4-1-1 ༄༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་རྫོགས་ལྡན་ལུགས་ཀྱི་བཤད་པ་ཁྱད་འཕགས་བཞུགས་སོ། ། ༄༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་བཤད་པ་རྫོགས་ལྡན་གྱི་ལུགས་ཁྱད་པར་དུ་འཕགས་པ་རྣམས་ལས། འདི་ནི་འབུམ་གྱི་རྫོགས་ལྡན་ལུགས་ཀྱི་བཤད་པ་ཁྱད་པར་དུ་འཕགས་ཤིང༌། རྨད་དུ་བྱུང་བ་དོན་གསལ་ཞིང་ཚིག་གི་རྙོག་པ་མེད་པ། དེ་བཞིན་ཉིད་ཡོངས་སུ་གྲུབ་པ་དགུ་དང༌། ཡོངས་གྲུབ་བརྒྱད་དང༌། དོན་གསལ་ཞིང་ཚིག་གིས་རྙོག་པ་མེད་པ་དེ་བཞིན་ཉིད་ཡོངས་སུ་གྲུབ་པ་དགུ་དང༌། ཡོངས་གྲུབ་རང་བྱུང་འདུས་མ་བྱས་པའི་མཚན་གྱི་རྣམ་གྲངས་ནི་བརྒྱད་དང༌། ཉི་ཤུ་རྩ་བརྒྱད་ཀྱི་བདག་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། ། རྒྱ་གར་སྐད་དུ། ཤ་ཏ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་ཐོག་མ། བམ་པོ་དང་པོ། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །གང་དང་ཡང་དག་ལྡན་པའི་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུང་བ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་གང་བཤད་པ། །གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུའི་ཞབས་འབྲིང་དང༌། དམ་པའི་ཆོས་ཀྱི་ཚོགས་སམ་སྐུའི་སྲུང་བ་པོ། དགྲ་བཅོམ་པ་ཀུན་དགའ་བོའམ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་བསྡུ་བའི་ཚེ། འཁོར་གྱི་ནང་དུ་དགྲ་བཅོམ་པ་འོད་སྲུང་ཆེན་པོའམ། བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་བ་བཏབ་པ་དང༌། མདོའི་ཚིག་འདི་སྐད་བདག་གིས་ཐོས། ཞེས་བཀའ་བསྡུ་བར་འོད་སྲུང་ཆེན་པོའམ། བྱམས་པ་ལ་ཞལ་གྱིས་བཞེས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་བསྟན་པ་རྔམ་བརྗིད་འདི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་སྤྱོད་ 4-1-2 ཡུལ་མ་ཡིན་པའི་ཕྱིར། ཆོས་སྡུད་པར་བྱེད་པ་རྣམས་ཀྱིས་རང་གི་སྤྱོད་ཡུལ་དུ་གྱུར་པའི་ཆོས་བཤད་པའི་སྒོ་བཟུང་ནས། འདི་སྐད་བདག་གིས་རྣ་བས་ཐོས་པ་སྟེ། དོགས་པ་མེད་ཅིང་རྩོད་པའི་གནས་སུ་འགྱུར་བས་དུས་ངེས་པ་མངའ་མཛད་པར་རྒྱལ་པོའི་ཁབ་ནས་བཞུགས་པ་གང་ཡང་རུང་བའི་དུས་གཅིག་ན་བདུད་བཞི་བཅོམ་པའི་ལེགས་པ་མངའ་བས། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་ཕུང་པོ་ལ། ཞེས་གནས་གཉིས་སྨོས་པས་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་གཉིས་བསྡུ་བའི་ཕྱིར་དང༌། གཟུགས་སྐུ་དང་ཆོས་སྐུས་ཕན་གདགས་པར་བསྟན་པའི་ཕྱིར་རོ། །དེ་ལ་བཞུགས་པ་ནི་གཞི་སྟེ། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་སྤྱོད་ལམ་གྱིས་དང༌། འཆད་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་འཇུག་གིས་སྙོམས་པར་འཇུག་པ་དང༌། ཐུགས་རྗེ་ཆེན་པོས་འཇིག་རྟེན་ལ་གཟིགས་པ་དང༌། ལྷ་ལ་སོགས་པ་འོང་བ་དང༌། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །ཞབས་འབྲིང་བ་གྲངས་མང་བ། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་སྟེ། ཞབས་འབྲིང་བ་བྱང་ཆུབ་སེམས་དཔའ་དང་དེ་གཉིས་ཀ་སྦྱིན་གནས་ཡིན་མོད་ཀྱི། ཀུན་གྱིས་བཀུར་བ་དང་མི་འབྲལ་བ་དང༌། འཇིག་རྟེན་ཀུན་གྱིས་ཐུན་མོང་བ་ཡིན་པས་དང་པོར་དགེ་སློང་སྨོས་སོ། །དེ་རྣམས་ཀྱི་ཆེ་བ་ཡོན་ཏན་ཡང་སློབ་པ་དང་སོ་སྐྱེ་མེད་པས། ཐམས་ཅད་ཀྱང་དགྲ་བཅོམ་པ་ཁོ་ནའོ། །ཉོན་མོངས་པའི་དགྲ་བཅོམ་པ་སྟེ། ཁམས་གསུམ་གྱི་གཙོ་བོ་རྣམས་ཀྱིས་མཆོད་པར་འོས་པས་སོ། །འདོད་པ་དང་སྲིད་པ་དང་མ་རིག་པ་དང་ལྟ་བའི་ཟག་པ་བཞི་ཟད་པ། ལས་ཀྱི་དང་ཉོན་མོངས་པ་དང་རྣམ་པར་སྨིན་པ་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མེད་པ། རྫུ་འཕྲུལ་དང་དབང་པོ་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་དབང་བ་བཞིས་རིམ་པ་བཞིན་སྣོད་བཅུད་དང༌། སྤྱོད་ལམ་དང༌། སེམས་དང༌། ཉོན་མོངས་པ་དང༌། ལས་དང༌། རྣམ་སྨིན་གྱི་འཆང་བ་ལས་གྲོལ་བ་ལས་དབང་དུ་གྱུར་པ། སྲིད་པའི་ཕྱོགས་ཀྱི་ཉོན་མོངས་མེད་ལ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། མ་རིག་པ་ལས། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ་ནི་འཇིགས་པའམ། བག་ཚ་བ་མེད་པ་སྟེ། སྡུག་བསྔལ་གྱི་དང་འཇིགས་པའི་དང༌། འཇིག་རྟེན་པའི་ཆོས་ཀྱི་དང༌། མི་ཤེས་པའི་བག་ཚ་བས་སོ། །གླང་པོ་ཆེན་པོ་ནི་གཙོ་བོ་ཆེན་པོ་སྟེ། རིག་པ་གསུམ་ལ་སོགས་པ་ཁྱད་པར་དུ་འཕགས་པའི་ཆོས་རྙེད་པས་ས། བྱ་བའི་གཙོ་བོ་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བ། བྱས་པ་ནི་བསླབ་པ་གསུམ་རྫོགས་པས་སོ། །འདོད་ཆུང་ཆོག་ཤེས་སོགས་ཞོར་ལ་བྱ་བ་ནི་བྱེད་པ་སྟེ། དེ་བྱས་པ་སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་སྤངས་པ་དང༌། ལམ་བསྒོམ་པ་དང༌། འགོག་པ་མངོན་དུ་བྱས་པས་རིམ་པ་ལྟར་ཕུང་པོ་དང༌། ཉོན་མོངས་པ་དང་དམ་བཅས་པ་དང་བརྩོན་འགྲུས་ཀྱི་ཁུར་བཞི་བོར་བ། དོན་མིན་སྤངས་ལ་དོན་ཐོབ་པས། རང་གི་དོན་རབ་ཏུ་ཐོབ་པ་སྟེ། ཉོན་སྒྲིབ་མེད་ལ་རིག་པ་བསྐྱེད་ནས་མྱང་འདས་ཐོབ་པས་སོ། །སྲིད་པར་སྐྱེ་བའི་རྒྱུ་ཀུན་ཏུ་སྦྱོར་བ་དགུ་སྟེ་འདོད་ཆགས་དང༌། ཁོང་ཁྲོ་ 4-1-3 དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་དང༌། ལྟ་བ་དང༌། ཕྲག་དོག་དང༌། སེར་སྣ་དང༌། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ཀུན་སྦྱོར། ཡོངས་སུ་ཟད་པ་དེ་བཞིན་གཤེགས་པའི་བཀའ་ཡང་དག་པས། དེ་ཡང་དག་པའི་ལྟ་བ་གོམས་པར་བྱས་པས། ཉོན་སྒྲིབ་ལས། སེམས་ཤིན་ཏུ་རྣམ་པར་གྲོལ་བ། སྙོམས་པར་འཇུག་པ་རྣམས་ལ་ཇི་ལྟར་འདོད་པ་བཞིན་དབང་ཐོབ་པས། སེམས་ཀྱི་དབང་ཐམས་ཅད་ཐོབ་པ་ཤ་སྟག་སྟེ། ཅིའི་ཕྱིར་དགྲ་བཅོམ་ཡིན་ཞེ་ན། ཟག་པ་ཟད་པའི་ཕྱིར་རོ། །དེ་ཡང་ཉོན་མོངས་པ་མེད་པའི་ཕྱིར་ཏེ། དེ་བཞིན་དུ་སྔ་མ་སྔ་མའི་གཏན་ཚིགས་སུ་ཕྱི་མ་ཕྱི་མའི་སྦྱོར་རོ། །དེ་ནས་ཕྲེང་ཅིག་ན། ཀུན་ཀྱང་ཆོས་མྱ་ངན་ལས་འདས་པ་མངོན་དུ་མཐོང་བ་ཤ་སྟག་སེམས་དཔའ་ཆེན་པོ། འཇིག་རྟེན་གྱི་ཁམས་གཞན་ཐམས་ཅད་ནས་འདུས་པ་ཤིན་ཏུ་མང་བའི་ཕྱིར། ཚད་མེད་གྲངས་མེད་པ་ཐམས་ཅད་ཀྱང་ཡོན་ཏན་དུ་མ་དང་ལྡན་པ་སྟེ། དེ་དག་གང་ཞེ་ན། གཟུངས་ནི་འཛིན་པར་བྱེད་པ་སྟེ། དེ་ཡང་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་དང༌། གསང་སྔགས་དང༌། ཆོས་དང་དོན་གྱི་གཟུངས་སོ། །དེ་དག་ཐོབ་པས་གཟུངས་རབ་ཏུ་ཐོབ་པ། དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་རབ་ཏུ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི། ས་རྣམ་པར་མཚན་མ་མེད་པའི་ཏིང་འཛིན་གྱི་སྤྱོད་ཡུལ་ཅན། ཁམས་གསུམ་ལ་སྨོན་པའི་རྟོག་པ་མེད་པའི་སྨོན་ལམ་སྟེ་སྨོན་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པ། དེ་ལྟར་ཏིང་ངེ་འཛིན་གསུམ་པོ་དེ་དག་ལ་གནས་པ་དེ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་མཉམ་པ་ཉིད་ཀྱི་བཟོད་པ་བཞི་འབྱུང་སྟེ། བདག་གཞན་དུ་རྟོག་པ་མེད་པའི་ཕྱིར་སེམས་ཅན་ལ་མཉམ་པ་ཉིད་ཀྱི་བཟོད་པ་དང་རྗེས་ཆགས་དང་ཁོང་ཁྲོ་བ་མེད་པའི་ཕྱིར་འདུ་བྱེད་པ་དང༌། དེ་བཞིན་ཉིད་ཙམ་དུ་ཟད་པའི་ཕྱིར་ཆོས་ཐམས་ཅད་ལ་དང༌། འཁོར་འདས་ལ་སེམས་མཉམ་པའི་ཕྱིར་མི་གནས་པ་མཉམ་པ་ཉིད་ཀྱི་བཟོད་པའོ། །དེ་དག་བསྐྱེད་ནས་མཉམ་པ་ཉིད་བཅུ་བྱུང་སྟེ། མཚན་མ་མེད་པར་མཉམ་པ་ཉིད་དང༌། མཚན་ཉིད་མེད་པར་དང༌། མ་སྐྱེས་པར་དང༌། འབྱུང་བ་མེད་པར་དང༌། དབེན་པར་དང༌། གཟོད་མ་ནས་ཞི་བར་དང༌། སྤྲོས་པ་མེད་པར་དང༌། བླང་དོར་མེད་པར་དང༌། སྒྱུ་མ་ལ་སོགས་པར་དང༌། དངོས་པོ་དང་དངོས་པོ་མེད་པ་གཉིས་མཉམ་པ་ཉིད་དོ། །བཅུ་པོ་དེ་དག་རྟོགས་པས་ཆོས་ཐམས་ཅད་ཤེས་རབ་ཀྱི། ཆོས་ཐམས་ཅད་སྟོང་པར་རྟོགས་པས་འཁོར་བ་དང༌། སྙིང་རྗེ་ཆེན་པོ་ནས་སེམས་ཅན་མི་གཏོང་བའི་ཕྱིར་མྱ་ངན་འདས་ལ། ཐོགས་པ་མེད་པ། སྤོབས་པ་དེ་དང་ལྡན་པས་སེམས་ཅན་ལ་ཆོས་བསྟན་པ་ཟད་མི་ཤེས། སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར། མངོན་པར་ཤེས་པ་ཆེན་པོ་དྲུག་ཐོབ་པས། སེམས་ཅན་གྱི་དོན་རྣམ་པར་བརྩེ་བ། མངོན་པར་ཤེས་པ་དྲུག་ཚེ་རབས་ཐམས་ཅད་དུའང༌། དུད་འགྲོར་སྐྱེས་ཀྱང་ཤིན་ཏུ་མ་ཉམས་པ། བྱང་སེམས་ཀྱིས་གདམས་པ་ལ་སེམས་ཅན་རྣམས་དགའ་ཞིང་དེ་ལ་འགལ་བར་མི་བྱེད་པས་མཉམ་པར་འོས། དོན་གཉིས་བསྒྲུབ་པ་ལ་ལེ་ལོ་མེད་ཅིང༌། ཆོས་ 4-1-4 ཚོལ་བ་དང་སེམས་ཅན་གྱི་དོན་དུ་ལུས་དང་སྲོག་ལ་ཡང་མི་ལྟ། དེ་བཞིན་གཤེགས་པས་སྨད་པའི་ལས་ཡོངས་སུ་མེད་པས། ཚུལ་འཆོས་པ་མེད་པ། ངག་གི་ལས་ཡོངས་སུ་དག་པ། ཁ་གསག་མེད་པ། ཡིད་ཀྱི་ལས་མ་དག་པ་མེད་པས། གྲགས་པ་དང༌། སྙིང་རྗེས་བསྐུལ་ཞིང་ཤེས་རབ་ཀྱིས་སྦྱངས་པའི་སེམས་ཀྱིས་གཞན་ལ་ཕན་པའི་ཕྱིར་རྙེད་བཀུར་འདོད་པའི་ཟང་ཟིང་མེད་པའི་ཆོས་སྟོན་པ། ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་གནས་པ་ཟབ་མོ་དག་ཐོས་པས། ཆོས་ཟབ་མོའི་བཟོད་པ། དེས་ན་འཁོར་གྱི་རིགས་ཐམས་ཅད་དུ་མི་ཤེས་པ་ལས་བྱུང་བའི་འཇིགས་པ་དང༌། ཉོན་མོངས་པ་ལས་བྱུང་བའི་འཇིགས་པ་མེད་པས། མི་འཇིགས་པ་ཆེན་པོ། དེའི་ཕྱིར་འཁོར་གང་དུ་ཡང་ཡོངས་སུ་མདོ་ནས་འབྱུང་བ་དང༌། མདོ་གཞན་ནས་འབྱུང་བའི་བདུད་ཀྱི་ལས་ཐམས་ཅད་བདེ་འགྲོ་དང༌། ངན་འགྲོར་སྨིན་པའི་ལས་ཀྱི་སྒྲིབ་པ་རྒྱུན་འཆད་པ། མུ་སྟེགས་ཅན་ལ་སོགས་པ། ཕ་རོལ་པའི་རྒོལ་བ། རྒྱལ་སྲས་དེ་དག་གིས་ཤེས་པ་དང་བསམ་པ་དང༌། སྤྱོད་ཡུལ་རྣམས་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་དཀའ་བའི་ཕུང་པོ་དང༌། ཁམས་ལ་སོགས་པའི་ཆོས་རབ་ཏུ་རྟོགས་པའི། བསྐལ་པ་གྲངས་མེད་པ་རྣམས་ནས་སྨོན་ལམ་ཤིན་ཏུ་བརྩམས་པ། བྱམས་པའི་རྒྱུ་མཐུན་པ་བཞིན་འཛུམ་པ་དང་ལྡན་པ་གློ་བུར་དུ་འོངས་པ་ལ་ཀུན་དགའ་བའི་གཏམ་ཐོག་མར་སྨྲ་བ། ཡིད་མི་བདེ་བ་མེད་པས་ཁྲོ་གཉེར་མེད་པ། སངས་རྒྱས་ཀྱི་ཞིང་དུ་གཤེགས་པའི་ལམ་དུ་བདག་ཉིད་དང༌། སྤྲུལ་པས་ཕ་རོལ་ལ་ཚིགས་སུ་བཅད་པའི་དབྱངས་སུ་ཆོས་བརྗོད་ཅིང་རྒྱལ་བ་རྣམས་ལ་ཚིགས་སུ་བཅད་པས་བསྟོད་ཅིང་དྲིས་པའི་ལན་ལྡོན་པ་ལ་མཁས་པ། སོ་སོ་ཡང་དག་པ་རིག་པ་བཞིས་བསྒྲུབས་པའི་ཚིག་གིས་ཆོས་སྨྲ་བ་ཆེན་པོ་བྱེད་པའི་ཕྱིར། སྤོབས་པ་རྒྱུན་མི་འཆད་པ། རྫུ་འཕྲུལ་བྱ་བ་ལ་མཁས་པ་ལ་སོགས་པ་རྣམ་པ་ཉི་ཤུ་དང་ལྡན་པས། འཁོར་གང་དང་གང་དུ་འགྲོ་བ་དེ་ཐམས་ཅད་དུ་བག་ཚ་བ་མེད་པས། འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པའི། སངས་རྒྱས་སྐར་རྒྱལ་བསྟོད་པས་བསྐལ་པ་དགུའི་ཚོགས་འདུས་པ་ལྟ་བུ་བརྩོན་པ་ཆེར་བརྩམས་ནས་བསྐལ་པ་མང་པོ་ཡང་འདའ་བས། བསྐལ་པ་བྱེ་བ་མཐའ་ཡས་པར། སྒྱུ་མ་ལ་སོགས་པ་ཤིན་ཏུ་མེད་ཀྱང་དམིགས་པ་ལྟར། ཆོས་ཐམས་ཅད་སྒྱུ་མ་དང༌། དབང་བཅུ་ཐོབ་པས་དུས་ཐམས་ཅད་དུ་སེམས་ཡོངས་སུ་ཞུམ་པ་མེད་པ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྗེས་སུ་རྟོགས་པ་ཞེས་བྱ་བ་དང༌། ཆོས་ཀྱི་དབྱིངས་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་སྐྱེ་སྟེ། དེ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་མོས་པ་ཐ་དད་སྣ་ཚོགས་པ་སྐད་ཅིག་གཅིག་ཁོ་ན་ལ་ཤེས་པ་གཅིག་གིས་ཁོང་དུ་ཆུད་ཅིང༌། དེ་དག་འདུལ་བའི་ཐབས་ཀྱང་སྐད་ཅིག་གཅིག་ལ་ཁོང་དུ་ཆུད་ལ། སངས་རྒྱས་རྣམས་ཀྱིས་ཕྲ་བ་ལ་འཇུག་པའི་མཁྱེན་པ་དུ་མ་རྟོགས་པས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་བ་ལ་བརྩོན་འགྲུས་མ་ 4-1-5 བཏང་བ་དང༌། དེ་དག་གི་སྡུག་བསྔལ་སེལ་བས། སེམས་ཅན་ཐམས་ཅད་ལ་སྡང་བ་མེད་ལ་ས་བཅུ་པ་ཐོབ་ནས་ཕྱོགས་བཅུའི་རྒྱལ་བས་དབང་བསྐུར་ཏེ། དེ་མ་ཐག་ཏུ་དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་འབུམ་དང༌། མི་ཟད་པའི་ཟ་མ་ཏོག་ལ་སོགས་པ་གཟུངས་འབུམ་དང་སངས་རྒྱས་ཀྱི་ཡུལ་ལ་བཟོད་པ་ཚད་མེད་པ་དག་སྐྱེ་བས། བཟོད་པ་རླབས་པོ་ཆེ་དང་ལྡན་པས་ཆོས་ཐམས་ཅད་མཉམ་པ་ཉིད། དེ་བཞིན་ཉིད་མངོན་གསུམ་དུ་རྟོགས་པར་བྱ་བའི་ཡེ་ཤེས། སོ་སོ་རང་རིག་པ་ལ་མཁས་པ། ཆོས་ཉིད་ཟབ་མོ་རྟོགས་པ་དང་ལྡན་པས། དེ་དག་གི་སེམས་གཏིང་དཔག་དཀའ་བ། སེམས་ཉོན་མོངས་པའི་དབང་དུ་མི་འགྱུར་བས། རང་གི་སེམས་ལ་དབང་རབ་ཏུ་ཐོབ་པ། ཆོས་རྣམས་ཅི་འདོད་པར་བསྒྱུར་ནུས་པའི་མཐུ་དང་ལྡན་པས། ཆོས་ཐམས་ཅད་ལ་དབང་ཤིན་ཏུ་ཐོབ་པ། ལས་ལ་སོགས་པའི་དབང་གིས་ཁམས་གསུམ་དུ་མི་སྐྱེ་བས། ལས་དང་ཉོན་མོངས་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས་པར་བསྟན་པ་ལ་མཁས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་སྐྱེ་བ་དང་འགག་པ་མེད་པའི་ཕྱིར། ཟད་མི་ཤེས་པ་ལ་རྟོགས་ཤིང་བཞུགས་པ། འཇིག་ལྟ་ལ་སོགས་པའི་ལྟ་བ་དང་འདོད་པའི་འདོད་ཆགས་སོགས་ཀྱི་བག་ལ་ཉལ་བ་དང༌། རྨུགས་པ་ལ་སོགས་པ་ཀུན་ནས་ལྡང་བ་བརྒྱད་ཐམས་ཅད་དང་བྲལ་བ། ཀུན་ཏུ་སྦྱོར་བ་དགུ་པོ་ཐམས་ཅད་སྤངས་པ། ཐབས་མཁས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ། བདེན་པ་གཉིས་དང་འཕགས་པས་བདེན་པ་བཞི་རང་བཞིན་གྱིས་རབ་ཏུ་རྟོགས་པར་བྱ་བ། ཆོས་ལུང་གི་སངས་རྒྱས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་ཐམས་ཅད་སྒྲ་བརྙན་དང༌། ཆོས་ཀྱི་ཚུལ་དུ་མ་ལ་མཁས་པས། ཆོས་ཀྱི་ཚུལ་བསྟན་པ། བྱས་པའི་ལམ་གྱིས་བཟུང་བ་ལ་སོགས་པ་གཟུང་བ་བླ་ན་མེད་པ། བཅུ་པོ་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ། བདེ་བ་ཅན་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ལྟ་བུའམ། དེ་ལས་ལྷག་པར་བདག་གི་ཡང་གྱུར་ཅིག་ཅེས། སྨོན་ལམ་བཏབ་ཅིང་བརྩོན་འགྲུས་འཇུག་པར་བྱས་པ་ད་ལྟར་རྣམ་པར་སྨིན་པའི་བདག་ཉིད་ཀྱི་ཡོངས་སུ་ཟིན་པས། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་རྣམ་པར་བཀོད་པ། སྔོན་སངས་རྒྱས་རྗེས་སུ་དྲན་པ་བསྒོམས་པས་ད་ལྟར་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ན་བཞུགས་པའི་སངས་རྒྱས། སངས་རྒྱས་བྱུང་བ་ཐམས་ཅད་ཡིད་མགྱོགས་ཀྱི་རྫུ་འཕྲུལ་གྱིས་མཆོད་པ་དང་ཆོས་ཉན་པའི་ཕྱིར། ཉེ་བར་འགྲོ་བ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱི་དྲུང་དུ་གཤེགས་ནས་ཆོས་འཁོར་བསྐོར་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པས། སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་འདེབས་པ། སེམས་ཅན་རྣམས་ཀྱི་བསམ་པ་དང༌། བག་ལ་ཉལ་བ་དང༌། སྤྱོད་པ་དང༌། མོས་པ་དང༌། དབང་པོ་ཐ་དད་པ་རྣམས་ལ་གཟིགས་ནས་ཅི་རིགས་པར་སེམས་ཅན་གྱི་ལྟ་བ་སྣ་ཚོགས་ཀྱིས་ཡོངས་སུ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་དོག་པ་ཡངས་པ་ལ་ 4-1-6 སོགས་པ་ཇི་ལྟར་འདོད་པ་བཞིན་བྱིན་གྱིས་རློབ་པས་ཏིང་ངེ་འཛིན་བརྒྱ་སྟོང་མདོར་བསྡུ་ན། ཡོན་ཏན་རེ་རེ་ནས་བརྗོད་པ་བྱས་པས་བསྐལ་པ་མཐའ་ཡས་པར་བརྗོད་ཅིང༌། མི་ཟད་པ་དང་ལྡན་པ་ཤ་སྟག་དང་ཐབས་གཅིག་སྟེ། དེ་ནས་ཕྲེང་བཅུ་གཉིས་སོང་བ་དང༌། བརྒྱ་སྟོང་དུ་མ་དག་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ནི་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་རྣམས་དང་རྒྱལ་པོའི་ཁབ་ན་བཞུགས་སོ། །དེ་བཞིན་གཤེགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཞབས་འབྲིང་བ་བྱང་ཆུབ་སེམས་དཔའ་དང་བཞུགས་པར་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་གཉིས་ཀྱི་ཞབས་འབྲིང་བར་ཉེ་བར་བསྟན་ཏེ། མདོ་སྡེ་ཐམས་ཅད་ཀྱི་སྤྱིའི་གླེང་གཞི་རྫོགས་པར་བསྟན་ནས། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་ལ་གླེང་གཞིའི་ཁྱད་པར་བསྟན་པའི་ཕྱིར། དེ་ནས་དེའི་ཚེ་བཅོམ་ལྡན་འདས་སེང་གེའི་ཁྲི་བཤམས་ནས། སེམས་ཤིན་ཏུ་སྦྱངས་པས་བསྐྱེད་པའི་ཕྱིར། སེམས་བསྒོམ་པ་དང་མཐུན་པར་སྐུ་དྲང་པོར་བསྲངས་ཏེ། རྩེ་གཅིག་ཏུ་བྱ་བའི་ཕྱིར་ཏིང་ངེ་འཛིན་བསྒོམ་པ་དང་མཐུན་པར་དགོངས་པ་མངོན་དུ་བཞག་ནས། ལུས་ཤིན་ཏུ་སྦྱངས་པ་བསྐྱེད་པར་བྱ་བའི་ཕྱིར། ལུས་བསྒོམ་པ་དང་མཐུན་པར་དཀྱིལ་མོ་ཀྲུང་བཅས་དེ་བཞུགས་སོ། །ཅིའི་ཕྱིར་ཉིད་ཀྱིས་སེངྒེའི་ཁྲི་བཤམས་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ཏེ། བཤད་པ་ཐུན་མོང་མ་ཡིན་ཞིང་མཆོད་འོས་ཆེན་པོར་བསྟན་པ་དང༌། འཁོར་རྣམས་གདུལ་བྱའི་ཕྱིར་ཏེ། དེ་ནི་འདི་ལྟར་ཇི་སྐད་དུ་མདོ་སྡེ་མང་པོ་གཞན་དག་ལས། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་སྟོན་ན་ནི། ཉན་ཐོས་ཀྱི་གདན་བཤམས་པ་ལ་བཞུགས། ཐེག་པ་ཆེན་པོ་དང་ལྡན་པར་སྟོན་ན་ནི། བྱང་ཆུབ་སེམས་དཔའ་གདན་བཤམས་པ་ལ་བཞུགས་སོ། །ཞེས་བྱ་བ་གསུངས་པ་ལྟ་བུའོ། །ཆོས་འདི་བཤད་པ་ན་ཉིད་ཀྱི་གདན་བཤམས་པ་ནི་བཤད་པ་འདི་ཐུན་མོང་མ་ཡིན་པས་འདི་ནི་སྟན་ཡང་ང་ཉིད་ཀྱིས་བཏིང་བར་ནུས་སུ་ཟབ་ན་བཤད་པ་ལྟ་ཅི་སྨོས་ཞེས་བསྟན་པའི་ཕྱིར། གཞན་ཡང་འདིར་གདུལ་བ་མང་དུ་འདུ་ལ་དེ་དག་གི་མོས་པ་དང་བསམ་པ་ཡང་ཐ་དད་དེ། དེ་བས་ན་དེ་དག་དང་མཐུན་པར་གདན་བཤམས་པར་བྱ་བའི་ཕྱིར། ཡང་ཉིད་ཀྱིས་གདན་བཤམས་སོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུར་གྲགས་པའི་དབྱིག་གཉེན་ཞབས་གསུངས། དེར་བཞུགས་ནས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོའི་བྱ་བ་གང་ཡིན་པ། དེ་དག་ཐམས་ཅད་ཏིང་ངེ་འཛིན་འདི་གཅིག་པུ་ཁོ་ནས་བསྒྲུབ་པར་ནུས་པས་ཏིང་ངེ་འཛིན་གང་དུ་ཏིང་ངེ་འཛིན་ཐམས་ཅད་ངོ་བོ་ཉིད་ཀྱིས་འདུ་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་ངེས་པའི་ཚིག་གིས་བསྟན་པའི་མཚན། ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ། དེ་ནས་བཅོམ་ལྡན་འདས་ཀྱི་སྔོན་གྱི་སྨོན་ལམ་དགོངས་ཤིང༌། སེམས་ཅན་གྱི་དོན་བྱ་བའི་དུས་ལ་བབ་པ། ཡང་དག་པར་མཁྱེན་འཕྲུལ་གྱི་སྤྱན་གྱིས། ཞིང་འདི་ན་འཁོད་པ་རྣམས་སྐལ་བ་དང་ལྡན་མི་ལྡན་བརྟག་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ 4-1-7 འདི་ལ་རྣམ་པར་གཟིགས་སོ། །དེ་ནས་ཕྲེང་བཅུའི་འོག་ཏུ། ཞལ་གྱི་སྒོ་ནས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་བྱུང་སྟེ། ཅིའི་ཕྱིར་གྲངས་དྲུག་ཅུ་ཞེས་བྱ་བར་ངེས་པ་བྱས་ཞེ་ན། དེ་ནི་འདི་ལྟར་ཤེས་པར་བྱས་ཏེ། དེ་བཞིན་གཤེགས་པའི་འོད་ཟེར་རྣམས་ཀྱི་རིགས་ནི་ཁ་དོག་རྣམ་པ་དྲུག་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། བཙོད་ཁ་དང༌། འོད་གསལ་བའོ། །འོད་ཟེར་ཁ་དོག་དྲུག་པོ་དེ་དག་གང་ཕྱོགས་བཅུར་རྣམ་པར་འཕྲོས་པ་ན་ཕྱོགས་བཅུ་ཐ་དད་པས་དྲུག་བཅུར་གྱུར་པའི་ཕྱིར་དེ་སྐད་ཅེས་བྱའོ། །འོ་ན་འོད་ཟེར་ཐམས་ཅད་འབྱུང་བས་དོན་ཐམས་ཅད་སྒྲུབ་མི་ནུས་སོ། །ཅིའི་ཕྱིར་ཡན་ལག་དང་ཉིང་ལག་ཐམས་ཅད་ནས་འོད་ཟེར་བྱུང་ཞེ་ན། དེ་ཡང་བདེན་མོད་ཀྱི་འོན་ཀྱང་བཤད་པ་འདི་ལ་བསྟི་སྟང་ཆེན་པོར་མཛད་པར་བསྟན་པའི་ཕྱིར་བརྩལ་བ་ཆེན་པོ་མཛད་པ་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུའི་དབྱིག་གཉེན་གསུངས། འོད་ཟེར་དེ་དག་ལས་ཀྱང་གཉིས་ལས་དང་པོ་པ་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པའི་ལས་ནི་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུའོ། །དེ་ནས་ཕྲེང་དྲུག་སོང་བ་དང༌། སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ལས་གཉིས་པ་སེམས་ཅན་ལ་ཕན་འདོགས་པའི་ལས་ནི། སེམས་ཅན་གང་གིས་འོད་དེ། དེ་ནས་ཡང་བཤད་པ་ལ་གུས་པ་ཆེར་མཛད་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་འོད་ཟེར་རབ་ཏུ་བཀྱེ་བ་མཛད་དེ། འོད་དེས་དེ་དག་གི་ལས་ཀྱང་སྔ་མ་བཞིན་ཏེ། འོད་དེས་སྟོང་གསུམ་གྱི། དེ་ནས་ཕྲེང་བདུན་གྱི་རྗེས་སུ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྐུ་མདོག་དཀར་བཟང་ཞིང་འོད་གསལ་ལས་འཕྲོས་པའི་རང་བཞིན་གྱི་འོད་ཀྱི་དེའི་ལས་ཀྱང་སྔ་མ་བཞིན་ཏེ། ཞེས་བྱ་བ་ལ་འོད་དང་འོད་ཟེར་ལ་ཁྱད་པར་ཅི་ཡོད་ཅེ་ན། དེ་ལ་ནང་ནས་བྱུང་བ་ནི་འོད་ཟེར་དང༌། ཕྱིའི་པགས་པ་ལས་བྱུང་བ་ནི་འོད་ཅེས་བྱའོ། །ཡང་ན་ཡེ་ཤེས་ལས་འཕྲོས་པ་འོད་ཟེར་དང༌། ཁ་དོག་ལས་འཕྲོས་པ་འོད་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་དྲུག་གི་རྗེས་སུ། དེ་ནས་ཆོས་བསྟན་པའི་སྔ་ལྟས་སུ། བཅོམ་ལྡན་འདས་ཀྱི་ཞལ་གྱི། དེ་ནས་ཕྲེང་གཅིག་ལྷག་ཙམ་གྱི་རྗེས་སུ། ཞལ་འཛུམ་པ་ནི་འདིར་ཁ་དོག་དབྱེ་བ་ལ་བྱ་སྟེ། ཡན་ལག་དང་ཉིང་ལག་ཐམས་ཅད་ནས་འབྱུང་དུ་རུང་བར་མཛད་ནས་རྒྱས་པར་མཛད་དོ། །བརྒྱ་སྟོང་དུ་མ་འཐོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་སྐྱོན་མེད་པ་ལ་འཇུག་པར་ངེས་པའི་རྟགས་སུ། འོད་ཟེར་དེ་དག་ཐམས་ཅད་ཀུན་ནས་གནས་པར་གྱུར་ཏེ། སྐྱོན་མེད་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བྱང་ཆུབ་ཐོབ་ནས་ཕྱོགས་ཕྱོགས་སུ་འདི་ལྟ་བུའི་ཆོས་སྟོན་པར་གྱུར་པའི་ལྟས་སུ། པད་མོ་དེ་དག་དེ་ནས་ཕྲེང་བཅུ་གཉིས་ལྷག་པ་ན། རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །ཆོ་འཕྲུལ་འདི་ཡང་སྣོད་ཀྱི་འཇིག་རྟེན་བྱི་དོར་བྱ་བ་དང༌། སེམས་ཅན་རྣམས་ལ་ཕན་གདགས་པ་རྣམ་པ་གཉིས་ཀྱིས་བསྟན་ཏེ། སྣོད་ཀྱི་འཇིག་རྟེན་བྱི་དོར་བྱ་བ་དེ་ཡང་བཤད་པ་ལ་མཆོད་པའི་ཕྱིར་རོ། །ས་དྲུག་ཏུ་གཡོས་ཏེ། དྲུག་ 4-1-8 གང་ཞེ་ན། དང་པོ་དལ་བུས་གཡོས་སོ། །དེ་ནས་དེ་བས་དྲག་ཏུ་རབ་ཏུ་གཡོས། དེ་ནས་དེ་བས་ཀྱང་ལྷག་པར་ཀུན་ཏུ་གཡོས་སོ། །དེ་བཞིན་དུ་འོག་མ་རྣམས་ལའང་ཆུང་འབྲིང་ཆེ་གསུམ་དུ་སྦྱར་ཏེ། ཕྱོགས་གཡོ་བས་ན་གཡོས་སོ། །དལ་བུ་དང་དྲག་ཏུ་དང་དེ་བས་ཀྱང་ལྷག་པར་གཡོས་པས་ན་གསུམ་སྨོས་སོ། །དཀྱིལ་འཁོར་ཡོངས་སུ་འཁོར་བ་ནི་འགུལ་ཏོ། །དེ་ཡང་ཧ་ཅང་མི་མྱུར་བ་དང༌། མྱུར་བ་དང༌། ཤིན་ཏུ་མྱུར་བར་འགུལ་བས་གསུམ་སྨོས་སོ། །ཐམས་ཅད་ཀྱི་བདག་ཉིད་ཀྱིས་ལྡེག་པ་ནི་ལྡེག་གོ །ཡང་ན་ཕྱོགས་གཅིག་པར་རབ་ཏུ་ལྡེག་པས་གཡོས། ཤིང་ལྗོན་པ་བཞིན་བདག་ཉིད་ཀྱང་འགུལ་བ་ནི་འགུལ་ཏོ། །འགལ་མེ་བསྐོར་བ་བཞིན་འཁོར་བ་ནི་ལྡེག་གོ །སྒྲ་སྐད་རིང་དུ་འབྱུང་བའི་སྒྲ་ནི་ཆེམ་ཆེམ། ཡང་ནས་ནི་གཡོས་སོ། །ཤིང་ཐམས་ཅད་ནི་འགུལ་ཏོ། །རི་ཐམས་ཅད་ནི་ལྡེག་གོ །ལྷའི་རྔ་བོ་ཆེ་ལ་སོགས་པ་ནི་ཆེམ་ཆེམ་མོ། །རྒྱ་མཚོ་ལ་སོགས་པ་ནི་འཁྲུགས་སོ། །འབྲུག་རྣམས་ནི་འུར་འུར་རོ། །ཞེས་འོག་ནས་འཆད་དོ། །དྲུག་པོ་དེ་ལས་གསུམ་གསུམ་དུ་ཕྱེ་བས་བཅོ་བརྒྱད་དུ་འགྱུར་རོ། །འཁོར་ཡུག་དང་འཁོར་ཡུག་ཆེན་པོ་སོགས་གྱེན་དུ་འཕགས་ཤིང་དབུས་ཀྱི་ས་གཞི་སོ་ན་འདུག་པ་ནི། མཐའ་མཐོ་ན་ནི་དབུས་དམའ། དབུས་ཀྱི་ས་གཞི་གྱེན་དུ་མཐོན་པར་གྱུར་ཅིང༌། མཐའི་རི་རྣམས་སོ་ན་གནས་པ་ནི་དབུས་མཐོ་ན་ནི་མཐའ་དམའ་སྟེ། དེ་ལ་གང་གི་ཚེ་ཤར་ཕྱོགས་ཀྱི་ས་དང་ཤིང་དང་རི་ལ་སོགས་པ་རབ་ཏུ་འཁྲུག་པར་གྱུར་པ་དེའི་ཚེ་ཤར་ཕྱོགས་མཐོ་བ་འདྲ་བར་སྣང་ངོ༌། །ཤར་ཕྱོགས་མཐོ་བར་སྣང་བ་དེའི་ཚེ། ནུབ་ཀྱི་ཕྱོགས་རང་བཞིན་དུ་གནས་ཀྱང་དམའ་བ་འདྲ་བར་སྣང་ངོ༌། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །འདི་ནི་རྣམ་པ་དྲུག་ཏུ་གཡོས་པའི་ནང་དུ་འདུ་བའི་ཕྱིར་ལོགས་སུ་མི་བགྲང་ངོ༌། །དེ་ལྟར་གཡོས་ཀྱང་སེམས་ཅན་ལ་གནོད་པ་མེད་ཀྱི། དལ་བུས་བགས་ཀྱིས། སེམས་ཅན་ལ་ཕན་གདགས་པས་བསྟན་པ། དེ་ནས་དེའི་ཚེ་སྐད་ཅིག་དེ་ནས་ཤོག་བུ་གསུམ་དང་ཕྲེང་ལྔ་ལྷག་སོང་བའི་རྗེས་སུ་དེ་ནས་དེའི་ཚེ། སངས་རྒྱས་རྣམས་ཀྱི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས། སྟོང་གསུམ་གྱི། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ཀྱི་རྗེས་སུ་ཟིལ་གྱིས་མནན་ཏེ་བཞུགས་ནས་འོད་ནི་སྣང་བ་དང༌། འབར་བ་དང༌། སྐུ་མདོག་ནི་བགས་པ་མཛེས་པ། གཟི་བརྗིད་ནི་མཐུ་དབྱིབས་ནི་སྡུག་པ་ལ་སོགས་པའི་དཔལ་གྱིས། ཚིག་བཞིའི་རིམ་བཞིན་འོད་ཀྱིས་སྙོམས་པའི་ཚངས་པ་དང༌། ལྷ་རྣམས་དང་བདུད་དང་མུ་སྟེགས་རྣམས་གཅིག་ཏུ་བྱས་པ་དང་མི་རྣམས་ཟིལ་གྱིས་མནན་པས་རིམ་པ་ལྟར་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེའོ། །དེ་ནས་ཕྲེང་ཕྱེད་དང་བཅུ་དྲུག་སོང་བ་དང༌། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་སྐུ་ལྟ་བས་ཆོག་མི་ཤེས་པ། ཅི་འདྲ་བ་དེ་བཞིན་དུ་བསྟན་ཏོ། །ཞེས་བྱ་བ་ནི་འཁོར་ཡུག་བྱེ་བ་ཕྲག་བརྒྱའི་ནང་འདི་ན་ཚངས་པའམ། ལྷའམ། བདུད་དམ། མི་རྣམས་གང་ཡང་རུང་བའི་མདུན་ན་དེ་བཞིན་གཤེགས་པའི་མི་སྣང་བའི་སེམས་ཅན་སྐལ་བ་དང་མི་ལྡན་པར་གྱུར་པ་གཅིག་ཀྱང་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་ 4-1-9 པོ་དབྱིག་གཉེན་གསུངས། དེ་བཞིན་གཤེགས་པའི་རང་བཞིན་གྱི་སྐུ་ནི་དཀྱུས་མའི་སྐུ་སྟེ་མི་དང་ལྷ་རྣམས་ཀྱི་མདོག་དང་མི་འདྲ་ལ། འཇིག་རྟེན་ན་དེ་འདྲ་ཅུང་ཟད་ཀྱང་མེད་པ། ལྟ་བས་ཆོག་མི་ཤེས་པའི་སྐུའོ། །དེ་ནས་ཕྲེང་དགུ་ལྷག་པ་ན། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བཅོམ་ལྡན་འདས་ཀྱི་དབུའི། དེ་ནས་ཤོག་བུ་གསུམ་དང་ཕྲེང་ལྔའི་འོག་ཏུ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་ན་གནས་པ་རྣམས་གཅིག་ལ་གཅིག་སྣང་བར་བྱ་བ་དང༌། འཁོར་བསྡུ་བར་བྱ་བའི་ཕྱིར། གདན་སེང་གེའི་ཁྲི་དེ་ལ། དེ་ནས་ཤོག་བུ་གཉིས་ལྷག་པ་ན། ཀུན་གྱི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཡོད་པ་ཞེས་བྱ་བ་ཡོད་དེ། ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་ཕྱིར། འདིར་ལྷག་པ་རྣམས་ཀྱི་མཐའ་ལ་ཀུན་གྱི་ཕ་རོལ། ཞེས་བྱ་བར་བཟུང་ངོ༌། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་མཐའ་བསྟན་པ་དེའི་བར་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཤེས་པར་བསྟན་པ་ཡིན་ནོ། །ཞེས་དབུ་མ་པ་གསུངས། རིན་ཆེན་འབྱུང་གནས་ཞེས་བྱ་བ། སྲོག་གི་དབང་པོའི་རྒྱུན་ནམ་ཆོས་ཀྱི་སྐུས་བཞུགས་ཤིང༌། སྐུ་ལ་བྱུང་བའི་སྙུན་མི་མངའ་བས་སམ། ལོངས་སྐུ་ནི་གློ་བུར་གྱི་སྙུན་མི་མངའ་ཞིང་དུས་ཀྱི་བར་དུ་བཞུགས་པའམ། སྤྲུལ་པའི་སྐུས་བཞེངས་ཤིང་སྐྱོང་སྟེ། དེ་ནས་ཕྲེང་བཅུ་བདུན་ན། དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ་གཉིས་ཏེ། དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། ས་བཅུའི་བར་དུ་ཚངས་སྤྱོད་ཀྱིས་གནས་པ་དང༌། ས་བརྒྱད་པ་ཐོབ་པའི་ཕྱིར་རོ། །དེ་ནས་ཕྲེང་གསུམ་སོང་བ་ན། གསེར་གྱི་མདོག་ཅན་སྟོང་བསྐུར་ཏེ། ཅིའི་ཕྱིར་མཆོད་པ་བསྐུར་ཞིང་སྙུན་གསོལ་ཞེ་ན། སངས་རྒྱས་རྣམས་ཀྱིས་ཀུན་རྫོབ་ཀྱི་ཐ་སྙད་དེ། དད་པས་རྗེས་སུ་འབྲངས་པའི་འཇིག་རྟེན་གྱིས་མཐོང་ངམ། ཐོས་ནས་ཨེ་མའོ། །ཕན་ཚུན་ང་རྒྱལ་དང་ཕྲག་དོག་མི་མངའ་འོ། །ཞེས་དང་པོར་འགྱུར་བར་བྱ་བ་དང༌། ཞིང་གཞན་དག་ན་ཡང་སངས་རྒྱས་རྣམས་བཞུགས་པར་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་ཞིང་དེར་སྙིགས་མ་ལྔ་ཡོད་པའི་ཕྱིར། བག་ཡོད་པར་སྤྱོད་ཅིག །བག་བྱ་དགོས་པའི་རྒྱུ། དེ་ཅིའི་ཕྱིར་ཞེ་ན། མགུ་བར་དཀའ་བར་ཡིན་གྱིས། ཞེས་བྱ་བའི་ཚིག་འདི་ནི་བྱང་ཆུབ་སེམས་དཔའ་སྨད་པ། གཙོ་བོར་མཛད་པ་མ་ཡིན་གྱི་འཇིག་རྟེན་གྱི་ཁམས་ལ་སྨད་པ་གཙོ་བོར་མཛད་པ་ཁོ་ན་སྟེ། འཇིག་རྟེན་གྱི་ཁམས་དེ་ལྟ་བུ་ནས་དེ་ནི་བྱང་ཆུབ་སེམས་དཔའ་ལ་ཡང་དོགས་པ་སྐྱེ་བར་འགྱུར་རོ། །ཞེས་དེ་སྐད་ཐོས་ནས་འདིར་སྐྱེས་པ་རྣམས་སྐྱོ་བར་འགྱུར་ཞིང༌། དེ་བཞིན་གཤེགས་པ་ལ་དད་པ་ཆེར་སྐྱེ་བར་བྱ་བའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་བཞི་སོང་བ་ན། མཆོད་པ་བྱེད་ཅིང་ཞེས་བྱ་བ་ནི་ལུས་དང༌། ངག་དང༌། ཡིད་གསུམ་གྱི་སྒོ་ནས་གུས་ཤིང་བསྟི་སྟང་བྱེད་པའི་རྣམ་གྲངས་སོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་གསུམ་སོང་བ་ན། བཅོམ་ལྡན་འདས་ལ་གློ་བུར་གྱི་སྙུན་མི་མངའ་འམ། ན་བཟའ་ལ་སོགས་པ་དང་མི་ 4-1-10 ལྡན་པའི་གནོད་པ་མ་མཆིས་སམ། ཟོ་མདོག་བདེ་བའམ། ཞེས་པ་ནི་བཀྲེས་པ་ལ་སོགས་པས་སྐུ་ཟོར་ལྕི་བར་མ་གྱུར་ཏམ། གསུམ་པོ་དེའི་འབྲས་བུས་སྐུ་ཉམས་དང་ལྡན། དེ་ནས་ཕྲེང་དྲུག་ལྷག་ཙམ་ན། བམ་པོ་གཉིས་པ། དེ་ནས་ཤོག་བུ་བཅུ་དགུ་དང་ཡིག་ཕྲེང་བཞི་སོང་བ་ན། དེ་ནས་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པའི་མཐུ་དང་བྱིན་ཆེ་བ་བསྟན་པ་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་གཤེགས་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་དད་པ་དང་མོས་པ་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་ཀྱི་བྱིན་གྱིས་རླབས་ཀྱིས་སྐད་ཅིག་ཡུད་ཙམ་དེ་ནས་ཕྲེང་ལྔའི་རྗེས་སུ། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། ༈ བདེ་ལེགས་སུ་གྱུར་ཅིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དགྱེས་པར་གྱུར་ཅིག །ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིན་དང་མཐར་གྱིས་དང༌། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །འདིའི་མཐར་གསུངས་པའི་དོན་བདུན་ཅུའི་ཚིག་རྣམས་ནི་དོན་དེ་དང་དེ་རྣམས་རྫོགས་པའི་མཐར་འབྱོན་པར་འགྱུར་རོ། །བམ་པོ་གསུམ་པ། དེ་ནས་ཕྲེང་གཉིས་ནས། མང་པོ་དེ་དག་འདུས་པར་ཐུགས་སུ་ཆུད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མགོ་སྨོས་པས་གོ་བ་དང༌། རྣམ་པར་སྤྲོས་ནས་གོ་བ་དང༌། དྲང་དགོས་པའི་གདུལ་བྱ་རྣམས་གདུལ་བྱ་ལ་བརྩམས་ཏེ། མདོར་བསྟན་པའི་སྒོ་དང༌། འབྲིང་དུ་བསྟན་པའི་སྒོ་དང༌། རྒྱས་པར་བསྟན་པའི་སྒོ་དང༌། སྒོ་གསུམ་གྱིས་བཤད་དོ། ། ཞེས་དབུ་མ་པ་གསུངས་པས་འདི་ལས་གསུམ་གྱི་དང་པོར་མདོར་བསྟན་པའི་སྒོ་ནི། བཀའ་སྩལ་པ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་། ཤཱ་ར་དྭ་ཏིའི་བུ། སེམས་དཔའ་ཆེན་པོ་ཇི་སྙེད་ཡོད་པའི། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་གྱི། རྣམ་པ་ཐམས་ཅད་བརྩོན་པར་བྱའོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་ཆོས་ནི་རྣམ་པ་གཉིས་ཏེ། ཀུན་བཏགས་པའི་ཆོས་རྣམས་དང༌། ཡོངས་སུ་གྲུབ་པའི་ཆོས་རྣམས་སོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་རྣམ་པ་གཉིས་ཏེ། ཀུན་རྫོབ་ཀྱི་རྣམ་པ་དང་དོན་དམ་པའི་རྣམ་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྣམ་པ་གཉིས་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ལ་ཀུན་བཏགས་པའི་ཆོས་འཇིག་རྟེན་གསུམ་དུ་གཏོགས་པ་དང༌། དུས་གསུམ་དུ་གཏོགས་པ་རྣམས་ནི་འཇིག་རྟེན་པའི་ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་པར་ 4-1-11 རྫོགས་པར་བྱང་ཆུབ་བོ། །ཡོངས་སུ་གྲུབ་པའི་ཆོས་རྣམས་ནི་འཇིག་རྟེན་ལས་འདས་པ་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱི་ཡོངས་སུ་མྱ་ངན་ལས་འདས་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། ཞེས་དང༌། འདིར་ནི་སངས་རྒྱས་ཀྱི་སས་བསྡུས་པའི་ཤེས་རབ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དང༌། བརྩོན་པར་བྱའོ། །བྱ་བ་ནི་བསྒྲུབ་པ་བསྟན་པ་ཡིན་ནོ། །ཞེས་ཀུན་མཁྱེན་གཉིས་པ་གསུངས་ཤིང་འབུམ་ཏིག་ལས་ཀྱང་དེ་དང་མཐུན་པར་གསུངས་ལ། སྙིང་པོའི་མདོ་བཅུ་དང༌། སེམས་འགྲེལ་སྐོར་གསུམ་ལ་སོགས་དང་ཡང་ཤིན་ཏུ་མཐུན་ནོ། ། ད་ནི་རྣམ་པར་སྤྲོས་ནས་གོ་བ་རྣམས་ཀྱི་དོན་དུ། གཉིས་པ་འབྲང་དུ་བསྟན་པའི་སྒོ་ནི། རྒྱས་པའི་སྒོ་ནས་བརྗོད། །དེ་ནས་ཚེ་དང་ལྡན་པ། དེ་ནས་ཕྲེང་གཉིས་ན། སེམས་དཔའ་ཆེན་པོ། ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་གྱི་རྣམ་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་གནས་པའི་རྟོག་པ་མེད་པའི་ཚུལ་དུ། འཁོར་གསུམ་ཡོངས་སུ་དག་པས། ཡོངས་སུ་གཏང་བ། སེམས་བསྐྱེད་ལ། མདོར་བསྟན་ལ་མདོའི་དུམ་བུ་ཅིག་རྒྱས་བཤད་ལ་སུམ་བརྒྱ་ལྔ་བཅུ་ཟེར་བ་སྣང༌། རྫོགས་ཚིག་རེ་རེ་བྱུང་བའི་རྗེས་སུ་གྲངས་ཡིག་རེ་རེ་གང་བ་སྟེ། གྲངས་ཀྱང་སུམ་བརྒྱ་ལྔ་བཅུ་རྩ་གསུམ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བདག་ནི་ཚུལ་ཁྲིམས་དང་ལྡན་ནོ། །འདི་ནི་ཚུལ་ཁྲིམས་སོ། །འདི་ནི་ཚུལ་ཁྲིམས་འཆལ་པའོ། །སྙམ་པའི་རྟོག་པ་གསུམ་མི་དམིགས་དེ། འཁོར་གསུམ་དག་པས། ཚུལ་ཁྲིམས་རྫོགས་པར་བྱའོ། །འཁྲུག་པ་མེད་པའི་ཕྱིར། བཟོད་པ་དང༌། བཟོད་པར་བྱ་བ་དང༌། གནོད་སེམས་མི་དམིགས་ཏེ། འཁོར་གསུམ་དག་པས་བཟོད་པའི་བྱའོ། །ཉམས་པ་མེད་པའི་ཕྱིར། བརྩོན་འགྲུས་དང་ལྡན་པ་དང་བརྩོན་འགྲུས་དང༌། ལེ་ལོ་མི་དམིགས་ཏེ་འཁོར་གསུམ་དག་པས། བརྩོན་འགྲུས་ཀྱི་བྱའོ། །རྟོག་པ་མེད་པའི་ཕྱིར། ཏིང་ངེ་འཛིན་དང་ལྡན་པ་དང༌། ཏིང་ངེ་འཛིན་དང༌། གཡེང་བ་མི་དམིགས་ཏེ། འཁོར་གསུམ་དག་པས། བསམ་གཏན་གྱི་བྱའོ། །མི་དམིགས་པའི་ཕྱིར། ཤེས་རབ་དང་ཤེས་རབ་འཆལ་པའི་ཤེས་རབ་མི་དམིགས་ཏེ། འཁོར་གསུམ་ཡོངས་སུ་དག་པས། ཤེས་རབ་ཀྱི་རྫོགས་པར་བྱའོ། །ཞེས་བྱ་བ་ནི་གང་གི་ཕྱིར། དེ་བཞིན་ཉིད་ཙམ་དུ་མཐོང་བས་ནི་འཇིག་རྟེན་པའི་ཀུན་བཏགས་པའི་ཆོས་ཐམས་ཅད་མི་དམིགས་ལ། འཇིག་རྟེན་ལས་འདས་པ་རྣམས་ལ་ཡང་རྣམ་པར་མི་རྟོག་སྟེ། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བར་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བྱའོ་ཞེས་པའི་རྫོགས་ཚིག་རེ་རེའི་རྗེས་ལ་རིམ་པ་བཞིན་དུ་གྲངས་ཡིག་བཅོ་ལྔ་པའི་བར་དུ་གདབ་པར་བྱའོ། །དེ་ནས་ཤོག་ལོགས་ཕྱེད་གཉིས་སོང་བ་ན། སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ 4-1-12 རྫོགས་པར་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀུན་བཏགས་པའི་མཚན་ཉིད་ཀྱིས་སྟོང་པ་ལ། ཀུན་བཏགས་པའི་རྣམ་པ་དེས་སྟོང་ངོ༌། །ཞེས་སྟོང་པའི་རྣམ་པར་བསྒོམས་པ་ན་སེམས་རྩེ་གཅིག་ཏུ་གྱུར་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བྱའོ། །བརྗོད་དུ་མེད་པའི་དོན་དམ་པ་དེ་ཉིད་ནམ་མཁའ་བཞིན་དུ་གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ་མཚན་མའི་རྣམ་པར་རྟོག་པ་མེད་པའི་མཚན་ཉིད་སྤྲོས་པ་ཐམས་ཅད་ཞི་བ་ཡིན་པས་ཞི་བའི་རྣམ་པར་བསྒོམ་པ་ན་སེམས་རྩེ་གཅིག་ཏུ་གྱུར་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་བཞིན་དུ་ཁམས་གསུམ་པ་རྣམས་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་གཟིགས་པས་ཆོས་ཐམས་ཅད་ལ་མི་མཐུན་པའི་འདུ་ཤེས་ཉེ་བར་བཞག་ནས་ཕྱི་མ་ལ་དེར་སྨོན་པའི་གནས་སུ་མི་བྱའོ། །སྙམ་དུ་ཡང་དག་པར་རྗེས་སུ་གཟིགས་ནས་སེམས་རྩེ་གཅིག་ཏུ་གྱུར་པ་ལས་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། འདི་མན་ཆད་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་བསྟན་ཏེ། ཤཱ་ར་དྭ་ཏིའི་བུ། དེ་ནས་ཤོག་གུ་གསུམ་དང་ཡིག་ཕྲེང་ཕྱེད་དང་གཉིས་ཀྱི་རྗེས་སུ། རྣམ་པར་སྤྱོད་པ་དང་བཅས་པའི་ཏིང་ངེ་འཛིན། བསམ་གཏན་དང་པོ་ཡོངས་སུ་རྫོགས་པར་བྱའོ། །རྣམ་པར་སྤྱོད་པ་ཙམ་གྱི་ཏིང་ངེ་འཛིན། བསམ་གཏན་གཉིས་པ་རྫོགས་པར་བྱའོ། །རྣམ་པར་དཔྱོད་པ་མེད་པའི་ཏིང་ངེ་འཛིན། བསམ་གཏན་གསུམ་པ་དང་བཞི་པ་རྫོགས་པར་བྱའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། ཆུབ་པའི་སྐྱེ་མཆེད། ཟད་པར་གྱི་སྐྱེ་མཆེད་བཅུ་རྫོགས་པར་བྱའོ། །རྣམ་པར་དགོད་པ་མི་དམིགས་པའི་ཕྱིར། ཆོས་གདགས་པ་རྣམ་པར་དགོད་པ་བདེན་པ་རིགས་པ་ཐེག་གདགས་རྣམས་པར་དགོད་པ་སྟེ་རྫོགས་པར་བྱའོ། །སྤྱོད་པ་མི་དམིགས་པའི་ཕྱིར། དམ་པའི་ཆོས་ཡི་གེར་འབྲི་བ་ལ་སོགས་ཆོས་སྤྱོད་པ་བྱའོ། །བཟོད་པ་མི་དམིགས་པའི་ཕྱིར། རང་བཞིན་གྱིས་བཟོད་པ། གཞན་གྱིས་གནོན་པ་ལ་ཅི་མི་སྙམ་པའི་བཟོད་པ། སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པ། ཆོས་ལ་ངེས་པར་མོས་པའི། བྱ་དཀའ་བ་ལ། ཐམས་ཅད་ཀྱི་སྒོའི། སྐྱེས་བུ་དམ་པའི། རྣམ་པ་ཐམས་ཅད་དུ། ཕོངས་པ་འདོད་པ་ལ། འདི་དང་གཞན་དུ་སྡུག་བསྔལ་བ་ལ་བཟོད་པ་སྟེ་རྫོགས་པར་བྱའོ། །ལྷག་པའི་བསམ་པ་མི་དམིགས་པའི་ཕྱིར། མཆོག་གི་བསམ་པ་དང༌། ཚུལ་ཁྲིམས་ཀྱི། ཕ་རོལ་ཏུ་ཕྱིན་པའི་ཡང་དག་པའི་དོན་གྱི་བརྟན་པའི། མ་དག་པའི་དག་པའི། ཤིན་ཏུ་དག་པའི། ལྷག་པར་སེམས་པའི། ཕན་པའི། མི་བསླུ་བའི། བདེན་པར་བྱ་བའི། སེམས་དབང་དུ་གྱུར་པའི། འདུ་བྱེད་ཐམས་ཅད་ལ་སྐྱོན་དུ་ལྟ་བའི། མྱང་འདས་ལ་ཡོན་ཏན་དུ་ལྟ་བའི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྟག་ཏུ་བསྒོམ་པའི་དབེན་པ་ལ་གནས་པའི། ཟང་ཟིང་དང༌། རྙེད་བཀུར་ལ་མི་ལྟ་བའི། ཐེག་ཆུང་སྤངས་ནས་ཐེག་ཆེན་རྟོགས་པར་བྱ་བའི། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་བྱ་བའི་བསམ་པ་སྟེ། རྫོགས་པར་བྱའོ། །རྣམ་མཁྱེན་ལ་སོགས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་གསུམ་བྱའོ། །ལྷག་མཐོང་ཤེས་པ་མི་ 4-1-13 དམིགས་པའི་ཕྱིར། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལ་བརྟག་པར་མི་རྟོག་པ་སེམས་རྩེ་གཅིག་ཏུ་གནས་པའི་ཞི་གནས་དང༌། དེ་ལྟར་སེམས་རྩེ་གཅིག་ཏུ་གནས་པ་ལ་བྱིང་ཞིང་རྨུགས་པར་མི་འགྱུར་བར་ཤེས་རབ་ཀྱིས་གསལ་བར་བྱས་ཏེ། ཡང་དག་པའི་དོན་ལྷག་མཐོང་བའི་ལྷག་མཐོང་བྱའོ། །རིག་པ་མི་དམིགས་པའི་ཕྱིར། སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ། འཆི་འཕོ་དང༌། སྐྱེ་བ་ཤེས་པའི་རིག་པ། ཟག་པ་ཟད་པ་ཤེས་པའི་རིག་པ་སྟེ། རིག་པ་གསུམ་བྱའོ། །དེ་ནས་ཕྲེང་བཞི་སོང་བ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ། །སྔར་བཤད་པ་དང་ཟློས་པའི་སྐྱོན་མེད་དེ། སེམས་ཅན་སྨིན་པར་བྱ་བའི་སྐབས་ཡིན་པས་སོ། །ནོར་མི་དམིགས་པའི་ཕྱིར། དད་པ། ཚུལ་ཁྲིམས། ཐོས་པ། གཏོང་བ། ཤེས་རབ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ་སྟེ། ནོར་བདུན་བྱའོ། །རྣམ་པར་རྟོག་པ་མི་དམིགས་པའི་ཕྱིར། ནམ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་སེལ་ནུས་སྙམ་དུ་རྣམ་པར་རྟོག་པ་དང༌། ནམ་དབུལ་བས་ཉེན་པའི་སེམས་ཅན་རྣམས་འབྱོར་བ་ཆེན་པོ་ལ་འཇོག་ནུས་སྙམ་པ་དང༌། ནམ་ཤ་ཁྲག་དང་བཅས་པའི་ལུས་ཀྱི་སེམས་ཅན་རྣམས་ཀྱི་དོན་བྱེད་ནུས་སྙམ་པ་དང༌། དམྱལ་བ་ན་ཡུན་རིང་པོར་གནས་པས་ཀྱང༌། སེམས་ཅན་རྣམས་ལ་ཕན་པར་བྱེད་པ་འབའ་ཞིག་ཏུ་འགྱུར་སྙམ་པ་དང༌། ནམ་འཇིག་རྟེན་དང་དེ་ལས་འདས་པའི་འབྱོར་བས་འཇིག་རྟེན་ཐམས་ཅད་ཀྱི་རེ་བ་རྫོགས་པ་མཐོང་བར་འགྱུར་སྙམ་པ་དང༌། ནམ་སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱིན་པར་འགྱུར་སྙམ་པ་དང༌། སེམས་ཅན་ལ་ཕན་འདོགས་མེད་པའི་སྐྱེ་བ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱོར་བ་མེད་པའི་སེམས་དང་དོན་དམ་པའི་རོ་གཅིག་པུ་ལ་སྤྱོད་པ་དང༌། སྐྱེ་བོ་ཐམས་ཅད་སིམ་པར་བྱེད་པའི་ཚིག་མ་ཡིན་པ་དང༌། གཞན་ལ་མི་ཕན་པའི་འཚོ་བ་དང༌། གཞན་ལ་ཕན་བྱེད་མི་ནུས་པའི་ལུས་དང༌། གཞན་ལ་ཕན་འདོགས་པ་ལ་མི་གསལ་བའི་བློ་དང་སེམས་ཅན་ལ་ཕན་པར་མི་སྤྱོད་པའི་ནོར་དང་འགྲོ་བ་རྣམས་ཀྱི་དོན་སྤྱོད་པ་མེད་པའི་དབང་ཕྱུག་དང༌། གཞན་དང་གཞན་ལ་གནོད་པ་བྱེད་པར་དགའ་བར་ཚེ་རབས་ཚེ་རབས་སུ་མ་གྱུར་ཅིག་སྙམ་པ་དང༌། སྲོག་ཆགས་ཀུན་གྱི་སྡིག་པའི་ལས་ཀུན་གྱི་འབྲས་བུ་བདག་ལ་སྨིན་ལ་བདག་གི་ལེགས་པར་སྤྱད་པའི་འབྲས་བུ་ཐམས་ཅད་སེམས་ཅན་ཀུན་ལ་སྨིན་པར་གྱུར་ཅིག་སྙམ་དུ་རྣམ་པར་རྟོག་པ་སྟེ། སྐྱེས་བུ་ཆེན་པོའི་རྫོགས་པར་བྱའོ། །སེམས་ཅན་གྱི་གནས་མི་དམིགས་པའི་ཕྱིར། ལུས་ཐ་དད་ཅིང་འདུ་ཤེས་ཀྱང་ཐ་དད་པ། ལུས་ཐ་དད་ལ་འདུ་ཤེས་གཅིག་པ། ལུས་གཅིག་ལ་འདུ་ཤེས་ཐ་དད་པ། ལུས་གཅིག་ལ་འདུ་ཤེས་གཅིག་པ། གཟུགས་མེད་བཞི། འདུ་ཤེས་མེད་པའི་སེམས་ཏེ། དགུ་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ཕྲེང་བྱེད་བདུན་སོང་བ་ན། རྫོགས་པར་བྱའོ། །དེ་ལྟར་མདོར་བཤད་པར་ཆོས་ཐམས་ཅད་བསྡུས་ཏེ་བསྟན་ནས། ད་ནི་རྒྱས་པར་བཤད་པ་མཛད་པ་ལ། གང་སྔར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པར་འདོད་པས་ཞེས་ 4-1-14 སྨོས་པ་ནི་བྱང་ཆུབ་སེམས་དཔའི་བསམ་པ་བསྟན་ཏོ། །ད་ནི་བསམ་པ་དེ་ཉིད་ཀྱི་བསམ་པའི་རྒྱུ་དང་འབྲས་བུ་དང་བཅས་པ་ལ་སོགས་པས་རྒྱས་པར་རྣམ་པར་ཕྱེ་སྟེ་བསྟན་པར་བྱའོ། །དེ་ཡང་རྣམ་པ་གསུམ་གྱིས་སྟོན་ཏེ། ཐེག་པ་གསུམ་འབྲས་བུ་དང་བཅས་པ་དང༌། བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་དང༌། སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་དེ། དེ་ནས་ཡང་ཕྲེང་ལྔ་ཙམ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པའི་བར་གྱི་ཚིག་ལྔས་ཐེག་པ་གསུམ་འབྲས་བུ་དང་བཅས་པ་བསྟན་ཏོ། །བསླབ་པར་བྱའོ། །ཞེས་བྱ་བ་ནི་ཉན་ཐོས་དང༌། རང་སངས་རྒྱས་ཉིད་ལས་ལྡོག་པ་ལས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཞེས་ཟེར་རོ། །གཞན་དག་ན་རེ། སྐྱོན་མེད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱའོ། །ཞེས་སོ། །དེ་ལ་གནས་སྐབས་ནི་གསུམ་སྟེ། ཀུན་ནས་ཉོན་མོངས་པའི་སྐྱོན་མེད་པ་ཉིད་དང༌། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་དེ་བཞིན་ཉིད། དེ་ཡང་རྣམ་པ་གསུམ་སྟེ། བྱིས་པ་སོ་སོའི་སྐྱེ་བོའི་ས་ལ་མ་དག་པའི་གནས་སྐབས་དང༌། བྱང་ཆུབ་སེམས་དཔའི་ས་ལ་དག་པ་དང་མ་དག་པའི་གནས་སྐབས་དང༌། དེ་བཞིན་གཤེགས་པའི་ས་ལ་དག་པའི་གནས་སྐབས་རྣམས་སོ། །དེ་ལ་མ་དག་པའི་དེ་བཞིན་ཉིད་ལ་ནི་སེམས་ཅན་ཞེས་བྱ་སྟེ། དེ་ཡང་ཀུན་ནས་ཉོན་མོངས་པའི་སྐྱོན་མེད་པ་ཉིད་ཅེས་བྱའོ། །དག་པ་དང་མ་དག་པའི་གནས་སྐབས་ལ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བྱང་ཆུབ་ཀྱི་གནས་སྐབས་དག་པ་དང་སེམས་ཅན་གྱི་གནས་སྐབས་མ་དག་པའི་ཕྱིར་རོ། །དེ་ཉིད་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཞེས་བྱའོ། །དག་པའི་གནས་སྐབས་ལ་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། རབ་འབྱོར། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཡང་དག་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དྭགས་སོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱའོ། །དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཞེས་བྱ་བ་ནི་མ་དག་པ་ཀུན་ནས་ཉོན་མོངས་པའི་སྐྱོན་མེད་པའི་གནས་སྐབས་གང་ཡིན་པའི་དེ་ཡོངས་སུ་སྤངས་ནས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དག་པ་དང་མ་དག་པ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཉིད་ཀྱིས་གནས་སྐབས་ཐོབ་པ་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་བཞིན་ཉིད་སྐྱོན་མེད་པའི་གནས་སྐབས་ཐོབ་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུའི་དབྱིག་གཉེན་གསུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་བྱ་བའི་ཡོན་ཏན་ཁྱད་ཞུགས་པའི་ཕྱིར། སའི་ཡེ་ཤེས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི། ཡོན་ཏན་རྣམ་པ་བཞིས་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་ལས་འདས་པ་ཡིན་ཏེ། དབང་པོའི་ཁྱད་པར་དང༌། བསྒྲུབ་པའི་ཁྱད་པར་དང༌། ཡེ་ཤེས་ཀྱི་ཁྱད་པར་དང༌། འབྲས་བུའི་ཁྱད་པར་གྱིས་སོ། །ཞེས་དབུ་མ་པ་གསུངས། ཕྱིར་མི་ལྡོག་པའི་ས། རབ་ཏུ་དགའ་བ་ལ་སོགས་པ་ལ་གནས་ 4-1-15 བསླབ་པར་བྱའོ། །དེ་ལ་ཕྱིར་མི་ལྡོག་པའི་ས་ནི་རིགས་དང་མི་ལྡན་པ་དང༌། སྡིག་པའི་གྲོགས་པོས་ཟིན་པ་དང༌། སྙིང་རྗེ་ཆུང་བ་དང༌། འཁོར་བའི་སྡུག་བསྔལ་ཡུན་རིང་ཞིང་མི་བཟད་པས་འཇིགས་པ་སྟེ་རྒྱུ་བཞིས་བྱང་ཆུབ་ཀྱི་སེམས་ལ་སོགས་ལ་རྒྱལ་སྲས་ལ་རྒྱུ་བཞི་པོ་མེད་པས་ཕྱིར་མི་ལྡོག་པའི་སའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལྷུར་ལེན་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཅི་སེམས་པ་དང་སྤྱོད་པ་རྣམ་པར་གཡོ་བ། གང་ལ་དད་པ་ཤེས་པར་འདོད་པར་བྱའོ། །ཐམས་ཅད་ཀྱི་ཡེ་ཤེས་གང་ཟག་ལ་བདག་མེད་པ་ཙམ་ཤེས་པར་བྱས་ཏེ། བྱང་ཆུབ་སེམས་དཔའི་ཡེ་ཤེས་གང་ཟག་དང་ཆོས་གཉིས་ཀ་ལ་བདག་མེད་པར་ཤེས་པ་དེས་ཟིལ་གྱིས་མནན་བསླབ་པར་བྱའོ། །སྔར་བཤད་པའི་གཟུངས་ཀྱི་སྒོ་དང༌། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་བསླབ་པར་བྱའོ། །དེ་ནས་ཕྲེང་ཅིག་ལྷག་སོང་བ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་བྱ་བ་ནི་ཉན་ཐོས་དང༌། རང་སངས་རྒྱས་དག་སྦྱིན་པ་བྱེད་པའི་སེམས་ནི་སྲེད་པ་དང་བཅས་ཤིང་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རོ། །སྲེད་པའི་འབྲས་བུ་དང་བདག་གི་དོན་དུ་བྱེད་པར་འགྱུར་བས་དག་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་ནི་སྲེད་པ་མེད་པ་དང༌། རྣམ་པར་མི་རྟོག་པ་དང༌། མཚན་མའི་སྤྱོད་ཡུལ་མ་ཡིན་པ་དང༌། བདག་དང་གཞན་ལ་ཕན་པ་བསྒྲུབ་སྟེ། ཡོན་ཏན་དེ་དག་གིས་འཕགས་པའི་ཕྱིར་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ལ་ཡང་སྦྱར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཡིག་ཕྲེང་བཅུ་གཅིག་ཙམ་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཡོ་བྱད་དང་མི་ལྡན་ཏེ་སྦྱིན་པ་ཆུང་ངུ་ཙམ་བྱིན། ཡོངས་སུ་བསྔོ་བ་དང་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་ཇི་ལྟ་བུར་ན་འབྲས་བུ་བྱའོ། །དེ་ནས་ཕྲེང་བརྒྱད་ལྷག་པ་ན། འདོད་པ་དང༌། འཁོར་གསུམ་ཡོངས་སུ་དག་པས། སྦྱིན་པའི་བྱའོ། །དེ་ནས་ཡིག་ཕྲེང་བདུན་ལྷག་པ་ན། སངས་རྒྱས་ཀྱི་ཆོས་ཀྱི་དང་གཟུགས་ཀྱི་སྐུ་མངོན་སུམ་མཐོང་བར་འགྱུར། མཐོང་ནས་ཀྱང་ཇི་ལྟར་སངས་རྒྱས་ཀྱིས། དགེ་བ་ལ་བསྐུལ་བར་འགྱུར། སངས་རྒྱས་ཀྱིས་ཐུགས་ཀྱིས་དགོངས་པར་འགྱུར། སངས་རྒྱས་ཀྱི་སྐུ། ཡོངས་སུ་བསྒྲུབ་བྱའོ། །དེ་ནས་ཡིག་ཕྲེང་ཕྱེད་དང་བཅུ་གཉིས་ན། བསླབ་པར་བྱའོ། །ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་རིགས་ནི་འདིར་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ལ་བྱ་སྟེ། ས་བརྒྱད་པ་ལ་རྣམ་པར་རྟོག་པ་ཐམས་ཅད་དང༌། རྩོལ་བ་ཐམས་ཅད་དང༌། མཚན་མ་ཐམས་ཅད། རྒྱུན་ཆད་པའི་ཕྱིར། རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་གནས་གྱུར་པ་ལ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་གསུངས། གཞོན་ནུའི་ས་ནི་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པའི་ཕྱིར་ས་བརྒྱད་པ་སྟེ་དེ་བྱའོ། །དེ་ནས་ཡིག་ཕྲེང་བཅུ་གསུམ་གྱི་རྗེས་སུ། ཆོས་ཀྱི་རྗེས་སུ་དབྱིངས་ཀྱིས་ཀླས་པ། ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ལ་བྱ་སྟེ། སེམས་ཅན་གྱི་འཇིག་རྟེན་ལ་ཡང་མཐའ་མེད་པའི་ 4-1-16 ཕྱིར། དེ་བཞིན་གཤེགས་པའི་སྙིང་པོས་ཀླས་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པའི། སྣོད་ཀྱི་འཇིག་རྟེན་ན་ཡོད་པའི་སེམས་ཅན། དེ་ནས་ཕྲེང་གསུམ་ན། སེམས་བསྐྱེད་པ་ཅིག་འགའ་ཡང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་ཡང་ཆུའི་ཐིགས་པས་གཅིག་རྒྱ་མཚོར་བླུགས་ནས། རྒྱ་མཚོ་མ་ཟད་པར་ཟད་པར་མི་འགྱུར་བ་བཞིན་དུ། སྙིང་པོ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་གི་རྗེས་སུ་བསླབ་པར་བྱའོ། །ཞེས་པ་ནི་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པ་ཡིན་པས་སངས་རྒྱས་སྐྱེ་བའི་རྒྱུན་མི་འཆད་པའི་ཕྱིར་རོ། །ཞེས་འབུམ་ཏིག་གསུངས། རིགས་ཡོངས་སུ་མི་ཉམས་པར་བསྲུང་བར་འདོད། རིགས་སམ་གདུང་རྒྱུན་མི་གཅད། དེ་ནས་ཤོག་གུ་གཅིག་ལྷག་སོང་བ་ན། དཔའ་ཆེན་པོ་རྣམ་ཤེས་སྐྱེ་བའི་རྐྱེན་བཞི་ལས་གཟུགས་སོགས་ཡུལ་དྲུག་ནི་དམིགས་པའི་རྐྱེན་དང༌། མིག་སོགས་དབང་པོ་དྲུག་ནི་དབང་གི་རྐྱེན་དང༌། རྣམ་པར་ཤེས་པ་དྲུག་འདས་པའི་དེ་མ་ཐག་པ་ནི། དེ་མ་ཐག་པའི་རྐྱེན་དང༌། ཀུན་གཞིའི་རྣམ་ཤེས་ནི་རྒྱུའི་རྐྱེན་ཏེ། དེ་དག་ཁོང་དུ་ཆུད་དེ་རྟོགས་བྱའོ། །དཔའ་ཆེན་པོ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་དོན་དམ་དང་ཀུན་རྫོབ་ཀྱི་རྣམ་པ་དང༌། དེ་ནས་ཡང་ཤོག་གུ་གཅིག་གི་རྗེས་སུ། རླུང་གི་དཀྱིལ་འཁོར། རྩིག་པ་ལ་སོགས་པས་རླུང་བཅིལ་བ་བཞིན་དུ་སོར་མོ་གཅིག །དེ་ནས་ཡིག་ཕྲེང་དྲུག་ལྷག་ཙམ་ན། ཐམས་ཅད་ལ་དུས་གཅིག་ཏུ། བསོད་སྙོམས། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། ཕུད་དུད་དང༌། བསྟི་སྟང་དུ་བྱ་བར། དེ་ནས་ཤོག་གུ་བདུན་དང་ཡིག་ཕྲེང་གཅིག་གི་རྗེས་སུ་བྱེད་དོ། །ཞེས་བྱ་ལ་སོགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཅིག་པུའི་ནང་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྷག་མ་ལྔ་རྣམས་འདུས་པར་བསྟན་པ་སྟེ། དེ་ལ་ཟང་ཟིང་དང་ཆོས་དང་མི་འཇིགས་པ་གསུམ་ལས་གང་ཡང་རུང་བ་གཅིག་སྦྱིན་པར་བྱེད་པའི་ཚེ། འཁོར་གསུམ་ཡོངས་སུ་དག་པར་བྱིན་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྦྱིན་པ་བྱེད་པ་དེ་ཉིད་ཀྱི་ཚེ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པ་སྤོང་པ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ་ལེན་པ་པོ་ལ་སེམས་འཁྲུག་པ་མེད་ཅིང་བྱམས་པ་དང་སྙིང་རྗེ་བསྐྱེད་པ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ་བདག་གི་ལམ་དར་ཅིང་སྦྱིན་པ་བྱ་བར་སྤྲོ་བའི་སེམས་བསྐྱེད་པ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ་སེམས་གཞན་དུ་མ་གཡེངས་ཤིང་རྩེ་གཅིག་ཏུ་གྱུར་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ་འཁོར་གསུམ་ཡོངས་སུ་དག་པར་བྱེད་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །ཞེས་འབུམ་ཏིག་གསུངས། 4-1-17 བམ་པོ་བཞི་པ། དེ་ནས་ཡིག་ཕྲེང་བཅུ་ན། མི་དམིགས་པའི་ཚུལ་གྱིས། ཞེས་བྱ་བ་ནི་ཆོས་ཐམས་ཅད་ཤེས་རབ་ཀྱིས་ཤེས་སོ། །ཞེས་བྱ་བར་མི་དམིགས་པའོ། །ཞེས་དབུ་མ་པ་གསུངས་ཏེ། དེའི་ཚུལ་གྱིས། དེ་ནས་ཡིག་ཕྲེང་ཅིག་ན། སངས་རྒྱས་ཀྱི་དོན་དམ་པ་དང་ཀུན་རྫོབ་ཀྱི་ཡོན་ཏན་ཐམས་ཅད། ཆོས་རྒྱུ་རྐྱེན་རྣམས་ཚོགས་པས། འདུས་བྱས་དང༌། ཕ་རོལ་ཏུ་ཕྱིན་པ་ནི། ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། མཐར་ཕྱིན་ཅིང་ཆུབ་པར་འདོད་པས། ཆོས་གང་ལ་ཉོན་མོངས་པ་རྣམས་འབྱུང་བ། ཟག་པ་དང་བཅས་པ་དང༌། ཉོན་མོངས་པ་རྣམས་མི་འབྱུང་བ། ཟག་པ་མེད། སེམས་དཔའ་ཆེན་པོ། དགེ་རྩ་གསུམ་ལ་སོགས་པ། ཆོས་དགེ་བ་དང༌། དུས་གསུམ་ལ་སོགས་པ། མི་དགེ་བ། ཆོས་འཇིག་རྟེན་པ། མོས་པ་སྤྱོད་པའི་ས་མན་ཆད་དང༌། འཇིག་རྟེན་ལས་འདས་པ། ས་དང་པོ་ཡན་ཆད་རྣམས་ཀྱི། ཆོས་གཟུགས་ཡོད་པ། ལྟར་སྣང་ཞིང་ཐོགས་པ་དང་བཅས་པ་དང༌། ཆོས་གང་གིས་འབྲས་བུ་མཐོ་རིས་ལ་སོགས་པར་ལུང་བསྟན། བཟོ་ལ་སོགས་པ་འབྲས་བུ་བདེ་སྡུག་ཏུ་ལུང་བསྟན། གང་ཉན་རང་དང་བྱང་ཆུབ་ཀྱི་སེམས་དཔའི་རིགས་སུ་ངེས་པ་དང༌། ཆོས་ཁམས་གསུམ་ནས་འབྱུང་བ་དང༌། མི་འབྱུང་བ་འཁོར་བའི་རྒྱུར་གྱུར་པ་རྣམས་ཀྱི། ཚུལ་ཅན་སྒྲིབ་གཉིས་དང༌། ཁྱད་པར་གྱི་ཚུལ་ཅན། སྒྲིབ་གཉིས་ཀྱི་གཉེན་པོར་གྱུར་པ་རྣམས་ཀྱི། སོ་སོའི་སྐྱེ་བོའི་ཆོས། ཕྱིན་ཅི་ལོག་གི་སྤྱོད་པ་རྣམས་དང༌། དེ་ལས་བཟློག་པ་འཕགས་པའི་ཆོས། སློབ་པའི་ཆོས་རྒྱུན་དུ་ཞུགས་པ་ནས་ཕྱིར་མི་འོང་གི་བར་དང༌། མི་སློབ་པ། དགྲ་བཅོམ་པའི་འབྲས་བུའི་ཆོས་རྣམས། ཉན་ཐོས་ཀྱི་ཆོས་བདེན་བཞིའི་སྒོ་ནས་འཇུག་པ་དང༌། རང་སངས་རྒྱས་ཀྱི་ཆོས། རྟེན་འབྲེལ་རྟོགས་པའི་སྒོ་ནས་འཇུག་པ་རྣམས་ཀྱིས། དེ་ནས་ཕྲེང་གཉིས་ནས་སེམས་དཔའ་ཆེན་པོ། སྔར་སྨོས་པའི་ཆོས་ཐམས་ཅད་ཀྱི། དེ་ནས་ཕྲེང་ཕྱེད་དང་བཞི་ལྷག་པ་ན། སྔོན་དུ་འགྲོ་བ། ས་བཅུ་པ་ཐོབ་པར་འདོད་པ། དེ་ནས་ཕྲེང་གཉིས་ན། ནང་གི་འཁོར་ཞེས་བྱ་བ་ནི་གང་སངས་རྒྱས། བཅོམ་ལྡན་འདས་ཀྱིས་གསང་བར་འཇུག་པའི་ཡེ་ཤེས་དང་ཕྲ་བར་འཇུག་པའི་ཡེ་ཤེས་ལ་ཞུགས་པའོ། །ཞེས་ཉི་ཁྲི་སྣང་བར་གསུངས། དེ་ཉིད་དུ་འགྱུར་བར་འདོད་པ་དང༌། དཔའ་ཆེན་པོ་བརྒྱ་བྱིན་དང༌། ཚངས་པ་ལ་སོགས་པ་འཁོར་མང་པོ་དང་ལྡན། དཔའ་ཆེན་པོ་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་ཕྱིར། སྦྱིན་བདག་ཐམས་ཅད། དཔའ་ཆེན་པོ་སྦྱིན་པའི་མི་མཐུན་ཕྱོགས་སེར་སྣ་དང་བྲལ་བའི་ཕྱིར། སྦྱིན་པ་ལ་ཐོགས་པ་མེད། དེ་ནས་ཕྲེང་བཅུ་གཅིག་ན། ཤའི་མིག་ནི་གཟུགས་སྐུའི་སྤྱན་ཏེ་དེ་ཡོངས་སུ་གྲུབ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པའི་ཡེ་ཤེས་ཐམས་ཅད་ནི། ལྷའི་མིག་སྟེ་དེ་ཡོངས་སུ་གྲུབ། ཤེས་རབ་ཀྱི་མིག་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་གྲུབ། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་དང༌། མོས་པ་སྣ་ཚོགས་དང་ཁམས་སྣ་ཚོགས་མཁྱེན་པ་ནི་ཆོས་ཀྱི་མིག་སྟེ་དེ་ཡོངས་སུ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ 4-1-18 གྱིས་བསྡུས་པ་དགྲ་བཅོམ་པའི་ལམ་གྱིས་ཡེ་ཤེས་ནི་སངས་རྒྱས་ཀྱི་སྤྱན་བྱ་སྟེ། དེ་ཡོངས་སུ་བྱའོ། །དཔའ་ཆེན་པོ། མངོན་པར་ཤེས་པ་ཁྱད་པར་ཅན་ཐོབ་པས་ས་གོང་མ་ས་རྣམས་ཀྱང་མཁྱེན་པའི་ཕྱིར། ཤར་ཕྱོགས་དེ་ནས་ཤོག་གུ་ཕྱེད་དང་གསུམ་ལྷག་པ་ན། དྲན་པའི་གཟུངས་ཁྱད་པར་ཅན་ཐོབ་སྟེ། དེའི་སྟོབས་དང༌། ཞིང་ཡོངས་སུ་དག་པ་དང༌། མ་དག་པ་མང་པོ་མཐོང་བར་འདོད་པ་དང༌། དག་པའི་ཞིང་མང་པོ་ཡོངས་སུ། དེ་ནས་ཕྲེང་གསུམ་ན། དེ་དག་ཐམས་ཅད་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་ཐོས་པར་འདོད་པ་དང༌། ཐོས་ནས་ཀྱང་གཟུང་བར་འདོད། དེ་ནས་ཤོག་གུ་གཉིས་ཀྱི་རྗེས་སུ། བྱེ་མ་སྙེད་ཀྱི་བར་དག་ན་མུན་པ། དེ་ནས་ཤོག་གུ་ཕྱེད་གཉིས་ལྷག་ཙམ་ན། སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སེམས་ཅན་དེ་དག་ཐམས་ཅད་ཀྱིས། དེ་ནས་ཤོག་གུ་གཅིག་དང་ཡིག་ཕྲེང་བཅུའི་རྗེས་སུ་བདག་གི་མཐུས། སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་མིག་གིས་གཟུགས་མཐོང༌། དེ་ནས་ཤོག་གུ་གཉིས་དང་ཡིག་ཕྲེང་ལྔ་ན། མིའི་ལུས་ཐོབ་སྟེ། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་ལ་སོགས་པའི་འབྲས་བུ་ཕུན་སུམ་ཚོགས་པ་ལ་དགོད་པར་བྱ་སྙམ་སྟེ་བྱའོ། །དེ་ནས་ཕྲེང་བཞི་ན། ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་སྟོན་ཏོ། །འདི་མན་ཆད་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་སྟོན་ཏོ། །འདོད་པ་དང༌། ཞེས་བྱ་བ་ནི་སྐུའི་གསང་བ་ནི་ས་བཅུ་ཐོབ་པའི་སྤྱོད་ཡུལ་ཡིན་པས་དེ་སྐད་བཤད་དོ། །ཞེས་དབུ་མ་པ་གསུངས། དེ་བཞིན་གཤེགས་པའི་སྐུའི་འཕྲིན་ལས་ཡེ་ཤེས་སྔོན་དུ་འགྲོ་བ་དང༌། དེ་ནས་ཕྲེང་གཉིས་ན། གླང་པོ་ཆེན་པོའི་ལྟ་སྟངས་ཀྱིས། ཞེས་བྱ་བ་ནི་དམ་པ་རྣམས་ཀྱི་ལྟ་སྟངས་ཏེ། དེ་དག་ནི་སྟེང་ན་འདུག་པ་ལ་བཀྱེད་དེ་མི་ལྟ། འོག་ན་འདུག་པ་ལ་བཏུད་དེ་མི་ལྟ། གཡས་གཡོན་ན་འདུག་པ་ལ་མིག་བཟུར་ཏེ་མི་ལྟ། རྒྱབ་ན་འདུག་པ་ལ་མཇིང་པ་བསྒྱུར་ཏེ་མི་ལྟ། ཐག་རིང་པོ་ན་འདུག་པ་ན་བསྒྲིམས་ཏེ་མི་ལྟ། ཐག་ཉེ་བ་ན་འདུག་པ་ལ་བསྒྲིམ་པ་མེད་པར་ཡང་མི་ལྟའི། ཇི་ལྟར་འདུག་པའི་སྤྱོད་ལམ་དང༌། ཇི་ལྟར་ལྟ་བའི་མིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་དང་ཆོས་ཐམས་ཅད་ལ་ལྟ་བ་ནི་གླང་པོ་ཆེའི་ལྟ་སྟངས་ཞེས་འཆད་དོ། །ཞེས་དབུ་མ་པ་ཆེན་པོས་གསུངས་པས། ཚུལ་དེས་བལྟས་ཏེ་བསྒྱིངས་པར་འགྱུར། དེ་བཞིན་གཤེགས་པའི་མཐུ་དང༌། གཟི་བྱིན་གྱིས་བདུད་དང་ཕས་ཀྱི་རྒོལ་བ་ལ་སོགས་པ་སྐྱོང་ཞིང་ཟིལ་གྱིས་མནན་པའི་མཐུ་བསྟན་པའོ། །ཞེས་འབུམ་ཏིག་གསུང༌། ཇི་ལྟར་ན་བདག་གི་ཆོས་ལ་འགོད་པའི་དོན་ཡོད་རྣམ་པར་གནན་ནས་ཆོས་ལ་འགོད་པར་བྱ། མི་རིག་པ་སྐུའི་སྤྱོད་པ་སྐྱོན་མེད་པས་འགྲོ་བར་འགྱུར། དེ་ནས་ཤོག་གུ་གཅིག་དང་ཡིག་ཕྲེང་ཕྱེད་དང་བཅུ་ན། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་འདུག་པ་སྟེ། སྤྱོད་ལམ་གསུམ་གྱིས་བཞུགས་པ་དང༌། མྱ་ངན་ལས་འདའ་བ་ན། ཉལ་བའི་སྤྱོད་ལམ་གྱིས་བཞུགས་ཏེ། དུས་དེ་གཉིས་ཀས་ཐ་མལ་བས་འདེག་པར་མི་ནུས་པའི་ཕྱིར་ས་ཕྱོགས་ཏེ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་ 4-1-19 བཞིན་བྱའོ། །དེ་ལྟར་སེམས་བསྐྱེད་མདོར་བསྟན་དང་རྒྱས་བཤད་ལ་རིམ་པ་ལྟར་མདོའི་དུམ་བུ་གཅིག་དང་སུམ་བརྒྱ་ལྔ་བཅུ་རྩ་གསུམ་མོ། །འདི་མན་ཆད་སངས་རྒྱས་ཀྱི་ཡོན་ཏན་ཆེ་བའི་བདག་ཉིད་སྒྲུབ་པའི་ཕྱིར། བརྩོན་པའི་ཕན་ཡོན་སྟོན་ཏེ། ཤྭ་ར་དྭ་ཏིའི་བུ། དེ་ནས་ཕྲེང་ཕྱེད་དང་བཅུ་བདུན་ན། བམ་པོ་ལྔ་པ། དེ་ནས་ཕྲེང་ལྔ་ན། ཡོངས་སུ་སྤྱད་དེ། ཞེས་བྱ་བ་ནི་ས་བརྒྱད་པ་ལ། བྱང་ཆུབ་སེམས་དཔའ་རྣམས་དགྲ་བཅོམ་པ་དང་འདྲ་བར་ཉོན་མོངས་པ་དང་ཤིན་ཏུ་བྲལ་བ་དེ་དག་ལ་ཉོན་མོངས་པ་ཀུན་ཏུ་འབྱུང་བ་ཤིན་ཏུ་ཕྲ་བ་ཡང་མེད་པ་ན། འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱོད་མི་སྲིད་མོད་ཀྱི། འོན་ཀྱང་བདག་ཅག་གིས་བྱང་ཆུབ་སེམས་དཔའ་ནི་བསྡུ་བའི་དངོས་པོ་ལ་མཁས་ཏེ། དོན་མཐུན་པས་སེམས་ཅན་རྣམས་བསྡུ་བའི་ཕྱིར། བུད་མེད་ཉི་ཁྲི་བཞི་སྟོང་རེ་རེ་ལས་ཡང་བདག་གི་ལུས་ཀྱང་དེ་སྙེད་དུ་སྤྲུལ་ཏེ། དེ་དག་ཐམས་ཅད་དགའ་བར་མཛད་དོ། །དེ་བས་ན་ས་མཚོ་མ་ལ་སོགས་པ་བུད་མེད་ཉི་ཁྲི་བཞི་སྟོང་དང༌། གར་མཁན་དགུ་སྟོང་དང༌། གར་མཁན་མོ་དགུ་སྟོང་དང༌། དེ་དག་གི་འཁོར་གཡོག་མང་པོ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་སྟོན་པ་རྣམས་དང༌། ལྷ་དང་ཚངས་པ་རྣམས་ཀྱི་ནང་ན་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་མཛད་པ་གང་ཡང་མེད་དོ། །དེ་བས་ན་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཉིད་ཀྱི་ཕྱིར། འདོད་པ་ལ་སྤྱོད་པ་བསྟན་ཏོ། །ཞེས་དབུ་མ་པ་གསུངས་ཤིང༌། འདི་ནི་རྗེས་སུ་འཕགས་པ་རྒྱ་ཆེར་རོལ་པའི་མདོ་ཡང་དྲངས་སོ། ། ཆུང་མའི། དེ་ནས་ཕྲེང་ཕྱེད་དང་བཅུ་གསུམ་ན། སྡིག་ཏོའི་ལས་བྱེད་པར་འགྱུར་བ་ཡང་མེད་དོ། །དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུ་བོའི་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་འདིའི་དོན་ནི་ཉི་ཁྲི་སྣང་བ་དང༌། སློབ་དཔོན་སེང་གེ་བཟང་པོ་དང༌། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ་རྣམས་ཀྱིས། ཉི་ཁྲི་ལེ་བརྒྱད་མ་ལ་སོ་སོར་སྦྱར་ཡང༌། སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་ཞབས་དང༌། འབུམ་ཏིག་དང༌། བཙུན་པ་གྲོལ་སྡེས་མ་སྦྱར་ཞིང༌། གཞུང་འདི་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ལ་ཇི་ལྟ་བ་བཞིན་སྦྱར་དུ་མི་རུང་བའི་ཕྱིར་དང༌། དབུ་མ་པ་ཆེན་པོ། སློབ་དཔོན་དབྱིག་གཉེན་ཞལ་སྔ་ནས། དཔེ་ཉི་ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། མི་ཟད་པ་ཉིད་འབྱུང་བ་དང་སྦྱར་བར་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང༌། སེམས་བསྐྱེད་ཉེར་གཉིས་དང༌། མི་ཟད་པ་བརྒྱད་ཅུ་དོན་གཅིག་ཏུ་སྦྱོར་དགོས་པའི་ཕྱིར། མདོ་དེ་དང་སྦྱོར་བ་ཉིད་རྒྱལ་བ་བྱམས་པ་དཔོན་སློབ་གྱི་དགོངས་པ་ཡིན་ནོ། །མི་ཟད་པ་དང༌། ཇི་ལྟར་སྦྱོར་ན། སེམས་བསྐྱེད་ཉེར་གཉིས་ཀྱི་དང་པོ་ནི་བྱང་ཆུབ་ཀྱི་སེམས་མི་ཟད། 4-1-20 བྲལ་འབྲས་དང་སྨིན་འབྲས་གཉིས་སྐུ་ལ་ཕོར་དང་འབི་འབིའི་ཚུལ་དུ་འབྱུང་བ་གོང་མ་རྣམས་ལ་ཡང་རྒྱལ་ཆོས་བརྒྱད་ཅུའི་བར་ལ་འདྲི། གཉིས་པ་དང་གསུམ་པ་ནི་བསམ་པ་དང་སྦྱོར་བ་མི་ཟད་པ། བཞི་པ་ནི་ལྷག་པའི་བསམ་པ་མི་ཟད་པ། ལྔ་པ་ནས་བཅུ་པའི་བར་ནི་སྦྱིན་སོགས་ཕར་ཕྱིན་དྲུག་མི་ཟད་པ། བཅུ་གཅིག་པ་ནི་ཚངས་པའི་གནས་པ་བཞི་མི་ཟད་པ། བཅུ་གཉིས་པ་ནི་མངོན་ཤེས་དྲུག་མི་ཟད་པ། བཅུ་གསུམ་པ་ནི་བསྡུས་དངོས་བཞི་མི་ཟད་པ། བཅུ་བཞི་པ་ནི་སོ་སོ་ཡང་དག་པར་རིག་པ་བཞི་མི་ཟད་པ། བཅོ་ལྔ་པ་ནི་རྟོན་པ་བཞི་མི་ཟད་པ། བཅུ་དྲུག་པ་ནི་ཚོགས་གཉིས་མི་ཟད་པ། བཅུ་བདུན་པ་ནི་བྱང་ཆུབ་ཀྱི་ཆོས་སོ་བདུན་མི་ཟད་པ། བཅོ་བརྒྱད་པ་ནི་ཞི་གནས་དང་ལྷག་མཐོང་མི་ཟད་པ། བཅུ་དགུ་པ་ནི་གཟུངས་དང་སྤོབས་པ་མི་ཟད་པ། ཉི་ཤུ་པ་ནི་ཆོས་ཀྱི་སྡོམ་བཞི་མི་ཟད་པ། ཉེར་གཅིག་པ་ནི་བགྲོད་པ་གཅིག་པའི་འགོག་ལམ་གཉིས་མི་ཟད་པ། ཉེར་གཉིས་པ་ནི་ཐབས་མཁས་པའི་སྐུ་བཞི་མི་ཟད་པ་སྟེ། དེ་ལྟར་ན་གནས་ལུགས་ལ་ཇི་ལྟར་ཡོད་པ་བཞིན། རྒྱས་འགྱུར་ལ་འབྱུང་བར་ཤེས་པ་ནི་ཐུབ་པའི་བཀའ་ལ་མི་རྨོངས་འགྱུར། ཉེར་གཉིས་ཡིན་ཡང་བརྒྱ་ཅུ་དང༌། བརྒྱད་ཅུ་དོན་ཇི་ལྟ་བ་བཞིན་དུ་གཅིག་པའི་ཕྱིར་ཡིན་ཡང་ཉེར་གཉིས་སུ་འགྱུར་རོ། །རྣམ་མཁྱེན་གྱི་དོན་བཅུ་ལས། སེ༷མས་བསྐྱེ༷ད་པ༷་ད༷ང་། ཞེས་པའི་དོན་དང་པོ་གསུངས་ཟིན་ཏོ། ། དེ་ལྟར་སེམས་བསྐྱེད་ནས་སྒྲུབ་པ་ཉམས་སུ་ལེན་པ་ལ་བཅུ་ལས་དང་པོ། སྒྲུབ་དང་། ཞེས་པ་སྒྲུབ་པའི་ངོ་བོ་ནི། དེ་སྐད་དེ་ནས་ཕྲེང་གཅིག་ན་སྤྱད་པར་བགྱི། ཞེས་བྱ་བ་དམིགས་པ་དང་བཅས་པ་དང་མཚན་མ་དང་བཅས་པ་ཞུས་སོ། །བཅོམ་ལྡན་འདས་ཀྱིས་དམིགས་པ་དང་བས་མཚན་མ་དེ་དག་བསལ་བའི་ཕྱིར་བཀའ་སྩལ་པ། དཔའ་ཆེན་པོ་ཤེས་རབ་ཀྱི་སྤྱོད་ཅིང་རྣལ་འབྱོར་དུ་བྱེད་པའི་ཚེ། ཅིར་ཡང་མི་རྟོག་ཅིང་མི་དམིགས་པ་དགོས་ཏེ། མདོ་སྡེའི་རྒྱན་དུ། རྒྱལ་བའི་སྲས་རྣམས་ཀྱིས་ནི་མེད་དང་ཡོད་པ་དང༌། །སྒྲོ་འདོགས་སྐུར་བའི་རྟོག་པ་གཅིག་ཉིད་དུ་མ་ཉིད། །རང་དང་ཁྱད་པར་རྟོག་དང་མིང་དོན་ཅི་བཞིན་དུ། །མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ། །ཞེས་རྣམ་རྟོག་བཅུ་སྤང་དགོས་པར་གསུངས་ཤིང༌། འཕགས་པ་ཐོགས་མེད་སྐུ་མཆེད་དང༌། འཕགས་པ་ཕྱོགས་གླང་གིས་ཀྱང་དེ་དང་མཐུན་པར་གསུངས་པ། བྱང་ཆུབ་སེམས་དཔའ་གྱུར་བཞིན་དུ། བྱང་ཆུབ་སེམས་དཔའ་སྙམ་དུ་ཡང་དག་པར་མི་དམིགས་ཤིང་རྗེས་སུ་མི་མཐོང་ངོ༌། །སའི་མིང་ཡང་ཀུན་བཏགས་པའི་བདག་ཉིད་ཀྱིས་ཡང་དག་པར་འཕགས་པ་ཕྱོགས་གླང་གིས་མེད་ཅེས་བྱ་ལ་སོགས་ཚིག་གིས་བརྟགས་པ་ཐམས་ཅད་འགོག་པ་སྟེ། ཞེས་བརྒྱད་སྟོང་དོན་བསྡུས་སུ་གསུངས་པ། ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཡང་དག་པར་མ་གཏོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུང་སྟེ། ལུང་ 4-1-21 འདིས་ཀྱང་ཤེར་ཕྱིན་མཚན་ཉིད་པ་འདུས་མ་བྱས་ཡོངས་གྲུབ་དགུ་ལ། སོགས་པ་དང་དོན་གཅིག་པ་བསྟན་པས་ཤེས་རབ་གང་ཡིན་འདུས་བྱས་སུ་འདོད་པ་བསལ་བ་ཡིན་ནོ། །མིང་ཡང་ཀུན་བཏགས་ཡིན་པས། ཆོས་ཐམས་ཅད་ལ་བྱ་བ་མེད་པ་སྤྱོད་ཅེས་བྱ། མི་སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བྱ་བ་ནི་བྱ་བ་མེད་ཀྱང་ཆོས་ཀྱི་དབྱིངས་སྦྱང་བར་བྱ་བ་ཡོད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ལྟར་གང་ཟག་སྟོང་པ་ཉིད་བསྟན་ནས་ཆོས་བདག་མེད་པ་བསྟན་པའི་ཕྱིར། གཟུགས་ཀྱང་མི་དམིགས་ཤིང༌། ཡང་དག་པར་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བས་ན་ཕུང་པོ་ལྔའི་རྣམ་པ་ཡང་མེད་དོ། །སྤྱོད་པའི་རྣམ་པར་རྟོག་པས་དེ་ལྟར་དམིགས་སུ་མེད་པ་བསྟན་ནས། དེ་ཅིའི་ཕྱིར་ཞེ་ན། ཞེས་དྲི་བ་བྱས་ནས་གཏན་ཚིགས་སྟོན་ཏོ། །ད་ནི་འདི་ལྟར་སྐབས་འདིའི། བྱང་ཆུབ་སེམས་དཔའ་ཡང་ཀུན་བཏགས་ཡིན་པས། དེ་ཅིའི་ཕྱིར་ཞེ་ན། ཀུན་རྫོབ་དེའི་རང་བཞིན་རང་སྟོང་པ་དེ་ཡིན་ཏེ། འདི་ལྟར་རང་རང་ངོ་བོས་སྟོང་པ་ཉིད་ཀྱི། ཀུན་རྫོབ་ཀྱི་གཟུགས་གཞན་གྱིས་སྟོང་པ་མ་ཡིན། གུད་ན་ཡང་རང་རང་ངོ་བོས་སྟོང་པ་ཉིད། སྟོང་པ་ཉིད་ཀྱི་གཟུགས་སོ། །ཞེས་པ་འདིས་ཀུན་རྫོབ་ཀྱི་སྣང་སྟོང་དབྱེར་མེད་བསྟན་ཏེ། ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ནས་ཕྲེང་དྲུག་ན་མིང་ཙམ་མོ། །ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའ་ལ་སོགས་པའི་མིང་གིས་གོང་དུ་སྨོས་པ་རྣམས་ཀུན་རྫོབ་ཏུ་མིང་ཙམ་དུ་བརྗོད་དུ་ཟད་ཀྱི་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་བོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་འགའ་ཞིག་འདི་སྙམ་དུ་རྟོག་སྟེ། བྱང་ཆུབ་སེམས་དཔའ་དང་གཟུགས་ལ་སོགས་པ་དེ་དག་དེ་ལྟར་རང་བཞིན་གྱི་སྟོང་སྟེ་མེད་ན་རི་བོང་རྭ་བཞིན་དུ་བལྟར་མི་སྣང་བའི། རང་བཞིན་ན་གཟུགས་ལ་སོགས་པ་ནི་དེ་ལྟ་མ་ཡིན་ནོ། །སྙམ་པ་ལ་དེ་ཡང་འདི་སྒྱུ་མ་ལྟ་བུའོ། །ཞེས་བྱ་བ་ལ་སོགས་པས་སྒྱུ་མའི་དཔེས་བསྟན་ཏེ་སྒྱུ་མ་མཁན་གྱིས་རྟ་དང་གླང་པོ་ཆེ་ལ་སོགས་པ་སྒྱུ་མར་བྱས་པ་རྣམས་རྟ་དང༌། གླང་པོ་ཆེ་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཡང་རྟ་དང༌། གླང་པོ་ཆེ་ལ་སོགས་པའི་གཟུགས་སུ་སྣང་བ་མ་ཡིན་པ་དང་འདྲའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་འབུམ་ཏིག་གསུངས། སྒྱུ་མ་ནི་ཀུན་བཏགས་པ་ཡིན་པས་མིང་ཙམ་སྟེ། རྣམ་པར་ཤེས་པ་ལ་སོགས་པ་ལྟར་གཟུགས་མེད་པའི་མཚན་ཉིད་ཕྱོགས་ན། གཟུགས་ཅན་མ་ཡིན་པས་ཡུལ་ན་མ་ཡིན་པས་ན་མེད་དོ། །སྒྱུ་མ་མཐོང་བ་སྟེ་འཛིན་པའི་ཤེས་པ་ནི་ཡོད་པ། བདེན་པ་མ་ཡིན་པས་ལོག་པར་གྱུར་པ། དེ་ནས་ཕྲེང་གཅིག་ན། ཆེན་པོ་ནི། ཅིར་ཡང་མི་རྟོག་པས། ཆོས་དེ་ནས་ཕྲེང་ཕྱེད་ལྔ་ལྷག་ཙམ་ན། ཐ་སྙད་དུ་བརྗོད་དོ། །ཞེས་བྱ་བ་ལ་སོགས་པས་ཡང་དག་པར་རྗེས་སུ་མི་མཐོང་བའི་གཏན་ཚིགས་བསྟན་པ་སྟེ། ཆོས་རྣམས་ལ་སོ་སོའི་མིང་དང་མཚན་མར་བརྟགས་པས་རྣམ་པ་ཡང་དག་པར་ཡོད་པ་མ་ཡིན་པ་ལས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས། གློ་བུར་དུ་མིང་དང་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱི་དོན་དམ་པར་ཡོད་པ་མ་ཡིན་ 4-1-22 ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་ཕྱེད་གསུམ་ན། ཡོངས་སུ་རྟོག་སྟེ། ཞེས་བྱ་བ་ལ་སོགས་པ་འདི་རྣམས་ཀྱིས་དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྟོགས་པ་སྤངས་དགོས་པར་བསྟན་ཏེ། བརྒྱད་སྟོང་དོན་བསྡུས་སུ། བདེན་དོན་རྣམ་རྟོག་སེལ་བ་ན། །ཤེས་རབ་ཕ་རོལ་ཏུ་ཕྱིན་པ་དང༌། །སངས་རྒྱས་དེ་བཞིན་བྱང་སེམས་དཔའ། །མིང་ཙམ་ཞེས་ནི་རབ་ཏུ་གསུངས། །འདི་ནི་སྒྲ་དོན་འགོག་པ་སྟེ། །དངོས་པོ་སེལ་བར་བྱེད་པ་མིན། །ཞེས་གསུངས། དེ་ནས་ཕྲེང་བཞི་སོང་བ་དང༌། དམིགས་སུ་མེད་དོ། །ཞེས་བྱ་བ་ལ་སོགས་པ་ནི། མུ་སྟེགས་ཅན་གྱིས་རྣམ་པ་སྣ་ཚོགས་སུ་བསྟན་པ་རྣམས་ཉན་ཐོས་གང་ཟག་ལ་བདག་མེད་པ་རྟོགས་པ་རྣམས་ཀྱིས་མེད་པར་ཁོང་དུ་ཆུད་པའི་དཔེས་བྱང་ཆུབ་སེམས་དཔའ་བྱང་ཆུབ་དང་སངས་རྒྱས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་རྗེས་སུ་མི་མཐོང་བ་བསྟན་ཏོ། །ཞེས་འབུམ་ཏིག་གསུངས་ཏེ། མཉམ་གཞག་ཟབ་མོ་ལ་ཅིར་ཡང་མི་རྟོག་པའི་དོན་ཏོ། །དེ་ནས་ཤོག་གུ་གཅིག་སོང་བ་ན། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་པ་ལ་སོགས་པ་འདི་དག་ནི་ཡོད་པའི་རྟོག་པ་སེལ་ཏེ། བརྒྱད་སྟོང་དོན་བསྡུས་སུ། བདག་གིས་བྱང་ཆུབ་སེམས་དཔའ་ནི། །མ་མཐོང་ཞེས་སོགས་རྒྱས་རྣམས་ཀྱིས། །བཅོམ་ལྡན་དངོས་པོར་ཀུན་རྟོག་གི །འཁྲུལ་བ་འགོག་པར་མཛད་པ་ཡིན། །ཞེས་གསུངས་པ་དང་མཐུན་ནོ། །དེ་ནས་ཕྲེང་ཕྱེད་དང་བཞི་སོང་བ་ན། སེམས་དཔའ་ཆེན་པོ་ཁྱད་པར་འཕགས་ཏེ། སྟོང་པ་ཉིད་ཉེ་བར་བཟུང་བ། ཡིད་ཡེ་ཤེས་དེས་ཟིལ་གྱིས་གནོན་ཏོ། །དེ་ནས་ཕྲེང་གཅིག་ན། དེའི་འོག་ཏུ་དམིགས་པ་མེད་པའི་སྤྱོད་པ་འདི་ལ་བཞུགས་པའི་རྒྱལ་སྲས་ཀྱི་ཆེ་བའི་བདག་ཉིད་བསྟན་པ། ཤཱ་ར་དྭ་ཏིའི་བུ། འཕགས་པ་ཉན་ཐོས་ཀྱི་ནང་ན་དགེ་སློང་མོའུ་འགལ་གྱི་བུ་ལས། ཤེས་རབ་ཆེ་བ་མེད་པ་དེ་ལྟ་བུ་ཤ་སྟག །དེ་ནས་ཡིག་ཕྲེང་ཕྱེད་དྲུག་ན། ཤེས་རབ་ནི་དེ་ལྟ་མ་ཡིན་ནོ། །ཞེས་བྱ་བས་ད་ལྟར་ཤེས་རབ་ཁྱད་པར་ཅན་དུ་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ནི་བདག་གི་དོན་ལྷུར་ལེན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་ལྷུར་ལེན་པའི་ཕྱིར་ཁྱད་པར་བཞུགས་སོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་གཅིག་ན། མནན་ཅིང་གནས་ཏེ། ཞེས་བྱ་བ་ལ་སོགས་པས་དེ་བས་ཀྱང་ཤེས་རབ་ཁྱད་ཞུགས་པ་བསྟན་ཏོ། །དེ་བཞིན་དུ། ཤར་ཕྱོགས་ལ་སོགས་པ་ཀུན་ཏུ་སྦྱར་བར་བྱའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་བཞི་སོང་བ་ན། ཤཱ་ར་དྭ་ཏིའི་བུས། འཁོར་དེའི་ནང་ནས་ཁ་ཅིག་ཐེ་ཚོམ་དུ་གྱུར་པ་ཤེས་ནས་དེ་བསལ་བའི་ཕྱིར། དོན་དམ་པའི་ཚུལ་ལ་གནས་ཏེ། གསོལ་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། ཤེས་རབ་དེ་དག་ཐམས་ཅད་ཀྱང༌། གཅིག་པའི་བདག་ཉིད་ཡིན་པས་ཐ་མི་དད་པ་སྟེ། སྟོང་པ་རྣམ་པར་དག་པའི་ཕྱིར། དབེན་པས་འདུས་མ་བྱས་ཡིན་པས་རང་བཞིན་གྱིས་མ་བྱུང་བའི་ཡང་དག་པ་མ་ཡིན་པ་ཀུན་བཏགས་པའི་ངོ་བོ་དང་བྲལ་བས། ངོ་བོ་ཉིད་ཀྱིས། དེ་ནས་ཕྲེང་ 4-1-23 གཉིས་ནས། གནོན་པར་འགྱུར་བ་ཇི་ལྟར་རིགས་ལགས། ཞེས་ཞུས་པའི་ལན་དུ། འདས་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ། བཀའ་སྩལ་པ། དེ་ཅི་སྙམ་དུ་སེམས། ཞེས་བྱ་བ་ལ་སོགས་པས་ནི། བཅོམ་ལྡན་འདས་ཀྱིས། ངོ་བོ་ཉིད་ལ་བྱེ་བྲག་མེད་དུ་ཟིན་ཀྱང༌། སྔོན་གྱི་སྨོན་ལམ་གྱིས་མཐུས། རྒྱུ་ཐ་དད་པ་དང༌། འབྲས་བུ་ཐ་དད་དུ་ཡོད་དོ། །ཞེས་སྟོན་ཏོ། །རྒྱུ་ཡང་རྣམ་པ་གསུམ་སྟེ། བསམ་པ་དང༌། སྤྱོད་པ་དང༌། བྱ་བའོ། །འབྲས་བུ་ནི་གཉིས་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཞེས་དབུ་མ་པ་གསུངས། གཅིག་ཏུ་བསྒོམ་པ། སྤྱོད་པའི་ཁྱད་པར་བདག་གིས་ཕྱེད་བྱ་བའི་ཁྱད་པར་སེམས་ཅན་དོན་བྱས་ལ། མངོན་པར་རྫོགས་པར་བྱང་ཆུབ་པའི་འབྲས་བུས། ཆོས་ཐམས་ཅད་རྒྱས་པར་བྱ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བས། སེམས་ཅན་དོན་གང་གི་ཕྱིར། བསམ་པ་རྒྱ་ཆེན་པོ་ནས། སྟ་གོན་དུ། དེ་ནས་ཕྲེང་བཅུ་གཉིས་སོང་བ་ན། སེམས་དཔའ་མ་མཆིས་སོ། །ཞེས་བྱ་བས། ཉན་རང་ལ་བྱང་སེམས་ཀྱི་སྨོན་ལམ་དང༌། རྒྱུ་དང་འབྲས་བུའི་སྨོན་ལམ་མེད་པར་བསྟན་ནས། ད་ནི་བྱང་ཆུབ་སེམས་དཔའ་ལ་དེ་དག་ཡོད་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེ་ནས་ཕྲེང་ཕྱེད་དང་བཅུ་གསུམ་ན། མྱ་ངན་ལས་བཟླའོ། །ཞེས་དཔེ་གཉིས་དང་སྦྱར་ནས་བསམ་པ་དང༌། སྤྱོད་པ་རྒྱ་ཆེ་ཆུང་གི་ཁྱད་པར་གསལ་བར་བསྟན་ཏོ། །དེ་ནས་ཕྲེང་གཉིས་ན། དེ་སྐད་ཅེས་ཞུ་བ་གསུམ་གསོལ་པ་དང༌། དེ་ནས་ཕྲེང་གཅིག་ན། སེམས་དང་པོ་བསྐྱེད་པ། བསྐལ་པ་གྲངས་མེད་པ་དང་པོ་འདས་ཏེ། ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ནས། ཉེ་བར་བཟུང་ནས་ཆོས་རྟོགས་པ་ལ་གནས་ཏེ། དཔེའི་ས་བརྒྱད་པ་འཐོབ་བོ། །ཤཱ་ར་དྭ་ཏིའི་བུས་བྱང་སེམས་ཏེ་ཉན་རང་གི་ས་ལས་འདས་མ་ཐག་ཏུ་ཉན་རང་གི་མཆོད་གནས་སུ་འགྱུར་རམ། དུས་གཞན་ཞིག་ནས་འགྱུར་སྙམ་ནས་གསོལ་པ། དེ་ནས་ཕྲེང་གཅིག་ལྷག་ཙམ་ནས། སེམས་བསྐྱེད་པ་སྟེ་ས་དང་པོ་ཐོབ། ཕྱི་ཅང་?དེ་ནས་ཡང་ཕྲེང་གཅིག་ལྷག་པ་ནས། ཆེན་པོ་ཡོད་པས། ཟག་བཅས་ཟག་མེད་ཀྱི་དགེ་བའི་ཆོས་ཐམས་ཅད་དང༌། ཟག་བཅས་ཀྱི་དགེ་བའི་རྣམ་སྨིན་དང༌། ཟག་མེད་ཀྱི་དགེ་བའི་རྣམ་སྨིན་ཏེ་ཆོས་གསུམ། འཇིག་རྟེན་དེ་ནས་ཤོག་གུ་གཅིག་དང་ཕྲེང་གསུམ་ཅུང་མེད་ན། བཅོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཞེས་པའི་བར་གྱིས་ཟག་བཅས་ཟག་མེད་ཀྱི་ཆོས་ཐམས་ཅད་འབྱུང་བ་བསྟན་ཏོ། །དེ་ནས་ཕྲེང་ཕྱེད་དགུ་སོང་བ་ན། འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན། ཞེས་བྱ་བའི་བར་གྱིས་ཟག་པ་དང་བཅས་པའི་དགེ་བའི་རྣམ་སྨིན་བསྟན་ཏོ། །དེ་ནས་ཕྲེང་གཉིས་ན་ཡོད་པ་ཡིན་ནོ། །ཞེས་བྱ་བས་ནི་ཟག་པ་མེད་པའི་དགེ་བའི་རྣམ་པར་སྨིན་པ་བསྟན་ཏོ། །གསོལ་པ་ལགས་སམ། ཞེས་པས་སྦྱིན་གནས་སུ་གྱུར་པ་དེ་དག་ལ་མཆོད་ཅིང་ཕུལ་ནས་འབྲས་བུ་ཆེན་པོར་འགྱུར། མི་འགྱུར་ཞེས་ཞུས་པའོ། །ཡོངས་སུ་གཏོང་སྟེ། ཞེས་བྱ་བས་ནི་གང་དེ་ལ་སྦྱིན་པ་བྱེད་པ་དེ་དག་འབྲས་བུ་ཆེན་པོར་གྱུར་པ་དང༌། རྣམ་པར་དག་པར་འགྱུར་བ་ལ་སྦྱིན་པས་ཡོངས་སུ་སྦྱོང་བ་ཞེས་ 4-1-24 བྱའོ། །ཞེས་དབུ་མ་པ་གསུངས། སྦྱིན་པ་བྱིན་པ་ཀུན་ཀྱང་ཤིན་ཏུ་རྣམ་པར་དག་པ་སྟེ། སྦྱིན་པ་པོ་ཡིན་པའི་ཕྱིར་རོ། །གང་སྦྱིན་པ་པོ་ཡིན་ན། ཆེན་པོ་ནི་དེ་ལ་སྦྱིན་པ་བྱིན་ན། ཚེ་རབས་ཕྱི་མ་ལ་སྦྱིན་པའི་འབྲས་བུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་རྣམ་པ་དུ་མ་འཐོབ་པར་འགྱུར་བའི་ཕྱིར། སྦྱིན་པ་ཡོངས་སུ་གཏོང་བ་པོ་ཡིན་ཏེ། གཏོང་སྟེ་གང་ཞེ་ན། དེ་ནས་ཕྲེང་དགུ་ན། བཅོ་བརྒྱད་ཀྱི་སྦྱིན་པ་ཡོངས་སུ་གཏོང༌། དེ་རྣམས་ཀྱིས་ནི་ཅིར་ཡང་མི་རྟོག་པའི་ཤེར་ཕྱིན། ཟབ་མོའི་སྒྲུབ་པ་རང་གི་ངོ་བོ་ཕན་ཡོན་དང་བཅས་པ་གསུངས་ཟིན་ཏོ། ། གཉིས་པ་བདེན་པ་ལ་གདམས་པ་ནི། བདེན་པ་རྣམས་དང་ནི། །ཞེས་པ་ལ་བཞི་ལས། དང་པོ་སྡུག་བསྔལ་གྱི་བདེན་པ་ལ་གདམས་པ་ནི། གསོལ་པ། བརྩོན་ཞེས་བགྱི་བའི་གྲངས་སུ་ཆུད་པ་ལགས། དེ་ནས་ཕྲེང་ཕྱེད་དང་བཅུ་དགུ་ན། དེ་ཕུང་པོ་སྟོང་པ་ཉིད་དང༌། ཁམས། སྐྱེ་མཆེད་འཕགས་པའི་བདེན་པ་རྟེན་འབྲེལ་འདུས་བྱས་ཀྱི་ཆོས། འདུས་མ་བྱས་ཀྱི་ཆོས་སྟོང་པ་ཉིད་དེ། སྟོང་པ་ཉིད་བྱེད་ཀྱང༌། དེ་ཙམ་གྱིས་བརྩོན་པར་བྱ་བ་ཡོངས་སུ་རྫོགས་པར་བྱ་བ་མ་ཡིན་པས། བརྩོན་ཞེ་འམ། བརྩོན་པར་བྱ་བ་བརྩམས་པས། མི་བརྩོན་ཞེས་མི་བརྗོད་དེ། བརྩོན་པར་བྱེད་པ་ཡོད་དོ། །སྙམ་དུ་རྟོག་པ་བཟློག་གོ །དེ་ནས་ཕྲེང་གཉིས་ན་མི་མཐོང་ངོ༌། ། གཉིས་པ་ཀུན་འབྱུང་བ་ལ་གདམས་པ་ནི། གཟུགས་ཀུན་འབྱུང་བ་ཞེས་ཉི་ཁྲི་སྣང་བར་གསུངས། དེ་སྐྱེ་བའི་ཆོས་མི་མཐོང་ངོ༌། །ཇི་སྐད་དུ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་ལས་མིན། །དངོས་པོ་གང་དག་གང་ནས་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་བཤད་པ་ལྟ་བུའོ། །ཞེས་དང༌། དངོས་པོ་ཀུན་གྱི་སྐྱེ་བ་གང༌། །མི་འཐད་པ་ནི་གང་ཡིན་པ། །དེ་ཉིད་དངོས་པོ་ཐམས་ཅད་ཀྱི། །འགག་པ་འཐད་པ་མ་ཡིན་ནོ། །ཡོད་པ་དང་ནི་མེད་པ་གཉིས། །གཅིག་ལས་འཐད་པ་མ་ཡིན་ནོ། །ཡོད་པ་མིན་པའི་དངོས་པོ་ལས་འང༌། །འགག་པ་འཐད་པ་མ་ཡིན་ཏེ། །ཇི་ལྟར་མགོ་ལ་ལན་གཉིས་སུ། །གཅད་དུ་མེད་པ་དེ་བཞིན་ནོ། །ཞེས་ཀྱང་བཤད་དོ། །དེ་བས་ན་སྐྱེ་བ་སྐྱེས་ཞེས་བྱ་བ་དང་འགག་པ་ཞེས་བྱ་བ་ནི་ཀུན་བཏགས་པ་ཡིན་ཏེ། ཐ་སྙད་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །ཞེས་དབུ་མ་ཆེན་པོ་ཀུན་མཁྱེན་གཉིས་པ་གསུངས་ཏེ། འདིས་ནི་སློབ་དཔོན་འདིས་འཕགས་པ་ཀླུ་སྒྲུབ་ཀྱི་ལུང་གསལ་པོར་དྲངས་ནས་བཤད་པ་མཛད་པའི་ཕྱིར་རོ། །ཁ་ཅིག །སློབ་དཔོན་འདི་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང༌། གྲུབ་མཐའ་འགལ་བ་སྨྲ་བ་ཡིན་པར་འདོད་པའི་ལོག་རྟོག་བསལ་བ་ཡིན་ནོ། །དེ་ནས་ཕྲེང་ལྔ་ན་མི་མཐོང་ངོ༌། །ཞེས་བྱ་བས་གཟུགས་ལ་སོགས་པ་ངོ་བོ་ཉིད་མེད་པའི་ཚུལ་བསྟན་ཏོ། །གཟུགས་ནི་ཚོར་བ་དང་ལྷན་ཅིག་འདུ་ཞིང༌། ཀུན་གཟུགས་དང་ལྷན་ཅིག །འདུ་ཞིང་ཀུན་ཏུ་དེ་ནས་ཕྲེང་བཞི་ཅུང་མེད་ན། རྣམ་པར་འགྲོ་བ་མེད་དོ། །ནམ་མཁའ་ནམ་མཁའ་དང་འདུ་བ་མེད་པ་ལྟར་འདུ་བ་མེད་དོ། །རྣམ་པར་འདུ་བ་མེད་དོ། །ཞེས་བྱ་བས་འདུས་པ་ལ་ཕུང་པོའི་མཚན་ཉིད་མེད་པར་ 4-1-25 བསྟན་ཏོ། །ཡིན་པས་ཆོས་ཉིད་ཀྱི་གཟུགས་དེ་ནི་ཀུན་རྫོབ་ཀྱི་གཟུགས་མ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པས་གཟུགས་ལ་སོགས་པས་དེ་དག་གི་རང་གི་མཚན་ཉིད་སེལ་ཏོ། །དེ་ལྟར་སྟོང་པ་ཉིད་ལ་བརྩོན་པར་བྱས་ནས་གཟུགས་ལ་སོགས་པ་ཀུན་བཏགས་པ་རྣམས་གཟུགས་པའི་བདག་ཉིད་དུ་མི་སྣང་གི །དེ་དག་སྟོང་པ་ཉིད་ཀྱི་བདག་ཉིད་དུ་སྣང་སྟེ། དེའི་ཚེ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས་གང་ཡིན་པ། ཆོས་ཉིད་ཀྱི་གཟུགས་ཏེ་ཐོགས་པར་བྱེད་པ་ཀུན་རྫོབ་ཀྱི་གཟུགས་སུ་མེད་དོ། །དེ་བཞིན་དུ། ཕྱི་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཕྲེང་གསུམ་སོང་བ་ན། ཤཱ་ར་དྭ་དིའི་བུ། གཟུགས་ལ་སོགས་པའི་སྒྲ་ནི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ལ་བྱ་སྟེ། དེ་བས་ན་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་ཐ་དད་པ་མེད་ཅེས་དབུ་མ་པ་གསུངས་པས། འདིར་ཡོངས་གྲུབ་ཀྱི་གཟུགས་ཀྱང་དོན་དམ་པ་སྟོང་པ་ཉིད། དོན་དམ་པ་སྟོང་པ་ཉིད་ཡོངས་གྲུབ་ཀྱི་གཟུགས། དེ་བས་ན་ཐམས་ཅད་དུ་གཟུགས་ལ་སོགས་པའི་སྒྲ་ནི་སྟོང་པ་ཉིད་ལ་བྱ་སྟེ། སྟོང་པ་ཉིད་ཀྱི་སྒྲ་ཡང་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ལ་བྱའོ། །ཞེས་དབུ་མ་པ་གསུངས་པས་ཡོངས་གྲུབ་ཀྱི་གཟུགས་ཉིད་ཀྱང༌། དོན་དམ་པ་སྟོང་པ་ཉིད་ལ་དོན་དམ་པ་སྟོང་པ་ཉིད་ཀྱང༌། ཡོངས་གྲུབ་ཀྱི་གཟུགས་སོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཕྲེང་བཞི་ལྷག་ཙམ་ན། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །འདི་རྣམས་ཀྱིས་ནི་དོན་དམ་གྱི་སྟོང་པ་ཉིད་སྣང་སྟོང་དབྱེར་མེད་ཟུང་འཇུག་ཏུ་བསྟན་པ་སྟེ། བདེན་པ་གཉིས་ལ་བདེན་ལུགས་གཉིས་དང༌། སྟོང་ལུགས་གཉིས་དང༌། སྣང་ལུགས་གཉིས་ལ་སོགས་པ་རྫོགས་ལྡན་གྱི་ཆོས་ལ་གོམས་ཤིང༌། འདྲིས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། གསུམ་ལྡན་མན་ཆད་ཀྱི་ཆོས་ཙམ་ལ་མཆོག་ཏུ་ལྟ་བ་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ། ། གསུམ་པ་འགོག་པའི་བདེན་པ་ལ་གདམས་པ་ནི། ཤཱ་ར་དྭ་ཏིའི་བུ། སྟོང་པ་ཉིད་གང་ཡིན་པ་དེ་ནི། རྟེན་འབྲེལ་ལས་འདས་ཤིང་རང་བཞིན་གྱིས་འོད་གསལ་བ་བདེ་བ་ཆེན་པོ་ཡིན་ལ་འདུས་མ་བྱས་པ་ཡང་ཡིན་པའི་ཕྱིར། དེ་ནི་དུས་གསུམ་མཉམ་པ་ཉིད་དུས་གསུམ་དུས་མེད་རྟོགས་པ་པོ་ཡིན་པའི་ཕྱིར། འདས་པ་དེ་ནས་ཕྲེང་གཅིག་དང་ལྷག་པ་ན། ད་ལྟར་བྱུང་བ་ཡང་མ་ཡིན་པའི་གཞི་འགོག་བདེན་མཐར་ཐུག་དེ་ལ་ནི། གཟུགས་ལ་སོགས་པའི་མཚན་ཉིད་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱང་དམིགས་སུ་མེད་དེ། དེ་བས་ན་ཀུན་རྫོབ་ཀྱི་གཟུགས་གཟོད་མ་ནས་དབྱེར་མེད་དོ། །ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། དེ་ནས་ཕྲེང་དྲུག་ན། བམ་པོ་དྲུག་པ། སྟོང་གཞི་དོན་དམ་གཞན་སྟོང་རང་བྱུང་ཡེ་ཤེས་འགྱུར་མེད་ཡོངས་གྲུབ་བདེ་གཤེགས་སྙིང་པོ་དབུ་མ་ཆེན་པོ་ཤེར་ཕྱིན་མཚན་ཉིད་པ་གསང་སྔགས་མཐར་ཐུག་གང་ཡིན་པ། མཚན་གྱི་རྣམ་གྲངས་མང་པོ་ཅན། དེ་ལ་ནི་ཀུན་རྫོབ་ཀྱི་མ་རིག་པ་འགག་རྒྱུ་ 4-1-26 མེད་པས་འགག་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཕྲེང་གསུམ་ལྷག་ན། སྡུག་བསྔལ་ཡོངས་སུ་ཤེས་པའི་བློ་འདུས་བྱས་མེད་དོ། །དེ་ལ་ནི་དྲི་མ་རང་བཞིན་གྱིས་འགག་པ་ལས་ལྷག་པའི་འགོག་པ་མེད་དོ། །བྱ་བའི་བློ་འདུས་བྱས་མེད་དོ། །དེ་ལ་ནི་གདོད་ནས་ནི། རང་བཞིན་རྣམ་དག་ཐོབ་པས་ཐོབ་པར་བྱ་བ་མེད་དོ། །དེ་ནས་ཕྲེང་ཕྱེད་དང་གསུམ་ན། བྱང་ཆུབ་མེད་དོ། །ཞེས་དེ་འདིར་ཡང་བརྟགས་པ་ཐམས་ཅད་འགོག་པ་སྟེ། ཞེས་པས་དྲན་པ་དགོས་སོ། ། བཞི་པ་ལམ་བདེན་པ་ལ་གདམས་པ་ནི། ཤཱ་ར་དྭ་ཏིའི་བུ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། མི་མཐོང་ངོ༌། །ཞེས་བྱ་བ་ནི་བདག་ལ་བྱེད་པ་པོ་ལ་སོགས་པར་རྣམ་པར་རྟོག་པ་མེད་པའི་ཕྱིར་དང༌། ངར་འཛིན་པ་མི་འཇུག་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་ལྔ་ན། ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཞེས་བྱ་བས་བདག་ལ་བརྩོན་པ་དང་མི་བརྩོན་ཞེས་བྱ་བའི་རྟོག་པ་ཡོངས་སུ་སྤང་བར་བསྟན་ཏོ། །མི་འབྱེད་དེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པ་ན་གལ་ཏེ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་གཞན་ཡོད་དོ་སྙམ་དུ་སྒོམ་ན་ནི་དེའི་ཚེ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དང༌། སྟོང་པ་ཉིད་སྦྱོར་བར་འགྱུར་ན། འདི་ལྟར་ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་དེ། སྟོང་པ་ཉིད་ཀྱི་རྣམ་པར་ཡང་རྣམ་པ་མེད་པར་བསྒོམ་སྟེ། དེའི་ཕྱིར་སྟོང་པ་ཉིད་དང༌། སྟོང་པ་ཉིད་དུ་སྦྱོར་བར་མི་བྱེད་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །ཞེས་བྱ་བ་ལ་སྟོང་པ་ཉིད་རྣལ་འབྱོར་ནི་སྟོང་པ་ཉིད་ཏིང་ངེ་འཛིན་ཏོ། །སྟོང་པ་ཉིད་ཀྱི་རྣལ་འབྱོར་དེ་ཡང་སྟོང་པ་ཉིད་ཀྱི་རྣལ་འབྱོར་གྱི་ངོ་བོ་ཉིད་གཞན་དང་མི་སྦྱོར་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་མཚན་མ་མེད་པའི་ཆོས་གཞན་དུ་རྣམ་པར་རྟོག་པ་མེད་པ་དང༌། སྨོན་པ་མེད་པའི་ཆོས་གཞན་དུ་རྣམ་པར་རྟོག་པ་མེད་པའི་ཕྱིར་ཞེས་བྱ་བ་དང་ཡང་སྦྱར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གསུམ་ཙམ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཞེས་པ་འདིས་ནི་ལམ་གྱི་བདེན་པ་རྣམ་པར་མི་རྟོག་པ་ཉིད་ཡིན་པར་གསལ་བར་བསྟན་ཏོ། །ཞེས་ཉི་ཁྲི་སྣང་བ་གསུངས་ལ། འདིས་རྣམ་པར་ཐར་པའི་སྒོ་རྣམས་ལ་བརྩོན་པ་དང༌། མི་བརྩོན་པའི་རྟོག་པ་སྤང་བར་བསྟན་ཏོ། །དེ་ནས་ཕྲེང་ཅིག་ན། གཟུགས་མི་སྦྱོར་མི་འབྱེད་དོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་གཟུགས་སུ་ཡོད་པ་ལ་སོགས་པའི་མཚན་ཉིད་རྣམས་ལ་མཐོང་བས་མི་སྦྱོར་རོ། །ཆོས་ཉིད་ཀྱི་བདག་ཉིད་དུ་བསྒོམ་པར་བྱ་བ་ཡིན་པས་མི་འབྱེད་དོ། །ཞེས་དབུ་མ་པ་གསུངས། དེ་བཞིན་དུ་སྦྱར་ཏེ། རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དོ། །ཞེས་བྱ་བས་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ལ་བརྩོན་པ་དང་མི་བརྩོན་པའི་རྟོག་པ་སྤང་བར་བསྟན་ཏོ། །དེའི་གཏན་ཚིགས་ནི་འདི་ལྟར་མཐོང་ངོ༌། །སྔོན་གྱི་མཐའ་ལ་སོགས་པ་དུས་གསུམ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ 4-1-27 སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན་ཇི་ལྟར་སྦྱར་བར་བྱ། ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་བཅུ་གཅིག་གི་རྗེས་སུ། བམ་པོ་བདུན་པ། ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཞེས་བྱ་བས་ཆོས་རྣམས་མཐའ་དང་སྦྱོར་བའི་རྟོག་པ་ཡོངས་སུ་སྤང་བར་བསྟན་ཏོ། །ཤཱ་ར་དྭ་ཏིའི་བུ། དུས་གསུམ་མཉམ་པ་ཉིད་དུ་མཐོང་བ་ལ་དུས་ཐ་དད་པ་མེད་དོ། །དུས་ཀྱི་བདག་ཉིད་ཐམས་ཅད་དུ་མི་དམིགས་པས། དུས་གསུམ་མཉམ་པ་ཉིད། དེ་ནས་ཕྲེང་གཉིས་ནས། མི་འབྱེད་དོ། །ཞེས་བྱ་བ་ནི་སྔོན་གྱི་མཐའི་ལས་རྣམ་པར་སྨིན་པ་ཕྱི་མའི་མཐའ་འདི་འདྲ་བ་མྱོང་ངོ༌། །ཞེས་ལས་དང་འབྲས་བུ་དམིགས་པའི་ཚུལ་གྱིས་སྤྱོད་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐར་སྦྱོར་བ་དང་ཕྱི་མའི་མཐའ་དང་ཡང་སྔོན་གྱི་མཐའ་སྦྱོར་རོ་ཞེས་བྱའོ། །སྔོན་གྱི་མཐའི་ལས་དེའི་རྣམ་པར་སྨིན་པ་ནི། ད་ལྟར་བྱུང་བ་ན་འདི་ཡིན་ནོ། །ཞེས་རྣམ་པར་རྟོག་པ་ལ་སྤྱོད་ན། སྔོན་གྱི་མཐའ་དང་ད་ལྟར་བྱུང་བར་སྦྱོར་བ་དང༌། ད་ལྟར་བྱུང་བ་དང་ཡང་སྔོན་གྱི་མཐར་སྦྱོར་ཞེས་བྱའོ། །ད་ལྟར་བྱུང་བ་ན་ལས་བྱས་པའི་ཕྱི་མའི་མཐར་རྣམ་པར་སྨིན་པར་འགྱུར་རོ། །ཞེས་སྤྱོད་ན་ད་ལྟར་བྱུང་བ་དང་ཕྱི་མའི་མཐར་སྦྱོར་བ་དང༌། ཕྱི་མའི་མཐའ་དང་ད་ལྟར་བྱུང་བར་སྦྱོར་རོ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཅིག་ལྷག་པ་ན། བརྩོན་ཞེས་བྱའོ། །ཞེས་བྱ་བས་མཐའ་རྣམས་གཅིག་ལ་གཅིག་སྦྱོར་བ་ཡོངས་སུ་སྤང་བར་བསྟན་ཏོ། །ཤཱ་ར་དྭ་ཏིའི་བུ། དེ་ནས་ཕྲེང་ལྔ་ནས་བརྩོན་ཞེས་བྱའོ། ། གསུམ་པ་དཀོན་མཆོག་ལ་གདམས་པ་ལ། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་ལས། དང་པོ་སངས་རྒྱས་དཀོན་མཆོག་ལ་གདམས་པ་ནི། ཤཱ་ར་དྭ་ཏིའི་བུ། མི་སྦྱོར་མི་འབྱེད་དོ། །ཞེས་བྱ་བའི་གཟུགས་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུལ་ཡིན་ནོ། །ཞེས་དམིགས་པའི་དང་པོར་རམ། གཟུགས་འདི་ནི་སྦྱིན་པ་ལ་སོགས་པས་བསོད་ནམས་བྱ་བའི་དངོས་པོར་ཡོངས་སུ་བསྔོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུར་འགྱུར་རོ། །ཞེས་རྒྱུའི་དངོས་པོར་རྟོག་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་གསུམ་སོང་རྗེས་སུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཞེས་བྱ་བས་ཆོས་ཐམས་ཅད་རྣམ་མཁྱེན་དང་སྦྱོར་བའི་རྟོག་པ་ཡོངས་སུ་སྤང་བར་བསྟན་ཏོ། །མི་སྦྱོར་མི་འབྱེད་དོ། །ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཀྱི་རྒྱུ་ཡིན་ནོ། །ཞེས་བྱ་བ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐམས་ཅད་ཐུགས་སུ་ཆུད་པས་བྱང་ཆུབ་ཅེས་བྱ་བར་མི་སྦྱོར་ཏེ། སངས་རྒྱས་དང༌། བྱང་ཆུབ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་ནི་མཚན་ཉིད་གཅིག་པས་ཆོས་ཀྱི་སྐུའི་བདག་ཉིད་དུ་ཐ་དད་དུ་མེད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་ལྔ་ན། བརྩོན་ཞེས་བྱའོ། ། 4-1-28 གཉིས་པ་ཆོས་དཀོན་མཆོག་ལ་གདམས་པ་ནི། ཤཱ་ར་དྭ་ཏིའི་བུ། ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ལ་ཡང་ཡོད་མེད་ལ་སོགས་པར་མི་རྟོག་ཅིང་མི་དམིགས་ལ་མི་སེམས་པར་སྤྲོས་བྲལ་གྱི་ངང་དུ་འཇོག་དགོས་པའི་ཕྱིར། གཟུགས་འབྱུང་བའམ། དངོས་པོ་གཟུགས་འཇིག་པའམ། དངོས་པོ་མེད། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་བརྒྱད་ན། ཞེས་བྱ་བར་མི་སྦྱོར་རོ། །ཞེས་བྱ་བས་འབྱུང་བ་དང་འཇིག་པར་སྦྱོར་བ་ཡོངས་སུ་སྤང་བར་བསྟན་ཏོ། ། བམ་པོ་བརྒྱད་པ། གཟུགས་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཞེས་བྱ་བ་ནི་ལྟ་བའི་དབང་གིས་སོ། །ཞེས་དང༌། མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཞེས་བྱ་བ་ནི་རྣམ་པར་རྟོག་པའི་དབང་གིས་སོ། །ཞེས་དབུ་མ་པ་གསུངས། དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་གསུམ་དང་ཕྲེང་གཉིས་ཅུང་མེད་ན། གཟུགས་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཞེས་བྱ་བ་ནི་ཀུན་བཏགས་པའི་གཟུགས་ལ་སོགས་པ་མྱ་ངན་ལས་འདས་པའི་མཚན་ཉིད་མེད་པའི་ཕྱིར་རོ། །གཟུགས་མི་སྦྱོར་རོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ལ་འཁོར་བའི་མཚན་ཉིད་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཅུ་གསུམ་ན། མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཞེས་བྱ་བ་ནི་དེ་ནས་དེ་ལྟ་བུའི་རྟོག་པའི་སྐབས་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། བརྩོན་ཞེས་བྱའོ། །ཞེས་བྱ་བས་ཆོས་ཐམས་ཅད་ལ་རྟག་པ་ལ་སོགས་པར་སྦྱོར་བ་ཡོངས་སུ་སྤང་བར་བསྟན་ཏོ། །སྤྱོད་པའི་ཚེ་རྣམ་པར་རྟོག་པའི་སྐབས་མེད་པའི་ཕྱིར་གཟུགས་སྟོང་དང༌། དེ་ནས་ཤོག་གུ་གསུམ་ཅུང་མེད་ན། བམ་པོ་དགུ་པ། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་རྟོག་པའི་སྐབས་མེད་པའི་ཕྱིར། གཟུགས་མཚན་མ་ཡོད། དེ་ནས་ཤོག་གུ་གསུམ་དང་ཕྲེང་ལྔ་ཙམ་ན་སྦྱོར་བའི་ཚེ། རྣམ་པར་རྟོག་པའི་སྐབས་མེད་པའི་ཕྱིར་གཟུགས་སྨོན་པ་ཡོད། དེ་ནས་ཤོག་གུ་གསུམ་དང་ཕྲེང་ལྔ་ཙམ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཞེས་བྱ་བས་ཆོས་ཐམས་ཅད་རྣམ་ཐར་སྒོ་གསུམ་དང་སྦྱོར་བའི་རྟོག་པ་སྤང་བར་བསྟན་ཏོ། །ཤཱ་ར་དྭ་ཏིའི་བུ། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་བཅུ་གཅིག་ན། བརྩོན་ཞེས་བྱའོ། །ཞེས་བྱ་བས་ཆོས་རྣམ་པ་དུས་གསུམ་དང་སྦྱོར་བའི་རྟོག་པ་ཡོངས་སུ་སྤང་བར་བསྟན་ཏོ། །ཤཱ་ར་དྭ་ཏིའི་བུ། དེ་ནས་ཤོག་གུ་བཞི་ན། བམ་པོ་བཅུ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་གཅིག་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་རྟོག་པ་རྣམས་ཀྱི་སྐབས་མེད་པས། སྤྱོད་ཅེས་བྱ་བར་རྟོག་པ་མི་དམིགས་སོ། །མི་སྤྱོད་ཅེས་བྱ་བར་རྟོག་པ་མི་དམིགས་སོ། །ཡིན་ཞེས་བྱ་བར་རྟོག་པ་མི་དམིགས་སོ། །མ་ཡིན་ཞེས་བྱ་བར་རྟོག་པ་མི་དམིགས་སོ། །དེ་ནས་ཕྲེང་ཕྱེད་དང་གཉིས་ནས། མི་སྤྱོད་དོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ཆོས་ཉིད་དུ་ཐ་དད་པ་མེད་པ་ལ་ཐ་དད་དུ་འཛིན་པ་མི་འཐད་པའི་ཕྱིར་ཏེ། ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དུ་ཐ་ 4-1-29 མི་དད་དོ། །ཞེས་དབུ་མ་པ་གསུངས། ཚུལ་ཁྲིམས་ཀྱི་ཕ། དེ་ནས་ཤོག་གུ་གཉིས་ལ་ཕྲེང་བཞི་ཆད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཞེས་བྱ་བར་ཆོས་རྣམས་ཐ་དད་པར་སྦྱོར་བའི་རྣམ་རྟོག་ཡོངས་སུ་སྤང་བར་བསྟན་ཏོ། །དེ་ནས་ཕྲེང་ཕྱེད་དང་བཞི་ནས། ལྟ་ག་ལ་འོང༌། ཞེས་བྱ་བས་ནི་མངོན་པར་ཤེས་པ་རྣམས་ཀུན་བཏགས་པའི་ངོ་བོ་ཉིད་ཡིན་པ་དང་ཀུན་བཏགས་པའི་དམིགས་པ་ཡིན་པའི་ཕྱིར། དེ་སྐད་དུ་བཤད་དོ། །བྱ་བའི་འགྲེལ་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཞེས་དབུ་མ་པ་གསུངས། བརྩོན་ཞེས་བྱའོ། །ཞེས་བྱ་བས་མངོན་པར་ཤེས་པ་དང་སྦྱོར་བའི་རྟོག་པ་ཡོངས་སུ་སྤང་བར་བསྟན་ཏོ། །ཤཱ་ར་དྭ་ཏིའི་བུ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། བརྩོན་ཞེས་བྱའོ། །ཞེས་བྱ་བས་མངོན་པར་ཤེས་ཀྱིས་བྱ་བ་དང་སྦྱོར་བའི་རྟོག་པ་ཡོངས་སུ་སྤང་བར་བསྟན་ཏོ། །ད་ནི་དེའི་ཕན་ཡོན་སྟོན་ཏེ། ཤཱ་ར་དྭ་ཏིའི་བུ། དེ་ནས་ཕྲེང་བརྒྱད་ན་འགྱུར་རོ། །ཕན་ཡོན་དེ་ལྟ་བུ་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཤོག་བུ་བཞི་དང༌། ཡིག་ཕྲེང་གསུམ་ན། ཚོགས་མི་ཆེ་བར་སྟེ་འབད་མི་དགོས་པར་མངོན་དུ་འགྱུར་རོ། །དེ་ནས་ཕྲེང་གཉིས་ན། ཕྱིན་པ་ལ་སྤྱོད་ཅིང་མཉམ་པར་འཇོག་པ་ནི། འདུ་བ་འཁོར་བ། འདུ་འབྲལ་བར་འགྱུར་བ། མྱ་ངན་ལས་འདས་པའང༌། འཁོར་བའི་ལས་འཕྲད་པའང་མྱ་ངན་ལས་འདས་ཀྱི་ལས་མི་འཕྲད་པ་དེ་ལྟ་བུ་མི་དམིགས་ཤིང༌། ཡང་དག་བརྩོན་ཞེས་བྱའོ། །ཞེས་བྱ་བས་འདུ་བ་དང་འབྲལ་བའི་རྣམ་པར་རྟོག་པ་ཡོངས་སུ་སྤང་བར་བསྟན་ཏོ། །ཤཱ་ར་དྭ་ཏིའི་བུ། དེ་ནས་ཕྲེང་དགུ་ན། བརྩོན་ཞེས་བྱའོ། །ཞེས་བྱ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་རྟོག་པ་ཡོངས་སུ་སྤང་བར་བསྟན་ཏོ། །མི་སྦྱོར། ཞེས་བྱ་བ་ནི་གཟུགས་སྟོང་པའི་ངོ་བོ་ཉིད་དང་མི་སྦྱོར་བ་དང༌། གཟུགས་ཞེས་བྱ་བ་སྟོང་པ་ཉིད་ཅེས་བྱ་བའི་མིང་དུ་མི་སྦྱོར་བའོ། །སྟོང་པ་ཉིད་དང་གཟུགས་སུ་མི་སྦྱོར་རོ། །ཞེས་བྱ་བ་ནི་སྟོང་པ་ཉིད་དང་གཟུགས་ཀྱི་རང་བཞིན་དང་མི་སྦྱོར་བ་དང༌། སྟོང་པ་ཉིད་ཅེས་བྱ་བ་གཟུགས་ཀྱི་མིང་ཡིན་ནོ། །ཞེས་མི་སྦྱོར་བའོ། །ཞེས་དབུ་མ་པ་གསུངས། དེ་བཞིན་དུ་སྦྱར་ཏེ། ཚོར་བ་དང༌། སྟོང་དེ་ནས་ཕྲེང་བ་བཅོ་ལྔ་ན། མི་སྦྱོར། ཞེས་བྱ་བས་སྟོང་པ་ཉིད་ལ་སྦྱོར་བའི་རྣམ་པར་རྟོག་པ་སྤང་བར་བསྟན་ཏེ། དེ་ལྟར་མི་རྟོག་པར་སྦྱོར་བའི་ཚུལ་གྱིས་བརྩོན་པ་ནི། ཤེར་ཕྱིན་ལ་བརྩོན་པ་བསྟན་ཏོ། །འདིར་རྟོག་པ་ཐམས་ཅད་སྤང་བྱར་བསྟན་པ་འདིས་ནི་ཁ་ཅིག་རྣམ་རྟོག་ཆོས་སྐུ་ཡིན་པ་སྨྲ་བ་དེ་དག་བོད་ཀྱིས་རང་བཟོར་བྱས་པའི་རྒྱུད་ཀྱིས་མགོ་བསྐོར་བའི་རྣམ་འགྱུར་དུ་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར། དེ་ནས་ཕྲེང་གསུམ་ན། རྣལ་འབྱོར་ནི། རྣལ་འབྱོར་གང་བས་ཀྱང་ལྷག་པའི་ཕྱིར། རབ་ཅེས་བྱ། གྱ་ནོམ་པ་ཞེས་བྱའོ། །ཞེས་པ་ནི་བཟང་བའི་རྣམ་གྲངས་སོ། །དེ་ནས་ཕྲེང་གཉིས་ན། ཉེ་བར་གྱུར་པའོ། །ཞེས་བྱ་བ་ནི་ས་བརྒྱད་པ་ཐོབ་པའི་ལུང་བསྟན་པར་གྱུར་པའམ། ལུང་བསྟན་པར་འོས་པའི་ཕྱིར། ལུང་བསྟན་པར་ཉེ་བར་གྱུར་པའོ། །ཞེས་དབུ་མ་པ་གསུངས་པ་ནི། ས་བརྒྱད་པ་ལ་ནི་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་སྟེ། རྣམ་པར་སྨིན་པའི་ཕ་རོལ་ 4-1-30 ཏུ་ཕྱིན་པ་རྣམས་འབྱུང་ངོ༌། །རྣམ་པར་སྨིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་བྱུང་བས། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བ་ལ་རྩོལ་པ་དང་བྲལ་ཞིང༌། ལྷུན་གྱིས་གྲུབ་པ་ཉིད་དུ་ཐམས་ཅད་སྒྲུབ་བོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེའི་ཕྱིར་དོན་བྱེད་པ་ལ་སོགས་པའི་ཡོན་ཏན་དེ་ལྟ་བུ་དག་ཡོད་ཀྱང༌། དེ་ནས་ཕྲེང་ཕྱེད་དང་གསུམ་ན། སྙམ་དུ་མི་སེམས་སོ། །དེ་ལྟར་བྱ་བ་རྣམས་ལྷུན་གྲུབ་ཏུ་གནས་པའི་གཏན་ཚིགས། དེ་ཅིའི་ཕྱིར་ཞེ་ན། བྱེ་བྲག་ཏུ་འབྱེད་པའམ་མཚན་མར་བྱེད་པ་མེད་དེ། ཞེས་གསུངས་ཏེ། དེ་ཕན་ཆད་དེ་ལ་ཆོས་ཀྱི་དབྱིངས་མ་གཏོགས་པར་དམིགས་པ་གཞན་ཉེ་བར་མི་གནས་ལ་ཆོས་ཀྱི་དབྱིངས། དེ་ལ་ཡང་མཚན་མར་བྱས་ཏེ་དེ་མི་དམིགས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ལྷག་ན། མི་མཐོང་སྟེ། དེ་ལྟ་བུའི་མཚན་འཛིན་པ་དང༌། རློམ་སེམས་མི་འབྱུང༌། དེ་ནས་ཕྲེང་བདུན་ཅུང་མེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཏེ། ཞེས་བྱ་བ་ནི། དེ་ཕན་ཆད་དེའི་སྤྱོད་པ་སེམས་ཅན་ལ་དམིགས་པ་མེད་དོ། །ཞེས་བསྟན་པ་སྟེ། སྙིང་རྗེའི་མཐུས་ཀུན་རྫོབ་ཀྱི་ཤེས་པ་སྐྱེ་སྟེ། དེའི་སེམས་ཅན་རྣམས་ཀྱི་དོན་དུ་སྦྱིན་པ་ལ་སོགས་ཡོངས་སུ་རྫོགས་པར་བྱེད་དུ་ཟིན་ཀྱང་སེམས་ཅན་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། སེམས་ཅན་སྟོང་པ་ཉིད་དང༌། སེམས་ཅན་དམིགས་སུ་མེད་པ་དང༌། སེམས་ཅན་དབེན་པ་ཉིད་ལ་གནས་པས་དེ་ལྟར་གནས་ཤིང་ཐམས་ཅད་བྱེད་དོ། །ཞེས་བྱའོ། །ཞེས་དབུ་མ་པ་གསུངས། རྣལ་འབྱོར་ཏོ། །ཞེས་པ་འདི་དག་ནི། རྗེ་བཙུན་སྤྱན་རས་གཟིགས་ཀྱིས། བསྐྱེད་པའི་རིམ་པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །དེ་ཉིད་ཀྱི་ནི་སྒྲུབ་ཐབས་གཞན་ཡོད་མིན། །ཞེས་དང༌། ཤིན་ཏུ་རྣམ་དག་རིམ་པར་གཅིག་པུ་ནི། །ཐར་པའི་སླད་དུ་སངས་རྒྱས་རྣམས་ཀྱིས་བསྟན། །ཞེས་གསུངས་པ་དང་དོན་གཅིག་གོ །མ་ཡིན་པའི་རྣལ་འབྱོར། འཇིག་རྟེན་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་རྣལ་འབྱོར་རྣམས་ཟིལ་གྱིས་ཆེན་པོ་ནི། སེམས་ཅན་དམིགས་སུ་མེད་ཀྱང་སེམས་ཅན་གྱི་དོན་བྱ་བའི་ཕྱིར། དེ་བཞིན་གཤེགས། དེ་ནས་ཕྲེང་ཅིག་ལྷག་ན། འདི་ལ་སྤྱོད་པ་ནི། ཕྱིན་དྲུག་གི་མི་མཐུན་པར་ཕྱོགས་མེད་པའི་ཕྱིར། སེར་སྣའི་སེམས། གསུམ་པ་དགེ་འདུན་དཀོན་མཆོག་ལ་གདམས་པ་ནི། དེ་སྐད་ཅེས་ཤཱ་ར་དྭ་ཏིའི་བུས། སྐབས་དེ་ཉིད་ལས་ཆོས་བཤད་པ་ཆེན་པོར་འགྱུར་བར་བྱ་བའི་ཕྱིར་བཅོམ། དེ་ལ་དགེ་འདུན་དཀོན་མཆོག་ནི་འདིར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་ཤེས་པར་བྱའོ། །ཞེས་ཉི་ཁྲི་སྣང་བ་གསུངས། བཅོམ་ལྡན་འདས་དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ 4-1-31 ནས། སྤྱོད་པ་དེ་རྣམས་ལས་མཆོག་ཏུ་གྱུར་པ་ནི། བར་མ་ནི། དགའ་ལྡན་གྱི་ལྷའི་རིས་ནས་འཕོས་ཏེ་འདིར་སྐྱེས་པ་དང༌། ཐ་མ་ནི། མིའི་ནང་ནས། དེ་ནས་ཕྲེང་གཅིག་ལྷག་པ་ན། མྱུར་དུ་འགྲུབ་པ་སྟེ། ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བསྒོམ་པ་ལ་བརྩོན་པར་བྱེད་པ་ན། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ལ་སེམས་རྩེ་གཅིག་ཏུ་གནས་ཤིང༌། བསྟེན་ལས་སུ་རུང་སྟེ། སངས་རྒྱས་ཀྱི་ཉམས་མྱུར་དུ་ཐོབ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་ཕྱེད་དང་ལྔ་ན། སྐྱེས་པ་དེ་ནི་ས་བརྒྱད་པ་ལ་ཐོབ་ནས། ཕྱིར་མི་ཆེན་པོ་ཁ་ཅིག་སེམས་ཅན་གྱི་དོན་དུ་མིར་སྐྱེ་ཞིང་ཚེ་འཕོ་བ་དག་ཀྱང་ཡོད་དེ། དེ་ནི་དབང་པོ་རྣོ་བའི་ཕྱིར་ཏེ། མ་གཏོགས་སོ། །དེ་ནས་ཕྲེང་གཅིག་ནས། མི་འགྱུར་གྱི་ཚེ་འདིར་སྦྱངས་པས་མངོན་དུ་འགྱུར་རོ། །དེ་ནས་ཕྲེང་གསུམ་ནས། མི་འགྱུར་རོ། །དེའི་འོག་ཏུ། བྱང་ཆུབ་སེམས་དཔའ་མང་དུ་ཡོད་པ་བསྟན་པའི་ཕྱིར། ཤཱ་ར་དྭ་ཏིའི་བུ། འདི་ནས་མདོའི་དུམ་བུ་བཞི་བཅུ་ཞེ་ལྔས་བྱང་སེམས་འཕགས་པ་བཞི་བཅུ་ཞེ་ལྔས་བསྟན་པའི་མདོའི་དུམ་བུ་བཞི་བཅུ་ཞེ་ལྔའི་མཚམས་མཚམས་སུ་གཅིག་ནས་བཞི་བཅུ་ཞེ་ལྔའི་བར་གྱི་གྲངས་ཡིག་གདབ་པར་བྱའོ། །མི་རྣོ་བ་ཡང་ཡོད་དོ། །དེ་ནས་ཕྲེང་ཅིག་ལྷག་ན། ཕྱིར་འདོད་པའི་ཁམས་སུ་མིའི་ནང་དུ་སྐྱེ་བ་རྣོ་བ་མ་ཡིན་ནོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་བརྒྱད་རྗེས་སུ། འཁོར་ལོ་བསྐོར་བ་དག་ཀྱང་ཡོད་དོ། །དཔེར་ན་བདག་གི་བཅོམ་ལྡན་འདས་བྱམས་པ་ལྟ་བུའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་གཉིས་དང༌། ཕྲེང་ཕྱེད་དང༌། གཉིས་ན་མནན་ཅིང༌། ཐོད་རྒལ་དུ་སྙོམས་པར་འཇུག་པ་དག་ཀྱང་ཡོད་དོ། །དེ་ནས་ཕྲེང་ཕྱེད་བཅུ་ན། སྐལ་པ་བཟང་པོ། འདི་ལ་སངས་རྒྱས་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཕྲེང་ཕྱེད་དང་དྲུག་ན། འཚང་རྒྱའོ། །དཔེར་ན། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་ལྟ་བུའོ། །ཞེས་དབུ་མ་པ་གསུངས། ཡིད་ཀྱི་ལས་མ་བྱེད་ཅིང་སེམས་ཅན་རྣམས་ལ་ཆོས་འཆད་པ་དག་ཀྱང་ཡོད་དོ། །དེ་ནས་ཤོག་གུ་བཞི་དང་ཕྲེང་གཉིས་ནས་ཀྱང་ཡོད་དོ། །འབྱུང་བ་ཡིན་ནོ། །ཞེས་བྱ་བ་གསུང་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱུ་གུ་སངས་རྒྱས་ཀྱི་ཆོས་ལ་འཕེལ་བའི་རིམ་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ལྟར་ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་ལ་རྒྱལ་སྲས་འཕགས་པ་བཞི་བཅུ་རྩ་ལྔ་ནི་ཐེག་ཆེན་གྱི་སྐྱབས་གནས་སུ་གཏོགས་པ་སྟེ། ཐེག་དམན་གྱི་འཕགས་པ་ཉི་ཤུ་མདོག་གཞན་དུ་གསུངས་པ་བྱམས་པས་བསྡུས་པ་ནི་འཆད་པར་འགྱུར་ཏེ། དེ་ནི་ཐེག་ཆེན་སྐྱབས་གནས་མ་ཡིན་ཡང་སྤྱིར་དགེ་འདུན་དཀོན་མཆོག་ལ་གཏོགས་པའི་ཕྱིར་དང༌། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་དང་གནད་གཅིག་པའི་ཕྱིར་རོ། །དེ་ལྟ་བས་ན་ཐེག་པ་གསུམ་གྱི་དགེ་འདུན་དཀོན་མཆོག་ལ་ 4-1-32 འཕགས་པ་དྲུག་ཅུ་རྩ་ལྔར་རིག་པར་བྱའོ། །དེ་ནས་བཤད་པའི་སྐབས་དབྱེ་བའི་ཕྱིར། ཤཱ་ར་དྭ་ཏིའི་བུ། དེ་ནས་ཕྲེང་གཅིག་ན། གོང་མ་དབྱེའོ། ། བཞི་པ། མ་ཞེན་པ་ལ་གདམས་པ་ནི། དེ་སྐད་ཅེས་ཤཱ་ར་དྭ་ཏིའི་བུས། གསུང་དེ་ཉིད་བཟུང་སྟེ། དེ་ནས་ཕྲེང་གསུམ་ལྷག་ཙམ་ན། བརྩམ་སྙམ་དུ་དམིགས་ཤིང་ལྟ་ན་དེ་ནི་ཡིད་ཀྱི་སྡིག་པ་མི་དགེ་བ་མ་ཡིན་ཡང༌། ལས་རྩོམ་པ་བཅས་པའོ། །དེ་དག་ཉིད་ལུས་དང་ངག་དང༌། ཡིད་ཀྱི་གནས་ངན་ལེན་ཏོ། །ཞེས་དབུ་མ་པ་གསུངས། གང་གིས་ན་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་འཇུངས་པ་སེར་སྣའི་སེམས། དེ་ནས་ཕྲེང་གཅིག་ན། བྱ་བ་དེ་ལྟ་བུ་འབྱུང་བའི་ལུས་མི་དམིགས་སོ། །དེ་ནས་ཕྲེང་ཕྱེད་དང་གཉིས་ན། དེ་ནི་གནས་མེད་དོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མ་ལུས་དང༌། ངག་དང༌། ཡིད་གསུམ་གྱི་སྒོ་ནས་དམིགས་པ་དང་བཅས་པའི་སྐྱོན་དེ་ལྟ་བུ་འབྱུང་མི་སྲིད་དོ། །ཞེས་བྱ་བའི་དོན་ཏེ། གནས་ངན་ལེན་ཞེས་བྱ་བ་དང༌། ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་འཕྱས་སུ་འགྱུར་པའམ། སྐྱོན་དུ་འགྱུར་བའི་རྣམ་གྲངས་སུ་རིག་པར་བྱའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་གཅིག་ན། ལུས་ཀྱི་གནས་ངན་ལེན། མི་སྐྱེད་ཀྱི་དག་པར་བྱེད་ཅིང་ཡོངས་སུ་སྦྱོང་ངོ༌། །དེ་ནས་ཕྲེང་ཕྱེད་བཞི་ན། སྒོ་གསུམ་མི་དམིགས་པ་དེ་ཉིད་བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་གཉིས་ན། སྒོ་གསུམ་གནས་ངན་ལེན་སྦྱོང་ཚུལ་གཞན་ཡང༌། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་ན། ལེན་ཡོངས་སུ་སྦྱོང་ཞིང༌། དག་པ་ཞེས་ངས་བཤད་དོ། །དེ་ནས་ཕྲེང་གཉིས་ལྷག་ན། ཕར་ཕྱིན་དྲུག་མ་གཏོགས་པར་བྱང་ཆུབ་ཀྱི་ལམ་གང་ཞིག་ཡོད་སྙམ་ནས། གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ལ་སོགས་པས་མི་དམིགས་པའི་རྣལ་འབྱོར་བྱང་ཆུབ་ཀྱི་ལམ་ཡིན་པར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ལྷག་པ་ན། གྱུར་པ་དེ་ནི་བྱང་ཆུབ་ཐོབ་པའི་རྒྱུ་ཡིན་པས། དེ་ནས་ཕྲེང་ཅིག་ལྷག་པ་ན། སེམས་དཔའ་ཆེན་པོ། མི་དམིགས་པའི་ལམ་དེ་ལྟ་དེ་དག་ནི། བདུད་དང་བར་དུ་གཅོད་པ་སུས་ཀྱང་ཐུབ་པ་མེད་དོ། ། ལྔ་པ། ཡོངས་སུ་མི་ངལ་དང༌། །ཞེས་པ་མི་ངལ་བ་ལ་གདམས་པ་ནི། གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་ན། གཟུགས་དམིགས་སུ་མེད་པའི་ཕྱིར། གཟུགས་ལ་རློམ་སེམས། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཅིག་ཆད་པ་ན། དག་ཀྱང་ཡོད་དོ། ། དྲུག་པ། ལམ་ནི་ཡོངས་སུ་འཛིན་པ་དང༌། །ཞེས་ལམ་ཡོངས་སུ་འཛིན་པ་གདམས་པ་ནི། དེ་ནས་ཚེ་དང༌། རྣམ་མཁྱེན་གྱི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་ཡིན་གྱི་བྱང་ཆུབ་སེམས་དཔའི་མ་ཡིན་ནོ། །སྙམ་དུ་བསམ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ལྷག་ཙམ་ན། དེ་གང་ལགས། ཞེས་ཞུས་པ་དང༌། ལྡན་པས་ནི། ཞེས་བྱ་བ་ལ་སོགས་པས་ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་དེ་ལྟ་བུ་སྐྱེ་བ་དེ་ནི་རང་བཞིན་ཡིན་ཏེ། རྣམ་པར་སྨིན་པའི་ཡེ་ཤེས་སོ་ཞེས་བསྟན་ཏོ། །རྣམ་པར་སྨིན་པའི་ཡེ་ཤེས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་ 4-1-33 པ་ལ་སོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཀྱང༌། དེ་དག་ལ་རྩོལ་བའི་ཡིད་བྱེད་པ་མི་འབྱུང་སྟེ། ཡེ་ཤེས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་རྒྱུ་ལ་འབྲས་སུ་གཏག་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དྲུག་ན། མཉམ་གཞག་ཏུ་ཅིར་ཡང་མི་རྟོག་པས་སངས་རྒྱས་ཀྱི་འདུ་ཤེས་མི་བསྐྱེད་དོ། །དེ་ནས་ཤོག་གུ་གཉིས་ཅུང་མེད་ན། རྗེས་སུ་མི་མཐོང་ངོ༌། །དེ་ལ་མ་ཞེན་པས་ནི་ཡོངས་སུ་ཉམས་པར་མ་འགྱུར་ལ། མི་ངལ་པས་ནི་ཇི་སྲིད་དུ་བགྲོད་པར་བྱ་བར་འགྲོ་བར་འགྱུར་རོ། །ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བས་ནི་ལམ་གཞན་དུ་འགྲོ་བར་མི་འགྱུར་རོ། །ཞེས་ཉི་ཁྲི་སྣང་བར་གསུངས། བདུན་པ། སྤྱན་ལྔ་དང་ནི། ཞེས་པ་སྤྱན་ལྔ་ལ་གདམས་པ་ནི། ཤཱ་ར་དྭ་ཏིའི་བུ། དེ་ནས་ཕྲེང་གཅིག་ན། ཐམས་ཅད་ལ་འཇུག་པའི་ཤེས་པ་ནི། ཤའི་མིག་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ཐམས་ཅད་ཤེས་པ་ནི་ལྷའི་མིག་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་མིག་དང༌། གནས་དང༌། གནས་མིན་མཁྱེན་པ་མ་གཏོགས་པའི་ཤེས་པ་རྒུ་ནི་ཆོས་ཀྱི་མིག་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི། སངས་རྒྱས་ཀྱི་མིག་གོ །དེ་ལྟར་སྤྱིར་བསྟན་ནས་བྱེ་བྲག་ཏུ་བཤད་ན་ལྔའི། དང་པོ་ཤའི་སྤྱན་ནི། གསོལ་བས་མཐོ་དམན་དང༌། ཡོན་ཏན་ཆེ་ཆུང་གི་དབང་གིས། བྱང་ཆུབ་སེམས། ཆེན་པོ་ལ་ལའི་ཤའི་མིག །དཔའ་ཆེན་པོ་ལ་ལའི་ཤའི་མིག །གཉིས་པ་ལྷའི་སྤྱན་ནི། གསོལ་པ། དེ་ནས་ཤོག་གི་གསུམ་ལ་ཕྲེང་ཕྱེད་དང་གཉིས་ཆད་པ་ན། བམ་པོ་བཅུ་གཉིས་པ། གསུམ་པ་ཤེས་རབ་ཀྱི་སྤྱན་ནི། གསོལ་པ། དེ་ནས་ཕྲེང་བཞི་ན། བཞི་པ་ཆོས་ཀྱི་སྤྱན་ནི། གསོལ་པ། དེ་ནས་ཕྲེང་བཞི་ལྷག་པ་ན། འདི་ནི་དབང་པོ་རྟུལ་བོ། དད་པའི་རྗེས་སུ། འདི་ནི་དབང་པོ་རྣོན་པོ། ཆོས་ཀྱི་རྗེས་སུ་འབྲང༌། དེ་ནས་ཕྲེང་གཉིས་ཅུང་མེད་ན། མཐོང་བས། ཕུང་པོ་ལྔ། འཇིག་པའི་རང་བཞིན་ཚོགས་པ་རྟག་པ་གཅིག་པུར་ལྟ་བ་དང༌། བདེན་པ་ལ་ཡིད་གཉིས་ཟ་བའི་ཐེ་ཙོམ་དང༌། ཚུལ་ཁྲིམས་བསྲུངས་པ་དང༌། བརྟུལ་ཞུགས་ཀྱི་དཀའ་བ་ཉམས་སུ་བླངས་པ་ཙམ་གྱིས་མྱ་ངན་འདས་ཐོབ་པར་བསྙེངས་པའི། འདོད་པའི་ཁམས་ཀྱིས་འདོད་ཆགས་དང༌། ཞེ་སྡང་གིས་སེམས་ཅན་གཞན་ལ་གནོད་པ་སེམས་པའི་ངན་སེམས་རབ་ཏུ། དེ་ནས་ཕྲེང་གཅིག་ལྷག་ན། གཟུགས་ཀྱི་ཁམས་ཀྱིས་འདོད་ཆགས་དང༌། གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང༌། ཁམས་གསུམ་གྱི་ཉོན་མོངས་པ་དང་བྲལ་བའི་གང་ཟག་འདི་ནི་དགྲ་བཅོམ་པའོ། །ཞེས་བྱ་བས་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་ལ་གནས་ནས་འབྲས་བུ་ཐོབ་པ་བསྟན་ཏོ། །དེ་ནས་ཕྲེང་ཕྱེད་དང་དྲུག་ཅུང་མེད་ན། དགྲ་བཅོམ་པའོ། །ཞེས་བྱ་བས་མཚན་མ་མེད་པ་ལ་གནས་ནས་འབྲས་བུ་ཐོབ་པ་བསྟན་ཏོ། །དེ་ནས་ཕྲེང་ཕྱེད་དྲུག་ན། རབ་ཏུ་ཤེས། ཞེས་བྱ་བས་སྨོན་པ་མེད་པ་ལ་གནས་ནས་འབྲས་ 4-1-34 བུ་ཐོབ་པ་བསྟན་ཏེ། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། ཀུན་འབྱུང་བ་སྟེ་སྐྱེ་བའི་ཆོས་ཅན་ཡོངས་སུ་དག་པའོ། །ཞེས་བྱ་བ་མོས་སྤྱོད་ཀྱི་ས་ལ་གནས་པའི་ཡོན་ཏན་ཤེས་པ་ཡང་ཆོས་ཀྱི་མིག་ཏུ་བསྟན་ཏོ། །དེ་ནས་ཕྲེང་དགུ་ན། མིག་ཡོངས་སུ་དག་པའོ། །ཞེས་བྱ་བས་ས་དང་པོའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཡོན་ཏན་ཤེས་པ་ཡང་ཆོས་ཀྱི་མིག་ཏུ་བསྟན་ཏོ། །དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཅིག་ཆད་པ་ན། ཡོངས་སུ་དག་པ་ཡིན་ནོ། །ཞེས་བྱ་བས་ས་གཉིས་པ་ཡན་ཆད་ཀྱི་རྒྱལ་སྲས་རྣམས་ཀྱིས་རང་བཞིན་དང༌། སྤྱོད་པ་དང༌། ཡོན་ཏན་ཤེས་པ་ལ་ཆོས་ཀྱི་མིག་ཏུ་བསྟན་ཏོ། །ལྔ་པ་སངས་རྒྱས་ཀྱི་སྤྱན་ནི། གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་ལྔ་ན། མིག་ཡོངས་སུ་དག་པའོ། །སྔར་སྤྱན་ལྔ་བསྟན་པ་ནི་དེ་བཞིན་གཤེགས་པའི་སྐབས་ཡིན་ལ་འདིར་བྱང་ཆུབ་སེམས་དཔའི་སྐབས་ཡིན་པས་ལན་གཉིས་ཟློས་པའི་ཉེས་པ་མེད་དོ། །དེ་ནས་ཕྲེང་གསུམ་ཙམ་ན། ཡང་དག་པར་སྨ་བས་བདེན་པར་བརྗོད་དེ། དེ་ནས་ཕྲེང་གཅིག་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའི་སྤྱན་ལྔ་པོ་ཐོབ་པ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པས་ཐོབ་བོ། །ཞེས་བསྟན། ཞེས་འབུམ་ཏིག་གསུངས། བརྒྱད་པ། མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་། ཞེས་པ་མངོན་ཤེས་དྲུག་ལ་གདམས་པ་ནི། ཤཱ་ར་དྭ་ཏིའི་བུ། དེ་ཡང་དྲུག་ལས་དང་པོ་རྫུ་འཕྲུལ་གྱི་མངོན་ཤེས་ནས་ནི་དེ་རྫུ་འཕྲུལ་པར། དེ་ནས་ཕྲེང་ཕྱེད་བརྒྱད་ན། གཉིས་ལྷའི་རྣ་བའི་མངོན་ཤེས་ནི། དེ་ལྷའི་རྣ་བའི། དེ་ནས་ཕྲེང་གསུམ་ན། གསུམ་པ་གཞན་གྱི་སེམས་ཤེས་པའི་མངོན་ཤེས་ནས་ནི། དེས་སེམས་ཅན། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ན། བཞི་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ནས་ནི། དེ་ནི་སྔོན་གྱི་གནས། དེ་ནས་ཕྲེང་བཅུ་ན། ལྔ་པ་ལྷའི་སྤྱན་གྱི་མངོན་ཤེས་ནས་ནི། དེ་ནི་ལྷའི་མིག་དེ་ནས་ཕྲེང་དགུ་ན། དྲུག་པ་ཟག་པ་ཟད་ཀྱི་མངོན་ཤེས་ནི། དེ་ནི་ཟག་པ། དེ་ནས་ཕྲེང་གསུམ་ལྷག་ན། རང་བཞིན་སྟོང་པ། དངོས་པོ་མེད་པའི་ངོ་བོ་ཉིད་དང་དབེན་པ། ཤིན་ཏུ་ཡོངས་སུ་དག་པ་དང༌། མ་སྐྱེས་པ། འདུས་མ་བྱས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་ནས་ཕྲེང་བཞི་ཅུང་མེད་ན། འཕེལ་ལོ། །སྐབས་འདི་དང་སྔར་མངོན་ཤེས་བཟླས་ཏེ། གསུངས་པ་ཡང་སྤྱན་ལྔ་ལ་བཤད་པ་བཞིན་ནོ། །དེ་ན་ཕྲེང་གཅིག་ན་ཉིད་ཀྱི་ཕྱིར། ཞེས་བྱ་བ་ནི་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པའི་མཐའ་སྤངས་སོ། །ཞེས་དབུ་མ་པ་གསུངས། འཁོར་གསུམ་ལ་ཆགས་པ་མེད། ཡོད་དོ། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ལ་གནས་ཀྱང་རུང༌། ཕ་རོལ་ཏུ་ཕྱིན་པ་ལ་གནས་ཀྱང་རུང་སྟེ། བྱང་ཆུབ་ཀྱི་ལམ་སྦྱོང་བ་བྱེད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཅུ་ན། ཕྱིར་འོང་བའམ། སྐྱེ་བ་མེད་པ་དང༌། འགྲོ་བའམ་འགག་པ་མེད་པ། ཆོས་རྣམས་ལ་ཆོས་སུ་ཡོངས་སུ་འཛིན་ཅིང༌། མངོན་པར་ཞེན་པ་མེད་པ། བཟུང་བ་ལས་གདགས་སོ། །ཞེས་བྱ་བ་ལ་སོགས་པ་ཅི་ལས་དགོས་ཞེ་ན། འཇིག་ 4-1-35 རྟེན་ན་ཡང་སེར་སྣ་ཡོད་ན་སྦྱིན་པ་ཞེས་བྱ་བའི་མིང་འབྱུང་ལ། འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་ཡོད་ན་ཚུལ་ཁྲིམས་ལ་སོགས་པའི་མིང་དུ་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སེར་སྣ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཀྱིས་བློ་མེད་པ་དེའི་ཕྱིར་སྦྱིན་པ་ལ་སོགས་པའི་བློ་ཡང་མེད་དོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། དེ་ནི་སེར་སྣ་ལ་སོགས་མི་མཐུན་པའི་ཕྱོགས་ལས་རྒལ་ཏོ་ཞེས་བྱ། དེ་ནས་ཕྲེང་གཅིག་ཅུང་མེད་ན། རློམ་སེམས་མེད་དོ། །ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་བསྟན་ཏོ། །མི་མཐུན་པའི་ཕྱོགས་དང་གཉེན་པོ་གཉིས་ཀར་ཡང་མི་སེམས་སོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་བཞི་ན། མེད་དོ། །ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་རློམ་སེམས་མེད་དོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། རིམ་གྲོ་བ་བྱས་སོ། །མ་སྐྱེས་པ་ཞེས་བྱ་བ་ནི་ཡང་དག་པའི་མཐའི་ཚིག་བླ་དྭགས་སོ། །ཞེས་དབུ་མ་པ་གསུང་བས་དེ་ནི་གཡོས་སོ། །དེ་ནས་ཕྲེང་ལྔ་ཅུང་མེད་ན། སེམས་བསྐྱེད་ནས། ཞེས་བྱ་ནི་གང་ཟག་སྟོང་པ་ཉིད་ཀྱིས་བཏང་སྙོམས་ཚད་མེད་པའོ། །ཞེས་དང༌། འཐོབ་བོ། །ཞེས་བྱ་ནི་ཆོས་སྟོང་པ་ཉིད་ཀྱིས་དབུ་མར་གནས་པའི་ཕྱིར་བཏང་སྙོམས་དེ་འདི་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པའི་བཏང་སྙོམས་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་གཉིས་ན། ཡིད་དུ་འོང་ཞིང་དབེན། ཞེས་པ་ནི་ཁྲི་བརྒྱད་སྟོང་པར་སྡུག་པར་བྱ་བ་ཡིན། དེ་ནས་ཕྲེང་ཕྱེད་གསུམ་ན། འཁོར་ཡོངས་སུ་སྨིན་པ་བསྟན་པ། ཤེས་རབ་ཀྱི་ཕ། དེ་ནས་ཕྲེང་གཅིག་ན། ཡོངས་སུ་སྨིན་པ་རྣམས་ལུང་བསྟན་ཚུལ། དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་བཞི་ལྷག་ཙམ་ན། སངས་རྒྱས་དཔལ་ལ་མེ་ཏོག་ཆེན་པོ། དེ་ནས་ཤོག་གུ་གཅིག་སོང་བ་ན། རྒྱན་གྱི་བཀོད་པའི། ཞེས་ཁྲི་བརྒྱད་སྟོང་པར་བྱུང༌། རྒྱལ་པོ་ཞེས། ཤེར་ཕྱིན་གྱི་ཡོན་ཏན་བསྔགས་ཤིང་བསྟོད་པ། དེ་ནས་ཚེ་དང་ལྡན་པ་བཤེས་པ། བྱམས་མའི་བུ་གང་པོ་དང༌། དེ་ནས་ཕྲེང་བཅུ་གཅིག་ལྷག་ན། མཉམ་པའོ། །ཁྲི་བརྒྱད་སྟོང་པར་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཞི་བ་དང་དུལ་བ་ལགས་སོ། །ཞེས་པ་བྱུང༌། དེ་ནས་ཕྲེང་བརྒྱད་ན། མ་མཆིས་པའོ། །ཤེར་ཕྱིན་ལ་སྤྱོད་པའི་རྒྱལ་སྲས་ཀྱི་ཡོན་ཏན་བསྔགས་པ་བསྟན་པ། བཅོམ་ལྡན་འདས་ཀྱིས་ནི། འཁོར་གསུམ་ཡོངས་སུ་དག་པས། མི་མཉམ་པ་སྦྱིན་པ་འདས་པའི་དུས་ན་ཡོངས་སུ་བཏང་ངོ༌། །ད་ལྟའི་དུས་ན་ཡོངས་སུ་བཏང་ངོ༌། །མ་འོངས་པའི་དུས་ན་ཡོངས་སུ། དེ་ནས་ཕྲེང་གཅིག་ཅུང་མེད་ན་འགྱུར་རོ། །ཞེས་པ་ཡང་དུས་གསུམ་དང་སྦྱར་རོ། །མཉམ་པ་དེ་བདེ་བའི་ལུས་འགྱུར་རོ། །ཞེས་པ་ཡང་དུས་གསུམ་ལ་སྦྱར་རོ། །དེ་ནས་ཤོག་བུ་གཅིག་དང་ཕྲེང་ཕྱེད་དྲུག་ན། མཉམ་པ་བདེ་གཤེགས་སྙིང་པོའི་གཟུགས་མཉམ་པ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཚོར་བ་མཉམ་པ། དེ་བཞིན་ཉིད་གདོད་ནས་གྲོལ་བའི་འདུ་ཤེས་མཉམ་པ། ཡང་དག་པའི་མཐའི་འདུ་བྱེད་མཉམ་པ། རང་བཞིན་གྱི་འོད་གསལ་བའི་རྣམ་པར་ཤེས་པ། དེ་ནས་ཤོག་གུ་གཅིག་ 4-1-36 དང་ཕྲེང་བཅུ་གཅིག་ན། ཡང་དག་པར་བྲལ་བའི་བདེ་བ་ཡང་རུང་སྟེ། ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཚེ་ན་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀ་དང་ལེགས་པར་བྲལ་བའི་ཕྱིར། མྱ་ངན་ལས་འདས་པ་ཉིད་ལ་ཡང་དག་པར་བྲལ་བའི་བདེ་བ་ཞེས་བྱའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་ཕྱེད་དྲུག་ན། བདེ་བའི་དོན་དུ་བཞུགས་པ་ཡིན་ནོ། །འོད་ཟེར་འགྱེད་པ་བསྟན་པ། དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་བདུན་ན་འགྱུར་ཏོ། །འོད་དེས་བྱང་ཆུབ་སེམས་དཔའ་འདུས་པ་བསྟན་པ། དེ་ནས་ཤར་ཕྱོགས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་བཅུ་ན་དོང་ངོ༌། །མཆོད་པའི་བཀོད་པ་བསྟན་པ། དེ་ནས་ཕྲེང་བརྒྱད་ན། འདུག་གོ །འཁོར་ས་བརྒྱད་པ་ཐོབ་ནས་སྨོན་ལམ་བཏབ་པ། དེ་ནས་འཁོར། དེ་ནས་ཕྲེང་གསུམ་ན། བཏབ་བོ། །དེ་དག་ལུང་བསྟན་ཚུལ། དེ་ནས་བཅོམ། དེ་ནས་ཕྲེང་ཕྱེད་དྲུག་ན། ཤཱ་རིའི་བུའི། ལེའུ་སྟེ་གཉིས་པའོ།། །། ༈ བམ་པོ་བཅུ་གསུམ་པ། དགུ་པ། མཐོང་ལམ་དང༌། །ཞེས་པ་མཐོང་བའི་ལམ་ལ་གདམས་པ་ནི། དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་བཞི་ན། འགྱུར་སྙམ་པ་དང༌། ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱིས་ཡུལ་ནི་ཉན་ཐོས་རྣམས་ཀྱིས་ཤེས་ནས་ཅིའི་ཕྱིར་ཉན་ཐོས་ལ་ཐེ་ཚོམ་འདི་འབྱུང་ཞེ་ན། དེ་ལ་ཉེས་པ་མེད་དེ། གནས་བརྟན་རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ཏེ། བསྐལ་པ་གྲངས་མེད་པ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ། ཆོས་ཟབ་མོ་ལ་བཟོད་པ་ཐོབ་པར་གྲགས་པ་སྟེ། དེ་བས་ན་ཐམས་ཅད་ཀྱང་དེ་ལྟར་ཐེ་ཙོམ་དུ་གྱུར་ཏོ། །དེའི་ཕྱིར་རབ་འབྱོར་གྱིས་བདག་ཉིད་ཀྱི་ཚིག་ཡིན་པར་བསྟན་ནས་གཟུང་བར་འགྱུར་བ་མ་ཡིན་པའི་སྐྱོན་དུ་འགྱུར་བ་བསལ་བའི་ཕྱིར་རོ། །འདི་ནི་བཅོམ་ལྡན་འདས་ཀྱིས་བཀའ་ཡིན་གྱིས་བདག་གི་ཚིག་མ་ཡིན་ནོ། །ཞེས་བསལ་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཚེ་དང་ལྡན་པ། དེ་ནས་ཕྲེང་གཉིས་ན། རུང་སྟེ། ཞེས་བྱ་བ་ནི་གདུལ་བ་རྣམ་གསུམ་པོ་དག་ལས་མདོ་དང་འབྲིང་དང་རྒྱས་པ་རྣམས་སུ་དབྱེ་བའམ། ཡང་ན་བདག་གི་ལྷག་པའི་བསམ་པ་དང༌། སྐབས་སུ་འབབ་པ་དང་རྣམ་པ་གསུམ་གྱི་ཕྱིར་རྣམ་གསུམ་དུ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། གཤེགས་པ་ཉིད་ཀྱི་བྱིན་གྱིས་བརླབས་ཀྱིས། བྱང་ཆུབ་སེམས་རྣམས་ལ། རབ་འབྱོར་ཆོས་ཀྱི་གཏམ་བྱེད་དུ་བཅུག་སྟེ། ཤེས་རབ་དེ་ནས་ཕྲེང་གཅིག་ན། མ་ཡིན་ནོ། །ཞེས་བྱ་བས་མཚམས་སྦྱར་ནས་མཐོང་ལམ་སྐད་ཅིག་བཅུ་དྲུག་ལས། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་མིང་དང་བརྡར་གདགས་པས་བརྩོན་པ་ལ་གདམས་པ་དང༌། སེམས་ཅན་མི་དམིགས་པས་བརྩོན་པ་ལ་གདམས་པ་དང༌། ཚིག་བླ་དྭགས་མི་དམིགས་པས་བརྩོན་པ་ལ་གདམས་པ་དང༌། ཆོས་ཐམས་ཅད་དམིགས་སུ་མེད་པས་བརྩོན་པ་ལ་གདམས་པ་སྟེ། གདམས་པ་བཞི་སྐབས་དབྱེ་བའི་ཕྱིར། བཅོམ་ལྡན། དེ་ནས་ཕྲེང་གཅིག་ལྷག་པ་ན། བླ་དྭགས་ལགས། 4-1-37 ཞེས་བྱ་བ་ལ་སོགས་པས་ཞུས་སོ། །དེ་ལ་མདོར་བསྟན་པ་ལས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་གསུངས་ལ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ནི་གང་ཡང་མེད་ཅིང༌། དེ་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་གསུངས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་གང་ཡང་མེད་ན། དེ་ལ་ཆོས་འདི་གཉིས་དམིགས་སུ་མེད་བཞིན་དུ་ཅི་ཞིག་སུ་ལ་གདམས་ཤིང་རྗེས་སུ་གདམས་པར་བགྱི་ཞེས་ཞུས། ཞེས་དབུ་མ་པ་གསུངས། སྐབས་འདི་དང༌། མདོར་བསྟན་གྱི་སྐབས་ཀྱི་ཤེར་ཕྱིན་རྣམས་ལམ་ཤེར་ཕྱིན་ལ་དགོངས་པ་ཡིན་པས། མེད་པ་དང༌། མི་དམིགས་ཞེས་གསུངས་པའི་ཚིག་འདིས་གཞི་འབྲས་ཀྱི་ཤེར་ཕྱིན་ཡང་མེད་པར་དགོངས་པ་མི་བྱའོ། །དེའི་དགོངས་པ་དེ་ལྟར་ལ་ཡིན་པ་ནི། འགྲེལ་པ་ཉིད་དུ་རྒྱས་པར་ཞིབ་ཏུ་ལྟ་དགོས་སོ། །བཅོམ་ལྡན་འདས། དེ་ནས་ཕྲེང་གསུམ་ན། བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཁྱོད་དེ་སླད་མ་སྨྲ་ཞིག །གལ་ཏེ་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་ཡང་མེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མེད་དོ། །སྙམ་དུ་བསམ་ནས་ཅང་མི་ཟེར་བར་གྱུར་ན། དེ་ལྟ་ན་ནི་སེམས་ཅན་གྱི་དོན་ཉམས་པར་འགྱུར་རོ། །དོན་དམ་པར་ཡོངས་སུ་གྲུབ་པའི་བདག་ཉིད་དུ་ཆོས་དེ་གཉིས་མེད་དུ་ཟིན་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པའི་དོན་དུ་ཐབས་མཁས་པས་ཀུན་བཏགས་པའི་མཚན་ཉིད་ཡོངས་སུ་བཟུང་ནས། ཀུན་རྫོབ་ཀྱི་ཚུལ་དུ་སེམས་ཅན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པར་བྱའོ། །གཞན་དུ་ནི་སེམས་ཅན་གྱི་དོན་རབ་ཏུ་ཉམས་པར་འགྱུར་རོ། །ཞེས་བསྟན་ནས། དང་པོར་བརྟགས་པའི་གདམས་པ་བསྟན་པ་རབ་འབྱོར་འདི། དེ་ནས་ཕྲེང་གཅིག་ཅུང་མེད་ན། མིང་ཙམ་སྟེ། ཞེས་བྱ་བས་མིང་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་མེད་པར་བསྟན་ནས། དེའི་གཏན་ཚིགས་སུ་གལ་ཏེ་ཡོད་ན་ཕྱི་ནང་ངམ་དེ་གཉིས་ལས་གཞན་དུ་དམིགས་དགོས་པ་ལས། མིང་དེ་ནི་ནང་ན་ཡང་དམིགས་པ་མེད། ཕྱི་རོལ་ན་ཡང་དམིགས་པ་མེད་མི་དམིགས་སོ། །ཞེས་བསྟན་ཏོ། །འདི་དག་གིས་ཀྱང་དོན་ཇི་ལྟ་བར་མིང་དུ་རྟོག་པ་སེལ་ལ། ཀུན་བཏགས་འགོག་པ་ཡང་ཡིན་ནོ། །དེའི་ཆོས་མཐུན་པའི་དཔེ་བསྟན་པ་འདི་ལ་བཞི་ལས་ཐ་སྙད་ཙམ་དུ་ཟད་པ་ཉན་ཐོས་ཀྱིས་ཚུལ་ལ་གྲགས་པའི་དཔེ་ནི། སྡུག་བསྔལ་ལ་ཆོས་ཤེས་པ་ནི་རབ་འབྱོར། དེ་ནས་ཕྲེང་ཅིག་ན་ཆོས་སྐྱེ་ཡང༌། མིང་སྐྱེ་བའམ། ཆོས་འགག་ཀྱང་མིང་འགག་པ། དེ་ནས་ཤོག་གུ་གཉིས་ཕྲེང་ཅིག་ལྷག་པ་ན། མི་དམིགས་སོ། །ཀུན་བཏགས་ཙམ་དུ་ཟད་པའི་ཕྱིར། བྱང་སེམས་ཀྱི་ཚུལ་ལ་གྲགས་པའི་དཔེ་ནི། རབ་འབྱོར་འདི་ལ། དེ་ནས་ཤོག་གུ་བཞི་དང་ཕྲེང་ལྔ་ན། མི་དམིགས་སོ། །ཉེ་བར་བཟུང་ནས་བཏགས་པ་ཙམ་དུ་ཟད་པའི་ཕྱིར་ཉན་ཐོས་དང་བྱང་སེམས་གཉིས་ཀ་ལ་གྲགས་པའི་དཔེ་ནི། རབ་འབྱོར། འདི་ལྟ་སྟེ། དཔེར། དེ་ནས་ཕྲེང་བཅུ་གསུམ་ན། བཅོམ་ལྡན་འདས་སྤྲུལ་པའི་སྐུ་རྣམས་ཀྱི་མཚན་ཙམ་མི་དམིགས་སོ། །ཤིན་ཏུ་མེད་པའི་ཕྱིར་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་དཔེའི་ནི། རབ་འབྱོར། དེ་ནས་ཕྲེང་ལྔ་ན་ 4-1-38 བསླབ་པར་བྱའོ། །ཞེས་བྱ་བས་མིང་དུ་བཏགས་པའི་གདམས་པ་མཇུག་བསྡུ་བ་མཛད་དོ། །སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་སྤངས་པའི་ཕྱིར་མིང་གི་བརྡར་བཏགས་པ་སྔར་སྨོས་སོ། །དེ་ལ་གནས་ཏེ་ཆོས་བཤད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། གདམས་པའི་བཏགས་ཕྱིར་སྨོས་སོ། །དེའི་འོག་ཏུ་དེ་གཉིས་ཀས་ཆོས་རྣམས་སུ་ཐ་སྙད་འདོགས་སོ། །ཞེས་ཀུན་བཏགས་པའི་ཆོས་སུ་གསུངས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་བཏགས་དེ་གསུམ་ཕན་ཡོན་བསྟན་པའི་ཕྱིར། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་མི་མཐོང་ངོ༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ནི་བརྟགས་པ་ཙམ་དུ་ཟད་པར་སློབ་པའི་འབྲས་བུར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། གཟུགས་ཤེས་དེ་ནས་ཤོག་གུ་བརྒྱད་དང་ཕྲེང་གསུམ་ན། བམ་པོ་བཅུ་བཞི་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་དྲུག་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་བཞི་དང་ཕྲེང་བཅུ་གཅིག་ན། མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་རྟོག་པ་དེ་དག་ཀྱང་རྣམ་པ་གསུམ་སྟེ། ལྷག་མཐོང་གི་སྤྱོད་ཡུལ་དང༌། རྣམ་པར་ཐར་པའི་སྒོའི་སྤྱོད་ཡུལ་དང༌། ཆོས་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པའི་སྤྱོད་ཡུལ་ལོ། །དེ་ལ་ལྷག་མཐོང་གི་སྤྱོད་ཡུལ་ནི། བླང་བ་དང༌། དོར་བའི་དབང་གིས་ནག་པོ་དང༌། དཀར་པོའི་ཕྱོགས་འཕགས་པའི་བདེན་པའི་གནས་སུ་གྱུར་པའི་ཆོས་ཀྱི་མདོར་རྣམ་པ་རྟོག་པ་བཞི་སྟེ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་རྣམ་པར་རྟོག་པ་རྣམས་དང༌། དེ་དག་གི་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྟག་པ་དང༌། བདེ་བ་དང༌། བདག་ཡོད་པ་དང༌། མ་ཞི་བར་རྣམ་པར་རྟོག་པ་རྣམས་སོ། །རྣམ་པར་ཐར་པའི་སྒོའི་སྤྱོད་ཡུལ་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པར་རྣམ་པར་རྟོག་པ་རྣམས་སོ། །དེ་སྤང་བར་བྱ་བ་སྟོང་པ་མ་ཡིན་པ་དང༌། མཚན་མ་དང༌། སྨོན་པའི་རྣམ་པར་རྟོག་པ་རྣམས་སོ། །ཆོས་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པའི་ནི་ལྷག་མ་རྣམས་ཏེ། འདུས་བྱས་དང༌། སྐྱེ་བ་དང༌། མི་དབེན་པ་དང༌། མི་དགེ་བ་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཟག་པ་དང་བཅས་པ་དང༌། ཉོན་མོངས་པ་དང་བཅས་པ་དང༌། འཇིག་རྟེན་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། འཁོར་བར་རྣམ་པར་རྟོག་པ་བཅུ་དང༌། དེ་དག་གི་གཉེན་པོ་འདུས་མ་བྱས་པ་དང༌། འགོག་པ་དབེན་པ་དང༌། དགེ་བ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཟག་པ་མེད་པ་དང༌། ཉོན་མོངས་པ་མེད་པ་དང༌། འཇིག་རྟེན་ལས་འདས་པ་དང༌། རྣམ་པར་བྱང་བ་དང༌། མྱ་ངན་ལས་འདས་པར་རྣམ་པར་རྟོག་པ་བཅུ་སྟེ། རྣམ་པར་རྟོག་པ་དེ་དག་ཐམས་ཅད་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དེ་སྤང་བར་བྱའོ། །རྣམ་པར་རྟོག་པ་སུམ་ཅུ་རྩ་བཞི་པོ་དེ་དག་ 4-1-39 སྤངས་པ་ནི་བཏགས་པའི་བསླབ་པའི་ཕན་ཡོན་དུ་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཕྲེང་ཕྱེད་དང་གཉིས་ནས། མི་མཐོང་ངོ༌། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འདུས་བྱས་སམ། འདུས་མ་བྱས་ཀྱི་ནང་དུ་མི་བགྲང་བ་སྟེ་མི་གཏོགས་པའོ། །དཀར་པོ་དང་ནག་པོའི་ཕྱོགས་དེ་ནི་བསྟན་པའི་ཕྱིར། རབ་འབྱོར་མི་རྟོག་སྟེ། ཞེས་བྱ་བ་གསུང་སྟེ། མུ་སྟེགས་ཅན་ལ་སོགས་པ་ལྟར་རྟག་པ་དང༌། བདེ་བ་དང༌། བདག་ཡོད་པ་ལ་སོགས་པའི་བྱེ་བྲག་གིས་མི་རྟོག་པ་དང༌། ཉན་ཐོས་ལ་སོགས་པ་ལྟར། ལྷག་མཐོང་ལ་སོགས་པས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་ལ་སོགས་པའི་བྱེ་བྲག་གིས་མི་རྟོག་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་བཟུང་སྟེ་འདྲེས་པ་ལ་ཐུག་པར་རྟོག་པ་དང༌། རྣམ་རྟོག་གི་གཉེན་པོ་རྒྱལ་སྲས་ཀྱིས་བསླབ་པ་སྟོན་ཏོ། །དེ་ཤེས་རབ་ཀྱི། དེ་ནས་ཤོག་གུ་བདུན་དང་ཕྲེང་ཕྱེད་དང་བཅུ་གཉིས་ན། སངས་རྒྱས་ཀྱི་མིང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཉན་ཐོས་ཀྱི་ཡུལ་གྱི་གཉེན་པོར་གྱུར་པ་བསྟན་པའི་ཕྱིར། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། བྱང་ཆུབ་སེམས། དེ་ནས་ཕྲེང་གཅིག་ལྷགས་ན། རྣམ་པར་བྱང་བར་མི་འགྱུར་རོ། །ཞེས་བྱ་བར་གསུངས་སོ། །དེ་བཞིན་ཉིད་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་དྲི་མ་དང་བཅས་པའི་གནས་སྐབས་ནས་ཀུན་ནས་ཉོན་མོངས་པ་ཡང་མེད་ལ། དྲི་མ་མེད་པའི་གནས་སྐབས་ན་གློ་བུར་གྱི་རྣམ་པར་བྱང་བ་ཡང་མེད་དེ་དུས་ཐམས་ཅད་དུ་དེ་བཞིན་དུ་གནས་པའི་ཕྱིར་དེ་བཞིན་ཉིད་དུ་གནས་སོ། །ཞེས་བསྟན་ཏོ། །ཞེས་དབུ་མ་ཆེན་པོ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གསུངས། རབ་འབྱོར། ཆུད་པར་བྱ་སྟེ། ཞེས་བྱ་བས་བཏགས་པ་དེ་དག་ཉིད་བསྟན་ནས་དེའི་འབྲས་བུ་བསྟན་པའི་ཕྱིར། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། དེ་ལྟར་དེས་མིང་ཆུང་དེ་ཆོས་ཐམས་ཅད་བཏགས་པ་ཙམ་དུ་ཟད་པར་རིག་ནས། དེ་ནས་ཤོག་གུ་གཅིག་ཅུང་མེད་ན། ཀུན་འབྱུང་རྗེས་ཤེས་པའི་བཟོད་པ་ནི། སྦྱིན་པའི་ཕ། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཅིག་ན། མེད་དོ། །ལམ་ཤེས་ཀྱི་སྤྱོད་ཡུལ་བྱང་ཆུབ་སེམས་དཔའི་སས་བསྡུས་པ་ནི། དེ་བཞིན་ཉིད་དེ་དེ་ལ་ཆགས། ཐམས་ཅད་ཤེས་པ་ཉིད་ཀྱི་སྤྱོད་ཡུལ་ཉན་རང་གི་མྱང་འདས་ནི་ཡང་དག་པའི་མཐའ་སྟེ། དེ་ལ་ཆགས་པར་འགྱུར་བ་མེད་དོ། །རྣམ་མཁྱེན་གྱི་སྤྱོད་ཡུལ་ནི་སངས་རྒྱས་ཀྱི་སར་གཏོགས་པ་ཆོས་ཀྱི་སྐུ་ནི། ཆོས་ཀྱི་དབྱིངས་ཏེ། དེ་ལ་ཆགས་པ། དེ་ནས་ཕྲེང་གཅིག་ལྷག་པ་ན། ཆགས་པར་བྱེད་པ་མིང་གི་ངོ་བོའམ། གང་གིས་ཆགས་པར་བྱ་བ་འདོད་ཆགས་ཀྱི་ངོ་བོའམ། གང་ལ་ཆགས་པར་བྱ་བའི་དངོས་པོ་དེ་ལྟ་བུའི་ཆོས་ཐམས་ཅད་དམིགས་པ་མེད་པའི་ཕྱིར་རོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར་ཆེན་པོ། ཆགས་པ་མེད་པར། ཤེས་རབ། དེ་ནས་ཕྲེང་གཉིས་ན། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི། ཕྱིར་མི། འགོགས་ལ་ཆོས་ཤེས་པ་ནི་མངོན་པར་ཤེས། དེ་ནས་ཕྲེང་བདུན་ན། 4-1-40 བམ་པོ་བཅུ་དྲུག་པ། དེ་ལྟར་བཏགས་པའི་གདམས་པ་ཡོངས་སུ་རྫོགས་པར་བྱས་ནས། སེམས་ཅན་མི་དམིགས་པའི་གདམས་པ་གཉིས་པ་བསྟན་པར་བྱ་སྟེ། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། གང་སྨྲས་པ་དེ་ལ། འདི་ལྟར་བྱང་ཆུབ་སེམས་དཔའ་ལ་སེམས་ཅན་དུ་འཛིན་ཅིང་བདག་ལ་སོགས་པ་བཞིན་དུ་ཐ་དད་པར་རྟོག་ན། རྣམ་པར་རྟོག་པའི་རྣམ་པ་གསུམ་དུ་འགྱུར་ཏེ། དེ་ཉིད་དང་གཞན་ཉིད་ཀྱི་དབང་དང༌། གནས་དང་གནས་པའི་དངོས་པོ་དང༌། དེ་ལས་གཞན་པར་རོ། །ཞེས་དབུ་མ་པ་གསུང་བས་རྟོག་པ་གསུམ་འགོག་གོ །དེ་ལ་དེ་ཉིད་དང་གཞན་ཉིད་ཀྱི་རྟོག་པ་ལ་དེ་ཉིད་ཀྱི་ཕྱོགས་དགག་པའི་ཕྱིར། རབ་འབྱོར། དེ་སྙམ་མམ། ཞེས་བྱ་བས་དྲིས་པས་མ་ལགས་སོ། །ཞེས་པས་བཀག་གོ །གཞན་ཉིད་ཀྱི་ཕྱོགས་དགག་པའི་ཕྱིར། བཅོམ་ལྡན་འདས་སྙམ་མམ། ཞེས་དྲིས་པས་མ་ལགས་སོ། །ཞེས་པས་བཀག་གོ །གནས་དང་གནས་པའི་དངོས་པོར་རྟོག་པ་དགག་པའི་ཕྱིར། བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ན། མ་ལགས་སོ། །ཞེས་དྲིས་པས་གཉིས་དང༌། ལན་གཉིས་ཀྱིས་བཀག་གོ །དེ་ལས་གཞན་དུ་རྟག་པ་དགག་པའི་ཕྱིར། བཅོམ་ལྡན་འདས་སྙམ་མམ། ཞེས་དྲིས་ཏེ་མ་ལགས་སོ། །ཞེས་པས་བཀག་གོ །ཚོར་བ་ལ་སོགས་པ་རྣམས་ལའང་དྲི་བ་དང་ལན་གྱི་དོན་སྔ་མ་བཞིན་དུ་ཤེས་པར་བྱའོ། །བཅོམ་ལྡན་འདས། དེ་ནས་ཤོག་གུ་བདུན་དང་ཕྲེང་ལྔ་ན། བམ་པོ་བཅུ་བདུན་པ། དེ་ནས་བཅོམ་ལྡན་འདས་ཀྱིས་གལ་ཏེ་བྱང་ཆུབ་སེམས་དཔའ་འདི་ཆོས་གཞན་དུ་གྱུར་པ་ཞིག་ཡོད་ན། འདུས་བྱས་སམ། འདུས་མ་བྱས་པ་ཡིན་ཞིག་གང་ན། གལ་ཏེ་འདུས་བྱས་ཡིན་ན་ནི་ཕུང་པོ་ལ་སོགས་པ་འདི་དག་ལ་དམིགས་པར་འགྱུར་བ་ཞིག་ན་དམིགས་པར་ཡང་མ་གྱུར་ཏོ། །གལ་ཏེ་འདུས་མ་བྱས་ཤིག་ཡིན་པར་སེམས་ན་ཡང་དགོས་པ་དེ་བསལ་བའི་ཕྱིར། ཡང་ཕུང་པོ་ལ་སོགས་པའི་དེ་བཞིན་ཉིད་བཟུང་སྟེ། ཞེས་དབུ་མ་པ་གསུངས་པས། དེ་ཡན་ཆད་བྱང་ཆུབ་སེམས་དཔའ་འདུས་བྱས་སུ་ཡོད་པར་རྟོག་པ་བསལ་ནས་འདི་ནས་བཟུང་ནས་འདུས་མ་བྱས་སུ་ཡོད་པར་རྟོག་པ་སེལ་ཏོ། །འགོག་པ་ལ་རྗེས་སུ་ཤེས་པ་ནི། བཅོམ་ལྡན་འདས་སེམས་ཞེས་བྱ་བ་ལ་སོགས་པ་འདི་དག་ནི་དོན་ཡང་སྔར་འགོག་པ་ལ་རྗེས་བཟོད་ཀྱི་སྐབས་སུ་བཤད་པ་ལྟར་རམ། ཡང་ན་མཉམ་བཞག་ཟབ་མོའི་སྐབས་སུ་གཟུགས་ཡིན་པར་རྟོག་སྙམ་མམ། དེ་ལྟར་རྟོག་པ་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་སྐབས་སུ་ཅིར་ཡང་མི་རྟོག་པའི་ཕྱིར་རོ། །དེ་བཞིན་དུ་འགྲེས་མ་དང་ཕྱི་མ་རྣམས་ལ་ཡང་སྦྱར་ནས་བཤད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་གུ་བཅོ་བརྒྱད་ཕྲེང་བཅུ་པ། པོ་ཏི་དང་པོ་རྫོགས་སོ།། །། ༈ ཁ༽ གླེགས་བམ་གཉིས་པ། བམ་པོ་དང་པོ། དེ་ནས་ཡང་བཅོམ་ལྡན་འདས། དེ་ནས་ཤོག་གུ་བཅུ་གཉིས་དང་ཡི་གེ་ཕྲེང་བཅུ་ན། ཞེས་ཟེར། ཞེས་གཏན་ཚིགས་ཀྱིས་དྲིས་པས། རབ་འབྱོར། ལྟ་ག་ལ་མཆིས། ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། རི་བོང་རྭ་དང་མོ་གཤམ་གྱི་བུ་ 4-1-41 ལ་སོགས་པ་ལ་རིང་བ་དང་ཐུང་བ་དང༌། དཀར་ཤམས་དང༌། སྔོ་བསངས་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་དུ་སེམས་ཅན་ཤིན་ཏུ་མེད་པ་ལ་གཟུགས་ལ་སོགས་པ་ལ་འདུས་བྱས་ཀྱི་ངོ་བོ་ཉིད་དམ། དེ་བཞིན་ཉིད་འདུས་མ་བྱས་པའི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུའི་དབྱིག་གཉེན་གསུངས། གཟུགས་མ་ལགས། དེ་ནས་ཤོག་གུ་བདུན་ན། བམ་པོ་གཉིས་པ། དེ་ནས་ཤོག་གུ་བཅུ་གཉིས་ཕྲེང་ཕྱེད་བཞི་ན། བསླབ་པར་བྱའོ། །དེ་ལྟར་སེམས་ཅན་མི་དམིགས་པའི་གདམས་པ་བསྟན་ནས་ཚིག་བླ་དྭགས་མི་དམིགས་པའི་ཚིག་གདམས་པ་བསྟན་པའི་ཕྱིར། ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་རབ་འབྱོར་སྙམ་དུ་སེམས། དེ་ནས་ཕྲེང་གཅིག་ཅུང་མེད་ན། བྱང་ཆུབ་སེམས་དཔའི་ཚིག་བླ་དྭགས་ཀྱི་ངོ་བོ་ཉིད་ཡིན་ན་གཟུགས་ལ་སོགས་པ་ལྔ་དང་དེ་དག་རྟག་པ་ལ་སོགས་པ་བཅུ་བཞིའི་ཚིག་བླ་དྭགས་ཀྱི་ངོ་བོ་ཉིད་དུ་འགྱུར་བ་བྱང་ཆུབ་སེམས། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དང་དགུ་ན། ཡིན་སྙམ་མམ། ཞེས་སོ་སོའི་ཚིག་བླ་དྭགས་རྣམས་བཟུང་སྟེ་དྲིས་སོ། །གསོལ་པ། མ་ལགས་སོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་གཟུགས་ལ་སོགས་པ་ཉིད་ཀུན་བཏགས་པ་ཡིན་པའི་ཕྱིར། ཤིན་ཏུ་མེད་པ་ཡིན་ན་དེ་དག་གི་ཚིགས་བླ་དྭགས་དམིགས་པ་ལྟ་ག་ལ་འགྱུར། ཚིག་བླ་དྭགས་མི་དམིགས་ན་བྱང་ཆུབ་སེམས་དཔའ་ལྟ་ག་ལ་འགྱུར། ཞེས་ཚིག་བླ་དྭགས་མི་དམིགས་པ་དང༌། བྱང་ཆུབ་སེམས་དཔའི་ཚིག་བླ་དྭགས་ཀྱི་ངོ་བོ་ཉིད་དུ་མེད་པ་སྟོན་ཏོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཤོག་གུ་བཞི་དང་ཕྲེང་གསུམ་ལྷག་ན། བཅོམ་ལྡན་འདས་ཀྱིས་ཚིག་བླ་དྭགས་མི་དམིགས་པ་ཉིད་ལ་བརྟེན་ནས་གདམས་པ། བཀའ་སྩལ་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ལྷག་ན། བསླབ་པར་བྱའོ། །དེ་ལྟར་ཚིག་བླ་དྭགས་པ་མི་དམིགས་པའི་གདམས་པ་བསྟན་ནས། ཆོས་ཐམས་ཅད་མི་དམིགས་པའི་གདམས་པ་བསྟན་པའི་ཕྱིར། ལམ་ལ་ཆོས་ཤེས་པས་ནི་རབ་འབྱོར། དེ་ནས་ཕྲེང་གཅིག་ལྷག་ན། མི་མཐོང་སྟེ། ཞེས་བྱ་བ་ལ་སོགས་པས་གསུང་སྟེ། ཀུན་བཏགས་པའི་ཆོས་ཀྱི་ཡོངས་སུ་གྲུབ་པའི་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ལ། ཡོངས་སུ་གྲུབ་པའི་ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཀུན་བཏགས་པའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་དབུ་མ་པ་གསུངས་ལ། འདིའི་དགོངས་པ་ནི་གཞན་བྱུང་ཡེ་ཤེས་མ་གཏོགས་པ་ཀུན་བཏགས་ཀྱིས་ཆོས་ཀྱིས་ཡོངས་གྲུབ་མི་མཐོང་ལ་ཡོངས་གྲུབ་ཀྱི་ཀུན་བཏགས་སྣང་ནས་མི་མཐོང་བ་ལ་དགོངས་སོ། །དེ་ཉིད་རྒྱས་པར་བཤད་པའི་ཕྱིར། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། གཟུགས། དེ་ནས་ཕྲེང་བརྒྱད་ནས། ལམ་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར། དབྱིངས་དྲི་བཅས་དེ་བཞིན་ཉིད་ཀྱིས་འདུས་མ་བྱས་ཀྱི་དབྱིངས་དྲི་མེད་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། ། 4-1-42 བཅུ་པ་སྒོམ་ལམ་ལ་གདམས་པ་ནི། སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །འདུས་མ་བྱས་ཀྱི་དབྱིངས་གདགས་པར་མི་ནུས་ཏེ། དེ་གཉིས་ཐ་དད་མེད་པས་གཅིག་གིས་གཅིག་མཐོང་བ་ཞེས་མིང་གདགས་སོ། །སྐབས་འདིར་དྲི་བཅས་དེ་བཞིན་ཉིད་ལ་འདུས་བྱས་དང་དྲི་མེད་དེ་བཞིན་ཉིད་ལ་འདུས་མ་བྱས་སུ་གནོད་འཇོམས་དང་འབུམ་ཏིག་གཉིས་ཀ་ནས་གསུངས་སོ། །དེ་ནས་ཕྲེང་གཅིག་ནས། མི་མཐོང་བས། དད་པ་འཕེལ་བའི་རྒྱུས་ཆོས་ཟབ་མོ་ལ་མི་འཇིགས་ཤིང༌། ཤེས་རབ་འཕེལ་བའི་རྒྱུས་དེའི་སེམས། དེ་ནས་ཕྲེང་དགུ་ཅུང་མེད་ན། མི་མཐོང་ངོ༌། །ཞེས་བྱ་བས་ཕྱི་ནང་གི་ཆོས་ཐམས་ཅད་བསྡུས་སོ། །མི་མཐོང་ངོ༌། །ཞེས་བྱ་བས་ཉོན་མོངས་པའི་གནས་ངན་ལེན་གྱི་ཕྱོགས་ཐམས་ཅད་བསྡུས་སོ། །བདག་ཡང་དག །དེ་ནས་ཕྲེང་གསུམ་ལྷག་པ་ན། མཐོང་བ་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བྱ་བས་ཤིན་ཏུ་མེད་པ་དང་བཏགས་པའི་ཡོད་པ་རྣམས་བསྡུས་སོ། །གཟུགས་མེད་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བྱ་བར་འཁོར་བའི་ཆོས་ཐམས་ཅད་བསྡུས་སོ། །དེ་ནས་ཕྲེང་གསུམ་ལྷག་ཙམ་ན། བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བྱ་བས་རྣམ་པར་བྱང་བ་དཀར་པོའི་ཆོས་ཐམས་ཅད་བསྡུས་སོ། །དེ་ནས་ཕྲེང་ཕྱེད་ལྷག་པ་ན། སེམས་ལས་བྱུང་བའི་ཆོས་ཞེས་བྱ་བ་དེས་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་དང༌། ཀུན་གཞིའི་རྣམ་པར་ཤེས་པ་དང༌། དེ་དང་མཚུངས་པར་ལྡན་པ་རྣམས་བསྟན། ཞེས་དབུ་མ་པ་གསུངས་པས། དེ་དག་ཡང་དག་པར། དེ་ནས་ཕྲེང་ཕྱེད་གསུམ་ན། ཡིད་ཀྱི་ཁམས། ཞེས་བྱ་བ་དེས་ནི་ཉོན་མོངས་པའི་ཡིད་དང་མཚུངས་པར་ལྡན་པ་རྣམས་བསྟན། ཞེས་དབུ་མ་པ་གསུངས་པས། དེ་དག་ཡང་དག །དེ་ནས་ཕྲེང་བཞི་ན། ལེའུ་གསུམ་མོ།། །། ༈ བམ་པོ་གསུམ་པ། དེ་ལྟར་གདམས་ངག་བཅུ་ལ་བརྩོན་པ་བསྟན་ནས། དེའི་ཕན་ཡོན་ནི། དེ་ནས་ཚེ་དང་ལྡན་པ་གསོལ་ཏོ། །ཞེས་བྱ་བ་ལ་སོགས་པས་བརྩོན་པའི་ཕན་ཡོན་དེ་ཡང༌། ཤེས་པར་བྱ་བ་ཤེས་པ་དང་སྤང་བར་བྱ་བ་སྤངས་པ་དང༌། རྫོགས་པར་བྱ་བ་རྣམས་བསྒོམ་པས་ཡོངས་སུ་རྫོགས་པ་དང༌། མངོན་དུ་བྱ་བ་རྣམས་ཐོབ་པས་མངོན་དུ་བྱ་བ་སྟེ། བཞི་ལས་དང་པོ་ཤེས་པར་བྱ་བ་ཤེས་པའི་ཕན་ཡོན་ནི། བཅོམ་ལྡན་འདས་གཟུགས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་གསུམ་ན། སྤང་བར་བྱ་བ་སྤངས་པའི་ཕན་ཡོན་བསྟན་པ། བཅོམ་ལྡན་འདས་འདོད་ཆགས་རྟོགས་ནས་སྤང་བར། ཞེ་སྡང་རྟོགས་ནས་སྤང་བར། གཏི་མུག་རྟོགས་ནས་སྤང་བར། ལྟ་བ་རྟོགས་ནས་སྤང་བར། དེ་ནས་ཕྲེང་བཞི་ཅུང་མེད་ན། གནོད་སེམས་ཁོང་ཁྲོ་རྟོགས་ནས་སྤང་བར། དེ་ནས་ཕྲེང་གསུམ་ན། ཀུན་ཏུ་སྦྱོར་བ་དགུ་རྟོགས་ནས་སྤང་བར། དེ་ནས་ཕྲེང་གཅིག་ན། ཀུན་ནས་ལྡང་བ་རྟོགས་ནས་སྤང་བར། ཁམ། རེག་པ། ཡིད་ལ་སེམས་པ། རྣམ་པར་ཤེས་པའི་ཟས་ཏེ། ཟས་བཞི་རྟོགས་ནས་སྤང་བར་འཚལ། འདོད་པ། སྲིད་པ། ལྟ་བ། མ་རིག་པའི་སྦྱོར་བ་སྟེ། སྦྱོར་བ་བཞི་ཡོངས་སུ་རྟོགས་ནས་སྤང་བར་བགྱི། འདོད་པའི་ཆུ་བོ་ལ་ 4-1-43 སོགས་པ། ཆུ་བོ་བཞི་ཡོངས་སུ་རྟོགས་ནས་སྤང་བར་བགྱི་བར་འཚལ། ཆགས་སེམས། གནོད་སེམས། ཚུལ་ཁྲིམས། བརྟུལ་ཞུགས། སྙེམ་པ། ལྟ་བའི་སྙེམ་པ་སྟེ། མདུན་པ་བཞི། འདོད་པ། ལྟ་བ། ཚུལ་ཁྲིམས། བརྟུལ་ཞུགས། སྙེམས་པ། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྟེ། ཉེ་བར་མི་རྟག་པ་ལ་རྟག་པ། སྡུག་བསྔལ་བ་ལ་བདེ་བ། བདག་མེད་པ་ལ་བདག་མི་གཙང་བ་ལ་གཙང་པར། འཛིན་པ་ཕྱིན་ཅི་ལོག་སྟེ། ཕྱིན་ཅི་ལོག་བཞི། དེ་ནས་ཕྲེང་ཕྱེད་དང་གཉིས་ནས། ཡོངས་སུ་རྫོགས་པར་བྱ་བ་རྣམས་རྫོགས་པའི་ཕན་ཡོན་བསྟན་པ། དགེ་བ་བཅུའི་ལས་ཀྱི་ལམ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ན། བྱང་ཆུབ་ཀྱི་ཡན་ལག་བདུན་ཐོབ་པར་འགྱུར་བ་དང་ལྡན། ཏིང་ངེ་འཛིན་ལ་དབང་ཐོབ་པས། བསམ་གཏན་དང་པོ། དེ་ནས་ཕྲེང་བཅུ་གཉིས་ན། མངོན་དུ་བྱ་བ་རྣམས་ཐོབ་པས་མངོན་དུ་བྱས་པའི་ཕན་ཡོན་བསྟན་པ། གཟུགས་ཀྱི་སྒོ་དང༌། ཏིང་ངེ་འཛིན། དེ་ནས་ཤོག་གུ་གཉིས་ནི། དེ་ལྟར་ཕན་ཡོན་བཞི་རྫོགས་ནས་སླར་ཡང་སེམས་ཅན་གྱི་བསམ་པ་ཡོངས་སུ་རྫོགས་པ་དང༌། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕན་ཡོན་གཉིས་བསྟན་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་ན། ཡོངས་སུ་རྫོགས་པས། མི་དགེ་བ་བཅུ་སྤངས་པའི་ཕྱིར། ངན་སོང་རྣམས་སུ་མི་ལྷུང་ཞིང༌། ང་རྒྱལ་བཅག་ཅིང་བླ་མ་ལ་རིམ་གྲོ་དང༌། བཀུར་སྟི་བྱས་པས་རིགས། ཆོས་ལ་བདག་མེད་པ་རྟོགས་པས། ཉན་ཐོས་ཀྱིས་དང༌། ཐབས་མཁས་ཤིང་ཆོས་ལ་མངོན་པར་ཆགས་པ་མེད་པས། བྱང་ཆུབ་སེམས་དཔའ་སྐྱོན་ཆེན་བསླབ་པར་བགྱིའོ། །ཞེས་སྐྱོན་གྱི་སྤྱི་གཙུག་གིས་སྐབས་དབྱེ་བའི་ཕྱིར་ཐ་མར་བསྟན་ཏོ། །དེ་ནས་ཕྲེང་གཉིས་ཙམ་ན། སེམས་དཔའ་ཆེན་པོ། མོས་པ་སྤྱོད་པའི་ས་ལ་ཐབས་མི་མཁས་པས། འཁོར་གསུམ་ཡོངས་སུ་མ་དག་པར་ཕ་རོལ། དེ་ནས་ཕྲེང་གཅིག་ལྷག་པ་ན། སྐྱོན་མེད་པ། ས་དང་པོར་ཡང་མི་འཇུག་པར། བར་མ་དོར་གནས། ས་འདི་ནི་བྱང་ཆུབ་སེམས། དེ་ནས་ཕྲེང་གཅིག་ལྷག་པ་ན། ཆོས་ལ་མཚན་མར་འཛིན་མས་སྲིད་པའོ། ། དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང༌། །བྱེད་དང་བྱེད་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཞེས་པ་འདི་ནི་དོན་ཉི་ཁྲི་སྣང་བ་དང༌། སློབ་དཔོན་སེང་བཟང་གིས་སྔར་བསྟན་པའི་རྒྱལ་སྲས་ཞེ་ལྔའི་ནང་འགའ་ཞིག་དང་སྦྱར་ལ་འགའ་ཞིག་ལེ་བརྒྱད་མ་དང་སྦྱར་མོད། ལེ་བརྒྱད་མ་ནི་རྒྱལ་བའི་བཀའ་ལྷད་མེད་ཡང་དག་ཡིན་མིན་དཔྱོད་དགོས་ཤིང༌། ཚིགས་བཅད་འདི་གཉིས་དགེ་འདུན་དཀོན་མཆོག་གི་སྐབས་སུ་མ་བྱུང་ལ། གདམས་ངག་བཅུ་རྫོགས་པའི་མཐར་བྱུང་ཡང༌། དེའི་སྐབས་ན་དགེ་འདུན་དཀོན་མཆོག་སྟོན་པའི་མདོ་མི་སྣང་ཞིང༌། ཉི་ཤུ་པོ་ཐེག་ཆེན་འཕགས་པ་ཡིན་པར་སྟོན་པའི་མདོ་ཡང་མི་སྣང་ལ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོར་རྒྱལ་སྲས་འཕགས་པ་ལ་ཐེག་དམན་གྱི་མིང་གིས་བཏགས་པ་ 4-1-44 གསུངས་ཀྱང་ཉི་ཤུར་མ་ཚང་བས་དེ་དང་ཚིགས་བཅད་གཉིས་པོ་འདི་གཅིག་ཏུ་སྦྱར་ཡང་མི་འགྲིག་ཅིང༌། བསེ་རུ་ལྟ་བུ་ལ་སོགས་པ་འགའ་ཞིག་གིས་མདོའི་ཤེར་ཕྱིན་གྱི་གཞུང་ཉེར་གསུམ་པོ་གང་ནས་མི་སྣང་ལ། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དགེ་འདུན་དཀོན་མཆོག་གི་སྐབས་སུ་བཞི་བཅུ་རྩ་ལྔ་མཐུན་པར་གསུངས་ཤིང༌། སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་དང༌། འབུམ་ཏིག་གིས་ཀྱང་བཞི་བཅུར་རྩ་ལྔ་རྩ་ལྔར་མཐུན་པར་བཀྲལ་བའི་ཕྱིར། དགེ་འདུན་དཀོན་མཆོག་གི་སྐབས་སུ་གསུང་བའི་རྒྱལ་སྲས་བཞི་བཅུ་རྩ་ལྔར་ནི་ཐེག་ཆེན་གྱི་སྐྱབས་གནས་སུ་གཏོགས་པའི་དགེ་འདུན་དངོས་ཡིན་ལ། ཕྱིས་ཉན་རང་ཉི་ཤུ་འཕགས་པ་བྱམས་པས་བསྣན་པ་ནི་ཞོར་ལ་བྱུང་བ་སྟེ། ཐེག་ཆེན་གྱི་སྐྱབས་གནས་མ་ཡིན་ཡང་སྤྱིར་དགེ་འདུན་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ལ་དགོངས་པར་གསལ་ཏེ། ཉི་ཤུ་པོ་འདི་དགེ་འདུན་དཀོན་མཆོག་གསུངས་པའི་རྗེས་ནས་གདམས་ངག་བདུན་རྫོགས་པའི་མཐར་གསུངས་ཀྱང༌། དེ་རྣམས་རྒྱལ་སྲས་ཡིན་པར་མ་གསུངས་པའི་ཕྱིར་དང༌། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པ་དག་ལ་རང་གི་བཤད་པ་བྱས་པ་ལ་སོགས་པ་འཁྲུལ་བ་མང་དུ་སྣང་བའི་ཕྱིར་རོ། །དེ་ལྟ་བས་ན་ཐེག་ཆེན་གྱི་སྐྱབས་གནས་ཡིན་པའི་རྒྱལ་སྲས་ཞེ་ལྔ་དང༌། དེ་མིན་པའི་འཕགས་པའི་ཉི་ཤུ་སྟེ། འཕགས་པ་ཐེག་པ་གསུམ་བསྡུས་པའི་དགེ་འདུན་ལ་འཕགས་པ་དྲུག་ཅུ་རྩ་ལྔར་གསུངས་སོ། །གལ་ཏེ་འདི་ནི་ཐེག་ཆེན་གྱི་ཆོས་ཡིན་པས་ཐེག་དམན་གྱི་དགེ་འདུན་འཆད་པར་མི་རིགས་སོ་ཞེ་ན། དེ་ལྟ་ན་ནི་ཐེག་དམན་གྱི་ལམ་ཡང་གསུངས་པར་མི་རིགས་པར་འགྱུར་བ་ལས་གསུང་བས་བསལ་བ་ཡིན་ནོ། །གལ་ཏེ་དེ་ནི་ཤེས་པར་བྱ་བའི་ཕྱིར་གསུང་བ་ཡིན་གྱིས། མངོན་དུ་བྱ་བའི་ཕྱིར་གསུང་བ་ནི་མ་ཡིན་ནོ་ཞེ་ན། འདིར་ཡང་ཉི་ཤུ་པོ་དེ་སྤྱིར་དགེ་འདུན་དཀོན་མཆོག་ལ་གཏོགས་པས་གསུང་བ་ཡིན་གྱི། ཐེག་ཆེན་གྱི་སྐྱབས་གནས་ལ་གཏོགས་པས་གསུངས་པ་ནི་མ་ཡིན་ནོ། །དེས་ན་འདི་ལ་སྐྱོན་དེ་ཡང་མེད་དོ། །བཙུན་པ་རྣམ་གྲོལ་སྡེས་ཀྱང་ཉི་ཤུ་པོའི་མདོར་ཤེར་ཕྱིན་ཏུ་མེད་ནས་མ་རྙེད་པ་ཡིན་གྱིས། ཡོད་བཞིན་དུ་མ་རྙེད་པ་ནི་མ་ཡིན་པས་སྨད་ཅིང་སྐུར་བ་གདབ་པར་མི་བྱའོ། །དེ་ལྟར་ཤེར་ཕྱིན་སྒྲུབ་པ་མི་དམིགས་པའི་རྣམ་པ་དང༌། དེའི་དམིགས་པ་བདེན་བཞི་དང༌། རྟེན་སྐྱབས་གསུམ་དང༌། ཁྱད་པར་དུ་འགྲོ་བའི་རྒྱུ་མ་ཆགས་པ་དང༌། མི་ལྡོག་པར་འགྲོ་བའི་རྒྱུ་ཡོངས་སུ་མི་ངལ་བ་དང༌། ཐེག་པ་གཞན་གྱི་མི་འགྲོ་བའི་རྒྱུ་ལམ་ཡོངས་འཛིན་དང༌། གཞན་གྱི་དྲང་མི་འཇོག་པར་འགྲོ་བའི་རྒྱུ་སྤྱན་ལྔ་དང༌། རྣམ་མཁྱེན་ཡོངས་སུ་རྫོགས་པའི་རྒྱུ་མངོན་ཤེས་དྲུག་དང༌། མཐར་ཐུག་པའི་རྒྱུ་མཐོང་བ་དང༌། སྒོམ་པའི་ལམ་ལ་གདམས་པ་སྟེ། གད༷མས་ང༷ག་ད༷ང༌། །ཞེས་པ་གདམས་ངག་བཅུ་ཕན་ཡོན་དང་བཅས་པ་གསུངས་ཟིན་ཏོ། ། དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་བརྟེན་ 4-1-45 པས། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །སྨྲས་པ་ཚེ་དང་ལྡན། དེ་ནས་ཕྲེང་ཅིག་ལྷག་པ་ན། གཟུགས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པ་དང༌། བཅས་པའི་ལྟ་བ་ལྟ་བས། ལྟ་བས་ཕྱིན་ཅི་ལོག་གིས་མངོན་པར་ཆགས་ཤིང༌། སེམས་ཕྱིན་ཅི་ལོག་ཏུ་གྱུར་པས་གནས་ཏེ། འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པས་འདུ་ཤེས་པ་དང༌། དེ་ནས་ཕྲེང་གཉིས་ན། ཆོས་ལ་སྲེད་པ་སྟེ། ཞེས་བྱ་བ་ལ་ཕྱིན་ཅི་ལོག་སྤོང་བའི་རྒྱུར་གྱུར་པའི་ཕྱིར་མཐུན་པ་ཞེས་བྱའོ། །ཆོས་རྣམས་སུ་རྟོག་པ་དང་བཅས་པའི་ཕྱིར་ཆོས་ལ་སྲེད་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། སྐྱོན་དུ་འགྱུར་བའོ། །དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། ། དྲོད་ཆུང་ངུའི་དམིགས་རྣམ་ནི། དེ་ནས་ཚེ་དང་ལྡན་པ། དེ་ནས་ཤོག་གུ་གཅིག་ཕྲེང་ཕྱེད་དང་བཅུ་གསུམ་ན། ཉོན་མོངས་པའོ། །ཞེས་དོར་བྱར་རྟོག་པ་དང༌། རྣམ་པར་བྱང་བའོ། །ཞེས་བླང་བྱར་རྟོག་པ་དང༌། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། འདི་ནི་ལམ་མ་ཡིན་ནོ། །དེ་བཞིན་དུ་ཅི་རིགས་པར་སྦྱར་ཏེ། དེ་ནས་ཕྲེང་དྲུག་ན། འདུ་ཤེས་པ་འདི་ནི། མཚན་མར་བཟུང་བའི་ཕྱིར། བྱང་ཆུབ་སེམས། སྐྱོན་དུ་འགྱུར་བའོ། །ཞེས་བྱ་བས་རྣམ་པར་རྟོག་པ་རྣམས་སྐྱོན་དུ་བསྟན་ནས་རྣམ་པར་མི་རྟོག་པ་སྐྱོན་མེད་པར་བསྟན་པའི་ཕྱིར། སྨྲས་པ། དེ་ནས་ཤོག་གུ་ཕྱེད་དང་ལྔ་ན། སེམས་མ་ཡིན་ཏེ། ཞེས་བྱ་བ་ལ་སེམས་ཞེས་བྱ་བའི་སྒྲས་ནི་ཀུན་བཏགས་པའི་སེམས་ལ་བྱའོ། །ཡོངས་སུ་གྲུབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུ་ནི། ཡོངས་སུ་རྟོག་པ་དང༌། རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་ལས་འདས་པས་སེམས་ཀྱི་མཚན་ཉིད་མེད་པའི་ཕྱིར་སེམས་ཡིན་པ་ཞེས་བྱའོ། །དེ་བས་ན་སེམས་ཀྱི་རང་བཞིན་ནི་རྟོག་པའི་དྲི་མ་དང༌། སྒྲིབ་པ་མེད་པར་འོད་གསལ་བའི་ཕྱིར་རོ། །ཞེས་བྱ་བ་གསུང་སྟེ་ཆོས་ཀྱི་སྐུའི་སེམས་ཀྱིས་རང་བཞིན་ནི་འོད་གསལ་བའོ། །དེ་བས་ན་སེམས་མ་ཡིན་པས་ཞེས་བྱ་བ་ནི་ཀུན་བཏགས་པའི་སེམས་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས་ཤིང༌། རྗེ་བཙུན་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སེམས་གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ། །ཞེས་རང་བཞིན་གྱིས་འོད་གསལ་བར་གསུང་སྟེ། དེ་ཉིད་ནི་འཁོར་བའི་བག་ཆགས་དང་བྲལ་བའོ། །དེའི་ཕྱིར་བདུད་ནི་དྲི་མ་དང་བཅས་པའི་སེམས་ཡིན་ལ། སངས་རྒྱས་ཉིད་ནི་དྲི་མ་མེད་པའི་སེམས་ཡིན་ནོ། །ཞེས་གསུང་བའི་ཕྱིར་རང་བཞིན་འོད་གསལ་གྱི་དོན་དང་རང་སྟོང་ལ་འདོད་པ་རྣམས་ནི་རྫོགས་ལྡན་གྱི་ཆོས་ལས་རིང་དུ་གྱུར་ཅིག །ཤིང་རྟ་ཆེན་པོ་རྣམས་ཀྱང་འདས་ནས་གསུམ་ལྡན་མར་བཅད་དུས་ཕྱིས་བྱུང་བའི་ཆོས་སྐད་གསར་པའི་ལུང་རིགས་ཀྱིས་གནོད་པ་ཡིན་ 4-1-46 པས་མཁས་པ་རྣམས་ཀྱིས་གཡང་ས་ལྟ་བུར་རྟོགས་པར་བྱས་ནས་རིང་དུ་སྤང་བར་བྱའོ། །དེ་ནས་ཕྲེང་གཅིག་ཅུང་མེད་ན། མ་བྲལ་ཞེས་བྱ་བ་ནི་རང་བཞིན་འོད་གསལ་བ་ཉིད་སྟོན་ཏེ། སྔོན་སོ་སོའི་སྐྱེ་བོའི་གནས་སྐབས་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་སྐྱེ་བའི་དུས་ན་ཡང༌། ནམ་མཁའ་བཞིན་དུ་དྲི་མ་ཐམས་ཅད་ཀྱིས་མ་གོས་པའི་ཕྱིར་ལྡན་པ་ཡང་མ་ཡིན་ཞེས་བྱའོ། །ཕྱིས་སངས་རྒྱས་སུ་གྱུར་པའི་ཚེ་ཡང་སེམས་དེ་གློ་བུར་གྱི་ཉོན་མོངས་པ་དང་བྲལ་བས་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཉིད་ལ་གནས་པའི་ཕྱིར། དྲི་མ་དེ་དག་ཤིན་ཏུ་མི་སྐྱེ་བས། སྤྲིན་ལ་སོགས་པ་དེ་དག་དང་མི་ལྡན་པའི་ནམ་མཁའ་བཞིན་དུ་འོད་གསལ་བའི་ཕྱིར། བྲལ་བ་ཡང་མ་ཡིན་ཞེས་བྱའོ། །གལ་ཏེ་སྔོན་ལྡན་པར་གྱུར་ན་ནི་ཕྱིས་བྲལ་བར་ཡང་འགྱུར་བ་ཞིག་ན། འདི་ལྟར་སྔོན་དྲི་མ་དང་བཅས་པའི་གནས་སྐབས་ན་ཡང་རང་བཞིན་གྱིས་ཡོངས་སུ་དག་པས་དེ་དག་དང་ལྡན་པ་མ་ཡིན་པ་དེའི་ཕྱིར་ཕྱིས་ཀྱང་དེ་དག་དང་བྲལ་བ་མ་ཡིན་ནོ། །ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གསུངས། སྒྲིབ་གཉིས་དང་ཡང་འདོད་པའི་འདོད་ཆགས། གནོད་སེམས། རྨུགས་གཉིད། འཕྱར་འགྱོད། ཐེ་ཙོམ་སྟེ། མྱ་ངན་ལས་འདའ་བ་ལ་བར་དུ་གཅོད་པ་ལྔ་དང༌། ཡང་ན་ཉན་ཐོས་ཀྱི་སེམས་དམན་པ་དང༌། རང་སངས་རྒྱས་ཀྱི་སེམས་དམན་པ་དང་ཡང་བྲལ་བ་སྟེ། དེ་བཞིན་ཉིད་ཀྱི་རང་བཞིན་འགྱུར་བ་མེད་པའི་ཕྱིར་རོ། །འདི་ནི་བྱ་བ་དེ་མི་དམིགས་པ་དེ་ཡོད་དམ། དེ་ནས་ཕྲེང་གཅིག་ན། དེ་ལྟ་བུར་དམིགས་པ་མ་ཡིན་ནོ། །དེ་ནས་ཕྲེང་ཕྱེད་དང་གཉིས་ན། འགྱུར་རམ། སྟེ་མི་རིགས་སོ། །ཞེས་པའི་དོན་ཏོ། །མ་ཡིན་པ། རང་བཞིན་འོད་གསལ་ནི་འགྱུར། སེམས་མེད་པ་རྟོགས་པས། བསམ་གྱིས། དེ་ནས་ཤོག་གུ་ཕྱེད་དང་བཞི་དང་ཕྲེང་གཅིག་ན། ཇི་ལྟར་རང་བཞིན་འོད་གསལ་གྱི་བཞིན་དུ། ཆོས་ཉིད་ཀྱི། གཟུགས། དེ་ནས་ཕྲེང་གཅིག་ལྷག་པ་ན། མེད་དོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་ཏེ། ཇི་ལྟར། དེ་ནས་ཤོག་གུ་གསུམ་ན། འདས་ཀྱི་སྲས་ཐུ་བོ་ཡིན་པས། ཐུགས་ལས་སྐྱེས་པ། བཤད་པའི་ཆོས་ལས་བྱུང་བ། ཞལ་ནས་བྱུང་བ། སྒྲུབ་པའི་ཆོས་ལས་བྱུང་བས། ཆོས་ལས་སྐྱེས་པ། རྟོགས་པའི་ཆོས་ལས་བྱུང་བས། ཆོས་ཀྱིས་སྤྲུལ་པ་མྱ་ངན་ལས་འདས་པའི་ཆོས་ཀྱི་བདག་པོ་ཡིན་པས། ཆོས་ཀྱི་བགོ་སྐལ་བ། སྲེད་པ་སྤངས་པས། ཟང་ཟིང་ཆོས་ཉིད་ལས་གཞན་གྱིས་མི་འཕྲོགས་པས་ཆོས། ཆོས་སྐུ་མངོན་དུ་གྱུར་པས་ལུས། ཉན་ཐོས་རྣམ་རྟོག་གི་སྤྲོས་པའི། དེ་ནས་ཕྲེང་གཅིག་ན། ཕ་རོལ་ཏུ་ཕྱིན་པ་ལ་ཁྱོད་ཀྱིས་བསྟན་པ་ལྡོག་པ་ཡང༌། བསླབ་པ་འདི་ལ་བསླབ་པ་ལས། འཐོབ་པར་ཡོངས་སུ་ཆེན་པོ། ཤེར་ཕྱིར་གྱི་དོན་དང་མཐུན་པར་སྤྱོད་པའི་ཕྱིར། ཤེས་རབ་འདི་ཉིད་མཉམ་པའི་ཤེས་རབ་ཀྱིས་གཞན་ལ་ནན་ཏན་དུ་ལེགས་པར་མཉན་པར་བྱའོ། །མཉན་པའི་ཚིག་ཁ་དོན་དུ་ལེགས་པར་གཟུང་བར་བྱའོ། །དྲན་པས་མ་བརྗེད་པར་བཅང་བར་བྱའོ། །གླེགས་བམ་དུ་བྲིས་ཏེ་ཀློག་པར་བྱའོ། །དོན་ཟབ་མོ་མ་ལུས་པར་བསམ་པའི་ཤེས་རབ་ཀྱིས་ཕྱིན་ཅི་མ་ལོགས་པར་ཡོངས་ 4-1-47 སུ་ཆུབ་པར། དེ་རྟོག་ཅིང་མངོན་སུམ་དུ་བྱའོ། །ཇི་ལྟར་རྟོགས་པའི་དོན་བསྒོམ་པའི་ཤེས་རབ་ཀྱིས། ཚུལ་བཞིན་ཡིད་ལ་ཡང་ཡང་གོམས་པར་བྱའོ། །དེ་ནས་ཕྲེང་ཕྱེད་བཞི་ལྷག་ན་ཡིད་ལ་བྱའོ། །ས་འདི་རྣམས་ཀུན་ལ་བསླབ་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མེད་དུ་མི་རུང་སྟེ། ཐམས་ཅད་ལ་ཕན་འདོགས་པ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ལེའུ་བཞིའོ། ། ༈ བམ་པོ་བཞི་པ། དྲོད་འབྲིང་གི་དམིགས་རྣམ་ནི། གཟུགས་སོགས་འདུ་དགོད་གནས་བྲལ་དང༌། །དེ་ནས་ཚེ། དེ་ནས་གསུམ་ལྷག་པ་ན། བར་བགྱིས་ན། ཞེས་པའི་དོན་ནི་དབུ་མ་པ་ཆེན་པོ་ནས། ཡང་དག་པར་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པ་ནི་འཕེལ་བ་ཞེས་བྱའོ། །ཡང་དག་པར་ཡོད་པ་ལ་སྐུར་པ་བཏབ་པ་ནི་འགྲིབ་པ་ཞེས་བྱའོ། །ཞེས་གསུངས་པའོ། །འགྱོད་པ་སྟེ། མི་ཤེས་པའི་ཉེས་པར་འགྱུར་རོ། །མ་མཆིས་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་ལྟར་གནས་པ་མེད་པའོ། །ཐུག་པ་མ་མཆིས། ཞེས་བྱ་བ་ནི་ནམ་མཁའ་ལ་སོགས་འདུས་མ་བྱས་པ་ལྟ་བུར་གནས་པ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་གཤིས་ལུགས་ལ་མ་མཆིས། མིང་སྟེ་ཡུལ་དང་ཕྱོགས་ན་གནས་པ་ཐུག་སྟེ། མི་གནས་པའམ། གནས་པ་དང་མི་གནས་པ་གཉིས་ཀ་ཡིན་པར་བྱིན་གྱིས་བདག་གིས་ལ་ཟློ་བ་མཉམ་གཞག་ཟབ་མོའི་སྐབས་སུ་འཕེལ་འགྲིབ་ལ་སོགས་པ་གང་དུ་ཡང་མི་རྟོག་ཅིང་མི་དམིགས་པས་གཟུགས། དེ་ནས་ཤོག་གུ་བཅུ་དྲུག་དང་ཕྲེང་བརྒྱད་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་བཅུ་གཅིག་ན། རྗེས་སུ་མ་མཐོང་སྟེ། ཞེས་པའི་སྐབས་འདིར་རྨི་ལམ་ལྟ་བུའི་དོན་ནི་འབུམ་ཏིག་ལ་རྨི་ལམ་ན་མཐོང་བའི་ཆོས་རྣམས་གཉིད་སངས་པའི་ཚེ། དེ་ལྟར་མི་སྣང་བ་བཞིན་དུ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པ་ཀུན་བཏགས་པའི་ཆོས་རྣམས་ཀྱང་མ་རིག་པའི་གཉིད་ཀྱིས་ལོག་པའི་ཚེ་སྣང་བ་རྣམས། མ་རིག་པ་སངས་ཏེ་འཕགས་པའི་ཤེས་རབ་ཐོབ་པའི་ཚེ། དེ་ལྟར་མི་སྣང་བའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་ན། བཅོམ་ལྡན་འདས་བདག་གིས། གཟུངས་འཛིན་གྱིས་དབེན་པའི་ཕྱིར་དབེན་པ་སྟེ། དེའི་འཕེལ་བ། དེ་ནས་ཕྲེང་ཕྱེད་གསུམ་ན། བདག་གིས་རང་བཞིན་གྱིས་མྱ་ངན་ལས་འདས་པས་ཞི་བ་སྟེ། དེའི་འཕེལ་བ། དེ་ནས་ཕྲེང་གསུམ་ཅུང་མེད་ན། བདག་གིས་རྒྱུ་རྐྱེན་གྱིས་མ་སྐྱེས་པས། སྐྱེ་བ་མ་མཆིས་པ་སྟེ། དེའི་འཕེལ་བ། དེ་ནས་ཡང་ཕྲེང་གསུམ་ཅུང་མེད་ན། བདག་གིས་མ་སྐྱེས་པའི་ཕྱིར་འགག་པ་མ་མཆིས་པ་སྟེ། དེའི་འཕེལ་བ། དེ་ནས་ཕྲེང་ཕྱེད་གསུམ་ལྷག་ན། བདག་གིས་མ་བྱུང་བའི་ཕྱིར། འབྱུང་བ་མ་མཆིས་པ་སྟེ། དེའི་འཕེལ་བ། དེ་ནས་ཡང་ཕྲེང་ཕྱེད་གསུམ་ཅུང་མེད་ན། བདག་གིས་བཅོས་སུ་མེད་པའི་ཕྱིར། མངོན་པར་འདུ་མ་མཆིས་པ་སྟེ། དེའི་འཕེལ་བ། དེ་ནས་ཡང་ཕྲེང་ཕྱེད་གསུམ་ན། ཀུན་ནས་ཉོན་མོངས་པའི་དངོས་པོར་མི་འགྱུར་བས། ཉོན་མོངས་པ་མ་མཆིས་པ་ 