7-1-1 ༄༅། །འགྲེལ་ཆེན་དྲི་མེད་འོད་ཀྱི་ཚིགས་བཅད་དང་པོའི་ཊཱི་ཀ་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཆོས་སྣང་བའི་སངས་རྒྱས་བཅོམ་ལྡན་ འདས་སྤྱན་རས་གཟིགས་དབང་ཕྱུག་ལ་སྐྱབས་སུ་སོང་ནས། དེ་ཉིད་ཀྱིས་གསུངས་པའི་ འགྲེལ་ཆེན་དྲི་མེད་འོད་ཀྱི་ཚིགས་བཅད་དང་པོ་ཉེ་བར་བསྡུས་ཏེ་དགྲོལ་བར་བྱའོ། ། དེ་ལ། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་པ་ལ་སོགས་པས་གཤིས་ལུགས་ཟབ་མོ་ ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་བ་སྟེ། སྟོང་པ་ཉིད་ཅེས་གཞུང་ལུགས་རྣམ་དག་རྣམས་ སུ་གསུངས་པའི་དོན་ནི་གཉིས་ཏེ། རང་གི་དངོས་པོ་སྟོང་པ་ཉིད་དང༌། གཞན་གྱི་ དངོས་པོ་སྟོང་པ་ཉིད་དོ། །དེ་ལ་རང་གི་དངོས་པོ་སྟོང་པ་ཉིད་ནི། ཆོས་ཐམས་ཅད་རང་ རང་ངོ་བོས་སྟོང་པ་སྟེ་དངོས་པོ་མེད་པ་སྟོང་པ་ཉིད་དོ། །གཞན་གྱི་དངོས་པོ་སྟོང་པ་ ཉིད་ནི། ཆོས་ཉིད་ལས་གཞན་པ་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞིའི་ངོ་བོ་ཉིད་ དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དེ་ལ་དངོས་པོ་མེད་པ་སྟོང་པ་ཉིད་ ནི་ཆོས་ཐམས་ཅད་གནས་ལུགས་ལ་རི་བོང་གི་རྭ་ལྟར་གཏན་ནས་མེད་པའི་མེད་ དགག་དང་སྒྲུབ་ཆོས་ཙམ་གྱིས་དོར་བ་སྟེ། འདི་ལ་སྟོང་པའི་སྟོང་པ་ཉིད་ཅེས་བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཀུན་ རྫོབ་ཀྱི་དངོས་པོ་ཐམས་ཅད་གདོད་ནས་མེད་པའི་གཞིའི་ངོ་བོ་ཉིད་གང་ཡིན་པ་མ་ ཡིན་པ་དགག་དང༌། སྒྲུབ་ཆོས་ཀྱི་མ་དོར་བ་སྟེ་འདི་ལ་མི་སྟོང་པའི་སྟོང་པ་ཉིད་ཅེས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དཔལ་རྡོ་རྗེ་འཆང་ཆེན་པོས་དཔལ་སཾ་བུ་ཊིའི་ རྒྱུད་ཕྱི་མར་བཀའ་སྩལ་པ་དེ་ཉིད་རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང༌། གང་ཟག་ དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་པས་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་དང༌། གཉིས་དངོས་མེད་དང་དངོས་མེད་ པའི། །དངོས་པོ་མེད་པའི་མཚན་ཉིད་དོ། །ཞེས་རང་སྟོང་གཞན་སྟོང་གི་ཁྱད་པར་དང༌། 7-1-2 སྟོང་ཙམ་དང་སྟོང་གཞིའི་ཁྱད་པར་དང་བདེན་པ་གཉིས་ཀྱི་སྟོང་ཚུལ་གྱི་ཁྱད་པར་ གསུངས་ཤིང་ཡང༌། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། ། དེ་བཞིན་ཡོད་པའི་སྟོང་ཉིད་ དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་པ་ཤེས་པ་ཞེས་བརྗོད་དོ། །ཞེས་ཀུན་རྫོབ་ སྟོང་ཉིད་ལ་ཡང་ཕྱེ་ན་ཀུན་བཏགས་དང་ལོག་པའི་ཀུན་རྫོབ་རྣམས་ཀུན་རྫོབ་ཀྱི་ བདེན་པར་ཡང་མ་གྲུབ་པ་སྟེ། གཞན་དབང་དང་ཡང་དག་ཀུན་རྫོབ་རྣམས་རང་ བཞིན་གཉུག་མའི་གནས་ལུགས་ལ་མ་གྲུབ་ཀུན་རྫོབ་ཀྱི་བདེན་པར་གྲུབ་པ་སྟེ། དེ་ལྟར་ ཀུན་རྫོབ་ལ་རེ་ཞིག་སྟོང་ཚུལ་གཉིས་གསུངས་ཀྱང༌། མཐར་ཡང་སྟོང་ཚུལ་གཉིས་སུ་ འདུ་ལ། དོན་དམ་བདེན་པ་ནི་ཀུན་རྫོབ་བཅོས་མ་གློ་བུར་བའི་ཆོས་གང་དུ་ཡང་མ་ གྲུབ་པས་དེ་རྣམས་ཀྱིས་སྟོང་ཡང་རང་བཞིན་གཉུག་མ་ཆོས་ཉིད་ཀྱི་ངོ་བོ་ཉིད་དུ་ འགྱུར་བ་མེད་པ་ཡོངས་སུ་གྲུབ་པས་མི་སྟོང་པའི་སྟོང་པ་ཉིད་དེ། གཞན་དབང་དང་ ཡང་དག་ཀུན་རྫོབ་ཀྱིས་ཀྱང་སྟོང་པའི་གཞིའོ། །དེ་ལྟར་བདེན་པ་གཉིས་དང་ངོ་བོ་ཉིད་ གསུམ་གྱི་སྟོང་ཚུལ་གྱི་གནས་ལུགས་ལ་མེད་ཙམ་དང༌། མེད་པའི་གཞིའི་དོན་དུ་རྟོགས་ ཤིང་དེའང་རང་སྟོང་གཞན་སྟོང་གི་དོན་དང་སྟོང་པའི་སྟོང་པ་ཉིད་དང༌། མི་སྟོང་པའི་ སྟོང་པ་ཉིད་ཀྱི་དོན་དུ་རྟོགས་ན། སྟོང་པ་ཤེས་པ་ཞེས་བརྗོད་ཀྱི། དེ་ལྟར་མ་ཡིན་པར་ ཐམས་ཅད་རང་སྟོང་ཉིད་དམ། ཐམས་ཅད་གཞན་སྟོང་ཉིད་དུ་ཁ་ཚོན་གཅོད་ན་ནི་ སྟོང་ཉིད་ལེགས་པར་རྟོགས་པ་མ་ཡིན་ཞིང་སྟོང་པ་ཉིད་ལ་བལྟ་ཉེས་པའི་སྐྱོན་དུ་ འགྱུར་ཞེས་པའི་དོན་ཏོ། །དེ་བཞིན་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་ པའི་དགོངས་པ་ཡང་ཀུན་བཏགས་གཞན་དབང་ལ་རང་གི་ངོ་བོ་མེད་པ་དང༌། ཆོས་ ཉིད་ཡོངས་གྲུབ་ཡང་དག་པའི་མཐའ་ལ་རང་ལས་གཞན་པ་འདུས་བྱས་ཐམས་ཅད་ཀྱི་ ངོ་བོ་མེད་པ་ལ་གསུང་སྟེ། ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་ དབེན་པ་སྟེ། །ཞེས་དང༌། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ དབྱིངས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ ཡིན། །ཞེས་སོ། །དེ་ལྟར་བདེན་པ་གཉིས་ཀྱི་སྟོང་ཚུལ་སྟོང་ཙམ་དང་སྟོང་པའི་གཞི་གང་ 7-1-3 ཡིན་པ་དེ་མེད་དགག་དང༌། མ་ཡིན་དགག་གི་ཚུལ་འདི་དག་ལ་ཕུང་པོ་རྣམ་པར་ དཔྱད་པ་ཆད་པའི་སྟོང་པ་ཉིད་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ པ་ཉིད་ཅེས་ཀྱང་གསུང་སྟེ། མགོན་པོ་འཇམ་པའི་དབྱངས་ཀྱི་ཞལ་སྔ་ནས། ཕུང་པོ་རྣམ་ དཔྱད་སྟོང་པ་རྣམས། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་ པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་པ་འགག་མེད་པ། །ཤེས་བྱ་གང་ ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་པོ་རྣམ་མེད་དཔྱད་པ་ མིན། །ཞེས་དང༌། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། དོན་ འདི་ཉིད་ཡང་དང་ཡང་དུ་གསུངས་ཤིང༌། གསང་བདག་ཕྱག་ན་རྡོ་རྗེ་དང༌། འཕགས་ པ་རྡོ་རྗེ་སྙིང་པོ་ལ་སོགས་པས་ཀྱང་གསུངས་ལ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ ཀྱང༌། །མ་སྐྱེས་པ་ཡི་སྟོང་ཉིད་གཅིག །གཅིག་ནི་སྐྱེས་པའི་སྟོང་པ་ཉིད། །མ་སྐྱེས་པ་ཡི་ སྟོང་ཉིད་མཆོག །སྐྱེས་པའི་སྟོང་པ་འཇིག་པ་ཡིན། །ཞེས་དང༌། ལང་ཀར་གཤེགས་པར་ ཡང༌། དོན་དེ་ཉིད་གསུངས་པ་དང༌། འཕགས་པ་ཐོགས་མེད་ཞབས་ཀྱིས་ཀྱང༌། གང་ གིས་སྟོང་པ་དང་སྟོང་པའི་གཞི་གང་ཡིན་པའི་ཁྱད་པར་རྟོགས་ན་སྟོང་ཉིད་ལ་ལེགས་ པར་ཟིན་པ་ཞེས་གསུངས་ཤིང༌། དེ་ལྟར་མ་ཡིན་པར་ཐམས་ཅད་རང་སྟོང་ཉིད་དུ་ འདོད་ན། སྟོང་ཉིད་ལ་ལོག་པར་ཟིན་པ་ཞེས་གསུངས་ཏེ། འདི་ནི་སྟོང་པ་ཉིད་ལ་བལྟ་ ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་པ་དང་དོན་གཅིག་གོ །སྟོང་ཉིད་ ཆེན་པོའི་མདོ་ལ་སོགས་པར་ཡང༌། གང་ཞིག་གང་ན་མེད་པ་དེ་དེས་སྟོང་ངོ༌། །དེ་ལ་ ལྷག་མ་གང་ཡིན་པ་དེ་འདིར་རྟག་ཏུ་ཡོད་དོ། །དེ་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་ དག་པ་ཇི་ལྟ་བ་སྟེ། ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཞེས་ལེགས་པར་བཀའ་སྩལ་ཏོ། །དེ་ལྟར་ སྟོང་ཉིད་ཀྱི་དབྱེ་བ་དང་ཁྱད་པར་དང༌། མཚན་ཉིད་ངོས་འཛིན་པ་ལ་ཤིན་ཏུ་མཁས་ པར་བྱས་ནས་འདིར་ཕྱག་གི་ཡུལ་དུ་གསུངས་པའི་སྟོང་པ་ཉིད་ནི་གཞི་འབྲས་ངོ་བོ་ དབྱེར་མེད་ཀྱི་ཕྱག་རྒྱ་ཆེན་མོ་དང༌། ཡུམ་ཆེན་མོ་དང༌། སྣ་ཚོགས་ཡུམ་དང༌། རྡོ་རྗེ་ཕག་ མོ་དང༌། རྡོ་རྗེ་བདག་མེད་མ་ལ་སོགས་པ་རྣམས་དང་དེ་བཞིན་ཉིད་དང་ཡང་དག་ 7-1-4 པའི་མཐའ་དང༌། མཚན་མ་མེད་པའི་དབྱིངས་དང་དོན་དམ་པའི་བདེན་པ་དང་ཆོས་ དབྱིངས་ལ་སོགས་པ་རྣམས་དང༌། ཨེ་གསང་མཁའ་ཁམས་བྷ་ག་དང༌། །ཆོས་འབྱུང་ཆུ་ སྐྱེས་སེང་གེའི་ཁྲི། །ཞེས་སོགས་དོན་གཅིག་པའི་ཕྱིར་སྟོང་གཞི་དང་མ་ཡིན་དགག་སྒྲུབ་ ཆོས་མང་པོས་མ་དོར་བ་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་དང༌། དངོས་པོ་མེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། མི་སྟོང་པའི་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་ མཆོག་དང་ལྡན་པའི་སྟོང་པ་ཉིད་དང༌། སོ་སོར་རང་རིག་ཡེ་ཤེས་ལ་སྣང་བའི་སྟོང་པ་ ཉིད་དང༌། དམིགས་པ་དང་བཅས་པའི་སྟོང་པ་ཉིད་རྣམས་ཡིན་གྱི། སྟོང་ཙམ་དང་མེད་ དགག་དང༌། སྒྲུབ་ཆོས་ཙམ་གྱིས་དོར་བ་དང་རང་གི་དངོས་པོ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། སྟོང་པའི་སྟོང་པ་ཉིད་དང༌། ཕུང་པོ་རྣམ་པར་ དཔྱད་པའི་སྟོང་པ་ཉིད་དང༌། བེམ་པོའི་སྟོང་པ་ཉིད་དང༌། ཆད་པའི་སྟོང་པ་ཉིད་ རྣམས་ནི་མ་ཡིན་ནོ། །སྙིང་རྗེ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཏེ་ཐུན་མོང་ དུ་གྲགས་པ་སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་ མེད་པའི་སྙིང་རྗེ་རྣམས་ནི་ཀུན་རྫོབ་བོ། །ཐུན་མོང་མ་ཡིན་པ་གསང་སྔགས་ཟབ་མོའི་ ཚུལ་ལ་གྲགས་པའི་དམིགས་མེད་སྙིང་རྗེ་ནི་དོན་དམ་བདེན་པ་སྟེ། ཆོས་ཀྱི་དབྱིངས་ ཉིད་རང་གིས་རིག་པའི་ཡེ་ཤེས་འདུས་མ་བྱས་རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་བ་ ཆེན་པོ་མཁའ་ཁྱབ་ལྷུན་གྱིས་གྲུབ་པ་འགྱུར་མེད་མཆོག་གམ། གཞན་ནམ་ཕ་རོལ་གྱི་ བདེ་བའོ། །དེ་ལྟར་དོན་དམ་པའི་བདེན་པའི་སྟོང་པ་ཉིད་སྙིང་རྗེ་ནི་སྟོང་པ་ཆེན་པོ་ འགྱུར་མེད་ལྔ་དང༌། ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གདོད་ནས་དབྱེར་མེད་ཅིང་རོ་ མཉམ་པ། ཨེ་ཝཾ་གི་ཡི་གེ་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་དེ། རང་བཞིན་གཉུག་ མ་གནས་ལུགས་ཀྱི་ལྷ་དང་སྔགས་དང་རྒྱུད་དང༌། དཀྱིལ་འཁོར་དང་ཕྱག་རྒྱ་ཐམས་ ཅད་ཀྱི་བདག་ཉིད་དོ། །དེས་ན་དེའི་བདག་ཅེས་པ་དོན་དམ་པའི་སྐུ་བཞི་ཡེ་ཤེས་ལྔའི་ བདག་ཉིད་ནམ་ཡང་མ་ཆད་པ་སྟེ། དེ་བཞིན་ཉིད་བདག་དག་པའི་བདག །གཅིག་པུ་སྲ་ མཁྲེགས་རྡོ་རྗེའི་བདག །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་ 7-1-5 བདག །ཅེས་སོགས་རྒྱ་ཆེར་གསུངས་པ་གང་ཡིན་པའོ། ། དེ་ལྟར་ཟབ་མོ་མཐར་ཐུག་པའི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བདག་གང་ཡིན་པ་ དེ་ཉིད། སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས་ཏེ། སྐྱེ་འཇིག་མེད་པའི་སྲིད་པ་གསུམ། ། ཞེས་པའི་དོན་ཏོ། །འདིར་ཆོས་ཐམས་ཅད་ལ་བདེན་པ་གཉིས་ཀྱི་རྣམ་དབྱེ་ཤེས་ན། ཐུབ་པའི་བཀའ་ལས་མི་རྨོངས་ཤིང་ཚོགས་གཉིས་ཀྱི་འབྲས་བུ་ཐོབ་པའི་ཕྱིར། སྲིད་ གསུམ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཏེ། ཀུན་རྫོབ་ཀྱི་སྲིད་གསུམ་ནི་ འདུས་བྱས་གློ་བུར་བ་ཡིན་པའི་ཕྱིར་སྐྱེ་འཇིག་ཅན་ནོ། །དོན་དམ་པའི་སྲིད་གསུམ་ནི་ རང་བཞིན་གཉུག་མ་འདུས་མ་བྱས་ཡིན་པའི་ཕྱིར་སྐྱེ་འཇིག་མེད་པའོ། །དེ་བཞིན་དུ། སྐད་ཅིག་དང༌། རྟེན་འབྲེལ་ལས་མ་འདས་པ་དང༌། འདས་པ་ལ་སོགས་པའི་ཁྱད་པར་ གཞན་ཡང་རྒྱ་ཆེར་རིག་པར་བྱ་སྟེ། རིགས་ལྡན་ས་བཅུའི་མན་ངག་ཟབ་མོ་ཐུན་མོང་མ་ ཡིན་པ་དང་ལྡན་པས་སོ། ། འདིར་དོན་དམ་པའི་སྲིད་གསུམ་ཤེས་བྱར་མེད་སྙམ་དུ་ བསམ་པར་མི་བྱ་སྟེ། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་ པར་བྱ། །ཞེས་དང༌། རང་བྱིན་རླབས་པ་དག་གི་སྟོང་པ་ལ། །ཁམས་གསུམ་པོ་ནི་མཐོང་ བར་འགྱུར་བའི་མཚན། །ཞེས་དང༌། ལྷན་སྐྱེས་དགའ་བའི་རང་ བཞིན་གྱིས། །སྲིད་ གསུམ་བདག་ཉིད་དག་ལ་གནས། །ཞེས་དང༌། རྩ་ལྕུག་འཁྲི་ཤིང་ལ་སོགས་དང༌། །བརྟན་ དང་གཡོ་བའི་དངོས་པོ་ཀུན། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ ཉིད་ངེས་བསྒོམ་བྱ། །ཞེས་དང༌། རྡོ་རྗེ་མི་ཕྱེད་ཞེས་བྱར་བརྗོད། །སེམས་དཔའ་སྲིད་པ་ གསུམ་གཅིག་པུ། །ཞེས་དང༌། སྐད་ཅིག་རྣམ་བྲལ་རང་བཞིན་མེད་པ་དག་གི་སྲིད་པ་ ཡོད། །ཅེས་དང༌། འཁོར་ལོ་སྲིད་གསུམ་ཀུན་ནས་དང་བ་ཞེས་དང༌། ཁམས་གསུམ་པ་ཡི་ ཆོས་ཀྱི་སྐུ། །ཞེས་སོགས་དང༌། སྲིད་མེད་སྲིད་པ། ཞེས་སོགས་རྒྱ་ཆེར་དུ་མར་གསུངས་ པའི་དོན་ཀུན་རྫོབ་སྲིད་གསུམ་གྱིས་སྟོང་ཞིང་དབེན་ལ་དག་པའི་གཞི་གང་ཡིན་པ་ ཆོས་ཉིད་སྲིད་གསུམ་གྱི་རྣམ་པ་ཅན་འཁོར་འདས་དབྱེར་མེད་དང༌། བདེན་བཞི་ དབྱེར་མེད་དེ་ངེས་དོན་ཟབ་མོ་བསྒོམས་ཤིང་ངོ་འཕྲོད་པའི་སྤྱོད་ཡུལ་ཡིན་གྱི། དེ་ལས་ 7-1-6 གཞན་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ། ། དེ་ལྟར་སྲིད་གསུམ་གྱི་རྣམ་པ་ཅན་ཆོས་དབྱིངས་ཡེ་ཤེས་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་དེ་ ཉིད་ཤེས་པ་གཞན་བདེ་བ་ཆེན་པོའི་ཡེ་ཤེས་དང༌། ཤེས་བྱ་གཞན་སྟོང་པ་ཆེན་པོའི་ཡེ་ ཤེས་དག་གདོད་ནས་དབྱེར་མེད་ཅིང་རོ་མཉམ་པ་ནི། ཤེས་དང་ཤེས་བྱ་གཅིག་པའི་སྐུ་ སྟེ། ཤེས་དང་ཤེས་བྱ་བདག་པོའི་མཆོག་གོ །དེ་ལྟ་བས་ན་ཤེས་དང་ཤེས་བྱ་ལ་ཡང་ བདེན་གཉིས་རྣམ་དབྱེ་ཤེས་དགོས་ལ། ཀུན་རྫོབ་ཀྱི་ཤེས་བྱ་གཞན་རིག་ཏུ་གཏོགས་པ་ རྣམས་ནི་ཡུལ་དང་ཐ་དད་པ་ཡིན་ཏེ། ཀུན་རྫོབ་ཀྱི་རྣམ་ཤེས་དྲུག་དང༌། ཡུལ་དྲུག་ བཞིན་ནོ། །དོན་དམ་གྱི་ཤེས་དང་ཤེས་བྱ་ཡུལ་དང་ཡུལ་ཅན་གང་ཡིན་པ་རྣམས་ནི་རོ་ གཅིག་པ་ཁོ་ན་སྟེ། མིག་གཞན་སའི་སྙིང་པོ་དང༌། གཟུགས་རྡོ་རྗེ་མ་དག་ཕན་ཚུན་རོ་ མཉམ་པ་བཞིན་ནོ། །དེ་བཞིན་དུ། གཞན་རྣམས་ལ་ཡང་སྦྱར་རོ། ། དེ་ལྟར་འདི་ནི་སྙིང་རྗེ་སྟོང་ཉིད་གཅིག་པའི་སྐུ་དང༌། ཐབས་དང་ཤེས་རབ་གཅིག་པའི་ སྐུ་དང༌། བདེ་ཆེན་དང་སྟོང་ཆེན་གཅིག་པའི་སྐུ་དང༌། ཧེ་དང་བཛྲ་གཅིག་པའི་སྐུ་དང༌། བདེ་མཆོག་དང་འཁོར་ལོ་གཅིག་པའི་སྐུ་དང༌། དུས་དང་འཁོར་ལོ་གཅིག་པའི་སྐུ་ཞེས་ པ་ལ་སོགས་པ་རྣམ་པ་མང་ཡང་ངོ་བོ་རོ་གཅིག་པ་དང༌། མིང་མང་ཡང་དོན་གཅིག་ པའི་ཚུལ་ལ་མཁས་པར་བྱ་དགོས་ཏེ། དེས་ན་འདིར། དཔལ་ལྡན་དུས་འཁོར་ལ་ཕྱག་ འཚལ། །ཞེས་པ་ཡང་ཇི་སྐད་དུ། དུས་ནི་འགྱུར་མེད་བདེ་ཤེས་པ། །ཐབས་དང་སྙིང་རྗེའི་ བདག་ཉིད་དེ། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་ དོ། ། འདི་ནི་དཔལ་ལྡན་དུས་འཁོར་ལོ། །རྡོ་རྗེའི་རྣལ་འབྱོར་ཐམས་ཅད་པ། །བདེན་པ་ གཉིས་ལ་གནས་པ་འདི། །མངོན་པར་བརྗོད་པའི་རྗོད་བྱེད་འགྱུར། །ཞེས་སོགས་རྒྱ་ཆེར་ གསུངས་ པའོ། །ཕྱག་འཚལ་བའི་ངེས་པའི་དོན་ཡང༌། རྩ་བའི་རྒྱུད་དུ། དཀྱིལ་འཁོར་ བཅུ་པོ་ཡང་དག་སྦྱོར། །སྤྱི་བོར་ཐལ་སྦྱར་ཕྱག་འཚལ་བའོ། །ཞེས་གང་གསུངས་པའོ། ། འགྲེལ་ཆེན་དྲི་མེད་འོད་ཀྱི་ཚིགས་བཅད་དང་པོའི་འགྲེལ་པ། རྟོན་པ་བཞི་ལྡན་གྱིས་ སྦྱར་བའོ།། །།ཤུ་བྷཾ། 7-1-7 (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 7-1-8 ༄༅། །བྱེད་པའི་རྩིས་ཀྱི་མཚན་ཉིད་བཞུགས། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། ཀུན་མཁྱེན་དང་པོའི་སངས་རྒྱས་དང༌། །དབྱེར་མེད་བླ་མ་ ལ་བཏུད་དེ། །ཉུང་ངུའི་ཚིག་གིས་རྒྱ་ཆེའི་དོན། །རབ་གསལ་བྱེད་པའི་རྩིས་བཤད་བྱ། ། ཞེས་པ་ནི་འདོད་པའི་ཡུལ་ལ་ཕྱག་བྱས་ནས། བྱེད་པའི་རྩིས་ཀྱི་མཚན་ཉིད་ངེས་པ་ བཤད་པར་དམ་བཅས་པའོ། ། དེ་ཉིད་གང་ཞེ་ན། དང་པོར་ཟླ་བའི་ངེས་པ་བཤད་པར་འདོད་ནས། ཟླ་བ་རེ་རེའི་དྷྲུ་བ་ ནི། །སོ་སོར་ཟླ་བ་དག་པས་བསྒྱུར། །དེ་ལ་དང་པོའི་དྷྲུ་བ་བསྲེ། །རང་གྲངས་ལོན་རྣམས་ འབུད་ཅིང་དོར། །ཞེས་སྨོས་སོ། །དོར་བའི་ལྷག་མ་གང་ཡིན་པ་དེ་ནི་དྷྲུ་བ་ཞེས་བརྗོད་ དེ། སྤྱིའི་མཚན་ཉིད་ངེས་པའོ། །དེ་ལྟ་མོད་ཀྱི་ཟླ་བ་རེ་རེའི་དྷྲུ་བ་དེ་ཉིད་གང་ཞེ་ན། དེ་ ལ་ཟླ་བ་རེའི་དྷྲུ་བ་ནི། གཟའ་གཅིག་ཆུ་ཚོད་ཟླ་བ་མེ། མཁའ་མདའི་ཆུ་སྲང༌། ཞེས་པ་ གཟའི་དྷྲུ་བ་ཡིན་ནོ། །དེ་ལྟར་གང་ལས་རྟོག་ཞེ་ན། ཚེས་གྲངས་རེ་རེས་ཆུ་ཚོད་ལྔ་བཅུ་ རྩ་དགུ་དང༌། ཆུ་སྲང་གསུམ་དང་དབུགས་བཞི་བཞི་སྤྱོད་པ་ནི་རྩ་བའི་ལོངས་སྤྱོད་ དོ། །དེ་ཉིད་ཀྱི་ཕྱིར་ཚེས་སུམ་ཅུའི་མཐར་ནི་རེས་གཟའ་ཉི་ཤུ་རྩ་དགུ་དང༌། ཆུ་ཚོད་ སུམ་ཅུ་རྩ་གཅིག་དང༌། ཆུ་སྲང་ལྔ་བཅུར་འགྱུར་ཡང༌། དེ་ལ་རེས་གཟའི་འཁོར་ལོ་བཞི་ དོར་བས་ལྷག་མ་རེས་གཟའ་གཅིག་གོ །དེ་ལྟ་བས་ན་ཟླ་བ་རེ་རེ་ལ་རེས་གཟའ་གཅིག་ དང་ཆུ་ཚོད་སུམ་ཅུ་རྩ་གཅིག་དང༌། ཆུ་སྲང་ལྔ་བཅུ་ནི་ངེས་པ་སྟེ་གྲུབ་པའི་ མཐའོ། །དེའི་ཕྱིར་འདི་དག་གིས་ཟླ་བ་དག་པ་སོ་སོར་བསྒྱུར་བའམ། ཟླ་བ་དག་པས་ འདི་དག་སོ་སོར་བསྒྱུར་བ་ནི་རྩ་བའི་ལོངས་སྤྱོད་དེ། གྲུབ་མཐའ་ལ་ལྟོས་པ་ཞེས་ གསུངས་སོ། ། དེ་བཞིན་དུ། ཚེས་རེ་རེ་ལ་རྐང་པའི་གནས་རེ་རེ་དང་དེའི་ཆ་ཤས་རེ་རེ་བགྲོད་པའི་ ཕྱིར་ཟླ་བ་རེ་རེ་ལ་རྐང་པའི་གནས་སུམ་ཅུ་དང༌། དེའི་ཆ་ཤས་ཀྱང་དེ་ཉིད་དེ། དེ་ལ་ 7-1-9 རྐང་པའི་འཁོར་ལོ་གཅིག་དོར་བས་ལྷག་མ་ཚོགས་གཉིས་སོ། །ཆ་ཤས་ཀྱང་རྐང་པའི་ གནས་གཅིག་ཉིད་དུ་སུམ་སྟོང་བདུན་བརྒྱ་བརྒྱད་ཅུར་ཕྱེ་བའི་ཆ་ཤས་ཏེ་ཚེས་སོ་སོ་ ལའོ། །ཟླ་བ་གཅིག་ལ་ནི་བརྒྱ་ཉི་ཤུ་རྩ་དྲུག་གི་ཆ་ཤས་གཅིག་སྟེ། དེ་ལྟར་བས་ན་རྐང་ པའི་ཚོགས་གཉིས་ཆ་གཅིག་ཅེས་སྨོས་སོ། ། དེ་བཞིན་དུ། ཚེས་ཞག་རེ་རེས་ཉི་མས་རྒྱུ་སྐར་ལ་ལོངས་སྤྱོད་པ་ནི། ཆུ་ཚོད་བཞི་དང༌། ཆུ་སྲང་ཉི་ཤུ་རྩ་གཅིག་དང༌། དབུགས་ལྔ་དང༌། འདོད་པའི་ཆ་ཤས་དགུ་སྟེ། ཟླ་བ་ གཅིག་གིས་མཐའ་སྐར་མ་གཉིས་དང༌། ཆུ་ཚོད་བཅུ་དང༌། ཆུ་སྲང་ལྔ་བཅུ་རྩ་བརྒྱད་ དབུགས་ཀྱི་ཆ་ཤས་བཅུར་འགྱུར་རོ། །དེའི་ཕྱིར། སྐར་མ་མིག ཕྱོགས་ཀྱི་ཆུ་ཚོད་ཀླུ་ དབང་སྲང༌། ། དབུགས་གཉིས་འདོར་པའི་ཆ་ཤས་བཅུ། །ཞེས་སྨོས་སོ། །དེ་ལྟར་བས་ན། དེ་དག་ནི་ཟླ་བ་རེ་རེའི་དྷྲུ་བ་ཞེས་གསུང་སྟེ། དེ་དག་གིས་ཟླ་བ་དག་པ་སོ་སོར་བསྒྱུར་ བའམ། ཟླ་བ་དག་པས་དེ་དག་སོ་སོར་བསྒྱུར་བ་ནི། རྩ་བའི་ལོངས་སྤྱོད་དེ་གྲུབ་པའི་ མཐའ་ལ་ལྟོས་པའོ། །དེ་ལ་དང་པོའི་དྷྲུ་བ་གང་ཡིན་པ་རྣམས་བསྲེས་པ་ནི་བྱེད་པ་ལ་ ལྟོས་པ་ཞེས་གསུངས་སོ། ། འོ་ན་ཟླ་བ་དག་པ་ཉིད་གང་ཡིན་ཞེ་ན། དེ་བཞིན་ཟླ་བ་དག་པ་ཡང༌། འདས་ལོ་གང་ ཡིན་ཉི་མས་བསྒྱུར། །ནག་པ་ལ་སོགས་འདས་ཟླ་བསྲེ། །གནས་གཉིས་འོག་མ་ལག་བསྒྱུར་ ཏེ། །དང་པོའི་ལྷག་མ་བསྲེས་པ་ལ། །མདའ་རོས་རྙེད་སྟེང་བྱིན་པའོ། །ཞེས་སྨོས་ཏེ། ཟླ་བ་ ཕྱེད་པ་དྲུག་ཅུ་རྩ་ལྔ་ན་ཟླ་བ་འབྱུང་བ་ཉིད་ཀྱི་ཕྱིར་རོ། །གནས་གཉིས་འོག་མ་ལག་པས་ བསྒྱུར་བ་ལ་བསྲེ་བར་བྱ་བ་དང་པོའི་ལྷག་མ་དེ་ཉིད་གང་ཞེ་ན། འདི་ནི་ངེས་པ་མེད་དེ། བྱེད་པ་ལ་ལྟོས་པའི་ཕྱིར་རོ། །དེ་ནས་མིག་དམར་ནས་བརྩམས་ནས་དང་པོའི་ལྷག་མ་ བཅུ་བདུན་ནོ། །དེ་བཞིན་དུ། འདས་ལོ་ཁྲོ་བོ་ནས་བརྩམས་ནས་དང་པོའི་ལྷག་མ་བཞི་ བཅུ་རྩ་གཅིག་གོ །དེ་བཞིན་དུ། ཟད་བྱེད་ལ་བརྩམས་པ་ལ་སོགས་པ་ཡང་རིག་པར་ བྱའོ། ། དང་པོའི་དྷྲུ་བ་ཇི་ལྟ་བུ་ཞེ་ན། འདི་ཡང་བྱེད་པ་ལ་ལྟོས་པའི་ཕྱིར་ངེས་པ་མེད་ དེ། འདི་ལྟར་དེ་བཞིན་དང་པོའི་དྷྲུ་བ་ཡང༌། །འདས་ལོ་མིག་དམར་ནས་བརྩམས་ 7-1-10 ནས། །གཟའ་གཅིག་དབྱུག་གུ་བཞི་བཅུ་དྲུག །ཕྱོགས་ཀྱི་ཆུ་སྲང་ཀླུ་ཟླའི་ཚོགས། །མེ་བུག་ ཆ་ཤས་མཚམས་ལག་སྐར། །མཁའ་མདའ་དབྱུག་གུ་མེ་མཚོའི་སྲང༌། །འདོད་པའི་ཆ་ ཤས་དྲུག་ན་སྟེ། ། ཞེས་སྨོས་ལ། དེ་བཞིན་དུ། ཁྲོ་བོ་ནས་བརྩམས་ནས་དང་པོའི་དྷྲུ་བ་ གཟའ་དྲུག་དང་ཆུ་ཚོད་བརྒྱད་དང་ཆུ་སྲང་བཅུ་དང༌། ཚོགས་གཅིག་བཞི་དང༌། ཆ་ ཤས་ལྔ་ལྷག་པའི་བརྒྱ་དང༌། སྐར་མ་ཉི་ཤུ་རྩ་དྲུག་དང༌། ཆུ་སྲང་ཉི་ཤུ་རྩ་བཞི་དང༌། དབུགས་གསུམ་དང༌། ཆ་ཤས་དགུ་རུ་འགྱུར་བ་ལ་སོགས་པ་འདས་ལོ་གཞན་ནས་ བརྩམས་ནས་གཞན་དུ་འགྱུར། ཞེས་སྨོས་སོ། །དེ་ལྟ་བས་ན། ཟླ་བ་རེ་རེའི་དྷྲུ་བས་ཟླ་བ་ དག་པ་སོ་སོར་བསྒྱུར་བ་ལ་དང་པོའི་དྷྲུ་བ་གང་ཡིན་པ་བསྲེས་ནས་རང་གྲངས་ལོ་ངེས་ པ་རྣམས་གོང་ནས་གོང་དུ་ཕུད་ཅིང་དོར་བའི་ལྷག་མ་ནི་དྷྲུ་བ་ཞེས་བརྗོད་དོ། ། སླར་ཡང་ཟླ་བ་གཞན་གྱི་ངེས་པ་ཚོལ་བར་འདོད་ན། དེ་ལྟར་དག་པ་ཟླ་རེའི་དྷྲུ་བ་ཡང་ ཡང་བསྣན། །ཕྱི་མ་ཕྱྀ་མའི་དྷྲུ་བར་འགྱུར། །ཞེས་སྨོས་ཏེ། ཟླ་བ་རེ་རེའི་དྷྲུ་བ་ནི་བསྟན་ ཟིན་པ་ཉིད་དོ། །དེ་ཉིད་དྲུག་གིས་བསྒྱུར་བ་བསྣན། ཟླ་བ་དྲུག་པའི་དྲུག་པར་འགྱུར་ ཞིང༌། གཅིག་གཉིས་ཀྱིས་བསྒྱུར་བ་བསྣན་ནས་ལོ་ཕྱི་མའི་དྷྲུ་བར་འགྱུར་རོ། །འོན་ཀྱང་ ཟླ་བ་ལྷག་འབྱུང་བའི་དེའི་ཚེ་ནི་གཅིག་གསུམ་གྱིས་བསྒྱུར་བ་སྦྱིན་པར་བྱའོ། །རབ་ གསལ་བྱེད་པའི་རྩིས་རྫོགས་སོ།། ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 7-1-11 ༄༅། །ཡན་ལག་ལྔའི་རྩིས་དང་གཟའ་ལྔའི་རྩིས་བཞུགས། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། ལྷ་མཆོག་རྣམས་ཀྱི་ཅོད་པན་གྱིས། །གང་གི་ཞབས་རྡུལ་ གུས་མཆོད་པ། །ཀུན་མཁྱེན་དེ་ལ་ལེགས་བཏུད་ནས། །ཉུང་ངུའི་བྱེད་པ་གསལ་བར་བྱ། ། མིག་དམར་ལ་སོགས་འདས་པའི་ལོ། །ཉི་མས་བསྒྱུར་ལ་ནག་པ་སོགས། །འདས་ཟླ་བསྲེས་ པ་གནས་གཉིས་ཀྱི། །འོག་མ་ལག་བསྒྱུར་རི་ཟླ་བསྣན། །དེ་ལ་མདའ་རོས་རྙེད་སྟེང་ སྦྱིན། །གང་དེས་ཟླ་བ་དག་པར་འགྱུར། །ཟླ་དག་གནས་གསུམ་རིམ་པ་བཞིན། །གཅིག་ དང་སོ་གཅིག་ལྔ་བཅུས་བསྒྱུར། །གཟུགས་དང་ཞེ་དྲུག་ཕྱོགས་ཀྱིས་བསྣན། །དྲུག་ཅུ་ མཁའ་རོ་ཐུབ་པ་ཡིས། །དྲིལ་ནས་དོར་བའི་ལྷག་མ་གང༌། །དེ་འདིར་རེས་གཟའི་དྷྲུ་བ་ ཡིན། །གནས་གཉིས་མིག་དང་གཟུགས་ཀྱིས་བསྒྱུར། །བཅོ་བརྒྱད་གོ་གསུམ་བྱིན་པ་ ལ། །དུས་ཉི་དང་ནི་ཀླུ་ལག་གིས། །དྲིལ་ནས་དོར་ལྷག་ཆ་ཤས་རྫོགས། །ལག་ཕྱོགས་ང་ བརྒྱད་ལག་ཕྱོགས་ཀྱིས། །ཟླ་དག་གནས་ལྔ་རིམ་བཞིན་བསྒྱུར། །ཉེར་དྲུག་ལྔ་བཅུ་ཞེ་ གསུམ་དྲུག །དང་པོ་གཉིས་གསུམ་ལྔ་པར་སྦྱིན། །འདོད་པ་དྲུག་དང་མཁའ་རོ་ དང༌། །མཁའ་རོ་སྐར་མས་དྲིལ་ལ་དོར། །ལྷག་མ་སྐར་མའི་ངེས་པ་ཡིན། །དེ་ལ་བསྒྱུར་ བྱེད་གང་ཡིན་རྣམས། །བྱིན་པས་གཉིས་པའི་དྷྲུ་བར་འགྱུར། །ཚེས་རེའི་ངེས་པ་ཚོལ་བ་ ན། །གཟའ་ཚེས་ཉི་མའི་ཚེས་རེ་ཡི། །རྩ་བའི་ལོངས་སྤྱོད་ཚེས་ཀྱིས་བསྒྱུར། །གཟའ་དང་ ཉི་མའི་དྷྲུ་བར་སྦྱིན། །རིལ་པོར་ཚེས་སྦྱིན་ཆུ་ཟླས་བགོ །ཐོབ་པ་མཉམ་དང་མི་མཉམ་ བརྟག །ལྷག་མས་ཟླ་བའི་རྐང་བཟུང་དེའི། །སྔོན་མས་ཆ་ཤས་བསྒྱུར་བ་ལ། །དུས་ཉིས་ ཐོབ་པ་ཆུ་ཚོད་ལྷག ། དྲུག་ཅུ་དྲུག་དང་འདོད་པས་བསྒྱུར། །རྙེད་པ་སྲང་དབུགས་ འདོད་ཆ་སྟེ། །འདི་དག་སྔ་རྐང་ཟོས་སྡོམ་སྦྱིན། །ཕྱི་རྐང་བཟའ་བྱ་སྡོམ་ལ་དབྲི། །དེ་ནས་ རེས་གཟའི་ལོངས་སྤྱོད་དུ། །ཐོབ་པ་མཉམ་སྦྱིན་མི་མཉམ་དོར། །ཉི་མ་གནས་གཉིས་ གཅིག་ལ་ནི། །ཁྱིམ་གསུམ་སྦྱང་བྱ་མ་ལྡང་ན། །འཁོར་བསྲེ་ལྷག་ན་འཁོར་བྱེད་ 7-1-12 དོར། །ལྷག་མ་སྐར་གནས་དྲུག་ཅུས་བསྒྱུར། །ཆུ་ཚོད་བསྲེས་ལ་མདའ་ཡོན་ཟླས། །ཐོབ་པ་ འདས་པའི་ཁྱིམ་རྣམས་ཡིན། །དེ་ནི་ཉི་རྐང་བཟུང་ནས་སླར། །རྒྱུ་ཞིང་ཡོད་པས་ལྷག་མ་ བསྒྱུར། །མདའ་ཡོན་ཟླས་རྙེད་ཆུ་ཚོད་ལྷག ། དྲུག་ཅུ་དྲུག་དང་འདོད་པ་ཡིས། །བསྒྱུར་ རྙེད་སྲང་དབུགས་འདོད་ཆ་སྟེ། །འདི་དག་སྔ་རྐང་ཟོས་སྡོམ་སྦྱིན། །ཕྱི་རྐང་བཟའ་བྱ་ སྡོམ་ལ་དབྲི། །དེ་ནས་གཟའ་ཉིའི་ལོངས་སྤྱོད་དུ། །རིམ་མིན་སྦྱིན་ཞིང་རིམ་པར་ སྤྱད། །དེ་ནི་གཟའ་ཚེས་ཉི་མ་དག །ཉི་མ་གཉིས་བཀོད་གཅིག་གི་ནི། །དབྱུག་གུར་མཚོ་ མདའ་ཚེས་བསྒྱུར་སྦྱིན། །རེས་གཟའ་ལོངས་སྤྱོད་རྣམས་ཀྱིས་སྦྱང༌། །འཁོར་ལོ་དོར་ལྷག་ ཟླ་སྐར་ཡིན། །ཉི་མ་ཟླ་བ་བསྲེས་པ་ལ། །འཁོར་ལོ་དོར་ལྷག་སྦྱོར་བ་སྟེ། །ཚེས་ལ་མིག་ བསྒྱུར་གཟུགས་དམན་པ། །ཐུབ་པས་བགོས་ལྷག་བྱེད་པའོ། ། དེ་ལྟར་ལན་ཅིག་དག་པ་ལ། །ཕྱི་མའི་ལོངས་སྤྱོད་བསྣན་པ་ནི། །གཟའ་ཚེས་ཉི་ཟླའི་ཚེས་ རེ་ཡིས། །རྩ་བའི་ལོངས་སྤྱོད་སོ་སོར་སྦྱིན། །དེ་ལ་ཉི་རྐང་འཕེལ་འགྲིབ་ནི། །ཆུ་སྲང་དྲག་ པོ་ཡོན་ཏན་དབུགས། །འདོད་པའི་ཆ་ཤས་བཅུ་གཅིག་རྣམས། །གཞུ་དང་ཆུ་སྲིན་ཁྱིམ་ དུ་སྦྱིན། །ཀར་ཀ་ཊ་དང་འཁྲིག་པར་དོར། །སྲང་བདུན་སྲོག་བཞི་ཆ་བདུན་རྣམས། །སྡིག་ པ་དང་ནི་བུམ་པར་སྦྱིན། །གླང་དང་སེང་གེའི་ཁྱིམ་དུ་དོར། །སྲང་གཅིག་སྲོག་ལྔ་ཆ་ བརྒྱད་རྣམས། །ཉ་དང་སྲང་གི་ཁྱིམ་དུ་སྦྱིན། །ལུག་དང་བུ་མོའི་ཁྱིམ་དུ་དོར། །རེས་ གཟའ་ལ་ནི་ཁྱད་པར་དུ། །རིལ་བོར་ཚེས་སྦྱིན་ཆུ་ཟླས་བགོ །ལྷག་མས་ཟླ་བའི་རྐང་པ་ བཟུང༌། །རག་ཐང་རྐང་པའི་གནས་དེ་ཉིད། །ཐོབ་པ་མཉམ་ན་སྔ་རྐང་བདུན། །ཐད་ ཀར་སྦྱིན་ཞིང་ཕྱི་རྐང་དབྲི། །མི་མཉམ་ན་ནི་དེ་ལས་བཟློག །ཆ་ཤས་དྲུག་ཅུས་བསྒྱུར་བ་ ལ། །དུས་དང་ཉི་མས་ཐོབ་ཆུ་སྲང༌། །དྲུག་གིས་བསྒྱུར་ལས་རྙེད་པ་དབུགས། །འདོད་ པས་བསྒྱུར་རྙེད་འདོད་པའི་ཆས། །རྐང་པ་མེ་ནས་དྲག་པོའི་བར། །ཐོབ་པ་མཉམ་ན་བུ་ ལོན་ཏེ། །མི་མཉམ་ན་ནི་ནོར་ཡིན་ནོ། །འོན་ཀྱང་རྐང་པ་བདུན་པ་ལ། །སྤྱོད་ཚེ་དབྲི་ བསྣན་མི་བྱ་ཞིང༌། །བརྒྱད་པར་རིམ་པ་གསུམ་དུ་སྦྱར། །དེ་ལྟར་བྱས་ན་ཕྱི་མ་ཡི། །གཟའ་ ཚེས་ཉི་མའི་སྐར་མར་འགྱུར། །འོན་ཀྱང་ཟླ་སྐར་འཕོ་བའི་མཚམས། །ཚེས་ཀྱི་རྗེས་སུ་ 7-1-13 འགྲོ་འགྱུར་ཞིང༌། །སྦྱོར་བ་བྱེད་པ་སྔར་བཞིན་ཞེས། །མཁས་པས་ལེགས་པར་བཤད་ལས་ རྙེད། །སོ་སོའི་རྩ་བའི་ལོངས་སྤྱོད་རྣམས། །ལེགས་པར་སྦྱངས་པའི་ཞལ་ལས་ལོངས། །དེ་ ལས་བྱུང་བའི་དགེ་བ་དེས། །འགྲོ་ཀུན་ཀུན་མཁྱེན་གནས་ཐོབ་ཤོག །ཅེས་པ་བཙུན་པ་ དོལ་པོ་པས་བཀོད་པའོ།། །། ༈ ཟླ་དག་མཁའ་མེས་བསྒྱུར་བ་ལ། །ཚེས་གྲངས་བསྲེས་པ་གནས་གསུམ་གཞག ། འོག་ལ་ འདོད་པ་དྲུག་བསྲེས་ནས། །རི་མཁའ་རིས་ཐོབ་ཡོན་ཏན་མེས། །རྣམ་པར་བརྒྱན་པ་ དབུས་སུ་སྦྱིན། །དེ་ལ་ཆུ་བོ་རོས་རྙེད་པས། །སྟེང་ལ་ཕྲི་བའི་ལྷག་མ་ནི། །གཟའ་དང་ མཚུངས་བྱས་གསལ་བའི་ཞག །གཟའ་ལྔ་ཀུན་གྱི་ཐུན་མོང་ངོ༌། །བཀྲ་ཤིས་དོན་དུ་ གསལ་བའི་ཞག །མདའ་ཆུ་རྒྱ་མཚོས་བརྒྱན་པ་ལ། །རི་ཀླུ་རོས་རྙེད་དོར་བའི་ལྷག །སྐར་ མས་བསྒྱུར་ལས་རྙེད་པ་སྐར། །ལྷག་མ་དྲུག་ཅུས་བསྒྱུར་བ་ལས། །རྙེད་པ་ཆུ་ཚོད་ལྷག་མ་ ནི། །དྲུག་ཅུ་དྲུག་དང་འདོད་པས་བསྒྱུར། །དེ་ལ་རི་ཀླུ་རོས་རྙེད་པ། །སྲང་དབུགས་ འདོད་པའི་ཆ་ཤས་ཏེ། །མིག་དམར་དལ་བ་བར་པ་ཡིན། །གནས་གཉིས་བཞག་པའི་ གཅིག་ལ་ནི། །སྐར་མ་དགུ་དང་ཕྱེད་ཀྱིས་སྦྱང༌། །མ་ལྡང་འཁོར་བསྲེ་ལྷག་ཕྱེད་ དོར། །དོར་ལྷག་སྐར་མ་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་བསྲེས་པ་ལ། །མདའ་ཡོན་ ཟླས་ཐོབ་རྐང་པ་བཟུང༌། །དེ་ཉིད་བཅོ་བརྒྱད་རི་བཟློག་ཕྱི། །མིག་དམར་དལ་བའི་རྐང་ པ་ཡིན། །རྐང་བཟུང་སྔུན་མས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་རྙེད་ཆུ་ཚོད་ལྷག །དྲུག་ ཅུ་དྲུག་དང་འདོད་པས་བསྒྱུར། །སྲང་དབུགས་ཆ་ཤས་བསྲེས་པ་ལ། །རྙེད་པ་སྲང་ དབུགས་ཆ་ཤས་ཏེ། །སྔ་རྐང་ཟོས་སྡོམ་ཕྱི་རྐང་དབྲི། །དལ་བ་བར་པའི་གནས་གཅིག་ ལ། །དོར་སྦྱིན་མ་དོར་སྦྱང་བར་བྱ། །དེ་ནི་དལ་བ་དག་པ་ཡིན། །མྱུར་བའི་དོན་དུ་གནས་ གཉིས་བཞག །གཅིག་གིས་ཉི་མ་བར་པ་སྦྱང༌། །མ་ལྡང་འཁོར་བསྲེ་ལྷག་ཕྱེད་དོར། །དོར་ བའི་ལྷག་མས་མྱུར་རྐང་བཟུང༌། །རྒྱལ་བ་མེ་མིག་གནས་གསུམ་དང༌། །ཟླ་བ་ལག་པ་ རྣམ་པ་གཉིས། །བཅོ་བརྒྱད་ཚེས་དང་དྲག་པོ་མེ། །རྩ་བར་དྲག་པོ་སུམ་ཅུ་ བརྒྱད། །མཁའ་ཀླུ་ལྔ་བཅུ་རྩ་གསུམ་ནི། །མིག་དམར་མྱུར་བའི་རྐང་པ་ཡིན། །རྐང་བཟུང་ 7-1-14 སྔུན་མས་ཆུ་ཚོད་བསྒྱུར། །མཁའ་རོས་ཐོབ་པ་ཆུ་ཚོད་ལྷག །དྲུག་ཅུས་བསྒྱུར་ལ་ཆུ་སྲང་ བསྲེ། །ཐོབ་པ་སྲང་ཡིན་ལྷག་མ་ཡང༌། །དྲུག་གིས་བསྒྱུར་ལ་དབུགས་བསྲེས་ཏེ། །དྲུག་ ཅུས་ཐོབ་པ་དབུགས་ཡིན་ལྷག །འདོད་པས་བསྒྱུར་ལ་ཆ་བསྲེས་ནས། །རྙེད་པ་ཆ་ཡིན་ དེ་དག་རྣམས། །སྔ་རྐང་ལ་སྦྱིན་ཕྱི་རྐང་དབྲི། །སྔར་གྱི་དལ་བ་དག་པ་ལ། །མ་དོར་ན་ སྦྱིན་དོར་ན་དབྲི། །རྣམ་པར་དག་པའི་བཀྲ་ཤིས་ཡིན། ། ༈ གཟའ་ལག་དོན་དུ་གསལ་བའི་ཞག །མཁའ་སྟོང་ཟླ་བས་བསྒྱུར་བ་ལ། །རྒྱལ་བ་རྒྱ་ མཚོ་ཀླུ་བསྣན་ནས། །རི་བུག་རི་ཀླུས་རྙེད་པ་དོར། །ལྷག་མ་འཁོར་ལོས་སྒྱུར་བ་ལ། །རི་ བུག་རི་ཀླུས་རྙེད་པ་སྐར། །ལྷག་མ་དྲུག་ཅུས་བསྒྱུར་རྙེད་དབྱུག །སྲང་དབུགས་ཆ་ཡང་ ཤེས་པར་བྱ། །དལ་བ་པར་པ་ཡིན་ནོ་ལོ། །དལ་བ་དག་པའི་དོན་དུ་ནི། །ཉི་མ་བར་པ་ གནས་གཉིས་བཞག །གཅིག་ལ་སྐར་མ་བཅུ་དྲུག་དང༌། །ཆུ་ཚོད་སུམ་ཅུ་སྦྱང་བར་ བྱ། །མ་ལྡང་འཁོར་བསྲེ་ལྷག་ཕྱེད་དོར། །ལྷག་མ་སྐར་གནས་དྲུག་ཅུས་བསྒྱུར། །ཆུ་ཚོད་ བསྲེས་ལ་མདའ་ཡོན་ཟླས། །ཐོབ་པས་དལ་བའི་རྐང་པ་བཟུང༌། །ཕྱོགས་རི་མེ་སྔ་བཟློག་ པ་ཕྱི། །གཟའ་ལག་དལ་བའི་རྐང་པ་ཡིན། །རྐང་བཟུང་སྔུན་མས་ལྷག་མ་བསྒྱུར། །མདའ་ ཡོན་ཟླས་ཐོབ་ཆུ་ཚོད་དེ། །སྲང་དབུགས་ཆ་ཡང་ཤེས་པར་བྱ། །སྔ་རྐང་སྡོམ་སྦྱིན་ཕྱི་རྐང་ དབྲི། །ཉི་མ་བར་པའི་གནས་གཅིག་ལ། །དོར་སྦྱིན་མ་དོར་སྦྱང་བར་བྱ། །གཟའ་ལག་ དལ་བ་དག་པ་ཡིན། །མྱུར་བའི་དོན་དུ་ཉི་མ་ཡིས། །སྔར་གྱི་རྙེད་པ་སྦྱང་བར་བྱ། །མ་ ལྡང་འཁོར་བསྲེ་ལྷག་ཕྱེད་དོར། །ལྷག་མས་མྱུར་བའི་རྐང་པ་བཟུང༌། །རྒྱལ་པོ་མི་བདག་ ཚེས་ཤེད་བུ། །འདོད་པ་དྲག་པོ་རི་མདའ་མཁའ། །རྩ་བར་རྒྱ་མཚོ་དྲག་པོ་དང༌། །མཁའ་ མིག་ཀླུ་ལག་ཆུ་མེ་ནི། །གཟའ་ལག་མྱུར་བའི་རྐང་པ་ཡིན། །རྐང་བཟུང་སྔུན་མས་ཆུ་ཚོད་ བསྒྱུར། །དྲུག་ཅུས་ཐོབ་པ་ཆུ་ཚོད་དེ། །སྲང་དབུགས་ཆ་ཡང་ཤེས་པར་བྱ། །སྔ་རྐང་ཟོས་ སྦྱིན་ཕྱི་རྐང་དབྲི། །སྔར་གྱི་དལ་བ་དག་པ་ལ། །མ་དོར་ན་སྦྱིན་དོར་ན་དབྲི། །རྣམ་པར་ དག་པའི་གཟའ་ལག་ཡིན། ། ༈ ཕུར་བུ་གསལ་ཞག་ཐུབ་པ་སོས། །བརྒྱན་ཏེ་སོ་མེ་ཆུས་རྙེད་དོར། །ལྷག་མ་སྐར་མས་ 7-1-15 བསྒྱུར་བ་ལ། །སོ་མེ་ཆུས་རྙེད་སྐར་མ་སྟེ། །ཆུ་ཚོད་སྲང་དབུགས་ཆ་ཡང་ངོ༌། །ཕུར་བུའི་ དལ་བ་བར་པ་ཡིན། །དག་པའི་དོན་དུ་གནས་གཉིས་བཞག །གཅིག་ལ་སྐར་མ་བཅུ་ གཉིས་སྦྱང༌། །མ་ལྡང་འཁོར་བསྲེ་ལྷག་ཕྱེད་དོར། །ལྷག་མ་སྐར་གནས་དྲུག་ཅུས་ བསྒྱུར། །འོག་གི་ཆུ་ཚོད་བསྲེས་པ་ལ། །མདའ་ཡོན་ཟླས་རྙེད་དལ་རྐང་བཟུང༌། །དྲག་པོ་ བུ་ག་རྩེ་མོ་ཅན། །བཟློག་པ་ཕྱི་རྐང་ཕུར་བུའི་ཡིན། །རྐང་བཟུང་སྔུན་མས་ལྷག་མ་ བསྒྱུར། །མདའ་ཡོན་ཟླས་རྙེད་ཆུ་ཚོད་དེ། །སྲང་དབུགས་ཆ་ཡང་ཤེས་པར་བྱ། །སྔ་རྐང་ ཟོས་སྡོམ་ཕྱི་རྐང་དབྲི། །དལ་བ་བར་བའི་གནས་གཅིག་ལ། །དོར་སྦྱིན་མ་དོར་སྦྱང་བར་ བྱ། །བླ་མའི་དལ་བ་དག་པ་ཡིན། །མྱུར་བའི་དོན་དུ་གནས་གཉིས་ཀྱི། །གཅིག་གིས་ཉི་མ་ བར་བ་སྦྱང༌། །མ་ལྡང་འཁོར་བསྲེ་ལྷག་ཕྱེད་དོར། །ལྷག་མས་མྱུར་བའི་རྐང་པ་ བཟུང༌། །ཕྱོགས་ཕྱོགས་གཟའ་ནོར་རོ་དྲུག་གཉིས། །གཅིག་སྟེ་རྩ་བར་གསུམ་རོ་ གཟའ། །དྲག་པོ་མི་བདག་ཐུབ་པ་ནི། །ཕུར་བུ་མྱུར་བའི་རྐང་པ་ཡིན། །རྐང་ཟོས་སྔུན་ མས་ཆུ་ཚོད་བསྒྱུར། །མཁའ་རོས་ཐོབ་པ་ཆུ་ཚོད་དེ། །སྲང་དབུགས་ཆ་ཡང་སྔར་བཞིན་ ནོ། །སྔ་རྐང་ཟོས་སྡོམ་ཕྱི་རྐང་དབྲི། །དལ་བ་དག་པའི་གནས་གཅིག་ལ། །མ་དོར་མ་སྦྱིན་ དོར་ན་སྦྱང༌། །རྣམ་དག་ལྷ་ཡི་བླ་མ་ཡིན། ། ༈ པ་སངས་དོན་དུ་ཕྱོགས་ཀྱིས་བསྒྱུར། །བུག་ཟླ་མིག་དང་ལག་པས་བསྣན། །རི་རྒྱལ་མིག་ གིས་རྙེད་པ་དོར། །ལྷག་མ་འཁོར་ལོས་བསྒྱུར་བ་ལ། །རྙེད་པ་སྐར་མའོ་ལྷག་མ་ ཡང༌། །མཁའ་རོས་བསྒྱུར་རྙེད་ཆུ་ཚོད་སོགས། །སྔ་མ་བཞིན་དུ་ཤེས་པར་བྱ། །དཀར་ པོའི་དལ་བ་བར་བ་ལོ། །དལ་བ་དག་པའི་དོན་དུ་ནི། །ཉི་མ་བར་མ་གནས་གཉིས་ བཞག ། གཅིག་ལ་སྐར་མ་དྲུག་དབྲི་ཞིང༌། །མ་ལྡང་འཁོར་བསྲེ་ལྷག་བྱེད་དོར། །ལྷག་མ་ སྐར་གནས་མཁའ་རོས་བསྒྱུར། །འོག་གི་ཆུ་ཚོད་བསྲེས་པ་ལ། །མདའ་ཡོན་ཟླས་རྙེད་ དལ་རྐང་བཟུང༌། །མདའ་ཆུ་ཟླ་བ་དེ་བཟློག་ཕྱིར། །པ་བ་སངས་ཀྱི་དལ་རྐང་ཡིན། །རྐང་ ཟོས་སྔུན་མས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་རྙེད་ཆུ་ཚོད་དེ། །སྲང་དབུགས་ཆ་ཡང་ སྔ་མ་བཞིན། །སྔ་རྐང་ཟོས་སྡོམ་ཕྱི་རྐང་དབྲི། །ཉི་མ་བར་བའི་གནས་གཅིག་ལ། །དོར་ 7-1-16 སྦྱིན་མ་དོར་སྦྱང་བར་བྱ། །དཀར་པོའི་དལ་བ་དག་པ་ཡིན། །མྱུར་བའི་དོན་དུ་ཉི་མ་ ཡིས། །སྔར་གྱི་རྙེད་པ་སྦྱང་བར་བྱ། །མ་ལྡང་འཁོར་བསྲེ་ལྷག་ཕྱེད་དོར། །ལྷག་མས་མྱུར་ བའི་རྐང་པ་འཛིན། །དེ་ཉིད་གནས་གསུམ་རྒྱལ་བ་གཉིས། །ལག་མིག་རྣམ་གཉིས་བཅོ་ བརྒྱད་ཚེས། །གདེངས་ཅན་རྩ་བར་དྲུག་མཁའ་མེ། །དབུགས་ཟླ་ཡོན་ཏན་རི་བོ་ ནི། །དཀར་པོའི་མྱུར་རྐང་ཡིན་པར་འདོད། །རྐང་ཟོས་སྔུན་མས་ཆུ་ཚོད་བསྒྱུར། །མཁའ་ རོས་རྙེད་པ་ཆུ་ཚོད་དེ། །སྲང་དབུགས་ཆ་ཡང་སྔ་མ་བཞིན། །སྔ་རྐང་ཟོས་སྡོམ་ཕྱི་རྐང་ དབྲི། །སྔར་གྱི་དལ་བ་དག་པ་ལ། །མ་དོར་ན་སྦྱིན་དོར་ན་སྦྱང༌། །རྣམ་དག་དཀར་པོའི་ ལོངས་སྤྱོད་ཡིན། ། ༈ སྤེན་པ་སྤྱི་ཡི་ཉི་མ་ལ། །ཟླ་བ་ནོར་དང་འདོད་པས་བསྣན། །རོ་དྲུག་ཐུབ་པ་ཕྱོགས་ ཀྱིས་བགོ །ནོར་དོར་ལྷག་མ་འཁོར་ལོས་སྒྱུར། །དེ་ལས་རྙེད་པ་སྐར་མ་སྟེ། །ཆུ་ཚོད་སྲང་ དབུགས་ཆ་ཡང་ངོ༌། །སྤེན་པའི་དལ་བ་བར་བ་ཡིན། །གནས་གཉིས་གཅིག་ལ་བཅོ་ བརྒྱད་དོར། །མ་ལྡང་འཁོར་བསྲེ་ལྷག་ཕྱེད་དོར། །ལྷག་མ་མཁའ་རོས་བསྒྱུར་བ་ལ། །ཆུ་ ཚོད་བསྲེས་ཏེ་མདའ་ཡོན་ཟླས། །ཐོབ་པས་དལ་བའི་རྐང་པ་འཛིན། །ལག་མིག་ཚེས་རོ་ ཕྱི་རྐང་བཟློག །ཉི་མའི་བུ་ཡི་དལ་རྐང་ཡིན། །རྐང་ཟོས་སྔུན་མས་ལྷག་མ་བསྒྱུར། །མདའ་ ཡོན་ཟླས་རྙེད་ཆུ་ཚོད་སོགས། །སྔ་མ་བཞིན་དུ་ཤེས་པར་བྱ། །སྔ་རྐང་ཟོས་སྡོམ་ཕྱི་རྐང་ དབྲི། །དལ་བ་བར་བའི་གནས་གཅིག་ལ། །དོར་སྦྱིན་མ་དོར་སྦྱང་བར་བྱ། །སྤེན་པའི་ དལ་བ་དག་པ་ཡིན། །མྱུར་ལ་དེ་ཉིད་གནས་གཉིས་ཀྱི། །གཅིག་གིས་ཉི་མ་བར་བ་ སྦྱང༌། །མ་ལྡང་འཁོར་བསྲེ་ལྷག་ཕྱེད་དོར། །ལྷག་མས་མྱུར་བའི་རྐང་པ་འཛིན། །དྲུག་ མདའ་མདའ་ཆུ་རིག་བྱེད་མིག །ལག་པ་ནམ་མཁའ་རྩ་བར་མིག །རིག་བྱེད་འབྱུང་བ་ དྲུག་ཀླུ་གསུམ། །སྤེན་པ་མྱུར་བའི་རྐང་པ་ཡིན། །རྐང་ཟོས་སྔུན་མས་ཆུ་ཚོད་ བསྒྱུར། །མཁའ་རོས་ཐོབ་པ་ཆུ་ཚོད་ཡིན། །སྲང་དབུགས་ཆ་ཡང་སྔར་བཞིན་ཏེ། །སྔ་རྐང་ ཟོས་སྡོམ་ཕྱི་རྐང་དབྲི། །དལ་བ་དག་པའི་གནས་གཅིག་ལ། །མ་དོར་ན་སྦྱིན་དོར་ན་ དབྲི། །ཉི་སྐྱེས་དག་པའི་ལོངས་སྤྱོད་དོ། །མྱུར་བའི་ལས་ཀྱི་དུས་སུ་ནི། །མ་དོར་མ་རྒལ་ 7-1-17 མྱུར་བ་ཤར། །རྒལ་ལ་མ་དོར་དལ་བ་ལྷོ། །དོར་ལ་མ་རྒལ་འཁྱོག་པ་ནུབ། །རྒལ་དོར་ འབྱུང་བ་བྱང་དུ་ལྟ། །འགྲོས་བཞི་ཀུན་གྱི་ཐུན་མོང་ངོ༌། །དེ་ལས་བྱུང་བའི་དགེ་བ་ དེས། །འགྲོ་ཀུན་ཀུན་མཁྱེན་གནས་ཐོབ་ཤོག །ཡན་ལག་ལྔ་དང་གཟའ་ལྔའི་ རྩིས། །བཙུན་པ་དོལ་པོ་པས་བཀོད་པའོ།། །།མངྒ་ལཾ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༢༠༧ སྤར་མ་ཞིག་ཡིན། ཛཾ་པར་ གཉིས་ལ་གཏུག་ཡོད།) 7-1-18 ༄༅། །སྒྲ་གཅན་རྩིས་དང་གཟའ་འཛིན་རྩིས་བཞུགས། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། ཟླ་བ་དག་པར་བུ་ག་ཀླུ། །བྱིན་ནས་ལག་པས་བསྒྱུར་བ་ ལ། །ཟླ་བ་ཉི་མ་འཛིན་པ་ན། །གཅིག་དང་གཉིས་བསྲེ་མཁའ་རོ་ཆུས། །རྙེད་པ་དོར་ལྷག་ འཁོར་ལོས་སྒྱུར། །དེ་ལས་རྙེད་པ་སྐར་མའོ་ལྷག །དྲུག་ཅུ་དྲུག་ཅུ་དྲུག་འདོད་པས། ། བསྒྱུར་རྙེད་དབྱུག་གུ་སྲང་དབུགས་ཆ། །དེ་ཡིས་རྒྱུ་སྐར་སྦྱངས་པའི་ལྷག །གདོང་སྟེ་ འཁོར་ཕྱེད་བསྲེས་པ་མཇུག ། ༈ གཟའ་འཛིན་རྩིས་ནི། ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། ཚ་ཟེར་རྒྱལ་པོའི་དཀྱིལ་འཁོར་ལ། །མེ་ དང་མུན་པས་སྒྲུབ་པའི་ཚེ། །སྐར་མ་མཐུན་ན་མཁའ་རོ་དང༌། །མི་མཐུན་ནམ་མཁའ་ཉི་ མ་ཡི། །རི་མོ་ས་ལ་ཤར་ནུབ་ཏུ། །རིམ་པས་བཀོད་ལ་འདི་ལྟར་བརྟག །གཉི་གའི་ལོངས་ སྤྱོད་ཆུ་བདག་ནས། །བགྲངས་པས་གང་མང་དབང་པོར་འབྱུང༌། །དེ་ལ་ཉི་མའི་ཆུ་ བདག་ཏུ། །མུན་པ་བྱུང་ན་མདའ་ཡོན་བར། །དེ་ལས་བཟློག་ན་ཡོན་ཏན་བར། །འཛིན་ འགྱུར་འདི་ལ་ཐེ་ཚོམ་མེད། །འོན་ཏེ་ཉི་མའི་ཆུ་བདག་ཏུ། །དུས་མེ་བྱུང་ན་གདེངས་ ཀའི་བར། ། དེ་ལས་བཟློག་ན་མཁའ་མཚོའི་བར། །འདི་ལའང་གདོན་མི་ཟ་བར་ འཛིན། །སྒྲིབ་བྱེད་གང་ན་གནས་པ་ཡི། །ཕྱོགས་དེ་ཉིད་ནས་འཛིན་འགྱུར་མོད། །དེ་ལྟ་ ན་ཡང་ལྷོ་བྱང་གི ། བགྲོད་པས་བྱང་དང་ལྷོ་ནས་ཀྱང༌། །སྒྲིབ་ཕྱིར་མཚམས་ནས་འཛིན་ པའང་ཡོད། །ཚེས་དེའི་ལོངས་སྤྱོད་ཟད་པ་ན། །འཇུག་མོད་དེ་ལྟ་ན་ཡང་འདིར། །རེ་ ཞིག་གསལ་བར་མཐོང་མིན་ཡང༌། །དུས་སྦྱོར་གཅིག་སོགས་འདས་ཚེ་མཐོང༌། །ཆ་ནི་ མཁས་པའི་ཞལ་ལས་ལོངས། །ཟླ་བ་ལ་ནི་ཁྱད་པར་དུ། །མུན་པ་ཆུར་བྱུང་མིག་མཚོའི་ བར། །དེ་ལས་བཟློག་ན་གཉིས་སྐྱེས་བར། །དུས་མེ་ལྟར་བྱུང་མཁའ་མདའི་བར། །དེ་ལས་ བཟློག་ན་རྒྱལ་པོའི་བར། །འཛིན་པར་འགྱུར་ཞེས་མཁས་རྣམས་འདོད། །འོན་ཀྱང་འདི་ 7-1-19 ལ་བླ་མ་ཡི། །ཞལ་གྱི་གདམས་པ་གཅེས་པར་ཟུང༌། །ཞེས་པ་གང་འདི་དོལ་པོ་པའི། །སྙིང་ ལ་ཡང་དག་གནས་པར་གྱུར། །དེ་ལ་རྒྱལ་སྲས་དམ་པ་ཡི། །གསུང་གིས་ཉེ་བར་བསྐུལ་ ནས་འདི། །སྦྱར་བའི་དགེ་བས་འགྲོ་ཀུན་གྱི། །སྲོག་ཡིད་དབུས་མར་འཇུག་གྱུར་ ཅིག། །།མངྒ་ལཾ། བྷ་བ་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༢༠༧ སྤར་མ་ཞིག་ཡིན།) 7-1-20 ༄༅། །རྩིས་ཀྱི་རྒྱུ་མཚན་བཞུགས། ༄༅། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གང་གི་ འོད་ཟེར་ཆ་ཡི་ཆ་ཤས་ཕྲ་མོ་ཡིས། །བསྐལ་པའི་མུན་པ་མུན་ནག་ཀུན་སེལ་ཉི་མས་ ཀྱང༌། །གསལ་བར་མ་ནུས་བདེ་གཤེགས་སྙིང་པོ་གསལ་མཛད་པ། །བླ་མའི་གསུང་འོད་ དྲི་མ་མེད་ལ་ཕྱག་འཚལ་ནས། །བློ་གྲོས་ལུས་བཟང་ངོ་ཚ་ཤེས་པའི་གོས་རྒྱན་ཅན། །དད་ པའི་བཞིན་རས་གཏོང་ལ་དགའ་བའི་སྤྱན་རྒྱས་པ། །ལྷག་བསམ་ཡངས་པས་ས་ཆེན་ སྐྱོང་བའི་མཆོག་ཁྱོད་ལ། །ངོ་མཚར་རྩིས་ཀྱི་རྒྱུ་མཚན་འགའ་ཞིག་ཞུ་བར་བགྱི། །ཟླ་བ་ ཕྱེད་པ་དྲུག་ཅུ་རྩ་ལྔ་ན། །ལྷག་པའི་ཟླ་བ་འབྱུང་རྣམས་རྟོགས་བྱའི་ཕྱིར། །མ་དག་ཟླ་ གཉིས་འོག་མ་ལག་པས་བསྒྱུར། །མདའ་རོས་རྙེད་པ་སྟེང་སྦྱིན་ཟླ་དག་འགྱུར། །མ་དག་ ཟླ་བ་ཁྱིམ་ཞག་སུམ་ཅུའི་བདག །དག་པའི་ཟླ་བ་ཚེས་གྲངས་སུམ་ཅུ་ལགས། །ཚེས་ གྲངས་རེ་རེའི་རྩ་བའི་ལོངས་སྤྱོད་ནི། །ཆུ་ཚོད་ང་དགུ་སྲང་གསུམ་སྲོག་བཞི་ལགས། །དེ་ དག་སོ་སོར་སུམ་ཅུས་བསྒྱུར་བ་ནི། །ཟླ་བ་གཅིག་ཏུ་བསགས་པའི་ལོངས་སྤྱོད་དེ། །རེས་ གཟའ་ཉེར་དགུ་ཆུ་ཚོད་སུམ་ཅུ་གཅིག །ཆུ་སྲང་ལྔ་བཅུར་འགྱུར་བ་རང་བཞིན་ ལགས། །དེ་ལ་རེས་གཟའ་འཁོར་ལོར་ལོངས་པ་བཞི། །དོར་བའི་ལྷག་མ་གཟའ་གཅིག་ དབྱུག་གུ་ནི། །དྲུག་ཆས་དམན་པའི་སུམ་ཅུ་རྩ་གཉིས་ལགས། །དེ་ཡི་སླད་དུ་རྣམ་དག་ཟླ་ བ་ནི། །གནས་གསུམ་དབུས་མ་སོ་ཡིས་བསྒྱུར་བ་ལ། །འོག་གི་དྲུག་ཆས་ཕྲི་བའི་ལྷག་མ་ རྣམས། །གོང་ནས་གོང་དུ་དྲིལ་ནས་འདོར་བར་གསུང༌། །ལྷག་མ་གང་ཡིན་གཟའ་ཚེས་ དྷྲུ་བ་ལགས། །ཚེས་རེ་ལ་ཡང་རྐང་པའི་གནས་རེ་དང༌། །དེ་ཡི་ཆ་རེ་ངེས་པར་འཇུག་ པས་ན། །ཟླ་བ་གཅིག་ལ་རིལ་པོ་སུམ་ཅུ་དང༌། །མཁའ་ཀླུ་རི་རྩེའི་ཆ་ཡང་དེ་ཙམ་སྟེ། །ཆ་ ཤས་དེ་ལ་སུམ་ཅུས་ཐོབ་པ་ནི། །དུས་ཉིའི་ཆ་ཤས་གཅིག་ཏུ་འགྱུར་བ་ལགས། །རིལ་པོའི་ འཁོར་ལོ་ཉི་ཤུ་བརྒྱད་དོར་བས། །ལྷག་མ་རིལ་པོ་གཉིས་སུ་ངེས་པས་ན། །གནས་གཉིས་ 7-1-21 འོག་མ་དུས་ཉིས་འགོད་པ་དང༌། །སྟེང་མ་མིག་གིས་བསྒྱུར་བའི་རྒྱུ་དེ་ལགས། །ཉི་མས་ ཚེས་རེའི་བར་དུ་རྒྱུ་སྐར་ལ། །ཆུ་ཚོད་རྒྱ་མཚོ་ཆུ་སྲང་ཟླ་མིག་དང༌། །དབུགས་མདའ་ འདོད་པའི་ཆ་དགུ་སྤྱོད་པས་ན། །ཟླ་བ་གཅིག་ལ་སྐར་མ་གཉིས་དང་ནི། །སོ་དགུའི་ཆས་ དམན་ཆུ་ཚོད་དྲག་པོར་འགྱུར། །དེ་ཕྱིར་དབུས་མ་དྲག་པོས་བསྒྱུར་བ་ལ། །འོག་གི་སོ་ དགུའི་ཆ་ཡིས་འབྲིད་པ་དང༌། །སྟེང་མ་ལག་པས་བསྒྱུར་བར་གསུངས་པ་ལགས། །སྣོན་ པ་ཐམས་ཅད་རྩིས་གཞི་སྔ་མ་ཡི། །ལྷག་མ་ཡིན་ཕྱིར་ངེས་པ་འགའ་མ་མཆིས། །ཡང་ན་ དང་པོར་ཟླ་རེའི་དྷྲུ་བ་ཀུན། །རྣམ་དག་ཟླ་བས་སོ་སོར་ལེགས་བསྒྱུར་ནས། །རང་གྲངས་ ལོངས་རྣམས་འབུད་ཅིང་དོར་བས་ཀྱང༌། །དོན་འདི་ཁོ་ན་གསལ་བར་སྟོན་པ་ ལགས། །དེ་ཕྱིར་འདི་ཀུན་རྩིས་གཞི་སྔ་མ་ཡི། །ལྷག་མ་རྣམས་དང་བསྲེས་པ་ཙམ་གྱིས་ ཀྱང༌། །ད་ལྟའི་དྷྲུ་བ་ཚུལ་བཞིན་འགྲུབ་པས་ན། །གང་ལྟར་བརྩིས་ཀྱང་འབྲས་བུ་གཅིག་ པ་ལགས། །ཟླ་བ་རེ་རེའི་དྷྲུ་བ་གང་ཞེ་ན། །གཟའ་གཅིག་ཟླ་མེའི་ཆུ་ཚོད་མཁའ་མདའི་ སྲང༌། །ཚོགས་གཉིས་ཆ་གཅིག་སྐར་མིག་དབྱུག་གུ་ཕྱོགས། །ནོར་མདའི་ཆུ་སྲང་དབུགས་ གཉིས་ཆ་བཅུ་ལགས། །དེ་ཕྱིར་འདི་ཉིད་ཡང་དང་ཡང་བསྣན་ན། །ཕྱིར་མ་ཕྱི་མའི་དྷྲུ་ བར་གདོན་མི་ཟ། །ཟླ་བ་སྔ་མའི་གནམ་གང་མཐར་ཐུག་པའི། །ལོངས་སྤྱོད་ངེས་པ་ཟླ་ བའི་དྷྲུ་བས་སྟོན། །དེ་ཉིད་གཞིར་བྱས་ད་ལྟའི་ཟླ་བ་ཡི། །ཚེས་གྲངས་སོ་སོའི་ངེས་པ་ ཚོལ་བ་ན། །དང་པོར་རྩ་བའི་ལོངས་སྤྱོད་བྱིན་པ་ལ། །སོ་སོའི་རྐང་པས་འཕེལ་འགྲིབ་ རིག་པར་བྱ། །གཟའ་ལ་ཚེས་བྱིན་དབྱུག་གུར་འབྲིད་པ་ཡང༌། །ཆུ་ཚོད་ལྔ་བཅུ་རྩ་དགུའི་ དོན་ཡིན་པས། །གཟའ་དང་ཚེས་ཀྱི་ལོངས་སྤྱོད་རག་པ་ཙམ། །ཞིབ་མོར་རྩི་དང་སྲང་ དང་སྲོག་ཀྱང་སྦྱིན། །དེ་ལས་རྐང་པས་འཕེལ་འགྲིབ་རྟོགས་བྱའི་ཕྱིར། །ཚེས་དང་གྲངས་ མཚུངས་རྐང་པ་སྣོན་པ་ལ། །རིལ་པོར་ཚེས་གྲངས་སྦྱིན་ཞེས་གསུངས་པ་ལགས། །བཅུ་ བཞིས་འགོད་པའི་རྒྱུ་མཚན་རྟོགས་པར་བླ། །ལྷག་མ་གང་ཟིན་རྐང་པའི་གནས་དེ་ ཉིད། །ཚེས་དང་ལྷན་ཅིག་ད་ལྟ་སྤྱོད་བཞིན་མཆིས། །སྔ་མ་རྣམས་ནི་སྔར་དུ་སྤྱད་ཟིན་ ཡང༌། །དེ་ཡི་སྣོན་འབྲིད་རི་མོ་སྔ་མར་བགྱིས། །དེ་ཕྱིར་དེ་དག་ལྷན་ཅིག་ཀུན་བསྡོམས་ 7-1-22 ནས། །སྣོན་འབྲིད་བྱ་ཕྱིར་སྔ་རྐང་ཟོས་སྡོམ་གསུངས། །སྔ་རྐང་རྫོགས་ནས་དེ་ཉིད་སླར་ འགྲིབ་པ། །དེ་ལ་ཕྱི་རྐང་ཞེས་གསུངས་དེ་ཡི་ཕྱིར། །སྔར་ཟོས་དེ་ལ་རིམ་གྱིས་འབྲིད་ཕྱིར་ དང༌། །ཕྲི་བའི་ལྷག་མ་མདུན་ན་གནས་ཕྱིར་དང༌། །མདུན་ན་གང་གནས་ དེ་ཡི་སྣོན་ འབྲིད་ཕྱིར། །ཕྱི་རྐང་ཟིན་ན་བཟའ་བྱ་སྡོམ་ཞེས་གསུངས། །དེ་ཡི་རྒྱུ་ཡང་ནོར་རམ་བུ་ ལོན་དག །སྔ་རྐང་རྣམས་ལ་རིམ་གྱིས་འཕེལ་བ་དང༌། །ཕྱི་རྐང་ལ་ནི་རིམ་གྱིས་འགྲིབ་ པས་ན། །གང་འཕེལ་དེ་ཉིད་འགྲིབ་པ་ཡིན་ཕྱིར་རོ། །རྐང་པ་གང་ཟིན་དེ་ཡི་སྔུན་མ་ ཡི། །ཆ་ཡང་སྤྱོད་ཕྱིར་སྔུན་མས་ཆ་ཤས་བསྒྱུར། །དུས་ཉིས་ཐོབ་པ་ཆུ་ཚོད་ལྷག་མ་ ཡང༌། །དྲུག་ཅུས་བསྒྱུར་བ་ལ་སོགས་རྟོགས་པར་སླ། །ཐོབ་པ་མཉམ་ཚེ་ནོར་དུ་འགྱུར་ ཞེས་པའང༌། །སྔ་རྐང་ཆ་བཅས་ནོར་ནི་འཕེལ་བ་སྟེ། །ཕྱི་རྐང་ཆ་བཅས་ནོར་ནི་འགྲིབ་ པར་བས། །མི་མཉམ་ཚེ་ན་བུ་ལོན་འགྱུར་ཞེས་པའང༌། །སྔ་རྐང་ཆ་བཅས་བུ་ལོན་འཕེལ་ བ་སྟེ། །ཕྱི་རྐང་ཆ་བཅས་བུ་ལོན་འགྲིབ་པར་ཟད། །དེ་ཉིད་ཕྱིར་ན་ཆ་ཤས་ལོངས་སྤྱོད་ ཀྱང༌། །སྔ་རྐང་ལ་བསྣན་ཕྱི་རྐང་རྣམས་ལ་དབྲི། །དེ་ནས་གཟའ་ལ་སྦྱིན་དང་དོར་བས་ ནི། །ནོར་དང་བུ་ལོན་འཕེལ་དང་འགྲིབ་པ་བཞིས། །བགྲོད་པ་གཉིས་དང་རྒྱུ་སྐར་ འཁོར་བས་ན། །རེ་ཞིག་ཟླ་བའི་རྐང་པས་དག་པ་ལགས། །ཡང་ན་དང་པོར་རྐང་པའི་ སྣོན་དབྲིད་བྱ། །ཕྱི་ནས་མཉམ་ན་སྔ་རྐང་ཆ་བསྣན་ཅིང༌། །ཕྱི་རྐང་ཆ་འབྲི་ཅི་སྟེ་མི་ མཉམ་ན། །དེ་ལས་བཟློག་པའི་ཆོ་ག་བགྱིས་ཀྱང་རུང༌། །རྐང་པ་ཆ་བཅས་ཇི་ལྟར་སྤྱོད་ པའི་ཚུལ། །གྲུབ་མཐར་བཀོད་པས་དེར་ཡང་གཟིགས་ན་གསལ། །ཤིན་ཏུ་རྒྱས་པར་བླ་ མ་མཁས་པའི་མཆོག ། ལེགས་པར་མཉེས་པའི་ཞལ་ལས་བླང་བར་བགྱི། །ཚེས་གྲངས་ གནས་གཉིས་སྟེང་མ་ཆུས་བསྒྱུར་ཏེ། །འོག་གི་སུམ་ཆ་དང་བཅས་ཉི་མ་ལ། །སྦྱིན་པར་ གསུངས་པ་གང་དེ་རགས་པ་ཙམ། །རེ་ཞིག་བླ་ཆོས་ཁོ་ནར་བྱས་པ་ལགས། །ཞིབ་མོར་རྩི་ ན་ཆུ་ཚོད་རྒྱ་མཚོ་དང༌། །ཆུ་སྲང་ཟླ་མིག་དབུགས་མདའ་ཆ་དགུ་རྣམས། །ཚེས་ཀྱིས་ བསྒྱུར་བ་ཉི་མར་བྱིན་པ་ཡིས། །ལྷག་ཆད་མེད་པའི་ཉི་མ་བར་བ་འགྲུབ། །སླར་ཡང་དེ་ ཉིད་རྐང་པས་དག་བྱའི་ཕྱིར། །དག་གཞི་དག་པའི་ཡན་ལག་གནས་གཉིས་ཀྱི། །གཅིག་ 7-1-23 ལ་ཁྱིམ་གསུམ་སྦྱོང་བའི་རྒྱུ་མཚན་ནི། །ཉི་མ་སྦལ་པའི་ཁྱིམ་དུ་སྐྱེས་ཕྱིར་རོ། །ཅི་སྟེ་མ་ ལྡང་འཁོར་ལོ་བསྲེ་བ་ནི། །དང་པོར་དོར་བ་སླར་ཡང་གཞུག་ཕྱིར་རོ། །དེ་བཞིན་ལྷག་མ་ འཁོར་ཕྱེད་འདོར་བ་ནི། །བགྲོད་པ་ཕྱོགས་རེའི་ལོངས་སྤྱོད་ཚོལ་ཕྱིར་རོ། །ཁྱིམ་གྱི་རྐང་ པ་ཁྱིམ་གྱིས་བགྲོད་ཕྱིར་དང༌། །ཁྱིམ་ཡང་མཚུངས་པར་དབྱུག་གུར་བསིལ་བའི་ ཕྱིར། །ལྷག་མ་སྐར་གནས་དྲུག་ཅུས་བསྒྱུར་བ་ལ། །འོག་གི་ཆུ་ཚོད་བསྲེ་བར་གསུངས་པ་ ལགས། །མདའ་ཡོན་ཟླ་བ་ཁྱིམ་རེའི་ཆུ་ཚོད་དེ། །དེ་ཡིས་གང་རྙེད་འདས་པའི་ཁྱིམ་ རྣམས་ལགས། །དེ་ལྟ་བས་ན་ད་ལྟ་སྤྱོད་པའི་ཁྱིམ། །སྔུན་མ་ཡིན་ཕྱིར་སྔུན་མས་ལྷག་མ་ བསྒྱུར། །དེ་ལས་རྙེད་པ་ཆུ་ཚོད་ལྷག་མ་ནི། །དྲུག་ཅུས་བསྒྱུར་ལ་འོག་གི་ཆུ་སྲང་ དག །བསྲེ་བ་ཆུ་སྲང་ཉིད་དུ་མཚུངས་ཕྱིར་ཏེ། །ལྷག་མ་དབུགས་ཀྱང་དེ་དང་མཚུངས་ པ་ལགས། །དེ་དག་སྔ་རྐང་ཟས་སྡོམ་སྟེར་བ་ནི། །ནོར་རམ་བུ་ལོན་འཕེལ་བ་ཡིན་ཕྱིར་ རོ། །ཕྱི་རྐང་བཟའ་བྱ་སྡོམ་ལ་འབྲིད་པ་ནི། །ནོར་རམ་བུ་ལོན་འགྲིབ་པ་ཡིན་ཕྱིར་རོ། །དེ་ ནས་དེ་དག་ཉི་མའི་གནས་གཅིག་ལ། །རིམ་པར་ སྦྱང་ཞིང་རིམ་མིན་སྣོན་པ་ནི། །སྐྱེས་ ཁྱིམ་ནས་བརྩམས་སྔ་མའི་ཁྱིམ་དྲུག་དང༌། །ཕྱི་མ་དྲུག་ལ་བུ་ལོན་ནོར་ཕྱིར་རོ། །དེ་ཡི་རྒྱུ་ ཡང་ཆུ་སྲིན་ལ་སོགས་པའི། །ཁྱིམ་ལ་རྐང་པ་རྣམ་དྲུག་བསྣན་པ་རྣམས། །སླར་ཡང་སྦལ་ པ་ལ་སོགས་ཁྱིམ་དྲུག་ལ། །རྐང་པ་དེ་རྣམས་འབྲིད་པ་ཉིད་ཕྱིར་རོ། །{རིམ་མིན་སྦྱིན་ ཞིང་རིམ་པར་དོར་བ་ནི། །བྱང་དུ་བགྲོད་ཚེ་ཉི་མ་འཕེལ་བ་དང༌། །ལྷོ་རུ་བགྲོད་ཚེ་ འགྲིབ་པ་ཉིད་ཕྱིར་རོ། །}ཡང་ན་དང་པོར་རྐང་པའི་སྣོན་འབྲིད་དང༌། །ཕྱི་ནས་སྔུན་ མའི་སྣོན་འབྲིད་བགྱིས་ཀྱང་རུང༌། །ཉི་མའི་ཁྱིམ་འདི་རེས་གཟའ་རྣམས་ཀྱི་ ཡང༌། །བཞོན་པ་ཡིན་ཕྱིར་དེར་ཡང་སྣོན་འབྲིད་བྱ། །རྣམ་དག་ཉི་མའི་ལོངས་སྤྱོད་དེ་ ཉིད་ནི། །ཆུ་ཚོད་ལྔ་བཅུ་བཞིར་བཅས་ཟླ་བས་སྤྱོད། །དེ་ཕྱིར་ཉི་མའི་སྐར་མར་ཚེས་སྦྱིན་ ནས། །རོ་ཡིས་ཚེས་བསྒྱུར་དབྱུག་གུར་འབྲིད་པ་གསུངས། །འདི་ཡི་དོན་ཡང་རྣམ་དག་ ཉི་མ་ལ། །མཚོ་མདའ་ཚེས་བསྒྱུར་དབྱུག་གུར་བྱིན་ན་གསལ། །དེ་ལ་ཚེས་ཀྱི་ལོངས་སྤྱོད་ འབྲིད་པ་ནི། །འདས་དང་མ་འདས་རྟོགས་པའི་དོན་ཕྱིར་ལགས། །ཚེས་གྲངས་རེ་ལ་ 7-1-24 བྱེད་པ་གཉིས་ཕྱིར་དང༌། །དང་པོའི་ཆ་ལ་བྱེད་གཞན་འཇུག་ཕྱིར་དང༌། །དེ་ཡི་འཁོར་ ལོ་བདུན་དུ་ངེས་པའི་ཕྱིར། །མིག་བསྒྱུར་གཟུགས་དབྲི་ཐུབ་པས་འགོད་པ་གསུངས། །ཉི་ ཟླ་གཉིས་བསྲེས་སྦྱོར་བ་རྟོགས་པར་སླ། །གོ་བླ་གཞན་ཡང་ཡི་གེར་མ་བཀོད་དོ། །གཟའ་ ཚེས་སྐར་མ་སྦྱོར་བ་བྱེད་པ་ཀུན། །ལྷག་མེད་ཆད་མེད་རིམ་གྱིས་འཕོ་བ་ལགས། །དེ་ལྟར་ ན་ཡང་ལེགས་པར་མ་སྦྱངས་པའི། །རྩིས་པ་ཕལ་ཆེར་གཟའ་ཚེས་ཆད་ལྷག་སྨྲ། །ཟླ་བའི་ ཆ་ཤས་འཕེལ་འགྲིབ་སུམ་ཅུ་དང༌། །དྷྲུ་བ་ལ་ཡང་ཆད་ལྷག་ཡོད་དམ་ཅི། །གཟའ་ལ་ ཚེས་བྱིན་དབྱུག་གུར་འབྲིད་པ་ན། །ཚེས་གྲངས་ཆད་ཚེ་སྣོན་འབྲིད་མི་བྱེད་པར། །ལྷག་ པའི་ཚེ་ན་ལན་གཉིས་བྱེད་དམ་ཅི། །རིལ་པོར་སྟེར་བ་ན་ཡང་དེ་དང་མཚུངས། །དེ་ བཞིན་གནས་གཉིས་སྟེང་ཆུས་བསྒྱུར་སོགས་དང༌། །ཉི་མ་དག་པའི་སྐར་མ་ཚེས་སྦྱིན་ ཞིང༌། །གཞན་དུ་ཚེས་ལ་རོ་ཡིས་བསྒྱུར་བ་དང༌། །ཚེས་ལ་མིག་གིས་བསྒྱུར་བའང་དེ་ དང་མཚུངས། །ཉི་ཟླ་འཛིན་པ་བཅོ་ལྔའི་མཐར་གསུངས་པས། །བཅོ་ལྔ་ཆད་ཚེ་འཛིན་ པའི་མཚམས་དེ་མཚར། །ཚེས་ལ་འཁྱུད་པའི་རྐང་པ་ཡོད་བཞིན་དུ། །དེ་ལ་འཁྱུད་པའི་ ཚེས་དེ་མེད་པའང་མཚར། །རེས་གཟའ་ལོངས་སྤྱོད་གནས་སུ་གང་ཤར་ཀུན། །གང་བྱིན་ ཚེས་གྲངས་དེ་ཡི་ལོངས་སྤྱོད་དེ། །དེ་དག་ད་ལྟ་མངོན་སུམ་ཡོད་བཞིན་དུ། །ཚེས་དེ་ མེད་པར་སྨྲ་བ་སྨྱོ་འམ་ཅི། །ཟླ་བའི་ཆ་རེ་ཚེས་གྲངས་རེ་རེ་ལ། །མིང་རེ་ཡི་གེ་རེ་རེ་ ཁམས་རེ་དང༌། །བྱེད་པ་གཉིས་རེ་ལ་སོགས་གསུངས་པས་ན། །ལྷག་པོ་དེ་ཡི་ཁམས་ སོགས་མིང་ཡིག་གང༌། །གཞན་ཡང་འདི་ལ་རྒྱུད་འགྲེལ་དཔང་བྱས་ནས། །ཕྱི་ནང་ གཞན་གྱི་དོན་ལ་རབ་མཁས་པས། །ལེགས་པར་བརྟགས་ན་ངན་སྐྱུགས་ཕུང་པོ་ ལྟར། །ཉེས་པའི་དྲི་མ་མི་བཟད་མཐའ་ཡས་སོ། །ཉིན་ཞག་རེས་གཟའ་དབྱུག་གུ་དྲུག་ ཅུར་ངེས། །ཚེས་ནི་མ་ངེས་རྐང་པས་འཕེལ་འགྲིབ་ཕྱིར། །ཉིན་ཞག་ཚེས་གྲངས་ཞག་གི་ དལ་མྱུར་ལ། །གཟའ་ཚེས་ཆད་ལྷག་ལྟ་བུར་བྱིས་པས་མཐོང༌། །ཉིན་ཞག་ནམ་ཡང་ཆད་ དང་ལྷག་མེད་ཕྱིར།། དེ་ལ་འཁྱུད་པའི་རེས་གཟའ་ཆད་ལྷག་མེད། །ཚེས་ལ་ཆད་ལྷག་ མེད་པར་གྲུབ་པས་ཀྱང༌། །གཟའ་ལ་ཆད་ལྷག་མེད་པ་གྲུབ་པ་ལགས། །གཟའ་གཅིག་ 7-1-25 ཚེས་གྲངས་གསུམ་ལ་འཇུག་པ་དང༌། །ཚེས་གཅིག་ལ་ཡང་གཟའ་གསུམ་འཇུག་སོགས་ ཀྱི། །རྒྱུ་མཚན་ཟབ་ཡངས་མཐོང་བས་ལེགས་བརྟགས་ན། །ལྷག་ཆད་སྣང་ཡང་ལྷག་ཆད་ རྡུལ་ཙམ་མེད། །ཉིན་ཞག་ལྟ་བུར་རེས་གཟའི་འཕོ་མཚམས་ཀྱང༌། །ནམ་ལངས་ཉིད་ ཡིན་དེ་ཕྱིར་ངེས་པ་སྟེ། །ལོངས་སྤྱོད་གནས་སུ་གང་འཆར་མ་ངེས་པས། །ཚེས་ལ་འཕོ་ མཚམས་ངེས་པ་འགའ་མ་མཆིས། །ལོངས་སྤྱོད་དེ་ཉིད་གང་ཕྱིན་ཚེས་གྲངས་དེའི། །ལྷག་ མ་ཡིན་ཕྱིར་དེ་ཟད་ཚེས་དེ་འཕོ། །དེ་ཕྱིར་གཟའ་ཚེས་འཕོ་མཚམས་གཅིག་པ་ དང༌། །ལོངས་སྤྱོད་མཚུངས་པར་སྨྲ་རྣམས་མུན་སྤྲུལ་ལགས། །དེ་ལྟར་གང་གིས་ཚེས་ཀྱི་ ལོངས་སྤྱོད་དང༌། །འཕོ་མཚམས་མ་ནོར་ཚུལ་བཞིན་རྟོགས་པ་དེས། །བྱེད་པའི་ལོངས་ སྤྱོད་དེ་ཡི་འཕོ་མཚམས་དང༌། །དེ་བཞིན་རྐང་པ་འཕོ་བའང་རྟོགས་པ་ལགས། །རེས་ཀྱི་ གཟའ་རྣམས་ཉིན་ཞག་རེ་རེ་ལ། །ལྷག་མེད་ཆག་མེད་རིམ་བཞིན་རེས་འཇུག་ ཕྱིར། །མཁའ་རོའི་དབྱུག་གུ་རྫོགས་ཚེ་ནམ་ལངས་ཤིང༌། །རེས་གཟའི་གནས་སུ་རི་མོ་ འཆར་བ་ལགས། །དེ་ནས་བཟུང་སྟེ་ད་ལྟ་སྤྱོད་བཞིན་པའི། །རེས་ཀྱི་གཟའ་དེ་ད་ལྟ་མི་ མངོན་ཡང༌། །དེ་ཡི་ལོངས་སྤྱོད་མཁའ་རོའི་དབྱུག་གུ་ནི། །ནམ་རྫོགས་ཚེ་ན་རེས་གཟའི་ རི་མོར་འཕོ། །དེ་ལྟ་བས་ན་རེས་གཟའི་གནས་སུ་ནི། །གང་ཤར་དེ་ཡིས་སྤྱད་ནས་འདས་ པ་ལགས། །དེ་ཕྱིར་དེ་ཉིད་ད་དུང་གཟའ་ཚེས་ཀྱི། །ཆུ་ཚོད་སོགས་ལ་སྤྱོད་པ་མ་ལགས་ སོ། །ཅི་སྟེ་སྤྱོད་ན་རེས་གཟའ་གཅིག་ཉིད་ནི། །བུ་ག་དྲག་པོའི་དབྱུག་གུར་ཐལ་འགྱུར་ ཏེ། །དེ་ཉིད་མཁའ་རོའི་དབྱུག་གུ་ཡིན་ཕྱིར་དང༌། །ཆུ་ཚོད་དུ་ཡང་ང་དགུ་སྲིད་ཕྱིར་ རོ། །ཅི་སྟེ་དུས་མཐའ་གཟའ་རྣམས་སྟོང་པ་ལས། །སླར་ཡང་འཇུག་ཚེ་རྐང་པ་དང་པོ་ ཡི། །ཆུ་ཚོད་ལྔ་བསྣན་གཟའ་གཅིག་དབྱུག་གུ་བཞིར། །མཐོང་བས་རེས་གཟའ་འདས་པ་ མིན་སྙམ་ན། །དུས་མཐར་འདོད་པའི་ཚོགས་གནས་དེ་ཡི་ཕྱིར། །སླར་ཡང་འཇུག་ཚེ་ རྐང་པ་ཟིན་མིན་པས། །གཟའ་གཅིག་དབྱུག་གུ་བཞིར་མཐོང་ལོག་པའི་བློ། །དེ་ཕྱིར་ འདིས་ཀྱང་གང་འཆར་མངོན་པ་ལགས། །ཉི་ཟླ་སྦྱོར་བ་འདས་མོད་ཉི་ཟླ་ཡི། །ཚེས་དེ་ ཉིད་ཀྱི་ཆུ་ཚོད་རྒྱ་མཚོ་སོགས། །འདས་དང་མ་འདས་ཚེས་གྲངས་རྗེས་སུ་འགྲོ། །དེ་ཕྱིར་ 7-1-26 ཆ་དེ་སྦྱོར་བ་ལ་ཡང་དཔྱད། །དེ་ལྟར་དཔལ་ལྡན་ཡན་ལག་རྣམ་ལྔ་ཡི། །རྒྱུ་མཚན་མདོ་ ཙམ་ཚུལ་བཞིན་བརྗོད་པ་ལས། །གང་སྐྲུན་དགེ་བ་དྲི་མ་མེད་པ་དེས། །ནང་གི་ཡན་ལག་ རྣམ་ལྔ་དག་གྱུར་ཅིག །དཔལ་ལྡན་རྩ་བའི་རྒྱུད་ཆེན་ཀུན་གྱི་དོན། །ཕྱི་ནང་གཞན་གྱི་རྒྱ་ མཚོར་འཇུག་པའི་ཐབས། །རྩིས་ཀྱི་གྲུ་འདི་ཀུན་མཁྱེན་རིན་པོ་ཆེའི། །གླིང་དུ་གཤེགས་ འདོད་ཁྱེད་ལ་འབུལ་བ་ལགས། །སྒྲ་གཅན་དུས་མེ་གཟའ་ལྔའི་ལོངས་སྤྱོད་དང༌། །ཉི་ ཟླའི་བུ་ལོན་ཚེས་ཀྱི་རྣམ་དབྱེ་དང༌། །གཟའ་བཅུ་སྟོངས་ཚུལ་གྲུབ་མཐའི་རྩིས་ལ་ སོགས། །གཞན་ཡང་བཞེད་ན་སླད་ནས་རིམ་གྱིས་འབུལ། །ཞེས་པ་རྟོན་པ་བཞི་ལྡན་ གྱིས་བྲིས་ནས་ཆེན་པོ་དོན་གཉེར་ཅན་རྣམས་ལ་ཕུལ་བའོ།། །།ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༢༠༧ སྤར་མ་ཞིག་དང་འཛམ་པར་ ཡིན།) 7-1-27 ༄༅། །མཇུག་རིང་གི་རྩིས་བཞུགས། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ གང་ཞིག་ཀུན་རྫོབ་ཆོས་རྣམས་ཀུན་གྱིས་ སྟོང་པའི་གཞི། །དོན་དམ་ཆོས་ཉིད་རང་བཞིན་འོད་གསལ་བདེ་བ་ཆེ། །ཆ་མེད་ཀུན་ འགྲོ་ཀུན་ལ་ཁྱབ་བདག་དག་པའི་བདག །དང་པོར་སངས་རྒྱས་ཀེ་ཏུའི་གཟུགས་ལ་ ཕྱག་འཚལ་ནས། །འབྲུ་དང་འབྲུ་ཡི་ཤུན་པ་ཇི་བཞིན་གནས་པ་ཡི། །ཀུན་རྫོབ་ཀེ་ཏུའི་རྩ་ བའི་ལོངས་སྤྱོད་གང་ཡིན་དང༌། །རྐང་པའི་དབང་གིས་མྱུར་དང་འཁྱོག་པོར་རྒྱུ་བ་ ལས། ། སྲོད་དང་ཐོ་རེངས་མཐོང་ཚུལ་གང་ཡིན་འདིར་བརྗོད་བྱ། །འདི་ཡི་དཀྱིལ་ འཁོར་ཉི་མའི་དཀྱིལ་འཁོར་ཉིད་དང་མཚུངས། །དེ་ཕྱིར་དེ་གཉིས་རྩ་བའི་ལོངས་སྤྱོད་ མཚུངས་པ་ལས། ། རྐང་པའི་དབང་གིས་མཇུག་རིང་མྱུར་དང་འཁྱོག་པོར་རྒྱུ། །རྐང་པ་ དེ་ཡང་ལོ་གསུམ་བར་དུ་ཞག་རེ་ལ། །སྲང་གཉིས་སྲོག་གསུམ་བསྡོམ་ན་ཆུ་ཚོད་བཞི་ བཅུ་ལྔ། །ཕྱོགས་གསུམ་བར་དུ་ཞག་རེར་ཆུ་ཚོད་གཉིས་སྤྱོད་པས། །ཚ་ཟེར་བྱེད་ལས་ དབྱུག་གུ་མདའ་ཕྱོགས་འཕགས་པ་ནས། །མདའ་ཡོན་ཟླ་བ་འཕགས་ཀྱི་བར་དུ་འགྲོ་བ་ དང༌། །སླར་ཡང་མདའ་ཕྱོགས་ཉིད་ཀྱི་བར་དུ་འོང་བའི་བར། །ཟླ་བ་གཅིག་ཏུ་དུ་བ་ མཇུག་རིང་གསལ་བར་མཐོང༌། །དེ་ནས་ཕྱོགས་ཟུང་དུས་ཀྱི་ལོ་ཡིས་ཉི་མར་ འཇུག །སླར་ཡང་ལོ་གསུམ་ཕྱོགས་གཉིས་འདས་ཚེ་དུ་བ་ནི། །འགྲོ་དང་འོང་བའི་ཕྱོགས་ ནས་བར་དུ་གསལ་བར་མཐོང༌། ། སླར་ཡང་ཕྱོགས་གཉིས་ལོ་གསུམ་གྱིས་ནི་ཉི་མར་ འཇུག །དེ་ནས་ལོ་གསུམ་ཕྱོགས་གཉིས་ཀྱིས་འཆར་དེ་ཡི་ཕྱིར། །སྲོད་ལ་ལན་ཅིག་ནུབ་ ཏུ་མཐོང་བ་ནུབ་པ་ནས། །ལོ་དྲུག་ཕྱོགས་བཞིས་ཐོ་རེངས་ཤར་དུ་མཐོང་བར་ འགྱུར། །ཟླ་གཅིག་འདས་ནས་སླར་ཡང་ལོ་དྲུག་ཕྱོགས་བཞི་ཡིས། །སྔར་བཞིན་སྲོད་ལ་ དུ་བ་ཟླ་གཅིག་ནུབ་ཏུ་མཐོང༌། །སྲོད་ལ་ཤར་ནས་སླར་ཡང་སྲོད་ལ་འཆར་གྱི་བར། །ཉི་ མའི་ལོ་དང་ཉི་མའི་ཕྱོགས་ཡིན་དེ་ལྟ་ནའང༌། ། དུ་བ་ཤར་ནས་ནུབ་པའི་བར་ལ་ཟླ་ 7-1-28 གཅིག་འགྲོ། །དེ་ཕྱིར་དུ་བ་ནུབ་པ་ནས་ནི་འཆར་བའི་བར། །ཉི་མའི་ལོ་དང་ཕྱོགས་དང་ ཕྱོགས་སུ་ངེས་པ་ཡིན། །ཐོ་རེངས་ཤར་ནས་ཐོ་རེངས་འཆར་བའི་བར་དང་ནི། །ཐོ་ རེངས་ནུབ་ནས་ཐོ་རེངས་འཆར་བའང་དེ་བཞིན་ནོ། །དེ་ཕྱིར་ཚུལ་འདིས་དུ་བ་ལན་ ཅིག་མཐོང་བ་ནས། །དུ་བའི་འཆར་ཚུལ་མཐའ་ཡས་དུས་ཀྱང་ཤེས་པར་འགྱུར། །ཚུལ་ འདི་དཔལ་ལྡན་རྒྱུད་འགྲེལ་ཆེ་ན་གསལ་བར་བཞུགས། །དེ་ལྟ་ན་ཡང་བོད་དུ་སྔོན་ཆད་ གསལ་མ་གྱུར། །དེ་ཕྱིར་བདག་གིས་གསལ་བར་བྱས་ལ་དགེ་བ་ནི། །ཀུན་དའི་མདངས་ ལྟར་རབ་ཏུ་དཀར་བ་གང་སྐྱེས་དེས། ། ཀུན་རྫོབ་གློ་བུར་དྲི་མར་གཏོགས་པའི་དུ་བ་ རྣམས། །མྱུར་དུ་འགགས་ནས་དོན་དམ་བདེ་གཤེགས་སྙིང་པོ་ཡི། །དུ་བ་མཇུག་རིང་ མཁའ་དབྱིངས་ཁྱབ་པའི་དཔལ་ཐོབ་ནས། །མཁའ་ཁྱབ་འགྲོ་བ་ཀུན་གྱི་དཔལ་དུ་ འཆར་བར་ཤོག །དུ་བ་མཇུག་རིང་གི་མན་ངག་ཁྱད་པར་དུ་འཕགས་པ། རྟོན་པ་བཞི་ ལྡན་གྱིས་སྦྱར་བའོ།། །། ༈ ཡང་ཉེ་བར་བསྡུས་ཏེ་སྨྲས་པ། དུ་བ་ལན་གཅིག་མཐོང་སྟེ་ནུབ་པ་ནས། །ཟླ་བ་ཆུ་རིའི་ རྗེས་སུ་ཟླ་བ་རེ། །དུ་བ་མཇུག་རིང་ཤར་ནུབ་སྤེལ་མར་མཐོང༌། །ཚུལ་འདི་ཁོ་ནས་རྟག་ ཏུ་འཁོར་བའི་ཕྱིར། །དུ་བ་ལན་གཅིག་ཤར་བ་ལ་བརྟེན་ནས། །འཆར་བ་མཐའ་ཡས་ དུས་ཀྱང་ཤེས་པར་གསུངས། །དེ་ཕྱིར་འདི་འདྲ་མཁས་པའི་ཁྱད་ཆོས་ཏེ། །སྣོད་ལྡན་ སྐལ་བཟང་བུ་ལ་སྦྱིན་རྒྱུ་ཡིན། །ཞེས་པ་ཉེ་བར་བསྡུས་པའི་མན་ངག་གོ །ཨོཾ་བྷཱུར་བྷུ་ བཿསྭཱཧཱ། ན་མོ་དེ་བ་བྷྱཿ སྭ་སྟི་པྲ་ཛཱ་བྷྱཿ སྭཱཧཱ་རཱ་ཛཱ་བྷྱཿ སྭཱ་དྷ་པི་ཏྲི་བྷྱཿ ཨ་ལཾ་བྷུ་བ་ཏེ་བྷྱཿ ཝ་ཥ་ཎ་ཌ་ཨིན་ཏྲཱ་ཡ།། །། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༢༠༧ སྤར་མ་ཞིག་ཡིན།) 7-1-29 ༄༅། །གཟའ་བཅུ་སྟོང་པར་འཇུག་ཚུལ་བཞུགས།དུས་བཞི་ཆེན་པོའི་རྩིས། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། རྣམ་པར་མི་རྟོག་ཏིང་འཛིན་རྒྱལ་པོ་ཡིས། །མཉམ་དང་ མི་མཉམ་སྲོག་གི་དཀྱིལ་འཁོར་རྣམས། །གཡོ་བ་མེད་མཛད་དེ་ལ་ཕྱག་འཚལ་ནས། །དེ་ དག་སྟོང་པར་འཇུག་པ་རབ་བཤད་བྱ། །མཁའ་སྟོང་མཁའ་མིག་ཡོན་ཏན་རྒྱ་མཚོའི་ ལོ། །གང་ཡིན་འདི་ནི་རྩོད་ལྡན་དུས་ལ་སྟེ། །འདི་ཉིད་མིག་དང་མེ་དང་རྒྱ་མཚོ་ ཡིས། །བསྒྱུར་བ་གཉིས་ལྡན་གསུམ་ལྡན་རྫོགས་ལྡན་ཡིན། །མཐའ་དག་གཅིག་ཏུ་ བསྡོམས་པའི་ལོ་ཡི་གྲངས། །མཁའ་མཁའ་མཁའ་སྟོང་མིག་མེ་རྒྱ་མཚོ་སྟེ། །དུས་བཞི་ ཆེན་པོའི་ལོར་ནི་རབ་ཏུ་གྲགས། །ཉི་མས་བསྒྱུར་བ་གནས་གཉིས་འོག་མ་ལ། །སོ་ཡིས་ རྙེད་པ་སྟེང་གི་ཕུང་པོར་སྦྱིན། །དེ་ཡིས་འདིར་ནི་ཟླ་བ་དག་འགྱུར་ཏེ། །དེ་ཡི་གྲངས་ནི་ མཁའ་མཁའ་མཁའ་སྟོང་དང༌། །རོ་དང་རྒྱ་མཚོ་ཡོན་ཏན་དབང་པོར་འགྱུར། །རྣམ་ དག་ཟླ་བ་ཐུབ་པ་མཆོག་གིས་ བསྒྱུར། །མཁའ་རོས་རྙེད་པ་འཁོར་ལོས་ཕྱེ་བ་ན། །རྣམ་ ཤེས་སྒྲ་གཅན་སྟོངས་པའི་ཐིག་ལེ་འཆར། །དེ་བཞིན་འདུ་བྱེད་སྲོག་དང་ཟླ་བ་ ཡང༌། །སྟོངས་པར་འདོད་པས་ཟླ་དག་གནས་ལྔར་གཞག །མིག་དག་ཕྱོགས་དང་ཆུ་ གཏེར་དབང་པོ་དང༌། །མེ་དང་སྲེག་ཟས་སྟེང་ནས་རིམ་བཞིན་བསྒྱུར། །དྲག་པོ་དང་ནི་ རོ་དང་མཁའ་རོ་དང༌། །མཁའ་རོ་སྐར་མས་འོག་ནས་རིམ་པ་བཞིན། །དྲིལ་ནས་དོར་ བས་ཀུན་ཏུ་ཐིག་ལེ་འཆར། །དེ་བཞིན་ཚོར་བའི་རླུང་དང་ལག་པ་ཡང༌། །སྟོངས་པར་ འགྱུར་བའི་ཆོ་ག་འདི་ཉིད་དེ། །འདུ་ཤེས་རླུང་དང་དཀར་པོ་སྟོངས་པའང་འདི། །དེ་ བཞིན་གཟུགས་དང་འཇུག་རིང་སྟོངས་པ་ཡང༌། །ཚུལ་འདི་ཁོ་ནས་གསལ་བར་སྟོན་པ་ སྟེ། །གཡོན་གྱི་དཀྱིལ་འཁོར་ཕུང་པོ་ལྔ་ཡི་རླུང༌། །ལྷག་པའི་ལྷག་བཅས་སྟོངས་པའི་རིམ་ པའོ། །གཡས་ཀྱི་དཀྱིལ་འཁོར་ཁམས་ལྔའི་རླུང་དག་གི ། ལྷག་པའི་ལྷ་ཡང་རབ་ཏུ་ སྟོངས་པའི་ཚུལ། །ཤེས་པར་འདོད་པ་དག་གིས་འདི་ལྟར་དཔྱད། །ཟླ་བ་དག་པ་གནས་ 7-1-30 གཉིས་དག་དུ་དགོད། །རྒྱ་མཚོ་དང་ནི་མཁའ་མེས་རིམ་བཞིན་བསྒྱུར། །མཁའ་རོ་དང་ ནི་མཁའ་རོས་དྲིལ་བ་གང༌། །འཁོར་ལོས་བགོས་ནས་སྤེན་པ་སྟོངས་པར་འགྱུར། །སླར་ ཡང་གནས་གཉིས་སྟེང་ནས་རིམ་པ་བཞིན། །དྲག་པོ་དང་ནི་ཕྱོགས་ཀྱིས་རབ་བསྒྱུར་ ཏེ། །མཁའ་རོ་དང་ནི་མཁའ་རོས་དྲིལ་བའི་ནོར། །འཁོར་ལོས་བགོས་པས་ཕུར་བུ་སྟོངས་ པར་འགྱུར། །ཡང་ནི་གནས་གསུམ་སྟེང་ནས་རིམ་པ་བཞིན། །གཟུགས་དང་ཕྱོགས་དང་ བཞི་བཅུས་བསྒྱུར་བ་ལ། །མཁའ་རོ་མཁའ་རོ་སྐར་མས་དྲིལ་བ་ན། །འདིར་ནི་ས་སྐྱེས་ རབ་ཏུ་སྟོངས་པར་འགྱུར། །ཉི་མ་ལ་ནི་དཀར་པོར་ཇི་བཞིན་ཏེ། །དུས་མེ་ལ་ཡང་སྒྲ་ གཅན་ཅི་བཞིན་ནོ། །ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་དང༌། །ལྷན་ཅིག་སྟོངས་པ་ གཡས་ཀྱི་ཡན་ལག་གོ །དེ་བཞིན་རས་ཀྱི་གཟའ་དང་ཚེས་གྲངས་ཀྱང༌། །སྟོངས་པར་ འདོད་པས་ཟླ་དག་གནས་བཞིར་བཞག །གཅིག་དང་སོ་གཅིག་ལྔ་བཅུ་རྩ་གཉིས་ དང༌། །རྩེ་མོ་ཅན་གྱིས་སྟེང་ནས་རིམ་བཞིན་བསྒྱུར། །དུས་དང་མཁའ་དུས་མཁའ་རོ་ ཐུབ་པ་ཡིས། །དྲིལ་ནས་དོར་ཚེ་སྟོངས་པ་ཨེ་མའོ་མཚར། །ཡང་ན་འདི་དག་ཚེས་གྲངས་ སོ་སོ་ལ། །སྟོངས་པར་བྱ་ཕྱིར་རྣམ་དག་ཟླ་བའི་ཚོགས། །སུམ་ཅུས་བསྒྱུར་བ་ཚེས་ཀྱི་ཕུང་ པོ་སྟེ། །ནོར་དང་ཡོན་ཏན་མཁའ་རོ་ཟླ་བ་རྣམས། །འབུམ་གྱིས་བསྒྱུར་བའི་གྲངས་ཡིན་ ཐུན་མོང་ངོ༌། །དེ་ལ་སྒྲ་གཅན་སྟོངས་ཕྱིར་ཚེས་ཀྱི་ཚོགས། །མ་ནུས་བསྒྱུར་ཏེ་མཁའ་རོ་ མཁའ་རོ་ཡིས། །དྲིལ་བ་ལ་ནི་སྐར་མས་རྙེད་པ་དོར། །ཟླ་བ་ལ་ནི་ཚེས་གྲངས་གནས་ བཞིར་བཞག །ཀླུ་དབང་དང་ནི་ཉེར་གཅིག་བཞི་དང་བཅུས། །རིམ་བཞིན་བསྒྱུར་ཏེ་ དྲག་པོ་དུས་མཁའ་རོ། །མཁའ་རོས་དྲིལ་ནས་སྐར་མས་རྙེད་པ་དོར། །དེ་བཞིན་གཟའ་ ལྷག་དཀར་པོ་མཇུག་རིང་ཡང༌། །སྟོངས་པར་འདོད་པས་ཚེས་གྲངས་གནས་བཞིར་ བཞག །ཆུ་དང་ཉེར་གཅིག་བཞི་དང་ཕྱོགས་ཀྱིས་བསྒྱུར། །དྲག་པོ་དུས་དང་མཁའ་དུས་ མཁའ་རོ་ཡིས། །དྲིལ་བ་ལ་ནི་འཁོར་ལོས་རྙེད་པ་དོར། །གཡོན་གྱི་དཀྱིལ་འཁོར་ཕུང་པོ་ ལྔ་ཡི་རླུང༌། །ལྷག་པའི་ལྷར་བཅས་རབ་ཏུ་སྟོངས་པ་ཡིན། །སྤེན་པ་ལ་ནི་ཚེས་གྲངས་བུ་ གས་བསྒྱུར། །མཁའ་རོ་མཁའ་རོ་སྐར་མས་དྲིལ་ནས་དོར། །ཕུར་བུའི་དོན་དུ་ཚེས་གྲངས་ 7-1-31 གནས་གཉིས་བཞག །ལག་མིག་དང་ནི་མིག་གིས་རིམ་བསྒྱུར་ཏེ། །དུས་དག་མཁའ་རོ་ མཁའ་རོས་དྲིལ་བ་ལ། །འཁོར་ལོས་རྙེད་པ་དོར་ཚེ་སྟོངས་པར་འགྱུར། །བཀྲ་ཤིས་དོན་ དུ་ཚེས་གྲངས་གནས་གསུམ་བཞག །མིག་དང་ཟླ་མིག་མིག་གིས་བསྒྱུར་བ་ལ། །དུས་དང་ མཁའ་དུས་མཁའ་རོ་འཁོར་ལོས་དྲིལ། །ཉི་མ་ལ་ནི་ཟླ་སྐྱེས་ཇི་བཞིན་ཏེ། །དུས་མེ་ལ་ ཡང་སྒྲ་གཅན་ཇི་བཞིན་ནོ། །དེ་བཞིན་རེས་གཟའ་སྟོངས་པར་འདོད་ན་ཡང༌། །ཚེས་ གྲངས་གནས་བཞི་བུག་མདའ་མེ་དང་མཚོས། །སྟེང་མ་གསུམ་བསྒྱུར་འོག་ནས་རིམ་པ་ ལྟར། །གཉིས་དྲུག་མཁའ་རོ་མཁའ་རོ་ཐུབ་པས་དྲིལ། །སྦྱོར་བ་བྱེད་པ་ཉི་ཟླ་ཚེས་རྗེས་ འགྲོ། །རྐང་པ་གང་ཟིན་དེ་ཡི་སྔུན་མ་ཡི། །ཆ་ལ་འཇུག་ཕྱིས་དུས་ཀྱི་མཐའ་འདིར་ ཡང༌། །རིལ་པོ་གཅིག་གསུམ་ངེས་པར་འཆར་བ་ཡིན། །དུས་བཞི་འདུས་པའི་མཐའ་རུ་ སྟོངས་པ་སྟེ། །སོ་སོའི་དུས་ལ་སྟོངས་པར་འདོད་ན་ཡང༌། །རང་རང་ལོ་གྲངས་ཉི་མས་ བསྒྱུར་ལ་སོགས། །ཇི་སྐད་བསྟན་པ་མཐའ་དག་རྫོགས་པར་སྦྱར། །དུས་བཞིའི་མཐར་ནི་ གཟའ་རྣམས་སྟོངས་སོ་ཞེས། །བརྗོད་པ་འདི་ཙམ་རབ་ཏུ་གྲགས་ན་ཡང༌། །གང་དུ་ཇི་ ལྟར་སྟོངས་པ་ཤེས་མ་གྱུར། །དེ་ཕྱིར་འདི་ལ་མཁས་རྣམས་དགེས་པར་མཛོད། །ཅི་སྟེ་ འདི་ལ་འཁྲུལ་པའི་ཆ་མཆིས་ན། །བདག་ལྟ་བླུན་པོའི་གནས་ནི་མ་ཡིན་པས། །དམ་པ་ རྣམས་ཀྱིས་བཟོད་པར་དགོངས་ནས་སླད། །མཆོག་གི་ཐུགས་རྗེས་རྗེས་སུ་བཟུང་དུ་ གསོལ། །ཇི་ལྟར་རིན་ཆེན་ཕྱག་དར་ཁྲོད་ནང་གནས། །དེ་ཉིད་མིག་ལྡན་སྐྱེས་བུས་མ་ རྙེད་ཀྱང༌། །དམུས་ལོང་དག་གིས་རྙེད་པ་ཇི་ལྟ་བར། །བློ་གྲོས་མིག་ལྡན་མཁས་པ་གཞན་ དག་གིས། །མཐུན་པར་མ་རྙེད་ཤིན་ཏུ་ཟབ་པ་འདི། །བློ་མིག་བྲལ་བའི་བཙུན་པ་དོལ་པོ་ པས། །ཇི་ཞིག་ལྟར་རྙེད་ཨེ་མ་སུ་ཡི་མཐུ། །དེ་ལྟའི་ཆོས་ཚུལ་ངོ་མཚར་ཕུང་པོ་ འདིས། །མཁས་པའི་འདུན་ས་རྣམ་པར་འཛེས་བྱའི་ཕྱིར། །དམ་པའི་སྐྱེ་བོ་དུ་མས་བསྐུལ་ བའི་ངོར། །ཤིང་མོ་གླང་ལ་ཡི་གེར་བཀོད་པ་སྟེ། །སླན་ཆད་རྟོགས་རྣམས་འདི་ཡི་མཐུར་ ཤེས་བྱོས། །གང་དག་ཕྱི་རོལ་པ་ཡི་རྩིས་ལ་ཡང༌། །གཟའ་རྣམས་སྟོངས་ཚུལ་ཤེས་པར་ འདོད་པ་ཡི། །སྐྱེ་བོ་དེ་དག་ནམ་མཁའི་མཐའ་ཚོལ་འདྲ། །དེ་ཕྱིར་འདི་ནི་ནང་གི་ 7-1-32 རིགས་པའོ། །དེ་ལྟར་སྔོན་མེད་གཟའ་རྣམས་སྟོངས་པའི་ཚུལ། །གསལ་བར་བཀོད་ལས་ དགེ་བ་གང་བསྐྲུན་པ། །འདི་ཡི་མཐུ་ལས་འགྲོ་བ་ཐམས་ཅད་ཀྱི། །སྲོག་གི་རླུང་བཅུ་ གནས་སུ་དག་གྱུར་ཅིག། །། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༢༠༧ སྤར་མ་དང༌། ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་ཞིག་ཡིན།) 7-1-33 ༄༅། །རྣལ་འབྱོར་པའི་འཆི་ལྟས་བརྟག་པ་རྩ་འགྲེལ་བཞུགས། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། གང་གིས་འཆི་མེད་རྟག་པའི་བདེ་སྟེར་བ། །སྲོག་ཆེན་སྐྱེ་ བ་མེད་པའི་ཞབས་མཆོད་ནས། །མཉམ་དང་མི་མཉམ་མཚམས་སུ་གང་སྐྱེས་རྣམས། །ཉི་ ཟླ་མུན་པས་འཆི་བའི་ཆོས་འདིར་བསྡུ། །མདའ་མེ་འཇིག་རྟེན་མདའ་ཆུ་འཇིག་རྟེན་ དང༌། །མཁའ་རི་ཟླ་བ་མིག་སྦྲུལ་རི་བོ་མདའ། །ཀླུ་མིག་སྐར་ཚེས་ཕྱོགས་མདའ་དུས་མིག་ ཟླས། །ཉི་མའི་རྩ་འདབ་ལྟེ་བར་བཅས་འདོར་མོད། །དང་པོ་དྲུག་ལ་འཆི་ལྟས་ལྔ་ཕྱོགས་ ཚེས། །ཉི་ཤུ་དེ་ཉིད་ཉི་ཤུ་དྲུག་རྒྱུ་ཞིང༌། །རྒྱུ་བའི་ལྷག་མར་གང་གྱུར་འཕོ་བ་སྟེ། །རི་ནས་ དྲག་པོར་གང་བཤད་ཉི་མ་དང༌། །ཉི་མར་གང་བཤད་ཟླ་བའི་ལམ་ཉིད་དང༌། །ལྟེ་བར་ གང་བཤད་མུན་པ་ཉིད་རྒྱུ་བས། །ཕྱི་མ་རྣམས་ལ་འཕོ་བའི་ཞག་ཡོད་མིན། །བདུན་པར་ གང་བཤད་འཆི་ལྟས་ཁོ་ནར་རྒྱུ། །ལྷག་མ་རྣམས་ལ་རྒྱུ་བའི་ཞག་ཀྱང་མེད། །དང་པོ་ དྲུག་གིས་ཡུལ་དང་སྙིང་སྟོབས་འདོར། །བདུན་པས་དུས་རྫོགས་རྡུལ་ནུབ་ཁུ་བ་ ལ། །འཆི་བ་ཞུགས་པས་བརྟན་པར་ནུས་མ་ཡིན། །འཆི་ལྟས་རྣམ་བདུན་ལྷག་མ་འཚོ་ བའི་ལོ། །གསུམ་མིག་གཟུགས་དང་དེ་བཞིན་ཟླ་བ་ནི། །དྲུག་གསུམ་ཟུང་དང་ཟླ་བར་ གང་གསུངས་པ། །རགས་པ་ཙམ་མོ་ལྷག་མ་མཚུངས་པར་བཤད། །ཟླ་བས་འཆི་བའང་ དུས་མེའི་ཟླ་བ་ལས། །མེ་ཡི་ཟླ་བས་རྩ་རེ་འདོར་མོད་ཀྱི། །འོན་ཀྱང་དང་པོ་ཞག་གསུམ་ དམན་པའི་རོས། །བཅུ་གཉིས་པ་ནི་གཡས་ཀྱི་ཞག་གཉིས་དང༌། །དབུ་མའི་ཞག་གིས་ ཀུན་གྱི་ལྟེ་བ་འདོར། །ཟླ་བ་མཐའ་དག་རྒྱུ་བ་ཞག་རེ་དང༌། །འཕོ་བ་ཉི་ཤུ་དགུར་ མཚུངས་དེ་ལྟ་ནའང༌། །མིག་མཚོ་དྲུག་པར་རྒྱུ་མེད་འོན་ཀྱང་འདི། །མཐའ་ཡི་ཉིན་ཞག་ གསུམ་པོར་རིག་པར་བྱ། །འདིར་ནི་ཉི་མས་ཟླ་བའི་ཡུལ་རྣམས་དང༌། །ཟླ་བ་ཡིས་ཀྱང་ ཉི་མའི་ཡོན་ཏན་བཟུང༌། །དེ་ལྟར་འཁྲུགས་པས་དུས་མིན་འཆི་བ་བསྟན། །དང་པོ་ཕྱེད་ བཅས་ཟླ་བས་དམན་པའི་ལོར། །འཆི་བ་མེད་དོ་དེ་སྟེང་འཆི་བ་ལོ། །རོ་དང་མཁའ་རོ་ 7-1-34 མཁའ་མེར་དབུགས་སྲང་དབྱུག ། འཕེལ་བ་རྫོགས་ནས་ཞག་ཏུ་གྲུབ་པས་ན། །ཕྱེད་ བཅས་ཟླ་བས་དམན་པའི་རི་བུག་ལོར། །འཆི་བ་རིམ་འཕེལ་དེ་ནས་འཆི་བའི་ ཞག །ལག་མིག་དྲག་པོས་དཀྱིལ་འཁོར་ལ་སོགས་དང༌། །ཆུ་མེས་ཁམས་སོགས་འདོར་རོ་ དེ་དག་ཀྱང༌། །གཟུགས་ནས་ཉེར་དགུ་མིག་ནས་སུམ་ཅུའི་བར། །མི་མཉམ་མཉམ་པར་ རྒྱུ་དང་འཕོ་བའི་ཞག །མཁའ་མེ་བུ་གས་དཀྱིལ་འཁོར་རྣམས་འདོར་ཞིང༌། །ཟླ་མེ་ལག་ མེ་དུས་མེར་རྒྱུ་དང་འཕོ། །མིག་བུག་ཟླ་བས་སྙིང་སྟོབས་ལ་སོགས་ཀྱང༌། །དུས་མེ་གཡས་ ཀྱི་ཕུང་པོ་ལྔ་སོགས་དང༌། །དབུ་མར་གཅིག་གིས་དྲུག་པ་ཀུན་འདོར་པས། །དུས་སུ་འཆི་ བ་དུས་འདའ་དྲག་པོས་སོ། །ཀྱེ་མ་ད་ནི་རྡོ་རྗེའི་རྣལ་འབྱོར་གྱིས། །ཉི་ཟླ་རྒྱུ་བ་རབ་ བཅོམ་ཉི་ཟླ་གཞན། །རྡོ་རྗེ་ཉི་མ་རྡོ་རྗེ་ཟླ་བ་ཆེ། །མི་ཕྱེད་རོ་མཉམ་ཨེ་ཝཾ་གནས་ཐོབ་ ཤོག །གནད་དང་གནད་ཀྱི་གནས་ཙམ་འདིར་བསྡུས་ཀྱི། །རྒྱས་པར་རྒྱས་འགྲེལ་ཉིད་ ལས་རྟོགས་ཞེས་པ། །ཆོས་འཛིན་ཆོས་གྲགས་དཔལ་གྱི་གསུང་བྱོན་ནས། །ཤེས་ལྡན་ ཤེས་རབ་རྒྱལ་མཚན་གུས་པས་སྦྱར།། །།སེམས་ཅན་ཐམས་ཅད་ལ་ཕན་པའི་གཞིར་ གྱུར་ཅིག། །།མངྒ་ལཾ། བྷ་ཝ་ཏུ། ༈ ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། གང་གིས་འཆི་མེད་རྟག་པའི་བདེ་སྟེར་བ། །སྲོག་ཆེན་སྐྱེ་བ་ མེད་པའི་ཞབས་མཆོད་ནས། །མཉམ་དང་མི་མཉམ་མཚམས་སུ་གང་སྐྱེས་རྣམས། །ཉི་ཟླ་ མུན་པས་འཆི་བའི་ཆོས་འདིར་བསྡུ། །ཅི། དུས་སྦྱོར་འདི་རྣམས་མའམ་བུ་གང་གི་ཞེ་ན། སློབ་དཔོན་སྔ་མ་དག་ནི་བུའི་ལྟར་ན་ཐམས་ཅད་དུས་སུ་འཆི་བ་ཁོ་ནར་འགྱུར་དུ་འོང་ བས། མའི་དུས་སྦྱོར་ཡིན་ནོ་ཞེས་གསུངས་སོ། །ཡང་ན། ཡུད་ཙམ་གང་ལས་སྐྱེས་པའི་ཡི་ གེ་དེ་ཉིད་མི་དེའི་སྐྱེ་བའི་ཡི་གེར་གསུངས་པས་ན། དེ་ཡང་མའམ་བུ་གང་གིས་ཞེས་ དྲིས་པས་དོན་འདི་གསལ་བར་འགྱུར་རོ་སྙམ་དུ་བདག་གིས་བསམ་མོ། །གང་ཡིན་ཡང་ རུང་གཡས་དང་གཡོན་གྱི་དུས་སྦྱོར་ལས་སྐྱེས་ན་དུས་མ་ཡིན་པར་འཆི་སྟེ་ཉི་ཟླའི་འཆི་ ལྟས་ཀྱིས་སོ། །འཕོ་བའི་མཚམས་ལས་སྐྱེས་ན་དུས་སུ་འཆི་སྟེ། ལོ་བརྒྱའི་མཚམས་སུའོ། ། དེ་ལ་དང་པོ་ནི། མདའ་མེ་འཇིག་རྟེན་མདའ་ཆུ་འཇིག་རྟེན་དང༌། །མཁའ་རི་ཟླ་བ་ 7-1-35 མིག་སྦྲུལ་རི་བོ་མདའ། །ཀླུ་མིག་སྐར་ཚེས་ཕྱོགས་མདའ་དུས་མིག་ཟླས། །ཉི་མའི་རྩ་ འདབ་ལྟེ་བར་བཅས་འདོར་མོད། །དེ་ལྟར་འཆི་ལྟས་ཀྱི་འཁོར་ལོ་སྟོང་བརྒྱད་ཅུའི་ཉིན་ ཞག་རྣམས་ལས་ཞག་དེ་དང་དེས། ཁྱིམ་དེ་དང་དེ་འདོར་བ་ཙམ་དུ་མཚུངས་མོད་ཀྱི། རྒྱུ་བ་དང་འཕོ་བ་ཡོད་མེད་ནི་མི་མཚུངས་ཏེ། འདི་ལྟར། དང་པོ་དྲུག་ལ་འཆི་ལྟས་ལྔ་ཕྱོགས་ཚེས། །ཉི་ཤུ་དེ་ཉིད་ཉི་ཤུ་དྲུག་རྒྱུ་ ཞིང༌། །རྒྱུ་བའི་ལྷག་མར་གང་གྱུར་འཕོ་བ་སྟེ། །རི་ནས་དྲག་པོར་གང་བཤད་ཉི་མ་ དང༌། །ཉི་མར་གང་བཤད་ཟླ་བའི་ལམ་ཉིད་དང༌། །ལྟེ་བར་གང་བཤད་མུན་པ་ཉིད་རྒྱུ་ བས། །ཕྱི་མ་རྣམས་ལ་འཕོ་བའི་ཞག་ཡོད་མིན། །བདུན་པར་གང་བཤད་འཆི་ལྟས་ཁོ་ ནར་རྒྱུ། །ལྷག་མ་རྣམས་ལ་རྒྱུ་བའི་ཞག་ཀྱང་མེད། །འདིར་བསྡུས་པའི་དོན་ནི་འདི་ཡིན་ ཏེ། དང་པོ་དྲུག་ལ་རྒྱུ་བ་དང་འཕོ་བ་གཉི་ག་ཡོད་ཅིང༌། བདུན་པ་ལ་རྒྱུ་བ་ཁོ་ན་ཡོད་ ལ། ཕྱི་མ་རྣམས་ལ་ནི་རྒྱུ་བ་དང་འཕོ་བ་གང་ཡང་མེད་ཀྱི། འོན་ཀྱང་འཆི་བའི་ཞག་ ཙམ་མོ་ཞེས་པ་དགོངས་པས་སོ། །འདིར་རྒྱུ་བ་ཞེས་པ་ནི། འཆི་ལྟས་ཀྱི་ཞག་གོ །གལ་ཏེ་ འདབ་མ་དང་པོ་ལ་རྒྱུ་བ་དང་བཅས་པ་ཞེས་མ་གསུངས་པས། དེའི་ཉིན་ཞག་རྣམས་ འཕོ་བ་ཁོ་ན་མ་ཡིན་ནམ་ཞེ་ན། འདིར་རྒྱུ་བ་དང་བཅས་པ་ཞེས་པ་འདི་སྡེབ་སྦྱོར་གྱི་ ངོར་གཉིས་པའི་སྐབས་ནས་བཟུང་སྟེ་གསུངས་ཀྱང༌། འཆི་ལྟས་ཀྱི་འཁོར་ལོ་ཉིན་ཞག་ སྟོང་ཕྲག་བརྒྱད་ཅུར་གསུངས་པའི་ཕྱིར་དང༌། འཆི་ལྟས་དང་པོའི་ཉིན་ཞག་རྣམས་ འཆི་ལྟས་ཀྱི་འཁོར་ལོར་མ་འདུས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། འདབ་མ་དང་ པོར་ཡང་རྒྱུ་བ་དང་བཅས་པ་དོན་གྱིས་གསུངས་པར་རིག་པར་བྱའོ། །རྣམ་པ་གཞན་དུ་ ན་སྟོང་བརྒྱད་ཅུ་རྩ་ལྔར་ཐལ་བ་བཟློག་པར་དཀའོ། །གལ་ཏེ་འཆི་ལྟས་དང་པོ་ནི་འཆི་ ལྟས་ཀྱི་འཁོར་ལོར་མི་གཏོགས་སོ། །སྙམ་ན་མ་ཡིན་ཏེ། ཟླ་བ་འཆི་ལྟས་ཀྱི་སྐབས་ནས། དེ་ལྟར་ན་འཆི་ལྟས་ཀྱི་ཉིན་ཞག་དང་བཅས་པ་འཚོ་བའི་ཟླ་བ་སུམ་ཅུ་རྩ་དྲུག་ལས་ཟླ་ བ་དྲུག་སོང་སྟེ། ཞེས་གསུངས་པའི་ཕྱིར་རོ། །ཅི་སྟེ། གཡས་གཡོན་མི་མཚུངས་སོ་ཞེ་ན། འདི་ལ་ཡིད་ཆེས་པའི་ལུང་དང༌། རིགས་པ་དམ་པ་མཐུན་སྣང་དུ་གྲུབ་ན། དེའི་ཚེ་དེའི་ 7-1-36 རྗེས་སུ་འབྲང་བར་བྱའོ། །ཡང་གྲུབ་པའི་སློབ་དཔོན་ནཱ་རོའི་ཞབས་ཀྱིས། རི་ནས་དྲག་ པོའི་བར་ལ་ཡང་འཕོ་བ་ཡོད་པར་གསུངས་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་ འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། དེ་ནས་བདུན་པ་ལ་རྒྱུ་བའི་ ཉིན་ཞག་གི་ཚོགས་ཉི་ཤུ་རྩ་བདུན་འདོར་རོ། །ཞེས་གསུངས་པའི་ཕྱིར་དང༌། བདུན་པ་ ལ་ཉི་ཤུ་རྩ་བདུན་ཉིད་ལས་མེད་པའི་ཕྱིར། དེ་ལས་འཕོ་བ་མེད་པར་གྲུབ་ལ། ལྷག་མ་ རྣམས་ལ་ཡང་འཕོ་བ་མེད་པར་གྲུབ་སྟེ། ཇི་སྐད་དུ། ཉིན་ཞག་སུམ་ཅུ་རྩ་གསུམ་པོ་འདི་ རྣམས་ཀྱིས། རྩ་བརྒྱད་པ་དང༌། དགུ་པ་དང༌། བཅུ་པ་དང༌། ཁྱིམ་གྱི་རྩ་བཅུ་གཅིག་པ་ དཀྱིལ་འཁོར་ལྔ་འབབ་པར་བྱེད་པ་ནི། ཉི་མའི་རབ་ཏུ་རྒྱུ་བས་འདོར་ཏེ། རྩ་གཡས་པ་ གཅིག་པུ་ནས་འབབ་པས་སོ། །ཞེས་པ་དང༌། རྫོགས་པའི་དུས་དེ་ནས། ཁུ་བ་ཟད་པའི་ དོན་དུ་རྩ་གཡས་པ་ལ་སྲོག་ཉིན་ཞག་སུམ་ཅུ་རྩ་གསུམ་རྒྱུའོ། །ཞེས་པ་དང༌། དེ་ལྟར་ན་ ཉིན་ཞག་སུམ་ཅུ་རྩ་གསུམ་དུ་གཡས་ཀྱི་རྩ་ལ་སྲོག་རྒྱུའོ། །ཞེས་གསུངས་པས་སོ། །དེས་ན་ དེ་དག་གང་ཞིག་དཔང་དུ་བྱ་བ་མཁྱེན་པར་མཛོད་ཅིག ། དང་པོ་དྲུག་གིས་ཡུལ་དང་སྙིང་སྟོབས་འདོར། །བདུན་པས་དུས་རྫོགས་རྡུལ་ནུབ་ཁུ་བ་ ལ། །འཆི་བ་ཞུགས་པས་བརྟན་པར་ནུས་མ་ཡིན། །འདིར་མངལ་བཟུང་བའི་ཆུ་སྲིན་ནམ། གང་ལས་སྐྱེས་པའི་དུས་སྦྱོར་དེ་དང་པོས་བཟུང་ངོ༌། །དེའི་ཕྱིར་གང་དག་ལུག་ནས་ རྩོམ་པ་དེ་དག་ནི་འཁྲུལ་པ་སྟེ། དེ་ནི་མི་མཉམ་པའི་དུས་སྦྱོར་ཡིན་པས། ཉི་མའི་འཆི་ ལྟས་ཅན་ལ་མི་སྲིད་པའི་ཕྱིར་དང༌། ཟླ་བའི་འཆི་ལྟས་ལ་ཡང་ལུག་ལས་སྐྱེ་བར་ངེས་པ་ མེད་པའི་ཕྱིར་རོ། །དེ་བཞིན་དུ། དཔལ་ནཱ་རོ་པའི་ཞབས་ཀྱིས། ཁྱིམ་རྣམས་གཡས་སྐོར་ དུ་གསུངས་པ་དང༌། གཞན་དག་གཡོན་སྐོར་དུ་འདོད་པ་རྣམས་ཀྱང་མ་བརྟགས་པ་ཁོ་ ན་སྟེ། གང་ཕྱིར་མཉམ་པའི་ཁྱིམ་དྲུག་གཡས་སུ་གནས་ཤིང༌། མི་མཉམ་པའི་ཁྱིམ་དྲུག་ གཡོན་དུ་གནས་པའི་ཕྱིར་དང༌། དེ་དག་ཀྱང་རེ་རེས་བར་དུ་ཆོད་པར་གསུངས་པའི་ ཕྱིར་རོ། །དེའི་ཕྱིར། འདོར་བ་ཡང་གཡས་དང་གཡོན་ནམ། གཡོན་དང་གཡས་སུ་སྤེལ་ ནས་རེ་རེས་བར་དུ་ཆོད་པའི་ཚུལ་གྱིས་རིགས་པར་བྱའོ། །གཞན་ཡང༌། བརྒྱད་པ་མན་ 7-1-37 ཆད་ལ་བཅོ་ལྔ་རྒྱུས་ན་བཅོ་ལྔ་ན་འཆི། བཅུ་རྒྱུས་ན་བཅུ་ན་འཆི་ཞེས་པ་ལ་སོགས་པར་ འདོད་པ་དང༌། ཡང་ལ་ལ་འཆི་ལྟས་བདུན་པའི་རྗེས་ནས། ཉི་ཤུ་རྩ་བརྒྱད་དང༌། རྩ་ དགུ་དང༌། སུམ་བཅུ་དང༌། སོ་གཅིག་དང༌། སོ་གཉིས་དང༌། སོ་གསུམ་རྒྱུས་ན། ཞག་ བཅོ་ལྔ་དང༌། བཅུ་དང༌། ལྔ་དང༌། གསུམ་དང༌། གཉིས་དང༌། གཅིག་ན་འཆི་ཞེས་ འདོད་པ་ལ་སོགས་པ་མུན་པས་སྤྲུལ་པ་དུ་མ་ཞིག་སྣང་བས་དེ་དག་ལ་ཡིད་བརྟན་པར་ མི་བྱའོ། །འཁོར་ལོ་མ་ནོར་བ་ཡང་ཁོ་བོས་བཀོད་པ་ལོགས་ཤིག་ན་ཡོད་པས་དེ་ལས་ ཀྱང་ཞིབ་ཏུ་རྟོགས་པར་གྱུར་ཅིག ། འཆི་ལྟས་རྣམ་བདུན་ལྷག་མ་འཚོ་བའི་ལོ། །གསུམ་མིག་གཟུགས་དང་དེ་བཞིན་ཟླ་བ་ ནི། །དྲུག་གསུམ་ཟུང་དང་ཟླ་བར་གང་གསུངས་པ། །རགས་པ་ཙམ་མོ་ལྷག་མ་མཚུངས་ པར་བཤད། །ཅེས་པ་གོ་བླ་སྟེ། བརྒྱད་པ་མན་ཆད་ནི་སྔར་བཤད་པ་དང་གཅིག་པ་ཉིད་ དོ། ། ད་ནི་གཉིས་པ། ཟླ་བས་འཆི་བའང་དུས་མེའི་ཟླ་བ་ལས། །མེ་ཡི་ཟླ་བས་རྩ་རེ་འདོར་ མོད་ཀྱི། །འོན་ཀྱང་དང་པོ་ཞག་གསུམ་དམན་པའི་རོས། །བཅུ་གཉིས་པ་ནི་གཡས་ཀྱི་ ཞག་གཉིས་དང༌། །དབུ་མའི་ཞག་གིས་ཀུན་གྱི་ལྟེ་བ་འདོར། །ཅྀ། ཟླ་བ་འདི་རྣམས་རྒྱུ་ བའམ་འཕོ་བ་གང་གི་བདག་ཉིད་ཡིན་ཞེ་ན། སྨྲས་པ། ཟླ་བ་མཐའ་དག་རྒྱུ་བ་ཞག་རེ་དང༌། །འཕོ་བ་ཉི་ཤུ་དགུ་མཚུངས་དེ་ལྟ་ནའང༌། །མིག་ མཚོ་དྲུག་པར་རྒྱུ་མེད་འོན་ཀྱང་འདི། །མཐའ་ཡི་ཉིན་ཞག་གསུམ་པོར་རིག་པར་ བྱ། །ཞེས་པ་སྟེ། ཟླ་བ་སུམ་ཅུ་རྩ་དྲུག་ལ་འཆི་ལྟས་ཀྱི་ཞག་གསུམ་ཅུ་རྩ་གསུམ་རྒྱུ་ཞིང༌། གསུམ་གསུམ་གྱིས་རྩ་རེ་རེ་འདོར་ལ། ཟླ་བ་གཉིས་པ་དང༌། བཞི་པ་དང༌། དྲུག་པ་ལ་ གང་རྒྱུ་བ་མེད་པ་དེ་དང་དེ་ནི་མཐར་གཡས་དང་དབུས་སུ་འབབ་པས་ཁྱིམ་བཅུ་ གཉིས་པ་དང༌། ཀུན་གྱི་ལྟེ་བ་འདོར་ཞེས་པའི་དོན་ཏོ། ། འདིར་ནི་ཉི་མས་ཟླ་བའི་ཡུལ་རྣམས་དང༌། །ཟླ་བ་ཡིས་ཀྱང་ཉི་མའི་ཡོན་ཏན་ བཟུང༌། །དེ་ལྟར་འཁྲུགས་པས་དུས་མིན་འཆི་བ་བསྟན། །ཉི་མས་ཟླ་བའི་ཡོན་ཏན་ལྔ་ 7-1-38 བཟུང་ནས་འཆི་ལྟས་ཀྱི་ཉིན་ཞག་ངེས་པར་བསྟན་ཏེ། ཁྱིམ་ལྔ་ལ་ཉིན་ཞག་ལྔ་ནས་ཉི་ ཤུ་རྩ་ལྔའི་བར་དུ་ལྔ་ལྔ་འཕེལ་བས་སོ། །དྲུག་པ་དང་བདུན་པ་ལ་ནི་སྙིང་སྟོབས་དང༌། རྡུལ་ཟད་པའི་དོན་དུ་རེ་རེ་ལྷག་པས་སོ། །དེ་བཞིན་དུ།ཟླ་བ་ཡིས་ཀྱང་ཉི་མའི་ཡོན་ཏན་ གསུམ་བཟུང་ནས། རྩ་རེ་རེ་འདོར་བ་ལ་ཞག་གསུམ་གསུམ་གྱིས་ངེས་པ་བསྟན་ཏོ། །ཞེས་ པ་གཉི་གའི་མཇུག་བསྡུས་པའོ། ། ད་ནི་དུས་སུ་འཆི་བ་སྟོན་ཏེ། དང་པོ་ཕྱེད་བཅས་ཟླ་བས་དམན་པའི་ལོར། །འཆི་བ་མེད་ དོ་དེ་སྟེང་འཆི་བ་ལོ། །རོ་དང་མཁའ་རོ་མཁའ་མེར་དབུགས་སྲང་དབྱུག །འཕེལ་བ་ རྫོགས་ནས་ཞག་ཏུ་གྲུབ་པས་ན། །ཕྱེད་བཅས་ཟླ་བས་དམན་པའི་རི་བུག་ལོར། །འཆི་བ་ རིམ་འཕེལ། ཞེས་པ་ནི་དུས་སུ་འཆི་ན་ཕྱེད་བཅས་ཟླ་བས་དམན་པའི་ལོ་དང་པོ་ལ་ འཆི་བ་མི་རྒྱུའོ། །དེ་ནས་གཉིས་པ་ལ་གཡོན་ནས་ནམ་མཁའ་དཀྱིལ་འཁོར་ལ་འཆི་བའི་ དབུགས་གཅིག་དང༌། གསུམ་པ་ལ་གཡས་ནས་སའི་དཀྱིལ་འཁོར་ལ་གཉིས་རྒྱུའོ། །དེ་ བཞིན་དུ། བཞི་པ་དང༌། ལྔ་པ་ལ་གཡོན་དང༌། གཡས་ནས་གསུམ་དང་བཞི་རྒྱུ་ཞིང༌། དྲུག་པ་དང༌། བདུན་པ་ལ་ཡང་གཡོན་དང་གཡས་ནས་ལྔ་དང་དྲུག་རྒྱུ་སྟེ། དེ་ཡང་ བགྲོད་པ་སྔ་མ་ལ་རྒྱུ་ཞིང༌། ཕྱི་མ་ལ་མི་རྒྱུ་བའི་ཚུལ་གྱིས་སོ། །དེ་ནས་ལོ་དྲུག་ཅུ་ལོ་སྔ་མ་ བཞིན་དུ། ཆུ་སྲང་གཅིག་ནས་དྲུག་ཅུའི་བར་དུ་འཕེལ་ལོ། །དེ་ནས་ལོ་སུམ་ཅུའི་བགྲོད་ པ་དྲུག་ཅུ་ལ་སྔ་མ་བཞིན་དུ། ཆུ་ཚོད་གཅིག་ནས་དྲུག་ཅུའི་བར་དུ་འཕེལ་ཏེ། དེ་ཡང་ བགྲོད་པ་རྣམས་ཀྱི་ཕྱེད་སྔ་མ་ལ་རྒྱུ་ཞིང༌། ཕྱི་མ་ལ་མི་རྒྱུ་བའི་ཚུལ་གྱིས་སོ། །དེ་ཡང་ཆུ་ ཚོད་བཅུ་གཉིས་ཀྱིས་གཡོན་དང་གཡས་ལ་ནམ་མཁའ་དང་སའི་དཀྱིལ་འཁོར་རྫོགས་ ནས་ཉི་ཤུ་རྩ་བཞི་དང༌། སུམ་ཅུ་རྩ་དྲུག་དང༌། བཞི་བཅུ་རྩ་བརྒྱད་དང༌། དྲུག་ཅུ་ཐམ་ པས་ས་དང་ནམ་མཁའི་མཐར་ཐུག་པ་དཀྱིལ་འཁོར་ཐམས་ཅད་རྫོགས་ཏེ་ཕྱེད་བཅས་ ཟླ་བ་དམན་པའི་ལོ་དགུ་བཅུ་རྩ་བདུན་གྱི་མཚམས་སུའོ། །དེ་ནས་འཆི་བ་ཞག་གི་རང་ བཞིན་དུ་རྒྱུ་སྟེ། ལོ་གསུམ་དང་ཕྱོགས་གསུམ་དང་མངལ་བཟུང་བའི་ཟླ་བ་དང་མཐའི་ ཉིན་ཞག་གི་བར་དུའོ། ། 7-1-39 དེ་དང་དེས་ཁམས་ཚོགས་འདོར་བ་ནི། དེ་ནས་འཆྀ་བའྀ་ཞག །ལག་མིག་དྲག་པོས་ དཀྱིལ་འཁོར་ལ་སོགས་དང༌། །ཆུ་མེས་ཁམས་སོགས་འདོར་རོ་དེ་དག་ཀྱང༌། །གཟུགས་ ནས་ཉེར་དགུ་མིག་ནས་སུམ་ཅུའི་བར། །མི་མཉམ་མཉམ་པར་རྒྱུ་དང་འཕོ་བའི་ཞག ། མཁའ་མེ་བུ་གས་དཀྱིལ་འཁོར་རྣམས་འདོར་ཞིང༌། །ཟླ་མེ་ལག་མེ་དུས་མེར་རྒྱུ་དང་ འཕོ། །མིག་བུག་ཟླ་བས་སྙིང་སྟོབས་ལ་སོགས་ཀྱང༌། །དུས་མེ་གཡས་ཀྱི་ཕུང་པོ་ལྔ་སོགས་ དང༌། །དབུ་མར་གཅིག་གིས་དྲུག་པ་ཀུན་འདོར་བས། །དུས་སུ་འཆི་བ་དུས་མདའ་དྲག་ པོས་སོ། །འདིར་མཉམ་པའི་དུས་སྦྱོར་དུ་འཕོ་བ་ལས་སྐྱེས་ན་གཡས་ནས་ཞག་གཉིས་རྒྱུ་ བ་དང་ཞག་གཉིས་འཕོ་བའོ། །དེ་ནས་གཡོན་ལ་གཅིག་རྒྱུ་བ་དང་གཅིག་འཕོ་བ་སྟེ། དེ་ བཞིན་དུ། གཡས་ནས་བཞི་རྒྱུ་བ་དང་འཕོ་བ་དང༌། གཡོན་ནས་གསུམ་རྒྱུ་བ་དང་འཕོ་ བ་དང༌། སླར་ཡང༌། གཡས་ནས་དྲུག་རྒྱུ་བ་དང་འཕོ་བ་དང༌། གཡོན་ནས་ལྔ་རྒྱུ་བ་དང་ འཕོ་བ་རྣམས་ཀྱིས་གཡས་སུ་སའི་དཀྱིལ་འཁོར་དྲུག་དང༌། གཡོན་དུ་ནམ་མཁའི་ དཀྱིལ་འཁོར་དྲུག་འདོར་རོ། །དེ་བཞིན་དུ། གཡས་ལ་བཅུ་གཉིས་དང༌། བཅོ་བརྒྱད་ དང༌། ཉི་ཤུ་རྩ་བཞི་དང༌། སུམ་ཅུའི་མཐར་ཐུག་པ་མཉམ་པའི་རྒྱུ་བ་དང་འཕོ་བ་ རྣམས་ཀྱིས་ཆུ་དང་མེ་དང་རླུང་དང་སྟོང་པའི་དཀྱིལ་འཁོར་འདོར་ཞིང༌། གཡོན་ལ་ བཅུ་གཅིག་དང༌། བཅུ་བདུན་དང༌། ཉི་ཤུ་རྩ་གསུམ་དང༌། ཉི་ཤུ་རྩ་དགུའི་མཐར་ཐུག་ པ་མི་མཉམ་པའི་རྒྱུ་བ་དང་འཕོ་བ་རྣམས་ཀྱིས་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་ འཁོར་འདོར་རོ། །དེ་ནས་གཡོན་དུ་སུམ་ཅུ་རྩ་གཅིག་རྒྱུ་བ་དང་འཕོ་བས་སྙིང་སྟོབས་ དང་བད་ཀན་འདོར་ཞིང༌། གཡས་ནས་སོ་གཉིས་རྒྱུ་བ་དང་འཕོ་བས་རྡུལ་དང་འཁྲིས་ པ་འདོར་ལ། སླར་ཡང༌། གཡོན་ནས་སོ་གསུམ་རྒྱུ་བ་དང་འཕོ་བས་མུན་པ་དང་རླུང་གི་ ཁམས་འདོར་རོ། །ཅི་སྟེ། མི་མཉམ་པའི་དུས་སྦྱོར་དུ་འཕོ་བ་ལས་སྐྱེས་ན་གཡོན་ནས་ བརྩམས་ཏེ་དཀྱིལ་འཁོར་རྣམས་འདོར་ལ། ཡོན་ཏན་གསུམ་འདོར་བ་ནི་ཐམས་ཅད་ གཡོན་ཉིད་ནས་རྩོམ་མོ། །དེ་ལྟར་ལོ་གསུམ་ཕྱོགས་གསུམ་གྱི་ཉིན་ཞག་ལས་ཉི་ཤུ་རྩ་ གཉིས་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་སོང་ནས། ལྷག་མ་ཞག་གསུམ་དང༌། །མངལ་ 7-1-40 བཟུང་བའི་ཟླ་བ་སྟེ། སུམ་ཅུ་རྩ་གསུམ་ནི་གཡས་ཉིད་ནས་རྒྱུ་བས་ཕུང་པོ་ལྔ་ལ་སོགས་ པ་ལྔ་ཚན་དྲུག་འདོར་རོ། །ལྷག་མ་རྣམས་ནི་བརྡ་ཕྲད་པར་ཟད་དོ། །ཅི། དཔལ་ནཱ་རོ་ པའི་ཞབས་ཀྱིས། མཐའ་ཡི་ཉིན་ཞག་སུམ་ཅུ་རྩ་གསུམ་པོ་འདི་ཡང་གཡས་དང་གཡོན་ དུ་འཕོ་བའི་ཆོས་ཅན་དུ་གསུངས་པ་མ་ཡིན་ནམ། འདིར་འཕོ་བ་མེད་པར་གཡས་ཉིད་ ནས་རྒྱུ་ཞེས་པ་ཕྱིན་ཅི་ལོག་གོ་ཞེ་ན། བདེན་མོད་ཀྱི། དཔལ་དྲི་མ་མེད་པའི་འོད་ལས། མངལ་བཟུང་བའི་ཟླ་བའི་ཉིན་ཞག་གི་ཚོགས་ཉིན་ཞག་སུམ་ཅུའི་བདག་ཉིད་དང༌། འཕོ་བ་དག་གི་མཚན་མོ་གསུམ་གྱི་བར་དུ་གཡས་པའི་རྩ་ལ་རྒྱུ་ཞིང༌། འཕོ་བ་ཐམས་ ཅད་མེད་པས་ཉིན་ཞག་སུམ་ཅུ་གསུམ་གྱི་བར་དུ་ཕུང་པོ་དང་ཁམས་རྣམས་རྣམ་པར་ གཅོད་པ་སྟེ། འདིར་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང། ཞེས་པ་ལ་སོགས་པ་ གསུངས་པས། གང་ཕྱིན་ཅི་ལོག་ཏུ་འགྱུར་བ་ལེགས་པར་སོམས་ཤིག། མི་རིགས་པའང་ མ་ཡིན་ཏེ། གོང་དུ་གཡོན་ལ་སུམ་ཅུ་རྩ་གསུམ་རྒྱུས་པའི་མཐར། གཡས་ལ་ཡང་སུམ་ཅུ་ རྩ་གསུམ་རྒྱུས་ནས། དབུ་མར་གཅིག་གིས་ཐམས་ཅད་འདོར་རོ། །ཞེས་པ་ནི་ཆ་སྙོམས་ པའི་ཕྱིར་ཤིན་ཏུ་ངོ་མཚར་བ་ཡང་ཡིན་ནོ། །འདི་གཉིས་ཀྱིས་མཐའ་ཡི་རྒྱུ་བ་ནི་གཡས་ པའི་རྩ་ལའོ། །ཞེས་པ་ཡང་ལེགས་པར་བཤད་པ་ལྟ་སྙམ་དུ་སེམས་སོ། །ཀྱེ་མ་དིང་སང་ འདི་ན་མཁས་གཞན་ལ། །རྒྱ་གར་མཁས་པའི་ལུང་རེ་བྱུང་བས་ཆོག །བདག་ནི་རྒྱལ་ དང་དཔལ་ལྡན་ས་བཅུ་པའི། །གསུང་དང་འགལ་ན་དེ་ལ་ཡིད་མི་རྟོན། །ཞེས་པ་ནི་བར་ སྐབས་ཀྱི་ཚིགས་སུ་བཅད་པའོ། །ཇི་སྲིད་ཉི་ཟླའི་རྒྱུ་བ་མ་ཉམས་པ་དེ་སྲིད་དུ་སྐྱེ་བ་དང་ འཆི་བས་ཡང་དང་ཡང་དུ་སྡུག་བསྔལ་བས་ན། ཀྱི་ཧུད་ད་ནི་རྡོ་རྗེའི་རྣལ་འབྱོར་ གྱིས། །ཉི་ཟླའི་རྒྱུ་བ་རབ་བཅོམ་ཉི་ཟླ་གཞན། །རྡོ་རྗེ་ཉི་མ་རྡོ་རྗེ་ཟླ་བ་ཆེ། །མི་ཕྱེད་རོ་ མཉམ་ཨེ་ཝཾ་གནས་ཐོབ་ཤོག །གནས་དང་གནད་ཀྱི་གནས་ཙམ་འདིར་བསྡུས་ཀྱི། །རྒྱས་ པར་རྒྱས་འགྲེལ་ཉིད་ལས་རྟོགས་ཞེས་པ། །ཆོས་འཛིན་ཆོས་གྲགས་དཔལ་གྱིས་གསུང་ བྱོན་ནས། །ཤེས་ལྡན་ཤེས་རབ་རྒྱལ་མཚན་གུས་པས་སྦྱར།། །།སེམས་ཅན་ཐམས་ཅད་ ལ་ཕན་ཐོགས་ཆེན་པོ་རྟག་ཏུ་འབྱུང་བར་གྱུར་ཅིག། །། 7-1-41 (མ་དཔེ་འབྲས་དཔེ་རྙིང་ཕྱི་ལ། ༢༠༧ སྤར་མ་དང༌། ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་ ཞིག་ཡིན།) 7-1-42 ༄༅། །བདེན་པ་གཉིས་ཀྱི་ཚོན་གྱིས་གཏན་ལ་དབབ་པ་ཞེས་བྱ་བ་བཞུགས་སོ། ། ༄༅། །ཨོཾ་ན་མོ་བཛྲ་སཏྭ་ཡཱ། ཚོན་གྱིས་གཏན་ལ་དབབ་པ་ཞེས་བྱ་བ། བདེན་པ་གཉིས་ ཀྱིས་བསྡུས་པའི་དཀྱིལ་འཁོར་ལ་ཕྱག་འཚལ་ལོ། །དོན་དམ་པའི་དཀྱིལ་འཁོར་ནི་ནམ་ མཁའི་ཁམས་ལ་ཐིག་གདབ་པ་དང་བྲལ་ཞིང༌། ཚོན་དགྱེ་བ་དང་བྲལ་བ། ཁ་དོག་དང་ ཕྱག་དང༌། དབྱིབས་ཀྱི་གཟུགས་ཀྱི་ལྷ་རྣམ་པར་རྟོག་པས་བསྒོམ་པའི་སེམས་དང་བྲལ་ བ། རྣམ་པ་ཐམས་ཅད་པ་ལྟ་བུ་བཤད་དུ་གསོལ། ཞེས་པའོ། །ཞེས་སོགས་རྒྱས་ པར་གསུངས་པ་སྟེ། པྲ་ཕབ་པ་དང་མཚུངས་པའོ། །ཀུན་རྫོབ་ཀྱི་དཀྱིལ་འཁོར་ལ་ཚོན་ གྱིས་ཞེས་པ་རྡོ་རྗེ་ཕྲེང་བ་ལ་སོགས་པ་གཞུང་གཞན་དུ་ར་བའི་ས་ལ་གསུངས་ཀྱང༌། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོར་ནི། སྣམ་བུ་ཐམས་ཅད་ཀྱི་འོག་ གཞི་ཕྱོགས་མདོག་གིས་ཐམས་ཅད་དུ་ཁྱབ་པར་གནས་པ་ལ་ཚོན་གྱིས། ཞེས་གསུངས་ སོ། །དེ་ཡང་དབང་ལེའི་ཚིགས་གཅད་བཞི་བཅུ་རྩ་གསུམ་པར། ཤར་དུ་དཔལ་ལྡན་ནག་ པོའི་ས་རུ་འགྱུར་ཞིང་ལྷོ་རུ་ཉི་མ་མཚུངས་པ་དག་སྟེ་ནུབ་ཏུ་ཡང༌། །གསེར་མདོག་བྱང་ དུ་གཞན་ཏེ་རི་བོང་འཛིན་པ་ལྟར་དཀར་རྡོ་རྗེ་ཅན་གྱི་ཞལ་གྱི་དབྱེ་བས་སོ། །ཞེས་པའི་ འགྲེལ་པར། ད་ནི་ཤར་དུ་ཞེས་པ་ལ་སོགས་པས། ཚོན་གྱི་སའི་ཁ་དོག་གསུངས་པ་ འདིར་བདག་པོའི་མཚན་མ་དང་ཞལ་གྱི་དབང་གིས་དཀྱིལ་འཁོར་གྱི་ས་ལ་ཕྱོགས་ཀྱི་ ཆར་འགྱུར་ཏེ། ཞལ་ནག་པོ་ལ་སོགས་པས་སོ། །དེས་ན་ཐུགས་རྣམ་པར་དག་པས། ཤར་ དུ་དཔལ་ལྡན་ནག་པོའི་སར་འགྱུར་རོ། ། གསུང་རྣམ་པར་དག་པས་ལྷོ་རུ་ཉི་མ་དང་ མཚུངས་པའོ། །ཡེ་ཤེས་ཀྱི་ཞལ་རྣམ་པར་དག་པས་ནུབ་ཏུ་གསེར་མདོག་སྟེ་སེར་ པོའོ། །སྐུའི་ཞལ་རྣམ་པར་དག་པས་བྱང་དུ་ཡང་གཞན་ཏེ་དཀར་པོའོ། །དེ་ལྟར་རྡོ་རྗེ་ ཅན་གྱི་ཞལ་གྱི་དབྱེ་བས་ཕྱོགས་རྣམས་སུ་རྡུལ་ཚོན་དགྱེ་བར་བྱའོ། །ཞེས་གསུངས་ཏེ། གང་གི་བར་དུ་ཁྱད་པར་དགྱེ་ཞེ་ན། ཚིགས་བཅད་བརྒྱད་ཅུ་རྩ་གཅིག་པར། ཤར་དུ་ 7-1-43 དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་དག་ནི་སྤྲིན་ནག་དང་མཚུངས་བྱང་དུ་སྐུ་ཡི་རྡོ་རྗེ་ དང༌། །ལྷོ་རུ་གསུང་གི་རྡོ་རྗེ་ནུབ་ཏུ་ཡང་ནི་རང་རིགས་ཕྱོགས་སུ་གནས་པ་ཡེ་ཤེས་རྡོ་ རྗེ་སྟེ། །དཀར་དང་དམར་དང་སེར་པོ་དག་ནི་རིགས་ཀྱི་དབང་གི་ས་ཡི་ཆ་ལ་ཁྱབ་པར་ བྱེད་པར་འགྱུར། །ཞེས་པའི་འགྲེལ་པར། ད་ནི་དཀྱིལ་འཁོར་གྱིས་རྣམ་པར་དག་པའི་ས་ བོན་རྣམས་གསུངས་ཏེ། འདིར་ཤར་དུ་རླུང་རྣམ་པར་དག་པས་ཐུགས་རྡོ་རྗེ་ཁ་དོག་ ནག་པོ་སའི་ཆ་ལ་ཁྱབ་པར་བྱེད་པའོ། །བྱང་དུ་ཆུ་དག་པས་སྐུ་རྡོ་རྗེ་དཀར་པོ་དང༌། ལྷོར་མེ་དག་པས་གསུང་རྡོ་རྗེ་དམར་པོ་དང༌། ནུབ་ཏུ་རང་གི་རིགས་སའི་ཕྱོགས་སུ་ གནས་པ་ཡེ་ཤེས་རྡོ་རྗེ་སྟེ་སེར་པོའོ། །དེ་བཞིན་དུ། སྒྲ་གཅན་དང༌། ཟླ་བ་དང༌། ཉི་མ་ དང༌། དུས་མེ་དག་པས་ཞལ་བཞིའི་དབྱེ་བས་སའི་ཆའོ། །ཞེས་གཞི་ཕྱོགས་མདོག་གིས་ ཁྱབ་པར་གསུངས་སོ། ། དེ་ལ་ཁ་ཅིག་ན་རེ། ཕྱོགས་མདོག་གིས་ཁྱབ་པ་ནི་རྭ་བའི་ནང་ཚུན་ཆད་ལ་དགོངས་ཀྱི་ དེ་ཕན་ཆད་ལ་ཕྱོགས་མདོག་མེད་དེ། རྡོར་སྙིང་འགྲེལ་པར། ཆར་དབབ་པའི་སྐབས་སུ་ དེ་བཞིན་དུ་ཤར་གྱི་ས་གཞི་ནག་པོའོ། །ལྷོ་དམར་པོའོ། །ནུབ་སེར་པོ་དང་བྱང་དཀར་པོ་ སྟེ་རེ་ཁཱ་ལྔའི་མཐར་ཐུག་པའོ། །ཞེས་གསུངས་པའི་ཕྱིར། དུས་འཁོར་གྱི་དཀྱིལ་འཁོར་ལ་ ཡང༌། ཚོན་གྱི་ས་ཕྱོགས་མདོག་ནི་རྭ་བའི་ནང་མཚམས་ཚུན་ཆད་ཁོ་ནའོ། །ཞེ་ན། ཁྱབ་ པ་མེད་དོ། །དེའི་རྒྱུ་མཚན་ཤམ་བྷ་ལའི་སེམས་འགྲེལ་སྐོར་གསུམ་གྱི་ངེས་དོན་གཅིག་པ་ ཡིན་གྱི། དྲང་དོན་ལ་ནི་རྣམ་པ་མི་འདྲ་བ་མང་དུ་ཡོད་ཅིང༌། ཆང་དབབ་པ་ཡང་དྲང་ དོན་གྱི་སྐབས་ཡིན་པའི་ཕྱིར་རོ། །གལ་ཏེ་དུས་འཁོར་གྱི་དཀྱིལ་འཁོར་ལ་སོགས་པ་རྡོར་ སྙིང་འགྲེལ་པ་ཇི་ལྟ་བ་བཞིན་དུ་བྱེད་དགོས་ན། ཧ་ཅང་ཐལ་བ་མང་པོས་སྤྱི་བོར་ཐོག་ ལྷུང་བ་བཞིན་གནོད་པ་ཆེན་པོ་འབབ་སྟེ། དེའི་སྐབས་ན་སྒོ་ལོགས་དང་འཁོར་ཡུག་ རྣམས་མེད་པས་དུས་འཁོར་ལ་ཡང་སྒོ་ལོགས་དང་འཁོར་ཡུག་རྣམས་མེད་པར་བྱེད་ དམ་ཅི། གཞན་རྡོར་སྙིང་འགྲེལ་པར། ཡེ་ཤེས་རྡོ་རྗེའི་ས་བོན་ལ་ཧོཿཡིག་མེད་པར་དེའི་ ཚབ་ཏུ། ཨེ་ཝཾ་གསུངས་པའི་ཕྱིར་དུས་འཁོར་དུ་ཡང་དེ་བཞིན་བྱེད་དམ་ཅི། གཞན་ 7-1-44 ཡང༌། རྡོར་སྙིང་འགྲེལ་པར། སྐུ་རྡོ་རྗེ་ཕྱག་བཅུ་དྲུག་པ་དང༌། གསུང་རྡོ་རྗེ་ཕྱག་དྲུག་པ་ དང༌། ཐུགས་རྡོ་རྗེ་ཕྱག་བཞི་པ་དང༌། ཡེ་ཤེས་རྡོ་རྗེ་ཕྱག་གཉིས་པར་གསུངས་པའི་ཕྱིར། དུས་འཁོར་གྱི་རྡོ་རྗེ་བཞིའང་དེ་ལྟར་བྱེད་དམ་ཅི། བཞུགས་ཚུལ་དང༌། ཕྱག་མཚན་ལ་ སོགས་པ་དང༌། སྒོ་སྦྲག་ཡོད་མེད་ལ་སོགས་པ་རྣམ་པ་མི་འདྲ་བ་གཞན་ཡང་ཤིན་ཏུ་ མང་བར་ཡོད་པའི་ཕྱིར་ཧ་ཅང་ཐལ་བ་ཤིན་ཏུ་མང་པོའི་གནོད་པ་གནམ་ལྕགས་ཀྱི་ ཆར་ཆེན་པོ་བཞིན་དུ་འབབ་བོ། ། གཞན་ཡང༌། དབང་ལེའི་ཚིགས་བཅད་བཅུ་བདུན་པའི་འགྲེལ་པར། དེ་བཞིན་དུ། ཐབ་ ཁུང་རྣམས་དང༌། དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་གི་ ས་ལ་སངས་རྒྱས་ཀྱི་དབྱེ་བའམ། བཅོམ་ལྡན་འདས་ཀྱིས་ཞལ་གྱི་དབྱེ་བས་རྒྱུད་ལས་ གསུངས་པའི་ཆོ་གས་རྡུལ་ཚོན་གདབ་བོ། །རྡུལ་ཚོན་གདབ་པའི་ངེས་པའོ། །ཞེས་ གསུངས་པའི་ཕྱིར། དཀྱིལ་འཁོར་གྱི་ཕྱི་རོལ་གྱྀ་ཕྱོགས་བཞིར་ཡང༌། སངས་རྒྱས་ཀྱི་དབྱེ་ བའམ་གཙོ་བོའི་ཞལ་གྱི་དབྱེ་བས་རྡུལ་ཚོན་གདབ་པར་གསུངས་པ་འདིས་ཀྱང༌། རྭ་ བའི་ཕྱི་རོལ་ཏུ་ཡང་རྡུལ་ཚོན་གྱིས་ཕྱོགས་མདོག་གིས་ཁྱབ་པར་གྲུབ་བོ། །ཐབ་དང་ དཀྱིལ་འཁོར་གྱི་ཕྱི་རོལ་ཕྱོགས་མདོག་ཏུ་མཚུངས་པར་གསུངས་པ་འདིས་གཞི་ཕྱོགས་ མདོག་ཚོན་གྱི་ས་རྭ་བའི་ནང་ཁོ་ན་ལ་འདོད་པ་བསལ་བ་ཡིན་ནོ། །གཞི་ཕྱོགས་མདོག་ ཚོན་གྱིས་ས་ཁྱབ་པར་གསུངས་པ་འདིས་ཀྱང་གཞི་ཕྱོགས་མདོག་རྭ་བའི་ནང་ཁོ་ན་ལ་ འདོད་པ་བསལ་བ་ཡིན་ནོ། །གཞན་ཡང༌། བདེ་ཆེན་འཁོར་ལོ་ཕྱོགས་མདོག་ཏུ་མི་ འདོད་པར་ཁ་དོག་གཞན་དང་གཞན་འདོད་པའི་ཅལ་ཅོལ་བ་རྣམས་ལ་ཡང་རྫོགས་ ལྡན་གྱི་ལུང་གིས་གནོད་པ་ཆེན་པོ་འབབ་སྟེ། ཡེ་ཤེས་ལེའུ་ཚིགས་བཅད་བརྒྱ་རེ་དགུ་ པར། མཐའ་དག་རི་ཡི་བདག་པོ་ཤར་ནི་དག་པའི་ཨིནྡྲ་ནཱི་ལ་ལྷོ་ནི་པད་མ་རཱ་ག་ སྟེ། །ནུབ་ནི་ཀར་ཀེ་ཏ་ནི་སེར་པོ་བྱང་ནི་རི་བོང་འཛིན་པ་ལྟར་དཀར་ཟླ་བ་ཆུ་ཤེལ་ ལོ། །དབུས་ནི་ལྗང་གུ་ཞེས་གསུངས་པའི་ཕྱིར། དབུས་ནི་ལྗང་གུ་ནི་གཙོ་བོའི་པད་མ་ ལྗང་གུ་ཡིན་པས་དེའི་འོག་གཞི་སྔོན་པོའོ། །དེ་ཕན་ཆད་སའི་འཁོར་ཡུག་གི་དང་པོ་ལ་ 7-1-45 ཐུག་གི་བར་ནི་ཕྱོགས་མདོག་གིས་ཁྱབ་པ་སྟེ་སྔར་དྲངས་པའི་ལུང༌། དཀར་དང་དམར་ དང་སེར་པོ་དག་ནི་རིགས་ཀྱི་དབང་གིས་སའི་ཆ་ལ་ཁྱབ་པར་བྱེད་པར་འགྱུར། ཞེས་པ་ དང༌། ཐུགས་རྣམ་པར་དག་པས་ཤར་དུ་དཔལ་ལྡན་ནག་པོའི་སར་འགྱུར་རོ། །ཞེས་ སོགས་དང༌། ཤར་དུ་རླུང་རྣམ་པར་དག་པས་ཐུགས་རྡོ་རྗེ་ཁ་དོག་ནག་པོ་སའི་ཆ་ལ་ ཁྱབ་པར་བྱེད་པའོ། །ཞེས་དང༌། དེ་བཞིན་དུ། བྱང་དུ་ཆུ་དང་སྐུ་རྡོ་རྗེ་དཀར་པོ། ལྷོར་མེ་ དང་གསུང་རྡོ་རྗེ་དམར་པོ། ནུབ་ཏུ་ས་དང་ཡེ་ཤེས་རྡོ་རྗེ་སེར་པོ་རྣམས་ཀྱང་སྔ་མ་ བཞིན་དུ་སའི་ཆ་ལ་ཁྱབ་པར་བྱེད་པར་འགྱུར་བས་འོག་གཞི་ཚོན་གྱིས་ནི་ཕྱོགས་ མདོག་ཡིན་པའི་རྒྱུ་མཚན་འཇིག་རྟེན་གྱི་ཁམས་ལ་རི་རབ་སྔོན་པོའི་དབུས་སྟོང་པ་ དང༌། ཤར་རླུང་དང༌། ལྷོ་མེ་དང༌། བྱང་ཆུ་དང༌། ནུབ་ས་སྟེ་གླིང་བཞི་རྣམས་ཀྱང་དེ་ ལྟར་ཁམས་བཞིར་གནས་པ་དང༌། ལུས་ལ་ཡང༌། དབུས་སྟོང་པ་དང༌། མདུན་རླུང་དང༌། གཡས་མེ་དང༌། གཡོན་ཆུ་དང༌། རྒྱབ་སར་གནས་པར་གསུངས་པ་ཇི་ལྟ་བ་དེ་བཞིན་དུ་ དཀྱིལ་འཁོར་ལ་ཡང་དབུས་སྟོང་པ་དང༌། ཤར་རླུང་དང༌། ལྷོ་མེ་དང༌། བྱང་ཆུ་དང༌། ནུབ་སར་གནས་པའི་ཁ་དོག་ཀྱང་དེ་བཞིན་དུ་རིགས་ཏེ། ཇི་ལྟར་ཕྱི་རོལ་དེ་བཞིན་ ཡང༌། །ཇི་ལྟར་ནང་ལའང་དེ་བཞིན་གཞན། །ཞེས་གསུངས་པའི་ཕྱིར་རོ། ། དེ་ལྟར་མ་རྟོགས་ཀྱང་རྟོགས་པར་རློམ་པ་རྣམས་ཀྱིས་ཅལ་ཅོལ་གྱིས་སངས་རྒྱས་ཀྱི་ བསྟན་པ་འཁྲུག་པར་མ་བྱེད་ཅིག །འོག་གཞི་ཚོན་གྱི་སའི་ཚད་ནི་སྒོ་ཚད་བཅུ་དྲུག་སྟེ་ ཚངས་ཐིག་དང་མཉམ་པའོ། །དེ་ཉིད་ལ་སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་གནས་ཏེ། སྒོ་ ཚད་ཕྱི་མ་བརྒྱད་ལ་སྟོང་ཉིད་བཅུ་དྲུག་གི་དཀྱིལ་འཁོར་དང༌། ནང་མ་བརྒྱད་ལ་སྙིང་ རྗེ་བཅུ་དྲུག་གི་དཀྱིལ་འཁོར་བཞུགས་པའི་ཕྱིར་རོ། །སྒོ་ཚད་དང་ཆ་ཆེན་ནི་མི་མཉམ་ སྟེ། སྒོ་ཚད་རེ་རེ་ལ་ཆ་ཆེན་གཉིས་གཉིས་ཡོད་པའི་ཕྱིར་རོ། །དེའི་ཕྱིར་སྒོ་འཁོར་ལོའི་ བརྒྱད་ཆར་གསུངས་པ་དང༌། རྩ་ཐིག་ལ་སྒོ་ཚད་བརྒྱད་ལས་མེད་ཀྱང༌། ཆ་ཆེན་བཅུ་ དྲུག་ཡོད་པ་དང༌། ཀྲ་མ་ཤཱིར་ཥའི་ལོགས་ཐིག་ལ་སྒོ་ཚད་བཅུ་གཉིས་དང༌། ཟུར་ཐིག་ ལ་སྒོ་ཚད་བཅུ་བདུན་ཡོད་པ་རྣམས་མི་འགལ་ཞིང་མཐུན་པར་གྲུབ་བོ། །དེ་ལྟར་སྟོང་ 7-1-46 ཉིད་སྙིང་རྗེའི་དཀྱིལ་འཁོར་ཁྲུ་བརྒྱད་པོ་ལ་ཕྱི་ནང་གི་དག་པ་རིམ་པ་གཉིས་དང༌། དེ་ རྫོགས་ནས་འབྱུང་བ་གཞན་ལྔའམ། མངོན་ཤེས་གཞན་ལྔའི་དཀྱིལ་འཁོར་ཁྲུ་བཞི་པོ་ལ་ ཕྱི་ནང་གི་དག་པ་ཚར་གཅིག་སྟེ། དེ་ལྟར་ཕྱི་ནང་གི་དག་པ་རིམ་གསུམ་ཚང་བ་ལ་ཁྲུ་ བཅུ་གཉིས་སོ། །འོད་ཟེར་ནི་ཐམས་ཅད་ལས་ཐུན་མོང་དུ་འཕྲོ་བའི་ཕྱིར་མ་ལ་ཡའི་ ཚལ་གྱི་དཀྱིལ་འཁོར་གསང་བདག་ཕྱག་ན་རྡོ་རྗེས་བཞེངས་པ་ལ་ཡང་ཁྲུ་བརྒྱ་ཕྲག་ བཅུ་གཉིས་གསུངས་པ་ནི་བྲི་བྱ་འདི་ཉིད་རིགས་བརྒྱས་བསྒྱུར་བའོ། །འདིའི་ཕྱིར་བྲི་བྱ་ འདིའི་འོད་ཟེར་གྱི་མཐར་ཐུག་པ་ལ་ཁྲུ་བཅུ་གསུམ་དང༌། སྒོ་ཚད་ཉེར་དྲུག་དང་ཆ་ ཆེན་ལྔ་བཅུ་རྩ་གཉིས་ནི་ངེས་པའོ། །དེ་བཞིན་དུ། སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་ལ་ ཁྲུ་བརྒྱད་དང༌། སྒོ་ཚད་བཅུ་དྲུག་དང༌། ཆ་ཆེན་སུམ་ཅུ་རྩ་གཉིས་དང༌། འབྱུང་བ་ གཞན་ལྔའི་དཀྱིལ་འཁོར་ལ་ཁྲུ་བཞི་དང་སྒོ་ཚད་བརྒྱད་དང་ཆ་ཆེན་བཅུ་དྲུག་དང༌། འོད་ཟེར་གྱི་ཕྲེང་བ་ལ་ཁྲུ་གཅིག་དང༌། སྒོ་ཚད་གཉིས་དང་ཆ་ཆེན་བཞི་ནི་ངེས་པ་སྟེ། བཅོམ་ལྡན་འདས་ཀྱི་དགོངས་པ་ཡང་དག་པའོ། །ཟུར་ཐིག་ལ་སྒོ་ཚད་བཅུ་བདུན་ཡོད་ ཀྱང༌། ཚངས་ཐིག་དང་ཚོན་གྱིས་ཕྱོགས་མདོག་ལ་སྒོ་ཚད་བཅུ་དྲུག་ལས་མེད་པའི་ཕྱིར་ དང༌། འཁོར་ཡུག་རྣམས་ཀྱི་དང་པོ་ནི་ཚངས་ཐིག་དང་ཚོན་གྱིས་ཕྱོགས་མདོག་རྫོགས་ མ་ཐག་ཉིད་ནས་བསྐོར་བ་ངེས་པ་ཅན་ཡིན་པའི་ཕྱིར། ཀྲ་མ་ཤཱིར་ཥ་ལ་སོགས་པའི་ ཟུར་གྱིས་བྲི་བྱ་ལ་སའི་འཁོར་ཡུག་བཅད་པ་ལྟར་སྣང་ཡང་བསྒོམ་བྱ་ལ་ནི་ཆད་པ་མེད་ དེ། ཀྲ་མ་ཤཱིར་ཥ་ལ་སོགས་པ་ནི་བྱ་འདབ་ཀྱི་མཐའ་ལ་གནས་པས་སྟེང་གི་ནམ་མཁའ་ མཐོན་པོ་ལ་གནས་པའི་ཕྱིར་དང༌། སའི་འཁོར་ཡུག་ནི་འོག་གི་ས་གཞི་ལ་མཆོད་པའི་ ས་གཞི་རྫོགས་ནས་གནས་པས་དེ་དག་མཐོ་དམན་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་ རོ། །འདི་དག་གི་ཁྱད་པར་མ་ཕྱེ་བ་རྣམས་ཀྱིས་འཁོར་ཡུག་རྣམས་ཀྱི་དང་པོ་ཀྲ་མ་ཤཱིར་ ཥའི་ཟུར་བཞི་ལ་རེག་པར་བསྐོར་བ་ལ་ནི་རྫོགས་ལྡན་གྱི་ལུང་གིས་གནོད་ཅིང་ཕྱི་ནང་ གི་དག་པ་རིམ་གསུམ་ལ་སོགས་པའི་རིགས་པས་ཀྱང་གནོད་དེ། ཇི་སྐད་དུ། འཁོར་ཡུག་ གི་ནི་ནང་དུ་ཡང་གང་སྲིད་དུ་སྒོ་ནི་བཅུ་དྲུག་གོ །ཞེས་གསུངས་པའི་ཕྱིར་དང༌། འཁོར་ 7-1-47 ཡུག་གི་ནི་ནང་དུ་ཡང༌། སྲིད་དུ་སྒོ་ནི་བཅུ་བདུན་ནོ། །ཞེས་མ་གསུངས་པའི་ཕྱིར་དང༌། གལ་ཏེ་སྒོ་ཚད་བཅུ་བདུན་དུ་འདོད་ན། ལྷག་པོ་སྒོ་ཚད་གཅིག་པོ་དེ་ཕྱི་ནང་གི་དག་པ་ རིམ་གསུམ་ལས་གང་ལ་གཏོགས། སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་ལ་གཏོགས་སོ། །ཞེ་ ན་མི་རུང་སྟེ། སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་གྱི་ཚད་ནི། ཆ་ཆེན་སུམ་ཅུ་རྩ་གཉིས་ དང༌། སྒོ་ཚད་བཅུ་དྲུག་དང༌། ཁྲུ་བརྒྱད་དུ་ངེས་པ་ཡིན་པས་དེ་ལས་ལྷག་པ་དང་ཆད་ པ་ནི་མི་རུང་བའི་ཕྱིར་རོ། །གལ་ཏེ་འཁོར་ཡུག་རྣམས་ལ་གཏོགས་སོ་ཞེ་ན། དེ་ཡང་མི་ རུང་སྟེ་དེ་རྣམས་ནི་སྒོ་ཚད་བརྒྱད་དང་ཁྲུ་བཞིར་ངེས་པ་ཡིན། དེ་ལས་ལྷག་པ་དང་ ཆད་པར་མི་རུང་བའི་ཕྱིར་རོ། །དེས་ན་དག་པ་རིམ་གསུམ་གང་ལ་ཡང་མི་གཏོགས་ པའི་བར་སྟོང་ལྷག་པོ་སྒོ་ཚད་གཅིག་པོ་དེས་གང་དུ་སུ་ལ་ཅི་ཞིག་བྱ། ཤེས་རབ་འཆལ་ བའི་རྣམ་འགྱུར་དུ་བས་སོ། །དེ་བཞིན་དུ། འཁོར་ཡུག་རྣམས་ཀྱི་དང་པོ་རྟ་བབས་ཀྱི་རྩེ་ མོ་ལ་རེག་པར་བསྐོར་བ་རྣམས་ཀྱང་ཤེས་རབ་འཆལ་བའི་རྣམ་འགྱུར་ཏེ། སའི་འཁོར་ ཡུག་གི་དང་པོ་ནི་ཚངས་ཐིག་ཟད་མ་ཐག་ཉིད་ནས་བསྐོར་བ་ངེས་པ་ཅན་ཡིན་པའི་ ཕྱིར་དང༌། ཚངས་ཐིག་གིས་རྟ་བབས་ཀྱི་རྩེ་མོ་སུམ་གཉིས་ཟིན་ཡང་གསུམ་ཆ་མ་ཟིན་ པའི་ཕྱིར་དང༌། རྟ་བབས་ཀྱི་མཐའ་ནས་མཐའ་ལ་སྒོ་ཚད་བཅོ་བརྒྱད་ཡོད་ཀྱང༌། ཚངས་ཐིག་དང་ཚོན་སའི་མཐའ་ནས་མཐར་སྒོ་ཚད་བཅུ་དྲུག་བཅུ་དྲུག་ལས་མེད་པའི་ ཕྱིར་རྟ་བབས་ཀྱི་སུམ་ཆ་ལ་རང་རང་གི་ཚངས་ཐིག་མེད་དོ། །དེ་ནས་རྟ་བབས་སྒོ་ གསུམ་འགྱུར་ཡིན་ཡང་རང་རང་གི་ཚངས་ཐིག་གིས་ཟིན་པའི་སྒོ་ཚད་གཉིས་གཉིས་སུ་ བས་སོ། །འདི་དག་གི་ཁྱབ་པར་མ་ཕྱེ་བ་རྣམས་ཀྱི་བུམ་པའི་རྩེ་མོའི་བར་དུ་རང་རང་གི་ ཚངས་ཐིག་གིས་སླེབ་པར་མུན་སྤྲུལ་ཁོ་ན་སྟེ། ཐིག་སྐུད་དཀྱིལ་འཁོར་ལས་ཉིས་འགྱུར་ དུ་གསུངས་པའི་ངེས་པ་དང་བྲལ་བའི་ཕྱིར་དང༌། དེ་ཡང་ཚངས་ཐིག་ཁོ་ན་གདབ་པའི་ དོན་དུ་ཐིག་སྐུད་དཀྱིལ་འཁོར་ལས་ཉིས་འགྱུར་དུ་རིག་པར་གསུངས་སོ། །ཞེས་མཁས་ པ་ཆེན་པོ་དག་གི་ལེགས་པར་བཀྲལ་བའི་ཕྱིར་རོ། །འོ་ན་གསུང་དང༌། ཐུགས་ཀྱི་རྟ་ བབས་ལ་བུམ་པའི་རྩེ་མོའི་བར་དུ་རང་རང་གིས་ཚངས་ཐིག་གིས་སླེབ་འདུག་པ་འདི་ 7-1-48 དང་འགལ་ལོ་ཞེ་ན། འདི་ནི་ལེགས་པར་མ་བརྟགས་པའི་ཚིག་སྟེ། གསུང་དང་ཐུགས་ཀྱི་ རྟ་བབས་ལ་ཡང་རང་རང་གི་ཚངས་ཐིག་གིས་ཟིན་པ་ནི་རང་རང་གི་སྒོ་ཚད་གཉིས་ གཉིས་ལས་མེད་ཀྱང་དེ་ཕན་ཆད་ཀྱི་ཚངས་ཐིག་གིས་ཟིན་པ་ལྟར་སྣང་བ་ནི་དཀྱིལ་ འཁོར་ནང་མ་ནང་མའི་ཚངས་ཐིག་རང་རང་གི་སྒོ་ཚད་བཅུ་དྲུག་བཅུ་དྲུག་རྫོགས་ ནས་དེའི་སྣ་ལ་ཕྱི་མ་ཕྱི་མའི་ཚངས་ཐིག་རང་རང་གི་སྒོ་ཚད་བཅུ་དྲུག་བཅུ་དྲུག་ཡོད་ པ་དེ་མཐུན་པས་རྟ་བབས་ཀྱི་རྩེ་མོའི་བར་དུ་རང་རང་གི་ཚངས་ཐིག་ཟིན་སྙམ་དུ་ འཁྲུལ་པ་ཡིན་ནོ། །དོན་ལ་གནས་པ་ནི་འདི་ཡིན་ཏེ། རྟ་བབས་རྣམས་ཀྱི་རིམ་པ་གསུམ་ པའི་མྱོས་བསྲུང་གི་བར་དུ་རང་རང་གི་སྒོ་ཚད་གཉིས་གཉིས་རང་རང་གི་ཚངས་ཐིག་ དང་བྲལ་བ་སྟེ། རྟ་བབས་སྒོ་ལས་གསུམ་འགྱུར་དུ་གསུངས་ཀྱང་རང་རང་གི་ཚངས་ ཐིག་གིས་ཟིན་པ་ནི་རང་རང་གི་སྒོ་ལས་ཉིས་འགྱུར་དུ་ངེས་པའོ། །དེས་ན་གང་དག་རྟ་ བབས་ཀྱི་རྩེ་མོ་ནས་སའི་འཁོར་ཡུག་ལ་སོགས་པ་བསྐོར་བར་འདོད་པ་རྣམས་ལ་ཡང་ ཤེས་བྱེད་རྣམ་དག་མེད་ཅིང་གནོད་བྱེད་ཆེན་པོ་ནི་ཤིན་ཏུ་མང་བར་སྣང་སྟེ། ཇི་སྐད་ དུ། འཁོར་ཡུག་གི་ནི་ནང་དུ་ཡང༌། སྲིད་དུ་སྒོ་ནི་བཅུ་དྲུག་གོ །ཞེས་གསུངས་ཀྱི། སྲིད་དུ་ སྒོ་ནི་བཅོ་བརྒྱད་དོ། །ཞེས་མ་གསུངས་པའི་ཕྱིར་དང༌། ཚོན་གྱིས་དང་ཚངས་ཐིག་ཀྱང་ རྫོགས། འཁོར་ཡུག་རྣམས་ལ་ཡང་མ་སླེབ་པའི་བར་ས་སྟོང་སྒོ་ཚད་གཅིག་པོ་དེ་དག་པ་ རིམ་གསུམ་གང་ལ་གཏོགས་ཞེས་སྔར་བཞིན་དུ་རྣམ་པར་དཔྱད་ན་རྣམ་པར་ཉམས་ པར་འགྱུར་རོ། །མིག་མང་རྒྱ་དང་མ་འབྲེལ་ན། ། རྡེའུ་མང་ཡང་ཤི་རོ་ཡིན། །ལུང་རིགས་ རྒྱ་དང་མ་འབྲེལ་ན། །རང་བཟོ་མང་ཡང་ཤི་རོ་ཡིན། །རྣམ་དག་རྒྱ་དང་མ་འབྲེལ་ ན། །རང་བཟོ་མང་ཡང་ཤི་རོ་ཡིན། །རྣམ་དག་རྒྱ་དང་མ་འབྲེལ་ན། ། གཟུ་ལུམ་མང་ ཡང་ཤི་རོ་ཡིན། །ཞེས་པ་ནི་དོན་ལ་གནས་པའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ སོ། །དེ་བཞིན་དུ། པད་མ་བུམ་སོགས་མཆོད་པའི་རྫས་རྣམས་ཕྱོགས་མདོག་ཏུ་འདོད་པ་ རྣམས་ལ་ཡང༌། རྫོགས་ལྡན་གྱི་ལུང་གིས་གནོད་དེ། ཇི་སྐད་དུ། ཀྲ་མ་ཤཱིར་ཥ་དང་སའི་ འཁོར་ཡུག་གི་བར་དུ་མཆོད་པའི་རྫས་རྣམས་ཇི་ལྟར་མཛེས་པར་བྱའོ། །ཞེས་གསུངས་ 7-1-49 པ་འདིས་ཁ་དོག་ངེས་པ་ཅན་བཀག་པའི་ཕྱིར་དང༌། ཕྱོགས་མདོག་གི་ངེས་པ་ནི་ཇི་ ལྟར་མཛེས་པར་བྱའོ། །ངེས་མེད་དུ་གསུངས་པ་འདིས་བཀག་པའི་ཕྱིར་རོ། ། གཞན་ ཡང་མཆོད་པའི་ས་གཞི་ཕྱོགས་མདོག་ཡིན་ནམ་མིན། ཞེས་དྲིས་པའི་ལན་དུ། མཆོད་ རྫས་རྣམས་ཕྱོགས་མདོག་ཡིན། ཞེས་པ་ནི། ལྔ་གང་ཞེ་ན། བཅུ་འདི་ལྟ་སྟེ། ཞེས་པ་ལྟར་ མ་འབྲེལ་བའི་ལན་ཡིན་ནོ། །དེས་ན་མཆོད་རྫས་རྣམས་ཕྱོགས་མདོག་ཏུ་བྱས་པས་དེ་ རྣམས་ཀྱི་འོག་གཞི་ཕྱོགས་མདོག་ཏུ་གྲུབ་བམ་ཅི། མཐའ་མཆོད་པའི་གྲུབ་མཐའ་འཇོག་ པའི་རིངས་རིངས་པས་ད་དུང་ལུང་རིགས་རྣམ་དག་ལ་སྦྱངས་ན་ཤིན་ཏུ་ལེགས་སོ། ། དབང་ལེའི་ཚིགས་བཅད་ཞེ་བདུན་པའི་འགྲེལ་པར། དེ་བཞིན་གཤེགས་པའི་ཁ་དོག་གི་ དབྱེ་བས་ཐམས་ཅད་དུ་རྡུལ་ཚོན་གྱི་སའོ། །ཞེས་པ་འདི་དང༌། སྔར་དྲངས་པའི་ཆ་ལ་ ཁྱབ་པར་བྱེད་པར་འགྱུར་ཞེས་སོགས་ལུང་རྣམ་དག་གསལ་པོ་དེ་རྣམས་ཀྱིས་ལྷ་སྣམ་ དང༌། རྭ་བ་དང༌། སྟེགས་བུ་དང༌། རིན་ཆེན་སྣམ་བུ་དང༌། དོ་ཤལ་དང༌། དོ་ཤལ་ཕྱེད་ པ་དང༌། བ་ཀུ་ལི་དང༌། ཀྲ་མ་ཤཱིར་ཥ་དང༌། རྟ་བབས་ཀྱི་སྣམ་བུ་རྣམས་དང༌། འཁོར་ ཡུག་རྣམས་དང༌། འོད་ཟེར་གྱི་ཕྲེང་བ་རྣམས་སྟོན་པ་མ་ཡིན་ཞིང༌། དུར་ཁྲོད་ཀྱི་འཁོར་ ལོ་རྣམས་དང༌། སྐུ་གསུང་ཐུགས་ཀྱི་ལྷའི་པད་མ་རྣམས་ཀྱི་ཁ་དོག་ཀྱང་བསྟན་པ་མ་ ཡིན་གྱི། འོག་གཞི་ཚོན་གྱི་སའི་ཁ་དོག་འབའ་ཞིག་དང༌། ཆོས་ཀྱི་འཁོར་ལོ་བུམ་པ་ ཆེ། །རྔ་བོ་ཆེ་དང་བྱང་ཆུབ་ཤིང༌། ། དེ་བཞིན་ཡིད་བཞིན་ནོར་བུ་སོགས། །ཞེས་པ་དང༌། ཕྱག་མཚན་རྣམས་ཀྱི་ཁ་དོག་བསྟན་པ་ཡིན་ནོ། །བདེ་ཆེན་འཁོར་ལོའི་ཀ་བ་བཅུ་དྲུག་ ནག་པོར་གསུངས་ཤིང༌། རྡོ་རྗེ་ཕྲེང་བ་ལ་ཕྱི་མ་ལྗང་ཁུ་ལ་སོགས་པ་གཙོ་བོའི་པད་མའི་ ཁ་དོག་གི་རྗེས་སུ་འབྲང་བར་གསུངས་པས། ནང་མའི་ཁ་དོག་ཀྱང་དོན་གྱི་བསྟན་པ་ ཡིན་ཏེ། སྔོ་ལྗང་དང༌། སེར་ནག་དང༌། དཀར་དམར་ཐབས་ཤེས་ཡིན་པས། གང་རུང་ ཅིག་དངོས་སུ་བསྟན་ན། གཅིག་ཤུགས་ལ་བསྟན་པའི་ཕྱིར་རོ། །ཇི་ལྟར་འཁོར་ལོ་སྡོམ་ པ་ཆེན་པོར་ལྟེ་བའང་མུ་ཁྱུད་དང༌། རྩིབས་རྣམས་ཐབས་ཤེས་སུ་གནས་པ་དང༌། རྩིབས་རྣམས་དང་རྩིབས་མཆན་རྣམས་ཐབས་ཤེས་སུ་གནས་པ་ལ་སོགས་པ་རྒྱ་ཆེར་ 7-1-50 གསུངས་པ་བཞིན་ནོ། །གཞན་ཡང༌། ཐུགས་ཀྱི་རྭ་བ་གསུམ་གྱི་རིམ་པ་དགེ་བའི་ལས་ལ་ ཡང་སྡུད་རིམ་དུ་འདོད་པ་རྣམས་ནི། རྗེ་བཙུན་དང་འགལ་ཚབ་ཅན་དུ་འགྱུར་སྣང་སྟེ། རྗེ་བཙུན་གྱི་ཞལ་སྔ་ནས་ནི། དགེ་པའི་ལས་ལ་ནང་ནས་བརྩམས་ཏེ། སྤྲོ་བའི་རིམ་པ་ དང༌། མི་དགེ་བའི་ལས་ལ་བསྡུ་བའི་རིམ་པར་གསུངས་པའི་ཕྱིར་རོ། །སྐུ་དང་གསུང་ལ་ སྤྲོ་བའི་རིམ་པར་བྱས་ནས་ཐུགས་ལ་སྡུད་པའི་རིམ་པར་བྱེད་པ་རྣམས་ཀྱང༌། བབ་ཅོལ་ ཏེ། དེ་ལྟར་འཁྲུག་ན་དགེ་བ་དང་མི་དགེ་བའི་ལས་གང་ཡང་མི་འགྲུབ་པའི་ཕྱིར་ཏེ། སྤྲོ་ བའི་རིམ་པར་བྱས་པས། མི་དགེ་བའི་ལས་འགྲུབ་པ་བཀག་ཅིང༌། སྡུད་པའི་རིམ་པར་ བྱས་པས་དགེ་བའི་ལས་འགྲུབ་པ་བཀག་པའི་ཕྱིར་རོ། །འདིར་ཐུགས་གསུང་སྐུ་ཞེས་པ་ སྤྲོ་བའི་རིམ་པ་དང༌། སྐུ་གསུང་ཐུགས་ཞེས་པ་བསྡུ་བའི་རིམ་པ་ཡིན་ཡང༌། མི་མཁས་ མཁས་རློམ་རྣམས་ཀྱིས། དེ་ལས་བཟློག་པ་ནི་ཕྱིན་ཅི་ལོག་ཆེན་པོ་ཡིན་ཏེ། རྩ་བའི་རྒྱུད་ ཀྱི་དབང་མདོར་བསྟན་པ་ལས། ལྟེ་གསང་ནོར་བུའི་ཆུ་སྐྱེས་ལ། །ལུས་ངག་སེམས་ནི་ འབབ་པ་དག །འབྱུང་བ་དང་ནི་འཇུག་པ་ནི། །སྡུད་དང་སྐྱེད་པའི་རང་བཞིན་ ཅན། །ཞེས་དང༌། ནོར་བུ་ཐུགས་དང་གསང་བར་གསུང༌། །ལྟེ་བར་སྐུ་སྟེ་བདེ་ཆེན་ ཕྱིར། །ཞེས་དང༌། ནང་ལེའི་ཚིགས་བཅད་བརྒྱ་དང་བདུན་པའི་འགྲེལ་པར་ཡང༌། འདིར་སེམས་ཅན་རྣམས་ཀྱི་ལུས་ལ་སྲོག་དང་ཐུར་སེལ་སྡུད་པའི་རིམ་པས་འབྱུང་བར་ འགྱུར་ཞིང༌། བསྐྱེད་པའི་རིམ་པས་རབ་ཏུ་འཇུག་པ་ཇི་ལྟ་བ་དེ་བཞིན་དུ། ཞེས་རྩ་རྒྱུད་ དྲངས་ནས་སྟེང་འོག་གི་རླུང་ཕྱིར་འགྲོ་བ་གང་ཡིན་པ་ཐམས་ཅད་སྡུད་རིམ་དང༌། ནང་ དུ་འཇུག་པ་གང་ཡིན་པ་ཐམས་ཅད་བསྐྱེད་རིམ་ཡིན་པར་གསུངས་པའི་ཕྱིར། ཐུགས་ གསུང་སྐུ་ཞེས་པ་བསྐྱེད་རིམ་དང༌། སྐུ་གསུང་ཐུགས་ཞེས་པ་སྡུད་རིམ་དུ་ཐག་ཆོད་པས། སྤྱིར་མཁས་པ་གསང་སྔགས་པ་དང༌། ཁྱད་པར་དུས་འཁོར་བར་ཁས་འཆེ་བ་རྣམས་ཀྱི་ སྐབས་དེ་དག་ཡང་དང་ཡང་དུ་གཟིགས་པར་ཞུ་ཞིང༌། གཏན་ལ་ཕེབ་བོ་གཟིགས་པར་ ཞུ། གལ་ཏེ་དཀར་པོ་དང་དམར་པོ་དང་ནག་པོའི་རྭ་བ་གསུམ་ཞེས་གསུངས་པས་དེ་ ནང་ལས་བརྩམས་པ་ལས་འོས་མེད་པའི་ཕྱིར་རྭ་བ་ནང་ན་དཀར་པོ་དང༌། ཕྱི་མ་ནག་ 7-1-51 པོར་གྲུབ་བོ་ཞེ་ན། དེ་ཙམ་གྱིས་དེར་འགྱུར་ན། དེ་ལྟ་ན་ནི། འོ་ན་ཡེ་ཤེས་ལེའུ་ཚིགས་ བཅད་གཉིས་པར། རྭ་བ་ལྔའི་རེ་ཁཱ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའ་ལས་ སྐྱེས་རྣམས་ཀྱིས་སོ། །ཞེས་གསུངས་པ་འདི་ཡང་ནང་ནས་བརྩམས་པ་ཡིན་ནམ་ཅི། དེ་ བཞིན་དུ། དབང་ལེའུ་ཚིགས་བཅད་དོན་གཉིས་པའི་འགྲེལ་པར། ཐབ་ཀྱི་ཕྱི་རོལ་ཏུ་ཁྲུ་ གཉིས་དོར་ནས། ཕྱི་རོལ་ཏུ་དཀར་པོ་དང༌། དམར་པོ་དང༌། ནག་པོའི་རྡུལ་ཚོན་གྱིས་རྭ་ བ་གསུམ་བྱ། ཞེས་པ་འདི་ཡང་ནང་ནས་བརྩམས་པ་ཡིན་ནམ་ཅི། དེ་ཡིན་ན་ཡང་དགེ་ བའི་ལས་དྲུག་ལ་ཡང༌། སྡུད་རིམ་དུ་བྱེད་པར་ཧ་ཅང་ཐལ་བས་གནོད་དེ། མགོ་བོར་ ཐོག་ལྷུང་བ་བཞིན་ནོ། ། གཞན་ཡང་མཆོད་པའི་ས་གཞི་སེར་འབྱམ་དང༌། ནག་འབྱམ་དང༌། སྔོ་ལྗང་ལ་སོགས་ པ་ཁ་དོག་ཕྱོགས་གཅིག་པར་འདོད་པ་རྣམས་ལ་ཡང་ཤེས་བྱེད་རྣམ་དག་ནི་འགའ་ ཙམ་ཡང་མེད་ཅིང་གནོད་བྱེད་ཆེན་པོ་ནི་ཤིན་ཏུ་མང་བར་འདུག་གོ། གལ་ཏེ་དབང་ ལེའུ་ཚིགས་བཅད་ལྔ་བཅུ་པའི་འགྲེལ་པར། སྐུའི་དཀྱིལ་འཁོར་གྱི་མཐར་སའི་དཀྱིལ་ འཁོར་གྱི་གཞི་ལ་པད་མ་བུམ་སོགས་མཛེས་པ་བྱའོ། །ཞེས་པ་ནི་ངེས་པའོ། །ཞེས་ གསུངས་པ་འདིས་མཆོད་པའི་ས་གཞི་སའི་འཁོར་ཡུག་ཡིན་པས། སེར་འབྱམ་དུ་གྲུབ་ བོ་ཞེ་ན། དེ་ལྟ་ན་ནི་འོ་ན་འདི་གོང་གི་ཚིགས་བཅད་ཞེ་དགུ་པའི་འགྲེལ་པར། སའི་ འཁོར་ཡུག་དང་ཀྲ་མ་ཤཱིར་ཥ་དག་གི་བར་དུ་མཆོད་པའི་རྫས་རྣམས་ཇི་ལྟར་མཛེས་ པར་བྱའོ། །ཞེས་གསུངས་པ་འདི་དང་མི་འགལ་ལམ། བཅོམ་ལྡན་འདས་ཡང་ནང་ འགལ་གསུངས་པ་པོ་ཡིན་ནམ་ཅི། གལ་ཏེ་ཡིན་ན་དེའི་ལུང་ཡིད་ཆེས་པའི་དཔང་པོར། རུང་ངམ་ཅི། རུང་ན་ནང་འགལ་སྨྲ་བ་པོ་གཞན་གྱིས་ཚིག་ཀྱང་ཡིད་ཆེས་པའི་དཔང་ པོར་རུང་ངམ་ཅི། གལ་ཏེ་ཡིད་ཆེས་པའི་ལུང་མི་སྲིད་དོ་ཞེ་ན། གསུང་རབ་རྣམས་སུ་ གཞལ་བྱ་གནས་གསུམ་འཇལ་བའི་ཚད་མ་གསུམ་གསུངས་པ་དེ་རྣམས་གང་ལགས། མངོན་སུམ་ཚད་མ་དང༌། རྗེས་དཔག་ཚད་མའོ་ཞེ་ན། དེ་དག་གིས་མངོན་གྱུར་དང༌། ལྐོག་གྱུར་རྟོགས་མོད། ཤིན་ཏུ་ལྐོག་གྱུར་ནི་མི་རྟོགས་པས། དེ་འཇལ་བའི་ཚད་མ་གང་ 7-1-52 ཡིན། གནས་གསུམ་པར་ནི་འཕོ་བ་ན། །བསྟན་ཆོས་ལེན་པའི་རིགས་ལྡན་ཡིན། །ཞེ་ན། བསྟན་བཅོས་སམ་ལུང་དེ་ལ་ནང་འགལ་ལ་སོགས་པའི་སྐྱོན་མེད་པ་ཅིག་དགོས་སམ། སྐྱོན་ཡོད་ཀྱང་རུང་ཞེས་བློ་རྣམ་དག་གིས་བརྟག་དཔྱད་ཞིབ་ཏུ་མཛོད་ལ་བསྟན་པ་ འཁྲུག་པར་མ་བྱེད་ཅིག །དཀྲུག་ཏུ་འཕངས་པ་ཡིན་ནོ། །རྣམ་དག་རིགས་པའི་སྒྲོན་མེ་ དང་བྲལ་བས། །ལུང་དོན་དངོས་པོ་སྣ་ཚོགས་ཚོལ་བ་ལ། །འོལ་ཚོད་ཙམ་གྱིས་ལག་ནོམ་ བྱེད་པ་རྣམས། །ལོང་བའི་རྣམ་ཐར་སྐྱོང་བ་མ་ལགས་སམ། ། གཞན་ཡང༌། མཆོད་པའི་ས་གཞི་སེར་འབྱམ་དང༌། ནག་འབྱམ་དུ་བྱེད་པའི་ཤེས་བྱེད་ རྣམ་དག་གང་ཡིན། གལ་ཏེ་དེ་དག་གི་དཔངས་ཚད་ནས་རེ་རེར་བཤད་པའི་ཕྱིར་རོ་ཞེ་ ན། དེ་དཔངས་ཚད་ཀྱིས་ངེས་པ་སྟོན་པའི་སྐབས་ཡིན་ནམ། ཁ་དོག་གི་ངེས་པ་སྟོན་ པའི་སྐབས་ཡིན་ནམ། རྒྱུའི་ངེས་པ་སྟོན་པའི་སྐབས་ལ་སོགས་པ་སྐབས་མང་པོ་ཡོད་པ་ ལས་དེ་གང་གི་སྐབས་ཡིན་མིན་ལེགས་པར་ཞིབ་ཏུ་དགོངས་པར་ཞུ། ཇི་ལྟར་དགེ་བའི་ བཤེས་གཉེན་དག་ལ་ཡང༌། ཆོས་འཆད་པའི་སྐབས་དང༌། ནང་དུ་ཡང་དག་འཇོག་གི་ སྐབས་དང༌། ཞལ་ཟས་གསོལ་བའི་སྐབས་དང༌། ཕྱག་མཆོད་བསྐོར་བ་ལ་སོགས་པའི་ སྐབས་དང༌། ། རྩ་ཆུ་འདོར་བ་ལ་སོགས་པའི་སྐབས་མང་པོ་ཡོད་པ་བཞིན་ནོ། ། དེ་བཞིན་དུ། འདིར་ཡང་ཚོན་གྱི་རྒྱུ་སྟོན་པའི་སྐབས་ནི་དབང་ལེའུ་ཚིགས་བཅད་ཞེ་ གཉིས་པར། རྡོ་རྗེ་སོགས་དང༌། རིན་ཆེན་ལྔ་དང༌། ཞེས་སོགས་འགྲེལ་པ་དང་བཅས་ པས་བསྟན་པ་སྟེ། ཁ་དོག་གི་ངེས་པ་ནི། ཞེ་གསུམ་པར། ཤར་དུ་དཔལ་ལྡན་ཞེས་པ་ལ་ སོགས་པ་འགྲེལ་པ་དང་བཅས་པ་བསྟན་ཅིང༌། དཔངས་ཚད་ཀྱི་ངེས་པ་ནི། ལྔ་བཅུ་རྩ་ གཅིག་པར། ནག་པོ་ལ་སོགས་རྐང་པ་ཞེས་པ་ལ་སོགས་པ་འགྲེལ་པ་དང་བཅས་པས་ བསྟན་པའི་མཐར་རྡོ་རྗེ་ཕྲེང་བའི་དང་པོ་དང་ཐ་མར་ཟླུམ་སྐོར་བཀོད་ནས། དེའི་ཕྱི་ རོལ་ཏུ་འོད་ཟེར་ལྔའི་རང་བཞིན་འབར་བ་བལྟ་བར་བྱ་སྟེ། དེས་དཀྱིལ་འཁོར་གྲུབ་བོ་ ཞེས་པ་ཡན་ཆད་ཀྱིས་ཁ་དོག་གི་ངེས་པ་དང༌། དཔངས་ཀྱི་ངེས་པ་ལ་སོགས་པ་རྫོགས་ ནས་དེ་མ་ཐག་ཏུ་མཆོད་པའི་རྫས་རྣམས་ཇི་ལྟར་མཛེས་པར་བྱའོ། །ཞེས་གསུངས་པའི་ 7-1-53 ཕྱིར། ངེས་པ་ཅན་གྱི་སྐབས་དང་ངེས་པ་མེད་པའི་སྐབས་ཀྱི་ཁྱད་པར་ཡང་རིག་པར་ བྱའོ། །མཆོད་པའི་ས་ལ་ནས་གཅིག་ཏུ་བཤད་པ་ནི་དཔངས་ཚད་གྱི་ངེས་པ་སྟོན་པའི་ སྐབས་ཡིན་གྱི་ཁ་དོག་གི་ངེས་པ་སྟོན་པའི་སྐབས་ཀྱང་མ་ཡིན་ལ་རྒྱུའི་ངེས་པ་སྟོན་པའི་ སྐབས་ཀྱང་མ་ཡིན་ནོ། ། དེའི་ཕྱིར་དུས་འཁོར་བར་ཁས་འཆེ་བ་རྣམས་ཀྱི་སྐབས་སོ་སོ་ དེ་དག་མ་འཆོལ་བར་སྐབས་ཇི་ལྟ་བ་བཞིན་དུ་འཆད་པ་ཤིན་ཏུ་གལ་ཆེ་བ་ཡིན་ ནོ། །གལ་ཏེ་སྐབས་ངོས་མ་ཟིན་ཅིང་སྐབས་འཆོལ་བ་ལ་བརྟེན་ནས་ལོག་པར་བཤད་ན། བསྟན་པ་གསལ་བར་བྱས་པ་མ་ཡིན་གྱི་བསྟན་པ་ཉམས་པར་བྱས་པ་ཡིན་ནོ། ། གཞན་ཡང༌། མཆོད་པའི་ས་གཞི་སེར་འབྱམ་དང༌། ནག་འབྱམ་དང༌། སྔོ་ལྗང་ལ་སོགས་ པ་ཁ་དོག་ཕྱོགས་གཅིག་པར་འདོད་པ་རྣམས་ལ་འདི་སྐད་དྲི་བར་བྱའོ། །མཆོད་པའི་ རྫས་རྣམས་གནས་པའི་ས་གཞི་དང༌། རྟ་བབས་རྣམས་གནས་པའི་ས་གཞིའི་ཁ་དོག་ གཅིག་གམ་མི་གཅིག །མི་གཅིག་ན་རྒྱུ་མཚན་བསྟན་དགོས་སོ། །གཅིག་ན་ཐུགས་དཀྱིལ་ ཙམ་བཞེངས་པའི་ཚེ་ཡང་མཆོད་རྫས་དང་རྟ་བབས་ཀྱི་འོག་གཞི་ཁ་དོག་གཅིག་དགོས་ པས་དེའི་ཚེ་ཡང་དེ་དག་སེར་འབྱམ་དང༌། ནག་འབྱམ་དང༌། སྔོ་ལྗང་ལ་སོགས་ཁ་དོག་ ཕྱོགས་གཅིག་པར་བྱེད་དམ་ཅི། གལ་ཏེ་བྱེད་ནས་གསུང་གི་རྟ་བབས་འོག་གཞི་ཡང༌། སེར་འབྱམ་དང༌། ནག་འབྱམ་དང༌། སྔོ་ལྗང་ལ་སོགས་ཁ་དོག་ཕྱོགས་གཅིག་པར་ཧ་ ཅང་ཐལ་བས་གནོད་པར་འགྱུར་རོ། ། དོན་ལ་གནས་པ་ནི་འདི་ཡིན་ཏེ། བྲི་བྱ་ལ་རྟ་བབས་ཀྱི་འོག་ན་གང་ཡོད་དེའི་གཞི་ ཕྱོགས་མདོག་ལ་སྣམ་བུ་གཞན་གྱི་སྟེང་ནས་མ་སྒྲིབ་ན། འོག་གཞི་ཕྱོགས་མདོག་གང་ ཡིན་དེ་ཉིད་སྣང་བར་འགྱུར་ཏེ། སྒྲིབ་ན་ནི་སྒྲིབ་བྱེད་དེ་ཉིད་ཀྱི་ཁ་དོག་སྣང་བར་ འགྱུར་རོ། ། སྒྲིབ་བྱེད་གང་ཡིན་ཞེ་ན། གསུང་དང་སྐུའི་རྟ་བབས་དཀར་པོ་ནི། འོག་གཞི་ ཕྱོགས་མདོག་གི་སྟེང་ནས་སྒྲིབ་པ་སྟེ། ཐུགས་དང་གསུང་གི་རྟ་བབས་ཀྱི་བར་སྟོང་གང་ ཡོད་ནས་སྣང་བའོ། །སྐུའི་རྟ་བབས་ཀྱི་སུམ་གཉིས་ཀྱི་འོག་གཞི་ནི། གཞི་ཕྱོགས་མདོག་ ཚོན་གྱིས་ཡིན་ཞིང༌། སུམ་ཆ་རྩེ་མོའི་ཕྱོགས་ཀྱི་འོག་གཞི་ནི་སའི་འཁོར་ཡུག་དང༌། ཆུའི་ 7-1-54 འཁོར་ཡུག་གི་ཕྱེད་ནང་མ་ཡིན་པའི་ཕྱིར། རྟ་བབས་ཀྱི་སྟོད་ཀྱི་ཆས་གང་བཀག་པ་དེའི་ བར་བར་ནས་འོག་གཞིའི་མདོག་གང་ཡིན་དེའི་སྣང་བ་ཡིན་ནོ། །དེ་ན་བྲི་བྱ་ལ་རྟ་ བབས་འོག་གཞི་ལ་བསྒྱེལ་བའི་དབང་དུ་བྱས་ནས། བར་བར་གྱི་ཁ་དོག་གང་དུ་ཐོབ་ ཅེས་དྲིས་པའི་ལན་དུ། རྟ་བབས་གྱེན་དུ་སླང་བའི་དབང་དུ་བྱས་ནས་ནམ་མཁའི་ཁ་ དོག་ཏུ་ཐོབ་ཅེས་ཟེར་བ་ཡང་མ་འབྲེལ་བ་ཡིན་ཏེ། དེས་དེའི་ལན་གྱི་གོ་ཆོད་དམ། མི་ ཆོད་ཐུགས་བསམ་ཞིབ་ཏུ་ཐོང་ཞིང༌། ཤིན་ཏུ་རྣམ་པར་དག་པའི་ལུང་རིགས་མན་ངག་ རྣམས་ལ། ལེགས་པར་སྦྱངས་པ་མཐར་ཕྱིན་པའི་རྟོན་པ་བཞི་ལྡན་དག་ལ་དྲི་ས་གདའ་ ནའང་དྲིས་ལ། བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་ཆེན་པོ་མཛད་པར་ཞུ་ཞིབ་པོར་ན། སྐུ་གསུང་ཐུགས་ཀྱི་སྣམ་བུ་རྣམས་ཀྱི་འོག་གཞི་དང༌། བདེ་ཆེན་འཁོར་ལོའི་འོག་གཞི་ཁ་ དོག་གཅིག་གམ། མི་གཅིག་མི་གཅིག་ན་རྒྱུ་མཚན་གསུང་དགོས་སོ། །གཅིག་ན་དེ་ཡང༌། སེར་འབྱམ་དང༌། ནག་འབྱམ་དང༌། སྔོ་འབྱམ་ལ་སོགས་པ་ཁ་དོག་གཅིག་པ་ཉིད་དུ་ གྲུབ་བོ། །དེ་ལྟ་ན་འོག་གཞི་ཕྱོགས་མདོག་མི་སྲིད་པར་འགྱུར་ཞིང་དེ་འདོད་ན། རྡོ་རྗེ་ ཅན་གྱི་ཞལ་གྱི་དབྱེ་བས་ཞེས་སོགས་དང༌། དེ་བཞིན་གཤེགས་པའི་ཁ་དོག་གི་དབྱེ་བས་ ཐམས་ཅད་དུ་རྡུལ་ཚོན་གྱི་སའོ། །ཞེས་དྲངས་པའི་ལུང་གསལ་པོ་མང་པོ་དེ་རྣམས་གང་ ལ་ཇི་ལྟར་བཤད་པར་བགྱི། ཆོས་ཀྱི་འཁོར་ལོ་བུམ་པ་ཆེ། །རྔ་བོ་ཆེ་དང་བྱང་ཆུབ་ ཤིང༌། །དེ་བཞིན་ཡིད་བཞིན་ནོར་བུ་སོགས། ། ཞེས་པ་བརྒྱད་པོ་དེ་དང་ཕྱག་མཚན་ དགོད་པའི་སྐབས་སུ་ཕྱག་མཚན་རྣམས་ཕྱོགས་མདོག་ཡིན་པ་ལ་དགོངས་སོ་ཞེ་ན། དེ་ རྣམས་ཕྱོགས་མདོག་ཡིན་ཡང་འོག་གཞི་མ་ཡིན་པས་རྡུལ་ཚོན་གྱི་ས་མ་ཡིན་ནོ། །དེས་ ན་འོག་གཞི་རྡུལ་ཚོན་གྱི་སའི་ཁ་དོག་དྲིས་པའི་ལན་དུ། དེ་རྣམས་རིགས་སམ་མི་རིགས་ ལེགས་པར་དགོངས་པར་ཞུ། བདག་ནི་ཚེ་རབས་ཐམས་ཅད་དུ། ། བསྟན་པ་གསལ་བར་བྱེད་གྱུར་ཅིག ། བསྟན་པ་གསལ་བར་མ་ནུས་ནའང༌། ། 7-1-55 བསྟན་པ་འཁྲུག་པར་མ་གྱུར་ཅིག ། ཞེས་པ་བདེན་པ་གཉིས་ཀྱིས་བསྡུས་པའི་དཀྱིལ་འཁོར་གྱི་དབྱེ་བ་ངེས་པ་ལས། ཚོན་ གྱིས་གཏན་ལ་དབབ་པ་འདི་ཡང༌། རྟོན་པ་བཞི་ལྡན་གྱིས་སྦྱར་བའོ།། །། མངྒ་ལཾ། བྷ་ཝནྟུ། བཀྲ་ཤིས་པར་གྱུར་ཅིག། །། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 7-1-56 ༄༅། །མངལ་དུ་ཡི་གེ་འཕེལ་ཚུལ་བཞུགས། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། བཅོམ་ལྡན་འདས་ཀྱིས་ནང་གི་ལེའུར། ཚིགས་བཅད་བརྒྱ་ རྩ་གསུམ་པས། མངལ་དུ་ཟླ་བ་བཅུ་གསུམ་ལ། ཡི་གེ་སྟོང་ཉི་ཤུ་འཕེལ་བར་གསུངས་པ་ ནི། མངལ་བཟུང་བའི་ཟླ་བ་དང་པོའི་དཀར་པོའི་ཚེས་གཅིག་ལ་ང་དང་གྷ། གཉིས་པ་ ལ་ག་དང་ཁ། གསུམ་པ་ལ་ཀ་དང་ཉ། བཞི་པ་ལ་ཛྷ་ཛ། ལྔ་པ་ལ་ཚ་ཙ། དྲུག་པ་ལ་ཎ་ཌྷ། བདུན་པ་ལ་ཌ་ཋ། བརྒྱད་པ་ལ་ཊ་མ། དགུ་པ་ལ་བྷ་བ། བཅུ་པ་ལ་ཕ་པ། བཅུ་གཅིག་པ་ ལ་ན་དྷ། བཅུ་གཉིས་པ་ལ་ད་ཐ། བཅུ་གསུམ་པ་ལ་ཏ་ྈྐ། བཅུ་བཞི་པ་ལ་ཤ་ཥ། བཅོ་ལྔ་ པ་ལ་ྉྤ་ས་སྟེ། ཨ་ཡིག་ཐུང་ངུས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་ རིམ་པས་ཁུ་བའི་ཁམས་རྡུལ་ལ་འཇུག་གོ །དེའི་ནག་པོའི་ཚེས་གཅིག་ལ་སཱའ་ྉྤཱ། གཉིས་ པ་ལ་ཥཱ་ཤཱ། གསུམ་པ་ལ་ྈྐཱ་ཏཱ། བཞི་པ་ལ་ཐཱ་དཱ། ལྔ་པ་ལ་དྷཱ་ནཱ། དྲུག་པ་ལ་པཱ་ཕཱ། བདུན་ པ་ལ་བཱ་བྷཱ། བརྒྱད་པ་ལ་མཱ་ཊཱ། དགུ་པ་ལ་ཋཱ་ཌཱ། བཅུ་པ་ལ་ཌྷཱ་ཎཱ། བཅུ་གཅིག་པ་ལ་ཙཱ་ ཚཱ། བཅུ་གཉིས་པ་ལ་ཛཱ་ཛྷཱ། བཅུ་གསུམ་པ་ལ་ཉཱ་ཀཱ། བཅུ་བཞི་པ་ལ་ཁཱ་གཱ། བཅོ་ལྔ་པ་ལ་ གཱ་ངཱ་སྟེ། ཨཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་བའི་རིམ་ པས་རྡུལ་གྱི་ཁམས་ཁུ་བ་ལ་འཇུག་སྟེ། དེ་ལྟར་གསལ་བྱེད་ཀྱི་ཕྱོགས་གཉིས་པོ་འདི་ནི། འཆི་བའི་ཚེ་གསང་གནས་ཀྱི་རྩ་འདོར་བ་ལ་གསལ་བར་འགྱུར་ཞིང༌། རྩ་མེད་པའི་ཟླ་ བ་གཅིག་སྟེ། འདི་ནི་ཉའི་རྣམ་པའི་ཟླ་བ་གཉིས་ལས་དང་པོའོ། །དེ་ལྟར་གསལ་བྱེད་ཀྱི་ ཆོས་ཅན། མངལ་གྱི་ཟླ་བའི་རྗེས་ལ། ཕུང་པོ་ལྔ་ལ་སོགས་པ་བསྐྱེད་པའི་ཟླ་བ་དང་པོ་ལ། ཁུ་བའི་ནམ་མཁའི་ཁམས་རྡུལ་ལ་འཇུག་པ་ནི། དཀར་པོའི་ཚེས་གཅིག་ལ་ང་དང་གྷ། ཞེས་པ་ལ་སོགས་པ། སྔར་བསྟན་པ་དང་མཚུངས་པ་ལ་སུམ་ཅུ་སྤྲོ་བའི་རིམ་པས་སོ། །དེ་ ཉིད་ཀྱི་ནག་པོ་ཕྱོགས་ལ། རྡུལ་གྱི་ས་ཁམས་ཁུ་བ་ལ་འཇུག་པ་ནི། ཚེས་གཅིག་ལ་སླཱྀ་ྉྤླཱྀ། གཉིས་ལ་ཥླཱྀ་ཤླཱྀ། གསུམ་པ་ལ་ྈྐླཱྀ་ཏླཱྀ། བཞི་པ་ལ་ཐླཱྀ་དླཱྀ། ལྔ་པ་ལ་དྷླཱྀ་ནླཱྀ། དྲུག་པ་ལ་པླཱྀ་ཕླཱྀ། བདུན་པ་ལ་པླཱྀ་བྷླཱྀ། བརྒྱད་པ་ལ་མླཱྀ་ཊླཱྀ། དགུ་པ་ལ་ཋླཱྀ་ཌླཱྀ། བཅུ་པ་ལ་ཌྷླཱྀ་ཎླཱྀ། བཅུ་གཅིག་པ་ 7-1-57 ལ་ཙླཱྀ་ཚླཱྀ། བཅུ་གཉིས་པ་ལ་ཛླཱྀ་ཛྷླཱྀ། བཅུ་གསུམ་པ་ལ་ཉླཱྀ་ཀླཱྀ། བཅུ་བཞི་པ་ལ་ཁླཱྀ་གླཱྀ། བཅོ་ལྔ་ པ་ལ་གྷླཱྀ་ངླཱྀ་སྟེ། ལཱྀ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་བའི་ རིམ་པས་སོ། །དེ་ནས་ཟླ་བ་གཉིས་པའི་དཀར་ཕྱོགས་ལ་ཁུ་བའི་རླུང་ཁམས་རྡུལ་ལ་ འཇུག་པ་ནི། ཚེས་གཅིག་ལ་ངྀ་གྷྀ། གཉིས་པ་ལ་གྱི་ཁི། གསུམ་པ་ལ་ཀི་ཉི། བཞི་པ་ལ་ཛྷི་ ཛི། ལྔ་པ་ལ་ཚི་ཙི། དྲུག་པ་ལ་ཎི་ཌྷི། བདུན་པ་ལ་ཌི་ཋི། བརྒྱད་པ་ལ་ཊི་མི། དགུ་པ་ལ་བྷི་ བི། བཅུ་པ་ལ་ཕི་པི། བཅུ་གཅིག་པ་ལ་ནི་དྷི། བཅུ་གཉིས་པ་ལ་དི་ཐི། བཅུ་གསུམ་པ་ལ་ ཏི་ྈྐི། བཅུ་བཞི་པ་ལ་ཤི་ཥི། བཅོ་ལྔ་པ་ལ་ྉྤི་སི་སྟེ། ཨི་ཡིག་ཐུང་ངུས་བྱིན་གྱིས་བརླབས་ པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་རིམ་པས་སོ། །དེའི་ནག་ཕྱོགས་ལ་རྡུལ་གྱི་ཆུ་ཁམས་ཁུ་ བ་ལ་འཇུག་པ་ནི། ཚེས་གཅིག་ལ་སཱུ་ྉྤཱུ། གཉིས་པ་ལ་ཥཱུ་ཤཱུ། གསུམ་པ་ལ་ྈྐཱུ་ཏཱུ། བཞི་པ་ ལ་ཐཱུ་དཱུ། ལྔ་པ་ལ་དྷཱུ་ནཱུ། དྲུག་པ་ལ་པཱུ་ཕཱུ། བདུན་པ་ལ་བཱུ་བྷཱུ། བརྒྱད་པ་ལ་མཱུ་ཊཱུ། དགུ་པ་ ལ་ཋཱུ་ཊཱུ། བཅུ་པ་ལ་ཌྷཱུ་ཎཱུ། བཅུ་གཅིག་པ་ལ་ཙཱུ་ཚཱུ། བཅུ་གཉིས་པ་ལ་ཛཱུ་ཛྷཱུ། བཅུ་གསུམ་ པ་ལ་ཉཱུ་ཀཱུ། བཅུ་བཞི་པ་ལ་ཁཱུ་གཱུ། བཅོ་ལྔ་པ་ལ་གྷཱུ་ངཱུ་སྟེ། ཨཱུ་ཡིག་རིང་པོས་བྱིན་གྱིས་ བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་བའི་རིམ་པས་སོ། །དེ་ནས་ཟླ་བ་གསུམ་པའི་ དཀར་ཕྱོགས་ལ་ཁུ་བའི་མེ་ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི། ཚེས་གཅིག་ལ་ངྼྀ་གྷྼྀ། གཉིས་པ་ལ་གྼྀ་ཁྼྀ། གསུམ་པ་ལ་ཀྼྀ་ཉྼྀ། བཞི་པ་ལ་ཛྷྼྀ་ཛྼྀ། ལྔ་པ་ལ་ཚྼྀ་ཙྼྀ། དྲུག་པ་ལ་ཎྼྀ་ཌྷྼྀ། བདུན་པ་ལ་ཌྼྀ་ཋྼྀ། བརྒྱད་པ་ལ་ཊྼྀ་མྼྀ། དགུ་པ་ལ་བྷྼྀ་བྼྀ། བཅུ་པ་ལ་ཕྼྀ་པྼྀ། བཅུ་གཅིག་པ་ ལ་ནྼྀ་ཌྷྼྀ། བཅུ་གཉིས་པ་ལ་དྼྀ་ཐྼྀ། བཅུ་གསུམ་པ་ལ་ཏྼྀ་ྈྐྼྀ། བཅུ་བཞི་པ་ལ་ཤྼྀ་ཥྼྀ། བཅོ་ལྔ་ པ་ལ་ྉྤྼྀ་སྼྀ་སྟེ། རྀ་ཡིག་ཐུང་ངུས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་ རིམ་པས་སོ། །དེའི་ནག་ཕྱོགས་ལ་རྡུལ་གྱི་མེ་ཁམས་ཁུ་བ་ལ་འཇུག་པ་ནི། ཚེས་གཅིག་ལ་ སྼཱྀ་ྉྤྼཱྀ། གཉིས་པ་ལ་ཥྼྀ་ཤྼཱྀ། གསུམ་པ་ལ་ྈྐྼཱྀ་ཏྼཱྀ། བཞི་པ་ལ་ཐྼཱྀ་དྼཱྀ། ལྔ་པ་ལ་དྷྼཱི་ནྼཱྀ། དྲུག་པ་ ལ་པྼཱྀ་ཕྼཱྀ། བདུན་པ་ལ་བྼཱྀ་བྷྼཱྀ། བརྒྱད་པ་ལ་མྼཱྀ་ཏྼཱྀ། དགུ་པ་ལ་ཋྼཱྀ་ཌྼཱྀ། བཅུ་པ་ལ་ཌྷྼཱྀ་ཎྼཱྀ། བཅུ་ གཅིག་པ་ལ་ཙྼཱྀ་ཚྼཱྀ། བཅུ་གཉིས་པ་ལ་ཛྼཱྀ་ཛྷྼཱྀ། བཅུ་གསུམ་པ་ལ་ཉྼཱྀ་ཀྼཱྀ། བཅུ་བཞི་པ་ལ་ཁྼཱྀ་ གྼཱྀ། བཅོ་ལྔ་པ་ལ་གྷྼཱྀ་ངྼཱྀ་སྟེ། རཱྀ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་ 7-1-58 བསྡུ་བའི་རིམ་པས་སོ། །ཟླ་བ་བཞི་པའི་དཀར་ཕྱོགས་ལ་ཁུ་བའི་ཆུ་ཁམས་རྡུལ་ལ་ འཇུག་པ་ནི། ཚེས་གཅིག་ལ་ངུ་གྷུ། གཉིས་པ་ལ་གུ་ཁུ། གསུམ་པ་ལ་ཀུ་ཉུ། བཞི་པ་ལ་ཛྷུ་ ཛུ། ལྔ་པ་ལ་ཚུ་ཙུ། དྲུག་པ་ལ་ཎུ་ཌྷུ། བདུན་པ་ལ་ཌུ་ཋུ། བརྒྱད་པ་ལ་ཊུ་མུ། དགུ་པ་ལ་བྷུ་ བུ། བཅུ་པ་ལ་ཕུ་པུ། བཅུ་གཅིག་པ་ལ་ནུ་དྷུ། བཅུ་གཉིས་པ་ལ་དུ་ཐུ། བཅུ་གསུམ་པ་ལ་ ཐུ་ྈྐུ། བཅུ་བཞི་པ་ལ་ཤུ་ཥུ། བཅོ་ལྔ་པ་ལ་ྉྤུ་སུ་སྟེ། ཨུ་ཡིག་ཐུང་ངུས་བྱིན་གྱིས་བརླབས་ པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་རིམ་པས་སོ། །དེའི་ནག་ཕྱོགས་ལ་རྡུལ་གྱི་རླུང་ཁམས་ ཁུ་བ་ལ་འཇུག་པ་ནི། ཚེས་གཅིག་ལ་སཱི་ྉྤཱི། གཉིས་པ་ལ་ཥཱི་ཤཱི། གསུམ་པ་ལ་ྈྐཱི་ཏཱི། བཞི་ པ་ལ་ཐཱི་དཱི། ལྔ་པ་ལ་དྷཱི་ནཱི། དྲུག་པ་ལ་པཱི་ཕཱི། བདུན་པ་ལ་བཱི་བྷཱི། བརྒྱད་པ་ལ་མཱི་ཊཱི། དགུ་ པ་ལ་ཋཱི་ཌཱི། བཅུ་པ་ལ་ཌྷཱི་ཎཱི། བཅུ་གཅིག་པ་ལ་ཙཱི་ཚཱི། བཅུ་གཉིས་པ་ལ་ཛཱི་ཛྷཱི། བཅུ་ གསུམ་པ་ལ་ཉཱི་ཀཱི། བཅུ་བཞི་པ་ལ་ཁཱི་གཱི། བཅོ་ལྔ་པ་ལ་གྷཱི་ངཱི་སྟེ། ཨཱི་ཡིག་རིང་པོས་བྱིན་ གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་བའི་རིམ་པས་སོ། །ཟླ་བ་ལྔ་པའི་དཀར་ ཕྱོགས་ལ་ཁུ་བའི་ས་ཁམས་རྡུལ་ལ་འཇུག་པ་ནི། ཚེས་གཅིག་ལ་ངླྀ་གྷླྀ། གཉིས་པ་ལ་གླྀ་ཁླྀ། གསུམ་པ་ལ་ཀླྀ་ཉླྀ། བཞི་པ་ལ་ཛྷླཱྀ་ཛླཱྀ། ལྔ་པ་ལ་ཚླྀ་ཙླྀ། དྲུག་པ་ལ་ཎླྀ་ཌྷླྀ། བདུན་པ་ལ་ཌླྀ་ཋླྀ། བརྒྱད་པ་ལ་ཊླྀ་མླྀ། དགུ་པ་ལ་བྷླྀ་བླྀ། བཅུ་པ་ལ་ཕླྀ་པླྀ། བཅུ་གཅིག་པ་ལ་ནླྀ་དླྀ། བཅུ་ གཉིས་པ་ལ་དླྀ་ཐླྀ། བཅུ་གསུམ་པ་ལ་ཏླྀ་ྈྐླྀ། བཅུ་བཞི་པ་ལ་ཤླྀ་ཥླྀ། བཅོ་ལྔ་པ་ལ་ྉྤླྀ་སླྀ་སྟེ། ལྀ་ཡིག་ཐུང་ངུས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་རིམ་པས་ སོ། །དེའི་ནག་ཕྱོགས་ལ་རྡུལ་གྱི་ནམ་མཁའི་ཁམས་ཁུ་བ་ལ་འཇུག་པ་ནི། ཚེས་གཅིག་ལ་ སཱ་ྉྤཱ། གཉིས་པ་ལ་ཥཱ་ཤཱ། གསུམ་པ་ལ་ྈྐཱ་ཏཱ། བཞི་པ་ལ་ཐཱ་དཱ། ལྔ་པ་ལ་དྷཱ་ནཱ། དྲུག་པ་ལ་ པཱ་ཕཱ། བདུན་པ་ལ་བཱ་བྷཱ། བརྒྱད་པ་ལ་མཱ་ཊཱ། དགུ་པ་ལ་ཋཱ་ཌཱ། བཅུ་པ་ལ་ཌྷཱ་ཎཱ། བཅུ་ གཅིག་པ་ལ་ཙཱ་ཚཱ། བཅུ་གཉིས་པ་ལ་ཛཱ་ཛྷཱ། བཅུ་གསུམ་པ་ལ་ཉཱ་ཀཱ། བཅུ་བཞི་པ་ལ་ཁཱ་ གཱ། བཅོ་ལྔ་པ་ལ་གྷཱ་ངཱ་སྟེ། ཨཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་ བསྡུ་བའི་རིམ་པས་སོ། །དེ་ལྟར་ཟླ་བ་ལྔའི་དཀར་ཕྱོགས་ལྔ་ལ་ཨ་ཨི་རྀ་ཨུ་ལྀ་དང༌། ནག་ ཕྱོགས་ལྔ་ལ་ལཱྀ་ཨཱུ་རཱྀ་ཨཱི་ཨཱ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གསལ་བྱེད་རྣམས་སྤྲོ་བ་ 7-1-59 དང་བསྡུ་བའི་དབྱེ་བས། ཞག་རེ་ལ་ཡི་གེ་གཉིས་གཉིས་ཏེ་ཕུང་པོ་ལྔ་དང་ཁམས་ལྔ་ ཕན་ཚུན་ཡང་དག་པར་སྦྱོར་བའོ། །དེ་ནས་དབང་པོ་དང་ལས་ཀྱི་དབང་པོ་བྱིན་གྱིས་ བརླབས་པའི་ཆེད་དུ། ཟླ་བ་དྲུག་པའི་དཀར་པོའི་ཚེས་གཅིག་གི་ཐུན་མཚམས་བཞི་ལ་ ང་གྷ་ག་ཁ། གཉིས་ལ་ཀ་ཉ་ཛྙ་ཛ། གསུམ་ལ་ཚ་ཙ་ཎ་ཌྷ། བཞི་ལ་ཌ་ཋ་ཊ་མ། ལྔ་ལ་བྷ་བ་ ཕ་པ། དྲུག་ལ་ན་དྷ་ད་ཐ། བདུན་ལ་ཏ་ྈྐ་ཤ་ཥ། བརྒྱད་ཀྱི་ཕྱེད་སྔ་མ་ལ་ྉྤ་ས་སྟེ། ཡོན་ ཏན་གྱི་ཨ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་དང༌། ཕྱེད་ཕྱི་མ་ལ་ངྷ་ གྷ། དགུ་ལ་གྷ་ཁྷ་ཀྷ་ཉྷ། བཅུ་ལ་ཛྷྷ་ཛྷ་ཚྷ་ཙྷྱ། བཅུ་གཅིག་ལ་ཎྷ་ཌྷྷ་ཌྷ་ཋྷ། བཅུ་གཉིས་ལ་ ཊྷ་མྷ་བྷྷ་བྷ། བཅུ་གསུམ་ལ་ཕྷ་པྷ་ནྷ་དྷྷ། བཅུ་བཞི་ལ་དྷ་ཐྷ་ཏྷ་ྈྐྷ། བཅོ་ལྔ་ལ་ཤྷ་ཥྷ་ྉྤྷ་སྷ་ སྟེ། ཧ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་རིམ་པས་སོ། །དེ་ལྟ་ ཡི་གེ་དྲུག་ཅུས་ཁུ་བའི་ནམ་མཁའི་ཁམས་རྡུལ་ལ་ཞུགས་ནས། རྡུལ་གྱི་སའི་ཁམས་ཁུ་བ་ ལ་འཇུག་པ་ནི། ནག་པོའི་ཚེས་གཅིག་ལ་སཱལ་ྉྤཱལ་ཥཱལ་ཤཱལ། གཉིས་ལ་ྈྐཱལ་ཏཱལ་ཐཱལ་ དཱལ། གསུམ་ལ་དྷཱལ་ནཱལ་པཱལ་ཕཱལ། བཞི་ལ་བཱལ་བྷཱལ་མཱལ་ཊཱལ། ལྔ་ལ་ཋཱལ་ཌཱལ་ཌྷཱལ་ ཎཱལ། དྲུག་ལ་ཙཱལ་ཚཱལ་ཛཱལ་ཛྷཱལ། བདུན་ལ་ཉཱལ་ཀཱལ་ཁཱལ་གཱལ། བརྒྱད་ཀྱི་ཕྱེད་སྔ་མ་ལ་ གྷཱལ་ངཱལ་སྟེ། འཕེལ་བའི་ཨཱལ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་ དང༌། ཕྱེད་ཕྱི་མ་ལ་སླཱ་ྉྤླཱ། དགུ་ལ་ཥླཱ་ཤླཱ་ྈྐླཱ་ཏླཱ། བཅུ་ལ་ཐླཱ་དླཱ་དྷླཱ་ནླཱ། བཅུ་གཅིག་ལ་པླཱ་ཕླཱ་ བླཱ་བྷླཱ། བཅུ་གཉིས་ལ་མླཱ་ཊླཱ་ཋླཱ་ཌླཱ། བཅུ་གསུམ་ལ་ཌྷླཱ་ཎླཱ་ཙླཱ་ཚླཱ། བཅུ་བཞི་ལ་ཛླཱ་ཛྷླཱ་ཉླཱ་ཀླཱ། བཅོ་ལྔ་ལ་ཁླཱ་གླཱ་གྷླཱ་ངླཱ་སྟེ། ལཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་ བསྡུ་བའི་རིམ་པས་སོ། །ཟླ་བ་བདུན་པའི་དཀར་ཕྱོགས་ལ་རྡུལ་གྱི་རླུང་གི་ཁམས་ཁུ་བ་ ལ་འཇུག་པ་ནི། ཚེས་གཅིག་ལ་ངེ་གྷེ་གེ་ཁེ། གཉིས་ལ་ཀེ་ཉེ་ཛྷེ་ཛེ། གསུམ་ལ་ཙེ་ཚེ་ཎེ་ཌྷེ། བཞི་ལ་ཌེ་ཋེ་ཊེ་མེ། ལྔ་པ་བྷེ་བེ་ཕེ་པེ། དྲུག་ལ་ནེ་དྷེ་དེ་ཐེ། བདུན་ལ་ཏེ་ྈྐེ་ཤེ་ཥེ། བརྒྱད་ ཀྱི་ཕྱེད་སྔ་མ་ལ་ྉྤེ་སེ་སྟེ། ཡོན་ཏན་གྱི་ཨེ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་ སུམ་ཅུ་དང༌། ཕྱེད་ཕྱི་མ་ལ་ངྻ་གྷྻ། དགུ་ལ་གྻ་ཁྻ་ཀྻ་ཉྻ། བཅུ་ལ་ཛྷྻ་ཛྻ་ཚྻ་ཙྻ། བཅུ་གཅིག་ ལ་ཎྻ་ཌྷྻ་ཌྻ་ཋྻ། བཅུ་གཉིས་ལ་ཊྻ་མྻ་བྷྻ་བྻ། བཅུ་གསུམ་ལ་ཕྻ་པྻ་ནྻ་དྷྻ། བཅུ་བཞི་ལ་དྻ་ཐྻ་ 7-1-60 ཏྻ་ྈྐྻ། བཅོ་ལྔ་པ་ལ་ཤྻ་ཥྻ་ྉྤྻ་སྻ་སྟེ། ཡ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ ཅུ་སྤྲོ་བའི་རིམ་པས་སོ། །དེའི་ནག་ཕྱོགས་ལ་རྡུལ་གྱི་ཆུ་ཁམས་ཁུ་བ་ལ་འཇུག་པ་ནི། ཚེས་གཅིག་ལ་སཽ་ྉྤཽ་ཥཽ་ཤཽ། གཉིས་ལ་ྈྐཽ་ཏཽ་ཐཽ་དཽ། གསུམ་ལ་དྷཽ་ནཽ་པཽ་ཕཽ། བཞི་ལ་བཽ་བྷཽ་མཽ་ ཊཽ། ལྔ་ལ་ཋཽ་ཌཽ་ཌྷཽ་ཎཽ། དྲུག་ལ་ཙཽ་ཚཽ་ཛཽ་ཛྷཽ། བདུན་ལ་ཉཽ་ཀཽ་ཁཽ་གཽ། བརྒྱད་ཀྱི་ཕྱེད་སྔ་མ་ལ་ གྷཽ་ངཽ་སྟེ། འཕེལ་བའི་ཨཽ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་དང༌། ཕྱེད་ཕྱི་མ་ལ་སྺཱ་ྉྤྺཱ། དགུ་ལ་ཥྺཱ་ཤྺཱ་ྈྐྺཱ་ཏྺཱ། བཅུ་ལ་ཐྺཱ་དྺཱ་དྷྺཱ་ནྺཱ། བཅུ་གཅིག་ལ་པྺཱ་ཕྺཱ་བྺཱ་ བྷྺཱ། བཅུ་གཉིས་ལ་མྺཱ་ཊྺཱ་ཋྺཱ་ཌྺཱ། བཅུ་གསུམ་ལ་ཌྷྺཱ་ཎྺཱ་ཙྺཱ་ཚྺཱ། བཅུ་བཞི་ལ་ཛྺཱ་ཛྷྺཱ་ཉྺཱ་ཀྺཱ། བཅོ་ ལྔ་ལ་ཁྺཱ་གྺཱགྷྺཱ་ངྺཱ་སྟེ་ཝ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་ པའི་རིམ་པས་སོ། །ཟླ་བ་བརྒྱད་པའི་དཀར་ཕྱོགས་ལ། ཁུ་བའི་མེ་ཁམས་རྡུལ་ལ་འཇུག་ པ་ནི། ཚེས་གཅིག་ལ་ངར་གྷར་གར་ཁར། གཉིས་ལ་ཀར་ཉར་ཛྷར་ཛར། གསུམ་ལ་ཚར་ ཙར་ཎར་ཌྷར། བཞི་ལ་ཌར་ཋར་ཊར་མར། ལྔ་ལ་བྷར་བར་ཕར་པར། དྲུག་ལ་ནར་དྷར་ དར་ཐར། བདུན་ལ་ཏར་ྈྐར་ཤར་ཥར། བརྒྱད་ཀྱི་ཕྱེད་སྔ་མ་ལ་ྈྐར་སར། ཞེས་པ་ཡོན་ ཏན་གྱི་ཨར་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་དང༌། ཕྱེད་ཕྱི་མ་ལ་ ངྼ་གྷྼ། དགུ་ལ་གྼ་ཁྼ་ཀྼ་ཉྼ། བཅུ་ལ་ཛྷྼ་ཛྼ་ཚྼ་ཙྼ། བཅུ་གཅིག་ལ་ཎྼ་ཌྷྼ་ཌྼ་ཋྼ། བཅུ་གཉིས་ལ་ ཊྼ་མྼ་བྷྼ་བྼ། བཅུ་གསུམ་ལ་ཕྼ་པྼ་ནྼ་དྷྼ། བཅུ་བཞི་ལ་དྼ་ཐྼ་ཏྼ་ྈྐྼ། བཅོ་ལྔ་ལ་ཤྼ་ཥྼ་ྉྤྼ་སྼ་ སྟེ། ར་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་རིམ་པས་སོ། །དེའི་ ནག་ཕྱོགས་ལ་རྡུལ་གྱི་མེ་ཁམས་ཁུ་བ་ལ་འཇུག་པ་ནི། ཚེས་གཅིག་ལ་སྼཱ་ྉྤྼཱ་ཥྼཱ་ཤྼཱ། གཉིས་ལ་ྈྐྼཱ་ཏྼཱ་ཐྼཱ་དྼཱ། གསུམ་ལ་དྷྼཱ་ནྼཱ་པྼཱ་ཕྼཱ། བཞི་ལ་བྼཱ་བྷྼཱ་མྼཱ་ཊྼཱ། ལྔ་ལ་ཋྼཱ་ཌྼཱ་ཌྷྼཱ་ཎྼཱ། དྲུག་ ལ་ཙྼཱ་ཚྼཱ་ཛྼཱ་ཛྷྼཱ། བདུན་ལ་ཉྼཱ་ཀྼཱ་ཁྼཱ་གྼཱ། བརྒྱད་ཀྱི་ཕྱེད་སྔ་མ་ལ་གྷྼཱ་ངྼཱ། ཞེས་པ་འཕེལ་བའི་ ཨཱར་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་དང། ཕྱེད་ཕྱི་མ་ལ། སྼཱ་ ྉྤྼཱ། དགུ་ལ་ཥྼཱ་ཤྼཱ་ྈྐྼཱ་ཏྼཱ། བཅུ་ལ་ཐྼཱ་དྼཱ་དྷྼཱ་ནྼཱ། བཅུ་གཅིག་ལ་པྼཱ་ཕྼཱ་བྼཱ་བྷྼཱ། བཅུ་གཉིས་ལ་མྼཱ་ ཊྼཱ་ཋྼཱ་ཌྼཱ། བཅུ་གསུམ་ལ་ཌྷྼཱ་ཎྼཱ་ཙྼཱ་ཚྼཱ། བཅུ་བཞི་ལ་ཛྼཱ་ཛྷྼཱ་ཉྼཱ་ཀྼཱ། བཅོ་ལྔ་ལ་ཁྼཱ་གྼཱ་གྷྼཱ་ངྼཱ་སྟེ། རཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་པའི་རིམ་པས་སོ། །ཟླ་ 7-1-61 བ་དགུ་པའི་དཀར་ཕྱོགས་ལ་ཁུ་བའི་ཆུ་ཁམས་རྡུལ་ལ་འཇུག་པ་ནི། ཚེས་གཅིག་ལ་ངོ་ གྷོ་གོ་ཁོ། གཉིས་ལ་ཀོ་ཉོ་ཛྷོ་ཛོ། གསུམ་ལ་ཚོ་ཙོ་ཎོ་ཌྷོ། བཞི་ལ་ཌོ་ཋོ་ཊོ་མོ། ལྔ་ལ་བྷོ་བོ་ཕོ་ པོ། དྲུག་ལ་ནོ་དྷོ་དོ་ཐོ། བདུན་ལ་ཏོ་ྈྐོ་ཤོ་ཥོ། བརྒྱད་ཀྱི་ཕྱེད་སྔ་མ་ལ་ྉྤོ་སོ། ཞེས་པ་ཡོན་ ཏན་གྱི་ཨོ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་དང༌། ཕྱེད་ཕྱི་མ་ལ་ངྺ་ གྷྺ། དགུ་ལ་གྺ་ཁྺ་ཀྺ་ཉྺ། བཅུ་ལ་ཛྷྺ་ཛྺ་ཚྺ་ཙྺ། བཅུ་གཅིག་ལ་ཎྺ་ཌྷྺ་ཌྺ་ཋྺ། བཅུ་གཉིས་ལ་ཊྺ་ མྺ་བྷྺ་བྺ།བཅུ་གསུམ་ལ་ཕྺ་པྺ་ནྺ་དྷྺ། བཅུ་བཞི་ལ་དྺ་ཐྺ་ཏྺ་ྈྐྺ། བཅོ་ལྔ་ལ་ཤྺ་ཥྺ་ྉྤྺ་སྺ་སྡེ་ཝ་ ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་རིམ་པས་སོ། །དེའི་ནག་ ཕྱོགས་ལ་རྡུལ་གྱི་རླུང་ཁམས་ཁུ་བ་ལ་འཇུག་པ་ནི། ཚེས་གཅིག་ལ་སཻ་ྉྤཻ་ཥཻ་ཤཻ། གཉིས་ལ་ ྈྐཻ་ཏཻ་ཐཻ་དཻ། གསུམ་ལ་དྷཻ་ནཻ་པཻ་ཕཻ། བཞི་ལ་བཻ་བྷཻ་མཻ་ཊཻ། ལྔ་ལ་ཋཻ་ཌཻ་ཌྷཻ་ཎཻ། དྲུག་ལ་ཙཻ་ཚཻ་ཛཻ་ ཛྷཻ། བདུན་ལ་ཉཻ་ཀཻ་ཁཻ་གཻ །བརྒྱད་ཀྱི་ཕྱེད་སྔ་མ་ལ་གྷཻ་ངཻ་སྟེ། འཕེལ་བའི་ཨཻ་ཡིག་གིས་བྱིན་ གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་དང༌། ཕྱེད་ཕྱི་མ་ལ་སྻཱ་ྉྤྻཱ། དགུ་ལ་ཥྻཱ་ཤྻཱ་ྈྐྻ་ཏྻཱ། བཅུ་ལ་ཐྻཱ་དྻཱ་དྷྻཱ་ནྻཱ། བཅུ་གཅིག་ལ་པྻཱ་ཕྻཱ་བྻཱ་བྷྻཱ། བཅུ་གཉིས་ལ་མྻཱ་ཊྻཱ་ཋྻཱ་ཌྻཱ། བཅུ་གསུམ་ ལ་ཌྷྻཱ་ཎྻཱ་ཙྻཱ་ཚྻཱ། བཅུ་བཞི་ལ་ཛྻཱ་ཛྷྻཱ་ཉྻཱ་ཀྻཱ། བཅོ་ལྔ་ལ་ཁྻཱ་གྻཱ་གྷྻཱ་ངྻཱ་སྡེ་ཡཱ་ཡིག་རིང་པོས་བྱིན་ གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་བའི་རིམ་པས་སོ། །ཟླ་བ་བཅུ་པའི་དཀར་ ཕྱོགས་ཁུ་བའི་ས་ཁམས་རྡུལ་ལ་འཇུག་པ་ནི། ཚེས་གཅིག་ལ་ངླ་གྷླ་གླ་ཁླ། གཉིས་ལ་ཀླ་ ཉླ་ཛྷླ་ཛླ། གསུམ་ལ་ཚླ་ཙླ་ཎླ་ཌྷླ།བཞི་ལ་ཌླ་ཋླ་ཊླ་མླ། ལྔ་ལ་བྷླ་བླ་ཕླ་པླ། དྲུག་ལ་ནླ་དྷླ་དླ་ཐླ། བདུན་ལ་ཏླ་ྈྐླ་ཤླ་ཥླ། བརྒྱད་ཀྱི་ཕྱེད་སྔ་མ་ལ་ྉྤླ་སླ་སྟེ། ཡོན་ཏན་གྱི་ཨལ་ཡིག་གིས་བྱིན་ གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་དང༌། ཕྱི་མ་ལ་ངླ་གྷླ། དགུ་ལ་གླ་ཁླ་ཀླ་ཉླ། བཅུ་ལ་ ཛྷླ་ཛླ་ཚླ་ཙླ། བཅུ་གཅིག་ལ་ཎླ་ཌྷླ་ཌླ་ཋླ། བཅུ་གཉིས་ལ་ཏླ་མླ་བྷླ་བླ། བཅུ་གསུམ་ལ་ཕླ་བླ་ ནླ་དྷླ། བཅུ་བཞི་ལ་དླ་ཐླ་ཏླ་ྈྐླ། བཅོ་ལྔ་ལ་ཤླ་ཥླ་ྉྤླ་སླ། ཞེས་པ་ལ་ཡིག་གིས་བྱིན་གྱིས་ བརླབས་པའི་གསལ་བྱེད་སུམ་ཅུ་སྤྲོ་པའི་རིམ་པས་སོ། །དེའི་ནག་ཕྱོགས་ལ་རྡུལ་གྱི་ནམ་ མཁའི་ཁམས་ཁུ་བ་ལ་འཇུག་པ་ནི། ཚེས་གཅིག་ལ་སཱའ་ྉྤཱ་ཥཱ་ཤཱ། གཉིས་ལ་ྈྐཱ་ཏཱ་ཐཱ་དཱ། གསུམ་ལ་དྷཱ་ནཱ་པཱ་ཕཱ། བཞི་ལ་བཱ་བྷཱ་མཱ་ཊཱ། ལྔ་ལ་ཋཱ་ཌཱ་ཌྷཱ་ཎཱ། དྲུག་ལ་ཙཱ་ཚཱ་ཛཱ་ཛྷཱ། བདུན་ 7-1-62 ལ་ཉཱ་ཀཱ་ཁཱ་གཱ། བརྒྱད་ཀྱི་ཕྱེད་སྔ་མ་ལ་གྷཱ་ངཱ༌། ཞེས་པ་འཕེལ་བའི་ཨ་ཡིག་གིས་བྱིན་གྱིས་ བརླབས་པའི་གསལ་བྱེད་སུམ་ཅུ་དང༌། ཕྱེད་ཕྱི་མ་ལ་སྷཱ་ྉྤྷཱ། དགུ་ལ་ཥྷཱ་ཤྷཱ་ཥྷཱ་ཤྷཱ་ྈྐྷཱ་ཏྷཱ། བཅུ་ལ་ཐྷ་དྷཱ་དྷྷཱ་ནྷ། བཅུ་གཅིག་ལ་པྷཱ་ཕྷཱ་བྷཱ། བཅུ་གཉིས་ལ་མྷཱ་ཊྷཱ་ཋྷཱ་ཌྷཱ། བཅུ་གསུམ་ལ་ ཌྷྷཱ་ཎྷཱ་ཙྷྱཱ་ཚྷཱ། བཅུ་བཞི་ལ་ཛྷཱ་ཛྷྷཱ་ཉྷཱ་ཀྷཱ། བཅོ་ལྔ་ལ་ཁྷཱ་གྷཱ་གྷྷཱ་ངྷཱ་སྟེ། ཧཱ་ཡིག་རིང་པོས་བྱིན་ གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་པའི་རིམ་པས་སོ། །དེ་ལྟར་ཟླ་བ་དྲུག་པ་ལ་ སོགས་པ་ལྔ་ནི་རེ་རེ་ཞིང་ཆ་བཞི་བཞིར་ཕྱེ་བ་ལས་དཀར་ཕྱོགས་ཀྱི་ཕྱེད་སྔ་མ་ལྔ་ལ་ཨ་ ཨེ་ཨར་ཨོ་ཨལ། ཕྱེད་ཕྱི་མ་ལྔ་ལ་ཧ་ཡ་ར་ཝ་ལ། ནག་ཕྱོགས་ཀྱི་ཕྱེད་སྔ་མ་ལྔ་ལ་ཨཱལ་ཨཽ་ ཨཱར་ཨཻ་ཨཱ། ཕྱེད་ཕྱི་མ་ལྔ་ལ་ལཱ་ཝཱ་རཱ་ཡཱ་ཧཱ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གསལ་ བྱེད་བཞི་བཞི་ཞག་རེ་ལ་འཇུག་གོ །དེ་ནས་ཟླ་བ་བཅུ་གཅིག་པའི་ཚེས་སུམ་ཅུ་ལ་ངཾ་གྷཾ་ གཾ་ཁཾ་ཀཾ། ཉཾ་ཛྙཾ་ཛཾ་ཚཾ་ཙཾ། ཎཾ་ཌྷཾ་ཌཾ་ཋཾ་ཊཾ། མཾ་བྷཾ་བཾ་ཕཾ་པཾ། ནཾ་དྷཾ་དཾ་ཐཾ་ཏཾ། ྈྐཾ་ཤཾ་ཥཾ་ྉྤཾ་སཾ། ཞེས་པ་ཐིག་ལེས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་རིམ་པ་དང༌། ཟླ་བ་ བཅུ་གཉིས་པའི་ཚེས་སུམ་ཅུ་ལ་སཿྉྤཿཥཿཤཿྈྐཿ ཏཿཐཿདཿདྷཿནཿ པཿཕཿབཿབྷཿམཿ ཊཿཋཿཌཿཌྷཿཎཿ ཙཿཚཿཛཿཛྷཿཉཿ ཀཿཁཿ གཿགྷཿངཿ ཞེས་པ་རྣམ་པར་བཅད་པས་བྱིན་ གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་བའི་རིམ་པས་འཇུག་སྟེ། དེ་ལྟར་མངལ་ བཟུང་བའི་ཟླ་བ་གཅིག་གི་རྗེས་ལ་ཟླ་བ་བཅུ་གཉིས་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་ མཆེད་ལ་སོགས་པ་གྲུབ་ཅིང༌། རྩ་བདུན་ཁྲི་ཉིས་སྟོང་རྫོགས་ལ། མངལ་བཟུང་བའི་ཟླ་ བ་དང་ལྷན་ཅིག་ཟླ་བ་བཅུ་གསུམ་ལ་ཡི་གེ་སྟོང་ཉི་ཤུའོ། །ཞེས་པ་འདི་ཡང༌། དཀའ་ བའི་གནད་ཀྱི་འཕྲང་སྒྲོལ་ཅིག་ཡིན་ཡང་གོ་བདེ་བར་བྱ་བའི་ཕྱིར། ཕྱོགས་གཅིག་ཏུ་ བསྡེབས་ནས་གསལ་བར་བྱས་ཏེ། ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བཀོད་ པའོ།། །།མངྒ་ལཾ། བྷ་ཝན་ཏུ། ཞུས་དག (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༢༠༧ སྤར་མ་ཞིག་ཡིན།) 7-1-63 ༄༅། །དཔལ་ལྡན་དུས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་ལེའུའི་རྒྱུད་ཀྱི་ངེས་དོན་ཟབ་མོ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་བཞུགས་སོ།། ༄༅། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ ཉིན་མོར་བྱེད་པའི་སྐུ་སྟེ་པད་མའི་འདབ་མ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲི་ ལ་བཞུགས་པ་ལྷ་མཆོག་རྣམས་ཀྱིས་བཏུད་ལ་རྒྱལ་པོ་ཟླ་བ་བཟང་པོ་ཡིས། །མགོ་བོས་ རབ་ཏུ་ཕྱག་འཚལ་ལག་པའི་པད་མ་སྦྱར་བ་ཡན་ལག་མཆོག་ལ་བཞག་ནས་ཞུས་པ་ ནི། ། རྣལ་འབྱོར་དཔལ་ལྡན་དུས་འཁོར་ཀ་ཕྲེང་ལྡན་པའི་ཨ་འདུས་སུ་སྟེ་མི་རྣམས་ དགྲོལ་བའི་དོན་དུའོ། །སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་མཆོག་དང་རྡོ་རྗེ་འཛིན་པ་ སངས་རྒྱས་ལྷ་དང་ལྷ་མིན་ཡང༌། །ཕྱི་དང་ལུས་དང་གཞན་ལ་ཡང་སྟེ་རང་བཞིན་ རྣམས་ལ་སྐྱེས་བུ་ཉི་ཤུ་ལྔ་པའི་བདག་ཉིད་དང༌། །ལུས་ལ་སྣ་ཚོགས་ཚད་དང་སྲིད་པ་ གསུམ་གྱི་བཀོད་པ་ལྷ་དང་ལྷ་མིན་རྣམས་ཀྱི་ལོངས་སྤྱོད་དང༌། །དཀྱིལ་འཁོར་དང་ནི་ དབང་སྟེ་སྐབས་གསུམ་པ་དང་མི་ཡི་བླ་མ་འདི་རྣམས་ཡང་དག་བཤད་དུ་གསོལ། །ཟླ་ བ་བཟང་པོ་ཁྱོད་ལ་བདག་མགུ་གང་ཞིག་ཁྱེད་ཀྱིས་དྲིས་པ་འདི་ནི་རབ་མཆོག་ལྷ་ རྣམས་དང༌། །མི་དང་སྲིན་པོ་ལྷ་མིན་ཀླུ་དང་ཆགས་བྲལ་ཐུབ་མཆོག་རིགས་རྣམས་དག་ གིས་ཤེས་པ་མིན་པས་སོ། །མྱ་ངན་འདས་པ་ལ་སོགས་འཛིན་མའི་མཐར་ཐུག་ཚིག་གི་ བགྲོད་པ་དང་བཅས་སྦྱོར་བ་མཐའ་དག་ནི། ། ལུས་དབུས་སུ་སྟེ་དཀྱིལ་འཁོར་དག་དང་ དབང་ནི་བཤད་པར་བྱ་ཡིས་མི་ཡི་བདག་པོ་བཟང་པོ་ཉོན། །མངལ་དུ་མངལ་ན་གནས་ པའི་སྡུག་བསྔལ་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ ཏེ། །གཞོན་ནུ་ལང་ཚོ་དག་ལ་བུད་མེད་དང་བྲལ་ནོར་དང་འབྱོར་ཉམས་ཉོན་མོངས་ སྡུག་བསྔལ་ཆེན་པོ་གང༌། །རྒན་པོ་ཉིད་ལ་མཆི་བའི་སྡུག་བསྔལ་སླར་ཡང་འགྲོ་བ་དྲུག་ ཏུ་འཇིགས་སྟེར་ངུ་འབོད་ལ་སོགས་ཏེ། །སྒྱུ་མས་རྨོངས་པར་བྱས་པའྀ་མཐའ་དག་འགྲོ་ 7-1-64 བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད། །འཁོར་བར་མི་ཉིད་དུ་ནི་ འགྱུར་བ་དག་ཀྱང་བརྒྱ་ལམ་ན་སྟེ་ཆོས་ཀྱི་བློ་ནི་རེས་འགའ་ན། །དེ་ལ་དགེ་བའི་དབང་ གིས་སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པར་རབ་ཏུ་འཇུག །དེ་ལས་ དཔལ་ལྡན་རྡོ་རྗེ་ཐེག་པ་གསུངས་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་དག་ན་འཇུག །དེ་ ལས་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའྀ་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ ཏུ་དཀའ། །སྒྲ་ལ་སོགས་པ་དྲུག་པོ་རྣམས་ཀྱི་ལས་སུ་འགྱུར་ཏེ་དབང་པོ་དྲུག་པོ་དག་ ཀྱང་བྱེད་པའོ། །ལོ་དག་ཟླ་བ་ཕྱོགས་དང་ཉིན་དང་མཚན་མོ་ཚེས་དང་ཟླ་བ་ཉི་མ་དག་ ཀྱང་བྱེད་པ་པོ། །དེ་རྣམས་སྡུད་པའི་བྱེད་པོ་འདིར་ནི་གཞན་འགྱུར་བསྐྱེད་པའི་བྱེད་པ་ པོ་ནི་བྱེད་པ་པོ་མ་ཡིན། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་བྲལ་ཡོན་ ཏན་མེད་ལ་རང་བཞིན་མེད་པའོ། །བདག་ཉིད་འཆིང་སྟེ་རང་བཞིན་ལ་གནས་ཡོན་ ཏན་རྣམ་རྟོག་རྣམས་ཀྱིས་དར་གྱི་སྲིན་བུ་ཇི་བཞིན་ཉིད། །བདག་ཉིད་བདག་གི་ངེས་ པར་སླར་ཡང་རྣམ་པར་རྟོག་པ་མེད་པའི་ཡིད་དག་ལས་ནི་གྲོལ་བར་བྱེད། །དེ་ཕྱིར་ རྒྱལ་བ་རང་གི་ལས་ནི་རང་བཞིན་ཡོན་ཏན་ལ་གནས་སྡུག་བསྔལ་དང་ནི་བདེ་བ་ བྱེད། །རང་བཞིན་རྣམ་པར་བྲལ་བ་སུ་ཞིག་བྱེད་པོ་ཅི་ཞིག་བྱེད་དེ་མི་ཤེས་འཇིག་རྟེན་ རྨོངས་པར་བྱེད། །དེ་ཕྱིར་བྱེད་པོ་འགའ་ཡང་སྲོག་ཆགས་རྣམས་ཀྱི་བདེ་དང་སྡུག་ བསྔལ་དག་ནི་མི་སྦྱིན་མི་འཕྲོག་སྟེ། །འཁོར་བ་དག་ཏུ་རྣམ་པ་གསུམ་པོ་གང་བྱས་སྔོན་ གྱི་ལས་ནི་འབྲས་བུ་རབ་ཏུ་སྦྱིན་པར་འགྱུར། །སྐྱེད་དང་སྡུད་པའི་བྱེད་པོ་ཅི་ཞིག་བྱེད་ དེ་མི་ཤེས་འཇིག་རྟེན་རྨོངས་པ་རྣམས་ཀྱི་བློ་ཡིན་ཏེ། །ལུས་ལ་དཔག་མེད་དགེ་བ་ འཕྲོག་པར་བྱེད་པའི་བུག་པ་རང་གི་དབང་པོ་རྣམས་ཀྱིས་མཐོང་མ་ཡིན། །བདག་ནི་ བྱེད་པོ་སྡུག་བསྔལ་བདེ་བ་རབ་ཏུ་སྦྱིན་པ་པོ་དེར་འགྱུར་བ་མིན་ནོ་མི་ཡི་ བདག །འགའ་ཡང་བཅིང་དང་གྲོལ་བར་འགྱུར་མིན་མི་ཡི་བདག་པོ་སེམས་ཀྱི་ནུས་པ་ རྣམ་པར་སྤང་ནས་སོ། །བུམ་པའི་ནང་དུ་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་ འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་ 7-1-65 བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །དེ་ལྟར་ལས་ནི་ཡོད་པར་སྨྲ་བ་པོར་འགྱུར་བཅོམ་ ལྡན་སྟོན་པ་གཅིག་པུ་དེ་ནི་བྱེད་པོ་མིན། །ཀུན་མཁྱེན་དང་པོའི་སངས་རྒྱས་སྲིད་གསུམ་ གྱིས་བཏུད་དུས་ཀྱི་འཁོར་ལོ་ཡིན་གྱི་འཁོར་ལོ་གཞན་མ་ཡིན། །ཚངས་པ་ཁྱབ་འཇུག་ དྲག་པོ་དག་ཀྱང་གང་གི་ཞབས་ཀྱི་ཆུ་སྐྱེས་དྲུང་དུ་ལྷག་པར་སྐྱབས་འགྲོ་བ། ། དུས་ཀྱི་ འཁོར་ལོ་རྒྱལ་བ་མཆོག་བསྐྱེད་ཡོན་ཏན་མེད་ཅིང་རྣམ་རྟོག་མེད་པ་དེ་ལ་ཕྱག་འཚལ་ ལོ། །ཡན་ལག་དང་བཅས་རིག་བྱེད་དྲན་པའི་གཞུང་དང་བཅས་དང་རྟོག་གེ་གྲུབ་པའི་ མཐའ་ལྡན་འཇིག་རྟེན་དུ། །སྙན་ངག་མཁན་པོ་རྒྱས་པ་མེ་ལ་སོགས་པ་རྣམས་ཀྱིས་བྱས་ པའི་བསྟན་བཅོས་གཞན་ཡང་རིག་པ་མིན། །རིག་པ་ཞེས་པ་ནང་རིག་འགྱུར་མེད་ཀྱང་ སྟེ་འཇིག་རྟེན་འདིར་ནི་ཐུབ་པ་རྣམས་ཀྱིས་རབ་གསུང་ཉིད། །གང་ལས་འཇིག་རྟེན་ གསུམ་པོ་མཐའ་དག་ཏུ་འགྱུར་མི་ཡི་བདག་པོ་སླར་ཡང་གང་ལ་ཐིམ་པའོ། །རྣལ་འབྱོར་ དབང་པོ་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་པ་ ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རབ་འགྲོ་སླར་ ཡང་གང་དུའང་སྐྱེ་ལྡན་མིན། །ཇི་སྲིད་སེམས་ཀྱི་རང་བཞིན་དག་ནི་རྣམ་གསུམ་སྲིད་ པའི་དབང་གིས་ཚོར་བ་བདེ་དང་སྡུག་བསྔལ་བ། །དེ་སྲིད་འཇིག་རྟེན་འཁོར་བ་འདིར་ འཁྱམ་མི་ཡི་བདག་པོ་མཐོ་རིས་མི་ཡུལ་དག་དང་འོག་ཏུ་ཡང༌། །སྟོང་པ་ལ་ནི་དུ་བ་ སོགས་ལ་བླ་མའི་ངེས་པའི་དབང་གིས་གཟུགས་བརྙན་མཚམས་སུ་བསྒོམ་པར་བྱ། །དེ་ ནས་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པ་དག་ཀྱང་བྱེད་པ་ སྟེ། །ཕྱི་ནས་ཟླ་བ་ངེས་པར་འགོག་པ་གཟའ་བཞིན་བྱེད་དེ་བྱང་ཆུབ་སེམས་ནི་རྣལ་ འབྱོར་པ་ཡིས་སོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་དག་ནི་ཉིན་ཞག་འགའ་ཡིས་ སྐྱེ་བ་འདི་ལ་ཐོབ་པར་འགྱུར། །ཉི་མ་ཟླ་བ་འགོག་པ་མཉམ་དང་མི་མཉམ་བགྲོད་པ་ལ་ སྟེ་དབུ་མ་མེ་ལ་རབ་ཏུ་ཞུགས། །སྲོག་དང་ཐུར་སེལ་གཉིས་པོ་དག་ཀྱང་ཉིན་ཞག་དང་ པོ་སོང་ན་དུས་མིན་འཆི་བ་བསླུ་བ་སྟེ། །ལག་པ་དང་བཅས་རྐང་པའི་མཐེ་བོའི་ཚིགས་ དང་སེན་མོའི་མཐར་ནི་སྲོག་གིས་ཀུན་ཏུ་གང་བྱས་ནས། ། འཁོར་ལོ་དྲུག་ལ་སངས་ 7-1-66 རྒྱས་ལྷ་མོ་འཇིགས་བྱེད་ཕྱག་གི་པད་མོ་རྣལ་འབྱོར་པས་ནི་བསྒོམ་པར་བྱ། །ཐུར་སེལ་ བསྐུམ་ན་འདོད་པར་འགྱུར་ཏེ་ལུས་མཆོག་དག་ལ་རླུང་གི་ནད་ནི་ལུས་དག་ལའོ། །སྲོག་ རྩོལ་དག་ནི་བད་ཀན་ལ་འགྱུར་སླར་ཡང་དེ་དག་གཏོར་བ་མཁྲིས་པ་དག་གི་སྐྱོན་ ལའོ། །སྟེང་དང་འོག་ནི་ཡང་དག་འགོག་པ་བདེ་བར་བྱེད་པར་འགྱུར་ཏེ་འདུས་པ་དག་ དང་རིམ་ལ་ཡང༌། །ལྟེ་བའི་སྟེང་དུ་སྲོག་གི་རླུང་ནི་མཐའ་དག་ནད་འཕྲོག་ལྟེ་བའི་རྩ་ བར་གཞན་པ་དག་ཀྱང་ངོ༌། །ཐུར་སེལ་རླུང་ནི་རྣམ་པ་གསུམ་གྱིས་ལམ་དུ་བགྲོད་པ་ དག་ནི་བརྩམ་ཞིང་སྲོག་ཉིད་སྟེང་ནས་ཀྱང༌། །ཇི་སྲིད་ཡང་དག་འཕྲད་དེ་མེ་ནི་སྟོབས་ དང་ལྡན་ཞིང་ལུས་ཀུན་ལ་ནི་ཁྱབ་པར་རབ་འགྱུར་བ། །དམུ་ཆུ་སྐྲན་དང་གཞང་འབྲུམ་ ནད་རྣམས་དག་དང་ལྟོ་བར་སོན་པ་ཟླ་བའྀ་སྦྱོར་བས་འཇོམས་པ་སྟེ། །དབུགས་ བརྩེགས་དང་ནི་གློ་དང་རྣམ་པ་གསུམ་གྱི་དུག་དང་མིག་གི་ནད་ལ་སོགས་པ་དག་ཀྱང་ ངོ༌། ། མཆན་ཁུང་གཡས་དང་གཡས་མིན་ལས་ནི་ནུ་མ་དག་ཀྱང་སྟོབས་ལྡན་མནན་ཏེ་ སྲོག་ནི་བཀག་པ་ལས། །གཡས་ནས་གཡོན་པའི་རྩར་ནི་འཕྲལ་ལ་རབ་ཏུ་འབབ་སྟེ་ གཡོན་པའི་མཆན་ཁུང་ལས་ཀྱང་གཡས་སུའོ། །ཟླ་བ་ཕྱེད་ཀྱིས་ཀྱང་ནི་འཆི་སྟེར་འཆི་ ལྟས་འཕྲོག་སྟེ་རྣལ་འབྱོར་ལྡན་པའི་རྣལ་འབྱོར་པ་ཡིས་སོ། །ལོ་ཕྱེད་ཀྱིས་ནི་སྔགས་པ་ རྣམས་ཀྱི་མཆོག་གི་ལུས་ལ་དཀའ་བའི་མཛེ་འཕྲོག་དེ་ལས་གཞན་ལྟ་ཅི། །ཤེས་རབ་ལུས་ ལ་རང་སེམས་ལྟུང་བ་དག་ཀྱང་རྟག་ཏུ་སྲོག་གི་རླུང་གིས་འགོག་པ་དག་ལས་ ཏེ། །བདུན་ཅུའི་ལོ་ཡིས་རྒ་བ་སྐྲ་དཀར་བཅས་པ་དག་ཀྱང་ལོ་གཉིས་རབ་ཏུ་རྫོགས་ ནས་ངེས་པར་འཕྲོག །ཉི་མ་འགའ་ཡིས་ལམ་དང་སེམས་ནི་རབ་ཏུ་འཕྲོག་པ་དག་ལས་ དེ་སྟེར་ཕྱག་རྒྱའི་དངོས་གྲུབ་འགྱུར། །སྲོག་རྩོལ་རབ་ཏུ་བྱས་ཏེ་སྙིང་ཁ་དེ་བཞིན་མགོ་ བོ་དག་ནི་ཇི་སྲིད་མི་ཡིས་གདུང་འགྱུར་བ། །དེ་ལས་སྟེང་དག་ཏུ་ནི་བཟང་པོའི་པད་ མར་བརྒྱལ་བར་འགྱུར་ཏེ་མ་བསྡམས་པའམ་སྟོབས་དག་གིས། །གཙུག་ཏོར་ཕུག་ཅིང་ ཕུང་པོ་དག་དང་ཁམས་རྣམས་སྤངས་ནས་འཆི་བ་ཉིད་དུ་འཕྲོག་འགྱུར་ཏེ། །ཕྱག་རྒྱ་ འགྲོགས་པ་རབ་ཉམས་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལ་ནི་བདེ་འབྲས་སྟེར་བ་ 7-1-67 མེད། །ཕྱག་རྒྱ་གསུངས་པ་བསྒོམ་པའི་དོན་དེ་ཉིན་མཚན་དོན་དུ་ཆགས་པ་ཟད་པའི་ དོན་ནི་མིན་པ་ཉིད། །གསུང་གི་རྡོ་རྗེ་མཆོད་པའི་དོན་དེ་ངེས་པར་སྔགས་པ་རྣམས་ལ་ མྱོས་བྱེད་གསུངས་པ་ཉིད་མ་ཡིན། །ཁ་ཟས་ཐམས་ཅད་བདེ་བའི་དོན་དེ་ཉིན་ཞག་སོ་ སོའི་དུས་སུ་མ་ཞུའི་རྒྱུར་ཡང་མ་གསུངས་སོ། །དཔལ་ལྡན་སྤྱོད་པ་དངོས་གྲུབ་རྒྱུ་སྟེ་ མཚན་མོ་དུར་ཁྲོད་འཁྱམས་པ་དག་ཀྱང་རྩེད་མོའི་དོན་མ་ཡིན། །བདག་ཉིད་ལས་ཀྱི་ རྣམ་སྨིན་སྲིད་པ་གསུམ་དང་དུས་ཀྱི་འགྲོ་བ་ཡན་ལག་བཅུ་གཉིས་རྟེན་འབྲེལ་ ལས། །ཡང་དག་བྱུང་དང་རིག་བྱེད་བདེན་པ་གཉིས་ཀྱིས་བསྒྱུར་བའི་དགུ་ནི་མ་འདྲེས་ སངས་རྒྱས་ཆོས་རྣམས་ཏེ། །ཕུང་པོ་ལྔ་དང་སྐུ་གསུམ་ལྷན་སྐྱེས་ཞེས་དང་དེ་བཞིན་ཉིད་ དུ་བེམ་པོ་མ་ཡིན་སྟོང་པ་ཉིད། །འདི་དག་གང་དུ་གསུངས་པ་དེ་ནི་ངེས་པར་རྡོ་རྗེ་ ཅན་གྱི་བསྟན་པ་དག་ཏུ་རབ་ཏུ་འགྱུར། །ཡང་དག་སྦྱོར་བ་ཉིད་ལས་ཐམས་ཅད་དུ་ འགྱུར་མི་ཡི་བདག་པོ་འདོད་པས་མ་ཡིན་ལས་ཀྱི་གཟུགས། །ཡང་དག་སྦྱོར་བ་ལས་ནི་ ཆུ་ཤེལ་ལས་ཀྱང་ཆུ་རུ་འགྱུར་ཏེ་མེ་ལོང་དག་ལས་དངོས་པོའི་གཟུགས། །སྒྱུར་བའི་རྒྱུ་ ལས་ལྕེ་འཇོག་རང་གི་སྒྲ་ལས་གཅིག་ཤེས་དག་པའི་ས་བོན་ལས་ནི་མྱུ་གུར་ འགྱུར། །ཁབ་ལེན་ལས་ཀྱང་ལྕགས་ཀྱི་ཐུར་མ་དག་ནི་གཡོ་བར་འགྱུར་ཏེ་འདོད་པས་ འདི་ལ་ཅི་ཡང་མིན། ། དངོས་པོ་རྣམས་ཀྱི་ནུས་པ་འདི་ནི་སྲིད་པ་གསུམ་གྱི་གནས་སུ་ སུ་ཞིག་གིས་ཀྱང་སྤྲུལ་པ་མིན། །བདག་ཉིད་འབྱུང་བ་ཡོད་ཅིང་དགེ་དང་མི་དགེའི་ འབྲས་བུ་ཡོད་དོ་བྱེད་པོའི་རྣམ་པར་དམན། །འགྲོ་བ་པོ་མེད་ཐར་པའི་དོན་དུ་འགྲོ་བ་ ཡོད་ཅིང་མ་ལུས་འཆིང་བ་ཡོད་དེ་བཅིངས་པ་མེད། །དངོས་པོ་དངོས་མེད་དག་ཀྱང་ ཡོད་དེ་སྐད་ཅིག་རྣམ་བྲལ་རང་བཞིན་མེད་པ་དག་གི་སྲིད་པ་ཡོད། །འདི་རྣམས་བདག་ གི་བདེན་པའི་ཚིག་སྟེ་ལྷ་དང་གདེངས་ཅན་རྣམས་ཀྱི་གདོན་བཅས་ཚིག་གིས་འཇོམས་ མི་འགྱུར། །གང་ཞིག་དེ་ཉིད་གང་ཟག་ཅེས་བྱ་ལུས་ལ་གནས་པར་སྨྲ་བ་དེ་ནི་རང་ བཞིན་དག་གིས་ཉམས། །ཀུན་རྫོབ་དག་གིས་དོན་ནི་སྨྲ་བ་པོ་ཡང་དོན་དམ་མ་རིག་ མེད་པ་དག་ཏུ་འདོད་པའོ། །སྲིད་གསུམ་མཐའ་དག་རྣམ་པར་ཤེས་པ་ཉིད་དུ་སྨྲ་བ་པོ་ 7-1-68 ཡང་རྣམ་པར་ཤེས་པ་འདོད་པར་བྱེད། །གང་ཞིག་སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པར་ སྨྲ་བ་པོ་ཕྱོགས་ཉམས་དེ་ནི་མཉམས་པར་འགྱུར་རོ། །འཁོར་བའི་ལས་ལས་གྲོལ་བ་གང་ ཞིག་འཇིག་རྟེན་སྟེང་ན་གནས་པ་བདེ་བ་དག་གི་གནས་སུ་འགྲོ། །འཇིག་རྟེན་གསུམ་ ཡང་ཕྲ་རབ་རྣམས་ཀྱིས་གང་ཞིག་བཀོད་པ་དེ་ནི་དུས་ཀྱི་རྟག་ཏུ་རྟག་པ་མིན། །ཞེས་པ་ ལ་སོགས་བསྟན་པ་དུས་ཀྱི་འཁོར་ལོ་ས་ལ་རབ་ཏུ་གསལ་མཛད་ཡེ་ཤེས་སླད་དུ་ སྟེ། །འཇམ་དང་སྲ་དང་གཞན་པའི་བག་ཆགས་སྟོབས་ཀྱིས་སྐྱེས་བུ་རྣམས་ཀྱིས་རྗེས་སུ་ འབྲང་བ་སྟེ། །སེམས་ནི་ངེས་པར་དངོས་པོའི་ཚོན་གྱིས་ཉེ་བར་བཞག་པ་དག་ལས་ཤེལ་ བཞིན་ཚོན་ལྡན་ཉིད་འགྱུར་བ། །གང་ཡིན་དེ་ཕྱིར་རང་གཞན་རིགས་སུ་གྱུར་པའི་ཆོས་ ནི་འགའ་ཡང་རྣལ་འབྱོར་པ་ཡིས་སུན་མི་དབྱུང༌། །ཆོས་ནི་སེམས་ཅན་ཕན་པ་ཡུལ་ དང་རྣམ་པར་བྲལ་བ་དག་སྟེ་ཆོས་མིན་དག་ཀྱང་གནོད་པའོ། །འཚེ་བ་རིག་བྱེད་ཚད་ མ་ཅན་ནི་བདེ་བའི་འབྲས་བུ་མི་སྟེར་དུས་ཀུན་ཏུ་ནི་སྡུག་བསྔལ་སྟེ། །དམ་པའི་བྱམས་ ལྡན་རྨོངས་པའི་ཚིག་ལས་མཆོག་གི་བདེ་བ་བྱེད་ཅིང་སེམས་ཅན་བདེ་ལ་རྗེས་སུ་ ཆགས། ། དེ་ཕྱིར་སེམས་ཅན་དོན་ནི་གཅིག་པུ་ཉིད་དང་མི་བདག་ཡིད་ཀྱིས་རང་བཞིན་ མེད་པར་བསྒོམ་པར་གྱིས། །ལྷ་མིའི་བླ་མ་དང་ནི་མཐོ་རིས་འཇིག་རྟེན་དག་ཏུ་དབང་ པོ་ས་སྟེང་དུ་ནི་འཁོར་ལོ་སྒྱུར། །ས་འོག་དག་ཏུ་ཀླུ་ཡི་རྒྱལ་པོ་གདེངས་ཅན་རིགས་ཀྱིས་ བཏུད་དང་ཀུན་ཏུ་འགྲོ་དང་མཆོག་པ་སྟེ། །ཡེ་ཤེས་སངས་རྒྱས་ཐུབ་དབང་འགྱུར་མེད་ མཆོག་དང་ཁྱབ་བདག་རྣལ་འབྱོར་རྣམས་ཀྱི་རྡོ་རྗེ་རྣལ་འབྱོར་དང༌། །རིག་བྱེད་ཨོཾ་ཀྱི་ ཡི་གེ་གཙང་མ་དག་སྟེ་རྒྱལ་པོ་དངོས་པོ་ཀུན་གྱིས་བདག་ལས་སྐྱབས་སུ་སོང༌། །ཁྱོད་ནི་ མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ ཡང༌། །ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕུན་ སུམ་ཚོགས་པ་ཡང༌། །ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་ གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ། ། ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི། །དང་པོར་ཡང་དག་ 7-1-69 བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེ་ཐེག་ལ་ལྷག་པར་གནས། །དེ་ཉིད་ བསྒོམས་ཤིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བཟོད་པའི་ངང་ཚུལ་ལམ་ ལ་ཞུགས། །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་ཅིང་དེ་ ཉིད་ལས་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེ་དབྱུག་པ་དེ་ཡང་འཛིན་མའི་ གཞི་ལ་རྡོ་རྗེ་སེམས་དཔའ་རབ་གྲགས་པའོ། །ང་རྒྱལ་དང་ལྡན་ཁྲོ་བས་ཟིལ་མནན་དམ་ ཚིག་རྣམ་བྲལ་རྫས་ལ་རྐམ་ཞིང་ཐོས་པ་དག་ཀྱང་མེད། ། སློབ་མ་རྣམས་ནི་སླུ་བའི་དོན་ དུ་གཉེར་ཞིང་མཆོག་གི་བདེ་བའི་གནས་ལས་སེམས་ཉམས་དབང་མ་བསྐུར། །ལོངས་ སྤྱོད་དག་ལ་ཀུན་ཆགས་བག་མེད་རྩུབ་མོའི་ཚིག་དང་བཅས་ཤིང་དབང་པོའི་དོན་དུ་ འདོད་ལྡན་པ། །དེ་ཉིད་དམྱལ་བ་བཞིན་དུ་སློབ་མ་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་ རྒྱུར་ནི་སྤང་བར་བྱ། །ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་བའི་ ངང་ཚུལ་དང་ལྡན་ཡོན་ཏན་ཤེས། །ཐར་པ་དོར་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་ པའི་སེམས་ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་ དེ་ཉིད་བླ་མ་ཤིན་ཏུ་མཁས་པ་རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་ རྒྱུར་ཏེ་གཞན་ཞེས་བྱ་བ་སླར་ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར། །འདོད་པའི་རྡོ་ རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། །རིན་ཆེན་ལ་ནི་ སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། ། རལ་ གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་རྣམས་ནི་བསྐྱང་བར་ བགྱི། །སེམས་ཅན་རྣམས་ནི་ཐར་པའྀ་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་ བདག་གིས་བསྐྱེད་པར་བགྱི །ཁྲོ་བོའི་རྒྱལ་པོ་ཕེབ་ན་མཚོན་ཆས་མཛེས་པའི་ལག་པ་ དག་གིས་བདུད་ཀྱི་ཚོགས་ལ་སྡིག་བྱེད་ཅིང༌། །གཡོན་བརྐྱང་ལ་སོགས་སྟབས་རྣམས་ དང་ནི་རྣམ་མང་བྱེད་པ་རྣམས་ཀྱིས་རྡོ་རྗེའི་གར་གྱིས་གར་བྱེད་དེ། །བཞད་དང་ཧཱུཾ་གི་ ཡི་གེ་འདྲེས་པས་དགྲ་ལ་འཇིགས་པ་སྟེར་བ་དང་ནི་རྡོ་རྗེའི་གླུ་ཡང་བྱེད། །ངོ་ཚ་མེད་ ཅིང་དགོས་པ་མེད་པར་འགྱུར་ཏེ་ཡོན་ཏན་དབང་གིས་ལྷ་གཞན་རྣམས་ཀྱང་ཞི་ 7-1-70 བའོ། །སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་རང་བཞིན་ཡོན་ཏན་དབང་གིས་སྐུ་ཡི་བྱ་ བ་བྱེད་པ་སྟེ། །གསུང་ཕེབས་པས་ནི་ལྷ་དང་འབྱུང་པོ་ལྷ་མིན་རྣམས་ལས་རྣམ་པར་ རྒྱལ་བའི་སྨྲ་བ་པོ་རུ་འགྱུར། །ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་དག་ དང་བྱུང་དང་འབྱུང་བ་ཐམས་ཅད་ཤེས་པར་འགྱུར། །ཡེ་ཤེས་ཕེབས་པས་སངས་རྒྱས་ བླ་མའི་ཡང་བླ་མ་རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུར་འགྱུར། །ས་ཕེབས་པས་ནི་ རྣལ་འབྱོར་པ་དག་རི་དང་མཚུངས་པར་འགྱུར་ཏེ་ཆུས་ཀྱང་རབ་ཏུ་བསིལ་བར་ འགྱུར། །མེ་ཕེབས་པས་ནི་སྲེག་པར་འགྱུར་ཏེ་རླུང་གིས་ཀྱང་ནི་དེ་བཞིན་སྐམ་པ་དག་ ཏུ་རབ་ཏུ་འགྱུར། །སྟོང་པ་ཕེབས་པས་མི་སྣང་བར་འགྱུར་ས་སྟེང་དུ་ནི་མཁའ་ལ་སྤྱོད་ པ་ཉིད་དུ་རབ་ཏུ་འགྱུར། །དེ་བཞིན་གཟུགས་ལ་སོགས་པ་ཐམས་ཅད་རང་བཞིན་ཡོན་ ཏན་དབང་གིས་རིམ་པ་ཡིས་ནི་རིགས་པར་བྱ། །འཚེ་དང་མི་བདེན་གཞན་གྱི་བུད་མེད་ སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་ པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་རྣམས་སོ། ། གང་ཞིག་གང་གི་ དུས་སུ་བྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་ བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་ བྱ། །ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་གློག་དང་འབྱུང་པོ་ལྷ་མིན་དབང་ པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་ བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་མིའི་བླ་མ་དགེ་འདུན་ཡིད་བརྟེན་རྣམས་ལ་འཁུ་ བ་སྤངས། །དབང་པོ་རྣམས་ནི་ཀུན་ནས་ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་བདག་པོའི་ བརྟུལ་ཞུགས་ཉི་ཤུ་ལྔ། །ཕྱི་ནང་དབང་ནི་བདུན་པོ་རྣམས་དང་རྣམ་གསུམ་འདིར་ནི་ཇི་ བཞིན་བླ་མེད་ཡང་དག་རབ་སྦྱིན་བྱ། །ཀླུ་དང་བཞི་ཡི་ནོར་བུ་གསེར་གྱི་བུམ་པ་དག་ གམ་རྒྱལ་པོ་ས་ཡི་རང་བཞིན་རིན་ཆེན་བཅས། །སྨན་དང་དྲི་དང་ལྡན་པའི་རྒྱལ་དང་ རྣམ་རྒྱལ་བུམ་པ་དག་གིས་ལྷ་མོ་རྣམས་ཀྱིས་ཁྲུས་བྱའོ། །སངས་རྒྱས་རབ་ཏུ་དབྱེ་བས་ ཅོད་པན་སྦྱིན་ཏེ་མཆོག་གི་བླ་མས་ནུས་མ་རྣམས་ཀྱིས་དར་དཔྱངས་ཉིད། །རྡོ་རྗེ་དྲིལ་ 7-1-71 བུ་ཉི་ཟླ་ལས་ཏེ་བརྟུལ་ཞུགས་དག་ཀྱང་དབང་པོར་བཅས་པའི་ཡུལ་གྱིས་སྦྱར་བར་ བྱ། །ཁྲོ་བོ་རྣམས་ཀྱིས་བྱམས་སོགས་མིང་དེ་གསལ་བར་རྒྱལ་བའི་བདག་པོས་རྗེས་ གནང་འདོགས་བཅས་རབ་ཏུ་སྦྱིན། །རྡོ་རྗེ་དྲིལ་བུ་རབ་ཏུ་བྱིན་ནས་རབ་མཆོག་སྙིང་རྗེ་ དག་གིས་དག་པའི་ཆོས་ནི་བསྟན་པར་བྱ། །ངེས་པ་རྡོ་རྗེའི་རིགས་དག་ལ་ནི་སྲོག་ གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་འཕྲོག་ བྱ་མཆོག་གི་པད་མའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་ སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་ བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པད་ མར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་ བྱ་སྟེ་ཁྱོད་ཀྱིས་བསྲུངས་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་ མཐའ་ཡས་བསྐལ་པས་མིན་པར་རྒྱལ་བའི་གསུངས། །ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་ པན་ཞེས་པ་རྒྱལ་བའི་དཔའ་བོའི་དར་དཔྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ་ དག་དང་བརྟུལ་ཞུགས་དག་ཀྱང་ཡུལ་ཏེ་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནང་ རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ་རྗེས་སུ་ རིགས་པ་སྟེ། །སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་རྣམས་དཀྱིལ་ འཁོར་དུ་ནི་ཡང་དག་རབ་ཏུ་སྦྱིན། །དབང་བདུན་རྣམས་ཀྱིས་མངོན་པར་དབང་ བསྐུར་དགེ་བའི་དབང་གིས་ས་བདུན་གྱི་ནི་དབང་ཕྱུག་ཉིད་དུ་འགྱུར། །བུམ་པ་གསང་ བས་མངོན་པར་དབང་བསྐུར་སླར་ཡང་ཕྱིར་མི་ལྡོག་པ་སོགས་སུ་ངེས་པར་རབ་ཏུ་ འཇུག །ཤེས་རབ་ཡེ་ཤེས་དག་གིས་མངོན་པར་དབང་བསྐུར་སྲིད་པའི་འཇིགས་པ་ འཇོམས་པའི་འཇམ་དབྱངས་ཉིད་དུ་འགྱུར། །གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། །རྩ་བའི་ལྟུང་བ་རྣམ་པར་ དག་པར་འགྱུར་ཏེ་ཡོན་ཏན་ལྡན་པ་དབང་བདུན་ལ་གནས་དག་གིའོ། །བུམ་པ་གསང་ བ་ལས་ནི་གལ་ཏེ་བརྟུལ་ཞུགས་ངེས་པའི་དབང་གིས་གོང་མ་ལས་ནི་དག་པ་མེད། ། རྩ་ 7-1-72 བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་ འཇུག་བྱ་སྟེ། །རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཐུ་བོའི་མིང་ ནི་ཆུང་བ་ཉིད་དུ་འགྱུར། །དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་ རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་བཀའ་ལས་འགོངས་པས་གཞན་ཏུ་ འགྱུར་ཏེ་དེ་བཞིན་སྤུན་ལ་འཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་ འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་ པའི་མཐའ་ལ་སྨོན་པའི་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང༌། །སྒྱུ་ ཡི་བྱམས་པ་དག་ནི་མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་ པོའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མའི་དམ་ཚིག་ཐོབ་པ་གཏོང་ བ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ ཐེག་པར་གནས་པ་རྣམས་ལའོ། །རྒྱལ་པོ་རི་བོང་མཚན་མ་གཅིག་ཏུ་འཆི་བའི་འཇིགས་ འཕྲོག་བྱེད་པ་ཐམས་ཅད་དུས་སུ་བསྟེན་པར་བྱ། ། ཤེས་རབ་ཆོས་འབྱུང་ལ་གནས་ཉིན་ མོར་བྱེད་པ་དང་བཅས་རྣལ་འབྱོར་ལྡན་པ་དག་གིས་སྨོས་ཅི་དགོས། །གང་ཞིག་བསྒྲུབ་ བྱ་བསྒྲུབ་པ་དེ་ཉིད་འཁྲུལ་བ་ཞེས་པ་རྡོ་རྗེ་ཅན་གྱི་སྒྲུབ་ཐབས་མཐའ་དག་དང༌། །དེ་ ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ནི་དཀྱིལ་འཁོར་དབང་པོར་རབ་ ཏུ་བྱ། །ཧོཿཡིག་ཡེ་ཤེས་སྙིང་པོ་ལ་ནི་དྲི་མེད་གློག་དང་མཚུངས་པའི་ཡེ་ཤེས་མེ་ནི་རབ་ རྒྱས་པ། །ལྟེ་བར་རྣམ་པར་སྣང་མཛད་ལ་སོགས་བསྲེག་ཅིང་མི་ཡི་བདག་པོ་སྤྱན་མ་ མིག་ལ་སོགས་པ་རྣམས། །ཐམས་ཅད་བསྲེགས་ནས་མགོ་བོར་ཟླ་བ་བཟང་ལས་ཐིག་ ལེའི་གཟུགས་ནི་གང་དེ་རྡོ་རྗེ་ཅན། །ཤེས་རབ་ཆོས་འབྱུང་དག་ལ་གནས་པ་མཐའ་དག་ སླར་ཡང་སྤྲོ་བར་བྱས་ཏེ་ངེས་པར་ཐིག་ལེ་ཡིས། །སྣ་ཚོགས་རྒྱན་དང་ལྡན་ཞིང་མེ་ལོང་ དག་ལ་གནས་པ་ལྟ་བུའི་ཡེ་ཤེས་འཁོར་ལོ་རང་བྱུང་བ། །འདོད་པ་དང་ནི་གཟུགས་ དང་གཟུགས་མེད་སྲིད་པ་རྣམ་པ་གསུམ་པོ་རྣམས་ཀྱང་རིམ་པས་སྦྱང་བ་སྟེ། །ཕྱི་ནས་ 7-1-73 ཡེ་ཤེས་མེ་ལྕེ་དག་གིས་སྲིད་པ་གསུམ་པོ་མཐའ་དག་དུས་གཅིག་ཏུ་ནི་དགུག་པར་ བྱ། །ཟླ་བ་ཉི་མ་ཨཱ་སོགས་ཀཱ་སོགས་རྣམས་ཀྱིས་རྣམ་གསུམ་བགྲོད་གནས་སྐུ་ཡི་རྡོ་རྗེ་ སོགས་བཟླས་པ། །སོ་སོར་སྡུད་པ་ལ་སོགས་དྲུག་གིས་གསེར་བཟང་པད་མ་ལ་ནི་སྐུ་ གསུང་ཐུགས་ཀྱི་རྣལ་འབྱོར་ཏེ། །དགའ་བ་སོགས་ཀྱིས་རྡོ་རྗེ་ཆུ་སྐྱེས་དག་ལ་རོ་མཉམ་ གྱུར་པར་སྒོམ་པ་འདི་ནི་རྡོ་རྗེ་གསུམ། །ཤེས་རབ་པད་མར་སེམས་ཀྱི་ཐེག་ལེ་དག་ལ་ ལྷན་སྐྱེས་བདེ་བའི་དབང་གིས་བསྒོམ་པ་གཞོམ་མེད་འགྱུར། །བདུད་རྩི་ལྔ་ལ་སོགས་ དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱིས་བཟླས་པ་སོགས་ཀྱིས་བསྙེན་པ་སྟེ། །སོ་སོར་ སྡུད་པ་སོགས་དང་རྡོ་རྗེ་པད་མ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་བའི་བསྒྲུབ་པར་ འགྱུར། །དགའ་བ་ལ་སོགས་རྣམས་ཀྱིས་རྡོ་རྗེ་གསུམ་དང་ཆུ་སྐྱེས་རོ་མཉམ་གྱུར་པ་སྒོམ་ པ་སྒྲུབ་པར་འགྱུར། །ཤེས་རབ་སྦྱོར་ལ་གང་ཚེ་འཕོ་མེད་ཕྲ་མོའི་རྣལ་འབྱོར་དག་ལས་ ངེས་པར་སྒྲུབ་པ་ཆེན་པོར་འགྱུར། །དང་པོར་སྟོང་ཉིད་བྱང་ཆུབ་ངེས་པར་སླར་ཡང་དེ་ ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན། །དེ་ནས་གཟུགས་ནི་བསྐྱེད་ཅིང་རབ་མཆོག་ རོ་ཡི་རིགས་རྣམས་དག་གིས་ཡི་གེ་དགོད་པ་ཉིད་ཡིན་ཏེ། །ཆུ་ཡི་གཏེར་གྱི་རྡོ་རྗེ་འདི་ ནི་སྤྱི་ཡི་བསྙེན་པར་འགྱུར་ཏེ་སྒྲུབ་པ་དག་ནི་དབུ་མ་ཡང༌། །འདི་ལ་ཐབས་ནི་རྣམ་ བཞིར་འགྱུར་ཏེ་དམན་དང་བརྟན་པ་སྒྲུབ་པའི་ཡན་ལག་དག་ལ་དེ་བཞིན་ཏེ། །སོ་སོར་ སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཞིང་རྣམ་པ་བཅུ་སྟེ་བསམ་གཏན་མི་བསྐྱོད་པ་ ཉིད་དོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་ རིན་ཆེན་ནོ། །གཡུང་མོ་ལ་ནི་རྗེས་སུ་དྲན་པ་པད་མ་འཛིན་པར་འགྱུར་ཏེ་དཔལ་ལྡན་ ཏིང་འཛིན་འཁོར་ལོ་ཅན། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་སླར་ཡང་གང་ལས་ཨཱ་ སོགས་ཀཱ་སོགས་རྣམས་ཀྱིས་ཕྱེ་བའོ། །སོ་སོར་སྡུད་པ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ ནི་རབ་ཏུ་འཇུག་པ་མེད་པའོ། །བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་ དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། ། སྲོག་རྩོལ་དག་ཀྱང་ལམ་ནྀ་གཉིས་ པོ་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། །ཐིག་ལེར་སྲོག་ནི་རབ་ཏུ་ 7-1-74 ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་པའོ། །གཏུམ་ མོའི་སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལའང་རྗེས་སུ་དྲན་ པར་འགྱུར། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །འདི་རྣམས་དམན་པ་ལ་སོགས་ཕྱེ་བ་རྣམས་ཀྱིས་སྣ་ ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་ གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །སོ་ སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་ བྱིན་གྱིས་རློབས། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་ གཏན་སྦྱོར་བས་དག་པའོ། །སྲོག་རྩོལ་གྱིས་ནི་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །བདུད་དང་ཉོན་མོངས་ལ་སོགས་ཉམས་ ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། ། རྗེས་སུ་དྲན་ པ་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་ སོ། །དེ་ནས་ཏིང་ངེ་འཛིན་གྱི་དག་པས་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་ འགྲུབ་པར་འགྱུར། །སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱིས་ འདོད་པ་འགྲུབ་པར་མ་གྱུར་ན། །ནཱ་ད་གོམས་པས་བཙན་ཐབས་ཆུ་སྐྱེས་སུ་གནས་རྡོ་ རྗེ་ནོར་བུ་ཐིག་ལེ་བཀག་ནས་བསྒྲུབ་པར་བྱ། །བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་ རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །བགེགས་མཐར་བྱེད་པའི་ལྟ་ བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བར་སྒྲུབ་པ་ཡན་ལག་དྲུག །ཤེས་རབ་ལ་ སྤྲོས་ཟླ་བ་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པའི་འགྱུར་མེད་གསུམ་དུ་སྒྲུབ་པ་ལ། །བདེ་བ་ མ་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་བདེ་བ་ཡེ་ཤེས་འདི་ནི་སྒྲུབ་པ་ཆེན་པོ་ལ། །སྲོག་རྩོལ་ དག་ནི་ཀུན་ནས་བདེ་མཉམ་འབྲས་བུ་སྟེར་བའི་ཇི་སྲིད་མགོ་ཡི་བར་དུ་འདོད་པ་ སྟེ། །དེ་ལས་སྟེང་དུ་འདོད་པ་མིན་པ་འཆི་བའི་འཇིགས་པ་བྱེད་དེ་ཕུང་པོ་ངེས་པར་ འཇིག་པའི་རྒྱུར། ། གཙུག་ཏོར་སྒོ་ནི་ཕུག་ནས་འགྲོ་ན་མཆོག་གི་བདེ་བའི་གོ་འཕང་ 7-1-75 དག་ལ་ངེས་པར་སྦྱར་བར་བྱ། །ཕུང་པོ་མེད་ཀྱང་རྣལ་འབྱོར་པ་ནི་བདེ་མཉམ་འཇུག་ སྟེ་འོན་ཀྱང་འཇིག་རྟེན་དུ་ནི་གྲགས་པ་མིན། །དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་ཡུལ་ དང་རྣམ་པར་བྲལ་བའི་སྣ་ཚོགས་ཡུམ་ལ་འཁྱུད་པ་སྟེ། །པད་མར་ཞུགས་པའི་རང་གི་ རྡོ་རྗེ་སྤྲོ་བ་དག་ཀྱང་དེ་བཞིན་ཉི་ཟླའི་དབུས་སུ་རབ་ཞུགས་པའོ། །བདེ་བའི་ས་བོན་མ་ ལྟུང་བ་ལ་རབ་དགའི་དགའ་བར་གནས་པ་རྣལ་འབྱོར་འདི། །ཕྱག་རྒྱའི་དངོས་གྲུབ་ དོན་སླད་ཁྱབ་བདག་གིས་ནི་དཔལ་ལྡན་གསང་བ་ལས་ཀྱང་མཆོག་ཏུ་གསང་ བའོ། །གཙུག་ཏོར་དུ་ནི་རྡོ་རྗེ་རྩེ་མོ་ལྔ་པར་འགྱུར་ཏེ་ཕྱི་རོལ་རྩེ་མོ་དག་ནི་གཉིས་ འགྱུར་གྱིས། །རྡོ་རྗེ་ཆོས་ཀྱི་འཁོར་ལོར་འགྱུར་ཞིང་གཉིས་འགྱུར་གཞན་མ་དང་ནི་དེ་ཡི་ གཉིས་འགྱུར་དག་ཀྱང་གཞན། །དེ་ཡི་ཡང་ནི་གཉིས་འགྱུར་གཞན་དུ་འགྱུར་ཏེ་ལྷན་ སྐྱེས་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་འཁོར་ལོར་རོ། །དེ་ཡི་སྙིང་པོར་རྩེ་མོ་གཅིག་པ་ བདེ་མཉམ་འབྲས་སྟེར་གསང་བའི་པད་མའི་ཁོངས་སུ་གནས་པའོ། །རྣལ་འབྱོར་པ་ཡིས་ ཉིན་དང་མཚན་མོར་སྲོག་གཅོད་བྱ་བ་དེ་ནི་སྲོག་ཉམས་པ་ལ་གསུངས་པ་སྟེ། །སྒྲ་ནི་ གང་ཞིག་ཞབས་ཀྱིས་དམན་པ་དག་ཀྱང་སྙིང་ལ་འགྱུར་བ་དེ་ནི་རྫུན་དུ་སྨྲ་བ་ ཉིད། །གང་ཞིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ས་ནི་འཛིན་པ་དག་ཀྱང་རྣལ་འབྱོར་པ་ ཡི་རྐུ་བར་གསུང༌། །ཐིག་ལེ་མ་ལྷུང་བ་ལས་བདེ་བར་འགྱུར་བ་ཆགས་བྲལ་མིན་ལས་ གཞན་བུད་མེད་བསྟེན་པའོ། །སྲོག་རྩོལ་མེ་ཡིས་རི་བོང་ཅན་ནི་ཞུ་བ་དག་ཀྱང་བཏུང་ བ་ཉིད་ནི་ཆང་གི་བཏུང་བའོ། །མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་ཉ་ཡི་མཐར་ ནི་རང་སེམས་འགྲོ་སྟེ་ཚེས་ཀྱི་དབང་གིས་སོ། །གཙུག་ཏོར་ནས་ནི་སོར་མོ་རྣམས་སུ་ སླར་ཡང་འདི་ནི་འགྲོ་སྟེ་ནག་པོའི་ཕྱོགས་ཀྱི་མཐའ་རུའོ། །རྣལ་འབྱོར་པ་རྣམས་སྤྱོད་པ་ གང་དེ་ཉིན་ཞག་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་རབ་སྟེར་བའོ། །བསམ་དང་ འདོད་དང་ལུས་ལ་རིམ་དང་ཁ་མཆོག་པད་མ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་ དང༌། །འདར་དང་སྙོ་དང་རབ་ཏུ་རྨོངས་པར་འགྱུར་བ་ཡིད་ནི་རྣམ་པར་འཁྲུལ་དང་ དྲག་ཏུ་བརྒྱལ་བ་དག ། རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ 7-1-76 ཆགས་ལུས་ལ་འཇིག་རྟེན་དུ། །རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་སྲུབས་གནས་ སྐབས་སུ་ཞིག་རྒྱལ་བ་འདོད་པ་དེ་ནི་སུ། །ཉིན་དང་མཚན་མོར་ཐིག་ལེ་དག་ལས་ དཀར་པོའི་རྒྱུན་འབབ་གང་ཞིག་མཱ་མ་ཀཱི་སྟེ་ཆང་མ་ཡིན། །གོ་ཀུ་ལ་སོགས་མིག་ལ་ སོགས་པ་ཉིན་ཞག་སོ་སོར་སྤྲོ་སྟེ་ཤ་གཞན་རས་འགའ་དག་ཀྱང་མིན། །རང་རིགས་ས་ ལ་གནས་པའྀ་ལྷ་རྣམས་དག་གིས་དག་པའི་ལུས་ལ་བདུད་རྩི་ལྔ་རྣམས་བསྟེན་པ་ སྟེ། །སྟོང་པར་སེམས་ནི་རབ་ཏུ་ཞུགས་པས་རོ་མཉམ་བྱེད་པ་འཁྲིག་པ་དེ་ནི་སྐྱེ་གནས་ ལ་མ་ཡིན། །ནོར་རྣམས་སྤངས་པ་སྦྱིན་པ་ཡིད་དང་བུད་མེད་འགྲོགས་པ་ལས་ཀྱང་འཕོ་ བ་མེད་པ་ཚུལ་ཁྲིམས་ཏེ། །བཟོད་པ་སྒྲ་ལ་སོགས་ལ་མི་འཇུག་པ་སྟེ་རླུང་གི་གཉིས་ཀའི་ བགྲོད་པ་འཇིག་པ་བརྩོན་འགྲུས་ཉིད། །བསམ་གཏན་ཤེས་རབ་དག་ཀྱང་ལྷན་སྐྱེས་ བདེ་ལ་གནས་པའི་སེམས་དང་ཀུན་ཏུ་འགྲོ་བ་ཀུན་གྱི་སྐད། །དེ་ལ་སེམས་ཅན་དོན་ དང་རྫུ་འཕྲུལ་སྲིད་པ་མཐར་བྱེད་མི་སྐྱེ་ཐོབ་སྟེ་གཞན་པ་བཞི་རྣམས་སོ། །གཅིག་ལ་ སོགས་པ་མཐའ་ཡས་ཞལ་ཏེ་ཕྱག་དང་ཞབས་མང་དུ་མའི་ཁ་དོག་མུན་པ་དག་གི་ མཐར། །ཤེས་རབ་ཐབས་ཀྱི་བདག་ཉིད་ངེས་པར་བདེ་མཉམ་སྟེར་ཏེ་རྩ་ནི་ཟླ་བ་ཉི་མ་ འགོག་པ་ལས། །ས་ལ་སོགས་པ་རྣམས་ནི་ཀུན་ནས་འབིགས་བྱེད་དྲི་མེད་ནོར་བུ་དང་ མཚུངས་སྟོང་པ་གཅིག་པུ་སྟེ། །ཐོག་མ་མེད་ཅིང་མཐའ་མེད་དབུས་ཀྱང་མེད་ལ་ཡུལ་ མེད་ཡུལ་ནི་སྒྲུབ་པ་དུས་ཀྱི་འཁོར་ལོའོ། །དང་པོར་དཔལ་ལྡན་དུས་ཀྱི་འཁོར་ལོ་དང་ ནི་སྲིད་གསུམ་སྐྱེད་མ་འབད་པ་ཡིས་ནི་བསྒྲུབ་པར་བྱ། །དེ་ནས་ས་གཞིའི་གནས་དག་ ཏུ་ནི་འགའ་ཞིག་ཞི་བ་ལ་སོགས་ལས་རྣམས་དག་ཀྱང་བསྒྲུབ་པར་བྱ། །ཕ་དང་མ་ཡིས་ རྣམ་པར་དམན་པའི་བུ་ནི་ཡོད་པ་མིན་པར་དུས་ཀུན་ཏུ་ནི་འཇིག་རྟེན་གྲགས། །དེ་ ཕྱིར་བདེ་མཉམ་འབྲས་སྟེར་གཉིས་པོ་བསྒྲུབ་པར་བྱ་སྟེ་རྣམ་པ་གཞན་དུ་ལས་ནི་གྲུབ་ པ་མིན། །ཁྱབ་བདག་གི་ནི་དཔལ་ལྡན་སྔགས་དང་སངས་རྒྱས་གཟུགས་ཀྱང་རྣལ་འབྱོར་ པ་ཡིས་དང་པོར་བསྒྲུབ་པར་བྱ། །ཕྱི་ནས་ཉི་མའི་དབྱེ་བ་རྣམས་ཀྱིས་གནས་པ་ཡོན་ ཏན་དཔག་ཏུ་མེད་པའི་ལས་རྣམས་སྒྲུབ་པར་འགྱུར། །སྔགས་དང་གཟུགས་བརྙན་མ་ 7-1-77 གྲུབ་པར་ནི་སྲིད་གསུམ་གནས་སུ་ཅི་ཡང་འགྲུབ་པར་འགྱུར་བ་ཉིད་མ་ཡིན། །དེ་ཕྱིར་ རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ལ་སྔགས་དང་གཟུགས་ནི་བསྒྲུབ་པར་ བྱ། །སྒྲ་ནི་གང་ཞིག་སྙིང་ཁའི་ཕྱོགས་ན་ཡོད་པ་མི་མཆོག་རྣམས་ཀྱི་རྣ་བའི་བུ་གས་ཐོས་ གྱུར་པ། །དེ་ལ་མི་ཡི་སེམས་ནི་གཅིག་ཏུ་གྱུར་པ་སྦྱར་བ་དག་ཀྱང་རོ་ནི་མཉམ་པར་གྱུར་ པ་སྟེ། །འཇིག་རྟེན་ཀུན་ཏུ་སྒྲ་ནི་གང་ཞིག་སྲིད་པར་སྐྱེས་པས་བརྗོད་པ་དེ་དང་དེ་ བཞིན་ཐོས། །ཁྱབ་བདག་གི་ནི་རྣམ་ཤེས་ཉིད་དང་རྀང་དུ་ཐོས་པ་དག་ཀྱང་རྣལ་འབྱོར་ པ་ཡིས་བསྒོམ་པར་བྱ། ། དཀྱིལ་ཀྲུང་བཅིང་བ་དག་ཀྱང་བྱས་ནས་ཕན་ཚུན་སོ་དག་ རིག་པ་མིན་པར་ཁ་ནི་རྣམ་པར་ཕྱེ་བ་ཡིས། །ཕྱི་རོལ་རླུང་དག་བཀུག་སྟེ་དེ་དང་བདུད་ རྩིར་བཅས་པ་ལྟེ་བའི་དབུས་སུ་རབ་ཏུ་བཅུག་པ་ཡིས། །ཀུན་ཏུ་བཏུང་བ་དང་ནི་ བཀྲེས་དང་སྐོམ་པ་འཕྲོག་ཅིང་མཆོག་གི་ལུས་ལ་དུག་ཀྱང་ཡང་དག་འགོག །དཔྲལ་ བར་ཐིག་ལེ་དཀར་པོ་དབྱངས་ཀྱིས་ཡོངས་སུ་བསྐོར་བ་བདུད་རྩི་སྤྲོ་བར་བྱེད་པ་ཡིས་ ཀྱང་ངོ༌། །ཁ་ཡང་བཙུམ་སྟེ་སྣ་ཡི་བུག་པ་གཉིས་ཀ་དག་ནས་ཕྱི་རོལ་དག་གི་རླུང་ནི་མ་ ལུས་པ། །སྲོག་གི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་གློག་དང་མཚུངས་པ་ཐུར་སེལ་ རླུང་དང་སྦྱར་བྱས་པ། །དུས་ཀྱི་གོམས་པའི་སྦྱོར་བ་དག་ལས་ཟླ་བ་ཉི་མ་མེ་ཡི་དབུས་སུ་ རོ་ནི་མཉམ་པར་འགྱུར། །ལུས་ལ་ཟས་ལ་སོགས་པས་བཀྲེས་པ་དང་ནི་སྐོམ་པ་འཕྲོག་སྟེ་ འཆི་བ་མེད་པ་ཉིད་ཀྱང་སྟེར། །ཉི་མ་ལས་ནི་གཞན་དུ་ཕྱོགས་དེ་ཉི་འོད་ལ་གནས་རང་ གི་གྲིབ་མ་བརྟན་པའི་མིག་གིས་བལྟ། །ཕྱི་ནས་ནམ་མཁའ་དག་ལ་མངོན་པར་བརྟགས་ ན་རོ་མཉམ་སྐྱེས་བུ་དུ་བའི་མདོག་ཅན་མཐོང་བར་འགྱུར། །ཟླ་བ་དྲུག་ཏུ་གོམས་པའི་ སྦྱོར་བ་དག་ལས་ས་ལ་གནས་པའི་གཏེར་ནི་ས་ཡི་བུ་གར་མཐོང༌། །ཡང་ན་ཤིང་གི་གྲིབ་ མར་རབ་ཏུ་ཞུགས་ཏེ་ནམ་མཁའི་མཐིལ་དུ་ཐིག་ལེའི་ཕྲེང་བར་གྱུར་པས་སོ། །ནུས་མ་ གང་ཞིག་ལྟེ་བའི་དབུས་ནས་གཞན་གྱི་གནས་སུ་བཅུ་གཉིས་མཐའ་དང་ཆ་ཡི་མཐར་ འགྲོ་བ། །དེ་ནི་ལྟེ་བར་འགོག་པ་དང་བཅས་དྲི་མེད་གློག་དང་མཚུངས་པ་དབྱུག་པའི་ གཟུགས་ཅན་ལངས་པ་ཡང༌། །འཁོར་ལོ་ནས་ནི་འཁོར་ལོའི་བར་དུ་ངེས་པར་དམན་ 7-1-78 ཞིང་རོལ་པའི་བགྲོད་པས་དབུ་མའི་རྩལ་བསྐྱེད་དེ། །ཇི་སྲིད་གཙུག་ཏོར་བུག་པར་ བཙན་ཐབས་ཉིད་ཀྱིས་ཕྱི་རོལ་གྱི་ནི་པགས་པ་དག་ལ་ཁབ་བཞིན་རེག །དེ་ཡི་དུས་སུ་ ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཟུང་ གི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་ བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་ པ་ཉིད་དུ་འགྱུར། །སླར་ཡང་འདིས་ནི་རྣལ་འབྱོར་པ་རྣམས་མངོན་ཤེས་ལྔ་ཡི་རང་ བཞིན་སྣ་ཚོགས་ཡུམ་དུ་འགྱུར་བ་ཡིན། །ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་པོ་སྣང་བར་ བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ ལ་དབྱེར་མེད་ཡུལ་དང་རྣམ་པར་བྲལ་བ་སྣང་བ་ཙམ་ནི་མཁའ་ལ་རབ་གནས་ པའི། །སེམས་ལ་སེམས་དག་གིས་ནི་བདག་གིས་འཁྱུད་དེ་འགྲོ་བ་དུ་མའི་གཟུགས་ཅན་ དེ་ནི་གཅིག་པུའོ། །སེམས་ནི་རྙོག་པ་དང་བཅས་ལས་ཀྱི་ཕྱག་རྒྱ་འདི་དང་བརྟགས་པའི་ ཡེ་ཤེས་ཕྱག་རྒྱ་སྤང་བར་བྱ། །ཡང་དག་རྫོགས་པའི་བྱང་ཆུབ་ཆེད་དུ་རྒྱལ་བ་མཆོག་གི་ བསྐྱེད་མ་མཆོག་གི་ཕྱག་རྒྱ་གོས་པ་མེད། །རྣམ་པར་འགྱུར་བ་མེད་ཅིང་མཁའ་མཉམ་ མུན་བཅོམ་ཁྱབ་བྱེད་རྣལ་འབྱོར་དག་གིས་བགྲོད་བྱ་ཐེར་ཟུག་གནས། །ཡེ་ཤེས་གཟི་ བརྗིད་སྲིད་པའི་དྲི་མ་འཕྲོག་ཅིང་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་བསྒོམ་པར་ བྱ། །སྲིད་གསུམ་ཕྲ་རབ་གཟུགས་མིན་འདི་ནི་རྣམ་པར་ཤེས་པའི་དེ་བཞིན་རྣམ་པར་ ཤེས་པ་ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའྀ་ཚིག་ ནི་སངས་རྒྱས་པ་རྣམས་སྨྲ་བར་འགྱུར། །གང་གིས་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ ནི་སྟོང་པ་ཉིད་དེ་བཟུང་ནས་སྟོང་པར་བལྟ་བར་བྱེད། །དེས་ན་གཙོ་བོས་གང་ཞིག་ འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །སངས་རྒྱས་ཆོས་ དང་དགེ་འདུན་ལ་ནི་མི་རྣམས་ཐར་པའི་ཆེད་དུ་སྐྱབས་སུ་ཉེ་བར་འགྲོ་བ་སྟེ། །འདིར་ ནི་སངས་རྒྱས་གཙུག་ལག་ཁང་ན་གནས་པ་འདི་དང་ཡི་གེར་བྲིས་པའི་གླེགས་བམ་ 7-1-79 ཆོས་ཉིད་དང༌། །དགེ་འདུན་ངུར་སྨྲིག་འཛིན་པ་མཆོག་གི་ཁྱབ་བདག་བདེ་བ་སྐྱེ་བ་ འབུམ་ཕྲག་རྣམས་ཀྱིས་སྟེར་བ་མིན། །སློབ་དཔོན་དག་ནི་སངས་རྒྱས་ཉིད་དེ་རབ་ མཆོག་ས་ཡྀ་གཞི་ལ་ཆོས་ནི་དེ་ཡིས་བསྣན་པའོ། །དགེ་འདུན་གང་ཞིག་དེར་གནས་རབ་ ཏུ་དགའ་བའི་ཐུགས་ལྡན་སེམས་ཅན་ཀུན་ལ་རྗེས་སུ་བརྩེ་བ་སྟེ། །དེ་འདིར་རྡོ་རྗེ་རྣམ་ བཞི་རྣམ་པ་གཉིས་གསུང་འདིར་ནི་སླར་ཡང་ཉན་ཐོས་པ་དང་བླ་ན་མེད་པའོ། །དགེ་ སློང་རྣམས་དང་དགེ་སློང་མ་དང་སླར་ཡང་འདིར་ནི་དགེ་བསྙེན་ཆེན་པོ་དག་དང་ དགེ་བསྙེན་མ། །རྣལ་འབྱོར་མ་དང་རྣལ་འབྱོར་པ་རྣམས་ལྷན་སྐྱེས་བདེ་བ་ལ་དགའ་ དགེ་བསྙེན་མ་དང་དགེ་བསྙེན་ཡང༌། །བསོད་ནམས་ཡེ་ཤེས་དོན་གྱི་ཆེད་དུ་རྟག་པར་ མཆོག་ཏུ་འདོད་པའི་སྦྱིན་པ་སྣ་ཚོགས་ཀྱང༌། །ཉན་ཐོས་རྣམས་ལ་མཆོད་སྟོན་ལ་སོགས་ རྣལ་འབྱོར་པ་ལ་མཆོག་ཏུ་བདེ་བྱེད་འདོད་པའི་སྦྱིན་པ་ཡང༌། །སྦྱིན་པ་པོ་གང་རབ་ཏུ་ དགའ་བའི་སྙིམ་གང་དུས་ཀུན་ཏུ་ནི་ཆགས་པའི་སེམས་ཀྱིས་སྦྱིན་བྱེད་པ། །དེ་རྣམས་ བསོད་ནམས་ཡེ་ཤེས་རྫོགས་ཏེ་མཆོག་གི་བདེ་བའི་གནས་སུ་སྐྱེ་བ་འདི་ལ་འགྲོ་བར་ འགྱུར། །རྒྱལ་བར་རབ་ཏུ་གསལ་བའི་སློབ་དཔོན་ལ་ཡང་མཁས་པ་མིན་པའི་ཉན་ཐོས་ གང་ཞིག་སྨོད་བྱེད་པ། །དེ་རྣམས་བགེགས་ཀྱི་མགོན་པོས་བསད་དེ་མཆོག་ཏུ་འཇིགས་ པ་བྱེད་པའི་མནར་མེད་དུ་ནི་མྱུར་དུ་འགྲོ། །གང་ལ་རབ་མཆོག་རྒྱལ་བའི་བདག་པོས་ སྔགས་ཀྱི་མཐུ་རྣམས་ཀྱིས་ནི་རང་ཉིད་བྱིན་གྱིས་བརླབས་པར་མཛད། །མི་རྣམས་དག་ ལས་བརྟུལ་ཞུགས་ངེས་པའི་གནས་ལ་དེ་དང་ཚངས་པར་སྤྱོད་པ་མཚུངས་པར་སྤྱོད་ པའི་དགེ་སློང་སུ། །གང་ཞིག་རྒྱུད་ཀྱི་རྒྱལ་པོ་ལས་ནི་རྒྱལ་བ་མཆོག་གི་སྤྱོད་པ་ཐོས་ཤིང་ དབང་ནི་བླང་ནས་ཀྱང༌། །སླར་ཡང་ཕྲག་དོག་བྱེད་ན་དམྱལ་བ་བརྒྱད་པ་ཇི་སྲིད་འདི་ རུ་འཇུག་འགྱུར་རོ། །གང་ན་ཁབ་རྩེའི་ས་ལ་མི་དགེའི་འབྲས་བུའི་དབང་གིས་དམྱལ་བ་ རྣམས་ནི་ཀུན་ཏུ་རྒྱུ་བར་བྱེད། །དེ་ཕྱིར་མི་རྣམས་སེམས་ལ་ཕྲག་དོག་ཡོད་ཀྱི་བར་དུ་ དབང་ནི་བླངས་པར་བྱ་བར་མི་འགྱུར་རོ། །རང་གི་སེམས་ནི་བརྒྱལ་དང་གཉིད་ལ་རབ་ ཏུ་ཞུགས་པའི་མི་ཡི་བདག་པོ་རང་བཞིན་མེད་པར་འགྱུར། །སད་ལ་རང་བཞིན་དང་ 7-1-80 བཅས་གསལ་བར་བྱེད་དེ་དེ་དག་སྲོག་ཆགས་རྣམས་ཀྱི་ཐར་པའི་ལམ་མ་ཡིན། །དངོས་ དང་དངོས་མེད་ཀྱིས་ཕྱེ་སེམས་ཀྱི་རྡོ་རྗེ་རྣལ་འབྱོར་པ་རྣམས་བདག་ལ་བདེ་མཉམ་ སྟེར་བ་མིན། །གང་ཞིག་མཁའ་ཡི་ཤེས་རབ་ལ་འཁྱུད་ལྷན་སྐྱེས་བདེ་བར་གནས་པའི་ རང་སེམས་དེ་ནི་ཐར་པ་སྟེ། །ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་ དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་སུ་ དཔག་པ་ཤི་བའི་སེམས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང༌། །དེ་ནི་རི་མོ་ སོགས་ལ་ལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱིས་སྒོམ་པའི་ དོན། །གཟུགས་སམ་ཡང་ན་དཀྱིལ་འཁོར་དག་ཀྱང་བྲིས་སྐུ་ལ་ནི་དེ་ཉིད་མིན་པས་ བསྒོམ་པར་བྱ། །ནམ་མཁའ་ལ་ནི་དེ་ཉིད་སྦྱོར་བ་རྣམས་ཀྱིས་རང་སེམས་མ་ཚང་མེད་ པ་མཐའ་དག་མཐོང་གྱུར་པ། །ལོ་ཡི་ཕྱེད་དང་ལོ་གཅིག་བླ་མའི་ངེས་པའི་དབང་གིས་ ཇི་སྲིད་ཉིད་དུ་བརྟན་པར་གྱུར་གྱི་བར། །དེ་ནས་ཕྱག་རྒྱའི་སྦྱོར་བས་ཉིན་ཞག་འགའ་ ཞིག་རྣམས་ཀྱིས་འགྱུར་བ་མེད་པ་ཉིད་དུ་རབ་ཏུ་འགྱུར། །རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ དུ་ནི་ངེས་པར་རྡོ་རྗེའི་ཚིག་འདི་རྣལ་འབྱོར་པ་རྣམས་དག་ལ་གསུང༌། ། བྱིས་པ་རྣམས་ ནི་སྨིན་པར་བྱེད་པའི་དོན་དུ་མཆོག་གི་ཐུགས་རྗེ་དག་གིས་སྣ་ཚོགས་གཙོ་བོས་ སྦས། །དེ་ཕྱིར་དེ་ནི་དབྱེ་བ་བྱས་ནས་ཉིན་ཞག་སོ་སོའི་དུས་སུ་རྣལ་འབྱོར་པ་ཡིས་ བསྒོམ་པར་བྱ། །ཕྱག་རྒྱ་དངོས་གྲུབ་དོན་སླད་རྒྱལ་བ་མཆོག་གི་བསྐྱེད་མཛད་གཞོམ་དུ་ མེད་པ་དུས་ཀྱི་འཁོར་ལོའོ། །དཔལ་ལྡན་ཟླ་བ་དང་ནི་ཟླ་བ་ཆུ་ཤེལ་རྣམ་རྟོག་མེད་པའི་ རང་བཞིན་ལས་ནི་ཆུ་འབྱུང་བ། །དེ་བཞིན་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་ པོ་ལ་རྟེན་ཐམས་ཅད་མཁྱེན་པའི་ཆོས་འཛག་སྟེ། །ཆུ་ནི་ས་བོན་ཁམས་ལ་ཀུན་ཏུ་ བརྟེན་ནས་རོ་མཉམ་འགྱུར་བ་ཇི་བཞིན་ཉིད་དུ་ཆོས་དག་ནི། །སེམས་ཅན་རྣམས་ཀྱི་ དག་པའི་སེམས་ཀྱིས་རྣམ་པ་མང་པོར་འགྱུར་ཏེ་སྔོན་གྱི་ལས་ཀྱི་མཐུ་ལས་སོ། །སྲིད་ གསུམ་གནས་ན་སེམས་ཅན་དོན་གྱི་བྱེད་པོ་དག་ནི་ཡིད་བཞིན་ནོར་བུ་ལ་ཡང་བསམ་ 7-1-81 པ་མེད། །སེམས་ལ་གནས་པ་དེ་ནི་མི་དགེའི་འབྲས་བུའི་དབང་གིས་སྡིག་པའི་ལས་ཅན་ སེམས་ཅན་ཀུན་གྱིས་མི་མཐོང་ངོ༌། །ཡིད་བཞིན་ནོར་བུའི་སྐྱོན་མིན་མི་དགེ་བ་དང་ དགེ་བའི་འབྲས་བུས་སེམས་ཅན་ཐམས་ཅད་རབ་ཏུ་སྤྱོད། །སེམས་ནི་དག་ན་མི་དེ་ཡང་ ནི་རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །གང་ཞིག་མྱུ་གུ་འདི་ བསྐྱེད་སྐྱེད་པར་བྱེད་པ་དེ་ནི་དངོས་པོ་སྐྱེས་ནས་རྣམ་པར་ཉམས་པར་འགྱུར། །ཉམས་ པ་དེ་ཡིས་སྐྱེས་པར་རབ་ཏུ་འགྱུར་ཏེ་སླར་ཡང་ས་བོན་རྒྱལ་པོ་དག་གིས་སྐྱེད་བྱེད་ དེ། །སྔ་མ་གང་དེ་གཞན་གྱི་དངོས་ལས་ཤི་བ་ཞེས་བྱའི་ཚིག་སྟེ་རང་གི་ངོ་བོས་སྐྱེས་པ་ མིན། །གང་གིས་སྟོང་པ་ནས་ནི་ས་ལ་འོངས་པ་བདེ་བའི་སྐད་ཅིག་དེ་ཡིས་སྟོབས་ བཅུར་འགྲོ་བར་འགྱུར། །བདེ་ནས་དེ་ལ་རྗེས་ཆགས་སྐད་ཅིག་འདིར་ནི་ལྷན་སྐྱེས་ དངོས་པོ་གཞན་ལ་རྗེས་སུ་ཆགས་པ་ཡིན། །ཕུང་པོ་གང་དག་དེ་ཡིས་བསྐྱེད་རྣམས་སླར་ ཡང་བདེ་བའི་སྐད་ཅིག་དེ་ཡིས་སྐྱེད་པར་བྱེད་པ་སྟེ། །དག་པ་ལས་ཆོས་དེ་ལས་གཞན་ དེ་སླར་ཡང་དེ་ལས་གཞན་དང་དེ་ལས་རྣམ་པར་དག་པའོ། ། དག་པའི་ས་ལ་ས་བོན་ བཏབ་པ་ལས་ནི་རྩ་བ་རྣམས་དང་ལོ་མ་མེ་ཏོག་འབྲས་བུ་བཞིན། ། ས་དང་ཆུ་དང་མེ་ དང་རླུང་དང་རོ་དང་མཆོག་གི་རོ་སྟེ་ཕྲ་རབ་རྣམས་ནི་རྣམ་པ་དྲུག །དྲི་ལ་སོགས་པ་རེ་ རེས་དམན་ཞིང་མཐའ་མ་ཡུལ་དང་རྣམ་པར་བྲལ་བ་ཡེ་ཤེས་བལྟ་བྱ་རྣམས། ། འདོད་ པ་གཟུགས་དང་གཟུགས་མེད་རྣམས་ནི་ཟུང་དང་ཟུང་དང་རི་བོང་ཅན་དེ་མཐའ་མ་ ཆོས་ཀྱི་དབྱིངས། །རྣམ་པ་ཀུན་ལྡན་དེ་རྣམས་ཀུན་ནས་རྟག་ཏུ་འཕོ་མེད་བདེ་བ་ལྷན་ སྐྱེས་རྟེན་ཏུ་གྱུར་པའོ། །ས་སོགས་ཁམས་ལ་ཕན་ཚུན་དུ་ནི་གཙོ་བོའི་དངོས་པོ་དག་ལ་ སླར་ཡང་ཕལ་པའི་དངོས་རྣམས་གནས། །ཕན་ཚུན་ཕུང་པོ་འབྱུང་བ་དང་ནི་ཡུལ་དང་ ཡུལ་ཅན་རྣམས་ནི་ཕན་ཚུན་བདུད་དང་མ་རིག་པ། །ལྔ་པོ་ཕན་ཚུན་རྗེས་སུ་ཆགས་ན་ རོ་ཡི་འགྲོ་རྣམས་ལ་གནས་སྡུག་བསྔལ་བདེ་བའི་སྐད་ཅིག་གོ །རྣམ་པ་ཐམས་ཅད་པ་ རྣམས་ཀུན་ནས་གཞན་གྱི་ཡོན་ཏན་མི་རྒ་མི་ཕྱེད་རྡོ་རྗེ་ཡང་དག་གནས། །དེ་དག་ རྣམས་ཀྱིས་དུས་ཀྱི་འཁོར་ལོ་རྫུ་འཕྲུལ་རབ་ཏུ་གསལ་བྱེད་ཆེན་པོ་དུ་མ་སྤྲུལ་པའི་ 7-1-82 སྐུ། །རྡོ་རྗེ་འབར་བ་འཕྲོ་བ་རྣམས་ཀྱིས་འདོད་པའི་ཁམས་ན་གནས་པ་ལྷ་མིན་དང་ནི་ མི་རྣམས་དང༌། །ལོངས་སྤྱོད་རྫོགས་པ་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་ སྲས་སོགས་དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡིས། །སྟོང་པ་ཆ་ཡིས་སྲིད་གསུམ་མཐའ་དག་ སྟོང་པའི་ཟད་པར་རླུང་རྣམས་ཀྱིས་ནི་རླུང་གི་ཟད་པར་སྟེ། །མེ་ཡི་ཆ་ཤས་རྣམས་ཀྱིས་ མེ་ཡི་ཟད་པར་ཆུ་ཡང་འགྲོ་ལ་སྤྲོས་པའི་ཆུ་ཡི་ཆ་རྣམས་ཀྱིས། །འཛིན་མའི་ཆ་ཤས་ རྣམས་ཀྱིས་ས་ཡི་ཟད་པར་ཚོགས་པའི་ཡུལ་རྣམས་ཀྱིས་ནི་དངོས་པོའི་རང་བཞིན་ ཀུན། །ཀུན་ནས་ནམ་མཁའ་དག་དང་མཚུངས་པ་གཅིག་གིས་བདག་ཉིད་འདི་ནི་དག་ པའི་ས་ལ་སྟོན་པར་མཛད། །དེ་ལྟར་སངས་རྒྱས་སྐུར་གྱུར་བདེ་བ་གཅིག་པུའི་རང་ བཞིན་ཕྱིར་ན་འཆི་བར་ཡང་ནི་མི་འགྱུར་རོ། །དེ་གཅིག་པུ་ལས་མཐའ་དག་རྒྱལ་བ་ མཆོག་འདི་རྣམས་ཀྱིས་རྣམ་པ་ལྔ་ཡིས་མངོན་རྫོགས་བྱང་ཆུབ་དང༌། །རྣམ་པ་ཉི་ཤུ་ རང་བཞིན་དང་ནི་སླར་ཡང་དེ་ནས་སྒྱུ་འཕྲུལ་དུ་མའི་རང་གི་ངོ་བོའོ། ། དེ་ཡི་སྐད་ ཅིག་གཅིག་ནི་བདེ་མཉམ་འབྲས་བུ་སྟེར་བར་འགྱུར་ཏེ་ལས་གཞན་གྱིས་ནི་རང་བཞིན་ མིན། །འདིར་ནི་འཕོ་མེད་ཐབས་གང་ཡིན་པའི་སྐད་ཅིག་མ་འདི་ལྷན་སྐྱེས་ཆོས་ཀྱི་ དབྱིངས་སུ་རབ་ཏུ་ཞུགས་པའོ། །མཐའ་ཡས་སངས་རྒྱས་ཞིང་རྣམས་དང་ནི་དཔག་ མེད་ཡོན་ཏན་རྣམས་དང་ནམ་མཁའ་ལ་སོགས་ཁམས་རྣམས་དང༌། །གནས་དང་སྐྱེ་ དང་ཉམས་པ་རྣམ་གསུམ་ཞེས་པའྀ་སྲིད་པ་དང་ནི་འགྲོ་བ་དྲུག་གི་སེམས་ཅན་ ཀུན། །སངས་རྒྱས་ཁྲོ་བོ་ལྷ་མོ་རྣམས་དང་སྙིང་རྗེའི་ཐུགས་ལྡན་བྱང་ཆུབ་སེམས་དཔའ་ བཙུན་མོར་བཅས་རྣམས་ཏེ། །འདི་དག་རྣམས་ནི་སྲིད་པ་གསུམ་གྱི་ཕྱག་བྱས་རྒྱལ་བའྀ་ བདེ་འབྱུང་གཅིག་པུའི་འཁོར་ལོ་གཅིག་ཡིན་ནོ། །སྤུ་དང་པགས་པ་ཤ་ཁྲག་རོ་དང་ བཅས་པ་དག་དང་དེ་བཞིན་རུས་པ་དང་ནི་རྐང་དང་རྩ། །དེ་དག་རྣམས་ལ་སྲོག་ སོགས་རླུང་སྟེ་ཀུན་ནས་རླུང་གི་དབུས་སུ་ཉི་མ་ཟླ་བ་བགྲོད་པའོ། །ཟླ་བའི་དབུས་སུ་དྲི་ མེད་ནོར་བུ་བཞིན་དུ་དངོས་པོ་ཀུན་གྱིས་འཁྱུད་པའི་རྣམ་པར་ཤེས་པ་སྟེ། །དེ་ནི་ དངོས་དང་དངོས་མེད་གཉིས་མེད་ཉིད་དང་མཆོག་གི་བདུད་རྩིའི་གོ་འཕང་ཁྱབ་བྱེད་ 7-1-83 གཞོམ་མེད་དོ། །སྤུ་ལ་སོགས་པ་ཟླ་བའི་མཐའ་ནི་མཐའ་དག་ལུས་ལ་གནས་རྣམས་གང་ ཞིག་ས་བཅུར་གསུངས་པ་རྣམས། །སྡེ་པ་དྲུག་དང་ལ་སོགས་གཞན་རྣམས་འདི་དག་ དུས་ཀུན་རྣལ་འབྱོར་རྣམས་ལ་བདེ་མཉམ་འབྲས་བུ་སྟེར། །དེ་ཕྱིར་བླ་མའི་ཞབས་ལ་ གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་ཐར་པའི་སླད་དུ་བཙལ་བར་བྱ། །ལུས་ལས་མ་ གཏོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་གཞན་ནི་འགའ་ཡང་ཡོད་མ་ ཡིན། །སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་ འཇིག་རྟེན་ཁམས་ན་ཡོད་མ་ཡིན། །དེ་རྣམས་མཉེས་པར་བྱས་ནས་དཔག་མེད་སྲིད་པ་ གཅོད་པར་བྱེད་དེ་རྣམ་པར་མི་རྟོག་པ་ལས་སོ། །རྣལ་འབྱོར་པ་ནི་འཁུ་བར་བྱེད་ན་ངུ་ འབོད་ལ་སོགས་པ་དམྱལ་བ་ཆེན་པོའི་མཐའ་རུ་འགྲོ་བར་འགྱུར། །དེ་ཕྱིར་སེམས་ནི་ རྣམ་པར་དག་པས་མཁས་དང་མི་མཁས་སྐྱེ་བོ་རྣམས་ལ་འགལ་བ་མི་བྱའོ། །སེམས་ཅན་ དག་དང་འགྲོགས་པ་ཐོབ་ནས་མི་ཡི་བདག་པོ་དག་པའི་བྱམས་པ་ལ་སོགས་སེམས་སུ་ འགྱུར། །མི་དགེ་ཡོན་ཏན་དང་ལྡན་འཁོར་བ་པ་ནི་དྲུག་པོ་རྣམས་ཀྱི་ཞེ་སྡང་ཆགས་ སོགས་སེམས་སུ་འགྱུར། །དུས་ཀུན་ཏུ་ནི་བྱང་ཆུབ་སེམས་ཀྱང་འགྲོ་བ་དང་ནི་འགྲོ་བར་ འདོད་པ་རྣམ་པ་གཉིས་སུ་འགྱུར། །ཐར་པར་འཇུག་པས་དམན་ཞིང་སྨོན་པ་རྣམ་པར་ སྤངས་པ་དག་ནི་ཐམས་ཅད་དུས་སུ་བདུད་ཀྱི་སེམས། །སྲིད་པ་གསུམ་གྱི་གནས་སུ་ བདུད་རྣམས་ཞི་བ་མིན་པ་དང་ནི་བྱང་ཆུབ་སེམས་དཔའ་ཞི་བ་བྱེད། །བདུད་ཀྱི་དབང་ པོ་རྫུ་འཕྲུལ་གྱིས་དམན་མཆོག་ཏུ་འཇིགས་བྱེད་ཡིན་ཏེ་སྟོན་པ་གཅིག་པུ་རྫུ་འཕྲུལ་ ལྡན། །བདུད་རྣམས་ཀྱིས་ནི་བདུད་ཀྱི་བློ་དང་སྐྱོབ་པ་རྣམས་ཀྱི་བདེ་བའི་བློ་གྲོས་གཞན་ གྱི་སྙིང་ལ་འཇུག །དེ་ཕྱིར་སངས་རྒྱས་མཐུ་རྣམས་ཀྱིས་ནི་སྲིད་པ་གསུམ་པོ་མཐའ་དག་ མཐའ་ཡས་དུས་སུ་འཇུག་པར་འགྱུར། །རྒྱལ་བ་རྣམས་ཀྱིས་འཇིག་རྟེན་ཁམས་ལ་ཚད་ གསུམ་གང་ཡིན་དེ་ཡང་མི་རྣམས་ཀྱིས་ནི་ཡེ་ཤེས་མིན། །སངས་རྒྱས་རྣམས་ལ་ལྷན་སྐྱེས་ ལུས་ཀྱི་དབང་གིས་ཁྲུ་ནི་གཅིག་དང་དུ་མ་དག་གི་ཆེད་མེད་དེ། །ལས་ཀྱི་སེར་ནི་སྲོག་ ཆགས་རྣམས་ལ་སེམས་ཅན་རྗེས་མཐུན་ཚད་དག་རྟག་ཏུ་རབ་ཏུ་གསལ་བར་ 7-1-84 མཛད། །གལ་ཏེ་ཚད་འདྀ་བདག་གི་འདོད་པ་བརྗོད་ན་ལྷ་རྣམས་ཀྱིས་ནི་མེད་པ་ཞེས་ ནི་བརྗོད་པར་འགྱུར། །གང་གིས་རྒྱལ་བའི་དབང་པོ་བསྐྱེད་ཅིང་ཉིན་ཞག་སོ་སོའི་ དབང་ལས་གང་གིས་མངལ་ནས་ངེས་པར་འབྱུང༌། །སྐད་ཅིག་གང་གིས་འགྱུར་བ་དག་ དང་རྣམ་པར་བྲལ་བ་གྲུབ་ཅིང་གཡོ་བ་མེད་གྱུར་པ། །སངས་རྒྱས་བྱ་བ་དེ་སྤངས་ནས་ ནི་བདེ་མཉམ་དང་བྲལ་སྟོང་པ་གཞན་དག་གང་ཞིག་སྒོམ་བྱེད་པ། །དེའི་བསྐལ་པ་བྱེ་ བ་དུ་མ་རྣམས་ཀྱི་སངས་རྒྱས་ཉིད་དང་ལྷན་སྐྱེས་བདེ་བ་དག་ཀྱང་རིང༌། །ནིམ་པའི་ ཤིང་ལས་རྒུན་འབྲུམ་མིན་ཏེ་དུག་ལས་བདུད་རྩི་དང་ནི་ཚངས་པའི་ཤིང་ལས་འདམ་ སྐྱེས་དང༌། །སྟོང་པ་ལས་ནི་མྱང་འདས་བདེ་བ་མི་དགེའི་དབང་ལས་དགེ་བ་སྲོག་ ཆགས་གསོད་ལས་གྲུབ་པ་རྣམས། །མཆོད་སྦྱིན་དག་ལས་ཕྱུག་རྣམས་མཐོ་རིས་དང་ནི་ དབང་སོགས་འགོག་ལས་མཆོག་ཏུ་ཞི་བའི་གོ་འཕང་མིན། །རིག་བྱེད་ལས་ནི་ཀུན་ མཁྱེན་གསུང་དང་འགྱུར་མེད་བདེ་བ་གཡོ་མེད་འགྱུར་བ་མ་དག་སེམས་ལས་ ནི། །སེམས་ཅན་རྣམས་ཀྱི་སྡིག་པའི་སེམས་ནི་བདུད་ཀྱི་ཚོགས་ཀྱིས་བྱིན་གྱིས་བརླབ་ པར་འགྱུར་རོ་མི་ཡི་བདག །བསོད་ནམས་ཡེ་ཤེས་རྗེས་ཆགས་བདེ་སྟེར་དག་ཀྱང་རྟག་ ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པའོ། །གང་ཕྱིར་བདེ་བའི་དམ་ ཚིག་དབང་གིས་བདུད་དང་ཉོན་མོངས་བཅོམ་ནས་མྱ་ངན་འདས་པར་འགྲོ་བྱེད་པ། ། དེ་ཕྱིར་བདུད་རྣམས་ཉི་མ་སོ་སོའི་དུས་སུ་དེ་དག་རྣམས་ལ་དུ་མ་ཡི་ནི་བགེགས་རྣམས་ བྱེད། །རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་ རྒྱ་བསྟེན་པར་བྱ། །དེ་ནས་ཉི་མའི་གཟུགས་ནི་ལུས་དང་གདོང་དང་རྐང་པ་གཙུག་ཏོར་ ཡན་ལག་ཐམས་ཅད་རྫོགས་པ་སྟེ། །གློག་གི་དབྱུག་པའི་རྗེས་མཐུན་འཕོ་མེད་བདེ་བ་ བསྐྱེད་པར་བྱེད་དམ་མཚན་ཉིད་ཡན་ལག་རབ་ཏུ་རྫོགས། །རྡོ་རྗེ་རྣམས་ཀྱིས་རབ་ཏུ་ སྣང་བར་བྱེད་མ་སྲིད་གསུམ་གནས་ལུས་ཆོས་ཀྱི་དབྱིངས་ནི་དེ་ནས་འགྱུར། །འགྱུར་བ་ མེད་པའི་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ ཁྲོད་དང༌། ། མི་གཙང་བ་དང་གཙང་བའི་གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་ཐམས་ 7-1-85 ཅད་དུ་ནི་དུས་ཀུན་ཏུ། ། ཤིན་ཏུ་དགའ་བའི་དགའ་བ་ལ་གནས་འཇིག་རྟེན་ལམ་ལས་ རབ་གྲོལ་རིགས་དང་རིགས་མིན་མངོན་སྤྱོད་ཅིང༌། །ལུས་སྟོབས་བདེ་སྟེར་བཟའ་བ་ བཏུང་བ་ལ་སོགས་ལོངས་སྤྱོད་དང་ལྡན་རྣལ་འབྱོར་རྣམས་ཀྱི་བསྒོམ་པར་བྱ། །རླུང་ནི་ ཡང་དག་འཕྲད་པ་རྣམས་ཀྱིས་གློག་གི་མེ་ཡིས་རྩེ་མོས་སྤྱི་བོའི་ཟླ་བ་ཞུ་བར་བྱེད། །ཐིག་ ལེ་གང་གང་ཞུ་བ་འདི་ནས་མགྲིན་པ་སྙིང་ཁ་ལ་སོན་ལྟེ་བ་གསང་བ་རྣམས་ལས་ འགོག །ཐིག་ལེ་ལས་ནི་གཡོ་བའི་ཁུ་བ་རྡོ་རྗེ་ནོར་བུ་ལ་གནས་རྒྱལ་མཚན་རྩེ་ལ་འགོག་ པ་གང༌། །དེ་ནི་ཤེས་རབ་ཡེ་ཤེས་སྐད་ཅིག་གལ་ཏེ་ཐིག་ལེའི་ཕྲེང་བ་འཕོ་བ་མེད་པས་ བདེ་སྟེར་ནའོ། །དེ་ཕྱིར་གཡོ་མེད་བདེ་བའི་སྐད་ཅིག་ལྷན་ཅིག་སྐྱེས་པ་འདིར་ནི་ཆོས་ ཀྱི་དབྱིངས་ཀྱིས་སྟེར་བྱེད་དོ། །རོ་ཡི་འགྲོ་བ་རྣམས་ལ་གནས་པའི་སྲོག་རྣམས་ཐམས་ ཅད་བཀུག་ཅིང་ཉོན་མོངས་བདུད་རྣམས་བཅོམ་བྱས་ནས། །རྫུ་འཕྲུལ་ཀུན་མཁྱེན་ས་ དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱི་སྐྱེ་བ་འདི་ལ་སྟེ། །གལ་ཏེ་ལམ་དུ་ རབ་ཞུགས་ཤི་བར་གྱུར་ན་དེ་ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་ལའོ། །གང་ཞིག་ཁྲག་ནི་ འཐུང་བྱེད་རབ་མཆོག་ལྷ་མི་རྣམས་ཀྱི་སྦྲང་བུ་དེ་ནི་བདུད་རྩི་གཅིག་པུ་སྟེ། །སྐྱུག་པ་ སྙིང་ཁ་གསང་བའི་ཁ་ནས་ནོར་བུ་ལ་གནས་ཆུ་སྐྱེས་ནང་དུ་རབ་ཏུ་ཞུགས་པ་ མིན། །བཤང་བ་གཅིན་དང་ཁྲག་དང་ཤ་ནི་མཆོག་ཏུ་རོ་མཉམ་སྐྱུག་པ་ནང་དུ་རབ་ཏུ་ ཞུགས་པ་སྟེ། །འདི་དག་རྣམས་ནི་ཡེ་ཤེས་བདུད་རྩི་སྲིད་པ་གསུམ་གྱི་བླ་མ་ཡིས་ཀྱང་ རྒྱུད་རྣམས་ཀུན་ཏུ་བསྟན། །སྐྱེས་བུ་རྣམས་ཀྱི་སེམས་ནི་ཀུན་ནས་མི་དགེའི་འབྲས་བུའི་ དབང་གིས་ཕྲན་ཚེགས་རིག་པ་ལ་རྗེས་ཆགས། །རིག་པ་འདི་ཡིས་སྲིད་པ་གསུམ་པོ་ མཐའ་དག་སྐད་ཅིག་གིས་ནི་བདག་གི་དབང་དུ་བྱེད་པའོ། །ཞེས་པའི་བསམ་པ་བརྐམ་ ཆགས་སེམས་ཀྱིས་སྦྱིན་དང་ཡེ་ཤེས་རྣམ་པར་སྤངས་ནས་དམྱལ་བར་རབ་ཏུ་འཇུག ། ཕྱིས་ནི་རྫས་དང་རང་གི་ཆུང་མ་གཞན་གྱི་དབང་གྱུར་ཀྱེ་མ་ངན་པའི་ཆོས་ལ་རབ་ཏུ་ འཇུག །ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆོས་ཀྱི་ སྐུར་གྱུར་པ། ། ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཡེ་ཤེས་དང་ 7-1-86 ནི་རྣམ་ཤེས་དབྱེ་བ་ལས། །འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྒྲ་བརྙན་ལྟ་བུ་སེམས་ ཅན་དུ་མའི་དོན་ནི་བྱེད་པ་པོ། །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སླར་ཡང་འདི་ ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར། །རྡོ་རྗེ་སེམས་དཔའ་གཅིག་པུ་འདི་ནི་ དུས་མཐའི་སྤྲིན་དང་མཚུངས་པ་ཧེ་རུ་ཀར་ནི་བྱུང་བར་འགྱུར། །གདུག་པ་རྣམས་ནི་ སྨིན་པའི་དོན་དེ་དེ་ཡང་དམ་ཚིག་རྒྱལ་བ་རྨོངས་པ་རྣམས་ནི་བདེ་བའི་དོན། །རིན་ ཆེན་དབང་པོ་སྡུག་བསྔལ་ལྡན་པ་རྣམས་ཀྱི་དེ་ཡང་པད་འཛིན་ཆགས་ཅན་རྣམས་ཀྱི་ ཆགས་པའི་སླད། །བགེགས་རྣམས་དག་ནི་གཞོམ་པའི་དོན་དུ་ཕྱག་གི་པད་མ་རལ་གྲི་ དོན་ཡོད་གྲུབ་པར་བྱུང་བར་གྱུར། །ཞེ་སྡང་ལས་ནི་སྣ་ཚོགས་ཡུམ་གང་དུས་མཐའི་རྩེ་ མོ་ཅན་མཚུངས་དེ་ནི་མཁའ་འགྲོ་མར་བྱུང་གྱུར། ། གཏི་མུག་དག་ལ་སྤྱན་མ་ཞེས་བྱ་ མཆོག་གི་སྙིང་རྗེ་མཱ་མ་ཀཱི་ནི་ང་རྒྱལ་རྒྱུ་ལས་སོ། །ཆགས་ལས་དེ་ནི་གོས་དཀར་ཞེས་བྱ་ མཐའ་དག་ཡོན་ཏན་གཏེར་ཏེ་སྒྲོལ་མ་ཡང་ནི་ཕྲག་དོག་ལས། །སྣ་ཚོགས་གཟུགས་ཅན་ གཉིས་པོ་འདི་དག་ཡུལ་དང་ཡུལ་ཅན་གཞན་རྣམས་ཐམས་ཅད་དུ་ཡང་བྱུང་བར་ གྱུར། །ཕུང་པོ་ལྔ་ཡི་རང་བཞིན་རྣམས་ཀྱིས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་ པ་བརྩེ་བ་ཡིས། །ངེས་པ་རྣམ་པར་མ་སྒྲུབ་བསོད་ནམས་བསགས་པ་མིན་པའི་སེམས་ ཅན་རྣམས་ནི་སྨིན་པའི་དོན་དུ་སྟེ། །གཙང་མའི་གནས་ལ་སོགས་པར་བཅོམ་ལྡན་གང་ ཞིག་རྣམ་པར་བཞུགས་པ་ཉན་ཐོས་རྣམས་ཀྱི་སླད་དུའོ། །གང་ཞིག་ཨེ་ཝཾ་ཡི་གེ་ལ་ གནས་མཆོག་གི་ངེས་པ་ཅན་རྣམས་མཆོག་ལ་འགོད་པའི་དོན་དུའོ། །སེམས་ཅན་ རྣམས་ནི་སྨིན་པའི་སླད་དུ་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བ་རྣམས་ཀྱིས་དུས་ཀུན་ ཏུ། ། ངེས་པར་རྡོ་རྗེ་ཅན་གྱི་བཞུགས་པ་རྣམ་གསུམ་ཕྱི་དང་ནང་དང་གསང་བ་གཞན་ དུ་ཡང་ནི་རབ་ཏུ་འགྱུར། །ཕྱི་རོལ་སྣ་ཚོགས་ཕྱོགས་ལ་རྒྱུར་ཏེ་མཆོག་གི་ལུས་ལ་སྲོག་གི་ རླུང་ནི་རབ་ཏུ་རྒྱུ་བ་ལའོ། །ཁྱབ་བདག་གི་ནི་ལ་སོགས་དཀྱིལ་འཁོར་དག་ལ་རབ་གྱུར་ གང་དེ་རྡོ་རྗེ་བཙུན་མོའི་བྷ་ག་ལ། །གང་ཞིག་སྒྲ་ལ་སོགས་ལ་རང་སེམས་འགྲོ་སྟེ་ཡུལ་ མེད་ལའང་གཞན་ནི་དེ་བཞིན་ཁོ་ནའོ། །གང་ཞིག་ཨེ་ཝཾ་ཡི་གེར་གནས་པ་མཆོག་ཏུ་ 7-1-87 བདེ་བའི་གནས་ལ་སྐུ་གསུང་ཐུགས་ནི་བཞུགས་པའོ། །གཅིག་པུ་རྡོ་རྗེ་ཅན་ནི་དབྱེ་བ་ གསུམ་སྟེ་ཡུལ་དང་ཡུལ་ཅན་ཁམས་རྣམས་ཀྱིས་ཀྱང་བསྐོར་བའོ། །དུས་གསུམ་གནས་ གསུམ་དུ་བཞུགས་སྲིད་པ་གསུམ་དུའང་གནས་པ་སེམས་ཅན་དུ་མའི་དོན་གྱི་སླད་ དུའོ། །རྒྱུད་རྣམས་དག་ལས་འདི་སྐད་བདག་གིས་ཐོས་ཞེས་གསུངས་པ་གང་དེ་འདི་ ལྟར་བདག་གིས་ཤེས་པ་སྟེ། ། རྡོ་རྗེ་ཅན་གྱི་ཟླ་བ་ཞུ་ལས་གང་ཞིག་སྤྱི་བོ་མགྲིན་པ་སྙིང་ གའི་ཆུ་སྐྱེས་ལྟེ་གསང་སྟེ། །རྡོ་རྗེ་བཙུན་མོ་རྣམས་ཀྱི་བྷ་གར་དེ་ནི་ཐིག་ལེ་གྲོལ་བ་གསུམ་ གྱིས་མཆོག་གི་པད་མར་གནས། ། དེ་འདིར་སངས་རྒྱས་ཉིད་དུ་རབ་ཏུ་ཞུགས་པ་བཅོམ་ ལྡན་འདས་ལ་རྣལ་འབྱོར་རྣམས་ཀྱི་རིག་པར་བྱ། །སྐྱེ་བ་སྔ་མར་རང་གི་སྙིང་གིས་ བསྐྱེད་པའི་ཞི་དང་ཆགས་པ་ལ་སོགས་དངོས་པོ་རྣམས་ཀྱིས་ནི། །བག་ཆགས་སྟོབས་ ཀྱིས་འཁོར་ལོར་གནས་པ་གཅིག་ནི་དུ་མར་མཐོང་སྟེ་སྨོན་ལམ་ཡོན་ཏན་དབང་གིས་ སོ། །དོན་གཅིག་དུ་མའི་སྐད་ནི་རང་རང་དངོས་པོ་རྣམས་ཀྱིས་སྲོག་ཆགས་རྣམས་ཀྱི་ སྙིང་ལ་རབ་ཏུ་འཇུག །གནས་ཅན་རྣམས་ཀྱི་བསོད་ནམས་སླད་དུ་འཁོར་ལོར་གནས་ པ་བསོད་སྙོམ་ལ་ནི་རྣམ་པར་རྒྱུ་རུ་གཤེགས། །དུད་འགྲོ་ཡི་དྭགས་ལྷ་མིན་རྣམས་དང་ ལྟོ་འཕྱེ་ལྷ་དང་མི་ནི་འཕགས་པ་བོད་ལ་སོགས་རྣམས་དང༌། ། བྱུང་དང་འབྱུང་འགྱུར་ དེ་ལྟར་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་ནི་གསུང་བྱེད་ཅིང༌། །རང་ རང་སྐད་གཞན་དག་གིས་སྲིད་པ་གསུམ་པོ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད་ བྱེད་པ། །འདི་ནི་བདེ་མཉམ་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་ སྐད་ཀྱང་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱིའང་རྟོགས་བྱ་མིན་པ་དཔག་མེད་ཡོན་ཏན་ དང་ལྡན་སངས་རྒྱས་སྤྲུལ་པ་སྒྱུ་མ་ནི། །སྲིད་པ་གསུམ་གྱི་གནས་སུ་བདག་ཉིད་སྟོན་ པར་བྱེད་དེ་བརྒྱ་བྱིན་གཞུ་ནི་ཇི་བཞིན་ཉིད་དུའོ། །སྣ་ཚོགས་དངོས་རྣམས་ཀྱིས་ཕྱེ་རྒྱལ་ བ་དང་བཅས་ལྷ་མི་རྣམས་ཀྱི་རང་རང་སེམས་ལ་རབ་ཏུ་ཞུགས་པའོ། །འདི་ནི་མ་སྐྱེས་ ཆོས་ཏེ་ཆུ་ལ་ནམ་མཁའ་བཞིན་དུ་འདིར་ནི་སྐྱེ་བར་འཁྲུལ་བ་སྟེར་བའོ། །རྒྱལ་བའི་སྐུ་ ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱིས་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་ 7-1-88 པ། །གསུང་གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་དག་གིས་ཆོས་ནི་གོ་ བར་བྱེད་པའོ། ། རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་ བཞིན་མཐའ་དག་ས་ལ་གནས། །དྲི་མེད་ནོར་བུ་ལྟ་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་ གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །སྦྱིན་པ་ལ་སོགས་བདེ་མཉམ་འབྲས་སྟེར་དྲུག་དང་ བཞི་རྣམས་ནུས་མ་བཅུ་པོ་དེ་དག་རྣམས་སུ་གསུངས། །དེ་དག་རྣམས་ཀྱི་ཐབས་ནི་དག་ པ་མཆོག་གི་སེམས་ཀྱིས་གང་བའི་བུམ་པ་རྣམ་བཅུ་དེ་རྣམས་སོ། །བདུད་དང་ཉོན་ མོངས་ཉམས་པ་འདོད་པ་ཞེ་སྡང་འཕྲོག་བྱེད་རྡོ་རྗེའི་ཚོགས་ནི་ལྗོན་པ་ལ་སོགས་ རྣམས། །ཕྱག་རྒྱ་དྲུག་རྣམས་སྟོང་པ་དྲུག་སྟེ་སྲིད་གསུམ་སྐྱེད་པར་མཛད་པ་ཡེ་ཤེས་རྣམ་ ཤེས་གཅིག་པའོ། །འཁོར་ལོ་སྲིད་གསུམ་ཀུན་ནས་དང་བ་ཞེས་པའོ་བདེ་བ་རིན་ཆེན་ འདི་ཡི་ཆགས་པ་ཉིད་དག་ནི། །པད་མའོ་ཉོན་མོངས་ཟད་པ་རལ་གྲི་རྡོ་རྗེ་དག་ཀྱང་ཡེ་ ཤེས་སྐུ་ཆེན་རྣམ་པར་མི་ཕྱེད་པའོ། །མི་ཤེས་གཅོད་པ་གྲི་གུག་མཆོག་གི་རིགས་དྲུག་ རྣམས་ཏེ་འདི་དག་རྣམས་ཀྱི་བསྐྱེད་པ་གང་ཡིན་པ། །ཕུང་པོ་ཁམས་དང་དབང་པོ་ལ་ སོགས་མཁའ་བཞིན་རོ་མཉམ་དེ་དག་རྣམས་ཀྱང་དེ་བཞིན་རིག་པར་བྱ། །གང་དུ་ངེས་ པར་རིགས་ཀྱི་གཟུགས་ནི་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཆེན་པོའི་གཟུགས་སུ་ གསུང༌། །གང་དུ་འཁོར་བའི་སྡུག་བསྔལ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཚོར་བ་ཆེན་ པོར་གསུངས་པ་སྟེ། །གང་དུ་འཁོར་བའི་འདུ་ཤེས་ཉམས་པ་ཉིད་དུ་གྱུར་པ་དེ་ནི་རྡོ་ རྗེའྀ་འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བའི་འཕེལ་བ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ རྡོ་རྗེའི་འདུ་བྱེད་ཁོ་ནའོ། །གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམས་པ་ཉིད་དུ་ གྱུར་པ་དེ་ཡང་རྣམ་པར་ཤེས་པར་གསུངས། །གང་དུ་ཤེས་པ་མིན་པའི་དངོས་པོ་ཉམས་ པ་ཉིད་དུ་གྱུར་པ་དེ་ནི་ཐུབ་པའི་ཡེ་ཤེས་ཉིད། །འདི་རྣམས་རྣམ་པར་སྣང་མཛད་ལ་ སོགས་དམ་པའི་རྒྱལ་བ་མཆོག་ནི་རྣམ་པ་དྲུག་སྟེ་རིགས་དྲུག་རྣམས། །གཞན་ནི་ཁམས་ དྲུག་དབྱེ་བ་རྣམས་ཏེ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཞི་བ་རྣམས། །གང་ དུ་གཏི་མུག་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་སྤྱན་མ་ཡིན་ཏེ་དེ་ནི་འཛིན་ 7-1-89 མའོ། །གང་དུ་ང་རྒྱལ་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་མཱ་མ་ཀཱི་སྟེ་དེ་ནི་ཆུ་ཉིད་ དོ། །གང་དུ་ཆགས་པ་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་གོས་དཀར་མོ་སྟེ་དེ་ནི་མེ་ ཡིན་ནོ། །གང་དུ་ཕྲག་དོག་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་སྒྲོལ་མ་ཡིན་ཏེ་དེ་ནི་ རླུང་ཡང་ངོ༌། །གང་དུ་ཞེ་སྡང་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་རྡོ་རྗེ་དབྱིངས་ཀྱི་ དབང་ཕྱུག་མ་སྟེ་མཁའ། །གང་དུ་སེར་སྣ་ཐམས་ཅད་ཉམས་པ་ཉིད་དུ་གྱུར་པ་སྣ་ ཚོགས་ཡུམ་སྟེ་དེ་ནི་འགྱུར་མེད་དོ། །མཐོང་དང་མ་མཐོང་གཟུགས་ནི་ཡིད་དང་ནམ་ མཁའ་ལ་ཡང་ལྟ་བར་བྱེད་པ་གང་ཡིན་དེ་ནི་མིག །རིང་ནས་རབ་ཏུ་གསལ་བ་བཞིན་ དུ་སྒྲ་ནི་ཐོས་པ་འདི་ནི་རྒྱལ་བའྀ་རྣ་བ་ཆེན་པོའོ། །མཆོག་གི་བདེ་བ་བྱེད་པའྀ་དྲི་རྣམས་ ཐམས་ཅད་འཛིན་པ་དེ་ནི་ཁྱབ་བདག་གི་ཡང་སྣ་བཟང་པོ། ། རང་གི་ཟླ་བའྀ་བདུད་རྩི་ བདེ་སྟེར་དག་ཀྱང་རྟག་ཏུ་མྱང་བར་བྱེད་པ་གང་ཡིན་དེ་ནི་ལྕེ། ། རྡོ་རྗེའི་རེག་བྱ་ཀུན་ ནས་འཕྲོག་པ་གང་ཡིན་དེ་ནི་རྟག་ཏུ་རྡོ་རྗེའི་ལུས་ཀྱི་དབང་པོ་སྟེ། ། ཐབས་དང་ཤེས་ རབ་འདུས་པ་འདི་ཡི་ཆོས་ཏེ་བདེ་མཉམ་ལ་འཇུག་གང་ཡིན་དེ་ནི་ཡིད། ། དབྱེ་བ་དྲུག་ གིས་ཕྱེ་བའི་ཡུལ་དང་ཡུལ་ཅན་འདི་དག་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས་པ་ རྣམས། །སྣ་ཚོགས་གཟུགས་ལ་སོགས་པ་འདི་རྣམས་རྒྱལ་བ་མཆོག་གི་ཡུལ་རྣམས་རྣམ་ པ་དྲུག་སྟེ་ཀུན་ནས་ནི། །དང་ཞིང་མ་སྐྱེས་མ་འགགས་མཆོག་གི་བདེ་བྱེད་གོས་པ་མེད་ ཅིང་ཡེ་ཤེས་ཀྱིས་ནི་རྟོགས་བྱ་སྟེ། །ཁམས་གསུམ་དག་ཏུ་གཞན་གྱི་བཟུང་བྱ་དང་ནི་ མཐའ་དག་འགྲོ་བའི་དབང་པོ་སྒོ་ཡིས་རྟོགས་བྱ་མིན། །ཡེ་ཤེས་འགུག་པ་བྱེད་པ་འདྀ་ ནི་དེ་ཡི་སླར་ཡང་ཤིན་ཏུ་སྟོབས་ཏེ་དེ་ནི་གཞུག་པ་བྱེད་པ་རྨོངས་བྱེད་ཀྱིས། །དེ་ནི་ བཅིང་བ་རེངས་བྱེད་ཀྱིས་ཏེ་ངེས་པར་མཆོག་བདེའི་དབང་གིས་ཁེངས་བྱེད་ཀྱིས་ནི་ མཉེས་པ་ཡང༌། །ཡེ་ཤེས་འཁོར་ལོ་དག་ལ་འཁོར་ལོ་རོ་ནི་མཉམ་པར་བྱེད་པ་རྡོ་རྗེ་ ཤུགས་ཀྱི་བྱེད་པ་སྟེ། །དེ་བཞིན་ཁྲོ་བོའི་ལྷ་མོ་རྣམས་ནི་རབ་གསལ་ངེས་པར་རྣལ་ འབྱོར་མ་ཡི་རྒྱུད་ཀྱི་སྐུ་ལའོ། །འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་ 7-1-90 རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་པའོ། །ཤེས་རབ་དང་འགྲོགས་ བྱང་ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང༌། །འདི་ དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་ བསྟན། །འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་ མཆོག་ལ་རྗེས་སུ་སྦྱོར་བའོ། །སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་སེམས་ལས་སྐྱེས་པ་མེ་ ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་ རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། །ཡེ་ཤེས་མེ་ལྕེ་དེ་ནི་ རབ་ཏུ་རྒྱས་པས་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང༌། །ལུས་ལ་ ཆགས་པ་ལ་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་ བྱེད། །ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེ་ཡི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་ དུ་འགྱུར། །དབང་བསྐུར་དྲི་མེད་རི་བོང་ཅན་པ་དང་མཚུངས་མེ་ལོང་གཟུགས་བརྙན་ ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། །དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ ཞལ་ནས་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ནམ་མཁར་ཀུན་ནས་ཞེན་པའི་ སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལས་ནི་དུ་ བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང༌། །འབར་བ་ དང་ནི་ཟླ་བ་ཉི་མ་རྡོ་རྗེའི་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་ རྫོགས་པའི་སྐུ། །ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡི་བགྲད་པའི་མིག་ གིས་བལྟ་བར་བྱ་བ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་ བར་གྱུར་གྱི་བར་དུའོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ ཁ་དོག་སྣ་ཚོགས་ཏེ། །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་བྲལ་བ་དག་གོ་གཞན་གྱི་ སེམས་ནི་མིན་པ་ཉིད། །གཟུགས་ནི་མཐོང་བར་གྱུར་ན་ཉིན་ཞག་སོ་སོའི་དུས་སུ་སྲོག་ 7-1-91 གི་རླུང་ནི་འགོག་པར་རབ་བྱ་སྟེ། །འོད་ཟེར་འཁོར་ལོ་རང་གི་ལུས་ལ་ཡོངས་སུ་བསྐོར་ ཞིང་འཁོར་བྱར་བྱེད་པས་མཐོང་གི་བར་དུའོ། །ཟླ་བ་དྲུག་གིས་སྡོམ་བརྩོན་རྣམས་ལ་ རེག་བྱས་དམན་པའི་བདེ་བ་མཉམ་པ་ལམ་གྱི་སེམས་སུ་འགྱུར། །ས་ཡི་རྣམ་པ་སྲ་བ་ མིན་ཞིང་ཞུ་བ་ཆུ་ལུས་ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེ་ཡི་རྣམ་པ་མེ་མིན་ གཡོ་བ་རླུང་གི་ལུས་ནི་གང་ཞིག་གཡོ་བ་མིན་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ ཡང་ལྟ་བྱ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། །རྣམ་པ་ཀུན་ ལྡན་ཡིན་ཡང་མཐོང་བ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །ནཱ་ ད་ཐིག་ལེ་ཆ་དང་ཡེ་ཤེས་བདུད་རྩིའི་གནས་སུ་སོན་པ་ལུ་གུ་རྒྱུད་དུ་བཅིངས་པའི་ རྩ། །སྲོག་དང་ཐུར་སེལ་ལམ་གསུམ་རྣམས་ཏེ་རྡོ་རྗེ་དང་བཅས་པད་མ་རྡོ་རྗེ་ཆུ་སྐྱེས་ ལྡན་པ་ཉིད། །རླུང་གཉིས་ཡང་དག་ཕྲད་པའི་དབུས་སུ་ཡུལ་ནི་ཡུལ་ཅན་རྣམ་གཉིས་ འབྱུང་དང་རབ་ཏུ་འཇུག་པ་སྟེ། །དུ་བ་ལ་སོགས་རྣམས་ཀྱི་མཚན་མ་འཛིན་པ་དག་ ཀྱང་གང་ཞིག་འདི་རྣམས་ཐམས་ཅད་གསང་བར་བྱ། །དབུ་མར་སྲོག་ནི་རབ་ཞུགས་ཉི་ མ་དང་བཅས་རི་བོང་ཅན་གྱི་བགྲོད་པ་གཡས་དང་གཡོན་ལ་བཅིངས། །ཕྱག་རྒྱ་རབ་ཏུ་ འགྲོགས་ལ་སེམས་དང་མཆོག་གི་བདེ་བ་ལག་ན་རྡོ་རྗེ་ཡང་དག་བསླང་བ་ཡང༌། །པད་ མར་རྡོ་རྗེའི་སྒྲ་འམ་རང་གི་ལག་པའི་ཆུ་སྐྱེས་དག་གིས་གསོར་བ་བདེ་བའི་སླད་དུ་ སྟེ། །ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་འདི་ནི་དཔལ་ ལྡན་བླ་མའི་ཞལ། །ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་ བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་ འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་ གཞོམ་དུ་མེད་པ་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་ སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །དེ་ལྟར་སེམས་ནི་རྣམ་བཞི་སྲིད་པ་གསུམ་ལ་ གནས་པའི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་འབྲས་བུ་སྟེ། །རྣལ་འབྱོར་དབང་པོ་རྣམས་ ཀྱི་བདེ་མཉམ་འབྲས་སྟེར་ཁྱབ་བྱེད་དག་ནི་ཐར་པའི་སླད་དུ་བསྲུང་བར་བྱ། །ཐིག་ལེ་ 7-1-92 བཏང་ན་རྣལ་འབྱོར་རྣམས་ཀྱི་མཆོག་གི་བདེ་བ་སྐྱེ་བའི་ས་བོན་སོང་ལ་ཐར་པ་གང༌། ། དེ་ཕྱིར་འཁོར་བའྀ་བདེ་བའི་སྐད་ཅིག་འདི་ནི་སྡོམ་བརྩོན་རྣམས་ཀྱིས་ཐམས་ཅད་དུས་ སུ་སྤང་བར་བྱ། །གང་ཕྱིར་གཅིག་ཉིད་ཨཱ་སོགས་ཀཱ་སོགས་རི་བོང་ཅན་དང་ཉིན་བྱེད་ ཅན་གྱི་གདན་ཡིན་ཞིང༌། །ཧཱུཾ་ཡིག་ཉིད་ཀྱིས་མཚན་མ་དང་ནི་ཡོངས་སུ་གྱུར་པ་གཞན་ པ་ཁ་དོག་གཟུགས་དག་མི་འདོད་དེ། །འགྱུར་མེད་དག་གིས་བསྐྱེད་ཅིང་འགྱུར་བ་ ཉམས་པར་གྱུར་པ་མཆོག་གི་དབང་པོ་དག་དང་ལྡན་པ་ནི། །རྣམ་པ་ཀུན་ལྡན་ཐིག་ལེ་ མཐའ་དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལའོ། །མཁའ་འགྲོ་དུས་ཀྱི་ གཟུགས་ཅན་མཐའ་དག་ལུས་ལ་གནས་ཤིང་སྲོག་ཆགས་རྣམས་ཀྱི་སྲོག་ནི་འཕྲོག་བྱེད་ མ། །དེ་ཕྱིར་ཉིན་ཞག་སོ་སོའི་དུས་སུ་རང་གི་ལམ་ནི་དགག་པ་བྱས་ནས་དེ་རྣམས་ བསྒྲུབ་པར་བྱ། །ཇི་སྲིད་གཟའ་རྣམས་དག་གིས་ལོངས་སྤྱོད་དང་གཞན་བགྲོད་པ་ལ་ གནས་དབུགས་རྔུབ་དབུགས་འབྱུང་རྒྱུ་བ་ལས། །དེ་སྲིད་དུས་ཀྱི་ཕོ་ཉ་ཁྱབ་བྱེད་མ་གང་ ཁམས་གསུམ་དུ་ནི་མཆོག་དགའ་སྟེར་བར་འགྱུར་རམ་ཅི། །ཕོ་ཉ་ཕྲ་མོ་རབ་ཏུ་རྒྱུ་བ་བླ་ མའི་གསུང་ལ་གནས་པ་བྱང་ཆུབ་སེམས་ནི་འགྱུར་མེད་པ། །སྡིག་བྲལ་རྣལ་འབྱོར་ལྡན་ པ་རྣམས་ཀྱིས་ཤེས་པར་བྱ་སྟེ་གཞན་དུ་འདོད་ཆགས་སེམས་ཀྱིས་མ་ཡིན་ནོ། །སྲིད་པ་ སྡུག་བསྔལ་རྗེས་ཆགས་འབྱུང་པོའི་ཚོགས་ནི་གཟའ་དང་ལག་འགྲོ་ལྷ་རྣམས་དག་ལ་ དོན་གཉེར་བྱེད། །གང་གི་དྲིན་གྱིས་ཐར་པར་རབ་ཏུ་འགྱུར་བ་ཡིད་ཀྱིས་ཞི་བ་དེ་ནི་ བྱེད་པ་མ་ཡིན་ནོ། །དང་པོ་དབུགས་ནི་དབྱེ་བ་བརྒྱད་དེ་ཡུལ་དང་ཡོན་ཏན་ལ་གནས་ ཀུན་ནས་དུ་བ་ལ་སོགས་པ། །མཁའ་འགྲོ་མ་རྣམས་དག་གིས་བསྐོར་ཞིང་རྣམ་གསུམ་ བགྲོད་དབང་འཁྱམ་སྟེ་འགྲོ་བ་པ་ཡི་དྲུག་ཏུ་གནས། །དེ་ཡི་དབུས་སུ་དུས་ཀྱི་འཁོར་ལོ་ བདུད་རྩི་ཕྲེང་བ་ཆ་ཡིས་འཁྱུད་པར་གྱུར་པ་དག་པའི་སྐུ། ། གང་ཞིག་དབུགས་ནི་ བཅད་ན་རྒྱལ་བའི་སྐུ་ལ་འཇུག་པ་དེ་ཉིད་ཁོ་ན་དུས་ཀྱི་འཁོར་ལོའོ། ། དབུགས་ནི་ བཅད་པའི་མཐའ་རུ་རྣམ་གསུམ་བགྲོད་པ་འདི་དང་རྣམ་པ་དྲུག་ཀྱང་ཡོད་པ་མ་ཡིན་ ཏེ། །ཐིག་ལེ་བཀག་པར་གྱུར་ན་ཀུན་ནས་མཆོག་གི་ཁྱབ་བདག་བདེ་བ་མཐའ་ཡས་དུས་ 7-1-93 སུ་འཇུག་པར་འགྱུར། །འཁོར་བ་དག་གི་བདེ་བ་སྤང་ནས་མཆོག་གི་བླ་མའི་ཞལ་ནི་ རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །སྤྱོད་པ་སྒེག་པའི་གཟུགས་དང་མཆོག་ཏུ་འཇིགས་ པ་བྱེད་པ་རྣལ་འབྱོར་མ་རྣམས་དགྱེས་པ་མ་ཡིན་ནོ། །དང་པོར་གང་ཞིག་སྟོང་པའི་ངོ་ བོ་ཡུལ་དང་ཡོན་ཏན་ལ་གནས་དེ་ཡི་རང་བཞིན་དག་ཏུ་འགྱུར། །ཁམས་དང་ཕུང་པོ་ རྣམས་ལ་རབ་ཞུགས་སླར་ཡང་མིག་ལ་སོགས་པའི་དབང་པོ་རྣམས་ལ་མཉམ་པ་ སྟེ། །སད་དང་རྨི་ལམ་ལ་སོགས་ལ་ཞུགས་མཆོག་གི་བདེ་མཉམ་གཞོམ་དུ་མེད་པར་ཡང་ དག་རབ་ཞུགས་པ། །རིག་མ་སངས་རྒྱས་ཡུམ་སྟེ་རྡོ་རྗེ་ཡི་ནི་ཚིག་ལ་གནས་པ་རྣལ་ འབྱོར་པ་ཡིས་བཙལ་བར་བྱ། །གཙོ་བོ་སྐུ་ཡི་མཐུ་ལས་རྣལ་འབྱོར་པ་རྣམས་དག་གི་ མཆོག་གི་ལུས་ལ་ལྷ་ཡི་སྤྱན་དུ་འགྱུར། །དེ་ཡི་གསུང་གི་མཐུ་ལས་རྣ་བ་དེ་ཡི་ཐུགས་ ལས་གཞན་གྱི་སྙིང་ལ་གནས་པ་ཤེས་པར་འགྱུར། །ཤེས་རབ་སྐུ་ཡི་མཐུ་ལས་རྣམ་གསུམ་ སྲིད་པ་ལ་གནས་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཀྱིས་ནི་གསུང་གི་ མཐུ་ལས་མཁའ་མཉམ་ཐམས་ཅད་དུས་སུ་ཀུན་འགྲོའི་རྫུ་འཕྲུལ་དུ་རབ་འགྱུར། །ཤེས་ རབ་ཐུགས་ཀྱི་རང་བཞིན་ལས་ནི་གང་ཞིག་བདེ་མཉམ་ཐམས་ཅད་དུས་སུ་གཞོམ་དུ་ མེད་པར་འགྱུར། །ལྷ་ཡི་སྤྱན་གྱི་མཐུ་ལས་མིག་གིས་མ་མཐོང་བ་དང་སྲིད་པ་རྣམ་པ་ གསུམ་ཡང་མཐོང་བར་འགྱུར། །ལྷ་ཡི་རྣ་བའི་མཐུ་ལས་སྲོག་ཆགས་རྣམས་ཀྱི་ཁ་ཡི་ བརྗོད་དང་སྙིང་གི་སྒྲ་ནི་ཐོས་པར་འགྱུར། །དེ་བཞིན་སྐུ་གསུང་ཐུགས་ཀྱི་སྦྱོར་བ་དག་ ལས་མི་ཡི་བདག་པོ་རེག་བྱ་ལ་སོགས་ཐམས་ཅད་འགྱུར། །སྲོག་དང་ཐུར་སེལ་འགགས་ པར་གྱུར་ན་རི་བོང་འཛིན་པ་བསྐྱོད་པ་ཉི་མའི་གཟུགས་སུ་རབ་ཏུ་འགྱུར། །རྡོ་རྗེ་པད་ མས་རབ་ཏུ་སད་ན་སླར་ཡང་འདི་ནི་ཉི་མའི་གཟུགས་སུ་རབ་ཏུ་འགྱུར། །རྡོ་རྗེ་པད་ མས་རབ་ཏུ་སད་ན་སླར་ཡང་འདི་ནི་ཉི་མའི་གཟུགས་ཀྱི་མེ་ལྕེས་ཞུ་བར་བྱེད། །རླུང་ དང་ཟླ་བ་ཉི་མ་འགག་པར་གྱུར་ན་རྣམ་པར་ཤེས་པ་དང་ནི་ཡེ་ཤེས་གཅིག་ཏུ་ འགྱུར། །དེ་ལྟ་དེ་ལྟར་དང་ནི་དེ་བཞིན་དེ་ལྟར་རྣམ་གསུམ་དུ་འགྱུར་གཞན་ནི་ཅུང་ ཟད་ཡོད་མ་ཡིན། །ཟླ་བ་ཉི་མའི་གཟུགས་ནི་ཟོས་ན་མཁའ་ལ་ཉིན་མོ་དང་ནི་མཚན་མོ་ 7-1-94 ནམ་ཡང་མིན་པ་ཉིད། །ཐུན་མཚམས་དེ་ན་རྣལ་འབྱོར་རྣམས་ཀྱི་ལུས་ཀྱི་དབུས་སུ་དུས་ ཀུན་བདུད་རྩིའི་གོ་འཕང་ལ་གནས་པའོ། །ཕྱོགས་ཟད་ཟླ་བ་མཁའ་ལ་གནས་པ་ཉི་མའི་ རོ་ནི་མཉམ་པར་འགྱུར་བ་ཇི་ལྟར་བར། །སྲོག་དང་ཐུར་སེལ་ཟད་པར་གྱུར་ན་གསལ་ བར་ཡང་ནི་ལུས་དང་དངོས་གྲུབ་དུས་སུ་དེ་འགག་གོ །ཟླ་བ་ཉི་མ་རྒྱུ་བ་ཉམས་ཤིང་ ལམ་ནི་གཉིས་ཀ་ཡང་ནི་སྲོག་གི་རླུང་ནི་ཆེན་པོ་འགགས། །ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཆེན་རྩ་ནི་རབ་ཏུ་ཞུགས། །དངོས་དང་དངོས་མེད་ གཅིག་གྱུར་རྣམ་གསུམ་སྲིད་པར་གནས་པའི་གཞོམ་མེད་ལེགས་པར་རབ་ཏུ་རྟོགས་ གྱུར་པ། །དེ་ཡི་དུས་སུ་རྣལ་འབྱོར་པ་དེ་གང་ལ་གཉིས་ནི་ཅུང་ཟད་མེད་པ་མཆོག་གི་གོ་ འཕང་འགྲོ། ། ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་ཡི་ སྙིང་པོ་སོགས། ། རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལ་གྲུབ་པའི་དུས་སུ་ ནམ་མཁའ་ལ་ནི་མངོན་སུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་ གི་ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་ནི་མཆོག་ གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར། །ལུས་ནི་དང་ཞིང་རྡུལ་ཕྲན་ ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་ འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ ལམ་བཞིན་དུ་སྣང༌། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་ གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཆུ་དང་རོ་དང་ནོར་བུ་རེག་པ་སྔགས་ དང་སྨན་རྣམས་དག་གིས་མཐུ་རྣམས་ཐམས་ཅད་བསམ་མི་ཁྱབ། །བཅོམ་ལྡན་ཡེ་ཤེས་ འཁོར་ལོའི་རང་བཞིན་ཅན་ནི་ཀུན་ནས་སངས་རྒྱས་ཞིང་དུ་འཇུག་འགྱུར་ཞིང༌། །སླར་ ཡང་ཐམས་ཅད་ཚོགས་པའི་སྦྱོར་བ་དག་ལས་འབྲས་བུའི་དབང་གིས་སེམས་ཅན་རབ་ ཏུ་འཇུག་པར་འགྱུར། །འགྲོ་བ་འདི་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་རང་བཞིན་དུ་ འགྱུར་རིན་ཆེན་ཀུན་གྱིས་རབ་ཏུ་གང༌། །གང་དག་ས་ལ་དཔག་བསམ་ཤིང་དང་རོ་ 7-1-95 དང་མཆོག་གི་རོ་དང་སྨན་དང་རོ་ཡི་དབང་པོ་གཞན། །མཐའ་དག་ནང་འཕྲོག་རྡུལ་ ཕྲན་རྣམས་ཀྱིས་རབ་ཏུ་བསྐྱེད་པ་དེ་རྣམས་སེམས་ཅན་རྣམས་ཀྱིས་མི་མཐོང་སྟེ། ། གང་ ཞིག་ཕབ་པའི་རྩ་དང་ཤིང་དང་ཆུ་དང་རྡུལ་དང་རྡོ་བ་དང་ནི་ལྕགས་རྣམས་མཐོང་ བར་འགྱུར། །ཡི་དྭགས་རྣམས་ཀྱིས་ཆུ་ནི་མེ་ཆེན་དམྱལ་བར་སོང་བའྀ་མི་རྣམས་དག་ གིས་ཀུན་ནས་གཅོད་འབིགས་སོ། །འདི་རྣམས་དགྲོལ་བའི་སླད་དུ་སྲས་དང་བཅས་པ་ རྒྱལ་བའི་བདག་པོ་ལས་ཀྱི་སར་ནི་རབ་ཞུགས་ཏེ། །མངལ་ནི་རབ་ཏུ་གཟུང་བར་མཛད་ ཅིང་མཆོག་གི་ཐུགས་རྗེ་དག་གིས་བྱང་ཆུབ་བསྐྱེད་པར་མཛད་ནས་ནི། །ཉོན་མོངས་ དང་ནི་བདུད་རྣམས་བཅོམ་ནས་ས་ཡི་སྟེང་གི་གནས་སུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ ཏེ། །སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་བཅོམ་ལྡན་འདས་ནི་དག་པའི་སྐུ་ཅན་དེ་ཉིད་ ཁོ་ནའོ། །དེ་ཕྱིར་རྒྱལ་བའི་དག་པའི་སྐུ་ནི་སྐྱེ་དང་ཉམས་མེད་སྲིད་པ་གསུམ་པོ་ལ་ཡང་ གནས་པ་སྟེ། །བཅོམ་ལྡན་དེ་ཡིས་ཐམས་ཅད་དུས་སུ་སེམས་ཅན་དོན་ནི་མི་འདོར་ལས་ ཀྱིས་བཅིངས་པ་མ་ཡིན་ནོ། ། དེ་ལྟར་འཇིག་རྟེན་དབང་ཕྱུག་བདག་ནི་སྲིད་པ་གསུམ་ གྱི་གནས་སུ་ལས་ཀྱི་སར་གནས་ཉི་མ་ཀྱེ། །སེམས་ཅན་རྣམས་ལ་ལམ་ནི་སྦྱིན་བྱེད་ དམྱལ་བའི་འཇིགས་འཕྲོག་ལྷ་གཞན་དག་ནི་ནམ་ཡང་མ་ཡིན་ནོ། །གལ་ཏེ་ལུས་ལ་ དབྱུག་པ་བསྣུན་པས་སྡུག་བསྔལ་གྱུར་ན་དེ་ལ་དབྱུག་པ་དག་ནི་ཉེས་པ་ཅན། །དབྱུག་ པ་འདི་ནི་མ་ཡིན་ལག་པས་རབ་ཏུ་བསྐུལ་ཏེ་འདིར་ནི་ཉེས་པ་མཐའ་དག་ལག་པ་ ཡི། །འདི་ནི་མ་ཡིན་སེམས་ཀྱིས་བསྐུལ་ཏེ་སེམས་ཀྱང་འདིར་ནི་གདུག་པ་ཆེན་པོ་ཁྲོ་ བོའི་མེ་ཡིས་སོ། །དེ་ཕྱིར་ཁྲོ་བའི་མེ་འདི་འགྲོ་བའི་དགྲ་བོ་བཞིན་དུ་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་བསད་པར་འགྱུར། །ཆགས་ལས་སྡང་སོགས་སྐྱོན་ཏེ་རབ་མཆོག་ལྷ་མི་ རྣམས་ཀྱི་རང་འདོད་ཆུང་མ་གཞན་དང་འགྲོགས་ལས་སོ། །དེ་ནི་རྩད་ནས་དབྱུང་སླད་ མཐའ་དག་རྒྱལ་སྲས་རྣམས་ཀྱིས་དེ་ནི་འདོད་པའི་སྦྱིན་ལ་རབ་ཏུ་སྦྱིན། །དེ་ཕྱིར་སྦྱིན་ ལ་རྗེས་སུ་ཆགས་པ་བདེ་མཉམ་འབྲས་བུ་སྟེར་བ་བསོད་ནམས་དག་གི་ཚོགས་འདི་ ནི། །འཇིག་རྟེན་གསུམ་གྱི་གཉེན་དུ་གྱུར་ཅིང་ཐམས་ཅད་དུས་སུ་སྐྱེ་བོ་རྣམས་ཀྱི་དམྱལ་ 7-1-96 བའི་འཇིགས་པ་འཕྲོག །ཆགས་པ་གང་གིས་སེམས་ཅན་རྣམས་ནི་ཉམས་པར་གྱུར་པ་ དེ་ཡིས་སྐྱོབ་པ་རྣམས་ནི་གྲོལ་བ་སྟེར། །སེམས་ཅན་རྣམས་ཀྱི་ཉིན་ཞག་སོ་སོའི་དུས་སུ་ གང་ཞིག་སྲུང་བྱེད་དེ་ནི་སྐྱོབ་རྣམས་སྟེར་བར་བྱེད། །སེམས་ཅན་རྣམས་ཀྱིས་རང་སྙིང་ ལ་གནས་བདེ་བ་གང་ཞིག་གཏོང་བྱེད་དེ་ནི་རྒྱལ་རྣམས་བསྲུང་བར་མཛད། །དེས་ན་ རྒྱལ་བ་མཆོག་གི་སྤྱོད་པ་འདི་ནི་ལྷ་ཀླུ་ལྷ་མིན་རྣམས་ཀྱིས་བྱ་བ་དཀའ་བར་ འགྱུར། །གང་ཞིག་རྫས་ནི་སྡིག་པའི་སླད་དུ་ཟད་པར་བྱེད་པ་དེ་ཡིས་དེ་ནི་སྡིག་པ་དག་ གིས་བཅིངས། ། དེ་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་དག་གི་དོན་གྱི་སླད་དུ་མ་ ལུས་པ་ནི་ཟད་པར་མཛད། །དུ་བ་ལ་སོགས་སྒྲུབ་པ་བྱས་ནས་འཆི་བ་འཇིགས་པར་བྱེད་ པའི་དབུ་མ་དག་ནི་བསྒྲུབ་པར་བྱ། །སྲོག་ལ་སོགས་རྣམས་བསྒྲུབ་པར་བྱས་ནས་རི་བོང་ འཛིན་པ་ཞུ་བའི་ཐིག་ལེ་རྣམས་ནི་བསྒྲུབ་པར་བྱ། །དམ་པའི་བདེ་བ་བསྒྲུབས་ནས་ལྷན་ ཅིག་སྐྱེས་པ་རྒྱལ་བའི་སྐུ་ནི་ཀུན་ཏུ་འགྲོ་བ་བསྒྲུབ་པར་བྱ། །སེམས་ཅན་རྣམས་ལ་འཆི་ སྟེར་གང་དེ་གྲུབ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་མཐའ་དག་བདུད་རྩི་ སྟེར། །འདོད་པའི་དངོས་གྲུབ་གང་ཞིག་བགྲོད་བྱ་མིན་པ་དེ་ཡང་སྲིད་གསུམ་གནས་སུ་ བསམ་གཏན་བགྲོད་བྱའོ། །ཡེ་ཤེས་གང་ཞིག་རྙེད་དཀའ་དག་ཀྱང་རྡོ་རྗེ་པད་མར་བདེ་ བས་བྱིན་རླབས་རྙེད་པར་སླ་བ་ཉིད། །དེ་ལྟ་དེ་ལྟར་རྡོ་རྗེ་ཅན་དེ་སྲོག་ཆགས་རྣམས་ལ་ ཐམས་ཅད་དུས་སུ་བདེ་མཉམ་སྟེར་གྱུར་ཅིག །རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དག་ཏུ་ངེས་ པར་རྡོ་རྗེའི་ཚིག་ནི་རྡོ་རྗེ་ཅན་གྱི་སྦས་པ་སྟེ། །དང་པོའི་སངས་རྒྱས་སུ་ནི་སྲོག་ཆགས་ རྣམས་ཀྱི་ཐར་པའྀ་སླད་དུ་མ་ལུས་པ་ཡང་མངོན་སུམ་གསུངས། །དེ་ཕྱིར་འཇིག་རྟེན་ འཇིག་རྟེན་འདས་པ་དག་ལས་མཐའ་དག་མ་ཚངས་མེད་པའི་རྒྱུད་ནི་བླ་མ་སྟེ། །དཔལ་ ལྡན་རྒྱུད་ནི་དང་པོའི་སངས་རྒྱས་མཐའ་དག་རྒྱལ་བའི་བདག་པོའི་མངོན་པར་བརྗོད་ པའི་ཟླ་བ་བཟང༌། །གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ ནི་སྒྲ་དང་དྲི་དང་རོ་དག་དང༌། །རེག་བྱ་གཟུགས་དང་སེམས་མེད་རང་བཞིན་དང་ནི་ སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་མེད། ། ས་བོན་དང་ནི་གསལ་བར་དུས་ 7-1-97 མེད་མཐའ་དག་སྲིད་པའི་སྡུག་བསྔལ་བདེ་བ་ཉིད་ཀྱི་རང་བཞིན་མེད། །མྱ་ངན་འདས་ པ་མཚན་མ་མེད་ཅིང་བྱེད་པ་རྣམ་བྲལ་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། །དུས་ དང་སྣ་ཚོགས་ལ་སོགས་རྡོ་རྗེ་དང་ནི་སྐྱེས་བུ་དཔེ་མེད་ཀུན་འགྲོ་སྤྲོས་པ་མེད་པ་ སྟེ། །ཐེར་ཟུག་ཏུ་གནས་སྙན་དང་ཤངས་དང་ཞལ་དང་སྤྱན་དང་དབུ་དང་ཕྱག་དང་ ཞབས་ནི་ཐམས་ཅད་པ། །འབྱུང་པོའི་མཐའ་སྟེ་འབྱུང་པོའི་མགོན་པོ་མཆོག་གི་སྲིད་པ་ གསུམ་འཛིན་རྒྱུ་རྣམས་དག་གི་རྒྱུར་གྱུར་པ། །རིག་པ་ལ་སོགས་རྣལ་འབྱོར་དག་གི་ རྟོགས་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །སྤྲོ་བྱེད་ནུས་མའི་ གཟུགས་ཅན་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ ཕྱག་འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་ འཇིག་རྟེན་སྤྱི་བོར་ཡང་དག་གནས། །བདུད་རྩི་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་ འཇོམས་པར་བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་ཙམ་སྔགས་ཀྱི་ངོ་བོ་ ལྷ་ཡིས་ཡོངས་སུ་བསྐོར་བར་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་ རྣམས་ལ་ཞི་བའི་གཟུགས་ནི་རང་གི་བྱས་པའི་ཉམས་མྱོང་མི་བཟད་རྣམས་ལ་མི་བཟད་ པ། །གང་གིས་ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུ་དེ་ བསྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་སྐྱེད་མཛད་རྡོ་རྗེ་ སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། ། གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་ དང་མི་མཉམ་པ་ཡང་མཉམ་པ་གཡས་གཡོན་མདུན་རྒྱབ་དང༌། །སྟེང་འོག་ཀུན་ནས་ དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་ངུ་རིང་པོ་དང༌། །ཤིན་ ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའང་སྐྱེས་པ་བུད་ མེད་མིན། །གང་ཞིག་ཀུན་གྱི་རྟེན་ཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ ཁྱོད་ལ་འདུད། །གང་ཞིག་མི་ཡི་འཇིག་རྟེན་དག་ན་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་ སྡིག་བྲལ་དེ་བདག་སྟེ། །དེ་ལ་གནོད་པ་བྱས་པས་སྲོག་ཆགས་རྣམས་ནི་ངེས་པར་དམྱལ་ 7-1-98 བར་འགྱུར་ཏེ་འདི་ལ་ངོ་མཚར་མེད། །དེ་མཉེས་པ་ཡིས་བདག་ནི་མགུ་སྟེ་དེ་ལ་ཁྲོ་བའི་ མེ་ནི་ཁྲོ་བ་ཞེས་བྱ་ཆེན་པོའོ། །དེ་ཉིད་སེམས་ཅན་རྣམས་ལ་ཐར་པ་བདེ་མཉམ་འབྲས་ སྟེར་བུ་རྣམས་དག་གི་ཕྱག་འོས་མཆོད་འོས་སོ། ། སྡིག་ཅན་གང་ཡིན་གང་ཞིག་དཔལ་ ལྡན་བླ་མའི་ཞབས་པད་བཟང་ལ་དུས་གསུམ་ཕྱག་མི་བྱེད་པའོ། །མི་ཤེས་གང་ཡིན་གང་ ཞིག་རྣམ་མང་མེ་ཏོག་རྣམས་ཀྱིས་དུས་གསུམ་དུ་ནི་མཎྜལ་མི་བྱེད་པའོ། །མྱུར་དུ་མནར་ མེད་འགྲོ་བ་གང་ཡིན་གང་ཞིག་བདེ་མཉམ་སྟེར་བྱེད་བླ་མའི་སྐྱོ་བ་བསྐྱེད་པའོ། །ཤེས་ རབ་ཡེ་ཤེས་ཐོབ་པ་གང་ཡིན་མ་ཉམས་གང་ཞིག་བླ་མའི་ཞབས་ནི་མི་སྤང་ བའོ། །ཉམས་པ་གང་ཡིན་གང་ཞིག་རྩ་གསུམ་དག་ལ་གནས་པའི་རླུང་ནི་མཐའ་ཡས་ དུས་སུ་བསད་པའོ། །དཔའ་བོ་གང་ཡིན་གང་ཞིག་མཉམ་དང་མི་མཉམ་ལམ་ལ་སྲོག་ དང་ཐུར་སེལ་རླུང་ནི་གསོད་བྱེད་པའོ། །སྦྱིན་བདག་གང་ཡིན་གང་ཞིག་དཔལ་ལྡན་བླ་ མར་རང་ལུས་བུ་དང་ཆུང་མ་ལ་སོགས་ཀུན་དབུལ་བའོ། །མ་རབ་གང་ཡིན་གང་ཞིག་ སླུ་བྱེད་རང་སྙིང་སྡིག་པས་དྲངས་པའི་སེམས་དང་གཡོ་སྒྱུ་དང་ལྡན་པའོ། ། ཉི་མ་དང་ བཅས་ཐུབ་པའི་རིགས་རྣམས་ཀྱིས་ནི་ཤེས་རབ་ཡེ་ཤེས་ཐོབ་པར་གྱུར་འདི་ཇི་ལྟ་ བར། །སེམས་ཅན་རྣམས་ནི་རྣམ་གསུམ་སྲིད་པར་གནས་པའི་དུས་ཀྱི་འཁོར་ལོའི་དྲིན་ ལས་ཨེ་ཝཾ་ཉིད་གྱུར་ཅིག །ཁྱོད་ནི་རྒན་ཡང་ཁྱོད་ནི་གཞོན་ནུ་མཐའ་དག་རྒྱལ་བའི་ སྲས་པོ་ཡིན་ཡང་ཐོག་མར་དང་པོའི་སངས་རྒྱས་ཁྱོད། །བུད་མེད་སྦྱོར་ཞིང་ཚངས་པར་ སྤྱོད་ལྡན་མཆོག་གི་ཐུགས་རྗེ་དག་གིས་འཇིག་རྟེན་གཉེན་ཏེ་གཤིན་རྗེའི་དགྲ། །ཁྱོད་ནི་ ཞི་ཡང་རྡོ་རྗེ་བཟང་པོ་འཆི་བའི་འཇིགས་པ་འཕྲོག་པ་ཁྱོད་ནི་རྟག་ཏུ་བཏུད་ཀྱིས་ འདུད། །ཁྱོད་ནི་གྲོལ་ཡང་སྲིད་པ་འདིར་ནི་འགྲོ་བ་སྨིན་པའི་དོན་དུ་གྲགས་པ་ཁྱེད་ནི་ རབ་ཏུ་འཇུག། སེམས་ཅན་རྣམས་ཀྱི་ཐར་པའི་ཆེད་དུ་མཐའ་དག་སྲིད་པར་གནས་ པའི་ཐུགས་ཀྱི་རྡོ་རྗེ་བདག་ལ་ནི། །ཇི་ལྟ་བཞིན་དུ་དུས་ཀྱི་འཁོར་ལོའི་མཐུ་ལས་སེམས་ ཅན་རྣམས་ཀྱིས་རྣམ་གསུམ་སྲིད་པ་དག་གྱུར་ཅིག །རྒྱུད་ནི་དཔལ་ལྡན་དུས་ཀྱི་འཁོར་ ལོ་ཤིན་ཏུ་བསྡུས་པ་མ་ལུས་རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །ཐབས་དང་ཤེས་རབ་ 7-1-99 གཅིག་སྦྱོར་རྒྱལ་བའི་བདག་པོའི་རྡོ་རྗེ་དག་གིས་དེ་ཉིད་རྣམ་པ་བཅུ་དྲུག་པ། །སེམས་ ཅན་རྣམས་ཀྱི་ཐར་པའི་སླད་དུ་རྒྱལ་བའི་བདག་པོས་གསུངས་ཤིང་བདག་གིས་ཀྱང་ནི་ བསྟན་པ་གང༌། །བསོད་ནམས་དེ་ཡིས་སེམས་ཅན་ཐམས་ཅད་འགྱུར་མེད་མཆོག་གི་ བདེ་བར་གྱུར་ཅིང་དེ་ལ་འདུད་གྱུར་ཅིག། །། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ངེས་དོན་ཟབ་ཟབ་རྣམས་ཕྱོགས་གཅིག་ཏུ། ཤེས་ རབ་རྒྱལ་མཚན་གྱིས་བསྡེབས་པའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 7-1-100 ༄༅། །དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་རྒྱས་པའི་མངོན་རྟོགས་བཞུགས་སོ། ། ༄༅། །དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་རྒྱས་པ་སྒོམ་པ། དཔལ་ལྡན་བླ་མ་དམ་ པ་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །འདིར་དག་པའི་རིམ་པའི་དབང་ བསྐུར་བ་ལེགས་པར་ཐོབ་པའི་སློབ་མ་དམ་ཚིག་པ་ལྷ་དང་དཀྱིལ་འཁོར་ལ་སོགས་པ་ ཆོས་ཀྱི་དབྱིངས་ཉིད་དུ་ཡིད་ཆེས་པས་དེ་ལ་མོས་པ་ཡིད་ལ་བྱེད་པའི་དོན་དུ་ཐུགས་ཀྱི་ དཀྱིལ་འཁོར་རྒྱས་པ་སྒོམ་པར་འདོད་ན། སྐྱབས་འགྲོ་སེམས་བསྐྱེད་དང༌། རྡོ་རྗེ་སེམས་དཔའི་སྒོམ་བཟླས་སྔོན་དུ་འགྲོ་བས་བདུད་ རྩི་རིལ་བུ་ཁར་བཅུག་ནས། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ པྲཛྙཱ་ཨུ་པཱ་ཡ་ཨཱད་མ་ཀ་ཀཱ་ཡ་ཝཱཀ་ཙིཏྟ་ ཛྙཱ་ན་ཨ་དྷི་པ་ཏེ་མ་མ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ་བཛྲ་ཨ་མྲྀ་ཏ་སྭ་བྷཱ་ཝཾ་ཀུ་རུ་ཀུ་རུ་སྐན་ དྷ་དྷཱ་ཏུ་ཨཱ་ཡ་ཏ་ནཾ་ནིཿ སྭ་བྷཱ་ཝཾ་སྭཱཧཱ། ཞེས་བརྗོད་ཅིང༌། གཙུག་ཏོར་དུ་ཝཾ་ལས་རྡོ་རྗེ་ཟླ་ བའི་དཀྱིལ་འཁོར་ཆ་བཅུ་དྲུག་པ་རྫོགས་པ་གདོད་ནས་བཞུགས་པ་གསལ་བཏབ་སྟེ་ དེས་རྐང་སེན་གྱི་མཐར་ཐུག་པ་མ་དག་པའི་ལུས་འདི་སྦྲུལ་གྱི་ཤུན་པ་ལྟར་ལན་གསུམ་ དོར་བས་ལུས་ངག་སེམས་དང་ཡེ་ཤེས་རྣམ་པར་དག་པ་རྡོ་རྗེ་བདུད་རྩིའི་རང་བཞིན་ ཟླ་བ་དྲི་མ་མེད་པ་ལྟར་གདོད་ནས་གནས་ཐོབ་པར་མོས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་ དྷརྨྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་ང་རྒྱལ་གཟུང་སྟེ། དཔྲལ་བ་ལ་སོགས་པ་གནས་དྲུག་ཏུ། ཨོཾ་ ཨཱཿཧཱུཾ་ཧོཿཧཾ་ཀྵཿ རྣམས་རིགས་ཀྱི་མདོག་ཅན་ལས་སྣང་བ་མཐའ་ཡས། རིན་ཆེན་འབྱུང་ ལྡན། དོན་ཡོད་གྲུབ་པ། རྣམ་པར་སྣང་མཛད། མི་བསྐྱོད་པ། རྡོ་རྗེ་སེམས་དཔའ་རྣམས་ གདོད་ནས་བཞུགས་པ་གསལ་བཏབ་པས་བྱིན་གྱིས་བརླབ་བོ། ། དེ་ནས་ལག་པ་ཕན་ཚུན་མཉེ་ཞིང༌། ཨོཾ་ཧྲཿསརྦ་ཨསྟྲ་རཱ་ཛ་མཱ་ར་ཀླེ་ཤ་ཨན་ཏ་ཀ་ར་ 7-1-101 བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད་མ་མ་ཀ་རཾ་བི་ཤོ་དྷ་ཡ་སྭཱཧཱ། ཞེས་པས་བཀྲུས་ཤིང་དག་པར་བྱས་ པའི་ལག་པ་གཡོན་གྱི་མཐེའུ་ཆུང་ལ་སོགས་པའི་རྩ་བའི་ཚིགས་རྣམས་ལ་ཨ་ཨི་རྀ་ཨུ་ ལྀ། དབུས་ཀྱི་ཚིགས་རྣམས་ལ་ཨ་ཨེ་ཨར་ཨོ་ཨལ། སྟེང་གི་ཚིགས་རྣམས་ལ་ཧ་ཡ་ར་ཝ་ ལ། གཡས་ཀྱི་མཐེའུ་བོང་ལ་སོགས་པའི་སྟེང་གི་ཚིགས་རྣམས་ལ་ལཱ་ཝཱ་རཱ་ཡཱ་ཧཱ། དབུས་ ཀྱི་ཚིགས་རྣམས་ལ་ཨཱལ་ཨཽ་ཨཱར་ཨཻ་ཨཱ། རྩ་བའི་ཚིགས་རྣམས་ལ་ལཱྀ་ཨཱུ་རཱྀ་ཨཱི་ཨཱ། རྣམས་ ལས་གཡོན་ཟླ་བ། གཡས་ཉི་མ། གཉི་ག་སྦྱར་བའི་དབུས་སུ་ཧཱུཾ་མཐིང་ནག་ལས་སྒྲ་ གཅན། དེ་རྣམས་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱས་གཙུག་ཏོར་ནས་རྐང་སེན་ལ་ ཐུག་པར་རེག་ཅིང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏེ་བཛྲ་ཀཱ་ཡ་མ་ མ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ་བཛྲ་ཀཱ་ཡ་སྭ་བྷཱ་ཝཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་རྡོ་རྗེའི་སྐུ་ དྲི་བྲལ་མངོན་དུ་གྱུར་པར་མོས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭ་བྷཱ་ཝ་ཨཱད་མ་ ཀོ྅ཧཾ། ཞེས་ང་རྒྱལ་གཟུང་སྟེ་ཐལ་མོ་སྦྱར་བའི་མཐེ་བོང་ཟུང་གིས་སྙིང་ཁར་རེག་ཅིང༌། ཨོཾ་ཧླཱྀཾ་ཧྲི་ད་ཡཱ་ཡ་ན་མཿ སྤྱི་བོར་རེག་ཅིང༌། ཨོཾ་ཧྲུཾ་སི་ར་སེ་སྭཱཧཱ། གཙུག་ཏོར་དུ་རེག་ ཅིང༌། ཨོཾ་ཧྼཱྀཾ་ཤི་ཥཱ་ཡཻ་ཝཽ་ཥཊ། ཡན་ལག་ཐམས་ཅད་ལ་རེག་ཅིང༌། ཨོཾ་ཧྲཱྀཾ་ཀ་ཝ་ཙ་ཡ་ཧཱུཾ། མིག་གཉིས་ལ་རེག་ཅིང༌། ཨོཾ་ཧྲཾ་ནེ་ཏྲཱ་ཡ་བ་ཥཊ། གཡོན་པའི་མཐེབ་འཛུབ་ཀྱི་སེ་གོལ་ ཕྱོགས་རྣམས་སུ་རྡེབ་ཅིང༌། ཨོཾ་ཧྲཿཨསྟྲ་ཡ་ཕཊ། ཅེས་པས་ཕྱོགས་ཀུན་ཏུ་མཚོན་ཆ་ བཀོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་སི་རཿ ཤི་ཥཱ་ཀ་ཝ་ཙ་ནེ་ཏྲ་ཨསྟྲ་བཛྲ་ཥཊ་ཨཾ་ ག་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་ངོ༌། ། དེ་ནས་གཏོར་མ་གཉིས་འཆད་འགྱུར་ལྟར་བྱིན་གྱིས་བརླབས་ཏེ། ཧཱུཾ་མཛད་ཀྱི་ཕྱག་ རྒྱས་ཡུལ་གྱི་བདག་པོ་སྤྱན་དྲང་ཞིང༌། ཨོཾ་ཨཱཿཧཱུཾ་ཆྒཻ་མོ་ས་པཱ་རི་ཝཱ་རཱ་ཡ་ཨི་དཾ་བ་ལིཾ་གནྡྷཾ་ པུཥྤཾ་དྷཱུ་པཾ་པྲ་དཱི་པ་ཨ་ཀྵ་ཏཾ་ད་དཱ་མ་ཧཱེ་ས་པཱ་རི་ཝཱ་རཿ ཤཱི་གྷྲཾ་ཨཱ་གཙྪ་ཏུ་ཛཿཧཱུཾ་བཾ་ཧོཿ ཨི་ དཾ་བ་ལིཾ་གྲྀཧྣ་ཏུ་ཁཱ་ད་ཏུ་པི་ཝ་ཏུ་ས་པ་རི་ཝཱ་ར་ཀཿསརྦ་སཏྭཱ་ནཾ་ཤཱནྟིཾ་པུཥྟིཾ་རཀྵ་ཨ་ཝ་ར་ ཎ་གུབ་ཏིཾ་ཀ་རོ་ཏུ། ཨི་དཾ་སྠཱ་ནཾ་ཏྱཀ་ཏྭཱ་བ་ཧེ་མཎྜལ་བྷཱུ་མྱཾ་ཏཱིཥྛ་ཏུ་ཧུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ ཨཱ་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་དང༌། ཁྱིའི་ཕྱག་རྒྱས་གྲོང་གི་བདག་པོ་སྤྱན་དྲང་ཞིང༌། ཨོཾ་ 7-1-102 ཨཱཿཧཱུཾ་ཆྒཻ་མོ་ཨཱ་གཙྪ་ཨཱ་གཙྪ་ཤཱི་གྷྲཾ་ཨི་དཾ་བ་ལིཾ་གྲྀཧྣ་གྲྀཧྣ་བྷུཀ་ཏྭཱ་པི་ཏྭཱ་ཏྲིབ་ཏིཾ་ཀྲི་ཏྭཱ་སརྦ་ སཏྭཱ་ནཾ་ཤཱནྟིཾ་ཙིཏྟཾ་ཀྲི་ཏྭ་ཨ་པ་ར་སྠཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་པས་གཏོར་མ་བྱིན་ནས་རེ་ ཞིག་གནས་གཞན་དུ་བཏང་སྟེ། རང་གནས་དྲུག་ཏུ་ཟླ་བ་ཉི་མ། སྒྲ་གཅན་དུས་མེ། ནམ་ མཁའ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ལས་རྡོ་རྗེ་རྩེ་མོ་རྩ་གྲངས་ ལྟེ་བར་བཅས་པ་དང་མཚུངས་པ་ཁམས་ཀྱི་མདོག་ཅན་ལུས་ལ་གདོད་ནས་བཞུགས་པ་ གསལ་བཏབ་ཅིང་ལས་དང་བྱ་བའི་འཁོར་ལོ་དང་ལས་དབང་རྣམས་ལ་ཡང་རྡོ་རྗེ་ མང་པོ་བཞུགས་པ་ཅི་ནུས་ཀྱིས་དྲན་པར་བྱས་ནས་དེ་རྣམས་ལས་རྡོ་རྗེ་འབར་བ་ ཕྱོགས་ཀྱི་མདོག་ཅན་འཕྲོས་པས་གློ་བུར་དྲི་མའི་ངོ་བོ་གདུག་པ་ཐམས་ཅད་བསྲེགས་ ནས་རང་བཞིན་འོད་གསལ་ཐོབ་པར་བསམ་ཞིང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧྲཱཿཧྲཱཿཧྲཱཿཧྲཱཿ ར་ ར་ར་ར་བཛྲ་ཨ་ན་ལ་སརྦ་ཨ་ཝ་ར་ཎ་དྷརྨ་པྲ་ལ་ཡ་སྭ་བྷཱ་ཝ་སརྦ་མཱ་ར་ཀ་ཡི་ཀ་བིགྷྣ་བི་ ནཱ་ཡ་ཀ་ཨཱ་དི་ནཱཾ་ད་ཤ་དིཀ་ག་ཏཱ་ནཱཾ་ཀཱ་ཡ་ཝཱཀ་ཙིཏྟཱ་ནི་ད་ཧ་ད་ཧ་པ་ཙ་པ་ཙ་བྷསྨཱི་ཀུ་ རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་དྲག་ཏུ་འདོན་པས་བདུད་གཞོམ་མོ། ། དེ་ནས་སྲུང་བའི་འཁོར་ལོའི་ལྟེ་བ་རྩིབས་བཅུ་དང་བཅས་པར། ཨོཾ་རཿབཛྲ་སཱུཪྻ་བཛྲ་ སཱུཪྻ་ཨཱ་ས་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་ཉི་གདན་བཀོད་དེ། གདན་དབུས་མར་ཧཱུཾ་ལས་ ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དུས་འཁོར་ལྟ་བུ་མི་བསྐྱོད་པའི་ཅོད་པན་ཅན་སྦྲུལ་དང་ གླང་པོའི་པགས་པ་དང་ཐོད་པ་ཁ་དོག་ལྔའི་ཕྲེང་བ་དང་མགོ་བོ་བརྒྱའི་དོ་ཤལ་རྣམས་ ཀྱིས་ལྷག་པར་བརྒྱན་ཅིང༌། ལྷག་པའི་ཕྱག་གཉིས་ཀྱིས་བདུད་ཀྱི་མགོ་བོ་དང་ཁྲག་གིས་ གང་བའི་ཐོད་པ་བསྣམས་པ་རབ་ཏུ་ཁྲོས་ཤིང་འཇིགས་སུ་རུང་བའི་གཡས་བརྐྱང་གི་ གར་གྱིས་ཡི་དྭགས་ཀྱི་རྣམ་པ་ཅན་བདུད་དང་ཉོན་མོངས་པའི་སྙིང་ཁར་བརྫིས་བ་ གསལ་གདབ་ཅིང༌། ཨོཾ་ཧཱུཾ་ཀྲོ་དྷ་ཨིན་དྲོ་ཧཾ་ཀྲོ་དྷཱ་ནཱཾ་ཨཛྙཱ་དཱ་ཡ་ཀ་སྭཱཧཱ། ཞེས་ང་རྒྱལ་ བཟུང་ནས་ཐུགས་ཀར་ཉི་མ་ལ་གནས་པའི་ཧ་ཡ་ར་ཝ་ལ་བརྩེགས་པ་ལས་ཁྲོ་རྒྱལ་བཅུ་ བུ་ག་རྣམས་ནས་ཕྱོགས་བཅུར་སྤྲོས་ཏེ། ཧ་ཧཱ་དག་ལས་གཙུག་ཏོར་ལྗང་ཁུ་དང༌། གནོད་མཛེས་སྔོན་པོ་དག་ཞལ་གྱི་གཙོ་བོའི་གཡོན་དང་གཡས་ཀྱི་རྣ་བ་དག་ལས་ཕྱུང་ 7-1-103 ནས་སྟེང་དང་འོག་གི་རྩིབས་སུ། ཡི་ཡཱི་ལས་བགེགས་མཐར་ཕྱེད་དང༌། དབྱུག་སྔོན་ནག་ པོ་དག་སྣ་བུག་ནས་ཕྱུང་སྟེ་ཤར་དང་མེའི་རྩིབས་སུ། རྼྀ་རྼཱྀ་ལས་ཤེས་རབ་མཐར་བྱེད་ དང་ཊཀྐི་དམར་པོ་དག་མིག་དག་ནས་ལྷོ་དང་བདེན་བྲལ་གྱི་རྩིབས་སུ། ཝུ་ཝཱུ་ལས་ པད་མ་མཐར་བྱེད་དང༌། མི་གཡོ་བ་དཀར་པོ་ལྕེ་དང་ཆུ་ལམ་དག་ནས་བྱང་དང་ དབང་ལྡན་གྱི་རྩིབས་སུ། ལླྀ་ལླཱྀ་ལས་གཤིན་རྗེ་མཐར་བྱེད་དང་སྟོབས་པོ་ཆེ་སེར་པོ་ བཤང་ལམ་དང་གཙུག་ཏོར་དག་ནས་ནུབ་དང་རླུང་གི་རྩིབས་སུ་སྟེ་ཐམས་ཅད་ཉི་མ་ ལ་གཡས་བརྐྱང་གིས་གནས་ཤིང་ཞལ་གསུམ་ཕྱག་དྲུག་པ་འཆད་པར་འགྱུར་བའི་རྒྱལ་ བ་རིགས་དྲུག་གི་ཕྱག་མཚན་ཅན་སྟག་ལྤགས་ལ་སོགས་པ་ཁྲོ་བོའི་ཆ་ལུགས་རྣམས་ དང་ལྡན་པ་གསལ་བཏབ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཀྵ་ཙཀྲ་སྭ་བྷཱ་ཝ་ཨཱད་མ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་ནས། ཨོཾ་ཧཾ་བཛྲ་ཀྲོ་དྷ་རཱ་ཛ་མཧཱ་ཨུཥྞི་ཥ་ཨཱུར་དྷ་དི་ཤི་རཀྵཱཾ་ཀུ་རུ་ཀུ་ རུ་སྭཱཧཱ། ཨོཾ་ཡཾ་བཛྲ་ཀྲོ་དྷ་རཱ་ཛ་ཨ་ཏི་བ་ལ་སརྦ་བིགྷྣ་ཨནྟ་ཀ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་རཾ་བཛྲ་ཀྲོ་དྷ་རཱ་ཛ་ཛམྦྷ་ཀ་ཏུཥྟ་པྲཛྙཱ་ཨན་ཏ་ཀ་དཀྵཱི་ཎ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཝཾ་བཛྲ་ཀྲོ་དྷ་རཱ་ཛ་མཱ་ན་ཀ་བཱི་རཱ་ག་པད་མ་ཨན་ཏ་ཀ་ཨུཏ་ཏ་ར་དི་ཤི་རཀྵཱཾ་ཀུ་རུ་ཀུ་ རུ་སྭཱཧཱ། ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟམྦྷ་ཀ་ཡ་མ་ཨན་ཏ་ཀ་པཉྩི་མ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་ སྭཱཧཱ། ཨོཾ་ལཱཿབཛྲ་ཀྲོ་དྷ་རཱ་ཛ་མཧཱ་བ་ལ་བཱ་ཡ་བྱཱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾཝཱཿབཛྲ་ཀྲོ་ དྷ་རཱ་ཛ་ཨ་ཙ་ལ་ཨི་ཤཱ་ན་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་རཱཿབཛྲ་ཀྲོ་དྷ་རཱ་ཛ་ཊཀྐི་ནཻ་རི་ ཏྱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཡཱཿབཛྲ་ཀྲོ་དྷ་རཱ་ཛ་ནཱི་ལ་དཎ་ཊ་ཨག་ནེ་ཡྻཱཾ་དི་ཤི་རཀྵཱཾ་ ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཧཱཿབཛྲ་ཀྲོ་དྷ་རཱ་ཛ་སུམྦྷ་ཨ་དྷོ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་ཁྲོ་ བོ་རྣམས་ལ་བཀའ་བསྒོ་བ་བྱས་པས་དེ་དག་གིས་ཀྱང་བགེགས་དང་ལོག་འདྲེན་ལ་ སོགས་པ་གཞན་རྣམས་རྡོ་རྗེ་ལྕགས་ཀྱུས་བཀུག་ཅིང༌། རྡོ་རྗེ་ཞགས་པས་བཅིངས་ནས་ ཕུར་བུ་རྣོ་ཞིང་འབར་བ་སྟོད་ཁྲོ་བོའི་གཟུགས་ཅན་རྣམས་ཀྱིས་གནས་བཅུ་རྣམས་ཀྱི་ གདུག་པའི་སྟེང་དུ་བཏབ་པར་བསྒོམ་ཞིང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ བཛྲ་ཀཱི་ལ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏྀ་ཥཊ་མུ་ཁ་ཥཊ་བྷུ་ཛ་ཥཊ་ཙར་ཎ་སརྦ་བིགྷྣ་ 7-1-104 བི་ནཱ་ཡ་ཀ་ཨཱ་དྷི་ཏུཥྟ་ནཾ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ནི་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་ པས་ཕུར་བུས་བཏབ་ཅིང༌། ཨོཾ་ལླྀཿབཛྲ་མུད་ག་ར་མཱ་ར་ཨཱ་དཱི་ནཾ་སི་ར་སེ་ཀཎ་ཋེ་ཧྲི་ད་ ཡ་ནཱ་བྷཽ་གུ་ཧྱེ་ཨན་ཏེ་བཛྲ་ཀཱི་ལ་ཀན་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཀྵཾ་ཀྵཱཾ་ཀྵིཾ་ཀྵཱིཾ་ཀྵྼྀཾ་ཀྵྼཱྀཾ་ཀྵུཾ་ཀྵཱུཾ་ཀྵླྀཾ་ ཀྵླཱྀཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཅེས་རྡོ་རྗེ་ཐོ་བས་བརྡུང་ངོ༌། །ཐུན་ མཚམས་སོ་སོར་གཏོར་ མ་ཕུལ་ནས་གསང་བར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ་གཤེགས་སུ་གསོལ་ཏེ། རང་སྐད་ཅིག་གིས་དུས་ཀྱི་འཁོར་ལོར་གསལ་བའི་སྙིང་ཁར་པཾ་ལས་པད་མ་ཨཾ་ལས་ཟླ་ བའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དེ་ལས་རྡོ་རྗེ་ཉི་མ་བཞིན་དུ་དེ་བཞིན་གཤེགས་པ་ ཐམས་ཅད་རབ་ཏུ་སད་པར་བྱེད་པའི་འོད་ཟེར་ཁ་དོག་ལྔ་རྣམས་ནམ་མཁའི་ཁམས་ སུ་འཕྲོས་པས་ནམ་མཁའ་གང་བར་རྟག་ཏུ་བཞུགས་པའི་བླ་མ་རྒྱལ་བ་སྲས་བཅས་ ཐམས་ཅད་སད་ཅིང་རྟོགས་པར་བྱས་ནས། སླར་ཡང་དེ་དག་མཆོད་པའི་དོན་དུ་འོད་ ཟེར་དེ་དག་རང་གི་སྙིང་ཁའི་རྡོ་རྗེ་ལ་བཅུག་ནས། གང་གིས་དྲིན་གྱིས་བདེ་ཆེན་ ཉིད། །ཅེས་སོགས་དང༌། སྟོང་པ་ཉིད་དང་སྙིང་རྗེའི་བདག །ཅེས་སོགས་ཀྱིས་ཕྱག་བྱས་ ཏེ། ཨོཾ་ཙྪྫྫྙྙ་བཛྲ་གནྡྷེ་གནྡྷ་ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཙྪྫྫྙཱ་བཛྲ་མཱ་ལེ་མཱ་ལ་ཨརྩྪ་ནཱཾ་ཀུ་རུ་ཀུ་ རུ་སྭཱཧཱ། ཨོཾ་ཊྛྜྜཧྞ་བཛྲ་དྷཱུ་ པེ་དྷཱུ་པ་ཨརྩྪ་ནཱཾཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཊྛྜྜཧྞཱ་བཛྲ་པྲ་དཱི་པེ་པྲ་དཱི་པ་ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་པྥྦྦྷྨ་བཛྲ་ཨ་མྲྀ་ཏེ་ནཻ་ཝི་དྱཱེ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་པྥྦྦྷྨཱ་བཛྲ་ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨརྩྪ་ ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཏྠྡྡྷྣ་བཛྲ་ལཱ་སྱ་ཝསྟྲ་ཨཱ་ཝ་ར་ཎ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཏྠྡྡྷྣཱ་བཛྲ་ཧཱ་སྱ་གྷཎ་ཊ་ཨཱ་དར་ཤ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཀྑྒྒྷྔ་བཛྲ་ཝཱ་དྱེ་ཝཱ་དྱ་པཱུ་ཛཾ་ ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཀྑྒྒྷྔཱ་བཛྲ་ནྲྀ་ཏྱེ་ནྲྀ་ཏྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱ ཧཱ། ཨོཾ་སྐྤྵྴྛྐ་བཛྲ་གཱི་ཏེ་གཱི་ཏ་ ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་སྐྤྵྴྛྐཱ་བཛྲ་ཀཱ་མེ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཾ་ཀྲོ་དྷ་ཨཱ་དཱི་ནཱཾ་བཛྲ་ སུ་ར་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱ ཧཱ། ཞེས་པས་སྙིང་ཁའི་ཟླ་བར་ཡི་གེའི་གོང་བུ་འདི་ 7-1-105 རྣམས་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་ལྷ་རྣམས་མཉེས་པར་བྱེད་དུ་བཅུག་ ནས། སྲིད་འགྲོ་ཉམས་ངར་བྱིས་པ་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་ པ། ། སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་ པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམ་ བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང༌། །སངས་རྒྱས་ཆོས་དང་དགེ་ འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་ མཆི། །བདག་གི་ལུས་འབུལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་མི་འདའ་ ཡུན་རིང་བཞུགས་པར་གསོལ། །འདིར་ནི་སེམས་ཅན་མ་ལུས་དོན་གྱི་སླད་དུ་བདག་ གིས་རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་གྱུར་ཅིག །ཅེས་དོན་གསལ་བར་མངོན་དུ་ བྱེད་བཞིན་པས་མཆོད་པ་རྣམ་པ་བདུན་བྱས་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ ཅིང༌། །བསམ་པ་རྣམ་པར་དག་པ་དང༌། །བདག་དང་བདག་གིར་འཛིན་སྤོང་པའི། །རྩ་ བ་གསུམ་དང་ཕར་ཕྱིན་བཅུ། །ཚད་མེད་བསྡུ་དངོས་བཞི་བསྟེན་བགྱི། །མི་དགེ་བཅུ་ དང་སྒྲིབ་པ་ལྔ། །ཉོན་མོངས་བཞི་དང་ཟག་པ་བཞི། །དེང་ནས་བརྩམས་ཏེ་སྤང་བར་ བགྱི། །ཞེས་ལམ་བསྟེན་པར་དམ་བཅས་ནས། དངོས་པོ་མེད་ལ་བསྒོམ་པ་མེད། །སྒོམ་པ་ སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་ པའོ། །ཞེས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་རང་རང་ངོ་བོས་ སྟོང་ཞིང་དེས་ སྟོང་པའི་གཞི་ཆོས་ཉིད་རྣམ་པ་ཐམས་ཅད་པ་མཁའ་ཁྱབ་ཏུ་ནམ་ཡང་བཞུགས་པ་ལ་ བློ་བཞག་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་ནི་མིཏ་ཏ་ཛྙཱ་ན་ བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་ ན་བྷི་སཾ་སྐཱ་ར་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་སྟོང་པ་ཉིད་ལ་དམིགས་པར་ བྱའོ། །སྟོང་པའི་ངང་ལས་ནམ་མཁའི་དབྱིངས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ། ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ། ལཾ་ལས་སའི་ 7-1-106 དཀྱིལ་འཁོར་སེར་པོ་རྣམས་སོ་སོའི་སྟེང་འོག་ཏུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ གཉིས་གཉིས་པ། སའི་སྟེང་དུ་མཾ་ལས་ལྷུན་པོ་བརྟན་པའི་ཁམས། ཀྵཾ་ལས་སྣ་ཚོགས་པད་ མ་གཡོ་བའི་ཁམས། དེའི་ལྟེ་བར་ཧཾ་ལས་ཟླ་བ་རྣམ་པར་བཅད་པ་ལས་ཉི་མ་ཐིག་ལེ་ ལས་སྒྲ་གཅན་ཏེ་མཐའ་དག་གཅིག་ཏུ་འདྲེས་པ་ཧྐྵྨླྺྼྻ⁽14bb⁾་ཞེས་པ་བརྟན་གཡོའི་ ཆོས་ཐམས་ཅད་ལ་ཆོས་ཉིད་དོན་དམ་པ་ཁྱབ་བྱེད་དུ་བཞུགས་པའི་ཕྱིར། དེའི་སྟེང་དུ་ དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་ནམ་མཁའ་ལྟར་བཞུགས་པ་གསལ་གདབ་པར་བྱ་ སྟེ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་གུར་གྱི་ནང་དུ་རྡོ་རྗེའི་ས་ལ་ཨོཾ་ལས་བྱུང་བའི་དཀྱིལ་འཁོར་ རྫོགས་པ་འཁོར་ཡུག་ལ་སོགས་པ་དང་བཅས་པ་ཡང་ཅི་ནུས་ཀྱིས་དྲན་པར་བྱ། ཁྱད་ པར་ཐུགས་ཀྱི་དཀྱིལ་འཁོར་གྲུ་བཞི་པ། རྟ་བབས་བཞི་དང་ལྡན་པ། དགེ་བའི་ལས་ལ་ སྤྲོ་བའི་རིམ་པས་ནང་ནས་ནག་པོ་དམར་པོ་དཀར་པོའི་རྭ་བ་གསུམ་པ། ཕྱི་ནས་སྟེགས་ བུས་བསྐོར་བ་ལ་གཟུངས་མ་གྲངས་མེད་པ། རྭ་བའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དང༌། བྱ་འདབས་ཀྱི་ཀ་བའི་བར་རྣམས་སུ་དོ་ཤལ་དང༌། དོ་ཤལ་ཕྱེད་པ། བྱ་འདབས་ལས་ ཐུར་དུ་འཕྱང་ཞིང་སྟེང་དུ་འཕྲོ་བའི་བཱ་ཀུ་ལི་དང༌། ཀྲ་མ་ཤཱིར་ཥ་ཟུར་རྣམས་ལ་སྣ་ ཚོགས་རྡོ་རྗེ་སྙིང་པོར་སྟེང་གི་ཆ་ལ་བདེ་ཆེན་འཁོར་ལོ་ཀ་བ་བཅུ་དྲུག་པ། དེའི་སྟེང་དུ་ གཙོ་བོའི་ཕོ་བྲང་སྣམ་བུ་སོ་སོ་ལ་དྲིལ་བུ་མེ་ལོང་རྔ་ཡབ་བ་དན་དང༌། རྒྱལ་མཚན་ལ་ སོགས་རྒྱན་ཐམས་ཅད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་སྙིང་པོར་ཨོཾ་ ལས་གཙོ་བོའི་པད་མ་སྣ་ཚོགས་མདོག ། དེའི་ལྟེ་བར་མ་དང་ར་དང་ཧཱུཾ་ལས་ཟླ་ཉི་སྒྲ་ གཅན། འཁོར་གྱི་པད་མ་དམར་པོ་བཅུ་གཉིས་ལ་མ་ལས་ཟླ་བ། དཀར་པོ་བཅུ་གཉིས་ ལ་ར་ལས་ཉི་མ་དང་བཅས་པ་རྣམས་རྣམ་པ་གསལ་བར་བསྒོམ་ཞིང༌། དཀྱིལ་འཁོར་ ཆོས་ཀྱི་དབྱིངས་ཉིད་དོ་ཞེས་པའི་དོན་དྲན་པར་བྱས་ནས། གདན་དབུས་མའི་སྟེང་དུ་ དོན་དམ་ཆོས་སྐུའི་མཚན་སུམ་ཅུ་རྩ་གཉིས་ཀྱི་ས་བོན་བརྗོད་དུ་མེད་པའི་དབྱངས་སོ་ གཉིས་ལས་ཟླ་བ་ཞུ་བ་གཞན་མེ་ལོང་ཡེ་ཤེས་དང་དོན་དམ་ཆོས་སྐུའི་དཔེ་བྱད་བརྒྱད་ 7-1-107 ཅུའི་ས་བོན་བརྗོད་དུ་མེད་པའི་དཔེ་བྱད་བརྒྱད་ཅུ་ལས་རྡུལ་དང་ཉི་མ་གཞན་མཉམ་ པ་ཉིད་ཡེ་ཤེས་དང༌། དེ་དག་གི་དབུས་སུ་དྲི་ཟའི་སེམས་ཅན་གཞན་ཧཱུཾ་ཡིག་སོ་སོར་ རྟོག་པའི་ཡེ་ཤེས་དང༌། དེ་རྣམས་གཅིག་ཏུ་འདྲེས་པ་སྲོག་རླུང་གཞན་ཧི་ཡིག་བྱ་བ་ གྲུབ་པའི་ཡེ་ཤེས་དང༌། ཡན་ལག་ཐམས་ཅད་རྫོགས་པ་རྣམ་ཤེས་གཞན་ཧཾ་ཡིག་ཆོས་ དབྱིངས་ཡེ་ཤེས་ཏེ། དེ་ལྟར་འགྱུར་མེད་ཡོངས་གྲུབ་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ རང་གིས་རང་རིག་པར་རང་བྱུང་ཡེ་ཤེས་ལྔའི་བདག་ཉིད་གཙོ་བོ་ཡབ་ཡུམ་ལ་སོགས་ པ་གསལ་འདེབས་བཞིན་པས། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པད་མ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་ གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། ། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་ མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པད་མ་སྟོང་པ་དྲུག་དང་ མེ་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་ དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་པའི་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་ འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ ལྕགས་ཀྱུ་ཌཱ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་ པ་ཡང༌། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་ དུང་དང་མེ་ལོང་ལྕགས་སྒྲོགས་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་ དང་ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེའི་སྐུ་ཆེན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ ཡུམ་གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ ཀྱུ་ཌཱ་མ་རུ་དང་བགྲང་ཕྲེང་དང༌། ། ཐོད་པ་ཞགས་པ་པད་མ་དཀར་དང་རིན་ཆེན་ འཛིན་མར་བཅས་ལ་འདུད། ། ནག་མོ་འབར་མ་བདུག་སྤོས་ཙན་དན་གུར་གུམ་དང་ནི་ག་བུར་སྣོད། །དྲིལ་བུ་པད་མ་ 7-1-108 ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་ཕྲེང་ལྡན་མ། །དམར་མོའི་གཡས་ན་མར་མེ་དོ་ ཤལ་ཅོད་པན་དང་ནི་གདུབ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་ རྒྱན་རྐང་གདུབ་འཛིན། །དཀར་མོའི་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་ རྣམས་ཏེ། ། གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ཆན་ སྣོད། །སེར་མོ་འབར་མ་དུང་དང་གླིང་བུ་ནོར་བུ་དང་ནི་ཌཱ་མ་རུ། །པི་ཝཾ་རྔ་དང་འཁར་ རྔ་ཟངས་དུང་རང་ཕྱོགས་གཙོ་བོའི་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་བ་སྨིག་རྒྱུ་ མེ་ཁྱེར་དང་ནི་མར་མེ་མ། ། རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ ཡིས་རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའི་རབ་ མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་འགགས་ ལ་འདུད། ། ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་བསྙེན་བསྒྲུབ་དགའ་བ་བཞིས། ། ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་བཞི་རྣམ་དག་པ། །སྐད་ ཅིག་མཁྱེན་པ་སྐུ་དང་རྡོ་རྗེ་བྱང་ཆུབ་རྣམ་བཞི་སེམས་དཔའ་བཞི། །ཆོས་ཀྱི་དུང་དང་ གཎྜི་ནོར་བུ་དཔག་བསམ་ཤིང་ལ་ཕྱག་འཚལ་ལོ། ། ཞེས་པས་གཙོ་བོ་ཡབ་ཡུམ་མཚན་མ་བཞི་དང་བཅས་པ་གདོད་ནས་ལྷུན་གྲུབ་ཏུ་ བཞུགས་པ་གསལ་གདབ་ཅིང་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཕུང་པོ་ཁམས་ དང་དབང་པོ་གཞན་ལ་སོགས་པ་ལྷའི་ངོ་བོར་སྣང་བ་ཐམས་ཅད་བཀུག་ནས་རང་ལ་ གཞུག་ཅིང༌། ཡང་ཡུམ་ལ་ཞུགས་པ་སླར་ལོག་སྟེ་རང་ལ་ཞུགས་པ་བྱང་ཆུབ་སེམས་སུ་ ཞུ་ནས་ཡུམ་གྱི་པད་མར་སྤྲོས་ཏེ་དེར་རང་རང་གི་ས་བོན་དང་ཕྱག་མཚན་ལས་བྱུང་ བའི་ལྷ་རྣམས་སོ་སོའི་གནས་སུ་སྤྲོ་བ་ནི། དང་པོར་མི་བསྐྱོད་པ་སྤྲོས་པ་ལྷག་པའི་ བདག་པོར་བསྒོམས་ནས་བཅོམ་ལྡན་འདས་ཀྱི་སྐུ་ལ་གཞུག་པར་བྱ་ཞིང༌། དེ་ནས་རིམ་ པ་གཅིག་གིས་དམའ་བར་བདེ་ཆེན་འཁོར་ལོ་ལ་བཞུགས་པའི་ལྷ་དང༌། དེ་ལས་ཀྱང་ རིམ་པ་གཅིག་གིས་དམའ་བར་ཐུགས་དཀྱིལ་གྱི་ལྷ་སྣམ་དང་སྒོ་དང་སྟེགས་བུ་ལ་ 7-1-109 བཞུགས་པའི་ལྷ་རྣམས་གསལ་འདེབས་བཞིན་པས། ཁུ་ཁྲག་རྐང་དང་ཁྲག་གི་ཚོགས་ཆེན་དྲི་ཆུ་དྲི་ཆེན་རབ་འགགས་པས། །འཆི་མེད་རབ་ སྟེར་འཆི་མེད་རྒྱུན་གྱིས་མངོན་པར་གང་བའི་ཐོད་པའམ། །ཟླ་བའི་རང་བཞིན་ཟླ་བའི་ འོད་ལྟར་རབ་ཏུ་དཀར་བའི་བུམ་པ་ནི། །བདུད་ཀྱི་ཚོགས་འཇོམས་བདུད་རྩིའི་ཚོགས་ ཀྱིས་ཤིན་ཏུ་གང་བ་རྣམས་ལ་འདུད། །འདུ་བྱེད་རླུང་དང་ངག་གི་དབང་པོ་སྣ་དང་ རེག་གཞན་འདུས་མ་བྱས། །དོན་ཡོད་སྒྲོལ་མ་བགེགས་ཀྱི་དགྲ་དང་ནམ་མཁའི་སྙིང་པོ་ རེག་བྱ་མ། ། རལ་གྲི་གྲི་གུག་རྩེ་གསུམ་ཕུབ་དང་དཔལ་ལྡན་ཐོད་པ་ཁ་ཊྭཱཾ་ག །ཉི་ཟླའི་ གདོང་ལྡན་སྤྲིན་ནག་དང་མཚུངས་ས་ཡི་རིགས་ཀྱིས་འཁྱུད་ལ་འདུད། །ཚོར་བ་མེད་ དང་ལག་པའི་དབང་པོ་མིག་དང་རོ་གཞན་བདེ་བ་ཆེ། །རིན་ཆེན་དབང་པོ་གོས་དཀར་ མོ་དང་རྨུགས་བྱེད་ས་ཡི་སྙིང་པོ་རོ། །མདའ་དང་ལྕགས་ཀྱུ་ཌཱ་མ་རུ་དང་གཞུ་དང་ ཞགས་པ་ནོར་བུའི་ཕྱག །དཀར་ནག་གདོང་ལྡན་ཉིན་མོར་བྱེད་འདྲ་ཆུ་ཡི་རིགས་ཀྱིས་ འཁྱུད་ལ་འདུད། །འདུ་ཤེས་ཆུ་དང་རྐང་པའི་དབང་པོ་ལྕེ་དང་གཟུགས་གཞན་ཡེ་ཤེས་ སྐུ། །སྣང་བ་མཐའ་ཡས་མཱ་མ་ཀཱི་དང་ཁེངས་བྱེད་འཇིག་རྟེན་དབང་པོའི་གཟུགས། །ཐོ་ བ་མདུང་དང་རྩེ་གསུམ་པད་དཀར་མེ་ལོང་དང་ནི་བགྲང་ཕྲེང་ཅན། །ནག་དང་དམར་ བའི་གདོང་ལྡན་དཀར་པོ་མེ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །གཟུགས་ཀྱི་ཕུང་པོ་ས་ དང་བཤང་ལམ་ལུས་དང་དྲི་གཞན་འོད་གསལ་གཟུགས། །རྟག་པ་སྤྱན་མ་རེངས་བྱེད་ དང་ནི་རྣམ་སེལ་དྲི་ཡི་རྡོ་རྗེ་མ། །འཁོར་ལོ་དབྱུག་པ་ཁྲོ་བོའི་རྡོ་རྗེ་དུང་དང་ལྕགས་ སྒྲོག་དྲིལ་བུའི་ཕྱག།དཀར་ནག་གདོང་ལྡན་གསེར་གྱི་རི་འདྲ་རླུང་གི་རིགས་ཀྱིས་འཁྱུད་ ལ་འདུད། །རྣ་བ་ཆོས་ཁམས་ཡིད་དང་སྒྲ་གཞན་ཕྱག་ན་རྡོ་རྗེ་ཆོས་ཁམས་མ། །ཀུན་ བཟང་སྒྲ་ཡི་རྡོ་རྗེ་མ་སྟེ་ལྗང་སྔོན་ཕན་ཚུན་ཡང་དག་སྦྱོར། ། གཡས་གཡོན་ཉི་ཟླའི་ཞལ་ གྱིས་རབ་བརྒྱན་རྡོ་རྗེ་གྲི་གུག་དགྲ་སྟ་དང༌། །དྲིལ་བུ་ཐོད་པ་ཚངས་པའི་གདོང་ལྡན་ སྟོང་པའི་རིགས་ལ་ཕྱག་འཚལ་ལོ། །རབ་དཀར་ཆུ་སྐྱེས་མདངས་བཀྲའི་ཟེ་འབྲུར་འོད་ སྟོང་བདག་པོའི་དཀྱིལ་འཁོར་ལ། །རྡོ་རྗེའི་གདན་དང་གཡས་བརྐྱང་སྟབས་བཞུགས་ 7-1-110 རྒྱལ་དང་རྒྱལ་སྲས་ཁྲོ་རྒྱལ་དང༌། །འདམ་སྐྱེས་དམར་པོའི་གེ་སར་སྙིང་པོར་རི་བོང་ འཛིན་པའི་དཀྱིལ་འཁོར་ལ། །པད་མའི་གདན་བཞུགས་རིག་མ་རྣམས་དང་རྡོ་རྗེ་མ་ རྣམས་ལ་ཕྱག་འཚལ། །དེ་ལྟར་ལྷ་ཡི་འཁོར་ལོ་ལེགས་མཆོད་དྲི་དང་ཕྲེང་བ་བདུག་སྤོས་ མ། །སྣང་གསལ་བདུད་རྩིའི་འབྲས་བུ་མ་དང་སྒེག་མོ་བཞད་མ་སིལ་སྙན་མ། །གར་དང་ གླུ་ཡི་སྦྱོར་བ་ལ་བརྩོན་འདོད་མ་འདོད་ལ་རབ་དགའ་མ། །རྒྱན་དང་ཆ་བྱད་རྣམ་ འགྱུར་དུ་མས་ཡིད་རབ་འཛིན་མ་རྣམས་བསྟོད་དོ། །དེ་ལྟར་བསྒོམས་པས་ཕུང་པོ་ ཁམས་སོགས་གཞན། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་དབྱིངས། །གློ་བུར་དྲི་མའི་ སྦུབས་ལས་ངེས་གྲོལ་ཏེ། །སྲིད་གསུམ་དང་བ་མངོན་དུ་བྱེད་གྱུར་ཅིག ། ཅེས་པས་སྟོང་གཞི་ཆོས་ཉིད་རང་བྱུང་ཡེ་ཤེས་རྣམ་པ་ཐམས་ཅད་པའི་ལྷ་རྣམས་ བསྒོམས་ནས། ཨོཾ་སུ་བི་ཤུདྡྷ་དྷརྨ་དྷཱ་དུ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་སྟེ། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དཔག་ཏུ་མེད་པས་སེམས་ཅན་ཐམས་ཅད་བཀུག་ ནས་དཀྱིལ་འཁོར་དུ་བཅུག་པ་ལ་རྒྱལ་བ་ཡབ་ཡུམ་ཐམས་ཅད། བྱང་ཆུབ་སེམས་སུ་ཞུ་ བའི་བདུད་རྩི་རྡོ་རྗེ་ལས་འཕྲོས་པས་དབང་བསྐུར་ཞིང༌། དེའི་འོད་ཟེར་རྣམས་ཀྱིས་ རེག་པས་གློ་བུར་དྲི་མ་ཐམས་ཅད་ཡལ་བའི་གཞི་ལ་རང་བྱུང་ཡེ་ཤེས་ཀྱི་ལྷ་ཞལ་ཕྱག་ དང་སྐུ་མདོག་ལ་སོགས་པ་སྣ་ཚོགས་སུ་གདོད་ནས་གནས་པ་ཐོབ་ཅིང༌། ཡང་སྐད་ཅིག་ གིས་དེ་དག་རེ་རེའང་ཆོས་ཉིད་ཀྱི་མཚན་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་ལྷ་སུམ་ཅུ་རྩ་ གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོར་གྱུར་པར་བསམ་བཞིན་པས་ཀྵ་ཀྵཱ་ཀྵི་ཀྵཱི་ཀྵྼྀ་ཀྵྼཱྀ་ཀྵུ་ ཀྵཱུ་ཀྵླྀ་ཀྵླཱྀ། ཀྵ་ཀྵཱ་ཀྵེ་ཀྵཱཻ་ཀྵར་ཀྵཱར་ཀྵོ་ཀྵཱཽ་ཀྵལ་ཀྵཱལ་ཀྵཾ་ཀྵཿ ཀྵྷ་ཀྵྷཱ་ཀྵྻ་ཀྵྻཱ་ཀྵྼ་ཀྵྼཱ་ཀྵྺ་ཀྵྺཱ་ཀྵླ་ཀྵླཱ། ཞེས་ པས་ཀུན་རྫོབ་གློ་བུར་དྲི་མའི་ཕུང་པོ་ལྔ། ཁམས་ལྔ། དབང་པོ་དྲུག། ཡུལ་དྲུག །ལས་ དབང་ལྔ་ལས་དབང་གི་ཡུལ་ལྔ། འགགས་པའི་གཞི་ལ་དེ་རྣམས་གཞན་དོན་དམ་བདེ་ གཤེགས་སྙིང་པོའི་ཕུང་པོ་ལྔ་དང༌། ཁམས་ལྔ། དབང་པོ་དྲུག་དང་ཡུལ་དྲུག །ལས་ དབང་ལྔ་དང་ལས་དབང་གི་ཡུལ་ལྔ་སྟེ། ཆོས་ཉིད་ཀྱི་རྒྱལ་བ་ཡབ་ཡུམ། རྒྱལ་སྲས་ཡབ་ ཡུམ། ཁྲོ་རྒྱལ་ཡབ་ཡུམ་དུ་གདོད་ནས་བཞུགས་པ་མངོན་དུ་བྱས་ནས་རང་རང་གི་ཞིང་ 7-1-111 དུ་བཞུགས་པ་ནི་སྙིང་རྗེའི་དབང་བསྐུར་ཏེ་དཀྱིལ་འཁོར་རྒྱལ་མཆོག་དང་ལུས་རྫོགས་ པ་བསྙེན་པའི་ཡན་ལག་གོ ། དེ་ནས་གནས་གསུམ་དུ་ཟླ་ཉི་སྒྲ་གཅན་གཞན་གྱི་རང་བཞིན་ཨོཾ་ཨཱཿཧཱུཾ་དང་ལྟེ་བ་དང་ གཙུག་ཏོར་གྱི། ཨ་ཝ་དྷཱུ་ཏཱིའི་ལམ་དུ། དུས་མེ་གཞན་གྱི་རང་བཞིན་ཧོཿཡིག་དག་ བསམས་ཏེ་ཧོཿཡིག་དུས་མེ་དེ་དག་གི་ཡེ་ཤེས་ཀྱི་འོད་ཟེར་གྱིས་སྐུ་གསུང་ཐུགས་ཀྱི་ བདག་ཉིད་གཙོ་བོ་ཡབ་ཡུམ་ཞུ་བར་གྱུར་པ་ལ། ལྷ་མོ་རྣམས་ཀྱིས་གླུ་དག་མཛད་དེ། བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པ་མཛད་པ་པོ། བདག་ཅག་སྲུངས་ཤིག་ལྷ་ མིའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། ཅེས་པའི་གླུས་ འགྲོ་བའི་དོན་མཛད་པར་བསྐུལ་བའི་ངོར་ཧཱུཾ་དང་རྡོ་རྗེ་ལས་སྔ་མ་ལྟར་བཞེངས་པའི་ གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པས་དཀྱིལ་འཁོར་པ་ཐམས་ཅད་དམ་ཚིག་གི་ འཁོར་ལོའི་དོན་དུ་རང་གི་ལུས་ལ་བཅུག་སྟེ་ཡུམ་གྱི་པད་མར་སོ་སོའི་ས་བོན་དང་ཕྱག་ མཚན་ལས་ལྷའི་སྐུ་རྫོགས་པ་རྣམས་རང་རང་གི་གནས་སུ་སྔ་མ་ལྟར་སྤྲོས་ཏེ་འོན་ཀྱང་ མི་བསྐྱོད་པ་སྐྱོ་བའི་གནས་སུ་འདིར་རྡོ་རྗེ་སེམས་དཔའ་སྤྲོ་ཞིང་གཙོ་བོ་མི་བསྐྱོད་པའི་ ཅོད་པན་ཅན་དང༌། གཙོ་མོ་ཡང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོར་མོས་པར་ བྱ་སྟེ་འདི་ནི་ཁྱད་པར་རོ། །དེ་ནས་ཧཱུཾ་དང་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཤུགས་སྔར་བཤད་ པ་ལྟ་བུ་ལ་རབ་ཏུ་བཞད་ཅིང་མཆེ་བ་ཕྱེད་གཙིགས་པ་སྒྲ་དྲག་པོ་སྒྲོགས་པ་རྐང་པ་ བརྒྱད་པའི་ཤིང་རྟ་ལ་གནས་པ་སྤྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་པ་ལ་མཆོད་ནས་ དམ་ཚིག་གི་འཁོར་ལོ་ལ་གཞུག་པ་དང་བཅིང་བ་དང༌། མཉེས་པ་དང་རོ་མཉམ་པར་ བྱ་སྟེ། ཛཿཧཱུཾ་བཾ་ཧོཿཧི། ཞེས་པ་དང༌། རྡོ་རྗེ་ཤུགས་དང༌། རྨུགས་བྱེད་དང༌། རེངས་བྱེད་ དང༌། ཁེངས་བྱེད་དང༌། ཤིན་ཏུ་སྟོབས་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང༌། རྡོ་རྗེ་ཞགས་པ་ དང༌། རྡོ་རྗེ་དྲིལ་བུ་དང༌། རྡོ་རྗེ་དབྱུག་པ་རྣམས་ཀྱིས་སོ། ། དེ་ནས་ལྷ་རྣམས་ཀྱི་གནས་དྲུག་ཏུ། ཨོཾ་ཨཱཿཧཱུཾ་ཧོཿསྭཱཧཱ། ཞེས་པས་བྱིན་གྱིས་བརླབས་ནས་ དཔྲལ་བར་ཨཿལས་ཟླ་བའི་སྟེང་དུ་ཨོཾ་དང་འཁོར་ལོ་ལས་སྐུ་རྡོ་རྗེ་དཀར་པོ་ཞལ་ 7-1-112 གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པ་འཕྲོས་ནས་སྐུ་རྡོ་རྗེས་འདུལ་བ་རྣམས་ལ་ཆོས་ བསྟན་ཏེ། སླར་བྱོན་པ་ལ་སྐུའི་རྡོ་རྗེ་འཛིན་པ་བདག་ལ་དབང་བསྐུར་དུ་གསོལ། ཞེས་ བ་བཏབ་པས་སྐུའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་བདག་ལ་དབང་ བསྐུར་བར་མོས་ནས། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་གྱི་ དངོས། །སྐུ་ཡི་རྡོ་རྗེ་ཅན་གྱི་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད། །ཕྱོགས་ བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ ཅན་གྱི་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད། །ཅེས་གསོལ་བ་བཏབ་པས་སྐུ་རྡོ་ རྗེ་དཔྲལ་བའི་ཟླ་བ་ལ་ཞུགས་ནས། བྱིན་གྱིས་རློབ་པར་བསམ་མོ། ། ཡང་མགྲིན་པར་ར་ལས་ཉི་མའི་སྟེང་དུ་ཨཱཿདང་པད་མ་ལས་གསུང་རྡོ་རྗེ་དམར་པོ་ ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པ་འཕྲོས་ནས་གསུང་རྡོ་རྗེས་འདུལ་བ་རྣམས་ ལ་ཆོས་བསྟན་ཏེ། སླར་བྱོན་པ་ལ་གསུང་གི་རྡོ་རྗེ་འཛིན་པ་བདག་ལ་དབང་བསྐུར་དུ་ གསོལ། ཞེས་པས་གསུང་གི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་ བསྐུར་ནས། དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །ཞེས་སོགས་འདོན་པ་བསྒྱུར་བས་ གསུང་རྡོ་རྗེ་མགྲིན་པའི་ཉི་མ་ལ་བཞུགས་ནས་བྱིན་གྱིས་རློབ་པར་བསམ་མོ། ། ཡང་ཐུགས་ཀར་ཨཾ་ལས་སྒྲ་གཅན་གྱི་སྟེང་དུ་ཧཱུཾ་དང་རྡོ་རྗེ་ལས་ཐུགས་རྡོ་རྗེ་ནག་པོ་ ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པ་འཕྲོས་ནས་ཐུགས་རྡོ་རྗེས་འདུལ་བ་རྣམས་ ལ་ཆོས་བསྟན་ཏེ། སླར་བྱོན་པ་ལ་ཐུགས་རྡོ་རྗེ་འཛིན་པ་བདག་ལ་དབང་བསྐུར་དུ་ གསོལ། ཞེས་པས་ཐུགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར་ནས། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །ཞེས་སོགས་འདོན་པ་བསྒྱུར་བས་ཐུགས་རྡོ་རྗེ་སྙིང་ གར་སྒྲ་གཅན་ལ་བཞུགས་ནས་བྱིན་གྱིས་རློབ་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ ཡ་ཝཱཀ་ཙིཏྟ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང༌། ལྷག་པར་ཤེས་རབ་ཀྱི་ལྟེ་བ་ གསང་བ་གཙུག་ཏོར་རྣམས་སུ་ཧོཿསྭཱཧཱ། རྣམས་ལས་སྐུ་གསུང་ཐུགས་ཀྱི་རྡོ་རྗེས་བྱིན་ གྱིས་བརླབ་བོ། ། 7-1-113 རྒྱས་པར་ན། དབང་བདུན་གྱི་དོན་བསམ་ཞིང་སྔགས་ཀྱི་ཚིག་གིས་དབང་བསྐུར་ནས་ ང་རྒྱལ་བཟུང་ངོ༌། །རྒྱས་གདབ་ནི། མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་ལ་ཐུགས་རྡོ་རྗེ་ ཆོས་གོས་དང་གཙུག་ཏོར་འཛིན་ཅིང༌། དཀྱིལ་ཀྲུང་གིས་གནས་པའི་ཕྱག་རྒྱ་ས་ལ་རེག་ པས་དབུགས་འབྱིན་པ། མི་བསྐྱོད་པས་རྣམ་སྣང་ལ། རྣམ་སྣང་གིས་འོད་དཔག་མེད་ལ། འོད་དཔག་མེད་ཀྱིས་རིན་ཆེན་དབང་པོ་ལ། རིན་ཆེན་དབང་པོས་དོན་ཡོད་གྲུབ་པ་ལ། ལྷ་གཞན་ལྗང་ཁུ་རྣམས་ལ་མི་བསྐྱོད་པ། ནག་པོ་རྣམས་ལ་དོན་ཡོད་གྲུབ་པ། དམར་པོ་ རྣམས་ལ་རིན་ཆེན་དབང་པོ། དཀར་པོ་རྣམས་ལ་འོད་དཔག་མེད། སེར་པོ་རྣམས་ལ་ རྣམ་སྣང༌། སྔོན་པོ་རྣམས་ལ་རྡོ་རྗེ་སེམས་དཔས་རྒྱས་གདབ་ཅིང༌། རྒྱས་པར་ན། རིགས་ དྲུག་དང༌། ལྔ་དང་བཞི་དང་གཅིག་གིས་རྒྱས་གདབ་པ་ཡང་དྲན་པར་བྱ་སྟེ་ལས་རྒྱལ་ མཆོག་དང་ངག་རྫོགས་པ་ཉེ་བའི་བསྒྲུབ་པའོ། ། དེ་ནས་ལྷ་ཡབ་ཡུམ་རྣམས་སྙོམས་པར་ཞུགས་པས་ལྟེ་བའི་ཧོཿཡིག་གཏུམ་མོ་ཡེ་ཤེས་ཀྱི་ མེ་འབར་བས་རླུང་བཅུ་དང་གཟུང་འཛིན་ཐམས་ཅད་བསྲེགས་ཤིང་སྤྱི་བོའི་ཧཾ་བཞུ་ བའི་རྒྱུན་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བར་བབས་པས་དགའ་བ་བཞི་ མངོན་དུ་བྱས་པར་མོས་ནས། ཨོཾ་ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ བརྗོད་དེ། ཐིག་ལེའི་རྣལ་འབྱོར་དང་ཐིག་ལེ་རྫོགས་པ་བསྒྲུབ་པའི་ཡན་ལག་གོ ། སླར་ཡང་ཇི་ལྟར་བྱོན་པ་དེ་བཞིན་སྟེང་དུ་གཤེགས་པས་ལྟེ་བར་རྒྱུ་མཐུན་པ། སྙིང་གར་ རྣམ་པར་སྨིན་པ། མགྲིན་པར་སྐྱེས་བུ་བྱེད་པ། སྤྱི་བོར་དྲི་བྲལ་གྱི་འབྲས་བུ་སྟེ་སྐུ་བཞི་ ཐོབ་པར་མོས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་སཏྭ་ཧཾ་དུར་དཱན་ཏ་ད་མ་ཀ་ཧུཾ་ ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ཕྲ་མོའི་རྣལ་འབྱོར་དང༌། བདེ་བ་རྫོགས་པ་སྒྲུབ་པ་ཆེན་པོའི་ཡན་ ལག་སྟེ། ཆོས་ཉིད་ལ་མོས་པ་ཡིད་ལ་བྱེད་པ་རྗེས་སུ་དཔག་པའི་བསྒོམ་པའོ། །དེ་ཁོ་ན་ ཡིད་ལ་བྱེད་པའི་བསྙེན་བསྒྲུབ་ཡན་ལག་བཞི་ནི་ལོགས་ཤིག་ཏུ་བརྗོད་དོ། ། སྔགས་ཟློས་པ་ན། ཆོས་ཉིད་རྣམ་པ་ཐམས་ཅད་པ་ལ་མོས་པ་ཡིད་ལ་བྱེད་ཅིང༌། དཀྱིལ་ འཁོར་དང་ལྷ་རྣམས་གསལ་འདེབས་བཞིན་པས་གཙོ་བོ་ཡབ་ཡུམ་གྱི་སྔགས། ཨོཾ་ 7-1-114 ཧྐྵྨླྺྼྻ⁽14bb⁾་ཞེས་པ་དང༌། ཨོཾ་ཨཱཿཧཱུཾ་ཧོཿཧྐྵྨླྺྼྻ⁽14bb⁾་ཞེས་པ་དང༌། ཨོཾ་ཧྲཱཾ་ཧྲཱིཾ་ཧྲྼྀཾ་ཧྲཱུཾ་ཧྲླཱྀཾ་ཧྲཿ ཞེས་པ་རྣམས་ཀྱི་མཐར། ཞི་བ་ལ་ན་མཿ རྒྱས་པ་ལ་སྭཱཧཱ། ཞེས་པ་སྦྱར་ཞིང༌། འཁོར་རྣམས་ཀྱིའང༌། ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཱཿ ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཱཿ ཧ་ ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཱཿ ཞེས་པའི་མཐར་ཡང་སྔ་མ་བཞིན་ནོ། །དེས་དོན་རྡོ་ རྗེའི་བཟླས་པ་ནི་ལོགས་ཤིག་ཏུ་བརྗོད་དོ། ། དེ་ནས་ཕུན་སུམ་ཚོགས་པའི་མཆོད་པ་རླབས་ཆེན་པོའམ། ཇི་ལྟར་འབྱོར་བ་ལ་བཟང་ ཞིང་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས། མདུན་ན་རྡུལ་ཚོན་དང་རས་བྲིས་ལ་སོགས་ པའི་དཀྱིལ་འཁོར་ཡོད་པའམ་མེད་ཀྱང་རུང་སྟེ། ནམ་མཁའ་གང་བའི་བླ་མ་བཀའ་ བརྒྱུད་ཡེ་ཤེས་ལྷ་ཚོགས་འཁོར་དང་བཅས་ཤིང་བཀའ་བསྲུངས་དང་བཅས་པ་རྣམས་ དྲི་བཟང་གི་མཎྜལ་མཐེབ་སྲིན་གྱིས་བྱས་པར་བཞུགས་པ་ལ་ཕུལ་བར་བསམ་ཞིང༌། དངོས་སུ་འདོར་བཞིན་པས་དང་པོར། ཨོཾ་ཨཱཿཧཱུཾ་ཧོཿ ཏྲཻ་དྷཱ་ཏུ་ཀེ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ ཏཱིཙྪ་ས་པ་རི་ཝཱ་རཱཿ ཏྭཾ་བྷ་ག་ཝཱན་མེ་བ་ར་དོ་བྷ་ཝ་ཤི་ཥྱ་ནཾ་ཙ། ཞེས་པས་མཆོད་ཡོན་ ཕུལ་ཞིང་གསོལ་བ་བཏབ་ནས། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང༌། །ཕྱོགས་ དུས་ཀུན་གྱི་མཆོད་རྫས་བཟང་རྒུ་རྣམས། །བླ་མ་རྒྱལ་བ་སྲས་བཅས་ཀུན་ལ་ འབུལ། །མཁའ་ཁྱབ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པཱ་རི་ཝཱ་རེ་ བྷྱཿབཛྲ། ཞེས་པའམ། བསྡུས་པར་ན། ཨོཾ་བཛྲ། ཞེས་པའི་མཐར། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ནཻ་བེ་དྱཾ། ཨཀྵ་ཏཾ། ལཱ་སྱཾ། ཧཱ་སྱཾ། བ་དྱཾ། ནྲྀ་ཏྱཾ། གཱི་ཏཾ། ཀཱ་མཾ། ཞེས་པ་རྣམས་ཀྱི་མཐར། པྲ་ ཏཱིཙྪ་ན་མཿ ཞེས་སྦྱར་བས་མཆོད་རྫས་བཟང་རྒུ་དང་བཅས་པའི་མཆོད་པའི་ལྷ་མོ་ནམ་ མཁའ་གང་བས་མཆོད་ཅིང༌། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ཆོས་ འབྱུང་གྲུ་གསུམ་དབུས་སུ་ཐིག་ལེས་བརྒྱན་པ། མཐེབ་སྲིན་གྱིས་བྲིས་པར་ཡེ་ཤེས་ འཁོར་ལོ་སྲིད་གསུམ་གྱི་རྣམ་པ་ཅན་དང་ཞིང་གསལ་བ་ལ་དམིགས་ཏེ། ཐོག་མར་བླ་མ་ བཀའ་བརྒྱུད་དང་བཅས་པ་ལ་དབུལ་ཞིང༌། དེ་ནས། ཨོཾ་བུདྡྷཱ་ཡ་ན་མཿ ཞེས་སོགས་རྒྱས་ 7-1-115 པའམ། ཐུགས་དཀྱིལ་ཙམ་མམ། ཉེ་བར་བསྡུ་ན། གཙོ་བོའི་ཕོ་བྲང་དང་ཡེ་ཤེས་འཁོར་ ལོ་དང་ཐུགས་ཀྱི་དཀྱིལ་འཁོར་དང༌། གསུང་གི་དཀྱིལ་འཁོར་དང༌། སྐུའི་དཀྱིལ་འཁོར་ རྣམས་ཀྱི་ཕྱི་ནང་ན་བཞུགས་པའི་ལྷ་ཚོགས་རྣམས་ལ་མཆོད་པར་འབུལ་ལོ། །དཀྱིལ་ འཁོར་ཆེན་པོ་ལ་མངོན་པར་དད་པའི་འཇིག་རྟེན་པའི་ལྷ་དཀྱིལ་འཁོར་གྱི་ཕྱི་རོལ་ན་ གནས་པ་རྣམས་ལ་ཡང་མཆོད་དོ། །ཞེས་པ་ལ་སོགས་པའམ། ཤིན་ཏུ་བསྡུ་ན། ཨོཾ་གུ་རུ་ བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཞེས་པའི་མཐར། ཆོས་སྐྱོང་ལ་སོགས་ཇི་ལྟར་རིགས་པ་ ལ་རྒྱས་བསྡུས་སྐབས་དང་སྦྱར་བ་ཕུལ་ནས། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས། ཞེས་སོགས་དང༌། གང་ཞིག་གཅིག་མིན་དུ་མ་ཡང་མིན་རང་དང་གཞན་ལ་ཕན་པ། ཞེས་སོགས་རྒྱས་བསྡུས་གང་རུང་གིས་བླ་མ་དང་ལྷག་པའི་ལྷ་ལ་བསྟོད་དེ། ལྷ་རྣམས་ རང་གི་ལུས་ལ་བསྡུས་ནས་དཀར་གཏོར་བཟང་པོ་ཕྱག་ལེན་ལྟར་བཤམས་པ་རྣམས་ སམ། ཇི་ལྟར་འབྱོར་བ་ལ། ཨོཾ་ཨོཾ་བཛྲ་ཙནྡྲ་སརྦ། ཞེས་སོགས་ཕྱག་རྒྱ་དང་བཅས་པས་ རྒྱས་པར་བྱིན་གྱིས་བརླབ་པའམ། བསྡུས་པར་ན། ལག་པ་གཡོན་དང་གཡས་དང༌། གཉི་ གའི་སྙིམ་པ་དང་མཁའ་ལྡིང་གི་ཕྱག་རྒྱ་སྟོན་བཞིན་པས། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་བརྗོད་ ཅིང༌། སྦྱང་སྤེལ་སྦར། བདུད་རྩིའི་རྒྱ་མཚོར་བསྒྱུར་བ་དྲི་དང་མེ་ཏོག་ལ་སོགས་པ་ཉེར་ སྤྱོད་མཐའ་ཡས་པ་ནམ་མཁའ་གང་བས་བརྒྱན་པ་ཕུལ་བས་མཉེས་པར་བསམ་ཞིང༌། ཡི་དམ་དང༌། བསྲུངས་མ་དྲུག་ཅུ་དང༌། མཧཱ་ཀཱ་ལ་ལ་སོགས་པ་ཆོས་སྐྱོང་བཟང་པོ་ གཞན་རྣམས་དང༌། བསྟན་པ་ལ་དད་ཅིང་དཀར་པོའི་ཕྱོགས་སུ་གཏོགས་པ་ཐམས་ ཅད་ལ་ཡང་རྒྱ་ཆེར་དབུལ། མཁའ་འགྲོ་འབྱུང་པོ་སྤྱིའི་གཏོར་མ་དང༌། ཁྱད་པར་ཞིང་ སྐྱོང་དང་ཡུལ་བདག་ལ་ཡང་སྔར་བསྟན་པའི་ཆོ་གས་སྦྱིན་ཏེ། འོན་ཀྱང་འདིར། ཨ་པ་ ར་སྠཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་པའི་གནས་སུ། སྭ་སྠཱ་ནཾ་གཙྪ་སྭཱཧཱ། ཞེས་གཞུག་པར་བྱ་སྟེ་ འདི་ནི་ཁྱད་པར་རོ། །སེམས་ཅན་ཐམས་ཅད་ཀྱང་ཚིམ་པར་བྱའོ། ། བསད་ཤ་སྤངས་པའི་ཁ་ཟས་དང་འབྲེལ་ནའང་སྔ་མ་ལྟར་བྱིན་གྱིས་བརླབས་པའི་ཕུད་ ཀྱིས་བླ་མ་དཀོན་མཆོག་མཆོད་ཅིང༌། ཨོཾ་ཧཱ་རི་ཏེ་པིནྚ་ཀེ་པྲ་ཏཱིཙྪ་སྭཱཧཱ། ཞེས་པས་འཕྲོག་ 7-1-116 མ་ལ་ཆང་བུ་གཉིས་དང༌། ཨོཾ་སརྦ་དཱུ་ཏི་ཀེ་ཨ་གྲཱ་གྲ་སཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པས་ཕོ་ཉ་ རྣམས་ལ་ཆང་བུ་བྱིན་ནས་རང་གི་ལུས་ལ་རྟག་ཏུ་བཞུགས་པའི་ཡེ་ཤེས་ལྷ་ཚོགས་ ཐམས་ཅད་མཆོད་པའི་བསམ་པས་རན་པ་ཙམ་དུ་ལོངས་སྤྱོད་པའི་མཐར། ཨོཾ་ཁ་ཁ་ཁཱ་ ཧི་ཁཱ་ཧི་ཨུཙྪིཥྟ་བ་ལིཾ་ཨུཙྪཥྟ་བྷཀྵ་བྷཀྵ་ཀ་སྭཱཧཱ། ལྷག་མ་ལ་དབང་བའི་འབྱུང་པོ་ཐམས་ ཅད་ཚིམ་པར་གྱུར་ཅིག །ཅེས་པ་ཁ་ཟས་ཀྱི་རྣལ་འབྱོར་རོ། ། སྤྱོད་ལམ་ནི། མཉམ་བཞག་ཏུ་ཡེ་ཤེས་ཀྱི་ཚོགས་དོན་དམ་སྣང་སྟོང་ཟུང་འཇུག་གི་ལམ་ ཁྱེར་དང༌། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་ཀུན་རྫོབ་སྣང་སྟོང་ཟུང་འཇུག་གི་ལམ་ ཁྱེར་གྱིས་གནས་པར་བྱའོ། ། དེ་ལྟར་དབྱིངས་རིག་དབྱེར་མེད་དེ་བཞིན་ཉིད་ལྷ་དང་སྔགས་དང་དཀྱིལ་འཁོར་ ཐམས་ཅད་པའི་བདག་ཉིད་ལ་མོས་པ་ཡིད་ལ་བྱེད་པའི་དོན་དུ་དཔག་བསམ་ལྗོན་ ཤིང་དང༌། བསྟོད་པའི་འགྲེལ་པ་ལ་སོགས་པའི་གཞུང་དང༌། བླ་མ་དམ་པའི་མན་ངག་ ལ་ལེགས་པར་བསླབས་ཤིང་རྀ་མོ་དང་འབུར་མ་དང་བསྒོམ་བྱའི་དཀྱིལ་འཁོར་གྱི་ གཟུགས་བཞེངས་པ་ལ་ངེས་པའི་ཚུལ་གྱིས་བལྟས་ཏེ་རྣམ་པ་ཤར་བར་བྱས་ནས་ལུས་ ཀྱིས་བྱ་བར་འོས་པ་དང༌། སེམས་ཀྱིས་བསམ་པར་འོས་པ་དང༌། ངག་གིས་བརྗོད་པར་ འོས་པ་རྣམས་ཚོགས་པ་གཅིག་ཏུ་བྱས་ན་ཡུན་ཐུང་ངུ་ལ་ཡང་མངོན་རྟོགས་རྒྱ་ཆེན་ པོའྀ་དོན་ཚང་བ་བྱར་རུང་ངོ༌། །དེས་ན་འདིར་སེར་བཏབ་པ་རྣམས་དངོས་སུ་བརྗོད་ མི་དགོས་ཀྱང་ངེས་པར་ཤེས་པར་བྱས་ནས། སྒོམ་དགོས་ཤིང་བསྒོམ་པར་བྱ་བ་རྣམས་ ངེས་པར་ཚིག་ཏུ་གཤོར་དགོས་པ་ཡང་མ་ཡིན་ཏེ། བསྐྱེད་རིམ་བསྒོམ་པ་ཞེས་གསུངས་ ཀྱི་བསྐྱེད་རིམ་གཤོར་བ་ཞེས་མ་གསུངས་པའི་ཕྱིར་རོ། ། རྫོགས་པའི་རིམ་པ་ནི། འདིར་བྲིས་པ་ཙམ་གྱིས་མི་ཆོག་གི །རྐྱེན་གསུམ་ཚང་བའི་མན་ ངག་གིས་ལོགས་ཤིག་ཏུ་ངེས་པར་བསྒོམ་དགོས་སོ། ། འདིར་ཡང་ཉུང་ངུ་ལ་མོས་པ་དང༌། ལག་ལེན་ཟོར་ཡང་བ་ལ་དད་པ་རྣམས་ཀྱི་ཆེད་དུ། གཡའ་བཟང་རིན་པོ་ཆེ་ལ་སོགས་པ་དགེ་བའི་བཤེས་གཉེན་བཟང་པོ་རྣམས་དང༌། སྭི་ 7-1-117 དུ་ཆེན་པོ་ལ་སོགས་པ་སློབ་མ་དད་གུས་ཅན་རྣམས་ཀྱིས་གསོལ་བ་བཏབ་པའི་ཕྱིར། རྒྱལ་ཁམས་ཀྱི་བསོད་སྙོམས་པས་སྦྱར་བ་རྫོགས་སོ།། །། འདིའི་དགེ་བ་ལ་བརྟེན་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་རང་རང་ལ་བཞུགས་ པའི་དེ་བཞིན་ཉིད་ཟབ་མོ་མྱུར་དུ་ཐོབ་པར་གྱུར་ཅིག །ཡི་གེ་པ་ནི་བཅོམ་ལྡན་རྡོ་རྗེ་ སྙིང་པོ་དང༌། གཡའ་བཟང་པ་དགེ་བཤེས་སངས་རྒྱས་འོད་དོ།། །།ཨོཾ་ཨཱཿཧཱུཾ་ཧོཿཀྵཿ ཞུས་དག ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། སྤར་མ་དང༌། ཕྱི་ཀ་༢༡༥ཡིན།) 7-1-118 ༄༅། །དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་བསྡུས་པའི་མངོན་རྟོགས་བཞུགས་སོ། ། ༄༅། །ཨོཾཨཱཿཧཱུཾ་ཧོཿཧཾ་ཀྵཿ དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་བསྡུས་ནས་སྒོམ་པ། དཔལ་ལྡན་བླ་མ་དམ་པ་དང༌། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །འདིར་དག་ པའི་རིམ་པའི་དབང་བསྐུར་བ་ལེགས་པར་ཐོབ་པའི་སློབ་མ་དམ་ཚིག་པ་ལྷ་དང་ དཀྱིལ་འཁོར་ལ་སོགས་པ་ཆོས་ཀྱི་དབྱིངས་ཉིད་དུ་ངེས་ཤིང༌། ཐག་ཆོད་པས་དེ་ལ་མོས་ པ་ཡིད་ལ་བྱེད་པའི་དོན་དུ་ཐུགས་ཀྱི་དཀྱིལ་འཁོར་བསྡུས་ནས་བསྒོམ་པར་འདོད་ན། སྐྱབས་འགྲོ་སེམས་བསྐྱེད་དང༌། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔོན་དུ་འགྲོ་བས། རང་གི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་མོ་བཅུ་ བདུན་པ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདམར་པོ་ལས་རྡོ་རྗེ་དམར་པོ་རྩེ་མོ་ སོ་གསུམ་པ། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་མཐིང་ནག་ལས་རྡོ་རྗེ་མཐིང་ ནག་རྩེ་དགུ་པ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿསེར་པོ་ལས་རྡོ་རྗེ་སེར་པོ་རྩེ་མོ་ དྲུག་ཅུ་རྩ་ལྔ་པ། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ་ལྗང་ཁུ་ལས་རྡོ་རྗེ་ལྗང་ ཁུ་རྩེ་ལྔ་པ། གསང་གནས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿསྔོན་པོ་ལས་རྡོ་རྗེ་སྔོན་པོ་ རྩེ་མོ་སོ་གསུམ་པ་རྣམས་གདོད་ནས་བཞུགས་པ་གསལ་གདབ་ཅིང༌། ལས་དང་བྱ་བའི་ འཁོར་ལོ་དང༌། དབང་པོ་དང་ལས་དབང་རྣམས་ལ་ཡང་རྡོ་རྗེ་མང་པོ་བཞུགས་པ་ཅི་ ནུས་ཀྱིས་དྲན་པར་བྱས་ནས། རྡོ་རྗེའི་སྐུ་གསལ་གདབ་པ་ལས། རྡོ་རྗེ་འབར་བ་ཕྱོགས་ ཀྱི་མདོག་ཅན་འཕྲོས་པས་གློ་བུར་དྲི་མའི་ངོ་བོ་གདུག་པ་ཐམས་ཅད་བསྲེགས་ནས་ རང་བཞིན་འོད་གསལ་ཐོབ་པར་བསམ་ཞིང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧྲཱཿཧྲཱཿཧྲཱཿཧྲཱཿར་ར་ར་ ར་བཛྲ་ཨ་ན་ལ་སརྦ་ཨ་ཝ་ར་ཎ་དྷརྨ་པྲ་ལ་ཡ་སྭ་བྷཱ་བ་སརྦ་མཱ་ར་ཀཱ་ཡི་ཀ་བིགྷྣ་བཱི་ནཱ་ཡ་ ཀ་ཨ་དཱི་ནཱཾ་ད་ཤ་དིཀ་ག་ཏཱ་ནཱཾ་ཀཱ་ཡ་ཝཱཀ་ཙིཏྟཱ་ནི་ད་ཧ་ད་ཧ་པ་ཙ་པ་ཙ་བྷསྨཱི་ཀུ་རུ་ཀུ་ 7-1-119 རུ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་མང་དུ་འདོན་པས་བདུད་བསྲེག་ཅིང་བར་ཆད་བསལ་ནས། རང་སྐད་ཅིག་གིས་དུས་ཀྱི་འཁོར་ལོར་གསལ་བའི་སྙིང་ཁར་པཾ་ལས་པད་མ། ཨ་ལས་ཟླ་ བའི་སྟེང་དུ་ཧཱུཾཾ་ལས་རྡོ་རྗེ་རྩེ་ལྔ་པ། དེ་ལས་རྡོ་རྗེ་ཉི་མ་བཞིན་དུ་དེ་བཞིན་གཤེགས་པ་ ཐམས་ཅད་རབ་ཏུ་སད་པར་བྱེད་པའི་འོད་ཟེར་ཁ་དོག་ལྔ་རྣམས་ནམ་མཁའི་ཁམས་ སུ་འཕྲོས་པས་ནམ་མཁའ་གང་བར་རྟག་ཏུ་བཞུགས་པའི་བླ་མ་རྒྱལ་བ་སྲས་བཅས་ ཐམས་ཅད་སད་ཅིང་རྟོགས་པར་བྱས་ནས། སླར་ཡང་དེ་དག་མཆོད་པའི་དོན་དུ་འོད་ ཟེར་དེ་དག་རང་གི་སྙིང་ཁའི་རྡོ་རྗེ་ལ་བཅུག་ནས། གང་གི་དྲིན་གྱིས་བདེ་ཆེན་ ཉིད། །ཅེས་སོགས་དང༌། སྟོང་པ་ཉིད་དང་སྙིང་རྗེའི་བདག །ཅེས་སོགས་ཀྱི་ཕྱག་བྱས་ཏེ། ཨོཾ་ཙྪྫྫྙྙ་བཛྲ་གནྡྷེ་གནྡྷ་ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཙྪྫྫྙཱ་བཛྲ་མཱ་ལེ་མཱ་ལ་ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་ སྭཱཧཱ། ཨོཾ་ཊྛྜྜཧྞ་བཛྲ་དྷཱུ་པེ་དྷཱུ་པ་ཨརྩྪ་ནཱཾཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཊྛྜྜཧྞཱ་བཛྲ་པྲ་དཱི་པེ་པྲ་དཱི་ པ་ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་པྥྦྦྷྨ་བཛྲ་ཨ་མྲྀ་ཏེ་ནཻ་ཝེ་དྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་པྥྦྦྷྨཱ་ བཛྲ་ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཏྠྡྡྷྣ་བཛྲ་ལཱ་སྱ་ཝསྟྲ་ཨཱ་བྷ་ར་ཎ་པཱུ་ ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཏྠྡྡྷྣཱ་བཛྲ་ཧཱ་སྱ་གྷཎ་ཊ་ཨཱ་ དར་ཤ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཀྑྒྒྷྔ་བཛྲ་བཱ་ཏྱེ་བཱ་ཏྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཀྑྒྒྷྔཱ་ བཛྲ་ནྲྀ་ཏྱེ་ནྲྀ་ཏྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་སྐྤྵྴྛྐ་བཛྲ་གཱི་ཏེ་གཱི་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ སྐྤྵྴྛྐཱ་བཛྲ་ཀཱ་མེ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་ཀྲོ་དྷ་ཨཱ་དཱི་ནཱཾ་བཛྲ་སཱུ་ར་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་ སྭཱཧཱ། ཞེས་པས་སྙིང་ཁའི་ཟླ་བར་ཡི་གེའི་གོང་བུ་འདི་རྣམས་ལས་བྱུང་བའི་མཆོད་པའི་ ལྷ་མོ་རྣམས་ཀྱིས་ལྷ་རྣམས་མཉེས་པར་བྱེད་དུ་བཅུག་ནས། སྲིད་འགྲོ་ཉམས་ངར་བྱིས་ པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་ སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་ མཛད་པ། ། དེ་དག་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་ 7-1-120 པས་རྗེས་ཡི་རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་ བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་ལུས་འབུལ་ཆོས་ཀྱི་འཁོར་ལོ་ བསྐོར་བར་བསྐུལ་ཞིང་མྱ་ངན་མི་འདའ་ཡུན་རིང་བཞུགས་པར་གསོལ། །འདིར་ནི་ སེམས་ཅན་མ་ལུས་དོན་གྱི་སླད་དུ་བདག་གིས་རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་ གྱུར་ཅིག །ཅེས་དོན་གསལ་བར་མངོན་དུ་བྱེད་བཞིན་པས་མཆོད་པ་རྣམ་པ་བདུན་ བྱས་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །བསམ་པ་རྣམ་པར་དག་པ་ དང༌། །བདག་དང་བདག་གིར་འཛིན་སྤོང་བའི། ། རྩ་བ་གསུམ་དང་ཕར་ཕྱིན་ བཅུ། །ཚད་མེད་བསྡུ་དངོས་བཞི་བསྟེན་བགྱི། །མི་དགེ་བཅུ་དང་སྒྲིབ་པ་ལྔ། །ཉོན་མོངས་ བཞི་དང་ཟག་པ་བཞི། །དེང་ནས་བརྩམས་ཏེ་སྤང་བར་བགྱི། ། ཞེས་ལམ་བསྟེན་པར་ དམ་བཅས་ནས། །དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་ དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་པས་ཁམས་གསུམ་སྣོད་ བཅུད་ཐམས་ཅད་རང་རང་ངོ་བོས་སྟོང་ཞིང་དེས་སྟོང་པའི་གཞི་ཆོས་ཉིད་ཡེ་ཤེས་རྡོ་ རྗེ་རྣམ་པ་ཐམས་ཅད་པ་མཁའ་ཁྱབ་ཏུ་ནམ་ཡང་བཞུགས་པ་ལ་བློ་བཞག་ནས། ཨོཾ་ཤཱུ་ ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་ནི་མི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ ཀོ྅ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་ནི་བྷི་སཾ་སྐཱ་ར་ཛྙཱ་ན་ བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་པས་སྟོང་པ་ཉིད་དུ་དམིགས་པའི་ངང་ལས་འབྱུང་ བ་རིམ་བརྩེགས་ལ་སོགས་པ་ཀུན་རྫོབ་ཀྱི་ཆོས་རྣམས་ལ་རྟག་ཏུ་ཁྱིམ་པར་བཞུགས་ པའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་དོ། །ཞེས་པ་དོན་དམ་པའི་དཀྱིལ་འཁོར་ལ་ མོས་པ་ཡིད་ལ་བྱེད་པས་ཐུགས་ཀྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་བཞི་ལ་ སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་དང་ལྡན་པ། དེའི་དབུས་སུ་སྟེང་གི་ཆ་ལ་བདེ་ཆེན་འཁོར་ལོ། དེའི་དབུས་སུ་སྟེང་གི་ཆ་ལ་གཙོ་བོའི་ ཕོ་བྲང༌། དེའི་དབུས་སུ་ཨོཾ་ལས་པད་མ་ལྗང་ཁུའི་ལྟེ་བར་ཟླ་ཉི་སྒྲ་གཅན་གྱི་སྟེང་དུ་ཧཱུཾ་ དང་རྡོ་རྗེ་ལས་བྱུང་བའི་གཙོ་བོ་ཡབ་ཡུམ་གསལ་འདེབས་བཞིན་པས། 7-1-121 རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པད་མ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་ གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། ། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་ མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པད་མ་སྟོང་པ་དྲུག་དང་ མེ་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་ དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་པའི་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་ འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ ལྕགས་ཀྱུ་ཌཱ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་ པ་ཡང༌། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་ དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེའི་སྐུ་ཆེན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་ གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌཱ་ མ་རུ་དང་བགྲང་ཕྲེང་དང༌། །ཐོད་པ་ཞགས་པ་པད་མ་དཀར་དང་རིན་ཆེན་འཛིན་ མར་བཅས་ལ་འདུད། ། ཅེས་པ་དང༌། འཁོར་གྱི་པད་མ་དཀར་པོ་བཅུ་གཉིས་ཀྱི་ལྟེ་བར་ ཉི་མ་དང༌། དམར་པོ་བཅུ་གཉིས་ཀྱི་ལྟེ་བར་ཟླ་བ་ལ་རང་རང་གི་ས་བོན་དང་ཕྱག་ མཚན་ལས་བྱུང་བའི་ལྷ་རྣམས་གསལ་འདེབས་བཞིན་པས། འདུ་བྱེད་རླུང་དང་ངག་གི་དབང་པོ་སྣ་དང་རེག་གཞན་འདུས་མ་བྱས། །དོན་ཡོད་སྒྲོལ་ མ་བགེགས་ཀྱི་དགྲ་དང་ནམ་མཁའི་སྙིང་པོར་རེག་བྱ་མ། །རལ་གྲི་གྲི་གུག་རྩེ་གསུམ་ ཕུབ་དང་དཔལ་ལྡན་ཐོད་པ་ཁ་ཊྭཱཾ་ག །ཉི་ཟླའི་གདོང་ལྡན་སྤྲིན་ནག་དང་མཚུངས་ས་ཡི་ རིགས་ཀྱིས་འཁྱུད་ལ་འདུད། །ཚོར་བ་མེད་དང་ལག་པའི་དབང་པོ་མིག་དང་རོ་གཞན་ བདེ་བ་ཆེ། ། རིན་ཆེན་དབང་པོ་གོས་དཀར་མོ་དང་རྨུགས་བྱེད་ས་ཡི་སྙིང་པོ་ རོ། །མདའ་དང་ལྕགས་ཀྱུ་ཌཱ་མ་རུ་དང་གཞུ་དང་ཞགས་པ་ནོར་བུའི་ཕྱག །དཀར་ནག་ 7-1-122 གདོང་ལྡན་ཉིན་མོར་བྱེད་འདྲ་ཆུ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །འདུ་ཤེས་ཆུ་དང་ རྐང་པའི་དབང་པོ་ལྕེ་དང་གཟུགས་གཞན་ཡེ་ཤེས་སྐུ། །སྣང་བ་མཐའ་ཡས་མཱ་མ་ཀཱི་ དང་ཁེངས་བྱེད་འཇིག་རྟེན་དབང་པོ་གཟུགས། །ཐོ་བ་མདུང་དང་རྩེ་གསུམ་པད་ དཀར་མེ་ལོང་དང་ནི་བགྲང་ཕྲེང་ཅན། །ནག་དང་དམར་བའི་གདོང་ལྡན་དཀར་པོ་མེ་ ཡི་རིགས་ཀྱིས་འཁྱུད་ལ་འདུད། །གཟུགས་ཀྱི་ཕུང་པོ་ས་དང་བཤང་ལམ་ལུས་དང་དྲི་ གཞན་འོད་གསལ་གཟུགས། །རྟག་པ་སྤྱན་མ་རེངས་བྱེད་དང་ནི་རྣམ་སེལ་དྲི་ཡི་རྡོ་རྗེ་ མ། །འཁོར་ལོ་དབྱུག་པ་ཁྲོ་བོའི་རྡོ་རྗེ་དུང་དང་ལྕགས་སྒྲོག་དྲིལ་བུའི་ཕྱག །དཀར་ནག་ གདོང་ལྡན་གསེར་གྱི་རི་འདྲ་རླུང་གི་རིགས་ཀྱིས་འཁྱུད་ལ་འདུད། །རྣ་བ་ཆོས་ཁམས་ ཡིད་དང་སྒྲ་གཞན་ཕྱག་ན་རྡོ་རྗེ་ཆོས་ཁམས་མ། །ཀུན་བཟང་སྒྲ་ཡི་རྡོ་རྗེ་མ་སྟེ་ལྗང་ སྔོན་ཕན་ཚུན་ཡང་དག་སྦྱོར། །གཡས་གཡོན་ཉི་ཟླའི་ཞལ་གྱིས་རབ་བརྒྱན་རྡོ་རྗེ་གྲི་གུག་ དགྲ་སྟ་དང༌། །དྲིལ་བུ་ཐོད་པ་ཚངས་པའི་གདོང་ལྡན་སྟོང་པའི་རིགས་ལ་ཕྱག་འཚལ་ ལོ། །རབ་དཀར་ཆུ་སྐྱེས་མདངས་བཀྲུའི་ཟེ་འབྲུར་འོད་སྟོང་བདག་པོའི་དཀྱིལ་འཁོར་ ལ། །རྡོ་རྗེའི་གདན་དང་གཡས་བརྒྱད་སྟབས་བཞུགས་རྒྱལ་དང་རྒྱལ་སྲས་ཁྲོ་རྒྱལ་ དང༌། །འདམ་སྐྱེས་དམར་པོའི་གེ་སར་སྙིང་པོར་རི་བོང་འཛིན་པའི་དཀྱིལ་འཁོར་ལ། ། པད་མའི་གདན་བཞུགས་རིག་མ་རྣམས་དང་རྡོ་རྗེ་མ་རྣམས་ལ་ཕྱག་འཚལ། །ཞེས་པ་ དང༌། དེ་རྣམས་ལ་མཆོད་པའི་གཟུངས་མ་བགྲང་ཡས་ཀྱང་གསལ་འདེབས་བཞིན་པས། དེ་ ལྟར་ལྷ་ཡི་འཁོར་ལོ་ལེགས་མཆོད་དྲི་དང་ཕྲེང་བ་བདུག་སྤོས་མ། །སྣང་གསལ་བདུད་ རྩིའི་འབྲས་བུ་མ་དང་སྒེག་མོ་བཞད་མ་སིལ་སྙན་མ། །གར་དང་གླུ་ཡི་སྦྱོར་བ་ལ་བརྩོན་ འདོད་མ་འདོད་ལ་རབ་དགའ་མ། །རྒྱན་དང་ཆ་བྱད་རྣམ་འགྱུར་དུ་མས་ཡིད་རབ་ འཛིན་མ་རྣམས་བསྟོད་དོ། །དེ་ལྟར་བསྒོམས་པས་ཕུང་པོ་ཁམས་སོགས་གཞན། །བདེ་ གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་དབྱིངས། །གློ་བུར་དྲི་མའི་སྦུགས་ལས་ངེས་གྲོལ་ ཏེ། །སྲིད་གསུམ་དང་བ་མངོན་དུ་བྱེད་གྱུར་ཅིག། 7-1-123 ཅེས་པས་སྟོང་གཞི་ཆོས་ཉིད་རང་བྱུང་ཡེ་ཤེས་རྣམ་པ་ཐམས་ཅད་པའི་ལྷ་རྣམས་ བསྒོམས་ནས། ཨོཾ་སུ་བི་ཤུདྡྷ་དྷཱརྨ་དྷཱ་དུ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་སྟེ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཤུགས་ཀྱིས་ཀུན་འགྲོ་ཡེ་ཤེས་སེམས་དཔའ་ཡུལ་དུས་གནས་ སྐབས་ཐམས་ཅད་དུ་བཞུགས་པ་སད་ཅིང་རྟོགས་པར་བྱས་ནས་ཛཿཧཱུཾ་བཾ་ཧོཿཧི། ཞེས་ པས་དམ་ཚིག་གི་འཁོར་ལོ་ལ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། མཉེས་ པ་དང༌། རོ་མཉམ་པར་བྱས་ནས་ལྷ་རྣམས་ཀྱི་གནས་དྲུག་ཏུ། ཨོཾ་ཨཱཿཧཱུཾ་ཧོཿསྭཱཧཱ། ཞེས་ པས་བྱིན་གྱིས་བརླབས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་པ་རྣམས་ཀྱིས་བདག་དང་ སེམས་ཅན་ཐམས་ཅད་ལ་དབང་བསྐུར་དུ་གསོལ་ཞེས་པ་གསོལ་བ་བཏབ་པས་དེ་དག་ གི་རིགས་ཀྱི་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་རྣམས་ཀྱིས་བདག་གཞན་ཐམས་ཅད་ ཀྱིས་དབང་བསྐུར་བས་དྲི་མ་ཐམས་ཅད་དག་ཅིང་གཙོ་བོ་ཡབ་ཡུམ་ལ་ཐུགས་རྡོ་རྗེ་ ཆོས་གོས་དང་གཙུག་ཏོར་འཛིན་པས་རྒྱས་གདབ། མི་བསྐྱོད་པས་རྣམ་སྣང་ལ། རྣམ་ སྣང་གིས་འོད་དཔག་མེད་ལ། འོད་དཔག་མེད་ཀྱིས་རིན་ཆེན་དབང་པོ་ལ། རིན་ཆེན་ དབང་པོས་དོན་ཡོད་གྲུབ་པ་ལ། ལྷ་གཞན་ལྗང་ཁུ་རྣམས་ལ་མི་བསྐྱོད་པ། ནག་པོ་ རྣམས་ལ་དོན་ཡོད་གྲུབ་པ། དམར་པོ་རྣམས་ལ་རིན་ཆེན་དབང་པོ། དཀར་པོ་རྣམས་ལ་ འོད་དཔག་མེད། སེར་པོ་རྣམས་ལ་རྣམ་སྣང༌། སྔོན་པོ་རྣམས་ལ་རྡོ་རྗེ་སེམས་དཔས་ རྒྱས་གདབ་ཅིང༌། རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པར་མོས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ ཀཱ་ཡ་ཝཱཀ་ཙིཏྟཱ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་བརྗོད་ནས་ལྷ་ཡབ་ཡུམ་ཐམས་ཅད་ སྙོམས་པར་ཞུགས་པས་ཡས་བྱོན་པའི་དགའ་བ་བཞི་མངོན་དུ་བྱས་པར་མོས་ཤིང༌། ཨོཾ་ ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་བརྗོད་དེ། སླར་ཡང་ཇི་ལྟར་བྱོན་པ་ དེ་བཞིན་སྟེང་དུ་གཤེགས་པས་མས་གཤེགས་པའི་དགའ་བ་བཞི་མངོན་དུ་བྱས་པར་ མོས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་དྷི་པ་ཏི་བཛྲ་སཏྭ་ཧཾ་དུར་དཱན་ཏ་ད་མ་ཀ་ཧུཾ་ཧཱུཾ་ཕཊ་ སྭཱཧཱ། ཞེས་བརྗོད་དེ་གཅིག་ལ་ཀུན་འདུས་པའི་ལྷའི་རྣལ་འབྱོར་ལ་དམིགས་པ་རྩེ་ གཅིག་ཏུ་བཞག་གོ །སྔགས་ཟློས་པ་ན། ཆོས་ཉིད་རྣམ་པ་ཐམས་ཅད་པ་ལ་མོས་པ་ཡིད་ 7-1-124 ལ་བྱེད་ཅིང༌། དཀྱིལ་འཁོར་དང་ལྷ་རྣམས་གསལ་འདེབས་བཞིན་པ་དང༌། གཅིག་ལ་ ཀུན་འདུས་སྔགས་ཀྱི་མན་ངག་དང་ལྡན་པས་གཙོ་བོ་ཡབ་ཡུམ་གྱི་སྔགས། ཨོཾ་ ཧྐྵྨླྺྼྻ⁽14bb⁾་ཞེས་པ་དང༌། ཨོཾ་ཨཱཿཧཱུཾ་ཧོཿཧྐྵྨླྺྼྻ⁽14bb⁾་ཞེས་པ་དང༌། ཨོཾ་ཧྲཱཾ་ཧྲཱིཾ་ཧྲྼྀཾ་ཧྲཱུཾ་ཧྲླཱྀཾ་ཧྲཿ ཞེས་པ་རྣམས་ཀྱི་མཐར། ཞི་བ་ལ་ན་མཿ རྒྱས་པ་ལ་སྭཱཧཱ། ཞེས་པ་སྦྱར་ཞིང༌། འཁོར་རྣམས་ཀྱིའང༌། ཨོཾ་ཨ་ཨཱ་ ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཱཿ ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཱཿ ཧ་ཧཱ་ཡ་ཡཱ་ ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿ རྣམས་ཀྱི་མཐར་སྔ་མ་བཞིན་ནོ། །དེ་དག་ཏུ་དཀྱིལ་འཁོར་ གཅིག་ལ། དཀྱིལ་འཁོར་ཀུན་འདུས་པ་དང༌། ལྷ་གཅིག་ལ་ལྷ་ཀུན་འདུས་པ་དང༌། སྔགས་གཅིག་ལ་སྔགས་ཀུན་འདུས་པའི་མན་ངག་དང་ལྡན་པས་བསྒོམ་བཟླས་ཅི་ནུས་ པ་བྱས་ནས། ཕུན་སུམ་ཚོགས་པའི་མཆོད་པ་རླབས་ཆེན་པོའམ། ཇི་ལྟར་འབྱོར་བ་ལ། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་པས་བཟང་ཞིང་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས། ནམ་མཁའ་གང་བའི་བླ་མ་ བཀའ་བརྒྱུད་ཡེ་ཤེས་ལྷ་ཚོགས་འཁོར་དང་བཅས་ཤིང་བཀའ་བསྲུངས་དང་བཅས་པ་ རྣམས་དྲི་བཟང་གི་མཎྜལ་མཐེབ་སྲིན་གྱིས་བྱས་པར་བཞུགས་པ་ལ་ཕུལ་བར་བསམ་ ཞིང༌། དངོས་སུ་འདོར་བཞིན་པས་དང་པོར། ཨོཾ་ཨཱཿཧཱུཾ་ཧོཿ ཏྲཻ་དྷཱ་ཏུ་ཀེ་ཤྭ་ར་ཀཱ་ལ་ཙཀྲ་ ཨརྒྷཾ་པྲ་ཏཱིཙྪ་ས་པཱ་རི་ཝཱ་རཱཿ ཏྭཾ་བྷ་ག་ཝཱན་མེ་བ་ར་དོ་བྷ་བ་ཤི་ཥྱ་ནཱཾ་ཙ། ཞེས་པས་མཆོད་ ཡོན་ཕུལ་ཞིང་གསོལ་བ་བཏབ་ནས། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ དང༌། །ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་དགུ་རྣམས། །བླ་མ་རྒྱལ་བ་སྲས་བཅས་ ཀུན་ལ་འབུལ། །མཁའ་ཁྱབ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པཱ་ རི་ཝ་རེ་བྷྱཿབཛྲ། ཞེས་པའམ། བསྡུས་པར་ན། ཨོཾ་བཛྲ། ཞེས་པའི་མཐར། གནྡྷཾ། པུཥྤཾ། དྷཱུ་ པཾ། དཱི་པཾ། ནཻ་བེ་ཏྱཾ། ཨཀྵ་ཏཾ། ལཱ་སྱཾ། ཧཱ་སྱཾ། ཝཱ་ཏྱཾ། ནྲྀ་ཏྱཾ། གཱི་ཏཾ། ཀཱ་མཾ། ཞེས་པ་རྣམས་ཀྱི་ མཐར། པྲ་ཏཱིཙྪ་ན་མཿ ཞེས་སྦྱར་བས་མཆོད་རྫས་བཟང་དགུ་དང་བཅས་པའི་ལྷ་མོ་ནམ་ 7-1-125 མཁའ་གང་བས་མཆོད་ཅིང༌། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ཆོས་ འབྱུང་གྲུ་གསུམ་དབུས་སུ་ཐིག་ལེས་བརྒྱན་པ་མཐེབ་སྲིན་གྱིས་བྲིས་པར་ཡེ་ཤེས་འཁོར་ ལོ་སྲིད་གསུམ་གྱི་རྣམ་པ་ཅན་དང་ཞིང་གསལ་བར་དམིགས་ཏེ། ཐོག་མར་བླ་མ་བཀའ་ བརྒྱུད་དང་བཅས་པ་ལ་དབུལ་ཞིང༌། ཨོཾ་བུདྡྷཱ་ཡ་ན་མཿ ཞེས་སོགས་ཐུགས་དཀྱིལ་ཙམ་ མམ། དཀྱིལ་འཁོར་རྒྱས་པའམ། ཤིན་ཏུ་བསྡུས་ན། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་ མཿ ཞེས་པའི་མཐར། ཆོས་སྐྱོང་ལ་སོགས་པ་ལ་རྒྱས་བསྡུས་ཇི་ལྟར་རིགས་པར་ཕུལ་ནས། གང་གིས་བཀའ་དྲིན་འོད་ཀྱིས་གསལ་མཛད་བདག་ཉིད་ཀྱིས། །དེ་ཉིད་རིན་ཆེན་འོད་ ཀྱི་ཚོགས་ཀྱིས་མུན་བཅོམ་སྟེ། །མིག་སྐྱོན་མེད་རྣམས་རོལ་པར་བཅས་པས་སྟེང་དུ་ ནི། །ལྟ་འགྱུར་བླ་མ་ཉི་མ་དེ་ལ་ཕྱག་འདི་བགྱི། ། ཞེས་སོགས་བླ་མའི་བསྟོད་པ་དང༌། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཞེས་སོགས་ཡི་དམ་ལྷའི་བསྟོད་པ་རྒྱས་བསྡུས་སྐབས་ དང་སྦྱར་བས་བསྟོད་དེ། གཏོར་མ་རྒྱས་པར་འབུལ་ན་ཡོངས་རྫོགས་སུ་བསྟན་པ་ལྟར་ རམ། བསྡུས་ནས་འབུལ་ན་ལྷན་སྐྱེས་སུ་བསྟན་པ་ལྟར་བྱ་ཞིང༌། དེ་མན་ཆད་ཀྱི་ཆོ་ག་ རྣམས་ཀྱང་ལྷན་སྐྱེས་རྒྱས་པར་བསྟན་པ་ལྟར་བྱའོ།། །། འདིའི་དགེ་བ་ལ་བརྟེན་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་རང་རང་ལ་རྟག་ཏུ་ བཞུགས་པའི་ཆོས་དབྱིངས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མཐོང་ཞིང་རྟོགས་ ནས་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་པའི་ཡི་གེ་པ་ནི་བཅོམ་ལྡན་རྡོ་རྗེ་སྙིང་པོ་དང༌། གཡའ་བཟང་པ་དགེ་བཤེས་སངས་རྒྱས་འོད་དོ།། །།མངྒ་ལཾ། བྷ་ཝནྟུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༢༡༥ ཡིན།) 7-1-126 ༄༅། །དཔལ་དུས་ཀྱི་འཁོར་ལོ་ལྷ་དགུའི་མངོན་རྟོགས་ཅུང་ཟད་བསྡུས་པ་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿ དཔལ་དུས་ཀྱི་འཁོར་ལོའི་མངོན་རྟོགས་ཅུང་ཟད་བསྡུས་ཏེ་སྒོམ་ན། དཔལ་ལྡན་བླ་མ་དམ་པ་དང༌། དབྱེར་མེད་པའི་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ ལོ། ། འདིར་རྗེ་བཙུན་བླ་མ་དམ་པའི་བཀའ་དྲིན་ལས། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་ འཁོར་དུ་ཞུགས་ཤིང་དག་པའི་རིམ་པས་དབང་བསྐུར་བ་ལེགས་པར་ཐོབ་པའི་སློབ་མ་ དམ་ཚིག་དང་ལྷ་དང་དཀྱིལ་འཁོར་ལ་སོགས་པ་ཆོས་ཀྱི་དབྱིངས་ཉིད་དུ་ངེས་པ་རྙེད་ པས་དེ་ལ་མོས་པ་ཡིད་ལ་བྱེད་པའི་ཆེད་དུ། ལྷ་དགུའི་བདག་ཉིད་ཙམ་བསྒོམ་པར་ འདོད་ན། སྐྱབས་འགྲོ་སེམས་བསྐྱེད་དང༌། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔོན་དུ་འགྲོ་བས། རང་གི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་མོ་བཅུ་ བདུན་པ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདམར་པོ་ལས་རྡོ་རྗེ་དམར་པོ་རྩེ་མོ་ སོ་གསུམ་པ། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་མཐིང་ནག་ལས་རྡོ་རྗེ་མཐིང་ ནག་རྩེ་དགུ་པ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿསེར་པོ་ལས་རྡོ་རྗེ་སེར་པོ་དྲུག་ཅུ་ རྩ་ལྔ་པ། གཙུག་ཏོར་དུ་ནམ་མཁའི་དཀྱིལ་ལ་ཧཾ་ལྗང་ཁུ་ལས་རྡོ་རྗེ་ལྗང་ཁུ་རྩེ་ལྔ་པ། གསང་གནས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿསྔོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་མོ་སོ་ གསུམ་པ་རྣམས་གདོད་མ་ནས་བཞུགས་པ་གསལ་གདབ་ཅིང༌། ལས་དང་བྱ་བའི་ འཁོར་ལོ་དང་དབང་པོ་ལས་དབང་རྣམས་ལ་ཡང་རྡོ་རྗེ་མང་པོ་བཞུགས་པ་ཅི་ནུས་ ཀྱིས་དྲན་པར་བྱས་ནས་རྡོ་རྗེའི་སྐུ་གསལ་གཏབ་པ་ལས་རྡོ་རྗེ་འབར་བ་ཕྱོགས་ཀྱི་ མདོག་ཅན་འཕྲོས་པས་གློ་བུར་དྲི་མའི་ངོ་བོ་གདུག་པ་ཐམས་ཅད་བསྲེགས་ནས་རང་ 7-1-127 བཞིན་འོད་གསལ་ཐོབ་པར་བསམ་ཞིང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧྲཱཿཧྲཱཿཧྲཱཿཧྲཱཿ ར་ར་ར་ར་ བཛྲ་ཨ་ན་ལ་སརྦ་ཨ་ཝ་ར་ན་དྷརྨ་པྲ་ལ་ཡ་སྭ་བྷཱ་བ་སརྦ་མཱ་ར་ཀཱ་ཡི་ཀ་བིགྷྣ་བི་ནཱ་ཡ་ཀ་ ཨ་དཱི་ནཱཾ་ད་ཤ་དིཀ་ག་ཏཱ་ནཾ་ཀཱ་ཡ་ཝཱཀ་ཙིཏྟཱ་ནི་ད་ཧ་ད་ཧ་པ་ཙ་པ་ཙ་བྷསྨཱྀ་ཀུ་རུ་ཀུ་རུ་ ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་མང་དུ་འདོན་པས་བདུད་བསྲེག་ཅིང་བར་ཆད་བསལ་ནས། རང་ སྐད་ཅིག་གིས་དུས་ཀྱི་འཁོར་ལོར་གསལ་བའི་སྙིང་གར་པཾ་ལས་པད་མ། ཨ་ལས་ཟླ་བའི་ སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། དེ་ལས་རྡོ་རྗེ་ཉི་མ་བཞིན་དུ་དེ་བཞིན་གཤེགས་པ་ ཐམས་ཅད་རབ་ཏུ་སད་པར་བྱེད་པའི་འོད་ཟེར་ཁ་དོག་ལྔ་རྣམས་འཕྲོས་པས་ནམ་ མཁའ་གང་བར་རྟག་ཏུ་བཞུགས་པའི་བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་སད་ཅིང་ རྟོགས་པར་བྱས་ནས། སླར་ཡང་དེ་དག་མཆོད་པའི་དོན་དུ་འོད་ཟེར་དེ་དག་རང་གི་ སྙིང་གའི་རྡོ་རྗེ་ལ་བཅུག་ནས། གང་གི་དྲིན་གྱི་བདེ་ཆེན་ཉིད། །ཅེས་སོགས་དང༌། སྟོང་ པ་ཉིད་དང་སྙིང་རྗེའི་བདག །ཅེས་སོགས་ཀྱིས་ཕྱག་བྱས་ཏེ། ཨོཾ་ཙྪྫྫྙྙ་བཛྲ་གནྡྷེ་གནྡྷ་ཨརྩྪ་ ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཙྪྫྫྙཱ་བཛྲ་མཱ་ལེ་མཱ་ལ་ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཊྛྜྜཧྞ་བཛྲ་དྷཱུ་ པེ་དྷཱུ་པ་ཨརྩྪ་ནཱཾཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཊྛྜྜཧྞཱ་བཛྲ་པྲ་དཱི་པེ་པྲ་དཱི་པ་ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་པྥྦྦྷྨ་བཛྲ་ཨ་མྲྀ་ཏེ་ནཻ་བེ་དྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་པྥྦྦྷྨཱ་བཛྲ་ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨརྩྪ་ ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཏྠྡྡྷྣ་བཛྲ་ལཱ་སྱ་ཝསྟྲ་ཨཱ་བྷ་ར་ཎ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཏྠྡྡྷྣཱ་བཛྲ་ ཧཱ་སྱ་གྷཎ་ཌ་ཨཱ་དར་ཤ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཀྑྒྒྷྔ་བཛྲ་བཱ་ཏྱེ་བཱ་ཏྱ་པཱུ་ཛཾ་ཀུ་རུ་ཀུ་རུ་ སྭཱཧཱ། ཨོཾ་ཀྑྒྒྷྔཱ་བཛྲ་ནྲྀ་ཏྱེ་ནྲྀ་ཏྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་སྐྤྵྴྛྐ་བཛྲ་གཱི་ཏེ་གཱི་ཏ་པཱུ་ཛཾ་ཀུ་རུ་ཀུ་ རུ་སྭཱཧཱ། ཨོཾ་སྐྤྵྴྛྐཱ་བཛྲ་ཀཱ་མེ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་ཀྲོ་དྷ་ཨཱ་དཱི་ནཱཾ་བཛྲ་སཱུ་ར་ཏ་པཱུ་ཛཾ་ཀུ་རུ་ ཀུ་རུ་སྭཱཧཱ། ཞེས་པས་སྙིང་ཁའི་ཟླ་བར་ཡི་གེའི་གོང་བུ་འདི་རྣམས་ལས་བྱུང་བའི་མཆོད་ པའི་ལྷ་མོ་རྣམས་ཀྱིས་ལྷ་རྣམས་ལྷ་རྣམས་མཉེས་པར་བྱེད་དུ་བཅུག་ནས། སྲིད་འགྲོ་ཉམས་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། ། སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་ བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ 7-1-128 ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་རྣམས་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་ བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང༌། །སངས་རྒྱས་ཆོས་དང་དགེ་འདུན་ སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་ ལུས་འབུལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་མི་འདའ་ཡུན་རིང་ བཞུགས་པར་གསོལ། །འདིར་ནི་སེམས་ཅན་མ་ལུས་དོན་གྱི་སླད་དུ་བདག་གིས་རྫོགས་ པའི་སངས་རྒྱས་མྱུར་དུ་ཐོབ་གྱུར་ཅིག །ཅེས་དོན་གསལ་བར་མངོན་དུ་བྱེད་བཞིན་ པས་མཆོད་པ་རྣམ་པ་བདུན་བྱས་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །བསམ་པ་རྣམ་པར་དག་པ་དང༌། །བདག་དང་ བདག་གིར་འཛིན་སྤོང་བའི། །རྩ་བ་གསུམ་དང་ཕར་ཕྱིན་བཅུ། །ཚད་མེད་བསྡུ་དངོས་ བཞི་བསྟེན་བགྱི། །མི་དགེ་བཅུ་དང་སྒྲིབ་པ་ལྔ། །ཉོན་མོངས་བཞི་དང་ཟག་པ་ བཞི། །དེང་ནས་བརྩམས་ཏེ་སྤང་བར་བགྱི། །ཞེས་ལམ་བསྟེན་པར་དམ་བཅས་ནས། དངོས་པོ་མེད་ལ་བསྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་ མེད་པས། ། བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པས་ཁམས་གསུམ་སྣོད་བཅུད་ཐམས་ ཅད་རང་རང་ངོ་བོས་སྟོང་ཞིང་དེས་སྟོང་པའི་གཞི་ཆོས་ཉིད་ཡེ་ཤེས་རྡོ་རྗེ་རྣམ་པ་ ཐམས་ཅད་པ་མཁའ་ཁྱབ་ཏུ་ནམ་ཡང་བཞུགས་པ་ལ་བློ་བཞག་ནས། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་ བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་ནི་མི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་པྲ་ ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་ནི་བྷི་སཾ་སྐཱ་ར་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་ མ་ཀོ྅ཧཾ། ཞེས་པས་སྟོང་པ་ཉིད་དུ་དམིགས་པའི་ངང་ལས་སྣ་ཚོགས་པད་མའི་ལྟེ་བར་ ཟླ་བ་ཉི་མ་སྒྲ་གཅན་གཞན་ལ་ཧཱུཾ་དང་རྡོ་རྗེ་ལས་གཙོ་བོ་ཡབ་ཡུམ་གསལ་འདེབས་ བཞིན་པས། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པད་མ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་ཀྱི་ཞབས་དང་ལྷན་ཅིག་བཀོད་ གྱུར་པ། །ལྷ་ཡི་དབང་པོ་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། ། 7-1-129 ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་ མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པད་མ་སྟོང་པ་དྲུག་དང་ མེ་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་ དང་དྲག་པོ་སྐྲག་བཞིན་པ། །རོལ་བས་མནན་པའི་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་ འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ ལྕགས་ཀྱུ་ཌཱ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་ པ་ཡང༌། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་ དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེའི་སྐུ་ཆེན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་ གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌཱ་ མ་རུ་དང་བགྲང་ཕྲེང་དང༌། །ཐོད་པ་ཞགས་པ་པད་མ་དཀར་དང་རིན་ཆེན་འཛིན་ མར་བཅས་ལ་འདུད། །ཅེས་པ་དང༌། འདབ་མ་བརྒྱད་ལ་རང་རང་གི་ས་བོན་དང་ཕྱག་མཚན་ལས་བྱུང་བའི་ནུས་མ་རྣམས་ གསལ་འདེབས་བཞིན་པས། ནག་མོ་འབར་མ་བདུག་སྤོས་ཙན་དན་གུར་གུམ་དང་ནི་ ཀ་པུར་སྣོད། །དྲིལ་བུ་པད་མ་ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་ཕྲེང་ལྡན་ མ། །དམར་མོའི་གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ནི་གདུབ་བུ་སྟེ། །གཡོན་ན་ གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། །དཀར་མོའི་གཡས་ན་ འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་རྣམས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་ དང་བདུད་རྩིའི་འབྲས་བུ་འབྲས་ཅན་སྣོད། །སེར་མོ་འབར་མ་དུང་དང་གླིང་བུ་ནོར་བུ་ དང་ནི་ཌཱ་མ་རུ། ། པི་ཝཾ་རྔ་དང་འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའི་ཞལ་ལྡན་ མ། །དེ་དག་དང་མཚུངས་དུ་བ་སྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་ མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡིས་རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་ པན་དང་ལྡན་རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་ 7-1-130 རྫོགས་སྲོག་གི་དཀྱིལ་འཁོར་འགགས་ལ་འདུད། །དེ་ལྟར་བསྒོམས་པས་ཕུང་པོ་ཁམས་ སོགས་གཞན། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་དབྱིངས། །གློ་བུར་དྲི་མའི་སྦུབས་ ལས་ངེས་གྲོལ་ཏེ། །སྲིད་གསུམ་དང་བ་མངོན་དུ་བྱེད་གྱུར་ཅིག ། ཅེས་པས་སྟོང་གཞི་ཆོས་ཉིད་རང་བྱུང་ཡེ་ཤེས་རྣམ་པ་ཐམས་ཅད་པའི་ལྷ་རྣམས་ བསྒོམས་ནས། ཨོཾ་སུ་བི་ཤུདྡྷ་དྷརྨ་དྷཱ་དུ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་སྟེ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཤུགས་ཀྱིས་ཀུན་འགྲོ་ཡེ་ཤེས་སེམས་དཔའ་ཡུལ་དུས་གནས་ སྐབས་ཐམས་ཅད་དུ་བཞུགས་པ་སད་ཅིང་རྟོགས་པར་བྱས་ནས། ཛཿཧཱུཾ་བཾ་ཧོཿཧི། ཞེས་ པས་དམ་ཚིག་གི་འཁོར་ལོ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། མཉེས་པ་ དང༌། རོ་མཉམ་པར་བྱས་ནས་ལྷ་རྣམས་ཀྱི་གནས་དྲུག་ཏུ། ཨོཾ་ཨཱཿཧཱུཾ་ཧོཿསྭཱཧཱ། ཞེས་པས་ བྱིན་གྱིས་བརླབས་ཏེ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་པ་རྣམས་ཀྱིས་བདག་དང་སེམས་ ཅན་ཐམས་ཅད་ལ་དབང་བསྐུར་ཏུ་གསོལ། ཞེས་གསོལ་བ་བཏབ་པས་དེ་དག་གི་ རིགས་ཀྱི་ལྷ་མོ་བདུད་རྩིའི་བུམ་པ་བསྣམས་པ་རྣམས་ཀྱིས་བདག་གཞན་ཐམས་ཅད་ལ་ དབང་བསྐུར་བས་དྲི་མ་ཐམས་ཅད་དག་ཅིང་གཙོ་འཁོར་ཐམས་ཅད་ལ་རྡོ་རྗེ་སེམས་ དཔས་རྒྱས་གདབ། རྡོ་རྗེ་གསུམ་ཡང་དཔྲལ་བ་མགྲིན་པ་སྙིང་ཁར་ཞུགས་ནས་བྱིན་ གྱིས་རློབ་པར་མོས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟཱ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ བརྗོད་པས་ཡབ་ཡུམ་སྙོམས་པར་ཞུགས་ནས་ཡས་བྱོན་པའི་དགའ་བ་བཞི་མངོན་དུ་ བྱས་པར་མོས་ཤིང༌། ཨོཾ་ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་བརྗོད་དེ། སླར་ཡང་ཇི་ལྟར་བྱོན་པ་དེ་བཞིན་སྟེང་དུ་གཤེགས་པས་མས་གཤེགས་པའི་དགའ་བ་ བཞི་མངོན་དུ་བྱས་པར་མོས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་སཏྭ་ཧཾ་དུར་ དཱན་ཏ་ད་མ་ཀ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བརྗོད་དེ། ལྷའི་རྣལ་འབྱོར་ལ་དམིགས་པ་རྩེ་ གཅིག་ཏུ་བཞག་གོ ། སྔགས་ཟློས་པ་ན། དེའི་མན་ངག་དང་ལྡན་པས། ཨོཾ་ཧྐྵྨླྺྼྻ⁽14bb⁾་ཞེས་པ་དང༌། ཨོཾ་ཨཱཿཧཱུཾ་ ཧོཿ ཧྐྵྨླྺྼྻ⁽14bb⁾་ཞེས་པ་དང༌། ཨོཾ་ཧྲཱཾ་ཧྲཱིཾ་ཧྲྼྀཾ་ཧྲཱུཾ་ཧྲླཱྀཾ་ཧྲཿ ཞེས་པ་རྣམས་ཀྱི་མཐར། ཞི་བ་ལ་ 7-1-131 ན་མཿ རྒྱས་པ་ལ་སྭཱཧཱ། ཞེས་པ་སྦྱར་རོ། །འདིར་འཁོར་རྣམས་ཀྱིའང༌། འདུས་མོད་ཀྱི་རྒྱས་པར་ སྤྲོ་ན། ཨོཾ་ཨ་ཨཱ་ཨཾ་ཨཱཿཧ་ཧཱ་ཧཾ་ཧཱཿཕྲེཾ་ཧོཿ ཞེས་པའི་མཐར་ཡང་སྔ་མ་བཞིན་ཏེ། གཅིག་ ལ་ཀུན་འདུས་པའི་མན་ངག་དང་ལྡན་པས་བསྒོམ་བཟླས་ཅི་ནུས་སུ་བྱས་ནས། ཕུན་སུམ་ཚོགས་པའི་མཆོད་པ་རླབས་ཆེན་པོའམ། ཇི་ལྟར་འབྱོར་བ་ལ། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་པས་བཟང་ཞིང་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས། ནམ་མཁའ་གང་བའི་བླ་མ་ བཀའ་བརྒྱུད་ཡེ་ཤེས་ལྷ་ཚོགས་འཁོར་དང་བཅས་ཤིང་བཀའ་བསྲུངས་དང་བཅས་པ་ རྣམས་དྲི་བཟང་གི་མཎྜལ་མཐེབ་སྲིན་གྱིས་བྱས་པར་བཞུགས་པ་ལ་ཕུལ་བར་བསམ་ ཞིང༌། དངོས་སུ་འདོར་བཞིན་པས་དང་པོར། ཨོཾ་ཨཱཿཧཱུཾ་ཧོཿ ཏྲཻ་དྷཱ་ཏུ་ཀེ་ཤྭ་ར་ཀཱ་ལ་ཙཀྲ་ ཨརྒྷཾ་པྲ་ཏཱིཙྪ་ས་པ་རི་ཝཱ་རཱཿ ཏྭཱཾ་བྷ་ག་ཝཱན་མེ་བ་ར་དོ་བྷ་བ་ཤི་ཥྱ་ནཾ་ཙ། ཞེས་པས་མཆོད་ ཡོན་ཕུལ་ཞིང་གསོལ་བ་བཏབ་ནས། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ དང༌། །ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་དགུ་རྣམས། །བླ་མ་རྒྱལ་བ་སྲས་བཅས་ ཀུན་ལ་འབུལ། །མཁའ་ཁྱབ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་ རཱི་ཝ་ར་བྷྱཿབཛྲ། ཞེས་པའམ། བསྡུས་པར་ན། ཨོཾ་བཛྲ། ཞེས་པའི་མཐར། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ནཻ་བེ་ཏྱཾ། ཨཀྵ་ཏཾ། ལཱ་སྱཾ། ཧཱ་སྱཾ། བཱ་ཏྱཾ། ནྲྀ་ཏྱཾ། གཱི་ཏཾ། ཀཱ་མཾ། ཞེས་པ་རྣམས་ཀྱི་མཐར་ པྲ་ཏཱིཙྪ་ན་མཿ ཞེས་སྦྱར་བས་མཆོད་རྫས་བཟང་དགུ་དང་བཅས་པའི་ལྷ་མོ་ནམ་མཁའ་ གང་བས་མཆོད་ཅིང༌། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ཆོས་འབྱུང་ གྲུ་གསུམ་དབུས་སུ་ཐིག་ལེས་བརྒྱན་པ། མཐེབ་སྲིན་གྱིས་བྲིས་པར་ཡེ་ཤེས་འཁོར་ལོ་ སྲིད་གསུམ་གྱི་རྣམ་པ་ཅན་དང་ཞིང་གསལ་བ་དམིགས་ཏེ། ཐོག་མར་བླ་མ་བཀའ་ བརྒྱུད་དང་བཅས་པ་རྣམས་ལ་དབུལ་ཞིང༌། དེ་ནས། ཨོཾ་བུདྡྷཱ་ཡ་ན་མཿ ཨོཾ་དྷརྨཱ་ཡ་ན་ མཿ ཨོཾ་སཾ་གྷཱ་ཡ་ན་མཿ ཨོཾ་བཛྲ་སཏྭཱ་ཡ་ན་མཿ ཨོཾ་པྲཛྙཱ་པཱ་ར་མི་ཏ་ཡཻ་ན་མཿ ཨོཾ་སྭ་བྷཱ་བི་ ཀ་ཀཱ་ཡཱ་ཡ་ན་མཿ ཨོཾ་དྷརྨཱ་ཀཱ་ཡཱ་ཡ་ན་མཿ ཨོཾ་སཾ་བྷོ་ག་ཀཱ་ཡཱ་ཡ་ན་མཱཿ ཨོཾ་ནིར་མ་ཎ་ཀཱ་ ཡཱ་ཡ་ན་མཿ ཞེས་པ་ནས། ཨོཾ་ཛྙཱ་ན་པཱ་ར་མི་ཏ་ཡེ་ན་མཿ ཞེས་པའི་མཐར་རམ། གང་ 7-1-132 མོས་གྱི་མཐར། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཞེས་པས་མཆོད་ཅིང༌། མཧཱ་ཀཱ་ ལ་ལ་སོགས་པ་ཆོས་སྐྱོང་རྣམས་དང༌། བསྟན་པ་ལ་དགའ་བ་ཐམས་ཅད་ལ་མཆོད་ནས་ འབྱུང་པོ་ཐམས་ཅད་ཀྱང་ཚིམ་པར་བྱ། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས། ཞེས་ སོགས་བླ་མའི་བསྟོད་པ་དང༌། སྟོང་པ་ཉིད་དང་སྙིང་རྗེའི་བདག །སྐྱེ་འཇིག་མེད་པའི་ སྲིད་པ་གསུམ། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་ འཚལ། །རྣམ་པར་བཅས་ཤིང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཡིས་ འཁྱུད། །སྐྱེ་འཇིག་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་རྒོད་པ་ལ་སོགས་བདེ་བ་ སྤངས།། སངས་རྒྱས་རྣམས་ཀྱིས་སྐྱེད་མཛད་སྐུ་གསུམ་རྣམས་དང་ལྡན་ཞིང་དུས་གསུམ་ ཡང་དག་རིག །ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ ཉིད་ལ་ཕྱག་འཚལ་ལོ། །ཞེས་སོགས་ལྷག་པའི་ལྷ་ལ་བསྟོད་པ་རྒྱས་བསྡུས་སྐབས་དང་ སྦྱར་ཞིང༌། གཏོར་མ་འབུལ་བ་མན་ཆད་ཐུགས་དཀྱིལ་བསྡུས་པར་བསྟན་པ་ལྟར་ བྱའོ།། །། འདིའི་དགེ་བ་ལ་བརྟེན་ནས་ཀྱང་བསྐུལ་ཞིང་གསོལ་བ་འདེབས་པ་ལ་སོགས་པ་སེམས་ ཅན་ཐམས་ཅད་ཀྱིས་རང་རང་ལ་རྟག་ཏུ་བཞུགས་པའི་རང་བྱུང་ཡེ་ཤེས་མཐོང་ཞིང་ རྟོགས་ནས་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་པའི་ཡེ་གེ་པ་ནི་བཅོམ་ལྡན་རྡོ་རྗེ་སྙིང་པོ་ དང༌། གཡང་བཟང་པ་དགེ་བཤེས་སངས་རྒྱས་འོད་དོ།། །།ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿསྭཱཧཱ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༢༡༥ ཡིན།) 7-1-133 ༄༅། །དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་མངོན་རྟོགས་རྒྱས་པ་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ འདིར་སྤྲོས་པ་ཉུང་ངུ་ལ་མོས་པ་དག་ལྷན་ཅིག་སྐྱེས་པའི་ མངོན་རྟོགས་རྒྱས་པ་སྒོམ་ན། སྐྱབས་འགྲོ་སེམས་བསྐྱེད་ཞེ་ཐག་པ་ནས་བྱ་ཞིང༌། སངས་ རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ཅི་ནུས་བྱས་པའི་མཐར། རང་ གཞན་ཐམས་ཅད་ཀྱི་སྤྱི་བོར་པད་ཟླ་ལ་བཞུགས་པའི་ཧེ་རུ་ཀ་རྡོ་རྗེ་སེམས་དཔའ་སྐུ་ མདོག་དཀར་པོ་ཞལ་གཅིག་པ། ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་གྲི་གུག་དང་ ཐོད་པ་འཛིན་པ་ལ་འཁྱུད་ཅིང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཡེ་ཤེས་ཀྱི་སྐུར་སྐད་ ཅིག་གིས་གསལ་འདེབས་པའམ། ཛཿཧཱུཾ་བཾ་ཧོཿ ཞེས་པས་ཡེ་ཤེས་པ་དང་དམ་ཚིག་པ་ དབྱེར་མེད་དུ་བྱས་ལ། རྡོ་རྗེ་མི་ཕྱེད་ཞེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་ གཅིག་པ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །ཉེས་ལྟུང་ལ་སོགས་པ་སྒྲིབ་པ་ ཀུན། །མྱུར་དུ་ཟད་པར་མཛད་དུ་གསོལ། །ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་པས་ཡེ་ ཤེས་ཀྱི་འོད་ཟེར་དང་བདུད་རྩིའི་ཚོགས་དཔག་ཏུ་མེད་པ་སྤྱི་གཙུག་ནས་ཞུགས་ཏེ། དྲི་ མ་ཐམས་ཅད་སྦྲུལ་གྱི་ཤུན་པ་ལྟར་དོར་བ་ལ་ཡིད་མ་ཡེངས་པར་ཡང་དང་ཡང་དུ་ གཏོད་བཞིན་པས། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་ཌི་ ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིད་དྷིཾ་མེ་པྲ་ ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾཿ ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་བཛྲ་ཧེ་རུ་ཀ་མ་ མེ་མུཉྩ་ཧེ་རུ་ཀོ་བྷ་བ། མཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། ཅེས་པ་ཧེ་རུ་ཀའི་ཡི་གེ་བརྒྱ་འམ། ཡང་ན་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཅི་མང་དུ་བཟླས་ནས། བདག་ཅག་མི་ཤེས་རྨོངས་ པ་ཡི། །ཞེས་སོགས་ཀྱིས་བཤགས་་བསྡམ་ཞེ་ཐག་པ་བྱས་ཏེ། ཆོས་ཐམས་ཅད་གདོད་མ་ཉིད་ནས་རང་རང་ངོ་བོས་སྟོང་ཞིང་དབེན་ལ། ཅིར་ཡང་མ་ གྲུབ་པའི་གཞི། ཆོས་ཉིད་འོད་གསལ་ཡེ་ཤེས་རྡོ་རྗེ་ནམ་མཁའ་ལྟ་བུ་དྲན་པས། ཨོཾ་ཤཱུ་ནྱ་ 7-1-134 ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་བརྗོད་ཅིང༌། སྟོང་པའི་ངང་ལས་ཧཱུཾ་དང་རྡོ་ རྗེ་ལས་བྱུང་བའི་གཙོ་བོ་ཡབ་ཡུམ་གདན་དང་བཅས་པ་གསལ་འདེབས་བཞིན་པས། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པད་མ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་ གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། ། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་ མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པད་མ་སྟོང་པ་དྲུག་དང་ མེ་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་ དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་པའི་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་ འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ ལྕགས་ཀྱུ་ཌཱ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་ པ་ཡང༌། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་ དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེའི་སྐུ་ཆེན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་ གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌཱ་ མ་རུ་དང་བགྲང་ཕྲེང་དང༌། །ཐོད་པ་ཞགས་པ་པད་མ་དཀར་དང་རིན་ཆེན་འཛིན་ མར་བཅས་ལ་འདུད། །དེ་ལྟར་བསྒོམས་པས་ཕུང་པོ་ཁམས་སོགས་གཞན། །བདེ་ གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་དབྱིངས། །གློ་བུར་དྲི་མའི་སྦུབས་ལས་ངེས་གྲོལ་ ཏེ། །སྲིད་གསུམ་དང་བ་མངོན་དུ་བྱེད་གྱུར་ཅིག ། ཅེས་པས་སྟོང་གཞི་ཆོས་ཉིད་རྣམ་པ་ཐམས་ཅད་པའི་ལྷ་ཐམས་ཅད་འདུས་པ་དུས་ འཁོར་ཡབ་ཡུམ་དམིགས་ནས། ཨོཾ་སུ་བི་ཤུདྡྷ་དྷརྨ་དྷཱ་དུ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ བརྗོད་ཅིང༌། ཐུགས་ཀ་ནས་འཕྲོས་པའི་འོད་ཀྱི་ལྕགས་ཀྱུས་ཀུན་འགྲོ་ཡེ་ཤེས་སེམས་ དཔའ་ནམ་ཡང་ཀུན་ཁྱབ་ཏུ་བཞུགས་པ་སད་ཅིང་རྟོགས་པར་བྱས་ནས། ཛཿཧཱུཾ་བཾ་ 7-1-135 ཧོཿཧི། ཞེས་པས་དམ་ཚིག་པ་ལ་དགུག་གཞུག་བཅིང་མཉེས་རོ་མཉམ་པར་བྱས་ནས་ གནས་དྲུག་ཏུ། ཨོཾ་ཨཱཿཧཱུཾ་ཧོཿསྭཱཧཱ། ཞེས་པས་བྱིན་གྱིས་བརླབ་ཅིང༌། སྐུ་གསུང་ཐུགས་ཀྱི་ རྡོ་རྗེ་འཛིན་པ་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་དབང་བསྐུར་དུ་ གསོལ། ཞེས་གསོལ་བ་བཏབ་པས་དེ་དག་གི་རིགས་ཀྱི་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་ པ་རྣམས་ཀྱིས་བདག་གཞན་ཐམས་ཅད་ལ་དབང་བསྐུར་བས་དྲི་མ་ཐམས་ཅད་དག་ ཅིང་རྡོ་རྗེ་སེམས་དཔས་རྒྱས་གདབ། རྡོ་རྗེ་གསུམ་ཡང་དཔྲལ་བ་མགྲིན་པ་སྙིང་ཁར་ བཞུགས་ནས་བྱིན་གྱིས་རློབ་པར་མོས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་སྭ་བྷཱ་བ་ ཨཱད་མ་ཀོ྅ཧཾ། ཞེས་བརྗོད་ནས། ཡབ་ཡུམ་སྙོམས་པར་ཞུགས་པས་ཡས་བྱོན་པའི་ དགའ་བ་བཞི་ལ་དམིགས་ཏེ། ཨོཾ་ཛྙཱ་ན་པཱུ་ཛ་ཨ་ནུ་རཀྟ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ བརྗོད། སླར་ཡང་ཇི་ལྟར་བྱོན་པ་དེ་བཞིན་གཤེགས་པས་མས་གཤེགས་པའི་དགའ་བ་ བཞི་ལ་དམིགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་སཏྭ་ཧཾ་དུར་དཱན་ཏ་ད་མ་ཀ་ ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་དེ། ལྷ་ལ་དམིགས་པ་རྩེ་གཅིག་ཏུ་བཞག་གོ ། སྔགས་ཟློས་པ་ན། དེའི་མན་ངག་དང་ལྡན་པས། ཨོཾ་ཧྐྵྨླྺྼྂ་ཞེས་པ་དང༌། ཨོཾ་ཨཱཿཧཱུཾ་ཧོཿཧྐྵྨླྺྼྻྂ་ ཞེས་པ་དང༌། ཨོཾ་ཧྲཱཾ་ཧྲཱིཾ་ཧྲྼྀཾ་ཧྲཱུཾ་ཧྲླཱྀཾ་ཧྲཿ ཞེས་པ་རྣམས་ཀྱི་མཐར། ཞི་བ་ལ་ན་མཿ རྒྱས་པ་ལ་སྭཱཧཱ། ཞེས་སྦྱར་ཏེ། གཅིག་ལ་ཀུན་འདུས་ཀྱི་མན་ངག་དང་ལྡན་པས་བསྒོམ་ བཟླས་ཅི་ནུས་པ་བྱས་ནས། ཕུན་སུམ་ཚོགས་པའི་མཆོད་པ་རླབས་ཆེན་པོའམ། ཇི་ལྟར་འབྱོར་བ་ལ། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་པས་བཟང་ཞིང་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས། ནམ་མཁའ་གང་བའི་བླ་མ་ བཀའ་བརྒྱུད་དང་བཅས་ཤིང༌། ཡེ་ཤེས་ལྷ་ཚོགས་འཁོར་དང་བཅས་པ་གསལ་བཏབ་ པ་ལ་མཆོད་པ་འབུལ་བའི་ཆེད་དུ། ཨོཾ་ཨཱཿཧཱུཾ་ཧོཿ ཏྲཻ་དྷཱ་ཏུ་ཀེ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ ཏཱིཙྪ་ས་པ་རི་ཝཱ་རཱཿ ཏྭཾ་བྷ་ག་ཝན་མེ་བ་ར་དོ་བྷ་བ་ཤི་ཥྱ་ནཱཾ་ཙ། ཞེས་པས་མཆོད་ཡོན་ ཕུལ་ཞིང་གསོལ་བ་བཏབ་ནས། དངོས་སུ་འབྱོར་དང་ཡིད་ཀྱི་སྤྲུལ་པ་དང༌། །ཕྱོགས་ དུས་ཀུན་གྱི་མཆོད་རྫས་བཟང་དགུ་རྣམས། །བླ་མ་རྒྱལ་བ་སྲས་བཅས་ཀུན་ལ་ 7-1-136 འབུལ། །མཁའ་ཁྱབ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པཱ་རི་ཝ་རེ་ བྷྱཿབཛྲ། ཞེས་པའམ། བསྡུས་པར་ན། ཨོཾ་བཛྲ། ཞེས་པའི་མཐར། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ནཻ་བེ་ཏྱཾ། ཨཀྵ་ཏཾ། ལཱ་སྱཾ། ཧཱ་སྱཾ། བཱ་ཏྱཾ། ནྲྀ་ཏྱཾ། གཱི་ཏཾ། ཀཱ་མཾ། ཞེས་པ་རྣམས་ཀྱི་མཐར། པྲ་ ཏཱིཙྪ་ན་མཿ ཞེས་སྦྱར་ནས། མཆོད་སྤྲིན་རྒྱ་མཚོ་རབ་འབྱམས་འབུལ། ནང་མཆོད་ལ་ ལག་མཐིལ་གཡོན་པ་བསྟན་ཅིང༌། ཨོཾ་ཞེས་བརྗོད་པས་མ་དག་པ་ཐམས་ཅད་སྦྱངས། གཡས་པ་བསྟན་ཅིང་ཨཿཞེས་བརྗོད་པས་དཔག་ཏུ་མེད་པར་སྤེལ། སྙིམ་པ་བཀབ་ཅིང་ རེག་ནས་ཧཱུཾ་ཞེས་བརྗོད་པས་བཞུ་བའི་ཆེད་དུ་སྦར། མཁའ་ལྡིང་གི་ཕྱག་རྒྱ་བསྟན་ཅིང་ ཧོཿཞེས་བརྗོད་པས་བདུད་རྩིའི་རྒྱ་མཚོར་བསྒྱུར་བ། མཐེབ་སྲིན་གྱིས་བླངས་ནས་ཆོས་ འབྱུང་གྲུ་གསུམ་དབུས་སུ། ཐིག་ལེས་བརྒྱན་པ་བྲིས་པར་ཡེ་ཤེས་འཁོར་ལོ་སྲིད་པ་ གསུམ་གྱི་རྣམ་པ་ཅན་དང་ཞིང་གསལ་བ་དམིགས་ཏེ། ཐོག་མར་བླ་མ་བཀའ་བརྒྱུད་དང་བཅས་པ་ལ་དབུལ། དེ་ནས། ཨོཾ་བུདྡྷཱ་ཡ་ན་མཿ ཨོཾ་ དྷརྨཱ་ཡ་ན་མཿ ཨོཾ་སཾ་གྷཱ་ཡ་ན་མཿ ཨོཾ་བཛྲ་སཏྭཱ་ཡ་ན་མཿ ཨོཾ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿ ཞེས་སོགས་གང་མོས་ཀྱི་མཐར། ཨོཾ་གུ་རུ་བུངྔྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཞེས་པས་ མཆོད་ཅིང༌། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས། ཞེས་སོགས་བླ་མའི་བསྟོད་པ་ དང༌། ཀཱ་ཡིག་ལས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་ལས་ནི་གཡོ་བའི་ སེམས། །ཀྲཱ་ཡིག་རིམ་པས་བཅིངས་ལས་སོ། །གང་ལ་རྒྱུ་དང་མཚན་ཉིད་མེད། །གཡོ་དང་ དེ་བཞིན་རིམ་མེད་པས། །ཀཱ་ལ་ཙཀྲཱར་མངོན་བརྗོད་པས། །གཉིས་མེད་དེ་ལ་ཕྱག་ འཚལ་ལོ། །གང་ཞིག་ཀཱ་སོགས་ཡི་གེ་རྣམས་ཀྱིས་སྤྲུལ་པ་དང༌། །ལོངས་སྤྱོད་རྫོགས་དང་ བཟང་པོའི་ཆོས་དང་དག་པ་ཡི། །སྐུ་བཞི་གསུང་བ་དང་པོའི་སངས་རྒྱས་རིས་མེད་ པ། །དེ་བཞིན་གཤེགས་པ་དེ་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་སོགས་ལྷག་པའི་ལྷ་ལ་ བསྟོད་པ་རྒྱས་བསྡུས་གང་མོས་བྱས་ནས། ཅི་འབྱོར་བའི་དཀར་གཏོར་གཙང་མ་གསུམ་ ལ་སོགས་པ་ནང་མཆོད་ལྟར་བྱིན་གྱིས་བརླབས་ཤིང༌། ཕུན་སུམ་ཚོགས་པའི་ཉེར་སྤྱོད་ ནམ་མཁའ་གང་བས་བརྒྱན་པ་རྣམས་ཡི་དམ་འཁོར་དང་བཅས་པ་རྣམས་ལ་ཕུལ་བས་ 7-1-137 དགྱེས་བཞིན་དུ་ལོངས་སྤྱོད་པར་བསམ་ཞིང༌། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱས། ཨོཾ་ཨཱཿཧཱུཾ་ཧོཿ ཤྲཱི་ ཀཱ་ལ་ཙཀྲ་ས་པཱ་རི་ཝཱ་རེ་བྷྱཿ ཨི་དཾ། བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ་ ཏེ་ཙ་ཨ་ག་ཏྱ་ས་པཱ་རི་ཝ་རཿ ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲིཧྣ་ཏུ། ཁཱ་དནྟུ། བི་ཝཱནྟུ། ཛཿཧཱུཾ་བཾ་ཧོཿ སཾ་ཏྲིཔྟ། སརྦ་སཏྭཱ་ནཱཾ། ཤཱནྟིཾ། པུཥྟིཾ། རཀྵ་ཨ་བ་ར་ཎ་ཀུཔྟིཾ་ཀུརྦཱན་ཏུ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ དང༌། དེ་བཞིན་དུ། ཨོཾ་ཨཱ་ཧཱུཾ་ཧོཿ སརྦ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝ་རེ་བྷྱཿ ཞེས་པ་དང༌། ཨོཾ་ ཨཱཿཧཱུཾ་ཧོཿ སརྦ་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་རེ་བྷྱཿ སརྦ་བཛྲ་ཌཱ་ཀ་བཛྲ་ཌཱ་ཀི་ནཱི་ས་པཱ་རི་ཝ་རེ་ བྷྱཿ ཨི་དཾ། བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ་ཏེ་ཙ་ཨ་ག་ཏྱ་ས་པཱ་རི་ཝཱ་ རཿ ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲིཧྣ་ཏུ། ཁཱ་དནྟུ། བི་ཝཱནྟུ། ཛཿཧཱུཾ་བཾ་ཧོཿ སཾ་ཏྲིཔྟ། སརྦ་སཏྭཱ་ནཱཾ། ཤཱནྟིཾ། པུཥྟིཾ། རཀྵཾ་ཨ་ཝ་ར་ཎ་ཀུཔྟིཾ་ཀུརྦཱན་ཏུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། རྡོ་ རྗེ་འཇིགས་བྱེད་འཇིགས་པར་མཛད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་ འཁོར་ལོ་ཐོད་པ་ཅན། །འཇིག་རྟེན་གསུམ་རྒྱལ་ལ་ཕྱག་འཚལ། །ཁྲོ་རྒྱལ་ཆོས་སྐྱོང་ ཐམས་ཅད་དང༌། །དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས། །ཞི་རྒྱས་བསྲུང་སྐྱོབ་སྦ་བ་ རྣམས། །རྡོ་རྗེ་འཆང་གི་བཀའ་བཞིན་མཛོད། །ཞེས་སོགས་ཀྱིས་གསོལ་བ་གདབ་ཅིང༌། འཕྲིན་ལས་གཞོལ་ལོ། ། གཞན་ཡང༌། གང་མོས་ལ་དབུལ་བ་དང༌། འབྱུང་པོ་ཐམས་ཅད་པའི་གཏོར་མས་སེམས་ ཅན་ཐམས་ཅད་ཚིམ་པར་བྱ། བསད་ཤ་སྤངས་པའི་ཁ་ཟས་དང་འབྲེལ་ན། དེ་གཏོར་མ་ ལྟར་བྱིན་གྱིས་བརླབས་ནས། ཕུད་ཀྱིས་དཀོན་མཆོག་མཆོད་ཅིང༌། འཕྲོག་མ་བུ་དང་ བཅས་པ་དང༌། ཕོ་ཉ་མོ་རྣམས་ལ་ཆང་བུ་བྱིན་ཏེ་ལུས་ལ་བཞུགས་པའི་ལྷ་རྣམས་ མཆོད་པའི་བསམ་པས་ལོངས་སྤྱད་པའི་མཐར། ལྷག་གཏོར་སྟེར་བ་རྣམས་ཐུགས་ དཀྱིལ་བསྡུས་པ་ལྟར་བྱས་ནས། དེང་སང་འདི་ན་གྲགས་པ་དང་བསྟུན་ན། ཀོལླ་ཨེ་རི་ ཊ་ཋི་ཨ་བོལླ། མུམྨུ་ཎི་རེ་ཀཀྐོལླ། གྷ་ཎེ་ཀི་བི་ཊ་ཧོ་བཛྫ་ཨི། ཀ་རུ་ཎཻ་ཀེ་ཨ་ཨི་ཎ་རོ་ལཱ། ཏ་ ཧིཾ་བ་ལ་ཁ་ཛ་ཨི། གཱ་ཌཱེཾ་མ་ཨ་ཎཱ་བིཛྫ་ཨ་ཨི། ཧ་ལེ་ག་ལིཉྫ་ར་པ་ཎི་ཨ་ཨི། དུ་དྷུ་ར་བཱཛྫ་ ཨ་ཨི། ཙ་ཨུ་ས་མ་ཀཙྪུ་རི་སིཧླ། ཀ་པུ་རཱ་ལཱ་ཨི་ཨ་ཨི། མཱ་ལ་ཨིན་དྷ་ན་ས་ལིཾ་ཛ། ཏ་ཧིཾ་བཱ་ 7-1-138 རུ་ཁཱ་ཨཱི་ཨ་ཨི། ཕྲེཾ་ཁྑ་ཎ་ཁེ་ཊ་ཀ་རན་ཏེ། ཤུདྡྷ་ཨ་ཤུདྡྷ་ཎ་མ་ཎི་ཨ་ཨི། ནི་རཾ་སུ་ཨཾ་ག་ཙ་ ཊ་ཝི། ཏ་ཧིཾ་ཛ་ས་ར་ཝཱ་པ་ཎི་ཨ་ཨི། མ་ལ་ཡ་ཛ་ཀུན་དུ་རུ་བཊྚ་ཨི། ཌིཎ་ཌི་མ་ཏ་ཧཾ་ན་ བཛྫི་ཨ་ཨི། ཞེས་པ་རྡོ་རྗེའི་གླུ་བླངས་པའམ། ཡང་ན་གླུ་འདི་ནི་ཚོགས་འཁོར་གྱི་སྐབས་ ཡིན་པས་དཔའ་བོའམ། དཔའ་མོའི་བསྙེན་བཀུར་གྱི་སྐབས་སུ་མ་བླངས་ཀྱང་རུང་ལ། བཀྲ་ཤིས་ཀྱང་རུང༌། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང༌། །མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ ཕྱོགས་བྲལ་དུ་གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་པ་རྣམས། །ས་འོག་དག་ན་ གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་ཏུ་ནི་འཆིང་བྱེད་ པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་ བར་བྱེད་གྱུར་ཅིག །ཅེས་སོགས་སམ། ཨོཾ་བྷུར་བྷུ་བཿསོཿ ཞེས་སོགས་བཀྲ་ཤིས་པར་བྱེད་ པའི་ཆོ་ག་དང༌། བསྔོ་བ་སྨོན་ལམ་རྣམ་པར་དག་ཅིང་རླབས་ཆེན་པོ་བཏབ་ནས། སླར་ ཡང་མཆོད་ཅིང་བསྟོད་དེ་དངོས་གྲུབ་ཞུས་ནས། མ་འབྱོར་པ་དང་ཉམས་པ་ དང༌། །ཞེས་སོགས་ཀྱི་མཐར། ཡི་གེ་བརྒྱ་པ་བཟླས་ཏེ། བཟོད་པར་གསོལ་ནས་རང་བྱུང་ ཆོས་ཉིད་ཀྱི་ལྷ་རྣམས་རང་གི་ལུས་ལ་གཤེགས་སུ་གསོལ་ཏེ་གནས་དྲུག་ཏུ། ཨོཾ་ཨཱཿཧཱུཾ་ ཧོཿཧཾ་ཀྵཿ ཞེས་པ་བཀོད་པས་བསྲུང་ཞིང་གཏོར་མའི་མགྲོན་གཞན་རྣམས་རང་རང་གི་ གནས་སུ་གཏོང་ངོ༌།། །། བཞུགས་པའི་ཨ་ཡིག་ཕྱག་རྒྱ་ཆེན་མོ་མཐོང་ཞིང་རྟོགས་ནས་མྱུར་དུ་ཐོབ་པར་གྱུར་ ཅིག །ཅེས་པའི་ཡི་གེ་པ་ནི་བཅོམ་ལྡན་རྡོ་རྗེ་སྙིང་པོ་དང༌། གཡའ་བཟང་པ་དགེ་བཤེས་ སངས་རྒྱས་འོད་དོ།། །།ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༢༡༥ ཡིན།) 7-1-139 ༄༅། །དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་སཱ་དྷ་ན་ཀལྤ་པྲི་ཀྵ་ན་མཿ བོད་སྐད་དུ། དཔལ་དུས་ ཀྱི་འཁོར་ལོའི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ ལ་ཕྱག་འཚལ་ལོ། ། གང་ཞིག་འདོད་པའི་འཆིང་ལས་གྲོལ་ཡང་རྟག་ཏུ་འདོད་ཆགས་ཆེན་པོས་གང༌། ། དངོས་དང་དངོས་མེད་རྣམ་པ་བྲལ་ཡང་རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཚིག་ཏུ་ བརྗོད་པ་ཀུན་ལས་གྲོལ་ཡང་འགྲོ་ཀུན་སྐད་ཀྱིས་ཆོས་རབ་སྟོན། །གཅིག་དང་དུ་མའི་ གཟུགས་དང་བྲལ་ཡང་སྣ་ཚོགས་གཟུགས་མང་སྟོན་ལ་འདུད། །གང་ཞིག་བསྟེན་ན་ སྲིད་དང་གྲོལ་བ་ཡི། །དཔལ་ཀུན་རབ་སྟེར་རིམ་གཉིས་སྒྲུབ་པའི་ཐབས། །དཔལ་ལྡན་ རྒྱུད་འགྲེལ་ཆེ་ལས་ཁོ་བོ་ཡིས། །ཇི་ལྟར་ནུས་བཞིན་གཞན་གྱི་དོན་ཏུ་བསྡུ། །མཁས་ གཞན་དག་གིས་བཀོད་པ་ཡོད་ན་ཡང༌། །ཕལ་ཆེར་ཕྱོགས་ཞེན་རང་བཟོའི་དྲི་མས་ བསླད། །འགའ་ཞིག་གིས་ནི་གསལ་བར་གཏིང་མ་རྙེད། །དེ་ཕྱིར་འདི་ནི་དོན་དང་ལྡན་ པ་ཡིན། ། འདིར་གང་དག་འཁོར་བའི་{རྒྱ་མཚོའི་}རྦ་ཀློང་ཟབ་མོ་བཟོད་པར་དཀའ་བ་སྡུག་ བསྔལ་གསུམ་དང་སྡུག་བསྔལ་བརྒྱད་ཀྱི་དབུ་བའི་རླབས་ཕྲེང་དུ་མ་འཁྲིགས་ཤིང་ གནས་སྐབས་རིགས་བཞིའི་ཀུན་ཏུ་རྟོག་པས་ཡང་དང་ཡང་དུ་ཉེ་བར་བསྒྲུབས་པའི་ ལས་དང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྦྲུལ་གདུག་པ་དག་དང་ཆུ་སྲིན་ འཛིན་ཁྲིས་རབ་ཏུ་གཏམས་པ། གཏིང་མཐའ་མེད་ཅིང་ཕ་རོལ་གྱི་མཐའ་རྟོགས་པར་ དཀའ་བ་དག་ལས་མྱུར་དུ་བརྒལ་ཏེ། གཞན་ཡང་སྒྲོལ་བར་འདོད་པ་དག་གིས་ཐུབ་ པའི་བསྟན་པའི་སྙིང་པོ་ལས་ཀྱང་ཆེས་སྙིང་པོ། ཟབ་པ་ལས་ཀྱང་ཆེས་ཟབ་པ། གསང་བ་ ལས་ཀྱང་ཆེས་གསང་ཆེན། ཡང་དག་པའི་དོན་གྱི་དེ་ཁོ་ན་ཉིད། འགྲོ་བའི་དེད་དཔོན་ ཆེན་པོ་རྣམས་ཀྱིས་ངེས་པར་བསྟེན་པའི་ཆོས་ཀྱི་གྲུ་བོ། དཔལ་དུས་ཀྱི་འཁོར་ལོའི་ལམ་ 7-1-140 དུ་འཇུག་པར་བྱའོ། ། དེ་ལ་འདི་ནི་རིམ་པ་སྟེ། དང་པོར་དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་བ་ཡང་ དག་པར་བླངས་ཏེ་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་སོགས་པའི་དམ་ཚིག་དང་ལྡན་པས་ ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་ཀྱི་དོན་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་དོན་ དུ་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་ལ་རྣལ་འབྱོར་དུ་བྱ་བ་ཉིད་དོ། །དེ་ལ་གནས་ {ནི་ལས་}ཀྱི་རྗེས་སུ་མཐུན་པའམ་གང་དུ་ཡིད་ལ་འཐད་པར་གྱུར་ཅིང་བསམ་གཏན་ འཕེལ་བའི་གནས་སུ་སྟེ། དེར་ཐོ་རེངས་ཀྱི་དུས་སུ་ཁྲུས་ལ་སོགས་པ་བྱས་ནས། འཇམ་ པའི་སྟན་ལ་ཤར་དུ་མངོན་པར་ཕྱོགས་པས་འདུག་སྟེ། སྐྱབས་སུ་འགྲོ་བ་དང་སེམས་ བསྐྱེད་པ་སྔོན་དུ་འགྲོ་བས་དང་པོར་ཁ་ལ་སོགས་པ་དག་པའི་དོན་དུ་བདུད་རྩིའི་རིལ་ བུ་ཁར་བཅུག་ནས། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ པྲཛྙཱ་ཨུ་པཱ་ཡ་ཨཱད་མ་ཀ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ ཨ་དྷི་པ་ཏེ་མ་མ་ཀཱ་ཡ་བཱཀ་ཙིཏྟ་ཛྙཱ་ན་བཛྲཾ་བཛྲ་ཨ་མྲྀ་ཏ་སྭ་བྷཱ་བཾ་ཀུ་རུ་ཀུ་རུ་སྐན་དྷ་དྷཱ་ ཏུ་ཨཱ་ཡ་ཏ་ནཾ་ནིཿསྭ་བྷཱ་བཱཾ་སྭཱཧཱ། ཞེས་བརྗོད་ཅིང༌། གཙུག་ཏོར་དུ་ཝཾ་ལས་བྱུང་བའི་རྡོ་ རྗེ་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་རྫོགས་པ་བསྒོམས་ཏེ། དེས་གཙུག་ཏོར་ནས་རྐང་ སེན་གྱི་མཐར་ཐུག་པ་མ་དག་པའི་ལུས་སྦྲུལ་གྱི་ཤུན་པ་ལྟར་ལན་གསུམ་དུ་དོར་བས། ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པ་རྡོ་རྗེ་བདུད་རྩིའི་རང་བཞིན་ ཟླ་བ་དྲི་མ་མེད་པ་ལྟར་གྱུར་པར་ཡང་དག་པར་བལྟས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦ་དྷརྨྨཱཿ སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་པར་བྱ་སྟེ། ཞི་བ་དང་རྒྱས་པའོ། །དེ་བཞིན་དུ། དབང་ དང་དགུག་པ་ལ། རཾ་ལས་བྱུང་བའི་ཉི་མ། ཁ་དོག་དམར་པོར་བསྒོམ་པ་ལ་སོགས་པ་ ལས་གཞན་ལ་ནི་རྣམ་པ་གཞན་དུ་འགྱུར་རོ། །དེ་ནས་དཔྲལ་བར་ཨོཾ་དཀར་པོ་ལས་ སྣང་བ་མཐའ་ཡས་དང༌། མགྲིན་པར་ཨཱཿདམར་པོ་ལས་རིན་ཆེན་འབྱུང་ལྡན་དང༌། སྙིང་གར་ཧཱུཾ་ནག་པོ་ལས་དོན་ཡོད་གྲུབ་པ་དང༌། ལྟེ་བར་ཧོཿསེར་པོ་ལས་རྣམ་པར་སྣང་ མཛད་དང༌། གཙུག་ཏོར་དུ་ཧཾ་ལྗང་ཁུ་ལས་མི་བསྐྱོད་པ་དང༌། གསང་བར་ཀྵཿསྔོན་པོ་ 7-1-141 ལས་རྡོ་རྗེ་སེམས་དཔའ་རྣམས་འཆད་པར་འགྱུར་བའི་མཚོན་ཆ་ལ་སོགས་པ་དང་ལྡན་ པར་བསྒོམ་པར་བྱ་སྟེ། རྡོ་རྗེའི་ཞལ་དག་པ་དང་རིགས་དྲུག་དགོད་པའི་ཆོ་གའོ། ། དེ་ནས་ལག་པས་ལག་པ་ཕན་ཚུན་མཉེ་ཞིང༌། ཨོཾ་ཧྲཿསརྦ་ཨསྟྲ་རཱ་ཛ་མཱ་ར་ཀླེ་ཤ་ཨན་ཏ་ ཀ་ར་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད་མ་མ་ཀ་རཾ་བི་ཤྭ་དྷ་ཡ་སྭཱཧཱ། ཞེས་པ་འདིས་ལག་པ་རྣམ་པར་ དག་པར་བྱ་སྟེ། ལག་པ་བཀྲུ་བའི་སྔགས་སོ། ། དེ་ལྟར་དག་པར་བྱས་པའི་ལག་པ་གཡོན་གྱི་མཐེའུ་ཆུང་ལ་སོགས་པའི་རྩ་བའི་ཚིགས་ རྣམས་ལ་ཨ་ཨི་རྀ་ཨུ་ལྀ། དབུས་ཀྱི་ཚིགས་རྣམས་ལ་ཨ་ཨེ་ཨར་ཨོ་ཨལ། སྟེང་གི་ཚིགས་ རྣམས་ལ་ཧ་ཡ་ར་ཝ་ལ་ཞེས་པ་དང༌། གཡས་པའི་མཐེ་བོང་ལ་སོགས་པའི་སྟེང་གི་ ཚིགས་རྣམས་ལ་ལཱ་ཝཱ་རཱ་ཡཱ་ཧཱ། དབུས་ཀྱི་ཚིགས་རྣམས་ལ་ཨཱལ་ཨཽ་ཨཱར་ཨཻ་ཨཱ། རྩ་བའི་ ཚིགས་རྣམས་ལ་ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཞེས་པ་རྣམས་དགོད་པར་བྱའོ། །དེ་དག་ལས་གཡོན་པ་ ཟླ་བ་དང༌། གཡས་པ་ཉི་མ་དང༌། གཉིས་ཀ་སྦྱར་བའི་དབུས་སུ་ཧཱུཾ་གི་ཡི་གེ་མཐོན་ མཐིང་ལས་བྱུང་བའི་སྒྲ་གཅན་རྣམས་བསྒོམས་ཏེ། དེ་དག་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་ པའི་ཕྱག་རྒྱས་གཙུག་ཏོར་ནས་བརྩམས་ནས་རྐང་སེན་གྱི་མཐར་ཐུག་པར་བདག་ཉིད་ ལ་ཡང་དག་པར་རེག་ཅིང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏེ་བཛྲ་ ཀཱ་ཡ་མ་མཱ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ་བཛྲ་ཀཱ་ཡ་སྭ་བྷཱ་བཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་བརྗོད་ པ་འདིས་རྡོ་རྗེའི་སྐུར་གྱུར་པར་བལྟས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭ་བྷཱ་བ་ ཨཱད་མ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་བར་བྱ་སྟེ། ལུས་དང་ངག་དང་སེམས་དང་ཡེ་ཤེས་ རྣམ་པར་དག་པའོ། །དེ་ནས་ཡན་ལག་དྲུག་དགོད་པར་བྱ་སྟེ། ཐལ་མོ་སྦྱར་བའི་མཐེ་ བོང་ཆུང་གིས་སྙིང་ག་ལ་སོགས་པ་རེག་ཅིང༌། ཨོཾ་ཧླཱྀཾ་ཧྲི་ད་ཡཱ་ཡ་ན་མཿ སྙིང་ཁ་ལའོ། །ཨོཾ་ ཧྲཱུཾ་སི་ར་སེ་སྭཱཧཱ། མགོ་བོ་ལའོ། ། ཨོཾ་ཧྼཱྀཾ་ཤི་ཁཱ་ཡེ་བཽ་ཥཊ། གཙུག་ཏོར་ལའོ། །ཨོཾ་ཧྲཱྀཾ་ཀ་བ་ཙཱ་ ཡ་ཧཱུཾ། ཡན་ལག་ཐམས་ཅད་ལ་སྟེ། ལག་པ་གཉི་གས་ཡན་ལག་རྣམས་ལ་རེག་པར་ བྱའོ། །ཨོཾ་ཧྲཾ་ནཻ་ཏྲཱ་ཡ་ཝ་ཥཊ། མིག་དག་ལའོ། །ཨོཾ་ཧྲཿཨསྟྲཱ་ཡ་ཕཊ། ཕྱོགས་ཐམས་ཅད་དུ་ མཚོན་ཆ་དགོད་པར་བྱའོ། །དགེ་བ་ལ་གཡོན་པ་དང་མི་དགེ་བ་ལ་གཡས་པའི་མཐེ་ 7-1-142 བོང་དང་མཛུབ་མོའི་སེ་གོལ་ཕྱོགས་ཐམས་ཅད་དུ་བརྡབས་པས་སོ། །དེ་ནས། ཨོཾ་སརྦ་ ཏ་ཐཱ་ག་ཏ་ཧྲི་ད་ཡ་སི་རཿ ཤི་ཥཱ་ཀ་བ་ཙ་ནེ་ཏྲ་ཨསྟྲ་བཛྲ་ཥཊ་ཨཾ་ག་སྭ་བྷཱ་བ་ཨཱད་མ་ ཀོ྅ཧཾ། ཞེས་ང་རྒྱལ་བཟུང་བར་བྱ་སྟེ། ཡན་ལག་ལ་བཀོད་པའོ། །དེ་ལྟར་སྔོན་དུ་ཁ་ལ་ སོགས་པ་དག་པར་བྱས་ནས། ཕྱི་ནས་བདུད་བསྲེགས་པ་དང་བསྲུང་བའི་འཁོར་ལོ་ལ་སོགས་པ་བརྩམས་པར་བྱ་སྟེ། ཡུལ་དང་གྲོང་གི་བདག་པོ་ལ་གཏོར་མ་ཕུལ་ནས། གཞན་གྱི་གནས་སུ་གཤེགས་སུ་ གསོལ་བ་སྔོན་དུ་འགྲོ་བས་སོ། །དེ་ལ་འདི་ནི་ཆོ་ག་སྟེ། དང་པོར་གཏོར་མའི་དངོས་པོ་ ཇི་ལྟར་རིགས་པ་ལ་འཆད་པར་འགྱུར་བའི་ཆོ་གས་སྦྱང་བ་དང་སྤེལ་བ་དང་སྦར་བ་ དང་བདུད་རྩིར་བྱས་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་ཡུལ་ གྱི་བདག་པོ་སྤྱན་དྲངས་ཏེ། ཨོཾ་ཨཱཿཧཱུཾ་ཆྒཻ་མོ་ས་པཱ་རི་ཝཱ་ར་ཡ་ཨི་དཾ་བ་ལིཾ་གནྡྷཾ་པུཥྤཾ་དྷཱུ་པཾ་ པྲ་དཱི་པ་ཨཀྵ་ཏཾ་ད་དཱ་མ་ཧཱེ། ས་པཱ་རི་ཝ་རཿ ཤཱི་གྷྲཾ་ཨ་གཙྪ་ཏུ་ཛཿཧཱུཾ་བཾ་ཧོཿ ཨི་དཾ་བ་ལིཾ་ གྲྀཧྣ་ཏུ། ཁཱ་ད་དུ། པི་ཝ་ཏུ། ས་པཱ་རི་ཝཱ་ར་ཀཿ སརྦ་སཏྭཱ་ནཾ་ཤཱནྟིཾ་པུཥྟིཾ་རཀྵ་ཨཱ་ཝ་ར་ཎ་ གུབ་ཏིཾ་ཀ་རོ་ཏུ། ཨི་དཾ་སྠཱ་ནཾ་ཏྱཀ་ཏྭཱ་བ་ཧྱེ་མཎྜལ་བྷུ་མྱཾ་ཏཱིཥྛ་ཏུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ ཨཱཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་དང༌། ཁྱིའི་ཕྱག་རྒྱས་གྲོང་གི་བདག་པོ་སྤྱན་དྲངས་ཏེ། ཨོཾ་ཨཱཿཧཱུཾ་ ཆྒཻ་མོ་ཨཱ་གཙྪ་ཨཱ་གཙྪ་ཤཱི་གྷྲཾ་ཨི་དཾ་བ་ལིཾ་གྲྀཧྣ་གྲྀཧྣ་བྷུཀ་ཏྭཱ་པི་ཏྭཱ་ཏྲིབ་ཏིཾ་ཀྲི་ཏྭཱ་སརྦ་སཏྭཱ་ ནཾ་ཤཱནྟིཾ་ཙིཏྟཾ་ཀྲི་ཏྭཱ་ཨ་པ་ར་སྠཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་པས་གཏོར་མ་ཕུལ་ནས། རེ་ཞིག་ གནས་གཞན་དུ་གཤེགས་སུ་གསོལ་བར་བྱའོ། ། དེ་ནས་བདག་ཉིད་ཀྱི་ལུས་བསྲུང་བ་དང༌། བདུད་ཀྱི་ཚོགས་བསྲེག་པའི་དོན་དུ་ལུས་ལ་ རྡོ་རྗེ་དགོད་པར་བྱ་སྟེ། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ་ལས་རྡོ་རྗེ་རྩེ་ མོ་བཅུ་བདུན་པ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿ དམར་པོ་ལས་རྡོ་རྗེ་རྩེ་ མོ་སུམ་ཅུ་རྩ་གསུམ་པ་དང༌། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་ལས་རྡོ་ རྗེ་རྩེ་མོ་དགུ་པ་དང༌། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿསེར་པོ་ལས་རྡོ་རྗེ་རྩེ་མོ་ དྲུག་ཅུ་རྩ་ལྔ་པ་དང༌། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ་ལྗང་ཁུ་ལས་རྡོ་རྗེ་ 7-1-143 རྩེ་མོ་ལྔ་པ་དང༌། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿསྔོན་པོ་ལས་རྡོ་རྗེ་རྩེ་མོ་ སུམ་ཅུ་རྩ་གསུམ་པ་རྣམས་བལྟ་བར་བྱའོ། །དེ་བཞིན་དུ། གཡོན་གྱི་ཕྲག་པ་དང་མཐེའུ་ ཆུང་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ། ང་ངི་ངྼི་ངུ་ངླི་ངཾ༌། གྷ་གྷི་གྷཱི་གྷུ་གྷླི་གྷཾ། ག་གི་ གྼི གུ གླི གཾ། ཁ་ཁི་ཁྼི་ཁུ་ཁླི་ཁཾ། ཀ་ཀི་ཀྼི་ཀུ་ཀླི་ཀཾ། ཞེས་པ་དང༌། གཡས་ཀྱི་ཕྲག་པ་དང་ མཐེ་བོང་ལ་སོགས་པ་རྩ་བའི་ཚིགས་རྣམས་སུ། ཀྐཱཿཀྐླཱི་ཀྐཱུ་ཀྐྼཱི་ཀྐཱི་ཀྐཱ། ཁྑཱཿཁྑླཱི་ཁྑཱུ་ཁྑྼཱི་ཁྑཱི་ཁྑཱ། གྒཱཿགྒླཱི་གྒཱུ་གྒྼཱི་གྒཱི་གྒཱ། གྷྒྷཱཿགྷྒྷླཱི་གྷྒྷཱུ་གྷྒྷྼཱི་གྷྒྷཱི་གྷྒྷཱ། ངྔཱཿངྔླཱི་ངྔཱུ་ངྔྼཱི་ངྔཱི་ངྔཱ་ཞེས་པ་རྣམས་ལས་རྡོ་རྗེ་རྩེ་མོ་ སུམ་ཅུ་རྩ་གཅིག་པ་དང༌། རྩེ་མོ་བདུན་པ་རྣམས་བསྒོམ་པར་བྱའོ། ། ཚུལ་འདི་དང་རིམ་པ་འདི་ཁོ་ན་ལྟར་གྲུ་མོ་དང་སོར་མོའི་དབུས་ཀྱི་ཚིགས་རྣམས་སུ་ཙ་ སྡེ་དང༌། ཁྲིག་མ་དང་སོར་མོའི་སྟེང་གི་ཚིགས་རྣམས་སུ་ཌ་སྡེ་དང༌། དཔྱི་མགོ་དང་ རྐང་པའི་སོར་མོའི་རྩ་བའི་ཚིགས་རྣམས་སུ་པ་སྡེ་དང༌། པུས་མོ་དང་སོར་མོའི་དབུས་ ཀྱི་ཚིགས་རྣམས་སུ་ཏ་སྡེ་དང༌། ལོང་བུ་དང་སོར་མོའི་སྟེང་གི་ཚིགས་རྣམས་སུ་ས་སྡེ་ ལས་བྱུང་བའི་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གཅིག་པ་དང༌། རྩེ་མོ་བདུན་པ་རྣམས་བསམ་པར་ བྱའོ། ། དེ་བཞིན་དུ། གཡོན་དང་གཡས་ཀྱི་རྣ་བ་དག་ལ་ཨ་ཨཱ། སྣ་དག་ལ་ཨེ་ཨཻ། མིག་དག་ལ་ ཨར་ཨཱར། ལྕེ་དང་ལྕེའུ་ཆུང་དག་ལ་ཨོ་ཨཽ། རྡོ་རྗེ་དང་གསང་བ་དག་ལ་ཨལ་ཨཱལ། ཡིད་ དང་ཁུ་བའི་རྩ་དག་ལ་ཨཾ་ཨཿ རྣམས་ལས་བྱུང་བའི་རྡོ་རྗེ་རྩེ་མོ་གསུམ་པ་རྣམས་དང༌། གཙུག་ཏོར་དང་མགོ་བོར་ཧ་ཧཱ། ལྕེ་དང་རྐན་དག་ལ་ཡ་ཡཱ། གཡོན་དང་གཡས་ཀྱི་ལག་ མཐིལ་དག་ལ་ར་རཱ། རྐང་མཐིལ་དག་ལ་ཝ་ཝཱ། བཤང་ལམ་གྱི་གཡོན་དང་གཡས་སུ་ལ་ ལཱ། རྣམས་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པ་རྣམས་བསྒོམས་ཏེ། དེ་ལྟར་བདག་ཉིད་རྡོ་ རྗེའི་སྐུར་བསྒོམས་ནས་དེ་ཉིད་ལས་འཕྲོས་པའི་རྡོ་རྗེ་མེ་དཔུང་ཕྱོགས་ཀྱི་མདོག་ཅན་ འབར་ཞིང་རབ་ཏུ་འབར་བའི་རྡོ་རྗེ་རྣམས་ཀྱིས་སེམས་ཅན་རྣམས་ལ་རྣམ་པར་འཚེ་ བར་བྱེད་པའི་བདུད་ཀྱི་ཚོགས་ཕྱོགས་བཅུ་ན་གནས་པ་མཐའ་དག་ངེས་པར་བསྲེགས་ ནས་བདེ་བ་ཆེན་པོ་ལ་དགོད་པར་བསམ་ཞིང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧྲཱཿཧྲཱཿཧྲཱཿཧྲཱཿ ར་ར་ 7-1-144 ར་ར་བཛྲ་ཨ་ན་ལ་སརྦ་ཨཱ་བ་ར་ཎ་དྷརྨྨཱ་པྲ་ལ་ཡ་སྭ་བྷཱ་བ་སརྦ་མཱ་ར་ཀཱ་ཡི་ཀ་བིགྷྣ་བི་ནཱ་ ཡ་ཀ་ཨཱ་དི་ནཱཾ་ད་ཤ་དིཀ་ག་ཏཱ་ནཱཾ་ཀཱ་ཡ་བཱཀ་ཙིཏྟ་ནི་ད་ཧ་ད་ཧ་པ་ཙ་པ་ཙ་བྷསྨཱི་ཀུ་རུ་ ཀུ་རུ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་དྲག་ཏུ་འདོན་པས་བདུད་གཞོམ་པར་བྱའོ། ། དེ་ནས་སླར་མི་འཇུག་པའི་དོན་དང༌། བདུད་དང་བགེགས་དང་ལོག་འདྲེན་རྣམས་ལ་ ཕུར་བུས་གདབ་པའི་དོན་དང༌། གནས་བསྲུང་བའི་དོན་དུ་རྣལ་འབྱོར་གྱི་ཆོ་གས་ བསྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །དེ་ལ་འདི་ནི་རིམ་པ་སྟེ། དང་པོར་ཧཾ་གི་རང་ བཞིན་ནམ་མཁའི་དཀྱིལ་འཁོར་ཡངས་པའི་དབུས་སུ་ཡཾ་རཾ་ཝཾ་ལཾ་རྣམས་ལས་ཡང་དག་ པར་བྱུང་བའི་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་སྟེང་དང་འོག་ཏུ་ཧཱུཾ་ལས་ བྱུང་བའི་རྡོ་རྗེ་ཁ་སྦྱར་བས་མཚན་པ་རྣམས་བསྒོམ་ཞིང༌། ཨོཾ་ཧཱཾ་ཡཱཾ་རཱཾ་ཝཱཾ་ལཱཾ་བཛྲ་ཨཱ་ཀཱ་ ཤཱ་བཱ་ཡུ་དེ་ཛ་ཨུ་ད་ཀ་པྲི་ཐི་བཱི་བཛྲ་སྭ་བྷཱ་བ་པཉྩ་དྷཱ་ཏྭ་བོ་བཛྲ་མཎྜལ་ནི་ཀུ་རུ་ཀུ་རུ་ སྭཱཧཱ། ཞེས་པ་འདིས་འོག་ཏུ་དཀྱིལ་འཁོར་དགོད་པར་བྱའོ། །དེ་ནས་རླུང་ལ་སོགས་པའི་ དཀྱིལ་འཁོར་བཞི་པོ་གཅིག་ཏུ་འདྲེས་པར་གྱུར་པ་ལས་རྡོ་རྗེའི་རྭ་བ་རྣམས་དང་རྡོ་ རྗེའི་ཁང་པ་བརྩེགས་པ་ལ་སོགས་པ་ཡོངས་སུ་གྲུབ་པར་བལྟ་བར་བྱ་སྟེ། ཨོཾ་ཨཱཿཧཱུཾ་ རཿབཛྲ་ཙནྟྲ་སུཪྻ་རཱ་ཧུ་ཀཱ་ལ་ཨག་ན་ཡཿཀཱ་ཡ་བཱཀ་ཙིཏྟ་ཛྙཱ་ན་བཛྲ་པྲ་ཀཱ་རཱན་ཀུ་རུ་ཀུ་ རུ་སྭཱཧཱ། ཞེས་པ་འདིས་ས་དང་ནམ་མཁའ་འབྱར་བར་སྣང་བའི་མཚམས་སུ་རྭ་བ་ གསུམ་དང༌། ཡུལ་འཁོར་བསྲུང་བའི་དོན་དུ་ཡུལ་འཁོར་གྱི་མཚམས་སུ་རྭ་བ་ལྔ་སྟེ་ ཐམས་ཅད་ཀྱི་འོག་ཏུ་མདུང་དང་རྡོ་རྗེའི་ས་གཞིའི་སྟེང་དུ་གུར་དང་མདའི་དྲ་བ་རྣོན་ པོ་རྣམས་དགོད་པར་བྱའོ། །དེ་བཞིན་དུ། ཨོཾ་ཧུཾ་བི་ཤྭ་ཀཱ་ཡ་བཛྲཾ་བཛྲ་ཀཱུ་ཊ་གཱ་རཾ་ཀུ་རུ་ ཀུ་རུ་སྭཱཧཱ། ཞེས་པ་འདིས་རྭ་བའི་ནང་དུ་རྡོ་རྗེའི་ཁང་པ་བརྩེགས་པ་ཁྲུ་གཉིས་བརྒྱ་ པའོ། །དེ་ནས་ཁང་པ་བརྩེགས་པའི་དབུས་སུ་ཆུ་སྐྱེས་སམ་འཁོར་ལོ་རྩིབས་བརྒྱད་པ་ཁྲུ་ བཅུ་གཉིས་པ་བསྒོམ་པར་བྱའོ། །པད་མའི་ཕྱོགས་ལ་ཨོཾ་པཾ་བི་ཤྭ་བཛྲ་པད་མཾ་ཀུ་རུ་ཀུ་རུ་ སྭཱཧཱ། ཞེས་པ་འདིས་དགོད་པར་བྱའོ། །དེ་ནས། ཨོཾ་རཿབཛྲ་སཱུཪྻ་བཛྲ་སཱུཪྻ་ཨཱ་ས་ནཾ་ཀུ་རུ་ ཀུ་རུ་སྭཱཧཱ། ཞེས་པ་འདིས་པད་མའམ་འཁོར་ལོའི་སྟེང་དུ་པད་མའི་ལྟེ་བའམ་འཁོར་ 7-1-145 ལོའི་མུ་ཁྱུད་དང་མཉམ་པའི་ཉི་མའི་གདན་དགོད་པར་བྱ་སྟེ། པད་མའི་ལྟེ་བའམ་ འཁོར་ལོའི་མུ་ཁྱུད་ནི་ཐམས་ཅད་དུ་རང་རང་གི་སུམ་ཆའོ། །དེ་ནས་ཉི་མའི་སྟེང་དུ་ བདག་ཉིད་ཧཱུཾ་ལས་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཞལ་བཞི་པ་དུས་ཀྱི་འཁོར་ལོ་ལྟ་བུ་ མི་བསྐྱོད་པའི་ཅོད་པན་ཅན། སྦྲུལ་དང་གླང་པོའི་པགས་པ་དང་ཐོད་པའི་ཕྲེང་བ་དང་ མགོ་བོའི་དོ་ཤལ་རྣམས་ཀྱིས་ལྷག་པར་བརྒྱན་ཅིང་ཕྱག་གཉིས་ཀྱིས་ལྷག་པའི་གཡས་པ་ ནག་པོ་དང་གཡོན་པ་སེར་པོས་བདུད་ཀྱི་མགོ་བོ་དང་ཁྲག་གིས་བཀང་བའི་ཐོད་པ་ བསྣམས་པ། རབ་ཏུ་ཁྲོས་ཤིང་འཇིགས་སུ་རུང་བ་གཡས་བརྐྱང་གི་གར་གྱིས་ཡི་དྭགས་ ཀྱི་གདན་ལ་གནས་པ་རྣམ་པར་བསྒོམས་ནས་ཕྱག་རྒྱ་དང་མཚོན་ཆ་རྣམས་དགོད་པར་ བྱ་སྟེ། ༀ་ཧཾ་ཧཿབཱ་མ་དཀྵི་ཎ་ཀརྞྞ་ཡོར་བཛྲ་ཀུན་ཊ་ལེ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་རྣ་ བ་དག་ལ་རྡོ་རྗེའི་རྣ་རྒྱན་བསམ་པར་བྱའོ། །དེ་བཞིན་དུ། ཨོཾ་ཨཾ་ཨཿཀ་ཊྱཾ་ཀཎ་ཋེ་བཛྲ་ མེ་ཁ་ལཱ་བཛྲ་ཀཎ་ཋི་ཀ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་རྐེད་པར་རྡོ་རྗེའི་འོག་པག་དང་ མགུལ་དུ་རྡོ་རྗེའི་མགུལ་རྒྱན་ནོ། །ཨོཾ་ཨཱ་ཨཱ་བཱ་མ་དཀྵི་ཎ་ཀ་ར་ཡོར་བཛྲ་རུ་ཙ་ཀཽ་ཧུཾ་ཧཱུཾ་ ཕཊ་ཕཊ། ཅེས་པ་འདིས་ཕྱག་དག་ལ་རྡོ་རྗེ་གདུབ་བུའོ། །ཨོཾ་ཧ་ཧཱ་བཱ་མ་དཀྵི་ཎ་པཱ་ད་ ཡོར་བཛྲ་ནཱུ་པུ་རེ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་ཞབས་དག་ལ་རྡོ་རྗེའི་ཞབས་གདུབ་ བོ། །ཨོཾ་ཧཾ་བཾ་པཉྩ་ཨཱ་ཀཱ་ར་མཧཱ་ཤཱུ་ནྱ་སྭ་བྷཱ་བ་བཛྲ་ཤི་རོ་མ་ཎི་ཤི་ར་སི་སརྦ་ཨཾ་གེ་བྷསྨ་ ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་སྤྱི་བོར་རྡོ་རྗེ་ནོར་བུ་དང༌། ལུས་ཐམས་ཅད་ལ་ཐལ་ བའོ། །ཨོཾ་ཨཾ་ཨར་དྷ་ནཱ་རཱི་ཤྭ་ར་བཛྲ་ཨར་དྷ་ཙནྟྲ་བཛྲ་པཊྚ་ཨཱུར་དྷེ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་ པ་འདིས་རྡོ་རྗེ་དར་དཔྱངས་ཀྱི་སྟེང་དུ་རྡོ་རྗེ་ཟླ་བ་ཕྱེད་པའོ། །ཨོཾ་ཨ་ཨཱཿཨཾ་སརྦ་སྭ་ར་ ཨེ་ཀ་ཏྲི་སྭ་ར་སྭ་བྷཱ་བ་བཛྲ་ཡཛྙཱོ་པ་བཱི་ཏ་སྐན་ཏེ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་ཕྲག་ པར་རྡོ་རྗེ་མཆོད་ཕྱིར་ཐོགས་བསམ་པར་བྱ་སྟེ། ཕྱག་རྒྱ་དྲུག་དགོད་པའོ། །ཡང་ན། རུས་ པའི་རྒྱན་དྲུག་གོ ། དེ་ནས། ཨོཾ་ཀྵཿདུར་དན་ཏ་ཨ་བྷི་མཱ་ན་ཀྵ་ཡཾ་ཀ་ར་བྱཱ་གྷྲ་ཙར་མ་ཀ་ཊཽ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་རྐེད་པར་སྟག་གི་པགས་པའི་ཤམ་ཐབས་དང༌། ཨོཾ་ཧཾ་ཀྵཿཏྲིཾ་ཤཏ་སྭ་ར་ 7-1-146 སབ་ཏ་ཏི་ཧྲ་སྭ་དཱིརྒྷ་བྱཉྫ་ན་སྭ་བྷཱ་བ་དེ་ཏྱ་ཀུ་ལ་ཤ་ཏ་སི་རོ་བྷིར་མུཎ་ཊ་མཱ་ལེ་སྐན་དྷཱ་ བ་ལཾ་བི་ནི་སྐན་དྷེ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་ཕྲག་པར་བདུད་རིགས་བརྒྱའི་མགོ་ ཕྲེང་འཕྱང་བ་དང༌། ཨོཾ་ཧ་ཧི་ཧྼྀ་ཧུ་ཧླྀ་པཉྩ་སྐན་དྷ་བི་ཤུདྡྷ་སྭ་བྷཱ་བ་ཤི་ར་སི་ཀ་པཱ་ལ་མཱ་ ལེ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་སྤྱི་བོར་ཐོད་པ་ལྔའི་ཕྲེང་བ་བསམ་པར་བྱ་སྟེ། འཆད་ པར་འགྱུར་བའི་གླང་པོའི་པགས་པ་དང་ལྷན་ཅིག་གཞན་ཕྱག་རྒྱ་བཞི་ཡིན་ལ། མཐའ་ དག་སྡོམ་ན་ཕ་རོལ་ཏུ་ཕྱིན་པ་བཅུའི་དག་པས་ཕྱག་རྒྱ་བཅུ་དང༌། ལས་ཀྱི་གནས་བཅུ་ དྲུག་གི་དབྱེ་བ་དང༌། སྟོང་ཉིད་བཅུ་དྲུག་གི་དག་པས་ཕྱག་རྒྱ་བཅུ་དྲུག་ཏུ་འགྱུར་ རོ། །དེ་ནས་མཚོན་ཆ་རྣམས་དགོད་པར་བྱ་སྟེ། ཨོཾ་ཀྵྼཿཀྲོ་དྷཱ་བཛྲ་ཧཱུཾ་ཕཊ། ཨོཾ་ཀྵྼཿབཛྲ་ ཁཌ་ག་ཧཱུཾ་ཕཊ། ཨོཾ་ཀྵྼཿབཛྲ་ཏྲི་ཤཱུ་ལ་ཧཱུཾ་ཕཊ། ཨོཾ་ཀྵྼཿབཛྲ་ཀརྟྟ་རི་ཧཱུཾ་ཕཊ། ཨོཾ་ཀྵྼཿབཛྲ་བཱ་ ཎ་ཧཱུཾ་ཕཊ། ཨོཾ་ཀྵྼཿབཛྲ་ཨཾ་ཀུ་ཤ་ཧཱུཾ་ཕཊ། ཨོཾ་ཀྵྼཿ བཛྲ་ཌ་མ་རུ་ཀ་ཧཱུཾ་ཕཊ། ཨོཾ་ཀྵྼཿབཛྲ་ མུད་ག་ར་ཧཱུཾ་ཕཊ། ཨོཾ་ཀྵྼཿབཛྲ་ཙཀྲ་ཧཱུཾ་ཕཊ། ཨོཾ་ཀྵྼཿབཛྲ་ཀུན་ཏ་ཧཱུཾ་ཕཊ། ཨོཾ་ཀྵྼཿབཛྲ་དཎ་ ཌ་ཧཱུཾ་ཕཊ། ཨོཾ་ཀྵརཿབཛྲ་པར་ཤུ་ཧཱུཾ་ཕཊ། ཅེས་པ་འདི་དག་གིས་གཡས་ཀྱི་མཚོན་ཆ་ རྣམས་དང༌། ཨོཾ་ཧྭཱཾ་བཛྲ་གྷཎ་ཌེ་ཧོཿཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཁེ་ཊ་ཀ་ཧོཿཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཁ་ ཊྭཱཾ་ག་ཧོཿཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཀ་པཱ་ལ་ཧོཿཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཙཱ་པ་ཧོཿཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ པཱ་ཤ་ཧོཿཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་རད་ན་ཧོཿཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་པད་མ་ཧོཿཕྲེཾ་ཕཊ། ཨོཾ་ཧྭཱཾ་ བཛྲ་ཤཾ་ཁ་ཧོཿཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཨཱ་དར་ཤ་ཧོཿཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཤྲིཾ་ཁ་ལེ་ཧོཿཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཙ་ཏུར་བ་ད་སྭ་བྷཱ་བ་པྲཧྨ་ཤི་རཾ་ཧོཿཕྲེཾ་ཕཊ། ཅེས་པ་འདི་དག་གིས་གཡོན་གྱི་ མཚན་མ་རྣམས་བལྟ་བར་བྱའོ། །དེ་བཞིན་དུ། ཨོཾ་ཀྵ་ཀྵཱ་ཀྵི་ཀྵཱི་ཀྵྼྀ་ཀྵྼཱྀ་ཀྵུ་ཀྵཱུ་ཀྵླྀ་ཀྵླཱྀ་ཀྵ་ཀྵཱཿ ཧ་ ཧཱ་ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླི་ཧླཱི་ཧཾ་ཧཱཿ སརྦ་བིགྷྣ་བི་དཱ་རི་ཏ་ག་ཛ་ཙར་མ་པ་ཏྲ་ཨར་ཏྲ་རཀ་ཏ་ ཤྲ་བ་ཏ་ཧུཾ་ཕྲེཾ། ཞེས་པ་འདིས་གླང་པོའི་པགས་པ་ཁྲག་དང་བཅས་པ་མགོ་བོ་གཡས་སུ་ བསྟན་པའི་རྐང་ལག་གཉིས་ནས་ལྷག་པའི་ཕྱག་གཉིས་ཀྱི་སྡིགས་མཛུབ་ཀྱིས་བཟུང་སྟེ་ གྱོན་པ་བསམ་པར་བྱའོ། །དེ་ནས་ཀླུའི་རྒྱལ་པོ་རྣམས་དགོད་པར་བྱ་སྟེ། ཨོཾ་ཧུཾ་བཛྲ་ཛ་ཡ་ ནཱ་ག་ཨིན་ཏྲ་བཛྲ་ཛ་ཊ་མུ་ཀུ་ཊ་བན་དྷེ་ཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་ཀླུའི་ 7-1-147 དབང་པོ་རྒྱལ་བ་རལ་པའི་ཅོད་པན་དུ་བསྒོམ་པར་བྱའོ། །དེ་བཞིན་དུ། ཨོཾ་ཀྵཱུཾ་བཛྲ་བི་ཛ་ ཡ་ནཱ་ག་ཨིན་ཏྲ་བཛྲ་པཊྚ་བན་དྷེ་ཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་རྣམ་པར་ རྒྱལ་བའི་དར་དཔྱངས་དང༌། ཨོཾ་ཧྻཾ་ཧྻཱཾ་བཛྲ་ཀར་ཀོ་ཊ་ཀ་བཛྲ་པད་མཽ་བཱ་མ་དཀྵི་ཎ་ ཀུན་ཌ་ལ་ཡཽཿཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་སྟོབས་ཀྱི་རྒྱུ་དང་པད་མའི་རྣ་ རྒྱན་དག་དང༌། ཨོཾ་ཧྼཾ་ཧྼཱཾ་བཛྲ་བཱ་སུ་ཀི་ཥཾ་ཁ་པཱ་ལཽ་བཱ་མ་དཀྵི་ཎ་རུ་ཙ་ཀ་ཡཽཿཏིཥྛ་ཏིཥྛ་ཧུཾ་ ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་ནོར་རྒྱས་དང་དུང་སྐྱོང་གི་གདུབ་བུ་དག་དང༌། ཨོཾ་ཧྭཾ་ཧྭཱཾ་ བཛྲ་ཨ་ནན་ཏ་གུ་ལུ་ཀོ་མེ་ཁ་ལཱ་ཀཎ་ཋི་ཀ་ཡཽཿཏྀཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་ མཐའ་ཡས་དང་རིགས་ལྡན་གྱི་འོག་པག་དང་མགུལ་རྒྱན་དག་དང༌། ཨོཾ་ཧླཾ་ཧླཱཾ་བཛྲ་ དཀྵི་ཀ་མཧཱ་པད་མཽ་བཱ་མ་དཀྵི་ཎ་པཱ་ད་ནཱུ་པུ་ར་ཡཽཿཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕ། ཅེས་པ་ འདིས་འཇོག་པོ་དང་པད་མ་ཆེན་པོའི་ཞབས་གདུབ་དག་བསམ་པར་བྱའོ། །དེ་ལྟར་ བདག་ཉིད་ཁྲོ་བོའི་དབང་པོ་དུས་མཐའི་སྤྲིན་དང་མཚུངས་པ། འཇིགས་པའི་མཚོན་ཆ་ དུ་མ་དག་དང༌། ཀླུའི་དབང་པོ་རྣམས་ཀྱི་རྣམ་པར་བརྒྱན་པའི་སྐུར་གསལ་བར་ བསྒོམས་ཏེ། ཨོཾ་ཧཱུཾ་ཀྲོ་དྷ་ཨིན་ཏྲོ་ཧཾ་ཀྲོ་དྷཱ་ནཾ་ཨ་ཛྙཱ་དཱ་ཡ་ཀ་སྭཱཧཱ། ཞེས་ང་རྒྱལ་བཟུང་བར་ བྱའོ། ། དེ་ནས་འཁོར་རྣམས་སྤྲོ་བའི་སླད་དུ་དང་པོ་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧ་ཡ་ ར་ཝ་ལ་བརྩེགས་པའི་རང་བཞིན་ཡི་གེ་གོང་བུ་རྣམ་པར་བསྒོམས་ནས། དེ་ལས་ཁྲོ་བོ་ བཅུ་འཁོར་ལོ་རྩིབས་རྣམས་སུ་སྤྲོ་བར་བྱ་སྟེ། ཧ་ཧཱ་དག་ལས་གྲུབ་པའི་གཙུག་ཏོར་དང་ གནོད་མཛེས་ལྗང་ཁུ་དང་སྔོན་པོ་དག་ཞལ་གྱི་གཙོ་བོའི་གཡོན་དང་གཡས་ཀྱི་རྣ་བ་ དག་ལས་བྱུང་ནས་སྟེང་དང་འོག་ཏུ་ཁང་པ་བརྩེགས་པའི་ནང་དང༌། རྡོ་རྗེའི་ས་གཞི་ ལ་གཞག་པར་བྱའོ། །ཡི་ཡཱི་དག་ལས་གྲུབ་པའི་བགེགས་མཐར་བྱེད་དང་དབྱུག་སྔོན་ ཅན་ནག་པོ་དག་གཡོན་དང་གཡས་ཀྱི་སྣ་བུག་དག་ནས་ཕྱུང་སྟེ། ཤར་དང་མེའི་རྩིབས་ སུ་གཞག་པར་བྱའོ། །རྼྀ་རྼཱྀ་དག་ལས་གྲུབ་པའི་ཤེས་རབ་མཐར་བྱེད་དང་ཌ་ཀི་དམར་ པོ་དག་གཡོན་དང་གཡས་ཀྱི་མིག་དག་ནས་ཕྱུང་སྟེ། ལྷོ་དང་བདེན་བྲལ་གྱི་རྩིབས་སུ་ 7-1-148 གཞག་པར་བྱའོ། །ཝུ་ཝཱུ་དག་ལས་གྲུབ་པའི་པད་མ་མཐར་བྱེད་དང་མི་གཡོ་བ་དཀར་ པོ་དག་ལྕེ་དང་ཆུ་ལམ་དག་ནས་ཕྱུང་སྟེ། བྱང་དང་དབང་ལྡན་གྱི་རྩིབས་སུ་གཞག་པར་ བྱའོ། ། ལླྀ་ལླཱྀ་དག་ལས་གྲུབ་པའི་གཤིན་རྗེ་མཐར་བྱེད་དང་སྟོབས་པོ་ཆེ་སེར་པོ་དག་ བཤང་ལམ་དང་གཙུག་ཏོར་དག་ལས་ཕྱུང་ནས། ནུབ་དང་རླུང་གི་རྩིབས་སུ་བཞག་ པར་བྱ་སྟེ། ཐམས་ཅད་ཉི་མ་ལ་གཡས་བརྐྱང་གི་གནས་ཤིང༌། ཞལ་གསུམ་པ། ཕྱག་དྲུག་ པ། འཆད་པར་འགྱུར་བའི་མཚོན་ཆ་ལ་སོགས་པ་དང་ལྡན་པའོ། །འདིའི་རྗེས་སུ་ འབྲངས་ནས་ལྷག་མ་རྣམས་ཀྱི་སྐུ་མདོག་དང༌། སྒོ་གང་ནས་དབྱུང་བ་དང༌། ཕྱོགས་ གང་དུ་དགོད་པ་ཡང་རིག་པར་བྱའོ། ། དེ་ནས་སླར་ཡང་ཐུགས་ཀའི་ཉི་མ་ལ་ང་ཉ་ཎ་མ་ན་བརྩེགས་པ་རྣམ་པར་བསྒོམས་ནས་ དེ་ལས་ཟད་པར་བཅུ་ཁང་པ་བརྩེགས་པའི་ཕྱི་རོལ་ཏུ་སྤྲོ་བར་བྱ་སྟེ། ང་ངཱ་དག་ལས་ གྲུབ་པའི་ཟད་པར་ནམ་མཁའ་གཉིས་བརྩེགས་པའི་སྟེང་དང་གནོད་མཛེས་ཀྱི་འོག་ཏུ་ སྟོང་པའི་དཀྱིལ་འཁོར་ལ་གནས་པའོ། །གཞན་ཕྱོགས་བརྒྱད་པོར་ཉི་ཉཱི་དག་ལས་ཟད་ པར་རླུང་གཉིས་དང༌། ཎྼྀ་ཎྼཱྀ་དག་ལས་ཟད་པར་མེ་གཉིས་དང༌། མུ་མཱུ་དག་ལས་ཟད་ པར་ཆུ་གཉིས་དང༌། ནླྀ་ནླཱྀ་དག་ལས་ཟད་པར་ས་གཉིས་ཏེ། རང་རང་གི་ཕྱོགས་ཀྱི་ འབྱུང་བའི་དཀྱིལ་འཁོར་ལ་གནས་ཤིང༌། ཁང་པ་བརྩེགས་པའྀ་དཀྱིལ་འཁོར་དུ་བསྲུང་ ཞིང་སྐྱོང་བ་སྟེ། དེ་ལྟར་ཁང་པ་བརྩེགས་པའི་ནང་གི་ཟད་པར་དང་ཁྲོ་བོ་ནམ་མཁའ་ དང་ཡེ་ཤེས་དག་ཡང་དག་པར་སྦྱོར་བས་སེམས་ཀྱི་ཁམས་བསྲུང་བ་ཉིད་དོ། ། དེ་ནས་ཡང་ཐུགས་ཀའི་ཉི་མ་ལ་གྷ་ཛྷ་ཌྷ་བྷ་དྷ་བརྩེགས་པ་རྣམ་པར་བསྒོམས་ནས། དེ་ ལ་ཕྱོགས་སྐྱོང་བཅུ་རྭ་བ་གསུམ་པའི་ནང་དུ་སྤྲོ་བར་བྱ་སྟེ། གྷ་གྷཱ་ལས་ཚངས་པ་དང་ ཁྱབ་འཇུག་རྭ་བའི་སྟེང་དང་འོག་ཏུའོ། །གཞན་ཕྱོགས་བརྒྱད་པོར་ཛྷི་ཛྷཱི་ལས་བདེན་ བྲལ་དང་རླུང་ལྷ་དག་དང༌། ཌྷྼྀ་ཌྷྼཱྀ་ལས་གཤིན་རྗེ་དང་མེ་ལྷ་དག་དང༌། བྷུ་བྷཱུ་ལས་རྒྱ་ མཚོ་དང་བདེ་བྱེད་དག་དང༌། དྷླྀ་དྷླཱྀ་ལས་དབང་པོ་དང་གནོད་སྦྱིན་དག་སྟེ། འཆད་ པར་འགྱུར་བའི་མཚོན་ཆ་རྣམས་དང་བཅས་ཤིང་རང་རང་གི་བཞོན་པ་འཆད་པར་ 7-1-149 འགྱུར་བ་རྣམས་ལ་གནས་པ་རྭ་བ་གསུམ་པའི་ནང་དུ་བསྲུང་ཞིང་སྐྱོང་བའོ། ། དེ་ནས་ཡང་ཐུགས་ཀའི་ཉི་མ་ལ་ག་ཛ་ཌ་བ་ད་བརྩེགས་པ་རྣམ་པར་བསྒོམས་ནས། དེ་ ལས་གཟའ་བཅུ་རྭ་བ་གསུམ་པའི་ཕྱི་རོལ་ཏུ་སྤྲོ་བར་བྱ་སྟེ། ག་གཱ་ལས་སྒྲ་གཅན་དང་ དུས་མེ་རྭ་བ་གསུམ་གྱི་སྟེང་དང་འོག་ཏུ་སྟོང་པའི་དཀྱིལ་འཁོར་ལ་གནས་པའོ། །གཞན་ ཕྱོགས་བརྒྱད་པོར་ཛི་ཛཱི་ལས་ཟླ་བ་དང་ཉི་མ་དག་དང༌། ཌྼྀ་ཌྼཱྀ་ལས་གཟའ་ལག་དང་ བཀྲ་ཤིས་དག་དང༌། བུ་བཱུ་ལས་པ་སངས་དང་ཕུར་བུ་དག་དང༌། དླྀ་དླཱྀ་ལས་མཇུག་རིང་ དང་སྤེན་པ་དག་དང་རང་རང་གི་ཕྱོགས་ཀྱི་འབྱུང་བ་ལ་གནས་ཤིང་རྭ་བ་གསུམ་པའི་ ཕྱི་རོལ་ཏུ་བསྲུང་ཞིང་སྐྱོང་བའོ། །དེ་ལྟར་ན་རྭ་བ་གསུམ་པའི་ཕྱི་དང་ནང་གི་གཟའ་ དང་ཕྱོགས་སྐྱོང་མེ་དང་རླུང་དག་གིས་ངག་གི་ཁམས་བསྲུང་བ་ཉིད་དོ། ། དེ་ནས་ཡང་ཐུགས་ཀའི་ཉི་མ་ལ་ཁ་ཚ་ཋ་ཕ་ཐ་བརྩེགས་པ་རྣམ་པར་བསྒོམས་ནས། དེ་ ནས་ཀླུ་བཅུ་རྭ་བ་ལྔ་པའི་ནང་གི་ཆ་ལ་སྤྲོ་བར་བྱ་སྟེ། ཁ་ཁཱ་ལས་རྒྱལ་བ་དང་རྣམ་པར་ རྒྱལ་བ་རྭ་བ་ལྔ་པའི་ནང་གི་སྟེང་དང་འོག་ཏུ་སྟོང་པའི་དཀྱིལ་འཁོར་ལ་གནས་པའོ། ། གཞན་ཕྱོགས་བརྒྱད་པོར་ཚི་ཚཱི་ལས་སྟོབས་ཀྱི་རྒྱུ་དང་པད་མ་དག་དང༌། ཋྼྀ་ཋྼཱྀ་ལས་ ནོར་རྒྱས་དང་དུང་སྐྱོང་དག་དང༌། ཕུ་ཕཱུ་ལས་མཐའ་ཡས་དང་རིགས་ལྡན་དག་དང༌། ཐླྀ་ཐླཱྀ་ལས་འཇོག་པོ་དང་པད་མ་ཆེན་པོ་དག་སྟེ་རང་རང་གི་ཕྱོགས་ཀྱི་འབྱུང་བ་ལ་ གནས་ཤིང༌། འཆད་པར་འགྱུར་བའི་གཟུགས་ཅན་རྭ་བ་ལྔ་པའི་ནང་དུ་བསྲུང་ཞིང་ སྐྱོང་བའོ། ། དེ་ནས་ཡང་ཐུགས་ཀའི་ཉི་མ་ལ་ཀ་ཙ་ཊ་པ་ཏ་བརྩེགས་པ་རྣམ་པར་བསྒོམས་ནས། དེ་ ལས་འབྱུང་པོ་བཅུ་རྭ་བ་ལྔ་པའི་ཕྱི་རོལ་ཏུ་སྤྲོ་བར་བྱ་སྟེ། ཀ་ཀཱ་ལས་རོ་ལངས་དང་གྲུལ་ བུམ་རྭ་བ་ལྔ་པའི་སྟེང་དང་འོག་ཏུ་སྟོང་པའི་དཀྱིལ་འཁོར་ལ་གནས་པའོ། །གཞན་ ཕྱོགས་བརྒྱད་པོར་ཙི་ཙཱི་ལས་མིའམ་ཅི་ཁྱི་གདོང་ཅན་དང་སྐྱེས་བུའམ་ཅི་བྱ་རོག་གི་ གདོང་ཅན་དག་དང༌། ཊྼྀ་ཊྼཱྀ་ལས་དྲི་ཟ་ཕག་གི་གདོང་ཅན་དང་འབྱུང་པོ་བྱ་རྒོད་ཀྱི་ གདོང་ཅན་དག་དང༌། པུ་པཱུ་ལས་སྲིན་པོ་སྟག་གི་གདོང་ཅན་དང་ཡི་དྭགས་འུག་པའི་ 7-1-150 གདོང་ཅན་དང༌། ཏླྀ་ཏླཱྀ་དག་ལས་བརྗེད་བྱེད་ལྕེ་སྤྱང་གི་གདོང་ཅན་དང་ནམ་མཁའ་ ལྡིང་ནི་བྱ་ཁྱུང་གི་སྟེ་ཕྱོགས་ཀྱི་འབྱུང་བ་ལ་གནས་ཤིང༌། འཆད་པར་འགྱུར་བའི་ གཟུགས་ཅན་རྭ་བ་ལྔ་པའི་ཕྱི་རོལ་ཏུ་བསྲུང་ཞིང་སྐྱོང་བའོ། །དེ་ལྟར་ན་རྭ་བ་ལྔ་པའི་ ནང་དང་ཕྱི་རོལ་གྱི་ཀླུ་དང་འབྱུང་པོ་ཆུ་དང་ས་དག་གི་ཡང་དག་པར་སྦྱོང་བས་ལས་ ཀྱི་ཁམས་བསྲུང་བ་ཉིད་དེ་སྲུང་མ་དྲུག་ཅུའི་ངེས་པའོ། ། དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་རཀྵ་ཙཀྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་པ་ང་རྒྱལ་བཟུང་ ནས། བཀའ་སྩལ་སྦྱིན་པར་བྱ་སྟེ། ཨོཾ་ཧཾ་བཛྲ་ཀྲོ་དྷ་རཱ་ཛ་མཧཱ་ཨུཥྞཱི་ཥ་ཨཱུར་དྷ་དི་ཤི་རཀྵཱཾ་ ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཡཾ་བཛྲ་ཀྲོ་དྷ་རཱ་ཛ་ཨ་ཏི་བ་ལ་སརྦ་བིགྷྣ་ཨན་ཏ་ཀ་པཱུར་བ་དི་ཤི་ རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་རཾ་བཛྲ་ཀྲོ་དྷ་རཱ་ཛ་ཛཾ་བྷ་ཀ་དུཥྟ་པྲཛྙ་ཨན་ཏ་ཀ་དཀྵི་ཎ་དི་ཤི་ རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཝཾ་བཛྲ་ཀྲོ་དྷ་རཱ་ཛ་མཱ་ན་ཀ་བཱི་ར་ག་པད་མ་ཨན་ཏ་ཀ་ཨུད་ཏ་ ར་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟཾ་བྷ་ཀ་ཡ་མ་ཨན་ཏ་ཀ་པཉྩི་མ་ དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ལཱཿབཛྲ་ཀྲོ་དྷ་རཱ་ཛ་མཧཱ་བ་ལ་བཱ་ཡ་བྱཾ་དི་ཤི་རཀྵཱཾ་ཀུ་རུ་ ཀུ་རུ་སྭཱཧཱ། ཨོཾ་ཝཱཿབཛྲ་ཀྲོ་དྷ་རཱ་ཛ་ཨ་ཙ་ལ་ཨི་ཤཱ་ན་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ རཱཿབཛྲ་ཀྲོ་དྷ་རཱ་ཛ་ཊཀྐི་ནཻ་རི་ཏྱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨཱོཾ་ཡཱཿབཛྲ་ཀྲོ་དྷ་རཱ་ཛ་ནི་ ལ་དཎ་ཊ་ཨག་ནེ་ཡྻཱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཧཱཿབཛྲ་ཀོ་དྷ་རཱ་ཛ་སུམྦྷ་ཨ་དྷོ་དི་ཤི་ རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་འདི་དག་གིས་ཁྲོ་བོ་རྣམས་ལ་བཀའ་བསྒོ་བར་བྱའོ། ། དེ་དག་གིས་ཀྱང་བགེགས་དང་ལོག་འདྲེན་གཞན་རྣམས་རྡོ་རྗེ་ལྕགས་ཀྱུས་བཏབ་ཅིང་ རྡོ་རྗེ་ཞགས་པས་བཅིངས་ནས་རྡོ་རྗེ་ཕུར་བུ་རྣོ་ཞིང་འབར་བ་སྟོད་ཁྲོ་བོའི་གཟུགས་ ཅན་རྣམས་ཀྱིས་གནས་བཅུ་རྣམས་ཀྱི་གདུག་པའི་སྟེང་དུ་བཏབ་པར་བསྒོམ་ཞིང༌། ཨོཾ་ ཨཱཿཧཱུཾ་ཧོཿཀྵཿ ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ་ཀཱ་ཡ་བཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏི་ཥཊ་ མུ་ཁ་ཥཊ་བྷུ་ཛ་ཥཊ་ཙ་ར་ཎ་སརྦ་བིགྷྣ་བི་ནཱ་ཡ་ཀ་ཨཱ་དཱི་དུཥྟཱ་ནཱཾ་ཀཱ་ཡ་ཝཱག་ཙིཏྟ་ཛྙཱ་ནཱ་ ནི་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་དྲག་ཏུ་འདོན་པས་རྡོ་རྗེ་ཕུར་བུ་གདབ་པར་ བྱའོ། ། 7-1-151 དེ་ནས་རྡོ་རྗེ་ཐོ་བས་བརྡུང་བར་བྱ་སྟེ། ཨོཾ་ལླཱྀཿབཛྲ་མུད་ག་ར་མ་ར་ཨཱ་དཱི་ནཾ་སི་ར་སི་ ཀཎ་ཋེ་ཧྲི་ད་ཡ་ནཱ་བྷཽ་གུ་ཧྱ་ཨན་ཏེ་བཛྲ་ཀཱི་ལ་ཀཱན་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཀྵཾ་ཀྵཱཾ་ཀྵིཾ་ཀྵཱིཾ་ ཀྵྼྀཾ་ཀྵྼཱྀཾ་ཀྵུཾ་ཀྵཱུཾ་ཀྵླྀཾ་ཀྵླཱྀཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཅེས་པ་འདི་དག་གིས་སོ། །དེ་ལྟར་གདབ་ པ་དང་བརྡུང་བ་དག་གིས་བགེགས་ཀྱི་ཚོགས་བདེ་བ་ཆེན་པོར་རོ་གཅིག་པའི་དེ་ བཞིན་ཉིད་རྣམ་པར་དག་པར་གྱུར་ཅིང་ལྷག་མ་རྣམས་ཀྱང་རིང་དུ་བྲོས་པར་བསམ་ པར་བྱ་སྟེ། འགེགས་ལ་ཕུར་བུས་གདབ་པའི་ངེས་པའོ། ། གཞན་ཡང༌། ཇི་ལྟར་རིགས་པར་བཅོམ་ལྡན་འདས་ཀྱི་སྔགས་རྐང་པ་བཅུ་དྲུག་པ། བདུད་གཞོམ་པའི་སྔགས་དང་བཅས་པ་དང༌། ཡན་ལག་སོ་སོའི་སྔགས་རྐང་བ་བདུན་ ཅུ་རྩ་གཉིས་པའི་བཟླས་པས་ཀྱང༌། གདུག་པ་རྣམས་ཚར་བཅད་པར་བྱ་སྟེ། དེ་དག་ནི་ ཁོ་བོས་དབང་གི་ཆོ་ག་ཡེ་ཤེས་རྒྱ་མཚོར་བསྟན་ཟིན་ཏོ། ། དེ་ལྟར་བདུད་ལ་སོགས་པ་གདུག་པ་མཐའ་དག་ཚར་བཅད་ནས་སྲུང་མ་རྣམས་ལ་ འཆད་པར་འགྱུར་བའི་ཆོ་གས་ཐུན་མཚམས་སོ་སོར་གཏོར་མ་དབུལ་བར་བྱའོ། ། གཤེགས་སུ་གསོལ་བར་བྱ་སྟེ། གསང་བར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ་དང༌། གཙུག་ ཏོར་ཏུ་ཨཾ་ཡིག་ལ་ཟད་པར་གྱི་འཁོར་ལོ་དང༌། དཔྲལ་བར་ཨི་ཡིག་ལ་ཕྱོགས་སྐྱོང་གི་ འཁོར་ལོ་དང༌། མགྲིན་པར་རཱྀ་ཡིག་ལ་གཟའི་འཁོར་ལོ་དང༌། སྙིང་གར་ཨུ་ཡིག་ལ་ཀླུའི་ འཁོར་ལོ་དང༌། ལྟེ་བར་ལྀ་ཡིག་ལ་འབྱུང་པོའི་འཁོར་ལོ་རྣམས་གཞུག་པར་བྱའོ། །ཞེས་ པ་བསྲུང་བའི་འཁོར་ལོའི་ངེས་པའོ། ། དེ་ནས་བདག་ཉིད་དུས་ཀྱི་འཁོར་ལོའི་རྣམ་པར་སྐད་ཅིག་གིས་བྱས་ནས། སྙིང་གར་པཾ་ ལས་བྱུང་བའི་པད་མ་འདབ་བརྒྱད་དམར་པོའི་ལྟེ་བར་ཨཾ་ལས་བྱུང་བའི་ཟླ་བའི་ དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ཏེ། དེ་ལས་ རྡོ་རྗེ་ཉི་མ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་སད་པར་བྱེད་པའི་འོད་ ཟེར་ཁ་དོག་ལྔ་རྣམས་ནམ་མཁའི་ཁམས་སུ་སྤྲོ་བར་བྱའོ། །དེ་དག་གིས་ཀྱང་བླ་མ་ རྣམས་དང༌། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་གྱི་ 7-1-152 རྣམ་པས་ནམ་མཁའི་མཐིལ་དུ་རྟོགས་པར་བྱས་ནས། དེ་དག་མཆོད་པའི་དོན་དུ་འོད་ ཟེར་གྱི་ཚོགས་རྣམས་བཀུག་སྟེ་སླར་ཡང་རང་གི་སྙིང་གའི་ཟླ་བའི་རྡོ་རྗེ་ལ་གཞུག་པར་ བྱའོ། ། དེ་ནས་དེ་དག་ལ་ཐལ་མོ་སྦྱར་ཏེ་ལུས་དཔག་ཏུ་མེད་པར་སྤྲུལ་ནས་གུས་པས་ཕྱག་ འཚལ་བར་བྱ་སྟེ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་པ་ལ་སོགས་པ་དང༌། སྟོང་པ་ ཉིད་དང་སྙིང་རྗེའི་བདག །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་ གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཞེས་པ་ལ་སོགས་པས་ཇི་ལྟར་ རིགས་པ་དག་གིས་སོ། ། དེ་ནས་མཆོད་པའི་སླད་དུ་རང་གི་སྙིང་གའི་ཟླ་བ་ལ་ལྷ་མོ་བཅུ་གཉིས་ཀྱི་ས་བོན་ཡི་ གེའི་གོང་བུ་རྣམས་བསམས་ཏེ། དེ་དག་ལས་བྱུང་བའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་ པ་སྤྲོས་པ་རྣམས་ཀྱིས་ཡིད་ཀྱི་རང་བཞིན་གྱི་མཆོད་པ་བྱས་ཏེ། ཨོཾ་ཙྪྫྫྙ་བཛྲ་གནྡྷེ་གནྡྷ་ ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཙྪྫྫྙཱ་བཛྲ་མཱ་ལེ་མཱ་ལ་ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཊྛྜྜཧྞ་ བཛྲ་དྷཱུ་པེ་དྷཱུ་པ་ཨརྩྪ་ནཱཾཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཊྛྜྜཧྞཱ་བཛྲ་པྲ་དཱི་པེ་པྲ་དཱི་པ་ཨརྩྪ་ནཱཾ་ཀུ་ རུ་ཀུ་རུ་སྭཱཧཱ། ཨོཾ་པྥྦྦྷྨ་བཛྲ་ཨ་མྲྀ་ཏེ་ནཻ་བེ་དྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་པྥྦྦྷྨཱ་བཛྲ་ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཏྠྡྡྷྣ་བཛྲ་ལཱ་སྱ་ཝསྟྲ་ཨཱ་བྷ་ར་ཎ་པཱུ་ཛཾ་ཀུ་རུ་ཀུ་རུ་ སྭཱཧཱ། ཨོཾ་ཏྠྡྡྷྣཱ་བཛྲ་ཧཱ་སྱ་གྷཎ་ཊ་ཨ་དཱར་ཤ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཀྑྒྒྷྔ་བཛྲ་བཱ་དྱེ་བཱ་དྱ་ ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཀྑྒྒྷྔཱ་བཛྲ་ནྲྀ་ཏྱེ་ནྲྀ་ཏྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་སྐྤྵྴྐྛ་བཛྲ་གཱི་ ཏེ་གཱི་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་སྐྤྵྴྐྛཱ་བཛྲ་ཀཱ་མེ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་ཀྲོ་དྷ་ཨཱ་དཱི་ནཱཾ་ བཛྲ་སུ་ར་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་འདི་དག་གོ ། དེ་ནས་སྡིག་པའི་རྣམ་པ་མང་པོས་བསགས་པ་རབ་ཏུ་བཤགས་པར་བྱ་སྟེ། སྲིད་འགྲོ་ 7-1-153 ཉམས་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་ མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །ཞེས་ པ་ལ་སོགས་པ་ཅི་རིགས་པའི་ཚིག་དང་བཅས་པས་སོ། ། དེ་ནས་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་བྱ་སྟེ། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་ རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་ སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་ འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །ཞེས་པ་འདི་དག་ གོ ། དེ་ནས་བདག་ཉིད་ཀྱི་དངོས་པོ་དབུལ་བར་བྱ་སྟེ་ཚིག་ནི་ཇི་ལྟར་རིགས་པས་སོ། །དེ་ བཞིན་དུ། བསྐུལ་ཞིང་གསོལ་བ་གདབ་པ་ཡང་བྱས་ནས་སེམས་ཅན་གྱི་དོན་དུ་སྨོན་ ལམ་གདབ་པར་བྱ་སྟེ། འདིར་ནི་སེམས་ཅན་དོན་གྱི་སླད་དུ་བདག་ནི་རྫོགས་པའི་ སངས་རྒྱས་རྒྱུར་གྱུར་ཅིག །ཅེས་པའི་སྨོན་ལམ་བགྱིད་ཅེས་པ་འདི་ཡིས་སོ། །དེ་ལྟར་ མཆོད་པ་རྣམ་པ་བདུན་གྱིས་ཆོ་གའོ། ། དེ་ནས་ལམ་བསྟེན་པར་བྱ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། བསམ་པ་རྣམ་པར་ དག་པ་དང༌། བདག་ཏུ་འཛིན་པ་དང༌། བདག་གིར་འཛིན་པ་ཡོངས་སུ་སྤོང་བ་སྟེ་རྩ་བ་ གསུམ་དང༌། བསོད་ནམས་དང༌། ཡེ་ཤེས་དང༌། ཚུལ་ཁྲིམས་ཀྱི་ཚོགས་ཀྱི་དོན་དང༌། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་ དང༌། ཤེས་རབ་དང༌། ཐབས་དང༌། སྨོན་ལམ་དང༌། སྟོབས་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ ཕྱིན་པ་སྟེ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་ བ་དང༌། བཏང་སྙོམས་ཏེ་ཚངས་པའི་གནས་བཞི་དང༌། སྦྱིན་པ་དང༌། སྙན་པར་སྨྲ་བ་ དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་སྟེ་བསྡུ་བའི་དངོས་པོ་བཞི་རྣམས་བསྟེན་པར་ བྱའོ། །ཞེས་བསམ་པར་བྱའོ། ། 7-1-154 དེ་བཞིན་དུ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་ གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། ཚིག་རྩུབ་དང༌། ཕྲ་མ་དང༌། ཚིག་འཁྱལ་བ་དང༌། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་སྟེ་མི་དགེ་བཅུ་དང༌། འགྱོད་པ་ དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། ཐེ་ཚོམ་སྟེ་སྒྲིབ་པ་ལྔ་དང༌། འདོད་ ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་སྟེ་ཉོན་མོངས་པ་བཞི་དང༌། འདོད་ པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པ་དང༌། ལྟ་བའི་ཟག་པ་སྟེ་ ཟག་པ་བཞི་རྣམས་སྤང་བར་བྱའོ། །ཞེས་དམ་བཅས་ནས་ཚོགས་ཀྱི་ཞིང་གཤེགས་སུ་ གསོལ་བར་བྱའོ། །ཞེས་ལམ་བསྟེན་པའོ། ། དེ་ནས་རྣམ་པར་ཐར་པ་བཞི་བསྒོམ་པར་བྱ་སྟེ། དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་ སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་ པའོ། །ཞེས་པ་འདིས་བརྟན་པ་དང་གཡོ་བར་བཅས་པའི་ཁམས་གསུམ་པོ་རྣམ་པར་ དཔྱད་ན་ཕྱི་ནང་འབྱུང་བའི་ནུས་པ་ཐིམ་པས་འཇིག་པ་བཞིན་དུ་དང་པོར་ཆུ་ཡིས་མེ་ རྣམ་པར་ཉམས་ཤིང༌། མེ་མེད་པས་ས་ཡང་སྲ་བ་ཉིད་དོར་ནས་ལན་ཚྭ་བཞིན་དུ་ཞུ་ བར་གྱུར་ཏེ་ཆུ་ལ་ཐིམ་ཞིང༌། ཆུ་ཡང་རླུང་གིས་བསྐམ་པར་བྱས་ནས། རླུང་གི་ཚོགས་ རྣམས་ནམ་མཁའ་ལ་མི་སྣང་བར་གྱུར་ཏེ། གཞན་ནམ་མཁའི་ཁམས་རྣམ་པ་ཐམས་ ཅད་པའི་གཟུགས་ཡུལ་དང་རྣམ་པར་བྲལ་བ་དབུས་ཀྱི་ས་ལ་ཀུན་གཞི་རྣམ་པར་ཤེས་ པ་བཞག་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་ནི་མི་ཏ་ཛྙཱ་ན་བཛྲ་ སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་ན་ བྷི་སཾ་སྐཱ་ར་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་བརྗོད་ཅིང༌། ཁམས་གསུམ་པོའི་ རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའི་སྟོང་པ་ཉིད་རྣམ་པར་བསྒོམ་པར་བྱའོ། །ཞེས་ པ་སྟོང་པ་ཉིད་ལ་དམིགས་པའོ། ། ད་ནི་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སླད་དུ་ མངལ་དུ་འཇུག་པའི་ཚུལ་གྱིས་བསྐྱེད་པའི་རིམ་པ་སྟེ། དེ་ཡང་ཕྱི་དང་ནང་གི་དངོས་པོ་ 7-1-155 རྣམས་སྐྱེ་བའི་གནས་ནི་ནམ་མཁའི་ཁམས་དང༌། ཤེས་རབ་ཀྱི་ཆོས་འབྱུང་ངོ༌། །དེ་ཉིད་ ཀྱིས་ན་ཕྱི་རོལ་ཏུ་མི་ཡུལ་ལ་རྡོ་རྗེའི་གུར་དང་ནང་དུ་མའི་ལུས་ཏེ། དེས་ན་ཆོས་འབྱུང་ ནམ་མཁའི་ཁམས་མཐའ་ཡས་པར། རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་དབུས་ སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་ བཞི་པ་རྒྱལ་མཚན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་ གྲུ་གསུམ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ་བཀྲ་ཤིས་ཀྱིས་མཚན་པའོ། །དེའི་སྟེང་ དུ་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ་ པད་མས་མཚན་པའོ། །དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྒྱར་ དཔག་ཚད་འབུམ་ཕྲག་གཅིག་པ་རྡོ་རྗེས་མཚན་པ་སྟེ་ཐམས་ཅད་ཀྱི་སྟེང་དང་འོག་ཏུ་ ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གཉིས་གཉིས་དང་ལྡན་པའོ། །སའི་སྟེང་དུ་མཾ་ལས་རི་ རབ་ལྷུན་པོ་འོག་གི་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང༌། སྟེང་ལ་སྟོང་ཕྲག་ལྔ་ བཅུ་པའོ། །དེའི་དབུས་སུ་ཀྵཾ་ལས་སྣ་ཚོགས་ཆུ་སྐྱེས་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ པའོ། །དེའི་སྟེང་དུ་ཧཾ་ལས་ཟླ་བའི་དཀྱིལ་འཁོར་པད་མའི་ལྟེ་བ་དང་མཉམ་པའོ། །དེའི་ སྟེང་དུ་རྣམ་པར་བཅད་པ་ལས་ཉི་མའི་དཀྱིལ་འཁོར་ཟླ་བ་དང་མཉམ་པའོ། །དེའི་སྟེང་ དུ་ཐིག་ལེ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་མཐོན་མཐིང་ཉི་མ་དང་མཉམ་པ་སྟེ་མཐའ་ དག་གཅིག་ཏུ་འདྲེས་པར་གྱུར་པ་ཧྐྵྨླྺྼྻ⁽14bb⁾་ཞེས་པ་ས་བོན་གྱི་ཡི་གེའི་རྣམ་པར་ བསྒོམས་ནས་དེ་ལས་འཇིག་རྟེན་གྱི་ཁམས་གྲུབ་པར་བལྟས་ཏེ་ཕྱི་རོལ་ཏུའོ། །ནང་དུ་ནི་ མའྀ་ལུས་ལ་དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ཁ་དང༌། ལྟེ་བ་རྣམས་རླུང་དང༌། མེ་ དང༌། ཆུ་དང༌། སའི་དཀྱིལ་འཁོར་རོ། །ལྟེ་བ་ནས་གསང་བའི་བར་ནི་ལྷུན་པོའོ། །གསང་ བའི་པད་མ་ནི་སྣ་ཚོགས་ཆུ་སྐྱེས་སོ། །དེར་འདུས་པ་ན་བཤང་བ་དང་གཅི་བ་དང་ཁུ་བ་ འབབ་པའི་རྩ་གསུམ་ནི་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་ཏེ། ཇི་ལྟར་ཕྱི་ རོལ་དེ་བཞིན་ལུས། །ཇི་ལྟར་ལུས་ལ་དེ་བཞིན་གཞན། །ཞེས་པ་དང༌། ཀུན་རྫོབ་ཆོས་ ཅན་སྣ་ཚོགས་ལ་ཆོས་ཉིད་དོན་དམ་པའི་བདེན་པས་ཁྱབ་པའི་ངེས་པས་གཞན་དཀྱིལ་ 7-1-156 འཁོར་དོན་དམ་པའི་བདེན་པ་རྣམ་པ་ཐམས་ཅད་པ་ལ་མོས་པ་ཡིད་ལ་བྱེད་པའི་ཚུལ་ གྱིས་བསྒོམ་པ་ནི་དེ་རྣམས་ཀྱི་སྟེང་དུ་ཁང་པ་བརྩེགས་པ་དྲི་མེད་འོད་ཟེར་འཕྲོ་བའམ་ ཧཱུཾ་ལས་བྱུང་བའི་རྡོ་རྗེའི་གུར་གྱི་དབུས་སུ་རྡོ་རྗེའི་ས་ལ་བྷྲུཾ་ཡིག་གམ་ཨོཾ་ཡིག་ལས་བྱུང་ བའི་ནོར་བུའི་ཚོགས་ཀྱི་དཀྱིལ་འཁོར་འོད་ཟེར་འཕྲོས་པ་བསམ་པར་གསུངས་ཏེ། ཧཱུཾ་ ལས་བྱུང་བའི་རྡོ་རྗེའི་གུར་གྱི་རང་བཞིན་འོད་ཟེར་ལྔ་རྣམས་འཕྲོ་བའི་ནང་དུ། རླུང་ དང་མེ་དང་ཆུ་དང་སའི་ཁོར་ཡུག་ཆེན་པོས་ཡོངས་སུ་བསྐོར་བའི་དབུས་སུ་སྐུའི་ དཀྱིལ་འཁོར་རྒྱར་དཔག་ཚད་འབུམ་ཕྲག་བཞི་པ་སྟེ། དེ་ཉིད་ཀྱི་ཕྱི་དང་ལུས་ལ་རླུང་གི་ དཀྱིལ་འཁོར་དང་ལག་པའི་མཐའོ། །དེའི་ནང་གི་ཕྱེད་དུ་གསུང་གི་དཀྱིལ་འཁོར་རྒྱར་ དཔག་ཚད་འབུམ་ཕྲག་གཉིས་པ་སྟེ། ཆུ་དང་དཔུང་པའི་མཐའོ། །དེའི་ནང་གི་ཕྱེད་དུ་ ཐུགས་ཀྱི་དཀྱིལ་འཁོར་རྒྱར་དཔག་ཚད་འབུམ་ཕྲག་གཅིག་པ་སྟེ། ས་དང་བྲང་གི་ མཐའོ། །དེའི་ནང་གི་ཕྱེད་དུ་བདེ་ཆེན་འཁོར་ལོ་རྒྱར་དཔག་ཚད་འབུམ་ཕྲག་ཕྱེད་པ་སྟེ། ལྷུན་པོ་དང་བྲང་གི་ཕྱེད་ནང་མའི་མཐའོ། །དེའི་ནང་གི་ཕྱེད་དུ་གཙོ་བོའི་པད་མ་ལྗང་ ཁུ་རྒྱར་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་སྟེ་དེའི་འོག་གཞི་ནི་སྔོན་པོའོ། །ཞེས་པ་སྤྱིར་ ངེས་པའོ། །ལས་སོ་སོ་ལ་ནི་ཁ་དོག་ངེས་པ་གཞན་དུ་འགྱུར་ཏེ། ཞི་བ་དང་རྒྱས་པ་ལ་ པད་མ་དཀར་པོ་དང༌། བསད་པ་དང་བསྐྲད་པར་ནག་པོ་ཞེས་པ་ལ་སོགས་པའོ། །དེ་ལ་ དཀྱིལ་འཁོར་གསུམ་པོ་སོ་སོར་སྒོ་བཞི་བཞི་སྟེ། རང་རང་གི་འཁོར་ལོའི་བརྒྱད་ཆའི་ ཚད་ཀྱིས་སོ། །སྒོ་དང་མཉམ་པའི་སྒོ་ཁྱུད་དང་འགྲམ་དང་ལོགས་ཏེ་བྲིས་པ་ཇི་ལྟ་བ་ བཞིན་དུ་གློ་འབུར་གྱི་རྣམ་པར་སྒོ་ཁང་ཉིད་དོ། །སྒོ་བཞི་ཆའི་ཚད་ཀྱི་ཁྱོན་ལ་རྭ་བ་ རྣམས་ཏེ། དྲག་པོ་དང་ཞི་བ་ལ་སོགས་པར་ནང་ནས་བསྡུ་བ་དང་སྤྲོ་བའི་རིམ་པས་ ཐུགས་ཀྱི་དཀྱིལ་འཁོར་དུ་རིན་པོ་ཆེ་དཀར་པོ་དང་དམར་པོ་དང་ནག་པོའི་རྭ་བ་ གསུམ་མོ། །གསུང་དང་སྐུའི་དཀྱིལ་འཁོར་དུ་ལྗང་ཁུ་དང་ནག་པོ་དང་དམར་པོ་དང་ དཀར་པོ་དང་སེར་པོའི་རྭ་བ་ལྔ་སྟེ། སྲོག་གི་དཀྱིལ་འཁོར་ལྔ་དང་སོར་མོ་ལྔ་འགགས་ པའི་དབྱེ་བས་སོ། །དེ་ཡང་ཞི་བ་ལ་སོགས་པར་སྤྲོ་བའི་རིམ་པ་དང༌། དྲག་པོ་ལ་ནི་བསྡུ་ 7-1-157 བའི་རིམ་པ་སྟེ་གཡོན་པ་དང་གཡས་པའི་དབང་གིས་སོ། །རྭ་བ་སོ་སོའི་བར་རྣམས་ནི་ ཐམས་ཅད་དུ་རྭ་བ་རེ་རེའི་ཕྱེད་ཀྱིས་ཚད་ཀྱིས་སོ། །དེ་དག་གི་ཕྱི་རོལ་ཏུ་སྟེགས་བུ་ དཀར་པོ་འགྲམ་སྟེགས་ཀྱི་རྣམ་པ་ཁོ་ར་ཡུག་ཏུ་སྟེ་སྒོའི་ཕྱེད་ཀྱི་ཚད་ཀྱིས་སོ། །རྭ་བ་ རྣམས་ཀྱི་ནང་དུ་སྙིང་པོའི་དྲུག་ཆ་སྤངས་པར་ལྷ་སྣམ་དཀར་པོ་སྟེ་སྐུའི་ལྷ་སྣམ་སྒོའི་ ཕྱེད་དང༌། གསུང་གི་ལྷ་སྣམ་སྒོའི་སུམ་ཆ་དང༌། ཐུགས་ཀྱི་ལྷ་སྣམ་སྒོའི་སུམ་གཉིས་ཀྱི་ ཚད་ཀྱིས་སོ། །ལྷག་མ་ནི་བར་པ་སྟོང་པ་ཞེས་བརྗོད་དོ། ། དེ་བཞིན་དུ། སྐུའི་དཀྱིལ་ འཁོར་གྱི་དཔངས་སུ་འབུམ་ཕྲག་གཉིས་ཏེ། དེ་ཉིད་ཕྱི་དང་ལུས་ལ་འོག་གཞིའི་དཀྱིལ་ འཁོར་བཞི་དང་རྐེད་པ་མན་ཆད་དོ། །དེའི་སྟེང་དུ་གསུང་གི་དཀྱིལ་འཁོར་གྱི་དཔངས་ ལ་འབུམ་ཕྲག་གཅིག་སྟེ་ལྷུན་པོ་དང་སྒལ་ཚིགས་སོ། །དེའི་སྟེང་དུ་ཐུགས་ཀྱི་དཀྱིལ་ འཁོར་གྱི་དཔངས་ལ་འབུམ་ཕྲག་ཕྱེད་དེ། ཕྱི་དང་ནང་གི་མགྲིན་པ་ནས་གདོང་པའི་ ཕྱེད་ཀྱི་བར་རོ། །དེའི་སྟེང་དུ་བདེ་ཆེན་འཁོར་ལོའི་རྒྱ་ཕུབས་དང་གཙོ་བོའི་སྟེང་གི་རྒྱ་ ཕུབས་ཏོག་དང་བཅས་པ་རྣམས་ཀྱི་དཔངས་ལ་འབུམ་ཕྲག་ཕྱེད་དེ། གདོང་གི་ཕྱེད་ དང་གཙུག་ཏོར་གྱི་མཐར་ཐུག་པའོ། །དེ་ལྟར་ན་དཔངས་སུ་ཡང་དཔག་ཚད་འབུམ་ ཕྲག་བཞི་སྟེ་ལུས་ལ་ཁྲུ་བཞིའོ། །རྩིག་པ་རྣམས་ཀྱི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དམར་པོ་ ཁ་བད་ཀྱི་རྣམ་པ་ལ་རིན་པོ་ཆེ་དུ་མས་མཛེས་པར་སྤྲས་པ་སྟེ། སྒོའི་བཞི་ཆའི་ཚད་ཀྱིས་ སོ། ། དེའི་སྟེང་དུ་རྒྱ་ཕུབས་འདེགས་པའི་ཀ་ཐུང་རྣམས་ཀྱི་བར་བར་དུ་ཆུ་སྲིན་མ་ཀ་ རའི་ཁ་ནས་འཕྱང་བའི་དོ་ཤལ་དང་དོ་ཤལ་ཕྱེད་པ་དཀར་པོ་མེ་ལོང་དང་རྔ་ཡབ་དག་ དང་བཅས་པ་སྟེ་དཔངས་སུ་སྒོའི་ཕྱེད་དོ། །བྱ་འདབ་ལས་ཐུར་དུ་འཕྱང་བའི་བཱ་ཀུ་ལི་ དཀར་པོ་དང་སྟེང་དུ་མཛེས་པར་ཚར་དུ་དངར་བའི་ཀྲ་མ་ཤཱིར་ཥ་དཀར་པོ་སྟེ་སོ་སོར་ སྒོའི་བཞི་ཆའོ། །སྒོ་ཁང་རྣམས་ཀྱི་སྟེང་དུ་སྒོ་ལས་གསུམ་འགྱུར་གྱི་རྟ་བབས་ནོར་བུ་ དང་གསེར་གྱི་རང་བཞིན་རིམ་པ་གསུམ་པ་རྣམས་ཏེ་རིམ་པ་རེ་རེ་ལ་ཡང་གདུང་དང་ མྱོས་པ་སྲུང་བ་དང་ཀ་ཐུང་རྣམས་ཀྱི་བར་བར་དུ་མཆོད་པའི་ལྷ་མོའི་གནས་གསུམ་ གསུམ་མོ། །དེ་ལ་རིམ་པ་དང་པོའི་ལོགས་གཉིས་ནས་གླང་པོ་ཆེ་མནན་པའི་སེང་གེ་ 7-1-158 དག་དང་རིམ་པ་གཉིས་པ་དང་གསུམ་པའི་ལོགས་གཉིས་ནས་མཆོད་པའི་ལྷ་མོ་དག་ གིས་གདུང་འདེགས་བཞིན་པ་དང༌། སྟེང་དུ་རྒྱ་ཕུབས་མཛེས་པ་བུམ་པའི་ཏོག་དང་ བཅས་པ་དང༌། བུམ་པའི་གཡས་གཡོན་དུ་རྒྱལ་མཚན་དང་སྣམ་བུ་རྣམས་ལས་དྲིལ་བུ་ དང༌། མེ་ལོང་དང༌། བ་དན་དང་རྔ་ཡབ་ལ་སོགས་པའི་མཆོད་རྫས་དུ་མ་དཔྱངས་པའི་ རྟ་བབས་མཛེས་པ་ཁ་དོག་སྣ་ཚོགས་པ་རྣམས་ཏེ། སྒོ་ལོགས་ཀྱི་གཡས་དང་གཡོན་གྱི་ སྟེགས་བུའི་སྟེང་དུ་བཙུགས་པའི་ཀ་བ་སེར་པོ་ཟུང་གིས་བཏེག་པའོ། །དེ་ལ་སྐུའི་རྟ་ བབས་ཀྱི་རིམ་པ་དང་པོའི་དབུས་ཀྱི་གནས་ལ་ཤར་དུ་ཆོས་ཀྱི་འཁོར་ལོ་ནག་པོ་སྟེ། གཡོན་དང་གཡས་སུ་རི་དྭགས་དང་རི་དྭགས་མོའོ། །ལྷོར་བུམ་པ་བཟང་པོ་ཁ་དོག་ དམར་པོ་སྟེ། གཡས་དང་གཡོན་དུ་དུང་དང་པད་མའོ། །བྱང་དུ་རྔ་བོ་ཆེ་དཀར་པོ་སྟེ་ གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བའོ། །ནུབ་ཏུ་བྱང་ཆུབ་ཀྱི་ཤིང་སེར་པོ་སྟེ་ གཡས་དང་གཡོན་དུ་མིའམ་ཅི་དང་མིའམ་ཅི་མོའོ། །ཟུར་རྣམས་ལ་སྣ་ཚོགས་རྡོ་རྗེ་སྟེ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་ཀྱི་ཟུར་ལ་རིན་པོ་ཆེས་སྤྲས་པའོ། །སྐུའི་དཀྱིལ་འཁོར་གྱི་ཕྱི་ རོལ་ཏུ་མཆོད་པའི་ས་ལ་པད་མ་དང༌། བུམ་པ་བཟང་པོ་ལ་སོགས་པ་མཆོད་པའི་སྤྲིན་ དཔུང་དུ་མ་ཉེ་བར་འཁྲིགས་པ་དང༌། སའི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་ དབང་ལྡན་ནས་ཟླ་བ་ཉ་གང་བ་འཆར་བཞིན་པ་དང༌། བདེན་བྲལ་དུ་ཉི་མའི་དཀྱིལ་ འཁོར་ནུབ་བཞིན་པ་རྣམས་བལྟ་བར་བྱའོ། །དེ་བཞིན་དུ། བདེ་བ་ཆེན་པོའི་འཁོར་ལོ་ ལ་བུང་བ་དང་མཚུངས་པའི་ཀ་བ་བཅུ་དྲུག་སྟེ། ཤར་དུ་རལ་གྲིའི་ཕྲེང་བས་མཚན་པ་ བཞི་དང༌། ལྷོར་རིན་པོ་ཆེས་མཚན་པ་བཞི་དང༌། བྱང་དུ་པད་མས་མཚན་པ་བཞི་དང༌། ནུབ་ཏུ་འཁོར་ལོས་མཚན་པ་བཞིའོ། །དེ་དག་གིས་བཏེག་པའི་རྡོ་རྗེའི་གདུང་རིམ་པ་ གཉིས་ཏེ་ནང་མ་སྔོན་པོ་དང༌། ཕྱི་མ་ནི་ལྗང་ཁུ་ལ་སོགས་པ་གཙོ་བོའི་པད་མའི་རྗེས་ སུ་འགྲོ་བའོ། །དེ་དག་གི་ཚད་ཀྱང་སྙིང་པོའི་སྒོའི་དྲུག་ཆར་རིག་པར་བྱའོ། །ཀ་བ་རྣམས་ ཀྱི་བར་དུ་{ཨོཾ་ལས་སྐྱེས་པའི་} ལྷའི་པད་མ་བརྒྱད་དེ་ཕྱོགས་བཞིར་དཀར་པོ་དང་ མཚམས་བཞིར་དམར་པོའོ། །དེ་དག་གི་བར་བར་དུ་ཡང་བདུད་རྩིའི་བུམ་པ་བརྒྱད་ཀྱི་ 7-1-159 གནས་སོ། །འདི་ནས་བརྩམས་ཏེ་མཆོད་པའི་སའི་མཐར་ཐུག་པའི་ས་གཞི་རྣམས་ནི་ ཐམས་ཅད་དུ་གཙོ་བོའི་ཞལ་གྱི་ཁ་དོག་སྟེ། ཤར་ནག་པོ་དང༌། ལྷོ་དམར་པོ་དང༌། བྱང་ དཀར་པོ་དང༌། ནུབ་སེར་པོའོ། །སྟེང་གི་ཐོག་རྣམས་ཀྱི་མདོག་ཀྱང་དེ་བཞིན་ནོ། །དེ་ ལྟར་ཕྱོགས་ཀྱི་མདོག་ཅན་གྱི་གཞི་ལས་ཅུང་ཟད་མཐོ་བར་འཕགས་པའི་ལྷ་སྣམ་དཀར་ པོ་སྟེགས་ཀྱི་རྣམ་པ་ལ་ལྷ་རྣམས་ཀྱི་པད་མ་ལ་ལྷ་སྣམ་དང༌། མཉམ་པ་དག་གོ །དེ་ཡང་ ཐུགས་ཀྱི་ལྷ་སྣམ་ལ་པད་མ་བཅུ་གཉིས་དང་སྒོ་བཞིར་ཡང་སྟེ། བརྒྱད་དཀར་པོ་དང་ བརྒྱད་ནི་དམར་པོའོ། །གསུང་གི་ཕྱོགས་བཞིར་དམར་པོ་དང་མཚམས་བཞིར་དཀར་པོ་ སྟེ་ཐམས་ཅད་འདབ་མ་བརྒྱད་པའོ། །སྐུའི་ཕྱོགས་རྣམས་སུ་དམར་པོ་བརྒྱད་དང་ མཚམས་རྣམས་སུ་དཀར་པོ་བཞི་སྟེ་རིམ་པ་དང་པོ་ལ་འདབ་མ་བཞི་དང་གཉིས་པ་ལ་ བརྒྱད་དང་གསུམ་པ་ལ་བཅུ་དྲུག་གི་དབྱེ་བས་ཐམས་ཅད་འདབ་མ་{བཅུ་དྲུག་གི་དབྱེ་ བས་ཐམས་ཅད་འདབ་མ་ཉི་ཤུ་རྩ་}བརྒྱད་པའོ། །འདིར་པད་མ་རྣམས་ཀྱི་རྩ་བ་དང་ སྡོང་བུ་ནི་ཨ་ཡིག་ལས་བྱུང་བའོ། །འདབ་མ་དང་གེ་སར་ནི་ཨུ་ཡིག་ལས་བྱུང་བའོ། ། ལྟེ་ བ་ནི་མ་ཡིག་ལས་བྱུང་བ་སྟེ། དེ་ལྟར་ན་ཨ་ཨུམ་ཞེས་པ་ཨོཾ་ཡིག་ལས་སྐྱེས་པའོ། །ཞེས་བྱ་ བའི་དོན་ཏོ། ། དེ་བཞིན་དུ། ཟླ་བ་ཡང་མ་ཡིག་ལས་བྱུང་བ་སྟེ། ཉི་མ་ནི་ར་ཡིག་གམ་མ་ཡིག་ལས་བྱུང་ བའོ། །སྒྲ་གཅན་ནི་ཨ་ཡིག་གམ་ཧཱུཾ་ཡིག་ལས་སོ། །པད་མ་རྣམས་ཀྱི་རྩ་བ་དང་སྡོང་བུ་ དང་འདབ་མ་དང་གེ་སར་དང་ལྟེ་བའི་ས་བོན་རྣམས་དང༌། ཟླ་བ་དང་ཉི་མ་དང་སྒྲ་ གཅན་གྱི་ས་བོན་གཞན་ནི་དབང་གི་ཆོ་གར་བསྟན་ཟིན་ཏོ། །དེ་ལ་སྙིང་པོར་པད་མ་ དམར་པོ་བཅུ་གཉིས་ཀྱི་ལྟེ་བར་ཟླ་བ་དང༌། དཀར་པོ་བཅུ་གཉིས་ཀྱི་ལྟེ་བར་ཉི་མ་སྟེ། ཕྱོགས་ཉི་ཤུ་རྩ་བཞི་ལ་ཉ་བཅུ་གཉིས་དང་གནམ་སྟོང་བཅུ་གཉིས་རྣམ་པར་དག་པས་ སོ། །གནམ་སྟོང་གི་མཐར་ཉི་ཟླ་གཉི་ག་འཛིན་པའི་དག་པ་དང་ནང་དུ་ནི་རྩ་གསུམ་ གཅིག་ཏུ་གྱུར་པའི་དག་པས་གཙོ་བོའི་པད་མ་ལ་ཟླ་བ་དང་ཉི་མ་དང་སྒྲ་གཅན་ནམ་ དུས་ཀྱི་མེ་སྟེ་ལྟེ་བ་དང་མཉམ་པའོ། །གདན་གྱི་དག་པ་གཞན་ནི་ལྷ་སྤྲོ་བའི་སྐབས་སུ་ 7-1-160 བཤད་པར་བྱའོ། །གསུང་དང་སྐུའི་པད་མ་རྣམས་ནི་ཉི་ཟླ་དང་བྲལ་བ་སྟེ་འོན་ཀྱང་ རང་རང་གི་བཞོན་པ་རྣམས་སོ། ། དེ་བཞིན་དུ། སྐུའི་ཤར་སྒོར་ཕག་བདུན་གྱིས་དྲངས་པའི་ཤིང་རྟ་ནག་པོ་དང༌། ལྷོ་སྒོར་ རྟ་བདུན་གྱིས་དྲངས་པའི་ཤིང་རྟ་དམར་པོ་དང༌། བྱང་སྒོར་སེང་གེ་བདུན་གྱིས་དྲངས་ པའི་ཤིང་རྟ་དཀར་པོ་དང༌། ནུབ་སྒོར་གླང་ཆེན་བདུན་གྱིས་དྲངས་པའི་ཤིང་རྟ་སེར་པོ་ དང༌། སྟེང་དུ་མཁའ་ལྡིང་མིག་གསུམ་པ་ཁ་དོག་ལྔ་པ་བདུན་གྱིས་དྲངས་པའི་ཤིང་རྟ་ ལྗང་ཁུ་དང༌། འོག་ཏུ་སེང་གེ་རྐང་པ་བརྒྱད་པ་བདུན་གྱིས་དྲངས་པའི་ཤིང་རྟ་སྔོན་པོ་ རྣམས་སྒོའི་ཕྱེད་ཀྱི་ཚད་དུ་སྟེ། རིམ་པ་བཞིན་དུ། འོད་ཟེར་ཅན་དང༌། སྐུལ་བྱེད་མ་ དང༌། ཁྲོ་གཉེར་ཅན་དང༌། ལྕགས་སྒྲོག་མ་དང༌། དྲག་སྤྱན་མ་དང༌། ཤིན་ཏུ་སྔོན་མོ་ རྣམས་ཀྱི་ཤིང་རྟའོ། ། མེ་རླུང་གི་དབུས་སུ་དུར་ཁྲོད་ཆེན་པོ་བརྒྱད་ལ་རྩིབས་བརྒྱད་ པའི་འཁོར་ལོ་བརྒྱད་དེ་ཕྱོགས་བཞིར་དམར་པོ་དང་མཚམས་བཞིར་དཀར་པོའོ། །སྟེང་ དང་འོག་ཏུ་ཡང་ཤིང་རྟ་གཉིས་ཏེ་སྟེང་དུ་དྲག་སྤྱན་མའི་ཤིང་རྟ་ལྟ་བུ་དང༌། འོག་ཏུ་ ཤིན་ཏུ་སྔོན་མོའི་ཤིང་རྟ་ལྟ་བུའོ། །དེ་ལྟར་ཐུབ་པའི་དབང་པོའི་གཞལ་མེད་ཁང་ནོར་ བུའི་ཚོགས་ཀྱིས་ཀུན་ནས་འཕྲོས་བ་དྭངས་ཤིང་སྒྲིག་པ་མེད་ལ་ཕྱི་ནང་ཀུན་ཏུ་འོད་ གསལ་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་མཛེས་ པར་བརྒྱན་པ། དབང་པོའི་གཞུ་དང་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་ བཞིན་མེད་པ་རང་གི་སེམས་ཀྱི་སོ་སོར་སྣང་བ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ གཞོམ་དུ་མེད་ཅིང་རྡུལ་ཕྲ་རབ་ཀྱི་ཆོས་ལས་རྣམ་པར་འདས་པ། པྲ་ཕབ་པ་དང་ མཚུངས་པ་བལྟ་བར་བྱའོ། །ཞེས་པ་ནི་བསྒོམ་བྱའི་དཀྱིལ་འཁོར་ཚད་དང་བཅས་པ་ ཡོངས་སུ་ཤེས་པར་བྱ་བའི་སླད་དུ་ལུང་དང་རིགས་པ་དང་བླ་མ་དམ་པའི་མན་ངག་ རིམ་པར་བརྒྱུད་པ་དག་གིས་སྤྲོས་ནས་བརྗོད་པ་སྟེ། འདིར་གང་དག་ཉུང་ངུ་ལ་མོས་པ་ དེ་དག་གིས་ཇི་ལྟར་རིགས་པའི་བསྡུ་བ་ཤེས་པར་བྱའོ། ། དེ་ནས། ཀ་བ་རྣམས་དང་རྡོ་རྗེ་ཕྲེང་བ་ས་ཡི་དཀྱིལ་འཁོར་བརྩིགས་པ་ཉིད་ནི་རུས་པ་ 7-1-161 རྣམས་ཀྱིས་མཛོད། །ཤ་ཁྲག་ཆུ་དང་བཤང་བ་རྣམས་ཀྱིས་ལྷ་དང་གཤིན་རྗེ་ནོར་སྦྱིན་ གཞན་ཏུ་རྡུལ་ཚོན་གདབ་པ་སྟེ། །མཁྲིས་པ་བད་ཀན་གྱིས་ནི་ཉི་མ་རི་བོང་ཅན་ཡང་དེ་ བཞིན་ཆུ་རྒྱུས་རྣམས་ཀྱིས་ཆུ་སྐྱེས་རྣམས། །རྭ་བ་ལྔ་ཡི་རེ་ཁཱ་ས་དང་ཆུ་དང་བསྲེག་ཟ་ རླུང་དང་ནམ་མཁའ་ལས་སྐྱེས་རྣམས་ཀྱིས་སོ། །དུས་ཀྱི་རྩ་ཡིས་གཙོ་བོའི་ཆུ་སྐྱེས་གཡོ་ བ་མེ་ཡི་དཀྱིལ་འཁོར་ལ་སོགས་པགས་པ་ལ་སོགས་ཀྱིས། །ཉི་མའི་སྒོ་རྣམས་བུག་པ་ རྣམས་ཀྱིས་ནོར་བུའི་རང་བཞིན་བཀོད་པ་སོ་ཡི་ཕྲེང་བས་དེ་བཞིན་ཉིད། །གཡོ་བའི་ དཀྱིལ་འཁོར་ལ་གནས་དུར་ཁྲོད་བརྒྱད་དུ་འཁོར་ལོ་རྣམས་ནི་སོར་མོ་རྣམས་ཀྱི་སེན་ མོ་ཡིས། །བ་སྤུ་རྣམས་ཀྱིས་དཀྱིལ་འཁོར་མཐར་ནི་ཕྱོགས་དང་ཕྱོགས་བྲལ་དག་ཏུ་ གནས་པ་རྡོ་རྗེ་མེ་ལྕེ་སྟེ། །དེ་ལྟར་མཆོག་གི་ཡོན་ཏན་རྣམ་མང་སྐུ་ཡི་རྡོ་རྗེ་ངེས་པར་ དཀྱིལ་འཁོར་གྱི་ནི་རྣམ་པར་གསུངས། །ཞེས་པ་དང༌། སངས་རྒྱས་ཆོས་དང་དགེ་འདུན་ ཆེས། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རོ། །ཚངས་པའི་གནས་བཞི་རྣམས་ཀྱིས་ནི། །རྡོ་ རྗེའི་ཐིག་ནི་བཞི་པོ་སྟེ། ། དྲན་པ་ཉེར་བཞག་བཞི་རྣམས་ཀྱིས། །གྲུ་བཞི་མཉམ་པ་དེ་ ཉིད་དོ། །ཡན་ལག་བཅུ་གཉིས་འགགས་པ་ཡིས། །སྒོ་ནི་བཅུ་གཉིས་པོ་རྣམས་ཏེ། །དེ་ བཞིན་ས་ནི་བཅུ་གཉིས་ཀྱིས། །རྟ་བབས་དང་ནི་མཛེས་པ་རྣམས། །འཕགས་ལམ་ཡན་ ལག་བརྒྱད་རྣམས་ཀྱིས། །ཕྱོགས་བརྒྱད་དུ་ནི་དུར་ཁྲོད་རྣམས། །སྟོང་ཉིད་བཅུ་དྲུག་ཀ་ བ་རྣམས། །ཁམས་རྣམས་ཀྱིས་ཀྱང་ཁང་པ་བརྩེགས། །རྣམ་མཐར་བརྒྱད་ཀྱི་སྒོ་ཁྱུད་ རྣམས། །གཟུགས་ཅན་ཡོན་ཏན་བརྒྱད་རྣམས་ཀྱིས། །འགྲམ་རྣམས་དང་ནི་ལོགས་ རྣམས་ཉིད། །ཐུགས་གསུང་སྐུ་ཡི་དབྱེ་བས་སོ། ། ཚུལ་ཁྲིམས་ལ་སོགས་ཕུང་པོ་ལྔས། །ཁ་ དོག་ལྔ་ནི་རྣམ་པར་དག །ཐེག་པ་གསུམ་གྱིས་རྭ་བ་གསུམ། །དད་པའི་དབང་པོ་སོགས་ ཀྱིས་ལྔ། །དད་སོགས་སྟོབས་རྣམས་དག་གིས་ལྔ། ། ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ ལའོ། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱིས། །དཀྱིལ་འཁོར་གསུམ་ལ་སྟེགས་བུ་ སྟེ། །ཕ་རོལ་ཕྱིན་བཅུ་རྫོགས་པ་ཡིས། །རིན་ཆེན་སྣམ་བུ་རྣམ་པར་བཀྲ། །མ་འདྲེས་ཆོས་ ནི་བཅོ་བརྒྱད་ཀྱིས། །དོ་ཤལ་དོ་ཤལ་ཕྱེད་པ་རྣམས། །དབང་རྣམས་ཀྱིས་ཀྱང་བཱ་ཀུ་ 7-1-162 ལི། །དགེ་བས་ཀྲ་མ་ཤཱིར་ཥའོ། །སྟོང་ཉིད་ལ་སོགས་རྣམ་ཐར་གྱིས། ། དྲིལ་བུ་སྒྲ་ནི་གང་ བ་སྟེ། །རྫུ་འཕྲུལ་རྐང་པས་རྒྱལ་མཚན་གཏམས། །སྤོང་བས་མེ་ལོང་རབ་ཏུ་འབར། །བྱང་ ཆུབ་ཡན་ལག་རྔ་ཡབ་གཡོ། །ཡན་ལག་དགུ་ཡི་ཕྲེང་བས་བརྒྱན། ། བསྡུ་བ་བཞི་པོ་ རྣམས་ཀྱིས་ནི། །ཟུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན། །བདེན་བཞིས་རིན་པོ་ཆེ་རྣམས་ ཀྱིས། །སྒོ་དང་སྒོ་ཁྱུད་མཚམས་སུ་སྤྲས། །མངོན་ཤེས་ལྔ་ཡིས་རྟག་ཏུ་ནི། །ཁོར་ཡུག་ཆེན་ པོ་ལྔ་ཡིས་བསྐོར། །རྣམ་པ་ཀུན་མཁྱེན་བྱང་ཆུབ་པས། །རྡོ་རྗེ་ཕྲེང་བས་ལེགས་པར་ བསྐོར། །བདེ་བ་གཅིག་པུའི་ཁོར་ཡུག་གིས། །དེ་བཞིན་ཡེ་ཤེས་རྡོ་རྗེ་འབར། །ཐབས་དང་ ཤེས་རབ་ཆ་ཡིས་ནི། །ཟླ་བ་ཉི་མ་རྟག་ཏུ་ཤར། །ཐུགས་གསུང་སྐུ་དང་དག་པ་ཡིས། ། ཆོས་ཀྱི་འཁོར་ལོ་བུམ་པ་ཆེ། །རྔ་བོ་ཆེ་དང་བྱང་ཆུབ་ཤིང༌། །དེ་བཞིན་ཡིད་བཞིན་ནོར་ བུ་སོགས། །འདི་དག་དཔལ་ལྡན་དུས་འཁོར་གྱི། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་ དོ། །ཞེས་པས་ལུས་དང་ཆོས་སུ་དག་པ་དྲན་པར་བྱའོ། །འདིར་རྟེན་གྱི་དཀྱིལ་འཁོར་ བསྐྱེད་པ་ནི་འཇིག་རྟེན་གྱི་ཁམས་བསྐྱེད་པ་ཇི་ལྟ་བ་བཞིན་དུ་སྟེ། ཚངས་པའི་སྒོང་ང་ ཞེས་པའི་ཚིག་ལས་འདིར་ཡང་སྒོང་སྐྱེས་ཇི་ལྟ་བ་དེ་བཞིན་ནོ། ། དེ་ནས་མངལ་དུ་སེམས་ཅན་མངོན་པར་འགྲུབ་པའི་རིམ་པ་ཇི་ལྟ་བ་དེ་བཞིན་དུ་ བརྟེན་པ་ལྷའི་འཁོར་ལོ་རྣམ་པར་བསྒོམ་པར་བྱའོ། །དེ་ལ་འདི་ནི་རིམ་པ་སྟེ་དང་པོར་ གཙོ་བོའི་པད་མའི་ལྟེ་བར་གནས་པའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་སྟེང་དུ་ཁུ་ བའི་ཡན་ལག་དང་མཚན་སུམ་ཅུ་རྩ་གཉིས་ཀྱི་ས་བོན། ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ ཨལ། ཧ་ཡ་ར་ཝ་ལ། ཨཾ་ཞེས་པ་རྣམས་གཡོན་བསྐོར་དང༌། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཨཿ ཞེས་པ་རྣམས་གཡས་བསྐོར་དུ་དགོད་པར་བྱའོ། །དེ་ལས་ཟླ་ བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། གཟུགས་ཀྱི་ཕུང་པོ་བསྐྱེད་པ་རྣམ་པར་ སྣང་མཛད་དོ། ། དེ་ནས་རྡུལ་གྱི་ཡན་ལག་དང་དཔེ་བྱད་བརྒྱད་ཅུའི་ས་བོན། ལླ་ཝྺ་ཡྻ་ཌྜ་ཌྷྜྷ། ལླ་ཝྺ་ཪྼ་ཡྻ་ ཧྷ། སྶ་ྉྤྉྤ་ཥྵ་ཤྴ་ྈྐྈྐ། ཏྟ་ཐྠ་དྡ་དྷྡྷ་ནྣ། པྤ་ཕྥ་བྦ་བྷྦྷ་མྨ། ཊྚ་ཋྛ་ཌྜ་ཌྷྜྷ་ཎྞ། ཙྩ་ཚྪ་ཛྫ་ཛྙྫྙ་ཉྙ། ཀྐ་ཁྑ་ 7-1-163 གྒ་གྷྒྷ་ངྔ་ཞེས་པ་རྣམས་གཡས་བསྐོར་དང༌། ང་གྷ་ག་ཁ་ཀ །ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ྈྐ་ཤ་ཥ་ྉྤ་ས། ཧ་ཡ་ར་ཝ་ལ། ཌྷ་ཌ་ཡ་ཝ་ལ། ཞེས་པ་ རྣམས་གཡོན་བསྐོར་དུ་དགོད་པར་བྱའོ། །དེ་ལས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ ཀྱི་ཡེ་ཤེས་ཏེ་ཚོར་བའི་ཕུང་པོ་བསྐྱེད་པ་རིན་ཆེན་འབྱུང་ལྡན་ནོ། ། དེ་ཡང་མངལ་དུ་རྡུལ་ལ་ཁུ་བ་འཇུག་པ་ལྟར་འོག་ཏུ་ཉི་མ་དང༌། ཉི་མའི་སྟེང་དུ་ཟླ་ བའོ། །ཟླ་བའི་དབུས་སུ་དྲི་ཟའི་སེམས་ཅན་ཧཱུཾ་ཡིག་ནི་ཟླ་བའི་མཚན་མ་ལྟ་བུའོ། །དེ་ ཉིད་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཏེ་འདུ་ཤེས་ཀྱི་ཕུང་པོ་བསྐྱེད་པ་སྣང་བ་ མཐའ་ཡས་སོ། །དེ་རྣམས་གཅིག་པ་ཉིད་དང་སྲོག་གི་རླུང་ཧི་ཡིག་ནི་བྱ་བ་གྲུབ་པའི་ཡེ་ ཤེས་ཏེ། འདུ་བྱེད་ཀྱི་ཕུང་པོ་བསྐྱེད་པ་དོན་ཡོད་གྲུབ་པའོ། །དེ་ནས་ཡན་ལག་གི་ཆ་ ཐམས་ཅད་རྫོགས་པ་དང་རྣམ་པར་ཤེས་པ་ཧཾ་ཡིག་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་ དབྱིངས་ཀྱི་ཡེ་ཤེས་ཏེ། རྣམ་པར་ཤེས་པའི་ཕུང་པོ་བསྐྱེད་པ་མི་བསྐྱོད་པའོ། །དེ་ཡང་ དབྱངས་རྣམས་ཀྱི་ཐིག་ལེ་དང༌། གསལ་བྱེད་རྣམས་ཀྱི་རྣམ་པར་བཅད་པ་དང༌། རྣམ་ པར་ཤེས་པ་གཞོམ་དུ་མེད་པའི་ཧ་ཡིག་དབྱངས་མེད་པ་དང༌། སྲོག་གི་ཨ་ཡིག་སྟེ་ མཐའ་དག་བསྡུས་པ་ནི་ཧཾ་ཞེས་པའོ། ། དེ་ལྟར་ཕྱི་དང་ནང་དུ་ཡེ་ཤེས་ཀྱི་ཐིག་ལེ་དང༌། རིམ་པ་དེ་ལྟ་བུས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་ རྣམས་འགྱེད་ཅིང༌། བདུད་དང་ཉོན་མོངས་པའི་སྙིང་གར་མནན་པའི་ཞབས་གཉིས་པ། མགྲིན་པ་གསུམ་པ། ཞལ་བཞི་པ། སྤྱན་བཅུ་གཉིས་པ། ཕྲག་པ་དྲུག་པ། དཔུང་པ་བཅུ་ གཉིས་པ། ཕྱག་གི་པད་མ་ཉི་ཤུ་རྩ་བཞི་པ། མཚོན་ཆ་རྣམས་དང་རྡོ་རྗེའི་རྒྱན་གྱིས་རྣམ་ པར་བརྒྱན་པ་བསྒོམ་པར་བྱའོ། །དེ་ལ་ཞབས་གཡས་པ་དམར་པོ་བརྐྱང་བས་འདོད་ལྷ་ དམར་པོ་གདོང་གཅིག་པ། ལག་པ་བཞིས། མེ་ཏོག་གི་མདའ་ལྔ་དང༌། གཞུ་དང༌། ཞགས་པ་དང༌། ལྕགས་ཀྱུ་འཛིན་པའི་སྙིང་ཁར་མནན་པ། གཡོན་པ་དཀར་པོ་བསྐུམ་ པས་དྲག་པོ་དཀར་པོ་གདོང་གཅིག་པ་མིག་གསུམ་པ་ལག་པ་བཞིས་རྩེ་གསུམ་དང༌། ཌཱ་ མ་རུ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ཀ་འཛིན་པའི་སྙིང་གར་མནན་པ། བདུད་ཀྱི་དགའ་མ་ 7-1-164 དང༌། དྲག་པོའི་ཨུ་མ་དག་ནི་དམན་པའི་གདོང་གིས་ཞབས་ཀྱི་མཐིལ་ལ་འཛིན་པར་ བྱེད་ཀྱང་གཡོ་བ་མེད་པར་གནས་པ། སྐུ་མདོག་སྔོན་པོ་གཡས་དང་གཡོན་དང་དབུས་ ཀྱི་མགྲིན་པ་ཉི་མ་དང་ཟླ་བ་དང་བུང་བའི་ཁ་དོག་ཅན། མདུན་ཞལ་ནག་པོ་མཆེ་བ་ གཙིགས་པ། གཡས་ཞལ་དམར་པོ་ཆགས་པ་དང་བཅས་པ། གཡོན་ཞལ་དཀར་པོ་རབ་ ཏུ་ཞི་བ། རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པ། རལ་པའི་ཅོད་པན་ལ་སྣ་ཚོགས་ རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། རྡོ་རྗེ་ནོར་བུ་དང༌། རྡོ་རྗེ་རྣ་རྒྱན་དང༌། རྡོ་རྗེ་མགུལ་རྒྱན་དང༌། རྡོ་རྗེ་གདུབ་བུ་དང༌། རྡོ་རྗེ་སྐ་རགས་དང༌། རྡོ་རྗེ་རྐང་གདུབ་དང༌། རྡོ་རྗེ་དར་དཔྱངས་དང༌། རྡོ་རྗེ་ཕྲེང་བ་དང༌། སྟག་གི་པགས་ པའི་ན་བཟའ་དང་ལྡན་པ། གཡས་དང་གཡོན་གྱི་ཕྲག་པ་དང་པོ་ནག་པོ་དང༌། གཉིས་ པ་དམར་པོ་དང༌། གསུམ་པ་དཀར་པོ་སྟེ། དེ་བཞིན་དུ། དཔུང་པ་གཉིས་གཉིས་ནག་པོ་ དང༌། གཉིས་གཉིས་དམར་པོ་དང༌། གཉིས་གཉིས་དཀར་པོ་དང༌། དེ་བཞིན་དུ། ཕྱག་ བཞི་བཞི་ནག་པོ་དང༌། བཞི་བཞི་དམར་པོ་དང༌། བཞི་བཞི་དཀར་པོའོ། །དེ་དག་རེ་རེ་ ལ་ཡང་སོར་གདུབ་རྣམས་ཀྱིས་སྤྲས་པའི་སོར་མོ་ལྔ་ལྔ་སྟེ། མཐེ་བོང་སེར་པོ་དང༌། མཛུབ་མོ་དཀར་པོ་དང༌། གུང་མོ་དམར་པོ་དང༌། སྲིན་ལག་ནག་པོ་དང༌། མཐེའུ་ཆུང་ ལྗང་ཁུའོ། །དེ་རྣམས་རེ་རེ་ལ་ཡང་ཚིགས་གསུམ་གསུམ་སྟེ་ཕྱག་གི་མཐིལ་ནས་བརྩམས་ ཏེ་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ་དང༌། གཉིས་པ་དམར་པོ་དང༌། གསུམ་པ་དཀར་ པོའོ། །དེ་ལྟ་བུའི་ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ་དང༌། རལ་གྲི་དང༌། རྩེ་གསུམ་དང༌། གྲི་གུག་དང༌། མདའ་དང༌། རྡོ་རྗེ་ལྕགས་ཀྱུ་དང༌། སྒྲ་དང་བཅས་པའི་ཌཱ་མ་རུ་དང༌། ཐོ་ བ་དང༌། འཁོར་ལོ་དང༌། མདུང་དང༌། དབྱུག་པ་དང༌། དགྲ་སྟ་རྣམས་འཛིན་ཅིང༌། གཡོན་པ་རྣམས་ཀྱི་རྡོ་རྗེ་དྲིལ་བུ་དང༌། ཕུབ་དང༌། ཁ་ཊྭཱཾ་ག་ཁ་ཕྱེ་བ་དང༌། ཁྲག་གིས་ གང་བའི་ཐོད་པ་དང༌། གཞུ་དང༌། ཞགས་པ་དང༌། རིན་པོ་ཆེ་དང༌། པད་མ་དཀར་པོ་ དང༌། དུང་དང༌། མེ་ལོང་དང༌། རྡོ་རྗེ་ལྕགས་སྒྲོག་དང༌། ཚངས་པ་གདོང་བཞིའི་མགོ་བོ་ རྣམས་འཛིན་པ་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ། 7-1-165 མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དོན་དམ་པའི་བདེ་བའོ། །འདིའི་རྒྱན་དང་མཚོན་ཆ་ རྣམས་དགོད་པ་ཡང་སྔར་བསྟན་པའི་སྔགས་རྣམས་ཀྱིས་སོ། །ཞེས་ཀྱང་རིག་པར་ བྱའོ། །དེ་ལས་འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ་ཞལ་བཞི་མ་ཕྱག་བརྒྱད་མ་སྤྱན་བཅུ་ གཉིས་མ་སྟེ། ཞལ་གྱི་མདོག་ནི་བཅོམ་ལྡན་འདས་ཀྱི་ནུབ་ཞལ་གཙོ་བོར་བཞག་པ་ལྟ་ བུར་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས་སེར་པོ་དང་དཀར་པོ་དང་ནག་པོ་དང་ དམར་པོའོ། །འདིའི་ཕྱག་གཡས་པ་རྣམས་ཀྱིས་གྲི་གུག་དང༌། ལྕགས་ཀྱུ་དང༌། སྒྲ་དང་ བཅས་པའི་ཌཱ་མ་རུ་དང༌། བགྲང་ཕྲེང་རྣམས་དང༌། གཡོན་པ་རྣམས་ཀྱིས་ཐོད་པ་དང༌། ཞགས་པ་དང༌། འདབ་མ་བརྒྱད་པའི་པད་མ་དཀར་པོ་དང༌། རིན་པོ་ཆེ་འཛིན་པ། རྡོ་ རྗེ་སེམས་དཔའི་ཅོད་པན་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། གཡོན་བརྐྱང་གིས་བཅོམ་ལྡན་ འདས་ལ་འཁྲིལ་ཞིང་དེས་ཀྱང་སྙོམས་པར་ཞུགས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་ཕ་ རོལ་ཏུ་ཕྱིན་མ། རང་བཞིན་གྱིས་འོད་གསལ་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་ པའི་སྟོང་པ་ཉིད་དོ། ། སྦྱིན་པ་ལ་སོགས་པ་གཞན་ཕ་རོལ་ཏུ་ཕྱིན་པ་བརྒྱད་ནི། འདབ་མ་བརྒྱད་ལ་མཉམ་པའི་ སྟབས་ཀྱིས་གནས་པ་སྟེ། སྣ་ཚོགས་ཡུམ་བཞིན་དུ་ཞལ་བཞི་མ་ཕྱག་བརྒྱད་མ། སྤྱན་བཅུ་ གཉིས་མ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། ཕྱག་རྒྱ་ལྔས་བརྒྱན་པའོ། །{དེ་ཡང་} ཨ་ ཨཱ། ཨཾ་ཨཱཿ ཧ་ཧཱ། ཧཾ་ཧཱཿ རྣམས་ལས་བྱུང་བ་སྟེ་རིམ་པ་ལྟར། ཤར་དུ་ནག་མོ་འབར་མ་ ནག་མོ་སྟེ། ཞལ་གྱི་ཁ་དོག་བཅོམ་ལྡན་འདས་ཀྱི་ལྟ་བུའོ། །ཕྱག་ནི་གཡས་པ་རྣམས་ཀྱིས་ བདུག་སྤོས་དང༌། ཙན་དན་དང༌། གུར་གུམ་དང༌། གླ་རྩི་དང་བཅས་པའི་ག་པུར་རྣམས་ ཀྱི་སྣོད་དང༌། གཡོན་པ་རྣམས་ཀྱིས་དྲིལ་བུ་དང༌། པད་མ་དང༌། ལྷ་ཤིང་གི་མེ་ཏོག་ དང༌། མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་འཛིན་པའོ། །ནུབ་ཏུ་སེར་མོ་འབར་མ་སེར་མོ། ཞལ་ གྱི་ཁ་དོག་སྣ་ཚོགས་ཡུམ་ལྟ་བུ་སྟེ། ཕྱག་ནི་གཡས་པ་རྣམས་ཀྱིས་དུང་དང༌། གླིང་བུ་ དང༌། ནོར་བུ་དང༌། ཌཱ་མ་རུ་དང༌། གཡོན་པ་རྣམས་ཀྱིས་པི་ཝང་དང༌། རྔ་དང༌། འཁར་ རྔ་དང༌། ཟངས་དུང་འཛིན་པའོ། །བྱང་དུ་དཀར་མོ་འབར་མ་དཀར་མོ་སྟེ། ཞལ་གྱི་ 7-1-166 མདོག་ནི་བཅོམ་ལྡན་འདས་ཀྱི་གཡོན་ཞལ་གཙོ་བོར་བཞག་པ་ལྟ་བུར་གཡས་བསྐོར་ གྱིས་དཀར་པོ་དང༌། ནག་པོ་དང༌། དམར་པོ་དང༌། སེར་པོའོ། །འདིའི་ཕྱག་གཡས་པ་ རྣམས་ཀྱིས་འོ་མ་དང༌། ཆུ་དང༌། སྨན་བཟང་པོ་དང༌། ཆང་རྣམས་ཀྱི་སྣོད་དང༌། གཡོན་ པ་རྣམས་ཀྱིས་བདུད་རྩིའི་སྣོད་དང༌། གྲུབ་པའི་བཅུད་ཀྱི་སྣོད་དང༌། བདུད་རྩིའི་འབྲས་ བུ་དང༌། ཟན་གྱི་སྣོད་འཛིན་པའོ། །ལྷོར་དམར་མོ་འབར་མ་དམར་མོ་སྟེ། ཞལ་ནི་བཅོམ་ ལྡན་འདས་ཀྱི་གཡས་ཞལ་གཙོ་བོར་བཞག་པ་ལྟ་བུར་གཡས་བསྐོར་གྱིས་དམར་པོ་ དང༌། སེར་པོ་དང༌། དཀར་པོ་དང༌། ནག་པོའོ། །འདིའི་ཕྱག་གཡས་པ་རྣམས་ཀྱིས་མར་ མེ་དང༌། དོ་ཤལ་དང༌། ཅོད་པན་དང༌། གདུབ་བུ་དང༌། གཡོན་པ་རྣམས་ཀྱིས་གོས་ དང༌། སྐ་རགས་དང༌། རིན་པོ་ཆེའི་རྣ་རྒྱན་དང༌། རྐང་གདུབ་འཛིན་པའོ། །མེར་དུ་བ་ མ་དང༌། རླུང་དུ་མར་མེ་མ་དང༌། དབང་ལྡན་དུ་མེ་ཁྱེར་མ་དང༌། བདེན་བྲལ་དུ་སྨིག་ རྒྱུ་མ་རྣམས་ནི་ཕྱོགས་ཀྱི་ལྷ་མོ་རྣམས་དང་མཚུངས་པ་སྟེ། འོན་ཀྱང་ཕྱག་བརྒྱད་ཀྱིས་ རང་རང་གི་མདོག་དང་མཐུན་པའི་རྔ་ཡབ་བརྒྱད་བརྒྱད་འཛིན་པའོ། །འདི་དག་གི་ རྒྱབ་ཏུ་ཡང་དབང་ལྡན་དུ་ཆོས་ཀྱི་དུང་དཀར་པོ་དང༌། བདེན་བྲལ་དུ་ཆོས་ཀྱི་གཎྜཱི་ དམར་པོ་དང༌། མེར་ཡིད་བཞིན་གྱི་ནོར་བུ་ནག་པོ་དང༌། རླུང་དུ་དཔག་བསམ་གྱི་ཤིང་ སེར་པོ་སྟེ། ཨོཾ་ཨཱཿཧཱུཾ་ཧོཿརྣམས་ལས་བྱུང་བའོ། །རྔ་བོ་ཆེ་ལ་སོགས་པའི་ས་བོན་ཡང་འདི་ དག་ཉིད་དོ། །འདིར་རང་རང་གི་ས་བོན་ལས་ཕྱག་མཚན་དང༌། ཕྱག་མཚན་ལས་ལྷའི་ གཟུགས་སུ་གྲུབ་པར་བལྟའོ། །ཞེས་པ་ནི་བཤད་པ་དང་འཆད་པར་འགྱུར་བའི་ཐམས་ ཅད་དུ་རིག་པར་བྱའོ། །དེ་བཞིན་དུ། ཕྱག་མཚན་གྱི་རིམ་པ་ཡང་གཡས་པ་རྣམས་དང་ གཡོན་པ་རྣམས་ཀྱིས་ཏེ་རྩ་བའི་ཞལ་ཡང་སྐུ་མདོག་བཞིན་ནོ། །ཞེས་འཆད་པར་འགྱུར་ བ་ཐམས་ཅད་དུའོ། །དེ་ལྟར་ན་ལྷན་ཅིག་སྐྱེས་པའི་དགའ་བ་མངལ་དུ་ཞུགས་པའི་ཟླ་ བ་དང་པོ་ལ་མ་རིག་པ་དང༌། གཉིས་པ་ལ་འདུ་བྱེད་དང༌། གསུམ་པ་ལ་རྣམ་པར་ཤེས་ པ་རབ་ཏུ་ཞུགས་པའི་དག་པས་གཙོ་བོ་ཡབ་ཡུམ་བསྐྱེད་པའོ། །དེ་ནས་མིང་དང་ གཟུགས་ལ་སོགས་པ་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་པ་རྣམས་སྤྲོ་བར་བྱ་ 7-1-167 སྟེ། འདོད་ཆགས་ཆེན་པོས་གདུལ་བར་བྱ་བའི་སེམས་ཅན་རྣམས་དང་པོའི་སངས་རྒྱས་ བསྟན་པའི་སྣོད་དུ་མངོན་པར་གཟིགས་ནས་ཡུམ་ལ་སྙོམས་པར་ཞུགས་པ་ལས་བྱུང་ བའི་ཤིན་ཏུ་དགའ་བའི་སྒྲས་ཕུང་པོ་དང་ཁམས་དང་དབང་པོ་དང་ཡུལ་ལ་སོགས་པ་ ལྷའི་ངོ་བོར་སྣང་བ་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ཐམས་ ཅད་རབ་ཏུ་བཀུག་ནས་རང་གི་ལུས་ལ་གཞུག་ཅིང༌། སླར་ཡང་རང་ཉིད་ལས་འཕྲོས་ཏེ་ སྣ་ཚོགས་ཡུམ་ལ་ཞུགས་པར་གྱུར་ལ། དེ་ལས་ཀྱང་ལོག་གནས་སླར་རང་ཉིད་ལ་ཞུགས་ ཏེ་ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བར་གྱུར་པ་རྣམས་རྡོ་རྗེའི་ལམ་ནས་ཡུམ་ གྱི་པད་མར་སྤྲོས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་མོའི་ཚོགས་ཀྱི་དཀྱིལ་ འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པའི་མཚན་ཉིད་མངལ་དུ་ཇི་ལྟ་བ་དེ་བཞིན་དུ་སྤྲོ་ བར་བྱའོ། །དེ་ལ་དང་པོར་ཨ་ལས་བྱུང་བའི་མི་བསྐྱོད་པ་ལྗང་ཁུ་གཡས་དང་གཡོན་གྱི་ རིམ་པས་དམར་པོ་དང་དཀར་པོའི་ཞལ། ཕྱག་རྣམས་ཀྱིས་རྡོ་རྗེ་དང༌། གྲི་གུག་དང༌། དགྲ་སྟ་དང༌། དྲིལ་བུ་དང༌། ཐོད་པ་དང༌། ཚངས་པའི་མགོ་བོ་འཛིན་ཅིང༌། རྡོ་རྗེ་ དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ་ནམ་མཁར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཏེ། སླར་ཡང་རང་ཉིད་ལ་བདག་པོར་བསྒོམས་ནས་གཞུག་པར་བྱའོ། ། དེ་ནས་རིམ་པ་གཉིས་པར། ཨི་རྀ་ཨུ་ལྀ་ལས་བྱུང་བའི་སངས་རྒྱས་བཞི་སྟེ། ཤར་དུ་དོན་ ཡོད་གྲུབ་པ་ནག་པོ། དམར་པོ་དང་དཀར་པོའི་ཞལ། རལ་གྲི་དང༌། གྲི་གུག་དང༌། རྩེ་ གསུམ་དང༌། ཕུབ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་དཀར་པོ་འཛིན་ཅིང་སྤྱན་མས་འཁྱུད་ པ་དང༌། ལྷོར་རིན་ཆེན་འབྱུང་ལྡན་དམར་པོ། དཀར་པོ་དང་ནག་པོའི་ཞལ། མེའི་ མདའ་དང༌། རྡོ་རྗེ་ལྕགས་ཀྱུ་དང༌། སྒྲ་དང་བཅས་པའི་ཌཱ་མ་རུ་དང༌། གཞུ་དང༌། ཞགས་པ་དང༌། རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་ཅིང་མཱ་མ་ཀཱིས་འཁྱུད་པ་ དང༌། བྱང་དུ་སྣང་བ་མཐའ་ཡས་དཀར་པོ། ནག་པོ་དང་དམར་པོའི་ཞལ། ཐོ་བ་དང༌། མདུང་དང༌། རྩེ་གསུམ་དང༌། འདབ་མ་བརྒྱད་པའི་པད་མ་དཀར་པོ་དང༌། མེ་ལོང་ དང༌། བགྲང་ཕྲེང་འཛིན་ཅིང་གོས་དཀར་མོས་འཁྱུད་པ་དང༌། ནུབ་ཏུ་རྣམ་པར་སྣང་ 7-1-168 མཛད་སེར་པོ། དཀར་པོ་དང་ནག་པོའི་ཞལ། འཁོར་ལོ་དང༌། དབྱུག་པ་དང༌། ཁྲོ་བོའི་ རྡོ་རྗེ་དང༌། དུང་དང༌། རྡོ་རྗེ་ལྕགས་སྒྲོག་དང༌། སྒྲ་དང་བཅས་པའི་དྲིལ་བུ་འཛིན་ཅིང་ སྒྲོལ་མས་འཁྱུད་པ་སྟེ། ལྔ་ཅར་ཡང་པད་མ་དཀར་པོ་དང་ཉི་མ་ལ་རྡོ་རྗེའི་གདན་གྱིས་ གནས་ཤིང་ཐབས་གཙོ་བོར་གྱུར་པའོ། ། དེ་བཞིན་དུ། ཨཱི་རཱྀ་ཨཱུ་ལཱྀ་ལས་བྱུང་བའི་ཡུམ་བཞི་སྟེ། མེར་སྒྲོལ་མ་དོན་ཡོད་གྲུབ་པ་ལྟ་ བུ་ལ་རྣམ་པར་སྣང་མཛད་ཀྱིས་འཁྱུད་པ་དང༌། བདེན་བྲལ་དུ་གོས་དཀར་མོ་རིན་ཆེན་ དབང་པོ་ལྟ་བུ་ལ་སྣང་བ་མཐའ་ཡས་ཀྱིས་འཁྱུད་པ་ལྟ་བུ་དང༌། དབང་ལྡན་དུ་མཱ་མ་ ཀཱི་སྣང་བ་མཐའ་ཡས་ལྟ་བུ་ལ་རིན་ཆེན་དབང་པོས་འཁྱུད་པ་དང༌། རླུང་དུ་སྤྱན་མ་ རྣམ་པར་སྣང་མཛད་ལྟ་བུ་ལ་དོན་ཡོད་གྲུབ་པས་འཁྱུད་པ་སྟེ། ཐམས་ཅད་པད་མ་ དམར་པོ་དང་ཟླ་བ་ལ་པད་མའི་གདན་གྱིས་གནས་ཤིང་ཤེས་རབ་གཙོ་མོར་གྱུར་པའོ། ། དེ་དག་གི་གཡོན་དང་གཡས་སུ་ཡང༌། ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་རྣམས་ལས་བྱུང་བའི་ བདུད་རྩིའི་བུམ་པ་དཀར་པོ་པད་མ་ལ་གནས་ཤིང་པད་མས་ཁ་བརྒྱན་པའམ་ཐོད་པ་ བརྒྱད་དེ་ཤར་དུ་རྐང་འགགས་པ་གཉིས་དང༌། ལྷོར་ཁྲག་འགགས་པ་གཉིས་དང༌། བྱང་ དུ་གཅི་བ་འགགས་པ་གཉིས་དང༌། ནུབ་ཏུ་བཤང་བ་འགགས་པ་གཉིས་སོ། །སྟེང་དང་ འོག་ཏུ་ཡང་ཧཾ་ཧཱཿལས་བྱུང་བའི་བུམ་པའམ་ཐོད་པ་གཉིས་ཏེ་ཁུ་བ་དང་རྡུལ་འགགས་ པའོ། ། དེ་ནས་ཡཾ་རཾ་ཝཾ་ལཾ་རྣམས་ལས་བྱུང་བའི་ཁྲོ་བོ་བཞི་སྟེ། ཤར་སྒོར་བགེགས་མཐར་བྱེད་ དོན་ཡོད་གྲུབ་པ་ལྟ་བུ་ལ་རེངས་བྱེད་མ་དང་སྤྱན་མ་ལྟ་བུས་འཁྱུད་པ་དང༌། ལྷོ་སྒོར་ ཤེས་རབ་མཐར་བྱེད་རིན་ཆེན་དབང་པོ་ལྟ་བུ་ལ་ཁེངས་བྱེད་མ་དང་མཱ་མ་ཀཱི་ལྟ་བུས་ འཁྱུད་པ་དང༌། བྱང་སྒོར་པད་མ་མཐར་བྱེད་འོད་དཔག་མེད་ལྟ་བུ་ལ་རྨུགས་བྱེད་མ་ དང་གོས་དཀར་མོ་ལྟ་བུས་འཁྱུད་པ་དང༌། ནུབ་སྒོར་གཤིན་རྗེ་མཐར་བྱེད་རྣམ་པར་ སྣང་མཛད་ལྟ་བུ་ལ་གཤིན་རྗེ་བརྩོན་འགྲུས་མ་སྒྲོལ་མ་ལྟ་བུས་འཁྱུད་པའོ། །དེ་ལ་ཁྲོ་བོ་ རྣམས་གཡས་བརྐྱང་དང༌། ཁྲོ་བོའི་ལྷ་མོ་རྣམས་གཡོན་བརྐྱང་གིས་གནས་ཤིང་ཐབས་ 7-1-169 གཙོ་བོར་གྱུར་པ་སྟེ། ཤར་དང་བྱང་དུ་པད་མ་དཀར་པོར་ཉི་མ་དང༌། ལྷོ་དང་ནུབ་ཏུ་ པད་མ་དམར་པོར་ཟླ་བ་ལ་གནས་པའམ། ཡང་ན་དེ་ལས་བཟློག་པས་སོ། །སྟེང་དུ་ཡང་ ཧཾ་ལས་བྱུང་བའི་གཙུག་ཏོར་ཏེ་འདི་ནི་ཞར་ལ་འོངས་པའོ། ། དེ་ནས་ཟླ་བ་ལྔ་པ་ལ་སྐྱེ་མཆེད་དྲུག་སྐྱེ་བའི་དུས་སུ་གློ་བུར་པའི་དབང་པོ་དྲུག་སྤྲོ་བ་ཇི་ ལྟ་བ་དེ་བཞིན་དུ་རང་བཞིན་བདེ་གཤེགས་སྙིང་པོའི་དབང་པོ་དྲུག་སྤྲོ་བར་བྱ་སྟེ། ཨ་ ཨེ་ཨར་ཨོ་ཨལ་ཨཾ་རྣམས་ལས་བྱུང་བའི་སེམས་དཔའ་དྲུག་རྭ་བའི་ནང་དུ་ལྷ་སྣམ་ ལའོ། ། དེ་ལ་ལྷོའི་གཡོན་དུ་ཕྱག་ན་རྡོ་རྗེ་མི་བསྐྱོད་པ་ལྟ་བུ་ལ་སྒྲ་རྡོ་རྗེ་མས་འཁྱུད་པ་ དང༌། ཤར་གྱི་གཡས་སུ་ནམ་མཁའི་སྙིང་པོ་དོན་ཡོད་གྲུབ་པ་ལྟ་བུ་ལ་དྲི་རྡོ་རྗེ་མས་ འཁྱུད་པ་དང༌། ལྷོའི་གཡས་སུ་སའི་སྙིང་པོ་རིན་ཆེན་འབྱུང་ལྡན་ལྟ་བུ་ལ་གཟུགས་རྡོ་ རྗེ་མས་འཁྱུད་པ་དང༌། བྱང་གི་གཡས་སུ་འཇིག་རྟེན་དབང་ཕྱུག་སྣང་བ་མཐའ་ཡས་ལྟ་ བུ་ལ་རོ་རྡོ་རྗེ་མས་འཁྱུད་པ་དང༌། ནུབ་ཀྱི་གཡས་སུ་སྒྲིབ་པ་རྣམ་པར་སེལ་བ་རྣམ་པར་ སྣང་མཛད་ལྟ་བུ་ལ་རེག་བྱ་རྡོ་རྗེ་མས་འཁྱུད་པ་དང༌། ཤར་གྱི་གཡོན་དུ་ཀུན་ཏུ་བཟང་ པོ་རྡོ་རྗེ་སེམས་དཔའ་ལྟ་བུ་ལ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མས་འཁྱུད་པ་སྟེ་ཐམས་ཅད་ པད་མ་དཀར་པོ་དང་ཉི་མ་ལ་རྡོ་རྗེའི་གདན་གྱིས་གནས་ཤིང་ཐབས་གཙོ་བོར་གྱུར་ པའོ། །འདིར་རྡོ་རྗེ་སེམས་དཔའ་ནི་སྔོན་པོ་སྟེ་གཡས་དང་གཡོན་གྱི་ཞལ་དང་ཕྱག་ མཚན་ནི་མི་བསྐྱོད་པ་བཞིན་ནོ། །ཡང་ན་སྒྲོལ་མའི་ཁ་ཊྭཱཾ་གའི་གནས་སུ་ཨུཏྤལ་སྟེ། ཀུན་ ཏུ་བཟང་པོའི་ཚངས་མགོའི་གནས་སུ་ཡང་ཨུཏྤལའོ། ། དེ་ནས་ཟླ་བ་དྲུག་པ་ལ་རེག་བྱ་བསྐྱེད་པའི་དུས་སུ་ཀུན་རྫོབ་ཀྱི་ཡུལ་དྲུག་སྤྲོ་བ་ཇི་ལྟ་བ་ དེ་བཞིན་དུ་དོན་དམ་པའི་རེག་བྱ་ལ་སོགས་པ་ཡུལ་དྲུག་སྤྲོ་བར་བྱ་སྟེ། ཨཱ་ཨཻ་ཨཱར་ཨཽ་ ཨཱལ་ཨཿརྣམས་ལས་བྱུང་བའི་སེམས་མ་དྲུག་ཀྱང་ལྷ་སྣམ་ལའོ། །དེ་ལ་ནུབ་ཀྱི་གཡོན་དུ་ ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ཕྱག་ན་རྡོ་རྗེ་ལྟ་བུ་ལ་ཀུན་ཏུ་བཟང་པོས་འཁྱུད་པ་དང༌། མེར་རེག་བྱ་རྡོ་རྗེ་མ་སྒྲོལ་མ་ལྟ་བུ་ལ་སྒྲིབ་པ་རྣམ་པར་སེལ་བས་འཁྱུད་པ་དང༌། བདེན་ བྲལ་དུ་རོ་རྡོ་རྗེ་མ་གོས་དཀར་མོ་ལྟ་བུ་ལ་འཇིག་རྟེན་དབང་ཕྱུག་གིས་འཁྱུད་པ་དང༌། 7-1-170 དབང་ལྡན་དུ་གཟུགས་རྡོ་རྗེ་མ་མཱ་མ་ཀཱི་ལྟ་བུ་ལ་སའི་སྙིང་པོས་འཁྱུད་པ་དང༌། རླུང་དུ་ དྲི་རྡོ་རྗེ་མ་སྤྱན་མ་ལྟ་བུ་ལ་ནམ་མཁའི་སྙིང་པོས་འཁྱུད་པ་དང༌། བྱང་གི་གཡོན་དུ་སྒྲ་ རྡོ་རྗེ་མ་ཀུན་ཏུ་བཟང་པོ་ལྟ་བུ་ལ་ཕྱག་ན་རྡོ་རྗེས་འཁྱུད་པ་སྟེ། ཐམས་ཅད་པད་མ་ དམར་པོ་ཟླ་བ་ལ་པད་མའི་གདན་གྱིས་གནས་ཤིང་ཤེས་རབ་གཙོ་མོར་གྱུར་པའོ། །དེ་ ལ་རང་གི་གནས་སུ་གང་དང་གང་གཙོ་བོར་གྱུར་པ་དེ་དང་དེ་ནི་དཀྱིལ་འཁོར་གྱི་ དབང་པོ་ལ་མངོན་དུ་ཕྱོགས་པ་སྟེ། དེ་ལ་འཁྱུད་པ་ནི་དེའི་གནས་སུ་ཕྱིན་པའི་ཕྱིར་དེ་ ཉིད་ལ་མངོན་དུ་ཕྱོགས་པའོ། ། འདིར་ཟླ་བ་བཅུ་གཉིས་དང་ཉི་མ་བཅུ་གཉིས་ཀྱི་ངེས་པའི་ལོ་གཅིག་གི་ཉ་བཅུ་གཉིས་ དང་གནམ་སྟོང་བཅུ་གཉིས་རྣམ་པར་དག་པའི་དབང་དུ་བྱས་པ་སྟེ། ཐབས་དང་ཤེས་ རབ་རྣམ་པར་དག་པས་སོ། །ཡང་ན་ཐབས་རྣམས་ལ་ཉི་མ་དང་ཤེས་རབ་རྣམས་ལ་ཟླ་ བ་སྟེ། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་རབ་ཏུ་གྲགས། །ཞེས་པའི་ དབང་གིས་སོ། །ཡང་ན་སྟེང་དང་ཤར་དང་བྱང་གི་ལྷ་དང་ལྷ་མོ་ལྗང་ཁུ་དང་ནག་པོ་ དང་དཀར་པོ་རྣམས་ལ་ཟླ་བ་སྟེ། ནམ་མཁའ་དང་རླུང་དང་ཆུའི་ཁམས་རྣམས་ཐབས་ ཀྱི་རིགས་གསུམ་ཡིན་པའི་ཕྱིར་དང༌། དེ་ཡང་ཁུ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །འོག་ དང་ལྷོ་དང་ནུབ་ཀྱི་ལྷ་དང་ལྷ་མོ་སྔོན་པོ་དང་དམར་པོ་དང་སེར་པོ་རྣམས་ལ་ཉི་མ་སྟེ། ཡེ་ཤེས་དང་མེ་དང་སའི་ཁམས་རྣམས་ཤེས་རབ་ཀྱི་རིགས་གསུམ་ཡིན་པའི་ཕྱིར་དང༌། དེ་ཡང་རྡུལ་གྱི་ཆོས་ཅན་ཉིད་ཀྱི་ཕྱྀར་རོ། །དེས་ན་འདིར་ཐབས་ཀྱི་ཡན་ལག་ལ་ཟླ་བ་ དང་ཤེས་རབ་ཀྱི་ཡན་ལག་ལ་ཉི་མའོ། །དེ་ལྟར་ན་སྙིང་ཁའི་འཁོར་ལོ་ཁམས་ལྔའི་ བདག་ཉིད་དང་ཐུགས་ཀྱི་དཀྱིལ་འཁོར་ཁམས་ལྔའི་བདག་ཉིད་ལྷ་ཉི་ཤུ་རྩ་ལྔའི་རང་ བཞིན་ཏེ། མངལ་དུ་ལུས་གྲུབ་པ་སྐུ་རྡོ་རྗེའི་གནས་སྐབས་སོ། །དེ་བཞིན་དུ། སྒོའི་གཡོན་ དང་གཡས་ཀྱི་སྟེགས་བུ་ལ་ཤར་དུ་དྲི་མ་དང་ཕྲེང་བ་མ་ནག་མོའོ། །ལྷོར་སྤོས་མ་དང་ སྣང་གསལ་མ་དམར་མོ་དང༌། བྱང་དུ་བདུད་རྩི་མ་དང་འབྲས་བུ་མ་དཀར་མོ་དང༌། ནུབ་ཏུ་སྒེག་མོ་དང་བཞད་མ་སེར་མོ་དང༌། སྟེང་དུ་སྒྲ་མ་དང་གར་མ་ལྗང་ཁུ་དང༌། 7-1-171 འོག་ཏུ་གླུ་མ་དང་འདོད་མ་སྔོན་མོ་སྟེ། རང་རང་གི་མིང་དང་རྗེས་སུ་མཐུན་པའི་ མཆོད་རྫས་ཐོགས་ཤིང༌། གཟུངས་མ་གྲངས་མེད་པ་དང་བཅས་པའོ། །ས་བོན་རྣམས་ནི་ སྔར་བསྟན་ཏོ། ། དེ་ནས་ཟླ་བ་བདུན་པ་ལ། ཚོར་བ་དང༌། སྲོག་སྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་གསུང་གི་ དཀྱིལ་འཁོར་སྤྲོ་བར་བྱ་སྟེ། ལྟེ་བའི་འཁོར་ལོའི་རིམ་པ་གཉིས་པའི་རྩ་འདབ་བརྒྱད་པོ་ དང༌། ཕྱིའི་དྲུག་ཅུ་རྩ་བཞི་པོ་རྣམས་ལ་བཞུགས་པའི་ལྷ་མོ་རྣམས་གསུང་གི་པད་མའི་ ལྟེ་བ་དང་འདབ་མ་དག་ལའོ། །དེ་ལ་ཤར་གྱི་པད་མའི་ལྟེ་བར་ཧ། མདུན་{དང་ རྒྱབ་}ཀྱི་འདབ་མར་ཧི་ཧཱི། གཡས་ཀྱི་གསུམ་དང་གཡོན་གྱི་གསུམ་ལ་ཡ་ཡི་ཡྼྀ་ཡུ་ཡླྀ་ཡཾ་ རྣམས་ཏེ་དེ་དག་དང༌། གྲི་གུག་ནག་པོ་དགུ་ཡོངས་སུ་གྱུར་པ་ལས་ལྟེ་བར་ཙར་ཙི་ཀཱ་ ཡི་དྭགས་དམར་པོ་ལ་གནས་ཤིང་དབང་པོས་འཁྱུད་པ་དང༌། འདབ་མ་རྣམས་ལ་ གྲངས་བཞིན་དུ་འཇིགས་མ་དང༌། རླུང་ཤུགས་མ་དང༌། དྲག་མོ་དང༌། དུས་ཀྱི་མཆེ་བ་ མ་དང༌། མེ་འབར་གདོང་མ་དང༌། རབ་གཏུམ་མ་དང༌། དྲག་མིག་མ་དང༌། སྣ་ཆེན་མ་ སྟེ་ཐམས་ཅད་ནག་མོ་གྲི་གུག་དང༌། རྩེ་གསུམ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་ པའོ། །དེ་བཞིན་དུ། མེར། ཀྵ་ཀྵི་ཀྵཱི། ཡཱ་ཡཱི་ཡྼཱྀ། ཡཱུ་ཡླཱྀ་ཡཿ རྣམས་དང་འཁོར་ལོ་ལས་བྱུང་ བའི་ཁྱབ་འཇུག་མ་མཁའ་ལྡིང་ལ་གནས་ཤིང་ཚངས་པས་འཁྱུད་པ་དང༌། དཔལ་མོ་ དང༌། རྣམ་པར་རྒྱལ་མ་དང༌། སྒྱུ་མ་དང༌། གྲགས་མ་དང༌། བཀྲ་ཤིས་མ་དང༌། དཔལ་ ལྡན་རྒྱལ་མ་དང༌། དཔལ་ལྡན་རྒྱལ་བྱེད་མ་དང༌། འཁོར་ལོ་མ་རྣམས་ཀྱང་ནག་མོ་སྟེ། འཁོར་ལོ་དང༌། དབྱུག་པ་དང༌། པད་མ་དང༌། དུང་རྣམས་འཛིན་པའོ། །ལྷོའི་པད་མར། ཧཿཧྼྀ་ཧྼཱྀ། ར་རི་རྼྀ། རུ་རླྀ་རཾ་རྣམས་དང་དབྱུག་པ་ལས་བྱུང་བའི་ཕག་མོ་མ་ཧེ་ལ་གནས་ ཤིང་དྲག་མོས་འཁྱུད་པ་དང༌། ཀེང་རུས་མ་དང༌། གཙིགས་མ་དང༌། དུས་མཚན་མ་ དང༌། ཁྲོས་གདོང་མ་དང༌། དུས་ལྕེ་མ་དང༌། ནག་མོ་དང༌། དྲག་མོ་དང༌། ཤོང་འཇིགས་ དུང་མ་དང༌། གཟུགས་ངན་མ་རྣམས་ནི་དམར་མོ་སྟེ། དབྱུག་པ་དང༌། རལ་གྲི་དང༌། ལྕགས་སྒྲོགས་དང༌། ཕུབ་རྣམས་འཛིན་པའོ། །བདེན་བྲལ་དུ། ཀྵཿཀྵྼྀ་ཀྵྼཱྀ། ར་རཱི་རྼཱྀ། རཱུ་རླཱྀ་ 7-1-172 རཱཿརྣམས་དང་ཤག་ཏི་ལས་བྱུང་བའི་གཞོན་ནུ་མ་རྨ་བྱ་ལ་གནས་ཤིང་ཚོགས་བདག་ གིས་འཁྱུད་པ་དང༌། པད་མ་མ་དང༌། རིན་ཆེན་ཕྲེང་བ་མ་དང༌། ཡན་ལག་མེད་མ་ དང༌། གཞོན་ནུ་མ་དང༌། རི་དྭགས་བདག་འགྲོ་མ་དང༌། མིག་བཟང་མ་དང༌། རུལ་མ་ དང༌། བཟང་མོ་རྣམས་ཀྱང་དམར་མོ་སྟེ། ཤག་ཏི་དང༌། ལྕགས་ཀྱུ་དང༌། རིན་པོ་ཆེ་ དང༌། ཞགས་པ་འཛིན་པའོ། །བྱང་དུ། ཧཾཿཧུ་ཧཱུ། ཝ་ཝི་ཝྼྀ། ཝུ་ཝླྀ་ཝཾ་རྣམས་དང་རྩེ་གསུམ་ ལས་བྱུང་བའི་དྲག་མོ་ཁྱུ་མཆོག་ལ་གནས་ཤིང་གཤིན་རྗེས་འཁྱུད་པ་དང༌། གཽ་རཱི་མ་ དང༌། འདེགས་མ་དང༌། གཾ་གཱ་མ་དང༌། རྟག་མ་དང༌། མྱུར་མ་དང༌། མཚོན་བྱེད་མ་ དང༌། དམར་སེར་མ་དང༌། ནག་མོ་རྣམས་ནི་སྐུ་མདོག་དཀར་མོ་སྟེ། རྩེ་གསུམ་དང༌། སྒྲ་ དང་བཅས་པའི་ཌཱ་མ་རུ་དང༌། ཁ་ཊྭཱཾ་ག་དང༌། ལྟོས་འགྲོ་འཛིན་པའོ། །དབང་ལྡན་དུ། ཀྵཾཿཀྵུ་ཀྵཱུ། ཝཱ་ཝཱི་ཝྼཱྀ། ཝཱུ་ཝླཱྀ་ཝཱཿརྣམས་དང་པད་མ་ལས་བྱུང་བའི་དཔལ་མོ་སེང་གེ་ལ་ གནས་ཤིང་གདོང་དྲུག་གིས་འཁྱུད་པ་དང༌། དཔལ་ལྡན་དཀར་མོ་དང༌། འཛིན་མ་ དང༌། ཟླ་བའི་རི་མོ་ཅན་དང༌། རི་བོང་འཛིན་ཞལ་མ་དང༌། ངང་བའི་མདོག་ཅན་མ་ དང༌། པད་མའི་དབང་མོ་དང༌། སྐར་མིག་མ་དང༌། དྲི་མེད་རི་བོང་འཛིན་མ་རྣམས་ ཀྱང་དཀར་མོ་སྟེ། པད་མ་དང༌། བགྲང་ཕྲེང་དང༌། ཆུ་སྐྱེས་དང༌། རིན་པོ་ཆེ་འཛིན་ པའོ། །ནུབ་ཏུ། ཧཱཿཧླྀ་ཧླཱྀ། ལ་ལཱི་ལྼྀ། ལུ་ལླྀ་ལཾ་རྣམས་དང་རྡོ་རྗེ་ལས་བྱུང་བའི་དབང་མོ་ གླང་ཆེན་ལ་གནས་ཤིང་བདེན་བྲལ་གྱིས་འཁྱུད་པ་དང༌། རྡོ་རྗེ་འོད་མ་དང༌། བཀྲ་བའི་ རི་མོ་མ་དང༌། རྡོ་རྗེའི་ལུས་མ་དང༌། གསེར་ལྡན་མ་དང༌། རིག་འཛིན་མ་དང༌། ཆུ་ཤིང་ མ་དང༌། ཟུག་རྔུ་སེལ་མ་དང༌། ཤིན་ཏུ་སྒྲོལ་མ་རྣམས་ནི་སེར་མོ་སྟེ། རྡོ་རྗེ་དང༌། མདའ་ དང༌། སྒྲ་དང་བཅས་པའི་རྡོ་རྗེ་དྲིས་བུ་དང༌། གཞུ་རྣམས་འཛིན་པའོ། །རླུང་དུ། ཀྵཱཿཀྵླཱྀ་ ཀྵླཱྀ། ལཱ་ལཱི་ལྼཱྀ། ལཱུ་ལླཱྀ་ལཱཿརྣམས་དང་བར་བུ་ལས་བྱུང་བའི་ཚངས་མ་ངང་བ་ལ་གནས་ ཤིང་ཁྱབ་འཇུག་གིས་འཁྱུད་པ་དང༌། མཆོད་སྦྱིན་འདོན་མ་དང༌། ངག་གི་དབང་ཕྱུག་ མ་དང༌། པད་མའི་སྤྱན་མ་དང༌། ཆུ་སྐྱེས་ལྡན་མ་དང༌། བློ་མ་དང༌། གླུ་ལེན་མ་དང༌། གློག་མ་དང༌། དྲན་མ་རྣམས་ཀྱང་སེར་མོ་སྟེ། པད་མ་དང༌། ཚངས་པའི་དབྱུག་པ་དང༌། 7-1-173 སྤྱི་བླུགས་དང༌། བར་བུ་འཛིན་པའོ། ། དེ་ལྟར་ན་གཙོ་མོ་བརྒྱད་ཀྱི་ས་བོན་ནི། ཤར་དང་ནུབ་ཏུ་ཧ་ཧཱ། བྱང་དང་ལྷོར་ཧཾ་ཧཿ མེ་ དང་རླུང་དུ་ཀྵ་ཀྵཱ། དབང་ལྡན་དང་བདེན་བྲལ་དུ་ཀྵཾ་ཀྵཱཿ ཞེས་པ་སྟེ་བསྡུས་པའི་དོན་ ཏོ། ། དེ་ལ་གཙོ་མོ་རྣམས་ས་གའི་སྟབས་ཀྱིས་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པ་ དང་འཁོར་རྣམས་ནི་རོལ་པའི་སྟབས་ཀྱིས་རང་རང་གི་གཙོ་མོ་ལ་མངོན་དུ་ཕྱོགས་ ཤིང་དེ་དང་རྗེས་སུ་མཐུན་པ་སྟེ་ཐམས་ཅད་ཞལ་གཅིག་མ་སྤྱན་གསུམ་མ་ཕྱག་བཞི་མ་ དག་གོ ། འོན་ཀྱང་ཚངས་མ་ལ་སོགས་པ་ནི་གདོང་བཞི་དང་གཞོན་ནུ་མ་ལ་སོགས་པ་ནི་གདོང་ དྲུག་ཏུ་རྟོགས་པར་བྱའོ། །འདིར་གཙོ་མོ་བརྒྱད་ལ་འཁྱུད་པ་པོ་རྣམས་ཀྱི་མཚན་མ་ལ་ སོགས་པ་ནི་འཆད་པར་འགྱུར་རོ། །དེ་ལྟར་ན་མགྲིན་པ་ནས་ལྟེ་བའི་མཐར་ཐུག་པ་ གསུང་གི་དཀྱིལ་འཁོར་སྤྲོ་བ་སྟེ། ཟླ་བ་བདུན་པ་ལ་སྲོག་སྐྱེ་བ་ཇི་ལྟ་བ་དེ་བཞིན་དུ་ གསུང་རྡོ་རྗེ་གནས་སྐབས་སོ། ། དེ་ནས་ཟླ་བ་བརྒྱད་པ་ལ། སྲེད་པ་སྐྱེ་བའི་དུས་སུ་ལས་ཀྱི་འཁོར་ལོ་དང༌། བྱ་བའི་ འཁོར་ལོའི་རྩ་རྣམས་སྤྲོ་བ་ཇི་ལྟ་བ་དེ་བཞིན་དུ་ཟླ་བ་བཅུ་གཉིས་ཀྱི་བདག་པོ་ལ་ སོགས་པ་ཚེས་ཀྱི་ལྷ་རྣམས་སྐུའི་པད་མ་རྣམས་ལ་སྤྲོ་བར་བྱ་སྟེ། གནམ་སྟོང་དང་ཉ་ནི་ ཐབས་དང་ཤེས་རབ་ཉིད་ཀྱིས་ལྟེ་བ་དང༌། ལྷག་མ་རྣམས་ནི་འདབ་མ་རྣམས་ལ་ནང་ གི་མདུན་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་སོ། །དེ་ལ་ཤར་གྱི་གཡས་སུ། ཉ་ཉི་ ཉྼྀ་ཉུ་ཉླྀ་ཉཾ། ཛྷ་ཛྷི་ཛྷྼྀ་ཛྷུ་ཛྷླྀ་ཛྷཾ། ཛ་ཛི་ཛྼྀ་ཛུ་ཛླྀ་ཛཾ། ཚ་ཚི་ཚྼྀ་ཚུ་ཚླྀ་ཚཾ། ཙ་ཙི་ཙྼྀ་ཙུ་ཙླྀ་ཙཾ། ཞེས་པ་སྟེ། ཙཾ་དང་ཛྼྀ་དག་ནི་ལྟེ་བ་ལའོ། །དེ་དག་དང་རལ་གྲི་ལས་བྱུང་བའི་སྲིན་པོ་ཡི་ དྭགས་ལ་གནས་ཤིང་ཛྼྀ་རྡོ་རྗེ་མས་འཁྱུད་པ་དང༌། ཉ་རྡོ་རྗེ་མ་དང༌། ཉི་རྡོ་རྗེ་མ་ལ་ སོགས་པ་ནག་པའི་ཟླ་བའི་ཚེས་རྣམས་ནི་སྐུ་མདོག་ནག་མོ་སྟེ། རལ་གྲི་དང༌། གྲི་གུག་ དང༌། ཕུབ་དང༌། ཐོད་པ་འཛིན་པའོ། །འདིར་ཚེས་གཅིག་ལ་སོགས་པ་རྣམ་པར་དག་ པའི་ལྷ་མོ་རྣམས་ཀྱི་མིང་ནི་རང་རང་གིས་ས་བོན་ཉིད་རྡོ་རྗེའི་མཐའ་དང་ལྡན་པ་སྟེ། 7-1-174 ཉ་རྡོ་རྗེ་མ་ཞེས་པ་ལ་སོགས་པའོ། །མེའི་པད་མར། ཙཱ་ཙཱི་ཙྼཱྀ་ཙཱུ་ཙླཱྀ་ཙཿ ཚཱ་ཚཱི་ཚྼཱྀ་ཚཱུ་ཚླཱྀ་ཚཿ ཛཱ་ཛཱི་ཛྼཱྀ་ཛཱུ་ཛླཱྀ་ཛཿ ཛྷཱ་ཛྷཱི་ཛྷྼཱྀ་ཛྷཱུ་ཛྷླཱྀ་ཛྷཿ ཉཱ་ཉཱི་ཉྼཱྀ་ཉཱུ་ཉླཱྀ་ཉཿ ཞེས་པ་སྟེ་ཉཿདང་ཛྼཱྀ་དག་ནི་ལྟེ་ བ་ལའོ། །དེ་དག་དང་དཔག་བསམ་གྱི་ཤིང་ལས་བྱུང་བའི་རླུང་ལྷ་རི་དྭགས་ལ་གནས་ ཤིང་ཛྼཱྀ་རྡོ་རྗེ་མས་འཁྱུད་པ་དང༌། ཙཱ་རྡོ་རྗེ་མ་དང་ཙཱི་རྡོ་རྗེ་མ་ལ་སོགས་པ་ས་གའི་ཟླ་ བའི་ཚེས་རྣམས་ཀྱང་ནག་མོ་སྟེ། དཔག་བསམ་གྱི་ཤིང་དང༌། ཡོངས་འདུའི་མེ་ཏོག་ དང༌། ནོར་བུ་ཨིནྡྲ་ནཱི་ལ་དང༌། ཨུཏྤལ་སྔོན་པོ་འཛིན་པའོ། ། འདི་གཉིས་ནི་རླུང་གི་ ཁམས་གཞན་ཏེ་དཔྱིད་ཀྱི་དུས་རྣམ་པར་དག་པའོ། །དེ་བཞིན་དུ། ལྷོའི་གཡས་སུ། ཎ་ཎི་ ཎྼྀ་ཎུ་ཎླྀ་ཎཾ་ཞེས་པ་ལ་སོགས་པ་སུམ་ཅུ་སྟེ་ཊཾ་དང་ཌྼྀ་དག་ནི་ལྟེ་བ་ལའོ། །དེ་དག་དང་ ཤག་ཏི་ལས་བྱུང་བའི་མེ་ལྷ་ལུག་ལ་གནས་ཤིང་ཌྼྀ་རྡོ་རྗེ་མས་འཁྱུད་པ་དང༌། ཎ་རྡོ་རྗེ་ མ་ལ་སོགས་པ་སྣྲོན་གྱི་ཟླ་བའི་ཚེས་རྣམས་ནི་དམར་མོ་སྟེ། ཤག་ཏི་དང༌། དབྱུག་པ་ དང༌། ཆུ་སྐྱེས་དང༌། སྤྱི་བླུགས་འཛིན་པའོ།། བདེན་བྲལ་དུ། ཊཱ་ཊཱི་ཊྼཱྀ་ཊཱུ་ཊླཱྀ་ཊཿ ཞེས་པ་ལ་ སོགས་པ་སུམ་ཅུ་སྟེ། ཎཿདང་ཌྼཱྀ་དག་ནི་ལྟེ་བ་ལའོ། །དེ་དག་དང་ཤག་ཏི་ལས་བྱུང་བའི་ གདོང་དྲུག་རྨ་བྱ་ལ་གནས་ཤིང་ཌྼཱྀ་རྡོ་རྗེ་མས་འཁྱུད་པ་དང༌། ཊཱ་རྡོ་རྗེ་མ་ལ་སོགས་པ་ ཆུ་སྟོད་ཀྱི་ཟླ་བའི་ཚེས་རྣམས་ཀྱང་དམར་མོ་སྟེ། ཤག་ཏི་དང༌། མདུང་དང༌། ནོར་བུ་ དང༌། མེ་ལོང་འཛིན་པའོ། །འདི་གཉིས་ནི་མེའི་ཁམས་གཞན་ཏེ། སོ་ཀའི་དུས་རྣམ་པར་ དག་པའོ། །བྱང་གི་གཡས་སུ། མ་མི་མྼྀ་མུ་མླྀ་མཾ་ཞེས་པ་ལ་སོགས་པ་སུམ་ཅུ་སྟེ་པཾ་དང་ བྼྀ་དག་ནི་ལྟེ་བ་ལའོ། །དེ་དག་དང་ཞགས་པ་ལས་བྱུང་བའི་རྒྱ་མཚོ་ཆུ་སྲིན་ལ་གནས་ ཤིང་བྼྀ་རྡོ་རྗེ་མས་འཁྱུད་པ་དང༌། མ་རྡོ་རྗེ་མ་ལ་སོགས་པ་གྲོ་བཞིན་གྱི་ཟླ་བའི་ཚེས་ རྣམས་ཀྱང་དཀར་མོ་སྟེ། ཞགས་པ་དང༌། རིན་པོ་ཆེ་དང༌། སྦྲུལ་ཞགས་དང༌། ཟླ་བ་ཆུ་ ཤེལ་གྱི་ནོར་བུ་འཛིན་པའོ། །དབང་ལྡན་དུ། པཱ་པཱི་པྼཱྀ་པཱུ་པླཱྀ་པཿཞེས་པ་ལ་སོགས་པ་སུམ་ ཅུ་སྟེ་མཿདང་བྼཱྀ་དག་ནི་ལྟེ་བ་ལའོ། །དེ་དག་དང་དགྲ་སྟ་ལས་བྱུང་བའི་ཚོགས་བདག་ བྱི་བ་ལ་གནས་ཤིང་བྼཱྀ་རྗེ་མས་འཁྱུད་པ་དང༌། པཱ་རྡོ་རྗེ་མ་ལ་སོགས་པ་ཁྲུམས་སྟོད་ཀྱི་ ཟླ་བའི་ཚེས་རྣམས་ཀྱང་དཀར་མོ་སྟེ། དགྲ་སྟ་དང༌། རྡོ་རྗེ་དང༌། ཞགས་པ་དང༌། ནོར་བུ་ 7-1-175 འཛིན་པའོ། །འདི་གཉིས་ནི་ཆུའི་ཁམས་གཞན་ཏེ། དབྱར་གྱི་དུས་རྣམ་པར་དག་ པའོ། །ནུབ་ཀྱི་གཡས་སུ། ན་ནི་ནྼྀ་ནུ་ནླྀ་ནཾ་ཞེས་པ་ལ་སོགས་པ་སུམ་ཅུ་སྟེ་ཏཾ་དང་དྼྀ་ དག་ནི་ལྟེ་བ་ལའོ། །དེ་དག་དང་རྡོ་རྗེ་ལས་བྱུང་བའི་དབང་པོ་གླང་ཆེན་ལ་གནས་ཤིང་ དྼྀ་རྡོ་རྗེ་མས་འཁྱུད་པ་དང༌། ན་རྡོ་རྗེ་མ་ལ་སོགས་པ་ཐ་སྐར་གྱི་ཟླ་བའི་ཚེས་རྣམས་ནི་ སེར་མོ་སྟེ། རྡོ་རྗེ་དང་མེའི་མདའ་དང༌། རྡོ་རྗེ་དྲིལ་བུ་དང་གཞུ་རྣམས་འཛིན་ པའོ། །རླུང་དུ། ཏཱ་ཏཱི་ཏྼཱྀ་ཏཱུ་ཏླཱྀ་ཏཿཞེས་པ་ལ་སོགས་པ་སུམ་ཅུ་སྟེ་ནཿདང་དྼཱྀ་དག་ནི་ལྟེ་བ་ ལའོ། །དེ་དག་དང་ཁབ་ལས་བྱུང་བའི་མེས་པོ་ངང་བ་ལ་གནས་ཤིང་དྼཱྀ་རྡོ་རྗེ་མས་ འཁྱུད་པ་དང༌། ཏཱ་རྡོ་རྗེ་མ་ལ་སོགས་པ་སྨིན་དྲུག་གི་ཟླ་བའི་ཚེས་རྣམས་ཀྱང་སེར་མོ་སྟེ། ཁབ་དང༌། བགྲང་ཕྲེང་དང༌། པད་མ་དང༌། སྤྱི་བླུགས་འཛིན་པའོ། །འདི་གཉིས་ནི་སའི་ ཁམས་གཞན་ཏེ། སྟོན་གྱི་དུས་རྣམ་པར་དག་པའོ། །བྱང་གི་གཡོན་དུ། ྈྐ་ྈྐི་ྈྐྼྀ་ྈྐུྈྐླྀ་ྈྐཾ་ ཞེས་པ་ལ་སོགས་པ་སུམ་ཅུ་སྟེ་སཾ་ང་ཥྼྀ་དག་ནི་ལྟེ་བ་ལའོ། །དེ་དག་དང་རྩེ་གསུམ་ལས་ བྱུང་བའི་དྲག་པོ་ཁྱུ་མཆོག་ལ་གནས་ཤིང་ཥྼྀ་རྡོ་རྗེ་མས་འཁྱུད་པ་དང༌། ྈྐ་རྡོ་རྗེ་མ་ལ་ སོགས་པ་མགོའི་ཟླ་བའི་ཚེས་རྣམས་ནི་སྔོན་མོ་སྟེ། རྩེ་གསུམ་དང༌། མདའ་དང༌། སྦྲུལ་ དང་བཅས་པའི་ཁ་ཊྭཱཾ་ག་དང༌། གཞུ་རྣམས་འཛིན་པའོ། ། ནུབ་ཀྱི་གཡོན་དུ། སཱ་སཱི་སྼཱྀ་སཱུ་ སླཱྀ་སཿཞེས་པ་ལ་སོགས་པ་སུམ་ཅུ་སྟེ་ྈྐཿདང་ཥྼཱྀ་དག་ནི་ལྟེ་བ་ལའོ། །དེ་དག་དང་བེ་ཅོན་ ལས་བྱུང་བའི་ནོར་བདག་གླང་པོ་ལ་གནས་ཤིང་ཥྼཱྀ་རྡོ་རྗེ་མས་འཁྱུད་པ་དང༌། སཱ་རྡོ་རྗེ་ མ་ལ་སོགས་པ་རྒྱལ་གྱི་ཟླ་བའི་ཚེས་རྣམས་ཀྱང་སྔོན་མོ་སྟེ། ནོར་བུ་དང༌། བེ་ཅོན་དང༌། ནེའུ་ལེ་དང༌། པད་མ་འཛིན་པའོ། །འདི་གཉིས་ནི་ཡེ་ཤེས་ཀྱི་ཁམས་གཞན་ཏེ། དགུན་ སྟོད་ཀྱི་དུས་རྣམ་པར་དག་པའོ། །ཤར་གྱི་གཡོན་དུ། ང་ངི་ངྼྀ་ངུ་ངླྀ་ངཾ་ཞེས་པ་ལ་སོགས་ པ་སུམ་ཅུ་སྟེ་ཀཾ་དང་གྼྀ་དག་ནི་ལྟེ་བ་ལའོ། །དེ་དག་དང་འཁོར་ལོ་ལས་བྱུང་བའི་ཁྱབ་ འཇུག་མཁའ་ལྡིང་ལ་གནས་ཤིང་གྼྀ་རྡོ་རྗེ་མས་འཁྱུད་པ་དང༌། ང་རྡོ་རྗེ་མ་ལ་སོགས་པ་ མཆུའི་ཟླ་བའི་ཚེས་རྣམས་ནི་ལྗང་ཁུ་སྟེ། འཁོར་ལོ་དང༌། དབྱུག་ཐོ་དང༌། པད་མ་དང༌། སྐྱེ་བ་ལྔ་པའི་དུང་འཛིན་པའོ། །ལྷོའི་གཡོན་དུ། ཀཱ་ཀཱི་ཀྼཱྀ་ཀཱུ་ཀླཱྀ་ཀཿཞེས་པ་ལ་སོགས་པ་ 7-1-176 སུམ་ཅུ་སྟེ་ངཿདང་གྼཱྀ་དག་ནི་ལྟེ་བ་ལའོ། །དེ་དག་དང་དབྱུག་པ་ལས་བྱུང་བའི་གཤིན་ རྗེ་མ་ཧེ་ལ་གནས་ཤིང་གྼཱྀ་རྡོ་རྗེ་མས་འཁྱུད་པ་དང༌། ཀཱ་རྡོ་རྗེ་མ་ལ་སོགས་པ་དབོའི་ཟླ་ བའི་ཚེས་རྣམས་ཀྱང་ལྗང་ཁུ་སྟེ། དབྱུག་པ་དང༌། རལ་གྲི་དང༌། ལྕགས་སྒྲོག་དང། ཞགས་ པ་འཛིན་པའོ། །འདི་གཉིས་ནི་ནམ་མཁའི་ཁམས་གཞན་ཏེ། དགུན་སྨད་ཀྱི་དུས་རྣམ་ པར་དག་པའོ། །དེ་ལ་གཙོ་བོ་རྣམས་རྡོ་རྗེའི་གདན་གྱིས་བཅོམ་ལྡན་འདས་ལ་མངོན་དུ་ ཕྱོགས་པ་དང༌། འཁོར་རྣམས་རོལ་པའི་སྟབས་ཀྱིས་རང་རང་གི་གཙོ་བོ་ལ་མངོན་དུ་ ཕྱོགས་ཤིང༌། དེ་དང་རྗེས་སུ་མཐུན་པ་སྟེ། ཐམས་ཅད་ཞལ་གཅིག་ཕྱག་བཞི་པ་དག་ གོ །འོན་ཀྱང་ཚངས་པ་ལ་སོགས་པ་དང་གཞོན་ནུ་ལ་སོགས་པ་ནི་གདོང་བཞི་དང་དྲུག་ ཏུ་རྟོགས་པར་བྱའོ། །དེ་ལྟར་ན། དཔྲལ་བ་ནས་གསང་བའི་མཐར་ཐུག་པར་མཐུན་པར་ སྤྲོ་བར་བྱའོ། ། དེ་ནས་ལག་པ་དང་རྐང་པའི་མཐིལ་དང་གཙུག་ཏོར་དང་གསང་བ་ལ་སོགས་པའི་རྩ་ སྤྲོ་བ་ཇི་ལྟ་བ་དེ་བཞིན་དུ་ཡ་ར་ཝ་ལ་ཧཾ་ཧ་རྣམས་ལས་བྱུང་བའི་ཁྲོ་བོ་རྣམས་སྤྲོ་བ་ནི། ཤར་སྒོར་དབྱུག་སྔོན་ཅན་རྡོ་རྗེ་ལྕགས་སྒྲོགས་མ་ལྟ་བུ་ལ་འོད་ཟེར་ཅན་མ། འཁོར་ལོ་ དང༌། དབྱུག་པ་དང༌། དུང་དང༌། རིན་པོ་ཆེ་འཛིན་པས་འཁྱུད་པ་དང༌། ལྷོ་སྒོར་འདོད་ པའི་རྒྱལ་པོ་ཁྲོ་གཉེར་ཅན་མ་ལྟ་བུ་ལ་སྐུལ་བྱེད་མ། ཐོ་བ་དང༌། མདུང་དང༌། པད་མ་ དང༌། མེ་ལོང་འཛིན་པས་འཁྱུད་པ་དང༌། བྱང་སྒོར་མི་གཡོ་བ་ཙུན་དཱ་ལྟ་བུ་ལ་ཁྲོ་ གཉེར་ཅན་མ། མདའ་དང༌། ལྕགས་ཀྱུ་དང༌། གཞུ་དང༌། ཞགས་པ་འཛིན་པས་འཁྱུད་ པ་དང༌། ནུབ་སྒོར་སྟོབས་པོ་ཆེ་འོད་ཟེར་ཅན་མ་ལྟ་བུ་ལ་རྡོ་རྗེ་ལྕགས་སྒྲོགས་མ། རལ་ གྲི་དང༌། རྡོ་རྗེ་དང༌། ཕུབ་དང༌། ལྟོས་འགྲོ་འཛིན་པས་འཁྱུད་པ་དང༌། སྟེང་དུ་གཙུག་ ཏོར་འཁོར་ལོ་བསྒྱུར་བ་དྲག་སྤྱན་མ་ལྟ་བུ་ལ་ཤིན་ཏུ་སྔོན་མོ། གྲི་གུག་དང༌། རྡོ་རྗེ་དང༌། ཐོད་པ་དང༌། དྲིལ་བུ་འཛིན་པས་འཁྱུད་པ་དང༌། འོག་ཏུ་གནོད་མཛེས་རྒྱལ་པོ་ཤིན་ཏུ་ སྔོན་མོ་ལྟ་བུ་ལ་དྲག་སྤྱན་མ། དགྲ་སྟ་དང༌། རྩེ་གསུམ་དང༌། སྦྲུལ་ཞགས་དང༌། ཁ་ཊྭཱཾ་ག་ འཛིན་པས་འཁྱུད་པ་སྟེ། ཐམས་ཅད་སྦྲུལ་གྱིས་བརྒྱན་པ་ཞལ་གཅིག་པ་ཕྱག་བཞི་དང་ 7-1-177 ལྡན་ཞིང་ཁྲོ་བོ་རྣམས་གཡས་བརྐྱང་དང་ཁྲོ་བོའི་ལྷ་མོ་རྣམས་གཡོན་བརྐྱང་གིས་ཤིང་ རྟ་ལ་གནས་པའོ། །འོན་ཀྱང་བསྲུང་བའི་འཁོར་ལོའི་གཙུག་ཏོར་དང་གནོད་མཛེས་ དག་ནི་མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་ལྟ་བུ་སྟེ། གཞན་རྣམས་ནི་ཐུགས་ཀྱི་དཀྱིལ་ འཁོར་གྱི་ཁྲོ་བོ་རྣམས་དང་མཚུངས་སོ། ། དེ་བཞིན་དུ། རྐང་པ་དང་ལག་པའི་སོར་མོའི་རྩ་རྣམས་སྤྲོ་བ་ཇི་ལྟ་བ་དེ་བཞིན་དུ་དེ་ རྣམས་ལ་བཞུགས་པའི་ལྷ་རྣམས་ཀྱང་སྤྲོ་བར་བྱ་སྟེ། སྒོའི་གཡོན་དང་གཡས་ཀྱི་སྟེགས་ བུ་ལ་རྟ་བབས་ཀྱི་ཀ་བའི་ནང་རོལ་ཏུ་ཀླུ་རྣམས་དང༌། དུར་ཁྲོད་གྱི་འཁོར་ལོ་ལ་རབ་ གཏུམ་མ་རྣམས་སོ། ། དེ་ལ་ཤར་དུ་རླུང་གི་དཀྱིལ་འཁོར་ཟླུམ་པོ་གཉིས་ལ། ཧྻ་ཧྻཱ་ལས་བྱུང་བའི་སྟོབས་ཀྱི་རྒྱུ་ དང་པད་མ་ནག་པོ་སྟེ། མཁའ་ལྡིང་གདོང་མ་དང་ལྕེ་སྤྱང་གདོང་མས་འཁྱུད་པའོ། ། ལྷོར་མེའི་དཀྱིལ་འཁོར་གྲུ་གསུམ་གཉིས་ལ། ཧྼ་ཧྼཱ་ལས་བྱུང་བའི་ནོར་རྒྱས་དང་དུང་ སྐྱོང་དམར་པོ་སྟེ། འུག་གདོང་མ་དང་སྟག་གདོང་མས་འཁྱུད་པའོ། །བྱང་དུ་ཆུའི་དཀྱིལ་ འཁོར་ཟླ་གམ་གཉིས་ལ། ཧྺ་ཧྺཱ་ལས་བྱུང་བའི་མཐའ་ཡས་དང་རིགས་ལྡན་དཀར་པོ་སྟེ། བྱ་རྒོད་གདོང་མ་དང་ཕག་གདོང་མས་འཁྱུད་པའོ། །ནུབ་ཏུ་སའི་དཀྱིལ་འཁོར་གྲུ་བཞི་ གཉིས་ལ། ཧླ་ཧླཱ་ལས་བྱུང་བའི་འཇོག་པོ་དང་པད་མ་ཆེན་པོ་སེར་པོ་སྟེ། ཁྭ་གདོང་མ་ དང་ཁྱི་གདོང་མས་འཁྱུད་པའོ། །སྟེང་དང་འོག་ཏུ་ཡང་ནམ་མཁའ་དང་ཡེ་ཤེས་ཀྱི་ དཀྱིལ་འཁོར་ལ་རྒྱལ་བ་དང་རྣམ་པར་རྒྱལ་བ་ལྗང་ཁུ་དང་སྔོན་པོ་སྟེ། རྡོ་རྗེ་མིག་མ་ དང་སྔོན་མོས་འཁྱུད་པའོ། ། ཞེས་པ་རྐང་པའི་སོར་མོའི་རྩ་ལ་བཞུགས་པའི་ལྷ་རྣམས་ སྤྲོ་བའོ། ། དེ་བཞིན་དུ། ཤར་གྱི་དུར་ཁྲོད་རྩེ་མོས་འབིགས་པར་བསེའི་གདན་ལ། ཀྑྒྒྷྔ་ལས་བྱུང་བའི་ ཁྱི་གདོང་མ་ནག་མོ་སྟེ། པད་མ་ཆེན་པོས་འཁྱུད་པའོ། །ཤར་ལྷོའི་དུར་ཁྲོད་ལྷག་མ་ ཅན་དུ་བེ་རུཎ་ཊའི་གདན་ལ། ཉྫྙྫྪྩ་ལས་བྱུང་བའི་ཁྭ་གདོང་མ་ནག་མོ་སྟེ། འཇོག་པོས་ འཁྱུད་པའོ། །ལྷོའི་དུར་ཁྲོད་རོ་བསྲེགས་པར་དོམ་གྱི་གདན་ལ། ཀྵཡརཝལ་ 7-1-178 ལས་བྱུང་བའི་ཕག་གདོང་མ་དམར་མོ་སྟེ། རིགས་ལྡན་གྱིས་འཁྱུད་པའོ། །བདེན་བྲལ་གྱི་དུར་ཁྲོད་ དྲག་པོའི་གཡུལ་དུ་ཁྲུང་ཁྲུང་གི་གདན་ལ། ཎྜྷྜྛྚ་ལས་བྱུང་བའི་བྱ་རྒོད་གདོང་མ་དམར་ མོ་སྟེ། མཐའ་ཡས་ཀྱིས་འཁྱུད་པའོ། །བྱང་གི་དུར་ཁྲོད་རུལ་པར་འབྲིའི་གདན་ལ། ཧྻྼྺླ་ལས་བྱུང་བའི་སྟག་གདོང་མ་དཀར་མོ་སྟེ། དུང་སྐྱོང་གིས་འཁྱུད་པའོ། །དབང་ལྡན་གྱི་ དུར་ཁྲོད་བྱིས་པ་ཤི་བར་བྱ་མ་བྱིའི་གདན་ལ། མྦྷྦྥྤ་ལས་བྱུང་བའི་འུག་གདོང་མ་དཀར་ མོ་སྟེ། ནོར་རྒྱས་ཀྱིས་འཁྱུད་པའོ། །ནུབ་ཀྱི་དུར་ཁྲོད་རྣག་གི་དྲིར་སེང་གེའི་ གདན་ལ་ྈྐ་ཤ་ཥ་ྉྤས་ལས་བྱུང་བའི་ལྕེ་སྤྱང་གདོང་མ་སེར་མོ་སྟེ། པད་མས་འཁྱུད་ པའོ། །རླུང་གི་དུར་ཁྲོད་སྦྲུལ་གྱིས་བཟུང་བར་མིག་སྔོན་གྱི་གདན་ལ། ནྡྷྡྠྟ་ལས་བྱུང་བའི་ མཁའ་ལྡིང་གདོང་མ་སེར་མོ་སྟེ། སྟོབས་ཀྱི་རྒྱུས་འཁྱུད་པའོ། །དེ་ལྟར་གདན་བརྒྱད་ ནི་འཁོར་ལོ་རྣམས་ཀྱི་འོག་ཏུ་རིག་པར་བྱའོ། །སྟེང་དང་འོག་ཏུ་ཡང་ཤིང་རྟ་ལྗང་ཁུ་ དང་སྔོན་པོ་ལ་སྔོན་མོ་དང་རྡོ་རྗེ་མིག་མ་སྟེ་རང་རང་གི་ཤིང་རྟའི་ཁ་དོག་དང་ མཚུངས་ཤིང༌། རྣམ་པར་རྒྱལ་བ་དང་རྒྱལ་བ་དག་གིས་འཁྱུད་པའོ། །ཞེས་པ་ལག་པའི་ སོར་མོའི་རྩ་ལ་བཞུགས་པའི་ལྷ་རྣམས་སྤྲོ་བའོ། ། དེ་ལ་ཀླུ་རྣམས་རྡོ་རྗེའི་གདན་གྱིས་གནས་ཤིང་རིན་པོ་ཆེས་བརྒྱན་པ། ཞལ་གཅིག་པ་ ཕྱག་བཞི་པ་སྟེ། བདུད་རྩིའི་བུམ་པ་དང༌། རྡོ་རྗེ་དང༌། པད་མ་དང༌། རིན་པོ་ཆེ་འཛིན་ པའོ། །གཏུམ་མོ་རྣམས་ཟླུམ་པོའི་སྟབས་ཀྱིས་གནས་ཤིང་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ པ་མི་མགོའི་ཕྲེང་བ་མགུལ་དུ་འཕྱང་བ་ཞལ་གཅིག་མ་སྤྱན་གསུམ་མ་ཕྱག་གཉིས་མ་སྟེ་ གྲི་གུག་དང་ཐོད་པ་འཛིན་པའོ། །དེ་ལྟར་བསྟན་པ་རྣམས་སུ་གཡས་བརྐྱང་གི་གནས་པ་ ལ་གཡོན་བརྐྱང་གིས་འཁྱུད་པ་དང༌། རྡོ་རྗེའི་གདན་ལ་རྡོ་རྗེའི་གདན་གྱིས་འཁྱུད་པ་ དང༌། པད་མ་ལ་པད་མའི་གདན་གྱིས་འཁྱུད་པ་དང༌། ས་ག་ལ་ས་གས་འཁྱུད་པ་དང༌། ཟླུམ་པོ་ལ་ཟླུམ་པོས་འཁྱུད་པ་སྟེ། ཐམས་ཅད་དུ་ངེས་པའོ། །གཞན་ཡང༌། པགས་པའི་ 7-1-179 མཐར་སྤུ་རྣམས་སོ། །ཞེས་པས་རླུང་གི་དཀྱིལ་འཁོར་འདི་ཉིད་ལ་ས་བོན་དང་མཚན་མ་ སྣ་ཚོགས་པ་ལས་བྱུང་བའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་དང་གྲུབ་པ་རྣམས་སྤྲོ་ བར་བྱའོ།། དེ་བཞིན་དུ། གསུང་གི་སྟེགས་བུ་ལ་འདོད་མ་རྣམས་ཏེ། ཤར་སྒོའི་གཡས་སུ་ སྒྲོལ་མ་ལས་བྱུང་བ་དབྱེ་བར་འདོད་མ་དང༌། རེག་བྱ་རྡོ་རྗེ་མ་ལས་བྱུང་བ་གོས་འདོད་ མ་དང༌། ཁྱབ་འཇུག་མ་ལས་བྱུང་བ་མཆིལ་མ་འདོར་བར་འདོད་མ་དང༌། ལྕགས་སྒྲོག་ མ་ལས་བྱུང་བ་རེག་བྱ་འདོད་མ་དང༌། ཁྭ་གདོང་མ་ལས་བྱུང་བ་ལྷག་མ་ཟ་བར་འདོད་ མ་རྣམས་དང༌། གཡོན་དུ་ཤིན་ཏུ་སྔོན་མོ་ལས་བྱུང་བ་ཀུན་ཏུ་གདོང་བར་འདོད་མ་ དང༌། ཤིན་དུ་བརྩོན་འགྲུས་མ་ལས་བྱུང་བ་བསྐྲོད་པར་འདོད་མ་དང༌། ཙཱར་ཙི་ཀཱ་ལས་ བྱུང་བ་ལུས་འཕྲུག་པར་འདོད་མ་དང༌། ཁྱི་གདོང་མ་ལས་བྱུང་བ་ཡན་ལག་བསྐྱོད་པར་ འདོད་མ་རྣམས་སོ། ། ལྷོ་སྒོའི་གཡས་སུ་གོས་དཀར་མོ་ལས་བྱུང་བ་བསྐྱོད་པར་འདོད་མ་དང༌། རོ་རྡོ་རྗེ་མ་ ལས་བྱུང་བ་ཟས་འདོད་མ་དང༌། གཞོན་ནུ་མ་ལས་བྱུང་བ་གར་འདོད་མ་དང༌། ཁྲོ་ གཉེར་མ་ལས་བྱུང་བ་དགུགས་པར་འདོད་མ་དང༌། བྱ་རྒོད་གདོང་མ་ལས་བྱུང་བ་ གཡུལ་འདོད་མ་རྣམས་དང༌། གཡོན་དུ་དྲག་སྤྱན་མ་ལས་བྱུང་བ་རྒྱུག་པར་འདོད་མ་ དང༌། རྨུགས་བྱེད་མ་ལས་བྱུང་བ་སྐེམས་པར་འདོད་མ་དང༌། ཕག་མོ་ལས་བྱུང་བ་ལུས་ ཀྱི་དྲི་མ་འདོད་མ་དང༌། ཕག་གདོང་མ་ལས་བྱུང་བ་བཤང་གཅི་ཟག་པར་འདོད་མ་ རྣམས་སོ། ། བྱང་སྒོའི་གཡས་སུ་མཱ་མ་ཀཱི་ལས་བྱུང་བ་རྒྱས་པར་འདོད་མ་དང༌། གཟུགས་རྡོ་རྗེ་མ་ ལས་བྱུང་བ་རྒྱན་འདོད་མ་དང༌། དཔལ་མོ་ལས་བྱུང་བ་རྒྱལ་སྲིད་འདོད་མ་དང༌། ཙུན་ དཱ་ལས་བྱུང་བ་འཆིང་བར་འདོད་མ་དང༌། འུག་གདོང་མ་ལས་བྱུང་བ་བྱིས་པ་བསྡིགས་ པར་འདོད་མ་རྣམས་དང༌། གཡོན་དུ་སྒྲ་རྡོ་རྗེ་མ་ལས་བྱུང་བ་རོལ་མོའི་སྒྲ་འདོད་མ་ དང༌། ཁེངས་བྱེད་མ་ལས་བྱུང་བ་འཇམ་པར་སྨྲ་འདོད་མ་དང༌། དྲག་མོ་ལས་བྱུང་བ་ མལ་སྟན་འདོད་མ་དང༌། སྟག་གདོང་མ་ལས་བྱུང་བ་རྩོད་པ་མང་པོ་འདོད་མ་རྣམས་ 7-1-180 སོ། ། ནུབ་སྒོའི་གཡས་སུ་སྤྱན་མ་ལས་བྱུང་བ་རེངས་པར་འདོད་མ་དང༌། དྲི་རྡོ་རྗེ་མ་ལས་ བྱུང་བ་དྲི་འདོད་མ་དང༌། ཚངས་མ་ལས་བྱུང་བ་ཆུ་ལས་རྐྱལ་བར་འདོད་མ་དང༌། འོད་ཟེར་ཅན་མ་ལས་བྱུང་བ་ཕུར་བུས་འདེབས་པར་འདོད་མ་དང༌། མཁའ་ལྡིང་ གདོང་མ་ལས་བྱུང་བ་སྦྲུལ་འཆིང་བར་འདོད་མ་རྣམས་དང༌། གཡོན་དུ་ཆོས་ཀྱི་ དབྱིངས་མ་ལས་བྱུང་བ་འཁྲིག་པར་འདོད་མ་དང༌། རེངས་བྱེད་མ་ལས་བྱུང་བ་གཉེན་ འདུན་འདོད་མ་དང༌། དབང་མོ་ལས་བྱུང་བ་མལ་སྟན་ལ་བསྙེས་པར་འདོད་མ་དང༌། ལྕེ་སྤྱང་གདོང་མ་ལས་བྱུང་བ་སེམས་ཅན་བསླུ་བར་འདོད་མ་རྣམས་ཏེ། དབྱིབས་ལ་ སོགས་པ་ནི་གང་ལས་བྱུང་བ་དེ་དང་རྗེས་སུ་མཐུན་པའོ། ། གཞན་ཡང༌། ཉིན་ཞག་སོ་སོའི་དུས་སུ་གང་དང་གང་འདོད་པ་ཅི་ཡང་རུང་བ་དེ་དང་ དེ་ནི་ཇི་ལྟར་རིགས་པས་སུམ་ཅུ་རྩ་དྲུག་པོ་འདི་དག་ཉིད་ལ་འདུས་ཤིང༌། རྡོ་རྗེ་ དབྱིངས་ཀྱི་དབང་ཕྱུག་མ་ལས་བྱུང་བ་གསོད་པར་འདོད་མ་དང༌། སྣ་ཚོགས་ཡུམ་ལས་ བྱུང་བ་བསྐྱེད་པར་འདོད་མ་དག་ནི་ཐམས་ཅད་ལ་ཁྱབ་པར་བྱེད་པ་སུམ་ཅུ་རྩ་བདུན་ པ་ཉིད་ཡིན་པའི་ཕྱིར། ཕྱོགས་སོ་སོ་ཐ་དད་དུ་དགོད་པར་བྱ་བ་མ་ཡིན་ནོ། །དེ་བཞིན་ དུ་འདི་དག་ཉིད་བཟློག་པའི་རང་བཞིན་ནི་ཕྱིར་འདོད་མ་རྣམས་ཏེ་སྐུའི་སྟེགས་བུ་ ལ་སྤྲོ་བར་བྱའོ། །འདི་རྣམས་ཀྱི་ས་བོན་ནི་དབང་གི་ཆོ་གར་བསྟན་ཏོ། ། ཕྱི་རོལ་ཏུ་གཟའ་བཅུ་དང་དྷྲུ་བ་ལ་སོགས་པ་འཇིག་རྟེན་པའི་ལྷ་དཀྱིལ་འཁོར་ཆེན་པོ་ ལ་མངོན་པར་དད་པ་རྣམས་ཀྱང་བསམ་པར་བྱ་སྟེ། འདིར་ཕྱི་ནང་གཞན་གསུམ་གྱི་ དོན་ཇི་ལྟར་ཡིན་པ་དང༌། དེ་རྣམས་ཇི་ལྟར་མཚུངས་པའི་ཚུལ་ནི་བླ་མ་དམ་པ་རིགས་ ལྡན་གྱི་མན་ངག་ཐུན་མོང་མ་ཡིན་པའི་བདུད་རྩི་དམ་པས་ཐུགས་བལྟམས་པའི་ཞལ་ གྱི་སྒྲོན་མ་དྲི་མ་མེད་པ་ལས་རྟོགས་པར་བྱ་བ་ཁོ་ནའོ། །དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་ བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་ཤིན་ཏུ་ རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཁོར་དང་བཅས་པར་བལྟས་ལ། ཨོཾ་སུ་ 7-1-181 བི་ཤུདྡྷ་དྷརྨྨ་དྷཱ་དུ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་སེམས་ཅན་ རྣམས་ལ་སྙིང་རྗེའི་དབང་སྦྱིན་པར་བྱ་བའི་ཕྱིར། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་ དཔག་ཏུ་མེད་པ་དག་གིས་འགྲོ་བ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་བཀུག་ ནས་དཀྱིལ་འཁོར་དུ་གཞུག་པར་བྱའོ། ། དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་ཐམས་ཅད་བཀུག་ནས། རང་གི་སྙིང་ཁར་རབ་ཏུ་བཅུག་སྟེ་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྣམས་གསང་ བའི་རྡོ་རྗེ་ལས་སྤྲོས་ནས། དེས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བར་བྱའོ། །དེ་ ལྟར་བྱང་ཆུབ་སེམས་ཀྱི་འོད་ཟེར་རྣམས་ཀྱིས་རེག་པའི་སེམས་ཅན་དེ་དག་མཆོག་གི་ དགའ་བ་དང་བདེ་བས་གང་བའི་ལྷའི་སྐུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཞལ་ དང་སྐུ་མདོག་ལ་སོགས་པ་སྣ་ཚོགས་པ་དང་ལྡན་པར་གྱུར་ཅིང༌། སླར་ཡང་དེ་དག་རེ་ རེ་ཞིང་ཡང་སྐད་ཅིག་གིས་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རང་ བཞིན་དུ་གྱུར་པ་ལྟ་བར་བྱ་སྟེ། ཀྵ་ཀྵི་ཀྵྀར་ཀྵུ་ཀྵླྀ། ཞེས་པ་ཕུང་པོ་ལྔ་རྣམ་པར་དག་པ་ སངས་རྒྱས་ལྔ་དང༌། ཀྵཱ་ཀྵཱི་ཀྵྼཱྀ་ཀྵཱུ་ཀྵླཱྀ། ཞེས་པ་ཁམས་ལྔ་རྣམ་པར་དག་པ་ཡུམ་ལྔ་དང༌། ཀྵ་ཀྵེ་ཀྵར་ཀྵོ་ཀྵལ་ཀྵཾ། ཞེས་པ་དབང་པོ་དྲུག་རྣམ་པར་དག་པ་སེམས་དཔའ་དྲུག་དང༌། ཀྵཱ་ཀྵཻ་ཀྵརཱ་ཀྵཽ་ཀྵལཱ་ཀྵཿ ཞེས་པ་ཡུལ་དྲུག་རྣམ་པར་དག་པ་སེམས་མ་དྲུག་དང༌། ཀྵྷ་ཀྵྻ་ཀྵྼ་ ཀྵྺ་ཀྵླ། ཞེས་པ་ལས་ཀྱི་དབང་པོ་ལྔ་རྣམ་པར་དག་པ་ཁྲོ་བོ་ལྔ་དང༌། ཀྵཧཱ་ཀྵཡཱ་ཀྵརཱ་ཀྵཝཱ་ ཀྵལཱ། ཞེས་པ་ལས་ཀྱི་དབང་པོའི་ཡུལ་ལྔ་རྣམ་པར་དག་པ་ཁྲོ་མོ་ལྔ་སྟེ། དེ་ལྟར་ན་ མཚན་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་ལྟར་དཀྱིལ་འཁོར་གྱི་ འཁོར་ལོའི་རྣམ་པར་གྱུར་ནས། སླར་ཡང་དེ་དག་རང་རང་གི་ཞིང་དུ་གཤེགས་སུ་ གསོལ་བར་བྱ་སྟེ། མདོར་བསྡུས་པའོ། །ཡང་ན་ལྷ་མོའི་པད་མར་སོ་སོའི་ས་བོན་ལས་ བྱུང་བའི་ལྷའི་སྐུ་རྫོགས་པར་བྱས་ནས་སོ་སོར་སྤྲོ་བར་བྱ་སྟེ་འདི་ནི་རྒྱས་པའོ། །དེ་ལྟར་ ན། མངལ་དུ་ཟླ་བ་དགུས་བྱིས་པའི་ལུས་རྫོགས་པ། ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ དུ་མངོན་པར་བྱང་ཆུབ་པ་ལྔས་ལྷའི་སྐུ་རྫོགས་པ་བསྙེན་པའི་ཡན་ལག་སྟེ་དཀྱིལ་ 7-1-182 འཁོར་རྒྱལ་མཆོག་གོ ། དེ་ནས་ཟླ་བ་བཅུ་པ་སྲིད་པའི་ཡན་ལག་ལ་བཙའ་བའི་དུས་སུ་བྱིས་པའི་ངག་རྫོགས་པ་ ཇི་ལྟ་བ་དེ་བཞིན་དུ་ལྷའི་གསུང་རྫོགས་པ་ཉེ་བའི་བསྒྲུབ་པ་དང་ལས་རྒྱལ་མཆོག་སྟེ། དང་པོར་ལྟེ་བ་དང་གཙུག་ཏོར་གྱི་ཨ་བ་དྷཱུ་ཏཱིའི་ལམ་དུ་ཧོཿ ཡིག་དག་དང༌། དཔྲལ་བ་ དང༌། མགྲིན་པ་དང༌། སྙིང་ཁ་རྣམས་སུ་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཨོཾ་ཨཱཿཧཱུཾ་ རྣམས་ལས་བྱུང་བའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་དགོད་ པར་བྱའོ། དེ་ནས་ཧོཿ ཡིག་དུས་ཀྱི་མེའི་འོད་ཟེར་གྱིས་སྟེང་དང་འོག་ནས་སྐུ་གསུང་ ཐུགས་ཀྱི་རྡོ་རྗེ་རྣམས་བཞུ་སྟེ། གཏུམ་མོ་ཤེས་རབ་ཀྱི་ཆགས་པས་ཡབ་ཡུམ་གཉིས་ཀ་ཟླ་ བ་ཞུ་བ་ལྟར་གྱུར་པ་ལ། ལྷ་མོ་རྣམས་ཀྱིས་གླུ་དག་མཛད་དེ། བཅོམ་ལྡན་ཁྱོད་ནི་སེམས་ ཅན་ཀུན་ལ་ཕན་པ་མཛད་པ་པོ། བདག་ཅག་སྲུངས་ཤིག་ལྷ་མིའི་བླ་མ་རྡོ་རྗེ་ལྡན་པ་ འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། ཅེས་པའམ། ཡང་ན་རྒྱས་པར་ཏེ། བཏང་སྙོམས་དང༌། སྙིང་རྗེ་དང༌། དགའ་བ་དང༌། བྱམས་པའི་རང་བཞིན་སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་ཀྱིས། ཡེ་ཤེས་དང༌། ཐུགས་དང༌། གསུང་དང༌། སྐུའི་རྡོ་རྗེ་རྣམས་གྲངས་བཞིན་དུ་བསྐུལ་བར་བྱ་སྟེ། སྤྱན་མ་བདག་ནི་ འགྲོ་བའི་ཡུམ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། ། བདག་ནི་དཀྱིལ་འཁོར་རང་ བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། ། མཱ་མ་ཀཱི་བདག་སྲིང་མོ་ སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་ནི་དཀྱིལ་འཁོར་རང་བཞིན་གྱིས། །དུས་ འཁོར་བཞེངས་ལ་བདག་འདོད་མཛོད། །གོས་དཀར་མོ་བདག་བུ་མོ་སྟེ། །རྣལ་འབྱོར་པ་ ཡི་སྐྱེས་བུའི་གནས། །བདག་ནི་དཀྱིལ་འཁོར་རང་བཞིན་གྱིས། ། དུས་འཁོར་བཞེངས་ལ་ བདག་འདོད་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་བྲལ་ གནས། །བདག་ནི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ འདོད་མཛོད། །ཅེས་པ་དང༌། ཐུན་མོང་དུ། སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ནས། ། འགྲོ་བ་བསྒྲལ་པའི་བསམ་པ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །འགྲོ་བའི་ 7-1-183 མགོན་པོས་སྤྲོ་བར་མཛོད། །ཅེས་པའི་གླུ་རྣམས་ཀྱིས་ཏེ། བྱིས་པ་རྣམས་ལ་དཀྱིལ་འཁོར་ ལྔ་འབབ་པའི་དོན་དང་ཕྱི་རོལ་གྱི་ཡུལ་རྣམས་ལ་ལོངས་སྤྱོད་པའི་དོན་དུ་བསྐུལ་བ་ ལྟར། བཅོམ་ལྡན་འདས་ཀྱང་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པ་ལས་འགྲོ་བའི་དོན་ མཛད་པའི་སླད་དུ་བསྐུལ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གླུ་དེ་གསན་ནས་རབ་ ཏུ་སད་དེ། འགྲོ་བ་མཐའ་དག་སྒྱུ་མ་ལྟ་བུར་གཟིགས་ནས་གཞན་གྱི་དོན་དུ་སླར་ཡང་ བསྐྱེད་པར་མཛད་དེ། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དང་དེ་ལས་བྱུང་བའི་དུས་ཀྱི་འཁོར་ལོ་དྲི་ མ་མེད་པའི་འོད་ཟེར་འཕྲོ་བ། རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན་ཅིང་མི་བསྐྱོད་པའི་ ཅོད་པན་ཅན། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ་སྣ་ཚོགས་ཡུམ་གྱིས་འཁྱུད་པའི་ སྐུར་སྔ་མ་ལྟར་བཞེངས་པར་བྱའོ། །དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་ བའི་སྒྲས་ནམ་མཁར་གནས་པའི་སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ ཅད་དཀྱིལ་འཁོར་པ་རྣམས་དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་རང་གི་ལུས་ལ་རབ་ ཏུ་བཅུག་ནས་ཞུ་བར་གྱུར་པ་རྣམས་ཡུམ་གྱི་པད་མར་སོ་སོའི་ས་བོན་ལས་ཚན་མ་དང་ མཚན་མ་ལས་ལྷའི་སྐུ་ཇི་སྐད་བསྟན་པའི་ཁ་དོག་དང་དབྱིབས་དང་མཚན་མ་ལ་ སོགས་པ་དང་ལྡན་པར་བྱས་ལ་སླར་ཡང་པད་མ་ལས་བྱུང་ནས་རང་རང་གི་གནས་སུ་ སྔ་མ་ལྟར་སྤྲོ་བར་བྱའོ། །འོན་ཀྱང་མི་བསྐྱོད་པ་སྤྲོ་བའི་གནས་སུ་འདིར་ཨཾ་ལས་བྱུང་ བའི་རྡོ་རྗེ་སེམས་དཔའ་སྤྲོ་བར་བྱ་སྟེ་འདི་ནི་ཁྱད་པར་རོ། ། དེ་ལྟར་སྤྲོས་པ་རྣམས་ཀྱིས་དག་པ་ཡང་ཤེས་པར་བྱ་སྟེ། ལྷ་མོ་སངས་རྒྱས་རིག་མ་ཤིང་ དང་བཅས་ཤིང་བུམ་པ་དང་བཅས་རྒྱལ་བ་ཡི་ནི་དག་པའི་སྐུ། །ཁྲོ་བོའི་དབང་པོ་བྱང་ ཆུབ་སེམས་དཔའ་ངེས་པར་རོ་ཡི་རྡོ་རྗེ་མ་ནི་ཆོས་ཀྱི་སྐུ་དེ་ཉིད། །རྣལ་འབྱོར་མ་རྣམས་ ལོངས་སྤྱོད་སྐུ་སྟེ་རབ་མཆོག་ཤིང་རྟ་ལ་གནས་ལྷ་ནི་ཉི་མར་རབ་གྲགས་པ། །ཀླུ་ནི་ བརྒྱད་པོ་རྣམས་དང་རབ་གཏུམ་མ་རྣམས་འཁོར་དང་བཅས་པ་སངས་རྒྱས་ཀྱི་ནི་སྤྲུལ་ པའི་སྐུ། ། དེ་བཞིན་སླར་ཡང་རྒྱལ་བའི་སྐུ་ནི་དབྱེ་བ་གཉིས་སུ་འགྱུར་ཏེ་ཕྱི་རོལ་དག་ དང་ནང་ན་ཡང༌། །མངལ་ནས་སྐྱེས་པ་ཇི་ལྟ་བ་ཉིད་དེ་བཞིན་ཁོ་ན་དཀྱིལ་འཁོར་ལ་ 7-1-184 ནི་ངེས་པར་རབ་ཏུ་འགྱུར། །སྟོན་པ་ལྷ་མོ་སོགས་དང་བུམ་པ་ལྷན་སྐྱེས་རྒྱལ་བའི་སྐུ་སྟེ་ དཀྱིལ་འཁོར་སྙིང་པོའི་དབུས་སུའོ། །སངས་རྒྱས་ལ་སོགས་ཆོས་ཀྱི་སྐུ་སྟེ་ངེས་པར་རོ་ཡི་ རྡོ་རྗེ་མ་སོགས་ལོངས་སྤྱོད་རྫོགས་པའི་སྐུ། །ཁྲོ་བོ་སྤྲུལ་པའི་སྐུ་རུ་འགྱུར་ཏེ་རིགས་ཀྱི་ དབང་གིས་དཀྱིལ་འཁོར་གྱི་ནི་སྙིང་པོར་ཡང་དག་གནས། །ཕྱི་རོལ་ཏུ་ནི་ཙ་མུཎ་ཌཱ་ལ་ སོགས་པ་ལྷ་མོ་བརྒྱད་པོ་འཁོར་དང་བཅས་པ་དག་པའི་སྐུ། །ལྷ་ལ་སོགས་པ་ཆོས་ཀྱི་སྐུ་སྟེ་ མཐའ་དག་གདེངས་ཅན་རིགས་ཀྱང་འདིར་ནི་ལོངས་སྤྱོད་རྫོགས་པའི་སྐུ། །གཏུམ་ མོ་རྣམས་ནི་སྤྲུལ་པའི་སྐུར་འགྱུར་མི་ཡི་བདག་པོ་སེམས་ཅན་ཀུན་གྱི་དོན་གྱི་སླད་ དུའོ། །སྐུ་ཡི་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྐུ་ནི་ཟུང་དུ་འགྱུར་ཏེ་གཟུགས་ནི་རྫོགས་པའི་ སླད་དུའོ། །གསུང་གི་རྡོ་རྗེ་དང་ནི་ཆོས་ཀྱི་སྐུ་ཡང་ཟུང་དུ་འགྱུར་ཏེ་ཆོས་ཉིད་བསྟན་ པའི་དོན་དུའོ། །ཐུགས་དང་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཟུང་དུ་འགྱུར་ཏེ་སེམས་ ཅན་ཀུན་གྱི་དོན་ནི་བྱེད་པ་པོ། །ཡེ་ཤེས་དང་ནི་སྤྲུལ་པའི་སྐུ་དག་ཟུང་དུ་འགྱུར་ཏེ་སྲོག་ ཆགས་རྣམས་ལ་ཐར་པ་སྟེར་པ་ཉིད། །ཤེས་རབ་ཐབས་ཀྱི་ལུས་དང་བསམ་པ་མཉམ་ དང་མི་མཉམ་རིགས་ནི་ཉི་ཟླ་ཨཱ་སོགས་ཀཱ་སོགས་དང༌། །རྣམ་གསུམ་སྲིད་པ་ལ་གནས་ ཡེ་ཤེས་རྣམ་ཤེས་དབྱེ་བ་དག་གིས་རྣལ་འབྱོར་པ་ཡིས་རིག་པར་བྱ། །བུམ་པ་རྣམས་ དང་དུ་བ་ལ་སོགས་བརྒྱད་པོ་རྣམས་ཀྱི་སྙིང་གར་ཆོས་ཀྱི་འཁོར་ལོར་རབ་ཏུ་ འགྱུར། །རིག་མ་རྣམས་དང་སངས་རྒྱས་ཉིད་ཀྱིས་མགོ་བོར་རྩིབས་བཅུ་དྲུག་པ་ལྷན་ ཅིག་སྐྱེས་པར་རབ་ཏུ་གྲགས། །བྱང་ཆུབ་སེམས་དཔའ་ལ་སོགས་ཉིས་འགྱུར་མི་བདག་ རྣམས་ཀྱིས་མགྲིན་པར་ལོངས་སྤྱོད་རྫོགས་པའི་འཁོར་ལོར་འགྱུར། །འཇིགས་མ་ལ་ སོགས་ནོར་ནི་གདེངས་ཅན་དག་གིས་བསྒྱུར་བ་རྣམས་ཀྱིས་ལྟེ་བར་སྤྲུལ་པའི་འཁོར་ ལོར་འགྱུར། །ལྷ་རྣམས་ཀྱིས་ནི་ལས་ཀྱི་འཁོར་ལོ་ལག་པ་རྐང་པའི་ཚིགས་ལ་དགུ་བཅུ་ དུས་ཀྱིས་བསྣུན་པ་སྟེ། །ཀླུ་དང་གཏུམ་མོ་མི་ཡི་བདག་པོ་རྣམས་ཀྱིས་སོར་མོའི་ཚིགས་ ཀྱི་མཚམས་ལ་བྱ་བ་ཞེས་བྱར་འགྱུར། །ལོ་དང་ཟླ་བ་ལ་སོགས་དབྱེ་བའི་དུས་ཀྱི་དག་ པས་དཔལ་ལྡན་རྡོ་རྗེ་ཅན་འགྱུར་མི་ཡི་བདག །ཉིན་ཞག་སོ་སོའི་རྣམ་པར་དག་པའི་ 7-1-185 དབང་གིས་སྣ་ཚོགས་ཡུམ་ནི་སེམས་ཀྱི་རྣམ་པ་ཉིན་མཚན་མིན། །རླུང་གི་དག་པས་དུ་ བ་ལ་སོགས་རང་གི་སྙིང་གའི་པད་མར་རྩ་ཡི་འཁོར་ལོ་ལ་གནས་རྣམས། །ཉོན་མོངས་ རྣམས་ཀྱིས་དྲག་པོ་ཆུང་མར་བཅས་པ་ཁྱབ་བདག་ཞབས་ཀྱི་འོག་ཏུ་བདུད་ཀྱི་ཚོགས་ ཀྱིས་འདུད། ། དེ་བཞིན་དུང་དང་གཎྜཱི་ནོར་བུ་ལྗོན་པ་ཞེས་པ་དག་ཀྱང་སྐུ་ཡི་རྡོ་རྗེ་ལ་ སོགས་ཀྱིས། །བུམ་པ་བརྒྱད་ནི་བདུད་རྩིའི་ཡན་ལག་གིས་ཏེ་རྒྱལ་དང་རྣམ་རྒྱལ་བུམ་པ་ བྱང་ཆུབ་སེམས་སོགས་ཀྱིས། །འདུ་བྱེད་དོན་ཡོད་གྲུབ་པ་ཚོར་བ་དྲི་མེད་ནོར་བུའི་ཕྱག་ དང་འདུ་ཤེས་སྣང་བ་མཐའ་ཡས་ཏེ། །གཟུགས་ནི་འཁོར་ལོ་ཅན་ནོ་རི་བོང་ཅན་དང་ སྟོབས་ཁྲག་བཤང་བ་གཅི་བ་རྣམ་པར་དག་པའོ། །ལྷ་མོ་དྲུག་ནི་ཁམས་རྣམས་ཀྱིས་ཏེ་ ཡུལ་དང་ཡུལ་ཅན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས། །ཁྲོ་བོ་ལྔ་ནི་ སྟོབས་རྣམས་ཀྱིས་ཏེ་ངེས་པར་སླར་ཡང་གཞན་པ་ལྔ་ནི་དབང་པོ་གཞན་རྣམས་ ཀྱིས། །ཙ་མུཎ་ཌཱ་སོགས་ཐུན་བརྒྱད་ཀྱིས་ཏེ་པད་མའི་འདབ་མར་གནས་རྣམས་ཉི་མའི་ དུས་སྦྱོར་ཆུ་ཚོད་ཀྱིས། །ལྷ་མིན་ལ་སོགས་ཉི་མ་ཟླ་བས་པད་མའི་འདབ་མར་གནས་ རྣམས་ཆུ་ཚོད་དབུགས་ཀྱི་གྲངས་ཀྱིས་སོ། །གསང་བར་མི་བདག་གཉིས་འགྱུར་ཆུ་ཚོད་ རྣམས་ཀྱིས་ཀླུ་རྣམས་དང་ནི་གཏུམ་མོ་རྣམས་ཀྱང་རྣམ་པར་དག །དེ་བཞིན་འདོད་མ་ ལ་སོགས་དེ་དག་རང་བཞིན་ཡོན་ཏན་དབང་གིས་ལུས་ཀྱི་བྱ་བ་རྣམ་པར་དག །སྐྲ་ རྣམས་ཀྱིས་ནི་གྲུབ་པ་མཐའ་དག་བ་སྤུ་རྣམས་ཀྱིས་དུར་ཁྲོད་ས་གཞི་ལ་གནས་འབྱུང་ པོའི་ཚོགས། །དེ་ཉིད་རྣམས་ཀྱི་གཙོ་བོའི་མཚོན་ཆ་རང་བཞིན་ཡོན་ཏན་དབང་གིས་ ཁམས་ཀྱིས་ཕྱི་ཡི་ཕྱག་རྒྱའོ། །རྡོ་རྗེས་ནང་གི་ཕྱག་རྒྱ་རྡོ་རྗེ་འཛིན་པའི་ཐུགས་ཀར་ཟླ་ བའི་སྟེང་དུ་ཡང་དག་གནས་པའོ། །དཔལ་ལྡན་རྡོ་རྗེ་ཅན་དང་སྣ་ཚོགས་ཡུམ་ནི་རྣམ་ གསུམ་སྲིད་གནས་འགྱུར་མེད་ཡེ་ཤེས་དབྱེ་བ་ལས། །དཔལ་ལྡན་དག་པ་ལས་ནི་ཆོས་ སྐུར་འགྱུར་ཏེ་ཆོས་ལ་ངེས་པར་ལོངས་སྤྱོད་རྫོགས་སྐུ་བཟང་པོའོ། །ལོངས་སྤྱོད་ལས་ནི་ སྤྲུལ་པའི་སྐུ་རུ་འགྱུར་ཏེ་རྒྱལ་བའི་བདག་པོ་སེམས་ཅན་ཀུན་དོན་བྱེད་པའོ། །བཞི་པའི་ གནས་སྐབས་ཤིན་ཏུ་གཉིད་ལོག་ངེས་པར་སླར་ཡང་གཞན་དང་ལུས་ཀྱི་དབྱེ་བས་སད་ 7-1-186 པ་སྟེ། །དེ་ལྟར་ལུས་ཀྱི་རབ་ཏུ་དབྱེ་བས་སྲོག་ཆགས་རྣམས་ཀྱི་ལུས་ལ་ཡིད་ནི་རྣམ་པ་ བཞི་རུ་གནས། །སྤྲུལ་པར་ཡིད་ནི་ལོངས་སྤྱོད་བྱེད་པ་པོ་རུ་རབ་ཏུ་འགྱུར་ཏེ་ལུས་དང་ ངག་གི་དབང་པོས་སོ། །ལོངས་སྤྱོད་རྫོགས་ལ་མ་མཐོང་སེམས་པར་འགྱུར་ཏེ་ཡོན་ཏན་ དབང་གིས་ཆོས་ཀྱི་སྐུ་ལ་གཉིད་ཀྱང་ངོ༌། །དག་པ་ལ་ནི་བདེ་བར་རབ་འགྱུར་འདི་ནི་ ཉིན་མཚན་དུས་སུ་ཐིག་ལེ་གྲོལ་བ་གསུམ་གྱི་མཐར། །དེ་ཕྱིར་དེ་ནི་ཉིན་མཚན་དུས་སུ་ རྣལ་འབྱོར་པ་ཡིས་བསྒོམ་པར་བྱ་སྟེ་འགྱུར་མེད་དོན་དུའོ། །གཡོན་དུ་སྲོག་ནི་རབ་ཏུ་ རྒྱུ་བར་འགྱུར་བ་དེ་བཞིན་དུ་ནི་གཡས་པ་བསྐུམ་པ་གང་ཡིན་པ། །དེ་ནི་གཡོན་བརྐྱང་ སྟབས་ཏེ་མཉམ་པའི་སྟབས་དང་གཞན་པ་གཡས་བརྐྱང་མེ་དང་ཉི་མའི་རྒྱུ་བ་ལས། ། ས་ག་དང་ནི་ཟླུམ་པོ་ཉིད་དང་མཆོག་གི་རོལ་པའི་སྟབས་དང་པད་མ་དང་ནི་རྡོ་རྗེའི་ གདན། ། མཉམ་དང་མི་མཉམ་བགྲོད་པ་དག་ལ་ནམ་མཁའ་ལ་སོགས་རབ་ཏུ་རྒྱུ་བའི་ སྲོག་རླུང་རྣམ་པ་ལྔ། །དཔལ་ལྡན་རྡོ་རྗེ་ཅན་ནི་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་མི་བདག་ དཀྱིལ་འཁོར་སྐུ་ཡི་རྡོ་རྗེའོ། །ཟླ་བ་ཉི་མའི་སྟེང་དུ་ཨཱ་ལི་ཀཱ་ལིའི་རིགས་སྐྱེས་ལྷ་རྣམས་ འཁོར་ལོ་གསུང་གི་རྡོ་རྗེའོ། །ཞེས་པ་ལ་སོགས་པའི་རྣམ་པར་དག་པ་རྗེས་སུ་དྲན་པར་ བྱའོ། ། དེ་ལྟར་ན་བྱིས་པ་མངལ་ནས་འབྱུང་བའི་དུས་སུ་སྲོག་ལ་སོགས་པ་རླུང་བཅུ་སྐྱེ་བ་ལ་ སོགས་པ་ཇི་ལྟ་བ་དེ་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་རྫོགས་པའོ། །དེ་ནས་དབང་ པོ་རབ་ཏུ་སད་པ་ཇི་ལྟ་བ་དེ་བཞིན་དུ་ཡེ་ཤེས་པ་དགུག་པ་ལ་སོགས་པ་ནི་ཧཱུཾ་ལས་རྡོ་ རྗེ་དང༌། དེ་ལས་བྱུང་བའི་རྡོ་རྗེ་ཤུགས་ཞལ་བཞི་པ་འཇིགས་པའི་སྐུ་ཅན་རབ་ཏུ་ བཞད་ཅིང༌། མཆེ་བ་ཕྱེད་གཙིགས་པ། སྒྲ་དྲག་པོ་སྒྲོགས་པ། སྤྱན་བཅུ་གཉིས་པ། ཕྱག་ཉི་ ཤུ་རྩ་དྲུག་པ། ཤེས་རབ་དང་ཐབས་ལས་བྱུང་བ་གཙོ་བོ་བཞིན་དུ་མཚོན་ཆ་རྣམས་དང་ བཅས་པ། གླང་པོ་ཆེའི་པགས་པའི་གོས་ཅན། ཕྱག་རྒྱ་ལྔས་བརྒྱན་ཅིང་མི་བསྐྱོད་པའི་ དབུ་རྒྱན་ཅན། ཐོད་པ་ལྔ་དང་མགོ་བོའི་ཕྲེང་བ་འཛིན་པ། སྦྲུལ་གྱིས་བརྒྱན་པ་རྐང་པ་ བརྒྱད་པའི་ཤིང་རྟ་ལ་གནས་པ་སྤྲོས་ནས་ཡེ་ཤེས་འཁོར་ལོའི་སླད་དུ་བསྐུལ་བར་ 7-1-187 བྱའོ། །དེས་ཀྱང་ཡེ་ཤེས་འཁོར་ལོའི་དབང་ཕྱུག་གི་ལྟེ་བར་རྡོ་རྗེ་ལྕགས་ཀྱུས་བཏབ་ཅིང་ ཕྱག་ཉི་ཤུ་རྩ་བཞི་པོ་རྣམས་རྡོ་རྗེ་ཞགས་པས་བཅིངས་ནས། མཚོན་ཆ་རྣམས་ཀྱིས་ བསྡིགས་པར་བྱེད་ཅིང་ཡེ་ཤེས་ཀྱི་འཁོར་ལོ་མཐའ་དག་བསྒྲུབ་བྱར་བྱས་ནས། ཛཿཡིག་ དང་རྡོ་རྗེ་ལྕགས་ཀྱུ་དག་གིས་ནམ་མཁར་བཀུག་སྟེ་སླར་ཡང་རང་ཉིད་ལ་ཞུགས་པར་ བསམ་མོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་མཆོད་པ་བཅུ་གཉིས་ལ་སོགས་པས་ཡང་དག་ པར་མཆོད་ནས། དམ་ཚིག་གི་འཁོར་ལོ་ལ་གཞུག་པ་ནི་རྨུགས་བྱེད་ཀྱིས་ཏེ། ཧཱུཾ་ཡིག་ དང་རྡོ་རྗེ་དག་གིས་སོ། །དེ་ནས་རེངས་བྱེད་ཀྱིས་བཅིང་བར་བྱ་སྟེ། ཝཾ་ཡིག་དང་རྡོ་རྗེ་ ཞགས་པ་དག་གིས་སོ། །དེ་ནས་ཁེངས་བྱེད་ཀྱིས་མཉེས་པར་བྱ་སྟེ། ཧོཿཡིག་དང་རྡོ་རྗེ་ དྲིལ་བུ་དག་གིས་སོ། །དེ་ནས་ཤིན་ཏུ་སྟོབས་ཀྱིས་རོ་མཉམ་པར་བྱ་སྟེ། ཧི་ཡིག་དང་རྡོ་ རྗེ་དབྱུག་པ་དག་གིས་སོ། །དེ་ལྟར་བྱིས་པའི་ལུས་གྲུབ་པ་ཇི་ལྟ་བ་དེ་བཞིན་དུ་ལྷའི་ གཟུགས་རྫོགས་པའོ། ། དེ་ནས་བྱིས་པ་སྐྱེས་པའི་ལུས་དང་ངག་དང་སེམས་རྣམས་སད་པ་དང་རྨི་ལམ་དང་ ཤིན་ཏུ་གཉིད་ལོག་པའི་རང་བཞིན་གྱིས་བྱིན་གྱིས་རློབ་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་ རྣམས་ཀྱིས་དཔྲལ་བ་དང༌། མགྲིན་པ་དང༌། སྙིང་གར་དང༌། ལྟེ་བ་དང༌། གསང་བ་དང༌། གཙུག་ཏོར་རྣམས་སུ། ཨོཾ་ཨཱཿཧཱུཾ་ཧོཿསྭཱཧཱ། ཞེས་པ་རྣམས་བཀོད་ནས་བྱིན་གྱིས་བརླབ་ པར་བྱའོ། ། དེ་ཡང་བྱིས་པ་སྐྱེས་པ་མ་ཡིས་འཁྲུ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། ལྷ་རྣམས་ཀྱང་ རྣལ་འབྱོར་མ་རྣམས་ཀྱིས་བཀྲུ་བར་བྱ་སྟེ། དཔྲལ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་ ཨོཾ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་སྟེ། དེ་ལས་བྱུང་བའི་སྐུ་རྡོ་རྗེ་ དཀར་པོ་ཞལ་གསུམ་ཕྱག་དྲུག་པ་གཡས་ཞལ་ནག་ཅིང་གཡོན་ཞལ་དམར་བ། ཕྱག་ རྣམས་ཀྱིས་འཁོར་ལོ་དང༌། རྡོ་རྗེ་དང༌། པད་མ་དང༌། རལ་གྲི་དང༌། དྲིལ་བུ་དང༌། དྲིལ་ བུ་འཛིན་ཅིང་ཡུམ་དང་བཅས་པ་རྫོགས་པར་བྱ་སྟེ་ནམ་མཁར་སྤྲོ་བར་བྱའོ། །དེས་ཀྱང་ ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་བཀང་སྟེ། སྐུ་རྡོ་རྗེས་འདུལ་བའི་སེམས་ཅན་ 7-1-188 རྣམས་ལ་ཆོས་བསྟན་ནས། སླར་ལོག་སྟེ་མདུན་གྱི་ནམ་མཁར་བཞུགས་པ་ལ། སྐུའི་རྡོ་རྗེ་ འཛིན་པ་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་སྐུའི་རིགས་ཀྱི་ལྷ་ མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་བདག་ཉིད་ལ་མངོན་པར་དབང་བསྐུར་བར་ བསམ་པར་བྱའོ། ། དེ་ལྟར་དབང་བསྐུར་བར་གྱུར་པ་ལ་བྱིན་གྱིས་བརླབ་པར་བྱ་སྟེ་ དཔྲལ་བའི་ཟླ་བ་ལ་སྐུ་རྡོ་རྗེ་བཀོད་ནས། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་ གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱི་ནི། །བྱིན་རླབས་གནས་སུ་དེང་བདག་ མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་ པས། །སྐུ་ཡི་རྡོ་རྗེ་ཅན་གྱི་ནི། ། བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་གསོལ་བ་ བཏབ་པས་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་བལྟའོ། ། དེ་བཞིན་དུ། མགྲིན་པར་ར་ལས་ཉི་མའི་དཀྱིལ་འཁོར་ཨཱཿལས་བྱུང་བའི་པད་མ་དམར་ པོ་འདབ་མ་བརྒྱད་པ་སྟེ། དེ་ལས་བྱུང་བའི་གསུང་རྡོ་རྗེ་དམར་པོ། གཡས་ཞལ་དཀར་ ཞིང་གཡོན་ཞལ་ནག་པ། ཕྱག་རྣམས་ཀྱིས་པད་མ་དང༌། རྡོ་རྗེ་དང༌། འཁོར་ལོ་དང༌། ནོར་བུ་དང༌། དྲིལ་བུ་དང༌། རལ་གྲི་འཛིན་ཅིང༌། ཡུམ་དང་བཅས་པ་སྤྲོས་པས་གསུང་ རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་ནས། སླར་ཡང་མདུན་གྱི་ནམ་ མཁར་བཞུགས་པ་ལ། གསུང་རྡོ་རྗེ་འཛིན་པ་བདག་ལ་དབང་བསྐུར་དུ་གསོལ། ཅེས་ གསོལ་བ་བཏབ་པས། གསུང་གི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་ བདག་ཉིད་ལ་དབང་བསྐུར་བར་བསྒོམ་པར་བྱའོ། །དེ་ནས་གསུང་རྡོ་རྗེ་མགྲིན་པའི་ཉི་ མ་ལ་བཀོད་ནས། དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་ པས། །གསུང་གི་རྡོ་རྗེ་ཅན་གྱི་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་ བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །གསུང་གི་ རྡོ་རྗེ་ཅན་གྱི་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་གསོལ་བ་བཏབ་པས་ གསུང་རྡོ་རྗེས་བྱིན་གྱིས་བརླབས་པར་བལྟའོ། ། དེ་ནས་སྙིང་གར་ཨཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནག་པོ་ 7-1-189 རྩེ་ལྔ་པ་སྟེ། དེ་ལས་བྱུང་བའི་ཐུགས་རྡོ་རྗེ་ནག་པོ་གཡས་ཞལ་དམར་ཞིང་གཡོན་ཞལ་ དཀར་པོ། ཕྱག་རྣམས་ཀྱིས་རྡོ་རྗེ་དང༌། པད་མ་དང༌། འཁོར་ལོ་དང༌། དྲིལ་བུ་དང༌། ནོར་བུ་དང༌། རལ་གྲི་འཛིན་ཅིང་ཡུམ་དང་བཅས་པ་སྤྲོས་པས་ཐུགས་རྡོ་རྗེས་འདུལ་ བའི་སེམས་ཅན་རྣམས་ལ་ཆོས་བསྟན་ནས་སླར་མདུན་ན་བཞུགས་པ་ལ་ཐུགས་ཀྱི་རྡོ་ རྗེ་འཛིན་པ་བདག་ལ་དབང་བསྐུར་ཏུ་གསོལ་ཞེས་གསོལ་བ་བཏབ་པས་ཐུགས་ཀྱི་ རིགས་ཀྱི་ལྷ་མོ་རྣམས་ཀྱིས་དབང་བསྐུར་བར་བསམ་པར་བྱའོ། །དེ་ནས་ཐུགས་རྡོ་རྗེ་ སྙིང་གའི་སྒྲ་གཅན་ལ་བཀོད་ནས། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་ཅན། །མི་ཕྱེད་རྡོ་རྗེ་ གསུམ་བསྒོམས་པས། ། ཐུགས་ཀྱི་རྡོ་རྗེ་ཅན་གྱི་ནི། །བྱིན་རླབས་གནས་སུ་དེང་བདག་ མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་ པས། ཐུགས་ཀྱི་རྡོ་རྗེ་ཅན་གྱི་ནི། ། བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་གསོལ་ བ་བཏབ་པས་ཐུགས་རྡོ་རྗེས་བྱིན་གྱིས་བརླབས་པར་བལྟས་ལ་ཐམས་ཅད་གཅིག་པ་ ཉིད་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ང་རྒྱལ་ བཟུང་བར་བྱའོ། ། དེ་བཞིན་དུ། ཤེས་རབ་ཀྱི་ལྟེ་བར་ཧོ་ལས་སྐུ་རྡོ་རྗེ་དང༌། གསང་བར་སྭཱ་ལས་གསུང་རྡོ་ རྗེ་དང༌། གཙུག་ཏོར་དུ་ཧཱ་ལས་ཐུགས་རྡོ་རྗེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ལ་སོགས་ པ་ཡང་རིག་པར་བྱ་སྟེ། དེ་ལྟར་ན་གཞན་ཁུ་བའི་ཆོས་ལས་ཐབས་རིགས་གསུམ་དང༌། ཁུ་བ་རྡུལ་གྱི་ཆོས་ལས་ཤེས་རབ་རིགས་དྲུག་ཏུ་རྟོགས་པར་བྱའོ། །ཡང་ན་འདིར་དབང་ བདུན་རྣམས་ཀྱིས་ཀྱང་མངོན་པར་དབང་བསྐུར་བར་བྱ་སྟེ། ཆུས་འཁྲུ་བ་དང༌། གཙུག་ ཕུད་འཇོག་པ་དང༌། རྣ་བ་འབུགས་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུའོ། །འདིར་སྐབས་ ཇི་ལྟ་བར་ལྷ་རྣམས་ལ་རིགས་ཀྱིས་བདག་པོའི་རྒྱས་གདབ་པ་རིག་པར་བྱའོ། །དེ་ལ་མི་ བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་དག་གཞན་རྣམ་ཤེས་དང་ཡེ་ཤེས་ཕན་ཚུན་ཡང་ དག་པར་སྦྱོར་བའི་ཕྱིར་གཉིས་ཀའི་སྤྱི་བོར་ཐུགས་རྡོ་རྗེ་ཆོས་གོས་དང་གཙུག་ཏོར་ འཛིན་པ་རྡོ་རྗེ་དཀྱིལ་ཀྲུང་གིས་གནས་ཤིང༌། ས་ལ་རེག་པའི་ཕྱག་རྒྱས་དེ་བཞིན་ 7-1-190 གཤེགས་པ་ལ་དབུགས་འབྱིན་པས་རྒྱས་གདབ་བོ། །དེ་བཞིན་དུ། གཟུགས་སེམས་ཀྱིས་ སྣང་བར་བྱེད་པའི་ཕྱིར་རྣམ་པར་སྣང་མཛད་ལ་མི་བསྐྱོད་པ་དང༌། ངག་གི་སོ་སོར་ སྣང་བ་ལུས་ཀྱིས་བརྗོད་པའི་ཕྱིར་སྣང་བ་མཐའ་ཡས་ལ་རྣམ་པར་སྣང་མཛད་དང༌། རྡུལ་གྱི་ཆོས་ཅན་ཉིད་ཀྱི་ཕྱིར་རིན་ཆེན་འབྱུང་ལྡན་ལ་འོད་དཔག་མེད་དང༌། ཤ་ནི་ ཁྲག་ལས་བྱུང་བ་ཉིད་ཀྱི་ཕྱིར་དོན་ཡོད་གྲུབ་པ་ལ་རིན་ཆེན་དབང་པོས་རྒྱས་གདབ་ པར་བྱ་སྟེ། དག་པའི་ཕུང་པོ་གཙུག་ཏོར་དང་ཆོས་གོས་འཛིན་པས་སོ། །འདི་དག་གིས་ རྒྱས་གདབ་པའི་དེ་བཞིན་གཤེགས་པ་དྲུག་ནི་རལ་པའི་ཅོད་པན་ཅན་ཏེ། ལྷ་དང་ལྷ་མོ་ ལྷ་མ་རྣམས་ཀྱི་ཅོད་པན་ནི་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་རང་རང་གི་རིགས་ཀྱི་ རྒྱས་གདབ་བོ། །དེ་ལ་གཞན་རྣམ་པར་ཤེས་པའི་རིགས་ལས་བྱུང་བ་ལྗང་ཁུ་རྣམས་ལ་ མི་བསྐྱོད་པ་དང༌། གཞན་འདུ་བྱེད་ཀྱི་རིགས་ལས་བྱུང་བ་ནག་པོ་རྣམས་ལ་དོན་ཡོད་ གྲུབ་པ་དང༌། གཞན་ཚོར་བའི་རིགས་ལས་བྱུང་བ་དམར་པོ་རྣམས་ལ་རིན་ཆེན་དབང་ པོ་དང༌། གཞན་འདུ་ཤེས་ཀྱི་རིགས་ལས་བྱུང་བ་དཀར་པོ་རྣམས་ལ་སྣང་བ་མཐའ་ཡས་ དང༌། གཞན་གཟུགས་ཀྱི་རིགས་ལས་བྱུང་བ་སེར་པོ་རྣམས་ལ་རྣམ་པར་སྣང་མཛད་ དང༌། གཞན་ཡེ་ཤེས་ཀྱི་རིགས་ལས་བྱུང་བ་སྔོན་པོ་རྣམས་ལ་རྡོ་རྗེ་སེམས་དཔའི་རྒྱས་ གདབ་པར་བྱའོ། ། གཞན་ཡང་སྐུའི་རྒྱས་གདབ་པ་ནི། ཐམས་ཅད་ཀྱི་གཙུག་ཏོར་དུ་ནམ་མཁའི་དཀྱིལ་ འཁོར་ལ་ཨ་ཡིག་མི་བསྐྱོད་པ་དང༌། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཨི་ཡིག་ དོན་ཡོད་གྲུབ་པ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་རྀ་ཡིག་རིན་ཆེན་འབྱུང་ ལྡན་དང༌། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨུ་ཡིག་སྣང་བ་མཐའ་ཡས་དང༌། ལྟེ་ བར་དུས་མེའི་དཀྱིལ་འཁོར་ལྀ་ཡིག་རྣམ་པར་སྣང་མཛད་དང༌། གསང་བར་ཡེ་ཤེས་ཀྱི་ དཀྱིལ་འཁོར་ལ་ཨཾ་ཡིག་རྡོ་རྗེ་སེམས་དཔའ་སྟེ་སྐུའི་རྒྱས་གདབ་པའོ། ། གཞན་སྲོག་གི་རྒྱས་གདབ་པ་ནི། ལྟེ་བར་སའི་དཀྱིལ་འཁོར་ལ་ལྀ་ཡིག་དང༌། སྙིང་གར་ ཆུའི་དཀྱིལ་འཁོར་ལ་ཨུ་ཡིག་དང༌། མགྲིན་པར་མེའི་དཀྱིལ་འཁོར་ལ་རྀ་ཡིག་དང༌། 7-1-191 དཔྲལ་བར་རླུང་གི་དཀྱིལ་འཁོར་ལ་ཨི་ཡིག་དང༌། གཙུག་ཏོར་དུ་ནམ་མཁའི་དཀྱིལ་ འཁོར་ལ་ཨ་ཡིག་སྟེ། གསུང་གིས་རྒྱས་གདབ་པའོ། །ཐུགས་ཀྱི་ཐིག་ལེའི་རྒྱས་གདབ་པ་ ནི། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཡིག་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ ལ་ཨཱཿཡིག་དང༌། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ཡིག་དང༌། ལྟེ་བར་དུས་ མེའི་དཀྱིལ་འཁོར་ལ་ཧོཿཡིག་སྟེ་ཐུགས་ཀྱི་རྒྱས་གདབ་པའོ། །ཡེ་ཤེས་ཀྱི་རྒྱས་གདབ་པ་ ནི། རྡོ་རྗེ་ནོར་བུར་གཞོམ་དུ་མེད་པའི་ཨ་ཞེས་པ་སྟེ་ཡ་ཡིག་ནི་གདོད་མ་ནས་མ་སྐྱེས་ པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་པའི་དོན་ཏེ། རིགས་དྲུག་དང༌། རིགས་ལྔ་དང༌། རིགས་བཞི་དང༌། རིགས་གསུམ་དང༌། རིགས་གཅིག་གི་རྒྱས་གདབ་པའོ། །དེ་ལྟར་ན་ བྱིས་པ་ལ་རྣམ་པ་ཉི་ཤུས་ངག་རྫོགས་པ་ལྟར་ལྷ་ཡང་རྣམ་པ་ཉི་ཤུས་བྱང་ཆུབ་ཉེ་བའི་ བསྒྲུབ་པ་སྟེ་ལས་རྒྱལ་མཆོག་གོ ། དེ་ནས་བསྒྲུབ་པའི་ཡན་ལག་ཐིག་ལེའི་རྣལ་འབྱོར་དང༌། བསྒྲུབ་པ་ཆེན་པོའི་ཡན་ལག་ ཕྲ་མོའི་རྣལ་འབྱོར་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྫོགས་པ་ནི་ཐིག་ལེའི་ རྣལ་འབྱོར་ཡིན་ལ། ཐིག་ལེ་འཕོ་བ་ལ་བརྟེན་པའི་བདེ་བ་ལ་དམིགས་པ་ནི་ཕྲ་མོའི་ རྣལ་འབྱོར་རོ། །དེས་ན་འདིར་མི་རྣམས་ལ་ལོ་བཅུ་དྲུག་མཚམས་སུ་བག་མ་ལེན་པ་ དང་ལག་པ་ནས་འཛིན་པ་ལ་སོགས་པ་བྱེད་པ་ལྟར་རྣལ་འབྱོར་པ་དམན་པ་དང་ འབྲིང་དང་མཆོག་གི་དབྱེ་བས་ཇི་ལྟར་རིགས་པར་ཕྱག་རྒྱ་གསུམ་ལ་སྙོམས་པར་ཞུགས་ པ་ལས། ལྟེ་བའི་ཧོཿཡིག་གློག་དང་མཚུངས་པའི་གཏུམ་མོ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ བར་གྱུར་ཏེ། དེས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གཡོན་གྱི་དཀྱིལ་འཁོར་ཕུང་ པོ་ལྔའི་རླུང་དང༌། སྤྱན་མ་ལ་སོགས་པའི་རང་བཞིན་གཡས་ཀྱི་དཀྱིལ་འཁོར་ཁམས་ ལྔའི་རླུང་རྣམས་བསྲེགས་ཤིང་མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་གཟུགས་ལ་ སོགས་པའི་ཡུལ་རྣམས་ལ་འཇུག་པ་བསྲེགས་ནས། སྤྱི་བོར་ཧཾ་ཡིག་ཞུ་བ་ལས་གློ་བུར་དུ་ ཐིག་ལེའི་རྒྱུན་བབས་པས་མགྲིན་པར་སླེབ་པ་དགའ་བ་དང༌། སྙིང་གར་མཆོག་དགའ་ དང༌། ལྟེ་བར་ཁྱད་པར་དགའ་དང༌། གསང་བར་ལྷན་ཅིག་སྐྱེས་པའི་དགའ་བ་མངོན་ 7-1-192 དུ་བྱས་ནས། སླར་ཡང་ཇི་ལྟར་བྱོན་པ་དེ་བཞིན་དུ་གཤེགས་པས། ལྟེ་བར་རྒྱུ་མཐུན་ པའི་འབྲས་བུ་ལྷན་ཅིག་སྐྱེས་པའི་སྐུ་དང༌། སྙིང་གར་རྣམ་པར་སྨིན་པའི་འབྲས་བུ་ཆོས་ ཀྱི་སྐུ་དང༌། མགྲིན་པར་སྐྱེས་བུ་བྱེད་པའི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དཔྲལ་བར་དྲི་མ་དང་བྲལ་བའི་འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱེད་པར་འགྱུར་ཏེ་ རྣལ་འབྱོར་གྱི་སྟོབས་ཀྱིས་སོ། ། དེས་ན་འདིར་ང་རྒྱལ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷྀ་པ་ཏི་བཛྲ་སཏྭ་ཧཾ་དུར་དཱན་ཏ་ད་མ་ ཀ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་སྟེ། ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་རོ། །དེ་ ཉིད་ཀྱི་ཕྱིར་བྱིས་པ་སྐྱེས་ནས་ལོ་བཅོ་ལྔའི་མཐར་ཐུག་པ་ལ་དབང་བདུན་དང༌། ལོ་ བཅུ་དྲུག་ནས་བརྩམས་ཏེ་དབང་གོང་མ་རྣམས་སོ། །ཞེས་རིག་པར་བྱའོ། ། གཞན་ཡང་སྐབས་ཇི་ལྟ་བར། སྔགས་ཀྱི་བཟླས་པ་ལ་མངོན་པར་བརྩོན་པ་དག་གིས་ རང་གི་གྲོགས་སུ་གྱུར་པའི་སྔགས་དག་ལ་སོ་སོའི་ལས་ཀྱི་རྗེས་སུ་མཐུན་པའི་བགྲང་ ཕྲེང་ལ་སོགས་པས་ཆོ་ག་ཐམས་ཅད་མ་འཁྲུགས་པར་བྱ་བ་ཁོ་ན་ཡིན་གྱི། གཞན་དུ་ན་ དོན་མེད་པ་ཆེན་པོར་འགྱུར་རོ། །དེ་ལ། སྔགས་ཀྱི་ཨོཾ་ཡིག་མ་གཏོགས་པའི། །ཡི་གེ་དང་ པོ་གང་ཡིན་ཏེ། །རང་གི་ཡི་གེ་དང་པོ་ཡིས། །གྲོགས་སུ་གྱུར་པ་བཟླ་བ་ཉིད། །དགྲ་རུ་ གྱུར་ན་སྤང་བྱ་ཡིན། །དེ་བཞིན་ནུས་པ་མེད་པའང་སྤངས། །གང་ཕྱིར་གསལ་བྱེད་དགྲ་ ཡི་ནད། ། དབྱངས་ཀྱིས་དགྲ་ཡི་སྲོག་འཕྲོག་བྱེད། །ནུས་མེད་བཟླས་ཀྱང་ངལ་བར་ ཟད། །དེ་ལ་མཁའ་དང་འབྱུང་བ་ཀུན། །ཕན་ཚུན་གྲོགས་སུ་འགྱུར་བ་ཡི། །མེ་དང་རླུང་ ཡང་ཕན་ཚུན་གྲོགས། །ཆུ་དང་ས་ཡང་དེ་བཞིན་ནོ། །ས་དགྲ་མེ་ཡིན་མེ་དགྲ་ཆུ། །ཆུ་ད གྲ་རླུང་སྟེ་རླུང་དགྲ་ས། །གང་ཞིག་གནོད་བྱར་གྱུར་པ་དེ། །རང་གི་དགྲ་ལ་ནུས་པ་ མེད། །གལ་ཏེ་ཡི་གེ་བརྩེགས་པ་ན། །དང་པོར་བརྗོད་ཕྱིར་སྔོན་མ་བཟུང༌། །ཨ་ཧ་ྈྐ་དང་ ཀ་སྟེ་མཁའ། །ཨི་ཤ་ཡ་དང་ཙ་སྡེ་རླུང༌། །རི་ཥ་ར་དང་ཊ་སྡེ་མེ། །ཨུ་ྉྤ་ཝ་དང་པ་སྡེ་ ཆུ། །ལི་ས་ལ་དང་ཏ་སྡེ་ས། ། སླར་ཡང་སྡེ་ལྔའི་དང་པོ་ས། །གཉིས་པ་ཆུ་ཡིན་གསུམ་པ་ མེ། །བཞི་པ་རླུང་སྟེ་ལྔ་པ་མཁའ། །རང་གི་ཡི་གེ་ལ་ཡང་གཉིས། །མིང་གི་ཡི་གེ་དང་པོ་ 7-1-193 དང༌། །གང་ལ་སྐྱེས་པའི་ཡི་གེའོ། །འདི་ནི་ཟླ་བ་སོ་སོའི་ཚེས། །དཀར་པོའི་ཕྱོགས་ལ་རིམ་ པ་བཞིན། །རང་བཞིན་ཡོན་ཏན་ཡ་ཎ་རྣམས། །ཐུང་ངུ་སྐྱེས་པའི་རིམ་པས་འཆར། །ནག་ ཕྱོགས་ལ་ནི་འདི་དག་ཉིད། །རིང་པོ་སྡུད་པས་རིམ་པས་སོ། །བཅོ་ལྔའི་མཐར་ནི་ཐིག་ལེ་ དང༌། །རྣམ་པར་བཅད་པ་གནམ་སྟོང་མཐར། །འཆར་ཕྱིན་གང་ལས་སྐྱེས་པ་ བརྟག །ཡུད་ཙམ་སུམ་ཅུ་ཚེས་རེ་ལ། ། འཆར་བའི་དབྱངས་ཀྱང་འདི་དག་ཉིད། །དེ་ བཞིན་ཚེས་གྲངས་སོ་སོ་ལ། །འཆར་བའི་དུས་སྦྱོར་བཅུ་གཉིས་པོ། །རེ་རེ་ལ་ཡང་དབྱུག་ གུ་ལྔ། །དབྱུག་གུ་རེ་རེའི་གསལ་བྱེད་ནི། ། ཀ་སྡེ་ཆུ་སྲིན་བུམ་པ་ལ། །རིང་པོ་སྡུད་པའི་ རིམ་པ་དང༌། །ཐུང་ངུ་བསྐྱེད་པས་རིམ་པས་འཆར། །དེ་བཞིན་ཙ་སྡེ་ཉ་དང་ལུག །ཊ་སྡེ་ ཁྱུ་མཆོག་འཁྲིག་པ་སྟེ། །པ་སྡེ་སྦལ་པ་སེང་གེ་ལ། །ཏ་སྡེ་བུ་མོ་སྲང་ལ་འཆར། །ས་སྡེ་སྡིག་ པ་གཞུ་ལའོ། །ཞེས་པ་འདི་དག་གིས་རྟོགས་པར་བྱས་པའི་མིང་གི་ཡི་གེ་དང་སྐྱེ་བའི་ཡི་ གེའི་དགྲར་གྱུར་པ་དང་ནུས་པ་མེད་པ་སྤངས་ནས་གྲོགས་སུ་གྱུར་པ་བཟླ་བར་བྱའོ། ། དེ་ལ་འདིར་བགྲང་ཕྲེང་ནི། ཞི་བ་ལ། ཤེལ་གྱི་སྟེ་དབྱངས་བཅོ་བརྒྱད་ཀྱི་གྲངས་ཀྱིས་ སོ། །རྒྱས་པ་ལ། མུ་ཏིག་གི་བགྲང་ཕྲེང་སྟེ་དབྱངས་ཐུང་ངུ་དང་རིང་པོ་གསུམ་ཅུ་རྩ་དྲུག་ གི་གྲངས་ཀྱིས་སོ། །དབང་ལ། བོ་དེ་ཙེའི་བགྲང་ཕྲེང་སྟེ་གསལ་བྱེད་སུམ་ཅུ་རྩ་དྲུག་གི་ གྲངས་ཀྱིས་སོ། །དགུག་པ་ལ། ཙན་དན་ནམ་པད་མའི་ས་བོན་གྱི་བགྲང་ཕྲེང་སྟེ་གསལ་ བྱེད་ཐུང་ངུ་སུམ་ཅུ་རྩ་དྲུག་དང་དབྱངས་བཅོ་བརྒྱད་འདུས་པ་ལྔ་བཅུ་རྩ་བཞིའི་ གྲངས་ཀྱིས་སོ། ། བསད་པ་ལ། མིའི་སོའི་བགྲང་ཕྲེང་སྟེ་རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི་གྲངས་ ཀྱིས་སོ། །{སྡང་བ་དང་}བསྐྲད་པ་ལ་རྔ་མོའམ་བོང་བུའི་སོའི་བགྲང་ཕྲེང་སྟེ་རྒྱུ་སྐར་ གཉིས་འགྱུར་ལྔ་བཅུ་རྩ་བཞིའི་གྲངས་ཀྱིས་སོ། །རྨོངས་པ་ལ། ལོང་ཏང་གི་བགྲང་ཕྲེང་ སྟེ་རྒྱུ་སྐར་{ཕྱེད་ཀྱི་}གྲངས་ཀྱིས་སོ། །རེངས་པ་ལ། རུ་རག་ཤའི་བགྲང་ཕྲེང་སྟེ་ཐུང་ངུ་ དང་རིང་པོའི་གསལ་བྱེད་བདུན་ཅུ་རྩ་གཉིས་དང་དབྱངས་སུམ་ཅུ་རྩ་དྲུག་བསྲེས་པའི་ གྲངས་ཀྱིས་སོ། །སླར་གསོ་བ་ལ་ནི། མ་ར་ག་ཏའི་བགྲང་ཕྲེང་གིས་སོ། །ཞེས་པ་བགྲང་ ཕྲེང་གི་ངེས་པའོ། ། 7-1-194 དེ་བཞིན་དུ། སྔགས་རྣམས་ཀྱི་དང་པོར། ཨོཾ་ཡིག་དང༌། མཐར་ཡང་ལས་ཀྱི་དབྱེ་བས་ཐ་ དད་པའི་ཡི་གེ་སྟེ། ཞི་བ་ལ། ན་མཿ ཞེས་པ་དང༌། རྒྱས་པ་ལ། སྭཱཧཱ། ཞེས་པ་དང༌། དབང་ ལ། ཝ་ཥཊ། ཅེས་པ་དང༌། དགུག་པ་ལ། ཝཽ་ཥཊ། ཅེས་པ་དང༌། བསད་པ་དང་དབྱེ་བ་ དང་བསྐྲད་པ་ལ། ཧཱུཾ། ཞེས་པ་དང༌། རྨོངས་པ་དང་རེངས་པ་དང་ཕུར་བས་གདབ་པ་ལ། ཕཊ། ཅེས་པ་རྣམས་ཀྱིས་མཐའ་ཅན་ནོ། །དེ་བཞིན་དུ། ཞི་བ་དང་རྒྱས་པ་ལ། ཆུའི་ཡི་གེ་ དང༌། ལྷའི་ཁ་དོག་དཀར་པོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་མཐའ་དག་རྟོགས་ པར་བྱ་སྟེ། ཁོ་བོས་ལས་རབ་འབྱམ་གྱི་{བ་{དབྱེ་བར་}བསྡུས་སོ། །འདིར་ཐམས་ཅད་ ཀྱི་མིང་གི་ཡི་གེ་དང་པོ་ནི། ཐུགས་རྡོ་རྗེ་སྟེ་ལྷའི་རྣམ་པས་བསྒོམ་པར་བྱའོ། །དེ་དང་ ལྷན་ཅིག་མིང་ཉིད་ནི། གསུང་རྡོ་རྗེ་སྟེ་དེས་མཆོད་པར་བྱའོ། །མིང་ལས་ལྷག་པ་ནི། སྐུ་ རྡོ་རྗེ་སྟེ་མིང་དང་ལྷན་ཅིག་བཟླས་པར་བྱའོ། །དེ་ལས་གཞན་པ་ཕྲེང་བའི་སྔགས་ནི། ཡན་ལག་སོ་སོའི་སྔགས་ཏེ་ལུས་ཀྱི་ཆ་ཤས་ཀྱི་ཚོགས་རྣམས་བཞིན་ནོ། །དེ་བཞིན་དུ། རྩ་ བའི་སྔགས་ནི་སྐུའི་རྡོ་རྗེའོ། །སྙིང་པོ་ནི་གསུང་རྡོ་རྗེའོ། །ཉེ་བའི་སྙིང་པོ་ནི་ཐུགས་རྡོ་ རྗེའོ། །ས་བོན་ནི་ཡེ་ཤེས་རྡོ་རྗེའོ། །ཞེས་ཀྱང་ཤེས་པར་བྱ་སྟེ། བཟླས་པ་དང་མཆོད་པ་ དང་བསྒོམ་པར་བྱའོ། །དེ་ལ་འདི་ནི་རིམ་པ་སྟེ། དང་པོར་ཐུགས་ཀྱི་ཡི་གེའི་སྟེང་དུ་ ཁམས་དྲུག་གིས་མནན་ཅིང༌། ལས་དྲུག་གི་མཐའ་ཅན་འབུམ་ཕྲག་དྲུག་བཟླས་པར་ བྱའོ། །དེ་ནས་མིང་ཉིད་འབུམ་ཕྲག་བཅུ་དང༌། མིང་ལས་ལྷག་པ་འབུམ་ཕྲག་བརྒྱ་བཟླ་ བར་བྱ་སྟེ། སྦྱིན་བསྲེག་ནྀ་ཐམས་ཅད་དུ་བཅུ་ཆའོ། ། དེ་ཡང་འདིར་སྒྲོལ་མ་ལ་ཉེ་བར་མཚོན་ན། ཨོཾ་ཧྟཱཿཕཊ། ཅེས་པ་འབུམ་གྱིས་བསྣུན་པར་ བྱའོ། །ཨོཾ་ཡྟཱཿཧཱུཾ། ཞེས་པ་འབུམ་གྱིས་དབབ་པར་བྱའོ། །ཨོཾ་རྟཱཿཝཽ་ཥཊ། ཅེས་པ་འབུམ་ གྱིས་བསྲེག་པར་བྱའོ། །ཨོཾ་ཝྟཱཿན་མཿ ཞེས་པ་འབུམ་གྱིས་བསླང་བར་བྱའོ། །ཨོཾ་ལྟཱཿསྭཱཧཱ། ཞེས་པ་འབུམ་གྱིས་རྒྱས་པར་བྱའོ། །ཨོཾ་ཏཱཾཿཝ་ཥཊ། ཅེས་པ་འབུམ་གྱིས་མཉེས་པར་བྱ་སྟེ། ཐམས་ཅད་དུ་བཅུ་ཆའི་སྦྱིན་སྲེག་བྱའོ། །དེ་ནས། ཨོཾ་ཏཱ་རེ་སྭཱཧཱ། ཞེས་པ་གསུང་རྡོ་རྗེའི་ བཟླས་པ་འབུམ་ཕྲག་བཅུ་དང༌། སྦྱིན་སྲེག་འབུམ་མོ། །དེ་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ 7-1-195 སྭཱཧཱ། ཞེས་སྐུ་རྡོ་རྗེའི་བཟླས་པ་འབུམ་ཕྲག་བརྒྱ་དང༌། སྦྱིན་སྲེག་འབུམ་ཕྲག་བཅུའོ། །དེ་ བཞིན་དུ། ཨོཾ་པཎ་ཌ་ར། བཱ་སི་ནི་བ་ར་དེ་སྭཱཧཱ། ཨོཾ་མཱ་མ་ཀཱི་ཀི་རི་ཀི་རི་སྭཱཧཱ། ཨོཾ་ལོ་ཙཱ་ནེ། བ་སུ་དེ་སྭཱཧཱ། ཞེས་པ་ལ་སོགས་པ་གཞན་ལ་ཡང་སྦྱར་བར་བྱ་སྟེ། བསྙེན་པའི་ངེས་ པའོ། ། དེ་ལ་འདིར་དུས་ཀྱི་འཁོར་ལོ་ཤེས་རབ་དང་བཅས་པའི་སྔགས་ནི། ཨོཾ་ཧྐྵྨླྺྼྻ་⁽14bb⁾ཞེས་ པ་སྟེ། མཐར། སྭཱཧཱ། ཞེས་པ་ལ་སོགས་པ་སྦྱར་བར་བྱའོ། །དེ་བཞིན་དུ། སྙིང་པོ་ནི། ཨོཾ་ཨཱཿ ཧཱུཾ་ཧོཿཧྐྵྨླྺྼྻ⁽14bb⁾་ཞེས་པའོ། །ཉེ་བའི་སྙིང་པོ་ནི། ཨོཾ་ཧྲཱཾ་ཧྲཱིཾ་ཧྲྼཱྀཾ་ཧྲཱུཾ་ཧྲླཱྀཾ་ཧྲཱཿཞེས་པ་ལས་ཐམས་ཅད་བསྒྲུབ་ པ་ལ་སྟེ། དྲག་པོ་ལ་ནི་འདི་ཉིད་སྡུད་པའི་རིམ་པས་སོ། །ཡབ་ཀྱི་ས་བོན་ནི། ཧཱུཾ་ཡིག་སྟེ་ དེ་བཞིན་དུ་སྣ་ཚོགས་ཡུམ་གྱིས་ཏེ་ཕྲེཾ་ཞེས་པའོ། །དེ་བཞིན་དུ། ཕུང་པོ་དང་ཁམས་དང་ དབང་པོ་དང་ཡུལ་དང་ལས་ཀྱི་དབང་པོ་དང་དེའི་བྱ་བ་རྣམས་ཀྱི་ནི། ཨ་ཨཱ་ཨི་ཨཱི་རྀ་ རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཱཿ ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཱཿ ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ ཝཱ་ཧཾ་ཧཿ ཞེས་པའོ། ། གསུང་གི་རྣལ་འབྱོར་མ་བརྒྱད་ལ་སོགས་པ་གཞན་རྣམས་ཀྱི་ནི། ཧ་ཧཱ་ཧཾ་ཧཱཿཀྵ་ཀྵ་ཀྵཾ་ཀྵཿ ཞེས་པ་ལ་སོགས་པ་རྒྱས་པར་བསྟན་ཟིན་པ་ཉིད་དོ། །དེ་བཞིན་དུ། བཅོམ་ལྡན་འདས་ ཀྱི་རྐང་པ་བཅུ་དྲུག་པ་དང༌། བདུན་ཅུ་རྩ་གཉིས་པ་ཕྲེང་བའི་སྔགས་དབང་གི་ཆོ་གར་ བསྟན་ཟིན་ཏོ། །འདི་ནི་ཀུན་རྫོབ་ཏུ་སྔགས་བཟླས་པའི་ངེས་པའོ། ། དེ་ལྟར་དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་དང༌། ཐིག་ལེའི་རྣལ་འབྱོར་ དང༌། ཕྲ་མོའི་རྣལ་འབྱོར་བསྒོམས་པའི་མཐར། མཆོད་ཅིང་བསྟོད་དེ་དཀྱིལ་འཁོར་གྱི་ ལྷ་གཤེགས་སུ་གསོལ་ནས་ཐུན་མཚམས་གསུམ་དུ་གཏོར་མ་དབུལ་བར་བྱའོ། །དེ་ལ་ དང་པོར་མཐེ་བོང་དང་མིང་མེད་དག་གིས་ཙན་དན་ལ་སོགས་པ་དྲི་བཟང་པོ་བཟུང་ ནས་མཎྜལ་བྱས་ཏེ། དེར་ཡེ་ཤེས་ཀྱི་འཁོར་ལོ་གཟུགས་བརྙན་ལྟར་དྭངས་ཤིང་གསལ་ 7-1-196 བ་རྫོགས་པར་བལྟའོ། །དེ་ནས་སོ་སོའི་མཚན་ནས་བརྗོད་ཅིང་མཆོད་པ་མཐའ་དག་སོ་ སོར་དབུལ་བར་བྱ་སྟེ། ཆུ་དང༌། མཆོད་ཡོན་དང༌། དྲི་དང༌། མེ་ཏོག་དང༌། བདུག་པ་ དང༌། སྣང་གསལ་དང༌། ཞལ་ཟས་དམ་པ་དག་དང༌། རྣམ་པ་མང་པོའི་འབྲས་བུ་མ་ ཉམས་པ་དང༌། གོས་དང་རྒྱན་དང་བ་དན་དང་བླ་རེ་ལ་སོགས་པ་དང༌། གླུ་དང་གར་ དང་མེ་ལོང་དང་དྲིལ་བུ་ལ་སོགས་པའི་སིལ་སྙན་གྱི་ཚོགས་དུ་མ་དང༌། ཨིནྡྲ་ནཱི་ལ་ལ་ སོགས་པ་རྣམ་པ་མང་པོའི་རིན་པོ་ཆེ་དང༌། ནང་གི་དམ་ཚིག་རྣམས་དང་དམ་ཚིག་ རྣམ་པ་བཞིའི་རྫས་ལ་སོགས་པ་མཐའ་ཡས་པ་དག་གམ། ཇི་ལྟར་རྙེད་པའི་ཡོ་བྱད་ རྣམས་དཔག་ཏུ་མེད་ཅིང་དྲི་མ་དང་བྲལ་བར་ཏིང་ངེ་འཛིན་གྱིས་སྤྲུལ་ནས་འཁོར་ གསུམ་ཡོངས་སུ་དག་པས་མཆོད་པར་བྱའོ། །དེ་ལ་དང་པོར། ཨོཾ་ཨཱཿཧཱུཾ་ཧོཿ ཏྲཻ་དྷཱ་ཏུ་ཀེ་ ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྩ་ས་པཱ་རི་ཝཱ་རཿ ཏྭཱཾ་བྷ་ག་ཝན་མེ་བ་ར་དོ་བྷ་བ་ཤི་ཥྱཱ་ནཱཾ་ཙ། ཞེས་པས་མཆོད་ཡོན་ཕུལ་ནས་གསོལ་བ་བཏབ་སྟེ། དེ་ནས། ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ ཨོཾ་བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ ཨོཾ་བཛྲ་དྷཱུ་པཾ་པྲ་ཏཱིཙྪ་ན་མཿ ཨོཾ་བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ ཨོཾ་ བཛྲ་ནཻ་བེ་དྱེ་པྲ་ཏཱིཙྪ་ན་མཿ ཨོཾ་བཛྲ་ཨཀྵ་ཏཾ་པྲ་ཏཱིཙྪ་ན་མཿ ཨོཾ་བཛྲ་ལཱ་སྱཾ་པྲ་ཏཱིཙྪ་ན་མཿ ཨོཾ་བཛྲ་ཧཱ་སྱཾ་པྲ་ཏཱིཙྪ་ན་མཿ ཨོཾ་བཛྲ་བ་དྱཾ་པྲ་ཏཱིཙྪ་ན་མཿ ཨོཾ་བཛྲ་ནྲྀ་ཏྱཾ་པྲ་ཏཱིཙྪ་ན་མཿ ཨོཾ་ བཛྲ་གཱི་ཏཾ་པྲ་ཏཱིཙྪ་ན་མཿ ཨོཾ་བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ ཞེས་པ་ལ་སོགས་པས་མཆོད་པར་ བྱའོ། ། གཞན་ཡང༌། ནང་གི་དམ་ཚིག་རྣམས་དང་ཆང་ལ་སོགས་པ་ཡང་འཆད་པར་འགྱུར་ བའི་ཆོ་གས་སྦྱང་བ་དང་སྤེལ་བ་དང་སྦར་བ་དང་བདུད་རྩིར་བྱས་ནས། ཟླ་བ་ཞུ་བ་ལྟ་ བུར་གྱུར་པས་མཆོད་པར་བྱ་སྟེ། གཡོན་པའི་མཐེ་བོང་དང་མིང་མེད་དག་གིས་ཆོས་ འབྱུང་གྲུ་གསུམ་དབུས་སུ་ཐིག་ལེས་བརྒྱན་པ་བྲིས་ནས། དེར་ཡེ་ཤེས་ཀྱི་འཁོར་ལོ་ དྭངས་ཤིང་གསལ་བ་ལ་མཆོད་པར་བྱའོ། །དེ་ལ་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་བུདྡྷཱ་ཡ་ན་ མཿ ཨོཾ་དྷརྨྨཱ་ཡ་ན་མཿ ཨོཾ་སཾ་གྷཱ་ཡ་ན་མཿ ཨོཾ་བཛྲ་སཏྭཱ་ཡ་ན་མཿ ཨོཾ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་ མཿ ཨོཾ་སྭ་བྷཱ་བི་ཀ་ཀཱ་ཡཱ་ཡ་ན་མཿ ཨོཾ་དྷརྨྨཱ་ཀཱ་ཡཱ་ཡ་ན་མཿ ཨོཾ་སཾ་བྷོ་ག་ཀཱ་ཡཱ་ཡ་ན་མཿ ཨོཾ་ 7-1-197 ནིར་མ་ཎ་ཀཱ་ཡཱ་ཡ་ན་མཿ ཨོཾ་ཛྙཱ་ན་བཛྲ་ཡ་ན་མཿ ཨོཾ་ཙིཏྟ་བཛྲ་ཡ་ན་མཿ ཨོཾ་བཱའ་ཀ་བཛྲ་ ཡ་ན་མཿ ཨོཾ་ཀཱ་ཡ་བཛྲ་ཡ་ན་མཿ ཨོཾ་ཙ་དུར་བི་མོ་ཀྵེ་བྷྱོ་ན་མཿ ཨོཾ་ཙ་ཏུར་པྲཧྨ་བི་ཧཱ་རེ་ བྷྱོ་ན་མཿ ཨོཾ་སཔྟ་ཏྲིཾ་ཤད་བོ་དྷི་པ་ཀྵི་ཀ་དྷརྨྨེ་བྷྱོ་ན་མཿ ཨོཾ་ཙ་ཏུར་ར་ཤཱི་ཏི་སཱ་ཧ་སྲ་དྷརྨྨ་ སྐན་དྷེ་བྷྱོ་ན་མཿ ཨོཾ་སརྦ་དྷརྨྨ་དེ་ཤ་ཀེ་བྷྱོ་ན་མཿ ཨོཾ་རད་ན་ཏྲ་ཡཱ་ཡ་ན་མཿ ཨོཾ་ཤཱཀྱ་མུ་ ན་ཡེ་ན་མཿ ཨོཾ་ཀཱ་ལ་ཙཀྲ་ཡ་ན་མཿ ཨོཾ་དཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཤཱི་ལ་པཱ་ར་མི་ཏཱ་ ཡཻ་ན་མཿ ཨོཾ་ཀྵན་ཏི་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་བིཪྻ་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་དྷྱ་ན་པཱ་ར་ མེ་ཏཱ་ཡཻ་ན་མཿ ཨོཾ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཨུ་པཱ་ཡ་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་པྲ་ཎི་ དྷཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་བ་ལ་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཛྙཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཛ་ཡ་གྷ་ཊེ་བྷྱོ་ན་མཿ ཨོཾ་བི་ཛ་ཡ་གྷ་ཊེ་བྷྱོ་ན་མཿ ཨོཾ་སརྦ་ཙིཧྣེ་བྷྱོ་ན་མཿ ཨོཾ་སརྦ་མུ་ཏྲཱ་ བྷྱོ་ན་མཿ ཨོཾ་ཙིན་ཏ་མ་ན་ཡ་ན་མཿ ཨོཾ་དྷརྨྨ་གཎ་ཌྱཱཻ་ན་མཿ ཨོཾ་དྷརྨྨ་ཤཾ་ཁ་ཡ་ན་མཿ ཨོཾ་ ཀལྤ་པྲིཀྵཱ་ཡ་ན་མཿ ཨོཾ་ཨཀྵོ་བྷྱ་ཡ་ན་མཿ ཨོཾ་ཨ་མོ་གྷ་སིད་དྷ་ཡ་ན་མཿ ཨོཾ་རད་ན་སཾ་བྷ་ བཱ་ཡ་ན་མཿ ཨོཾ་ཨ་མི་ཏཱ་བྷཱ་ཡ་ན་མཿ ཨོཾ་བཻ་རོ་ཙ་ན་ཡ་ན་མཿ ཨོཾ་ལོ་ཙ་ནཱ་ཡཻ་ན་མཿ ཨོཾ་ མཱ་མ་ཀྱཻ་ན་མཿ ཨོཾ་པཎ་ཌ་རཱ་ཡཻ་ན་མཿ ཨོཾ་ཏཱ་རཱ་ཡཻ་ན་མཿ ཨོཾ་བཛྲ་དྷཱ་ཏྭཱ་ཤྭ་ར་ཡཻ་ན་མཿ ཨོཾ་བཛྲ་པཱ་ཎ་ཡཻ་ན་མཿ ཨོཾ་ཁ་གར་བྷཱ་ཡ་ན་མཿ ཨོཾ་ཀྵི་ཏི་གར་བྷ་ཡ་ན་མཿ ཨོཾ་ལོ་ཀེ་ཤྭ་རཱ་ ཡ་ན་མཿ ཨོཾ་སརྦ་ནི་བ་ར་ཎ་བི་སྐཾ་བྷི་ནེ་ན་མཿ ཨོཾ་ས་མན་ཏ་བྷ་ཏྲཱ་ཡ་ན་མཿ ཨོཾ་གན་དྷ་ བཛྲ་ཡཻ་ན་མཿ ཨོཾ་རཱུ་པ་བཛྲ་ཡཻ་ན་མཿ ཨོཾ་ར་ས་བཛྲ་ཡཻ་ན་མཿ ཨོཾ་སྤར་ཤ་བཛྲ་ཡཻ་ན་མཿ ཨོཾ་ཤཔྟ་བཛྲ་ཡཻ་ན་མཿ ཨོཾ་དྷརྨྨ་དྷཱ་ཏུ་བཛྲ་ཡཻ་ན་མཿ ཨོཾ་ཨུཥྞཱྀ་ཥཱ་ཡ་ན་མཿ ཨོཾ་བིགྷྣ་ཨན་ཏ་ ཀཱ་ཡ་ན་མཿ ཨོཾ་པྲཛྙཱ་ཨན་ཏ་ཀཱ་ཡ་ན་མཿ ཨོཾ་པད་མ་ཨན་ཏ་ཀཱ་ཡ་ན་མཿ ཨོཾ་ཡ་མ་ཨན་ ཏ་ཀཱ་ཡ་ན་མཿ ཨོཾ་སྟཾ་བྷི་ནྱེ་ན་མཿ ཨོཾ་མཱ་ཎི་ནྱཻ་ན་མཿ ཨོཾ་སྟོ་བྷི་ན་ཡཻ་ན་མཿ ཨོཾ་ཨ་ཏི་བཱིཪྻ་ ཡཻ་ན་མཿ ཨོཾ་ཨ་ཏི་ནཱི་ལ་ཡཻ་ན་མཿ ཨོཾ་སརྦ་དྷ་རཱ་ཎཱི་བྷྱོ་ན་མཿ ཨོཾ་ཥཊ་ཨཾ་གཱ་ཡ་ན་མཿ ཨོཾ་ བཛྲ་ཙར་ཙི་ཀཱ་ཡཻ་ན་མཿ ཨོཾ་བཛྲ་བཱ་ར་ཧྱཻ་ན་མཿ ཨོཾ་བཛྲ་མ་ཧ་ཨི་ཤྭ་ར་ཡཻ་ན་མཿ ཨོཾ་ བཛྲ་ཨིན་ཏྲཱི་ཡཻ་ན་མཿ ཨོཾ་བཛྲ་བྲཧྨཱ་ཎྱཻ་ན་མཿ ཨོཾ་བཛྲ་མཧཱ་ལཀྵ་མ་ཡཻ་ན་མཿ ཨོཾ་བཛྲ་ཀཽ་ མ་རེ་ཡཻ་ན་མཿ ཨོཾ་བཛྲ་བཻཥྞ་བྱཻ་ན་མཿ ཨོཾ་ཨཥྟ་ཨཥྟ་ཀེ་ན་ཙ་ཏུཿཥ་ཥྛ་བཛྲ་ཡོ་གི་ནཱི་བྷྱོ་ན་ 7-1-198 མཿ ཨོཾ་ཥཊ་ཏྲིཾ་ཤད་ཨིཙྪ་བྷྱོ་ན་མཿ ཨོཾ་བཛྲ་བེཥྞ་བཻ་ན་མཿ ཨོཾ་བཛྲ་ནཻ་རི་ཏྱཱ་ཡ་ན་མཿ ཨོཾ་ བཛྲ་ཨག་ན་ཡཻ་ན་མཿ ཨོཾ་བཛྲ་ཨུད་དྷ་ཡཻ་ན་མཿ ཨོཾ་བཛྲ་ཨིན་ཏྲ་ཡ་ན་མཿ ཨོཾ་བཛྲ་ཨི་ཤྭ་ ར་ཡ་ན་མཿ ཨོཾ་བཛྲ་པྲཧྨ་ཎེ་ན་མཿ ཨོཾ་བཛྲ་བི་ནཱ་ཡ་ཀཱ་ཡ་ན་མཿ ཨོཾ་བཛྲ་ཀར་ཏི་ཀེ་ཡཱ་ ཡ་ན་མཿ ཨོཾ་བཛྲ་བཱ་ཡ་བེ་ན་མཿ ཨོཾ་བཛྲ་ཡ་མཱ་ཡ་ན་མཿ ཨོཾ་བཛྲ་ཡཀྵེ་བྷྱོ་ན་མཿ ཨོཾ་བཱ་རུ་ ཎྱཻ་ན་མཿ ཨོཾ་བཱ་ཡ་བཻ་ན་མཿ ཨོཾ་ཡཱ་མི་ནྱཻ་ན་མཿ ཨོཾ་ཡཀྵི་ནྱཻ་ན་མཿ ཨོཾ་མཧཱ་བ་ལཱ་ཡ་ན་མཿ ཨོཾ་ཨ་ཙ་ལཱ་ཡ་ན་མཿ ཨོཾ་ཊཀྐི་རཱ་ཛཱ་ཡ་ན་མཿ ཨོཾ་ནི་ལ་དཎ་ཌ་ཡ་ན་མཿ ཨོཾ་སུམྦྷ་རཱ་ཛཱ་ཡ་ ན་མཿ ཨོཾ་རོ་ཏྲ་ཨཀྵཻ་ན་མཿ ཨོཾ་བཛྲ་ཤྲི་ཀ་ལ་ཡཻ་ན་མཿ ཨོཾ་ཙུན་དཱ་ཡེ་ན་མཿ ཨོཾ་བྷྲི་ཀུ་ཊྱཻ་ ན་མཿ ཨོཾ་མ་རི་ཙྱཻ་ན་མཿ ཨོཾ་པྲ་ཏྱཻ་ཀ་མཱ་ས་བྷཻ་དེ་ན་ཥཥྛི་ཨུད་ཏ་ར་དྲི་ཤ་ཏ་བཛྲ་ཏི་ཐི་ དི་བཱི་བྷྱོ་ན་མཿ ཨོཾ་ཥཊ་ཏྲིཾ་ཤད་པྲ་ཏཱིཙྪ་བྷྱོ་ན་མཿ ཨོཾ་བཛྲ་ཛ་ཡཱ་ཡ་ན་མཿ ཨོཾ་བཛྲ་ཀར་ཀོ་ ཊ་ཀཱ་ཡ་ན་མཿ ཨོཾ་བཛྲ་བཱ་སུ་ཀཱ་ཡེ་ན་མཿ ཨོཾ་བཛྲ་ཨ་ནན་ཏཱ་ཡ་ན་མཿ ཨོཾ་བཛྲ་ཏཀྵ་ཀཱ་ ཡ་ན་མཿ ཨོཾ་བཛྲ་མཧཱ་པད་མཱ་ཡ་ན་མཿ ཨོཾ་བཛྲ་ཀུ་ལི་ཀཱ་ཡ་ན་མཿ ཨོཾ་བཛྲ་ཤཾ་ཁ་པཱ་ལཱ་ ཡ་ན་མཿ ཨོཾ་བཛྲ་པད་མཱ་ཡ་ན་མཿ ཨོཾ་བཛྲ་བི་ཛ་ཡཱ་ཡ་ན་མཿ ཨོཾ་ཤྭཱ་ནཱ་སྱ་ཡཻ་ན་མཿ ཨོཾ་ སུ་ཀ་རཱ་སྱ་ཡཻ་ན་མཿ ཨོཾ་བྱཱ་གྷྲ་སྱ་ཡཻ་ན་མཿ ཨོཾ་ཛཾ་བུ་ཀཱ་སྱ་ཡཻ་ན་མཿ ཨོཾ་ག་རུ་ཊ་སྱ་ཡཻ་ན་ མཿ ཨོཾ་ཨུ་ལུ་ཀཱ་སྱ་ཡཻ་ན་མཿ ཨོཾ་གྲྀ་དྷཱ་སྱ་ཡཻ་ན་མཿ ཨོཾ་ཀཱ་ཀཱ་སྱ་ཡཻ་ན་མཿ ཨོཾ་སརྦ་བྷཱུ་ཏེ་བྷྱོ་ ན་མཿ ཨོཾ་བཛྲ་ཙན་ཏྲ་ཡ་ན་མཿ ཨོཾ་བཛྲ་སུཪྻ་ཡ་ན་མཿ ཨོཾ་བཛྲ་མཾ་ག་ལཱ་ཡ་ན་མཿ ཨོཾ་ བཛྲ་བུདྡྷཱ་ཡ་ན་མཿ ཨོཾ་བཛྲ་བྲི་ཧསྤ་ཏ་ཡ་ན་མཿ ཨོཾ་བཛྲཱ་ཤུ་ཏྲ་ཡ་ན་མཿ ཨོཾ་བཛྲ་ཤ་ནཻཥྩ་ རཱ་ཡ་ན་མཿ ཨོཾ་བཛྲ་ཀེ་ཏ་བཻ་ན་མཿ ཨོཾ་བཛྲ་རཱ་ཧ་བེ་ན་མཿ ཨོཾ་བཛྲ་ཀཱ་ལཱ་ཨག་ན་ཡ་ན་ མཿ ཨོཾ་བཛྲ་དྷྲུ་བེ་ན་མཿ ཨོཾ་བཛྲ་ཨག་སྟྱ་ཡ་ན་མཿ ཨོཾ་སརྦ་ནཀྵ་ཏྲ་བྷྱོ་ན་མཿ ཨོཾ་དྭཱ་ད་ཤ་ ར་སི་བྷྱོ་ན་མཿ ཨོཾ་ཥོ་ཊ་ཤ་ཀ་ལཱ་བྷྱོ་ན་མཿ ཨོཾ་ད་ཤ་དིཀ་པཱ་ལེ་བྷྱོ་ན་མཿ ཨོཾ་བཛྲ་ནན་དི་ ཀེ་ཤྭ་རཱ་ཡ་ན་མཿ ཨོཾ་བཛྲ་མཧཱ་ཀཱ་ལཱ་ཡ་ན་མཿ ཨོཾ་བཛྲ་གྷཎ་ཊཱ་ཀཎྞ་ཡ་ན་མཿ ཨོཾ་བཛྲ་བྷྲི་ གི་ཎཻ་ན་མཿ ཨོཾ་སརྦ་ཀྵེ་ཊ་པཱ་ལེ་བྷྱོ་ན་མཿ ཨོཾ་སརྦ་དུ་དི་བྷྱོ་ན་མཿ ཨོཾ་ཧཱ་རཱི་ཏྱཻ་ན་མཿ ཨོཾ་ སརྦ་སིད་དྷི་བྷྱོ་ན་མཿ ཨོཾ་དྷརྨྨ་ཙཀྲཱ་ཡ་ན་མཿ ཨོཾ་བྲ་ཏྲ་གྷ་ཊ་ཡ་ན་མཿ ཨོཾ་བཛྲ་དུན་དུ་བྷྱཻ་ ན་མཿ ཨོཾ་བོ་དྷི་བྲི་ཀྵཱ་ཡ་ན་མཿ ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཞེས་པ་རྣམས་ 7-1-199 དང༌། གཞན་ཡང༌། ཇི་ལྟར་རིགས་པར་ཆོས་སྐྱོང་ལ་སོགས་པ་རྣམས་ལ་ཡང་དབུལ་ བར་བྱ་སྟེ། མཆོད་པའི་ཆོ་གའོ། ། དེ་བཞིན་དུ། བསྟོད་པ་ཡང༌། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པ་ དང༌། གང་ལ་ཐོག་མཐའ་དབུས་མེད། ཅེས་པ་ལ་སོགས་པ་ཇི་ལྟར་རིགས་པ་རྣམས་ ཀྱིས་བསྟོད་པར་བྱའོ། ། དེ་ནས་གཤེགས་སུ་གསོལ་བ་ནི། གཙུག་ཏོར་དུ་རྡོ་རྗེ་རྩེ་ལྔ་པའི་རྣམ་པར་བསྒོམས་ཏེ། དེའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ་དང༌། སྙིང་གར་རྡོ་རྗེ་རྩེ་མོ་དགུ་པའི་ལྟེ་བར་ ནུས་མ་རྣམས་དང༌། དཔྲལ་བར་རྡོ་རྗེ་རྩེ་མོ་བཅུ་བདུན་པའི་ལྟེ་བར་ཕུང་པོ་བཞི་དང༌། ཁམས་བཞིའི་ལྷ་ལུས་དང་བསམ་པས་རབ་ཏུ་ཕྱེ་བ་དང༌། མགྲིན་པར་རྡོ་རྗེ་རྩེ་མོ་སུམ་ ཅུ་རྩ་གསུམ་པའི་ལྟེ་བར་སྐྱེ་མཆེད་བཅུ་གཉིས་ཁྲོ་བོ་བཞི་དང༌། ལྷན་གཅིག་ལུས་དང་ བསམ་པས་ཕྱེ་བ་དང༌། སྤྲུལ་པར་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པའི་ལྟེ་བར་གསུང་གི་རྣལ་ འབྱོར་མ་བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའི་འཁོར་དང་བཅས་པ་དང༌། གསང་བར་རྡོ་རྗེ་ རྩེ་མོ་སུམ་ཅུ་རྩ་གསུམ་པའི་ལྟེ་བར་སྐུའི་སྒོ་སྐྱོང་རྣམས་དང༌། ལས་ཀྱི་འཁོར་ལོའི་ ཚིགས་བཅུ་གཉིས་པོར་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གཅིག་པ་རྣམས་ཀྱི་ལྟེ་བར་ལྷ་ཆེན་པོ་ བཅུ་གཉིས་འཁོར་དང་བཅས་པ་རྣམས་དང༌། རྐང་པ་དང་ལག་པའི་སོར་མོའི་ཚིགས་ རྣམས་སུ་ཀླུ་དང་རབ་གཏུམ་མ་རྣམས་གཤེགས་སུ་གསོལ་བར་བྱ་སྟེ། གཤེགས་སུ་ གསོལ་བའི་ངེས་པའོ། ། དེ་ནས་ཐུན་མཚམས་སོ་སོར་གཏོར་མ་དབུལ་བར་བྱ་སྟེ། གོ་ཀུ་ད་ཧ་ལ་སོགས་པའམ། ཡང་ན་ཇི་ལྟར་རྙེད་པའི་གཏོར་མ་ཉེ་བར་སྤྱོད་པ་རྣམས་ཀྱིས་བརྒྱན་པ་ལ་ལག་པ་ གཡོན་པ་བསྟན་ཅིང༌། དེར་ཟླ་བ་ལ་གནས་པའི་ཨོཾ་ཡིག་སྐུ་རྡོ་རྗེའི་འོད་ཟེར་རྣམས་ དང༌། ཨོཾ་ཨོཾ་བཛྲ་ཙནྟྲ་སརྦ་དྷརྨྨ་སུ་བི་ཤུངྔྷ་སྭ་བྷཱ་བ་སརྦ་དྷརྨྨན་བི་ཤྭ་དྷ་ཡ་སྭཱཧཱ། ཞེས་པ་ འདིས་སྦྱང་བར་བྱའོ། །དེ་ནས་ལག་པ་གཡས་པ་བསྟན་ཅིང༌། དེར་ཉི་མ་ལ་གནས་པའི་ ཨཱཿཡིག་གསུང་རྡོ་རྗེའི་འོད་ཟེར་རྣམས་དང༌། ཨོཾ་ཨཱཿབཛྲ་སཱུཪྻ་སརྦ་དྷརྨྨ་པྲ་བྷོ་དྷ་ཀ་ 7-1-200 སརྦ་དྷརྨྨན་པྲ་བོ་དྷ་ཡ་སྭཱཧཱ། ཞེས་པ་འདིས་སྤེལ་བར་བྱའོ། །ཡང་དག་པར་རེག་ནས་ སྙིམ་པས་བཀབ་ཅིང་དེ་ཉིད་དུ་སྒྲ་གཅན་ལ་གནས་པའྀ་ཧཱུཾ་ཡིག་ཐུགས་རྡོ་རྗེའི་འོད་ ཟེར་རྣམས་དང༌། ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སརྦ་དྷརྨྨ་པྲ་དཱི་པ་ཀ་སརྦ་དྷརྨྨན་པྲ་དཱི་པ་ཡ་སྭཱཧཱ། ཞེས་པ་འདིས་སྦར་བར་བྱའོ། །དེ་ནས་ནམ་མཁའ་ལྡིང་གི་ཕྱག་རྒྱ་བསྟན་ཅིང༌། དེ་ཉིད་ དུ་དུས་མེ་ལ་གནས་པའི་ཧོཿཡིག་ཡེ་ཤེས་རྡོ་རྗེའི་འོད་ཟེར་རྣམས་དང༌། ཨོཾ་ཧོཿསརྦ་ དྷརྨྨ་བཛྲ་ཨ་མྲྀ་ཏ་ཀ་ར་སརྦ་དྷརྨྨན་བཛྲ་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་འདིས་ བདུད་རྩིར་བྱིན་གྱིས་བརླབ་པར་བྱའོ། ། དེ་ནས། སངས་རྒྱས་ཡབ་ཡུམ་བཅས་པ་སྲས་ བཅས་གཡོག་འཁོར་དང༌། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། །མཆོག་གི་རྡོ་རྗེ་སེམས་དཔའ་ དག་ནི་གཤེགས་སུ་གསོལ། །ཞེས་པ་འདིས་སངས་རྒྱས་སྲས་དང་བཙུར་མོར་བཅས་པ་ ཐམས་ཅད་སྤྱན་དྲངས་ནས། རང་རང་གི་ཁམས་རྣམས་ལ་དགོད་པར་བྱའོ། །དེ་ནས། དེ་དག་ལ། དྲི་དང༌། མེ་ཏོག་དང༌། བདུག་པ་དང༌། སྣང་གསལ་དང༌། འབྲས་བུ་མ་ ཉམས་པ་དང༌། བཅས་པའི་གཏོར་མ་ཕུལ་ནས། འདོད་པའི་དོན་རྣམས་གསོལ་བ་ གདབ་པར་བྱའོ། །དེ་བཞིན་དུ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ཁྲོ་བོ་རྣམས་སྤྱན་དྲངས་ནས། ཨོཾ་ཨཱཿཧཱུཾ་ཧོཿ ཨུཥྞི་ཥ་སུམ་བྷ་ནི་སུམ་བྷ་བིགྷྣ་ཨན་ཏ་ཀ །ནཱི་ལ་དན་ཊ། པྲཛྙཱ་ཨན་ཏ་ ཀ །ཊཀ་ཀི་རཱ་ཛ། པད་མ་ཨན་ཏ་ཀ །ཨ་ཙ་ལ་ཡ་མ་ཨན་ཏ་ཀ ། མཧཱ་བ་ལེ་བྷྱཿ ཞེས་པ་ དང༌། གྲི་གུག་གི་ཕྱག་རྒྱས་ཟད་པར་རྣམས་སྤྱན་དྲངས་ནས། ཨོཾ་ཨཱཿཧཱུཾ་ཧོཿ ཨཱ་ཀཱ་ཤཱ། བཱ་ ཡུ། ཏེ་ཛ། ཨུ་ཏ་ཀཱ། པྲཱི་ཐི་ཝཱེ། ས་དྷི་ཏེ་བྷྱཿ ཞེས་པ་དང༌། རལ་གྲིའི་ཕྱག་རྒྱས་ཕྱོགས་སྐྱོང་ རྣམས་སྤྱན་དྲངས་ནས། ཨོཾ་ཨཱཿཧཱུཾ་ཧོཿ བྲཧྨ། བིཥྞུ། ནཻ་རི་ཏྱ། བཱ་ཡུ། ཡ་མ། ཨག་ནེ། ས་མུཏྲ། ཨི་ཤྭ་ར། ཨིན་ཏྲ། ཡཀྵེ་བྷྱ། ཞེས་པ་དང༌། རིན་པོ་ཆེའི་ཕྱག་རྒྱས་གཟའ་རྣམས་སྤྱན་ དྲངས་ནས། ཨོཾ་ཨཱཿཧཱུཾ་ཧོཿ རཱ་ཧུ་ཀ་ལ། ཨག་ནི། ཙན་ཏྲ། སཱུཪྻ། བུ་དྷ། མང་ག་ལ། ཤུ་ཀྲ། པྲི་ ཧསྤ་ཏི། ཀེ་ཏུ་ཤ་ནི་བྷྱཿ ཞེས་པ་དང༌། པད་མའི་ཕྱག་རྒྱས་ཀླུ་རྣམས་སྤྱན་དྲངས་ནས། ཨོཾ་ ཨཱཿཧཱུཾ་ཧོཿ ཛ་ཡ། བི་ཛ་ཡ། པད་མ། ཀར་ཀོ་ཊ་ཡ། བཱ་སུ་ཀྀ །ཤཾ་ཁ་པཱ་ལ། ཀུ་ལི་ཀ །ཨ་ནན་ 7-1-201 ཏ། ཏཀྵ་ཀ །མཧཱ་པད་མེ་བྷྱཿ ཞེས་པ་དང༌། འཁོར་ལོའི་ཕྱག་རྒྱས་འབྱུང་པོ་རྣམས་སྤྱན་ དྲངས་ནས། ཨོཾ་ཨཱཿཧཱུཾ་ཧོཿ བེ་ཏཱ་ཌ། བི་ཀྲི་ཏ་མུ་ཁ། ཤྭ། ཀཱ་ཀ ། སཱུ་ཀ་ར། གྲི་དྷྲ། བྱ་གྷྲ། ཨུ་ ལུ་ཀ ཛམ་བུ་ཀ །ག་རུ་ཊ། མུ་ཁེ་བྷྱཿ ཞེས་པ་རྣམས་ཀྱི་མཐར། ས་པཱ་རི་ཝ་རེ་བྷྱཿ ཨི་དཾ། བྷ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨ་ཀྵ་ཏཾ། ད་དཱ་མ་ཧེ་ཏེ་ཙ་ཨ་ག་ཏྱ། ས་པཱ་རི་ཝ་རཿ ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲིཧྣན་དུ། ཁཱ་དན་དུ། པི་ཝན་ཏུ། ཛཿཧཱུཾ་བཾ་ཧོཿ སི་ཏྲིབ་ཏཱ། སརྦ་སཏྭཱ་ནཱཾ། ཤན་ཏིཾ། པུཥྟིཾ། རཀྵ་ཨཱ་བ་ར་ཎ། ཀུབ་ཏིཾ། ཀུརྦན་ཏུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་ སྭཱཧཱ། ཞེས་པ་འདི་སྦྱར་བས་སོ་སོ་ལ་གཏོར་མ་ཕུལ་ནས། སོ་སོའི་གཏོར་མ་རང་རང་གི་ ཕྱོགས་སུ་བཏང་བར་བྱ་སྟེ། ཆོས་སྐྱོང་ལ་སོགས་པའི་གཏོར་མ་གཞན་ཡང་ཇི་ལྟར་ འདོད་པ་བཞིན་དུ་དབུལ་བར་བྱའོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་སྦྱན་དྲངས་ནས། གཏོར་མ་དབུལ་བ་ནི་དབང་གི་ཆོ་གར་བསྟན་ཟིན་ཏོ། ། ཞིང་སྐྱོང་དང༌། གྲོང་གི་བདག་པོ་རྣམས་ལ་གཏོར་མ་སྦྱིན་པ་ནི། སྔར་བསྟན་པའི་ཆོ་ག་ ཉིད་ཀྱིས་སོ། །འོན་ཀྱང་འདིར། ཨ་པ་ར་སྠཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་པའི་གནས་སུ། སྭ་སྠཱ་ ནཾ་གཙྪ་སྭཱཧཱ། ཞེས་པ་གཞུག་པར་བྱ་སྟེ། འདི་ནི་ཁྱད་པར་རོ། །དེ་བཞིན་དུ། འབྱུང་པོ་ ཐམས་ཅད་པའི་གཏོར་མས་ཀྱང༌། སེམས་ཅན་ཐམས་ཅད་ཚིམ་པར་བྱ་སྟེ། གཏོར་མའི་ ཆོ་གའོ། ། དེ་ནས་བདག་ཉིད་བདུད་རྩི་ལྔ་ལ་སོགས་པ་བཟའ་བས་ཚིམ་པར་བྱ་སྟེ། གོང་དུ་བསྟན་ པའི་ཆོ་གས་སྦྱང་བ་དང༌། སྤེལ་བ་དང༌། སྦར་བ་དང༌། བདུད་རྩིར་བྱས་ནས། ཕུད་ཀྱིས་ བླ་མ་དང་དཀོན་མཆོག་ལ་སོགས་པ་ཉེ་བར་མཆོད་ཅིང༌། ཨོཾ་ཧ་རི་ཏཻ་པིཎ་ཊ་ཀེ་པྲ་ ཏཱིཙྪ་སྭཱཧཱ། ཞེས་པ་འདིས་འཕྲོག་མ་རྣམས་ལ་ཆང་བུ་གཉིས་དང༌། ཨོཾ་སརྦ་དཱུ་ཏཱི་ཀེ་ཨ་ གྲཱ་གྲ་སཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་འདིས་ཕོ་ཉ་མོ་རྣམས་ལ་ཆང་བུ་བྱིན་ནས་དེ་དག་ཚིམ་ པར་བྱའོ། །དེ་ནས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ལྷ་མཆོད་པའི་བསམ་པས་བླང་དོར་གྱི་ རྟོག་པ་སྤངས་ནས་བདག་ཉིད་རན་པ་ཙམ་དུ་ལོངས་སྤྱད་པར་བྱ་ཞིང༌། མཐར་ཡང༌། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙིཥྟ་བ་ལིཾ་ཨུཙིཥྟ་བྷཱཀྵ་བྷཀྵ་ཀ་སྭཱཧཱ། ཞེས་པ་འདིས་ལྷག་མ་ལ་ 7-1-202 དབང་བའི་འབྱུང་པོ་རྣམས་ཀྱང་ཚིམ་པར་བྱ་སྟེ། ཁ་ཟས་ཀྱི་རྣལ་འབྱོར་རོ། ། དེ་ནས་སྤྱོད་ལམ་ཐམས་ཅད་དུ་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུ་དང༌། གྲགས་པ་ཐམས་ ཅད་བྲག་ཆ་ལྟ་བུ་ལ་སོགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པར་ བྱའོ། །མཚན་མོ་ཉལ་བའི་ཚེ་ཡང་དེ་ལྟར་ཤེས་པ་ཉིད་ཀྱི་ངང་ནས་གནས་དྲུག་ཏུ་རྡོ་རྗེ་ དྲུག་བཀོད་དེ། བདེ་པ་ཆེན་པོ་རང་བཞིན་གྱིས་འོད་གསལ་པ་ཆོས་ཀྱི་སྐུར་གཉིད་ལོག་ པར་བྱ་ཞིང༌། སད་པའི་ཚེ་ལངས་ཏེ་དབང་བསྐུར་བའི་སྐབས་དང༌། རྗེས་སུ་མཐུན་ པའི་ཆོ་གས་ཁྲུས་བྱས་ནས། སླར་ཡང་ཇི་སྐད་བཤད་པའི་རྣལ་འབྱོར་ལ་འཇུག་པར་ བྱའོ། །ཡང་ན། ཁ་ལ་སོགས་པ་དག་པའི་རྗེས་ལ། ཁྲོ་བོ་བཅུའི་སྲུང་འཁོར་ཙམ་དང༌། ལམ་བསྟེན་པ་ལ་སོགས་པའི་མཐར་ཐུག་གི་འཁོར་ལོ་ཙམ་བསྒོམ་པ་ཡང་རྗེས་སུ་ གནང་སྟེ། གང་གི་ཕྱིར་ལྷ་དང་ལྷ་མོ་ལྷག་མ་རྣམས་ནི་འདི་དག་ཉིད་ལ་འདུས་པའི་ ཕྱིར་རོ། །དེ་ཡང་ཙཱ་མུན་ཌ་དང༌། ཕག་མོ་དང༌། དྲག་མོ་དང༌། དབང་མོ་རྣམས་ནི་ གྲངས་བཞིན་དུ་སྒྲོལ་མ་དང༌། གོས་དཀར་མོ་དང༌། མཱ་མ་ཀཱི་དང༌། སྤྱན་མ་རྣམས་ལས་ བྱུང་བ་སྟེ། ཚངས་མ་དང༌། དཔལ་མོ་དང༌། གཞོན་ནུ་མ་དང༌། ཁྱབ་འཇུག་མ་རྣམས་ནི་ དྲི་དང༌། གཟུགས་དང༌། རོ་དང༌། རེག་བྱའི་རྡོ་རྗེ་མ་རྣམས་ལས་བྱུང་བའོ། །ཁྱབ་འཇུག་ དང༌། རླུང་ལྷ་དང༌། མེ་ལྷ་དང༌། རྒྱ་མཚོ་དང༌། ཚངས་པ་དང༌། དྲག་མོ་རྣམས་ནི་མི་ བསྐྱོད་པ་དང༌། དོན་ཡོད་གྲུབ་པ་དང༌། རིན་ཆེན་དབང་པོ་དང༌། འོད་དཔག་མེད་ དང༌། རྣམ་པར་སྣང་མཛད་དང༌། རྡོ་རྗེ་སེམས་དཔའ་རྣམས་ལས་བྱུང་བ་སྟེ། ནོར་ བདག་དང༌། དབང་པོ་དང༌། ལོག་འདྲེན་དང༌། གདོང་དྲུག་དང༌། བདེན་བྲལ་དང༌། གཤིན་རྗེ་རྣམས་ནི་ཀུན་ཏུ་བཟང་པོ་དང༌། རྣམ་པར་སེལ་བ་དང༌། འཇིག་རྟེན་དབང་ ཕྱུག་དང༌། སའི་སྙིང་པོ་དང༌། ནམ་མཁའི་སྙིང་པོ་དང༌། ཕྱག་ན་རྡོ་རྗེ་རྣམས་ལས་བྱུང་ བའོ། །འདི་དག་གི་ལྷ་མོ་རྣམས་ཀྱང་ཡུམ་དྲུག་དང༌། སེམས་མ་དྲུག་ལས་བྱུང་བ་སྟེ། འདབ་མའི་ལྷ་མོ་རྣམས་ནི་རང་རང་གི་གཙོ་མོ་དང༌། གཙོ་བོར་འདུས་པ་ཉིད་དོ། ། དེ་ བཞིན་དུ། གཙུག་ཏོར་དང༌། དབྱུག་པ་སྔོན་པོ་དང༌། འདོད་པའི་རྒྱལ་པོ་དང༌། མི་གཡོ་ 7-1-203 བ་དང༌། གནོད་མཛེས་རྣམས་ནི་མི་བསྐྱོད་པ་དང༌། ནམ་མཁའི་སྙིང་པོ་དང༌། འཇིག་ རྟེན་དབང་ཕྱུག་དང༌། ཕྱག་ན་རྡོ་རྗེ་རྣམས་ལས་བྱུང་བ་སྟེ། ཤིན་ཏུ་སྔོན་མོ་དང༌། འོད་ ཟེར་ཅན་མ་དང༌། ཙུན་དཱ་དང༌། ཁྲོ་གཉེར་ཅན་དང༌། རྡོ་རྗེ་ལྕགས་སྒྲོག་མ་དང༌། དྲག་ ཅན་མ་རྣམས་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། དྲི་དང༌། གཟུགས་དང༌། རོ་ དང༌། རེག་བྱ་དང༌། སྒྲའི་རྡོ་རྗེ་མ་རྣམས་ལས་བྱུང་བའོ། །ཀླུ་རྣམས་དང༌། རབ་གཏུམ་མ་ རྣམས་ནི་བུམ་པ་རྣམས་དང༌། ནུས་མ་རྣམས་ལས་བྱུང་བ་སྟེ། ཕྱོགས་ཀྱི་ངེས་པ་གང་ དང་གང་ན་གནས་པ་དེ་དང་དེའི་རིགས་ཀྱི་དབང་གིས་སོ། །གཞན་འདོད་མ་དང༌། ཕྱིར་འདོད་མ་རྣམས་ཀྱང་གང་ལས་བྱུང་བ་དེར་འདུས་པ་ཉིད་དོ། །ཡང་ན་ཐམས་ཅད་ ལ། ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཡུམ་དང་བཅས་པ་འབའ་ ཞིག་གམ། དཔའ་པོ་གཅིག་པ་ཡང་བསྒོམ་པར་བྱའོ། །དེ་ལྟར་འཇིག་རྟེན་པའི་དངོས་ གྲུབ་ཀྱི་དོན་དང༌། བསོད་ནམས་ཀྱི་ཚོགས་ཀྱི་དོན་དང༌། ལམ་ཡོངས་སུ་ཤེས་པར་བྱ་བ་ དང༌། ཀུན་རྫོབ་ཏུ་གཞན་ལ་ཉེ་བར་བསྟན་པའི་དོན་དུ་བསྐྱེད་པའི་རིམ་པ་གཙོ་བོར་ བྱས་པ་སྟེ་དྲང་བའི་དོན་ཏོ། ། ངེས་པའི་དོན་དུ་ནི་བརྟགས་པའི་སྒོམ་པ་དང༌། བཟླས་པ་ལ་སོགས་པ་ཡོངས་སུ་དོར་ ནས། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན། སྤྲོས་པ་ཐམས་ཅད་དང་བྲལ་ཞིང་མཚན་མ་ ཐམས་ཅད་ཉེ་བར་ཞི་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། རྣམ་པ་ཐམས་ཅད་ཀྱི་མཆོག་ དང་ལྡན་པའི་སྟོང་པ་ཉིད། ཕྱག་རྒྱ་ཆེན་མོ་རང་བཞིན་གྱིས་འོད་གསལ་བ། གཞོམ་དུ་ མེད་ཅིང་རྡུལ་ཕྲ་རབ་ཀྱི་ཆོས་ལས་རྣམ་པར་འདས་པའི་ཆོས་ཉིད་ཀྱི་སྣང་བ་པྲ་བརྒྱད་ ཕབ་པ་ལྟ་བུ་ལ་ཤིན་ཏུ་མཉམ་པར་བཞག་པར་བྱ་སྟེ། དེ་ལྟར་ན་རླུང་བཅུ་ཨ་བ་དྷཱུ་ཏཱིར་ ཞུགས་པ་ལས་བྱུང་བའི་དགའ་བ་དང༌། མཆོག་ཏུ་དགའ་བ་ལ་སོགས་པའི་མཐར་ལྷན་ ཅིག་སྐྱེས་པའི་དགའ་བ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བདེ་བ་ཆེན་པོས་ཕུང་པོ་དང་ ཁམས་{དང་དབང་པོ་ལ་སོགས་པ་རབ་ཏུ་འཇུག་ཅིང་རོ་མཉམ་པར་བྱས་ནས། དྲི་མ་ མེད་པའི་ལུས་དང༌། ངག་དང༌། ཡིད་དང༌། ཡེ་ཤེས་གཞོམ་དུ་མེད་པ་མངོན་དུ་བྱེད་ 7-1-204 པར་འགྱུར་བ་ཉིད་དོ། །དེ་བཞིན་དུ། ངག་གི་བརྗོད་པ་དང༌། བགྲང་ཕྲེང་ལ་སོགས་རྣམ་ པར་གསོལ་བ་ལ་སོགས་ཡོངས་སུ་དོར་ནས། སྲོག་གི་བཟླས་པ་ལ་གཅྀག་ཏུ་བརྩོན་པས། རླུང་རྣམས་གཡོ་བ་མེད་པར་བྱས་ཏེ། དེ་ལྟར་ན་རྣམ་པར་ཤེས་པའི་ཆོས་ཉིད་ལས་ འདས་ནས། ཐམས་ཅད་མཁྱེན་པའི་སྐུ་དང༌། གསུང་དང༌། ཐུགས་དང༌། ཡེ་ཤེས་སྒྲིབ་ མེད་པ་སྐྱེ་བ་འདི་ལ་མངོན་དུ་བྱེད་པར་འགྱུར་བ་ཉིད་དོ། །དེ་ལྟར་བས་ན་ཐམས་ཅད་ མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་དག་གིས་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་ འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དོར་ནས། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་ པ་མེད་པ་དང༌། ངག་གི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། ཡིད་ཀྱི་ལོངས་སྤྱོད་ལ་ ལྟོས་པ་མེད་པ་དང༌། འཕོ་བའི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། སོ་སོར་སྡུད་དང་ བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་ འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། ། ཅེས་པ་ཡན་ལག་དྲུག་གི་རྣལ་འབྱོར་ རྒྱུད་ཐམས་ཅད་རྫོགས་པའི་རིམ་པ་ལ་ནན་ཏན་སྙིང་པོར་བྱ་བ་ཁོ་ནའོ། ། དེ་ལྟར་བསྐྱེད་པ་དང་རྫོགས་པའི་རིམ་པ་ནི། དྲང་བ་དང་ངེས་པའི་དོན་དུ་བཅོམ་ལྡན་ འདས་ཀྱིས་གསུངས་ཏེ། མངོན་པར་བརྗོད་པ་འབུམ་པ་ལས། {འཇིག་རྟེན་ཀུན་རྫོབ་ བདེན་པ་ཡིས།།}འཇིག་རྟེན་དངོས་གྲུབ་བསྒྲུབ་པའི་ཕྱིར། །སྔགས་བཟླས་དེ་བཞིན་ཆོ་ག་ དང༌། །རྣམ་རྟོག་སྒོམ་པར་རབ་ཏུ་གསུངས། །དོན་དམ་བདེན་པས་གསུངས་པ་ནི། ། ཡེ་ ཤེས་སྐུ་ནི་རབ་བསྒྲུབ་ཕྱིར། །ཀུན་རྟོག་ཐམས་ཅད་སྤངས་པ་ཡི། །སྒོམ་པ་དེ་བཞིན་ གཤེགས་པས་གསུངས། །ཞེས་པ་དང༌། དགྱེས་པ་རྡོ་རྗེ་རྩ་བའི་རྒྱུད་ལས་ཀྱང༌། དཀྱིལ་ འཁོར་འཁོར་ལོའི་ཁང་པ་དང༌། །ལྷ་རྣམས་ཇི་ལྟར་བསྐྱེད་པ་དང༌། །ཡེ་ཤེས་དགུག་དང་ དབང་བསྐུར་དང༌། །དེ་བཞིན་འཁོར་ལོ་རྩ་དང་ནི། །ཁུ་བ་རླུང་རྣམས་གང་བསྟན་ཏེ། ། བྱིས་པ་རྣམས་ནི་གཞུག་པའི་ཕྱིར། །འཇིག་རྟེན་མགོན་པོས་བསྟན་པ་ཡིན། །ངེས་དོན་ མ་ཡིན་གཞན་དུ་དཔྱད། །དཀྱིལ་འཁོར་ཚུལ་དང་ལྷ་དག་དང༌། །ཡེ་ཤེས་དགུག་དང་ དབང་བསྐུར་དང༌། །ཁུ་བ་རླུང་དུ་སུ་ལྟ་བ། །ཀྱཻ་ཡི་རྡོ་རྗེ་དེས་མི་ཤེས། །ཞེས་པ་དང༌། 7-1-205 དགྱེས་པ་རྡོ་རྗེ་བསྡུས་པའི་རྒྱུད་ཀྱི་འགྲེལ་པར་ཡང༌། བསྐྱེད་པའི་རིམ་པའི་ཤེས་པ་ ནི། །སངས་རྒྱས་བྱ་བ་དེས་མི་བྱེད། །རྣལ་འབྱོར་རྣམས་ལ་མངོན་སུམ་དུ། །རང་རིག་ གྱུར་པ་གང་ཡིན་དེ། ། རྫོགས་པའི་རིམ་པ་ཡེ་ཤེས་ནི། །སངས་རྒྱས་བྱ་བ་བྱེད་མཆོག་ ཡིན། །ཞེས་པ་དང༌། ཕྱག་རྒྱ་དཀྱིལ་འཁོར་སྔགས་ལ་སོགས། །ཡིད་འོང་བདག་གིས་གང་ བསྟན་པ། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་ནི། །སྐལ་བ་མེད་པའི་བདག་ཉིད་ལའོ། །ཞེས་པ་ དང༌། དེ་བཞིན་དུ། གཞལ་ཡས་ཁང་དང༌། ལྷ་ལ་སོགས་པ་བརྟག་པ་ནི་དྲང་བའི་དོན་ ཏོ། །ཞེས་པ་ལ་སོགས་པ་འཕགས་པ་རྡོ་རྗེའི་སྙིང་པོས་རྒྱ་ཆེར་གསུངས་ལ། བསྡུས་པའི་ རྒྱུད་ཀྱི་རྒྱལ་པོ་ལས་ཀྱང༌། དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ནི་ དཀྱིལ་འཁོར་དབང་པོ་རབ་ཏུ་བྱ། །ཞེས་གསུངས་ཤིང༌། དེ་ཉིད་ཀྱི་འགྲེལ་པར་ཡང༌། འདིར་ནི་གང་ཞིག་བརྟག་པའི་སྒྲུབ་ཐབས་དེ་ནི་འཁྲུལ་པ་ཞེས་ཏེ། རྡོ་རྗེ་ཅན་གྱི་སྒྲུབ་ ཐབས་མཐའ་དག་གང་ཡིན་པའོ། ། དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་ སྟེ། བརྟག་པ་དང་བྲལ་བ་དག་ནི་དཀྱིལ་འཁོར་གྱི་དབང་པོར་བྱའོ། །ཞེས་པའོ། །ཞེས་པ་ དང༌། ཡང་དེ་ཉིད་ལས། འཇིག་རྟེན་པའི་བདེན་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་ པར་རྟོག་པའི་སྒོམ་པ་བསྐྱེད་པའི་རིམ་པས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་ པའོ། །འཇིག་རྟེན་ལས་འདས་པའི་བདེན་པ་ནི་དུ་བ་ལ་སོགས་པའི་མཚན་མ་རྣམ་པར་ མི་རྟོག་པའི་སེམས་རྫོགས་པའི་རིམ་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་ དོ། །རྫོགས་པའི་རིམ་པ་ནི་ལྷན་ཅིག་སྐྱེས་པ་རྣམ་པར་མི་རྟོག་པ་སྟེ་རྣམ་པ་ཐམས་ཅད་ དུ། ཞལ་དང༌། ཕྱག་དང༌། ཁ་དོག་དང༌། དབྱིབས་ཀྱི་རྟོག་པ་དང་བྲལ་བའོ། །ཞེས་པ་ དང༌། བཅོམ་ལྡན་འདས་དེ་ཁོ་ན་ཉིད་རིག་པས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས། སེམས་ཅན་གྱི་བསམ་པའི་དབང་གིས་བྱིས་པའི་བློ་ཅན་བརྩོན་འགྲུས་དམན་པ། དོན་ དམ་པའི་དེ་ཁོ་ན་ཉིད་ལ་ཡོངས་སུ་རྟོག་པ་མི་བྱེད་པ། ཟབ་པ་དང་རྒྱ་ཆེ་བའི་ཡེ་ཤེས་ ལ་སེམས་སྐྲག་པ། ཞི་བ་ལ་སོགས་པའི་ལས་སྒྲུབ་པ་ལ་མངོན་པར་དགའ་བ། དབང་པོ་ ཡུལ་ལ་ཉེ་བར་སྤྱོད་པ་ལ་ཆགས་པ། རལ་གྲི་དང༌། རི་ལུ་དང༌། མིག་སྨན་དང༌། བཅུད་ 7-1-206 དང༌། བཅུད་ལེན་དང༌། འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ལ། མངོན་པར་དགའ་བ་ རྣམས་ལ་རྟེན་ཅིང་འབྲེལ་བར་འགྱུར་པའི་ཡེ་ཤེས། རྟེན་ཅིང་འབྲེལ་པར་འབྱུང་བའི་ དབང་པོའི་སྤྱོད་ཡུལ་ཉི་ཚེ་བ་ཉི་ཚེ་བའི་དོན་བྱེད་ནུས་པ་གསུངས་སོ། །ཉི་ཚེ་བའི་དོན་ བྱེད་ནུས་པ་དེ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པའི་གསུངས་འདི་ནི་དོན་དམ་པའི་ བདེན་པ་ལ་བརྟེན་པ་མ་ཡིན་ནོ། །ཞེས་དང༌། སེམས་ཅན་གྱི་བསམ་པའི་དབང་གིས་ རལ་གྲི་དང༌། རི་ལུ་དང༌། མིག་སྨན་དང༌། བཅུད་དང༌། བཅུད་ལེན་ལ་སོགས་པ་འཇིག་ རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་བཅོམ་ལྡན་ འདས་ཀྱིས་གསུངས་ཏེ། དེའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་མངོན་སུམ་དུ་བྱས་ པ་ལས། རལ་གྲི་ལ་སོགས་པའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་གྱི། སྒྲུབ་པ་པོ་ ཐམས་ཅད་མཁྱེན་པ་ཉིད་དུ་ནི་འགྲུབ་པར་མི་འགྱུར་རོ། །ཞེས་པ་དང༌། འདིར་དཀྱིལ་ འཁོར་གྱི་འཁོར་ལོ་ཅན་གང་ཞིག་འདུས་པའི་དཀྱིལ་འཁོར་སྤྲོ་བར་བྱེད་པ་དེས་ནི་ འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལ་སོགས་པ་སྤྲོ་བར་མི་ནུས་སོ། །གང་ཞིག་འཁོར་ལོ་ སྡོམ་པ་སྤྲོ་བར་བྱེད་པ་དེས་ནི་འདུས་པ་ལ་སོགས་པ་སྤྲོ་བར་མི་ནུས་ཏེ། ཉེ་ཚེ་བ་ཉིད་ ཀྱིས་ཕྱིར་རོ། །ཞེས་པ་དང༌། གཟུགས་ལ་སོགས་པར་རྟོགས་པ་དཀྱིལ་འཁོར་གྱི། །འཁོར་ ལོ་སྡོམ་པ་གོམས་པར་གྱུར་པས་ནི། གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་ གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ སོ། །ངེས་པའི་དོན་གྱི་སྒོམ་པ་ནི། དབང་གི་ཆོ་གར་ཡང་བསྡུས་ཏེ། དེ་ལྟར་དྲང་བ་དང༌། ངེས་པའི་དོན་གྱི་སྒོམ་པ་བསྐྱེད་པ་དང༌། རྫོགས་པའི་རིམ་པ་ནི་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་དངོས་གྲུབ་ཀྱི་དོན་དུ་རྒྱུད་ཐམས་ཅད་ལས་བཅོམ་ལྡན་འདས་ཀྱི་ ངེས་པའོ། ། གང་འདིར་གཅིག་ཏུ་རང་དགའི་བློ་དོར་ནས། །འཕགས་པའི་གསུང་ཉིད་དཔང་དུ་ བྱས་ནས་བསྡུས། །དེ་ལྟར་ལགས་ཀྱང་འཁྲུལ་པའི་ཆ་མཆིས་ན། །བདག་གིས་ནོངས་པ་ མཁས་ལ་བཟོད་པར་གསོལ། །འདི་ལ་གང་གི་ལྷག་བསམ་དག་པ་ཡིས། །ཉེ་བར་བསྐུལ་ 7-1-207 དང་མཐུན་པའི་རྐྱེན་སྦྱར་དང༌། །བདག་གིས་འབད་ལས་བསོད་ནམས་གང་སྐྱེས་ པ། །དེ་ཡང་འགྲོ་བའི་བྱང་ཆུབ་དོན་དུ་བསྔོ། །འདི་ན་བློ་མཆོག་ལྡན་པ་རྣམས་ཀྱང་རྡོ་ རྗེ་ཐེག་ལ་འཇུག་མི་བྱེད། །རྡོ་རྗེའི་ཐེག་ལ་ཞུགས་པ་རྣམས་ཀྱང་རྒྱུད་སྡེའི་དོན་ལ་ དཔྱོད་པ་ཉུང༌། ། རྒྱུད་ལ་རྣམ་པར་དཔྱོད་པ་རྣམས་ཀྱང་སྦས་པའི་བསྡུས་རྒྱུད་ཐོར་བུ་ ལེན། །སྦས་རྒྱུད་འཆད་ལ་བརྩོན་པ་རྣམས་ཀྱང་ས་བཅུ་པ་ཡི་འགྲེལ་པ་འདོར། །དེ་ཕྱིར་ བདག་ནི་རྩ་བའི་རྒྱུད་རྣམས་དང༌། །སེམས་དཔའ་ཆེན་པོ་རྣམས་ཀྱི་རྗེས་ཞུགས་ ནས། །དྲང་དང་ངེས་དོན་རྣམ་པར་འབྱེད་མཁས་པ། །གཟུ་བོར་གནས་གང་དེ་དག་ ཀུན་ལ་འདུད། ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ཞེས་བྱ་བ། བློ་ལྡན་མང་ པོས་བསྐུལ་བའི་ངོར། བཙུན་པ་དོལ་པོ་པས། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བ་ རྫོགས་སོ།། །། སླད་ནས་ཀྱང་རྒྱ་དཔེ་ལ་གཏུགས་ནས། ཅུང་ཟད་བཅོས་ཤིང་སྔགས་རྣམས་ཀྱང་དག་ པར་བགྱིས་པས། རིང་ཐུང་ལ་སོགས་པ་འདི་བཞིན་མཛད་པར་ཞུ། དཔེ་འདི་དག་གི་ ནང་ན་དེ་སྨྲའོ། །མཾ་ག་ལཾ་བྷ་ཝ་ཏུ། དགེའོ།། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ་༢༡༥ དང༌། གཞན་ཡང་འབྲས་དཔེ་རྙིང་གདོང་རྟགས་མི་གསལ་ བའི་ཤིང་པར་དང༌། འཛམ་ཐང་པར་མ་བཅས་ཡིན། མ་དཔེ་རྣམས་ཅུང་ཟད་མི་འདྲ་བ་རེ་ཡོད་པ་ཐུགས་ལ་ བདོག་པར་ཞུ།) 7-1-208 ༄༅། །དག་པའི་རིམ་པའི་ལག་ལེན་མདོར་བསྡུས་པ་ཞེས་བྱ་བ་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ དག་པའི་རིམ་པའི་ལག་ལེན་མདོར་བསྡུས་པ་ཞེས་བྱ་བ། རྗེ་ བཙུན་བླ་མ་དམ་པ་དང་དབྱེར་མ་མཆིས་པའི་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ ལོ། ། འདིར་བླ་མ་དམ་པའི་མཚན་ཉིད་དང་ལྡན་པས། སློབ་མ་དམ་པའི་མཚན་ཉིད་ དང་ལྡན་པ་ལ། དག་པའི་རིམ་པས་དབང་བསྐུར་བར་འདོད་ན། དང་པོར། སློབ་མས་ གསེར་གྱི་མེ་ཏོག་ལ་སོགས་པའི་མཎྜལ་ཕུལ་ཞིང༌། མེ་ཏོག་གཏོར་ནས་ཕྱག་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་དཔྲལ་བར་བཀོད་ནས། བཅོམ་ལྡན་འདས་གང་དུ་མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང༌། སྐྱེ་བ་འདི་ཉིད་ ལ་སངས་རྒྱས་ཉིད་ཐོབ་པར་ལུང་སྟོན་ཅིང༌། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་བདེ་ བ་མཆོག་ཏུ་མི་འགྱུར་བས་ཡང་དག་པར་བསྡུས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པར་ལུང་ བསྟན་པ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་གཞུག་པ་དང༌། དག་པའི་རིམ་ པའི་དབང་བསྐུར་བས་མངོན་པར་དབང་བསྐུར་དུ་གསོལ། ཞེས་ལན་གསུམ་དུ་གསོལ་ བ་བཏབ་པ་ལ། སོ་ཤིང་གི་ཆོ་ག་བྱས་ནས། སྤྱི་བོར་ཨཱུ་ཡིག །སྙིང་ཁར་ཨཱི་ཡིག །གཙུག་ ཏོར་དུ་ཨཱ་ཡིག་སྟེ། ཐབས་ཀྱི་རིགས་གསུམ་དང༌། ལྟེ་བར་ལཱྀ་ཡིག་མགྲིན་པར་རཱྀ་ ཡིག །གསང་བར་ཨཱཿཡིག་སྟེ། ཤེས་རབ་ཀྱི་རིགས་གསུམ་གདོད་ནས་ལྷུན་གྲུབ་ཏུ་ བཞུགས་པ་གསལ་གདབ་ཅིང༌། དེའི་འོད་ཟེར་གྱི་ཕུང་པོ་དུ་མ་འཁྲིགས་པས་བར་དུ་ གཅོད་པ་ཐམས་ཅད་བསྲུང་བའི་ཆོ་ག་དང༌། སྔགས་དེ་ཉིད་ཀྱི་ བཟླས་པ་མན་ངག་ལྟར་སྦྱིན་པར་བྱའོ། །དེ་ནས་ཕྱིའི་བགེགས་ཞི་བར་བྱ་བའི་དོན་དུ་ སངས་རྒྱས་དང༌། རྡོ་རྗེ་རྣལ་འབྱོར་མ་རྣམས་བཟའ་བ་དང༌། བཏུང་བ་ལ་སོགས་པས་ མཆོད་ཅིང༌། འབྱུང་པོ་རྣམས་ལ་ཡང་ཉིན་ཞག་སོ་སོར་གཏོར་མ་སྦྱིན་ནོ། །དེ་ནས་དུས་ བཟང་པོ་ལ་ཡོངས་སུ་བརྟགས་པའི་ས་མཚན་ཉིད་དང་ལྡན་པར་ཆས་སུ་ཞུགས་པའི་ 7-1-209 སློབ་དཔོན་ཤར་དུ་མངོན་པར་ཕྱོགས་པས་འདུག་སྟེ། ཁ་དག་པ་ལ་སོགས་པ་ནས། ཕྲ་ མོའི་རྣལ་འབྱོར་གྱི་མཐར་ཐུག་པ་བསྒོམ་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་ སཏྭ་ཧཾ་དུར་དཱན་ཏ་ད་མ་ཀ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་བདག་ཉིད་བྱིན་གྱིས་བརླབས་ ནས། ཞིང་སྐྱོང་དང༌། གྲོང་བདག་ལ་སོགས་པ་གཏོར་མས་ཚིམ་པར་བྱས་ཏེ། གང་དག་ འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གང་ཡང་རུང༌། །དཀྱིལ་འཁོར་དོན་ དུ་ས་འདི་ནི། ། བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་པས་ས་བསླང་བའོ། ། དེ་ནས་རང་གི་སྙིང་གར་ཟླ་བའི་སྟེང་དུ་ལཾ་དང་འཁོར་ལོ་ལས་སའི་ལྷ་མོ་སེར་མོ་ཞལ་ གསུམ་ཕྱག་དྲུག་མ། སྤྱན་མ་ལྟ་བུའི་ཕྱག་མཚན་ཅན། གོས་དང་རྒྱན་སེར་པོས་བརྒྱན་པ་ ལ། ཛཿཧཱུཾ་བཾ་ཧོཿཧི། ཞེས་པ་དང༌། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱས། ཡེ་ཤེས་ སེམས་དཔའ་དང་རོ་གཅིག་ཏུ་བྱས་ཏེ། ཨོཾ་ལཱཾ་ཨཿཧཱུཾ། བ་སུན་དྷ་རི་སརྦ་བུདྡྷ་ཛ་ན་ནི་ སརྦ་སཏྭ་ཨུ་པ་ཀ་རི་ཎི་བཛྲ་སཏྭ་ཨཛྙཱ་པ་ཡ་ཏི་ཤཱི་གྷྲཾ་ཨཱ་གཙྪ་ཨཱ་གཙྪ། ཨི་དཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ནཻ་བེ་ཏྱ། ཕ་ལ་ཨཀྵ་ཏཾ་ད་དཱ་མི་ཏ་བཏྭ་མེ་བ་གྲྀཧྣ་གྲྀཧྣ་མཎྜལ་ཨརྠཾ་མ་མ་སྠཱ་ ནཾ་ད་ད། ཞེས་པས་ཕྱི་རོལ་གྱི་སའི་ལྷ་མོ་སྤྱན་དྲངས་ནས། མཆོད་ཡོན་དང༌། དྲི་དང༌། མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་དེ། རྒྱལ་བས་ལྷ་ཡི་བདག་པོ་ དང་བཅས་བདུད་ནི་བཅོམ་པ་དག་ལ་ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །དེ་ཕྱིར་ཁྱོད་ནི་ མཆོད་པར་བྱ་ཡི་ལྷ་མཆོག་གིས་བཏུད་བཞེས་ཤིག་བཞེས་ཤིག་བདག་གིས་མཆོད་ཡོན་ ནོ། །ཇི་ལྟར་རྒྱལ་བས་བྱང་ཆུབ་སླད་དུ་བདུད་ཀྱི་སྡེ་ནི་སྟོབས་ལྡན་དག་ཀྱང་རབ་ཏུ་ བཅོམ་གྱུར་པ། །དེ་བཞིན་བདག་གིས་ཀྱང་ནི་སློབ་མ་རྣམས་ལ་དབང་བསྐུར་སླད་དུ་ བདུད་རྣམས་ཉམས་པ་ཉིད་དུ་བྱ། །ཁྱོད་དཔང་དུ་གྱུར་པས་སོ། །ཞེས་པ་དང༌། རྒྱས་ པར་སྤྲོ་ན། ཨོཾ་ཚུར་སྤྱོན་ཚུར་སྤྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །རིན་ཆེན་ ཀུན་གྱིས་རབ་གང་མ། ། བཟང་པོའི་རྒྱན་གྱིས་རྣམ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་ནས་ ཀྱང༌། །དཀྱིལ་འཁོར་ལས་ནི་ལེགས་བསྒྲུབས་མཛོད། །ཧཱི་ཧཱི་ཧཱི་ཧཱི་ཧཾ་སྭཱཧཱ། ཞེས་སོགས་ 7-1-210 ཀྱང་ངོ༌། །དེ་ནས། སརྦ་སཏྭ་ནན་ཤནྟིཾ་པུཥྟིཾ་ཀྲྀཏྭཱ་ཤུ་བྷ་ཙིཏ་ཏེ་ན་ཨི་དཾ་སྠཱ་ནཾ་ཏྱཀ་ཏོ་ཨ་ པ་ར་སྠཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་པ་རྣམས་ཀྱིས་སའི་ལྷ་མོ་ལ་གསོལ་བ་བཏབ་ནས་སླར་ གཤེགས་སུ་གསོལ། དེ་ནས་དཀྱིལ་འཁོར་གྱི་ས་གཞི་གསར་དུ་སྒྲུབ་ན། ས་བདག་ལྟོ་འཕྱེའི་ལྟོ་བ་ལས་ཅུང་ ཟད་མདུན་གྱི་ཆ་ནས་བརྩམས་ཏེ། ཆུའམ་རྡོ་ལ་ཐུག་པར་བརྐོ་ཞིང་སའི་སེལ་རྣམས་ དོར་ནས་ལས་དང་རྗེས་སུ་མཐུན་པའི་ས་དྲི་རོ་ལ་སོགས་པ་ལས་དང་མཐུན་པ་ཅན་གྱི་ ཆུས་བྲན་པས་དགང་ཞིང་ལས་དང་མཐུན་པའི་གཏེར་བཅུག་སྟེ། འཇམ་ཞིང་སྙོམས་ལ་ དབུས་ཅུང་ཟད་མཐོ་བ་ཅན་བྱས་པའམ། སྔོན་འདུས་བྱས་པ་ཡིན་ཡང་རུང༌། དྲིས་ བྱུགས་ཤིང་མེ་ཏོག་བཀྲམ་པའི་དབུས་སུ། རྡོ་རྗེ་སློབ་དཔོན་ཤར་དུ་མངོན་པར་ཕྱོགས་ པས་སྲུང་བའི་འཁོར་ལོ་རྒྱས་པར་བསྒོམས་ནས་ལས་དང་མཐུན་པའི་ཕུར་བུ་ཁྲོ་རྒྱལ་ བཅུར་བསྒོམས་པ་རྣམས་ཕྱོགས་བཅུའི་གདུག་པ་རྣམས་ལ་གདབ་ཅིང༌། རྡོ་རྗེ་ཐོ་བས་ བརྡུང་ལ་ཕུར་བུ་རྣམས་བསྲུང་བའི་དོན་དུ་ཁྲོ་བོ་བཅུ་དགོད་པར་བྱ་སྟེ། སྒྲུབ་ཐབས་སུ་ བསྟན་པའི་སྔགས་རྣམས་ཀྱིས་སོ། །དེ་ནས་ཁྲོ་བོའི་དབང་པོར་གསལ་བའི་རྐང་མཐིལ་ གཡོན་དང་གཡས་ལ། ཧུཾ་ཧཱུཾ་དགོད་ཅིང༌། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་རེག་ནས། གཡས་ བརྐྱང་གཡོན་བརྐྱང་མཉམ་པའི་སྟབས་ཀྱིས་དབུས་ཀྱིས་བཅག །ཡཾ་ཡཱཿབཀོད་ཅིང༌། རལ་གྲིའི་ཕྱག་རྒྱས་རེག་ནས་ཤར་དུ་ཟླུམ་པོའི་སྟབས་ཀྱིས་བཅག །རཾ་རཱཿབཀོད་ཅིང༌། རིན་ཆེན་ཕྱག་རྒྱས་རེག་ནས་ལྷོར་རོལ་པའི་སྟབས་ཀྱིས་བཅག །ལཾ་ལཱཿབཀོད་ཅིང༌། འཁོར་ལོའི་ཕྱག་རྒྱས་རེག་ནས་ནུབ་ཏུ་རྡོ་རྗེ་གདན་གྱིས་བྱིན་གྱིས་བརླབས་པའམ། ས་ གའི་སྟབས་ཀྱིས་བཅག །ཝཾ་ཝཱཿབཀོད་ཅིང༌། པད་མའི་ཕྱག་རྒྱས་རེག་ནས་པད་མའི་ གདན་གྱིས་བྱིན་གྱིས་བརླབས་པའམ། ཏཱཎ་ཌ་བའི་སྟབས་ཀྱིས་བཅག་པར་བྱ་སྟེ། གསར་ དུ་བསྒྲུབ་པ་ཡིན་ནོ། ། གང་ཡིན་ཡང་རུང༌། དྲི་ལ་སོགས་པས་མཆོད་དེ། ཨོཾ་ཨཱཿལཾ་ཧཱུཾ། བཛྲ་བྷུ་མི་ཏིཥྟཾ་ཨ་ཙ་ལ་ཧུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་པས་རྡོ་རྗེའི་ས་སྟེ། དོན་དམ་ཆོས་ཉིད་ཀྱིས་རབ་ཏུ་སད་པར་བྱས་པས་དཀྱིལ་འཁོར་གྱི་ས་གཞི་བྱིན་གྱིས་ 7-1-211 བརླབས་ནས། སླར་ཡང་མཆོད་པ་འབུལ་ལོ། །སྐབས་ལ་ལར་གཞུང་གཞན་དུ་བཤད་ པའི་གར་སྟབས་རྒྱས་བསྡུས་གང་ཡང་རུང་བ་བྱེད་པར་མོས་ན། ཕྱག་ལེན་བརྒྱུད་པ་ ལྟར་ལེགས་པར་སྦྱངས་པས་བྱ་ཞིང༌། བསྡུས་པ་ལ་དགའ་བས་ནི་འདི་མ་བྱས་ཀྱང་རུང་ ལ། ཕུར་བུས་གདབ་པ་ནི་དོན་ལ་རྟོན་པས་སྟང་སྟབས་ཀྱི་མཐར་ཡང་རུང་ངོ༌། །ས་བྱིན་ གྱིས་བརླབས་པའི་ཆོ་གའམ། ས་ལྷག་པར་གནས་པའི་ཆོ་ག་སྟེ། འདི་ཉིད་སའི་ཆོ་གའོ། ། དེ་ནས་འབྲི་བར་འགྱུར་བའི་ལྷ་རྣམས་ཀྱི་གནས་སུ་དྲིའི་ཐིག་ལེའམ་མེ་ཏོག་བཀོད་པ་ ལྷར་གསལ་འདེབས་པའམ། ཁ་ཅིག་ཏུ་དེ་ལྟར་མ་བྱས་ཀྱང་རུང༌། དུས་ཐམས་ཅད་དུ་ ནམ་མཁའ་ཐམས་ཅད་ཏིལ་གྱི་གོང་བུ་ལྟར་ཡོངས་སུ་གང་བར་བཞུགས་པའི་རྒྱལ་བ་ སྲས་བཅས་ཐམས་ཅད་གསལ་བཏབ་པ་ལ་མཆོད་བསྟོད་རྒྱས་པ་ཕུལ་ཏེ། རྡོ་རྗེ་དྲིལ་བུ་ དང་བཅས་པས་སྤོས་ཕོར་བཟུང་ཞིང༌། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། སེམས་ཅན་རྣམས་ནི་ཐར་པའི་སླད་དུ་ཆྒཻ་བདག་ཀྱང་གཙོ་བོའི་དཀྱིལ་འཁོར་དག་ནི་ བཞེངས་པར་བགྱི། །གང་དག་ཕྱོགས་རྣམས་ཀུན་ནས་སངས་རྒྱས་བྱང་ཆུབ་སེམས་ དཔའ་ཉེས་པ་རྣམ་བྲལ་བཙུན་མོ་དང་བཅས་པ། །དེ་དག་རྣམས་ཀྱི་མཆོག་གི་ཐུགས་ རྗེས་དཀྱིལ་འཁོར་དུ་ནི་དབང་བསྐུར་སླད་དུ་བདག་ལ་བསྐྱང་དུ་གསོལ། །ཞེས་ལན་ གསུམ་དུ་གསོལ་བ་བཏབ་སྟེ། འདི་ནི་ལྷ་ལྷག་གནས་སུ་གྲགས་པ་དང་དོན་གཅིག་ གོ །ཅི་སྟེ་གཞུང་གཞན་དུ་བཤད་པ་ལྟར་མོས་ན་ཡང༌། བཅོམ་ལྡན་རྡོ་རྗེ་ཆྒཻ་ མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་བདུད། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། །ཁྱེད་རྣམས་ ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་བྲི་བར་ བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་ པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་ གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་ དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་ བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ 7-1-212 ནི་ཆྒཻ༵་རྡོ་རྗེ་ཅན། །ཆྒཻ་འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པ་ཉེར་སྦྱོར་ བས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། ། རྗེས་སུ་བརྩེ་བར་ ཉེར་བཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་བྱོན་པར་མཛད་ པར་རིགས། །ཞེས་པའོ། ། དེ་ནས་ལས་དང་མཐུན་པའི་བུམ་པ་མཚན་ཉིད་དང་ལྡན་པ་ལྔའམ་བཅུ། དུང་ཆོས་ དང་བཅས་པ་ཆས་སུ་ལེགས་པར་བཅུག་པ་རྣམས་ཡི་གེ་བཅུ་ལས་བྱུང་ཞིང་གདོད་ ནས་རྣམ་པར་དག་པ་ཆོས་ཉིད་ཀྱི་ཁུ་རྡུལ་དང༌། རྐང་དང༌། ཁྲག་དང༌། དྲི་ཆུ༌། དྲི་ཆེན་ གྱི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བྱིན་གྱིས་རློབ་བཞིན་པས། ཨོཾ་ཧཾ་ཧཱཾ་ཧིཾ་ ཧཱིཾ་ཧྼྀཾ་ཧླཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་བཛྲ་པད་མ་ཨ་མྲྀ་ཏ་གྷ་ཊ་སུ་བི་ཤུདྡྷ་དྷརྨཱ་དྷཱ་དུ་སྭ་བྷཱ་ཝ་སརྦ་ དྷརྨཱན་སུ་བི་ཤུདྡྷཿ དྷཱརྨཱཿདྷཱ་ཏུ་སྭ་བྷཱ་བཱན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་ཅི་ནུས་བཟླས་པས་དྲི་མ་ ཐམས་ཅད་སྦྱོང་ནུས་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ལ་མཆོད་པ་དབུལ་ཞིང་ དབུས་སུ་བཞག་པ་ནི། རྡོ་རྗེའི་བུམ་པ་བྱིན་གྱིས་བརླབས་པའམ། སྟ་གོན་དུ་གནས་ པའོ། ། དེ་ནས་ཐིག་སྐུད་མཚན་ཉིད་དང་ལྡན་པ་དྲིས་བགོས་ཤིང་སྣོད་གཙང་མར་བཀོད་པ་ དབྱངས་རིང་པོ་ལྔ་ལས་བྱུང་བ་ལ། རང་གི་སྙིང་གར་དུས་འཁོར་ཡབ་ཡུམ་རྟག་ཏུ་ བཞུགས་པ་གསལ་བཏབ་པའི་ཡུམ་གྱི་ཐུགས་ཀའི་ཉི་མ་ལས་འཕྲོས་པའི་རྡོ་རྗེ་ལྕགས་ ཀྱུས་དེ་བཞིན་གཤེགས་མ་རྣམས་ཐིག་སྐུད་ཀྱི་རྣམ་པས་བཀུག་ཅིང་སད་པར་བྱས་ནས། དེས་རྡོ་རྗེའི་སྲད་བུས་བྱིན་གྱིས་རློབ་བཞིན་པར། ཨོཾ་ཨཱཾ་ཨཱིཾ་རཱྀཾ་ཨཱུཾ་ལཱྀཾ་བཛྲ་སཱུ་ཏྲ་སརྦ་ དྷརྨྨཿཨེ་ཀ་སྭ་བྷཱ་བ་དྷརྨན་ཨེ་ཀ་ཨཱ་ཀ་རཱ་སྭ་བྷཱ་ཝན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་བཟླས་ནས་ མཆོད་དེ། ཤར་གྱི་ཆར་བཞུགས་སུ་གསོལ་བ་ནི་རྡོ་རྗེའི་ཐིག་སྐུད་བྱིན་གྱིས་བརླབས་ པའམ། སྟ་གོན་དུ་གནས་པའོ། ། འབྱོར་བ་དང་འཚམས་པའི་རྡུལ་ཚོན་མཚན་ཉིད་དང་ལྡན་པ་དབྱངས་ཐུང་ངུ་ལྔ་ལས་ བྱུང་བ་ལ་སྔ་མ་བཞིན་དུ་རང་གི་སྙིང་གའི་ཡབ་ཀྱི་ཐུགས་ཀའི་ཟླ་བ་ལས་འཕྲོས་པའི་ 7-1-213 རྡོ་རྗེ་ལྕགས་ཀྱུས་སངས་རྒྱས་རྣམས་རྡུལ་ཚོན་གྱི་རྣམ་པས་བཀུག་ཅིང་སད་པར་བྱས་ ནས། དེས་རྡོ་རྗེའི་རྡུལ་ཚོན་དུ་བྱིན་གྱིས་རློབ་པར་ཡིད་ཀྱིས་གསོལ་བ་འདེབས་བཞིན་ པས། ཨོཾ་ཨཾ་ཨིཾ་རྀཾ་ཨཾ་ལྀཾ་སུ་བི་ཤུདྡྷ་པཉྩ་སྐན་དྷ་སྭ་བྷཱ་ཝ་པཉྩ་སྐན་དྷ་ན་སུ་བི་ ཤུདྡྷཿདྷརྨཱན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་བཟླས་ནས་མཆོད་དེ། ནུབ་ཀྱི་ཆར་བཞུགས་པ་ནི། རྡོ་ རྗེ་རྡུལ་ཚོན་བྱིན་གྱིས་བརླབས་པའམ། སྟ་གོན་དུ་གནས་པའོ། ། གསོར་བའི་རྡོ་རྗེ་མཚན་ཉིད་དང་ལྡན་པ་ཧཱུཾ་ལས་བྱུང་བ་ལས་གཙོ་བོ་ཡབ་ཀྱིས་བྱིན་ གྱིས་རློབ་པར་མོས་བཞིན་པས། ཨོཾ་ཧཱུཾ་ཀྲོ་དྷ་བཛྲ་སརྦ་སཏྭ་ཀ་རུ་ཎ་ཨཱད་མ་ཀ་སརྦ་དྷརྨ་ ཨེ་ཀ་{སུ་ཁ་སྭ་བྷཱ་བ་སརྦ་དྷརྨཱན་བཛྲ་}སུ་ཁ་སྭ་བྷཱ་ཝན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་བཟླས་ ནས་མཆོད་དེ། ལྷོའི་ཆར་བཞུགས་སུ་གསོལ་བ་ནི་རྡོ་རྗེ་བྱིན་གྱིས་བརླབས་པའམ། སྟ་ གོན་དུ་གནས་པའོ། ། དྲིལ་བུ་མཚན་ཉིད་དང་ལྡན་པ་ཧོཿལས་བྱུང་བ་ལ་གཙོ་མོ་ཡུམ་གྱིས་བྱིན་གྱིས་རློབ་ པར་ཡིད་ཀྱིས་གསོལ་བ་འདེབས་བཞིན་པས། ཨོཾ་ཧོཿབཛྲ་གཎྜེ་སརྦ་དྷརྨ་ཨེ་ཀ་པྲཛྙཱ་དྷཱ་ ནི་སྭ་བྷཱ་ཝེ་སརྦ་ཨཱ་ཀཱ་རེ་སརྦ་དྷརྨ་པྲ་བོ་དྷ་ནི་སརྦ་དྷརྨན་ནི་སྭ་བྷཱ་ཝེ་ན་པྲ་བོ་དྷ་ཡ་ སྭཱཧཱ། ཞེས་བཟླས་ནས་མཆོད་དེ། བྱང་གི་ཆར་བཞུགས་སུ་གསོལ་བ་ནི་རྡོ་རྗེ་དྲིལ་བུ་ བྱིན་གྱིས་བརླབས་པའམ། སྟ་གོན་དུ་གནས་པའོ། ། སློབ་མ་མཚན་ཉིད་དང་ལྡན་པ་ཁྲུས་བྱས་ཤིང་གོས་གཙང་མ་བགོས་ཏེ། ཕྱག་དང་ གསེར་གྱི་མེ་ཏོག་ལ་སོགས་པའི་མཎྜལ་ཕུལ་ནས། བདག་ནི་མི་བཟད་འཁོར་བས་ འཇིགས་པས་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ངེས་པར་ སྲིད་པའི་འཇིགས་འཕྲོག་ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་དག་ལ་ལུས་ངག་སེམས་ནི་དག་ པས་སོ། །ཞེས་གསོལ་བ་ལན་གསུམ་དུ་བཏབ་པ་ལ། མངལ་དུ་མངལ་གནས་སྡུག་བསྔལ་ དང་ནི་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་ལང་ ཚོ་དག་ལ་བུད་མེད་ནོར་དང་འབྱོར་བ་ཉམས་པའི་ཉོན་མོངས་སྡུག་བསྔལ་ཆེན་པོས་ གང༌། །རྒ་དང་འཆི་བའི་སྡུག་བསྔལ་ཉིད་དེ་སླར་ཡང་འགྲོ་བ་དྲུག་ཏུ་ངུ་འབོད་ལ་ 7-1-214 སོགས་འཇིགས་སྟེར་བ། ། འགྲོ་བ་འདི་དག་མ་ལུས་སྒྱུ་མ་ལ་རྨོངས་གྱུར་པས་སྡུག་ བསྔལ་ལས་ནི་སྡུག་བསྔལ་འཛིན་པའོ། ། འཁོར་བར་མི་ཉིད་དུ་ནི་རྒྱ་ལམ་ཞིག་ན་གྱུར་ཀྱང་ཆོས་ཀྱི་བློ་ནི་བརྒྱ་ལམ་ཞིག་ ནས་སོ། ། དེ་ལས་དགེ་བའི་དབང་གིས་སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་ པོའི་ཐེག་པར་རབ་ཏུ་འཇུག །དེ་ལས་དཔལ་ལྡན་རྡོ་རྗེའི་ཐེག་པ་བསྒོམ་པ་ལ་ནི་བློ་ གྲོས་མ་ལུས་འཇུག་པ་བརྒྱ་ལམ་ནའོ། །དེ་ལྟར་སངས་རྒྱས་ཉིད་འདོད་མཆོག་གི་བདེ་ བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། །ཞེས་པ་ལ་སོགས་པས་འཁོར་བ་ ལས་ཡིད་འབྱུང་ཞིང་སྐྱོ་ཤས་བསྐྱེད་པ་དང༌། དལ་འབྱོར་དོན་ཅན་དུ་བྱེད་པའི་ཐབས་ མཆོག་རྡོ་རྗེ་ཐེག་པའི་ངེས་དོན་ཟབ་མོ་སྒོམ་པ་ལ་དད་འདུན་དང་སྤྲོ་བ་ཆེར་བསྐྱེད་ ནས། ལས་དང་མཐུན་པའི་མཎྜལ་བྱས་ཏེ། དེར་སློབ་མ་ཤར་དུ་མངོན་པར་ཕྱོགས་པ་ལ་ ཨུ་དུམ་བཱ་རའམ། འོ་མ་ཅན་གྱི་ཤིང་དང༌། གཞན་ཡང་རུང་བའི་སོ་ཤིང་སོར་བཅུ་ གཉིས་པ་མགོ་བོར་མེ་ཏོག་ཕྲེང་བ་བཅིངས་ཤིང༌། དྲི་ལ་སོགས་པས་མཆོད་ལ། ཨོཾ་ཨཱཿཧཱུཾ་ ཧོཿཧཾ་ཀྵཿ བཛྲ་དན་ཏ་ཀཥྛ་ཙ་ཏུར་བི་མོ་ཀྵ་མུ་ཁ་བི་ཤུདྡྷ་སྭ་བྷཱ་བ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ མུ་ཁ་དན་ཏ་ཨཱ་དྲི་མ་ལཾ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་སྭཱཧཱ། ཞེས་པས་སྦྱིན་ཞིང༌། ཁ་དང་སོ་ ལ་སོགས་པའི་དྲི་མ་སྦྱངས་པར་མོས་ལ། མཎྜལ་གྱི་སྟེང་དུ་དོར་བ་ལས་དེའི་མགོ་གང་ དུ་ཕྱོགས་པའི་ལས་རབ་འབྱམས་ལ་སོགས་པ་དེས་འགྲུབ་པའི་སྐལ་བ་ཅན་དུ་གོ་བར་ བྱས་ནས། སློབ་མ་དཀྱིལ་འཁོར་གྱི་ས་ལ་བཅུག་སྟེ། དེའི་གནས་དྲུག་ཏུ་དཀྱིལ་འཁོར་ དྲུག་ལ། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་པ་རིགས་དྲུག་གྀ་ལྷ་རྣམས་འདོད་ནས་བཞུགས་པ་ གསལ་བཏབ་པ་ལ་རྡོ་རྗེ་སེམས་དཔའ་བསྐུལ་བར་བྱ་སྟེ། ཨོཾ་ཨ་ཨཿཨཱཾ་ཨཱཿབཛྲ་སཏྭ་མཧཱ་ སུ་ཁ་བཛྲ་ཀ་ལ་ཙཀྲ་ཤི་ཥྱ་སྱ་ཨ་བྷི་མུ་ཁོ་བྷ་ཝ་སན་དུཥྟོ་བྷ་ཝ་ར་དོ་བྷ་ཝ་ཀཱ་ཡ་ཝཱཀ་ ཙིཏྟ་ཨ་དྷིཥྛ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་རྡོ་རྗེ་ཕེབས་སུ་རུང་བར་བྱིན་གྱིས་བརླབ་པ་ ན་རྡོ་རྗེའི་སློབ་མར་བྱིན་གྱིས་བརླབས་པའམ། སློབ་མ་སྟ་གོན་དུ་གནས་པའི་གཙོ་བོ་ ཡིན་ནོ། ། 7-1-215 དེའི་སྟེང་དུ་སྤྲོས་པ་ལ་དགའ་བས་རྒྱས་པར་བྱེད་ན། ཨོཾ་ཧྲཱིཿབི་ཤུདྡྷཿདྷརྨཿསརྦ་པཱ་པ་ ནིཉྩ་ཨ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། ཞེས་བརྗོད་ཅིང༌། ཝཾ་ལས་བྱུང་བའི་ཆུ་ དྲི་བཟང་པོ་དང་ལྡན་པ་འཁྱོར་བ་གསུམ་གྱིས་ཁ་བཀྲུས་ནས་ཧཱུཾ་ལས་བྱུང་བའི་ཀུ་ཤ་ མང་པོ་འཁྱིལ་བ་བཟླས་པ་སྟན་གྱི་དོན་དང༌། དྷཱིཿལས་བྱུང་བའི་ཀུ་ཤ་འཁྱིལ་པ་བཟླས་ པ་སྔས་ཀྱི་དོན་དང༌། ཨོཾ་བཛྲ་ཏིཀྵྞ་ཝཾ། ཞེས་པས་བྱིན་ཏེ། ཧཱུཾ་ལས་བྱུང་བའི་སྲད་བུ་ དམར་པོ་སློབ་མའི་ལུས་ཀྱི་སུམ་ལྡབ་ལ་འཁྱིལ་བ་ལན་བདུན་བཟླས་ཤིང་མདུད་པ་ གསུམ་བྱས་ལ། ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱན་སྭཱཧཱ། ཞེས་པས་དཔུང་པར་བཅིངས་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་བཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་ རེས་འགའ་ཞིག ། འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་ འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ ངན་མི་འདའ་བྱེད་པར་ནུས། ། བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་བྱས་ པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་ པ་མཐའ་ཡས་སྔགས་སྤྱོད་པའི། ། ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་ སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ ཀྱི། །བློ་གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ ཡང་དག་ཞི། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་ རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱིས། །བསྟན་ འདི་ཀུན་ལ་ཡོངས་སུ་བཟུང༌། །གནས་པ་སྐྱེ་བར་འགྱུར་བ་ནི། །དེ་ཡིས་ཁྱེད་རྣམས་ཐེག་ ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་ མཆོག་འདི་ནི་དཔལ་དང་ལྡན། །གང་གིས་ཁྱེད་རྣམས་འགྲོ་འགྱུར་བས། །དེ་བཞིན་ གཤེགས་པར་འགྱུར་བ་ཡིན། །ཞེས་པས་སྤྲོ་བ་བསྐྱེད་དེ། འཁྱིལ་པའི་བཟླས་ལུང་བྱིན་ ནས། ནང་པར་བདག་ལ་རྨི་ལམ་སྨྲོས་ཤིག །ཅེས་པ་དང༌། སེང་གེའི་ཉལ་སྟབས་ཀྱིས་ ཉལ་དུ་གཞུག་སྟེ། རྩ་རྒྱུད་དང་སེམས་འགྲེལ་ལ་ལྷག་པར་མོས་པའམ། བསྡུས་པ་ལ་ 7-1-216 དགའ་བས་ནི་སྐབས་ཁ་ཅིག་ཏུ་ཕྱི་མ་འདི་རྣམས་མ་བསྣན་ཀྱང་རུང་ངོ༌། ། སློབ་མ་ལྷག་ གནས་སོ། ། དེ་ལྟར་བུམ་པ་ལ་སོགས་པ་གནས་ལྔར་བཀོད་པ་རྣམས་ཀྱི་ལྷོར། ཨོཾ་ཧོཿ བཛྲ་ཀ་མ་ལ་ད་ལ་ གརྦྷེ་ཤ་ཡྻེ་བཛྲ་སུ་ཁ་མཧཱ་ནི་ཏྲཾ་ཀ་རོ་མི་ཡ་ཐཱ་ཏ་ཐཱ་ག་ཏེ་ན་ཀྲི་ཏཱ་ཧཿཧཿསྭཱཧཱ། ཞེས་པ་མལ་སྟན་བྱིན་གྱིས་བརླབས་པར་རང་གི་མགོ་བོ་ནུབ་དང༌། རྐང་པ་ཤར་དུ་ ཕྱོགས་པས་ཉལ་ནས་མཚན་མ་བརྟག་ཅིང༌། ངན་ན་བསལ་བའི་ཆོ་ག་ཡེ་ཤེས་རྒྱ་མཚོར་ བཤད་པ་ལྟར་བྱ་སྟེ། མལ་སྟན་ལྷག་གནས་སོ། ། མཚན་མ་བཟང་པོ་རྙེད་ནས་དཀྱིལ་འཁོར་གྱི་ས་གཞི་དང་རྡོ་རྗེའི་ཐིག་སྐུད་ཡང་དག་ པར་མཆོད་དེ། མཉམ་དང་མི་མཉམ་རྐང་པའི་ངེས་པ་དང༌། ཕྱོགས་ཀྱི་ཡོངས་འཇོམས་ སྤངས་པ་དང༌། ཐིག་ཚད་དང་ཐིག་སྐུད་འཛིན་ཚུལ་ལ་སོགས་པའི་ངེས་པ་དང་ལྡན་ པས། ཨོཾ་ཨཱཿཧཱུཾ་ཀཱ་ཡ་ཝཱཀ་ཙིཏྟ་ཨེ་ཀ་བྷུ་ཏཱཿ སརྦ་དྷརྨ་ཨེ་ཀ་ཨཱ་ཀ་ན་རེ་ཎ་བཛྲ་སཏྭ་ཧཾ་ བཛྲ་བྷཱུ་མི་སཱུ་ཏྲ་ཡཱ་མི་ཧཱུཾ་ཨཱཿཕཊ། ཅེས་པ་ཐིག་སྐུད་བརྐྱང་བའི་སྔགས་དང༌། ཨོཾ་བཛྲ་སཱུ་ ཏྲ་ཨེ་ཀཱ་ཨ་ཀཱ་ར་སྭ་རུ་པེ་ཎ་ཛཿཛཿཛཿ སརྦ་དྷརྨན་སཱུ་ཏྲ་ཡ་ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཕཊ། ཅེས་པ་ཐིག་འདེབས་པའི་སྔགས་དང་བཅས་ཤིང་རིམ་པ་བཞིན་དུ་ལྷག་ཆད་ནོར་བ་ ཐམས་ཅད་སྤངས་ནས་ཤིན་ཏུ་རྣམ་པར་དག་པའི་ཐིག་རྣམས་གདབ་སྟེ། རྡོ་རྗེའི་ཐིག་ སྐུད་མཆོད་ནས། ཡེ་ཤེས་སེམས་དཔའ་རང་གི་སྙིང་གར་གཤེགས་སུ་གསོལ་ཞིང༌། ཧི་ ཡིག་ཁྲོ་བོའི་ལྟ་བ་ཡིས། །དེ་ནས་སྒོ་ཡང་དབྱེ་བར་བྱ། །ཞེས་པའི་མན་ངག་དང་ལྡན་ པས་སྒོ་ཐམས་ཅད་སྦྱངས་ཏེ། སླར་ཡང་མཆོད་པ་དང༌། གཏོར་མ་དབུལ་བ་ནི་ཐིག་ གདབ་པའི་ངེས་པའོ། ། སྔར་བྱིན་གྱིས་བརླབས་པའི་རྡོ་རྗེའི་རྡུལ་ཚོན་དང༌། དཀྱིལ་འཁོར་གྱི་ས་གཞི་ལ་མཆོད་ཅིང་གཏོར་མ་ཕུལ་ ནས་སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་དང༌། འབྱུང་བའི་རིམ་བརྩེག་གི་དཀྱིལ་འཁོར་ ལ་སོགས་པ་རྣམས་མདོག་དང་དཔངས་ཀྱི་ངེས་པ་དང་ལྡན་པར་བྱའོ། །རྭ་བ་རྣམས་ དགེ་བ་ལ་སྤྲོ་བའི་རིམ་པ་དང༌། མི་དགེ་བ་ལ་བསྡུ་བའི་རིམ་པ་ཡིན་པའི་ཕྱིར། འདིར་ 7-1-217 དགེ་བ་ལ་ཐུགས་དཀྱིལ་དུ་ཡང་སྤྲོ་བའི་རིམ་པར་འཐོབ་སྟེ། དེས་ན་དཀར་པོ་དང༌། དམར་པོ་དང༌། ནག་པོར་གསུངས་པའི་དགོངས་པ་ནི་དགེ་བ་ལ་ཕྱི་ནས་བརྩམས་པ་ དང༌། མི་དགེ་བ་ལ་ནང་ནས་བརྩམས་པ་ཡིན་ནོ། །དེ་ལྟར་འདིའི་དགོངས་པ་ལ་མི་ མཁས་པ་དག་གསུང་དང་སྐུ་ལ་སྤྲོ་བའི་རིམ་པ་དང༌། ཐུགས་དཀྱིལ་ལ་བསྡུ་བའི་རིམ་ པར་བྱེད་པ་རྣམས་ནི་རྣམ་པར་འཁྲུགས་པ་དང༌། འཁྲུལ་བ་ཁོ་ན་ཡིན་པས་དོར་བར་ བྱའོ། །ཚོན་གྱི་སའི་དོན་ཡང་གཞི་ཕྱོགས་མདོག་གིས་ཁོར་ཡུག་ལ་ཐུག་གི་བར་དུ་ཁྱབ་ པ་ལ་དགོངས་པ་ཡིན་ཏེ། སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་འཁོར་ལོ་ཁྱབ་པའི་ཕྱིར་ རོ། །དེ་ཡང་དབང་ལེའི་ཚིགས་བཅད་ཞེ་གཉིས་ཞེ་གསུམ་པ་དང༌། བརྒྱད་ཅུ་རྩ་གཅིག་ པ་དང༌། བཅུ་བདུན་པ་འགྲེལ་པ་དང་བཅས་པ་རྣམས་ན་གསལ་བར་གསུངས་སོ། །དེ་ ལྟ་བས་ན། ཕྱི་རོལ་མཆོད་པའི་ས་གཞི་ཕྱོགས་མདོག་ལས་གཞན་དུ་འདོད་པ་རྣམས་ ཀྱིས་མཚོན་གྱི་སའི་དོན་མ་གོ་བ་ཉིད་དུ་བས་སོ། །གལ་ཏེ་སའི་ཁོར་ཡུག་གི་གཞི་ལ་ པད་མ་བུམ་སོགས་མཛེས་པར་བྱ། ཞེས་གསུངས་པའི་ཕྱིར། མཆོད་པའི་ས་གཞི་སེར་ འབྱམ་དུ་རིགས་སོ་ཞེ་ན། མི་རིགས་ཏེ། གཞུང་དེས་ནི་པད་མ་བུམ་སོགས་བྱ་བ་བསྟན་ གྱི། དེ་དག་གིས་གཞིའི་ཁ་དོག་བསྟན་པ་མེད་པའི་ཕྱིར་རོ། །གལ་ཏེ་སའི་ཁོར་ཡུག་གི་ གཞི་ལ་ཞེས་པས་སའི་ཁོར་ཡུག་བསྟན་ཅིང༌། དེ་སེར་པོ་ཡིན་པའི་ཕྱིར་མཆོད་པའི་ས་ གཞི་སེར་འབྱམ་དུ་རིགས་སོ་ཞེ་ན་མི་རིགས་ཏེ། སའི་ཁོར་ཡུག་དང༌། མཆོད་པའི་ས་ གཞི་མི་གཅིག་པའི་ཕྱིར་རོ། །གལ་ཏེ་གཅིག་ན་སའི་ཁོར་ཡུག་ལ་ཕྱོགས་རེར་ཡང་སྒོ་ ཚད་ཕྱེད་དང་གསུམ་གསུམ་ཡོད་དགོས་པར་འགྱུར་བ་ལས་སྒོ་ཚད་ཕྱེད་ཕྱེད་ལས་མ་ གསུངས་པས་གནོད་ཅིང༌། དེ་ལས་པད་མ་བུམ་སོགས་དགོད་པར་ཧ་ཅང་ཐལ་བས་ ཀྱང་གནོད་དོ། །གཞན་ཡང་མཆོད་པའི་ས་གཞི་དང༌། སའི་ཁོར་ཡུག་གཅིག་པ་ཡིན་ན། དག་པ་གསུམ་དང་ཡང་འགལ་བར་འགྱུར་ཏེ། དག་པ་དང་པོ་ནི། བདེ་ཆེན་འཁོར་ལོས་ ལྷུན་པོ་དང༌། ཐུགས་དཀྱིལ་ཀྱིས་སའི་དཀྱིལ་འཁོར་དང༌། གསུང་དཀྱིལ་གྱིས་ཆུའི་ དཀྱིལ་འཁོར་དང༌། སྐུ་དཀྱིལ་གྱི་མེ་དང་རླུང་གི་དཀྱིལ་འཁོར་རོ། །དག་པ་གཉིས་པ་ནི། 7-1-218 སྐུའི་རྭ་བ་ནས་སྟེགས་བུའི་ཕྱེད་ཀྱིས་ལྷུན་པོ་དང༌། མཚམས་དེ་ནས་རིན་ཆེན་སྣམ་བུའི་ མཐར་ཐུག་པས་འཛམ་གླིང་ཆེན་པོ་དང༌། དོ་ཤལ་ནས་ཀྲ་མ་ཤཱིར་ཥའི་མཐར་ཐུག་པས་ ཕྱིའི་རྒྱ་མཚོ་དང༌། མཚམས་དེ་ནས་ཚངས་ཐིག་ཟད་མཚམས་ཀྱིས་མེ་དང་རླུང་གི་ དཀྱིལ་འཁོར་རོ། །དག་པ་གསུམ་པ་ནི་ཁོར་ཡུག་ལྔ་སྟེ། འདིར་ནམ་མཁའི་ཁོར་ཡུག་ དང༌། ལྷུན་པོ་སྟོང་པའི་རང་བཞིན་དོན་གཅིག་པའི་ཕྱིར་རྡོ་རྗེ་ཕྲེང་བས་སའི་ཁོར་ཡུག་ གི་ནང་རོལ་དུ་མ་བཀོད་པར། རླུང་གི་ཕྱི་རོལ་ཏུ་བཀོད་པ་ལ་ལྷུན་པོ་སྤངས། ཞེས་ གསུངས་ཀྱི། ཕྱོགས་གཞན་དུ་སྤངས་པའམ། གཏན་ནས་མེད་པར་བྱས་པ་ནི་མ་ཡིན་ ནོ། །དེས་ན་འདིར་ལྷུན་པོ་ནི་རྡོ་རྗེ་ཕྲེང་བའོ། །འཛམ་གླིང་ཆེན་པོ་ལ་སོགས་པ་བཞི་ནི་ སའི་ཁོར་ཡུག་ལ་སོགས་པ་བཞིའོ། །དེ་ལྟར་དག་པ་གསུམ་ལ་ལྷུན་པོ་ནང་ནས་ཕྱིར་མ་ སྤངས་པ་དང༌། སྤངས་པའི་ཁྱད་པར་ཡོད་ཀྱང་ཚད་ནི་མི་མཚུངས་པ་མེད་དེ། གསུམ་ གའང་འབུམ་ཕྲག་བཞི་བཞི་དང༌། ཁྲུ་བཞི་བཞིར་མཚུངས་པའི་ཕྱིར་རོ། །དེས་ན་འདིར་ མཆོད་པའི་ས་གཞི་དང༌། སའི་ཁོར་ཡུག་གཤིབས་ནས་བྱས་ཀྱང་སྡེ་ཚན་ནི་མི་གཅིག་པ་ ཁོ་ན་སྟེ། སྔ་མ་ནི་དག་པ་བར་མར་གཏོགས་ཤིང༌། ཕྱི་མ་ནི་དག་པ་གསུམ་པར་གཏོགས་ པའི་ཕྱིར་དང༌། སྔ་མ་ནི་སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་དུ་གཏོགས་ཤིང༌། ཕྱི་མ་ནི་ འབྱུང་བ་རིམ་བརྩེགས་ཀྱི་དཀྱིལ་འཁོར་དུ་གཏོགས་པའི་ཕྱིར་རོ། །དེའི་ཕྱིར་མཆོད་ པའི་ས་གཞི་སའི་ཁོར་ཡུག་གི་ནང་རོལ་ན་ཡོད་པ་ལས་ལྷུན་པོ་ཡིན་ནོ་སྙམ་དུ་ཡང་ འཁྲུལ་པར་མི་བྱ་སྟེ། དེ་ནི་དག་པ་གསུམ་གའི་ལྷུན་པོ་གང་ཡང་མི་སྲིད་པའི་ཕྱིར་ཏེ། དག་པ་དང་པོའི་ལྷུན་པོ་ནི་ཡེ་ཤེས་འཁོར་ལོ་དང༌། དག་པ་གཉིས་པའི་ལྷུན་པོ་ནི་སྐུའི་ རྭ་བ་ནས་སྟེགས་བུའི་ཕྱེད་ལ་ཡོད་པའི་ཕྱིར་དང༌། དག་པ་གསུམ་པའི་ལྷུན་པོ་ནི་རླུང་ གི་ཕྱི་རོལ་ཏུ་སྤངས་པའི་ཕྱིར་རོ། །དེས་ན་མཆོད་པའི་ས་གཞི་ལྷུན་པོ་མ་ཡིན་ལ། ཡིན་ དུ་ཆུག་ཀྱང༌། དེས་ཁ་དོག་སེར་པོ་མི་འགྲུབ་སྟེ། ལྷུན་པོ་ནི་ལྔ་པ་སྟོང་པའི་ཁམས་ཡིན་ པའི་ཕྱིར་དང༌། དེ་ལྟར་ཡིན་ཡང་སེར་པོ་འཐོབ་ན། དག་པ་གསུམ་གྱི་ལྷུན་པོ་གསུམ་ གའི་ཐོབ་ས་གང་ཡིན་ཐམས་ཅད་སེར་པོར་ཧ་ཅང་ཐལ་བས་གནོད་པའི་ཕྱིར་རོ། །ཡང་ 7-1-219 མཆོད་པའི་ས་གཞི་ནི་སའི་ཁོར་ཡུག་ཡིན་པས་སེར་པོ་རིགས་སོ་སྙམ་དུ་ཡང་འཁྲུལ་ པར་མི་བྱ་སྟེ། དེ་ནི་སའི་ཁོར་ཡུག་གཏན་ནས་མ་ཡིན་པའི་ཕྱིར་ཏེ། དག་པ་དང་པོའི་ སའི་ཁོར་ཡུག་ནི་ཐུགས་དཀྱིལ་དང༌། དག་པ་གཉིས་པའི་སའི་ཁོར་ཡུག་ནི་སྐུའི་སྟེགས་ བུ་ཕྱེད་ནས་རིན་ཆེན་སྣམ་བུ་ཡིན་པའི་ཕྱིར་དང༌། དག་པ་གསུམ་པའི་སའི་ཁོར་ཡུག་ ནི་མཆོད་པའི་ས་དང༌། ཆུའི་འཁོར་ཡུག་གི་བར་གྱི་སེར་པོ་སྒོ་ཚད་ཕྱེད་པ་དེ་ཉིད་ཡིན་ པའི་ཕྱིར་དང༌། དེ་རྣམས་གང་དུ་ཡང་མི་གཏོགས་པའི་སའི་འཁོར་ཡུག་ནི་འདིར་མེད་ ཅིང་མ་གསུངས་པའི་ཕྱིར་རོ། །དེ་ལྟར་བས་ན་མཆོད་པའི་ས་གཞི་ནི་དག་པ་བར་མའི་ མེ་རླུང་ཡིན་གྱི་ལྷུན་པོ་དང་སའི་ཁོར་ཡུག་ལ་སོགས་པ་གཞན་ནི་མ་ཡིན་ནོ། །དེའི་ཕྱིར་ རྗེ་བཙུན་དག་གི་དགོངས་པ་དང་མི་མཐུན་པ་གང་ཡིན་པ་དེ་ནི་ལེགས་འདོད་རྣམས་ ཀྱིས་སྤང་བར་རིགས་སོ། །རྗེ་བཙུན་དག་གི་དགོངས་པ་ནི་དག་པ་དང་པོ་སྐུ་དཀྱིལ་གྱི་ རྭ་བའི་ནང་ལ་ཐུག་པ་དང༌། དེ་ནས་དག་པ་གཉིས་པ་ཚངས་ཐིག་གི་མཐའ་ལ་ཐུག་པ་ སྟེ། དེ་དག་རེ་རེའང་ཆ་བཅུ་དྲུག་བཅུ་དྲུག་ཏུ་གནས་པ་སྙིང་རྗེ་བཅུ་དྲུག་དང༌། སྟོང་ ཉིད་བཅུ་དྲུག་ཡིན་པའི་ཕྱིར་དང༌། དེ་ཡང་ཨེ་ཡིག་དབུས་སུ་ཝཾ་ཡིག་བཞུགས་པ་དང༌། སངས་རྒྱས་རིན་ཆེན་ཟ་མ་ཏོག་ཡིན་པའི་ཕྱིར་དང༌། ཐབས་དང་ཤེས་རབ་དེ་དག་ཡ་ བྲལ་བ་མི་སྲིད་ཅིང་ཕན་ཚུན་དབྱེར་མེད་འཁྱུད་པ་མ་ནིང་གི་གོ་འཕང་ཡིན་པའི་ཕྱིར་ དེ་དག་ལ་ཕྱོགས་མདོག་གི་ངེས་པ་ཡང་ཁྱད་པར་མེད་པར་གསུངས་ལ། ཕྱིའི་ཁོར་ཡུག་ ལྔ་ནི་དེ་ལྟར་མ་ཡིན་གྱི། འབྱུང་བ་རིམ་རྩེག་གི་དབྱིབས་ལ་སོགས་པ་དང་རྣམ་པ་ མཚུངས་པར་སྟོན་པའི་ཕྱིར་ཁོ་ ར་ཡུག་ཏུ་ཁ་དོག་མཐུན་པར་གསུངས་ཏེ། དེས་ན་ ཕྱོགས་བཞི་དབུས་དང་སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང༌། ཐིག་ལེ་སྟོང་པ་འགྱུར་མེད་ དྲུག་ཏུ་སྟོན་པའི་ཕྱིར་དག་པ་དང་པོ་གཉིས་ལ་ཕྱོགས་མདོག་གིས་ཁྱབ་པ་མཚུངས་ པར་གསུངས་ཤིང༌། ཕྱི་མ་ནི་སྣོད་ཀྱི་འཇིག་རྟེན་བཞིན་དུ་དབྱིབས་དང༌། ཁ་དོག་ཁོ་ར་ ཁོར་ཡུག་ཏུ་གསུངས་པ་ཡིན་ནོ། །གལ་ཏེ་དག་པ་དང་པོ་གཉིས་ཀྱི་བདག་ཉིད་སྟོང་ ཉིད་སྙིང་རྗེའི་དཀྱིལ་འཁོར་ལ་ཕྱོགས་མདོག་གིས་ཁྱབ་པར་གསུངས་པ་མེད་དོ། །ཞེ་ན་ 7-1-220 ཡོད་དེ། ཤར་དུ་རླུང་རྣམ་པར་དག་པས་ཐུགས་རྡོ་རྗེ་ཁ་དོག་ནག་པོ་སའི་ཆ་ལ་ཁྱབ་ པར་བྱེད་པའོ། །ཞེས་སོགས་དང༌། དཀར་དང་དམར་དང་སེར་པོ་དག་ནི་རིགས་ཀྱི་ དབང་གིས་ས་ཡི་ཆ་ལ་ཁྱབ་པར་བྱེད་པར་འགྱུར། །ཞེས་ཚིགས་བཅད་གྱ་གཅིག་པ་རྩ་ འགྲེལ་དུ་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ནི་རྩ་བའི་དཀྱིལ་འཁོར་ལ་དགོངས་ཀྱི། དེའི་ཕྱི་རོལ་ཏུ་ནི་མ་ཡིན་ནོ། །ཞེས་ལུང་རིགས་རྣམ་དག་མེད་བཞིན་དུ་འགའ་ཞིག་ ནན་གྱིས་འདོད་པར་གྱུར་ན་དེ་ལྟར་མ་ཡིན་ཏེ། སྒོ་ ཁྱམས་ཕྱོགས་མདོག་ཏུ་མི་འོས་ན། དེ་ཁ་དོག་གཞན་གང་དུ་ཡང་མི་འོས་པར་ཧ་ཅང་ཐལ་བའི་རིགས་པ་མཚུངས་པའི་ ཕྱིར་དང༌། ཚིགས་བཅད་བཅུ་བདུན་པའི་འགྲེལ་པར་ཐབ་ཁུང་རྣམས་དང༌། དཀྱིལ་ འཁོར་གྱི་ཕྱི་རོལ་ཤར་དང་ལྷོ་དང་ནུབ་དང་བྱང་གི་ས་ལ་སངས་རྒྱས་ཀྱི་དབྱེ་བའམ། བཅོམ་ལྡན་འདས་ཀྱི་ཞལ་གྱི་དབྱེ་བས་རྒྱུད་ལས་གསུངས་པའི་ཆོ་གས་རྡུལ་ཚོན་གདབ་ བོ། ། ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ནི་རྩ་ཐིག་གི་ཕྱི་རོལ་སྒོ་ཁྱམས་ཚུན་ཆད་ལ་དགོངས་ ཏེ། དཀྱིལ་འཁོར་ནི་ར་བ་དང་པོའི་མཚམས་ཡིན་པས་སོ་ཞེ་ན། དེ་ལྟ་ན་ནི་ཐབ་ཀྱི་ཕྱི་ རོལ་ཕྱོགས་མདོག་ཏུ་གསུངས་པ་ཡང་མཆུ་ཕན་ཆད་ནས་ཁ་ཁྱེར་ཚུན་ཆད་ལ་དགོངས་ པ་ཡིན་པ་ཧ་ཅང་ཐལ་བ་མཚུངས་ཏེ། {ཐབ་དང་}དཀྱིལ་འཁོར་གྱི་རྩ་ཐིག་དང་ མཚུངས་པའི་ཕྱིར་དང༌། ཁ་ཁྱེར་དང་སྒོ་ཁྱམས་ཀྱི་མཐའ་ཡང་མཚུངས་པའི་ཕྱིར་ རོ། །དེས་ན་དཀྱིལ་འཁོར་ནི་སྐབས་འགའ་ཞིག་ཏུ་རྩ་བའི་དཀྱིལ་འཁོར་[མ་ {ལ་}གསུངས་ཤིང༌། འགའ་ཞིག་ཏུ་སྟོང་ཉིད་སྙྀང་རྗེའི་དཀྱིལ་འཁོར་ལ་གསུངས་ལ། འགའ་ཞིག་རྩ་བའི་དཀྱིལ་འཁོར་འཁོར་དང་བཅས་པ་ལ་ཡང་གསུངས་པ་ལས་འདི་ནི་ ཕྱི་མ་ཡིན་པའི་ཕྱིར། དེའི་ཕྱི་རོལ་ཕྱོགས་མདོག་ནི་ཀྲ་མ་ཤཱིར་ཥའི་ཕྱི་རོལ་ལ་དགོངས་ པ་ཡིན་ཏེ། ཐབ་ཀྱི་ཁ་ཁྱེར་གྱི་མཐའི་ཕྱི་རོལ་ཕྱོགས་མདོག་དང་མཚུངས་པར་སྟོན་པའི་ སྐབས་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཕྱོགས་རེ་ཙམ་རྟོགས་ཀྱིས། ཕྱོགས་ཀུན་ནས་ རྟོགས་པ་ལ་ལྟག་ཆོད་བྱེད་པ་ནི་ལུང་དང་རིགས་པའི་ཚུལ་ལས་འདས་པ་ཡིན་ 7-1-221 ནོ། །གཞན་ཡང་ལུང་དེས་ཀྲ་མ་ཤཱིར་ཥའི་ཕྱི་རོལ་ཏུ་ཕྱོགས་མདོག་བྱ་བར་མི་སྟོན་{ན། ཐབ་ཀྱི་ཁ་ཁྱེར་གྱི་ཕྱི་རོལ་ཏུ་ཡང་ཕྱོགས་མདོག་བྱ་བར་མི་སྟོན་}པར་ཧ་ཅང་ཐལ་བར་ འགྱུར་ཏེ། དེ་གཉིས་ལུང་དང་རིགས་པས་མཚུངས་པའི་ཕྱིར་རོ། །དེ་ཡང་ཐབ་དང་ དཀྱིལ་འཁོར་གྱི་ཕྱི་ནང་ལ་སུམ་ཆ་སུམ་གཉིས་ཀྱི་ངེས་པ་མཚུངས་ཤིང་མཆུ་ནས་ཁ་ ཁྱེར་གྱི་བར་དང༌། རྩ་ཐིག་ནས་ཀྲ་མ་ཤཱིར་ཥའི་བར་ཡང་ཚད་མཚུངས་པའི་ཕྱིར་དང༌། དེ་གཉིས་ཀའི་ཕྱི་རོལ་ཏུ་ཕྱོགས་མདོག་བྱ་བར་ཡང་གསུངས་པའི་ཕྱིར་དང༌། གཞི་ ཕྱོགས་མདོག་གི་སྟེང་དུ་ཐབ་ཁུང་བཞག་པ་ལྟར་སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་ལ་ རྭ་བ་དང་སྟེགས་བུ་ལ་སོགས་པ་སྣམ་བུ་རྣམས་གཞི་ཕྱོགས་མདོག་གི་སྟེང་དུ་བཞག་ པར་མཚུངས་པའི་ཕྱིར་དང༌། དེ་དག་གིས་[མ་ནོན་{མཆོད་}པའི་ས་གཞི་རྭ་བ་གསུམ་དང༌། སའི་ཁོར་ཡུག་ལ་ཐུག་པ་མངོན་པར་གསལ་བ་དག་གཞི་ཕྱོགས་མདོག་དེ་དག་གི་མུ་དང་རྒྱུན་ མཚན་ཉིད་མཚུངས་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། ཐབ་དང་དཀྱིལ་འཁོར་གྱི་ཕྱི་ རོལ་ཕྱོགས་མདོག་ཏུ་མཚུངས་པར་གསལ་པོར་གསུངས་པའི་ཕྱིར་དང༌། ཐབ་ཆེ་ཆུང་ ཐམས་ཅད་ཀྱི་ཁ་ཁྱེར་གྱི་མཐའ་ཕན་ཆད་ཕྱོགས་མདོག་ཏུ་གསུངས་པའི་ཕྱིར་རོ། །དེས་ ན་འགའ་ཞིག་རྩ་ཐིག་གི་ཕྱི་རོལ་གྱི་ཚངས་ཐིག་ཕྱེད་མར་བྱས་ནས། ཕྱེད་ནང་མ་ཕྱོགས་ མདོག་དང༌། ཕྱེད་ཕྱི་མ་སེར་འབྱམ་དུ་བྱེད་པ་ལ་སོགས་པ་ནི་ཤིན་ཏུ་མི་རིགས་པ་ཆེན་ པོ་སྟེ། དག་པ་བར་མ་ལ་དེ་འདྲའི་ཁྱད་པར་གསུངས་པ་མེད་ཅིང༌། རིགས་པ་ཐོབ་པ་མ་ ཡིན་པའི་ཕྱིར་དང༌། སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་ལ་ཆ་འགའ་ཞིག་ཕྱོགས་མདོག་ དང༌། ཆ་འགའ་ཞིག་སེར་འབྱམ་དུ་གསུངས་པ་མེད་ཅིང༌། དེ་ལྟར་རིགས་པས་ཐོབ་པ་ ཡང་མ་ཡིན་པའི་ཕྱིར་རོ། ། དེ་ལྟ་བས་ན་པད་མ་བུམ་སོགས་དགོད་པའི་གཞི་གང་ཡིན་ པ་དེ་སའི་ཁོར་ཡུག་མ་ཡིན་ཞིང༌། སའི་ཁོར་ཡུག་གང་ཡིན་པ་དེ་ལ་པད་མ་བུམ་སོགས་ དགོད་པ་ཡང་མ་གསུངས་སོ། ། དེ་བཞིན་དུ། དེ་ལྷུན་པོར་འདོད་ན་དེ་ཡང་རིགས་པ་ དེ་ཉིད་འདོན་པ་བསྒྱུར་བས་ཁེགས་པ་ཡིན་ནོ། །གཞན་ཡང་མཆོད་པའི་ས་གཞི་སེར་ 7-1-222 འབྱམ་ཡིན་པ་རྗེ་བཙུན་གྱི་དགོངས་པ་ཡིན་ན། སྔར་སེར་པོ་གང་ཡིན་ཐམས་ཅད་ཀྱི་ དཔངས་ཚད་གསུངས་ཚར་བས། ཡང་མཆོད་པའི་ས་ལ་ནས་གཅིག་ཅེས་གསུང་མི་ དགོས་པར་འགྱུར་ལ། གལ་ཏེ་སྔར་དེ་ལྟར་བསྟན་ཡང་གསུངས་དགོས་ན། སའི་ཁོར་ ཡུག་ལ་ནས་གཅིག་གོ །རྟ་བབས་ཀྱི་ཀ་བ་རྣམས་ལ་ནས་གཅིག་གོ ། ཞེས་པ་ལ་སོགས་ སེར་པོ་ཐམས་ཅད་ཡང་སྨོས་ཏེ་ནས་གཅིག་གོ །ཞེས་གསུངས་དགོད་པར་ཧ་ཅང་ཐལ་ ལོ། །གལ་ཏེ་ཡང་དེ་སྐད་གསུངས་ན་ཟློས་པའི་སྐྱོན་དུ་འགྱུར་བས་མ་གསུངས་པ་ཡིན་ ནོ་ཞེ་ན། དེ་ནི་མཆོད་པའི་ས་གཞི་སེར་འབྱམ་དུ་འདོད་པ་ལ་ཡང་མཚུངས་པའི་སྐྱོན་ གྱིས་གནོད་དོ། །དེས་ན་འདིར་རྗེ་བཙུན་གྱི་དགོངས་པ་ནི་མཆོད་པའི་ས་གཞི་མེ་ལོང་ ལྟར་ངོས་སྙོམས་པར་གནས་པ་ཡིན་པ་ལ། དམིགས་བསལ་གྱི་གསུང་འདི་མ་སྨོས་ན་ ཕྱོགས་བཞིར་ཁ་དོག་མི་འདྲ་བའི་དབང་གིས་མཐོ་དམན་ཅན་དུ་འགྱུར་བས། དེ་ དགག་པའི་ཕྱིར་མཆོད་པའི་ས་གཞི་ཕྱོགས་མདོག་ཡིན་ཡང་དཔངས་ཚད་ནི་གཅིག་ཏུ་ ངེས་སོ། ། ཞེས་སྟོན་པ་ལ་ནས་གཅིག་ཅེས་པའི་དམིགས་བསལ་འདི་གསུངས་པ་ཡིན་ ནོ། །དེ་ལྟར་མ་ཡིན་པར་སེར་འབྱམ་དང་ནག་འབྱམ་ལ་སོགས་པ་ཁ་དོག་ཕྱོགས་གཅིག་ པར་མཚུངས་པ་ཡིན་ན། དེ་རྣམས་ཀྱི་དཔངས་ཚད་སྔར་དུ་གསུང་ཚར་བས། དམིགས་ བསལ་འདི་གསུངས་མི་དགོས་པར་འགྱུར་བ་ལས། གསུངས་པ་ཉིད་ཀྱི་ཕྱིར་ཁ་དོག་ ཕྱོགས་གཅིག་ཏུ་མཚུངས་པ་མ་ཡིན་པ་ཉིད་དུ་གྲུབ་ཅིང༌། གཞན་དུ་ན་སྔར་བསྟན་པའི་ ལུང་རྣམས་དང་འགལ་ལ། དག་པ་རིམ་གསུམ་ལ་སོགས་པའི་ངེས་པ་རྣམས་དང་ཡང་ འགལ་ཞིང༌། སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་དང༌། འབྱུང་བ་རིམ་རྩེག་གི་དཀྱིལ་ འཁོར་གྱི་ངེས་པ་དང་ཡང་འགལ་བའི་སྐྱོན་གྱིས་གནོད་པར་འགྱུར་བ་ཟློག་པར་མི་ ནུས་སོ། །དེས་ན་ཁ་ཅིག་དཔངས་ཚད་ནས་གཅིག་ཏུ་གསུངས་པས་སེར་འབྱམ་གྲུབ་ པར་འདོད་ན། དཔངས་ཚད་དེས་ནག་འབྱམ་དུ་འགྲུབ་ཅེས་མགོ་བསྒྲེས་ན་ཡང་བསྐལ་ པའི་བར་དུ་མཚུངས་ཏེ། སེར་པོ་ལ་ཐུགས་དཀྱིལ་དུ་ནས་གཅིག་དང༌། གསུང་དཀྱིལ་དུ་ ནས་གཉིས་དང༌། སྐུ་དཀྱིལ་དུ་ནས་བཞི་གསུངས་པའི་ཕྱིར་དང༌། ནག་པོ་ལ་ཐུགས་ 7-1-223 དཀྱིལ་དུ་ནས་ཀྱི་བཞི་ཆ་དང༌། གསུང་དཀྱིལ་དུ་ནས་ཕྱེད་དང༌། སྐུ་དཀྱིལ་དུ་ནས་ གཅིག་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་དག་ནི་ནས་ཀྱི་བཞི་ཆ་ལ་ནས་སུ་བཏགས་པ་ ཡིན་ནོ་ཞེ་ན། དེ་ནི་ཁོ་བོ་ཅག་ཀྱང་འདོད་དེ། དེ་ན་ནས་གཅིག་ཏུ་འདོད་པར་གསུངས་ པ་གང་ཡིན་པ་ཐམས་ཅད་ནས་ཀྱི་བཞི་ཆ་ལ་དགོངས་ཀྱི། གལ་ཏེ་དེ་ནས་གཅིག་ལ་ དགོངས་ནས་ནི་ནས་བཞི་ཞེས་གསུངས་དགོངས་ཏེ། ཐམས་ཅད་བཞི་ཆའི་བདག་ཉིད་ དུ་དབྲི་དགོས་པར་གསུངས་པའི་ཕྱིར་རོ། །གལ་ཏེ་ནས་ཀྱང་རང་རང་གི་དཀྱིལ་འཁོར་ གྱི་དྲུག་ཅུ་རྩ་བརྒྱད་ལྷག་པའི་བདུན་བརྒྱའི་ཆ་ཤས་སུ་རིགས་པར་བྱའོ། ། ཞེས་པ་ཡར་ ཆད་བཏགས་པ་བ་དང༌། དེ་མར་ཆད་མཚན་ཉིད་པ་ཡིན་ནོ་ཞེ་ན། དེ་འདྲའི་ཁྱད་པར་ ནི་གསུངས་པ་མེད་ཅིང༌། མི་རིགས་བཞིན་དུ་ནན་གྱིས་འཇོག་པ་ལ་ནི་མཐའ་མེད་དེ། དེས་ན་དེ་དག་མཚུངས་པའི་སྐྱོན་གྱིས་ཀྱང་གནོད་པར་འགྱུར་བ་བཟློག་པར་ དཀའོ། །ཅི་སྟེ་མི་མཚུངས་སུ་བཅུག་ཀྱང༌། གོང་དུ་བསྟན་པའི་གནོད་བྱེད་རྣམས་ནི་ བཟློག་པར་ནུས་པ་སུ་ཡང་མེད་དོ། །དེ་བཞིན་དུ། ཁ་ཅིག་ཁོར་ཡུག་རྣམས་ཀྱི་དང་པོ་ ཚངས་ཐིག་ཟད་མཚམས་ཉིད་ནས་མི་བསྐོར་བར་དེའི་ཕྱི་རོལ་ཏུ་སྒོ་ཚད་ཕྱེད་དམ་ གཅིག་སྤངས་ནས་བསྐོར་བ་དེ་དག་གིས་ཀྱང་བར་དེར་ཚངས་ཐིག་དང༌། ཁོར་ཡུག་ གང་གིས་ཀྱང་མ་ཟིན་པའི་བར་སྟོང་གི་ས་ཆ་ཐ་མལ་པ་ཞིག་རང་བཟོར་ཁས་བླངས་ པར་འགྱུར་ཞིང༌། དེ་ཡང་རྗེ་བཙུན་དག་གིས་དགོངས་པ་དང་མི་མཐུན་ཏེ། སྟོང་ཉིད་ སྙིང་རྗེའི་དཀྱིལ་འཁོར་དང༌། འབྱུང་བ་རིམ་རྩེག་གི་དཀྱིལ་འཁོར་གང་ལ་ཡང་མི་ གཏོགས་པའི་ས་ཆ་དག་པ་དང་བྲལ་བ་དེ་ལྟ་བུར་བར་དེར་གསུངས་པ་མེད་ཅིང་ རིགས་པས་ཐོབ་པ་ཡང་མ་ཡིན་ལ། ཁོར་ཡུག་གི་ནང་དུ་ཡང༌། སྲིད་དུ་སྒོ་ནི་བཅུ་དྲུག་ གོ །ཞེས་གསུངས་པ་དང་ཡང་འགལ་ཞིང༌། ཤམ་བྷ་ལར་བཞེངས་པའི་དཀྱིལ་འཁོར་གྱི་ རིགས་པ་དང་ཡང་མི་མཐུན་པའི་ཕྱིར་ཏེ། དེའི་རྡོ་རྗེའི་ཕྲེང་བའི་མཐར་ཐུག་པ་ལ་ཁྲུ་ བརྒྱ་ཕྲག་བཅུ་གཉིས་གསུངས་པ་ནི་བྲི་བྱ་འདིའི་རྡོ་རྗེ་ཕྲེང་བའི་མཐར་ཐུག་པ་ལ་ཁྲུ་ བཅུ་གཉིས་གསུངས་པ་དེ་བརྒྱས་བསྒྱུར་བ་ཡིན་པའི་ཕྱིར་བྲི་བྱའི་ཚངས་ཐིག་ལ་ཁྲུ་ 7-1-224 བརྒྱད་ནི་སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་དང༌། དེའི་མཚམས་ཉིད་ནས་ཁྲུ་བཞི་ནི་ འབྱུང་བ་རིམ་རྩེག་གི་དཀྱིལ་འཁོར་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ཤམ་བྷ་ལར་བཞེངས་ པ་ལ་ཡང་དེ་ཉིད་བརྒྱས་བསྒྱུར་བ་མ་གཏོགས་པ་སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་ དང༌། འབྱུང་བ་རིམ་རྩེག་གི་དཀྱིལ་འཁོར་གྱི་ཚུལ་དང་རིགས་པ་མཚུངས་པའི་ཕྱིར་ རོ། ། ཀྱེ་མ། རྒྱུད་སྡེའི་དགོངས་པ་འཆུགས་ཀྱིས་དོགས་ནས་བདག་གིས་དེ་ལྟར་དག་པར་ བྱས། །དེ་ལྟར་ན་ཡང་སྤ་གྲོ་བ་ནི་ད་དུང་ཇེ་མང་ཇེ་མང་འགྲོ། །དེ་ཕྱིར་བདག་གིས་ཅི་ ཙམ་འབད་ཀྱང་འབྲས་བུ་ཅུང་ཟད་མེད་པ་འདི། །རང་གི་བསོད་ནམས་ཆུང་བའི་སྐྱོན་ ཡིན་དུས་ངན་ཐ་མ་ཤར་བའང་ཡིན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། ད་དུང་ཡང་རྗེ་བཙུན་གྱི་དགོངས་པ་དང་མཐུན་པར་བྱེད་འདོད་ན། དེ་དག་ལ་སོགས་ པ་ཕྱིན་ཅི་ལོག་དང༌། མ་དག་པ་ཐམས་ཅད་འབད་དེ་སྤངས་ནས། ཤིན་ཏུ་རྣམ་པར་ དག་པ་ཡེ་ཤེས་རྒྱ་མཚོར་བསྟན་པ་ལྟར་ཐིག་བཏབ་ལ་ཚོན་བཀྱེ་ཞིང་མཚན་མ་བཀོད་ ནས། ཚོན་གྱི་ལྷག་མ་ལ་མཆོད་དེ། ཡེ་ཤེས་སེམས་དཔའ་རང་གི་སྙིང་གར་གཤེགས་སུ་ གསོལ་བ་ནི་ཚོན་དགྱེ་བའི་ངེས་པའོ། ། སྒོའི་སློབ་དཔོན་དུ་འོས་པ་དང༌། ལས་ཀྱི་རྡོ་རྗེ་ཅན་དུ་འོས་པ་དག་སྔར་ཉིད་དུ་དེ་ལྟར་ བསྐོས་ཤིང་རྡོ་རྗེ་དང༌། རྡོ་རྗེ་དྲིལ་བུ་དང་བཅས་ཏེ་རྗེས་སུ་གནང་བ་བྱིན་པ་རྣམས་ ལས། ལས་ཀྱི་རྡོ་རྗེ་ཅན་གྱིས་དཀྱིལ་འཁོར་གྱི་དབང་ལྡན་དང༌། བྱང་དུ་ཞི་བ་དང༌། རྒྱས་པའི་སྦྱིན་སྲེག་སྐབས་དང་སྦྱར་བ་བྱ་ཞིང༌། དཀྱིལ་འཁོར་གྱི་སྔ་རོལ་དང་རྗེས་སུ་ ནི་དཀྱིལ་འཁོར་གྱི་ས་གཞི་དེ་ཉིད་ལ་བསོད་ནམས་ཀྱི་ཚོགས་ཀྱི་སྦྱིན་སྲེག་གཉིས་པོ་ཅི་ མང་དུ་སློབ་དཔོན་གྱིས་བྱའོ། །ཁ་ཅིག་ཏུ་ལས་ཀྱི་རྡོ་རྗེ་མེད་ན་དེས་བྱ་བའི་སྦྱིན་སྲེག་ ཀྱང་སློབ་དཔོན་རང་ཉིད་ཀྱིས་བྱ་ཞིང༌། སྒོའི་སློབ་དཔོན་རྣམས་ཀྱིས་རང་རང་གི་སྒོ་སོ་ སོར་དབང་རྫས་གཏོད་པ་ལ་སོགས་པ་དབང་གི་གྲོགས་དང༌། བུམ་པ་དགོད་པ་ལ་ སོགས་བྱ་སྟེ། སྦྱིན་སྲེག་ལ་སོགས་པའི་ངེས་པའོ། ། 7-1-225 སྔར་བྱིན་གྱིས་བརླབས་པའི་བུམ་པ་ཕྱོགས་བཞིའམ་བརྒྱད་དུ་དགོད་ཅིང༌། རྒྱལ་བ་དང་ རྣམ་པར་རྒྱལ་བ་ནི་ཤར་དང་ནུབ་ཀྱི་བུམ་པ་ལས་སོར་གཉིས་སྤངས་པའི་ཕྱི་རོལ་ཏུ་སྟེ། རྒྱལ་བའི་སྟེང་གི་དུང་ཆོས་ནི་བུམ་པ་ལྔའི་ཕྱོགས་ལ་རྣམ་རྒྱལ་དང༌། བཅུའི་ཕྱོགས་ལ་ རྣམ་རྒྱལ་ཆེན་པོའོ། །སྔར་བསྒྲུབས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ཡང་ཨོཾ་ཨཱཿཧཱུཾ་ ཧོཿཧཾ་ཀྵཿ ཞེས་པས། དབང་གི་དོན་དུ་ལན་བདུན་མངོན་པར་བསྔགས་ནས། ཉ་ཕྱིས་ སམ། དུང་ཆོས་སུ་བཞག་ཅིང༌། གཞན་ཡང་ཉེ་བར་མཁོ་བ་མཐའ་དག་འཚོགས་པར་བྱ་ བ་ནི་བུམ་པ་དགོད་པ་ལ་སོགས་པའི་ངེས་པའོ། ། སློབ་དཔོན་གཙོ་བོའི་ཤར་གྱི་ཞལ་ལ་མངོན་པར་ཕྱོགས་པས་འདུག་སྟེ། ལྷའི་རྣལ་ འབྱོར་རྒྱས་པ་དང་ལྡན་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དམ་ཚིག་གི་འཁོར་ལོ་ བསྒོམས་ནས། ཛཿཧཱུཾ་བཾ་ཧོཿ ཞེས་པས། ཀུན་འགྲོ་ཡེ་ཤེས་སེམས་དཔའ་དགུག་པ་དང༌། གཞུག་པ་དང༌། བཅིང་པ་དང༌། མཉེས་པའི་རིམ་པས་བྱིན་གྱིས་བརླབས་ཤིང༌། རབ་ཏུ་ གནས་པ་མན་ངག་ལྟར་བྱའོ། །འདིར་དམ་ཚིག་གི་དཀྱིལ་འཁོར་ལ་པད་མ་རྣམས་ཀྱི་རྩ་ བ་དང་སྡོང་བུ་དང༌། འདབ་མ་དང༌། གེ་སར་དང༌། ལྟེ་བའི་ས་བོན་ནི། ཙ་ཚ་ཛ་ཛྷ་ཉ། ཞེས་པས་འདུ་བྱེད་གཞན་ཆོས་ཉིད་ཀྱི་འདུ་བྱེད་ཀྱི་པདྨ་མ་ལའོ། །དེ་ཉིད་རིང་པོ་ནི་ རླུང་གཞན་ཆོས་ཉིད་ཀྱི་རླུང་ལའོ། །ཐིག་ལེས་བརྒྱན་པ་ནི་སྣ་གཞན་ཆོས་ཉིད་ཀྱི་སྣ་ ལའོ། །རྣམ་པར་བཅད་པས་བརྒྱན་པ་ནི་རེག་བྱ་གཞན་ཆོས་ཉིད་ཀྱི་རེག་བྱ་ལའོ། །ངག་ གཞན་ནི་འདུ་བྱེད་དང་མཚུངས་སོ། །དེ་བཞིན་དུ། ཚོར་བ་དང༌། མེ་དང༌། མིག་དང༌། རོ་དང༌། ལག་པ་གཞན་ལ་ཊ་སྡེའོ། །འདུ་ཤེས་དང༌། ཆུ་དང༌། ལྕེ་དང༌། གཟུགས་དང༌། རྐང་པ་གཞན་ལ་ས་སྡེའོ། ། གཟུགས་དང༌། ས་དང༌། ལུས་དང༌། དྲི་དང༌། བཤང་ལམ་ གཞན་ལ་ཏ་སྡེའོ། །ཆོས་ཁམས་གཞན་ལ་ཀ་སྟེ་རིང་པོ་སྟེ། རྣ་བ་གཞན་ལ་ཐིག་ལེས་ བརྒྱན་པའོ། །ཡིད་གཞན་ལ་ས་སྡེ་ཐུང་ངུ་སྟེ་སྒྲ་གཞན་ལ་རྣམ་པར་བཅད་པས་བརྒྱན་ པའོ། །བདག་པོའི་པད་མ་ནི། སཱཾ་ྉྤཱ་ཥཱཾ་ཤཱཾ་ྈྐཱ་རྣམས་ལས་བྱུང་བ་སྟེ། དེར་གནས་པའི་ཟླ་ ཉི་སྒྲ་གཅན་ནི། ཨཾ་ཨཱཿཨ་རྣམས་ལས་སོ། །འཁོར་གྱི་ཟླ་བ་རྣམས་ནི་ཐིག་ལེའམ། ཨ་ཡིག་ 7-1-226 གམ། ཧ་ཡིག་ལས་ཏེ། ཉི་མ་རྣམས་ནི་རྣམ་པར་བཅད་པའམ། ར་ཡིག་གམ། ཀྵ་ཡིག་ ལས་སོ། །བསྡུས་པ་ལ་དགའ་བས་སྒྲུབ་ཐབས་སུ་བསྟན་པ་ལྟར་བསྒོམས་ཀྱང་རུང་ངོ༌། ། དེ་ལྟར་རབ་གནས་གྲུབ་པ་ལ་མཆོད་པའི་སླད་དུ། ཨོཾ་ཨཱཿཧཱུཾ་ཧོཿ ཏྲཻ་དྷཱ་དུ་ཀེ་ཤྭ་ར་ཀཱ་ལ་ ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་ས་པ་རི་ཝ་རཿཏྭཾ་བྷ་ག་ཝན་མེ་བ་ར་དོ་བྷ་ཝ་ཤི་ཥྱ་ཎཱཾ་ཙ། ཞེས་པས་ གསོལ་བ་འདེབས་པའི་མཆོད་ཡོན་རྡུལ་ཚོན་གྱི་ཕྱི་རོལ་ཏུ་མཎྜལ་བྱས་ནས། དེར་ལྷའི་ ཚོགས་གསལ་བཏབ་པ་ལ་ཕུལ་ཏེ། རྣམ་རྒྱལ་བུམ་པའི་མདུན་དུ་ཁྲུ་གང་བའི་མཎྜལ་ དང་ཕྱོགས་སོ་སོར་ལྷ་སོ་སོའི་མཎྜལ་བྱས་པར་ལྷ་རྣམས་གསལ་བཏབ་པ་ལ་མཆོད་པ་ རྒྱས་པ་དང༌། གོས་ཟུང་དུ་སྦྱར་བ་དང༌། ནང་གི་མཆོད་པ་དབུལ་ལོ། །ངེས་པ་དེ་འདྲ་བ་ སྐབས་ལ་ལར་དངོས་སུ་མ་གྲུབ་ན་ཡིད་ཀྱིས་སྒྲུབ་པའི་མན་ངག་ལ་ཡང་མཁས་པར་བྱ་ ཞིང༌། བསྟོད་པ་དང༌། གཏོར་མ་རྒྱས་པ་ཕུལ་ནས། ཕྱི་རོལ་ན་གནས་པའི་འབྱུང་པོ་ རྣམས་ཀྱང་གཏོར་མས་ཚིམ་པར་བྱའོ། །རྡུལ་ཚོན་གྱིས་ཁ་ཅིག་ཏུ་ཐུགས་དཀྱིལ་ཙམ་ ལས་བྲི་བ་མ་གྲུབ་ན་ཡང༌། དེའི་དམིགས་རྐྱེན་ལ་བརྟེན་ནས་ཡོངས་རྫོགས་བསྒོམ་པ་ གྲུབ་ན་བསོད་ནམས་ཀྱི་སྟོབས་ཆེ་ཞིང༌། བདག་འཇུག་བླངས་ན་ཡང་བྱིན་རླབས་ཆེ་ བས་རྩ་བའི་བླ་མ་དཀྱིལ་འཁོར་གྱི་གཙོ་བོར་མོས་པའི་བླ་མའི་རྣལ་འབྱོར་དང་ལྡན་ པས་དེ་ལས་དབང་བསྐུར་མཐའ་དག་རྫོགས་པར་བླངས་ནས། ནམ་མཁའ་སྐྱེ་བ་མཚན་ མའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་ རྡོ་རྗེ་དེང་བདག་བསྒྲུབས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་ པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། ། མི་འགྱུར་མཆོག་ཏུ་བདག་བསྒྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ ཀུན་གྱི་རྗེས་ཆགས་པ། །བཅོམ་ལྡན་ཆགས་ཆེན་དགའ་བ་ཆེ། །དེ་ཉིད་དུ་ནི་བདག་ བསྒྲུབས་མཛོད། །ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་ གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་བསྒྲུབས་ མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཆེན་མཆོག་གི་ཕྱག་རྒྱ་ཡིས། །རྡོ་རྗེ་ 7-1-227 ཆེན་པོ་གསལ་བ་ལས། །རྡོ་རྗེ་སྙེམས་བདག་བདག་བསྒྲུབས་མཛོད། །སེམས་ཅན་ཀུན་གྱི་ ཡིད་ཁྱབ་པ། ། སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ ཡིན། །དམ་ཚིག་མཆོག་གི་འདོད་པ་མཆོག །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་ རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་ཁྱོད། །འདོད་པ་བདག་ ལ་ཡོང་རྫོགས་མཛོད། ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་ པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་ཉིད་ དེ་བཞིན་ཉིད་ངེས་འབྱུང༌། ། བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་ གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་དངོས་གྲུབ་ཞུ་ ཞིང༌། བདེན་པའི་བྱིན་རླབས་བྱས་ཏེ། དཀྱིལ་འཁོར་རབ་ཏུ་གནས་པ་ལ་སོགས་པའི་ ངེས་པའོ། ། དེ་ནས་དཀྱིལ་འཁོར་དུ་འཇུག་པའི་སློབ་མ་དམ་པས། བླ་མ་དམ་པའི་ཞབས་ཀྱི་དྲུང་དུ། གསེར་ལ་སོགས་པའི་མེ་ཏོག་གི་མཎྜལ་བྱས་ནས་ཡོན་ཕུལ་ཏེ། བདག་ནི་མི་བཟད་ འཁོར་བས་འཇིགས་པས། ཞེས་སོགས་དང༌། སྐྱེ་རྒ་འཆི་དང་ན་དགྲ་ཡི། །ཆུ་སྲིན་ལ་ སོགས་འཇིགས་རུང་བ། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་པ་ ཁྱོད་གཅིག་པུ། ། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ ཆོས་དང་དགེ་བདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་ གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་པ་ལ། བླ་ མས། བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་ དག་བསྟན་པར་བྱ། ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་ མཉམ་མེད་ཡང་དག་བརྙེས། ། གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་ སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོའི་སྟོབས་ཆེན་ 7-1-228 བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱང་ན་ འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་པས་ འཛིན་དུ་གཞུག་གོ ། དེ་ནས་སློབ་མས་སྡོམ་པ་བཟུང་བའི་སྨོན་ལམ་འདེབས་པར་བསམ་བཞིན་པས། འདོད་ པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོར་བཟུང་བར་བགྱི། །རིན་ ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་ བགྱི། ། རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་རྣམས་ནི་ བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་དོན་ཉམས་སུ་མྱོང་བ་དང་འདྲེས་པ་ ཙམ་དུ་ཞེ་ཐག་པ་ནས་སྨོན་ལམ་བཏབ་བོ། ། དེ་ལྟར་བརྟུལ་ཤུགས་ངེས་པ་དང་ལྡན་པའི་སློབ་མ་ཁྲུས་བྱས་ཤིང༌། དྲིས་བྱུགས་པ་དག་ ཡོལ་པས་བཅད་པའི་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་གྱི་ས་ལ་བཀོད་དེ། དེར་ལས་དང་ མཐུན་པའི་མཎྜལ་བྱས་ནས། དངོས་གྲུབ་ཀྱི་དོན་དུ། ཨོཾ་ཨཱཿཧཱུཾ། ཞེས་པ་ལན་བདུན་གྱིས་ མངོན་པར་བསྔགས་པའི་སོ་ཤིང་བྱིན་པ་གསོར་ནས་མཎྜལ་དུ་དོར་བས་ལས་གང་ འགྲུབ་ཀྱང༌། སྔར་བཞིན་དུ་གོ་བར་བྱ་ཞིང༌། ཨོཾ་དྭ་ད་ཤ་ཨཾ་ག་ནི་རོ་དྷ་ཀཱ་རི་ཎེ་ཧཱུཾ་ཕཊཿ ཅེས་པ་ལས་ཐམས་ཅད་པ་ལ་གོས་སེར་པོའམ། དམར་པོས་གདོང་བཅིང་སྟེ། ཞི་སོགས་ ལ་ལྷའི་མདོག་ཅན་གྱི་གོས་སྲབ་མོས་སོ། །དེ་ནས། དགའ་བ་ལ་དགའ་ཁྱེད་སུ་ཀྱེ། །ཞེས་ དྲིས་པས། དེས་ཀྱང༌། བདེ་ཆེན་བདག་ནི་སྐལ་བ་བཟང༌། །ཞེས་ལན་གདབ་བོ། ། དེ་ནས། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུད་པཱ་ཏ་ཡཱ་མི། ཞེས་འདོན་དུ་བཅུག་གོ །བྱང་ཆུབ་ཀྱི་ སེམས་བསྐྱེད་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྷྱེ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ཅིང༌། སྙིང་གར་རྡོ་རྗེ་མེ་ཏོག་དང་བཅས་པ་བཟུང་ནས། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ ཐམས་ཅད་གྱིས་བྱིན་གྱིས་རློབ་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། དཀྱིལ་འཁོར་དུ་མ་ཞུགས་པ་ 7-1-229 རྣམས་ལ་སྨྲ་བར་མི་བྱ་སྟེ། མ་དད་པར་ཡང་མི་བྱའོ། །ཞེས་བརྗོད་དེ། ཨོཾ་ཡ་མཱན་ཏ་ཀྲིད་ ཧཱུཾ། ཞེས་བརྗོད་ཅིང༌། རྡོ་རྗེས་ཁྲིད་ལ། ཨཱཿཁཾ་བཱི་ར་ཧཱུཾ། ཞེས་པས་ཡོལ་བའི་ནང་དུ་བཅུག་ ནས། མཧཱ་ར་ཏ་སུ་ཌྷི་ཌྷ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་སཏྭ་ཨདྷྱ་སིད་དྷྱ་མཾ། ཞེས་འདོན་པས་ བསྐོར་ནས་དཀྱིལ་འཁོར་གྱི་ཤར་དུ་གནས་པ་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེས་ན་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་ སྟེ། ཡེ་ཤེས་གང་གིས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱིས་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ ཉམས་པར་འགྱུར་ཏ་རེ། ཞེས་པ་དང༌། མགོ་བོར་རྡོ་རྗེ་བཟུང་ནས། འདི་ནི་དམ་ཚིག་རྡོ་ རྗེ་སྟེ། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདིས། །གལ་ཏེ་ཁྱོད་ཀྱི་འགའ་ཞིག་ལ། །འདི་སྨྲས་ན་ནི་ སྤྱི་བོར་འགེམས། །ཞེས་པ་དང༌། སྙིང་གར་རྡོ་རྗེ་བཟུང་ནས། ཨོཾ་དེ་རིང་རྡོ་རྗེ་སེམས་ དཔའ་རང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། ། གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པ་དང༌། བདུད་རྩི་ལྔའི་ཆུ་བླུད་ཅིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ནས་སྲེག་ པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ཨོཾ་པཉྩ་ ཨ་མྲྀ་ཏ་ཨུ་ད་ཀ་ཋཿ ཞེས་པས་མནའི་བཏུང་བ་བྱེད་དུ་བཅུག་ལ། དེང་ནས་བརྩམས་ ཏེ་ཁྱོད་ཀྱི་རྡོ་རྗེ་འཛིན་པ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་ པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་པ་རྣམས་ཀྱིས་དམ་ལ་ བཞག་ཅིང་ཆུ་ཁྱོར་བ་གསུམ་བླུད་དེ་ཁ་དག་པར་བྱས་ནས་ལྕེ་ལ་བདུད་རྩི་ལྔ་སྦྱིན་ ནོ། །མཐར་ཐུག་གི་ལྷ་དང་བླ་མའི་ཡོན་ཏན་དང་སྲིད་ཞིར་ལྟུང་བའི་ཉེས་དམིགས་དྲན་ པའི་སྒོ་ནས་དད་གུས་ཀྱི་སྟོབས་ཆེན་པོ་བསྐྱེད་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ 7-1-230 ཅིག །རང་གཞན་ཐམས་ཅད་ལ་རྡོ་རྗེའི་སྐུ་གསུང་ཐུགས་ཡེ་ཤེས་ཕེབས་པར་གྱུར་ ཅིག །རྡོ་རྗེའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཕེབས་པར་གྱུར་ཅིག་ཅེས་ སོགས་གསོལ་བ་དྲག་པོ་འདེབས་བཞིན་པས་རང་བྱུང་ཡེ་ཤེས་ཀྱི་ལྷ་འབབ་པའི་དོན་ དུ། སྔར་བསྒྲུབས་པའི་བདུད་རྩི་ལྔ་དང༌། སྒྲོན་མ་ལྔའི་སྤོས་དང་བཅས་པས། ཨོཾ་ཨ་ར་ར་ ར་ར་ལ་ལ་ལ་ལ་བཛྲ་ཨ་བེ་ཤ་ཡ་ཧཱུཾ། ཞེས་པ་འདིས་ཁྲོ་བོའི་གཙོ་བོ་བསྐུལ་ཞིང༌། ཆོས་ ཉིད་ཀྱི་ལྷ་ཞི་ཁྲོ་རབ་འབྱམས་མཁའ་དབྱིངས་ཐམས་ཅད་ཏིལ་གྱི་གོང་བུ་བཞིན་དུ་ བར་མཚམས་མེད་པར་དུས་ཐམས་ཅད་དུ་ཡོངས་སུ་གང་བར་བཞུགས་པ་ཐམས་ཅད་ སློབ་མའི་རྒྱུད་ལ་ཆར་ཆེན་བཞིན་དུ་བབས་ནས་བྱིན་རླབས་ཆེན་པོ་འཇུག་པའི་མན་ ངག་ཟབ་མོ་བླ་མ་དམ་པའི་ཞལ་གྱི་གདམས་པ་ལས་ཇི་ལྟར་འབྱུང་བ་བཞིན་དུ་རྡོ་རྗེ་ དབབ་ཅིང༌། ཕེབས་པའི་མཚན་ཉིད་ནི། ཁྲོ་བོའི་རྒྱལ་པོ་ཕེབས་ན་མཚོན་ཆས་མཛེས་ པའི་ལག་པ་དག་གིས་བདུད་ཀྱི་ཚོགས་ལ་སྡིགས་བྱེད་ཅིང༌། །གཡོན་བརྐྱང་ལ་སོགས་ སྟབས་རྣམས་དང་ནི་རྣམ་མང་བྱེད་པ་རྣམས་ཀྱིས་རྡོ་རྗེའི་གར་གྱིས་གར་བྱེད་ དེ། །བཞད་དང་ཧཱུཾ་གི་ཡི་གེ་འདྲེས་པས་དགྲ་ལ་འཇིགས་པ་སྟེར་བ་དང་ནི་རྡོ་རྗེའི་གླུ་ ཡང་བྱེད། །ངོ་ཚ་མེད་ཅིང་དོགས་པ་མེད་པར་འགྱུར་ཏེ་ཡོན་ཏན་དབང་གིས་ལྷ་གཞན་ རྣམས་ཀྱང་ཞི་བའོ། །སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་རང་བཞིན་ཡོན་ཏན་དབང་ གིས་སྐུ་ཡི་བྱ་བ་བྱེད་པ་སྟེ། །གསུང་ཕེབས་པས་ནི་ལྷ་དང་འབྱུང་པོ་ལྷ་མིན་རྣམས་ལས་ རྣམ་པར་རྒྱལ་བའི་སྨྲ་བ་པོ་རུ་འགྱུར། །ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་ པ་དག་དང་བྱུང་དང་འབྱུང་བ་ཐམས་ཅད་ཤེས་པར་འགྱུར། །ཡེ་ཤེས་ཕེབས་པས་ སངས་རྒྱས་བླ་མ་ཡི་ཡང་བླ་མ་རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུར་འགྱུར། །ས་ ཕེབས་པས་ནི་རྣལ་འབྱོར་པ་དག་རི་དང་མཚུངས་པར་འགྱུར་ཏེ་ཆུས་ཀྱང་བསིལ་བ་ རབ་ཏུ་འགྱུར། །མེ་ཕེབས་པས་ནི་སྲེག་པར་འགྱུར་ཏེ་རླུང་གིས་ཀྱང་ནི་དེ་བཞིན་སྐམ་ པ་དག་ཏུ་རབ་ཏུ་འགྱུར། ། སྟོང་པ་ཕེབས་པས་མི་སྣང་བར་འགྱུར་ས་སྟེང་དུ་ནི་མཁའ་ ལ་སྤྱོད་པ་ཉིད་དུ་རབ་ཏུ་འགྱུར། །དེ་བཞིན་གཟུགས་ལ་སོགས་པ་ཐམས་ཅད་རང་ 7-1-231 བཞིན་ཡོན་ཏན་དབང་གིས་རིམ་པ་ཡིས་ནི་རིག་པར་བྱ། །ཞེས་སོགས་དང༌། རྡོ་རྗེ་ འབེབས་པ་འབེབས་པ་ཆེ། །ཞེས་སོགས་དང༌། ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡི། །རྡོ་རྗེ་ འབེབས་པར་བྱིན་གྱིས་བརླབས། །ཞེས་སོགས་སློབ་མ་དག་པ་ལ་རྡོ་རྗེའི་སྐུ་གསུང་ ཐུགས་ཡེ་ཤེས་ལ་སོགས་པ་ཕེབས་པའི་རྣམ་འགྱུར་རྣམ་པ་དུ་མ་འབྱུང་བར་རྒྱུད་སྡེ་ རྣམ་དག་མང་པོ་དང༌། རྒྱས་འགྲེལ་དྲི་མེད་འོད་ལ་སོགས་པར་རྒྱ་ཆེར་གསུངས་པ་ རྣམས་མན་ངག་ཁྱད་པར་ཅན་དང་ལྡན་ན་གེགས་དང་སྐྱོན་དུ་མི་འགྱུར་ཏེ། དེ་ནི་ གེགས་སེལ་གྱི་མཆོག་དང་ནད་གདོན་དང་གདོན་དགྲོལ་གྱི་རྒྱལ་པོ་ཡང་ཡིན་པས་དེ་ ལྟར་ངོ་ཤེས་པར་བྱས་ནས་དགག་སྒྲུབ་མེད་པར་བྱུང་རྒྱལ་དུ་བསྐྱངས་པ་ཙམ་གྱིས་རྩ་ མདུད་མང་པོ་གྲོལ་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་མང་པོ་ངང་ངམ་ཤུགས་ཀྱིས་ འབྱུང་བའི་ཕྱིར་རོ། །འདི་ནི་ཆོ་གའི་དུས་འགའ་ཞིག་ཏུ་མ་ཟད། དབང་དོན་ཟབ་མོ་ བསྒོམས་པ་དང༌། ངེས་དོན་ཟབ་མོ་ཐོས་པ་དང༌། ཉམས་རྟོགས་བཟང་པོ་ཅན་གྱི་གང་ ཟག་གམ། རྟེན་བྱིན་རླབས་ཅན་དང་མཇལ་བ་ལ་སོགས་པ་དད་གུས་བསྐྱེད་པ་དང༌། སེམས་ཅན་ལ་སྙིང་རྗེ་ཆེན་པོ་ཚད་མེད་པ་སྐྱེས་པ་དང༌། གཞན་ཡང་ཡིད་ཤིན་ཏུ་ འཇུར་པའི་རྐྱེན་གང་ཡང་རུང་བ་ལ་བརྟེན་ནས། རླུང་དབུ་མར་ཚུད་པའི་ཚེ་འབྱུང་བ་ ཡང་ཡོད་པས་དེ་ཐམས་ཅད་ངོ་ཤེས་པར་བྱས་ནས། དགེ་སྦྱོར་དང་ལུས་སྲོག་གི་བར་ ཆད་དུ་མི་འགྱུར་བའི་ཕན་སེམས་ཆེན་པོ་ལ་བསླབ་པར་བྱའི། སྐྱོན་དུ་བཟུང་ནས་ གནོད་ཅིང་བསྐྱིལ་བ་དང༌། ཧ་དང་དབྱུག་པ་དང༌། མེ་བཙའ་དང༌། འཁྱིག་པ་ལ་སོགས་ པ་ནི་རྣམ་པ་ཐམས་ཅད་དུ་མི་བྱ་སྟེ། དེ་ལྟར་བྱས་ན་རྩ་ལོག་ཏུ་རླུང་ལོག་འཇུག་ཅིང༌། ཁྱད་པར་སྲོག་པ་རྩ་ལ་རླུང་ཞུགས་པས་ཆུ་སེར་དང༌། ཁྲག་དང༌། ཁྲག་རླང་གི་བར་དུ་ རིམ་གྱིས་འཕེལ་ནས་སྨྱོ་སྟེ། ཆོས་དང་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱིར་རོ། །དེས་ན་ སྒོམ་བྱས་པས་སྒོམ་སྨྱོ་བྱུང་ཞེས་འཇིག་རྟེན་ན་མང་དུ་སྣང་བ་རྣམས་ནི་ཡོན་ཏན་ངོ་མ་ ཤེས་པ་ལ་བརྟེན་ནས་སྐྱོན་དུ་སོང་བ་འབའ་ཞིག་ཏུ་བས་སོ། །ཞེས་ངེས་པར་ཐག་ཆོད་ དོ། །དེ་ལྟ་བས་ན་འདི་ནི་མཆོག་གམ། གཞན་ནམ། ཕ་རོལ་གྱི་འབེབས་པ་སྟེ། ཆོས་ཉིད་ 7-1-232 ཀྱིས་འབེབས་པའོ། །འཇིག་རྟེན་པའི་འབྱུང་པོ་དང༌། སྲིན་པོ་དང༌། རྣ་བའི་ཤ་ཟ་མོ་ དང༌། ཞིང་སྐྱོང་དང༌། མ་མོ་དང༌། ཀླུ་དང༌། བྲན་པོ་དང༌། མཁའ་འགྲོ་མ་དང༌། བགེགས་དང༌། ལོག་འདྲེན་དང༌། འདོད་པའྀ་ལྷ་ལ་སོགས་པ་ཕེབས་པས་ནི་ཡོན་ཏན་ གྱི་ཁྱད་པར་ཅུང་ཟད་ཀྱང་མི་སྟེར་ཞིང་སླར་འཁོར་བར་འཁྱམས་པའི་གྲོགས་ཉིད་དུ་ གསུངས་པས་དེ་དང་དེ་དག་གིས་ཁྱད་པར་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པའི་ མན་ངག་ཁྱད་པར་ཅན་ལ་བསླབས་ནས་བླང་དོར་ཕྱིན་ཅི་མ་ལོག་པར་བྱའོ། །ཁ་ཅིག་ ཏུ་དགོས་པའི་དབང་གིས་གཤེགས་གསོལ་བྱ་བར་འདོད་ན། ཡི་གེ་གསུམ་གྱིས་བསྔགས་ པའི་མེ་ཏོག་མགོར་བྱིན་པས་རང་གི་གནས་སུ་གཤེགས་པར་འགྱུར་ཞིང༌། དེ་ནས་ གནས་དྲུག་ཏུ། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་པ་རིགས་དྲུག་གི་བསྲུང་བ་བྱས་ཏེ། གོས་སེར་པོ་ བསྐོན་ནས། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་ བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་ བྱེད་སྡིག་པ་ལྔ་པོ་འདི་རྣམས་སོ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་ འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་ དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་ སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་ དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང༌། །དབང་པོ་རྣམས་ནི་ ཀུན་ནས་ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་ པའི་དོན་བཤད་ལ། བརྟུལ་ཞུགས་བྱིན་ནས་དགེ་བའི་གྲོགས་དང་ལྷན་ཅིག་དཀྱིལ་ འཁོར་ལ་ལན་གསུམ་དུ་བསྐོར་ཏེ། ཤར་གྱི་སྒོར་སློབ་དཔོན་གཙོ་བོའི་གཟུགས་ཀྱིས་ གནས་པ་ལ་དགེ་བའི་གྲོགས་ཀྱིས་གཏད་པའི་དུང་གི་ཆུས་སློབ་མའི་མགོར་བསང་ གཏོར་བྱས་ནས། ཡི་གེ་གསུམ་གྱིས་ལན་བདུན་བསྔགས་པའི་མེ་ཏོག་ཅིག་དེའི་ལག་པ་ སྦྱར་བས་སྦྱིན་ནོ། །དེ་ནས་སློབ་མ་དེའི་རིགས་ཀྱི་ལྷ་གང་ཡིན་པ་དེ་ལ་འབབ་པར་གྱུར་ ཅིག་སྙམ་པས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། ། བདག་གི་སློབ་མ་གཞུག་པ་ 7-1-233 འདིའི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ཡི་དངོས་ གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། ། བསོད་ནམས་མཐུ་ཡང་ཇི་ འདྲ་བ། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་བདེན་པའི་བྱིན་རླབས་བྱས་ནས། བསམ་པ་དེ་འདྲ་དང་ལྡན་པས་བུམ་པའི་སྟེང་གི་དུང་ཆོས་ལ་རིགས་ལྔའི་མཚན་མ་ བྱས་པར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤྭ་དྷ་ནི་སྭཱཧཱ། ཞེས་པ་འདིས་མེ་ཏོག་དོར་བ་ལས་ རིགས་ཀྱི་ལྷ་ངེས་པར་བྱས་ནས། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་མིག་ནི་ འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་འབྱེད་པར་ མཛད། །ཨོཾ་དེ་བྱེན་ཏྲི་ཡཱ་ཎུཌ་གྷཱ་ཊ་ཡ་སྭཱཧཱ། ཞེས་པས་གདོང་གཡོག་བསལ་ཏེ། རིགས་ ཀྱི་ལྷ་དང་དཀྱིལ་འཁོར་གྱི་གཙོ་བོ་དང་པོར་བྱས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ བསྟན་ཅིང༌། ད་ནི་དད་པའི་ཤུགས་ཀྱི་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་ སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་གྱི་ ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པད་མ་རྩེ་རོལ་ པས། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ཞེས་པ་དོན་གོ་བར་བསྙད་ཅིང༌། གདོད་ ནས་རང་བཞིན་གྱིས་དག་པའི་སྣོད་བཅུད་ཀྱི་དཀྱིལ་འཁོར་དང་ལྷར་ཞུགས་པ་ལ་ སོགས་པ་རྣམ་དག་རྒྱས་བསྡུས་གདུལ་བྱ་ལ་འཚམ་པ་ཡང་བསྟན་ཏོ། །དེས་ཀྱང་རྡོ་རྗེའི་ དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་ དཀྱིལ་འཁོར་ཆེན་པོར་བདག་གིས་མཐོང༌། ། གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ ཆེན་པོར་བདག་དབང་བསྐུར། །ཧོཿཧོཿཧོཿ ཞེས་དགའ་ཞིང་རྗེས་སུ་བསྔགས་པ་བྱ་སྟེ། སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ངེས་པའོ། ། དེ་ནས་དབང་བསྐུར་བའི་སླད་དུ། སློབ་དཔོན་གཙོ་བོའི་གཟུགས་ཀྱིས་གནས་པ་ལ་ཅི་ འབྱོར་པའི་ཡོན་ཕུལ་ཏེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་སྩལ་བ་ ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དིང་བདག་སྩོལ། །ཞེས་ གསོལ་བ་བཏབ་པས། སློབ་དཔོན་གྱི་ལག་པ་གཡས་པའི་རྡོ་རྗེས། སློབ་མའི་ལག་པ་ 7-1-234 གཡོན་ནས་ཁྲིད་དེ། དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་བསྐོར་ནས། བྱང་སྒོར་ཆུ་ དང་ཅོད་པན་གྱི་དབང་གི་དོན་དུ། བླ་མ་དུས་ཀྱི་འཁོར་ལོའི་གཡོན་ཞལ་སྐུ་རྡོ་རྗེ་སྤྲུལ་ པའི་སྐུར་མོས་པ་ལ། གསེར་གྱི་མེ་ཏོག་ལ་སོགས་པའི་མཎྜལ་ཕུལ་ཏེ། ཨོཾ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྼྀཾ་ཧྼཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་ ཨཱ་ཨཱི་རཱྀ་ཨཱུ་ལཱྀ་བཛྲ་ཊ་ཀི་ཎྱོ་བཛྲ་ཨ་མྲྀ་ཏ་གྷ་ཌཻ་ར་ཨ་བྷི་ཥིཉྩ་དུ་མཾ་སྭཱཧཱ། ཞེས་པ་དང༌། ཨོཾ་ཨཾ་ཨིཾ་རྀཾ་ཨུཾ་ལྀཾ་སརྦ་བུད་དྷ་བཛྲ་མུ་ཀུ་ཊཾ་མ་མ་པཉྩ་བུད་དྷ་ཨཱཏྨ་ཀཾ་བན་དྷ་ཡན་ཏུ་ ཧུཾ་ཧཱུཾ་ཕཊ། ཅེས་གསོལ་བ་བཏབ་པ་ལ་ཡུམ་ལྔ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱིས་ དབང་བསྐུར་ཞིང་བྱིན་གྱིས་བརླབས་ནས་གློ་བུར་དྲི་མའི་ཁམས་དང༌། ཕུང་པོ་རྣམས་ འགག་པའི་གཞི་ལ་རང་བཞིན་གཉུག་མ་ཆོས་ཉིད་ཀྱི་ཁམས་དང༌། ཕུང་པོ་གདོད་ནས་ བཞུགས་པ་མྱུར་དུ་མཐོང་ཞིང་རྟོགས་ནས་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་ རྩེ་གཅིག་ཏུ་འདེབས་བཞིན་པས། བླ་མའི་མན་ངག་ལྟར་སློབ་མའི་རྒྱུད་བྱིན་གྱིས་ བརླབས་པའི་བསྒོམ་པའི་སྟོབས་བསྐྱེད་པར་བྱའོ། ། དེ་ནས། ཨཱ་ཨཱི་རཱྀ་ཨཱུ་ལཱྀ་བརྗོད་བཞིན་པས། བུམ་པ་རྣམས་ནས་ཆུ་བླངས་ལ་དུང་ཆོས་སུ་ བླུགས་ནས། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷ་དུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པས། གཙུག་ཏོར་དང་ དཔུང་འགོ་གཉིས་དང་དཔྱི་འགོ་གཉིས་ཏེ་སྐྱེ་བའི་གནས་ལྔར་དབང་བསྐུར་ཞིང་ཁྲུས་ བྱའོ། ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་ རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་ སྟེ། །དེས་ནི་དིང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་པས་ བཀྲ་ཤིས་བརྗོད་པར་བྱའོ། །དེ་ནས་མེ་ཏོག་གང་དུ་ལྷུང་བའི་སངས་རྒྱས་གཙོ་བོར་གྱུར་ པ་ནི་ཅོད་པན་ཨ་ཨི་རྀ་ཨུ་ལྀ་ལས་བྱུང་བའི་སངས་རྒྱས་ལྔས་བྱིན་གྱིས་བརླབ་ཅིང༌། ཨོཾ་ ཨ་ཨི་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུད་དྷ་སྭཱཧཱ། ཞེས་སྐྱེ་བའི་གནས་ལྔར་དུང་གི་ཆུས་ དབང་བསྐུར་ནས། མགོ་བོར་ཅོད་པན་བཅིང་ངོ༌། །དེ་ལྟར་རྒྱལ་བ་ཡབ་ཡུམ་གྱི་བྱིན་ གྱིས་བརླབས་པའྀ་དབང་ 7-1-235 བསྐུར་གཉིས་ཀྱིས་ཉེར་ལེན་གྱི་ཁམས་དང༌། ཕུང་པོ་འགགས་ནས་ཆོས་ཉིད་ཀྱི་ཁམས་ དང་ཕུང་པོ་ཐོབ་པར་གྱུར་ཅིག །ཅེས་པ་དང༌། སྦྱང་གཞི་དེ་ལ་སྦྱང་བྱ་དེ་སྦྱོང་བྱེད་ཀྱི་ ལམ་བསྒོམ་པར་གདམས་ནས། སྦྱང་འབྲས་ཆོས་ཉིད་ཀྱི་རྒྱལ་བ་ཡབ་ཡུམ་མྱུར་དུ་ འཐོབ་པའི་རྟེན་འབྲེལ་མན་ངག་བཞིན་དུ་བསྒྲིག་པར་བྱ་སྟེ། བྱིས་པ་སྐྱེས་པ་ཆུ་ཡིས་ འཁྲུད་པ་དང༌། གཙུག་ཕུད་འཇོག་པ་ལྟར་ཆུ་དང་ཅོད་པན་གྱི་དབང་ངོ༌། ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་བཏབ་པ་ལ་བྱིན་རླབས་དང་ངོ་སྤྲོད་ནི་གཙོ་བོ་སྟེ། ཕྱི་མ་རྣམས་ལ་ཡང་ངོ༌། །དབང་བསྐུར་བ་ན་སློབ་དཔོན་གཙོ་བོའི་གཟུགས་ལྟར་ བཞེངས་པ་ཡང་ཐམས་ཅད་དུ་དྲན་པར་བྱའོ། །ཡང་གཡས་སྐོར་གྱིས་ལྷོ་སྒོར་ཁྲིད་ནས་ བླ་མ་དུས་ཀྱི་འཁོར་ལོའི་གཡས་ཞལ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་མོས་པ་ ལ། དར་དཔྱངས་དང་རྡོ་རྗེའི་དྲིལ་བུའི་དབང་གི་དོན་དུ། ཨོཾ་ཨ་ཨཱ་ཨཾ་ཨཱཿ ཧ་ཧཱ་ཧཾ་ཧཱཿ ཕྲེཾ་ཧོཿསརྦ་པ་ར་མི་ཏ་མ་མ་བཛྲ་པཊྚཾ་བན་དྷ་ཡན་ཏུ་ཧུཾ་ཧཱུཾ་ཕཊ། ཅེས་པ་དང༌། ཨོཾ་ཧཱུཾ་ ཧོཿབི་ཛྙཱ་ན་ཛྙཱ་ན་སྭ་བྷཱ་ཝེ་ཀ་རུ་ཎཱ་པྲཛྙཱ་ཨཱཏྨ་ཀེ་བཛྲ་བཛྲ་གཎ་ཌེ་ས་བྱེ་ཏ་ཀ་ར་ཡོར་མ་ མ་བཛྲ་སཏྭཿས་པྲཛྙོ་ད་དཱ་ཏུ་ཧུཾ་ཧཱུཾ་ཕཊ། ཅེས་གསོལ་བ་བཏབ་པ་ལ་ནུས་མ་རྣམས་ དང༌། གཙོ་བོ་ཡབ་ཡུམ་གྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབས་ནས་གློ་བུར་བའི་ རླུང་དང་རྩ་རྣམས་འགགས་པའི་གཞི་ལ་ཆོས་ཉིད་ཀྱི་རླུང་དང་རྩ་གདོད་ནས་བཞུགས་ པ་མྱུར་དུ་མཐོང་ཞིང་རྟོགས་ནས་ཐོབ་པར་མཛད་དུ་གསོལ། ཞེས་སོགས་སྔ་མ་ལྟར་ བྱིན་གྱིས་བརླབས་པ་བསྒོམ་པའི་སྟོབས་བསྐྱེད་དེ། དེ་ནས་དར་དཔྱངས་རྣམས་ཡི་གེ་ བཅུའི་རང་བཞིན་ནུས་མ་བཅུས་བྱིན་གྱིས་བརླབ་ཅིང༌། ཨོཾ་ཨ་ཨཱ་ཨཾ་ཨཱཿ ཧ་ཧཱ་ཧཾ་ཧཱཿ ཕྲེཾ་ ཧོཿ ད་ཤ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎེ་སྭཱཧཱ། ཞེས་སྐྱེ་བའི་གནས་ལྔར་དུང་གི་ཆུས་དབང་ བསྐུར་ཞིང༌། དཔྲལ་བར་དར་དཔྱངས་བཅིངས་ནས་རྡོ་རྗེ་དྲིལ་བུ་ཧཱུཾ་དང་ཧོཿའི་རང་ བཞིན་གཙོ་བོ་ཡབ་ཡུམ་གྱིས་བྱིན་གྱིས་བརླབ་ཅིང༌། ཨོཾ་ཧཱུཾ་ཧོཿ སུཪྻ་ཙནྡྲ་བི་ཤྭ་དྷ་ཀ་སྭཱཧཱ། ཞེས་སྐྱེ་བའི་གནས་ལྔར་དུང་གི་ཆུས་དབང་བསྐུར་ཏེ། རྡོ་ རྗེ་དྲིལ་བུ་སྤྱི་བོར་བཞག་ནས་ལག་ཏུ་བྱིན་པ་འཁྱུད་པའི་ཚུལ་བྱེད་དུ་གཞུག་གོ །དེ་ 7-1-236 ལྟར་ནུས་མ་རྣམས་དང༌། གཙོ་བོ་ཡབ་ཡུམ་གྱི་བྱིན་གྱིས་བརླབས་པའི་དབང་བསྐུར་ གཉིས་ཀྱིས་གློ་བུར་དྲི་མའི་རླུང་དང་རྩ་འགགས་ནས་ཆོས་ཉིད་ཀྱི་རླུང་དང་རྩ་ཐོབ་ པར་གྱུར་ཅིག། ཅེས་པ་དང༌། སྦྱང་གཞི་དེ་ལ་སྦྱང་བྱ་དེ་སྦྱོང་བྱེད་ཀྱི་ལམ་བསྒོམ་པར་ གདམས་ནས་སྦྱངས་འབྲས་ཆོས་ཉིད་ཀྱི་ནུས་མ་རྣམས་དང༌། གཙོ་བོ་ཡབ་ཡུམ་མྱུར་དུ་ ཐོབ་པའི་རྟེན་འབྲེལ་མན་ངག་བཞིན་དུ་བསྒྲིག་པར་བྱ་སྟེ། རྣ་བ་འབུགས་པ་དང༌། ངག་རྫོགས་པ་ལྟར། དར་དཔྱངས་དང་རྡོ་རྗེ་དྲིལ་བུའི་དབང་ངོ༌། ། ཡང་གཡས་སྐོར་གྱིས་ཤར་སྒོར་ཁྲིད་ནས། བླ་མ་དུས་ཀྱི་འཁོར་ལོའི་མདུན་ཞལ་ཐུགས་ རྡོ་རྗེ་ཆོས་ཀྱི་སྐུར་མོས་ལ་བརྟུལ་ཞུགས་དང་མིང་གི་དབང་གི་དོན་དུ། ཨོཾ་ཨ་ཨཱ་ཨེ་ཨཻ་ ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཱཿ སརྦ་བོ་དྷི་སཏྭ། ས་བྷཱཪྻཱཿ སརྦ་དཱ་སརྦ་ཀཱ་མ་ཨུ་པ་བྷོ་ གཾ་བཛྲ་པྲ་ཏཾ་མ་མ་ད་དན་དུ་སྭཱཧཱ། ཞེས་པ་དང༌། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་སརྦ་ ཀྲོ་དྷ་ར་ཛཿས་བྷཱཪྻཱ། མཻ་ཏྲི་ཀ་རུ་ཎ་མུ་ཏི་ཏ་ཨུ་པེཀྵ། སརྦ་ས་མ་ཏཱ་སྭ་བྷཱ་ཝཾ་བཛྲ་པཱུརྦཾ་ག་ མཾ་ནཱ་མ་མེ་ད་དན་དུ་ཧུཾ་ཧཱུཾ་ཕཊ། ཅེས་གསོལ་བ་བཏབ་པ་ལ་རྒྱལ་སྲས་ཡབ་ཡུམ་དང་ ཁྲོ་རྒྱལ་ཡབ་ཡུམ་གྱིས་དབང་བསྐུར་ཞིང༌། བྱིན་གྱིས་བརླབས་ནས་གློ་བུར་བའི་དབང་ པོ་དང༌། ལས་དབང་ཡུལ་བཅས་འགགས་པའི་གཞི་ལ་ཆོས་ཉིད་ཀྱི་དབང་པོ་དང་ལས་ དབང་ཡུལ་བཅས་གདོད་ནས་བཞུགས་པ་མྱུར་དུ་མཐོང་ཞིང་རྟོགས་ནས་ཐོབ་པར་ མཛད་དུ་གསོལ། ཞེས་སོགས་སྔ་མ་ལྟར་བྱིན་གྱིས་བརླབས་པ་བསྒོམ་པའི་སྟོབས་བསྐྱེད་ དེ། དེ་ནས་མེ་ཏོག་སིལ་མ་རྣམས་དབྱངས་དེ་དག་གི་རང་བཞིན་སེམས་དཔའ་ཡབ་ ཡུམ་གྱི་བྱིན་གྱིས་བརླབ་ཅིང༌། ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ བི་ཥ་ཡ་ ཨེན་ཏྲི་ཡ་བི་ཤོ་དྷ་ནི་སྭཱཧཱ། ཞེས་སྐྱེ་བའི་གནས་ལྔར་དུང་གིས་ཆུས་དབང་བསྐུར་ཏེ། རྣ་ བ་ལ་སོགས་པར་མེ་ཏོག་བཀོད་ནས། གདུབ་བུ་དང༌། རྐང་གདུབ་བམ། མེ་ཏོག་ཕྲེང་བ་ རྣམས་དབྱངས་དེ་རྣམས་ཀྱི་རང་བཞིན་ཁྲོ་བོ་ཡབ་ཡུམ་གྱིས་བྱིན་གྱིས་བརླབ་ཅིང༌། ཨོཾ་ ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་དུར་བྲཧྨ་བི་ཧ་ར་བི་ཤུདྡྷ་སྭཱཧཱ། ཞེས་སྐྱེ་བའི་གནས་ལྔར་ དུང་གི་ཆུས་དབང་བསྐུར་ནས་ལག་པ་དང་རྐང་པ་ལ་གདུབ་བུ་དང་རྐང་གདུབ་དག་ 7-1-237 གམ་དེ་དག་མེད་ན་མེ་ཏོག་གི་ཕྲེང་བ་བཅིངས་ཏེ། ཁྱོད་ནི་རྡོ་རྗེ་ཆྒཻ་མོ་ཞེས་མེ་ཏོག་ གང་དུ་ལྷུང་བ་དེའི་མིང་གིས་ལུང་བསྟན་པར་བྱའོ། །དེ་ལྟར་རྒྱལ་སྲས་ཡབ་ཡུམ་དང་ ཁྲོ་རྒྱལ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པའི་དབང་བསྐུར་གཉིས་ཀྱིས་གཟུང་འཛིན་ དང་ཟག་བཅས་ཀྱི་དབང་པོ་ཡུལ་དང་བཅས་པ་དང༌། ལས་དབང་ཡུལ་དང་བཅས་པ་ འགགས་ནས་ཆོས་ཉིད་ཀྱི་དབང་པོ་ཡུལ་དང་བཅས་པ་དང༌། ལས་དབང་ཡུལ་དང་ བཅས་པ་དང་ཚངས་པའི་གནས་བཞི་ཐོབ་པར་གྱུར་ཅིག །ཅེས་པ་དང༌། སྦྱང་གཞི་དེ་ ལ་སྦྱང་བྱ་དེ་སྦྱོང་བྱེད་ལམ་བསྒོམ་པར་གདམས་ནས་སྦྱངས་འབྲས་ཆོས་ཉིད་ཀྱི་རྒྱལ་ སྲས་ཡབ་ཡུམ་དང༌། ཁྲོ་རྒྱལ་ཡབ་ཡུམ་མྱུར་དུ་འཐོབ་པའི་རྟེན་འབྲེལ་མན་ངག་བཞིན་ དུ་བསྒྲྀག་པར་བྱ་སྟེ། དབང་པོ་ཡུལ་ལ་ལོངས་སྤྱོད་པ་དང༌། མིང་འདོགས་པ་ལྟར་ བརྡུལ་ཞུགས་དང་མིང་གི་དབང་ངོ༌། ། ཡང་གཡས་སྐོར་གྱིས་ནུབ་སྒོར་ཁྲིད་ནས། བླ་མ་དུས་ཀྱི་འཁོར་ལོའི་རྒྱབ་ཞལ་ཡེ་ཤེས་རྡོ་ རྗེ་ངོ་བོ་ཉིད་ཀྱི་སྐུར་མོས་པ་ལ་རྗེས་གནང་གི་དབང་གི་དོན་དུ། ཨོཾ་ཨེ་ཝཾ་པད་མ་བཛྲ་ ཙི་ཧྣཽ་པྲཛྙཱ་ཨུ་པཱ་ཡཽ་མཎྜལ་ཨ་དྷི་པ་ཏཱི་བཛྲ་སུ་ཁ་ཛྙ་ན་ཨཾ་ག་མ་མ་ད་ད་ཏཱཾ་ཧཾ་ཧཿཧཱུཾ་ཕཊ། ཅེས་གསོལ་བ་བཏབ་པ་ལ། དཔལ་རྡོ་རྗེ་སེམས་དཔས་དབང་བསྐུར་ཞིང་བྱིན་གྱིས་ བརླབས་ནས་ཡེ་ཤེས་ཀྱི་དྲི་མ་འཛག་བདེ་འགགས་པའི་གཞི་ལ་ཆོས་ཉིད་ཀྱི་བདེ་བ་ རང་བཞིན་འགྱུར་མེད་གདོད་ནས་བཞུགས་པ་མྱུར་དུ་མཐོང་ཞིང་རྟོགས་ནས་ཐོབ་ པར་མཛད་དུ་གསོལ། ཞེས་སོགས་སྔ་མ་ལྟར་བྱིན་གྱིས་བརླབ་པ་སྒོམ་པའི་སྟོབས་བསྐྱེད་ དེ། དེ་ནས། ཨོཾ་ཧཾ་ཀྵཿདྷརྨཱ་ཙཀྲ་པྲ་བར་ཏ་ཀ་སྭཱཧཱ། ཞེས་སྐྱེ་བའི་གནས་ལྔར་དུང་གི་ཆུས་ དབང་བསྐུར་ནས། ཆོས་ཀྱི་འཁོར་ལོ་བསྐོར་ལ་སེམས་ཅན་གྱི་དོན་གྱིས་ཤིག །ཅེས་རྗེས་ སུ་གནང་བ་སྦྱིན་ནོ། །དེ་ལྟར་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པའི་དབང་བསྐུར་ གྱིས་འཕོ་བའི་ཆགས་པ་འགགས་ནས་ཆོས་ཉིད་ཀྱི་བདེ་བ་ཆེན་པོ་མཁའ་ཁྱབ་ཐོབ་ པར་གྱུར་ཅིག །ཅེས་པ་དང༌། སྦྱང་གཞི་དེ་ལ་སྦྱང་བྱ་དེ་སྦྱོང་བྱེད་ཀྱི་ལམ་སྒོམ་པར་ གདམས་ནས། སྦྱངས་འབྲས་རང་བཞིན་འགྱུར་མེད་ཀྱི་བདེ་བ་མྱུར་དུ་ཐོབ་པའི་རྟེན་ 7-1-238 འབྲེལ་མན་ངག་བཞིན་དུ་བསྒྲིག་པར་བྱ་སྟེ། ཀློག་པ་ལ་སོགས་པའི་བྱ་བ་ལ་ཕ་ཡིས་ གནང་བ་སྟེར་བ་ལྟར་རྗེས་གནང་གི་དབང་ངོ༌། ། དེ་ལྟར་དབང་བདུན་ཐོབ་ནས་དེའི་ལམ་བསྒོམས་པས་རླུང་དུས་སྦྱོར་བདུན་འགགས་ ཤིང་དེའི་དབུགས་དང་གྲངས་མཉམ་པའི་ཞུ་བདེ་འགྱུར་མེད་མཆོག་གི་བདེ་བའི་སྐད་ ཅིག་མ་རྣམས་རྫོགས་ཏེ། ས་བདུན་འཐོབ་པར་གསུངས་པའི་ཕྱིར། ཨོཾ་སརྦ་ཏ་ཐཱ་ག་ཏ་ སཔྟ་ཨ་བྷི་ཥེ་ཀ་སཔྟ་བྷུ་མི་པྲབ་ཏོ་ཧཾ། ཞེས་ང་རྒྱལ་འཛིན་དུ་གཞུག་སྟེ། དེ་རྣམས་ནི་རྩ་ བའི་རྒྱུད་དུ། ཆུ་དང་ཅོད་པན་དར་དཔྱངས་དང༌། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ ཆེ། །མིང་དང་རྗེས་གནང་ཡང་དག་ལྡན། །དབང་བསྐུར་རྣམ་བདུན་མི་ཡི་བདག །ལུས་ ངག་སེམས་ནི་ལེགས་དག་པ། །མངོན་པར་དབང་བསྐུར་གཉིས་གཉིས་སོ། །རྗེས་གནང་ ཡེ་ཤེས་ཡང་དག་དག། གཞན་པ་ཁམས་སོགས་དག་པ་ལས། །ཆུ་ནི་ཁམས་ཀྱི་དག་པ་ སྟེ། །ཅོད་པན་ཕུང་པོ་རྣམ་སྦྱོང་བྱེད། །དར་དཔྱངས་ཕ་རོལ་ཕྱིན་པ་དག །རྡོ་རྗེ་དྲིལ་བུ་ མི་འགྱུར་ཆེ། །སངས་རྒྱས་གསུང་རྒྱུན་མི་འཆད་པ། །ཉི་ཟླ་གཅིག་ཏུ་དག་པར་ བྱེད། །ཡུལ་དང་དབང་པོ་ལེགས་དག་པ། །འཕོ་མེད་རྡོ་རྗེ་བརྟུལ་ཞུགས་འགྱུར། །མིང་ནི་ བྱམས་སོགས་ཡང་དག་དག།རྗེས་གནང་སངས་རྒྱས་ཉིད་དག་བྱེད། །དབང་བསྐུར་ བདུན་པོ་འདི་རྣམས་ཡིན། །དཀྱིལ་འཁོར་བཞེངས་ལ་སྦྱིན་པར་བྱ། །ཞེས་པ་དང༌། རྩ་ རྒྱུད་འབུམ་ལྔར་ཡང༌། བྱིས་པ་སྐྱེས་པ་མ་ཡིས་ནི། །འཁྲུད་བྱེད་ཆུ་ཡི་དབང་བསྐུར་ རོ། །དེ་ཡི་གཙུག་ཕུད་རབ་བཞག་པ། །དབུ་རྒྱན་དུ་ནི་ཡོངས་སུ་བཏགས། །དེ་ཡི་རྣ་བ་ འབུགས་ལ་སོགས། །དར་དཔྱངས་དབང་དུ་ཤེས་པར་བྱ། །བྱིས་པ་རྒོད་དང་སྨྲ་བ་ ཉིད། །རྡོ་རྗེ་དྲིལ་བུའི་དབང་ཉིད་དོ། །ལྔ་པ་ལོངས་སྤྱོད་བརྟུལ་ཞུགས་སོ། །མིང་ནི་མིང་ གི་དབང་བསྐུར་ཉིད། །ཕ་ཡིས་རྟག་ཏུ་ཀློག་ལ་སོགས། ། སྟེར་བར་བྱེད་པ་རྗེས་གནང་ ཡིན། །རྣམ་པ་བདུན་པོ་འདི་ཉིད་ནི། །དབང་བདུན་དུ་ནི་རབ་ཏུ་བཤད། །ཅེས་དང༌། དཔལ་ལྡན་སྒྱུ་འཕྲུལ་དྲ་བར་ཡང༌། མཁས་པ་རྣམས་ཀྱིས་ཆུ་ལ་སོགས་པའི་དབང་ བསྐུར་བདུན་པོ་སོ་སོར་རྟོགས་པར་བྱའོ། །ཞེས་སོགས་དབང་བསྐུར་ཟབ་མོ་ཁྱད་པར་ 7-1-239 འཕགས་པ་མང་པོར་གསུངས་པའི་དོན་ཡིན་པས་ལེགས་པར་བཀྲལ་ནས། དེ་རྣམས་ཀྱི་ སྦྱང་གཞི་དང༌། སྦྱང་བྱ་དང་སྦྱོང་བྱེད་དང་སྦྱངས་འབྲས་དང་སྦྱོང་མཁན་དང་སྦྱོང་ ཚུལ་རྣམས་ལ་ཕྱིན་ཅི་མ་ལོག་པའི་རྟོགས་པ་རྙེད་པར་བྱའོ། ། དེ་ནས་རྡོ་རྗེ་དྲིལ་བུ་ལག་ཏུ་བྱིན་ཏེ། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་ སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་ གི་པད་མའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་སངས་ རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། ། གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པད་ མར་སྨད་མི་བྱ། ། སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་ བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་ མཐའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། །ཞེས་པ། དྲང་བ་དང་ངེས་པའི་ དོན་དུ་རྣམ་པར་ཕྱེ་བ་ཤེས་པར་བྱས་ནས་ཉམས་སུ་བླང་བར་གདམས་ཤིང༌། གལ་ཏེ་ གཡོ་སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ ལོ། །དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་ འཛིན་པར་འགྱུར། །དེ་ཡི་བཀའ་ལ་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་ བཞིན་སྤུན་ལ་འཁྲོས་པས་གསུམ་པའོ། ། བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་ སྨོད་པའོ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང༌། །སྒྱུ་ཡིས་བྱམས་པ་ དང་ནི་མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་པའི་ སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མའོ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་ གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་ པ་རྣམས་ལའོ། །ཞེས་པ་རྩ་བའི་ལྟུང་བ་དང༌། གཞན་ཡང་སྦོམ་པོའི་ལྟུང་བ་ལ་སོགས་པ་ 7-1-240 རྡོ་རྗེ་ཐེག་པར་ཞུགས་པ་ལ་ལྟུང་བར་འགྱུར་བ་མཐའ་དག་སྤང་བར་གདམས་ནས། འདིར་ལོ་ཆྒཻ་མོ་དང༌། རིགས་ལྡན་གྱི་རྒྱལ་པོ་ཆྒཻ་མོ་ཆོས་སྟོན་པ་དང༌། དེ་བཞིན་དུ། ཟླ་ བ་དང༌། ཉ་དང༌། ཚེས་དང༌། སྐར་མ་དང༌། སྦྱོར་བ་དང༌། བྱེད་པ་ཆྒཻ་མོ་ལ་རྡོ་རྗེ་སློབ་ དཔོན་ཆྒཻ་མོ་བདག་གིས་སློབ་མ་ཆྒཻ་མོ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་ དབང་བདུན་གྱིས་མངོན་པར་དབང་བསྐུར་ཏེ། གཙོ་བོར་འོག་མིན་གྱི་སྲིད་པའི་མཐར་ ཐུག་པར་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དང་སེམས་ཅན་ཐམས་ཅད་ཀྱི་བསོད་ ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་བདག་གིས་ལུང་བསྟན་ཅིང་ རྗེས་སུ་གནང་ངོ༌། །ཞེས་ཐོབ་དུས་གོ་བར་བྱའོ། །དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ བྱིས་པ་འཇུག་པའི་དབང་བདུན་བསྐུར་བས། བསོད་ནམས་ཀྱི་ཚོགས་དང་འཇིག་རྟེན་ པའི་དངོས་གྲུབ་ཀྱི་དོན་དུ་སྔགས་བཟླས་པ་དང༌། བསྐྱེད་པའི་རིམ་པ་བསྒོམ་པ་ལ་ དབང་བར་གྱུར་ཏེ། སྔགས་ཀྱི་ཚུལ་ལ་དགེ་བསྙེན་དུ་གསུངས་སོ། །དེ་ལྟར་ཡིན་ཡང་ བཟླས་ལུང་བྱ་བར་མོས་ན་སྐབས་འདིར་བྱ་ཞིང༌། འཆད་པར་འགྱུར་བའི་རྗེས་ཀྱི་ཆོ་ག་ རྣམས་བྱ་སྟེ། དེས་ནི་དབང་བདུན་གྱི་ཆོ་ག་རྫོགས་སོ།། །། ༈ དེ་ལྟར་དབང་བདུན་སྔོན་དུ་སོང་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆེད་དུ། རྡོ་ རྗེ་སློབ་མའི་དབང་གོང་མ་གསུམ་དང༌། གོང་མ་ལས་ཀྱང་གོང་མ་གཅིག་སྟེ། དབང་ བཞི་དོན་དུ་གཉེར་བའི་སློབ་མ་མཆོག་ལ། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པ་ མིན། ། ཞེས་པ། རྡུལ་ཚོན་ལས་གཞན་པའི་དཀྱིལ་འཁོར་རྣམས་སུ་དབང་བསྐུར་བའི་ ཕྱིར། འདིར་ལོ་བཅུ་གཉིས་ནས་ཉི་ཤུའི་བར་གྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་སློབ་ མས་བླ་མ་ལ་ཕུལ་བར་བསམས་ཤིང༌། གསེར་གྱི་མེ་ཏོག་ལ་སོགས་པའི་མཎྜལ་དངོས་སུ་ ཕུལ་ནས། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་ མི་འགྱུར་བདེས་གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ པ། །བྱང་ཆུབ་སེམས་ནི་འགྱུར་མེད་གང༌། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་ 7-1-241 པོ་ད་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བཅས་པ། །བདག་ནི་དུས་ཀུན་ཁྱོད་ ཀྱི་འབངས།། ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར། །བདག་ལ་སྐྱབས་གཞན་ཡོད་མ་ ལགས། །ཞེས་བསྟོད་ཅིང༌། གསོལ་བ་བཏབ་ནས། བླ་མ་ལ་དུས་ཀྱི་འཁོར་ལོ་སྐུ་རྡོ་རྗེར་ མོས་ལ། ཨོཾ་ཨོཾ་བཛྲ་པྲཛྙཱ་ཨུ་པཱ་ཡཽ་ཀ་ལ་ཤ་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་ཧུཾ་ཧཱུཾ་ཕཊ། ཅེས་པས་ ལུས་དག་པར་བྱ་བའི་སླད་དུ་བུམ་པའི་དབང་བསྐུར་བར་གསོལ་བ་བཏབ་བོ། ། བླ་མས་ཀྱང༌། སློབ་མའི་ལུས་ཀྱི་ཐིག་ལེ་དང་སད་པའི་གནས་སྐབས་འགགས་ཤིང་ཞུ་བདེ་ འགྱུར་མེད་གྱི་དགའ་བའི་དགའ་བ་རྫོགས་ནས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྒྱུ་འཕྲུལ་དྲ་བས་བྱང་ ཆུབ་ཐོབ་པའི་དོན་དུ། ལུས་ལ་བུམ་པའི་དབང་དང་སྐུ་རྡོ་རྗེའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་ བརླབ་པར་བྱ་སྟེ་མན་ངག་བཞིན་དུའོ། །དེ་ནས་ཕྱག་རྒྱའི་དཀར་འཛིན་ལ་སློབ་མའི་ཡན་ལག་ རེག་ཏུ་གཞུག་པར་བསམ་ཞིང༌། དེས་ཕྱོགས་ཙམ་མཚོན་པ་དགའ་བའི་དགའ་བ་ནི་བུམ་པའི་ དབང་སྟེ། དེའི་ལམ་བསྙེན་པའྀ་ཡན་ལག་བསྒོམས་པས་དུས་སྦྱོར་བརྒྱད་ཀྱི་རླུང་འགགས་ཤིང༌། དེའི་དབུགས་དང་གྲངས་མཚུངས་པའི་ཞུ་བདེ་འགྱུར་མེད་མཆོག་གི་བདེ་བའི་སྐད་ ཅིག་མ་རྣམས་རྫོགས་པས་ས་བརྒྱད་ཐོབ་པ་རྡོ་རྗེ་སེམས་དཔའི་སྲས་པོར་འགྱུར་བའི་ ཕྱིར། ཨོཾ་ཨོཾ་བཛྲ་སཏྭེ་ན་བཛྲ་ཀ་ལ་ཤ་ཨ་བྷི་ཥེ་ཀེ་ཎ་ཨ་བྷི་ཥིཀྟོ་བཛྲ་སཏྭ་པུ་ཏྲོ་ཨ་ཙ་ལ་ བྷཱུ་མི་ལབ་དྷོ྅ཧཾ། ཞེས་ང་རྒྱལ་བཟུང་སྟེ། སྔགས་ཀྱི་ཚུལ་ལ་དགེ་ཚུལ་ལོ། ། ཡང་བླ་མ་དུས་ཀྱི་འཁོར་ལོ་གསུང་རྡོ་རྗེར་མོས་པ་ལ། ཨོཾ་ཨཱཿཔྲཛྙཱ་ཨུ་པཱ་ཡཽ་གུ་ཧྱ་ཨ་བྷི་ ཥི་ཀཾ་མེ་ད་ད་ཏཱཾ་ཧུཾ་ཧཱུཾ་ཕཊ། ཅེས་པས་ངག་དག་པར་བྱ་བའི་ཕྱིར་གསང་བའི་དབང་ བསྐུར་བར་གསོལ་བ་བཏབ་པ་ལ། བླ་མས་ཀྱང༌། སློབ་མའི་ངག་གི་ཐིག་ལེ་དང་རྨི་ལམ་ གྱི་གནས་སྐབས་འགགས་ཤིང་ཞུ་བདེ་འགྱུར་མེད་ཀྱི་མཆོག་དགའི་དགའ་བ་རྫོགས་ ནས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཐོབ་པའི་དོན་ དུ་ངག་ལ་གསང་བའི་དབང་དང་གསུང་རྡོ་རྗེའི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབ་ པར་བྱ་སྟེ། བླ་མ་དམ་པའི་མན་ངག་གཙོ་བོར་གྱུར་པའོ། །དེ་ནས་གསང་བའི་མཆོད་པ་ 7-1-242 བྱས་པར་བསམ་ཞིང༌། བྱང་སེམས་ཐིག་ལེར་མོས་པའི་དབང་རྫས་མཐེབ་སྲིན་གྱིས་ བླངས་ཏེ། སློབ་མ་གདོང་བཅིངས་པའི་ལྕེ་ལ་བྱིན་ནས། སླར་ཡང་གདོང་གཡོག་བསལ་ བ་ལ་ཕྱག་རྒྱའི་བྷ་ག་བསྟན་པར་བསམ་ཞིང༌། དེས་མཚོན་པ་མཆོག་དགའི་དགའ་བ་ནི་གསང་བའི་དབང་ སྟེ། དེའི་ལམ་ཉེ་བར་བསྙེན་པའི་ཡན་ལག་བསྒོམས་པས་དུས་སྦྱོར་དགུའི་རླུང་འགགས་ ཤིང༌། དེའི་དབུགས་དང་གྲངས་མཚུངས་པའི་ཞུ་བདེ་འགྱུར་མེད་མཆོག་གི་བདེ་བའི་ སྐད་ཅིག་མ་རྣམས་རྫོགས་པས་ས་དགུ་ཐོབ་པ་རྡོ་རྗེ་སེམས་དཔའི་རྒྱལ་ཚབ་ཏུ་འགྱུར་ བའི་ཕྱིར། ཨོཾ་ཨཱཿབཛྲ་སཏྭེ་ན་གུ་ཧྱ་ཨ་བྷི་ཥེ་ཀེ་ཎ་ཨ་བྷི་ཥིཀྟོ་བཛྲ་སཏྭ་ཡུ་བ་རཱ་ཛོ་ན་བ་ བྷཱུ་མི་ལབ་དྷོ྅ཧཾ། ཞེས་ང་རྒྱལ་བཟུང་སྟེ། སྔགས་ཀྱི་ཚུལ་ལ་དགེ་སློང་ངོ༌། ། ཡང་བླ་མ་དུས་ཀྱི་འཁོར་ལོ་ཐུགས་རྡོ་རྗེར་མོས་པ་ལ། ཨོཾ་ཧཱུཾ་པྲཛྙཱ་ཨུ་པཱ་ཡཽ་བཛྲ་སཏྭ་བི་ ཤྭ་མ་ཏ་རཽ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥི་ཀཾ་མེ་ད་ད་ཏཱཾ་ཧུཾ་ཧཱུཾ་ཕཊ། ཅེས་པས་ཡིད་དག་པར་བྱ་ བའི་ཕྱིར། གསུམ་པའི་དབང་བསྐུར་བར་གསོལ་བ་བཏབ་པ་ལ། བླ་མས་ཀྱང༌། སློབ་མའི་ སེམས་ཀྱི་ཐིག་ལེ་དང་གཉིད་སྟུག་གི་གནས་སྐབས་འགགས་ཤིང་ཞུ་བདེ་འགྱུར་མེད་ཀྱི་ ཁྱད་པར་དགའ་བ་རྫོགས་ནས་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་རྣམ་པ་ལྔས་མངོན་པར་བྱང་ ཆུབ་ཐོབ་པའི་དོན་དུ་སེམས་ལ་གསུམ་པའི་དབང་དང༌། ཐུགས་རྡོ་རྗེའི་བྱིན་གྱི་ བརླབས་ཀྱིས་བྱིན་གྱིས་བརླབ་པར་བྱ་སྟེ། འདིར་ཡང་མན་ངག་གི་གནད་ཟབ་མོ་གཙོ་ བོར་བཟུང་ངོ༌། ། དེ་ནས་ཕྱག་རྒྱའི་དཔྲལ་བ་ལ་སོགས་པར། ཨོཾ་ཨཱཿཧཱུཾ་ཧོཿསྭཱཧཱ། རྣམས་ དགོད་པར་བསམ་ཞིང༌། འདི་ནི་ཁྱེད་རྣམས་དབང་པོ་ལགས། །བདག་གིས་འདི་ལ་འདི་ གཏད་དོ། །ཞེས་རྡོ་རྗེ་སེམས་དཔའ་དཔང་དུ་བྱས་ནས། ཕྱག་རྒྱ་དེ་སློབ་མ་ལ་གཏད་ པར་བསམ་སྟེ། དེས་ཀྱང་དུས་འཁོར་ཡབ་ཡུམ་གྱི་རྣལ་འབྱོར་དང་ལྡན་པས་སྙོམས་ འཇུག་བྱས་པར་བསམ་ཞིང༌། དེས་མཚོན་པ་ཁྱད་པར་གྱི་དགའ་བ་ནི་གསུམ་པའི་ དབང་སྟེ། དེའི་ལམ་བསྒྲུབ་པའི་ཡན་ལག་བསྒོམས་པ་ལས་དུས་སྦྱོར་བཅུའི་རླུང་ འགགས་ཤིང༌། དེའི་དབུགས་དང་གྲངས་མཚུངས་པའི་ཞུ་བདེ་འགྱུར་མེད་མཆོག་གི་ 7-1-243 བདེ་བའི་སྐད་ཅིག་མ་རྣམས་རྫོགས་པས་ས་བཅུ་ཐོབ་པ་རྡོ་རྗེ་འཆང་གཉིས་པར་ འགྱུར་བའི་ཕྱིར། ཨོཾ་ཧཱུཾ་བཛྲ་སཏྭེ་ན་པྲཛྙཱ་ཛྙཱ་ནེ་ན་ཨ་བྷི་ཥིཀྟོ་དྭི་ཏཱི་ཡ་བཛྲ་དྷ་རོ་ཧཾ་དྷརྨ་ མེ་ག་བྷཱུ་མི་ལབ་དྷོ྅ཧཾ། ཞེས་ང་རྒྱལ་བཟུང་སྟེ། སྔགས་ཀྱི་ཚུལ་ལ་གནས་བརྟན་ནོ། ། ཡང་བླ་མ་དུས་ཀྱི་འཁོར་ལོ་ཡེ་ཤེས་རྡོ་རྗེར་མོས་པ་ལ། ཨོཾ་ཧོཿཔྲཛྙཱ་ཨུ་པཱ་ཡ་ཨཱཏྨ་ཀཾ་བཛྲ་ སཏྭ་མཧཱ་མུ་དྲ་ཛྙཱ་ན་ཨ་བྷི་ཥི་ཀཾ་མེ་པྲ་ཡཙྪ་ཨོཾ་ཨཱཿཧཱུཾ་ཧོཿཕཊ། ཅེས་པས་ཡེ་ཤེས་དག་ པར་བྱ་བའི་ཕྱིར། བཞི་པའི་དབང་བསྐུར་བར་གསོལ་བ་བཏབ་པ་ལ། བླ་མས་ཀྱང༌། སློབ་མའི་ཡེ་ཤེས་ཀྱི་ཐིག་ལེ་དང༌། བཞི་པའི་གནས་སྐབས་འགགས་ཤིང་ཞུ་བདེ་འགྱུར་ མེད་ཀྱི་ལྷན་ཅིག་སྐྱེས་དགའ་རྫོགས་ནས། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་སྐད་ཅིག་ གཅིག་གིས་མངོན་པར་བྱང་ཆུབ་པ་ཐོབ་པའི་དོན་དུ་ཡེ་ཤེས་ཀྱི་ཆ་ལ་བཞི་པའི་དབང་ དང༌། ཡེ་ཤེས་རྡོ་རྗེའི་བྱིན་གྱི་ བརླབས་ཀྱིས་བྱིན་གྱིས་བརླབ་པར་བྱ་སྟེ། འདིར་ཡང་ མན་ངག་ཟབ་མོའི་གནད་ནས་འཛིན་པ་ཤིན་ཏུ་གལ་ཆེའོ། །དེ་ནས་ལུས་གནད་ལེགས་ པར་བཅས་ཏེ། ཆོས་ཐམས་ཅད་གདོད་མ་ཉིད་ནས་རང་རང་ངོ་བོས་སྟོང་ཞིང་དབེན་ ལ་ཅི་ཡང་མ་གྲུབ་པའི་ཕྱིར། བློས་གང་དུ་ཡང་འཛིན་པ་མེད་པའི་ངང་ལ་མ་ཡེངས་རྩེ་ གཅིག་ཏུ་མཉམ་པར་བཞག་ཅིང༌། ཞོགས་པར་གྱུར་ན་ཆོས་ཐམས་ཅད་ཀྱིས་སྟོང་པའི་ གཞི་ཆོས་ཉིད་དོན་དམ་ཕྱག་རྒྱ་ཆེན་པོ་རང་བཞིན་འོད་གསལ་གཉུག་མ་གཤིས་ཀྱི་ གནས་ལུགས་མངོན་སུམ་དུ་འགྱུར་ལ། དེ་གོམས་པ་ལས་ཞུ་བདེ་འགྱུར་མེད་ཀྱི་ལྷན་ ཅིག་སྐྱེས་དགའ་ཐོབ་པ་ནི་དབང་བཞི་པ་སྟེ། དེ་ཡང་བསྒྲུབ་པ་ཆེན་པོའི་ཡན་ལག་ བསྒོམས་པ་ཡོངས་སུ་རྫོགས་པས་དུས་སྦྱོར་བཅུ་གཉིས་ཀྱི་རླུང་འགགས་ཤིང་དེའི་ དབུགས་དང་གྲངས་མཚུངས་པའི་ཞུ་བདེ་འགྱུར་མེད་ཀྱི་སྐད་ཅིག་མ་རྣམས་རྫོགས་ ནས། ས་བཅུ་གཉིས་འཐོབ་པ་རྡོ་རྗེ་སེམས་དཔར་འགྱུར་བའི་ཕྱིར། ཨོཾ་ཧོཿདྷརྨཱ་དྷ་དུ་ ཨཀྵ་ར་ཙ་ཏུཪྠ་ཨ་བྷྀ་ཥེ་ཀེ་ཎ་ཨ་བྷི་ཥིཀྟོ་བཛྲ་སཏྭེ་ན་ ཨཱཏྨ་ནཱ་ཧཾ་དྭི་ཏཱི་ཡོ་དྭ་ད་ཤ་བྷཱུ་མི་ལབ་དྷོ་བཛྲ་སཏྭ་མཧཱ་ཨརྠཿ པ་ར་མ་ཨཀྵ་རཿ ཏྲཻ་ ལོ་ཀྱ་བྷི་ཛ་ཡཿ ཀ་ལ་ཙཀྲོ་བྷ་ག་ཝན་ཨེ་ཝཾ་ཀ་རཿ ཞེས་ང་རྒྱལ་བཟུང་སྟེ་སྔགས་ཀྱི་ཚུལ་ 7-1-244 ལ་སྐྱེ་དགུའི་བདག་པོའོ། །དེ་ལྟར་དབང་བཞི་ནི། རྩ་བའི་རྒྱུད་དུ། འགྱུར་དང་འགྱུར་ དང་དེ་ནས་འཛག །དེ་ནས་གཞན་ནི་མི་འཛག་པའོ། །ལུས་ངག་སེམས་ནི་ལེགས་དག་ པས། ། དབང་བསྐུར་གསུམ་པོ་རིམ་པ་ཡིས། །བཞི་པ་ཡེ་ཤེས་ཡང་དག་དག །ལུས་ངག་ སེམས་ཀྱང་དག་པར་བྱེད། །བྱིས་པ་དར་མ་དེ་ནས་རྒན། །བཞི་པ་སྐྱེ་དགུའི་བདག་ པོའོ། །ཤེས་རབ་ནུ་མར་ཡན་ལག་ནི། །རེག་པས་བྱང་ཆུབ་སེམས་འཕོའི་བདེ། །འོ་མ་ འཛིན་པར་དབང་བསྐུར་བ། །གང་ལས་བདེ་ཐོབ་བྱིས་པའོ། །ཡུན་རིང་གསང་བར་སྤྲོས་ ལས་སྐྱེས། ། བྱང་ཆུབ་སེམས་ནི་འཕོ་བའི་བདེ། །གསང་བའི་དབང་བསྐུར་དབང་བ་ ནི། །གང་ལས་བདེ་ཐོབ་དེ་དར་མ། །ཡུན་རིང་གསང་བར་སྤྲོས་ལས་སྐྱེས། །རྡོ་རྗེའི་རྩེ་ མོར་གཡོ་བའི་བདེ། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །གང་ལས་གཡོ་བར་བགྲོད་དེ་ རྒན། །ཕྱག་རྒྱ་ཆེན་མོ་རྗེས་ཆགས་ལས། །སྐྱེས་པ་གཡོ་མེད་བདེ་བ་ནི། །ཤེས་རབ་ཆེན་ པོའི་དབང་བསྐུར་བ། །གང་ལས་གཡོ་མེད་རྟོག་པ་དེ། །སྐྱེ་དགུའི་བདག་པོར་རྣམ་ཤེས་ བྱ། །སྐྱོབ་པ་ཐམས་ཅད་བསྐྱེད་མཛད་པ། །ཞེས་གསུངས་པ་སྟེ། དེ་རྣམས་ཀྱི་དོན་གོ་བར་ བསྙད་ཅིང༌། སྦྱང་གཞི་ལ་སོགས་པ་ཆོས་དྲུག་གི་རྟོགས་པ་ཁྱད་འཕགས་ བསྐྱེད་པར་ བྱའོ། །བསྡུས་པའི་རྒྱུད་ལས་ཀྱང༌། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་ མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་པ། །ཤེས་རབ་དང་འགྲོགས་ བྱང་ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང༌། །འདི་ དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་ བསྟན། །འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་ མཆོག་ལ་རྗེས་སུ་སྦྱོར་བའོ། །ཞེས་སོགས་ཀྱི་དོན་ལེགས་པར་བཤད་ཅིང༌། འཕོ་བའི་ ཆགས་པ་མ་སྤངས་ན་སངས་རྒྱས་ཐོབ་མི་སྲིད་པས་དབང་བསྐུར་སྔ་མ་རྣམས་ལམ་གྱི་ རྒྱུ་ཙམ་དང༌། དྲང་བའི་དོན་དུ་བསྟན་ནས། ཡང་འདྀ་སྐད་དུ། ལས་ཀྱི་ཕྱག་རྒྱའི་རབ་ སྦྱོར་དང༌། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང༌། ། བདེ་བ་ཆེན་པོའི་བྱང་ཆུབ་ 7-1-245 སེམས། །བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ། །བྷ་གར་ལིང་ག་རབ་བཞག་ ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། ། སངས་རྒྱས་ གཟུགས་ནི་བསྒོམ་པར་བྱ། །བསྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་ རོལ་ཕྱིན་བཅུ་ཐོབ་པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག ། འདི་ཡི་རྫོགས་ སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་བསྒྲུབ་ པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་ཀྱི་སྡོམ་པ་ནི། །གལ་ཏེ་ཁྱོད་བསྲུང་བདག་གི་ བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་རླབས་རྫོགས་བྱང་ཆུབ་ཐོབ་འགྱུར། །ཅི་སྟེ་ ཆགས་པས་ཟིལ་མནན་བདག །གཙོ་བོའི་མདུན་དུ་བླངས་ནས་ནི། ། སྡོམ་པ་སྐྱོང་བར་ མི་བྱེད་ན། །དེ་ཚེ་ངུ་འབོད་དུ་འགྲོར་འགྱུར། །དམན་པའི་སེམས་ལ་སྐྱེ་གནས་སུ། །གང་ ཚེ་བྱང་ཆུབ་སེམས་ལྷུང་འགྱུར། །དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །པད་མའི་ཕྱི་རོལ་རང་ ལྕེས་བླངས། །ཞེས་པས་འཕོ་བའི་ཆགས་པ་སྤོང་བའི་སྡོམ་པ་བྱིན་ནས་དེས་ཀྱང་བླ་མ་ལ་ ཡོན་དབུལ་ལོ། ། སླར་ཡང་མཎྜལ་ཕུལ་ནས། བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་རབ་ཏུ་བྱེད་ པའྀ་བཀའ་དྲིན་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པ་ལ། འདི་སྐད་དུ། གཞི་འབྲས་ ཀྱི་དབང་བཞི་ནི་རང་བཞིན་འགྱུར་མེད་ཀྱི་དགའ་བ་བཞི་དང་བཅུ་དྲུག་མཁའ་ལྟར་ ཀུན་ལ་ཁྱབ་པར་བཞུགས་ཀྱང༌། བདུད་བཞི་དང་རྟོག་པ་རིགས་བཞིའི་རྩ་བར་གྱུར་པ་ ཐིག་ལེ་བཞི་མི་བརྟན་པའི་རྒྱུས་སྦྱང་བྱ་དྲི་མའི་དགའ་བ་བཞི་དང་བཅུ་དྲུག་མ་སྤངས་ པའི་སེམས་ཅན་རྣམས་ཀྱིས་ཐོབ་པར་མི་ནུས་པས་དེ་སྤོང་ཞིང་ཐོབ་པའི་ཆེད་དུ་ཞུ་ བདེ་འགྱུར་མེད་ཀྱི་དགའ་བ་བཞི་དང་བཅུ་དྲུག་བསྐྱེད་པ་ནི་ལམ་གྱི་དབང་ཡིན་ལ། དེ་ ཡང་ངེས་དོན་ལམ་གྱི་བསྙེན་སྒྲུབ་བཞི་དང༌། རྣལ་འབྱོར་བཞི་དང༌། རྣམ་ཐར་བཞི་ དང༌། ཚངས་གནས་བཞི་བསྒོམས་པས་ཐོབ་པ་ཡིན་ཞིང༌། དེ་དག་སྒོམ་པའི་སྐལ་བ་ 7-1-246 ཅན་དུ་བྱིན་གྱིས་རློབ་པའི་ཆོ་གའི་སྐབས་སུ་ནི་དཔེ་ཙམ་བསྟན་ནས་དོན་རྟོགས་པར་ བྱེད་པའི་ཕྱིར། དཀར་འཛིན་ལ་རེག་པ་ལ་སོགས་པ་སྔར་བསྟན་པ་རྣམས་དཔེ་ཙམ་ དང༌། ཆགས་ཅན་གཞུག་པའི་ཆེད་ཡིན་གྱི། དབང་གི་དོན་དང༌། ངེས་པའི་དོན་ནི་མ་ ཡིན་པས་ལྟེ་བའི་གཏུམ་མོས་སྤྱི་གཙུག་གི་ཧཾ་བཞུ་སྟེ། བྱང་ཆུབ་སེམས་ཀྱི་ཐིག་ལེ་སྟེང་ ནས་གསང་གནས་སུ་ཇི་ལྟར་བྱོན་པ་དེ་བཞིན་སླར་ཡང་སྟེང་དུ་རང་གི་ངང་གིས་ གཤེགས་ནས་མས་བརྟན་པའི་དགའ་བ་བཞི་དང༌། བཅུ་དྲུག་རྫོགས་པའི་ཐབས་སུ་ ལུས་ཀྱི་ཡུལ་ཉི་ཤུ་རྩ་བཞི་ལ་གནད་དུ་བསྣུན་ནས་རླུང་སེམས་ཀྱི་རྒྱུན་ངང་གི་འགགས་ ཤིང་བརྟན་པའི་མན་ངག་ཟབ་མོ་ཁྱད་པར་འཕགས་པ་ཉམས་སུ་བླང་ངོ༌། །དེ་ལྟར་ ཉམས་སུ་བླངས་པས་དུས་སྦྱོར་བཅུ་གཉིས་ཀྱི་དབུགས་དང༌། ཆ་བཅུ་དྲུག་གི་སྒྲིབ་པ་ ཟད་ནས་གཞི་ལ་རྟག་ཏུ་བཞུགས་པ་ཆོས་ཉིད་ཀྱི་ས་བཅུ་གཉིས་དང་གནས་སོགས་ བཅུ་གཉིས་གདོད་ནས་རོ་མཉམ་པ་བདེན་དོན་བཅུ་གཉིས་དང༌། ཆོས་ཉིད་ཀྱི་སྐུ་བཅུ་ དྲུག་དང༌། དགའ་བ་བཅུ་དྲུག་གདོད་ནས་རོ་མཉམ་པ་དེ་ཉིད་བཅུ་དྲུག་གི་བདག་ཉིད་ རྡོ་རྗེ་ཉི་མ་སྣང་བ་ཆེ་དང༌། རྡོ་རྗེ་ཟླ་བ་དྲི་མེད་འོད་དག་གདོད་ནས་དབྱེར་མེད་དུ་ ཟུང་འཇུག་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ཐོབ་པར་འགྱུར་རོ། ། ཞེས་གོ་བར་ བྱས་ཤིང༌། མི་དགེ་བ་མཐའ་དག་སྤངས་ནས་དགེ་བ་ལ་ཆོག་མི་ཤེས་པས་ཐབས་དང་ སྒོ་མང་པོ་ནས་དགེ་བའི་ཕྱོགས་རྣམས་སྒྲུབ་པ་ལ་རབ་ཏུ་བརྩོན་པར་གྱིས་ཤིག །ཅེས་ པ་ལ་སོགས་པས་སྤང་བར་བྱ་བ་དང༌། བསྒྲུབ་པར་བྱ་བའི་དམ་ཚིག་རྣམས་རྫོགས་པར་ བསྙད་དོ། །སློབ་མས་ཀྱང་ཕྱག་བྱ་སྟེ། གཙོ་བོས་ཇི་ལྟར་བཀའ་བསྒོ་བ། །དེ་བཞིན་དུ་ནི་ བདག་གིས་བགྱི། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ ཀྱིས། །ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱང་ནི་གཅད་དུ་གསོལ། ། ཞེས་ཁས་ བླང་ངོ༌། ། དེ་ལྟར་དབང་བསྐུར་འོག་མ་བདུན་གྱིས་བསོད་ནམས་ཀྱི་ཚོགས་དང༌། གོང་མ་གསུམ་ གྱིས་ཚུལ་ཁྲིམས་ཀྱི་ཚོགས་དང༌། གོང་མ་ལས་ཀྱང་གོང་མ་གཅིག་གིས་ཡེ་ཤེས་ཀྱི་ 7-1-247 ཚོགས་ཏེ། སྔ་མ་བཅུ་ནི་འཇིག་རྟེན་པ་དང༌། ཕྱི་མ་གཅིག་ནི་འཇིག་རྟེན་ལས་འདས་ པའོ། ། དེའི་ཕྱིར་དབང་བཞི་པ་མ་རྟོགས་ན་དབང་ཐམས་ཅད་དོན་མེད་པར་འགྱུར་ བས། དབང་བཞི་པའི་དོན་ཉམས་སུ་ལེན་པ་ལ་གཙོ་བོར་བྱ་སྟེ། དེ་གྲུབ་ན་དབང་ གཞན་རྣམས་ཀྱི་དོན་ཡང་འགྲུབ་པའི་ཕྱིར་རོ། །དེ་ལྟར་དོན་གཙོ་བོ་ཆེ་བ་ཉིད་ཀྱི་ཕྱིར་ དོན་ལ་རྟོན་པའི་སློབ་མ་དད་གུས་ཆེ་ཞིང༌། ཐེ་ཚོམ་དང་ལོག་རྟོག་ཆུང་བ་ལ་ནི་ཆོ་ གའི་དུས་སུ་དཔེ་ཉམས་སུ་མྱོང་བ་ལ་མི་ལྟོས་པར་གཞི་ལམ་འབྲས་བུའི་དགའ་བ་བཞི་ དང༌། བཅུ་དྲུག་བླ་མའི་གསུང་ཉིད་ཀྱིས་ཀྱང་བསྟན་དུ་རུང་སྟེ། རབ་བྱུང་དང་རྒན་པོ་ ལ་ཇི་ལྟ་བ་བཞིན་ནོ། །སྙིང་རྗེའི་དབང་བསྐུར་བ་ཡང་བློས་འཆུན་ན་སྔར་བཤད་པའི་ དབང་སྟེ། དེ་རྣམས་ཉིད་ཀྱི་དུས་སུ་སློབ་མ་དང་ལྷན་ཅིག་སེམས་ཅན་ཐམས་ཅད་ཆོས་ ཉིད་མཁའ་ཁྱབ་ཀྱི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་མཐའ་དག་རྫོགས་པར་ སྦྱིན་ཞིང༌། དེ་དང་དེའི་སྨོན་ལམ་ཡང་སྐབས་ཇི་ལྟ་བར་བྱའོ། །དེ་མི་འཆུན་ན་སློབ་མའི་ དབང་གི་རྗེས་སུ་ཡང་ངོ༌། །དེ་ནས་དྲུག་ཆ་དབུལ་བ་ལ་སོགས་པ་རྗེས་ཀྱི་ཆོས་རྣམས་ རྫོགས་པར་སྦྱར་ཏེ། དེས་ནི་རྡོ་རྗེ་སློབ་མ་མཆོག་ལ་དབང་བཞི་བསྐུར་བའི་ཆོ་ག་རྫོགས་ སོ།། །། ༈ རྡོ་རྗེ་སློབ་དཔོན་ལ་ནི་གཉིས་ཏེ། བདག་པོ་དང༌། བདག་པོ་ཆེན་པོའོ། །དང་པོ་ནི། མཁས་པ་[སྙིང་{རྡོ་}རྗེ་ཅན་ལ་རབ་ཏུ་གནས་པ་དང་བཅས་པའི་སློབ་དཔོན་གྱི་ དབང་གོང་མ་རྣམས་ཀྱིས་དབང་བསྐུར་ཞིང༌། རྗེས་སུ་གནང་བ་སྟེར་བ་སྟེ། དེའང་དང་ པོར་སྨིན་པར་བྱེད་པའི་དབང་བཅུ་གཅིག་གིས་ལམ་བསྒོམ་པ་དང༌། རྒྱུད་ཉན་པ་ལ་ དབང་བར་བྱས་ནས། རྡོ་རྗེ་ཐེག་པའི་ལམ་བསྒོམས་ཤིང་རྒྱུད་ཐམས་ཅད་ཤེས་ནས་དེ་ ཁོ་ན་ཉིད་ཀྱིས་གཞན་གྱི་དོན་དུ་དམ་བཅའ་བ་ལ་གནས་པའི་སློབ་མས་དང་པོར། འདི་ སྐད་དུ། ཀྱེ་དཔལ་ལྡན་བླ་མ་ཁྱོད་ཀྱི་བཀའ་དྲིན་ལས། ད་ནི་བདག་གིས་བདེ་བར་ གཤེགས་པའི་ལམ་ཐམས་ཅད་ཤེས་སོ། །ཞེས་བླ་མ་ལ་ཞུས་ནས་དམ་བཅའ་བར་བྱས་ཏེ། དུས་འདི་ནས་བརྩམས་ཏེ་ཁྱོད་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ 7-1-248 སྤངས་ནས་བླ་མ་གཞན་པ་བསྟེན་པར་མི་བྱའོ། །ཞེས་པའོ། །དེ་ལྟར་ཡོན་ཏན་ཐམས་ ཅད་དང་ལྡན་པའི་སློབ་མ་དམ་བཅའ་བ་ལ་གནས་པ་གཟིགས་ཏེ། དཀྱིལ་འཁོར་གྱི་ ཁང་པའི་ཕྱི་རོལ་ཏུ་མཉམ་པའི་ས་ལ་རེ་ཁཱ་གྲུ་བཞི་པ་སྟེང་ནས་གདུགས་དང༌། རྒྱལ་ མཚན་དང༌། བ་དན་ལ་སོགས་པས་བརྒྱན་པ་བྱས་ཏེ། དེར་བདག་པོ་རྣམ་པ་གསུམ་ བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་པ་སྟེ། སྨན་ལ་སོགས་པ་རྣམས་དང་ལྡན་ པའི་བུམ་པས་བཀྲུ་བར་བྱའོ། །དེ་ལ་རྭ་བ་ལྔའི་རེ་ཁཱ་གྲུ་བཞི་པའི་དབུས་སུ་ཤིང་སྟན་ལ་ པད་མ་འདབ་མ་བརྒྱད་པ་ཁྲུ་དོ་བ་ཁ་དོག་སྣ་ཚོགས་པ་མཚན་མ་ལྔ་དང་བྲལ་བ་ཚོན་ སྣ་ལྔས་བྲིས་པའི་སྟེང་དུ་དགེ་སློང་རྡོ་རྗེ་འཛིན་པ་བཀོད་ནས། བུམ་པ་བརྒྱད་དང༌། རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་སྟེ་བཅུ་དང༌། རྒྱན་ཐམས་ཅད་དང་ལྡན་པའི་ བུ་མོ་གཟུགས་མཛེས་ཤིང་བུ་བཙས་པར་མ་གྱུར་པ་བརྒྱད་དང༌། གཞོན་ནུ་མ་སྐྱེ་གནས་ མ་ཉམས་པ་གཉིས་ཏེ་བཅུས་བཀྲུ་བར་བྱ་ཞིང༌། ཅོད་པན་དང༌། དར་དཔྱངས་དང༌། ཕྱག་རྒྱ་དྲུག་བཅིང་བར་བྱ་སྟེ། སོ་སོའི་སྔགས་དང་བཅས་པའོ། ། རྭ་བ་ལྔའི་རེ་ཁཱ་ཁྲུ་དོ་ བའི་དབུས་སུ་པད་མ་དང་བྲལ་བའི་ཤིང་སྟན་འབའ་ཞིག་ལ་དགེ་ཚུལ་རྡོ་རྗེ་འཛིན་པ་ བཀོད་ནས། བུམ་པ་བཞི་དང༌། རྒྱལ་བ་དང་རྣམ་པར་རྒྱལ་བ་གཉིས་ཏེ་དྲུག་དང༌། བུ་ མོ་བཞི་དང་གཞོན་ནུ་མ་གཉིས་ཏེ་དྲུག་གིས་བཀྲུ་ཞིང༌། དར་དཔྱངས་དང་ཕྱག་རྒྱ་ བཅིང་བར་བྱའོ། །རྭ་བ་གསུམ་གྱི་རེ་ཁཱ་ཁྲུ་གང་བའི་དབུས་སུ་ཕལ་པའི་གདན་ལ་དགེ་ བསྙེན་རྡོ་རྗེ་འཛིན་པ་བཀོད་ནས། བུམ་པ་གཅིག་དང་རྣམ་པར་རྒྱལ་པར་རྒྱལ་བ་སྟེ་ གཉིས་དང༌། བུ་མོ་གཅིག་དང་གཞོན་ནུ་མ་གཅིག་སྟེ་གཉིས་ཀྱིས་བཀྲུ་བར་བྱ་ཞིང༌། རྡོ་ རྗེའི་སོར་གདུབ་སྦྱིན་པར་བྱའོ། ། དེ་ལྟར་མཆོག་དང་འབྲིང་དང་ཐ་མའི་སློབ་དཔོན་རྣམ་པ་གསུམ་ལ་ཁྲུས་བྱས་ནས་ དབང་བསྐུར་བ་དང༌། རྒྱུད་བསྟན་པ་ལ་སོགས་པའི་དོན་དུ་རྡོ་རྗེ་སློབ་དཔོན་གྱི་གསུང་ ངམ། རྗེས་སུ་གནང་བ་སྦྱིན་པའི་སླད་དུ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་ སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་པ་བདག་ 7-1-249 པོའི་བདག །བཅོམ་ལྡན་མཆོག་གི་དང་པོའི་སྐྱེས་བུ་ཞེས་པས་རྡོ་རྗེ་བྱིན་ཞིང༌། འདི་དེ་ སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ ཏུ་རྒྱལ་བ་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང༌། །ཞེས་པས་དྲིལ་བུ་བྱིན། དེས་ཀྱང༌། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་མཆོག་ སེམས་དཔའ་ཡིས། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་བརྗོད་ཅིང་དཀྲོལ་དུ་ བཅུག་སྟེ། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་བཟུང༌། །དེ་རིང་རྡོ་རྗེ་ སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་པ་དང༌། རྒྱས་པར་ན། ཨོཾ་བཛྲ་ཧེ་ ཏུ་མཾ། ཞེས་པས། མདུན་དུ་ཆོས་ཀྱི་འཁོར་ལོ་དང༌། ཨོཾ་བཛྲ་བྷཱ་ཥ་རཾ། ཞེས་པས་ལག་པ་ གཡས་སུ་ཆོས་ཀྱི་དུང་དང༌། ཨ་ཞེས་པས་གཡོན་ནམ་གཉིས་ཀའི་དབུས་སུ་གླེགས་བམ་ བྱིན་ནས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་ མེད། །ནམ་མཁའ་མཉམ་པར་སྦྱོར་བ་ཡིས། །ཐམས་ཅད་མཆོག་གི་མཉམ་ཉིད་ གསལ། །དེང་ནས་བརྩམས་ཏེ་དང་བཅས་པའི། །སེམས་ནི་བསྐྱེད་པ་ཙམ་གྱིས་ནི། །དེ་ རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་དུང་ནི་བླ་ན་མེད། །ཀུན་ནས་ཡོངས་སུ་བཀང་ ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །སེམས་ཅན་ཀུན་ལ་ཕན་འདོད་ ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །སྣ་ཚོགས་ཇི་ལྟར་འདུལ་བ་ཡི། །ཆོས་ཀྱི་ འཁོར་ལོ་བསྐོར་བར་གྱིས། །ཤེས་རབ་ཐབས་ཀྱི་རང་བཞིན་བདག །ཡིད་བཞིན་ནོར་བུ་ ལྟར་མཐོང་བས། །སྐྱོ་མེད་དོགས་དང་བྲལ་བ་ཡིས། ། དེ་ལྟར་སེམས་ཅན་དོན་གྱིས་ ཤིག །ཅེས་པས་ཀྱང་རྗེས་སུ་གནང་བ་སྦྱིན་ཞིང༌། དེས་ཀྱང་ཕྱག་བྱས་ནས། གཙོ་བོ་ཇི་ ལྟར་བཀའ་བསྒོ་བ། །དེ་བཞིན་དུ་ནི་བདག་གིས་བགྱི། །ཞེས་ཁས་བླང་ངོ༌། ། དེ་ནས་མན་ངག་བཞིན་དུ་སློབ་དཔོན་གྱིས་དབང་གོང་མར་གཏོགས་པའི་བུམ་པ་ དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། ཤེས་རབ་ཆེན་པོ་བཞི་པས་མངོན་པར་ དབང་བསྐུར་ཞིང༌། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། ཞེས་པ་ལ་སོགས་པས་རྡོ་རྗེ་སློབ་དཔོན་དུ་ རབ་ཏུ་གནས་པ་བྱས་ནས་ཚངས་པ་སྟེ། སྐུ་རྡོ་རྗེ་བྱེད་པའི་སླད་དུ་གསེར་རམ་སྐུད་ 7-1-250 པའི་མཆོད་ཕྱིར་ཐོགས་སྦྱིན་པ་དང༌། དབང་ཕྱུག་སྟེ་གསུང་རྡོ་རྗེ་བྱེད་པའི་སླད་དུ་མེ་ ཏོག་ལྷུང་བ་དང་མཐུན་པའི་ཕྱག་རྒྱ་རྣམ་པར་དག་ཅིང་དབང་བསྐུར་བ་སྦྱིན་པ་དང༌། ཁྱབ་འཇུག་སྟེ་ཐུགས་རྡོ་རྗེ་བྱེད་པའི་སླད་དུ་དར་དཔྱངས་དང་ཅོད་པན་སྦྱིན་པར་ བྱའོ། །དེ་ལྟར་སྟོན་པ་པོ་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་རྣམས་ཀྱིས་གཡོག་ལ་ སོགས་པ་དང་ཁྱིམ་པའི་ཆོས་མི་བྱའོ། ། གལ་ཏེ་རལ་གྲི་དང༌། སྣག་ཚ་དང༌། ཚོང་ལ་ སོགས་པ་བྱེད་ན། དེའི་བཀའ་བཅག་པར་འགྱུར་ཞིང༌། བཀའ་བཅག་པ་ལས་མནར་ མེད་པར་འགྲོ་བར་འགྱུར་ཏེ། སློབ་དཔོན་གྱི་ཆོས་རྣམ་པར་བཤིག་པའི་ཕྱིར་རོ། །འདིར་ ཡང་སྡོམ་པ་སྦྱིན་པ་དང༌། ཡོན་ཕུལ་ལ་དབང་དོན་བཤད་པ་ལ་སོགས་པ་ནི་སྔར་ བསྟན་པའི་ཚིག་རྣམས་ཀྱིས་ཏེ། འོན་ཀྱང་སྔར་ནི་རྡོ་རྗེ་སློབ་མར་བྱེད་པའི་དོན་དང༌། འདིར་ནི་རྡོ་རྗེ་སློབ་དཔོན་དུ་བྱེད་པའི་དོན་གྱི་ཁྱད་པར་མི་འདྲ་བ་རྣམས་བླ་མ་དམ་ པའི་མན་ངག་གིས་བསྟན་པར་བྱའོ། །རྡོ་རྗེ་སློབ་དཔོན་བདག་པོའི་དབང་གི་ཆོ་གའི་ རབ་ཏུ་གནས་པའི་ངེས་པའོ། །གལ་ཏེ་བདག་པོ་ཆེན་པོར་འོས་པ་ལ་དེའི་ཆོ་ག་སྐབས་ སུ་བབ་སྲིད་ན་ཡེ་ཤེས་རྒྱ་མཚོར་བསྟན་པ་ལྟར་བྱ་ཞིང༌། གཤེགས་གསོལ་ལ་སོགས་པ་ འདིར་མ་སྨོས་པ་རྣམས་ཀྱང་དེར་བསྟན་པ་ལྟར་བྱའོ། །དེ་ལྟར་དུས་ཀྱི་འཁོར་ལོའི་ དཀྱིལ་འཁོར་དུ་དབང་བསྐུར་བ་ནི། རྣལ་འབྱོར་མ་དང༌། རྣལ་འབྱོར་གྱི་རྒྱུད་ཐམས་ ཅད་ལ་དབང་བསྐུར་བར་འགྱུར་ཞིང༌། རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་དང༌། སྔགས་ ཐམས་ཅད་ཀྱི་རྗེས་སུ་གནང་བ་སྦྱིན་པ་པོ་དང༌། དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོ་ སྟེ། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི། བཅོམ་ལྡན་འདས་འཇམ་ དཔལ་ཇི་ལྟ་བ་དང༌། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ། ཐར་ པ་དོན་དུ་གཉེར་བའི་སློབ་མ་རྣམས་ཀྱིས་བལྟ་བར་བྱའོ། །ཞེས་རྗེ་བཙུན་གྱི་ཞལ་སྔ་ ནས་གསུངས་པ་ལྟར་དུས་ཐམས་ཅད་དུ་དྲན་པར་བྱའོ། །དེ་ལྟར་དག་པའི་རིམ་པའི་ དབང་གི་ངེས་པ་འདི་ནི། རྩ་བའི་རྒྱུད་རྣམས་ཐམས་ཅད་དུ་དགོངས་པ་གཅིག་དང༌། དབྱངས་གཅིག་གིས་གསུངས་པར་མ་ཟད། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། ཆུ་ཡི་ 7-1-251 དབང་ནི་དང་པོ་སྟེ། ། ཅོད་པན་དབང་བསྐུར་གཉིས་པའོ། །གསུམ་པ་དར་དཔྱངས་ དབང་བསྐུར་ཏེ། །རྡོ་རྗེ་དྲིལ་བུ་བཞི་པའོ། །ལྔ་པ་རང་གི་བདག་པོ་ཉིད། །མིང་གི་དབང་ ནི་དྲུག་པ་སྟེ། །སངས་རྒྱས་རྗེས་གནང་བདུན་པར་འདོད། །བརྒྱད་པ་བུམ་པའི་དབང་ ཡིན་ཏེ། །གསང་བའི་དབང་ནི་དགུ་པ་ཡིན། །ཤེས་རབ་དབང་བསྐུར་བཅུ་པའོ། །དེ་ཉིད་ རྡོ་རྗེའི་རབ་སྦྱོར་གྱིས། །རྡོ་རྗེ་བརྟུལ་ཞུགས་ཀུན་སྦྱིན་ཞིང༌། །རང་ཉིད་སྟོན་པར་ལུང་ སྟོན་པ། །འདི་ཉིད་དབང་བསྐུར་ཆོ་ག་ཡིན། །ཞེས་གསུངས་པ། དཔལ་ཕྱག་ན་རྡོ་རྗེས་ དྲངས་ནས་བཀྲལ་བ་དང་དོན་གཅིག་པ་ཡིན་ནོ། ། འདི་ཡང་གཡའ་བཟང་རིན་པོ་ཆེ་ལ་སོགས་པ་དགེ་བའི་བཤེས་གཉེན་བཟང་པོ་རྣམས་ དང༌། སྭི་དུ་ཆེན་པོ་ལ་སོགས་པ་སློབ་མ་དད་གུས་ཅན་རྣམས་ཀྱིས་བསྐུལ་བའི་ཕྱིར། རྒྱལ་ཁམས་པས་བཀོད་པ་སྟེ། དགེ་བའི་རྩ་བ་འདི་ལ་བརྟེན་ནས་ཀྱང༌། དབུགས་ཉི་ཁྲི་ ཆིག་སྟོང་དྲུག་བརྒྱ་མྱུར་དུ་འགགས་ཤིང༌། འགྱུར་མེད་མཆོག་གི་བདེ་བའི་སྐད་ཅིག་ཉི་ ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་ནས། སེམས་ཅན་ཐམས་ཅད་ཀྱང་དེ་འདྲའི་གོ་འཕང་ མཆོག་ལ་འགོད་པར་གྱུར་ཅིག །ཞེས་པའི་ཡེ་གེ་པ་ནི་བཅོམ་ལྡན་རྡོ་རྗེ་སྙིང་པོ་དང༌། གཡའ་བཟང་པ་སངས་རྒྱས་འོད་དོ།། །། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿསྭཱཧཱ། ཨ་ཧཾ། མངྒ་ལཾ། བྷ་བནྟུ། ཞུས་དག (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ༢༠༧ པར་མ་དང། ཕྱི་ཀ་༡༦༤བྲིས་མ་དབུ་ཅན་བཅས་ཡིན།) 7-1-252 ༄༅། །དབང་གི་ཆོ་ག་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། སེ་ཀ་བི་དྷཱི་ཛྙཱ་ན་ས་མུ་དྲ་ནཱ་མཿ བོད་སྐད་དུ། དབང་གི་ཆོ་ག་ཡེ་ ཤེས་རྒྱ་མཚོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། གང་གི་སྐུ་ནི་ཀུན་འགྲོ་མི་ཟད་གཞོམ་དུ་མེད་ཅིང་ངེས་པ་ཉིད་ཀྱང་མ་མཆིས་ལ། ། གསུང་གི་དབྱངས་ཀྱང་ཉི་ཚེ་མ་ལགས་སྒྲ་བརྙན་ལྟ་བུར་འགྲོ་ཀུན་སྐད་ཀྱིས་ལམ་རབ་ སྟོན། །ཐུགས་ནི་བདེ་བ་དམ་པས་གང་བའི་ཡེ་ཤེས་ཉིད་གྱུར་འཕྲིན་ལས་ཉིད་ཀྱང་ དཔག་ཡས་ལ། །རྨད་བྱུང་ཡོན་ཏན་མཐའ་ཡས་གཏེར་མངའ་ཀུན་མཁྱེན་སྟོན་པ་ གཅིག་པུ་དེ་ལ་རབ་བཏུད་ནས། །དེ་ཉིད་གྱི་ནི་མཆོག་གི་ཐུགས་རྗེས་བསྡུས་རྒྱུད་རྣམས་ སུ་ངེས་པར་སྦས་ཤིང་དཀྲུགས་གྱུར་ཀྱང༌། །དཔལ་ལྡན་རྩ་བའི་རྒྱུད་ཆེན་རྣམས་ལས་ ཡང་དག་ཇི་བཞིན་གསལ་བར་གསུངས་གང་ས་བཅུ་པའི། །དབང་ཕྱུག་རྣམས་ཀྱིས་ ངེས་པར་མཛད་པའི་དབང་དོན་མ་ནོར་བྱིས་པ་འཇུག་དང་གོང་མ་དང༌། །གོང་མའི་ གོང་མ་འཇིག་རྟེན་འཇིག་རྟེན་འདས་པའི་དབང་གིས་རབ་ཏུ་ཕྱེ་བ་དེ་འདིར་ བསྡུ། །ཆོས་ཚུལ་རྒྱ་མཚོ་འདི་ལ་ལེགས་ཞུགས་ན། །སྤོབས་པ་རྒྱ་མཚོ་ངེས་པར་སྐྱེ་འགྱུར་ བས། །ཡོན་ཏན་རྒྱ་མཚོ་དོན་གཉེར་ཤེས་ལྡན་དག །ཡེ་ཤེས་རྒྱ་མཚོ་འདི་ལ་དགྱེས་པར་ མཛོད། ། དེ་ལ་འདིར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་དེའི་བསྟན་པའི་སྙིང་པོའི་སྙིང་ པོ་ནི་རྡོ་རྗེའི་ཐེག་པ་སྟེ། དེར་ཀུན་རྫོབ་དང་དོན་དམ་པའི་བདེན་པས་འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་དོན་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་ཀྱི་དོན་དུ། དྲང་བ་དང་ངེས་པའི་དོན་གྱིས་བསྐྱེད་པ་དང་རྫོགས་པའི་རིམ་པ་ གསུངས་ལ། དེ་ཡང་དབང་བསྐུར་བ་སྔོན་དུ་འགྲོ་བ་ཅན་ཡིན་པས་ན་དེ་བརྗོད་པར་ བྱའོ། ། 7-1-253 དེ་ལ་སྡོམ་ནི། སློབ་དཔོན་སློབ་མ་ཡོངས་བརྟགས་གསོལ་གདབ་མཆོད། །དུས་དང་ས་ སོགས་བརྟགས་ནས་ཆོ་ག་བརྩམ། །ས་དང་གསོལ་གདབ་བུམ་པ་ཐིག་སྐུད་ཚོན། །རྡོ་རྗེ་ རྡོ་རྗེ་དྲིལ་བུ་སློབ་མ་དང༌། །མལ་སྟན་ལྷག་པར་གནས་རྣམས་སྟ་གོན་ཏེ། །ཐིག་གདབ་ ཚོན་དགྱེ་སྦྱིན་སྲེག་བུམ་པ་དགོད། །སྔོན་དུ་འགྲོ་བས་དཀྱིལ་འཁོར་རབ་གནས་མཆོད། ། དཀྱིལ་འཁོར་ཆེན་པོར་སློབ་མ་གཞུག་པ་རྣམས། །དབང་གི་སྔོན་དུ་འགྲོ་བའི་ཆོ་ག་ ཡིན། །ཆུ་དང་ཅོད་པན་དེ་བཞིན་དར་དཔྱངས་དང༌། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ མིང་གི་དབང༌། ། རྗེས་གནང་དབང་སྟེ་རྣམ་བདུན་བསོད་ནམས་རྒྱུར། །སློབ་མ་འབྲིང་ པོ་རྣམས་ལ་མཁས་པས་སྦྱིན། །མཆོག་གྱུར་ལ་ནི་བུམ་པ་གསང་བ་དང༌། །ཤེས་རབ་ཡེ་ ཤེས་ཚུལ་ཁྲིམས་ཚོགས་ཀྱི་རྒྱུར། །དེ་ནས་བཞི་པ་དོན་དམ་ཕྱག་རྒྱ་ཆེ། །ཡེ་ཤེས་ཚོགས་ཀྱི་ དོན་དུ་སྦྱིན་པར་བྱ། །འདི་དག་གིས་ནི་དངོས་གཞིའི་ཆོ་ག་བསྡུས། །དབུལ་བའི་ངེས་པ་ གཤེགས་གསོལ་རིམ་པ་དང༌། །བསྙེན་བཀུར་རིམ་པ་དཔའ་བོའི་སྟོན་མོ་ཡི། །ངེས་པ་ དག་སྟེ་རྗེས་ཀྱི་ཆོ་གའོ། །ཀུན་སྤངས་ལ་ནི་མཐའ་དག་ཚིག་གིས་སྦྱིན། །སྲིད་གསུམ་མ་ ལུས་སྙིང་རྗེའི་དབང་གིས་བསྡུ། །སློབ་དཔོན་ལ་ནི་བདག་པོ་བདག་པོ་ཆེ། །ཞེས་པའོ། ། དེ་ལ་ཤེས་ལྡན་རྣམས་ཀྱི་འདོད་པའི་དངོས་གྲུབ་ནི་བླ་མ་ལ་རག་ལས་པའི་ཕྱིར་བྱང་ ཆུབ་དོན་དུ་གཉེར་བ་རྣམས་ཀྱིས་དང་པོར་བླ་མ་ཡོངས་སུ་བརྟག་པར་བྱ་སྟེ། དཔལ་ དོན་དམ་པའི་བསྙེན་པ་ལས། འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་ བར། ། མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །དེ་ཕྱིར་སློབ་མ་རྣམས་ ཀྱིས་བླ་མ་གསེར་བཞིན་དུ། །ཡོངས་སུ་བརྟགས་ན་སྡིག་པ་ཅུང་ཟད་ཡོད་མ་ཡིན། །ཞེས་ གསུངས་ཤིང༌། དཔལ་ལྡན་དྲི་མ་མེད་པའི་འོད་ལས་ཀྱང༌། འདིར་སྔགས་ཀྱི་ཚུལ་ལ་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འདོད་པའི་སློབ་མ་རྣམས་ ཀྱིས་དང་པོར་བླ་མ་བསྟེན་པར་བྱ་སྟེ། དེ་ཡང་རྡོ་རྗེ་སློབ་དཔོན་ཡོངས་སུ་བརྟག་པ་ གསུངས་པའི་ཚོགས་ཡང་དག་པར་ཡོངས་སུ་བརྟགས་ནས་སོ། །རྣམ་པ་གཞན་དུ་ ཡོངས་སུ་བརྟག་པའི་མཚན་ཉིད་དང་བྲལ་བའི་བླ་མ་བསྟེན་པས་སློབ་མ་རྣམས་ཀྱི་ 7-1-254 ཆོས་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། ཆོས་ཕྱིན་ཅི་ལོག་པས་དམྱལ་བར་འགྲོ་བར་འགྱུར་ རོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་ལྟར་ཡོངས་སུ་བརྟགས་ནས་ ཀྱང་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་བསྟེན་པར་བྱ་སྟེ། རྩ་བའི་རྒྱུད་ལས། བརྟན་ ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་ ཤིང༌། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། ། གསང་སྔགས་འཆད་བྱེད་སློབ་དཔོན་ ཏེ། །དང་བའི་བདག་ཉིད་དབང་པོ་ཐུལ། །ཞེས་གསུངས་ལ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ ལས་ཀྱང༌། དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེའི་ ཐེག་ལ་ལྷག་པར་གནས། །དེ་ཉིད་བསྒོམས་ཤིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ ཞིང་བཟོད་པའི་ངང་ཚུལ་ལམ་ལ་ཞུགས། །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་ བའི་འཇིགས་པ་འཕྲོག་ཅིང་དེ་ཉིད་ལས་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་ རྗེའི་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔར་རབ་གྲགས་པའོ། །ཞེས་པ་ དང༌། སངས་རྒྱས་ཞལ་འདི་གང་གི་སྙིང་དང་ཁ་ལ་གནས་པར་གྱུར་པ་དེ་ནི་དཔལ་ ལྡན་བླ་མའོ། །ཞེས་པ་དང༌། དེ་ཉིད་ཀྱི་འགྲེལ་པར། སངས་རྒྱས་ཞལ་ཏེ་ཡེ་ཤེས་ཞལ་ འདི་སློབ་དཔོན་གང་གི་སྙིང་ལ་གནས་པ་ཞེས་པ་བསྒོམས་པ་སྟེ། རང་གི་ཉམས་སུ་མྱོང་ བ་དང་སློབ་མ་རྣམས་ལ་བསྟན་པའི་སླད་དུ་དུས་ཐམས་ཅད་དུ་ཁ་ལ་གནས་པར་གྱུར་ པ་དེ་ནི་དཔལ་ལྡན་བླ་མ་སྟེ་རྡོ་རྗེ་འཛིན་པའོ། །ཞེས་པའི་དོན་ཏོ། །གཞན་དབང་པོ་ གཉིས་ཀྱི་བདེ་བ་རྟོགས་པར་བྱེད་པ་པོ་རྣམས་ནི་ཡིན་ནོ། །ཞེས་གསུངས་ཤིང༌། དཔལ་ དོན་དམ་པའི་བསྙེན་པ་ལས་ཀྱང༌། འཁོར་བ་དང་ནི་མྱ་ངན་འདས་པའི་དངོས་ཉམས་ པ། །ཤེས་རབ་ངེས་ཞུགས་སྙིང་རྗེ་ལ་སོགས་ཐ་མི་དད། །དབང་པོ་ཕྲལ་ཞིང་རྟོགས་པ་ བརྟག་ས་རུ་ནི་དཀའ། །གཉིས་སུ་མེད་ཅིང་ཀུན་འགྲོ་ངེས་པར་ཞི་བ་ཉིད། །དེ་ཡང་ དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་དཔལ། །དེ་ཉིད་འཇིག་རྟེན་མགོན་དང་ དཔལ་ལྡན་འཇམ་པའི་དབྱངས། །དེ་ནི་ཐུགས་ཀྱི་རྡོ་རྗེ་རྡོ་རྗེ་མཁའ་འགྲོ་དཔལ། །དེ་ནི་ 7-1-255 མི་འགྱུར་འགྱུར་མེད་རྣལ་འབྱོར་གྱིས་ནི་བགྲོད། །དེ་ནི་དབང་ཕྱུག་དག་དང་ཁྱབ་ འཇུག་མེས་པོ་སྟེ། །བདུད་ལ་སོགས་འཇོམས་བདེ་བར་གཤེགས་པ་རྒྱལ་དབང་ པོ། །གྲགས་པ་དེ་ནི་ཐུབ་པ་ཤཱཀྱ་སེང་གེ་དཔལ། །དེ་ནི་སངས་རྒྱས་ཐམས་ཅད་དཔལ་ ལྡན་དུས་འཁོར་ལོ། ། སྤྲུལ་པ་འདི་ལྟར་ཞི་བ་དེ་ནི་བླ་མ་དཔལ། །རབ་ཏུ་སྦས་པའི་ སངས་རྒྱས་བདེ་སྟེར་ས་གཞི་ལ། །བདུད་ཀྱི་དགྲ་གཅིག་སྐྱེ་འགྲོ་ཡི་ནི་རྩ་ལག་གཅིག །བླ་ མ་དམ་པ་བསྟེན་པ་རྣམས་ལ་ཡིད་བཞིན་ནོར། །སྲིད་པའི་བསམ་གཏན་ཆགས་ཉམས་ སྒོམ་པ་པོ། །ཆགས་ཆེན་འདོད་ཆགས་ཆེན་པོ་ལ་ནི་སེམས་བཅིངས་པ། །དབང་པོའི་ བདེ་བ་གཉིས་སྦྱོར་བརྟུལ་ཞུགས་ཆེན་པོ་ཅན། །ཕྱག་རྒྱ་དག་ལ་སྦྱར་ཡང་ཆགས་པ་ ཉམས་མི་མངའ། །རྣལ་འབྱོར་གྱིས་ནི་ཉི་ཟླ་དག་གི་ལམ་རབ་ཉམས། །ཤེས་རབ་མེ་ལ་ རྣལ་འབྱོར་སྟོབས་ཀྱིས་རབ་ཏུ་ཞུགས། ། དཔག་མེད་བདེ་བའི་བདུད་རྩི་ཉིད་ལ་ཆགས་ པ་སྟེ། །སྡིག་འཕྲོག་རྡོ་རྗེ་འཛིན་པ་དེ་ནི་བླ་མ་དཔལ། །བུམ་བཟང་དག་ནི་རྣམ་པར་ སྤངས་ནས་ཚོལ་མི་བྱེད། །ཅེས་པ་ལ་སོགས་པ་དང༌། གང་ཞིག་སྲིད་པའི་སྐྱོན་འཇོམས་ དཔལ་ལྡན་བླ་མ་དེ། །གང་ཞིག་སྙན་པའི་ངག་སྨྲ་དཔལ་ལྡན་བླ་མ་དེ། །གང་ཞིག་ལམ་ བཟང་སྟོན་པ་དཔལ་ལྡན་བླ་མ་དེ། །གང་ཞིག་དམྱལ་བའི་མེ་འཇོམས་དཔལ་ལྡན་བླ་མ་ དེ། །གང་ཞིག་སྲིད་པའི་ཕར་སྒྲོལ་དཔལ་ལྡན་བླ་མ་དེ། །གང་ཞིག་འགྲོ་བའི་གཉེན་ གཅིག་དཔལ་ལྡན་བླ་མ་དེ། །གང་ཞིག་འགྲོ་བའི་མིག་གཅིག་དཔལ་ལྡན་བླ་མ་དེ། །གང་ ཞིག་འགྲོ་བའི་རྗེ་གཅིག་དཔལ་ལྡན་བླ་མ་དེ། ། གང་ཞིག་འགྲོ་བའི་ཟླ་གཅིག་དཔལ་ ལྡན་བླ་མ་དེ། །གང་ཞིག་འགྲོ་བའི་ཉི་གཅིག་དཔལ་ལྡན་བླ་མ་དེ། །གང་ཞིག་བདེ་ གཤེགས་རྗེས་རིགས་དཔལ་ལྡན་བླ་མ་དེ། །གང་ཞིག་མི་ཟད་ལམ་སྟོན་དཔལ་ལྡན་བླ་མ་ དེ། །གང་ཞིག་མགྲིན་པར་ཐོས་འཛིན་དཔལ་ལྡན་བླ་མ་དེ། ། གང་ཞིག་མི་འགྱུར་དབྱུག་ འཛིན་དཔལ་ལྡན་བླ་མ་དེ། །ཞེས་པ་ལ་སོགས་པ་དང༌། གང་ཞིག་བདུད་རྩིའི་བཏུང་ ཆགས་དཔལ་ལྡན་བླ་མ་དེ། །གང་ཞིག་དམ་ཚིག་ལ་ཞུགས་དཔལ་ལྡན་བླ་མ་དེ། །གང་ ཞིག་ལུས་བསྲུང་འདོད་པ་དཔལ་ལྡན་བླ་མ་དེ། །གང་ཞིག་རླུང་གི་ཕྲེང་ལྡན་དཔལ་ལྡན་ 7-1-256 བླ་མ་དེ། །གང་ཞིག་རྒྱལ་བའི་ཤིང་དྲུང་དཔལ་ལྡན་བླ་མ་དེ། །གང་ཞིག་བརྟུལ་ཞུགས་ སྣོད་འཛིན་དཔལ་ལྡན་བླ་མ་དེ། །གང་ཞིག་བདེ་བའི་ཁྲོད་ཅན་དཔལ་ལྡན་བླ་མ་ དེ། །གང་ཞིག་མི་ཟད་དུས་ཟ་དཔལ་ལྡན་བླ་མ་དེ། །གང་ཞིག་ནམ་མཁའི་ནགས་ཞུགས་ དཔལ་ལྡན་བླ་མ་དེ། །གང་ཞིག་ནམ་མཁའི་ཕུག་ཞུགས་དཔལ་ལྡན་བླ་མ་དེ། །གང་ ཞིག་སེམས་ཅན་མཉམ་ཐུགས་དཔལ་ལྡན་བླ་མ་དེ། །འཇིགས་མེད་དག་གསུམ་སྟེར་བ་ དཔལ་ལྡན་བླ་མ་དེ། །དཔལ་ལྡན་བླ་མ་དེ་ནི་ཅི་ཕྱིར་བསྟེན་མི་བྱ། །དཔལ་ལྡན་བླ་མ་དེ་ ནི་ཅི་ཕྱིར་ཚིམ་མི་བྱ། །དཔལ་ལྡན་བླ་མ་དེ་ནི་ཅི་ཕྱིར་མཆོད་མི་བྱ། །དཔལ་ལྡན་བླ་མ་ དེ་ལ་ཅི་ཕྱིར་ཕྱག་མི་བྱ། ། ཞེས་པ་ལ་སོགས་པ་བླ་མ་དམ་པ་བསྟེན་པའི་འཐད་པ་རྒྱ་ ཆེར་གསུངས་སོ། ། གུས་པས་མཉེས་པར་བྱ་བ་ཡང་གསུངས་ཏེ། དེ་ཉིད་ལས། མལ་སྟན་བཞོན་པ་བྲན་ཁོལ་ ཞོ་ཤས་འཚོ་རྣམས་དང༌། །ཡན་ལག་བཟང་པོ་ནུ་མས་མཛེས་པ་རྣམས་དང་ནི། །ཆུང་ མ་སྙིང་སྡུག་བུ་དང་རྩ་ལག་བཅས་པ་དང༌། །མ་ལུས་པ་ཡིས་ཀྱང་ནི་བདེ་བ་རབ་སྟེར་ ལའོ། །སཱ་ལུའི་ཟན་དང་ཤ་དང་དྲི་ཞིམ་མར་དག་དང༌། །བཟའ་བ་བཅའ་བ་སྨིན་པ་ ཡིད་འོང་མང་པོ་དང༌། །ཏཱམ་བཱུ་ལ་དང་ག་པུར་ཁ་བཤལ་བཟང་པོ་དང༌། །གླ་རྩི་ལ་ སོགས་པ་ཡིས་བཏུང་མང་དག་ལའོ། །རབ་ཏུ་འཕྱང་བའི་དོ་ཤལ་ནོར་བུ་རྣ་ཆ་ དང༌། །སྐ་རགས་དང་བཅས་རྐང་གདུབ་ཨཾ་འགའ་རེག་དང་ནི། །ཅོད་པན་དང་བཅས་ དཔུང་རྒྱན་སྐེ་ནོར་བཟང་སོགས་དང༌། །སྣ་ཚོགས་ན་བཟའ་ཡིས་ནི་སྡུག་བསྔལ་མང་ འཇོམས་ལའོ། །བྱུག་པ་དག་ནི་གུར་གུམ་ཙན་དན་ལ་སོགས་དང༌། །ཨ་ཀ་རུ་ནག་སི་ཧླ་ ལ་སོགས་སྤོས་དང་ནི། །ཙམ་པ་ཀ་མཆོག་ལ་སོགས་དྲི་ཞིམ་མེ་ཏོག་དང༌། །རིན་ཆེན་ མར་མེས་ལམ་ནི་མ་ཉམས་པ་ལའོ། ། ཞེས་པ་ལ་སོགས་པ་གསུངས་ཤིང༌། བསྡུས་པའི་ རྒྱུད་ལས་ཀྱང༌། གང་ཞིག་མི་ཡི་འཇིག་རྟེན་དག་ན་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་ སྡིག་བྲལ་དེ་བདག་སྟེ། །དེ་ལ་གནོད་པ་བྱས་པས་སྲོག་ཆགས་རྣམས་ནི་ངེས་པར་དམྱལ་ བར་འགྱུར་ཏེ་འདི་ལ་ངོ་མཚར་མེད། །དེ་མཉེས་པ་ཡིས་བདག་ནི་མགུ་སྟེ་དེ་ལ་ཁྲོ་བའི་ 7-1-257 མེ་ཡིས་ཁྲོས་པ་ཞེས་པ་ཆེན་པོའོ། །དེ་ཉིད་སེམས་ཅན་རྣམས་ལ་ཐར་པ་བདེ་མཉམ་ འབྲས་སྟེར་བུ་རྣམས་དག་གིས་བཀུར་འོས་མཆོད་འོས་སོ། །སྡིག་ཅན་གང་ཡིན་གང་ ཞིག་དཔལ་ལྡན་བླ་མའི་ཞབས་བཟང་པད་མོ་དག་ལ་དུས་གསུམ་ཕྱག་མི་བྱེད། །མི་ཤེས་ གང་ཡིན་གང་ཞིག་རྣམ་མང་མེ་ཏོག་རྣམས་ཀྱིས་དུས་གསུམ་དུ་ནི་མཎྜལ་མི་བྱེད་ པ། །མྱུར་དུ་མནར་མེད་འགྲོ་བ་གང་ཡིན་གང་ཞིག་བདེ་མཉམ་སྟེར་བྱེད་བླ་མ་སྐྱོ་བ་ སྐྱེད་པ་པོ། །ཤེས་རབ་ཡེ་ཤེས་ཐོབ་པ་གང་ཡིན་མ་ཉམས་གང་ཞིག་མཆོག་གི་བླ་མའི་ ཞབས་ནི་མི་སྤོང་བ། །ཉམས་པ་གང་ཡིན་གང་ཞིག་རྩ་གསུམ་དག་ལ་གནས་པའི་རླུང་ ནི་མཐའ་ཡས་དུས་སུ་བསད་པའོ། །དཔའ་བོ་གང་ཡིན་གང་ཞིག་མཉམ་དང་མི་མཉམ་ ལམ་ལ་སྲོག་དང་ཐུར་སེལ་རླུང་ནི་གསོད་བྱེད་པའོ། །སྦྱིན་བདག་གང་ཡིན་གང་ཞིག་ དཔལ་ལྡན་བླ་མར་རང་ལུས་བུ་དང་ཆུང་མ་ལ་སོགས་ཐམས་ཅད་འབུལ། །མ་རབ་གང་ ཡིན་གང་ཞིག་སླུ་བྱེད་རང་གི་སྙིང་གི་སྡིག་པས་དྲངས་པའི་སེམས་དང་གཡོ་སྒྱུ་ ཅན། །ཞེས་གསུངས་ལ། དོན་དམ་པའི་བསྙེན་པ་ལས་ཀྱང༌། འཁོར་བའི་རྫོང་དག་ཏུ་ནི་ འཁྱམ་པའི་རང་བཞིན་པའི། །ཇི་སྲིད་རང་གི་ལུས་ལ་མཆོད་པར་བྱེད་པ་བས། །མྱ་ངན་ ལས་འདས་བདེ་བ་མ་ལུས་སྟེར་མཛད་པ། །དེ་སྲིད་དེ་ནི་བླ་མར་ཅི་ཡི་ཕྱིར་མི་བྱེད། ། རང་གིས་བསགས་པའི་ནོར་རྣམས་ཀུན་ཀྱང་བྱིན་ནས་ནི། །དམྱལ་བའི་མེ་སྟེར་བུད་ མེད་ལེན་པར་བྱེད་པ་བས། །སངས་རྒྱས་ཡན་ལག་བཟང་མོས་འཁྱུད་པ་སྟེར་མཛད་ པའི། །བླ་མ་ལ་ནི་ཇི་ཕྱིར་བཟང་མོ་དེ་མི་འབུལ། །སོ་བ་དང་ནི་ཡིད་དུ་འོང་བའི་ནོར་ རྣམས་དང༌། ། ཡན་ལག་བཟང་མོ་དག་ནི་བསོད་ནམས་སྟོབས་ལས་འགྱུར། །སྡིག་པ་ དག་གི་དབང་གིས་ཡུན་རིང་བསགས་པ་ནི། །རབ་ཏུ་འབད་དེ་བསྲུང་བར་བྱས་ཀྱང་ ཉམས་པར་འགྱུར། །དེ་ཕྱིར་ཁྱད་པར་འཕགས་ཤིང་ཡིད་དུ་འོང་བ་ནི། །སྐྱེ་བ་དུ་མར་ བདེ་བ་སྟེར་བར་བྱེད་པས་ན། །གང་ལ་ངེས་པར་ཕུལ་བས་རབ་ཏུ་རྒྱས་པར་འགྱུར་བ་ ཡི། །ནོར་རྣམས་ཐམས་ཅད་བླ་མའི་ཞབས་ལ་དབུལ་བར་བྱ། །བྱིན་པའི་ནོར་རྣམས་ འབྲས་བུ་དག་ཏུ་འགྱུར་བ་ནི། ། ཤིན་ཏུ་རྣམ་དག་ས་ལ་ས་བོན་བཏབ་པ་བཞིན། །དེ་ 7-1-258 རྣམས་རབ་ཏུ་མ་བྱིན་འབྲས་བུ་མེད་པ་ནི། །དཔེར་ན་ས་བཟང་དག་ལ་ས་བོན་མ་ བཏབ་བཞིན། །ས་བོན་མ་བཏབ་ཞིང་ལ་འབྲས་བུའི་ཆེད་དུ་ནི། །རྨོངས་པ་ཤིན་ཏུ་ཉོན་ མོངས་པར་ནི་བྱེད་པ་ལྟར། །བླ་མ་ལ་ནི་ནོར་མ་ཕུལ་བ་དེ་བཞིན་དུ། །འཛིན་པར་ འདོད་པ་དག་ནི་ས་ལ་འཁྱམ་པར་བྱེད། །ནོར་ལ་འདོད་ཅིང་བརྐམ་པས་ཞིང་གི་ལས་ དང་ནི། །བསྟེན་པ་ཚོང་དང་རིག་པ་དག་ནི་འཛིན་པར་བྱེད། །དེ་ལྟ་ན་ཡང་བཀྲེན་པ་ དུས་ནི་དུ་མ་རུ། །མྱུར་བ་དག་ཏུ་འོངས་ནས་སྡིག་ཅན་ལ་ནི་གནས། །ཉོན་མོངས་མ་ གཏོགས་འབྲུ་དང་གསེར་དང་ཆུང་མ་དང༌། །བསོད་ནམས་མང་བྱེད་པ་ལ་བསམ་མི་ ཁྱབ་པར་འགྱུར། །གྲུབ་པ་ཉིད་དང་དབང་པོ་དྲང་སྲོང་མཆོག་རྣམས་དང༌། །དགྲ་མེད་ རྒྱལ་སྲིད་བདེ་བ་སྟེར་བ་ས་ལའོ། །ཁམས་གསུམ་དག་ན་གང་གང་དགེ་བ་ཅུང་ཟད་ ནི། །མ་ལུས་དེ་ནི་བླ་མ་དགྱེས་པའི་སྟོབས་ཀྱིས་སོ། །བཀྲེན་དང་ནད་དང་དམྱལ་བའི་མི་ ཡི་སྡུག་བསྔལ་ནི། །ཁྱད་འཕགས་དེ་ནི་མི་དགྱེས་པ་ལས་བྱུང་བ་ཡིན། །བླ་མའི་དྲིན་ གྱིས་འདོད་པའི་དངོས་གྲུབ་འགྱུར་བར་ནི། །དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་མེད་ རྒྱུད་ལས་གསུངས། །དེ་ནི་མ་དགྱེས་པ་ལས་དམྱལ་བར་འཇུག་པའི་ཚེ། །ཚིག་འདི་ཉིད་ ནི་དེ་དང་དེ་ཡི་རྒྱུད་ལ་གནས། །ཡོན་ཏན་དམ་པས་གང་བའི་བླ་མའི་ཐུགས་ཤེས་ ནས། །འཁོར་བའི་རྒྱུ་རུ་གང་རྣམས་ཀྱིས་ནི་འདོར་བར་བྱེད། །གྲངས་མེད་བསྐལ་པར་ བདེ་བ་ཉམས་པ་དེ་རྣམས་ནི། །རྡོ་རྗེ་མེ་ཡིས་སྨིན་པའི་དམྱལ་བ་དག་ཏུ་འཚེད། །བླ་མ་ དམ་པ་སླུ་བར་བྱེད་དང་སྡིག་སོགས་གང༌། །སློབ་མ་འབའ་ཞིག་རྣམས་ནི་དེ་རུ་མི་ འཚེད་ཀྱི། །དེ་བཞིན་བླ་མ་ཡང་ནི་ཞེན་པའྀ་དབང་གིས་ཉམས། །ཆགས་པ་ལ་སོགས་ འབར་བའི་མེ་ལ་རབ་ཏུ་འཇུག། བླ་མ་དང་ནི་སློབ་མ་ངེས་པར་རྣམ་ཉམས་དག །རང་ རང་སྡུག་བསྔལ་འདི་ནི་གཉི་གའི་ཐུན་མོང་ངོ༌། །དེ་བས་བླ་མ་སློབ་མ་འདི་རུ་ཉམས་པ་ ནི། ། རང་གི་བློ་ཡིས་རིང་དུ་ཡོངས་སུ་སྤང་པར་བྱ། །ཞེས་པ་ལ་སོགས་པ་རྒྱ་ཆེར་ གསུངས་ལ། འགྲེལ་པ་དྲི་མ་མེད་པའི་འོད་ལས་ཀྱང༌། དེའི་ཕྱིར་རྣམ་པ་ཀུན་ཏུ་ཡོངས་ སུ་བརྟགས་ནས་སྐྱོན་དང་བྲལ་བའི་བླ་མ་བསྟེན་པར་བྱ་ཞིང་སྐྱོན་དང་ལྡན་པ་སྤང་ 7-1-259 བར་བྱའོ། །ཞེས་གསུངས་ཏེ། བླ་མ་དམ་པ་བསྟེན་པའི་ངེས་པ་མདོར་བསྡུས་པའོ། ། གདུག་པོའི་སློབ་དཔོན་སྤང་བ་ཡང་གསུངས་ཏེ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ང་ རྒྱལ་དང་ལྡན་ཁྲོ་བས་ཟིལ་མནན་དམ་ཚིག་རྣམ་བྲལ་རྫས་ལ་བརྐམ་ཞིང་ཐོས་པ་དག་ ཀྱང་མེད། །སློབ་མ་རྣམས་ནི་སླུ་བ་དོན་དུ་གཉེར་ཞིང་མཆོག་གི་བདེ་བའི་གནས་ལས་ སེམས་ཉམས་དབང་མ་བསྐུར། །ལོངས་སྤྱོད་དག་ལ་ཀུན་ཆགས་བག་མེད་རྩུབ་མོའི་ ཚིག་དང་བཅས་ཤིང་དབང་པོའི་དོན་དུ་འདོད་ལྡན་པ། །དེ་ཉིད་དམྱལ་བ་བཞིན་དུ་ སློབ་མ་མཁས་པ་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་རྒྱུར་ནི་སྤང་བར་བྱ། །ཞེས་པ་དང༌། དགྱེས་པ་རྡོ་རྗེ་བསྡུས་པའི་རྒྱུད་ཀྱི་འགྲེལ་པར་ཡང༌། གཉེན་བྱེད་ཚོང་པ་དམངས་ རིགས་དང༌། །གང་ཞིག་གང་གི་ལས་འདོད་དང༌། །རྨོངས་པ་དམ་པའི་ཆོས་འཚོང་ བྱེད། །ལོངས་སྤྱོད་མིན་ལ་སྤྱོད་བྱེད་པ། །སློབ་མ་རྣམས་ལ་བདུད་ཀྱི་རིགས། །བླ་མ་དེ་ རྣམས་འབྱུང་བར་འགྱུར། ། རྣལ་འབྱོར་སྤྱོད་པའི་སྐྱོན་གྱིས་འདི། །རང་གི་སྐྱོན་བྱས་སྦ་ བར་བྱེད། །སྐྱོན་རྣམས་ཡོངས་སུ་འདོར་བར་ནི། །བྱ་ཕྱིར་ངེས་པར་བསྟེན་པར་ བྱེད། །ཅེས་པ་དང༌། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ཅན་མ་བསྡམས་ དང༌། །སྤྱོམས་དང་ལྡན་ན་བློ་ལྡན་གྱི། ། སློབ་མས་བླ་མར་མི་བྱའོ། །ཚིག་འདི་སློབ་མ་ རྣམས་ལ་ནི། །རྟག་ཏུ་སྟོན་པར་མི་བྱེད་དོ། ། སྙིང་རྗེ་མེད་ནི་ཞིང་ལས་བྱེད། །ཁྲོ་ཅན་ ཚིག་གིས་འཇོམས་པར་བྱེད། །གདུག་ནི་དགེ་སློང་ལ་སྡང་བྱེད། །ཁེངས་པ་ཤེས་པ་ངན་ པས་དྲེགས། །ཆགས་ཅན་ལོངས་སྤྱོད་མིན་པ་འདོད། ། ཤིན་ཏུ་ཆང་གིས་མ་བསྡམས་ པའོ། །ཡོན་ཏན་ཅན་ལ་སྐྱོན་སྟེར་བ། །འདི་ནི་སྤྱོམས་པར་བརྗོད་པར་བྱ། །ཞེས་གསུངས་ ཤིང༌། དོན་དམ་པའི་བསྙེན་པ་ལས་ཀྱང༌། འདོད་པས་ཕལ་ལ་ཞེན་པ་དཔལ་ལྡན་བླ་མ་ མིན། །ལེགས་འོངས་ནོར་ལ་ཆགས་པ་དཔལ་ལྡན་བླ་མ་མིན། ། སྐྱེས་བུ་མཁས་ལ་སྨོད་ བྱེད་དཔལ་ལྡན་བླ་མ་མིན། །སེམས་ཅན་སྙིང་བརྩེ་རྣམས་སྤངས་ དཔལ་ལྡན་བླ་མ་ མིན། །དགེ་འདུན་དཀོར་ལ་སྤྱོད་པ་དཔལ་ལྡན་བླ་མ་མིན། །ནོར་མེད་སློབ་མ་འདོར་བ་ དཔལ་ལྡན་བླ་མ་མིན། །སྒོམ་ཟིན་ལས་རྣམས་སྟེར་བ་དཔལ་ལྡན་བླ་མ་མིན། །བུ་བཟང་ 7-1-260 ཁ་སྡོམ་བྱེད་པ་དཔལ་ལྡན་བླ་མ་མིན། །བུ་བཟང་དེ་ཉིད་སྦེད་པ་དཔལ་ལྡན་བླ་མ་ མིན། །བུ་བཟང་སླུ་བར་འདོད་པ་དཔལ་ལྡན་བླ་མ་མིན། །བུ་བཟང་ཡུན་རིང་ཁྲོ་བ་ དཔལ་ལྡན་བླ་མ་མིན། །བུ་བཟང་སྤོང་བར་འདོད་པ་དཔལ་ལྡན་བླ་མ་མིན། །ཡེ་ཤེས་ དབང་གིས་ཁེངས་བཅས་དཔལ་ལྡན་བླ་མ་མིན། །རྫས་ཀྱི་དབང་གིས་རབ་དགའ་ དཔལ་ལྡན་བླ་མ་མིན། །ཕྲན་ཚེགས་ཁྱིམ་དུ་བསྟི་འདོད་དཔལ་ལྡན་བླ་མ་མིན། །རྒྱལ་ སྲིད་བདེ་ལ་རབ་ཞུགས་དཔལ་ལྡན་བླ་མ་མིན། །ཞེས་པ་ལ་སོགས་པ་དང༌། ཆང་གི་ དབང་གིས་བག་མེད་དཔལ་ལྡན་བླ་མ་མིན། །སྲོག་ཆགས་རྣམས་ལ་སེམས་སྡང་དཔལ་ ལྡན་བླ་མ་མིན། །བདེ་བའི་དབང་གིས་རབ་དགའ་དཔལ་ལྡན་བླ་མ་མིན། །སྡུག་བསྔལ་ དབང་གིས་གདུང་བ་དཔལ་ལྡན་བླ་མ་མིན། །ཐར་པའི་ལམ་ལ་བག་མེད་དཔལ་ལྡན་བླ་ མ་མིན། ། ལམ་ལས་ཉམས་པའི་སེམས་དེ་དཔལ་ལྡན་བླ་མ་མིན། །ཀུན་འགྲོ་ཆོས་རྣམས་ ཉམས་པ་དཔལ་ལྡན་བླ་མ་མིན། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པས། དེ་ལྟར་ བུའི་བླ་མ་སྤང་བར་བྱའོ། །ཅི་སྟེ་སྔར་བླ་མར་བྱས་ན་ཡང་ཚིག་སྙན་པ་དང༌། ནོར་ལ་ སོགས་པས་མགུ་བར་བྱས་ནས་བློས་སྤང་བར་བྱའི་དེའི་རྗེས་སུ་འཇུག་པར་ནི་མི་ བྱའོ། །འོ་ན་གལ་ཏེ་དུས་ཀྱི་དབང་གིས་སྐྱོན་དང་ཡོན་ཏན་འདྲེས་པར་གྱུར་ན་དེའི་ཚེ་ ཇི་ལྟར་བྱ་ཞེ་ན། གང་ལ་ཡོན་ཏན་ལྷག་པར་གྱུར་པ་དེ་བཟུང་བར་བྱ་སྟེ། དོན་དམ་པའི་ བསྙེན་པ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་ སྡིག་པ་མེད་པ་ཡོད་མ་ཡིན། ། གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་སྤྱད་ནས། །བུ་ རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །རྡོ་དང་ཤིང་གི་རང་བཞིན་སངས་རྒྱས་ རྣམས་ཀྱིས་ནི། །སྐྱེ་བ་འབུམ་ཕྲག་གིས་ཀྱང་སངས་རྒྱས་མི་སྟེར་རོ། །སྐྱེ་བ་འདི་ཉིད་དུ་ ཡང་གང་ཞིག་རྟག་པ་ནི། །བླ་མ་བསྟེན་པ་ཡིས་ནི་བདེ་བ་སྟེར་བར་མཛད། །སྤུན་དང་ ཆུང་མ་སྙིང་སྡུག་གྲོགས་པོ་མགོན་པོ་དང༌། ། བླ་མ་དག་དང་མཚུངས་པའི་ཕ་མ་ཡོད་ མ་ཡིན། །སྐྱེ་བ་འདི་ཉིད་དུ་ཡང་སྡུག་བསྔལ་འཇོམས་པ་ཡི། །གང་ཞིག་རྡོ་རྗེ་འཛིན་ པའི་དཔལ་བཟང་སྟེར་བའོ། །ཤིན་ཏུ་རྣམ་པར་དག་པའི་བློ་ཡིས་བསྟེན་བྱ་ཡི། །ཇི་ལྟར་ 7-1-261 ཕྱི་དུས་སྡུག་བསྔལ་སྟེར་བ་ཡིན་པར་རོ། །མ་དག་སེམས་ཀྱིས་བསྟེན་པས་སྡུག་བསྔལ་ སྟེར་བ་སྟེ། །དཔེར་ན་རིམས་ནད་རྒྱས་པ་ལ་ནི་མར་གྱི་བཏུང་བཞིན་ནོ། །འདི་ལྟར་བདེ་ བའི་དོན་དུ་བླ་མར་མ་བྱས་པས། །ཉམས་པའི་སེམས་ཀྱིས་སྡུག་བསྔལ་མང་དུ་སྟེར་བར་ བྱེད། །ཤིང་ལ་རིང་དུ་ལྷུང་བའི་སྡུག་བསྔལ་མཆོག་མིན་པས། །འདོད་པའི་འབྲས་བུ་ མངོན་དུ་བོར་བ་མཆོག་ཡིན་ནོ། །ལྟོས་འགྲོའི་དུས་ནི་མྱུར་དུ་ཁྱབ་པ་དག་དང་ ནི། །གདོང་ལྔ་པ་ཡིས་ངེས་པར་གླང་པོ་ཆེ་དང་ནི། །ཁྲོ་བ་ཆེན་པོའི་གཤིན་རྗེའི་ཁ་ནི་ མཆོག་ཡིན་གྱི། །གདུག་པའི་སློབ་མས་བླ་མ་ལ་ནི་བསྟེན་པ་ཡིན། །དཔལ་ལྡན་བླ་མའི་ ཞབས་ལ་བསྟེན་པས་འདོད་པ་སྟེ། །རབ་ཏུ་ཁྲོས་པས་སྐྱེ་བ་བརྒྱ་རུ་མི་འདོད་པའོ། །དེ་ ཕྱིར་རང་གི་བློ་ཡིས་ལེགས་པར་དཔྱད་ནས་ནི། །བསྟེན་པར་བྱ་ཡི་ཁྲོ་བ་རུ་ནི་མི་ བྱའོ། །ཞེས་པ་ལ་སོགས་པ་གསུངས་ལ། དཔལ་དགྱེས་པའི་རྡོ་རྗེ་བསྡུས་པའི་རྒྱུད་ཀྱི་ འགྲེལ་པ་ལས་ཀྱང༌། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་ གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས། །དུས་གསུམ་དུ་ནི་མངོན་ཕྱག་ འཚལ། །དགོངས་པའི་སྐད་ནི་མི་ཤེས་པ། །མིང་ཙམ་གྱིས་ནི་རྨོངས་པར་འགྱུར། །རྒྱལ་ དབང་རྣམས་ལ་སུན་དབྱུང་བར། །བྱེད་ན་ངུ་འབོད་འགྲོ་བར་འགྱུར། །བྱང་ཆུབ་ཤིང་ དྲུང་རྡོར་འཛིན་གྱིས། །གང་གི་སྤྱི་བོར་དབང་བསྐུར་ཏེ། །དེས་ནི་མངོན་པར་མཆོག་ དབང་ཐོབ། །རྡོ་རྗེ་སློབ་དཔོན་དེ་བཞིན་གཤེགས། །ཕྱོགས་བཅུའི་བྱང་ཆུབ་སེམས་ རྣམས་ཀྱི། །གང་ཞིག་སྐུ་རྣམས་འཇིག་རྟེན་ཁམས། །དེ་ལ་གནས་པའི་ཕུང་པོ་ལྔས། ། དུས་གསུམ་བྱོན་ནས་ཕྱག་འཚལ་མཛད། །རིན་ཆེན་སྣ་ཚོགས་རང་བཞིན་ནི། །དེ་ཡི་ ཅོད་པན་འཇིག་རྟེན་ཁམས། །དེར་གནས་སངས་རྒྱས་ཀྱིས་བཏུད་དེ། །ཞེས་གསུངས་ ཤིང༌། དྲི་མ་མེད་པའི་འོད་དུ་ཡང༌། འདིའི་དོན་གསལ་བར་གསུངས་སོ། ། དེ་བཞིན་དུ། སློབ་དཔོན་གསུམ་གྱི་རིམ་པ་ཡང་གསུངས་ཏེ། རྩ་བའི་རྒྱུད་ལས། དེ་ཉིད་ བཅུ་ནི་ཡོངས་ཤེས་པའི། །གསུམ་ལས་དགེ་སློང་མཆོག་ཡིན་ཏེ། །འབྲིང་ནི་དགེ་ཚུལ་ ཉིད་དུ་བརྗོད། །ཁྱིམ་ན་གནས་པ་ཐ་མ་ཡིན། །ཞེས་པ་དང༌། ས་ཐོབ་མ་གཏོགས་ཁྱིམ་པ་ 7-1-262 ནི། །རྒྱལ་པོས་བླ་མར་མི་བྱ་སྟེ། །དེ་ལ་ཐོས་པ་ཡོངས་ཤེས་པས། །གང་ཞིག་རྟགས་ཅན་བྱ་ བ་ཉིད། །ས་ཐོབ་མ་གཏོགས་སློབ་དཔོན་ནི། །ཁྱིམ་གནས་གང་ཚེ་མཆོད་བྱེད་པ། །དེ་ཚེ་ སངས་རྒྱས་ཆོས་དང་ནི། །དགེ་འདུན་རྣམས་ལ་གུས་མེད་འགྱུར། །ལྷ་ཁང་སོགས་ཀྱི་ རབ་གནས་སོགས། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་དག་ན་གསུམ་ཡོད་ ན། །ཁྱིམ་པ་གོས་དཀར་ཅན་གྱིས་མིན། །ཞེས་པ་དང༌། འཇིག་རྟེན་སྨོད་པ་སྤང་བའི་ ཕྱིར། ། ཁྱིམ་པའམ་ནི་གསར་བུ་ལ། །དམ་ཆོས་ལ་སོགས་མདུན་བདར་ཏེ། །བརྟུལ་ཞུགས་ འཛིན་པས་བློས་ཕྱག་བྱ། །ཆོས་འཆད་མ་གཏོགས་དུས་ཀུན་ཏུ། །མཆོག་མིན་ལས་དང་ ཕྱག་སྤངས་ནས། །སྟན་བསྟབ་པ་དང་ལྡང་བ་དང༌། །དོན་བྱས་ལ་སོགས་བསྙེན་བཀུར་ འདིར། ། ཐམས་ཅད་བརྟུལ་ཞུགས་ཅན་གྱིས་བྱ། །ཞེས་གསུངས་ལ། འགྲེལ་པ་དྲི་མ་མེད་ པའི་འོད་ལས་ཀྱང༌། འདིར་ངུར་སྨྲིག་འཛིན་པའི་དགེ་སློང་རྣམས་ཀྱིས་དུས་གསུམ་དུ་ རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ་བར་བྱ་སྟེ། ཁྱིམ་པ་དང་གསར་བུ་རྣམས་ལ་ནི་དམ་ པའི་ཆོས་འཆད་པ་མ་གཏོགས་པར་མ་ཡིན་ནོ། །ཞེས་པ་དང༌། དེའི་ཕྱིར་དགེ་སློང་རྡོ་རྗེ་ འཛིན་པ་ཡོད་ན། ཁྱིམ་ན་གནས་པའི་སློབ་དཔོན་ནི་དགེ་སློང་རྣམས་ཀྱིས་བསྟེན་པར་ མི་བྱ་སྟེ། རྒྱལ་པོས་ཀྱང་རྣམ་པ་ཐམས་ཅད་བསྟེན་པར་མི་བྱའོ། །ཞེས་པ་ལ་སོགས་པ་ གསུངས་སོ། །ཅི་སྟེ་ཁྱིམ་པའམ་གསར་བུ་དག་དེའི་སློབ་དཔོན་དུ་གྱུར་ན། དེའི་ཚེ་ཇི་ ལྟར་བྱ་ཞེ་ན། དྲི་མ་མེད་པའི་འོད་ལས། རང་གི་གནས་སུ་བླ་མ་བྱོན་པ་ལ་རྐང་པ་བཀྲུ་ བ་ལ་སོགས་པ་མཆོག་མིན་གྱི་ལས་དང་ཡན་ལག་ལྔའི་ཕྱག་སྤངས་ནས། ནོར་ལ་སོགས་ པའི་བཀུར་སྟི་བྱའོ། །ཞེས་གསུངས་ལ། ཆོས་འཆད་པའི་དུས་ཀྱི་ཕྱག་ཀྱང༌། དམ་པའི་ ཆོས་ལ་སོགས་པ་མདུན་དུ་བདར་བ་ལ་འཚལ་བར་འཇིག་རྟེན་པས་གོ་བར་བྱ་སྟེ། འཇིག་རྟེན་སྨོད་པ་སྤང་བའི་དོན་དུའོ། །དེ་ལྟ་བས་ན་ཐར་པ་དོན་དུ་གཉེར་བ་རྣམས་ ཀྱིས། ཕྱི་དང་ནང་གི་དམ་ཚིག་དང་ཡང་དག་པར་ལྡན་ལ། དྲང་བ་དང་ངེས་པའི་དོན་ རྣམ་པར་འབྱེད་མཁས་ཤིང༌། སྙིང་རྗེ་ཆེན་པོས་ཟང་ཟིང་མེད་པར་ཕྱི་ཅི་མ་ལོག་པའི་ ཆོས་འདོམས་པར་མཛད་པའི་བླ་མ་དམ་པ་གུས་པས་བསྟེན་པར་བྱ་སྟེ། སློབ་དཔོན་ 7-1-263 ཡོངས་སུ་བརྟགས་ནས་བསྟེན་པའི་ངེས་པའོ། ། དེས་བསྡུ་བར་བྱ་བའི་སློབ་མ་ཡང་རྣམ་པ་གསུམ་སྟེ། མཆོག་དང་འབྲིང་དང་ཐ་མའོ། ། དེ་ལ་དང་པོ་གཉིས་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་ མའི་ངེས་པ་ལ་དགའ་གཏོང་བའི་ངང་ཚུལ་དང་ལྡན་ཡོན་ཏན་ཤེས། །ཐར་པ་དོན་ གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་སེམས་ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་ སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན་ཏུ་མཁས་པ་རྣམས་ ཀྱིས་བསྡུ་བྱ་བ། ། ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་གཞན་ཞེས་བྱ་བ་འབྲིང་པོ་ བསོད་ནམས་དག་གི་རྒྱུར། །ཞེས་གསུངས་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དོན་དུ་ གཉེར་བ་དང༌། འཇིག་རྟེན་པའི་དངོས་གྲུབ་དོན་དུ་གཉེར་བའོ། །དེ་ལ་དང་པོ་ནི། སྟོང་ པ་ཉིད་ཀྱི་ལམ་བསྒོམ་པའི་དོན་དུ་བུམ་པ་ལ་སོགས་པའི་དབང་གོང་མ་རྣམས་ཀྱིས་ བསྡུ་བར་བྱའོ། །གཉིས་པ་ནི། སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་ པའི་དོན་དུ་དབང་བདུན་གྱིས་བསྡུ་བར་བྱའོ། །དེ་ཡང་ཇི་སྲིད་ཕྲག་དོག་ལ་སོགས་པའི་ སྐྱོན་དང་བྲལ་བར་མ་གྱུར་གྱི་བར་དེ་སྲིད་དུ་དབང་སྦྱིན་པར་མི་བྱ་སྟེ། བསྡུས་པའི་ རྒྱུད་ཀྱི་རྒྱལ་པོ་ལས། གང་ཞིག་རྒྱུད་ཀྱི་རྒྱལ་པོ་ལས་ནི་རྒྱལ་བ་མཆོག་གི་སྤྱོད་པ་ཐོས་ ཤིང་དབང་ནི་བླངས་ནས་ཀྱང༌། །སླར་ཡང་ཕྲག་དོག་བྱེད་ན་དམྱལ་བ་བརྒྱད་པ་ཇི་ སྲིད་ཉིད་དུ་རབ་ཏུ་འཇུག་འགྱུར་ཏེ། །གང་ན་མི་དགེའི་འབྲས་བུའི་དབང་གིས་དམྱལ་ བ་རྣམས་ནི་ཁབ་རྩེའི་ས་ལ་ཀུན་ཏུ་རྒྱུ་བར་བྱེད། ། དེ་ཕྱིར་མི་རྣམས་སེམས་ལ་ཕྲག་དོག་ ཡོད་ཀྱི་བར་དུ་དབང་ནི་བླང་བར་བྱ་བ་མ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར་རོ། །ཐ་མ་ ནི། དབང་གིས་བསྡུ་བར་བྱ་བ་མ་ཡིན་གྱྀ། འོན་ཀྱང་བླ་མ་སྟེན་པར་བྱེད་ཅིང་སྨོད་པར་ མི་བྱེད་ན་དེ་བསླབ་པའི་གནས་ལྔས་བསྡུ་བར་བྱ་བ་ཡིན་ནོ། །དེ་བས་ན་རྩ་བའི་ལྟུང་བ་ བཅུ་བཞི་ལ་སོགས་པའི་ལྟུང་བ་རྣམས་སྤོང་བར་མི་ནུས་པ་དང༌། བརྟུལ་ཞུགས་ཉི་ཤུ་ རྩ་ལྔ་ལ་སོགས་པའི་དམ་ཚིག་རྣམས་ཀྱང་སྐྱོང་བར་མི་བྱེད་པ་གང་ཡིན་པ་དེ་ལ་དབང་ བསྐུར་བ་རྣམ་པ་ཐམས་ཅད་དུ་སྦྱིན་པར་མི་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་ 7-1-264 པ་སྟེ། སློབ་མ་ཡོངས་སུ་བརྟག་པའི་ངེས་པའོ། ། དེ་ལྟར་ཡོངས་སུ་བརྟགས་པའི་སློབ་མས། དང་པོར་བླ་མའི་དྲུང་དུ་གསེར་གྱི་མེ་ཏོག་ལ་ སོགས་པའི་མཎྜལ་སྔོན་དུ་འགྲོ་བས་དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ། ཇི་ ལྟར་རིགས་པའི་ཚིག་གིས་སོ། །དེས་ཀྱང་དེ་ལྟར་ཁས་བླངས་ཏེ་འཆད་པར་འགྱུར་བའི་ ཆོ་གས་སོ་ཤིང་བྱིན་ནས། མགོ་བོར་ཨཱུ་ཡིག་དང༌། སྙིང་གར་ཨཱི་ཡིག་དང༌། གཙུག་ཏོར་ ཏུ་ཨཱ་ཡིག་སྟེ་ཐབས་ཀྱི་རིགས་གསུམ་དང༌། ལྟེ་བར་ལཱྀ་ཡིག་དང༌། མགྲིན་པར་རཱྀ་ཡིག་ དང༌། གསང་བར་ཨཱཿཡིག་སྟེ་ཤེས་རབ་ཀྱི་རིགས་གསུམ་ཡང་དག་པར་བཀོད་ནས། བསྲུང་བ་བྱས་ཏེ་སླར་ཡང་སྤྲོ་བ་བསྐྱེད་པར་བྱའོ། ། དེ་ནས་ཕྱིའི་བགེགས་ཞི་བར་བྱ་བའི་སླད་དུ་བཟའ་བ་དང་བཏུང་བ་ལ་སོགས་པས་ སངས་རྒྱས་དང་རྡོ་རྗེ་རྣལ་འབྱོར་མ་རྣམས་མཆོད་པར་བྱ་ཞིང༌། འབྱུང་པོ་རྣམས་ལ་ ཡང་ཉིན་ཞག་སོ་སོར་གཏོར་མ་སྦྱིན་པར་བྱ་སྟེ་དབང་གི་དོན་དུའོ། །དེ་བཞིན་དུ། རྒྱུད་ ཀྱི་རྒྱལ་པོ་བསྟན་པའི་དོན་དུ་ཡང་ངོ༌། །འོན་ཀྱང་འདི་ནི་ནག་པའི་ཉ་ལ་དཀྱིལ་འཁོར་ བཞེངས་ནས་སམ། དཀྱིལ་འཁོར་བྲིས་པ་མེད་པར་ཡང་རུང་སྟེ། རྡོ་རྗེ་རྣལ་འབྱོར་མ་ རྣམས་མཆོད་པར་བྱའོ། །དེ་ནས་བརྩམས་ཏེ་ལོ་གཅིག་གི་བར་དུ་དཀྱིལ་འཁོར་ལ་ སོགས་པར་སངས་རྒྱས་རྣམས་དང་རྡོ་རྗེ་རྣལ་འབྱོར་མ་རྣམས་མཆོད་ཅིང་རྒྱུད་བསྟན་ པར་བྱ་སྟེ། གཞན་དུ་ན་ནི་རྒྱུད་ཀྱི་རྒྱལ་པོ་བསྟན་པར་མི་བྱའོ། །དེ་མེད་ན་ཡང་ཐོས་པ་ དོན་དུ་གཉེར་བ་ལ་ནི། ཉ་བཅུ་གཉིས་ལ་མཆོད་པ་བྱས་ནས་བསྟན་པར་བྱའོ། །རྟག་ཏུ་ ཚེས་བརྒྱད་དང་བཅུ་བཞི་ལ་ཡང་ཇི་ལྟར་འབྱོར་བས་མཆོད་པར་བྱ་ཞིང༌། འབྱུང་པོ་ རྣམས་ལ་ཡང་ཉིན་ཞག་སོ་སོར་གཏོར་མ་སྦྱིན་པར་བྱ་སྟེ། ཁྱིམ་པ་ནོར་དང་ལྡན་པ་ རྣམས་ཀྱི་ངེས་པའོ། །ཀུན་སྤངས་ཀྱི་སློབ་མ་རྣམས་ལ་ནི་རྫས་ཀྱི་མཆོད་པའི་ངེས་པ་ མེད་དེ་གང་གི་ཕྱིར་སངས་རྒྱས་དང་རྡོ་རྗེ་རྣལ་འབྱོར་མ་རྣམས་ནི་བསྒྲུབ་པའི་མཆོད་ པ་ཉིད་ཀྱིས་མཉེས་པའི་ཕྱིར་རོ། །ཞེས་པ་ཞོར་ལ་འོངས་པ་སྟེ། གསོལ་བ་བཏབ་པ་དང་ མཆོད་པའི་ངེས་པའོ། ། 7-1-265 དེ་ནས་སློབ་དཔོན་གྱིས་དང་པོ་དུས་ཀྱི་ངེས་པ་ཤེས་པར་བྱ་སྟེ། དེ་ཡང་ཞི་བ་ལ་ཟླ་བ་ དང་ཉི་མའི་ཞིང་དུ་སྟེ་ཀར་ཀ་ཊ་དང་སེང་གེ་ལའོ། །རྒྱས་པ་ལ་གཟའ་ལྷག་གི་ཞིང་དུ་ སྟེ་འཁྲིག་པ་དང་བུ་མོ་ལའོ། །ལས་གཞན་ལ་ཞིང་གི་ངེས་པ་དང་ཁྱིམ་གྱི་ངེས་པ་ལ་ སོགས་པ་དུས་ཀྱི་ངེས་པ་རྒྱ་ཆེར་ནི་སྦྱིན་སྲེག་གི་ཆོ་གར་ཡང་དག་པར་བསྡུས་སོ། ། འདིར་དགེ་བའི་ལས་ལ་ཕུར་བུ་དང་པ་སངས་དག་ཉི་མ་ལ་ཞུགས་པ་དང༌། བྱེད་ པ་བིཥྟི་དང་གཞན་ཡང་གདུག་པའི་གཟའ་དང་སྐར་མ་དང་སྦྱོར་བ་ལ་སོགས་པ་ ཡོངས་སུ་དོར་ནས་ནག་པའི་ཉ་གཙོ་བོར་བྱས་ཏེ་ཉ་བཅུ་གཉིས་པོ་གཟའ་སྐར་དང་ དུས་སྦྱོར་ལ་སོགས་པ་བཟང་པོ་དང་ལྡན་པ་རྣམས་ལ་དབང་བསྐུར་བར་བྱ་སྟེ། ཐིག་ གདབ་པ་ནི་བཅུ་གཉིས་པའི་ཉིན་ཞག་དང༌། ཚོན་དགྱེ་བ་ནི་བཅུ་གསུམ་པ་དང་བཅུ་ བཞི་པའི་ཉིན་ཞག་ལའོ། །དེ་བཞིན་དུ། དུས་སྦྱོར་ལ་སོགས་པ་བཟང་པོ་དང་ལྡན་པའི་ ཚེས་གྲངས་གཞན་ལ་ཡང་དབང་བསྐུར་བ་བསྒྲུབ་པར་བྱའོ། །ས་སྦྱང་བ་ལ་སོགས་པ་ནི་ དཀར་པོའི་ཕྱོགས་ཀྱི་གང་བ་གསུམ་ལ་སྟེ་ཞི་བ་ལ་སོགས་པའི་ལས་ལའོ། །དྲག་པོའི་ ལས་ནི་ནག་པོའི་ཕྱོགས་ཀྱི་གང་བ་གསུམ་ལ་སྟེ་འདི་ནི་དུས་ཀྱི་ངེས་པའོ། །དེ་ནས་ དཀྱིལ་འཁོར་གྱི་དོན་དུ་ས་ཡོངས་སུ་གཟུང་བ་ལ་སོགས་པ་བརྩམ་པར་བྱའོ། །དེ་ལ་ དང་པོར་སའི་མཚན་ཉིད་རིག་པར་བྱ་སྟེ། ཞི་བ་དང་རྒྱས་པ་ནི་གྲོང་ལ་སོགས་པའི་ དབང་ལྡན་དང་བྱང་དུ་དྲི་བཟང་པོ་དང་ལྡན་པའི་ས་དཀར་པོ་ཁ་བ་དང༌། བསྐ་བའི་ རོ་དང་ལྡན་པ་ལའོ། །ལས་ཐམས་ཅད་པ་ནི་དབུས་སུ་སྟེ་ས་ལྗང་ཁུ་ལའོ། ། ལས་གཞན་ ལ་ནི་སའི་ངེས་པ་གཞན་དང་གཞན་དུ་འགྱུར་ཏེ། ཁོ་བོས་སྦྱིན་སྲེག་གི་ཆོ་གར་བསྟན་ ཟིན་ཏོ། །ཅི་སྟེ་དེ་ལྟ་བུའི་ངེས་པ་དང་ལྡན་པའི་ས་མ་རྙེད་ན་ཡང་གང་དུ་དཀྱིལ་ འཁོར་ལ་སོགས་པ་བྱེད་པ་དེར་ཆུ་ལ་ཐུག་པའམ་རྡོ་ལ་ཐུག་པར་བརྐོས་ནས་ལས་དང་ རྗེས་སུ་མཐུན་པའི་ས་བསྒྲུབ་པར་བྱ་སྟེ། འདི་ནི་འཆད་པར་འགྱུར་རོ། །ས་ཡོངས་སུ་ བརྟག་པའི་ངེས་པའོ། ། དེ་ནས་དུས་སྦྱོར་ལ་སོགས་པ་བཟང་པོ་དང་ལྡན་པའི་ཚེས་ལྔ་དང་བཅུ་དང་བཅོ་ལྔ་ 7-1-266 དག་གམ་ཉི་མ་བཟང་པོ་གཞན་ལ་ཡང་རུང་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་རྡོ་རྗེ་ སློབ་དཔོན་དཀྱིལ་འཁོར་གྱི་དོན་དུ་བརྟགས་པའི་སར་སོང་ནས་དབུས་སུ་འཇམ་པའི་ སྟན་ལ་ཤར་དུ་མངོན་པར་ཕྱོགས་པས་འདུག་སྟེ། ཁ་དག་པ་དང་སྲུང་བའི་འཁོར་ལོ་ལ་ སོགས་པ་སྔོན་དུ་འགྲོ་བ་ཅན་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་དང་ཐིག་ ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་རྣམས་ཤིན་ཏུ་བསྒོམས་ནས་འདོད་པའི་ང་ རྒྱལ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་སཏྭ་ཧཾ་ཏུར་དཱན་ཏ་ད་མ་ཀ་ཧཱུཾ་ཧཱུཾ་ཕཊ་ སྭཱཧཱ། ཞེས་པ་འདིས་བདག་ཉིད་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་ལྷའི་ང་རྒྱལ་བྱས་ཏེ་ དེ་ནས་ཡོངས་སུ་གཟུང་བ་དང་སློབ་མ་བསྡུ་བ་དག་བྱའོ། ། དེ་ལ་འདི་ནི་ངེས་པ་སྟེ། དང་པོར་ཡུལ་དང་གྲོང་གི་བདག་པོ་ལ་སྒྲུབ་ཐབས་སུ་བསྟན་ པའི་ཆོ་གས་གཏོར་མ་བྱིན་ནས་ས་བསླང་བར་བྱ་སྟེ། གང་དག་འདིར་གནས་ལྷ་དང་ ཀླུ། ། གནོད་སྦྱིན་སྲིན་པོའམ་གཞན་ཡང་རུང༌། །དཀྱིལ་འཁོར་དོན་དུ་ས་འདི་ ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་པ་ལ་སོགས་པ་ཇི་ལྟར་རིགས་པའི་ཚིག་ གིས་སོ། །དེ་ནས་ས་དེའི་བདག་པོ་དང་ཞིང་སྐྱོང་ལ་སོགས་པར་རེ་ཞིག་གནས་གཞན་ དུ་གཤེགས་སུ་གསོལ་ཏེ། རང་གི་ལུས་ལ་རྡོ་རྗེ་རྣམས་བཀོད་ནས་དེ་ལས་འཕྲོས་པའི་རྡོ་ རྗེ་འབར་བ་རྣམས་ཀྱིས་ཕྱོགས་བཅུར་གནས་པའི་བདུད་དང་བགེགས་དང་ལོག་འདྲེན་ མཐའ་དག་བསྲེག་པར་བྱ་སྟེ། སྒྲུབ་ཐབས་སུ་བཤད་པའི་ཆོ་གས་སོ། ། དེ་ནས་རང་གི་སྙིང་གར་ཟླ་བའི་སྟེང་དུ་ལཱཾ་ལས་བྱུང་བའི་འཁོར་ལོ་སེར་པོ་དང་དེ་ ལས་བྱུང་བའི་སའི་ལྷ་མོ་སེར་མོ་སྤྱན་མ་ལྟ་བུ་ཞལ་གསུམ་མ། ཕྱག་དྲུག་གིས་འཁོར་ལོ་ དང༌། དབྱུག་པ་དང༌། རྡོ་རྗེ་དང༌། དུང་དང༌། ལྕགས་སྒྲོག་དང༌། རྡོ་རྗེ་དྲིལ་བུ་འཛིན་ ཅིང༌། གོས་སེར་པོ་དང་རིན་པོ་ཆེའི་རྒྱན་སེར་པོས་བརྒྱན་པ་རྣམ་པར་བསྒོམས་ནས། ཛཿཧཱུཾ་བཾ་ཧོཿ ཞེས་པ་དང༌། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱས་ཡེ་ཤེས་སེམས་ དཔའ་བཀུག་ནས་དམ་ཚིག་སེམས་དཔའ་དང་རོ་གཅིག་ཏུ་བྱས་ཏེ། དེ་ནས། ཨོཾ་ལཱཾ་ ཨཱཿཧཱུཾ་བ་སུན་དྷ་རི་སརྦ་བུད་དྷ་ཛ་ན་ནི་སརྦ་སཏྭ་ཨུ་པ་ཀཱ་རི་ཎི། བཛྲ་སཏྭ་ཨཱཛྙཱ་པ་ཡ་ 7-1-267 ཏི་ཤཱི་གྷྲཾ་ཨཱ་གཙྪ་ཨཱ་གཙྪ། ཨི་དཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ནཻ་བཻདྱ། ཕ་ལ་ཨཀྵ་ཏཾ། ད་དཱ་མི་ ཏ་བ་ཏྭ་མེ་བ་གྲྀཧྣ་གྲྀཧྣ་མཎྜལ་ལ་ཨརྠཾ་མ་མ་སྠཱཾ་ནཾ་ད་ད། ཞེས་པས་ཕྱི་རོལ་གྱི་སའི་ལྷ་མོ་ སྤྱན་དྲངས་ནས་མཆོད་ཡོན་དང་དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་ པར་མཆོད་དེ། རྒྱལ་བས་ལྷ་ཡི་བདག་པོ་དང་བཅས་བདུད་ནི་བཅོམ་པ་དག་ལ་ལྷ་མོ་ ཁྱོད་ནི་དཔང་དུ་གྱུར། །དེ་ཕྱིར་ཁྱོད་ནི་མཆོད་པར་བྱ་ཞིང་ལྷ་མཆོག་གིས་བཏུད་བཞེས་ ཤིག་བཞེས་ཤིག་བདག་གི་མཆོད་ཡོན་ནོ། ། ཇི་ལྟར་རྒྱལ་བས་བྱང་ཆུབ་སླད་དུ་བདུད་ ཀྱི་སྡེ་ནི་སྟོབས་ལྡན་དག་ཀྱང་རབ་ཏུ་བཅོམ་གྱུར་པ། །དེ་བཞིན་བདག་གིས་ཀྱང་ནི་ སློབ་མ་རྣམས་ལ་དབང་བསྐུར་སླད་དུ་བདུད་རྣམས་ཉམས་པ་དག་ཏུ་བྱ། །ཁྱོད་དཔང་ དུ་གྱུར་པས་སོ། །ཞེས་པ་དང༌། སརྦ་སཏྭ་ནཱཾ། ཤཱནྟིཾ། པུཥྟིཾ། ཀྲི་ཏྭ་ཤུ་བྷ་ཙིཏ་ཏེ་ན། ཨི་དཾ་སྠཱ་ ནཾ། ཏྱཀ་ཏྭཱ་ཨ་པ་ར་སྠཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་པ་རྣམས་ཀྱིས་སའི་ལྷ་མོ་ལ་གསོལ་བ་ བཏབ་ནས་སླར་ཡང་གཤེགས་སུ་གསོལ་བར་བྱའོ། ། དེ་ནས་ས་སྦྱང་བའི་སླད་དུ་ས་བདག་ལྟོ་འཕྱེ་བརྟགས་ནས་དེའི་ལྟོ་བ་ལས་ཅུང་ཟད་ མདུན་གྱི་ཆར་དང་པོར་བརྐོ་བར་བྱ་ཞིང་ཕྱེས་ནི་ཐམས་ཅད་དུའོ། །དེ་ཡང་ལས་བྱེད་ པ་རྣམས་བགེགས་མཐར་བྱེད་པ་ལ་སོགས་པའི་གཟུགས་སུ་བྱས་ནས་སའི་ལྷ་མོ་ནམ་ མཁར་བཀོད་དེ་ཆུ་ལ་ཐུག་པའམ་རྡོ་ལ་ཐུག་པར་བརྐོ་བར་བྱའོ། །དེ་ནས་ས་དེ་ཉིད་དུ་ རིན་ཆེན་ནམ་དུང་ངམ་འཆིང་བུ་མཐོང་ན་དགེ་བའི་ལས་ལ་བདེ་བ་སྟེར་བར་འགྱུར་ རོ། །ཅི་སྟེ་མིའི་རུས་པ་ལ་སོགས་པ་ཡོད་ན་དགེ་བའི་ལས་ལ་གེགས་བྱེད་པར་འགྱུར་ཏེ་ དེས་ན་སྦྱང་བར་བྱའོ། །དེ་ཡང་རྭ་དང་སོལ་བ་དང་རུས་པ་ལ་སོགས་པ་ཟུག་རྔུ་མཐའ་ དག་བསལ་ནས་ལས་དང་རྗེས་སུ་མཐུན་པའི་སས་དགང་བར་བྱ་སྟེ། ཞི་བ་དང་རྒྱས་པ་ ལ་ཙན་དན་དཀར་པོའི་ཆུས་བྲན་པའི་ས་དཀར་པོ་ཁ་བ་དང་བསྐ་བའི་རོ་དང་ལྡན་ པས་སོ། །ལས་ཐམས་ཅད་པ་ལ་ནི་ས་ལྗང་ཁུས་དགང་བར་བྱ་སྟེ་གཞན་ནི་འདིར་མ་ སྤྲོས་སོ། །དེ་དག་གིས་ནང་དུ་ལས་དང་མཐུན་པའི་གཏེར་གཞུག་པར་བྱ་སྟེ་ཞི་བ་ལ་ ཤེལ་དང་བཅས་པའི་རིན་པོ་ཆེ་ལྔ་དང༌། རྒྱས་པ་ལ་དུང་དང་བཅས་པའི་རིན་པོ་ཆེ་ 7-1-268 ལྔའོ། །ཐུན་མོང་གི་ལས་ཐམས་ཅད་པ་ལ་ནི་རིན་པོ་ཆེ་ལྔ་གཞུག་པར་བྱའོ། །དེ་ནས་ས་ དེ་ཉིད་དུ་སྟེགས་བུ་འཇམ་ཞིང་སྙོམས་ལ། དབུས་ཅུང་ཟད་མཐོ་བ་ལེགས་པར་འདུས་ བྱས་ཏེ་དྲིས་བྱུགས་ཤིང་མེ་ཏོག་སིལ་མ་གཅལ་དུ་དགྲམ་པར་བྱའོ། །དེའི་དབུས་སུ་རྒྱན་ ཐམས་ཅད་ཀྱིས་བརྒྱན་པའི་རྡོ་རྗེ་སློབ་དཔོན་ཤར་དུ་མངོན་པར་ཕྱོགས་པས་འདུག་སྟེ། སློབ་མ་རྣམས་བསྲུང་བའི་དོན་དང་གནས་བསྲུང་བའི་དོན་དུ་སྲུང་བའི་འཁོར་ལོ་རྒྱས་ པ་བསྒོམ་པར་བྱའོ། །དེ་ནས་བགེགས་དང་ལོག་འདྲེན་གཞན་རྣམས་ལ་ཕུར་བུས་གདབ་ པར་བྱ་སྟེ། ཞི་བ་ལ་ནྱ་ཀྲོ་དྷ་དང༌། རྒྱས་པ་ལ་ཨ་ཤྭད་ཐ་དང༌། ལས་ཐམས་ཅད་པ་ལ་ཨུ་ དུམ་བཱ་ར་ལ་སོགས་པ་ལས་དང་རྗེས་སུ་མཐུན་པའི་ཕུར་བུ་བཅུ་པོ་ཁྲོ་བོའི་རྒྱལ་པོ་ རྣམས་སུ་ཡང་དག་པར་བསྒོམས་ཏེ། གནས་བཅུར་གནས་པའི་གདུག་པ་རྣམས་ཀྱི་སྟེང་ དུ་སྔགས་ཀྱི་ཚིག་རྣམས་ཀྱིས་གདབ་པར་བྱ་ཞིང་བརྡུང་བའི་སྔགས་དང་རྡོ་རྗེ་ཐོ་བས་ བརྡུང་བར་བྱའོ། །དེ་ནས་ཕྱོགས་བཅུའི་ཕུར་བུ་རྣམས་བསྲུང་བའི་དོན་དུ་ཁྲོ་བོའྀ་རྒྱལ་ པོ་རྣམས་སྔགས་ཀྱི་ཚིག་གིས་ཕྱོགས་བཅུར་དགོད་པར་བྱ་སྟེ། སྔགས་ཀྱི་ཚིག་རྣམས་ནི་ སྒྲུབ་ཐབས་སུ་ཡང་དག་པར་བསྡུས་སོ། །དེ་ལ་སྟེང་གི་ཕུར་བུ་ནི་ཤར་གྱི་ཕུར་བུའི་ཤར་ དུའོ། །འོག་གི་ཕུར་བུ་ནི་ནུབ་ཀྱི་ཕུར་བུའི་ནུབ་ཏུ་སྟེ། གཞན་རྣམས་ནི་རང་རང་གི་ གནས་སུའོ། །དེ་ནས་ཁྲོ་བོའི་དབང་པོའི་ང་རྒྱལ་དང་ལྡན་པས་གཡོན་དང་གཡས་ཀྱི་ རྐང་མཐིལ་དག་ལ་གྲངས་བཞིན་དུ་ཧུཾ་ཧཱུཾ་ཞེས་པ་ཡང་དག་པར་བཀོད་ཅིང༌། རྡོ་རྗེ་རྩེ་ ལྔ་པའི་ཕྱག་རྒྱས་རེག་ནས་རྡོ་རྗེའི་རྐང་སྟབས་ཀྱིས་དཀྱིལ་འཁོར་གྱི་དབུས་སུ་བཅག་ པར་བྱ་སྟེ། དུས་ཀྱི་འཁོར་ལོའི་སྐུའི་གཡས་བརྐྱང་དང་གཡོན་བརྐྱང་དང་མཉམ་པའི་ སྟབས་ཀྱིས་སོ། །དེ་བཞིན་དུ། ཡཾ་ཡཿབཀོད་ཅིང་རལ་གྲིའི་ཕྱག་རྒྱས་རེག་ནས་ཤར་དུ་ བཅག་པར་བྱ་སྟེ་ཟླུམ་པོའི་སྟབས་ཀྱིས་སོ། །དེ་བཞིན་དུ། རཾ་རཱཿ བཀོད་ཅིང་རིན་པོ་ཆེའི་ ཕྱག་རྒྱས་རེག་ནས་ལྷོར་བཅག་པར་བྱ་སྟེ་རོལ་པའི་སྟབས་ཀྱིས་སོ། །དེ་ནས་ལཾ་ ལཱཿབཀོད་ཅིང་འཁོར་ལོའི་ཕྱག་རྒྱས་རེག་སྟེ་ནུབ་ཏུ་རྡོ་རྗེའི་གདན་གྱིས་བྱིན་གྱིས་ བརླབ་པའམ་ས་གའི་སྟབས་ཀྱིས་བཅག་པར་བྱའོ། །དེ་བཞིན་དུ། ཝཾ་ཝཱཿབཀོད་ཅིང་པད་ 7-1-269 མའི་ཕྱག་རྒྱས་རེག་སྟེ་བྱང་དུ་པད་མའི་གདན་གྱིས་བྱིན་གྱིས་བརླབ་པའམ་ཏཱཎ་ཌ་ བའི་སྟབས་ཀྱིས་བཅག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞི་དྲི་ལ་སོགས་པ་ཡང་ དག་པར་མཆོད་དེ། ཨོཾ་ཨཱཿལཱཾ་ཧཱུཾ་བཛྲ་བྷཱུ་མི་ཏིཥྟ་མ་ཨ་ཙ་ལ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཱཛྙཱ་ པ་ཡ་ཏི་སྭཱཧཱ། ཞེས་པ་འདིས་རྡོ་རྗེའི་ས་སྤྱན་དྲངས་ནས་དཀྱིལ་འཁོར་གྱི་ས་གཞི་དང་ རོ་གཅིག་ཏུ་བྱས་ཏེ། སླར་ཡང་མཆོད་ཡོན་ལ་སོགས་པ་དབུལ་བར་བྱའོ། །གང་ཡང༌། ཁང་བཟང་བྲག་སྟེང་བ་ལང་ལྷས། །གཙུག་ལག་ཁང་སོགས་ཆུ་འགྲམ་དང༌། །སྔོན་དུས་ བྱས་པའི་གནས་དག་ཏུ། །མ་བརྐོས་ན་ཡང་དག་པ་ཡིན། །ཞེས་པ་དེར་ཡང་ཇི་སྐད་ བསྟན་པའི་ཆོ་ག་མཐའ་དག་སྦྱར་བར་བྱ་སྟེ། འོན་ཀྱང་འདིར་ལྟོ་འཕྱེ་བརྟག་པ་དང༌། ས་བརྐོ་བ་དང་སེལ་དབྱུང་བ་རྣམས་ནི་དགོས་པ་མེད་དོ། །ཕྱུགས་ལྷས་དང་ཆུ་འགྲམ་ ལ་སོགས་པ་འགའ་ཞིག་ཏུ་ནི་ལས་དང་མཐུན་པའི་ས་ལས་བྱས་པའི་སྟེགས་བུར་ གཏེར་གཞུག་པ་དང་སྟངས་སྟབས་ཀྱིས་བཅག་པ་ཡང་རུང་བ་ཉིད་དོ། ། དེར་ཡང་ས་སྦྱང་བ་ནི། རྡོ་རྗེ་དང་བཅས་པའི་ལག་པས་རེག་ཅིང་ཨོཾ་བྷཱུ་ཁཾ་ཞེས་པ་ལ་ སོགས་པས་ས་གཞི་སྟོང་པ་ཉིད་རང་བཞིན་གྱིས་རྣམ་པར་དག་པར་བལྟས་ནས་རྡོ་རྗེའི་ ས་སྤྱན་དྲངས་པ་དང་རོ་གཅིག་ཏུ་བྱའོ། །རྡོ་རྗེའི་ས་ལྷག་པར་གནས་པའི་ཆོ་ག་སྟེ་རྩ་ བའི་རྒྱུད་རྣམས་ཀྱི་རྗེས་སུ་འཇུག་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲེལ་པ་ལས་ ངེས་པའོ། ། འདིར་བདུད་བསྲེགས་ནས་སྲུང་བའི་འཁོར་ལོ་བསྒོམས་པའི་མཐར་སྟངས་ སྟབས་ངེས་པས་ས་བཅག་པ་ཙམ་གསུངས་ཀྱི་བགེགས་ལ་བཀའ་བསྒོ་བ་ལ་སོགས་པ་ནི་ གསུངས་པ་མེད་དེ། གང་གི་ཕྱིར་དེ་དག་ནི་དང་པོར་བསྲེགས་ཟིན་པའི་ཕྱིར་དང༌། ལྷག་མ་རྣམས་ལ་ཡང་ཕུར་བུས་བཏབ་ཟིན་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་མ་གསུངས་ཀྱང་ བསྡུས་པའི་རྒྱུད་ཙམ་དང་པཎྜི་ཏའི་རྗེས་སུ་འབྲངས་ནས་དཀྱིལ་འཁོར་གྱི་དབུས་སུ་ ལྷའི་རྣལ་འབྱོར་བསྒོམས་ཏེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་ བདག་ལ་དགོངས། །ཞེས་པ་ལ་སོགས་པས་སངས་རྒྱས་རྣམས་ལ་སྙན་གསན་དབབ་ཅིང་ མཆོད་ནས། སེམས་ཅན་ཀུན་གྱིས་སེམས་ཆེན་པོ། །ཞེས་པ་ལ་སོགས་པ་ཕྱོགས་བཞི་ནས་ 7-1-270 གསོལ་བ་བཏབ་པ་ལས། བསྒོམས་པའི་དཀྱིལ་འཁོར་རྣམ་པར་བཀོད་དེ། ཕྱག་དང༌། སེམས་བསྐྱེད་པ་དང༌། ཁྲོ་བོའི་ང་རྒྱལ་དང༌། རྡོ་རྗེའི་ལྟ་བས་ཕྱོགས་ཐམས་ཅད་དུ་ལྟ་ ཞིང་འགྲོ་བས་ང་རྒྱལ་བསྐྱེད་པ་དང༌། རྡོ་རྗེའི་རྐང་སྟབས་ཀྱིས་ཕྱོགས་རྣམས་སུ་བསྐོར་ ཅིང་བགེགས་ལ་བཀའ་བསྒོ་བ་དང༌། དཀྱིལ་འཁོར་གྱི་ས་གཞི་རྡོ་རྗེའི་རང་བཞིན་དུ་ བྱིན་གྱིས་བརླབས་པ་དང༌། ཐབས་དང་ཤེས་རབ་ཁ་སྦྱོར་གྱི་གར་དང༌། གཡས་བརྐྱང་ ལ་སོགས་པ་གནས་ངེས་པ་ལྔ་ཅན་ལྔ་དང༌། སྐྱེས་པའི་རྐང་སྟབས་གྱི་ལ་སོགས་པ་ གནས་ངེས་པ་མེད་པ་བརྒྱད་དང༌། རྒྱ་མཚོའི་རླབས་ལ་སོགས་པ་གོམ་པ་བགྲོད་པའི་ ཚུལ་བཞི་དང༌། བསྣུན་པ་ལ་སོགས་པ་ཀུན་ཏུ་བསྐྱོད་པ་དགུ་དང༌། རྡོ་རྗེ་བསྒྲེང་བ་ལ་ སོགས་པའི་ཚུལ་དྲུག་དང༌། རལ་གྲི་ལ་སོགས་པའི་ཚུལ་བཅུ་གསུམ་དང༌། གདན་གྱི་ ཚུལ་བཅུ་དང༌། རྡོ་རྗེ་ལྟ་བ་གཉིས་དང༌། གར་གྱི་ཉམས་དགུ་ལ་སོགས་པ་ཐམས་ཅད་ དམ་ཇི་ལྟར་རིགས་པ་བྱེད་ན་ཡང་དེའི་བྱ་བ་སུ་ཡིས་འགོག །དེ་བཞིན་དུ། ས་ལྷག་པར་ གནས་པ་ལས་གཞན་པའི་སའི་ཆོ་ག་ཡང་གསུངས་པ་མེད་ཅིང༌། སངས་རྒྱས་རྣམས་ལ་ གསོལ་བ་གདབ་པ་ལས་གཞན་པའི་ལྷ་ལྷག་པར་གནས་པ་ཞེས་པ་ཡང་གསུངས་པ་ མེད་དོ། །དེས་ན་འདིར་དཀྱིལ་འཁོར་ཆེན་པོ་བྲི་བའི་སླད་དུ་སངས་རྒྱས་རྣམས་ལ་ གསོལ་བ་གདབ་པ་ནི། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་ཡང་ དག་པར་མཆོད་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བདུག་སྤོས་དང་ བཅས་པའི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པས་སམ་མེད་པས་ཀྱང་རུང་སྟེ། སེམས་ཅན་ རྣམས་ནི་ཐར་པའི་སླད་དུ་ཆྒཻ་བདག་ཀྱང་གཙོ་བོའི་དཀྱིལ་འཁོར་དག་ནི་བཞེངས་པར་ བགྱིད། །གང་དག་ཕྱོགས་རྣམས་ཀུན་ནའང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉེས་པ་ རྣམ་བྲལ་བཙུན་མོ་དང་བཅས་པ། །དེ་དག་རྣམས་ཀྱི་མཆོག་གི་ཐུགས་རྗེས་དཀྱིལ་ འཁོར་དུ་ནི་དབང་བསྐུར་སླད་དུ་བདག་ལ་བསྐྱང་དུ་གསོལ། །ཞེས་ལན་གསུམ་དུ་ གསོལ་བ་གདབ་པར་བྱ་སྟེ། སངས་རྒྱས་ལ་སོགས་པ་རྣམས་ལ་གསོལ་བ་གདབ་པའི་ ངེས་པའོ། ། 7-1-271 དེ་ནས་བུམ་པ་སྟ་གོན་དུ་གནས་པ་བྱའོ། །དེ་ལ་བུམ་པ་ནི་ཞི་བ་དང་རྒྱས་པ་ལ་ཤེལ་ དང་དངུལ་གྱི་རང་བཞིན་ཏེ། ལྟོ་བ་ཟླུམ་པོའི་ནང་གི་རྒྱར་སོར་བཅུ་དྲུག་དང༌། དཔངས་སུ་སོར་བཅུ་བཞིའོ། །དེའི་སྟེང་དུ་མགྲིན་པ་སོར་དྲུག་པ་སྟེ། དེ་ལྟར་དཔངས་ ལ་སོར་ཉི་ཤུའོ། ། ཁའི་རྒྱར་ནི་སོར་བརྒྱད་དེ། འདི་ཆ་གསུམ་དུ་རྣམ་པར་ཕྱེ་བའི་ཆ་ གཉིས་ཀྱིས་མགུལ་བའི་སྦུབས་དང༌། ཆ་གཅིག་གིས་གཡས་དང་གཡོན་གྱི་མཆུ་དག་ གིས་ཞེང་ངོ༌། །མཆུའི་མཐར་ཡང་སོར་གཉིས་འོག་ཏུ་འཕྱང་བ་སྟེ་ཇི་ལྟར་མཛེས་ པའོ། །འདིར་སོར་རྣམས་ནི་མཐེ་བོའི་ལྟོ་སྟེ་ཁྲུའི་ཉི་ཤུ་རྩ་བཞི་ཆའོ། །ཅི་སྟེ་ཤེལ་ལ་ སོགས་པ་མ་རྙེད་ན་ཡང་ས་ལས་བྱས་པ་ཇི་སྐད་བཤད་པའི་མཚན་ཉིད་ཅན་རྩ་བ་དང་ ནག་ནོག་མེད་པ་རྣམས། ཙན་དན་དཀར་པོ་དང་སཱ་ལི་བཏགས་པ་ལ་སོགས་པས་ བྱུགས་ནས་དཀར་པོར་བྱས་ཏེ་ལས་ཐམས་ཅད་པ་ལ་ཡང་འདི་དག་ཉིད་དོ། །ལས་ གཞན་ལས་ནི་རྣམ་པ་གཞན་དུ་འགྱུར་ཏེ་ཁོ་བོས་ནང་གི་མུན་སེལ་དུ་བསྡུས་སོ། །དེ་ ཡང་བུམ་པ་ལྔའི་བྱ་བ་ལ་རྒྱལ་བའི་བུམ་པ་དང་ཕྱོགས་བཞིའི་བུམ་པ་སྟེ། དྲུག་པ་དུང་ ཆོས་ནི་འདིར་རྣམ་པར་རྒྱལ་བའོ། །བུམ་པ་བཅུའི་བྱ་བ་ལ་ནི་དེའི་སྟེང་དུ་མཚམས་ བཞིའི་བུམ་པ་དང༌། རྣམ་པར་རྒྱལ་བའི་བུམ་པ་སྟེ་བཅུ་གཅིག་པ་དུང་ཆོས་ནི་འདིར་ རྣམ་པར་རྒྱལ་བ་ཆེན་པོའོ། །དེ་ལྟར་བུམ་པ་བརྒྱ་སྟོང་ལ་ཡང་རྒྱལ་བའི་བུམ་པའི་སྟེང་ དུ་དུང་ཆོས་བཞག་པར་བྱ་སྟེ། ཞི་བ་དང་རྒྱས་པ་ལའོ། །དྲག་པོའི་ལས་ལ་ནི་ཐོད་ པའོ། །དབང་དང་དགུག་པ་ལ་ནི་ཟངས་དང་གསེར་གྱི་སྣོད་དོ། །རྨོངས་པ་དང་རེངས་ པ་ལ་ནི་ཁམ་ཕོར་རོ་ཞེས་ཀྱང་རིག་པར་བྱའོ། །དེ་ལྟར་བུམ་པ་ཐམས་ཅད་ཀྱི་མགྲིན་ པར་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཀྱི་གོས་གཙང་མས་བརྒྱན་ཅིང༌། ཡལ་འདབ་ དང་བཅས་པའི་ཤིང་གིས་ཁ་བརྒྱན་ནས་སྲད་བུ་དཀར་པོ་ལ་སོགས་པའི་ལས་དང་ རྗེས་སུ་མཐུན་པའི་སྲད་བུ་རྣམས་ཀྱིས་དཀྲི་བར་བྱ་ཞིང༌། རིན་པོ་ཆེ་ལ་སོགས་པ་ གཞུག་པར་བྱའོ། །དེ་ཡང་འབྱོར་བའི་དབྱེ་བས་རྡོ་རྗེ་རིན་པོ་ཆེ་རིགས་ལྔ་སྟེ་ཁ་དོག་ལྔ་ རྣམས་དང༌། ཨིནྡྲ་ནཱི་ལ་དང༌། པད་མ་རཱ་ག་དང༌། ཟླ་བ་ཆུ་ཤེལ་དང༌། ཀར་ཀེ་ཏ་ཀ་ 7-1-272 དང༌། མ་ར་ཀ་ཏ་སྟེ་རིན་པོ་ཆེ་ལྔ་རྣམས་དང༌། གསེར་དང༌། དངུལ་དང༌། ཟངས་དང༌། ལྕགས་རྣོན་པོ་དང༌། ཁབ་ལེན་ཏེ་ལྕགས་རྣམས་དང༌། མུ་ཏིག་དང༌། བྱུ་རུ་དང༌། མུ་ མེན་དང༌། ཤཱུ་ལ་མ་ཎི་དང༌། ཐིག་ལེ་དྲུག་པ་སྟེ། རིན་པོ་ཆེ་འབྲིང་པོ་རྣམས་དང༌། ཤེལ་ དང༌། ཛཱི་བ་ཛཱ་ཏི་དང༌། ཌཽ་ཧ་རི་དང༌། འཆིང་བུ་དང༌། ནོར་བུ་ལྗང་ཁུ་སྟེ་རིན་པོ་ཆེ་ཐ་ མ་རྣམས་ལ་ཇི་ལྟར་རྙེད་པའམ། དེ་དག་མེད་ན་ཁ་དོག་ལྔའི་མེ་ཏོག་དྲི་བཟང་པོ་དང་ ལྡན་པ་གཞུག་པར་བྱའོ། །དེ་བཞིན་དུ། དྲི་དང་སྨན་དང་འབྲུ་རྣམས་ནི་ཆའི་དབྱེ་བས་ རེ་མིག་ཉི་ཤུ་རྩ་ལྔར་བཀོད་པ་ལས། ཐད་ཀའམ་སྟེང་འོག་ལ་སོགས་པའི་ལྔ་ཚན་གང་ ཡང་རུང་བ་བཟུང་བར་བྱ་སྟེ་ཚེས་ཀྱི་དབྱེ་བས་ཆ་བཅོ་ལྔའི་བདག་ཉིད་ཇི་ལྟར་རྙེད་ པའོ། །དེ་ལ་དྲི་ནི། ཨེ་ལ་ཆ་གཉིས་དང༌། ག་པུར་ཆ་གཅིག་དང༌། པྲི་ཀའི་མེ་ཏོག་ཆ་ གསུམ་དང༌། སིཧླ་ཀ་ཆ་བཞི་དང༌། གླ་སྒང་ཆ་ལྔ་སྟེ་ལྔ་ལྔ་ཚན་དང་པོ་དང༌། པྲི་ཡཾ་ཀུའི་ མེ་ཏོག་ཆ་གསུམ་དང༌། ཨ་ཀ་རུ་ནག་པོ་ཆ་བཞི་དང༌། ཤཻ་ལཻ་ཡ་ཆ་ལྔ་དང༌། ཀཀྐོ་ལ་ཆ་ གཉིས་དང༌། སིཾ་ཧ་མུ་དྲ་ཆ་གཅིག་སྟེ་ལྔ་ཚན་གཉིས་པ་དང༌། རུ་རྟ་ཆ་ལྔ་དང༌། ཛཱ་ཏི་ཕ་ ལ་ཆ་གཉིས་དང༌། གླ་རྩི་ཆ་གཅིག་དང༌། གུར་གུམ་ཆ་གསུམ་དང༌། མུ་ར་ཆ་བཞི་སྟེ་ལྔ་ ཚན་གསུམ་པ་དང༌། སུ་ཏྲ་ཀེ་ཤ་ཆ་གཅིག་དང༌། ནཱ་ག་གེ་སར་གྱི་མེ་ཏོག་ཆ་གསུམ་ དང༌། ཙན་དན་ཆ་བཞི་དང༌། ཨུ་ཤཱི་ར་ཀ་ཆ་ལྔ་དང༌། ཏ་མཱ་ལའི་ལོ་མ་ཆ་གཉིས་ཏེ་ལྔ་ ཚན་བཞི་པ་དང༌། སྤང་སྤོས་ཆ་བཞི་དང༌། བཱ་ལ་ཀ་ཆ་ལྔ་དང༌། འཁྲི་ཤིང་གླ་རྩི་ཆ་ གཉིས་དང༌། བྷེ་རུཎ་ཌ་བཥྟ་ཆ་གཅིག་དང༌། བིཎ་ཌི་ཏ་ཀ་རའི་མེ་ཏོག་ཆ་གསུམ་སྟེ་ལྔ་ ཚན་ལྔ་པོ་དག་ལས་ཇི་ལྟར་རྙེད་པའི་ལྔ་ཚན་ནོ། །དེ་བཞིན་དུ། སྨན་ཡང༌། པྲཧྨ་ད་ཎ་ ཌཱི་ཆ་གཉིས་དང༌། བིཥྞུ་གྲན་ཏ་ཆ་གཅིག་དང༌། རུ་ཏྲ་ཛ་ཊཱ་ཆ་གསུམ་དང༌། པྲ་སི་དྭཱ་ཆ་ བཞི་དང༌། དེ་བ་དཱ་ལིཿཆ་ལྔ་སྟེ་ལྔ་ཚན་དང་པོ་དང། ཨིན་དྲ་བཱ་དུ་ཎཱི་ཆ་གསུམ་དང༌། ལ་ཀཱ་ཎཱ་ཆ་བཞི་དང༌། བཱ་རཱ་ཧ་ཀརྞུ་ཆ་ལྔ་དང༌། ཀརྞྞི་ཀཱ་ཆ་གཉིས་དང༌། ཨ་དྷོ་པུཥྤི་ཀཱ་ ཆ་གཅིག་སྟེ་ལྔ་ཚན་གཉིས་པ་དང༌། མུ་ཥ་ལཱི་ཆ་ལྔ་དང༌། རུ་དན་ཏཱི་ཆ་གཉིས་དང༌། ཛྱོ་ ཏི་པྱ་ཏི་ཆ་གཅིག་དང༌། ཛཱ་ལུ་ཨཱ་ཆ་གསུམ་དང༌། ཨརྐ་ཆ་བཞི་སྟེ་ལྔ་ཚན་གསུམ་པ་ 7-1-273 དང༌། པུ་ཏྲཾ་ཛཱ་རཱི་ཆ་གཅིག་དང༌། ཧ་ས་དེ་བཱ་ཆ་གསུམ་དང༌། ཀྲི་ཏཱ་ཉྫ་ལི་ཆ་བཞི་དང༌། ཨ་ཛ་ཀརྞྞཱ་ཆ་ལྔ་དང༌། མོ་ཧ་ནཱི་བ་ཊ་པྲ་ཏྲི་ཀ་ཆ་གཉིས་ཏེ་ལྔ་ཚན་བཞི་པ་དང༌། པྲ་ཧ་ ཏཱི་ཆ་བཞི་དང༌། བྷྲིཾ་ག་རཱ་ཛ་ཆ་ལྔ་དང༌། ཤིང་དངར་ཆ་གཉིས་དང༌། ཀཎ་ཊ་ཀཱ་རཱི་ཆ་ གཅིག་དང༌། མ་ཡཱུ་ར་ཤིང་ཁཱ་ཆ་གསུམ་སྟེ་ལྔ་ཚན་ལྔ་པོ་དག་ལས་ཇི་ལྟར་རྙེད་པའི་ལྔ་ ཚན་ནོ། །དེ་བཞིན་དུ། འབྲུ་ཡང༌། སོ་བ་ཆ་གཉིས་དང༌། སོ་བ་ཆེན་པོ་ཆ་གཅིག་དང༌། མོན་སྲན་ཆ་གསུམ་དང༌། ཙ་ན་ཀ་དཀར་པོ་ཆ་བཞི་དང༌། ཏིལ་ནག་པོ་ཆ་ལྔ་སྟེ་ལྔ་ཚན་ དང་པོ་དང༌། གོ་ཏྲ་བཱ་ཆ་གསུམ་དང༌། མུད་གཱ་ཆ་བཞི་དང༌། སྲན་མ་ཆ་ལྔ་དང༌། ཏིལ་ དཀར་པོ་ཆ་གཉིས་དང༌། གྲོ་ཆ་གཅིག་སྟེ་ལྔ་ཚན་གཉིས་པ་དང༌། མཽཥྛ་ཆ་ལྔ་དང༌། ཏྲི་ པུ་ཊཱ་ཆ་གཉིས་དང༌། ཡུངས་ནག་ཆ་གཅིག་དང༌། ནས་ཆ་གསུམ་དང༌། མོན་སྲན་ཆ་ བཞི་སྟེ་ལྔ་ཚན་གསུམ་པ་དང༌། སྲན་ཆུང་ཆ་གཅིག་དང༌། ཡུངས་ཀར་ཆ་གསུམ་དང༌། ཁྲེ་ཆ་བཞི་དང༌། རུ་བ་རི་ཀཱ་ཆ་ལྔ་དང༌། བར་བ་ཊི་ཀཱ་ཆ་གཉིས་ཏེ་ལྔ་ཚན་བཞི་པ་དང༌། ཨ་ཏ་ཤཱི་ཆ་བཞི་དང༌། བ་ར་ཌཱི་ཆ་ལྔ་དང༌། བརྞྞཱ་ཆ་གཉིས་དང༌། གུ་ལན་ཐཱ་ཆ་གཅིག་ དང༌། ཙ་ན་ཀ་ནག་པོ་ཆ་གསུམ་སྟེ་ལྔ་ཚན་ལྔ་པོ་དག་ལས་ཇི་ལྟར་རྙེད་པའི་ལྔ་ཚན་ ནོ། །འདིར་ཆའི་དབྱེ་བ་ནི་ རྡོག་པོའི་གྲངས་ཀྱིས་རིག་པར་བྱའོ། །དེ་ལྟར་སྨན་དང་འབྲུ་ རྣམས་ནི་ཁོ་བོས་བཀོད་པའི་རེའུ་མིག་ལས་ཀྱང་རྟོགས་པར་བྱའོ། །དེ་ལ་རིན་པོ་ཆེ་ ལྗང་ཁུ་དང༌། ཁབ་ལེན་གྱི་ལྕགས་དང༌། ཆ་གཅིག་པའི་སྨན་དང་དྲི་དང་འབྲུ་རྣམས་ནི་ དུང་ཆོས་སུ་གཞུག་པར་བྱའོ། །དེ་བཞིན་དུ། རིན་པོ་ཆེ་སྔོན་པོ་དང༌། ཁབ་ལེན་གྱི་ ལྕགས་དང༌། ཆ་གཅིག་པའི་སྨན་དང་དྲི་དང་འབྲུ་རྣམས་ནི་རྒྱལ་བ་དང་རྣམ་པར་རྒྱལ་ བའི་བུམ་པ་ལའོ། །རིན་པོ་ཆེ་ནག་པོ་དང༌། ལྕགས་རྣོན་པོ་དང༌། ཆ་གཉིས་པའི་སྨན་ དང་དྲི་དང་འབྲུ་རྣམས་ནི་ཤར་དང་མེའི་བུམ་པ་ལའོ། །རིན་པོ་ཆེ་དམར་པོ་དང༌། ཟངས་དང༌། ཆ་གསུམ་པའི་སྨན་དང་དྲི་དང་འབྲུ་རྣམས་ནི་ལྷོ་དང་བདེན་བྲལ་གྱི་བུམ་ པ་ལའོ། །རིན་པོ་ཆེ་དཀར་པོ་དང༌། དངུལ་དང༌། ཆ་བཞི་པའི་སྨན་དང་དྲི་དང་འབྲུ་ རྣམས་ནི་བྱང་དང་དབང་ལྡན་གྱི་བུམ་པ་ལའོ། །རིན་པོ་ཆེ་སེར་པོ་དང༌། གསེར་དང༌། 7-1-274 ཆ་ལྔ་པའི་སྨན་དང་དྲི་དང་འབྲུ་རྣམས་ནི་ནུབ་དང་རླུང་གི་བུམ་པ་ལ་སྟེ། ཐམས་ཅད་ སྲོག་ཆགས་མེད་པའི་ཆུ་གཙང་མ་དང་ལྡན་པ་ལའོ། ། དེ་ལྟར་རིན་པོ་ཆེ་ཁ་དོག་ལྔ་ དང༌། ལྕགས་ལྔ་དང༌། ནགས་ཀྱི་སྨན་ལྔ་དང༌། དྲིའི་རྫས་ལྔ་དང༌། འབྲུ་ལྔ་རྣམས་རིགས་ དང་ཁ་དོག་དང་ཆའི་དབྱེ་བས་བུམ་པ་སོ་སོར་གཞུག་པར་བྱ་ཞིང༌། སླར་ཡང་ལྔ་ཚན་ ལྔ་པོ་དེ་དག་ཐུམ་པོར་བཅིངས་ནས་རྣམ་པར་རྒྱལ་བའི་དུང་ཆུས་གང་བར་གཞུག་ པར་བྱ་སྟེ། སྐྱེ་བའི་གནས་ལྔར་དབང་བསྐུར་བའི་དོན་དུའོ། །དེ་ལ་དཀྱིལ་འཁོར་གྱི་ དབུས་སུ་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་དང༌། གཞན་རྣམས་ཀྱང་གནས་ཇི་ལྟ་ བར་བཀོད་ནས། ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྼྀཾ་ཧྼཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་རྣམས་ལས་ཡང་དག་པར་བྱུང་བའི་ བདུད་རྩིའི་བུམ་པ་རྣམས་སུ་བལྟ་བར་བྱའོ། །དེ་ནས་འཆད་པར་འགྱུར་བའི་ཆོ་གས་ རང་གི་སྙིང་གར་ཟླ་བ་དང་ཉི་མ་དང་སྒྲ་གཅན་ལ་གནས་པའི་དུས་ཀྱི་འཁོར་ལོའི་ཤེས་ རབ་དང་བཅས་པ་རྣམ་པར་བསྒོམས་ཏེ། དེ་དག་གི་ཐུགས་ཀར་གནས་པའི་ཟླ་བ་དང་ ཉི་མ་ཁ་སྦྱར་བ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་ནས་དེས་བཀུག་པའི་ཡེ་ཤེས་ཀྱི་ བདུད་རྩི་དང་ལྷན་ཅིག་རོ་གཅིག་ཏུ་བྱས་ཏེ། ཨོཾ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྼྀཾ་ཧྼཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་བཛྲ་པད་ མ་ཨ་མྲྀ་ཏ་གྷ་ཊ་སུ་བི་ཤུདྡྷ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་སརྦ་དྷརྨྨཱན་སུ་བི་ཤུདྡྷ་དྷརྨྨ་དྷཱ་ཏུ་སྭ་བྷཱ་ བཱན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་བཟླ་བར་བྱའོ། ། དེ་བཞིན་དུ། དྲི་ལ་སོགས་པའི་མཆོད་པ་ རྣམས་ཀྱང་དབུལ་བར་བྱ་སྟེ། རྡོ་རྗེའི་བུམ་པ་སྟ་གོན་དུ་གནས་པའི་ཆོ་གའོ། །འདིར་ བུམ་པ་སོ་སོ་ལ་རིགས་སོ་སོའི་ལྷའི་བསྒོམ་བཟླས་ནི་གསུངས་པ་མེད་དེ། གང་གི་ཕྱིར་ རྒྱལ་བ་དང་རྣམ་པར་རྒྱལ་བ་ནི་ཁུ་བ་དང་རྡུལ་འགགས་པའི་ཕྱིར་བདུད་རྩིའི་བུམ་ པའོ། །དེ་བཞིན་དུ། ཤར་དང་མེར་གནས་པའི་རྐང་འགགས་པ་དང༌། ལྷོ་དང་བདེན་ བྲལ་དུ་གནས་པ་ནི་ཁྲག་འགགས་པ་དང༌། བྱང་དང་དབང་ལྡན་དུ་གནས་པ་ནི་གཅི་ བ་འགགས་པ་དང༌། ནུབ་དང་རླུང་དུ་གནས་པ་ནི་བཤང་བ་འགགས་པ་ཉིད་ཀྱི་ཕྱིར་ བདུད་རྩིའི་བུམ་པ་སྟེ་འཆི་བ་མེད་པ་སྟེར་བའི་ཕྱིར་རོ། །དེས་ན་འདིར་བདུད་རྩིའི་ བུམ་པར་སྒྲུབ་པ་ཉིད་ནི་འཕགས་པའི་དགོངས་པའོ། །དེ་བཞིན་དུ། སློབ་མ་ལ་སོགས་པ་ 7-1-275 གསང་བའི་དོན་དུ་འདི་དག་ལས་གཞན་པ་ལས་ཐམས་ཅད་པའི་བུམ་པ་ཞེས་པ་ཡང་ གསུངས་པ་མེད་དེ། གང་གི་ཕྱིར་སློབ་མ་གསང་བ་ནི་དུང་ཆོས་ཀྱི་ཆུ་ཉིད་ཀྱིས་བྱེད་ པའི་ཕྱིར་དང༌། སྦྱིན་སྲེག་ལ་སོགས་པ་སྐབས་གཞན་དུ་ནི་བསང་གཏོར་གྱི་ཆུས་བྱ་བར་ གསུངས་པའི་ཕྱིར་རོ། །ཧ་ཅང་སྤྲོས་པས་ཆོག་གོ ། དེ་ནས་རྡོ་རྗེའི་ཐིག་སྐུད་ལྷག་པར་གནས་པར་བྱའོ། །དེ་ཡང་གཞོན་ནུ་མས་བཀལ་བའི་ སྲད་བུ་དུ་མ་གསུམ་སྒྲིལ་གྱི་བདག་ཉིད་དུ་བྱ་སྟེ། རྩ་དུ་མ་འདུས་པ་ལུས་དང་ངག་དང་ སེམས་ཀྱི་རྩ་གསུམ་གཅིག་ཏུ་འདྲེས་པའི་བདག་ཉིད་དོ། །སྦོམས་ཀྱི་ཚད་ནི་ནས་གཅིག་ སྟེ་སློབ་དཔོན་གྱི་མཐེ་བོའི་བརྒྱད་ཆེའོ། །སྲིད་དུ་ནི་དཀྱིལ་འཁོར་གྱི་ཉིས་འགྱུར་ཏེ། འདིར་འཛིན་པའི་ཆ་མ་གཏོགས་པ་ཁྲུ་བརྒྱད་དོ། །གལ་ཏེ་རྒྱུད་གཞན་ལས་ཐིག་ སྐུད་སྦོམས་སུ་སྒོའི་ཉི་ཤུ་ཆ་དང༌། སྲིད་དུ་དཀྱིལ་འཁོར་ལས་ཉིས་འགྱུར་དུ་གསུངས་པ་ མ་ཡིན་ནམ། འདིར་སྦོམས་སུ་ནས་ཙམ་དང་སྲིད་དུ་ཁྲུ་བརྒྱད་ཅེས་པ་ཇི་ལྟར་ཞེ་ན། གསུང་དེ་ནི་དཀྱིལ་འཁོར་ཁྲུ་གང་ཙམ་གྱི་དབང་དུ་བྱས་ཀྱི་ཐམས་ཅད་དུ་ངེས་པ་ནི་མ་ ཡིན་ནོ། ། ཅི་སྟེ་ཡིན་ན་ཁྲུ་སྟོང་པའི་དཀྱིལ་འཁོར་ལ་ཐིག་སྐུད་སྦོམས་སུ་སོར་དྲུག་ལྷག་ པའི་ཁྲུ་དྲུག་དང་ལྡན་ཞིང༌། སྲིད་དུ་ཁྲུ་ཉིས་སྟོང་དང་ལྡན་པས་ཐིག་གདབ་པ་སྒྲུབ་ པར་འགྱུར་ཏེ་དེ་ལྟར་ཡང་མ་ཡིན་ནོ། །འདིར་ཁྲུ་བརྒྱད་ཅེས་པ་ཡང་འཇིག་རྟེན་གྱི་ ཁམས་ལ་དཔག་ཚད་འབུམ་ཕྲག་བཞི་དང༌། ལུས་ལ་ཁྲུ་བཞིའི་དག་པས་དཀྱིལ་འཁོར་ ལ་ཡང་ཁྲུ་བཞི་སྟེ། དེས་ན་ཐིག་སྐུད་ལ་ཁྲུ་བརྒྱད་དོ། །དེ་བཞིན་དུ། དཀྱིལ་འཁོར་ཁྲུ་ གང་བ་དང་བཅུ་གཉིས་པ་དང་བཅུ་དྲུག་པ་དང་ཉི་ཤུ་པ་ཡང༌། སྲིད་དུ་རང་རང་གི་ གཉིས་འགྱུར་ཏེ། སྦོམས་སུ་ནི་ནས་ཀྱི་ཚད་ཙམ་མོ། །ཐིག་སྐུད་དེ་ཉིད་ཀྱིས་ཁྲུ་སྟོང་པའི་ མཐར་ཐུག་པའི་དཀྱིལ་འཁོར་ཆེན་པོ་རྣམས་ལ་ཡང་ཡང་དུ་མཐུད་ནས་ཐིག་གདབ་ པར་བྱའོ། །དེ་ཉིད་ཀྱི་ཕྱིར་གང་དག་མཐེ་བོང་གི་ཚད་ཙམ་ཞེས་པ་དེ་དག་ནི་མུ་ཅོར་ རོ། །དེ་ལྟར་མཚན་ཉིད་དང་ལྡན་པའི་ཐིག་སྐུད་དྲི་བཟང་པོས་བྱུགས་ཏེ། སྣོད་གཙང་ མར་བཀོད་ནས། ཨཱཾ་ཨཱིཾ་རཱྀཾ་ཨཱུཾ་ལཱྀ་རྣམས་ལས་ཡང་དག་པར་བྱུང་བའི་ཡུམ་ལྔའི་ངོ་བོ་རྡོ་ 7-1-276 རྗེ་སྲད་བུའི་རྣམ་པར་བལྟ་བར་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བ་དང་ཉི་མ་དང་སྒྲ་ གཅན་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་དུས་ཀྱི་འཁོར་ལོ་གཡས་རྐྱང་གི་གར་གྱིས་བདུད་ དང་ཉོན་མོངས་པ་མནན་ཅིང་ཡུམ་དང་བཅས་པ་བསྒོམ་པར་བྱའོ། །དེ་ནས་སྣ་ཚོགས་ ཡུམ་གྱི་ཐུགས་ཀའི་ཉི་མ་ལས་སྤྲོས་པའི་རྡོ་རྗེ་ལྕགས་ཀྱུས་ལྷ་མོ་རྣམས་བཀུག་ནས་ཐིག་ སྐུད་ཀྱི་རྣམ་པས་བསྟིམས་ཏེ་རྡོ་རྗེའི་སྲད་བུ་དང་ལྷན་ཅིག་རོ་གཅིག་ཏུ་བྱས་ནས། ཨོཾ་ ཨཱཾ་ཨཱིཾ་རཱྀཾ་ཨཱུཾ་ལཱྀཾ་བཛྲ་སཱུ་ཏྲ་སརྦ་དྷརྨ་ཨེ་ཀ་སྭ་བྷཱ་བ་སརྦ་དྷརྨྨཱ་ཨེ་ཀ་ཨཱ་ཀཱ་ར་སྭ་བྷཱ་བཱན་ཀུ་ རུ་ཀུ་རུ་སྭཱཧཱ། ཞེས་པ་བཟླ་བར་བྱའོ། །དྲི་ལ་སོགས་པ་ཕུལ་ནས་ཤར་གྱི་ཆར་གཞག་པར་ བྱ་སྟེ། རྡོ་རྗེའི་ཐིག་སྐུད་སྟ་གོན་དུ་གནས་པའི་ཆོ་གའོ། ། འདིར་ཡེ་ཤེས་ཀྱི་ཐིག་སྐུད་ དང་ལས་ཀྱི་ཐིག་སྐུད་ཅེས་པ་དུ་མ་ནི་གསུངས་པ་མེད་དོ། །མ་གསུངས་ཀྱང་བྱེད་ན་ནི་ ཡེ་ཤེས་ཀྱི་རྡུལ་ཚོན་དང་ལས་ཀྱི་རྡུལ་ཚོན་ཞེས་པ་ལ་སོགས་པར་ཡང་འགྱུར་རོ། །དེས་ ན་གང་དུ་དཀྱིལ་འཁོར་འབྲི་བ་དེར་ཐིག་གདབ་པ་དགོས་པའི་ཕྱིར་ཐིག་སྐུད་སྟ་གོན་ དུ་གནས་པ་གསུངས་ཀྱི། དཀྱིལ་འཁོར་མི་འབྲི་བའི་སར་ཡང་ཐིག་འདེབས་ན་ནི་ཧ་ ཅང་ཐལ་བར་འགྱུར་ཏེ། དེའི་ཕྱིར་རྩ་བའི་རྒྱུད་རྣམས་ཀྱི་རྗེས་སུ་འབྲངས་པ་བྱང་ཆུབ་ སེམས་དཔའི་འགྲེལ་པ་རྣམས་ལས་མ་གསུངས་སོ། ། དེ་ནས་རྡུལ་ཚོན་ལྷག་པར་གནས་པ་བྱའོ། །དེ་ཡང་འཁོར་ལོ་སྒྱུར་བའི་འབྱོར་བ་ལ་རྡོ་ རྗེ་རིན་པོ་ཆེ་རྣམས་སམ། གཞན་རིན་པོ་ཆེ་ཁ་དོག་ལྔ་སྟེ། མ་ར་ཀ་ཏ་དང༌། ཨིནྡྲ་ནཱི་ ལ་དང༌། པད་མ་རཱ་ག་དང༌། ཟླ་བ་ཆུ་ཤེལ་དང༌། ཀར་ཀེ་ཏ་ན་དང༌། མཐོན་ཀ་ཆེན་པོ་ རྣམས་ཀྱི་ཕྱེ་མས་གྲངས་བཞིན་དུ་ལྗང་ཁུ་དང༌། ནག་པོ་དང༌། དམར་པོ་དང༌། དཀར་ པོ་དང༌། སེར་པོ་དང༌། སྔོན་པོའི་ཚོན་རྣམས་སོ། །ཐུན་མོང་གི་འཁོར་ལོ་སྒྱུར་བ་ནི། གསེར་དང༌། མུ་ཏིག་དང༌། བྱུ་རུ་དང༌། མུ་མེན་རྣམས་ཀྱི་ཕྱེ་མས། སེར་པོ་དང༌། དཀར་ པོ་དང༌། དམར་པོ་དང༌། ནག་པོ་སྟེ། ལྗང་ཁུ་ནི་ཚོན་བཞི་བསྲེས་པས་སོ། །གཞན་ཕལ་པ་ རྣམས་ལ་ནི་སྣ་ཚོགས་པའི་ནོར་བུ་རྣམས་སམ། དེ་མེད་ན་མུད་གཱ་དང༌། འབྲས་མ་ ཉམས་པ་ལ་སོགས་པའམ་བཏགས་པའི་ཚོན་ཐུན་མོང་པ་གཞན་གྱིས་ཀྱང་རུང་སྟེ། 7-1-277 འབྱོར་བའི་དབྱེ་བས་ཇི་ལྟར་རྙེད་པའི་རྡུལ་ཚོན་བསྒྲུབ་པར་བྱའོ། །དེ་ལ་རྡོ་རྗེ་རྣམས་ ཀྱིས་ཇི་ལྟ་བ་དེ་བཞིན་དུ་མ་ཉམས་པའི་འབྲུ་རྣམས་ཀྱིས་སོ། །མ་ར་ཀ་ལ་སོགས་པའི་ཕྱེ་ མ་རྣམས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་བཏགས་པའི་ཚོན་རྣམས་ཀྱིས་ཏེ། མིའི་རུས་པའི་ཕྱེ་ མ་ལ་སོགས་པ་དང་ལྷན་ཅིག་སྣོད་གཙང་མར་བཀོད་ནས། ཨ་ཨིཾ་རྀཾ་ཨུ་ལྀཾ་རྣམས་ལས་ བྱུང་བའི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་རྡོ་རྗེ་རྡུལ་ཚོན་གྱི་རྣམ་པར་བལྟ་བར་བྱའོ། ། དེ་ནས་རང་གི་སྙིང་གར་ཟླ་བ་དང་ཉི་མ་དང་སྒྲ་གཅན་ལ་གནས་པའི་དུས་ཀྱི་ འཁོར་ལོ་ཡུམ་དང་བཅས་པ་རྣམ་པར་བསྒོམས་ཏེ། ཡབ་ཀྱི་ཐུགས་ཀའི་ཟླ་བ་ལས་སྤྲོས་ པའི་རྡོ་རྗེ་ལྕགས་ཀྱུས་སངས་རྒྱས་རྣམས་བཀུག་ནས་རྡུལ་ཚོན་གྱི་རྣམ་པས་བསྟིམས་ཏེ། རྡོ་རྗེའི་རྡུལ་ཚོན་དང་ལྷན་གཅིག་རོ་གཅིག་ཏུ་བྱས་ནས། ཨོཾ་ཨ་ཨིཾ་རྀཾ་ཨུ་ལྀཾ་སུ་བི་ཤུདྡྷ་ པཉྩ་སྐན་དྷ་སྭ་བྷཱ་བ་པཉྩ་སྐན་དྷཱ་ན་སུ་བི་ཤུདྡྷ་དྷརྨྨཱན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་བཟླས་ པར་བྱའོ། །དྲི་ལ་སོགས་པ་ཕུལ་ནས་ནུབ་ཀྱི་ཆར་གཞག་པར་བྱ་སྟེ། རྡོ་རྗེའི་རྡུལ་ཚོན་སྟ་ གོན་དུ་གནས་པའི་ཆོ་གའོ། ། དེ་ནས་རྡོ་རྗེ་ལྷག་པར་གནས་པ་ནི། གསོར་བའི་རྡོ་རྗེ་སོར་བཅུ་གཉིས་པ་སྟེ། གསང་ བའི་འཁོར་ལོ་རྣམ་པར་དག་པས་སོ། །དེ་ཉིད་ཆ་གསུམ་དུ་བྱས་པའི་དབུས་ཀྱི་ཆ་ལ་ལྟེ་ བ་ཞལ་བཞི་པ་སྟེ། དབུས་ཀྱི་ཆ་དེ་ཉིད་ཀྱི་སུམ་ཆའོ། །ལྟེ་བའི་མཐའ་གཉིས་ལ་པད་མའི་ འདབ་མ་བརྒྱད་བརྒྱད་དག་སྟེ་ལྟེ་བའི་ཚད་ཀྱིས་སོ། །དེ་དག་གི་ཕྱི་རོལ་ཏུ་རྡོ་རྗེའི་རྭ་ རྣམས་ཏེ་སྲིད་དུ་རྡོ་རྗེའི་སུམ་ཆའོ། །སོ་སོའི་སྦོམས་སུ་ཡང་སུམ་ཆ་དེ་ཉིད་ཀྱི་བཞི་ཆ་སྟེ་ དབུས་ཀྱི་རྭ་ནི་ཟུར་བཞི་པའི་རྣམ་པ་ཅུང་ཟད་རིང་བ་དང༌། ཕྱོགས་བཞིའམ་མཚམས་ བཞིར་གནས་པའི་རྭ་རྣམས་ནི་ཅུང་ཟད་ཐུང་ཞིང་ཟླུམ་པའོ། །ཕྱི་རོལ་གྱི་རྭ་རྣམས་ཀྱི་ འོག་ཏུ་སུམ་ཆ་གཅིག་དང་སྟེང་དུ་སུམ་ཆ་གཉིས་ཏེ་དབུས་ཀྱི་ཆ་སྦོམ་ཞིང་དེ་ལས་ འོག་གི་ཆ་ཅུང་ཟད་ཕྲ་ལ་དེ་ལས་ཀྱང་སྟེང་གི་ཆ་ཕྲ་བར་གྱུར་པ་བ་དཱ་རའི་ཚེར་མ་ལྟ་ བུའོ། །འདི་དག་དབུས་ཀྱི་རྭ་ལ་སྦྱར་བ་ནི་ཞི་བ་སྟེ། དྲག་པོ་ལ་ནི་ཁ་གྱེས་པའོ། །དེ་ལྟར་ ན་ཁུ་བའི་ཆོས་ཅན་ཐབས་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེ་རྣམ་ 7-1-278 པར་དག་པ་དང༌། ཚངས་པའི་གནས་བཞིའི་དག་པས་རྡོ་རྗེ་ཞལ་བཞི་པའོ། །ཡང་ན་ལྟེ་ བར་ཞལ་མེད་པ་ཡང་རུང་སྟེ་དབྱངས་མེད་པའི་གསལ་བྱེད་བརྗོད་དུ་མེད་པའི་རང་ བཞིན་ཡིན་པའི་ཕྱིར་རོ། ། དེ་ཉིད་ཧཱུཾ་ལས་བྱུང་བའི་རྡོ་རྗེ་གཙོ་བོའི་ངོ་བོར་ཡང་དག་ པར་བལྟས་ནས། སྔ་མ་བཞིན་དུ་རང་གི་སྙིང་གར་གནས་པའི་དུས་ཀྱི་འཁོར་ལོའི་ ཐུགས་ཀའི་ཟླ་བ་ལས་སྤྲོས་པའི་རྡོ་རྗེ་ལྕགས་ཀྱུས་གཙོ་བོ་ཡེ་ཤེས་སེམས་དཔའ་བཀུག་ ནས་རྡོ་རྗེའི་རྣམ་པས་བསྟིམས་ཏེ་རྡོ་རྗེ་དང་ལྷན་ཅིག་རོ་གཅིག་ཏུ་བྱས་ནས། ཨོཾ་ཧཱུཾ་ཀྲོ་ དྷ་བཛྲ་སརྦ་སཏྭ་ཀ་རུ་ཎ་ཨཱད་མ་ཀ་སརྦ་དྷརྨྨ་ཨེ་ཀ་སུ་ཁ་སྭ་བྷཱ་བ་སརྦ་དྷརྨྨཱན་བཛྲ་སུ་ ཁ་སྭ་བྷཱ་བཱན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་བཟླ་བར་བྱའོ། །དྲི་ལ་སོགས་པ་ཕུལ་ནས་ལྷོའི་ ཆར་གཞག་པར་བྱ་སྟེ། རྡོ་རྗེ་སྟ་གོན་དུ་གནས་པའི་ཆོ་གའོ། ། དེ་ནས་རྡོ་རྗེ་དྲིལ་བུ་ལྷག་པར་གནས་པ་སྟེ་དེ་ཡང་ཆ་གསུམ་པའོ། །དེ་ལ་སྟེང་གི་ཆ་ དང་དབུས་ཀྱི་ཆ་ནི་ཞལ་དང་བཅས་པའི་རྡོ་རྗེའི་ཕྱོགས་གཅིག་ཇི་ལྟ་བ་སྟེ། གསེར་དང་ དངུལ་ལ་སོགས་པ་ལས་བྱས་པའོ། །འོག་གི་ཆ་ནི་འཁར་བ་ལས་བྱས་པ་སྒྲ་སྒྲོགས་པའི་ རང་བཞིན་ཏེ། ཞི་བ་ལ་བ་ལང་གི་གདོང་པ་ལྟ་བུ་རྡོ་རྗེ་ཁ་ཟུམ་པས་མཚན་པ་དང༌། དྲག་པོ་ལ་པད་མ་རྣམ་པར་རྒྱས་པ་ལྟ་བུ་རྡོ་རྗེ་ཁ་གྱེས་པས་མཚན་པའོ། །དེ་ལྟར་ན་ རྡུལ་གྱི་ཆོས་ཅན་ཤེས་རབ་གྱི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེ་རྣམ་ པར་དག་པ་དང༌། རྣམ་པར་ཐར་པའི་སྒོ་བཞིའི་ ཚེ་དྲིལ་བུ་ཡང་ཞལ་བཞི་དང་ལྡན་ པའོ། །ཡང་ན་འདི་ནི་ཞལ་གཅིག་དང་ལྡན་པ་སྟེ་ཨཱ་ལི་དབྱངས་ཀྱི་ཆོས་ཅན་སྒྲ་སྒྲོགས་ པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་འདིར་གང་གི་ཚེ་རྡོ་རྗེ་ཞལ་བཞི་དང་ལྡན་ པའི་དེའི་ཚེ་དྲིལ་བུ་ཡང་ཞལ་བཞི་དང་ལྡན་པའོ། །གང་གི་ཚེ་རྡོ་རྗེ་ཞལ་དང་བྲལ་བ་ དེའི་ཚེ་དྲིལ་བུ་ཞལ་གཅིག་པ་དང་ལྡན་པའོ། །དེ་ཉིད་ཧོཿལས་བྱུང་བའི་གཙོ་མོ་རྡོ་རྗེ་ དྲིལ་བུའི་རྣམ་པར་བལྟས་ནས་སྔ་མ་བཞིན་དུ་རང་གི་སྙིང་གར་གནས་པའི་སྣ་ཚོགས་ ཡུམ་གྱི་ཐུགས་ཀའི་ཉི་མ་ལས་སྤྲོས་པའི་རྡོ་རྗེ་ལྕགས་ཀྱུས་གཙོ་མོ་ཡེ་ཤེས་སེམས་དཔའ་ བཀུག་ནས་རྡོ་རྗེ་དྲིལ་བུའི་རྣམ་པས་བསྟིམས་ཏེ། དེ་དང་ལྷན་ཅིག་རོ་གཅིག་ཏུ་བྱས་ 7-1-279 ནས། ཨོཾ་ཧོཿབཛྲ་གྷཎ་ཌེ་སརྦ་དྷརྨྨ་ཨེ་ཀ་པྲཛྙཱ་དྷཱ་ནི་སྭ་བྷཱ་བེ་སརྦ་ཨཱ་ཀཱ་རེ་སརྦ་དྷརྨྨ་པྲ་ བོ་དྷ་ནི་སརྦ་དྷརྨྨཱན་ནིཿསྭ་བྷཱ་བེ་ན་པྲ་བོ་དྷ་ཡ་སྭཱཧཱ། ཞེས་པ་བཟླ་བར་བྱའོ། །དྲི་ལ་སོགས་ པ་ཕུལ་ནས་བྱང་གི་ཆར་བཞག་པར་བྱ་སྟེ། རྡོ་རྗེ་དྲིལ་བུ་སྟ་གོན་དུ་གནས་པའི་ཆོ་ གའོ། ། དེ་ལྟར་ས་ལ་སོགས་པ་ཡང་དག་པར་བཟུང་བ་རྫོགས་ནས། སློབ་མ་རྣམས་ཁྲུས་བྱས་ ཤིང་གོས་གཙང་མ་བགོས་ཏེ། གསེར་གྱི་མེ་ཏོག་ལ་སོགས་པའི་མཎྜལ་སྔོན་དུ་འགྲོ་བས། སློབ་དཔོན་ལ་གསོལ་བ་གདབ་པར་བྱ་སྟེ། བདག་ནི་མི་བཟད་འཁོར་བས་འཇིགས་པས་ དེ་རང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ངེས་པར་སྲིད་པའི་ འཇིགས་འཕྲོག་ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་ པའོ། ། དེས་ཀྱང་དེ་དག་སྣོད་དུ་རུང་བར་བྱ་བའི་ཕྱིར་ཆོས་བསྟན་པར་བྱ་སྟེ། མངལ་དུ་ མངལ་གནས་སྡུག་བསྔལ་དང་ནི་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ལ་ཡང་སྡུག་ བསྔལ་ཏེ། ། གཞོན་ནུ་ལང་ཚོ་དག་ལ་བུད་མེད་ནོར་དང་འབྱོར་པ་ཉམས་པའི་ཉོན་ མོངས་སྡུག་བསྔལ་ཆེན་པོས་གང༌། །རྒ་དང་འཆི་བའི་སྡུག་བསྔལ་ཉིད་དེ་སླར་ཡང་འགྲོ་ བ་དྲུག་ཏུ་ངུ་འབོད་ལ་སོགས་འཇིགས་སྟེར་བ། །འགྲོ་བ་འདི་དག་མ་ལུས་སྒྱུ་མ་ལ་ རྨོངས་གྱུར་པས་སྡུག་བསྔལ་ལས་ནི་སྡུག་བསྔལ་འཛིན་པའོ། །འཁོར་བར་མི་ཉིད་དུ་ནི་ བརྒྱ་ལམ་ཞིག་ན་གྱུར་ཀྱང་ཆོས་ཀྱི་བློ་ནི་བརྒྱ་ལམ་ཞིག་ནའོ། །དེ་ལས་དགེ་བའི་དབང་ གིས་སངས་རྒྱས་ལས་ནི་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པ་རབ་ཏུ་འཇུག །དེ་ལས་ དཔལ་ལྡན་རྡོ་རྗེ་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་འཇུག་པ་བརྒྱ་ལམ་ནའོ། །དེ་ ལས་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ ཏུ་དཀའ། །ཞེས་པ་དོན་གོ་བར་བསྙད་པས་སོ། །དེ་ནས་ས་དེ་ཉིད་དུ་ལས་དང་རྗེས་སུ་ མཐུན་པའི་མཎྜལ་བྱས་ཏེ་དེར་སློབ་མ་ཤར་དུ་མངོན་པར་ཕྱོགས་པ་ལ་ཨུ་དུམ་བཱ་ རའམ་འོ་མ་ཅན་གྱི་ཤིང་གཞན་ཡང་རུང་སྟེ་སོར་བཅུ་གཉིས་པའི་སོ་ཤིང་མགོ་བོར་མེ་ ཏོག་གི་ཕྲེང་བ་བཅིངས་པ་དྲི་ལ་སོགས་པ་རྣམས་ཀྱིས་མཆོད་དེ། ཨོཾ་ཨཱཿཧཱུཾ་ཞེས་པ་ལན་ 7-1-280 བདུན་གྱིས་མངོན་པར་བསྔགས་ནས། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ བཛྲ་དན་ད་ཀཱཥྛ་ཙ་ཏུར་བི་ མོ་ཀྵ་མུ་ཁ་བི་ཤུདྡྷ་སྭ་བྷཱ་བཾ་ཀཱ་ཡ་ཝཀ་ཙིཏྟ་ཛྙཱ་ན་མུ་ཁ་དན་ཏ་ཨཱ་དྲི་མ་ལཾ་བི་ཤོ་དྷ་ཡ་ བི་ཤོ་དྷ་སྭཱཧཱ། ཞེས་པ་འདིས་སྦྱིན་པར་བྱའོ། ། དེས་ཀྱང་སོ་ལ་སོགས་པའི་དྲི་མ་དག་ པར་བྱས་ནས་མཎྜལ་གྱི་སྟེང་དུ་དོར་བར་བྱའོ། ། དེའི་མགོ་གང་དུ་ཕྱོགས་པའི་ལས་ རབ་འབྱམས་ལ་སོགས་པ་འགྲུབ་པར་འགྱུར་ཏེ། དབང་ལྡན་དུ་ཞི་བ་དང༌། བྱང་དུ་ རྒྱས་པ་དང༌། མེར་བསད་པ་དང༌། ཤར་དུ་བསྐྲད་པ་དང༌། བདེན་བྲལ་དུ་དབང་དང༌། ལྷོར་དགུག་པ་དང༌། རླུང་དུ་རྨོངས་པ་དང༌། ནུབ་ཏུ་རེངས་པའི་ལས་འགྲུབ་པ་ཉིད་ དོ། །སྟེང་དང་འོག་ཏུ་ནི་ལས་ཐམས་ཅད་པའམ་མཁའ་ལ་སྤྱོད་པ་དང༌། ས་ལ་སྤྱོད་པ་ འགྲུབ་པར་འགྱུར་ཏེ་སོ་ཤིང་གི་ཆོ་གའོ། ། དེ་ནས་སློབ་མ་དཀྱིལ་འཁོར་གྱི་ས་ལ་བཅུག་སྟེ། མགོ་བོ་དང༌། མགྲིན་པ་དང༌། སྙིང་ཁ་ དང༌། ལྟེ་བ་དང༌། གཙུག་ཏོར་དང༌། གསང་བ་རྣམས་སུ་དཀྱིལ་འཁོར་དྲུག་ལ། ཨོཾ་ ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་པ་རིགས་དྲུག་པོ་བཀོད་དེ་བསྲུང་བ་བྱས་ནས་རྡོ་རྗེ་སེམས་དཔའ་ བསྐུལ་བར་བྱས་སྟེ། ཨོཾ་ཨ་ཨཱཿཨཾ་ཨཱཿབཛྲ་སཏྭ་མཧཱ་སུ་ཁ་བཛྲ་ཀ་ལ་ཙཀྲ་ཤི་ཥྱ་སྱ་ཨ་བྷི་ མུ་ཁོ་བྷ་བ་སན་ཏུཥྟོ་བྷ་བ་ར་དོ་བྷ་བ། ཀཱ་ཡ་བཱཀ་ཙིཏྟ་ཨ་དྷིཥྛཱ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་ པ་འདི་དག་གིས་སློབ་མ་བྱིན་གྱིས་བརླབས་པར་བྱའོ། །སློབ་མ་ལྷག་པར་གནས་པའི་ཆོ་ ག་སྟེ། འདི་ནི་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པས་ས་བཅུ་པའི་གསུང་བའི་ངེས་ པའོ། །ཡང་ན་དེ་དག་གི་སྟེང་དུ་སྤྲོ་བ་བསྐྱེད་པ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་ པའི་སྡོམ་པ་བཟུང་བ་དང༌། བསྲུང་སྐུད་བཅིང་པ་དང༌། ཀུ་ཤ་སྦྱིན་པ་ལ་སོགས་པ་ཡང་ གཞན་དུ་བཤད་པའི་ཚུལ་གྱིས་བྱའོ་ཞེས་གསུང་སྟེ། ཁོ་བོས་ནི་དེ་དག་དབང་གི་ཆོ་ག་ རྡོ་རྗེ་ཕྲེང་བར་བསྡུས་སོ། ། དེ་ལྟར་སློབ་མ་ལྷག་པར་གནས་པ་རྫོགས་ནས་རང་རང་གི་ གནས་སུ་གཏང་སྟེ། སྔར་ལྷག་པར་གནས་པ་བྱས་པའི་བུམ་པ་དང༌། ཐིག་སྐུད་དང༌། རྡུལ་ཚོན་དང༌། རྡོ་རྗེ་དང༌། རྡོ་རྗེ་དྲིལ་བུ་སྟེ་གནས་ལྔར་བཀོད་པ་དེ་དག་གི་ལྷོར། ཨོཾ་ ཧོཿབཛྲ་ཀ་མ་ལ་ད་ལ་གརྦྷེ་ཤ་ཡྻེ་བཛྲ་སུ་ཁ་མཧཱ་ནི་ཏཱཾ། ཀ་རོ་མི་ཡ་ཐཱའ་ཏ་ཐཱ་ག་ཏེ་ན་ 7-1-281 ཀྲི་ཏཱ་ཧཿཧཿསྭཱཧཱ། ཞེས་པ་འདིས་མལ་སྟན་ལྷག་པར་གནས་པ་བྱ་སྟེ། དགེ་བ་དང་མི་ དགེ་བའི་མཚན་མ་ཤེས་པར་བྱ་བའི་སླད་དུའོ། ། དེ་ནས་བདག་ཉིད་ནུབ་ཏུ་མགོ་དང་ ཤར་དུ་རྐང་པ་ཕྱོགས་པས་མལ་དེ་ཉིད་དུ་ཉལ་བར་བྱའོ། ། དེ་ལ་བསྒོམས་པའི་སྟོབས་ སམ་རྨི་ལམ་གྱི་སྟོབས་ཀྱིས་མཚན་མ་མཐོང་བར་གྱུར་ཏེ། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་དང་ལྷ་མོའི་ཚོགས་རྒྱུད་མངས་ལ་སོགས་པའི་ཕྱག་མཚན་དང་ལྡན་པ་ མཐོང་བའམ། རྡོ་རྗེ་མཁའ་འགྲོ་མ་གྲི་གུག་དང་ཐོད་པ་འཛིན་པ་དང༌། ཁྲོ་བོའི་དབང་ པོ་རྣམས་ཀྱི་སྲུང་བའི་འཁོར་ལོའི་མཐའ་ཕན་ཆད་དུ་བདུད་དང་བགེགས་དང་ལོག་ འདྲེན་ལ་སོགས་པ་རྣམས་ཉམས་པར་བྱེད་པ་མཐོང་ན་དགེ་བའོ། །ཅི་སྟེ་ཅུང་ཟད་ཀྱང་ མ་མཐོང་ན་འབྲིང་པོའོ། །དེ་སྟེ་བདུད་ཀྱི་རིས་བཀྲེས་པ་དང་སྐོམ་པས་གཟིར་པ་རིད་ ཅིང་སྐམ་པའི་ལུས་ཅན་གྲི་གུག་དང་ཐོད་པ་ཐོགས་པ་སྐྱེ་བོ་ལེགས་པ་དག་ལ་གནོད་ པར་སེམས་པ་དག་སློབ་དཔོན་ནམ་སློབ་མས་མཐོང་ན་མཚན་མ་ངན་པར་འགྱུར་ཏེ། དེའི་ཕྱིར་དེ་བསལ་བའི་དོན་དུ་རྡོ་རྗེ་སློབ་དཔོན་གྱིས་མལ་སྟན་སྤངས་ནས། དཀྱིལ་ འཁོར་གྱི་ཤར་དུ་སྲུང་བའི་འཁོར་ལོ་བསྒོམས་ཏེ་སྒྲུབ་ཐབས་སུ་བཤད་པའི་ཆོ་གས་སླར་ ཡང་གཏོར་མ་རྒྱ་ཆེན་པོ་སྦྱིན་པར་བྱའོ། །འདིར་སྦྱང་བའི་སྔགས་གཞན་ནི། ཨོཾ་ཕྲེཾ་བཛྲ་ ཌཱ་ཀི་ནཱི་བཛྲ་ དྷཱ་ཏྭཱི་ཤྭ་རི་ག་ག་ན་སྭ་བྷཱ་བ་སརྦ་དྲ་བྱ་བི་ཤྭ་དྷ་ནི་སརྦ་དྲ་བྱཱ་ནི་བི་ཤྭ་དྷ་ ཡ་ཧུཾ་ཕྲེཾ་ཕཊ། ཅེས་པ་སྟེ་བགེགས་ཞི་བར་བྱེད་པའི་གཏོར་མ་སྦྱང་བའི་སྔགས་སོ། །དེ་ བཞིན་དུ། སངས་རྒྱས་རྣམས་ཀྱང་རང་གི་ལུས་ལ་དགོད་པར་བྱ་སྟེ། སངས་རྒྱས་ཡབ་ ཡུམ་བཅས་པ་སྲས་བཅས་གཡོག་འཁོར་དང༌། །གྲོགས་བཅས་གཉེན་རྣམས་དག་གིས་ བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། །མཆོག་ གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །ཞེས་པ་འདིས་དེ་བཞིན་གཤེགས་པ་ རྣམས་སྦྱན་དྲངས་ནས་རང་རང་གི་ཁམས་ལ་དགོད་པར་བྱའོ། །རྡོ་རྗེ་མཁའ་འགྲོ་མ་ རྣམས་ཀྱང༌། ཨོཾ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་བ་ཨཱ་ཀར་ཥ་ཡ་ཨཱ་ཀར་ཥ་ཡ། པྲ་བེ་ཤ་ཡ་བྲ་བེ་ ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ནཱཾ་ཧྲི་ད་ཡ་ཧུཾ་ཧཱུཾ་ཕྲེཾ་ 7-1-282 ཕྲཻཾ་ཕཊ་ཕཊ། ཅེས་པ་འདིས་དབུག་པར་བྱའོ། །དེ་ནས་དེ་དག་ལ་རྡོ་རྗེའི་ཕྱག་རྒྱས་ གཏོར་མ་དང་དྲི་དང་མེ་ཏོག་ལ་སོགས་པ་དབུལ་བར་བྱ་སྟེ། ཨོཾ་ཨཿཧཱུཾ་བཛྲ་ཌཱ་ཀི་ནཱི་བྷྱཿ ས་པ་རི་ཝ་ར་བྷྱཿ ཨི་དཾ། བྷ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ་ས་པཱ་རི་ཝཱ་ རཿ ཤཱི་གྷྲཾ་ཨཱ་གཙྪ་ཏུ་ཛཿ ཨི་དཾ། བ་ལིཾ། གྲིཧྣ་ཏུ། ཁ་དན་དུ། པི་ཝ་ཏུ། ས་པ་རི་ཝཱ་ར་ཀཿ སརྦ་སཏྭཱ་ནཾ། ཤཱནྟིཾ། པུཥྟིཾ། རཀྵ་ཨཱ་བ་ར་ཎ་གུབ་ཏིཾ། ཀ་རོ་ཏུ། ཨི་དཾ་སྠཱ་ནཾ། ཏྱཀ་ཏྭཱ་བ་ཧྱ་ མཎྜལ་བྷཱུ་མྱཾ་ཏིཥཱ་ཏུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་པ་འདིས་བྱིན་ནས་ ཕྱི་རོལ་དུར་ཁྲོད་ཀྱི་ས་ལ་བཟའ་བ་དང་བཏུང་བ་བྱེད་དུ་གཞུག་པར་བྱའོ། ། དེ་ནས་བགེགས་ཀྱི་ཉེ་བར་འཚེ་བ་ཞི་བར་བྱ་བའི་སླད་དུ། སྒྲུབ་ཐབས་སུ་བཤད་པའི་ ཆོ་གས་ཡན་ལག་དྲུག་དགོད་པ་ལ་སོགས་པ་དང་སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས་ བདག་ཉིད་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་གནས་པར་བྱ་སྟེ། ཁྲོ་བོའི་དབང་པོ་ ཞལ་བཞི་དང་སྤྱན་བཅུ་གཉིས་དང་ཕྱག་ཉི་ཤུ་རྩ་དྲུག་ལ་སོགས་པ་དང་ལྡན་པའི་རྡོ་རྗེ་ ཤུགས་སུ་ཡང་དག་པར་བསྒོམས་ནས་ཕྱག་རྒྱ་རྣམས་དང༌། མཚོན་ཆ་རྣམས་དང༌། ཀླུའི་ རྒྱལ་པོ་རྣམས་ཀྱང་སྒྲུབ་ཐབས་སུ་བསྟན་པའི་སྔགས་རྣམས་ཀྱིས་དགོད་པར་བྱའོ། །དེ་ ནས་དབང་རྣམས་ཀྱང་བདག་ཉིད་ཀྱིས་བླང་བར་བྱ་སྟེ། འཇིག་རྟེན་པ་བཅུ་དང༌། འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པ་རྣམས་འཆད་པར་འགྱུར་བའི་སྔགས་ ཀྱི་ཚིགས་རྣམས་ཀྱིས་གསོལ་བ་བཏབ་ནས་སོ་སོའི་སྔགས་ཀྱི་ཚིགས་རྣམས་ཀྱིས་བདག་ ཉིད་ལ་དབང་བསྐུར་བར་བསྒོམ་པར་བྱའོ། །སླར་ཡང་སོ་སོའི་ང་རྒྱལ་བཟུང་བར་བྱ་སྟེ། སྔགས་ཀྱི་ཚིག་རྣམས་ནི་འཆད་པར་འགྱུར་རོ། ། དེ་ནས་བདུད་ལ་སོགས་པ་ཚར་བཅད་པའི་དོན་དུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ ལོའི་རྐང་པ་བཅུ་དྲུག་པ་མཁའ་འགྲོ་མའི་ཚོགས་དང་བཅས་པ་གདུག་པ་ཚར་བཅད་ པའི་སྔགས་དང༌། ཡན་ལག་སོ་སོའི་ཕྲེང་བའི་སྔགས་རྐང་པ་བདུན་བཅུ་རྩ་གཉིས་པ་ རྣམས་སྔགས་པས་བཟླ་བར་བྱའོ། །དེ་ལ་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ན་མོ་བཛྲ་སཏྭཱ་ཡ། ན་མོ་བུདྡྷ་བོ་དྷི་སཏྭེ་བྷྱཿ ན་མོ་བཛྲ་ཀྲོ་དྷ་ཨིན་ཏྲ་རཱ་ཛ་བྷྱཿ ན་མོ་བི་ཤྭ་མཱ་ཏྲེ། ན་མོ་བུདྡྷ་ 7-1-283 བོ་དྷི་སཏྭ་དེ་བཱི་བྷྱཿ ན་མོ་བཛྲ་ཌཱ་ཀི་ནཱི་བྷྱཿ ཨོཾ་ན་མོ་བྷ་ག་ཝ་ཏེ་ཀཱ་ལ་ཙཀྲ་ཡ། བཛྲ་བྷཻ་ ར་བ་བྷཱི་ཀ་རཱ་ཡ། མཧཱ་ཨིན་ཏྲ་ནཱི་ལ་བརྞྞ་ཤ་རཱི་རཱ་ཡ། མཱ་ར་ཀླེ་ཤ་ཧྲི་ད་ཡ། ཨ་ཀྲཱན་ཏ་སི་ ཏ་རཀ་ཏ་ཙ་ར་ཎཱ་ཡ། ཀྲིཥྞ་རཀྟ་སི་ཏ་ཀཎ་ཋཱ་ཡ། ནཱི་ལ་སི་ཏ་པཱི་ཏ་རཀྟ་དཾ་ཥྟཱ་ཀ་རཱ་ལོ་ གྲ་བྷཱི་ཥ་ཎ་མུ་ཁ་ཡ། ཀྲིཥྞ་རཀྟ་སི་ཏ་ས་བྱེ་ཏ་ར་སྐན་དྷཱ་ཡ། དྭཱ་ད་ཤ་བྷུ་ཛཱ་ཡ། ཥཊ་བིཾ་ཤ་ ཏི་ཀ་རཱ་ཡ། བཛྲ་ཁཌ་ག ། ཏྲི་ཤཱུ་ལ། ཀར་ཏི་ཀ་བཱ་ཎ། ཨཾ་ཀུ་ཤ །ཌ་མ་རུ་ཀ །མུད་ག་ར། ཙཀྲ། ཀུན་ཏ་དཎ་ཌ། པར་ཤུ་བཛྲ་གཱཎ་ཊ་ཁེ་ཊ། ཁ་ཊྭཱཾ་ག །ཀ་པཱ་ལ། ཙཱ་པ། པཱ་ཤ །རད་ན། ཀ་མ་ལ། ཤཾ་ཁ། ཨཱ་དར་ཤ །ཤྲིཾ་ཁ་ལཱ་བྲཧྨ་ཤི་རོ་ག་ཛ་ཙར་མ་དྷྲི་ཏ་ཀ་རཱ་ཡ། བྱཱ་གྷྲ་ཙར་ མ་ནི་ཝཱ་ས་ནཱ་ཡ། སྐན་དྷེ་མུཎ་ཌ་མཱ་ལཱ་བ་ལཾ་བི་ནེ། ཤི་ར་སི་བཛྲ་པཊ་ཊ་མུ་ཀུ་ཊེ། བཛྲ་ ཀ་པུ་ལ་མཱ་ལཱ། ཨར་དྷ་ཙན་ཏྲ་དྷ་རཱ་ཡ། ཀུཎ་ཌ་ལ། རུ་ཙ་ཀ་ཀཎ་ཋི་ཀཱ། མེ་ཁཱ་ལཱ་ནཱུ་པུ་ ར། བྷསྨ་ཡཛྙཱོ་པ་བཱི་ཏ། ཤི་རོ་མ་ཎི་མཧཱ་མུ་ཏྲ། ནཱ་ག་ཨིན་ཏྲ་བི་བྷཱུ་ཥ་ཎཱ་ཡ། བཛྲ་ཌཱ་ཀི་ནཱི་ སཾ་ཏོ་ཥི་ཏི་ཧྲི་ད་ཡཱ་ཡ། ཨིན་ཏྲ་ཨག་ནི། ཡ་མ་ནཻ་རི་ཏྱ། བ་རུ་ཎ་བཱ་ཡུ། ཀུ་བེ་ར། ཨཱི་ཤཱ་ན། བྲཧྨ། བིཥྞུ། བི་ནཱ་ཡ་ཀ ། ཀཱར་ཏི་ཀེ །ཡ་ནན་དི། མཧཱ་ཀཱ་ལ། གྲ་ཧ། ནཀྵ་ཏྲ། ཀྵེ་ཊ་པཱ་ལ། སུ་ ར་ཨིན་དྲ། ཨ་སུ་ར་ཨིན་དྲ། ཕ་ཎི་ཨིན་དྲ། བྷཱུ་ཏ་ཨིན་དྲ། ན་ར་ཨིན་དྲ། སཾ་སྟུ་ཏ་ཙ་ ར་ཎཱ་ཡ། ཞེས་པ་རྐང་པ་བཅུ་དྲུག་པ་སྟེ། འདི་བྱེ་བ་བཟླས་པ་དང་སྦྱིན་སྲེག་འབུམ་ཕྲག་ བཅུས་གྲུབ་པ་ཆེན་པོ་བརྒྱད་དང་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ། སྔོན་དུ་ བསྙེན་པའི་ངེས་པའོ། །དེ་ནས་ཀླགས་པ་ཙམ་གྱིས་ལས་ཐམས་ཅད་བྱེད་དོ། །དེ་བཞིན་ དུ། ཧ་ཧཱ་ཀྵ་ཀྵཱ་ང་ངཱ་ྈྐ་ྈྐཱ་ན་ནཱ་མ་མཱ་ཎ་ཎཱ་ཉ་ཉཱ་ཧུཾ་ཧཱུཾ་ཕྲེཾ་ཕྲེཾ་ཕཊ་ཕཊ། ཀླྀ་ཀླྀ་ཁུ་ཁཱུ་གྼྀ་གྼཱྀ་ གྷི་གྷཱི་ཧ་ཧཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཙླྀ་ཙླཱྀ་ཚུ་ཚཱུ་ཛྼྀ་ཛྼཱྀ་ཛྷི་ཛྷཱི་ཡ་ཡཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཊླྀ་ཊླཱྀ་ཋུ་ཋཱུ་ཌྼྀ་ ཌྼཱྀ་ཌྷི་ཌྷཱི་ར་རཱ་ཧུཾ་ཧཱུཾ་ཕཊ་ཕཊ། པླྀ་པླཱྀ་ཕུ་ཕཱུ་ བྼྀ་བྼཱྀ་བྷི་བྷཱི་ཝ་ཝཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཏླྀ་ཏླཱྀ་ཐུ་ཐཱུ་ དྼྀ་དྼཱྀ་དྷི་དྷཱི་ལ་ལཱ་ཧུཾ་ཧཱུཾ་ཕཊ་ཕཊ། སླྀ་སླཱྀ་ྉྤུ་ྉྤཱུ་ཥྼྀ་ཥྼཱྀ་ཤི་ཤཱི་ཧཾ་ཧཿཧུཾ་ཧཱུཾ་ཕཊ་ཕཊ། ཧ་ཧ་ཧི་ ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླྀ་ཧླཱྀ། ཨ་ཨཱ་ཨཾ་ཨཱ། ཧ་ཧཱ་ཧཾ་ཧཱཿཕྲེཾ་ཧོཿ ཞེས་པ་བདུད་རིགས་བརྒྱའི་མགོ་ བོའི་ས་བོན་ཏེ་མཁའ་འགྲོ་མའི་ཚོགས་ཀྱི་ཡང་དེ་དག་ཉིད་དོ། །དེ་བཞིན་དུ། བཅོམ་ ལྡན་འདས་ཀྱི་ཡན་ལག་སོ་སོའི་ཕྲེང་བའི་སྔགས་ནི། ཨོཾ་ཨཱཿ ཧཱུཾ་ཧོཿཧཾ་ཀྵཿ ཧྐྵྨླྺྼྻ⁽14bb⁾་ཀཱ་ 7-1-284 ལ་ཙཀྲ །དུར་དཱན་ཏ་ད་མ་ཀ་ཛཱ་ཏི་ཛ་རཱ་མ་རཱ་ཎ་ཨན་ཏ་ཀ །ཏྲཻ་ལོ་ཀྱ་བི་ཛ་ཡ། མཧཱ་བཱི་ར་ཨཱི་ཤྭ་ར། བཛྲ་བྷཻ་ར་བ། བཛྲ་ཀཱ་ཡ། བཛྲ་གྷ་ཏྲ། བཛྲ་ནེ་ཏྲ། བཛྲ་ ཤྲོ་ཏྲ། བཛྲ་གྷྲཱ་ཎ། བཛྲ་ཛི་ཧྭ། བཛྲ་དན་ཏ། བཛྲ་ན་ཁ། བཛྲ་ཀེ་ཤ །བཛྲ་ལོ་མ། བཛྲ་ཨཱ་ བྷ་ར་ཎ། བཛྲ་ཧཱ་ས། བཛྲ་གཱི་ཏ། བཛྲ་ནྲི་ཏྱ། བཛྲ་ཨཱ་ཡུ་དྷ་ཀ་ར། བཛྲ་ཀྲོ་དྷ་རཱ་ཛ་ཨ་དྷི་པ་ ཏི། བཛྲ་ཌཱ་ཀ །བཛྲ་ཌཱ་ཀི་ནཱི། ཛྭ་ལ་པ་རི་བྲི་ཏ། ཤཱི་གྷྲཾ་ཨཱ་གཙྪ་ཨཱ་གཙྪ། བཛྲ་སཏྭ། ཨཱཛྙཱ་ཡ། སརྦ་མ་ར། བིགྷྣ་བི་ནཱ་ཡ་ཀ །ཀིཾ་ན་ར། ཀིཾ་པུ་རུ་ཥ། ག་རུ་ཌ། གན་དྷརྦ། ཡཀྵ་རཱཀྵ་ས། བྷཱུ་ ཏ། མཧཱ་པྲེ་ཏ། ཀུཾ་བྷཱཎ་ཌ། ཨ་པ་སྨཱ་ར། ཀྵེ་ཏྲ་པཱ་ལ། བེ་ཏཱ་ཊ། པཱུ་ཏ་ན། ཏུཥྟ་ནཱ་ག་གྲ་ཧཱ། ཨ་ད་ཡོ་ཡེ་སརྦ་ཛྭ་ར། སརྦ་བྱཱ་དྷི། ཀྵུ་དྲ། ཨུ་པ་དྲ་བ། ཀཱ་རི་ཎཿ སརྦ་སཏྭཱ་ནཱཾ་སརྦ་ཨ་པ་ ཀ་ར་ར་ཏཱ་སྟཱན་སརྦཱན་ཛཿ ཤཱི་གྷྲཾ་བཛྲ་ཨཾ་ཀུ་ཤེ་ན་ཨཱ་ཀྲིཥྱཱ་ཀྲིཥྱ། ཨཱུད་དྷ་དི་ཤི་ག་ཏཱ་ནཱ་ ཀྲིཥྱཱ་ཀྲིཥྱ། པཱུརྦ་དི་ཤི་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། དཀྵི་ཎ་དི་ཤི་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། ཨུད་ཏ་ར་དི་ ཤི་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། པཤྩི་མ་དི་ཤི་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། བཱ་ཡ་བྱ་དི་ཤི་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། ཨི་ཤཱ་ན་དི་ཤི་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། ནཻ་རི་ཏྱ་དི་ཤི་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། ཨཱག་ནེ་ཡ་དི་ཤི་ག་ ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། ཨ་དྷོ་དི་ཤི་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། ཨཱ་ཀཱ་ཤ་མཎྜ་ལ་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། བཱ་ ཡུ་མཎྜ་ལ་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། ཏེ་ཛོ་མཎྜ་ལ་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། ཏོ་ཡ་མཎྜ་ལ་ག་ཏཱ་ནཱ་ ཀྲིཥྱཱ་ཀྲིཥྱ། པྲི་ཐི་བཱི་མཎྜ་ལ་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། ཀཱ་མ་དྷཱ་དུ་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། རཱུ་པ་དྷཱ་དུ་ ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། ཨ་རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། ཀཱ་ཡ་དྷཱ་དུ་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། བཱཀ་དྷཱ་ཏུ་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། ཙིཏྟ་དྷཱ་དུ་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། པཉྩ་སྐན་དྷ་ག་ཏཱ་ནཱ་ཀྲིཥྱཱ་ ཀྲིཥྱ། པཉྩ་དྷཱ་དུ་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། པཉྩ་ཨིན་དྲི་ཡ་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། པཉྩ་བི་ཥ་ཡ་ག་ ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། པཉྩ་ཀརྨ་ཨིན་དྲི་ཡ་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། པཉྩ་ཀརྨ་ཨིན་དྲི་ཡ་བི་ཥ་ཡ་ ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། སརྦ་ཏོ་ཡ་ཏྲ་ཀུ་ཏྲ་ཙིཏྟ་ག་ཏཱ་ནཱ་ཀྲིཥྱཱ་ཀྲིཥྱ། མཧཱ་སྨ་ཤཱ་ན་བཛྲ་ཨག་ ནི་ཛྭ་ལི་ཏ་བྷཱུ་མྱཾ་ནི་པཱ་ཏ་ཡ་ནི་པཱ་ཏ་ཡ། བཛྲ་པཱ་ཤེ་ན་སརྦ་བྷུ་ཛེ་ཥུ་བནྡྷ་ཡ་བནྡྷ་ཡ། བཛྲ་ཤྲིཾ་ཁ་ལ་ཡཱ་སརྦ་པཱ་དེ་ཥུ་ནི་རོ་དྷ་ཡ་ནི་རོ་དྷ་ཡ། སརྦ་སཏྭེ་ཥུ་ཀཱ་ཡ་བཱཀ་ཙིཏྟ་ཨུ་པ་ དྲ་བ་ཀཱ་ར་ར་ཏཱན་ཏཱན་མ་ཧཱ་ཀྲོ་དྷ་བཛྲེ་ཎ་ཙུརྞྞ་ཡ་ཙུརྞྞ་ཡ། བཛྲ་ཁཌ་གེ་ན་ནི་ཀྲིན་ཏ་ 7-1-285 ཡ་ནི་ཀྲིན་ཏ་ཡ། བཛྲ་ཏྲི་ཤཱུ་ལེ་ན་བྷེ་ད་ཡ་བྷེ་ད་ཡ། བཛྲ་ཀར་ཏྟི་ཀ་ཡ་ཧ་ན་ཧ་ན། བཛྲ་ བཱ་ཎེ་ན་བིནྡྷ་བིནྡྷ། བཛྲ་ཀཱི་ལ་ཀེཿཀཱི་ལ་ཡ་ཀཱི་ལ་ཡ། བཛྲ་མུད་ག་རེ་ཎ་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ ཊ་ཡ། བཛྲ་ཙཀྲེ་ཎ་ཙྪེ་ད་ཡ་ཙྪེ་ད་ཡ། བཛྲ་ཀུན་ཏེ་ན་བིནྡ་བིནྡ། བཛྲ་དཎ་ཌེ་ན་ཏཱ་ཊ་ཡ་ ཏཱ་ཊ་ཡ། བཛྲ་པར་ཤུ་ནཱ་ཙྪིནྡ་ཙྪིནྡ། ས་ཨར་དྷ་ཏྲི་ཀོ་ཊི་ཁཎ་ཌཾ་ཀྲི་ཏྭ་སྨ་ཤཱ་ན་བྷཱུ་མྱཱཾ་སརྦ་ བྷཱུ་ཏེ་བྷྱོ་བ་ལིཾ་ཀུ་རུ་ཀུ་རུ། བཛྲ་ཌ་མ་རུ་ཀེ་ན་བཛྲ་ཌཱ་ཀི་ནཱི་རཱ་བཱ་ཧ་ཡ་བཱ་ཧ་ཡ། བཛྲ་ཌཱ་ ཀི་ནཱི་བྷྱོ་མཱ་ར་ཀཱ་ཡི་ཀཱ་ནཱཾ་རུ་དྷི་རཾ་ནི་བེ་ད་ཡ་ནི་བེ་ད་ཡ། པཉྩ་ཨ་མྲྀ་ཏ་ཨཱ་ཧཱ་རི་ཎཱི་བྷྱཿ པཉྩ་ཨ་མྲྀ་ཏཾ་ནི་བེ་ད་ཡ་ནི་བེ་ད་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ས་ཧི་ཏཿ སརྦ་སཏྭཱ་ནཱཾ་ཤཱནྟི་ཀཾ་ པཽཥྟི་ཀཾ་རཀྵ་ཨ་བ་ར་ཎ་ཀུབ་ཏིཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ཅེས་པ་སྟེ་ལན་བདུན་བཟླས་ པས་བདུད་དང་བགེགས་དང་གཞན་གྱིས་མི་ཐུབ་པ་དང༌། ཡི་དྭགས་ལ་སོགས་པ་ རྣམས་དང་གདུག་པ་ཐམས་ཅད་ཚར་གཅོད་པར་བྱེད་དོ། །འདི་ལ་ཡང་བསྙེན་པ་ནི་ དང་པོར་བཟླས་པ་བྱེ་བ་དང་སྦྱིན་སྲེག་འབུམ་ཕྲག་བཅུ་སྟེ། ལས་སོ་སོ་ལ་ནི་བཟླས་པ་ འབུམ་ཕྲག་བཅུ་དང༌། སྦྱིན་སྲེག་ཁྲི་ཕྲག་བཅུའོ། །ཞེས་པ་ངེས་པའོ། །དེ་ལྟར་བདུད་ཚར་ བཅད་ནས་ཡང་དང་ཡང་དུ་མལ་སྟན་ལ་ཉལ་བར་བྱ་སྟེ་ཇི་སྲིད་དགེ་བའི་མཚན་མར་ གྱུར་གྱི་བར་དུའོ། །མཚན་མ་རྙེད་ནས་མལ་སྟན་སྤངས་ཏེ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་ འཛིན་པས་སླར་ཡང་གཏོར་མ་སྦྱིན་པར་བྱའོ། །མལ་སྟན་ལྷག་པར་གནས་པའི་ཆོ་ག་སྟེ། མཚན་མ་ངན་པ་བསལ་བའི་ཆོ་ག་དང་བཅས་པའོ། ། དེ་ལྟར་དཀྱིལ་འཁོར་ལ་ཉེ་བར་མཁོ་བ་མཐའ་དག་སྟ་གོན་དུ་གནས་པར་རིག་ནས། དཀྱིལ་འཁོར་ཆེན་པོ་བྲི་བའི་སླད་དུ་དཀར་པོའི་ཕྱོགས་ཀྱི་ཚེས་བཅུ་གཉིས་པའམ་ཉི་ མ་བཟང་པོ་གཞན་ལ་ཡང་རུང་སྟེ། སློབ་དཔོན་ཤར་དུ་མངོན་པར་ཕྱོགས་པས་དཀྱིལ་ འཁོར་ཀྱི་ས་གཞི་དང༌། རྡོ་རྗེའི་ཐིག་སྐུད་དྲི་དང་སྤོས་ལ་སོགས་པས་ཡང་དག་པར་ མཆོད་ནས་ཚོན་གྱི་ཁུ་བ་ལས་དང་རྗེས་སུ་མཐུན་པས་ཐིག་གདབ་པར་བྱ་སྟེ། ཞི་བ་ དང་རྒྱས་པ་ལ་ཤྲཱི་ཁཎ་ཌ་དང་སཱ་ལི་བཏགས་པས་སོ། །བསད་པ་དང་བསྐྲད་པ་ལ་ནི་ ཁྲག་དང་དུག་དང་རོ་བསྲེགས་པའི་སོལ་བས་སོ། །དབང་དང་དགུག་པ་ལ་ནི་གུར་གུམ་ 7-1-286 དང་ཙན་དན་དམར་པོས་སོ། །རྨོངས་པ་དང་རེངས་པ་ལ་ནི་ཡུང་བ་དང་བ་བླའི་ཁུ་ བས་ཐིག་གདབ་པར་བྱ་སྟེ་ཞར་ལ་འོངས་པའོ། །དེ་ལ་དཀྱིལ་འཁོར་ཀྱི་ནུབ་ཏུ་རྡོ་རྗེ་ སློབ་དཔོན་ཤར་དུ་མངོན་པར་ཕྱོགས་པས་རྐང་པ་གཡོན་པ་སྐྱིལ་ཀྲུང་ཕྱེད་པ་དང༌། གཡས་པའི་རྐང་མཐིལ་ས་ལ་བཞག་ཅིང་པུས་མོ་སྟེང་དུ་སོན་པའི་འདུག་སྟངས་ཀྱིས་ གནས་ཏེ། ཁུ་ཚུར་གཡོན་པར་ཐིག་སྐུད་བཟུང་བ་དང༌། དེ་ལས་བཟློག་པའི་འདུག་ སྟངས་ཀྱིས་སློབ་མ་ཤར་དུ་གནས་ཏེ་ཁ་ནུབ་ཏུ་ཕྱོགས་པའི་ཁུ་ཚུར་གཡས་པས་ཐིག་ སྐུད་བཟུང་ནས་ཤར་དང་ནུབ་ཀྱི་ས་ལ་ཐིག་སྐུད་བརྐྱང་སྟེ། ཨོཾ་ཨཱཿཧཱུཾ་ཀཱ་ཡ་བཱཀ་ཙིཏྟ་ཨེ་ ག་བྷཱུ་ཏྲཿསརྦ་དྷརྨྨཱ་ཨེ་ཀཱ་ཀཱ་རེ་ཎ་བཛྲ་སཏྭ་ཧཾ་བཛྲ་བྷཱུ་མི་སཱུ་ཏྲ་ཡཱ་མི་ཧཱུཾ་ཨཱཿཕཊ། ཅེས་ བརྗོད་པར་བྱའོ། །དེ་ནས། ཨོཾ་བཛྲ་སཱུ་ཏྲ་ཨེ་ཀཱ་ཀཱ་ར་སྭ་རུ་པེ་ཎ་ཛཿཛཿཛཿསརྦ་དྷརྨྨ་སཱུ་ ཏྲ་ཡ། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཕཊ། ཅེས་པས་རྡོ་རྗེ་ཐིག་གི་སྔགས་འདིས་ཐིག་གདབ་པར་བྱ་ སྟེ་འདུག་སྟངས་དང་ཐིག་སྐུད་འཛིན་པའི་ཚུལ་དང་སྔགས་བརྗོད་པ་འདི་དག་ནི་ཐིག་ གདབ་པ་ཐམས་ཅད་དུ་རིག་པར་བྱའོ། །དེ་བཞིན་དུ། ཐིག་སྐུད་ཆད་པར་གྱུར་ན་བླ་མ་ ཉམས་པར་འགྱུར་ཞིང་ཡོངས་འཇོམས་འགོངས་པར་གྱུར་ན་བུ་རྣམས་དག་ཀྱང་ངོ༌། ། ཞེས་གསུངས་པའི་ཕྱིར་ཕྱོགས་ཀྱི་ཡོངས་འཇོམས་སྤང་བར་བྱ་སྟེ། ཐབས་ཀྱི་ཡན་ ལག་ཤར་དང་མེ་དག་དང༌། བྱང་དང་དབང་ལྡན་དག་ཏུ་སློབ་དཔོན་འདུག་པར་མི་བྱ་ ཞིང༌། ཤེས་རབ་ཀྱི་ཡན་ལག་ནུབ་དང་རླུང་དག་དང༌། ལྷོ་དང་བདེན་བྲལ་དུ་སློབ་མ་ འདུག་པར་མི་བྱ་སྟེ། འདིར་སློབ་དཔོན་ཐབས་དང་སློབ་མ་ཤེས་རབ་ཀྱི་བདག་ཉིད་དུ་ རྣམ་པར་བཞག་པའི་ཕྱིར་དང༌། ཐབས་ཀྱི་གནས་སུ་ཤེས་རབ་འཇུག་ཅིང་ཤེས་རབ་ཀྱི་ གནས་སུ་ཐབས་ཉེ་བར་འགྲོ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་ཚངས་ཐིག་གཉིས་པ་ ཡང་སློབ་དཔོན་ལྷོ་དང་སློབ་མ་བྱང་དུ་གནས་པས་སོ། །འདི་དག་གི་སྲིད་དུ་དཀྱིལ་ འཁོར་གྱི་ཉིས་འགྱུར་ཏེ། སའི་ཁོར་ཡུག་གི་དང་པོའི་མཚམས་སུའོ། །དེ་ནས་སློབ་དཔོན་ རླུང་དང་སློབ་མ་མེར་གནས་པས་ཟུར་ཐིག་སྟེ། དེ་བཞིན་དུ། སློབ་དཔོན་བདེན་བྲལ་ དང་སློབ་མ་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པའོ། །འདི་དག་གི་སྲིད་དུ་སྒོའི་ 7-1-287 ཚད་བཅུ་བདུན་ཏེ་སའི་ཁོར་ཡུག་གི་མཐའི་བར་དུའོ། །ཐིག་གཞན་རྣམས་ཀྱི་རིམ་པ་ནི་ ནུབ་དང་ཤར་དུ་གནས་པས་དང་པོར་ལྷོའི་ཐིག་རྣམས་གདབ་པར་བྱ་ཞིང༌། དེ་ནས་ བྱང་གི་ཐིག་རྣམས་སོ། །དེའི་རྗེས་ལ་ལྷོ་དང་བྱང་དུ་གནས་པས་དང་པོར་ནུབ་ཀྱི་ཐིག་ རྣམས་གདབ་པར་བྱ་ཞིང་དེ་ནས་ཤར་གྱི་ཐིག་རྣམས་སོ། །དེ་ལ་དབུས་སུ་གཙོ་བོའི་ པད་མ་ཆ་ཆུང་བཅུ་གཉིས་པ་སྟེ། འདིར་སོར་ཕྱེད་ལ་ཆ་ཆུང་གི་ཐ་སྙད་བྱའོ། །པད་མའི་ ཕྱི་རོལ་ཏུ་རྡོ་རྗེ་ཕྲེང་བ་སྔོན་པོས་གྲུ་བཞིར་བཅད་པ་སྟེ་ཆ་ཆུང་གཅིག་པའོ། །དེ་ལས་ཆ་ ཆུང་བཞི་དོར་བའི་ཕྱི་རོལ་ཏུ་ཡང་ཆ་ཆུང་གཅིག་པའི་རྡོ་རྗེ་ཕྲེང་བ་གྲུ་བཞི་པ་སྟེ་ལྗང་ ཁུ་ལ་སོགས་པ་གཙོ་བོའི་པད་མ་དང་རྗེས་སུ་མཐུན་པའི་ཁ་དོག་གོ །འདི་གཉིས་ཀྱི་ བར་དུ་ནི་པད་མ་ལ་སོགས་པའོ། །དེ་ལ་ཕྱོགས་བཞིར་པད་མ་དཀར་པོའི་ལྟེ་བར་ཉི་མ་ དང༌། མཚམས་བཞིར་པད་མ་དམར་པོའི་ལྟེ་བར་ཟླ་བ་སྟེ་ཐམས་ཅད་འདབ་མ་བརྒྱད་ དང་ལྡན་ཞིང་ཆ་ཆུང་བཞི་པའོ། ། དེ་དག་གི་ལོགས་གཉིས་སུ་ཆ་ཆུང་གཅིག་པའི་ཀ་བ་ སྔོན་པོ་སྲིད་དུ་ཆ་ཆུང་བཞི་པ་བཅུ་དྲུག་སྟེ། ཤར་དུ་རལ་གྲི་ནག་པོ་དང༌། ལྷོར་རིན་པོ་ ཆེ་དམར་པོ་དང༌། བྱང་དུ་པད་མ་དཀར་པོ་དང༌། ནུབ་ཏུ་འཁོར་ལོ་སེར་པོ་རྣམས་ཀྱི་ ཕྲེང་བས་མཚན་པ་བཞི་བཞིའོ། །དེ་དག་གི་བར་བར་དུ་ཡང་བདུད་རྩིའི་བུམ་པ་དཀར་ པོ་པད་མས་ཁ་བརྒྱན་ཅིང་པད་མ་ལ་གནས་པ་བརྒྱད་དེ། རྒྱར་ཆ་ཆུང་གསུམ་དང་སྲིད་ དུ་ཆ་ཆུང་བཞི་པའོ། །ཡང་ན་འདི་དག་གི་གནས་སུ་ཐོད་པ་བརྒྱད་དེ་བདེ་བ་ཆེན་པོའི་ འཁོར་ལོ་ལའོ། །དེ་ལས་ཆ་ཆུང་བདུན་དོར་བའི་ཕྱི་རོལ་ཏུ་ལྷ་སྣམ་དཀར་པོ་ཆ་ཆུང་ བཞི་པ་སྟེ་འདབ་མ་བརྒྱད་པའི་པད་མ་བཅུ་གཉིས་དང་ལྡན་པའོ། །དེ་ཡང་ཕྱོགས་ བཞིའི་གཡས་རྣམས་དང་ཤར་དང་ལྷོའི་གཡོན་དུ་པད་མ་དཀར་པོ་ལ་ཉི་མ་དང༌། མཚམས་བཞི་དང་བྱང་དང་ནུབ་ཀྱི་གཡོན་དུ་པད་མ་དམར་པོ་ལ་ཟླ་བས་བརྒྱན་པ་སྟེ་ འདབ་མ་སྤངས་པའི་ལྟེ་བ་རྣམས་ལའོ། །དེ་ལས་ཆ་ཆུང་གཅིག་སྤངས་པའི་ཕྱི་རོལ་ཏུ་ ཐུགས་ཀྱི་དཀྱིལ་འཁོར་གྱི་རྩ་བའི་ཐིག་སྟེ་འདིའི་བརྒྱད་ཆའི་ཚད་ཀྱིས་སྒོའོ། །སྒོ་དང་ མཉམ་པའི་སྒོ་ཁྱུད་དོ། །སྒོ་ཁྱུད་དང་མཉམ་པའི་འགྲམ་མོ། ། འགྲམ་དང་མཉམ་པའི་ 7-1-288 ལོགས་སོ། །དེ་ལྟར་ན་འདིའི་སྒོ་དང་སྒོ་ཁྱུད་དང་འགྲམ་དང་ལོགས་རྣམས་ཀྱི་ཚད་ནི་ ཆ་ཆུང་དྲུག་དྲུག་ཏུ་རྟོགས་པར་བྱའོ། །སྒོའི་དབུས་སུ་ཡང་ཆ་ཆུང་བཞི་པའི་པད་མ་ འདབ་མ་བརྒྱད་པ་རྣམས་ཏེ། ཤར་དང་བྱང་དུ་པད་མ་དམར་པོ་ལ་ཟླ་བ་དང༌། ལྷོ་དང་ ནུབ་ཏུ་པད་མ་དཀར་པོ་ལ་ཉི་མས་བརྒྱན་པའམ་ཡང་ན་དེ་ལས་བཟློག་པའོ། ། ཤར་ དང་ནུབ་ཀྱི་པད་མའི་ཕྱི་རོལ་ཏུ་ཡང་སྟེང་དང་འོག་གི་བུམ་པའམ་ཐོད་པ་གཉིས་ཏེ་ ཚད་ལ་སོགས་པ་ནི་དང་པོར་བསྟན་པ་རྣམས་དང་མཚུངས་པའོ། །རྩ་བའི་ཐིག་ལས་ཆ་ ཆུང་ཕྱེད་དང་གཉིས་དོར་བའི་ཕྱི་རོལ་ཏུ་རྩིག་པའི་ཐིག་སྟེ། སྒོ་ཁྱུད་དང་འགྲམ་དང་ ལོགས་ཀྱི་མཐར་ཐུག་པར་འགྲོ་བའོ། །རྩིག་པའི་ཕྱི་རོལ་ཏུ་སྟེགས་བུ་དཀར་པོ་ཆ་ཆུང་ གསུམ་པ་སྟེ། སྒོ་ཁྱུད་ཀྱི་རྩིག་པའི་མཐར་ཐུག་པར་འགྲོ་བའོ། །སྒོ་ལོགས་ཀྱི་རྩིག་པའི་ཕྱི་ རོལ་ཏུ་རྟ་བབས་ཀྱི་ཀ་བ་སེར་པོ་རྩིག་པ་དང་མཉམ་པ་སྟེ་སྟེགས་བུ་ལ་ཐུག་པར་ རོ། །སྟེགས་བུའི་ཕྱི་རོལ་ཏུ་རིན་པོ་ཆེའི་སྣམ་བུ་དང༌། དོ་ཤལ་དང༌། བ་ཀུ་ལཱི་དང༌། ཀྲ་ མ་ཤཱིར་ཥ་རྣམས་རྟ་བབས་ཀྱི་ཀ་བ་ལ་ཐུག་པ་སྟེ་དོ་ཤལ་ནི་སྟེགས་བུའི་ཚད་དང༌། གཞན་རྣམས་ནི་རྩིག་པའི་ཚད་ཀྱིས་སོ། །སྟེང་དུ་སྒོ་ལས་གསུམ་འགྱུར་གྱི་རྟ་བབས་རིམ་ པ་གསུམ་པ་སྟེ། རིམ་པ་དང་པོ་ལ་ཆ་ཆུང་དྲུག་དང༌། གཉིས་པ་ལ་ཕྱེད་དང་ལྔ་དང༌། གསུམ་པ་ལ་ཕྱེད་དང་བཞི་དང༌། ཧར་མི་ལ་གཉིས་དང༌། བུམ་པ་ལ་གཉིས་སོ། །དེ་ལ་ རྟ་བབས་ཀྱི་ཀ་བའི་སྟེང་དུ་ཆ་ཆུང་གཅིག་པའི་གདུང་སྟེ་ཆ་ཆུང་ཉི་ཤུ་རྩ་བཞིར་རིང་ བའོ། །དེའི་སྟེང་དུ་ཆ་ཆུང་གཅིག་པའི་མྱོས་པ་སྲུང་བ་སྟེ་ཆ་ཆུང་བཅུ་དྲུག་ཏུ་རིང་ བའོ། །དེའི་སྟེང་དུ་མཆོད་པའི་ལྷ་མོའི་གནས་གསུམ་སྟེ་སོ་སོར་རྒྱ་དང་དཔངས་སུ་ཆ་ ཆུང་བཞི་པའོ། །དེ་དག་གི་བར་དང་མཐའ་གཉིས་སུ་ཡང་ཆ་ཆུང་གཅིག་པའི་ཀ་བ་ རྣམས་ཏེ་སྲིད་དུ་ཆ་ཆུང་བཞི་པའོ། དེ་དག་གི་མཐར་ཡང་གླང་པོ་ཆེ་མནན་པའི་སེང་ གེ་མགོ་བོ་སྟེང་དུ་བལྟས་པ་དག་སྟེ་རིམ་པ་དང་པོའོ། །དེ་ནས་ཀ་བ་རྣམས་དང་སེང་གེ་ དག་གི་མགོ་བོའི་སྟེང་དུ་ཆ་ཆུང་ཕྱེད་པའི་གདུང་སྟེ་ཆ་ཆུང་བཅོ་བརྒྱད་དུ་རིང་ བའོ། །དེའི་སྟེང་དུ་ཡང་ཆ་ཆུང་གཅིག་པའི་མྱོས་པ་སྲུང་བ་སྟེ་ཆ་ཆུང་བཅུ་གཉིས་སུ་ 7-1-289 རིང་བའོ། །དེའི་སྟེང་དུ་ཡང་མཆོད་པའི་ལྷ་མོའི་གནས་གསུམ་སྟེ་སོ་སོར་རྒྱ་དང་ དཔངས་སུ་ཆ་ཆུང་གསུམ་པའོ། །དེ་དག་གི་བར་དང་མཐའ་གཉིས་སུ་ཡང་ཀ་བ་རྣམས་ ཏེ། རྒྱར་རྐང་པས་དམན་པའི་ཆ་ཆུང་གཅིག་དང༌། དཔངས་སུ་ཆ་ཆུང་གསུམ་ པའོ། །འདི་དག་གི་མཐར་ནི་མཆོད་པའི་ལྷ་མོ་གདུང་འདེགས་པ་དག་སྟེ་རིམ་པ་གཉིས་ པའོ། །དེ་ནས་ཀ་བ་རྣམས་དང་ལྷ་མོ་དག་གི་སྟེང་དུ་ཆ་ཆུང་ཕྱེད་པའི་གདུང་སྟེ་ཆ་ ཆུང་བཅོ་ལྔར་རིང་བའོ། །དེའི་སྟེང་དུ་ཡང་ཆ་ཆུང་གཅིག་པའི་མྱོས་པ་སྲུང་བ་སྟེ་ཆ་ ཆུང་བརྒྱད་དུ་རིང་བའོ། །དེའི་སྟེང་དུ་ཡང་མཆོད་པའི་ལྷ་མོའི་གནས་གསུམ་སྟེ་སོ་སོར་ རྒྱ་དང་དཔངས་སུ་ཆ་ཆུང་གཉིས་པའོ། །དེ་དག་གི་བར་དང་མཐའ་གཉིས་སུ་ཡང་ཆ་ ཆུང་ཕྱེད་པའི་ཀ་བ་རྣམས་ཏེ་སྲིད་དུ་ཆ་ཆུང་གཉིས་པའོ། །དེ་དག་གི་མཐར་ཡང་ གདུང་འདེགས་པའི་ལྷ་མོ་དག་སྟེ་རིམ་པ་གསུམ་པའོ། །དེ་ནས་ཀ་བ་རྣམས་དང་ལྷ་མོ་ དག་གི་སྟེང་དུ་ཆ་ཆུང་ཕྱེད་པའི་གདུང་སྟེ། ཆ་ཆུང་བཅུ་གཉིས་སུ་རིང་བའོ། །དེའི་སྟེང་ དུ་ཆ་ཆུང་ཕྱེད་དང་གཉིས་པའི་ཧར་མི་སྟེ་འོག་གི་རྒྱར་ཆ་ཆུང་བཅུ་གཉིས་དང་སྟེང་གི་ རྒྱར་ཆ་ཆུང་བརྒྱད་པའོ། །དེའི་སྟེང་དུ་བུམ་པ་སྟེ། བུམ་པའི་གཡས་དང་གཡོན་དུ་རྒྱལ་ མཚན་ནོ། །དེ་བཞིན་དུ། སྣམ་བུ་སོ་སོ་ལ་ཡང་རི་བོང་འཛིན་པ་ལྟར་དཀར་བའི་དྲིལ་བུ་ དང་མེ་ལོང་དང་རྔ་ཡབ་དང་དབྱུག་པ་དང་བ་དན་ལ་སོགས་པ་ཇི་ལྟར་མཛེས་ པའོ། །དེ་ནས་ཀྲ་མ་ཤཱིར་ཥའི་ཐིག་ལས་ཆ་ཆུང་བདུན་དོར་བའི་ཕྱི་རོལ་ཏུ་གསུང་གི་ལྷ་ སྣམ་དཀར་པོ་ཆ་ཆུང་བཞི་པ་སྟེ། ཕྱོགས་དང་མཚམས་སུ་འདབ་མ་བརྒྱད་པའི་པད་མ་ བརྒྱད་དང་ལྡན་པའོ། །དེ་ལ་ཕྱོགས་བཞིའི་པད་མ་ནི་ཐུགས་ཀྱི་རྟ་བབས་ཀྱི་རིམ་པ་ གཉིས་པའི་དབུས་ཀྱི་གནས་ལ་སྟེ་གཡས་དང་གཡོན་གྱི་ཀ་བ་དང་སྟེང་དང་འོག་གི་ སྣམ་བུ་ལ་ཆ་ཆུང་ཕྱེད་ཕྱེད་ཟོས་ནས་ཆ་ཆུང་བཞི་དང་ལྡན་པའོ། །ལྷ་སྣམ་ལས་ཆ་ཆུང་ གཅིག་སྤངས་པའི་ཕྱི་རོལ་ཏུ་རྩ་བའི་ཐིག་སྟེ་སྒོ་དང་སྒོ་ཁྱུད་ལ་སོགས་པ་ནས་རྟ་བབས་ ཀྱི་མཐར་ཐུག་པ་རྣམས་ཀྱི་ཚད་ནི་ཐུགས་ཀྱི་ཉིས་འགྱུར་རོ། ། འདིའི་ཀྲ་མ་ཤཱིར་ཥ་ལས་ ཆ་ཆུང་བཅུ་གཅིག་དོར་བའི་ཕྱི་རོལ་ཏུ་སྐུའི་ལྷ་སྣམ་དཀར་པོ་ཆ་ཆུང་བཅུ་གཉིས་པ་སྟེ་ 7-1-290 པད་མ་བཅུ་གཉིས་དང་ལྡན་པའོ། །དེ་དག་ཀྱང་ཆ་ཆུང་བཅུ་གཉིས་ཆ་བདུན་དུ་རྣམ་ པར་ཕྱེ་བའི་དབུས་ཀྱི་ཆ་ལ་ལྟེ་བ་སྟེ་ལྷག་མ་ནི་འདབ་མ་བཞི་དང་བརྒྱད་དང་བཅུ་ དྲུག་གི་དབྱེ་བས་འདབ་མ་ཉི་ཤུ་རྩ་བརྒྱད་དོ། །ལྷ་སྣམ་ལས་ཆ་ཆུང་གཅིག་དོར་བའི་ཕྱི་ རོལ་ཏུ་རྩ་བའི་ཐིག་སྟེ་སྒོ་དང་སྒོ་ཁྱུད་ལ་སོགས་པ་ནས་རྟ་བབས་ཀྱི་མཐར་ཐུག་པ་ རྣམས་ཀྱི་ཚད་ནི་གསུང་གི་ཉིས་འགྱུར་རོ། །འདིའི་རྟ་བབས་ཀྱི་རིམ་པ་དང་པོའི་དབུས་ ཀྱི་གནས་ལ་ཤར་དུ་ཆོས་ཀྱི་འཁོར་ལོ་ནག་པོ་སྟེ་གཡས་དང་གཡོན་དུ་རི་དྭགས་དང་རི་ དྭགས་མོའོ། །ལྷོར་བུམ་པ་བཟང་པོ་ཁ་དོག་དམར་པོ་སྟེ་གཡས་དང་གཡོན་དུ་དུང་དང་ པད་མའོ། །བྱང་དུ་རྔ་བོ་ཆེ་དཀར་པོ་སྟེ་གཡས་དང་གཡོན་དུ་དབྱུག་པ་དང་ཐོ་ བའོ། །ནུབ་ཏུ་བྱང་ཆུབ་ཀྱི་ཤིང་སེར་པོ་སྟེ་གཡས་དང་གཡོན་དུ་མིའམ་ཅི་དང་མིའམ་ ཅི་མོའོ། །རྟ་བབས་ཀྱི་དཔངས་ནི་ཐམས་ཅད་དུ་སྒོ་ལས་སུམ་འགྱུར་ཡིན་ཡང༌། རང་ རང་གི་ཚངས་པའི་ཐིག་དང་ལྡན་པ་ནི་རིམ་པ་གསུམ་པའི་མྱོས་ སྲུང་གི་མཐར་ཐུག་པ་ ཁོ་ན་སྟེ་རང་རང་གི་སྒོ་ཚད་གཉིས་སོ། །དེ་ལས་ལྷག་པ་ནི་མ་ཡིན་ནོ། །དེ་ན་སའི་ཁོར་ ཡུག་གི་དང་པོ་ནི་སྐུའི་རྟ་བབས་ཀྱི་རིམ་པ་གསུམ་པའི་མྱོས་སྲུང་གི་མཐའ་ནས་བསྐོར་ བར་བྱ་སྟེ། དེར་ཚངས་ཐིག་ཟད་པའི་ཕྱིར་རོ། །དེ་ལྟར་ན་ཡང་རྟ་བབས་ཀྱི་རྩེ་མོ་ནི་ ཆུའི་ཁོར་ཡུག་གི་ཕྱེད་དུ་སྟེ་ཚངས་ཐིག་མེད་པ་སྒོ་ཚད་གཅིག་གོ །ཚངས་པའི་ཐིག་གི་ མཐའ་ལས་ཆ་ཆུང་བཅུ་གཉིས་དོར་བར་སའི་ཁོར་ཡུག་སེར་པོ་སྟེ་ཟུར་ཐིག་གི་མཐའ་ དང་མཉམ་པའོ། །འདི་ཉིད་ལ་དབང་ལྡན་ནས་ཟླ་བ་གང་བ་འཆར་བཞིན་པ་དཀར་པོ་ དང༌། བདེན་བྲལ་དུ་ཉི་མ་ནུབ་བཞིན་པ་དམར་པོ་སྟེ། སོ་སོར་ཆ་ཆུང་བཅུ་གཉིས་ པའོ། །སའི་ཕྱི་རོལ་ཏུ་ཆུ་དང་མེ་དང་རླུང་གི་ཁོར་ཡུག་དཀར་པོ་དང་དམར་པོ་དང་ ནག་པོ་སྟེ་སོ་སོར་ཆ་ཆུང་ཉི་ཤུ་རྩ་བཞི་པའོ། ། རླུང་གི་ཕྱི་རོལ་ཏུ་ནམ་མཁའི་ཁོར་ཡུག་ ཆ་ཆུང་བཅུ་གཉིས་པ་སྟེ་འདིའི་དབུས་སུ་ཆ་ཆུང་དྲུག་ལ་རྡོ་རྗེའི་ཕྲེང་བ་ལྗང་ཁུའོ། །དེ་ ལྟར་ན་རྡོ་རྗེ་ཕྲེང་བའི་མཐའ་གཉིས་སུ་ཡང་ཆ་ཆུང་གསུམ་གསུམ་སྟེ་ཁ་དོག་སྔོན་ པོའོ། །དེའི་ཕྱི་རོལ་ཏུ་འོད་ཟེར་གྱི་ཕྲེང་བ་ཁ་དོག་ལྔ་འཕྲོ་བ་སྟེ་ཆ་ཆུང་ཉི་ཤུ་རྩ་བཞི་ 7-1-291 པའོ། །དེ་ལྟར་ན་བསྡུས་པའི་རྒྱུད་དུ་ཐུགས་རྡོ་རྗེ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ལ་ ཁྲུ་བཞི་དང༌། ཐིག་སྐུད་ལ་ཁྲུ་བརྒྱད་དང༌། འོད་ཀྱི་མཐར་ཐུག་པ་ལ་ཁྲུ་བཅུ་གསུམ་སྟེ། ཆ་ཆུང་ནི་སོར་ཕྱེད་ཀྱི་བདག་ཉིད་དོ། །རྩ་བའི་རྒྱུད་དུ་ཐུགས་རྡོ་རྗེ་གཙོ་བོར་གྱུར་པའི་ དཀྱིལ་འཁོར་ལ་ཁྲུ་བཅུ་གཉིས་དང༌། ཐིག་སྐུད་ལ་ཁྲུ་ཉི་ཤུ་རྩ་བཞི་དང༌། འོད་ཀྱི་ མཐར་ཐུག་པ་ལ་ཁྲུ་སུམ་ཅུ་རྩ་དགུ་སྟེ་ཆ་ཆུང་ནི་སོར་ཕྱེད་དང་གཉིས་ཀྱི་བདག་ཉིད་ དོ། །གསུང་རྡོ་རྗེ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ལ་ཁྲུ་བཅུ་དྲུག་དང༌། ཐིག་སྐུད་ལ་ ཁྲུ་སུམ་ཅུ་རྩ་གཉིས་དང༌། འོད་ཀྱི་མཐར་ཐུག་པ་ལ་ཁྲུ་ལྔ་བཅུ་རྩ་གཉིས་ཏེ། ཆ་ཆུང་ནི་ སོར་གཉིས་ཀྱི་བདག་ཉིད་དོ། །སྐུ་རྡོ་རྗེ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ལ་ཁྲུ་ཉི་ཤུ་ དང༌། ཐིག་སྐུད་ལ་ཁྲུ་བཞི་བཅུ་དང༌། འོད་ཀྱི་མཐར་ཐུག་པ་ལ་ཁྲི་དྲུག་ཅུ་རྩ་ལྔ་སྟེ། ཆ་ ཆུང་ནི་སོར་ཕྱེད་དང་གསུམ་གྱི་བདག་ཉིད་དོ། །དེ་བཞིན་དུ། ཁྲུ་གང་ནས་བརྩམས་ཏེ་ ཇི་སྲིད་ཁྲུ་སྟོང་གི་བར་དུ་ཡང་ལུས་ལ་ཁྲུ་བཞི་དང༌། འཇིག་རྟེན་གྱི་ཁམས་ལ་དཔག་ ཚད་འབུམ་ཕྲག་བཞིའི་རྣམ་པར་དག་པ་ཤེས་པར་བྱ་སྟེ། རང་རང་གི་ཆའི་དབྱེ་བས་ སོ། ། འདིར་གང་དག་འོད་ཀྱི་ཕྲེང་བ་ཕྱོགས་མདོག་ཏུ་སྨྲ་བ་དེ་དག་ནི་འཁྲུལ་པ་སྟེ། དྲི་ མ་མེད་པའི་འོད་ལས། དེའི་ཕྱི་རོལ་ཏུ་འོད་ཟེར་ལྔའི་རང་བཞིན་འབར་བ་བལྟ་བར་བྱ་ སྟེ་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། སའི་ཁོར་ཡུག་གི་དང་པོ་རྟ་བབས་ཀྱི་རྩེ་མོ་ ནས་བསྐོར་བ་དང༌། ཀྲ་མ་ཤཱིར་ཥའི་ཟུར་ལ་རེག་པར་བསྐོར་བ་དང༌། དེའི་ནང་རོལ་ཏུ་ པད་མའི་ཕྲེང་བས་བསྐོར་བ་དང༌། མེ་རླུང་གི་བར་དུ་དུར་ཁྲོད་ཀྱི་ཁོར་ཡུག་བསྐོར་བ་ དང༌། ཆུ་དང་མེ་དང་རླུང་རྣམས་ཆ་ཆུང་བརྒྱད་བརྒྱད་དུ་འདོད་པ་ལ་སོགས་པ་ལ་ ཡང་འཁྲུལ་པ་སྟེ། དེ་དག་ལ་ཤེས་པར་བྱེད་པའི་ལུང་དང་རིགས་པ་མེད་པའི་ཕྱིར་ དང༌། ཕྱི་ནང་གི་དག་པ་རིམ་པ་གསུམ་གསུངས་པ་དང་འགལ་བའི་ཕྱིར་རོ། །འོ་ན་དྲི་ མ་མེད་པའི་འོད་ལས། རྟ་བབས་ཀྱི་མཐར་སའི་དཀྱིལ་འཁོར་ཁ་དོག་སེར་པོ་སོར་ཕྱེད་ པ་བཅུ་གཉིས་ཀྱིས་བཀོད་པ་གང་ཡིན་པ་ཞེས་གསུངས་པ་དེ་ཇི་ལྟར་ཞེ་ན། དེ་ནི་ འགྱུར་གྱི་སྐྱོན་ཡིན་ཏེ། འདིར་ཨ་བ་སཱ་ནེའི་སྒྲ་གནས་ལ་ཞེས་པར་འགྱུར་བས། རྟ་ 7-1-292 བབས་ཀྱི་གནས་ལ་སའི་དཀྱིལ་འཁོར་ཞེས་པར་འགྱུར་རོ། །དེས་ན་འདིར་རྒྱ་གར་གྱི་ མཁས་པ་རྣམས་ལ་འཁྲུལ་པའི་གནས་མེད་ཅིང༌། གངས་ཅན་པ་ཁ་ཅིག་འཁྲུལ་པའི་ གཞི་ནི་དེ་ཡིན་ནོ། །དེ་བཞིན་དུ། འགྲམ་ལོགས་སྒོ་དང་མི་མཉམ་པ་དང༌། མུན་པའི་ སྣམ་བུ་དང་དར་དཔྱངས་ཀྱི་སྣམ་བུ་ཡང་གསུངས་པ་མེད་དོ། །གལ་ཏེ་སྔར་གྱི་རྡོ་རྗེ་ ཕྲེང་བའི་ཆ་དང་ལྷན་ཅིག་ཅེས་པ་ལ་སོགས་པས་ཤིས་སོ་ཞེ་ན། དེ་ནི་བོད་འགའ་ཞིག་ གི་འཁྲུལ་པ་སྟེ། རྒྱ་དཔེ་ལ་ཨ་པཱུརྦ་བཛྲ་ཨ་བ་ལཱི་ཞེས་པ་ཡོད་ཅིང༌། དེ་ནི་སྔོན་མ་མིན་ པའི་རྡོ་རྗེ་ཕྲེང་བ་ཞེས་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདིས་ཀྱང་འགྲམ་ ལོགས་སྒོ་དང་མཉམ་པ་ཉིད་བསྟན་པ་ཡིན་ལ། སྐབས་གཞན་དང་གཞན་དུ་ཡང་ མཉམ་པ་འདི་ཉིད་ཡང་དང་ཡང་དུ་གསུངས་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ མཚོན་པའི་ཕྱིར་རོ། །དེའི་ཕྱིར་གང་དག་སྒོའི་མདུན་ཡང་རྩིག་པ་དེ་དག་ནི་མཉམ་ གསུམ་དང་འགལ་ཞིང༌། འགྲོ་འོང་གི་སྒོ་བཀག་པས་ན་ཐར་པའི་སྒོ་ཡང་མཚོན་པར་མི་ ནུས་སོ། །གཞན་ཡང་བར་ས་སྟོང་པ་དང་མཆོད་པའི་ས་གཞི་སྔོ་ལྗང་དང༌། ལྷ་སྣམ་ ཕྱོགས་མདོག་ལ་སོགས་པ་འཁྲུལ་པ་དུ་མ་ཞིག་སྣང་བས་མཁས་པ་རྣམས་ཀྱིས་རྒྱུད་ དང་འགྲེལ་པ་དཔང་དུ་བྱས་ནས་ལུང་དང་རིགས་པས་སུན་དབྱུང་བར་བྱའོ། །སྤྲོས་ པའི་ཕྲེང་བ་ཆོག་གོ ། འདིར་ཇི་སྐད་བཤད་པའི་ཚད་རྣམས་ལས་ལྷག་པ་དང་ཆད་པར་ མི་བྱ་ཞིང་དབྱེ་བར་བྱ་བའི་ཐིག་རྣམས་ཀྱང་གདབ་པར་མི་བྱའོ། །དེ་ཉིད་བདེ་བླག་ཏུ་ རྟོགས་པར་བྱ་བའི་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ། མཎྜལ་དབུས་སུ་ཕུར་བུ་གཟུང་བྱས་ཏེ། །ཁྲུ་བཞིའི་མཐའ་ནས་དང་པོར་ཟླུམ་པོར་ བསྐོར། །དེ་ཡི་ཚད་དུ་ཚངས་པའི་ཐིག་གཉིས་གདབ། །དེ་ལས་ཆ་ཆུང་ཉི་མའི་ཕྱི་ནས་ ཀྱང༌། །བསྐོར་བའི་ཚད་དུ་ཟུར་གྱི་ཐིག་གཉིས་གདབ། །ཚངས་ཐིག་ཕྱེད་དུ་སྐུ་ཡི་རྩ་ཐིག་ སྟེ། །དེ་ཡི་ཕྱེད་དུ་གསུང་གི་རྩ་ཐིག་དང༌། །གསུང་གི་ཕྱེད་དུ་ཐུགས་ཀྱི་རྩ་ཐིག་ཡིན། ། ཐུགས་ཀྱི་ཕྱེད་དུ་བདེ་བ་ཆེན་པོ་སྟེ། །དེའི་ཕྱེད་དུ་གཙོ་བོའི་པད་མ་ཡིན། །དེ་དང་དེ་ཡི་ ཚད་དང་མཚན་མ་ནི། །ཟུར་ལ་ལོ་ཐུབས་ཡང་ཡང་བཙལ་བས་རྙེད། །དེ་ཡང་འདི་ལྟར་ 7-1-293 ཚངས་ཐིག་མཐའ་ནས་མཐར། །ལོ་ཐུབས་བྱས་ན་སྐུ་ཡི་རྩ་ཐིག་རྙེད། །རྩ་ཐིག་འདི་དང་ ཚངས་ཐིག་ཕྲད་ཙམ་ནས། །ལོ་ཐུབས་གཉིས་པས་གསུང་གི་རྩ་ཐིག་རྙེད། །དེ་བཞིན་ གསུམ་པས་ཐུགས་ཀྱི་རྩ་ཐིག་དང༌། །བཞི་པས་བདེ་བ་ཆེན་པོ་རྙེད་པར་འགྱུར། །སྐུ་ གསུང་ཐུགས་ཀྱི་བར་གྱི་ས་གང་ཡིན། །དེ་ཡི་ཕྱེད་དུ་སོ་སོའི་མདའ་ཡབ་ཐིག །ཚངས་ ཐིག་མཐའ་དང་སྐུ་ཡི་རྩ་ཐིག་བར། །འདི་ཡི་ཕྱེད་དུའང་སྐུ་ཡི་མདའ་ཡབ་སྟེ། །ཟུར་ཐིག་ རྣམས་ཀྱི་མཐའ་ནས་མཐའ་རུའོ། །དེ་ལྟར་དཀྱིལ་འཁོར་གསུམ་པོ་རང་རང་གི །རྩ་ཐིག་ ནས་ནི་ཀྲ་མ་ཤཱིར་ཥའི་བར། །གང་ཡིན་དེ་ནི་ཕྱེད་དུ་བགོ་བྱ་ཞིང༌། །དེ་ཡི་ནང་མ་ དབུས་དོར་མཐའ་གཉིས་དང༌། །ཕྱི་མ་ཕྱེད་བགོ་དེ་ཡི་ཕྱི་ཡང་ཕྱེད། །སྐུ་ཡི་སྒོ་ཁྱུད་བདེ་ ཆེན་འཁོར་ལོའི་ཚད། ། དེ་བཞིན་སྒོ་ལོགས་ཐུགས་ཀྱི་མདའ་ཡབ་ཚད། །རྟ་བབས་ཀ་བ་ གསུང་གི་རྩ་ཐིག་ཚད། ། གསུང་གི་སྒོ་ཁྱུད་དབུས་ཀྱི་པད་མའི་ཚད། །རྟ་བབས་ཀ་བ་ ཐུགས་ཀྱི་རྩ་ཐིག་ཚད། །དེ་བཞིན་ཁོ་ནར་ཐུགས་ཀྱི་སྒོ་ཁྱུད་ཀྱང༌། །ཕྱོགས་བཞིའི་རྒྱལ་ བའི་གཡས་གཡོན་ཀ་བའི་ཚད། །རྟ་བབས་ཀ་བ་བདེ་ཆེན་འཁོར་ལོའི་ཚད། །དེ་སོགས་ ཆ་ཡི་དབྱེ་བ་ཇི་སྙེད་པ། ། ཡང་དང་ཡང་དུ་ཕྱེ་བས་རྙེད་པར་འགྱུར། །དེ་ཕྱིར་དང་པོར་ ཚད་ཀྱི་དོན་ཙམ་དུ། །སྐམ་ཐིག་ཁོ་ནས་འདི་དག་རིང་པོར་གདབ། །དེ་ལྟར་བྱས་ན་ཇི་ སྐད་བསྟན་པ་ཡི། །ཐིག་གི་མཚན་ཉིད་མཐའ་དག་གསལ་བར་འགྱུར། །དེ་ལྟར་ཚད་ དང་མཚན་མ་ཀུན་ཤེས་ནས། ། ཕྱོགས་ཀྱི་ཡོངས་འཇོམས་འགོངས་པར་མི་འགྱུར་ བར། །མཉམ་དང་མི་མཉམ་རྐང་པས་ཐིག་ཐུང་དུ། །ཚོན་གྱི་ཁུ་བ་ལས་དང་མཐུན་པས་ གདབ། །རྟ་བབས་ཁོར་ཡུག་ལྷ་སྣམ་ལ་སོགས་པ། །དང་པོར་བསྟན་པའི་ཚུལ་གྱི་ཤེས་ པར་བྱ། །ཞེས་པའོ། ། གཞན་ཡང་དཀྱིལ་འཁོར་གསུམ་པོ་རེ་རེ་ལ་ཡང་བདེ་གཤེགས་སྙིང་པོའི་ཟླ་བ་ཁུ་བའི་ དབྱེ་བ་དང་དགའ་བ་བཅུ་དྲུག་གི་དབྱེ་བས་ཆ་བཅུ་དྲུག་སྟེ། ཆ་རེ་རེའི་ཚད་ནི་ནང་ ནས་རིམ་པ་ལྟར་ཆ་ཆུང་གསུམ་དང་དྲུག་དང་བཅུ་གཉིས་ཀྱི་བདག་ཉིད་དོ། །དེ་བཞིན་ དུ། རང་རང་གི་རྩ་བའི་ཐིག་ནས། རང་རང་གི་ཚངས་ཐིག་ཟད་པའི་བར་ཡང་རང་ 7-1-294 རང་གི་ཆ་བཅུ་དྲུག་སྟེ། བདེ་གཤེགས་སྙིང་པོའི་རྡུལ་དང་ཉི་མའི་ཆོས་ཅན་སྟོང་པ་ཉིད་ བཅུ་དྲུག་གི་དབྱེ་བས་སོ། །ཞེས་པ་ཡང་མཁས་པ་རྣམས་ཀྱིས་རྟོགས་པར་བྱའོ། །དེ་ལྟར་ ཕྱེ་བའི་ཆ་བཅུ་དྲུག་ལས་སྒོ་དང་སྒོ་ཁྱུད་དང་དོ་ཤལ་ལ་སོགས་པ་སོ་སོའི་ཚད་ནི་སྔར་ བསྟན་པ་དེ་དག་ཉིད་ཀྱིས་གདོན་མི་ཟ་བར་ཤེས་པར་འགྱུར་བ་ཉིད་དེ། དེས་ན་འདིར་ རྒྱ་ཆེར་མ་སྤྲོས་སོ། །དེ་ལྟར་ཐིག་གདབ་པ་རྫོགས་ནས་རྡོ་རྗེའི་ཐིག་སྐུད་དྲི་དང་སྤོས་ལ་ སོགས་པས་ཡང་དག་པར་མཆོད་དེ་ཡེ་ཤེས་སེམས་དཔའ་རང་གི་སྙིང་གར་གཤེགས་སུ་ གསོལ་ནས། གནས་དབེན་པར་གཞག་ཅིང༌། སྒོ་ཐམས་ཅད་ཡང་དག་པར་སྦྱངས་ཏེ་ སླར་ཡང་དྲི་དང་མེ་ཏོག་ལ་སོགས་པ་དང་གཏོར་མ་བྱིན་ནས་སྔར་བརྗོད་པའི་ཆོ་གས་ བསྔགས་བཟླས་པར་བྱ་སྟེ། ཐིག་གདབ་པའི་ངེས་པའོ། ། དེ་ནས་དཀྱིལ་འཁོར་གྱི་ས་གཞི་དྲི་ལ་སོགས་པས་མཆོད་ནས་སླར་ལྷག་གནས་བྱས་ པའི་རྡོ་རྗེའི་རྡུལ་ཚོན་དྲི་དང་མེ་ཏོག་ལ་སོགས་པས་མཆོད་ཅིང་གཏོར་མ་ཕུལ་ནས། དང་པོར་རྡོ་རྗེ་སློབ་དཔོན་གྱི་ཁུ་ཚུར་གཡོན་པས་དབང་ལྡན་ནས་བརྩམས་ཏེ་གཡས་ སྐོར་དུ་ཚོན་དགྱེ་བར་བྱ་ཞིང༌། ཕྱིས་ནི་སློབ་མ་རྣམས་ཀྱིས་ཀྱང་ངོ༌། །དེ་ལ་ཁ་དོག་གི་ ངེས་པ་ནི་སྒྲུབ་ཐབས་སུ་གསལ་བར་བསྟན་ཅིང༌། འགའ་ཞིག་ཐིག་གདབ་པ་དང་ཡང་ ལྷན་ཅིག་ཏུ་བརྗོད་ཟིན་ཏོ། །གཞན་དག་གི་མཚན་མ་དགོད་པ་དང་ཡང་ལྷན་ཅིག་ཏུ་ བརྗོད་པར་བྱའོ། ། འོན་ཀྱང་འདིར་རྭ་བ་རྣམས་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་རྩིག་པའི་ ས་གཞི་ཆ་དགུར་ཕྱེ་སྟེ་ཆ་གཉིས་གཉིས་ནི་རྭ་བ་སོ་སོའི་རྒྱའི་ཚད་དེ། ཆ་རེ་རེ་ནི་རྭ་བ་ རྣམས་ཀྱི་བར་གྱི་ཚད་དེ་ལྷག་མ་ཆ་གཅིག་ནི་ཐུན་མོང་དུ་དོར་བར་བྱའོ། །གསུང་དང་ སྐུའི་དཀྱིལ་འཁོར་ལ་ཡང་རྩིག་པའི་ས་གཞི་ཆ་བཅོ་ལྔར་ཕྱེ་སྟེ་ཆ་གཉིས་ཀྱིས་རྭ་བ་སོ་ སོའི་རྒྱའོ། །ཞེས་པ་ལ་སོགས་པ་སྔ་མ་བཞིན་ནོ། །དོ་ཤལ་དང་དོ་ཤལ་ཕྱེད་པ་དང་བ་ཀུ་ ལཱི་དང༌། ཀྲ་མ་ཤཱིར་ཥ་རྣམས་དཀར་པོ་སྟེ་དེ་དག་གིས་གཞི་ནི་ནག་པོའོ། །རིན་པོ་ཆེའི་ སྣམ་བུ་ནི་དམར་པོ་སྟེ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའོ། །རྟ་བབས་རྣམས་ནི་སྣ་ ཚོགས་པའི་ནོར་བུ་དང་གསེར་གྱི་རང་བཞིན་ཏེ་ཁ་དོག་ཀྱང་སྣ་ཚོགས་པའོ། །སྒོ་དང་ 7-1-295 སྒོ་ཁྱུད་ཀྱི་མཚམས་སུ་རིན་པོ་ཆེ་དང་ཟུར་རྣམས་ལ་ཡང་སྣ་ཚོགས་རྡོ་རྗེ་སྟེ། ཕྱི་རོལ་ མཆོད་པའི་ས་ལ་ཡང་པད་མ་དང་བུམ་པ་ལ་སོགས་པའི་མཆོད་རྫས་རྣམས་སོ་ཞེས་པ་ ཁ་དོག་གི་ངེས་པའོ། །དེ་བཞིན་དུ། དཔངས་ཀྱི་ངེས་པ་ཡང་ཤར་དང་ལྷོ་དང་བྱང་དང་ ནུབ་ཏུ་རིམ་པ་ལྟར་རེག་བྱ་ལ་སོགས་པའི་ཡོན་ཏན་གཅིག་དང་གཉིས་དང་གསུམ་ དང་བཞིའི་དག་པས་ནག་པོ་དང་དམར་པོ་དང་དཀར་པོ་དང་སེར་པོ་རྣམས་ལ་ནས་ ཀྱི་རྐང་པ་གཅིག་དང་གཉིས་དང་གསུམ་དང་བཞིའོ། །འདིར་མ་གསུངས་པ་ཉིད་ལས་ ལྗང་ཁུ་དང་སྔོན་པོ་ནི་ནག་པོ་ལས་ཀྱང་སྲབ་པ་སྟེ་སྟོང་པའི་ཡོན་ཏན་ལས་སོ། །འདིར་ ནས་ཀྱང་རང་རང་གི་དཀྱིལ་འཁོར་གྱི་དྲུག་ཅུ་རྩ་བརྒྱད་ལྷག་པའི་བདུན་བརྒྱའི་ཆ་ ཤས་སུ་རིག་པར་བྱའོ། །དེ་ལྟ་བས་ན་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་དུ་ནས་ཀྱི་ ཕྱེད་དང་བཞི་ཆ་ལ་ནས་སུ་བཏགས་ནས་གསུངས་པ་སྟེ་བརྗོད་བདེ་བའི་དོན་དུའོ། །དེ་ ཉིད་ཀྱི་ཕྱིར་ཐུགས་ཀྱི་ཉིས་འགྱུར་གསུང་དང༌། གསུང་གི་ཉིས་འགྱུར་སྐུ་ལའོ་ཞེས་པ་ ཡང་ལེགས་པར་གྲུབ་སྟེ། སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་སོ། །ཡང་ན་ ཡོན་ཏན་གསུམ་གྱི་དབྱེ་བས་ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་ལ་དཔངས་ཀྱི་ དབྱེ་བ་ཡོད་ཀྱང༌། གསུམ་པོ་རང་རང་གི་ཁ་དོག་ལྔ་ལ་ནི་སྲབ་འཐུག་གི་ཁྱད་པར་མེད་ དོ། ། དེ་ལྟར་ཡུལ་ལྔའི་དབྱེ་བ་དང་ཡོན་ཏན་གསུམ་གྱི་དབྱེ་བས་གཉི་ག་གསུངས་ སོ། །གཉིས་ཀ་ལ་ཡང་རྭ་བ་རྣམས་ཀྱི་དཔངས་ནི་རང་རང་གི་རྡུལ་ཚོན་སེར་པོའི་ དཔངས་ལས་སུམ་འགྱུར་ཏེ་རེ་ཁཱ་གཞན་ནི་སེར་པོའི་ཉིས་འགྱུར་རོ། །ཕྱོགས་ཀྱི་མདོག་ ཅན་གྱི་གཞི་ལ་གནས་པའི་ལྷ་སྣམ་དང༌། ལྷ་སྣམ་ལ་གནས་པའི་པད་མ་དང༌། པད་མ་ ལ་གནས་པའི་ཉི་ཟླ་རྣམས་ཀྱང་སྟེང་ནས་སྟེང་དུ་བརྩེགས་པ་ཉིད་ཡིན་པའི་ཕྱིར་རྡུལ་ ཚོན་གྱི་དཔངས་ཀྱང་རིམ་གྱིས་མཐོ་བ་སྟེ། རེ་ཁཱ་རྣམས་ནི་ཉིས་འགྱུར་ཉིད་དོ། །ཕྱི་རོལ་ མཆོད་པའི་ས་ལ་ནས་གཅིག་སྟེ་ཁོར་ཡུག་རྣམས་ཀྱི་དང་པོ་དང་ཐ་མར་བཀོད་པའི་རེ་ ཁཱ་རྣམས་ནི་སྐུའི་དཀྱིལ་འཁོར་གྱི་རྭ་བའི་ཚད་ཀྱིས་སོ་ཞེས་པ་དཔངས་ཀྱི་ངེས་པའོ། ། དེ་བཞིན་དུ། ལྷའི་གནས་རྣམས་སུ་རགས་པ་དང་ཕྲ་བ་དང་གཞན་གྱི་དབྱེ་བས། 7-1-296 ལྷའི་སྐུའམ་མཚན་མའམ་ས་བོན་གྱི་ཡི་གེ་རྣམས་དགོད་པར་བྱའོ། །དེ་ལ་གཙོ་བོའི་པད་ མའི་ལྟེ་བར་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་སྟེང་དུ་ཧཱུཾ་ཡིག་གམ་དེ་ལས་བྱུང་བའི་རྡོ་ རྗེ་སྔོན་པོ་རྩེ་གསུམ་པའོ། །ཡུམ་ལ་གྲི་གུག་ནི་བྲི་བར་མ་གསུངས་སོ། །གསང་བའི་རྒྱུད་ ཀྱི་ལྷ་ནི་སྐལ་བ་དང་མི་ལྡན་པ་འདུས་ན་བྲི་བར་མི་བྱའོ། །དེ་བཞིན་དུ། འདབ་མ་ རྣམས་ལ་ཤར་དུ་སྤོས་སྣོད་དང༌། ལྷོར་མར་མེ་དང༌། བྱང་དུ་ལྷ་བཤོས་དང༌། ནུབ་ཏུ་ དུང་སྟེ་མཚམས་བཞིར་ནི་རྔ་ཡབ་བོ། །ཕྱི་རོལ་གྱི་གྲྭ་བཞིར་ནི་མཚན་མ་རྣམས་ཏེ། མེར་ ཡིད་བཞིན་གྱི་ནོར་བུ་ནག་པོ་དང༌། བདེན་བྲལ་དུ་ཆོས་ཀྱི་གཎྜཱི་དམར་པོ་དང༌། དབང་ ལྡན་དུ་ཆོས་ཀྱི་དུང་དཀར་པོ་དང༌། རླུང་དུ་དཔག་བསམ་གྱི་ཤིང་སེར་པོའོ། །གཞན་ པད་མ་ཉི་ཤུ་རྩ་བཞིར་ཉི་མའམ་ཟླ་བའི་སྟེང་དུ་ཤར་དང་མེར་རལ་གྲི་དང༌། ལྷོ་དང་ བདེན་བྲལ་དུ་རིན་པོ་ཆེ་དང༌། བྱང་དང་དབང་ལྡན་དུ་པད་མ་དང༌། ནུབ་དང་རླུང་དུ་ འཁོར་ལོ་སྟེ། སྒོ་བཞིའི་གཡོན་དུ་རྡོ་རྗེའོ། །ཡང་ན་ཡུལ་གྱི་དབྱེ་བས་ཏེ། སྒྲའི་པི་ཝཾ་དང༌། རེག་བྱའི་གོས་དང༌། རོའི་སྣོད་དང༌། གཟུགས་ཀྱི་མེ་ལོང་དང༌། དྲིའི་དུང་དང༌། ཆོས་ཀྱི་ ཆོས་འབྱུང་དང༌། ལག་པའི་དབྱུག་པ་དང༌། བཤང་ལམ་གྱི་ཐོ་བའོ། །མཆོད་པའི་ལྷ་མོ་ རྣམས་ཀྱི་མཚམས་ནི་ཤར་དུ་དྲིའི་དུང་དང་མེ་ཏོག་གི་ཕྲེང་བ་དག་དང༌། ལྷོར་སྤོས་ སྣོད་དང་མར་མེ་དག་དང༌། བྱང་དུ་ཞལ་ཟས་ཀྱི་སྣོད་དང་འབྲས་བུ་དག་དང༌། ནུབ་ཏུ་ དབུ་རྒྱན་དང་དོ་ཤལ་དག་སྟེ། ཕྱི་རོལ་གྱི་སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་གཡོན་དང་ གཡས་སུའོ། །གཞན་སྟེང་གི་གཉིས་དང་འོག་གི་གཉིས་ནི་རྟ་བབས་ཀྱི་རིམ་པ་གསུམ་ པའི་དབུས་ཀྱི་གནས་ལ་སྟེ། ཤར་དང་ནུབ་ཏུ་གོས་དང་རྔ་དག་དང༌། བྱང་དང་ལྷོར་རྡོ་ རྗེ་དང་པད་མ་དག་གོ །གསུང་དང་སྐུའི་པད་མ་རྣམས་ནི་ཕྱོགས་སུ་དམར་པོ་དང༌། མཚམས་སུ་དཀར་པོ་ཉི་ཟླའི་གདན་དང་བྲལ་བ་སྟེ་རང་རང་གི་བཞོན་པའི་སྟེང་དུ་ མཚན་མ་རྣམས་སོ། །དེ་ལ་གསུང་གི་དཀྱིལ་འཁོར་དུ་ཤར་གྱི་པད་མར་གྲི་གུག་དང༌། མེར་འཁོར་ལོ་དང༌། ལྷོར་དབྱུག་པ་དང༌། བདེན་བྲལ་དུ་ཤག་ཏི་དང༌། བྱང་དུ་རྩེ་ གསུམ་དང༌། དབང་ལྡན་དུ་པད་མའམ་རལ་གྲི་དང༌། ནུབ་ཏུ་རྡོ་རྗེ་དང༌། རླུང་དུ་ཁབ་ 7-1-297 བམ་བར་བུ་རྣམས་ཏེ་ལྟེ་བ་དང་འདབ་མ་རྣམས་ལ་མཚུངས་པར་རོ། །སྐུའི་དཀྱིལ་ འཁོར་ལ་སྒོ་བཞིའི་གཡས་རྣམས་སུ་ཤར་དུ་རལ་གྲི་དང༌། མེར་ལྗོན་ཤིང་དང༌། ལྷོར་ ཤག་ཏི་དང༌། བདེན་བྲལ་དུ་མདུང་དང༌། བྱང་དུ་ཞགས་པ་དང༌། དབང་ལྡན་དུ་དགྲ་ སྟ་དང༌། ནུབ་ཏུ་རྡོ་རྗེ་དང༌། རླུང་དུ་ཁབ་རྣམས་དང༌། སྒོ་བཞིའི་གཡོན་རྣམས་སུ་བྱང་ དུ་རྩེ་གསུམ་དང༌། ནུབ་ཏུ་བེ་ཅོན་དང༌། ཤར་དུ་འཁོར་ལོ་དང༌། ལྷོར་དབྱུག་པ་རྣམས་ ཚེས་སུམ་ཅུའི་དབྱེ་བས་སུམ་ཅུ་སྟེ། གནམ་སྟོང་དང་ཉ་ནི་ཐབས་དང་ཤེས་རབ་ཀྱི་རྣམ་ པས་ལྟེ་བ་ལའོ། །གཞན་ཉི་ཤུ་རྩ་བརྒྱད་ནི་འདབ་མ་རྣམས་ལའོ། །གང་དག་པད་མ་རེ་ རེ་ལ་མཚན་མ་ཉི་ཤུ་རྩ་དགུ་ལས་མི་འདོད་པ་དེ་དག་ནི་འཁྲུལ་བ་སྟེ། ཚེས་སུམ་ཅུ་ལ་ ས་བོན་གྱི་ཡི་གེ་སུམ་ཅུ་དང༌། ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་ཅུ་གསུངས་པ་དང་ འགལ་བའི་ཕྱིར་རོ། །དེ་བཞིན་དུ། ཐུགས་ཀྱི་པད་མ་རྣམས་དང་བུམ་པ་ལ་སོགས་པ་ རྣམས་ལ་ཡང་འཁྲུལ་བ་སྣང་ངོ༌། །སྒོ་བཞི་དང་སྟེང་འོག་གི་ཤིང་རྟ་ཆ་ཆུང་བཅུ་གཉིས་ པ་རྣམས་ལ་ཤར་དང་ལྷོ་དང་བྱང་དང་ནུབ་དང་སྟེང་དང་འོག་ཏུ། དབྱུག་པ་དང་ མདའ་དང་གཏུན་ཤིང་དང་བེ་ཅོན་དང་རྡོ་རྗེ་དང་རྩེ་གསུམ་པ་རྣམས་སོ། །ཡང་ན་ས་ བོན་གྱི་ཡི་གེ་རྣམས་ཏེ། ཡཾ་ལཱཿ རཾ་ཝཱཿ ཝཾ་རཱཿ ལཾ་ཡཱཿ ཧཾ་ཧཱཿ ཧ་ཧཱ་ཞེས་པ་རྣམས་ སོ། །སྐུའི་སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་འོག་ཏུ་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་ འཁོར་ནག་པོ་དང་དམར་པོ་དང་དཀར་པོ་དང་སེར་པོ་ཆ་ཆུང་བཅུ་གཉིས་པ་རྣམས་ ལ་ཐིག་ལེ་དང་བཀྲ་ཤིས་དང་པད་མ་དང་རྡོ་རྗེ་རྣམས་སོ། །འདོད་མ་དང་ཕྱིར་འདོད་ མ་རྣམས་ཀྱི་ཕྱག་མཚན་ནི་གང་ལས་བྱུང་བ་དེའི་ཕྱག་མཚན་ནོ། །ཡང་ན་ས་བོན་གྱི་ཡི་ གེ་སྟེ། གསུང་གི་སྟེགས་བུ་ལ། ཤར་དུ། ཙཿཚཿཛཿཛྷཿཉཿ ལྷོར། ཊཿཋཿཌཿཌྷཿཎཿ བྱང་དུ། པཿཕཿབཿབྷཿམཿ ནུབ་ཏུ། ཏཿཐཿདཿདྷཿནཿ ཞེས་པ་སྟེ་སྒོའི་གཡས་རྣམས་སོ། །གཡོན་དུ། སཿྉྤཿཥཿཤཿྈྐཿ ཞེས་པ་ཤར་དུའོ། །ཀཿཁཿགཿགྷཿངཿ ཞེས་པ་ལྷོ་རུའོ། །ལཿཝཿརཿཡཿཧཿ ཞེས་པ་བྱང་དུའོ། །ཀྵཿཞེས་པ་ནུབ་ཏུ་སྟེ། སྐུའི་སྟེགས་བུ་ལ་ནི་འདི་དག་ཉིད་ཐིག་ལེས་ བརྒྱན་ཅིང༌། རྣམ་པར་བཅད་པ་དང་བྲལ་བའོ། །མེ་རླུང་གི་དབུས་སུ་དུར་ཁྲོད་ཆེན་པོ་ 7-1-298 བརྒྱད་ལ་ཆ་ཆུང་བཅུ་གཉིས་པའི་འཁོར་ལོ་རྩིབས་བརྒྱད་པ་རྣམས་ཏེ། རང་རང་གི་ བཞོན་པའི་སྟེང་དུའོ། །མཚན་མ་ནི་གྲི་གུག་འབའ་ཞིག་གོ །ཡང་ན་ས་བོན་གྱི་ཡི་གེ་སྟེ། ཤར་དུ་ཀྑྒྒྷྔ་ཞེས་པ་དང༌། ལྷོར་ལྺྼྻྐྵ་ཞེས་པ་དང༌། བྱང་དུ་ལྺྼྻྷ་ཞེས་པ་དང༌། ནུབ་ཏུ་སྐྤྵྴྛྐ་ཞེས་ པ་དང༌། རླུང་དུ་ཏྠྡྡྷྣ་ཞེས་པ་དང༌། དབང་ལྡན་དུ་པྥྦྦྷྨ་ཞེས་པ་དང༌། བདེན་བྲལ་ དུ་ཊྛྜྜཧྞ་ཞེས་པ་དང༌། མེར་ཙྪྫྫྙྙ་ཞེས་པ་རྣམས་སོ། ། གཞན་ཡང་རླུང་གི་དཀྱིལ་ འཁོར་ལ་འབྱུང་པོ་རྣམས་ཀྱི་མཚན་མའམ། ཡིག་འབྲུ་སྣ་ཚོགས་པ་སྟེ་བྱེ་བ་ཕྲག་ཕྱེད་དང་ བཞིའི་བར་དུའོ། །དེ་ལྟར་བསྟན་པའི་མཚན་མ་རྣམས་ནི་ཐམས་ཅད་དུ་ལྷའི་ཁ་དོག་ དང་མཚུངས་ཏེ། སྒྲུབ་ཐབས་སུ་བསྟན་པ་ལས་ཤེས་པར་བྱའོ། །ཡང་ན་ཐམས་ཅད་ས་ བོན་གྱི་ཡི་གེར་དགོད་པར་བྱ་སྟེ། དེ་ཡང་སྒྲུབ་ཐབས་སུ་གསལ་བར་བསྟན་ཅིང་དེར་མ་ བསྟན་པ་རྣམས་ཀྱང་གོང་དུ་བརྗོད་ཟིན་ཏོ། ། འདིར་ནི་ཞི་དང་རྒྱས་པ་ལ། །རེ་ཁཱ་མཚན་ཉིད་བྲལ་བ་སྤང༌། །གང་ཕྱིར་སྦོམ་པོས་སྦྱིན་ བདག་གམ། །སློབ་དཔོན་ལ་ནི་ནད་བསྐྱེད་ཅིང༌། །ཕྲ་དང་དམན་པས་རྫས་རྣམས་ ཉམས། །ཆད་པས་འཆི་སྟེར་འཁྱོག་པོ་ཡིས། །མི་བདག་དང་བཅས་གནས་ནས་བསྐྲོད། ། ཉི་ཟླའི་གདན་ནམ་ཕྱག་མཚན་དག །ཆད་པར་གྱུར་ནས་དངོས་གྲུབ་མེད། །ཕན་ཚུན་ འདྲེས་ན་སྦྱིན་བདག་དང༌། །སློབ་དཔོན་གྱི་ནི་རིགས་རྒྱུད་ཆད། །དེ་བཞིན་རྒྱུད་ལས་མ་ གསུངས་པའི། །མཚན་མ་མཛེས་པའི་དོན་ཙམ་དུ། །བཀོད་ན་བདུད་ཀྱི་མཚན་མར་ འགྱུར། ། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །མཚན་ཉིད་བྲལ་བ་རྣམ་སྤང་བྱ། །ཞེས་པ་ བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། དེ་བཞིན་དུ། ཐིག་སྐུད་ཆད་པའམ་རྡུལ་ཚོན་རླུང་གིས་ཁྱེར་བ་ལ་སོགས་པ་མཚན་མ་ ངན་པ་མཐོང་བར་གྱུར་ན་དེ་བསལ་བའི་དོན་དུ་སྔར་བསྟན་པའི་ཆོ་གས་བསྒོམ་པ་ དང་བཟླས་པ་ལ་སོགས་པ་བྱ་སྟེ། ཇི་སྲིད་མཚན་མ་རྙེད་ཀྱི་བར་དུའོ། །གཞན་ཡང༌། ཇི་ 7-1-299 ལྟར་ཕྱི་རོལ་དེ་བཞིན་ལུས། །ཇི་ལྟར་ལུས་ལ་དེ་བཞིན་གཞན། །ཞེས་གསུངས་པའི་ཕྱིར་ འཇིག་རྟེན་གྱི་ཁམས་ལ་དཔག་ཚད་འབུམ་ཕྲག་བཞི་དང༌། ལུས་ལ་ཁྲུ་བཞི་ནི་དཀྱིལ་ འཁོར་ལ་ཡང་རིག་པར་བྱ་སྟེ། རླུང་གི་དཀྱིལ་འཁོར་དང་ལག་པའི་སོར་མོའི་མཐའ་ནི་ སྐུའི་དཀྱིལ་འཁོར་རོ། །མེའི་དཀྱིལ་འཁོར་དང་ལག་ངར་གྱི་མཐའ་ནི་གསུང་གི་སྒོ་ ལོགས་ཀྱི་མཐའོ། ། ཆུའི་དཀྱིལ་འཁོར་དང་དཔུང་པའི་མཐའ་ནི་གསུང་གི་དཀྱིལ་ འཁོར་རོ། །སའི་དཀྱིལ་འཁོར་དང་བྲང་གི་མཐའ་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །ལྷུན་ པོའི་སྟེང་གི་རྒྱ་དང་བྲང་གི་ཕྱེད་ནང་མ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། དེ་དག་གི་ཕྱེད་ ནི་གཙོ་བོའི་པད་མའོ་ཞེས་པ་རིམ་པ་གཅིག་པའོ། །སླར་ཡང་དཀྱིལ་འཁོར་གྱི་མཚམས་ ནས་ཚངས་ཐིག་ཟད་པའི་མཐའ་ལ་ཕྱི་ནང་གི་རྣམ་པར་དག་པ་རིམ་པ་གཅིག་དང༌། ཚངས་ཐིག་ཟད་པའི་མཚམས་ནས་འབྱུང་བ་ལྔའི་ཁོར་ཡུག་ལ་རིམ་པ་གཅིག་སྟེ། དེ་ ལྟར་ན་རྣམ་དག་རིམ་པ་གསུམ་མོ། ། འོད་ཟེར་ནི་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ ཡིན་པའི་ཕྱིར་དེའི་དག་པ་ལོགས་སུ་མ་བཤད་དོ། །དེ་བཞིན་དུ། ཕྱི་ནང་གི་དཔངས་ ཀྱང་འདིར་དཀྱིལ་འཁོར་གྱི་རྒྱའི་ཚད་ལ་སྦྱར་ན་སྐུའི་དཀྱིལ་འཁོར་ནི་ཕྱི་རོལ་ཏུ་ དམྱལ་བ་བདུན་དང་ཀླུའི་གནས་ཏེ་ནང་དུ་ནི་དཔྱི་མགོ་མན་ཆད་ཆ་བརྒྱད་དུ་གནས་ པའོ། །གསུང་གི་དཀྱིལ་འཁོར་ནི་ལྷུན་པོ་དང་སྒལ་ཚིགས་སོ། །ཐུགས་ཀྱི་དཀྱིལ་འཁོར་ ནི་ལུས་དང་ལྷུན་པོ་གཉི་གའི་མགྲིན་པ་ཡན་ཆད་དོ། ། ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ མཛོད་སྤུ་ཡན་ཆད་དེ་གཙུག་ཏོར་ནི་སྙིང་པོའི་པད་མའོ། ། གཞན་ཡང་ཐུགས་ཀྱི་ དཀྱིལ་འཁོར་ནི་སྙིང་ཁའི་འཁོར་ལོ་སྟེ། དེ་ཡང་རང་བྱུང་གི་ཡེ་ཤེས་གཞོམ་དུ་མེད་པ་ ནཱ་དའི་རང་བཞིན་གྱིས་རྟག་ཏུ་གནས་པའོ། །འདིའི་སྒོ་བཞི་ནི་སད་པ་དང་རྨི་ལམ་ དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་གནས་སྐབས་གཞན་རྣམས་སོ། ། གསུང་གི་ དཀྱིལ་འཁོར་ནི་མགྲིན་པ་ནས་ལྟེ་བའི་མཐར་ཐུག་པ་སྟེ་སྒོ་བཞི་ནི་ལ་ལ་ནཱ་དང༌། ར་ས་ ནཱ་དང༌། ཨ་བ་དྷཱུ་ཏཱི་དང༌། དུང་ཅན་མ་གཞན་རྣམས་སོ། །སྐུའི་དཀྱིལ་འཁོར་ནི་མཛོད་ སྤུ་ནས་ཆུ་སོའི་མཐར་ཐུག་པ་སྟེ། སྒོ་བཞི་ནི་བཤང་བ་དང༌། གཅི་བ་དང༌། ཁུ་བ་དང༌། 7-1-300 གཙུག་ཏོར་གྱི་བུ་ག་གཞན་རྣམས་སོ། །རྣམ་པར་དག་པ་གཞན་ནི་སྒྲུབ་ཐབས་སུ་ཡང་ དག་པར་བསྡུས་སོ། །ཅི་སྟེ་དཀྱིལ་འཁོར་རྫོགས་པ་མ་གྲུབ་ན་ཡང་དབང་གི་དོན་དུ་ ཐུགས་ཀྱི་དཀྱིལ་འཁོར་ཙམ་བྲི་བར་རྗེས་སུ་གནང་སྟེ་ཚད་ལ་སོགས་པ་ནི་གོང་དུ་ བསྟན་པ་དེ་དག་ཉིད་དོ། །དེ་ལྟར་ཚོན་དགྱེ་བ་དང་མཚན་མ་བཀོད་པ་ཡོངས་སུ་ རྫོགས་ནས་ཚོན་གྱི་ལྷག་མ་རྣམས་དྲི་ལ་སོགས་པས་མཆོད་དེ་ཡེ་ཤེས་སེམས་དཔའ་ རང་གི་སྙིང་གར་གཤེགས་སུ་གསོལ་ནས་གནས་ཇི་ལྟ་བར་བཞག་པར་བྱའོ་ཞེས་པ་ ཚོན་དགྱེ་བའྀ་ཆོ་གའོ། ། འདིར་སྐབས་ཇི་ལྟ་བར་སྒོ་རྣམས་བསྲུང་བའི་དོན་དུ་སློབ་མ་དག་པ་རྩ་བའི་ལྟུང་བ་ དང་བྲལ་ཞིང་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་གནས་པ་བཞི་ལ་དབང་བསྐུར་ཞིང་རྡོ་རྗེ་ དང་རྡོ་རྗེ་དྲིལ་བུ་དང་བཅས་པས་རྗེས་སུ་གནང་བ་བྱིན་ཏེ་སྒོ་རྣམས་སུ་དགོད་པར་ བྱའོ། །དེ་བཞིན་དུ། ལས་ཐམས་ཅད་ལ་མཁས་ཤིང་དེ་ཉིད་བཅུ་ཡོངས་སུ་ཤེས་པའི་ སློབ་མ་བཟང་པོ་ལྔ་པ་ནི་སྦྱིན་སྲེག་ལ་སོགས་པའི་ལས་ཀྱི་ཚོགས་སྒྲུབ་པའི་ཕྱིར་ལས་ཀྱི་ རྡོ་རྗེ་ཅན་དུ་བྱ་སྟེ། མེད་ན་རང་ཉིད་ཀྱིས་སྦྱིན་སྲེག་ལ་སོགས་པའི་ལས་རྣམས་བྱའོ། །དེ་ ལ་འདིར་ལས་ཐམས་ཅད་པའི་སྦྱིན་སྲེག་གམ་ཇི་ལྟར་རིགས་པར་ལས་སོ་སོ་བ་ཡང་ རུང་སྟེ་ནང་གི་མུན་སེལ་དུ་བསྟན་པའི་ཆོ་གས་སྦྱིན་སྲེག་བྱ་བ་ནི་སྦྱིན་སྲེག་གི་ཆོ་གའོ། ། དེ་ནས་སློབ་དཔོན་གྱིས་བུམ་པ་རྣམས་ཕྱོགས་བཞིའམ་བརྒྱད་དུ་དགོད་པར་བྱ་ཏེ། རྒྱལ་བ་དང་རྣམ་པར་རྒྱལ་བའི་ཤར་དང་ནུབ་ཀྱི་བུམ་པ་ལས་སོར་གཉིས་སྤངས་པའི་ ཕྱི་རོལ་ཏུའོ། །དེ་དག་སྐྱོང་བའི་རྣལ་འབྱོར་མ་རྣམས་ཀྱང་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ དང་ལྡན་ཞིང་རྩ་བའི་ལྟུང་བ་བཅུ་བཞི་དང་བྲལ་བ་སྟེ་རང་རང་གི་ཕྱོགས་སུ་དགོད་ པར་བྱའོ། །དེ་བཞིན་དུ། སྔར་སྒྲུབ་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ཡང༌། ཨོཾ་ཨཱཿཧཱུཾ་ ཧོཿཧཾ་ཀྵཿ ཞེས་པ་ལན་བདུན་དུ་མངོན་པར་བསྔགས་ནས་ཉ་ཕྱིས་སམ་དུང་ཆོས་ཀྱི་ སྣོད་དུ་བཞག་པར་བྱ་སྟེ་དབང་གི་དོན་དུའོ། །གཞན་ཡང་ཅོད་པན་ལ་སོགས་པ་དབང་ རྫས་རྣམས་དང༌། མཆོད་པ་དང་གཏོར་མ་ལ་སོགས་པ་དཀྱིལ་འཁོར་ལ་ཉེ་བར་མཁོ་བ་ 7-1-301 མཐའ་དག་ཚོགས་པར་བྱ་སྟེ། བུམ་པ་དགོད་པ་ལ་སོགས་པའི་ངེས་པའོ། ། དེ་ལྟར་དཀྱིལ་འཁོར་དང་སྦྱིན་སྲེག་ལེགས་པར་གྲུབ་ནས་སློབ་དཔོན་གཙོ་བོའི་ཤར་གྱི་ ཞལ་ལ་མངོན་པར་ཕྱོགས་པས་འདུག་སྟེ་སྒྲུབ་ཐབས་སུ་བཤད་པའི་ཆོ་གས་ལྷའི་རྣལ་ འབྱོར་རྫོགས་པར་བསྒོམས་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་རབ་ཏུ་གནས་པར་བྱའོ། ། དེ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཡང་དམ་ཚིག་གི་དཀྱིལ་འཁོར་དུ་བསྒོམས་ནས་ སྒྲུབ་ཐབས་སུ་བཤད་པ་ལྟར་ཤེས་རབ་དང་ཐབས་ལས་བྱུང་བའི་ཁྲོ་བོ་རྣམས་ཀྱིས་ཡེ་ ཤེས་ཀྱི་འཁོར་ལོ་བཀུག་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་གཞུག་པ་དང་བཅིང་བ་ དང་མཉེས་པར་བྱ་སྟེ། ཛཿཧཱུཾ་བཾ་ཧོཿ ཞེས་པ་རྣམས་ཀྱིས་རིམ་པ་བཞིན་དུའོ། །དེ་ལྟར་ཡེ་ ཤེས་ཀྱི་འཁོར་ལོ་དང་རོ་གཅིག་ཏུ་བྱས་པ་ཉིད་རབ་ཏུ་གནས་པར་གསུངས་སོ། །འདིར་ དམ་ཚིག་གི་དཀྱིལ་འཁོར་ལ་པད་མ་རྣམས་ཀྱི་རྩ་བ་དང་སྡོང་བུ་དང་འདབ་མ་དང་ གེ་སར་དང་ལྟེ་བ་རྣམས་ཀྱི་ས་བོན་ནི་ཐ་དད་པ་སྟེ། ཙ་ཚ་ཛ་ཛྷ་ཉ། ཞེས་པ་འདུ་བྱེད་ ཀྱི་པད་མ་ལའོ། །དེ་དག་ཉིད་རིང་པོ་ནི་རླུང་གི་ཁམས་ལའོ། །ཐིག་ལེས་བརྒྱན་པ་ནི་ སྣའི་དབང་པོ་ལའོ། །རྣམ་པར་བཅད་པས་བརྒྱན་པ་ནི་རེག་བྱ་ལའོ། །ངག་གི་དབང་པོ་ ནི་འདུ་བྱེད་དང་མཚུངས་པའོ། །དེ་བཞིན་དུ། ཚོར་བ་དང་མེའི་ཁམས་དང་མིག་དང་ རོ་དང་ལག་པའི་དབང་པོ་རྣམས་ལ་ཊ་སྡེའོ། །འདུ་ཤེས་དང་ཆུའི་ཁམས་དང་ལྕེ་དང་ གཟུགས་དང་རྐང་པའི་དབང་པོ་རྣམས་ལ་པ་སྡེའོ། །གཟུགས་ཀྱི་ཕུང་པོ་དང་སའི་ ཁམས་དང་ལུས་དང་དྲི་དང་བཤང་ལམ་གྱི་དབང་པོ་རྣམས་ལ་ཏ་སྡེའོ། །ཆོས་ཀྱི་ཁམས་ ལ་ཀ་སྡེ་རིང་པོ་སྟེ། རྣ་བ་ལ་དེ་ཉིད་ཐིག་ལེས་བརྒྱན་པའོ། །ཡིད་ལ་ས་སྡེ་ཐུང་ངུ་ཐིག་ ལེས་བརྒྱན་པ་སྟེ། སྒྲ་ལ་དེ་ཉིད་རྣམ་པར་བཅད་པས་བརྒྱན་པའོ། །བདག་པོའི་པད་མ་ ནི་སཱཾ་ྉྤཱ་ཥཱཾ་ཤཱཾ་ྈྐཱ་རྣམས་ལས་བྱུང་བ་སྟེ་དེར་གནས་པའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་ ནི་ཨཾ་ཨཱཿཨ་རྣམས་ལས་སོ། །དེ་ལས་གཞན་པའི་ཟླ་བའི་གདན་རྣམས་ནི་ཐིག་ལེའམ་ཨ་ ཡིག་གམ་ཧ་ཡིག་ལས་བྱུང་བ་སྟེ། ཉི་མའི་གདན་རྣམས་ནི་རྣམ་པར་བཅད་པའམ་ར་ ཡིག་གམ་ཀྵ་ཡིག་ལས་སོ། །དེ་ལྟར་རབ་ཏུ་གནས་པར་བྱས་ནས་མཆོད་པར་བྱ་སྟེ། ཨོཾ་ 7-1-302 ཨཱཿཧཱུཾ་ཧོཿཏྲཻ་དྷཱ་དུ་ཀེ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་ས་པཱ་རི་ཝཱ་རཿ ཏྭཾ་བྷ་ག་བན་མེ་བ་ར་ དོ་བྷ་བ་ཤིཥྱཱ་ཎཱཉྩ། ཞེས་པས་གསོལ་བ་བཏབ་ནས་རྡུལ་ཚོན་གྱི་ཕྱི་རོལ་ཏུ་མཎྜལ་བྱས་ ཏེ་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་མདུན་དུ་གཞན་ ཁྲུ་གང་བའི་མཎྜལ་བྱས་ཏེ་དེར་དྲི་དང་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་དང༌། ཞབས་བསིལ་དབུལ་བར་བྱའོ། །དེ་བཞིན་དུ། མཐེའུ་བོང་དང་མིང་མེད་དག་གི་ཙན་ དན་ལ་སོགས་པའི་དྲི་བཟང་པོ་བཟུང་ནས་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཕྱོགས་དང་ ཕྱོགས་བྲལ་ཐབས་ཅད་དུ་མཎྜལ་བྱས་ཏེ་དེར་དཀྱིལ་འཁོར་གྱི་ལྷ་སོ་སོ་ལ་མཆོད་ཡོན་ དང་མཆོད་པ་མཐའ་དག་དབུལ་བར་བྱ་སྟེ། ཨོཾ་བུདྡྷཱ་ཡ་ན་མཿ ཞེས་པ་ལ་སོགས་པ་སོ་ སོའི་མཚན་སྔོན་དུ་འགྲོ་བས་སོ། །དེ་ཡང་འབྱོར་བའི་དབྱེ་བས་ཨིན་དྲ་ནཱི་ལ་ལ་སོགས་ པའི་རིན་པོ་ཆེ་དང༌། གསེར་དང་མེ་ཏོག་རྣམ་པ་སྣ་ཚོགས་དང༌། ཁ་དོག་ལྔའི་གོས་ རྣམ་པ་མང་པོ་དང༌། དྲི་དང་སྤོས་དང་མར་མེ་དང༌། དྲིལ་བུ་དང་མེ་ལོང་དང་བླ་རེ་ དང་འབྲས་བུ་སྣ་ཚོགས་དང༌། ཁ་དོག་ལྔའི་བ་དན་རྣམས་དང༌། གར་དང་རོལ་མོ་དང༌། མཆོད་པ་རྣམ་པ་བཅུ་ལ་སོགས་པ་ཕུན་སུམ་ཚོགས་ཤིང་མཐའ་ཡས་པ་དག་གམ། ཇི་ ལྟར་རྙེད་པ་ཡང་རུང་སྟེ་ཏིང་ངེ་འཛིན་གྱིས་རབ་མཆོག་དམ་པར་བསྒྲུབས་ནས་འཁོར་ གསུམ་ཡོངས་སུ་དག་པས་རྡུལ་ཚོན་གྱི་ཕྱི་རོལ་ཏུ་མཆོད་པར་བྱའི། རྡུལ་ཚོན་ལ་ནི་མ་ ཡིན་ཏེ། གང་གི་ཕྱིར་རྡུལ་ཚོན་བསུབས་ན་མཆོད་རྟེན་བཤིག་པར་འགྱུར་བའི་ཕྱིར་ཏེ། རབ་ཏུ་གནས་པ་བྱས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ནི་བཅོམ་ལྡན་འདས་ཀྱི་སྐུར་ གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་ལ་རབ་ཏུ་གནས་པ་དང་མཆོད་པའི་ངེས་པའོ། ། འདིར་དཀྱིལ་འཁོར་ལྟ་བར་མི་དབང་བ་ལ་ཕྱི་རོལ་པའི་གཏོར་མ་ཞེས་པ་ནི་བོད་ འགའ་ཞིག་གི་འཁྲུལ་བ་སྟེ། འཕགས་པ་རྣམས་ཀྱིས་གསུངས་པ་མེད་དོ། །འོན་ཀྱང་ དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་ལ་ཐུན་མཚམས་བཞིར་སློབ་དཔོན་གྱིས་གཏོར་མ་ བྱིན་ཏེ། དེ་ནས་གཤེགས་སུ་གསོལ་བར་བྱའོ་ཞེས་གསུངས་ཏེ། དེའི་ཆོ་ག་ནི་བཤད་ཟིན་ པ་ཉིད་དོ། ། གཞུང་གཞན་ལས་ཀྱང་ཡོད་ན་སྒྲུབ་པའི་གྲོགས་པོ་དཀྱིལ་འཁོར་དུ་བཞག་ 7-1-303 ནས་རང་ཉིད་ཕྱིར་ཕྱུང་སྟེ་འདོད་པའི་ལྷ་དང་དབང་པོ་ལ་སོགས་པ་རྣམས་ལ་གཏོར་ མ་དབུལ་བར་གསུངས་པ་ནི་དཀྱིལ་འཁོར་ལྟ་བར་མི་དབང་བའི་རྒྱུ་མཚན་གྱིས་མ་ ཡིན་གྱིས་གཏོར་མ་རྣམས་ཕྱོགས་སོ་སོར་གཤེགས་སུ་གསོལ་བ་ལ་སོགས་པའི་རྒྱུ་མཚན་ གཞན་གྱིས་ཡིན་ལ། དེ་ནི་འདིར་ཡང་འདོད་པ་ཉིད་དོ། །དེ་བཞིན་དུ། བདག་ཉིད་ འཇུག་པ་ཡང་འདིར་གསུངས་པ་མེད་དེ། གང་གི་ཕྱིར་སློབ་དཔོན་ནི་དང་པོར་དབང་ བཅུ་གཅིག་གིས་སྨིན་པར་བྱས་ཤིང༌། དེ་ཉིད་ཀྱིས་ལམ་བསྒོམས་པས་གཞན་གྱི་དོན་ ནུས་པར་གྱུར་པ། དབང་བསྐུར་བ་དང་རྒྱུད་སྟོན་པ་ལ་སོགས་པ་བདག་པོའམ་བདག་ པོ་ཆེན་པོའི་བྱ་བ་མཐའ་དག་ལ་རྗེས་སུ་གནང་བ་ཐོབ་ཟིན་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་ བསོད་ནམས་འཕེལ་བའི་དོན་ཙམ་དུ་བྱ་བར་འདོད་ན་ཡང་དཀྱིལ་འཁོར་གྱི་གཙོ་བོ་ དང་ཐ་མི་དད་པའི་བླ་མ་དམ་པ་མངོན་དུ་བྱས་ཏེ། དེ་ལས་འཆད་པར་འགྱུར་བའི་ དབང་ཐམས་ཅད་བདག་ཉིད་ཀྱིས་བླངས་ནས་སློབ་དཔོན་གྱི་ལས་ཐམས་ཅད་ལ་རྗེས་ སུ་གནང་བ་ཐོབ་པར་བྱ་སྟེ། སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བའི་ སླད་དུ། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཞེས་པ་ལ་སོགས་པས་དངོས་གྲུབ་ཞུ་ཞིང་ བདེན་པའི་བྱིན་རླབས་བྱའོ་ཞེས་གསུངས་ཏེ། ཚུལ་འདི་ནི་གཞན་དུ་བཤད་པའོ། །དེ་ བས་ན་ཇི་ལྟར་རིགས་པའམ། གང་ལ་མོས་པ་བྱའོ། །དེ་ལྟར་སློབ་མ་བདག་ཉིད་ཀྱི་ནུས་ པས་ཇི་སྐད་བཤད་པའི་མཆོད་པ་བྱས་ཏེ། དེ་ནས་བླ་མ་དམ་པའི་ཞབས་ཀྱི་དྲུང་དུ་ གསེར་གྱི་མེ་ཏོག་ལ་སོགས་པས་མཎྜལ་བྱས་ནས། རྫས་དང་བདག་ཉིད་དང་བུ་དང་བུ་ མོ་ལ་སོགས་པ་དག་པ་གསུམ་གྱིས་དབུལ་བར་བྱ་སྟེ་དཀྱིལ་འཁོར་དུ་འཇུག་པའི་ཡོན་ དུའོ། །རང་ལ་མེད་ན་ཡང་རིགས་ལས་སྐྱེས་པའི་གཞོན་ནུ་མ་དབུལ་བར་བྱའོ། །ཞེས་པ་ ཁྱིམ་པ་རྣམས་ཀྱི་ངེས་པ་སྟེ་རབ་ཏུ་བྱུང་བ་ལ་ནི་མ་ཡིན་ནོ། །དེ་ལྟར་ཡོན་ཕུལ་ནས། བདག་ནི་མི་བཟད་འཁོར་བས་འཇིགས་པས་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་ སུ་ལྷག་པར་མཆི། །ངེས་པར་སྲིད་པའི་འཇིགས་འཕྲོག་ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་དག་ལ་ ལུས་ངག་སེམས་ནི་དག་པས་སོ། །ཞེས་པས་གསོལ་བ་གདབ་པར་བྱའོ། །དེ་ནས། འདོད་ 7-1-304 པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་གཟུང་བར་བགྱི། ། རིན་ ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་ བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ནི་ བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་པས་སེམས་བསྐྱེད་ཅིང་སྨོན་ལམ་གདབ་ པར་བྱའོ། །དེ་ནས་དེ་དག་གིས་ཤིན་ཏུ་མཉེས་པར་གྱུར་པའི་བླ་མས། བརྟུལ་ཞུགས་ ངེས་པ་དང་ལྡན་པའི་སློབ་མ་ཁྲུས་བྱས་ཤིང་དྲིས་བྱུགས་པ་རྣམས་ཡོལ་བས་བཅད་ པའི་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་གྱི་ས་ལ་བཀོད་དེ། དེར་ལས་དང་མཐུན་པའི་མཎྜལ་ བྱས་ནས་དངོས་གྲུབ་ཀྱི་དོན་དུ་སྔར་བརྗོད་པའི་ཆོ་གས་སོ་ཤིང་སྦྱིན་པར་བྱའོ། །དེས་ ཀྱང་གསོར་ནས་མཎྜལ་དུ་དོར་བར་བྱ་སྟེ། གང་དུ་ལྷུང་བ་དེའི་ལས་རབ་འབྱམས་ འགྲུབ་པ་ཡང་ཤེས་པར་བྱའོ། །དེ་ནས་གནས་དྲུག་ཏུ་སྔར་བསྟན་པའི་ཡི་གེ་དྲུག་བཀོད་ ནས་བསྲུང་བར་བྱ་སྟེ། དཔལ་ལྡན་དྲི་མ་མེད་པའི་འོད་ལས། དང་པོར་དཀྱིལ་འཁོར་ལ་ གསོལ་བ་གདབ་པའི་དུས་དང་བར་དུ་ས་ལ་སོགས་པ་གཟུང་བ་དང༌། མཐར་དཀྱིལ་ འཁོར་དུ་འཇུག་པའི་དུས་ཐམས་ཅད་དུ་མཎྜལ་བྱས་ནས་སོ་ཤིང་བྱིན་ཏེ་དེ་ནས་ བསྲུང་བ་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་ཆུ་ཁྱོར་བ་གསུམ་བླུད་དེ་ཁ་དག་ པར་བྱས་ནས། དེའི་ལྕེ་ལ་བདུད་རྩི་ལྔ་སྦྱིན་པར་བྱའོ། །དེ་ནས་ལྷ་དབབ་པའི་དོན་དུ་ སྔར་བསྒྲུབས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་སྤོས་དང་བཅས་པས། ཨོཾ་ཨ་ར་ར་ར་ ར་ལ་ལ་ལ་ལ་བཛྲ་ཨཱ་བྷེ་ཤ་ཡ་ཧཱུཾ། ཞེས་པ་འདིས་ཁྲོ་བོའི་གཙོ་བོ་བསྐུལ་ནས་ཁྲོ་བོ་ དབབ་པར་བྱའོ།། འདི་ལ་བཟླས་པ་བྱེ་བ་དང་སྦྱིན་སྲེག་འབུམ་ཕྲག་བཅུ་སྔོན་དུ་བསྙེན་ པ་བྱས་ཏེ། དེ་ལྟ་ན་ནི་དྲན་པ་ཙམ་གྱིས་ཕེབས་པར་འགྱུར་རོ། །དེ་བཞིན་དུ། བསྒོམས་ པའི་སྟོབས་དང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བསྲུང་བ་ལ་སོགས་པ་དམ་ཚིག་རྣམ་པ་ མང་པོའི་སྟོབས་དང༌། སྔགས་ཀྱི་བཟླས་པ་ལ་སོགས་པ་བསྙེན་པའི་སྟོབས་ཀྱིས་ཁྲོ་བོ་ ཕེབས་པར་འགྱུར་གྱི། གཞན་དུ་ན་རང་བྱིན་གྱིས་བརླབས་པས་དམན་པ་རྣམས་ཀྱིས་ནི་ 7-1-305 མ་ཡིན་ནོ། །འདིར་ཕེབས་པའི་བྱ་བ་རྒྱ་ཆེར་གསུངས་པ་ནི་མ་སྤྲོས་སོ། །དེ་ནས་དགེ་བ་ དང་མི་དགེ་བ་ལ་སོགས་པའི་བྱ་བ་གང་ཅུང་ཟད་དྲི་བར་འདོད་པ་དེ་དག་དྲིས་ཏེ་ སླར་ཡང་ཡི་གེ་གསུམ་གྱིས་མངོན་པར་བསྔགས་པའི་མེ་ཏོག་མགོ་བོར་སྦྱིན་པར་ བྱའོ། །དེས་ཕེབས་པ་གཏོང་ཞིང་རང་གི་གནས་སུ་འགྲོ་བར་འགྱུར་རོ། །འདི་དག་གི་ དང་པོར་དམ་ཚིག་ལ་གཞག་པའི་རིམ་པ་ལ་སོགས་པ་རྣམས་བྱའོ་ཞེས་པར་གསུངས་ ཏེ། དེ་བྱ་བར་འདོད་ན་ནི་ཁོ་བོས་བསྡུས་པའི་དབང་གི་ཆོ་ག་རྡོ་རྗེ་ཕྲེང་བ་ལས་ཤེས་ པར་བྱའོ། །དེ་ལྟར་ཕེབས་པ་བཏང་བའི་མཐར་དཔྲལ་བར་ཨོཾ་ཡིག་དང༌། སྙིང་གར་ཧཱུཾ་ ཡིག་དང༌། གཙུག་ཏོར་ཧཾ་ཡིག་སྟེ་ཐབས་ཀྱི་རིགས་གསུམ་དང༌། ལྟེ་བར་ཧོཿ ཡིག་དང༌། མགྲིན་པར་ཨཱཿཡིག་དང༌། གསང་བར་ཀྵ་ཡིག་སྟེ་ཤེས་རབ་ཀྱི་རིགས་གསུམ་ཡང་དག་ པར་བཀོད་ནས་དེ་དག་གིས་སློབ་མ་བསྲུང་ཞིང་ལུས་ལ་གོས་སེར་པོ་སྦྱིན་པར་བྱའོ། །དེ་ ནས། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་ བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེ་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་ སྡིག་པ་ལྔ་པོ་འདི་དག་གོ །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་ འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །ཞེས་པས་བསླབ་པའི་གནས་ལྔ་ སྦྱིན་པར་བྱའོ། །དེ་ནས་འདོད་ན་དེའི་ཚེ་གཞན་ཡང་སྦྱིན་པར་བྱ་སྟེ། ཆོ་ལོ་ཁ་ན་མ་ཐོ་ བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོ་ཆོས། །བ་ལང་བྱིས་ པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་ རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང༌། །དབང་ པོ་རྣམས་ནི་ཆགས་པ་དག་དང་དེ་ལྟར་སྲིད་པའི་བདག་པོ་དག་ནི་བརྟུལ་ཞུགས་ཉི་ཤུ་ ལྔ། །ཞེས་པས་ཉེ་བའི་སྡིག་པ་ལྔ་དང༌། གསོད་པ་གཞན་ལྔ་དང༌། འཁུ་བ་ལྔ་དང༌། ཆགས་པ་ལྔ་རྣམས་ཀྱང་སྤང་བར་བྱའོ། །དེ་ལྟར་ན་བརྟུལ་ཞུགས་ཉི་ཤུ་ལྔ་ནི་སློབ་མ་ རྣམས་ཀྱིས་བསྐྱང་བར་བྱ་ཞིང་རྡོ་རྗེ་སློབ་དཔོན་གྱིས་དབང་གིས་དུས་སུ་སྦྱིན་པར་བྱ་ སྟེ། བརྟུལ་ཞུགས་སྦྱིན་པའི་ངེས་པའོ། ། 7-1-306 དེ་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཕྱིར། ཨོཾ་དྭཱ་ད་ཤ་ཨཾ་ག་ནི་རོ་དྷ་ཀཱ་རི་ཎེ་ཧཱུཾ་ ཕཊ། ཅེས་པ་འདིས་གདོང་བཅིང་བར་བྱ་སྟེ། ལས་ཐམས་ཅད་པ་ལ་གོས་སེར་པོའམ་ དམར་པོ་དང༌། ཞི་བ་ལ་སོགས་པར་གོས་སྲབ་པོ་ལྷའི་ཁ་དོག་དང་མཐུན་པས་སོ། །དེ་ ནས་དགེ་བའི་གྲོགས་ཀྱིས་ཁྲིད་ནས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཤར་ གྱི་སྒོར་སློབ་དཔོན་གཙོ་བོའི་གཟུགས་ཀྱིས་གནས་པ་ལ་དགེ་བའི་གྲོགས་ཀྱིས་གཏད་ པའི་དུང་གི་ཆུས་སློབ་མའི་མགོ་བོར་བསང་གཏོར་བྱས་ནས་ཡི་གེ་གསུམ་གྱིས་ལན་ བདུན་མངོན་པར་བསྔགས་པའི་མེ་ཏོག་གཅིག་དེའི་སྙིམ་པ་ཁ་སྦྱར་བར་བྱིན་པར་བྱ་སྟེ་ མེ་ཏོག་གི་སྙིམ་པ་རྣམ་པར་དག་པའོ། །དེ་ནས་རྒྱལ་བའི་བུམ་པའམ་རྣམ་པར་རྒྱལ་ བའི་བུམ་པ་ལ་མཚན་མ་ལྔ་བྱས་ཏེ། དེར་རིགས་ཡོངས་སུ་བརྟག་པའྀ་དོན་དུ། ཨོཾ་སརྦ་ ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པ་འདིས་སློབ་མ་མེ་ཏོག་མཐོར་དུ་གཞུག་པར་ བྱའོ། །དེ་ཡང་བུམ་པ་ལྔའི་ཕྱོགས་ལ་རྒྱལ་བའི་བུམ་པ་དང༌། བཅུའི་ཕྱོགས་ལ་རྣམ་པར་ རྒྱལ་བའི་བུམ་པ་ལ་སྟེ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི་མ་ཡིན་ནོ། །མེ་ཏོག་གང་དུ་ ལྷུང་བའི་ལྷ་དེ་ནི་དེའི་ལྷ་རིགས་ཀྱི་ལྷ་སྟེ། དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱས་དངོས་གྲུབ་ ཏུ་འགྱུར་རོ། ། དེ་ནས། ཨོཾ་དེ་བྱེན་དྲི་ཡཱ་ཎྱུ་ཊ་ཡ་གྷཱ་ཊ་ཡ་སྭཱཧཱ། ཞེས་པའམ། ཡང་ན་ཨོཾ་དི་བྱ་ན་ཡ་ན་ མུད་གྷཱ་ཊ་ཡཱ་མི་སྭཱཧཱ། ཞེས་པ་འདིས་མིག་དབྱེ་བར་བྱ་སྟེ་མེ་ཏོག་དོར་བའི་ཕྱི་ནས་སམ། ཡང་ན་མེ་ཏོག་འདོར་བ་དང་ལྷན་ཅིག་ཏུའོ། །དེ་ནས་རིགས་ཀྱི་ལྷ་དང་དཀྱིལ་འཁོར་ གྱི་གཙོ་བོ་དང་པོར་བྱས་པའི་དཀྱིལ་འཁོར་མཐའ་དག་བསྟན་པར་བྱ་སྟེ། སློབ་མ་ དཀྱིལ་འཁོར་དུ་གཞུག་པའི་ངེས་པའོ། ། དེ་ལྟར་ཤར་གྱི་སྒོར་རིགས་དག་པར་བྱས་ནས། སློབ་དཔོན་གཙོ་བོའི་གཟུགས་སུ་གནས་ པས་དབང་བསྐུར་བ་སྦྱིན་པར་བྱ་སྟེ། གཙོ་བོ་གཡོན་བརྐྱང་ལ་སོགས་པའི་སྟབས་ཀྱིས་ བཞེངས་པ་ཡིན་ན་སློབ་དཔོན་ཡང་བཞེངས་པས་སོ། །ཇི་སྟེ་བཞུགས་པའི་ཡིན་ན་སློབ་ དཔོན་ཡང་བཞུགས་པས་སོ། །དེའི་ཕྱིར་དང་པོར་སློབ་དཔོན་གྱི་ལག་པ་གཡས་པའི་རྡོ་ 7-1-307 རྗེས་སློབ་མའི་ལག་པ་གཡོན་པ་ནས་ཁྲིད་དེ་ལས་ཀྱི་རྡོ་རྗེ་དང་ལྷན་ཅིག་དཀྱིལ་འཁོར་ ལ་མངོན་དུ་ཕྱོགས་པས་བསྐོར་བ་བྱས་ནས་བྱང་སྒོར་ཆུའི་དབང་གི་དོན་དུ་མཎྜལ་ ཕུལ་ཏེ། ཨོཾ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྼྀཾ་ཧྼཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་བཛྲ་ཌཱ་ཀི་ནྱོ་བཛྲ་ཨ་མྲྀ་ཊ་གྷ་ཊཻ་ ར་ཨ་བྷི་ཥིཉྩན་ཏུ་མཱཾ་སྭཱཧཱ། ཞེས་པ་འདིས་གསོལ་བ་གདབ་པར་བྱའོ། །དེ་ནས་སྒྲོལ་མ་ལ་ སོགས་པ་ལྷ་མོ་རྣམས་ཀྱི་སྔགས་ཀྱིས་བུམ་པ་ཐམས་ཅད་ནས་ཆུ་བླངས་ཏེ་དུང་ཆོས་སུ་ བླུགས་ནས་དེ་ཉིད། ཨཱ་ཨཱི་རཱྀ་ཨཱུ་ལཱྀ་རྣམས་ལས་བྱུང་བའི་ལྷ་མོ་ལྔའི་ངོ་བོར་བྱིན་གྱིས་ བརླབས་ཏེ། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་དུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པ་འདིས་སྐྱེ་བའི་གནས་ ལྔར་དབང་བསྐུར་ནས་བཀྲུ་བར་བྱའོ། །དེ་ལ་སྐྱེ་བའི་གནས་ལྔར་ནི་གཙུག་ཏོར་དང༌། དཔུང་མགོ་གཉིས་དང༌། དཔྱི་མགོ་གཉིས་སོ། །དེས་ཁམས་ལྔ་དྲི་མ་དང་བྲལ་བའི་ཡུམ་ ལྔར་གྱུར་པ་བལྟ་སྟེ་ཆུའི་དབང་ངོ༌། ། དེ་ནས་ཅོད་པན་གྱི་དབང་གི་དོན་དུ། ཨོཾ་ཨ་ཨི་རྀ་ཨུ་ལྀ་སརྦ་བུད་དྷཱ་བཛྲ་མུ་ཀུ་ཊཾ་མ་ མ་པཉྩ་བུད་དྷ་ཨཱད་མ་ཀཾ་བན་དྷ་ཡན་དུ་ཧུཾ་ཧཱུཾ་ཕཊ། ཅེས་པ་འདིས་གསོལ་བ་གདབ་ པར་བྱའོ། །དེ་ནས་མེ་ཏོག་གང་དུ་ལྷུང་བའི་སངས་རྒྱས་དེ་ཉིད་གཙོ་བོར་གྱུར་པའི་ ཅོད་པན་རིན་པོ་ཆེ་ལས་བྱས་པའམ། གསེར་རམ་གོས་ཀྱི་རང་བཞིན་ཡང་རུང་སྟེ། དེ་ ཉིད་ཨ་ཨི་རྀ་ཨུ་ལྀ་རྣམས་ལས་བྱུང་བའི་སངས་རྒྱས་ལྔའི་ངོ་བོར་བྱིན་གྱིས་བརླབས་ ནས། ཨོཾ་ཨ་ཨི་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུད་དྷ་སྭཱཧཱ། ཞེས་པ་དང༌། དུང་གི་ཆུས་ སྐྱེ་བའི་གནས་ལྔར་དབང་བསྐུར་ནས། མགོ་བོར་དབུ་རྒྱན་བཅིང་བར་བྱའོ། །དེས་ནི་ ཕུང་པོ་ལྔ་དྲི་མ་དང་བྲལ་བ་སངས་རྒྱས་ལྔར་གྱུར་པ་བལྟ་བར་བྱ་སྟེ། ཅོད་པན་གྱི་ དབང་ངོ༌། །དེ་ལྟར་ན་བྱང་སྒོར་སྐུའི་ཞལ་ནས་ཆུ་དང་ཅོད་པན་གྱི་དབང་བསྐུར་བས་ ཁམས་དང་ཕུང་པོ་རྣམ་པར་དག་པ་སྐུ་རྡོ་རྗེ་སྟེ་ལུས་དྲི་མ་དང་བྲལ་བའོ། ། དེ་ནས་སླར་ཡང་གཡས་སྐོར་གྱིས་སློབ་མ་ལྷོ་སྒོར་ཁྲིད་ནས། དེར་དར་དཔྱངས་ཀྱི་ དབང་གི་དོན་དུ། ཨོཾ་ཨ་ཨཱ་ཨཾ་ཨཱཿཧ་ཧཱ་ཧཾ་ཧཱཿཕྲེཾ་ཧོཿསརྦ་པཱ་ར་མི་ཏཱ་མ་མ་བཛྲ་པཊྚཾ་བན་ དྷ་ཡན་དུ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་འདིས་གསོལ་བ་གདབ་པར་བྱའོ། །དེ་ནས་རིན་པོ་ཆེའི་ 7-1-308 པཊྚ་དང༌། གསེར་གྱི་པཊྚའམ། མ་རྙེད་ན་མེ་ཏོག་གི་ཕྲེང་བ་ཡང་རུང་སྟེ། དེ་ཉིད་ཨ་ཨཱ་ ཨཾ་ཨཱཿཧ་ཧཱའ་ཧཱཾ་ཧཱཿཕེཾ་ཧོཿརྣམས་ལས་བྱུང་བའི་ནུས་མ་བཅུའི་ངོ་བོར་བྱིན་གྱིས་ བརླབས་པ་ནས། ཨོཾ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཱཿཕྲེཾ་ཧོཿད་ཤ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི་སྭཱཧཱ། ཞེས་པ་དང་དུང་གི་ཆུས་སྐྱེ་བའི་གནས་ལྔར་དབང་བསྐུར་ནས་དཔྲལ་བར་དར་ དཔྱངས་སམ་མེ་ཏོག་གི་ཕྲེང་བ་བཅིང་པར་བྱའོ། །དེས་ནི་རླུང་བཅུ་རྣམ་པར་དག་པ་ ཕ་རོལ་ཏུ་ཕྱིན་པ་བཅུའི་ངོ་བོ་ནུས་མ་བཅུར་གྱུར་པར་བལྟ་སྟེ། དར་དཔྱངས་ཀྱི་དབང་ ངོ༌། ། དེ་ནས་རྡོ་རྗེ་དྲིལ་བུའི་དབང་གི་དོན་དུ། ཨོཾ་ཧཱུཾ་ཧོཿབི་ཛྙཱ་ན་ཛྙཱ་ན་སྭ་བྷཱ་བ་ཀ་རུ་ཎཱ་པྲཛྙཱ་ ཨཱད་མ་ཀེ་བཛྲ་བཛྲ་གྷཎ་ཌེ་ས་བྱེ་ཏ་ར་ཀ་ར་ཡོར་མ་མ་བཛྲ་སཏྭཿསཾ་པྲཛྙཱོ་ད་དཱ་དུ་ཧུཾ་ ཧཱུཾ་ཕཊ། ཅེས་པས་གསོལ་བ་གཏབ་པར་གྱུར་པ་ལ་རྡོ་རྗེ་དང་དྲིལ་བུ་ཧཱུཾ་དང་ཧོཿལས་ བྱུང་བའི་གཙོ་བོ་ཡབ་ཡུམ་གྱི་ངོ་བོར་བྱིན་གྱིས་བརླབས་ཏེ། ཨོཾ་ཧཱུཾ་ཧོཿསཱུཪྻ་ཙན་དྲ་བི་ཤོ་ དྷ་ཀ་སྭཱཧཱ། ཞེས་པ་དང་དུང་གི་ཆུས་སྐྱེ་བའི་གནས་ལྔར་དབང་བསྐུར་ནས་རྡོ་རྗེ་དྲིལ་ བུ་སྤྱི་བོར་བཞག་ཅིང་སྦྱིན་པར་བྱའོ། །དེས་ནི་ཟླ་བ་དང་ཉི་མའི་རྩ་ལ་ལ་ནཱ་དང་ར་ས་ ནཱ་རྣམ་པར་དག་པ་གཙོ་བོ་ཡབ་ཡུམ་དུ་གྱུར་པར་བལྟ་སྟེ། རྡོ་རྗེ་དྲིལ་བུའི་དབང་ ངོ༌། །དེ་ལྟར་ན་ལྷོ་སྒོར་གསུང་གི་ཞལ་ནས་དར་དཔྱངས་དང་རྡོ་རྗེ་དྲིལ་བུའི་དབང་ བསྐུར་བས་རླུང་དང་རྩ་རྣམ་པར་དག་པ་གསུང་རྡོ་རྗེ་སྟེ་ངག་དྲི་མ་དང་བྲལ་བའོ། ། དེ་ནས་སླར་ཡང་གཡས་སྐོར་གྱིས་ཤར་གྱི་སྒོར་ཁྲིད་དེ། དེར་རྡོ་རྗེ་བརྟུལ་ཞུགས་ཀྱི་ དབང་གི་དོན་དུ། ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཱཿ སརྦ་བོ་དྷི་སཏྭཱཿ ས་ བྷཱཪྻཱཿསརྦ་དཱ་སརྦ་ཀཱ་མ་ཨུ་བ་བྷོ་ག་བཛྲ་པྲ་ཏཾ་མ་མ་ད་དན་ཏུ་སྭཱཧཱ། ཞེས་པས་གསོལ་བ་ བཏབ་པར་གྱུར་པ་ལ་མེ་ཏོག་སིལ་མ་རྣམས་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ ཨཿརྣམས་ལས་བྱུང་བའི་སེམས་དཔའ་ཡབ་ཡུམ་གྱི་གྱི་ངོ་བོར་བྱིན་གྱིས་བརླབས་ཏེ། ཨོཾ་ ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་བི་ཥ་ཡ་ཨིན་དྲི་ཡ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པ་དང་ དུང་གི་ཆུས་སྐྱེ་བའི་གནས་ལྔར་དབང་བསྐུར་ནས་རྣ་བ་ལ་སོགས་པར་མེ་ཏོག་དགོད་ 7-1-309 པར་བྱའོ། །དེས་ནི་དབང་པོ་ཡུལ་དང་བཅས་པ་རྣམ་པར་དག་པ་སེམས་དཔའ་ཡབ་ ཡུམ་དུ་གྱུར་པར་བལྟ་སྟེ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ངོ༌། ། དེ་ནས་མིང་གི་དབང་གི་དོན་དུ། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཱཿས་ བྷཱཪྻཱ་མཻ་ཏྲཱི་ཀ་རུ་ཎཱ་མུ་དི་ཏ་ཨུ་བེ་ཀྵ་སརྦ་ས་མ་ཏཱ་སྭ་བྷཱ་བཾ་བཛྲ་པཱུརྦཾ་ག་མཾ་ནཱ་མ་མེ་ད་ དན་དུ་ཧུཾ་ཧཱུཾ་ཕཊ། ཅེས་པས་གསོལ་བ་བཏབ་པར་གྱུར་པ་ལ། གདུབ་བུ་དང་རྐང་ གདུབ་ལ་སོགས་པའམ། མེད་ན་མེ་ཏོག་གི་ཕྲེང་བ་ཡང་རུང་སྟེ། ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ ལ་ལཱ་རྣམས་ལས་བྱུང་བའི་ཁྲོ་བོ་ཡབ་ཡུམ་གྱི་ངོ་བོར་བྱིན་གྱིས་བརླབས་ཏེ། ཨོཾ་ཧ་ཧཱ་ཡ་ ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུར་བྲཧྨ་བི་ཧཱ་ར་བི་ཤུད་དྷ་སྭཱཧཱ། ཞེས་པ་དང་དུང་གི་ཆུས་སྐྱེ་ བའི་གནས་ལྔར་དབང་བསྐུར་ནས་ལག་པ་དང་རྐང་པ་དག་ལ་གདུབ་བུ་དང་རྐང་ གདུབ་དག་གམ་དེ་དག་མེད་ན་མེ་ཏོག་གི་ཕྲེང་བ་བཅིངས་ཏེ་ཁྱོད་ནི་རྡོ་རྗེ་ཆྒཻ་མོ་ཞེས་ མེ་ཏོག་གང་དུ་ལྷུང་བ་དེའྀ་མིང་གིས་ལུང་བསྟན་པར་བྱའོ། །དེས་ནི་ལས་ཀྱི་དབང་པོ་ ཡུལ་དང་བཅས་པ་རྣམ་པར་དག་པ་ཁྲོ་བོ་ཡབ་ཡུམ་དུ་གྱུར་པར་བལྟ་སྟེ། མིང་གི་ དབང་ངོ༌། །དེ་ལྟར་ན་ཤར་སྒོར་ཐུགས་ཀྱི་ཞལ་ནས་བརྟུལ་ཞུགས་དང་མིང་གི་དབང་ བསྐུར་བས་ལྷའི་མིག་ལ་སོགས་པ་དང་ཚངས་པའི་གནས་བཞི་རྣམ་པར་དག་པ་ཐུགས་ རྡོ་རྗེ་སྟེ་ཡིད་དྲི་མ་དང་བྲལ་བའོ། ། དེ་ནས་སླར་ཡང་སྔ་མ་བཞིན་དུ་ནུབ་སྒོར་ཁྲིད་དེ་རྗེས་གནང་གི་དོན་དུ། ཨོཾ་ཨེ་བཾ་པད་ མ་བཛྲ་ཙི་ཧྣོ། པྲཛྙཱ་ཨུ་པཱ་ཡཽ། མཎྜལ་ཨ་དྷི་པ་ཏཱི་བཛྲ་སུ་ཁ་ཛྙཱ་ན་ཨཾ་ག་མ་མ་ད་དཱ་ཏཱཾ་ཧཾ་ ཧཿཧཱུཾ་ཕཊ། ཅེས་པས་གསོལ་བ་བཏབ་པར་གྱུར་པ་ལ། ཨོཾ་ཧཾ་ཀྵཿདྷརྨྨ་ཙཀྲ་པྲ་བར་ཏ་ཀ་ སྭཱཧཱ། ཞེས་པ་འདིས་སྐྱེ་བའི་གནས་ལྔར་དུང་གི་ཆུས་དབང་བསྐུར་ཞིང་ཆོས་ཀྱི་འཁོར་ ལོ་བསྐོར་ལ་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་པ་ལ་སོགས་པའི་རྗེས་སུ་གནང་བ་སྦྱིན་ པར་བྱའོ། །དེ་ལྟར་ནུབ་སྒོར་ཡེ་ཤེས་ཀྱི་ཞལ་ནས་རྗེས་སུ་གནང་བའི་དབང་བསྐུར་བས་ བཞི་པའི་གནས་སྐབས་དག་པ་ཡེ་ཤེས་རྡོ་རྗེ་སྟེ་ཆགས་པ་དྲི་མ་དང་བྲལ་བའོ། །དེ་ལྟར་ དབང་བདུན་གྱིས་དཀྱིལ་འཁོར་ཆེན་པོར་མངོན་པར་དབང་བསྐུར་ནས། དེའི་ལམ་ 7-1-310 བསྒོམས་པས་ས་བདུན་གྱི་དབང་ཕྱུག་ཏུ་འགྱུར་ཏེ་བསོད་ནམས་ཀྱི་ཚོགས་ཀྱིས་ སོ། །ངེས་པའི་དོན་དུ་ནི་དུས་སྦྱོར་བདུན་གྱི་རླུང་འགགས་པས་ས་བདུན་འཐོབ་བོ། ། དེས་ན་ང་རྒྱལ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་སབ་ཏ་ཨ་བྷི་ཥི་ཀ་སབ་ཏ་བྷཱུ་མི་པྲབ་དྷོ་ཧཾ། ཞེས་ པའོ། །དེ་ནས་ལག་ཏུ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བྱིན་ནས་དག་པའི་ཆོས་བསྟན་པར་བྱ་སྟེ། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པད་མའི་རིགས་ཉིད་ལ་ཡང་ གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་ རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། །གདོལ་པ་མོ་སོགས་བུད་མེད་མཐའ་ དག་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པད་མར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་ དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱི་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་ སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་སྐལ་བས་མིན་པར་རྒྱལ་བས་ གསུངས། །ཞེས་པ་རྣམས་དྲང་བ་དང་ངེས་པའི་དོན་དུ་རྣམ་པར་ཕྱེ་སྟེ་བཤད་པར་བྱ་ ཞིང་སློབ་མ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པར་བསྒོམ་པར་བྱའོ། །འདིར་སློབ་མའི་ ཁམས་དང་ཕུང་པོ་དང་རླུང་དང་རྩ་དང་སྐྱེ་མཆེད་དང་ལས་དབང་ཡུལ་དང་བཅས་ པ་དང་བཞི་པའི་བག་ཆགས་རྣམས་ལ་གཞན་བདེ་གཤེགས་སྙིང་པོའི་ཁམས་དང་ཕུང་ པོ་གཞན་དང་རླུང་དང་རྩ་གཞན་དང་སྐྱེ་མཆེད་དང་ལས་དབང་ཡུལ་དང་བཅས་པ་ གཞན་དང་བཞི་པ་གཞན་ལྷའི་འཁོར་ལོ་རྣམས་ཀྱིས་བྱིན་གྱིས་བརླབས་པ་དང༌། སྦྱོང་ བའི་ཐབས་གང་གིས་སྦྱང་བའི་གཞི་གང་ལ་སྦྱང་བྱའི་དྲི་མ་གང་ཟད་པས་འབྲས་བུ་ གང་ཐོབ་པ་ལ་སོགས་པ་རྒྱ་ཆེར་བླ་མ་དམ་པའི་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། ། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རྒན་པ་དང་གཞོན་པའི་དབྱེ་བ་ཤེས་པའི་དོན་དུ་ལོ་ལ་ སོགས་པ་བསྒྲགས་པར་བྱ་སྟེ། འདིར་ལོ་ཆྒཻ་མོ་དང༌། རིགས་ལྡན་གྱི་རྒྱལ་པོ་ཆྒཻ་མོ་ཆོས་ སྟོན་པ་དང༌། ཟླ་བ་ཆྒཻ་མོ་དང༌། ཉ་ཆྒཻ་མོ་དང༌། ཚེས་ཆྒཻ་མོ་དང༌། སྐར་མ་ཆྒཻ་མོ་དང༌། སྦྱོར་བ་ཆྒཻ་མོ་དང༌། བྱེད་པ་ཆྒཻ་མོ་ལ། རྡོ་རྗེ་སློབ་དཔོན་ཆྒཻ་མོ་བདག་གིས། སློབ་མ་ཆྒཻ་མོ། 7-1-311 དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བདུན་གྱིས་མངོན་པར་དབང་བསྐུར་ ཏེ། གཙོ་བོར་འོག་མིན་གྱི་སྲིད་པའི་མཐར་ཐུག་པར་འཇིག་རྟེན་པའི་དངོས་གྲུབ་ཀྱི་ དོན་དང༌། སེམས་ཅན་ཐམས་ཅད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་ པར་བྱ་བའི་དོན་དུ་བདག་གིས་ལུང་བསྟན་ཅིང་རྗེས་སུ་གནང་ངོ༌། །ཞེས་བརྗོད་པར་ བྱའོ། །དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བྱིས་པ་འཇུག་པའི་དབང་བདུན་བསྐུར་ བས་བསོད་ནམས་ཀྱི་ཚོགས་ཀྱི་དོན་དང་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་སྔགས་ བཟླས་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་ལ་དབང་བར་གྱུར་པ་སྟེ། སྔགས་ཀྱི་ ཚུལ་ལ་དགེ་བསྙེན་དུ་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་དང་ལྷའི་རྣམ་པར་དག་ པ་བསྟན་པར་བྱ་སྟེ། དེ་དག་ཀྱང་ཁོ་བོས་སྒྲུབ་ཐབས་སུ་ཡང་དག་པར་བསྡུས་ཤིང་ འགའ་ཞིག་ནི་ཐིག་གི་སྐབས་སུ་ཡང་བསྟན་པ་ཉིད་དོ། །འདིར་རྩ་བའི་རྒྱུད་རྣམས་སུ་ ལས་ངེས་པར་ནི་བྱིས་པ་སྐྱེས་པ་ཆུས་འཁྲུད་པ་དང༌། གཙུག་ཕུད་འཇོག་པ་དང༌། རྣ་བ་ འབུགས་པ་ལ་སོགས་པ་དང༌། སྨྲ་བའམ་རྒོད་པ་ལ་སོགས་པ་དང༌། དབང་པོ་རྣམས་ ཡུལ་ལ་ལོངས་སྤྱོད་དུ་འཇུག་པ་དང༌། མིང་འདོགས་པ་དང༌། ཀློག་ལ་སོགས་པ་བྱ་བ་ རྣམས་ལ་ཕ་ཡིས་གནང་བ་སྟེར་བ་ཇི་ལྟར་དེ་བཞིན་དུ་ཆུ་དང་ཅོད་པན་དང༌། དར་ དཔྱངས་དང་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་བརྟུལ་ཞུགས་དང་མིང་དང་རྗེས་སུ་གནང་ བའི་དབང་སྟེ་བྱིས་པ་འཇུག་པའི་དབང་བདུན་ནི་ལོ་བཅོ་ལྔའི་མཐར་ཐུག་པར་རོ། །དེ་ ནས་ལོ་བཅུ་དྲུག་ལོན་པ་ནས་བརྩམས་ཏེ་བག་མ་ལེན་པ་དང༌། ལག་པ་ནས་འཛིན་པ་ ལ་སོགས་པ་བྱེད་པ་ལྟར་དབང་གོང་མ་རྣམས་ཏེ་དེ་དག་ནི་འཆད་པར་གྱུར་རོ། །དེ་ ལྟར་དབང་བདུན་གྱིས་མངོན་པར་དབང་བསྐུར་བ་ཉིད་ཀྱིས་ལྷ་སྒོམ་པ་དང་སྔགས་ཀྱི་ བཟླས་པ་ལ་དབང་བར་གྱུར་པའི་ཕྱིར། གཞན་སྔགས་ཀྱི་རྗེས་གནང་ལ་སོགས་པ་ནི་ འདིར་གསུངས་པ་མེད་ལ་ཅི་སྟེ་བྱེད་པར་འདོད་ན་ཡང་སྐབས་འདིར་བྱའོ། །དབང་ བདུན་གྱི་ཆོ་གའོ། ། འདིར་གང་གི་ཚེ་དབང་བདུན་པོ་དེ་ཙམ་གྱིས་ཚིམ་པར་གྱུར་ན་དེའི་ཚེ་འཆད་པར་ 7-1-312 འགྱུར་བའྀ་རིམ་པས་ཡོན་དབུལ་བ་དང་དཀྱིལ་འཁོར་གཤེགས་སུ་གསོལ་བ་ལ་སོགས་ པ་བྱས་ནས་སྟོན་མོའི་རིམ་པ་རྣམས་བྱའོ། །ཅི་སྟེ་མཆོག་གི་སློབ་མ་ཕྱག་རྒྱ་ཆེན་པོའི་ ལམ་བསྒོམ་པའི་དོན་དུ་དབང་གོང་མ་དང་གོང་མ་ལས་ཀྱང་གོང་མ་དོན་དུ་གཉེར་ན་ དེ་ཡང་སྐབས་ཇི་ལྟ་བར་སྦྱིན་པར་བྱ་སྟེ་དབེན་པའི་གནས་སུའོ། །འདིར་རྡོ་རྗེ་སློབ་ མའི་དབང་ལ་གོང་མ་གསུམ་ནི་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཏེ་འགྱུར་ བ་དང་འཛག་པའི་རང་བཞིན་ཅན་འཇིག་རྟེན་པའོ། །གོང་མ་ལས་ཀྱང་གོང་མ་ནི་ འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཕྱག་རྒྱ་ཆེན་མོ་སྟེ་མི་འཛག་ཅིང་མི་གཡོ་ བའི་རང་བཞིན་ཅན་ནོ། །རྡོ་རྗེ་སློབ་དཔོན་གྱི་དབང་ལ་བདག་པོ་ཉིད་དུ་བྱེད་པའི་ དབང་བཞི་ནི་གོང་མ་ཞེས་བྱའོ། ། བདག་པོ་ཆེན་པོར་བྱེད་པའི་དབང་བཞི་ནི་གོང་མ་ ལས་ཀྱང་གོང་མ་ཞེས་གསུངས་ཏེ་འདི་དག་གི་ཁྱད་པར་ནི་ཕྱི་ནས་གསལ་བར་འགྱུར་ རོ། །དེ་ལ་རྡོ་རྗེ་སློབ་མའི་དབང་བཞི་ནི་སྔགས་ཀྱི་ཐེག་པ་ལ་དང་པོར་སེམས་ཅན་ གཞུག་པའི་དོན་དང་ལམ་ཡོངས་སུ་ཤེས་པའི་དོན་དང་རྒྱུད་ཉན་པ་ལ་དབང་བའི་ དོན་དུའོ། །སློབ་དཔོན་གཉིས་ཀྱི་དབང་ནི་ཕྱི་ནས་སློབ་དཔོན་ཆེན་པོའི་གནས་སྦྱིན་ པའི་དོན་དང༌། རྒྱུད་སྟོན་པ་པོ་དང་དཀྱིལ་འཁོར་བཞེངས་པ་ལ་སོགས་པའི་དོན་ དུའོ། །འདིར་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་སློབ་མའི་དབང་དང་སློབ་དཔོན་བདག་པོའི་ དབང་ལ་སྤྱིའི་ལས་ཀྱི་ཕྱག་རྒྱ་སྟེ་རིགས་ཀྱི་ངེས་པ་མེད་ཀྱང་ལོ་བཅུ་གཉིས་ནས་ཉི་ཤུའི་ བར་གྱི་བུ་མོ་སྐྱོན་མེད་ཅིང་ཡོངས་སུ་སྨིན་པ་རྣམས་སོ། །སློབ་དཔོན་བདག་པོ་ཆེན་ པོའི་དབང་ལ་ནི་ངེས་པ་ཅན་གྱི་རིག་མ་བཅུ་སྟེ་ཁྱིམ་པ་རང་རིགས་སྐྱེས་དང་རབ་བྱུང་ ལ་དམངས་རིགས་སྐྱེས་སོགས་འཆད་པར་འགྱུར་བ་རྣམས་སོ། ། དེས་ན་འདིར་དང་པོར་སློབ་མའི་དབང་ལ་རེ་ཤིག་འཇིག་རྟེན་པའི་དབང་གསུམ་གྱི་ དོན་དུ་སྐྲག་པ་དང་འཁྲུལ་བ་ལ་སོགས་པའི་སྐྱོན་དང་བྲལ་བའི་བུ་མོ་མཛེས་མ་ལོ་བཅུ་ གཉིས་ནས་ཉི་ཤུའི་བར་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡུལ་དང་བཅས་ཤིང་དབང་ དང་བསླབ་པས་ཡོངས་སུ་སྨིན་པ་རྣམས་བླ་མ་ལ་ཕུལ་ནས་གསེར་གྱི་མེ་ཏོག་ལ་སོགས་ 7-1-313 པའི་མཎྜལ་སྔོན་དུ་འགྲོ་བས། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ ལ་འདུད། །མཆོག་ཏུ་མི་འགྱུར་བདེ་བ་རྫོགས། །ཡེ་ཤེས་སྐུ་ཁྱོད་ཕྱག་འཚལ་ལོ། །སྟོང་ ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་འགྱུར་མེད་གང༌། །དབང་བསྐུར་དེ་ ཡིས་བདག་ལ་ནི། །མགོན་པོ་ད་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བཅས་ པ། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར། །བདག་ལ་ སྐྱབས་གཞན་ཡོད་མ་ཡིན། །ཞེས་པས་བསྟོད་ཅིང་གསོལ་བ་གདབ་པར་བྱ་སྟེ་ཐུན་མོང་ དུའོ། ། ཁྱད་པར་དུ་བུམ་པའི་དབང་ནི། ཨོཾ་ཨོཾ་པྲཛྙཱ་ཨུ་པཱ་ཡཽ་ཀ་ལ་ཤ་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཾ་ཧུཾ་ ཧཱུཾ་ཕཊ། ཅེས་པས་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མ་མཉེས་པར་གྱུར་པས་སློབ་ མའི་ལུས་ཀྱི་ཐིག་ལེ་དང་སད་པའི་གནས་སྐབས་འགགས་ཤིང་དགའ་བའི་དགའ་བ་ རྫོགས་ནས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྒྱུ་འཕྲུལ་དྲ་བས་བྱང་ཆུབ་པའི་དོན་དུ་ལུས་ལ་བུམ་ པའི་དབང་སྐུ་རྡོ་རྗེའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབ་པར་བྱ་སྟེ་མན་ངག་བཞིན་ དུའོ། །དེ་ནས་རང་གི་ཕྱག་རྒྱའི་ནུ་མ་ལ་རེག་ཏུ་གཞུག་པར་བྱ་སྟེ། དེ་ལས་བྱུང་བའི་ བདེ་བས་ཉེ་བར་མཚོན་པ་དགའ་བའི་དགའ་བ་ནི་བུམ་པའི་དབང་ངོ༌། །དེས་སྔགས་ ཀྱི་ཚུལ་ལ་དགེ་ཚུལ་དུ་འགྱུར་ཞིང༌། ས་བརྒྱད་པ་མི་གཡོ་བ་ཐོབ་པ་སངས་རྒྱས་ཀྱི་སྲས་ སུ་འགྱུར་བ་ཉིད་དེ། དེས་ན། ཨོཾ་ཨོཾ་བཛྲ་སཏྭེ་ན་བཛྲ་ཀ་ལ་ཤ་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥི་ཀ་ ཏོ་བཛྲ་སཏྭ་པུ་ཏྲོ་ཨ་ཙ་ལཱ་བྷཱུ་མི་ལབ་ཏོ་ཧཾ། ཞེས་ང་རྒྱལ་བཟུང་བར་བྱའོ། ། དེ་ནས་གསང་བའི་དབང་ནི། ཨོཾ་ཨཱཿཔྲཛྙཱ་ཨུ་པཱ་ཡཽ་གུ་ཧྱ་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་ཧུཾ་ཧཱུཾ་ ཕཊ། ཅེས་པས་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་མའི་ངག་གི་ཐིག་ལེ་དང་རྨི་ ལམ་གྱི་གནས་སྐབས་འགགས་ཤིང་མཆོག་དགའི་དགའ་བ་རྫོགས་ནས་གསུང་རྡོ་རྗེ་ ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་དོན་དུ་ངག་ལ་གསང་བའི་ དབང་དང་གསུང་རྡོ་རྗེའི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབ་པར་བྱ་སྟེ་བླ་མའི་མན་ ངག་བཞིན་དུའོ། །དེ་ནས་ལྷའི་རྣལ་འབྱོར་དང་ལྡན་པས་གསང་བའི་མཆོད་པ་བྱས་ཏེ་ 7-1-314 མཐེ་བོང་དང་མིང་མེད་ཀྱིས་བླངས་པའི་བདུད་རྩི་སློབ་མའི་གདོང་བཅིངས་པའི་ལྕེ་ལ་ བྱིན་ནས་སླར་ཡང་ཤེས་རབ་ཀྱི་བྷ་ག་བསྟན་པར་བྱའོ། །དེས་ཀྱང་བལྟ་བར་བྱ་སྟེ་དེ་ མཐོང་བ་ལས་བྱུང་བའི་བདེ་བས་ཉེ་བར་མཚོན་པ་མཆོག་དགའི་དགའ་བ་ནི་གསང་ བའི་དབང་ངོ༌། ། དེས་སྔགས་ཀྱི་ཚུལ་ལ་དགེ་སྦྱོང་དུ་འགྱུར་ཞིང་ས་དགུ་པ་ལེགས་པའི་ བློ་གྲོས་ཐོབ་པ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་འགྱུར་ཏེ་དེའི་ཕྱིར། ཨོཾ་ཨཱཿབཛྲ་སཏྭེ་ན་གུ་ཧྱ་ ཨ་བྷི་ཥེ་ཀ་ན་ཨ་བྷི་ཥི་ཀ་ཏོ་བཛྲ་ས་ཏྭ་ཡུ་བ་རཱ་ཛོ་ན་བ་བྷཱུ་མི་ལབ་ཏོ་ཧཾ། ཞེས་ང་རྒྱལ་ བཟུང་བར་བྱའོ། ། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ། ཨོཾ་ཧཱུཾ་པྲཛྙཱ་ཨུ་པཱ་ཡཽ་བཛྲ་སཏྭ་བི་ཤྭ་མཱ་ཏ་ རཽ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་ཧུཾ་ཧཱུཾ་ཕཊ། ཅེས་པས་གསོལ་བ་གདབ་པར་བྱའོ། །དེ་ ནས་སློབ་མའི་སེམས་ཀྱི་ཐིག་ལེ་དང་གཉིད་སྟུག་གི་གནས་སྐབས་འགགས་ཤིང་ཁྱད་ པར་གྱི་དགའ་པ་རྫོགས་ནས་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་རྣམ་པ་ལྔས་མངོན་པར་བྱང་ཆུབ་ པའི་དོན་དུ་སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་ཐུགས་རྡོ་རྗེའི་བྱིན་གྱི་བརླབས་ ཀྱིས་བྱིན་གྱིས་བརླབ་པར་བྱ་སྟེ་མན་ངག་བཞིན་དུའོ། །དེ་ནས་བླ་མས། འདིར་ནི་ཁྱོད་ རྣམས་དབང་པོ་ལགས། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་པ་ལ་སོགས་པ་ཇི་ ལྟར་རིགས་པའི་ཚིག་གིས་རྡོ་རྗེ་སེམས་དཔའ་དཔང་དུ་བྱས་ནས་ཕྱག་རྒྱའི་དཔྲལ་བ་ དང་མགྲིན་པ་དང་སྙིང་ཁ་དང་ལྟེ་བ་དང་གསང་བ་དང་གཙུག་ཏོར་རྣམས་སུ། ཨོཾ་ ཨཱཿཧཱུཾ་ཧོཿསྭཱཧཱ། ཞེས་པ་རྣམས་བཀོད་ནས་ལག་པ་ནས་འཛིན་པ་དང་གཉིས་གཉིས་ འཁྱུད་པ་ལ་སོགས་པའི་དོན་དུ་སློབ་མ་ལ་སྦྱིན་པར་བྱའོ། །དེས་ཀྱང་རྡོ་རྗེ་པད་མ་ འདུས་བྱ་བ་སྔོན་དུ་འགྲོ་བས་གསང་བའི་མཆོད་པ་བྱས་ཏེ་དགའ་བ་བཞིའམ་བཅུ་ དྲུག་གི་དབྱེ་བ་རིག་པར་བྱ་ཞིང༌། དེའི་ཚེ་དེ་ལྟར་བླ་མས་བརྡ་སྤྲད་པར་བྱའོ། །དེ་ལྟ་ བུའི་སྦྱོར་བ་ལས་བྱུང་བའི་བདེ་བས་ཉེ་བར་མཚོན་པའི་དགའ་བྲལ་གྱི་དགའ་བ་ནི་ ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ། དེས་སྔགས་ཀྱི་ཚུལ་ལ་གནས་བརྟན་དུ་འགྱུར་ཞིང་ས་ བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པ་སངས་རྒྱས་གཉིས་པར་འགྱུར་རོ། །དེས་ན། ཨོཾ་ཧཱུཾ་བཛྲ་ 7-1-315 སཏྭེ་ན་པྲཛྙཱ་ཛྙཱ་ནེ་ན་ཨ་བྷི་ཥེ་ཀ་ཏོ་དྭི་ཏཱི་ཡ་བཛྲ་དྷ་རོ་ཧཾ་དྷརྨྨ་མེ་གྷཱ་བྷཱུ་མི་ལབ་དྷོ་ཧཾ། ཞེས་ང་རྒྱལ་བཟུང་བར་བྱའོ། །དེ་ལྟར་ན་སྐལ་བ་དམན་པའི་སེམས་ཅན་གཞུག་པའི་ སླད་དུ་འགྱུར་བའི་བདེ་བ་ཀུན་རྫོབ་ཀྱི་དབང་གསུམ་སྟེ། བསྙེན་པ་དང་ཉེ་བའི་བསྙེན་ པ་ དང་སྒྲུབ་པའི་ཡན་ལག་གོམས་པར་བྱས་པ་ལས་ལུས་དང་ངག་དང་སེམས་དྲི་མ་ དང་བྲལ་བའི་རྡོ་རྗེ་གསུམ་ཐོབ་པར་འགྱུར་ཏེ་ཚུལ་ཁྲིམས་ཀྱི་ཚོགས་ཀྱིས་སོ། །འདི་ དག་ཀྱང་རབ་ཏུ་བྱུང་བ་དང་རྒན་པོ་ལ་ནི་ཚིག་གིས་སྦྱིན་པར་བྱ་ཞིང༌། དེས་ཀྱང་ཡིད་ ཀྱིས་བསམ་པར་བྱ་བ་ཁོ་ནའོ། ། དེ་ནས་བླ་མས་དམ་ཚིག་གི་ངེས་པ་སྦྱིན་པར་བྱ་སྟེ། འདིར་སེམས་ཅན་ཐམས་ཅད་ཀྱི་ དགའ་བ་ཐུན་མོང་པ་ཐིག་ལེ་གྲོལ་བ་གསུམ་གྱི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་ ཞེས་བརྗོད་པ་གང་ཡིན་པ་དེ་ནི་ངེས་པའི་དོན་མ་ཡིན་ཏེ། འཕོ་བའི་བག་ཆགས་མ་ སྤངས་པའི་ཕྱིར་རོ། །ངེས་པའི་དོན་དུ་ནི་རྣལ་འབྱོར་གྱི་སྟོབས་ཀྱིས་འཕོ་བ་མེད་པའི་ བདེ་བ་ཆེན་པོ་སྟེ། དེས་ན་ཁྱོད་ཀྱིས་རྣམ་པ་ཐམས་ཅད་དུ་བསྲུང་བར་བྱའོ་ཞེས་པ་ དང༌། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང༌། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང༌། །བདེ་བ་ ཆེན་པོ་བྱང་ཆུབ་སེམས། ། བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ། །བྷ་གར་ལིང་ག་ རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་ནས། །སངས་ རྒྱས་སྐུ་རུ་བསྒོམ་པར་བྱ། ། བསྲུངས་པ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་ རོལ་ཕྱིན་བཅུ་ཐོབ་པ་ཡི། ། རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡི་རྫོགས་ སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་བསྒྲུབ་ པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ ལས་གཞན་པ་ཡོད་མ་ཡིན། ། སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་ཁྱོད་བསྲུང་བདག་གི་ བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་རླབས་རྫོགས་བྱང་ཆུབ་འཐོབ་འགྱུར། །ཅི་ སྟེ་ཆགས་པས་ཟིལ་མནན་བདག །གཙོ་བོའི་མདུན་དུ་བླངས་ནས་ནི། །སྡོམ་པ་སྐྱོང་བར་ 7-1-316 མི་བྱེད་ན། །དེ་ཚེ་ངུ་འབོད་དུད་འགྲོ་འགྱུར། །དམན་པའི་སེམས་ལ་སྐྱེ་གནས་སུ། །གང་ ཚེ་བྱང་ཆུབ་སེམས་ལྟུང་འགྱུར། །དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །པད་མའི་ཕྱི་རོལ་རང་ ལྕེས་བླངས། །ཞེས་པའི་དོན་དང༌། དེ་བཞིན་དུ། གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། །ཞེས་པ་དང༌། དཔལ་ལྡན་ བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱིས་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་ འགྱུར། །དེ་ཡི་བཀའ་ལ་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ འཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་ རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། ། དྲུག་པ་གྲུབ་པའི་མཐའ་ལ་སྨོད་པའི་རི་ བོ་དག་ཀྱང་མ་མིན་མི་ལ་གསང་བ་བྱིན་ལས་སོ། ། ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་ འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང༌། ། སྒྱུ་ཡི་བྱམས་པ་དང་ནི་ མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། ། དག་པའི་སེམས་ ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་ གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་ པ་རྣམས་ལའོ། །ཞེས་པ་རྣམས་ཀྱི་དོན་བཤད་ནས། རྡོ་རྗེའི་ཐེག་པར་ཞུགས་པ་རྣམས་ ལ་ལྟུང་བར་གྱུར་པ་མཐའ་དག་སྤང་བར་གདམས་པ་ནི། སློབ་མ་སྡོམ་པ་སྦྱིན་པའི་ངེས་ པའོ། ། དེས་ཀྱང་བླ་མ་ལ་ཡོན་ཕུལ་ཏེ་སླར་ཡང་མཎྜལ་བྱས་ནས། བཅོམ་ལྡན་འདས་བདག་ལ་ དབང་བསྐུར་བའི་རབ་ཏུ་བྱེད་པའི་བཀའ་དྲིན་གནང་བར་མཛད་དུ་གསོལ། ཞེས་ གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་མ་ལ་བོས་ཏེ་བུ་ཁྱོད་ཉོན་ཅིག་ཀུན་རྫོབ་ཏུ་ སེམས་ཅན་ཐམས་ཅད་ལ་ཐུན་མོང་གི་བདེ་བ་དགའ་བ་བཅུ་དྲུག་གི་མཚན་ཉིད་ཇི་ལྟ་ བ་དེ་བཞིན་དུ་རྣལ་འབྱོར་པ་ལ་ཡང་སད་པ་དང་རྨི་ལམ་དང་ནི་ཤིན་ཏུ་གཉིད་ལོག་ པ་དང༌། བཞི་པའི་གནས་སྐབས་སྐྱེད་པར་བྱེད་པ་ལུས་དང་ངག་དང་སེམས་དང་ཡེ་ ཤེས་ཀྱི་ཐིག་ལེ་དཔྲལ་བ་དང་མགྲིན་པ་དང་སྙིང་ག་དང་ལྟེ་བར་གནས་པ་རྣམས་རྣལ་ 7-1-317 འབྱོར་གྱི་སྟོབས་ཀྱིས་འཕོ་བ་མེད་པར་བྱས་པ་ལས་བྱུང་བའི་བདེ་བས་ཉེ་བར་ཐོབ་པ་ སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ངོ་བོ་ཉིད་ཀྱི་སྐུ་སྟེ་དེ་དག་རེ་རེ་ཞིང་ སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་དགའ་བ་དང་མཆོག་དགའ་དང་ ཁྱད་པར་གྱི་དགའ་བ་དང་ལྷན་ཅིག་སྐྱེས་པའི་དགའ་བའི་དབྱེ་བས་དགའ་བ་བཅུ་ དྲུག་གི་དབྱེ་བ་འདི་དག་གོ་ཞེས་པ་དང༌། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་བརྗོད་པའི་ ཆོས་འཛིན་པ། །ཞེས་པ་དང༌། །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ ལེ་འཛིན། །ཆ་མེད་ཆ་ལས་འདས་པ་པོ། ། བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་པ་ ལ་སོགས་པའི་དོན་བཤད་ནས་འཕོ་བ་མེད་པ་དོན་དམ་པའི་བདེ་བ་སྤྲོས་པ་དང་བྲལ་ ཞིང་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པ་ལ་འདུན་པར་བྱ་སྟེ། འཇིག་རྟེན་པའི་ དབང་གསུམ་གྱི་ཆོ་གའོ། ། དེ་ནས་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཞུ་བའི་དོན་དུ་གསེར་གྱི་མེ་ཏོག་ལ་ སོགས་པའི་མཎྜལ་སྔོན་དུ་འགྲོ་བས། ཨོཾ་ཧོཿཔྲཛྙཱ་ཨུ་པཱ་ཡ་ཨཱད་མ་ཀཾ་བཛྲ་སཏྭ་མཧཱ་མུ་ དྲཱ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་པྲ་ཡཙྪ་ཨོཾ་ཨཱཿཧཱུཾ་ཧོཿཕཊ། ཅེས་པས་གསོལ་བ་གདབ་པར་ བྱའོ། །དེ་ནས་སློབ་མའི་ཆགས་པའི་ཐིག་ལེ་དང་བཞི་པའི་གནས་སྐབས་འགགས་ཤིང་ ལྷན་ཅིག་སྐྱེས་པའི་དགའ་བ་རྫོགས་ནས་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་སྐད་ཅིག་གཅིག་ གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་དུ་སློབ་མའི་ཡེ་ཤེས་ལ་བཞི་པ་ཕྱག་རྒྱ་ ཆེན་པོའི་དབང་དང་ཡེ་ཤེས་རྡོ་རྗེའི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབ་པར་བྱ་སྟེ་ མན་ངག་བཞིན་དུའོ། ། དེ་ནས་དེ་ལ་དབང་བཞི་པ་ཕྱག་རྒྱ་ཆེན་མོ་མན་ངག་གིས་སྦྱིན་ པར་བྱ་སྟེ། ཇི་ལྟར་འདས་པའི་སངས་རྒྱས་གྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ ལྟར། །བདག་གིས་གསང་ཆེན་དབང་གིས་ནི། །ཁྱོད་ཀྱི་སེམས་རྒྱུན་དབང་བསྐུར་ རོ། །ཞེས་པ་དང༌། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་ དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། ། རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་པ་ 7-1-318 དང༌། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པ། ། དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་ པ་དང༌། སྔགས་བཟླས་དང་ནི་བསམ་གཏན་དང༌། །བདེ་བ་ཡིས་ཀྱང་འགྲུབ་པར་ འགྱུར། །ཞེས་པ་དང༌། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་ མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། ། ཀུན་མཆོག་མཉམ་པ་ཉིད་དུ་ གསལ། །ཞེས་པ་དང༌། དངོས་པོ་མེད་ལ་བསྒོམ་པ་མེད། ། བསྒོམ་པ་བསྒོམ་པ་ཉིད་མ་ ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་ དང༌། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་པ་དང༌། སོ་སོར་སྡུད་པ་ཕྱག་རྒྱ་ ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །ཞེས་པ་ལ་སོགས་པ་ཕྱག་རྒྱ་ཆེན་པོ་སྟོན་པའི་ གཞུང་མཐའ་ཡས་ཏེ། དེས་ན་འདིར་བླ་མ་དམ་པས་ཉེ་བར་བསྡུས་ནས་མན་ངག་གིས་ སྦྱིན་པར་བྱའོ། །དེ་ནས་སྐྱེ་དགུའི་བདག་པོ་ས་བཅུ་གཉིས་པ་རྡོ་རྗེ་འཛིན་པའི་གོ་ འཕང་མངོན་དུ་བྱེད་པར་འགྱུར་ཏེ། ཡེ་ཤེས་ཀྱི་ཚོགས་ཀྱིས་སོ། །དེའི་ཕྱིར། ཨོཾ་ཧོཿདྷརྨྨ་ དྷཱ་ཏཱུ་ཀྵ་ར་ཙ་ཏུར་ཐ་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥི་ཀ་ཏོ་བཛྲ་སཏྭེ་ན་ཨཱད་མ་ནཱ་ཧཾ་དཱི་ཏཱི་ཡོ་ དྭཱ་ད་ཤ་བྷཱུ་མི་ལབ་ཏོ་བཛྲ་སཏྭ་མཧཱ་ཨརྠཿཔ་ར་མ་ཨ་ཀྵ་རཿཏྲཻ་ལོ་ཀྱ་བི་ཛ་ཡཿཀཱ་ལ་ཙཀྲོ་ བྷ་ག་བན་ཨེ་བཾ་ཀ་རཿ ཞེས་པས་ང་རྒྱལ་བཟུང་བར་བྱའོ། ། དེ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་ནམ་མཁའི་རྣལ་འབྱོར་གོམས་ པར་བྱས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་རང་བཞིན་ གྱིས་འོད་གསལ་བ་གཞོམ་དུ་མེད་ཅིང་རྡུལ་ཕྲ་རབ་ཀྱི་ཆོས་ལས་རྣམ་པར་འདས་པ་སོ་ སོ་རང་གིས་རིག་པའི་ཡེ་ཤེས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་ནི། དབང་ བཞི་པ་ཕྱག་རྒྱ་ཆེན་མོར་རྩ་བའི་རྒྱུད་ཐམས་ཅད་ལས་མཐུན་པར་གསུངས་ཤིང་དཔལ་ ལྡན་ས་བཅུའི་དབང་ཕྱུག་རྣམས་ཀྱིས་མཐུན་པར་བཀྲལ་ལོ། །དེ་ལ་རེ་ཤིག་དུས་ཀྱི་ འཁོར་ལོ་རྩ་བའི་རྒྱུད་ལས། དུ་བ་ལ་སོགས་བསྒོམས་བྱས་ཤིང༌། །སེམས་ནི་གཡོ་བ་མེད་ བྱས་ཏེ། ། དབུ་མ་སྦྱང་བ་བྱས་ནས་ནི། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །པད་མར་རྡོ་ 7-1-319 རྗེ་རབ་བཀོད་ནས། །སྲོག་ནི་ཐིག་ལེར་གཞུག་པར་བྱ། །འཁོར་ལོ་ཐིག་ལེ་ཐིག་ལེ་ ཡི། །གཡོ་བ་རྡོ་རྗེར་དགག་པར་བྱ། །རྟག་ཏུ་རྟག་རིངས་རྣལ་འབྱོར་པས། །རྟག་ཏུ་སྟེང་ དུ་ཁུ་བར་འགྱུར། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །རྡོ་རྗེ་འབེབས་པས་བྱིན་གྱིས་ བརླབས། །མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། །དྲུག་བརྒྱ་ རྫོགས་པས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །ཞེས་པ་དང༌། ཡོད་དང་ མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་ དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་ པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་ རིས་མེད་པ། །ཞེས་པ་དང༌། རྣལ་འབྱོར་རྣམས་ལ་ཐར་སྟེར་བ། །འདི་ཉིད་བསྒྲུབ་པར་ བྱ་བ་ནི། །མ་བསམས་པ་ཡི་སྣང་བ་དང༌། །དུ་བ་ལ་སོགས་མཚན་མ་དེ། །ཤེས་རབ་ གཟུགས་ནི་མཁའ་མཉམ་དང༌། ། ཡོད་དང་མེད་ལས་རྣམ་འདས་པའི། །སེམས་ཀྱི་རྒྱན་ གྱིས་དོན་རྣམས་དང༌། །རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས། །ཀུན་ཏུ་ཡོངས་སུ་སྤངས་ པའོ། །དུ་བ་སྨིག་རྒྱུ་མེ་ཁྱེར་དང༌། ། མར་མེ་འབར་དང་ཟླ་ཉི་དང༌། །མུན་ཅན་ཆ་ཤས་ ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ནི་འོད་གསལ་བའོ། །ཞེས་པ་དང༌། བསྡུས་པའི་རྒྱུད་ལས་ ཀྱང༌། སེམས་ཉིད་སྣང་བ་ཙམ་སྟེ་རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་ནི་གཟུགས་ བརྙན་ལྟ་བུ་ཉིད། །ཅེས་པ་ལ་སོགས་པ་གསུངས་ལ། འགྲེལ་པ་དྲི་མ་མེད་པའི་འོད་ལས་ ཀྱང༌། ཕྱག་རྒྱ་ཆེན་པོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་རྣམ་པ་ ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། སངས་རྒྱས་ཐམས་ ཅད་བསྐྱེད་པར་མཛད་པའོ། །ཞེས་པ་དང༌། ཡང་རྣལ་འབྱོར་པ་མཆོག་ཏུ་མི་འགྱུར་ བའི་བདེ་བ་སྒྲུབ་པ་ལ་མངོན་པར་དགའ་བ་བླ་མ་དམ་པའི་མན་ངག་ཐོབ་པ། གདུག་ པའི་གྲོགས་ཡོངས་སུ་སྤངས་པ། དུ་བ་ལ་སོགས་པའི་མཚན་མ་བསྒོམས་པ། ལས་དང་པོ་ པ་དབུ་མ་རྣམ་པར་སྦྱངས་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུར་མཆོག་ཏུ་ བརྩེ་བའི་རྗེས་སུ་བཅིངས་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བདེན་ 7-1-320 པ་ལ་བརྟེན་པ། བུ་དང་ཆུང་མ་ལ་སོགས་པ་དང༌། རང་གི་ལུས་ལ་ལྟོས་པ་མེད་པ། ཚོགས་ཁང་དང་གཙུག་ལག་ཁང་དང་བླ་མའི་རྫས་ཉེར་བར་སྤྱོད་པ་ལས་ཕྱི་རོལ་ཏུ་ གྱུར་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་ལ་བརྟེན་པ། བྱམས་པ་དང་སྙིང་ རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་ཚངས་པའི་གནས་བཞིས་རྣམ་པར་གནས་པ། ཞི་བའི་ལས་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ལ་མངོན་པར་དགའ་བ་ སྤངས་པ། ཐམས་ཅད་མཁྱེན་པའི་རྐང་སྟེགས་ལ་འཛེག་པར་འདོད་པ། དཀྱིལ་འཁོར་ གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པའི་བསྒོམ་པ་ཡོངས་སུ་སྤངས་པ། ནམ་མཁའི་ ཁམས་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མེ་ལོང་གི་པྲ་ཕབ་པ་བཞིན་དུ་སྐྱེ་བའི་ ཆོས་ངེས་པར་མཐོང་བ། རང་གི་སེམས་ཀྱིས་སྤྲོས་པའི་རབ་ཏུ་སྣང་བ། རྨི་ལམ་དང་ མཚུངས་པའི་དོན་དུ་སེམས་པ། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་ དཔྱད་པའི་སྟོང་པ་ཆད་པའི་སྟོང་པ་ཉིད་ལ་རིང་དུ་བྱས་པ། ནང་གི་བདེ་བ་རང་རིག་ པར་བྱ་བའི་ཆོས་ལ་རྗེས་སུ་ཆགས་པ། ཕ་རོལ་གྱི་དབང་པོས་རང་རིག་པར་བྱ་བའི་བདེ་ བའི་ཆོས་ཡོངས་སུ་སྤངས་པ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན། བྱང་ཆུབ་ཀྱི་ སེམས་བརྟན་པར་བྱེད་པ་ལ་གཅིག་ཏུ་མཁས་པ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་ པོའི་ཤེས་རབ་ཡེ་ཤེས་ཀྱི་ལམ་གྱི་མན་ངག་ཐོབ་པས་རྟེན་དང་བརྟེན་པ་མཚན་མ་དང་ ཁ་དོག་དང་ཕྱག་དང་དབྱིབས་དང་དཀྱིལ་འཁོར་གྱི་ལྷ་ཡོངས་སུ་བརྟགས་པའི་ཆོས་མི་ འདོད་དོ། །ཞེས་པ་དང༌། འདིར་རྣལ་འབྱོར་པ་རྣམས་ཀྱི་ཕྱོགས་སུ་འཛིན་པ་ཐམས་ ཅད་ཉམས་པར་བྱ་བའི་སླད་དུ། རྡོ་རྗེའི་རྣལ་འབྱོར་རིས་མེད་པ་རྟག་པ་དང་ཆད་པ་ སྤངས་པ་འཇིག་རྟེན་པའི་དཔེ་ལས་འདས་པ། ཡོད་པ་དང་མེད་པའི་བློ་ཡོངས་སུ་ སྤངས་པ། གཞོན་ནུ་མའི་མེ་ལོང་ལ་པྲ་ཕབ་པ་བཞིན་རང་གི་སེམས་ཀྱིས་མ་བརྟགས་པ་ མངོན་སུམ་དུ་མཐོང་བ། ཡིད་ཆེས་པའི་དོན་རྣམ་པ་ཐམས་ཅད་པ། ནམ་མཁའ་ལས་ བྱུང་བ་ཀུན་ཏུ་བཟང་པོ། དབང་པོ་ཐམས་ཅད་པ། སེམས་ཅན་ཐམས་ཅད་ཀྱི་བདག་ ཉིད་དུ་གནས་པ། ལྷན་ཅིག་སྐྱེས་པའི་དགའ་བ་གཏན་ཚིགས་དང་དཔེ་སྤངས་པ། ཞེས་ 7-1-321 པ་དང༌། དེ་བཞིན་དུ། རྒྱུད་དང་རྒྱུད་གཞན་ཐམས་ཅད་ལས་བརྗོད་པར་བྱ་བ་རྣམ་པ་ གཉིས་ཏེ། གཅིག་ནི་འཇིག་རྟེན་ཀུན་རྫོབ་ཀྱིས་ཡིན་ལ། གཉིས་པ་ནི་དོན་དམ་པས་ སོ། །གང་འཇིག་རྟེན་ཀུན་རྫོབ་ཀྱིས་ཡིན་པ་དེ་ནི་ཁ་དོག་དང་ཕྱག་དང་མཚན་མ་དང་ དབྱིབས་ཀྱི་མཚན་ཉིད་ཅན་ནོ། །གང་དོན་དམ་པའི་བདེན་པས་ཡིན་པ་དེ་ནི་ཁ་དོག་ དང་ཕྱག་དང་མཚན་མ་དང་དབྱིབས་དང་བྲལ་བའོ། །འདི་དག་ལས་གང་འཇིག་རྟེན་ པའི་ཀུན་རྫོབ་ཀྱིས་བསྟན་པ་དེ་ནི་ཕྱི་དང་ནང་ལ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་ པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་འཇིག་རྟེན་པའི་དངོས་ གྲུབ་ཀྱི་འབྲས་བུ་སྟེར་བར་བྱེད་པའོ། །གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི་ འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་བསྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་ བྲལ་བ་གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ལ་པྲ་ཕབ་པ་བཞིན་དུ་རྣལ་འབྱོར་ པ་རྣམས་ཀྱི་རང་གི་སེམས་ཀྱི་འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་སྣང་བ། འདོད་ པའི་དོན་གྱི་འབྲས་བུ་སྟེར་བ་སྟེ། འབྲས་བུ་ནི་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་ སེམས་སོ། །སེམས་འདི་གཉིས་གཅིག་པ་ཉིད་ནི་ཤེས་རབ་དང་ཐབས་ཀྱིས་བདག་ཉིད་ རྡོ་རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོ་མཆོག་གི་སངས་རྒྱས་ རིས་མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ ཅད་དུ་རབ་ཏུ་གྲགས་སོ། །ཞེས་པ་དང༌། འདིར་འཇིག་རྟེན་གྱི་བདེན་པས་ཚོན་དང་ ཐིག་གདབ་པས་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། དོན་དམ་པའི་བདེན་པས་ཐིག་ གདབ་པ་དང་བྲལ་ཞིང་ཚོན་དགྱེ་བ་དང་བྲལ་བ་ཁ་དོག་དང་ཕྱག་དང་དབྱིབས་ཀྱི་ གཟུགས་ཀྱི་ལྷ་རྣམ་པར་རྟོག་པས་སྒོམ་པའི་སེམས་དང་བྲལ་བ། ནམ་མཁའི་ཁམས་ལ་ རྣམ་པ་ཐམས་ཅད་པ་མེ་ལོང་གི་པྲ་ཕབ་པ་ལྟ་བུ། ཞེས་པ་དང༌། ལས་ཀྱི་ཕྱག་རྒྱ་ཡོངས་ དོར་ཞིང༌། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་ གཞན་དང་འགྲོགས་པ་མིན། །རྣམ་རྟོག་བསྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་ 7-1-322 འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་དང༌། །རྟོག་དང་བརྗོད་པ་རྣམ་པར་ སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང༌། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཐབས་དང་ ཤེས་རབ་བདག་ཉིད་སྦྱོར། །ཨེ་བཾ་ཡི་གེ་དེ་ལ་འདུད། །ཕྲ་རབ་རྡུལ་གྱི་ཆོས་ཉིད་ འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། ། རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་ མོ་དེ་ལ་འདུད། །སངས་རྒྱས་ཀུན་གྱི་སྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིག་པ་ སྤངས། །ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །ཞེས་པ་ དང༌། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །གཅད་དང་དབྱེ་བའི་ཐབས་ཀྱིས་མི་ མཐོང་སྟེ། །རྩུབ་ཤིང་རྩུབ་སྟན་ལག་པས་བསྲུབས་པ་ལས། ། དེ་ལ་གནས་པ་དག་ཀྱང་ མཐོང་འགྱུར་བ། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། ། བསྒོམ་པའི་ཐབས་ རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་ བས་མཐོང་བར་འགྱུར། །ཞེས་པ་དང༌། འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་བདག་ ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས་གཞོན་ནུ་མའི་པྲ་ཕབ་པ་ལྟ་བུ་གཟུགས་ཀྱི་ མཚན་ཉིད་མ་ཡིན་ཏེ་རྡུལ་ཕྲ་རབ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་མ་ ཡིན་ཏེ་སྟོང་པ་ལ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་སྟོང་པ་ཉིད་ཀྱི་གཟུགས་ཅན་ དང་སྟོང་པ་ཉིད་ཀུན་རྫོབ་ཀྱི་གཟུགས་ཅན་ཏེ་འཇིག་རྟེན་པའི་དཔེ་ལས་འདས་པ་ ཉིད་ཀྱི་ཕྱིར་སེམས་གང་ཡོད་པའི་སེམས་དེ་ནི་སེམས་མེད་པ། རྟག་པ་དང་ཆད་པའི་ ཆོས་ཀྱི་མཚན་ཉིད་དང་བྲལ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །ཞེས་པ་ དང༌། འདིར་ནམ་མཁའི་ཁམས་ལ་རྣམ་པར་རྟོག་པ་མེད་པའི་སེམས་དང༌། དུ་བ་ལ་ སོགས་པའི་མཚན་མས་ཕྱག་རྒྱ་ཆེན་པོ་རྣམ་པ་ཀུན་ལྡན་སྣ་ཚོགས་པའི་ངོ་བོ་ཉིད་ཀྱིས་ བསྒོམ་པ་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྒྲུབ་ཐབས་དང༌། བསོད་ནམ་དང་ཡེ་ཤེས་ ཀྱི་ཚོགས་དག་གིས་མི་རྣམས་ཀྱི་སྐྱེ་བ་འདི་ལས་སངས་རྒྱས་ཉིད་དང༌། རྡོ་རྗེ་འཛིན་པ་ ཉིད་དེ། ཞེས་པ་དང༌། གང་ལ་ལ་ཞིག་སྐྱེ་བ་གཞན་གྱི་བག་ཆགས་ཀྱི་དབང་དང༌། བླ་མ་ དམ་པའི་མན་ངག་གིས་དུས་དུ་མར་ཉིན་དང་མཚན་མོར་ཕྱག་རྒྱ་ཆེན་པོ་བརྟགས་ 7-1-323 པའི་ཆོས་ཐམས་ཅད་དང་བྲལ་བ། རང་གི་སེམས་ཀྱི་སྣང་བ་ཙམ་རྣམ་པ་ཐམས་ཅད་ཀྱི་ མཆོག་དང་ལྡན་པ། ཆེན་པོ་སྟོང་པ་ཉིད་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེད་པར་བྱེད་པ་ འདི་མངོན་སུམ་དུ་བྱས་ནས་འཁྱུད་པར་བྱེད་པ་དེ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ ཐོབ་པས་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་ཞེས་བརྗོད་དོ། །ཞེས་པ་ལ་སོགས་ པས་དབང་བཞི་པ་གསལ་བར་མཛད་དོ། །དེ་བཞིན་དུ། དཔལ་ཕྱག་ན་རྡོ་རྗེས་ཀྱང་ གསལ་བར་མཛད་དེ། འདིར་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཉིད་ཡན་ལག་ དྲུག་གི་སྦྱོར་བས་འགྲུབ་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །འདིར་ སོ་སོར་སྡུད་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་ལ་མིག་ལ་ སོགས་པའི་དབང་པོ་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་མི་ འཇུག་པར་ནང་གི་ཡུལ་རྣམས་ལ་ལྷའི་མིག་གི་དབང་པོ་ལ་སོགས་པ་རྣམས་ཀྱིས་ལྷའི་ མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་འཇུག་པ་སྟེ། ནང་དུ་སྟོང་པ་ཉིད་ལ་ དམིགས་པ། སྟོང་པ་ལ་མ་བརྟགས་པའི་དངོས་པོ་ཐམས་ཅད་མཐོང་བ་ནི་པྲ་ཕབ་པས་ མེ་ལོང་ལ་གཞོན་ནུ་མས་མཐོང་བ་ལྟར། ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་ བརྙན་མཐོང་བ་ལས་སོ་སོར་སྡུད་པའི་ཡན་ལག་ཏུ་བརྗོད་དོ། ། ཞེས་པ་དང༌། ཕྱག་རྒྱ་ ཆེན་པོའི་བསྒོམ་པ་པྲ་ཕབ་པ་དང་སྒྱུ་མ་དང་མཚུངས་པ་སྤྲིན་མེད་པའི་ནམ་མཁའ་ལ་ སྣང་བ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་པ་དང༌། འདིར་བཅོམ་ལྡན་འདས་ ཀྱིས་དམ་བཅའ་བ་ནི། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་ སུ་བརྟགས། །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། ། ཞེས་ པའོ། །འདིར་རྟགས་ནི་དུ་བ་ལ་སོགས་པའི་མཚན་མ་སྟེ། གཞན་སྔགས་ལ་སོགས་པ་ཉི་ མ་གཅིག་གིས་འགྲུབ་པར་མི་འགྱུར་བ། གང་གིས་སྔགས་པས་རྟགས་འབྱུང་བར་འགྱུར། དེའི་ཕྱིར་ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་ཏེ་ཞེན་པ་མེད་པར་བྱས་ནས། ཟབ་ མོ་སྟོང་པ་དམིགས་པ་མེད་པ་བསྒོམ་པར་བྱ་སྟེ། རྣམ་འབྱོར་པས་དུ་བ་ལ་སོགས་པའི་ རྟགས་འབྱུང་བ་མཐོང་བར་འགྱུར་རོ། །ཞེས་པ་སྟེ། དེ་བཞིན་གཤེགས་པའི་ངེས་ 7-1-324 པའོ། །ཞེས་པ་དང༌། འདི་ཉིད་བསྒོམ་པ་རྣམ་པ་གཉིས་ཏེ། སྔོན་དུ་གཟུགས་བརྙན་ བསྒོམ་པ་དང༌། ཕྱི་ནས་གཟུགས་བརྙན་བསྒོམ་པའོ། །སྔོན་དུ་གཟུགས་བརྙན་བསྒོམ་པ་ ནི་དུ་བ་ལ་སོགས་པའི་མཚན་མ་གཟུགས་བརྙན་གྱི་མཐར་ཐུག་པར་བསྒོམ་པའོ། །ཕྱི་ ནས་བསྒོམ་པ་ནི་གཟུགས་བརྙན་མཐོང་བ་ན་བྷ་གར་ལིང་ག་བཀོད་དེ་མཆོག་ཏུ་མི་ འགྱུར་བའི་དོན་དུ་བསྒོམ་པའོ། །སླར་ཡང་བདེ་བ་ཆེན་པོ་འཕེལ་བའི་ཕྱིར་ལས་ཀྱི་ཕྱག་ རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཡོངས་སུ་སྤངས་སྟེ། ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ་ཞེས་པ་ ལ་སོགས་པ་རྒྱ་ཆེར་དཔལ་འཁོར་ལོ་སྡོམ་པ་བསྡུས་པའི་རྒྱུད་ཀྱི་འགྲེལ་པར་གསུངས་ སོ། །དེ་བཞིན་དུ། དཔལ་རྡོ་རྗེ་སྙིང་པོས་ཀྱང༌། དབང་བཞི་པ་གསལ་བར་མཛད་དེ། དཔལ་དགྱེས་པ་རྡོ་རྗེ་བསྡུས་པའི་རྒྱུད་ཀྱི་འགྲེལ་པར། ཡང་དག་པའི་ཤེས་རབ་ཀྱི་མེ་ ཡན་ལག་དྲུག་གི་དང་པོ་སོ་སོར་སྡུད་པས་བསྡུས་ཏེ། གོམས་པར་བྱེད་པ་ན་མཚན་མ་ འདི་དག་འབྱུང་བར་འགྱུར་ལ། གལ་ཏེ་ཡང་དག་པའི་ལམ་མི་འདོད་དེ། འོན་ཀྱང་ ལྟད་མོའི་ཕྱིར་ཡང་ཟླ་བ་ཕྱེད་དམ། ཡང་ན་ཉིན་མཚན་གཅིག་ཏུ་དམིགས་པ་རྩེ་གཅིག་ ཏུ་ཞོག་ལ་ལྟོས་ཞེས་གསུངས་ཏེ། འདི་ལྟར། བསམ་གཏན་ཉོན་མོངས་འཇིག་བྱེད་ པ། །རྡོ་རྗེ་སྙིང་པོ་ང་ཡིས་བཤད། །བརྩེ་བས་དངོས་གྲུབ་དོན་དུ་ཡང༌། །ཟླ་བ་ཕྱེད་དུ་ ཡོངས་སུ་རྟོགས། །ཞེས་པ་ལ། བག་ལ་ཉལ་བའི་དུག་མཐའ་དག་འཇིག་པའི་བདག་མེད་ པའི་བསམ་གཏན་འདི་ངས་བསྟན་ཏེ། ཀྱེ་བརྩེ་བའི་བདག་ཉིད་ཅན་གྱི་རྡོ་རྗེ་སྙིང་པོ་ ལྟད་མོའི་ཕྱིར་ཡང་ཟླ་བ་ཕྱེད་དུ་རྟོགས་ཞེས་བྱ་བའི་དོན་ཏོ། །དེ་སྟེ་ཟླ་བ་ཕྱེད་དུ་འབད་ པ་མེད་པ་དེ་ལྟ་ན་ཡང༌། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ལྷ་ཡི་གཟུགས་སུ་ སེམས་པ་ཡིས། །རྒྱུན་མི་ཆད་པར་ཉིན་མཚན་གཅིག ། བསྒོམས་པས་ཡོངས་སུ་བརྟག་ པར་གྱིས། །ཞེས་གསུངས་ཏེ། བདག་མེད་པའི་རྣལ་འབྱོར་འདི་ལ་ཟླ་བ་ཕྱེད་འབད་པའི་ སྐལ་བ་མེད་པ་རྣམས་ཀྱིས་ཉིན་མཚན་གཅིག་ཙམ་དུ་ཡང་དམིགས་པ་གཞན་ལ་རྩོལ་ བ་ཡོངས་སུ་བཏང་སྟེ། སྟོང་པ་ཉིད་གང་ལ་སེམས་རྩེ་གཅིག་པར་བཞག་ན་ཡིད་ཆེས་ པའི་ལམ་གྱི་རྟགས་འབྱུང་བར་འགྱུར་ཏེ། སོ་སོར་སྡུད་པས་བསྡུས་པ་རྣམས་ལ་ཡིན་གྱི། 7-1-325 གཞན་དུ་ན་དེ་བཞིན་གཤེགས་པའི་བཀའ་ལ་བྱིས་པ་ཤེས་རབ་འཆལ་པ་དག་བརྙས་ པར་འགྱུར་རོ། །དེ་བས་ན་སོ་སོར་སྡུད་པའི་ཏིང་ངེ་འཛིན་བསམ་པ་ཐམས་ཅད་སྤངས་ པ་ལས་གཞན་པ་ཉིན་མཚན་བསྒོམས་པས་ཡིད་ཆེས་པ་འབྱུང་བ་ནི་མེད་དོ། །རང་ གཞན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་མ་ཡིན། ། ཞེས་པ་ནི་ ངེས་པའི་དོན་དུ་ཏིང་ངེ་འཛིན་འདི་ལས་གཞན་པས་བདག་དང་གཞན་གྱི་དོན་མི་ འགྲུབ་ཅེས་བྱ་བའི་དོན་ཏོ། །ཞེས་པ་དང༌། ད་ནི་སྔོན་དུ་བརྗོད་པའི་ཐབས་དང་ཤེས་ རབ་ལ་དོན་དམ་པའི་བསྒོམ་པ་བརྗོད་པར་བྱ་སྟེ། དངོས་པོ་སྒོམ་འགྱུར་ཞེས་བྱ་བ་ལ་ སོགས་པ་འདིར་ནམ་མཁའི་དངོས་པོ་བསྒོམ་པར་བྱ་སྟེ་རྨི་ལམ་དང་མཚུངས་པ་རྡུལ་ ཕྲ་རབ་ལས་འདས་པར་གྱུར་པའོ། །དེ་ཡོངས་སུ་ཤེས་པས་ནི་དངོས་པོ་མེད་པ་སྒོམ་པར་ འགྱུར་བ་སྟེ། རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱི་སོ་སོར་སྣང་བ་འདི་ནི། རྟོག་པ་ དང་བྲལ་བ་མ་འཁྲུལ་བས་མངོན་སུམ་དུ་བརྗོད་དོ། །དེ་ཉིད་རྣམ་པ་གཅིག་སྟེ། དབང་ པོའི་མངོན་སུམ་དང༌། ཡིད་ཀྱི་མངོན་སུམ་དང༌། རྣལ་འབྱོར་གྱི་མངོན་སུམ་དང༌། རང་ རིག་པའི་མངོན་སུམ་མོ། །ཞེས་པ་དང༌། སོ་སོར་སྣང་བ་དེ་ཉིད་དཔེ་དགུས་བསྒྲུབ་བོ། ། འདི་ལྟ་སྟེ། མིག་ཡོར་དང༌། སྤྲུལ་པའི་གཟུགས་བརྙན་དང༌། བྲག་ཅ་དང༌། རྨི་ལམ་དང༌། སྒྱུ་མའི་འཁྲུལ་འཁོར་དང༌། སྨིག་རྒྱུ་དང༌། མེ་ལོང་གི་གཟུགས་བརྙན་དང༌། ཆུའི་ཟླ་བ་ དང༌། ནམ་མཁའ་ཞེས་པ་ནི་ཤེས་རབ་སྟེ། ཞེས་པ་དང༌། ཤེས་རབ་ཆེན་པོ་ཡན་ལག་ དྲུག་གི་དང་པོ་སོ་སོར་སྡུད་པ་ཞེས་སུ་དཔལ་དང་པོའི་སངས་རྒྱས་དང་གསང་བ་ འདུས་པ་ལ་སོགས་པར་ཐ་སྙད་བཏགས་པ་ཡིན་ལ་འབད་པ་ཐམས་ཅད་ཡོངས་སུ་ དོར་བས་འགྲུབ་ཅེས་པར་དགོངས་སོ། །འདི་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའོ། །འདི་ཉིད་བདག་མེད་མའོ། །འདི་ཉིད་ཧེ་རུ་ཀའོ། །འདི་ཉིད་དུས་གསུམ་གྱི་སངས་ རྒྱས་སོ། །འདི་ཉིད་ཀྱིས་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའོ། །འདི་ཉིད་ཡི་གེ་མེད་པའི་མདོ་ ཡིན་ནོ། །ཞེས་པ་སྟེ་ངེས་པའི་དོན་ཏོ། །ཞེས་པ་དང༌། གང་དུ་ཡིད་ཀྱིས་མ་བསྒོམས་ ན། །འགྲོ་བ་ཐམས་ཅད་བསྒོམས་འགྱུར་ཏེ། །བསྒོམ་པ་མེད་པའི་བསྒོམ་ཉིད་ཀྱིས། །ཆོས་ 7-1-326 རྣམས་ཐམས་ཅད་ཡོངས་ཤེས་བྱ། ། ཞེས་བྱ་བས་གསལ་བར་བྱེད་དེ། ཚིག་འདིས་རྒྱུད་ མཐའ་དག་གི་དོན་གསལ་འབྲི་བར་གསུངས་ལ། དབུགས་འབྱིན་པ་རྣམ་པ་གཉིས་ལས་ ཀྱང་རྡོ་རྗེ་འཛིན་པའི་དབུགས་འབྱིན་པ་ཡིན་ནོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ ཏེ། འདི་དག་ནི་དང་པོ་ཉིད་དུ་ལེགས་པར་རྣམ་པར་ཕྱེ་སྟེ་བསྟན་པའོ། །ཡང་ན་དབང་ བཞི་ཀ་མཚོན་ཅིང་བསྟེན་པའི་དོན་དུ་དང་པོར་ཀུན་རྫོབ་འཛག་བཅས་ཀྱི་དགའ་བ་ བཞི་ལ་རེ་ཤིག་དབང་བཞིའི་ཐ་སྙད་ཀྱིས་གསུངས་ནས་དེའི་རྗེས་ཐོགས་ཉིད་དུ་སྡོམ་ པ་སྦྱིན་པའི་ཚུལ་གྱིས་སྔར་གྱི་དེ་དག་ནི་དཔེ་ཙམ་ཡིན་གྱི་དོན་ནི་མ་ཡིན་པས་ངེས་ པའི་དོན་ནི་མ་ཡིན་ནོ་ཞེས་འཕོ་བའི་ཆགས་པ་བཀག་ནས་ཕྱག་རྒྱ་ཆེན་པོ་འཕོ་བ་མེད་ པའི་དགའ་བ་བཞི་ངེས་པའི་དོན་དུ་བསྟན་པར་བྱ་སྟེ། ཆགས་ཅན་གཞུག་པའི་དོན་ དུའོ། །བླ་མའི་གསུངས་ལ་ཤིན་ཏུ་ཡིད་ཆེས་པ་ལ་ནི་དཔེ་ལུས་ཀྱིས་ཉམས་སུ་མྱོང་བ་ མེད་ཀྱང་དཔེ་དོན་གཉིས་ཀ་ཚིག་གིས་བསྟན་དུ་རུང་བ་ཉིད་དེ་རབ་བྱུང་དང་རྒན་པོ་ ལ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་ན་དང་པོར་སེམས་ཅན་གཞུག་པའི་དོན་དང་ལམ་ བསྒོམ་པ་རྒྱུད་ཉན་པ་ལ་དབང་བའི་དོན་གྱི་སློབ་མ་དབང་བསྐུར་བ་ཡང་དག་པར་ བཤད་ཟིན་ཏོ། །དེ་ལྟར་དབང་བསྐུར་བའི་བླ་མ་ལ་དུས་ཐམས་ཅད་དུ་སློབ་མས་ལུས་ ལ་སོགས་པ་དངོས་པོ་ཐམས་ཅད་ཀྱི་དྲུག་ཆ་དབུལ་བར་བྱའོ། །དེ་ལ་ལུས་ལ་ཡན་ལག་ ལྔ་ལས་ཡན་ལག་མཆོག་ནི་མགོ་བོ་སློབ་དཔོན་ལ་ཕྱག་འཚལ་བའི་དོན་དུ་དབུལ་བར་ བྱའོ། །དེ་བཞིན་དུ། ལས་ཀྱི་དབང་པོ་དྲུག་ལས་བདེན་པར་སྨྲ་བའི་དོན་དུ་ངག་དབུལ་ བར་བྱའོ། །དབང་པོ་དྲུག་ལས་གཡོ་སྒྱུ་དང་བྲལ་བའི་དོན་དུ་ཡིད་དབུལ་བར་ བྱའོ། །རིན་པོ་ཆེ་དང་གསེར་དང་འབྲུ་ལ་སོགས་པའི་སེམས་མེད་པའི་རྫས་གཉུག་མར་ གནས་པའམ། གློ་བུར་དུ་བྱུང་བ་ཡང་རུང་སྟེ་ཁམས་དེ་རྣམས་ལས་དྲུག་གི་ཆ་ནི་རྣལ་ འབྱོར་མ་རྣམས་མཆོད་པའི་དོན་དུ་དབུལ་བར་བྱའོ། །སེམས་དང་བཅས་པ་རྐང་ གཉིས་པ་དང༌། རྐང་བ་བཞི་པ་རྣམས་ལས་ཀྱང་དྲུག་གི་ཆ་དབུལ་བར་བྱའོ། །དེ་བཞིན་ དུ། ཁྱིམ་པ་ཡིན་ན་ཆུང་མ་ལ་སོགས་པ་ཡང་དྲུག་གི་ཆ་དབུལ་བར་བྱ་སྟེ་ཟླ་བ་གཅིག་གི་ 7-1-327 ནང་དུ་ལན་ལྔའོ། །དབུལ་བའི་ངེས་པ་རྩ་བའི་རྒྱུད་ཐམས་ཅད་ལས་བཅོམ་ལྡན་འདས་ ཀྱིས་གསུངས་སོ། །དེ་ནས་སྟོད་ཀོར་དང་བཅས་པའི་གོས་ཟུང་བུམ་པའི་སྟེང་དུ་བྱིན་པ་ དེ་རྣམས་རྣལ་འབྱོར་མ་བུམ་པ་སྲུང་ཞིང་སྐྱོང་བ་རྣམས་ལ་སྦྱིན་པར་བྱའོ། །སྟོད་ཀོར་ དང་གོས་ཟུང་གཞན་ནི་སྒོའི་སློབ་དཔོན་རྣམས་ལ་སྟེ། དང་པོར་ཡང་ཅོད་པན་ལ་ སོགས་པ་ཇི་ལྟར་འབྱོར་བ་སྦྱིན་པར་བྱའོ། །དེ་བཞིན་དུ། ཚོགས་ཀྱི་འཁོར་ལོ་འདུས་ པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ལ་ཡང་ཇི་ལྟར་ནུས་པ་ཕུལ་ནས་ ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ཏེ་མཐར་ནི་སྦྱིན་སྲེག་བྱའོ། །དེ་ནས་སློབ་དཔོན་ གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་སྔ་མ་བཞིན་དུ་མཆོད་ཅིང་བསྟོད་དེ། དངོས་གྲུབ་ བླངས་ནས་ཤར་གྱི་སྒོར་བཅོམ་ལྡན་འདས་ལ་མངོན་སུམ་དུ་ཕྱོགས་པས་རྡོ་རྗེ་དང་རྡོ་ རྗེའི་དྲིལ་བུ་བཟུང་སྟེ། རྡོ་རྗེ་བཅིངས་པའི་ཕྱག་རྒྱས་ཡེ་ཤེས་སེམས་དཔའ་རང་གི་སྙིང་ གའི་པད་མར་རབ་ཏུ་གཞུག་པར་བྱའོ། ། དབང་པོ་ལ་སོགས་པ་འཇིག་རྟེན་པ་རྣམས་ ནི་རང་རང་གི་གནས་སུའོ། །དེ་ནས་ཨ་ཤྭད་ཐའི་འདབ་མའམ། རང་གི་ལག་པའམ། རྡོ་ རྗེས་ཚངས་པའི་ཚིག་གི་ལམ་ནས་བདེ་བ་ཆེན་པོའི་འཁོར་ལོའི་རྡོ་རྗེ་ཇི་སྲིད་པ་དབྱི་ བར་བྱའོ། །དེ་ནས་རང་གི་མགོ་བོར་རྡུལ་ཚོན་ཅུང་ཟད་བཀོད་ནས། པད་མ་ལ་སོགས་ པ་དབྱི་བར་བྱ་སྟེ། དཀྱིལ་འཁོར་གཤེགས་སུ་གསོལ་བའི་ངེས་པའོ། ། དེ་ནས་རྡུལ་ཚོན་མཐའ་དག་བུམ་པར་བླུགས་ཏེ། གླང་པོ་ཆེའི་སྟེང་དུ་གདུགས་དང་ རྒྱལ་མཚན་དང་རྔ་ཡབ་ལ་སོགས་པ་དང༌། མཆོད་པའི་ཚོགས་དུ་མ་དང་བཅས་པས་ ཁྱེར་ནས་རྒྱ་མཚོར་འབབ་པའི་ཆུ་ཀླུང་དག་པར་གཤེགས་སུ་གསོལ་ཏེ། སླར་ཡང་རྡུལ་ ཚོན་གང་དུ་ཁྱེར་བའི་བུམ་པ་དེ་ཆུས་བཀང་ནས། གླང་པོ་ཆེའི་ཕྲག་པར་གཞག་སྟེ། སྔ་ མ་བཞིན་དུ་དཀྱིལ་འཁོར་གྱི་ཁང་པར་ཁྱེར་ལ་འོང་ངོ༌། །ཅི་སྟེ་གླང་པོ་ཆེ་མེད་ན་བདེ་ བའི་སྟན་ལ་ཁྱོགས་བྱས་པ་ནས་དགྱེར་བར་བྱ་སྟེ། རྡུལ་ཚོན་གཤེགས་སུ་གསོལ་བའི་ ངེས་པའོ། ། དེ་ནས་དཀྱིལ་འཁོར་གྱི་ཁང་པར་བའི་ལྕི་བས་ཉེ་བར་བྱུགས་ནས། དེར་ལོ་ལྔ་ནས་ 7-1-328 བཅུའི་བར་གྱི་གཞོན་ནུ་མ་བཅུ་འོ་མ་དང་མར་དང་འོ་ཐུག་དང་ཁཎ་ཌ་དང་ལ་དུ་ལ་ སོགས་པ་དངར་བའི་ཟས་རྣམས་ཀྱིས་སྔ་དྲོ་ཡང་དག་པར་མཆོད་ནས། ཏཱམ་བྷུ་ལ་དང༌། དྲི་དང་སྤོས་དང་མེ་ཏོག་དང་འབྲས་བུ་ལ་སོགས་པ་དང༌། བུམ་པའི་མགྲིན་པ་བཅིངས་ པའི་རས་ཡུག་རྣམས་ཀྱང་དེ་དག་ལ་སྦྱིན་པར་བྱའོ། །དེ་ནས་སློབ་དཔོན་སློབ་མར་ བཅས་པ་དང༌། ཚོགས་ཀྱི་རིགས་མཐའ་དག་དཔའ་བོའི་སྟོན་མོས་ཚིམ་པར་བྱ་སྟེ་ཇི་ ལྟར་འདོད་པར་རོ། །དེ་ལ་འདི་ནི་དཔའ་བོའི་སྟོན་མོའི་ཆོ་ག་སྟེ། མཆོག་དང་འབྲིང་ དང་ཐ་མའི་སློབ་དཔོན་རྣམ་པ་གསུམ་ལས། དགེ་སློང་རྡོ་རྗེ་འཛིན་པའི་གྲལ་ནི་ཤར་དུ་ མངོན་པར་ཕྱོགས་པའོ། །དེ་བཞིན་དུ། དགེ་ཚུལ་ནི་བྱང་དུ་ཕྱོགས་པ་དང༌། ཁྱིམ་པ་ནི་ ལྷོར་ཕྱོགས་པ་སྟེ། དགེ་སློང་མ་དང༌། དགེ་ཚུལ་མ་དང༌། དགེ་བསྙེན་མ་རྣམས་ཀྱི་གྲལ་ ཡང་དེ་བཞིན་ནོ། །དེ་དག་སོ་སོའི་གྲལ་ཡང་དབང་གིས་རྒན་པ་དང་གཞོན་པའི་རིམ་ པ་ཡིས་ཏེ། དེའི་རིམ་པས་གདན་རྣམས་ཀྱང་སྦྱིན་པར་བྱའོ། །དེ་ལ་དགེ་སློང་རྡོ་རྗེ་ འཛིན་པ་ཡོད་བཞིན་དུ་ཚོགས་ཀྱི་གཙོ་བོ་ནི་དགེ་ཚུལ་དང་ཁྱིམ་པས་མི་བྱའོ། །ཅི་སྟེ་དེ་ མེད་ན་དགེ་ཚུལ་གྱིས་སོ། །དེ་ཡང་མེད་ན་ཁྱིམ་པས་བྱའོ། །ཁྱིམ་པ་ནི་ཇི་སྲིད་མངོན་ པར་ཤེས་པ་ལྔ་མ་སྐྱེས་ཀྱི་བར་གྱི་དེ་སྲྀད་དུ་དགེ་ཚུལ་ལས་རྒན་པར་མི་འགྱུར་ཞིང༌། དེ་ ཡང་དེ་སྲིད་དུ་དགེ་སློང་ལས་རྒན་པར་མི་འགྱུར་བའི་ཕྱིར་རོ། །ཞེས་པ་རྩ་བའི་རྒྱུད་ ཐམས་ཅད་ལས་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཅི་སྟེ་རྒན་ཡང་རྨོངས་པར་གྱུར་པས་ རྒྱུད་སྟོན་པ་པོ་མ་ཡིན་ན་དེའི་ཚེ་གཞོན་ཡང་མཁས་པར་གྱུར་པའི་རྒྱུད་སྟོན་པ་པོ་ ཚོགས་ཀྱི་གཙོ་བོར་བྱ་ཞིང༌། རྒན་པོ་རྨོངས་པ་ནི་གནས་ཁང་གཞན་དུ་ཚིམ་པར་ བྱའོ། །འདིར་བསད་པའི་ཤ་རྣམ་པ་ཐམས་ཅད་དུ་སྤངས་ནས་ཁ་ན་མ་ཐོ་བ་མེད་པའི་ བཟའ་བ་དང་བཏུང་བ་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམས་ནི་ཤར་དུ་སྟེ། དབུས་སུ་ ནི་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་རོ། །དེར་དང་པོ་ཉིད་དུ་བཟའ་བ་དང་བཏུང་བ་ ལ་སོགས་པའི་ཕུད་རྣམས་དཀྱིལ་འཁོར་ལ་ཕུལ་ཏེ། དེ་ནས་རྡོ་རྗེ་སློབ་དཔོན་དང༌། དེའི་དྲུང་ན་གནས་པ་མཐའ་དག་ཇི་ལྟར་འདོད་པས་ཚིམ་པར་བྱས་ནས་བདག་ཉིད་ 7-1-329 ཀྱི་ནུས་པས་ཚོགས་ལ་ཡོན་དབུལ་བར་བྱའོ། །དེ་ནས་སློབ་དཔོན་གྱིས་དེ་དག་ལ་གནང་ བ་བྱིན་ནས་སླར་ཡང་རང་རང་གི་གནས་སུ་གཤེགས་སུ་གསོལ་བར་བྱ་སྟེ། བསྙེན་ བཀུར་གྱི་རིམ་པ་དང་དཔལ་བོའི་སྟོན་མོའི་ངེས་པའོ། ། ཅི་སྟེ་རྫས་དང་བྲལ་པའི་ཀུན་སྤངས་པ་ཆོས་དོན་དུ་གཉེར་བ་ལ་ནི་ཡོ་བྱད་ཚོགས་པ་ མེད་ཀྱང༌། ཇི་སྐད་བཤད་པའི་དབང་བསྐུར་བ་ཐམས་ཅད་ཚིག་གིས་སྦྱིན་པར་བྱ་ཞིང༌། དེས་ཀྱང་དེ་དག་ཐམས་ཅད་ཡིད་ཀྱིས་བསམ་པར་བྱ་བ་ཡིན་ཏེ། གང་གི་ཕྱིར་ཕྱི་རོལ་ གྱི་དངོས་པོ་ཡོད་པ་ལ་ཡང་རྣམ་པ་ཐམས་ཅད་དུ་ཡིད་གཙོ་བོར་ཡིན་པའི་ཕྱིར་ རོ། །ཀུན་སྤངས་ཀྱི་དབང་གི་ངེས་པའོ། ། དེ་བཞིན་དུ། བསམ་གཏན་ཁོ་ནས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བར་ བྱའོ། །དེ་ལ་དང་པོར་ཐུགས་ཀའི་ས་བོན་ལས་སྤྲོས་པའི་འོད་ཟེར་ཐམས་ཅད་མཁྱེན་ པའི་ཡེ་ཤེས་རྡོ་རྗེ་ལྕགས་ཀྱུས་སྲིད་པ་གསུམ་ཀྱི་སེམས་ཅན་སྔར་དབང་མ་བསྐུར་བ་ ཐམས་ཅད་བཀུག་ནས་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེ་ནས་བཤང་བ་དང་གཅི་ བ་དང་ཁྲག་དང་རྐང་དང་ཁུ་བ་རྣམ་པར་དག་པ་བདུན་རྩིའི་བུམ་པ་རྣམས་ཀྱིས་ མངོན་པར་དབང་བསྐུར་བར་བྱའོ། །དེས་དྲི་མ་ཐམས་ཅད་དང་བྲལ་བའི་ཟླ་བ་དྲི་མ་ མེད་པ་ལྟར་གྱུར་ཅིང༌། རྡོ་རྗེ་ཅན་གྱི་ལམ་ཐོབ་ནས་བྱང་ཆུབ་ཀྱི་སྤྱོད་པ་ལ་རྗེས་སུ་ གནས་པར་བསམ་ཏེ་སླར་ཡང་རང་རང་གི་གནས་སུ་བཏང་བར་བྱའོ། །ཞེས་པ་སྙིང་ རྗེའི་དབང་གི་ངེས་པའོ། ། ཡན་ལག་བཅུ་གཉིས་འགགས་པ་ཡིས། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཀུན་ མཁྱེན་སྐྱེ་དགུའི་བདག་པོ་ལ། །བཏུད་དེ་སློབ་དཔོན་དབང་བཤད་བྱ། །དེ་ལ་རྡོ་རྗེ་སློབ་ དཔོན་དུ་དབང་བསྐུར་བ་ནི་རྣམ་པ་གཉིས་ཏེ། བདག་པོར་དབང་བསྐུར་བ་དང༌། བདག་པོ་ཆེན་པོར་དབང་བསྐུར་བའོ། ། བདག་པོར་དབང་བསྐུར་བ་ནི་མཁས་པ་སྙིང་རྗེ་ཅན་ལ་སྟེ། རབ་ཏུ་གནས་པ་དང་ བཅས་པའི་དབང་བསྐུར་བ་གོང་མ་རྣམས་ཀྱིས་སོ། །བདག་པོ་ཆེན་པོར་དབང་བསྐུར་ 7-1-330 བ་ནི་རྣལ་འབྱོར་པའམ་གྲུབ་པ་ལ་སྟེ། ཚོགས་ཀྱི་འཁོར་ལོ་དང་བཅས་པའི་དབང་གོང་ མ་ལས་ཀྱང་གོང་མ་རྣམས་ཀྱིས་སོ། །དེ་ལ་རེ་ཤིག་དབང་བསྐུར་བ་བདུན་དང༌། བཅུ་ གཅིག་པ་རྣམས་ཀྱིས་མངོན་པར་དབང་བསྐུར་ཏེ། རྒྱུད་ཐམས་ཅད་ཤེས་ཤིང་དེ་ཁོ་ན་ ཉིད་ཀྱིས་གཞན་གྱི་དོན་དུ་དམ་བཅས་པ་ལ་གནས་པའི་སློབ་མ་ནི་རྡོ་རྗེ་སློབ་དཔོན་ བདག་པོའི་སླད་དུ་དབང་བསྐུར་བར་བྱ་སྟེ། དང་པོར་སློབ་མས་འདི་སྐད་དུ། ཀྱེ་དཔལ་ ལྡན་བླ་མ་ཁྱོད་ཀྱི་བཀའ་དྲིན་ལས་ད་ནི་བདག་གིས་བདེ་བར་གཤེགས་པའི་ལམ་ ཐམས་ཅད་ཤེས་སོ། ། ཞེས་བླ་མ་ལ་ཞུས་ནས་དམ་བཅའ་བར་བྱའོ། །དུས་འདི་ནས་ བརྩམས་ཏེ་ཁྱོད་དང་སངས་རྒྱས་དང་བྱང་ཆུབ་རྣམས་སྤངས་ནས་བླ་མ་གཞན་བསྟེན་ པར་མི་བགྱིའོ་ཞེས་པའོ། །དེ་ལྟར་ཡོན་ཏན་ཐམས་ཅད་དང་ལྡན་པའི་སློབ་མ་དམ་ བཅས་པ་ལ་གནས་པ་གཟིགས་ཏེ། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་མཉམ་པའི་ས་ ལ་རེ་ཁཱ་གྲུ་བཞི་པ་བྱས་ནས། དེར་བདག་པོ་རྣམ་པ་གསུམ་སྔར་བསྟན་པའི་ཆོ་གས་ སྨན་ལ་སོགས་པ་དང་ལྡན་པའི་བུམ་པས་བཀྲུ་བར་བྱའོ། །དེ་ལ་རྭ་བ་ལྔའི་རེ་ཁཱ་ཁྲུ་བཞི་ པའི་དབུས་སུ་ཤིང་སྟན་ལ་པད་མ་འདབ་བརྒྱད་པ་ཁྲུ་དོ་པ་ཁ་དོག་སྣ་ཚོགས་པ་མཚན་ མ་ལྔ་དང་བྲལ་བ་ཚོན་སྣ་ལྔས་བྲིས་པའི་སྟེང་དུ་དགེ་སློང་རྡོ་རྗེ་འཛིན་པ་བཀོད་ནས། བུམ་པ་བརྒྱད་དང་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་སྟེ་བཅུ་དང༌། རྒྱན་ཐམས་ ཅད་དང་ལྡན་པའི་བུ་མོ་གཟུགས་མཛེས་ཤིང་བུ་བཙས་པར་མ་གྱུར་པ་བརྒྱད་དང༌། གཞོན་ནུ་མ་སྐྱེ་གནས་མ་ཉམས་པ་གཉིས་ཏེ་བཅུས་བཀྲུ་བར་བྱ་ཞིང༌། ཅོད་པན་དང་ དར་དཔྱངས་དང་ཕྱག་རྒྱ་དྲུག་བཅིང་བར་བྱ་སྟེ། སོ་སོའི་སྔགས་ཀྱི་ཚིག་ནི་སྒྲུབ་ཐབས་ སུ་བསྟན་པ་རྣམས་ཀྱིས་སོ། །དེ་བཞིན་དུ། རྭ་བ་ལྔ་པའི་རེ་ཁཱ་ཁྲུ་དོ་པའི་དབུས་སུ་པད་ མ་དང་བྲལ་བའི་ཤིང་སྟན་འབའ་ཞིག་ལ་དགེ་ཚུལ་རྡོ་རྗེ་འཛིན་པ་བཀོད་ནས། བུམ་པ་ བཞི་དང་རྒྱལ་བ་དང་རྣམ་པར་རྒྱལ་བ་སྟེ་དྲུག་དང༌། བུ་མོ་བཞི་དང་གཞོན་ནུ་མ་ གཉིས་ཏེ་དྲུག་གིས་བཀྲུ་བར་བྱ་ཞིང༌། དར་དཔྱངས་དང་ཕྱག་རྒྱ་བཅིངས་བར་ བྱའོ། །དེ་བཞིན་དུ། རྭ་བ་གསུམ་པའི་རེ་ཁཱ་ཁྲུ་གང་བའི་དབུས་སུ་ཕལ་པའི་གདན་ལ་ 7-1-331 དགེ་བསྙེན་རྡོ་རྗེ་འཛིན་པ་བཀོད་ནས། བུམ་པ་གཅིག་དང༌། རྣམ་པར་རྒྱལ་བ་སྟེ་ གཉིས་དང༌། བུ་མོ་གཅིག་དང༌། གཞོན་ནུ་མ་གཅིག་སྟེ་གཉིས་ཀྱིས་བཀྲུ་བར་བྱ་ཞིང༌། རྡོ་རྗེའི་སོར་གདུབ་སྦྱིན་པར་བྱའོ། །དེ་ལྟར་མཆོག་དང་འབྲིང་དང་ཐ་མའི་སློབ་དཔོན་ རྣམ་པ་གསུམ་ལ་ཁྲུས་བྱས་ནས་དབང་བསྐུར་བ་དང་རྒྱུད་བསྟན་པ་ལ་སོགས་པའི་དོན་ དུ་རྡོ་རྗེ་སློབ་དཔོན་གྱི་གསུང་ངམ་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། སྟོང་ཉིད་སྙིང་ རྗེར་ཁྱོད་བྱིན་བརླབས། །སྟོང་ཉིད་སྙིང་རྗེ་རྒྱུན་མི་བཅད། །མཚན་མར་རྡོ་རྗེ་དྲིལ་བུ་ ཟུང༌། །ཇི་ལྟ་དེ་ལྟར་གཞན་ལ་སྟོན། །ཁྱོད་ནི་ཡོངས་རྫོགས་སློབ་དཔོན་ཏེ། །གནས་ བརྟན་རྒན་པོའང་ཁྱོད་ཉིད་ཡིན། །ཁྱོད་ནི་བསིལ་གྱུར་རྙོག་པ་མེད། །དགེ་སློང་དགྲ་ བཅོམ་ཟག་པ་ཟད། ། ཟག་པའི་འདོད་ཆགས་རབ་སྤངས་པས། །ཁྱོད་ཀྱིས་ཟུག་རྔུ་མ་ ལུས་བཏོན། །གཞན་ལ་ཕན་པའི་གང་ཟག་མཆོག །ཁྱོད་ནི་མངོན་གསུམ་སངས་རྒྱས་ སྲས། །ཞེས་པའམ། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་ཟུང༌། །དེ་རིང་ རྡོ་རྗེ་སློབ་དཔོན་གྱུར། ། སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་པ་ལ་སོགས་པས་སོ། །འདིར་ མཚོན་ཆ་རྣམས་དང་ཀླུའི་དབང་པོ་རྣམས་དང་མགོ་བོའི་དོ་ཤལ་ལ་སོགས་པ་ནི་སྦྱིན་ པར་གསུངས་པ་མེད་ཅིང་རིགས་པས་ཐོབ་པ་ཡང་མ་ཡིན་ནོ། །དེས་ན་མན་ངག་བཞིན་ དུ། སློབ་དཔོན་གྱི་དབང་གོང་མར་གཏོགས་པའི་བུམ་པ་དང་གསང་བ་དང་ཤེས་རབ་ ཡེ་ཤེས་དང་ཤེས་རབ་ཆེན་པོ་བཞི་པའི་དབང་བསྐུར་བས་མངོན་པར་དབང་བསྐུར་ བར་བྱ་ཞིང༌། རྡོ་རྗེ་སློབ་དཔོན་དུ་རབ་ཏུ་གནས་པར་བྱའོ། །དེ་བཞིན་དུ། ཚངས་པ་སྐུ་ ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཚེ། །རྒྱལ་པོ་ཐུགས་ཀྱི་རྡོ་རྗེ་འཛིན། །དེ་ ཡང་ཁྱབ་འཇུག་རྫུ་འཕྲུལ་ཆེ། །རྡོ་རྗེ་སློབ་དཔོན་ཞེས་གསུངས་པས། །ལུས་ལ་རྡོ་རྗེ་ གསུམ་གྱི་ཕྱག་རྒྱ་སྦྱིན་པར་བྱའོ། །དེ་ལ་གསེར་རམ་སྐུད་པའི་མཆོད་ཕྱིར་ཐོགས་སྦྱིན་པ་ ནི་ཚངས་པ་སྟེ་སྐུ་རྡོ་རྗེ་བྱེད་པའི་སླད་དུའོ། ། མེ་ཏོག་ལྷུང་བའི་དབང་གིས་ཕྱག་རྒྱ་རྣམ་ པར་དག་པ་དབང་བསྐུར་བ་ཉིད་སྦྱིན་པ་ནི་དབང་ཕྱུག་སྟེ་གསུང་རྡོ་རྗེ་བྱེད་པའི་སླད་ དུའོ། །དར་དཔྱངས་དང་ཅོད་པན་སྦྱིན་པ་ནི་ཁྱབ་འཇུག་སྟེ་ཐུགས་རྡོ་རྗེ་བྱེད་པའི་སླད་ 7-1-332 དུའོ། །དེ་བཞིན་དུ། མཚན་ཡང་དག་པར་བརྗོད་པར་ཡང༌། གཙུག་ཕུད་ཕུད་བུ་ལྕང་ལོ་ ཅན། །རལ་པ་མུན་ཛ་ཅོད་པན་ཐོགས། །གདོང་ལྔ་ཟུར་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་ པ་མེ་ཏོག་ཐོད། །ཅེས་པ་སྟེ། རྒྱུད་གཞན་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་ངེས་ པའོ། །འདིར་སྟོན་པ་པོའི་དབང་ལ་མངོན་པར་དབང་བསྐུར་བའི་དགེ་སློང་ངམ་དགེ་ སློང་མ་འམ་དགེ་ཚུལ་ལམ་ཁྱིམ་པས་གཡོག་ལ་སོགས་པའི་ཆོས་དང་ཁྱིམ་པའི་ཆོས་མི་ བྱའོ། །གལ་ཏེ་རལ་གྲི་དང་སྣག་ཚ་དང་ཚོང་ལ་སོགས་པ་བྱེད་ན་དེའི་བཀའ་བཅག་ པར་འགྱུར་ཞིང༌། བཀའ་བཅག་པ་ལས་མནར་མེད་པ་འགྲོ་བར་འགྱུར་ཏེ་སློབ་དཔོན་ གྱི་ཆོས་རྣམ་པར་བཤིག་པའི་ཕྱིར་རོ། །འདིར་ཡང་སྡོམ་པ་སྦྱིན་པ་དང་ཡོན་ཕུལ་བ་ལ་ དབང་དོན་བཤད་པ་སྔར་བསྟན་པའི་ཚིག་རྣམས་ཀྱིས་སོ། །དེ་ལྟར་བུ་མོ་དང་གཞོན་ནུ་ མས་བཀྲུ་བ་དང་གསུང་གི་རྗེས་སུ་གནང་བ་དང་རབ་གནས་དང་བཅས་པའི་དབང་ གོང་མ་རྣམས་དང་རྡོ་རྗེ་གསུམ་གྱི་ཕྱག་རྒྱ་དང་དམ་ཚིག་དང་སྡོམ་པ་སྦྱིན་པ་དང་ ཡོན་ཕུལ་བ་ལ་དབང་དོན་བཤད་པ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་བདག་པོའི་དབང་ གི་ཆོ་གའི་རབ་ཏུ་གནས་པའི་ངེས་པའོ། ། ད་ནི་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོར་དབང་བསྐུར་བ་བརྗོད་པར་བྱའོ། །དེ་ཡང་ སྔར་བསྟན་པའི་དབང་བསྐུར་བ་འཇིག་རྟེན་པ་བཅུ་དང་འཇིག་རྟེན་ལས་འདས་པའི་ དབང་བཅུ་གཅིག་པས་མངོན་པར་དབང་བསྐུར་བ། རྒྱས་འགྲེལ་དང་བཅས་པའི་རྒྱུད་ ཐམས་ཅད་ཐོས་ཤིང་ཤེས་པར་གྱུར་པ་རྣལ་འབྱོར་པའམ་གྲུབ་པར་གྱུར་པ་ན་བདག་པོ་ ཆེན་པོ་ཉིད་ཀྱི་སླད་དུ་རང་རིགས་སྐྱེས་སམ་དམངས་རིགས་སྐྱེས་ལ་སོགས་པའི་རིགས་ བཅུ་སློབ་མས་བླ་མ་ལ་དབུལ་བར་བྱ་སྟེ། དེ་ཡང་ཁྱིམ་ན་གནས་པ་རྣལ་འབྱོར་པའམ་ གྲུབ་པར་གྱུར་པ་རྣམས་ཀྱིས་རང་གི་རིགས་ལས་སྐྱེས་པ་དང༌། རབ་ཏུ་བྱུང་བ་ལས་ རྣལ་འབྱོར་པའམ་གྲུབ་པར་གྱུར་པ་རྣམས་ཀྱིས་དམངས་རིགས་མོ་ལ་སོགས་ པའོ། །འདིར་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཚ་མོ་དང་ནི་བུ་མོ་ དང༌། །སྲིང་མོ་དེ་བཞིན་སྐྱེད་བྱེད་མ། །དེ་བཞིན་ཆུང་མའི་མ་དང་ནི། །དེ་བཞིན་ཞང་ 7-1-333 པོའི་བུད་མེད་དང༌། ། ཕ་ཡི་སྤུན་ཟླའི་ཆུང་མ་དང༌། །དེ་བཞིན་ཕ་ཡི་སྲིང་མོ་ དང༌། །རང་གི་མ་ཡི་སྤུན་ཟླ་ཉིད། ། རང་གི་ཆུང་མ་མཆོག་གཟུགས་ཅན། །སྒྲོལ་མ་ལ་ སོགས་ཆོས་ཁམས་མཐར། །རང་རིགས་ལས་སྐྱེས་རིག་མ་བཅུ། །ཐར་པ་འདོད་པའི་ཁྱིམ་ པ་ཡིས། །དབང་གི་དུས་སུ་རབ་སྦྱིན་བྱ། ། རིག་མ་འདི་དག་རིགས་བསྲུང་ཕྱིར། །གལ་ཏེ་ བླ་མར་མི་འབུལ་ན། །དེ་ཚེ་ཁྱིམ་ན་གནས་རྣམས་ལ། །གཞན་གྱིས་དབང་བསྐུར་སྦྱིན་མི་ བྱ། །དཀྱིལ་འཁོར་དུ་ནི་དབང་བསྐུར་བའི། ། དམངས་རིགས་སྐྱེས་སོགས་གཞན་དག་ གིས། །དགེ་སློང་དགེ་ཚུལ་རྣམས་ལ་ནི། །བླ་མས་སྦྱིན་བྱ་མི་ཡི་བདག །རླུང་སོགས་རིམ་ པས་དམངས་རིགས་མོ། །རྒྱལ་རིགས་དེ་བཞིན་བྲམ་ཟེ་མོ། །རྗེ་མོ་གདོལ་མོ་ཉ་པ་ མོ། །གར་མ་དེ་བཞིན་ཚོས་མཁན་མོ། །ཀོ་ལྤགས་བྱེད་མ་གཏུམ་མོ་དང༌། །ཆོས་ཁམས་ མཐར་སྐྱེས་མ་སྟེ་བཅུ། །རིག་མ་ཆེན་མོར་ཡང་དག་བརྗོད། །ལོངས་སྤྱོད་གྲོལ་འབྲས་ རབ་ཏུ་སྟེར། །ཞེས་པ་སྟེ་རིམ་པ་ལྟར། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། དབང་བཅུ་དང༌། སྟོབས་བཅུ་དང༌། ཤེས་པ་བཅུ་ལ་སོགས་པ་རྣམ་པར་དག་པར་འགྱུར་བའོ། །དེ་བཞིན་ དུ། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་ པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་ བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་ བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་ བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པ་སྟེ། དཀྱིལ་འཁོར་གྱི་བདག་པོ་ཆེན་པོ་ ཉིད་བྱེད་པའི་སླད་དུ་རྡོ་རྗེ་སློབ་དཔོན་གྱི་གནས་མངོན་པར་འདོད་པས་ཕྱག་རྒྱ་བཅུ་ དབུལ་བར་བྱའོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལྟར་ཕྱག་རྒྱ་བཅུ་ ཕུལ་ནས་བཀའ་སྩལ་དོན་དུ་གཉེར་བར་བྱ་སྟེ། ཀྱེ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ ཐམས་ཅད་ནི་བདག་གིས་ཇི་ཞིག་བགྱི། དེ་ནས་སློབ་དཔོན་གྱིས་གསུངས་པ། བཅུའི་ 7-1-334 ནང་ནས་རང་གི་ཆུང་མ་འདི་བཟུང་ནས་དེ་དང་ལྷན་ཅིག་ཏུ་བདག་ལ་གསོལ་བ་ གདབ་པར་བྱོས་ཤིག་ཅེས་པའོ། །དགེ་སློང་དང་དགེ་ཚུལ་རྣམས་ལ་ནི་གཏུམ་མོ་མཐར་ སྐྱེས་མ་རང་གི་ཆུང་མར་བྱའོ། །དེ་ནས་བླ་མའི་ངེས་པས་རང་གི་ཆུང་མ་མཆོག་ གཟུགས་ཅན་ནམ་གཏུམ་མོ་དེ་བཟུང་ནས་ཆུང་མ་ཆོས་ཁམས་རྡོ་རྗེ་མ་དེ་དང་གཉིས་ ཀྱིས་གསེར་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་མཎྜལ་བྱས་ཏེ། དེ་ནས། ཁྱོད་ཀྱི་སྐུ་ལ་ཤ་ ཁྲག་དང༌། ། བཤང་གཅི་ཤུ་ཀྲ་མ་མཆིས་ཤིང༌། །བཅོ་བརྒྱད་ཁམས་ཀྱང་མི་མངའ་ བ། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་པ་དང༌། སྒྲིབ་པ་ཐམས་ཅད་བཅོམ་པ་ ཡི། །ཞེས་པ་ལ་སོགས་པ་སྔར་བསྟན་པ་རྣམས་ཀྱིས་གསོལ་བ་གདབ་པར་བྱའོ། །དེ་ལྟར་ གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཆུང་མ་དང་བཅས་པ་གཟིགས་ནས་སློབ་དཔོན་ གྱིས་སྒྲ་རྡོ་རྗེ་མ་རྒྱན་ཐམས་ཅད་བཀྲོལ་ཞིང་གཅེར་བུར་བྱ་སྟེ་སློབ་མ་ལ་འཁྱུད་དུ་ གཞུག་པར་བྱའོ། །འདིར་སྒྲ་རྡོ་རྗེ་མ་ནི་གདོལ་པ་མོའམ་ཆུང་མའི་མ་སྟེ་རབ་ཏུ་བྱུང་བ་ དང་ཁྱིམ་པ་ལ་རིམ་པ་བཞིན་དུའོ། །དེ་བཞིན་དུ། ཤར་ལ་སོགས་པ་ཕྱོགས་རྣམས་སུ་ སྒྲོལ་མ་དང་གོས་དཀར་མོ་དང་མཱ་མ་ཀཱི་དང་སྤྱན་མ་དང་མེ་ལ་སོགས་པ་ཕྱོགས་བྲལ་ རྣམས་སུ་རེག་བྱ་རྡོ་རྗེ་མ་དང་གཟུགས་རྡོ་རྗེ་མ་དང་དྲི་རྡོ་རྗེ་མ་སྟེ་རིམ་པ་ལྟར་རབ་ཏུ་ བྱུང་བའི་ཕྱོགས་ལ་དམངས་རིགས་མོ་དང༌། རྒྱལ་རིགས་མོ་དང༌། བྲམ་ཟེ་མོ་དང༌། རྗེ་ རིགས་མོ་དང༌། ཉ་བ་མོ་དང༌། གར་མཁན་མོ་དང༌། ཚོང་མཁན་མོ་དང༌། ཀོ་ལྤགས་ མཁན་མོ་རྣམས་དང་ཁྱིམ་པའི་ཕྱོགས་ལ་ཚ་མོ་དང༌། བུ་མོ་དང༌། སྲིང་མོ་དང༌། སྐྱེད་ བྱེད་མ་དང༌། ཞང་པོའི་བུད་མེད་དང༌། ཕའི་སྤུན་ཟླའི་ཆུང་མ་དང༌། ཕའི་སྲིང་མོ་དང༌། མའི་སྤུན་ཟླ་རྣམས་རིམ་པ་བཞིན་དུ་སྟེ། དེ་རྣམས་རྣལ་འབྱོར་མའི་འཁོར་ལོ་གཅེར་མོ་ སྐྲ་གྲོལ་མ་ཕྱག་ན་གྲི་གུག་དང་ཐོད་པ་ཅན་སྔར་བཀོད་པའི་རིག་མ་དགུ་པོ་རྣམས་ཀྱིས་ རིམ་པ་བཞིན་དུ་འཁྱུད་དུ་གཞུག་པར་བྱའོ། །དེ་བཞིན་དུ། བདག་པོ་ཆེན་པོ་རྣམ་པ་ གསུམ་སྔར་བསྟན་པའི་གདན་ལ་བཀོད་ནས་ཁྲུས་བྱ་བ་ནི་བུམ་པ་བཅུ་དང་དམངས་ རིགས་མོ་ལ་སོགས་པ་སྔར་བསྟན་པའི་རིག་མ་བཅུས་དགེ་སློང་ལའོ། ། དེ་རྣམས་ཀྱི་ 7-1-335 ནང་ནས་ཕྱག་རྒྱ་མོ་དྲུག་གིས་བུམ་པ་བཞི་དང༌། རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་ པ་དག་གིས་དགེ་ཚུལ་ལའོ། །ཁྱིམ་པ་ལ་ནི་རང་གི་ཆུང་མ་དང་ཚ་མོ་ལ་སོགས་པ་ལྷག་ མ་དགུའི་ནང་ནས་གཅིག་སྟེ། རིག་མ་གཉིས་ཀྱིས་བུམ་པ་གཅིག་དང་རྣམ་པར་རྒྱལ་ བའི་བུམ་པས་བཀྲུ་བར་བྱ་ཞིང་གསུང་ངམ་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ་སྔར་ བསྟན་པའི་ཆོ་གས་སོ། ། དེ་ནས་གོང་མ་ལས་ཀྱང་གོང་མའི་དབང་བསྐུར་བ་སྦྱིན་པའི་དོན་དུ། ཨོཾ་ཨོཾ་པྲཛྙཱ་ཨུ་པཱ་ ཡཽ་ཞེས་པ་ལ་སོགས་པས་གསོལ་བ་གདབ་པར་བྱའོ། །འདིར་རིག་མ་ནི་ཞུན་མའི་གསེར་ དང་མཚུངས་ཤིང་རྒྱན་ཐམས་ཅད་དང་ལྡན་པའི་བུ་མོ་མཛེས་མ་ལོ་བཅུ་གཉིས་ནས་ ཉི་ཤུའི་མཐར་ཐུག་པ་རྡུལ་དང་ལྡན་པ་སློབ་དཔོན་གྱིས་འཁྱུད་པར་བྱ་བ་སྟེ། འདིར་ བུམ་པའི་དབང་སྦྱིན་པའི་དོན་དུ་རིག་མ་དེའི་ནུ་མ་ལ་སློབ་མའི་ཡན་ལག་རེག་ཏུ་ གཞུག་པར་བྱ་ཞིང་བླ་མས་ཀྱང་སློབ་མའི་ཆུང་མའི་ནུ་མ་ལ་རེག་པར་བྱའོ། །གསང་ བའི་དབང་ལ་སློབ་དཔོན་གྱིས་མན་ངག་བཞིན་དུ་རིག་མ་དེ་ལ་སྙོམས་པར་ཞུགས་ ནས་ས་བོན་དང་བཅས་པའི་རྡོ་རྗེ་ཉིད་དག་པའི་སློབ་མ་ཆུང་མ་དང་བཅས་པ་གཉི་ གའི་ཁར་གཞུག་པར་བྱ་ཞིང་སློབ་མའི་མིག་བཅིངས་ཏེ་བླ་མས་ཤེས་རབ་ཀྱི་ན་ར་ནཱ་སི་ ཀ་གཞིབ་པར་བྱའོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་སློབ་དཔོན་གྱིས་གང་ལ་ འཁྱུད་པ་སྔར་བསྟན་པའི་རིག་མ་དེའམ། ཡང་ན་སློབ་བུའི་ཆུང་མ་ལ་སློབ་དཔོན་རང་ གིས་དང་པོར་བགྲོད་དེ། དེ་ནས་དབང་གི་དུས་ལ་བབ་པ་ན་སློབ་མ་ལ་རང་གི་ཆུང་མ་ གཏད་པར་བྱའོ། །གལ་ཏེ་ཕྱག་རྒྱ་བཅུ་ཡོད་ན་དེའི་ཚེ་གང་དང་གང་ལ་འདོད་པ་སྤྱོད་ པར་ནུས་པའི་སློབ་མ་ལ་ཕྱག་རྒྱ་དེ་དང་དེ་དག་གཏད་པར་བྱ་སྟེ། ཇི་སྲིད་མཚན་མོ་ ཕྱེད་ནས་ཆུ་ཚོད་གཉིས་ཀྱི་རྗེས་ལ་ཉི་མ་འཆར་བ་དེ་སྲིད་དུའོ། །དེ་ལྟར་དབང་གསུམ་ ནི་འདིར་བུད་མེད་ལ་སྦྱར་ཡང་འཛག་པ་མེད་པའི་དགའ་བ་གསུམ་མོ། །དེ་བཞིན་དུ། སླར་ཡང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་དུ་བའི་ལམ་ལ་སོགས་པ་ལྡན་པ་ ཡང་བརྗོད་པར་བྱ་སྟེ་འདིར་ནི་དབང་བཞི་ཀ་འཛག་པ་མེད་པའི་དགའ་བ་བཞིའོ། །དེ་ 7-1-336 ནས་ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ནས་སློབ་མ་ལ་སྡོམ་པ་སྦྱིན་པ་དང་ཡོན་ དབུལ་བ་དང་དབང་གི་དོན་བཤད་པར་བྱ་སྟེ་སྔར་བསྟན་པ་རྣམས་ཀྱིས་སོ། །དེ་ལྟར་ རིག་མ་བཅུ་ཕུལ་ནས་གསོལ་བ་གདབ་པ་དང༌། ཚོགས་ཀྱི་འཁོར་ལོར་རྡོ་རྗེ་མཆོད་པ་ དང༌། རིག་མ་རྣམས་ཀྱིས་ཁྲུས་བྱ་ཞིང་གསུང་གི་རྗེས་སུ་གནང་བ་དང༌། གོང་མ་ལས་ ཀྱང་གོང་མའི་དབང་བསྐུར་བ་དང༌། དམ་ཚིག་དང་སྡོམ་པ་སྦྱིན་པ་དང༌། ཡོན་ཕུལ་བ་ ལ་དབང་དོན་བཤད་པ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་གི་ཆོ་ གའི་ངེས་པའོ། ། དེ་ལྟར་ན་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པ་ལས་ས་བཅུ་ གཉིས་ཀྱི་དབང་ཕྱུག་མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་བ་སྐྱེ་དགུའི་བདག་པོ་སེམས་ ཅན་ཐམས་ཅད་ཀྱི་སྟོན་པར་འགྱུར་བ་ཉིད་དེ། འཇིག་རྟེན་གསུམ་ན་གཞོན་ལུས་ གཅིག ། གནས་བརྟན་རྒན་པོ་སྐྱེ་དགུའི་བདག །གསུམ་ཅུ་རྩ་གཉིས་མཚན་འཆང་ བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པ་དང༌། ཕྱིར་མི་ལྡོག་པ་ཕྱིར་མི་ འོང༌། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་ བ་ཆེན་པོ་རྒྱུ་གཅིག་པོ། ། དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་ དབང་པོ་ཐུལ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པ་རྙོག་པ་ མེད། །ཅེས་པ་དང༌། མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་འཆང༌། །ཚངས་པར་སྤྱོད་པ་བརྟུལ་ ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གཽ་ཏ་ མ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་པ་ རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་པ་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་ གི་ངེས་པའོ། ། དེ་ལྟར་སློབ་དཔོན་གྱི་དབང་ལ་གཉིས་སུ་འབྱེད་པའི་མན་ངག་ཐུན་མོང་མ་ཡིན་པ་ འདི་དང་བྲལ་ན། རྒྱུད་འགྲེལ་གྱི་དགོངས་པ་དང་འགལ་བར་འགྱུར་ཏེ། དེའི་རྒྱུ་མཚན་ ནི་བླ་མའི་མན་ངག་དང་རྒྱུད་འགྲེལ་ཆེན་པོ་མཚུངས་ལྡན་དུ་སྦྱར་བ་ལས་རྟོགས་པར་ 7-1-337 བྱའོ། ། དེ་བཞིན་དུ། རྡོ་རྗེ་སློབ་མའི་དབང་བཞི་དང༌། རྡོ་རྗེ་སློབ་དཔོན་བདག་པོའི་ དབང་བཞི་དང༌། བདག་པོ་ཆེན་པོའི་དབང་བཞི་རྣམས་ལ་མཚུངས་པ་དང་མི་ མཚུངས་པའི་ཁྱད་པར་ཇི་སྙེད་གསུངས་པ་རྣམས་ཀྱང་ངོ༌། །དེ་ལྟར་དུས་ཀྱི་འཁོར་ལོའི་ དཀྱིལ་འཁོར་དུ་དབང་བསྐུར་བ་ནི་རྣལ་འབྱོར་མ་དང༌། རྣལ་འབྱོར་གྱི་རྒྱུད་ཐམས་ ཅད་ལ་དབང་བསྐུར་བར་འགྱུར་ཞིང༌། རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་དང༌། སྔགས་ ཐམས་ཅད་ཀྱི་རྗེས་སུ་གནང་བ་སྦྱིན་པ་པོ་དང༌། དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོ་ སྟེ། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི། བཅོམ་ལྡན་འདས་འཇམ་ དཔལ་ཇི་ལྟ་བ་དང༌། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་ཐར་ པ་དོན་དུ་གཉེར་བའི་སློབ་མ་རྣམས་ཀྱིས་བལྟ་བར་བྱའོ། །ཞེས་གསུངས་སོ། །གང་ཡང་ འདུས་པ་ལ་སོགས་པ་དང་དགྱེས་པའི་རྡོ་རྗེ་ལ་སོགས་པ་བསྡུས་པའི་རྒྱུད་འགའ་ཞིག་ ཏུ་བུམ་པའི་དབང་ལ་སློབ་དཔོན་གྱི་དབང་དུ་གསུངས་པ་ནི་དྲང་བའི་དོན་ཏེ། དཔལ་ འཁོར་ལོ་སྡོམ་པའི་བསྡུས་པའི་རྒྱུད་ཀྱི་འགྲེལ་པ་ལས། འདིར་གལ་ཏེ་དང་པོ་བུམ་པའི་ དབང་བསྐུར་བས་སློབ་དཔོན་དུ་འགྱུར་ན། དེའི་ཚེ་གསང་བ་དང་ཤེས་རབ་ཡེ་ཤེས་ དང་བཞི་པས་ཇི་ཞིག་བྱ། རྡོ་རྗེ་སློབ་དཔོན་ནི་རྡོ་རྗེ་འཆང་གི་མིང་སྟེ། དེ་ཇི་ལྟར་དང་ པོ་བུམ་པའི་དབང་གིས་དབང་བསྐུར་བས་ཐོབ་པར་གྱུར། དེ་བས་ན་འདི་ནི་བྱིས་པའི་ སྐྱེ་བོ་རྣམས་ཀྱི་འཁྲུལ་བ་སྟེ། རིགས་པས་འཐད་པ་ནི་མ་ཡིན་ནོ། ། ཞེས་འཕགས་པ་ཕྱག་ ན་རྡོ་རྗེས་གསུངས་པ། དཔལ་དགྱེས་པ་རྡོ་རྗེ་བསྡུས་པའི་རྒྱུད་ཀྱི་འགྲེལ་པར་ཡང༌། སློབ་དཔོན་གྱི་དབང་ནི་དྲང་བའི་དོན་དུ་བུམ་པ་ཡིན་ལ། ངེས་པའི་དོན་དུ་ནི་བཞི་པ་ ལ་སོགས་པ་ཡོངས་སུ་རྫོགས་པ་ཁོ་ན་སློབ་དཔོན་ཞེས་བརྗོད་ཀྱི་བུམ་པ་ཙམ་ནི་མ་ཡིན་ ནོ། །ཅིའི་ཕྱིར་ཞེ་ན། སློབ་དཔོན་གྱི་ངེས་ཚིག་དང་མི་ལྡན་པའི་ཕྱིར་རོ། ། དེ་བས་ན། གཉིས་དང་གཉིས་སུ་ཕྱེ་བ་ཡིས། །བུམ་སོགས་དང་པོ་བཞི་མཐའ་ཅན། ། འཇིག་རྟེན་ འཇིག་རྟེན་འདས་དབྱེ་བས། །དབང་བསྐུར་རྫོགས་པར་ཤེས་པར་བྱ། །ཞེས་པའི་ཐ་ཚིག་ སྟེ། རྩ་བའི་རྒྱུད་འབུམ་ཕྲག་ལྔ་པ་དང༌། རྒྱུད་འབུམ་པའི་མངོན་པར་བརྗོད་པ་ཞེས་བྱ་ 7-1-338 བ་དང༌། དང་པོའི་སངས་རྒྱས་ཞེས་པ་རྩ་བའི་རྒྱུད་ཆེན་པོ་རྣམས་ལས་རྒྱས་པར་ཁོང་ དུ་ཆུད་པར་བྱའི། འདིར་ནི་མདོར་བསྡུས་ཏེ་བསྟན་པ་ཙམ་མོ། །ཞེས་པ་དང༌། གསུམ་པ་ ལས་གཞན་བཞི་པ་སྟེ། །བཞི་པ་སླར་ཡང་དེ་བཞིན་ཞེས། །གསུངས་པའི་ཕྱིར་ན་བཞི་པ་ ནི། །གསུམ་པ་མ་ཡིན་གཞན་དུ་དཔྱད། །ཅེས་པ་ནི། ངེས་པའི་དོན་དུ་རྡོ་རྗེ་སློབ་དཔོན་ གྱི་དབང་དུ་བཤད་དོ། །དེ་ལྟར་ན་དབང་རྣམ་པ་བཞི་པོ་དྲང་བ་དང་ངེས་པའི་དོན་གྱི་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཞེས་བྱ་བར་བཞག་གོ །ཞེས་འཕགས་པ་རྡོ་ རྗེ་སྙིང་པོས་གསུངས་ཤིང༌། འཕགས་པ་སྤྱན་རས་གཟིགས་ཀྱིས་ཀྱང༌། འདུས་པ་ལ་ སོགས་པ་ལས་བུམ་པ་ལ་སོགས་པའི་དབང་དེ་ནི་ཀུན་རྫོབ་ཏུ་སློབ་དཔོན་བྱེད་པའི་ ཆེད་དུ་བརྡ་ཙམ་སྟེ་དེ་ཁོ་ན་ཉིད་ནི་མ་ཡིན་ནོ། །ཞེས་པ་དང༌། བུམ་པ་ལ་སོགས་པའི་ དབང་བསྐུར་བ་རྣམས་ཀྱིས་མངོན་པར་དབང་བསྐུར་ཏེ། དེ་ནས་རྒྱུད་ཐམས་ཅད་ཤེས་ ཤིང་དམ་བཅའ་བ་ལ་གནས་པའི་སློབ་མ་ནི་རྡོ་རྗེ་སློབ་དཔོན་བདག་པོའི་སླད་དུ་ དབང་བསྐུར་བར་བྱའོ། ། ཞེས་པ་དང༌། དེ་ནས་འགྲེལ་བཤད་དང་བཅས་པའི་རྒྱུད་ ཐམས་ཅད་ཐོས་ཤིང་ཤེས་པར་གྱུར་པ་ན་བདག་པོ་ཆེན་པོ་ཉིད་ཀྱི་སླད་དུ་ཞེས་པ་ལ་ སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། བསྡུས་པའི་རྒྱུད་གཞན་དང་ གཞན་ལས་ཆུ་ལ་སོགས་པའི་དབང་ལ་ཡང་རྣམ་པར་ངེས་པ་མེད་དེ། དཔལ་ལྡན་དྲི་མ་ མེད་པའི་འོད་ལས། འདིར་རྒྱུད་གཞན་དང་གཞན་ལས་བྱིས་པའི་སྐྱེ་བོ་གཞུག་པའི་ སླད་དུ་དེ་བཞིན་གཤེགས་པ་ལྔ་དག་པས་དབང་ལྔ་སྟེ། རྣམ་པར་སྣང་མཛད་ཀྱིས་ཆུའི་ དབང་དང་རིན་ཆེན་འབྱུང་ལྡན་གྱིས་ཅོད་པན་ནོ། །ཞེས་གང་གསུངས་པ་དེ་ལ་སྔ་མ་ དང་ཕྱི་མ་འགལ་ཏེ། རྒྱུད་ཐམས་ཅད་ལས་དཀྱིལ་འཁོར་དུ་མེ་ཏོག་དོར་བས་སློབ་མའི་ རིགས་ཀྱི་ལྷ་གང་ཡིན་པ་དེས་ཅོད་པན་དང་རིགས་ཀྱི་ཕྱག་རྒྱ་དེའི་དངོས་གྲུབ་བོ་ཞེས་ པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ། །དེས་ན་མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་གསུངས་པའི་ཕྱིར་གང་དུ་མེ་ཏོག་ལྷུང་བའི་ དེ་བཞིན་གཤེགས་པ་དེ་ཅོད་པན་དུ་འགྱུར་གྱི་ཐམས་ཅད་དུ་རིན་ཆེན་འབྱུང་ལྡན་ནི་ 7-1-339 མ་ཡིན་ནོ། །དེ་བཞིན་དུ། བསྡུས་པའི་རྒྱུད་ལས། ཆུ་ལ་སོགས་པའི་དག་པ་མེད་དེ་ཆོ་ག་ གཞན་སྟོབས་དང་ལྡན་པའི་ཕྱིར་རོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟ་བས་ན་ བསྡུས་པའི་རྒྱུད་ཙམ་ལ་བརྟེན་ནས་པཎྜི་ཏའི་གཞུང་རྣམས་དང༌། དེ་དག་གི་རྗེས་སུ་ འབྲང་བ་རྣམས་ཀྱིས་ནི་རྒྱུད་སྡེའི་དགོངས་པ་མི་རྟོག་སྟེ། དེ་དག་ལ་སྦས་པ་ཉིད་ཀྱི་ ཕྱིར་རོ། །དེ་བཞིན་དུ། བུམ་པའི་དབང་ཡང་དཀར་འཛིན་ལ་རེག་པས་ཡིན་གྱི་བུམ་ ཆུས་ནི་མ་ཡིན་ཏེ། འཁོར་ལོ་སྡོམ་པ་བསྡུས་པའི་རྒྱུད་ཀྱི་འགྲེལ་པར། འདིར་རྒྱུད་གཞན་ དང་དགོངས་པའི་སྐད་གཞན་དང་ངེས་པའི་དོན་གྱིས་སླར་ཡང་བུམ་པའི་སྒྲས་ནུ་མ་ བརྗོད་དེ། དེ་ལ་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་ནི་བུམ་པའི་དབང་བསྐུར་ བའོ། །ཞེས་གསུངས་ལ། མཆོག་གི་དང་པོའི་སངས་རྒྱས་ལས་ཀྱང༌། ཤེས་རབ་ནུ་མར་ ཡན་ལག་ནི། །རེག་པས་བྱང་ཆུབ་སེམས་འཕོའི་བདེ། །འོ་མ་འཛིན་པས་དབང་བསྐུར་ བ། །གང་ལས་བདེ་ཐོབ་དེ་བྱིས་པའོ། །ཞེས་པ་ལ་སོགས་པ་གསུངས་ཤིང༌། བསྡུས་པའི་ རྒྱུད་ཀྱི་རྒྱལ་པོར་ཡང༌། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་ བུམ་པའི་དབང་ནི་དེ་ཉིད་དོ། །ཞེས་འཕགས་པ་འཇམ་དཔལ་གྱིས་བསྡུས་ཤིང༌། དཔལ་ དགྱེས་པའི་རྡོ་རྗེ་བསྡུས་པའི་རྒྱུད་དུ་ཡང༌། དབང་ནི་བཞི་ཡི་གྲངས་ཀྱིས་ནི། ། དགའ་བ་ ལ་སོགས་རིམ་ཤེས་བྱ། །ཞེས་འཕགས་པ་རྡོ་རྗེ་སྙིང་པོས་བསྡུས་སོ། །དཔལ་ཕྱག་ན་རྡོ་ རྗེས་ཀྱང༌། དགའ་བ་ནི་བུམ་པའི་དབང་དུ་འགྱུར་རོ། །མཆོག་ཏུ་དགའ་བ་ནི་གསང་ བའི་དབང་དུ་འགྱུར་རོ། །དགའ་བྲལ་གྱི་དགའ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་ འགྱུར་རོ། །ལྷན་ཅིག་སྐྱེས་པའི་དགའ་བ་ནི་བཞི་པ་དེ་ཡང་དེ་བཞིན་ཉིད་ཀྱི་དབང་དུ་ འགྱུར་རོ། །ཞེས་པ་དང༌། དང་པོ་དགའ་བ་རབ་ཏུ་བརྗོད། །མཆོག་ཏུ་དགའ་བ་གཉིས་ པ་སྟེ། །དགའ་བྲལ་དགའ་བ་གསུམ་པའོ། །ལྷན་ཅིག་སྐྱེས་པ་བཞི་པ་ཉིད། །ཅེས་པ་དེ་ལྟ་ བུ་ལ་སོགས་པ་ནི་དབང་གི་དོན་ནོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར། བུམ་ཆུ་ གཏོར་བ་ལས་དགའ་བའི་དགའ་བ་ཇི་ལྟར་མཚོན་པར་ནུས་ཏེ་མི་ནུས་ན་ཡང་བུམ་ པའི་དབང་དུ་ཇི་ལྟར་འགྱུར། དེས་ན་འདི་ནི་དགོངས་པའི་སྐད་མ་ཤེས་པ་རྣམས་ཀྱི་ 7-1-340 འཁྲུལ་བ་སྟེ་སྒྲ་ཇི་བཞིན་པར་བཟུང་བས་སོ། །དེའི་ཕྱིར་རྩ་བའི་རྒྱུད་རྣམས་ལས་དགའ་ བ་བཞི་ལ་དབང་བཞི་གསུངས་ཤིང༌། ས་བཅུ་པ་རྣམས་ཀྱིས་ཀྱང་མཐུན་པར་བཀྲལ་ ལོ། །དེ་ལ་དང་པོ་གསུམ་ནི་འགྱུར་བའི་ཆོས་ཅན་ཉིད་ཀྱི་ཕྱིར་འཇིག་རྟེན་ཀུན་རྫོབ་ཀྱི་ དབང་ཡིན་ལ། བཞི་པ་ནི་འགྱུར་བ་མེད་ཅིང་སྤྲོས་པ་མེད་པ་ཉིད་ཀྱི་ཕྱིར་འཇིག་རྟེན་ ལས་འདས་པ་དོན་དམ་པའི་དབང་སྟེ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམ་ པར་སྤངས་པའོ། །དེའི་ཕྱིར་གང་དག་དབང་བཞི་པ་ཡང་ལས་ཀྱི་ཕྱག་རྒྱའམ་ཡེ་ཤེས་ཀྱི་ ཕྱག་རྒྱ་ལ་བརྟེན་པར་སྨྲ་བ་དེ་དག་གིས་ནི་དབང་གསུམ་པ་དང་བཞི་པ་ཁྱད་པར་མེད་ པར་ཁས་བླངས་པར་འགྱུར་རོ། །དེ་ལྟ་ན་ནི་རྩ་བའི་རྒྱུད་རྣམས་དང༌། དཔལ་ལྡན་ས་ བཅུ་པ་རྣམས་ཀྱི་གསུང་དང་འགལ་བར་འགྱུར་ཏེ། རེ་ཤིག་དཔལ་འཁོར་ལོ་སྡོམ་པ་ བསྡུས་པའི་རྒྱུད་ཀྱི་འགྲེལ་པར། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་བདེན་པས་ ལས་ཀྱི་ཕྱག་རྒྱའི་རྗེས་སུ་ཆགས་པ་ལས་བྱུང་བ་དབང་པོ་གཉིས་ལས་སྐྱེས་པ་འགྱུར་ བའི་བདེ་བ་ཤེས་རབ་ཡེ་ཤེས་སོ། །ཞེས་གསུངས་པ་དེ་ནི་དོན་དམ་པའི་བདེན་པ་མ་ ཡིན་ནོ། །གང་གི་ཕྱིར་ཞེ་ན། བཞི་པ་སླར་ཡང་དེ་བཞིན་ནོ་ཞེས་པའི་བཅོམ་ལྡན་འདས་ ཀྱི་གསུངས་པ་ལས་སོ། །འདིར་བྱིས་པའི་སྐྱེ་བོ་རྣམས་གསུམ་པ་ཤེས་རབ་ཡེ་ཤེས་དེ་ ཉིད་དབང་བསྐུར་བ་བཞི་པའོ་ཞེས་སྨྲ་བར་འགྱུར་ཏེ། དེས་ན་བརྗོད་པར་བྱའོ། །འདིར་ གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་སླར་ཡང་དེ་བཞིན་གྱི་སྒྲས་བཞི་པར་མི་འགྱུར་ རོ། །གལ་ཏེ་གསུམ་པ་དེ་ཉིད་དེའི་ཚེ་བསྐྱར་ནས་བརྗོད་ན་ཚིག་ཟློས་པའི་སྐྱོན་དུ་ཐལ་ བར་འགྱུར་རོ། །ཅི་སྟེ་གསུམ་པ་ནི་རྒྱུ་ཡིན་ཞིང་བཞི་པ་ནི་འབྲས་བུའོ། །རྒྱུ་དང་འབྲས་ བུ་དག་ལ་དབྱེ་བ་མེད་པའི་ཕྱིར། བཞི་པ་ཡང་གསུམ་པར་གྲུབ་བོ་ཞེས་བྱིས་པ་རྣམས་ ཀྱི་ཚིག་འབྱུང་བར་འགྱུར་ཏེ། དེས་ན་བརྗོད་པར་བྱའོ། ། འདི་ཉིད་བཅོམ་ལྡན་འདས་ ཀྱི་གསུང་མ་ཡིན་ཏེ། སྔར་བརྗོད་པའི་དོན་དམ་པའི་བདེན་པ་ལས་སོ། །གང་གི་ཕྱིར་ བཅོམ་ལྡན་འདས་ཀྱིས་འབྲས་བུ་གསུམ་བསྒྲུབ་པའི་ཕྱིར་ཕྱག་རྒྱ་གསུམ་གསུངས་པའི་ ཕྱིར་རོ། །འདིར་སྔགས་ཀྱི་ཚུལ་ལ་འབྲས་བུ་རྣམ་པ་གསུམ་སྟེ། འདོད་པ་དང་གཟུགས་ 7-1-341 དང་ཐམས་ཅད་མཁྱེན་པའི་དངོས་གྲུབ་ཀྱི་དབྱེ་བས་སོ། །དེ་ལ་ལས་ཀྱི་ཕྱག་རྒྱའི་དངོས་ གྲུབ་ནི་འདོད་པ་ན་སྤྱོད་པའི་འབྲས་བུའོ། །ཡེ་ཤེས་ཀྱི་ཕྱག་རྒྱས་དངོས་གྲུབ་ནི་གཟུགས་ ན་སྤྱོད་པའི་འབྲས་བུའོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་ཐམས་ཅད་མཁྱེན་པའི་ འབྲས་བུའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་གཟུགས་མད་པའི་ཁམས་ཀྱི་འབྲས་བུ་ སྟེ་ཕྱག་རྒྱ་གསུམ་སྤངས་པའོ། །དེའི་ཕྱིར་ཕྱག་རྒྱ་ཆེན་པོའི་བསྒྲུབ་པ་ལ་ལ་ལས་ཀྱི་ཕྱག་ རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རྒྱུར་མི་འགྱུར་ཏེ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ བསྒོམ་པ་ཡོངས་སུ་སྤངས་པའི་ཕྱིར་དང༌། ཕྱག་རྒྱ་ཆེན་པོ་བསྒོམ་པ་ངེས་པའི་ཕྱིར་ རོ། །འདིར་དབང་པོ་གཉིས་ལས་སྐྱེས་པ་འཛག་པ་ནི་འདོད་པ་ན་སྤྱོད་པའི་བདེ་ བའོ། །གཡོ་བའི་མཚན་ཉིད་ནི་གཟུགས་ན་སྤྱོད་པའི་བདེ་བ་སྟེ་བདེ་བ་ཆེན་པོར་མི་ འགྱུར་རོ། །གསུམ་པའི་རྒྱུ་ལས་སྐྱེས་པ་དང་འཛག་པ་དང་གཡོ་བ་ནི་གསུམ་པའི་འབྲས་ བུའོ། །དེ་ནི་སངས་རྒྱས་རྣམས་ཀྱིས་བཞི་པར་མ་གསུངས་ཏེ། རྒྱུ་མཐུན་པའི་འབྲས་བུ་ ཉིད་ལས་སོ། །འདིར་བཞི་པ་ནི་གསུམ་པའོ་ཞེས་སངས་རྒྱས་པ་རྣམས་སྨྲ་བར་འགྱུར་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་མཆོག་གི་དང་པོའི་སངས་རྒྱས་སུ་གསུངས་པ། འདོད་པ་ན་སྤྱོད་དངོས་གྲུབ་ནི། །ལས་ཀྱི་ཕྱག་རྒྱས་བསྒྲུབ་པར་བྱ། །ཡེ་ཤེས་ཕྱག་རྒྱས་ གཟུགས་ཁམས་ཀྱི། །འོག་མིན་གནས་ཀྱི་མཐར་ཐུག་པ། །ཡན་ལག་ཕྱག་རྒྱ་ཆེ་བསྒོམས་ པས། ། རྣལ་འབྱོར་ཆེན་པོས་ཀུན་མཁྱེན་ཉིད། །འགྱུར་མེད་བདེ་བའི་རང་བཞིན་ བསྒྲུབ། །སྐྱེ་བ་འདིར་ནི་སངས་རྒྱས་ཉིད། །ཅེས་པའོ། །དེའི་ཕྱིར་མཁས་པ་རྣམས་ཀྱིས་ འདི་ཐམས་ཅད་རྒྱུད་གཞན་གྱིས་རྟོགས་པར་བྱའོ། །ཞེས་དཔལ་ཕྱག་ན་རྡོ་རྗེས་ གསུངས་ལ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། འདིར་གལ་ཏེ་ གསུམ་པ་འགྱུར་བའི་བདེ་བ་ཤེས་རབ་ཡེ་ཤེས་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་བཞི་པ་ ཡིན་ན་དེའི་ཚེ་མངོན་པར་བརྗོད་ཟིན་པ་མངོན་པར་བརྗོད་པར་འགྱུར་རོ། །དེ་ལྟར་ ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་ཟློག་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་ རོ། །ཇི་ལྟར་ལག་པ་ཞེས་བརྗོད་པའི་རྗེས་ལ་སླར་ཡང་ལག་པ་དང༌། དེ་བཞིན་དུ། སླར་ 7-1-342 ཡང་ཞོ་བཞིན་ནོ། །འདི་ནི་བྱིས་པ་དང་སྨྱོན་པའི་ཚིག་སྟེ་མཁས་པ་རྣམས་ཀྱིས་ནི་མ་ ཡིན་ནོ། །དེའི་ཕྱིར་བཞི་པ་ཞེས་གསུངས་པའི་ཕྱིར་གསུམ་པར་མི་འགྱུར་རོ། །དེ་ཡང་དེ་ བཞིན་ནོ། །ཞེས་གསུངས་པའི་ཕྱིར་ཤེས་རབ་ཡེ་ཤེས་དེ་ཉིད་དོ། །བཅོམ་ལྡན་འདས་ཀྱི་ གསུང་འདིའི་ཕྱིར་མ་རྟོགས་པ་ཉམས་པ་རྣམས་ནི་བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་ པའི་སྒྲས་བཅོམ་ལྡན་འདས་ཀྱིས་གསུམ་པ་གསུངས་ཏེ་བཞི་པ་ཞེས་བྱ་བར་མི་འགྱུར་ རོ། །ཞེས་སྨྲ་བར་འགྱུར་ཏེ། འདིར་བྱིས་པའི་བློ་ཅན་དབང་པོ་གཉིས་ལས་བྱུང་བའི་ འགྱུར་བའི་བདེ་བ་ལ་མངོན་པར་ཆགས་པ། མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ ལས་ཉམས་པ་རྣམས་ཀྱི་ཆོས་མ་ཡིན་པའི་རབ་ཏུ་འཇུག་པའོ། །དེའི་ཕྱིར་བྱང་ཆུབ་ཀྱི་ སེམས་འཕོ་བའི་བདེ་བ་ནི་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་ཡེ་ཤེས་བཞི་པར་མི་ འགྱུར་རོ། །ཞེས་པ་དང༌། དེའི་ཕྱིར་བཞི་པ་ནི་གསུམ་པར་མི་འགྱུར་རོ། །འདིར་གལ་ཏེ་ ཐིག་ལེ་འདོར་བའི་གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་པ་ཡིན་ན་དེའི་ཚེ་བཅོམ་ ལྡན་འདས་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་བར་མི་འགྱུར་ཞིང༌། གལ་ཏེ་བཞི་པ་ཁྱད་ པར་དགའ་བ་ཡིན་ན་དེའི་ཚེ་དགའ་བ་དང་མཆོག་དགའ་དང་ཁྱད་པར་དགའ་བ་ དང་ལྷན་ཅིག་སྐྱེས་པ་བསམ་གཏན་བཞི་པའི་རྩེ་མོ་འཆང་བར་མི་འགྱུར་རོ། །དེའི་ཕྱིར་ དེ་བཞིན་གཤེགས་པའི་ཡེ་ཤེས་ནི་དབང་པོ་དང་བྲལ་ཞིང་རང་རིག་པའོ། །དེའི་ཕྱིར་ རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་ཤིན་ཏུ་བརྟན་པར་བསྲུང་བར་བྱ་སྟེ་དོར་བར་མི་ བྱའོ། ། ཐིག་ལེ་ལ་གཞན་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དང་བྲལ་བ་ཆུ་དང་གཅི་བ་ལ་ སོགས་པ་གང་དག་ལུས་སམ་ཕྱི་རོལ་ལ་ཡོད་ཀྱང་སངས་རྒྱས་ཉིད་ཀྱི་འབྲས་བུ་གཏེར་ བར་བྱེད་པར་མི་འགྱུར་རོ། །ཞེས་པ་དང༌། འདིར་གལ་ཏེ་ཤེས་རབ་ཀྱི་ཡེ་ཤེས་ནི་ཤེས་ རབ་ཀྱི་ཡེ་ཤེས་ཏེ་འཕོ་བའི་མཚན་ཉིད་ཤེས་རབ་ཀྱི་རྒྱུ་ལས་སྐྱེས་པའི་འབྲས་བུ་ཐབས་ ཀྱི་ཤེས་རབ་ཡེ་ཤེས་ཡིན་ན། དེའི་ཚེ་ཐབས་ཀྱི་རྒྱུ་ལས་སྐྱེས་པའི་འབྲས་བུ་ནི་ཤེས་རབ་ ཀྱི་ཐབས་ཡེ་ཤེས་སུ་འགྱུར་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུའོ། །དེ་ལྟར་ན་ ཕན་ཚུན་ལྟོས་པ་ཉིད་ཀྱི་ཕྱིར་ཡེ་ཤེས་གཉིས་སུ་འགྱུར་རོ། །དེ་ལྟར་གཉི་གའི་ཡེ་ཤེས་སོ་ 7-1-343 སོར་གྱུར་ན་གཉིས་སུ་མེད་པའི་ཡེ་ཤེས་མེད་དོ། །གཉིས་སུ་མེད་པའི་ཡེ་ཤེས་མེད་པའི་ ཕྱིར་སངས་རྒྱས་ཉིད་ཀྱང་མེད་པར་འགྱུར་ཏེ། རྣམ་པར་དག་པ་མཆོག་ཏུ་མི་འགྱུར་ བའི་ཡེ་ཤེས་དང་བྲལ་བའི་ཕྱིར་རོ། །གལ་ཏེ་ཤེས་རབ་ཀྱི་ཡེ་ཤེས་ཤེས་རབ་ཡེ་ཤེས་ཡིན་ ན་དེའི་ཚེ་ཐབས་ཀྱི་ཡེ་ཤེས་སོ་ཞེས་པ་སྟེ། དེ་ལྟར་ན་སྐྱོན་སྔ་མ་བཞིན་ནོ། །ཞེས་པ་དང༌། དེ་ཁོ་ན་ཉིད་ཀྱི་བརྡ་ཚིག་ཏུ་བརྗོད་པ་སྤངས་པ་དམ་པའི་དོན་ཅན་ལས་ཀྱི་ཕྱག་རྒྱ་ དང་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་སྤངས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་ པའི་སླད་དུ་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་ངེས་པར་བསྟན་ ཏོ། །ཞེས་པ་དང༌། དེ་ལྟར་དབང་བཞི་པ་མ་རྟོགས་པའི་ཕྱིར། དབང་ཐམས་ཅད་དོན་ མེད་པར་འགྱུར་རོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། དགྱེས་པའི་རྡོ་རྗེ་རྩ་ བའི་རྒྱུད་ལས་ཀྱང༌། གསུམ་པ་ལས་གཞན་བཞི་པ་སྟེ། །བཞི་པ་སླར་ཡང་དེ་བཞིན་ ཞེས། །གསུངས་པའི་ཕྱིར་ན་བཞི་པ་ནི། །གསུམ་པ་མ་ཡིན་གཞན་དུ་དཔྱད། །ཅེས་པ་ དང༌། དཔེ་བྱད་བརྒྱད་ཅུ་སོགས་སྤྲས་པའི། །མངའ་བདག་ཁུ་བ་ཡིན་ཞེས་པ། །བདེ་བ་ འཛག་མེད་བརྟན་པ་ཡིས། །ཚུལ་ཁྲིམས་རལ་པ་མེད་པ་རུ། །བསམ་གཏན་བཞི་པའི་ མཐར་བཟུང་སྟེ། །ཡིད་ཀྱི་མེ་ཏོག་མདངས་ཅན་འདི། །རླུང་གིས་ཡོངས་སུ་མི་འདའ་ བར། །བཅིངས་པས་དཔེ་བྱད་ལྡན་པར་འགྱུར། ། ཞེས་པ་དང༌། འཕོ་བའི་ཆོས་ཅན་མ་ རིག་པའོ། །ཞེས་པ་དང༌། འགྱུར་བའི་མ་རིག་འགགས་པ་ཡིས། །འདུ་བྱེད་འགག་པར་ འགྱུར་བ་སྟེ། །ཞེས་པ་ལ་སོགས་པ་ནས། འཕོ་བའི་སྐད་ཅིག་འགགས་འགྱུར་ན། །རྣལ་ འབྱོར་ཀུན་ལ་སངས་རྒྱས་ཉིད། །ཅེས་པ་ལ་སོགས་པ་དང༌། ཀུན་མཁྱེན་གོ་འཕང་ འདོད་པ་ཡིས། །རྟོག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་གང་ལ་མེད་གྱུར་པ། །དེ་ལ་རྟག་ ཏུ་བརྩོན་པར་བྱ། །ཞེས་གསུངས་ལ། དགྱེས་པའི་རྡོ་རྗེ་བསྡུས་པའི་རྒྱུད་ཀྱི་འགྲེལ་པར་ ཡང༌། དེ་བས་ན་འཇིག་རྟེན་ལྟ་བུའི་ཡེ་ཤེས་རང་རིག་པ་སྤངས་ལ་མི་འགྱུར་བའི་ཡེ་ ཤེས་བདེ་བ་ཆེན་པོ་བསྒོམ་པར་ངེས་སོ། །དེའི་ཕྱིར། རང་གཞན་ཡང་དག་རིག་པ་ སྤངས། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མེད་བདག་ཉིད་ 7-1-344 མཆོག །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཆགས་དང་ཆགས་བྲལ་རྣམ་པར་འདྲེས། ། ཞེས་པས་བསྟན་ཏེ། འདི་ལྟར་འཇིག་རྟེན་པའི་འདོད་ཆགས་གང་ཡིན་པ་དེ་ནི་འཇིག་ པ་དང་འགྱུར་བ་དང༌། རང་ཉིད་འབའ་ཞིག་རིག་པ་དང༌། ཕྱོགས་གཅིག་པ་དང༌། དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ཐ་དད་པ་དང་ཐབས་དང་ཤེས་རབ་ ཡང་དག་པ་མ་ཡིན་པས་བརྡར་བསྟན་ཅིང་ཆེར་མ་འདྲེས་པ་དང་ཆགས་པ་དང་བྲལ་ བའི་ཕྱོགས་ཆེས་ཐ་དད་པའི་ཕྱིར། གང་དེ་སྤངས་ལ་མི་འགྱུར་བའི་བཞི་པ་ཞེས་བྱ་བ་ བསྒོམ་པར་ངེས་སོ། ། དེ་བས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོ་འདི་ཉིད་ལུས་ཅན་ རྣམས་འཁོར་བ་ལས་འདོན་ཞིང༌། རིག་པ་འཛིན་པའི་གནས་སུ་ཁྲིད་དེ་དབུགས་ཆེན་ པོ་འབྱིན་པ་སྟེ། ཞེས་པ་དང༌། དང་པོར་རེག་པར་འདོད་པ་དང༌། །གཉིས་པ་བདེ་བར་ འདོད་པ་དང༌། །གསུམ་པ་འདོད་ཆགས་འཇིག་པ་ཉིད། །དེས་ན་བཞི་པ་བསྒོམ་པར་ བྱ། །ཞེས་པ་བསྟན་ཏེ། འདི་ལྟ་སྟེ། བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་རྣམས་ ནི་ཉམས་ཤིང་འཇིག་པར་བྱེད་པའི་བདག་ཉིད་ཡིན་པས། བསམ་གཏན་བཞི་པ་བསྒོམ་ པར་ངེས་སོ། །དེ་བཞིན་དུ། མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་ཀྱང༌། གསུམ་པོ་ འཇིག་རྟེན་ཀུན་རྫོབ་སྟེ། །བཞི་པ་དག་ནི་དོན་དམ་ཉིད། །ཅེས་གསུངས་སོ། །མཆོག་ཏུ་ དགའ་བ་སྲིད་པར་བརྗོད། །དགའ་བྲལ་ལས་ནི་མྱ་ངན་འདས། །དབུ་མ་དགའ་བ་ཙམ་ ཉིད་དེ། །དེ་ཕྱིར་ལྷན་ཅིག་སྐྱེས་པས་སྤངས། །ཞེས་པ་དང༌། དེ་ལྟར་བརྗོད་པའི་དགའ་ བ་གསུམ་ནི་སྲིད་པ་སྟེ། འཇིག་རྟེན་པའི་རང་བཞིན་ཅན་ཡིན་ཞིང༌། གཏན་ཚིགས་ འདིས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷན་ཅིག་སྐྱེས་པའི་དབྱེ་བས། སྔོན་མ་རྣམས་ཤེས་རབ་ཀྱི་རང་བཞིན་གྱིས་དོར་ཏེ། གནས་ཕྱི་མ་རྣམས་ལ་འབད་པར་ བྱའོ། །ཞེས་པ་དང༌། གང་དུ་དབང་པོ་གཉིས་ཀྱི་བདེ་བའི་སྐད་ཅིག་སྤངས་ཏེ། ལྷན་ཅིག་ སྐྱེས་པ་ཆེན་པོར་གང་གནས་པ་འདི་ནི་རིགས་སྔགས་འཆང་གི་སློབ་དཔོན་ཆེན་པོ་ ཡིན་ནོ། །ཞེས་པ་དང༌། གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་ བརྗོད། །ཅེས་པ་དང༌། དགའ་བ་གསུམ་པོ་ནི་སྲིད་པ་གསུམ་པོ་བསྐྱེད་པས་ཡོངས་སུ་ 7-1-345 དོར་ཏེ། བཞི་པ་བསྒོམ་པར་ངེས་སོ། །འདི་ལྟར་དགའ་བ་གསུམ་གྱི་མཚན་ཉིད་ཅན་གྱི་ བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་རྣམས་ནི་འཇིག་རྟེན་ལྟ་བུའི་བདེ་བ་སྟེ་ ཀུན་རྫོབ་པ་ཉིད་ཡིན་པའི་ཕྱིར་ཡོངས་སུ་དོར་ལ། ཡིད་ནང་དུ་ཆུད་པའི་བདེ་བ་འདོད་ ཆགས་དང་བྲལ་བ་དང་དབུ་མ་སྤངས་པའི་བདེ་བ་དེ་ཉིད་ཀྱིས་སྤྱོད་པ་དང་གྲོལ་བ་ སྟེར་བ་ཡིན་ནོ། །ཞེས་པ་དང༌། གང་གི་དུས་སུ་ལྷན་ཅིག་སྐྱེས་པ་ཆེན་པོ་ལ་གནས་པ་དེ་ ནི་ལས་དང་པོ་པའི་ས་ལས་འདས་ཏེ། དང་པོ་སྤྲིན་དང་འདྲ་བ་ཡིན། །གྲུབ་པས་སྒྱུ་མ་ ལྟ་བུར་འགྱུར། །ཞེས་པ་དང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་ དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་པ་དང༌། གློ་བུར་གྱི་དྲི་མ་ནི་ འཛག་པ་ཡིན་ལ་དེའི་རྒྱུ་བ་བཅད་པ་ནི་སངས་རྒྱས་ཞེས་བྱ་བའི་དོན་ཏོ། ། ཞེས་པ་ དང༌། འཛག་པའི་བདེ་བའི་ཆང་གིས་མྱོས་པ་ནི་སྨྱོན་པ་ཡིན་ལ། དེ་བས་ན་འཛག་པ་ མེད་པའི་བཏུང་བའི་བདེ་བ་ཅན་ནི་སྨྱོན་པ་དང་འདྲ་བ་མ་ཡིན་ནོ། །ཞེས་པ་དང༌། དེ་ ལྟར་ན་དེ་བཞིན་གཤེགས་པས་གནས་གང་དུ་སྨད་པར་གསུངས་པ་དེ་ནི་འཛག་པ་ལ་ དགོངས་པ་ཡིན་ལ། གང་དུ་བསྔགས་པ་མཛད་པ་དེ་ནི་མི་འགྱུར་བའི་བདེ་བ་འདི་ལྟ་ བུ་ལ་དགོངས་པའི་ཕྱིར་རོ། །དེ་ལྟར་ན་ཆགས་པ་འདི་ཉིད་མི་འགྱུར་བ་འདི་ནི་བྱིས་ པའི་རྣལ་འབྱོར་པ་རྣམས་ཀྱི་ཡུལ་མ་ཡིན་ཏེ། བཟློག་པའི་བསྒོམ་པ་འདི་ཉིད་ ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་པ་དང༌། རྡོ་རྗེ་སློབ་དཔོན་བློ་དང་ལྡན་ པས་དབང་ལ་འཆོལ་བའི་སྐྱོན་སྤངས་ལ་དབང་བཞིའི་གོ་རིམ་བཞིན་དུ་བསྐུར་བར་བྱ་ སྟེ། ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། དེ་ལྟ་བས་ན་གསུམ་པ་འགྱུར་བའི་ཆོས་ ཅན་དྲང་བའི་དོན་དང༌། བཞི་པ་འགྱུར་བ་མེད་པ་ངེས་པའི་དོན་ནི་སོ་སོར་མ་འདྲེས་ པར་ཁོང་དུ་ཆུད་པར་བྱ་སྟེ། རྩ་བའི་རྒྱུད་རྣམས་དང་དཔལ་ལྡན་ས་བཅུ་པ་རྣམས་ཀྱི་ གསུང་ལས་སོ། །གཞན་རྣམས་ཀྱི་ནི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་དེ་དག་ལས་འཁྲུལ་བར་ མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པའི་ཡུལ་དུ་མ་འོངས་པའི་སློབ་དཔོན་རྣམས་ཀྱི་ འཇུག་པ་གཟིགས་ནས་བསྡུས་པའི་རྒྱུད་གཞན་རྣམས་སུ་བཅོམ་ལྡན་འདས་ཀྱིས་སྦས་ 7-1-346 པའི་ཕྱིར་ཏེ། དཔལ་ལྡན་དྲི་མ་མེད་པའི་འོད་ལས། འཕགས་པའི་ཡུལ་འདིར་མ་འོངས་ པའི་དུས་ན་རྡོ་རྗེ་སློབ་དཔོན་རྫས་ལ་བརྐམ་པ་དག་འབྱུང་བར་འགྱུར་ཏེ། ཕྱུག་པོ་རྫས་ ཀྱིས་མངོན་པར་ཁེངས་པ་རྣམས་ཀྱིས་ཁྱིམ་དུ་སོང་ནས། རྫས་ཀྱི་དོན་དུ་ཆོས་འཚོང་ བར་བྱེད་པར་འགྱུར་བ་དང༌། རྫས་ལ་ཆགས་པས་སྐལ་བ་དང་མི་ལྡན་པ་རྣམས་ལ་ འཇིག་རྟེན་ལས་འདས་པའི་དབང་སྟེར་བར་འགྱུར་བ་དང༌། དང་པོ་རྒྱལ་པོ་ལ་སོགས་ པའི་མངག་གཞུག་པ་ཕྱི་ནས་བླ་མར་འགྱུར་བ་དང༌། རྫས་ཀྱིས་དམན་པ་མི་དགེ་བ་ བཅུའི་ལས་ཀྱི་ལམ་ཡོངས་སུ་བཏང་ཞིང་སེམས་ཅན་སྐལ་བ་དང་ལྡན་པར་གྱུར་པ་ གཞན་རྣམས་ལ་ཡང་འཇིག་རྟེན་ལས་འདས་པའི་དབང་མི་སྟེར་བར་འགྱུར་བ་དང༌། དེ་དག་རྣམས་ལ་ཉོན་མོངས་པ་སྐྱེད་པར་འགྱུར་བ་དང༌། རྫས་ཀྱི་དབང་གིས་གདུག་ པའི་སེམས་ཅན་རྣམས་ལ་རྡོ་རྗེའི་ཚིག་རབ་ཏུ་གསལ་བར་བྱེད་པར་འགྱུར་བ་དང༌། གཞན་ཡང་རྡོ་རྗེའི་ཚིག་མི་ཤེས་པ་ཕན་ཚུན་རྩོད་པ་བྱེད་པར་འགྱུར་བ་དང༌། མཁས་ པའི་མངོན་པའི་ང་རྒྱལ་གྱིས་རྒྱུད་ཀྱི་དོན་ལ་མི་ཤེས་པ་རྣམས་ཀྱང་རྒྱུད་ཀྱི་འགྲེལ་ བཤད་བྱེད་པར་འགྱུར་བ་དང༌། བདུད་ཀྱི་རིས་རྣམས་སེམས་ཅན་རྣམས་ཀྱི་བླ་མར་ གྱུར་ནས་རྡོ་རྗེའི་ཚིག་ཕྱིན་ཅི་ལོག་ཏུ་སྟོན་པར་འགྱུར་བ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ དབང་པོ་གཉིས་ལས་སྐྱེས་པའི་བདེ་བར་བྱིས་པའི་བློ་ཅན་རྣམས་ལ་སྟོན་པར་འགྱུར་བ་ དང༌། གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་པ་སྟེ། དེ་ཡང་དེ་བཞིན་ནོ་ཞེས་པའི་སྒྲས་ རྒྱུ་དང་འབྲས་བུ་དབྱེ་བ་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། ཞེས་གསུམ་ པའི་ཡེ་ཤེས་སངས་རྒྱས་ཀྱི་ཡེ་ཤེས་སུ་སྨྲ་བར་འགྱུར་བ་དང༌། འཕགས་པའི་ཡུལ་གང་ དུ་མཁས་པའི་མངོན་པའི་ང་རྒྱལ་གྱིས་གླེགས་བམ་མཐོང་ནས་དབང་བསྐུར་མེད་པར་ རྡོ་རྗེ་ཐེག་པ་སྟོན་པ་པོ་བྱེད་པར་འགྱུར་བ་དེའི་ཕྱིར། དེ་ལྟར་མ་འོངས་པའི་དུས་ཀྱི་ གདུག་པའི་སློབ་དཔོན་རྣམས་ཀྱི་འཇུག་པ་གཟིགས་ནས། སངས་རྒྱས་བཅོམ་ལྡན་ འདས་ཀྱིས་རྒྱུད་དང་རྒྱུད་གཞན་ཐམས་ཅད་དུ་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ གསལ་པོར་མ་མཛད་དེ། རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་རྣམས་སུ་བཞི་པ་ཤེས་རབ་ 7-1-347 ཡེ་ཤེས་དང་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པའི་ལམ་ཤིན་ཏུ་སྦས་ཤིང༌། རྩ་ བའི་རྒྱུད་འགའ་ཞིག་ལ་རབ་ཏུ་གསལ་ལོ། །རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ འདི་དག་དང་བསྡུས་པའི་རྒྱུད་ལ་ཡང་བཞི་པ་ཤེས་རབ་ཡེ་ཤེས་རབ་ཏུ་གསལ་ཞིང་ ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པའི་ལམ་ཡང་རབ་ཏུ་གསལ་བ་རྡོ་རྗེ་སློབ་ དཔོན་བརྒྱུད་པའི་རིམ་པས་འོངས་པ་མ་ཡིན་པ་སྟེ། དཔེར་ན་སྔགས་ཀྱི་ལྷ་དང་ཕྱི་རོལ་ གྱི་དངོས་གྲུབ་བསྒྲུབ་པའི་ཐབས་དང་དཔའ་བོའི་རིམ་པ་དང་རང་བྱིན་གྱིས་བརླབ་ པའི་རིམ་པ་ཡང་བླ་མ་བརྒྱུད་པའི་རིམ་པས་འོངས་པ་མ་ཡིན་པ་བཞིན་ནོ། །རྣམ་པར་ དག་པའི་རིམ་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་པོ་འདི་མཆོག་གི་དང་ པོའི་སངས་རྒྱས་ལ་རབ་ཏུ་གསལ་བར་གླེགས་བམ་ལ་བྲིས་ཏེ་ཆུ་བོ་ཤཱི་ཏའི་བྱང་དུ་ སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཀྱི་སེམས་ཀྱི་ལྷག་པར་མོས་པ་མཁྱེན་ནས་ བཅོམ་ལྡན་འདས་ཀྱིས་བསྟན་ཅིང༌། ཕྱག་ན་རྡོ་རྗེས་གླེགས་བམ་ལ་བྲིས་སོ། །མཚན་ ཡང་དག་པར་བརྗོད་པ་ཚད་མར་བྱས་ནས་སེམས་ཅན་རྣམས་ཐེ་ཚོམ་མེད་པར་འགྱུར་ བ་གང་ཡིན་པ་དེས་ན་སྔགས་ཀྱི་ཐེག་པའི་ཚུལ་ཐམས་ཅད་ཀྱི་ངེས་པའི་དོན་མཚན་ ཡང་དག་པར་བརྗོད་པ་ལས། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཡང་དག་པར་ བསྟན་ཏོ། །དེའི་ཕྱིར་གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས། མཚན་ ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་ པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ།། གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་ པ་དེ་དག་ཐམས་ཅད་ནི་འཁོར་བ་པ་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་ བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་ བསྟན་པར་བྱ་ཞིང༌། ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉན་པར་ བྱའོ། །ཞེས་པ་དང༌། བསྡུས་པའི་རྒྱུད་ཀྱི་རྒྱལ་པོར་ཡང༌། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ དག་ཏུ་ངེས་པར་རྡོ་རྗེའི་ཚིག་ནི་རྡོ་རྗེ་ཅན་གྱིས་སྦས་པ་སྟེ། དང་པོའི་སངས་རྒྱས་སུ་ནི་ 7-1-348 སྲོག་ཆགས་རྣམས་ཀྱི་ཐར་པའི་སླད་དུ་མ་ལུས་པ་ཡང་མངོན་སུམ་གསུངས། །ཞེས་པ་ དང༌། དེ་ཉིད་ཀྱི་འགྲེལ་པར་ཡང༌། དེ་ཅིའི་ཕྱིར་ཞེ་ན། འཕགས་པའི་ཡུལ་དུ་སངས་ རྒྱས་པ་རྣམས་ཀྱི་མཁས་པའི་མངོན་པའི་ང་རྒྱལ་གྱི་ཕྱིར་ཏེ། གང་གིས་སངས་རྒྱས་པའི་ མཁས་པ་རྣམས་བླ་མའི་སྲི་ཞུ་བྱས་པ་མེད་པར་གླེགས་བམ་མཐོང་ནས་བདག་ཅག་ རྣམས་ཀྱིས་རྡོ་རྗེའི་ཚིག་ཤེས་སོ། །ཞེས་བརྗོད་པར་འགྱུར་བའི་ང་རྒྱལ་དེས་དམྱལ་བར་ འགྲོ་བར་འགྱུར་ཏེ། དབང་ཡང་དག་པར་སྦྱིན་པ་མེད་པའི་ཕྱིར་རོ། །དེ་བས་ན་སྦས་ སོ། །དེས་ན་དང་པོའི་སངས་རྒྱས་སུ་ནི་ཤམ་བྷ་ལའི་ཡུལ་དུ་སྐྱེས་པ་ང་རྒྱལ་མེད་པའི་ སེམས་དང་ལྡན་པའི་སྲོག་ཆགས་རྣམས་ཀྱི་ཐར་པའི་སླད་དུ་མ་ལུས་པ་ཡང་མངོན་ སུམ་དུ་གསུངས་སོ། །ཞེས་པ་དང༌། ཡང༌། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་ནི་ངེས་པར་ རྡོ་རྗེའི་ཚིག་འདི་རྣལ་འབྱོར་པ་རྣམས་དག་ལ་གསུངས། །བྱིས་པ་རྣམས་ནི་སྨིན་པར་ བྱེད་པའི་དོན་དུ་མཆོག་གི་སྙིང་རྗེ་དག་གིས་སྣ་ཚོགས་གཙོ་བོས་སྦས། །དེའི་ཕྱིར་དེ་ནི་ དབྱེ་བ་བྱས་ནས་ཉིན་ཞག་སོ་སོའི་དུས་སུ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཕྱག་ རྒྱའི་དངོས་གྲུབ་དོན་སླད་རྒྱལ་བ་མཆོག་གི་བསྐྱེད་མཛད་གཞོམ་དུ་མེད་པ་དུས་ཀྱི་ འཁོར་ལོའོ། །ཞེས་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པས་བསྡུས་ཤིང༌། དེའི་ འགྲེལ་པར་ཡང༌། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་བྱིས་པ་རྣམས་ནི་སྨིན་པར་བྱེད་པའི་ དོན་དུ་མཆོག་གི་སྙིང་རྗེ་དག་གིས་སྣ་ཚོགས་གཙོ་བོས་སྦས་ཏེ་བྱིས་པ་རྣམས་ལ་དབང་ པོ་གཉིས་ཀྱི་བདེ་བ་རབ་ཏུ་བསྟན་ཏོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ལ། དཔལ་ ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། ཅིའི་ཕྱིར་བཅོམ་ལྡན་འདས་རྩ་བའི་རྒྱུད་ལས་བསྡུས་ པའི་རྒྱུད་སྟོན་པར་མཛད་ཅེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ། འདིར་སྙིགས་ མ་ལྔའི་དུས་ན་འཛམ་བུ་གླིང་པའི་མི་རྣམས་དང༌། ཁྱད་པར་དུ་འཕགས་པའི་ཡུལ་དུ་ ཚེ་ཐུང་ཤིང་ཤེས་རབ་དམན་པ་འབྱུང་བར་འགྱུར་རོ། །རྡོ་རྗེ་སློབ་དཔོན་གང་ཡིན་པ་ དེ་རྣམས་རྩ་བའི་ལྟུང་བ་ལ་འཇུག་པ་འབྱུང་བར་འགྱུར་རོ། །དགེ་སློང་རྣམས་མི་དགེ་ བ་བཅུ་བྱེད་པར་འབྱུང་བར་འགྱུར་རོ། །ཁྱིམ་ན་གནས་པ་དཀོན་མཆོག་གསུམ་གྱི་རྫས་ 7-1-349 ཉེ་བར་ལོངས་སྤྱོད་པ་འབྱུང་བར་འགྱུར་རོ། །མཁས་པ་རྣམས་མ་ཐོས་པའི་རྒྱུད་འཆད་ པ་འབྱུང་བར་འགྱུར་རོ། །མཁས་པའི་མངོན་པའི་ང་རྒྱལ་གྱིས་རྒྱུད་ལ་དཀའ་འགྲེལ་ དང་འགྲེལ་བཤད་བྱེད་པ་འབྱུང་བར་འགྱུར་རོ། །རྒྱུད་ཀྱི་དོན་ཕྱིན་ཅི་ལོག་ཏུ་བསྟན་ ནས་དམྱལ་བར་འགྲོ་བ་འབྱུང་བར་འགྱུར་རོ། །གང་ཞིག་སངས་རྒྱས་པ་རྨོངས་པ་དེ་ རྣམས་བླུན་པོའི་དད་པ་ཉིད་ཀྱིས་ཁྱིམ་ན་གནས་པའི་སློབ་དཔོན་རྣམས་ལ་བསྙེན་ བཀུར་བྱེད་པར་འགྱུར་རོ། །ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན་པ་རྣམས་ལ་ སུན་འབྱིན་པ་འབྱུང་བར་འགྱུར་རོ། །སློབ་མ་གང་ཡིན་པ་དེ་རྣམས་བླ་མ་དམ་པའི་ སྐྱོན་ཚོལ་བ་འབྱུང་བར་འགྱུར་རོ། །བླ་མ་དམ་པ་མ་ཡིན་པ་བཟའ་བ་དང་གཉིས་སུ་ མེད་པ་རྣམས་ལ་བསྟོད་པ་དང་མཆོད་པ་བྱེད་པར་འགྱུར་རོ། །བླ་མ་མཉེས་པར་བྱ་བར་ གསུངས་པ་སངས་རྒྱས་ཀྱི་གསུང་མི་བྱེད་པར་འགྱུར་རོ། །ཆོས་སྟོན་པ་པོ་རྣམས་མི་དགེ་ བ་བཅུ་ལ་རབ་ཏུ་འཇུག་པ་འབྱུང་བར་འགྱུར་རོ། །སྒྲུབ་པ་པོ་རྣམས་ཕྱི་རོལ་གྱི་བཟའ་ བ་དང་བཏུང་བ་ལོངས་སྤྱོད་པ་ལ་ཆགས་པ་འབྱུང་བར་འགྱུར་རོ། །བུད་མེད་ཀྱི་འགྲོ་ བ་རྣམས་འདོད་པ་ལ་ཤིན་ཏུ་བརྐམ་པ་འབྱུང་བར་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་ འདས་ཀྱིས་རྩ་བའི་རྒྱུད་ཐམས་ཅད་ལས་བསྡུས་པའི་རྒྱུད་བསྟན་ཏོ། །དེ་ཡང་རྡོ་རྗེའི་ ཚིག་མང་བ་ཉིད་ཀྱི་ཕྱིར་ཐར་པ་དོན་དུ་གཉེར་བའི་མཁས་པ་རྣམས་ཀྱིས་བླ་མ་དམ་པ་ ཉེ་བར་བསྟེན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་འགྲེལ་བཤད་ དང༌། རྒྱུད་ནི་རྒྱུད་གཞན་དུ་གསུངས་པས་ཤེས་པར་བྱའོ། །ཞེས་པ་དང༌། དེ་ལྟར་རྒྱུད་ ཐམས་ཅད་དུ་གསུངས་པའི་དོན་ནི། གཙོ་བོར་རྩ་བའི་རྒྱུད་དམ། བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་མཛད་པའི་འགྲེལ་བཤད་ཀྱིས། བཅུ་དྲུག་གི་དོན་འདི་ཐམས་ཅད་ ཡུལ་གཞན་ལྷོ་དང་བྱང་དུ་སོང་སྟེ་ཤེས་པར་བྱའོ། །གཞན་དུ་མཁས་པའི་མངོན་པའི་ང་ རྒྱལ་དང་ལྡན་པ་རྣམས་ཀྱིས་བྱིས་པའི་འགྲེལ་བཤད་ཀྱིས་གསང་བའི་དོན་རྟོགས་པར་ མི་འགྱུར་རོ། །ཞེས་གསུངས་ཤིང༌། དཔལ་དགྱེས་པའི་རྡོ་རྗེ་བསྡུས་པའི་རྒྱུད་ཀྱི་འགྲེལ་ པ་ལས་ཀྱང༌། སྙིགས་མ་ལྔ་ཡི་དུས་འདི་ལ། །འབྱུང་བར་འགྱུར་བའི་སློབ་དཔོན་ 7-1-350 གང༌། །དམ་པ་མིན་པའི་ལམ་ཞུགས་ནས། །རྣལ་འབྱོར་སྤྱོད་པ་སྟོན་བྱེད་དེ། །འགྲེལ་པ་ མ་གཏོགས་བསྡུས་པའི་རྒྱུད། །ཚུལ་ངན་རྣམས་ཀྱིས་སྟོན་པར་བྱེད། །གཞན་གྱི་བུད་མེད་ ནོར་ཞེན་ཕྱིར། །དམྱལ་བར་འགྲོ་བའི་ནན་ཏན་བྱེད། །མངོན་ཤེས་ལྔ་སོགས་མ་རྟོགས་ པར། །རྣལ་འབྱོར་སྤྱོད་ལ་ཅོ་འདྲི་བའི། །རྟོག་གེའི་བསྟན་བཅོས་ང་རྒྱལ་གྱིས། །གང་ཞིག་ འགྲེལ་པ་བྱེད་པར་འགྱུར། ། ཞེས་པ་དང༌། དེ་ལྟར་ལོག་པའི་ཆོས་བསྟན་པ། །ཐམས་ ཅད་ཡོངས་སུ་ཤེས་ནས་སུ། །དེ་བས་འགྲེལ་པ་བྱེད་པའི་ཕྱིར། །དགྱེས་པའི་རྡོ་རྗེས་ བདག་བསྐུལ་ལོ། །ཞེས་པ་དང༌། སློབ་དཔོན་བདུད་ཀྱི་སྡེ་རྣམས་ཀྱིས། །རྡོ་རྗེ་སེམས་ དཔའ་སངས་རྒྱས་ཉིད། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་ཀྱིས། །མ་འོངས་དུས་སུ་ སྟོན་པར་འགྱུར། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། དེ་བས་ན་སྔགས་ཀྱི་ཐེག་པ་ འདིར་དྲང་བ་དང་ངེས་བའི་དོན་རྣམ་པར་འབྱེད་པ་ནི། རྩ་བའི་རྒྱུད་རྣམས་དང༌། ས་ བཅུ་པ་རྣམས་ཀྱི་འགྲེལ་པ་ལ་བརྟེན་པར་བྱའོ། ། དེ་དག་གིས་རྗེས་སུ་འབྲངས་ནས་ རྣམ་པར་དཔྱད་ན་རྒྱུད་ཀྱི་རྒྱལ་པོ་གཅིག་ཤེས་པས་མཐའ་དག་བདེ་བླག་ཏུ་ཤེས་པར་ འགྱུར་ཏེ། གང་གི་ཕྱིར་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་བརྗོད་པར་བྱ་བའི་དོན་ལ་ཁྱད་ པར་མེད་པའི་ཕྱིར་ཏེ། དབང་བཅུ་གཅིག་གིས་མངོན་པར་དབང་བསྐུར་བའི་མིའི་སྐྱེ་བ་ ཁམས་དྲུག་དང་ལྡན་པ་ཕྱག་རྒྱ་ཆེན་པོ་དུ་བ་ལ་སོགས་པའི་ལམ་བསྒོམ་པ་ལ་གཅིག་ཏུ་ བརྩོན་པས། འཕོ་བའི་བག་ཆགས་དང་བྲལ་ཞིང་རྣམ་པར་ཤེས་པའི་ཆོས་ཉིད་ལས་ འདས་པའི་ཡེ་ཤེས་ཀྱི་སྐུ་གཞོམ་དུ་མེད་པ་སྐྱེ་བ་འདི་ལ་མངོན་དུ་བྱེད་པ་དང༌། བརྩོན་ འགྲུས་དང་མི་ལྡན་པ་ཡང་སྐྱེ་བདུན་གྱི་མཐའ་ཚུན་ཆད་ལ་མངོན་དུ་བྱེད་པ་ཉིད་དུ་ ཁྱད་པར་མེད་པའི་ཕྱིར་རོ། །དེ་ཡང༌། དཔལ་ལྡན་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས། དགྱེས་ པའི་རྡོ་རྗེ་ཡིས་ནི་འཁོར་ལོ་སྡོམ་འདི་དག་དང་གདན་བཞི་ཤེས་པར་འགྱུར། ། འཁོར་ ལོ་སྡོམ་པའི་ཚིག་གི་ངེས་པར་དགྱེས་པའི་རྡོ་རྗེ་དང་ནི་གདན་བཞི་ཤེས་འགྱུར་ཏེ། ། གདན་བཞི་བས་ནི་འཁོར་ལོ་སྡོམ་ཉུང་འདི་དང་དགྱེས་པའི་རྡོ་རྗེ་ཤེས་པར་ འགྱུར། །ངེས་དོན་དང་པོའི་སངས་རྒྱས་ཚིག་དང་འཁོར་ལོ་སྡོམ་པ་ཆེན་པོས་ཤེས་པར་ 7-1-351 འགྱུར། །ཞེས་པ་ལ་སོགས་པ་དང༌། དགྱེས་རྡོར་འབུམ་ལྔའི་བདག་ཉིད་དང༌། །མཆོག་གི་ དང་པོའི་རྒྱུད་ཆེན་དང༌། །རྒྱུད་འབུམ་མངོན་སྤྱོད་ལ་སོགས་པའི། །དོན་བཤད་རྡོ་རྗེ་ སྙིང་པོས་བྲིས། ། ཞེས་པ་དང༌། རྒྱུད་ཀྱི་རྒྱལ་པོའི་ཚོགས་གཞན་རྣམས་ལ་འགྲེལ་པ་ རྣམས་ཀྱིས་དོན་ནི་ཤེས་པར་འགྱུར། །གང་ཞིག་འགྲེལ་པ་དམན་པས་བསྡུས་རྒྱུད་ ཚོགས་ཀྱིས་གསང་བའི་ཚིག་ནི་འཆད་པར་བྱེད། །མིག་དམན་པ་དེས་ཆུ་ལ་ཡུན་རིང་ སོང་བའི་སྦྲུལ་གྱི་རྐང་པའི་རྗེས་ལྟར་འདོད། །རྒྱལ་བའི་མ་ལུས་རྒྱུད་ཀྱིས་ངེས་དོན་སྟོན་ གྱི་དྲང་བའི་དོན་ནི་མ་ཡིན་ནོ། །རྟོགས་ཕྱིར་གལ་ཏེ་འགྲེལ་པས་དྲང་དོན་གསལ་བར་ བྱེད་ན་ངེས་དོན་བརྫུན་དུ་འགྱུར། ། དགོངས་པའི་སྐད་དང་དགོངས་སྐད་མིན་དང་ གཞན་ཡང་སྒྲ་ཇི་བཞིན་དང་ཇི་བཞིན་མིན། ། ངེས་པའི་དོན་དང་དྲང་དོན་དུ་ནི་རྒྱུད་ མ་ལུས་པ་རྒྱལ་བས་བསྟན་པ་ཡིན། །དྲི་ལྡན་དྲི་ཆེན་ལ་སོགས་ཕུང་པོ་གང་འདིར་ཕུང་ པོ་དེ་རྣམས་ལྷ་རྣམས་མིན། །ཞལ་དང་ཕྱག་ཏུ་བཏབས་པའི་སངས་རྒྱས་རྣམས་ནི་བྱང་ ཆུབ་དོན་དུ་ལྷ་རྣམས་མིན། །མཐའ་དྲུག་གིས་བསྐོར་འདུས་སོགས་རྒྱུད་གང་མཁས་ པའི་བསྟན་བཅོས་ང་རྒྱལ་འཇོམས་པ་རུ། །བཅོམ་ལྡན་འདས་ཀྱིས་བསྟན་པ་དེ་ནི་རྟོག་ གེས་ཇི་ལྟར་ཤེས་པར་འགྱུར་བ་མིན། །མེ་ལོང་དང་ནི་པྲ་ཏི་སེ་ན་དང་འདྲ་དུས་གསུམ་ ཡང་དག་རིག་བྱེད་འདི། །དངོས་དང་དངོས་མེད་རྟོག་པའི་དྲ་བ་དང་བྲལ་ཡེ་ཤེས་གང་ ཞིག་གཉིས་མེད་པའོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་ བསྡུས་པའི་རྒྱུ་ཙམ་དང༌། པཎྜི་ཏའི་འགྲེལ་པས་ནི་ཅི་ཡང་མི་རྟོགས་ཏེ་དོན་མེད་པ་ དང་ཕྱིན་ཅི་ལོག་པའོ། །འོ་ན་དེ་དག་ཏུ་ཆུའི་དབང་ལ་སོགས་པ་མ་དག་པ་དང༌། བུམ་ པའི་དབང་ཆད་པ་དང༌། དབང་བཞི་པ་དང༌། སློབ་དཔོན་གྱི་དབང་འཁྲུལ་བ་ལ་ སོགས་པས་སྐྱོན་དུ་མ་དང་བཅས་པ་ཡིན་ན། འདིར་བརྗོད་པའི་དབང་བཅུ་གཅིག་ སློབ་དཔོན་གྱི་དབང་དང་བཅས་པ་དེ་ཉིད་གང་དུ་གསུངས་ཞེ་ན། དེ་དག་ནི་རྩ་བའི་ རྒྱུད་ཐམས་ཅད་ལས་ངེས་པའི་དོན་དུ་གསུངས་སོ། །ཞེས་པ་ས་བཅུ་པ་རྣམས་ཀྱིས་ མཐུན་པར་བཀྲལ་བ་ཉིད་དོ། །གཞན་ཡང་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ལས་ཀྱང་ 7-1-352 གསལ་བར་གསུངས་ཤིང༌། མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང༌། ཆུ་ཡི་དབང་ནི་དང་པོ་ སྟེ། །ཅོད་པན་དབང་བསྐུར་གཉིས་པའོ། །གསུམ་པ་དར་དཔྱངས་དབང་བསྐུར་ཏེ། །རྡོ་ རྗེ་དྲིལ་བུ་བཞི་པའོ། །ལྔ་པ་རང་གི་བདག་པོ་ཉིད། །མིང་གི་དབང་ནི་དྲུག་པ་སྟེ། །སངས་ རྒྱས་རྗེས་གནང་བདུན་པར་འདོད། །བརྒྱད་པ་བུམ་པའི་དབང་ཡིན་ཏེ། །གསང་བའི་ དབང་གིས་དགུ་པ་ཡིན། །ཤེས་རབ་དབང་བསྐུར་བཅུ་པའོ། །དེ་ཉིད་རྡོ་རྗེའི་རབ་སྦྱོར་ གྱིས། །རྡོ་རྗེ་བརྟུལ་ཞུགས་ཀུན་སྦྱིན་ཞིང༌། །རང་ཉིད་སྟོན་པར་ལུང་སྟོན་པ། །འདི་ཉིད་ དབང་བསྐུར་ཆོ་ག་ཡིན། །ཞེས་གསུངས་སོ། །དེ་ཡང་དབང་བཞི་པ་ནི། དེ་ཉིད་རྡོ་རྗེའི་ རབ་སྦྱོར་གྱིས། །ཞེས་པ་འདིས་བསྟན་ཏོ་ཞེས། དཔལ་ཕྱག་ན་རྡོ་རྗེས་འཁོར་ལོ་སྡོམ་པ་ བསྡུས་པའི་རྒྱུད་ཀྱི་འགྲེལ་པར། དྲངས་ནས་རྣམ་པར་ཕྱེའོ། །སློབ་དཔོན་གྱི་དབང་ནི། རང་ཉིད་སྟོན་པར་ལུང་སྟོན་པ། །ཞེས་པ་འདིས་བསྟན་ཏོ། །དེ་ལ་རེ་ཞིག་དབང་བདུན་ ནི། དཔལ་དགྱེས་པའི་རྡོ་རྗེ་རྩ་བའི་རྒྱུད་ལས། བྱིས་པ་སྐྱེས་པ་མ་ཡིས་ནི། །ཆུ་ཡི་ཁྲུས་ནི་ བྱེད་པའོ། །དེ་ལ་གཙུག་ཕུད་གཞག་པ་ནི། །ཅོད་པན་དུ་ནི་ཡོངས་སུ་བརྟག །དེ་ལ་རྣ་བ་ ཕུག་པ་ནི། །དར་དཔྱངས་དབང་ནི་ཞེས་སུ་བརྗོད། །བརྡུངས་པས་ངུ་བར་གྱུར་པ་ནི། །རྡོ་ རྗེ་དྲིལ་བུའི་དབང་ཡིན་ནོ། །ལོངས་སྤྱོད་ལྔ་ནི་བརྟུལ་ཞུགས་ཏེ། །མིང་གིས་མིང་གི་ དབང་ཡིན་ནོ། །བསླབ་པ་ལ་ནི་ཕ་དག་གིས། །རྟག་ཏུ་རྗེས་སུ་གནང་བ་བྱིན། །དེ་ལྟར་ རྣམ་པ་བདུན་གྱིས་ནི། །དབང་བདུན་པོ་ནི་བསྟན་པའོ། །ཅེས་པ་དང༌། དཔལ་རྡོ་རྗེ་ སྙིང་པོས་ཀྱང༌། བླ་མ་རྡོ་རྗེ་སློབ་དཔོན་གྱིས་དབང་རྣམ་པ་བདུན་གྱིས་བྱིན་གྱིས་ བརླབས་ལ། དེ་ནས་ཀུན་རྫོབ་དཀར་པོ་དང༌། དེ་ལས་བྱུང་བའི་བདེ་བས་སེམས་བསྐྱེད་ པར་བྱ། ཞེས་པ་དང༌། དེ་བས་ན་རྡོ་རྗེའི་རིགས་ནི་མངོན་པར་དབང་བསྐུར་བ་བདུན་ གྱིས་མིང་ཐོབ་བོ་ཞེས་གསུངས་ཤིང༌། དང་པོའི་སངས་རྒྱས་ལས་ཀྱང༌། གང་ཡང་དང་ པོར་དབང་བདུན་ནི། ། བྱིས་པ་རྣམས་ནི་གཞུག་པ་སྟེ། །ཞེས་པ་དང༌། ཆུ་དང་ཅོད་པན་ དར་དཔྱངས་དང༌། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ཆེ། །མིང་དང་རྗེས་གནང་བཅས་པ་ སྟེ། །རྣམ་བདུན་དབང་ངོ་རྒྱལ་པོ་ཀྱེ། །ལུས་ངག་ཡིད་ནི་དག་བྱེད་པ། །མངོན་པར་ 7-1-353 དབང་བསྐུར་གཉིས་གཉིས་ཏེ། །རྗེས་གནང་ཡེ་ཤེས་དག་པ་ཡིན། །གཞན་ནི་ཁམས་ སོགས་ཡང་དག་དག །ཆུ་ཡི་ཁམས་རྣམས་དག་པར་བྱེད། །ཅོད་པན་གྱིས་ནི་ཕུང་པོ་ དག །དར་དཔྱངས་ཕ་རོལ་ཕྱིན་པ་དག །རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ། །སངས་རྒྱས་གསུང་ རྒྱུན་མི་འཆད་དང༌། །ཉི་ཟླ་གཅིག་ཏུ་དག་པའོ། ། རྡོ་རྗེ་བརྟུལ་ཞུགས་མི་འཕོ་བ། །ཡུལ་ དང་དབང་པོ་དག་པའོ། །མིང་ནི་བྱམས་པ་ལ་སོགས་དག ། གནང་བ་སངས་རྒྱས་ཉིད་ དུ་དག། དབང་བདུན་པོ་ནི་འདི་ཡིན་ཏེ། །དཀྱིལ་འཁོར་བཞེངས་ལ་སྦྱིན་པར་བྱ། །ཞེས་ གསུངས་སོ། །དེ་བཞིན་དུ། དབང་གོང་མ་ཡང༌། བུམ་པ་ལ་སོགས་པ་འཇིག་རྟེན་པའི་ དབང་གསུམ་ནི། ཀུན་རྫོབ་སྟེ་དྲང་བའི་དོན་ཏོ། །འཇིག་རྟེན་ལས་འདས་པའི་དབང་ བཞི་པ་ནི། དོན་དམ་པ་སྟེ་ངེས་པའི་དོན་ཏོ། །དེ་ཡང་རྩ་བའི་རྒྱུད་ལས། འཇིག་རྟེན་ ཀུན་རྫོབ་རྣམ་པ་གསུམ། །བཞི་པ་དག་ནི་དོན་དམ་ཉིད། །ཅེས་པ་དང༌། འགྱུར་ཞིང་ འགྱུར་ཏེ་དེ་ནས་འཛག །དེ་ནས་གཞན་ནི་འཛག་མེད་པའོ། །མངོན་པར་དབང་བསྐུར་ རིམ་གསུམ་གྱིས། །ལུས་ངག་ཡིད་ནི་ཡང་དག་དག །བཞི་པ་ཡེ་ཤེས་དག་པ་སྟེ། ། ཞེས་པ་ དང༌། བྱིས་པ་དར་མ་དེ་ནས་རྒན། །བཞི་པ་དག་ནི་སྐྱེ་དགུའི་བདག །ཅེས་པ་ལ་སོགས་ པ་གསུངས་པ་ལ། དཔལ་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། འདིར་ཤེས་རབ་ཀྱི་ཡན་ ལག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པས་དབང་བསྐུར་བ་ བཞིའོ། །དེ་ལ་གསུམ་ནི་འཇིག་རྟེན་ཀུན་རྫོབ་པ་སྟེ། བཞི་པ་ནི་དོན་དམ་པའོ། །དེ་ཡང་ རྣལ་འབྱོར་གྱིས་རྟོགས་པར་བྱ་སྟེ། བླ་མ་དམ་པའི་གདམས་ངག་ལས་དོན་དམ་པའི་ བདེན་པས་རྟོགས་པར་བྱའོ། །དེ་བཞིན་དུ། འདུས་པ་ཕྱི་མར་བཅོམ་ལྡན་འདས་ཀྱིས་ གསུངས་པ། དབང་བསྐུར་རྣམ་གསུམ་ཐ་དད་པ། །རྒྱུད་འདི་རུ་ནི་རབ་ཏུ་བསྟན། །དང་ པོ་བུམ་པའི་དབང་ཡིན་ཏེ། །གཉིས་པ་གསང་བའི་དབང་དུ་འདོད། །ཤེས་རབ་ཡེ་ཤེས་ གསུམ་པ་སྟེ། ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་དང༌། དེ་བཞིན་དུ། ཀྱཻའི་རྡོ་རྗེར་ ཡང༌། སློབ་དཔོན་གསང་བ་ཤེས་རབ་དང༌། །བཞི་པ་དེ་ཡང་དེ་བཞིན་ནོ། ། ཞེས་འཁོར་ ལོ་སྡོམ་པ་བསྡུས་པའི་རྒྱུད་ཀྱི་འགྲེལ་པར་དྲངས་ནས་གསུངས་སོ། །དགྱེས་པའི་རྡོ་རྗེ་རྩ་ 7-1-354 བའི་རྒྱུད་ལས་ཀྱང༌། འཇིག་རྟེན་འཇིག་རྟེན་འདས་དབྱེ་བས། །དབང་ནི་རྣམ་པ་གཉིས་ སུ་བརྗོད། ། འདོད་པའི་འབྲས་བུ་རྣམ་པ་གཉིས། །གཞི་འདི་ལས་ནི་འབྱུང་བར་ བཤད། །སྐུ་གསུང་ཐུགས་སུ་ཕྱེ་བ་ལས། །བུམ་པ་གསང་བ་ཞེས་བྱ་དང༌། །ཤེས་རབ་ཡེ་ ཤེས་བྱ་བ་དང༌། ། མངོན་པར་དབང་བསྐུར་གསུམ་དུ་བསྟན། །སྐུ་གསུང་ཐུགས་དང་ཡེ་ ཤེས་ཕྱིར། །མངོན་པར་དབང་བསྐུར་རྣམ་པ་བཞི། །བུམ་པ་གསང་བ་ཤེས་རབ་དང༌། །ཡེ་ ཤེས་དབང་དང་བཞི་རུ་བཤད། །ཅེས་གསུངས་སོ། །དགྱེས་པའི་རྡོ་རྗེ་བསྡུས་པའི་རྒྱུད་ ཀྱིས་འགྲེལ་པར་ཡང༌། བདུན་དང་བཅུ་དང་བཅུ་གཅིག་སོགས། །དང་པོའི་སངས་རྒྱས་ རྒྱུད་ཆེན་དང༌། ། འབུམ་ཕྲག་ལྔ་སོགས་རྒྱུད་ཆེན་རྣམས། །གང་ཡིན་དེར་བསྟན་འདིར་ བསྡུས་ཙམ། །དེ་བས་ན་དབང་བཞི་དང་བཅུ་གཅིག་ལ་སོགས་པའི་གོ་རིམ་དང་དགོས་ པ་རྣམ་པར་དག་པ་རྣམས་རྒྱུད་ཆེན་པོ་དེ་དག་ན་གསལ་བས། འདིར་ནི་མདོར་བསྡུས་ ཏེ་བསྟན་པ་ཙམ་ཡིན་པས་དེ་དག་ལས་རྟོགས་པར་བྱའོ། །ཞེས་པ་ལ་སོགས་པ་གསུངས་ ཏེ། དེ་ལྟར་ན། དབང་བདུན་དང༌། བཅུ་དང༌། བཅུ་གཅིག་གི་རིམ་པ་དང་གྲངས་ངེས་ པ་དང༌། དག་པ་དང་འབྲས་བུའི་ངེས་པ་འདི་ནི་རྩ་བའི་རྒྱུད་ཐམས་ཅད་ལས་ངེས་ པའོ། །དེ་ལ་འཇིག་རྟེན་པའི་དབང་བཅུ་ནི། འཇིག་རྟེན་ལས་འདས་པ་བཅུ་གཅིག་པ་ ཁོ་ནའི་དོན་དུ་ཡིན་ལ། དེ་མཐར་ཕྱིན་པ་ནི་དེ་བཞིན་གཤེགས་པའི་ཐུགས་ཏེ། མཚན་ ཡང་དག་པར་བརྗོད་པ་ལ་སོགས་པར་གསུངས་སོ། །དེ་ཡང་ཚིགས་སུ་བཅད་པ་བརྒྱ་ དྲུག་ཅུ་རྩ་གཉིས་པོ་འདི་རྣམས་ཀྱིས་ཐེག་པ་ཐམས་ཅད་ལས་ཕྱུང་ནས། བཅོམ་ལྡན་ འདས་རྡོ་རྗེ་འཛིན་པའི་ཐུགས། ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་ པོ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཀུན་ནས་སྣང་བར་བྱེད་པ་རྣམ་པར་དག་པའི་ ཡེ་ཤེས་ཀྱི་ཚོགས་བསགས་པ། ཟབ་ཅིང་རྒྱ་ཆེ་བའི་གཟུགས་འཆང་བ། རང་བཞིན་གྱིས་ འོད་གསལ་བ། ཐོག་མ་དང་ཐ་མ་མེད་པ། བདག་དང་བདག་གི་བའི་གཟུང་བ་དང་ འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བ། དུས་ཐམས་ཅད་ལ། ཀུན་ནས་ཉོན་མོངས་པ་མེད་པ། ཆོས་ཐམས་ཅད་ཀྱི་རང་བཞིན་མཁྱེན་པ། འཁོར་བའྀ་ 7-1-355 བག་ཆགས་ལས་རྣམ་པར་གྲོལ་བ། འགྲོ་བ་དང་འོང་བ་དང་བྲལ་བ། སྤྲོས་པ་མེད་པའི་ ངོ་བོ། རང་གི་ངང་གིས་འཇུག་ཅིང༌། འཕེལ་བའི་ཏིང་ངེ་འཛིན་དང་གཟུགས་སྣ་ཚོགས་ པ་རྣམས་ཀྱི་རྟེན། བུམ་པ་བཟང་པོ་དང༌། དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། ཐུབ་པ་ཆེན་པོ་རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་ལ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ མཆོག་ཏུ་ཞི་བར་བྱེད་པ། སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་གཟུགས་བརྙན་ལྟ་བུ་སྒྲ་བརྙན་ལྟ་ བུས་ཡང་དག་པར་བསྡུས་པ་སྟེ། སྲིད་པ་གསུམ་གྱིས་མཆོད་པར་བྱ་བ་རྣལ་འབྱོར་པའི་ ཡེ་ཤེས་རང་རིག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་འདི་ཉིད་ནི་རྣལ་འབྱོར་པས་དོར་ བར་མི་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་འཕགས་པ་སྤྱན་རས་ གཟིགས་ཀྱིས་དྲི་མ་མེད་འོད་དུ་གསུངས་ཤིང༌། ཡང་དེ་ཉིད་ལས། སངས་རྒྱས་བཅོམ་ ལྡན་འདས་ནི་གཟུགས་ཀྱི་སྐུར་མི་འགྱུར་ཏེ། གང་གི་ཕྱིར་ནམ་མཁའ་ལས་བྱུང་བའི་ ཕྱིར་དང༌། རང་བྱུང་བའི་ཕྱིར་དང༌། རྣམ་པར་ཀུན་ལྡན་རྣམ་པ་མེད་པའི་ཕྱིར་དང༌། ཐིག་ལེ་བཞི་འཛིན་པའི་ཕྱིར་དང༌། ཆ་མེད་ཆ་ལས་འདས་པའི་ཕྱིར་དང༌། དགའ་བ་ བཞི་པའི་རྩེ་མོ་འཛིན་པའི་ཕྱིར་དང༌། ཆགས་བྲལ་དང་པོ་ཆགས་པ་ཆེ་བའི་ཕྱིར་དང༌། བདག་གིར་མི་འཛིན་པའི་ཕྱིར་དང༌། ངར་མི་འཛིན་པའི་ཕྱིར་དང༌། ཁམས་ཐམས་ཅད་ མི་ཟད་པའི་ཕྱིར་དང༌། གསང་སྔགས་དོན་ཀུན་བསྐྱེད་པའི་ཕྱིར་དང༌། ཐིག་ལེ་ཆེན་པོ་ ཡི་གེ་མེད་པའི་ཕྱིར་དང༌། སྟོང་པ་ཆེན་པོ་ཡི་གེ་ལྔའི་ཕྱིར་དང༌། ཐིག་ལེ་སྟོང་པ་ཡི་གེ་ དྲུག་གི་ཕྱིར་དང༌། མཁའ་ལྟར་མཉམ་པ་ཉིད་ལ་གནས་པའི་ཕྱིར་རོ། །ཞེས་པ་དང༌། ཇི་ སྲིད་དུ་འཇིག་རྟེན་པའི་སེམས་ཡོད་པ་དེ་སྲིད་དུ་ཆོས་རྣམས་གཅིག་དང་དུ་མས་རྣམ་ པར་དཔྱོད་དེ་སྐད་ཅིག་མའྀ་སེམས་སྣང་བའི་ཕྱིར་རོ། །གང་གི་ཚེ་སེམས་སྐད་ཅིག་མའི་ ཆོས་དང་བྲལ་བ་དེའི་ཚེ་རང་བཞིན་མེད་པ་ཞེས་བརྗོད་དེ། དེའི་ཕྱིར་རང་བཞིན་མེད་ པའི་ཕྱོགས་ནི་བཅོམ་ལྡན་འདས་ཀྱིས་ཕྱོགས་མེད་པར་གསུངས་སོ། །ཕྱོགས་ཞེས་བྱ་བ་ ནི་དངོས་པོ་དང༌། དངོས་པོ་མེད་པ་དང༌། ཡོད་པ་དང་མེད་པ་དང༌། ཡིན་པ་དང་མ་ 7-1-356 ཡིན་པ་དང༌། གཅིག་དང་གཅིག་མ་ཡིན་པ་དང༌། རྟག་པ་དང་ཆད་པ་དང༌། སྲིད་པ་ དང་མྱ་ངན་ལས་འདས་པ་དང༌། གཟུགས་དང་གཟུགས་མ་ཡིན་པ་དང༌། སྒྲ་དང་སྒྲ་མ་ ཡིན་པ་དང༌། སྐད་ཅིག་དང་སྐད་ཅིག་མ་ཡིན་པ་དང༌། ཆགས་དང་ཆགས་པ་མ་ཡིན་ པ་དང༌། ཞེ་སྡང་དང་ཞེ་སྡང་མ་ཡིན་པ་དང༌། གཏི་མུག་དང་གཏི་མུག་མ་ཡིན་པ་ཞེས་ པ་དེ་ལྟ་བུ་ལ་སོགས་པ་རྣམས་ནི་ཕྱོགས་ཏེ་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཀྱི་ ཕྱིར་རོ། །ཕྱོགས་འདི་དང་བྲལ་བ་ནི་སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་ འདས་པ་རང་བཞིན་མེད་པ་སྟེ། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་ རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཞེས་པ་དང༌། བཅོམ་ལྡན་འདས་དེ་ ཉིད་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལས་ངོ་བོ་ཉིད་ཀྱི་སྐུ། ཞེས་གསུངས་སོ། །ཞེས་པ་དང༌། བཅོམ་ལྡན་འདས་དེ་ཉིད་འབྲས་ བུའི་མཚན་ཉིད་ཀྱི་སྔགས་ཀྱི་ཚུལ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་དང་ལྷན་ཅིག་སྐྱེས་ པའི་སྐུ་ཞེས་གསུངས་ཏེ། གཟུང་བ་དང་འཛིན་པ་སྤངས་པ་རྣམ་པར་ཤེས་པའི་ཆོས་ ཉིད་ལས་འདས་པ། སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ། སངས་ རྒྱས་རྣམས་ཀྱི་འདུས་པ་དང༌། ལྷ་མོ་རྣམས་ཀྱི་སྡོམ་པ་ཡང་ཡེ་ཤེས་ཀྱི་སྐུ་འདི་དང་ལྷན་ ཅིག་རོ་མཉམ་པ་ཉིད་དོ། །ཞེས་པ་ངེས་པའི་དོན་ཏོ། །ཞེས་པ་དང༌། དེ་བཞིན་དུ། རྒྱུད་ གཞན་དག་ཏུ་ཡང་དེ་བཞིན་གཤེགས་པས་རྡོ་རྗེའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་སྟེར་བར་བྱེད་པ་པོ་གསུངས་སོ། །རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ་སྐད་ཅིག་ གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་དམ་པའི་དོན་ཆེན་པོ་མཆོག་ཏུ་མི་ འགྱུར་བའི་ལྷན་ཅིག་སྐྱེས་པའི་དགའ་བ་འདི་ནི། འདོད་པའི་སྲིད་པ་ལ་མི་གནས། གཟུགས་ཀྱི་སྲིད་པ་ལ་མི་གནས། གཟུགས་མེད་པའི་སྲིད་པ་ལ་མི་གནས། འདོད་པའི་མྱ་ ངན་ལས་འདས་པ་ལ་མི་གནས། གཟུགས་ཀྱི་མྱ་ངན་ལས་འདས་པ་ལ་མི་གནས། གཟུགས་མེད་པའི་མྱ་ངན་ལས་འདས་པ་ལ་མི་གནས་ཏེ་སྲིད་པ་དང་མྱ་ངན་ལས་ འདས་པ་ལ་མི་གནས་པ་ཉིད་ཀྱི་ཕྱིར་རོ། །གཉི་ག་ལ་ཡང་མི་གནས་ཏེ་ཕན་ཚུན་འགལ་ 7-1-357 བའི་ཕྱིར་རོ། །སྲིད་པ་དང་མྱ་ངན་ལས་འདས་པ་ནི་གཅིག་པ་ཉིད་མ་ཡིན་ཏེ་གྲིབ་མ་ དང་ཉི་མ་བཞིན་ནོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། ཡང་དེ་ཉིད་ལས། གཉིས་མེད་གཡོ་བ་མེད་དང་རིགས་མེད་དང༌། །འདོད་དང་མཆོག་ཏུ་མི་འགྱུར་འདོད་ ཆགས་ཆེ། །དངོས་དང་དངོས་པོ་མེད་པ་མེད་པ་དང༌། །ཡེ་ཤེས་དང་ནི་སེམས་དཔའ་ ཀུན་ཏུ་བཟང༌། ། ཉོན་མོངས་མེད་དང་ཉོན་མོངས་ཆེན་པོ་དང༌། །ལྷན་སྐྱེས་དཔལ་ལྡན་ བྱང་སེམས་ཐིག་ལེ་འཛིན། །དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་དང༌། །ཐབས་དང་ཤེས་ རབ་བདག་ཉིད་རྣལ་འབྱོར་རོ། ། ཞེས་ཕྱག་རྒྱ་ཆེན་པོ་རྣམ་གྲངས་དུ་མས་གསུངས་ སོ། །དགྱེས་པའི་རྡོ་རྗེ་རྩ་བའི་རྒྱུད་ལས་ཀྱང༌། རྣམ་རྟོག་རྒྱ་རུ་ཆུད་པ་ཡི། །འགྲོ་བ་ གསུམ་པོ་རྣམ་གཟིགས་ནས། །ཇི་ལྟ་ཇི་ལྟར་གྲོལ་འགྱུར་བས། །དེ་དང་དེ་ཡི་ཐབས་ བསྟན་ཏོ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། ། ཐོག་མར་རྟོག་པའི་ཆོ་ག་ བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །དཀྱིལ་འཁོར་ འཁོར་ལོའི་ཁང་པ་དང༌། །ལྷ་རྣམས་ཇི་ལྟར་བསྐྱེད་པ་དང༌། །ཡེ་ཤེས་དགུག་དང་དབང་ བསྐུར་དང༌། །དེ་བཞིན་འཁོར་ལོ་རྩ་དང་ནི། །ཁུ་བ་རླུང་རྣམས་གང་བསྟན་སྟེ། །བྱིས་པ་ རྣམས་ནི་གཞུག་པའི་ཕྱིར། །འཇིག་རྟེན་མགོན་པོས་བསྟན་པ་ཡིན། །མ་ཡིན་ངེས་དོན་ གཞན་དུ་དཔྱད། །དཀྱིལ་འཁོར་ཚུལ་དང་ལྷ་དག་དང༌། །ཡེ་ཤེས་དགུག་དང་དབང་ བསྐུར་དང༌། །ཁུ་བ་རླུང་དུ་སུ་ལྟ་བ། །དགྱེས་པའི་རྡོ་རྗེ་ངེས་མི་ཤེས། །ཞེས་པ་དང༌། ཕྱག་ རྒྱ་ཆེ་ལ་རབ་འབད་ནས། །འགྲོ་འམ་འཆག་དང་ཉལ་བ་དང༌། ། དེ་བཞིན་མཚམས་མེད་ ལས་བྱས་ནའང༌། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །འདི་གནས་བཞིན་དུ་རྣལ་འབྱོར་ གང༌། །བཙུན་མོའི་འཁོར་དང་ལྡན་ན་ཡང༌། །ང་ཡིས་འཆིང་བ་མ་མཐོང་སྟེ། །འདི་ཉིད་ ད་ལྟ་ཀྱེའི་རྡོ་རྗེ། །ཞེས་གསུངས་ལ། དགྱེས་པའི་རྡོ་རྗེ་བསྡུས་པའི་རྒྱུད་ལས་ཀྱང༌། གང་ དུ་ཡིད་ཀྱིས་མ་བསྒོམས་ན། །འགྲོ་བ་ཐམས་ཅད་བསྒོམས་འགྱུར་ཏེ། ། བསྒོམ་པ་མེད་ པའི་སྒོམ་ཉིད་ཀྱིས། །ཆོས་རྣམས་ཐམས་ཅད་ཡོངས་ཤེས་བྱ། །ཞེས་པ་དང༌། བཟའ་དང་ བཏུང་དང་བླུགས་པ་དང༌། །ཉལ་དང་ལོག་དང་སེམས་དཔའ་ནའང༌། ། ཕྱག་རྒྱ་ཆེ་ལ་ 7-1-358 མངོན་ཞེན་ན། །དེ་ཡིས་མཆོག་ཏུ་གྲོལ་བར་འགྱུར། །ཞེས་པ་ལ་སོགས་པ་རྒྱ་ཆེར་ གསུངས་སོ། །ལུང་གཞན་ནི་ཡི་གེ་མང་དུ་དོགས་ནས་རེ་ཞིག་འདིར་མ་བྲིས་སོ། ། དེ་ལྟར་བདག་གིས་དཔལ་ལྡན་ས་བཅུ་པའི། །གསུང་གི་བདུད་རྩི་ཉེ་བར་བསྟེན་པ་ ལས། །དྲང་དོན་ངེས་དོན་ཇི་བཞིན་ལེགས་རྟོགས་ནས། །རྣམ་དག་དབང་འདི་གཞན་ གྱིས་བསྐུལ་ཕྱིར་བཀོད། །འདིར་ཡང་རང་བཟོ་ཕྱོགས་ཞེན་ཀུན་སྤངས་ནས།། རྩ་བའི་ རྒྱུད་ཆེན་རྣམས་ཀྱི་རྗེས་འཇུག་པ། །ས་བཅུའི་དབང་ཕྱུག་རྣམས་ཀྱི་འགྲེལ་པ་བཞིན། ། གསལ་བར་བཀོད་མོད་དེ་ལྟ་ན་ཡང་འདིར། །བདག་བློའི་ཉེས་པས་གལ་ཏེ་འཁྲུལ་སྲིད་ ན། ། རྡོ་རྗེ་འཛིན་དབང་རྣམས་ལ་བཟོད་པར་གསོལ། །འདི་ལས་བྱུང་བའི་དགེ་བ་རབ་ དཀར་བ། །གང་ཡིན་དེ་ཡང་མཐའ་ཡས་འགྲོ་ལ་སྦྱིན། །དེས་ནི་འགྲོ་ཀུན་དབང་བཞིའི་ ལམ་ཞུགས་ཏེ། །རྣམ་ཐར་ཚད་མེད་བསྙེན་སྒྲུབ་རྣམ་པ་བཞིས། །ལུས་ངག་སེམས་དང་ ཆགས་པའི་སྒྲིབ་སྦྱངས་ནས། །ཟག་མེད་སྐུ་བཞིའི་དཔལ་ལ་སྤྱོད་པར་ཤོག །ཀྱེ་མ་དེང་ སང་སྙིགས་མའི་དུས་འདི་ན། །ལམ་གྱི་སྙིང་པོ་དབང་ཉིད་ཡིན་ནོ་ཞེས། །དེ་ཡི་རྣམ་ གཞག་མཛད་པ་རབ་མང་ཡང༌། །རྩ་བའི་རྒྱུད་བཞིན་རྟོགས་པ་ཤིན་ཏུ་ཉུང༌། །རྩ་བའི་ རྒྱུད་ཆེན་རྣམས་ཀྱི་དོན་གསལ་བ། །སེམས་དཔའི་འགྲེལ་མཆོག་ཉི་མའི་འོད་ཤར་ ཡང༌། །ལོག་པའི་བཤད་པས་བློ་མིག་སྒྲིབ་རྣམས་དང༌། །ཕྱོགས་ཞེན་ཁུང་ཞུགས་རྣམས་ ཀྱིས་མཐོང་མི་འགྱུར། །དཔལ་ལྡན་འཇིག་རྟེན་མགོན་པོ་འཇམ་པའི་དབྱངས། །རྡོ་རྗེ་ འཛིན་དང་རྡོ་རྗེ་སྙིང་པོ་སོགས། །ཀུན་གཟིགས་དཔའ་བོ་བདེན་པ་གསུང་རྣམས་ ཀྱིས། །རྣམ་པར་སྨད་གང་དེ་ལ་འཇུག་བྱེད་ཅིང༌། །དེ་དག་རྣམས་ཀྱིས་མཐུན་པར་རབ་ བསྔགས་པའི། །རྣམ་དག་ལམ་ཆེན་འདི་ལ་རྣམ་པ་བརྒྱར། །སྨོད་པར་བྱེད་ཅིང་རྒྱབ་ ཀྱིས་ཕྱོགས་ནས་སླར། ། མངོན་ཤེས་ལྔ་མེད་མཁས་པའི་ང་རྒྱལ་གྱིས། །བསྡུས་བརྒྱུད་སྦས་ པའི་རྒྱུད་ཀྱི་དགོངས་པའི་སྐད། །མི་ཤེས་བཞིན་དུ་ཇི་བཞིན་སྒྲར་བཟུང་ནས། །རང་ དགའི་བློ་ཡིས་ལོག་པར་བཀྲལ་བ་ཡི། །རྗེས་སུ་འཇུག་པ་དེ་དག་ཇི་ཞིག་འདྲ། །དེ་ནི་དེ་ དག་རྒྱལ་བའི་འཕྲིན་ལས་དང༌། །རྒྱལ་སྲས་རྣམས་ཀྱི་སྨོན་ལམ་རྒྱ་མཚོའི་མཐུས། །རང་ 7-1-359 རིགས་རྒན་པོའི་མངོན་ཞེན་རབ་སྤངས་ནས། །གཟུ་བོར་གནས་པའི་བློ་ཡིས་ལེགས་ དཔྱད་དེ། །དྲང་དང་ངེས་དོན་རྣམ་པར་འབྱཻད་མཁས་པ། །འཕགས་པ་རྣམས་ཀྱི་གསུང་ གི་རྗེས་འབྲངས་ནས། །རྒྱུད་དོན་མ་ནོར་གསལ་བར་རབ་རྟོགས་ཏེ། །འགྲོ་མང་ལོག་ པའི་ལམ་ནས་ལྡོག་གྱུར་ཅིག ། གང་གིས་དྲིན་གྱིས་བདག་ཀྱང་ཅི་ཞིག་ལྟར། །ཟབ་ ཡངས་སེམས་དཔའི་འགྲེལ་པས་རྗེས་བཟུང་བའི། །མགོན་དེ་དག་ལ་རྟག་པར་ཕྱག་ འཚལ་ཞིང༌། །སྲིད་གཞན་དུ་ཡང་དེ་བཞིན་སྨོན་ལམ་བགྱིད། ། དབང་གི་ཆོ་ག་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ། བློ་ལྡན་མང་པོས་བསྐུལ་བའི་ངོར། དགེ་སློང་ རྡོ་རྗེ་འཛིན་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས། དཔལ་ས་སྐྱའི་ཆོས་གྲྭ་ཆེན་ པོར་སྦྱར་བའོ།། །། སླད་ནས་ཀྱང་རྒྱ་དཔེ་ལ་གཏུགས་ནས་ཅུང་ཟད་བཅོས་ཤིང་སྔགས་རྣམས་ཀྱི་ཞུས་དག་ ལེགས་པར་བགྱིས་པས། སླད་ཆད་འབྲི་བ་རྣམས་ཀྱང་འདི་ཁོ་ན་བཞིན་མཛད་པར་ཞུ། ཞུས་དག །མངྒ་ལཾ་བྷ་ཝནྟུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༢༠༧ པར་མ་ཡིན།) 7-1-360 ༄༅། །འདབ་ཆགས་མགོན་པོའི་སྒྲུབ་ཐབས་ལས་ཚོགས་གཞན་ཕན་དང་བཅས་པ་བཞུགས། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་བྱ་སྟེ། རྡོར་སེམས་ བསྒོམ་བཟླས་བྱ། དེའི་རྗེས་སུ་རང་གི་ལུས་བསྲུང་བར་བྱ་སྟེ། དེ་ཡང་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ལྟེ་བར་ཧོཿ གཙུག་ཏོར་དུ་ཧཾ། གསང་བར་ཀྵཿ ལག་པ་ གཡོན་པའི་མཐེ་ཆུང་ནས་མཐེ་བོའི་བར་གྱི་སོར་མོ་རྣམས་ལ་རིམ་པ་བཞིན་དུ། ཨ་ཨི་ རྀ་ཨུ་ལྀ་བསྒོམ། གཡས་པའི་མཐེ་བོང་ནས་མཐེ་ཆུང་གི་བར་སོར་མོ་རྣམས་ལ་ལཱྀ་ཨཱུ་རཱྀ་ ཨཱི་ཨ་བསྒོམ་ཞིང༌། བརླ་གཡོན་ལ་ལ། གཡས་སུ་ལཱ། དེ་བཞིན་དུ་ལྟེ་བའི་གཡོན་གཡས་ སུ་ཝ་ཝཱ། སྙིང་གའི་གཡོན་གཡས་སུ་ར་རཱ། ཁ་ནང་གི་གཡོན་གཡས་སུ་ཡ་ཡཱ། དཔྲལ་ བའི་གཡོན་གཡས་སུ་ཧ་ཧཱ་ཡོད་པར་བསྒོམ། རྣ་བ་གཡོན་པར་ཧཱུཾ། གཡས་སུ་ཀྵ། དེ་ བཞིན་དུ། མགྲིན་པ་གཡོན་གཡས་སུ་ཧྻ་ཧྻཱ། མཆན་ཁུང་གཡོན་གཡས་སུ་ཧྼ་ཧྼཱ། དཀུ་ གཡོན་གཡས་སུ་ཧྺ་ཧྺཱ། བརླ་གཡོན་གཡས་སུ་ཧླ་ཧླཱ་བསྒོམས་ནས། རང་གི་སྙིང་གར་པཾ་ ལས་པད་མ་དང་རཾ་ལས་ཉི་མའི་སྟེང་དུ་ཀྵིཾ་གི་ཡི་གེ་ལས་འོད་ཟེར་འཕྲོས། དོན་གཉིས་ བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། འདབ་ཆགས་མགོན་པོ་ཨ་ནི་ལ། རྐང་པ་ནས་ དཔྱིའི་བར་སེར་པོ། དཔྱི་ནས་ལྟེ་བའི་བར་དཀར་པོ། ལྟེ་བ་ནས་མགྲིན་པའི་བར་དམར་ པོ། མགྲིན་པ་ནས་སྨིན་མཚམས་བར་ནག་པོ། སྨིན་མཚམས་ནས་གཙུག་ཏོར་ལྗང་ཁུ་སྟེ་ མདོག་ལྔ་པར་བསྒོམ། དེ་ཡང་ཀླུ་རིགས་ལྔའི་རྒྱན་གྱིས་བརྒྱན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ་སྟེ་དེ་ཉིད་ ལྔས་རྒྱས་གདབ་པར་བསྒོམས་ནས། སྙིང་གའི་ཧཱུཾ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་ དྲངས། མཆོད་པས་མཆོད་ནས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། ཡང་འོད་ཟེར་ འཕྲོས་དབང་གི་ལྷ་སྤྱན་དྲངས། མཆོད་པས་མཆོད། དབང་བསྐུར་བར་བསྒོམ། དེ་ནས་ 7-1-361 འདབ་ཆགས་མགོན་པོའི་ཐུགས་ཀར་པད་མ་དང་ཉི་མའི་སྟེང་ཏུ་ཀྵིཾ་གི་ཡི་གེ་ལ་ཨོཾ་ པཀྵིཾ་སྭཱཧཱས་བསྐོར་བར་དམིགས་ནས། བཟླས་པ་བྱེ་བ་གཅིག་བཟླས་པས། གདེངས་ཅན་ དང༌། འབྱུང་པོ་དང༌། གནོད་སྦྱིན་དང༌། གཟའ་ལ་ སོགས་པའི་གདོན་རྣམས་དང༌། མཁའ་འགྲོ་མ་དང་འཇིག་རྟེན་གྱི་མ་མོ་རྣམས་ཇི་ལྟར་བསྒོ་བ་ཉན་པར་གྱུར། སྦྲུལ་གྱི་ སོས་ཟིན་པ་ལ་སོགས་པའི་ནད་པ་བསྲུང་བར་བྱེད་ན། གོང་དུ་སོང་བའི་བསྲུང་བ་ རྣམས་ཀྱིས་ནད་པའི་ལུས་ལ་བསྲུང་བ་བྱས་ནས། འདམ་བུའི་བྱང་བུ་སོར་ཉི་ཤུ་པའམ། རང་གི་ལག་མཐིལ་ལ་གོང་དུ་སོང་བའི་ཀླུ་བཅུའི་ས་བོན་བཀོད་ནས། ནད་པའི་སྙིང་ གར་བསྣུན་པས་དུག་གཅོད་པར་བྱེད་དོ། །ནད་པའི་དཔྲལ་བར་ལ། རྐང་པར་ཧ་ཧ་ བསྒོམས་ནས་དུག་རེངས་པར་བྱེད་དོ། །སྤྱི་བོར་ཝ་དང༌། ལྟེ་བར་ར་བསྒོམས་ནས་དུག་ སེལ་བར་བྱེད་དོ། །དཔྲལ་བར་[ཡང་སྙིང་གར་?]བསྒོམས་ནས་དུག་འཕོ་བར་བྱེད་ དོ། །རྐང་པར་ལི་བསྒོམས་ནས་དུག་གཅོད་པར་བྱེད། དཔྲལ་བར་ཐིག་ལེ་དཀར་པོ་ བསྒོམས་ནས་བརྟན་གཡོ་བཅོས་མ་གསུམ་གྱི་དུག་ཀྱང་མེད་པར་བྱེད། དཔྲལ་བར་ཐིག་ ལེ་དམར་པོ་བསྒོམས་ན་དུག་གཅོད་པར་བྱེད། ནག་པོ་བསྒོམས་ན་དུག་འཇུ་བར་བྱེད། ཐིག་ལེ་སེར་པོ་བསྒོམས་ན་དུག་རེངས་པར་བྱེད། དེ་རྣམས་བསམ་གཏན་གྱིས་བཅོས་ པའོ། ། སྨན་གྱིས་བཅོས་པ་ནི། སྒ། པི་པི་ལིང༌། ན་ལེ་ཤམ་སྟེ་ཚ་བ་གསུམ་དྲི་ཆུ་དང་སྦྱར་ནས་ རླུང་གང་དུ་རྒྱུ་བའི་ངོས་ཀྱི་སྣས་རྔུབས་ན་དུག་མེད་པར་བྱེད། ཡང་ན་ཤིང་མགོ་ལ་ ཚལ་གདབས་ནས་ལྕེ་ཆུང་ལ་སྦྱར་བས་ཀྱང་ངོ༌། །ཡང་ན་མེ་ཏོག་སྣ་མ་དང༌། ཤྲཱི་ཁཎ་ཌ། སྔོ་སྨན་ཀུ་མ་རི། ཚ་བ་གསུམ། ལན་ཚྭ་དང༌། ཤོག་ཤིང༌། དེ་བ་ད་ལི་ཚངས་པའི་ཤིང་ དང༌། ཡ་བ་ཀྵ་ར། རྟ་བོན་པོ། ཨརྐའི་ཤིང༌། མཁན་པ་འབྲས་བུ་མེད་པ། བཤང་བ་དང༌། ཁུ་བ་དང༌། ཁྲག་དེ་རྣམས་ཆ་མཉམ་པ་དག་ཀྱང་བཏགས་ཏེ། དྲི་ཆུས་རི་ལུ་བྱས་པ་ནི། རླུང་རྒྱུ་བ་ངོས་ཀྱི་སྣ་བུག་ཏུ་བླུགས་པས། འབྱུང་པོའི་གདོན་གྱིས་ཟིན་པའམ། འབྱུང་ པོའི་རིམས་ཀྱིས་ཟིན་པའམ། བརྟན་པའི་རིམས་སམ། དུག་དང༌། ལྟོས་འགྲོ་སྦྲུལ་གྱི་དུག་ 7-1-362 ནི་ངེས་པར་འཇོམས་སོ། ། འདབ་ཆགས་མགོན་པོའི་སྒྲུབ་ཐབས་ལས་ཚོགས་གཞན་ཕན་དང་བཅས་པ་འདི། དགེ་ བའི་བཤེས་གཉེན་བརྩོན་འགྲུས་དཔལ་བ་དང༌། ཤ་རི་སྡེ་བདག་བསོད་རིན་དང༌། དབོན་པོ་སངས་རྒྱས་རྒྱལ་མཚན་དཔོན་སློབ་གསུམ་གྱིས་བསྐུལ་བའི་ངོར། དུས་ཀྱི་ འཁོར་ལོ་པ་ཤེས་རབ་རྒྱལ་མཚན་གྱིས་དོན་གྲུབ་ཀྱི་(༡༣༡༩)ལོ། རྒྱལ་གྱི་ཟླ་བའི་ཚེས་ བཅུ་བཞི་ལ། དབེན་གནས་བདེ་ཆེན་དུ་སྦྱར་བ་འདིས་སེམས་ཅན་ཐམས་ཅད་ལ་ཕན་ པ་རྒྱ་ཆེན་པོར་འཕེལ་བར་གྱུར་ཅིག། །།མངྒ་ལཾ། བྷ་ཝནྟུ། ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 7-1-363 ༄༅། །དུས་འཁོར་ལྷན་སྐྱེས་མངོན་རྟོགས་བསྡུས་པ་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ འགའ་ཞིག་གི་ལྷན་སྐྱེས་བསྡུས་པ་ལ་མོས་ན། སྐྱབས་འགྲོ་ སེམས་བསྐྱེད་བསམ་པ་ཐག་པ་ནས་བྱ་ཞིང༌། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་ བཅས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་ འདི་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག །ཅེས་དོན་མངོན་དུ་བྱེད་ བཞིན་པས་ཅི་ནུས་བྱས་ནས། རང་གཞན་ཐམས་ཅད་ཀྱི་སྤྱི་བོར་པད་ཟླ་ལ་བཞུགས་ པའི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་པ། ཕྱག་གཉིས་རྡོ་རྗེ་དྲིལ་བུ་ འཛིན་པས་ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་ཐོད་པ་འཛིན་པ་ལ་འཁྱུད་ཅིང༌། རྒྱན་ཐམས་ ཅད་ཀྱིས་བརྒྱན་པའི་ཡེ་ཤེས་ཀྱི་སྐུར་སྐད་ཅིག་གིས་གསོལ་འདེབས་པའམ། ཛཿཧཱུཾཾ་བཾ་ཧོཿ ཞེས་པས་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་བྱས་པ་ལ། རྡོ་རྗེ་མི་ཕྱེད་ཅེས་བྱར་ བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །བདག་སོགས་སེམས་ཅན་ཐམས་ཅད་ ཀྱི། །ཉེས་ལྟུང་ལ་སོགས་སྒྲིབ་པ་ཀུན། །མྱུར་དུ་ཟད་པར་མཛད་དུ་གསོལ། །ཞེས་སོགས་ གསོལ་བ་རྩེ་གཅིག་ཏུ་བཏབ་པས་ཡེ་ཤེས་ཀྱི་འོད་ཟེར་དང་བདུད་རྩིའི་ཚོགས་དཔག་ ཏུ་མེད་པ་སྤྱི་གཙུག་ནས་ ཞུགས་ཏེ་དྲི་མ་ཐམས་ཅད་སྦྲུལ་གྱི་ཤུན་པ་ལྟར་དོར་བ་ལ་ ཡིད་མ་ཡེངས་པར་ཡང་དང་ཡང་དུ་གཏོད་བཞིན་པས། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པ་ ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་ཌི་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་ རཀྟོ་མེ་བྷ་ཝ། སརྦ་སིད་དྷིཾ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ ཧོ། བྷ་ག་ཝན་སརྦ་ཏ་ཐཱ་ག་ཏཱ་བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ པའམ། ཧེ་རུ་ཀའི་ཡི་གེ་བརྒྱ་པ་ཅི་མང་བཟླས་ནས། བདག་ནི་མི་ཤེས་རྨོངས་པ་ ཡི། །ཞེས་སོགས་ཀྱིས་བཤགས་བསྡམ་ཞེ་དག་པར་བྱ་སྟེ། ཆོས་ཐམས་ཅད་གདོད་མ་ཉིད་ནས་རང་རང་ངོ་བོས་སྟོང་ཞིང༌། དབེན་ལ་ཅིར་ཡང་མ་ 7-1-364 གྲུབ་པའི་གཞི་ཆོས་ཉིད་ཡེ་ཤེས་རྡོ་རྗེ་ནམ་མཁའ་ལྟ་བུ་དྲན་བཞིན་པས། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་བརྗོད་ཅིང༌། སྟོང་པའི་ངང་ལས་ ཨོཾ་ལས་པད་མ་ འདབ་བརྒྱད་ལྗང་ཁུའི་ལྟེ་བར་ཟླ་ཉི་སྒྲ་གཅན་གྱི་སྟེང་དུ་ཧཱུཾ་དང་རྡོ་རྗེ་ལས་བྱུང་བའི་ དུས་ཀྱི་འཁོར་ལོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ པ། ཞབས་གཡས་དམར་པོ་བརྐྱང་བས་འདོད་ལྷ་དམར་པོ་དང༌། གཡོན་དཀར་པོ་ བསྐུམ་པས་དྲག་པོ་དཀར་པོ་དག་གི་སྙིང་གར་མནན་པ། སྟག་གིས་པགས་པའི་ན་ བཟའ་ཅན། སྣ་ཚོགས་ཡུམ་སེར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་ ཅིང༌། ཞབས་གཡོན་བརྐྱང༌། གཡས་བསྐུམ་པའི་སྟབས་ཅན་དང་མཉམ་པར་སྦྱོར་བ། གཉིས་ག་རྡོ་རྗེའི་རྒྱན་རྣམས་ཀྱིས་སྤྲས་ཤིང༌། སྤྱན་གསུམ་གསུམ་གསལ་གདབ་པའི་ གནས་དྲུག་ཏུ། ཨོཾ་ཨཱཿཧཱུཾཾ་ཧོཿཧཾ་ཀྵཿ ཞེས་རིགས་དྲུག་གི་ངོ་བོར་བསམ་ཞིང༌། ཡེ་ཤེས་ཀྱི་ སྐུ་ཉིད་དུ་གསལ་འདེབས་པའམ། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཀུན་འགྲོ་ ཡེ་ཤེས་སེམས་དཔའ་མཁའ་ཁྱབ་ཏུ་བཞུགས་པ་སད་ཅིང་རྟོགས་པར་བྱས་ནས། ཛཿཧཱུཾཾ་ བཾ་ཧོཿཧི། ཞེས་པས་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་བྱ་ཞིང༌། སྐུ་གསུང་ ཐུགས་ཀྱི་རྡོ་རྗེ་འཛིན་པ་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་ བ་བཏབ་པས། དེ་དག་གི་རིགས་ཀྱི་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་རྣམས་ཀྱིས་ དབང་བསྐུར་ཞིང་དྲི་མ་ཐམས་ཅད་དག ། རྡོ་རྗེ་སེམས་དཔས་རྒྱས་གདབ། རྡོ་རྗེ་གསུམ་ ཡང་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་བཞུགས་ནས། རྟག་ཏུ་བྱིན་གྱིས་བརླབ་པར་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་སྭ་ བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་བརྗོད། ཡབ་ཡུམ་སྙོམས་པར་ཞུགས་པས་ཡས་བྱོན་པའི་ དགའ་བ་བཞི་ལ་དམིགས་ནས། ཨོཾ་ཛྙཱ་ན་པཱུ་ཙ་ཨ་ནུ་རཀྟ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ བརྗོད། སླར་ཡང་ཇི་ལྟར་བྱོན་པ་དེ་བཞིན་དུ་གཤེགས་པས་མས་གཤེགས་པའི་དགའ་ བ་བཞི་ལ་དམིགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་སཏྭ་ཧཾ་དུར་དཱན་ཏ་ད་མ་ ཀ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་དེ། ཡེ་ཤེས་ཀྱི་ལྷ་ཐམས་ཅད་འདུས་པ་ལ་དམིགས་པ་རྩེ་ 7-1-365 གཅིག་ཏུ་གཞག་གོ ། དེ་ནས་སྔགས་ཟློས་པ་ན། སྔར་གྱི་ཡི་གེ་དྲུག་ལ་མཐར་ཐུག་གི་སྔགས་ཐམས་ཅད་འདུས་ པར་དམིགས་ནས། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་པའི་མཐར། སྭཱཧཱ་སྦྱར་བའམ། ཞི་བ་ལ་ན་ མཿ ཞེས་པ་སྦྱར་ལ་མ་ཡེངས་པར་ཅི་མང་དུ་བཟླས། རྣམ་བཅུ་དབང་ལྡན་གྱི་སྔགས་ལ་ སོགས་པ་གཞན་ཡང་ཟློས་པར་འདོད་ན། ལྷན་སྐྱེས་རྒྱས་པར་བསྟན་པ་བཞིན་བྱ་ཞིང༌། མཆོད་བསྟོད་དང་གཏོར་མ་ལ་སོགས་རྣམས་ཀྱང་དེར་བསྟན་པ་ལྟར་བྱའོ།། །། འདིའི་དགེ་བ་ལ་བརྟེན་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་རྟག་ཏུ་རང་རང་ལ་ བཞུགས་པའི་ཆོས་སྐུ་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་པའི་ཡེ་གེ་པ་ནི་བཅོམ་ལྡན་རྡོ་ རྗེ་སྙིང་པོ་དང༌། གཡའ་བཟང་བ་དགེ་བཤེས་སངས་རྒྱས་འོད་དོ།། །།ཨོཾ་ཨཱཿཧཱུཾཾ་ཧོཿཧཾ་ ཀྵཿསྭཱཧཱ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༢༡༥ ཡིན།) 7-1-366 ༄༅། །དཔལ་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའི་མངོན་རྟོགས་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿན་མཿ ཡང་འགའ་ཞིག་དཔའ་བོ་གཅིག་པ་ལ་མོས་ན། སྐྱབས་ འགྲོ་སེམས་བསྐྱེད་ཀྱི་མཐར། སྐད་ཅིག་གིས་ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་ ཞིང་དབེན་ལ་དག་པའི་ཕྱིར་རང་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཀྱང་ ནམ་མཁའི་མེ་ཏོག་ལྟར་ཅིར་ཡང་མ་གྲུབ་པར་ཤེས་པར་བྱ་ཞིང༌། སྟོང་གཞི་ཆོས་ཉིད་ དུས་ཀྱི་འཁོར་ལོ་རྣམ་པ་ཐམས་ཅད་པ་དྲན་བཞིན་པས། ཤྲཱི་ཀཱ་ལ་ཙཀྲ། ཀཱ་ཡིག་ལས་ནི་ རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའྀ་སེམས། །ཀྲ་ཡིག་རིམ་ པས་བཅིངས་ལས་སོ། །དུས་ནི་འགྱུར་མེད་བདེ་ཤེས་པ། །ཐབས་དང་སྙིང་རྗེའི་བདག་ ཉིད་དེ། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དོ། །འདི་ ནི་དཔལ་ལྡན་དུས་འཁོར་ལོ། །རྡོ་རྗེ་རྣལ་འབྱོར་ཐམས་ཅད་པ། །ཞེས་བརྗོད་ཅིང༌། སྣ་ ཚོགས་པད་མའི་ལྟེ་བར་ཟླ་ཉི་སྒྲ་གཅན་ལ་དུས་ཀྱི་འཁོར་ལོ་སྔོན་པོ་རྡོ་རྗེ་སེམས་དཔའི་ ཅོད་པན་ཅན། ཞལ་གཅིག་སྤྱན་གསུམ། ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་བ། ཞབས་གཡས་དམར་ཞིང་གཡོན་དཀར་བ་བརྐྱང་བསྐུམ་གྱི་སྟབས་ཀྱིས་བདུད་དང་ ཉོན་མོངས་བརྫིས་པ། རྡོ་རྗེའི་རྒྱན་དང་སྟག་གི་པགས་པའི་ན་བཟའ་ཅན། ཡེ་ཤེས་ཀྱི་ སྐུ་གདོད་ནས་ལྷུན་གྲུབ་ཏུ་ནམ་ཡང་བཞུགས་པ་སྐད་ཅིག་གིས་གསལ་གདབ་པའི་ གནས་དྲུག་ན། ཨོཾ་ཨཱཿཧཱུཾཾ་ཧོཿཧཾ་ཀྵཿ བཞུགས་པའི་འོད་ཟེར་མཐའ་ཡས་པས་སེམས་ཅན་ ཐམས་ཅད་ཀྱི་གློ་བུར་དྲི་མ་མཐའ་དག་བསལ་བར་བསམ་ཞིང༌། སྔགས་དེ་ཉིད་ལ་སྭཱཧཱ། ཞེས་པའམ། ན་མཿ ཞེས་པ་སྦྱར་ནས་མ་ཡེངས་པར་ཅི་མང་དུ་བཟླས་ཏེ། མཆོད་བསྟོད་ གཏོར་མ་ལ་སོགས་རྒྱས་བསྡུས་གང་མོས་པ་གཞུང་སྔ་མ་རྣམས་སུ་བསྟན་པ་ལྟར་ བྱའོ། །འདིར་རྣམ་པ་དཔའ་བོ་གཅིག་པར་སྣང་ཡང༌། ངོ་བོ་ཤེས་རབ་དང་གཉིས་སུ་ 7-1-367 མེད་པར་གཞི་ལ་རྟག་ཏུ་བཞུགས་པ་ཉིད་གསལ་འདེབས་པ་ཡིན་ཏེ། ཐབས་ཤེས་ཡ་ བྲལ་ཆོས་ཉིད་ལ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་མང་པོའང་གཅིག་ཏུ་འདུ་བ་དང༌། གཅིག་ཀྱང་མང་པོའི་ངོ་བོར་བཞུགས་པའི་ཕྱིར། རིགས་ཀྱི་དབྱེ་བསྡུ་ལ་མཁས་པས་ཆོས་ ཉིད་ཀྱི་ལྷ་མང་ཉུང་དང༌། རྒྱས་བསྡུས་གང་ལྟར་བསྒོམས་ཀྱང་དོན་ཆེ་བར་གསུངས་ སོ།། །། འདིའི་དགེ་བ་ལ་བརྟེན་ནས་ཀྱང་བསྐུལ་ཞིང་གསོལ་བ་འདེབས་པ་པོ་རྣམས་ཀྱི་གཙོ་ བྱས་སེམས་ཅན་ཐམས་ཅད་ཀྱིས་རང་རང་ལ་རྟག་ཏུ་བཞུགས་པའི་ཨེ་ཝཾ་ཡི་གེ་རྡོ་རྗེ་ སེམས་དཔའ་མ་ནིང་གི་གོ་འཕང་མཐོང་ཞིང་རྟོགས་ནས་མྱུར་དུ་ཐོབ་པར་གྱུར་ ཅིག །ཅེས་པའི་ཡི་གེ་པ་ནི་བཅོམ་ལྡན་རྡོ་རྗེ་སྙིང་པོ་དང༌། གཡའ་བཟང་པ་དགེ་བཤེས་ སངས་རྒྱས་འོད་དོ།། །།ཨོཾ་ཨཱཿཧཱུཾཾ་ཧོཿཧཾ་ཀྵཿསྭཱཧཱ། ཨ་ཧཾ། མངྒ་ལཾ། བྷ་ཝནྟུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༢༡༥ ཡིན།) 7-1-368 ༄༅། །དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་གྱི་ཆོ་ག་བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ རྗེ་བཙུན་བླ་མ་དམ་པའི་བཀའ་དྲིན་ ལས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་ཞུགས་ཤིང་དག་པའི་རིམ་པའི་དབང་ བསྐུར་ལེགས་པར་ཐོབ་པའི་སློབ་མ་དམ་ཚིག་དང་ལྡན་པ་ལྷ་དང་དཀྱིལ་འཁོར་ལ་ སོགས་པ་ཆོས་ཀྱི་དབྱིངས་ཉིད་དུ་ལེགས་པར་རྟོགས་པས་དེ་ལ་མོས་པ་ཡིད་ལ་བྱེད་ པའི་བསྒོམ་པ་བསྐྱེད་པའི་རིམ་པ་ལ་རྣལ་འབྱོར་དུ་བྱ་བར་འདོད་ན། སྐྱབས་འགྲོ་སེམས་བསྐྱེད་དང་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔོན་དུ་འགྲོ་བས་ བདུད་རྩི་རིལ་བུ་ཁར་བཅུག་ནས། ཨོཾ་ཨཱཿཧཱུཾཾ་ཧོཿཧཾ་ཀྵཿ པྲཛྙཱ་ཨུ་པཱ་ཡ་ཨཱད་མ་ཀ་ཀཱ་ཡ་ ཝཱཀ་ཙིཏྟ་ཛྙཱ་ན་ཨ་ཏི་པ་ཏེ་མ་མཱ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ་བཛྲ་ཨ་མྲྀ་ཏ་སྭ་བྷཱ་ཝཾ་ཀུ་རུ་ ཀུ་རུ་སྐན་དྷ་དྷཱ་དུ་ཨ་ཡ་ཏ་ནཾ་ནིཿ སྭ་བྷཱ་ཝཾ་སྭཱཧཱ། ཞེས་བརྗོད་ཅིང༌། གཙུག་ཏོར་དུ་ཝཾ་ ལས་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་རྫོགས་པ་གདོད་ནས་བཞུགས་པ་གསལ་ གདབ་སྟེ། དེས་རྐང་སེན་གྱི་མཐར་ཐུག་པ་མ་དག་པའི་ལུས་འདི་སྦྲུལ་གྱི་ཤུན་པ་ལྟར་ ལན་གསུམ་དུ་དོར་བས་ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པ་རྡོ་རྗེ་ བདུད་རྩིའི་རང་བཞིན་ཟླ་བ་དྲི་མ་མེད་པ་ལྟར་གདོད་ནས་གནས་པ་ཐོབ་པར་མོས་ ནས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨྨ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་ང་རྒྱལ་བཟུང་སྟེ། དཔྲལ་བ་ལ་ སོགས་པའི་གནས་དྲུག་ཏུ། ཨོཾ་ཨཱཿཧཱུཾཾ་ཧོཿཧཾ་ཀྵཿ རྣམས་རིགས་ཀྱི་མདོག་ཅན་ལས་སྣང་བ་ མཐའ་ཡས། རིན་ཆེན་འབྱུང་ལྡན། དོན་ཡོད་གྲུབ་པ། རྣམ་པར་སྣང་མཛད། མི་བསྐྱོད་ པ། རྡོ་རྗེ་སེམས་དཔའ་རྣམས་གདོད་ནས་བཞུགས་པ་གསལ་གདབ་པས་བྱིན་གྱིས་ བརླབ་བོ། །དེ་ནས་ལག་པ་ཕན་ཚུན་མཉེ་ཞིང༌། ཨོཾ་ཧྲཿསརྦ་ཨསྟྲ་རཱ་ཛ་མཱ་ར་ཀླེ་ཤ་ཨན་ 7-1-369 ཏ་ཀ་ར་བཛྲ་ཏིཀྵྞ་དུཿཁ་ཙྪེ་ད་མ་མ་ཀ་རཾ་བི་ཤོ་དྷ་ཡ་སྭཱཧཱ། ཞེས་པས་བཀྲུས་ཤིང་དག་ པར་བྱས་པའི་ལག་པ་གཡོན་གྱི་མཐེའུ་ཆུང་ལ་སོགས་པའི་རྩ་བའི་ཚིགས་རྣམས་ལ་ཨ་ ཨི་རྀ་ཨུ་ལྀ། དབུས་ཀྱི་ཚིགས་རྣམས་ལ་ཨ་ཨེ་ཨར་ཨོ་ཨལ། སྟེང་གི་ཚིགས་རྣམས་ལ་ཧ་ ཡ་ར་ཝ་ལ། གཡས་ཀྱི་མཐེ་བོ་ལ་སོགས་པའི་སྟེང་གི་ཚིགས་རྣམས་ལ་ལཱ་ཝཱ་རཱ་ཡཱ་ཧཱ། དབུས་ཀྱི་ཚིགས་རྣམས་ལ་ཨཱལ་ཨཽ་ཨཱར་ཨཻ་ཨཱཿ རྩ་བའི་ཚིགས་རྣམས་ལ་ལཱྀ་ཨཱུ་རཱྀ་ཨཱི་ཨ་ རྣམས་ལས། གཡོན་ཟླ་བ། གཡས་ཉི་མ། གཉིས་ཀ་སྦྱར་བའི་དབུས་སུ་ཧཱུཾ་མཐིང་ནག་ ལས་སྒྲ་གཅན་དེ་རྣམས་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་གཙུག་ཏོར་ནས་རྐང་ སེན་ལ་ཐུག་པར་རང་ལ་རེག་ཅིང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ ཏེ་བཛྲ་ཀཱ་ཡ་མ་མཱ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ་བཛྲ་ཀཱ་ཡ་སྭ་བྷཱ་ཝཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་ པས་རྡོ་རྗེའི་སྐུ་དྲི་བྲལ་མངོན་དུ་གྱུར་པར་མོས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བཛྲ་ཀཱ་ཡ་སྭ་ བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་སྟེ། ཐལ་མོ་སྦྱར་བའི་མཐེ་བོང་ཟུང་གིས་སྙིང་ གར་རེག་ཅིང༌། ཨོཾ་ཧྲླཱྀཾ་ཧྲི་ད་ཡ་ཡཱ་ན་མཿ སྤྱི་བོར་རེག་ཅིང༌། ཨོཾ་ཧྲུཾ་སི་ར་སེ་སྭཱཧཱ། གཙུག་ ཏོར་དུ་རེག་ཅིང༌། ཨོཾ་ཧྲྼྀཾ་ཤི་ཁཱ་ཡཻ་ཝཽ་ཥཊ། ཡན་ལག་ཐམས་ཅད་ལ་རེག་ཅིང༌། ཨོཾ་ཧྲཱྀཾ་ཀ་ བ་ཙཱ་ཡ་ཧཱུཾ། མིག་གཉིས་ལ་རེག་ཅིང༌། ཨོཾ་ཧྲཾ་ནཻ་ཏྲ་ཡ་བ་ཥཊ། གཡོན་པའི་མཐེབ་འཛུབ་ ཀྱི་སེ་གོལ་ཕྱོགས་རྣམས་སུ་རྡེབ་ཅིང༌། ཨོཾ་ཧྲཿཨསྟྲ་ཡ་ཕཊ། ཅེས་པས་ཕྱོགས་ཀུན་ཏུ་ མཚོན་ཆ་བཀོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་སི་རཿ ཤི་ཁཱ་ཀ་བཱ་ཙ་ནཻ་ཏྲ་ཨསྟྲ་བཛྲ་ ཥཊ་ཨཾ་ག་སྭ་བྷཱ་ཝ་ཨཱད་མ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་ངོ༌། ། དེ་ནས་གཏོར་མ་གཉིས་འཆད་འགྱུར་ལྟར་བྱིན་གྱིས་བརླབས་ཏེ། ཧཱུཾ་མཛད་ཀྱི་ཕྱག་ རྒྱས་ཡུལ་གྱི་བདག་པོ་སྤྱན་དྲང་ཞིང༌། ཨོཾ་ཨཱཿཧཱུཾ་ཆྒཻ་མོ་ས་པཱ་རི་ཝཱ་རཱ་ཡ་ཨི་དཾ་བ་ལིཾ་གནྡྷཾ་ པུཥྤཾ་དྷཱུ་པཾ་པྲ་དཱི་པཾ་ཨཀྵ་ཏཾ་ད་དཱ་མ་ཧཱེ་ས་པཱ་རི་ཝ་རཿ ཤཱི་གྷྲཾ་ཨ་གཙྪ་ཏུ་ཛཿཧཱུཾ་བཾ་ཧོཿ ཨི་ དཾ་བ་ལིཾ་གྲྀཧྣ་ཏུ། ཁ་དཾ་དུ། པི་ཝ་ཏུ། ས་པ་རི་ཝཱ་ར་ཀཿ སརྦ་སཏྭཱ་ནཾ། ཤཱནྟིཾ་པུཥྟིཾ་རཀྵ་ཨཱ་ཝ་ ར་ཎ་གུབ་ཏིཾ་ཀ་རོ་ཏུ། ཨི་དཾ་སྠཱ་ནཾ་ཏྱཀ་ཏྭཱ་བ་ཧྱེ་མཎྜལ་བྷཱུ་མྱཾ་ཏཱིཥྛ་ཏུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་པ་དང༌། ཁྱིའི་ཕྱག་རྒྱས་གྲོང་གི་བདག་པོ་སྤྱན་དྲང་ཞིང༌། ཨོཾ་ 7-1-370 ཨཱཿཧཱུཾ་ཆྒཻ་མོ་ཨཱ་གཙྪ་ཨཱ་གཙྪ་ཤཱི་གྷྲཾ་ཨི་དཾ་བ་ལིཾ་གྲྀཧྣ་གྲྀཧྣ་བྷུཀ་ཏྭཱ་བི་ཏྭཱ་ཏྲིབ་ཏིཾ་ཀྲི་ཏྭཱ་སརྦ་ སཏྭཱ་ནཾ་ཤཱནྟིཾ་ཙིཏྟཾ་ཀྲི་ཏྭཱ་ཨ་པ་ར་སྠཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་པས་གཏོར་མ་བྱིན་ནས་རེ་ ཞིག་གནས་གཞན་དུ་བཏང་སྟེ། རང་གི་གནས་དྲུག་ཏུ་ཟླ་བ་ཉི་མ། སྒྲ་གཅན་དུས་མེ། ནམ་མཁའ་དང་ཡེ་ཤེས་དཀྱིལ་འཁོར་ལ། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ལས་རྡོ་རྗེ་རྩེ་མོ་རྩ་གྲངས་ ལྟེ་བ་དང་བཅས་པ་དང་མཚུངས་པ་དང༌། གཡོན་གྱི་འཕྲག་པ་དང་མཐེ་ཆུང་ལ་སོགས་ པའི་རྩ་བའི་ཚིགས་རྣམས་སུ། ང་ངི་ངྼི་ངུ་ངླི་ངཾ༌། གྷ་གྷི་གྷྼི་གྷུ་གྷླི་གྷཾ། ག་གི་གྼི་གུ་གླི་གཾ། ཁ་ ཁི་ཁྼི་ཁུ་ཁླི་ཁཾ། ཀ་ཀི་ཀྼི་ཀུ་ཀླི་ཀཾ། གཡས་ཀྱི་འཕྲག་པ་དང་མཐེ་བོང་ལ་སོགས་པ་རྩ་བའི་ཚིགས་རྣམས་སུ། ཀྐཱཿཀྐླཱི་ཀྐཱུ་ཀྐྼཱི་ཀྐཱི་ཀྐཱ། ཁྑཱཿ ཁྑླཱི་ཁྑཱུ་ཁྑྼཱི་ཁྑ། གྒཱཿགྒླཱི་གྒཱུ་གྒྼཱི་གྒཱི་གྒཱ། གྷྒྷཱཿགྷྒྷླཱི་གྷྒྷཱུ་གྷྒྷྼཱི་གྷྒྷཱི་གྷྒྷཱ། ངྔཱཿངྔླཱི་ངྔཱུ་ངྔྼཱི་ངྔཱི་ངྔཱ༌། རྣམས་ལས་རྡོ་རྗེ་རྩེ་ མོ་སུམ་ཅུ་རྩ་གཅིག་པ་དང༌། རྩེ་མོ་བདུན་པ་རྣམས་ཚུལ་དེ་བཞིན་དུ་གྲུ་མོ་དང་སོར་ མོའི་དབུས་ཀྱི་ཚིགས་རྣམས་ལ་ཙཱ་སྡེ། འཁྲིག་མ་དང་སོར་མོའི་སྟེང་གི་ཚིགས་རྣམས་ལ་ ཊཱ་སྡེ། དཔྱི་མགོ་དང་རྐང་སོར་གྱི་རྩ་བའི་ཚིགས་རྣམས་ལ་པཱ་སྟེ། པུས་མོ་དང་རྐང་སོར་ གྱི་དབུས་ཀྱི་ཚིགས་ལ་ཏཱ་སྡེ། ལུང་བུ་དང་རྐང་སོར་གྱི་སྟེང་གི་ཚིགས་ལ་སཱ་སྡེ་ལས་རྩེ་མོ་ སོ་གཅིག་པ་དང༌། རྩེ་མོ་བདུན་པོ་རྣམས་གསལ་གདབ་བོ། །ཡིད་ལ་རྣམ་པ་བསམ་ ཞིང་བྱ་བར་གྱུར་པས་ནི་སྐབས་ཁ་ཅིག་ཏུ་ཀ་སྡེ་ཙ་སྡེ་ཊ་སྡེ་པ་སྡེ་ཏ་སྡེ་ས་སྡེ་རྣམས་དབྱངས་བཅུ་ གཉིས་ཀྱིས་བསྒྱུར་བ་ཕྲག་གཉིས་གནས་དེ་རྣམས་སུ་དམིགས་པ་ལས་ས་སྡེ་ལས་རྡོ་རྗེ་ དེ་རྣམས་སུ་གྱུར་པར་བལྟས་ཀྱང་རུང་ངོ༌། །གཡོན་དང་གཡས་ཀྱི་རྣ་བ་དག་ལ་ཨ་ཨཱ། སྣ་དག་ལ་ཨེ་ཨཻ། མིག་དག་ལ་ཨར་ཨཱར། ལྕེ་དང་ལྕེའུ་ཆུང་དག་ལ་ཨོ་ཨཽ། རྡོ་རྗེ་དང་ གསང་བ་དག་ལ་ཨལ་ཨཱལ། ཡིད་དང་ཁུ་བའི་རྩ་དག་ལ་ཨཾ་ཨཱཿ ལས་རྡོ་རྗེ་རྩེ་མོ་གསུམ་ པ་རྣམས། གཙུག་ཏོར་དང་མགོ་བོར་ཧཾ་ཧཿ ལྕེ་དང་རྐན་དག་ལ་ཡ་ཡཱ། ལག་མཐིལ་དག་ ལ་ར་རཱ། རྐང་མཐིལ་དག་ལ་ཝ་ཝཱ། བཤང་ལམ་གྱི་གཡོན་དང་གཡས་སུ་ལ་ལཱ། རྣམས་ ལས་རྡོ་རྗེ་རྩེ་མོ་ལྔ་པ་རྣམས་ཁམས་ཀྱི་མདོག་ཅན་ཏེ། དེ་ལྟར་ལུས་ལ་གདོད་ནས་ 7-1-371 བཞུགས་པའི་རྡོ་རྗེ་འབར་བ་ཕྱོགས་ཀྱི་མདོག་ཅན་འཕྲོས་པས་གློ་བུར་དྲི་མའི་ངོ་བོ་ གདུག་པ་ཐམས་ཅད་བསྲེགས་ནས་རང་བཞིན་འོད་གསལ་ཐོབ་པར་བསམ་ཞིང༌། ཨོཾ་ ཨཱཿཧཱུཾཾ་ཧོཿཧཾ་ཀྵཿ ཧྲཿཧྲཿཧྲཿཧྲཿ ར་ར་ར་ར་བཛྲ་ཨ་ན་ལ་སརྦ་ཨཱ་བ་ར་ཎ་དྷརྨ་པྲ་ལ་ཡ་སྭ་ བྷཱ་བ་སརྦ་མཱ་ར་ཀ་ཡི་ཀ་བིགྷྣ་བི་ནཱ་ཡ་ཀ་ཨ་དི་ནཾ་ཀཱ་ཡ་ཝཱཀ་ཙིཏྟ་ནི་ད་ཧ་ད་ཧ་པ་ཙ་ པ་ཙ་བྷསྨི་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་དྲག་ཏུ་འདོན་པས་བདུད་གཞོམ་མོ། ། དེ་ནས་ཧཾ་གི་རང་བཞིན་ནམ་མཁའི་དབུས་སུ་ཡཾ་རཾ་ཝཾ་ལཾ་ལས་རླུང་མེ་ཆུ་སའི་དཀྱིལ་ འཁོར་སྟེང་འོག་ཏུ་ཧཱུཾཾ་ལས་བྱུང་བའི་རྡོ་རྗེ་ཁ་སྦྱར་བས་མཚན་པ་བསྒོམ་ཞིང༌། ཨོཾ་ཧཱཾ་ཡཱཾ་ རཱཾ་ཝཱཾ་ལཱཾ་བཛྲ་ཨཱ་ཀཱ་ཤ་བ་ཡུ་དེ་ཛ་ཨུ་ཏ་ཀ་པྲི་ཐི་ཝཱི་བཛྲ་སྭ་བྷཱ་བ་པཉྩ་དྷཱ་ཏྭ་བོ་བཛྲ་ མཎྜལ་ནི་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་འོག་ཏུ་དཀྱིལ་འཁོར་དགོད་ཅིང༌། ཨོཾ་ཨཱཿཧཱུཾ་ རཿབཛྲ་ཙནྟྲ་སུཪྻ་རཱ་ཧུ་ཀཱ་ལ་ཨག་ན་ཡཿཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲ་པྲ་ཀ་རཱན་ཀུ་རུ་ཀུ་ རུ་སྭཱཧཱ། ཞེས་པས་དཀྱིལ་འཁོར་བཞི་གཅིག་ཏུ་འདྲེས་པ་ལས་ཐོ་རེངས་གནམ་ས་འབྱར་ བར་སྣང་བའི་མཚམས་སུ་རྭ་བ་གསུམ་དང་ཡུལ་འཁོར་གྱི་མཚམས་སུ་རྭ་བ་ལྔ་སྟེ། ཐམས་ཅད་ཀྱི་འོག་ཏུ་མདུང་དང་རྡོ་རྗེའི་ས་གཞི། སྟེང་དུ་གུར་དང་མདའི་དྲ་བ་རྣམས་བཀོད་པའི་དབུས་སུ། ཨོཾ་ཧཱུཾཾ་བི་ཤྭ་ ཀཱ་ཡ་བཛྲཾ་བཛྲ་ཀུ་ཊཱ་ཀ་རཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་རྡོ་རྗེའི་ཁང་བརྩེགས་ཁྲུ་གཉིས་ བརྒྱ་པ། དེའི་དབུས་སུ་འཁོར་ལོའམ་ཆུ་སྐྱེས་ཁྲུ་བཅུ་གཉིས་པ་བསམ། དེ་ཡང་པད་མ་ ཡིན་ན། ཨོཾ་པཾ་བི་ཤྭ་བཛྲ་པད་མཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་དགོད་ཅིང༌། ཨོཾ་རཿབཛྲ་ སཱུཪྻ་བཛྲ་སཱུཪྻ་ཨཱ་ས་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་ལྟེ་བའམ་མུ་ཁྱུད་ལ་དེ་དང་མཉམ་ པའི་ཉི་གདན་བཀོད་དེ་དེར། ཧཱུཾཾ་ལས་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དུས་ཀྱི་འཁོར་ལོ་ ལྟ་བུ་མི་བསྐྱོད་པའི་ཅོད་པན་ཅན་སྦྲུལ་དང་གླང་པོའི་པགས་པ་དང་ཐོད་པ་ཁ་དོག་ ལྔའི་ཕྲེང་བ་དང་མགོ་བོ་བརྒྱའི་དོ་ཤལ་རྣམས་ཀྱིས་ལྷག་པར་བརྒྱན་ཅིང༌། ལྷག་པའི་ ཕྱག་གཉིས་ཀྱིས་བདུད་ཀྱི་མགོ་བོ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས་པ་རབ་ཏུ་ ཁྲོས་ཤིང་འཇིགས་སུ་རུང་བ་གཡས་བརྐྱང་གི་གར་གྱིས་ཡི་དྭགས་ཀྱི་རྣམ་པ་ཅན་ 7-1-372 བདུད་དང་ཉོན་མོངས་པའི་སྙིང་གར་བརྫྀས་པ་གསལ་གདབ་ཅིང༌། ཨོཾ་ཧཱུཾཾ་ཀྲོ་དྷ་ཨིན་ ཏྲོ་ཧཾ་ཀྲོ་དྷཱ་ནཾ་ཨཛྙཱ་དཱ་ཡ་ཀ་སྭཱཧཱ། ཞེས་ང་རྒྱལ་བཟུང་ནས། ཐུགས་ཀར་ཉི་མ་ལ་གནས་ པའི་ཧ་ཡ་ར་ཝ་ལ་བརྩེགས་པར་དབྱངས་མེད་པའི་ཡི་གེའི་གོང་བུ་ལ་སྟོང་པ་ཆེན་པོ་ ཡི་གེ་ལྔ་ཐབས་དང་ཤེས་རབ་ཀྱིས་ཕྱེ་བ་རིགས་དང་མཐུན་པར་བཞུགས་པ་ལས་བྱུང་ བའི་ཁྲོ་རྒྱལ་བཅུ་བུ་ག་རྣམས་ནས་ཕྱོགས་བཅུར་སྤྲོས་ཏེ། ཧ་ཧཱ་དག་ལས་གཙུག་ཏོར་ ལྗང་ཁུ་དང་གནོད་མཛེས་སྔོན་པོ་དག་གཞལ་གྱི་གཙོ་བོའི་གཡོན་དང་གཡས་ཀྱི་རྣ་བ་ དག་ལས་ཕྱུངས་ནས་སྟེང་དང་འོག་དུ་ཁང་པ་བརྩེགས་པའི་ནང་དང༌། རྡོ་རྗེའི་ས་གཞི་ ལ་བཞག་ཅིང༌། ཡི་ཡཱི་ལས་བགེགས་མཐར་བྱེད་དང་དབྱུག་སྔོན་ཅན་ནག་པོ་དག་སྣ་ བུག་དག་ནས་ཕྱུངས་ཏེ་ཤར་དང་མེའི་རྩིབས་དང༌། རྼྀ་རྼཱྀ་ལས་ཤེས་རབ་མཐར་བྱེད་ དང་ཊཀྐི་དམར་པོ་དག་མིག་དག་ནས་ལྷོ་དང་བདེན་བྲལ་གྱི་རྩིབས་དང༌། ཝུ་ཝཱུ་ལས་ པད་མ་མཐར་བྱེད་དང་མི་གཡོ་བ་དཀར་པོ་ལྕེ་དང་ཆུ་ལམ་དག་ནས་བྱང་དང་དབང་ ལྡན་གྱི་རྩིབས་དང༌། ལླྀ་ལླཱྀ་ལས་གཤིན་རྗེ་མཐར་བྱེད་དང་སྟོབས་པོ་ཆེ་སེར་པོ་དག་ བཤང་ལམ་དང་གཙུག་ཏོར་དག་ནས་ནུབ་དང་རླུང་གི་རྩིབས་སུ་སྟེ། ཐམས་ཅད་ཉི་མ་ ལ་གཡས་བརྐྱང་གིས་གནས་ཤིང་ཞལ་གསུམ་པ་ཕྱག་དྲུག་པ་འཆད་པར་འགྱུར་བའི་ རྒྱལ་བ་རིགས་དྲུག་གི་ཕྱག་མཚན་དང་སྟག་ལྤགས་ལ་སོགས་པ་ཁྲོ་བོའི་ཆ་ལུགས་ རྣམས་དང་ལྡན་པའོ། །དེ་ཙམ་ལས་བསྡུས་ན་འདིའི་མཐར་ང་རྒྱལ་བཟུང་ནས་བཀའ་ སྩལ་སྦྱིན་པ་ལ་སོགས་པ་བྱའོ། །ས་ཡོངས་སུ་བཟུང་ལ་སོགས་པའི་སྐབས་དང་ལོང་ སྐབས་ཆེ་བའི་དུས་གཞན་དུ་ཡང་ཤིན་ཏུ་རྒྱས་པར་སྤྲོ་ན་དཔག་བསམ་ལྗོན་ཤིང་དུ་ བཤད་པ་ལྟར་བྱ་ཞིང༌། ཅུད་ཟད་རྒྱས་པར་བྱེད་ན། ཧ་ཡ་ར་ཝ་ལ། ཧ་ཧཱ་ཡི་ཡཱི་ ཪྼྀ་ཪྼཱྀ་ཝུ་ ཝཱུ་ལླྀ་ལླཱྀ། གཙུག་ཏོར་གནོད་མཛེས་ཤིན་ཏུ་སྟོབས། །དབྱུག་སྔོན་རྨུགས་བྱེད་འདོད་པའི་ རྒྱལ། །ཁེངས་བྱེད་མི་གཡོ་རེངས་བྱེད་སྟོབས། །རྩིབས་བཅུར་གཡས་བརྐྱང་ཉི་མ་ ལའོ། །ང་ཉ་ཎ་མ་ན། ང་ངཱ་ཉི་ཉཱི་ཎྼྀ་ཎྼཱྀ་མུ་མཱུ་ནླྀ་ནླཱྀ། ནམ་མཁའ་རླུང་མེ་ཆུ་ས་ཡི། །ཟད་ པར་རྣམ་བཅུར་ཁང་བརྩེགས་ཕྱིར། །ཕྱོགས་བཅུར་རང་རང་འབྱུང་བ་ཡི། །དཀྱིལ་ 7-1-373 འཁོར་དག་གི་གདན་ལ་གནས། །གྷ་ཛྷ་ཌྷ་བྷ་དྷ། གྷ་གྷཱ་ཛྷི་ཛྷཱི་ཌྷྼྀ་ཌྷྼཱྀ་བྷུ་བྷཱུ་དྷླྀ་དྷླཱྀ། ཚངས་པ་ ཁྱབ་འཇུག་བདེན་བྲལ་རླུང༌། །གཤིན་རྗེ་མེ་ལྷ་རྒྱ་མཚོ་དག །དབང་པོ་གནོད་སྤྱིན་རྭ་ བའི་ནང༌། །ཕྱོགས་བཅུར་རང་རང་འབྱུང་བའི་དཀྱིལ། །ག་ཛ་ཌ་བ་ད། ག་གཱ་ཛི་ཛཱི་ཌྼྀ་ཌྼཱྀ་ བུ་བཱུ་དླྀ་དླཱྀ། སྒྲ་གཅན་དུས་མེ་ཟླ་ཉི་ལག །བཀྲ་ཤིས་པ་སངས་ཕུར་བུ་དང༌། །འཇུག་རིང་ སྤེན་པ་རྭ་བའི་ཕྱིར། །ཕྱོགས་བཅུར་རང་རང་འབྱུང་བ་ལའོ། ། ཁ་ཚ་ཋ་ཕ་ཐ། ཁ་ཁཱ་ཚི་ ཚཱི་ཋྼྀ་ཋྼཱྀ་ཕུ་ཕཱུ་ཐླྀ་ཐླཱྀ། རྒྱལ་བ་རྣམ་རྒྱལ་སྟོབས་ཀྱི་རྒྱུ། །པད་མ་ནོར་རྒྱས་དུང་སྐྱོད་ དང༌། །མཐའ་ཡས་རིགས་ལྡན་འཇོག་པོ་དང༌། །པད་མ་ཆེན་པོ་རྭ་བའི་ནང༌། །རང་རང་ ཕྱོགས་ཀྱི་རྒྱུ་བ་ལའོ། །ཀ་ཙ་ཊ་པ་ཏ། ཀ་ཀཱ་ཙི་ཙཱི་ཊྼྀ་ཊྼཱྀ་པུ་པཱུ་ཏླི་ཏླཱི། རོ་ལངས་དང་ནི་ གྲུལ་བུམ་དང༌། །ཁྱི་ཡི་གདོང་ཅན་མིའམ་ཅི། །བྱ་རོག་གདོང་ཅན་སྐྱེས་བུའམ་ཅི། ། དྲི་ ཟ་ཕག་གི་གདོང་པ་ཅན། །འབྱུང་པོ་བྱ་རྒོད་གདོང་པ་ཅན། ། སྲིན་པོ་སྟག་གི་གདོང་པ་ ཅན། །ཡི་དྭགས་འུག་པའི་གདོང་པ་ཅན། །བརྗེད་བྱེད་ལྕེ་སྤྱང་གདོང་པ་ཅན། །ནམ་ མཁའ་ལྡིང་རྣམས་རྭ་བའི་ཕྱིར། །རང་རང་ཕྱོགས་ཀྱི་འབྱུང་བ་ལའོ། །ཞེས་བརྗོད་ཅིང་ ཐམས་ཅད་གསལ་གདབ། སྐབས་ཁ་ཅིག་ཏུ་དེ་བས་ཀྱང་ཅུང་ཟད་བསྡུས་པ་འདོད་ན། སྔགས་དེ་རྣམས་ཀྱི་མཐར། ཕྱོགས་བཅུར་ཁྲོ་རྒྱལ་བཅུ། ཟད་པར་གཞན་བཅུ། ཕྱོགས་ སྐྱོང་གཞན་བཅུ། གཟའ་ཆེན་གཞན་བཅུ། ཀླུ་རྒྱལ་གཞན་བཅུ། རབ་གཏུམ་གཞན་བཅུ། ཞེས་བརྗོད་ཅིང་ཐམས་ཅད་གསལ་གདབ་བོ། །ཕྱག་རྒྱ་དང་མཚོན་ཆ་ལ་སོགས་པ་ དགོད་པ་ཡང་མཚན་མ་ངན་པ་གསལ་བ་ལ་སོགས་པ་བདུད་དང་བགེགས་ཀྱི་ཉེ་བར་ འཚེ་བ་བཟློག་པའི་སྐབས་རྣམས་སུ་སྔགས་ཀྱི་ཚིག་གིས་དགོད་ཅིང༌། རྐང་པ་བཅུ་དྲུག་ ལ་སོགས་པ་དྲག་པོའི་སྔགས་རྣམས་ཀྱང་ངེས་པར་བཟླ་དགོས་ལ། སྐབས་གཞན་དུ་ནི་ ངེས་པ་མེད་པས། ཇི་ལྟར་རིག་པ་དང་གང་ལ་མོས་པ་བཞིན་བྱའོ། །དེ་ལྟར་རྒྱས་འབྲིང་ བསྡུས་པ་གང་ཡང་རུང་བའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་རཀྵ་ཙཀྲ་སྭ་བྷཱ་བ་ཨཱད་མ་ ཀོ྅ཧཾ། ཞེས་ང་རྒྱལ་བཟུང་ནས། ཨོཾ་ཧཾ་བཛྲ་ཀྲོ་དྷ་རཱ་ཛ་མཧཱ་ཨུཥྞཱི་ཥ་ཨཱུར་དྷ་དི་ཤི་རཀྵཱཾ་ ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཡཾ་བཛྲ་ཀྲོ་དྷ་རཱ་ཛ་ཨ་དྷི་བཱ་ལ་སརྦ་བིགྷྣ་ཨན་ཏ་ཀ་པཱུརྦ་བ་དི་ཥི་ 7-1-374 རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་རཾ་བཛྲ་ཀྲོ་དྷ་རཱ་ཛ་ཛཾ་བྷ་ཀ་ཏུཥྟ་པྲཛྙཱ་ཨན་ཏ་ཀ་དཀྵི་ཎ་དི་ཤི་ རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཝཾ་བཛྲ་ཀྲོ་དྷ་རཱ་ཛ་མཱ་ན་ཀ་བཱི་རཱ་ག་པད་མ་ཨན་ཏ་ཀ་ཨུད་ཏ་ ར་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟཾ་བྷ་ཀ་ཡ་མ་ཨན་ཏ་ཀ་པཤྩི་མ་ དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ལཿབཛྲ་ཀྲོ་དྷ་རཱ་ཛ་མཧཱ་བ་ལ་བཱ་ཡ་བྱཱ་དི་ཤི་རཀྵཱཾ་ཀུ་རུ་ ཀུ་རུ་སྭཱཧཱ། ཨོཾ་ཝཱཿབཛྲ་ཀྲོ་དྷ་རཱ་ཛ་ཨ་ཙ་ལ་ཨཱི་ཤ་ན་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ རཱཿབཛྲ་ཀྲོ་དྷ་རཱ་ཛ་ཊཀྐི་ནཻ་རི་ཏྱཱཾ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཡཱཿབཛྲ་ཀྲོ་དྷ་རཱ་ཛ་ནཱི་ ལ་དཎ་ཊ་ཨག་ནི་ཡྻཱཾ་དྷི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཧཱཿབཛྲ་ཀྲོ་དྷ་རཱ་ཛ་སུམྦྷ་ཨ་དྷོ་དི་ཤི་ རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་ཁྲོ་རྒྱལ་རྣམས་ལ་བཀའ་བསྒོ་བ་བྱས་པས། དེ་དག་གིས་ཀྱང་ བགེགས་དང་ལོག་འདྲེན་ལ་སོགས་པ་གཞན་རྣམས་རྡོ་རྗེ་ལྕགས་ཀྱུས་བཀུག་ཅིང་རྡོ་རྗེ་ ཞགས་པས་བཅིངས་ནས། རྡོ་རྗེ་ཕུར་བུ་རྣོ་ཞིང་འབར་བ་སྟོད་ཁྲོ་བོའི་གཟུགས་ཅན་ རྣམས་ཀྱིས་གདུག་པའི་སྟེང་དུ་བཏབ་པར་བསྒོམ་ཞིང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཧཱུཾ་ཧཱུཾ་ཧཱུཾ་ ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏི་ཥཊ་མུ་ཁ་ཥཊ་བྷུ་ཛ་ཥཊ་ ཙ་ར་ཎ་སརྦ་བིགྷྣ་བི་ན་ཡ་ཀ་ཨཱ་དྷཱི་དུཥྟ་ནཱཾ་ཀཱ་ཡ་ཝག་ཙིཏྟ་ཛྙཱ་ནཱ་ནི་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ ཧཱུཾ་ཕཊ་ཕཊ། ཅེས་ཕུར་བུ་གདབ་ཅིང༌། ཨོཾ་ལླྀཿབཛྲ་མུད་ག་ར་མཱ་ར་ཨཱ་དཱི་ནཾ་སི་ར་སི་ ཀཎ་ཋེ་ཧྲི་ད་ཡ་ནཱ་བྷཽ་གུ་ཧྱ་ཨན་ཏེ་བཛྲ་ཀཱི་ལ་ཀཱན་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཀྵཾ་ཀྵཱཾ་ཀྵིཾ་ཀྵཱིཾ་ ཀྵྼྀཾ་ཀྵྼཱྀཾ་ཀྵུཾ་ཀྵཱུཾ་ཀྵླྀཾ་ཀྵླཱྀཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཅེས་རྡོ་རྗེ་ཐོ་བས་བརྡུང་ངོ༌། །ཐུན་མཚམས་ སོ་སོར་གཏོར་མ་ཕུལ་ནས། གསང་བར་ཧཾ་ཡིག་ལས་ཁྲོ་བོའི་འཁོར་ལོ་གཤེགས་སུ་ གསོལ་ཞིང་གཙུག་ཏོར་ལ་སོགས་པ་ལྔར་ཨ་ཨི་རྀ་ཨུ་ལྀ་རྣམས་ལ་ཟད་པར་ལ་སོགས་པ་ སྟེ་གཞན་ལྔ་གཤེགས་སུ་གསོལ་ལོ། །དེ་ལྟར་བསྲུང་བའི་འཁོར་ལོ་སྔོན་དུ་སོང་བའམ་ཁ་ ཅིག་ཏུ་མ་སོང་ཡང་རུང་སྟེ། རང་སྐད་ཅིག་གིས་དུས་ཀྱི་འཁོར་ལོར་གསལ་བའི་སྙིང་ཁར་པཾ་ལས་པད་མ་ཨ་ལས་ཟླ་ བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། དེ་ལ་རྡོ་རྗེ་ཉི་མ་བཞིན་དུ་དེ་བཞིན་གཤེགས་པ་ ཐམས་ཅད་རབ་ཏུ་སད་པར་བྱེད་པའི་འོད་ཟེར་ཁ་དོག་ལྔ་རྣམས་ནམ་མཁའི་ཁམས་ 7-1-375 སུ་འཕྲོས་པས་ནམ་མཁའ་གང་བར་རྟག་ཏུ་བཞུགས་པའི་བླ་མ་རྒྱལ་བ་སྲས་བཅས་ ཐམས་ཅད་སད་ཅིང་རྟོགས་པར་བྱས་ནས། སླར་ཡང་དེ་དག་མཆོད་པའི་དོན་དུ་འོད་ ཟེར་དེ་དག་རང་གི་སྙིང་ཁའི་རྡོ་རྗེ་ལ་བཅུག་ནས། གང་གི་དྲིན་གྱིས་བདེ་ཆེན་ ཉིད། །ཅེས་སོགས་དང༌། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་སོགས་ཀྱིས་ཕྱག་ བྱས་ཏེ། ཨོཾ་ཙྪྫྫྙྙ་བཛྲ་གནྡྷེ་གནྡྷ་ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཙྪྫྫྙཱ་བཛྲ་མཱ་ལེ་མཱ་ལ་ཨརྩྪ་ནཱཾ་ཀུ་ རུ་ཀུ་རུ་སྭཱཧཱ། ཨོཾ་ཊྛྜྜཧྞ་བཛྲ་དྷཱུ་པེ་དྷཱུ་པ་ཨརྩྪ་ནཱཾཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཊྛྜྜཧྞཱ་བཛྲ་པྲ་དཱི་ པེ་པྲ་དཱི་པ་ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་པྥྦྦྷྨ་བཛྲ་ཨ་མྲྀ་ཏེ་ནཻ་བེ་དྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་པྥྦྦྷྨཱ་བཛྲ་ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨརྩྪ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཏྠྡྡྷྣ་བཛྲ་ལཱ་སྱ་ཝསྟྲ་ཨཱ་བ་ར་ ཎ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཏྠྡྡྷྣཱ་བཛྲ་ཧཱ་སྱ་གྷཎ་ཊ་ཨ་དཱར་ཤ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ ཀྑྒྒྷྔ་བཛྲ་བཱ་དྱེ་བཱ་དྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཀྑྒྒྷྔཱ་བཛྲ་ནྲྀ་ཏྱེ་ནྲྀ་ཏྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་སྐྤྵྴྛྐ་བཛྲ་གཱི་ཏེ་གཱི་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་སྐྤྵྴྛྐཱ་བཛྲ་ཀཱ་མེ་སརྦ་བུདྡྷ་བོ་དྷི་སཏྭཱ་ ནཱཾ་ཀྲོ་དྷ་ཨཱ་དཱི་ནཱཾ་བཛྲ་སུ་ར་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་སྙིང་ཁའི་ཟླ་བར་ཡི་གེའི་གོང་བུ་ འདི་རྣམས་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་ལྷ་རྣམས་མཉེས་པར་བྱེད་དུ་ འཇུག་པ་སྟེ་འདི་ནི་ཡིད་ཀྱི་མཆོད་པའོ། །སྲིད་འགྲོ་ཉམས་ངར་བྱིས་པ་བློ་ཡིས་ནི། ། ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ ནི། ། སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་ པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་ རྗེས་ཡི་རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་ལུས་དབུལ་ཆོས་ཀྱི་འཁོར་ལོ་ བསྐོར་བར་བསྐུལ་ཞིང་མྱ་ངན་མི་འདའ་ཡུན་རིང་བཞུགས་པར་གསོལ། ། འདིར་ནི་སེམས་ཅན་མ་ལུས་དོན་གྱི་སླད་དུ་བདག་ 7-1-376 གིས་རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་གྱུར་ཅིག །ཅེས་དོན་གསལ་བར་མངོན་དུ་ བྱེད་པ་རྣམ་པ་བདུན་བྱས་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །བསམ་པ་ རྣམ་པར་དག་པ་དང༌། །བདག་དང་བདག་གིར་འཛིན་སྤོང་བའི། །རྩ་བ་གསུམ་དང་ ཕར་ཕྱིན་བཅུ། །ཚད་མེད་བསྡུ་དངོས་བཞི་བསྟེན་བགྱི། །མི་དགེ་བཅུ་དང་སྒྲིབ་པ་ ལྔ། །ཉོན་མོངས་བཞི་དང་ཟག་པ་བཞི། །དེང་ནས་བརྩམས་ཏེ་སྤང་བར་བགྱི། །ཞེས་ལམ་ བསྟེན་པར་དམ་བཅས་ནས། དངོས་པོ་མེད་ལ་བསྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པས་ ཁམས་གསུམ་སྣོད་བཅུད་ཐམས་ཅད་རང་རང་ངོ་བོས་སྟོང་ཞིང་དེས་སྟོང་པའི་གཞི་ལ་ ཆོས་ཉིད་འོད་གསལ་རྣམ་པ་ཐམས་ཅད་མཁའ་ཁྱབ་ཏུ་ནམ་ཡང་བཞུགས་པ་ལ་བློ་ བཞག་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་ནི་མི་ཏ་ཛྙཱ་ན་བཛྲ་སྭ་ བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཨོཾ་ཨ་ན་བྷི་ སཾ་སྐཱ་ར་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་པས་སྟོང་པ་ཉིད་ལ་དམིགས་པར་ བྱའོ། །དེ་ལྟར་སྟོང་པའི་ངང་ལས་ཆོས་འབྱུང་ནམ་མཁའི་ཁམས་མཐའ་ཡས་པར་རྡོ་ རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་ནང་གི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་ འཁོར་ནག་པོ་དབུས་སུ་གཞུའི་རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་བཞི་པ་རྒྱལ་མཚན་ གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་དབུས་སུ་གྲུ་གསུམ་གྱི་ རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ་བཀྲ་ཤིས་ཀྱིས་མཚན་པའི་སྟེང་དུ་ཝཾ་ ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་དཔག་ཚད་འབུམ་ཕྲག་གཉིས་པ་པད་མས་ མཚན་པའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞིའི་རྣམ་པ་དཔག་ཚད་ འབུམ་ཕྲག་གཅིག་པ་རྡོ་རྗེས་མཚན་པ་སྟེ། དེ་བཞི་ཀའི་སྟེང་འོག་ཏུ་ཧཱུཾ་ལས་བྱུང་བའི་ སྣ་ཚོགས་རྡོ་རྗེ་གཉིས་གཉིས་དང་བཅས་པ་རྣམས་གསལ་བཏབ་ཅིང༌། ཧུཾ་ཡཾ་ཧུཾ་ཧཱུཾ་རཾ་ ཧུཾ་ཧཱུཾ་ཝཾ་ཧུཾ་ཧཱུཾ་ལཾ་ཧུཾ་ཧཱུཾ་ཞེས་བརྗོད་ནས་སའི་སྟེང་དུ་མཾ་ལས་ལྷུན་པོའི་སྟེང་དུ་ཀྵཾ་ལས་ སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་ཧ་ལས་ཟླ་བ་རྣམ་པར་བཅད་པ་ལས་ཉི་མ་ཐིག་ལེ་ལས་སྒྲ་ 7-1-377 གཅན་ཏེ་མཐའ་དག་གཅིག་ཏུ་འདྲེས་པ་ལ་ཧྐྵྨླྺྼྻ⁽14bb⁾་ཞེས་པ་ལས་གྲུབ་པའི་འཇིག་ རྟེན་གྱི་ཁམས་ཏེ་དེ་ལས་ཆོས་ཉིད་དེ་བཞིན་ཉིད་ཀྱིས་ཁྱབ་པའི་ཕྱིར། དེའི་སྟེང་དུ་ཁང་ པ་བརྩེགས་པ་དྲི་མེད་འོད་ཟེར་འཕྲོ་བའམ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་གུར་གྱི་དབུས་སུ་རྡོ་ རྗེའི་ས་ལ་ཨོཾ་ལས་ཐུགས་གསུང་སྐུའི་དཀྱིལ་འཁོར་དང་བཅས་ཤིང་རྒྱན་ཐམས་ཅད་ དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཐར་པ་ཆེན་པོའི་གྲོང་མཆོག་གསལ་ འདེབས་བཞིན་པས། སངས་རྒྱས་ཆོས་དང་དགེ་འདུན་ཆེས། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རོ། །ཚངས་ པའི་གནས་བཞི་རྣམས་ཀྱིས་ནི། །རྡོ་རྗེའི་ཐིག་ནི་བཞི་པོ་སྟེ། །དྲན་པ་ཉེར་བཞག་བཞི་ རྣམས་ཀྱིས། །གྲུ་བཞི་མཉམ་པ་དེ་ཉིད་དོ། །ཡན་ལག་བཅུ་གཉིས་འགགས་པ་ཡིས། །སྒོ་ ནི་བཅུ་གཉིས་པོ་རྣམས་ཏེ། །དེ་བཞིན་ས་ནི་བཅུ་གཉིས་ཀྱིས། །རྟ་བབས་དག་ནི་མཛེས་ པ་རྣམས། །འཕགས་ལམ་ཡན་ལག་བརྒྱད་རྣམས་ཀྱིས། །ཕྱོགས་བརྒྱད་དུ་ནི་དུར་ཁྲོད་ རྣམས། ། སྟོང་ཉིད་བཅུ་དྲུག་ཀ་བ་རྣམས། །ཁམས་རྣམས་ཀྱིས་ཀྱང་ཁང་པ་ བརྩེགས། །རྣམ་ཐར་བརྒྱད་ཀྱི་སྒོ་ཁྱུད་རྣམས། །གཟུགས་ཅན་ཡོན་ཏན་བརྒྱད་རྣམས་ ཀྱི། །འགྲམ་རྣམས་དང་ནི་ལོགས་རྣམས་ཉིད། །ཐུགས་གསུང་སྐུ་ཡི་དབྱེ་བས་སོ། །ཚུལ་ ཁྲིམས་ལ་སོགས་ཕུང་པོ་ལྔས། །ཁ་དོག་ལྔ་ནི་རྣམ་པར་དག །ཐེག་པ་གསུམ་གྱིས་རྭ་བ་ གསུམ། །དད་པའི་དབང་པོ་སོགས་ཀྱིས་ལྔ། །དད་སོགས་སྟོབས་རྣམས་དག་གིས་ ལྔ། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལའོ། ། ཏིང་ངེ་འཛིན་དང་གཟུངས་རྣམས་ ཀྱིས། །དཀྱིལ་འཁོར་གསུམ་ལ་སྟེགས་བུ་སྟེ། །ཕ་རོལ་ཕྱིན་བཅུ་རྫོགས་པ་ཡིས། །རིན་ཆེན་ སྣམ་བུ་རྣམ་པར་བཀྲ། །མ་འདྲེས་ཆོས་ནི་བཅོ་བརྒྱད་ཀྱིས། །དོ་ཤལ་དོ་ཤལ་ཕྱེད་པ་ རྣམས། །དབང་རྣམས་ཀྱིས་ཀྱང་བཱ་ཀུ་ལི། །དགེ་བས་ཀྲ་མ་ཤཱིར་ཥའོ། །སྟོང་ཉིད་ལ་ སོགས་རྣམ་ཐར་གྱིས། །དྲིལ་བུའི་སྒྲས་ནི་གང་བ་སྟེ། །རྫུ་འཕྲུལ་རྐང་པས་རྒྱལ་མཚན་ གཏམས། །སྤོང་བས་མེ་ལོང་རབ་ཏུ་འབར། །བྱང་ཆུབ་ཡན་ལག་རྔ་ཡབ་གཡོ། །ཡན་ལག་ དགུ་ཡི་ཕྲེང་བས་བརྒྱན། །བསྡུ་བ་བཞི་པོ་རྣམས་ཀྱིས་ནི། །ཟུར་དུ་སྣ་ཚོགས་རྡོ་རྗེས་ 7-1-378 བརྒྱན། །བདེན་བཞི་རིན་པོ་ཆེ་རྣམས་ཀྱིས། །སྒོ་དང་སྒོ་ཁྱུད་མཚམས་སུ་སྤྲས། །མངོན་ ཤེས་ལྔ་ཡིས་རྟག་ཏུ་ནི། །འཁོར་ཡུག་ཆེན་པོ་ལྔ་ཡིས་བསྐོར། །རྣམ་པ་ཀུན་མཁྱེན་བྱང་ ཆུབ་པས། །རྡོ་རྗེ་ཕྲེང་བས་ལེགས་པར་བསྐོར། །བདེ་བ་གཅིག་པུའི་འཁོར་ཡུག་གིས། །དེ་ བཞིན་ཡེ་ཤེས་རྡོ་རྗེ་འབར། །ཐབས་དང་ཤེས་རབ་ཆ་ཡིས་ནི། །ཟླ་བ་ཉི་མ་རྟག་ཏུ་ ཤར། །ཐུགས་གསུང་སྐུ་དང་དག་པ་ཡིས། །ཆོས་ཀྱི་འཁོར་ལོ་བུམ་པ་ཆེ། །རྔ་བོ་ཆེ་དང་ བྱང་ཆུབ་ཤིང༌། །དེ་བཞིན་ཡིད་བཞིན་ནོར་བུ་སོགས། །འདི་ནི་དཔལ་ལྡན་དུས་འཁོར་ གྱི། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་དོ། །ཞེས་པས། འདུས་མ་བྱས་ཤིང་ལྷུན་གྱིས་ གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །དོན་དམ་ཆོས་སྐུའི་ཡོན་ཏན་ཟད་པ་མེད་ ཅིང་འབྲལ་དུ་མི་རུང་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པས་རང་བཞིན་གྱིས་ ཚང་ཞིང་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཡོངས་གྲུབ་དེ་བཞིན་ཉིད། རྣམ་པ་ཀུན་ལྡན་ རྣམ་པ་མེད། །ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་གདན་ དང་བཅས་པར་གནས་པ་གསལ་བར་རྟོགས་པར་བྱས་ནས། སྙིང་པོ་པད་མའི་ལྟེ་བར་ ཟླ་ཉི་མུན་ཅན་གཞན་གྱི་སྟེང་དུ་དོན་དམ་ཆོས་སྐུའི་མཚན་སུམ་ཅུ་རྩ་གཉིས་ཀྱི་ས་བོན་ བརྗོད་དུ་མེད་པའི་དབྱངས་སོ་གཉིས་ལས་ཟླ་བ་ཁུ་བ་གཞན་མེ་ལོང་ཡེ་ཤེས་དང་དོན་ དམ་ཆོས་སྐུའི་དཔེ་བྱད་བརྒྱད་ཅུའི་ས་བོན་བརྗོད་དུ་མེད་པའི་གསལ་བྱེད་བརྒྱད་ཅུ་ ལས་རྡུལ་དང་ཉི་མ་གཞན་མཉམ་ཉིད་ཡེ་ཤེས་དང་དེ་དག་གི་དབུས་སུ་དྲི་ཟའི་སེམས་ ཅན་གཞན་ཧཱུཾ་ཡིག་སོ་སོར་རྟོགས་པའི་ཡེ་ཤེས་དང༌། དེ་རྣམས་གཅིག་ཏུ་འདྲེས་པ་སྲོག་ རླུང་གཞན་ཧི་ཡིག་བྱ་བ་གྲུབ་པའི་ཡེ་ཤེས་དང༌། ཡན་ལག་ཐམས་ཅད་རྫོགས་པ་རྣམ་ ཤེས་གཞན་ཧཾ་ཡིག་ཆོས་དབྱིངས་ཡེ་ཤེས་ཏེ། དེ་ལྟར་འགྱུར་མེད་ཡོངས་གྲུབ་དེ་བཞིན་ ཉིད་གང་ཡིན་པ་དེ་ཉིད་རང་གིས་རང་རིག་པར་རང་བྱུང་ཡེ་ཤེས་ལྔའི་བདག་ཉིད་ གཙོ་བོ་ཡབ་ཡུམ་ལ་སོགས་པ་གསལ་འདེབས་བཞིན་པས། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པད་མ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་ 7-1-379 གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། ། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་ མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པད་མ་སྟོང་པ་དྲུག་དང་ མེ་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་ དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་པའི་སྲེད་མེད་སྲིད་པ་མཉམ་པ་དུས་ཀྱི་ འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ ལྕགས་ཀྱུ་ཌཱ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་ པ་ཡང༌། ། དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་ དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེའི་སྐུ་ཆེན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་ གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌཱ་ མ་རུ་དང་བགྲང་ཕྲེང་དང༌། །ཐོད་པ་ཞགས་པ་པད་མ་དཀར་དང་རིན་ཆེན་འཛིན་ མར་བཅས་ལ་འདུད། ། ནག་མོ་འབར་མ་བདུག་སྤོས་ཙན་དན་གུར་གུམ་དང་ནི་ག་པུར་སྣོད། །དྲིལ་བུ་པད་མ་ ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་ཕྲེང་ལྡན་མ། །དམར་མོའི་གཡས་ན་མར་མེ་དོ་ ཤལ་ཅོད་པན་དང་ནི་གདུབ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་ རྒྱན་རྐང་གདུབ་འཛིན། །དཀར་མོའི་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་ བསྣམས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ ཆན་སྣོད། ། སེར་མོ་འབར་མ་དུང་དང་གླིང་བུ་ནོར་བུ་དང་ནི་ཌཱ་མ་རུ། །པི་ཝཾ་རྔ་དང་ འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའི་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་བ་ སྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་ རྒྱ་ལྔ་ཡིས་རྣམ་བརྒྱན་མ། ། རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའ་ རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་ 7-1-380 འགགས་ལ་འདུད། ། ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་བསྙེན་བསྒྲུབ་དགའ་བ་བཞིས། ། ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་བཞི་རྣམ་དག་པ། །སྐད་ ཅིག་མཁྱེན་པ་སྐུ་དང་རྡོ་རྗེ་བྱང་ཆུབ་རྣམ་བཞི་སེམས་དཔའ་བཞི། །ཆོས་ཀྱི་དུང་དང་ གཎྜཱི་ནོར་བུ་དཔག་བསམ་ཤིང་ལ་ཕྱག་འཚལ་ལོ། ། ཞེས་པས་གཙོ་བོ་ཡབ་ཡུམ་མཚན་མ་བཞི་དང་བཅས་པ་གདོད་ནས་ལྷུན་གྲུབ་ཏུ་ བཞུགས་པ་གསལ་གདབ་ཅིང༌། སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཕུང་པོ་ཁམས་ དང་དབང་པོ་གཞན་ལ་སོགས་པ་ལྷའི་ངོ་བོར་སྣང་བ་ཐམས་ཅད་བཀུག་ནས་རང་ལ་ གཞུག་ཅིང༌། ཡང་ཡུམ་ལ་ཞུགས་པ་སླར་ལོག་སྟེ་རང་ལ་ཞུགས་པ་བྱང་ཆུབ་སེམས་སུ་ ཞུ་ནས་ཡུམ་གྱི་པད་མར་སྤྲོས་ཏེ། དེར་རང་གི་ས་བོན་དང་ཕྱག་མཚན་ལས་བྱུང་བའི་ ལྷ་རྣམས་སོ་སོའི་གནས་སུ་སྤྲོ་བ་ནི། དང་པོར་མི་བསྐྱོད་པ་སྤྲོས་པ་ལྷག་པའི་བདག་ པོར་བསྒོམས་ནས། བཅོམ་ལྡན་འདས་ཀྱི་སྐུ་ལ་གཞུག་པར་བྱ་ཞིང༌། དེ་ནས་རིམ་པ་ གཅིག་གིས་དམའ་བར་བདེ་ཆེན་འཁོར་ལོ་ལ་བཞུགས་པ་དང༌། དེ་ལས་ཀྱང་རིམ་པ་ གཅིག་གིས་དམའ་བར་ཐུགས་དཀྱིལ་གྱི་ལྷ་རྣམས་དང་སྒོ་དང་སྟེགས་བུ་ལ་བཞུགས་པ་ དང༌། དེ་ལས་ཀྱང་རིམ་པ་གཅིག་གིས་དམའ་བ་ན་གསུང་གི་དཀྱིལ་འཁོར་དང༌། དེ་ བས་རིམ་པ་གཅིག་གིས་དམའ་བ་ན་སྐུའི་དཀྱིལ་འཁོར་གྱི་ཕྱི་ནང་ལ་བཞུགས་པའི་ལྷ་ རྣམས་གསལ་འདེབས་བཞིན་པས། ཁུ་ཁྲག་རྐང་དང་ཁྲག་གི་ཚོགས་ཆེན་དྲི་ཆུ་དྲི་ཆེན་རབ་འགགས་པས། །འཆི་མེད་རབ་ སྟེར་འཆི་མེད་རྒྱུན་གྱིས་མངོན་པར་གང་བའི་ཐོད་པའམ། །ཟླ་བའི་རང་བཞིན་ཟླ་བའི་ འོད་ལྟར་རབ་ཏུ་དཀར་བའི་བུམ་པ་ནི། །བདུད་ཀྱི་ཚོགས་འཇོམས་བདུད་རྩིའི་ཚོགས་ ཀྱིས་ཤིན་ཏུ་གང་བ་རྣམས་ལ་འདུད། །འདུ་བྱེད་རླུང་དང་ངག་གི་དབང་པོ་སྣ་དང་ རེག་གཞན་འདུས་མ་བྱས། །དོན་ཡོད་སྒྲོལ་མ་བགེགས་ཀྱི་དགྲ་དང་ནམ་མཁའི་སྙིང་པོ་ རེག་བྱ་མ། ། རལ་གྲི་གྲི་གུག་རྩེ་གསུམ་ཕུབ་དང་དཔལ་ལྡན་ཐོད་པ་ཁ་ཊྭཱཾ་ག །ཉི་ 7-1-381 ཟླའི་གདོང་ལྡན་སྤྲིན་ནག་དང་མཚུངས་ས་ཡི་རིགས་ཀྱིས་འཁྱུད་ལ་འདུད། །ཚོར་བ་ མེད་དང་ལག་པའི་དབང་པོ་མིག་དང་རོ་གཞན་བདེ་བ་ཆེ། །རིན་ཆེན་དབང་པོ་གོས་ དཀར་མོ་དང་རྨུགས་བྱེད་ས་ཡི་སྙིང་པོ་རོ། །མདའ་དང་ལྕགས་ཀྱུ་ཌཱ་མ་རུ་དང་གཞུ་ དང་ཞགས་པ་ནོར་བུའི་ཕྱག །དཀར་ནག་གདོང་ལྡན་ཉིན་མོར་བྱེད་འདྲ་ཆུ་ཡི་རིགས་ ཀྱིས་འཁྱུད་ལ་འདུད། །འདུ་ཤེས་ཆུ་དང་རྐང་པའི་དབང་པོ་ལྕེ་དང་གཟུགས་གཞན་ཡེ་ ཤེས་སྐུ། །སྣང་བ་མཐའ་ཡས་མཱ་མ་ཀཱི་དང་ཁེངས་བྱེད་འཇིག་རྟེན་དབང་པོའི་ གཟུགས། །ཐོ་བ་མདུང་དང་རྩེ་གསུམ་པད་དཀར་མེ་ལོང་དང་ནི་བགྲང་ཕྲེང་ ཅན། །ནག་དང་དམར་བའི་གདོང་ལྡན་དཀར་པོ་མེ་ཡི་རིགས་ཀྱིས་འཁྱུད་ལ་ འདུད། །གཟུགས་ཀྱི་ཕུང་པོ་ས་དང་བཤང་ལམ་ལུས་དང་དྲི་གཞན་འོད་གསལ་ གཟུགས། །རྟག་པ་སྤྱན་མ་རེངས་བྱེད་མ་དང་རྣམ་སེལ་དྲི་ཡི་རྡོ་རྗེ་མ། །འཁོར་ལོ་དབྱུག་ པ་ཁྲོ་བོའི་རྡོ་རྗེ་དུང་དང་ལྕགས་སྒྲོག་དྲིལ་བུའི་ཕྱག །དཀར་ནག་གདོང་ལྡན་སེར་གྱི་རི་ འདྲ་རླུང་གི་རིགས་ཀྱིས་འཁྱུད་ལ་འདུད། །རྣ་བ་ཆོས་ཁམས་ཡིད་དང་སྒྲ་གཞན་ཕྱག་ན་ རྡོ་རྗེ་ཆོས་ཁམས་མ། །ཀུན་བཟང་དགྲ་ཡི་རྡོ་རྗེ་མ་སྟེ་ལྗང་སྔོན་ཕན་ཚུན་ཡང་དག་ སྦྱོར། ། གཡས་གཡོན་ཉི་ཟླའི་ཞལ་གྱིས་རབ་བརྒྱན་རྡོ་རྗེ་གྲི་གུག་དགྲ་སྟ་དང༌། །དྲིལ་བུ་ ཐོད་པ་ཚངས་པའི་གདོང་ལྡན་སྟོང་པའི་རིགས་ལ་ཕྱག་འཚལ་ལོ། །རབ་དཀར་ཆུ་སྐྱེས་ མདངས་བཀྲའི་ཟེ་འབྲུ་འོད་སྟོང་བདག་པོའི་དཀྱིལ་འཁོར་ལ། །རྡོ་རྗེའི་གདན་དང་ གཡས་བརྐྱང་སྟབས་བཞུགས་རྒྱལ་སྲས་ཁྲོ་རྒྱལ་དང༌། །འདམ་སྐྱེས་དམར་པོའི་གེ་སར་ སྙིང་པོར་རི་བོང་འཛིན་པའི་དཀྱིལ་འཁོར་ལ། །པད་མའི་གདན་བཞུགས་རིག་མ་ རྣམས་དང་རྡོ་རྗེ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ལྟར་ལྷ་ཡི་འཁོར་ལོ་ལེགས་མཆོད་དྲི་ དང་ཕྲེང་བ་བདུག་སྤོས་མ། ། སྣང་གསལ་བདུད་རྩིའི་འབྲས་བུ་མ་དང་སྒེག་མོ་བཞད་ མ་སིལ་སྙན་མ། །གར་དང་གླུ་ཡི་སྦྱོར་བ་ལ་བརྩོན་འདོད་མ་འདོད་ལ་རབ་དགའ་ མ། །རྒྱན་དང་ཆ་བྱད་རྣམ་འགྱུར་དུ་མས་ཡིད་རབ་འཛིན་མ་རྣམས་བསྟོད་དོ། །ཕྱོགས་ དང་མཚམས་སུ་ཆུ་སྐྱེས་དམར་དང་དཀར་པོ་ལ་གནས་རྣལ་འབྱོར་མ། །ལྟེ་བའི་རྩ་ 7-1-382 བརྒྱད་དྲུག་བཅུ་རྩ་བཞི་རྣམ་པར་དག་པའི་ཆོས་ཅན་མ། ། ཐུན་ཚོད་དང་ནི་དབྱུག་གུ་ རྣམ་དག་ཀུན་ནས་བདེ་ལ་སྙོམས་འཇུག་མ། །སྤྱན་གསུམ་ཕྱག་བཞི་རོལ་པས་ཡོངས་ བསྐོར་ས་གའི་སྟབས་ཀྱིས་ལེགས་གནས་མ། །ཡི་དྭགས་ལ་གནས་ཙཱར་ཙི་ཀཱ་ནི་དབང་ པོས་འཁྱུད་ཅིང་འཇིགས་མ་དང༌། །རླུང་ཤུགས་མ་དང་དྲག་མོ་དུས་ཀྱི་མཆེ་བ་མ་དང་ མེ་འབར་གདོང༌། །རབ་གཏུམ་དྲག་མིག་སྣ་ཆེན་མས་བསྐོར་དུས་མཐའི་སྤྲིན་མཚུངས་ ཟླ་ཞལ་མ། །ཐམས་ཅད་གྲི་གུག་རྩེ་གསུམ་ཐོད་པ་ཁ་ཊྭཱཾ་ག་ཡིས་བརྒྱན་ལ་འདུད། །མཁའ་ ལྡིང་ལ་གནས་ཁྱབ་འཇུག་མ་ནི་ཚངས་པས་འཁྱུད་ཅིང་དཔལ་མོ་དང༌། ། རྣམ་པར་ རྒྱལ་མ་སྒྱུ་མ་གྲགས་མ་བཀྲ་ཤིས་མ་དང་དཔལ་རྒྱལ་མ། །དཔལ་རྒྱལ་བྱེད་མ་འཁོར་ལོ་ མས་བསྐོར་འཁོར་ལོ་དབྱུག་ཐོ་པད་མ་དང༌། །དུང་གི་ཕྱག་ལྡན་སྤྲིན་ནག་དང་མཚུངས་ ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །མ་ཧེར་གནས་པའི་ཕག་མོ་ལ་ནི་དྲག་མོས་འཁྱུད་ཅིང་ ཀེང་རུས་མ། །གཙིགས་མ་དུས་མཚན་རབ་འཁྲོས་གདོང་མ་དུས་ཀྱི་ལྕེ་མ་ནག་མོ་ དང༌། །དྲག་མོ་དང་ནི་གཟུགས་ངན་མས་བསྐོར་མེ་ཡི་མདོག་ཅན་ཟླ་ཞལ་མ། །དབྱུག་པ་ རལ་གྲི་ལྕགས་སྒྲོག་ཕུབ་ཀྱིས་རྣམ་བརྒྱན་རྣམས་ལ་ཕྱག་འཚལ་ལོ། །རྨ་བྱར་གནས་པའི་ གཞོན་ནུ་མ་ནི་ཚོགས་བདག་གིས་འཁྱུད་པད་དཀར་མ། །རིན་ཆེན་ཕྲེང་མ་ལུས་མེད་ གཞོན་ནུ་རི་དྭགས་བདག་པོའི་འགྲོས་མ་དང༌། །མིག་མཛེས་རུལ་མ་བཟང་མོས་ཡོངས་ བསྐོར་བྱི་རུའི་འོད་འཕྲོ་གདོང་དྲུག་མ། །ཤག་ཏི་ལྕགས་ཀྱུ་རིན་ཆེན་ཞགས་པས་ཉེ་བར་ མཛེས་ལ་ཕྱག་འཚལ་ལོ། །ཁྱུ་མཆོག་ལ་གནས་དྲག་མོ་ལ་ནི་གཤིན་རྗེས་འཁྱུད་ཅིང་ ཕྱོགས་ཀུན་ནས། ། གཽ་རཱི་འདེགས་མ་གཾ་ག་མ་དང་རྟག་མ་མྱུར་མ་མཚོན་བྱེད་ མ། །དམར་སེར་མ་དང་ནག་མོས་ཡོངས་བསྐོར་ཟླ་བའི་མདོག་ཅན་ཟླ་བའི་ཞལ། །རྩེ་ གསུམ་ཅང་ཏེའུ་ཁ་ཊྭཱཾ་ག་དང་ལྟོས་འགྲོས་མཚན་ལ་ཕྱག་འཚལ་ལོ། །སེང་གེར་གནས་ པའི་དཔལ་མོ་ལ་ནི་གཞོན་ནུས་འཁྱུད་ཅིང་དཔལ་དཀར་མོ། །འཛིན་མ་ཟླ་བའི་རི་མོ་ ཅན་དང་རི་བོང་འཛིན་ཞལ་ངང་པའི་མདོག །པད་མའི་དབང་མོ་སྐར་མིག་མ་དང་དྲི་ མེད་རི་བོང་འཛིན་མས་བསྐོར། །ཟླ་འོད་ཟླ་ཞལ་པད་མ་བགྲང་ཕྲེང་ཆུ་སྐྱེས་རིན་ཆེན་ 7-1-383 འཛིན་ལ་འདུད། །གླང་པོར་གནས་པའི་དབང་མོ་ལ་ནི་སྲིན་པོས་འཁྱུད་ཅིང་རྡོ་རྗེའི་ འོད། །བཀྲ་བའི་རི་མོ་རྡོ་རྗེའི་ལུས་མ་གསེར་ལྡན་མ་དང་ཨུར་བ་སཱི། །རཾ་བྷ་ཟུག་རྔུ་མེད་ མ་དང་ནི་ཤིན་ཏུ་སྒྲོལ་མས་ཡོངས་བསྐོར་མ། ། གསེར་མདོག་ཟླ་ཞལ་རྡོ་རྗེ་མདའ་དང་ དྲིལ་བུ་གཞུ་ཡིས་མཚན་ལ་འདུད། །ངང་པར་གནས་པའི་ཚངས་མ་ལ་ནི་ནོར་ལྷས་ འཁྱུད་ཅིང་མཆོད་སྦྱིན་འདོན། །ངག་གི་དབང་ཕྱུག་པད་མའི་སྤྱན་མ་ཆུ་སྐྱེས་ལྡན་མ་བློ་ གྲོས་མ། །གླུ་མ་གློག་མ་དྲན་མས་ཡོངས་བསྐོར་རིག་བྱེད་གདོང་མ་གསེར་མདོག་ མ། །ཕྱག་གི་པད་མ་པད་མ་ཚངས་དབྱུག་སྤྱི་བླུགས་བར་བུས་མཚན་ལ་འདུད། ། ཟླ་བ་ཚིགས་ཆེན་ཉི་མའི་ཚེས་དང་རྩ། །རྣམ་དག་ལྷ་ཆེན་བཅུ་གཉིས་འཁོར་དང་ བཅས། ། སྤྱན་གསུམ་ཉི་ཟླའི་མདོག་ཅན་པད་མའི་སྟེང༌། །རོལ་པས་ཡོངས་བསྐོར་རྡོ་ རྗེའི་གདན་བཞུགས་པ། །སྲིན་མོས་འཁྱུད་ཅིང་ཡི་དྭགས་ལ་གནས་པའི། །བདེན་བྲལ་ལ་ སོགས་ནག་པའི་ཚེས་རྣམས་གཞན། །རལ་གྲི་གྲི་གུག་ཕུབ་དང་ཐོད་པ་ཅན། །དུས་ མཐའི་སྤྲིན་མཚུངས་ཟླ་བའི་ཞལ་ལ་འདུད། །གཏུམ་མོས་འཁྱུད་ཅིང་རི་དྭགས་ལ་ གནས་པའི། །རླུང་སོགས་ས་གའི་ཚེས་གཞན་དཔག་བསམ་ཤིང༌། །ཡོངས་འདུའི་མེ་ཏོག་ ནོར་བུ་ཨུཏྤལ་འཛིན། །ཟླ་ཞལ་མིག་སྨན་མདོག་ལ་ཕྱག་འཚལ་ལོ། །ལུག་ལ་གནས་ཤིང་ ཆུ་བདག་མོས་འཁྱུད་པའི། ། མེ་ལྷ་ལ་སོགས་སྣྲོན་གྱི་ཚེས་རྣམས་གཞན། །མདུང་ཐུང་ དབྱུག་པ་ཆུ་སྐྱེས་སྤྱི་བླུགས་འཛིན། ། ཞལ་གཅིག་པད་མ་རཱ་གའི་མདོག་ལ་ འདུད། །དཔལ་མོས་འཁྱུད་ཅིང་རྨ་བྱ་ལ་གནས་པའི། ། གདོང་དྲུག་ལ་སོགས་ཆུ་སྟོད་ ཚེས་རྣམས་གཞན། །ཤག་ཏི་མདུང་དང་ནོར་བུ་མེ་ལོང་ཅན། ། བྱི་རུའི་འོད་འཕྲོ་གདོང་ དྲུག་ལྡན་པས་སྐྱོངས། །ཕག་མོས་འཁྱུད་ཅིང་ཆུ་སྲིན་ལ་གནས་པའི། །རྒྱ་མཚོ་ལ་སོགས་ གྲོ་བཞིན་ཚེས་རྣམས་གཞན། །ཞགས་པ་རིན་ཆེན་སྦྲུལ་ཞགས་ཆུ་ཤེལ་འཛིན། །ཟླ་བའི་ འོད་ཅན་ཟླ་བའི་ཞལ་མཆོད་དོ། །བྱི་བར་གནས་ཤིང་གཞོན་ནུ་མས་འཁྱུད་ པའི། །ཚོགས་བདག་ལ་སོགས་ཁྲུམས་སྟོད་ཚེས་རྣམས་གཞན། །དགྲ་སྟ་རྡོ་རྗེ་ཞགས་པ་ ནོར་བུའི་ཕྱག །ཟླ་ཞལ་ཟླ་འོད་ལྟ་བུར་དཀར་ལ་འདུད། །གླང་པོར་གནས་ཤིང་རླུང་ལྷ་ 7-1-384 མོས་འཁྱུད་པའི། །བརྒྱ་བྱིན་ལ་སོགས་ཐ་སྐར་ཚེས་རྣམས་གཞན། །རྡོ་རྗེ་མདའ་དང་ དྲིལ་བུ་གཞུ་ཡིས་མཚན། །གསེར་མདོག་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །གློག་མས་ འཁྱུད་ཅིང་ངང་པ་ལ་གནས་པའི། །ཚངས་པ་ལ་སོགས་སྨིན་དྲུག་ཚེས་རྣམས་ གཞན། །ཁབ་དང་བགྲང་ཕྲེང་ཆུ་སྐྱེས་སྤྱི་བླུགས་འཛིན། །ཆུ་ཡི་གསེར་མཚུངས་ཆུ་ཡི་ ཞལ་གྱིས་སྐྱོངས། །ཨུ་མས་འཁྲུད་ཅིང་ཁྱུ་མཆོག་ལ་གནས་པའི། །དྲག་པོ་ལ་སོགས་མགོ་ ཡི་ཚེས་རྣམས་གཞན། ། རྩེ་གསུམ་མདའ་དང་སྤྲུལ་ལྡན་ཁ་ཊྭཱཾ་གཞུ། །རི་བོང་འཛིན་ཞལ་ མཁའ་ལྟར་སྔོ་ལ་འདུད། ། གླང་པོར་གནས་ཤིང་ནོར་སྦྱིན་མས་འཁྱུད་པའི། །ནོར་ བདག་ལ་སོགས་རྒྱལ་གྱི་ཚེས་རྣམས་གཞན། །ནོར་བུ་བེ་ཅོན་ནེའུ་ལེ་པད་མའི་ ཕྱག །སྔོན་པོ་རི་དྭགས་མཚན་པའི་ཞལ་མཆོད་བགྱི། །དཔལ་མོས་འཁྱུད་ཅིང་མཁའ་ ལྡིང་ལ་གནས་པའི། །ཁྱབ་འཇུག་ལ་སོགས་མཆུ་ཡི་ཚེས་རྣམས་གཞན། །འཁོར་ལོ་དབྱུག་ ཐོ་པདྨ་དུང་གིས་མཚན། །ཞལ་གཅིག་མར་གད་མདོག་ལ་ཕྱག་འཚལ་ལོ། །གཤིན་རྗེ་ མས་འཁྱུད་མ་ཧེ་ལ་གནས་པའི། །གཤིན་རྗེ་ལ་སོགས་དབོ་ཡི་ཚེས་རྣམས་ གཞན། །དབྱུག་པ་རལ་གྲི་ལྕགས་སྒྲོག་ཞགས་པས་བརྒྱན། །ལྗང་ཁུ་རི་དྭགས་ཅན་ཞལ་ ལ་ཕྱག་འཚལ། ། འོད་ཟེར་ཅན་འཁྱུད་དབྱུག་སྔོན་ནག་པོ་རལ་གྲི་དང་ནི་རྡོ་རྗེ་ཕུབ་དང་ལྟོས་འགྲོ་ འཛིན། ། ཙུན་དཱས་ལེགས་འཁྱུད་ཊཀྐི་དམར་པོ་མེ་མདའ་དང་ནི་ལྕགས་ཀྱུ་གཞུ་དང་ ཞགས་པས་མཚན། །ཁྲོ་གཉེར་མས་འཁྱུད་མི་གཡོ་དཀར་པོ་ཐོ་བ་དང་ནི་མདུང་དང་ པད་མ་མེ་ལོང་འཛིན། །ལྕགས་སྒྲོག་མས་འཁྱུད་སྟོབས་ཆེན་སེར་པོ་འཁོར་ལོ་དང་ནི་ དབྱུག་པ་དུང་དང་ནོར་བུའི་ཕྱག །སྔོན་མོས་འཁྱུད་པའི་གཙུག་ཏོར་ལྗང་ཁུ་དགྲ་སྟ་ དང་ནི་རྩེ་གསུམ་སྦྲུལ་ཞགས་ཁ་ཊྭཱཾ་ག །དྲག་སྤྱན་མས་འཁྱུད་གནོད་མཛེས་སྔོན་པོ་གྲི་ གུག་དང་ནི་རྡོ་རྗེ་ཐོད་པ་དྲིལ་བུ་འཛིན། །ཕག་རྟ་སེང་གེ་གླང་པོ་མཁའ་ལྡིང་རྐང་ བརྒྱད་ཀྱི་ནི་ཤིང་རྟ་ལ་གནས་གཡས་བརྐྱང་སྟབས། །མཐིལ་བཞི་བཤང་ལམ་གཙུག་གི་ རྩ་དག་ཁྲོ་བོའི་ཚོགས་ནི་ཞལ་གཅིག་ཕྱག་བཞིས་བརྗིད་ལ་འདུད། ། 7-1-385 སྟོབས་ཀྱི་རྒྱུ་དང་པད་མ་ཆར་སྤྲྀན་མདོག །ནོར་རྒྱས་དུང་སྐྱོང་བྱི་རུའི་ཕུང་པོ་འདྲ། ། མཐའ་ཡས་རིགས་ལྡན་ཀུན་དའི་མདོག་ལྟར་དཀར། །འཇོག་པོ་པད་མ་ཆེན་པོ་རབ་ཏུ་ སེར། །རྒྱལ་དང་རྣམ་རྒྱལ་ལྗང་སྔོན་འབྱུང་བ་ལ། །རྡོ་རྗེའི་གདན་བཞུགས་རིན་ཆེན་ རྒྱན་གྱིས་བརྒྱན། །བུམ་པ་རྡོ་རྗེ་པད་མ་ནོར་བུའི་ཕྱག །རྐང་སོར་ཀླུ་ཆེན་གཏུམ་མོས་ འཁྱུད་ལ་འདུད། །མདུང་གིས་འབིགས་དང་ལྷག་མ་བསྲེག་པའི་རོ། །དྲག་པོ་གཡུལ་དང་ རུལ་པ་བྱིས་པ་གསོད། །རྣག་གི་དྲི་དང་སྦྲུལ་གྱིས་ཟོས་པ་ཡི། །དུར་ཁྲོད་ཆེན་པོ་བསེ་ དང་བེ་རུཎ་ཊ། ། དོམ་དང་ཁྲུང་ཁྲུང་འབྲི་དང་བྱ་མ་བྱི། །སེང་གེ་མིག་སྔོན་ལ་གནས་ འཁོར་ལོའི་སྟེང༌། ། ཟླུམ་པོའི་སྟབས་ཅན་མི་མགོའི་ཕྲེང་ལྡན་མ། །གཅེར་བུ་སྤྱན་གསུམ་ གྲི་གུག་ཐོད་པ་མ། ། ཕྱག་རྒྱ་ལྔ་ལྡན་ཀླུ་ཡིས་རབ་འཁྱུད་མ། །ལུས་ཀྱི་ལག་པའི་སོར་མོ་ རྣམ་དག་མ། །ཁྱི་གདོང་མ་དང་ཁྭ་གདོང་ཕག་གདོང་མ། །བྱ་རྒོད་གདོང་མ་སྟག་གདོང་ འུག་གདོང་མ། ། ལྕེ་སྤྱང་གདོང་མ་ནམ་མཁའ་ལྡིང་གདོང་མ། །སྟེང་འོག་ཤིང་རྟར་སྔོན་ མོ་རྡོ་རྗེའི་མིག །སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་དང༌། །འབྱུང་པོའི་ཚོགས་ཀྱིས་བསྐོར་ལ་ ཕྱག་འཚལ་ལོ། ། ཤིན་ཏུ་སྟོབས་མ་རྨུགས་བྱེད་མ་དང་ང་རྒྱལ་ཅན་མ་རེངས་བྱེད་མ། །ལྕགས་སྒྲོག་མ་ དང་ཁྲོ་གཉེར་ཅན་མ་ཙུན་དཱ་དང་ནི་འོད་ཟེར་ཅན། །དྲག་སྤྱན་མ་དང་ཤིན་ཏུ་སྔོན་མོ་ རང་རང་རིགས་ཀྱི་ཁྲོ་བོ་ཡི། །ཞལ་ཕྱག་མཚོན་ཆ་ཁ་དོག་རྒྱན་ལྡན་ཁྲོ་མོ་རྣམས་ལའང་ ཕྱག་འཚལ་ལོ། །དེ་བཞིན་སྒྲོལ་མ་རེག་བྱ་མ་དང་ཁྱབ་འཇུག་ལྕགས་སྒྲོག་ཁྭ་གདོང་ མ། །རབ་སྔོན་རབ་བརྩོན་ཙཱར་ཙི་ཀཱ་དང་ཁྱི་གདོང་མས་བསྐྱེད་བརྒྱ་བྱིན་དུ། །དབྱེ་བ་ གོས་དང་མཆིལ་འདོར་རེག་བྱ་ལྷག་མ་ཟ་བ་ཀུན་ཏུ་གདོང༌། །སྐྲོད་དང་ལུས་འཕྲུག་ ཡན་ལག་བསྐྱོད་པར་འདོད་དང་ཕྱིར་འདོད་མ་ལ་འདུད། །གོས་དཀར་རོ་མ་གཞོན་ནུ་ མ་དང་ཁྲོ་གཉེར་ཅན་མ་བྱ་རྒོད་མ། །དྲག་སྤྱན་རྨུགས་མ་ཕག་མོ་དང་ནི་ཕག་གདོང་ མས་བསྐྱེད་ལྷོ་ཕྱོགས་སུ། ། བསྐྱོད་པ་ཟས་དང་གར་འགུགས་གཡུལ་དང་རྒྱུག་པ་དང་ནི་ སྐེམས་པ་དང༌། །ལུས་ཀྱི་དྲི་མ་བཤང་གཅི་ཟག་པར་འདོད་དང་ཕྱིར་འདོད་མ་རྣམས་ 7-1-386 མཆོད། །མཱ་མ་ཀཱི་དང་གཟུགས་མ་དཔལ་མོ་ཙུན་དཱ་དང་ནི་འུག་གདོང་མ། །སྒྲ་མ་ཁེངས་ མ་དྲག་མོ་དང་ནི་སྟག་གདོང་མས་བསྐྱེད་ནོར་སྦྱིན་དུ། །རྒྱས་པ་རྒྱན་དང་རྒྱལ་སྲིད་ འཆིང་བ་བྱིས་པ་བསྡིགས་དང་རོལ་མོའི་སྒྲ། །འཇམ་པར་སྨྲ་དང་མལ་སྟན་རྩོད་མང་ འདོད་དང་ཕྱིར་འདོད་མ་རྣམས་རྒྱལ། ། སྤྱན་མ་དྲི་མ་ཚངས་མ་དང་ནི་འོད་ཟེར་ཅན་ མ་མཁའ་ལྡིང་མ། །ཆོས་ཀྱི་ཁམས་མ་རེངས་མ་དབང་མོ་ལྕེ་སྤྱང་མས་བསྐྱེད་ཆུ་བདག་ ཏུ། །རེངས་པ་དྲི་དང་ཆུ་ལས་རྐྱལ་བ་ཕུར་བུས་འདེབས་དང་སྦྲུལ་འཆིང་ འཁྲིགས། །གཉེན་འདུན་མལ་བསྙེས་སེམས་ཅན་བསླུ་འདོད་ཕྱིར་འདོད་མ་རྣམས་ གཞན་ལ་འདུད། ། ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ ཆོས་དང་བྲལ་ཡང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ལུས་དང་དབང་པོའི་སྦྱོར་བ་ སྤངས་ཀྱང་རྟག་ཏུ་འདོད་ཆགས་ཆེ་ལ་རོལ། །བསམ་གྱིས་མི་ཁྱབ་བརྟག་པར་དཀའ་བ་ དུས་ཀྱི་འཁོར་ལོས་བདག་སྐྱོངས་ཤིག ། གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། ། གྷཎ་ཊ་ཀརྞ་དགའ་བྱེད་ནག་པོ་ཆེ། །བྷྲྀཾ་གི་ནི་སོགས་འཁོར་མང་རྒྱལ་གྱུར་ཅིག །དེ་ལྟར་ བསྒོམས་པས་ཕུང་པོ་ཁམས་སོགས་གཞན། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་ དབྱིངས། །གློ་བུར་དྲི་མའི་སྦུབས་ལས་ངེས་གྲོལ་ཏེ། ། སྲིད་གསུམ་དང་བ་མངོན་དུ་བྱེད་ གྱུར་ཅིག ། ཅེས་པས་སྟོང་གཞི་ཆོས་ཉིད་རང་བྱུང་ཡེ་ཤེས་རྣམ་པ་ཐམས་ཅད་པའི་ལྷ་རྣམས་ བསྒོམས་ནས། ཨོཾ་སུ་བི་ཤུདྡྷ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་སྟེ། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དཔག་ཏུ་མེད་པ་དག་གིས་སེམས་ཅན་ཐམས་ཅད་ བཀུག་ནས་དཀྱིལ་འཁོར་དུ་བཅུག་པ་ལ་རྒྱལ་བ་ཡབ་ཡུམ་ཐམས་ཅད་བྱང་ཆུབ་སེམས་ སུ་ཞུ་བའི་བདུད་རྩི་རྡོ་རྗེ་ལས་འཕྲོས་པས་དབང་བསྐུར་ཞིང་དེའི་འོད་ཟེར་རྣམས་ཀྱིས་ རེག་པས་གློ་བུར་དྲི་མ་ཐམས་ཅད་ཡལ་བའི་གཞི་ལ་རང་བྱུང་ཡེ་ཤེས་ཀྱི་ལྷ་ཞལ་ཕྱག་ 7-1-387 དང་སྐུ་མདོག་ལ་སོགས་སྣ་ཚོགས་སུ་གདོད་ནས་གནས་པ་ཐོབ་ཅིང༌། ཡང་སྐད་ཅིག་ གིས་དེ་དག་རེའང་ཆོས་ཉིད་ཀྱི་མཚན་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་ལྷ་སུམ་ཅུ་རྩ་ གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོར་གྱུར་པར་བསམ་བཞིན་པས། ཀྵ་ཀྵཱ་ཀྵི་ཀྵཱི་ཀྵྼྀ་ཀྵྼཱྀ་ཀྵུ་ ཀྵཱུ་ཀྵླྀ་ཀྵླཱྀ་ཀྵ་ཀྵཱ་ཀྵེ་ཀྵཻ་ཀྵར་ཀྵཱར་ཀྵོ་ཀྵཽ་ཀྵལ་ཀྵཱལ་ཀྵཾ་ཀྵཱཿ ཀྵྷ་ཀྵྷཱ་ཀྵྻ་ཀྵྻཱ་ཀྵྼ་ཀྵྼཱ་ཀྵྺ་ཀྵྺཱ་ཀྵླ་ཀྵླཱཿ ཞེས་ པས་ཀུན་རྫོབ་གློ་བུར་དྲི་མའི་ཕུང་པོ་ལྔ་ཁམས་ལྔ། དབང་པོ་དྲུག་ཡུལ་དྲུག །ལས་ དབང་ལྔ་ལས་དབང་གི་བྱ་བ་ལྔ་རྣམས་འགགས་པའི་གཞི་ལ་དེ་རྣམས་གཞན་དོན་ དམ་བདེ་གཤེགས་སྙིང་པོའི་ཕུང་པོ་ལྔ་ཁམས་ལྔ་དབང་པོ་དྲུག་ཡུལ་དྲུག །ལས་དབང་ ལྔ་ལས་དབང་གི་ཡུལ་ལྔ་སྟེ། ཆོས་ཉིད་ཀྱི་རྒྱལ་བ་ཡབ་ཡུམ། རྒྱལ་སྲས་ཡབ་ཡུམ། ཁྲོ་ རྒྱལ་ཡབ་ཡུམ་དུ་གདོད་ནས་བཞུགས་པ་མངོན་དུ་བྱས་ནས་རང་རང་ཞིང་དུ་བཞུགས་ པ་ནི་སྙིང་རྗེའི་དབང་བསྐུར་ཏེ། དཀྱིལ་འཁོར་རྒྱལ་མཆོག་དང༌། ལུས་རྫོགས་པ་བསྙེན་ པའི་ཡན་ལག་གོ ། དེ་ནས་གནས་གསུམ་དུ་ཟླ་ཉི་སྒྲ་གཅན་གྱི་རང་བཞིན། ཨོཾ་ཨཱཿཧཱུཾ་དང༌། ལྟེ་བ་དང་ གཙུག་ཏོར་གྱི་ཨ་བ་དྷཱུ་ཏཱིའི་ལམ་དུ་དུས་མེ་གཞན་གྱི་རང་བཞིན་ཧོཿཡིག་བསམ་སྟེ། ཧོཿཡིག་དུས་ཀྱི་མེ་དེ་དག་གིས་ཡེ་ཤེས་ཀྱི་འོད་ཟེར་གྱིས་སྐུ་གསུང་ཐུགས་ཀྱི་བདག་ ཉིད་གཙོ་བོ་ཡབ་ཡུམ་ཞུ་བར་གྱུར་པ་ལ། སྤྱན་མ་བདག་ནི་འགྲོ་བའི་ཡུམ། །རྣལ་འབྱོར་ པ་ཡི་རྒྱུ་མཐུན་གནས། །བདག་ནི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ ལ་བདག་འདོད་མཛོད། །མཱ་མ་ཀཱི་བདག་སྲིང་མོ་སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་ གནས། ། བདག་ནི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ འདོད་མཛོད། ། གོས་དཀར་མོ་བདག་བུ་མོ་སྟེ། །རྣལ་འབྱོར་པ་ཡི་སྐྱེས་བུའི་ གནས། །བདག་ནི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ འདོད་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་བྲལ་གནས། །བདག་ནི་ དཀྱིལ་འཁོར་རང་བཞིན་གྱིས། ། དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྟོང་ པའི་དཀྱིལ་འཁོར་ཉམས་མྱོང་ནས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །འགྲོ་བ་ 7-1-388 བསྒྲལ་བའི་བསམ་པ་ཡིས། །འགྲོ་བའི་མགོན་པོས་སྤྲོ་བར་མཛོད། །ཅེས་པའི་གླུས་འགྲོ་ བའི་དོན་མཛད་པར་བསྐུལ་བའི་ངོར་ཧཱུཾ་དང་རྡོ་རྗེ་ལས་སྔ་མ་ལྟར་བཞེངས་པའི་གཙོ་ བོ་ཡབ་ཡུམ་སྙོམས་པར་ཞུགས་པས་དཀྱིལ་འཁོར་པ་ཐམས་ཅད་དམ་ཚིག་གི་འཁོར་ ལོའི་དོན་དུ་རང་གི་ལུས་ལ་བཅུག་སྟེ། ཡུམ་གྱི་པད་མར་སོ་སོའི་ས་བོན་དང་ཕྱག་ མཚན་ལས་ལྷའི་སྐུ་རྫོགས་པ་རྣམས། རང་རང་གི་གནས་སུ་སྔ་མ་ལྟར་སྤྲོས་ནས་དགོད་ དེ། གཙོ་བོ་ཡབ་ཡུམ་གྱི་རྣམ་པ་དེ་ཉིད་སྔ་མ་ལྟར་ནི་མངལ་དུ་ཡེ་ཤེས་ཀྱི་ཁམས་དང་ ཕུང་པོ་བདེ་བ་ཆེན་པོ་མཚམས་སྦྱར་བ་ལྟར་རྡོ་རྗེ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའི་ངོ་བོར་མཚོན་པའི་ཕྱིར། རྡོ་རྗེ་སེམས་དཔས་དབུ་བརྒྱན་པ་དང༌། མི་ བསྐྱོད་པ་སྤྲོས་ནས་སླར་རང་ཉིད་ལ་བདག་པོར་བསྒོམས་ཏེ་གཞུག་པར་གསུངས་ལ། འདིར་མི་བསྐྱོད་པ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ་ཡིན་པས་མི་བསྐྱོད་ པས་དབུ་བརྒྱན་པ་གསུངས་པའི་ཕྱིར། རྡོ་རྗེ་སེམས་དཔའ་སྤྲོས་ནས་སླར་རང་ཉིད་ལ་ བདག་པོར་བསྒོམས་ཏེ། གཞུག་པ་ཡང་རིགས་ཏེ་གཞན་རྣམ་ཤེས་ཡེ་ཤེས་ཕན་ཚུན་ རྒྱས་གདབ་གསུངས་པའི་རིགས་པ་དང་ཡང་རྗེས་སུ་མཐུན་པའི་ཕྱིར་རོ། །གཞན་འདུ་ བྱེད་ལ་སོགས་པ་སྤྲོ་བ་ནི་སྔ་མ་བཞིན་ཏེ་སྔར་སྤྲོ་བ་ནི་མངལ་དུ་ཕུང་པོ་ཁམས་སོགས་ སྤྲོ་བ་དང་མཚུངས་ལ་འདིར་སྤྲོ་བ་ནི་ཕྱི་རོལ་ཏུ་ཕུང་པོ་ཁམས་སོགས་སྤྲོ་བ་དང་ མཚུངས་པའི་ཕྱིར། ཁ་ཅིག་ལ་ཞུ་བ་གླུས་བསྐུལ་མ་ཆད་ཀྱང་ལྷ་སྤྲོ་བ་ཕྱི་མ་ཆད་པ་ནི་ སེམས་འགྲེལ་དང་མ་འཇལ་ཞིང་རྩ་རྒྱུད་ལས་རིང་དུ་གྱུར་པའི་སྐྱོན་དུ་བས་སོ། ། དེ་ནས་ཧཱུཾ་དང་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཤུགས་སྔར་བཤད་པ་ལྟ་བུ་ལ་རབ་ཏུ་བཞད་ ཅིང་མཆེ་བ་ཕྱེད་གཙིགས་པ། སྒྲ་དྲག་པོ་སྒྲོགས་པ་རྐང་པ་བརྒྱད་པའི་ཤིང་རྟ་ལ་གནས་ པ། སྤྲོས་པས་ཡེ་ཤེས་ཀྱི་འཁོར་ལོར་བཀུག་པ་ལ་མཆོད་ནས་དམ་ཚིག་གི་འཁོར་ལོ་ལ་ གཞུག་པ་དང༌། བཅིང་བ་དང༌། མཉེས་པ་དང༌། རོ་མཉམ་པར་བྱ་སྟེ། ཛཿཧཱུཾ་བཾ་ཧོཿཧིཿ ཞེས་པ་དང༌། རྡོ་རྗེ་ཤུགས་དང༌། རྨུགས་བྱེད་དང༌། རེངས་བྱེད་དང༌། ཁེངས་བྱེད་དང༌། ཤིན་ཏུ་སྟོབས་རྣམས་ཀྱིས་རྡོ་རྗེ་ལྕགས་ཀྱུ་དང༌། རྡོ་རྗེ་ཞགས་པ་དང༌། རྡོ་རྗེ་དྲིལ་བུ་ 7-1-389 དང༌། རྡོ་རྗེ་དབྱུག་པ་རྣམས་ཀྱིས་སོ། ། དེ་ནས་ལྷ་རྣམས་ཀྱི་གནས་དྲུག་ཏུ། ཨོཾ་ཨཱཿཧཱུཾ་ཧོཿསྭཱཧཱ། ཞེས་པས་བྱིན་གྱིས་བརླབས་ནས་ དཔྲལ་བར་ཨཿལས་ཟླ་བའི་སྟེང་དུ་ཨོཾ་དང་འཁོར་ལོ་ལས་སྐུ་རྡོ་རྗེ་དཀར་པོ་ཞལ་ གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པ་སྤྲོས་ནས། སྐུ་རྡོ་རྗེས་འདུལ་བ་རྣམས་ལ་ཆོས་ བསྟན་ཏེ། སླར་བྱོན་པ་ལ་སྐུའི་རྡོ་རྗེ་འཛིན་པ་བདག་ལ་དབང་བསྐུར་དུ་གསོལ། ཞེས་ གསོལ་བ་གདབ་པས་སྐུའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་བདག་ལ་ དབང་བསྐུར་བར་མོས་ནས། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་གྱི་ དངོས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་ བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་གསོལ་བ་གདབ་པས་སྐུ་རྡོ་ རྗེ་དཔྲལ་བའི་ཟླ་བ་ལ་ཞུགས་ནས་བྱིན་གྱིས་བརླབ་པར་བསམ་མོ། ། ཡང་མགྲིན་པར་ར་ལས་ཉི་མའི་སྟེང་དུ་ཨཱཿདང་པད་མ་ལས་གསུང་རྡོ་རྗེ་དམར་པོ་ ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པ་འཕྲོས་ནས་གསུང་རྡོ་རྗེས་འདུལ་བ་རྣམས་ ལ་ཆོས་བསྟན་ཏེ། སླར་བྱོན་པ་ལ་གསུང་གི་རྡོ་རྗེ་འཛིན་པ་བདག་ལ་དབང་བསྐུར་དུ་ གསོལ། ཞེས་པས་གསུང་གི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་ བསྐུར་ནས། དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །ཞེས་སོགས་འདོན་པ་བསྒྱུར་བས་ གསུང་རྡོ་རྗེ་མགྲིན་པའི་ཉི་མ་ལ་བཞུགས་ནས་བྱིན་གྱིས་བརླབ་པར་བསམ་མོ། ། ཡང་ཐུགས་ཀར་ཨཾ་ལས་སྒྲ་གཅན་གྱི་སྟེང་དུ་ཧཱུཾ་དང་རྡོ་རྗེ་ལས་ཐུགས་རྡོ་རྗེ་ནག་པོ་ ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པ་འཕྲོས་ནས་ཐུགས་རྡོ་རྗེས་འདུལ་བ་རྣམས་ ལ་ཆོས་བསྟན་ཏེ། སླར་བྱོན་པ་ལ་ཐུགས་རྡོ་རྗེ་འཛིན་པ་བདག་ལ་དབང་བསྐུར་དུ་ གསོལ། ཞེས་པས་ཐུགས་ཀྱི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་ བསྐུར་ནས། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །ཞེས་སོགས་འདོན་པ་བསྒྱུར་བས་ ཐུགས་རྡོ་རྗེ་སྙིང་གར་སྒྲ་གཅན་ལ་བཞུགས་ནས་བྱིན་གྱིས་བརླབ་པར་བསམ་ཞིང༌། ཨོཾ་ 7-1-390 སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང༌། ལྷག་པར་ ཤེས་རབ་ཀྱི་ལྟེ་བ་གསང་བ་གཙུག་ཏོར་རྣམས་སུ་ཧོཿསྭཱཧཱ་རྣམས་ལས་སྐུ་གསུང་ཐུགས་ ཀྱི་རྡོ་རྗེས་བྱིན་གྱིས་བརླབ་བོ། །རྒྱས་པར་ན་དབང་བདུན་གྱི་དོན་བསམ་ཞིང༌། སྔགས་ ཀྱི་ཚིགས་གིས་དབང་བསྐུར་ནས་ང་རྒྱལ་བཟུང་ངོ༌། ། རྒྱས་གདབ་ནི། མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་ལ་ཐུགས་རྡོ་རྗེ་ཆོས་གོས་དང་ གཙུག་ཏོར་འཛིན་ཅིང་དཀྱིལ་ཀྲུང་གིས་གནས་པའི་ཕྱག་རྒྱ་ས་ལ་རེག་པས་དབུགས་ འབྱིན། མི་བསྐྱོད་པས་རྣམ་སྣང་ལ། རྣམ་སྣང་གིས་འོད་དཔག་མེད་ལ། འོད་དཔག་མེད་ ཀྱིས་རིན་ཆེན་དབང་པོ་ལ། རིན་ཆེན་དབང་པོས་དོན་ཡོད་གྲུབ་པ་ལ། ལྷ་གཞན་ལྗང་ ཁུ་རྣམས་ལ་མི་བསྐྱོད་པ། ནག་པོ་རྣམས་ལ་དོན་ཡོད་གྲུབ་པ། དམར་པོ་རྣམས་ལ་རིན་ ཆེན་དབང་པོ། དཀར་པོ་རྣམས་ལ་འོད་དཔག་མེད། སེར་པོ་རྣམས་ལ་རྣམ་པར་སྣང་ མཛད། སྔོན་པོ་རྣམས་ལ་རྡོ་རྗེ་སེམས་དཔའ་རྒྱས་གདབ་ཅིང༌། རྒྱས་པར་ནི། རིགས་ དྲུག་དང༌། ལྔ་དང༌། བཞི་དང༌། གཅིག་གིས་རྒྱས་གདབ་པར་ཡང་དྲན་པར་བྱ་སྟེ། ལས་ རྒྱལ་མཆོག་དང༌། ངག་རྫོགས་པ་ཉེ་བའི་བསྒྲུབ་པའོ། ། དེ་ནས་ལྷ་ཡབ་ཡུམ་རྣམས་སྙོམས་པར་ཞུགས་པས་ལྟེ་བའི་ཧོཿཡིག་གཏུམ་མོ་ཡེ་ཤེས་ཀྱི་ མེ་འབར་ཏེ་རླུང་བཅུ་དང་གཟུང་འཛིན་ཐམས་ཅད་བསྲེགས་ཤིང་སྤྱི་བོའི་ཧཾ་ཡིག་བཞུ་ བའི་རྒྱུན་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བར་བབ་པས་དགའ་བ་བཞི་ མངོན་དུ་བྱས་པར་མོས་ནས། ཨོཾ་ཛྙཱ་ན་པཱུ་ཛཱ་ཨ་ནུ་རཀྟ་སྭ་བྷཱ་བ་ཨཱད་མ་ཀོ྅ཧཾ། ཞེས་ བརྗོད་དེ། ཐིག་ལེའི་རྣལ་འབྱོར་དང་ཐིག་ལེ་རྫོགས་པ་བསྒྲུབ་པའི་ཡན་ལག་གོ ། སླར་ཡང་ཇི་ལྟར་བྱོན་པ་དེ་བཞིན་སྟེང་དུ་གཤེགས་པས་ལྟེ་བར་རྒྱུ་མཐུན་པ་སྙིང་གར་ རྣམ་པར་སྨིན་པ། མགྲིན་པར་སྐྱེས་བུས་བྱེད་པ། སྤྱི་བོར་དྲི་བྲལ་གྱི་འབྲས་བུ་སྟེ་སྐུ་བཞི་ ཐོབ་པར་མོས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་སཏྭ་ཧཾ་དུར་དཱན་ཏ་ད་མ་ཀ་ཧུཾ་ ཧཱུཾ་ཕཊ་སྭཱཧཱ། ཞེས་པས་ཕྲ་མོའི་རྣལ་འབྱོར་དང༌། བདེ་བ་རྫོགས་པ་བསྒྲུབ་པ་ཆེན་པོའི་ ཡན་ལག་སྟེ། ཆོས་ཉིད་ལ་མོས་པ་ཡིད་ལ་བྱེད་པ་རྗེས་སུ་དཔག་པའི་བསྒོམ་པའོ། །དེ་ཁོ་ 7-1-391 ན་ཡིད་ལ་བྱེད་པའི་བསྙེན་སྒྲུབ་ཡན་ལག་བཞི་ནི་ལོགས་ཤིག་ཏུ་བརྗོད་དོ། ། སྔགས་ཟློས་པ་ན། ཆོས་ཉིད་རྣམ་པ་ཐམས་ཅད་པ་ལ་མོས་པ་ཡིད་ལ་བྱེད་ཅིང༌། དཀྱིལ་ འཁོར་དང་ལྷ་རྣམས་གསལ་འདེབས་བཞིན་པས་གཙོ་བོ་ཡབ་ཡུམ་གྱི་སྔགས། ཨོཾ་ ཧྐྵྨླྺྼྻ⁽14bb⁾་ཞེས་པ་དང༌། ཨོཾ་ཨཱཿཧཱུཾཾ་ཧོཿ ཧྐྵྨླྺྼྻ⁽14bb⁾་ཞེས་པ་དང༌། ཨོཾ་ཧྲཱཾ་ཧྲཱིཾ་ཧྲྼྀཾ་ཧྲཱུཾ་ཧྲླཱྀཾ་ཧྲཿ ཞེས་པ་རྣམས་ཀྱི་མཐར། ཞི་བ་ལ་ན་མཿ རྒྱས་པ་ལ་སྭཱཧཱ། ཞེས་པ་སྦྱར་ཞིང༌། འཁོར་རྣམས་ཀྱིའང༌། ཨོཾ་ཨ་ ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཱཿ ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཱཿ ཧ་ཧཱ་ཡ་ ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཱཿ ཞེས་པ་མཐར་ཡང་སྔ་མ་བཞིན་ནོ། ། རབ་ཏུ་རྒྱས་པར་ན། གསུང་དཀྱིལ་དུ། ཨོཾ་ཧ་ཧཱ་ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཱཿ ཡ་ཡཱ་ཡི་ ཡཱི་ཡྼྀ་ཡྼཱྀ་ཡུ་ཡཱུ་ཡླྀ་ཡླཱྀ་ཡཾ་ཡཿ ར་རཱ་རི་རཱི་རྼྀ་རྼཱྀ་རུ་རཱུ་རླྀ་རླཱྀ་རཾ་རཱཿ ཝ་ཝཱ་ཝི་ཝཱི་ཝྼྀ་ཝྼཱྀ་ཝུ་ཝཱུ་ ཝླྀ་ཝླཱྀ་ཝཾ་ཝཿ ལ་ལཱ་ལི་ལཱི་ལྼྀ་ལྼཱྀ་ལུ་ལཱུ་ལླྀ་ལླཱྀ་ལཾ་ལཿ ཀྵ་ཀྵཱ་ཀྵི་ཀྵཱི་ཀྵྼྀ་ཀྵྼཱྀ་ཀྵུ་ཀྵཱུ་ཀྵླྀ་ཀྵླཱྀ་ཀྵཾ་ཀྵཿ ཞེས་པ་བླ་མའི་མན་ངག་བཞིན་དང༌། སྐུ་དཀྱིལ་དུ། ཨོཾ་ཙ་ཙཱ་ཙི་ཙཱི་ཙྼྀ་ཙྼཱྀ་ཙུ་ཙཱུ་ཙླྀ་ཙླཱྀ་ཙཾ་ཙཿ ཚ་ཚཱ་ཚི་ཚཱི་ཚྼྀ་ཚྼཱྀ་ཚུ་ཚཱུ་ཚླྀ་ཚླཱྀ་ཚཾ་ཚཿ ཛ་ཛཱ་ཛི་ཛཱི་ཛྼྀ་ཛྼཱྀ་ཛུ་ཛཱུ་ཛླྀ་ཛླཱྀ་ཛཾ་ཛཿ ཛྷ་ཛྷཱ་ཛྷི་ཛྷཱི་ཛྷྼྀ་ཛྷྼཱྀ་ཛྷུ་ཛྷཱུ་ཛྷླྀ་ཛྷླཱྀ་ཛྷཾ་ཛྷཿ ཉ་ཉཱ་ཉི་ཉཱི་ཉྼྀ་ ཉྼཱྀ་ཉུ་ཉཱུ་ཉླྀ་ཉླཱྀ་ཉཾ་ཉཿ ཞེས་པའི་ཐུང་ངུ་རྣམས་ནག་པ་གཞན་གྱི་ཚེས་གཞན་དང༌། རིང་ པོ་རྣམས་ས་ག་གཞན་གྱི་ཚེས་གཞན་རྣམས་ཏེ་ཕྱི་མ་རྣམས་སུ་ཡང་དེའི་རིགས་པ་སྦྱར་ ནས་སྣྲོན་དང་ཆུ་སྟོད་གཞན་ལ་ཊ་སྡེ་དང༌། གྲོ་བཞིན་དང་ཁྲུམས་སྟོད་གཞན་ལ་པ་སྡེ་ དང༌། ཐ་སྐར་དང་སྨིན་དྲུག་གཞན་ལ་ཏ་སྡེ། མགོ་དང་རྒྱལ་གཞན་ལ་ས་སྡེ། མཆུ་དང་ དབོ་གཞན་ལ་ཀ་སྡེ་སྟེ། ཡང་ན་ཀ་སྡེ་ནས་མཚམས་ཀྱང་རུང་ངོ༌། ། སྒོ་སྐྱོང་རྣམས་ཀྱི་སྔར་བསྟན་པ་ལ་འདུ་ཞིང་ཀླུ་རྒྱལ་གཞན་གྱི། ཨོཾ་ཧྻ་ཧྻཱ་ཧྼ་ཧྼཱ་ཧྺ་ཧྺཱ་ཧླ་ ཧླཱ་ཧུཾ་ཀྵཱུཾ། ཞེས་པ་དང༌། རབ་གཏུམ་གཞན་གྱི་སྔགས་ནི། ཤར་དང་ནུབ་ཏུ། ཨོཾ་ཀྑྒྒྷྔ་ྈྐྴྵྒྤྶ་བྱང་ དང་ལྷོར། ཧྻྼྺླ་ཀྵྻྼྺླ། མེ་ལ་སོགས་མཚམས་བཞིར། ཉྫྙྫྪྩ་ཎྜྷྜྛྚ་མྦྷྦྥྤ་ནྡྷྡྠྟ་རྣམས་ཐར་ཡང་སྔ་མ་ 7-1-392 བཞིན་ཏེ། སྟེགས་བུའི་ལྷ་མོ་རྣམས་ཀྱིས་ནི་གང་ལས་བྱུང་བ་ དེར་འདུ་ཞིང་རྡོ་རྗེའི་ཟླ་ཉི་དང་ནུས་མ་རྣམས་ཀྱི་དབྱིངས་སུ་འདུ་བ་ལ་སོགས་པ་བླ་ མའི་མན་ངག་གིས་གསལ་བར་བྱ་སྟེ། བསྒོམ་པ་དང༌། བཟླས་པ་དང༌། དགོད་པ་ལ་ སོགས་པ་ཚུལ་བཞིན་དུ་རིག་པར་བྱའོ། །ངེས་དོན་རྡོ་རྗེའི་བཟླས་པ་ནི་ལོགས་ཤིག་ཏུ་ བརྗོད་དོ། ། དེ་ནས་ཕུན་སུམ་ཚོགས་པའི་མཆོད་པ་རླབས་ཆེན་པོའམ། ཇི་ལྟར་འབྱོར་བ་བཟང་ཞིང་ རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས། མདུན་ན་རྡུལ་ཚོན་དང་རས་བྲིས་ལ་སོགས་པའི་ དཀྱིལ་འཁོར་ཡོད་པའམ་མེད་ཀྱང་རུང་སྟེ། ནམ་མཁའ་གང་བའི་ཡེ་ཤེས་ལྷ་ཚོགས་ འཁོར་དང་བཅས་ཤིང་བླ་མ་བཀའ་བརྒྱུད་བཀའ་བསྲུངས་དང་བཅས་པ་རྣམས་དྲི་ བཟང་གི་མཎྜལ་ཐེབ་སྲིན་གྱིས་བྱས་པར་བཞུགས་པ་ལ་ཕུལ་བར་བསམ་ཞིང༌། དངོས་ སུ་འཐོར་བཞིན་པས་དང་པོར། ཨོཾ་ཨཱཿཧཱུཾ་ཧོཿ ཏྲཻ་དྷཱ་ཏུ་ཀེ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་ ས་པཱ་རི་ཝཱ་རཿ བྷ་ག་ཝན་མེ་ཝ་ར་དོ་བྷ་བ་ཤིཥྱ་ནཾ་ཙཱ། ཞེས་པས་མཆོད་ཡོན་ཕུལ་ཞིང་ གསོལ་བ་བཏབ་ནས། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང༌། །ཕྱོགས་དུས་ཀུན་ གྱི་མཆོད་རྫས་བཟང་དགུ་རྣམས། །བླ་མ་རྒྱལ་བ་སྲས་བཅས་ཀུན་ལ་འབུལ། །མཁའ་ ཁྱབ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པཱ་རི་ཝ་ར་བྷྱཿབཛྲ། ཞེས་ པའམ། བསྡུས་པར་ན། ཨོཾ་བཛྲ། ཞེས་པའི་མཐར། གནྡྷཾ། པུཥྤཾ། དྷཱ་པཾ། དཱི་པཾ། ནཻ་བེ་ཏྱཾ། ཨཀྵ་ ཏཾ། ལཱ་སྱཾ། ཧཱ་སྱཾ། བཱ་ཏྱཾ། ནྲྀ་ཏྱཾ། གཱི་ཏཾ། ཀཱ་མཾ། ཞེས་པ་རྣམས་ཀྱི་མཐར། པྲ་ཏཱིཙྪ་ན་མཿ ཞེས་ སྦྱར་བས་མཆོད་རྫས་བཟང་དགུ་དང་བཅས་པའི་མཆོད་པའི་ལྷ་མོ་ནམ་མཁའ་གང་ བས་མཆོད་ཅིང༌། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ཆོས་འབྱུང་གྲུ་ གསུམ་དབུས་སུ་ཐིག་ལེས་བརྒྱན་པ། མཐེབ་སྲིན་གྱིས་བྲི་བར་ཡེ་ཤེས་འཁོར་ལོ་སྲིད་ གསུམ་གྱི་རྣམ་པ་ཅན་དང་ཞིང་གསལ་བ་དམིགས་ཏེ། ཐོག་མར་བླ་མ་བཀའ་བརྒྱུད་ དང་བཅས་པ་ལ་འབུལ་ཞིང༌། དེ་ནས། ཨོཾ་བུདྡྷཱ་ཡ་ན་མཿ ཞེས་པ་ལ་སོགས་རྒྱས་པའམ། 7-1-393 ཉེ་བར་བསྡུས་ན། གཙོ་བོའི་ཕོ་བྲང་དང་ཡེ་ཤེས་འཁོར་ལོ་དང༌། ཐུགས་ཀྱི་དཀྱིལ་ འཁོར་དང༌། གསུང་གི་དཀྱིལ་འཁོར་དང༌། སྐུའི་དཀྱིལ་འཁོར་རྣམས་ན་བཞུགས་པའི་ ལྷ་ཚོགས་རྣམས་ལ་མཆོད་པ་འབུལ་ལོ། ། དཀྱིལ་འཁོར་ཆེན་པོ་ལ་མངོན་པར་དད་པའི་ འཇིག་རྟེན་པའི་ལྷའི་དཀྱིལ་འཁོར་གྱི་ཕྱི་རོལ་ན་གནས་པ་རྣམས་ལ་ཡང་མཆོད་ དོ། །ཞེས་པ་ལ་སོགས་པའམ། ཤིན་ཏུ་བསྡུས་ན། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོཿན་མོ་ན་མཿ ཞེས་པའི་མཐར་ཆོས་སྐྱོང་ལ་སོགས་ཇི་ལྟར་རིགས་པ་ལ། རྒྱས་བསྡུས་སྐབས་དང་སྦྱར་ བས་ཕུལ་ནས། བླ་མའི་བསྟོད་པ་དང༌། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། ། ཅེས་པ་ ལ་སོགས་པའམ། གང་ལ་ཐོག་མཐའ་དབུས་མེད། ཅེས་པ་ལ་སོགས་པས་བསྟོད་དེ། ལྷ་ རྣམས་རང་གི་ལུས་ལ་བསྡུས་ནས། མདུན་བསྐྱེད་དང་འབྲེལ་བའི་ཚེ་འདིར་བསྒྲུབ་ དགོས་ཤིང༌། མཆོད་བསྟོད་བྱ། དཀར་གཏོར་བཟང་པོ་ཕྱག་ལེན་ལྟར་བཤམས་པ་རྣམས་ སམ་ཇི་ལྟར་འབྱོར་བ་ལ། ཨོཾ་ཨོཾ་བཛྲ་ཙནྡྲ། ཞེས་སོགས་ཕྱག་རྒྱ་དང་བཅས་པས་རྒྱས་ པར་བྱིན་གྱིས་བརླབས་པའམ། བསྡུས་པར་ན། ལག་པ་གཡོན་དང་གཡས་དང་གཉིས་ ཀའི་སྙིམ་པ་དང་མཁའ་ལྡིང་ཕྱག་རྒྱ་སྟོན་བཞིན་པས། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་བརྗོད་ཅིང༌། སྦྱང་སྤེལ་སྦར། བདུད་རྩིའི་རྒྱ་མཚོར་བསྒྱུར་བ་དྲི་དང་མེ་ཏོག་ལ་སོགས་པ་ཉེར་སྤྱོད་ མཐའ་ཡས་པ་ནམ་མཁའ་གང་བས་བརྒྱན་པ་ཕུལ་བས་མཉེས་པར་བསམ་ཞིང༌། ཡི་ དམ་བསྲུངས་མ་དྲུག་ཅུ་དང༌། མཧཱ་ཀཱ་ལ་ལ་སོགས་ཆོས་སྐྱོང་བཟང་པོ་གཞན་རྣམས་ དང༌། བསྟན་པ་ལ་དད་ཅིང་དཀར་པོའི་ཕྱོགས་སུ་གཏོགས་པ་ཐམས་ཅད་ལ་ཡང་རྒྱ་ ཆེར་དབུལ། མཁའ་འགྲོ་འབྱུང་པོ་སྤྱིའི་གཏོར་མ་དང༌། ཁྱད་པར་ཞིང་སྐྱོང་དང་ཡུལ་ བདག་ལ་ཡང༌། སྔར་བསྟན་པའི་ཆོ་གས་སྦྱིན་ཏེ། འོན་ཀྱང་འདིར། ཨ་པ་ར་སྠཱ་ནཾ་གཙྪ་ གཙྪ་སྭཱཧཱ། ཞེས་པའི་གནས་སུ། སྭཱ་སྠཱ་ནཾ་གཙྪ་གཙྪ་སྭཱཧཱ། ཞེས་པ་གཞུག་པར་བྱ་སྟེ་འདི་ནི་ ཁྱད་པར་རོ། །སེམས་ཅན་ཐམས་ཅད་ཀྱང་ཚིམ་པར་བྱའོ། ། བསད་ཤ་སྤངས་པའི་ཁ་ཟས་དང་འབྲེལ་ནའང་སྔ་མ་ལྟར་བྱིན་གྱིས་བརླབས་པའི་ཕུད་ ཀྱིས་བླ་མ་དཀོན་མཆོག་མཆོད་ཅིང༌། ཨོཾ་ཧ་རི་ཏེ་པིནྚ་ཀེ་པྲ་ཏཱིཙྪ་སྭཱཧཱ། ཞེས་པས་འཕྲོག་ 7-1-394 མ་ལ་ཆང་བུ་གཉིས་དང༌། ཨོཾ་སརྦ་དཱུ་ཏི་ཀཱེ་ཨཱ་གྲ་གྲ་སཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པས་ཕོ་ཉ་ རྣམས་ལ་ཆང་བུ་བྱིན་ནས་རང་གི་ལུས་ལ་རྟག་ཏུ་བཞུགས་པའི་ཡེ་ཤེས་ལྷ་ཚོགས་ ཐམས་ཅད་མཆོད་པའི་བསམ་པས་རན་པ་ཙམ་དུ་ལོངས་སྤྱོད་པའི་མཐར། ཨོཾ་ཁ་ཁ་ཁཱ་ ཧི་ཁཱ་ཧི་ཨུཙྪིཥྟ་བཱ་ལིཾ་ཨུཙྪིཥྟ་བྷཀྵ་བྷཀྵ་ཀ་སྭཱཧཱ། ལྷག་མ་ལ་དབང་བའི་འབྱུང་པོ་ཐམས་ ཅད་ཚིམ་པར་གྱུར་ཅིག །ཅེས་པ་ཁ་ཟས་ཀྱི་རྣལ་འབྱོར་རོ། ། སྤྱོད་ལམ་ནི། མཉམ་བཞག་ཏུ་ཡེ་ཤེས་ཀྱི་ཚོགས་དོན་དམ་སྣང་སྟོང་ཟུང་འཇུག་གི་ལམ་ ཁྱེར་དང༌། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་ཀུན་རྫོབ་སྣང་སྟོང་ཟུང་འཇུག་གི་ལམ་ ཁྱེར་གྱིས་གནས་པར་བྱའོ། །དེ་ལྟར་དབྱིངས་རིག་དབྱེར་མེད་དེ་བཞིན་ཉིད་ལྷ་དང་ སྔགས་དང་དཀྱིལ་འཁོར་ཐམས་ཅད་པའི་བདག་ཉིད་ལ་མོས་པ་ཡིད་ལ་བྱེད་པའི་དོན་ དུ། དཔག་བསམ་ལྗོན་ཤིང་དང༌། བསྟོད་པ་འགྲེལ་པ་ལ་སོགས་པའི་གཞུང་དང༌། བླ་མ་ དམ་པའི་མན་ངག་ལ་ལེགས་པར་བསླབས་ ཤིང༌། རི་མོ་དང་འབུར་མ་དང་བསྒོམ་བྱའི་ དཀྱིལ་འཁོར་གྱི་གཟུགས་བཞེངས་པ་ལ་ངེས་པའི་ཚུལ་གྱིས་བལྟས་ནས་ཀྱང་རྣམ་པར་ ཤར་བ་བྱ་སྟེ། ལུས་ཀྱིས་བྱ་བར་འོས་པ་དང༌། སེམས་ཀྱིས་བསམ་པར་འོས་པ་དང༌། ངག་གིས་བརྗོད་པར་འོས་པ་རྣམས་འཚོགས་པ་གཅིག་ཏུ་བྱས་ནས་ཡུན་ཐུང་ངུ་ལ་ ཡང་མངོན་རྟོགས་རྒྱ་ཆེན་པོའི་དོན་ཚང་བར་བྱར་རུང་ངོ༌། །དེས་ན་འདིར་སེར་བཏབ་ པ་རྣམས་དངོས་སུ་བརྗོད་མི་དགོས་ཀྱང་ངེས་པར་ཤེས་པར་བྱས་ནས་བསྒོམ་དགོས་ ཤིང་བསྒོམ་པར་བྱ་བ་རྣམས་ངེས་པར་ཚིག་ཏུ་གཤོར་དགོས་པ་ཡང་མ་ཡིན་ཏེ། བསྐྱེད་ རིམ་བསྒོམ་པ་ཞེས་གསུངས་ཀྱི་བསྐྱེད་རིམ་གཤོར་བ་ཞེས་མ་གསུངས་པའི་ཕྱིར་ རོ། །ཐམས་ཅད་རིམ་གྱིས་བསྡུས་ནས་མཐར་ཅང་མེད་སྟོང་པར་སོང་བ་ལ་བློ་འཇོག་པ་ ཙམ་དང་རྣམ་པ་གསལ་གདབ་ཅིང་འབར་འཛག་ལ་སོགས་པ་ལ་སེམས་གཏད་ནས་ རླུང་སྦྱོར་སྒོམ་པ་ལ་སོགས་པ་རྟོག་བཅས་སྤྲོས་བཅས་ཀྱི་སེམས་འཛིན་རྣམ་པ་མང་པོ་ ལ་རྫོགས་རིམ་དུ་གྲགས་ཀྱང་དེ་རྣམས་རིགས་གསུམ་མགོན་པོ་ལ་སོགས་པས་རྫོགས་ རིམ་རྣམ་དག་ཡིན་པ་བཀག་ནས། དེ་རྣམས་ལས་ཆེས་ཁྱད་པར་འཕགས་པའི་རྫོགས་ 7-1-395 རིམ་ཤིན་ཏུ་རྣམ་པར་དག་པའི་རིམ་པ་ཞེས་བྱ་བ་རྡོ་རྗེའི་རྣལ་འབྱོར་དང༌། ཤིན་ཏུ་ རྣལ་འབྱོར་དང༌། ལྷན་ཅིག་སྐྱེས་སྦྱོར་དང༌། ཕྱག་རྒྱ་ཆེན་མོའི་རྣལ་འབྱོར་ཐུན་མོང་མ་ ཡིན་པའི་ཟབ་མོ་གསུངས་པ་ཡོད་དེ། དེ་དག་ནི་ཆོས་ཉིད་ཟབ་མོ་ལ་དེ་ཁོ་ན་ཉིད་ཡིད་ ལ་བྱེད་པ་དང་མངོན་སུམ་གྱི་བསྒོམ་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པས་ འདིར་བྲིས་པ་ཙམ་གྱིས་མི་ཆོག་གི་རྐྱེན་གསུམ་ཚང་བའི་མན་ངག་ཁྱད་པར་ཅན་གྱིས་ ལོགས་ཤིག་ཏུ་ངེས་པར་བསྒོམ་དགོས་སོ། །དེ་ལྟར་རིམ་པ་གཉིས་པའི་བསྒོམ་བྱ་ནི། ཆོས་ ཀྱི་དབྱིངས་ཉིད་ཡང་དེ་ལ་མོས་པ་དང་དེ་ཁོ་ན་ཡིད་ལ་བྱེད་པའི་ཚུལ་ལས་རིམ་པ་ གཉིས་སུ་གསུངས་ཏེ། རྗེས་སུ་དཔག་པ་དང༌། མངོན་སུམ་གྱིས་བསྒོམ་པར་ཡང་ངོ༌། ། ཞེས་པ་ཉུང་ངུ་ལ་མོས་པ་དང༌། ལག་ལེན་ཟོར་བདེ་ཞིང་འདུས་པ་ལ་དད་པ་རྣམས་ཀྱི་ ཆེད་དུ། གཡའ་བཟང་རིན་པོ་ཆེ་ལ་སོགས་པ་དགེ་བའི་བཤེས་གཉེན་བཟང་པོ་རྣམས་ དང༌། སྭི་དུ་ཆེན་པོ་ལ་སོགས་པ་སློབ་མ་དད་གུས་ཅན་རྣམས་ཀྱིས་བསྐུལ་བའི་ངོར། རྒྱལ་ཁམས་ཀྱི་བསོད་སྙོམས་པས་བཀོད་པ་རྫོགས་སོ།། །།འདིའི་དགེ་བ་ལ་བརྟེན་ ནས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་རང་རང་ལ་བཞུགས་པའི་ཆོས་ཉིད་ཟབ་མོ་མྱུར་ དུ་ཐོབ་པར་གྱུར་ཅིག །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་པའི་ཡི་གེ་པ་ནི་བཅོམ་ལྡན་རྡོ་རྗེ་སྙིང་ པོ་དང༌། གཡའ་བཟང་པ་དགེ་བཤེས་སངས་རྒྱས་འོད་དོ།། །།དགེའོ། ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 7-1-396 ༄༅། །སྦྱིན་སྲེག་གི་ཆོ་ག་ནང་གི་མུན་སེལ་ཞེས་བྱ་བ་བཞུགས་སོ། ། ༄༅། །རྡོ་རྗེ་འཛིན་པ་རྣམས་ལ་ཕྱག་འཚལ་ལོ། །གང་གིས་མཚན་མའི་བུད་ཤིང་ཀུན། ། སྐད་ཅིག་ཉིད་ལ་བསྲེག་མཛད་པ། །ཡེ་ཤེས་མེ་དེ་ལ་བཏུད་ནས། །སྤྱིན་སྲེག་དག་གིས་ཆོ་ ག་བསྡུ། ། དེ་ལ་འདིར་དཀྱིལ་འཁོར་ལ་སོགས་པའི་ཆོ་ག་རྣམས་ལ་ཉེ་བར་འཁོ་བའི་ཕྱིར། སྦྱིན་ སྲེག་གི་ཆོ་ག་བརྩམ་པར་བྱ་བ་ཡིན་ལ། དེ་ཡང་གཞན་ལ་ཕན་པའི་བསམ་པས་ལས་ བཅུ་གཉིས་ཀྱི་དབྱེ་བ་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དཔལ་ལྡན་དྲི་མ་མེད་པའི་ འོད་ལས། སློབ་དཔོན་གྱི་ལས་བཅུ་གཉིས་ཀྱི་ཆོ་ག་ཤེས་ནས་གལ་ཏེ་གཞན་ལ་ཕན་པའི་ སླད་དུ་བྱེད་ན། དེའི་ཚེ་བཅོམ་ལྡན་འདས་ཀྱི་ངེས་པས་གདོན་མི་ཟ་བར་དེའི་འབྲས་ བུར་འགྱུར་རོ། །རང་གི་དོན་དུ་ནི་མ་ཡིན་ནོ། །གང་ཞིག་བྱེད་ན་ཡང་འདིར་དེའི་དོན་ ཅུང་ཟད་ཀྱང་འགྲུབ་པར་མི་འགྱུར་ཏེ། གདུག་པའི་སློབ་དཔོན་རྣམས་ཡོངས་སུ་ངལ་ བའི་ཉོན་མོངས་པ་ཙམ་འབའ་ཞིག་གོ །དེའི་ཕྱིར་རྒྱུད་ལས་གསུངས་པའི་ངེས་པས་ ལྟོས་པ་མེད་པའི་སློབ་དཔོན་མངོན་པར་ཤེས་པ་ཐོབ་པས་གཞན་ལ་ཕན་པའི་དོན་ དུ་བྱའོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ལྟོས་པ་མེད་ པའི་རྡོ་རྗེ་སློབ་དཔོན་ལྷག་པའི་བསམ་པས་གཞན་གྱི་དོན་ལ་མངོན་པར་བརྩོན་པ་ རྣམས་ཀྱིས་དང་པོར་ལས་བཅུ་གཉིས་ཀྱི་ཆོ་གའི་ངེས་པ་མཐའ་དག་ཡང་དག་པར་ རྟོགས་ནས་སྦྱིན་སྲེག་ལ་སོགས་པའི་ལས་བསྒྲུབ་པར་བྱ་བའི་གཞན་དུ་ནི་མ་ཡིན་ ནོ། །དེ་ལ་རེ་ཞིག་ཕྱོགས་ཀྱི་ཆ་ནི། གྲོང་དང་གྲོང་ཁྱེར་ལ་སོགས་པའི་དབང་ལྡན་དང་ བྱང་དུ་ཞི་བ་དང་རྒྱས་པ་དག་དང༌། མེ་དང་ཤར་དུ་བསད་པ་དང་བསྐྲད་པ་དག་དང༌། 7-1-397 བདེན་བྲལ་དང་ལྷོར་དབང་དང་དགུག་པ་དག་དང༌། རླུང་དང་ནུབ་ཏུ་རྨོངས་པ་དང་ རེངས་པ་དག་སྟེ། དབུས་སུ་ནི་ལས་ཐམས་ཅད་པའི་དཀྱིལ་འཁོར་དང་སྦྱིན་སྲེག་ལ་ སོགས་པ་བསྒྲུབ་པར་བྱའོ། །ཅི་སྟེ་རྒྱལ་པོ་ལ་སོགས་པ་གནས་པའི་གྲོང་དང་གྲོང་ཁྱེར་ ཆེ་བ་ཉིད་ཀྱིས་ཕྱོགས་བརྒྱད་པོར་(རོ་བསྲེགས་པ་ལ་སོགས་པའི་) དུར་ཁྲོད་ཡོད་ན་ དེར་ཞི་བ་དང་རྒྱས་པ་མི་འགྲུབ་སྟེ། འོན་ཀྱང་འདི་གཉིས་ནི་རྒྱལ་པོའི་ཁབ་བམ་དབུས་ ཀྱི་ཕོ་བྲང་ཉིད་ཀྱི་དབང་ལྡན་དང་བྱང་དུའོ། །ཞེས་པ་ཕྱོགས་ཀྱི་ངེས་པའོ། ། དེ་བཞིན་དུ། ས་གཞིའི་ཁ་དོག་ཀྱང༌། སོ་སོར་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་(མཐུན་ པས་)དཀར་པོ་དང༌། བསད་པ་དང་བསྐྲད་པ་ལ་(མཐུན་པས་)ནག་པོ་དང༌། དབང་ དང་དགུག་པ་ལ་(མཐུན་པས་) དམར་པོ་དང༌། རྨོངས་པ་དང་རེངས་པ་ལ་(མཐུན་ པས་) སེར་པོ་དང༌། ལས་ཐམས་ཅད་ལ་ནི་ལྗང་ཁུའོ། ། དེ་བཞིན་དུ། དྲི་ཡང་སོ་སོར་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་དྲི་བཟང་པོ་དང༌། བསད་ པ་དང་བསྐྲད་པ་ལ་རྣག་གི་དྲི་དང༌། དབང་དང་དགུག་པ་ལ་(དེའི་ཚེ་ས་རྐོ་བའི་ཆོ་ག་ སྟེ་དེ་ཡང་) པད་མའི་དྲི་དང༌། རྨོངས་པ་དང་རེངས་པ་ལ་ལན་ཚྭའི་དྲི་དང་ལྡན་པའོ། ། དེ་བཞིན་དུ། རོ་ཡང་སོ་སོར་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་ཁ་བའམ་བསྐ་བ་དང༌། བསད་པ་དང་བསྐྲད་པ་ལ་སྐྱུར་བའམ་ལན་ཚྭ་བའི་རོ་དང༌། དབང་དང་དགུག་པ་ལ་ (དེའི་ཚེ་ས་བརྐོ་བའི་ཆོ་ག་སྟེ་དེ་ཡང་)ཚ་བའི་རོ་དང༌། རྨོངས་པ་དང་རེངས་པ་ལ་ དངར་བའི་རོ་དང་ལྡན་པས་སོ། །ཅི་སྟེ་དེ་ལྟ་བུའི་ངེས་པ་དང་ལྡན་པའི་ས་རྙེད་པར་མ་ གྱུར་ན་གང་དུ་དཀྱིལ་འཁོར་(དང་སྦྱིན་སྲེག་)ལ་སོགས་པ་བྱེད་པ(འི་ས་)དེར་ཆུ་ལ་ ཐུག་པའམ་རྡོ་ལ་ཐུག་པར་བསྐོས་ནས་ལས་དང་རྗེས་སུ་མཐུན་པའི་ས་གཞན་གྱིས་ དགང་བར་བྱས་ཏེ། ཞི་བ་དང་རྒྱས་པ་ལ་ཙན་དན་དཀར་པོའི་ཆུས་བྲན་པའི་ས་དཀར་ པོ་ཁ་བའམ་བསྐ་བའི་རོ་དང་ལྡན་པའོ། །བསད་པ་དང་བསྐྲད་པ་ལ་ཤ་བ་རྣག་པའི་ ཆུས་བྲན་པའི་ས་ནག་པོ་ལན་ཚྭའི་སྐྱུར་བའི་རོ་དང་ལྡན་པས་སོ། །དབང་དང་དགུག་ པ་ལ་པད་མའི་ཆུ་དང་ཙན་དན་དམར་པོའི་ཆུས་བྲན་པའི་ས་དམར་པོ་ཚ་བ་གསུམ་ 7-1-398 དང་ལྡན་པས་སོ། །རྨོངས་པ་དང་རེངས་པ་ལ་མི་དང་རྟ་དང་བོང་བུའི་གཅིན་གྱིས་ བྲན་པའི་ས་སེར་པོ་བུ་རམ་གྱྀ་རོ་དང་ལྡན་པས་དགང་བར་བྱ་སྟེ། ལྗང་ཁུ་ལ་ནི་ཅི་ཡང་ བསྲེ་བར་མི་བྱའོ། ། དེ་བཞིན་དུ། དེ་དག་གི་ནང་དུ་གཏེར་གཞུག་པར་བྱ་སྟེ། དཀར་པོར་ཞི་བ་ལ་ཤེལ་དང༌། རྒྱས་པ་ལ་དུང་དང༌། རིམས་འཕྲོག་པ་ལ་མུ་ཏིག་གོ །ནག་པོར་བསད་པ་ལ་ནི་མི་ཡི་ རུས་པ་དང༌། བསྐྲད་པ་ལ་བྱ་རོག་གི་མཇུག་སྒྲོ་དང༌། སྡང་བ་ལ་བོང་བུའི་རུས་པའོ། ། དམར་པོར་དབང་ལ་གྷི་ཧཾ་དང༌། དགུག་པ་ལ་མཚལ་དང༌། བསྐྱོད་པ་ལ་ལྡོང་རོས་སོ། ། སེར་པོར་རྨོངས་པ་ལ་སྦྲུལ་དང༌། རེངས་པ་ལ་པ་བླ་དང༌། ཕུར་བུས་གདབ་པ་ལ་ལུག་ གི་རྭའོ། །ལྗང་ཁུ་ལ་ནི་ཅི་ཡང་གཞུག་པར་མི་བྱ་བའམ། ཅི་སྟེ་ཐུན་མོང་གི་ལས་ཐམས་ ཅད་པ་ཡིན་ན་རིན་པོ་ཆེ་ལྔ་གཞུག་པར་བྱ་སྟེ་དམར་པོ་དང་དཀར་པོ་ལ་ཡང་དེ་ བཞིན་ནོ། ། འདིར་ལས་ཐམས་ཅད་པའི་སྒྲས་ནི་དཀར་པོ་དང་དམར་པོར་བྱ་བའི་ (དབང་དགུག་བསྐྱོད་པ་སྟེ་)ལས་དྲུག་ཅུ་བཟུང་གི། ནག་པོ(ར་བྱ་བའི་བསད་བསྐྲད་ སྡང་བ་)དང་སེར་པོར་བྱ་བའི་(རྨོངས་རེངས་ཕུར་བུས་གདབ་པོ་སྟེ་)ལས་དྲུག་ནི་མ་ ཡིན་ནོ། །དེ་ལྷ་བས་ན་ལས་ཐམས་ཅད་པ་ལ་དྲག་པོའི་རྫས་རྣམས་སྤང་བར་བྱའོ། །ཞེས་ པ་ས་ཡི་ངེས་པའོ། ། དེ་བཞིན་དུ། དང་པོར་ལྷ་བསྒྲུབ་པའི་ཚེ་ན་ཡང་གནས་སོ་སོར་ངེས་པ་སྟེ། ཞི་བ་དང་ རྒྱས་པ་ནི་མཚོ་དང་བཟང་པོའི་གནས་སུའོ། །བསད་པ་ནི་དུར་ཁྲོད་དུའོ། །བསྐྲད་པ་ནི་ ལྷ་ཁང་སྟོང་པར་རོ། །དབང་དང་དགུག་པ་ནི་སྐྱེད་མོས་ཚལ་དུའོ། །རྨོངས་པ་དང་ རེངས་པ་ནི་རི་བོ་དག་ཏུའོ། ། དེ་བཞིན་དུ། ལས་ཀྱི་ཕྱག་རྒྱ་ནི་གྲུབ་པའི་གནས་སུའོ། །དངོས་གྲུབ་ཆེན་པོ་བརྒྱད་ནི་ (རལ་གྲི་རེག་པ་བཅུད་ཀྱི་དབང་བ་བདུད་རྩི་འབྲས་བུ་རིལ་བུ་རོ་ཙ་ན་དང་མིག་སྨན་ དང༌།། རྐང་པ་བྱུག་དང་ཤིང་ལྷམ་དག་དང་འཇིག་རྟེན་པའི་དངོས་གྲུབ་བརྒྱད་པོ་ བཅས་པ།།)བྱིན་རླབས་ཅན་གྱི་མཆོད་རྟེན་ཆེན་པོར་རོ། །འཇིག་རྟེན་གསུམ་གྱི་རྒྱལ་ 7-1-399 སྲིད་ནི་ཕུག་གི་གནས་སམ་སའི་ཁང་པ་དག་ཏུ་བསྒྲུབ་པར་བྱ་སྟེ། བསྒྲུབ་པའི་གནས་ཀྱི་ ངེས་པའོ། ། དེ་བཞིན་དུ། ཐབ་ཁུང་གི་དབྱིབས་དང༌། ཚད་ལ་སོགས་པ་ཡང་སོ་སོར་ངེས་པ་སྟེ། ཞི་ བ་ལ་ཟླུམ་པོ་ཁྲུ་གང་བ་དང༌། རྒྱས་པ་ལ་གྲུ་བཞི་པ་ཁྲུ་གཉིས་པ་དང༌། བསད་པ་ལ་ གཞུའི་རྣམ་པ་ཁྲུ་ཕྱེད་པ་དང༌། བསྐྲད་པ་ལ་ཟུར་ལྔ་པ་ཁྲུ་གང་བ་དང༌། དབང་ལ་ཟུར་ གསུམ་ཆོས་འབྱུང་གི་རྣམ་པ་སོར་ཉི་ཤུ་པ་སྟེ་ཟུར་ནས་ཟུར་ལ་ཁྲུ་གང་བ་དང༌། དགུག་ པ་ལ་ཟུར་བདུན་པ་སོར་བཞི་བཅུ་པ་དང༌། རྨོངས་པ་ལ་ཟུར་དྲུག་པ་སོར་སུམ་ཅུ་པ་ དང༌། རེངས་པ་ལ་ཟུར་བརྒྱད་པ་སོར་དྲུག་ཅུ་པ་(རང་རང་གི་)སྟེ་ནང་གི་པད་མའི་ རྒྱའོ། །རྒྱའི་ཕྱེད་ཀྱི་དཔངས་དང༌། (འདིར་སོར་རྣམས་ནི་འཐེབ་སོར་ཏེ་ཁྲུའི་ཉི་ཤུ་རྩ་ བཞི་ཆའོ།། ཞེས་འཆད་པར་འགྱུར་བ་ཐམས་ཅད་དུ་རིག་པར་བྱའོ།།)བཅུ་གཉིས་ཀྱི་ ཆས་མཆུ་དང༌། དྲུག་གི་ཆས་ཁ་ཁྱེར་ཏེ་ཁ་ཁྱེར་དག་གི་དཔངས་ནི་རང་རང་གི་ཕྱེད་ ཀྱིས་སོ། །ཁ་ཁྱེར་ཆ་ལྔར་ཕྱེ་བའི་དབུས་ཀྱི་ཆ་གསུམ་ལ་མཚན་མའི་ཕྲེང་བ་སྟེ་དཔངས་ སུ་རང་རང་གི་མཆུ་ཡི་ཕྱེད་ཀྱིས་སོ། །དབུས་སུ་ཡང་པད་མ་འདབ་བརྒྱད་པ་སྟེ་ཐབ་ཀྱི་ རྒྱ་དང་མཉམ་པའོ། །ཞེས་པ་ཐམས་ཅད་དུ་ངེས་པའོ། །པད་མའི་ལྟེ་བར་མཚན་མས་སོ་ སོར་ངེས་པ་སྟེ། ཞི་བ་ལ་པད་མ་དང༌། རྒྱས་པ་ལ་འཁོར་ལོ་དང༌། བསད་པ་ལ་གྲི་གུག་ དང༌། བསྐྲད་པ་ལ་རལ་གྲི་དང༌། དབང་ལ་མདའ་དང༌། དགུག་པ་ལ་རྡོ་རྗེ་ལྕགས་ཀྱུ་ དང༌། རྨོངས་པ་ལ་སྦྲུལ་དང༌། རེངས་པ་ལ་རྡོ་རྗེ་ལྕགས་སྒྲོག་གོ །རང་རང་གི་ཁ་ཁྱེར་ལ་ ཡང་འདི་དག་གི་ཕྲེང་བ་སྟེ་ལས་དང་རྗེས་སུ་མཐུན་པའི་ཁ་དོག་གོ །འདབ་མ་བརྒྱད་ ལ་ནི་ཕྱོགས་སུ་སངས་རྒྱས་བཞི་དང་མཚམས་སུ་ཡུམ་བཞིའི་མཚན་མ་ཕྱོགས་ཀྱི་མདོག་ ཅན་ཏེ། འོན་ཀྱང་དབུས་ཀྱི་རྡོ་རྗེ་སྔོན་པོ་ནི་ཞི་བ་དང་རྒྱས་པ་ལ་དབང་ལྡན་དང་བྱང་ དུ་འཕོ་བ་ལ་སོགས་པ་ལས་ཐ་དད་པའི་དབང་གིས་གཙོ་བོ་འཕོ་བའི་རིགས་པ་ཤེས་ པར་བྱའོ། ། དེ་བཞིན་དུ། དབུས་ཀྱི་པད་མ་དང་བཅས་པའི་ཐབ་རྣམས་ཀྱི་ཁ་དོག་ཀྱང་ཞི་བ་དང་ 7-1-400 རྒྱས་པ་ལ་དཀར་པོ་སྟེ་ཁ་ཁྱེར་གྱི་སྟེང་ནས་བརྩམས་ཏེ་ས་གཞི་མཐར་ཐུག་པའི་ཕྱི་ ལོགས་སུ་པད་མའི་འདབ་མ་རྩེ་མོ་འོག་ཏུ་ཕྱོགས་པ་རྣམ་ཀྱིས་ཁྱབ་པའོ། །དེའི་ཕྱི་རོལ་ གྱི་ས་གཞི་རྣམས་ལ་དུར་བ་བཀྲམ་པར་བྱ་སྟེ་ངེས་པའོ། ། དེ་བཞིན་དུ། བསད་པ་ལ་ཕྱི་ལོགས་སུ་སོར་མོ་དང་བཅས་པའི་ལག་མཐིལ་རྣམས་ཀྱིས་ ཁྱབ་པ་དང༌། དེའི་ཕྱི་རོལ་ཏུ་ཡང་རོ་ཡི་སྐྲས་ཁྱབ་པའོ། །བསྐྲད་པ་ལ་ཕྱི་ལོགས་སུ་བྱ་ རོག་གི་མཇུག་སྒྲོས་ཁྱབ་པ་དང༌། ཕྱི་རོལ་ཏུ་ཡང་འབྱུང་པོའི་ཤིང་གིས་ཁྱབ་པ་སྟེ་འདི་ དག་ནི་ནག་པོའོ། །དབང་དང་དགུག་པ་ལ་ནི་དམར་པོ་སྟེ་ཕྱི་ལོགས་སུ་པད་མ་དམར་ པོའི་འདབ་མ་དང༌། ཕྱི་རོལ་ཏུ་ཡང་མེ་ཏོག་དམར་པོས་ཁྱབ་པའོ། །རྨོངས་པ་དང་ རེངས་པ་ལ་ནི་སེར་པོ་སྟེ་ཕྱི་ལོགས་སུ་ཨརྐའི་འདབ་མ་སེར་པོ་དང༌། ཕྱི་རོལ་ཏུ་ཡང་མེ་ ཏོག་སེར་པོས་ཁྱབ་པའོ། །དེ་ལྟར་ཐབ་ཁུང་རྣམས་ཀྱི་ཕྱི་ལོགས་སུ་སྤྲས་པའི་པད་མ་ལ་ སོགས་པ་རྣམས་ནི་རང་རང་གི་མཆུའི་ཚད་ཀྱིས་དེ་ཐབ་ཁུང་གི་མདོག་དང་མཐུན་པ་ བྲི་བར་བྱའོ། ། དེ་ཡང་རྩིག་པའི་ཐབ་ལ་ཡིན་གྱི་བྲིས་པ་ལ་ནི་མ་ཡིན་ནོ། །དཔངས་ཀྱི་ ཚད་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །ཁ་ཁྱེར་གྱི་ཕྱི་རོལ་ཏུ་ཁྲུ་དོ་སྤངས་པར་ (སྒོའི་བཞི་ཆ་ལ་)དཀར་པོ་དང་དམར་པོ་དང་ནག་པོའི་རྭ་བ་གསུམ་དགེ་བ་དང་མི་ དགེ་བའི་ལས་ལ་སྤྲོ་བ་དང་བསྡུ་བའི་རིམ་པ་སྟེ་(ར་བའི་བར་ནི་ར་བ་རེ་རེའི་ ཕྱེད་)རང་རང་གི་བརྒྱད་ཆའི་ཚད་ཀྱིས་སྒོ་གཅིག་པ་(སྒོ་ལས་སུམ་འགྱུར་གྱི།)རྟ་བབས་ དང་བཅས་པའོ། །(སྣམ་བུ་རྣམས་ཀྱི་ཚད་ནི་དཀྱིལ་འཁོར་དུ་བསྟན་པ་ཇི་ལྟ་བ་སྟེ་རང་ རང་གི་སྒོའི་དྲུག་ཆ་ལ་ཆ་ཆུང་དུ་བྱས་ནས་སོ།།)དེའི་ནང་གི་ས་གཞི་རྣམས་ནི་ཕྱོགས་ ཀྱི་མདོག་ཅན་ཏེ་གང་ན་སྒོ་ཡོད་པའི་ཕྱོགས་ཏེ་སེར་པོ་དང༌། གང་དུ་སློབ་དཔོན་ གནས་པའི་ཕྱོགས་དེ་ནག་པོའོ། །དེར་སློབ་དཔོན་གྱི་གདན་དང༌། སློབ་དཔོན་གྱི་གཡོན་ དང་གཡས་སུ་མཆོད་ཡོན་གྱི་གདན་དང་བསྲེག་རྫས་ཀྱི་གདན་རྣམས་ཁྲུ་གང་བའི་པད་ མ་འདབ་མ་བརྒྱད་པར་རང་རང་གི་ཐབ་ཀྱི་དབྱིབས་ཅན་གྱིས་བསྐོར་བ་སྟེ། ལྟེ་བར་ རང་རང་གི་མཚན་མས་སྤྲས་ཤིང་ཐབ་ཀྱི་མདོག་དང་མཚུངས་པའོ། །དེ་ཡང་དཀྱིལ་ 7-1-401 འཁོར་དང་འབྲེལ་ན་རྡོ་རྗེ་མེ་འོད་(ཀྱི་ཕྲེང་བ་)ལས་ཁྲུ་དོ་སྤངས་པར་དབང་ལྡན་དུ་ཞི་ བའི་ཐབ་ཁུང་སྟེ་སྒོ་(ཕྱེད་དང་བཅས་པའི་སོར་བཅུ་དྲུག་པ་)དང་སློབ་དཔོན་གྱི་ གདན་ནི་ཐབ་(དེ་ཉིད་)ཀྱི་བྱང་དང་ལྷོ་རུའོ། །བྱང་དུ་རྒྱས་པའི་ཐབ་ཁུང་སྟེ་སྒོ་(སོར་ ཉེར་གཅིག་པ་)དང་སློབ་དཔོན་གྱི་གདན་ནི་ཐབ་ཀྱི་དབང་ལྡན་དང་བདེན་བྲལ་ དུའོ། །མེར་བསད་པའི་ཐབ་ཁུང་སྟེ་སྒོ་དང་སློབ་དཔོན་གྱི་གདན་ནི་ཐབ་ཀྱི་ཤར་དང་ ནུབ་ཏུའོ། །ཤར་དུ་བསྐྲད་པའི་ཐབ་ཁུང་སྟེ་སྒོ་དང་སློབ་དཔོན་གྱི་གདན་ནི་ཐབ་ཀྱི་མེ་ དང་རླུང་དུའོ། །བདེན་བྲལ་དུ་དབང་གི་ཐབ་ཁུང་སྟེ་སྒོ་(རྐང་པས་དམན་པའི་སོགས་ བཅུ་དྲུག བ་རྐང་བ་དང་བཅས་པའི་སོར་བཅུ་བཞི་བ་)དང་སློབ་དཔོན་གྱི་གདན་ནི་ ཐབ་ཀྱི་ལྷོ་དང་བྱང་དུའོ། །ལྷོར་དགུག་པའི་ཐབ་ཁུང་སྟེ་སྒོ་(ཕྱེད་དང་བཅས་པའི་སོར་ བཅུ་དགུ་)དང་སློབ་དཔོན་གྱི་གདན་ནི་ཐབ་ཀྱི་བདེན་བྲལ་དང་དབང་ལྡན་དུའོ། ། རླུང་དུ་རྨོངས་པའི་ཐབ་ཁུང་སྟེ་སྒོ་(ནས་ལྔ་དང་བཅས་པའི་སོར་བཅུ་བདུན་ པ་)དང་སློབ་དཔོན་གྱི་གདན་ནི་ཐབ་ཀྱི་ནུབ་དང་ཤར་དུའོ། །ནུབ་ཏུ་རེངས་པའི་ཐབ་ ཁུང་སྟེ་སྒོ་(རྐང་པ་དང་བཅས་པའི་སོར་ཉེར་གསུམ་པ་)དང་སློབ་དཔོན་གྱི་གདན་ནི་ ཐབ་ཀྱི་རླུང་དང་མེའི་མཚམས་སུའོ། །དེ་ལྟར་ན་(གང་གི་ཚེ།)སློབ་དཔོན་ཕྱོགས་རྣམས་ སུ་གནས་པ་དེའི་ཚེ་དཀྱིལ་འཁོར་ལ་གཡས་ཀྱིས་ཕྱོགས་པ་དང༌། ཕྱོགས་བྲལ་རྣམས་སུ་ གནས་པ་དེའི་ཚེ་དཀྱིལ་འཁོར་ལ་གཡོན་གྱིས་ཕྱོགས་པ་སྟེ། མེ་ལྷ་(བརྒྱད་པོ།)རྣམས་ནི་ དེ་དང་དེ་ལས་བཟློག་པས་སོ། །ཞེས་པ་ངེས་པའོ། །མེ་ལྷའི་བཞུགས་ཚུལ་ལ་ལྟོས་ནས་ནི་ སྒོ་ཐམས་ཅད་རང་རང་གི་ནུབ་ཏུ་སྟེ་མེ་ལྷའི་རྒྱབ་ཏུའོ། །སློབ་དཔོན་གྱི་གདན་ཡང་ རང་རང་གི་ཤར་དུ་སྟེ་མེ་ལྷའི་མདུན་དུའོ། །དེ་ལྟར་རླུང་དང་མེ་དང་ཆུ་དང་སའི་ བདག་ཉིད་རེག་བྱ་དང་རོ་དང་གཟུགས་དང་དྲིའི་ཡོན་ཏན་གྱི་དབྱེ་བས་ཤར་དང་ལྷོ་ དང་བྱང་དང་ནུབ་ཏུ་གནས་པའི་ཐབ་རྣམས་རིམ་གྱིས་ཆ་འཕེལ་བ་སྟེ་མེ་དང་བདེན་ བྲལ་དང་དབང་ལྡན་དང་རླུང་དུ་གནས་པ་རྣམས་ཀྱང་དེ་བཞིན་ནོ། །དེ་ལ་ཕྱོགས་ རྣམས་ནི་ཐབས་དང༌། མཚམས་རྣམས་ནི་ཤེས་རབ་སྟེ། ཐབས་ཀྱི་གནས་དུ་ཤེས་རབ་ 7-1-402 དང༌། ཤེས་རབ་ཀྱི་གནས་དུ་ཐབས་སོ། །ཞེས་པའི་ཤེས་པར་བྱེད་པ་ལས། ཕྱོགས་སུ་ གནས་པའི་ཐབས་གང་ཡིན་པ་དེ་ནི་རང་རང་གི་ཕྱོགས་བྲལ་དུ་གནས་པ་དེ་ལས་ཉིས་ འགྱུར་ཏེ། ཐབས་ཀྱི་གཉིས་འགྱུར་ཤེས་རབ་ལ་ཞེས་པའི་དོན་ཏོ། ། དེ་བཞིན་དུ། ཐབས་དང་ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བ་དགག་པའི་ཕྱིར་དང༌། དེ་དག་ རོ་མཉམ་པ་ཉིད་དང་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་རྣམ་པར་མཚོན་པའི་ཕྱིར། ཕྱོགས་སུ་གནས་པ་གང་ཡིན་པ་དེ་ཕྱོགས་བྲལ་དུ་ལྟ་བ་དང༌། ཕྱོགས་བྲལ་དུ་གནས་པ་ གང་ཡིན་པ་དེ་ཕྱོགས་སུ་ལྟ་བའོ། །ཞེས་པ་ལ་སོགས་པ་རྣམ་པ་མང་པོའི་ངེས་པ་རྒྱ་ཆེར་ རིག་པར་བྱ་སྟེ། མཁས་པ་ལས་ཀྱང་མཁས་པའི་སྤྱོད་ཡུལ་ལོ། །ཅི་སྟེ་དཀྱིལ་འཁོར་དང་ མ་འབྲེལ་ན་ཡང༌། གྲོང་ལ་སོགས་པའི་ཕྱོགས་བརྒྱད་པོར་རང་རང་གི་ཐབ་ཁུང་ལ་ལྟོས་ ནས་སྒོ་དང་སློབ་དཔོན་གྱི་གདན་ལ་སོགས་པ་རིག་པར་བྱ་སྟེ། སྔར་བསྟན་པའི་ངེས་ པས་སོ། །ཞེས་པ་ལས་སོ་སོ་བའི་ཐབ་ཁུང་རྣམ་པ་བརྒྱད་དོ། །ལས་ཐམས་ཅད་པ་ལ་ནི་ ཐབ་ཁུང་རྣམ་པ་གཉིས་ཏེ། ཞི་བའི་ལས་ཐམས་ཅད་པ་དང༌། རྒྱས་པའི་ལས་ཐམས་ ཅད་པའོ། །དེ་ལ་ཞི་བའི་ལས་ཐམས་ཅད་པའི་ཐབ་ཁུང་ནི་ཁྲུ་དོ་བ་ཟླུམ་པོ་དང༌། རྒྱས་ པའི་ལས་ཐམས་ཅད་པའི་ཐབ་ཁུང་ནི་ཁྲུ་བཞི་པ་གྲུ་བཞིའོ། །འདི་གཉིས་ཀྱི་མཆུ་ལ་ སོགས་པ་ལ་ནི་སྔར་བསྟན་པ་དག་དང་མི་མཚུངས་པའི་ཁྱད་པར་ཅུང་ཟད་ཡོད་དེ། འདིར་རྒྱས་པ་ལ་སོར་དྲུག་གིས་མཆུའོ། །དེའི་སྟེང་དུ་རེ་ཁཱའི་དཀྱིལ་འཁོར་དེ་དེའི་ཕྱེད་ ཀྱིས་སོ། །དེའི་སྟེང་དུ་ཁ་ཁྱེར་ཏེ་མཆུ་ལས་གཉིས་འགྱུར་རོ། །དེའི་སྟེང་དུ་སོར་གསུམ་ གྱིས་རེ་ཁཱའི་དཀྱིལ་འཁོར་ཕྱི་མ་སྟེ་ཟབས་སུ་ནི་རང་རང་གི་ཕྱེད་ཀྱིས་སོ། །ཞི་བ་ལ་ནི་ དེ་དང་དེའི་ཕྱེད་ཀྱིས་སོ། །འདིར་ཐམས་ཅད་དུ་ཐབ་ཁུང་ཉིད་ནི་དཀྱིལ་འཁོར་ རོ། །མཆུ་ཕན་ཆད་ནི་རྩ་བའི་ཐིག་ནས་ཀྲ་མ་ཤཱིར་ཥའི་མཐར་ཐུག་པའོ། །དེ་ལྟར་ན་ཆ་ དྲུག་ལས་དབུས་ཀྱི་ཆ་བཞིས་དཀྱིལ་འཁོར་དང་གཡས་དང་གཡོན་གྱི་ཆ་གཉིས་ཀྱིས་རྭ་ བ་ལ་སོགས་པ་ཀྲ་མ་ཤཱིར་ཥའི་མཐར་ཐུག་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ཐབ་ལ་ ཡང་དབུས་ཀྱི་ཆ་བཞིས་ཐབ་ཁུང་ཉིད་དང༌། གཡས་དང་གཡོན་གྱི་ཆ་གཉིས་ཀྱིས་མཆུ་ 7-1-403 ལ་སོགས་པར་འགྱུར་ཏེ། དེ་ལྟར་ན་ཐབ་དང་དཀྱིལ་འཁོར་གཉི་གའི་ཕྱི་ནང་ལ་སུམ་ཆ་ སུམ་གཉིས་ནི་ཐམས་ཅད་དུ་ངེས་པའོ། །དེ་ལ་མཆུ་ཕན་ཆད་ཆ་གསུམ་དུ་ཕྱེ་བ་གཅིག་ གིས་མཆུ་དང་གཉིས་ཀྱིས་ཁ་ཁྱེར་ནི་ལས་སོ་སོ་བ་རྣམས་ལའོ། ། ལས་ཐམས་ཅད་པ་ལ་ ནི་ཉི་ཤུ་རྩ་བཞིར་ཕྱེ་བའི་དྲུག་གིས་མཆུ་དང་བཅུ་གཉིས་ཀྱིས་ཁ་ཁྱེར་དང་གསུམ་ གསུམ་གྱིས་རེ་ཁཱའི་དཀྱིལ་འཁོར་གཉིས་ཏེ་འདི་ནི་འདིར་མན་ངག་གོ ། འདི་གཉིས་ནི་ ཁ་དོག་ལྗང་ཁུ་སྟེ་ཕྱི་ལོགས་སུ་པད་མའི་འདབ་མ་ལྗང་ཁུ་དང༌། ཕྱི་རོལ་ཏུ་ཀུ་ཤ་ རྣམས་ཀྱིས་ཁྱབ་པའོ། །ནང་དུ་ནི་རྭ་བའི་མཐར་ཐུག་པའི་ཐུགས་ཀྱི་དཀྱིལ་འཁོར་ཇི་ལྟ་ བ་བཞིན་དུ་སྟེ། ཐབ་ཁུང་གི་ཕྱེད་དུ་ཡེ་ཤེས་ཀྱི་འཁོར་ལོ་དང༌། དེའི་ཕྱེད་དུ་དབུས་ཀྱི་ པད་མ་དང༌། རྭ་བའི་ནང་དུ་མིག་ལ་སོགས་པ་རྣམས་ཀྱི་པད་མའོ། །དེ་ལྟར་ན་དབུས་ ཀྱི་པད་མ་རྒྱས་པ་ལ་ཁྲུ་གང་དང༌། ཞི་བ་ལ་དེའི་ཕྱེད་དུ་འགྱུར་ཞིང༌། པད་མ་གཞན་ རྣམས་ནི་དེ་དང་དེའི་སུམ་ཆར་འགྱུར་རོ། ། དེ་བཞིན་དུ། བུམ་པ་དང་ཀ་བ་ལ་སོགས་པ་རྣམས་ཀྱི་ཚད་ཀྱང་རང་རང་གི་ཆས་སོ་ སོར་རྟོགས་པར་བྱའོ། །མཚན་མ་ནི་དབུས་སུ་རྡོ་རྗེ་དང་ཁ་ཁྱེར་ལ་ཡང་སྔར་བསྟན་ པའི་ཆས་རྡོ་རྗེ་ཕྲེང་བ་སྟེ། གཞན་རྣམས་ཀྱི་མཚན་མ་ནི་དཀྱིལ་འཁོར་ཇི་ལྟ་བ་བཞིན་ ནོ། །འདི་ནི་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་གྲོང་ལ་སོགས་པའི་དབུས་སུ་སྟེ། (ཞི་བ་ ལ་སོར་ཉེར་གཅིག་པའི་སྒོ་དང་རྒྱས་པ་ལ་སོར་སུམ་ཅུ་པའི་)སྒོ་དང་སློབ་དཔོན་གྱི་ གདན་ནི་ནུབ་དང་ཤར་དུའོ། །རྭ་བ་གསུམ་དང༌། དེའི་ནང་གི་ས་གཞི་ཕྱོགས་ཀྱི་མདོག་ ཅན་ཞེས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། ། འོན་ཀྱང་འདིར་སློབ་དཔོན་གྱི་གདན་ དང་མཆོད་ཡོན་གྱི་གདན་དང་བསྲེག་རྫས་ཀྱི་གདན་རྣམས་ནི་རྒྱས་པ་ལ་ཁྲུ་གཉིས་པ་ དང༌། ཞི་བ་ལ་ཁྲུ་གང་བ་སོ་སོར་ཐབ་ཀྱི་རྣམ་པས་བསྐོར་བ་སྟེ། དབུས་སུ་པད་མས་ སྤྲས་པའི་ལྟེ་བར་ཆོས་འབྱུང་ངོ་སྣ་ཚོགས་རྡོ་རྗེའམ་ཞེས་པ་ནི་ཁྱད་པར་རོ། །དེ་ལྟར་ན་ ལས་ཐམས་ཅད་པའི་ཐབ་ཁུང་རྣམ་པ་གཉིས་སོ། །འདིར་གང་དག་ལས་ཐམས་ཅད་ པའི་ཐབ་ཀྱང་ལས་སོ་སོ་བའི་ཞི་རྒྱས་དང་ཚད་མཚུངས་སོ་ཞེས་སྨྲ་བ་དེ་དག་ནི་མུན་ 7-1-404 སྤྲུལ་ལོ། ། དེ་བཞིན་དུ། (དཀྱིལ་འཁོར་རམ་ཐབ་ཀྱི་)ཐིག་འདེབས་པ་ན་ཚོན་གྱིས་ཁུ་བ་ཡང་སོ་ སོར་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་ཤྲཱི་ཁཎ་ཊ་དང་སཱ་ལུ་བཏགས་པའོ། །བསད་པ་ དང་བསྐྲད་པ་ལ་ནི་ཁྲག་དང་དུག་དང་རོ་བསྲེགས་པའི་སོལ་བས་སོ། །དབང་དང་ དགུག་པ་ལ་ནི་གུར་གུམ་དང་ཙན་དན་དམར་པོས་སོ། །རྨོངས་པ་དང་རེངས་པ་ལ་ནི་ ཡུང་བ་དང་པ་བླའི་ཁུ་བས་སོ། །དེ་དག་ལ་ཚོན་གྱི་ཁ་དོག་སོ་སོར་ངེས་པ་ནི་སྔར་ བསྟན་པ་ཉིད་དེ་(དཔངས་ནི་རང་རང་གི་དྲུག་བཅུ་རྩ་བརྒྱད་ལྷག་པའི་བདུན་བརྒྱའི་ ཆ་ལ་ནས་སུ་བྱས་ནས། དེའི་རྐང་པ་གཅིག་དང༌། གཉིས་དང་གསུམ་དང་བཞིས་སོ། །ར་ བ་རྣམས་ལ་སེར་པོའི་སུམ་འགྱུར་དང༌། རེ་ཁཱ་གཞན་ལ་གཉིས་ལ་སོགས་པ་དཀྱིལ་ འཁོར་དུ་བསྟན་པ་བཞིན་ཏེ་)ཐབ་ཀྱི་ངེས་པའོ། ། དེ་བཞིན་དུ། མཆོད་ཡོན་ཀྱི་སྣོད་ཀྱང་སོ་སོར་ངེས་པ་སྟེ། ཞི་བ་ལ་ཤེལ་དང༌། རྒྱས་པ་ལ་ དངུལ་དང༌། བསད་པ་ལ་ཐོད་པ་དང༌། བསྐྲད་པ་ལ་ལྕགས་དང༌། དབང་ལ་གསེར་ དང༌། དགུག་པ་ལ་ཟངས་དང༌། རྨོངས་པ་ལ་ཤིང་དང༌། རེངས་པ་ལ་སའི་རང་བཞིན་ དེ་ཐམས་ཅད་སོར་བཅུ་གཉིས་པ་པད་མ་འདབ་མ་བརྒྱད་པའི་རྣམ་པ་གསུམ་ཆའི་ ཚད་ཀྱི་ལྟེ་བ་དང་བཅས་པའོ། །འོན་ཀྱང་ཐོད་པ་ནི་ཇི་ལྟར་འདུག་པ་ཉིད་དོ། །དེ་ བཞིན་དུ། དྲི་ཡང་སོ་སོར་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་ཙན་དན་དཀར་པོ་དང༌། བསད་པ་དང་བསྐྲད་པ་ལ་ཁྲག་དང་སོལ་བ་དང༌། དབང་དང་དགུག་པ་ལ་གུར་གུམ་ དང་གྷི་ཧཾ་དང་ཙན་དན་དམར་པོ་དང༌། རྨོངས་པ་དང་རེངས་པ་ལ་ཡུང་བ་དང་པ་ བླའི་དྲིའོ། །ཞེས་པ་བྱུག་པའི་ངེས་པའོ། ། དེ་བཞིན་དུ། མེ་ཏོག་ཀྱང་སོ་སོར་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་དྲི་ཞིམ་པོ་དང་ལྡན་ པའི་མེ་ཏོག་དཀར་པོ་དང༌། བསད་པ་དང་བསྐྲད་པ་ལ་ཚ་བ་དང་བཅས་པའི་མེ་ཏོག་ ནག་པོ་ཚེར་མ་ཅན་དང༌། དབང་དང་དགུག་པ་ལ་མེ་ཏོག་དམར་པོ་དང༌། རྨོངས་པ་ དང་རེངས་པ་ལ་མེ་ཏོག་སེར་པོ་རྣམས་ཀྱིས་སོ། །ཞེས་པ་མེ་ཏོག་གི་ངེས་པའོ། ། 7-1-405 དེ་བཞིན་དུ། བདུག་པ་ཡང་སོ་སོར་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་བསིལ་བའི་སྤོས་ཏེ་ ཙན་དན་དང་ཨ་ཀ་རུ་དང་སིཧླ་ཀ་དང་ག་བུར་གྱི་སྤོས་སྦྲང་རྩི་དང་ཤ་ཁ་ར་ལ་སོགས་ པས་སྦྱར་བའོ། །བསད་པ་དང་བསྐྲད་པ་ལ་བཤང་བ་དང་ཤ་ཆེན་གྱི་སྤོས་ཁྲག་དང་ ལྡན་པའོ། ། དབང་དང་དགུག་པ་ལ་དྲག་པོའི་སྤོས་ཏེ་གུ་གུལ་དང་རྒྱ་སྐེགས་དང་སར་ ཛ་རས་དང་ཀུན་ཏུ་རུ་ཤྲི་བཱ་པ་རྣམས་བུ་རམ་གྱིས་སྦྱར་བའོ། །རྨོངས་པ་དང་རེངས་པ་ ལ་བསྐ་བའི་སྤོས་ཏེ་ཨ་ཀ་རུའི་ཕྱེ་མ་བུ་རམ་དང་བཅས་པའོ། །ཞེས་པ་བདུག་སྤོས་ཀྱི་ ངེས་པའོ། ། དེ་བཞིན་དུ། སྣང་གསལ་ལ་ཡང་སོ་སོར་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་མར་དང༌། བསད་དང་བསྐྲད་པ་ལ་མིའི་ཞག་དང༌། དབང་དང་དགུག་པ་ལ་ཏིལ་མར་དང༌། རྨོངས་པ་དང་རེངས་པ་ལ་འོད་ལྡན་གྱི་མར་ཁུའམ་བྷལླ་ཏ་ཀའི་མར་ཁུ་རྣམས་ཀྱིས་ སྣང་གསལ་ལོ། ། ཞེས་པ་སྣང་གསལ་གྱི་ངེས་པའོ། ། དེ་བཞིན་དུ། ཞལ་ཟས་ཀྱང་སོ་སོར་ངེས་པ་སྟེ། ཞི་བ་ལ་འོ་མ་དང་ཟན་ནོ(འབྲས་ ཆན)། ། རྒྱས་པ་ལ་ཞོ་དང་ཟན་ནོ། །བསད་པ་ལ་མི་ཡི་མཆིན་པའོ། །བསྐྲད་པ་ལ་ ཤའོ། །དབང་ལ་མར་དང་ཟན་ནོ། །དགུག་པ་ལ་ཏིལ་མར་དང་ཟན་ནོ། །རྨོངས་པ་ལ་ སྲན་ཆུང་མུད་གཱ་བསྲེས་པའི་འབྲས་ཅན་ནོ། །རེངས་པ་ལ་ཙ་ན་ཀ་དང་ཉ་དང་འབྲས་ ཅན་ནོ། །ཞེས་པ་ཞལ་ཟས་ཀྱི་ངེས་པའོ། ། དེ་བཞིན་དུ། འབྲས་བུ་ཡང་སོ་སོར་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་སཱ་ལུ་མ་ཆག་པ་ དང༌། བསད་པ་དང་བསྐྲད་པ་ལ་སྐེ་ཚེ་དང༌། དབང་དང་དགུག་པ་ལ་ཡོངས་དཀར་ དང༌། རྨོངས་པ་དང་རེངས་པ་ལ་སྲན་ཆུང་ངམ་འབྲུ་གཞན་ནོ། །ཞེས་པ་འབྲས་བུའི་ ངེས་པའོ། ། དེ་བཞིན་དུ། གོས་ལ་སོགས་པ་མཆོད་པའི་རྫས་ཐམས་ཅད་སོ་སོར་ངེས་པ་སྟེ། ཞི་བ་ དང་རྒྱས་པ་ལ་དཀར་པོ་དང༌། བསད་པ་དང་བསྐྲད་པ་ལ་ནག་པོ་དང༌། དབང་དང་ དགུག་ལ་དམར་པོ་དང༌། རྨོངས་པ་དང་རེངས་པ་ལ་སེར་པོ་དང༌། ལས་ཐམས་ཅད་པ་ 7-1-406 ལ་ལྗང་ཁུའོ། །ཞེས་པ་མཆོད་ཡོན་དང་མཆོད་པའི་ངེས་པའོ། ། དེ་བཞིན་དུ། ཡམ་ཤིང་ཡང་སོ་སོར་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་ཨུ་དུམ་བཱ་དང༌། ཨ་ཤྭད་ཐ་དང༌། ནྱ་གྲོ་དྷ་དང༌། པར་ཀ་ཊཱི་དང༌། དགུན་འབྲུམ་གྱི་ཤིང་མ་དྷུ་བྲྀག་ཀྵ་ (ཞེས་པ་འདིར་ལོ་སྦྲ་རྩའི་ཤིང་དུ་བསྒྱུར་སྣང་)ཏེ་འོ་མ་ཅན་རྣམས་སོ། །བསད་པ་ལ་མི་ རུས་མཐེ་ཆུང་གི་དབྱིབས་ཅན་དང༌། བསྐྲད་པ་ལ་བྱ་རོག་གི་མཇུག་མའོ། །དབང་ལ་ སེང་ལྡིང་དང༌། དགུག་པ་ལ་(ཀི་ཤུ་ཀའམ་)པཱ་ལ་ཤའོ། །རྨོངས་པ་ལ་སྨྱོ་བྱེད་དང་ རེངས་པ་ལ་བིལ་བའི་ཡམ་ཤིང་སྟེ། སོ་སོར་བཞི་བཅུ་ལྷག་པའི་ལྔ་བརྒྱའོ། །ཐམས་ཅད་ ཀྱི་སྲིད་དུ་སོར་བཅུ་གཉིས་པ་དང་སྦོམས་སུ་མཐེ་ཆུང་ལས་མི་ཕྲ་ཞིང་མཐེ་བོང་ལས་མི་ སྦོམ་པ་བཟུང་བར་བྱ་སྟེ་ཡམ་ཤིང་གི་ངེས་པའོ། ། དེ་བཞིན་དུ། བསྲེག་རྫས་ཀྱང་སོ་སོར་ངེས་པ་སྟེ། ཞི་བ་ལ་འོ་མ་དང་དུར་བའོ། །རྒྱས་པ་ ལ་མར་དང་འབྲུ་ལྔའོ། །བསད་པ་ལ་དུག་དང་བཅས་པའི་ཤ་ཆེན་དང་ཁྲག་གོ །བསྐྲད་ པ་ལ་སྐེ་ཚེ་དང་ལན་ཚྭ་དང་བཅས་པའི་མི་ཡི་ཞག་གོ །དབང་ལ་ཀ་ར་བཱི་རའི་མེ་ཏོག་ དམར་པོ་(དང་)ལ་སོགས་པ་དང་(བིལ་བའི་མེ་ཏོག་)བཅས་པའི་རྡུལ་ལོ། །དགུག་པ་ལ་ བིལ་བའི་འདབ་མའམ་(དེའི་མེ་ཏོག་དམར་པོའམ་)བིལ་བའི་འབྲས་བུ་དང་བཅས་ པའི་གཅིན་ནོ། །རྨོངས་པ་ལ་དྷ་དུ་རའི་མེ་ཏོག་དང་བཅས་པའི་ཆང་ངོ༌། །རེངས་པ་ལ་ མེ་ཏོག་གི་ཕྲེང་བ་རྙིང་པ་དང་བཅས་པའི་མཆིལ་མ་སྟེ་བསྲེག་རྫས་ཀྱི་ངེས་པའོ། ། དེ་བཞིན་དུ། བུད་ཤིང་ཡང་སོ་སོར་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་འོ་མ་ཅན་གྱི་ཤིང་ དང༌། བསད་པ་དང་བསྐྲད་པ་ལ་ཚེར་མ་ཅན་གྱི་ཤིང་དང༌། དབང་དང་དགུག་པ་ལ་ སེང་ལྡེང་ལ་སོགས་པ་དམར་པོའི་ཤིང་དང༌། རྨོངས་པ་དང་རེངས་པ་ལ་བསྐ་བའི་ཤིང་ དང༌། ལས་ཐམས་ཅད་པ་ལ་ནི་ཙན་དན་དང་ཨ་ཀ་རུ་དང་ཐང་ཤིང་ལ་སོགས་པ་དྲི་ བཟང་པོའི་ཤིང་རྣམས་སམ། འོ་མ་ཅན་གྱི་ཤིང་རྣམས་ལ་དང་པོར་སྦར་བར་ བྱའོ། །ཞེས་པ་བུད་ཤིང་གི་ངེས་པའོ། ། དེ་བཞིན་དུ། མེ་ཡང་སོ་སོར་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་བྲམ་ཟེའི་ཁྱིམ་ནས་བླངས་ 7-1-407 པའོ། །བསད་པ་དང་བསྐྲད་པ་ལ་དམངས་རིགས་ཀྱི་ཁྱིམ་ནས་སོ། །དེ་ཡང་བསད་པ་ལ་ ནི་(དམངས་རིགས་ཀྱི་ནང་ནས་ཀྱང་)གདོལ་པའི་ཁྱིམ་ནས་སོ། །དབང་དང་དགུག་པ་ ལ་རྒྱལ་རིགས་ཀྱི་ཁྱིམ་ནས་སོ། །རྨོངས་པ་དང་རེངས་པ་ལ་རྗེ་རིགས་ཀྱི་ཁྱིམ་ནས་ སོ། །ལས་ཐམས་ཅད་པ་ལ་ནི་ལྷ་ཁང་ནས་བླངས་པའི་མེ་ཙན་དན་ལ་སོགས་པ་བུད་ ཤིང་རྣམས་ཀྱིས་སྦར་བར་བྱ་སྟེ་མེའི་ངེས་པའོ། ། དེ་བཞིན་དུ། ཕུར་བུ་ཡང་སོ་སོར་ངེས་པ་སྟེ། ཞི་བ་ལ་ནྱ་གྲོ་དྷ་དང༌། རྒྱས་པ་ལ་ཨ་ཤྭད་ ཐ་དང༌། བསད་པ་ལ་མི་ཡི་རུས་པ་དང༌། བསྐྲད་པ་ལ་ལྕགས་དང༌། དབང་ལ་སེང་ལྡེང་ དང༌། དགུག་པ་ལ་ཙུ་ཏ་(ཨ་མྲ་ར་ཟེར་)དང༌། རྨོངས་པ་ལ་ཨརྐ་དང༌། རེངས་པ་ལ་ བིལ་བ་དང༌། ལས་ཐམས་ཅད་པ་ལ་ཨུ་དུམ་བཱ་ར་ལས་བྱས་པ་རྣམས་དེ་ཕུར་བུའི་ངེས་ པའོ། ། དེ་བཞིན་དུ། བུམ་པ་ཡང་སོ་སོར་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་ཤེལ་དང་དངུལ་གྱི་ རང་བཞིན་ནོ། །དེ་ཡང་ལྟོ་བ་ཟླུམ་པོའི་ནང་གི་རྒྱར་སོར་བཅུ་དྲུག་པ་དང༌། དཔངས་སུ་ སོར་བཅུ་བཞི་དང༌། དེའི་སྟེང་དུ་མགྲིན་པ་སོར་དྲུག་སྟེ་དེ་ལྟར་ན་དཔངས་ལ་སོར་ཉི་ ཤུའོ། ། ཁའི་རྒྱ་ལ་སོར་བརྒྱད་དེ་འདི་ཆ་གསུམ་དུ་རྣམ་པར་ཕྱེ་བའི་ཆ་གཉིས་ཀྱིས་ མགྲིན་པའི་སྦུབས་དང་ཆ་གཅིག་གིས་མཆུ་དག་གི་རྒྱའོ། །མཆུའི་མཐར་ཡང་སོར་ གཉིས་འོག་ཏུ་འཕྱང་བ་སྟེ་ཇི་ལྟར་མཛེས་པའོ། །ཅི་སྟེ་ཤེལ་ལ་སོགས་མ་རྙེད་ན་ཡང་ས་ ལས་བྱས་པ་ཇི་སྐད་བཤད་པའི་མཚན་ཉིད་ཅན་རྩ་བ་དང་ནག་ནོག་མེད་པ་རྣམས་སཱ་ ལུ་བཏགས་པའམ་ཙན་དན་དཀར་པོས་བྱུགས་ཏེ་རི་བོང་འཛིན་པ་ལྟ་བུར་བྱའོ། ། དེ་བཞིན་དུ། བསད་པ་ལ་མིའི་ཐོད་པ་སྟེ་དུར་ཁྲོད་ཀྱི་སོལ་བ་དང་མིའི་ཞག་གིས་ བྱུགས་པ་ནག་པོའོ། །བསྐྲད་པ་ལ་ལྕགས་ལས་བྱས་པ་ལྟོ་བ་ཟླུམ་པོ་ནང་གི་རྒྱར་སོར་ བཅུ་གཉིས་དང་དཔངས་སུ་སོར་བཅུ་དྲུག་དང༌། དེའི་སྟེང་དུ་མགྲིན་པ་སོར་བརྒྱད་པ་ འཁྱོག་པོ་སྟེ་དེ་ལྟར་ན་དཔངས་སུ་སོར་ཉི་ཤུ་རྩ་བཞིའོ། །ཁའི་རྒྱ་ལ་སོར་དྲུག་པ་སྟེ་དེ་ ཆ་གསུམ་དུ་ཕྱེ་བ་ལ་སོགས་པ་སྔ་མ་བཞིན་ནོ། །མཆུའི་མཐར་འཕྱང་བ་ནི་སོར་གཅིག་ 7-1-408 གོ །དབང་དང་དགུག་པ་ལ་གསེར་དང་ཟངས་ཀྱི་རང་བཞིན་དེ་བཟོ་བོས་ཇི་ལྟར་བྱས་ པའོ། །རྨོངས་པ་དང་རེངས་པ་ལ་ཤིང་དང་ས་ལས་བྱས་པ་སྟེ་ལྟོ་བ་ཟླུམ་པོའི་རྒྱ་དང་ དཔངས་ལ་མཚུངས་པར་སོར་བཅུ་དྲུག་དང༌། དེའི་སྟེང་དུ་མགྲིན་པ་སོར་བཞི་སྟེ་དེ་ ལྟར་ན་དཔངས་ལ་སོར་ཉི་ཤུའོ། །ཁ་ལ་སོར་དྲུག་པ་སྟེ་འདི་ཆ་གསུམ་དུ་ཕྱེ་བ་ལ་སོགས་ པ་སྔ་མ་བཞིན་ནོ། །མཆུའི་མཐར་འཕྱང་བ་ནི་སོར་གཉིས་སོ། །ལས་ཐམས་ཅད་པ་ལ་ནི་ ཞི་བ་ལ་སོགས་པ་དང༌། དབང་ལ་སོགས་པའི་ལས་ལ་གསུངས་པ་རྣམས་བཟུང་བར་བྱ་ སྟེ་བུམ་པའི་ངེས་པའོ། ། དེ་བཞིན་དུ། བགྲང་ཕྲེང་ཡང་སོ་སོར་ངེས་པ་སྟེ། ཞི་བ་ལ་ཤེལ་དང༌། རྒྱས་པ་ལ་མུ་ཏིག་ དང༌། བསད་པ་ལ་མིའི་སོ་དང༌། བསྐྲད་པ་ལ་བོང་བུའི་སོ་འམ་རུས་པ་དང༌། དབང་ལ་ པོ་ཏ་ཙེ་དང༌། དགུག་པ་ལ་ཙན་དན་དམར་པོའམ་པད་མའི་ས་བོན་དང༌། རྨོངས་པ་ ལ་ལུང་ཏང་དང༌། རེངས་པ་ལ་རུ་རག་ཤའི་བགྲང་ཕྲེང་ངོ༌། །འདི་དག་གི་གྲངས་ངེས་ པ་དང་རྣམ་པར་དག་པ་ལ་སོགས་པ་ནི་དགྱེས་པའི་རྡོ་རྗེ་རྩ་བའི་རྒྱུད་དུ་གསུངས་ཤིང་ ཁོ་བོས་ཀྱང་དཔག་བསམ་ལྗོན་ཤིང་དུ་ཡང་དག་པར་བསྡུས་ཏེ་བགྲང་ཕྲེང་གི་ངེས་ པའོ། ། དེ་བཞིན་དུ། འཁྲུལ་འཁོར་ཡང་སོ་སོར་ངེས་པ་སྟེ། སྨྱུག་གུ་དང་སྣག་ཚ་ལ་སོགས་པ་ཐ་ དད་པའོ། །དེ་ཡང་(མཐུན་པར་)ནྱ་གྲོ་དྷའི་འདབ་མ་བར་པ་ལ་ཤྲི་ཁཎ་ཊ་དང་སཱ་ལུ་ བཏགས་པའི་ཆུས་ཞི་བ་དང་རྒྱས་པའི་འཁྲུལ་འཁོར་བྲི་བར་བྱ་སྟེ། གྲངས་བཞིན་དུ་ དུར་བའི་སྨྱུག་གུ་དང་བསིལ་བ(ཙན་དན་དགང་བོ)འི་སྨྱུག་གུས་སོ། །དེ་ལ་ཡི་གེ་རྣམས་ ཀྱི་མགོ་བོ་(རང་རང་གི་) ལྷོ་དང་རྐང་པ་(རང་རང་གི་)བྱང་དུ་ལྷུན་པོ་ལ་ཕྱོགས་པ་སྟེ་ ཐམས་ཅད་ཀྱི་བྱང་ན་ལྷུན་པོའོ། ། ཞེས་པའི་ཤེས་པར་བྱེད་པ་ལས་འདིར་འཁོར་ལོ་ རྣམས་ཀྱི་ལྟེ་བ་ཡང་ལྷུན་པོར་བརྗོད་དོ། ། དེ་ནས་ཆུའི་དཀྱིལ་འཁོར་རམ་ཝ་ཡིག་གིས་ བསྐོར་ཏེ་རིམ་པ་ལྟར་ཟླ་བའི་དཀྱིལ་འཁོར་དང་གླང་པོའི་ལུས་ལ་གནས་པ་བྲི་བར་ བྱའོ། །དེ་ནས་ཇི་སྲིད་འཁྲུལ་འཁོར་མི་མཐོང་གི་བར་རུ་སྲད་བུ་དཀར་པོས་དཀྲིས་ནས་ 7-1-409 དངུལ་གྱི་སྦུ་གུར་བཅུག་སྟེ་སྦྲང་རྩི་དང་མར་དང་འོ་མ་དང་ལྷན་ཅིག་ཁམ་ཕོར་ཁ་སྦྱར་ དུ་བཅུག་ནས་རླན་དང་བཅས་པའི་གནས་གཙང་མར་མཎྜལ་གྱི་སྟེང་དུ་བཞག་པར་ བྱའོ། ། དེ་བཞིན་དུ། དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང་བཅས་པའི་སོལ་པས་བསད་པ་ དང་བསྐྲད་པའི་འཁྲུལ་འཁོར་བྲི་བར་བྱ་སྟེ། གྲངས་བཞིན་དུ་མིའི་རུས་པའི་སྙུ་གུ་དང་ བྱ་རོག་གི་མཇུག་མའི་སྙུ་གུས་སོ། །འདིར་ཡི་གེ་རྣམས་ཀྱི་མགོ་བོ་ནི་རང་རང་གི་ནུབ་ཏུ་ ཕྱོགས་པ་སྟེ་རྐང་པ་ནི་རང་རང་གི་ཤར་དུའོ། །དེ་ནས་རླུང་གི་དཀྱིལ་འཁོར་རམ་ཡ་ ཡིག་གིས་བསྐོར་ཏེ་ཡི་དྭགས་དང་རྔ་མོའི་ལུས་ལ་གནས་པའི་བྲིས་ནས་སྲད་བུ་ནག་ པོས་དཀྲི་བར་བྱའོ། །དེ་ནས་མིའི་རུས་པའི་སྦུ་གུ་དང་བྱ་རོག་གི་རུས་པའི་སྦུ་གུར་ བཅུག་སྟེ་ཐོད་པ་ཁྲག་གིས་གང་བར་བཞག་ན་རོ་བསྲེགས་པའི་ས་འོག་ཏུ་གཞུག་པར་ བྱའོ། ། དེ་བཞིན་དུ། གྲོ་གའི་འདབ་མ་ལ་གུར་གུམ་དང་གྷི་ཧཾ་དག་དང་ཙན་དན་དམར་པོ་ བཏགས་པས་དབང་དང་དགུག་པའི་འཁྲུལ་འཁོར་བྲི་བར་བྱ་སྟེ། གསེར་གྱི་སྨྱུག་གུ་ དང་སེང་ལྡེང་གི་སྨྱུག་གུས་སོ། །འདིར་ཡི་གེ་རྣམས་ཀྱི་མགོ་བོ་ནི་ལྟུན་པོ་ལ་ཕྱོགས་པ་སྟེ། རྐང་པ་ནི་རང་རང་གི་ལྷོར་ཕྱོགས་པའོ། །དེ་ནས་མེའི་དཀྱིལ་འཁོར་རམ་ར་ཡིག་གིས་ བསྐོར་པ་སྟེ་རི་དྭགས་དང་རྟའི་ལུས་ལ་གནས་པ་བྲིས་ནས་སྲད་བུ་དམར་པོས་དཀྲི་ བར་བྱའོ། །དེ་ནས་གསེར་གྱི་སྦུ་གུ་དང་ཟངས་ཀྱི་སྦུ་གུར་བཅུག་སྟེ་མེས་གདུངས་པའི་ གྱོ་མོ་ཁ་སྦྱར་དུ་བཞག་ཅིང་སྤྲ་ཚིལ་གྱིས་དཀྲིས་ཏེ་ཐབ་ཀྱི་འོག་ཏུ་བཞག་པར་བྱའོ། ། དེ་བཞིན་དུ། ཨརྐའི་འདབ་མ་སེར་པོ་ཡོངས་སུ་སྨིན་པ་ལ་འབྲས་བུ་གསུམ་གྱི་ཁུ་བ་ དང་བཅས་པའི་ཡུང་བ་དང་པ་བླས་རྨོངས་པ་དང་རེངས་པའི་འཁྲུལ་འཁོར་བྲི་བར་ བྱ་སྟེ། གྲངས་བཞིན་དུ་ཨརྐའི་སྙུ་གུ་དང་བིལ་བའི་སྙུ་གུས་སོ། །འདིར་ཡི་གེ་རྣམས་ཀྱི་ མགོ་བོ་ནི་རང་རང་གི་ཤར་དུ་ཕྱོགས་པ་སྟེ་རྐང་པ་ནི་རང་རང་གི་ནུབ་ཏུའོ། །དེ་ནས་ སའི་དཀྱིལ་འཁོར་རམ་ལ་ཡིག་གིས་བསྐོར་ཏེ་རའམ་ལུག་གིས་རུས་སྦལ་གྱི་ལུས་ལ་ 7-1-410 ཆུད་པ་བྲིས་ནས་སྲད་བུ་སེར་པོས་དཀྲི་བར་བྱའོ། །དེ་ནས་ལྕགས་ཀྱི་སྦུ་གུ་དང་ར་གན་ གྱི་སྦུ་གུར་བཅུ་གནས་པ་བླའི་ཆུས་གང་བའི་སོ་ཕག་གི་དཀྱིལ་དུ་བཞག་སྟེ་ས་སྐམ་པོ་ ལ་གཞུག་པར་བྱའོ། ། འདིར་གང་གིས་ཞུ་བར་འགྱུར་བ་དེ་ཉིད་ཀྱིས་གདུག་པའི་ལྟ་བ་ དང་དུག་གཞིལ་བའོ། ། གང་གིས་བསྐྲད་པར་འགྱུར་བ་དེ་ཉིད་ཀྱིས་རྣམ་པར་དབྱེ་ བའོ། །གང་གིས་དགུག་པར་འགྱུར་བ་དེ་ཉིད་ཀྱིས་རིམས་བསྐྱེད་པ་སྟེ་འོན་ཀྱང་(འདི་ ནི་)བསྒྲུབ་བྱའི་གཟུགས་ཅན་ལ་སྐེ་ཚེ་དང་ལན་ཚྭས་བྱུགས་ནས་མེས་རབ་ཏུ་གདུང་ བར་བྱའོ། །གང་གིས་རེངས་པར་འགྱུར་བ་དེ་ཉིད་ཀྱིས་ཕུར་བུས་གདབ་པ་སྟེ། འོན་ཀྱང་ དགྲའི་དྲི་མ་དྲིལ་བ་དང་བདུད་རྩི་ལྔས་གཟུགས་བརྙན་བྱས་པ་ལ་འཁོར་ལོ་དྲུག་དང་ རྐང་ལག་གི་ཚིགས་རྣམས་སུ་མྱོས་བྱེད་ཀྱི་ཚེར་མའི་ཕུར་བུས་གདབ་པར་བྱའོ། །འཁྲུལ་ འཁོར་ཐམས་ཅད་ཀྱི་མཐའི་འདབ་མར་ཞེས་སོགས་ཀྱི་ལས་བསྒྲུབ་པ་ལ་བསྐུལ་བའི་ ཚིག་རྣམས་ཀྱིས་མཐར་ཞི་བ་ལ་ན་མཿ རྒྱས་པ་ལ་སྭཱཧཱ། བསད་བསྐྲད་ལ་ཧཱུཾ། དབང་དུ་ བྱ་བ་ཝ་ཥཊ། དགུག་པ་ལ་ཝཽ་ཥཊ། རྨོངས་རེངས་ལ་ཕཊ། ཅེས་པ་རྣམས་བྲི་བར་ བྱའོ། །དེ་ལ་འཁྲུལ་འཁོར་རྣམས་ནི་གཙུག་ཏོར་ལ་སོགས་པའི་འཁོར་ལོ་དྲུག་རྣམ་པར་ དག་པ་(རྩིབས་བཞི་དང༌། ར་དང༌། བཅུ་དྲུག་དང༌། གསུམ་དང་བཅུ་གཉིས་དང༌། དྲུག་ དང་བཅུ་བཞི་དང༌། གསུམ་གཉིས་རྣམས་རིམ་པ་བཞིན་དུ།)སྟེ་དེ་དག་ཀྱང་ཁོ་བོས་ གསལ་བར་བཀོད་(པ་ལོགས་ན་ཡོད་)དོ། །འཁྲུལ་འཁོར་གྱི་ངེས་པའོ། ། དེ་བཞིན་དུ། ལྷའི་རིགས་དང་ཁ་དོག་དང་{གནས་དང་}ས་བོན་ལ་སོགས་པ་ཡང་སོ་ སོར་ངེས་པ་ཉིད་ཀྱིས་ལས་རྣམས་འགྲུབ་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེ་ཡང་ཞི་བ་དང་ རྒྱས་པ་ལ་(སྐུའི་ཞལ་གཙོ་བོར་གྱུར་ཅིང་དཔྲལ་བར་ཟླ་བ་ལ་གནས་པ་)ཁ་དོག་དཀར་ པོ་ཞི་བའི་ཉམས་དང་ལྡན་པ་ཆུའི་ཡི་གེ་ལས་བྱུང་བའོ། །བསད་པ་དང་བསྐྲད་པ་ལ་ (ཐུགས་ཀྱི་ཞལ་གཙོ་བོར་གྱུར་ཅིང་སྙིང་གར་སྒྲ་གཅན་ལ་གནས་པ་)ཁ་དོག་ནག་པོ་ དྲག་ཤུལ་དང་བཅས་པ་རླུང་གི་ཡི་གེ་ལས་བྱུང་བའོ། །དབང་དང་དགུག་པ་ལ་(གསུང་ གི་ཞལ་གཙོ་བོར་གྱུར་ཅིང་མགྲིན་པར་ཉི་མ་ལ་གནས་པ་)ཁ་དོག་དམར་པོ་ཆགས་པ་ 7-1-411 དང་བཅས་པ་མེའི་ཡི་གེ་ལས་བྱུང་བའོ། །རྨོངས་པ་དང་རེངས་པ་ལ་(ཡེ་ཤེས་ཀྱི་ཞལ་ གཙོ་བོར་གྱུར་ཅིང་ལྟེ་བར་དུས་མེ་ལ་གནས་པ་)ཁ་དོག་སེར་པོ་རེངས་པ་དང་བཅས་ པའི་སའི་ཡི་གེ་ལས་བྱུང་བའོ། །ལས་ཐམས་ཅད་པ་ལ་ནི་ལྗང་ཁུ་སྟེ་ཅུང་ཟད་བཞད་ ཅིང་ཆགས་པའི་སྐུ་ནམ་མཁའི་ཡི་གེ་ལས་བྱུང་བའོ། །ཞེས་པ་སྤྱིར་ངེས་པའོ། །དེ་ལ་ (ཁྱད་པར་སོ་སོ་)དོན་ཡོད་གྲུབ་པ་ལ་སོགས་པའི་སངས་རྒྱས་བཞི་དང༌། སྒྲོལ་མ་ལ་ སོགས་པའི་ཡུམ་བཞི་དང༌། བྱང་ཆུབ་སེམས་དཔའ་དྲུག་དང་སེམས་མ་དྲུག་གིས་ཞི་བ་ དང་རྒྱས་པ་དང་དུག་མེད་པ་དང་རིམས་ཉེ་བར་ཞི་བ་བསྒྲུབ་པར་བྱ་སྟེ་དཔྲལ་བར་ཟླ་ བའི་དཀྱིལ་འཁོར་ལ་པད་མའི་གདན་གྱིས་གནས་པ་དཀར་པོས་སོ། །དེ་ཡང་ཐབ་ རྣམས་(གཡས་པ་)མཆོག་སྦྱིན་གྱི་ཕྱག་རྒྱ་དང་(གཡོན་པ་)པད་མ་དཀར་པོ་འཛིན་པ་ སྟེ། ཤེས་རབ་རྣམས་ནི་(གཡས་)མི་འཇིགས་པའི་ཕྱག་རྒྱ་དང་(གཡོན་)ཨུཏྤལ་དཀར་པོ་ འཛིན་པའོ། ། དེ་བཞིན་དུ། ཧཱུཾ་ཡིག་དང་རྡོ་རྗེ་ལས་སྐྱེས་པའི་ཁྲོ་བོ་བཅུར་སྙིང་གར་སྒྲ་གཅན་གྱི་ དཀྱིལ་འཁོར་ལ་གཡས་བརྐྱང་གིས་གནས་པ་ནག་པོ་དྲག་པོས་བསད་པ་དང་བསྐྲད་པ་ འགྲུབ་པར་འགྱུར་རོ། །དེ་ཡང་བསད་པ་ལ་(གཡས་)རྡོ་རྗེ་དང་(གཡོན་)ཞགས་པ་ ཐོགས་པས་སོ། ། བསྐྲད་པ་ལ་(གཡས་)རལ་གྲི་དང་(གཡོན་)སྡིགས་མཛུབ་དང་བཅས་ པའི་ལྕགས་སྒྲོག་ཐོགས་པས་སོ། ། དེ་བཞིན་དུ། ཕྲེཾ་ཡིག་དང་གྲི་གུག་ལས་སྐྱེས་པའི་ཁྲོ་མོ་བཅུ་སྙིང་གར་སྒྲ་གཅན་ལ་ གཡོན་བརྐྱང་གིས་གནས་པ་ནག་མོ་{དྲག་མོ་}རྣམས་ཀྱིས་ཀྱང་ངོ༌། །དེ་ཡང་བསད་པ་ ལ་གྲི་གུག་དང་ཐོད་པ་འཛིན་པས་སོ། །བསྐྲད་པ་ལ་རལ་གྲི་དང་ཞགས་པ་ཐོགས་པས་ སོ། ། དེ་བཞིན་དུ། ཙཱར་ཙི་ཀ་ལ་སོགས་པ་བརྒྱད་པོ་མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ས་ གའི་སྟབས་ཀྱིས་གནས་པ་ཁ་དོག་དམར་པོས་དབང་དང་དགུག་པ་ལ་འགྲུབ་པར་ འགྱུར་རོ། །དེ་ཡང་དབང་དུ་བྱ་བ་ལ་མདའ་དང་གཞུ་འཛིན་པའོ། །དགུག་པ་ལ་སོགས་ 7-1-412 པ་ལ་ནི་ལྕགས་ཀྱུ་དང་ཞགས་པ་འཛིན་པས་སོ། ། དེ་བཞིན་དུ། གཏུམ་མོ་བརྒྱད་པོ་ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཟླུམ་པོའི་སྟབས་ ཀྱིས་གནས་པ་ཁ་དོག་སེར་མོས་རྨོངས་པ་དང་རེངས་པ་ལ་སོགས་པ་འགྲུབ་པར་འགྱུར་ རོ། །དེ་ཡང་རྨོངས་པ་ལ་རྩེ་གསུམ་དང་སྦྲུལ་འཛིན་པས་སོ། །རེངས་པ་ལ་འཁོར་ལོ་དང་ རི་བོ་ཐོགས་པས་སོ། །ཕུར་བུས་གདབ་པ་ལ་ནི་ཐོ་བ་དང་ཕུར་བུ་འཛིན་པས་སོ། ། དེ་བཞིན་དུ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དག་ གསང་བའི་པད་མ་ལ་གནས་པས་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ། (གང་ལས་ གང་འགྲུབ་ན་)ཆུ་ལ་སོགས་པའི་དཀྱིལ་འཁོར་དང་དཀར་པོ་ལ་སོགས་པ་ཁ་དོག་དང་ ལས་སོ་སོ་ལ་བརྗོད་པའི་ཕྱག་མཚན་ཐ་དད་པ་ལ་སོགས་པས་(སོ་སོར་ངེས་)སོ། །(ལས་ ཐམས་ཅད་འགྲུབ་ལ༴)དེ་ལྟ་བུས་ན་བསད་པ་དང་གསོ་བ་ཡང་འདིས་འགྲུབ་པར་ འགྱུར་རོ། །དེ་ཡང་དགའ་བ་དང་བཅས་པས་ཐིག་ལེའི་དབུས་སུ་རྡོ་རྗེའི་གདན་གྱིས་ གནས་པའི་ལྷ་མོས་གསོ་བར་བྱེད་ཅིང༌། རྣལ་འབྱོར་ཀྱི་སྟོབས་ཀྱིས་སྲོག་བཀུག་ནས་ ཐིག་ལེ་འཕོ་བར་བྱེད་པས་ནི་འཆི་བར་བྱེད་དེ། འདི་ནི་སངས་རྒྱས་པའི་རྣལ་འབྱོར་པ་ རྣམས་ཀྱིས་བསྒྲུབ་པར་བྱ་བ་མ་ཡིན་ནོ། ། ཡང་ན་དང་པོར་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པར་བསྒོམས་ནས་ཐུགས་ཀར་ཆུའི་ དཀྱིལ་འཁོར་ལ་ཨུ་ཡིག་ལས་བྱུང་བའི་ལྷ་དཀར་པོས་ཞི་བ་དང་རྒྱས་པ་བསྒྲུབ་པ་དང༌། དཔྲལ་བར་རླུང་གི་དཀྱིལ་འཁོར་ལ་ཨི་ཡིག་ལས་བྱུང་བའི་ལྷ་ནག་པོས་བསྐྲད་པ་དང་ དབྱེ་བ་བསྒྲུབ་པ་དང༌། མགྲིན་པར་མེའི་དཀྱིལ་འཁོར་ལ་རྀ་ཡིག་ལས་བྱུང་བའི་ལྷ་ དམར་པོས་དབང་དང་དགུག་པ་བསྒྲུབ་པ་དང༌། ལྟེ་བར་སའི་དཀྱིལ་འཁོར་ལ་ལྀ་ཡིག་ ལས་བྱུང་བའི་ལྷ་སེར་པོས་རྨོངས་པ་དང་རེངས་པ་བསྒྲུབ་པ་དང༌། གསང་བར་ཡེ་ཤེས་ ཀྱི་དཀྱིལ་འཁོར་ལ་ཨཾ་ཡིག་ལས་བྱུང་བའི་ལྷ་སྔོན་པོས་བསད་པ་བསྒྲུབ་པ་དང༌། གཙུག་ ཏོར་དུ་སྟོང་པའི་དཀྱིལ་འཁོར་ལ་ཨ་ཡིག་ལས་བྱུང་བའི་ལྷ་ལྗང་ཁུས་སླར་གསོ་བ་ བསྒྲུབ་པར་ཡང་གསུངས་སོ། ། 7-1-413 ཡང་ན་བདག་ཉིད་དུས་ཀྱི་འཁོར་ལོ་ཤེས་རབ་དང་བཅས་པ་རྫོགས་པར་བྱས་ནས་ དེའི་ཐུགས་ཀར་པད་མའི་ལྟེ་བ་ལ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་སྟེང་དུ་ཧཱུཾ་ཡིག་ ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་རྩེ་ལྔ་པ་འོད་ཟེར་ལྔ་འཕྲོ་བ་རྣམ་པར་བསྒོམས་ཏེ། དེའི་ལྟེ་བར་ཛཿལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུ་འོད་འཕྲོ་བ་བལྟས་ནས། དེ་ལས་སྤྲོས་ པའི་འོད་ཟེར་རྣམས་ཀྱིས་ཁམས་གསུམ་མཐའ་དག་བཀང་སྟེ། སླར་ཡང་ཡེ་ཤེས་ཀྱི་ འཁོར་ལོ་ཐམས་ཅད་བཀུག་ཅིང་ཨ་བ་དྷཱུ་ཏཱའི་སྒོ་ནས་གཙུག་ཏོར་ལ་སོགས་པ་འཁོར་ ལོ་དྲུག་གིས་ལམ་དུ་ཞུགས་ཏེ་ཟླ་བ་ཞུ་བ་ལྟར་བྱང་ཆུབ་ཀྱི་སེམས་སུ་གྱུར་པ་རྣམས་ རང་གི་རྡོ་རྗེ་ལས་ཡུམ་གྱི་པད་མ་རྡུལ་དང་བཅས་པར་སྤྲོས་ནས་(ལས་བརྒྱད་ཀྱི་)ལྷ་སོ་ སོའི་ས་བོན་དང་ལྷན་ཅིག་ཡོངས་སུ་གྱུར་པ་ལས་འཆད་པར་འགྱུར་བའི་ལྷ་རྣམས་ བསྐུལ་བ་ལ་སོགས་པ་བྱ་བར་གསུངས་སོ། ། དེ་ཡང་(རྒྱས་པར་བཤད་ན་སྔར་བསྙེན་པའི་)ཡུམ་གྱི་པད་མར་ཉི་ཟླ(རྡུལ་དང་ཁུ་ བ)འི་དབུས་སུ་ཝ་ཡིག་དང་པད་མ་དཀར་པོ་ལས་བྱུང་བའི་ལྷ་མཆོག་སྦྱིན་དང་པད་ མ་དཀར་པོ་བསྣམས་པའམ། ལྷ་མོ་མི་འཇིགས་པ་སྦྱིན་པ་དང་ཨུཏྤལ་དཀར་པོ་འཛིན་ པ་ཟླ་བའི་མདོག་ཅན་རབ་ཏུ་བཞད་ཅིང་གོས་དཀར་པོ་དང་མུ་ཏིག་རྒྱན་གྱིས་རྣམ་ པར་བརྒྱན་པ་གླང་པོ་ཆེ་དཀར་པོ་ས་སྲུང་ལ་ཞོན་པ་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་ བྱའོ། །དེས་ཀྱང་བསྒྲུབ་བྱ་དཀྱིལ་འཁོར་དུ་བཀུག་པ་ལ་གཙོ་བོའི་བཀས་སྤྱན་མ་ལ་ སོགས་པ་རབ་ཏུ་དགྱེས་པའི་ཡུམ་རྣམས་ཀྱིས་བདུད་རྩིའི་བུམ་པས་འཁྲུ་བར་བྱེད་པ་ དང༌། ནུས་མ་བཅུས་ཀྱང་མཆོད་པར་བྱེད་པ་དང༌། སེམས་མ་དྲུག་གིས་གསོ་བར་བྱེད་ པ་དང༌། སྒེག་མོ་ལ་སོགས་པ་བཅུས་ཀྱང་ཚིམ་པར་བྱེད་པ་དང༌། ཙཱར་ཙི་ཀ་ལ་སོགས་ པ་རྣམས་ཀྱིས་འཇིགས་པ་མེད་པར་བྱེད་པ་དང༌། ཁྲོ་མོ་བཅུ་ཡིས་སྐྱོང་བར་བྱེད་པ་ དང༌། ཀླུ་མོ་རྣམས་ཀྱིས་འོ་དག་བྱེད་པ་དང༌། ཕྱོགས་སྐྱོང་རྣམས་ཀྱིས་ལྷ་མོ་བཅུ་གཉིས་ ཀྱིས་འཁྱུད་པར་བྱེད་པ་དང༌། གཏུམ་མོ་རྣམས་ཀྱིས་སྲུང་བར་བྱེད་པ་བསམ་པར་བྱ་སྟེ་ ཞི་བ་དང་རྒྱས་པའི་དོན་དུའོ། །བསད་པ་ལ་ནི་ཡུམ་གྱི་པད་མར་ཉི་ཟླའི་(རྡུལ་དང་ཁུ་ 7-1-414 བའི་)དབུས་སུ་གློག་དང་མཚུངས་པའི་ཕྲེཾ་ཡིག་དང་གྲི་གུག་ལས་བྱུང་བའི་ལྷ་མོ་ནག་ མོ་གོས་དང་བྲལ་ཞིང་རབ་ཏུ་གཏུམ་མོ་ཕྱག་ན་གྲི་གུག་དང་ཐོད་པ་ཅན་མ་ཧེའི་སྟེང་ དུ་གཡོན་བརྐྱང་གི་སྟབས་ཀྱིས་གནས་པ་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱའོ། ། དེས་ ཀྱང་བསྒྲུབ་བྱའི་སྐྲ་ནས་བཟུང་ཞིང་གོས་དང་བྲལ་ནས་མྱུར་བར་དཀྱིལ་འཁོར་དུ་ བཀུག་སྟེ། གཙོ་བོའི་བཀའ་ཡིས་དུར་ཁྲོད་དུ་ཁྭ་དང་བྱ་རྒོད་དང་ལྕེ་སྤྱང་རྣམས་ཀྱིས་ དེའྀ་ཡན་ལག་ཐམས་ཅད་ལ་ཁྲག་རྣམས་འཐུངས་ཤིང་ཤ་རྣམས་དང་ཁམས་རྣམས་ ཟོས་པར་བསམ་པར་བྱའོ། ། དེ་བཞིན་དུ། བསྐྲད་པ་ལ་ཡང་བྷ་གར་ཉི་ཟླའི་དབུས་སུ་སྤྲིན་ནག་དང་མཚུངས་པའི་ཧཱུཾ་ ཡིག་རིང་པོ་དང་རལ་གྲི་ལས་བྱུང་བའི་ལྷ་ནག་པོ་རབ་ཏུ་འཁྲོས་པའི་ཞལ་ཅན་ཕྱག་ གཡས་པས་རལ་གྲི་དང་གཡོན་པ་སྡིགས་མཛུབ་དང་བཅས་པས་ཞགས་པ་འཛིན་པ་རྔ་ མོའི་སྟེང་དུ་གཡོན་བརྐྱང་གི་སྟབས་ཀྱིས་གནས་པ་རྣམ་པར་བསྒོམས་ནས་བསྒྲུབ་བྱའི་ ཁྱིམ་དུ་བསྐུལ་བར་བྱའོ། །དེས་ཀྱང་བསྒྲུབ་བྱ་དེ་ཞགས་པས་བཅིངས་ནས་ཁྲོ་བ་དང་ བཅས་པས་དཀྱིལ་འཁོར་གྱི་སྒོར་བཀུག་པ་བསམ་པར་བྱའོ། །དེ་ནས་ཡཿཡིག་ལས་སྐྱེས་ པའི་རྔ་མོ་རླུང་ལྟར་མགྱོགས་པ་རབ་ཏུ་བསྒོམས་ནས་དེ་ལ་བསྒྲུབ་བྱ་བསྐྱོན། དེ་གཙོ་ བོའི་བཀས་རླུང་གི་དཀྱིལ་འཁོར་གྱི་མཐར་བསྐྲད་པར་བྱའོ། །དབྱེ་བ་ལ་ཡང་འདི་དག་ ཉིད་དེ་འོན་ཀྱང་རྔ་མོ་ལ་བསྐྱོན་པ་མེད་པ་ཉིད་དུ་རྩོད་པ་མང་པོ་དང་བཅས་པས་ གཡས་དང་གཡོན་དུ་དཀྲི་བར་བྱ་ཞིང་ཕན་ཚུན་དབྱེ་བ་ཉིད་དུ་བསམ་པར་ བྱའོ། །དབང་དང་དགུག་པ་ལ་ནི་ཡུམ་གྱི་པད་མར་ཉི་ཟླའི་དབུས་སུ་ཧྲཱིཿཡིག་དང་ ཨུཏྤལ་ཁ་མ་ཕྱེ་བའི་མདའ་དང༌། (རས་བུར་ཤིང་དུ་བསྒྱུར་)ཨིཀྵའི་གཞུ་ལས་བྱུང་བའི་ ལྷ་ཉི་མ་ལྟར་གསལ་ཞིང་ཕྱག་གཡོན་གྱིས་གཞུ་བཟུང་བ་གཡས་ཀྱིས་མདའ་རྣ་བའི་ བར་དུ་བཀང་བ་གཡོན་བརྐྱང་གི་སྟབས་ཀྱིས་པད་ཟླ་དང་རྟ་ལ་གནས་པ་རྣམ་པར་ བསྒོམས་ཏེ་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱའོ། ། དེས་ཀྱང་བསྒྲུབ་བྱའི་སྙིང་ཁ་དང་ལྟེ་ བ་དང་གསང་བ་དང་མགོ་བོ་དང་ཁ་ལ་མདས་བསྣུན་ཅིང་མགྲིན་པ་གཞུས་བཅིངས་ 7-1-415 ནས་དཀྱིལ་འཁོར་དུ་དགུག་པ་ལ་གཏུམ་མོ་རྣམས་ཀྱིས་གོས་དང་བྲལ་བར་བྱེད་པ་ དང༌། ཀླུ་མོ་རྣམས་ཀྱིས་དཀྲི་བར་བྱེད་པ་དང༌། ལྷ་མོ་བཅུ་གཉིས་པོ་རྣམས་ཀྱིས་སྨྱོ་བར་ བྱེད་པ་དང༌། ཁྲོ་མོ་རྣམས་ཀྱིས་གཏུན་ཤིང་དང་དབྱུག་པས་བསྣུན་པར་བྱེད་པ་དང༌། ཙཱར་ཙི་ཀ་ལ་སོགས་པ་རྣམས་ཀྱིས་འཇིགས་པར་བྱེད་པ་དང༌། སྒེག་མོ་ལ་སོགས་པ་ རྣམས་ཀྱིས་སེན་མོ་རྣོན་པོས་འདེབས་པ་དང༌། སེམས་མ་དྲུག་གིས་བློ་གྲོས་ཉམས་པར་ བྱེད་པ་དང༌། ཡུམ་བཞི་ཡིས་འཆིང་བར་བྱེད་པ་དང༌། ནུས་མ་རྣམས་ཀྱིས་རྒྱགས་པ་ བཅོམ་ཞིང་གཙོ་བོའི་ཞབས་ཀྱི་དྲུང་དུ་ལྷུང་བར་བྱ་སྟེ་དབང་དུ་བྱས་ནས་སླར་ཡང་ ཚིམ་པར་བྱ་སྟེ་འདི་ནི་དབང་དུ་བྱ་བའོ། །དགུག་པ་ལ་ཡང་འདི་དག་ཉིད་དེ་འོན་ཀྱང་ ལྕགས་ཀྱུ་དང་ཞགས་པ་དག་གིས་སོ། །ཞེས་པ་ནི་ཁྱད་པར་རོ། །རེངས་པ་ལ་ནི་བྷ་གར་ ཉི་ཟླའི་དབུས་སུ་ལཿཡིག་དང་འཁོར་ལོ་སེར་པོ་ལས་བྱུང་བའི་ལྷ་སེར་པོ་ཞལ་གཅིག་ ཕྱག་གཉིས་ཀྱིས་འཁོར་ལོ་དང་རྡོ་རྗེ་ལྕགས་སྒྲོག་བསྣམས་ཤིང༌། རུས་སྦལ་གྱི་སྟེང་དུ་ལྷ་ མིན་གྱི་གདན་གྱིས་གནས་པ་བསྒྲུབ་བྱའི་ཁྱྀམ་དུ་བསྐུལ་བར་བྱ་སྟེ་ཤིན་ཏུ་དལ་བའི་ འགྲོས་ཀྱིས་སོ། །དེས་ཀྱང་བསྒྲུབ་བྱ་འཁོར་ལོས་འཇིགས་པར་བྱས་ཤིང་དཀྱིལ་འཁོར་དུ་ ཁྲིད་ནས་ས་ལ་བསྒྱེལ་ཏེ་རྡོ་རྗེ་ལྕགས་སྒྲོག་གིས་རྐང་པ་བཅིངས་ནས་དེའི་སྟེང་དུ་ གསེར་གྱི་རང་བཞིན་གྱི་ལྷུན་པོ་དགོད་པར་བྱ་སྟེ་རེངས་པ་ལའོ། །རྨོངས་པ་ལ་ནི་ས་ལ་ འགྱེལ་བར་གྱུར་པའི་བསྒྲུབ་བྱ་སྟེ་རེངས་པ་ལའོ། །རྨོངས་པ་ལ་ནི་ས་ལ་འགྱེལ་བར་གྱུར་ པའི་བསྒྲུབ་བྱ་དེ་སྦྲུལ་གྱི་ཚོགས་ཀྱིས་ཀུན་ནས་ཟ་བར་བྱེད་པ་བསྒོམ་པར་བྱའོ། །ཕུར་ བུས་གདབ་པ་ལ་ནི་ཚིགས་མཚམས་དྲུག་ཏུ་རྡོ་རྗེའི་རང་བཞིན་གྱི་ཕུར་བུ་རྣམས་ཀྱིས་ གདབ་པར་བསྒོམ་པར་བྱའོ། །དེ་དག་ཀྱང་དང་པོར་སོ་སོར་སྡུད་པ་ལ་སོགས་པ་རྡོ་རྗེའི་ རྣལ་འབྱོར་གྱི་སྟོང་པ་ཉིད་ཀྱི་གཟུགས་དང་རླུང་གཡོ་བ་མེད་པར་བྱ་སྟེ། ཕྱི་ནས་གང་ དང་གང་འདོད་པའི་ལས་དེ་དང་དེ་བསྒྲུབ་པར་བྱའི་གཞན་དུ་ན་ཉོན་མོངས་པ་ཙམ་ དུ་ཟད་དེ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཁྱབ་བདག་གི་ནི་དཔལ་ལྡན་སྔགས་ (སྲོག་)དང་སངས་རྒྱས་གཟུགས་(སྟོང་གཟུགས་)ཀྱང་རྣལ་འབྱོར་པ་ཡིས་དང་པོར་ 7-1-416 བསྒྲུབ་པར་བྱ། །ཕྱིས་ནས་ཉི་མའི་དབྱེ་བ་རྣམས་ཀྱིས་གནས་པ་ཡོན་ཏན་དཔག་ཏུ་མེད་ པའི་ལས་རྣམས་(དུས་འཁོར་)འགྲུབ་པར་འགྱུར། །སྔགས་དང་གཟུགས་བརྙན་མ་གྲུབ་ པར་ནི་སྲིད་གསུམ་གནས་སུ་ཅི་ཡང་འགྲུབ་པར་འགྱུར་བ་ཉིད་མ་ཡིན། །དེ་ཕྱིར་རྒྱལ་ པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ལ་སྔགས་དང་གཟུགས་ནི་བསྒྲུབ་པར་ བྱ། །ཞེས་པ་དང༌། དང་པོར་དཔལ་ལྡན་དུས་ཀྱི་འཁོར་ལོ་(འགྱུར་མེད་བདེ་བ་)དང་ནི་ སྲིད་གསུམ་(གྱི་རྣམ་པར་)བསྐྱེད་མ་(འོད་གསལ་)འབད་པ་ཡིས་ནི་བསྒྲུབ་པར་བྱ། །དེ་ ནས་ས་གཞིའི་གནས་དག་ཏུ་ནི་གང་ཞིག་ཞི་བ་ལ་སོགས་ལས་རྣམས་དག་ཀྱང་བསྒྲུབ་ པར་བྱ། །ཕ་དང་མ་ཡིས་རྣམ་པར་དམན་པའི་བུ་ནི་ཡོད་པ་མིན་པར་དུས་ཀུན་ཏུ་ནི་ འཇིག་རྟེན་གྲགས། །དེ་ཕྱིར་བདེ་མཉམ་འབྲས་སྟེར་(སརླུང་དང་གཟུགས་ བརྙན་)གཉིས་པོ་བསྒྲུབ་པར་བྱ་སྟེ་རྣམ་པ་གཞན་དུ་ལས་ནི་བསྒྲུབ་པ་མ་ཡིན་ནོ། །ཞེས་ པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟ་བས་ན་དང་པོར་རླུང་སེམས་བརྟན་པར་གྱུར་ པས་ཇི་ལྟར་བལྟས་པ་དེ་ལྟར་མཐོང་བར་གྱུར་པ་ན་ལས་སྦྱར་བར་བྱ་སྟེ་ལྷའི་བསམ་ གཏན་གྱི་ངེས་པའོ། ། དེ་བཞིན་དུ། མེ་ལྷ་ཡང་སོ་སོར་ངེས་པ་སྟེ། ཞི་བ་ལ་གཡས་དང་གཡོན་གྱི་རིམ་པས་ (གཡས་གཉིས་)པད་མ་དང་ཤེལ་གྱི་བགྲང་ཕྲེང་དང༌། (གཡོན་གཉིས་)རིལ་བ་དང་ དུང་རྣམས་འཛིན་པ་དང༌། རྒྱས་པ་ལ་འཁོར་ལོ་དང༌། མུ་ཏིག་གི་བགྲང་ཕྲེང་དང༌། པད་མ་དང་སྤྱི་བླུགས་འཛིན་པ་སྟེ། འདི་གཉིས་ནི་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་ པ་དཀར་པོ་གོས་དང་བཅས་པ་ཟླ་བ་དང་ཉི་མ་རྣམ་པར་དག་པའོ། །བསད་པ་ལ་གྲི་ གུག་དང༌། རྩེ་གསུམ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པ་དང༌། བསྐྲད་པ་དང༌། དབྱེ་ བ་ལ་རལ་གྲི་དང༌། རྩེ་གསུམ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པ་སྟེ། འདི་དག་ནི་ དོན་ཡོད་གྲུབ་པས་དབུ་བརྒྱན་པ་ནག་པོ་གོས་དང་བཅས་པ་མཇུག་རིང་དང་སྤེན་པ་ རྣམ་པར་དག་པའོ། །དབང་ལ་གུར་གུམ་གྱི་མདོག་ཅན་མདའ་དང༌། རིན་པོ་ཆེ་དང༌། གཞུ་དང་མེ་ལོང་འཛིན་པ་དང༌། དགུག་པ་ལ་ཡང་དམར་པོ་རྡོ་རྗེ་ལྕགས་ཀྱུ་དང༌། 7-1-417 རིན་པོ་ཆེ་དང༌། རྡོ་རྗེ་ཞགས་པ་དང༌། མེ་ལོང་འཛིན་པ་སྟེ། འདི་གཉིས་ནི་རིན་ཆེན་ དབང་པོས་དབུ་བརྒྱན་ཅིང་གོས་དང་བཅས་པ་བསངས་དང་ཕུར་བུ་རྣམ་པར་དག་ པའོ། །རྨོངས་པ་ལ་སྦྲུལ་དང་དབྱུག་པ་དང༌། འཁོར་ལོ་དང་ཐོད་པ་འཛིན་པ་དང༌། རེངས་པ་དང་ཕུར་བུས་གདབ་པ་ལ་ལྕགས་སྒྲོག་དང་ཐོ་བ་དང༌། འཁོར་ལོ་དང་རྡོ་རྗེ་ ཕུར་བུ་འཛིན་པ་སྟེ། འདི་དག་ནི་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པ་སེར་པོ་གོས་ དང་བཅས་པ་གཟའ་ལྷག་དང་བཀྲ་ཤིས་རྣམ་པར་དག་པའོ། །ལས་ཐམས་ཅད་པ་ལ་ནི་ ཁ་དོག་ལྗང་ཁུ་མི་བསྐྱོད་པའི་ཅོད་པན་ཅན་རྡོ་རྗེ་དང་བགྲང་ཕྲེང་དང༌། དྲིལ་བུ་དང་ པད་མ་འཛིན་པ་སྒྲ་གཅན་དང་དུས་མེ་རྣམ་པར་དག་པ་སྟེ་ཐམས་ཅད་གཟའ་རེ་རེའི་ དག་པས་ཞལ་གཅིག་པ། ཐུན་མཚམས་བཞིའི་དག་པས་ཕྱག་བཞི་པ། ཉིན་མཚན་གྱི་ དག་པས་ཞབས་གཉིས་པ། རལ་པ་སེར་སྐྱ་དང་མིག་དམར་སེར་ཅན་གོས་དམར་སེར་ དང་ལྡན་པའོ། །ཡང་ན་སྤེན་པ་ལ་སྔ་མ་ཕྱེད་དང་ཕྱི་མ་ཕྱེད་ཀྱིས་དབྱེ་བས་བསད་པ་ དང་བསྐྲད་པ་སྟེ། དེའི་ཚེ་འདི་གཉིས་ནི་ཕྱག་གཉིས་པ་མཚན་མ་དང་པོ་གཉིས་པ་དང་ ལྡན་པའོ། །ཞེས་པ་སྟེ་མེ་ལྷའི་ངེས་པའོ། ། དེ་བཞིན་དུ། ཕྱི་དང་ནང་གི་དུས་ཁྱད་པར་ཡང་ཞི་བ་ལ་ཟླ་བ་དང་ཉི་མའི་ཞིང་དུ་སྟེ། ཀརྐ་ཊ་དང་སེང་གེ་ལའོ། །རྒྱས་པ་ལ་གཟའ་ལྷག་གི་ཞིང་དུ་སྟེ་འཁྲིག་པ་དང་བུ་མོ་ ལའོ། ། བསད་པ་ལ་སྤེན་པའི་ཞིང་དུ་སྟེ་ཆུ་སྲིན་དང་བུམ་པ་ལའོ། །བསྐྲད་པ་ལ་ཕུར་ བུའི་ཞིང་དུ་སྟེ་གཞུ་དང་ཉ་ལའོ། །དབང་ལ་དཀར་པོའི་ཞིང་དུ་སྟེ་ཁྱུ་མཆོག་དང་སྲང་ ལའོ། །དགུག་པ་ལ་བཀྲ་ཤིས་ཀྱི་ཞིང་དུ་སྟེ་ལུག་དང་སྡིག་པ་ལའོ། །ཞེས་པ་དུས་སྦྱོར་ བཅུ་གཉིས་ལ་གཟའ་རྣམས་སོ་སོར་དབང་བྱེད་པའི་དབྱེ་བས་ལས་ཀྱི་དབྱེ་བ་ངེས་ པའོ། །ཞིང་དང་ཁྱིམ་གྱི་ངེས་པ་སྟེ་གཞན་དུ་ནི་དོན་མེད་པ་དང༌། ཕྱིན་ཅི་ལོག་པར་ འགྱུར་རོ། ། དེ་བཞིན་དུ། ཐུན་ཚོད་ལ་སོགས་པ་ཡང་སོ་སོར་ངེས་པ་སྟེ། སྔ་དྲོ་ནས་བརྩམས་ཏེ་ཐུན་ ཚོད་བརྒྱད་ལ་ཞི་བ་ལ་སོགས་པའི་ལས་བརྒྱད་པོ་རིམ་པ་བཞིན་ནོ། །ཡང་ན་ཐུན་ཕྱེད་ 7-1-418 ཀྱི་དབྱེ་བ་སྟེ་ཉིན་མོའི་ཐུན་ཕྱེད་བརྒྱད་པ་ཞི་བ་ལ་སོགས་པའི་ལས་བརྒྱད་པོ་དང༌། མཚན་མོའི་ཐུན་ཕྱེད་བརྒྱད་ལའང་དེ་བཞིན་ནོ། །གཞན་ཡང་ཞི་བ་དང་རྒྱས་པ་དག་ ལ་བཀྲ་ཤིས་དང་སྤེན་པ་དང་དུས་ཀྱི་མེ་རྣམས་འཆར་བའི་དུས་སྦྱོར་དང༌། ཕུར་བུ་ དང་པ་སངས་དག་ཉི་མ་ལ་ཞུགས་པ་དང༌། བྱེད་པའི་བིཥྟི་དང་གཞན་ཡང་གདུག་པའི་ གཟའ་དང་སྐར་མ་དང་སྦྱོར་བ་ལ་སོགས་པ་དང་ཉི་མ་ཕྱེད་དང་མཚན་མོ་ཕྱེད་ཀྱི་དུས་ རྣམས་སྤང་བར་བྱ་སྟེ། དྲག་པོ་ལ་ནི་འདི་དག་ཉིད་སྦྱར་བར་བྱའོ་ཞེས་པ་དུས་ཀྱི་ངེས་ པའོ། ། དེ་བཞིན་དུ། འདུག་སྟངས་ཀྱང་ཞི་བ་ལ་དཀྱིལ་ཀྲུང་སྟེ་པུས་མོ་གཡོན་པའི་སྟེང་དུ་ གཡས་པ་ཀན་རྒྱལ་དུ་བཞག་པའོ། །རྒྱས་པ་ལ་རྡོ་རྗེའི་གདན་ནོ། །བསད་པ་ལ་ལྷ་མིན་ གྱི་འདུག་སྟངས་ཏེ་འཐབ་པའི་རྣམ་པའམ་རུས་སྦལ་གྱི་སྟབས་སོ། །བསྐྲད་པ་དང་དབྱེ་ བ་ལ་ཙོག་པུ་སྟེ་རྐང་མཐིལ་མཉམ་པར་ས་ལ་བཀོད་ཅིང་ལོང་བུའི་རྒྱབ་ཏུ་འཕུང་ཚོས་ སྦྱར་བའི་པུས་མོ་སྟེང་དུ་སོན་པའོ། །དབང་ལ་དཀྱིལ་ཀྲུང་ཕྱེད་པ་སྟེ་རྐང་པ་གཡོན་པ་ དཀྱིལ་ཀྲུང་བཞིན་དང༌། གཡས་པ་ཙོག་པུ་བཞིན་ནོ། །དཀུག་པ་ལ་དཀྱིལ་ཀྲུང་ཕྱེད་པ་ གཞན་དེ་སྔ་མ་ལས་བཟློག་པའོ། །རྨོངས་པ་ལ་རྐང་པ་གཡོན་པར་བཤང་ལམ་བཞག་ ཅིང་གཡས་པ་ཙོག་པུ་སྟེ། རིངས་པ་ལ་ནི་དེ་ཉིད་བཟློག་པའོ། །ཞེས་པ་འདུག་སྟངས་ཀྱི་ ངེས་པའོ། ། དེ་བཞིན་དུ། སྔགས་ཀྱང་སོ་སོར་ངེས་པ་སྟེ། ཞི་བ་ལ་ན་མཿ ཞེས་པའི་མཐའ་ཅན་དང༌། རྒྱས་པ་ལ་སྭཱཧཱའི་མཐའ་ཅན་ནོ། །བསད་པ་དང་བསྐྲད་པ་དང་རྣམ་པར་དབྱེ་བ་རྣམས་ ལ་ཧཱུཾ་གི་མཐའ་ཅན་དང༌། དབང་ལ་ཝ་ཥཊ་ཀྱི་མཐའ་ཅན་དང༌། དགུག་པ་ལ་བཽ་ཥཊ་ ཀྱི་མཐའ་ཅན་དང༌། རྨོངས་པ་དང་རེངས་པ་དང་ཕུར་བུས་གདབ་པ་ལ་ཕཊ་ཀྱི་མཐའ་ ཅན་ཏེ། ལས་ཐམས་ཅད་པའི་སྦྱིན་སྲེག་ལ་ནི་ཐམས་ཅད་དུ་སྭཱཧཱའི་མཐའ་ཅན་ ནོ། །ཡང་ན་བསད་པ་ལ་སོགས་པ་གསུམ་དང་རྨོངས་པ་ལ་སོགས་པ་གསུམ་ལ་(མཐུན་ པར་)ཧཱུཾ་ཕཊ་ཀྱི་མཐའ་ཅན་དེ་ཐམས་ཅད་ཀྱི་དང་པོར་ནི་ཨོཾ་ཡིག་གོ་ཞེས་པ་སྔགས་ཀྱི་ 7-1-419 ངེས་པའོ། ། དེ་བཞིན་དུ། ཞི་བ་ལ་སོགས་པའི་ལས་དྲུག་ལ་དུས་ཀྱི་འཁོར་ལོ་ཕྱག་ཉི་ཤུ་རྩ་བཞི་པ་སྟེ། བསད་པ་ལ་སོགས་པའི་ལས་དྲུག་ལ་ནི་ཕྱག་ཉི་ཤུ་རྩ་དྲུག་པའོ། །གཞན་ཡང་ལས་ བརྒྱད་བསྒྲུབ་པ་ལ་ཞལ་བཞིའི་དབྱེ་བ་དང༌། ཞལ་བརྒྱད་ཀྱི་དབྱེ་བ་ལ་སོགས་པ་དང༌། ཐུན་ཚོད་བརྒྱད་ཀྱི་དབྱེ་བ་གཞན་ཡང་གསུངས་པ་ནི་འདིར་ཡི་གེ་མང་དུ་དོགས་པས་ མ་བྲིས་སོ། ། སྔགས་ཀྱི་ངེས་པ་གཞན་ནི་སྒྲུབ་ཐབས་སུ་ཡང་དག་པར་བསྡུས་སོ། །དེ་ལྟར་བསྟན་པ་ ཐམས་ཅད་ལ་ཡང་གང་གིས་ཞི་བར་འགྱུར་བ་དེས་རིམས་འཕྲོག་པའོ། །གང་གིས་ བསྐྲད་པར་འགྱུར་བ་དེས་རྣམ་པར་དབྱེ་བའོ། །གང་གིས་དགུག་པར་འགྱུར་བ་དེས་ བསྐྱོད་པའོ། ། གང་གིས་རེངས་པར་འགྱུར་བ་དེས་ཕུར་བུས་གདབ་པ་སྟེ་དེ་ལྟར་ན་ལས་ བཅུ་གཉིས་དང་བརྒྱད་ཀྱི་དབྱེ་བསྡུ་ངེས་པའོ། ། དེ་བཞིན་དུ། དགང་གཟར་གྱི་ངེས་པ་ནི། སྙིང་གའི་པད་མ་ནས་རྡོ་རྗེའི་མཐར་ཐུག་པ་ ནི་རྣམ་པར་དག་པས་དགང་གཟར་གྱི་ཡུ་བ་ཁྲུ་གང་བ་སྟེ་དེའི་རྩེ་མོར་གྲུ་བཞི་པའི་ སྣོད་སྙིམ་པའི་རྣམ་པ་དང་དཔངས་སུ་སོར་གཅིག་དང་ལྡན་པའི་(ནང་གི་)གཞི་ལ་ པད་མའོ(འདབ་མའི་རྩེ་མོ་ནི་མཆུའི་ནང་གི་ངོས་སོ)། །དེའི་རྩེ་མོར་ཡང་མར་གྱི་རྒྱུན་ འབྱུང་བའི་རྡོ་རྗེ་རྩེ་ལྔ་པའི་རྭ་དབུས་མ་སྦུབས་ཀྱི་རྣམ་པ་སྟེ། ནང་དུ་དབུ་མའི་མཐར་ རྡོ་རྗེའི་སྦུགས་ལས་གཅིན་དང་ཁུ་བའི་རྒྱུན་འབྱུང་བ་ཇི་ལྟ་བ་བཞིན་དུའོ། །བླུགས་ གཟར་ཡང་མཛོད་སྤུ་ནས་སྙིང་གའི་མཐར་ཐུག་པའི་དག་པས་ཁྲུ་གང་བའི་ཡུ་བ་ལ་རྩེ་ མོར་ཁྱོར་བའི་རྣམ་པའི་པད་མ་སོར་དྲུག་པ་སྟེ། ཡུ་བ་སྣ་ཚོགས་རྡོ་རྗེས་མཚན་པའོ། །དེ་ ལྟར་ན་མར་གྱི་དགང་བླུགས་དང་རྫས་ཀྱི་བསྲེགས་བླུགས་ཀྱི་དོན་དུ་དགང་གཟར་དང་ བླུགས་གཟར་ངེས་པའོ། །དེ་ལྟར་ལས་སོ་སོ་ལ་ངེས་པའི་ཆོ་ག་མཐའ་དག་གསལ་པར་ རྟོགས་ནས་ཕན་ཚུན་འཁྲུགས་པ་མེད་པར་བསྒྲུབ་པར་བྱའི་གཞན་དུ་ན་དོན་མེད་པར་ འགྱུར་ཏེ། དང་པོའི་སངས་རྒྱས་དང༌། དགྱེས་པའི་རྡོ་རྗེ་རྩ་བའི་རྒྱུད་ལས། རིགས་ 7-1-420 གཞན་དང་ནི་བྱ་བ་གཞན། །དུས་དང་དེ་བཞིན་སྔགས་ཀྱི་རིགས། ། གནས་དང་ཕྱོགས་ དང་རྟེན་གཞན་གྱི། །ལས་རྣམས་ཀུན་ལས་འབྲས་བུ་མེད། །ཅེས་གསུངས་ཤིང༌། (ཀ་ལ་ ཙཀྲ་)བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས་ཀྱང༌། གནས་གཞན་དང་ནི་སྐྱེ་གནས་གཞན་དུ་ མི་རྣམས་ཀྱིས་ནི་སྐྱེ་བ་འབུམ་ཕྲག་གིས་ཀྱང་འགྲུབ་མི་འགྱུར། །ཞེས་པ་དང༌། རྐང་པའི་ སོར་མོ་རྣམས་ཀྱི་ནད་ལ་སྤྱི་བོར་སྨན་རྣམས་ཀྱིས་ནི་རབ་ཏུ་བྱུག་པར་བྱེད་པ་ བཞིན། །ཞེས་པ་དང༌། དབང་གི་དོན་དུ་ས་ནི་ཡོངས་བརྟགས་ནགས་དང་གྲོང་ཁྱེར་ གྲོང་རྡལ་གྲོང་གི་ཕྱོགས་ཀྱི་ཆ་དག་དང༌། །ཐབ་ཁུང་རྣམས་ཀྱི་མཚན་ཉིད་དང་ནི་བུམ་ པ་དང་བཅས་རྡུལ་ཚོན་སྦྱིན་སྲེག་ཕུར་བུ་ལ་སོགས་དང༌། །སློབ་མ་རྣམས་ནི་བསྡུ་བ་ དག་དང་གང་ཡང་རྒྱལ་བའི་བདག་པོ་མཆོག་གི་དཀྱིལ་འཁོར་འབྲི་བ་དག །སློབ་ དཔོན་གྱིས་ནི་ཤེས་ནས་དགེ་དང་མི་དགེའི་འབྲས་སླད་ཞི་བ་ལ་སོགས་མཐའ་དག་ རབ་ཏུ་བྱ། །ཞེས་པ་དང༌། དེ་ཉིད་ཀྱི་འགྲེལ་པར་ཡང༌། དགེ་བ་དང་མི་དགེ་བའི་ལས་ ཀྱི་འབྲས་བུའི་དོན་དུ་ཞི་བ་ལ་སོགས་པ་བྱའོ་ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱིས་སོ། །སློབ་ མ་རྣམས་ནི་བསྡུ་བ་དག་དང་གང་ཡང་དཀྱིལ་འཁོར་བྲི་བར་དག་ཤེས་ནས་བྱའོ་ཞེས་ པ་ནི་ངེས་པའོ། །གདུག་པའི་སློབ་དཔོན་ཕ་རོལ་བསླུ་བ་རྫས་ལ་ཆགས་པས་ཡོངས་སུ་ ཤེས་པར་མེད་པར་བྱེད་ན་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་པ་ནི་སློབ་དཔོན་ལ་ རྗེས་སུ་བསྟན་པའི་ཚིགས་སུ་བཅད་པའོ། །ཞེས་པ་དང༌། ཡང་དེ་ཉིད་ལས་སྔར་ གསུངས་པའི་གདན་དང་སྦྱིན་སྲེག་གི་རྫས་ལ་སོགས་པའི་ངེས་པ་བསྔགས་པས་རིག་ པར་བྱའོ་ཞེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ལ་སོགས་པ་ཐམས་ཅད་ལ་ བཅོམ་ལྡན་འདས་ཀྱི་ངེས་པའོ་ཞེས་པ་དང༌། (ཕན་ཚུན་འཁྲུགས་ན་མི་འགྲུབ་པའི་རྒྱུ་ མཚན་)འདིར་དཀར་པོའྀ་བསམ་གཏན་ནི་ཞི་བའི་གཟུགས་ནི་ཞི་བའི་ལས་བྱེད་ཀྱིས་ བསད་པ་ལ་སོགས་པ་མི་བྱེད་དོ། ། དེ་བཞིན་དུ། ནག་པོའི་བསམ་གཏན་དྲག་པོའི་གཟུགས་ནི་བསད་པ་བྱེད་ཀྱི་དབང་དུ་ བྱ་བ་ལ་སོགས་པ་མི་བྱེད་དོ། །དེ་བཞིན་དུ། དམར་པོའི་བསམ་གཏན་ཆགས་པའི་ 7-1-421 གཟུགས་ནི་དབང་དུ་བྱ་བ་བྱེད་ཀྱིས་རེངས་པ་ལ་སོགས་པ་མི་བྱེད་དོ། །དེ་བཞིན་དུ། སེར་པོའི་བསམ་གཏན་རེངས་པའི་གཟུགས་ནི་རེངས་པར་བྱེད་ཀྱི་ཞི་བ་ལ་སོགས་པ་མི་ བྱེད་དོ། །ཞེས་པ་དང༌། གང་ཞིག་ཞི་བ་བྱེད་པ་དེ་ནི་བསད་པ་ལ་སོགས་པ་མི་བྱེད་ དོ། །གང་ཞིག་བསད་པ་བྱེད་པ་དེ་ནི་དབང་ལ་སོགས་པ་མི་བྱེད་དོ། །གང་ཞིག་དབང་ དུ་བྱ་བ་བྱེད་པ་དེ་ནི་རེངས་པ་ལ་སོགས་པ་མི་བྱེད་དོ། །གང་ཞིག་རེངས་པ་བྱེད་པ་དེ་ ནི་ཞི་བ་ལ་སོགས་པ་མི་བྱེད་དོ། ། ཞེས་པ་དང༌། འདིར་ཟླུམ་པོའི་ཐབ་ཏུ་ཨུ་དུམ་བཱ་ར་ ལ་སོགས་པ་འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་དང་དུར་བ་དང་འོ་མ་རྣམས་ཀྱིས་སྦྱིན་ སྲེག་བྱས་པའི་སྔགས་ནི་ཞི་བ་བྱེད་ཀྱི་རྒྱས་པ་ལ་སོགས་པའི་ལས་མི་བྱེད་དོ། །གྲུ་བཞིའི་ ཐབ་ཏུ་སྔར་བརྗོད་པའི་ཡམ་ཤིང་དང་འབྲུ་དང་མར་རྣམས་ཀྱིས་སྦྱིན་སྲེག་བྱས་པ་ནི་ རྒྱས་པ་བྱེད་ཀྱི་བསད་པ་ལ་སོགས་པ་མི་བྱེད་དོ། ། གཞུའི་རྣམ་པའི་ཐབ་ཏུ་རུས་པའི་ ཡམ་ཤིང་དང་མིའི་ཤ་དང་དུག་དང་ཁྲག་རྣམས་ཀྱིས་སྦྱིན་སྲེག་བྱས་པས་ནི་བསད་པ་ བྱེད་ཀྱི་བསྐྲད་པ་ལ་སོགས་པ་མི་བྱེད་དོ། །ཟུར་ལྔ་པའི་ཐབ་ཏུ་བྱ་རོག་གི་མཇུག་མ་དང་ མིའི་ཞག་དང་སྐེ་ཚེ་རྣམས་ཀྱིས་སྦྱིན་སྲེག་བྱས་པས་ནི་བསྐྲད་པ་བྱེད་ཀྱི་དབང་དུ་བྱ་བ་ ལ་སོགས་པ་མི་བྱེད་དོ། །ཟུར་བདུན་པའི་ཐབ་ཏུ་ཀིཾ་ཤུ་ཀའི་ཡམ་ཤིང་དང་མེ་ཏོག་ དམར་པོ་དང་རྡོ་རྗེའི་ཆུས་སྦྱིན་སྲེག་བྱས་པས་ནི་དགུག་པ་བྱེད་ཀྱི་དབང་དུ་བྱ་བ་ལ་ སོགས་པ་མི་བྱེད་དོ། །ཟུར་གསུམ་པའི་ཐབ་ཏུ་སེང་ལྡེང་གི་ཡམ་ཤིང་དང་རྡུལ་དང་ བིལ་བའི་མེ་ཏོག་རྣམས་ཀྱིས་སྦྱིན་སྲེག་བྱས་པས་ནི་དབང་དུ་བྱ་བ་བྱེད་ཀྱི་རེངས་པ་ལ་ སོགས་པ་མི་བྱེད་དོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། འཁོར་ལོ་སྡོམ་པའི་ འགྲེལ་པར་ཡང༌། ཕྱིན་ཅི་ལོག་པའི་སྔགས་བཟླས་པ་དང༌། སྦྱིན་སྲེག་གི་ཆོ་ག་དང༌། ཕྱིན་ཅི་ལོག་པའི་གནས་སུ་དཀྱིལ་འཁོར་བཞེངས་པ་དང༌། ཕྱིན་ཅི་ལོག་པའི་ཐབ་ཁུང་ དང༌། ཕྱིན་ཅི་ལོག་པའི་སྦྱིན་སྲེག་གི་རྫས་རྣམས་ཀྱིས་བྱིས་པ་རྣམས་ཀྱི་དངོས་གྲུབ་ བསྒྲུབ་པ་ཐམས་ཅད་དུ་འབྲས་བུ་མེད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །ལས་ རབ་འབྱམས་ཀྱི་ངེས་པ་མདོར་བསྡུས་པ་སྟེ། རྒྱས་པར་ནི་རྩ་བའི་རྒྱུད་རྣམས་ལས་ 7-1-422 རྟོགས་པར་བྱའོ། །དེ་དང་ཕྲད་པའི་སྐལ་བ་མེད་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ འགྲེལ་པ་ལས་རྟོགས་པར་བྱའོ། །དེ་དང་ཡང་ཕྲད་པའི་སྐལ་བ་མེད་ན་ནི་སྡིག་པ་ བཤགས་པ་ལ་སོགས་པས་སྒྲིབ་པ་སྦྱང་ཞིང་སྨོན་ལམ་གདབ་པར་བྱ་བ་ཁོ་ན་སྟེ། གང་ གི་ཕྱིར་དེ་དག་དང་ཕྲད་པ་མེད་ན། བསྡུས་པའི་རྒྱུད་ཙམ་དང་པཎྜི་ཏ་ལ་སོགས་པ་ རྣམས་ཀྱི་འགྲེལ་པས་ནི་སྔགས་ཀྱི་དྲང་བའི་དོན་ཡང་ཇི་ལྟ་བ་བཞིན་མི་རྟོགས་ན། ངེས་ པའི་དོན་ལྟ་སྨོས་ཀྱང་ཅི་དགོས། དེ་ཡང་དཔལ་ལྡན་དྲི་མ་མེད་པའི་འོད་ལས། དཔལ་ ལྡན་རྡོ་རྗེ་ཐེག་པ་ལ་གནས་མངོན་ཤེས་མེད་གང་བསྟན་བཅོས་དུ་མ་ཡི། །རྣམ་རྟོག་ ཆོས་ཀྱི་སེམས་ཀྱིས་མཁས་པ་ཉིད་ཀྱི་དྲེགས་ལྡན་(པས་)འགྲེལ་བཤད་ཆེ་བྱེད་པ། །དེ་ནི་ གླང་ཆེན་ལོང་བ་མྱོས་པ་དང་མཚུངས་རང་གི་(ཐར་བའི་)རྒྱུད་ནི་འཇོམས་བྱེད་ ཅིང༌། །དགྲ་ཡི་རྒྱུད་(བདུད་)ནི་རྒྱལ་བའི་སླད་དུ་གང་གནས་(པ་)འདི་ནི་རྟག་ཏུ་ བདུད་ཀྱི་གཉེན(ནོ)། །(དེ་ཉིད་བཤད་ན་)མཁས་པ་མངོན་པའི་ང་རྒྱལ་དང་ལྡན་(པ་ དེ་)རྒྱལ་(བའི་)བདག་(པོའི་)གསུང་(རྒྱུད་ཀྱི་དོན་)ནི་མི་ཤེས་(པའི་)ངང་ཚུལ་རྟག་ (ཏུ་) ལོང་བས། །ཐེག་མཆོག་(རྒྱུད་ཀྱི་)འགྲེལ་བཤད་བྱས་ཏེ་ལོང་བ་གཞན་དག་ལྷུང་ དུ་བཅུག་ནས་(རང་ཡང་)དམྱལ་བར་རབ་ཏུ་འཇུག །ཅེས་པ་དང༌། གང་དག་མངོན་ ཤེས་ལྔ་མེད་(པའི་མཁས་པ་)དེ་དག་ང་ནི་རྒྱལ་བའི་དབང་པོ་ཡིན་ཞེས་བརྫུན་སྨྲ་ བ། །མ་འོངས་དུས་སུ་རྟག་ཏུ་རྟོག་གེ་ལ་སོགས་བསྟན་བཅོས་ཀྱིས་བསྐྱེད་སྣ་ཚོགས་ བློས། །སངས་རྒྱས་པ་ཡང་གཞན་(ཕྱི་རོལ་) གྱི་རྟོག་གེ་དང་ཕྲད་དབང་གིས་(དོན་ ལ་)ལོག་པར་འབྱུང་འགྱུར་ཏེ། །རྟོག་གེ་བསྐྱེད་པ་དེ་ཡིས་འདོད་པའི་ཡུལ་ལ་(སྔགས་ ཀྱི་)ལམ་ནི་སྟོན་པར་བྱེད་པ་ཡི། །བློ་ངན་དེ་དག་ཁོ་ནའི་སྐྱོན་ནི་འཇོམས་པར་བྱེད་ པའི་འགྲེལ་བཤད་བདག་གིས་བྲི། །ཞེས་པ་ལ་སོགས་པ་འཕགས་པ་སྤྱན་རས་གཟིགས་ ཀྱིས་གསུངས་ཤིང༌། དཔལ་ཕྱག་ན་རྡོ་རྗེས་ཀྱང༌། དེ་ལྟར་རྒྱུད་ཐམས་ཅད་དུ་གསུངས་ པའི་དོན་ནི། གཙོ་བོར་རྩ་བའི་རྒྱུད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་ འགྲེལ་བཤད་ཀྱིས་མཐར་ཐུག་གི་དོན་འདི་ཐམས་ཅད་ཡུལ་གཞན་ལྷོ་དང་བྱང་དུ་སོང་ 7-1-423 སྟེ་ཤེས་པར་བྱའོ། །གཞན་དུ་མཁས་པ་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་ཀྱིས་བྱས་ པའི་འགྲེལ་བཤད་ཀྱིས་གསང་བའྀ་དོན་རྟོགས་པར་མི་འགྱུར་རོ། །ཞེས་པ་དང༌། མཁས་ པ་མངོན་པའི་ང་རྒྱལ་གྱིས་རྒྱུད་ལ་དཀའ་འགྲེལ་དང་འགྲེལ་བཤད་བྱེད་པ་འབྱུང་བར་ འགྱུར་རོ། །རྒྱུད་ཀྱི་དོན་ཕྱིན་ཅི་ལོག་ཏུ་བསྟན་ནས་དམྱལ་བར་འགྲོ་བ་འབྱུང་བར་ འགྱུར་རོ། །ཞེས་པ་ལ་སོགས་པས་འཁོར་ལོ་སྡོམ་པ་བསྡུས་པའི་རྒྱུད་ཀྱི་འགྲེལ་པར་རྒྱ་ ཆེར་གསུངས་ལ། དཔལ་དགྱེས་པའི་རྡོ་རྗེ་བསྡུས་པའི་རྒྱུད་ཀྱི་འགྲེལ་པར་ཡང༌། (ས་ བཅུ་པའི་)འགྲེལ་པ་མ་རྟོགས་(པར་)བསྡུས་པའི་རྒྱུད། །(མཐའ་དྲུག་གིས་བསྐོར་བ་ རྣམས་རྟོག་གེའི་)ཚུལ་ངན་རྣམས་ཀྱིས་སྟོན་པར་བྱེད། །ཅེས་པ་དང༌། རྟོག་གེའི་བསྟན་ བཅོས་ང་རྒྱལ་གྱིས། ། གང་ཞིག་(སྦས་པའི་རྒྱུད་ལ་སེམས་དཔའི་འགྲེལ་བ་རྩ་བའི་རྒྱུད་ རྣམས་ལ་བརྟེན་པ་དང༌། གཞན་གྱི་འགྲེལ་པ་བསྡུས་པའི་རྒྱུད་ཙམ་ལ་བརྟེན་པ་ནི། སྣང་བ་དང་མུན་པའམ་བདུད་རྩི་དང་དུག་ལྟར་མི་མཐུན་པ་སྟེ། མངོན་ཤེས་ལྔ་ཡོད་པ་ དང་མེད་པའི།)འགྲེལ་པ་བྱེད་པར་འགྱུར། །ཞེས་པ་ལ་སོགས་པ་འཕགས་པ་རྡོ་རྗེ་སྙིང་ པོས་རྒྱ་ཆེར་གསུངས་སོ། །དེ་ཕྱིར་ར་གན་ཁ་བསྒྱུར་དང༌། །འཛམ་བུའི་ཆུ་བོའི་གསེར་ དག་དང༌། ། མེ་ཁྱེར་དང་ནི་པད་མའི་གཉེན། །མཚུངས་པར་ལྟ་བའི་གདོན་འདི་ སྤོངས། ། དེ་ལྟར་ལས་ཀྱི་རྣམ་པར་དབྱེ་བས་ས་ཆོ་གའི་ངེས་པ་རྒྱ་ཆེར་རྟོགས་ནས་གང་དང་གང་ བསྒྲུབ་པར་འདོད་པ་དེ་དང་དེའི་སྦྱིན་སྲེག་ལ་སོགས་པ་བྱའོ། ། དེ་ལ་རེ་ཤིག་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ཞི་བའི་ལས་ཐམས་ཅད་པའི་སྦྱིན་སྲེག་ བྱ་བར་འདོད་ན། དེའི་ཚེ་འདི་ལྟར་བྱས་ཏེ་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་ནད་ དང་བར་དུ་གཅོད་པ་དང་སྐལ་བ་ངན་པ་དང་ལྟུང་བ་ལ་སོགས་པ་མི་མཐུན་པའི་ ཕྱོགས་ཐམས་ཅད་ཞི་བར་འདོད་པའི་བསམ་པས་ཇི་སྐད་བཤད་པའི་ས་གཞིར་ལས་ ཐམས་ཅད་པའི་ཐབ་ཁུང་ཟླུམ་པོ་སྔར་ཇི་སྐད་བསྟན་པ་ལྟར་བརྩིག་པའམ་བྲིས་པ་ཡང་ རུང་སྟེ་ལེགས་པར་འདུས་བྱས་ནས་ཞི་བའི་ལས་ལ་བསྟན་པའྀ་མཆོད་ཡོན་དང་དྲི་ 7-1-424 དང་མེ་ཏོག་ལ་སོགས་པ་མཆོད་པ་རྣམས་དང༌། ལས་ཐམས་ཅད་པ་ལ་བསྟན་པའི་གོས་ ལ་སོགས་པ་དང༌། ཕུར་བུ་དང་བུད་ཤིང་དང་ཡམ་ཤིང་དང་བསྲེག་རྫས་དང༌། གཞན་ ཡང་རྡོ་རྗེ་དྲིལ་བུ་དང་དགང་གཟར་བླུགས་གཟར་ལ་སོགས་པ་ཉེ་བར་མཁོ་བ་མཐའ་ དག་ཚོགས་པར་བྱས་ནས་ཞི་བའི་ལས་ལ་བསྟན་པའི་གཟའ་སྐར་ལ་སོགས་པ་དུས་ བཟང་པོ་ལ་རྡོ་རྗེ་སློབ་དཔོན་རྒྱན་ཐམས་ཅད་ཀྱིས་ཉེ་བར་བརྒྱན་ཅིང་གྲོགས་ཤིན་ཏུ་ ཡིད་གཞུངས་པ་དང་ལྡན་པས་སྒྲུབ་ཐབས་སུ་བསྟན་པ་ལྟར་དང་པོ་ཁ་དག་པ་ལ་ སོགས་པ་དང་བདུད་བསྲེག་པ་དང་བསྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས་རྡོ་རྗེ་ཕུར་ བུ་རྣོ་ཞིང་འབར་བ་རྣམས་ལ་ཁྲོ་བོའི་རྒྱལ་པོར་ཡང་དག་པར་བསྒོམས་ནས་གནས་ བཅུ་རྣམས་ཀྱི་གདུག་པའི་སྟེང་དུ་སྔགས་དང་བཅས་པས་གདབ་པར་བྱ་ཞིང་བརྡུང་ བའི་སྔགས་དང་རྡོ་རྗེ་ཐོ་བས་བརྡུང་བར་བྱའོ། ། དེ་ནས་ཕྱོགས་བཅུའི་ཕུར་བུ་རྣམས་ ལ་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་པ་རྣམས་སྔགས་ཀྱི་ཚིག་གིས་བཀོད་ནས་བསྲུང་ བར་བྱའོ། །དེ་ནས་དང་པོར་ལྷ་ཁང་ནས་བླང་བའི་མེ་ཙན་དན་ནམ་ཨ་ཀ་རུའམ་ཐང་ ཤིང་ལ་སོགས་པ་དྲི་བཟང་པོ་དང་ལྡན་པ་རྣམས་སམ་འོ་མ་ཅན་གྱི་ཤིང་རྣམས་ཀྱིས་ སྦར་བར་བྱའོ། །འདིར་མེ་སྦར་བ་ཡང་རླུང་ཡབ་ལ་སོགས་པས་བྱའི་ཁའི་རླུང་གིས་ནི་མ་ ཡིན་ནོ། །དེ་ནས་ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཅེས་པ་འདི་དང་མཆོད་ཡོན་གྱི་སྣོད་ནས་ཀུ་ཤའི་རྩེ་ མོས་བླངས་པའི་དྲི་ཆུས་ཐབ་ཀྱི་ཕྱོགས་བཅུར་བསང་གཏོར་བྱ་སྟེ། མཆོད་རྫས་དང་ བསྲེག་རྫས་དང་ཡམ་ཤིང་ལ་སོགས་པ་ཐམས་ཅད་ལའོ། །དེ་ནས་བདག་ཉིད་ཞི་བའི་ འདུག་སྟངས་ཀྱིས་སྔར་བསྟན་པའི་གདན་ལ་འདུག་སྟེ་ལྷའི་རྣལ་འབྱོར་བརྟན་པོ་དང་ ལྡན་པས་ཐབ་ཁུང་དང་རང་གི་སྙིང་ཁར་གྲངས་བཞིན་དུ་མཆོད་སྦྱིན་དང་འདོད་པའི་ མེ་ལྷ་བསྒོམ་པར་བྱ་སྟེ། པད་མ་དང་ཟླ་བའི་སྟེང་དུ་མེ་ལྷ་ལྗང་ཁུ་བཞད་པའི་ཞལ། ཕྱག་ གཡས་པ་གཉིས་ཀྱིས་རྡོ་རྗེ་དང་བགྲང་ཕྲེང་དང༌། གཡོན་པ་གཉིས་ཀྱིས་དྲིལ་བུ་དང་ པད་མ་འཛིན་ཅིང་མི་བསྐྱོད་པའི་ཅོད་པན་ཅན་རལ་པ་ཤིན་ཏུ་སེར་སྐྱ་དང་མིག་ དམར་སེར་དང་ལྡན་པ་སོ་སོར་ཡང་དག་པར་བསྒོམས་ནས་དེ་དང་དེའི་ཐུགས་ཀར་ཟླ་ 7-1-425 བ་ལ་གནས་པའི་ཛཿཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལྕགས་ཀྱུ་འོད་ཟེར་འཕྲོ་བ་རྣམ་ པར་སྤྲོས་ཏེ། དེས་སོ་སོའི་ཡེ་ཤེས་སེམས་དཔའ་བཀུག་ནས་དམ་ཚིག་སེམས་དཔའ་ དང་ལྷན་ཅིག་རོ་མཉམ་པར་བྱའོ། །དེ་ཡང་ཨོཾ་ཨེ་ཧི་(ཚུར་སྤྱོན་)ཨེ་ཧི་(ཚུར་སྤྱོན་)མཧཱ་ བྷུ་ཏ་(འབྱུང་པོ་ཆེ་)དེ་བ་རི་ཥི་དྭི་ཛ་སཔྟ་མ་(ལྷའི་དྲང་སྲོང་གཉིས་སྐྱེས་)གྲི་ཧཱི་ཏྭ་ཡུ་ དྷཾ་(མཆོག་)མཧཱ་རསྨི་(བཟུང་ནས་མཚོན་ཆ་)ཨ་སྨིན་སཾ་ནི་ཧི་ཏོ་བྷ་བ་བཛྲ་དྷ་ར་(འོད་ ཟེར་ཆེན་པོ་འདིར། རྡོ་རྗེ་འཆང་གི་)ཨཛྙཱ་པ་ཡ་ཏི་(བཀའ་བཞིན་དུ་)སྭཱཧཱ། ཞེས་པ་ མཆོད་སྦྱིན་གྱི་མེ་སྤྱན་དྲང་བའི་སྔགས་དང༌། དེ་བཞིན་དུ། འདོད་པའི་མེ་སྤྱན་དྲང་ བའི་སྔགས་ཀྱང་བརྗོད་དེ། སོ་སོར་ཛཿཡིག་དང་རྡོ་རྗེ་ལྕགས་ཀྱུའྀ་ཕྱག་རྒྱས་(གཡས་རྡོ་ རྗེ་ཁུ་ཚུར་ལས་འཛུབ་མོ་ཟླ་བ་ཕྱེད་པ་ལྟར་བྱས་ལ་)དགུག་པར་བྱའོ། །དེ་ནས་ཧཱུཾ་ཡིག་ དང་རྡོ་རྗེའི་(རྩེ་ལྔ་པ་དབང་དུ་བྱའོ།།)ཕྱག་རྒྱས་གཞུག་པར་བྱ་ཞིང༌། བཾ་ཡིག་དང་ ཞགས་པའི་(གཉིས་རྡོ་རྗེ་ཁུ་ཚུར་ལས་འཛུབ་མོའི་རྩེ་མོ་དག་གུང་མོའི་རྒྱབ་ཏུ་བཅུག་ པ་བུ་ག་ཅན་གྱི་)ཕྱག་རྒྱས་བཅིང་བར་བྱ་སྟེ། ཧོཿཡིག་དང་དྲིལ་བུའི་ཕྱག་རྒྱས་(ཁུ་ཚུར་ གཡོན་པའི་ཁ་ཅུང་ཟད་བྱེ་བ་འོག་ཏུ་ཕྱོགས་པའི་སྟེང་དུ་ཁུ་ཚུར་གཡས་བཞག་ པ་)མཉེས་པར་བྱས་ནས་རྡོ་རྗེ་དྲིལ་བུ་དཀྲོལ་དེ་དབང་དུ་བྱ་བའོ། །དེ་ནས་རྡོ་རྗེ་ཁུ་ ཚུར་སྟེང་དུ་མཐེ་བོས་མནན་པའི་ཕྱག་རྒྱས་སྙིང་གའི་མེ་ལྷ་དེ་ཉིད་སླར་ཡང༌། ཐབ་ ཁུང་དུ་པད་མའི་ལྟེ་བ་ལ་ཁྱབ་བྱེད་དུ་གཞག་པར་བྱ་སྟེ། སྙིང་ག་ནས་དབུགས་ཕྱིར་ འབྱུང་བ་དང་ལྷན་ཅིག་ཏུའོ། ། དེ་ལ་འདོད་པའི་མེ་སྤྱན་དྲང་བའི་སྔགས་ནི། ཨོཾ་སརྦ་ པཱ་པཾ་ད་ཧ་ན་(སྡིག་པ་ཐམས་ཅད་བསྲེག་པའི་) བཛྲ་ཨག་ནི་བཛྲ་སཏྭ་སརྦ་པཱ་པཾ་(རྡོ་ རྗེ་སེམས་དཔས་སྡིག་པ་ཐམས་ཅད་)ད་ཧ་(སྲེགས་)ད་ཧ་(སྲེགས་) སྭཱཧཱ། ཞེས་པ་སྟེ་མེ་ གཞན་ཡེ་ཤེས་ཀྱི་མེ་ཀུན་ཏུ་དགའ་བའི་ཆོས་སོ། །(ཐམས་ཅད་སྐྱེ་བོ་)ཡེ་ཤེས་ཀྱི་མེ་ནི་ ཡེ་ཤེས་ཀྱི་སྐུ་སྒྲིབ་པ་མེད་པའི་ཕུང་པོ་ལ་སོགས་པ་སྟེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ ཆེན་པོའོ། ། དེ་བཞིན་དུ། ཁྱིམ་བདག་གི་མེ་ཡང༌། ཨོཾ་བཛྲ་ཨ་ན་ལ་(རྡོ་རྗེ་མེ་)སརྦ་བྷུ་ཏཱ་ན་ཛྭ་ལ་ཡ་ 7-1-426 སརྦན་བྷསྨཱི་ཀུ་རུ་སརྦ་ཛཱ་ན་དུཥྟན་(འབྱུང་པོ་དབང་བར་མཛོད། ཐམས་ཅད་ཐལ་བར་ མཛོད། གདུག་པ་ཅན་རྣམས་)ཧཱུཾ་ཕཊ་སྭཱཧཱ། ཞེས་པ་འདིས་སྤྱན་དྲང་བར་བྱ་སྟེ། འདི་ནི་ གཟའ་བདུན་གྱི་བདག་པོ་རྟ་བདུན་པའི་ཤིང་རྟ་ཅན་ཉི་མའོ། །དེ་ཡང་ལྕེ་བདུན་དང་ ལྡན་པ་སྟེ་གཟའ་བདུན་གྱི་དབྱེ་བས་སོ། །དེ་ལ་བསྲེག་བྱ་དབུལ་བ་ཡང་ལས་ཀྱི་དབྱེ་ བས་སོ་སོར་ངེས་པ་སྟེ། ཞི་བ་ལ་ཟླ་བའི་ལྕེ་དང༌། རྒྱས་པ་ལ་ཉི་མའི་ལྕེ་དང༌། བསད་པ་ དང་བསྐྲད་པ་དང་དབྱེ་བ་ལ་སྤེན་པའི་ལྕེ་དང༌། དབང་ལ་པ་སངས་ཀྱི་ལྕེ་དང༌། དགུག་ པ་ལ་ཕུར་བུའི་ལྕེ་དང༌། རྨོངས་པ་ལ་གཟའ་ལྷག་གི་ལྕེ་དང༌། རེངས་པ་ལ་བཀྲ་ཤིས་ཀྱི་ ལྕེ་ལའོ། །དེ་ལྟར་ན་ཁྱིམ་བདག་གི་མེ་དང༌། བསྲེག་བྱ་ཟ་བ(མཆོད་སྦྱིན་གྱི་)འི་མེ་དང༌། བདེན་པ་ཡེ་ཤེས་ཀྱི་མེ་ཀུན་ཏུ་དགའ་བའི་ཆོས་ཏེ། དེ་དག་ལྷན་ཅིག་གཅིག་ཏུ་འདུས་ པར་གྱུར་པ་ལ་མཆོད་ཡོན་དང་མཆོད་པ་དང་སྦྱིན་སྲེག་ཐམས་ཅད་དབུལ་བར་བྱ་སྟེ། ཀུན་ཏུ་དགའ་བའི་(མེ་གཞན་)ཆོས་ཅན་ཡེ་ཤེས་ཀྱི་མེའི་དོན་དུའོ། །དེ་ནས། ཨོཾ་པྲ་ཝ་ ར་(རབ་མཆོག་)སད་ཀཱ་རཾ་(བསྙེན་བཀུར་)(དམ་པར་བྱེད་པ་)མཧཱ་(ཆེན་པོ་) རསྨིན་ (འོད་ཟེར་)པྲ་ཏཱིཙྪ་(སོ་སོར་བཞེས་)སྭཱཧཱ། ཞེས་པ་འདིས་དང་པོར་མཆོད་ཡོན་དབུལ་ བར་བྱ་སྟེ་(དེ་གང་ཞེ་ན་)མེ་ཏོག་དཀར་པོ་དྲི་བཟང་པོར་དང་བཅས་པའི་ཆུ་གཙང་ མའོ། །དེ་ནས་མཆོད་པ་མཐའ་དག་དབུལ་བར་བྱ་སྟེ། ཨོཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་ བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་དྷཱུ་པཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་དཱི་པཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་ནཻ་ བེ་ཏྱཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་ཨ་ཀྵ་ཏཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་ལཱ་སྱ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་ཧཱ་ སྱཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་བཱ་ཏྱཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་ནྲི་ཏྱཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་གཱི་ཏྱཾ་པྲ་ ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་ཀཱ་མཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་རྣམས་ཀྱིས་མཆོད་པ་བཅུ་གཉིས་ཕུལ་ ནས། གཞན་ཡང་ཞབས་བསིལ་དང་གོས་ལ་སོགས་པ་རྣམས་དང༌། ནང་གི་མཆོད་པ་ དང་དམ་ཚིག་གི་རྫས་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། ། དེ་ནས་ཞི་བའི་ལས་ཐམས་ཅད་བསྒྲུབ་པའི་ཏིང་ངེ་འཛིན་བརྟན་པོ་དང་ལྡན་པས་ ཡམ་ཤིང་མར་གྱིས་སྦགས་པ་རྣམས་བསྲེགས་ནས་བླུགས་གཟར་གྱིས་སྦྱིན་སྲེག་གི་རྫས་ 7-1-427 རྣམས་དང༌། དགང་གཟར་གྱིས་བསྲེག་བླུགས་རྣམས་དབུལ་བར་བྱ་སྟེ། མེའི་ཞལ་ དུའོ(འབྲས་བུ་ལ་སོགས་པ་བསྲེག་པའི་དོན་དུ་ཞལ་ཐབ་ཁུང་ངོ༌། །མར་ལ་སོགས་པ་ བདུད་རྩི་བསྲེག་བླུགས་སྦྱིན་པའི་སླད་དུ་གསང་བ་ཐབ་ཁུང་སྟེ། དེ་ལྟར་ན་ཕྱི་དང་ལུས་ ལ་ཐབ་ཁུང་གཉིས་གཉིས་སུ་འགྱུར་རོ)། །(ཞི་བའི་སྐབས་)འདིར་ཁྱིམ་བདག་གི་མེ(ཉི་ མ)འི་ལྕེ་ནི་ཟླ་བའི་ལྕེ་ལའོ། །གང་གི་ཚེ་བླུགས་གཟར་མེད་ན་དེའི་ཚེ་ལག་པ་གཡོན་པ་ ཀན་རྐྱལ་དང་གཡས་པ་མཆོད་སྦྱིན་གྱི་མཐེ་བོས་རྫས་རྣམས་བསྐྱོད་དེ་མེ་ཞལ་ཕྱེ་བ་ལ་ དབུལ་བར་བྱ་ཞིང༌། དེས་ཀྱང་དེ་དག་གསོལ་བར་བསམ་པར་བྱའོ། །དེ་ལ། ཨོཾ་ཨཱཿཧཱུཾ་ ཧོཿཧཾ་ཀྵཿསྭཱཧཱ། ཞེས་པ་དྲུག་གི་ཨུ་དུམ་བཱ་ར་ལ་སོགས་པ་སྔར་བསྟན་པའི་ཡམ་ཤིང་མར་ གྱིས་སྦགས་པ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །དེ་ནས། ཨོཾ་ཧྲཱཾ་ཧྲཱིཾ་ཧྲྼྀཾ་ཧྲཱུཾ་ཧྲླཱྀཾ་ཧྲཱཿསྭཱཧཱ། ཞེས་ པ་ཡན་ལག་དྲུག་གིས་ཀྱང་བརྒྱ་རྩ་བརྒྱད་དབུལ་བར་བྱ་སྟེ། དྲག་པོ་ལ་ནི་འདི་ཉིད་ སྡུད་པའི་རིམ་པས་སོ། །དེ་བཞིན་དུ། ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿསྭཱཧཱ། ཞེས་ པ་ཕུང་པོ་དང་ཁམས་གཞན་གྱིས་བརྒྱ་རྩ་བརྒྱད་དོ། །དེ་བཞིན་དུ། ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཱཿསྭཱཧཱ། ཞེས་པ་དབང་པོ་ཡུལ་དང་བཅས་པ་གཞན་གྱིས་བརྒྱ་ རྩ་བརྒྱད་དོ། །དེ་ནས། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧ་ཧཱཿསྭཱཧཱ། ཞེས་པ་ལས་ཀྱི་ དབང་པོ་ཡུལ་དང་བཅས་པ་གཞན་གྱིས་བརྒྱ་རྩ་བརྒྱད་དོ། །དེ་ལྟར་བརྒྱ་རྩ་བརྒྱད་ནི་ མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་འདུས་པའི་བགྲང་ཕྲེང་སྟེ(ལྷག་མ)། བཞི་ནི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རང་བཞིན་ཕྲེང་བའི་མདོ་འཛིན་ (ནམ་ལྷུན་པོ་)ཞལ་བཞི་པའོ། །དེ་བཞིན་དུ། དཱུར་བ་འོ་མས་སྦགས་པ་རྣམས་ཀྱང་རྡོ་རྗེ་ དྲུག་དང་ཡན་ལག་དྲུག་ལ་སོགས་པའི་སྔགས་ཀྱིས་སོ་སོར་བརྒྱ་རྩ་བརྒྱད་དབུལ་བར་ བྱ་སྟེ། དེ་ལྟར་ན་ལྔ་བརྒྱ་བཞི་བཅུའོ། ། དེ་ནས། ཨོཾ་ཧྐྵྨླྺྼྻ⁽14bb⁾་སྭཱཧཱ། ཞེས་པ་འདིས་དགང་གཟར་མར་གྱིས་བཀང་བའི་དགང་ བླུགས་དབུལ་བར་བྱ་སྟེ་བརྒྱ་རྩ་བརྒྱད་ལ་སོགས་པའམ་ཇི་ལྟར་རྙེད་པའོ། ། དེ་ནས་ཟན་དང་ཆུ་བཟུང་ནས། ཨོཾ་བྷཱུ་ར་(ས་འོག་པ་སྟེ་)བྷུ་བཿསྭཱཧཱ(སུ་གཞི་ཚུགས)། ན་ 7-1-428 མོ་(མཆོད་པ་)དེ་བི་བྷྱཿ(ལྷ་རྣམས་ལ) སྭ་སྟི་(བདེ་ལེགས་)པྲ་ཛཱ་བྷྱཿ(སྐྱེ་དགུ་རྣམས་ལ) སྭ་ཏ་རཱ་ཛ་བྷྱཿ(གཞི་འཛུག་པ་རྒྱལ་པོ་རྣམས་ལ)སྭ་དྷ་(གཞི་བསྲུང་བ་)བི་ཏྲི་བྷྱཿ(མ་མོ་ རྣམས་ལ) ཨ་ལཾ་(ཚིམ་པ་)བྷཱུ་ཏི་བྷྱཿ(འབྱུང་པོ་རྣམས་ལ) བ་ཥཊ་(གཞི་མི་འགྲིབ་ པ་)ཨིན་ཏྲ་ཡ(དབང་པོ་རྣམས་ལ)། ཞེས་བཀྲ་ཤིས་བརྗོད་ཅིང༌། ཐབ་ཀྱི་ཕྱི་རོལ་ཏུ་ཕྱིན་ ནས་ཆུ་དང་ཟན་ཕྱི་རོལ་ཏུ་གཏོར་བར་བྱའོ། །དེ་ནས་འཐོར་འཐུང་བྱས་ཏེ་སླར་ཡང་ དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས། ཨོཾ་ཨཱཿཧཱུཾ་ཀཱ་ཡ་(སྐུ་)ཝཱཀ་(གསུང་)ཙིཏྟ་ (ཐུགས་)སྭ་བྷཱ་བ་(རང་བཞིན་)ཤུངྔྷ་(དག་པ་)སྭཱཧཱ། ཞེས་པ་འདིས་མེ་ལ་ཡང་ཀུ་ཤའི་ ཆུས་བསང་གཏོར་བྱའོ། ། དེ་ནས་སླར་ཡང་དྲི་དང་སྤོས་ལ་སོགས་པས་ཡང་དག་པར་ མཆོད་ཅིང་བསྟོད་དེ་དངོས་གྲུབ་ཞུ་ནས། ཨོཾ་ཛཿགཙྪ་(བྱོན་)གཙྪ་(བྱོན་)མཧཱ་རསྨིན་སྭ་ སྠཱ་ནཾ་(འོད་ཟེར་ཆེན་པོ་རང་གི་གནས་སུ་)སཾ་ཏྲིབ་ཏོ་ཧོཿཔུ་ན་རཱ་ག་མི་ཥྱ་སི་(ཡང་དག་ པར་མཉེས་པ་དང་ལྷ་འདིར་གང་གི་ཚེ་)དེ་བ་སྱ། ཡ་ད་ཨ་ཧྭཱ་ན་ཡ་མི་སྭཱཧཱ། (སྤྱན་དྲང་ བ་ན་)ཞེས་པ་འདིས་ཡེ་ཤེས་ཀྱི་མེ་རང་གི་སྙིང་གའི་པད་མར་གཤེགས་སུ་གསོལ་བར་ བྱ་སྟེ་དབུགས་ནང་དུ་འཇུག་པ་དང་ལྷན་ཅིག་ཏུའོ། ། དེ་བཞིན་དུ། ཤ་ཟའི་མེ་དང་ཁྱིམ་བདག་གི་མེ་ཡང་རང་རང་གི་གནས་སུ་གཤེགས་སུ་ གསོལ་བར་བྱ་སྟེ། ཞི་བའི་ལས་ཐམས་ཅད་པའོ། ། ཅི་སྟེ་རྒྱས་པའི་ལས་ཐམས་ཅད་པ་བྱ་བར་འདོད་ན་ཡང་རིམ་པ་འདི་དག་ཉིད་དོ། ། འོན་ཀྱང་འདིར་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་དཔལ་དང་དབང་ཕྱུག་དང་བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་མཐུན་པའི་ཕྱོགས་མཐའ་དག་རྒྱས་པར་ འདོད་པའི་བསམ་པ་དང༌། ལས་ཐམས་ཅད་པའི་ཐབ་ཁུང་གྲུ་བཞི་པ་རྒྱས་པའི་ལས་ལ་ བསྟན་པའི་དུས་དང་མཆོད་ཡོན་དང་མཆོད་པ་རྣམས་དང་ཡམ་ཤིང་དང་མར་གྱིས་ སྦགས་པའི་འབྲུ་ལྔའི་བསྲེག་རྫས་དང༌། རྡོ་རྗེའི་གདན་གྱིས་གནས་པ་དང༌། ཉི་མའི་མེ་ ལྕེ་ལ་དབུལ་བ་སྟེ་འདི་དག་ནི་ཁྱད་པར་རོ། །དེ་བཞིན་དུ། ལས་སོ་སོ་པའི་ཞི་བ་དང་ རྒྱས་པ་ལ་སོགས་པ་རྣམས་ལ་ཡང་ཆོ་གའི་རིམ་པ་འདི་དག་ཉིད་དེ། འོན་ཀྱང་སྔར་ 7-1-429 བསྟན་པའི་ས་དང་ཕྱོགས་དང་དུས་དང་ཐབ་ཁུང་དང་བུད་ཤིང་དང་ཡམ་ཤིང་དང་ བསྲེག་རྫས་དང་མཆོད་ཡོན་དང་མཆོད་པ་དང་ཕུར་བུ་དང་འདུག་སྟངས་དང་མེ་དང་ ལྕེ་དང་མེ་ལྷ་དང་སྔགས་ཀྱི་མཐའ་ལ་སོགས་པ་ནི་སོ་སོར་ངེས་པ་ཉིད་དོ། །ཞེས་པ་ཁྱད་ པར་རོ། །དེ་ལ་འགའ་ཞིག་ཏུ་ཨུ་དུམ་བཱ་ར་དང་ཨ་ཤྭད་ཐ་ལ་སོགས་པ་མ་རྙེད་ན་(ཇི་ ལྟར་བྱ་སྙམ་ན་དེར་)ཡང་འོ་མ་ཅན་གྱི་ཤིང་གཞན་ནམ། དེ་ཡང་མ་རྙེད་ན་ཐང་ཤིང་ ལ་སོགས་པ་ཉིད་ལ་དེ་དང་དེར་མོས་པས་བྱ་(བ་མན་ངག་ཡིན་)ཞིང༌། སྡིག་པ་ལ་ སོགས་པ་ཤནྟིཾ་ཀུ་རུ་ཞེས་པ་དང༌། བསོད་ནམས་ལ་སོགས་པ་པུཥྟིཾ་ཀུ་རུ་ཞེས་པ་ལ་ སོགས་པ་སྤེལ་ཚིག་ཀྱང་སྐབས་ཇི་ལྟ་བར་བྱ་སྟེ་(འདི་ཡང་)མན་ངག་གོ །འདིར་ཡེ་ཤེས་ ཀྱི་མེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་པའི་ཕྱིར་དེ་ལས་ཐ་དད་པའི་དཀྱིལ་འཁོར་ སྐྱེད་པར་གསུངས་པ་མེད་ཅིང༌། མེ་ལྷ་ཡང་དང་ཡང་དུ་འཕོ་བ་ལ་སོགས་པ་ཡང་ གསུངས་པ་མེད་ལ། ཁ་ཁྱེར་ཆེན་པོ་ཞེས་པ་ཡང་རྒྱ་དཔེ་ལ་མེད་དོ། །གང་དག་རྒྱས་པ་ ལས་ཐམས་ཅད་པ་ལ་ཐབ་ཁུང་སོར་བཞི་བཅུ་རྩ་བརྒྱད་པ་དང༌། གཡས་དང་གཡོན་གྱི་ མཆུ་ཕན་ཆོད་སོར་སུམ་ཅུ་རྩ་དགུ་དང༌། ཞི་བ་ལས་ཐམས་ཅད་པ་ལ་དེའི་ཕྱེད་དུ་ འདོད་པ་དེ་དག་ནི་ཐབ་ཀྱི་ཕྱི་ནང་ལ་སུམ་ཆ་སུམ་ཉིས་ཀྱི་ངེས་པ་དང་བྲལ་བས་ དཀྱིལ་འཁོར་དང་སྦྱར་དུ་མི་རུང་ལ། མཆུ་མན་ཆད་དཀྱིལ་འཁོར་ལ་རྭ་བ་ནས་ཀྲ་མ་ ཤཱིར་ཥའི་མཐར་ཐུག་པ་དང་སྦྱར་ནས་གསུངས་པས་གནོད་ཅིང༌། ཐབ་གྲུ་བཞི་དཀྱིལ་ འཁོར་ཁྲུ་བཞི་པ་དང་མཉམ་པར་གསུངས་པ་དང་ཐབ་དེའི་ཡེ་ཤེས་འཁོར་ལོ་ཁྲུ་དོ་བ་ དང་སྙིང་པོའི་པད་མ་ཁྲུ་གང་བར་གསུངས་པ་དང༌། ཞི་བ་ལ་དེ་དག་གི་ཕྱེད་དུ་ གསུངས་པ་རྣམས་ཀྱིས་གནོད་དོ། ། ཅི་སྟེ་མཉམ་པར་གསུངས་པ་ནི་ཐབ་ཀྱི་དཔངས་དང་བསྡོམས་པས་ཡིན་ནོ་ཞེ་ན། མ་ ཡིན་ཏེ་དཀྱིལ་འཁོར་ལ་ཡང་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ། མཆུ་ དང་རེ་ཁཱའི་དཔངས་བསྡོམས་ནས་དཀྱིལ་འཁོར་གྱི་ཕྱིའི་རྒྱ་ལ་སྦྱོར་བ་ཡང་དེ་དང་ མཚུངས་སོ། ། གཞན་ཡང་ལས་ཐམས་ཅད་པ་ལ་མཆུ་ཕན་ཆད་བཅུ་གསུམ་དུ་བྱས་པའི་ 7-1-430 གཉིས་ཀྱིས་མཆུ་དང༌། གཅིག་གིས་རེ་ཁཱའི་དཀྱིལ་འཁོར་དང༌། བཅུས་ཁ་ཁྱེར་བྱེད་པ་ ཡང་མི་རིགས་ཏེ་ཁ་ཁྱེར་ནི་མཆུའི་ཉིས་འགྱུར་དུ་གསུངས་པའི་ཕྱིར་རོ། །ཡང་རེ་ཁཱ་ཕྱི་ མ་ཁ་ཁྱེར་ལ་སྣོན་པ་ཡིན་ན་ནི་གཟུ་ལུམ་དུ་འགྱུར་ཞིང༌། སྣོན་པ་མ་ཡིན་ན་ནི་འདིར་ རེ་ཁཱ་ཕྱི་མ་ཆད་པའི་སྐྱོན་དུ་ཡང་འགྱུར་རོ། ། དེ་བཞིན་དུ། ལས་སོ་སོ་པའི་ཐབ་བརྒྱད་ལ་ཡང་རེ་ཁཱ་དཀྱིལ་འཁོར་འདོད་པ་ནི་རང་ བཟོར་བས་ཀྱི་གསུངས་པ་ནི་མེད་དེ། ལས་ཐམས་ཅད་པ་ལ་གསུངས་པས་བྱེད་ན་ནི་ཡེ་ ཤེས་འཁོར་ལོ་ལ་སོགས་པ་ཡང་འདིར་བྱེད་དགོས་པར་འགྱུར་རོ། །མཆུ་ཕན་ཆད་ཆ་ བཅུ་གཅིག་ཏུ་བྱས་པའི་གཉིས་ཀྱིས་མཆུ་དང་གཅིག་གིས་རེ་ཁཱའི་དཀྱིལ་འཁོར་དང༌། བརྒྱད་ཀྱི་ཁ་ཁྱེར་བྱེད་པ་ཡང་ལུང་དང་འགལ་ཞིང་རིགས་པ་དང་མི་ལྡན་ཏེ། ཐབ་ཀྱི་ བཅུ་གཉིས་ཀྱིས་ཆས་མཆུ་དང་དྲུག་གི་ཆས་ཁ་ཁྱེར་དུ་གསུངས་པས་ན་ཁ་ཁྱེར་ནི་ མཆུའི་ཉིས་འགྱུར་དུ་རིགས་པའི་ཕྱིར་རོ། །ཅི་སྟེ་མཆུའི་དཔངས་དང་བསྡོམ་པ་ཉིས་ འགྱུར་ཁ་ཁྱེར་ལ་ཚང་ངོ་ཞེ་ན། འོ་ན་ནི་ཁ་ཁྱེར་ཡང་དཔངས་དང་སྡོམ་དགོས་པར་ཧ་ ཅང་ཐལ་ལོ། །འོན་ཏེ་ཁ་ཁྱེར་ལ་དཔངས་མེད་དོ་ཞེ་ན། དེ་ལྟར་ན་མཆུ་ལ་ཡང་ མཚུངས་ཤིང་མཆུ་དང་ཁ་ཁྱེར་རེ་ཁཱའི་དཀྱིལ་འཁོར་ཡོད་མེད་ཀྱང་མཚུངས་སོ། །དེས་ ན་འདིར་ཁྱད་པར་མེད་པ་ལ་ཁྱད་པར་འདོད་པ་ནི་འོས་པ་མ་ཡིན་ནོ། ། དེ་བཞིན་དུ། ལས་གཅིག་ཉིད་ལ་ཡང་བསྲེག་རྫས་ལ་སོགས་པ་མི་མཐུན་པ་དུ་མ་སོགས་ ལྷུར་ལེན་པ་དང༌། ཐབ་ཁུང་ལ་སོགས་པའྀ་རྣམ་གཞན་ཕན་ཚུན་འགལ་བ་རྣམས་ནི་ བསྡུས་པའི་རྒྱུད་ཙམ་ལ་བརྟེན་ནས། པཎྜི་ཏ་རྣམས་ལ་རབ་ཏུ་གྲགས་ཀྱིས། རྩ་བའི་རྒྱུད་ རྣམས་དང༌། དཔལ་ལྡན་ས་བཅུ་པ་རྣམས་ཀྱི་རྗེས་སུ་འབྲང་བ་ལ་ནི་མ་ཡིན་ནོ། །དེ་ དང་དེ་ཡི་རྗེས་སུ་འབྲངས་ནས་འདིར། །བསྡུས་པ་དེ་ཡང་དྲང་བའི་དོན་ཙམ་སྟེ། །དེ་ ཉིད་དུ་ནི་སྙིང་པོ་ཅི་ཡང་མེད། །དམ་པའི་དོན་དུ་མི་རྟོག་ཡེ་ཤེས་མེ། །ལྟེ་བའི་གཏུམ་མོ་ ཀློག་གི་འོད་འབར་བས། །མཉམ་(པ་གཡས་)དང་མི་མཉམ་(པ་གཡོན་གྱི་)སྲོག་གི་ དཀྱིལ་འཁོར་དང༌། །ཡུལ་དང་ཡུལ་ཅན་མཐའ་དག་རབ་བསྲེགས་པ། །ངེས་པའི་དོན་ 7-1-431 གྱི་སྦྱིན་སྲེག་དེ་ལ་འདུད། །དེ་ཡང་དང་པོའི་སངས་རྒྱས་ལས། (མི་རྟོག་པའི་ཏིང་ངེ་ འཛིན་གྱིས་)ལྟེ་བའི་གཏུམ་མོ་འབར་བས་ནི། ། དེ་བཞིན་གཤེགས་པ་(གཡོན་རླུང་)ལྔ་ བསྲེགས་ཤིང༌། །སྤྱན་མ་མིག་ལ་སོགས་(དེ་ཉིད་ཀྱི་ཚེ་དབང་པོ་རྣམས་ཡུལ་ལ་འཇུག་ པ།)པ་ཡང༌། །བསྲེགས་ནས་རི་བོང་ཅན་(བུ་བའི་རྒྱུན་རྣམས་སྤྱི་བོའི་གཡོན་)ཧཾ་(ལས་ འཁོར་ལོ་དྲུག་ཏུ་)འཛག །ཅེས་པ་དང༌། དགྱེས་པའི་རྡོ་རྗེ་བསྡུས་པའི་རྒྱུད་ལས་ཀྱང༌། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌། །སྤྱན་(མ་)ལ་ སོགས་པ་(ལྔ་ནི་གཡས་རླུང་ལྔ་སྟེ་)ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧཾ་ འཛག །ཅེས་གསུངས་ཤིང༌། དེ་ཉིད་ཀྱང་རྩ་བའི་རྒྱུད་འབུམ་ཕྲག་ལྔ་པ་ལས་ཀྱང༌། དཀྱིལ་འཁོར་ལྔ་ནི་འབབ་བྱེད་པ། །ཕུང་པོ་(ལྔའི་རླུང་དང་གཡས་)ཁམས་(ལྔའི་རླུང་ དང་མིག་ལ་)སོགས་(པ་དབང་པོ་ལུ་རྣམས་པ་)བསྲེགས་པ་དང༌། །ཡུལ་དང་དབང་པོ་ འགགས་པས་ནི། །དགའ་བ་ལ་སོགས་ཡང་དག་འབྱུང༌། །སྤྱི་བོར་གནས་པའི་ཧཾ་ཡིག་ ལས། །ཟླ་བའི་ཐིག་ལེ་འབབ་པར་བྱེད། །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། ། དེ་བཞིན་དུ། ལས་ཀྱི་ངེས་པའི་དོན་ཡང༌། དགྱེས་པའི་རྡོ་རྗེ་བསྡུས་པའི་རྒྱུད་ཀྱི་འགྲེལ་ པ་ལས། བདེ་བ་དབང་དུ་བསྡུད་པས་དབང་ངོ༌། །འཛག་པའི་ཉོན་མོངས་པ་འཇིགས་ པའི་ཕྱིར་མངོན་སྤྱོད་དང༌། དགྲའི་སྡེ་འཇིག་པ་དང་བསྐྲད་པ་དང་བསད་པའི་ཞེས་ པའི་དོན་ཏོ། ། བདེ་བ་འགུགས་ཤིང་དེས་ཉོན་མོངས་པའི་གདུང་བ་ཞི་བ་དང༌། བདེ་ བའི་ཡེ་ཤེས་རྒྱས་པར་བྱེད་པའི་ཕྱིར་ཞི་བ་དང་རྒྱས་པར་འགྱུར་བའོ། །ཞེས་པ་དང༌། བྱང་ཆུབ་ཀྱི་སེམས་མ་ཤོར་བར་བསྟེན་པའི་བདེ་བའི་འབྲས་བུ་ཁྲུས་དང༌། དེ་ཉིད་ཀྱིས་ བདེ་བའི་གནས་སུ་ཁྲིད་པའི་ཕྱིར་ཞབས་བསིལ་བ་ཡིན་ནོ། །ཞེས་པ་དང༌། གང་ལ་ སངས་རྒྱས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྐད་ཅིག་ཐམས་ཅད་ཟད་པར་བགྲང་བའི་ ཕྱིར་བཟླས་པའོ། །འཇིག་རྟེན་པའི་ཆོས་བརྒྱད་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་ པར་སྤོང་བ་མེད་པའི་ཚུལ་དུ་སྤོང་བའི་ཕྱིར་དཀའ་ཐུབ་བོ། །ཚིག་དང་ཡི་གེའི་སེམས་ ཀྱི་རྒྱུ་བ་ལ་སོགས་པ་བསྲེག་པའི་ཕྱིར་སྦྱིན་སྲེག་གོ །རྒྱུ་བ་དང་མི་རྒྱུ་བ་མཐའ་དག་གི་ 7-1-432 སྙིང་པོ་ལ་གནས་པའི་ཕྱིར་དཀྱིལ་འཁོར་པ་དང་དཀྱིལ་འཁོར་རོ། །དེ་ལྟར་ན་སེམས་ ཉིད་གཅིག་ཏུ་བསྡུས་ཏེ་སྤྱོད་པ་འདི་ནི་ལྷན་ཅིག་སྐྱེས་པ་ཞེས་བསྟན་ཏོ། །ཞེས་པ་ལ་ སོགས་པ་རྒྱ་ཆེར་འཕགས་པ་རྡོ་རྗེ་སྙིང་པོས་གསུངས་སོ། །དཔལ་དགྱེས་པའི་རྡོ་རྗེ་ བསྡུས་པའི་རྒྱུད་ལས་ཀྱང༌། སྔགས་བཟླས་མེད་ཅིང་དཀའ་ཐུབ་མེད་ལ་བསྲེགས་བླུགས་ མེད། །དཀྱིལ་འཁོར་པ་ཡང་ཡོད་མིན་དཀྱིལ་འཁོར་ཡང་ནི་མེད། །དེ་ཉིད་སྔགས་བཟླས་ དཀའ་ཐུབ་དང་ནི་སྦྱིན་སྲེག་སྟེ། །དེ་ཉིད་དཀྱིལ་འཁོར་པ་ནི་ཡིན་དེ་ཉིད་དཀྱིལ་འཁོར་ ཉིད། །མདོ་རུ་བསྡུས་ན་སེམས་ནི་བསྡུས་པའི་ཚུལ་ཅན་ནོ། ། ཞེས་པ་དང༌། སྦྱིན་སྲེག་ མཆོད་སྦྱིན་དཀའ་སྤྱོད་འདས། །སྔགས་དང་བསམ་གཏན་རྣམ་པར་སྤངས། །དམ་ཚིག་ སྡོམ་ལས་རྣམ་གྲོལ་ཏེ། །རྣལ་འབྱོར་ལྡན་པས་སྤྱོད་པ་བྱ། །ཞེས་པ་དང༌། རྩ་བའི་རྒྱུད་ འབུམ་ཕྲག་ལྔ་པ་ལས་ཀྱང༌། བླ་མས་གནང་བའི་སྟ་གོན་ལ། །ལུས་ཀྱི་དཀྱིལ་འཁོར་ དབུས་གནས་ཏེ། །བདག་གིས་ལྔ་ཕུང་སྦྱིན་སྲེག་ནས། །ཁུ་བའི་གཟུགས་ཀྱིས་སངས་རྒྱས་ བསྟེན། །བདག་གི་ལྔ་ཕུང་ལྷ་གཟུགས་སྦྱངས། །རབ་ཏུ་གནས་པ་བྱིན་རླབས་མཆོག །ཡུན་ དུ་གནས་ཤིང་བྱིན་རླབས་ཆེ། །མཆོག་གི་རབ་ཏུ་གནས་པའོ། །ཞེས་པ་དང༌། ཡེ་ཤེས་སྨྲ་ བ་པོ་རྣམས་ལ། །ཡེ་ཤེས་གཅིག་པུས་ལས་ཀུན་བྱེད། །བཟླས་མིན་ཕྲེང་བ་མེད་པ་ དང༌། །སྦྱིན་སྲེག་སྔགས་དང་མཆོད་པ་མེད། །བསམ་གཏན་ཙམ་གྱིས་ལས་ཀུན་ནི། །རྣལ་ འབྱོར་རྣམས་ལ་འགྲུབ་པར་འགྱུར། །ཞེས་པ་དང༌། (ངེས་དོན་གྱི་མཆོད)ཡིད་འོང་ཉི་ ཟླའི་མེ་ཏོག་དང༌། །རལ་པ་མེད་པ་ཚུལ་ཁྲིམས་སྤོས། །བདེ་བ་གསལ་བས་མར་མེ་ཡིན། ། བདེ་བས་ཚིམ་པས་དྲི་ཡི་མཆོག །ལུས་ངག་ཡིད་གསུམ་བདེ་རྒྱས་པ། །ཏིང་འཛིན་ཟས་ ཏེ་ཞལ་ཟས་མཆོག །འཇམ་ཞིང་སྙན་པར་སྨྲ་བ་དང༌། །རང་སྲོག་(གཞོམ་དུ་མེད་ པའི་)སྒྲ་ནི་སིལ་སྙན་ནོ། །ཞེས་པ་དང༌། དགྱེས་པའི་རྡོ་རྗེ་བསྡུས་པའི་རྒྱུད་ཀྱི་འགྲེལ་པ་ ལས་ཀྱང༌། ཕྲེང་བ་མེད་ཅིང་བརྗོད་པ་མེད། །སྔགས་བཟླས་མཆོད་དང་སྦྱིན་སྲེག་ དང༌། །ཆོ་ག་གཞན་དང་ཚིམ་པ་ནི(བྱེད་ན)། །(དེ་ལས་)གཞན་པ་མཆོག་(གི་དངོས་ གྲུབ་)ལས་ཉམས་(འདོད་པར་)འགྱུར་རོ། ། ཞེས་པ་དང༌། ལྟེ་བར་ཟླ་བ་གསུམ་བསྲེགས་ 7-1-433 ནས། །ཀུན་མཁྱེན་ཉིད་འདིར་སྟེར་བའོ། ། ཞེས་པ་དང༌། སྲོག་དང་ཐུར་སེལ་འགོག་པ་ ཡིས། །འདོད་པའི་འདོད་ཆགས་བྲལ་བ་ཉིད། ། (སྲོག་ཐུར་)གཉི་ག་བསྲེགས་ནས་སྔགས་ པ་རྣམས། །སངས་རྒྱས་ཉིད་དུ་འགྱུར་བ་སྟེ། །སྲོག་དང་ཐུར་སེལ་ཟད་པ་ཡིས། །ཡན་ ལག་བཅུ་གཉིས་ཟད་པར་འགྱུར། །རྒྱུ་དང་(ལྔ་)འབྲས་བུ་(བདུན་)འགགས་པ་ ཡིས། །སངས་རྒྱས་ཉིད་དུ་གང་མི་འགྱུར། །ཞེས་པ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། ། དེ་ལྟར་བདག་གིས་དྲང་དང་ངེས་པའི་དོན། །རྣམ་པར་ཕྱེ་བའི་སྦྱིན་སྲེག་ཆོ་ག་འདི། ། རྩ་བའི་རྒྱུད་ཆེན་རྣམས་ཀྱིས་རྗེས་འཇུག་པ། །ས་བཅུའི་དབང་ཕྱུག་རྣམས་ཀྱི་གསུང་ བཞིན་བཀོད། །འདིར་འབད་དགེ་བ་ཉིན་མོར་བྱེད་པའི་འོད། །ལྷག་བསམ་རྣམ་དག་མེ་ ཤེལ་སྦྱོར་བ་ལས། །རྣམ་རྟོག་བུད་ཤིང་ཡེ་ཤེས་མེ་སྦར་ནས། །འགྲོ་ཀུན་ནང་གི་མུན་པ་ སེལ་བར་ཤོག །སྦྱིན་སྲེག་གི་ཆོ་ག་ནང་གི་མུན་སེལ་ཞེས་བྱ་བ(མཆན་བུ་དང་བཅས་པ)། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར། བཙུན་པ་དོལ་པོ་པས་སྦྱར་བའོ།། །། སླད་ནས་ཀྱང་རྒྱ་དཔེ་ལ་གཏུགས་ཏེ་ཅུང་ཟད་བཅོས་ཤིང་སྔགས་རྣམས་ཀྱང་དག་པར་ བགྱིས་པས་སླན་ཆད་འབྲི་བ་རྣམས་ཀྱིས་ཀྱང་འདི་ཁོ་ན་བཞིན་མཛད་པར་ཞུ། མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་དཔེ་རྙིང་ཤིང་པར་མཆན་བུ་ཅན་ཞིག་དང༌། འཛམ་ཐང་གི་པར་ མ་གཉིས་ཡིན། མཆན་ཁ་ཤས་མི་གསལ་བ་དང་ཁྲིད་རྟགས་མི་གསལ་བ་བཅས་ནི་ བཞག་ཐབས་བྲལ་བས་ཆད་ཡོད།) 7-1-434 ༄༅། །ཞི་བ་དང་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཀྵཿ རྗེ་བཙུན་བླ་མ་དམ་པ་དང་དབྱེར་མེད་པའི་ཡེ་ཤེས་མེ་ལྕེ་འོད་ རབ་གསལ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་ལས་ཐམས་ཅད་པ་དང་སོ་ སོའི་ངེས་པ་ཇི་སྙེད་གསུངས་པ་ལ་མཁས་པའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་ པས་བསོད་ནམས་ཀྱི་ཚོགས་བསྒྲུབ་པའི་དོན་དུ་ལས་ཐམས་ཅད་པའི་ཞི་བའམ་རྒྱས་ པའི་སྦྱིན་སྲེག་བྱ་བར་འདོད་ན། གྲོང་ལ་སོགས་པའི་དབུས་སུ་དཀྱིལ་འཁོར་དང་ མཐུན་པའི་ཐབ་ཁུང་བྱས་ཏེ། འདིར་ནི་ཐབ་ཁུང་ཉིད་དཀྱིལ་འཁོར་ཡིན་པའི་ཕྱིར་ ཐབ་ལས་གཞན་པའི་དཀྱིལ་འཁོར་མེད་དོ། །དེའི་ཕྱིར་འདི་གཉིས་དཀྱིལ་འཁོར་གྱི་ དབང་ལྡན་དང་བྱང་དུ་བྱེད་པ་རྣམས་ཀྱིས་ནི་འདི་གཉིས་ཀྱི་དོན་མ་རྟོགས་པ་ཉིད་དུ་ ཟད་དེ། ཕྱོགས་བརྒྱད་དུ་བྱེད་པ་གང་ཡིན་པའི་སྦྱིན་སྲེག་དེ་ནི་ལས་སོ་སོ་བར་གསུངས་ པའི་ཕྱིར་དང༌། ལས་ཐམས་ཅད་པ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་དབུས་སུ་བྱ་བར་ གསུངས་པའི་ཕྱིར་རོ། །དེས་ན་འདིར་ཐབ་ཟླུམ་པོ་ནི་ཁྲུ་དོ་བའི་དཀྱིལ་འཁོར་དང་ མཚུངས་ཤིང༌། ཐབ་གྲུ་བཞི་པ་ནི་ཁྲུ་བཞི་པའི་དཀྱིལ་འཁོར་དང་མཚུངས་པར་ གསུངས་ལ། དེ་དག་སོ་སོའི་ནང་དུ་རང་རང་གི་ཡེ་ཤེས་འཁོར་ལོ་ཡང་རང་རང་གི་ ཕྱེད་ཀྱི་ཚད་དུ་གསུངས་ཤིང༌། དེའྀ་ཡང་ཕྱེད་ཀྱི་ཚད་ཀྱིས་གཙོ་བོའི་པད་མ་འདབ་ བརྒྱད་ལྗང་ཁུ་སུམ་ཆའི་ཚད་ཀྱིས་ལྟེ་བར་བཅས་པ་དང༌། རྭ་བའི་ནང་དུ་རྒྱལ་སྲས་ ཡབ་ཡུམ་ལ་སོགས་པའི་ལྷ་སྣམ་ཡང་དཀྱིལ་འཁོར་ལ་ཇི་ལྟ་བ་དེ་བཞིན་དུ་གསུངས་ པའི་ཕྱིར། འདིར་དཀྱིལ་འཁོར་གང་དུ་བྱས་པའམ་བྱེད་པར་འགྱུར་བ་དེ་ཉིད་ཀྱི་ས་ གཞིར་དེ་དང་མཐུན་པའི་ཚངས་ཟུར་བཏབ་ཅིང༌། ཚངས་པའི་ལྟེ་བར་ཕུར་བུ་བཟུང་ སྟེ། སོར་གཉིས་དང་བཞི་དང་གཅིག་དང༌། བདུན་དང་བཞི་དང་གཅིག་དང་གསུམ་ 7-1-435 དང༌། ཕྱེད་བཅས་གཅིག་དང་དྲུག་དང༌། ཕྱེད་བཅས་གཅིག་ནས་བསྐོར་བ་ནི་རིམ་པ་ ལྟར་པད་མའི་ལྟེ་བ་དང་འདབ་མ་དང་རྡོ་རྗེའི་ཕྲེང་བ་དང༌། བདེ་གཤེགས་འཕར་མ་ དང༌། ཡང་རྡོ་རྗེའི་ཕྲེང་བ་དང༌། ཚོན་གྱི་ས་དང་ལྷ་སྣམ་དང་རྩ་ཐིག་དང༌། མཆུ་དང་ རེ་ཁཱ་དང་ཁ་ཁྱེར་དང་དེའི་རེ་ཁཱ་རྣམས་ཀྱིས་ཐིག་སྟེ་ཁ་ཁྱེར་གྱི་ཕྱི་ནང་དུ་ཆ་ལྔ་དང་ བཅས་པའི་སོར་རེ་རེ་དོར་བའི་དབུས་ལ་རྡོ་རྗེའི་ཕྲེང་བའོ། །ཡེ་ཤེས་འཁོར་ལོ་ལ་ ཕྱོགས་དང་མཚམས་སུ་རྒྱལ་བ་ཡབ་ཡུམ་གྱི་པད་མ་བརྒྱད་དང་དེ་དག་གི་གཡས་ གཡོན་དུ་ཀ་བ་བཅུ་དྲུག་མཚན་མའི་ཕྲེང་བས་སྤྲས་པ་དང༌། བུམ་པ་བརྒྱད་དང་ལྷ་ སྣམ་ལ་རྒྱལ་སྲས་ཡབ་ཡུམ་གྱི་པད་མ་བཅུ་གཉིས་དང༌། ཁྲོ་བོའི་པད་མ་བཞི་སྟེ་ཐམས་ ཅད་ཀྱི་ལྟེ་བ་ལ་ཟླ་ཉིའི་སྟེང་དུ་ལྷ་རྣམས་ཀྱི་མཚན་མ་དང༌། སྙིང་པོའི་པད་མ་ལ་ནུས་ མ་བརྒྱད་དང་བཅས་པའི་གཙོ་བོའི་མཚན་མ་རྣམས་ཐུགས་ཀྱི་དཀྱིལ་འཁོར་ཇི་ལྟ་བ་ བཞིན་དུ་དགོད་ཅིང་བསྡུས་པར་ན་ཐུགས་དཀྱིལ་ལྷ་ཉེར་ལྔའི་བདག་ཉིད་དང་བསྟུན་ ནས་བུམ་པ་དང་ནུས་མ་རྣམས་དོན་གྱི་ཚངས་མོད་ཀྱི། མཚན་མ་དངོས་སུ་མ་བཀོད་ ཀྱང་རུང་སྟེ་རྡོ་རྗེ་བཞིའི་མཚན་མ་བཞིན་ནོ། །དེ་ལྟར་ཐབ་ཁུང་ཉིད་ནི་རྩ་བའི་དཀྱིལ་ འཁོར་དང་མཆུ་ཕན་ཆད་རེ་ཁཱ་ཕྱི་མའི་མཐའ་ནི་ཀྲ་མ་ཤཱིར་ཥའི་མཐའོ། །དེ་ནས་ཁྲུ་དོ་ སྤངས་པར་རྭ་བའི་དང་པོ་ཐིག་གྲུ་བཞི་སྟེ། འདི་ནི་དཀྱིལ་འཁོར་ལ་འོད་ཟེར་ཀྱི་ཕྱི་ རོལ་ཏུ་སོར་དགུ་སྤངས་པ་དང་ཚད་མཚུངས་ལ། འདིར་གཙོ་བོ་ཡང་དཀྱིལ་འཁོར་ཀྱི་ གཙོ་བོ་བཞིན་དུ་ཤར་དུ་མདུན་གྱིས་ཕྱོགས་པའི་ཕྱིར་རྟ་བབས་དང་བཅས་པའི་སྒོ་ནི་ ནུབ་ཏུ་སྟེ་སོར་ཉེར་གཅིག་ནི་སྒོའི་ཚད་དང་སོར་ལྔ་དང་བཞི་ཆ་ནི་རྭ་བ་གསུམ་གྱི་ ཚད་དང་སོར་ཕྱེད་དང་བཞི་ནི་སྒོའི་དྲུག་ཆའི་ཚད་དོ། །ཚད་དེ་དག་གིས་སྒོ་ཁྱུད་དང༌། འགྲམ་དང་ལོགས་དང་རྟ་བབས་དང་བཅས་པའི་སྒོ་ནི་ནུབ་ཏུ་སྟེང་སྒོ་ལས་སུམ་ འགྱུར་གྱི་སྣམ་བུ་རྣམས་ཤེས་པར་བྱ་སྟེ། ཞི་བ་ལས་ཐམས་ཅད་པའི་འོ། ། རྒྱས་པ་ལས་ཐམས་ཅད་པ་ལ་ནི། གཙོ་བོའི་པད་མ་ཟླུམ་པོའི་མཐའ་ནས་ཁ་ཁྱེར་ དང་རེ་ཁཱའི་མཐར་ཐུག་པ་ཐམས་ཅད་གྲུ་བཞི་སྟེ། སྔར་བསྟན་པའི་ཚད་ལས་ཉིས་ 7-1-436 འགྱུར་རོ། ། ནང་དུ་ལྷ་རྣམས་ཀྱི་མཚན་མ་ཐུགས་དཀྱིལ་ཇི་ལྟ་བ་བཞིན་དང༌། ཁ་ཁྱེར་ ལ་རྡོ་རྗེ་ཕྲེང་བ་དང་ཐབ་ཕྱི་ནང་དང་དཀྱིལ་འཁོར་གྱི་ཕྱི་ནང་མཚུངས་ཚུལ་དང༌། ཕྱི་ རོལ་ཕྱོགས་མདོག་ལ་ཀུ་ཤ་འགྲེམས་པ་དང༌། ཐབ་ཉིད་ལྗང་ཁུ་དང༌། དེའི་ཤར་དུ་སློབ་ དཔོན་གྱི་གདན་དང༌། དེའི་གཡས་གཡོན་དུ་བསྲེག་རྫས་དང་མཆོད་ཡོན་གྱི་གདན་ ཐབ་ཀྱི་རྣམ་པས་བསྐོར་བའི་པད་མ་འདབ་བརྒྱད་ལྗང་ཁུ་རང་རང་གི་གཙོ་བོའི་པད་ མ་ལས་ཉིས་འགྱུར་གྱི་ལྟེ་བར་ཆོས་འབྱུང་ངམ་སྣ་ཚོགས་རྡོ་རྗེ་དགོད་པ་དང༌། གལ་ཏེ་ བརྩེགས་པ་ཡིན་ན་རེ་ཁཱ་ཕྱི་མའི་མཐའ་ནས་ཕྱི་ལོགས་སུ་པད་འདབ་ལྗང་ཁུ་སྲིད་དུ་ཁ་ ཁྱེར་ཕྱེད་པ་ཅན་རྩེ་མོ་འོག་ཏུ་ཕྱོགས་པ་རྣམས་ཀྱིས་ས་གཞི་ལ་ཐུག་གི་བར་དུ་ཁྱབ་ པར་བྱེད་པ་དང༌། ཐབ་ཉིད་དང༌། མཆུ་དང༌། རེ་ཁཱ་དང༌། ཁ་ཁྱེར་དང༌། དེའི་རེ་ཁཱ་ རྣམས་ཀྱི་དཔངས་ཚད་རང་རང་གི་རྒྱའི་ཕྱེད་ཕྱེད་དུ་བྱེད་པ་དང༌། ཁ་ཁྱེར་གྱི་རྡོ་རྗེ་ ཕྲེང་བའི་རྭ་དབུས་མའི་དཔངས་ཚད་མཆུའི་ཕྱེད་དུ་བྱེད་པ་རྣམས་ནི་གཉིས་ཀ་ལ་ མཚུངས་ཤིང༌། བྲིས་པ་ལ་ནི་དཔངས་ཀྱི་ཚད་མི་དགོས་ལ། ཐབ་ཀྱི་ཕྱི་ལོགས་སུ་པད་ འདབ་ཀྱིས་ཁྱབ་པ་ཡང་མི་དགོས་སོ། །རེ་ཁཱ་ཕྱི་མའི་མཐའ་ལས་ཁྲུ་དོ་སྤངས་པར་རྭ་བ་ གསུམ་དང་རྟ་བབས་དང་སྒོ་ནུབ་ཏུ་བྱ་བ་ཡང་སྔ་མ་བཞིན་དེ། འོན་ཀྱང་འདིར་རྭ་ བའི་དང་པོ་ནི་དཀྱིལ་འཁོར་ལ་མེའི་ཁོར་ཡུག་གི་ཕྱེད་དང༌། ཁྲུ་གང་སོར་དྲུག་ནི་སྒོའི་ ཚད་དང༌། སོར་ཕྱེད་དང་བརྒྱད་ནི་རྭ་བ་གསུམ་གྱི་ཚད་དང༌། སོར་ལྔ་ལ་ནི་སྒོའི་དྲུག་ ཆ་སྟེ། དེས་རྟ་བབས་ཀྱི་སྣམ་བུ་ལ་སོགས་པའི་ཚད་ཤེས་པར་བྱ་ཞིང༌། འདིར་མཚན་མ་ བཞི་དང་ནུས་མ་བརྒྱད་ལ་སོགས་པ་ནི་ཐུགས་དཀྱིལ་རྒྱས་པ་ཇི་ལྟ་བ་བཞིན་བྱའོ། ། འདིར་ལ་ལ་དག་དེ་ལྟར་ཐབ་ཁུང་གི་གཞི་ལ་ཚངས་པའི་གནས་ནས་ཐད་ཀའི་ཁྲུ་ གཅིག་སྟེ་ཁྲུ་བཞིའི་ཕྱེད་ཀྱི་ཆའོ། །དེ་བཞིན་དུ། ཐབ་ཀྱི་རྩིག་པ་ལའོ། །ཞེས་གསུངས་པའི་ ཕྱིར། རྒྱས་པ་ལས་ཐམས་ཅད་པའི་ཐབ་ཀྱི་མཐིལ་ལ་ཁྲུ་དོ་དང་དཔངས་ལ་ཤར་ནུབ་ཏུ་ ཁྲུ་རེ་རེ་སྟེ་དེ་ལྟར་དཔངས་ཀྱི་ཁྲུ་དོ་བསྣན་པས་ཐབ་ཁྲུ་བཞི་པ་ཡིན་གྱི། རྒྱ་ལ་ནི་ཁྲུ་ བཞི་མེད་དོ་ཞེས་འདོད་པ་ནི་རྗེ་བཙུན་གྱི་དགོངས་པ་དང་མི་མཐུན་དེ། ཇི་སྐད་དུ། གྲུ་ 7-1-437 བཞི་པ་ནི་ཁྲུ་བཞིའོ། །ཞེས་དང༌། ཐབ་གྲུ་བཞི་ནི་རྭ་བའི་མཚམས་སུ་སྟེ་མིག་ལ་སོགས་ པའི་གནས་ཀྱི་མཐར་ཐུག་པར་རོ། །ཞེས་པ་ནི་ངེས་པའོ། །ཞེས་རྭ་བའི་མཚམས་ཀྱི་རྒྱ་ ཉིད་ལ་ཁྲུ་བཞིའི་ངེས་པ་ཅན་དུ་གསུངས་པའི་ཕྱིར་དང༌། ཐམས་ཅད་དུ་ཁྲུ་བཞི་པའི་ དཀྱིལ་འཁོར་ལ་ལས་ཐམས་ཅད་པའི་ཐབ་ནི་ཞི་བ་ལ་ཟླུམ་པོ་དཀྱིལ་འཁོར་གྱི་ཕྱེད་ དོ། །རྒྱས་པ་ལ་ཁྲུ་བཞི་དཀྱིལ་འཁོར་དང་མཉམ་པའོ། །ཞེས་གསུངས་པའི་ཕྱིར་ རོ། །གཞན་ཡང་ཐབ་དང་དཀྱིལ་འཁོར་མཉམ་ཚུལ་དེ་ལྟར་ཡིན་ན་དཀྱིལ་འཁོར་གྲུ་ བཞི་དང་དཔངས་བསྡོམས་པའི་ཁྲུ་བཞི་ཡིན་པར་ཧ་ཅང་ཐལ་བའི་རིགས་པ་མཚུངས་ པས་གནོད་ལ། སྔར་ཁྱེད་ཀྱིས་དྲངས་པའི་ལུང་དེའི་དགོད་པ་ཡང་ཐབ་ཀྱི་གཞི་ལ་ དབུས་སུ་ཡེ་ཤེས་འཁོར་ལོ་ཐབ་ཀྱི་ཕྱེད་དུ་སྟེ། ཚངས་པའི་ལྟེ་བ་ནས་ཕྱོགས་སོ་སོར་ཁྲུ་ རེ་རེ་དང་དེ་དག་གི་མཐར་ཐབ་ཀྱི་རྩིག་པའི་མཚམས་ལ་ཐུག་གི་བར་ལ་ཡང་ཕྱོགས་སོ་ སོར་ཁྲུ་རེ་རེ་སྡེ། དེ་ལྟར་ཐབ་ཁུང་གི་གཞི་ལ་ཁྲུ་བཞི་ནི་རྒྱའི་ཚད་དུ་དགོངས་པ་ཡིན་ ནོ། །དེ་ལྟར་ཡིན་པར་གང་གིས་ཤེས་ཞེ་ན། འདིའི་སྔ་རོལ་ཡེ་ཤེས་འཁོར་ལོ་སྟོན་པའི་ སྐབས་སུ་རེ་ཤིག་རིགས་ཀྱི་དབང་གིས་ཡེ་ཤེས་ཀྱྀ་འཁོར་ལོ་ནི་ཐམས་ཅད་དུ་སྙིང་པོར་ དེ། རྡོ་རྗེ་ཕྲེང་བ་དང་ཀ་བའི་མཐར་ཐུག་པ་དཀྱིལ་འཁོར་ལས་ཕྱེད་ཀྱིས་ཆར་འགྱུར་ཏེ། ཕྱི་རོལ་འཁོར་ལོའི་ཕྱེད་ཀྱི་ཚད་ཀྱིས་ཞེས་པའི་ངེས་པ་ལས་སོ། །དེའི་ཕྱེད་ཀྱིས་རྩ་བའི་ པད་མ་སྟེ། དེའི་ཕྱིར་སྙིང་པོའི་པད་མའི་གཉིས་འགྱུར་རོ། །རྒྱས་པ་ལ་ཁྲུ་གཉིས་པ་གྲུ་ བཞིའོ། །ཟླུམ་པོ་དང་སྙིང་པོའི་པད་མའི་ཚད་ནི་ཁྲུ་གཅིག་གོ་ཞེས་དཀྱིལ་འཁོར་དང་ མཚུངས་པར་ཐབ་ཀྱིས་ཕྱེད་དུ་ཡེ་ཤེས་འཁོར་ལོ་དང༌། དེའི་ཕྱེད་དུ་སྙིང་པོའི་པད་མ་ གསུངས་པའི་ཕྱིར། རྒྱས་པ་ལ་ཡེ་ཤེས་འཁོར་ལོ་ཁྲུ་གཉིས་པ་གྲུ་བཞི་དང༌། སྙིང་པོའི་ པད་མ་ཁྲུ་གཅིག་དང༌། ཞི་བ་ལ་ཡེ་ཤེས་འཁོར་ལོ་ཟླུམ་པོ་ཁྲུ་གཅིག་པར་གསུངས་པའི་ ཕྱིར་དང༌། དེ་དག་ལ་སྙེག་པའི་ཕྱིར་འདིར་ཡང༌། དེ་ལྟར་ཐབ་ཁུང་གི་གཞི་ལ་ཚངས་ པའི་གནས་ནས་ཞེས་སོགས་ཀྱིས་ཚངས་པའི་ལྟེ་བ་ནས་ཕྱོགས་སོ་སོར་ཡེ་ཤེས་འཁོར་ལོ་ ཁྲུ་རེ་རེ་དང་མཚམས་དེ་ནས་ཐབ་ཀྱི་རྩིག་པ་ལ་ཐུག་གི་བར་དུ་ཡང༌། ཕྱོགས་སོ་སོར་ཁྲུ་ 7-1-438 རེ་རེ་སྟེ་དེ་ལྟར་ཚངས་པའི་ལྟེ་བ་ནས་ཕྱོགས་བཞིར་ཆ་གཉིས་གཉིས་གསུངས་པའི་ མཐར་དེ་རྣམས་ཀྱི་མཇུག་བསྡུས་ཏེ་གསུངས་པ། དེ་ལྟར་ཐབ་གྲུ་བཞི་ནི་རྭ་བའི་ མཚམས་སུ་སྟེ་མིག་ལ་སོགས་པའི་གནས་ཀྱི་མཐར་ཐུག་པར་རོ་ཞེས་གསལ་བར་བསྟན་ པའི་ཕྱིར་རོ། །གཞན་ཡང་སློབ་དཔོན་གྱི་གདན་གྱི་སྐབས་ནས་སྙིང་པོའི་པད་མའི་ གཉིས་འགྱུར་གང་ཡིན་པ་དེ་ཁྲུ་དོ་གསུངས་པ་ལས་ཀྱང༌། རྒྱས་པ་ལ་སྙིང་པོའི་པད་མ་ ཁྲུ་གང་བར་གྲུབ་ཅིང༌། དེ་ལས་ཀྱང་དེའི་ཡེ་ཤེས་འཁོར་ལོ་ཁྲུ་གཉིས་པར་གྲུབ་སྟེ་སྙིང་ པོའི་པད་མའི་གཉིས་འགྱུར་ཞེས་པ་ཡེ་ཤེས་འཁོར་ལོའི་སྐབས་སུ་གསུངས་པའི་ཕྱིར་ རོ། །གལ་ཏེ་དེ་བཞིན་དུ་ཐབ་ཀྱི་རྩིག་པ་ལའོ་ཞེས་པ་འདིས་ཐབ་ཀྱི་དཔངས་བསྟན་པ་ ཡིན་ནོ་ཞེ་ན་མ་ཡིན་ཏེ། ཐབ་ཐམས་ཅད་ཀྱི་དཔངས་ལ་རང་རང་གི་རྒྱའི་ཕྱེད་ཕྱེད་དུ་ ངེས་པར་གོང་དུ་བསྟན་ཟིན་ཅིང་འོག་ནས་ཀྱང་འཆད་པར་འགྱུར་བས། འདིར་བསྟན་ མི་དགོས་པའི་ཕྱིར་དང་འདིར་རྒྱའི་ཚད་བསྟན་པའི་མཇུག་བསྡུས་པའི་ཚིག་དེ་ལྟར་ན་ ཞེས་སྨོས་ནས་ཐབ་གྲུ་བཞི་ནི། རྭ་བའི་མཚམས་སུ་སྟེ་མིག་ལ་སོགས་པའི་གནས་ཀྱི་ མཐར་ཐུག་པར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཅི་སྟེ་གཞུང་དེས་དཔངས་ཚད་སྟོན་པ་ ཡིན་དུ་བཅུག་ཀྱང༌། དཔངས་ཁྲུ་དོ་བར་འགྱུར་ཏེ་དེའི་སྔོན་ཙམ་དུ་ཡེ་ཤེས་འཁོར་ ལོའི་སྐབས་ལ་སྙེག་པའི་ཚིག་སྨོས་ནས་ཐབ་ཁུང་གི་གཞི་ལ་ཚངས་པའི་གནས་ནས་ ཐད་ཀའི་ཆ་ཁྲུ་གཅིག་སྟེ་ཞེས་ཚངས་པའི་ལྟེ་བ་ནས་ཕྱོགས་སོ་སོར་ཁྲུ་རེ་རེ་བའི་ཡེ་ ཤེས་འཁོར་ལོ་གསུངས་ནས་དེ་ཉིད་ཀྱིས་ན་གྲུ་བཞིའི་ཕྱེད་ཀྱི་ཆའོ་ཞེས་པ་འདིས་ཐབ་ གྲུ་བཞི་དཀྱིལ་འཁོར་དང་མཉམ་པའི་ཕྱེད་དུ་ཡེ་ཤེས་འཁོར་ལོ་ཁྲུ་དོ་པ་སྔར་བསྟན་པ་ དང་མཐུན་པར་གསུངས་ཤིང༌། དེ་བཞིན་དུ། ཐབ་ཀྱི་རྩིག་པ་ལའོ་ཞེས་ཁྲུ་དོ་པ་དང་ མཚུངས་པར་བསྟན་པའི་ཚིག་སྨོས་པའི་ཕྱིར་དང༌། ཐབ་གྲུ་བཞི་པ་བརྩིགས་ནའང་དེའི་ དཔངས་ལ་ཁྲུ་དོ་རིགས་པའི་ཕྱིར་དེ་ཐབ་ཁུང་དང་མཆུ་དང་ཁ་ཁྱེར་ཐམས་ཅད་ཀྱི་ དཔངས་ལ་རང་རང་གི་རྒྱའི་ཕྱེད་ཕྱེད་གསུངས་པའི་ཕྱིར་རོ། ། དེའི་ཕྱིར་གཞུང་འདིས་ ཐབ་ཀྱི་དཔངས་བསྟན་པ་ཡིན་ན་དཔངས་ཁྲུ་དོ་པར་གྲུབ་ཅིང༌། དེ་གྲུབ་ན་དེའི་རྒྱུ་ 7-1-439 མཚན་ཀྱིས་ཀྱང་ཐབ་ཀྱི་རྒྱ་ཁྲུ་བཞི་པར་གྲུབ་བོ། །གལ་ཏེ་གཞུང་འདིས་ཐབ་ཀྱི་དཔངས་ བསྟན་ཡང་དཔངས་ཁྲུ་གང་བར་བསྟན་པ་ཡིན་ཏེ། རྒྱ་ལ་ཁྲུ་དོ་ལས་མེད་པའི་ཕྱིར་རོ་ ཞེ་ན། དེ་ལྟ་ན་ནི་རྒྱ་དང་དཔངས་གཉིས་ཀ་བསྡོམ་ཡང་ཁྲུ་གསུམ་ལས་མེད་པས་དཀྱིལ་ འཁོར་ཁྲུ་བཞི་པ་དང་ཇི་ལྟར་མཉམ། གལ་དེ་དཔངས་ཁྲུ་གང་བོ་དེ་ཉིད་ཤར་དང་ནུབ་ ཀྱི་ཆ་ལ་གཞལ་ན་ཁྲུ་རེ་རེར་འགྱུར་བའི་ཕྱིར་དེ་གཉིས་རྒྱ་དང་བསྡོམས་པས་དཀྱིལ་ འཁོར་ཁྲུ་བཞི་པ་དང་མཉམ་མོ་ཞེ་ན། དཔངས་ཀྱི་རྩི་ཚུལ་དེ་འདྲ་ནི་བླུན་པོ་རྣམས་ཀྱི་ ལུགས་ལ་ཡང་མེད་ན་མཁས་པའི་ལུགས་ལ་ལྟ་ཅི་སྨོས་དེ་དངོས་པོ་སྟོབས་ཞུགས་དང་ འགལ་བའི་ཕྱིར་རོ། །གལ་ཏེ་ཁྲུ་འཇལ་ལུགས་དེས་ཐབ་དེའི་དཔངས་ཁྲུ་དོར་འགྱུར་ན། དེ་ལྟ་ན་ནི་རིགས་པ་མཚུངས་པས་ལྷོ་དང་བྱང་དང་མཚམས་བཞི་ལ་སོགས་པ་ནས་ གཞལ་ནའང་ཁྲུ་རེ་རེ་ཡོད་པའི་ཕྱིར་དེའི་དཔངས་ཁྲུ་བརྒྱད་ལ་སོགས་པར་ཧ་ཅང་ ཐལ་ལོ། ། གཞན་ཡང་དཔངས་ཀྱི་རྩི་ཚུལ་དེ་འདྲ་དོན་ལ་གནས་ཤིང་མཁས་པའི་ ལུགས་ལ་ཡང་ཡོད་པ་ཡིན་ན་ཐབ་དེ་སྲིད་དུ་ཁྲུ་གང་བའི་ཐུར་མ་ཤིན་ཏུ་ཕྲ་བ་འབུམ་ ཕྲག་གྱེན་དུ་བསླང་བས་བཀང་བའི་ཚེ་དེའི་དཔངས་ལ་ཁྲུ་འབུམ་ཕྲག་ཡོད་པར་འགྱུར་ རམ་ཅི། དེ་ལྟ་བས་ན་འདི་ཙམ་གྱི་ཁྱད་པར་ནི་བླུན་པོ་བ་གླང་རྫིས་ཀྱང་ཤེས་ སོ། །གཞན་ཡང་རིགས་པ་མཚུངས་པས་ཐོག་དཔངས་སུ་མི་གང་ཡོད་པའི་ཁང་པ་ཤིན་ ཏུ་ཡངས་པར་མི་སྟོང་ཕྲག་འགྲེང་བའི་ཚེ་དེའི་ཐོག་དཔངས་ལ་མི་སྟོང་ཕྲག་ཡོད་པར་ འགྱུར་རམ་ཅི། དེས་ན་འདི་ཙམ་གྱི་རྩི་ཚུལ་ནི་གནག་རྫི་མོའི་བར་དུ་ཡང་ཡོངས་སུ་ གྲགས་པ་ཡིན་པས། འཕགས་པ་ལ་སྐུར་བ་འདེབས་པ་འདི་ལྟ་བུ་ལ་རྣ་བ་དགབ་པར་ རིགས་སོ། ། གཞན་ལས་ཀུན་པའི་ཐབ་གྲུ་བཞི་ལ་རྒྱ་ཁྲུ་དོ་ལས་མེད་ན་དེའི་ཡེ་ཤེས་འཁོར་ལོར་ ཁྲུ་དོ་བ་དང་སྙིང་པོའི་པད་མ་ཁྲུ་གང་བར་གསུངས་པ་དང༌། ཡང་འགལ་བར་འགྱུར་ ཏེ་དཀྱིལ་འཁོར་ཇི་ལྟ་བ་བཞིན་ཐབས་ཀྱི་ཕྱེད་དུ་ཡེ་ཤེས་འཁོར་ལོ་དང་དེའི་ཕྱེད་དུ་ སྙིང་པོའི་པད་མ་གསུངས་པའི་ཕྱིར་རོ། །གལ་ཏེ་ཐབ་དང་ཡེ་ཤེས་འཁོར་ལོ་མཉམ་སྟེ་ 7-1-440 གཉི་ག་ཁྲུ་དོ་པའོ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཡེ་ཤེས་འཁོར་ལོའི་སྐབས་སུ་ཕྱི་རོལ་འཁོར་ ལོའི་ཕྱེད་ཀྱིས་ཚད་ཀྱིས་ཞེས་པའི་ངེས་པ་ལས་སོ། །ཞེས་སོགས་ཀྱིས་དེ་གཉིས་མི་མཉམ་ པར་ཡང་ཡང་གསུངས་པས་གནོད་པའི་ཕྱིར་རོ། །གཞན་ཡང་དེ་གཉིས་མཉམ་དང་ཡེ་ ཤེས་འཁོར་ལོ་དང་ཐབ་ཀྱི་རྭ་བའི་བར་དུ་མིག་གཞན་ལ་སོགས་པའི་ལྷ་སྣམ་མེད་པར་ འགྱུར་ལ། དེ་འདོད་ན་ཐབ་གྲུ་བཞི་ནི་རྭ་བའི་མཚམས་སུ་སྟེ་མིག་ལ་སོགས་པའི་གནས་ ཀྱི་མཐར་ཐུག་པར་རོ་ཞེས་རྭ་བའི་ནང་མཚམས་སུ་མིག་གཞན་ལ་སོགས་པའི་ལྷ་སྣམ་ གསུངས་པ་དང་འགལ་ལོ། །དེ་བཞིན་དུ། ཐབ་ཀྱི་རྒྱ་དེ་ལས་མེད་ན་སྙིང་པོའི་པད་མ་ ཡང་ཐབ་ཀྱི་ཕྱེད་དུ་འགྱུར་ལ། དེ་འདོད་པར་མི་ནུས་ཏེ། ལས་རྐྱང་དང་ལས་ཀུན་ལ་ གང་ལ་ཡང་དེ་འདྲ་གསུངས་པ་མེད་པའི་ཕྱིར་དང༌། ལས་རྐྱང་གི་པད་མ་རྣམས་ཐབ་ དང་མཉམ་ཞིང་ལས་ཀུན་པའི་སྙིང་པོའི་པད་མ་ནི་ཐབ་ཁུང་གི་ཕྱེད་ཀྱི་ཕྱེད་དུ་ གསུངས་པས་གནོད་པའི་ཕྱིར་རོ། །གལ་ཏེ་ལས་ཀུན་པའི་ཐབ་ལ་སྙིང་པོར་ཡེ་ཤེས་ འཁོར་ལོ་མེད་ཀྱི་པད་མ་ཉིད་ཐབ་ཀྱི་ཕྱེད་དུའོ་ཞེ་ན། འདི་ནི་ཧ་ཅང་ཡང་རྣམ་པར་ འཁྱམས་པའི་བབ་ཅོལ་དེ་ཇི་སྐད་དུ་ཡེ་ཤེས་འཁོར་ལོ་ནི་ཐམས་ཅད་དུ་སྙིང་པོར་དེ་རྡོ་ རྗེ་ཕྲེང་བ་དང་ཀ་བའི་མཐར་ཐུག་པ་དཀྱིལ་འཁོར་ལས་ཕྱེད་ཀྱི་ཆད་འགྱུར་ཏེ། ཞེས་ དང༌། དེའི་ནང་དུ་སྙིང་པོར་པད་མ་སྟེ་ཁྲུ་བཞི་པའི་དཀྱིལ་འཁོར་ལ་ཇི་ལྟ་བ་དེ་བཞིན་ དུ་ཐབ་གྲུ་བཞི་དང་ཁྲུ་གཉིས་པའི་དཀྱིལ་འཁོར་ལ་ཇི་ལྟ་བ་དེ་བཞིན་དུ་ཐབ་ཟླུམ་པོའི་ སྙིང་པོ་ལ་མཚན་མ་དང་བཅས་པར་འགྱུར་རོ། །དེ་ལྟར་ན་དཀྱིལ་འཁོར་ལ་པད་མ་ ཕྱེད་དང་པད་མའི་ཕྱི་རུ་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་བུམ་པ་དང་བཅས་རལ་གྲི་ ལ་སོགས་པའི་མཚན་མ་ཇི་ལྟ་བ་དེ་བཞིན་དུ་ཐབ་ཁུང་གི་སྙིང་པོར་རྩ་བའི་པད་མ་ལ་ སོགས་བྱའོ་ཞེས་སོགས་ཀྱིས་ཐབ་ཀྱི་སྙིང་པོར་ཡེ་ཤེས་འཁོར་ལོ་དཀྱིལ་འཁོར་ལ་ཇི་ལྟ་ བ་དེ་བཞིན་དུ་བྱ་བར་གསུངས་པས་གནོད་པའི་ཕྱིར་རོ། །གཞན་ཡང་བྲིས་པའི་ཐབ་ལ་ དཔངས་མེད་པའི་ཕྱིར་དེ་དཀྱིལ་འཁོར་དང་མི་མཉམ་པར་ཧ་ཅང་ཐལ་བའི་གནོད་ བྱེད་ཀྱང་བཟློག་པར་ནུས་པ་སུ་ཡང་མེད་དོ། །གལ་ཏེ་བྲིས་པའི་ཚེ་ཐབ་ཀྱི་རྒྱ་ཉིད་ཁྲུ་ 7-1-441 བཞི་དང་བརྩིགས་པའི་ཚེ་རྒྱ་ཁྲུ་དོ་དང་དཔངས་སུ་ཁྲུ་དོ་སྟེ་ཁྲུ་བཞི་དེ་ལྟར་རྩིའོ་ཞེ་ན། རྩི་ལ་རག་མོད་ཤེས་བྱེད་རྣམ་དག་ཅུང་ཟད་ཀྱང་མེད་ཅིང་ལུང་རིགས་ཀྱི་གནོད་བྱེད་ གནམ་ལྕགས་ཀྱི་ཆར་ཆེན་བཞིན་དུ་བབས་པས་དེས་ནི་གང་དུ་སུ་ལ་ཇི་ཞིག་བྱ་སྟེ་འདི་ ནི་སྔར་ཉིད་དུ་སུན་ཕྱུང་ཟིན་པ་ཡང་ཡིན་ནོ། །གཞན་ཡང་བྲིས་པའི་ཐབ་ལ་རྒྱར་ཁྲུ་ བཞི་བྱེད་ན་བརྩིགས་པ་ལ་ཡང་རྒྱར་ཁྲུ་བཞི་བྱེད་པར་རིགས་ཏེ་དེ་གཉིས་ལ་རྒྱའི་ཚད་ མི་མཚུངས་པ་མེད་ཅིང་དེ་ལྟར་གསུངས་པའང་མེད་པའི་ཕྱིར་རོ། །གལ་ཏེ་ཡོད་ནའང་ འདིར་བརྗོད་དགོས་སོ། ། གཞན་ཡང་བརྩིགས་པའི་རྒྱ་ལ་བྲིས་པའི་རྒྱའི་ཕྱེད་ཕྱེད་ལས་ མེད་པར་ངེས་པ་ཡིན་ན་ཐབ་གཞན་རྣམས་ལ་ཡང་མཚུངས་པས་བསད་པའི་ཐབ་ཁུང་ བརྩིགས་པའི་ཚེ། དེའི་རྒྱར་ཁྲུ་དོ་པད་མ་ལ་སོར་དྲུག་ལས་མེད་པར་འགྱུར་ཞིང་གཞན་ རྣམས་ལ་ཡང་དེ་བཞིན་དུ་སྦྱར་བའི་གནོད་བྱེད་ཆར་ཆེན་བཞིན་དུ་དབབ་པར་བྱ་སྟེ། དབང་ལ་པད་མ་སོར་བཅུ་དང༌། དགུག་པ་ལ་སོར་ཉི་ཤུ་དང༌། རྨོངས་པ་ལ་སོར་བཅོ་ ལྔ་དང༌། རེངས་པ་ལ་སོར་སུམ་ཅུ་དང༌། ཞི་བ་དང་བསྐྲད་པ་ལ་ཁྲུ་ཕྱེད་ཕྱེད་དང༌། རྒྱས་ པ་ལ་ཁྲུ་གང་བར་ཧ་ཅང་ཐལ་བར་འགྱུར་ཏེ་ལས་སོ་སོ་པའི་ཐབ་བརྒྱད་ཀྱི་རྒྱ་དང་ མཐིལ་གྱི་པད་མ་མཉམ་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། པད་མ་དེ་རྣམས་ཀྱི་ཚད་ དེ་དང་དེ་ལས་ཉིས་འགྱུར་ཉིས་འགྱུར་དུ་གསུངས་པས་གནོད་པའི་ཕྱིར་རོ། །དེ་ལྟ་བས་ ན་ཤེས་བྱེད་རྣམ་དག་འགའ་ཙམ་ཡང་མེད་བཞིན་དུ་ལོག་པའི་ང་རྒྱལ་དང་རང་ བཟོས་བབ་ཅོལ་འདི་ལྟ་བུ་ནི་ཁྱི་སྨྱོན་བཞིན་དུ་མཁས་པ་རྣམས་ཀྱིས་སྤང་པར་རིགས་ སོ། །གཞན་ཡང་འགའ་ཞིག་ལས་ཀུན་ལ་ཐབ་ཁུང་དབུས་སུ་གཉིས་དང་ཕྱོགས་ མཚམས་སུ་གཉིས་ཏེ་བཞིར་འདོད་པ་ལ་ཡང་ཤེས་བྱེད་རྣམ་དག་མེད་ཅིང་གནོད་བྱེད་ རྣམ་དག་ཡོད་པའི་ཕྱིར་རྗེ་བཙུན་གྱི་དགོངས་པ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ནོ། །གལ་ ཏེ་འགའ་ཞིག་ན་རེ། ཡང་ན་ལས་ཀྱི་རྗེས་སུ་མཐུན་པས་བྱང་དང་དྲག་པོའི་ཟུར་རམ། གཞན་ཡང་དཀར་པོའི་ས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་རྡོ་རྗེ་འབར་བའི་ཕྱི་རོལ་ཏུ་ཁྲུ་ གཉིས་ཀྱི་བར་དུའོ་ཞེས་པ་འདིས་ཕྱོགས་མཚམས་སུ་བྱ་བའི་ལས་ཀུན་པ་བསྟན་ནོ་ཞེ་ 7-1-442 ན་མ་ཡིན་ཏེ། དེ་ནི་ལས་སོ་སོ་པའི་ཞི་རྒྱས་ཡིན་པའི་ཕྱིར་རོ། །ཅེས་མངོན་ཞེ་ན། བྱང་ དང་དྲག་པོའི་ཟུར་ངུ་དཀར་པོའི་ས་ལ་བྱ་བར་གསུངས་པའི་ཕྱིར་རོ། །ལས་ཀུན་པ་ ཡིན་ན་ནི་དབུས་སུ་ས་ལྗང་ཁུ་ལ་རིགས་ཏེ། ཐམས་ཅད་དུ་གྲོང་ལ་སོགས་པའི་དབུས་ སུ་བསོད་ནམས་ཀྱི་དོན་དུའོ། །ཞེས་པ་དང༌། ལས་ཀྱི་ཆ་ནི་ཐམས་ཅད་པ་ལ་ལྗང་ཁུར་ གྱུར་ཏེ། ལྔ་པ་དང་ནི་མཐའ་མ་དག་གི་རིགས། །ཞེས་པ་དང༌། མཐའ་དག་ཡོན་ཏན་ གཏེར་དེ་ནི་ནམ་མཁའི་ཁམས་ཀྱི་མཚན་ཉིད་དུ་རྣལ་འབྱོར་པས་རིག་པར་བྱའོ། །ཞེས་ དང༌། གྲོང་གི་དབུས་སུ་ལས་ཐམས་ཅད་པའི་དཀྱིལ་འཁོར་དང་ཐབ་དང་སྦྱིན་སྲེག་ལ་ སོགས་པ་སྔགས་པས་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། ། གཞན་ཡང༌། ཞི་བ་ལ་སོགས་རབ་དབྱེ་ལས། །སོ་སོའི་ཕྱོགས་ཀྱི་ཆ་ཡིས་ནི། །ཐབ་ ཁུང་རྣམ་བརྒྱད་རབ་གསུངས་དང༌། །དགུ་པ་ལས་ནི་ཐམས་ཅད་པ། །ཞེས་གསུངས་པ་ ལས་ཀྱང༌། ཕྱོགས་བརྒྱད་ཀྱི་ཐབས་གང་ཡིན་པ་རྣམས་ལས་རྐྱང་དང་དགུ་པ་ལས་ཀུན་ པའི་ཐབ་གང་ཡིན་པ་དེ་ནི། ཕྱོགས་ཀྱང་དགུ་པ་དབུས་ཀྱི་ཕྱོགས་སུ་བྱ་བར་བདེ་བླག་ ཏུ་རྟོགས་པ་ཉིད་དེ། ལྷུན་པོ་དང་དཀྱིལ་འཁོར་གྱི་ཕྱོགས་བཞི་ཁ་དོག་བཞིར་གནས་ ཀྱང་དབུས་ལྗང་ཁུར་གནས་པ་ཇི་ལྟ་བ་བཞིན་ནོ། །གཞན་ཡང་ལས་ཀུན་པའི་ཐབ་དང་ མེ་ལྷ་དང་གོས་ལ་སོགས་པ་ལྗང་ཁུར་གསུངས་པ་ནི་ངེས་པ་ཡིན་ལ། དེས་ཀྱང་བྱང་ དང་དབང་ལྡན་དུ་ཐབ་དཀར་པོ་ལ་ལས་ཀུན་པ་བྱེད་པར་འདོད་པས་སུན་ཕྱུང་བ་ ཡིན་ཏེ། ཐབ་དཀར་པོ་དང་མེ་ལྷ་ལྗང་ཁུ་ནི་རྣམ་པར་འཁྲུགས་པའོ། །གལ་ཏེ་ཐབ་འདི་ གཉིས་ཀྱང་ལྗང་ཁུར་བྱེད་དོ་ཞེ་ན། བྱེད་ལ་རག་མོད། ས་གཞི་དཀར་པོ་ཆུའི་བདག་ ཉིད་ལ་ཐབ་ལྗང་ཁུ་ནམ་མཁའི་བདག་ཉིད་བྱེད་ན་ཡང་ཆལ་ཆོལ་ཏེ། དེ་བཞིན་དུ། བྱང་དང་དབང་ལྡན་ཆུའི་ཁམས་ལ། ལས་ཀུན་པ་ནམ་མཁའི་ཁམས་ཀྱི་ཐབ་ལ་སོགས་ བྱེད་ན་ཡང་འཁྲག་འཁྲུགས་སོ། །གཞན་ཡང་དེ་གཉིས་ལ་ནང་ན་ཡེ་ཤེས་འཁོར་ལོ་ ཡོད་དམ་མེད། ཡོད་ན་ཐབས་དང་ཡེ་ཤེས་འཁོར་ལོ་མཉམ་པར་ཐལ་པའི་སྐྱོན་གྱིས་ གནོད་ལ། མེད་ན་ལས་ཀུན་པའི་ཐབ་ཏུ་ཇི་ལྟར་རུང་སྟེ་ལས་ཐམས་ཅད་པའི་སྐབས་སུ་ 7-1-443 ཡེ་ཤེས་འཁོར་ལོ་ནི་ཐམས་ཅད་དུ་སྙིང་པོར་ཏེ་ཞེས་གསུངས་པས་གནོད་པའི་ཕྱིར་ རོ། །དེས་ན་འཁྲགས་འཁྲུགས་ལ་སོགས་པའི་སྐྱོན་གྱིས་གང་ལ་གནོད་པ་དང་མི་གནོད་ པ་ནི་ནོར་བུ་ཆུ་དྭངས་ཀྱི་མན་ངག་མཐོང་ན་ཡང་གསལ་བར་འགྱུར་རོ། །ཁོ་བོ་ཅག་གི་ ལུགས་དེ་ལ་ནི་ལུང་རིགས་ཀྱི་གནོད་པ་ཅུང་ཟད་ཀྱང་མེད་མོད་ཀྱི་ཡ་གསལ་གཉིས་ནི་ དུས་ཀྱི་དབང་གིས་བཟློག་པ་དཀའ་སྟེ། དེ་ལྟར་ན་ཡང་ལུང་རིགས་དང་མི་མཐུན་པའི་ གཟུ་ལུམ་དང་རང་བཟོ་རྣམ་པ་མང་པོ་ནི་དུག་སྦྲུལ་བཞིན་དུ་བློ་ལྡན་གཟུ་བོར་གནས་ པ་རྣམས་ཀྱིས་འབད་དེ་སྤངས་ནས་ཤིན་ཏུ་རྣམ་པར་དག་པ་གོང་དུ་བསྟན་པའམ་ ནང་གི་མུན་སེལ་དུ་བསྟན་པ་ལྟར་ལེགས་པར་འདུས་བྱའོ། ། འདིར་གང་གི་ཚེ་བསོད་ནམས་ཀྱི་ཚོགས་ལ་དམིགས་ནས་ཞི་བ་ལས་ཀུན་པའི་ སྦྱིན་སྲེག་བྱེད་ན། ཤེལ་གྱི་སྣོད་དུ་ཆུ་གཙང་ལ་དྲི་བཟང་པོ་སྦྱར་བའི་མཆོད་ཡོན་ཀུ་ཤ་ དང་བཅས་པ། ཙན་དན་དཀར་པོའི་དྲི་བཟང་པོའི་མེ་ཏོག་དཀར་པོ་དང༌། བསིལ་བའི་ བདུག་སྤོས་དང༌། མར་དཀར་གྱི་སྣང་གསལ་དང༌། འོ་མ་དང་འབྲས་ཆན་གྱི་ཞལ་ཟས་ དང༌། སཱ་ལུ་མ་ཆག་པའི་འབྲས་བུ་དང༌། གོས་ཟུང་ལ་སོགས་པའི་མཆོད་རྫས་གཞན་ ཐམས་ཅད་ལྗང་ཁུ་དང༌། ཨུ་དུམ་བཱ་རའི་ཕུར་བུ་བཅུ་དང༌། ཨུ་དུམ་བཱ་ར་ལ་སོགས་པ་ འོ་མ་ཅན་གྱི་ཡམ་ཤིང་ལྔ་བརྒྱ་བཞི་བཅུ་དང༌། དུར་བ་འོ་མས་སྦགས་པའི་བསྲེག་རྫས་ དང༌། ཙན་དན་དང༌། ཨ་ཀ་རུ་དང༌། ཐང་ཤིང་ལ་སོགས་པ་དྲི་བཟང་པོའི་ཤིང་ངམ་འོ་ མ་ཅན་གྱི་བུད་ཤིང་དང་མར་གྱི་ཉིང་ཁུ་ཅི་མང་དང༌། དགང་གཟར་བླུགས་གཟར་ལ་ སོགས་པ་ལེགས་པར་འཚོགས་ནས་ཞི་བའི་ལས་ལ་བསྟན་པའི་དུས་ཀྱི་ངེས་པ་ལ་རྡོ་རྗེ་ སློབ་དཔོན་གོས་ལྗང་ཁུ་ལ་སོགས་པས་ཆས་སུ་ཞུགས་ཤིང༌། ཐབ་ཀྱི་ཤར་དུ་སློབ་དཔོན་ གྱི་གདན་ལ་སྐྱིལ་ཀྲུང་གི་འདུག་སྟེ། རྒྱས་བསྡུས་སྐབས་དང་སྦྱར་བའི་ལྷའི་རྣལ་འབྱོར་ དང་བདུད་བསྲེག་པའི་མཐར་ཁྲོ་བོའི་རྒྱལ་པོར་བསྒོམས་པའི་ཕུར་བུ་རྣམས་གནས་ བཅུའི་གདུག་པ་རྣམས་ལ་སྔགས་དང་བཅས་པས་གདབ་ཅིང་བརྡུང་བའི་སྔགས་དང་ རྡོ་རྗེ་ཐོ་བས་བརྡུངས་ནས་དེ་རྣམས་བསྲུང་བའི་དོན་དུ་ཁྲོ་རྒྱལ་བཙུན་མོར་བཅས་པ་ 7-1-444 རྣམས་སྔགས་ཀྱིས་བཀོད་དེ། ལྷ་ཁང་ནས་བླངས་པའི་མེ་ཙན་དན་ལ་སོགས་པའི་དྲི་ བཟང་པོའི་ཤིང་གིས་སྦར་ནས། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཅེས་པ་དང༌། ཀུ་ཤའི་རྩེ་མོས་མཆོད་ ཡོན་གྱི་སྣོད་ནས་དྲིའི་ཆུ་བླངས་པས་ཐབ་ཀྱི་ཕྱོགས་བཅུར་ཉེ་འཁོར་དང་མཆོད་རྫས་ དང་བསྲེག་རྫས་དང་ཡམ་ཤིང་དང་དགང་བླུགས་ལ་སོགས་པ་ཐམས་ཅད་དང་རང་ལ་ ཡང་བསང་གཏོར་བྱ་ཞིང༌། མ་དག་པ་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་པར་བསམ་ མོ། །དེ་ནས་ཐབ་ཁུང་མཆོད་སྦྱིན་གྱི་མེ་ལྷ་དང༌། རང་གི་སྙིང་གར་འདོད་པའི་མེ་ལྷ་ གསལ་གདབ་པར་བྱ་སྟེ། གཉིས་ཀ་སྐུ་མདོག་ལྗང་ཁུ་ཅུང་ཟད་བཞད་ཅིང་ཆགས་པའི་ སྐུ་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་ན་རྡོ་རྗེ་དང་བགྲང་ཕྲེང༌། གཡོན་གཉིས་ན་ དྲིལ་བུ་དང་པད་མ་འཛིན་ཅིང་མི་བསྐྱོད་པས་དབུ་བརྒྱན་པའི་རལ་པ་སེར་སྐྱ་སྤྱན་ དང་གོས་དམར་སེར་ཅན་པད་ཟླ་ལ་ཞབས་གཉིས་དཀྱིལ་ཀྲུང་གིས་བཞུགས་པ་དུས་མེ་ རྣམ་པར་དག་པའི་བདག་ཉིད་དུ་བསམ་པ་ལ། དེ་དག་གི་ཐུགས་ཀའི་ཟླ་བ་ལ་གནས་ པའི་ཛཿཡིག་ལས་བྱུང་པའི་རྡོ་རྗེ་ལྕགས་ཀྱུ་འོད་ཟེར་འཕྲོ་བས་རང་རང་གི་ཀུན་འགྲོ་ ཡེ་ཤེས་སེམས་དཔའ་དགུག་པའི་ཕྱིར། ཨོཾ་ཨེ་ཧི་ཨེ་ཧི་མཧཱ་བྷུ་ཏ་དེ་བ་རི་ཥི་དྭི་ཛ་པད་ མ་གྲི་ཧཱི་ཏྭཱ་ཡཱུ་དྷཾཾ་མཧཱ་རསྨི་ཨ་སྨིན་སཾ་ནི་ཧི་ཏོ་བྷ་བ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་ པས་མཆོད་སྦྱིན་གྱི་མེ་སྤྱན་དྲངས་ནས། ཛཿཧཱུཾ་བཾ་ཧོཿ ཞེས་པ་དང༌། རྡོ་རྗེ་ལྕགས་ཀྱུ་ལ་ སོགས་པའི་ཕྱག་རྒྱས་དམ་ཚིག་པ་ལ་དགུག་གཞུག་བཅིང་དང་མཉེས་པར་བྱ་སྟེ་ཐབ་ ཁུང་དུའོ། ། དེ་ནས། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཨག་ནི་བཛྲ་སཏྭ་སརྦ་པ་པཾ་ད་ཧ་ད་ཧ་ སྭཱཧཱ། ཞེས་པས་འདོད་པའི་མེ་ལྷ་ཀུན་ཏུ་དགའ་བ་ཡེ་ཤེས་ཀྱི་མེ་སད་ཅིང་རྟོགས་པར་ བྱས་ནས། ཛཿཧཱུཾ་བཾ་ཧོཿ ཞེས་སོགས་ཀྱིས་སྙིང་གའི་དམ་ཚིག་པ་ལ་དགུག་གཞུག་བཅིང་ དང་མཉེས་པར་བྱས་ནས་དབུགས་ཕྱིར་འབྱུང་བ་དང་ལྷན་ཅིག་ཅེས་པ་ལ་སོགས་པ་ ཐལ་བས་སེམས་ཅན་ལ་ཕན་གདགས་པའི་མཐར་ཐུག་པ་ཞི་བའི་སྦྱིན་སྲེག་ཏུ་བསྟན་ པ་ལྟར་བྱ་སྟེ། འདི་ནི་ཞི་བ་ལས་ཀུན་པའོ། ། རྒྱས་པ་ལས་ཀུན་པ་ལ་ཡང་འདི་དང་ཕལ་ཆེར་མཚུངས་མོད་ཀྱི། འོན་ཀྱང་འདིར་ 7-1-445 མཆོད་ཡོན་གྱི་སྣོད་དངུལ་ལས་བྱས་པ་དང་ཞོ་དང་འབྲས་ཆན་གྱི་ཞལ་ཟས་དང་འབྲུ་ ལྔ་མར་གྱིས་སྦགས་པའི་བསྲེག་རྫས་དང༌། རྒྱས་པའི་ལས་ལ་བསྟན་པའི་དུས་ཀྱི་ངེས་པ་ ལ། རྡོ་རྗེ་སློབ་དཔོན་ཐབ་ཀྱི་ཤར་དུ་རྡོ་རྗེའི་གདན་གྱི་འདུག་སྟེ་ལྷའི་རྣལ་འབྱོར་དང༌། བདུད་བསྲེག་པ་དང་ཕུར་བུས་གདབ་ཅིང་བསྲུང་བ་བྱས་པའི་མཐར། སྔ་མ་ལྟར་མེ་ སྦར་ནས་བསང་གཏོར་བྱས་ཏེ་མེ་གསུམ་སྤྱན་དྲང་བ་ལ་སོགས་པ་སྔ་མ་ལྟར་བྱས་ནས་ མཆོད་ཅིང་བསྟོད་དེ། བྱང་ཆུབ་ཤིང་དང༌། དཔག་བསམ་ཤིང་དང༌། རིན་པོ་ཆེ་ལ་ སོགས་པ་འཇིག་རྟེན་ན་ཇི་སྙེད་ཡོད་པའི་མཆོད་རྫས་བཟང་དགུ་དང༌། དེ་ལས་ཀྱང་བྱེ་ བ་ཕྲག་འབུམ་འགྱུར་གྱིས་ལྷག་པ་ཙམ་དུ་དངོས་སུ་འབྱོར་བའི་མཆོད་རྫས་རྣམས་བྱིན་ གྱིས་རླབས་ཏེ་ཕུལ་བས་མཉེས་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་དང་བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་ལ་སོགས་པ་ཚོགས་གཉིས་ཀྱིས་བསྡུས་པའི་དགེ་བའི་ཕྱོགས་ཀུན་འཕེལ་ཞིང་ རྒྱས་པར་བསམས་པས་རྒྱས་པར་གྱུར་ཅིག །སྙམ་པ་དང་རྒྱས་པར་མཛད་དུ་གསོལ། ཞེས་རྩེ་གཅིག་ཏུ་གསོལ་བ་འདེབས་པའི་བསམ་པ་དང་ལྡན་བཞིན་པས། ཨོཾ་ཨཱཿཧཱུཾ་ ཧོཿཧཾ་ཀྵཿསྭཱཧཱ། ཞེས་སོགས་ཀྱིས་འབུལ་བ་ཐམས་ཅད་སྔ་མ་བཞིན་ཏེ། འོན་ཀྱང་འདིར་ ཁྱིམ་བདག་གི་མེའི་ལྕེ་ནི་ཉི་མའི་ལྕེ་ལ་འབུལ་བ་དང་མེ་ལྷ་ཡང་སྒྲ་གཅན་རྣམ་པར་ དག་པའི་བདག་ཉིད་རྡོ་རྗེའི་གདན་གྱིས་བཞུགས་པར་བསམ་ཞིང་གཤེགས་གསོལ་གྱི་ བར་དུ་ཡང་སྔ་མ་ལྟར་བྱས་ནས་དགེ་བའི་ཕྱོགས་དང་དཀར་པོའི་ཕྱོགས་དང་ཐར་ པའི་ཕྱོགས་ཀུན་འཕེལ་ཞིང་རྒྱས་པའི་སྨོན་ལམ་རྒྱ་ཆེར་འདེབས་པ་དང༌། སྔ་ཕྱི་ཐམས་ ཅད་སེམས་བསྐྱེད་དེ་འདྲ་བ་ཁོ་ནས་ཟིན་པར་བྱ་སྟེ། རྒྱས་པ་ལས་ཀུན་པའི་སྦྱིན་སྲེག་ གོ ། འདི་ཡང་གཡའ་བཟང་རིན་པོ་ཆེ་བ་ལ་སོགས་པ་དགེ་བའི་བཤེས་གཉེན་བཟང་ པོ་རྣམས་དང༌། སྭི་དུ་ཆེན་པོ་ལ་སོགས་པ་སློབ་མ་དད་གུས་ཅན་རྣམས་ཀྱིས་བསྐུལ་ ནས། རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་བཀོད་པ་སྟེ། འདིའི་དགེ་བ་ལ་བརྟེན་ནས་ ཀྱང་སེམས་ཅན་ཐམས་ཅད་ཀྱི་ཕྱི་ནང་གློ་བུར་དྲི་མའི་ཡམ་ཤིང་དང་བསྲེག་རྫས་ 7-1-446 ཐམས་ཅད་ཞུ་བདེ་ལྷན་སྐྱེས་ལམ་བདེན་ཡེ་ཤེས་ཀྱི་མེས་བསྲེགས་ནས། གཞན་མཆོག་ བདེ་གཤེགས་སྙིང་པོ་རང་བཞིན་ལྷན་སྐྱེས་མཁའ་ཁྱབ་མཁའི་རྡོ་རྗེ་ཅན་མྱུར་དུ་ཐོབ་ པར་གྱུར་ཅིག། །།ཡི་གེ་པ་ནི་བཅོམ་ལྡན་རྡོ་རྗེ་སྙིང་པོའོ། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞུས། ཤུབྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 7-1-447 ༄༅། །ཞི་རྒྱས་ལས་རྐྱང་གི་སྦྱིན་སྲེག་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ དཔལ་ལྡན་བླ་མ་དམ་པ་དང་ཡེ་ཤེས་མེ་ལྕེ་འོད་རབ་གསལ་ ལ་ཕྱག་འཚལ་ལོ། །འདིར་རྡོ་རྗེ་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེ་མཚན་ཉིད་དང་ལྡན་པ་ དག །ལས་སོ་སོ་བ་དང་ཐམས་ཅད་པའི་ཆོ་གའི་ངེས་པ་ཇི་སྙེད་པ་ལེགས་པར་རྟོགས་ ནས། ཞི་རྒྱས་ལས་རྐྱང་གི་སྦྱིན་སྲེག་བྱ་བར་འདོད་ན། དཀྱིལ་འཁོར་དང་གྲོང་ལ་སོགས་ པའི་དབང་ལྡན་དང་བྱང་དུ་ས་གཞི་དཀར་པོ་ལ་ཞི་བའི་ཐབ་ཟླུམ་པོ་ཁྲུ་གང་བ་དང༌། རྒྱས་པའི་ཐབ་གྲུ་བཞི་ཁྲུ་དོ་བ་མཆུ་ཁ་ཁྱེར་ཕྱི་རོལ་ཕྱོགས་མདོག་གི་མཐར་རེ་ཁཱ་གསུམ་ ལ་སོགས་པ་ལས་རབ་འབྱམས་སུ་བསྟན་པ་ལྟར་བྱ་ཞིང༌། དེ་ཡང་དཀྱིལ་འཁོར་དང་ འགྲེལ་པ་ན་རྡོ་རྗེ་མེ་འོད་ལས་ཁྲུ་དོ་སྤངས་པར་རོ། །གང་གི་ཚེ་ནད་དང་གདོན་དང་ སྡིག་པ་དང་བཀྲ་མི་ཤེས་པ་དང་ཉེས་ལྟུང་ལ་སོགས་པ་བར་དུ་གཅོད་པ་རྣམས་ཞི་བར་ འདོད་པ་དེའི་ཚེ་ཞི་བའི་ལས་ལ་བསྟན་པའི་མཆོད་ཡོན་ཀུ་ཤ་དང་བཅས་པ་དང༌། ཙན་དན་དཀར་པོའི་བྱུག་པ་དང༌། མེ་ཏོག་དཀར་པོ་དྲི་ཞིམ་པོ་དང༌། བསིལ་བའི་ བདུག་སྤོས་དང༌། རྩི་མར་གྱི་སྣང་གསལ་དང༌། འོ་མ་དང་འབྲས་ཆན་གྱི་ཞལ་ཟས་དང༌། སཱ་ལུ་མ་ཆག་པའི་འབྲས་བུ་དང༌། གོས་ཟུང་ལ་སོགས་པ་མཆོད་རྫས་གཞན་ཐམས་ཅད་ དཀར་པོ་དང༌། ནྱ་གྲོ་དྷའི་ཕུར་བུ་བཅུ་དང༌། ཨུ་དུམ་བཱ་ར་ལ་སོགས་པ་འོ་མ་ཅན་གྱི་ ཡམ་ཤིང་སྲིད་དུ་ཁྲུ་ཕྱེད་པ་སྦོམས་སུ་སོར་མོའི་ཚད་དེ། མཐེ་ཆུང་ལས་མི་ཕྲ་ཞིང་མཐེ་ བོ་ལས་མི་སྦོམ་པ་ལྔ་བརྒྱ་བཞི་བཅུ་དང༌། དུར་བ་འོ་མས་སྦགས་པའི་བསྲེག་རྫས་དང༌། འོ་མ་ཅན་གྱི་བུད་ཤིང་དང༌། མར་གྱི་ཉིང་ཁུ་ཅི་མང་དང༌། དགང་གཟར་བླུགས་གཟར་ ལ་སོགས་པ་ལེགས་པར་ཚོགས་ནས། སྤྱིར་ཀར་ཀོ་ཊ་དང་སེང་གེའི་ཁྱིམ་དུ། ཁྱད་པར་ སྦྱིན་སྲེག་ཐུན་ཚོད་གཅིག་ཏུ་བྱེད་ན་སྐྱ་རིངས་ཤར་བ་དང་ཐུན་ཕྱེད་གཅིག་ཏུ་བྱེད་ན། དེ་དང་དམར་རིངས་ནུབ་པ་ནས་བརྩམས་ཏེ་གོས་དཀར་པོ་ལ་སོགས་པས་ཆས་སུ་ ཞུགས་པའི་སློབ་དཔོན་ཐབ་ཁུང་གི་ལྷོར་སྐྱིལ་ཀྲུང་གིས་འདུག་སྟེ། མེ་ལྷ་ལ་མངོན་དུ་ 7-1-448 ཕྱོགས་ཤིང་དཀྱིལ་འཁོར་གྱི་གཙོ་བོ་ལ་གཡོན་གྱི་ཕྱོགས་པས་ལྷའི་རྣལ་འབྱོར་དང་ བདུད་བསྲེག་པའི་མཐར་ཁྲོ་བོའི་རྒྱལ་པོར་བསྒོམས་པའི་ཕུར་བུ་རྣམས་གནས་བཅུའི་ གདུག་པ་རྣམས་ལ་སྔགས་དང་བཅས་པས་གདབ་ཅིང་བརྡུང་བའི་སྔགས་དང་རྡོ་རྗེ་ཐོ་ བས་བརྡུངས་ནས་དེ་རྣམས་བསྲུང་བའི་དོན་དུ་ཁྲོ་རྒྱལ་བཙུན་མོར་བཅས་པ་རྣམས་ སྔགས་ཀྱིས་བཀོད་དེ། བྲམ་ཟེའི་ཁྱིམ་ནས་བླངས་པའི་མེ་འོ་མ་ཅན་གྱི་ཤིང་གིས་སྦར་ ནས། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཅེས་པ་དང༌། ཀུ་ཤའི་རྩེ་མོས་མཆོད་ཡོན་གྱི་སྣོད་ནས་དྲིའི་ཆུ་ བླངས་པས་ཐབ་ཁུང་ཉེ་འཁོར་དང་བཅས་པ་དང་མཆོད་རྫས་དང་བསྲེག་རྫས་དང་ ཡམ་ཤིང་དང་དགང་བླུགས་ལ་སོགས་པ་ཐམས་ཅད་དང་རང་ལ་ཡང་བསང་གཏོར་བྱ་ ཞིང་མ་དག་པ་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་པར་བསམ་མོ། ། དེ་ནས་ཐབ་ཁུང་དུ་མཆོད་སྦྱིན་གྱི་མེ་ལྷ་དང་རང་གི་སྙིང་ཁར་འདོད་པའི་མེ་ལྷ་ གསལ་གདབ་པར་བྱ་སྟེ་གཉིས་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་ གཉིས་ན་པད་མ་དང་ཤེལ་གྱི་བགྲང་ཕྲེང༌། གཡོན་གཉིས་ན་རིལ་བ་དང་དུང་འཛིན་ ཅིང་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པ་ན་བཟའ་དཀར་པོ་ཅན་པད་ཟླ་ལ་ཞབས་ གཉིས་སྐྱིལ་ཀྲུང་གིས་བཞུགས་པ་ཟླ་བ་རྣམ་པར་དག་པའི་བདག་ཉིད་དུ་བསམ་པ་ལ་ དེ་དག་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་བཀུག་པའི་རང་རང་གི་ཡེ་ཤེས་ སེམས་དཔའ་དང་རོ་མཉམ་དུ་བྱ་བའི་ཕྱིར། ཨོཾ་ཨེ་ཧི་ཨེ་ཧི་མཧཱ་བྷུ་ཏཱ་དེ་བ་རི་ཥི་དྭི་ཛ་ པད་མ་གྲི་ཧཱི་ཏྭཱ་ཡུ་དྷཾ་མཧཱ་རསྨི་ཨ་སྨིན་སཾ་ནི་ཧི་ཏོ་བྷ་བ་བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་པས་མཆོད་སྦྱིན་གྱི་མེ་སྤྱན་དྲངས་ནས། ཛཿཧཱུཾ་བཾ་ཧོཿ ཞེས་པ་དང༌། རྡོ་རྗེ་ལྕགས་ཀྱུ་ ལ་སོགས་པའི་ཕྱག་རྒྱས་དམ་ཚིག་པ་ལ་དགུག་གཞུག་བཅིང་དང་མཉེས་པར་བྱས་ཏེ་ ཐབ་ཁུང་དུའོ། ། དེ་ནས། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཨག་ནི་བཛྲ་སྭཧཱ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱཧཱ། ཞེས་པས་འདོད་པའི་མེ་ལྷ་ཀུན་ཏུ་དགའ་བ་ཡེ་ཤེས་ཀྱི་མེ་སད་ཅིང་རྟོགས་པར་བྱས་ ནས། ཛཿ ཧཱུཾ་བཾ་ཧོཿ ཞེས་སོགས་ཀྱིས་སྙིང་གའི་དམ་ཚིག་པ་ལ་དགུག་གཞུག་བཅིང་དང་ 7-1-449 མཉེས་པར་བྱའོ། །དེ་ནས་དབུགས་ཕྱིར་འབྱུང་བ་དང་སྙིང་གའི་མེ་ལྷ་དེ་ཉིད་རྡོ་རྗེ་ཁུ་ ཚུར་མཐེ་བོས་མནན་པའི་ཕྱག་རྒྱས་ཐབ་ཁུང་དུ་པད་མའི་ལྟེ་བ་ལ་ཁྱབ་བྱེད་དུ་ཞུགས་ པར་བྱ་སྟེ། དེ་ལྟར་ཀུན་འགྲོ་ཡེ་ཤེས་སེམས་དཔའ་མཁའ་ཁྱབ་མཁའི་རྡོ་རྗེ་ཅན་ཡེ་ཤེས་ མེ་ལྕེ་འོད་རབ་གསལ་དེ་ཉིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིན་པའི་ཕྱིར་ མཐར་ཐུག་གི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ཐམས་ཅད་ འདུས་པའི་བདག་ཉིད་ཡིན་པ་དྲན་པར་བྱའོ། ། དེ་ནས། ཨོཾ་བཛྲ་ཨ་ན་ལ་སརྦ་བྷུ་ཏཱ་ན་ཛ་ལ་སརྦཱན་བྷསྨི་ཀུ་རུ་སརྦ་ཛ་ན་ཏུཥྟན་ཧཱུཾ་ ཕཊ་སྭཱཧཱ། ཞེས་པས་གཟའ་བདུན་གྱི་བདག་པོ་རྟ་བདུན་པའི་ཤིང་རྟ་ཅན་ཁྱིམ་བདག་ གི་མེ་གཟའ་བདུན་གྱི་ལྕེ་དང་ལྡན་པ་སྤྱན་དྲངས་ནས་མེ་གསུམ་ལྷན་ཅིག་བཞུགས་ པར་བྱ་སྟེ། དེ་ལྟར་མཆོད་སྦྱིན་གྱི་མེ་དང་ཁྱིམ་བདག་གི་མེ་ནི་ཀུན་རྫོབ་ཀྱི་མེ་དེ་ཁྱབ་ པར་བྱ་བའོ། །བདེན་པ་ཡེ་ཤེས་ཀྱི་མེ་ནི་དོན་དམ་པའི་མེ་མཐར་ཐུག་སྐྱབས་གནས་ དང་མཆོད་ཡུལ་དང་ཐོབ་བྱ་བླ་ན་མེད་པ་སྟེ་ཁྱབ་པར་བྱེད་པའོ། ། དེས་ན་སྦྱིན་སྲེག་ཐམས་ཅད་དེ་ཐོབ་པའི་དོན་དུ་བྱ་ཞིང༌། གཞན་ཡང་ཡོན་ གནས་དམ་པ་གང་ཡིན་པ་དང་གང་ན་བཞུགས་པ་ཐམས་ཅད་མཆོད་ཡུལ་དུ་སྤྱན་ དྲངས་ནས་དབང་དུ་བྱ་བའི་བསམ་པས་རྡོ་རྗེ་དྲིལ་བུ་བཀྲོལ་ཞིང༌། ཛཿཧཱུཾ་བཾ་ཧོཿ ཞེས་ པ་ཡང་བརྗོད་དོ། །དེ་ནས། ཨོཾ་པྲ་ཝ་ར་སད་ཀཱ་རཾ་མཧཱ་རསྨིན་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་ པས་མཆོད་ཡོན་ཕུལ་ནས། ཨོཾ་བཛྲ། ཞེས་པའི་མཐར། གནྡྷཾ། པུཥྤཾ། དྷཱུ་པཾ། པྲ་ཏི་པཾ། ནཻ་བེ་ ཏྱཾ། ཨཀྵ་ཏཾ། ལཱ་སྱ། ཧཱ་སྱཾ། བཱ་ཏྱཾ། ནྲི་ཏྱཾ། གཱི་ཏཾ། ཀཱ་མཾ། ཞེས་པ་རྣམས་ལ། པྲ་ཏཱིཙྪ་སྭཱཧཱ། ཞེས་ སོ་སོར་སྦྱར་ནས། མཆོད་པ་རབ་འབྱམས་དབུལ་ཞིང༌། གཞན་ཡང་གོས་ཟུང་དང་ནང་ མཆོད་ལ་སོགས་པས་ཀྱང་མཆོད་དེ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་ སྲས། །ཞེས་སོགས་དང༌། ཕུང་པོ་ཁམས་ཀྱི་ཡམ་ཤིང་སོགས། །བསྲེག་པ་ཐམས་ཅད་ གསོལ་བ་གང༌། །ཡེ་ཤེས་མེ་དེ་ལ་ཕྱག་འཚལ། །ཞེས་པའམ། མཆོག་སྦྱིན་རྡོ་རྗེ་མཆོག་ ཁྱོད་བདུད། །ཅེས་སོགས་བསྟོད་པ་རྒྱས་བསྡུས་གང་ཡང་རུང་བ་དང༌། གླིང་རྣམས་མུན་ 7-1-450 པས་ཁེབས་པ་སེལ་མཛད་ཅིང༌། ། ཅེས་སོགས་ཀྱིས་བསྟོད་ནས། བྱང་ཆུབ་ཤིང་དང་ དཔག་བསམ་ཤིང་དང་རིན་པོ་ཆེ་ལ་སོགས་པ་འཇིག་རྟེན་ན་ཇི་སྙེད་ཡོད་པའི་མཆོད་ རྫས་བཟང་དགུ་དང༌། དེ་ལས་ཀྱང་བྱེ་བ་ཕྲག་འབུམ་འགྱུར་གྱིས་ལྷག་པ་ཙམ་དུ་དངོས་ སུ་འབྱོར་བའི་མཆོད་རྫས་རྣམས་བྱིན་གྱིས་བརླབས་ཏེ་ཕུལ་བས་མཉེས་ནས་ཉེས་ལྟུང་ ལ་སོགས་པ་སྒྲིབ་པ་གཉིས་ཀྱིས་བསྡུས་པའི་འགལ་རྐྱེན་བར་ཆད་མི་མཐུན་ཕྱོགས་ཀུན་ ཞི་བར་བསམ་ཞིང་ཞི་བར་གྱུར་ཅིག་སྙམ་པ་དང་ཞི་བར་མཛད་དུ་གསོལ། ཞེས་རྩེ་ གཅིག་ཏུ་གསོལ་བ་འདེབས་པའི་བསམ་པ་དང་ལྡན་བཞིན་པས། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ ཀྵཿསྭཱཧཱ། ཞེས་པས་ཡམ་ཤིང་མར་གྱིས་སྦགས་པ་བརྒྱ་རྩ་བརྒྱད་དང༌། ཨོཾ་ཧྐྵྨླྺྼྻ⁽14bb⁾་ སྭཱཧཱ། ཞེས་པས་དགང་གཟར་མར་གྱིས་བཀང་བའི་དགང་བླུགས་བརྒྱ་རྩ་བརྒྱད་དམ་ ཅི་འབྱོར་བ་དང༌། དུར་བ་འོ་མས་སྦགས་པའི་བསྲེག་རྫས་བརྒྱ་རྩ་ བརྒྱད་དམ། ཇི་ལྟར་རིགས་པ་རྣམས་ཡོན་གནས་དམ་པ་རྣམས་ལ་དད་གུས་མཆོག་གི་ བསམ་པ་དང༌། ཆེར་དུ་བྱ་བ་མཁའ་ཁྱབ་སེམས་ཅན་ལ་སྙིང་རྗེ་ཆེན་པོའི་བསམ་པ་ དང༌། ཐམས་ཅད་རང་བཞིན་མེད་པ་རྨི་ལམ་ལྟ་བུར་རྟོགས་པའི་ཤེས་རབ་དང་ལྡན་ པས་དབུལ་བར་བྱ་སྟེ། འདིར་ཁྱིམ་བདག་གི་མེ་ལྕེ་ནི་ཟླ་བའི་ལྕེ་ལའོ། ། སླར་ཡང༌། ཨོཾ་ཧྲཱཾ་ཧྲཱིཾ་ཧྲྼྀཾ་ཧྲཱིཾ་ཧྲླཱྀཾ་ཧྲཱཿསྭཱཧཱ། ཞེས་པ་ཡམ་ཤིང་བརྒྱ་རྩ་བརྒྱད་ཀྱི་མཐར་ དགང་བླུགས་བསྲེག་རྫས་སྔར་བཞིན་དབུལ་ཞིང༌། ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ ཨཱཿསྭཱཧཱ། ཞེས་པས་རྒྱལ་བ་ཡབ་ཡུམ་ཐམས་ཅད་ལ་ཡམ་ཤིང་བརྒྱ་རྩ་བརྒྱད་དང༌། ཨོཾ་ ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿསྭཱཧཱ། ཞེས་པས་རྒྱལ་སྲས་ཡབ་ཡུམ་ཐམས་ ཅད་ལ་ཡམ་ཤིང་བརྒྱ་རྩ་བརྒྱད་དང༌། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཱ་སྭཱཧཱ། ཞེས་ པས་ཁྲོ་རྒྱལ་ཡབ་ཡུམ་ཐམས་ཅད་ལ་ཡམ་ཤིང་བརྒྱ་རྩ་བརྒྱད་དབུལ་ཞིང་དེ་རྣམས་སོ་ སོའི་མཐར་ཡང་དགང་བླུགས་དང་བསྲེག་རྫས་སྔར་བཞིན་དུ་དབུལ་བ་དང་སྔགས་ རྣམས་ཀྱང་སོ་སོར་བརྒྱ་རྩ་བརྒྱད་ཟློས་པ་དང་འཁོར་ན་གང་ཡོད་རྣམས་ཀྱིས་ཀྱང་ བཟླས་པར་བྱ་སྟེ། དེ་ལྟར་མཆོད་རྫས་གང་དང་གང་འབུལ་བ་དེ་དང་དེའི་དམིགས་ 7-1-451 རྐྱེན་ལ་བརྟེན་ནས་རྒྱ་ཆེན་རབ་འབྱམས་ཕུན་སུམ་ཚོགས་པའི་མཆོད་རྫས་བཟང་དགུ་ ཐམས་ཅད་ཡོན་གནས་དམ་པ་རེ་རེ་ལ་ཡང་ཚད་མེད་ཅིང་དཔག་ཏུ་མེད་པ་གཞལ་དུ་ མེད་པ་དུས་ཐམས་ཅད་དུ་རང་ གཞན་ཐམས་ཅད་ཀྱིས་དད་ཅིང་གུས་པས་འབུལ་བའི་བློའི་སྟོབས་དང་ཆུན་ཤིན་ཏུ་ཆེ་ བ་མན་ངག་ལྟར་བྱ་ཞིང༌། སླར་ཡང་ཕྱི་ནང་གི་མཆོད་པས་མཆོད་ནས། འཇིག་རྟེན་ དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌ་ཀིས་དབང་བསྐུར་ བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་ པར་འདུད། ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་ མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །ཉོན་ མོངས་བསྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་ རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིངས། །བདུད་རྩིའི་བཅུད་ ལྡན་གན་དྷེ་བསྣམས། ། ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་ པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པ་དང༌། གང་ལ་ཐོག་མཐའ་དབུས་མེད་ཅེས་ སོགས་སམ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི། ཞེས་སོགས་པའམ། རྣམ་པར་ བཅས་ཀྱང་རྣམ་མེད་བཅོམ་ལྡན་འདས་མ། ཞེས་སོགས་རྒྱས་བསྡུས་གང་མོས་དང༌། གླིང་རྣམས་མུན་པས་ཁེབས་པ་སེལ་མཛད་ཅིང༌། །རྩི་ཤིང་མེ་ཏོག་འབྲས་སོགས་སྨིན་ མཛད་ནས། །འགྲོ་མང་ཉེར་འཚོའི་རྟེན་དུ་གང་གྱུར་པ། །གཟའ་བདུན་བདག་པོ་ཁྱྀམ་ བདག་མེ་ལ་བདུད། །ཅེས་པ་རྣམས་ཀྱིས་མེ་གསུམ་ལ་རིམ་པ་ལྟར་བསྟོད་ཅིང༌། འཁོར་ དང་བཅས་པ་རྣམས་ལ་གཏོར་མ་ཡང་ཕུལ་ནས། བཀྲ་ཤིས་པར་བྱ་བའི་ཕྱིར་ཟན་དང་ ཆུ་བཟུང་སྟེ། ཨོཾ་བྷུ་ར་བྷུ་བཿསྭཱཧཱ། ན་མོ་དྷཱེ་བི་བྷྱཿ སྭ་སྟི་པྲ་ཛཱ་བྷྱཿ སྭ་ཏ་རཱ་ཛ་བྷྱཿ སྭ་དྷཱ་བི་ ཏྲི་བྷྱཿ ཨ་ལཾ་བྷུ་ཏེ་བྷྱཿ བ་ཥཊ་ཨིན་ཏྲཱ་ཡ། ཞེས་བརྗོད་ཅིང་ཟན་དང་ཆུ་ཕྱི་རོལ་ཏུ་ གཏོར་རོ། །རྒྱས་པར་ནི། བཀྲ་ཤིས་དགེ་ལེགས་སམ། སྟེང་ན་བྱང་ཆུབ་སེམས་དཔའ་ 7-1-452 གང་དག་ཅེས་སོགས་སམ་བཀྲ་ཤིས་ཀྱི་ཚིགས་བཅད་གཞན་ཡང་གང་འོས་བརྗོད་ཅིང༌། བཀྲ་ཤིས་པའི་ཆོ་ག་རྒྱས་པར་བྱས་པའི་མཐར། བསང་གཏོར་བྱས་ཏེ། སླར་ཡང་དཀྱིལ་ འཁོར་གྱི་ཁང་པར་ཞུགས་ནས། ཨོཾ་ཨཱཿཧཱུཾ་ཀཱ་ཡ་ཝཱཀ་ཙིཏྟ་སྭ་བྷཱ་ཝ་ཤུདྡྷ་སྭཱཧཱ། ཞེས་པས་ མེ་ལྷ་རྣམས་ལ་ཡང་ཀུ་ཤའི་ཆུས་བསང་གཏོར་བྱས་ནས། མ་དག་པའི་སྐྱོན་ཐམས་ཅད་ བསལ་བར་བསམ་མོ། ། དེ་ནས། མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་ཀྱིས་བཟོད་པར་གསོལ་ ཞིང༌། ཡི་གེ་བརྒྱ་པ་ཅི་མང་བཟླས་ཏེ། འདོད་པའི་དངོས་གྲུབ་ཞུས་ནས། ཨོཾ་ཛཿ གཙྪ་ གཙྪ་མཧཱ་རསྨི་སྭ་སྠཱ་ནཾ་སཾ་ཏྲིབ་ཏོ་ཧོཿབུ་ན་རཱ་ག་མི་ཥྱ་སི་དེ་བཱ་སྱ་ཡ་ད་ཨཱ་ཧྭཱ་ན་ཡ་མི་ སྭཱཧཱ། ཞེས་པས་དབུགས་ནང་དུ་འཇུག་པ་དང༌། ལྷན་ཅིག་ཡེ་ཤེས་ཀྱི་མེ་རང་གི་སྙིང་ གར་གཤེགས་སུ་གསོལ་ཞིང༌། གཞན་དག་ཀྱང་རང་རང་གནས་སུ་གསོལ་ཏེ། གང་ འདོད་པའི་བསྔོ་བ་སྨོན་ལམ་རྒྱས་པར་བཏབ་ནས། ཆུ་དང་སྐམ་ལ་གནས་པའི་སེམས་ ཅན་རྣམས་ལ་ཐལ་བའི་བྱིན་བརླབས་ཀྱིས་ཀྱང་ཕན་གདགས་པར་བྱ་སྟེ། འདི་ནི་ཞི་ བའི་སྦྱིན་བསྲེག་གོ ། རྒྱས་པ་ལ་ཡང་འདི་དང་ཕལ་ཆེར་མཚུངས་མོད་ཀྱི། འོན་ཀྱང་འདིར་རྒྱས་པའི་ ལས་ལ་བསྟན་པའི་མཆོད་ཡོན་ཀུ་ཤ་དང་བཅས་པ་དང་ཞོ་དང་འབྲས་ཆན་གྱི་ཞལ་ ཟས་དང༌། འབྲུ་ལྔ་མར་གྱིས་སྦགས་པའི་བསྲེག་རྫས་དང༌། ཨ་ཤྭད་ཐའི་ཕུར་བུ་དང་ འཁྲིག་པ་དང༌། བུ་མོའི་ཁྱིམ་དུ་དང༌། ཐུན་ཚོད་གཅིག་ཏུ་བྱེད་ན་ཉིན་མོའི་ཐུན་ཚོད་ གཉིས་པ་ཁོ་ན་དང༌། ཐུན་ཕྱེད་གཅིག་ཏུ་བྱེད་ན་ཉིན་མོའི་ཐུན་ཕྱེད་གཉིས་པ་དང༌། མཚན་མོའི་ཐུན་ཕྱེད་གཉིས་པ་ལ་རྒྱས་པའི་ཐབ་ཀྱི་བདེན་བྲལ་དུ་སློབ་དཔོན་གྱི་ གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་སྟེ། དཀྱིལ་འཁོར་གྱི་གཙོ་བོ་ལ་གཡས་ཀྱི་ཕྱོགས་པ་ དང༌། མེ་ལྷའི་ཕྱག་བཞི་ན་འཁོར་ལོ་དང་མུ་ཏིག་གི་བགྲང་ཕྲེང༌། པད་མ་དང་སྦྱི་ བླུགས་འཛིན་ཅིང་ཉི་མ་རྣམ་པར་དག་པའི་བདག་ཉིད། རྡོ་རྗེ་གདན་གྱིས་བཞུགས་པ་ དང༌། ཁྱིམ་བདག་གི་ལྕེ་ཡང་ཉི་མའི་ལྕེ་ལ་འབུལ་བ་རྣམས་ནི་འདིའི་ཁྱད་པར་གྱི་ཆོས་ 7-1-453 སུ་ཤེས་པར་བྱ་ཞིང༌། གཞན་ཡང་ལྷའི་རྣལ་འབྱོར་དང་བདུད་བསྲེག་པའི་མཐར། ཞེས་ པ་ནས། དངོས་སུ་འབྱོར་བའི་མཆོད་རྫས་རྣམས་བྱིན་གྱིས་བརླབས་ཏེ་ཕུལ་བས་མཉེས་ ནས། ཞེས་པའི་བར་དུ་སྔ་མ་ལྟར་བྱ་ཞིང༌། འདིར་དེ་རྣམས་ཕུལ་བས་མཉེས་ནས་ཚེ་ དང་སྟོབས་དང་དབང་ཕྱུག་དང་དཔལ་དང་དགེ་བའི་ཕྱོགས་ཀུན་འཕེལ་ཞིང་རྒྱས་ པར་བསམ་པས་དེ་རྣམས་རྒྱས་པར་གྱུར་ཅིག་སྙམ་པ་དང་རྒྱས་པར་མཛད་དུ་གསོལ། ཞེས་རྩེ་གཅིག་ཏུ་གསོལ་བ་འདེབས་པའི་བསམ་པ་དང་ལྡན་བཞིན་པས། ཨོཾ་ཨཱཿཧཱུཾ་ ཧོཿཧཾ་ཀྵཿ ཞེས་སོགས་ཀྱིས་འབུལ་བ་རྣམས་དང་གཤེགས་གསོལ་གྱི་བར་དུ་ཡང་སྔར་ དང་མཚུངས་པར་བྱས་ནས། མཐུན་པའི་ཕྱོགས་ཀུན་འཕེལ་ཞིང་རྒྱས་པའི་སྨོན་ལམ་ གདབ་ཅིང་སྔ་ཕྱི་ཐམས་ཅད་དུ་སེམས་བསྐྱེད་དེ་འདྲ་བ་ཁོ་ནས་ཟིན་པར་བྱ་བ་ནི་རྒྱས་ པའི་སྦྱིན་སྲེག་གོ །འདི་ཡང་གཡའ་བཟང་རིན་པོ་ཆེ་པ་ལ་སོགས་པ་དགེ་བའི་བཤེས་ གཉེན་བཟང་པོ་རྣམས་དང༌། སཱི་དུ་ཆེན་པོ་ལ་སོགས་པ་སློབ་མ་དད་གུས་ཅན་རྣམས་ ཀྱིས་བསྐུལ་བའི་ཕྱིར། རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ། ། འདིའི་དགེ་བ་ལ་བརྟེན་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཀུན་བཏགས་གཞན་ དབང་སྡུག་བསྔལ་ཀུན་འབྱུང་གི་ཡམ་ཤིང་ཐམས་ཅད་ཞུ་བདེ་འགྱུར་མེད་ལམ་གྱི་ བདེན་པའི་ཡེ་ཤེས་ཀྱི་མེས་བསྲེགས་ནས་འགོག་པའི་བདེན་པ་རང་བཞིན་འགྱུར་མེད་ ཡོངས་གྲུབ་རང་བྱུང་ཡེ་ཤེས་མྱུར་དུ་ཐོབ་པར་གྱུར་ཅིག། །། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཡི་གེ་པ་ནི་བཅོམ་ལྡན་རྡོ་རྗེ་སྙིང་པོའོ། །མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 7-1-454 ༄༅། །ཞི་རྒྱས་ཀྱི་སྦྱིན་སྲེག་བཞིའི་སྤྱི་ཆིངས་ནོར་བུ་ཆུ་དྭངས་ཞེས་བྱ་བ་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ནོར་བུ་ཆུ་དྭངས་ཞེས་བྱ་བའི་མན་ངག །དཔལ་ལྡན་བླ་མ་ དམ་པ་དང་ཡེ་ཤེས་མེ་ལྕེ་འོད་རབ་གསལ་ལ་ཕྱག་འཚལ་ལོ། །འདིར་རྡོ་རྗེ་སློབ་དཔོན་ ནམ་ལས་ཀྱི་རྡོ་རྗེ་ཅན་མཚན་ཉིད་དང་ལྡན་པ་དག་ལས་སོ་སོ་བ་དང་ཐམས་ཅད་པའི་ ཆོ་གའི་ངེས་པ་ཇི་སྙེད་པ་ལེགས་པར་རྟོགས་ནས། ཞི་རྒྱས་ཀྱི་ལས་རྐྱང་ངམ། ལས་ཀུན་ པའི་སྦྱིན་བསྲེག་བྱེད་ན། ས་ཆོག་སྔོན་དུ་སོང་ནས། སོ་སོའི་ཁམས་དང༌། རིགས་དང༌། ཕྱོགས་དང༌། དུས་དང༌། ཚོན་གྱི་ཁུ་བ་དང་བཅས་པའི་ཐིག་སྐུད་དང༌། རྡུལ་ཚོན་དང༌། ཐབ་ཀྱི་དབྱིབས་དང༌། ཁ་དོག་དང༌། ནང་གི་བཀོད་པ་དང༌། ཕྱིའི་བཀོད་པ་དང༌། མཆུ་ ཁ་ཁྱེར་དང༌། མཚན་མའི་བཀོད་པ་དང༌། རྒྱ་རྣམས་ཀྱི་ཚད་དང༌། བརྩིགས་ན་དཔངས་ ཚད་རྣམས་དང༌། བརྩིགས་པའི་ཕྱི་ལོགས་ལ་གང་དབྲི་དང༌། སྒོ་དང་སློབ་དཔོན་གྱི་ གདན་དགོད་ཕྱོགས་དང༌། གདན་གསུམ་གྱི་ཚད་དང༌། མདོག་དང༌། མཚན་མ་དང༌། མཐའ་བསྐོར་བའི་དབྱིབས་དང༌། མཆོད་ཡོན་དང༌། བྱུག་པ་དང༌། མེ་ཏོག་དང༌། བདུག་ སྤོས་དང༌། སྣང་གསལ་དང༌། ཞལ་ཟས་དང༌། འབྲས་བུ་དང༌། གོས་ཟུང་ལ་སོགས་པའི་ མཆོད་རྫས་རྣམས་དང༌། ཡམ་ཤིང་དང༌། བསྲེག་རྫས་དང༌། ཕུར་བུར་དང༌། རླུང་ཡབ་ དང༌། ཀུ་ཤ་དང༌། མར་གྱི་ཉིང་ཁུ་དང༌། དགང་ བླུགས་དང༌། རྡོ་རྗེ་དྲིལ་བུ་དང༌། སློབ་ དཔོན་གྱི་གོས་རྒྱན་དང༌། འདུག་སྟངས་དང༌། སློབ་དཔོན་དང་མེ་ལྷའི་ཞལ་སྟོན་ཕྱོགས་ དང༌། མེ་དང༌། བུད་ཤིང་དང༌། མེ་ལྷ་དང༌། གཟའི་དག་པ་དང༌། གཏོར་མ་དང༌། བཀྲ་ ཤིས་པའི་རྫས་རྣམས་ཚོགས་པར་བྱ་དགོས་ལ། དེ་ཡང་ཞི་རྒྱས་བཞི་ཆར་ལ་ཐུན་མོང་དུ་ 7-1-455 མཐུན་པ་ནི། ཐབས་ཀྱི་ཕྱི་ནང་ལ་སུམ་ཆ་སུམ་གཉིས་ཀྱི་ངེས་པ་དང༌། ཁ་ཁྱེར་ལ་དབུས་ ཀྱི་མཚན་མའི་ཕྲེང་བ་དང༌། བརྩེགས་ན་དཔངས་ཚད་རྣམས། ཐབ་ཀྱི་ཕྱི་ལོགས་སུ་པད་ འདབ་འབྲི་བ་དང༌། གང་ལྟར་ཡང་ཕྱི་རོལ་ཕྱོགས་མདོག་ཁྲུ་དོའི་མཐར་རྭ་བ་གསུམ་ ནང་ནས་སྤྲོ་བའི་རིམ་པ་དང༌། རྭ་བའི་བར་ལ་རྭ་བའི་ཕྱེད་ཕྱེད་དང༌། གདན་གསུམ་གྱྀ་ མཐའ་ཐབ་ཀྱི་དབྱིབས་ཀྱིས་བསྐོར་བ་དང༌། ཚོན་གྱི་ཁུ་བ་དང་བཅས་པའི་ཐིག་སྐུད་ དང༌། བྱུག་པ་དང༌། མེ་ཏོག་དང༌། བདུག་སྤོས་དང༌། སྣང་གསལ་དང༌། འབྲས་བུ་དང༌། ཡམ་ཤིང་དང༌། མེ་སྦར་བ་རླུང་ཡབ་ཀྱིས་བྱེད་པ་དང༌། ཀུ་ཤའི་རྩེ་མོས་བསང་གཏོར་ བྱེད་པ་དང༌། རྡོ་རྗེ་དྲིལ་བུས་མེ་ལྷ་དབང་དུ་བྱེད་པ་དང༌། མཆོད་བསྟོད་དང༌། ཡམ་ ཤིང་ལ་སོགས་པ་ཐམས་ཅད་སྭཱཧཱའི་མཐའ་ཅན་ཀྱིས་དབུལ་བ་དང༌། དགང་གཟར་ བླུགས་གཟར་ཁ་སྦྱོར་གྱིས་བསྲེག་བླུགས་དབུལ་བ་དང༌། མཆོད་བསྟོད་རྒྱས་པ་དང༌། གཏོར་མ་འབུལ་བ་དང༌། བཀྲ་ཤིས་དང༌། བསང་གཏོར་དང༌། བཟོད་པར་གསོལ་ཞིང་ དངོས་གྲུབ་ཞུ་བ་དང༌། གཤེགས་སུ་གསོལ་ནས་སྨོན་ལམ་གདབ་པ་དང༌། ཐལ་བ་དང་ སོལ་བའི་བྱིན་རླབས་ཀྱིས་ཀྱང་སེམས་ཅན་མང་པོ་ལ་ཕན་གདགས་པ་སྟེ། དེ་ཙམ་ནི་ཞི་ རྒྱས་བཞི་ཆར་ལ་མཚུངས་པར་བྱ་ཞིང༌། དང་པོར། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་པས་མེ་སྦར་ ནས། འབར་མ་ཐག་ཀུ་ཤ་བ་གླང་གི་རྣ་བ་ལྟ་བུར་བྱས་པས་ཐབ་ཁུང་ཡང་གཡོག་པ་ དང༌། ལག་པ་གཉིས་པུས་མོའི་ནང་ལས་མི་འདའ་བས་དགང་བླུགས་ལ་སོགས་པ་ཐབ་ ལ་གཡས་བསྐོར་གྱིས་དབུལ་ཞེས་ཀྱང་གཞུང་གཞན་དུ་འབྱུང་བས་གང་ལེགས་པར་ ལྟར་བྱའོ། ། ཁྱད་པར་དུ་ལས་རྐྱང་གི་ཞི་རྒྱས་གཉིས་ལ་མཐུན་པ་ནི། སྔར་ཐུན་མོང་དུ་མཚུངས་པར་ བསྟན་པ་དེ་རྣམས་ཀྱི་སྟེང་དུ། གཞན་ཆུའི་ཁམས་དང༌། བྲམ་ཟེ་གཞན་སྣང་བ་མཐའ་ ཡས་ཀྱི་རིགས་དང༌། ཐབ་དང་མེ་ལྷ་དཀར་པོ་དང༌། མཆུ་དང་ཁ་ཁྱེར་ལ་ཐབ་ཀྱི་བཅུ་ གཉིས་ཆ་དང་དྲུག་ཆར་ངེས་ཚུལ་དང༌། མཐིལ་གྱི་པད་མ་ཐབ་དང་མཉམ་ཚུལ་དང༌། གོས་ཟུང་ལ་སོགས་པའི་མཆོད་རྫས་དཀར་པོ་དང༌། སློབ་དཔོན་གྱི་གོས་དང་གདན་ 7-1-456 གསུམ་དཀར་པོ་དང༌། ཕྱི་རོལ་ཕྱོགས་མདོག་ལ་དུར་བ་འགྲེམས་པ་དང༌། བྲམ་ཟེའི་ ཁྱིམ་ནས་བླངས་པའི་མེ་དང༌། འོ་མ་ཅན་གྱི་བུད་ཤིང་དང༌། གནས་ཁང་གཅིག་ཏུ་ དཀྱིལ་འཁོར་དང་དུས་མཉམ་པར་རུང་བ་དང༌། སྔོན་དུ་ས་རྐོ་བའི་ཆོ་ག་བྱེད་ན་ཁ་ བ་དང་བསྐ་བའི་རོ་དང་ལྡན་པའི་ཙན་དན་དཀར་པོའི་ཆུས་བྲན་པ་སྟེ། འདི་རྣམས་ནི་ གཉིས་ཀ་ལ་མཚུངས་པར་བྱའོ། ། འདི་གཉིས་ལ་མི་མཐུན་པའི་ཁྱད་པར་ནི། དུས་དང༌། ཕྱོགས་དང༌། ཐབ་ཀྱི་ཚད་དང༌། དབྱིབས་དང༌། དབུས་དང༌། ཁ་ཁྱེར་གྱི་མཚན་མ་དང༌། མཐིལ་གྱི་པད་མའི་ཚད་དང༌། དེ་ལ་མཚན་མ་འགོད་ཚུལ་དང༌། སྒོ་དང་སློབ་དཔོན་གྱི་གདན་དགོད་ཕྱོགས་དང༌། གདན་གསུམ་གྱི་ལྟེ་བའི་མཚན་མ་དང༌། གདན་གྱི་མཐའ་བསྐོར་བའི་དབྱིབས་དང༌། མཆོད་ཡོན་གྱི་སྣོད་དང༌། ཞལ་ཟས་དང༌། བསྲེག་རྫས་དང༌། ཕུར་བུ་དང༌། མེ་ལྷའི་ཕྱག་ མཚན་དང༌། གཟའི་དག་པ་དང༌། སློབ་དཔོན་དང་མེ་ལྷའི་ཞལ་སྟོན་ཕྱོགས་དང༌། འདུག་སྟངས་དང༌། དཀྱིལ་འཁོར་གྱི་གཙོ་བོ་ལ་ཕྱོགས་ཚུལ་དང༌། ཁྱིམ་བདག་གི་མེའི་ ལྕེ་དང༌། གང་གི་དོན་དུ་དམིགས་པའི་བསམ་གཏན་དང༌། དེའི་སེམས་བསྐྱེད་སྨོན་ལམ་ དང༌། སྔོན་དུ་ས་རྐོ་བའི་ཆོ་ག་བྱེད་ན་སའི་སྙིང་པོར་གང་གཞུག་པ་སྟེ། དེ་རྣམས་ནི་མི་ མཚུངས་པ་ཉིད་དུ་ངེས་པར་བྱ་དགོད་སོ། ། ལས་ཀུན་པ་ཡི་ཞི་རྒྱས་གཉིས་ལ་མཐུན་པ་ནི། སྔར་ཐུན་མོང་དུ་མཚུངས་པར་བསྟན་པ་ དེ་རྣམས་ཀྱི་སྟེང་དུ་གཞན་ནམ་མཁའི་ཁམས་དང༌། མཐར་སྐྱེས་གཞན་མི་བསྐྱོད་པའི་ རིགས་དང༌། ཐབ་དང༌། མེ་ལྷ་ལྗང་ཁུ་དང༌། མཆུ་དང༌། ཁ་ཁྱེར་ལ་རེ་ཁཱའི་དཀྱིལ་ འཁོར་ཡོད་པ་དང༌། ནང་དུ་སྤངས་ཆུང་དང༌། ལྷ་སྣམ་དང༌། ཚོན་གྱི་ས་དང༌། ཡེ་ཤེས་ འཁོར་ལོ་དང༌། མཚན་མ་དང་བཅས་པའི་པད་མ་ཆེ་ཆུང་ཉེར་ལྔ་དང༌། མཚན་མའི་ ཕྲེང་བས་སྤྲས་པའི་ཀ་བ་བཅུ་དྲུག་དང༌། དབུས་དང་ཁ་ཁྱེར་གྱི་མཚན་མ་དང༌། ཕྱི་རོལ་ ཕྱོགས་མདོག་ལ་ཀུ་ཤ་འགྲེམས་པ་དང༌། སྒོ་ནུབ་ཏུ་དགོད་པ་དང༌། ཤར་དུ་གདན་ གསུམ་ལྗང་ཁུའི་ལྟེ་བ་ལ་ཆོས་འབྱུང་ངམ། སྣ་ཚོགས་རྡོ་རྗེ་དང༌། གོས་ཟུང་ལ་སོགས་ 7-1-457 པའི་མཆོད་རྫས་དང༌། སློབ་དཔོན་གྱི་གོས་ལྗང་ཁུ་དང༌། ཨུ་དུམ་བཱ་རའི་ཕུར་བུ་དང༌། ལྷ་ཁང་ནས་བླངས་པའི་མེ་དང༌། ཙན་དན་ནམ་ཨ་ཀ་རུའམ་ཐང་ཤིང་ལ་སོགས་པ་དྲི་ བཟང་པོའི་ཤིང་ངམ། འོ་མ་ཅན་གྱི་བུད་ཤིང་དང༌། མེ་ལྷའི་ཕྱག་མཚན་དང༌། མེ་ལྷ་ ཤར་དང༌། སློབ་དཔོན་ནུབ་ཏུ་ཕྱོགས་པ་དང༌། གནས་ཁང་གཅིག་ཏུ་དཀྱིལ་འཁོར་དང་ དུས་མཉམ་མི་རུང་བ་དང༌། བསོད་ནམས་ཀྱི་དོན་དུ་དམིགས་པ་དང༌། སའི་སྙིང་པོར་ རིན་པོ་ཆེ་ལྔ་གཞུག་པ་སྟེ། དེ་རྣམས་གཉིས་ཀ་ལ་མཚུངས་པར་བྱའོ། ། འདི་གཉིས་ལ་མི་མཐུན་པའི་ཁྱད་པར་ནི། དུས་དང༌། ཐབ་ཀྱི་དབྱིབས་དང༌། ཚད་ རྣམས་དང༌། གདན་གསུམ་གྱི་ཚད་དང༌། མཐའ་བསྐོར་བའི་དབྱིབས་དང༌། མཆོད་ཡོན་ གྱི་སྣོད་དང༌། བསྲེག་རྫས་དང༌། འདུག་སྟངས་དང༌། གཟའི་དག་པ་དང༌། ཁྱིམ་བདག་ གི་མེའི་ལྕེ་ལ་འབུལ་བ་དང༌། སྨོན་ལམ་གྱི་ཁྱད་པར་ཏེ། འདི་རྣམས་ནི་མི་མཚུངས་པ་ ཉིད་དུ་ངེས་པར་བྱ་དགོས་སོ། ། ཞི་བ་གཉིས་ལ་མཐུན་པ་ནི། སྔར་ཐུན་མོར་དུ་མཚུངས་པར་བསྟན་པ་དེ་རྣམས་ཀྱི་སྟེང་ དུ། ཐབ་ཀྱི་དབྱིབས་ཟླུམ་པོ་དང༌། གདན་གསུམ་གྱི་མཐའ་བསྐོར་བའི་དབྱིབས་ཟླུམ་པོ་ དང༌། མཆོད་ཡོན་གྱི་སྣོད་ཤེལ་ལས་བྱས་པ་དང༌། འོ་མ་དང་འབྲས་ཟན་གྱི་ཞལ་ཟས་ དང༌། དུར་བ་འོ་མས་སྦགས་པའི་བསྲེག་རྫས་དང༌། སྤྱི་དང་ཁྱད་པར་གྱི་དུས་དང༌། འདུག་སྟངས་དཀྱིལ་ཀྲུང་དང༌། ཁྱིམ་བདག་གི་མེའི་ཟླ་བའི་ལྕེ་ལ་འབུལ་བ་སྟེ། འདི་ རྣམས་ནི་གཉི་ག་ལ་མཚུངས་པར་བྱའོ། ། འདི་གཉིས་ལ་མི་མཐུན་པའི་ཁྱད་པར་ནི། ཁམས་དང༌། རིགས་དང༌། ཕྱོགས་དང༌། ཐབ་ ཀྱི་ཚད་དང༌། ཁ་དོག་དང༌། རེ་ཁཱའི་དཀྱིལ་འཁོར་གཉིས་ཡོད་མེད་དང༌། ནང་དུ་ སྤངས་ཆུང་དང་ལྷ་སྣམ་ལ་སོགས་པ་ཡོད་མེད་དང༌། ནང་གི་པད་མ་མང་ཉུང་དང༌། པད་མའི་ཚད་ཆེ་ཆུང་དང༌། དབུས་དང་ཁ་ཁྱེར་གྱི་མཚན་མ་དང༌། ཕྱི་རོལ་ཕྱོགས་ མདོག་ལ་གང་འགྲེམས་དང༌། སྒོ་དང་སློབ་དཔོན་གྱི་གདན་དགོད་ཕྱོགས་དང༌། གདན་ གསུམ་གྱི་མདོག་དང་མཚན་མ་དང༌། ཕུར་བུ་དང༌། མེ་དང༌། བུད་ཤིང་དང༌། མེ་ལྷའི་ 7-1-458 སྐུ་མདོག་ཕྱག་མཚན་དང༌། གཟའི་དག་པ་དང༌། སློབ་དཔོན་དང་མེ་ལྷའི་ཞལ་སྟོན་ ཕྱོགས་དང༌། གནས་ཁང་གཅིག་ཏུ་དཀྱིལ་འཁོར་དང་དུས་མཉམ་རུང་མི་རུང་དང༌། ས་ ཆོག་གི་དུས་ན་དྲི་རོ་ངེས་པའི་ཆུས་བྲན་མི་བྲན་དང༌། སའི་སྙིང་པོར་གང་གཞུག་དང༌། གང་གི་དོན་དུ་དམིགས་པའི་བསམ་གཏན་དང༌། དེའི་སེམས་བསྐྱེད་སྨོན་ལམ་གྱི་ཁྱད་ པར་ཏེ། འདི་རྣམས་ནི་མི་མཚུངས་པ་ཉིད་དུ་ངེས་པར་བྱ་དགོས་སོ། ། རྒྱས་པ་གཉིས་ལ་མཐུན་པ་ནི། སྔར་ཐུན་མོང་དུ་མཚུངས་པར་བསྟན་པ་དེ་རྣམས་ཀྱི་ སྟེང་དུ། ཐབ་ཀྱི་དབྱིབས་གྲུ་བཞི་དང༌། གདན་གསུམ་གྱི་མཐའ་བསྐོར་བའི་དབྱིབས་གྲུ་ བཞི་དང༌། མཆོད་ཡོན་གྱི་སྣོད་དངུལ་ལས་བྱས་པ་དང༌། ཞོ་དང་འབྲས་ཟན་གྱི་ཞལ་ ཟས་དང༌། འབྲུ་ལྔ་མར་གྱིས་སྦགས་པའི་བསྲེག་རྫས་དང༌། སྤྱི་དང་ཁྱད་པར་ཀྱི་དུས་ དང༌། རྡོ་རྗེ་གདན་གྱི་འདུག་སྟངས་དང༌། ཁྱིམ་བདག་གི་མེའི་ཉི་མའི་ལྕེ་ལ་འབུལ་བ་ སྟེ། འདི་རྣམས་གཉིས་ཀ་ལ་མཚུངས་པར་བྱའོ། ། འདི་གཉིས་ལ་མི་མཐུན་པའི་ཁྱད་པར་ནི། ཁམས་དང༌། རིགས་དང༌། ཕྱོགས་དང༌། ཐབ་ ཀྱི་ཚད་དང༌། ཁ་དོག་དང༌། རེ་ཁཱའི་དཀྱིལ་འཁོར་གཉིས་ཡོད་མེད་དང༌། ནང་དུ་ སྤངས་ཆུང་དང་ལྷ་སྣམ་ལ་སོགས་པ་ཡོད་མེད་དང༌། ནང་དུ་པད་མ་མང་ཉུང་དང༌། པད་མའི་ཚད་ཆེ་ཆུང་དང༌། བུམ་པ་བརྒྱད་དང༌། མཚན་མ་བཞི་ཡོད་མེད་དང༌། དབུས་དང་ཁ་ཁྱེར་གྱི་མཚན་མ་དང༌། ཕྱི་རོལ་ཕྱོགས་མདོག་ལ་གང་འགྲེམས་དང༌། སྒོ་ དང་སློབ་དཔོན་གྱི་གདན་དགོད་ཕྱོགས་དང༌། གདན་གསུམ་གྱི་རྒྱ་དང་མདོག་དང་ མཚན་མ་དང༌། ཕུར་བུ་དང༌། མེ་དང༌། བུད་ཤིང་དང༌། མེ་ལྷའི་སྐུ་མདོག་ཕྱག་མཚན་ དང༌། གཟའི་དག་པ་དང༌། སློབ་དཔོན་དང་མེ་ལྷའི་ཞལ་སྟོན་ཕྱོགས་དང༌། གནས་ཁང་ གཅིག་ཏུ་དཀྱིལ་འཁོར་དང་དུས་མཉམ་རུང་མི་རུང་དང༌། ས་ཆོག་གི་ཚེ་དྲི་རོ་ངེས་ པའི་ཆུས་བྲན་མི་བྲན་དང༌། སའི་སྙིང་པོར་གང་གཞུག་དང༌། གང་གི་དོན་དུ་དམིགས་ པའི་བསམ་གཏན་དང༌། དེའི་སེམས་བསྐྱེད་སྨོན་ལམ་གྱི་ཁྱད་པར་ཏེ། འདི་རྣམས་ནི་མི་ མཚུངས་པ་ཉིད་དུ་ངེས་པར་བྱ་དགོས་སོ། ། 7-1-459 འདི་འདྲའི་ཚུལ་ལ་མ་རྨོངས་ན། །ཞི་རྒྱས་ལས་ནི་སོ་སོ་དང༌། །ལས་ཀུན་པ་ཡི་ཞི་རྒྱས་ ཀྱི། །སྦྱིན་སྲེག་ཚུལ་ལ་རྨོངས་མི་འགྱུར། །ཚུལ་འདི་ལེགས་པར་མ་རྟོགས་པས། འཁྲུལ་བ་ སྣ་ཚོགས་སྨྲ་བ་མཐོང༌། །དེ་དག་སངས་རྒྱས་བསྟན་ལ་གནོད། །དེ་ཕྱིར་བདག་གི་སངས་ རྒྱས་ཀྱི། །བསྟན་པའི་བྱི་དོར་ལ་བསམས་ནས། །ནོར་བུ་ཆུ་དྭངས་ལྟ་བུ་ཡི། །མན་ངག་ ཁྱད་འཕགས་འདི་འདྲ་བཀོད། །དགེ་བས་འགྲོ་ཀུན་ཀུན་མཁྱེན་ཤོག །ཅེས་པ་འདི་ཡང་ རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །།འདིས་ཀྱང་སེམས་ཅན་ཐམས་ ཅད་ལ་ཕན་ཐོགས་པར་གྱུར་ཅིག། །། མངྒ་ལཾ། བྷ་ཝན་ཏུ། ཤུབྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 7-1-460 ༄༅། །ཡེ་ཤེས་མེ་ལ་མཆོད་པ་འབུལ་བ་ཞེས་བྱ་བ་བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཡེ་ཤེས་མེ་ལ་མཆོད་པ་འབུལ་བ་ཞེས་བྱ་བ། བླ་མ་སངས་རྒྱས་ རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །བདག་སོགས་འགྲོ་ཀུན་རྣམ་ཤེས་ཕུང་པོའི་ཡམ་ཤིང་ འདི། །ཡེ་ཤེས་མེ་ཆེན་མི་བསྐྱོད་པ་ལ་མཆོད་པར་འབུལ། །དོན་དམ་གཞན་སྟོང་བདེ་ ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །རྣམ་ཤེས་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་ གསོལ། །བདག་སོགས་འགྲོ་ཀུན་འདུ་བྱེད་ཕུང་པོའི་ཡམ་ཤིང་འདི། །ཡེ་ཤེས་མེ་ཆེན་ དོན་ཡོད་གྲུབ་ལ་མཆོད་པར་འབུལ། །དོན་དམ་གཞན་སྟོང་བདེ་ཆེན་དབྱིངས་སུ་ བཞེས་ནས་ཀྱང༌། །འདུ་བྱེད་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་ སོགས་འགྲོ་ཀུན་ཚོར་བའི་ཕུང་པོའི་ཡམ་ཤིང་འདི། །ཡེ་ཤེས་མེ་ཆེན་རིན་ཆེན་དབང་ལ་ མཆོད་པར་འབུལ། །དོན་དམ་གཞན་སྟོང་བདེ་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །ཚོར་ བ་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་འདུ་ཤེས་ ཕུང་པོའི་ཡམ་ཤིང་འདི། །ཡེ་ཤེས་མེ་ཆེན་འོད་དཔག་མེད་ལ་མཆོད་པར་འབུལ། །དོན་ དམ་གཞན་སྟོང་བདེ་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །འདུ་ཤེས་གཞན་མཆོག་མྱུར་ དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་གཟུགས་ཀྱི་ཕུང་པོའི་ཡམ་ཤིང་ འདི། །ཡེ་ཤེས་མེ་ཆེན་རྣམ་སྣང་མཛད་ལ་མཆོད་པར་འབུལ། །དོན་དམ་གཞན་སྟོང་ བདེ་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །གཟུགས་ཕུང་གཞན་མཆོག་མྱུར་དུ་ཐོབ་པར་ མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་ཡེ་ཤེས་ཕུང་པོའི་ཡམ་ཤིང་འདི། །ཡེ་ཤེས་མེ་ ཆེན་རྡོ་རྗེ་སེམས་དཔའ་ལ་མཆོད་དོ། །དོན་དམ་གཞན་སྟོང་བདེ་ཆེན་དབྱིངས་སུ་ བཞེས་ནས་ཀྱང༌། །ཡེ་ཤེས་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཨ་ཨི་རྀ་ ཨུ་ལྀ་ཨཾ། 7-1-461 བདག་སོགས་འགྲོ་ཀུན་ནམ་མཁའི་ཁམས་ཀྱི་ཡམ་ཤིང་འདི། །ཡེ་ཤེས་མེ་ལྕེ་རྡོ་རྗེ་ དབྱིངས་ཕྱུག་མ་ལ་འདུད། །སྟོང་གཞི་ཆོས་ཉིད་སྟོང་ཆེན་དབྱིངས་སུ་བཞེས་ནས་ ཀྱང༌། ། ནམ་མཁའ་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་ འགྲོ་ཀུན་རླུང་གི་ཁམས་ཀྱི་ཡམ་ཤིང་འདི། །ཡེ་ཤེས་མེ་ལྕེ་སྒྲོལ་མ་ཡུམ་ལ་མཆོད་པར་ འབུལ། ། སྟོང་གཞི་ཆོས་ཉིད་སྟོང་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །རླུང་ཁམས་ གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་མེ་ཡི་ཁམས་ ཀྱི་ཡམ་ཤིང་འདི། །ཡེ་ཤེས་མེ་ལྕེ་གོས་དཀར་མོ་ལ་མཆོད་པར་འབུལ། །སྟོང་གཞི་ཆོས་ ཉིད་སྟོང་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །མེ་ཁམས་གཞན་མཆོག་མྱུར་དུ་ཐོབ་པར་ མཛད་དུ་གསོལ། ། བདག་སོགས་འགྲོ་ཀུན་ཆུ་ཡི་ཁམས་ཀྱི་ཡམ་ཤིང་འདི། །ཡེ་ཤེས་མེ་ ལྕེ་མཱ་མ་ཀཱི་ལ་མཆོད་པར་འབུལ། །སྟོང་གཞི་ཆོས་ཉིད་སྟོང་ཆེན་དབྱིངས་སུ་བཞེས་ནས་ ཀྱང༌། །ཆུ་ཁམས་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ ཀུན་ས་ཡི་ཁམས་ཀྱི་ཡམ་ཤིང་འདི། །ཡེ་ཤེས་མེ་ལྕེ་སངས་རྒྱས་སྤྱན་ལ་མཆོད་པར་ འབུལ། །སྟོང་གཞི་ཆོས་ཉིད་སྟོང་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །ས་ཁམས་གཞན་ མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་ཡེ་ཤེས་ཁམས་ཀྱི་ ཡམ་ཤིང་འདི། །ཡེ་ཤེས་མེ་ལྕེ་ཤེས་རབ་ཕ་རོལ་ཕྱིན་ལ་འབུལ། །སྟོང་གཞི་ཆོས་ཉིད་སྟོང་ ཆེན་དབྱིངས་སུ་བཞེས་ནས་ཀྱང༌། ། ཡེ་ཤེས་ཁམས་གཞན་མྱུར་དུ་ཐོབ་པར་མཛད་དུ་ གསོལ། །ཨཱ་ཨཱི་རཱྀ་ཨཱུ་ལཱྀ་ཨཱཿ བདག་སོགས་འགྲོ་ཀུན་རྣ་བའི་དབང་པོ་ཡམ་ཤིང་འདི། །ཡེ་ ཤེས་མེ་ཆེན་རྡོ་རྗེ་འཛིན་ལ་མཆོད་པར་འབུལ། །དོན་དམ་གཞན་སྟོང་བདེ་ཆེན་ དབྱིངས་སུ་བཞེས་ནས་ཀྱང༌། །རྣ་བ་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་ གསོལ། །བདག་སོགས་འགྲོ་ཀུན་སྣ་ཡི་དབང་པོའི་ཡམ་ཤིང་འདི། །ཡེ་ཤེས་མེ་ཆེན་ནམ་ མཁའི་སྙིང་པོ་ལ་མཆོད་དོ། །དོན་དམ་གཞན་སྟོང་བདེ་ཆེན་དབྱིངས་སུ་བཞེས་ནས་ ཀྱང༌། །སྣ་དབང་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། ། བདག་སོགས་འགྲོ་ ཀུན་མིག་གི་དབང་པོའི་ཡམ་ཤིང་འདི། །ཡེ་ཤེས་མེ་ཆེན་ས་ཡི་སྙིང་པོ་ལ་མཆོད་ 7-1-462 དོ། །དོན་དམ་གཞན་མཆོག་བདེ་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །མིག་དབང་གཞན་ མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་ལྕེ་ཡི་དབང་པོའི་ ཡམ་ཤིང་འདི། །ཡེ་ཤེས་མེ་ཆེན་སྤྱན་རས་གཟིགས་ལ་མཆོད་པར་འབུལ། །དོན་དམ་ གཞན་སྟོང་བདེ་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །ལྕེ་དབང་གཞན་མཆོག་མྱུར་དུ་ ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་ལས་ཀྱི་དབང་པོའི་ཡམ་ཤིང་ འདི། །ཡེ་ཤེས་མེ་ཆེན་སྒྲིབ་ཀུན་རྣམ་སེལ་ལ་མཆོད་དོ། །དོན་དམ་གཞན་སྟོང་བདེ་ཆེན་ དབྱིངས་སུ་བཞེས་ནས་ཀྱང༌། །ལུས་དབང་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་ གསོལ། །བདག་སོགས་འགྲོ་ཀུན་ཡིད་ཀྱི་དབང་པོའི་ཡམ་ཤིང་འདི། །ཡེ་ཤེས་མེ་ཆེན་ ཀུན་ཏུ་བཟང་ལ་མཆོད་པར་འབུལ། །དོན་དམ་གཞན་སྟོང་བདེ་ཆེན་དབྱིངས་སུ་ བཞེས་ནས་ཀྱང༌། །ཡིད་དབང་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཨ་ཨེ་ ཨར་ཨོ་ཨལ་ཨཾ། བདག་སོགས་འགྲོ་ཀུན་ཆོས་ཀྱི་ཁམས་ཀྱི་ཡམ་ཤིང་འདི། །ཡེ་ཤེས་མེ་ ལྕེ་ཆོས་ཁམས་རྡོ་རྗེ་མ་ལ་འདུད། །སྟོང་གཞི་ཆོས་ཉིད་སྟོང་ཆེན་དབྱིངས་སུ་བཞེས་ནས་ ཀྱང༌། །ཆོས་ཁམས་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ ཀུན་རེག་བྱའི་ཁམས་ཀྱི་ཡམ་ཤིང་འདི། །ཡེ་ཤེས་མེ་ལྕེ་རྡོ་རྗེ་རེག་བྱ་མ་ལ་མཆོད་པར་ འབུལ། །སྟོང་གཞི་ཆོས་ཉིད་སྟོང་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །རེག་བྱ་གཞན་ མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་རོ་ཡི་ཁམས་ཀྱི་ཡམ་ ཤིང་འདི། །ཡེ་ཤེས་མེ་ལྕེ་རྡོ་རྗེའི་རོ་ལ་མཆོད་པར་འབུལ། །སྟོང་གཞི་ཆོས་ཉིད་སྟོང་ཆེན་ དབྱིངས་སུ་བཞེས་ནས་ཀྱང༌། །རོ་ཁམས་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་ གསོལ། །བདག་སོགས་འགྲོ་ཀུན་གཟུགས་ཀྱི་ཁམས་ཀྱི་ཡམ་ཤིང་འདི། །ཡེ་ཤེས་མེ་ལྕེ་རྡོ་ རྗེའི་གཟུགས་ལ་མཆོད་པར་འབུལ། །སྟོང་གཞི་ཆོས་ཉིད་སྟོང་ཆེན་དབྱིངས་སུ་བཞེས་ ནས་ཀྱང༌། །གཟུགས་ཁམས་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་ སོགས་འགྲོ་ཀུན་དྲི་ཡི་ཁམས་ཀྱི་ཡམ་ཤིང་འདི། ། ཡེ་ཤེས་མེ་ལྕེ་རྡོ་རྗེའི་དྲི་ལ་མཆོད་ པར་འབུལ། །སྟོང་གཞི་ཆོས་ཉིད་སྟོང་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །དྲི་ཁམས་ 7-1-463 གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་སྒྲ་ཡི་ཁམས་ ཀྱི་ཡམ་ཤིང་འདི། །ཡེ་ཤེས་མེ་ལྕེ་རྡོ་རྗེ་སྒྲ་ལ་མཆོད་པར་འབུལ། །སྟོང་གཞི་ཆོས་ཉིད་ སྟོང་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །སྒྲ་ཁམས་གཞན་མཆོག་མྱུར་དུ་ཐོབ་པར་ མཛད་ཏུ་གསོལ། །ཨཱ་ཨཻ་ཨཱར་ཨཽ་ཨཱལ་ཨཱཿ བདག་སོགས་འགྲོ་ཀུན་གསང་གནས་དབང་ པོའི་ཡམ་ཤིང་འདི། །ཡེ་ཤེས་མེ་ཆེན་གཙུག་ཏོར་ཆེ་ལ་མཆོད་པར་འབུལ། །དོན་དམ་ གཞན་སྟོང་བདེ་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །གསང་གནས་གཞན་མཆོག་མྱུར་ དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་ངག་གི་དབང་པོའི་ཡམ་ཤིང་ འདི། །ཡེ་ཤེས་མེ་ཆེན་ཤིན་ཏུ་སྟོབས་ལ་མཆོད་པར་འབུལ། །དོན་དམ་གཞན་སྟོང་བདེ་ ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །ངག་དབང་གཞན་མཆོག་མྱུར་དུ་ཐོབ་པར་མཛད་ དུ་གསོལ། །བདག་སོགས་འགྲོ་ཀུན་ལག་པའི་དབང་པོའི་ཡམ་ཤིང་འདི། །ཡེ་ཤེས་མེ་ ཆེན་རྨུགས་བྱེད་མཆོག་ལ་མཆོད་པར་འབུལ། །དོན་དམ་གཞན་སྟོང་བདེ་ཆེན་དབྱིངས་ སུ་བཞེས་ནས་ཀྱང༌། །ལག་པ་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། ། བདག་ སོགས་འགྲོ་ཀུན་རྐང་པའི་དབང་པོའི་ཡམ་ཤིང་འདི། །ཡེ་ཤེས་མེ་ཆེན་ཁེངས་བྱེད་ མཆོག་ལ་མཆོད་པར་འབུལ། །དོན་དམ་གཞན་སྟོང་བདེ་ཆེན་དབྱིངས་སུ་ཞེས་ནས་ ཀྱང༌། །རྐང་པ་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ ཀུན་བཤང་ལམ་དབང་པོའི་ཡམ་ཤིང་འདི། །ཡེ་ཤེས་མེ་ཆེན་རེངས་བྱེད་མཆོག་ལ་ མཆོད་པར་འབུལ། ། དོན་དམ་གཞན་སྟོང་བདེ་ཆེན་དབྱིངས་སུ་བཞེས་ནས་ ཀྱང༌། །བཤང་ལམ་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ ཀུན་དབང་པོ་མཆོག་གི་ཡམ་ཤིང་འདི། །ཡེ་ཤེས་མེ་ཆེན་གནོད་མཛེས་རྒྱལ་ལ་མཆོད་ པར་འབུལ། །དོན་དམ་གཞན་སྟོང་བདེ་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །དབང་པོ་ གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཧ་ཡ་ར་ཝ་ལ་ཧཾ། བདག་སོགས་འགྲོ་ ཀུན་ས་བོན་འབབ་པའི་ཡམ་ཤིང་འདི། ། ཡེ་ཤེས་མེ་ཆེན་དྲག་སྤྱན་མ་ལ་མཆོད་པར་ འབུལ། །སྟོང་གཞི་ཆོས་ཉིད་བདེ་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །ས་བོན་འབབ་ 7-1-464 གཞན་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་བཤང་འབབ་བྱ་ བའི་ཡམ་ཤིང་འདི། །ཡེ་ཤེས་མེ་ཆེན་ཤིན་ཏུ་སྟོབས་མ་ལ་མཆོད་དོ། །སྟོང་གཞི་ཆོས་ ཉིད་སྟོང་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །བཤང་འབབ་གཞན་མཆོག་མྱུར་དུ་ཐོབ་ པར་མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་འགྲོ་བ་བྱ་བའི་ཡམ་ཤིང་འདི། །ཡེ་ཤེས་ མེ་ལྕེ་རྨུགས་བྱེད་མ་ལ་མཆོད་པར་འབུལ། །སྟོང་གཞི་ཆོས་ཉིད་སྟོང་ཆེན་དབྱིངས་སུ་ བཞེས་ནས་ཀྱང༌། །འགྲོ་བ་གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་ སོགས་འགྲོ་ཀུན་ལེན་པའི་བྱ་བའི་ཡམ་ཤིང་འདི། །ཡེ་ཤེས་མེ་ལྕེ་ཁེངས་བྱེད་མ་ལ་ མཆོད་པ་འབུལ། །སྟོང་གཞི་ཆོས་ཉིད་སྟོང་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། ། ལེན་པ་ གཞན་མཆོག་མྱུར་དུ་ཐོབ་པར་མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་བརྗོད་པར་ བྱ་བའི་ཡམ་ཤིང་འདི། །ཡེ་ཤེས་མེ་ལྕེ་རེངས་བྱེད་མ་ལ་མཆོད་པར་འབུལ། །སྟོང་གཞི་ ཆོས་ཉིད་སྟོང་ཆེན་དབྱིངས་སུ་བཞེས་ནས་ཀྱང༌། །བརྗོད་པ་གཞན་མཆོག་མྱུར་དུ་ཐོབ་ པར་མཛད་དུ་གསོལ། །བདག་སོགས་འགྲོ་ཀུན་མི་བསྐྱོད་འབབ་པའི་ཡམ་ཤིང་འདི། །ཡེ་ ཤེས་མེ་ལྕེ་ཤིན་ཏུ་སྔོན་མོ་ལ་མཆོད་དོ། །སྟོང་གཞི་ཆོས་ཉིད་སྟོང་ཆེན་དབྱིངས་སུ་ བཞེས་ནས་ཀྱང༌། །མི་བསྐྱོད་འབབ་གཞན་མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཧཱ་ཡཱ་རཱ་ ཝཱ་ལཱ་ཧཱཿ བདག་སོགས་འགྲོ་ཀུན་བསམ་རྟོག་སྣ་ཚོགས་ཡམ་ཤིང་འདི། །ཡེ་ཤེས་ལྷ་ཚོགས་ཀུན་ལ་ ཁྱབ་པ་ཐུགས་རྡོ་རྗེ། །བསམ་དུ་མེད་པའི་དབྱིངས་མཆོག་ཁྱེད་ལ་མཆོད་འབུལ་ གྱི། །ཀུན་གཞི་ཡེ་ཤེས་མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཧཱུཾ། དབྱིངས་རིག་དབྱེར་མེད་ ལྷ་ཚོགས་སུམ་ཅུ་རྩ་བདུན་དང༌། །དོན་དམ་འགོག་བདེན་བྱང་ཆུབ་ཕྱོགས་ཆོས་སོ་ བདུན་གྱི། །བྱིན་གྱིས་བརླབས་ནས་ལམ་བདེན་བྱང་ཆུབ་ཕྱོགས་ཀྱི་ཆོས། །སོ་བདུན་མེ་ ཡིས་དྲི་མ་མ་ལུས་བསྲེག་པར་ཤོག །འདི་རྣམས་ཉིད་སྔགས་སུ་ཟློས་ན། ཨོཾ་ཨ་ཨཱ། ཨི་ཨཱི། རྀ་རཱྀ། ཨུ་ཨཱུ། ལྀ་ལཱྀ། ཨཾ་ཨཱཿསྭཱཧཱ། ཨོཾ་ཨ་ཨཱ། ཨེ་ཨཻ། ཨར་ཨཱར། ཨོ་ཨཽ། ཨལ་ཨཱལ། ཨཾ་ཨཱཿསྭཱཧཱ། ཨོཾ་ཧ་ཧཱཾ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཧཾ་ཧཿསྭཱཧཱ། ཞེས་པ་རྒྱས་པ་སྟེ། ཞི་བ་ལ་སོགས་ལ་ནི་ 7-1-465 སྭཱཧཱའི་གནས་སུ་ན་མཿ ཞེས་སོགས་སྦྱར་ཞིང༌། སྦྱིན་སྲེག་གི་སྐབས་སུ་ནི། ཞི་བ་ལ་ཡང༌། ན་མཿ སྦྱར་རོ། །ཀ་རྡོ་རྗེ་ལ་སོགས་པ་ཀྵ་རྡོ་རྗེའི་མཐར་ཐུག་པ་སུམ་ཅུ་རྩ་དྲུག་གི་བདག་ ཉིད་རྒྱུད་སུམ་ཅུ་རྩ་དྲུག་ལ་ཡང་དེ་བཞིན་དུ་སྦྱར་ཏེ། དེ་རྣམས་ངོ་བོ་གཅིག་པའི་ཕྱིར་ རོ། ། དེ་ལྟར་དོན་དམ་པའི་ལྷ་དང༌། སྔགས་ཐམས་ཅད་གདོད་ནས་དབྱེར་མེད་རོ་ མཉམ་མཁའ་ལྟར་གཅིག་ཏུ་འདྲེས་པ་ཆོས་དབྱིངས་ཀུན་འགྲོ་རང་བྱུང་ཡེ་ཤེས་འདུས་ མ་བྱས་ཤིང་སྐད་ཅིག་དང་རྟེན་འབྲེལ་ལས་བཟོད་མ་ཉིད་ནས་ཡང་དག་པར་འདས་ ལ་མ་སྐྱེས་མ་འགགས་དུ་མ་གཟོད་མ་ནས་ཞི་ཞིང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ ལས་འདས་པ་ཆོས་ཅན་རང་བཞིན་གྱིས་དག་པའི་རིགས་དྲུག་དང་བརྒྱ་དང་སྟོང་དང་ འབུམ་ལ་སོགས་པ་གྲངས་མེད་རྣམས་ཀྱང་རང་བཞིན་གྱི་རིགས་གཅིག་གི་བདག་ཉིད་ སྐུ་གཅིག་པུ་སྤྱན་གཅིག་པུ་སྐྱབས་གཅིག་པུ་བདེན་པ་གཅིག་པུ་ཐེག་པ་གཅིག་པུ་ཡེ་ ཤེས་གཅིག་པུ་ཆོས་ཉིད་དུ་མ་རོ་གཅིག་གཞི་འབྲས་ངོ་བོ་དབྱེར་མེད་ལ་མོས་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་བསྒོམ་ཟླས་དང༌། མཆོད་བསྟོད་ལ་སོགས་པ་དད་གུས་ ཀུན་ནས་བསླང་བའི་བྱ་བ་ཆུང་ངུ་ཙམ་བྱས་པ་ཡང་དོན་ཆེན་པོར་གསུང་ན་བྱ་བ་ཆེར་ བྱས་པའམ། ཤིན་ཏུ་ཆེས་ཆེར་བྱས་པ་དག་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་སྦྱང་བྱ་ གློ་བུར་དྲི་མའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ནི། ཀུན་བཏགས་གཞན་དབང་ དང་སྡུག་བསྔལ་ཀུན་འབྱུང་ཡིན་པའི་ཕྱིར། ནད་དང་དགྲ་དང་དུག་དང་གཡང་ས་ལ་ སོགས་པར་རིག་པར་བྱས་ནས་ཡིད་འབྱུང་བ་དང༌། སྐྱོ་ཤས་བསྐྱེད་དེ་སྤང་བར་བྱ་བ་ དང༌། སྦྱང་གཞི་བདེ་གཤེགས་སྙིང་པོའི་ཕུང་པོ་ཁམས་དང༌། སྐྱེ་མཆེད་རྣམས་ནི་མཐར་ ཐུག་གི་འགོག་བདེན་དང༌། ཡོངས་གྲུབ་དང༌། མགོན་དང༌། སྐྱབས་དང༌། དཔུང་གཉེན་ དང༌། མཆོད་བྱ་དང༌། ཐོབ་བྱ་ཉིད་དུ་ངོ་ཤེས་ཤིང་ཐག་ཆོད་པར་བྱས་ནས། འདྲི་བ་ དང་ཀློག་པ་དང་འཛིན་པ་དང་འཆང་བ་དང་ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་ དུ་ཡིད་ལ་བྱེད་པ་ལ་སོགས་པས་མངོན་དུ་བྱ་བ་ཉིད་དང༌། སྦྱོང་བྱེད་ལམ་གྱི་བདེན་པ་ 7-1-466 ནི་སྤྲིན་ཚོགས་གཏོར་བའི་རླུང་ངམ། དྲི་མ་འཁྲུད་པའི་ཆུ་ལ་སོགས་པ་ལྟར་ཤེས་པར་ བྱས་ནས་རྒྱུད་ལ་བརྟེན་པར་བྱ་བ་ཡིན་ནོ། །ཞེས་གོ་བ་ཙམ་ཡོད་ཀྱང་ཉམས་ལེན་མེད་ པའི་རྒྱལ་ཁམས་པས་ཇོ་ནང་རི་ཁྲོད་དུ་བྲིས་པའོ། །འདིའི་དགེ་བ་ལ་བརྟེན་ནས་ཀྱང་ སེམས་ཅན་ཐམས་ཅད་ཀྱིས་སྦྱོང་བྱེད་གཉེན་པོ་ཐམས་ཅད་བརྟེན་ནས། སྦྱང་བྱ་དྲི་མ་ ཐམས་ཅད་སྤངས་ཏེ། སྦྱང་གཞི་དེ་བཞིན་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ ཅད་མྱུར་དུ་ཐོབ་པར་གྱུར་ཅིག། །།ཅེས་པའི་ཡི་གེ་པ་ནི་བཅོམ་ལྡན་རྡོ་རྗེ་སྙིང་པོ་ དང༌། གཡའ་བཟང་པ་སངས་རྒྱས་འོད་དོ།། །།ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 7-1-467 ༄༅། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཐིག་གདབ་ཚུལ་བཞུགས། ༄༅། །དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་མཎྜལ་དབུས་སུ་ཕུར་བུ་བཟུང་ བྱས་ཏེ། ཁྲུ་བཞིའི་མཐའ་ནས་དང་པོར་ཟླུམ་པོས་བསྐོར། །དེ་ཡི་ཚད་དུ་ཚངས་པའི་ ཐིག་གཉིས་གདབ། །དེ་ལས་ཆ་ཆུང་ཉི་མའི་ཕྱི་ནས་ཀྱང༌། །བསྐོར་བའི་ཚད་དུ་ཟུར་གྱི་ ཐིག་གཉིས་གདབ། །ཚངས་ཐིག་ཕྱེད་དུ་སྐུ་ཡི་རྩ་ཐིག་སྟེ། །དེ་ཡི་ཕྱེད་དུ་གསུང་གི་རྩ་ ཐིག་དང༌། །གསུང་གི་ཕྱེད་དུ་ཐུགས་ཀྱི་རྩ་ཐིག་ཡིན། །ཐུགས་ཀྱི་ཕྱེད་དུ་བདེ་བ་ཆེན་པོ་ སྟེ། །དེ་ཡི་ཕྱེད་དུ་གཙོ་བོའི་པད་མ་ཡིན། །དེ་དང་དེ་ཡི་ཚད་དང་མཚན་མ་ནི། །ཟུར་ལ་ ལོ་ཐུབས་ཡང་ཡང་བཙལ་བས་རྙེད། །དེ་ཡང་འདི་ལྟར་ཚངས་ཐིག་མཐའ་ནས་ མཐར། །ལོག་གཏུབས་བྱས་ནས་སྐུ་ཡི་རྩ་ཐིག་རྙེད། །རྩ་ཐིག་འདི་དང་ཚངས་ཐིག་ཕྲད་ མཚམས་ནས། །ལོག་གཏུབས་བྱས་པས་གསུང་གི་རྩ་ཐིག་རྙེད། །དེ་བཞིན་གསུམ་པས་ ཐུགས་ཀྱི་རྩ་ཐིག་དང༌། །བཞི་པས་བདེ་བ་ཆེན་པོ་རྙེད་པར་འགྱུར། །སྐུ་གསུང་ཐུགས་ཀྱི་ བར་གྱི་ས་གང་ཡིན། །དེ་ཡི་ཕྱེད་དུ་སོ་སོའི་མདའ་ཡབ་ཐིག །ཚངས་ཐིག་མཐའ་དང་སྐུ་ ཡི་རྩ་ཐིག་པར། །འདི་ཡི་ཕྱེད་དུ་སྐུ་ཡི་མདའ་ཡབ་སྟེ། །ཟུར་ཐིག་རྣམས་ཀྱི་མཐའ་ནས་ མཐའ་རུའོ། །དེ་ལྟར་དཀྱིལ་འཁོར་གསུམ་པོ་རང་རང་གི །རྩ་ཐིག་ནས་ནི་ཀྲ་མ་ཤཱིར་ ཥའི་བར། །གང་ཡིན་དེ་ནི་ཕྱེད་དུ་བགོ་བྱ་ཞིང༌། །དེ་ཡི་ནང་མ་དབུས་དོར་མཐའ་ གཉིས་གདབ། །ཕྱི་མ་ཕྱེད་བགོ་དེ་ཡི་ཕྱི་ཡང་ཕྱེད། །སྐུ་ཡི་སྒོ་ཁྱུད་བདེ་ཆེན་འཁོར་ལོའི་ ཚད། །དེ་བཞིན་སྒོ་ལོགས་ཐུགས་ཀྱི་མདའ་ཡབ་ཚད། །རྟ་བབས་ཀ་བ་གསུང་གི་རྩ་ཐིག་ ཚད། །གསུང་གི་སྒོ་ཁྱུད་དབུས་ཀྱི་པད་མའི་ཚད། །རྟ་བབས་ཀ་བ་ཐུགས་ཀྱི་རྩ་ཐིག་ ཚད། །དེ་བཞིན་ཁོ་ནར་ཐུགས་ཀྱི་སྒོ་ཁྱུད་ཀྱང༌། །ཕྱོགས་བཞི་རྒྱལ་བའི་གཡས་གཡོན་ཀ་ བའི་ཚད། །རྟ་བབས་ཀ་བ་བདེ་ཆེན་འཁོར་ལོའི་ཚད། །དེ་སོགས་ཆ་ཡི་དབྱེ་བ་ཇི་སྙེད་ པ། །ཆ་ཆུང་གིས་ཕྱེ་དབུས་ནས་སོར་ཕྱེད་པ། །རོ་ཟླ་རིག་བྱེད་ཟླ་བ་རི་དང་ནི། །རྒྱ་མཚོ་ 7-1-468 ཟླ་བ་ཉི་མ་རི་ཆུ་དང༌། །ཟླ་བ་རྒྱལ་བ་དྲག་པོ་ཉི་མ་དང༌། །ཟླ་བ་ནོར་ཆུས་སྐུ་ཡི་མདའ་ ཡབ་བར། །རྟ་བབས་སྒོ་ལས་གསུམ་འགྱུར་དག་ལ་ནི། །སྣམ་བུ་གཅིག་གཉིས་འདི་དག་ རྣམས་ཀྱི་དཔངས། །ཟླ་བ་ཟླ་བ་རིག་བྱེད་ཕྱེད་དང་གཟུགས། །མི་ཕྱེད་ཟླ་མིག་ཕྱེད་དང་ ཕྱེད་བཅས་ཟླ། །མིག་སྟེ་འདི་དག་རྣམས་ཀྱི་སྲིད་དུ་ཡང༌། །རྒྱལ་བ་མི་བདག་ཉེས་པ་ཉི་ མ་དང༌། །ཚེས་དང་ཀླུ་དང་ཉི་མ་ཉི་མ་ཀླུ། །ལག་སྟེ་རིང་བའོ་སྣམ་བུ་གསུམ་པ་ ནི། །ཚངས་ཐིག་གཡས་གཡོན་མིག་ཟླ་རིག་བྱེད་དང༌། །ཟླ་དོར་གྱེན་དུ་ཆ་ཆུང་བཞི་པ་ སྟེ། །དྲུག་པ་གཡས་གཡོན་ཕྱེད་བཅས་ཟླ་བ་དང༌། །རྐང་པས་དམན་པའི་ཟླ་བ་མེ་དང་ ནི། །རྐང་དམན་ཟླ་དོར་གྱེན་དུ་གསུམ་པའོ། །སྣམ་བུ་དབུ་པ་དབུས་ནས་ཟླ་བ་ དང༌། །ཕྱེད་མིག་ཕྱེད་དོར་དཔངས་སུ་ཆ་ཆུང་གཉིས། །ཕྱི་མཐའ་རྣམས་ནི་མྱོས་སྲུང་ མཐར་ཐུག་ཅིང༌། །སྟེང་མ་བུམ་པ་ཆ་ཆུང་གཉིས་པའོ། །རང་རང་སྒོ་ཡི་ཆ་དྲུག་དག་ལ་ ནི། །ཆ་ཆུང་ཞེས་སུ་སེམས་དཔའི་འགྲེལ་པར་གསུངས། །ས་ཆུ་མེ་རླུང་མཁའ་འོད་ཁོར་ ཡུག་རྣམས། །རིམ་བཞིན་ཁྲུ་བྱེད་གསུམ་དང་བཞི་ཆ་དང༌། །ཕྱེད་པ་རྣམས་ཀྱི་གསལ་ བར་འགྱུར་བ་སྟེ། །ནམ་མཁའི་དབུས་སུ་ཆ་ཆུང་དྲུག་གི་ཚད། །རྡོ་རྗེའི་ཕྲེང་བ་ཟླུམ་པོར་ འགྱུར་བའོ། །དེ་ལྟར་ཚད་དང་མཚན་མ་ཀུན་ཤེས་ནས། །ཕྱོགས་ཀྱི་ཡོངས་འཇོམས་ འགོངས་པར་མི་འགྱུར་བ། །མཉམ་དང་མི་མཉམ་རྐང་པའི་འདུག་སྟངས་ཀྱི། །ཚོན་གྱི་ ཁུ་བ་ལས་དང་མཐུན་པས་གདབ། །དཀྱིལ་འཁོར་དབྱེ་བསྡུ་གཙོ་བོ་འཕོ་ལ་ སོགས། །རྒྱུད་སྡེ་ཇི་བཞིན་བློ་ལྡན་གྱིས་མཁྱེན་མཛོད། །ཅེས་པ་རྟོན་པ་བཞི་ལྡན་གྱིས་ སྦྱར་བའོ།། །།མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 7-1-469 ༄༅། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་བཀྲ་ཤིས་དགེ་ལེགས་རྒྱ་མཚོའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། ། ༄༅། །ཨོཾ་སྭཱ་སྟི། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་བཀྲ་ཤིས་དགེ་ལེགས་རྒྱ་ མཚོའི་སྒྲ་དབྱངས་ཞེས་བྱ་བ། བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། ། བཀྲ་ཤིས་འབྱུང་གནས་དཔལ་ལྡན་བླ་མ་དང༌། །བཀྲ་ཤིས་རང་བཞིན་དུས་ཀྱི་འཁོར་ལོ་ ལ། །བཀྲ་ཤིས་འགྲོ་ལ་སྤེལ་ཕྱིར་ཕྱག་འཚལ་ནས། །བཀྲ་ཤིས་རྒྱ་མཚོའི་སྒྲ་དབྱངས་ བརྗོད་པར་བགྱི། །པད་མའི་ལྟེ་བར་བདུད་དང་དྲག་པོའི་སྟེང༌། །རོལ་པའི་གདན་ བཞུགས་བདེ་བ་ཆེན་པོའི་སྐུ། །སྟོང་ཆེན་འོད་གསལ་སྣ་ཚོགས་ཡུམ་དང་སྦྱོར། །བདེ་ སྟོང་དུས་ཀྱི་འཁོར་ལོའི་བཀྲ་ཤིས་ཤོག །རྣམ་བཅུ་དབང་ལྡན་འོད་གསལ་འདུས་མ་ བྱས། །ཕ་རོལ་ཕྱིན་བཅུ་རྣམ་དག་ལྷ་མོ་བཅུ། །རྡོ་རྗེ་བཞི་ཡི་གྲྭ་ནས་རབ་མཛེས་ པའི། །བདེ་ཆེན་འཁོར་ལོས་དིང་འདིར་བཀྲ་ཤིས་ཤོག །ཕུང་པོ་རྣམ་དག་དེ་བཞིན་ གཤེགས་པའི་ཚོགས། །ཁམས་དྲུག་དག་པའི་ཡུམ་དང་སྙོམས་པར་སྦྱོར། །འཆི་མེད་གྲུབ་ པའི་བུམ་པས་རབ་བརྒྱན་པའི། །རྒྱལ་བའི་འཁོར་ལོས་དིང་འདིར་བཀྲ་ཤིས་ ཤོག །དབང་པོ་རྣམ་དག་བྱང་ཆུབ་སེམས་དཔའི་ཚོགས། །ཡུལ་དྲུག་དག་པའི་ལྷ་མོས་ རབ་ཏུ་འཁྱུད། །གདོད་ནས་ཟག་མེད་བདེ་བའི་དཔལ་འབྱོར་ཅན། །སེམས་དཔའི་ འཁོར་ལོས་དིང་འདིར་བཀྲ་ཤིས་ཤོག །ལས་དབང་རྣམ་དག་ཁྲོ་ཆེན་འབར་བའི་ ཚོགས། །བྱ་བ་རྣམ་དག་ཁྲོ་མོས་མཉམ་པར་སྦྱོར། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ ཚོགས་པའི་དཔལ། །ཁྲོ་རྒྱལ་འཁོར་ལོས་དིང་འདིར་བཀྲ་ཤིས་ཤོག །ལྟེ་བའི་རྩ་རྣམས་ དག་པ་མ་མོའི་ཚོགས། །ཙཱར་ཙི་ཀ་སོགས་གཞན་མཆོག་ཆོས་ཀྱི་དབྱིངས། ། ཟུང་འཇུག་ རོལ་པའི་ལྷ་མོ་འཁོར་དང་བཅས། །གསུང་གི་འཁོར་ལོས་དིང་འདིར་བཀྲ་ཤིས་ ཤོག །ལས་དང་བྱ་བའི་འཁོར་ལོ་རྣམ་དག་པའི། །དོན་དམ་ལྷ་ཆེན་བཅུ་གཉིས་འཁོར་ 7-1-470 དང་བཅས། །མཐིལ་བཞི་གསང་གཙུག་རྣམ་དག་ཤིང་རྟ་དཔུང༌། །སྐུ་ཡི་འཁོར་ལོས་ དིང་འདིར་བཀྲ་ཤིས་ཤོག །སོར་མོ་རྣམ་དག་ཀླུ་དང་གཏུམ་མོའི་ཚོགས། །འདོད་ཡོན་ དགའ་བདེའི་རང་བཞིན་གཟུངས་ཀྱི་ལྷ། །སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་དང༌། །འབྱུང་ པོའི་འཁོར་ལོས་དིང་འདིར་བཀྲ་ཤིས་ཤོག །གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ ཆ། །ཕྱོགས་སྐྱོང་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། །གྷཎ་ཌ་ཀརྞ་དགའ་འབྱེད་ནག་པོ་ ཆེ། །བྷྲིང་གི་ནི་སོགས་འཁོར་མང་བཀྲ་ཤིས་ཤོག །དོན་དམ་སྐྱབས་གསུམ་ཐུགས་གསུང་ སྐུ་ཡི་བདག །ལྷུན་གྲུབ་ཡེ་ཤེས་འོད་གསལ་གཞལ་ཡང་ཁང༌། །ཆོས་སྐུ་ཡོན་ཏན་འོད་ཀྱི་ དྲྭ་བ་ཅན། །དཀྱིལ་འཁོར་ཆོས་དབྱིངས་ཆེན་པོའི་བཀྲ་ཤིས་ཤོག །དཀྱིལ་འཁོར་བཀྲ་ ཤིས་དགེ་ལེགས་རྒྱ་མཚོའི་དབྱིངས། ། རྡོ་རྗེ་འཛིན་པ་བློ་གྲོས་རྒྱ་མཚོའི་སྒྲས། །རྣམ་དག་ སྒྲ་དེས་སྐྱེ་དགུ་རྒྱ་མཚོའི་ཚོགས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་རྒྱས་ཐོབ་ཤོག །དཔལ་དུས་ ཀྱི་འཁོར་ལོ་དཀྱིལ་འཁོར་བཀྲ་ཤིས་དགེ་ལེགས་རྒྱ་མཚོའི་སྒྲ་དབྱངས་ཞེས་བྱ་བ་འདི་ ནི། དཔལ་དང་གྲགས་པའི་མིང་གིས་མཐའ་རྒྱན་པའི། །གཞོན་ནུ་གཉིས་ཀྱིས་སྐྱེ་དགུ་ དགེ་བའི་ཕྱིར། །རབ་ཏུ་བསྐུལ་ཕྱིར་དགེ་བའི་འདུན་པས་སྦྱར། །དགེ་བ་འདི་ཡིས་དུས་ འཁོར་ཐོབ་པར་ཤོག །ཅེས་པ་འདི་ཡང་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་སྦྱར་ བའོ།། །།མངྒ་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།) 7-1-471 ༄༅། །དཔལ་དུས་ཀྱི་འཁོར་ལོའི་བསྟོད་པའམ་མངོན་རྟོགས་ཉེ་བར་བསྡུས་པ་བཞུགས་སོ། ། ༄༅། །ན་མ་ཤྲཱི་ཀཱ་ལ་ཙཀྲཱ་ཡ། སྟོང་པ་ཉིད་དང་སྙིང་རྗེའི་བདག །སྲིད་གསུམ་སྐྱེ་འཇིག་ མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་ འཚལ། ། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་ གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། ། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་ མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པདྨ་སྟོང་པ་དྲུག་དང་མེ་ ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་ དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་པའི་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་འཁོར་ ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ ཌཱ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་པ་ ཡང༌། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་ དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ནི་རྡོ་ རྗེའི་རྒྱན་ལྡན་རྡོ་རྗེའི་སྐུ་ཆེན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་གྱིས་ ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌཱ་མ་རུ་ དང་བགྲང་ཕྲེང་དང༌། །ཐོད་པ་ཞགས་པ་པདྨ་དཀར་དང་རིན་ཆེན་འཛིན་མར་བཅས་ ལ་འདུད། ། ནག་མོ་འབར་མ་བདུག་སྤོས་ཙན་དན་གུར་གུམ་དང་ནི་ག་པུར་སྣོད། །དྲིལ་བུ་པདྨ་ 7-1-472 ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་ཕྲེང་ལྡན་མ། །དམར་མོའི་གཡས་ན་མར་མེ་དོ་ ཤལ་ཅོད་པན་དང་ནི་གདུབ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་ རྒྱན་རྐང་གདུབ་འཛིན། །དཀར་མོའི་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་ བསྣམས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ ཆན་སྣོད། ། སེར་མོ་འབར་མ་དུང་དང་གླིང་བུ་ནོར་བུ་དང་ནི་ཌཱ་མ་རུ། །པི་ཝང་རྔ་ དང་འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའི་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་ བ་སྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ ཕྱག་རྒྱ་ལྔ་ཡིས་རྣམ་རྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་ དཔའ་རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་ འཁོར་འགགས་ལ་འདུད། ། ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་བསྙེན་བསྒྲུབ་དགའ་བ་བཞིས། ། ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་བཞི་རྣམ་དག་པ། །སྐད་ ཅིག་མཁྱེན་པ་སྐུ་དང་རྡོ་རྗེ་བྱང་ཆུབ་རྣམ་བཞི་སེམས་དཔའ་བཞི། །ཆོས་ཀྱི་དུང་དང་ གཎྜི་ནོར་བུ་དཔག་བསམ་ཤིང་ལ་ཕྱག་འཚལ་ལོ། ། ཁུ་ཁྲག་རྐང་དང་ཁྲག་གི་ཚོགས་ཆེན་དྲི་ཆུ་དྲི་ཆེན་རབ་འགགས་པས། །འཆི་མེད་རབ་ གཏེར་འཆི་མེད་རྒྱུན་གྱིས་མངོན་པར་གང་བའི་ཐོད་པའམ། །ཟླ་བའི་རང་བཞིན་ཟླ་ བའི་འོད་ལྟར་རབ་ཏུ་དཀར་བའི་བུམ་པ་ནི། །བདུད་ཀྱི་ཚོགས་འཇོམས་བདུད་རྩིའི་ ཚོགས་ཀྱིས་ཤིན་ཏུ་གང་བ་རྣམས་ལ་འདུད། ། འདུ་བྱེད་རླུང་དང་ངག་གི་དབང་པོ་སྣ་དང་རེག་གཞན་འདུས་མ་བྱས། །དོན་ཡོད་སྒྲོལ་ མ་བགེགས་ཀྱི་སྒྲ་དང་ནམ་མཁའི་སྙིང་པོ་རེག་བྱ་མ། །རལ་གྲི་གྲི་གུག་རྩེ་གསུམ་ཕུབ་ དང་དཔལ་ལྡན་ཐོད་པ་ཁ་ཊྭཱཾ་ག །ཉི་ཟླའི་གདོང་ལྡན་སྤྲིན་ནག་དང་མཚུངས་ས་ཡི་ རིགས་ཀྱིས་འཁྱུད་ལ་འདུད། །ཚོར་བ་མེ་དང་ལག་པའི་དབང་པོ་མིག་དང་རོ་གཞན་ བདེ་བ་ཆེ། །རིན་ཆེན་དབང་པོ་གོས་དཀར་མོ་དང་རྨུགས་བྱེད་ས་ཡི་སྙིང་པོ་རོ། །མདའ་ 7-1-473 དང་ལྕགས་ཀྱུ་ཌཱ་མ་རུ་དང་གཞུ་དང་ཞགས་པ་ནོར་བུའི་ཕྱག །དཀར་ནག་གདོང་ལྡན་ ཉིན་མོར་བྱེད་འདྲ་ཆུ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །འདུ་ཤེས་ཆུ་དང་རྐང་པའི་ དབང་པོ་ལྕེ་དང་གཟུགས་གཞན་ཡེ་ཤེས་སྐུ། །སྣང་བ་མཐའ་ཡས་མཱ་མ་ཀཱི་དང་ཁེངས་ བྱེད་འཇིག་རྟེན་དབང་པོའི་གཟུགས། །ཐོ་བ་མདུང་དང་རྩེ་གསུམ་པད་དཀར་མེ་ལོང་ དང་ནི་བགྲང་ཕྲེང་དང༌། །ནག་དང་དམར་བའི་གདོང་ལྡན་དཀར་པོ་མེ་ཡི་རིགས་ཀྱིས་ འཁྱུད་ལ་འདུད། ། གཟུགས་ཀྱི་ཕུང་པོ་ས་དང་བཤང་ལམ་ལུས་དང་དྲི་གཞན་འོད་ གསལ་གཟུགས། །རྟག་པ་སྤྱན་མ་རེངས་བྱེད་དང་ནི་རྣམ་སེལ་དྲི་ཡི་རྡོ་རྗེ་མ། །འཁོར་ལོ་ དབྱུག་པ་ཁྲོ་བོའི་རྡོ་རྗེ་དུང་དང་ལྕགས་སྒྲོག་དྲིལ་བུའི་ཕྱག །དཀར་ནག་གདོང་ལྡན་ གསེར་གྱི་རི་འདྲ་རླུང་གི་རིགས་ཀྱིས་འཁྱུད་ལ་འདུད། །རྣ་བ་ཆོས་ཁམས་ཡིད་དང་སྒྲ་ གཞན་ཕྱག་ན་རྡོ་རྗེ་ཆོས་ཁམས་མ། ། ཀུན་བཟང་སྒྲ་ཡི་རྡོ་རྗེ་མ་སྟེ་ལྗང་སྔོན་ཕན་ཚུན་ ཡང་དག་སྦྱོར། །གཡས་གཡོན་ཉི་ཟླའི་ཞལ་གྱིས་རབ་བརྒྱན་རྡོ་རྗེ་གྲི་གུག་དགྲ་སྟ་ དང༌། །དྲིལ་བུ་ཐོད་པ་ཚངས་པའི་གདོང་ལྡན་སྟོང་པའི་རིགས་ལ་ཕྱག་འཚལ་ལོ། །རབ་ དཀར་ཆུ་སྐྱེས་མདངས་བཀྲའི་ཟེ་འབྲུར་འོད་སྟོང་བདག་པོའི་དཀྱིལ་འཁོར་ལ། །རྡོ་ རྗེའི་གདན་དང་གཡས་བརྐྱང་སྟབས་བཞུགས་རྒྱལ་དང་རྒྱས་སྲས་ཁྲོ་རྒྱལ་ དང༌། །འདམ་སྐྱེས་དམར་པོའི་གེ་སར་སྙིང་པོར་རི་བོང་འཛིན་པའི་དཀྱིལ་འཁོར་ ལ། །པདྨའི་གདན་བཞུགས་རིག་མ་རྣམས་དང་རྡོ་རྗེ་མ་རྣམས་ལ་ཕྱག་འཚལ། ། དེ་ལྟར་ ལྷ་ཡི་འཁོར་ལོ་ལེགས་མཆོད་དྲི་དང་ཕྲེང་བ་བདུག་སྤོས་མ། །སྣང་གསལ་བདུད་རྩིའི་ འབྲས་བུ་མ་དང་སྒེག་མོ་བཞད་མ་སིལ་སྙན་མ། །གར་དང་གླུ་ཡི་སྦྱོར་བ་ལ་བརྩོན་ འདོད་མ་འདོད་ལ་རབ་དགའ་མ། །རྒྱན་དང་ཆ་བྱད་རྣམ་འགྱུར་དུ་མས་ཡིད་རབ་ འཛིན་མ་རྣམས་བསྟོད་དོ། །ཕྱོགས་དང་མཚམས་སུ་ཆུ་སྐྱེས་དམར་དང་དཀར་པོ་ལ་ གནས་རྣལ་འབྱོར་མ། །ལྟེ་བའི་རྩ་བརྒྱད་དྲུག་ཅུ་རྩ་བཞི་རྣམ་པར་དག་པའི་ཆོས་ཅན་ མ། །ཐུན་ཚོད་དང་ནི་དབྱུག་གུ་རྣམ་དག་ཀུན་ནས་བདེ་ལ་སྙོམས་འཇུག་མ། །སྤྱན་ གསུམ་ཕྱག་བཞི་རོལ་པས་ཡོངས་བསྐོར་ས་གའི་སྟབས་ཀྱིས་ལེགས་གནས་མ། །ཡི་དྭགས་ 7-1-474 ལ་གནས་ཙརྩི་ཀ་ནི་དབང་པོས་འཁྱུད་ཅིང་འཇིགས་མ་དང༌། །རླུང་ཤུགས་མ་དང་དྲག་ མོ་དུས་ཀྱི་མཆེ་བ་མ་དང་མེ་འབར་གདོང༌། །རབ་གཏུམ་དྲག་མིག་སྣ་ཆེན་མས་བསྐོར་ དུས་མཐའི་སྤྲིན་མཚུངས་ཟླ་ཞལ་མ། །ཐམས་ཅད་གྲི་གུག་རྩེ་གསུམ་ཐོད་པ་ཁ་ཊྭཱཾ་ག་ ཡིས་བརྒྱན་ལ་འདུད། །མཁའ་ལྡིང་ལ་གནས་ཁྱབ་འཇུག་མ་ནི་ཚངས་པས་འཁྱུད་ཅིང་ དཔལ་མོ་དང༌། །རྣམ་པར་རྒྱལ་མ་སྒྱུ་མ་གྲགས་མ་བཀྲ་ཤིས་མ་དང་དཔལ་རྒྱལ་ མ། །དཔལ་རྒྱལ་བྱེད་མ་འཁོར་ལོ་མས་བསྐོར་འཁོར་ལོ་དབྱུག་ཐོ་པདྨ་དང༌། །དུང་གི་ ཕྱག་ལྡན་སྤྲིན་ནག་དང་མཚུངས་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །མ་ཧེར་གནས་པའི་ ཕག་མོ་ལ་ནི་དྲག་པོས་འཁྱུད་ཅིང་ཀེང་རུས་མ། །རྩིགས་མ་དུས་མཚན་རབ་ཁྲོས་གདོང་ མ་དུས་ཀྱི་ལྕེ་མ་ནག་མོ་དང༌། །དྲག་མོ་དང་ནི་གཟུགས་ངན་མས་བསྐོར་མེ་ཡི་མདོག་ ཅན་ཟླ་ཞལ་མ། །དབྱུག་པ་རལ་གྲི་ལྕགས་སྒྲོག་ཕུབ་ཀྱིས་རྣམ་རྒྱན་རྣམས་ལ་ཕྱག་འཚལ་ ལོ། །རྨ་བྱར་གནས་པའྀ་གཞོན་ནུ་མ་ནི་ཚོགས་བདག་གིས་འཁྱུད་པདྨ་མ། །རིན་ཆེན་ ཕྲེང་མ་ལུས་མེད་གཞོན་ནུ་རི་དྭགས་བདག་པོའི་འགྲོས་མ་དང༌། །མིག་མཛེས་རུལ་མ་ བཟང་མོས་ཡོངས་སྐོར་བྱི་རུའི་འོད་འཕྲོག་གདོང་དྲུག་མ། །ཤཀ་ཏི་ལྕགས་ཀྱུ་རིན་ཆེན་ ཞགས་པས་ཉེ་བར་མཛེས་ལ་ཕྱག་འཚལ་ལོ། །ཁྱུ་མཆོག་ལ་གནས་དྲག་མོ་ལ་ནི་གཤིན་ རྗེས་འཁྱུད་ཅིང་ཕྱོགས་ཀུན་ནས། །གཽ་རི་འདེགས་མ་གཾ་ག་མ་དང་རྟག་མ་མྱུར་མ་ མཚོན་བྱེད་མ། །དམར་སེར་མ་དང་ནག་མོས་ཡོངས་བསྐོར་ཟླ་བའི་མདོག་ཅན་ཟླ་བའི་ ཞལ། །རྩེ་གསུམ་ཅང་ཏེའུ་ཁ་ཊྭཱཾ་ག་དང་ལྟོས་འགྲོས་མཚན་ལ་ཕྱག་འཚལ་ལོ། །སེང་གེར་ གནས་པའི་དཔལ་མོ་ལ་ནི་གཞོན་ནུས་འཁྱུད་ཅིང་དཔལ་དཀར་མོ། །འཛིན་མ་ཟླ་བའི་ རི་མོ་ཅན་དང་རི་བོང་འཛིན་ཞལ་ངང་པའི་མདོག །པདྨའི་དབང་མོ་སྐར་མིག་མ་དང་ དྲི་མེད་རི་བོང་འཛིན་མས་བསྐོར། །ཟླ་འོད་ཟླ་ཞལ་པདྨ་བགྲང་ ཕྲེང་ཆུ་སྐྱེས་རིན་ཆེན་ འཛིན་ལ་འདུད། །གླང་པོར་གནས་པའི་དབང་མོ་ལ་ནི་སྲིན་པོས་འཁྱུད་ཅིང་རྡོ་རྗེའི་ འོད། །བཀྲ་བའི་རི་མོ་རྡོ་རྗེའི་ལུས་མ་གསེར་ལྡན་མ་དང་ཨུར་བ་སི། ། རཾ་བྷ་ཟུག་རྔུ་མེད་ མ་དང་ནི་ཤིན་ཏུ་སྒྲོལ་མས་ཡོངས་བསྐོར་མ། །གསེར་མདོག་ཟླ་ཞལ་རྡོ་རྗེ་མདའ་དང་ 7-1-475 དྲིལ་བུ་གཞུ་ཡིས་མཚན་ལ་འདུད། །ངང་པར་གནས་པའི་ཚངས་མ་ལ་ནི་ནོར་ལྷས་ འཁྱུད་ཅིང་མཆོད་སྦྱིན་འདོད། །ངག་གི་དབང་ཕྱུག་པདྨའི་སྤྱན་མ་ཆུ་སྐྱེས་ལྡན་མ་བློ་ གྲོས་མ། །གླུ་མ་གློག་མ་དྲན་མས་ཡོངས་བསྐོར་རིག་བྱེད་གདོང་མ་གསེར་མདོག་མ། ། ཕྱག་གི་པདྨ་པདྨ་ཚངས་དབྱུག་སྤྱི་བླུགས་བར་བུས་མཚན་ལ་འདུད། ། ཟླ་བ་ཚིགས་ཆེན་ཉི་མའི་ཚེས་དང་རྩ། །རྣམ་དག་ལྷ་ཆེན་བཅུ་གཉིས་འཁོར་དང་ བཅས། ། སྤྱན་གསུམ་ཉི་ཟླའི་མདོག་ཅན་པདྨའི་སྟེང༌། །རོལ་པས་ཡོངས་བསྐོར་རྡོ་རྗེའི་ གདན་བཞུགས་པ། །སྲིན་མོས་འཁྱུད་ཅིང་ཡི་དྭགས་ལ་གནས་པའི། །བདེན་བྲལ་ལ་ སོགས་ནག་པའི་ཚེས་རྣམས་གཞན། །རལ་གྲི་གྲི་གུག་ཕུབ་དང་ཐོད་པ་ཅན། །དུས་ མཐའི་སྤྲིན་མཚུངས་ཟླ་བའི་ཞལ་ལ་འདུད། །གཏུམ་མོས་འཁྱུད་ཅིང་རི་དྭགས་ལ་ གནས་པའི། །རླུང་སོགས་ས་གའི་ཚེས་གཞན་དཔག་བསམ་ཤིང༌། །ཡོངས་འདུས་མེ་ཏོག་ ནོར་བུ་ཨུཏྤལ་འཛིན། །ཟླ་ཞལ་མིག་སྨན་མདོག་ལ་ཕྱག་འཚལ་ལོ། །ལུག་ལ་གནས་ཤིང་ ཆུ་བདག་མོས་འཁྱུད་པའི། །མེ་ལྷ་ལ་སོགས་སྣྲོན་གྱི་ཚེས་རྣམས་གཞན། །མདུང་ཐུང་ དབྱུག་པ་ཆུ་སྐྱེས་སྤྱི་བླུགས་འཛིན། ། ཞལ་གཅིག་པདྨ་རཱ་གའི་མདོག་ལ་འདུད། །དཔལ་ མོས་འཁྱུད་ཅིང་རྨ་བྱ་ལ་གནས་པའི། ། གདོང་དྲུག་ལ་སོགས་ཆུ་སྟོད་ཚེས་རྣམས་ གཞན། །ཤཀ་ཏི་མདུང་དང་ནོར་བུ་མེ་ལོང་ཅན། ། བྱི་རུའི་འོད་འཕྲོ་གདོང་དྲུག་ལྡན་ པས་སྐྱོངས། །ཕག་མོས་འཁྱུད་ཅིང་ཆུ་སྲིན་ལ་གནས་པའི། །རྒྱ་མཚོ་ལ་སོགས་གྲོ་བཞིན་ ཚེས་རྣམས་གཞན། །ཞགས་པ་རིན་ཆེན་སྦྲུལ་ཞགས་ཆུ་ཤེལ་འཛིན། །ཟླ་བའི་འོད་ཅན་ ཟླ་བའི་ཞལ་མཆོད་དོ། །བྱི་བར་གནས་ཤིང་གཞོན་ནུ་མས་འཁྱུད་པའི། །ཚོགས་བདག་ ལ་སོགས་ཁྲུམས་སྟོད་ཚེས་རྣམས་གཞན། །དགྲ་སྟ་རྡོ་རྗེ་ཞགས་པ་ནོར་བུའི་ཕྱག །ཟླ་ ཞལ་ཟླ་འོད་ལྟ་བུར་དཀར་ལ་འདུད། །གླང་པོར་གནས་ཤིང་རླུང་ལྷ་མོས་འཁྱུད་ པའི། །བརྒྱ་བྱིན་ལ་སོགས་ཐ་སྐར་ཚེས་རྣམས་གཞན། །རྡོ་རྗེ་མདའ་དང་དྲིལ་བུ་གཞུ་ ཡིས་མཚན། །གསེར་མདོག་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །གློག་མས་འཁྱུད་ཅིང་ངང་ པ་ལས་གནས་པའི། །ཚངས་པ་ལ་སོགས་སྨིན་དྲུག་ཚེས་རྣམས་གཞན། །ཁབ་དང་བགྲང་ 7-1-476 ཕྲེང་ཆུ་སྐྱེས་སྤྱི་བླུགས་འཛིན། །ཆུ་ཡི་གསེར་མཚུངས་ཆུ་ཡི་ཞལ་གྱིས་སྐྱོང༌། །ཨུ་མས་ འཁྱུད་ཅིང་ཁྱུ་མཆོག་ལ་གནས་པའི། །དྲག་པོ་ལ་སོགས་མགོ་ཡི་ཚེས་རྣམས་གཞན། །རྩེ་ གསུམ་མདའ་དང་སྦྲུལ་ལྡན་ཁ་ཊཱཾ་གཞུ། །རི་བོང་འཛིན་ཞལ་མཁའ་ལྟར་སྔོ་ལ་ འདུད། །གླང་པོར་གནས་ཤིང་ནོར་སྦྱིན་མས་འཁྱུད་པའི། །ནོར་བདག་ལ་སོགས་རྒྱལ་གྱི་ ཚེས་རྣམས་གཞན། ། ནོར་བུ་བེ་ཅོན་ནེའུ་ལེ་པདྨའི་ཕྱག །སྔོན་པོ་རི་དྭགས་མཚན་པའི་ ཞལ་མཆོད་བགྱི། ། དཔལ་མོས་འཁྱུད་ཅིང་མཁའ་ལྡིང་ལ་གནས་པའི། །ཁྱབ་འཇུག་ལ་ སོགས་མཆུ་ཡི་ཚེས་རྣམས་གཞན། །འཁོར་ལོ་དབྱུག་ཐོ་པདྨ་དུང་གིས་མཚན། །ཞལ་ གཅིག་མར་གད་མདོག་ལ་ཕྱག་འཚལ་ལོ། །གཤིན་རྗེ་མས་འཁྱུད་མ་ཧེ་ལ་གནས་ པའི། །གཤིན་རྗེ་ལ་སོགས་དབོ་ཡི་ཚེས་རྣམས་གཞན། །དབྱུག་པ་རལ་གྲི་ལྕགས་སྒྲོག་ ཞགས་པས་བརྒྱན། །ལྗང་ཁུ་རི་དྭགས་ཅན་ཞལ་ལ་ཕྱག་འཚལ། ། འོད་ཟེར་ཅན་འཁྱུད་དབྱུག་སྔོན་ནག་པོ་རལ་གྲི་དང་ནི་རྡོ་རྗེ་ཕུབ་དང་ལྟོས་འགྲོ་ འཛིན། ། ཙིན་དཱས་ལེགས་འཁྱུད་ཊཀྐི་དམར་པོ་མེ་མདའ་དང་ནི་ལྕགས་ཀྱུ་གཞུ་དང་ ཞགས་པས་མཚན། །ཁྲོ་གཉེར་མས་འཁྱུད་མི་གཡོ་དཀར་པོ་ཐོ་བ་དང་ནི་མདུང་དང་ པདྨ་མེ་ལོང་འཛིན། ། ལྕགས་སྒྲོག་མས་འཁྱུད་སྟོབས་ཆེན་སེར་པོ་འཁོར་ལོ་དང་ནི་ དབྱུག་པ་དུང་དང་ནོར་བུའི་ཕྱག །སྔོན་མོས་འཁྱུད་པའི་གཙུག་ཏོར་ལྗང་ཁུ་དགྲ་སྟ་ དང་ནི་རྩེ་གསུམ་སྦྲུལ་ཞགས་ཁ་ཊྭཱཾ་ག ། དྲག་སྤྱན་མས་འཁྱུད་གནོད་མཛེས་སྔོན་པོ་གྲི་ གུག་དང་ནི་རྡོ་རྗེ་ཐོད་པ་དྲིལ་བུ་འཛིན། ། ཕག་རྟ་སེང་གེ་གླང་པོ་མཁའ་ལྡིང་རྐང་ བརྒྱད་ཀྱི་ནི་ཤིང་རྟ་ལ་གནས་གཡས་བརྐྱང་སྟབས། ། མཐིལ་བཞི་བཤང་ལམ་གཙུག་གི་ རྩ་དག་ཁྲོ་བོའི་ཚོགས་ནི་ཞལ་གཅིག་ཕྱག་བཞིས་བརྗིད་ལ་འདུད། ། སྟོབས་ཀྱི་རྒྱུ་དང་པདྨ་ཆར་སྤྲིན་མདོག །ནོར་རྒྱས་དུང་སྐྱོང་བྱི་རུའི་ཕུང་པོ་ འདྲ། །མཐའ་ཡས་རིགས་ལྡན་ཀུན་དཱའི་མདོག་ལྟར་གསལ། །འཇོག་པོ་པདྨ་ཆེན་པོ་རབ་ ཏུ་སེར། །རྒྱལ་དང་རྣམ་རྒྱལ་ལྗང་སྔོན་འབྱུང་བ་ལ། །རྡོ་རྗེ་གདན་བཞུགས་རིན་ཆེན་ རྒྱན་གྱིས་བརྒྱན། ། བུམ་པ་རྡོ་རྗེ་པདྨ་ནོར་བུའི་ཕྱག །རྐང་སོར་ཀླུ་ཆེན་གཏུམ་མོས་ 7-1-477 འཁྱུད་ལ་འདུད། །མདུང་གིས་འབིགས་དང་ལྷག་མ་བསྲེགས་པའི་རོ། །དྲག་པོའི་གཡུལ་ དང་རུལ་པ་བྱིས་པ་གསོད། ། རྣག་གི་དྲི་དང་སྦྲུལ་གྱིས་ཟོས་པ་ཡི། །དུར་ཁྲོད་ཆེན་པོར་ བསེ་དང་བྷེ་རུཎ་ཊ། །དོམ་དང་ཁྲུང་ཁྲུང་འབྲི་དང་བྱ་མ་བྱི། །སེང་གེ་མིག་སྔོན་ལ་ གནས་འཁོར་ལོའི་སྟེང༌། །ཟླུམ་པོའི་སྟབས་ཅན་མི་མགོའི་ཕྲེང་ལྡན་མ། །གཅེར་བུ་སྤྱན་ གསུམ་གྲི་གུག་ཐོད་པ་མ། །ཕྱག་རྒྱ་ལྔ་ལྡན་ཀླུ་ཡིས་རབ་འཁྱུད་མ། །ལུས་ལ་ལག་པའི་ སོར་མོ་རྣམ་དག་མ། །ཁྱི་གདོང་མ་དང་ཁྭ་གདོང་ཕག་གདོང་མ། །བྱ་རྒོད་གདོང་མ་ སྟག་གདོང་འུག་གདོང་མ། །ལྕེ་སྤྱང་གདོང་མ་ནམ་མཁའ་ལྡིང་གདོང་མ། །སྟེང་འོག་ ཤིང་རྟར་སྔོན་མོ་རྡོ་རྗེའི་མིག །སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་དང༌། །འབྱུང་པོའི་ཚོགས་ ཀྱིས་བསྐོར་ལ་ཕྱག་འཚལ་ལོ། ། ཤིན་ཏུ་སྟོབས་མ་རྨུགས་བྱེད་མ་དང་ང་རྒྱལ་ཅན་མ་རེངས་བྱེད་མ། །ལྕགས་སྒྲོག་མ་ དང་ཁྲོ་གཉེར་ཅན་མ་ཙུན་དཱ་དང་ནི་འོད་ཟེར་ཅན། །དྲག་སྤྱན་མ་དང་ཤིན་ཏུ་སྔོན་མོ་ རང་རང་རིགས་ཀྱི་ཁྲོ་བོ་ཡི། །ཞལ་ཕྱག་མཚོན་ཆ་ཁ་དོག་རྒྱན་ལྡན་ཁྲོ་མོ་རྣམས་ལའང་ ཕྱག་འཚལ་ལོ། །དེ་བཞིན་སྒྲོལ་མ་རེག་བྱ་མ་དང་ཁྱབ་འཇུག་ལྕགས་སྒྲོག་ཁ་གདོང་ མ། །རབ་སྔོན་རབ་བརྩོན་ཙརྩི་ཀཱ་ནི་ཁྱི་གདོང་མས་བསྐྱེད་བརྒྱ་བྱིན་དུ། །དབྱེ་བ་གོས་ དང་མཆིལ་འདོར་རེག་བྱ་ལྷག་མ་ཟ་བ་ཀུན་ཏུ་གདུང༌། །སྐྲོད་དང་ལུས་འཕྲུག་ཡན་ ལག་བསྐྱོད་པར་འདོད་དང་ཕྱིར་འདོད་མ་ལ་འདུད། །གོས་དཀར་རོ་མ་གཞོན་ནུ་མ་ དང་ཁྲོ་གཉེར་ཅན་མ་བྱ་རྒོད་མ། །དྲག་སྤྱན་རྨུགས་མ་ཕག་མོ་དང་ནི་ཕག་གདོང་མས་ བསྐྱེད་ལྷོ་ཕྱོགས་སུ། ། བསྐྱོད་པ་ཟས་དང་གར་འགུགས་གཡུལ་དང་རྒྱུག་པ་དང་ནི་ སྐེམས་པ་དང༌། །ལུས་ཀྱི་དྲི་མ་བཤང་གཅི་ཟག་པར་འདོད་དང་ཕྱིར་འདོད་མ་རྣམས་ མཆོད། །མཱ་མ་ཀཱི་དང་གཟུགས་མ་དཔལ་མོ་ཙུན་དཱ་དང་ནི་འུག་གདོང་མ། །སྒྲ་མ་ཁེངས་ མ་དྲག་མོ་དང་ནི་སྟག་གདོང་མས་བསྐྱེད་ནོར་སྦྱིན་དུ། །རྒྱས་པ་བརྒྱན་དང་རྒྱལ་སྲིད་ འཆིང་བ་བྱིས་པ་བསྡིགས་དང་རོལ་མོའི་སྒྲ། །འཇམ་པར་སྨྲ་དང་མལ་སྟན་རྩོད་མང་ འདོད་དང་ཕྱིར་འདོད་མ་རྣམས་རྒྱལ། ། སྤྱན་མ་དྲི་མ་ཚངས་མ་དང་ནི་འོད་ཟེར་ཅན་ 7-1-478 མ་མཁའ་ལྡིང་མ། །ཆོས་ཀྱི་ཁམས་མ་རེངས་མ་དབང་མོ་ལྕེ་སྤྱང་མས་བསྐྱེད་ཆུ་བདག་ ཏུ། །རེངས་པ་དྲི་དང་ཆུ་ལ་རྐྱལ་བ་ཕུར་བུས་འདེབས་དང་སྦྲུལ་འཆིང་འཁྲིག །གཉེན་ འདུན་མལ་བསྙེས་སེམས་ཅན་བསླུ་འདོད་ཕྱིར་འདོད་མ་རྣམས་གཞན་ལ་འདུད། ། ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ ཆོས་ལས་འདས་ཀྱང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ལུས་དང་དབང་པོའི་སྦྱོར་ བ་སྤངས་ཀྱང་རྟག་ཏུ་འདོད་ཆགས་ཆེ་ལ་རོལ། །བསམ་གྱིས་མི་ཁྱབ་བརྟག་པར་དཀའ་ བ་དུས་ཀྱི་འཁོར་ལོས་བདག་སྐྱོངས་ཤིག ། གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། ། གྷཎྜ་ཀརྞ་དགའ་བྱེད་ནག་པོ་ཆེ། །བྷྲྀཾ་གི་ནི་སོགས་འཁོར་མང་རྒྱལ་གྱུར་ཅིག །དེ་ལྟར་ བསྟོད་པས་ཕུང་པོ་ཁམས་སོགས་གཞན། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་ དབྱིངས། །གློ་བུར་དྲི་མའི་སྦུགས་ལས་ངེས་གྲོལ་ཏེ། །སྲིད་གསུམ་དང་བ་མངོན་དུ་བྱེད་ གྱུར་ཅིག ། དཔལ་དུས་ཀྱི་འཁོར་ལོའི་བསྟོད་པ་མངོན་རྟོགས་ཉེ་བར་བསྡུས་པ་འདི་ནི། ཕྱོགས་ མེད་ཅིང་རིས་མེད་པ་རྟོན་པ་བཞི་དང་ལྡན་པ། ཤེས་རབ་རྒྱལ་མཚན་དཔལ་བཟང་ པོས་བཀོད་པའོ།། །།འདིས་ཀྱང་བསྟན་པ་རིན་པོ་ཆེ་དང་སེམས་ཅན་ཐམས་ཅད་ལ་ ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ། བྷ་ཝནྟུ། ཤུ་བྷཾ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༣༡༦ ཡིན།) 7-1-479 ༄༅། །དཔལ་དུས་ཀྱི་འཁོར་ལོའི་ཡོངས་རྫོགས་ཀྱི་མངོན་རྟོགས་དང་བསྟོད་པ་ཟུང་འཇུག་གི་འགྲེལ་པ་བཞུགས་སོ། ། ༄༅། །རྗེ་བཙུན་བླ་མ་དམ་པའི་ཞབས་ཀྱི་པད་མོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ ལོ། །ཆོས་ཐམས་ཅད་ཀྱིས་སྟོང་ཞིང་དབེན་ལ་དག་པའི་གཞི་གང་ཡིན་པ་ཆོས་ཉིད་ཀུན་ འགྲོ་རྣམ་པ་ཐམས་ཅད་པ་གནས་ལུགས་ཀྱི་ལྷ་དང་སྔགས་དང་རྒྱུད་དང་ཕྱག་རྒྱ་དང་ དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་དུ་ནམ་ཡང་ལྷུན་གྱིས་གྲུབ་པར་བཞུགས་པའི་ དབྱིངས་ལ་ཕྱག་འཚལ་ཞིང་སྐྱབས་སུ་སོང་ནས། དེ་ཉིད་ལ་མོས་པ་ཡིད་ལ་བྱེད་ཅིང་ ཕྱག་འཚལ་བའི་ཚིགས་སུ་བཅད་པ་དགྲོལ་བར་བྱ་སྟེ། འདིར། ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། ཞེས་པའི་དོན་ནི་རྗེ་བཙུན་ཉིད་ཀྱི་ཞལ་སྔ་ནས། ཀཱ་ཡིག་ ལས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་ལས་ནི་གཡོ་བའི་སེམས། །ཀྲཱ་ ཡིག་རིམ་པས་བཅིངས་ལས་སོ། །ཞེས་དང༌། གང་ལ་རྒྱུ་དང་མཚན་ཉིད་མེད། །གཡོ་དང་ དེ་བཞིན་རིམ་མེད་པས། །ཀཱ་ལ་ཙཀྲཱར་མངོན་བརྗོད་པ། །གཉིས་མེད་དེ་ལ་བཏུད་བྱས་ ཤིང༌། །གང་ཞིག་ཀཱ་སོགས་ཡི་གེ་རྣམས་ཀྱིས་སྤྲུལ་པ་དང༌། །ལོངས་སྤྱོད་རྫོགས་དང་ བཟང་པོའི་ཆོས་དང་དག་པ་ཡི། །སྐུ་བཞི་གསུང་བ་དང་པོའི་སངས་རྒྱས་རིས་མེད་ པ། །དེ་བཞིན་གཤེགས་པ་དེ་ལ་སྤྱི་བོས་རབ་གཏུད་ནས། །ཞེས་གང་གསུངས་པ། སྟོང་ གཞི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་གནས་ལུགས་ཟབ་མོ་མཐར་ཐུག་པའི་སྐུ་བཞི་ ཡིན་ཞེས་པའི་དོན་ཏེ། གཟུགས་སྐུ་གཉིས་ནི་ཀུན་རྫོབ་ཡིན་པའི་ཕྱིར་གནས་ལུགས་ ཟབ་མོ་མཐར་ཐུག་པའི་སྐུ་མ་ཡིན་པས་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཡང་ བདེན་གཉིས་རྣམ་དབྱེ་ཤེས་དགོས་སོ། །དེ་ལྟར་དོན་དམ་པའི་སྤྲུལ་པ་དང་ལོངས་སྤྱོད་ རྫོགས་པའི་སྐུ་ནི་མཚན་ཉིད་ཐེག་པར་རབ་ཏུ་མ་གྲགས་ཤིང་རྒྱུད་སྡེ་རྣམ་དག་རྣམས་ 7-1-480 སུ་གསུངས་པ་སེམས་འགྲེལ་གྱིས་གསལ་བར་མཛད་པ་ལས་རབ་ཏུ་རྟོགས་པ་ཡིན་ ནོ། །ན་མཿ ཞེས་པ་དེ་རྣམས་ལ་ཕྱག་འཚལ་བ་ཡང་ངེས་པའི་དོན་དུ་ནི། དཀྱིལ་འཁོར་ བཅུ་པོ་ཡང་དག་སྦྱོར། །མགོ་བོར་ཐལ་སྦྱར་ཕྱག་འཚལ་ལོ། །ཞེས་པའི་མན་ངག་ཉམས་ སུ་མྱོང་བ་ལས་རིག་པར་བྱ་ཞིང་དྲང་བའི་དོན་དུ་ནི་སྒོ་གསུམ་གུས་པས་འདུད་པ་སྟེ་ རབ་ཏུ་གྲགས་པ་ཡིན་ནོ། ། ཆོས་ཐམས་ཅད་ཀྱི་དེ་བཞིན་གང་ཡིན་པ་དེ་ཉིད། སྟོང་པ་ཉིད་དང་སྙིང་རྗེའི་བདག ། ཅེས་པ་ནས། དུས་ཀྱི་འཁོར་ལོས་བདག་སྐྱོངས་ཤིག །ཅེས་པའི་མཐར་ཐུག་པས་བསྟན་ པའི་ལྷ་དང་དཀྱིལ་འཁོར་ལ་སོགས་པར་གདོད་མ་ཉིད་ནས་བཞུགས་པ་ཡིན་ནོ། །དེ་ལ། སྟོང་པ་ཉིད་ཅེས་གཞུང་ལུགས་རྣམ་དག་རྣམས་སུ་གསུངས་པའི་དོན་ནི་གཉིས་ཏེ། རང་གི་དངོས་པོ་སྟོང་པ་ཉིད་དང་གཞན་གྱི་དངོས་པོ་སྟོང་པ་ཉིད་དོ། །དེ་ལ་རང་གི་ དངོས་པོ་སྟོང་པ་ཉིད་ནི། ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་པ་སྟེ་དངོས་པོ་མེད་ པས་སྟོང་པ་ཉིད་དོ། །གཞན་གྱི་དངོས་པོ་སྟོང་པ་ཉིད་ནི། ཆོས་ཉིད་ལས་གཞན་པ་ཆོས་ ཀྱི་གཞིའི་ངོ་བོ་ཉིད་དེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དེ་ལ་དངོས་པོ་ མེད་པ་སྟོང་པ་ཉིད་ནི། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གནས་ལུགས་ལ་རི་བོང་གི་རྭ་ ལྟར་གཏན་ནས་མེད་པའི་མེད་དགག་དང་སྒྲུབ་ཆོས་ཙམ་གྱིས་དོར་བ་སྟེ། འདི་ལ་སྟོང་ པའི་སྟོང་པ་ཉིད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དངོས་པོ་མེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་ནི་ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་གདོད་ནས་མེད་པའི་གཞིའི་ངོ་ བོ་ཉིད་གང་ཡིན་པ། མ་ཡིན་དགག་དང་སྒྲུབ་ཆོས་ཀྱིས་མ་དོར་བ་སྟེ་འདི་ལ་མི་སྟོང་ པའི་སྟོང་པ་ཉིད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །རྒྱལ་བ་བྱམས་པའི་ཞལ་ སྔ་ནས་ཀྱང༌། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་ དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་དང༌། གཉིས་ དངོས་མེད་དང་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་རང་སྟོང་ གཞན་སྟོང་གི་ཁྱད་པར་དང༌། སྟོང་ཙམ་དང་སྟོང་གཞིའི་ཁྱད་པར་དང༌། བདེན་པ་ 7-1-481 གཉིས་ཀྱི་སྟོང་ཚུལ་གྱི་ཁྱད་པར་གསུངས་ཤིང༌། ཡང༌། མེད་པའི་སྟོང་པ་ཉིད་ཤེས་ ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་པ་ ཤེས་པ་ཞེས་བརྗོད་དོ། །ཞེས་ཀུན་རྫོབ་སྟོང་ཉིད་ལ་ཡང་ཕྱེ་ན། ཀུན་བཏགས་དང་ལོག་ པའི་ཀུན་རྫོབ་རྣམས་ཀུན་རྫོབ་ཀྱི་བདེན་པར་ཡང་མ་གྲུབ་པ་དང༌། གཞན་དབང་དང་ ཡང་དག་ཀུན་རྫོབ་རྣམས་རང་བཞིན་གཉུག་མའི་གནས་ལུགས་ལ་མ་གྲུབ་ཀྱང་ཀུན་ རྫོབ་ཀྱི་བདེན་པར་གྲུབ་པ་སྟེ། དེ་ལྟར་ཀུན་རྫོབ་ལ་རེ་ཞིག་སྟོང་ཚུལ་གཉིས་གསུངས་ ཀྱང༌། མཐར་སྟོང་ཉིད་དུ་འདུས་ལ་དོན་དམ་བདེན་པ་ནི། ཀུན་རྫོབ་བཅོས་མ་གློ་བུར་ བའི་ཆོས་གང་དུ་ཡང་མ་གྲུབ་པས་དེ་རྣམས་ཀྱིས་སྟོང་ཡང་རང་བཞིན་གཉུག་མ་ཆོས་ ཉིད་ཀྱི་ངོ་བོ་ཉིད་དུ་འགྱུར་བ་མེད་པར་ཡོངས་སུ་གྲུབ་པས། མི་སྟོང་པའི་སྟོང་པ་ཉིད་ དེ། གཞན་དབང་དང་ཡང་དག་ཀུན་རྫོབ་ཀྱིས་ཀྱང་སྟོང་པའི་གཞིའོ། །དེ་ལྟར་བདེན་པ་ གཉིས་དང་ངོ་བོ་ཉིད་གསུམ་གྱི་སྟོང་ཚུལ་ནི་གནས་ལུགས་ལ་མེད་ཙམ་དང༌། མེད་པའི་ གཞིའི་དོན་དུ་རྟོགས་ཤིང༌། དེའང་རང་སྟོང་གཞན་སྟོང་གི་དོན་དང་སྟོང་པའི་སྟོང་པ་ ཉིད་དང༌། མི་སྟོང་པའི་སྟོང་པ་ཉིད་ཀྱི་དོན་དུ་རྟོགས་ན་སྟོང་པ་ཤེས་པ་ཞེས་བརྗོད་ཀྱི། དེ་ལྟར་མ་ཡིན་པར་ཐམས་ཅད་རང་སྟོང་ཉིད་དམ་ཐམས་ཅད་གཞན་སྟོང་ཉིད་དུ་ཁ་ ཚོན་གཅོད་ན་ནི། སྟོང་པ་ཉིད་ལེགས་པར་རྟོགས་པ་མ་ཡིན་ཞིང༌། སྟོང་པ་ཉིད་ལ་ལྟ་ ཉེས་པའི་སྐྱོན་དུ་འགྱུར་ཞེས་པའི་དོན་ཏོ། །དེ་བཞིན་དུ། ཆོས་ཐམས་ཅད་ངོ་བོ་ཉིད་ མེད་པར་གསུངས་པའི་དགོངས་པ་ཡང་ཀུན་བཏགས་གཞན་དབང་ལ་རང་གི་ངོ་བོ་ ཉིད་མེད་པ་དང༌། ཆོས་ཉིད་ཡོངས་གྲུབ་ཡང་དག་པའི་མཐའ་ལ་རང་ལས་གཞན་པ་ འདུས་བྱས་ཐམས་ཅད་ཀྱི་ངོ་བོ་མེད་པ་ལ་གསུངས་ཏེ། ཡང་དག་མཐའ་ནི་འདུས་བྱས་ ཀྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཞེས་དང༌། རྣམ་དབྱེར་བཅས་པའི་མཚན་ཉིད་ ཅན། །གློ་བུར་དག་གིས་དབྱིངས་སྟོང་གི །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། །དེ་ལྟར་བདེན་པ་གཉིས་ཀྱིས་སྟོང་ཚུལ་སྟོང་ཙམ་དང་ སྟོང་པའི་གཞི་གང་ཡིན་པ་མེད་དགག་དང་མ་ཡིན་དགག་གི་ཚུལ་འདི་དག་ལ་ཕུང་པོ་ 7-1-482 རྣམ་པར་དཔྱད་པ་ཆད་པའི་སྟོང་པ་ཉིད་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་ པའི་སྟོང་པ་ཉིད་ཅེས་ཀྱང་གསུངས་ཏེ། མགོན་པོ་འཇམ་པའི་དབྱངས་ཀྱི་ཞལ་སྔ་ནས། ཕུང་པོ་རྣམ་དཔྱད་སྟོང་པ་རྣམས། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་ མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་པ་འགགས་མེད་ པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོའི་སྟོང་པ་ཉིད། །ཕུང་པོ་ རྣམས་རྣམ་དཔྱད་པ་མིན། །ཞེས་དང༌། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ སྔ་ནས་ཀྱང༌། དོན་འདི་ཉིད་ཡང་དང་ཡང་དུ་གསལ་བར་གསུངས་ཤིང༌། གསང་བདག་ ཕྱག་ན་རྡོ་རྗེ་དང༌། འཕགས་པ་རྡོ་རྗེ་སྙིང་པོ་ལ་སོགས་པས་ཀྱང་གསུངས་ལ། འཕགས་ པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང༌། མ་སྐྱེས་པ་ཡི་སྟོང་ཉིད་གཅིག །གཅིག་ནི་སྐྱེས་པ་སྟོང་པ་ སྟེ། །མ་སྐྱེས་པ་ཡི་སྟོང་ཉིད་མཆོག ། སྐྱེས་པའི་སྟོང་པ་འཇིག་པ་ཡིན། །ཞེས་དང༌། འཕགས་པ་ཐོགས་མེད་ཞབས་ཀྱིས་ཀྱང༌། གང་གིས་སྟོང་པ་དང་སྟོང་པའི་གཞི་གང་ ཡིན་པའི་ཁྱད་པར་རྟོགས་ན་སྟོང་ཉིད་ལ་ལེགས་པར་ཟིན་པ་ཞེས་གསུངས་ཤིང༌། དེ་ལྟ་ མ་ཡིན་པར་ཐམས་ཅད་རང་སྟོང་ཉིད་དུ་འདོད་ན་སྟོང་ཉིད་ལ་ལོག་པར་ཟིན་པ་ཞེས་ གསུངས་ཏེ། འདི་ནི། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་ འགྱུར། །ཞེས་པ་དང་དོན་གཅིག་གོ །སྟོང་ཉིད་ཆེན་པོའི་མདོ་ལ་སོགས་པར་ཡང༌། གང་ ཞིག་གང་ན་མེད་པ་དེ་དེས་སྟོང་ངོ༌། །དེ་ལ་ལྷག་མ་གང་ཡིན་པ་དེ་འདིར་རྟག་ཏུ་ཡོད་ དོ། །འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་སྟེ། ཕྱིན་ཅི་མ་ལོག་པ་ཡིན་ ནོ། །ཞེས་ལེགས་པར་བཀའ་སྩལ་ཏོ། །དེ་ལྟར་སྟོང་ཉིད་ཀྱི་དབྱེ་བ་དང་ཁྱད་པར་དང་ མཚན་ཉིད་ངོས་འཛིན་པ་ལ་ཤིན་ཏུ་མཁས་པར་བྱས་ནས་འདིར་ཕྱག་གི་ཡུལ་དུ་ གསུངས་པའི་སྟོང་པ་ཉིད་ནི་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཕྱག་རྒྱ་ཆེན་མོ་དང༌། ཡུམ་ཆེན་མོ་དང༌། སྣ་ཚོགས་ཡུམ་དང༌། རྡོ་རྗེ་ཕག་མོ་དང༌། རྡོ་རྗེ་བདག་མེད་ལ་སོགས་ པ་རྣམས་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པའི་ དབྱིངས་དང༌། དོན་དམ་པའི་བདེན་པ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་རྣམས་ 7-1-483 དང༌། ཨེ་གསང་མཁའ་ཁམས་བྷ་ག་དང༌། །ཆོས་འབྱུང་ཆུ་སྐྱེས་སེང་གེའི་ཁྲི། །ཞེས་ སོགས་དང་དོན་གཅིག་པའི་ཕྱིར། སྟོང་གཞི་དང༌། མ་ཡིན་དགག་དང༌། སྒྲུབ་ཆོས་མང་ པོས་མ་དོར་བ་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་དང༌། མི་སྟོང་པའི་སྟོང་པ་ཉིད་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་ དང་ལྡན་པའི་སྟོང་པ་ཉིད་དང༌། སོ་སོ་རང་རིག་ཡེ་ཤེས་ལ་སྣང་བའི་སྟོང་པ་ཉིད་དང༌། དམིགས་པ་དང་བཅས་པའི་སྟོང་པ་ཉིད་རྣམས་ཡིན་གྱི། སྟོང་ཙམ་དང་མེད་དགག་ དང་སྒྲུབ་ཆོས་ཙམ་གྱིས་དོར་བ་དང༌། རང་གི་དངོས་པོ་སྟོང་པ་ཉིད་དང༌། དངོས་པོ་ མེད་པ་སྟོང་པ་ཉིད་དང༌། སྟོང་པའི་སྟོང་པ་ཉིད་དང༌། ཕུང་པོ་རྣམ་པར་དཔྱད་པའི་ སྟོང་པ་ཉིད་དང༌། བེམ་པོའི་སྟོང་པ་ཉིད་དང༌། ཆད་པའི་སྟོང་པ་ཉིད་རྣམས་ནི་མ་ ཡིན་ནོ། །སྙིང་རྗེ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཏེ་ཐུན་མོང་དུ་གྲགས་པ་ སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའི་སྙིང་ རྗེ་རྣམས་ནི་ཀུན་རྫོབ་བོ། །ཐུན་མོང་མ་ཡིན་པ་གསང་སྔགས་ཟབ་མོའི་ཚུལ་ལ་གྲགས་ པའི་དམིགས་མེད་སྙིང་རྗེ་ནི་དོན་དམ་བདེན་པ་སྟེ། ཆོས་ཀྱི་དབྱིངས་ཉིད་རང་གིས་ རང་རིག་པའི་ཡེ་ཤེས་འདུས་མ་བྱས་རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ མཁའ་ཁྱབ་ལྷུན་གྱིས་གྲུབ་པ་འགྱུར་མེད་མཆོག་གམ་གཞན་ནམ་ཕ་རོལ་གྱི་བདེ་ བའོ། །དེ་ལྟར་དོན་དམ་པའི་སྟོང་ཉིད་སྙིང་རྗེ་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གདོད་ནས་དབྱེར་མེད་ཅིང་རོ་མཉམ་པ་ཨེ་ཝཾ་ཡི་གེ་ རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་སྟེ། རང་བཞིན་གཉུག་མ་གནས་ལུགས་ཀྱི་ལྷ་ དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ཐམས་ཅད་ཀྱི་བདག་ཉིད་ དོ། །དེས་ན་དེའི་བདག་ཅེས་པ། དོན་དམ་པའི་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ནམ་ ཡང་མ་ཆད་པ་སྟེ། དེ་བཞིན་ཉིད་བདག་དག་པའི་བདག །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་ བདག །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་སོགས་རྒྱ་ ཆེར་གསུངས་པ་གང་ཡིན་པའོ། །དེ་ལྟར་ཟབ་མོ་མཐར་ཐུག་པའི་སྟོང་ཉིད་སྙིང་རྗེ་ 7-1-484 དབྱེར་མེད་པའི་བདག་གང་ཡིན་པ་དེ་ཉིད་སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས་ཏེ་ སྐྱེ་འཇིག་མེད་པའི་སྲིད་པ་གསུམ་ཞེས་པའི་དོན་ཏོ། །འདིར་ཆོས་ཐམས་ཅད་ལ་བདེན་ གཉིས་རྣམ་དབྱེ་ཤེས་ན། ཐུབ་པའི་བཀའ་ལ་མི་རྨོངས་ཤིང་ཚོགས་གཉིས་ཀྱི་འབྲས་བུ་ འཐོབ་པའི་ཕྱིར་སྲིད་གསུམ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཏེ། ཀུན་རྫོབ་ ཀྱི་སྲིད་གསུམ་ནི་འདུས་བྱས་གློ་བུར་བ་ཡིན་པའི་ཕྱིར་སྐྱེ་འཇིག་ཅན་ནོ། །དོན་དམ་ པའི་སྲིད་གསུམ་ནི་རང་བཞིན་གཉུག་མ་འདུས་མ་བྱས་ཡིན་པའི་ཕྱིར་སྐྱེ་འཇིག་མེད་ པའོ། །དེ་བཞིན་དུ། སྐད་ཅིག་དང་རྟེན་འབྲེལ་ལས་མ་འདས་པ་དང༌། འདས་པ་ལ་ སོགས་པའི་ཁྱད་པར་གཞན་ཡང་རྒྱ་ཆེར་རིག་པར་བྱ་སྟེ། རིགས་ལྡན་ས་བཅུ་པའི་མན་ ངག་ཟབ་མོ་ཐུན་མོང་མ་ཡིན་པ་དང་ལྡན་པ་ལས་སོ། །འདིར་དོན་དམ་པའི་སྲིད་ གསུམ་ལ་ཤེས་བྱེད་མེད་སྙམ་དུ་བསམ་པར་མི་བྱ་སྟེ། ཁམས་གསུམ་པོ་འདི་མ་ལུས་ པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །ཞེས་དང༌། རང་བྱིན་བརླབས་པ་དག་ནི་ སྟོང་པ་ལ། །ཁམས་གསུམ་པོ་ནི་མཐོང་བར་འགྱུར་བའི་མཚན། །ཞེས་དང༌། ལྷན་སྐྱེས་ དགའ་བའི་རང་བཞིན་གྱིས། །སྲིད་གསུམ་བདག་ཉིད་དག་ལ་གནས། །ཞེས་དང༌། རྩ་ ལྕུག་འཁྲི་ཤིང་ལ་སོགས་པ། །བརྟན་དང་གཡོ་བའི་དངོས་པོ་ཀུན། །བདག་གི་དངོས་ པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །ཞེས་དང༌། རྡོ་རྗེ་མི་ཕྱེད་ཅེས་ བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་དང༌། སྐད་ཅིག་རྣམ་བྲལ་ རང་བཞིན་མེད་པ་དག་གི་སྲིད་པ་ཡོད། །ཅེས་དང༌། འཁོར་ལོ་སྲིད་གསུམ་ཀུན་ནས་ དང་བ། ཞེས་དང༌། ཁམས་གསུམ་པ་ཡི་ཆོས་ཀྱི་སྐུ། །ཞེས་ལ་སོགས་དང༌། སྲིད་མེད་སྲིད་ པ། ཞེས་སོགས་རྒྱ་ཆེ་དུ་མར་གསུངས་པའི་དོན། ཀུན་རྫོབ་སྲིད་གསུམ་གྱིས་སྟོང་ཞིང་ དབེན་ལ་དག་པའི་གཞི་གང་ཡིན་པ། ཆོས་ཉིད་སྲིད་གསུམ་གྱི་རྣམ་པ་ཅན་འཁོར་ འདས་དབྱེར་མེད་དང༌། བདེན་གཉིས་དབྱེར་དང༌། བདེན་བཞི་དབྱེར་མེད་དེ། ངེས་ དོན་ཟབ་མོ་བསྒོམས་ཤིང་ངོ་འཕྲོད་པའི་སྤྱོད་ཡུལ་ཡིན་གྱི། དེ་ལས་གཞན་རྣམས་ཀྱི་ སྤྱོད་ཡུལ་ནི་མ་ཡིན་ནོ། །དེ་ལྟར་སྲིད་གསུམ་གྱི་རྣམ་པ་ཅན་ཆོས་དབྱིངས་ཡེ་ཤེས་ཆ་ 7-1-485 མེད་ཀུན་འགྲོ་ཁྱབ་པ་པོ་དེ་ཉིད། ཤེས་པ་གཞན་བདེ་བ་ཆེན་པོའི་ཡེ་ཤེས་དང་ཤེས་བྱ་ གཞན་སྟོང་པ་ཆེན་པོའི་ཡེ་ཤེས་དག་གདོད་ནས་དབྱེར་མེད་ཅིང་རོ་མཉམ་པ་ནི་ཤེས་ དང་ཤེས་བྱ་གཅིག་པའི་སྐུ་སྟེ་ཤེས་དང་ཤེས་བྱའི་བདག་པོ་མཆོག་གོ །དེ་ལྟ་བས་ན་ ཤེས་དང་ཤེས་བྱ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་པ་ཀུན་རྫོབ་ཀྱི་ཤེས་དང་ ཤེས་བྱ་གཞན་རིག་ཏུ་གཏོགས་པ་རྣམས་ནི་ཡུལ་དང་ཡུལ་ཅན་ཐ་དད་པ་ཡིན་ཏེ། ཀུན་རྫོབ་ཀྱི་རྣམ་ཤེས་དྲུག་དང་ཡུལ་དྲུག་བཞིན་ནོ། །དོན་དམ་གྱི་ཤེས་དང་ཤེས་བྱ། ཡུལ་དང་ཡུལ་ཅན། གང་ཡིན་པ་རྣམས་ནི་རོ་གཅིག་པ་ཁོ་ན་སྟེ། མིག་གཞན་སའི་སྙིང་ པོ་དང༌། གཟུགས་རྡོ་རྗེ་མ་དག་ཕན་ཚུན་རོ་མཉམ་པ་བཞིན་ནོ། །དེ་བཞིན་དུ། གཞན་ རྣམས་ལ་ཡང་སྦྱར་རོ། །དེ་ལྟར་འདི་ནི་སྙིང་རྗེ་སྟོང་ཉིད་གཅིག་པའི་སྐུ་དང༌། ཐབས་ དང་ཤེས་རབ་གཅིག་པའི་སྐུ་དང༌། བདེ་ཆེན་དང་སྟོང་ཆེན་གཅིག་པའི་སྐུ་དང༌། ཧེ་ དང་བཛྲ་གཅིག་པའི་སྐུ་དང༌། བདེ་མཆོག་དང་འཁོར་ལོ་གཅིག་པའི་སྐུ་དང༌། དུས་ དང་དུས་འཁོར་གཅིག་པའི་སྐུ། ཞེས་པ་ལ་སོགས་པ་རྣམ་པ་མང་ཡང་རོ་གཅིག་པ་ དང༌། མིང་མང་ཡང་དོན་གཅིག་པའི་ཚུལ་ལ་མཁས་པར་བྱ་དགོས་ཏེ། དེས་ན་འདིར་ དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཞེས་པ་ཡང་ཇི་སྐད་དུ། དུས་ནི་འགྱུར་མེད་ བདེ་ཤེས་པ། །ཐབས་དང་སྙིང་རྗེའི་བདག་ཉིད་དེ། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་ དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དོ། །འདི་ནི་དཔལ་ལྡན་དུས་འཁོར་ལོ། །རྡོ་རྗེའི་ རྣལ་འབྱོར་ཐམས་ཅད་པ། །བདེན་པ་གཉིས་ལ་གནས་པ་འདི། །མངོན་པར་བརྗོད་པའི་ རྗོད་བྱེད་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་ལ་ཕྱག་འཚལ་བའི་དོན་ནི་སྔར་ བཤད་ཟིན་ཏོ། ། དེ་ལྟར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་སྲིད་གསུམ་གྱི་རྣམ་པ་ཅན་གང་ ཡིན་པ་དེ་ཉིད་གནས་ལུགས་ཟབ་མོ་མཐར་ཐུག་པའི་སྟོང་ཉིད་སྙིང་རྗེ་གཅིག་པའི་ བདག་དང༌། ཤེས་དང་ཤེས་བྱ་གཅིག་པའི་སྐུ་ཡང་ཡིན་ཞིང༌། འགྱུར་མེད་བདེ་བའི་ ཤེས་པ་ཐབས་ཀྱང་ཡིན་ལ། ཤེས་བྱའི་རྣམ་པ་ཅན་གྱི་སྟོང་ཉིད་ཤེས་རབ་ཀྱང་ཡིན་པ་ 7-1-486 འདི་ནི་ཀུན་རྫོབ་ཀྱི་སངས་རྒྱས་བྱོན་རུང་མ་བྱོན་རུང་གང་ཟག་རྣམས་ཀྱིས་རྟོགས་ རུང་མ་རྟོགས་རུང་མཐོང་རུང་མ་མཐོང་རུང་འགྲོ་བ་རྣམས་ཀྱི་དཔལ་དུ་ནམ་ཡང་ བཞུགས་པ་ཡིན་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་ དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་ པའི་དབྱིངས་ནི་རྟག་ཏུ་དེ་བཞིན་དུ་གནས་པ་སྟེ། ཞེས་སོགས་དང༌། ཆོས་ཀྱི་དབྱིངས་ ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་སོགས་དང༌། འགྲོ་བ་དག་ན་ དེ་ལས་གཞན་ཡང་ཅུང་ཟད་ཡོད་མིན་ལ། །ཞེས་སོགས་རྒྱ་ཆེར་གསུངས་སོ། ། དེས་ན་ཁ་ཅིག་གནས་ལུགས་ལ་རྣམ་གཅོད་ཙམ་མ་གཏོགས་པ་ཡོངས་གཅོད་དུ་གྲུབ་ པ་གང་ཡང་མེད་ཅེས་འདོད་པ་ནི་ཤིན་ཏུ་འཁྲུལ་ཏེ་བཅོས་མ་གློ་བུར་བའི་ཆོས་ཐམས་ ཅད་ཀྱིས་གདོད་ནས་སྟོང་པའི་གཞི་ལ་རང་བཞིན་གཉུག་མ་ཆོས་སྐུའི་ཡོན་ཏན་གང་ གཱའི་ཀླུང་གི་བྱེ་མ་སྙེད་ལས་ཀྱང་འདས་པ་རྣམས་རང་བཞིན་ལྷུན་གྱིས་གྲུབ་པར་ བཞུགས་པའི་ཕྱིར་ཏེ། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གཱའི་ ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ ཉིད། །ཅེས་དང༌། རྣམ་དབྱེར་བྱས་པའི་མཚན་ཉིད་ཅན། །ཞེས་སོགས་སྔར་དྲངས་པ་ དང༌། དེ་དག་གི་དོན་འཕགས་པ་དཔལ་ཕྲེང་དང༌། མྱང་འདས་ཆེན་པོ་དང༌། སངས་ རྒྱས་ཕལ་པོ་ཆེ་ལ་སོགས་པ་དང༌། རྒྱུད་སྡེ་ཟབ་མོ་མང་པོར་ཡང་ཡང་བཀའ་སྩལ་པའི་ ཕྱིར་དང༌། སེམས་འགྲེལ་ཟབ་མོ་ཁྱད་པར་དུ་འཕགས་པ་རྣམས་ཀྱིས་རབ་ཏུ་གསལ་ བར་མཛད་པའི་ཕྱིར་རོ། ། ད་ནི་རླུང་མེ་ཆུ་དང་ཞེས་པ་ལ་སོགས་པས་ཆོས་ཉིད་རྣམ་པ་ཐམས་ཅད་པ་དེ་ཉིད་ ཞལ་དང་ཕྱག་དང་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་དུ་མའི་བདག་ཉིད་དུ་ བཞུགས་པ་གསལ་བར་བྱ་སྟེ། ནམ་མཁའི་དབྱིངས་སུ་རླུང་དང་མེ་དང་ཆུ་དང་ས་ཡི་ 7-1-487 དཀྱིལ་འཁོར་ལ་ལྷུན་པོ་དང་སྐྱེ་འགྲོའི་རང་བཞིན་སྣ་ཚོགས་པད་མ་དང་ཟླ་བ་ཉི་མ་སྒྲ་ གཅན་སྟེ་སྲིད་པ་རྣམ་པ་བཅུ་ཞེས་གསུངས་པ་ལ། ཕྱི་ནང་གཞན་གསུམ་དང༌། བདེན་ པ་གཉིས་སུ་དབྱེ་བ་ཤེས་དགོས་སོ། །དེ་ལ་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་ལ་ཡང་རྣམ་ པ་བཅུ་ནི་རབ་ཏུ་གྲགས་ལ། ནང་དུ་ནི་མིའི་ལུས་ལ་གཙུག་ཏོར་ནམ་མཁའི་ཁམས་ ཡིན་ཞིང༌། དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ཁ་དང༌། ལྟེ་བ་རྣམས་ནི་རླུང་མེ་ཆུ་ སའི་དཀྱིལ་འཁོར་ཡིན་ལ། ལྟེ་བ་ནས་གསང་གནས་ཀྱི་བར་ནི་ལྷུན་པོ་དང༌། གསང་ བའི་པད་མ་ནི་སྣ་ཚོགས་ཆུ་སྐྱེས་དང༌། དེར་འདུས་པ་བཤང་གཅི་ཁུ་བ་འབབ་པའི་རྩ་ རྣམས་ནི་ཟླ་ཉི་སྒྲ་གཅན་ཡིན་ཏེ། ཕྱི་ནང་སྣོད་བཅུད་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་ པར་གཏོགས་པ་འདི་ལའོ། །འདི་ལས་གཞན་ནམ་ཕ་རོལ་ལམ་མཆོག་ཏུ་གྱུར་པ། དོན་ དམ་འཇིག་རྟེན་ལས་འདས་པའི་བདེན་པ་ཆོས་ཉིད་དེ་བཞིན་ཉིད་ནི་རྣམ་པ་ཐམས་ ཅད་པ་ཡིན་པའི་ཕྱིར། སྔར་སྨོས་པ་དེ་རྣམས་ཀྱི་རྣམ་པའང་ཚང་སྟེ། དེ་རྣམས་ཀྱི་ དངོས་པོར་གྲུབ་པ་ནི་མ་ཡིན་ནོ། །འདི་ལ་དགོངས་ནས། རྣམ་པ་ཀུན་ལྡན་རྣམ་པ་ མེད། །ཅེས་དང༌། རྣམ་པ་བཅུ་པོ་དོན་བཅུའི་དོན། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་ ལྟར་ཕྱི་ནང་ཀུན་རྫོབ་གློ་བུར་དྲི་མའི་སྦུབས་དང༌། གཞན་མཆོག་དོན་དམ་བདེ་ གཤེགས་སྙིང་པོ་ངོ་བོ་མི་གཅིག་ཀྱང་རྣམ་པ་འདྲ་བ་འདི་ལ་དགོངས་ནས། ཇི་ལྟར་ཕྱི་ རོལ་དེ་བཞིན་ནང༌། །ཇི་ལྟར་ནང་ལ་དེ་བཞིན་གཞན། །ཞེས་ཡང་ཡང་གསུངས་ཏེ། འབྲུའི་ཤུན་པ་དང༌། སྙིང་པོ་ངོ་བོ་མི་གཅིག་ཀྱང་རྣམ་པ་མཚུངས་པ་བཞིན་ནོ། །དེས་ན་ འདིར་ཕྱི་ནང་ནི་གློ་བུར་དྲི་མ་ཡིན་ཞིང༌། གཞན་ནམ་མཆོག་གམ་ཕ་རོལ་ནི་བདེ་ གཤེགས་སྙིང་པོ་ཡིན་པའི་ཕྱིར། བདེན་པ་གཉིས་སུ་འདུས་ཏེ་ངོ་བོ་ཉིད་གསུམ་བདེན་ པ་གཉིས་སུ་འདུ་བ་བཞིན་དང༌། བདེན་པ་བཞི་དང༌། ཆོས་ལྔ་ལ་ཡང་བདེན་པ་གཉིས་ སུ་འདུས་པ་བཞིན་ནོ། །དེ་ལ་གཞན་མཆོག་ཕ་རོལ་དོན་དམ་བདེན་པ་ནི་སྤྲིན་ཡོད་ མེད་ཀུན་ལ་ཁྱབ་པའི་ནམ་མཁའ་ལྟར་ཁམས་གསུམ་གྱི་སེམས་ཅན་དང༌། དུས་གསུམ་ གྱི་སངས་རྒྱས་ཐམས་ཅད་ལ་ཁྱབ་པར་བཞུགས་པའི་ཕྱིར། འགའ་ཞིག་ལ་དྲི་བཅས་སུ་ 7-1-488 བཞུགས་ཤིང༌། འགའ་ཞིག་ལ་དྲི་བྲལ་དུ་བཞུགས་ཀྱང༌། རང་གི་ངོ་བོ་དབྱེར་མེད་རོ་ མཉམ་ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཉིད་ལས་གཞི་ཡང་ཡིན་ཞིང༌། འབྲས་བུ་ཡང་ཡིན་ པས་གཞི་འབྲས་ངོ་བོ་དབྱེར་མེད་གནས་ལུགས་ཟབ་མོ་མཐར་ཐུག་པ་ཡིན་ཏེ། དེས་ན་ འདི་ནི་འགའ་ཞིག་ལ་དྲི་མ་སྦྱངས་པའི་གཞིར་ཡང་བཞུགས་ཤིང༌། འགའ་ཞིག་ལ་དྲི་ མ་བྲལ་བའི་གཞིར་ཡང་བཞུགས་པ། རང་གི་ངོ་བོ་ནི་ཐམས་ཅད་ཀྱི་ཚེ་ཐམས་ཅད་དུ་ རང་བཞིན་གྱིས་རྣམ་པར་དག་པ་ཡིན་ནོ། །འདི་དག་ལ་དགོངས་ནས། ཆགས་སོགས་དྲི་ མ་ལྡན་པའི་སེམས། །འགྱུར་བ་འཁོར་བའི་རྒྱུ་ཡིན་ཏེ། །དེ་དང་བྲལ་བས་རྣམ་པར་དག ། རང་བཞིན་དྲི་མེད་དག་པའོ། །ཞེས་དང༌། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་ འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་ དྲི་མ་བྲལ། །ཞེས་དང༌། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟར་ཉིད་དེ་ ཡང༌། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་ དང༌། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད་ཅེས་ བསྟན། །ཞེས་སོགས་དང༌། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་དེ་ ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་གྱུར་ཀུན་ཏུ་སོང༌། །དེ་ བཞིན་དེ་ཡང་སེམས་ཅན་ཚོགས་ཀུན་སོང༌། །ཞེས་སོགས་རྒྱ་ཆེར་གསུངས་པའི་ དགོངས་པ་ལ་རབ་ཏུ་མཁས་པར་བྱ་དགོས་སོ། ། དེས་ན་འདིར་ཆོས་ཐམས་ཅད་ཀྱི་སྟེང་ན་ཆོས་ཉིད་ཟབ་མོ་བཞུགས་པའི་ཕྱིར། ནམ་ མཁའ་ལ་འབྱུང་བ་བཞི་དང་ལྷུན་པོ་བརྟན་པའི་ཁམས་དང༌། པད་མའི་ཚུལ་གྱིས་གཡོ་ བ་སེམས་ཅན་གྱི་ཁམས་དང་ཟླ་ཉི་དང་དུས་མེ་སྟེ་སྒྲ་གཅན་རྣམས་ཀྱི་སྟེང་དུ་དཀྱིལ་ འཁོར་ཆོས་ཀྱི་དབྱིངས་ཉིད་དོ། །དེ་ཡང་རྒྱན་དང་མཚན་ཉིད་ཐམས་ཅད་ཡོངས་སུ་ རྫོགས་པ་སྟེ། དེའི་སྙིང་པོར་གཙོ་བོའི་པད་མའི་ལྟེ་བར་ཟླ་ཉི་སྒྲ་གཅན་གཞན་གྱི་སྟེང་ དུ་དབང་ཕྱུག་དང་ནི་བདུད་ཀྱི་མགོར་གཙོ་བོའི་ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་ དང་ལྷན་ཅིག་བཀོད་གྱུར་པ། །ཞེས་པ་ལས་འདིར་སྲིད་པ་ཡང་ཡིན་ལ། རྒྱལ་བ་ཀུན་གྱི་ 7-1-489 ཡུམ་ཡང་ཡིན་པ་ནི་སྲིད་པའི་ཡུམ་སྟེ་འཁོར་འདས་དབྱེར་མེད་དོ། །དེ་ཡང་སྲིད་ གསུམ་གཅིག་པ་དང༌། སྲིད་གསུམ་སྐྱེ་འཇིག་མེད་པ་དང༌། ཀུན་ནས་དང་བའི་སྲིད་ གསུམ་དང༌། སྐད་གཅིག་དང་བྲལ་བའི་སྲིད་གསུམ་ཞེས་པ་ལ་སོགས་པའི་མན་ངག་ ཟབ་མོ་ཉམས་སུ་མྱོང་བའི་རྣལ་འབྱོར་པ་དག་གི་སྤྱོད་ཡུལ་ཡིན་གྱི། རྣམ་ཤེས་དང་རྟོག་ གེའི་སྤྱོད་ཡུལ་ནི་མ་ཡིན་ནོ། །དེ་བཞིན་དུ། གཙོ་བོ་ཡང་སྲིད་པའི་ཡབ་ཅེས་པར་དོན་ གྱིས་འཐོབ་སྟེ་ཡབ་ཡུམ་གཉིས་སུ་མེད་པའི་ཕྱིར་དང༌། གཉིས་ཀ་དེ་བཞིན་ཉིད་ཡིན་ པའི་ཕྱིར་རོ། །དེ་ལྟར་དེ་བཞིན་ཉིད་ལ། ཉོན་མོངས་པ་དང༌། བདུད་ཀྱི་རླུང་འདོད་མ་ ཉིད་ནས་མ་གྲུབ་པའི་ཕྱིར་དང༌། དེ་ཐོབ་པའི་གང་ཟག་གིས་གཡོན་དང་གཡས་ཀྱི་ དབུགས་རྣམས་བཅད་པས་ཉོན་མོངས་བདུད་རྣམས་ལ་ཆོམས་པར་མཚོན་པའི་ཕྱིར་དེ་ དག་ཞབས་ཀྱིས་བརྫིས་པ་སྟེ། ཡབ་ཀྱི་གཡས་བརྐྱང་གཡོན་བསྐུམ་པ་དང༌། ཡུམ་གྱི་ གཡོན་བརྐྱང་གཡས་བསྐུམ་པས་སོ། །དེ་ནི་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པའི་ཕྱིར། དཀྱིལ་འཁོར་པའི་ལྷ་ཡི་དབང་པོ་རྣམས་ཀྱིས་བཏུད་ཅིང་ཀུན་རྫོབ་ཀྱི་ལྷའི་དབང་པོ་ རྣམས་ཀྱིས་ཀྱང་འདུད་པའི་འོས་ཡིན་ཞེས་པ་སྟེ། ཇི་སྐད་དུ། ཚངས་པ་ཁྱབ་འཇུག་དྲག་ པོ་དག་ཀྱང་གང་གི་ཞབས་ཀྱི་ཆུ་སྐྱེས་དྲུང་དུ་ལྷག་པར་སྐྱབས་འགྲོ་བ། །དུས་ཀྱི་འཁོར་ ལོ་རྒྱལ་བ་མཆོག་བསྐྱེད་ཡོན་ཏན་མེད་ཅིང་རྣམ་རྟོག་མེད་པ་དེ་ལ་ཕྱག་འཚལ་ ལོ། །ཞེས་གསུངས་པ་བཞིན་ནོ། ། ད་ནི་ཟླ་བའི་སྐུ་ཞེས་པ་ལ་སོགས་པས་དུས་རྣམ་པར་དག་པའམ། རྣམ་པར་དག་པའི་ དུས་གང་ཡིན་པ་དུས་གསུམ་དུས་མེད་རྟོགས་པ་པོ་དང༌། དུས་གསུམ་མཉམ་པ་ཉིད་ཀྱི་ དུས་གསུམ་གསལ་བར་བྱ་སྟེ། འབྲུའི་ཤུན་པ་དང་མཚུངས་པ་ཕྱི་ནང་ཀུན་རྫོབ་ཀྱི་དུས་ རྣམས་ཇི་ལྟ་བ་དེ་བཞིན་དུ་འབྲུའི་སྙིང་པོ་དང༌། མཚུངས་པ་གཞན་མཆོག་དོན་དམ་ བདེན་པའི་ལོ་གཅིག་དང་ཞག་གཅིག་ནི་ཟླ་བའི་སྐུ་ཞེས་པ་སྐུ་གཅིག་སྟེ་སྔོན་ པོའོ། །དེའི་བགྲོད་པ་གཉིས་ནི་ཟུང་གི་ཞབས་ཞེས་པ་ཞབས་གཉིས་ཏེ། གཡོན་དཀར་པོ་ དང་གཡས་དམར་པོའོ། །དེའི་དུས་གསུམ་ནི་མེ་ཡི་མགྲིན་པ་ཞེས་པ་མགྲིན་པ་གསུམ་པ་ 7-1-490 སྟེ། གཡོན་དཀར་ཞིང་གཡས་དམར་ལ་དབུས་མཐིང་ནག་གོ །དེའི་དུས་བཞི་ནི་ཆུ་ གཏེར་ཞལ་ཞེས་པ་ཞལ་བཞི་པ་སྟེ། མདུན་ཞལ་ནག་པོ་མཆེ་བ་གཙིགས་པ། གཡས་ཞལ་ དམར་པོ་ཆགས་པ་དང་བཅས་པ། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། རྒྱབ་ཞལ་སེར་ པོ་བསམ་གཏན་ལ་གནས་པ་སྟེ། དེས་ན་སྣ་ཚོགས་མདོག་ཅེས་པའོ། །དེའི་དུས་དྲུག་ནི་ ཕྲག་པ་དྲུག་སྟེ། གཡོན་དང་གཡས་སུ་ནག་པོ་དང་དམར་པོ་དང་དཀར་པོའོ། །དེའི་ཟླ་ བ་དང་དུས་སྦྱོར་བཅུ་གཉིས་ནི་ཉི་མའི་དཔུང་པ་ཞེས་པ་དཔུང་པ་བཅུ་གཉིས་ཏེ། གཡོན་དང་གཡས་སུ་ནག་པོ་གཉིས་དང༌། དམར་པོ་གཉིས་དང༌། དཀར་པོ་གཉིས་ སོ། །དེའི་ཕྱོགས་དང་དུས་སྦྱོར་ཕྱེད་པ་ཉེར་བཞི་ནི་རྒྱལ་བའི་ཕྱག་གི་པད་མ་ཞེས་པ་ ཕྱག་ཉེར་བཞི་སྟེ། གཡོན་དང་གཡས་སུ་ནག་པོ་བཞི་དང༌། དམར་པོ་བཞི་དང༌། དཀར་ པོ་བཞིའོ། །དེའི་ཉིན་ཞག་དང་དབུགས་དྲུག་ཅུའི་བདག་ཉིད་སུམ་བརྒྱ་དྲུག་ཅུ་ནི་སྟོང་ པ་དྲུག་དང་མེ་ཡི་ཚིགས་ཞེས་པ་སོར་ཚིག་སུམ་བརྒྱ་དྲུག་ཅུ་སྟེ། ཕྱག་རྣམས་ཀྱི་མཐེ་ བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་ ཁུ་རྣམས་སོར་གདུབ་ཀྱིས་སྤྲས་པའི་རྩ་བ་ནས་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་ པ་དམར་པོ། གསུམ་པ་དཀར་པོའོ། །དེ་ལྟར་ཕྱིའི་དུས་གཞན་དང་ནང་གི་དུས་གཞན་ དབྱེར་མེད་པ་དུས་ཀྱི་འཁོར་ལོ་དོན་དམ་པའི་དུས་ཏེ་ཀུན་རྫོབ་ཀྱི་དུས་རྣམས་ནི་མ་ ཡིན་ནོ། །ཞབས་དག་གིས་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་ཞེས་པ་ནི་རྡོ་རྗེ་ སེང་གེའི་ཁྲི་ལ་བཞུགས་པ་སྟེ། ཇི་སྐད་དུ། ཟླ་བ་དང་ཉི་མ་དང་མེའི་དཀྱིལ་འཁོར་ གཅད་དུ་མེད་ཅིང་དབྱེར་མེད་པའམ། ཨེ་ཡིག་ནམ་མཁའི་དབྱིངས་ནི་རྡོ་རྗེ་སེང་གེ་ ཁྲིའོ། །ཞེས་གང་གསུངས་པའོ། །བདུད་དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་ པའི་ཞེས་པའི་དོན་ནི་བཤད་ཟིན་ལ་རྣམ་པ་ནི་འདོད་ལྷ་དམར་པོ་གདོང་གཅིག་པ། ལག་པ་བཞིས་མེ་ཏོག་གི་མདའ་ལྔ་དང༌། གཞུ་དང༌། ཞགས་པ་དང༌། ལྕགས་ཀྱུ་འཛིན་ པ་སྟེ། ཕུང་པོ་དང༌། ཉོན་མོངས་པ་དང༌། འཆི་བདག་དང༌། ལྷའི་བུའི་བདུད་དང༌། དྲག་པོ་དཀར་པོ་གདོང་གཅིག་པ་མིག་གསུམ་པ་ལག་པ་བཞིས་རྩེ་གསུམ་དང༌། ཌཱ་མ་ 7-1-491 རུ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་ མུག་དང༌། ང་རྒྱལ་གྱི་བདག་ཉིད་དོ། །དེ་དག་སྐྲག་བཞིན་པའི་སྙིང་ཁ་དང་མགོ་བོར་ དུས་ཀྱི་འཁོར་ལོ་ཆོས་ཉིད་ཀྱི་རྣམ་པར་རོལ་པའི་ཞབས་ཀྱིས་མནན་པ་ལ་བདུད་ཀྱི་ དགའ་མ་དང་དྲག་པོའི་ཨུ་མ་དག་གིས་མ་བཟོད་པར་གཙོ་བོའི་ཞབས་ལ་འཛིན་ཅིང་ གདོང་ནི་དམན་པར་བྱེད་པའོ། །སྲིད་མེད་སྲིད་པ་མཉམ་པ་ཞེས་པ་ནི་འགལ་འདུས་ སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་པ་སྟེ། དོན་དམ་པའི་སྲིད་པ་དང་མཉམ་པ་ཉིད་ ཀྱི་སྲིད་པའོ། །དེའི་ཕྱིར་འཁོར་འདས་དབྱེར་མེད་དུས་ཀྱི་འཁོར་ལོ་སྟེ་གཅིག་པུ་ཞེས་པ་ ནི། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་འགའ་ཡང་མེད་པའི་ཕྱིར། མཐར་ཐུག་ གི་ཐེག་པ་གཅིག་པུ་དང༌། སྐྱབས་གནས་གཅིག་པུ་དང༌། བདེན་པ་གཅིག་པུ་དང༌། མྱང་ འདས་གཅིག་པུ་དང༌། ཡེ་ཤེས་གཅིག་པུ་དང༌། དགྲ་བཅོམ་གཅིག་པུ་དང༌། ཕྱག་རྒྱ་ གཅིག་པུ་དང༌། དངོས་གྲུབ་གཅིག་པུ་དང༌། བསྟན་པ་གཅིག་པུ་དང༌། སྐུ་གཅིག་པུ་ དང༌། རིགས་གཅིག་པུ་དང༌། སྤྱན་གཅིག་པུ་དང༌། དཔེ་ཟླ་མེད་པ་དང་འབའ་ཞིག་ པའོ། །དེ་ནི་གདོད་མ་ཉིད་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་ཚོགས་གཉིས་ཚོགས་ནི་ བསགས་པ་པོ་ཡིན་ཞིང༌། རྡུལ་མེད་རྡུལ་བྲལ་དྲི་མ་མེད་ཉེས་པ་སྤངས་པ་སྐྱོན་མེད་པ་ ཡིན་ཡང༌། དེ་ཐོབ་པའི་དོན་དུ་ལམ་གྱི་ཚོགས་གཉིས་སྲོག་པ་དང༌། གློ་བུར་བའི་སྒྲིབ་པ་ གཉིས་བསལ་བའི་སྒོ་ནས་རྒྱུད་ལ་ཐོབ་པར་བསྒྲུབ་པར་བྱའོ། ། དེའི་ཕྱག་གཡས་པ་རྣམས་ན་རྡོ་རྗེ་དང་རལ་གྲི་དང་རྩེ་གསུམ་དང་གྲི་གུག་དང་མེའི་ མདའ་དང་རྡོ་རྗེ་ལྕགས་ཀྱུ་དང་སྒྲ་དང་བཅས་པའི་ཌཱ་མ་རུ་དང་ཐོ་བ་དང་འཁོར་ལོ་ དང་མདུང་དང་དབྱུག་པ་དང་དགྲ་སྟ་རྣམས་སོ། །གཡོན་པ་རྣམས་ན་རྡོ་རྗེ་དྲིལ་བུ་ དང་ཕུབ་དང་ཁ་ཊྭཱཾ་ག་ཁ་གྱེས་པ་དང་ཁྲག་གིས་གང་བའི་ཐོད་པ་དང་གཞུ་དང་ཞགས་ པ་དང་རིན་པོ་ཆེ་དང་པད་མ་དཀར་པོ་དང་དུང་དང་མེ་ལོང་དང་རྡོ་རྗེ་ལྕགས་སྒྲོག་ དང་ཚངས་པ་གདོང་བཞིའི་མགོ་བོ་རྣམས་ཏེ་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་ པའོ། །རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། རྡོ་རྗེ་སེམས་ 7-1-492 དཔའི་ཅོད་པན་ཅན་རྡོ་རྗེ་ནོར་བུ་དང༌། རྡོ་རྗེ་རྣ་རྒྱན་དང༌། རྡོ་རྗེ་མགུལ་རྒྱན་དང༌། རྡོ་རྗེ་གདུབ་བུ་དང༌། རྡོ་རྗེ་སྐ་རགས་དང༌། རྡོ་རྗེ་རྐང་གདུབ་དང༌། རྡོ་རྗེ་དར་དཔྱངས་ དང༌། རྡོ་རྗེ་ཕྲེང་བ་དང༌། སྟག་གི་པགས་པའི་གོས་འཛིན་པའི་ཕྱིར་སྟག་ལྤགས་དང་ནི་ རྡོ་རྗེའི་རྒྱན་ལྡན་ཞེས་པ་སྟེ། རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་ བརྒྱན་པའོ། །རྡོ་རྗེའི་སྐུ་ཆེན་ཞེས་པ་ནི་མི་ཆོད་པ་དང་མི་ཤིགས་པ་ཆེན་པོ་ཆོས་ཉིད་ཀྱི་ སྐུ་སྟེ་སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། ཞེས་དང༌། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཞེས་ དང༌། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྟོང་པ་ཉིད་ནི་རྡོ་རྗེར་བརྗོད། །ཅེས་སོགས་ ཀྱི་དོན་གཅིག་ཏུ་འདུས་པ་རྡོ་རྗེའི་ཐེག་པ་དང༌། རྡོ་རྗེའི་སྔགས་དང༌། རྡོ་རྗེའི་དབྱིངས་ དང༌། རྡོ་རྗེའི་རྒྱུད་དང༌། རྡོ་རྗེ་འཛིན་པའོ། །དེ་ཉིད་ནི་འདུས་མ་བྱས་ཤིང་འགྱུར་བ་ མེད་པའི་བདེ་བ་ཆེན་པོ་སྟེ། རང་བཞིན་ལྷན་ཅིག་སྐྱེས་པ་རང་བྱུང་གི་ཡེ་ཤེས་དོན་ དམ་པའི་བདེ་བ་མཁའ་དབྱིངས་ཁྱབ་པའོ། །དེ་ལ་དུས་ཐམས་ཅད་དུ་རང་བཞིན་འོད་ གསལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་སྣ་ཚོགས་ཡུམ་གྱིས་ཀུན་ནས་རབ་ཏུ་ འཁྱུད་པ་ནི་ཨེ་ཝཾ་ཟུང་འཇུག་སངས་རྒྱས་རིན་ཆེན་ཟ་མ་ཏོག་གོ །ཡུམ་དེ་ནི་ཤེས་རབ་ ཀྱི་ཡན་ལག་ཀྱང་ཡིན་ཞིང་ཡེ་ཤེས་རྡོ་རྗེ་ཡང་ཡིན་པའི་ཕྱིར་གསེར་མདོག་མའོ། །ཞལ་ བཞིའི་མདོག་ནི་བཅོམ་ལྡན་འདས་ཀྱི་རྒྱབ་ཞལ་གཙོ་བོར་བཞག་པ་ལྟ་བུར་གཡས་ དཀར་གཡོན་དམར་རྒྱབ་ནག་པ་སྟེ། མདུན་གྱི་ཞལ་ནི་སྐུ་མདོག་བཞིན་ནོ། །ཕྱག་བརྒྱད་ ཀྱི་གཡས་པ་རྣམས་ན་གྲི་གུག་དང་ལྕགས་ཀྱུ་དང་སྒྲ་དང་བཅས་པའི་ཌཱ་མ་རུ་དང་ བགྲང་ཕྲེང་དང༌། །གཡོན་པ་རྣམས་ན་ཐོད་པ་དང་ཞགས་པ་དང་འདབ་མ་རྒྱས་པའི་ པད་མ་དཀར་པོ་དང་རིན་པོ་ཆེ་བསྣམས་ཤིང་དང་པོ་གཉིས་ཀྱིས་ཡབ་ལ་འཁྱུད་པ་རྡོ་ རྗེ་སེམས་དཔའི་ཅོད་པན་ཅན་ཕྱག་རྒྱ་ལྔ་དང་ལྡན་མ་སྟེ། རང་བཞིན་གཉུག་མ་འགོག་ བདེན་དུ་གཏོགས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐད་ཅིག་དང་རྟེན་ འབྲེལ་ལས་རྣམ་པ་ཐམས་ཅད་དུ་འདས་མའོ། །འདིར་ཡབ་ཡུམ་དབྱེར་མེད་པའི་ཕྱིར་ གཉིས་ཀའི་ས་བོན་ནི་ཧཱུཾ་ཡིག་གོ ། 7-1-493 འདུས་མ་བྱས་ཀྱི་སྦྱིན་པ་ལ་སོགས་པ་གཞན་བརྒྱད་ནི་ནུས་མ་གཞན་བརྒྱད་དོ། །ནག་ མོ་འབར་མའི་ཕྱག་གཡས་པ་རྣམས་ན་བདུག་སྤོས་ཀྱི་སྣོད་དང༌། ཙན་དན་གྱི་སྣོད་ དང༌། གུར་གུམ་གྱི་སྣོད་དང་། གླ་རྩི་དང་བཅས་པའི་ག་བུར་གྱི་སྣོད་དང༌། གཡོན་པ་ རྣམས་ན་དྲིལ་བུ་དང་པད་མ་དང་ལྷའི་ཤིང་གི་མེ་ཏོག་དང་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་ བ་རྣམས་སོ། །དམར་མོ་འབར་མའི་གཡས་པ་རྣམས་ན་མར་མེ་དང་དོ་ཤལ་དང་ཅོད་ པན་དང་གདུབ་བུ་དང༌། གཡོན་པ་རྣམས་ན་གོས་དང་སྐ་རགས་དང་རིན་པོ་ཆེའི་རྣ་ རྒྱན་དང་རྐང་གདུབ་རྣམས་སོ། །དཀར་མོ་འབར་མའི་གཡས་པ་རྣམས་ན་འོ་མའི་སྣོད་ དང་ཆུའི་སྣོད་དང་མཆོག་གི་སྨན་དང་ཆང་གི་སྣོད་དོ། །གཡོན་པ་རྣམས་ན་བདུད་ རྩིའི་སྣོད་དང་གྲུབ་པའི་རོའི་སྣོད་དང་བདུད་རྩིའི་འབྲས་བུ་དང་ཟས་ཀྱི་སྣོད་རྣམས་ སོ། །སེར་མོ་འབར་མའི་གཡས་པ་རྣམས་ན་དུང་དང་གླིང་བུ་དང་ནོར་བུ་དང་ཌཱ་མ་རུ་ དང༌། གཡོན་པ་རྣམས་ན་རྒྱུད་མངས་དང་རྔ་དང་སྒྲ་སྒྲོགས་པའི་འཁར་རྔ་དང་ཟངས་ དུང་རྣམས་སོ། །དེ་རྣམས་ཀྱི་ཞལ་གྱི་མདོག་ནི་རང་རང་གི་ཕྱོགས་སུ་གཟིགས་པའི་གཙོ་ བོའི་ཞལ་གྱི་ཁ་དོག་གི་ངེས་པ་ལྟ་བུ་དང་ལྡན་པ་སྟེ། བཅོམ་ལྡན་འདས་ཀྱི་མདུན་ཞལ་ གཙོ་བོར་བཞག་པ་ལྟ་བུར་གཡོན་དཀར་གཡས་དམར་རྒྱབ་སེར་བ་ནི་ནག་མོ་འབར་ མའི་ཞལ་ལོ། །གཡས་ཞལ་གཙོ་བོར་བཞག་པ་ལྟ་བུར་གཡོན་ནག་གཡས་སེར་རྒྱབ་ དཀར་བ་ནི་དམར་མོའིའོ། །གཡོན་ཞལ་གཙོ་བོར་གཞག་པ་ལྟ་བུར་གཡོན་སེར་གཡས་ ནག་རྒྱབ་དམར་བ་ནི་དཀར་མོའིའོ། །སེར་མོའི་ཞལ་ནི་སྣ་ཚོགས་ཡུམ་གྱི་བཞིན་ནོ། །རྩ་ བའི་ཞལ་ནི་འདིར་རང་རང་གི་སྐུ་དང་མཚུངས་པས་གཙོ་བོ་དང་ནི་དེའི་ཆ་ནས་མི་ མཚུངས་སོ། །ཕྱོགས་བཞིར་གནས་པ་དེ་དག་དང་། ཞལ་ཕྱག་དབྱིབས་མདོག་མཚུངས་ པ་ནི་མེར་དུ་བ་མ་དང༌། བདེ་བྲལ་ཏུ་སྨིག་རྒྱུ་མ་དང༌། དབང་ལྡན་དུ་མེ་ཁྱེར་མ་དང༌། རླུང་དུ་མར་མེ་མ་རྣམས་རང་རང་གི་མདོག་དང་མཚུངས་པའི་རྔ་ཡབ་བརྒྱད་བརྒྱད་ དང་ལྡན་པ་བརྒྱད་ཀའང་ཕྱག་རྒྱ་ལྔ་དང་ལྡན་པ་རྡོ་རྗེ་སེམས་དཔའི་ཅོད་པན་ཅན་རྡོ་ རྗེ་སེམས་དཔའ་མཉེས་པར་མཛད་མ། དབུ་མ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པར་དག་ 7-1-494 པའི་ཕྱིར་མཉམ་པའི་སྟབས་ཅན་དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་གདོད་ནས་རང་ བཞིན་གྱིས་ཡོངས་སུ་རྫོགས་པ་ཀུན་རྫོབ་གློ་བུར་བའི་སྲོག་གི་དཀྱིལ་འཁོར་རྣམས་ འགགས་པའི་གཞིར་གྱུར་པ་སྟེ། དེ་དག་གི་སྔགས་ནི། ཤར་དང་ནུབ་ཏུ་ཨ་ཨཱ། བྱང་དང་ ལྷོར་ཨཾ་ཨཱ། མེར་དང་རླུང་དུ་ཧ་ཧཱ། དབང་ལྡན་དང་བདེན་བྲལ་དུ་ཧཾ་ཧཱཿ ཞེས་པ་ནུས་ མ་བརྒྱད་ནི་ཁྱབ་པར་བྱ་བའོ། །ཁྱབ་བྱེད་གཉིས་དང་ལྷན་ཅིག་བཅུར་མོས་པ་དེའི་ཚེ་ ནི་ཕྲེཾ་ཧོཿ ཞེས་པ་བསྣན་ནོ། །དེ་ལྟར་ནུས་མ་བཅུ་དང་ལྷན་ཅིག་པའི་གཙོ་བོ་དེ་ཉིད་ གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི་སྐད་ཅིག་མ་བཞི་དང༌། མཁྱེན་པ་བཞི་ དང༌། སྐུ་བཞི་དང༌། རྡོ་རྗེ་བཞི་དང༌། མངོན་པར་བྱང་ཆུབ་པ་བཞི་དང༌། སེམས་དཔའ་ བཞི་ལ་སོགས་པ་གཞི་འབྲས་ཀྱི་བཞི་ཚན་རྣམས་མཚོན་པའི་མཚན་མ་བཞི་སྟེ། ཐིག་ལེ་ བཞི་དང༌། གནས་སྐབས་བཞི་ལ་སོགས་པ་སྤང་བྱར་གཏོགས་པའི་བཞི་ཚན་རྣམས་ཀྱིས་ གདོད་ནས་རང་བཞིན་གྱིས་སྟོང་ཞིང་དབེན་ལ་རྣམ་པར་དག་པའི་གཞིའོ། ། དེ་ཐོབ་པ་ལ་ནི་ལམ་གྱི་བདེན་པར་གཏོགས་པའི་ཚད་མེད་བཞི་དང་རྣམ་པར་ཐར་ བའི་སྒོ་བཞི་དང་རྡོ་རྗེའི་རྣལ་འབྱོར་བཞི་དང༌། བསྙེན་བསྒྲུབ་བཞི་དང༌། དབང་བཞིའི་ དོན་ཞུ་བདེ་འགྱུར་མེད་ཀྱི་དགའ་བ་བཞི་བསྒྲུབས་ནས་རླུང་སེམས་འཕོ་བའི་བག་ ཆགས་དང་དེས་བསྐྱེད་པའི་གློ་བུར་དྲི་མ་མཐའ་དག་ཟད་པར་བྱ་དགོས་ཏེ། འདིར་ དེའི་དབང་དུ་བྱས་ནས། ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་བསྙེན་ བསྒྲུབ་དགའ་བ་བཞིས། །ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་ བཞི་རྣམ་དག་པ། ། ཞེས་སྨོས་སོ། །སྐུ་བཞི་རྡོ་རྗེ་བཞི་ལ་སོགས་པའི་སྔགས་ནི། ཨོཾ་ཨཱཿཧཱུཾ་ ཧོཿ ཞེས་པ་ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན་དང༌། ཆོས་ཀྱི་གཎྜི་སྒྲ་བོ་ཆེ་དང༌། ཡིད་བཞིན་ ནོར་བུ་ཆེན་པོ་འཆང་དང༌། དཔག་བསམ་ཤིང་ཆེན་རྒྱས་པ་རྣམས་ཀྱིས་ཏེ། སྐུའི་རྟ་ བབས་ལ་གནས་པ་ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ་དང༌། བུམ་པ་བཟང་པོ་ཆེ་བའི་ མཆོག་དང༌། ཆོས་ཀྱི་འཁོར་ལོ་ནག་པོ་དང༌། བྱང་ཆུབ་ཀྱི་ཤིང་སེར་པོ་རྣམས་ཀྱི་ཡང་ ངོ༌། ། 7-1-495 བདུད་རྩིའི་བུམ་པ་བཅུ་ནི་ཧཾ་ཧཿཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླྀ་ཧླཱྀ། ཞེས་པ་སྟེ། སྟེང་དང་འོག་ཏུ་ ཁུ་བ་དང་རྡུལ་འགགས་པའི་གཞི་ཁུ་བ་གཞན་དང་རྡུལ་གཞན་གྱི་གང་བ་རེ་རེ་དང༌། ཤར་དུ་རྐང་འགགས་པའི་གཞི་རྐང་གཞན་གྱིས་གང་བ་གཉིས་དང༌། ལྷོར་ཁྲག་ འགགས་པའི་གཞི་ཁྲག་གཞན་གྱིས་གང་བ་གཉིས་དང༌། བྱང་དུ་གཅི་བ་འགགས་པའི་ གཞི་གཅི་བ་གཞན་གྱིས་གང་བ་གཉིས་དང༌། ནུབ་ཏུ་བཤང་བ་འགགས་པའི་གཞི་ བཤང་བ་གཞན་གྱིས་གང་བ་གཉིས་སོ། །ཡང་ན་གཞན་མཆོག་ཕ་རོལ་གྱི་བདུད་རྩི་དེ་ རྣམས་ཀྱིས་གང་བའི་ཐོད་པ་བཅུ་སྟེ་དེས་ན་ཚིགས་སུ་བཅད་པའི་དོན་ཡང་རྟོགས་ པར་སླའོ། ། ད་ནི་འདུ་བྱེད་རླུང་དང་ཞེས་པ་ལ་སོགས་པས་ཕུང་པོ་གཞན་དང་ཁམས་གཞན་ལ་ སོགས་པ་ཆོས་ཉིད་ཀྱི་ཕུང་པོ་ཁམས་སོགས་གང་ཡིན་པ་རྣམ་པར་དག་པའི་ཕུང་པོ་ ཁམས་སོགས་རྣམས་དོན་དམ་པའི་ལྷ་རྣམས་སུ་གསུངས་པ་གསལ་བར་བྱ་སྟེ། འདུ་བྱེད་ གཞན་ཆོས་ཉིད་ཀྱི་འདུ་བྱེད་དོན་ཡོད་གྲུབ་པ་དང་རླུང་གཞན་ཆོས་ཉིད་ཀྱི་རླུང་སྒྲོལ་ མ་ནི་ཡེ་ཤེས་འཁོར་ལོའི་ཤར་དང་མེར་བཞུགས་པ་དང༌། ངག་གི་དབང་པོ་གཞན་ཆོས་ ཉིད་ཀྱི་ངག་གི་དབང་པོ་བགེགས་མཐར་བྱེད་ནི་ཤར་སྒོར་བཞུགས་པ་དང༌། སྣ་དང་ རེག་བྱ་གཞན་ཆོས་ཉིད་ཀྱི་སྣ་དང་རེག་བྱ་ནམ་མཁའི་སྙིང་པོ་དང༌། རེག་བྱ་རྡོ་རྗེ་མ་ ནི་ལྷ་སྣམ་ལ་ཤར་སྒོའི་གཡས་དང་གཡོན་མཚམས་སུ་བཞུགས་པ་སྟེ་ཐམས་ཅད་ཀྱང༌། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོག་མིན་པ། །ཆོས་སྐུ་གཙང་ བའི་མཐར་ཐུག་པའོ། །ཕྱག་མཚན་རྣམས་ནི་གཡས་གསུམ་དང་གཡོན་གསུམ་གྱི་ཕྱག་ ལ་གོ་རིམ་བཞིན་ཏེ་ཉི་ཟླའི་གདོང་ལྡན་ཞེས་པ་ཡང་གཡས་ཞལ་དམར་ཞིང་གཡོན་ ཞལ་དཀར་བའི་དོན་ཡིན་ལ་རྩ་བའི་ཞལ་ཡང་སྐུ་མདོག་བཞིན་ནོ། །དེ་རྣམས་ནི་སྤྲིན་ ནག་དང་མཚུངས་པར་མཐིང་ནག་སྟེ། ས་ཡི་རིགས་ཀྱིས་འཁྱུད་ཅེས་པ་སྤྱན་མ་དང༌། རྟག་པ་དང༌། རེངས་བྱེད་མ་དང༌། དྲི་རྡོ་རྗེ་མ་དང༌། སྒྲིབ་པ་རྣམ་སེལ་རྣམས་ཀྱིས་གོ་ རིམ་བཞིན་དུ་འཁྱུད་པའོ། །དེ་བཞིན་དུ། ཚོར་བ་གཞན་གདོད་ནས་རྣམ་པར་དག་པའི་ 7-1-496 ཚོར་བ་རིན་ཆེན་དབང་པོ་དང་མེ་གཞན་གདོད་ནས་རྣམ་པར་དག་པའི་མེ་གོས་ དཀར་མོ་དག་ཡེ་ཤེས་འཁོར་ལོའི་ལྷོ་དང་བདེན་བྲལ་ན་བཞུགས་པ་དང༌། ལག་པའི་ དབང་པོ་གཞན་གདོད་ནས་རྣམ་པར་དག་པའི་ལག་པའི་དབང་པོ་རྨུགས་བྱེད་ནི་ལྷོ་ སྒོར་བཞུགས་པ་དང༌། མིག་དང་རོ་གཞན་གདོད་ནས་རྣམ་པར་དག་པའི་མིག་དང་རོ་ ས་ཡི་སྙིང་པོ་དང་རོ་རྡོ་རྗེ་མ་དག་ལྷ་སྣམ་ལ་ལྷོ་སྒོའི་གཡས་དང་བདེན་བྲལ་དུ་ བཞུགས་པ་རྣམས་རྡོ་རྗེ་རྒྱལ་པོ་བདེ་བ་ཆེ་ཞེས་པ་ཆོས་སྐུ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་ ཡིན་ལ་མཱ་མ་ཀཱི་དང་འོད་དཔག་མེད་དང་ཁེངས་བྱེད་དང་འཇིག་རྟེན་དབང་པོ་དང་ གཟུགས་རྡོ་རྗེ་མ་སྟེ་ཆུའི་རིགས་དེ་རྣམས་ཀྱིས་གྲངས་བཞིན་དུ་འཁྱུད་པའོ། །གཞན་ རྣམས་ནི་རྟོགས་པར་སླའོ། ། འདུ་ཤེས་གཞན་རྡོ་རྗེའི་འདུ་ཤེས་སྣང་བ་མཐའ་ཡས་དང༌། ཆུ་གཞན་རྡོ་རྗེའི་ཆུ་མཱ་མ་ ཀཱི་དག་ཡེ་ཤེས་འཁོར་ལོའི་བྱང་དང་དབང་ལྡན་དུ་བཞུགས་པ་དང༌། རྐང་པའི་དབང་ པོ་གཞན་རྡོ་རྗེའི་ཁེངས་བྱེད་ནི་བྱང་སྒོར་བཞུགས་པ་དང༌། ལྕེ་དང་གཟུགས་གཞན་རྡོ་ རྗེའི་ལྕེ་དང༌། གཟུགས་འཇིག་རྟེན་དབང་པོ་དང༌། གཟུགས་རྡོ་རྗེ་མ་དག་ལྷ་སྣམ་ལ་ བྱང་སྒོའི་གཡས་དང་དབང་ལྡན་དུ་བཞུགས་པ་རྣམས། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཡེ་ ཤེས་ལུས་ཅན་དེ་བཞིན་གཤེགས། །ཆོས་སྐུ་བདག་གི་ཕ་རོལ་ཏུ་ཕྱིན་པ་ལ་གོས་དཀར་ མོ་དང༌། རིན་ཆེན་དབང་པོ་དང༌། རྨུགས་བྱེད་མ་དང༌། རོ་རྡོ་རྗེ་མ་དང༌། སའི་སྙིང་པོ་ སྟེ། མེའི་རིགས་དེ་རྣམས་ཀྱིས་འཁྱུད་པའོ། ། གཟུགས་ཀྱི་ཕུང་པོ་གཞན་དེ་བཞིན་ཉིད་ཀྱི་གཟུགས་ཀྱི་ཕུང་པོ་རྟག་པ་དང་ས་གཞན་ དེ་བཞིན་ཉིད་ཀྱི་ས་སངས་རྒྱས་སྤྱན་མ་དག་ཡེ་ཤེས་འཁོར་ལོའི་ནུབ་དང་རླུང་ན་ བཞུགས་པ་དང༌། བཤང་ལམ་གཞན་དེ་བཞིན་ཉིད་ཀྱི་བཤང་ལམ་རེངས་བྱེད་ནི་ནུབ་ སྒོར་བཞུགས་པ་དང༌། ལུས་དང་དྲི་གཞན་དེ་བཞིན་ཉིད་ཀྱི་ལུས་དང་དྲི་སྒྲིབ་པ་རྣམ་ སེལ་དང་དྲི་རྡོ་རྗེ་མ་དག་ལྷ་སྣམ་ལ་ནུབ་སྒོའི་གཡས་དང་རླུང་དུ་བཞུགས་པ་རྣམས་ རང་བཞིན་འོད་གསལ་གྱི་གཟུགས་ཏེ་གཟུགས་མེད་གཟུགས་བཟང་དམ་པ་ཆོས་སྐུ་ 7-1-497 རྟག་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྒྲོལ་མ་དང་དོན་ཡོད་གྲུབ་པ་དང་ཤིན་ཏུ་སྟོབས་མ་ དང་རེག་བྱ་རྡོ་རྗེ་མ་དང་ནམ་མཁའི་སྙིང་པོ་སྟེ་རླུང་གི་རིགས་དེ་རྣམས་ཀྱིས་འཁྱུད་ པའོ། ། རྣ་བ་གཞན་བདེ་གཤེགས་སྙིང་པོ་ནི་རྣ་བ་ཕྱག་ན་རྡོ་རྗེ་ལྗང་ཁུ་ཆོས་ཁམས་གཞན་བདེ་ གཤེགས་སྙིང་པོའི་ཆོས་ཀྱི་ཁམས་ཆོས་ཁམས་རྡོ་རྗེ་མ་ལྗང་ཁུ་དག་ལྷོ་སྒོ་དང་ནུབ་སྒོའི་ གཡོན་དུ་ལྷ་སྣམ་ལ་བཞུགས་པ་དང༌། ཡིད་གཞན་བདེ་གཤེགས་སྙིང་པོའི་ཡིད་ཀུན་ཏུ་ བཟང་པོ་སྔོན་པོ་དང༌། སྒྲ་གཞན་བདེ་གཤེགས་སྙིང་པོའི་སྒྲ་སྒྲ་རྡོ་རྗེ་མ་སྔོན་མོ་དག་ ཤར་སྒོ་དང་བྱང་སྒོའི་གཡོན་དུ་ལྷ་སྣམ་ལ་བཞུགས་པ་སྟེ། རྣ་བ་དང་སྒྲ་གཞན་ཕན་ ཚུན་སྦྱོར་ཞིང་ཡིད་དང་ཆོས་ཁམས་གཞན་ཕན་ཚུན་ཡང་དག་པར་སྦྱོར་བའོ། ། ལྷ་སྤྲོ་བ་ལ་སོགས་པའི་སྐབས་སུ་མི་བསྐྱོད་པ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་ ཕྱག་ན་རྡོ་རྗེ་དང་མཚུངས་ཤིང༌། རྡོ་རྗེ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ མ་ནི་ཀུན་ཏུ་བཟང་པོ་དང་མཚུངས་པ་སྲུང་འཁོར་ལ་སོགས་པའི་སྐབས་སུ་གཙུག་ ཏོར་དང་གནོད་མཛེས་ནི་མི་བསྐྱོད་པ་དང༌། རྡོ་རྗེ་སེམས་དཔའ་ལྟ་བུ་སྟེ་དེ་ཐམས་ ཅད་ཀྱང་ཁྱབ་བྱེད་འདྲེས་པ་དབུས་ཀྱི་ཆ་སྟོང་པའི་རིགས་ལ་སྟེང་དང་འོག་ཏུ་ནམ་ མཁའ་དང་ཡེ་ཤེས་གཞན་གྱིས་ཕྱེ་བ་ཡིན་ཞིང༌། ཁ་དོག་གཞན་བཞི་ནི་ཁྱབ་པར་བྱ་བ་ ཕྱོགས་བཞིར་གནས་པ་མ་འདྲེས་པའི་རིགས་སོ། ། གདན་གྱིས་ངེས་པ་ནི། ཐབས་གཙོ་བོར་གྱུར་པ་རྣམས་ཆུ་སྐྱེས་དཀར་པོའི་ལྟེ་བར་ཉི་ མའི་དཀྱིལ་འཁོར་ལ་སྟེ། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་དང༌། ཤེས་རབ་གཙོ་བོར་ གྱུར་པ་རྣམས་འདམ་སྐྱེས་དམར་པོའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་སྟེ། མཚན་མོ་ ཤེས་རབ་རབ་ཏུ་གྲགས། །ཞེས་པའི་དབང་དུ་བྱས་པའོ། །གདན་གྱི་ངེས་པ་གཞན་ནི། དཔག་བསམ་ལྗོན་ཤིང་དུ་བསྟན་ཏོ། ། བཞུགས་ཚུལ་གྱི་ངེས་པ་ནི། རྒྱལ་བ་དང་རྒྱལ་སྲས་གཙོ་བོར་གྱུར་པ་རྣམས་རྡོ་རྗེའི་ དཀྱིལ་ཀྲུང་དང༌། ཁྲོ་རྒྱལ་རྣམས་གཡས་བརྐྱང་གི་སྟབས་ཀྱིས་གནས་ཤིང་རྒྱལ་བའི་ 7-1-498 རིག་མ་དེ་བཞིན་གཤེགས་མ་རྣམས་དང་སྒྲ་རྡོ་རྗེ་མ་ལ་སོགས་པ་བྱང་ཆུབ་སེམས་མ་ གཙོ་བོར་གྱུར་པ་རྣམས་པད་མའི་གདན་གྱིས་བཞུགས་པ་ལ་འཁྱུད་ཚུལ་གྱི་ངེས་པ་ནི་ གཡས་བརྐྱང་གིས་གནས་པ་ལ་གཡོན་བརྐྱང་གིས་འཁྱུད་ཅིང༌། རྡོ་རྗེ་གདན་ལ་རྡོ་རྗེའི་ གདན་གྱིས། པད་མའི་གདན་ལ་པད་མའི་གདན་གྱིས། ས་ག་ལ་ས་གས། ཟླུམ་པོ་ལ་ཟླུམ་ པོས་འཁྱུད་པ་སྟེ་ཐམས་ཅད་དུ་ངེས་པའོ། ། སྤྱན་གྱི་ངེས་པ་ནི། ཐམས་ཅད་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མོ། །དེ་རྣམས་ཀྱི་སྔགས་ ནི། ཨ་ཨཱ། ཨི་ཨཱི། རྀ་རཱྀ། ཨུ་ཨཱུ། ལྀ་ལཱྀ། ཞེས་པ་དེ་བཞིན་གཤེགས་པ་དང་གཤེགས་མ་ རྣམས་སོ། །ཨ་ཨཱ། ཨེ་ཨཻ། ཨར་ཨཱར། ཨོ་ཨཽ། ཨལ་ཨཱལ། ཨཾ་ཨཱཿ ཞེས་པ་བྱང་ཆུབ་སེམས་ དཔའ་དང་སེམས་མ་རྣམས་སོ། །ཡཾ་རཾ་ཝཾ་ལཾ་ཞེས་པ་ཁྲོ་རྒྱལ་བཞིའོ། །སྟེགས་བུ་ལ་ཤར་ སྒོའི་གཡོན་དང་གཡས་སུ་དྲི་མཆོག་མ་དང་ཕྲེང་མ་ནག་མོ། དེ་བཞིན་དུ། ལྷོར་བདུག་ སྤོས་མ་དང་སྣང་གསལ་མ་དམར་མོ། བྱང་དུ་བདུད་རྩི་མ་དང་འབྲས་བུ་མ་དཀར་མོ། ནུབ་ཏུ་སྒེག་མོ་དང་བཞད་མ་སེར་མོ། སྟེང་དུ་གར་མ་དང་སྒྲ་མ་ལྗང་ཁུ། འོག་ཏུ་གླུ་མ་ དང་འདོད་མ་སྔོན་མོ་སྟེ་འདི་ནི་དབང་གི་ལེའུར་གསུངས་པའོ། །སྒྲུབ་ཐབས་ལེའུར་ནི། བྱང་དུ་སྒྲ་མ་དང་གར་མ། ནམ་མཁར་གླུ་མ་དང་འདོད་མ། འོག་ཏུ་བདུད་རྩི་མ་དང་ འབྲས་བུ་མ། ཞེས་གསུངས་ཏེ། གང་བྱས་ཀྱང་རུང་བ་ལ་དགོངས་པའི་ཕྱིར་གདམ་ཀ་ ཅན་ནོ། ། དེ་བཞིན་དུ། ཀ་སྡེ་བརྩེགས་པ་ཐུང་རིང་ལ་སྒྲ་མ་དང་གར་མ་ཞེས་ཡིད་ཀྱི་མཆོད་པའི་ སྐབས་སུ་གསུངས་པ་དང་ཕན་ཚུན་མི་མཐུན་པར་སྣང་བ་ཡང༌། ཆོས་ཉིད་རོ་གཅིག་པ་ ཉིད་ཀྱིས་གང་ལྟར་བྱས་ཀྱང་རུང་བ་ལ་དགོངས་པར་གསལ་ལོ། ། དེ་ལ་སྟེང་འོག་ཏུ་གང་གསུངས་པ་རྣམས་ནི། རྟ་བབས་ཀྱི་སྟེང་གི་མཆོད་པའི་ལྷ་མོའི་ གནས་ལ་སྟེ། སྟེང་གི་གཟུངས་མ་དག་ཤར་དང་ནུབ་ཀྱི་རྟ་བབས་དང༌། འོག་གི་ གཟུངས་མ་དག་བྱང་དང་ལྷོའི་རྟ་བབས་ཀྱི་སྟེང་དུའོ། ། གསུང་གི་དཀྱིལ་འཁོར་གྱི་ལྷ་སྣམ་ལ་ཕྱོགས་བཞིར་ཆུ་སྐྱེས་འདབ་བརྒྱད་དམར་པོ་དང་ 7-1-499 མཚམས་བཞིར་དཀར་པོ་རྣམས་ལ་རྣལ་འབྱོར་མ་བདུན་ཅུ་རྩ་གཉིས་ཏེ། ལྟེ་བའི་རྩ་ བརྒྱད་དང་ཐུན་ཚོད་བརྒྱད་རྣམ་པར་དག་པའི་རྣལ་འབྱོར་མ་བརྒྱད་ནི། པད་མའི་ལྟེ་ བ་ཉི་ཟླ་དང་བྲལ་བ་ལ་རང་རང་གི་བཞོན་པའི་སྟེང་དུ་ས་གའི་སྟབས་ཀྱིས་གནས་ ཤིང༌། ལྟེ་བའི་རྩ་དྲུག་ཅུ་རྩ་བཞི་དང༌། དབྱུག་གུ་དྲུག་ཅུ་རྩ་བཞི་རྣམ་པར་དག་པའི་ རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་རྣམས་པད་མའི་འདབ་མ་རྣམས་ལ་རོལ་པའི་སྟབས་ ཀྱིས་གནས་ཤིང་ཐམས་ཅད་ཕྱག་བཞི་མ་སྤྱན་གསུམ་མའོ། ། དེ་ལ་ཤར་གྱི་པད་མའི་ལྟེ་བར་ཡི་དྭགས་དམར་པོ་ལ་གནས་ཤིང་ཙཱར་ཙི་ཀཱ་གཞན་ལ་ དབང་པོ་གཞན་གྱིས་འཁྱུད་ཅིང༌། མདུན་དང་རྒྱབ་ཀྱི་འདབ་མ་ལ་འཇིགས་མ་དང་ རླུང་ཤུགས་མ། གཡས་གསུམ་ལ་དྲག་མོ་དང༌། དུས་ཀྱི་མཆེ་བ་མ་དང༌། མེ་འབར་ གདོང་མ། གཡོན་གསུམ་ལ་རབ་གཏུམ་མ་དང༌། དྲག་མིག་མ་དང༌། སྣ་ཆེན་མ་རྣམས་ གཞན་དེ་ཐམས་ཅད་ནག་མོ་ཞལ་གཅིག་མ་ཕྱག་བཞི་གྲི་གུག་ལ་སོགས་པས་བརྒྱན་ པའོ། །འདིར་སྔགས་ནི། ཧ་ཧི་ཧཱི། ཡ་ཡྀ་ཡྼྀ། ཡུ་ཡླྀ་ཡཾ། ཞེས་པ་སྟེ། གོ་རིམ་བཞིན་ནོ། །མེར་ མཁའ་ལྡིང་ལ་ཁྱབ་འཇུག་མ་གཞན་ཚངས་པ་གཞན་གྱིས་འཁྱུད་ཅིང༌། འདབ་མ་ རྣམས་ལ་སྔར་གྱི་རིམ་པ་ལྟར་དཔལ་མོ་གཞན་ནས་འཁོར་ལོ་མ་གཞན་གྱི་བར་དུ་སྟེ་ཟླ་ བའི་ཞལ་ཞེས་པ་ཞལ་གཅིག་མ་ནག་མོ་རྣམས་སོ། །གཞན་ནི་རྟོགས་པར་སླ་ཞིང༌། འདིར་སྔགས་ནི། ཀྵ་ཀྵི་ཀྵཱི། ཡཱ་ཡཱི་ཡྼཱྀ། ཡཱུ་ཡླཱྀ་ཡཿ ཞེས་པའོ། །ལྷོར་མ་ཧེ་ལ་ཕག་མོ་གཞན་ དྲག་མོ་གཞན་གྱིས་འཁྱུད་ཅིང༌། ཀེང་རུས་མ་གཞན་ནས་གཟུགས་ངན་མ་གཞན་གྱི་ བར་དུ་ཐམས་ཅད་དམར་མོ་ཞལ་གཅིག་མ་སྟེ། སྔགས་ནི། ཧཿཧྼྀ་ཧྼཱྀ། ར་རྀ་རྼྀ། རུ་རླྀ་རཾ། ཞེས་པའོ། །བདེན་བྲལ་དུ་རྨ་བྱ་ལ་གཞོན་ནུ་མ་གཞན་ཚོགས་བདག་གཞན་གྱིས་འཁྱུད་ པ་དང༌། པད་མ་མ་གཞན་ལ་སོགས་པ་བཟང་མོ་གཞན་གྱི་མཐར་ཐུག་པ་རྣམས་དམར་ མོ་གདོང་དྲུག་མ་རྣམས་ཏེ། སྔགས་ནི། ཀྵཿཀྵྼྀ་ཀྵྼཱྀ། རཱ་རཱྀ་རྀརཱ། རཱུ་རྀལཱ་རཿ ཞེས་པའོ། ། བྱང་དུ་ཁྱུ་མཆོག་ལ་དྲག་མོ་གཞན་གཤིན་རྗེ་གཞན་གྱིས་འཁྱུད་ཅིང༌། གཽ་རཱི་མ་གཞན་ ནས་ནག་མོ་གཞན་གྱི་མཐར་ཐུག་པ་རྣམས་དཀར་མོ་ཞལ་གཅིག་མ་སྟེ། སྔགས་ནི། ཧཾ་ 7-1-500 ཧུ་ཧཱུ། ཝ་ཝི་ཝྼྀ། ཝུ་ཝླྀ་ཝཾཿ ཞེས་པའོ། །དབང་ལྡན་དུ་སེང་གེ་ལ་དཔལ་མོ་གཞན་གདོང་ དྲུག་གཞན་གྱིས་འཁྱུད་ཅིང༌། དཔལ་ལྡན་དཀར་མོ་གཞན་ལ་སོགས་པ་དྲི་མེད་རི་བོང་ འཛིན་མ་གཞན་གྱི་མཐར་ཐུག་པ་རྣམས་ཟླ་བའི་འོད་ལྟར་དཀར་བ་ཟླ་ཞལ་ཞེས་པ་ ཞལ་གཅིག་མ་སྟེ། སྔགས་ནི། ཀྵཱཾ་ཀྵུ་ཀྵཱུ། ཝཱ་ཝཱི་ཝྼཱྀ། ཝཱུ་ཝླྀ་ཝཿ ཞེས་པའོ། ། ནུབ་ཏུ་གླང་ཆེན་ལ་དབང་མོ་གཞན་སྲིན་པོ་གཞན་གྱིས་འཁྱུད་ཅིང༌། རྡོ་རྗེའི་འོད་ གཞན་ལ་སོགས་པ་ཤིན་ཏུ་སྒྲོལ་མ་གཞན་གྱི་མཐར་ཐུག་པ་རྣམས་གསེར་མདོག་ཞལ་ གཅིག་མ་སྟེ། སྔགས་ནི། ཧཱ་ཧླྀ་ཧླཱྀ། ལ་ལི་ལྼྀ། ལུ་ལླྀ་ལཾཿ ཞེས་པའོ། །རླུང་དུ་ངང་བ་ལ་ ཚངས་མ་གཞན་ནོར་ལྷ་གཞན་གྱིས་འཁྱུད་པ་དང༌། མཆོད་སྦྱིན་འདོད་མ་གཞན་ལ་ སོགས་པ་དྲན་མ་གཞན་གྱི་མཐར་ཐུག་པ་རྣམས་གདོང་བཞི་མ་གསེར་མདོག་མ་སྟེ། སྔགས་ནི། ཀྵཿཀྵླྀ་ཀྵླཱྀ། ལཱ་ལཱི་ལྼཱྀ། ལཱུ་ལླཱྀ་ལཿ ཞེས་པའོ། །སོ་སོའི་ངེས་པ་དེ་ལྟར་གནས་པ་ རྣམས་གསལ་བར་རྟོགས་ནས་སྔགས་ཟློས་པའི་ཚེ་དོན་ལ་འཁྲུལ་བ་མེད་ཅིང་འདོན་པ་ བདེ་བའི་མན་ངག་གཙོ་བོར་བཟུང་ངོ༌། ། སྐུ་དཀྱིལ་གྱི་ལྷ་སྣམ་ལ་སྒོ་བཞིའི་གཡས་གཡོན་དུ་པད་མ་དམར་པོ་བརྒྱད་དང་ མཚམས་བཞིར་དཀར་པོ་བཞི་སྟེ། ཐམས་ཅད་འདབ་མ་ཉེར་བརྒྱད་པ། ལྟེ་བའི་སྟེང་དུ་ ཉི་ཟླ་སྤངས་ནས་རང་རང་གི་བཞོན་པ་དང་བཅས་པའོ། །དེ་རྣམས་སུ་ཟླ་བ་གཞན་ཉི་ མ་སྟེ། བཅུ་གཉིས་ཀྱི་ཚེས་གཞན་རྣམས་དང་ཚིག་ཆེན་གཞན་ཉི་མ་སྟེ་ལས་ཀྱི་འཁོར་ལོ་ བཅུ་གཉིས་ཀྱི་རྩ་ལ་གནས་པའི་ལྷ་རྣམས་བཞུགས་པ་ནི་རྣམ་པར་དག་པའི་ལྷ་ཆེན་ བཅུ་གཉིས་འཁོར་དང་བཅས་པ་སྟེ། འཁོར་རྣམས་རོལ་པའི་སྟབས་ཀྱིས་ཡོངས་སུ་ བསྐོར་ཞིང༌། གཙོ་བོ་རྣམས་རྡོ་རྗེའི་གདན་གྱིས་བཞུགས་པ་ཐམས་ཅད་སྤྱན་གསུམ་པ་ ཕྱག་བཞི་པའོ། །དེ་ལ་ཤར་སྒོའི་གཡས་སུ་ཡི་དྭགས་ལ་གནས་ཤིང་སྲིན་མོ་གཞན་གྱིས་ འཁྱུད་པའི་བདེན་བྲལ་གཞན་ལ་སོགས་པ་ནག་པའི་ཟླ་བ་གཞན་གྱི་ཚེས་གཞན་རྣམས་ ནག་མོ་ཞལ་གཅིག་མ་རྣམས་སོ། །སྔགས་ནི། ཉ་ཉི་ཉྼྀ་ཉུ་ཉླྀ་ཉཾ། ཛྷ་ཛྷི་ཛྷྼྀ་ཛྷུ་ཛྷླྀ་ཛྷཾ། ཛ་ཛི་ ཛྼྀ་ཛུ་ཛླྀ་ཛཾ། ཚ་ཚི་ཚྼི་ཚུ་ཚླྀ་ཚཾ། ཙ་ཙི་ཙྼྀ་ཙུ་ཙླྀ་ཙཾ། ཞེས་པ་སྟེ༌། ཙཾ་དང་ཛྼྀ་དག་ནི་ལྟེ་བ་ 7-1-501 ལའོ། །མེར་རི་དྭགས་ལ་གནས་ཤིང་གཏུམ་མོ་གཞན་གྱིས་འཁྱུད་པའི་རླུང་ལྷ་གཞན་ལ་ སོགས་པ་ས་གའི་ཟླ་བ་གཞན་གྱི་ཚེས་གཞན་རྣམས་ཀྱང་ནག་མོ་ཞལ་གཅིག་ མའོ། །སྔགས་ནི། ཙཱ་ཙཱི་ཙྼཱྀ་ཙཱུ་ཙླཱྀ་ཙཿ ཚཱ་ཚཱི་ཚྼཱྀ་ཚཱུ་ཚླྀ་ཚཿ ཛཱ་ཛཱི་ཛྼཱྀ་ཛཱུ་ཛླཱྀ་ཛཿ ཛྷཱ་ཛྷཱི་ཛྷྼཱྀ་ཛྷཱུ་ཛྷླཱྀ་ ཛྷཿ ཉཱ་ཉཱི་ཉྼཱྀ་ཉཱུ་ཉླཱྀ་ཉཿ ཞེས་པ་སྟེ། ཉཱཿདང་ཛྼཱྀ་དག་ནི་ལྟེ་བ་ལའོ། །དེ་ཉིད་རླུང་གི་དུས་ གཞན་དཔྱིད་ཀྱི་དུས་རྣམ་པར་དག་པ་སྟེ། རྣམ་པར་དག་པའི་དཔྱིད་དོ། །དེ་བཞིན་དུ། མའི་དུས་གཞན་སོ་ཀའི་དུས་རྣམ་པར་དག་པ་སྣྲོན་དང་ཆུ་སྟོད་གཞན་ལ་ཊ་སྡེའི་ བདག་ཉིད་མེ་ལྷ་དང་གདོང་དྲུག་གཞན་འཁོར་དང་བཅས་པ་དམར་པོ་སྟེ། ལྷོ་དང་ བདེན་བྲལ་དུའོ། །ཆུའི་དུས་གཞན་དབྱར་གྱི་དུས་རྣམ་པར་དག་པ་གྲོ་བཞིན་དང་ ཁྲུམས་སྟོད་གཞན་ལ་པ་སྡེའི་བདག་ཉིད་རྒྱ་མཚོ་དང་ཚོགས་བདག་གཞན་འཁོར་དང་ བཅས་པ་དཀར་པོ་སྟེ། བྱང་དང་དབང་ལྡན་དུའོ། །སའི་དུས་གཞན་སྟོན་ཀྱི་དུས་རྣམ་ པར་དག་པ་ཐ་སྐར་དང་སྨིན་དྲུག་གཞན་ལ་ཏ་སྡེའི་བདག་ཉིད་བརྒྱ་བྱིན་དང་ཚངས་ པ་གཞན་འཁོར་དང་བཅས་པ་སེར་པོ་སྟེ། ནུབ་དང་རླུང་དུའོ། །ཡེ་ཤེས་ཀྱི་དུས་གཞན་ དགུན་སྟོད་ཀྱི་དུས་རྣམ་པར་དག་པ་མགོ་དང་རྒྱལ་གཞན་ལ་ས་སྡེའི་བདག་ཉིད་དྲག་ པོ་དང་ནོར་སྦྱིན་གཞན་འཁོར་དང་བཅས་པ་སྔོན་པོ་སྟེ། བྱང་དང་ནུབ་ཀྱི་སྒོའི་གཡོན་ དུའོ། །ནམ་མཁའི་དུས་གཞན་དགུན་སྨད་ཀྱི་དུས་རྣམ་པར་དག་པ་མཆུ་དང་དབོ་ གཞན་ལ་ཀ་སྡེའི་བདག་ཉིད་ཁྱབ་འཇུག་དང་གཤིན་རྗེ་གཞན་འཁོར་དང་བཅས་པ་ ལྗང་ཁུ་སྟེ། ཤར་དང་ལྷོའི་གཡོན་དུའོ། །དེ་ལ་གདོང་དྲུག་འཁོར་དང་བཅས་པ་ཞལ་ དྲུག་པ་ཡིན་ཞིང༌། ཚངས་པ་འཁོར་དང་བཅས་པ་ཞལ་བཞི་པ་ཡིན་ལ། ལྷག་མ་རྣམས་ ནི་ཞལ་རེ་རེ་པ་སྟེ་ཚིག་གི་དོན་རྣམས་ནི་རྟོགས་པར་སླའོ། ། སོ་སོའི་མཚན་ནི། རང་རང་གི་ཡི་གེ་ཡིན་པ་དེ་ཉིད་རྡོ་རྗེའི་མཐའ་དང་ལྡན་པ་སྟེ། ཙཾ་ རྡོ་རྗེ་མ་དང་ཛྼྀ་རྡོ་རྗེ་མ་ཞེས་པ་ལ་སོགས་པའོ། །བདེན་བྲལ་དང་སྲིན་མོ་ལ་སོགས་པ་ ཉེར་བཞི་ནི་གཙོ་བོ་གཙོ་མོ་ཉེར་བཞིའི་མིང་གི་རྣམ་གྲངས་སོ། །སོ་སོའི་སྔགས་ཀྱི་ངེས་ པ་དེ་ལྟར་ཡིན་པའི་ཚུལ་གསལ་བར་རྟོགས་ནས་སྔགས་ཟློས་པའི་ཚེ་འདོན་པ་བདེ་ 7-1-502 ཞིང་དོན་མི་འཆུག་པའི་མན་ངག་ལ་བསླབ་བོ། ། སྒོ་བཞི་དང་སྟེང་འོག་གི་ཤིང་རྟ་ཕག་བདུན་ལ་སོགས་པ་སོ་སོའི་འདྲེན་བྱེད་བདུན་ བདུན་གྱིས་དྲངས་པ་ལ་ལག་པ་དང་རྐང་པའི་མཐིལ་བཞི་དང་གཙུག་ཏོར་དང་བཤང་ ལམ་གྱི་རྩ་རྣམ་པར་དག་པ་ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ཅན་དང༌། འདོད་པའི་རྒྱལ་པོ་ དང༌། མི་གཡོ་བ་དང༌། སྟོབས་པོ་ཆེན་པོ་དང༌། གཙུག་ཏོར་དང༌། གནོད་མཛེས་རྣམས་ རང་རང་གི་ཡུམ་དང་བཅས་ཤིང་མཚོན་ཆ་རྣམས་དང་བཅས་པ་སྟེ། ཚིག་གི་དོན་ གཞན་ནི་རྟོགས་པར་སླའོ། །འདིར་སྔགས་ནི། ཡ་ར་ལ་ཝ་ཧཾ་ཧཿ ཞེས་པ་སྟེ། སྐབས་ གཞན་དུ་ནི་ཚུལ་གཞན་ཡང་གསུངས་པ་ཡོད་དོ། །གཙུག་ཏོར་དང་གནོད་མཛེས་སྲུང་ འཁོར་དུ་ཞལ་གསུམ་ཕྱག་དྲུག་པར་བཞུགས་ཀྱང་འདིར་སྐུའི་སྒོ་སྐྱོང་གི་སྡེ་ཚན་དུ་ བཞུགས་པའི་ཚེ་ཞལ་གཅིག་ཕྱག་བཞི་པ་སྟེ། དེས་ན་ཁ་ཅིག་དེ་ལས་གཞན་དུ་སྨྲ་བ་ནི་ དགོངས་པ་མ་ཡིན་ནོ། །ཁྲོ་བོ་འདི་གཉིས་སྟེང་དང་འོག་གི་ཡིན་ཡང་བྲི་བར་བྱ་བ་ལ་ ནི་ཆུའི་ཁོར་ཡུག་གི་ཕྱེད་ཕྱི་མ་ལ་དགོད་པར་གསུངས་སོ། །སྟེགས་བུ་ལ་རྟ་བབས་ཀྱི་ཀ་ བའི་ནང་རོལ་དང་སྟེང་འོག་ཏུ་ཀླུ་རྒྱལ་གཞན་ཏེ། ཤར་དུ་སྟོབས་ཀྱི་རྒྱུ་དང་པད་མ་ གཞན་མཐིང་ནག །ལྷོར་ནོར་རྒྱས་དང་དུང་སྐྱོང་གཞན་དམར་པོ། བྱང་དུ་མཐའ་ཡས་ དང་རིགས་ལྡན་གཞན་དཀར་པོ། ནུབ་ཏུ་འཇོག་པོ་དང་པད་ཆེན་གཞན་སེར་པོ། སྟེང་ དུ་རྒྱལ་བ་གཞན་ལྗང་ཁུ་དང་འོག་ཏུ་རྣམ་རྒྱལ་གཞན་སྔོན་པོ་རྣམས་རང་རང་གི་ འབྱུང་བ་ལ་གནས་པ་ནི་རླུང་གི་དཀྱིལ་འཁོར་ནག་ཅིང་ཟླུམ་པོ་གཉིས་དང༌། མེའི་ དཀྱིལ་འཁོར་དམར་པོ་གྲུ་གསུམ་གཉིས་དང༌། ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་གམ་ གཉིས་དང༌། སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་གཉིས་དང༌། ནམ་མཁའི་དཀྱིལ་འཁོར་ ཐིག་ལེ་ལྗང་ཁུ་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་ཐིག་ལེ་སྔོན་པོ་རྣམས་ལ་གོ་རིམ་བཞིན་ ནོ། །སྔགས་ནི། ཨོཾ་ཧྻ་ཧྻཱ་ཧྼ་ཧྼཱ་ཧྺ་ཧྺཱ་ཧླ་ཧླཱ་ཧུཾ་ཀྵུཾ། ཞེས་པའོ། །ཐམས་ཅད་རྡོ་རྗེའི་གདན་ གྱིས་བཞུགས་པ་ལ་སོགས་པ་ནི་གོ་སླ་སྟེ། རྐང་པའི་སོར་མོ་བཅུ་གདོད་ནས་རྣམ་པར་ དག་པ་ཆོས་ཉིད་ཀྱི་རྐང་སོར་བཅུའོ། ། 7-1-503 དེ་བཞིན་དུ། ལུས་ལ་བཞུགས་པའི་ཆོས་ཉིད་ཀྱི་ལག་པའི་སོར་མོ་བཅུ་གདོད་ནས་རང་ བཞིན་གྱིས་རྣམ་པར་དག་པ་ནི་རབ་གཏུམ་མ་གཞན་རྣམས་ཏེ་མེ་རླུང་མཚམས་སུ་ ཤར་དང་མེའི་དུར་ཁྲོད་མདུང་གིས་འབིགས་པ་དང་ལྷག་མ་ཟ་བར་བསེ་དང་བྷེ་རུཎ་ ཊའི་སྟེང་དུ་འཁོར་ལོའི་ལྟེ་བ་ལ་ཁྱི་གདོང་མ་དང་ཁྭ་གདོང་མ་ནག་མོ། ལྷོ་དང་བདེན་ བྲལ་གྱི་དུར་ཁྲོད་རོ་བསྲེགས་པ་དང་དྲག་པོའི་གཡུལ་དུ་དོམ་དང་ཁྲུང་ཁྲུང་གི་སྟེང་ན་ འཁོར་ལོའི་ལྟེ་བ་ལ་ཕག་གདོང་མ་དང་བྱ་རྒོད་གདོང་མ་དམར་མོ། བྱང་དང་དབང་ ལྡན་གྱི་དུར་ཁྲོད་རུལ་པ་དང་བྱིས་པ་གསོད་པར་འབྲི་དང་བྱ་མ་བྱིའི་སྟེང་དུ་འཁོར་ ལོའི་ལྟེ་བ་ལ་སྟག་གདོང་མ་དང་འུག་གདོང་མ་དཀར་མོ། ནུབ་དང་རླུང་གི་དུར་ཁྲོད་ རྣག་གི་དྲི་དང་སྦྲུལ་གྱིས་ཟོས་པར་སེང་གེ་དང་མིག་སྔོན་གྱི་སྟེང་ན་འཁོར་ལོའི་ལྟེ་བ་ ལ་ལྕེ་སྤྱང་གདོང་མ་དང་མཁའ་ལྡིང་གདོང་མ་སེར་མོ་རྣམས་སོ། །སྔགས་ནི། ཤར་དང་ ནུབ་ཏུ་ཀྑྒྒྷྔ་ྈྐྴྵྐྤྶ། བྱང་དང་ལྷོར་ཧྻྼྺླ་ཀྵྻྼྺླ། མཚམས་བཞིར་ཉྫྷྫྪྩ་ཎྜྷྜྛྚ་མྦྷྦྥྤ་ནྡྷྡྠྟ། ཞེས་པ་ཁམས་མཐུན་པ་ ཅན་ནོ། ། འདིར་འཁོར་ལོ་བརྒྱད་ནི། ཕྱོགས་བཞིར་དམར་པོ་དང་མཚམས་བཞིར་ དཀར་པའོ། །སྟེང་དུ་ཤིང་རྟ་ལྗང་ཁུ་ལ་སྔོན་མོ་ཁ་དོག་ལྗང་ཁུ་དང༌། འོག་ཏུ་ཤིང་རྟ་ སྔོན་པོ་ལ་རྡོ་རྗེ་མིག་མ་སྔོན་མོ་སྟེ་བཅུ་པོ་ཐམས་ཅད་ཀྱང༌། ཟླུམ་པོའི་སྟབས་ཅན་མི་ མགོའི་ཕྲེང་ལྡན་མ། །གཅེར་བུ་སྤྱན་གསུམ་གྲི་གུག་ཐོད་པ་མ། །ཕྱག་རྒྱ་ལྔ་ལྡན་ཀླུ་ཡིས་ རབ་འཁྱུད་མའོ། ། སྔར་ལྷ་དང་འབྱུང་སྐྱེས་ཀྱི་བཞོན་པ་རྣམས་པད་མའི་ལྟེ་བ་ལ་གསུངས་ནས་འདིར་ བཞོན་པ་བརྒྱད་འཁོར་ལོའི་འོག་ཏུ་གསུངས་པའི་རྒྱུ་མཚན་ནི། འཁོར་ཡོད་མེད་ཀྱི་སྒོ་ ནས་དེ་དག་ཚུལ་མི་འདྲ་བའི་ཕྱིར་ཏེ། འཁོར་རྣམས་ལ་བཞོན་པ་མེད་པའི་ཕྱིར་རོ། །དེ་ ལ་ཀླུ་དང་རབ་གཏུམ་མ་རྣམས་ཇི་ལྟར་འཁྱུད་པའི་ངེས་པ་ནི་སྟོབས་ཀྱི་རྒྱུ་དང་མཁའ་ ལྡིང་གདོང་མ་དག་ཕན་ཚུན་ཡང་དག་པར་སྦྱོར་བ་སྟེ། དེ་བཞིན་དུ། པད་མ་དང་ལྕེ་ སྤྱང་གདོང་མ་དག་དང༌། ནོར་རྒྱས་དང་འུག་གདོང་མ་དག་དང༌། དུང་སྐྱོང་དང་སྟག་ 7-1-504 གདོང་མ་དག་དང༌། མཐའ་ཡས་དང་བྱ་རྒོད་གདོང་མ་དག་དང༌། རིགས་ལྡན་དང་ ཕག་གདོང་མ་དག་དང༌། འཇོག་པོ་དང་ཁྭ་གདོང་མ་དག་དང༌། པད་མ་ཆེན་པོ་དང་ ཁྱི་གདོང་མ་དག་ཕན་ཚུན་ཡང་དག་པར་སྦྱོར་བ་ནི་གཡོན་གྱི་ཡན་ལག་དང་གཡས་ཀྱི་ ཡན་ལག་ན་གང་གནས་པ་དག་ཕན་ཚུལ་རིགས་མི་མཐུན་པ་འཁྱུད་པའོ། །དེ་བཞིན་དུ། སྟེང་འོག་རིགས་མི་མཐུན་པ་འཁྱུད་པ་ཡང་རྒྱལ་བ་དང་རྡོ་རྗེ་མིག་མ་དག་དང༌། རྣམ་ རྒྱལ་དང་སྔོན་མོ་དག་ཕན་ཚུན་ཡང་དག་པར་སྦྱོར་བ་སྟེ། འདི་དག་ལས་གཞན་དུ་ འདོད་པ་རྣམས་ནི་དགོངས་པ་མ་ཡིན་ནོ། །སྐྲ་གཞན་དང་བ་སྤུ་གཞན་གདོད་ནས་རང་ བཞིན་གྱིས་རྣམ་པར་དག་པའི་སྐྲ་དང་བ་སྤུ་རྣམས་ཀྱང་རྡོ་རྗེའི་སྐྲ་དང་བ་སྤུ་སྟེ་གྲུབ་ པ་གཞན་དང་འབྱུང་པོའི་ཚོགས་གཞན་ཆོས་ཉིད་གྲུབ་པ་དང་འབྱུང་པོའི་ཚོགས་ སོ། །ཇི་སྐད་དུ། སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་པ་དང༌། ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་ རྗེ་སྤུ་ནི་གཅིག་པུའི་ལུས། །ཞེས་དང༌། བཛྲ་ཀེ་ཤ ། བཛྲ་ལོ་མ། ཞེས་སོགས་གསུངས་པའི་ དགོངས་པ་དེ་ལྟར་རྟོགས་ན་དགོངས་པ་ཆེན་པོའི་དོན་ཡང་དག་པར་མཐོང་བ་ཡིན་ ནོ། །འདིར་ནི་དགོངས་པ་ནི་ཆོས་ཉིད་ཀྱི་པགས་པ་རླུང་གི་ཁོར་ཡུག་གཞན་ལ་སྟེ་ཀུན་ རྫོབ་ཀྱི་སྐྲ་སྤུ་རྣམས་པགས་པ་ལ་གནས་པ་ཇི་ལྟ་བ་བཞིན་ནོ། །དབྱིབས་མདོག་དང་ ཕྱག་མཚན་ལ་སོགས་པ་ནི་སྣ་ཚོགས་པའོ། ། དེས་ན་ཁ་ཅིག་དུར་ཁྲོད་འབྱུང་པོའི་ཁོར་ཡུག་ཅེས་པ་མེ་རླུང་གང་ལ་ཡང་མི་གཏོགས་ པར་རང་བཟོ་བྱེད་པ་ནི་མི་རིགས་ཤིང་ཁོར་ཡུག་ལྔ་ལ་ཕྱི་ནང་གི་དག་པ་ཚར་གཅིག་ གསུངས་པ་དང་ཡང་འགལ་ལོ། ། ད་ནི་ཁྲོ་མོ་རྣམས་དང་འདོད་མ་དང་ཕྱིར་འདོད་མ་གཞན་རྣམས་ཀྱང་གསལ་བར་བྱ་ སྟེ། ཤིན་ཏུ་སྟོབས་མ་ལ་སོགས་པ་ཤིན་ཏུ་སྔོན་མོའི་མཐར་ཐུག་པ་ཁྲོ་མོ་བཅུ་ཡི་ཞལ་ དང་ཕྱག་དང་མཚོན་ཆ་དང་ཁ་དོག་དང་རྒྱན་དང་ཆ་ལུགས་རྣམས་ནི་རང་རང་གི་ རིགས་དང་ཁམས་མཐུན་པའི་ཁྲོ་བོ་བགེགས་མཐར་བྱེད་དང༌། རྨུགས་བྱེད་དང༌། ཁེངས་བྱེད་དང༌། རེངས་བྱེད་དང༌། དབྱུག་སྔོན་ཅན་དང༌། འདོད་པ་དང༌། མི་གཡོ་བ་ 7-1-505 དང༌། སྟོབས་པོ་ཆེ་དང༌། གཙུག་ཏོར་དང༌། གནོད་མཛེས་རྣམས་དང༌། གྲངས་བཞིན་དུ་ མཚུངས་པ་སྟེ། སྔ་མ་བཞི། ཐུགས་དཀྱིལ་གྱི་ཁྲོ་མོ་ཡིན་པའི་ཕྱིར། ཞལ་གསུམ་ཕྱག་དྲུག་ མ་དང༌། ཕྱི་མ་དྲུག་ནི་སྐུ་དཀྱིལ་གྱི་ཁྲོ་མོ་ཡིན་པའི་ཕྱིར། ཞལ་གཅིག་ཕྱག་བཞི་མའོ། ། དེ་བཞིན་དུ། སྒྲོལ་མ་དང༌། རེག་བྱ་རྡོ་རྗེ་མ་དང༌། ཁྱབ་འཇུག་མ་དང༌། རྡོ་རྗེ་ལྕགས་ སྒྲོག་མ་དང༌། ཁྭ་གདོང་མ་རྣམས་ལས་བྱུང་བ་དབྱེ་བ་འདོད་མ་དང༌། གོས་འདོད་མ་ དང༌། མཆིལ་མ་འདོར་འདོད་མ་དང༌། རེག་བྱ་འདོད་མ་དང༌། ལྷག་མ་ཟ་བར་འདོད་ མ་རྣམས་གཞན་ཏེ། དེ་ལྟར་ལྔ་ནི་གསུང་གི་སྟེགས་བུ་ལ་ཤར་སྒོའི་གཡས་ནས་བརྩམས་ ཏེ་མེའི་ཟུར་ལ་ཐུག་པར་རོ། །རབ་སྔོན་ཞེས་པ་ཤིན་ཏུ་སྔོན་མོ་དང༌། རབ་བརྩོན་ཞེས་ པ་ཤིན་ཏུ་བརྩོན་འགྲུས་མ་དང༌། ཙཱར་ཙི་ཀཱ་དང་ཁྱི་གདོང་མ་ལས་བྱུང་བ་ཀུན་ཏུ་ གདུང་བར་འདོད་མ་དང༌། སྐྲོད་པར་འདོད་མ་དང༌། ལུས་འཕྲུག་པར་འདོད་མ་དང༌། ཡན་ལག་བསྐྱོད་པར་འདོད་མ་རྣམས་གཞན་ཏེ། དེ་ལྟར་བཞི་ནི་ཤར་སྒོའི་གཡོན་ནས་ བརྩམས་ཏེ་སྟེགས་བུ་ལའོ། །གོས་དཀར་མོ་དང༌། རོ་རྡོ་རྗེ་མ་དང༌། གཞོན་ནུ་མ་དང༌། ཁྲོ་གཉེར་ཅན་མ་དང༌། བྱ་རྒོད་གདོང་མ་ལས་བྱུང་བའི་རྣམ་པར་རོལ་པ་བསྐྱོད་པར་ འདོད་མ་དང༌། ཟས་འདོད་མ་དང༌། གར་འདོད་མ་དང༌། དགུག་པར་འདོད་མ་དང༌། གཡུལ་འདོད་མ་རྣམས་གཞན་ཏེ་གསུང་གི་སྟེགས་བུ་ལ་ལྷོ་སྒོའི་གཡས་སུ་སྔ་མ་བཞིན་ ནོ། །དྲག་སྤྱན་མ་དང༌། རྨུགས་བྱེད་མ་དང༌། ཕག་མོ་དང༌། ཕག་གདོང་མ་རྣམས་ལས་ བྱུང་བའི་རྣམ་པར་རོལ་པ་རྒྱུག་པར་འདོད་མ་དང༌། སྐེམས་པར་འདོད་མ་དང༌། ལུས་ ཀྱི་དྲི་མ་འདོད་མ་དང༌། བཤང་གཅི་ཟག་པར་འདོད་མ་གཞན་རྣམས་གཡོན་གྱི་སྟེགས་ བུ་ལའོ། །མཱ་མ་ཀཱི་དང༌། གཟུགས་རྡོ་རྗེ་མ་དང༌། དཔལ་མོ་དང༌། ཙུནྡ་དང༌། འུག་གདོང་ མ་རྣམས་ལས་བྱུང་བའི་རྒྱས་པར་འདོད་མ་དང༌། རྒྱན་འདོད་མ་དང༌། རྒྱལ་སྲིད་ འདོད་མ་དང༌། འཆིང་བར་འདོད་མ་དང༌། བྱིས་པ་བསྡིགས་པར་འདོད་མ་རྣམས་ གཞན་ཏེ་བྱང་སྒོའི་གཡས་སུའོ། །སྒྲ་རྡོ་རྗེ་མ་དང༌། ཁེངས་བྱེད་མ་དང༌། དྲག་མོ་དང༌། སྟག་གདོང་མ་རྣམས་ཀྱི་བསྐྱེད་པ་རོལ་མོའི་སྒྲ་འདོད་མ་དང༌། འཇམ་པར་སྨྲ་འདོད་མ་ 7-1-506 དང༌། མལ་སྟན་འདོད་མ་དང༌། རྩོད་པ་མང་པོ་འདོད་མ་རྣམས་གཞན་ཏེ་བྱང་སྒོའི་ གཡོན་དུའོ། །སྤྱན་མ་དང༌། དྲི་རྡོ་རྗེ་མ་དང༌། ཚངས་མ་དང༌། འོད་ཟེར་ཅན་མ་དང༌། མཁའ་ལྡིང་གདོང་མ་ལས་བྱུང་བར་རེངས་པར་འདོད་མ་དང༌། དྲི་འདོད་མ་དང༌། ཆུ་ ལ་རྐྱལ་བར་འདོད་མ་དང༌། ཕུར་བུས་འདེབས་པར་འདོད་མ་རྣམས་གཞན་ཏེ་ནུབ་ སྒོའི་གཡས་སུའོ། །ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་དང༌། རེངས་བྱེད་མ་དང༌། དབང་མོ་དང༌། ལྕེ་སྤྱང་གདོང་མས་བསྐྱེད་པ་འཁྲིག་པ་འདོད་མ་དང༌། གཉེན་འདུན་འདོད་མ་དང༌། མལ་སྟན་ལ་བསྙེས་པར་འདོད་མ་དང༌། སེམས་ཅན་སླུ་འདོད་མ་རྣམས་གཞན་ཏེ་ནུབ་ སྒོའི་གཡོན་དུའོ། ། འདི་རྣམས་ཀྱིས་ཉེ་བར་མཚོན་ནས་ཉིན་ཞག་སོ་སོར་གང་དང་གང་འདོད་པའི་ཁྱད་ པར་རྣམ་པ་དུ་མ་ཀུན་རྫོབ་སེམས་ཅན་ལ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་རྣམ་པ་དོན་དམ་ ཆོས་ཉིད་རྣམ་པ་ཐམས་ཅད་པ་ལ་ཡང་ཚང་མོད་ཀྱི། དེ་རྣམས་ཀྱི་རིགས་བསྡུ་ན་སུམ་ ཅུ་རྩ་དྲུག་པོ་འདི་ལ་འདུ་ཞིང༌། འདི་རྣམས་ཀྱི་དབྱེ་གཞིའམ་ཁྱབ་བྱེད་ནི་རྡོ་རྗེ་ དབྱིངས་ཀྱི་དབང་ཕྱུག་མ་དང༌། སྣ་ཚོགས་ཡུམ་ལས་བྱུང་བ་གསོད་པར་འདོད་མ་དང༌། སྐྱེད་པར་འདོད་མ་སྟེ། དེ་དག་ནི་ཕྱོགས་སོ་སོ་ཐ་དད་དུ་དགོད་པར་བྱ་བ་མ་ཡིན་ཞིང༌། ཁྱབ་བྱ་སུམ་ཅུ་རྩ་དྲུག་ནི་ཕྱོགས་བཞིར་བརྒྱད་བརྒྱད་དང་ཟུར་བཞི་ལ་རེ་རེའོ། །འདི་ དག་ཉིད་བཟློག་པ་ནི་ཕྱིར་འདོད་མ་གཞན་རྣམས་ཏེ་སྐུའི་སྟེགས་བུ་ལ་སྔ་མ་བཞིན་ ནོ། །འདིར་ཆོས་ཉིད་ཀྱི་ལྷ་ཐམས་ཅད་དབྱེར་མེད་ཅིང་འདུས་མ་བྱས་པའི་ཕྱིར་བསྐྱེད་ བྱ་སྐྱེད་བྱེད་ཀྱི་དངོས་པོར་མེད་ཀྱང་མི་བསྐྱེད་པའི་བསྐྱེད་པ་ཞེས་པ་འགལ་འདུས་ སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་ཤིང་ཆོས་ཉིད་ཀྱི་སྐྱེ་བ་རང་བྱུང་སྟེ་རིགས་དང་ རིགས་ཅན་གསུངས་པ། གཞན་རྣམས་དེ་བཞིན་ནོ། ། སྐུ་མདོག་དང་ཕྱག་མཚན་ནི་གང་ལས་བྱུང་བ་དེ་དང་མཐུན་ཡང་འདིར་གཟུངས་ཀྱི་ སྣམ་བུ་ལ་མཆོད་པའི་ལྷ་མོའི་ཚུལ་དུ་གནས་པའི་ཕྱིར། ཐམས་ཅད་ཞལ་གཅིག་ཕྱག་ གཉིས་མ་མཆོད་པའི་ལྷ་མོའི་རྣམ་འགྱུར་དང་ལྡན་པའོ། ། 7-1-507 འདིར་ཁ་ཅིག་ནི། ཞལ་ཕྱག་གི་གྲངས་དང་དབྱིབས་དང་འདུག་སྟངས་སམ་སྟང་སྟབས་ ལ་སོགས་པ་རྣམ་འགྱུར་ཐམས་ཅད་ཀྱང་གང་ལས་བྱུང་བ་དེ་དང་མཚུངས་པར་འདོད་ ལ། གཞན་དག་ནི་རང་རང་གི་མིང་དང་མཐུན་པའི་རྣམ་འགྱུར་ཅན་དུ་ཡང་འདོད་ མོད། རྗེ་བཙུན་གྱི་ཞལ་སྔ་ནས། རབ་ཏུ་གསལ་བར་གསུངས་པ་ནི་མི་སྣང་བས་ལེགས་ པར་དཔྱད་དེ་འཐད་པའི་ཤས་གང་ཆེ་བ་གཟུང་ངོ༌། ། དེ་ལྟར་བདུན་ཅུ་རྩ་གཉིས་ཀྱི་སྔགས་རྣམས་ནི། དབང་གི་ཆོ་ག་ཡེ་ཤེས་རྒྱ་མཚོར་བསྟན་ ཅིང༌། འདི་རྣམས་དཀྱིལ་འཁོར་གྱི་ལྷ་གྲངས་སུ་ནི་མི་བགྲང་སྟེ། རྟ་བབས་རྣམས་ཀྱི་ལྷ་ མོ་བཞིན་ནོ། །དེ་བཞིན་དུ། ནུས་མ་བརྒྱད་དང༌། མཚན་མ་བཞི་དང༌། བུམ་པ་རྣམས་ རེས་འགའ་དོར་ནས་ཐུགས་དཀྱིལ་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་དུ་ཡང་གསུངས་པ་ལ་ དེ་རྣམས་བྲིས་ཤིང་བསྒོམས་ཀྱང་གྲངས་སུ་མི་བགྲང་པ་ལ་དགོངས་པ་ཡིན་ཞེས་བླ་མ་ དག་གསུང་ཞིང༌། སློབ་དཔོན་གཞན་དག་ནི་བྲི་བ་དང་བསྒོམ་པ་ཡང་དོར་བ་ལ་བཞེད་ དོ། །འདི་ཡང་ལེགས་པར་བརྟག་ཅིང་རྒྱས་པ་ལ་དགའ་བས་སྔ་མ་ལྟར་དང༌། སྐབས་ཁ་ ཅིག་ཏུ་བསྡུས་པ་ལ་དགའ་བས་ཕྱི་མ་ལྟར་ཡང་རུང་བ་ཙམ་མོ་སྙམ་དུ་སེམས་ཏེ། གང་ ཟག་འགའ་ཞིག་རྒྱས་པ་ལ་དགའ་བ་དང༌། འགའ་ཞིག་བསྡུས་པ་ལ་དགའ་བ་ཡོད་ ཅིང༌། གང་ཟག་གཅིག་ཉིད་ཀྱང་དགོངས་པའི་དབང་གིས་སྐབས་ཁ་ཅིག་ཏུ་རྒྱས་པ་ དང༌། ཁ་ཅིག་ཏུ་བསྡུས་པ་དོན་དུ་གཉེར་བ་ཡོད་པའི་ཕྱིར་དང༌། ཆོས་ཉིད་ཀྱི་ལྷ་ནི་ གྲངས་མང་བ་དང་ཉུང་བ་ཇི་ལྟར་གྱུར་ཀྱང་དབྱེར་མེད་རོ་མཉམ་ངོ་བོ་གཅིག་པའི་ ཕྱིར་དང༌། རྒྱས་བསྡུས་གང་ལྟར་བསྒོམས་ཀྱང་དོན་ཆེ་བའི་ཕྱིར་རོ། །དེས་ན་འདི་ནི་ ཕྱོགས་གཅིག་ཉིད་དུ་ཁ་ཚོན་གཅོད་པ་སྤངས་ནས་སྐབས་དང་སྦྱར་ན་ལེགས་པ་སྙམ་ མོ། ། གསུང་དཀྱིལ་གྱི་ལྷ་རྣམས་འབྱུང་སྐྱེས་དང༌། ཡི་དྭགས་དང་མ་མོ་ལ་སོགས་པར་གྲགས་ ཀྱང་ཀུན་རྫོབ་འཇིག་རྟེན་པ་ནི་མ་ཡིན་གྱི། དེ་འདྲ་བ་གཞན་དོན་དམ་ཆོས་ཉིད་ཀྱི་ འབྱུང་སྐྱེས་དང་ཡི་དྭགས་དང་མ་མོ་ལ་སོགས་པ་ཡིན་ཞིང༌། སྐུ་དཀྱིལ་གྱི་ལྷ་བཅུ་ 7-1-508 གཉིས་འཁོར་དང་བཅས་པ་ཡང་འཇིག་རྟེན་པའི་ལྷ་དང་དུས་དང་ཟླ་བ་དང་ཚེས་ རྣམས་དང་མིང་དང་རྣམ་པ་མཚུངས་པ་ཙམ་ལས་ཀུན་རྫོབ་འཇིག་རྟེན་པ་ཡིན་སྙམ་ དུ་འཁྲུལ་བར་མི་བྱ་སྟེ་དེ་རྣམས་གཞན་ནམ་མཆོག་གམ་ཕ་རོལ་ཡིན་པའི་ཕྱིར་དང༌། དེ་ཡང་གདོད་ནས་རྣམ་པར་དག་པ་ཆོས་ཉིད་ཀྱི་ལྷ་དང་དུས་དང་ཟླ་བ་དང་ཚེས་ རྣམས་ཡིན་པའི་ཕྱིར་རོ། ། དེ་བཞིན་དུ། ཀླུ་དང་ལྷ་མིན་གྱི་རིགས་དང་གྲུབ་པ་དང་འབྱུང་པོའི་རིགས་ཞེས་པ་ཡང་ ཀུན་རྫོབ་འདི་ལས་གཞན་ནམ་ཕ་རོལ་ལམ་མཆོག་ཏུ་གྱུར་པ་ཆོས་ཉིད་རྣམ་པ་ཐམས་ ཅད་པའི་ཀླུ་དང་ལྷ་མིན་དང་གྲུབ་པ་དང་འབྱུང་པོ་ལ་སོགས་པར་གདོད་ནས་རང་ བཞིན་ལྷུན་གྱིས་གྲུབ་པར་བཞུགས་པའི་ཕྱིར། གནས་ལུགས་ཀྱི་ལྷ་དང་དཀྱིལ་འཁོར་ ཐམས་ཅད་དོན་དམ་བྱང་ཆུབ་ཀྱི་སེམས་དང་དབྱིངས་རིག་དབྱེར་མེད་པ་དང་པོའི་ སངས་རྒྱས་རིས་མེད་པ་ཡིན་ཏེ། གནས་ལུགས་ཟབ་མོའི་རྡོ་རྗེ་དང་སེམས་དཔའ་ གདོད་ནས་དབྱེར་མེད་ཟུང་འཇུག་རོ་མཉམ་གཅིག་ཏུ་འདྲེས་པ་ཡིན་པའི་ཕྱིར་དང༌། རྡོ་རྗེ་དང་པད་མ་གདོད་ནས་དབྱེར་མེད་ཟུང་འཇུག་རོ་མཉམ་གཅིག་ཏུ་འདྲེས་པ་ ཡིན་པའི་ཕྱིར་དང༌། དེ་བཞིན་དུ་སྦྱར་ཏེ། རྡོ་རྗེ་དང་བྷ་ག་ཟུང་འཇུག་ཡིན་པའི་ཕྱིར་ དང༌། རྡོ་རྗེའི་ཁུ་རྡུལ་ཟུང་འཇུག་ཡིན་པའི་ཕྱིར་དང༌། རྡོ་རྗེའི་ཟླ་ཉི་ཟུང་འཇུག་ཡིན་ པའི་ཕྱིར་དང༌། རྡོ་རྗེའི་ཨཱ་ལི་དང་ཀཱ་ལི་ཟུང་འཇུག་ཡིན་པའི་ཕྱིར་དང༌། རྡོ་རྗེའི་ ཐབས་དང་ཤེས་རབ་ཟུང་འཇུག་ཡིན་པའི་ཕྱིར་དང༌། རྡོ་རྗེའི་སྙིང་རྗེ་དང་སྟོང་ཉིད་ ཟུང་འཇུག་ཡིན་པའི་ཕྱིར་དང༌། རྡོ་རྗེ་བདེ་བ་དང་སྟོང་པ་ཟུང་འཇུག་ཡིན་པའི་ཕྱིར་ དང༌། རྡོ་རྗེའི་སྙིང་རྗེ་བཅུ་དྲུག་དང་སྟོང་ཉིད་བཅུ་དྲུག་ཟུང་འཇུག་ཡིན་པའི་ཕྱིར་ དང༌། རྡོ་རྗེའི་དཀར་ཕྱོགས་དང་ནག་ཕྱོགས་ཟུང་འཇུག་ཡིན་པའི་ཕྱིར་དང༌། རྡོ་རྗེའི་ བགྲོད་པ་གཉིས་ཟུང་འཇུག་ཡིན་པའི་ཕྱིར་དང༌། རྡོ་རྗེའི་རྟེན་དང་བརྟེན་པ་ཟུང་ འཇུག་ཡིན་པའི་ཕྱིར་དང༌། རྡོ་རྗེ་དང་མཁའ་འགྲོ་ཟུང་འཇུག་ཡིན་པའི་ཕྱིར་དང༌། རྡོ་ རྗེའི་ཡབ་དང་ཡུམ་ཟུང་འཇུག་ཡིན་པའི་ཕྱིར་དང༌། རྡོ་རྗེའི་འཁོར་འདས་དང་སྲིད་ཞི་ 7-1-509 དབྱེར་མེད་ཡིན་པའི་ཕྱིར་དང༌། རྡོ་རྗེའི་བདེན་གཉིས་དང་བདེན་བཞི་དབྱེར་མེད་ ཡིན་པའི་ཕྱིར་དང༌། རྡོ་རྗེའི་སྡེ་པ་བཞི་དབྱེར་མེད་ཡིན་པའི་ཕྱིར་དང༌། རྡོ་རྗེའི་གྲུབ་ མཐའ་བཞི་དབྱེར་མེད་ཡིན་པའི་ཕྱིར་དང༌། རྡོ་རྗེའི་དགའ་བ་བཞི་དབྱེར་མེད་པའི་ ཡིན་ཕྱིར་དང༌། རྡོ་རྗེའི་རྣམ་ཐར་བཞི་དབྱེར་མེད་ཡིན་པའི་ཕྱིར་དང༌། རྡོ་རྗེའི་ཚངས་ གནས་བཞི་དབྱེར་མེད་ཡིན་པའི་ཕྱིར་དང༌། རྡོ་རྗེའི་འཕགས་པ་བཞི་དབྱེར་མེད་ ཡིན་པའི་ཕྱིར་དང༌། རྡོ་རྗེའི་ཧེ་རུ་ཀ་བཞི་དབྱེར་མེད་ཡིན་པའི་ཕྱིར་དང༌། རྡོ་རྗེའི་སྐུ་ བཞི་དབྱེར་མེད་ཡིན་པའི་ཕྱྀར་དང༌། རྡོ་རྗེའི་སེམས་དཔའ་བཞི་དབྱེར་མེད་ཡིན་པའི་ ཕྱིར་དང༌། རྡོ་རྗེའི་མཁྱེན་པ་བཞི་དབྱེར་མེད་ཡིན་པའི་ཕྱིར་དང༌། རྡོ་རྗེའི་ཐུན་ མཚམས་བཞི་དབྱེར་མེད་པའི་ཡིན་ཕྱིར་དང༌། རྡོ་རྗེའི་དུས་བཞི་དབྱེར་མེད་ཡིན་པའི་ ཕྱིར་དང༌། རྡོ་རྗེའི་ལུས་ངག་སེམས་དང་ཆགས་པ་དབྱེར་མེད་པའི་ཕྱིར་དང༌། རྡོ་རྗེའི་ སྐད་ཅིག་དབྱེར་མེད་པ་ཡིན་པའི་ཕྱིར་དང༌། རྡོ་རྗེའི་གདན་བཞི་དབྱེར་མེད་པ་ཡིན་ པའི་ཕྱིར་དང༌། རྡོ་རྗེའི་རྒྱུད་བཞི་དབྱེར་མེད་ཡིན་པའི་ཕྱིར་དང༌། རྡོ་རྗེའི་དེ་ཁོ་ན་ ཉིད་བཞི་དབྱེར་མེད་ཡིན་པའི་ཕྱིར་དང༌། རྡོ་རྗེའི་མངོན་པར་བྱང་ཆུབ་པ་བཞི་དབྱེར་ མེད་པ་ཡིན་པའི་ཕྱིར་དང༌། རྡོ་རྗེའི་འབྲས་བུ་བཞི་དབྱེར་མེད་པ་ཡིན་པའི་ཕྱིར་དང༌། རྡོ་རྗེའི་ཡེ་ཤེས་ལྔ་དབྱེར་མེད་པ་ཡིན་པའི་ཕྱིར་དང༌། རྡོ་རྗེའི་སྐུ་ལྔ་དབྱེར་མེད་པ་ཡིན་ པའི་ཕྱིར་དང༌། རྡོ་རྗེའི་སངས་རྒྱས་རིགས་ལྔ་དབྱེར་མེད་ཡིན་པའི་ཕྱིར་དང༌། རྡོ་རྗེའི་ རྒྱལ་པོ་བདེ་བ་ཆེ་ཡིན་པའི་ཕྱིར་དང༌། རྡོ་རྗེ་དྲག་པོ་དགའ་བ་ཆེ་ཡིན་པའི་ཕྱིར་དང༌། རྡོ་རྗེ་དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན་པའི་ཕྱིར་དང། རྡོ་རྗེ་ཕུང་པོ་ཁམས་དང་སྐྱེ་ མཆེད་ཐམས་ཅད་གདོད་ནས་དབྱེར་མེད་རོ་མཉམ་གཅིག་ཏུ་འདྲེས་པ་ཡིན་པའི་ཕྱིར་ དང༌། རྡོ་རྗེ་རིགས་གསུམ་དབྱེར་མེད་ཡིན་པའི་ཕྱིར་དང༌། རྡོ་རྗེ་རིགས་བཞི་དབྱེར་ མེད་ཡིན་པའི་ཕྱིར་དང༌། རྡོ་རྗེ་རིགས་ལྔ་དབྱེར་མེད་ཡིན་པའི་ཕྱྀར་དང༌། རྡོ་རྗེ་རིགས་ དྲུག་དང་སུམ་ཅུ་རྩ་དྲུག་དང་བརྒྱ་དང་སྟོང་དང་འབུམ་ལ་སོགས་པ་དབྱེར་མེད་ཡིན་ པའི་ཕྱིར་དང༌། རིགས་གྲངས་མེད་པ་གཅིག་ཏུ་འདུས་པ་རང་བཞིན་གྱི་རིགས་ཡིན་ 7-1-510 པའི་ཕྱིར་དང༌། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་ཡིན་པའི་ཕྱིར་དང༌། དེ་བཞིན་ཉིད་ དང་ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དང་མཚན་མ་མེད་ པའི་དབྱིངས་ཡིན་པའི་ཕྱིར་དང༌། མ་སྐྱེས་པ་དང་མ་འགགས་པ་དང་གཟོད་མ་ནས་ཞི་ བ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་དང༌། ཆོས་ཀྱི་གནས་ཉིད་ དང་ཆོས་སྐྱོན་མེད་པ་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་ བཞིན་ཉིད་ཡིན་པའི་ཕྱིར་དང༌། གཙང་བདག་བདེ་དང་རྟག་པའི་མཐར་ཐུག་པ་ཡིན་ པའི་ཕྱིར་དང༌། རང་བྱུང་ཡེ་ཤེས་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་ཡིན་པའི་ཕྱིར་དང༌། རྣམ་ དག་ཕུང་པོ་ལྔ་འཆང་བ་ཡིན་པའི་ཕྱིར་དང༌། ཤེས་བཅུ་རྣམ་པར་དག་པའི་བདག་ཡིན་ པའི་ཕྱིར་དང༌། ཤེས་བཅུ་རྣམ་དག་འཆང་བ་པོ་ཡིན་པའི་ཕྱིར་དང༌། རྣམ་བཅུ་དབང་ ལྡན་ཆེ་བ་པོ་ཡིན་པའི་ཕྱིར་དང༌། ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག་ཡིན་པའི་ ཕྱིར་དང༌། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་ཡིན་པའི་ཕྱིར་དང༌། ཤེས་རབ་ཕ་རོལ་ཕྱིན་ པའི་མཐའ་ཡིན་པའི་ཕྱིར་དང༌། དེ་ཉིད་བཅུ་དྲུག་དང་བདེན་དོན་བཅུ་གཉིས་ཟུང་ འཇུག་ཡིན་པའི་ཕྱིར་དང༌། སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ཐིག་ལེ་སྟོང་པ་འགྱུར་ མེད་དྲུག་ཟུང་འཇུག་ཡིན་པའི་ཕྱིར་དང༌། ཐིག་ལེ་དང་ཆོས་འབྱུང་ཟུང་འཇུག་ཡིན་ པའི་ཕྱིར་དང༌། ཐིག་ལེ་དང་གྲུ་གསུམ་ཟུང་འཇུག་ཡིན་པའི་ཕྱིར་དང༌། གནས་ལུགས་ ཀྱི་ཨེ་ཝཾ་དང་ཨ་ཧཾ་དང་ཧཾ་ཀྵ་ཟུང་འཇུག་ཡིན་པའི་ཕྱིར་དང༌། དུས་དང་འཁོར་ལོ་ཟུང་ འཇུག་ཡིན་པའི་ཕྱིར་དང༌། ཧེ་དང་བཛྲ་ཟུང་འཇུག་ཡིན་པའི་ཕྱིར་དང༌། གསང་བ་ དང་འདུས་པ་ཟུང་འཇུག་ཡིན་པའི་ཕྱིར་དང༌། འཁོར་ལོ་དང་སྡོམ་པ་ཟུང་འཇུག་ཡིན་ པའི་ཕྱིར་དང༌། ཆོས་ཉིད་ཀྱི་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དང་རྣམ་པར་ དག་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། ཁམས་གསུམ་དང་དུས་གསུམ་ལས་ འདས་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་རྣམས་དབྱེར་མེད་རོ་མཉམ་གདོད་ནས་ གཅིག་ཏུ་འདྲེས་པ་ཡིན་པའི་ཕྱིར་དང༌། ཆོས་རྣམས་ཀུན་གྱི་གཞི་ཡིན་པའི་ཕྱིར་དང༌། མཐའ་ཐམས་ཅད་དང་བྲལ་བའི་གཞི་ཡིན་པའི་ཕྱིར་དང༌། སྤྲོས་པ་ཐམས་ཅད་དང་ 7-1-511 བྲལ་བའི་གཞི་ཡིན་པའི་ཕྱིར་དང༌། མཚན་མ་ཐམས་ཅད་ཉེ་བར་ཞི་བའི་གཞི་ཡིན་པའི་ ཕྱིར་དང༌། ཆོས་ཐམས་ཅད་ཀྱིས་གདོད་ནས་སྟོང་ཞིང་དབེན་ལ་དག་པའི་གཞི་ཡིན་ པའི་ཕྱིར་དང༌། དྲི་མ་ཐམས་ཅད་གདོད་ནས་མེད་ཅིང་འགགས་ལ་ཟད་པའི་གཞི་ཡིན་ པའི་ཕྱིར་དང༌། རང་བཞིན་གཉུག་མའི་ཡོན་ཏན་ཟག་པ་མེད་ཅིང་བསམ་གྱིས་མི་ཁྱབ་ པའི་བགྲང་ཡས་ཚང་བའི་ཕྱིར་དང༌། གནས་ལུགས་ཟབ་མོའི་སྤངས་རྟོགས་རང་བཞིན་ པ་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་འགྱུར་བ་མེད་པར་ཡོངས་སུ་གྲུབ་པའི་ཕྱིར་དང༌། ཆོས་ཉིད་མིང་དུ་མ་ལ་དོན་རོ་གཅིག་པ་ཡིན་པའི་ཕྱིར་དང༌། ཆོས་ཉིད་རྣམ་པ་དུ་མ་ ལ་ངོ་བོ་རོ་གཅིག་པ་ཡིན་པའི་ཕྱིར་དང༌། རྒྱུ་མཚན་འདི་རྣམས་ཀྱི་ལུང་དང་རིགས་པ་ རྒྱ་ཆེར་ནི་ངེས་དོན་རྒྱ་མཚོར་བསྟན་ཏོ། ། གལ་ཏེ་གཞན་ཞེས་པ་དཀྱིལ་འཁོར་ཡིན་ལ་དེ་ནི་བརྟགས་ནས་བསྒོམ་པའམ་རྡུལ་ཚོན་ ལ་སོགས་པ་འདུས་བྱས་པ་གསུངས་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་དག་ནི་དཀྱིལ་ འཁོར་ལ་མོས་པ་ཡིད་ལ་བྱེད་པ་དང༌། དེའི་སྐུ་འདྲ་བཞེངས་པ་ཡིན་གྱི་དཀྱིལ་འཁོར་ དངོས་མ་ཡིན་པའི་ཕྱིར་ཏེ་ཆོས་ཀྱི་དབྱིངས་མ་ཡིན་པའི་ཕྱིར་དང༌། སྙིང་པོའམ་དཀྱིལ་ འཁོར་མ་ཡིན་པའི་ཕྱིར་རོ། །འདིར་མཎྜལ་ཞེས་པ་མཆོད་ཡུལ་གྱི་སྐབས་སུ་སྙིང་པོའམ་ དབྱིངས་སམ་དཀྱིལ་ཞེས་པ་དང༌། མཆོད་རྫས་ཀྱི་སྐབས་སུ་ཁོར་ར་ཁོར་ཡུག་ཏུ་འཁོར་ བའམ་བསྐོར་བའི་ཞེས་པར་འགྱུར་བ་ལས་འདི་ནི་མཆོད་ཡུལ་གྱི་སྐབས་ཡིན་པས་སྙིང་ པོའམ་དབྱིངས་སམ་དཀྱིལ་ཞེས་པར་ཐོབ་པའི་ཕྱིར་དང༌། དཀྱིལ་འཁོར་ཆོས་ཀྱི་ དབྱིངས་ཉིད་དོ། །ཞེས་སོགས་རྒྱས་པར་བཀའ་སྩལ་པའི་ཕྱིར་དང༌། དོན་དམ་བདེན་པ་ ཉིད་དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན་པར་བཀའ་སྩལ་པའི་ཕྱིར་དང༌། རྒྱུ་དང་ འབྲས་བུ་འགགས་པ་ཡིས། །རྒྱལ་བའི་དབང་པོའི་སྐུ་གཞན་ཡིན། །སྐུ་གསུང་ཐུགས་དང་ བདེ་བ་གཞན། །ཕུང་པོ་ཚོགས་ནི་གཞན་ཡིན་ཏེ། །ས་ཡི་ཁམས་ལ་སོགས་པ་ གཞན། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་འཇིག་རྟེན་ཀུན་རྫོབ་འདི་ལས་གཞན་ ནམ་ཕ་རོལ་ལམ་མཆོག་ཏུ་གྱུར་པ་དོན་དམ་འཇིག་རྟེན་ལས་འདས་པ་ཆོས་ཀྱི་ 7-1-512 དབྱིངས་ཉིད་ལ་དགོངས་པའི་ཕྱིར་རོ། ། གལ་ཏེ་དེ་ལྟར་ན་སྒྲུབ་ཐབས་ཀྱི་ལེའུར་གཞན་བརྟགས་པའི་དཀྱིལ་འཁོར་ལ་ཞེས་ གསུངས་པ་ཇི་ལྟར་དྲང་ཞེ་ན། དེ་ནི་བརྟགས་པའི་བསྒོམ་པ་རྣམས་ངེས་དོན་མ་ཡིན་ པར་སྟོན་པའི་སྐབས་ཡིན་ཞིང༌། གཞན་དངོས་མ་ཡིན་ཡང་གཞན་དུ་བརྟགས་པའི་ དཀྱིལ་འཁོར་ལ་དཀྱིལ་འཁོར་ཞེས་ཉེ་བར་བཏགས་ནས་སྲིད་གསུམ་མཐའ་དག་ དཀྱིལ་འཁོར་གྱི་རྣམ་པར་གསུངས་པ་ནི་བྱིས་པ་རྣམས་ཀྱི་སེམས་བརྟན་པར་བྱ་བའི་ དོན་དུའོ། །དེ་ལྟར་མ་ཡིན་ན། ཡུལ་དང་དབང་པོ་རྣམས་དང་ནི། །དེ་བཞིན་ལས་ཀྱི་ དབང་པོ་དང༌། །ལས་ཀྱི་དབང་པོའི་བྱ་བ་གཞན། །ཀུན་ནས་ཕྱག་དང་ཞབས་ལ་ སོགས། །ཀུན་ནས་སྤྱན་དང་ཞལ་དང་དབུ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ ཅད་དུ་ནི་ཁྱབ་པར་བཞུགས། །ཞེས་པ་ལ་སོགས་པའི་དོན་བརྟགས་པ་དང་རྡུལ་ཚོན་ལ་ ཇི་ལྟར་ཚང༌། གཞན་ཡང༌། སྒྲུབ་ཐབས་ལེའུ་དང༌། ཡེ་ཤེས་ཀྱི་ལེའུ་དང༌། ཀྱེའི་རྡོ་རྗེའི་ འགྲེལ་པ་ལ་སོགས་པར་ཕུང་པོ་ཁམས་སོགས་གཞན་རྣམས་རྒྱལ་བ་ཡབ་ཡུམ་ལ་སོགས་ པ་གནས་ལུགས་ཟབ་མོའི་ལྷ་རྣམས་སུ་གསུངས་ཤིང༌། དེ་ཡང་དོན་དམ་བྱང་ཆུབ་ཀྱི་ སེམས་ལ་སོགས་པ་གསུངས་ཏེ་རྒྱས་པར་དེ་དག་ལས་ཀྱང་ཤེས་པར་བྱའོ། ། གལ་ཏེ་དོན་དམ་ཆོས་ཉིད་ནི་སངས་རྒྱས་མ་ཡིན་ཏེ། ཚོགས་གཉིས་མ་བསགས་ཤིང་ སྒྲིབ་པ་གཉིས་མ་སྤངས་པའི་ཕྱིར་རོ་ཞེ་ན་མ་གྲུབ་སྟེ། ཚོགས་གཉིས་ཚོགས་ནི་བསགས་ པ་པོ་ཡིན་པའི་ཕྱིར་དང༌། སྒྲིབ་པ་ཀུན་ལས་ངེས་པར་གྲོལ་བ་ཡིན་པའི་ཕྱིར་རོ། །འདི་ ནི་མ་གྲུབ་པ་ཡང་མ་ཡིན་ཏེ། རྒྱུད་མཆོག་དཔང་པོའི་རྒྱུད་དེ་དོན་དམ་པའི་མཚན་ མང་པོ་བརྗོད་པ་ཡིན་གྱི། ཀུན་རྫོབ་ཀྱི་མཚན་བརྗོད་པ་མ་ཡིན་པའི་ཕྱིར་དང༌། དོན་ དམ་ཆོས་ཉིད་གང་ཡིན་པ་དེ་ཚོགས་གཉིས་གདོད་ནས་རང་བཞིན་ལྷུན་གྱིས་གྲུབ་ཅིང་ སྒྲིབ་པ་ཀུན་ལས་གདོད་ནས་རང་བཞིན་གྱིས་གྲོལ་བ་དང་པོའི་སངས་རྒྱས་ཡིན་པ་ལ་ དགོངས་ནས་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ངེས་པའི་དོན་དུ་ལེགས་པར་བཀའ་སྩལ་ པའི་ཕྱིར་རོ། ། 7-1-513 གལ་ཏེ་དེ་ལྟར་མ་ཡིན་ན། བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་ འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས་དང༌། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་ རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་སོགས་དང་ འགལ་ཞིང༌། རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཆུ་བོ་རྒྱ་ མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་ཉོན་ཀུན་ཉོན་ མོངས། །བག་ཆགས་བཅས་པ་གཏན་སྤངས་པ་དང༌། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་ ལ་སོགས་པར་མི་རུང་བས། ཀུན་ཤེས་ཀུན་རིག་དམ་པ་པོ་དང༌། བདག་རིག་གཞན་ རིག་ཐམས་ཅད་པ་དང༌། གཉིས་མེད་ཡེ་ཤེས་ཚུལ་འཆང་བ་དང༌། ཤིན་ཏུ་སད་པ་སད་ པའི་བདག་ལ་སོགས་པ་མ་ཡིན་པར་ཧ་ཅང་ཐལ་བའི་སྐྱོན་གྱིས་གནམ་ལྕགས་མང་པོ་ ཆར་ཆེན་བཞིན་དུ་འབབ་པར་འགྱུར་རོ། །དེས་ན་འདིར་ཚོགས་གཉིས་ལ་ཡང་བདེན་ གཉིས་རྣམ་དབྱེ་ཤེས་དགོས་ཤིང་སངས་རྒྱས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་ དགོས་ཏེ། ཀུན་རྫོབ་ཀྱི་སངས་རྒྱས་ནི་ཀུན་རྫོབ་ཀྱི་ཚོགས་གཉིས་ཀྱིས་བསྐྱེད་པ་ཡིན་ པའི་ཕྱིར། སྔར་ནས་མེད་པ་ཕྱིས་སྐྱེས་པ་ཡིན་ཞིང༌། དོན་དམ་གྱི་སངས་རྒྱས་ནི་དོན་ དམ་གྱི་ཚོགས་གཉིས་དང་དབྱེར་མེད་རོ་མཉམ་གཅིག་ཉིད་ཡིན་པའི་ཕྱིར། དེ་དག་ལ་ སྔ་ཕྱི་རིམ་པ་ཅུང་ཟད་ཀྱང་མེད་དོ། ། དེ་ལྟ་བས་ན། དོན་དམ་བདེན་པ་གང་ཡིན་པ་དེ་ཀུན་རྫོབ་ཀྱི་སངས་རྒྱས་མ་ཡིན་ཡང་ དོན་དམ་གྱི་སངས་རྒྱས་ཡིན་ཏེ་མཆོག་གི་དང་པོའི་སྐུ་གསུམ་འཆང་ཡིན་པའི་ཕྱིར་ དང༌། གདོད་ནས་གྲོལ་བའི་དེ་བཞིན་གཤེགས་ཡིན་པའི་ཕྱིར་དང༌། སངས་རྒྱས་ཀུན་ བས་སྔར་སངས་རྒྱས་ཡིན་པའི་ཕྱིར་དང༌། ནམ་མཁའི་རང་བཞིན་གདོད་ནས་རྣམ་ གྲོལ་ཐུགས་ཡིན་པའི་ཕྱིར་དང༌། དང་པོའི་སངས་རྒྱས་རྒྱུད་མེད་པ་ཡིན་པའི་ཕྱིར་དང༌། ཡེ་ཤེས་སྐུ་སྟེ་རང་བྱུང་བ་ཡིན་པའི་ཕྱིར་དང༌། སངས་རྒྱས་ཐོག་མ་ཐ་མ་མེད་ཡིན་པའི་ ཕྱིར་དང༌། ཐོག་མཐའ་མེད་པའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་དགའ་བ་ཆེ་ཡིན་ 7-1-514 པའི་ཕྱིར་དང༌། ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བའི་དེ་བཞིན་ གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་ཀྱི་ སངས་རྒྱས་གང་ཡིན་པ་དེ་འདུས་བྱས་ཡིན་པའི་ཕྱིར། དོན་དམ་གྱི་སངས་རྒྱས་མ་ཡིན་ ལ་དོན་དམ་གྱི་སངས་རྒྱས་གང་ཡིན་པ་དེ་འདུས་བྱས་མ་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་ སངས་རྒྱས་མ་ཡིན་ནོ། ། གལ་ཏེ་ཀུན་རྫོབ་ཀྱི་སངས་རྒྱས་དེ་ཀུན་རྫོབ་ཀྱི་ཚོགས་གཉིས་ཀས་བསྐྱེད་པ་ཡིན་ན། ཀུན་རྫོབ་བསོད་ནམས་ཀྱི་ཚོགས་ཀྱིས་གཟུགས་སྐུ་བསྐྱེད་ཅིང་ཀུན་རྫོབ་ཡེ་ཤེས་ཀྱི་ ཚོགས་ཀྱིས་ཆོས་སྐུའི་དྲི་མ་བྲལ་བར་བྱེད་པ་དང་འགལ་ལོ་ཞེ་ན། དེ་དག་ནི་གཙོ་ཆེ་ བའི་དབང་དུ་བྱས་པ་སྟེ། ཡེ་ཤེས་མེད་པའི་བསོད་ནམས་གཅིག་པུས་གཟུགས་སྐུ་བསྐྱེད་ པ་དང༌། བསོད་ནམས་མེད་པའི་ཡེ་ཤེས་གཅིག་པུས་ཆོས་སྐུའི་དྲི་མ་བྲལ་བར་བྱེད་པ་ མི་སྲིད་པའི་ཕྱིར་རོ། ། དེ་བཞིན་དུ། དོན་དམ་བདེན་པ་གང་ཡིན་པ་དེ་ཉིད་ཤེས་བཅུ་རྣམ་དག་བདག་ཉིད་ ཅན་དང༌། ཤེས་བཅུ་རྣམ་དག་འཆང་བ་པོ་དང༌། ཡེ་ཤེས་མིག་གཅིག་དྲི་མ་མེད་པ་ དང༌། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་ཡིན་པའི་ཕྱིར། རྟོགས་པ་ཕུན་སུམ་ཚོགས་པ་ གདོད་ནས་རང་བཞིན་གྱིས་ཚང་བ་ཡིན་ཞིང༌། ཉོན་མོངས་དྲི་མ་ཀུན་ལས་འདས་དང༌། ཉོན་མོངས་ཀུན་ལས་རྣམ་གྲོལ་བ་དང༌། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། ཞེས་སོགས་ སྔར་དྲངས་པ་རྣམས་ཀྱི་དོན་ཡིན་པའི་ཕྱིར། རང་བཞིན་གྱིས་སྤངས་པ་ཕུན་སུམ་ཚོགས་ པ་གདོད་ནས་ཚང་བ་ཡིན་ཏེ། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཞེས་སོགས་དང༌། ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་སོགས་དང༌། ཟད་པ་གཉེན་པོས་ཟད་པ་མ་ཡིན་ ཏེ། །ཞེས་སོགས་ཡང་ཡང་བཀའ་སྩལ་པའི་ཕྱིར་རོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་རྟོགས་ པ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཏེ། ཆོས་ཉིད་རང་གིས་རང་རིག་པ་ འགྱུར་མེད་ཡོངས་གྲུབ་ཡེ་ཤེས་ལྔ་ནི་དོན་དམ་པའི་རྟོགས་པའོ། །ཕྱི་ཅི་མ་ལོག་པའི་ ཡོངས་གྲུབ་གང་ཡིན་པ་གཞན་བྱུང་ཡེ་ཤེས་བཞི་ནི་ཀུན་རྫོབ་ཀྱི་རྟོགས་པའོ། །ཡང་ 7-1-515 རྟོག་པ་དེ་གཉིས་གྲངས་བཞིན་དུ་གནས་ལུགས་མཐར་ཐུག་པ་འགོགས་པའི་བདེན་ པར་གཏོགས་ཤིང་སྐད་ཅིག་ལས་འདས་པ་དང་ལམ་བདེན་མཐར་ཐུག་པ་ཐེག་ཆེན་མི་ སློབ་པའི་ལམ་དུ་གཏོགས་ཤིང་སྐད་ཅིག་ལས་མ་འདས་པ་ཡང་ཡིན་ནོ། ། དེ་བཞིན་དུ། སངས་རྒྱས་ཀྱི་སྤངས་པ་ལ་ཡང་གཉིས་ཏེ། རང་བཞིན་གྱིས་རྣམ་པར་དག་ པ་དང་དྲི་མ་གློ་བུར་བ་གཉེན་པོས་བཅོམ་ནས་དག་པར་བྱས་པའོ། །དེ་ལ་སྤངས་ རྟོགས་དང་པོ་གཉིས་ནི་དོན་དམ་ཆོས་སྐུ་ལ་གདོད་ནས་ཚང་ཞིང༌། ཕྱི་མ་གཉིས་ནི་ ཆོས་སྐུ་ཐོབ་པའི་གང་ཟག་ཀུན་རྫོབ་ཀྱི་སངས་རྒྱས་ལ་ཚང་བ་ཡིན་པས་དེ་ལྟར་དོན་ཇི་ ལྟ་བ་བཞིན་དུ་རྣམ་པར་དབྱེ་བ་ལ་མཁས་ན་ཆོས་ཉིད་གང་ཡིན་པ་དེ་དོན་དམ་གྱི་ སངས་རྒྱས་ཡིན་པ་དང༌། ཆོས་ཉིད་གང་ལ་བཞུགས་པ་དེ་ལ་དོན་དམ་གྱི་སངས་རྒྱས་ བཞུགས་པ་ཡང་བློར་ཤོང་བ་ཡིན་གྱི། དེ་ལས་གཞན་ལ་ནི་དེ་ལྟར་མ་ཡིན་པས་དེ་དག་ ལ་ཤིན་ཏུ་གསང་བར་བྱ་སྟེ། ཧ་ཅང་ཟབ་མོ་སྣོད་མིན་ལ་བསྟན་དུ་མི་རུང་བར་ གསུངས་པའི་ཕྱིར་རོ། ། དེ་ལྟར་བས་ན། ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་ཞེས་པ་ལ་སོགས་པས་ཡང་བླ་ མ་དམ་པའི་མན་ངག་ཟབ་མོས་བཤད་པར་བྱ་སྟེ། དེ་དག་ནི་དོན་དམ་ཆོས་ཉིད་ཀྱི་ དཀྱིལ་འཁོར་རོ། །དེ་ལ་མོས་པ་ཡིད་ལ་བྱེད་པ་བསྐྱེད་རིམ་བསྒོམ་པ་ན་གཞི་ལ་རྟག་ཏུ་ བཞུགས་པ་ཉིད་གསལ་བཏབ་ནས་བསྒོམ་བཟླས་དང་མཆོད་བསྟོད་ལ་སོགས་པ་བྱས་ པས་བསོད་ནམས་ཆེན་པོ་ཐོབ་པར་འགྱུར་ཏེ་ཡུལ་ཤིན་ཏུ་བཟང་ཞིང་གཉན་ལ་ཁྱད་ པར་དུ་འཕགས་པའི་ཕུལ་ཆེས་པས་ཡོན་གནས་དང་སྐྱབས་གནས་ཀྱི་མཆོག་དམ་པ་ ཕུལ་དུ་གྱུར་ཅིང་བླ་ན་མེད་པ་དང་རྨད་དུ་བྱུང་བ་དང་མཚུངས་པ་མེད་པ་ཆེན་པོ་ ཡིན་པའི་ཕྱིར་རོ། །དེ་ལྟར་རྗེས་སུ་དཔག་པའི་བསྒོམ་པ་ཡང་དེ་ཙམ་དུ་དོན་ཆེ་ན་ མངོན་སུམ་གྱི་བསྒོམ་པ་ལྟ་ཅི་སྨོས། གཟའ་དང་དྲང་སྲོང་ཞེས་པ་ལ་སོགས་པ་ནི། དེ་དག་ལ་མངོན་པར་དད་པ་འཇིག་རྟེན་ ཀུན་རྫོབ་ཀྱི་ལྷ་རྣམས་ཏེ། རྡོ་རྗེ་ཟླ་བ་དང༌། རྡོ་རྗེ་ཉི་མ་དང༌། རྡོ་རྗེ་བཀྲ་ཤིས་དང༌། རྡོ་ 7-1-516 རྗེ་གཟའ་ལག་དང༌། རྡོ་རྗེ་ཕུར་བུ་དང༌། རྡོ་རྗེ་པ་སངས་དང༌། རྡོ་རྗེ་དལ་འགྲོ་སྟེ་སྤེན་ པ་དང༌། རྡོ་རྗེ་མཇུག་རིང་དང༌། རྡོ་རྗེ་སྒྲ་གཅན་དང༌། རྡོ་རྗེ་དུས་མེ་དང༌། རྡོ་རྗེ་བརྟན་ པ་དང༌། རྡོ་རྗེ་རི་བྱི་དང༌། རྒྱུ་སྐར་ཐམས་ཅད་དང༌། ཁྱིམ་བཅུ་གཉིས་དང༌། ཆ་བཅུ་ དྲུག་དང༌། ཕྱོགས་བཅུ་སྐྱོང་བ་དང༌། རྡོ་རྗེ་དགའ་བྱེད་དབང་ཕྱུག་དང༌། རྡོ་རྗེ་ནག་པོ་ ཆེན་པོ་དང༌། རྡོ་རྗེ་དྲིལ་བུའི་རྣ་བ་ཅན་དང༌། རྡོ་རྗེ་བྷྲྀཾ་གི་ཎི་དང༌། ཞིང་སྐྱོང་ཐམས་ ཅད་དང། ཕོ་ཉ་མོ་ཐམས་ཅད་དང༌། འཕྲོག་མ་རྣམས་དང་གྲུབ་པ་ཐམས་ཅད་དོ། །འདི་ རྣམས་ལ་རྡོ་རྗེའི་སྒྲ་སྦྱར་བ་རྣམས་ནི་རྡོ་རྗེ་སྔགས་ལ་ཞུགས་པའི་མིང་སྟེ། ལས་དང་པོ་ པའི་གསང་མཚན་ལྟ་བུ་ཡིན་གྱི། རྡོ་རྗེའི་དབྱིངས་ཉིད་ནི་མ་ཡིན་ཏེ། དེ་བཞིན་ཉིད་མ་ ཡིན་པའི་ཕྱིར་རོ། །འདི་རྣམས་ཀྱི་རྣམ་པ་དེ་བཞིན་ཉིད་ལ་མ་ཚང་པ་ཡང་མ་ཡིན་མོད་ ཀྱི། འོན་ཀྱང་འདི་རྣམས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་པ་ལས་སྐབས་ འདིར་ནི་ཕྱྀ་རོལ་ཏུ་འཇིག་རྟེན་པའི་ལྷ་རྣམས་ཞེས་མཆོད་འབུལ་གྱི་སྐབས་སུ་གསུངས་ པའི་དབང་དུ་བྱས་པ་ཡིན་ནོ། །དེའི་ཕྱིར་སྒྲུབ་ཐབས་ཀྱི་སྐབས་སུ་འདི་རྣམས་ངེས་པ་ ཉིད་དུ་བསྒོམ་དགོས་པ་མ་ཡིན་ཡང༌། མཆོད་པའི་སྐབས་སུ་ནི་མཆོད་པར་བྱ་བ་ངེས་ པ་ཡིན་ནོ། ། སྒྲུབ་ཐབས་ཀྱིས་ནི་ཆོས་ཀྱི་དབྱིངས་ཉིད་བསྒྲུབ་པ་ཡིན་ཞིང་དེ་ཡང་མིང་དང་རྣམ་པ་ དུ་མ་དེ་ཉིད་དོན་དང་ངོ་བོ་རོ་གཅིག་པའི་ཕྱིར། མང་པོ་བསྒོམ་ཡང་གཅིག་ཏུ་འདུ་བ་ དང༌། གཅིག་ཉིད་བསྒོམ་ཡང་མང་པོའི་བདག་ཉིད་ཡིན་པ་ཤེས་པར་བྱ་ཞིང༌། ཞལ་ ཕྱག་དང་མཚོན་ཆ་ལ་སོགས་པ་མང་ཉུང་ཡང་དུ་མ་རོ་གཅིག་པའི་ཚུལ་ཟབ་མོ་དེ་ཉིད་ ཀྱིས་ཤེས་པར་བྱས་ནས་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་ཆོས་ཉིད་ཀྱི་རྟོགས་པ་ཕྱི་ཕྱིར་ འཕེལ་བར་བྱའོ། ། ད་ནི་ཡོངས་སུ་བསྔོ་བ་སྟོན་ཏེ། དེ་ལྟར་བསྟོད་པས་ཞེས་པ་ཕྱག་འཚལ་བ་ལ་སོགས་ པའི་སྐབས་སུ་ཡིན་ལ་བསྒོམ་པའི་སྐབས་སུ་ནི་དེ་ལྟར་བསྒོམས་པས་ཞེས་སྦྱར་རོ། །ཕུང་ པོ་ཁམས་སོགས་གཞན་ཞེས་པ་ཀུན་རྫོབ་ཀྱི་ཕུང་པོ་ཁམས་སོགས་འདི་ལས་གཞན་དོན་ 7-1-517 དམ་པའི་ཕུང་པོ་དྲུག་ནི་རྒྱལ་བ་རིགས་དྲུག་དང༌། ཁམས་དྲུག་ནི་དེ་བཞིན་གཤེགས་མ་ དྲུག་དང༌། དབང་པོ་དྲུག་ནི་བྱང་ཆུབ་སེམས་དཔའ་དྲུག་དང༌། ཡུལ་དྲུག་ནི་བྱང་ཆུབ་ སེམས་མ་དྲུག་དང༌། ལས་དབང་དྲུག་ནི་ཁྲོ་རྒྱལ་དྲུག་དང༌། ལས་དབང་གི་ཡུལ་དྲུག་ནི་ ཁྲོ་མོ་དྲུག་སྟེ། དེ་བཞིན་དུ། འབྱུང་སྐྱེས་གཞན་དང་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་ འབྱུང་པོ་དང་གྲུབ་པ་གཞན་གྱི་མཐར་ཐུག་པ་རྣམས་སོ། །དེ་རྣམས་ཉིད་བདེ་གཤེགས་ སྙིང་པོ་དང༌། དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། མཚན་མ་མེད་པའི་དབྱིངས་ དང༌། ཡང་དག་པའི་མཐའ་ལ་སོགས་པ་མཚན་གྱི་རྣམ་གྲངས་ཤིན་ཏུ་མང་པོ་ཅན་ཏེ། རྒྱས་པར་ངེས་དོན་རྒྱ་མཚོ་ལ་སོགས་པར་བསྟན་ཏོ། ། དེ་བཞིན་ཉིད་དེ་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གང་གསུངས་པ། གློ་བུར་དྲི་མའི་ སྦུབས་ལས་ངེས་གྲོལ་ཏེ། །སྲིད་གསུམ་དང་བ་མངོན་དུ་བྱེད་གྱུར་ཅིག །ཅེས་པ་སེམས་ ཅན་གྱི་ཉེས་པས་བསྒྲིབས་ནས་མངོན་དུ་མ་གྱུར་པ་ཉིད་དུ་དྲི་མའི་སྦུབས་སུ་ཆུད་པ་ དང༌། འདྲ་བ་ལ་ཉོན་མོངས་པ་བྱེ་བ་མཐའ་ཡས་པས་བཏུམས་པ་ཞེས་བུམ་ནང་མར་ མེ་དང༌། དབུལ་པོའི་གཏེར་ཆེན་ལ་སོགས་པ་དཔེ་དང་རྒྱུ་མཚན་རྣམ་པ་མང་པོས་རྒྱས་ པར་གསུངས་ཀྱི། ཆོས་ཉིད་རང་གི་ངོ་བོ་ནི་དྲི་མ་གང་གིས་ཀྱང་བཏུམས་པ་ནམ་ཡང་ མེད་དེ་ཐམས་ཅད་ནས་ཐམས་ཅད་དུ་དྲི་མ་ཐམས་ཅད་ཀྱིས་གོས་པ་མེད་ཅིང༌། ཤིན་ ཏུ་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །དེས་ན་ཀུན་ལ་ཁྱབ་པ་ནམ་མཁའི་དཔེ་ཉིད་ནི་ ཆོས་སྐུ་བདེ་གཤེགས་སྙིང་པོའི་དཔེ་ཐམས་ཅད་ཀྱི་ནང་ནས་མཆོག་དང་གཙོ་བོ་དང་ གྱ་ནོམ་པ་ཡིན་ནོ། ། དེའི་ཕྱིར་ཁ་ཅིག་ཕྱི་དང་ནང་ཡང་དུས་འཁོར་དུ་འདོད་པ་ནི་ཤིན་ཏུ་འཁྲུལ་ཏེ་དེ་ དག་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པར་གཏོགས་པའི་ཕྱིར་དང༌། གཞན་ དབང་དང་ཀུན་རྫོབ་དང་གློ་བུར་དྲི་མར་གཏོགས་པའི་ཕྱིར་དང༌། དུས་འཁོར་མཐོང་ བ་དང་ཐོས་པ་ལ་སྒྲིབ་པ་དང་གེགས་སུ་གྱུར་པ་ཡིན་པའི་ཕྱིར་དང༌། རྣམ་ཤེས་དང་ 7-1-518 སྐད་ཅིག་དང་རྟེན་འབྲེལ་ལས་མ་འདས་པའི་ཕྱིར་དང༌། དུས་དང་འཁོར་ལོའི་དོན་ ཟབ་མོ་མ་ཚང་པའི་ཕྱིར་རོ། །འདི་དག་ནི་ཁམས་གསུམ་སྣོད་བཅུད་འདི་ཐམས་ཅད་ ཆོས་ཉིད་དང༌། ཆོས་སྐུ་དང༌། དེ་བཞིན་ཉིད་དང༌། ཕྱག་རྒྱ་ཆེན་པོ་དང༌། རང་བྱུང་ཡེ་ ཤེས་དང༌། སྐུ་གསུམ་དང་སྐུ་བཞི་ལ་སོགས་པ་ཡིན་པར་འདོད་པ་རྣམས་ཀྱང་བསལ་བ་ ཡིན་ཏེ། དེ་རྣམས་ཀྱི་དོན་དང་མཚན་ཉིད་མ་ཚང་བའི་ཕྱིར་རོ། ། འདིར་འབད་དགེ་བ་ལ་སོགས་པ། །དུས་གསུམ་དགེ་བ་ལ་བརྟེན་ནས། །མཁའ་ཁྱབ་ཕ་ མའི་དོན་སླད་དུ། །རྒྱལ་བའི་སྐུ་གཉིས་ཐོབ་པར་ཤོག །གནས་སྐབས་ཀུན་ཏུ་ཆོས་དང་ ཆོས་ཉིད་འབྱེད་མཁས་ཤིང༌། །རྣམ་ཤེས་ཡེ་ཤེས་དབུས་དང་མཐའ་ཡང་འབྱེད་མཁས་ ལ། །བདེན་པ་གཉིས་དང་ངོ་བོ་ཉིད་གསུམ་ཕྱི་ནང་གཞན། །བདེན་བཞི་ཆོས་ལྔའི་རྣམ་ དབྱེ་གསལ་བར་ལེགས་རྟོགས་ནས། །ཁྱད་པར་འཕགས་པའི་ལྟ་སྒོམ་སྤྱོད་པ་རྣམ་དག་ གི ། གདོད་ནས་གཞི་ལ་རྟག་ཏུ་བཞུགས་པ་ཆོས་སྐུའི་གཏེར། །རང་གཞན་ཀུན་གྱིས་ ཐོབ་པར་བྱེད་ལ་བརྩོན་པ་དང༌། །གཟུགས་སྐུའི་ལྗོན་ཤིང་བཟང་པོ་བསྐྱེད་ལའང་ བརྩོན་པར་ཤོག། །། {དཔལ་དུས་ཀྱི་འཁོར་ལོའི་ཡོངས་རྫོགས་ཀྱི་མངོན་རྟོགས་དང་བསྟོད་པ་ཟུང་འཇུག་ གི་འགྲེལ་པ།}རྒྱལ་ཁམས་ཕྱོགས་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །། ཡི་གེ་པ་ནི་བཅོམ་ལྡན་རྡོ་རྗེ་སྙིང་པོ་དང༌། གཡའ་བཟང་བ་དགེ་བཤེས་སངས་རྒྱས་ འོད་དོ།། །།མངྒ་ལཾ། བྷ་ཝནྟུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༢༠༩ ཡིན།) 7-1-519 ༄༅། །སྔགས་ཀླག་ཐབས་བཞུགས་སོ། ། ༄༅། །གང་གིས་དྲན་པ་ཙམ་གྱིས་ནི། །བློ་མུན་མཐའ་དག་སེལ་མཛད་པ། །སྨྲ་བའི་སེང་ གེ་ཁྱུ་མཆོག་དང༌། །བླ་མ་དབྱེར་མེད་དེ་ལ་འདུད། །རྗོད་བྱེད་ཚིག་གི་སྒྲོན་མེ་འདི། །མུ་ བཞྀའི་སྒོ་ནས་བཤད་པར་བྱ། །ཡི་གེ་ལྔ་བཅུ་གསུང་གི་གཞི། །བོད་སྐད་རྒྱ་སྐད་ཁྱད་མེད་ ཀྱི། །ཡི་གེ་བཅུ་དགུ་གང་ཞེ་ན། །ཀ་ཁ་ང་ཅ་ཆ་ཉ་དང༌། །ཏ་ཐ་ན་པ་ཕ་མ་དང༌། །ཡ་ར་ ལ་ཝ་ཤ་ས་ཧ། །ཡི་གེ་ངོ་བོ་འདྲ་བ་ལ། །བརྗོད་པ་མི་འདྲ་བཞི་གང་ཞེ། །ག་ཇ་ད་བ་ རྣམས་ཡིན་ནོ། །དེ་རྣམས་ཚིག་མགོར་བྱུང་བའི་ཚེ། །འས་ཕུལ་ལྟ་བུར་བརྗོད་པ་ དང༌། །དབུས་མཐར་བྱུང་ན་བོད་གདངས་མཚུངས། །ཁྱད་པར་བ་ནི་ཝ་རུ་བརྗོད། །རྒྱ་ སྐད་ཁོ་ན་ཡིག་བཅུ་གཅིག །དེ་ལ་འཐུག་བཞིའི་ཡི་གེ་ནི། །གྷ་ཛྷ་དྷ་བྷ་རྣམས་ཡིན་ ནོ། །ཧ་སྒྲ་ཅུང་ཟད་དང་ལྡན་པས། །ཁོང་ནས་ཆུད་འབྱུང་ལྟོང་ལྟོང་ཀློག །དེ་ལ་ལོག་ དྲུག་རྣམ་བཞག་ནི། །ཊ་ཋ་ཌ་ཌྷ་ཎ་ཥ་རྣམས། །ལྕེ་རྩེ་ཅུང་ཟད་རྐན་སྦྱར་ནས། །ར་ཡི་ བརྗོད་བཅས་གསལ་བར་ཀླག །དེ་ཡི་ཁྱད་པར་བརྗོད་ཚུལ་ནི། །ཥ་ཊ་དབུས་མཐར་བྱུང་ དུས་སུ། །ཥ་ནི་ཁ་དང་འདྲ་བར་བརྗོད།། ཊ་ནི་ལྟ་དང་འདྲ་བར་བརྗོད། །མཐར་ཟད་ཡི་ གེ་ཀྵ་དེ་ནི། །ཁྱ་དང་ཅུང་ཟད་འདྲ་བར་བརྗོད། །དེ་རྣམས་དག་ལ་ཨ་ལི་ཞུགས། །དེ་ཡི་ བརྗོད་ཚུལ་བཤད་པར་བྱ། །ཧ་ལན་མེད་པའི་ཀ་སོགས་ནི། །ཨ་ཡིག་ཞུགས་པ་གཅིག་ ཡུན་དང༌། །ཨཱ་ཡིག་ཀཱ་སོགས་གཉིས་ཡུན་དང༌། །ཨི་ཡིག་གི་སོགས་གཅིག་ཡུན་ དང༌། །ཨཱི་ཡིག་ཀཱི་སོགས་གཉིས་ཡུན་དང༌། །ཨུ་ཡིག་ཀུ་སོགས་གཅིག་ཡུན་དང༌། ཨཱུ་ ཡིག་ཀཱུ་སོགས་གཉིས་ཡུན་དང༌། །རི་ཡིག་ཀྲི་སོགས་གཅིག་ཡུན་དང༌། །རཱི་ཡིག་ཀྲཱི་ སོགས་གཉིས་ཡུན་དང༌། །ལི་ཡིག་ཀི་སོགས་གཅིག་ཡུན་དང༌། །ལཱི་ཡིག་ཀཱི་སོགས་གཉིས་ ཡུན་དང༌། །ཨེ་ཡིག་ཀེ་སོགས་གཅིག་ཡུན་དང༌། །ཨཻ་ཡིག་ཀཻ་སོགས་གསུམ་ཡུན་ དང༌། །ཨོ་ཡིག་ཀོ་སོགས་གཅིག་ཡུན་དང༌། །ཨཽ་ཡིག་ཀཽ་སོགས་གསུམ་ཡུན་དང༌། །ཨཾ་ ཡིག་ཀཾ་སོགས་བརྗོད་ཚུལ་ནི། །རང་རང་སྡེ་པའི་ཐ་མར་བརྗོད། །གཞན་ཡང་ཡ་སོགས་ དགུ་པོ་ནི། །ཐམས་ཅད་རའི་ཡི་དབང་དུ་བཏང༌། །ཤད་ཡོད་ན་ནི་དེ་ཉིད་དོ། །ཤད་ 7-1-520 མེད་ནས་ནི་འོག་མ་སྦྱར། །ཨཿཡིག་ཀཿསོགས་བརྗོད་ཚུལ་ནི། །ཕལ་ཆེར་ས་རུ་བརྗོད་ པར་བྱ། །ཡ་སྟ་འགྲེང་བུ་ར་སྟ་མེད། །ཀ་ཁ་ཡ་སྟ་བོད་བཞིན་ཀླག །ར་ཡི་ཡ་སྟ་གོང་དེ་ བཞིན། །སྡེ་ཚན་བརྩེགས་པ་ཕྲལ་བ་དང༌། །མི་ཕྲལ་གཉིས་སུ་ཤེས་པར་བྱ། །གཞན་གྱི་སྡེ་ ཚན་བརྩེགས་པ་རྣམས། །བརྗོད་དུ་མི་རུང་འདྲ་ན་ཡང༌། །རང་སྒྲ་ཉེ་བར་དྲན་ཚུལ་ ཀླག །འོན་ཀྱང་ཐམས་ཅད་སྲོག་གཅིག་པས། །གསུམ་ཡུན་ལས་ནི་བརྗོད་མི་བྱ། །རྩིགས་ མའི་གོང་འགྲེ་ན་རོ་དང༌། །ལྟག་སྐོར་ཐམས་ཅད་འོག་ནས་ཐོབ། །ཧུ་ལུས་ཅེས་པའི་ཡི་ གེ་རྣམས། །གོང་ཡིག་དང་ནི་འོག་མ་བརྩེགས། །ཚག་མེད་འོག་མའི་མགོ་དེ་ རྣམས། །གོང་མ་ལ་ནི་སྦྱར་བར་བྱ། །དཔེར་ན་དྷརྨྨ་ཀརྨྨ་སོགས། །པ་ལུ་ཅེས་པའི་ཡི་གེ་ རྣམས། །འོག་མའི་ཥ་ནི་ས་རུ་བརྗོད། །དཔེར་ན་ཨ་དྷིཥྟ་ན་སོགས། །ཡ་སྟའི་ཞབས་ཀྱུ་ཡུ་ ལ་འབོད། །དེ་ལ་སོགས་པའི་བརྗོད་ཚུལ་མང་ན་ཡང༌། །རེ་ཤིག་མདོར་བསྡུས་ཚུལ་དུ་ བརྗོད་པ་ལགས། །གངས་ཅན་ཁྲོད་འདིར་སྨྲ་མཁན་མང་ན་ཡང༌། །ཁོ་བོས་ཇི་ལྟ་བཞིན་ དུ་བརྗོད་པ་དཀའ། །སྒྲ་པ་ཕལ་ཆེར་ཕོ་ཚོད་ཁོ་ནར་ཟད། །སྒྲ་པ་ཕལ་ཆེར་བོད་སྐད་ ཤེས་ནས་ནི། །སྒྲ་ཡི་བརྗོད་ཚུལ་ཤིན་ཏུ་མཁས་མཁས་བྱེད། །སྙིང་པོ་མེད་པའི་སྒྲ་པ་སྤང་ བར་བྱ། །བདག་གིས་འདི་དག་བརྗོད་པ་ལ་བརྟེན་ནས། །སེམས་ཅན་མ་རྒན་གྱུར་པའི་ ཚོགས་རྣམས་ལ། །གཞོམ་མེད་སྒྲ་རྣམས་རྟག་བརྟན་དོན་རྟོགས་ནས། །ཀུན་མཁྱེན་སྨྲ་ མཁན་གོ་འཕང་ཐོབ་པར་ཤོག། །།ཤུ་བྷཾ། མངྒ་ལཾ། ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ལ་ ཡུན་རིང་དུ་གནས་པར་གྱུར་ཅིག ། (མ་དཔེ་ནི་འཛམ་ཐང་པར་མ་ཁོ་ན་ཡིན།)