་སྣང་བ་བྱུང་བ་དང༌། དུས་འཁོར་བ་རྡོ་རྗེ་སྙིང་པོ་གཤེགས་ཁར་ང་བདེ་བ་ཅན་དུ་ འགྲོ། ཆོས་རྗེ་ཡང་བྱོན་འདུག་གསུང་ཞིང༌། རིང་བསྲེལ་དང་སྐུ་མང་པོ་བྱོན་པ་དང༌། ཇོ་ ནང་དུ་གྲུབ་ཐོབ་དབུས་པ་དང༌། བླ་མ་རྟར་བའི་གདུང་ལ་རིང་བསྲེལ་མང་པོ་བྱུང་བ་ དང༌། བསྒྲུབ་པ་མོ་ཡེ་ཤེས་རྒྱན་ཞེས་བྱ་བ་ལ་མངོན་ཤེས་བརྟན་པོ་མངའ་བ་དང༌། བསྒྲུབ་པ་མོ་ཞང་བཙུན་མས། བདག་གཞན་བརྗེས་ནས། དགེ་སློང་བཀྲ་ཤིས་བཟང་པོ་ འགྲོངས་པའི་ཚབ་ཏུ་ཁོང་གྲོངས་ནས། དགེ་སློང་གི་ཚེ་བསྲིང་བ་དང༌། དགེ་སློང་གི་སྐུ་ ཚེ་རིང་པོ་ཐུབ། ཐུགས་ཤེས་མངའ་ཞིང༌། གཤེགས་དུས་ཁམས་དཀར་པོ་གྱེན་ལ་བྱོན་ ཞིང། རིང་བསྲེལ་བྱོན་པ་དང༌། གཞན་ཡང་སྦས་པའི་རྣལ་འབྱོར་ཕོ་མོ་ལ་སྐུ་དང་རིང་ བསྲེལ་དང༌། འཇའ་འོད་ལ་སོགས་ངོ་མཚར་བའི་ལྟས་ཁྱད་པ་ཅན་མང་དུ་བྱོན་ཞིང༌། རྫོང་དམར་པོ་སྤུར་སྦྱངས་པ་དང༌། གཞོང་སྟོང་དུར་ཁྲོད་དུ་བསྐྱལ་བའི་གདུང་ཐལ་ས་ རྣམས་ལ་ཐུགས་རྗེ་ཆེན་པོ་དང༌། ཡི་གེ་ཨ་དང་རིང་བསྲེལ་བྱོན་པ་མང་པོ་བྱུང་ ངོ༌། །ཕྱིས་གཤེགས་པའི་ཆོས་རྗེ་པཎ་ཆེན་པ་ལ་ཁམས་དཀར་པོ་གྱེན་ལ་བྱོན་ཞིང༌། རིང་ བསྲེལ་དུ་མ་བྱོན་པ་དང༌། ཆོས་རྗེ་བྱང་སེང་བ་དང༌། སློབ་དཔོན་འཇམ་དཔལ་གྲགས་ པའི་གདུང་ལ་རིང་བསྲེལ་བྱོན་པ་དང༌། ཆོས་རྗེ་ཕྱོགས་པ་གཤེགས་པ་ན་སྤོས་དྲི་བཟང་ པོ་དང༌། སྒྲ་དང༌། སྟོད་སྨད་ཀྱི་ནམ་མཁའ་རྒྱ་ཆེན་པོར་འཇའ་ཁ་དོག་དང་དབྱིངས་སྣ་ ཚོགས་པས་གང་བ་དང༌། ཐུགས་དང་རིང་བསྲེལ་མང་པོ་བྱོན་པ་དང༌། ཆོས་རྗེ་བསྟན་ པའི་གདུང་ལ་རིང་བསྲེལ་མང་པོ་བྱོན་པ་དང༌། བཟང་ལྡན་པ་མཁན་ཆེན་སངས་རྒྱས་ བཟང་པོ་དང༌། བླ་མ་སྨོན་མཆོག་དང༌། དམས་རིང་པའི་སློབ་དཔོན་བྱང་ཤི་གསུམ་ལ་ 8-1-724 ཁམས་དཀར་པོ་གྱེན་ལ་བྱོན། སློབ་དཔོན་བློ་གྲོས་རྡོ་རྗེ་ལ་རིང་བསྲེལ་དང་ཐུགས་བྱོན་ པ་དང༌། ཇོ་ནང་དུ་ཆོས་རྗེ་ཀུན་དགའ་བ་ལ་སྒྲ་འོད་སྤོས་དྲི་བཟང་པོ་རིང་བསྲེལ་དུ་མ་ བྱོན་པ་དང༌། ཆོས་རྗེ་དཀོན་མཆོག་རྒྱལ་བ་ལ་ངོ་མཚར་བའི་ལྟས་དུ་མ་བྱུང་བ་དང༌། ཕྱི་ལྷས་མཁན་ཆེན་རིན་ཤེ་བ་ལ་གཟིམས་ཁང་ལ་འཇའ་ཟུག་ཅིང༌། རིང་བསྲེལ་དུ་མ་ བྱོན་པ་དང༌། བླ་མ་དོན་ཡོད་བཟང་པོའི་གདུང་ལ་རིང་བསྲེལ་དུ་མ་བྱོན་པ་དང༌། ཆོས་ རྗེ་ལོ་ཙྪ་བ་བྱང་རྩེ་དང༌། སྣར་ཐང་པ་མཁན་ཆེན་བློ་བཟང་གྲགས་པ་ལ་རིང་བསྲེལ་ལ་ སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང་བ་དང༌། ཕྱུག་པོ་ཚལ་དང་ཆོས་ལུང་པའི་ མཁན་ཆེན་བསོད་ནམས་གྲགས་པ་ཁུ་དབོན་དང་བྱི་རྫིང་བའི་མཁན་ཆེན་རིན་ཚུལ་བ་ ལ་རིང་བསྲེལ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང་བ་དང༌། བླ་མ་སྨན་ཆུ་ཁ་པ་ བློ་གྲོས་རྒྱལ་མཚན་སྐུ་གཤེགས་པའི་སྔ་དྲོ་གཟིམས་ཁང་ལ་འཇའ་ཟུག་ཅིང་མེ་ཏོག་གི་ ཆར་བབས་ལ། རྗེས་ནས་གདུང་བསྒུལ་བ་དང༌། སྤུར་སྦྱང་པའི་ཚེ་ཡང་མེ་ཏོག་གི་ཆར་ རིམ་པར་འབབས་སོ། །ཡར་འབྲོག་པ་བླ་མ་བསོད་ནམས་གྲགས་པ་དང༌། དེའི་བུ་ཆེན་ ཕག་གྲུབ་ཡོ་བློ་ལ་རིང་བསྲེལ་མང་དུ་བྱོན་པ་དང༌། གཞན་ཡང་མངའ་རིས་སྐོར་གསུམ། དབུས་གཙང་མདོ་སྟོད་སྨད་རྣམས་སུ། ཆོས་རྗེ་དང་གྲུབ་མཐའ་ལ་མོས་པའི་གང་ཟག་ གྲགས་པ་ཅན་དང༌། ཀུ་སུ་ལུ་རྣམས་ལ་ངོ་མཚར་བའི་ལྟས་ཁྱད་པར་ཅན་བྱུང་བ་ གཞན་རྣམས་ནི་བྲི་ཡིས་མ་ལངས་སོ། །དེ་ལྟར་ཆོས་བྱས་ཡུས་ཀྱི་མི་ཕན་བྱས་རྟགས་ དགོས་པ་སྟོན་པ་འདིས་ཀྱང༌། ཆོས་རྗེ་དང་ཆོས་རྗེའི་གྲུབ་མཐའ་འདི་ནི་གཞན་ལས་ ཆོས་མཆོག་ཁྱད་པར་དུ་འཕགས་པར་གྲུབ་ཅིང༌། འདི་ལྟ་བུའི་ངོ་མཚར་བའི་ཕུལ། ཆོས་ རྗེ་ཞ་ལུ་བ་འཁོར་བཅས་ལ་མ་བྱོན་པས། ཇོ་ཞལ་གཉིས་ཀྱི་གྲུབ་མཐའ་བཟང་དང་ངན་ ཀྱི་ཁྱད་པར་ངེས་ཀྱང་ཤེས་སོ། །ཞེས་པ་འདི་ནི་ཆོས་རྗེ་པའི་རྣམ་ཐར་ཆེན་པོ་ནས། ལྷའི་ རྒྱལ་མཚན་གྱིས་ཟུར་དུ་བཀོལ་བ་སྟེ། རྒྱས་པར་ཤེས་འདོད་རྣམས་ཀྱི་ཆེ་བ་ལ་བལྟ་བར་ བྱའོ། །མངྒ་ལཾ། བྷ་ཝནྟུ། ཤུ་བྷཾ། 8-1-725 ༄༅། །ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་བླ་མའི་རྣལ་ འབྱོར་གྱི་ཚུལ་དུ་ བསྒོམ་ཐབས་བདེ་སྟོང་ཡེ་ཤེས་རོལ་བ་ཞེས་བྱ་བ་ བཞུགས་སོ། ། 8-1-726 ༄༅། །ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་བླ་མའི་རྣལ་འབྱོར་གྱི་ཚུལ་དུ་ བསྒོམ་ཐབས་བདེ་སྟོང་ཡེ་ཤེས་རོལ་བ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་གུ་རུ་པྲ་ཛྙཱ་དྷྭ་ཛ་ཡ་ན་མོ་ན་མཿ དངོས་གྲུབ་འབྱུང་གནས་ཀུན་མཁྱེན་ཆོས་ ཀྱི་རྗེ། །འགྲོ་ཀུན་སྤྱི་གཙུག་པད་ཟླའི་གདན་བཞུགས་ནས། །ཐུགས་རྗེ་རྒྱུན་ཆད་མེད་ པའི་བཀའ་དྲིན་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་ཚེ་འདིར་སྩོལ། །ཆོས་ཀྱི་རྗེ་ རིགས་ལྡན་འཇིག་རྟེན་དབང་ཕྱུག་གི་ངོ་བོར་གྱུར་པ། ཤེས་རབ་རྒྱལ་མཚན་དཔལ་ བཟང་པོ་དང་རང་གི་རྩ་བའི་བླ་མ་དང་ཐ་མི་དད་པར་བླ་མའི་རྣལ་འབྱོར་གྱི་ཚུལ་དུ་ བསྒོམ་པར་འདོད་པས། སེམས་ཅན་ལ་བརྩེ་བ་དང༌། དཀོན་མཆོག་ལ་དད་པས་ཀུན་ ནས་བསླང་སྟེ། སྐྱབས་འགྲོ་སེམས་བསྐྱེད་དང༌། ཚད་མེད་པ་བཞི་བསྒོམས་ནས། ཤུ་ནྱ་ ཏ་ཛྙཱ་ན་སོགས་ཀྱིས་མ་དག་པའི་གློ་བུར་གྱི་དྲི་མའི་ཚོགས་སྟོང་ཉིད་ཡེ་ཤེས་ཀྱི་རྡོ་རྗེས་ སྦྱངས། དེ་ནས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་སྣ་ ཚོགས་པད་མ་དང༌། ཟླ་བ་དང༌། ཉི་མ་སྒྲ་གཅན་གྱི་གདན་གྱི་སྟེང་དུ་རྩ་བའི་བླ་མ་ དང༌། ཐ་མི་དད་པའི་རྗེ་བཙུན་རིགས་ལྡན་པད་མ་དཀར་པོའི་ངོ་བོ་ཆོས་རྗེ་ཀུན་ མཁྱེན་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་རྒྱལ་པོ་རོལ་བའི་འདུག་སྟངས་ཀྱིས་བཞུགས་པ། ཕྱག་གཉིས་ཀྱིས་ཁམས་ གསུམ་ལས་རྣམ་པར་རྒྱལ་བའི་ས་གནོན་གྱི་ཕྱག་རྒྱ་མཛད་པའི་མཐེབ་འཛུབ་གཉིས་ ཀྱིས་ཨུད་པ་ལ་དཀར་པོའི་ཡུ་བ་འཛིན་ཅིང་སྙན་གཡས་གཡོན་གྱི་ཐད་ཀར་ཁ་གྱེས་པ། ན་བཟའ་ཆོས་གོས་ངུར་སྨྲིག་གི་རྒྱལ་མཚན་ལྷབ་ལྷུབ་ཏུ་གསོལ་བ། སྤྱན་གཉིས་བར་ སྣང་ལ་ཧྲིག་གེར་གཟིགས་པ། སྐུ་ཟག་མེད་ཀྱི་བདེ་བས་གང་ཞིང་མཚན་དང་དཔེ་བྱད་ 8-1-727 ཀྱིས་བརྒྱན་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཏིང་ངེ་འཛིན་གྱི་ སྒོ་དུ་མ་ལ་མཉམ་པར་བཞག་པ། མཚན་ཐོས་པ་ཙམ་གྱིས་ངན་འགྲོའི་སྡུག་བསྔལ་ལས་ སྐྱོབ་པར་མཛད་པ། འོད་དང་འོད་ཟེར་མཐའ་ཡས་པའི་ནང་དུ་བཞུགས་པ། དེའི་སྙིང་ ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད་པའི་ལྟེ་བར་ཐུགས་རྡོ་རྗེ་ཡབ་ཡུམ་སྐུ་མདོག་ ནག་པོ། འདབ་མ་བརྒྱད་ལ་ནུས་མ་བརྒྱད། གཙུག་ཏོར་གྱི་རྩ་འདབ་མ་བཞི་ལ་གཙོ་བོ་ ཡབ་ཡུམ་ལ་མཚན་མ་བཞིས་བསྐོར་བ། དཔྲལ་བར་བདེ་བ་ཆེན་པོའི་འཁོར་ལོ་རྩ་ འདབ་མ་བཅུ་དྲུག་པའི་ལྟེ་བར་སྐུ་རྡོ་རྗེ་ཡབ་ཡུམ་སྐུ་མདོག་དཀར་པོ། འདབ་མ་བཅུ་ དྲུག་ལ་གཤེགས་པ་དང་གཤེགས་མ་ཡབ་ཡུམ། ལུས་བསམ་གྱིས་ཕྱེ་བ་བཅུ་དྲུག མགྲིན་ པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་མ་སོ་གཉིས་པའི་ལྟེ་བར་གསུང་རྡོ་རྗེ་ཡབ་ཡུམ་སྐུ་ མདོག་དམར་པོ། འདབ་མ་སོ་གཉིས་པར་སེམས་དཔའ་སེམས་མ་རྣམས་དང་ཁྲོ་བོ་ བཞི་ལུས་བསམ་གྱིས་ཕྱེ་བས་སོ་གཉིས། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་མ་དྲུག་ཅུ་ རྩ་བཞིའི་ལྟེ་བར། ཡེ་ཤེས་རྡོ་རྗེའི་ངོ་བོ་ཧོཿཡིག་སེར་པོ། དེའི་ཕྱི་སྐོར་གྱི་རྩ་འདབ་ བརྒྱད་ལ་གསུང་གི་རྣལ་འབྱོར་མ་བརྒྱད། དེའི་ཕྱིའི་རྩ་འདབ་དྲུག་ཅུ་རྩ་བཞི་ལ་ལྷ་མོ་ དྲུག་ཅུ་རྩ་བཞི། ཚིགས་ཆེན་བཅུ་གཉིས་ཀྱི་ལྟེ་བར་ལྷ་ཆེན་བཅུ་གཉིས། རྩ་འདབ་སུམ་ བརྒྱ་དྲུག་ཅུ་ལ་ཚེས་ཀྱི་ལྷ་མོ་སུམ་བརྒྱ་དྲུག་ཅུ། གསང་གནས་བདེ་སྐྱོང་གི་འཁོར་ལོ་རྩ་ འདབ་སུམ་ཅུ་སོ་གཉིས་ལ་སྐུ་དཀྱིལ་གྱི་ཁྲོ་བོ་ཡབ་ཡུམ་རྣམས་དང༌། གཟུངས་མ་བཅུ་ གཉིས་བུམ་པ་རྣམས་དང༌། ཞབས་སོར་བཅུ་ཀླུ་བཅུ། ཕྱག་སོར་བཅུ་རབ་གཏུམ་མ་བཅུ། སྐྲ་ཉི་ཁྲི་ཆིག་སྟོང་གྲུབ་པ། ཉི་ཁྲི་གཅིག་སྟོང༌། ཕྱེད་དང་བཅས་པའི་བ་སྤུ་བྱེ་བ་ཕྲག་ གསུམ་འབྱུང་པོ་རྣམས་ཏེ། རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་ཟག་མེད་ཆོས་ སྐུའི་བདག་ཉིད་ཅན་གྱི་རང་བཞིན་དུ་བཞུགས་པ། དེའི་སྟེང་གི་ནམ་མཁའ་ལ་པད་མ་ དང་ཟླ་བའི་ གདན་གྱི་སྟེང་དུ་སྤྲུལ་པའི་སྐུ་མཆོག་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ་མཚན་དཔེས་ བརྒྱན་པ་འོད་འདོམ་གང་དང་བཅས་པ། དེའི་སྤྱི་བོར་པད་མ་ཉི་མའི་སྟེང་དུ་ལོངས་སྐུ་ 8-1-728 དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྐུ་ལ་རྡོ་རྗེའི་རྒྱན་ ཐམས་ཅད་ཀྱིས་བརྒྱན་པ། དེའི་སྤྱི་བོར་པད་ཉིའི་སྟེང་དུ་ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་ སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རུས་པའི་རྒྱན་ཆ་ དང་ལྡན་པ། དེའི་སྤྱི་བོར་ཉི་ཟླ་པད་མའི་གདན་ལ་དམ་པ་དང་པོའི་སངས་རྒྱས་སྐུ་ མདོག་དཀར་པོ་ལ་ཞལ་དྲུག་དང་ལྡན་པ། རྩ་བའི་ཞལ་སྔོན་པོ། སྟེང་ཞལ་བརྩེགས་མ་ གཉིས་དཀར་པོ། གཡས་སེར་པོ། རྒྱབ་དམར་པོ། གཡོན་ལྗང་གུ། ཕྱག་གཉིས་མཉམ་ བཞག་གི་ཕྱག་རྒྱ་མཛད་པའི་མཐེབ་འཛུབ་གཉིས་ཀྱིས་ཨུད་པ་ལ་དཀར་པོའི་ཡུ་བ་ འཛིན་ཅིང་སྙན་གྱི་ཐད་ཀར་ཁ་གྱེས་པ། སྐུ་ལ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ ན་བཟའ་ཅན། ཐམས་ཅད་ཀྱང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྩ་བའི་བླ་ མའི་མཐའ་སྐོར་དུ་ཁྲི་གདན་སྣ་ཚོགས་པའི་སྟེང་དུ་ཆོས་རྒྱལ་ཟླ་བ་བཟང་པོ་ལ་སོགས་ པའི་རིགས་ལྡན་རྣམས་དང༌། གྲུབ་ཆེན་དུས་ཞབས་ཆེ་ཆུང༌། ནཱ་རོ་པཎ་ཆེན། ཤཱ་བ་རི་ པ། པཎ་ཆེན་ཟླ་བ་མགོན་པོ་ལ་སོགས་པའི་བརྒྱུད་པའི་བླ་མ་རྣམས་དང༌། གཞན་ཡང་ ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས། མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་དཔུང་ འཐིབས་པ་བཞིན་དུ་བདག་ལ་ཐུགས་བརྩེ་བ་ཆེན་པོས་བྱིན་གྱིས་བརླབས་པའི་ཚུལ་དུ་ གཟིགས་ནས་བཞུགས་པར་བསམ། སྤྱི་བོར་སྐུ་རྡོ་རྗེའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ གྱི་སྟེང་དུ་ཨོཾ་དཀར་པོ། གསུང་རྡོ་རྗེའི་མགྲིན་པར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ ཨཱཿདམར་པོ། ཐུགས་རྡོ་རྗེའི་ཐུགས་ཀར་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་ པོ། ཡེ་ཤེས་རྡོ་རྗེའི་ལྟེ་བར་དུས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཧོཿསེར་པོ། དེ་རྣམས་ལས་ འོད་ཟེར་འཕྲོས་པས་ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་ དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སྲུང་མ་མཆོད་འོས་ཐམས་ཅད། སྤྱན་ དྲངས་དམ་ཚིག་པ་སོ་སོ་ལ་ཐིམ་ནས་གཉིས་སུ་མེད་པར་བསྟིམས། ཛཿཧཱུཾ་བཾ་ཧོ། ཞེས་ བརྗོད། དེ་ནས་རང་གི་ལུས་ཀྱི་སྤྱི་གཙུག་ནས་གསང་བའི་བར་དུ། རྩ་དབུ་མ་ཁ་དོག་ ལྗང་ཁུ་ཕྲ་སྦོམ་སྦ་ལྕགས་ཙམ་གྱི་ཁ་ཚངས་བུག་ཏུ་ཕྱེ་བའི་ནང་དུ་གདན་གྱི་པད་མའི་ 8-1-729 ཡུ་བ་ཟུག་པ། རང་གི་སྤྱི་བོ་དང༌། མགྲིན་པ་དང༌། སྙིང་ཁ་དང༌། ལྟེ་བའི་དབུ་མའི་ནང་ དུ་སྔར་གྱི་ཡི་གེ་བཞི་གདན་དང་བཅས་པ་བཀོད། དེ་ནས། གང་གི་དྲིན་གྱི་བདེ་ཆེན་ ཉིད། །ཅེས་སོགས་ཀྱིས་བསྟོད། ཕྱི་ནང་གསང་གསུམ་གྱི་མཆོད་པས་མཆོད་པར་བསམ་ ལ་མཎྜལ་མང་དུ་འབུལ། ཡན་ལག་བདུན་པས་རྒྱུད་དག་པར་བྱ་བ་ནི། མི་བཟད་འཁོར་ བས་ཉེན་པས་བདག་ཅག་རྣམས། །འཁོར་བའི་འཇིགས་འཕྲོག་ཁྱོད་ལ་སྐྱབས་སུ་ མཆི། །འཁོར་བའི་དགྲ་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་གསུམ་ དག་པའི་བདག་གིས་མཆོད་པ་འབུལ། །བདག་སྡིག་མ་ལུས་དེང་ནས་ཁྱོད་དྲུང་ བཤགས། །དོན་གཉིས་གང་མཆིས་དགེ་ལ་རྗེས་ཡི་རངས། །མགོན་ཁྱོད་ཆོས་འཁོར་མ་ ལུས་བསྐོར་དུ་གསོལ། །མྱ་ངན་མི་འདའ་ཁྱེད་བཞུགས་སྲིད་འཇིགས་སྒྲོལ། །དགེ་བ་གང་ བསགས་བྱང་ཆུབ་ཆེན་པོར་བསྔོ། །སྐྱབས་གསུམ་བདེན་པས་གང་བསྔོས་འགྲུབ་གྱུར་ ཅིག །ཅེས་བརྗོད། དེ་ནས་རྒྱས་པར་འདོད་ན་བརྒྱུད་པའི་གསོལ་འདེབས་རྒྱས་བསྡུས་ གང་རུང་བྱ། བསྡུ་ན། འགྲོ་བའི་མགོན་པོ་ཀུན་མཁྱེན་ཆོས་རྗེ་ལ་གསོལ་བ་འདེབས་སོ་ བདག་དང་འགྲོ་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྒྱ་རྩ་སོགས་བརྗོད། མཐར་ཏིང་ ངེ་འཛིན་གྱི་སྒོ་ནས་དབང་བཞི་ལེན་པ་ནི། ཨོཾ་ཨཱཿ་ཧཱུཾ་ཧོཿ མཚན་ལྡན་བླ་མ་མཆོག་ལ་ གསོལ་བ་འདེབས་སོ་བདག་ལ་དབང་བཞི་བསྐུར་དུ་གསོལ། ལན་གསུམ་གྱིས་གསོལ་བ་ གདབ། དེ་ནས་དང་པོ་སངས་རྒྱས་ནས་བརྒྱུད་པའི་བླ་མ་རྣམས་ཀྱི་གནས་བཞིའི་ཡི་གེ་ བཞི་ལས་བདུད་རྩིའི་རྒྱུན་དཀར་དམར་མཐིང་གསུམ་སེར་བོའི་རྣམ་པ་ཅན་དཔག་ཏུ་ མེད་པ་བྱུང་ནས། རྩ་བའི་བླ་མ་དང་དབྱེར་མེད་པའི་གནས་བཞིར་ཐིམ་པར་བསམ་ ཞིང༌། དེ་ནས་ཆོས་རྗེའི་སྤྱི་བོ་ལ་སོགས་པའི་གནས་བཞིའི་ཡི་གེ་བཞི་ལས་འོད་ཟེར་ བདུད་རྩིའི་རང་བཞིན་དཀར་དམར་མཐིང་གསུམ་སེར་པོ་བཞིའི་རྒྱུན་བབས་སྐུའི་ དབྱིབས་བརྒྱུད། རང་གི་གནས་བཞིའི་ཡི་གེ་བཞི་ལ་ཐིམ། དེ་རྣམས་ལས་བདུད་རྩིའི་ རྒྱུན་བྱུང་བས་ལུས་ཐམས་ཅད་ལ་ཁྱབ་པས་དབང་བཞི་ཐོབ། དྲི་མ་བཞི་དག དགའ་བ་ བཞི་རྒྱུད་ལ་སྐྱེས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་ 8-1-730 རྗེའི་དངོས་གྲུབ་ཐོབ། རྡོ་རྗེ་བཞི་མངོན་དུ་གྱུར། འབྲས་བུ་སྐུ་བཞི་ཐོབ་པར་བསམ་ ཞིང༌། མཐར་བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་བྱང་སེམས་རྣམས་རྩ་བའི་བླ་ མའི་སྙིང་ཁར་ཐིམ། དང་པོའི་སངས་རྒྱས་རྡོ་རྗེ་འཆང་ལ་ཐིམ། དེ་དུས་ཀྱི་འཁོར་ལོ་ལ་ ཐིམ། དེ་ཤཱཀྱ་ཐུབ་པ་ལ་ཐིམ། དེ་རྩ་བའི་བླ་མ་ལ་ཐིམ་པར་བསམ་ཞིང༌། རྩ་བའི་བླ་མ་ ལུས་དཀྱིལ་གྱི་ལྷ་དང་བཅས་པ་བདག་གི་སྤྱི་བོར་ཐིམ་པས། དེའི་སྐུ་གསུང་ཐུགས་ཡེ་ ཤེས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་གཅིག་ཏུ་གྱུར་པའི་ངང་ནས་དུས་ གསུམ་གྱི་སྤྲོས་པ་ཐམས་ཅད་བཅད་ཅིང་རྣམ་པར་མི་རྟོག་པའི་ངང་དུ་ཅི་ནུས་སུ་ མཉམ་པར་བཞག དེ་ལྟ་བའི་ཚུལ་གྱིས་ཉིན་པར་སྤྱི་བོར་བསྒོམ། མཚན་མོ་རང་གི་ལུས་ གཞལ་ཡས་ཁང་དུ་བསམ་ལ། སྙིང་པད་མ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུ་ལ་འོད་ཁ་ དོག་སྣ་ཚོགས་པའི་དཀྱིལ་འཁོར་གྱི་སྟེང་དུ་བླ་མའི་སྐུ་ཚོན་གང་བ་ཙམ་ཞིག་བཞུགས་ པར་བསམ་ལ། གསོལ་བ་གདབ་ཅིང་རང་གི་སེམས་ཆོས་རྗེའི་ཐུགས་ཀའི་ཧཱུཾ་ལ་བསྟིམས། རྣམ་པར་མི་རྟོག་པའི་ངང་ལས་གཉིད་ལོག་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ཞག་རེ་ལ་ ཐུན་བཞི་ལ་སོགས་པར་གསོལ་བ་བཏབ་ན་རིང་པོར་མི་ཐོགས་པར་མཆོག་དང་ཐུན་ མོང་གི་དངོས་གྲུབ་ཐོབ་པར་གདོན་མི་ཟའོ། །མཐར་དགེ་རྩ་སེམས་ཅན་ཐམས་ཅད་ཀྱི་ དོན་དུ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་ཆེན་པོར་བསྔོའོ། །དངོས་གྲུབ་འབྱུང་ གནས་ཀུན་མཁྱེན་ཆོས་རྗེ་ཡི། །རྣམ་ཐར་ཆ་ཙམ་ཐོས་ཤིང་དང་བས་ན། །བླ་མའི་རྣལ་ འབྱོར་ཉམས་སུ་ལེན་པའི་ཚུལ། །བཀོད་པས་ཀུན་མཁྱེན་གོ་འཕང་ཐོབ་གྱུར་ཅིག །ཆོས་ རྗེ་ཐམས་ཅད་མཁྱེན་པའི་བུ་ཆེན་རྒྱལ་སྲས་རིན་ཚུལ་བས་མཛད་པའོ། །མངྒ་ལཾ། བྷ་ ཝནྟུ། ཤུ་བྷཾ། 8-1-731 ༄༅། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་བཏབ་ ན་ཚིག་ འདིས་གསོལ་བ་བཏབ་པར་བྱ་སྟེ། 8-1-732 ༄༅། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་བཏབ་ན་ཚིག་ འདིས་གསོལ་བ་བཏབ་པར་བྱ་སྟེ། ༈ ཨོཾ་སྭཱ་སྟི། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དུ། །དམ་པ་དང་པོའི་སངས་རྒྱས་ལ། ། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་ དུ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ གསོལ། །ཆོས་དབྱིངས་ངག་དབང་དཀྱིལ་འཁོར་དུ། །ལོངས་སྐུ་དུས་ཀྱི་འཁོར་ལོ་ ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དཔལ་ལྡན་འབྲས་ཕུང་མཆོད་ རྟེན་ལ། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བྱང་ ཤམ་བྷ་ལ་ཡི་གནས་མཆོག་ཏུ། །ཆོས་རྒྱལ་སུམ་ཅུ་སོ་ལྔ་ལ། །གསོལ་བ་འདེབས་སོ་བྱིན་ གྱིས་བརླབ་ཏུ་གསོལ། །ལྷོ་ཕྱོགས་རྒྱ་མཚོའི་ཉེ་དྲུང་དུ། །གྲུབ་ཐོབ་དུས་ཞབས་ཆེན་པོ་ ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཕུ་ལ་ཧ་རིའི་དགོན་པ་རུ། །གྲུབ་ ཐོབ་དུས་ཞབས་གཉིས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ན་ལེན་ དྲ་ཡི་གཙུག་ལག་ཏུ། །རྒྱལ་སྲས་ན་ལེན་དྲ་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ ཏུ་གསོལ། །ཁ་ཆེ་ཁྲི་བརྟན་གྲོང་ཁྱེར་དུ། །པཎ་ཆེན་ཟླ་བ་མགོན་པོ་ལ། །གསོལ་བ་ འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱ་བོད་གཉིས་ཀྱི་ས་མཚམས་སུ། །བླ་མ་འབྲོ་ སྟོན་ལོ་ཙྪ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འཕན་ཡུལ་གྲབ་ཀྱི་ དགོན་པ་རུ། །བླ་མ་ལྷ་རྗེ་བསྒོམ་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ གསོལ། །འཕན་ཡུལ་སྣོར་བཟང་དགོན་པ་རུ། །བླ་མ་སྒྲོ་སྟོན་གནམ་བརྩེགས་ལ། །གསོལ་ བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འུ་ཡུག་རྒྱལ་ཁམས་དགོན་པ་རུ། །བླ་མ་གྲུབ་ ཐོབ་ཡུ་མོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གཡས་རུ་གྲོང་ཆུང་ དགོན་པ་རུ། །སྲས་མཆོག་དྷརྨ་ཤྭ་ར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ 8-1-733 གསོལ། །ཁང་གསར་དཔལ་གྱི་དགོན་པ་རུ། །མཁས་པ་ནམ་མཁའ་འོད་ཟེར་ལ། །གསོལ་ བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མཁའ་སྤྱོད་མཁའ་འགྲོའི་བཞུགས་གནས་ སུ། །མ་ཅིག་སྤྲུལ་སྐུ་ཇོ་འབུམ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ གསོལ། །མན་ངག་ཕོ་བ་ལུང་གི་དགོན་པ་རུ། །གྲུབ་ཐོབ་སེ་མོ་ཆེ་བ་ལ། །གསོལ་བ་ འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྐྱང་འདུར་ཆོས་ཀྱི་ཕོ་བྲང་དུ། །ཆོས་རྗེ་འཇམ་ དབྱངས་གསར་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དགེ་སྡིངས་ དཔལ་གྱི་དགོན་པ་རུ། །ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ། །གསོལ་བ་འདེབས་སོ་བྱིན་ གྱིས་བརླབ་ཏུ་གསོལ། །ནགས་རྒྱལ་མཁའ་སྤྱོད་དབེན་གནས་སུ། །ཆོས་རྗེ་ཀུན་སྤངས་ ཆེན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདེ་ཆེན་ཆོས་དབྱིངས་ཕོ་ བྲང་དུ། །ཆོས་རྗེ་བྱང་སེམས་སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ གསོལ། །དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ། །མཁས་བཙུན་ཡོན་ཏན་རྒྱ་མཚོ་ལ། །གསོལ་བ་ འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྐུ་འབུམ་མཐོང་གྲོལ་ཆེན་པོའི་གཞལ་ཡས་ སུ། །ཀུན་མཁྱེན་དུས་གསུམ་སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ གསོལ། །སྟོད་ལུང་དཀྱིལ་འཁོར་སྟེང་ཆེན་དུ། །རྒྱལ་སྲས་རཏྣ་ཤྲི་ལ། །གསོལ་བ་འདེབས་ སོ་བྱིན་གྱིས་བརླབ་ཏུ་གསོལ། །སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་མཁས་གྲུབ་ ཆེན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། ༈ ཉེ་བརྒྱུད་ནི། གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། །དྲུག་པ་རྡོ་རྗེ་འཆང་ཆེན་ ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ལྷོ་ཕྱོགས་དཔལ་གྱི་རི་ཁྲོད་ དུ། །གྲུབ་ཐོབ་ཤ་བ་རིའི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ གསོལ། །ཐང་བིའུ་ཧ་རིའི་དུར་ཁྲོད་དུ། །པཎ་ཆེན་བི་བྷུ་ཏི་ཙཎྜ་ལ། །གསོལ་བ་འདེབས་ སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱ་བོད་གཉིས་ཀྱི་ས་མཚམས་སུ། །དཔྱལ་སྟོན་ཨ་མོ་གྷ་པ་ ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དགེ་སྟེང་དཔལ་གྱི་དགོན་པ་ རུ། །ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ 8-1-734 གསོལ། །སག་ཐང་སྡེ་ཡི་དགོན་པ་རུ། །བླ་མ་མར་སྟོན་གཡང་འབར་ལ། །གསོལ་བ་ འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འཁྱོག་ཐུར་དཔལ་གྱི་དགོན་པ་རུ། །བླ་མ་རྣལ་ འབྱོར་སེང་འབུམ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ནགས་རྒྱལ་ མཁའ་སྤྱོད་དབེན་གནས་སུ། །ཆོས་རྗེ་ཀུན་སྤངས་ཆེན་པོ་ལ། །གསོལ་བ་འདེབས་སོ་ བྱིན་གྱིས་བརླབ་ཏུ་གསོལ། །འདི་མན་ཆད་བླ་མ་རིང་རྒྱུད་དང་འདྲའོ། །ཡོན་ཏན་མ་ ལུས་འབྱུང་བའི་དཔལ། །སྐལ་བཟང་རྒྱ་མཚོ་སྤྱོད་པར་ཤོག །གང་ཐོས་མོས་པར་སྤྱོད་ པར་བྱེད། །དགེ་བ་ཡང་དག་སྤྱོད་པ་དང༌། །འབྲས་བུ་ལོངས་སྤྱོད་སློབ་བྱེད་པའི། །སྤྱོད་ པ་སྣ་ཚོགས་མི་བྱེད་ཅིང༌། །བསྟན་པ་ཁུར་ཆེན་ཁུར་བར་ཤོག །ཆོས་རྗེ་ཐམས་ཅད་ མཁྱེན་པའི་བུ་ཆེན་རྒྱལ་སྲས་རིན་ཚུལ་བས་མཛད་པའོ། །མངྒ་ལཾ། བྷ་ཝནྟུ། ཤུ་བྷཾ། 8-1-735 ༄༅། །ཆོས་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་ དོན་དང་ སྦྱོར་དྲུག་གི་བཀའ་བབས་རྒྱལ་སྲས་རིན་ཚུལ་ བས་མཛད་པའི་ཚོགས་གཉིས་ལམ་ འཇུག་གསལ་བའི་སྒྲོན་མེ་ བཞུགས་སོ། ། 8-1-736 ༄༅། །ཆོས་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་དོན་དང་ སྦྱོར་དྲུག་གི་བཀའ་བབས་རྒྱལ་སྲས་རིན་ཚུལ་ བས་མཛད་པའི་ཚོགས་གཉིས་ལམ་ འཇུག་གསལ་བའི་སྒྲོན་མེ་ བཞུགས་སོ། ། ༈ ཚོགས་གཉིས་རླུང་གི་སྒྲིབ་གཉིས་སྤྲིན་སངས་ཏེ། །སྐུ་གཉིས་མངོན་གྱུར་དོན་གཉིས་ ལྷུན་གྲུབ་པས། །འགྲོ་བའི་དཔལ་གྱུར་ཚོགས་གཉིས་ལམ་སྟོན་པའི། །དཔལ་ལྡན་བླ་མ་ དུས་འཁོར་ལ་བཏུད་ནས། །ཚོགས་གཉིས་ལམ་འཇུག་གསལ་བར་སྟོན་པ་འདིར་བརྗོད་ ཀྱི། ཚོགས་གཉིས་མ་རྫོགས་ན་སྒྲིབ་གཉིས་མི་འབྱུང་ཞིང༌། སྒྲིབ་གཉིས་མ་བྱང་ན་སྐུ་ གཉིས་མི་འཐོབ་བོ། །སྐུ་གཉིས་མ་ཐོབ་ན་དོན་གཉིས་མི་འགྲུབ་པས། ཚོགས་གཉིས་ བསོགས་པ་ལ་རྟག་ཏུ་བརྩོན་པར་རིགས། ཞེས་གསུངས་པའི་དོན། ཚོགས་གཉིས་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །སྒྲིབ་གཉིས་ནི་ཉོན་སྒྲིབ་དང་ཤེས་སྒྲིབ་སོགས། སྐུ་གཉིས་ནི་ཆོས་སྐུ་དང་གཟུགས་སྐུའོ། །དོན་གཉིས་ནི་རང་དོན་དང་གཞན་དོན་ནོ། ། དེ་དག་གི་དོན་ནི་ཅུང་ཟད་སྤྲོས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས། བསོད་ནམས་ཀྱི་ཚོགས་ནི། སྦྱིན་པ་ནས་བསམ་གཏན་གྱི་བར་གྱི་ཕར་ཕྱིན་ལྔ་ཡིན་ལ། ཡེ་ཤེས་ཀྱི་ཚོགས་ནི། ཤེར་ཕྱིན་ཟབ་མོ་ཡིན་ཏེ། དེ་ལྟར་ན་ཡང་རྒྱལ་བ་བྱམས་པའི་ཞལ་ སྔ་ནས། སྦྱིན་དང་ཚུལ་ཁྲིམས་བསམ་གཏན་གྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ ཀྱི། །གསུམ་པོ་དག་ནི་གཉིས་ཀ་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་གསུངས་ལ། བསམ་གཏན་ཚོགས་ཀྱི་ཕར་ཕྱིན་ལྔ་ནི། བསམ་གཏན་བྱ་བའི་དངོས་པོ་གསུམ་དུ་ བསྡུས་ནས་དེ་ཉམས་སུ་བླང་བར་ཡང༌། དེ་ཉིད་ཀྱི་ཞལ་སྔ་ནས། སྦྱིན་བྱུང་བསམ་ གཏན་སྦྱིན་པ་སྟེ། །ཚུལ་ཁྲིམས་ཁྲིམས་བྱུང་ཚུལ་ཁྲིམས་སོ། །བཟོད་དང་བསམ་གཏན་ 8-1-737 གཉིས་དག་ནི། །བསྒོམ་འབྱུང་བ་ཡི་ ཀུན་འགྲོ་ཡིན། །ཞེས་གསུང་པ་ལས། སྦྱིན་འབྱུང་བསམ་གཏན་ལ་ཡང༌། ཐར་པ་ཆ་ མཐུན་དང༌། བསོད་ནམས་ཆ་མཐུན་གཉིས་ལས། ཐར་པ་ཆ་མཐུན་གྱི་སྦྱིན་པ་ལ་ནི། ཞིང་དང༌། བསམ་པ་དང༌། དངོས་པོ་རྣམ་པར་དག་པ་ལས་ཐར་པ་ཆ་མཐུན་དུ་འགྱུར་ ཏེ། ཞིང་རྣམ་དག་ནི། བླ་མ་དང༌། དཀོན་མཆོག་གོང་མ་གསུམ་ཡིན་ལ། བླ་མ་ཡུལ་དུ་ བྱས་པས་ཐར་པ་ཆ་མཐུན་གྱི་དགེ་བར་འགྱུར་བ་ནི། གསང་འདུས་ལས། ཕྱོགས་བཅུ་ན་ བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྐུ་དང་གསུང་དང་ཐུགས་རྡོ་ རྗེའི་བསམ་གཏན་གྱི་ཕུང་པོ་བས་ཀྱང༌། སློབ་དཔོན་བ་སྤུའི་བུ་ག་འཕགས་སོ། །ཞེས་ དང༌། གཙོ་བོར་བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས། བཞིན་འཛུམ་གསོང་ པོར་སྨྲ་བ་དང༌། །ཡིད་ཆེས་བག་ལྡན་གུས་པ་ཡིས། །བླ་མ་ཉིན་ཅིག་མཉེས་བྱས་ ནས། །བསྐལ་པ་བྱེ་བ་ཐེར་འབུམ་དུ། །བྱས་དང་བྱེད་འཇུག་ཡི་རང་བའི། །སྡིག་ཆེན་ བཅོམ་ནས་སངས་རྒྱས་འགྱུར། །དེ་ལས་བཟློག་ན་དེ་ཉིད་ཀྱི། །དགེ་བ་བཅོམ་ནས་ དམྱལ་བར་འགྲོ། །ཞེས་དང༌། རིམ་ལྔ་ལས་ཀྱང༌། མཆོད་ པ་ཐམས་ཅད་ཡོངས་སྤོངས་ནས། །བླ་མའི་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ ནི་ཀུན་མཁྱེན་པའི། །གོ་འཕང་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས་སོ། །སངས་ རྒྱས་ ཡུལ་དུ་བྱས་པས་ཐར་བ་ཆ་མཐུན་དུ་གྱུར་པ་ཡང༌། མདོ་ལས། བདེ་བར་གཤེགས་པ་ལ་ བཀུར་བསྟི་ཆུང་ངུ་བྱས་པ་ཡང༌། འབྲས་བུ་འབྱོར་པ་ཆུང་ངུ་མེད་ཅེས་སྔོན་ཐོས་ཀྱི། ཟན་དྲོན་ཁེབས་པ་རྩུབ་པོ་ལ་ན་ཚྭ་མེད་པ་ཡིས། འབྲས་བུ་འབྱོར་པ་ཆེན་པོ་འདི་ལྟར་ གྱུར་ལ་ལྟོས། ཞེས་གསུངས་སོ། །ཆོས་དང་དགེ་འདུན་ཡུལ་དུ་བྱས་པས། ཐར་པ་ཆ་མཐུན་དུ་གྱུར་པ་ ནི། གང་ཞིག་འདོད་ཆགས་དང་བྲལ་བ་འགོག་པའི་ཆོས་ནི་ཆོས་སྐུ་དང་ངོ་བོ་གཅིག་ ཅིང༌། གང་གིས་འདོད་ཆགས་དང་བྲལ་བ་ལམ་གྱི་ཆོས་ནི། འགོག་ལམ་ཟུང་དུ་འབྲེལ་ 8-1-738 བའི་ཏིང་ངེ་འཛིན་ཡིན་ལ། དེ་ཉམས་སུ་ལེན་པའི་དགེ་འདུན་ནི། བྱང་སེམས་དགེ་ འདུན་ཡིན་པས་དཀོན་མཆོག་གོང་མ་དེ་དག་ཞིང་ཁྱད་པར་དུ་འཕགས་པའི་དོན་གྱིས། དེ་དག་གིས་ཕྱོགས་ སུ་ལུས་ངག་ཡིད་གསུམ་ལོངས་སྤྱོད་ལ་སོགས་གང་བཀོལ་ཐམས་ཅད་བསམ་གཏན་གྱི་ ཚོགས་ཆེན་པོར་འགྱུར་བར་གསུངས་ཏེ། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་ བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་གསུངས་པས་སོ། །བསོད་ནམས་ཆ་ མཐུན་གྱི་སྦྱིན་པ་ནི། ཞིང་དང་བསམ་པ་དངོས་པོ་རྣམ་དག་དེ་རྣམས་ཚང་བའི་བསོད་ ནམས་ཙམ་པོ་མ་དག་པའི་སྦྱིན་པ་སུམ་ཅུ་རྩ་གཉིས། དྲང་སྲོང་རྒྱས་པས་ཞུས་པའི་མདོ་ ལས་གསུངས་པ་ལྟ་བུ་རྣམས་ཡིན་པས། དེ་རྣམས་དང་བྲལ་བའི་རྣམ་པར་དག་པའི་ སྦྱིན་སོགས་ལ་འབད་པ་གལ་ཆེའོ། །བསམ་པ་ཀུན་སློང་གིས་ཐར་པ་ཆ་མཐུན་གྱི་དགེ་ བར་འགྱུར་བ་ནི། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེས་ཀུན་ནས་བསླང་ བའི་སྨོན་འཇུག་གི་བྱང་ཆུབ་ཀྱི་སེམས་ཐོག་མར་ཆོ་གས་བླངས་ཏེ། སྦྱིན་སོགས་དགེ་བ་ ཅི་དང་ཅི་བསྒྲུབ་པ་ཐམས་ཅད་སེམས་བསྐྱེད་ཆེན་པོས་ཟིན་པ་རྣམས་སོ། །དེ་ལྟར་ཡང༌། སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས། སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བརྩེ་བའི་བསམ་ པས་ཞེས་གསུངས་ཤིང༌། རྣམ་སྣང་མངོན་བྱང་ལས། ཐམས་ཅད་མཁྱེན་པའི་རྒྱུ་ནི་བྱང་ ཆུབ་ཀྱི་སེམས་སོ། །བརྩེ་བ་ནི་སྙིང་རྗེ་ཆེན་པོའི་ཞེས་གསུངས་པས། སྙིང་རྗེས་ཀུན་ནས་ བསླངས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རང་ལ་ཡང༌། བསོད་ནམས་ཀྱི་ཕུང་པོ་ དཔག་ཏུ་མེད་པ་ཐོབ་པར་གསུངས་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ མཐའ་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་ཏེ། སེམས་ བསྐྱེད་པའི་དགེ་བ་ནི་མི་ཟད་ཀྱི། སྟེང་ནས་ཡང་འཕེལ་བར་གསུངས་ཏེ། སློབ་དཔོན་ཞི་ བ་ལྷས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་ 8-1-739 འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པས་མི་ ཟད་འཕེལ་བར་འགྱུར། །ཞེས་གསུངས་པས། སེམས་བསྐྱེད་དེས་ ཀུན་ནས་བསླངས་པའི་སྦྱིན་སོགས་བསོད་ནམས་ཀྱི་དངོས་པོ་ཐམས་ཅད་ཐར་པ་ཆ་ མཐུན། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་སངས་རྒྱས་ཀྱི་རྒྱུར་འགྱུར་བར་ངེས་པར་དེ་ ལྟར་ཉམས་སུ་བླང་བར་རིགས་སོ། །དངོས་པོས་ཐར་པ་ཆ་མཐུན་དུ་འགྱུར་བ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེར་ཕྱིན་ཟབ་མོ་ཆོས་ཀྱི་སྦྱིན་པ་རྣམ་དག་དང༌། བྱམས་པའི་ སྦྱིན་པའོ། །དེ་ལྟར་ ཡང་བླ་མའི་ཡོན་ཏན་ཡོངས་བཟུང་ལས། སྟོང་གསུམ་སྐྱེ་བོའི་གྲངས་སྙེད་ཀྱིས། །སངས་ རྒྱས་དད་པས་མཆོད་པ་བས། །སེམས་ཅན་གཅིག་ལ་སྙིང་བརྩེ་བས། །ཚིགས་བཅད་ གཅིག་ཅིག་ཁྱད་པར་འཕགས། །སེམས་ཅན་གང་གཱའི་ཀླུང་སྙེད་རྣམས། །གླིང་པར་མུན་ པས་འཐུམས་པ་ལ། །སྒྲོན་མེས་གསལ་བར་བྱས་པ་བས། །སྐད་ཅིག་བྱམས་པས་ཆོས་ བསྟན་མཆོག །སྟོང་གསུམ་ནོར་བུས་བཀང་བྱས་ནས། །དབུལ་ཕོངས་གང་ལ་སྦྱིན་པ་ བས། །ཚིགས་བཅད་གཅིག་བརྗོད་དེ་དོན་ཆེ། །ཞེས་གསུངས་སོ། །ཤེར་ཕྱིན་འདི་ཉིད་ ཡུལ་དུ་བྱས་པའི་ཆོས་སྤྱོད་གཞན་རྣམས་ཀྱང་ཐར་པ་ཆ་མཐུན་བསོད་ནམས་ཀྱི་ཕུང་ པོ་དཔག་ཏུ་མེད་པར་ཐོབ་པར་གསུངས་ཏེ། རྒྱལ་བ་བྱམས་པས། ཡི་གེ་འབྲི་མཆོད་སྦྱིན་ པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆང་དང་ཁ་དོན་བྱེད་པ་དང༌། །དེ་ སེམས་པ་དང་བསྒོམ་པའོ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་ དཔག་ཏུ་མེད། །ཅེས་གསུངས་སོ། །དེ་ལྟར་རྣམ་པར་དག་པའི་ཞིང་དང་བསམ་པ་དང༌། དངོས་པོ་གསུམ་ཆར་དང་ལྡན་ན་ནི། བསོད་ནམས་ཀྱི་ཕུང་པོ་ཆེས་ཆེར་ཐོབ་ཅིང་གང་ ཡང་རུང་བ་རེ་རེ་དང་ལྡན་ཡང་བསོད་ནམས་ཀྱི་ཕུང་པོ་ཆེན་པོར་འགྱུར་བར་ གསུངས་སོ། །ཡུལ་གོང་མ་འདི་དག་དང་ལྡན་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཡུལ་དུ་བྱས་ པའི་དགེ་བ་རྣམས་ཀྱང་ཐར་པ་ཆ་མཐུན་གྱི་དགེ་བར་འགྱུར་ཏེ། དེ་ལྟར་མདོ་ལས་འདི་ ལྟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྐྱེ་འགྲོ་ཐམས་ཅད་དགྲ་ 8-1-740 བཅོམ་པར་གྱུར་ལ། དེ་དག་ལ་ཇི་སྲིད་འཚོའི་བར་དུ་མཆོད་པའི་ཡོ་བྱད་བཟང་ཞིང་གྱ་ ནོམ་པས་མཆོད་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བྱེ་མ་ལ་ མཆོད་རྟེན་རྒྱ་ཤུགས་ཚིག་གུ་ཙམ་བྱས་ལ། སྲོག་ཤིང་རྒྱ་ཁབ་ཙམ་ལ་གདུགས་རྒྱ་ཤུག་ གི་ལོ་མ་ཙམ་བཀབ་ན་དེ་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །སྔ་མ་དེས་དེའི་བསོད་ ནམས་ཀྱི་བརྒྱའི་ཆར་ཡང་མི་བཟོད་པས་ན། གྲངས་དང་ཆ་དང་དཔེར་ཡང་མི་བཟོད་ དོ། །ཞེས་གསུངས་སོ། །དེ་ལྟར་ཞིང་མཆོག་དེ་རྣམས་ཡུལ་དུ་བྱས་པའི་བསོད་ནམས་ཀྱི་ ཕུང་པོ་ཚད་མེད་ཐོབ་པ་ལ་སོགས་ཤེས་བྱ་ཚད་མེད་འཇལ་བ་ནི། སངས་རྒྱས་མ་ གཏོགས་གཞན་གྱིས་ཤེས་པར་མི་ནུས་ཏེ། དེ་ལྟར་ཡང་མདོ་བསྐལ་བཟང་ལས། བྱང་ ཆུབ་སེམས་ཀྱིས་རྒྱལ་ལ་ཡོན་ཕུལ་དང༌། །གང་དག་ཚད་མེད་ཆོས་ནི་བཞི་པོ་དང༌། །ས་ ཡི་ཁམས་དང་སེམས་ཅན་ཁམས་རྣམས་དག །སྟོན་པ་མ་གཏོགས་ཤེས་པར་ནུས་པ་ མེད། །ཅེས་གསུངས་པས། ལུང་ཚད་མ་དེ་དག་ལ་ཡིད་ཆེས་པར་བྱས་ཏེ། དེ་ལྟར་ཉམས་ སུ་བླང་བར་རིགས་སོ། །གཞན་ཡང་སྤྱོད་འཇུག་ལས། ཡོན་ཏན་ཞིང་དང་ཕན་འདོགས་ ཞིང༌། །སྡུག་བསྔལ་བ་ལ་དགེ་ཆེན་འགྱུར། །ཞེས་གསུངས་པས། ཡར་གྱི་ཞིང་གོང་དུ་སྨོས་ ཤིང༌། ཕན་འདོགས་ཞིང་ནི་ཕ་མ་ལ་སོགས་པ་རང་ལ་དྲིན་ཆེ་བ་རྣམས་དང༌། ནད་པ་ ལ་སོགས་མགོན་སྐྱབས་མེད་ཅིང་ཉམ་ཐག་པ་རྣམས་ནི་སྙིང་རྗེའི་ཞིང་ཡིན་པས། དེ་ དག་ལ་ཡང་སྙིང་རྗེ་དང་སེམས་བསྐྱེད་ཆེན་པོས་ཀུན་ནས་བསླང་སྟེ་སྒོ་གསུམ་དང་ ལོངས་སྤྱོད་ལ་སོགས་རང་ལ་ནུས་པ་གང་ཡོད་ཀྱི་རྒན་པ་ལ་རིམ་གྲོ་དང་མ་ནུས་པ་ལ་ ཕན་འདོགས་བྱེད་དགོས་པར་གསུངས་ཏེ། བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས། ཕ་མ་སྲིད་ ཞུ་ལྷུར་ལེན་དང༌། །རིགས་ཀྱི་གཙོ་ལ་རིམ་གྲོ་དང༌། །ནད་པ་མགོན་མེད་སྡུག་བསྔལ་ གྱིས། །ཉམ་ཐག་དམན་དང་ངན་པ་རྣམས། །སྙིང་རྗེས་རྟག་ཏུ་ཡོངས་བཟུང་སྟེ། །དེ་ དག་གསོ་ཕྱིར་གུས་བརྟེན་མཛོད། །ཅེས་གསུངས་པས། སེམས་བསྐྱེད་དང་འབྲེལ་ན་ཡུལ་ འབྲིང་དང་དམན་པ་དག་ལ་བརྟེན་ནས་ཀྱང་ཐར་པ་ཆ་མཐུན་དུ་འགྱུར་བར་གསུངས་ པས་དེ་ལྟར་ཉམས་སུ་བླང་བར་བྱའོ། །དེ་དག་གིས་སྦྱིན་པ་ལ་བྱུང་བའི་བསོད་ནམས་ 8-1-741 ཀྱི་ཚོགས་ངོས་བཟུང་བ་སོང་ནས། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ ངོས་བཟུང་བ་ནི། ཉན་ཐོས་ཀྱི་སྡོམ་པ་ཡང༌། ཐེག་ཆེན་སེམས་བསྐྱེད་དང་འབྲེལ་ནས་ ཉམས་སུ་བླང་བ་ན་ཐར་པ་ཆ་མཐུན། སངས་རྒྱས་ཀྱི་རྒྱུར་འགྱུར་ཏེ། དུས་ཇི་སྲིད་ འཚོའི་བར་དང་འབྲས་བུ་རང་དོན་དུ་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་ལ་དམིགས་ པས་སོ། །བྱང་སེམས་དང་རིག་པ་འཛིན་པའི་སྡོམ་པ་ནི། སེམས་བསྐྱེད་དང་འབྲེལ་བ་ཁོ་ ན་སྟེ། མདོར་ན་དགེ་བ་ཅི་དང་ཅི་བསྒྲུབ་པའི་མི་མཐུན་ཕྱོགས་ཀྱི་སྒོ་རྣམས་སྡོམ་ཞིང༌། ཉམས་སུ་ལེན་པ་ནི། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཡིན་ནོ། །སྒོམ་ འབྱུང་བསོད་ནམས་ཀྱི་ཚོགས་ངོས་འཛིན་པ་ནི། ཤེར་ཕྱིན་ཡེ་ཤེས་ཀྱི་ཚོགས་བསྒོམ་པ་ མ་གཏོགས་ཐེག་ཆེན་སེམས་བསྐྱེད་དང་འབྲེལ་པའི་བསྐྱེད་རིམ་ལ་སོགས་རྟོག་པའི་ བསྒོམ་པ་རྣམས་དང༌། ཀུན་རྫོབ་སེམས་ཀྱི་གནས་ལུགས་རྟོགས་ནས་བསྒོམ་བྱ་སྒོམ་བྱེད་ དང་བྲལ་བའི་ངང་ལ་མཉམ་པར་འཇོག་པ་ལ་སོགས་ཞི་གནས་དང་དེ་ཚོལ་བའི་ཏིང་ ངེ་འཛིན་དུ་མ་རྣམས་སོ། །ཐར་པ་ཆ་མཐུན་སངས་རྒྱས་ཀྱི་རྒྱུར་འགྱུར་བའི་ཚོགས་ གཉིས་པོ་རྣམས་ནི་མ་བསྔོས་ཀྱང་སངས་རྒྱས་ཀྱི་རྒྱུར་འགྱུར་མོད་ནའང་ཐར་པ་ཆ་ མཐུན་སངས་རྒྱས་ཀྱི་རྒྱུར་གྱུར་པའི་ཚོགས་གསུམ་བསྔོ་བས་རྒྱས་འདེབས་པ་གལ་ཆེ་ལ། བསྔོ་བ་བྱས་པའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པར་གསུངས་ཏེ། དེ་ལྟར་ཡང༌། སེམས་ཅན་རྣམས་མཐའ་ཡས་ཕྱིར་དང༌། །སངས་རྒྱས་མཁྱེན་པ་ཚད་མེད་ཕྱིར། །དེར་ ནི་ཡོངས་སུ་བསྔོ་བ་ཡིས། །དགེ་བ་དེས་ནི་ཚད་མེད་འགྱུར། །ཞེས་གསུངས་པས། འདུས་ བྱས་དང་འདུས་མ་བྱས་ཀྱི་དགེ་བ་གང་དང་གང་བསྒྲུབ་པ་བསྔོ་བས་རྒྱས་འདེབས་པ་ གལ་ཆེའོ། །དེ་ལྟར་ཡུལ་དང་བསམ་པ་དངོས་པོ་བསྔོས་པས་ཁྱད་པར་དུ་བྱས་པའི་ བསོད་ནམས་དཔག་ཏུ་མེད་པས་བསགས་པ་ལས་ཤེར་ཕྱིན་གྱི་དོན་མ་ནོར་བ་དེ་ བཞིན་ཉིད་བདེ་གཤེགས་སྙིང་པོའི་ཆོས་ལ་ཐོས་བསམ་སྒོམ་པའི་སྐལ་བ་ཅན་དུ་ གསུངས་ཏེ། དེ་ལྟར་ཡང་རྒྱལ་བ་བྱམས་པའི་ཞལ་སྔ་ནས། སངས་རྒྱས་རྣམས་ལ་ལྷག་ པར་གནས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བྱས་པ། །འདི་ 8-1-742 