4-1-48 སྟེ། དེའི་འཕེལ་བ། དེ་ནས་ཡང་ཕྲེང་གསུམ་ན། བདག་གིས་ཀུན་ནས་ཉོན་མོངས་པ་མེད་པས་དེའི་ཟླས་དྲངས་པ། རྣམ་པར་བྱང་བ་མ་མཆིས་པ་སྟེ། དེའི་འཕེལ་བ། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ན། མ་མཆིས་སོ། །དེ་ལ་ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཐོབ་པར་འགྱུར་བའི་རྒྱུའམ། གཞི་ཡིན་པའི་ཕྱིར་རོ། །དེ་བཞིན་ཉིད་ཅེས་བྱ་བའི་ཡོངས་སུ་དག་པའི་རང་བཞིན་གཞན་དུ་མི་འགྱུར་ཞིང༌། རྟག་ཏུ་དེ་བཞིན་དུ་གནས་པའི་ཕྱིར་རོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་རྫོགས་པའི་མཐར་ཕྱིན་པའི་ཕྱིར་རོ། །ཆོས་ཀྱི་གནས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡེ་ནས་དེ་བཞིན་དུ་གནས་པའོ། །ཞེས་འབྱུང་བ་ལྟ་བུ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་དེ་བཞིན་དུ་གནས་པའི་ཕྱིར་རོ། །ཆོས་སྐྱོན་མེད་པ་ཞེས་བྱ་བ་ནི་ས་དང་པོ་ཡན་ཆད་དེ་བཞིན་ཉིད་དེ་རྟོགས་པའི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ཞིང་ཕྱིར་མི་ལྡོག་པར་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཞེས་འབུམ་ཏིག་གསུངས་ཤིང༌། དབུ་མ་པ་ཆེན་པོ་དབྱིག་གཉེན་གྱིས་སྐབས་འདིར་ཡོངས་གྲུབ་དགུའི་བཤད་པ་གསུང་བ་ནི་འོག་ཏུ་བརྗོད་པར་བྱའོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས་འཕེལ་བ། དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ན། སའི་མཚན་མ་མིང་དེ་ཡང༌། དེ་ནས་ཕྲེང་དྲུག་ན། བམ་པོ་དྲུག་པ། དྲོད་ཆེན་པོའི་དམིགས་རྣམ་ནི། གནས་དང་བཏགས་དང་བརྗོད་དུ་མེད། །བཅོམ་ལྡན་འདས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་དགུ་ན། བརྗོད་དུ་མ་མཆིས་སོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཞེས་པ་ཉི་ཁྲིར་བྱུང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིག་རྣམས་ལ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། ཡོངས་སུ་གྲུབ་པའི་འཇུག་པ་ཐ་དད་པས་ཐ་དད་དེ། འདི་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པར་དགུ་སྟེ། རྣམ་པར་འཇིག་པ་མེད་པ་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང༌། འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་དང༌། ངོ་བོ་ཉིད་ཡོངས་སུ་གྲུབ་པ་དང༌། རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྒྱུ་ཉིད་ཡོངས་སུ་གྲུབ་པ་དང༌། དུས་ཐམས་ཅད་དུ་ཡོངས་སུ་གྲུབ་པ་དང༌། ཕྱིར་མི་ལྡོག་པར་ཡོངས་སུ་གྲུབ་པ་དང༌། དེ་ཁོ་ན་ཉིད་དུ་ཡོངས་སུ་གྲུབ་པ་དང༌། རྟོག་གེའི་ལམ་ལས་འདས་པར་ཡོངས་སུ་གྲུབ་པའོ། །རྣམ་པར་འཇིག་པ་མེད་པར་ཡོངས་སུ་གྲུབ་པ་ནི། དེ་བཞིན་ཉིད་ཅེས་གསུངས་པ་སྟེ། རྟག་ཏུ་དེ་བཞིན་དུ་གནས་ཤིང་རྣམ་པར་མི་འཇིག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ནི་མ་ནོར་བ་དེ་བཞིན་ཉིད་ཅེས་གསུངས་པ་ 4-1-49 སྟེ། ནོར་བ་དང་ཕྱིན་ཅི་ལོག་ཏུ་གྱུར་པ་མེད་པའི་ཕྱིར་རོ། །འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་གསུངས་པ་སྟེ། གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་ཡོངས་སུ་གྲུབ་པ་ནི་ཆོས་ཉིད་ཅེས་གསུངས་པ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བ་ཐམས་ཅད་ཀྱི་རྒྱུ་ཉིད་ཡོངས་སུ་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཞེས་གསུངས་པ་སྟེ། སྟོབས་བཅུ་དང༌། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་དབྱིངས་དང་རྒྱུ་ཡིན་པའི་ཕྱིར་རོ། །དུས་ཐམས་ཅད་དུ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཆོས་གནས་པ་ཉིད་ཅེས་གསུངས་པ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱིས་ཆོས་ཉིད་ནི་གནས་པ་ཉིད་དོ། །ཞེས་གསུང་བས་དུས་ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཕྱིར་མི་ལྡོག་པར་ཡོངས་སུ་གྲུབ་པ་ནི་ཆོས་སྐྱོན་མེད་པ་ཉིད་ཅེས་གསུངས་པ་སྟེ། ས་དང་པོ་ཡན་ཆད་དེ་རབ་ཏུ་རྟོགས་པས་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱོན་མེད་པ་ལ་ཞུགས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་དུ་ཡོངས་སུ་གྲུབ་པ་ནི་ཡང་དག་པའི་མཐའ་ཞེས་གསུངས་པ་སྟེ། ཡང་དག་པ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པའི་མཐར་ཐུག་པའི་ཕྱིར་རོ། །རྟོག་གེའི་ལམ་ལས་འདས་པར་ཡོངས་སུ་གྲུབ་པ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་གསུངས་པ་སྟེ། བརྗོད་དུ་མེད་པ་དང༌། སོ་སོ་རང་རིག་པ་ཡིན་པས་རྗེས་སུ་དཔག་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །གཞན་ཡང་ཀུན་བཏགས་པའི་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྟེ། རབ་ཏུ་རྟོགས་པར་གྱུར་པ་རྣམས་ལ་དེ་ལྟར་མི་འགྱུར་བས། དེ་ལས་བཟློག་པ་ལ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། དུས་ཐམས་ཅད་དུ་དེ་བཞིན་དུ་ཡོད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། ནོར་བར་སྣང་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་མ་ནོར་བར་དེ་བཞིན་ཉིད་ཅེས་བྱ་སྟེ། མ་ནོར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྨིག་རྒྱུ་ལྟ་བུ་སྟེ། གཞན་དུ་གནས་ལ་གཞན་དུ་སྣང་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་སྟེ། དུས་ཐམས་ཅད་དུ་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ཆུ་ཟླ་ལྟ་བུ་སྟེ། ཆོས་དེའི་བདག་ཉིད་མ་ཡིན་པ་མ་ཡིན་ལ་ཆོས་དེའི་བདག་ཉིད་དུ་སོ་སོར་སྣང་བའི་ཕྱིར་རོ། །ཆུ་ཟླའི་ཟླ་བ་ཡང་དག་པར་མ་ཡིན་ནོ། །དེ་ལས་བཟློག་པ་ནི་ཆོས་ཉིད་ཅེས་བྱ་སྟེ། དོན་དམ་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། དོན་དམ་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་ཡིན་ཞིང་དོན་ཡོད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་བྲག་ཅ་ལྟ་བུ་སྟེ་ཡུན་ཐུང་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་གནས་པ་ཉིད་ཅེས་བྱ་སྟེ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མིག་ཡོར་ལྟ་བུ་སྟེ། མ་ངེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་སྐྱོན་ 4-1-50 མེད་པ་ཉིད་ཅེས་བྱ་སྟེ། ངེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་གཟུགས་བརྙན་ལྟ་བུ་སྟེ། རྣམ་པར་ཤེས་པ་ལ་རྣམ་པ་འཕོས་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཡང་དག་པའི་མཐའ་ཞེས་བྱ་སྟེ། དོན་དམ་པ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྤྲུལ་པ་ལྟ་བུ་སྟེ། སེམས་ཀྱི་འདུ་བྱེད་ལས་འབྱུང་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་སྟེ། ཡིད་ཀྱི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །དོན་དམ་པར་ནི་ཐམས་ཅད་ཀྱང་ཡོངས་སུ་གྲུབ་པའི་ཆོས་ཀྱི་རྣམ་གྲངས་སོ། །ཞེས་དབུ་མ་པ་ཆེན་པོས་འཕེལ་འགྲིབ་མ་དམིགས་པའི་འགྲེས་ཀྱི་སྐབས་སུ་གསུངས་ལ། གཞུང་འདིའི་སྐབས་དེར་ཡོངས་གྲུབ་ལྔ་ལས་མ་བྱུང་ཞིང་འདིར་བརྒྱད་ཡོད་པས་སྐབས་འདིར་དྲངས་སོ། །སློབ་དཔོན་གྱིས་འགྲེས་གོང་མར་གསུངས་པ་ནི། ཁྲི་བརྒྱད་སྟོང་པའི་སྐབས་དེ་དང་འདི་གཉིས་ཀ་ནས་ཡོངས་གྲུབ་དགུ་དགུ་ཡོད་པས། གཙོ་ཆེར་གཞུང་དེ་ལ་སྦྱར་བ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་གསུམ་ན། མ་མཆིས་པའི་ཚུལ་ལོ། །དེ་ལྟར་ལེའུ་འདིའི་དབུས་ནས་འདིའི་བར་གྱིས། མཐའ་གཉིས་དང་བྲལ་བར་བསྒྲུབ་པ་བསྟན་ཏོ། ། རྩེ་མོ་ཆུང་ངུའི་དམིགས་རྣམ་ནི། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །བཅོམ་ལྡན་འདས་ལ་སྤྱོད་པའི་ཚེ། ལ་ཟློ་བ་མཉམ་གཞག་ཟབ་མོའི་སྐབས་སུ་ཅིར་ཡང་མི་རྟོག་ཅིང༌། གང་ལ་ཡང་གནས་པའི་རྣམ་རྟོག་སྤང་དགོས་པའི་ཕྱིར་རོ། །གནས་པར་རྟོག་པ་མི་བགྱིའོ། །དེ་བཞིན་དུ་དེ་ཚོར་བ་ལས། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ཆད་པ་ན། སྟོང་པ་ཉིད་ཀྱང་གཟུགས་སོ། །འདི་ལ་གཟུགས་ཀྱང་རྣམ་པ་གསུམ་སྟེ། ཀུན་བཏགས་པའི་གཟུགས་དང༌། རྣམ་པར་བཏགས་པའི་གཟུགས་དང༌། ཆོས་ཉིད་ཀྱི་གཟུགས་སོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་དུ་བཟུང་བས། དངོས་པོའི་གཟུགས་གང་ཡིན་པ་དེ་ནི་ཀུན་བཏགས་པའི་གཟུགས་ཞེས་བྱའོ། །དེ་ཉིད་རྣམ་པ་གང་གིས་དོན་དུ་སྣང་བའི་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པ་དེ་ནི་རྣམ་པར་བརྟགས་པའི་གཟུགས་ཞེས་བྱའོ། །ཀུན་བཏགས་པ་དང་རྣམ་པར་བརྟགས་པ་དེ་གཉིས་ཀྱི་རྣམ་པ་དང་བྲལ་བའོ། །ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཟད་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱའོ། །དེ་ལ་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི་ཀུན་བཏགས་པ་གཟུགས་སུ་ཡོད་པ་ལ་སོགས་པའི་མཚན་ཉིད་དང༌། གཟུགས་སུ་རྣམ་པར་བརྟགས་པ་ཡུལ་གྱིས་རྣམ་པར་སྣང་བའི་གཟུགས་ཀྱིས་སྟོང་པ་ནས་སྟོང་པ་ཞེས་བྱའོ། །དེ་སྐད་བཤད་པ་དང༌། ཀུན་བཏགས་པ་དང་རྣམ་པར་བརྟགས་པའི་གཟུགས་ཀྱིས་སྟོང་པའི་ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ལ་ཅི་གཟུགས་ཀྱིས་མཚན་ཉིད་གཞན་ཞིག་ཀྱང་ཡོད་དམ། གང་གི་ཕྱིར་དེ་ལ་ཡང་གཟུགས་ཞེས་བྱ་སྙམ་དུ་ཐེ་ཚོམ་ཟ་བ་དེའི་ཕྱིར་གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་གཟུགས་མ་ལགས་ཞེས་བྱ་བ་བཤད་དེ། ཀུན་ 4-1-51 བཏགས་པ་དང་རྣམ་པར་བརྟགས་པའི་གཟུགས་ཀྱི་སྟོང་པ་གང་ཡིན་པ་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ནི་གཟུགས་མ་ཡིན་ཞིང་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་དེ། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་རྣམ་པ་ལས་དབེན་པའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་སྐད་བཤད་པ་དང༌། གལ་ཏེ་གཟུགས་རྣམ་པ་ཐམས་ཅད་དུ་མེད་ན་འོ་ན་གང་གིས་སྟོང་ན་འདི་ལ་སྟོང་པ་ཉིད་ཅེས་བྱའོ། །ཡུལ་མེད་པའི་སྟོང་པ་ཉིད་ཀྱང་མེད་ལ། ཆོས་ལས་ཆོས་ཉིད་གཞན་པ་ཡང་མི་རིགས་པ་དང༌། ཆོས་ཉིད་ལས་ཆོས་གཞན་པ་ཡང་མི་རིགས་སོ། །སྙམ་དུ་ཐེ་ཚོམ་ཟ་བ་དེའི་ཕྱིར། སྟོང་པ་ཉིད་ལས་གུང་ན་ཡང་གཟུགས་མ་མཆིས་ཞེས་བྱ་བ་གསུང་སྟེ། ཇི་སྐད་བསྟན་པར་འགྱུར་ཞེ་ན། དེ་ནི་འདི་ལྟར་ཆུ་མ་དྭངས་པ་ལ་མ་དྭངས་པའི་གནས་སྐབས་ན་ནི་རྙོག་པ་ཞེས་བྱ་ལ། དྭངས་པའི་གནས་སྐབས་ན་ནི་ཆུ་ཞེས་བྱ་བ་དང༌། ཇི་ལྟར་ནམ་མཁའ་མ་དྭངས་པའི་གནས་སྐབས་ནི་རྨུགས་པ་ཞེས་བྱ་ལ། དྭངས་པའི་གནས་སྐབས་ནམ་མཁའ་གསལ་བ་ཞེས་བྱ་བ་དེ་བཞིན་དུ་སྟོང་པ་ཉིད་འདི་ཡང་བྱིས་པ་སོ་སོའི་སྐྱེ་བོ་མ་དག་པའི་གནས་སྐབས་ན་ཐ་དད་པར་མ་གྱུར་པའི་ཕྱིར། གཟུགས་ལ་སོགས་པའི་ཚིག་ཏུ་བརྗོད་ལ་དག་པའི་གནས་སྐབས་ན་ནི་སྟོང་པ་ཉིད་ཅེས་བྱའོ། །དེ་བས་ན་སྟོང་པ་ཉིད་ལས་གཟུགས་ལ་སོགས་པ་ཆོས་ཐ་དད་པར་གྱུར་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཆོས་དང་ཆོས་ཉིད་དག་ཐ་དད་པ་མེད་པར་གྱུར་པས། གང་གི་ཚེ་ཆོས་ཉིད་ཀྱིས་ཆོས་བརྗོད་པ་དེའི་ཚེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་ཅེས་བྱའོ། །གང་གི་ཚེ་ཆོས་ཉིད་བརྗོད་པར་གྱུར་པ་དེའི་ཚེ་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱའོ། །ཡང་ན་གཟུགས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་བྱ་བ་ལ། སྟོང་པ་ཉིད་ནི་དེ་བཞིན་ཉིད་དེ་ཆོས་ཉིད་ཀྱི་གཟུགས་ལ་བྱའོ། །དེ་ལྟར་ཀུན་བཏགས་པ་དང་རྣམ་པར་བརྟགས་པའི་གཟུགས་དེ་དག་ཤིན་ཏུ་མེད་པ་དང༌། ཡོངས་སུ་གྲུབ་པའི་གཟུགས་ལ་ཡང་གནས་སུ་མི་རུང་བའི་ཕྱིར། གཟུགས་ལ་གནས་པར་མི་བགྱིའོ། །ཞེས་བྱ་བ་གསུང་སྟེ། དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ཤོག་གུ་ཕྱེད་དང་བཅུ་གཉིས་ན། སྤྱོད་པའི་ཚེ། ཨ་ཞེས་བྱ་བ་ལ་སོགས་པའི། ཡི་གེ་རྣམས་ལ་མི་བགྱི། ཞེས་བྱ་བ་ནི་ཨ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་རྣམས་ལ་བརྟེན་ནས། སྐྱེ་བ་མེད་པའི་དོན་གྱི་རྗེས་སུ་འབྲང་བའི་གཟུངས་ཀྱིས་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ལ་ཡི་གེ་མངོན་པར་སྒྲུབ་པ་ཞེས་བྱ་བའི་སྒྲར་བརྗོད་དེ། ཞེས་དབུ་མ་པ་གསུངས། ཡི་གེ་གཅིག་ཏུ། ཡི་གེ་གཉིས་སུ། ཚིག་ཐ་དད་དུ། དེ་ནས་ཤོག་གུ་གཅིག་ལྷག་ཙམ་ན། མི་རྟག་པ་ཉིད་ཀྱིས་སྟོང་སྟེ། ཞེས་བྱ་བ་ལ་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱིས་མི་རྟག་པ་ནི་སྐྱེ་བ་དང༌། འགག་པའི་མཚན་ཉིད་དེ་ཀུན་བཏགས་པའི་མཚན་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་རྟག་པའི་མཚན་ཉིད་ནི་མེད་པའི་མཚན་ཉིད་ལས་བརྟེན་ནས། མེད་པའི་དོན་ནི་མི་རྟག་པའི་དོན་ཏོ། །ཞེས་བཤད་དེ། འདི་ 4-1-52 ལྟར་རྟག་ཏུ་ཡོད་པ་ལ་ནི་རྟག་པ་ཞེས་བྱའོ། །དེ་ལས་བཟློག་ན་རྟག་ཏུ་མེད་ཅིང༌། དུས་ཐམས་ཅད་དུ་མེད་པ་ལ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་རྟག་པ་ཞེས་བྱའོ། །དེ་བས་ན་མེད་པའི་མཚན་ཉིད་དོན་དམ་པར་མི་རྟག་པ་ཉིད་དོ། །གཟུགས་མི་རྟག་པ་ནི་གཟུགས་མི་རྟག་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དམ་པར་མི་རྟག་པ་གང་ཡིན་པ་དེ། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱིས་ཀུན་ནས་བཏགས་པའི་སྐྱེ་བ་དང༌། འགག་པའི་མཚན་ཉིད་ཀྱི་དེ་མི་རྟག་པའི་ངོ་བོ་ཉིད་ཀྱིས་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཉིད་མ་ལགས། ཞེས་བྱ་བ་གསུང་སྟེ། འདི་ལྟར་དོན་དམ་པའི་གཟུགས་མི་རྟག་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཀུན་བཏགས་པའི་གཟུགས་མི་རྟག་པ་ཉིད་ཀྱིས་ངོ་བོ་ཉིད་མ་ཡིན་ཏེ། དེ་བས་ན་དོན་དམ་པའི་གཟུགས་མི་རྟག་པ་ཉིད་ནི་ཀུན་བཏགས་པའི་གཟུགས་མི་རྟག་པ་ཉིད་ཀྱིས་སྟོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་ན་ནི་ཆོས་ལས་ཆོས་ཉིད་ཐ་དད་པར་འགྱུར་རོ། །སྙམ་པ་ལ་མཆིས་ཏེ། ཞེས་པ་འདིའི་དོད་དུ་ཁྲི་བརྒྱད་སྟོང་པར་སྟོང་པ་ཉིད་ལ་གུད་ན་ཡང་མི་རྟག་པ་ཉིད་མ་མཆིས་ཏེ། ཞེས་པ་འབྱུང༌། དབུ་མ་པས་སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མི་རྟག་པ་མ་མཆིས། ཞེས་བྱ་བ་གསུང་སྟེ། དེ་བཞིན་ཉིད་ལས་གུད་ན་ཀུན་བཏགས་པའི་གཟུགས་མི་རྟག་པ་ཉིད་ཡོད་པ་མ་ཡིན་ཏེ། ཆུ་དྭངས་པ་དང༌། ནམ་མཁའ་བཞིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་ཐ་དད་པར་གྱུར་པ་མེད་པའི་ཕྱིར་མི་རྟག་པ་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། གཟུགས་མི་རྟག་པའམ། སྟོང་པ་ཉིད་ལ་སྟོང་ཉིད་ཀྱི་སྒྲར་བརྗོད་ཅེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཞེས་འགྲེས་འདི་ཞིབ་བཤད་དབུ་མ་ཆེན་པོ་གསུངས་ལ། གཞུང་འདིའི་ཐོག་ནས་ཅུང་མི་བདེ་ཡང༌། ཁྲི་བརྒྱད་སྟོང་པ་དང་མཐུན་ཞིང༌། དོན་འདི་ལས་མི་འདའ་བའི་ཕྱིར་བཀོད་དོ། །དེ་ནས་ཕྲེང་ཕྱེད་བརྒྱད་ན། བམ་པོ་བདུན་པ། དེ་ནས་ཤོག་གུ་དགུ་དང་ཕྲེང་གསུམ་ན། གནས་པར་མི་བགྱིའོ། །བཅོམ་ལྡན་འདས་ཀྱིས་འཁོར་ལོ་གཉིས་པའི་སྐབས་སུ། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་ཚིག་གིས་གནས་སུ་གྱུར་པ་ལགས་སོ། །ཞེས་དགོངས་པ་ངེས་འགྲེལ་གྱི་མདོར་གསུངས་པ། དེ་སྐབས་འདི་དག་ལ་སོགས་པ་རང་སྟོང་མ་ཡིན་པ་རྣམས་རང་སྟོང་དུ་སྟོན་སྟོན་འདྲ་བའི་གཞུང་གི་སྐབས་ཐམས་ཅད་དུ་དྲན་དགོས་སོ། །བརྒྱད་སྟོང་དོན་བསྡུས་སུ། མེད་ཅེས་བྱ་ལ་སོགས་ཚིག་གིས། །བརྟགས་པ་ཐམས་ཅད་འགོག་པ་སྟེ། །ཞེས་དང༌། འདི་ནི་བརྟགས་པ་འགོག་པ་ཡིན། །ཞེས་སོགས་མང་དུ་གསུངས་པ་ཡང་སྐབས་མང་པོར་ཡང་ཡང་དྲན་དགོས་ཏེ། གཞན་དུ་ན་ཀུན་བཏགས་ཀྱི་ཆོས་རྣམས་མེད་པར་དགོངས་ནས། གསུངས་པ་ལས་འཁྲུལ་ནས་ཡོངས་གྲུབ་ཀྱི་ཆོས་རྣམས་ཀྱང་མེད་པར་འཛིན་པའི་ལོག་ལྟ་འབྱུང་བའི་ཕྱིར་རོ། །དེ་ནས་ཤོག་གུ་གཅིག་ལས་ཕྲེང་གཅིག་ཆད་པ་ན། དེ་ལྟར་མི་གནས་ 4-1-53 པར་སྒྲུབ་པ་བསྟན་ནས། གནས་པའི་ཉེས་དམིགས་བསྟན་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་པ་ན། མི་སྤྱོད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཐབས་མི་མཁས་པས་ཚུལ་བཞིན་མ་ཡིན་པར་བཟུང་ནས། ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མི་ཤེས་པས་བདག་གིས་གཟུགས་ཀྱི་ངོ་བོ་ཉིད་ཡིན་ནོ། །ཞེས་བྱ་བའམ། འདི་ནི་བདག་གི་གཟུགས་སོ་ཞེས་བྱ་བའམ། འདི་ནི་གཟུགས་སུ་རུང་བའི་མཚན་ཉིད་དོ། །ཞེས་བྱ་བར་གཟུགས་ལ་གནས་ནས། དེ་གཟུགས་མངོན་པར་འདུ་བྱེད་པ་གཟུགས་སུ་རྣམ་པར་རྟོག་པའི་རྗེས་སུ་སོང་བ་འདུ་བྱེད་ཀྱི་ཆོས་ལ་སྤྱོད་པ་ཡིན་གྱི། སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་རྗེས་སུ་འབྲང་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བརྒྱད་ན། བམ་པོ་བརྒྱད་པ། དེ་ནས་ཤོག་གུ་བཅུ་གཅིག་དང་ཕྲེང་བཅུ་གཉིས་ན། འབྱུང་བར་མི་འགྱུར་རོ། །ཞེས་བྱ་བས་མི་གནས་པར་སྒྲུབ་པ་རྫོགས་ནས། ཡོངས་སུ་འཛིན་པ་མེད་པར་བསྒྲུབ་པ་བསྟན་པ་མ་མཆིས་པ་སྟེ། ཞེས་བྱ་བ་ནི་གང་གི་ཕྱིར། ཆོས་ཉིད་ཀྱི་གཟུགས་ལ་ནི་བདག་ཏུ་འཛིན་པ་དང༌། བདག་གིར་འཛིན་པར་ལྷུང་བའི་རྒྱུད་གང་གིས་ཀྱང་གཟུགས་སུ་ཡོངས་སུ་བཟུང་བ་མེད་དོ། །དེའི་ཕྱིར་མངོན་པར་འདུ་བྱེད་པ་ལ་སྤྱོད་ན་དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱད་པ་ལ་སྤྱོད་པ་མ་ཡིན་ནོ། །ཞེས་སྟོན་ཏོ། །ཅིའི་ཕྱིར་གཟུགས་ཡོངས་སུ་མེད་ཅེས་བྱ་ཞེ་ན། གཟུགས་མ་ལགས། ཞེས་བྱ་བ་གསུངས་སོ། །འདིར་ཡོངས་སུ་བཟུང་བ་མེད་ཅེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་བྱ་སྟེ། ཆོས་ཉིད་ཀྱི་གཟུགས་ཀྱིས་ཡོངས་སུ་བཟུང་བ་མེད་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཀུན་བཏགས་པའི་གཟུགས་ཀྱིས་ངོ་བོ་ཉིད་མ་ཡིན་ཏེ། དེའི་ཕྱིར་ཆོས་ཉིད་ཀྱི་གཟུགས་ནི་ཡོངས་སུ་བཟུང་བ་མེད་པའོ། །ཞེས་བྱ་བར་སྦྱར་རོ། །ཞེས་ཤིང་རྟ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་བརྒྱད་ན། བམ་པོ་དགུ་པ། དེ་ནས་ཕྲེང་གཅིག་ལྷག་པ་ན། གང་ལ་ཡང་རྟོག་པའི་ཡིད་རྣམ་པར་ཡོངས་སུ་བརྟག་པ་སྟེ་བསྒོམ་པར་བགྱིའོ། །དེ་ནས་ཕྲེང་གཅིག་ན། དེའི་ཁྱད་པར་གྱི་ཆོས་ནི་རྒྱ་ཆེ་བ་ཕུལ། དེ་ནས་ཕྲེང་གཅིག་ན། ཆེན་པོ་ནི། དེའི་ཕན་ཡོན་གྱིས་རྣམ་པ་ཐམས་ཅད། དེ་ནས་ཕྲེང་གསུམ་ལྷག་པ་ན་མ་མཆིས་པའོ། །ཞེས་བྱ་བ་ནི་གང་གི་ཕྱིར་སྟོང་པ་ཉིད་ཐམས་ཅད་ཀྱི་ཡེ་ཤེས་ཡོངས་སུ་སྦྱངས་པ་ཆོས་ཐམས་ཅད་མི་དམིགས་པའི་མཐར་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་འགྱུར་ཏེ། དེ་བས་དེ་ཡང་ཡོངས་སུ་མ་བཟུང་ཞེས་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རྩེ་མོ་འབྲིང་གི་དམིགས་རྣམ་ནི། དེ་དག་གཅིག་གི་རང་བཞིན་གཅིག །དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང༌། །དེ་དག་གཅིག་གི་རང་བཞིན་གཅིག །ཆོས་ 4-1-54 རྣམས་མི་འཛིན་གང་ཡིན་དང༌། །དེ་ཅིའི་སླད་དུ་ཞེ་ན། ལགས་པ་སྟེ། ཞེས་བྱ་བ་གསུངས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་མ་དང་བྲལ་ཏེ། མཚན་མའི་རྣམ་པ་ཡོང་ཡེ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས་པ་འབྱུང་སྟེ། ཞེས་བྱ་བ་འདིའི་དོད་ལ་ཁྲི་བརྒྱད་སྟོང་པར། འདི་ལྟར་མཚན་མ་ནི་ཉོན་མོངས་པ་ལགས་པའི་སླད་དུའོ། །ཞེས་པ་འབྱུང་ཞིང༌། དབུ་མ་པ་ཆེན་པོས་དེའི་འགྲེལ་པར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པ་མཚན་ཉིད་སེམས་ཀྱི་རྒྱུད་ཉོན་མོངས་པར་འགྱུར་བས་ན་ཉོན་མོངས་པ་ཞེས་བྱ་བར་བསྟན་ཏོ། །ཞེས་གསུངས་སོ། །གཟུགས་ལ་རྟོག་པ་མེད་པ་ནི་མཚན་མའོ། །དེ་བཞིན་དུ་ཕྱི་མ་རྣམས་ལ་སྦྱར་ཏེ། ཚོར་བ་ལ་རྟོག་པ་ནི་མཚན་མའོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། བཟུང་བ་ཞིག་ལགས་ན་ནི་མུ་སྟེགས་ཅན། ཀུན་ཏུ་རྒྱུ་བ་ཕྲེང་བ་ཅན། མཚན་མ་མེད་པའི་ཏིང་ངེ་འཛིན་ལ་མོས་པ་ཡང༌། བཅོམ་ལྡན་འདས་ལས་མཚན་མ་མེད་པའི་ཆོས་ཐོས་ནས། ཐམས་ཅད་མཁྱེན་པ་དད་པ་ཐོབ་པར་གྱུར་པ། དེ་ཡང་དེ་ལྟར་འོས་པར་མི་འགྱུར་བ་ཞིག་ན་དད་པ་ཐོབ་པར་ཡང་འགྱུར་རོ། །དད་པ་དེ་ཡང་དོན་དམ་པར། མཚན་མའི་ཚུལ་དུ་སྐྱེ་བ་མ་ལགས། ཀུན་རྫོབ་ཏུ་མཚན་མའི་ཚུལ་དུ་ཡང་སྐྱེ་བ་མ་ལགས་སོ། །ཡང་ན་མཉམ་བཞག་ཏུ་མཚན་མའི་ཚུལ་དུ་མི་སྐྱེ། རྗེས་ཐོབ་ཏུ་མཚན་མ་མེད་པའི་ཚུལ་དུ་མི་སྐྱེ་ཞེས་པར་ཡང་རུང༌། མ་མཆིས་པས་ཆོས་ཉིད་ཡོངས་སུ་བཟུང་བ་ལགས་ཏེ། ཡེ་ཤེས་མཚན་མ་མེད་པར་སྤྱོད་པ་འདི་ལ་སྔོན་ནས་མོས་སུ་འབྲང་བས། གཅིག་ཆར་མཚན་མ་མེད་པར་ནི་མི་རྟོགས་ཀྱིས། གཟུགས་སོགས་རེ་རེ་ནས་མཚན་མ་མེད་པར་རྟོགས་པས། ཉི་ཚེ་བའི་ཡེ་ཤེས་ཀྱིས་རིམ་གྱིས་ཞུགས་ཏེ། མཚན་མ་མེད་པར་རྟོགས་པའི་ཕྱིར། གཟུགས་ཡོངས་སུ་མ་བཟུང༌། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར། དེ་ནས་ཕྲེང་ཕྱེད་དང་གསུམ་ན། འདི་ལྟར་ཀུན་ཏུ་རྒྱུ་དེས། མཚན་མ་མེད་པའི་ཡེ་ཤེས་ཏེ་ཤེས་པའི་ཆོས་གང་གིས། གང་ཟག་གང་རྟོགས་རྟོགས་བྱའི་ཆོས། གང་རྟོགས་པར་བགྱིས། དེ་ནས་ཤོག་གུ་བཅུ་གསུམ་ལ་ཕྲེང་གཉིས་ཆད་པ་ན། དེ་ལྟར་མོས་པར་གྱུར་ནས། མཚན་མ་མེད་པའི་ཆོས་རྟོགས་པའི་ཕན་ཡོན་གྱིས། དེས་ཆོས་གང་ཡང་མཚན་མ། དེ་ནས་ཤོག་གུ་གསུམ་ན། མཆིས་པའི་ཕ་རོལ་ཏུ་ཕྱིན་པས། འདི་ནི་གཞན་གྱི་ཕ་རོལ་ཏུ་མཆི་བས་ཞེས་ཉི་ཁྲི་བརྒྱད་སྟོང་བར་བྱུང༌། ཕ་རོལ་ཏུ་ཕྱིན་པའོ། །འདི་ལྟར་ཆོས་ཐམས་ཅད་ལས་གཞན་པའི་ཕ་རོལ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་མཚན་མ་ཐམས་ཅད་ལས་གཞན་དུ་གྱུར་པ་རྣམ་པར་རྟོག་པའི་ཕ་རོལ་དང༌། མཚན་མ་མེད་པའི་ཕ་རོལ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། བམ་པོ་བཅུ་པ། འོན་ཀྱང་ཀུན་ཏུ་རྒྱུ། དེ་མི་འདའ་སྟེ། སངས་རྒྱས་ཀྱི་རིགས་ཅན་ཡིན་པའི་ཕྱིར་རོ། །དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ཆད་པ་ན། ཆོས་མ་ལགས་ཏེ། ཞེས་བྱ་བའི་སྟེ་འདིས་ནི་གཞན་གྱི་ཕ་རོལ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང་ 4-1-55 ཕྲེང་ཕྱེད་དང་བཞི་ན། ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་རྫོགས་ནས། ཡོངས་སུ་བརྟག་པའི་བསྒྲུབ་པ་བསྟན་པ། རྩེ་མོ་ཆེན་པོའི་དམིགས་རྣམ་ནི། དེ་དག་མཚན་མར་མི་མཐོང་ཕྱིར། །ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པ་ནི་གང༌། ཞེས་བྱ་བ་ནི་དེའི་རང་བཞིན་འདྲི་བ་སྟེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པའོ། །ཞེས་དེ་སྐྲད་བརྗོད་པར་བྱའོ། །ཤེས་རབ་གང་གིས་ཞེས་བྱ་བ་ནི་འབྲེལ་བ་འདྲི་བ་སྟེ། དེ་ལ་ཆོས་ཐམས་ཅད་ཀྱིའོ། །ཞེས་དེ་སྐད་བརྗོད་པར་བྱའོ། །འདི་ནི་ཅི་ཞིག་ཅེས་བྱ་བ་ནི་བྱེད་པ་འདྲི་བ་སྟེ། དེ་ལ་ངེས་པར་འབྱིན་པའི་ཕྱིར་རོ། །ཞེས་བརྗོད་པར་བྱའོ། །ཅིའི་ཕྱིར་ན། ཞེས་བྱ་བ་ནི་ཅིའི་ཕྱིར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཞེས་གཏན་ཚིགས་འདྲི་བ་སྟེ། དེ་ལ་ཡང་དག་པ་ཇི་ལྟ་བ་ཉིད་ཀྱི་མཚན་ཉིད་རྟོགས་པའི་ཕྱིར། ཞེས་བརྗོད་པར་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ལྷག་ན། ཡིན་ནམ་ཞེས་རྟོག་ཅིང་སྤྱོད་ན། དེ་ལྟར་མདོར་བསྟན་ནས་དྲི་བ་བཞིའི་ལན་གྱིས་ཚུལ་གྱིས་རྒྱས་པར་འཆད་དེ། དེ་ནས་དེ་ཚེ་དང་ལྡན། དེ་ནས་ཤོག་གུ་བཞི་དང་ཕྲེང་ལྔ་ན་ལྷག་ཙམ་ན། དེ་བཞིན་ཉིད་མེད་ཅིང་མི་དམིགས་སོ། །ཞེས་སོགས་འདི་དག་དེ་བཞིན་ཉིད་དུ་བརྟགས་པ་འགོག་ཅིང༌། མཉམ་བཞག་ལ་ཅིར་ཡང་མི་རྟོག་པ་དགོས་པས་དེ་བཞིན་ཉིད་ལ་སོགས་པར་རྟོག་པ་བཀག་པ་ཡིན་གྱི། དེ་ལྟར་མ་ཡིན་པར་དེ་བཞིན་ཉིད་ནམ་ཡང་མེད་པར་མི་འགྱུར་ཞིང༌། རྟག་ཏུ་གནས་པར་གསུངས་པ་རྣམས་དང་འགལ་བར་འགྱུར་རོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་གསུམ་ན། བྲལ་བ་ཤེས་པར་བྱའོ། །ཞེས་པའི་བར་གྱིས་འདི་ནི་གང་ཞེས་པ་དེ་བསྟན་ཏོ། ། བཟོད་པ་ཆུང་ངུའི་དམིགས་རྣམ་ནི། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །སྨྲས་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། རབ་ཏུ་ཤེས་སོ། །ཞེས་པ་ལ་སོགས་པ་འདི་དག་ནི། འཕགས་པ་ཕྱོགས་གླང་གིས་བརྒྱད་སྟོང་དོན་བསྡུས་སུ། གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས། །སྟོང་བར་སྔར་བརྗོད་གང་ཡིན་པ། །དེ་ནི་རང་གི་ངོ་བོ་ཡིས། །སྒྲོ་འདོགས་རྣམ་རྟོག་འགོག་བྱེད་ཡིན། །ཞེས་གསུངས་པ་ལྟར། ངོ་བོ་ཉིད་དམ། རང་བཞིན་དུ་རྟོག་པ་འགོག་པ་ཡིན་གྱི་ཐམས་ཅད་རང་སྟོང་དུ་སྟོན་པ་མ་ཡིན་ནོ། །དེ་ནས་ཤོག་གུ་ཕྱེད་དགུ་ན། འདི་རྣམས་ནི་མཐར་ཐུག་མེད་དགག་ལ་འདོད་པ་རྣམས་ཀྱི་འཁྲུལ་གཞི་ཡིན་ལ། དགོངས་པའི་དོན་ཟབ་མོ་ཡང་དག་ནི་དབུ་མ་པ་ཆེན་པོ་རྣམས་ཀྱིས་ལེགས་པར་ཕྱེ་སྟེ། གསུངས་པ་ཇི་ལྟ་བ་བཞིན་དུ་སྔར་བསྟན་ཟིན་ཏོ། །དེ་བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་གཅིག་ན། བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་དྲུག་དང་ཕྲེང་བཅུ་གཉིས་ན། རང་བཞིན་མེད་པ་ཤེས་པར་བྱའོ། །ཞེས་པའི་བར་གྱིས་འདི་ནི་གང་གི་ཞེས་བྱ་བ་དེ་བསྟན་ཏོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་བཅུ་ན། མཐའི་མཚན་ཉིད་མེད་དོ། །འདིའི་དོན་ཡང་དེ་མ་ 4-1-56 ཐག་ཏུ་བཤད་ཟིན་ཏོ། །རང་བཞིན་མེད་དོ། །འདི་ལྟར་མཚན་ཉིད་ཐམས་ཅད་ནི་ཀུན་བཏགས་པ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཆོས་ཀྱི་གཟུགས་ལ་སོགས་པ་ནི་མཚན་ཉིད་དང་བྲལ་བ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཉིད་དུ་བྱུང་བར་འགྱུར་རོ། །ཞེས་བྱ་བའི་བར་གྱིས་འདི་ནི་ཅིའི་ཕྱིར་ཞེས་བྱ་བ་དེ་བསྟན་ཏོ། ། བཟོད་པ་འབྲིང་གི་དམིགས་རྣམ་ནི། དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཕྲེང་ཕྱེད་དང་གཉིས་ན། འབྱུང་བ་ཡང་མི་དམིགས་སོ། །ཞེས་བྱ་བ་ནི། འདི་ལྟར་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་ནི་ཀུན་བཏགས་པའི་གཟུགས་ཀྱི་ངོ་བོ་ཉིད་ཀྱི་སྟོང་སྟེ། དེའི་ཕྱིར་ཆོས་ཀྱི་གཟུགས་ལས་ནི་འཁོར་བའི་གནས་སྐབས་ནས་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ལས་སྐྱེ་བ་དང༌། འབྱུང་བ་མེད་དོ། །དག་པའི་གནས་སྐབས་ན་རྣམ་པར་བྱང་བའི་བདག་ཉིད་ལ་ཕྱིན་ཅི་ལོག་གི་དངོས་པོ་མེད་པས་གློ་བུར་གྱི་ངེས་པར་འབྱུང་བ་མེད་དེ། ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཆོས་ཉིད་ལས་འགྱུར་བ་མེད་པའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་བ་མེད་ཅེས་བྱ་བ་ནི་དྲི་མ་དང་བཅས་པའི་གནས་སྐབས་ནའོ། །ངེས་པར་འབྱུང་བ་མེད། ཞེས་བྱ་བའི་དྲི་མ་མེད་པའི་གནས་སྐབས་ནའོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་བརྒྱད་ལྷག་ཙམ་ན། ཡང་དག་པའི་མཐའ་སྟོང་སྟེ། ཞེས་པ་འདི་དག་ནི་དོན་ཡང་སྔར་བསྟན་པ་བཞིན་རིག་པར་བྱའོ། །དེ་ནས་ཕྲེང་བཅུ་ན། ཉེ་བར་གྱུར་པ་ཡིན་ནོ། །ཞེས་བྱ་བའི་བར་གྱིས་འདི་ནི་ཅི་ཞིག་ན་ཞེས་བྱ་བ་དེ་བསྟན་ཏོ། །སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔའོ།། །། ༈ དེ་ལྟར་ཡོངས་སུ་བརྟགས་པའི་སྒྲུབ་པ་རྫོགས་ནས། ད་ནི་བརྩོན་པར་བསྒྲུབ་པ་བསྟན་པ། འདི་ལ་ཐབས་མ་ཡིན་པ་སྤང་བ་དང༌། ཐབས་ལ་རྟེན་པ་གཉིས་ཡིན་ནོ། ། བམ་པོ་བཅུ་གཉིས་པ། བཟོད་པ་ཆེན་པོའི་དམིགས་རྣམ་ནི། དེ་དག་དང་དེ་དག་མཚན་མ་མེད། །དེ་ཡི་མཚན་མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །དེ་ནས་ཚེ་དང་ལྡན་པ་རབ། དེ་ནས་ཕྲེང་གཅིག་ན། གཟུགས་ལ་རྟོག་ཅིང༌། སྤྱོད་ན་མཚན་མ། དེ་ནས་ཕྲེང་གཉིས་ན། མཚན་མ་ལ་སྤྱོད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་ཕྱེད་དང་བཅོ་ལྔ་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་བཅོ་ལྔ་ལ་ཕྲེང་གཅིག་ཆད་པ་ན། བམ་པོ་བཅུ་བཞི་པ། དེ་ནས་ཤོག་གུ་བཅུ་བདུན་དང་ཕྲེང་ཕྱེད་ལྔ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་གཉིས་ལྷག་ན། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་བཅུ་གཅིག་དང་ཕྲེང་བདུན་ན། བམ་པོ་བཅུ་བདུན་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཤེར་ཕྱིན་ལ་སྤྱོད་པ་མ་ཡིན་ལ། དེ་ནི་བྱང་ཆུབ་སེམས་བགྱི་སྟེ། ཐབས་མི་མཁས་པ་དེ་སྤང་བར་བགྱིའོ། །དེ་ནས་ཕྲེང་ཕྱེད་ 4-1-57 དང་གཉིས་ནས། གཟུགས་ལ་ལྟ་བ་ཕྱིན་ཅི་ལོག་གི་དངོས་པོར་མོས་ཤིང༌། འདུ་ཤེས་ཕྱིན་ཅི་ལོག་གིས་བཟང་ངན་ལ་སོགས་པར་འདུ་ཤེས་ཏེ། སེམས་ཕྱིན་ཅི་ལོག་གིས་ཆགས་ཤིང་གནས་པས་བྱིན་གྱིས་རློབ་ན། དེ་ནས་ཕྲེང་ཕྱེད་དང་གཉིས་ན། འགྲོལ་བར་བརྗོད་དོ། །དེ་འཁོར་བ་ལས་མི་འགྲོལ་ཞིང་ཐར་པར་མི་འཐོབ་བོ། །འོག་མ་རྣམས་ལ་དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་བཞི་ལ་ཕྲེང་གཅིག་ཆད་པ་ན། བམ་པོ་བཅོ་བརྒྱད་པ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ན། སེམས་དཔའ་ཆེན་པོ། ཆོས་རྣམས་མངོན་པར་འདུ་བྱ་བ་ལ་སྤྱོད་པ་དེ་ནི། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཤེས་པར་བྱའོ། །ཞེས་པའི་བར་གྱིས་གཞུང་མང་པོས་ཐབས་མ་ཡིན་པ་སྤང་བར་བྱ་བ་བསྟན་ཏོ། །དེ་ནས་ཕྲེང་ཕྱེད་གཉིས་ན། སྤྱོད་པའི་ཚེ། མཉམ་བཞག་ཟབ་མོ་ལ་ཅིར་ཡང་མི་རྟོག་པ་དགོས་པས། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་དགུ་ལྷག་ཙམ་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་བཞི་ན། བམ་པོ་ཉི་ཤུ་པ། དེ་ནས་ཕྲེང་གཅིག་ལྷག་པ་ན། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །འདི་དག་གི་དོན་ནི་སྔར་རྩེ་མོར་ཆུང་ངུའི་དམིགས་རྣམས་ཀྱི་སྐབས་སུ་བསྟན་ཟིན་ཏོ། །དེ་ནས་ཤོག་གུ་དགུ་དང་ཕྲེང་ཕྱེད་དང་བདུན་ན། འཚང་རྒྱ་བའི་སྐལ་བ་ཡོད་དོ། །འདིར་ཁྲི་བརྒྱད་སྟོང་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་གལ་ཏེ་ཆོས་འགའ་ཞིག་ཁས་ལེན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། ཁས་མི་ལེན་པ་དང༌། ཁས་ལེན་ཀྱང་ལེན་ལ་མི་ལེན་ཀྱང་མི་ལེན་པ་དང༌། ཁས་ལེན་པ་ཡང་མ་ཡིན་ཁས་མི་ལེན་པ་ཡང་མ་ཡིན་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཞེས་པའི་གཞུང་བྱུང་སྟེ། འདིས་ཀྱང་ལ་ཟློ་བ་མཉམ་བཞག་ཟབ་མོ་ལ་རྟོག་པ་ཐམས་ཅད་དང་བྲལ་བ་དགོངས་པར་སྟོན་པ་ཡིན་ནོ། །འདི་དང་འདི་འདྲ་བའི་གཞུང་གི་དགོངས་པ་མ་ལོངས་པ་རྣམས་ཀྱིས་རྗེས་ཐོབ་ཏུ་དོན་དང་མཐུན་པའི་ཁས་ལེན་ཡང་མེད་ཅེས་འདོད་པ་ནི་མཉམ་གཞག་ཏུ་ཁས་ལེན་གང་ཡང་མེད་པ་དང༌། རྗེས་ཐོབ་ཏུ་དོན་དང་མི་མཐུན་པའི་ཁས་ལེན་པ་མེད་པ་ལ་དགོངས་ནས་ཁས་ལེན་མེད་ཅེས་གསུངས་པའི་དགོངས་པ་ལས་རིང་དུ་གྱུར་པ་ཡིན་ཞིང༌། དེ་དེ་ལྟར་འཁྲུལ་པའི་གཞི་ཡང་གཞུང་དེ་དང་དེ་འདྲ་བ་དག་ཡིན་ནོ། །དེ་ནས་ཤོག་གུ་ལོགས་ཅིག་ཅུང་མེད་ན། ཁོང་དུ་ཆུད་དེ། མཚན་མར་བཟུང་བའི་ཚུལ་གྱིས་མ་བླངས་པའི་ཕྱིར་རོ། །དེ་ནས་ཕྲེང་གཉིས་ན། ཤེས་པར་བྱའོ། །ཞེས་བྱ་བའི་བར་གྱིས་ཐབས་ལ་བརྟེན་པར་བྱ་བ་བསྟན་ཏེ། དེ་ལྟར་བརྩོན་པའམ་ཐབས་ཀྱི་སྒྲུབ་པ་རྫོགས་ནས། མྱུར་དུ་མངོན་པར་བྱང་ཆུབ་པའི་སྒྲུབ་པ་བསྟན་པ། འདི་ཡང་བཞི་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་སློབ་པ། ཆོས་ཐམས་ཅད་མི་དམིགས་པར་སློབ་པ། སྒྱུ་མ་ལྟ་བུ་ལ་སོགས་པར་སློབ་པ་ཐབས་ལ་མཁས་པར་སློབ་པའོ། ། 4-1-58 ཆོས་མཆོག་ཆུང་ངུའི་དམིགས་རྣམ་ནི། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །རྣམ་པ་ཐམས་ཅད་མཁྱེན་བྱར་མེད། ཅེས་བྱ་བ་ལ་སོགས་པ་བཤད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པའི་གནས་སྐབས་ལ་བྱ་སྟེ། འདི་ལྟར་ཀུན་བཏགས་པའི་ཆོས་ཐམས་ཅད་ལ་གཟུང་བ་དང༌། འཛིན་པ་གཉིས་དང༌། ཡོད་པ་དང༌། མེད་པ་དང༌། དངོས་པོ་དང༌། དངོས་པོ་མེད་པ་དང༌། རྟག་པ་དང༌། ཆད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཆོས་དང༌། ཆོས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་དང༌། གང་ཡང་རྟག་པ་དང༌། མི་རྟག་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། བདག་ཡོད་པ་དང༌། བདག་མེད་པ་དང༌། ཞི་བ་དང༌། མ་ཞི་བ་དང༌། སྟོང་པ་དང༌། མི་སྟོང་པ་དང༌། མཚན་མ་དང༌། མཚན་མ་མེད་པ་དང༌། སྨོན་པ་དང༌། སྨོན་པ་མེད་པ་ལ་སོགས་པ་གཉིས་པ་དེ་དག་ཐམས་ཅད་ནི་ཀུན་བཏགས་པ་ཡིན་པས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་གཉིས་མེད་པ་ཞེས་བྱའོ། །རྟོགས་པས་བྱས་པའི་དངོས་པོ་རྣམ་པ་གཉིས་མེད་པས་གཉིས་སུ་དབྱེར་མེད་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཞེས་བྱ་བ་སྟེ། ཆོས་ཐམས་ཅད་སྐྱེ་མེད་དུ་རྟོག་པའི་ཕྱིར་རོ། །དེ་དག་ནི་བདག་དང་གཞན་གྱིས་དོན་རྒྱ་ཆེན་པོའི་རྒྱུ་ཡིན་པས། རྒྱ་ཆེ་བ། ཉན་རང་གི་རྒྱ་ཆེ་བས་ཏིང་ངེ་འཛིན་ལས། མཆོག་ཏུ་བྱ་བ། དེའི་ཡོན་ཏན་ཚད་གཟུང་དུ་མེད་པར་ངེས་པ་མི་འཕྲོགས་པ་སྟེ། སུན་འབྱིན་མི་ནུས་པའོ། །འཚང་རྒྱའོ། །དེ་ནས་ཕྲེང་གཅིག་ན། གཞན་དག་ཀྱང་ཡོད་དོ། །ཞེས་ཏིང་ངེ་འཛིན་གཞན་མང་པོའི་མིང་འཁོར་རྣམས་ལ་བསྟན་པའི་ཕྱིར་དྲིས་པའི་ལན། དེ་ནས་ཕྲེང་བཞི་ན། འཚང་རྒྱའོ། །དེ་བཞིན་དུ་འཚང་རྒྱའི་མཐར་གྲངས་ཡིག་རྣམས་རིམ་པས་གདབ་བོ། །རབ་འབྱོར་གྱིས་སྨྲས་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་བདུན་ན། མངོན་པར་རྫོགས་པར་འཚང་རྒྱའོ། །འདི་ཡར་བཅད་ཀྱིས་པོ་ཏི་ཁ་སྟེ་གཉིས་པ་རྫོགས་སོ།། །། ༈ ག༽ གླེགས་བམ་གསུམ་པ། བམ་པོ་དང་པོ། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་གསུམ་ན། མངོན་པར་རྫོགས་པར་འཚང་རྒྱའོ། །ཉི་ཁྲི་སྣང་བར་ཏིང་ངེ་འཛིན་བརྒྱ་རྩ་གཅིག་ཅེས་སོགས་དང༌། ཉི་ཁྲི་རྣམ་འགྲེལ་དུ་ཏིང་ངེ་འཛིན་བརྒྱ་ལྷག་དང་བཅས་པ་ཞེས་འབྱུང་ཞིང༌། གཞུང་འདི་དང་ཉི་ཁྲིར་བརྒྱ་ཉི་ཤུ་དང༌། ཁྲི་བརྒྱད་སྟོང་པར་བརྒྱ་ཉེར་གཅིག་བྱུང་བས་མཁས་པ་རྣམས་ཀྱིས་དཔྱད་པར་རིགས་སོ། །དེ་ནས་ཕྲེང་ཕྱེད་དང་གསུམ་ན། གཞན་དག་ཀྱང་ཡོད་དོ། ། ལུང་སྟོན་པ་དང་རློམ་པ་ཟད། །ཆོས་མཆོག་འབྲིང་གི་དམིགས་རྣམ་ནི། དེ་ནས་སངས་རྒྱས། དེ་ནས་ཕྲེང་བཞི་ན། སེམས་སུ་འགྱུར་བ་ཡང་མེད་དོ། །ཞེས་བྱ་བ་ལ་སོགས་པ་བཤད་དེ། ཏིང་ངེ་འཛིན་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ 4-1-59 གནས་སྐབས་ན། དོན་དམ་གྱི་ཆོས་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་གྱུར་པའི་ཕྱིར་འདི་ནི་ཏིང་ངེ་འཛིན་ཏོ། །བདག་ནི་མཉམ་པར་བཞག་གོ །ཞེས་བྱ་བ་ལ་སོགས་པ་ཀུན་བཏགས་པ་རྣམས་ཤིན་ཏུ་མེད་པས་ཏིང་ངེ་འཛིན་དུ་རྣམ་པར་རྟོག་པ་དང༌། བདག་མཉམ་པར་བཞག་པ་རྣམ་པར་རྟོག་པ་དང༌། དུས་ཀྱི་དབང་གིས་སྙོམས་པར་འཇུག་པའི་རྣམ་པར་རྟོག་པ་གསུམ་དང༌། རྣམ་པར་རྟོག་པ་དེ་དག་མི་འབྱུང་ངོ༌། །ཞེས་མཁས་མཆོག་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། བདག་ནི་ད་ལྟ་སྙོམས་པར་འཇུག་གོ །བདག་གིས་མ་འོངས་པ་ན་མཉམ་པར་བདག་ནི་སྔོན་མཉམ་པར་བཞག ། ཆོས་མཆོག་ཆེན་པོའི་དམིགས་རྣམ་ནི། གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཏིང་འཛིན་རྣམ་པར་མི་རྟོག་པ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །སྨྲས་པ། ཚེ་དང་ལྡན། དེ་ནས་ཕྲེང་ཕྱེད་དང་གསུམ་ལྷག་ན། བྱང་ཆུབ་སེམས་དཔའོ། །དོན་དམ་གྱི་ཆོས་ཐམས་ཅད་དུ་ནི་དེ་བཞིན་ཉིད་ཙམ་བདག་ཉིད་གཅིག་པའི་ཕྱིར། དེ་སྐད་ཅེས་བྱའོ། །ཞེས་དབུ་མ་ཆེན་པོ་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། ཏིང་ངེ་འཛིན་ཡིན་ན། དེ་དག་ཐ་དད་མེད་པས། དེ་ལ་བྱང་ཆུབ་སེམས་དཔའ་དང༌། ཏིང་ངེ་འཛིན་ཐ་དད་དུ་བྱ་སྟེ། བསྟན་པར་ནུས་སམ། ཞེས་དྲིས་པས་རབ་འབྱོར་གྱིས་སྨྲས་པ། ཏིང་ངེ་འཛིན་གྱི་མཚན་ཉིད་ཐ་དད་པ་མེད་པའི་ཕྱིར། ཚེ་དང་ལྡན་པ་མ་ཡིན་ནོ། །ཞེས་གསུངས་སོ། །ཏིང་ངེ་འཛིན་ཡིན་ཏེ་རྣམས་ལ་ཉན་ཐོས་བཞིན་དུ་འདུ་ཤེས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཀུན་བཏགས་ཀྱི་ཆོས་ཐམས་ཅད་འཁྲུལ་ལུགས་ལ་ཡོད་ཀྱང་གཤིས་ལུགས་ལ་མེད་པའི་ཕྱིར། རིགས་ཀྱི་བུ། དེ་གཤིས་ལུགས་དང་མཐུན་པའི་ཏིང་ངེ་འཛིན། དེ་ནས་ཕྲེང་གཉིས་ལྷག་ན། གཞི་དང་། དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་ན། བཤད་པ་ནི། རྣམ་པར་མི་རྟོག་པར་བཤད་པ་འདི་དང་མཐུན་པ་འདི་ཡིན་ནོ། །ཞེས་བྱ་བ་ལ་སོགས་ཉོན་མོངས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལས་བྱ་སྟེ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ། རྣམ་པར་མི་རྟོག་པ་ལ་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་མེད་པ་ལ་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེ་བས་ན་རྣམ་པར་མི་རྟོག་པ་ཉིད་ལ་ལེགས་སོ། །ཞེས་བྱ་བ་བྱིན་ནོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས་ཀྱང༌། དེ་ལྟར་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཕ། དེ་ནས་ཤོག་གུ་ལོགས་གཅིག་ནས། བསླབ་པར་བྱའོ། །ཞེས་བྱ་བས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་སློབ་པ་བསྟན་ཏོ། །དེ་ནས་ཚེ་དང་ལྡན། དེ་ནས་ཕྲེང་གཅིག་ན། ཚུལ་གྱིས་སློབ་བོ། །སྐབས་ཐམས་ཅད་དུ་དམིགས་པའི་ཚུལ་གྱིས་ཞེས་པ་ཐམས་ཅད་རླུང་སེམས་འགྱུར་བཞིན་པ་དང༌། མི་དམིགས་པའི་ཚུལ་གྱིས་ཞེས་པ་ཐམས་ཅད་རླུང་སེམས་འགགས་པའི་ཡེ་ཤེས་ལ་གོ་བར་བྱ་སྟེ། བྱ་རྒོད་ཀྱི་ལྟ་ལུགས་ཀྱིས་སོ། །བསམ་གཏན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བརྒྱད་ན། མི་དམིགས་པར་སློབ་པ་གསལ་བར་བསྟན་པའི་ཕྱིར། བཅོམ་ལྡན་ 4-1-60 འདས། དེ་ནས་ཕྲེང་གཉིས་ན། མཐོང་བ་པོ་མི་དམིགས་སོ། །ཞེས་པས་གང་ཟག་མི་དམིགས་པས་བསྟན་ནས། ཆོས་མི་དམིགས་པ་བསྟན་པ་དག་པའི་ཕྱིར། ཞེས་མཐར་ཕྱིན་པའི་རྣམ་པར་དག་པའི་གཏན་ཚིགས་སུ་གྱུར་པ་ཉེ་བར་བཟུང་ནས། གཟུགས། དེ་ནས་ཤོག་གུ་གཉིས་ཕྲེང་གསུམ་ན། དེའི་ངོ་བོ་ཉིད་ཞུ་བའི་ཕྱིར། གསོལ་པ། བཅོམ་ལྡན་འདས་གང་ལགས། ཞེས་བྱ་བ་ཞུས་པ་དང༌། དེ་ནས་ཡོངས་སུ་གྲུབ་པ་དྲི་མ་མེད་པ་དེ་བཞིན་ཉིད་ལ་རྣམ་པར་དག་པའོ། །ཞེས་བྱ་བ་བསྟན་པའི་ཕྱིར། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཞེས་བྱ་སྟེ། ཞེས་བྱ་བ་གསུངས་སོ། །སྔོན་དེ་བཞིན་ཉིད་དྲི་མ་དང་བཅས་པའི་གནས་སྐབས་ན་ནི་ཀུན་ཏུ་རྟོག་པས་ཆོས་རྣམས་སྐྱེ་བ་དང༌། འགག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་འགྱུར་རོ། །སྐྱེས་པ་རྣམས་འབྱུང་ཞིང་བྱུང་ནས་ཀྱང་དེ་ལྟ་དེ་ལྟར་དམིགས་པར་འགྱུར་ལ། དེ་ལྟ་དེ་ལྟར་མངོན་པར་འདུ་བྱེད་པར་འགྱུར་རོ། །དྲི་མ་མེད་པའི་གནས་སྐབས་ན་ནི་དེ་བཞིན་ཉིད་དེ་ལ་ཆོས་ཐམས་ཅད་ཀྱི་སྐྱེ་བ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དེ་སྐྱེ་བ་མེད་པས་འགག་པ་ཡང་མེད་དོ། །དྲི་མ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང་འབྱུང་བ་མེད་པར་འགྱུར་རོ། །འབྱུང་བ་མེད་པས་དམིགས་སུ་མེད་དོ། །དམིགས་སུ་མེད་པའི་ཕྱིར་མངོན་པར་འདུ་བྱ་བ་མེད་དེ། འདི་ནི་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཕྲེང་གཉིས་ན། ཆེན་པོ་ནི། དྲི་མ་མེད་པའི་གནས་སྐབས་ན་ཆོས་ཐམས་ཅད་མ་མཐོང་བའི་ཕྱིར། ཆོས་གང་ལ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། ཀུན་བཏགས་པའི་མཚན་ཉིད་དུ་ཡོད་པ་མ་ཡིན་པར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ལྟར་ཡོད་དེ། ཞེས་བྱ་བ་ནི་ཀུན་བཏགས་པའི་དངོས་པོ་མེད་པའི་རྣམ་པ་བརྗོད་དུ་མེད་པའི་བདག་ཉིད་དུ་ཡོད་པར་བསྟན་པའོ། །ཞེས་དབུ་མ་པ་གསུངས། མེད་ཅེས་བྱའོ། །ཞེས་པའི་འདི་ཡི་དོད་དུ་མ་རིག་པ་ཞེས་བྱའོ། །ཞེས་ཁྲི་བརྒྱད་སྟོང་པ་དང༌། དབུ་མ་པ་ཆེན་པོའི་གནོད་འཇོམས་དང་གྲོལ་སྡེ་གཉིས་ཀྱི་འགྲེལ་པར་བྱུང༌། དབུ་མ་པ་ཆེན་པོ་བྱམས་མགོན་གྱིས། དབུ་མ་ཆེན་པོའི་གཞུང༌། མདོ་སྡེའི་རྒྱན་དུ། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་དང༌། འགྲོ་བ་དག་ན་དེ་ལས་གཞན་ཡང་ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ལུས་པ་ཡང་དེ་ལ་ཀུན་ཏུ་རྨོངས་པའི་བློས། །ཡོད་པས་ཀུན་ནས་སྤངས་ཏེ་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ཀོ་ཅི་ལྟ་བུ། །ཞེས་དང༌། དབུ་མ་ཆེན་པོའི་གཞུང་ཆོས་དང་ཆོས་ཉིད་རྣམ་པ་འབྱེད་དུ་ཡང༌། དེ་ལ་ཆོས་ཀྱི་མཚན་ཉིད་ནི། །གཉིས་དང་ཇི་ལྟར་མངོན་བརྗོད་པར། །སྣང་བ་ཡང་དག་མ་ཡིན་པའི། །ཀུན་རྟོག་པ་སྟེ་མེད་སྣང་ཕྱིར། །དེས་ན་ཡང་དག་མ་ཡིན་པའོ། །དེ་ཡང་ཐམས་ཅད་དོན་མེད་ཅིང༌། །རྟོག་ཙམ་ཡིན་པས་ཀུན་རྟོག་པའོ། །ཞེས་དང༌། མེད་པ་སྣང་ཕྱིར་འཁྲུལ་བ་ནི། །ཀུན་ནས་ཉོན་མོངས་རྒྱུ་ཡིན་ནོ། །སྒྱུ་མའི་ 4-1-61 གླང་ཆེན་སོགས་སྣང་བཞིན། །ཡོད་པའང་སྣང་བ་མིན་ཕྱིར་རོ། །མེད་སྣང་དག་ལས་གང་རུང་ཞིག །མེད་ན་འཁྲུལ་དང་མི་འཁྲུལ་དང༌། །དེ་བཞིན་ཀུན་ནས་ཉོན་མོངས་དང༌། །རྣམ་པར་བྱང་བ་མ་འཐད་དོ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང༌། འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་གཉིད་ཀྱིས་མཐོང་མ་ཡིན། །ཞེས་གསུངས་ལ། དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱིས་ཀྱང༌། ཡང་དག་པར་མ་རིག་པ་སྟེ། ཡང་དག་པ་མ་ཡིན་པར་རིག་ཅིང༌། ཤེས་པ་ནི་མ་རིག་པའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་སྐབས་འདིའི་འགྲེལ་པར་གསུངས་པ་རྣམས་དགོངས་པ་གཅིག་སྟེ། གཡུ་རྙིང་ལྟ་བུ་རྫོགས་ལྡན་གྱི་ཆོས་ཡིན་པའི་ཕྱིར། གསུམ་ལྡན་མར་བཅད་ཀྱི་ཆོས་སྐྱོན་ཅན་གཡུ་སར་ལྟ་བུ་རྣམས་དང༌། མི་མཐུན་ཡང་སྐྱོན་མེད་དོ། །དེ་ནས་ཕྲེང་བཞི་ཅུང་མེད་ན། ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ནི་འདི་ལྟ་སྟེ། འདི་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་མེད་ཅིང་ཡང་དག་པ་མ་ཡིན་ཡང༌། དེ་ཡང་དག་པ་དང་ཡོད་པ་བཞིན་དུ་འཛིན་ཏེ། དེའི་ཕྱིར་དེ་ཡང་དག་པར་མ་རིག་པ་སྟེ། ཡང་དག་པར་མི་ཤེས་པས་མ་རིག་པ་ཞེས་བྱའོ། །ཞེས་བསྟན་པའི་ཕྱིར་གཟུགས་ལ་སོགས་པའི་ཆོས་རྣམས་བཀའ་སྩལ་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་བུ་བདུན་ཕྲེང་ཕྱེད་དང་བཅུ་གཉིས་ན། བམ་པོ་གཉིས་པ། དེ་ནས་ཤོག་གུ་དགུ་ན། རྟག་པ་མཐའ་ལས་ཆགས་པས། ཞེས་བྱ་བ་གསུངས་ཏེ། མ་རིག་པའི་དབང་གིས་ཡོད་པའི་རྣམ་པར་མངོན་པར་ཞེན་ནས། སྲེད་པའི་དབང་གིས་རོ་མྱང་བར་བྱ་བའི་སྒོ་ནས། མངོན་པར་ཞེན་ཏེ། རྟག་པ་དང་ཆད་པའི་མཐའ་གཉིས་ལ་ཆགས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་དག་མི་ཤེས། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་གཉིས་ན། དེ་དག་ནི་དོན་དམ་པའི་དབྱིངས་ལས་མ་དད་པས། ཡིད་མི་བྱ་བར་རང་བཞིན་གྱིས་སྟོང་པ་ལ་ཡིད་མི་ཆེས་སོ། །ཚོར་བ། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་བརྒྱད་ན། དེ་དག་ནི་ཡིད་མི་ཆེས་པས་ཐབས་ཤེས་རབ་དང་མི་ལྡན་པའི་ཕྱིར། གནས་པ་མ་ཡིན་པ་སྟེ། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དགུ་ན། བྱིས་པ་ཞེས་བྱའོ། །དེ་ནས་ཤོག་གུ་བདུན་དང་ཕྲེང་ལྔ་ལྷག་ན། དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། །རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་གཉིས་ན། བམ་པོ་གསུམ་པ། དེ་ནས་ཤོག་གུ་དྲུག་ལ་ཕྲེང་ཅིག་ཆད་པ་ན། འབྱུང་བར་ཤེས་པར་བྱའོ། །དེ་རྣམས་ཀྱིས་ཀྱང་ལ་ཟློ་བ་མཉམ་གཞག་ཟབ་མོའི་སྐབས་རྟོག་པ་ཐམས་ཅད་དང་བྲལ་བ་བསྟན་ཏོ། །ལེའུ་དྲུག་པ།། །། 4-1-62 ༈ ཞེས་བྱ་བར་མི་དམིགས་པར་སློབ་པ་བསྟན་ཏོ། །རྫས་དང་། དེ་ནས་ཚེ་དང་ལྡན་པ། དེ་ནས་ཤོག་གུ་ལྔ་ལ་ཕྲེང་ཕྱེད་དང་གཉིས་ཆད་པ་ན། གསོལ་པ་དང༌། འདི་ལ་ཡང་གནས་བརྟན་གྱིས་དགོངས་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་གལ་ཏེ་མི་དམིགས་པར་སྦྱོར་བས་དངོས་པོ་མ་མཆིས་པའི་ཆོས། དངོས་པོ་མ་མཆིས་པའི་ཆོས་རྣམས་ལ་བསླབ་ནས། ངེས་པར་འབྱུང་བར་འགྱུར་བ་དེ་ལྟ་ན་ནི། ཤིན་ཏུ་མ་མཆིས་པའི་ཆོས་སྒྱུ་མའི་སྐྱེས་བུས་ཀྱང༌། སྒྱུ་མར་བགྱིས་པས་རྣམས་ལ་མི་དམིགས་པའི་ཡིད་ལ་བགྱིས་པས་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་ཞིང༌། རྗེས་སུ་ཐོབ་པར་འགྱུར་རོ། །སྙམ་མམ། དེ་ནས་བཅོམ་ལྡན་འདས་ཀྱིས་སྒྱུ་མའི་ཆོས་རྣམས་དང་གཟུགས་ལ་སོགས་པ་ཐ་དད་པ་ཅིར་ཡང་མེད་དེ། ཇི་ལྟར་སྒྱུ་མའི་ཆོས་རྣམས་ལ་བསླབ་པའམ། ངེས་པར་འབྱུང་བ་མེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ལ་ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ལ་བསླབ་པའམ། དེ་དག་ལ་ངེས་པར་འབྱུང་བའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་མེད་དེ། སྒྱུ་མ་དང་མཚུངས་པ་དང་བསྟན་པའི་ཕྱིར་རོ། །བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་ན། ཡིན་སྙམ་མམ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་པར་མཐོང་བ་དག་ལ་ནི། གཟུགས་ལ་སོགས་པའི་ཀུན་བཏགས་པའི་ཆོས་རྣམས་སྒྱུ་མ་ལས་ལོགས་ཤིག་ན་མེད་དོ། །ཞེས་བསྟན་པའི་ཕྱིར་རོ། །དེ་ནས་ཤོག་གུ་དྲུག་དང་ཕྲེང་བཅུ་ན། བམ་པོ་བཞི་པ། དེ་ནས་ཤོག་གུ་དྲུག་དང་ཕྲེང་ཕྱེད་དང་བརྒྱད་ན། ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་བྱ་བའི་བར་གྱིས་གཞུང་གིས་བསྟན་ཏེ། ཐམས་ཅད་ཀྱང་ཀུན་བཏགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་དུ། སྒྱུ་མ་དང་ཐ་དད་པ་མེད་དོ། །ཞེས་པའི་མཚན་རིངས་གསུམ་དབུ་མ་པ་ཆེན་པོ་ནས་གསུངས་ཏེ། ཡུམ་གྱི་སྐབས་འདི་ལས་འཁྲུལ་ནས། ཆོས་ཐམས་ཅད་སྒྱུ་མ་ལྟར་མ་གྲུབ་ཅེས་འདོད་པ་རྣམས་ནི་སྐབས་འདིའི་གཞུང་གི་དོན་དགོངས་པ་མ་ཤེས་པའི་སྐྱོན་ཡིན་ནོ། །ཞེས་དོན་གྱིས་བསྟན་པའོ། །དེ་ནས་ཕྲེང་བཞི་ཅུང་མེད་ན། དེ་ཡི་མི་འགྱུར་རོ། །བཏགས་པའི་རྟེན་ཅན་གྱིས། །འཛིན་པའང་རྣམ་པ་གཉིས་སུ་འདོད། །རང་དབང་བདག་སོགས་ངོ་བོ་དང༌། །ཕུང་སོགས་རྟེན་ལས་དེ་བཞིན་ནོ། །ཞེས་པ་འདི་རྣམས་བཙུན་པ་གྲོལ་སྡེས་གཞུང་འདིར་སྦྱར་བ་ལྟར་བཀོད་ཅིང༌། སྨྲི་ཏིས་ཀྱང་འདི་དང་ཅི་རིགས་མཐུན་པར་སྦྱར་ལ། ཉི་ཁྲི་སྣང་བ་དང༌། སློབ་དཔོན་སེང་བཟང༌། ཤནྟི་བ་རྣམས་ཀྱི་ལེ་བརྒྱད་མ་དང་སྦྱར་ནས་བཀྲོལ་ལོ། །བཅོམ་ལྡན་འདས་ཀྱིས། དེ་ནས་ཤོག་གུ་བཞི་དང་ཕྲེང་གསུམ་ན། སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཞེས་བྱ་བས་སྒྱུ་མ་ལ་སོགས་པར་བསྟན་ཏོ། །སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །གསོལ་པ། བཅོམ་ལྡན་འདས། དེ་ 4-1-63 ནས་ཕྲེང་གཉིས་ལྷག་ན། སྐྲག་པར་ཡང་འགྱུར་རོ། །འཇིགས་པ་དང༌། དངངས་པ་དང༌། སྐྲག་པ་གསུམ་སྨོས་པས་འཇིགས་པའི་ཤེས་པ་རབ་འབྲིང་གསུམ་དུ་བཤད་པ་སྟེ། དང་པོ་ཉན་པའི་ཚེ་ཅུང་ཟད་འཇིགས་པ་ནི་འཇིགས་པའོ། །དེའི་འོག་ཏུ་སེམས་པའི་ཚེ་འབྲིང་དུ་འཇིགས་པ་ནི་དངངས་པའོ། །ཐ་མར་བསྒོམ་པའི་ཚེ་རབ་ཏུ་འཇིགས་པ་ནི་སྐྲག་པ་ཞེས་བྱའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཤོག་གུ་ལྔ་དང་ཕྲེང་གསུམ་ཅུང་མེད་ན། ཐབས་མཁས་པའོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་སོ་སོར་རྟོགས་པའི་ཐབས་ལ་མཁས་པའོ། ། བམ་པོ་ལྔ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཅུ་གསུམ་ན། རབ་འབྱོར་སྦྱིན་པའི་ནང་ནས་ཆོས་སྦྱིན་མཆོག་ཡིན་པས་འདི་ནི། དེ་ནས་ཤོག་གུ་གཉིས་དང་ཕྲེང་དགུ་ན། ཕུང་པོ་ལ་སོགས་པ་གོང་དུ་སྨོས་པའི། ཆོས་དེ་དག་ལ་མི་རྟོག་པ། དེ་ནས་ཤོག་གུ་ཕྱེད་དང་དགུ་ན། ཆོས་ཉིད་ཀྱི། གཟུགས་ཀྱི་སྟོང་པ་ཉིད་ཀྱིས། ཆོས་ཉིད་ཀྱི་གཟུགས། རང་སྟོང་པ་མ་ཡིན་གྱི། ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ཀུན་བཏགས་པའི་གཟུགས་ཀྱིས་སྟོང་པ་ཉིད་ཀྱི་རྒྱུས་གློ་བུར་དུ་སྟོང་པར་གྱུར་པ་མ་ཡིན་ཏེ། གདོད་ནས་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེ་བས་ན་ཆོས་ཉིད་ཀྱི་གཟུགས་ཉིད་ཀྱང་དོན་དམ་སྟོང་པ་ཉིད་དེ་དོན་དམ་སྟོང་པ་ཉིད་ཀྱང་ཆོས་ཀྱི་གཟུགས་སོ། །ཞེས་བྱ་བ་གསུངས་སོ། །སྟོང་པ་ཉིད་དང་ཆོས་ཀྱི་གཟུགས་དག་ངོ་བོ་གཅིག་གོ །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་བཞིན་དུ་སྦྱར་ཏེ། ཚོར་བ། དེ་ནས་ཕྲེང་ཕྱེད་དང་གསུམ་ཅུང་མེད་ན། ཆོས་ཉིད་ཀྱི། མིག་གི་སྟོང་པ་ཉིད་ཀྱིས་ཆོས་ཉིད་ཀྱི་མིག་རང་སྟོང་པ་མ་ཡིན་གྱི། ཆོས་ཉིད་ཀྱི་མིག་ཉིད་ཀྱང༌། དོན་དམ་པ་སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཀྱི་མིག་གོ །དེ་བཞིན་དུ་འོག་མ་རྣམས་ལ་སྦྱར་ཏེ། དེ་ནས་ཤོག་གུ་ལྔ་དང་ཕྲེང་བཅུ་ན། སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་ཆོས་ཉིད་དོན་དམ་བདེན་པ་རང་བྱུང་ཡེ་ཤེས་འགྱུར་མེད་ཡོངས་སུ་གྲུབ་པ་དབུ་མ་ཆེན་པོ། མྱང་འདས་ཆེན་པོ། ཕྱག་རྒྱ་ཆེན་པོ། ཤིན་ཏུ་རྣལ་འབྱོར། རྡོ་རྗེའི་རྣལ་འབྱོར། བདེ་གཤེགས་སྙིང་པོ། དུས་འཁོར་དང་པོའི་སངས་རྒྱས་རང་བཞིན་གཉུག་མའི་བདེ་དགྱེས། གསང་འདུས་ལ་སོགས་འདུས་མ་བྱས་ཀྱི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ། ཐམས་ཅད་ཀྱི་བདག་ཉིད་གཞི་འབྲས་ངོ་བོ་དབྱེར་མེད་ཤེར་ཕྱིན་དང༌། དེ་མངོན་དུ་བྱེད་པའི་ལམ་ཤེར་ཕྱིན་རླུང་སེམས་ཀྱི་རྒྱུན་ངང་གིས་འགགས་ནས་མི་རྟོག་ཡེ་ཤེས་ངང་གིས་སྐྱེ་ཞིང་འཆར་བའི་ཐབས་མཆོག་ཟབ་མོ་ཁྱད་འཕགས། བསྟན་པ་འདི་ཐོས་མི་འགྱུར་རོ། །ཞེས་བྱ་བ་ནི་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཐབས་མཁས་པའོ། ། བམ་པོ་དྲུག་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་དྲུག་ན། བམ་པོ་བདུན་པ། དེ་ནས་ཤོག་གུ་བཅུ་བཞི་ན། 4-1-64 བམ་པོ་བརྒྱད་པ། དེ་ནས་ཤོག་གུ་ཉི་ཤུ་ཉེར་གསུམ་དང་ཕྲེང་གཉིས་ན། བམ་པོ་དགུ་པ། དེ་ནས་ཤོག་གུ་བཅུ་དགུ་ན། བམ་པོ་བཅུ་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། སྐྲག་པར་མི་འགྱུར་རོ། །ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་བསྟེན་པའི་ཐབས་མཁས་པའོ། །དེ་ནས་ཕྲེང་གཅིག་ཅུང་མེད་ན། ཕ་རོལ་ཏུ་ཕྱིན་པ། ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི། ཆོས་ཉིད་དོན་དམ་བདེན་པ་ཞེས་བྱ་བ་ནས་ཐབས་མཆོག་ཟབ་མོ་ཁྱད་འཕགས་ཞེས་བྱ་བའི་བར་སྔར་བྲིས་པའི་དོན་བསྟན་པ། དེ་ནས་ཤོག་གུ་བཅོ་བརྒྱད་དང་ཕྲེང་གཉིས་ན། བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་བཅུ་དྲུག་ན། བམ་པོ་བཅུ་གཉིས་པ། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་གསུམ་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་དྲུག་དང་ཕྲེང་གཅིག་ན། བམ་པོ་བཅུ་བཞི་པ། དེ་ནས་ཤོག་གུ་བཅོ་བརྒྱད་དང་ཕྲེང་ཕྱེད་དང་གསུམ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་བཅུ་དྲུག་དང་ཕྲེང་ཕྱེད་དང་ལྔ་ན། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་ཕྱེད་དང་བཅུ་ན། དེ་ལྟར་ཤེས་ནས་ཡོངས་སུ་སྤང་བར་བྱའོ། །ཞེས་བྱ་བ་ནི་སྡིག་པའི་གྲོགས་པོ་སྤངས་པའི་ཐབས་མཁས་པ་སྟེ། དེ་ལྟར་ཐབས་མཁས་པ་བཞིས་ཐབས་ལ་མཁས་པར་སློབ་པ་བསྟན་ཏོ། །བསླབ་པ་བཞི་པོ་དེ་ལ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒྲུབ་པ་ཞེས་བྱའོ། །ལེའུ་བདུན་ནོ།། །། ༈ དེ་རྣམས་ཀྱིས་ནི། ངེ༷ས་འབྱེ༷ད་ཡ༷ན་ལ༷ག་རྣ༷མ་བཞི༷་ད༷ང༌། །ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། ། བམ་པོ་བཅུ་བདུན་པ། རྟོགས་པ་ཡི་ནི་ཆོས་དྲུག་དང༌། །དེ་ནས་ཚེ་དང༌། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཚིག་གི་དོན་མེད་པ་སྟེ། ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་རྣམ་པ་བཞི་ཡོད་དོ། །བྱང་ཆུབ་དང་སེམས་དཔའ་དང༌། ཕུང་པོའི་བདག་ཉིད་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་དང༌། དོན་དམ་པའི་བྱང་ཆུབ་སེམས་དཔའོ། །དེ་བཞི་ཆར་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་ནི་དོན་གྱི་གཞི་མེད་པ་ཡིན་ཏེ། གཞི་མེད་པ་ནི་གནས་མེད་པ་ལ་བྱའོ། །ཚིག་མེད་པ་ཡང་དེ་ཡིན་ལ་དོན་མེད་པ་ཡང་དེ་ཡིན་པས་ཚིག་གི་དོན་མེད་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དངོས་པོའི་བདག་ཉིད་འགའ་ཞིག་ཡོད་པར་གྱུར་ན། དེའི་ཚིག་གི་དོན་བཞི་དང་བཅས་ཤིང་གནས་དང་བཅས་པར་འགྱུར་བ་ཞིག་ན་འདི་ལྟར་བྱང་ཆུབ་སེམས་དཔའ་དང༌། བྱང་ཆུབ་སེམས་དཔའ་གཉིས་ཀྱང་མེད་དེ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་གཞི་མེད་དེ་གནས་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། མ་སྐྱེས་པའི་ཕྱིར་ཏེ། ཞེས་བྱ་བ་ལ་བྱང་ཆུབ་ནི་འདུས་མ་བྱས་པའི་ཕྱིར་སྐྱེ་བ་མེད་དོ། །སེམས་ 4-1-65 དཔའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་སྐྱེ་བ་མེད་དེ། ཞེས་དབུ་མ་པ་ཆེན་པོ་གསུངས། ཚིག་གི་དོན་མེད་པའོ། ། དེ་ཉིད་རྣམ་པ་བཅུ་གཅིག་གིས་སྟོན་ཏེ། བྱང་ཆུབ་ལ་རྣམ་པར་རྟོག་པའི་གཞི་མེད་པ་དང༌། ཀུན་བཏགས་པའི་སེམས་དཔའ་ཞེས་བྱ་བའི་གཞི་གང་ཡང་མེད་པ་དང༌། བྱང་ཆུབ་ལས་གུད་ན་གཞི་མེད་པ་དང༌། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའི་གཞི་མེད་པ་དང༌། ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་གཞི་མེད་པ་དང༌། བྱང་ཆུབ་ལ་སེམས་དཔའི་གཞི་མེད་པ་དང༌། སེམས་དཔའ་ལ་བྱང་ཆུབ་ཀྱི་གཞི་མེད་པ་དང༌། བྱང་ཆུབ་ཅེས་བྱ་བའི་ཚིག་གིས་དོན་མེད་པ་དང༌། ཀུན་བཏགས་པའི་བྱང་ཆུབ་ལ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་དང༌། དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་དང༌། དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་གཞི་མེད་པའོ། ། དང་པོ་ནི། རབ་འབྱོར། དེ་བཞིན་དུ། དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ལ་གནས་པའི་ཚིག་གི་དོན་གཤིས་ལ་མེད་དོ། ། གཉིས་པ་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གཞི་གང་ཡང་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། དེ་བཞིན་དུ། ཀུན་བཏགས་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། སྤྲུལ་པ་ལ་གནས་མེད་དོ། །དཔེ་དེ་དག་ཤིན་ཏུ་མེད་པའི་ཕྱིར་རོ། ། གསུམ་པ་བྱང་ཆུབ་ལས་གུད་ན་གཞི་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། མཐའ་ལ་ཡང་དག་པའི་མཐའ་ལས་གུད་ན་གནས་མེད་དོ། །ཚིག་གི་དོན་བྱང་ཆུབ་ལས་གུད་ན་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཕྲེང་གཅིག་ཅུང་མེད་ན། ཚིག་གི་དོན་མེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། ལ་སོགས་པ་ལས་གུད་ན་གཞི་མེད་པ་དེ་བཞིན་དུ་བྱང་ཆུབ་ལས་གུད་ན་ཡང་གཞི་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་ཕྱེད་དང་བཞི་ལྷག་ཙམ་ན། བཞི་པ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའི་གཞི་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཚིག་གི་མེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་སྒྱུ་མའི་བདག་ཉིད་ཀྱི་སྐྱེས་བུའི་ཕུང་པོ་ལྔ་ལ་སོགས་པ་མེད་དེ། དེ་ཉིད་ཤིན་ཏུ་མེད་པའི་ཕྱིར་རོ། །དེ་བཞིན་དུ། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའི་ཕུང་པོའི་ལྔའི་གཞི་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ན། 4-1-66 ལྔ་པ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་གཞི་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། དཔེར་ན། དོན་དམ་གྱི། དེ་བཞིན་གཤེགས། སངས་རྒྱས་ལ་གཟུགས་ཀྱི་གཟུགས་ལ་ཞེས་ཁྲི་བརྒྱད་སྟོང་པར་བྱུང༌། གནས་མེད་དོ། །ཀུན་རྫོབ་དེ་གཤིས་ལ་མེད་པའི་ཕྱིར་ཏེ། དེ་བཞིན་དུ། ཆོས་ཉིད་ཀྱི་བྱང་ཆུབ་ཚིག་གི་དོན་ཀུན་རྫོབ་ཏུ་མེད་དོ། །ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། དོན་དམ་གྱི་ཆོས་གང་ཡིན་པ་དེ་ཀུན་རྫོབ་ཀྱི་ཆོས་གང་དུ་ཡང་མེད་པའི་ཕྱིར་རོ། །དེ་ནས་ཕྲེང་དྲུག་ལྷག་ན། ཚིག་གི་དོན་མེད་དོ། །ཞེས་བྱ་བའི་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་དཔེ་ལ་ཀུན་རྫོབ་ཀྱི་ཕུང་པོ་ལ་སོགས་པ་དབྱེར་མེད་དུ་མེད་པ་དེ་བཞིན་དུ། དོན་དམ་པའི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་སོགས་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་ཤིང་རྟ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་བཅུ་དང༌། ཕྲེང་ཕྱེད་དང་བཅུ་གཉིས་ན། བམ་པོ་བཅོ་བརྒྱད་པ། དྲུག་པ་བྱང་ཆུབ་སེམས་དཔའི་གཞི་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། དཔེར་ན། འདུས་མ་བྱས་ཀྱི་དབྱིངས་མྱང་འདས་ལ། ཁམས་ཀྱི་སྡེ་འཁོར་བའི་གནས་མེད་དོ། །ཇི་ལྟར་མྱ་ངན་ལས་འདས་པ་ལ་འཁོར་བ་མེད་པ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞི་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། བདུན་པ་སེམས་དཔའ་ལ་བྱང་ཆུབ་གཞི་མེད་པ་ནི། འདུས་བྱས་ཀྱི་ཁམས་འཁོར་བ་ལ་བྱས་ཀྱི་དབྱིངས། མྱ་ངན་འདས་ཀྱི་གནས་མེད་དོ། །ཚིག་གི་དོན་མེད་དོ། །ཇི་ལྟར་འཁོར་བ་ལ་མྱ་ངན་ལས་འདས་པ་མེད་པ་དེ་བཞིན་དུ་སེམས་ལ་བྱང་ཆུབ་ཀྱི་གཞི་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། བརྒྱད་པ་བྱང་ཆུབ་ཅེས་བྱ་བའི་ཚིག་གི་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། སྐྱེ་བ་མེད་པ་ནི་ཚིག་གི་གནས་མེད་དོ། །དེ་ནས་ཕྲེང་ཕྱེད་དང་བདུན་ཅུང་མེད་ན། ཚིག་གི་དོན་མེད་དོ། །ཇི་ལྟར་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གི་དོན་མེད་པ་དེ་བཞིན་དུ་བྱང་ཆུབ་ལ་ཡང་ཚིག་གི་དོན་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དགུ་པ་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའ་ལ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་ནི། གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་བཞི་ལྷག་ན། གཟུགས་མི་དམིགས་པ་ལ་གནས་མེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཕུང་པོ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་སྐྱེ་བ་མེད་པ་ལ་སོགས་པ་འདུས་མ་བྱས་ཀྱི་ཚིག་གི་དོན་རྣམས་མེད་པ་དེ་བཞིན་དུ། ཀུན་བཏགས་པ་ཕུང་པོ་ལྔའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ལ་ཆོས་ཉིད་ཀྱི་བྱང་ཆུབ་སེསམ་དཔའ་དབྱེར་མེད་དུ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། 4-1-67 དེ་ནས་ཤོག་གུ་བཅུ་བཞི་ན། བཅུ་པ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། དཔེར་ན། གཟུགས་གདོད་ནས་རང་བཞིན་གྱིས་ཤིན་ཏུ་རྣམ་པར་དག་པ། སངས་རྒྱས་རྣམ་པར་སྣང་མཛད་ལ་མཚན་མའི་གནས་མེད་དོ། །ཞེས་བྱ་བ་ལ་སོགས་གསུངས་ཏེ། ཇི་ལྟར་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་སོགས་པའི་ཆོས་དབྱིངས་ཀྱི་ཡེ་ཤེས་འདུས་མ་བྱས་ཤིན་ཏུ་རྣམ་པར་དག་པ་ལ་འདུས་བྱས་ཀྱི་མཚན་མ་རྣམས་ཀྱི་གཞི་མེད་པ་དང༌། ཞེས་དབུ་མ་པ་གསུངས། ཚོར་བ་དག་པ། རིན་ཆེན་འབྱུང་ལྡན་ལ་མཚན་མའི་དག་པ། འོད་དཔག་མེད་ལ་མཚན་དག་པ། དོན་ཡོད་གྲུབ་པ་ལ་མཚན་དག་པ། མི་བསྐྱོད་པ་ལ་མཚན་དེ་བཞིན་དུ། དོན་དམ་པའི་བྱང་ཆུབ་ཆེན་པོ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ལ། ཤེས་རབ་སྤྱོད་པའི། ཀུན་བཏགས་པའི་ཕུང་པོ་ལྔའི་བདག་ཉིད་ཀྱི་བྱང་ཆུབ། དེ་བཞིན་དུ་སྦྱར་ཏེ། རབ་འབྱོར། འདི་ལྟ་སྟེ། དག་པ་སའི་སྙིང་པོ་ལ་མཚན་མ་དག་པ། ཕྱག་ན་རྡོ་རྗེའི་ལ་མཚན་དག་པ། ནམ་མཁའི་སྙིང་པོ་ལ་མཚན་དག་པ། འཇིག་རྟེན་དབང་ཕྱུག་ལ་མཚན་དག་པ། སྒྲིབ་པ་རྣམ་སེལ་ལ་མཚན་དག་པ། ཀུན་ཏུ་བཟང་པོ་ལ་མཚན་མའི་གནས་མེད་དོ། །དེ་ནས་ཕྲེང་གཅིག་ལྷག་ན། རྣམ་པར་དག་པ། གཟུགས་རྡོ་རྗེ་མ་ལ་སོགས་ཕྱི་མ་རྣམས་ཀྱང་ཡེ་ཤེས་ཀྱི་ལྷར་ཅི་རིགས་སུ་བཞུགས་པ་ལ་མཚན་མའི་གནས་མེད་དོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བདུན་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་བརྒྱད་ན། དཔེར་ན། ཀུན་བཏགས་ཀྱི་བདག་མེད་པའི་ཕྱིར། ཡོངས་གྲུབ་ཀྱི་བདག་ཤིན་ཏུ། དེ་ནས་ཕྲེང་གཅིག་ན། ཚིག་གི་དོན་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་གཅིག་ལྷག་ཙམ་ན། སེམས་དཔའི་ཚིག་གིས་དོན་མེད་དོ། །འདི་རྣམས་ཀྱིས་ནི་ཤིན་ཏུ་རྣམ་པར་དག་པའི་དོན་རང་སྟོང་དང་མེད་དགག་འདོད་པ་གསལ་བ་ཡིན་ནོ། །གཉེན་པོ་དང་ནི། རབ་འབྱོར། འདི་ལྟ། དེ་ནས་ཕྲེང་ཕྱེད་དང་གཉིས་ཅུང་མེད་ན། སྤོང་བ་དང༌། །རབ་འབྱོར། འདི། དེ་ནས་ཕྲེང་གཅིག་ལྷག་པ་ན། དེ་དག་ཡོངས་སུ་གཏུགས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཤོག་གུ་ལོགས་གཅིག་ཕྲེང་ཕྱེད་ན། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །དེ་རྣམས་ཀྱིས་ནི་ཀུན་བཏགས་པ་དང༌། ཡོངས་གྲུབ་ཕན་ཚུན་མི་གཅིག་པར་བསྟན་ཅིང༌། ཀུན་རྫོབ་དང་དོན་དམ། ཆོས་དང་ཆོས་ཉིད། མཐའ་དང་དབུས། བཅོས་མ་དང་རང་བཞིན། གློ་བུར་དང་གཉུག་མ། ཤུན་པ་དང་སྙིང་པོ། འདུས་བྱས་དང་འདུས་མ་བྱས་ལ་སོགས་པ་ཡང་ཐ་དད་པར་བསྟན་པ་ཉིད་དོ། །འདིར་དབུ་མ་པ་ཆེན་པོར་དབྱིག་གཉེན་ཞབས་ཀྱིས། དོན་དམ་པའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ལ་ཀུན་བཏགས་པ་ཕུང་པོ་ལྔའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ། ། 4-1-68 བཅུ་གཅིག་པ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་གཞི་མེད་པ་ནི། ཤེས་རབ་སྙིང་བརྩེར་བཅས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཕྲེང་གཅིག་ན། སློབ་མ་ཐུན་མོང་མིན་ཉིད་དང༌། །རབ་འབྱོར། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། གཞན་གྱི་དོན་གྱི་གོ་རིམ་དང༌། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཉིས་ཆད་པ་ན། ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཤེས་བྱ། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན་ཚིག་གི་དོན་མེད། དེ་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་ཞབས་ཀྱིས་ཞལ་སྔ་ནས། དོན་དམ་པའི་བྱང་ཆུབ་སེམས་དཔའ་ཡང་གནས་མེད་པར་འགྲོ་བ་དག་ཏུ་རྒྱུའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པ་ཉིད་དོ། །ཚིག་གི་གཞི་མེད་པ། དེ་ཅིའི་ཕྱིར། གང་ཡིན་པའི་ཆོས། འདུས་བྱས་དང་འདུས་མ་བྱས་ཀྱི་དེ་དག་ཐམས་ཅད་ཀྱང༌། ཆོས་ཉིད་ཀྱི་གནས་སྐབས་ན་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ལྡན་པ་ཡང་མ་ཡིན། རྣམ་པར་བྱང་བའི་མཚན་ཉིད་མ་ཡིན་པའི་ཕྱིར། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་ལ་སྤྱོད་པ་སྟེ་རྟོགས་པ་མེད་པ། ཚིག་གིས་བསྟན་དུ་མེད་པ། གཉིས་ཀྱིས་འཛིན་པ་དང་གཟུང་བ་མེད་པ་བསྟན་ཏོ། །དབང་པོའི་ཡུལ་བཞིན་དུ་ཐོགས་པ་མེད་པ་ཤ་སྟག་སྟེ། ཞེས་བྱ་བའི་མཚན་ཉིད་ཐམས་ཅད་དང་བྲལ་བ་ནི་མཚན་ཉིད་མེད་པའི་མཚན་ཉིད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །རབ་འབྱོར། བྱང་སེམས། དག་པ་ཉིད་ལ་བསླབ་པར་བྱའོ། །ཞེས་བྱ་བ་གསུངས་ཏེ། བརྟག་ཏུ་མེད་པ་ཉིད་དང་བརྟག་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་བརྟག་ཏུ་མེད་པ་དང༌། བརྟག་ཏུ་མེད་པ་ནི་དངོས་པོ་མེད་པ་དང༌། དེའི་མཚན་མ་ལས་མངོན་པར་ཞེན་པ་ཡིན་ཏེ། དེ་དག་མེད་པས་ཞེན་པ་མེད་པར་བྱའོ། །མེད་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་ནི་ཆོས་ཀྱི་དབྱིངས་འདི་ཉིད་ཁོ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་གྱུར་པ་ཡིན་པའི་ཕྱིར། རང་བཞིན་གྱིས་གནས་པའི་རིགས་སྒྲུབ་པའི་རྟེན་ཡིན་ནོ། །ཞེས་བསྟན་ཏོ། །ཞེས་ཉི་ཁྲི་སྣང་བར་གསུངས་པའི་ཕྱིར། འདི་ཡང་རང་བཞིན་གྱིས་རིགས་ཆོས་ཀྱི་དབྱིངས་ལ་བཞེད་པས་རྫོགས་ལྡན་གྱི་ཆོས་དང་མཐུན་ནོ། །རྒྱལ་བ་བྱམས་པའི་དགོངས་པ་ཡང༌། བརྟེན་པ་རྒྱས་པའི་རིགས་ལས་དབྱེ་བ་ཡོད་ཀྱང་རྟེན་རང་བཞིན་གྱི་རིགས་ལ་དབྱེ་བ་མེད་ཅེས་དོན་ལ་ཇི་ལྟར་གནས་པ་བཞིན་གསུངས་པ་ཡིན་པས་རྩོད་ལྡན་དུ་མ་སྦྱར་ཡང་རུང་ཞིང་སྦྱོར་བ་ལ་མོས་ན་ཡང་འཕགས་པའི་གཞུང་ན་ཉི་ཁྲི་སྣང་བར་གསལ་ལོ། །རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་ལ་མི་འདོད་པ་རྣམས་ནི་རྫོགས་ལྡན་གྱི་ཆོས་རྣམས་དང་ཤིན་ཏུ་འགལ་ཞིང༌། ཤིང་རྟ་ཆེན་པོ་རྣམས་ཀྱང་འདས་ནས། གསུམ་ལྡན་མར་བཅད་དུས་ཕྱིས་བྱུང་བའི་ཆོས་སྐད་གསར་པ་ལུང་རིགས་ཡང་དག་གིས་གནོད་ཅན་ཡིན་པས་མཁས་པའི་ཡང་མཁས་པ་རྣམས་ཀྱིས་གཡུ་གསར་ 4-1-69 བཞིན་དུ་རིག་པར་བྱའོ། །དེ་ལྟར་འཁྲུལ་བའི་གཞི་ནི་ཆོས་དབྱིངས་རང་སྟོང་དུ་འདོད་པས་བྱས་པ་ཡིན་ལ། འཁྲུལ་བ་གཞན་དཔག་ཏུ་མེད་པ་ཡང་དེ་ལས་བྱུང་ངོ༌། །སེམས་དཔའ་ཆེན་པོ་ནས། གཉིས་སུ་མེད་པའི་ཚུལ་གྱིས་རིག་པར་བྱའོ། །དེ་རྣམས་ཀྱིས་ནི། སྒྲུ༷བ་པ༷་ཡི༷་ནི༷་རྟེ༷ན་གྱུ༷ར་པ༷། །ཆོ༷ས་ཀྱི༷་དབྱི༷ངས་ཀྱི༷་ར༷ང་བཞི༷ན་ད༷ང༌། །ཞེས་པའི་དོན་བཞི་པ་གསུངས་ཟིན་ཏོ། ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་ལྔ་ན། དེ་ཡང་དགེ་ལ་སོགས་པ་ཡིན། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་ན། འཇིག་རྟེན་པ་ཡི་རྟོགས་པ་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། གང་དག་འཇིག་རྟེན་འདས་འདོད་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་ཕྱེད་དང་གཉིས་དང་ཕྲེང་ཕྱེད་དང་གསུམ་ན། ཟག་བཅས། གསོལ་བ། དེ་ནས་ཕྲེང་གཉིས་ན། ཟག་པ་མེད་ཆོས་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་བཞི་ལྷག་ན། གང་དག་འདུས་བྱས། གསོལ་པ། དེ་ནས་ཕྲེང་ཕྱེད་དང་དྲུག་ན། འདུས་མ་བྱས། །གསོལ་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། སློབ་མ་ཐུན་མོང་ཆོས་རྣམས་དང༌། །གསོལ་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། གང་དག་ཐུབ་པའི་ཐུན་མོང་མིན། །གསོལ་པ། དེ་ནས་ཕྲེང་དྲུག་ཅུང་མེད་ན། ཁོང་དུ་ཆུད་པར་བྱའོ། །དེ་རྣམས་ཀྱིས་ནི། དམི༷གས་པ༷་ད༷ག་ད༷ང་། ཞེས་པ་དོན་ལྔ་པ་གསུངས་ཟིན་ཏོ། ། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །དེ་ནས་ཚེ་དང༌། དེ་ནས་ཕྲེང་ཕྱེད་དང་ལྔ་ན། བསམ་པ་དང་སྒྲུབ་པ་རྒྱ་ཆེ་བས། དེ་ལྟ་བུའི། སེམས་ཅན་གྱི་ཕུང་པོའི་ཕུལ་བྱེད་པར་འགྱུར་རོ། །བསམ་པ་རྒྱ་ཆེ་བ་ནི། དེ་ལ་བྱང་ཆུབ་ངེས་པའི་ཕུལ་དུ་བྱུང་བ་ཞེས་བྱའོ། །དེ་ནས་ཕྲེང་ཕྱེད་དང་གཉིས་ན། གོ་ཆ་བགོ་བར་བྱའོ། །རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ནི་ཡོན་ཏན་ལྔས་བརྒྱན་པ་སྟེ། ངེས་པར་འཇོམས་པ་དང༌། རིན་ཆེན་པ་དང༌། སྐྱོན་མེད་པ་དང༌། མི་ཕྱེད་པ་དང༌། དོན་སྒྲུབ་པར་བྱེད་པའོ། །ཞེས་དབུ་མ་པ་གསུངས། དེའི་དང་པོ་ངེས་པར་འཇོམས་པ་ཡང་ཡོན་ཏན་བརྒྱད་དེ། སེར་སྣ་ལ་སོགས་པའི་ངེས་པར་གཞོམ་པའི་ཕྱིར་རྗེས་ཆགས་པ་དང༌། ཁོང་ཁྲོ་ངེས་པར་གཞོམ་པའི་ཕྱིར། བདག་གིས་སེམས་ཅན་ཐམས་ཅད་ལྟ་བའི་ཉེས་པ་གཞོམ་པའི་ཕྱིར། བདག་གི་སེམས་ཅན་སེམས་ཅན་ཡོངས་སུ་མྱ་ངན་ལས་བཟླ་བའི་འདུ་ཤེས་དང༌། ཆོས་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། དེ་ལྟར་སེམས་ཅན་ཐམས་ཅད། དེ་ནས་ཕྲེང་གཅིག་ན། ཐེག་པ་དམན་པ་ངེས་པར་གཞོམ་པའི་ཕྱིར། བདག་གིས་མ་འདྲེས། ངན་འགྲོ་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། བདག་གིས་ཆོས་རྟོགས་འཁོར་བ་པའི་རྣམ་པར་རྟོག་པ་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། བདག་གིས་ཕུང་པོ་ནས་ཕ་རོལ་ཏུ་ཕྱིན་པའི་བར་གྱིས། ཆོས་ཀྱི་ཚུལ་ཁོང་དུ་ཆུད་དེ། སྟོང་པ་ཉིད་ཀྱི་ཚུལ་རྟོགས་པར་བྱའོ། །རྣམ་པར་བྱང་བའི་རྟོག་པ་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། བདག་གིས་བྱང་ཆུབ་ཕྱོགས་མཐུན་ནས་མ་ 4-1-70 འདྲེས་པའི་བར། ཚོགས་ཡོངས་སུ་སྒྲུབ་པ་སྟེ་བསྒོམ་པ་ཡོངས་སུ་རྫོགས་པ་ལ་བསླབ་པར་བྱའོ། །དེ་ནས་ཕྲེང་གཅིག་ལྷག་པ་ན། རིན་ཆེ་བའི་ཡོན་ཏན་ནི། རབ་འབྱོར་གཞན། དེ་ནས་ཤོག་ལོགས་གཅིག་དང་ཕྲེང་ཕྱེད་ན། སྐྱོན་མེད་པའི་ཡོན་ཏན་ནི། རབ་འབྱོར་གཞན། དེ་ནས་ཕྲེང་བཞི་ཅུང་མེད་ན། མི་ཕྱེད་པའི་ཡོན་ཏན་ནི། རབ་འབྱོར་གཞན་ཡང༌། དེ་ནས་ཕྲེང་གཉིས་ཅུང་མེད་ན། སེམས་མི་སྒུལ་བའོ། །ཞེས་བྱ་བ་ཡི་ནི་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དོན་སྒྲུབ་པར་བྱེད་པའི་ཡོན་ཏན་ནི། རང་འབྱོར། གཞན་ཡང༌། དེ་ནས་ཕྲེང་གཉིས་ནས་ཚུལ་གྱིས་བྱེད་དོ། །བསམ་པ་རྒྱ་ཆེ་བ་བསྟན་ནས་སྒྲུབ་པ་རྒྱ་ཆེ་བ་ནི། དེ་ནས་ཕྲེང་ཕྱེད་དང་གཉིས་ན་དབྱེར་མེད་པ་སྟེ། ཞེས་བྱ་བ་ནི་དཀར་པོའི་ཆོས་ཐམས་ཅད་དོན་ཐ་དད་པ་མེད་པའི་ཕྱིར་ཆོས་ཀྱི་སྐུ་ལ་བྱའོ། །ཞེས་དབུ་མ་པ་གསུངས། འདི་ནི་དོན་དམ་གྱི་ཆོས་ཞེས་བྱའོ། །གང་ཆོས་ཉིད་འདུས་མ་བྱས་ཀྱི་ཆོས་དེ་ལ་གང་འགྱུར་མེད་ཡོངས་གྲུབ་ཀྱི། ཆོས་འདི་ལ་གང༌། བདེ་གཤེགས་སྙིང་པོའི་ཆོས་དེ་ལ། བརྩོན་པ་གང་ཞེ་ན། རང་བཞིན་འོད་གསལ། དབུ་མ་ཆེན་པོ། ཕྱག་རྒྱ་ཆེན་པོ། མྱང་འདས་ཆེན་པོ། ཨ་ཏི་ཡོ་ཀ་ལ་སོགས་པ་མཐར་ཐུག་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཆོས་དེ་ཉིད། དེ་ནས་ཤོག་གུ་བཞི་དང་ཕྲེང་གསུམ་ན། ཆེན་པོ་ཞེས་བྱའོ། །འདིས་ག་པ་སྟེ་པོ་ཏི་གསུམ་པ་རྫོགས་པའོ།། །། ༈ ང་༽ གླེགས་བམ་བཞི་པ། བམ་པོ་དང་པོ། སྤོང་དང་། དེ་ནས་ཚེ་དང་ལྡན། དེ་ནས་ཕྲེང་དྲུག་ན། མེད་པར་ལྟ་བ་རབ་ཏུ་སྤང་བ་དང༌། དེ་རྣམས་སྤངས་པས་གང་ཟག་བདག་མེད་པ་བསྟན་ཏོ། །དེ་ནས་ཕྲེང་དགུ་ན། ཚུལ་གྱིས་བགྱིད་དེ། དེ་རྣམས་ཀྱིས་ཆོས་ལ་བདག་མེད་པ་བསྟན་ཏོ། །དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཅིག་ལྷག་ཆད་པ་ན། བལྟ་བ་བསྐྱེད་དོ། །ཞེས་པ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལ་དམིགས་པའི་རྒྱུས་རྣམ་པར་རྟོག་པ་བསྐྱེད་པའོ། །ཞེས་དབུ་མ་པ་ཆེན་པོ་ནས་གསུངས། ཚོར་བར། དེ་ནས་ཤོག་གུ་བཞི་དང་ཕྲེང་གསུམ་ན། ཚུལ་གྱིས་ཆོས་སྟོན་ཏོ། །ཞེས་བྱ་བའི་གནས་བརྟན་ཤཱ་རིའི་བུས། ཆོས་ཐམས་ཅད་ཀྱི་ཡོད་པ་མ་ཡིན་པ་དངོས་པོ་མེད་པ། ཆེན་པོ་རྟོགས་པའི་ཕྱིར། སེམས་དཔའ་ཆེན་པོ་ཞེས་བསྟན་ཏོ། །རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་འབྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །དེ་ནས་ཚེ་དང་ལྡན་པ། དེ་ནས་ཕྲེང་གཉིས་ཙམ་ན། མི་མཉམ་པ་བླ་ན་མེད་པའི་བྱང་ཆུབ་དང་མཉམ་པའི་སེམས། ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས་པས། ཉན་ཐོས་དང༌། ཆེན་པོ་ཞེས་བགྱིའོ། །ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས་པའི་བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་ལ་ཡང་ཆགས་པ་མེད་དེ། དེ་ལྟར་ཆགས་པ་མེད་པའི་སེམས་ཆེ་བའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། ཐམས་ཅད་མཁྱེན་པ་འཐོབ་པའི་རྒྱུ་ཉིད་ཀྱི་སེམས་མཆིས་ཤིང༌། ཁམས་གསུམ་གྱི། ཁོངས། དེ་ནས་ཕྲེང་ 4-1-71 གསུམ་ཅུང་མེད་ན། སེམས་གང་ཡིན། ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་འདྲི་བའོ། །བསྐྱེད་ཕྱིན་ཆད། ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པ། ཆོས་གང་ཡང༌། དེ་ནས་ཕྲེང་གཉིས་ཅུང་མེད་ན། རྣམ་པར་བྱང་བ་མེད་པ། ཀུན་བཏགས་པའི་གནས་སྐབས་ནས་ནི། སྒྱུ་མ་ལ་སོགས་པའི་ཆོས་དེ་དག་སྐྱེ་བ་ལ་སོགས་པ་དང་ལྡན་པ་དང་འདྲ་བར་སྣང་ངོ༌། །ཞེས་སེམས་གང་གིས་རྟོགས་པ་དེ་མི་མཉམ་པ་དང་མཉམ་པ་དང་སེམས་དང་ཐུན་མོང་མ་ཡིན་པའི་སེམས་སོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ལྟ་བུའི་སེམས། དེ་ལ་ཉན་ཐོས་ཀྱི་སེམས། སེམས་ཀུན་རྫོབ་པ་མེད་དོ། །དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཁམས་གསུམ་དང༌། དུས་གསུམ་གྱི་ཁོངས་སུ་ཆུད་པ་མེད་པ། ཞེས་བྱ་བ་འདིས་ཀྱང་ཆོས་ཐམས་ཅད་ལ་ཁྱབ་པའི་མཚན་ཉིད་དུ་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས་ཏེ། དེ་ལྟ་བུའི་སེམས་དེ་བས་ན། ཆོས་ཉིད་ཀྱི་གཟུགས་ཀྱང་ཆགས་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ལྔ་ལྷག་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ཁྱབ་པར་བཞུགས་པའི་ཆོས་ཉིད་ཀྱི་སེམས་ཀྱང་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱི་སེམས་དང༌། དེ་ནས་ཕྲེང་ཕྱེད་དང་བཞི་ལྷག་ན། ཁོངས་སུ་ཆུད་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ལྔ་ལྷག་ན། བམ་པོ་གཉིས་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་བདུན་ན། གཟུགས་ལ་ཆགས་པ་མེད་དོ། །ཞེས་བྱ་བ་ནི་ཀུན་བཏགས་པའི་སེམས་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར་ཏེ། ཇི་ལྟར་ཡོངས་སུ་གྲུབ་པའི་སེམས་ལ་སེམས་མ་ཡིན། ཞེས་བྱ་བ་དེ་བཞིན་དུ། ཀུན་བཏགས་པའི་གཟུགས་ཀྱིས་མཚན་ཉིད་དང་བྲལ་བའི་ཕྱིར། ཆོས་ཉིད་ཀྱི་གཟུགས་ལ་གཟུགས་མེད་པ་ཞེས་བྱའོ། །གཟུགས་མ་ཡིན་པར་གྱུར་པ་ཆོས་ཉིད་ཀྱི་ངོ་བོ་ཉིད་དེ་ཀུན་བཏགས་པའི་གཟུགས་ལ་ཆགས་པ་མེད་དོ། །ཞེས་བྱ་བ་དང༌། ཚོར་བའི་བདག་ཉིད་མ་ཡིན་པའི་ཆོས་ཉིད་དེ་ཡང༌། ཀུན་བཏགས་པའི་ཚོར་བ་ལ་ཆགས་པ་མེད་དོ། །ཞེས་བྱ་བར་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས་ཤིང༌། དེ་དང་མཐུན་པར་འབུམ་ཏིག་ཏུ་ཡང་གསུངས་ཏེ། ཇི་སྐད་དུ། ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་ཉིད་ཀྱི་སེམས་ལ་ཀུན་བཏགས་པའི་སེམས་མེད་པའི་ཕྱིར། སེམས་མེད་པ་ཞེས་བྱའོ། །གཟུགས་མེད་པ་ཡང་གཟུགས་ལ་ཆགས་པ་མེད་དོ། །ཞེས་བྱ་བ་ལ་གཟུགས་མེད་པ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་ཉིད་ཀྱི། གཟུགས་ལ་ཀུན་བཏགས་པའི་གཟུགས་ཡོད་པ་མ་ཡིན་པའི་ཕྱིར། གཟུགས་མེད་པ་ཞེས་བྱ་སྟེ། ཡོངས་སུ་གྲུབ་པའི་རང་བཞིན་གཟུགས་མེད་པའི་དེ་ཀུན་བཏགས་པའི་གཟུགས་ལ་ཆགས་པ་མེད་དོ། །ཞེས་སོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དང་དགུ་ན། སེམས་དཔའ་ཆེན་པོ་ཞེས་བྱའོ། །ཞེས་པས་རབ་འབྱོར་གྱིས་ཆགས་པ་མེད་པ་དང༌། ཐོགས་པ་མེད་པ་ 4-1-72 ཆེ་བའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཞེས་བསྟན་ཏེ། དེ་རྣམས་ཀྱིས་ནི། ཆེ༷ད་ད༷ང་ནི༷། །ཞེས་པས་དོན་དྲུག་པ་གསུང་ཟིན་ཏོ། ། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་ཏེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །དེ་ནས་ཚེ་དང་ལྡན་པ། བྱམས་གང་གི་བུས། དེ་ནས་ཕྲེང་གཉིས་ན། སེམས་ལགས་ཏེ། ཞེས་བྱ་བ་ནི་དང་པོའི་སེམས་ནས་བཟུངས་ནས་བསམ་པ་རྒྱ་ཆེ་བ་བསྟན་ཏེ། ཞེས་སེམས་ཅན་ལགས་ལ། ཞེས་བྱ་བ་ནི་མོས་པ་སྤྱོད་པའི་ས་ནས་བཟུང་སྟེ། ས་བདུན་པའི་བར་རྩོལ་བ་དང་བཅས་རྣམ་པར་རྟོག་པ་དང་བཅས་པའི་སྤྱོད་པའི་གནས་སྐབས་ཡིན་པར་བསྟན་ཏོ། །ཞེས་སེམས་ཅན་ལགས་ལ། ཞེས་བྱ་བ་ན་ས་བརྒྱད་པ་ཡན་ཆད་དོན་དམ་པའི་སྤྱོད་པ་ཡིན་པར་བསྟན་ཏོ། །ཞེས་པ་གསུམ་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ལྷག་ན། དེ་ལ་གོ་ཆ་བགོས་པ་ཡང༌། རྣམ་པ་གཉིས་སུ་བསྟན་ཏོ། །སེམས་ཅན་ཐམས་ཅད་ཀྱི་དོན་བརྩོན་པའི་ཕྱིར་བསམ་པ་རྒྱ་ཆེ་བ་དང༌། སྒྲུབ་པ་གཅིག་གིས་སྒྲུབ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་སྒྲུབ་པ་རྒྱ་ཆེ་བའོ། །ཞེས་དབུ་མ་པ་གསུངས་པས། དང་པོ་བསམ་པ་རྒྱ་ཆེ་བ་ནི་གང་པོས་སྨྲས་པ། དེ་ནས་ཤོག་གུ་བཅུ་གསུམ་དང༌། ཕྲེང་གཅིག་དང་ཅུང་མེད་ན། བགོས་པ་ཞེས་བྱའོ། །གཉིས་པ་སྒྲུབ་པ་རྒྱ་ཆེ་བའི། ཚེ་དང་ལྡན་པ་ཤཱ་ར། དེ་ནས་ཕྲེང་གཉིས་ལྷག་ཙམ་ཆད་པ་ན། འཇུག་པ་རྣམས་ཀྱི་བདེ་བའི་རོ་ཡང་མྱོང་བར་མི་བྱེད་དོ། །མི་འཕྲོགས་པ་སྟེ། ཞེས་བྱ་བ་ནི་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཏིང་ངེ་འཛིན་གྲུབ་ཀྱང་དེས་ཆོག་པར་མི་འཛིན་པར་གོང་ནས་གོང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་རྣམས་ལ་སྤྱོད་ཅིང་སྒྲུབ་བོ། །ཞེས་བྱ་བའི་དོན་ཏོ། །ཞེས་འབུམ་ཏིག་གསུངས། དབང་གིས་ཀྱང༌། ཁམས་གོང་མ་གཉིས་སུ་མི་སྐྱེ་བར་བྱང་ཆུབ་ཐོབ་པའོ། །དེ་ནས་ཕྲེང་གཉིས་ཅུང་མེད་ན། འཇུག་པ་དག་ལ་དངོས་པོར་མི་འཛིན་པས་དབེན་པ་མཐོང༌། དེ་ནས་ཕྲེང་གཅིག་ནས། དག་པའི་མཐའ་ཉན་རང་གི་མྱང་འདས་མངོན་དུ་ཡང༌། དེ་ནས་ཕྲེང་གཉིས་ན། བམ་པོ་གསུམ་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན། དབྱངས་རྗེས་སུ་སྒྲོག་གོ །དེ་རྣམས་ཀྱིས་ནི། གོ༷་ཆ༷། ཞེས་བདུན་པ་གསུངས་ཟིན་ཏོ། ། བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌། །སྨྲས་པ། ཚེ་དང་ལྡན་པ། དེ་ནས་ཕྲེང་གཅིག་ན། གང་བོས་འདི་ནས་ཐེག་པ་ཆེན་པོ་ལ་ཞུགས་པ་དང་ཐེག་པ་ཆེན་པོའི་དོན། སྨྲས་པ། དེ་ནས་ཤོག་གུ་བདུན་དང་ཕྲེང་དགུ་ཅུང་མེད་ན། ཡང་དག་པར་ཞུགས་པ་ཞེས་བྱའོ། །ཞེས་པའི་བར་གྱི་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་སྒྲུབ་པའི་ཞོར་ལ་བསམ་གཏན་དང༌། ཚད་མེད་པ་དང༌། སྙོམས་པར་འཇུག་སྒོམ་པ་ཐེག་ཆེན་ལ་ཞུགས་པར་བསྟན་ཏོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་གཉིས་ན། ཏིང་ངེ་འཛིན་ཏེ། ཞེས་བྱ་བ་ནི། དེ་ལྟར་བསམ་གཏན་ 4-1-73 དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས་པའི་ཚུལ་གྱིས་སྒོམ་པ་དེ་ཉིད་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཡིན་ནོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་གཅིག་ལྷག་པ་ན་འཇུག་པ་དེ་དག་གི་མིང༌། གཞན་ལ་བརྗོད་ཅིང༌། ངེས་ཚིག་འཆད་པ་དང༌། ཚིག་དོན་གཉིས་ཀ་སྟོན་ཅིང༌། ཞིབ་ཏུ་འགྲེལ་པ། དེ་དག་གི་ཡན་ལག་རྣམས། རྣམ་པར་འབྱེད་ཅིང༌། དཔེ་འཁྱུད་མེད་པར་གསལ་བར་བྱེད་དེ། ཕྱིན་པའོ། །སྦྱིན་པ་ཞེས་བྱ་བ་ནི་འདིར་ཆོས་སྦྱིན་པ་ལ་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། གོ་མི་འབྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་དམ་བཅའ་བ་མ་ཉམས་པས། བྱང་ཆུབ་སེམས། དེ་ནས་ཕྲེང་བཅུ་གཅིག་ལྷག་ཙམ་ན། སྤྱོད་པའི་ཐེག་པ་ཆེན་པོའོ། །ཞེས་པའི་བར་གྱིས་བསམ་གཏན་ལ་སོགས་པ་སྒོམ་པའི་ཞོར་ལ་ཕར་ཕྱིན་དྲུག་རྫོགས་པར་སྒོམ་པ་ཐེག་ཆེན་ལ་ཞུགས་པར་བསྟན་ཏོ། །ལམ་དང་། ཚེ་དང་ལྡན་པ། དེ་ནས་ཕྲེང་ཕྱེད་དགུ་ན། བྱམས་ལ་སོགས་པ་དང༌། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། གཞན་ཡང༌། དེ་ནས་ཤོག་གུ་གཅིག་ན། དམིགས་པ་མེད་དང་ལྡན་པ་དང༌། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། གཞན། དེ་ནས་ཤོག་ལོགས་གཅིག་ན། ཆོས་ཐམས་ཅད་ལ་སེམས་རྣམ་པར་གཡེང་བས་མི་འཁྲུག །དེ་ནས་ཕྲེང་གཅིག་ལྷག་ཙམ་ན། ཐེག་པ་ཆེན་པོ་ནི། གཉིས་མེད་པའི་ཆོས་ཉིད་ཡིན་པས། རྟག་ཅེས་བྱ་བར། དེ་ནས་ཕྲེང་གཉིས་ན། ཐེག་པ་ཆེན་པོའོ། །ཞེས་པས་མཐའ་གཉིས་སུ་མི་འཛིན་པ་ཐེག་ཆེན་དང་དེ་ལྟར་སྤྱོད་པ་ཐེག་ཆེན་ལ་ཞུགས་པར་བསྟན་ཏོ། །དེ་ནས་ཕྲེང་གཅིག་ལྷག་པ་ན། ཤེས་པ་ཡང་མེད་དེ། ཞེས་པ་ཡང་འདིའི་དོན་ནི་དབུ་མ་པ་ཆེན་པོ་ནས། ཁམས་གསུམ་མཉམ་པ་ཉིད་ཐེག་པ་ཆེན་པོ་ཡིན་པ་དང༌། དེ་ལ་ཤེས་པ་མེད་པ་དང༌། ཤེས་པ་མི་དམིགས་པ་ཡང་དག་པར་ཞུགས་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་ཕྲེང་གཅིག་ལྷག་པ་ན། མཉམ་བཞག་ཏུ་འཇིག་རྟེན་པའི་ཆོས། དེ་ནས་ཕྲེང་གཅིག་ན་མི་བྱེད་ཀྱང༌། རྗེས་ཐོབ་ཏུ་འཇིག་རྟེན་པ་དང༌། དེ་ནས་ཕྲེང་གཅིག་ལྷག་པ་ན། འཁོར་གསུམ་རྣམ་པར་དག་པ་དང༌། །སྨྲས་པ། ཚེ་དང་ལྡན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་གཉིས་ན། ཆེད་དུ་བྱ་དང་། ཚེ་དང་ལྡན་པ་མ་འདྲེས་པས་སྒོམ་པ་མི་དམིགས་པ་རྣམ་པར་བསྒོམ་པའི། དེ་ནས་ཤོག་གུ་དྲུག་དང་ཕྲེང་ཕྱེད་དང་ལྡན། བམ་པོ་བཞི་པ། མངོན་ཤེས་དྲུག །ཚེ་དང་ལྡན་པ། དེ་ནས་ཕྲེང་ལྔ་ཅུང་མེད་ན། དེ་གཉིས་སུ་མེད་པའི་ས་བརྒྱད་པ། ལ་ལ་གནས་ཤིང༌། དེ་ཕྱིར་མི་ལྡོག་པས། ནམ་རྣམ་པ་ཐམས་ཅད། རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པ་ཤེས་པར་བྱ། །དེས་རྣམ་པ་ཐམས་ཅད་མཁྱེན། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཉིས་ན། ཡང་དག་པར་གནས་ཤེས་བྱའོ། །ཞེས་པས་གང་བོས། གོ་ཆ་ཆེན་པོ་བགོས་པ་དང༌། སྒྲུབ་པ་ 4-1-74 ཆེན་པོ་དང༌། འབྲས་བུ་ཆེན་པོ་ལ་ཞུགས་པའི་ཕྱིར། སེམས་དཔའ་ཆེན་པོ་ཞེས་བྱ་བར་བསྟན་ཏེ། དེ་རྣམས་ཀྱིས་ནི། འཇུ༷ག་པ༷འི་བྱ༷་བ༷་ད༷ང༌། །ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། ། བརྩེ་དང་། དེ་ནས་ཚེ་དང་ལྡན་པ། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་ལྔ་ཅུང་མེད་ན། སྦྱིན་ལ་སོགས་པ་དྲུག །རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་དྲུག་ལ་ཕྲེང་ཕྱེད་དང་བཞི་ཙམ་ཆད་པ་དང༌། ཞི་གནས། རབ་འབྱོར། གཞན། དེ་ནས་ཤོག་གུ་དྲུག་དང་ཕྲེང་བཅུ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཞི་ལྷག་ཙམ་ན། ལྷག་མཐོང་བཅས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཤོག་གུ་གཉིས་ལྷག་ཙམ་ན། བགོས་པར་རིག་པར་བགྱིའོ། །ཞེས་བྱ་བ་ནི་སྔར་བཤད་པའི་གོ་ཆ་ཐམས་ཅད་ཀུན་བཏགས་པ་ཡིན་པའི་ཕྱིར། གོ་ཆ་དེ་དག་མེད་པའི་རང་བཞིན་ཏེ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། གཟུགས་ཀྱིས་སྟོང་ངོ༌། །ཞེས་བྱ་བ་ལ་སོགས་པ་བཤད་དེ། འདི་ལྟར་ཡོངས་སུ་གྲུབ་པའི་གཟུགས་ཀུན་བཏགས་པའི་གཟུགས་ཀྱིས་སྟོང་ཞིང༌། ཡོངས་སུ་གྲུབ་པའི་ཚོར་བ་ཀུན་བཏགས་པའི་ཚོར་བས་སྟོང་སྟེ། དེའི་ཕྱིར་དོན་དམ་པའི་གོ་ཆ་ཡང་ཀུན་བཏགས་པའི་གོ་ཆས་སྟོང་ངོ༌། །ཞེས་བྱ་བར་སྦྱར་རོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས་ཤིང༌། དོན་དང་མཐུན་ལས་ངེས་དོན་མདོ་བཅུ། སྙིང་པོའི་མདོ་བཅུ་ལ་སོགས་དང༌། དུས་ཀྱི་འཁོར་ལོ་དང༌། སེམས་འགྲེལ་ལ་སོགས་པ་མདོ་སྔགས་ཟབ་མོ་མཐར་ཐུག་པ་རྣམས་དང་ཤིན་ཏུ་མཐུན་པས། དོན་དམ་པ་གཞན་སྟོང་གི་ཚུལ་དུ་འདི་རྫོགས་ལྡན་གྱི་ཆོས་ཚུལ་ཟབ་མོ་ཁྱད་འཕགས་ཡིན་ལ། ཐམས་ཅད་རང་སྟོང་ཉིད་དུ་འདོད་པ་རྣམས་ནི་རྫོགས་ལྡན་འདས་ཤིང༌། ཤིང་རྟ་ཆེན་པོ་རྣམས་ཀྱང༌། འདས་པའི་རྗེས་ལ་གསུམ་ལྡན་ལ་སོགས་སངས་རྒྱས་ཀྱི་བསྟན་པ་ལ་སྐྱོན་ཞུགས་ནས་བྱུང་བ་ཡིན་ཞིང༌། དེ་ལྟར་ཆོས་ཚུལ་སྔ་ཕྱི་དེ་གཉིས་ནི་གཡུ་རྙིང་དང༌། གཡུ་སར་བཞིན་དུ་ཁྱད་པར་ཤིན་ཏུ་ཆེ་སྟེ། གཤིས་ལ་གནས་མི་གནས་དང་ལུང་རིགས་རྣམ་དག་གིས་མི་གནོད་པ་དང་གནོད་པའི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་གཅིག་ན། ཐམས་ཅད་མཁྱེན་པ་ཉིད་དང༌། དངོས་པོ་མེད་པས། མ་བྱས། གཞག་ཏུ་མེད་པས་རྣམ་པར་མ་བྱས། བཅོས་སུ་མེད་པས་མངོན་པར་མ་བྱས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གལ་ཏེ་འགའ་ཞིག་གིས་བྱས་པའམ། གཞིག་པའམ། མངོན་པར་འདུ་བྱ་བ་ཞིག་ཡིན་ན་ནི། དེ་ལྟ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་གོ་ཆ་བགོ་བར་འགྱུར་བ་ཞིག་ན། དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་བྱས་མ་བཤིག་མངོན་པར་འདུས་མ་བྱས་པ་ཡིན་ཏེ། དེ་བས་ན་དེའི་དོན་དུ་གོ་ཆ་བགོས་པར་མི་རིགས་སོ། །དེ་བས་ན་གོ་ཆ་མེད་པའི་གོ་ཆ་བགོས་སོ། །ཞེས་བྱ་བ་རིགས་སོ། །སྙམ་དུ་དགོངས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། རབ་འབྱོར། བྱེད་པ་པོ་དམིགས་སུ་མེད། དེ་ 4-1-75 ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ཆད་པ་ན། དེ་བྱེད་པ་པོ་གཉིས་ལ། ཤིན་ཏུ་མེད་ཅིང་མི་རྟོག་པ་ཡིན་པས་གང་ཡང་མི་རྟོག་པ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་གསུམ་དང་ཕྲེང་བརྒྱད་ན། མི་དམིགས་པའི་ཕྱིར་རོ། །ཞེས་བྱ་བ་གསུངས་སོ། །དེ་བཞིན་ཉིད་ཀྱང་གང་གི་ཚེ་གཟུགས་ཀྱི་དེ་བཞིན་ཉིད་དང༌། སྒྲའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ཀུན་བཏགས་པའི་རྣམ་པར་འཛིན་པ་དེའི་ཚེ་དེ་ཡང་དེའི་རྣམ་པར་ཡོད་པ་ཡིན་པས་དེ་སྐད་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་བཅུ་ན། ཟུང་དུ་འབྲེལ་བའི་ལམ་གང་དང༌། །གསོལ་པ། གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅིངས་པ་དང་གྲོལ་བ་གཉིས་ནི་ཡོད་པ་ལས་འགྱུར་ན། འདི་ལྟར་གཟུགས་ལ་སོགས་པ་ནི་ཤིན་ཏུ་མེད་པ་ཡིན་པས། ཡོད་པ་མ་ཡིན་པ་དེ་དག་ལས་བཅིངས་པ་དང༌། གྲོལ་བ་ག་ལ་ཡོད་དེ་མི་འགྲུབ་བོ། །ཀུན་བཏགས་པའི་དབང་གིས་ནི་བཅིངས་པ་དང་གྲོལ་བ་གཉིས་བསྟན་གྱི། དོན་དམ་པར་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་གསུངས། དེ་ནས་ཕྲེང་དྲུག་ཅུང་མེད་ན། གང་བོ་གང་འདི། ཡོངས་གྲུབ། རྨི་ལམ་ལྟ་བུ། གསལ་བར་སྣང་བའི་གཟུགས། འདུས་མ་བྱས་དེ་ནི་མ་བཅིངས་མ་གྲོལ་བའོ། །ཞེས་བྱ་བ་ལ་སོགས་པ་བཤད་དོ། །དེ་བས་ན་ཡོངས་སུ་གྲུབ་པའི་གཟུགས་ཀྱང་མ་བཅིངས་མ་གྲོལ་བ་ཉིད་དུ་བསྟན་ཏོ། །དབེན་པ་དང་ཞི་བ་དང་སྟོང་པའི་ཕྱིར་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་གནས་པ་ལ་བཅིངས་པ་དང་གྲོལ་བ་གཉིས་མི་རིགས་སོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུའི་དབྱིག་གཉེན་གསུངས། དེ་ནས་ཕྲེང་གཅིག་ལྷག་པ་ན། གང་འདི་སྒྱུ་མ་ལྟ་བུ། རྣམ་པ་དུ་མར་སྣང་བའི་གཟུགས། དེ་ནས་ཕྲེང་ལྔ་ན། གཟུགས་བརྙན་ལྟ་བུ། རྣམ་པ་དུ་མར་སྣང་བ། གཟུགས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། སྨིག་རྒྱུ་ལྟ་བུ། གསལ་བར་སྣང་བའི་གཟུགས་དེ་ནི། དེ་ནས་ཕྲེང་ཕྱེད་དང་བཞི་ན། འདས་པའི་གཟུགས། དུས་གསུམ་མཉམ་པ་ཉིད་དེ་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཕྲེང་བཞི་ལྷག་པ་ན། བམ་པོ་དྲུག་པ། ཚེ་དང་ལྡན་པ་གང་པོ། ཡོངས་གྲུབ་ཀྱི། གཟུགས་ནི་ཀུན་བཏགས་ཀྱིས་གཟུགས་སུ་མེད་པའི་ཕྱིར་རོ། །ཆོས་ཉིད་ཀྱི་གཟུགས་ནི་མ་གྲོལ་བའོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཕྲེང་བཞི་ན། ཚེ་དང་ལྡན་པ་གང་པོ། དོན་དམ་པའི། དགེ། མ་གྲོལ་བའོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། མི་དགེ་བའི་རྣམ་པ་ཅན་གྱི་ཆོས་ཉིད་ཀྱི་གཟུགས། མ་གྲོལ་བའོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཕྲེང་གཅིག་ལྷག་པ་ན། ལུང་མ་བསྟན་པའི་རྣམ་པ་ཅན་གྱི། ཆོས་ཉིད་ཀྱི་གཟུགས། མ་གྲོལ་བའོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཕྲེང་གཅིག་ལྷག་ན། འཇིག་རྟེན་པའི། རྣམ་པ་ཅན་གྱི། གཟུགས། དེ་ནས་ཕྲེང་ཕྱེད་དང་གཉིས་ཅུང་མེད་ན། ཚེ་དང་ལྡན་པ་གང་བོ། གདོད་ནས་རང་བཞིན་གྱིས། འཇིག་རྟེན། གཟུགས། འདུས་མ་ 4-1-76 བྱས་ནི་མ་བཅིངས་མ་གྲོལ་བའོ། །དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཟག་པ་དང་བཅས་པའི་རྣམ་པ་ཅན་གྱི། གཟུགས། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། ཚེ་དང་ལྡན་པ་གང་པོ། གདོད་ནས་རང་བཞིན་གྱིས། ཟག་པ་མེད་པའི་གཟུགས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཆོས་ཉིད་ཀྱི་གཟུགས། ཀུན་བཏགས་སུ་མེད་པའི་ཕྱིར། དེ་ནས་ཕྲེང་ཕྱེད་དང་ལྔ་ན། ཚེ་དང་ལྡན་པ་གང་པོ། དོན་དམ་གཞན་སྟོང་གི །ཆོས་ཐམས་ཅད་ཀུན་རྫོབ་རང་སྟོང་གི །ཆོས་ཐམས་ཅད་མེད་པའི་ཕྱིར། ཀུན་རྫོབ་རང་སྟོང་གི་ཆོས་ཐམས་ཅད་ཀྱིས་དབེན་པའི་ཕྱིར། རྒྱུ་རྐྱེན་གང་ལས་ཀྱང་མ་གྲོལ་མ་སྐྱེས་པའི་ཕྱིར། མ་གྲོལ་པ་སྟེ། འདི་ནི་ཕྱི་མ་རྣམས་ལ་ཡང་སྦྱར་རོ། །གང་པོ། དོན་དམ་གཞན་སྟོང་གི །སྦྱིན་པའི། གྲོལ་བའོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་ལྔ་དང་ཕྲེང་དྲུག་ཅུང་མེད་ན། ཚེ་དང་ལྡན་པ་གང་པོ། འདུས་བྱས་སུ་མེད་པའི་ཕྱིར། འདུས་བྱས་ཀྱི་དབེན་པའི་ཕྱིར། རྒྱུ་རྐྱེན་ལས་མ་སྐྱེས་པའི་ཕྱིར། དེ་ནས་ཕྲེང་ཅིག་ལྷག་པ་ན། དེ་ནི་འདུས་མ་བྱས་ཀྱི། སྦྱིན་པའི། གྲོལ་བའོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་ན། དེ་ལྟར་རྟོགས་པའི་རྒྱལ་སྲས་ཆེན་པོ། དེ་མ་བཅིངས། ཕྱིན་པ། མངོན་དུ་བྱས་པ། ལ་གནས། དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་གཅིག་དང་ཕྲེང་གསུམ་ན། མ་བཅིངས་མ་གྲོལ་བའང༌། མངོན་དུ་བྱས་པའི་རྒྱལ་སྲས། དེ་མ་བཅིངས་མ་གྲོལ་བའི། སྙིང་པོ་ཅན་གྱི་སེམས་ཅན་རྣམས། དེ་ནས་ཕྲེང་དྲུག་ཅུང་མེད་ན། མ་གྲོལ་བའི། སྙིང་པོ་ཅན་གྱི་སེམས་ཅན་རྣམས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཐབས་ལ་མཁས་པ་གང་ཡིན་དང༌། །དེ་ནས་ཚེ་དང་ལྡན་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་བརྒྱད་ན། ཐེག་པ་ཆེན་པོའོ། །འདིར་སྦྱིན་པའི་སྐབས་སུ་བསྔོ་བ་བསྟན་ཅིང་ཕ་རོལ་ལ་སྐུལ་བ་མ་བསྟན་ལ་ཚུལ་ཁྲིམས་ལ་སོགས་པའི་སྐབས་སུ་ཕ་རོལ་ལ་སྐུལ་བ་བསྟན་ནས་བསྔོ་བ་མ་བསྟན་ཡང་བསྔོ་བསྐུལ་གཉིས་ཀ་ཕར་ཕྱིན་དྲུག་ལ་སྦྱར་བར་བྱའོ། །ཡེ་ཤེས་དང་ནི། རབ་འབྱོར། གཞན། དེ་ནས་ཕྲེང་གསུམ་ལྷག་ན། ངོ་བོ་ཉིད་སྟོང་པ་ཉིད་དོ། །ཟ་བ་བཟའ་དང་དེ་བཞིན་ལུས། །གནས་ཀྱི་བཞི་ཡི་སྟོང་པ་ཉིད། དེ་ཡང་གང་གི་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་གཏང་བར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །གང་ཟག་དང་ནི་ཆོས་རྣམས་ཀྱང༌། །དངོས་པོ་མེད་པའི་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལ་སྟོང་ཉིད་གཞན། །གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ནི་དག་དང་མ་དག་མིན། །ཞེས་རྡོ་རྗེ་འཆང་དང༌། རྒྱལ་བ་བྱམས་པས་གསུངས་ཤིང༌། དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པས་སམ་བྷུ་ཊིའི་རྒྱུད་ཕྱི་ 4-1-77 མར་ཇི་སྐད་གསུངས་པ། དེ་ཁོ་ན་བཞིན་དུ་བཀྲལ་བས་དེའི་རྗེས་ཞུགས་པས་འདིར་ཡང་སྟོང་ཉིད་ཀྱི་རྟོག་པར་ཕྱིན་ཅི་མ་ལོག་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རང་གཞན་རྒྱུད་ལ་བསྐྱེད་པར་བྱའོ། །ཆོས་ཞེས་བྱ་བ་ནི་ཟ་བའམ་ལོངས་སྤྱོད་བྱ་སྟེ། དེ་ལ་འདུས་བྱས་ཀྱི་ཆོས་རྣམས་མི་རྟག འདུས་མ་བྱས་ཀྱི་ཆོས་ཉིད་མི་འཇིག་པའི་ཕྱིར། ཆོས་ཉིད་འདུས་མ་བྱས་ཀྱི། མིག་ཆོས་འདུས་བྱས་ཀྱི་མིག་གིས་སྟོང་ངོ༌། །ཞེས་བྱ་བའམ། ཡང་ན་འགྲེལ་པ་བཞིན་དེ་དེར་ཞེས་བྱ་བ་ནི། ཀུན་བཏགས་པའི་མིག་ནི་ཀུན་བཏགས་པའི་མིག་གིས་སྟོང་སྟེ། སྟོང་པ་ནི་མེད་པའི་དོན་ཡིན་པས། མིག་གི་དངོས་པོར་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་ཡོད་པ་ཞིག་ཡིན་ན་རྟག་པ་ཐེར་ཟུག་ཏུ་གནས་པ་ཞིག་གམ། མི་རྟག་པ་འཇིག་པ་ཞེས་ཡིན་གྲང་ན། དེའི་ཕྱིར་ཐེར་ཟུག་ཏུ་གནས་པ་མ་ཡིན་ཞིང་འཇིག་པ་མེད་དེ། དེའི་ཕྱིར་ཐེར་ཟུག་ཏུ་གནས་པ་མ་ཡིན་ལ་འཇིག་པ་མེད་པས་ན་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དོན་དམ་གཞན་སྟོང༌། དེའི་རང་བཞིན། ཀུན་རྫོབ་ཐམས་ཅད་ཀྱིས་སྟོང་པའི་གཞི། དེ་ཡིན་པའི་ཕྱིར་རོ། །ཞེས་བྱ་བའི་མིག་ལ། མིག་གིས་དངོས་པོ་མེད་པ་ཉིད་དེའི། རང་བཞིན་ཏེ། ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ན། ཆོས་ཤེས་བྱ་བ་ནི་བཟའ་བའམ། ལོངས་སྤྱོད་བྱ་སྟེ། གཟུགས་དང༌། སྒྲ་དང༌། དེ་ནས་ཕྲེང་ཕྱེད་བཞི་ཙམ་ན། དེའི་ལུས་དེ། ནང་གི་སྐྱེ་མཆེད། ལྡན་པ་རྟེན་ཁོག་པ། འདི་དག་ནི། དེ་ནས་ཕྲེང་གཉིས་ཅུང་མེད་ན། གང་ཞེ་ན། དེ་ཡང་གང་གིས་སྟོང་པར་མཐོང་བ་སྟེ། སྟོང་ཉིད་ཤེས་པས་སྟོང་བར་མཐོང་བའོ། །དེ་ནས་ཕྲེང་གཅིག་ལྷག་པ་ན། གང་ཞེ་ན། གནས་ཀྱི་གཞིའི་སྟོང་པ་ཉིད་དེ། དེ་ནས་ཕྲེང་གཉིས་ལྷག་པ་ན། མྱ་ངན་ལས་འདས་པ་ཆེན་པོ། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཨེ་ཝཾ་ཡི་གེ །རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་དོན་དམ་གྱི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང༌། ཕྱག་རྒྱ་དང༌། དངོས་གྲུབ་ཐམས་ཅད་དང༌། དོན་གཅིག་ཤིན་ཏུ་རྣལ་འབྱོར། སངས་རྒྱས་མཉམ་སྦྱོར། ལྷན་ཅིག་སྐྱེས་སྦྱོར་རྣམས་ཀྱི་དོན་ཤེར་ཕྱིན་མཚན་ཉིད་པ་སྟེ། རྣམ་པ་ཇི་ལྟར་མཐོང་ན་དོན་དམ་པའི་རྣམ་པར་མཐོང་བའོ། །འདུས་བྱས་ཐམས་ཅད་མི་རྟག །བདེ་གཤེགས་སྙིང་པོ། མི་འཇིགས་པའི་ཕྱིར། དོན་དམ་གཞན་སྟོང་གི །མྱ་ངན་ལས་འདས་པ་དེ་ཡང༌། ཀུན་རྫོབ་རང་སྟོང་གི །མྱ་ངན་ལས་འདས་པས་སྟོང་སྟེ། ཞེས་བྱ་བ་ནི་དོན་དམ་པའི་མྱ་ངན་ལས་འདས་པ་ནི་ཀུན་བཏགས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །ཞེས་དབུ་མ་པ་ཆེན་པོ་གསུངས། དོན་དམ་གྱི་མྱང་འདས། དེའི་རང་བཞིན། ཀུན་རྫོབ་ཀྱི་མྱང་འདས་ཀྱིས་སྟོང་པའི་གཞི་དེ་ཡིན་པའི། དོན་དམ་པ་རང་གིས་མི་སྟོང་ལ་དེ་ལས་གཞན་པའི་ཆོས་ཐམས་ཅད་ཀྱིས་སྟོང་གང་ཞེ་ན། འདུས་བྱས་ཀྱི་དགེ་བ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་སྟེ། ཡང་དེ་ལ་འདུས་བྱས་ཀྱི་ཁམས་གསུམ་མི་རྟག །ཆོས་ཉིད་འདུས་མ་བྱས་ཀྱི་ཁམས་གསུམ་མི་འཇིག་པའི་ཕྱིར། འདུས་བྱས་ཀྱི་ 4-1-78 འདོད་པའི་ཁམས། དེ་ནས་ཕྲེང་གཅིག་ན། འདུས་བྱས་དེའི་རང་བཞིན། རང་རང་ངོ་བོས་སྟོང་པ། དེ་ཡིན་པའི་ཕྱིར། གང་ཞེ་ན། འདུས་མ་བྱས་ཀྱི་དགེ་བ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་སྟེ། ཆོས་དབྱིངས། གང་ལ། སྐྱེ་བ་སྟེ་འབྱུང་བ་མེད་པ་དང༌། རྒྱུན་ཆད་པ། འགག་པ་མེད་པ་དང༌། རྒྱུན་གྱི་སྔ་ཕྱིའི་བྱེ་བྲག་མེད་པས། གནས་པ་ལས། འདུས་མ་བྱས་ཀྱི་དགེ་བ། ཤེས་བྱ་སྟེ། ཆོས་དབྱིངས་གནས་སུ་གྱུར་པའི་ཚེ་དྲི་བཅས་དྲི་མེད་དུ་གྱུར་པ་ལ་མི་རྟག་པ་ཞེས་བཏགས་ནས་གསུངས་པའི་ཕྱིར། འདིར་ཡང་མི་རྟག་པ་བཏགས་པ་བ་དང༌། མི་འཇིགས་པ་ནི་མཚན་ཉིད་པ་མ་ཡིན་པའི་ཕྱིར། འདུས་མ་བྱས་ཡོངས་གྲུབ་ནི་འདུས་མ་བྱས་ཀྱི་ཀུན་བཏགས་ཀྱིས་སྟོང་ངོ༌། །ཆོས་དབྱིངས་འདུས་མ་བྱས། དེའི་རང་བཞིན། དོན་དམ་པ་གཞན་སྟོང་དེ་ཡིན། རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། གཞན་ལ་ཕན་པ། གང་ལ་མཐའ། དེ་ནས་ཕྲེང་གཅིག་ལྷག་པ་ན། གང་ཞེ་ན། འཁོར་བ་བཏང་བར་མི་བྱ་བའི་ཕྱིར། འཁོར་བ་དམིགས་པ་སྟེ། གཤིས་ལུགས་ལ་རི་བོང་རྭ་ལྟར་མ་གྲུབ་པ་ལ་ཀུན་རྫོབ་ཏུ་མི་རྟག་ཀྱང༌། དོན་དམ་དུ་མི་འཇིག་པའི་ཕྱིར། ཡོངས་གྲུབ་ཀྱི། ཐོག་མ་དང་ཐ་མ་མེད་པ། ཀུན་བཏགས་ཀྱི། ཐོག་མ་དང་ཐ་མ་མེད་པ། འཁོར་བ་དེའི་རང་བཞིན། རང་རང་ངོ་བོས་སྟོང་པ། དེ་ཡིན་གང་ཞེ་ན། དགེ་བ་མི་ཟད་བྱ་བའི་ཕྱིར། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་གང་ལ་དགེ་བ་གང་ཡང་དོར། དེ་ནས་ཕྲེང་གཅིག་ན། གང་ཞེ་ན། རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། རང་བཞིན་འོད་གསལ་བ། རང་བཞིན་ལྷན་སྐྱེས། རང་བཞིན་གཉུག་མ། རང་བཞིན་འགྱུར་མེད། རང་བཞིན་ཡོངས་གྲུབ། རང་བཞིན་བརྟན་པ། རང་བཞིན་བྱ་བ་བྱེད། རང་བཞིན་པའི་སྐུ་ལ་སོགས་པ་གང་ཡིན་པ་དེ་ནི། གང་གིས་ཀྱང་འདུས་མ་བྱས་ཡིན་པའི་ཕྱིར། ཉན་ཐོས་རྣམས། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། མ་བྱས་ཏེ། མི་རྟག་དོན་ནི་མེད་དོན་དང༌། །སྐྱེ་ཞིང་འཇིག་པའི་མཚན་ཉིད་དང༌། །དྲི་བཅས་དྲི་མ་མེད་དོན་ཏེ། །རྩ་བའི་ཁོ་ནར་གོ་རིམ་བཞིན། །ཞེས་ངོ་བོ་ཉིད་གསུམ་ལ་མི་རྟག་པའི་ཚུལ་མི་འདྲ་བ་གསུམ་རྒྱལ་བ་བྱམས་པས་གསུངས་པ་ལས་ཡོངས་གྲུབ་ཀྱི་མི་རྟག་པ་ནི་དྲི་བཅས་དྲི་མེད་དུ་གྱུར་པ་ཙམ་པ་ཉེ་བར་བཏགས་ནས་གསུངས་པ་ལྟར། འདིར་ཡང་བཏགས་པ་སྟེ། མི་རྟག་པ་ནི་བཏགས་པ་བ་དང༌། མི་འཇིགས་པ་ནི་མཚན་ཉིད་པ་ཡིན་པའི་ཕྱིར་རང་བཞིན་གྱི། རིགས་ནི་ཀུན་བཏགས་ཀྱི། རང་བཞིན་གྱིས། དོན་དམ་དེའི་རང་བཞིན། ཀུན་རྫོབ་ཐམས་ཅད་ཀྱིས་སྟོང་པའི་གཞི། དེ་ཡང་གང་ཞེ་ན། སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་པ་ལྟར་རམ་ཡང་ན། དེ་ནས་ཕྲེང་དྲུག་ཅུང་མེད་ན། སྟོང་པ་ཉིད་གང་ཞེ་ན། མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་པ་ལྟར་རམ་ཡང༌། དེ་ནས་ཕྲེང་གཅིག་ལྷག་པ་ན། ཁམས་རྣམས་ནི་འཁོར་བའི་རྒྱུ་ཡིན་པས། གདུག་པའི་མཚན་ཉིད། དེ་ནས་ཕྲེང་གཅིག་ན། ཚུལ་ 4-1-79 ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བཟོད་པ་ཡོངས་སུ་ཕྱིན་པ་ནི། བདུད་ལ་སོགས་པས་ཐུབ་པ་མེད། ཕྱིན་པ་ནི་སེམས་རྩེ་གཅིག་ཏུ། ཡང་དག་ཕྱིན་པ་ནི། ཅི་ལ་ཡང་ཆགས་པ། འཇུག་པ་རྣམས་ནི། གཡེང་བས་འཁྲུག་པ་མེད། སུམ་ཅུ་རྩ་བདུན་ནི། འཁོར་བ་ལས་འབྱུང་བའི། སྟོང་པ་ཉིད་ནི། དངོས་འཛིན་གྱིས། དབེན་པའི། མེད་པ་ནི། མཚན་འཛིན། ཞི་བའི། མེད་པ་ནི། ཁམས་གསུམ་ལ་མི་སྨོན་པས་དེའི་བདེ་བ་ཐོབ་འདོད་ཀྱིས། སྡུག་བསྔལ། རྣམ་པར་གྲོལ་བ། རྣམ་ཐར་ནི་ཆགས་པ་ལས། རྣམ་པར་འགྲེལ། རྟོགས་ཤིང་ཤེས་པའི་མཚན་ཉིད། བརྟན་ཏེ་བསྒྱུར་དུ་མེད་པའི་མཚན་ཉིད་རྣམས་ནི། བདུད་ལ་སོགས་པས་བར་དུ་མི་ཆོད། དེ་ནས་ཕྲེང་གཅིག་ཅུང་མེད་ན། བཏང་སྙོམས་ཆེན་པོ་ནི་ཆགས་སྡང་དང༌། འདྲེ་བ་མེད། དེ་ནས་ཕྲེང་ལྔ་ན། སྟོང་པ་ཉིད་ཅེས་བྱའོ། །གང་ཟག་དང་ནི་ཆོས་རྣམས་ཀྱིས། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། ཞེས་བྱའོ། །གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ་ཡང་སྟོང་ཉིད་དོ། །ཟ་བ་ལ་སོགས་པ་ཉིད་སྟོང་པ་ཉིད་ཅེས་ཇི་སྐད་སྨོས་པ་དེར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། སྟོང་པ་ཉིད་རྣམ་པ་གཉིས་ཐ་མར་འཇོག་སྟེ། གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དང་དེའི་སྟོང་པ་ཉིད་ལ་སྐུར་བ་འདེབས་པ་བསལ་བའི་ཕྱིར། གོ་རིམ་བཞིན་ནོ། །ཞེས་རྡོ་རྗེ་འཆང་གི་བཀའ་བཞིན་དུ་དབུ་མ་པ་ཆེན་པོ་བྱམས་མགོན་དང༌། དེས་བྱིན་གྱིས་བརླབས་པའི་དངོས་སློབ་དབུ་མ་པ་དབྱིག་གཉེན་ཞབས་ཀྱིས་གང་གསུངས་པ་ལྟར་ངེས་པའི་དོན་དུ་དོན་ལ་གནས་པའི་དེ་ཉིད་ལ་མཆོག་ཏུ་གཅེས་པར་བཟུང་ངོ༌། །དེ་ནས་ཕྲེང་གསུམ་ན། རང་བཞིན་དང་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མ་ཡིན་ནོ། །ཞེས་དང༌། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་ཤིང༌། དབུ་མ་པ་ཆེན་པོ་ཆོས་ཀྱིས་གྲགས་པའི་ཞལ་སྔ་ནས་ཀྱང༌། སེམས་དེའི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་སོགས་དང༌། རྒྱུད་བླར་ཡང༌། སེམས་དེའི་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པ། །ཞེས་སོགས་གསུངས་པའི་ཕྱིར། རང་བཞིན་ཞེས་བྱ་བ་ནི། རང་བཞིན་འོད་གསལ་བ་ལ་སོགས་པ། ངོ་བོ་ཉིད་ཀྱི་སྐུ་མ་ནོར་བ། དོན་དམ་གཞན་སྟོང་སྟེ། དེ་ལ་ཀུན་རྫོབ་ཐམས་ཅད་ཀྱིས། སྟོང་པ་ཉིད་མཐོང་བསམ་བྱས། གང་གིས་ཀྱང་མ་བྱས་པར་ཡུལ་དུས་གནས་སྐབས་ཐམས་ཅད་ནས་ངོ་བོ་ཉིད་ཀྱིས་ལྷུན་གྲུབ་ཏུ་ཞུགས་ཤིང་ནམ་མཁའ་ལྟར་ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཏུ་ནམ་ཡང་བཞུགས་པ་ཉིད་དེ། 4-1-80 འདི་ནི་རང་བཞིན་དུ་གྲུབ་ཅིང་རང་བཞིན་གྱིས་གྲུབ་པའི་དོན་དམ་པའི་སྟོང་པ་ཉིད་དོ། །ཀུན་རྫོབ་ཀྱི། དེ་བཞིན་གཤེགས་པ་རྣམས། འཇིག་རྟེན་དུ་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། གང་ཟག་རྣམས་ཀྱི་རྟོགས་ཀྱང་རུང༌། མ་རྟོགས་ཀྱང་རུང༌། མཐོང་ཡང་རུང༌། མ་མཐོང་ཡང་རུང༌། ཐོབ་ཀྱང་རུང༌། མ་ཐོབ་ཀྱང་རུང་ངོ༌། །ཤེས་ཀྱང་རུང༌། མ་ཤེས་ཀྱང་རུང༌། ཡིད་ཆེས་ཀྱང་རུང༌། མི་ཆེས་ཀྱང་རུང༌། གློ་བུར་དྲི་མ་བྲལ་ཡང་རུང༌། མ་བྲལ་ཡང་རུང་སྟེ། ཡང་དག་པའི་མཐའ་ནི། ནམ་ཡང་འགྱུར་བ་མེད་པར་རྟག་ཏུ་དེ་བཞིན་དུ་གནས་པ་སྟེ། ཉེས་པ་གློ་བུར་དང་ལྡན་པས། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་རྒྱལ་བ་བྱམས་མགོན་གྱིས་གསུངས་པ་དང་དོན་གཅིག་གོ །ཆོས་དེ་དག་རང་བཞིན་གྱིས་སྟོང་པ། ཞེས་པ་ཡུམ་འགའ་ཞིག་ཏུ་ཆོས་དེ་དག་གཞན་གྱིས་སྟོང་པ། ཞེས་པར་བྱུང༌། བམ་པོ་བདུན་པ། བསོད་ནམས་དང༌། །རབ་འབྱོར། གཞན། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འདི་ནས་བཟུང་སྟེ་ཏིང་ངེ་འཛིན་རེ་རེའི་རྗེས་སུ་གྲངས་ཡིག་རྣམས་ཚང་བར་གདབ་པར་བྱའོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་གསུམ་ལྷག་ན། གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྔར་ཆོས་མཆོག་གི་སྐབས་དང་འདིར་མདོ་ཕན་ཚུན་ཏིང་ངེ་འཛིན་མང་ཉུང་བྱུང་ནས་རྒྱ་དཔེ་ལ་མ་གཏུགས་པར་བྲི་བ་སུམ་མི་བྱའོ། །སྟོང་ཕྲག་བརྒྱ་པ་ལས། ལེའུ་བརྒྱད་དོ།། །། ༈ དེ་ནས་ཤོག་གུ་བརྒྱད་དང་ཕྲེང་དྲུག་ན། སྟོང་ཕྲག་བརྒྱ་བ་ལས། ལེའུ་དགུའོ།། །། ༈ ལམ་དང་། རབ་འབྱོར། ལམ་བདེན་དུ་གཏོགས་ཤིང་ལམ་ཤེར་ཕྱིན་དུ་གཏོགས་ལ་གཞན་འབྱུང་ཡེ་ཤེས་དང༌། ཡང་དག་ཡེ་ཤེས་དང༌། ཕྱིན་ཅི་མ་ལོག་གི་ཡོངས་གྲུབ་ཏུ་གཏོགས་པའི། དྲན་པ་ཉེ་བར་བཞག །དེ་ནས་ཕྲེང་ཕྱེད་དང་གཉིས་ཅུང་མེད་ན། ཆེན་པོ་ནི་ནང་གི །སེམས་ཅན་བགྲང་བའི་ལུས་ལ། འཇིག་རྟེན་གྱི་ཆོས་རྣམས་ལ་ཆགས་སེམས། སེམས་ཅན་དུ་མི་བགྲང་བ། ཕྱིའི་ལུས་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཕྱི་ནང་སྟེ། ཕྱིའི་སེམས་ཅན་དུ་བགྲང་བ་གཞན་དག་གི་ལུས་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། གོང་དུ་བསྟན་པའི། ནང་གི་ལུས་ལ། དམིགས་ནས། བྱུང་བའི་ཚོར་བ་ལ། དེ་ནས་ཕྲེང་གཅིག་ལྷག་པ་ན། ཕྱིའི་ལུས་ལ་དམིགས་ན་བྱུང་བའི། ཚོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན་ཅུང་མེད་ན། ཕྱི་ནང་གི་ལུས་ལ་དམིགས་ནས་བྱུང་བའི་ཚོར་བ་ལ། དེ་ནས་ཕྲེང་གཅིག་ལྷག་པ་ན། མི་རྟོག་གོ །ཚོར་བ་ལ་བཤད་པ་བཞིན་དུ། སེམས་དང་ཆོས་ལ་ཡང་སྦྱར་ཏེ། དེ་ནས་ཕྲེང་བརྒྱད་ལྷག་པ་ན། རྣམ་པར་མི་རྟོག་གོ །དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པའི་ཚུལ་དུ་དྲན་པ་ཉེ་བར་བཞག་པ་བཞི་བསྟན་ནས། ཉན་ཐོས་ཀྱི་ཚུལ་དུ་བསྟན་ནས། ཉན་ཐོས་ཀྱི་ཚུལ་གྱིས་ལུས་དྲན་པ་ཉེ་བར་བཞག་པ་ཉིད་རྣམ་པ་དྲུག་ཏུ་བསྟན་པར་བཞེད་ནས། ཞེས་པའི་མཚམས་སྦྱོར་གྱི་ཚིག་གནོད་ 4-1-81 འཇོམས་སུ་དབུ་མ་པ་གསུངས་ཤིང༌། དེ་ལ་རྣམ་པ་དྲུག་གི་དང་པོར་སྤྱོད་ལམ་གྱི་སྒོ་ནི། དེ་ནས་ཕྲེང་བཞི་ཅུང་མེད་ན། གཉིས་དང་ཤེས་བཞིན་གྱི་སྒོ་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་དྲུག་ན། གསུམ་པ་དབུགས་རྔུབ་པ་དང་འབྱུང་བའི་སྒོ་ནི། རབ་འབྱོར་གཞན་ཡང༌། དེ་ནས་ཕྲེང་དྲུག་དང་དགུ་ཅུང་མེད་ན། བཞི་པ་ཁམས་རྣམ་པར་བཞག་པའི་སྒོ་ནི། རབ་འབྱོར། གཞན། དེ་ནས་ཕྲེང་ཕྱེད་དང་དྲུག་ན། ལྔ་པ་ལུས་ཀྱི་རྗེས་སུ་ལྟ་བའི་སྒོ་ནི། རབ་འབྱོར་གཞན་ཡང༌། དེ་ནས་ཕྲེང་གསུམ་ལྷག་པ་ན། རུ་མ་སྟེ་མིག་རྣག་དང་རྣ་སྤབས། དེ་ནས་ཕྲེང་ཕྱེད་དྲུག་ཅུང་མེད་ན། གླང་རྒྱས་དང་རྔུམ་སྟེ་མིག་རྣག་དང༌། བམ་པོ་བརྒྱད་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། དྲུག་པ་མི་སྡུག་པའི་སྒོ་ནི། རབ་འབྱོར། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་དྲུག་ན། ཡང་དག་པར་སྤང་བ་བཞི་སྟེ། ཞེས་བྱ་བ་ནི་འདིས་སེམས། ཡང་དག་པར་འཇོག་པ་ན་ཡང་དག་པར་འཇོག་པ་ཞེས་བྱ་སྟེ་བརྩོན་འགྲུས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན། ཚུལ་གྱིས། གོ་ཆ་བརྩོན་འགྲུས་ཀྱིས། མོས་པའམ་འདུན་པ་སྐྱེད་ཅིང༌། སྦྱོར་བའི་བརྩོན་འགྲུས་ཀྱིས་རྩོལ་ལོ། །མི་སྐྱེ་བའི་བརྩོན་འགྲུས་ཀྱིས། བརྩོན་འགྲུས། ཐབས་ཀྱི་བརྩོན་འགྲུས་ཀྱིས། སེམས་ཀྱི་མཐུ་བསྐྱེད་དོ། །དེ་ནས་ཕྲེང་ལྔ་ལྷག་པ་ན། རྫུ་འཕྲུལ་གྱི་རྐང་པ། ཉོན་མོངས་ཀྱིས་དབེན་པ་ལ་གནས་པ། སྲིད་པ་ལས། འདོད་ཆགས། སྡུག་བསྔལ། འགོག་པ། ཕུང་པོ་ཐམས་ཅད་རྣམ་པར་སྤོང༌། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ན། སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཞེས་བྱ་བ་ནི། དེ་ལ་བྱིས་པའི་སྤྱོད་ཡུལ་དུ་ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའི་མཚན་ཉིད་དེ་དང་བྲལ་བ་ཡོངས་སུ་གྲུབ་པའི་མཚན་ཉིད་བརྗོད་དུ་མེད་ཅིང༌། སྟོང་པའི་རྣམ་པར་ཡང་དག་པར་རྗེས་སུ་མཐོང་བའི་སེམས་རྩེ་གཅིག་ཏུ་གྱུར་པ། གང་ཡིན་པ་དེ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཡོངས་སུ་གྲུབ་པའི་དངོས་པོ་གང་ཡིན་པ་དེ་ཉིད་ཡོངས་སུ་རྟག་པ་དང༌། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་མཚན་མའི་རྣམ་པ་དང་བྲལ་བ། ནམ་མཁའ་བཞིན་དུ་མཚན་མ་མེད་པའི་རྣམ་པར་ཞི་བ་ཉིད་དུ་ཡིད་ལ་བྱེད་པའི་སེམས་རྩེ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཡང་གཞན་གྱི་དབང་གིས་ཡོངས་སུ་གྲུབ་པའི་དངོས་པོ་དེ་ཉིད་བཟུང་ནས་དེ་ལྟར་ཤིན་ཏུ་ཡོངས་སུ་དག་པའི་དངོས་པོ་ཡོངས་སུ་རྟོགས་པའི་སྤྲོས་པ་ལས་བྱུང་བའི་ཉོན་མོངས་པ་རྣམས་ཀྱིས་ཉོན་མོངས་པ་ཅན་དུ་གྱུར་པའི་སྨད་པ་ཡིན་ནོ། །སྙམ་ནས། དེ་ལ་མི་མཐུན་པར་འདུ་ཤེས་ཏེ་ཕྱིན་ཆད་ཁམས་གསུམ་པ་དེ་ལ་མི་སྨོན་ཅིང་གནས་པར་མི་བྱའོ། །སྙམ་དུ་བསམས་ནས། དེ་ལྟར་ཡིད་ལ་བྱེད་པའི་སེམས་རྩེ་གཅིག་ཏུ་གྱུར་པའི་གང་ཡིན་པ་དེ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ཀུན་བཏགས་པ་རྣམས་མཚན་ཉིད་མེད་པར་མཐོང་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཡོངས་སུ་གྲུབ་པ་ལ་ཞི་བའི་མཚན་ཉིད་དུ་མཐོང་བ་ནི་མཚན་མ་མེད་པའི་ཏིང་ངེ་ 4-1-82 འཛིན་ཏོ། །གཞན་གྱི་དབང་ལ་མི་མཐུན་པར་མཐོང་བ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་ཅུང་མེད་ན། རྟོགས་པར་མ་གྱུར་པ། ཉན་ཐོས་རྒྱུན་ཞུགས་ལ་འཇུག་པ་དང༌། རྒྱལ་སྲས་མོས་པ་སྤྱོད་པ་གནས་པ་རྣམས་ཀྱི་དང༌། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཤེས་པར་མ་གྱུར་པ། ཉན་ཐོས་རྒྱུན་དུ་ཞུགས་ནས་ཕྱིར་མི་འོང་གི་བར་དང༌། རྒྱལ་སྲས་ས་དང་པོ་ཐོབ་པ་ཡན་ཆད་ས་དགུ་པ་མན་ཆད་གནས་པ་རྣམས་ཀྱི། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་དང༌། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ན། བྱམས་པ་དང་ལྡན་པའི་སེམས་འཕེལ་བ་ཆེ་བའི་ཕྱིར། རྒྱ་ཆེན་པོ། བསམ་པ་རྒྱ་ཆེ་བས། ཤིན་ཏུ་ཡངས་པ། རྣམ་པར་མི་རྟོག་པ་དང་བྱམས་པའི་རྣམ་པར་གཅིག་པས། མི་གཉིས་པ། སེམས་ཅན་ཚད་མེད་པ་ལ་དམིགས་པས། ཚད་མེད་པས། ནང་གི་ཕྱིར་ཆོས་ལས་གྱུར་པའི་གནོད་པ་མེད་པས། གཙུགས་སམ་ཁོ་ན་མེད་པ། ཕྱི་རོལ་གྱི་འདུ་བྱེད་ལས་གྱུར་པའི་གནོད་པ་མེད་པ། ཕྱི་རོལ་གྱི་སེམས་ཅན་གྱིས་བྱས་པའི་གནོད་པ་མེད་པས་ལྡོང་པའམ་འགྲན་ཟླ་མེད་པ། དེ་ནས་ཤོག་གུ་གཉིས་དང་ཕྲེང་གཅིག་ཅུང་མེད་ན། དགེ་བ་ལས་བདེ་བ་འབྱུང་བ་ལ་སོགས་པ། གནས་ལ་ཡང་གནས་དགེ་བ་ལས་སྡུག་བསྔལ་འབྱུང་བ་ལ་སོགས་པ། གནས་མ་ཡིན། དེ་ནས་ཕྲེང་གཅིག་ལྷག་པ་ན། འཇིག་རྟེན་གྱི་བསམ་པའི་ཁམས། དེ་ནས་ཕྲེང་གཅིག་ལྷག་པ་ན། དབང་པོ་རྣོ་རྟུལ། རབ་དང་ཐ་མ། འགྲོ་བའི་ལམ་ཡང་དག་པར་ངེས་པ་དང༌། ལོག་པར་ངེས་པ་དང༌། མ་ངེས་པ་ཡང་དག་པ། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་བཅུ་གསུམ་ན། གཟུངས་དང་། རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་དྲུག་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་པ།། །། ༈ བམ་པོ་དགུ་པ། ས་བཅུ་དང༌། །གཉེན་པོ་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །རབ་འབྱོར། དེ་ནས་ཕྲེང་གཉིས་ན། འཕོ་བ་མེད་པས། ཞེས་བྱ་བ་ནི་དེ་བཞིན་ཉིད་ནམ་མཁའ་དང་མཚུངས་ཏེ། འཕོ་བ་མེད་པས་འཕོ་བ་མེད་པའི་ཡེ་ཤེས་ནི་ས་གཞན་དུ་འཕར་བའི་རྒྱུ་ཡིན་པས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །དེ་ལ་བྱང་ཆུབ་སེམས་དཔའ། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཞི་ན། བསམ་དང་། དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཕན་པའི་དངོས་ཉིད་དང༌། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །དེ་ལ་བྱང་ཆུབ་སེམས། དེ་ནས་ཕྲེང་གཉིས་ན། གཏོང་དང་། དེ་ལ་བྱང་ཆུབ་སེམས། དེ་ནས་ཕྲེང་གཅིག་ན། བཤེས་གཉེན་བསྟེན་པ་དང༌། །དེ་ལ་བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། དམ་ཆོས་དམིགས་པ་ཚོལ་བ་དང༌། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་ཕྱེད་གཉིས་ཅུང་མེད་ན། རྟག་ཏུ་ངེས་འབྱུང་སེམས་ཉིད་དང༌། །དེ་ལ་བྱང་ཆུབ་སེམས་དཔའ། དེ་ 4-1-83 ནས་ཕྲེང་གཉིས་ཅུང་མེད་ན། སངས་རྒྱས་སྐུ་འདོད་དགའ་བ་དང༌། །དེ་ལ་བྱང་ཆུབ་སེམས། དེ་ནས་ཡང་ཕྲེང་གཉིས་ཅུང་མེད་ན། ཆོས་སྟོན་པ་དང་། དེ་ལ་བྱང་ཆུབ་སེམས། དེ་ནས་ཕྲེང་དྲུག་ལྷག་པ་ན། བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བ་ཤེས་པར་བྱ། །དེ་ལ་བྱང་ཆུབ་སེམས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཚུལ་ཁྲིམས། དེ་ལ་བྱང་ཆུབ་སེམས། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། བྱས་པ་གཟོ་དང་། དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཉིས་ཅུང་མེད་ན། བཟོད། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཅིག་ལྷག་པ་ན། རབ་ཏུ་དགའ་དང་། དེ་ལ་བྱང་ཆུབ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། སྙིང་བརྩེ་ཆེ། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་གསུམ་ན། བཀུར་སྟི་བླ་མ་ལ་གུས་ཉན། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་ཕྱེད་དང་གཉིས་ཅུང་མེད་ན། བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན། །དེ་ལ་བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་གཉིས་དང་[ཐོས་པས་?]མི་ངོམས་ཉིད་དང་ནི། །དེ་ལ་བྱང་ཆུབ་སེམས། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཟང་ཟིང་མེད་པར་ཆོས་སྦྱིན་དང༌། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་ན། སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཉིས་ལྷག་པ་ན། འཁོར་བས་ཡོངས་སུ་མི་སྐྱོ་དང༌། །དེ་ལ་བྱང་ཆུབ། དེ་ནས་ཡང་ཕྲེང་གཉིས་ལྷག་ན། ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམ་ལྔ། །དེ་ལ་བྱང་ཆུབ་སེམས། དེ་ནས་ཕྲེང་གཅིག་ན། ནགས་གནས། དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཅིག་ལྷག་པ་ན། འདོད་ཆུང་། དེ་ལ་བྱང་ཆུབ། དེ་ནས་ཡང་ཕྲེང་གཅིག་ལྷག་ན། ཆོག་ཤེས་དང༌། །དེ་ལ་བྱང་ཆུབ་སེམས་དཔའ། དེ་ནས་ཡང་ཕྲེང་གཅིག་ལྷག་ཙམ་ན། སྦྱངས་པ་ཡང་དག་སྡོམ་བསྟེན་དང༌། །དེ་ལ་བྱང་ཆུབ། གཏོང་བ་གང་ཞེ་ན། ཞེས་བྱ་བའི་སྒྲ་ཡང་རྣམ་པར་རྟོག་པ་སྤོང་བའི་རྒྱུར་གྱུར་པའི་ཡོན་ཏན་རྣམས་ལ་བྱའི་ཕྱག་དར་ཁྲོད་པ་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ཅུང་མེད་ན། བསླབ་པ་ཡོངས་སུ་མི་གཏོང་དང༌། །དེ་ལ་བྱང་ཆུབ། ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་བྱའོ། །ཞེས་དབུ་མ་པ་གསུངས། འདོད་པ་རྣམས་ལ་སྨོད་པ་དང༌། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཅིག་ན། མྱ་ངན་འདས་དང་། དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཅིག་ལྷག་པ་ན། བདོག་ཀུན་གཏོང༌། །དེ་ལ་བྱང་ཆུབ། དེ་ནས་ཡང་ཕྲེང་གཅིག་ལྷག་ན། མི་ཞུམ་པ་དང་། དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཅིག་ལྷག་ན། ལྟ་བ་མེད། །དེ་ལ་བྱང་ཆུབ་སེམས། དེ་ནས་ཕྲེང་གཅིག་ན། འདྲིས་དང་། དེ་ལ་བྱང་ཆུབ་སེམས། དེ་ནས་ཕྲེང་གསུམ་ན། ཁྱིམ་ལ་འཁྲེན་པ་དང༌། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། འདུ་འཛིར་གྱུར་པའི་གནས་དང་ནི། །དེ་ལ་ཇི་ལྟར། དེ་ནས་ཕྲེང་ཕྱེད་དང་བཞི་ལྷག་པ་ན། བདག་བསྟོད། དེ་ལ། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། གཞན་ལ་བརྙས་པ་དང༌། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཅིག་ལྷག་པ་ན། མི་དགེའི་ལས་ཀྱི་ལམ་བཅུ་དང༌། །དེ་ལ་ཇི་ལྟར། དེ་ནས་ཕྲེང་ལྷག་ཙམ་ན། རློམ་པ་ཁེངས་ 4-1-84 དང་། དེ་ལ་ཇི་ལྟར། དེ་ནས་ཕྲེང་གསུམ་ན། ཕྱིན་ཅི་ལོག །དེ་ལ་ཇི་ལྟར་ན། དེ་ནས་ཕྲེང་གཅིག་ལྷག་པ་ན། བློ་ངན་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ནས། །ས་ལྔ་པ་ནི་ཡང་དག་འཐོབ། །དེ་ལ་ཇི་ལྟར། དེ་ནས་ཕྲེང་གཉིས་ཅུང་མེད་ན། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །དེ་ལ་ས་དྲུག་ལ། དེ་ནས་ཕྲེང་བཞི་ན། སློབ་མ་དང་ནི། དེ་ལ་ཇི་ལྟར། དེ་ནས་ཕྲེང་གཅིག་ན། བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་པ། །འདི་ལྟར་དེ་ནི་བྱང་ཆུབ། དེ་ནས་ཕྲེང་གཅིག་ཙམ་ན། བསླངས་ན་མི་ཞུམ། འདི་ལྟར་དེ་ནི། བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང༌། །འདི་ལྟར་དེ་ནི། དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ། །འདི་ལྟར་དེ་ནི། དེ་ནས་ཕྲེང་གཅིག་ན། བདག་དང་། དེ་ལ་ཇི་ལྟར་ན། སེམས་ཅན་འཛིན་པ་དང༌། །སེམས་ཅན་དུ་འཛིན། སྲོག་དང་གང་ཟག །སྲོག་ཏུ་འཛིན། དེ་ནས་ཕྲེང་གཅིག་ལྷག་པ་ན། ཆད། དེ་ལ་ཇི་ལྟར། དེ་ནས་ཕྲེང་ཅིག་ཅུང་མེད་ན། རྟག་དང༌། །དེ་ལ། དེ་ནས་ཕྲེང་གཅིག་ཅུང་མེད་ན། མཚན་མ། དེ་ལ། དེ་ནས་ཕྲེང་གཅིག་ཅུང་མེད་ན། རྒྱུ་དང་། དེ་ལ་ཇི་ལྟར། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཕུང་པོ་དང༌། །ཁམས་དང་སྐྱེ་མཆེད་དག་དང་ནི། །དེ་ལ་ཇི་ལྟར། དེ་ནས་ཕྲེང་གསུམ་ན། ཁམས་གསུམ་པོ་ལ་གནས་དང་ཆགས། །དེ་ལ་ཇི་ལྟར། དེ་ནས་ཕྲེང་ལྔ་ཅུང་མེད་ན། དཀོན་མཆོག་གསུམ་དང་། དེ་ལ་ཇི་ལྟར། དེ་ནས་ཕྲེང་གཅིག་ན། མི་འགྱུར་བའི་ཕྱིར་ཏེ། ཞེས་བྱ་བ་ནི་ངས་སངས་རྒྱས་ལ་ལྟའོ། །སྙམ་ནས་སངས་རྒྱས་སུ་དམིགས་པའི་ལྟ་བས་སངས་རྒྱས་སུ་མངོན་པར་ལྟ་བ་ལ་གནས་པའི་ཕྱིར་སངས་རྒྱས་མཐོང་བ་མེད་དོ། །མི་དམིགས་པའི་ཡེ་ཤེས་ཉིད་ཀྱིས། སངས་རྒྱས་མཐོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཆོས་དང་དགེ་འདུན་ལ་ཡང་དེ་བཞིན་ནོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་དབྱིག་གཉེན་གསུངས། དེ་ནས་ཕྲེང་ཕྱེད་དང་བཞི་ཙམ་ན། ཚུལ་ཁྲིམས་ལ། །དེར་ལྟ་བ་ཡི་མངོན་ཞེན་དང༌། །དེ་ལ་ཇི་ལྟར། དེ་ནས་ཕྲེང་གཉིས་ཅུང་མེད་ན། སེམས་ནི་ཀུན་ཏུ་ཞུམ་པ་དང༌། །དེ་ལ་ཇི་ལྟར་ན། དེ་ནས་ཕྲེང་གཅིག་ན། སྟོང་པའི་ཕྱིར་ཏེ། ཞེས་བྱ་བ་ནི། འདི་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་གཟུགས་སུ་རུང་བ་ལ་སོགས་པ་ཀུན་བཏགས་པའི་མཚན་ཉིད་དུ་ནི་ཡོད་མ་ཡིན་གྱི། བརྗོད་དུ་མེད་པའི་མཚན་ཉིད་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ནི་མེད་པ་མ་ཡིན་ཏེ། དེའི་ཕྱིར་སྟོང་པ་ཉིད་ལ་ཐམས་ཅད་ཆད་པར་ལྟ་བའི་རྒྱུ་ལས་བྱུང་བའི་སྒྱིད་ལུག་པར་མི་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། སྟོང་པ་ཉིད་ལ་རྩོད་པ་དང༌། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་ཐོབ། །དེ་ལ་ཇི་ལྟར། དེ་ནས་ཕྲེང་ཕྱེད་དང་གཉིས་ཅུང་མེད་ན། རྣམ་ཐར་སྒོ་གསུམ་ཤེས་པ་དང༌། །དེ་ལ་ཇི་ལྟར། དེ་ནས་ཕྲེང་གསུམ་ཅུང་མེད་ན། འཁོར་གསུམ་རྣམ་པར་དག་ཉིད་དང༌། །དེ་ལ་ཇི་ལྟར། ཡོངས་སུ་རྫོགས་པའོ། །ཞེས་བྱ་བ་ནི། ལུས་དང་ངག་དང༌། ཡིད་ཀྱི་འཁོར་གསུམ་ཡོངས་སུ་ 4-1-85 དག་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། སྙིང་རྗེ་དང་ནི། དེ་ལ་ཇི་ལྟར། དེ་ནས་ཕྲེང་གཅིག་ན། རློམ་མེད་དང༌། །དེ་ལ་ཇི་ལྟར། མི་བྱ་ཞེ་ན། སྐབས་འདིའི་ཁྲི་བརྒྱད་སྟོང་པར། སེམས་ཅན་གྱི་ཞིང་ཡོངས་སུ་དག་པའི་ཕྱིར། ཞེས་པ་བྱུང་ཞིང༌། དེའི་འགྲེལ་པར་སེམས་ཅན་ཐམས་ཅད། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པའི་ཕྱིར་སེམས་ཅན་གྱི་ཞིང་ཡོངས་སུ་དག་པའོ། །ཞེས་དབུ་མ་པ་གསུངས། ཆོས་མཉམ་ཉིད་དང་། དེ་ལ་བྱང་ཆུབ་སེམས། དབྲི་བ་མེད་པའོ། །ཞེས་བྱ་བ་ལ་སོགས་ཡོད་པ་ལ་སྐུར་བ་མི་འདེབས་པ་ནི་དབྲི་བ་མེད་པའོ། །མེད་པ་ལ་སྒྲོ་མི་འདོགས་པ་ནི་བསྣན་པ་མེད་པ་སྟེ། ཡང་དག་པར་ཡོད་པ་སྐུར་བ་མི་འདེབས་པ་དང༌། ཡང་དག་པར་མེད་པ་ལ་སྒྲོ་མི་འདོགས་པས། མཉམ་པ་ཉིད་དུ་མཐོང་བ། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཚུལ་གཅིག་ཤེས། །དེ་ལ་བྱང་ཆུབ་རྟོགས་པ་མེད་པའོ། །ཞེས་བྱ་བ་ནི་རྟོགས་པར་བྱ་བ་དང༌། རྟོགས་པར་བྱེད་པ་གཉིས་ཀ་མ་མཐོང་བའི་ཕྱིར། རྟོགས་པ་ཉིད་ཡང་དག་པའི་ཚུལ་རྟོགས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བཟོད་ཤེས་དང༌། །དེ་ལ་བྱང་ཆུབ་སེམས། མི་སྐྱེ་བ་དང་། དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཅིག་ཅུང་མེད་ན། ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །དེ་ལ་བྱང་ཆུབ་སེམས། དེ་ནས་ཕྲེང་གཅིག་ལྷག་པ་ན། བསྟན་པའོ། །ཞེས་བྱ་བ་ནི། དཔེར་ན་ནམ་མཁའ་གཅིག་ཀྱང་ངོ་བོ་ཉིད་ཡིན་པས། ངོ་བོ་ཉིད་ལ་ཐ་དད་དུ་དབྱེ་བ་མེད་པ་དེ་བཞིན་དུ། དེ་བཞིན་ཉིད་དུ་རྣམ་པ་གཅིག་པའི་ཕྱིར། ཡོད་པ་དང་མེད་པ་དང༌། ཆོས་དང་ཆོས་མ་ཡིན་པ་དང༌། རྟག་པ་དང་མི་རྟག་པ་ལ་སོགས་པའི་ཆོས་གཉིས་ལ་ཀུན་ཏུ་སྤྱོད་པ་མེད་པས་ཚུལ་བཞིན་དུ་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུའི་དབྱིག་གཉེན་གསུངས། རྟོག་པ་ཀུན་ཏུ་འཇོམས་པ་དང༌། །དེ་ལ་བྱང་ཆུབ་སེམས་དཔའ། འདུ་ཤེས་ལྟ་དང་། དེ་ལ་བྱང་ཆུབ། རང་སངས་རྒྱས་ཀྱི་སའི་རྟོག་པ། རྣམས་སྤངས་པའོ། །ཉོན་མོངས་སྤོངས། །དེ་ལ་བྱང་ཆུབ། ཞི་གནས་ངེས་པར་སེམས་པ་དང༌། །ལྷག་མཐོང་ལ་ནི་མཁས་པ་དང༌། །དེ་ལ་བྱང་ཆུབ་སེམས། སེམས་དུལ་བ་དང་། དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཅིག་ལྷག་པ་ན། ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང༌། །དེ་ལ་བྱང་ཆུབ། ཆགས་པའི་ས་མིན་གར་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང༌། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉི་ཤུའོ། །དེ་ལ་བྱང་ཆུབ་སེམས། དེ་ནས་ཕྲེང་གཅིག་ལྷག་པ་ན། སེམས་ཅན་ཀུན་ཡིད་ཤེས་པ་དང༌། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཅིག་ན། མངོན་པར་ཤེས་པས་བརྩེ་བ་དང༌། །དེ་ལ་བྱང་ཆུབ། དེ་ན་ཕྲེང་ཕྱེད་དང་གཉིས་ན། སངས་རྒྱས་ཞིང་བཟང་སྒྲུབ་པ་དང༌། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། སངས་རྒྱས་བསྟེན། །དེ་ལ་བྱང་ཆུབ། ཡོངས་སུ་བརྟག་ཕྱིར། དེ་ལ་བྱང་ཆུབ། དབང་པོ་ཤེས་དང་། དེ་ལ་བྱང་ཆུབ། རྒྱལ་བ་ཡི། །ཞིང་སྦྱོང་། དེ་ལ་བྱང་ཆུབ་སེམས། དེ་ནས་ཕྲེང་གཅིག་ན། སྒྱུ་མ་ལྟར་གནས་དང༌། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཉིས་ན། བསམ་བཞིན་སྲིད་པ་ལེན་པ་དང༌། །ལས་ 4-1-86 ནི་རྣམ་པ་འདི་བརྒྱད་བཤད། །དེ་ལ་ཇི་ལྟར། དེ་ནས་ཕྲེང་གཉིས་ལྷག་པ་ན། སྨོན་ལམ་དག་ནི་མཐའ་ཡས་དང༌། །དེ་ལ་ཇི་ལྟར་ན། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ལྷ་ལ་སོགས་པའི་སྐད་ཤེས་པ་དང༌། །དེ་ལ་ཇི་ལྟར། དེ་ནས་ཡང་ཕྲེང་ཕྱེད་དང་གཉིས་ན། སྤོབས་པ་ཆུ་བོ་ལྟ་བུ་དང༌། །དེ་ལ་ཇི་ལྟར། དེ་ནས་ཕྲེང་གཅིག་ན། མངལ་དུ་འཇུག་པ་མཆོག་དང་ནི། །དེ་ལ་ཇི་ལྟར། དེ་ནས་ཡང་ཕྲེང་གཅིག་ཅུང་མེད་ན། བརྫུས་ཤིང་སྐྱེ་བ་སྟེ། ཞེས་བྱ་བ་ནི། ས་བརྒྱད་པ་ཡན་ཆད་ནི་མངལ་ནས་གནས་པ་མེད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་ནི་དེ་ལྟ་བུ་ཡང་སྟོན་ཏོ། །ཞེས་དབུ་མ་པ་གསུངས། རིགས་དང་། དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཅིག་ལྷག་པ་ན། ཆོ་འབྲང་དང༌། །དེ་བྱང་ཆུབ། དེ་ནས་ཕྲེང་ཕྱེད་དང་གཉིས་ཅུད་མེད་ན། རུས་དང་། དེ་བྱང་ཆུབ། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་ན། འཁོར་དང་། དེ་ལས་བྱང་ཆུབ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། སྐྱེ་བ་དག་[དང་]ནི། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ངེས་འབྱུང་། དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཉིས་ན། བྱང་ཆུབ་ཤིང་རྣམས་དང༌། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་གསུམ་ན། ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །དེ་ལ་བྱང་ཆུབ། དེ་ནས་ཕྲེང་གཉིས་ཅུང་མེད་ན། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །དེ་ལ་བྱང་ཆུབ། དེ་ནས་ཤོག་གུ་གཅིག་ལྷག་ཙམ་ན། དཀར་པོ། རྣམ་པར་མཐོང་བའི་ས། ཞེས་བྱ་བ་ནི་མོས་པ་སྤྱོད་པའི་ས་སྟེ། དེ་ལ་ཡང་དག་རིགས་ཀྱིས། ཞེས་བཟོད་པ་ཆེན་པོའི་ས་སྟེ། དེ་ལ་ཡང་དག །བརྒྱད་པའི་ས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པའི་ས་སྟེ། དེ་ནི་དགྲ་བཅོམ་པའི་འབྲས་ལ་གནས་པ་ན་བཟུང་སྟེ། བགྲང་ནས་བརྒྱད་པར་འགྱུར་རོ། །དེ་ལས་ཡང༌། མཐོང་བའི་ས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་ས་སྟེ། དེ་ལས་ཡང༌། འདོད་པའི་འདོད་ཆགས་བསྲབས་པའི་ས་ནི། ལན་ཅིག་ཕྱིར་འོང་གི་ས་སྟེ། དེ་ལས་ཡང་འདོད་པའི། འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་གི་ས་སྟེ། དེ་ལས་ཡང་དག་པར་འདའ། བྱ་བ་བྱས། ཞེས་ཁོངས་སུ་ཆུད་པས། བྱས་པ་རྟོགས་པའི་ས་ནི་དགྲ་བཅོམ་པ་སྟེ། དེ་ལས་ཡང་དག་པར་འདའ། ཞེས་པ་རྣམས་དབུ་མ་པས་གསུངས་བཞིན་བཀོད་པའོ། །དེ་ནས་ཕྲེང་གསུམ་ན། བམ་པོ་བཅུ་པ། མཐོང་དང་གོམས་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པར་བརྒྱད་ཅེས་བྱ། །མཐོང་བའི་ལམ་གྱིས་བཟུང་བའི་རྟོག་པ་དང་པོའི་གཉེན་པོ་ནི། རབ་འབྱོར། དེ་ནས་ཕྲེང་གཅིག་ན། གནས་པར་འགྱུར་རོ། །ཞེས་བྱ་བའི་ནི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་དག་ལས་ཡང༌། ཁམས་གསུམ་ནས་ངེས་པར་འབྱུང་བའི་ཡོང་བས་དེ་བསལ་བའི་ཕྱིར། ཁམས་གསུམ་ནས་བྱུང་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར། ཞེས་བྱ་བས་ཐེག་པ་ཆེན་པོ་ལ་བྱ་བ་གཉིས་ཡོད་པར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན། མི་ལྡན་པ་ཡང་ 4-1-87 མ་ཡིན། ཞེས་བྱ་བ་ལ་གཅིག་པ་མེད་པའི་ཕྱིར། ལྡན་པ་ཡང་མ་ཡིན། ཐ་དད་པ་མེད་པའི་ཕྱིར། མི་ལྡན་པ་ཡང་མ་ཡིན། འཇུག་པར་མི་བྱེད་པའི་ཕྱིར་གཟུགས་མེད་པའོ། །བསྟན་པར་མི་ནུས་པས་བསྟན་དུ་མེད་པའོ། །འདི་གཉིས་ཀྱིས་ནི་འཛིན་པ་དང༌། གཟུགས་པ་མེད་པར་བསྟན་ཏེ། གང་གི་ཕྱིར་འཛུགས་པས་མི་བྱེད་པ་དེའི་ཕྱིར་འཛིན་པ་མེད་པའོ། །གང་གི་ཕྱིར་བསྟན་པར་ནུས་པ་དེའི་ཕྱིར་གཟུང་བ་མེད་པའོ། །ཐོགས་མ་མེད་པ་སྟེ། ཞེས་བྱ་བ་འདིས་ནི་དབང་པོ་དང༌། ཡུལ་ལྟར་ཐོགས་པ་མེད་པའི་ཕྱིར། ཡུལ་དང་ཡུལ་ཅན་མེད་པར་བསྟན་པའོ། །དེ་ལྟར་མཚན་ཉིད་མེད་པའི་ཕྱིར། མཚན་ཉིད་མེད་པ་སྟེ། གཉིས་ཀ་ཡང་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར། མཚན་ཉིད་གཅིག་པའོ། །ཞེས་བྱ་བ་གསུངས། བྱུང་བས་གྱུར་པ་མེད་དོ། །ཞེས་བྱ་བ་ནི་འདི་ལྟར་ཡོངས་སུ་གྲུབ་པའི་ཆོས་ནི་ཀུན་བཏགས་པའི་མཚན་ཉིད་ཐམས་ཅད་དང་བྲལ་ཞིང་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། དེའི་ཕྱིར་དེའི་རང་བཞིན་གྱིས་ངེས་པར་བྱུང་ཟིན་པས། དེ་ལ་གློ་བུར་གྱིས་ངེས་པར་འབྱུང་བ་མེད་དོ། །དེ་ནས་ཕྲེང་གཅིག་ལྷག་པ་ན། འདོད་དུ་ཟད་དོ། །ཞེས་བྱ་བ་ལ་སོགས་པས་གློ་བུར་གྱི་ངེས་པར་འབྱུང་བ་མེད་པ་དེ་ཉིད་རྒྱ་ཆེར་བསྟན་ཏོ། །དེ་བཞིན་ཉིད་ནི་རང་བཞིན་གྱིས་ཞེས་ཀྱང་མ་གོས་ཤིང༌། ནམ་མཁའ་ལྟ་བུ་ལ་ངེས་པར་བྱུང་བ་མེད་དོ། །ཞེས་པ་རྣམས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུའི་དབྱིག་གཉེན་གསུངས། དེ་ནས་ཕྲེང་ཕྱེད་དང་བཞི་ན། འབྱུང་བར་འདོད་པ་དེ་ནི་སྲིད་པ་གསུམ་འདོད་ཆགས་དང༌། བྲལ་ཞིང་འཇིག་རྟེན་ཐམས་ཅད་ལས་འདས་པས། འདོད་ཆགས་དང་བྲལ་བའི་དབྱིངས་ཏེ་དེ་འབྱུང་འདོད་པ་དེ་ནི། སྡུག་བསྔལ་ཐམས་ཅད་འགག་པའི་རྒྱུ་ཡིན་པས། འགོག་པའི་དབྱིངས་ཏེ་ངེས་འབྱུང་བར་འདོད་དུ་ཟད་དེ། དེ་ནས་ཤོག་གུ་བཞི་དང་ཕྲེང་དྲུག་ན། མཐོང་བའི་ལམ་གྱི་གཟུང་བའི་རྟོག་པ་གཉིས་པའི་གཉེན་པོ་ནི། རབ་འབྱོར། གང་མཚན་ཉིད་མེད། དེ་ནས་ཤོག་གུ་ལྔ་དང་ཕྲེང་དགུ་ན། མཐོང་བའི་ལམ་གྱི་འཛིན་པའི་རྟོག་པ་དང་པོའི་གཉེན་པོ་ནི། རབ་འབྱོར། གང་མཚན་ཉིད་མེད་པའི། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ཅུང་མེད་ན། མཐོང་བའི་ལམ་གྱིས་འཛིན་པའི་རྟོག་པ་གཉིས་པའི་གཉེན་པོ་ནི། རབ་འབྱོར། གང་མཚན་ཉིད་འདོད་པ་དེ་ནི། བ་ལང་ཞེས་པ་ལྟ་བུ་ཀུན་བཏགས་ཀྱི་མི་འབྱུང༌། འདོད་པ་དེ་ནི། ལྐོག་ཤལ་ལ་སོགས་པ་ལྟ་བུ། མཚན་མ་ཟལ་མོའི་བུ་ཞེས་བྱ་བ་ལ་སོགས་པ་ལྟ་བུ། བརྡ་འབྱུང༌། འདོད་པ་དེ་ནི་བུ་ཁྲིད་དེ། ཤོག་ཞེས་པ་ལ་སོགས་པ་ལྟ་བུ། ཐ་སྙད་འབྱུང༌། གདགས་པ། སྟེ་བརྗོད་པ་ཐམས་ཅད། འབྱུང༌། དེ་ནས་ཕྲེང་ལྡ་ན། སྟོང་པའི་ཕྱིར་རོ། །མིང་དང་མཚན་མ་དང༌། བརྡ་དང༌། ཐ་སྙད་དང༌། གདགས་པ་ཞེས་བྱ་བ་དང༌། ཚིག་ལྔ་པོ་དག་གིས་ནི་ཀུན་བཏགས་པ་བསྡུས་ཏེ། ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་གསུམ་ལྷག་པ་ན། འབྱུང་བར་འདོད་དུ་ཟད་དོ། །སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མངོན་ 4-1-88 པར་འདུ་བྱེད་པ་མེད་པའི་ཚིག་ལྔ་པོ་དག་གིས་ནི་ཡོངས་སུ་གྲུབ་པ་བསྡུས་ཏེ། སྐྱེ་བ་མེད་པའི་ཕྱིར་མི་སྐྱེ་བའོ། །འགག་པ་མེད་པའི་ཕྱིར་མི་འགག་པའོ། །གོས་པ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའོ། །རང་བཞིན་གྱིས་ཡོངས་དུ་དག་པའི་ཕྱིར་རྣམ་པར་བྱང་བ་མེད་པའོ། །རྣམ་པར་དག་པའི་རྒྱུར་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར། མངོན་པར་འདུ་བྱེད་པ་མེད་པའོ། །ཞེས་དབུ་མ་པ་གསུངས། ངོ་བོ་ཉིད་ཡོངས་སུ་གྲུབ་པ་ནི། ཁམས་གསུམ་ནས། གདོད་ནས་རང་བཞིན་གྱིས་བྱུང་ཟིན་པའི་ཕྱིར་གསར་དུ་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ། གདོད་ནས་ངོ་བོ་ཉིད་ཀྱིས་གནས་པའི་ཕྱིར་དེ་ལ་ལྷག་པར་གནས་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། འགག་པ་མེད། དེ་ནས་ཕྲེང་ལྔ་ཅུང་མེད་ན། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །འདི་རྣམས་ཀྱི་དགོངས་པ་ནི་འདི་ཡིན་ཏེ། ཀུན་བཏགས་ཀྱི་ཆོས་ཐམས་ཅད་རང་སྟོང་པ་ཡིན་པས་གཤིས་ལུགས་ལ་མ་གྲུབ་པའི་ཕྱིར། ཁམས་གསུམ་ནས་འབྱུང་བ་དང༌། རྣམ་མཁྱེན་དུ་གནས་པ་ཡང་གཤིས་ལ་གྲུབ་པ་མེད་ལ་སྟོང་གཞི་ཡོངས་གྲུབ་ཀྱི་ཆོས་ཐམས་ཅད་ནི་གདོད་ནས་རང་བཞིན་གྱིས་ཁམས་གསུམ་ནས་བྱུང་ཞིང༌། རྣམ་མཁྱེན་དུ་གནས་པའི་ཕྱིར། གསར་དུ་ལྟུང་བ་དང༌། གནས་པ་མེད་ཅེས་པའི་སྟོན་ཏོ། །རྣམ་མཁྱེན་གྱི་གནས་དེ་ནི་མི་མཐུན་ཕྱོགས་ཀྱིས་བསྐྱོད་དུ་མེད་པའོ། །དེས་ན་རིག་པ་གང་དུ་ཡང་མི་བསྐྱོད་ཅིང༌། གང་དུ་ཡང་མི་གནས་ལ་རྟོག་པ་དང༌། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཤེར་ཕྱིན་ཟབ་མོ་ལ་མན་ངག་བཞིན་དུ་མཉམ་པར་བཞག་པར་བྱ་སྟེ། མི་རྟོག་ཡེ་ཤེས་ཀྱིས་རྣལ་འབྱོར་ཉམས་སུ་མྱོང་བ་རྣམས་ཀྱིས་ཡུལ་ཡིན་གྱི་རྟོག་གེའི་རྣམ་ཤེས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ། །བསྒོམ་པའི་ལམ་ལ་བཟུང་བའི་རྟོག་པ་དང་པོའི་གཉེན་པོ་ནི། རབ་འབྱོར་གཞན། འགྱུར་བ་མེད་དོ། །ཞེས་བྱ་བ་ནི། ཇི་ལྟར་ནམ་མཁའ་གང་ནའང་མི་གནས་པ་དེ་བཞིན་དུ། ཐེག་པ་ཆེན་པོ་ཡང་མཐར་ཕྱིན་ཅིང་ཆོས་ཀྱི་སྐུའི་བདག་ཉིད་ཡིན་པས་གང་དུ་ཡང་གནས་པར་མི་འགྱུར་རོ། །ཐེག་པ་ཆེན་པོ་འབའ་ཞིག་གནས་པར་མི་འགྱུར་བར་མ་ཟད་ཀྱི། ཀུན་བཏགས་པ་དང་ཡོངས་སུ་གྲུབ་པའི་ཆོས་རྣམས་ཀྱང་གང་ན་ཡང་མི་གནས་སོ། །ཞེས་བྱ་བར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། མི་དམིགས་པའི་ཕྱིར། ཞེས་བྱ་བ་ཀུན་བཏགས་པ་ནི་མེད་པའི་ཕྱིར། གང་ན་ཡང་མི་གནས་སོ། །ཡོངས་སུ་གྲུབ་པ་ནི་རྟེན་དང་རྟེན་མེད་པའི་ཕྱིར། གང་ན་ཡང་མི་གནས་སོ། །ཞེས་དབུ་མ་པ་གསུངས། དེས་ན། མི་གནས། ཚུལ་གྱིས་གནས་སོ། །ཞེས་བྱ་བ་ནི་གནས་མེད་པ་ཉིད་དེའི་གནས་པ་ཡིན་པར་ཐ་སྙད་གདགས་པར་བསྟན་པའོ། །ཞེས་དབུ་མ་པ་གསུངས། ཆོས་ཀྱི་དབྱིངས་ཆོས་ཐམས་ཅད་ལ་འབྲེལ་ཏེ། གནས་པ་ཡང་མ་ཡིན། མ་འབྲེལ་བཞིན་དུ་ཁྱབ་པར་མི་གནས། ཆེན་པོ་དེ་ཡང༌། ཆོས་ཐམས་ཅད་ལ་འབྲེལ་ཏེ། གནས་པ་ཡང་མ་ཡིན། མ་འབྲེལ་བཞིན་དུ་ཁྱབ་པར་མི་གནས། མི་གནས་པ་ཡང་མ་ཡིན་ནོ། །ཞེས་བྱ་བ་གསུངས་སོ། །དོན་དམ་པར་རྟེན་པའི་མཚན་ཉིད་མེད་པའི་ཕྱིར་གནས་པ་ཡང་མ་ཡིན་ 4-1-89 ནོ། །མི་གནས་པའི་མཚན་ཉིད་དུ་གནས་པའི་ཕྱིར། ཐ་སྙད་དུ་མི་གནས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་གནས་པ་དང༌། མི་གནས་པའི་མཚན་ཉིད་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་ཕྱེད་དང་ལྔ་ན། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ཀུན་བཏགས་པ་གང་ཡང་མེད་ན་གང་གི་ཕྱིར་ཏེ། དེ་ལས་ངེས་པར་འབྱུང་བར་འགྱུར། ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་བཅུ་གཅིག་ན། བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་བཅུ་གསུམ་དང་ཕྲེང་བཅུ་ན། བམ་པོ་བཅུ་གཉིས་པ། རབ་འབྱོར། རྣམ་གྲངས་དེས་ན། ཐེག་པ་དེ་ནི་ཀུན་རྫོབ་ཐམས་ཅད་ལ་འབྲེལ་ཏེ། མི་གནས་པར། མ་འབྲེལ་བཞིན་དུ་ཁྱབ་པར། གནས་པའི་ཚུལ་གྱིས་ཀུན་རྫོབ་གང་དུ་ཡང་འབྲེལ་ཏེ། གནས་བསྒོམ་པའི་ལམ་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ནི། རབ་འབྱོར། དེ་ནས་ཕྲེང་གཅིག་ན། འབྱུང་བར་འགྱུར་བ། གང་ཟག་དང༌། འགྱུ་བ་ལམ་དང༌། འགྱུར་བ་སྲིད་པའི་ཆོས། དེ་ནས་ཕྲེང་ཕྱེད་དང་བཞི་ན། བདག་དམིགས་སུ་མེད་དོ། །ཞེས་བྱ་བ་ནི་གལ་ཏེ་བདག་ལ་སོགས་པ་དང༌། གཟུགས་ལ་སོགས་པ་ཡོངས་སུ་ཟིན་ན། ཡོངས་སུ་གྲུབ་པ་ཤིན་ཏུ་རྣམ་པར་དག་པ་གང་ཡིན་པ་དེ་ཉམས་པར་འགྱུར་རོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ལྷག་པ་ན། དག་པའི་ཕྱིར། ཀུན་བཏགས་ཀྱི། དེ་བཞིན་ཉིད། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། བསྒོམ་པའི་ལམ་ལ་འཛིན་པའི་རྣམ་པར་རྟོག་པ་དང་པོའི་གཉེན་པོ་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྒྱུན་དུ་ཞུགས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། བསྒོམ་པའི་ལམ་ལ་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ནི། ཤིན་ཏུ་རྣམ་པར་དག །དེ་ནས་ཕྲེང་བདུན་ལྷག་ཙམ་ན། མི་དམིགས་པའི་གཏན་ཚིགས་བསྟན་པ། གང་མི། ཆོས་ཀྱི་དབྱིངས། རྣམ་ཤེས་ཀྱིས། མི་དམིགས། དམིགས་སུ་མེད་པ་ནི། རྣམ་ཤེས་ཀྱིས། དམིགས་པ་ཡང་མ་ཡིན། ཡེ་ཤེས་ཀྱིས། མི་དམིགས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། དེ་བཞིན་ཉིད། དེ་ནས་ཕྲེང་བཞི་ཅུང་མེད་ན། རབ་འབྱོར། ཆོས་ཉིད་ཀྱི་ཕུང་པོ་དང༌། ཁམས་དང༌། གཞུང་འདི་དང༌། ཕལ་ཆེན་དུ་འདུས་མ་བྱས་ཀྱི་རྟེན་འབྲེལ་བཅུ་གཉིས་གསུངས་པ་དང་དོན་གཅིག་ཅིང༌། གསང་སྔགས་རྣམས་སུ་བདེན་དོན་བཅུ་གཉིས་དང༌། གནས་སོགས་བཅུ་གཉིས་དང༌། ཕྱག་བཅུ་གཉིས་དང༌། སྒོ་བཅུ་གཉིས་དང༌། རྟ་བབས་བཅུ་གཉིས་ལ་སོགས་པ་གསུངས་པ་དང༌། དོན་གཅིག་པ་ཆོས་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང༌། དེ་ནས་ཕྲེང་གཅིག་ན། མི་དམིགས་པ་ཡང་མ་ཡིན་ནོ། །མདོར་ན་ཆོས་ཐམས་ཅད་ལ་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཤིང་དོན་དམ་གྱི་གཟུགས་ནས་རྣམ་མཁྱེན་གྱི་བར་ཐམས་ཅད་གཞན་སྟོང་ཡིན་པ་དང༌། རྣམ་ཤེས་ཀྱིས་དམིགས་སུ་མེད་ཅིང༌། ཡེ་ཤེས་ཀྱི་དམིགས་སུ་ཡོད་པ་དང༌། ཀུན་རྫོབ་ཐམས་ཅད་ལ་འབྲེལ་ཏེ་མི་གནས་ཀྱང་མ་འབྲེལ་བཞིན་དུ་ཁྱབ་པར་གནས་པ་དང༌། 4-1-90 རྟག་ཅིང་བརྟན་ཐེར་ཟུག་མི་འགྱུར་བའི་སྟོང་པ་ཉིད་སྙིང་པོ་ཅན་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཆ་མེད་ཀུན་འགྲོར་བཞུགས་པ་ལ་སོགས་པ་དང༌། ཀུན་རྫོབ་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་ཐམས་ཅད་གཤིས་ལ་མེད་པ་དང༌། རང་རང་ངོ་བོས་སྟོང་པ་ལ་སོགས་པ་གནས་པས་བཤད་པའི་ཚུལ་ཡང་སྔ་ཕྱི་ཐམས་ཅད་དུ་དེ་ལྟར་ཤེས་དགོས་སོ། །དེ་ནས་ཤོག་གུ་བཅུ་གསུམ་དང་ཕྲེང་གསུམ་ཅུང་མེད་ན། ཆོས་ཐམས་ཅད་ཅེས་བྱ་བ་ལ་ཆོས་ནི་རྣམ་པ་གཉིས་ཏེ། ཀུན་བཏགས་པའི་ཆོས་རྣམས་དང༌། ཡོངས་སུ་གྲུབ་པའི་ཆོས་རྣམས་སོ། །ཞེས་གསུངས་པའི་ཕྱིར། ཀུན་བཏགས་པའི་ཆོས་རྣམས་ནི་གཤིས་ལ་ནམ་མཁའི་མེ་ཏོག་ལྟར་ཅིར་ཡང་མ་གྲུབ་པས་ཅིར་ཡང་དམིགས་སུ་མེད་དོ། །ཡོངས་སུ་གྲུབ་པའི་ཆོས་རྣམས་ནི་ཀུན་རྫོབ་གང་དུ་ཡང་མ་གྲུབ་མོད་ཀྱི་རང་བཞིན་གཉུག་མ་འོད་གསལ་ཆོས་སྐུ་འགྱུར་མེད་བདེ་བ་ཆེན་པོ་བཅུ་གཉིས། དེ་ཉིད་བཅུ་དྲུག །རྡོ་རྗེའི་ཟླ་ཉི། ཨེ་བཾ། ཡི་གེ་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང༌། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཤེས་བཅུའི་རྣམ་དག་བདག་ཉིད་ཅན། དེ་བཞིན་ཉིད་བདག་དག་པའི་བདག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ལ་སོགས་པར་ནམ་ཡང་གང་ན་ཡང་ཁྱབ་པར་བཞུགས་ཤིང༌། སྐད་ཅིག་དང་རྟེན་འབྲེལ་དང་རྟོག་གེ་དང༌། རྣམ་ཤེས་ལས་ཤིན་ཏུ་འདས་པའི་ཕྱིར་རྣམ་ཤེས་ཀྱིས་ནི་དམིགས་པའི་ཚུལ། ལེའུ་བཅུ་གཅིག་གོ། །། ༈ དེ་རྣམས་ཀྱིས་ནི། ཚོ༷གས་ནི༷། ཞེས་པ་དོན་དགུ་པ་གསུངས་ཟིན་ཏོ། ། བམ་པོ་བཅུ་གསུམ་པ། ཆེད་དུ་བྱ་དང་། དེ་ནས་ཚེ་དང་ལྡན། དེ་ནས་ཕྲེང་གཅིག་དང་ལྷག་པ་ན། བཅོམ་ལྡན་འདས་ཇི་ལྟར་ནམ་མཁའ་གང་ནའང་མི་གནས་པ་དེ་བཞིན་དུ། ཐེག་པ་ཆེན་པོ་ཡང་མཐར་ཕྱིན་ཅིང་ཆོས་ཀྱི་སྐུའི་བདག་ཉིད་ཡིན་པས། ཞེས་གསུངས་པའི་ཕྱིར། མཐར་ཐུག་གཞི་འབྲས་ཀྱི་ཐེག་པ་ཆེན་པོ། དེ་ནི། དོན་དམ་ཆོས་སྐུ་ཡིན་པས་ནམ་མཁའ་དང་མཉམ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆེ་བ་གསུམ་གྱི་ཕྱིར་ཏེ། དང་པོ་སྐབས་འབྱེད་པ་ཆེ་བ་ནི། ཇི་ལྟར། དེ་ནས་ཕྲེང་གཉིས་ན། གཉིས་པ་སྐྱེ་འགག་ལ་སོགས་པ་མེད་པའི་ཆེ་བ། བཅོམ་ལྡན་འདས། ཐེག་པ་ཆེན་པོ། འདུས་མ་བྱས་ཀྱི་དབྱིངས། འདི་ལ་ཡང༌། མི་དམིགས། གློ་བུར་དུ་གནས་པ་ཡང༌། གསུམ་པ་དུས་ཀྱིས་མ་བསྡུས་པའི་ཆེ་བ། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ན། ཐེག་པ་ཆེན་པོ། དོན་དམ་བདེ་གཤེགས་སྙིང་པོ། འདི་ཡང༌། དུས་གསུམ་དུས་མེད་རྟོགས་པ་པོ་ཡིན་པར་བཀའ་སྩལ་པས། དུས་གསུམ་མཉམ་པ་ཉིད། དེ་ནས་ཤོག་གུ་གསུམ་ལ་ཕྲེང་ཕྱེད་དང་གཉིས་ཆད་པ་ན། འདི་ནས་གནས་བརྟན་གྱི་ཚིག་དེ་དག་སོ་སོར་སྨོས་ཏེ་རྒྱ་ཆེར་བསྟན་ཏོ། །རབ་འབྱོར། གང་ཡང༌། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། རབ་འབྱོར། གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་བསྟན་པར་འགྱུར་ཞེ་ན། གལ་ཏེ་འདོད་པའི་ཁམས་ལ་སོགས་པ་ཆོས་ཐམས་ཅད་ཀུན་བཏགས་པ་དང༌། ཡང་དག་པ་མ་ཡིན་པ་མ་ཡིན་ཏེ། ཡོངས་སུ་གྲུབ་པ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཞིག་ཡིན་དུ་ཟིན་ན། ཐེག་པ་ཆེན་པོ་འདི་དེ་ 4-1-91 དག་ལ་ངེས་པར་འབྱུང་བར་མི་འགྱུར་ཞིང༌། དེ་དག་ཡོངས་སུ་སྤོང་བར་མི་འགྱུར་བ་ཞིག་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཀུན་བཏགས་པ་སྟེ། ཡང་དག་པ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདི་དེ་དག་ཡོངས་སུ་སྤོང་བར་འགྱུར་རོ། །ཞེས་བསྟན་པ་ཡིན་ནོ། །ཞེས་དབུ་མ་པ་གསུངས། འདོད་པའི་ཁམས། ཕྱིན་ཅི་ལོག་མ་ཡིན་ལ། སྐབས་འདིར་དེ་ཁོ་ན་ཞེས་པ་གཅིག་ཁྲི་བརྒྱད་སྟོང་པ་དང༌། དབུ་མ་པ་ཆེན་པོ་དབྱིག་གཉེན་གྱིས་འགྲེལ་པ་གནོད་འཇོམས་སུ་བྱུང་ཞིང༌། གཞུང་འདི་དང་ཉི་ཁྲི་ན་མེད་དོ། །བདེན་པ་ཡང་དག་པ་སྟེ། ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་འདོད་པའི་ཁམས་དངོས་པོར་ཡོད་པར་འགྱུར་རོ། །དངོས་པོ་མེད་པ་ལམ་ཡིན་ན་ཞེས་བྱ་བ་སྦྱོར་ཏེ། གལ་ཏེ་འདོད་པའི་ཁམས་ཡོད་པར་གྱུར་ཏེ་མེད་པ་མ་ཡིན་ན། ཡོངས་སུ་གྲུབ་པའི་མཚན་ཉིད་དང༌། བདེན་པའི་མཚན་ཉིད་དང༌། འདུས་མ་བྱས་ཀྱི་མཚན་ཉིད་དང༌། རྣམ་པ་གསུམ་གྱིས་ཡོད་པ་ཉིད་དུ་འགྱུར་ཏེ། དེ་ལ་དེ་བཞིན་ཉིད་མ་ནོར་བ་དག་གཞན་མ་ཡིན་པ་ཞེས་བྱ་བའི་ཚིག་གསུམ་གྱིས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་ཏོ། །ཕྱིན་ཅི་མ་ལོག་པ་དང༌། དེ་ཁོ་ན་དང༌། ཡང་དག་པ་དང༌། བདེན་པ་དང༌། ཇི་ལྟ་བ་བཞིན་ཞེས་བྱ་བའི་ཚིག་ལྔས་ནི་བདེན་པར་བསྟན་ཏོ། །རྟག་པ་དང༌། བརྟན་པ་དང༌། ཐེར་ཟུག་དང༌། མི་འགྱུར་བའི་ཆོས་ཅན་ཞེས་བྱ་བ་ཚིག་བཞིས་ནི་འདུས་མ་བྱས་ཀྱི་མཚན་ཉིད་བསྟན་ཏོ། །དེ་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་འདིར་རྣམ་པ་གསུམ་སྟེ། མི་འཇིགས་པར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང༌། མི་འགྱུར་བར་ཡོངས་སུ་གྲུབ་པའོ། །དེ་ལ་དེ་བཞིན་དུ་འགྱུར་ཞེས་བྱ་བས་མི་འཇིགས་པར་ཡོངས་སུ་གྲུབ་པ་བསྟན་ཏོ། །མ་ནོར་བ་ཞེས་བྱ་བས་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་བསྟན་ཏོ། །གཞན་མ་ཡིན་པ་ཞེས་བྱ་བས་ནི་མི་འགྱུར་བར་ཡོངས་སུ་གྲུབ་པ་བསྟན་ཏོ། །བདེན་པའི་མཚན་ཉིད་ཀྱང་ཕྱིན་ཅི་མ་ལོག་པའི་མཚན་ཉིད་རྣམ་པ་ལྔ་སྟེ། དཔེར་ན། སྨིག་རྒྱུ་ལ་ཆུར་ཕྱིན་ཅི་ལོག་ཏུ་གྱུར་པ་མེད་པ་ལྟ་བུ་སྟེ། དེ་ནི་ཕྱིན་ཅི་མ་ལོག་པ་ཞེས་བྱ་བ་བསྟན་ཏོ། །ངོ་བོ་ཉིད་ཀྱི་མཚན་ཉིད་ནི་དཔེར་ན་སྒྱུ་མ་ལ་ངོ་བོ་ཉིད་མེད་པའི་དངོས་པོ་ལྟ་བུ་སྟེ། དེ་ནི་དེ་ཁོ་ན་ཉིད་ཅེས་བྱ་བ་བསྟན་ཏོ། །ཡོད་པའི་མཚན་ཉིད་དཔེར་ན། སྐྲ་ཤད་འཛིངས་པ་ལ་སོགས་པ་ཡོད་པ་མ་ཡིན་པའི་མཚན་ཉིད་དུ་གྱུར་པ་མེད་པ་ལྟ་བུ་སྟེ། དེ་ནི་ཡང་དག་པ་ཞེས་བྱ་བས་བསྟན་ཏེ། མི་སླུ་བའི་མཚན་ཉིད་ནི་དཔེར་ན། ཟླ་བ་ནི་གཉིས་སུ་གྱུར་པ་ལ་སོགས་པར་འཁྲུལ་བའི་མཚན་ཉིད་མེད་པ་ལྟ་བུ་སྟེ། དེ་ནི་བདེན་པ་ཞེས་བྱ་བ་བསྟན་ཏོ། །རིགས་པའི་མཚན་ཉིད་ནི་དཔེར་ན་རྟག་པ་དང་བདེ་བ་དང༌། བདག་ལ་སོགས་པ་འཐད་པ་དང་བྲལ་བར་གྱུར་པ་མེད་པ་ལྟ་བུ་སྟེ། དེ་ནི་ཇི་ལྟ་བ་བཞིན་དུ་ཞེས་བྱ་བས་བསྟན་ཏོ། །འདུས་མ་བྱས་ཀྱི་མཚན་ཉིད་ནི་རྣམ་པ་བཞི་སྟེ། མདོར་བསྡུས་ན་ཆོས་ཀྱི་དབྱིངས་དེ་སྐྱེ་མ་ཡིན་ནམ་ཡང་འགག་པར་འགྱུར་བ་མེད། དུས་རྣམས་ཀུན་ཏུ་ཉོན་མོངས་མེད། ཐོག་མ་བར་མཐའ་དྲི་མ་བྲལ། སྐྱེ་བ་འགག་པ་མེད་པའི་མཚན་ཉིད་ནི། 4-1-92 འདི་ལྟ་སྟེ། རྟག་པ་ཞེས་བྱ་བར་གསུངས་སོ། །རྟག་ཏུ་གནས་པའི་མཚན་ཉིད་ནི། འདི་ལྟ་སྟེ། བརྟན་པ་ཞེས་བྱ་བ་གསུངས་པའོ། །ཆད་པ་མེད་པའི་མཚན་ཉིད་ནི། འདི་ལྟ་སྟེ། ཐེར་ཟུག་ཅེས་གསུངས་པའོ། །མི་འགྱུར་བའི་མཚན་ཉིད་ནི། འདི་ལྟ་སྟེ། མི་འགྱུར་བའི་ཆོས་ཅན་ཞེས་གསུངས་པའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གསུངས་སོ། །དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་ཕྱེད་དང་བཅུ་གཉིས་ན། ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །སྐབས་འདིར་ཁྲི་བརྒྱད་སྟོང་པ་དང༌། དབུ་མ་པ་ཆེན་པོའི་གནོད་འཇོམས་སུ་དེ་བཞིན་ཉིད་ལ་སོགས་པ་ཡོངས་གྲུབ་དགུ་བྱུང༌། གཞུང་འདི་དང་ཉི་ཁྲིར་མ་བྱུང༌། བམ་པོ་བཅུ་བཞི་པ། རབ་འབྱོར། གལ་ཏེ་བདེན་པ་གཉིས་བསྡུས་པའི། སྦྱིན་པའི་ཕ་རོལ། དེ་ནས་ཤོག་གུ་དགུ་དང་ཕྲེང་དགུ་ན། འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ། །ཆོས་ཀྱི་དབྱིངས་ལ་སོགས་པའི་ཡོངས་སུ་གྲུབ་པ་བཞི་པོ་འདི་ཉིད་ནི་ཉི་ཁྲིར་བྱུང་ཞིང༌། ཁྲི་བརྒྱད་སྟོང་པ་དང༌། གནོད་འཇོམས་སུ་མ་བྱུང༌། དེ་ནས་ཤོག་གུ་གཉིས་ན་ཕྲེང་གཉིས་ཆད་པ་ན། གསུངས་ཡན་ལག་དྲུག་ཅུ་དང་ལྡན་པ། འགྲེལ་པ་གནོད་འཇོམས་གཉིས་དང༌། ཉི་ཁྲི་སྣང་བ་ལ་སོགས་པར་གསུངས་པ་རྣམས། དངོས་པོ་ཡོད་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། སངས་རྒྱས་ཀྱིས་གསུངས། མཉེན་འཇམ་ཡིད་འོང་ཡིད་དུ་འཐད། །དག་པ་དྲི་མེད་རབ་ཏུ་གསལ། །སྙན་ཅིང་འཇེབས་ལ་མཉན་པར་འོས། །མི་ཚུགས་སྙན་པ་དུལ་མི་རྩུབ། །མི་བརླང་རབ་དུལ་རྣ་བར་སྙན། །ལུས་སིམ་བྱེད་དང་སེམས་ཚིམ་བྱེད། །སྙིང་དགར་བྱེད་དང་དགའ་བདེ་སྐྱིད། །ཡོངས་སུ་གདུང་མེད་ཀུན་ཤེས་བྱ། །རྣམ་པར་རིག་བྱ་རྣམ་བསལ་བ། །དགའ་བར་བྱེད་དང་མངོན་དགར་བྱེད། །ཀུན་ཤེས་བྱེད་དང་ཀུན་རིག་བྱེད། །རིག་པ་འབྲེལ་བ་བློ་སྐྱོན་མེད། །སེང་གེའི་སྒྲ་ཡི་ཤུགས་ཅན་དང༌། །གླང་ཆེན་སྒྲ་སྐད་འབྲུག་སྒྲའི་དབྱངས། །ཀླུ་དབང་སྒྲ་དང་དྲི་ཟའི་གླུ། །ཀ་ལ་པིང་ཀའི་སྒྲ་དབྱངས་དང༌། །ཚངས་པའི་སྒྲ་དབྱངས་བསྒྲགས་པ་དང༌། །ཤང་ཤང་དེའུའི་སྒྲ་དབྱངས་གྲག །ལྷ་ཡི་དབང་པོའི་དབྱངས་ལྟར་སྙན། །རྔ་སྒྲ་མ་ཁེངས་མི་དམའ་བ། །སྒྲ་ཀུན་གྱིས་ནི་རྗེས་སུ་ཞུགས། །ཚིག་ཟུར་མ་ཆགས་མ་ཚང་མེད། །མ་ཞུམ་མི་ཞན་རབ་དགའ་ཁྱབ། །ཆུབ་དང་རྒྱུན་ཆགས་འཕེལ་བ་དང༌། །སྒྲ་ཀུན་རྫོགས་པར་བྱེད་པ་དང༌། །དབང་ཀུན་ཚིམ་བྱེད་མ་སྨད་པ། །མི་འགྱུར་མ་བརྡབས་འཁོར་ཀུན་གྲགས། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཡན་ལག་དྲུག་ཅུ་དང་ལྡན་པ། །དེ་ནས་ཕྲེང་དགུ་ཅུང་མེད་ན། འདའ་བར་འགྱུར་རོ། །མཉམ་ཉིད་དང༌། །རབ་འབྱོར། གང་ཡང༌། དེ་དེ་བཞིན་ཏེ། གཞི་འབྲས་ངོ་བོ་དབྱེར་མེད་ཀྱི། ཐེག་པ་དེ་ནི་སྟོང་གཞི་དོན་དམ་ཆོས་སྐུ་ཡིན་པའི་ཕྱིར། ནམ་མཁའ་དང་མཉམ་མོ། །དེ་ནས་ཕྲེང་གསུམ་ལྷག་པ་ན། ཐེག་པ་ཆེན་པོ། རང་བྱུང་ཡེ་ཤེས་མཁའ་ཁྱབ། དེ་ཡང་ཀུན་རྫོབ་ཀྱི། རིང་པོ་མ་ཡིན། མི་མཉམ་པ་མ་ཡིན་ཏེ། དཔལ་ཀྱེའི་རྡོ་རྗེར། དེ་ནི་རིང་མིན་ཐུང་བ་མིན། །གྲུ་བཞི་མ་ཡིན་ཟླུམ་པོ་མིན། །དྲི་དང་རོ་དང་མྱ་ངན་འདས། །ལྷན་ཅིག་སྐྱེ་ 4-1-93 དགའ་བྱེད་པ་དང༌། །ཞེས་པ་གང་གསུངས་པ་དང་དོན་གཅིག་ཉིད་དུ་བྱ་རྒོད་ཀྱི་བལྟ་ལུགས་བཞིན་གསང་སྔགས་གནམ་འཕང་མཐོན་པོ་ནས་བལྟས་པས་མཐོང་བ་ཡིན་ནོ། །དེ་ནས་ཕྲེང་གཅིག་ལྷག་པ་ན། ཐེག་པ་ཆེན་པོ་དོན་དམ། དེ་ཡང༌། ཀུན་རྫོབ་ཀྱི། སྔོན་པོ། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། ཐེག་པ་ཆེན་པོ། མྱང་འདས་ཆེན་པོ། དབུ་མ་ཆེན་པོ། ཕྱག་རྒྱ་ཆེན་པོ། རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ། སྟོང་པ་ཆེན་པོ། འགྱུར་མེད་ལྔ་དང་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་དབྱེར་མེད་པ། དོན་དམ་པའི་ཨཱ་ལི་ཀཱ་ལི། ཐིག་ལེ་གྲུ་གསུམ། རྡོ་རྗེ་བྷ་ག རྡོ་རྗེ་སེམས་དཔའ། རྡོ་རྗེ་བདུད་རྩི། རྡོ་རྗེ་འཇིགས་བྱེད། རྡོ་རྗེ་ཕག་མོ། རྡོ་རྗེ་བདག་མེད་མ། རྡོ་རྗེ་མཁའ་འགྲོ། རྒྱ་མཚོ་ལ་སོགས་པ་རང་བཞིན་གཉུག་མ་རང་བཞིན་ལྷུན་གྲུབ་ཆོས་དབྱིངས་མཁའ་ཁྱབ་ཀྱི་ལྷ་དང་སྔགས་ལ་སོགས་པ་འདུས་མ་བྱས་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་གང་ཡིན་པ་དེ་ཡང༌། ཀུན་རྫོབ་ཀྱི་འདས་པ་མ་ཡིན། དེ་ནས་ཕྲེང་གཅིག་ལྷག་པ་ན། ཐེག་པ་ཆེན་པོ་ཤེར་ཕྱིན་འདུས་མ་བྱས་དེ་ཡང༌། དེ་ནས་ཕྲེང་ཕྱེད་གཉིས་ན། དེ་ལ་ཡང་ངོ་བོ་ལ། ཀུན་ནས་ཉོན་མོངས་པ་མེད། གློ་བུར་གྱི་རྣམ་པར་བྱང༌། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཀུན་རྫོབ་གང་ལ་ཡང་འབྲེལ་ཏེ། གནས་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཐེག་པ་ཆེན་པོ། གྲགས་པ་བཀྲ་ཤིས་སྙན་གྲགས་དགེ། །ཞེས་དང༌། ཆོས་ཁམས་དགེ་བ་ཡང༌། ཞེས་གསུངས་པ་གང་ཡིན་པ། དེ་ཡང༌། འདུས་མ་བྱས་ཀྱི་དགེ་བ་ཡིན་པས། འདུས་བྱས་ཀྱི་དགེ་བ་མ་ཡིན། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཐེག་པ་ཆེན་པོ་དེ་ཡང༌། རྣམ་ཤེས་དང་རྟོག་གེས་མཐོང་ངམ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཐེག་པ་ཆེན་པོ་དེ་ཡང༌། རྣམ་ཤེས་ཀྱིས་ཤེས། ཡེ་ཤེས་ཀྱིས་ཤེས་པར་མི་བྱ་བ་ཡང་མ་ཡིན། ཞེས་བྱ་བ་ནི། རི་བོང་གི་རྭ་ལྟར་ཤིན་ཏུ་མེད་པ་ཡང་མ་ཡིན་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། སྡུག་བསྔལ་ཀུན་འབྱུང་དུ་གཏོགས་པའི་ཤེས་པ་ཐམས་ཅད་ཀྱིས། རྣམ་པར་ཤེས། དེ་ནས་ཕྲེང་གཅིག་ལྷག་པ་ན། ཐེག་པ་ཆེན་པོ་དེ་ཡང༌། ཀུན་རྫོབ་ཀྱི་རྣམ་སྨིན་པ། འབྲས་བུ་ཡང་མ་ཡིན། རྣམ་པར་འགྱུར་བའི་ཆོས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཆེན་པོ་དེ་ཡང་ཀུན་རྫོབ་ཀྱིས། འདོད་པའི། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཆེན་པོ་དེ་ཡང༌། ཐོབ་ཟིན་པ་རྣམས་ལ། འདོད་ཆགས། མ་ཐོབ་པ་རྣམས་ལ། འདོད་ཆགས། ཞེ་སྡང་དང༌། དབྱེར་མེད་དུ་ལྡན་པ་མ་ཡིན། ཞེ་སྡང་ཐ་དད་དུ་ལྡན་པ་དང་བྲལ་བ། ཡིན་པའི་ཚུལ་གྱིས། གཏི་མུག་དང་ལྡན་པའི་ཡང་མ་ཡིན། ཡོད་པའི་ཚུལ་གྱིས། གཏི་མུག་དང་བྲལ། དང་པོ་དང་བསྐྱེད་པ་ས་དང་པོ་མེད་དོ། །དེ་བཞིན་དུ་གཉིས་པ། དེ་ནས་ཕྲེང་གཅིག་ན། ཐེག་པ་ཆེན་པོ། དོན་དམ་བྱང་ཆུབ་ཀྱི་སེམས། དེ་ཡང་ཀུན་རྫོབ་ཀྱི། སེམས་བསྐྱེད་ཐམས་ཅད་དབྱེར་མེད་དུ་མེད་པས། སེམས་དང་པོ་བསྐྱེད། དེ་ནས་ཕྲེང་གསུམ་ཅུང་མེད་ན། དབྱེར་མེད་དུ་དཀར་པོ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཆེན་པོ་དེ་ལ་ཡང༌། དོན་དམ་གྱི་འཕགས་པ་དང༌། འབྲས་བུ་ཀུན་འདུས་ཡིན་ཡང་ཀུན་རྫོབ་ཀྱི་འཕགས་པ་དང་འབྲས་ 