ཉན་པ་ཡི་སྣོད་ཡིན་ནོ། །ཞེས་དང༌། །སངས་རྒྱས་རྟེན་དང་ཀུན་འདྲི་དང༌། །སྦྱིན་དང་ ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་ རྣམས་བཞེད་དོ། །ཞེས་སོགས་གསུངས་སོ། །བསོད་ནམས་མ་བསགས་པ་རྣམས་ཀྱིས་ནི། ཆོས་ཟབ་མོ། འདི་ལ་ཐེ་ཚོམ་ཙམ་ཡང་མི་སྐྱེ་ན། མོས་ནས་བསྒོམ་པ་ལ་སོགས་ལྟ་སྨོས་ ཀྱང་ཅི་དགོས། དེ་ལྟར་ཡང་དབུ་མ་བཞི་བརྒྱ་པ་ལས། བསོད་ནམས་ཆུང་ངུས་ཆོས་འདི་ ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཙོམ་སྐྱེས་པ་ཙམ་ཞིག་གིས། །སྲིད་པ་ཧྲུལ་བོར་ བྱས་པར་འགྱུར། །ཞེས་དང༌། རྒྱལ་བ་བྱམས་པའི་ཞལ་སྔ་ནས། ལྷ་ཡི་རྒྱལ་པོས་ཆར་ཕབ་ ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་ མེད་པར་བཟང་མི་མྱོང༌། །ཞེས་གསུངས་པས། བསོད་ནམས་མ་བསགས་པ་རྣམས་ལ་ ལོག་པར་ལྟ་བ་ལ་སོགས་པའི་ཉེས་པ་མང་དུ་འབྱུང་བར་གསུངས་པ་རྣམས་གོ་བར་ བྱས་ལ། བསོད་ནམས་མ་ཡིན་པའི་ལས་རྣམས་སྤངས་ཏེ། ཡང་དག་པའི་ལྟ་བ་རྣམ་དག་ ལ་ཞུགས་ལ་ཚོགས་བསགས་པ་གལ་ཆེའོ། །དེ་དག་གི་བསོད་ནམས་ཀྱི་ཚོགས་བསགས་ དགོས་པར་བསྟན་ནས། ད་ནི་ཡེ་ཤེས་ཀྱི་ཚོགས་སུ་ངོས་བཟུང་བར་བྱ་སྟེ། ཡེ་ཤེས་ཀྱི་ ཚོགས་ཀྱི་ངོ་བོ་ནི་ཤེར་ཕྱིན་ཟབ་མོ་ཡུལ་དུ་བྱས་ནས་བསྒོམ་པ་ཡིན་ཏེ། རྗེ་བཙུན་སྤྱན་ རས་གཟིགས་ཀྱི་ཞལ་སྔ་ནས། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒོམ་པ་མ་གཏོགས་ པར་ཡེ་ཤེས་ཚོགས་ སུ་འགྱུར་བ་མེད་ཅེས་གསུངས་པས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ནི། རྣམ་པ་ཐམས་ ཅད་པའི་སྟོང་པ་ཉིད་དང༌། རང་བཞིན་འགྱུར་མེད་ཀྱི་བདེ་བ་ཆེན་པོ་གཉིས་སུ་མེད་ པའི་ཡེ་ཤེས་ཡིན་ལ། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ནི་དུ་སོགས་ཀྱི་རྟགས་བཅུ་ ནས། ཁམས་གསུམ་པའི་རྣམ་པ་ཅན་གྱི་སྟོང་གཟུགས་རྣམས་སོ། །དེ་ལ་རྣམ་པ་ཐམས་ ཅད་པའི་སྟོང་གཟུགས་བདེ་སྟོང་ཟུང་འཇུག་གི་རྣམ་པར་སྐྱེ་བ་དེ་ཉིད་ཤེར་ཕྱིན་ཟབ་ མོ་ཡིན་ཅིང༌། དེ་ཡང་རྟོགས་པའི་སྒོམ་པས་མི་མཐོང་ཞིང༌། མི་རྟོག་པ་བསྒོམ་པས་ མཐོང་བར་འགྱུར་ཏེ། འགྲེལ་ཆེན་ལས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །བཅད་ 8-1-743 དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབ་ཤིང་གཙུབ་སྟན་ལག་པས་བསྲུབ་པ་ ལས། །དེ་ལས་གནས་པ་ཡང་ནི་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་ རྟོག་པ་ཡིས། །བསྒོམ་པའི་ཐབས་རྣམས་བདག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་ དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་གསུངས་སོ། །མཐོང་བྱ་ རྟགས་བཅུའི་ངོ་བོ་ཡང༌། དཔལ་ལྡན་རྒྱུད་ལས། སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་ གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་ཉིད། །འབར་བ་དང་ནི་ཟླ་བ་ཉི་མ་ རྡོ་རྗེ་དང་ནི་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །ཞེས་གསུངས་ཤིང༌། དེའི་ འགྲེལ་པར། ད་ནི་ནམ་མཁའ་ཞེས་པ་ལ་སོགས་པས་རང་གི་སེམས་འདིའི་སྣང་བ་རབ་ ཏུ་ཞུགས་ཏེ། འདིར་སྔགས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་རྣལ་འབྱོར་ གོམས་པ་རྣམ་པ་གཉིས་ཏེ། ནམ་མཁའ་དང་བླ་གབ་མེད་པ་ལ་རྣལ་འབྱོར་གོམས་ པའོ། །གང་ཞིག་ནམ་མཁའ་ལ་རྣལ་འབྱོར་གོམས་པར་བྱེད་པ་དེས། མཚན་མོ་བུག་པ་ མེད་པའི་ཁྱིམ་དུ་མུན་པ་ལ་ནམ་མཁར་ཀུན་ནས་ཞེས་པའི་སེམས་དང༌། མིག་ནི་མི་ འཛུམ་ཞིང་རྡོ་རྗེའི་ལམ་དུ་ཞུགས་པས། འདིར་དབུ་མར་སྲོག་རབ་ཏུ་ཞུགས་པས་སྟོང་ པ་ལས་ནི་དུ་བ་ལ་སོགས་པའི་མཚན་མ་མཐོང་སྟེ། ནམ་མཁར་ཀུན་ནས་ཞེན་པའི་མིག་ ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པས་སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་དྲི་མ་མེད་ པའི་མཁའ་སྣང་ཉིད་དང་མར་མེ་དག་ནི་མཚན་མོའི་རྣལ་འབྱོར་གྱིས་མཐོང་ངོ༌། །དེ་ ནས་སྤྲིན་མེད་པའི་ནམ་མཁའ་ལ་བལྟས་ཏེ། ནམ་མཁའ་དེ་ལས་ཉིན་མོའི་རྣལ་འབྱོར་ གྱིས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་འབར་བ་ མཐོང་སྟེ། སྤྲིན་མེད་པའི་ནམ་མཁའ་ལའོ། །དེ་བཞིན་དུ། འོད་ཆེན་རྣམ་པར་སྣང་བར་ བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ནི་ཟླ་བའོ། །འགྲོ་བའི་མར་མེ་ནི་ཉི་མའོ། །ཡེ་ཤེས་སྒྲོན་ ནི་རྡོ་རྗེ་སྟེ་སྒྲ་གཅན་ནོ། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ནི་གློག་སྟེ། མཆོག་གི་ ཆའོ། །སྔགས་མཆོག་མངའ་བདག་རིགས་སྔགས་རྒྱལ། །ནི་ཐིག་ལེའོ། །དེ་ལྟར་ན་མཚན་ མ་རྣམ་པ་བཅུ་སྟེ། འདུས་པ་ལ་སོགས་པར་མཚན་མོའི་རྣལ་འབྱོར་དང་མཚན་ཡང་ 8-1-744 དག་པར་བརྗོད་པ་ལས་ཉིན་མོའི་རྣལ་འབྱོར་གྱིས་གསུངས་ སོ། །ཞེས་པ་ལ་གསང་འདུས་ལས་ཇི་སྐད་དུ་གསུངས་ན། དང་པོ་སྨིག་རྒྱུ་ལྟ་བུ་ སྟེ། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་མཁའ་སྣང་མེ་ཁྱེར་ཡིན། །བཞི་པ་མར་མེ་ལྟ་ བུ་ཉིད། །ཅེས་གསུངས་ལ། དོན་དམ་པའི་མཚན་བརྗོད་ལས། ནམ་མཁའ་ལས་བྱུང་རང་ བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོའི་འོད་གསལ་བ། །ཞེས་ པ་དང༌། མཁའ་འགྲོ་མ་རྡོ་རྗེའི་གུར་ལས་ཀྱང༌། དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་ དུ་བ་ལྟ་བུ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་འདྲ། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་ རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །ཅེས་དང༌། དབང་མདོར་བསྟན་ དུ་ཡང༌། དུ་བ་སྨིག་རྒྱུ་མེ་ཁྱེར་དང༌། །མར་མེ་འབར་བ་ཟླ་ཉི་མ། །མུན་ཅན་ཆ་ཤས་ཐིག་ ལེ་ཆེ། །ཞེས་སོགས་རྒྱུད་སྡེ་རྣམ་དག་དུ་མ་ལས་ཉིན་མཚན་གྱི་རྟགས་དང༌། རྟགས་ཅན་ ཡང་དང་ཡང་དུ་གསལ་པོར་གསུངས་ཤིང༌། རྒྱལ་བའི་ཡུམ་བར་མ་ལས་ཀྱང༌། རིན་ ཆེན་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་ འཛིན་དང༌། ཟླ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཉི་མ་སྒྲོན་མ་ཞེས་བྱ་བའི་ ཏིང་ངེ་འཛིན་དང༌། ཞེས་པ་ལ་སོགས་པ་རྒྱུད་སྡེ་རྣམ་དག་རྣམས་དང་མཐུན་པའི་ཏིང་ ངེ་འཛིན་དུ་མ་གསུངས་ཤིང༌། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་གྲུབ་པ་ཉིད་ལས་ཀྱང༌། དང་པོ་ རིགས་སྲིད་བཞིན་སྣང་བ་སྟེ། །མཚན་ན་གཉིས་པ་དུད་ཁའི་རྣམ་པ་བཞིན། །གསུམ་པ་ མེ་ཁྱེར་དང་འདྲ་བཞི་ལ་ནི། ། སྒྲོན་མེ་འབར་བ་ལྟ་བུར་གསལ་བ་ཡིན། །མཚན་མ་ལྔ་པ་རྣམ་པར་མི་རྟོག་པ། །སྤྲིན་ བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། །དེ་ལྟ་བུ་ཡི་མཚན་མ་མཐོང་ནས་ནི། །ཕྱག་རྒྱ་ ཆེན་པོ་ཐོབ་པར་འགྱུར་བ་ཡིན། །ཞེས་སོགས་དང༌། དེ་རྣམས་དང་མཐུན་པར་གྲུབ་ ཆེན་དུས་ཞབས་པས་ཀྱང༌། སྨིག་རྒྱུ་དུ་བ་མེ་ཁྱེར་མར་མེ་མཁའ། །ཉི་ཟླ་ར་ཧུ་ལ་དང་ གློག་ལྟར་སྣང༌། ། 8-1-745 ཞེས་དང༌། གྲུབ་ཐོབ་མི་ཐུབ་ཟླ་བས་ཀྱང༌། །དང་པོ་སྤྲིན་དང་འདྲ་བར་མཐོང༌། །གཉིས་ པ་དུ་བ་འདྲ་བ་སྟེ། །གསུམ་པ་གློག་གི་རྣམ་པའོ། །བཞི་པ་མར་མེ་འདྲ་བ་དང༌། །ལྔ་པ་ ཐམས་ཅད་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །ཕྱིས་སྒྱུ་མ་ཡི་རྣམ་པ་ མཚུངས། །རྨི་ལམ་སྣང་བར་སྐད་ཅིག་གོ །ཞེས་སོགས་གྲུབ་ཐོབ་ཆེན་པོ་རྣམས་ཀྱིས་ཀྱང་ མདོ་རྒྱུད་རྣམས་ དང་ཞལ་མཐུན་པར་གསལ་པོར་གསུངས་པས། ལུང་རྣམ་དག་དེ་རྣམས་ལས་ཡིད་ཆེས་ པར་བྱ་སྟེ། དེ་རྣམས་ལ་ཉིན་དང་མཚན་དུ་མཉམ་པར་བཞག་པས་ཡེ་ཤེས་ཀྱི་ཚོགས་སུ་ འགྱུར་བ་རྒྱལ་བ་སྲས་བཅས་ཐམས་ཅད་ཐུགས་དགོངས་མཐུན་པ་ཡིན་པས་བླུན་པོ་ ཐོས་ཆུང་མངོན་པའི་ང་རྒྱལ་རྣམས་ཀྱིས་ཀུན་རྫོབ་བདེན་པའི་སྟོང་ཚུལ་ལ་མཆོག་ཏུ་ བཟུང་ནས་རྣལ་འབྱོར་དྲུག་པའི་ཉམས་སྣང་ལ་གཏན་པ་མེད་ཅེས་སོགས་བདུད་ཚིག་ གིས་མ་ཁྱེར་པར་ཉམས་སུ་ལེན་པ་ལ་གལ་ཆེའོ། །དུ་སོགས་ཀྱི་མཚན་མ་དེ་རྣམས་ཡུལ་ དུ་བྱས་ནས། དེ་ལ་རྩེ་གཅིག་ཏུ་གནས་པར་གྱུར་ན་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་ འཛིན་ཡིན་པས་དེ་ལ་རྒྱུན་དུ་གོམས་པར་བྱས་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ ཁམས་སུམ་པའི་རྣམ་པ་ཅན་ཉམས་སུ་མྱོང་བར་གསུངས་ཏེ། དུས་འཁོར་རྩ་བའི་རྒྱུད་ ལས། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །ཞེས་ དང༌། དཔལ་ལྡན་རྒྱུད་ལས་ཀྱང༌། དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་ རྣམ་པར་བྲལ་བ་རྣམ་པ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་མཁའ་ཆུ་འཛིན་བྲལ་ བ་དག་ལ་རྣལ་འབྱོར་པ་ཡི་བགྲད་པའི་མིག་གིས་བལྟ་བར་བྱེད་པ་སྟེ། །རེ་ཁཱ་ནག་པོ་དྲི་ མེད་འོད་ཟེར་འཕྲོ་བའི་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །དེ་ལ་ཀུན་མཁྱེན་ གཟུགས་ནི་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། །རྣམ་པ་ཀུན་ལྡན་ རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་གཞན་གྱི་སེམས་ནི་མིན་པ་ཉིད། །ཅེས་ གསུངས་ཤིང་དེའི་འགྲེལ་པར། དེའི་དབུས་སུ་སྟེ་ཐིག་ལེའི་དབུས་སུ་སངས་རྒྱས་ གཟུགས་ནི་རྫས་མེད་པའི་ཕྱིར་དང༌། བརྟགས་པ་མེད་པའི་ཕྱིར་ཡུལ་དང་རྣམ་པར་ 8-1-746 བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། དེ་ནས་གཟུགས་ཀྱིས་གཞོམ་དུ་མེད་པའི་སྒྲ་ གང་ཡིན་པ་དེ་ཉིད་ཐོས་ཏེ། དེ་ལྟར་གཟུགས་སྣང་བ་ལས་སྤྲུལ་པའི་སྐུ་དང༌། སྒྲ་སྣང་བ་ ལ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཞེས་པའི་དོན་ཏོ། །འདིར་ཉིན་མོའི་རྣལ་འབྱོར་གྱི་ ནམ་མཁའ་ཆུ་འཛིན་དང་བྲལ་བ་དག་ལ་རྣལ་འབྱོར་པ་ཡིས་བསྒྲད་པའི་མིག་གིས་ བལྟ་བར་བྱས་ཏེ། སྔ་དྲོ་དང་ཕྱི་དྲོའི་ཉི་མ་ལ་རྒྱབ་བསྟན་ནས་སོ། །རྣམ་པ་གཞན་དུ་ན་ ཉི་མའི་འོད་ཟེར་གྱིས་རབ་རིབ་ཏུ་འགྱུར་ཏེ། དེ་ཡིས་ཞེས་པ་ནི་གནོད་པ་ལས་སོ། །ཉི་ མ་སོ་སོར་བལྟ་བར་བྱ་སྟེ། ཐིག་ལེའི་དབུས་སུ་རེ་ཁཱ་ནག་པོ་སྐྲའི་ཚད་ཙམ་དྲི་མེད་འོད་ ཟེར་འཕྲོ་བ་དུས་ཀྱི་རྩ་ཞེས་པ་ཨ་བ་དྷུ་ཏཱི་ལ་མཐོང་བར་གྱུར་གྱི་བར་དུའོ། །ནང་དུ་ འདུས་པ་ཀུན་མཁྱེན་གཟུགས་ནི་ཁམས་གསུམ་མ་ལུས་པ་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་ པ་ཁ་དོག་སྣ་ཚོགས་དེ་རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་ གཞན་གྱི་སེམས་ནི་མིན་པ་ཉིད། ཅེས་པ། གཞན་གྱི་སེམས་ནི་མ་ཡིན་ཏེ། གཞན་གྱི་ སེམས་ཤེས་པ་མེད་པའི་ཕྱིར་རོ། །འདིར་དེ་བཞིན་གཤེགས་པའི་ཤའི་སྤྱན་གྱིས་དང་པོ་ རང་གི་སེམས་ཀྱི་སྣང་བ་མཐོང་སྟེ། དེས་ན་ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ ལྡན་འདས་ཀྱི་སྤྱན་ལྔ་གསུངས་སོ། །དེ་ལྟར་རིམ་པས་ཤའི་སྤྱན་དང༌། ལྷའི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་དང༌། ཤེས་རབ་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན་ནི་སྒོམ་པའི་སྟོབས་ ཀྱིས་འབྱུང་བར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་མཁྱེན་པས་མ་གཟིགས་པ་ཅུང་ཟད་ མེད་དོ། །ཞེས་སོགས་རྒྱུད་སྡེ་ཟབ་མོ་རྣམ་དག་དུ་མ་ལས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ པ་ཆེན་པོ་འདི་ཉིད་ཡང་དང་ཡང་དུ་གསལ་བར་གསུངས་ཤིང༌། མདོ་སྡེ་རྒྱ་ཆེར་རོལ་ པར་ཡང༌། ཐམས་ཅད་སྟོང་པར་རྨད་ཆེན་པོ། །དྭངས་ཤིང་གསལ་བ་ཡེ་ཤེས་ཆེ། །བླ་མ་ ཉིད་ཀྱི་དྲིན་གྱིས་ནི། །དེ་ནས་དེ་ནི་གསལ་མཐོང་འགྱུར། །འདས་པ་དང་ནི་མ་འོངས་ འགྱུར། །ད་ལྟར་བྱུང་བའི་སྲིད་པ་གསུམ། །སྐད་ཅིག་དེ་ལས་མ་ལུས་མཐོང༌། །ཞེས་ སོགས་མདོ་སྡེའི་རྣམ་དག་དུ་མ་ལས་ཀྱང་སྟོང་པ་ཆེན་པོ་འདི་ཉིད་གསལ་བར་ གསུངས་ཤིང༌། དེ་བཞིན་དུ་ཕྱག་ན་རྡོ་རྗེ་ལ་སོགས་པའི་སེམས་དཔའ་ཆེན་པོ་རྣམས་ 8-1-747 དང༌། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པའི་གྲུབ་ཐོབ་ཆེན་པོ་རྣམས་ཀྱིས་ཀྱང་ཞལ་མཐུན་ པར་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་འགྱུར་མེད་བདེ་བ་ཆེན་པོ་དང་གཉིས་སུ་ མེད་པའི་ཡེ་ཤེས་འདི་ཆོས་ཀྱི་མཐར་ཐུག་ཡིན་པར་ཞལ་མཐུན་དུ་གསུངས་པས་ཡིད་ ཆེས་པར་བྱས་ཏེ། ཉམས་སུ་བླང་བར་རིགས་སོ། །དེ་ལྟར་ཚོགས་གཉིས་ཉམས་སུ་བླངས་ པ་ལས། སྤང་བྱ་སྒྲིབ་གཉིས་སྤོང་ཚུལ་ནི་བསོད་ནམས་ཀྱི་ཚོགས་ཀྱིས་ཕར་ཕྱིན་དྲུག་གི་ མི་མཐུན་ཕྱོགས་སེར་སྣ་ལ་སོགས་ངན་རྟོག་ཉོན་སྒྲིབ་རྣམས་སྤོང་ཞིང༌། འཁོར་གསུམ་ རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་ཚོགས་ཀྱི་སྤང་བྱ་འཁོར་གསུམ་གྱི་རྟོག་ པ་བཟང་རྟོག་ཤེས་སྒྲིབ་རྣམས་སྤོང་སྟེ། རྒྱལ་བ་བྱམས་པས། སེར་སྣ་ལ་སོགས་རྣམ་རྟོག་ གང༌། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ ཤེས་བྱའི་སྒྲིབ་པར་འདོད། །ཞེས་སོགས་སྒྲིབ་པ་གཉིས་སུ་སྒྲིབ་པ་ཐམས་ཅད་འདུས་ པར་ཡང༌། དེ་ཉིད་ཀྱི་ཞལ་སྔ་ནས། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་ ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འགྱུར། །ཞེས་ གསུངས་སོ། །སྒྲིབ་གཉིས་སྤངས་པས་ཐོབ་ཚུལ་ཡང༌། བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱི་ ཞལ་སྔ་ནས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་ འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །དེ་ ལྟར་མདོར་ན་བསོད་ནམས་དང༌། །ཡེ་ཤེས་དག་ནི་རྟག་བརྟན་མཛོད། །ཅེས་གསུངས་ སོ། །གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལ། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཆོས་ སྐུ་ཡིན་ལ། མི་འགྱུར་བའི་བདེ་བ་ཆེན་པོ་ངོ་བོ་ཉིད་སྐུ་ཡིན་པས། དེ་གཉིས་དབྱེར་མེད་ ཡིན་པའི་ཕྱིར་ཆོས་སྐུ་དང༌། ངོ་བོ་ཉིད་སྐུ་བཞི་གའང་ཆོས་སྐུ་དང་གཟུགས་སྐུ་གཉིས་ ལ་འདུས་སོ། །དོན་གཉིས་ནི། རང་དོན་ཕུན་ སུམ་ཚོགས་པ་ཆོས་སྐུ་དང༌། གཞན་དོན་ཕུན་སུམ་ཚོགས་པ་གཟུགས་སྐུའོ། །རྒྱུ་མཚན་ དེས་ན་ཚོགས་བསོགས་པ་ལ་རྟག་ཏུ་བརྩོན་པར་རིགས་སོ། །དེ་དག་གི་དོན་བསྡུ་བ་ནི་ རྗེས་ཐོབ་ཀྱི་དུས་སུ། བསོད་ནམས་ཀྱི་ཚོགས་གསུམ་སྐབས་སུ་བབ་པ་ཇི་ལྟར་སྨོས་པ་ 8-1-748 བཞིན་ཉམས་སུ་བླངས་ཤིང༌། ཁྱད་པར་ཀུན་རྫོབ་འཁྲུལ་སྣང་སྟེང་དུ་ཉམས་སུ་ལེན་ ཚུལ་ནི་ཚོགས་དྲུག་གི་སྣང་བ་གང་ཤར་གྱི་ངོ་བོ་ཉིད་སྟོང་པ་ཡིན་པས་དེར་ཐག་ཆོད་ དུུ་སྤང་བླང་དང༌། རེ་དོགས་དགག་བསྒྲུབ་གང་ཡང་མི་བྱེད་པར་སྦྲུལ་མདུད་པ་གྲོལ་ བ་བཞིན་དུ་རང་བཞིན་རང་གྲོལ་དུ་དྲན་གྱིས་ཐོབ་པར་བྱས་ཤིང་ཉམས་སུ་བླང་ན་ ཀུན་རྫོབ་གཟུང་འཛིན་གྱི་སྣང་བ་ལ་བདེན་ཞེན་གྱིས་འཆིང་བ་རང་གྲོལ་སྟེ་ཉོན་ མོངས་རྣམ་རྟོག་གི་སྤང་བྱ་མངོན་གྱུར་མགོ་ནོན་ཐུབ་པ་ལགས་སོ། །མཉམ་བཞག་ཟབ་ མོའི་དུས་སུ་གང་ཤར་ཐམས་ཅད་དག་པ་ཡེ་ཤེས་སྣང་བ་ཡིན་པས། དེ་ལ་ཡང་སྤང་ བླང་དགག་སྒྲུབ་རེ་དོགས་ལ་སོགས་པ་གང་ཡང་མི་བྱེད་པར་དེ་ཉིད་ལས་གཞན་ལ་མི་ གཡེང་བར་སྣང་བ་མི་རྟོག་པའི་ཏིང་ངེ་འཛིན་གྱི་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ནི། ཞི་ ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་གྱི་རྒྱས་པར་བྱེད་པའི་ལམ་གྱི་དངོས་གཞི་ཡིན་པས་ གཙོ་བོར་དེ་ལ་ཉམས་ལེན་བྱེད་པ་ལ་གལ་ཆེའོ། །དེ་ལྟར་ཉམས་སུ་ལེན་པའི་རྣལ་ འབྱོར་བ་དེ་ལ་འཆི་ཁ་དང་བར་དོའི་འོད་གསལ་ངོས་བཟུང་བ་ནི། འབྱུང་ལྔའི་རླུང་ དབུ་མར་བསྡུས་པའི་ཚེ། ས་ཆུ་ལ་ཐིམ་ན་དུ་བ། ཆུ་མེ་ལ་ཐིམ་ན་སྨིག་རྒྱུ། མེ་རླུང་ལ་ ཐིམ་ན་སྲིན་བུ་མེ་ཁྱེར། རླུང་ནམ་མཁའ་ལ་ཐིམ་ན་མར་མེ་འབར་བ། ནམ་མཁའ་རྣམ་ པར་ཤེས་པ་ལ་ཐིམ་ན་ནམ་མཁའ་སྤྲིན་མེད་པ་ཞེས་པའི་ཉམས་འབྱུང་བ་རྣམས་རླུང་ ལྔ་རིམ་གྱིས་དབུ་མར་ཐིམ་པའི་རྟགས་ཡིན། རྟགས་དེ་རྣམས་རྫོགས་པའི་རྗེས་སུ་ཕྱི་ དབུགས་ཆད་ནས་ནང་རླུང་སེམས་དབུ་མར་འདུས་པས་ནོར་ལས་རྒྱལ་གྱི་རླུང་གིས་མ་ ལས་ཐོབ་པའི་ཁམས་དམར་ཆ་གསང་གནས་ནས་ཡར་ལ་བསྐྱེད། ཕ་ལས་ཐོབ་པའི་ ཁམས་དཀར་ཆ་སྤྱི་བོ་ནས་མར་ལ་བསྐྱེད་དོ། །སྙིང་གའི་ཐད་དུ་དབུ་མར་ཁམས་དཀར་ དམར་རླུང་སེམས་རྣམས་ཕྱོགས་གཅིག་ཏུ་འདུས་པ་ལ་བརྟེན་ནས། བདེ་གསལ་མི་རྟོག་ པའི་ཉམས་ཁྱད་པར་ཅན་སྐྱེ་བར་གསུངས་ལ། དེའི་སྐབས་ཀྱི་བདེ་བ་ནི་ཁམས་དཀར་ དམར་འདུས་པའི་ནུས་པའོ། །གསལ་བ་ནི་རླུང་སེམས་དབུ་མར་འདུས་ཤིང་དེར་གནས་ པས་ཆོས་སྐུ་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་འོད་གསལ་འཆར་བ་ཡིན་ལ། མི་ 8-1-749 རྟོག་པ་ནི་འོད་གསལ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ངོ་ཤེས་ནས་དེར་རྩེ་གཅིག་ཏུ་ གནས་པ་ལ་མི་རྟོག་པ་ཞེས་བྱའོ། །དེ་ལ་ཕྱི་དབུགས་འགགས་ནས་ནང་དུ་རླུང་སེམས་ དབུ་མར་གནས་ཀྱི་བར་ལ་ཕུང་པོ་ལ་སྒ་དྲིལ་སོགས་ཀྱི་འཚེ་བ་དང༌། རོ་ལ་དབང་ བསྐུར་དང་མྱ་ངན་གྱི་ངུ་གྲག་ལ་སོགས་གཡེང་རྐྱེན་གང་ཡང་མེད་པར་ཉ་ར་ལེགས་ པོར་བྱས་ཤིང༌། ངོ་སྤྲོད་ཀྱི་གསལ་འདེབས་ཉིན་རེ་བཞིན་བྱས་ན། འདའ་ཀ་ཡེ་ཤེས་ ལས། བྱང་ཆུབ་སེམས་དཔའ་ནི་འཆི་ཁ་མའི་ཚེ་འདའ་ཀ་ཡེ་ཤེས་བསྒོམ་པར་ བྱའོ། །ཞེས་གསུངས་པ་དང༌། རྒྱུད་ལས། འཆི་དང་རྒྱལ་དང་ཏིང་འཛིན་ཐོབ། །གཉིས་ གཉིས་འཁྲིགས་པའི་གནས་སྐབས་དེ། །གནས་སྐབས་བཞི་པོ་འདི་ལས་ནི། །གཞན་དུ་ཡེ་ ཤེས་སྐྱེ་མི་འགྱུར། །ཞེས་མདོ་རྒྱུད་ཞལ་མཐུན་པར་གསུངས་པའི་དོན། འཆི་ཀའི་ཡེ་ཤེས་ ངོ་སྤྲད་པའི་གང་ཟག་དེ་འཆི་ཀའི་འདི་གསལ་ལ་སེམས་གནས་ནས། ལུས་སེམས་མ་ བྲལ་བར་ཟླ་བ་གཉིས་རེ་ཙམ་དང༌། ཟླ་རེ་གནས་པ་དང༌། ཐ་མལའང་ཞག་གསུམ་ བཞིའི་བར་ལ་གནས་པ་ལ་སོགས་ངེས་པར་ཡོང་གིན་འདུག་པ་ཉམས་སུ་མྱོང་བས། ལུས་སེམས་བྲལ་བའི་རྟགས་སྣ་ཁྲག་མ་བྱུང་གི་བར་ལ་ཕུང་པོ་ལ་གཡེང་འཚེ་ལ་སོགས་ པའི་ཏིང་ངེ་འཛིན་གྱི་གེགས་མི་བྱེད་པར་འཕེལ་བའི་གྲོགས་སུ་གང་འགྱུར་བྱས་ནས། ཤི་གསོན་གཉིས་ཀའི་ཚོགས་མྱུར་དུ་རྫོགས་ནས་སངས་རྒྱས་ཐོབ་པར། རྒྱལ་བ་སྲས་ བཅས་རྣམས་ཀྱི་གསུངས་པའི་བཀའ་མི་བསླུ་བར་གདོན་མི་ཟ་བས། དེ་ལ་ཡིད་ཆེས་ པར་བྱ་སྟེ། ཉམས་སུ་བླངས་ན་འོད་གསལ་ དེའི་ངང་དུ་སེམས་རྣམ་རྟོག་ཏུ་མ་ལོག་ནས་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་ ཞེས་མན་ངག་ལས་འབྱུང་བ་བཞིན་ཡིན་ལ། དེ་ལ་འཆི་ཁར་སངས་རྒྱས་པ་ཞེས་ བྱའོ། །གལ་ཏེ་དེ་ལས་བར་དོར་འཕོ་དགོས་པ་བྱུང་ན། ཀུན་གཞིའི་རྣམ་ཤེས་ནོར་རྒྱལ་ རླུང་དང་བཅས་ཏེ་ཐིག་ལེ་དཀར་པོ་འོག་གི་ལམ་ནས་འབྱུང་ཞིང༌། དམར་པོ་སྣའི་སྒོ་ ནས་འཐོན་ཏེ། བར་དོ་རྫུས་སྐྱེས་བག་ཆགས་ཀྱི་ལུས་ལེན་ཅིང་དེར་ཡང་འོད་གསལ་གྱི་ སྣང་བ་རབ་འབྱམས་འཆར་བར་གསུངས་པས། བར་དོའི་འོད་གསལ་གྱི་སྣང་བ་གང་ 8-1-750 ཤར་ལ་འཛིན་མེད་ངང་ལ་རྩེ་གཅིག་གནས་པས་དེར་ཐིམ་ནས་བར་དོར་གྲོལ་བ་ཞེས་ བྱའོ། །དེར་ཡང་མ་གྲོལ་བར་ལུས་ལེན་དགོས་ནའང༌། མིའི་ནང་ནས་ཆོས་ལྡན་རིགས་ སུ་སྐྱེས་ནས་ཏིང་ངེ་འཛིན་ཟབ་མོ་འདི་ལ་ཡང་ཡང་གོམས་པས་མིའི་སྐྱེ་བ་བདུན་ལས་ མི་འགྱང་པར་མཆོག་གི་དངོས་གྲུབ་ཐོབ་པར་རྡོ་རྗེ་འཆང་ཆེན་པོ་སྲས་དང་བཅས་ པས་གསུངས་སོ། །འདི་ལྟར་བཀོད་པ་ནོངས་པའི་ཆ་མཆིས་ན། །བླ་མ་མཁས་མཆོག་ རྣམས་ལ་བཟོད་པར་གསོལ། །དེ་ལྟར་བཀོད་ སོགས་དགེ་བ་མཁའ་ཁྱབ་ཀྱིས། །མཁའ་ཁྱབ་ཕ་མ་ཚོགས་གཉིས་ལམ་ཞུགས་ཏེ། །སྐུ་ གཉིས་མཁའ་ཁྱབ་རྫོགས་པར་མངོན་གྱུར་ཞིང༌། །དོན་གཉིས་མཁའ་ཁྱབ་ལྷུན་གྱིས་ གྲུབ་པར་ཤོག ། དེ་ལྟར་ཚོགས་གཉིས་ལམ་འཇུག་གསལ་བའི་སྒྲོན་མེ་ཞེས་བྱ་བ། འཆི་ ཁ་དང་བར་དོའི་འོད་གསལ་ངོ་སྤྲོད་དང་བཅས་པ་འདི་ཉིད། རྟོགས་ལྡན་ཡོན་བཙུན་ གྲགས་པ་རྒྱལ་མཚན་གྱིས་བསྐུལ་བའི་ངོར། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བྲན་ དང་ཞབས་རྡུལ་སྤྱི་བོས་ལེན་པ། སྤྲང་བོ་རཏྣའི་མིང་ཅན་གྱིས་ས་མོ་བྱའི་ལོ་དགུན་ཟླ་ཐ་ཆུང་ཆོ་འཕྲུལ་ཆེན་པོའི་དུས་ཀྱི་ ཡར་ངོའི་བཟང་པོ་ཉི་མ་ཡང་ཡིག་ཤར་དུས་ལ། དགོན་པ་གསར་བའི་དབེན་གནས་སུ་ བཀོད་པའི་ཡི་གེ་པ་ནི་རྒྱལ་ཁམས་རིན་ཆེན་བློ་གྲོས་བགྱིས་སོ། །ཕྱོགས་དུས་ཀུན་ཏུ་ བཀྲ་ཤིས་བདེ་ལེགས་ཀྱིས་ཁྱབ་པར་གྱུར་ཅིག །སྣོད་མིན་རྣམས་ལ་གསང་ཞིང་ཤིན་ཏུ་ སྦ་བར་གལ་ཆེའོ། །འདི་བྲིས་དགེ་བས་གདམས་པ་མཆོག་འདི་ནུབ་པར་མ་གྱུར་ ཅིག །མངྒ་ལཾ། བྷ་ཝནྟུ། ཤུ་བྷཾ། 8-1-751 ༄༅། །ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ་ དེ་ཉིད་ཀྱི་སློབ་མ་ཐང་ཆེན་ཀུན་དགའ་ འབུམ་གྱིས་མཛད་པ་ བཞུགས་སོ། ། 8-1-752 ༄༅། །ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ་ དེ་ཉིད་ཀྱི་སློབ་མ་ཐང་ཆེན་ཀུན་དགའ་ འབུམ་གྱིས་མཛད་པ་ བཞུགས་སོ། ། ༄༅། །ཆོས་རྗེ་ཐམས་ཅད་མཁྱེན་པའི་རྣམ་ཐར་གྱི་སྒོ་ནས་བསྟོད་པ། ཡོན་ཏན་གསལ་ བའི་ཉི་འོད་ཅེས་བྱ་བ་བླ་མ་སངས་རྒྱས་རྡོ་རྗེ་འཆང་ལ་ཕྱག་འཚལ་ཞིང་སྐྱབས་སུ་ མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་ནས་བྱིན་གྱིས་བརླབ་ཏུ་ གསོལ། ། ཆོས་ཀྱི་དབྱིངས་ལས་ནམ་ཡང་མ་གཡོས་བཞིན། །དད་ལྡན་གདུལ་བྱའི་བསོད་ནམས་ སྐལ་བ་དང༌། །འཚམ་པའི་གཟུགས་ཀྱིས་ཆོས་ཀུན་སྟོན་མཛད་པ། །འདྲེན་མཆོག་ཀུན་ མཁྱེན་ཆོས་རྗེའི་ཞབས་ལ་འདུད། །རྣམ་ཐར་སྒོ་བཞིའི་ཏིང་འཛིན་འཁོར་ལོ་ ཡིས། །གནས་སྐབས་རིགས་བཞིའི་དྲྭ་བ་ཀུན་བཅད་ནས། །མཁྱཻན་པ་རྣམ་བཞིའི་ཆོས་ འཁོར་ལེགས་བསྐོར་བ། །རྒྱལ་བ་སྐུ་བཞིའི་འཁོར་ལོ་རྗེ་ལ་འདུད། །མགོན་ཁྱོད་ལ་ལར་ མཛད་པ་བཅུ་གཉིས་སྟོན། །ལ་ལར་རྟེན་དང་བརྟེན་པ་དུ་མའི་ཚུལ། །སྣ་ཚོགས་སྤྲུལ་པ་ སྒྱུ་མའི་གཟུགས་ འཛིན་པའི། །ཨེ་མ་ངོ་མཚར་ཆོས་རྗེའི་ཞབས་ལ་འདུད། །དེ་ལྟའི་དེ་བཞིན་གཤེགས་པ་ དེ་དྲུང་དུ། །བསྟན་མཆོག་བསྟན་པའི་ཐ་མར་གྱུར་པའི་ཚེ། །སྙིགས་དུས་སྙིགས་མའི་ སེམས་ཅན་གདུལ་བའི་ཕྱིར། །རྒྱལ་བའི་རྒྱལ་ཚབ་ཆེན་པོའི་ཞབས་ལ་འདུད། །བདག་ གིས་བདག་གི་སྲོག་ལའང་མི་ལྟ་བར། །ཡང་དག་ལྟ་ལ་ཡང་དག་དགོད་བྱར་ ཞེས། །སེམས་བསྐྱེད་སེམས་ 8-1-753 དཔའ་ཇི་ལྟར་སྨོན་བཞིན་དུ། །བླ་མེད་བླ་མ་ཆོས་རྗེའི་ཞབས་ལ་འདུད། །སྐྱེད་བྱེད་ ལྷུམས་ཀྱི་གཞལ་མེད་ཁང་ཆེན་དེར། །བྱང་སེམས་ཟླ་བའི་དཀྱིལ་འཁོར་རབ་རྒྱས་ ནས། །ཕན་བདེའི་བསིལ་ཟེར་འོད་སྟོང་འཕྲོས་པ་ཡིས། །ཉོན་མོངས་དུག་སེལ་ཆོས་རྗེའི་ ཞབས་ལ་འདུད། །ལྷུམས་ནས་མངོན་པར་བལྟམས་པ་དེ་ཡི་ཚེ། །དོན་གྲུབ་ལུམ་བུའི་ ཚལ་དུ་འཁྲུངས་པ་ལྟར། །འཛིན་མ་རབ་གཡོས་སྒྲ་སྒྲོགས་འཇའ་འོད་ཀྱིས། །འཇིག་རྟེན་ སྣང་མཛད་ཆོས་རྗེའི་ཞབས་ལ་འདུད། །གང་གིས་མཐོང་ཐོས་རེག་པ་ཙམ་གྱིས་ ཀྱང༌། །ཉོན་མོངས་ནད་དང་མྱ་ངན་ཀུན་སེལ་ཞིང༌། །དགའ་བདེའི་དཔལ་གྱིས་འགྲོ་ རྣམས་ཚིམ་མཛད་པའི། །གཞོན་ནུའི་རོལ་རྩེད་ཆོས་རྗེའི་ཞབས་ལ་འདུད། །ཤེས་བྱའི་ གནས་ཀུན་མ་ལུས་ཐུགས་ཆུད་ཀྱང༌། །གློག་ཡིག་རྩིས་ཀྱི་གྲྭར་ཡང་འཇུག་པར་ མཛད། །མཁས་གྲུབ་རྣམས་ལ་བསྒྲུབ་པ་བཀའ་བརྒྱད་སོགས། །ལན་རེ་ཞུས་པ་ཙམ་གྱིས་ མཁྱེན་ལ་འདུད༌། །མཁས་བཙུན་མཆོག་གྱུར་མཁན་སློབ་དེ་དྲུང་དུ། །དགེ་བའི་མཆོག་ གྱུར་ཚུལ་ཁྲིམས་སྡོམ་པ་ནོད། །ཐུགས་བསྐྱེད་མཆོག་གྱུར་བསླབ་བྱ་ཀུན་ལ་ བསླབ། །སྦྱངས་པའི་སྟོབས་གྱུར་ཆོས་རྗེའི་ཞབས་ལ་འདུད། ། ཤེས་རབ་མཆོག་གྱུར་བསྟན་པའི་རྒྱལ་མཚན་དེས། །དཀའ་བའི་མཆོག་གྱུར་སྲོག་ཀྱང་ ཡལ་བར་དོར། །བླ་མའི་མཆོག་གྱུར་འཇམ་པའི་དབྱངས་དང་མཇལ། །རིགས་པའི་ མཆོག་གྱུར་ལྟ་ངན་འཇོམས་ལ་འདུད། །ཤེས་རབ་མཚན་ཅན་ཡིད་བཞིན་ནོར་བུ་ ཡི། །སྨོན་ལམ་དེད་ དཔོན་མཆོག་གིས་རབ་བསྐངས་ནས། །དཔལ་ལྡན་ས་སྐྱ་འདོད་དགུའི་འབྱུང་གནས་ དེར། །སྐྱེ་དགུའི་རེ་འདོད་ཡིད་བཞིན་སྐོངས་ལ་འདུད། །སྐྱི་སྟོན་འཇམ་དབྱངས་མཁྱེན་ བརྩེའི་ཕྱག་གིས་ནི། །ལུང་རིགས་བྱི་དོར་ལེགས་བྱས་རིན་ཆེན་འདི། །སྡེ་འཛིན་རྒྱལ་ མཚན་རྩེ་ལ་མངོན་པར་འཁོད། །དབང་གི་རྒྱལ་པོ་ཆོས་རྗེའི་ཞབས་ལ་འདུད། །མི་ དབང་སེང་ཆེན་ཐུགས་རྗེའི་ལུས་བསྒྱིངས་ཏེ། །ཚད་མེད་བཞི་ཡི་ཡན་ལག་རབ་རྒྱས་ པ། །ཐུབ་དབང་གངས་རིའི་ངོས་ལ་ལེགས་གནས་ནས། །སྟོང་ཉིད་སྙིང་རྗེའི་ཆོས་སྒྲ་ 8-1-754 སྒྲོགས་ལ་འདུད། །རྣམ་དག་ལུང་རིགས་རྟོགས་པའི་མཆེ་སྡེར་ཅན། །བསླབ་གསུམ་རལ་ པའི་ཁུར་གྱིས་བརྗིད་པ་དེ། །ལྟ་སྤྱོད་ལོག་འཛིན་ཝ་ཚོགས་འཇོམས་ལ་བརྩོན། །སྨྲ་བའི་ སེང་གེ་ཀུན་མཁྱེན་རྗེ་ལ་འདུད། །གཞོན་ནུའི་དུས་ནས་བསླབ་གསུམ་མཐར་ཕྱིན་ པས། །འཁོར་ལོ་གསུམ་གྱི་བཀའ་དང་བསྟན་བཅོས་རྣམས། །མ་ལུས་མཐར་ཕྱིན་མཁས་ པའི་མདུན་སར་གྲགས། །བསྟན་པའི་མངའ་བདག་ཆོས་རྗེའི་ཞབས་ལ་འདུད། །ལུང་ རིགས་སྒྲ་ཡིས་ལོག་བློའི་ལྟ་བ་བཅོམ། །འཆད་རྩོད་རྩོམ་པས་བསྟན་པའི་སྒྲོན་མར་ གྱུར། །ལང་ཚོའི་དུས་ན་མཁས་པའི་གཙུག་རྒྱན་མཆོག །རྒྱལ་བའི་རྒྱལ་མཚན་ཆོས་རྗེའི་ ཞབས་ལ་འདུད། །གང་ཐུགས་ཡེ་ཤེས་གསལ་བས་ཤེས་བྱ་ཀུན། །མེ་ལོང་ནང་གི་ གཟུགས་བརྙན་ལྟར་གཟིགས་ཀྱང༌། །འགྲོ་བའི་དོན་དུ་སླར་ཡང་གསན་པའི་ཚུལ། །སྟོན་ མཛད་ཀུན་མཁྱེན་ཆོས་ཀྱི་རྗེ་ལ་འདུད། །རྡོ་རྗེ་རྒྱལ་པོ་ཆེན་པོའི་གཞུང་ལུགས་ རྣམས། །སྔོན་དུ་ལེགས་པར་ཐུགས་སུ་ཆུད་པའི་མཐུས། །སྐུ་ཚེ་འདིར་ནི་ལན་རེ་གསན་ ཙམ་གྱིས། །མཁས་པའི་མཆོག་གྱུར་ཀུན་མཁྱེན་རྗེ་ལ་འདུད། ། ཆོས་ཚུལ་རྒྱ་མཚོ་ཕ་རོལ་ལེགས་སྟོན་པ། །ཆོས་ཀྱི་མངའ་བདག་སྐྱི་སྟོན་འཇམ་དབྱངས་ ཀྱིས། །ཆོས་ཀྱི་འཁོར་ལོ་དྲི་མེད་བསྐོར་བའི་ཚེ། །ཆོས་ཀུན་སྒྲིབ་མེད་མཁྱེན་པའི་རྗེ་ལ་ འདུད། །ཆོས་རྗེ་ཆོས་ལ་གོམས་པ་སྔོན་སོང་ཕྱིར། །ཆོས་ཀྱི་ཚུལ་རྣམས་ལན་རེ་གཟིགས་ ཙམ་གྱིས། །ཆོས་ཀྱི་དེ་ཉིད་ཇི་ལྟ་ཇི་སྙེད་མཁྱེན། །ཆོས་ཀྱི་སྤྱན་མངའ་ཆོས་རྗེའི་ཞབས་ལ་ འདུད། །སྙིང་ནས་སྙིང་པོ་མེད་པའི་བྱ་བ་ཀུན། །དེ་ནས་དེ་ཚེ་དེ་མ་ཐག་དོར་ཏེ། །གང་ དང་གང་དུ་གསང་སྤྱོད་ལ་གཤེགས་པ། །བླ་མེད་བླ་མ་ཆོས་ཀྱི་རྗེ་ལ་འདུད། །ཁྱོད་ཀྱིས་ འཁོར་བའི་བདེ་བ་བར་སྣང་གི །གློག་བཞིན་གཡོ་བའི་སྙིང་པོ་མེད་གཟིགས་ ནས། །དབེན་ པའི་གནས་སུ་ཐར་བའི་འཇུག་ངོགས་མཆོག །ཞི་གནས་ལྷག་མཐོང་རྟོགས་པའི་རྗེ་ལ་ འདུད། །ཡོན་ཏན་རྒྱ་མཚོའི་དུས་འཁོར་རིན་པོ་ཆེ། །ཤེས་རབ་རྒྱ་མཚོ་རྒྱལ་བའི་མཚན་ ཅན་གྱིས། །མདོ་རྒྱུད་ཟབ་མོའི་གཟེངས་སུ་ལེགས་ཞུགས་ནས། །སེམས་འགྲེལ་རྒྱ་མཚོའི་ 8-1-755 ཐབས་ཀྱིས་འདྲེན་ལ་འདུད། །སེམས་ཅན་རྒྱ་མཚོའི་དབུལ་བ་བསལ་བའི་ཕྱིར། །དབང་ བསྐུར་རྒྱ་མཚོའི་ཐབས་ཀྱིས་རབ་བཀྲུས་ནས། །གདམས་ངག་རྒྱ་མཚོས་བྱི་དོར་ལེགས་ བྱས་ཏེ། །གདུལ་བྱ་རྒྱ་མཚོའི་རེ་འདོད་སྐོངས་ལ་འདུད། །མཁས་གྲུབ་རྣམས་ལ་སྨིན་ གྲོལ་དབང་དང་ཁྲིད། །མདོ་རྒྱུད་བསྟན་བཅོས་ལུང་རིགས་མན་ངག་དང༌། །སྒྲ་དང་ སྙན་ངག་བཟོ་དང་གསོ་བ་རིག །ལེགས་གསན་ཀུན་མཁྱེན་ཆོས་རྗེའི་ཞབས་ལ་ འདུད། །ཆོས་རྣམས་ཀུན་གྱི་ཚིག་དོན་མ་ལུས་པ། །ཐོས་དང་དོན་རྟོགས་དུས་མཉམ་ འབྱུང་བ་འདི། །ཁྱོད་ཀྱི་ལུགས་ཡིན་གཞན་ དུ་ག་ལ་སྲིད། །འཇམ་དབྱངས་ཀུན་མཁྱེན་ཆོས་རྗེའི་ཞབས་ལ་འདུད། །ཤེས་བྱའི་མཁའ་ ལ་ཐུགས་རྗེའི་སྤྲིན་བསྡུས་ཤིང༌། །རབ་མཆོག་ཆོས་ཀྱི་འབྲུག་སྒྲ་ཆེར་བསྒྲགས་ཏེ། །སྟོང་ ཉིད་གློག་འགྱུ་རྫིང་བུ་ཆར་རྒྱུན་གྱིས། །རྒྱལ་སྲས་ཐུགས་རྗེ་འཛིན་མ་ཚིམ་ལ་འདུད། །དེ་ ཡིས་ ཐར་པའི་ས་བོན་འཕེལ་བའི་མཐུས། །བྱང་ཆུབ་སེམས་ཀྱི་རྩ་བ་རབ་བརྟན་ ཞིང༌། །མཚན་ དཔེ་མྱུ་གུའི་འདབ་ཚོགས་རབ་རྒྱས་པ། །ཀུན་མཁྱེན་མེ་ཏོག་རྒྱས་པར་མཛད་ལ་ འདུད། །ཆོས་རྗེ་ཡོན་ཏན་རྒྱ་མཚོ་ཆོས་རྒྱལ་དེས། །ཆོས་ཀུན་བདག་པོར་ལུང་བསྟན་ ཆོས་རྗེ་ལ། །ཆོས་ཀྱི་རིན་ཆེན་ནོར་དང་ཆོས་མཛོད་གཏད། །ཆོས་ཀྱི་དབང་ཕྱུག་ཆོས་ རྗེའི་ཞབས་ལ་ འདུད། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཆོས་རྗེ་དེ། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ཆོས་ཀྱིས་ སྐྱོང༌། །ཆོས་ཀྱི་སེང་གེའི་ཁྲི་ལ་ཆོས་སྟོན་པའི། །ཆོས་རྒྱལ་རིགས་ལྡན་ཆོས་རྗེའི་ཞབས་ལ་ འདུད། །མཐའ་དྲུག་ཚུལ་བཞིའི་དཔལ་གྱི་སྒོ་ཕྱེས་ནས། །མཐའ་དྲུག་ཚུལ་བཞིའི་དོན་ རྣམས་ལེགས་སྟོན་པའི། །མཐའ་དྲུག་ཚུལ་བཞིའི་མཛད་པས་གདུལ་བྱ་རྣམས། །མཐའ་ དྲུག་ཚུལ་བཞིའི་བདག་ཉིད་རྗེ་ལ་འདུད། །མཐའ་དྲུག་ཚུལ་བཞིའི་མཛད་པས་གདུལ་ བྱ་རྣམས། །མཐའ་དྲུག་ཚུལ་བཞིའི་ལམ་ལ་ལེགས་དྲངས་ནས། །མཐའ་དྲུག་ཚུལ་བཞིའི་ 8-1-756 དཔལ་ལ་འགོད་མཛད་པའི། །མཐའ་དྲུག་ཚུལ་བཞིའི་འཕྲིན་ལས་མཆོག་ལ་ འདུད། །ཚར་གཅོད་རྣམ་ལྔའི་གདན་ས་ལེགས་དག་ཅིང༌། །རིག་པའི་གནས་ལྔ་སྔོན་དུ་ སྦྱངས་པའི་མཐུས། །ཉོན་མོངས་དུག་ལྔ་གྲོལ་བ་འཇམ་པའི་དབྱངས། །སྤྱན་ལྔ་ཆགས་ མེད་གདོད་ནས་འཆང་ལ་འདུད། །སྙིགས་མ་ལྔ་ཡི་ནགས་ཚལ་མུན་ཁྲོད་དུ། །འགྲོ་བ་ རྒྱུད་ལྔར་འཁོར་བའི་སེམས་ཅན་ལ། །རྣམ་དག་ལམ་ལྔ་ལེགས་པར་སྟོན་མཛད་ པའི། །ཡེ་ཤེས་ལྔ་ལྡན་ཆོས་ཀྱི་རྗེ་ལ་འདུད། །ཨེ་མ་ངོ་མཚར་ཆོས་རྗེའི་སྐུ་གསུང་ ཐུགས། །རྨད་བྱུང་མཛད་པ་འཕྲིན་ལས་མདོར་བསྡུ་ན། །ནམ་མཁའི་དབྱིངས་ཀྱི་མཐར་ ཐུག་ཅི་ཙམ་པ། །ཁྱོད་ཀྱིས་སྐུ་གསུང་ཐུགས་ཀྱིས་ཁྱབ་ལ་འདུད། །ཅི་ཙམ་སེམས་ཅན་ ཁམས་ཀྱི་མཐར་ཐུག་པ། །ཁྱོད་ཀྱི་འཕྲིན་ལས་མཐུ་ཡང་དེ་ཙམ་ལགས། །དེ་སླད་བསམ་ གྱིས་མི་ཁྱབ་བརྟག་དཀའ་བའི། །ཡོན་ཏན་དཔག་ ཡས་ཆོས་རྗེའི་ཞབས་ལ་འདུད། །ཀུན་མཁྱེན་ཆེན་པོའི་ཐུགས་རྗེ་བསམ་མི་ཁྱབ། །སྐུ་ འབུམ་ཆེན་པོའི་ཡོན་ཏན་བསམ་མི་ཁྱབ། །དཀྱིལ་འཁོར་ཆེན་པོའི་བྱིན་རླབས་བསམ་ མི་ཁྱབ། ། འཕྲིན་ལས་ཆེན་པོ་བསམ་མི་ཁྱབ་ལ་འདུད། །བླ་མ་ཆེན་པོའི་དགེ་བསྐུལ་བསམ་མི་ ཁྱབ། ། དད་གུས་ཆེན་པོའི་འབུལ་བ་བསམ་མི་ཁྱབ། །སྨོན་ལམ་ཆེན་པོའི་འབྲས་བུ་བསམ་མི་ ཁྱབ། །ཁྱད་འཕགས་ཆེན་པོ་བསམ་མི་ཁྱབ་ལ་འདུད། །བླ་མེད་བླ་མ་ཀུན་མཁྱེན་ཆོས་རྗེ་ དེ། །ཤེས་དང་ཤེས་བྱ་མ་ལུས་ཐུགས་ཆུད་པས། །གང་དང་གང་དུ་གདུལ་བྱ་འདུལ་བ་ ལ། །ཐུགས་རྗེའི་ཐུགས་མངའ་ཆོས་རྗེའི་ཞབས་ལ་འདུད། །རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ བཀའ་བཞིན་དུ། །དེ་དང་དེ་ཡི་ཁམས་དང་བསམ་པ་བཞིན། །ཆོས་དང་ཆོས་ཉིད་ ལེགས་པར་རྣམ་ཕྱེས་ནས། །སྟོན་མཛད་སྟོན་པ་ཤཱཀྱའི་རྒྱལ་ལ་འདུད། །ཚོགས་གཉིས་ཆུ་ གཏེར་ལས་འཁྲུངས་གདུལ་བྱ་རྣམས། །དབང་གཉིས་ཆབ་ཀྱི་སྒོ་གསུམ་དྲི་མ་ སྦྱངས། །རིམ་གཉིས་ལམ་བསྟན་སྐུ་བཞིའི་དཔལ་ལ་བཀོད། །དོན་གཉིས་མཐར་ཕྱིན་ 8-1-757 ཆོས་རྗེའི་ཞབས་ལ་འདུད། །སྐྱེ་ཤི་བར་དོར་སྤྲུལ་བ་སྒྱུ་མ་ཡིས། །རྨི་ལམ་བར་དོ་ལྟ་བུའི་ ཆོས་བསྟན་ནས། །སྲིད་པ་བར་དོའི་འགྲོ་རྣམས་གྲོལ་མཛད་པའི། །གཞན་མཆོག་བར་དོ་ ཆོས་རྗེའི་ཞབས་ལ་འདུད། །ཆོས་ཀྱི་རྒྱལ་པོ་ཆོས་རྗེའི་རྒྱལ་ཚབ་མཆོག །ཆོས་ཀྱི་བློ་གྲོས་ ཆོས་ཀྱི་དཔལ་ལ་སྤྱོད། །ཆོས་བཞིན་བསྒྲུབས་རྣམས་ཆོས་ཀྱིས་ཚིམ་པར་མཛད། །ཆོས་ རྗེའི་ཐུགས་སྲས་ཆོས་རྗེའི་ཞབས་ལ་འདུད། །ཆེན་པོའི་ཆེན་པོ་གདུང་རྒྱུད་སྨིན་ཅིང་ གྲོལ། །ཆོས་རྗེའི་ཆོས་རྗེ་ཀུན་བཟང་མཆོད་པས་མཆོད། །དྲག་པོའི་དྲག་པོ་ཐབས་ཀྱིས་ གདུལ་བར་མཛོད། །བླ་མའི་བླ་མ་ཆོས་རྗེའི་ཞབས་ལ་འདུད། །ཀུན་མཁྱེན་ཀུན་སྤངས་ ཆོས་ལྔ་ཡབ་སྲས་ཀྱིས། །སྐུ་འབུམ་སྐུ་བཟངས་གཙུགས་ལག་ཁྱད་འཕགས་ བཞེངས། །གསེར་གདུགས་གསེར་ཏོག་རིན་ཆེན་དུ་མས་བརྒྱན། །རབ་གནས་རབ་མཛད་ ཆོས་རྗེའི་ཞབས་ལ་འདུད། །འཁོར་འདས་བདེན་གཉིས་ཁམས་གསུམ་དུས་གསུམ་ དང༌། །ཐེག་གསུམ་སྐུ་གསུམ་བདེན་བཞི་སྐུ་བཞི་སོགས། ། དབྱེར་ཡོད་དབྱེར་མེད་གསུངས་པའི་དོན་རྟོགས་ནས། །འགྲོ་ལ་སྟོན་མཛད་ཆོས་རྗེའི་ ཞབས་ལ་འདུད། །དབང་པོ་དམན་དང་འབྲིང་དང་མཆོག་རྣམས་ལ། །ཉན་ཐོས་རང་ རྒྱལ་ ཐེག་པ་ཆེན་པོ་ཡང༌། །མདོ་སྔགས་རྒྱུ་འབྲས་དབྱེར་མེད་ཟུང་འཇུག་ཏུ། །ལེགས་པར་ སྟོན་མཛད་ཆོས་རྗེའི་ཞབས་ལ་འདུད། །གདོད་ནས་བདུད་དང་ཉོན་མོངས་ངེས་བཅོམ་ ཕྱིར། ། ཕུང་ཁམས་སྐྱེ་མཆེད་ལས་དབང་ཡུལ་བཅས་ཀྱི། །དབུས་ན་བཞུགས་ཀྱང་དྲི་མས་མི་ བརྫི་བ། །སྲོག་གཟུགས་དབང་འབྱོར་ཆོས་རྗེའི་ཞབས་ལ་འདུད། །ཆོས་ཀྱི་ཕོ་བྲང་དཔལ་ ལྡན་ ཤམ་བྷ་ལར། །ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་གྲགས་པ་ཡིས། །རིགས་བཞི་རིགས་གཅིག་ མཛད་པ་ཇི་ལྟ་བར། །རིགས་ཀུན་མངའ་བདག་ཆོས་རྗེའི་ཞབས་ལ་འདུད། །འདུས་བྱས་ ཆོས་ལས་གདོད་ནས་ངེས་གྲོལ་ཡང༌། །འདུས་བྱས་འདུས་མ་བྱས་པའི་དགེ་བ་ 8-1-758 ཡིས། །འདུས་བྱས་མཁའ་མཉམ་འགྲོ་བ་མ་ལུས་པའི། །འདུས་བྱས་རྒུད་སེལ་ཆོས་རྗེའི་ ཞབས་ལ་འདུད། །ཁྱད་འཕགས་རྟེན་གསུམ་གཙུག་ལག་མཆོད་རྟེན་དང༌། །ཁྱད་ འཕགས་བཀའ་དང་བསྟན་བཅོས་ཕུལ་བྱུང་སོགས། །ཁྱད་འཕགས་ཐུགས་དམ་བཞེངས་ པའི་མཛད་པས་ཀྱང༌། །ཁྱད་འཕགས་དོན་མཛད་ཆོས་རྗེའི་ཞབས་ལ་འདུད། །འགྲོ་དྲུག་ མ་རིག་གཉིད་ལ་སངས་ཕྱིར་དུ། །ཡིག་དྲུག་རྡོ་རྗེའི་འབྲུག་སྒྲ་སྒྲོགས་མཛད་ཅིང༌། །སྦྱོར་ དྲུག་ཞུ་བདེའི་ཆར་ཆེན་ཕབ་པ་ཡིས། །རིགས་དྲུག་མངོན་མཛད་ཆོས་རྗེའི་ཞབས་ལ་ འདུད། །སྙན་པའི་གྲགས་པས་ས་གསུམ་ཁྱབ་པའི་མཐུས། །གོང་མའི་གདན་འདྲེན་འོང་ བར་སྔོན་ནས་མཁྱེན། །རི་ཁྲོད་དབེན་གནས་བས་མཐར་བསམ་གཏན་མཛད། །རྫུ་ འཕྲུལ་མཐའ་ཡས་ཆོས་རྗེའི་ཞབས་ལ་འདུད། །དགའ་བཞིའི་འགྲོས་ཀྱིས་འཇིགས་པ་ བཅུ་དྲུག་བཅོམ། །ཏིང་འཛིན་ངང་ནས་ཆོས་སྒོ་དུ་མ་ཕྱེ། ། གང་ལ་གང་འདོད་དམ་ཆོས་དགའ་སྟོན་འགྱེད། །སྤྲུལ་པའི་མཆོག་གྱུར་ཆོས་རྗེའི་ ཞབས་ལ་འདུད། །དོན་དམ་ཆོས་སྐུ་བདེ་སྟོང་ཟུང་འཇུག་དང༌། །དོན་དམ་དུས་འཁོར་ བདེ་དགྱེས་གསང་འདུས་སོགས། །དོན་དམ་ལྷ་སྔགས་རྒྱུད་དང་དཀྱིལ་འཁོར་ དང༌། །དོན་དམ་གཞན་ སྟོང་སྟོན་མཛད་རྗེ་ལ་འདུད། །ཁྱད་པར་ཤམ་བྷ་ལ་ཡི་རྒྱུད་མཆོག་དང༌། །འགྲེལ་མཆོག་ མན་ངག་མཆོག་རྣམས་ལེགས་རྟོགས་པས། །ཟབ་མོ་མཐར་ཐུག་ཐུན་མོང་མིན་པ་ ཀུན། །ལེགས་པར་སྟོན་མཛད་ཆོས་ཀྱི་རྗེ་ལ་འདུད། །མདོ་རྒྱུད་རྒྱ་མཚོའི་དོན་རྣམས་ ཐུགས་ཆུད་ཅིང༌། །བསྟན་བཅོས་རྒྱ་མཚོའི་དོན་རྣམས་དབང་འབྱོར་བས། །མཁས་ བཙུན་རྒྱ་མཚོའི་གཙུག་གི་རྒྱན་གྱུར་པའི། །ཆོས་ཀྱི་རྒྱ་མཚོའི་ཆོས་རྗེའི་ཞབས་ལ་ འདུད། །དབེན་གནས་རྒྱ་མཚོའི་ཏིང་འཛིན་རྒྱ་མཚོ་དང༌། །སངས་རྒྱས་རྒྱ་མཚོ་ཞིང་ ཁམས་རྒྱ་མཚོའི་གཟུགས། །ཡོན་ཏན་རྒྱ་མཚོ་འཕྲིན་ལས་རྒྱ་མཚོའི་དཔལ། །ཤེས་རབ་རྒྱ་ མཚོ་ཡེ་ཤེས་རྒྱ་མཚོར་འདུད། ། ཐུགས་མཆོག་ཆོས་སྐུའི་ངང་ལས་མ་གཡོས་བཞིན། །གསུང་མཆོག་ཚངས་དབྱངས་ 8-1-759 རྫོགས་ལྡན་ཆོས་སྒྲ་སྒྲོགས། །སྐུ་མཆོག་གློ་བུར་རྐྱེན་གྱིས་མི་གཡོ་བ། །ཡེ་ཤེས་མཆོག་གྱུར་ ཆོས་རྗེའི་ཞབས་ལ་འདུད། །དུས་འཁོར་ལྷ་ཚོགས་དམིགས་མེད་སྙིང་རྗེའི་ བདག །དཀྱིལ་འཁོར་ཆེན་པོ་རྣམ་ཀུན་མཆོག་ལྡན་གཟིགས། །དབྱེར་མེད་དོན་སྟོན་ རྒྱུད་འགྲེལ་ཆེན་པོ་ཡིས། ། འཁྲུལ་པ་ཀུན་སེལ་ཆོས་རྗེའི་ཞབས་ལ་འདུད། །ཉིད་ཐུགས་འཛིན་མར་ཟུང་འཇུག་ ལྷུན་པོ་ནི། །དགེ་རྟེན་འགྱུར་མེད་རྣམ་འཕྲུལ་བསམ་མི་ཁྱབ། །རྐྱེན་དང་རླུང་སྟོབས་ དྲག་པོས་སྐད་ཅིག་ཀྱང༌། །གཡོ་བར་མི་ནུས་ཆོས་རྗེའི་ཞབས་ལ་འདུད། །བྱ་རྒོད་ཕུང་པོ་ ཐུབ་པའི་ དབང་པོ་ཡིས། །ཐེག་མཆོག་ཕ་རོལ་ཕྱིན་ཚུལ་གསུངས་པ་ལྟར། །བདེ་བ་ཅན་དུ་ཀུན་ མཁྱེན་ཆོས་རྗེ་ཡིས། །རྫོགས་ལྡན་ཆོས་འཁོར་བསྐོར་ལ་གུས་ཕྱག་འཚལ། །སྨན་བླའི་ཞིང་ ཁམས་ དཔལ་ལྡན་སྣང་ཐང་དུ། །སྨན་པའི་རྒྱལ་པོ་ཆོས་རྗེ་བྱོན་པའི་ཚེ། །སྨན་པའི་ནུས་མཐུས་ འབྱུང་བཞིའི་ནད་རྣམས་ཞི། །སྨན་གཞན་དུག་གསུམ་ནད་སེལ་རྗེ་ལ་འདུད། །བདེ་ཆེན་ རྒྱ་མཚོ་མཁན་སློབ་རྒྱ་མཚོ་དང༌། །དགེ་འདུན་རྒྱ་མཚོ་མཆོད་སྤྲིན་རྒྱ་མཚོ་མཆོད། །མདོ་ རྒྱུད་རྒྱ་མཚོ་ཟབ་མོ་རྒྱ་མཚོ་གསུངས། །ཉམས་རྟོགས་རྒྱ་མཚོ་སྐུ་བཞིའི་རྒྱ་མཚོར་ འདུད། ། འགྲོ་བའི་མགོན་པོ་གང་དུ་བྱོན་པ་དེར། །འགྲོ་རྣམས་བསླབ་གསུམ་ལམ་ལ་ལེགས་པར་ བཀོད། །འགྲོ་དྲུག་སྒོ་བཅད་ཆོས་ཀྱི་སྒོ་རྣམས་ཕྱེ། །འགྲོ་རྣམས་འདྲེན་མཛད་ཆོས་རྗེའི་ ཞབས་ལ་འདུད། །དེ་ཚེ་ལྷ་ཀླུ་མི་དང་ལྷ་མི་རྣམས། །མཁའ་ལས་མེ་ཏོག་ཆར་འབེབས་ འཇའ་འོད་འགྱེད། །རིན་ཆེན་བདུན་དང་བཀྲ་ཤིས་རྫས་བརྒྱད་སོགས། །ཀུན་བཟང་ མཆོད་སྤྲིན་རྒྱ་མཚོས་མཆོད་ལ་འདུད། །བྱམས་དང་སྙིང་རྗེ་བྱང་སེམས་མཐར་ཕྱིན་ པས། །སེམས་ཅན་རྣམས་ལ་བུ་གཅིག་ལྟར་དགོངས་ཏེ། །འདི་ཕྱི་གཏན་དུ་བདེ་བའི་ ཆོས་ཀྱི་སྒོ། །རྣམ་མང་འབྱེད་མཛད་ཆོས་རྗེའི་ཞབས་ལ་འདུད། །དབང་པོ་དམན་དང་ 8-1-760 འབྲིང་དང་མཆོག་རྣམས་ལ། །ཉན་ཐོས་རང་རྒྱལ་ཐེག་པ་ཆེན་པོ་ཡང༌། །རྒྱུ་འབྲས་ གཙོར་སྟོན་སྙིང་པོ་སྙིང་རྗེའི་ཚུལ། །མདོ་སྔགས་སྟོན་མཛད་ཆོས་རྗེའི་ཞབས་ལ་ འདུད། །དུས་གསུམ་སྒྲིབ་མེད་གཟིགས་པའི་རིན་པོ་ཆེ། །དུས་གསུམ་དུས་མེད་འགྲོ་བའི་ དོན་ལ་བརྩོན། །དུས་གསུམ་ དངོས་གྲུབ་རྣམ་གཉིས་སྩོལ་མཛད་པའི། །དུས་གསུམ་མཁྱེན་པའི་ཆོས་རྗེའི་ཞབས་ལ་ འདུད། ། སྤྱན་རས་གཟིགས་དབང་དབུས་ལ་བྱོན་པའི་ཚེ། །སྤྱན་རས་གཟིགས་ཀྱི་ལེགས་པར་ལུང་ བསྟན་ཅིང༌། །སྤྱན་རས་གཟིགས་ཀྱིས་སྤྲུལ་བས་གདན་འདྲེན་པ། །སྤྱན་རས་གཟིགས་ དབང་ རྣམ་འཕྲུལ་ཅན་ལ་འདུད། །ཉོན་མོངས་རྣམ་བཞིའི་ཚ་ཟེར་གིས་གདུངས་པའི། །སྐྱེ་ གནས་རྣམ་བཞིའི་སེམས་ཅན་མ་ལུས་པའི། །བསྡུ་བ་རྣམ་བཞིའི་བསིལ་ཟེར་གྱིས་བསྡུས་ ནས། །ཚད་མེད་རྣམ་བཞིའི་དཔལ་ཀུན་རྗེ་ལ་འདུད། །ཟག་པ་རྣམ་བཞིའི་གློ་བུར་དྲི་མ་ རྣམས། ། དགའ་བ་རྣམ་བཞིའི་ཆབ་ཀྱིས་ལེགས་སྦྱངས་ནས། །རྣལ་འབྱོར་རྣམ་བཞིའི་ཟབ་ལམ་ སྟོན་མཛད་པ། །སེམས་དཔའ་རྣམ་བཞིའི་བདག་ཉིད་ལ་ཕྱག་འཚལ། །ཀུན་བཏགས་ ཡོངས་གྲུབ་ཆེན་པོ་ཆོས་ཉིད་དང༌། །ཀུན་རྫོབ་དོན་དམ་འཇིག་རྟེན་འཇིག་རྟེན་ འདས། །རང་སྟོང་གཞན་སྟོང་བྱང་ཆུབ་རྣམ་གཉིས་སུ། །ལེགས་པར་རྣམ་འབྱེད་ལེགས་ སྟོན་ཆོས་རྗེར་འདུད། ། ཐུགས་རྗེ་ཆེན་པོའི་ཞིང་འདིར་ཐུགས་རྗེ་ཡིས། །སྤྲུལ་པའི་སྐྱེ་མཆོག་འགྲོ་མགོན་སྤྲུལ་ བའི་སྐུ། །སྨིན་གྲོལ་གཉིས་ཀྱིས་སེམས་ཅན་སྨིན་གྲོལ་མཛད། །ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ ཀུན་ནས་འདུད། །བསྟན་དང་སེམས་ཅན་མང་པོའི་དོན་གྱི་ཕྱིར། །བསྟན་གཙོའི་དྲུང་ བྱོན་ཀུན་བཟང་མཆོད་པས་མཆོད། །བསྟན་རྒྱས་འགྲོ་རྣམས་བདེ་བའི་གསོལ་འདེབས་ མཛད། །བསྟན་འཛིན་འགྲོ་བའི་གཉེན་གཅིག་ལ་ཕྱག་འཚལ། །ཐུགས་རྗེ་ཆེན་པོས་འགྲོ་ 8-1-761 ཀུན་བུ་བཞིན་གཟིགས། །ཐུགས་རྗེ་མཐུ་སྟོབས་འཕྲིན་ལས་རྨད་དུ་བྱུང༌། །ཐུགས་རྗེའི་ ལམ་ལ་འགྲོ་རྣམས་འདྲེན་པར་མཛད། །ཐུགས་རྗེའི་མངའ་བདག་ཀུན་མཁྱེན་རྗེ་ལ་ འདུད། །ཤེས་བྱ་ཀུན་མཁྱེན་ཀུན་མཁྱེན་མཆོག་རབ་ཁྱོད། །བསྟན་པའི་རྒྱལ་མཚན་རྒྱལ་ མཚན་མཆོག་གཅིག་པོ། །དཔལ་ལྡན་བླ་མ་བླ་མ་མཆོག་ཁྱོད་ཀྱིས། །བསྟན་པའི་ལམ་ སྟོན་ལམ་སྟོན་མཆོག་ལ་འདུད། །བ་མོས་ཕོག་པའི་པད་ཚལ་རྫི་ཆབ་དང༌། །ཉི་མའི་འོད་ ཀྱིས་རབ་འབར་ཆེར་རྒྱས་ལྟར། །གང་གི་གསུང་མཆོག་རྫི་ཆར་ཉི་འོད་ཀྱིས། །གདུལ་ བྱའི་པད་ཚལ་དགའ་སྐྱེ་རྗེ་ལ་འདུད། །དུས་བཞིའི་མཐའ་འདིར་རྒྱལ་བའི་བསྟན་པ་ ལ། །སྐྱབས་འགྲོ་ནས་བཟུང་དགེ་སྦྱོང་བསླབ་པའི་བར། །སེམས་བསྐྱེད་བློ་སྦྱོང་སྨིན་གྲོལ་ རིམ་པ་ཡིས། །འགྲོ་བའི་བྱང་ཆུབ་རྒྱས་པར་མཛད་ལ་འདུད། །ཁྱད་པར་ཟབ་ལམ་རྡོ་ རྗེའི་རྣལ་འབྱོར་གྱི། །སྣོད་གྱུར་སྐལ་ལྡན་སྟོང་ཕྲག་དུ་མ་ཞིག །ཕྱིར་མི་ལྡོག་པའི་ས་ལ་ ལེགས་པར་བཀོད། །ཐམས་ཅད་མཁྱེན་པ་བདུན་ལྡན་ཞབས་ལ་འདུད། །སྐྱེ་མཆེད་རྣམ་ རྟོག་བརྒྱད་པོ་མཐར་ཕྱིན་པས། ། ཀུན་ནས་ལྡང་བ་བརྒྱད་དང་གདོད་ནས་བྲལ། །འཕགས་པའི་ལམ་མཆོག་བརྒྱད་པོས་ འགྲོ་ རྣམས་སྒྲོལ། །རྣམ་པར་ཐར་པ་བརྒྱད་ལྡན་རྗེ་ལ་འདུད། །ཀུན་སྦྱོར་དགུ་ཡིས་འཆིང་ བས་བཅིངས་པ་རྣམས། །སྙོམས་འཇུག་དགུ་ཡིས་ཐར་བའི་ལམ་བསྟན་ནས། །ཡོངས་ གྲུབ་དགུ་ ཡིས་འབྲས་མཆོག་སྩོལ་མཛད་པའི། །མཁྱེན་པ་དགུ་ཡིས་བདག་ཉིད་རྗེ་ལ་འདུད། །ཆོས་ ཀྱི་སྐུ་ལས་གཡོ་བ་མེད་བཞིན་དུ། །ལོངས་སྤྱོད་སྐུ་ཡིས་ཐེག་ཆེན་ཆོས་སྒྲ་སྒྲོགས། །སྤྲུལ་ པའི་སྐུ་ཡིས་ཕྱོགས་བཅུར་འགྲོ་དོན་མཛད། །བདེ་ཆེན་སྐུ་བཞིའི་དབང་ཕྱུག་རྗེ་ལ་ འདུད། །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་དཔལ་དུ་འབྱོར། །ཆོས་ལ་དབང་བསྒྱུར་ཆོས་བཞིན་ རྒྱལ་སྲིད་ སྐྱོང༌། །ཆོས་ཀྱི་གཟི་འོད་ཆོས་ཀྱི་མཚན་དཔེས་སྤྲས། །ཆོས་ཀྱི་རྒྱལ་པོ་ཆོས་རྗེའི་ཞབས་ལ་ 8-1-762 འདུད། །མཐའ་བྲལ་རྟོགས་པས་ཕྱོགས་འཛིན་མཐའ་དག་ཞིག །བསྒོམ་མེད་བསྒོམ་པས་ ཆད་པའི་བསྒོམ་པ་སྤངས། །ཆགས་མེད་སྤྱོད་པས་འཇིག་རྟེན་ཆོས་བརྒྱད་བྲལ། །བདེ་ སྟོང་ དབྱེར་མེད་ཆོས་རྗེའི་ཞབས་ལ་འདུད། །རྨི་ལམ་ལྟ་བུའི་ཐུགས་དམ་ངང་ཉིད་ ནས། །བྲག་ཅ་ལྟ་བུའི་ཐར་བའི་ལམ་སྟོན་ཅིང༌། །སྒྱུ་མ་ལྟ་བུའི་སེམས་ཅན་མ་ལུས་ པ། །སྨིག་རྒྱུ་ལྟ་བུའི་ སྲིད་མཚོ་སྒྲོལ་ལ་འདུད། །ས་བཅུའི་ས་བཞུགས་དུས་གསུམ་སེམས་ཅན་གྱིས། །ཤེས་ བཅུའི་ ཤེས་སྒྲིབ་བསླབ་གསུམ་གྱིས་སྦྱངས་ནས། །དབང་བཅུའི་དབང་ཕྱུག་གསུམ་ཐོབ་མཛད་ པ་ཡི། །སྟོབས་བཅུའི་སྟོབས་མངའ་སྐུ་གསུམ་ལྡན་ལ་འདུད། །ཡན་ལག་བཅུ་གཉིས་ཆོས་ ཀྱི་འཁོར་ལོ་ཡིས། །རྟེན་འབྲེལ་བཅུ་གཉིས་སྲིད་པའི་རྩ་བ་བཅད། །དུས་སྦྱོར་བཅུ་ གཉིས་ཁྱིམ་གྱི་འཁོར་ལོ་འགགས། །བདེན་དོན་བཅུ་གཉིས་ཆོས་རྗེའི་ཞབས་ལ་ འདུད། །རྫོགས་ལྡན་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལ། །ལེགས་གསུངས་གཞན་ གྱིས་གོ་རྟོགས་མ་གྱུར་པའི། །དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོའི་དོན། །མངོན་ སུམ་སྟོན་མཛད་ཆོས་རྗེའི་ཞབས་ལ་འདུད། །རྣམ་ཤེས་ཡེ་ཤེས་ཉོན་མོངས་རྣམ་སྦྱངས་ དང༌། །ཟག་བཅས་ཟག་མེད་དྲི་བཅས་དྲི་མ་མེད། །རྣམ་རྟོག་ཆོས་སྐུ་སེམས་ཅན་སངས་ རྒྱས་སོགས། །འཁྲུལ་གཞི་མང་པོའི་འཁྲུལ་སེལ་རྗེ་ལ་འདུད། །ལྷ་རྣམས་ཀྱིས་ནི་མེ་ཏོག་ ཆར་འབེབས་དང༌། ། རྣམ་པར་བཀྲ་བའི་འཇའ་འོད་སྤོས་མཆོག་དང༌། །ནམ་མཁའ་གང་བའི་སིལ་སྙན་རོལ་ མོས་མཆོད། །ལྷ་ཡི་ལྷར་གྱུར་ཆོས་རྗེའི་ཞབས་ལ་འདུད། །ས་གཞི་ཐམས་ཅད་བསྒྲུབ་པ་ ཕོ་མོས་གང༌། །ལུས་ངག་སེམས་ལ་ཡེ་ཤེས་རྡོ་རྗེ་ནི། །ཕེབས་པ་རྣམ་འགྱུར་དུ་མས་བསུ་ བར་བྱེད། །གྲུབ་ཆེན་རྒྱལ་པོ་ཆོས་རྗེའི་ཞབས་ལ་འདུད། །ཡངས་པ་ལས་ཀྱང་ཡངས་ པའི་ཆོས་ཀྱི་དབྱིངས། །གསལ་བ་ལས་ཀྱང་གསལ་བའི་འོད་གསལ་ཆེ། །ཟབ་པ་ལས་ཀྱང་ 8-1-763 ཟབ་པའི་དོན་སྟོན་པའི། །མཁས་པ་ལས་ཀྱང་མཁས་པའི་རྗེ་ལ་འདུད། །དབུ་མ་ཆེན་པོ་ ཕྱག་རྒྱ་ཆེན་པོ་དང༌། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་རྣལ་འབྱོར་དང༌། །སངས་རྒྱས་མཉམ་ སྦྱོར་ལྷན་ཅིག་སྐྱེས་སྦྱོར་སོགས། །རྫོགས་ལྡན་ཆོས་མཆོག་སྟོན་པའི་རྗེ་ལ་འདུད། །རྒྱལ་ བ་ཀུན་ལ་བྱང་སེམས་གཅིག་བསྡུས་པས། །འགྲོ་བ་མ་ལུས་བུ་གཅིག་ལྟར་དགོངས་ ཏེ། །དམན་པ་རྣམས་ལ་ལྷག་པར་རྗེས་འཛིན་པའི། །ཨེ་མ་ངོ་མཚར་ཆོས་རྗེའི་ཞབས་ལ་ འདུད། །ཀུན་རྫོབ་སངས་རྒྱས་བྱོན་རུང་མ་བྱོན་རུང༌། །གང་ཟག་རྣམས་ཀྱིས་རྟོགས་ རུང་མ་རྟོགས་རུང༌། །ནམ་ཡང་གང་ནའང་རྟག་ཏུ་བཞུགས་པ་ཡི། །ཡོངས་གྲུབ་དགུ་ དང་བཅུ་གཉིས་སྟོན་ལ་འདུད། ། དེ་ལྟར་རེ་ཞིག་ཡོན་ཏན་བདུན་ལྡན་ཡང༌། །ཆུ་ཡི་ཆུ་བུར་རླུང་གསེབ་མར་མེ་ བཞིན། །མི་རྟག་འཆི་བ་ནམ་ཡོད་མི་ཤེས་ཞེས། །ལེགས་པར་སྟོན་མཛད་ཆོས་ཀྱི་རྗེ་ལ་ འདུད། །རྒྱལ་བའི་ཞིང་འདིར་དོན་གཉིས་མཐར་ཕྱིན་པས། །རྒྱལ་བའི་སྤྲུལ་སྐུ་ཞིང་ གཞན་གཤེགས་བཞེད་དེ། །རྒྱལ་བའི་བཀའ་དང་གདམས་པ་མ་ལུས་པ། །རྒྱལ་བའི་སྲས་ རྣམས་ཚིམ་མཛད་རྗེ་ལ་འདུད། །ཚོགས་གསུམ་མཐར་ཕྱིན་བཞེད་པ་མཐའ་དག་ རྫོགས། །མ་དག་ཞིང་འདིར་གདུལ་བྱའི་སྐལ་ཟད་པ། །མཁྱེན་བཞིན་ངོ་མཚར་ཆོ་འཕྲུལ་ དུ་མར་བཅས། །བདེ་བ་ཅན་ དུ་གཤེགས་ལ་ཕྱག་འཚལ་ལོ། །རྒྱལ་བའི་རྒྱལ་ཚབ་བྱམས་མགོན་དྲུང་དུ་ཡང༌། །རྒྱལ་ བའི་སྲས་ཁྱོད་སེམས་དཔའི་མཆོག་གྱུར་ནས། །རྒྱལ་བའི་རྔ་ཆེན་མདོ་མཆོག་ལེགས་ གསན་པ། །རྒྱལ་བའི་སྲས་མཆོག་བསམ་མི་ཁྱབ་ལ་འདུད། །ཤམ་བྷ་ལ་ན་བྱོན་པའི་ཆོས་ ཀྱི་རྒྱལ། །ཤམ་བྷ་ལ་ཡི་ལྷོ་ཕྱོགས་གངས་ཅན་འདིར། །ཤམ་བྷ་ལ་ཡི་ཆོས་མཆོག་སྐྱེ་བསྟན་ ནས། །ཤམ་བྷ་ལ་ཡི་གནས་གཤེགས་ལ་ཕྱག་འཚལ། །ཨེ་མ་ཁྱེད་སྐུ་རྟག་བརྟན་འགྱུར་ མེད་ཀྱང༌། །ཀྱི་ཧུད་སྐལ་ཟད་ལྟ་བའི་ཡུལ་མ་གྱུར། །ཨེ་མ་ཁྱེད་གསུང་ཚངས་དབྱངས་ རྒྱུན་ཆད་མེད། །ཀྱི་ཧུད་སྐལ་མེད་ཉན་པའི་ཡུལ་མ་གྱུར། །ཨེ་མ་ཁྱེད་ཐུགས་ནམ་མཁའ་ ཆེ་ལྟར་གསལ། །ཀྱི་ཧུད་སྐལ་ཟད་མ་རིག་སྤྲིན་གྱིས་བསྒྲིབས། །ཨེ་མ་ཁྱེད་ཀྱི་ཡེ་ཤེས་བདེ་ 8-1-764 བ་ཆེ། །ཀྱི་ཧུད་སྐལ་དམན་སྡུག་བསྔལ་བཙོན་རར་ཚུད། །ཀྱེ་ཧུད་ཀྱེ་ཧུད་ཀྱེ་མ་འདི་ འདྲའི་དུས། །སྐལ་དམན་རྣམས་ཀྱིས་གང་དུ་ཇི་ཞིག་ནོང༌། །བསམ་གྱིས་མི་ཁྱབ་ངོ་ མཚར་ཆོས་ཀྱི་རྗེ། །རྒྱུན་ཆད་མེད་པས་ཐུགས་རྗེས་བཟུང་དུ་གསོལ། །སེམས་ཅན་གཅིག་ གིའང་དོན་དུ་སྐལ་མང་དུ། །བཟོད་དཀའི་དམྱལ་བར་འཇུག་པའི་ཐུགས་རྗེ་ ཅན། །སངས་རྒྱས་སྤྲུལ་བའི་ཞིང་གཞན་གཤེགས་པའི་ཚེ། །ངོ་མཚར་མཚན་ལྟས་དུ་མ་ སྟོན་ལ་འདུད། །སྣོད་བཅུད་ཚུགས་ཉམས་བྲེད་སྔངས་ཆེན་པོ་གཡོས། །རྒྱ་མཚོ་འཚོལ་ བས་ནོར་བུ་ས་སྟེང་ཐོན། ། འོད་ལྡན་དེ་ཡིས་ཀུན་ཏུ་ཉལ་ལམ་ཅི། །འོད་ཆེན་རྣམ་པར་སྣང་མཛད་རྗེ་ལ་ འདུད། །ཡང་ན་སྲིད་རྩེ་མང་བཅད་ཆེར་གཡོས་པས། །ལྷ་ཡི་སྤོས་དང་མེ་ཏོག་རང་ཟག་ ཤིང༌། །རྔ་ཆེན་ འདར་བས་རང་སྒྲ་སྒྲོགས་སམ་ཅི། །ཕྱོགས་བཅུར་ཆོས་ཀྱི་སྒྲ་ཆེན་སྒྲོགས་ལ་འདུད། །རྒྱལ་ བའི་བདུད་རྩི་སྤྱི་བོར་ལུད་པ་ལ། །ཐོབ་འདོད་སྐྱེས་པས་བརྒྱ་བྱིན་ཉེག་བྱེད་ དམ། །གསང་བ་བསྡུ་ཞུགས་ཡ་མཚན་ལྟ་བའི་ཕྱིར། །ལྷ་ཡི་ཚོགས་ཀྱིས་གུས་པས་མཆོད་ ལ་འདུད། །བསྟན་པའི་སྒྲོན་མེ་སྨག་ཏུ་གྱུར་པ་ལ། །ནམ་མཁའི་ནོར་བུས་མ་བཟོད་དྲན་ ཉམས་ཏེ། །ས་ལ་ལྷུང་བས་ཆུ་གྱེན་མ་ལོག་གམ། །རྣམ་འཕྲུལ་བསམ་མི་ཁྱབ་པའི་རྗེ་ལ་ འདུད། །དེ་ལྟའི་མཚན་ལྟས་རྨད་བྱུང་མཐའ་ཡས་པ། །ནམ་མཁའི་ཚང་འདོད་སུ་ཞིག་ འདོམས་ཀྱིས་འཇལ། །བདེ་བར་གཤེགས་ཏེ་ཡོན་ཏན་རྨད་བྱུང་བས། །བརྟག་པར་ དཀའ་བའི་ཆོས་ཀྱི་རྗེ་ལ་འདུད། ། དེ་སྲས་སློབ་མ་བསྟན་པའི་ཁུར་འཛིན་པ། །ས་བདག་ཆེན་པོ་དེ་དག་དཔོན་སློབ་ཀྱིས། ། དད་བརྩོན་བློ་གྲོས་གཏོང་ཕོད་ཆེན་པོ་ཡིས། །རྒྱུན་ཆད་མེད་པར་མཆོད་པའི་རྗེ་ལ་ འདུད། །ཆོས་རྗེ་ཉིད་ཀྱི་གཙོ་མཛད་མཆོད་ཡུལ་ནི། །དུས་གསུམ་རྒྱལ་བ་སྲས་བཅས་ཡི་ དམ་ལྷ། ། མཁའ་འགྲོ་ཆོས་སྐྱོང་མཁའ་དབྱིངས་ཁྱབ་པ་ཡིས། །ཕྱོགས་བཅུར་གཞན་དོན་མཛད་ 8-1-765 པའི་རྗེ་ལ་འདུད། །མཆོད་པའི་རྫས་ནི་ཀུན་བཟང་མཆོད་སྤྲིན་གྱིས། །རྒྱལ་བ་བཞུགས་ ལ་མངོན་སུམ་མཆོད་པ་བཞིན། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །མཆོད་སྤྲིན་རྒྱ་མཚོ་ མཆོད་པའི་རྗེ་ལ་འདུད། །ཆོས་རྗེའི་སྐུ་གདུང་རིང་བསྲེལ་ཕུང་པོར་གྱུར། །ཨེ་མ་ངོ་ མཚར་ཀུན་མཁྱེན་ཆོས་རྗེ་ཡི། །སྐུ་གསུང་ཐུགས་དང་ཡེ་ཤེས་ཡོན་ཏན་གྱི། །མཛད་པའི་ ཕྲིན་ལས་རྣམ་འཕྲུལ་མཆོག་ལ་འདུད། །རབ་འབྱམས་ཞིང་དུ་མཛད་པ་ཇི་སྲིད་ པར། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དགྲ་བཅོམ་སོགས། །རྣམ་འཕྲུལ་དུ་མས་འགྲོ་བ་མ་ ལུས་འདུལ། །གསང་གསུམ་མི་ཟད་རྒྱན་འཁོར་ལ་ཕྱག་འཚལ། །ཁྱེད་ལ་རེ་ལྟོས་གདུང་ བའི་སེམས་ཅན་རྣམས། །ཕྱག་འཚལ་མཆོད་ཅིང་གསོལ་བ་འདེབས་པའི་རྟེན། །སྐུ་ གསུང་ཐུགས་དང་ཡེ་ཤེས་ངོ་བོ་ཉིད། །སྐུ་བཞིའི་བདག་ཉིད་རྟེན་མཆོག་རྣམས་ལ་ འདུད། །ཁྱོད་ཀྱི་སྐུ་འབུམ་སྐུ་གཟུགས་གཞལ་ཡས་ཁང༌། །མདོ་རྒྱུད་བསྟན་བཅོས་བཀའ་ འབུམ་ཁྱད་འཕགས་སོགས། །དཔག་ཡས་ཐུགས་དམ་བཞེངས་པའི་ཕྲིན་ལས་ཀྱིས། །འགྲོ་ ལ་རྣམ་དག་ལེགས་ལམ་སྟོན་ལ་འདུད། ། ཁྱོད་ཀྱི་སྐུ་གསུང་ཐུགས་དང་ཡེ་ཤེས་རྟེན། །མཐོང་ཐོས་རེག་པའང་འཁོར་བ་ལས་ཐར་ ན། །བཀའ་བཞིན་བསྒྲུབ་རྣམས་སྨོས་ཀྱང་ཇི་ཞིག་འཚལ། །དེ་སླད་ཁྱོད་ལ་ཕྱག་འཚལ་ སྐྱབས་སུ་མཆི། །ཁྱོད་ནི་རྒྱལ་བ་རྒྱ་མཚོ་ཀུན་གྱི་དངོས། །ཆོས་ཀྱི་སྒོ་མོ་རྒྱ་མཚོ་འབྱུང་ བའི་གནས། །འཕགས་པའི་དགེ་འདུན་རྒྱ་མཚོའི་གཙུག་རྒྱན་ཏེ། །སྐྱབས་གསུམ་རོ་ གཅིག་རྒྱ་མཚོ་ལ་ཕྱག་འཚལ། །བདག་ནི་སྐྱབས་གནས་གཞན་པས་ཆེས་མཆོག་ཏུ། །ཆེས་ ཆེར་ལྷག་པར་དད་པའི་རྒྱུ་ཅིས་ན། །མདོ་རྒྱུད་དུ་མར་རྣམ་གྲངས་མང་པོ་ཡིས། །སངས་ རྒྱས་བས་ཀྱང་བླ་མ་ལྷག་པར་གསུངས། །ཁྱེད་ཀྱི་ཕུང་པོ་དྲུག་ནི་རྒྱལ་བ་དྲུག །ཁམས་ དྲུག་གཤེགས་མ་དྲུག་དང་དབང་པོ་དྲུག །སེམས་དཔའ་དྲུག་དང་ཡུལ་དྲུག་སེམས་མ་ དྲུག །ལས་དབང་དྲུག་པོ་ཁྲོ་བོ་རྒྱལ་པོ་དྲུག །ལས་དབང་ཡུལ་དྲུག་ཁྲོ་མོ་དྲུག་ཏུ་ གསུངས། །ཁྱེད་ཀྱི་སྐུ་ལ་རྟེན་དང་བརྟེན་པ་ཡི། །དཀྱིལ་འཁོར་པ་རྣམས་ཐམས་ཅད་ འདུས་པའི་ཕྱིར། །ཁྱེད་ནི་སངས་རྒྱས་འདུས་པའི་སྐུ་རུ་གསུངས། །དེ་ཕྱིར་འཁོར་བའི་ 8-1-766 སྡུག་བསྔལ་དྲན་པས་བདག །སྒོ་གསུམ་དང་བས་ཕྱག་འཚལ་སྐྱབས་སུ་མཆི། །ཀུན་ བཟང་མཆོད་སྤྲིན་མཁའ་དབྱིངས་ཁྱབ་པས་མཆོད། །སྡིག་པ་ཀུན་བཤགས་དགེ་ལ་རྗེས་ ཡི་རངས། །ཆོས་འཁོར་བསྐོར་ཞིང་རྟག་ཏུ་བཞུགས་གསོལ་འདེབས། །དགེ་བ་གང་ བསགས་བྱང་ཆུབ་ཆེན་པོར་བསྔོ། །དེ་ལྟར་ཆོས་རྗེའི་ཡོན་ཏན་རྒྱ་མཚོ་ལས། །བདག་ བློས་སྐྲ་རྩེ་བརྒྱར་གཤགས་རྩེ་ལྟ་བུ། །ཆུ་ཐིགས་ཙམ་ཞིག་འདིར་ནི་གང་བླངས་ པ། །བདག་བློ་དང་དབང་ལས་བྱུང་ཉེས་མཆིས་ན། །ཆོས་རྗེ་རྒྱལ་བ་སྲས་བཅས་བསྲུང་ མའི་ཚོགས། །ཇི་སྙེད་མཁྱེན་གཟིགས་རྣམས་ལ་བཟོད་པར་གསོལ། །རྒྱལ་བའི་རྒྱལ་ མཚན་ཀུན་མཁྱེན་ཆོས་རྗེ་འདི། །ཆོས་ཀྱི་དབྱིངས་ལས་ནམ་ཡང་མི་གཡོ་བཞིན། །འགྲོ་ བའི་དོན་མཛད་སྐད་ཅིག་རེ་རེ་ཡང༌། །སེམས་ཅན་བགྲང་ཡས་སྨིན་གྲོལ་མཛད་ལ་ འདུད། །རྟག་འཛིན་ཅན་རྣམས་རྟག་འཛིན་དགྲོལ་བའི་ཕྱིར། །གཤེགས་ཚུལ་གསོལ་ འདེབས་འོད་ཀྱིས་ཁྱབ་པ་དང༌། །སྐུ་གདུང་རིང་བསྲེལ་ངོ་མཚར་ལྟས་ཀྱིས་ ཀྱང༌། །མཐོང་ཐོས་དྲན་རེག་གྲོལ་བར་མཛད་ལ་འདུད། །སངས་རྒྱས་མྱ་ངན་འདས་ པའི་ དུས་སུ་ཡང༌། །བ་ལང་བདག་ལ་སོགས་པའི་འཕགས་པ་འགའ། །མྱ་ངན་མི་བཟོད་རྫུ་ འཕྲུལ་ མིག་སྔར་ནས། །རྒྱལ་བའི་རྗེས་སུ་མྱ་ངན་འདས་པ་ལྟར། །ཆོས་རྗེའི་རྗེས་སུ་ཆོས་རྗེའི་ ཐུགས་སྲས་མཆོག །བྱང་ཆུབ་སེམས་དཔའ་མཁན་ཆེན་སྣར་ཐང་བས། །གཙོ་མཛད་ བསྟན་ འཛིན་མཆོག་རྣམས་རིམ་གྱིས་གཤེགས། །རླུང་སེམས་དབང་འབྱོར་འགའ་ཡང་ཆོས་ དབྱིངས་བཞུགས། །ཚད་མེད་བཞི་ཡི་འཁོར་ལོ་མྱུར་འགྲོ་ཞིང༌། །ཤེས་རབ་གསུམ་གྱི་ འོད་ཟེར་སྟོང་ལྡན་པའི། །བདེ་གཤེགས་སྙིང་པོ་ནོར་བུའི་སྙིང་པོ་ཅན། །སྐུ་མཆོག་བྲི་ བར་བྱེད་པའི་དཀྱིལ་འཁོར་ནུབ། །བསྟན་པའི་རྒྱ་མཚོའི་དབུས་ནས་འཐོར་བྱེད་ ཅིང༌། །མཁས་མཆོག་ཀླུ་དབང་ཚོགས་ཀྱིས་ཉེར་བསྟེན་ནས། །གཞན་སྟོང་ཆོས་སྒྲའི་འོད་ 8-1-767 སྟོང་ཆེར་འཕྲོ་བའི། །གསུང་མཆོག་རྒྱལ་མཚན་ཡིད་བཞིན་ནོར་བུ་སྟོར། །འགྱུར་མེད་ བདེ་ཆེན་ཆོས་དབྱིངས་ཡངས་པའི་མཁར། །ཟུང་འཇུག་ཉི་ཟླའི་དཀྱིལ་འཁོར་རབ་རྒྱས་ ཏེ། །སྲིད་ཞིའི་མུན་སེལ་དཔལ་འབྱོར་བཟང་པོ་ཅན། །ཐེག་མཆོག་བདུད་ཀྱི་ཆུ་འཛིན་ འཐུག་པོས་བསྒྲིབས། །ཀྱེ་མ་མགོན་ཁྱོད་མཐོང་བའི་ཐབས་ཚུལ་བྲལ། །འོན་ཀྱང་ཁྱེད་ཀྱི་ ཐུགས་རྗེ་ཆེར་བཟུང་ནས། ། དག་པའི་ཞིང་མཆོག་བདེ་བ་ཅན་ཉིད་དུ། །སྐུ་བཞིའི་ངང་དུ་མཇལ་བར་བྱིན་གྱིས་ རློབས། ། གནས་སྐབས་ཀུན་ཏུ་འཕགས་པའི་རིགས་མཆོག་ཏུ། །དལ་འབྱོར་མཆོག་ཐོབ་མཐོ་རིས་ ཡོན་ཏན་རྫོགས། །འཕགས་པའི་ནོར་བདུན་རྣམས་ཀྱི་ལེགས་བརྒྱན་ཅིང༌། །ས་དང་ལམ་ གྱི་ཡོན་ཏན་ཀུན་འགྲུབ་ཤོག །ཆོས་རྗེས་རྟག་ཏུ་རྗེས་སུ་འཛིན་པ་དང༌། །ཆོས་རྗེའི་རྣམ་ ཐར་རྒྱུན་དུ་སྐྱོང་བ་དང༌། །ཆོས་རྗེའི་སྨོན་ལམ་ཁྱད་འཕགས་བཏབ་པ་རྣམས། །ཆོས་རྗེ་ ལྟ་བུར་བདག་གིས་འགྲུབ་པར་ཤོག །ཆོས་རྗེ་རྒྱལ་བ་སྲས་བཅས་མཐུ་སྟོབས་ དང༌། །དོན་དམ་གཞན་སྟོང་ཆེན་པོའི་བྱིན་རླབས་དང༌། །བདག་གིས་དད་གུས་ལྷག་ བསམ་དག་པའི་མཐུས། །སྨོན་ལམ་འདི་དག་མྱུར་དུ་འགྲུབ་གྱུར་ཅིག །དེང་ནས་བཟུང་ ནས་སྐྱེ་བ་ཐམས་ཅད་དུ། །ཆོས་རྗེའི་ཞབས་དྲུང་འབྲལ་མེད་མཉེས་བྱེད་ཅིང༌། །ཁྱོད་ཀྱི་ ཡོན་ཏན་ཕྱོགས་བཅུར་སྒྲོགས་པ་དང༌། །སྲས་ཀྱི་ཐུ་བོ་ཉིད་དུ་བདག་གྱུར་ཅིག །བཀྲ་ ཤིས་མཁྱེན་བཞིའི་ཆོས་རྗེའི་བཀྲ་ཤིས་ཤོག །བཀྲ་ཤིས་སྐུ་བཞིའི་རྒྱལ་བའི་བཀྲ་ཤིས་ ཤོག །བཀྲ་ཤིས་སྡོམ་བཞིའི་ཆོས་དབྱིངས་བཀྲ་ཤིས་ཤོག །བཀྲ་ཤིས་ཆོས་བཞིའི་ཚོགས་ ཀྱི་བཀྲ་ཤིས་ཤོག ། ཆོས་རྗེ་ཐམས་ཅད་མཁྱེན་པའི་རྣམ་ཐར་གྱི་སྒོ་ནས་བསྟོད་པ་ཡོན་ཏན་གསལ་བའི་ཉི་ འོད་ཅེས་བྱ་བ་ཐང་ཆེན་པ་ཀུན་དགའ་འབུམ་གྱིས་སྦྱར་བའོ།། །།མངྒ་ལཾ། ཤུ་བྷཾ། 8-1-768 མཁའ་ལྟར་ཁྱབ་བདག་ཆེན་པོ་བདེ་བའི་མཆོག ། ཕུན་སུམ་ཚོགས་པའི་རྒྱལ་བ་ལྷན་ཅིག་སྐྱེས། ། བསྟན་པའི་གཙོ་བོ་རྡོ་རྗེ་འཆང་ཆེན་གྱི། ། ངོ་བོ་དཔལ་ལྡན་བླ་མའི་ཚོགས་ལ་འདུད། ། འཇམ་དབྱངས་སྨན་ཆུ་ཁ་བས་མཛད་པའོ། །མངྒ་ལཾ། ཤུ་བྷཾ། 8-1-769 ༄༅། །ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ལ་བསྟོད་པ་ ནོར་བུའི་འཕྲེང་བ་བློ་གྲོས་དཔལ་གྱིས་ མཛད་པའོ། ། 8-1-770 ༄༅། །ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ལ་བསྟོད་པ་ ནོར་བུའི་འཕྲེང་བ་བློ་གྲོས་དཔལ་གྱིས་ མཛད་པའོ། ། ༄༅། །ན་མོཿགུ་རུ་ཝེ། ཐུབ་པ་གཉིས་པ་ཀུན་མཁྱེན་ཆོས་ཀྱི་རྗེ། །རྩོད་དུས་བསྟན་པའི་ སྒྲོན་མེར་སྐུར་བཞེངས་ནས། །ལྟ་ངན་ཚར་བཅད་བསྟན་པའི་རྒྱལ་མཚན་བཙུགས། ། རིགས་ལྡན་སྤྲུལ་པའི་ཀུན་མཁྱེན་ལ་ཕྱག་འཚལ། །ལི་ཙཱ་བི་ཉིད་ཀླུ་སྒྲུབ་ཏུ་གྱུར་ནས། ། བསྟན་པའི་སྲོལ་འབྱེད་བདེན་གཉིས་རྣམ་དབྱེ་དང༌། །ཡོད་མེད་མཐའ་འགོག་བསྟོད་ ཚོགས་རིགས་ཚོགས་གསུངས། །ཚོགས་གཉིས་ཟུང་འཇུག་མཆོད་རྟེན་བྱེ་བ་ བཞེངས། །བར་སྐབས་ འབྲི་གུང་ཆོས་རྗེར་ཚུལ་བསྟན་ནས། །དགོངས་གཅིག་བཀའ་འབུམ་བདེན་གཉིས་རྣམ་ དབྱེ་གསུངས། །རང་བཞེད་གཞན་བཞེད་ཡིན་ལུགས་གཏན་ལ་ཕབ། །རྟེན་གསུམ་ཁྱད་ འཕགས་བཀྲ་ཤིས་སྒོ་མང་བཞེངས། །ད་ལྟ་ཀུན་མཁྱེན་ཆོས་རྗེར་སྐུར་བཞེངས་ནས། ། བདེན་གཉིས་རྣམ་དབྱེ་བསྟན་པའི་གཤགས་རལ་མཛད། །འབྲས་བུ་འོད་གསལ་དུ་མ་ རོ་གཅིག་བསྟན། །ཚོགས་གཉིས་ཟུང་འཇུག་སྐུ་འབུམ་ཆེན་མོ་བཞེངས། །རྔ་བོ་ཆེ་དང་ མདོ་རྒྱུད་དུ་མ་རུ། །རྟོན་པ་བཞི་ལྡན་བདུན་ལྡན་ཞེས་དང་ནི། །ཀུན་མཁྱེན་ཞེས་སུ་རྒྱལ་ བས་ལུང་བསྟན་པའི། །སྤྱན་རས་གཟིགས་སྤྲུལ་དེ་ལ་ཕྱག་འཚལ་ལོ། །དགེ་བས་མཁའ་ མཉམ་ སེམས་ཅན་ཕ་མ་རྣམས། །ཉོན་མོངས་དུག་ལྔའི་དགྲ་ལས་རབ་རྒྱལ་ནས། །འབྲས་བུ་ ཆོས་དབྱིངས་སྐུ་གསུམ་མངོན་གྱུར་ཤོག །སྐུ་གཉིས་ཐོབ་ནས་དོན་གཉིས་མ་གྲུབ་པར། ། ཀུན་མཁྱེན་ཡབ་སྲས་ལྟ་བུའི་བླ་མ་དང༌། །སྐྱེ་བ་ཀུན་ཏུ་འབྲལ་མེད་འགྲོགས་པ་དང༌། ། ཆོས་ཆུ་ཞིབ་མོ་རྟག་ཏུ་འཐུང་བར་ཤོག །ཆོས་རྗེ་ཐམས་ཅད་མཁྱེན་པ་ལ་བསྟོད་པ་ནོར་ 8-1-771 བུའི་འཕྲེང་བ་ཐང་པོ་ཆུང་བ་བློ་གྲོས་དཔལ་བས་སྦྱར་བའོ། །སརྦ་མངྒ་ལཾ། ཤུ་བྷཾ། 8-1-772 ༄༅། །ཆོས་ཀྱི་རྗེ་ཐམས་ཅད་པ་ལ་བསྟོད་པ་ངོ་ མཚར་ རྟོགས་བརྗོད་ཅེས་བྱ་བ་བྷ་བྲོམ་པས་ མཛད་པའོ། ། 8-1-773 ༄༅། །ཆོས་ཀྱི་རྗེ་ཐམས་ཅད་པ་ལ་བསྟོད་པ་ངོ་མཚར་ རྟོགས་བརྗོད་ཅེས་བྱ་བ་བྷ་བྲོམ་པས་ མཛད་པའོ། ། ༄༅། །ན་མཿཤྲཱི་ཀ་ལ་ཙཀྲ་ཡ། གང་གིས་མཐོང་ཐོས་རེག་པ་ཙམ་གྱིས་ཀྱང༌། །ཉོན་མོངས་ ནད་དང་མྱ་ངན་ཀུན་སེལ་ཞིང༌། །དགའ་བདེའི་དཔལ་གྱིས་འགྲོ་རྣམས་ཚིམ་མཛད་ པའི། །གཞོན་ནུ་རོལ་རྩེད་ཆོས་རྗེའི་ཞབས་ལ་འདུད། །ཡོན་ཏན་རྒྱ་མཚོ་ནོར་བུ་རིན་ ཆེན་ནི། །ཤེས་རབ་རྒྱ་མཚོ་རྒྱལ་བའི་མཚན་ཅན་གྱིས། །མདོ་རྒྱུད་རྒྱ་མཚོའི་གཟིངས་སུ་ ལེགས་ཞུགས་ནས། །སེམས་འགྲེལ་རྒྱ་མཚོའི་ཐབས་ཀྱི་འདྲེན་ལ་འདུད། །ཆོས་རྗེ་ཡོན་ ཏན་རྒྱ་མཚོ་ཆོས་རྒྱལ་དེས། །ཆོས་ཀུན་བདག་པོར་ལུང་བསྟན་ཆོས་རྗེ་ལ། །ཆོས་ཀྱི་རིན་ ཆེན་ནོར་དང་ཆོས་མཛོད་གཏད། །ཆོས་ཀྱི་དབང་ཕྱུག་ཆོས་རྗེའི་ཞབས་ལ་ འདུད། །མཐའ་དྲུག་ཚུལ་བཞིའི་དོན་ལ་མངའ་བརྙེས་པས། །མཐའ་དྲུག་ཚུལ་བཞིའི་ ཆོས་ཀྱི་སྒོ་ཕྱེས་ནས། །མཐའ་དྲུག་ཚུལ་བཞིའི་དོན་རྣམས་ལེགས་སྟོན་པའི། །མཐའ་དྲུག་ ཚུལ་བཞིའི་བདག་ཉིད་རྗེ་ལ་འདུད། །རྒྱལ་བའི་རིང་བསྲེལ་མང་པོ་གཙོར་བྱས་ ནས། །ངོ་མཚར་རྟེན་གསུམ་མང་པོས་རབ་གང་ཞིང༌། །བཀྲ་ཤིས་མཆོད་རྫས་མང་པོ་ བརྒྱན་པ་ཡི། །སྐུ་འབུམ་ཆེན་པོ་འཛམ་གླིང་རྒྱན་ལ་འདུད། །རྒྱལ་དང་རྒྱལ་སྲས་རྣམས་ ཀྱི་བཀའ་བཞིན་དུ། །དེ་དང་དེ་ཡི་ཁམས་དང་བསམ་པ་བཞིན། །ཆོས་དང་ཆོས་ཉིད་ ལེགས་པར་ཕྱེ་ནས་སུ། །སྟོན་མཛད་སྟོན་པ་ཀུན་མཁྱེན་རྗེ་ལ་འདུད། །ལྷ་རྣམས་ཀྱིས་ ཀྱང་མེ་ཏོག་ཆར་འབེབས་ཤིང༌། །རྣམ་པར་བཀྲ་བའི་འཇའ་འོད་སྤོས་མཆོག་ དང༌། །ནམ་མཁའ་གང་བའི་སིལ་སྙན་རོལ་མོས་མཆོད། །ལྷ་ཡི་ལྷར་གྱུར་ཆོས་རྗེའི་ ཞབས་ལ་འདུད། །ཚོགས་གཉིས་མཐར་ཕྱིན་བཞེད་པ་མཐའ་དག་རྫོགས། །མ་དག་ཞིང་ འདིར་གདུལ་བྱའི་སྐལ་ཟད་པས། །མཁྱེན་བཞིན་ངོ་མཚར་ཆོ་འཕྲུལ་དུ་མར་ 8-1-774 བཅས། །བདེ་བ་ཅན་དུ་གཤེགས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ལ་ བསྟོད་པ་ངོ་མཚར་རྟོགས་བརྗོད་ཅེས་བྱ་བ་བྷ་བྲོམ་པ་ནམ་མཁའ་རྒྱལ་གྱིས་སྦྱར་ བའོ།། །།ཤུབྷཾ།