4-1-94 བུ་ཐམས་ཅད་དབྱེར་མེད་དུ་མེད་པས། རྒྱུན་དུ་ཞུགས། དེ་ནས་ཕྲེང་གཉིས་ལྷག་པ་ན། ཆེན་པོ་དེ་ལ་ཡང༌། དོན་དམ་འདུས་མ་བྱས་ཀྱིས་ཐམས་ཅད་གདོད་ནས་དབྱེར་མེད་དུ་ཡང་ཀུན་རྫོབ་ཀྱིས། ཉན་ཐོས་ཀྱིས་དབྱེར་མེད་དུ་མེད་དོ། །དེ་ནས་ཕྲེང་གཅིག་ལྷག་པ་ན། ནམ་མཁའ་ནི་རང་གི་གཟུགས་དང་ལྡན་པ་མ་ཡིན། སྤྲིན་ལ་སོགས་པའི་གཟུགས་མེད་པ་མ་ཡིན། ནམ་མཁའི་ཁ་དོག་ལྟར་བསྟན་དུ་མེད་པ། ཐོགས་པ་མེད་པའི་ཆོས་ཉིད་མ་ཡིན། འདུས་བྱས་རྣམས་དབྱེར་མེད་དུ་ལྡན་པའང་མ་ཡིན། དེ་ཆོས་ཉིད་མི་ལྡན། ཆེན་པོ་དེ་ཡང་ཀུན་རྫོབ་ཀྱི་གཟུགས་དང༌། དབྱེར་མེད་དུ་ལྡན་པ་མ་ཡིན། དོན་དམ་པའི་གཟུགས། དབྱེར་མེད་དུ་མེད་པ་མ་ཡིན། དེ་གཟུགས་མེད་གཟུགས་བཟང་དམ་པ་ཡིན་པས་སོ། །རྣམ་རྟོག་རྣམ་ཤེས་ལ། བསྟན་དུ་ཡོད་པ་མ་ཡིན། རྣམ་རྟོག་ཡེ་ཤེས་ལ་བསྟན་དུ་མེད། ཐོགས་པ་ཡོད་པ་མ་ཡིན། ཀུན་རྫོབ་ཀྱི་ཐོགས་པ། ཀུན་རྫོབ་ཀྱི་ཆོས་དབྱེར་མེད་དུ་ལྡན་པ་མ་ཡིན། དོན་དམ་གྱི་ཡོན་ཏན་གང་གཱའི་ཀླུང་གི་རྡུལ་སྙེད་ལས་འདས་པ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་ཐམས་ཅད་དབྱེར་མེད་དུ་མི་ལྡན། དཔེར་ན། རྒྱན་ནམ་མཁའ་ལ་སོགས་པ་ནི་རྟག་པ་མ་ཡིན། འདུས་མ་བྱས་ནམ་མཁའ་ནི་མི་རྟག་པ་མི་རྟག་པ་མ་ཡིན། ཀུན་རྫོབ་ཀྱི་བདག་མེད་པའི་ཆོས་ཉིད་མ་ཡིན། ཆེན་པོ་དེ་ཡང༌། ཀུན་རྫོབ་ཀྱི་རྟག་པ་མ་ཡིན། འདུས་བྱས་ཀྱི་བདེ་བ་མ་ཡིན་ཏེ། བདེ་སྡུག་སེལ་བ་མཐར་གྱུར་པ་ཞེས་གསུངས་པས་སོ། །ཀུན་རྫོབ་ཀྱི་བདག་ཡོད་པ། དོན་དམ་གྱི་བདག་མེད་པ་མ་ཡིན་ཏེ། དེ་བཞིན་ཉིད་བདག་དག་པའི་བདག་ཡིན་པས་སོ། །ཀུན་རྫོབ་ཀྱི། ནམ་མཁའ་ནི་སྤྲིན་ལ་སོགས་པ་ཡོད་པས། སྟོང་པ་མ་ཡིན། རང་གི་ངོ་བོ་མི་སྟོང་པ། མཚན་མ་མེད་པའི་ཆོས་ཉིད་མ་ཡིན། མེད་པའི་ཆོས་དབྱིངས་མ་ཡིན་ནོ། །ཆེན་པོ་དེ་ཡང༌། རང་གིས་ངོ་བོས་སྟོང་པ་མ་ཡིན། དེ་ལས་གཞན་ཀུན་རྫོབ་ཀྱིས། མི་སྟོང་པ་མ་ཡིན། མཚན་མ་རང་བཞིན་གྱིས་མེད་པས། མཚན་མ་མེད་པ་གློ་བུར་དུ་བྱུང་བ་མ་ཡིན། ཡོད་པ་མ་ཡིན། སྨོན་པ་རང་བཞིན་གྱིས་མེད་པས། སྨོན་པ་མེད་པས་གློ་བུར་དུ་བྱུང་བ་མ་ཡིན་ཏེ། དེ་ནི་ཞི་བའི་ཡེ་ཤེས་མ་ཡིན། དབེན་པའི་ཡེ་ཤེས་མ་ཡིན། འདུས་བྱས་ཀྱིས་མི་དབེན་པ། དེ་ཡང་རང་བཞིན་གྱིས། ཞི་བ་ཡིན་པས། ཞི་བ། གློ་བུར་དུ་བྱུང་བ་མ་ཡིན། མ་ཞི་བ་མ་ཡིན། རང་གིས་དང༌། དབེན་པ་མ་ཡིན། གཞན་ཀུན་རྫོབ་ཡིན་པས། མི་དབེན། དེ་ནས་ཕྲེང་གཅིག་ན། དེ་ཡང༌། ཀུན་རྫོབ་ཀྱིས། སྣང་བ། ནམ་མཁའ་ནི་དབང་ཤེས་ཀྱིས། དམིགས་མ་ཡིན། ཡེ་ཤེས་ཀྱིས། དམིགས་དེ་ཡང༌། རྣམ་ཤེས་ཀྱིས། དམིགས་ཡེ་ཤེས་ཀྱིས། དམིགས་མ་ཡིན། དམིགས་སུ་ཡོད་མེད་འདིའི་ཚབ་ཏུ་ཁྲི་བརྒྱད་སྟོང་པར་འཐོབ་པ་ཡང་མ་ཡིན། དམིགས་སུ་ཡོད་པ་མ་ཡིན། ཞེས་པ་བྱུང་ཞིང༌། གནོད་འཇོམས་སྔ་མ་ཡང་དེ་དང་མཐུན་ཏེ། དེ་ཡང༌། ཚིག་གི་ལམ་དུ་མ་གཏོགས་པས། བརྗོད་དུ་ཀུན་རྫོབ་ཏུ་ཚིག་གིས་བསྟན་པར་བྱ་བ་མ་ཡིན་པས་བརྗོད་དུ་མེད། ནམ་མཁའ་དང་མཉམ་པ་སྟེ། འདིར་གཞི་འབྲས་ཀྱི་ཐེག་ཆེན་མཐར་ཐུག་ནི་དེ་བཞིན་ཉིད་དེ། ལམ་གྱི་ 4-1-95 ཐེག་ཆེན་ནི་ཐེག་ཆེན་གྱི་ལྟ་སྒོམ་སྤྱོད་པ་རྣམ་དག་སྟེ། འདི་ལྟར། སེམས་ཅན་དོན་དང་། རབ་འབྱོར། དེ་ནས་ཕྲེང་གསུམ་ན། རིག་པར་བྱ་སྟེ། ཞེས་བྱ་བའི་དོན་གང་ཡིན་ཞེ་ན། གང་ཟག་བདག་མེད་པས་ཆོས་བདག་མེད་པ་ལ་འཇུག་པར་འགྱུར་བའི་ཕྱིར་སྔར་སེམས་ཅན་མེད་པ་ལ་གནས་ནས་ནམ་མཁའ་མེད་པ་ལ་གནས་པར་འགྱུར་རོ། །ནམ་མཁའ་མེད་པས་ཐེག་པ་ཆེན་པོ་མེད་པར་ལ་གནས་པར་འགྱུར་རོ། །དེ་དག་མེད་པའི་དཔག་ཏུ་མེད་པ་ལ་སོགས་པའི་ཆོས་རྣམས་ཀྱང་མེད་པ་ཉིད་དེ་ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་རིག་པར་བྱའོ། །ཞེས་དབུ་མ་པ་གསུངས། འོ་ན་སྔར་ཐེག་པ་ཆེན་པོ་ཆོས་སྐུ་ལ་བཤད་པ་དང་མི་འགལ་ལམ་ཞེ་ན། སྐྱོན་མེད་དེ། འདིར་མེད་པའི་དོན་དམིགས་སུ་མེད་པ་ལ་བྱ་སྟེ། མཉམ་བཞག་གི་དུས་སུ་ཆེད་དུ་ཡང་མི་རྟོག་ཅེས་པ་གཞུང་གི་དགོངས་པའོ། །དེ་ལྟར་ཡང་འོག་ཏུ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་འབྱུང་བས་སོ། །འདི་འདྲ་བ་དག་ལ་དགོངས་ནས། བཅོམ་ལྡན་འདས་ཉིད་ཀྱི་རང་འགྲེལ་གྱིས་འཁོར་ལོ་གཉིས་པའི་སྐབས་སུ་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་ཚིག་གིས་གནས་སུ་གྱུར། ཞེས་པ་ཡང་དྲན་པར་བྱའོ། །དེ་ནས་ཕྲེང་བཅུ་གཉིས་ལྷག་པ་ན། དེ་བཞིན་ཉིད་མེད་པར་རིག་པར་བྱའོ། །ཞེས་བྱ་བ་ནི་སེམས་ཅན་མེད་པས། ཀུན་བཏགས་པའི་གཟུགས་ཀྱི་དེ་བཞིན་ཉིད་དང༌། སྒྲའི་དེ་བཞིན་ཉིད་ལ་སོགས་པ་མེད་པར་རིག་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་མེད་པའི་ཕྱིར། ནམ་མཁའ་དང་མཚུངས་པས་གོ་སྐབས་འབྱེད་དོ། །ཞེས་བྱ་བར་དགོངས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་བཅོ་ལྔ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་བཅུ་བདུན་ལ་ཕྲེང་ཕྱེད་དང་གསུམ་ཆད་པ་ན། འབད་མེད་དང༌། །རབ་འབྱོར། གང་ཡང༌། དེ་ནས་ཕྲེང་གཉིས་ན། གནས་པར་འགྱུར་བ་མེད་དོ། །ཞེས་བྱ་བ་ནི་མཐར་ཐུག་པའི་ཐེག་པ་ཆེན་པོའི་གནས་སྐབས་ན། ཆོས་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་ཟད་པའི་ཕྱིར། སྐྱེ་བ་དང༌། འགག་པ་དང༌། གནས་པ་མེད་པས་མི་གཡོ་བར་སྣང་ངོ༌། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གསུམ་ལྷག་པ་ན། འགྱུར་བ་མེད་དོ། །ཞེས་བྱ་བ་ནི་མཐར་ཐུག་པའི་ཐེག་པ་ཆེན་པོའི་ས་ལ་ཆོས་ཀྱི་དབྱིངས་དེ་ཉིད་རང་བཞིན་ཉིད་དང༌། དེ་བཞིན་ཉིད་དང༌། ངོ་བོ་ཉིད་དང༌། མཚན་ཉིད་ཁོ་ནར་བཟུང་སྟེ། དེ་ཉིད་རང་བཞིན་གྱིས་གཞན་ནི་མེད་དོ། །དེ་ནི་དེ་བཞིན་ཉིད་ཡིན་གྱི་གཞན་མ་ཡིན་ནོ། །དེ་ནི་ངོ་བོ་ཉིད་ཡིན་གྱི་གཞན་མ་ཡིན་ནོ། །དེ་ཉིད་མཚན་ཉིད་ཀྱི་གཞན་མ་ཡིན་ཏེ། དེ་ལ་ཕྱེ་སྟེ། སྨོས་པ་ཙམ་དུ་ཟད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་ན། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་བཅུ་དགུ་དང་ཕྲེང་གསུམ་ན། བམ་པོ་བཅུ་ བདུན་པ། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཅིག་ཆད་པ་ན། མཐའ་ལས་འདས་པར་ངེས་འབྱུང་དང༌། །རབ་འབྱོར། གང་ཡང༌། དེ་ནས་ཕྲེང་དྲུག་ན། རྣམས་ཀྱི། དུས་གསུམ། མཉམ་པ་ཉིད་ཀྱི་ 4-1-96 ཐེག་པ་སྟེ། ཞེས་བྱ་བས། མཇུག་བསྡུས་ཏེ་བསྟན་པ་ཅི་ལས་དགོངས་ཞེ་ན། དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཞེས་བྱ་བ་ནི་མཐར་ཐུག་པའི་ཐེག་པ་ཆེན་པོ་ལ་བྱའོ། །ཐེག་པ་ཆེན་པོ་དེ་ཡང་ཐ་དད་དུ་བྱ་བ་ཐམས་ཅད་དང་བྲལ་བས་གཅིག་པུའི་བདག་ཉིད་དེ། དེ་ལ་ནི་དུས་བྱ་བ་དང༌། དུས་མཉམ་པ་ཉིད་ཅེས་བྱ་བ་དང༌། ཐེག་པ་ཆེན་པོ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཐམས་ཅད་སྟོང་པ་ཉིད་ཙམ་དུ་ཟད་པའི་ཐེག་པའོ། །སྟོང་པ་ཉིད་ཙམ་དུ་ཟད་པ་དེ་ལ་ནི་ཀུན་བཏགས་པའི་ཆོས་དེ་དག་མེད་པའི་ཕྱིར་ཐམས་ཅད་སེལ་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ལ་མི་མཉམ་པ། འདོད་ཆགས་དང་མཉམ་པ། དེ་བཞིན་དུ་སྦྱར་ཏེ། ཞེ་སྡང་དང༌། དེ་ནས་ཕྲེང་བདུན་ལྷག་པ་ན། འགྱུར་བ་ལྟ་ཅི་ཞིག་སྨོས། ཞེས་བྱ་བ་ལ་གཟུགས་ཀྱི་སྟོང་པ་ཞེས་བྱ་བ་གང་གི་ཚེ་གཟུགས་དང་འབྲེལ་བའི་སྟོང་པ་ཉིད་གཟུང་བ་དེའི་ཚེ། སྟོང་པ་ཉིད་ཀྱང་ཀུན་བཏགས་པ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ན། སྟོང་པ་ཉིད་དེ་ལ་གཟུགས་ཡོད་པར་ག་ལ་འགྱུར། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་བརྒྱད་ལྷག་ཙམ་ན། དེ་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། ཞེས་བྱ་བ་ཅི་ལས་དགོངས་ཞེ་ན། མཐར་ཐུག་པའི་ཐེག་པ་ཆེན་པོའི་ས་ལ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཐམས་ཅད་རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་ནས། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་རྗེས་སུ་ཞུགས་ཏེ། དེ་བས་ན་དེ་ལ་དུས་གསུམ་མཉམ་པ་ཉིད་ཅེས་བྱ་བ་ཡང་མེད་ལ། དུས་གསུམ་དུ་གཏོགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས་ཤིང༌། ལ་ཟློ་བ་མཉམ་བཞག་ཟབ་མོའི་སྐབས་ལ་དགོངས་པ་ཡིན་ལ། སྐབས་གཞན་ཤིན་ཏུ་མང་པོར་ཡང་ལ་ཟློ་བ་ལ་དགོངས་ནས་མེད་ཅིང་མི་དམིགས་ལ་སོགས་པ་གསུངས་པའི་དགོངས་པ་མ་ཤེས་པས་རྣམས་ཀྱིས། རྗེས་ཐོབ་ཤན་འབྱེད་པའི་སྐབས་ལ་སྦྱར་བ་ཐམས་ཅད་ནི་ནོར་བ་ལས་ཀྱང་ནོར་བ་ཡིན་པ། རྣམ་པ་ཐམས་ཅད་དུ་དོར་བར་བྱའོ། །དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་དགུ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ༌། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང༌། །དེ་ནས་ཚེ་དང་ལྡན། དེ་ནས་ཕྲེང་ལྔ་ལྷག་པ་ན། ཐེག་པ་ཆེན་པོའོ། །ཞེས་བྱ་བས་ནི་ཆེན་པོ་རྣམས་ཀྱི་ཐེག་པ་ཡིན་པས་ཐེག་པ་ཆེན་པོའོ། །ཞེས་བྱ་བའི་ངེས་པའི་ཚིག་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ལྷག་པ་ན། ལེའུ་བཅུ་གཉིས་སོ།། །། ༈ བམ་པོ་བཅོ་བརྒྱད་པ། དེ་ནས་བྱམས་གང་གིས་བུས། འོག་ནས་བཤད་པའི་སྐབས་དབྱེ་བའི་ཕྱིར། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གཉིས་ནས། ཙམ་དུ་སེམས་སོ། །ཞེས་པ་སྔར་ནི་ཤེར་ཕྱིན་སྟོན་པར་བསྐོས་ལ། ད་ལྟར་ནི་ཐེག་པ་ཆེན་པོ་བཤད་པ་བྱས་སོ། །ཞེས་ལུས་སོ། །དེ་ནས་ཕྲེང་གཅིག་ལྷག་པ་ན། ལགས་གྲངས། ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐེག་པ་ཆེན་པོ་གཉིས་ཐ་མི་དད་པའི་ཕྱིར་ཐེག་པ་ཆེན་པོ་བསྟན་པས་ཤེས་རབ་ 4-1-97 ཀྱི་ཕ་རོལ་ཏུ་ཕྱིན་པས་ཡང་བསྟན་པ་ཡིན་པར་དགོངས་པ་སྟེ། ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་དྲུག་ལ་ཕྲེང་ཕྱེད་དང་གཉིས་ཙམ་ཆད་པ་ན། མཐའ་ཡས་རིག་པར་བགྱིའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་ཆོས་ཐམས་ཅད་ལ་སྔོན་གྱི་མཐའ་ལ་སོགས་པ་མཐའ་གསུམ་མེད་པས་ཀུན་ཏུ་མཐའ་ཡས་ཉིད་དེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ལྷག་པ་ན། མི་དམིགས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་དུས་གསུམ་ལ་བྱང་ཆུབ་སེམས་དཔའ་མི་དམིགས་པ་དང༌། གཟུགས་ལ་སོགས་པ་ཡང་བྱང་ཆུབ་སེམས་དཔའི་ངོ་བོར་མི་དམིགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་དམིགས་སུ་མེད་དོ། །མེད་པས་གདམས་པ་དང་རྗེས་སུ་བསྟན་པ་གཉིས་ཀྱང་མེད་པའི་ཕྱིར། ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་བཞི་ན། མིང་ཙམ་དུ་བས་ཏེ། ཞེས་བྱ་བ་ནི་དེ་ལྟར་དམིགས་སུ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་བཏགས་པ་ཙམ་དུ་ཟད་པར་སྟོན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དོན་དམ་པར་མེད་པར་བསྟན་ནས་དཔེ་བསྟན་པའི་ཕྱིར་ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ན། བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ན། ཞེས་བྱ་བ་ནི། དེ་ལྟར་དམིགས་སུ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་བཏགས་པ་ཙམ་དུ་ཟད་པར་སྟོན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དོན་དམ་པར་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། ཞེས་བྱ་བ་མངོན་པར་གྲུབ་པའི་མཚན་ཉིད་མེད་པར་བསྟན་ནས། མངོན་པར་གྲུབ་པ་མེད་པའི་མཚན་ཉིད་བསྟན་པ། བཅོམ་ལྡན་འདས། གཟུགས་མ་ལགས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་གྲུབ་པ་མེད་པའི་མཚན་ཉིད་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་[དེ་?]ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་གྱི་ཀུན་བཏགས་པའི་གཟུགས་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གཅིག་ན། མ་ལགས་ཏེ། དེ་ལྟར་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའ་མེད་པའི་ཕྱིར་གདམས་པའི་འོས་མ་ཡིན་པར་བསྟན་ནས། ད་ནི་དོན་དམ་པར་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ཏེ། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་པ་ན། མཆིས་སམ། ཞེས་བྱ་བར་གསོལ་ཏོ། །དོན་དམ་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པས། མངོན་པར་མ་གྲུབ་པའི་མཚན་ཉིད་ཡིན་ཏེ། དེ་ཡང་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་གདམས་པ་དང༌། རྗེས་སུ་བསྟན་པའི་འོས་མ་ཡིན་ནོ། །ཞེས་བྱ་བར་དགོངས་སོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ལ་སྤྱོད་དོ། །ཞེས་བྱ་བ་ནི་དོན་དམ་པའི་སྤྱོད་པ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་ཕྲེང་ལྔ་ཅུང་མེད་ན། སྔོན་གྱི་མཐར་མི་དམིགས་སོ། །ཁས་མི་ལེན་ཏོ། །ཞེས་ཁྲི་བརྒྱད་པ་དང་གནོད་འཇོམས་སུ་བྱུང༌། དེ་ནས་ཕྲེང་གསུམ་ལྷག་པ་ན། དབུས་མི་ 4-1-98 དམིགས་སོ། །ཞེས་བྱ་བ་ནི་གང་ཟག་གི་བདག་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་འདས་པའི་དུས་ན་བྱུང་ངོ༌། །བྱང་ཆུབ་སེམས་དཔའ་མ་འོངས་པ་ན་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ད་ལྟར་བྱུང་བ་ན་ཡོད་དོ། །ཞེས་བྱ་བ་དུས་གསུམ་ཁས་མི་ལེན་ཏོ། །ཞེས་བྱ་བར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཞི་ན། གཉིས་སུ་བྱར་མེད་དོ། །ཞེས་བྱ་བ་ནི་ཐམས་ཅད་དུ་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་གཅིག་པར་དགོངས་པའོ། །ཞེས་དང་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ཆོས་བདག་མེད་པར་བསྟན་ཏེ། ཞེས་དབུ་མ་པ་གསུངས། བྱང་ཆུབ། དེ་ནས་ཤོག་གུ་བདུན་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་བཅོ་བརྒྱད་དང་ཕྲེང་ཕྱེད་དང་དགུ་ན། བམ་པོ་ཉི་ཤུ་པ། དེ་ནས་ཤོག་གུ་བཅུ་དགུ་དང་ཕྲེང་དྲུག་ན། དབུས་གང་ཡིན་པ་ཐམས་ཅད་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །འདི་ཡར་བཅད་ཀྱིས་ང་པ་སྟེ། པོ་ཏི་བཞི་པ་རྫོགས་སོ།། །། ༈ ཅ༽ གླེགས་བམ་ལྔ་པ། བམ་པོ་དང་པོ། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་དགུ་ན། བམ་པོ་གཉིས་པ། དེ་ནས་ཤོག་གུ་བཅོ་བརྒྱད་དང་ཕྲེང་བཞི་ན། གཞན་ཡང་དེ་བཞིན་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་མཉམ་པ་ཉིད་དང༌། བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་ཀུན་བཏགས་པ་ཡིན་པའི་ཕྱིར་མེད་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས་ཤིང༌། དེ་བཞིན་ཉིད་ལ་སོགས་པ་དེ་དང་དེ་ལ་རྟོག་པ་སྣང་ཡུལ་དང་བཅས་པ་ཀུན་བཏགས་པ་དེ་རྣམས་གཤིས་ལ་མེད་པ་ལ་དགོངས་པའི་གཞུང་ངོ༌། །དེ་ནས་ཤོག་གུ་ལྔ་དང་ཕྲེང་ལྔ་ན། བམ་པོ་གསུམ་པ། དེ་ནས་ཤོག་གུ་བཅུ་བདུན་ན། བམ་པོ་བཞི་པ། དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་བཞི་ན། གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ཆོས་ཉིད་ཀྱི་གཟུགས་ནི་ཀུན་བཏགས་པའི་གཟུགས་ཀྱིས་སྟོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། གཟུགས་མེད་ཅེས་བྱ་བ་གསུངས་ཏེ། གཟུགས་ཀྱི་སྟོང་པ་ཉིད་ལ་ཀུན་བཏགས་པའི་གཟུགས་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། སྟོང་པ་ཉིད་ལ་ཀུན་བཏགས་ཀྱི་བྱང་ཆུབ་སེམས་དཔའ་མེད་དོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། ཐམས་ཅད་མཁྱེན་པ་ཉིད་མེད་བྱང་ཆུབ་སེམས་དཔའ་མེད་དོ། །འདི་ལྟ་བུའི་གཞུང་ལ་སྒྲ་ཇི་ལྟ་བར་བཟུང་ནས་ཐམས་ཅད་རང་སྟོང་ཉིད་དུ་འདོད་པ་རྣམས་ནི་ཕྱི་རོལ་པ་ལས་ཀྱང་ཕྱི་རོལ་པ་ལོག་པར་ལྟ་བ་ཡིན་ཏེ། ཤེར་ཕྱིན་ལྔ་བརྒྱ་པར། རབ་འབྱོར། གང་ཡང་བཅོམ་ལྡན་འདས་ཀྱི་གཟུགས་རང་བཞིན་མེད་པ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། གདོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་གང་ཡིན་པའི་བསྟན་པ་དེ་དག་ཐམས་ཅད་ནི་ལྡེམ་པོར་དགོངས་པ་མ་ 4-1-99 ཡིན་པ་སྟེ། སྒྲ་ཇི་བཞིན་ཉིད་དུ་ཤེས་པར་བྱའོ། །ཞེས་དེ་སྐད་སྨྲ་ན་དེ་ནི་ཕྱི་རོལ་བས་ཀྱང་ཕྱི་རོལ་སོ་སོ་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ། །ཞེས་ངས་སྨྲས་སོ། །ཞེས་སོགས་རྒྱ་ཆེར་གསུངས་པས། དེས་ན་ཐམས་ཅད་རང་སྟོང་དང་ཅང་མེད་དུ་ལྟ་བ་ནི་ལོག་པར་ལྟ་བ་ཡིན་པས་རིང་དུ་སྤང་བར་བྱའོ། །དེ་ནས་ཕྲེང་ཕྱེད་དང་དགུ་ན། ཚོར་བ་ལ་མེད་ཅིང་མི་དམིགས་སོ། །ཞེས་བྱ་བ་ལ་སོགས་པས་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ལ་བཙལ་ན་ཆོས་ཐམས་ཅད་མི་དམིགས་པར་བསྟན་པ་སྟེ། འདིས་ནི་ཐམས་ཅད་ཀྱིས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་ཞེས་བྱ་བ་དེ་བཤད་པ་ཡིན་ནོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་ལྷག་པ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་བཅུ་གསུམ་ལ་ཕྲེང་གཅིག་ཆད་པ་ན། གློ་བུར་དུ་མིང་དུ་བཏགས་པ་སྟེ། ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ནི་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ན། ཀུན་རྫོབ་ཏུ་དེ་ལ་ཐ་སྙད་དུ་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་གློ་བུར་དུ་བཏགས་པ་སྟེ། གློ་བུར་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། མིང་དུ་བཏགས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཀུན་བཏགས་པའི་ཆོས་ཐམས་ཅད་མིང་ཙམ་དུ་ཟད་པར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། གང་ན་ཡང་མི་གནས་སོ། །ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་སྟོང་པ་ཉིད་དུ་སྟོན་ཏེ། དངོས་པོ་རྣམས་སྐྱེ་བའི་དུས་ན་ཡང་གང་ནས་ཀྱང་མི་འོང་ལ་འགག་པའི་དུས་ན་ཡང་གང་དུ་ཡང་མི་འགྲོའོ། །ཞེས་དབུ་མ་པ་གསུངས། གཟུགས་མ་ཡིན། ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་དང༌། མིང་དག་ཐ་དད་པ་ཡིན་པར་བསྟན་ཏེ། གཟུགས་ཞེས་བྱ་བའི་མིང་ཀུན་བཏགས་པ་གང་ཡིན་པ་དེ་དོན་དམ་པའི་གཟུགས་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན། མིང་མ་ཡིན་ཏེ། ཞེས་བྱ་བ་མིང་དང་སྟོང་པ་གཉིས་ཐ་དད་པའི་གཏན་ཚིགས་བསྟན་པ་སྟེ། ཀུན་བཏགས་པའི་མིང་གང་ཡིན་པ་དེ་ནི་མིང་གིས་ངོ་བོ་ཉིད་ཀྱིས་སྟོང་ལ་དེའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་ན། དེ་ལྟར་མིང་ཡོད་པ་མ་ཡིན་པ་དང༌། དོན་དམ་པའི་ཆོས་རྣམས་ཡོད་པའི་ཕྱིར་ཆོས་དེ་དག་མིང་གི་རང་བཞིན་མ་ཡིན་ནོ། །དེ་བས་ན་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཡང་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གློ་བུར་དུ་བཏགས་པ་བསྟན་པ་ཡིན་པའི་ཕྱིར། དེའི་ཕྱིར་འདི་ལྟ་སྟེ་མིང་ཙམ་ཞེས་བྱའོ། །ཞེས་བྱ་བ་གསུངས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན། མིང་མེད་དོ། །ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་ཀུན་བཏགས་པ་ཉིད་ཡིན་ལ་མིང་ཡང་ཀུན་བཏགས་པ་ཉིད་དོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མིང་ 4-1-100 གནས་པ་ཡང་མ་ཡིན་མིང་ལ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གནས་པ་མ་ཡིན་ཏེ་གཉིས་ཀ་ལ་ཡང་སྒྱུ་མ་དང་མཚུངས་པར་དངོས་པོ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས་ཤིང༌། སློབ་དཔོན་ཕྱོགས་གླང་གིས། མེད་ཅེས་བྱ་ལ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་སྟེ། །ཞེས་པ་ཡང་འདི་ལྟ་བུ་ལ་དགོངས་སོ། །དེ་ནས་ཤོག་གུ་བདུན་ན། བམ་པོ་དྲུག་པ། དེ་ནས་ཕྲེང་དྲུག་ན། འགྱུར་བ་ལྟ་ག་ལ་ཡོད། ཅེས་བྱ་བ་ལ་སོགས་པས། བདག་ལ་སོགས་པ་གང་ཟག་རྣམས་དང༌། གཟུགས་ལ་སོགས་པ་ཆོས་རྣམས་ཤིན་ཏུ་མེད་དེ། ཡོད་པ་མ་ཡིན་ན་མངོན་པར་གྲུབ་ཅིང་འབྱུང་བར་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་བས་ན་ཆོས་ཐམས་ཅད་མངོན་པར་གྲུབ་པ་ཤིན་ཏུ་མེད་པའི་མཚན་ཉིད་དུ་བསྟན་ཏོ། །མངོན་པར་འགྲུབ་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་བཞི་ན། འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཞེས་བྱ་བ་ནི་རང་གི་ངོ་བོ་ལ་ངོ་བོ་ཉིད་ཅེས་བྱ་སྟེ། རང་གི་གང་ཡིན་པ་དེ་ཉིད་ངོ་བོ་ཉིད་ཅེས་བྱ་སྟེ། བར་འགྱུར་གྱིས་གཞན་གྱི་ནི་མ་ཡིན་ནོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ནི་བརྟེན་ནས། འབྱུང་གི་མ་བརྟེན་པར་ནི་མ་ཡིན་ནོ། །གང་དག་གཞན་ལ་བརྟེན་ཏེ་འབྱུང་བ་དེ་དག་ནི་གཞན་གྱི་ཉིད་ཡིན་གྱི་རང་གི་ནི་མ་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེའི་ཕྱིར་གཟུགས་ལ་སོགས་པ་ཀུན་བཏགས་པ་རྣམས་ནུབ་པར་གྱུར་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ཞིང་གཞན་ལ་ལྟོས་པ་མ་ཡིན་པས་དེ་ཉིད་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་རིགས་སོ། །དེ་བས་ན་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཞེས་བཤད་དེ་འདུས་པ་ལས་བྱུང་བ་ནི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །འདུས་ནས་བྱུང་བས་ན་འདུས་པ་ལས་བྱུང་བ་ཞེས་བྱ་སྟེ། རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ཅུང་མེད་ན། མི་རྟག་པ་སྟེ་གང་ཡང་བྲལ་བས་མ་ཡིན་ནོ། །ཞེས་བྱ་བ་ལ་ཉན་ཐོས་ཀྱི་ཐེག་པའི་ཚུལ་གྱིས་དེ་མི་རྟག་པ་ཞེས་བྱ་བ་ཆོས་སྐྱེས་པ་གྱེས་པ་དང་ཞིག་པ་ལ་བྱའོ། །འདིར་ནི་མི་རྟག་པའི་མཚན་ཉིད་དེ་ལྟ་མ་ཡིན་པར་སྟོན་ཏེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་བྱ་བ་ནི་ཐེག་པ་ཆེན་པོ་འདི་ལ་མི་རྟག་པའི་དོན་ནི་མེད་པའི་དོན་ཏོ། །ཞེས་འབྱུང་བའི་ཕྱིར་མི་རྟག་པའི་སྒྲ་ནི་མེད་པ་ལ་བྱའོ། །ཇི་ལྟ་ཞེ་ན་རྟག་པ་ལས་བཟློག་པ་ནི་མི་རྟག་པ་ཞེས་བྱའོ། །རྟག་པ་ཞེས་བྱ་བ་ནི་གང་རྟག་ཏུ་ཡོད་པ་དེ་ལ་བྱ་སྟེ། དེ་བས་ན་མི་རྟག་པ་ཞེས་བྱ་བ་ནི་གང་རྟག་ཏུ་དུས་ཐམས་ཅད་དུ་མེད་པ་དེ་ལ་མི་རྟག་ཅེས་བྱའོ། །དེའི་ཕྱིར་མེད་པའི་དོན་ནི་མི་རྟག་པའི་དོན་ཞེས་བྱའོ། །དེ་ལྟར་གཟུགས་ལ་སོགས་པ་ཀུན་བཏགས་པའི་ཆོས་ཐམས་ཅད་མེད་པའི་ཕྱིར་མི་རྟག་པ་སྟེ། ཡོད་པ་ལ་ཞིག་པར་གྱུར་པ་གང་ཡང་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ 4-1-101 ཆེན་པོ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གསུམ་ན། དངོས་པོ་མེད་པ་དང་ཟད་པ་སྟེ། ཞེས་བྱ་བ་ལ་མི་རྟག་པ་ཞེས་བྱ་བའི་སྒྲ་ནི་མེད་པ་དང༌། དངོས་པོ་མ་ཡིན་པ་སྟེ། སྟོང་པ་ཉིད་ལ་བྱའོ། །ཟད་ཅེས་བྱ་བའི་སྒྲ་ནི་ཀུན་བཏགས་པའི་ཆོས་རྣམས་ལ་བྱའོ། །དེ་ལྟར་མི་རྟག་པ། གང་ཡིན་པའི་དེ་སྟོང་པ་ཉིད་དེ་ནི་ཀུན་བཏགས་པའི་ཆོས་ཟད་པའི་དངོས་པོ་མེད་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཆོས་ཐམས་ཅད་ནི་མི་རྟག་པའོ། །ཞེས་བྱ་བའི་ཆོས་ཐམས་ཅད་དངོས་པོ་མེད་པའོ། །ཞེས་བྱ་བ་ཉིད་དུ་བསྟན་པ་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་བསྟན་པ་ཡིན་ཏེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན་བྲལ་བས་མ་ཡིན་ནོ། །ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཀུན་བཏགས་པའི་ཆོས་ཐམས་ཅད་ལ་དངོས་པོའི་རྣམ་པར་མངོན་པར་ཞེན་ནས་ཉེ་བར་ལེན་ན། སྡུག་བསྔལ་གསུམ་གྱི་རྒྱུར་འགྱུར་བས་སྡུག་བསྔལ་ཞེས་བརྗོད་དོ། །གང་གི་ཚེ་ཀུན་བཏགས་པའི་རྣམ་པ་དངོས་པོ་མེད་པའི་བདག་ཉིད་དུ་ཡོངས་སུ་ཤེས་ནས་མངོན་པར་ཞེན་པར་མི་བྱེད་ཅིང་སྤོང་བ་དེའི་ཚེ་སྡུག་བསྔལ་མེད་པའི་རྒྱུར་གྱུར་པས་བདེ་བ་ཡིན་ནོ། །དེ་བས་ན་སྡུག་བསྔལ་ནི་ཀུན་བཏགས་པའི་ཆོས་ཞེས་བྱའོ། །ཆོས་ཐམས་ཅད་ནི་སྡུག་བསྔལ་བ་ཞེས་བྱ་བ་ནི་ཀུན་བཏགས་པ་རྣམས་དངོས་པོ་མེད་པའི་མཚན་ཉིད་ཁོ་ནར་བསྟན་པ་ཡིན་ཏེ། དངོས་པོ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི་སྡུག་བསྔལ་བའོ། །འདིར་ཡང་སྡུག་བསྔལ་བ་ནི་གང་དང་ཡང་བྲལ་བས་མ་ཡིན་ཞེས་བྱ་བར་སྦྱར་ཏེ། སྡུག་བསྔལ་ནི་བདེ་བའི་རྣམ་པ་ཡོད་པ་གང་དང་ཡང་བྲལ་བས་མ་ཡིན་གྱི་དངོས་པོ་མེད་པའི་ཕྱིར་སྡུག་བསྔལ་བའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་ཅུང་མེད་ན། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ནི་བདག་གཉིས་མེད་པ་སྟེ། ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར། གང་དང་ཡང་བྲལ་བ་མ་ཡིན་ནོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་དགུ་ཅུང་མེད་ན། དངོས་པོ་མེད་པ་དང་ཟད་པ་སྟེ། ཞེས་བྱ་བ་ནི་ཟད་པའི་ཆོས་རྣམས་ཀྱི་དངོས་པོ་མེད་པ་གང་ཡིན་པ་དེ་ཉིད་བདག་མེད་པའོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་གསུངས། གཞན་ཡང་ཀུན་བཏགས་ཀྱི། ཆོས་ཐམས་ཅད་ནི། གདོད་མ་ནས། ཞི་བ་སྟེ་གང་དང༌། གཟུགས། གདོད་མ་ནས། ཞི་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། ཚོར་བ། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་ལྔ་ན། གཞན་ཡང༌། ཀུན་རྫོབ་ཀྱི། ཆོས་ཐམས་ཅད། སྟོང་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་སམ། བདེན་པ་གཉིས་ཀར་ཡང་རུང་ངོ༌། །དེ་ནས་ཤོག་གུ་གཉིས་དང་ཕྲེང་གཅིག་ན། བམ་པོ་བདུན་པ། གཞན་ཡང་བདེན་གཉིས་བསྡུས་པའི། ཆོས་ཐམས་ཅད་ནི། དེ་ནས་ཤོག་གུ་ལྔ་དང་ཕྲེང་བརྒྱད་ཙམ་ན། གཞན་ཡང་དོན་དམ་གྱི། ཆོས་ཐམས་ཅད་ནི། ངོ་བོ་ཉིད་ 4-1-102 ཀྱིས། དགེ་བ་སྟེ་གང་དང་བྲལ་བས་མ་ཡིན་ནོ། །ཞེས་བྱ་བ་ནི་མི་དགེ་བའི་དངོས་པོ་འགའ་ཞིག་ཡོད་པ་ལས་དེ་དང་བྲལ་བས་དགེ་བ་ཞེས་བཏགས་པ་ནི་མ་ཡིན་གྱི་ཆོས་ཐམས་ཅད་དངོས་པོ་མེད་ཅིང་སྟོང་སྟེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་དགེ་བ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཞེས་འབུམ་ཏིག་གསུངས། ཆོས་ཉིད་ཀྱི། གཟུགས། རྣམ་པར་སྣང་མཛད་ནི་འདུས་མ་བྱས་པའི་དགེ་བ་སྟེ། མི་མཐུན་ཕྱོགས། གང་དང་ཡང་བྲལ་བར་བྱས་པས་མ་ཡིན་ན། དེའི་རྒྱུ་མཚན་ནི་མི་མཐུན་ཕྱོགས་དང་གདོད་མ་ཉིད་ནས་བྲལ་བའི་ཕྱིར་རོ། །ཆོས་ཉིད་ཀྱི་ཚོར་བ་ནི་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ་སྟེ། ཆོས་ཉིད་ཀྱི་འདུ་ཤེས་སྣང་བ་མཐའ་ཡས་ནི་འདུས་མ་བྱས་པའི་དགེ་བ་སྟེ། འདུ་བྱེད་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ། རྣམ་པར་ཤེས་པ་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ། ཆོས་ཉིད་ཀྱི། མིག་སའི་སྙིང་པོ་ནི་འདུས་མ་བྱས་པའི་དགེ་བ་སྟེ། རྣ་བ་ཕྱག་ན་རྡོ་རྗེ་ནི་འདུས་མ་བྱས་པའི་དགེ་བ་སྟེ། སྣ་ནམ་མཁའི་སྙིང་པོ་འདུས་མ་བྱས་པའི་དགེ་བ་སྟེ། ལྕེ་འཇིག་རྟེན་དབང་ཕྱུག་ནི་འདུས་མ་བྱས་པའི་དགེ་བ་སྟེ། ལུས་སྒྲིབ་པ་ཐམས་ཅད་ངེས་པར་སེལ་བ་ནི་འདུས་མ་བྱས་པའི་དགེ་བ་སྟེ། ཡིད་ཀུན་ཏུ་བཟང་པོ་ནི་འདུས་མ་བྱས་པའི་དགེ་བ་སྟེ། གཟུགས་གཟུགས་རྡོ་རྗེ་མ་ནི་འདུས་མ་བྱས་པའི་དགེ་བ། སྒྲ་སྒྲ་རྡོ་རྗེ་མ་ནི་འདུས་མ་བྱས་པའི་དགེ་བ། དྲི་དྲི་རྡོ་རྗེ་མ་ནི་འདུས་མ་བྱས་པའི་དགེ་བ། རོ་རོ་རྡོ་རྗེ་མ་ནི་འདུས་མ་བྱས་པའི་དགེ་བ། རེག་རེག་བྱ་རྡོ་རྗེ་མ་ནི་འདུས་མ་བྱས་པའི་དགེ་བ། ཆོས་ཆོས་ཁམས་རྡོ་རྗེ་མ་ནི་འདུས་མ་བྱས་པའི་དགེ་བ། ཆོས་ཉིད་ཀྱི་མིག་གི་རྣམ་པར་ཤེས་པ་སའི་སྙིང་པོ་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ། རྣ་བའི་རྣམ་པར་ཤེས་པ། ཕྱག་ན་རྡོ་རྗེ་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ། སྣའི་རྣམ་པར་ཤེས་པ། ནམ་མཁའི་སྙིང་པོའི་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ། ལྕེའི་རྣམ་པར་ཤེས་པ། འཇིག་རྟེན་དབང་ཕྱུག་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ། ལུས་ཀྱི་རྣམ་པར་ཤེས་པ། སྒྲིབ་པ་རྣམ་སེལ་གྱི་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་བཟང་པོ་མི་བསྐྱོད་པ་ནི་འདུས་མ་བྱས་པའི་དགེ་བ། མིག་གི་འདུས་ཏེ་རེག་པ་སའི་སྙིང་པོའི་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ། རྣ་བའི་འདུས་ཏེ་རེག་པ་ཕྱག་ན་རྡོ་རྗེ་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ། སྣའི་འདུས་ཏེ་རེག་པ་ནམ་མཁའ་སྙིང་པོ་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ། ལྕེའི་འདུས་ཏེ་རེག་པ་འཇིག་རྟེན་དབང་ཕྱུག་གི་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ། ལུས་ཀྱི་འདུས་ཏེ་རེག་པ་སྒྲིབ་པ་རྣམ་སེལ་གྱི་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ། ཡིད་ཀྱི་འདུས་ཏེ་རེག་པ་ཀུན་ཏུ་བཟང་པོ་དོན་ཡོད་གྲུབ་པ་ནི་འདུས་མ་བྱས་པའི་དགེ་བ། རྐྱེན་གྱིས་ཚོར་བ་སའི་སྙིང་པོ་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ། རྐྱེན་གྱིས་ཚོར་བ་ཕྱག་ན་རྡོ་རྗེའྀ་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ། རྐྱེན་གྱིས་ཚོར་བ་ནམ་ 4-1-103 མཁའ་སྙིང་པོའི་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ་རྐྱེན་གྱིས་ཚོར་བ་འཇིག་རྟེན་དབང་ཕྱུག་གི་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ། རྐྱེན་གྱིས་ཚོར་བ་སྒྲིབ་པ་རྣམ་སེལ་གྱི་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ། རྐྱེན་གྱིས་ཚོར་བ་ཀུན་ཏུ་བཟང་པོའི་རིན་ཆེན་འབྱུང་ལྡན་ནི་འདུས་མ་བྱས་པའི་དགེ་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་བཞིན་དུ། གཟུགས་ཀྱི་ཕུང་པོ་དྲུག་དང༌། འདུ་ཤེས་ཀྱི་ཕུང་པོ་དྲུག་དང༌། ཡེ་ཤེས་ཀྱི་ཕུང་པོ་དྲུག་ཀྱང་གཞུང་འདིར་མ་གསུངས་མོད་ཀྱི། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གིས། ཕུང་པོ་དྲུག་དབང་པོ་དྲུག་གིས་དབྱེ་བས་ཕུང་པོ་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་འདི་ལྟ་སྟེ། ཞེས་སོགས་རྒྱས་པར་གསུངས་པ་ལྟར་སྐབས་འདིར་ཡང་རྟོགས་པར་བྱའོ། །ཆོས་ཉིད་ཀྱི། སའི་ཁམས་སངས་རྒྱས་སྤྱན་མ་ནི་འདུས་མ་བྱས་པའི་དགེ་བ། ཆུའི་ཁམས་མཱ་མ་ཀཱི་ནི་འདུས་མ་བྱས་པའི་དགེ་བ་སྟེ། མེའི་ཁམས་གོས་དཀར་མོ་ནི་འདུས་མ་བྱས་པའི་དགེ་བ། རླུང་གི་ཁམས་སྒྲོལ་མ་ནི་འདུས་མ་བྱས་པའི་དགེ་བ། ནམ་མཁའི་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་འདུས་མ་བྱས་པའི་དགེ་བ། རྣམ་པར་ཤེས་པའི་ཁམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་མ་བྱས་པའི་དགེ་བ་སྟེ་གང༌། དེ་ནས་ཕྲེང་གཅིག་ན། རྣམ་པར་ཤེས་པ་གསུམ་ཡེ་ཤེས་རྡོ་རྗེའི། ཞལ་གསུམ་ནི་འདུས་མ་བྱས་པའི་དགེ་བ། རེག་པ་གསུམ་སྐུ་རྡོ་རྗེའི་ཞལ་གསུམ་ནི་འདུས་མ་བྱས་པའི་དགེ་བ། ལེན་པ་གསུམ་གསུང་རྡོ་རྗེའི་ཞལ་གསུམ་ནི་འདུས་མ་བྱས་པའི་དགེ་བ། རྒ་ཤི་གསུམ་ཐུགས་རྡོ་རྗེའི་ཞལ་གསུམ་ནི་འདུས་མ་བྱས་པའི་དགེ་བ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་མ་བྱས་པའི་དགེ་བ། དེ་ནས་ཕྲེང་གཉིས་ན། དེ་བཞིན་དུ་སྦྱར་ཏེ། བྲལ་བས་མ་ཡིན་ནོ། །དེ་ལྟར་དོན་དམ་པའི་ཕར་ཕྱིན་དྲུག་གི་དོན་དམ་པའི་ཕྱག་རྒྱ་དྲུག་གོ །དེ་ལ་དོན་དམ་གྱི་ཕར་ཕྱིན་ལྷག་མ་བཞི་བསྣན་ན་དོན་དམ་གྱི་ཕྱག་རྒྱ་བཅུ་སྟེ། ནུས་མ་བཅུ་དང་རིག་མ་བཅུ་ཡང་ཡིན་པར་དུས་འཁོར་ལ་སོགས་པ་གསང་སྔགས་ཟབ་མོ་རྣམས་སུ་རྒྱ་ཆེར་གསུངས་པའི་ཕྱིར། དོན་གཅིག་ན་ཡང་མ་རྨོངས་དང༌། །ཞེས་སོགས་ཡང་ཡང་དྲན་དགོས་སོ། །ཆོས་ཉིད་ཀྱི། ནང་སྟོང་པ། དེ་ནས་ཕྲེང་དྲུག་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དགེ་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདིར་བཅོ་བརྒྱད་གསུངས་ཀྱང༌། བསྡུ་ན། བཅུ་དྲུག་ཏུ་འདུ་ཞིང༌། དེ་ཡང་དང་པོའི་སངས་རྒྱས་སུ། །སྟོང་ཉིད་བཅུ་དྲུག་ཀ་བ་རྣམས། །ཞེས་དང༌། ཀྱེའི་རྡོ་རྗེར། ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །ཅེས་དང༌། འཁོར་ལོ་སྡོམ་ཆེན་དུ། པད་འདབ་བཅུ་དྲུག་དང༌། དུར་ཁྲོད་བཅུ་དྲུག་གིས་བསྟན་པ་དང༌། དྲི་མེད་འོད་དུ། དོན་དམ་གྱི་ཟླ་བའི་མར་ངོའི་ཆ་བཅུ་དྲུག་གིས་བསྟན་པ་དང༌། རྒྱུད་དང་འགྲེལ་པ་ཤིན་ཏུ་མང་པོར་དཀྱིལ་འཁོར་རྣམས་ཀྱི་ཆ་ཆེན་ནང་མ་བཅུ་དྲུག །དོན་དམ་གྱི་སྙིང་པོ་བཅུ་དྲུག་དང༌། ཕྱི་མ་བཅུ་དྲུག །དོན་དམ་གྱི་སྟོང་ཉིད་བཅུ་དྲུག་ཏུ་གསུངས་ཏེ། འདི་རྣམས་ཀྱང་སྟོང་གཞི་ལ་དགོངས་པ་ཡིན་པར་རྫོགས་ལྡན་གྱི་མན་ 4-1-104 ངག་ཟབ་མོ་ལས་རྟོགས་པ་ཡིན་གྱི་གསུམ་ལྡན་མར་བཅད་ཀྱི་ཆོས་ཙམ་ལ་མཆོག་ཏུ་ལྟ་བ་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི། དྲན་པ་ཉེ་བར་གཞག་པ་རྣམས། དེ་ནས་ཕྲེང་གཉིས་ན། ཡན་ལག་བརྒྱད་པ་དགེ་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཆོས་ཉིད་ཀྱི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་གཏོགས་པ་ལྷག་མ་སུམ་ཅུ་རྩ་དྲུག་གི་ནི་དོན་དམ་ཡེ་ཤེས་ཀྱི་ལྷ་སུམ་ཅུ་རྩ་དྲུག་དང༌། དོན་དམ་གྱི་ཡི་གེ་སུམ་ཅུ་རྩ་དྲུག་དང༌། དོན་དམ་གྱི་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་དང༌། དོན་དམ་གྱི་རྒྱུད་སུམ་ཅུ་རྩ་དྲུག་ལ་སོགས་པ་སྟེ་ཁྱབ་པར་བྱ་བའོ། །དེ་རྣམས་ལ་ཁྱབ་པར་བྱེད་པ་བསམ་དུ་མེད་པའི་ཐུགས་རྡོ་རྗེ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འཕགས་པའི་བདེན་པ་རྣམས་ནི་འདུས་མ་བྱས་པའི་དགེ་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་འཕགས་པ་རྡོ་རྗེ་སྙིང་པོས་སྐུ་བཞི་རྡོ་རྗེ་བཞིའི་རྣམ་གྲངས་མང་པོ་གསུངས་པ་ལས་སྡུག་བསྔལ་གྱི་བདེན་པ་ནི་དཔྲལ་བར་རོ། །ཀུན་འབྱུང་གི་བདེན་པ་ནི་མགྲིན་པར་རོ། །འགོག་པའི་བདེན་པ་ནི་སྙིང་གར་རོ། །ལམ་གྱི་བདེན་པ་ནི་ལྟེ་བར་རོ། །ཞེས་པ་དང་གཅིག་གོ །ཚད་མེད་པ་རྣམས་དགེ་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་ནི་དུས་འཁོར་རྒྱུད་འགྲེལ་དུ། གཙོ་བོའི་མདུན་ཞལ་ནག་པོ་བྱམས་པ་དང༌། གཡོན་ཞལ་དཀར་པོ་སྙིང་རྗེ་དང༌། གཡས་ཞལ་དམར་པོས་དགའ་བ་དང༌། རྒྱབ་ཞལ་སེར་པོ་བཏང་སྙོམས་སུ་གསུངས་པ་དང་དོན་གཅིག་གོ །རྣམ་པར་ཐར་པ་བརྒྱད་དགེ་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་པ་ཀྱེའི་རྡོ་རྗེར། ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། ཅེས་གསུངས་པ་དང་དོན་གཅིག་གོ །དེ་ནས་ཕྲེང་བཞི་ཅུང་མེད་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་འདུས་མ་བྱས་པའི་དགེ་བ་མ་ཡིན་ནོ། །ཞེས་པའི་འདི་རྣམས་ནི་འཕགས་པ་ཐོགས་མེད་ཀྱིས། དོན་དམ་པའི་དགེ་བ་གང་ཞེ་ན། དེ་བཞིན་ཉིད་དོ། །ཞེས་གསུངས་པ་དང་དོན་གཅིག་གོ །དེ་ནས་ཕྲེང་གཉིས་ན། ཆོས་ཐམས་ཅད། རང་བཞིན་གྱིས་གཙང་ཞིང༌། ཁ་ན་མ་ཐོ། དོན་དམ་གྱི་གཟུགས་ནི་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ་བ་མ་ཡིན་ནོ། །དེ་བཞིན་དུ་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སྦྱར་ཏེ། དེ་ནས་ཕྲེང་ཕྱེད་གཉིས་ན། རྣམ་པ་ཤེས་པ་ཁ་ན་མ་ཐོ་བ་མེད་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་ནི། ཀྱེའི་རྡོ་རྗེར། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ཡང་སུར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །ཞེས་གསུངས་པ་དང་དོན་གཅིག་གོ །མིག་ནི་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། གཟུགས་ནི་ངོ་བོ་ཉིད་ཀྱིས་ཁ་ན། དེ་ནས་ཕྲེང་གཉིས་ཅུང་མེད་ན། མིག་གི་རྣམ་པར་ཤེས་པ་ནི་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། མིག་གི་འདུས་ཏེ་རེག་པའི་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ། དེ་ནས་ཕྲེང་གཉིས་ལྷག་པ་ན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་ངོ་བོ་ཉིད་ཀྱིས་ 4-1-105 ཁ་ན། དེ་ནས་ཕྲེང་གསུམ་ཅུང་མེད་ན། སའི་ཁམས་ནི་ངོ་བོ་ཉིད་ཀྱིས་ཁ་ན། དེ་ནས་ཕྲེང་གཉིས་ལྷག་པ་ན། མ་རིག་པ་ནི་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ། དེ་ནས་ཕྲེང་ཕྱེད་བཞི་ན། རྒ་ཤི་ཁ་ན་མ་ཐོ་བ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་དཔལ་འཁོར་ལོ་དྲུག་གི་སྡོམ་པར། ཡན་ལག་བཅུ་གཉིས་འགག་པ་ཡིས། །དུས་སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཞེས་གྲགས་པ། །གནས་ལ་སོགས་པ་དོན་དམ་མོ། །ཞེས་གསུངས་པ་དང་གཅིག་གོ །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་ཀྱིས་ཁ། དེ་ནས་ཕྲེང་བཅུ་གསུམ་ཅུང་མེད་ན། ནང་སྟོང་པ་ཉིད་ནི་ངོ་བོ་ཉིད་ཀྱིས་ཁ། དེ་ནས་ཤོག་ལོགས་གཅིག་ན། དྲན་པ་ཉེ་བར་གཞག་པ་རྣམས་ནི་ངོ་བོ་ཉིད་ཀྱིས་ཁ། དེ་ནས་ཕྲེང་གསུམ་ཅུང་མེད་ན། འཕགས་པའི་བདེན་པ་རྣམས་ངོ་བོ་ཉིད་ཀྱིས་ཁ། དེ་ནས་ཕྲེང་དྲུག་ན། དོན་དམ་གྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ་བ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདིར་ཁ་ན་མ་ཐོ་བ་མེད་ཅེས་པ་གསུངས་པ་ཡང༌། ལམ་གྱིས་མེད་པར་བྱ་མི་དགོས་ཀྱིས་གདོད་མ་ནས་ངོ་བོ་ཉིད་ཀྱིས་མེད་པ་སྟེ། ཆོས་ཀྱི་དབྱིངས་ལ་བསྟོད་པར། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་པ་དང་གཅིག་གོ །དེ་ནས་ཕྲེང་གཉིས་ན། ཆོས་ཐམས་ཅད་ནི་གདོད་མ་ནས། ཟག་པ་མེད། བདེ་གཤེགས་སྙིང་པོའི་གཟུགས་ནི་གདོད་མ་ནས་རང་བཞིན་གྱིས་ཟག་པ། དེ་བཞིན་དུ་མ་འདྲེས་པའི་བར་དུ་སྦྱར་ཏེ། ཚོར་བ། དེ་ནས་ཕྲེང་གཉིས་ཅུང་མེད་ན། མིག་ནི་གདོད་མ་ནས་རང་བཞིན་གྱིས། ཟག་པ་མེད་པ་སྟེ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་ནི། །ཀྱེའི་རྡོ་རྗེར། མིག་ལ་གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཞེས་བཤད། ཁ་ལ་འདོད་ཆགས་རྡོ་རྗེ་མ། ལུས་ལ་ཕྲག་དོག་རྡོ་རྗེ་མ། ཡིད་ལ་བདག་མེད་རྣལ་འབྱོར་མ། ཞེས་གསུངས་པ་དང་གཅིག་གོ། ཤཱ་ར་ཏྭ་ཏིའི་བུ། གཟུགས་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཅིག་ན། བདེ་གཤེགས་སྙིང་པོའི་རོ་ཟག་པ་མེད་པ་སྟེ། དེ་ནས་ཕྲེང་གཅིག་ན། མིག་གི་རྣམ་པར་ཤེས་པ་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཉིས་ལྷག་པ་ན། མིག་གི་འདུས་ཏེ་རེག་པ་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཉིས་ལྷག་ན། མིག་གི་རྐྱེན་གྱིས་ཚོར་བ་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཅིག་པ་ན། ལུས། བདེ་གཤེགས་སྙིང་པོའི་ལུས་ཀྱི་འདུས། དེ་ནས་ཕྲེང་གཅིག་ན། སའི་ཁམས་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཉིས་ན། མ་རིག་པ་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གསུམ་ལྷག་པ་ན། རྒ་ཤི་ཟག་པ་མེད་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་ནི། དྲི་མེད་འོད་དུ། བདེན་པ་བཅུ་གཉིས་ནི། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་ 4-1-106 བ་དང༌། རྒ་ཤི་སྟེ་བདེན་པ་བཅུ་གཉིས་ནི་མངལ་སྐྱེས་ཀྱིས་སྒྲིབ་པ་དང་བཅས་པ་ཡིན་ལ། སངས་རྒྱས་རྣམས་ནི་སྒྲིབ་པ་དང་བྲལ་བའོ། །འཕོ་བ་བཅུ་གཉིས་ཀྱི་སྲོག་ནི་བྱེ་བས་སྲོག་གི་རླུང་རྒྱུ་བའི་ཕྱིར་མངལ་ནས་སྐྱེས་པ་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ། ཡན་ལག་བཅུ་གཉིས་འགགས་པའི་ཕྱིར། སངས་རྒྱས་རྣམས་ནི་སྒྲིབ་པ་དང་བྲལ་བའོ། །ཞེས་གསུངས་པ་དང་དོན་གཅིག་གོ །དྭ་ཏིའི་བུ། བདེ་གཤེགས་སྙིང་པོའི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཉིས་ལྷག་པ་ན། ནང་སྟོང་པ་ཉིད་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་ཕྱེད་དང་ལྔ་ན། བྲལ་བས་མ་ཡིན་ནོ། །བདེ་གཤེགས་སྙིང་པོའི་རང་གི་མཚན་ཉིད་སྟོང༌། དེ་ནས་ཕྲེང་གཉིས་ན། དྲན་པ་ཉེ་བར་གཞག་པ་རྣམས་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གསུམ་ན། འཕགས་པའི་བདེན་པ་རྣམས་ནི་གདོད་ནས་རང་བཞིན་གྱིས། དེ་ནས་ཕྲེང་གཅིག་ལྷག་པ་ན། བདེ་གཤེགས་སྙིང་པོའི་རྣམ་པར་ཐར་པའི་སྒོ། དེ་ནས་ཕྲེང་བཞི་ཅུང་མེད་ན། འདྲེས་པ་བཅོ་བརྒྱད་ནི་གདོད་ནས་རང་བཞིན་གྱིས་ཟག་པ་མེད། བྲལ་བས་མ་ཡིན་ནོ། །འདིར་ཟག་པ་མེད་པའི་དོན་ནི་རང་བཞིན་གྱིས་ཟག་པ་དང་བྲལ་བ་སྟེ། ཕྲ་མོ་སོ་ན་ཟག་པ་མེད། ཅེས་མཚན་ཡང་དག་པར་བརྗོད་པར་གསུངས་པ་དང་མཐུན་ནོ། །དེ་ནས་ཕྲེང་གཉིས་ན། རབ་འབྱོར། ཆོས་ཐམས་ཅད་གཟོད་མ་ནས་ཞི་བའི་ཕྱིར་ཉོན། དྭ་ཏིའི་བུ། ཡོངས་གྲུབ་ཀྱི། གཟུགས་ནི་གདོད་ནས་ཉོན་ཡིན་ནོ། །དེ་བཞིན་མ་འདྲེས་པའི་བར་ཏུ་སྦྱར་ཏེ། ཡོངས་གྲུབ་ཀྱི། ཚོར་བ། དེ་ནས་ཕྲེང་གཉིས་ལྷག་པ་ན། དྭ་ཏིའི་བུ། མིག་ནི་གདོད་ནས། དེ་ནས་ཕྲེང་གཉིས་ན། དྭ་ཏིའི་བུ། གཟུགས་ནི་གདོད་ནས། དེ་ནས་ཕྲེང་གཉིས་ཅུང་མེད་ན། བྲལ་བས་མ་ཡིན་ནོ། །འདི་རྣམས་ནི། ཀྱེའི་རྡོ་རྗེར། གཟུགས་ལས་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མར་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷ་སྨ་རི་རབ་གྲགས། །རེག་ལས་ས་སྤྱོད་མ་ཞེས་བཤད། །ཆོས་ཀྱི་དབྱིངས་ལས་མཁའ་སྤྱོད་མ། །ཞེས་གསུངས་པ་དང་གཅིག་གོ །མིག་གི་རྣམ་པར་ཤེས་པ་ནི་གདོད་ནས། དེ་ནས་ཕྲེང་གཅིག་ལྷག་པ་ན། ཡོངས་གྲུབ་ཀྱི་ལུས་ཀྱི། དེ་ནས་ཕྲེང་གཅིག་ན། མིག་གི་འདུས་ཏེ་རེག་པ་ནི་གདོད་ནས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། མིག་གི་རྐྱེན་གྱིས་ཚོར་བ་ནི་གདོད་ནས། དེ་ནས་ཕྲེང་ཕྱེད་དང་བཞི་ན། ཡོངས་གྲུབ་ཀྱི། མེའི་ཁམས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། མ་རིག་པ་ནི་གདོད་ནས། ཉོན་མོངས་པ་མེད། དེ་ནས་ཕྲེང་བཞི་ན། རྒ་ཤི་ཉོན་མོངས་པ་མེད་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་ནི། དོན་དམ་པའི་མཚན་བརྗོད་དུ། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང༌། །ཞེས་དང༌། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་གསུངས་པ་དང་གཅིག་གོ །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གདོད་ནས། ཉོན་མོངས་པ་མེད། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ནང་སྟོང་པ་ཉིད་ནི་གདོད་ནས། ཉོན་མོངས་པ་མེད། དེ་ནས་ཕྲེང་བདུན་ལྷག་པ་ན། དྲན་པ་ཉེ་བར་གཞག་པ་རྣམས་ནི་གདོད་ནས། ཉོན་ 4-1-107 མོངས་པ་མེད། དེ་ནས་ཕྲེང་གསུམ་ཅུང་མེད་ན། འཕགས་པའི་བདེན་པ་རྣམས་ནི་གདོད་ནས། ཉོན་མོངས་པ་མེད་པ། དེ་ནས་ཕྲེང་དྲུག་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་གདོད་ནས། ཉོན་མོངས་པ་མེད་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདིར་ཉོན་མོངས་པ་མེད་ཅེས་གསུངས་པ་ནི་གདོད་ནས་རང་བཞིན་གྱིས་ཉོན་མོངས་པ་མེད་པ་སྟེ། རྒྱུད་བླ་མར། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། མཚན་ཡང་དག་པར་བརྗོད་པ་ལས། ཉོན་མོངས་ཉེ་ཉོན་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་གསུངས་པ་དང་མཐུན་ནོ། །དེ་ནས་ཕྲེང་ཕྱེད་དང་གཉིས་ན། གཞན་ཡང་ཆོས་ཐམས་ཅད་ནི། རང་བཞིན་གྱིས་དག་པའི་ཕྱིར། རྣམ་པར་བྱང༌། དེ་ནས་ཕྲེང་གཅིག་ན། ཆོས་ཀྱི་དབྱིངས་ཀྱི། གཟུགས་ནི་རང་བཞིན་གྱིས་རྣམ་པར་བྱང་བ་སྟེ། མ་ཡིན་ནོ། །དེ་བཞིན་དུ་མ་འདྲེས་པའི་བར་དུ་སྦྱར་ཏེ། དེ་ནས་ཕྲེང་གཅིག་པ་ན། རྣམ་པར་ཤེས་པ་རྣམ་པར་བྱང་བ་མེད་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་ལྟར་ལྔ་ནི། སྟོང་པ་ཆེན་པོ་འགྱུར་མེད་ལྔ། །ཞེས་གསུངས་པ་དང་གཅིག་གོ །མིག་ནི་རང་བཞིན་གྱིས་རྣམ་པར། ཡིད་རྣམ་པར་བྱང་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་ལྟར་དྲུག་ནི། ཐིག་ལེ་སྟོང་པ་འགྱུར་མེད་དྲུག །ཅེས་གསུངས་པ་དང་དོན་གཅིག །དེ་ནས་ཕྲེང་གཉིས་ན། ཆོས་ཀྱི་དབྱིངས་ཀྱི། གཟུགས་ནི་རང་བཞིན་གྱིས་རྣམ་པར་བྱང༌། དེ་ནས་ཕྲེང་གཉིས་ན། མིག་གི་རྣམ་པར་ཤེས་པ་ནི་རང་བཞིན་གྱིས། རྣམ། དེ་ནས་ཕྲེང་གཉིས་ལྷག་པ་ན། མིག་གི་འདུས་ཏེ་རེག་པ་ནི་རང་བཞིན་གྱིས་རྣམ་པ། དེ་ནས་ཕྲེང་གཉིས་ལྷག་པ་ན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་རང་བཞིན་གྱིས་རྣམ་པར། དེ་ནས་ཕྲེང་གསུམ་ཅུང་མེད་ན། སའི་ཁམས་ནི་རང་བཞིན་གྱིས་རྣམ་པར། དེ་ནས་ཕྲེང་ཕྱེད་དང་གཉིས་ཙམ་ན། རྣམ་པར་ཤེས་པའི་ཁམས་ནི་རང་བཞིན་གྱིས་རྣམ་པར། མ་རིག་པ་ནི་རང་བཞིན་གྱིས་རྣམ་པར། དེ་ནས་ཕྲེང་ཕྱེད་དང་བཞི་ན། རྒ་ཤི་རྣམ་པར་བྱང་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་ལ། མཆོག་གི་དང་པོའི་སངས་རྒྱས་ལས། །ཡན་ལག་བཅུ་གཉིས་འགགས་པ་ཡིས། །སྒོ་ནི་བཅུ་གཉིས་པོ་རྣམས་ཏེ། །དེ་བཞིན་ས་ནི་བཅུ་གཉིས་ཀྱིས། །རྟ་བབས་དག་ནི་མཛེས་པ་རྣམས། །ཞེས་གསུངས་པ་དང་གཅིག་གོ །ཆོས་ཀྱི་དབྱིངས་ཀྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་རྣམ་པར་བྱས། དེ་ནས་ཕྲེང་གཉིས་ལྷག་པ་ན། ནང་སྟོང་པ་ཉིད་ནི་རང་བཞིན་གྱིས་རྣམ་པར་བྱང༌། དེ་ནས་ཤོག་གུ་ལོགས་གཅིག་ན། དྲན་པ་ཉེ་བར་བཞག་པ་རྣམས་ནི་རང་བཞིན་གྱིས་རྣམ། དེ་ནས་ཕྲེང་ཕྱེད་གསུམ་ལྷག་པ་ན། འཕགས་པའི་བདེན་པ་རྣམས་ནི་རང་བཞིན་གྱིས་རྣམ་པར། དེ་ནས་ཕྲེང་དྲུག་ན། ཆོས་ཀྱི་དབྱིངས་ཀྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་རང་བཞིན་གྱིས་རྣམ་པར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། 4-1-108 བམ་པོ་བརྒྱད་པ། གཞན་ཡང་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འཇིག་རྟེན། ཕྲེང་གཅིག་ན། མྱང་འདས་ཆེན་པོའོ། །གཟུགས་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་གཉིས་ན། མིག་ནི་ལམ་མ་ལྟོས་པར་འཇིག་རྟེན། དེ་ནས་ཕྲེང་གཉིས་ན། གཟུགས་ནི་ལམ་མ་ལྟོས་པར། འཇིག་རྟེན། དེ་ནས་ཕྲེང་གཉིས་ལྷག་པ་ན། མིག་གི་རྣམ་པར་ཤེས་པ་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན། དེ་ནས་ཕྲེང་ཕྱེད་དང་གསུམ་ན། མིག་གི་འདུས་ཏེ་རེག་པ་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་གསུམ་ཅུང་མེད་ན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལ་འདས། དེ་ནས་ཕྲེང་གསུམ་ན། སའི་ཁམས་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་གཉིས་ལྷག་པ་ན། མ་རིག་པ་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་བཞི་ལྷག་པ་ན། རྒ་ཤི་འཇིག་རྟེན་ལས་འདས་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་ནི། ཀྱེའི་རྡོ་རྗེར། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང༌། །ཚན་དོ་ཉེ་བའི་ཚན་དོ་ཧ། །དེ་བཞིན་འདུ་བའི་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །འདི་རྣམས་ས་ནི་བཅུ་གཉིས་སོ། །ཞེས་གསུངས་པ་དང་གཅིག་གོ །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་གསུམ་ན། ནང་སྟོང་པ་ཉིད་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཤོག་གུ་ལོགས་གཅིག་པ་ཕྲེང་ཕྱེད་དྲན་པ་ཉེ་བར་བཞག་པ་རྣམས་ནི། ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་གསུམ་ལྷག་པ་ན། འཕགས་པའི་བདེན་པ་རྣམས་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན། དེ་ནས་ཤོག་ལོགས་གཅིག་ཅུང་མེད་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ལམ་ལ་མ་ལྟོས་པར། འཇིག་རྟེན་ལས་འདས། དེ་ནས་ཕྲེང་གཉིས་ན། ཆོས་ཐམས་ཅད་ནི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདིར་བསྟན་པ་འདི་དང་སྔར་མི་རྟག་པར་བསྟན་པ་འགལ་བ་ལྟར་སྣང་བ་ནི་དགོངས་པ་ལ་ལྟོས་ནས་ཤེས་པར་བྱ་བ་སྟེ། འདི་འདྲ་པ་དག་ལ་དགོངས་ནས། དགོངས་འགྲེལ་དུ་རྩོད་པའི་ཚིག་གིས་གནས་སུ་གྱུར་ཞེས་གསུངས་པ་ཡིན་ནོ། །འབུམ་ཏིག་ལས་ཀྱང་འདུས་བྱས་ཀྱི་དངོས་པོ་ཞིག་ཡོད་ལ་དེ་དང་བྲལ་བས་འདུས་མ་བྱས་པར་གྱུར་པ་ནི་མ་ཡིན་གྱི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་འདུས་མ་བྱས་པའོ། །ཞེས་བྱའོ། །ཞེས་བསྟན་པའོ། །ཞེས་གསུངས་སོ། །ཆོས་སྐུའི་གཟུགས། ལི་ཡིག་སྟོང་པ་ཆེན་པོ་ནི། འདུས་མ། ཚོར་བ། རི་ཡིག་སྟོང་པ་ཆེན་པོ་ནི། འདུས་མ། འདུ་ཤེས། ཨུ་ཡིག་སྟོང་པ་ཆེན་པོ་ནི། འདུས་མ་བྱས། འདུ་བྱེད། ཨི་ཡིག་སྟོང་པ་ཆེན་པོ་ནི། འདུས་མ་བྱས། རྣམ་པར་ཤེས་པ། ཨ་ཡིག་སྟོང་པ་ཆེན་པོ་ནི། འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་རྣམས་ནི། དྲི་མེད་འོད་དུ། འདིར་དབྱིངས་ཀྱི་མིང་ཅན་དུ་བརྗོད་དུ་མེད་པའི་ཡི་གེ་ལྔ་ནི་འདི་ལྟ་སྟེ། 4-1-109 དབུས་སུ་ཨ་ཡིག་སྟོང་པ་གྲི་གུག་གི་རྣམ་པ་དང༌། ལྷོར་རི་ཡིག་སྟོང་པ་ཐིག་ལེ་གཉིས་དང༌། བྱང་དུ་ཨུ་ཡིག་སྟོང་པ་ཐིག་ལེ་གཅིག་དང༌། ཤར་དུ་ཨི་ཡིག་སྟོང་པ་དབྱུག་པའི་རྣམ་པ་དང༌། ནུབ་ཏུ་ལི་ཡིག་སྟོང་པ་ཐོད་པའི་རྣམ་པ་སྟེ། ཞེས་སོགས་སྟོང་ཆེན་ཡི་གེ་ལྔ་དོན་དམ་པའི་ཕུང་པོ་ལྔ་ལ་གསུངས་པ་དང༌། དོན་གཅིག་སྟེ་རྒྱས་པར་དུས་འཁོར་རྒྱུད་འགྲེལ་ཆེན་པོ་ལས་ཤེས་པར་བྱའོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ན། རྒ་ཤི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་པ་འདི་རྣམས་ནི། སངས་རྒྱས་ཕལ་པོ་ཆེ་ལས། འདུས་མ་བྱས་ཀྱི་རྟེན་འབྲེལ་བཅུ་གཉིས་གསུངས་པ་དང་དོན་གཅིག་གོ །དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ལྷག་པ་ཆད་པ་ན། ཚད་མེད་པ་རྣམས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདི་ནི་དྲི་མེད་འོད་དུ། འདིར་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཀྱི་རང་བཞིན་ཅན་སྒྲོལ་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྤྱན་མ་སྟེ། ཞེས་གསུངས་པ་དང་དོན་གཅིག་གོ །དེ་ནས་ཤོག་ལོགས་གཅིག་ན། རྟག་པ་མ་ཡིན་འཇིག་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་གཏན་ཚིགས་ཡིན་ཏེ། གལ་ཏེ་ཀུན་བཏགས་པ་རྣམས་ལ་ངོ་བོ་ཉིད་འགལ་ཞིག་ཡོད་ན་ནི་ཐེག་ཟུར་ཏུ་གནས་པ་རྟག་པའམ། འཇིག་པ་མི་རྟག་པ་ཞིག་ཏུ་འགྱུར་གྲང་ན། འདི་ལྟར་དེ་ནི་སྒྱུ་མའི་གཟུགས་བཞིན་དུ་ངོ་བོ་ཉིད་མེད་པས་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཏེ། སྒྱུ་མའི་གཟུགས་ལ་རྟག་པ་ཞེས་བྱ་བའམ། མི་རྟག་ཅེས་བྱ་བར་བརྗོད་པར་མི་ནུས་པ་དེའི་ཕྱིར་ཆོས་ཐམས་ཅད་ནི་ཐེར་ཟུག་ཏུ་གནས་པ་མ་ཡིན་འཇིགས་པ་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། ཡང་ན་ཀུན་རྫོབ་ཀྱི་ཆོས་རྟག་པ་མ་ཡིན། དོན་དམ་གྱི་ཆོས་འཇིག་པ་མ་ཡིན་ཞེས་པ་ཡང་རུང་ངོ༌། །དེ་ནས་ཤོག་གུ་བཞི་ལ་ཕྲེང་ཕྱེད་གཉིས་ཙམ་ཆད་པ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །ཀུན་རྫོབ་དང་དོན་དམ་གྱི་དགེ་བའི་ཆོས་རིམ་པ་ལྟར། རྟག་པ་མ་ཡིན། དེ་ནས་ཕྲེང་གསུམ་ཅུང་མེད་ན། བདེན་གཉིས་ཆོས་དེའི་རང་བཞིན་དེ་ཡིན་ནོ། །གལ་ཏེ་དོན་དམ་གྱི་མི་དགེ་བ་དང་འདུས་བྱས་དང་ཟག་བཅས་རྣམས་མི་སྲིད་པས་ཁྱེད་ཀྱིས་བཤད་པ་དེ་ཕྱིན་ཅི་ལོག་གོ །ཞེ་ན། ངེད་ཀྱི་བཤད་པ་ནི་མ་ཡིན་གྱི་བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་པ་སྟེ། ཉི་ཁྲི་དང་ཁྲི་བརྒྱད་སྟོང་པར་བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུར་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་འགྲེས་རྐང་བརྒྱ་དང་ཉི་ཤུ་རྩ་བརྒྱད་རྩ་དགུར་གསུངས་པ་ལས། ཀུན་བཏགས་ཚར་གཅིག །གཞན་དབང་ཚར་གཅིག །ཆོས་ཉིད་ཡོངས་གྲུབ་ཚར་གཅིག་སྟེ། དེ་ལྟར་ཚར་གསུམ་གསུངས་པའི་ནང་ནས། ཆོས་ཉིད་ཀྱི་གཟུགས་ནས་རྒ་ཤིའི་བར་དང༌། ཆོས་ཉིད་ཀྱི་སྡུག་བསྔལ་ཀུན་འབྱུང༌། འགོག་པ། ལམ་དང༌། ཆོས་ཉིད་ཀྱི་གཟུགས་ཅན། གཟུགས་མེད། བསྟན་ཡོད། བསྟན་མེད། ཐོགས་བཅས། ཐོགས་མེད། འདུས་བྱས། འདུས་མ་བྱས། ཟག་བཅས། ཟག་མེད། ཁ་ན་མ་ཐོ་བ་ཡོད་མེད། བསྟེན་བྱ་ཡིན་མིན། ངན་ 4-1-110 པ། གྱ་ནོམ་པ། ནང་ཕྱི་མཐོང་བ། ཐོས་པ། བྱེ་བྲག་ཕྱེད་པ། རྣམ་པར་ཤེས་པ། འདས། མ་འོངས། ད་ལྟར་བྱུང་བ། དགེ་མི་དགེ། ལུང་མ་བསྟན། འདོད་པ་དང་རབ་ལྡན། གཟུགས་མེད་དང་རབ་ལྡན། ལྡན་པ་མ་ཡིན་པ། སློབ་པ། མི་སློབ་པ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ལྟ་བ། ཐེ་ཙོམ། སེར་སྣ། སྦྱིན་པ། ཚུལ་ཁྲིམས་འཆལ་པ། ཚུལ་ཁྲིམས་བཟང་པོ། གནོད་སེམས། བཟོད་པ། ལེ་ལོ། བརྩོན་གྲུས། རྣམ་གཡེང༌། བསམ་གཏན། ཤེས་རབ་འཆལ་པ། ཤེས་རབ། རྣམ་རྟོག སྟོང་ཉིད། མཚན་མ་མཚན་མེད། ལོག་པའི་སྨོན་ལམ། སྨོན་པ་མེད་པ། མི་སྡུག་པའི་ཆོས། མི་རྟག་པ། སྡུག་བསྔལ་བ། བདག་མེད་པ། ཉོན་མོངས་པ། ཉོན་མོངས་པ་སྤངས་པ། ཀུན་ནས་ཉོན་མོངས། རྣམ་བྱང༌། འཁོར་བ། མྱང་འདས། བྱང་ཆུབ། སངས་རྒྱས་ཀྱི་ཆོས་རྣམས་ཞེས་ལེགས་པར་གསུངས་པའི་ཕྱིར། སྐྱོན་བརྗོད་ན་སངས་རྒྱས་ལ་བརྗོད་ཅིག །ཁོ་བོ་ཅག་གིས་སངས་རྒྱས་ཀྱི་བཀའ་ཇི་ལྟ་བ་བཞིན་དུ་བརྗོད་པ་ཡིན་ནོ། །དེ་ནས་ཕྲེང་གཉིས་ལྷག་པ་ན། འདི་ལྟར་ཆོས་ཉིད་ཀྱི་གཟུགས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། མངོན་པར་འདུ་བྱེད་པ་པོ་མེད། འདུ་བྱེད་པ་པོ་མེད་དོ། །ཡོངས་གྲུབ་ཀྱི་མིག་ནི་འདུ་བྱེད་པ་པོ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་བཞི་དང་ཕྲེང་བཞི་ཅུང་མེད་ན། རྣམ་པར་ཤེས་པ་མངོན་པར་མ་གྲུབ་བོ། །ཞེས་བྱ་བས་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ན། གཞན་དུ་འགྱུར་བ་མེད་དོ། །ཞེས་བྱ་བ་ལ། གཟུགས་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ངོ་བོ་ཉིད་དེ་ཆོས་ཉིད་དོ། །སྟོང་པ་ཉིད་དོ། །སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །རང་བཞིན་གྱི་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་བདག་ཉིད་ཅན་གྱི་ཆོས་ཡོངས་སུ་གྲུབ་པ་རྣམས་ལ་སྐྱེ་བ་དང་འགག་པ་གཉིས་མེད་དོ། །དེ་གཉིས་མེད་པས་གཞན་དུ་འགྱུར་བ་དང་ཡང་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་གཉིས་ན། བམ་པོ་དགུ་པ། དེ་ནས་ཤོག་གུ་གསུམ་ན། རྣམ་གྲངས་དེས་ན། དེ་ལྟར་ངོ་བོ་ཉིད་ཀྱི་སྐྱེ་བ་དང༌། འགག་པ་དང༌། གཞན་དུ་འགྱུར་བ་རྣམས་མེད་པའི་ཕྱིར། སྐྱེ་བ་དང༌། འགག་པ་དང༌། གཞན་དུ་འགྱུར་བ་དང་ལྡན་པར་ཀུན་བཏགས་ཤིང་མངོན་པར་གྲུབ་པའི་མཚན་ཉིད་ཅན་གྱི་གཟུགས་ལ་སོགས་པ་གང་ཡིན་པ་དེ་དག་དོན་དམ་པར་མངོན་པར་མ་གྲུབ་པ་མེད་པའི་ཕྱིར། གང་མངོན་པར་མ་གྲུབ་པ་ཞེས་ཁྲི་བརྒྱད་སྟོང་པ་དང་གནོད་འཇོམས་སྔ་མར་བྱུང༌། འདུས་མ་བྱས་པ་སྟེ་གཟུགས་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ལོགས་གཅིག་ན། མངོན་པར་མ་གྲུབ་པ་སྟེ། ཞེས་བྱ་བ་ལ་སོགས་པ་མངོན་པར་མ་གྲུབ་པ་ཞེས་བྱ་བའི་སྒྲ་ནི་དེ་བཞིན་ཉིད་དེ་སྟོང་པ་ཉིད་ལ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་སྒྲ་ཡང་དེ་ཉིད་ལ་བྱའོ། །དེ་བས་ན་ 4-1-111 མངོན་པར་མ་གྲུབ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ལ་ཐ་དད་པ་མེད་དོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཕྲེང་གསུམ་ན། མངོན་པར་མ་གྲུབ་པ་ཡང་གཞན་ལ། དོན་དམ་པའི་བྱང་ཆུབ། མི་མཐོང་སྟེ། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པར་བསྟན་པའོ། །ཞེས་དབུ་མ་པ་གསུངས། བྱར་མེད་དོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་བཟུང་ནས་བསྟན་པའོ། །ཞེས་དབུ་མ་པ་གསུངས། མ་གཏོགས་པར། ཆོས་ཉིད་ཀྱི་གཟུགས། གཉིས་སུ་བྱར་མེད་དོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་བཟུང་ནས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གཅིག་ན། ཚོར་བ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་གཉིས་ན། མི་འཇིགས་མི་སྔངས་སྐྲག་པར་མི་འགྱུར་རོ། །དེ་ལྟར་རེ་ཞིག་རྣམ་པར་མི་རྟོག་པ་ཡིད་ལ་བྱེད་པ་བསྟན་ནས། དེའི་འོག་ཏུ་ཡིད་ལ་བྱེད་པ་དེ་དག་ནི་འབྲས་བུ་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། གཟུགས་ལ། འདུ་ཤེས་ཀྱིས། མི་དམིགས་ཤིང༌། ཁས་མི་ལེན་ལ་ཡིད་ཀྱིས་མ་འཛིན་ཅིང༌། མི་ལེན། ཤེས་རབ་ཀྱི་མི་གནས་ཏེ། ལྟ་བས། མངོན་པར་ཞེན་པར་མི་བགྱིད་ལ། ཚིག་གིས་གཞན་དག་ལ་འདོགས་པར་མི་བགྱིད་དོ། །དེ་ནས་ཤོག་གུ་ལྔ་ན། བམ་པོ་བཅུ་པ། དེ་ནས་ཕྲེང་གཉིས་ལྷག་པ་ན། ཀུན་རྫོབ་ཀྱི། མི་མཐོང༌། དེ་བཞིན་དུ་སྦྱར་ཏེ། གཟུགས། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་ཅུང་མེད་ན། དེ་ནི་འདི་ལྟར་གཟུགས་མ་སྐྱེས་པའི་གཞི། གང་ལགས་པ། ཡོངས་གྲུབ་ཏེ་ཀུན་བཏགས་ཀྱི། གཟུགས་མ་ལགས་ཏེ། ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ཀྱི་མ་སྐྱེས་པ་ཞེས་བྱ་བ་དེ་བཞིན་ཉིད་ལ་གང་ཡིན་པ་དེ་ཀུན་བཏགས་པའི་གཟུགས་ཀྱིས་ངོ་བོ་ཉིད་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། དེ་ལྟར་ན་ཆོས་ཉིད་ཀྱི་གཟུགས་བགྱིར་མ་མཆིས་སོ། །དེ་ལྟར་ཆོས་ཉིད་ཀྱི་གཟུགས་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང༌། སྐྱེ་བ་མེད་པ་ཡང་ཆོས་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། གཟུགས་ཞེས་བྱ་བ་དང་མ་སྐྱེས་པ་ཞེས་བྱ་བ་ནི་གཅིག་པ་ཉིད་དེ་ཐ་དད་པ་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། མང་བ་མ་ལགས། ཞེས་བྱ་བ་ལ་སྐྱེ་བ་མེད་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་བཞིན་ཉིད་དེ་དེ་བཞིན་ལ་ནི་གཅིག་ཅེའམ་གཉིས་ཞེའམ། གསུམ་ཞེས་བྱ་བའི་གྲངས་ཀྱི་བྱེ་བྲག་ཡོད་པ་མ་ཡིན་ཏེ། དེ་བས་ན་སྐྱེ་བ་མེད་པ་ཐ་དད་པ་མེད་པའི་ཕྱིར། ཡོངས་སུ་གྲུབ་པའི་གནས་སྐབས་ན་གཟུགས་ལ་སོགས་པ་ཐམས་ཅད་ཀྱང་རང་བཞིན་གཅིག་ཏུ་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། གཟུགས་མ་ལགས་སོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ཀྱི་སྐྱེ་བ་མེད་པའི་ཆོས་ཉིད་གང་ཡིན་པ་དེ་ཀུན་བཏགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་བརྒྱད་ན། བཅོམ་ལྡན་འདས་དེ་བཞིན་ཉིད་ཀྱི་མ་སྐྱེས་པ། དྲི་མེད་དེ་བཞིན་ཉིད། གང་ 4-1-112 ལགས་པ་དེ་དྲི་བཅས། དེ་བཞིན་ཉིད་ཀྱི་གནས་སྐབས་མ་ལགས་ཏེ། མ་སྐྱེས་པ། དྲི་མེད་དེ་བཞིན་ཉིད་དེ། ངོ་བོ་གཉིས་སུ་མ་མཆིས་ཏེ། མ་མཆིས་སོ། །ཞེས་བྱ་བ་ནི་དེ་བཞིན་ཉིད་དྲི་མ་དང་བཅས་པ་དང༌། དྲི་མ་མེད་པ་བཟུང་ནས་སྦྱར་བར་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་དྲུག་ན། བམ་པོ་བཅུ་གཅིག་པ། གཟུགས་མ་ལགས་ཏེ། ཞེས་བྱ་བ་ནི་འདི་ལྟར་གཟུགས་མེད་པ་ལ་ཀུན་བཏགས་པའི་རྣམ་པ་ནི་འགྱུར་བའི་ཕྱིར་འགྲིབ་པ་ཞེས་བྱ་སྟེ། བཏགས་པའི་གཟུགས་ཀྱིས་འགྲིབ་པ་བཏགས་པ་གང་ཡིན་པ་དེ་ཆོས་ཉིད་ཀྱི་གཟུགས་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། གཉིས་སུ་བགྱིར་མ་མཆིས་སོ། །ཞེས་བྱ་བ་ནི་གཟུགས་དང་འགྲིབ་པ་གཉིས་ཀ་ཡང་བཏགས་པ་ཡིན་པས་མེད་པའི་ཕྱིར། གཅིག་ཁོ་ན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། ཐ་དད་པར་མ་ལགས་ཏེ། ཞེས་བྱ་བ་ནི་འགྲིབ་པ་ཡོད་པ་མ་ཡིན་པའི་ཕྱིར་སྒྱུ་མའི་གཟུགས་བཞིན་དུ་དོན་དམ་པར་གྲངས་ཀྱི་བྱེ་བྲག་མེད་དོ། །དེ་བས་ན་བཏགས་པའི་རང་བཞིན་ཐམས་ཅད་ནི་དངོས་པོ་མེད་པའི་རང་བཞིན་དུ་གཅིག་པ་ཉིད་དོ། །ཞེས་དང༌། གཟུགས་མ་ལགས་སོ། །ཞེས་བྱ་བ་ནི་ཀུན་བཏགས་པའི་གཟུགས་ཀྱི་འགྲིབ་པ་ཀུན་བཏགས་པའི། དེ་ཆོས་ཉིད་ཀྱི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་པ་རྣམས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་ལྔ་ན། བམ་པོ་བཅུ་གཉིས་པ། གྲངས་སུ་བགྱིས་པའོ། །ཞེས་བྱ་བ་ལ་གཉིས་སུ་མེད་པ་ཞེས་བྱ་བའི་ཆོས་ཉིད་དེ། དོན་དམ་པ་ལ་བྱའོ། །དོན་དམ་པའི་གྲངས་སུ་བྱ་བ་ནི་འདི་ལྟ་སྟེ་གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པ་བྱས་པའོ། །དེས་ཅི་བསྟན་ཞེ་ན། དོན་དམ་པ་གཅིག་ཁོ་ན་སྟེ། གཉིས་སུ་མེད་པ་ལ་ཆོས་ཉིད་ཀྱི་གཟུགས། ཆོས་ཉིད་ཀྱི་ཚོར་བ། ཆོས་ཉིད་ཀྱི་འདུ་ཤེས། ཆོས་ཉིད་འདུ་བྱེད། ཆོས་ཉིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་རྣམ་པ་མང་པོར་ཕྱིན་ནས་བསྟན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་གཉིས་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་གསུམ་མོ།། །། ༈ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། །དེ་ནས་སྔར་རབ་འབྱོར་གྱིས་གཟུགས་མི་དམིགས་མི་ལེན་ཞེས་པ་ནས་བཟུང་བའི་འགྲེས་བཞི་བསྟན་པ་སྟེ། བཟུང་ནས་རྒྱ་ཆེར་བསྟན་པ་མཉན་འདོད་པའི་ཕྱིར། ཚེ་དང་ལྡན་པ། དེ་ནས་ཕྲེང་གསུམ་ཙམ་ན། སེམས་ཅན་བྱང་ཆུབ་ཆེན་པོའི་སྙིང་པོ་ཅན་ཡིན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་བྱ་བ་བྱང་ཆུབ་ཅེས་བྱ་བ་ནི་ཆོས་ཀྱི་སྐུ་ལ་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་བདག་ཉིད་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཀྱི་བདག་ཉིད་ཁོ་ནའོ། །དེ་བས་ན་བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་སེམས་དཔའ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཆོས་དེ་དག་ལ་མངོན་པར་ཆགས་པ་མེད་ 4-1-113 དོ། །ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པས་ནི་ཤེས་ཏེ། དོན་དམ་པར་ནི་མངོན་པར་ཞེན་པ་མེད་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་དགུ་ན། གང་ལ། གཞི་འབྲས་ངོ་བོ་དབྱེར་མེད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ། ཀུན་རྫོབ་ཀྱི་ཕུང་པོ་རྣམས་ལས། དེ་ནས་ཕྲེང་བཞི་ལྷག་པ་ན། གཞུང་ལམ་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ་ཀུན་བཏགས་ཀྱི་ཤེར་ཕྱིན་སོགས་ལས་རིང་དུ་སོང་བས་ན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། མཉམ་གཞག་ཟབ་མོའི་ཚེ། ཅིར་ཡང་མི་རྟོག་པའི་ཕྱིར། གཟུགས་རྟག །དེ་ནས་ཤོག་གུ་བཅུ་གསུམ་དང་ཕྲེང་ཕྱེད་དང་བཅུ་གསུམ་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་གསུམ་ན། བམ་པོ་བཅུ་བཞི་པ། དེ་ནས་ཤོག་གུ་བཞི་དང་ཕྲེང་གཅིག་ཅུང་མེད་ན། གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། ཞེས་བྱ་བ་ནི་རྣམ་པར་བཏགས་པའི་གཟུགས་ཏེ་གཟུགས་ཀྱི་དངོས་པོར་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། གཟུགས་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཞིང་སྐྱེ་བའི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །ཞེས་དང༌། གཟུགས་མ་ཡིན་ནོ། །ཞེས་བྱ་བ་ནི་འདི་ལྟར་ཀུན་བཏགས་པའི་གཟུགས་ནི་མེད་པ་སྟེ། སྐྱེ་བའི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །དེ་བས་ན་སྐྱེ་བ་མེད་པ་ནི་གཟུགས་མ་ཡིན་པར་དེ་ལྟར་གྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ཕྱེད་དང་བཅུ་གསུམ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཕྲེང་གསུམ་ལྷག་པ་ན། མཚན་ཉིད་གཅིག་པའོ། །ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་གཟུགས་ཀྱང་བཏགས་པ་འགྲིབ་པ་ཡང་བཏགས་པ་སྟེ། དེ་བས་ན་གཉིས་ཀ་ཡང་མཚན་ཉིད་མེད་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་དགུ་དང་ཕྲེང་བཅུ་ལྷག་པ་ན། གཟུགས་ཉིད་ཀྱང་མ་སྐྱེས་པ་སྟེ། ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་གཟུགས་ཞེས་བྱ་བ་དང༌། མ་སྐྱེས་པ་ཞེས་བྱ་བ་ནི་ཆོས་ཉིད་ལ་བྱ་སྟེ། དེའི་ཕྱིར་གཉིས་སུ་མེད་དོ། །ཞེས་དབུ་མ་པ་གསུངས། འདི་ལྟར་ཆོས་ཉིད་ཀྱི། ཚོར་བ་ཡང་གཞན་མ་ཡིན། མ་སྐྱེས་པའི་གཞི་དོན་དམ། ཡང་གཞན་མ་ཡིན་ཏེ། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དྲུག་ན། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དང་དྲུག་ན། དེ་ལྟར་མི་རྟོག་པའི་ཚུལ་གྱིས་ཡོངས་སུ་རྟོག་པའི་ཚེ། གཟུགས་ཀྱིས་མ་སྐྱེས་པ། ཆོས་ཉིད་ཀྱི་གཟུགས་མཐོང་བར་འགྱུར། ཞེས་བྱ་བ་ནི་དེ་བཞིན་ཉིད་མངོན་སུམ་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །གཟུགས་ཀྱི་སྐྱེ་བ་མ་མཆིས་པ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཆོས་ཉིད་ཀྱི་གཟུགས་དང༌། དེ་བཞིན་ཉིད་གཅིག་པའི་ཕྱིར་དེ་སྐད་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཚོར་བའི་མ་སྐྱེས་པ། ཆོས་ཉིད་ཀྱི་ཚོར་བ་མཐོང་བར་འགྱུར། དེ་བཞིན་དུ་ཅི་རིགས་པར་སྦྱར་ཏེ། ཤིན་ཏུ་རྣམ་པར་དག །དེ་ནས་ཤོག་གུ་བདུན་དང་ཕྲེང་ཕྱེད་དང་བརྒྱད་ན། སངས་རྒྱས་ཀྱི་ཆོས་ཀྱང་སྐྱེ་བ་མེད་ན་ནི། 4-1-114 དེ་གཟུགས་ལ་སོགས་པ་དང༌། དེ་བཞིན་ཉིད་གཅིག་པ་ཡིན་ན། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ཡོད་པར་མི་འདོད་དོ། །ཞེས་བྱ་བས་ཅི་བསྟན་ཞེ་ན། ཆོས་མ་སྐྱེས་པ་ནི་སུས་ཀྱང་ཐོབ་པའམ་མངོན་པར་རྟོགས་པར་མི་ནུས། མ་སྐྱེས་པ་ལ་གང་ཡང་རྒྱུན་ཏུ་ཞུགས་པར་མི་འགྱུར་གྱི། ཀུན་བཏགས་པའི་སྒྲིབ་པ་ཙམ་བསལ་བའི་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར། ཐོས་པ་དང་མངོན་པར་རྟོགས་པར་འདོད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་ལོགས་གཅིག་དང་ཕྲེང་ཕྱེད་ན། བདག་ནི་མ་སྐྱེས་པ་ལ་དེ་བཞིན་གཤེགས་པ་ཡོད་པར་མི་འདོད། ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་བ་མེད་པས་ཆོས་ཀྱི་སྐུ་ལ་དེ་བཞིན་གཤེགས་པ་གང་གིས་སྐྱེ་བ་མེད་པ་རྟོགས་པར་འགྱུར་བའི་དེ་བཞིན་གཤེགས་པ་གཉིས་པ་ཡོད་པར་མི་འདོད་པའོ། །དེ་བས་ན་སྐྱེ་བ་མེད་པ་ཉིད་དེ་བཞིན་གཤེགས་པ། སྐྱེ་བ་མེད་པ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ནོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་བཞི་ན། མ་སྐྱེས་པས་སྐྱེ་བ་འཐོབ་པ་དང༌། སྐྱེས་པས་མ་སྐྱེས་པ་འཐོབ་པ། གཉིས་ཀྱིས་མ་ཡིན་གྱིས། འཇིག་རྟེན་གྱི་ཐ་སྙད་ཀྱིས། སྒྲིབ་གཉིས་སྤོང་བ་ཙམ་ལ་གདགས་པའོ། །སངས་རྒྱས་ལ་སོགས་པ་གང་ཟག་དག་ཀྱང༌། གདགས་པ་ཙམ་ཡིན་ཏེ། དེ་ནས་ཕྲེང་གཉིས་ན། འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད། ཙམ་ཡིན་གྱི་དོན་དམ་པར་གྲུབ་པ་མ་ཡིན་ནོ། །དེ་ནས་ཕྲེང་གཉིས་ན། གློ་བུར་གྱི། རྣམ་པར་བྱང་བ། དེ་ནས་ཕྲེང་གཅིག་ལྷག་པ་ན། བདག་ནི་མ་སྐྱེས་པའི་ཆོས་ཆོས་ཉིད་ཀྱང་སྐྱེ། སྐྱེས་པའི་ཆོས་ཀུན་རྫོབ་ཀྱང་མེད་པའི་ཕྱིར་དོན་དམ་དུ་སྐྱེ་བར་མི་འདོད་དོ། ། བམ་པོ་བཅུ་བདུན་པ། བདག་ནི་ཆོས་ཉིད་ཀྱི་གཟུགས་སྐྱེ་བར་མི་འདོད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་ཕྱེད་དང་དགུ་ན། ཀུན་རྫོབ་ཀྱི། གཟུགས་དོན་དམ་དུ་སྐྱེ་བར་མི་འདོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱར། མི་སྐྱེ་བའི་ཆོས་ཀྱང་མི་སྐྱེའོ། །ཞེས་བྱ་བ་གསུངས་ཏེ། སྐྱེ་བ་མེད་པ་ནི་ཡོངས་སུ་གྲུབ་པས་ཡིན་པས་མི་སྐྱེའོ། །སྐྱེ་བ་ནི་ཀུན་བཏགས་པ་ཡིན་ཏེ་མེད་པའི་ཕྱིར་མི་སྐྱེའོ། །དེ་བས་ན་རྣམ་གྲངས་འདི་ལ་སྐྱེ་བ་ཡང་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། འདི་ལྟར་སྐྱེ་བ་གང་ཡིན་པ་ཀུན་བཏགས་པ་དང༌། སྐྱེ་བ་མེད་པ་གང་ཡིན་པ། ཡོངས་སུ་གྲུབ་པའི་ཆོས་དེ་གཉིས་ཀ་ཡང་དྲི་མེད་དེ་བཞིན་ཉིད་ཀྱི་གནས་སྐབས་ན། ལྡན་པ་ཡང་མ་ཡིན། དྲི་བཅས་དེ་བཞིན་ཉིད་ཀྱི་གནས་སྐབས་ན། མི་ལྡན་པ་ཡང་མ་ཡིན། རྡུལ་ཕྲ་རབ་ལས། འདས་པའི་གཟུགས་མེད་པ། རྣམ་ཤེས་ཀྱིས་བལྟར། གཤིས་ལ་མེད་པ། ཐོགས་པ་གཤིས་ལ་མེད་པ་སྟེ། དེ་ནས་ཕྲེང་གཉིས་ཙམ་ན། སྤོབས་པར་འགྱུར་རམ། ཞེས་དྲིས་པ་དེའི་ཚེ། གནས་བརྟན་རབ་འབྱོར་གྱིས་མ་སྐྱེས་པ་དང་སྐྱེ་བ་མེད་པའི་སྒྲ་གཉིས་ཀ་ཡང་ཀུན་བཏགས་པའི་ཚིག་ཏུ་ཡང་གྲགས་པ་ཡིན་ནོ། །སྙམ་དུ་བསམ་ནས། དེ་ནས་ཕྲེང་གཉིས་ཙམ་ན། སྤོབས་པ་མེད་དེ། ཞེས་བྱ་བ་གསུངས་སོ། །དེའི་འོག་ 4-1-115 ཏུ་མ་སྐྱེས་པ་དང་སྐྱེ་བ་མེད་པ་གཉིས་ཀ་ཡང་ཀུན་བཏགས་པ་ཉིད་དུ་སྟོན་ཏེ། དེ་ནས་ཕྲེང་གཅིག་ན། ཆོས་དེ་དག་ཐམས་ཅད་ཀྱང་སེམས་ལས་བྱུང་བའི་དངོས་པོ་མེད་པས། ལྡན་པ་ཡང་མ་ཡིན། སེམས་དང་མི་ལྡན་པའི་དངོས་པོར་ཡོད་པ། ཡང་མ་ཡིན། རྣམ་པར་རིག་བྱེད་མ་ཡིན་པ་ལ་སོགས་པའི། གཟུགས་སུ་མེད་པ། ཁ་དོག་བཞིན་དུ། བལྟར་མེད་པ། དབང་པོའི་གཟུགས་སུ་མེད་པས། ཐོགས་པ་མེད་པ་སྟེ། འདི་ལྟར། འདུས་མ་བྱས་ཀྱི། མཚན་ཉིད་དུ་མེད་པར་མཚན་ཉིད་གཅིག་པར་དགོས་སོ། །ཞེས་བྱ་བ་ནི་མ་སྐྱེས་པའི་ཆོས་དང་སྐྱེ་བ་མེད་པར་བརྗོད་པར་སྤོབས་སམ། ཞེས་བྱ་བའི་ཚིག་ལ། མ་སྐྱེས་པ་དང༌། སྐྱེ་བ་དང༌། ཆོས་དང༌། སྤོབས་པ་དང༌། བརྗོད་པ་ཞེས་བྱ་བའི་ཆོས་འདི་དྲུག་བསྟན་ཏེ། དེ་དག་ཐམས་ཅད་ཀྱང་ཀུན་བཏགས་པའི་ཡིན་པས་མེད་པའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་པ་རྣམས་དབུ་མ་པ་ཆེན་པོ་གསུངས་སོ། །འོ་ན་སྔར་སྐྱེ་བ་མེད་པ་ཡོངས་གྲུབ་ཏུ་བཤད་པ་དང་འགལ་ལོ། །ཞེ་ན། སྐྱེ་བ་མེད་པ་ལ་སྒྲ་འདི་བདེན་པ་གཉིས་ཀ་ལ་འཇུག་པས། སྔར་ཡོངས་གྲུབ་སྐབས་སུ་བབ་ཅིང༌། འདིར་ཀུན་བཏགས་སྐབས་སུ་བབ་པས་སྐྱོན་མེད་དོ། །དེ་ནས་ཕྲེང་གཉིས་ལྷག་པ་ན། གཟུགས་སྐྱེ་བ་མེད་དོ། །ཞེས་བྱ་བ་ལ་སོགས་པས་ཐམས་ཅད་ཀྱང་སྐྱེ་བ་མེད་པའི་ངོ་བོ་ཉིད་དུ་སྟོན། ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ལྷག་ན། གང་དང་གང་ཡོངས་སུ་དྲིས་པ་དེ་ལ་སྤོབས་པ་ཐོགས་པ་མེད་དོ། །མི་གནས་པ་མེད་པའི་ཚུལ་རྟོགས་པ། ངག་གིས། འདི་ལྟར། ཆོས་ཉིད། ཡོངས་གྲུབ་ཀྱི། ཆོས་ཐམས་ཅད། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་མ་འབྲེལ་བཞིན་དུ་ཁྱབ་པར་བཞུགས་ཀྱང་འབྲེལ་བའི་ཚུལ་གྱིས། དེ་ནས་ཕྲེང་གཅིག་ན། རང་བཞིན་གྱིས་སྟོང་པ་སྟེ། ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་བསྟན་པ་སྟེ། དེ་བས་ན་མི་དམིགས་སོ། །ཞེས་བྱ་བ་གསུངས་སོ། །གལ་ཏེ་དེ་འགའ་ཞིག་ལ་གནས་ན་ནང་ངམ། ཕྱི་རོལ་ལམ་གཉིས་ཀ་ལས། གཞན་པ་འགའ་ཞིག་ལ་གནས་གྲང་ན། འདི་ལྟར་དེ་གསུམ་ཆར་ལ་ཡང་དོན་དམ་པར་མེད་དེ། དེ་དོན་དམ་པར་མེད་པའི་ཕྱིར་རོ། །དེ་བས་ན་མི་གནས་པའོ། །ཞེས་དབུ་མ་པ་གསུངས། ཆོས་ཉིད་ཀྱི་ཚོར་བ་ནི། གདོད་མ་ནས། རང་བཞིན་གྱིས། ཀུན་རྫོབ་པའི་ཆོས་ཀྱིས་སྟོང་པ། གཞན་སྟོང་སྟེ། དེ་ནས་ཤོག་གུ་ཕྱེད་དང་བདུན་ལ་ཕྲེང་གཅིག་ཆད་པ་ན། རྣམ་གྲངས་དེས་ན། རང་བཞིན་གཉུག་མ་དོན་དམ་གྱི། ཆོས་ཐམས་ཅད་ནི། རང་བཞིན་གྱིས་སྟོང་པ། མ་སྐྱེས་པའི་སྟོང་པ་གཞན་སྟོང་ཉིད་ཀྱི་ཕྱིར་མ་གནས་པའོ། ། བམ་པོ་བཅོ་བརྒྱད་པ། དེ་ལྟར་ན་གཟུགས་ཡོངས་སུ་བྱང་བར་བྱའོ། །ཞེས་པ་ནི་འགོག་བདེན་གྱི་ཆོས་ཐམས་ཅད་ལ་མ་འབྲེལ་བཞིན་དུ་གནས་པའི་སྡུག་བསྔལ་ཀུན་འབྱུང་གི་ཆོས་ཐམས་ཅད་ལམ་བདེན་གྱི་ཆོས་ཐམས་ཅད་ཀྱིས་སྦྱངས་ནས་དག་པ་གཉིས་ལྡན་གྱིས་འགོག་བདེན་འཐོབ་པས་ནོར་བུ་སྤྱོད་པ་བཞིན་དུ་སྦྱང་བར་བྱའོ། །ཞེས་པའི་དོན་ཏོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད། སྦྱང་བའི་གཞི། སྦྱང་བྱའི་ 4-1-116 དྲི་མ། སྦྱོང་བྱེད་ཀྱི་ལམ། སྦྱངས་པའི་འབྲས་བུ། བྲལ་འབྲས་རྣམས་ཀྱི་ཚུལ། ནམ་མཁའ་དང༌། སྤྲིན་དང༌། རླུང་དང༌། དེས་ནམ་མཁའ་དག་པར་བྱས་པ་ལྟར་ཡོངས་སུ་སྦྱང་བར་བྱའོ། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་བསྒྲུབ་པ་ཡིན་ཞེས་བྱ། །དེ་ནས་ཡང༌། དེ་ནས་ཕྲེང་གཉིས་ན། འཇིག་རྟེན་ལས་འདས་པ་ཡང་ཡོད། ཅེས་བྱ་བ་ལ་སོགས་པས་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་པའི་ཐབས་སྟོན་ཏེ། ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཞི་ན། ཐེག་པ་སྟེ་བཞོན་པ། འདོད་པ་ལ། འདི་ལྟར་འཁོར་གསུམ་མ་དག་པས། འཇིག་རྟེན་ལས་མི་གཡོ། དེ་ནས་ཤོག་གུ་བཞི་ན། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ། །ཞེས་པ་འཇིག་རྟེན་ལས་འདས་པའི་སྦྱིན་སོགས་ནི་ལམ་སྦྱོང་བ་དངོས་དང༌། འཇིག་རྟེན་པའི་སྦྱིན་སོགས་ནི་ལམ་སྦྱོང་བའི་བརྒྱུད་རྒྱུ་ཡིན་ནོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་བཅུ་གཅིག་ན། འཚང་མི་རྒྱ་བར་རིག་པར་བྱའོ། །ཞེས་པའི་དོན་ནི་ཡིད་ལ་མི་བྱེད་པའི་ཚུལ་ཅན་གྱི་ཡིད་ལ་བྱེད་པ་ལྔ་པོ་འདི་སེམས་ཅན་གཞན་ལ་མེད་པས་བྱང་ཆུབ་སེམས་དཔའ་མིན་ལ་རྒྱལ་སྲས་ལ་ཡོད་དོ། །ཞེས་པ་སྟེ། མཉམ་གཞག་ཟབ་མོ་སྟོན་ཏོ། །ཀུན་བཏགས་ཀྱི་གཟུགས་མེད་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་བདུན་དང་ཕྲེང་གཅིག་ཙམ་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་བཅུ་བདུན་ན། སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་གྱིས་ལེའུ་སྟེ་བཅུ་བཞི་པའོ།། །། ༈ དེ་རྣམས་ཀྱིས་ནི། ངེ༷ས་པ༷ར་འབྱུ༷ང་བཅ༷ས་རྣ༷མས། །ཐུ༷བ་པ༷འི་རྣ༷མ་ཀུ༷ན་མཁྱེ༷ན་པ༷་ཉི༷ད། །ཅེས་པ་དོན་བཅུ་པ་གསུངས་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་དེ་དང་པོའོ།། །། ༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲིང་དུ་བཤད་པ་བསྟན་ཟིན་ཏོ། །འདིར་གསུམ་ལྡན་མར་བཅད་ཀྱི་མཁས་པ་དག །སྐབས་དང་པོ་རྣམ་མཁྱེན་གྱི་ཡེ་ཤེས་གསུངས་པ་མེད་ཀྱི་དེའི་རྒྱུ་བསྟན་པ་ཙམ་མོ། །ཞེས་བཞེད་པ་མང་མོད། འོ་ན་རང་བཞིན་གྱི་རིགས་དང༌། རང་བཞིན་འོད་གསལ་གྱི་སེམས་དང་འགྱུར་བ་མེད་ཅིང་རྣམ་རྟོག་མེད་པའི་སེམས་དང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་སོགས་པ་ཡོངས་གྲུབ་མང་པོ་གསུངས་པ་རྣམ་མཁྱེན་གྱི་ཡེ་ཤེས་མ་ཡིན་ནམ། མ་ཡིན་ནོ་ཞེ་ན། ཡོངས་གྲུབ་བཅུ་གཉིས་ནི་མིང་གི་རྣམ་གྲངས་ཡིན་ལ། དེའི་ནང་ནས་གཅིག་ནི་རྣམ་མཁྱེན་གྱི་ཡེ་ཤེས་ཡིན་པར་རབ་ཏུ་གསལ་བར་གསུངས་པ་དང་འགལ་ལོ། །གལ་ཏེ་འགྱུར་མེད་ཡོངས་གྲུབ་ནི་འདུས་མ་བྱས་རྟག་པ་ཡིན་པས་དེ་ཤེས་པར་མ་རིག་པ་ཡིན་ན། འདུས་མ་བྱས་རྟག་པའི་ཤེས་པའམ་རིག་པ་ཡིན་པས་སྲིད་པར་འགྱུར་རོ། །ཞེ་ན། རྫོགས་ལྡན་གྱི་ལུགས་ལ་ནི་ཤིན་ཏུ་འདོད་དེ། རྫོགས་ལྡན་གྱི་ཆོས་ལས་དེ་སྐད་གསུངས་པའི་ཕྱིར་རོ། །གསུམ་ལྡན་མར་བཅད་སྐྱོན་ཅན་གྱི་ཆོས་ལ་མངོན་པར་ཞེན་པ་རྣམས་ཀྱིས་ནི་ 4-1-117 སྤྱོད་ཡུལ་མ་ཡིན་ནོ། །གལ་ཏེ་ཡོངས་གྲུབ་དགུའམ་བཅུ་གཉིས་རིག་པ་མ་ཡིན་ན་དོན་དམ་ཆོས་སྐུ་དང་ངོ་བོ་ཉིད་སྐུ་ཡང་འགྱུར་མེད་ཡོངས་གྲུབ་ཡིན་པས། རིག་པ་མ་ཡིན་པར་འགྱུར་ལ་འདོད་ན་དེས་ཅི་ཡང་མི་རིག་པར་འགྱུར་ཏེ། རིག་པ་མ་ཡིན་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཤེས་ཀུན་རིག་དམ་པ་པོ་ཡིན་པའི་ཕྱིར་རོ། །གཞན་ཡང་ཡོངས་གྲུབ་དགུའམ་བཅུ་གཉིས་རིག་པ་མ་ཡིན་ན། སྐད་ཅིག་ལས་འདས་པའི་ཡེ་ཤེས་མ་ཡིན་པར་འགྱུར་ལ། དེ་འདོད་ན་མཐར་ཐུག་དེ་ཁོ་ན་ཉིད་མ་ཡིན་པར་འགྱུར་ཏེ། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི། རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་པའི་ཕྱིར། ཡེ་ཤེས་མ་ཡིན་ན། ཡོངས་གྲུབ་ཏུ་མི་རུང་བས་མཐར་ཐུག་དེ་ཁོ་ན་ཉིད་དུ་མི་རུང་བའི་ཕྱིར་རོ། །འདིར་ཡར་བཅད་ཀྱི་ཅ་པ་སྟེ་པོ་ཏི་ལྔ་པ་རྫོགས་སོ།། །། ༈ ཆ༽ གླེགས་བམ་དྲུག་པ། བམ་པོ་དང་པོ། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བཤད་པ་སྟོན་ཏེ། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང༌། །དེ་ནས་སྟོང་གསུམ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ལྷག་པ་ན། གོང་ན་མེད་པར་སྣང་ངོ༌། །དེའང་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་རང་བཞིན་གྱི་ལུས་བཟང་ཞིང་འོད་གསལ་བ་སྙེམས་པ་རྣམས་དེ་བཞིན་གཤེགས་པའི་རང་བཞིན་གྱིས་འོད་ཀྱིས་ཟིལ་གྱིས་མནན་ནས་དེ་དག་གི་ང་རྒྱལ་བཅག་སྟེ། དེ་བཞིན་གཤེགས་པ་ལ་ཆོས་གུས་པས་ཉན་དུ་གཞུག་པའི་ཕྱིར། ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་ལྔ་ན། ཡུལ་ངེས་པ་དང་། ཀེའུ་ཤི་ཀ །དེ་ནས་ཕྲེང་གསུམ་ན། ཞུགས་པར་གྱུར་པ། ཉན་ཐོས་རྒྱུན་ཞུགས་ཡན་ཆད་དེ་དག་ནི་བསྐྱེད་པའི་མཐུ་མེད་དེ། ཞེས་བྱ་བ་ནི་གང་དག་ལོག་པ་ཉིད་དུ་ངེས་པ་དེ་དག་ནི་རེ་ཞིག་སྐལ་བ་མེད་པས་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཁྱབ་པ་དང༌། །འོན་ཀྱང༌། དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ༌། །བཤད་པ་འདི་དེ་དག་གི་རྣམ་པར་ཐོས་ན་དོན་མེད་པར་མི་འགྱུར་བའི་ཕྱིར་ཏེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་གྲངས་མེད་པའི་ཕ་རོལ་ཏུ་དེ་དག་སངས་རྒྱས་ལ་འཇུག་པར་འགྱུར་རོ། །ཞེས་དབུ་མ་པ་གསུངས། རང་བཞིན་དང་ནི་དེ་ཡི་ལས། །མུ་སྟེགས་ལས་ཁྱད་པར་འཕགས་པའི་ཉན་ཐོས་ཀྱི། ཆོས་རྣམས་ལས་ཉན་ཐོས་ལས། ཁྱད་པར་དུ་འཕགས་པའི་བྱང་སེམས་ཀྱི། ཆོས་ཉན་ཐོས་དེ་དག་གི་དགེ་བའི་ཕྱོགས། བྱང་ཆུབ་སེམས་ཀྱི་ཆོས་ཐོབ་པས། ལ་བདག་ནི་བར་ཆད་མི་བྱེད་དོ། །རྣམས་ཀྱིས། མོ༷ག་མོ༷ག་པོ༷ར་བྱེ༷ད་ལ༷་སོ༷གས་ད༷ང༌། །ཞེས་པ་དོན་དང་པོ་གསུངས་ཟིན་ཏོ། ། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཀོའུ་ཤི་ཀ །དེ་ལ། དེ་ནས་ཕྲེང་གཅིག་ལྷག་པ་ནི། དེ་ནས་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སའི་ཚུལ་གྱིས་མི་རྟག་པ་ལ་སོགས་པའི་ཚིག་ 4-1-118 རྣམས་ཀྱི་དོན་བཤད་པར་བྱ་སྟེ། གཟུགས་ནི་མ་བྱུང་བ་ལས་འབྱུང་ཞིང་བྱུང་ནས་དེས་ཀྱང་མེད་པར་འགྱུར་བས། མི་རྟག་པར་ཡིད་ལ་བྱའོ། །གཟུགས་ནི་བདག་ཉིད་སྡུག་བསྔལ་གསུམ་དང་ལྡན་པ་དང༌། གཞན་གྱི་སྡུག་བསྔལ་གྱི་རྒྱུར་འགྱུར་བས། སྡུག་བསྔལ་བར་ཡིད་ལ་བྱའོ། །གཟུགས་ནི་དབང་བསྒྱུར་བའི་མེད་པ་ལ་སོགས་པས་བདག་ལ་རང་གི་མཚན་ཉིད་མེད་པའི་ཕྱིར། བདག་མེད་པར་ཡིད་ལ་བྱའོ། །གཟུགས་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བས། ཞི་བར་ཡིད་ལ་བྱའོ། །གཟུགས་ནི་ཞེ་ན་ཉོན་མོངས་པ་དང་མི་ལྡན་པས། དབེན་པར་ཡིད་ལ་བྱའོ། །གཟུགས་ནི་རྐྱེན་དུ་མས་གོས་དགོས་ཤིང་ལུས་དང་ཡིད་ཀྱི་སྡུག་བསྔལ་གྱི་རྩ་བ་ཡིན་པས། ནང་དུ་ཡིད་ལ་བྱའོ། །གཟུགས་ནི་ཞེན་པའི་གནོད་པ་དང་ལྡན། ཉོན་མོངས་པའི་མི་གཙང་བ་ཟག །སྐྱེ་བ་རྒ་བ་འཇིག་པས་རིམ་པ་བཞིན་སྐྲན་སྨན་རྡོལ་བའི་ཕྱིར་འབྲས་སམ། ཤི་བར་ཡིད་ལ་བྱའོ། །གཟུགས་ནི་ཕྱི་ནང་གི་གནོད་པས་ཟུག་པར་བྱེད་ཅིང་བཅོས་དཀའ་བས། ཟུག་རྔུར་ཡིད་ལ་བྱའོ། །གཟུགས་ནི་སྨད་པར་བྱ་བ་དང༌། གནོད་པར་འགྱུར་བས། སྡིག་པར་ཡིད་ལ་བྱའོ། །གཟུགས་ནི་ཡུན་རིང་པོར་གནོད་པ་དང་ལྡན་པས་ནད་རྙིང་འདྲ་བའི་ཕྱིར་ན་བར་ཡིད་ལ་བྱའོ། །གཟུགས་ནི་མི་བདེ་བ་དང་གནོད་པ་སྣ་ཚོགས་འབྱུང་བའི་རྒྱུ་ཡིན་པས་དགྲར་ཡིད་ལ་བྱའོ། །གཟུགས་ནི་ན་རྒ་འཆི་བས་རིམ་པ་བཞིན་དུ་འཇིག་པས། འཇིག་པའི་ཆོས་ཅན་དུ་ཡིད་ལ་བྱའོ། །གཟུགས་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་དང་འཇིག་རྟེན་གྱི་ཆོས་མི་བརྟན་པ་བརྒྱད་དང་ལྡན་པས། མི་བརྟན་པར་ཡིད་ལ་བྱའོ། །གཟུགས་ནི་རང་གི་ངང་གནོད་པས་ཀྱང་འཇིག་པས། འཇིག་པར་ཡིད་ལ་བྱའོ། །གཟུགས་ནི་འཇིག་པ་ཐམས་ཅད་ཀྱི་རྒྱུ་ཡིན་པས། འཇིག་པར་ཡིད་ལ་བྱའོ། །གཟུགས་ནི་གནོད་པ་རྣམ་པ་མང་པོ་དང་འདྲེས་པ་དང༌། འགོས་ནད་དང་འདྲ་བས། འགོ་བའི་ནང་དུ་ཡིད་ལ་བྱའོ། །གཟུགས་ནི་ཆུ་ཤིང་ལྟར་ནང་བདག་གིས་སྟོང་པས། སྟོང་པ་ཉིད་དུ་ཡིད་ལ་བྱའོ། །གཟུགས་ནི་བདག་པོས་སྟོང་པས། བདག་ནི་མེད་པར་ཡིད་ལ་བྱའོ། །གཟུགས་ནི་ཡང་དག་པ་མ་ཡིན་པ་ལས་ཀུན་བཏགས་པ་ཡིན་ཏེ། འགྱུར་ཞིང་མི་བརྟན་པའི་ཆོས་ཅན་ཡིན་པས། ཡིད་བརྟན་དུ་མི་རུང་བར་ཡིད་ལ་བྱའོ། །གཟུགས་ནི་ལུས་སེམས་ལ་མི་བདེ་བ་དང༌། གནོད་པ་སྣ་ཚོགས་འབྱུང་བའི་རྒྱུ་ཡིན་པས། གནོད་པར་ཡིད་ལ་བྱའོ། །དེ་ནས་ཤོག་གུ་ཕྱེད་དང་བཅུ་གསུམ་པ། བམ་པོ་གཉིས་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་བཅུ་ན། རྒ་ཤི་ནི་གནོད་པར་ཡིད་ལ་བྱའོ། །དེ་དག་ནི་ཉན་རང་གི་ས་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་དང་མཐུན་པའོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བརྒྱད་ཙམ་ན། འདི་ལྟར་ཆོས་རྣམས་སེམས་ཅན་གྱི་སེམས་རྒྱུད་འདོད་ཆགས་ལ་སོགས་པས་གདུངས་པ་རྣམས་བྱང་ཆུབ་ཀྱི་སེམས་ལ་སོགས་པས་བྱམས་པ་དང་སྙིང་རྗེས་མངོན་པར་བརླན། དེ་ལྟར་སེམས་བསྐྱེད་ནས་སྦྱིན་སོགས་དངོས་སུ་སྒྲུབ་ཏུ་འཇུག་པ། ཡོངས་སུ་བརླན་པར་བྱེད་པ་དང༌། སྦྱིན་སོགས་དེ་དག་འཁོར་གསུམ་ 4-1-119 ཡོངས་སུ་དག་ཅིང་མཐར་ཕྱིན་པར་བྱེད་པ། རྫོགས་ཡོངས་སུ་རྫོགས། བསྔོ་བའི་སེམས་ཀྱིས་བདག་གཞན་བྱང་ཆུབ་ཏུ་འགྲུབ་པར་བསྔོ་ཞིང་ཁྱབ་པར་བྱེད་པ། ཡོངས་སུ་རྒྱས། སྦྱིན་སོགས་ཀྱི་འཁོར་གསུམ་མི་དམིགས་པར། ཡོངས་སུ་སྦྱོང༌། བྱང་ཆུབ་ཀྱི་སེམས་ལ་སོགས་པས། ཆོས་ཁོ་ནས་བྱས་པར་ཟད་དེ། བདག་གི་པའི་བྱེད་པ་པོ་མེད་དོ། །དེ་ནས་ཕྲེང་གཉིས་ན། མི་དམིགས་ཏེ་དེ་གཉིས་ཀ་ཡང་དོན་དམ་པར་མེད་པའི་ཕྱིར་རོ། །དེ་ནས་ཕྲེང་གཅིག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་ནི་ཀུན་རྫོབ་ཏུ་གང་ཟག་དང་ཆོས་ལས་བདག་མེད་པར་རྟོགས་ཀྱང༌། དོན་དམ་པར་ཆོས་གང་ལ་ཡང་མཚན་མར་མི་འཛིན་ཅིང་ཆགས་པ་མེད་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་ལྔ་ལྷག་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་ནི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་སེམས་དང༌། བྱང་ཆུབ་ཀྱི་སེམས་གཉིས་ཀ་ཡང་དོན་དམ་པར་ཡོད་པར་མ་གྲུབ་པས་སེམས་མ་ཡིན་ཏེ། དེ་ལྟར་སེམས་མ་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་སེམས་མ་ཡིན་པ་དེ་ལ་ཡོངས་སུ་བསྔོ་བ་མེད་པར་ཡོངས་སུ་རྟོགས་ནས་རྣམ་པར་མི་རྟོག་པར་གྱུར་པ་དེ་ཉིད་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། འཕགས་པ་ཉན་ཐོས་ལམ་ལས་ནི། །གཟུགས་ལ་སོགས་པའི་སྟོང་པའི་ཕྱིར་རོ། །སྟོང་པ་ཉིད་རྣམས་དབྱེར་མེད་ཕྱིར། །དྲོ་བ། དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་དྲུག་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ། ཐོག་མར་བྱ་བ་མ་ཡིན་པ་ལས་བཟློག་སྟེ། གདམས། བྱ་བ་ལ་སྦྱོར་བའི་སྒོ་ནས། རྗེས་སུ་བར་དུ་མི་ཤེས་པས་མི་བསྒྲུབ་པ་དག་སྒྲུབ་ཏུ་འཇུག་པ་ཡང་དག་པར་བསྟན་པའམ། དགའ་ལོགས་ཤེས་ཀྱི་ལོགས་པར་ཞུགས་པ་དག་ཡང་དག་པར་བསྒྲུབ་པ་ལ་སྦྱོར་བས་ཡང་དག །ལེ་ལོ་ལ་སོགས་པས་ཅུང་ཟད་ཙམ་སྒྲུབ་པ་དག་ལེགས་པར་བརྩོན་པས་སྒྲུབ་ཏུ་འཇུག་པས། ལེགས་པར། ཤེས་རབ་ཀྱིས་ཡང་དག་པར་ཞུགས་པ་དག་ལ་ཡིད་དང་བས་རབ་ཏུ་ཐ་མར་ལམ་ལ་དགོད། བཀོད་པ་དག་འབྲས་བུ་ལ་ཤིན་ཏུ་བརྟན་པར་བགྱིའོ། །དེ་ནས་ཕྲེང་ཕྱེད་དང་བཞི་ན། གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཞེས་བྱ་བ་སྟོན་ཏེ། སྟོང་པ་ཉིད་རྟོགས་པ་ནི་གནས་པའོ། །དམིགས་པའི་ཚུལ་ནི་གནས་པ་མ་ཡིན་ནོ། །ཞེས་བསྟན་ཏོ། །དེས་ནི་འདི་སྐད་དུ་གང་གི་ཕྱིར་གཟུགས་ལ་སོགས་པ་ཀུན་བཏགས་པའི་ཆོས་འདི་དག་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ལ་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་མེད་པ་སྟེ། དེ་དག་གི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཐ་ཚིག་མི་དད་དེ་གཅིག་གོ །དེ་བས་ན་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་དང་ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་ནི་གཉིས་སུ་མེད་པ་སྟེ། གཅིག་ 4-1-120 པའི་ཆོས་ཉིད་དུ་གནས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ལྔ་ལྷག་ཙམ་ན། བམ་པོ་གསུམ་པ། དེ་དག་མི་དམིགས་པས། །རྩེ་མོར་གྱུར་པ་དག་ཏུ་འདོད། །དེ་ནས་ལྷའི་དབང་པོ། དེ་ནས་ཤོག་གུ་གསུམ་ལ་ཕྲེང་གསུམ་ཆད་པ་ན། ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་བྱའོ། །ཞེས་པས་ཆོས་ཐམས་ཅད་ལ་གནས་པར་མི་བྱ་བའི་འགྲེས་སོ། །དེ་ནས་ཤོག་གུ་གསུམ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་གནས་པར་མི་བྱའོ། །ཞེས་པས་ཆོས་ཀྱི་མཚན་ཉིད་ལ་གནས་པར་མི་བྱ་བའི་འགྲེས་སོ། །དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀགས་པས་བཟོད་པ་རྣམས། །དམིགས་པའི་ཚུལ། དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་གཉིས་ན། བམ་པོ་བཞི་པ། དེ་ནས་ཤོག་གུ་ཕྱེད་དང་བཅོ་ལྔ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་བཅུ་གཉིས་ལ་ཕྲེང་ཕྱེད་ཆད་པ་ན། སྦྱིན་པའི་གནས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པ་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཉིད་ལ་གནས་པར་མི་བྱ་བའི་འགྲེས་སོ། །ས་བཅུ་རྣམས་ལ་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་གྱུར་བཤད་དེ། །ཀོའུ་ཤི་ཀ །གཞན། དེ་ནས་ཤོག་གུ་ཕྱེད་དང་གཉིས་ཙམ་ན། རབ་ཏུ་དགོད་པར་བྱའོ། །ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཉིད་ལ་གནས་པར་མི་བྱ་བའི་འགྲེས་སོ། །མིག་ལྔ། དེ་ནས་ཕྲེང་བརྒྱད་ཅུང་མེད་ན། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་བསྒྲུབ་པར་བྱའོ། །ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །རྣམ་མཁྱེན་གྱི་ཕྱོགས་དང་མཐུན་པའི་ཆོས་ཉིད་ལ་གནས་པར་མི་བྱ་བའི་འགྲེས་སོ། །དད་པའི་རྗེས། དེ་ནས་ཤོག་གུ་གསུམ་དང་ཕྲེང་གསུམ་ན། ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པ་གང་ཟག་ལ་གནས་པར་མི་བྱ་བའི་འགྲེས་སོ། ། བམ་པོ་དྲུག་པ། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །དེ་ཅིའི་ཕྱིར། དེ་ནས་ཕྲེང་གཉིས་ན། འདི་སྙམ་དུ། ཆོས་ཐམས་ཅད་ལ་གནས་པར་མི་བྱ་ན། ཇི་ལྟར། དེ་ནས་ཤོག་གུ་ཕྱེད་དང་བཞི་ན། བསླབ་པར་བྱའོ། །གནས་པར་བྱའོ། །དེ་རྣམས་ཀྱིས་ནི། སློ༷བ་མ༷། ཞེས་པ་དོན་གཉིས་པ་གསུངས་ཟིན་ཏོ། ། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །དེ་ནས་ཕྲེང་བཞི་ན། ཡི་གེ་གཅིག་ཀྱང་མ་བརྗོད་ཀྱི། ཞེས་བྱ་བ་གསུངས་ཏེ། འདི་ལྟར། དེ་ནས་བཤད་པར་སྣང་བ་དང་ཉན་པར་སྣང་བ་དེའི་ཀུན་བཏགས་པ་ཡིན་ནོ། །ཞེས་སྤྲུལ་པ་དང༌། རྨི་ལམ་དང༌། བྲག་ཆ་དང༌། སྒྱུ་མ་ལྟ་བུར་བསྟན་པས་ལྷའི་བུ་དེ་རྣམས་དགའ་བར་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ 4-1-121 གཉིས་ན། ཡི་གེ་མེད་པ། འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱའོ། །དེ་ནས་ཕྲེང་བཅུ་གཉིས་ན། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང༌། །དེ་ནས་ལྷའི་བུ། དེ་ནས་ཕྲེང་གཅིག་ལྷག་པ་ན། ཤིན་ཏུ་ཟབ་པ། ཉན་རང་གི་ཡུལ་མིན་པ་སྟོན། ཤིན་ཏུ་ཕྲ་བ་ལ་ཆོས་ཉིད་ཀྱི་མི་རྟོག །ཡེ་ཤེས་ཀྱི་སྤྱོད་ལ་སོ་སོ་རང་གིས་རིག་པའི་ཚུལ་དུ་བདག་གི་བློ་འཇུག་གོ །གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །དེ་ནས་ཚེ་དང་ལྡན། ལྷའི་བུ་དག །ཀུན་བཏགས་ཀྱི། གཟུགས་ཕྲ་བ་མ་ཡིན། ཞེས་བྱ་བ་ནི་ཀུན་བཏགས་པའི་གཟུགས་ཡང་དག་པ་མ་ཡིན་པའི་ཕྱིར་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཞེས་དབུ་མ་གསུངས། ཀུན་བཏགས་ཀྱི་ཚོར་བ་ནི་ཡང་དག་པ་མ་ཡིན་པའི་ཕྱིར། ཟབ་པ། དེ་ནས་ཕྲེང་གཅིག་ན། ཕྲ་བ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་ཆོས་ཉིད་ཀྱི་གཟུགས་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཚོར་བའི་རང་བཞིན་ཆོས་ཉིད་ཀྱི་ཚོར་བ་ནི། དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་བཞི་དང་ཕྲེང་དྲུག་ན། ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་བས་ན་གཞུང་འདི་རྣམས་ཀྱི་འདི་སྟོན་ཏེ། ཀུན་བཏགས་པའི་ཆོས་ཐམས་ཅད་ནི་གཤིས་ལ་མེད་པའི་ཕྱིར་ཟབ་ཅིང་ཕྲ་བའི་ཆོས་མ་ཡིན་ལ། ཆོས་ཉིད་ཡོངས་གྲུབ་ཀྱི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མི་གཡོ་བའི་ཆོས་ཟབ་ཅིང་ཕྲ་བར་རྟག་ཏུ་བཞུགས་པའི་ཕྱིར། མི་ཟབ་པ་ཟབ་པར་གཡོ་བ་དང་མི་ཕྲ་བ་ཕྲ་བར་འགྱུར་བ་མ་ཡིན་ནོ། །ཞེས་པའི་དོན་ཏོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་གཅིག་ལྷག་ཙམ་ན། མངོན་དུ་བྱ་བར་འདོད་ན་ཡང༌། བརྗོད་དུ་མེད་པའི། བཟོད་པ། དེ་ནས་ཕྲེང་ལྔ་ཅུང་མེད་ན། མཉམ་དུ་མེད་པའི་ཕྱིར་མཚན་མ་ལ་ནི་གནས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅོ་ལྔའོ།། །། ༈ བམ་པོ་བདུན་པ། འཛིན་པ་མི་སྤོང་ཕྱིར་དང་ནི། །དེ་ནས་ལྷའི་བུ་ཆོས་ཐམས་ཅད་བརྗོད་དུ་མེད་ན། གནས་བརྟན། དེ་ནས་ཕྲེང་གཉིས་ན། སྒྱུ་མ་ལྟ་བུར་བཙལ་བར་བྱའོ། །ཞེས་བྱ་བ་ལ་སོགས་པ་དོན་དམ་པར་འཆད་པ་པོ་དང་ཉན་པ་པོ་མེད་པ་ཉིད་དུ་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གསུམ་ན། སྒྱུ་མ་ལྟ་བུར་བཤད་དམ། ཞེས་བྱ་བ་ནི་ཐེག་པ་ཆུང་ངུ་ལ་སོགས་པ་ཁ་ཅིག་མྱ་ངན་ལས་འདས་པ་དངོས་པོ་ཡོད་པར་འཛིན་པ་བསལ་བའི་ཕྱིར། དྲིས་པའོ། །ཞེས་དང༌། སྒྱུ་མ་ལྟ་བུར་སྨྲ་སྟེ། ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་བཤད་ཅིང་བརྗོད་པ་ནི་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱི། དོན་དམ་པར་མྱ་ངན་ལས་འདས་པར་ཞེས་བྱ་བར་དངོས་པོ་ཡོད་པར་མི་འགྱུར་ཏེ། དངོས་པོ་མེད་པ་ལས་ཡོད་པ་སྐབས་བཤད་པ་ནི་རྨི་ལམ་དང༌། སྒྱུ་མ་ལྟ་བུར་མངོན་ནོ། །ཞེས་བྱ་བའི་དོན་ཏོ། །ཞེས་དང༌། སྒྱུ་མ་ལྟ་བུར་སྨྲའོ། །ཞེས་བྱ་བ་ནི་ལ་དོར་བའི་ཚིག་སྟེ། མྱང་ན་ལས་འདས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ལྟ་མེད་མོད་ཀྱི་གལ་ཏེ་རྒྱ་ལ་དེ་ལྟ་བུ་ཞིག་ཡོད་ 4-1-122 ན་དེ་ཡང་ཀུན་རྫོབ་ཏུ་ཡོད་པར་བཏགས་སུ་ཟད་ཀྱི་དོན་དམ་པར་དངོས་པོ་མེད་པར་མ་གྲུབ་པས་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ན། མྱ་ངན་ལས་འདས་པ་ལ་ལྟ་ཅི་སྨོས། ཞེས་བྱ་བའི་དོན་ཏོ། །ཞེས་དང༌། གཉིས་སུ་མེད་ཅིང་གཉིས་བྱར་མེད་དོ། །ཞེས་བྱ་བ་ནི་ཇི་ལྟར་རྨི་ལམ་དང་སྒྱུ་མ་དག་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ། མྱ་ངན་ལས་འདས་པ་ཡིན་ཡང་ཀུན་རྫོབ་ཏུ་བརྗོད་པ་ཙམ་དུ་ཟད་ཀྱི་དོན་དམ་པར་དངོས་པོ་མེད་པ་ཡིན་ཏེ། དེ་བས་ན་རྨི་ལམ་དང༌། སྒྱུ་མ་དང་མྱ་ངན་ལས་འདས་པ་གསུམ་ཆར་ཡང་དངོས་པོ་མེད་པར་གཅིག་པས་ཐ་དད་དུ་དབྱེར་མེད་དོ། །ཞེས་བསྟན་པའོ། །ཞེས་པ་རྣམས་འབུམ་འགྲེལ་གནོད་འཇོམས་སུ་གསུངས་སོ། །འདིར་མྱང་འདས་སྒྱུ་མ་ལྟ་བུའི་དོན་མྱང་འདས་དང་དངོས་པོ་མ་ཡིན་པ་ལ་མི་འདོད་པར་མྱང་འདས་གཤིས་ལ་མེད་པར་འདོད་པ་ལ་ནི་ལུང་རིགས་རྣམ་དག་གིས་གནོད་དེ། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོར་ཕུང་པོ་ལྔ་ནི་ཡང་དག་པ་མ་ཡིན་པ། སྒྱུ་མ་ལྟ་བུ། གསོབ། གསོག །དངོས་མེད་པ་ཚུལ་བཞིན་མ་ཡིན་པ་འདུས་པ་ལས་བྱུང་བའོ། །ཆོས་ཀྱི་དབྱིངས་ནི་གསོབ་མ་ཡིན། གསོག་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་བཞིན་མ་ཡིན་པ་བྱེད་པ་ལས་བྱུང་བ་མ་ཡིན། སྒྱུ་མ་ལྟ་བུ་མ་ཡིན་ཏེ། སྨིག་རྒྱུ་ལྟ་བུ་མ་ཡིན། ཆུ་ཟླ་ལྟ་བུ་མ་ཡིན། བྲག་ཆ་ལྟ་བུ་མ་ཡིན། ཞེས་དང༌། གང་མི་བདེན་པ་དེ་དེ་བཞིན་ཉིད་མ་ཡིན་པའོ། །གང་དེ་བཞིན་ཉིད་མ་ཡིན་པ་དེ་དེ་བཞིན་གཤེགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་བདེན་པ་ཡང་དག་པ། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། མ་ལོག་པ། ཞེས་དང༌། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་གསོབ་གསོག་ཡང་དག་པ་མ་ཡིན་པ། འདུ་བྱེད་འདུས་པ་ལས་སྐྱེས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་གསོབ་མ་ཡིན། གསོག་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་ངེས་པར་སྐྱེས་པ་མ་ཡིན། རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་མ་ཡིན་ནོ། །ཞེས་སོ། །དེས་ན་དེའི་དོན་མྱང་འདས་དངོས་པོ་མ་ཡིན་པའི་དོན་དུ་ཤེས་པར་བྱའོ། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །དེ་ནས་ཚེ་དང་ལྡན། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཕ་རོལ་ཏུ་ཕྱིན་པ། གཏིང་དཔག་དཀའ་བས་ན། འདི་ལྟར། སྒོ་ལྔའི་རྣམ་ཤེས་ཀྱི་སྤྱོད་ཡུལ་མ་ཡིན། འདི་ལྟར་བལྟ། ཡིད་ཀྱི་རྣམ་པར་ཤེས་ཀྱི་ཡུལ་མ་ཡིན་པས། འདི་ལྟར་རྟོགས། ཉོན་མོངས་དང༌། ཉེ་ཉོན་ཐམས་ཅད་ཞི་བས་ན། འདི་ལྟར་ཞི་བ། སྡུག་བསྔལ་ཐམས་ཅད་ཀྱི་པར་དག་གཞི་བས། འདི་ལྟར་གསལ་བའམ། གྱ་ནོམ་པ། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཞི་བས་ན། འདི་ལྟར་ཕྲ་བ། སོ་སོར་རང་གི་རིག་པའི་ཕྱིར་གཞན་མ་ཡིན་པའམ། འདི་ལྟར་བཟང་བ། དེ་ནས་ཕྲེང་གཉིས་ཅུང་མེད་ན། བསམ་པའི་ལམ་ལས་འདས་པའི་ཕྱིར། འདི་ལྟར་བརྟག་པའམ། རྟོག་ 4-1-123 གེའི་སྤྱོད་ཡུལ་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའི་གནས་ཀྱིས་མཆོག་ཡིན་པས། འདི་ལྟར་ཤིན་ཏུ། ཉན་རང་གི་སྤྱོད་ཡུལ་མ་ཡིན་ཞིང་ཕྱིར་མི་ལྡོག་པ་རྣམས་ཉིད་ཀྱིས་རིག་པར་བྱ་བ་ཡིན་པས། འདི་ལྟར། རྒྱུན་ཞུགས་སོགས། བདེན་པ་མཐོང༌། སོ་སྐྱེའི་ནང་ནའང༌། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། རིགས་ཀྱི་བུ་མོ་ཚེ་འདིར་དགེ་བའི་བཤེས་གཉེན། དེ་ནས་ཕྲེང་གཉིས་ན། འགྱུར་བ་དེ་དག་ནི་ཅིར་ཡང་མི་རྟོག་པའི་ཤེར་ཕྱིན་ལ་རྣལ་འབྱོར་དུ་བྱེད་པ་ཡིན་པས། དེ་ནས་ཤོག་གུ་བཅུ་དགུ་དང་ཕྲེང་ཕྱེད་དང་གཉིས་ན། བམ་པོ་བརྒྱད་པ། དེ་ནས་ཤོག་གུ་ཉི་ཤུ་ན། བམ་པོ་དགུ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཅུ་གཉིས་ན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དོན་དམ་གཞན་སྟོང་འདི་ལ་སྨྲས་བསམ་བརྗོད་མེད་སྤྲོས་པ་ཐམས་ཅད་དང་བྲལ་བའི་གཞི་ཡིན་པས། ཆོས་གང༌། ཡིད་ཆེས་པར་བྱེད་པ་མེད་དོ། །ཞེས་བྱ་བའི་བར་དུ་སྟེ། འདིས་ནི་གང་དག་དེ་ལྟར་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་བྱས་པར་གྱུར་པ་དེ་དག་ཉིད་ཚོལ་བར་བྱེད་པ། ཡིན་ཏེ། དེ་དག་ཀྱང་དོན་དམ་པར་བཙལ་བར་བྱ་བ་མེད་པའི་ཕྱིར་ཚོལ་བར་བྱེད་པ་མ་ཡིན་ནོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། ཆོས་གང་ཡང་མ་བརྗོད་མ་བཤད་ན། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང༌། འདི་ལས་ཐེག་པ། དེ་ནས་ཤོག་གུ་ལྷག་ཙམ་ན། ཤེས་རབ་དང་དྲན་པས་ཕུན་སུམ་ཚོགས་པས་ཆོས་སྟོན་པའི་ཚེ། ཚིག་དོན་ལ། ཐོགས་པ་མེད་པར་འཆད་པའི་སྤོབས་པ་དང༌། བདུད་ལ་སོགས་པས་བར་ཆད་བྱ་བར་མི་ནུས། རྒྱུན་ཆད་པ་མེད། དྲན་པ་ཉམས་པ་མེད་ཅིང་ཆགས་སོགས་ལ་མི་གཡེངས་པར་འཆད་པས། མཉམ་པར་བཞག །དངོས་པོར་སྟོབས་ཤུགས་ཀྱི་ཚད་མ་དང་མི་འགལ་བས། རིགས་པའི་ལུང་དང་མི་འགལ་ཞིང་ཚིག་སྔ་ཕྱི། འབྲེལ་ཆགས་སུ་འབྱུང་བའི་སྤོབས། འཕགས་པའི་ལམ་གྱི་འབྲས་བུ་ཐོབ་པར་གྱུར་པའི་དོན་དང་ལྡན། འཇིག་རྟེན་པའི་ལམ་ལས་འདས་ཤིང་འཇིག་རྟེན་ལས་འདས་པའི་ལམ་ཁྱད་པར་ཅན་སྟོན་པས། འཇིག་རྟེན་ཐམས་ཅད་ཞེས་མི་བྱའམ། ཞེས་པས་འཆད་པ་ལ་སོགས་པ་མེད་ན། ལུང་དང་འགལ་ཞེས་པའི་དོན་ཏོ། །དེ་ནས་ཤོག་གུ་བཞི་དང་ཕྲེང་བརྒྱད་ལྷག་ཙམ་ན། དེ་དག་མི་དམིགས་པའི་གཏན་ཚིགས་ཚེ་དང་ལྡན། དེ་ནས་ཤོག་གུ་དྲུག་དང་ཕྲེང་ཕྱེད་དང་ལྔ་ན། བམ་པོ་བཅུ་པ། དེ་ནས་ཤོག་གུ་བཅོ་ལྔ་ཅུང་མེད་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་དྲུག་པ།། །། ༈ བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ན། ཀོའུ་ཤི་ཀ །དེ་སྐད་དུ་མེ་ཏོག་འདི་དག་ནི་མ་སྐྱེས་པ་སྟེ། ཞེས་བྱ་བ་ནི་མ་སྐྱེས་པའི་སྟེ། ཡོངས་སུ་གྲུབ་པའི་མཚན་ཉིད་དེ་སྟོང་པ་ཉིད་ངོ་བོ་ཉིད་ཡིན་གྱི། མེ་ཏོག་གི་ངོ་བོ་ཉིད་མ་ཡིན་ནོ་ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གསུམ་ཅུང་མེད་ན། གཟུགས་མ་ཡིན་ནོ། །ཞེས་བྱ་བ་ནི་དོན་དམ་པའི་གཟུགས་ལ་འདུས་བྱས་ཀྱི་སྐྱེ་བ་མེད་པའི་ཕྱིར་གཟུགས་ངེས་པར་མ་སྐྱེས་ 4-1-124 པའོ། །ཞེས་བསྟན་པའོ། །དེ་ལྟར་འདུས་མ་བྱས་པ་མ་སྐྱེས་པ་ལ་ཀུན་བཏགས་པའི་གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་བཞི་ཙམ་ན། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོར་གྱུར་པ། །དེ་ནས་ལྷའི་དབང་པོ། དེ་ནས་ཕྲེང་གཉིས་ལྷག་པ་ན། ཆོས་ཉིད་ཀྱང་སྟོན་ཏོ། །ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པ་མི་འགལ་བར་བསྟན་ཏོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། བརྒྱད་སྟོང་དོན་བསྡུས་སུ། ཤེས་རབ་ཕ་རོལ་ཕྱིན་པར་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བརྟགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཁོ་ནའོ། །མེད་ཅེས་བྱ་བ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་སྟེ། །ཞེས་སོགས་གསུངས་པ་སྐབས་འདིར་ཡང་དྲན་དགོས་སོ། །ཀོའུ་ཤི་ཀ །གཟུགས། མི་འགལ་བར་བསྟན་ཏོ། །ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུག་གི་བར་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ཐ་སྙད་དུ་བཏགས་ཙམ་དུ་ཟད་ལ། ཐ་སྙད་ཙམ་དུ་བཏགས་པ་གང་ཡིན་པ་དེ་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་ཏེ། དེ་ལྟར་དོན་དམ་པའི་དངོས་པོ་མེད་པའི་གཞི་དེ་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པ་ཡང་དག་པ་ཉིད་ཡིན་ནོ། །དེ་ལྟ་བུའི་ཡང་དག་པ་ཉིད་དང་མི་འགལ་བར་བསྟན་པ་ནི་སྒྲོ་འདོགས་པ་སྐུར་བ་འདེབས་པ་མེད་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཞེས་དང༌། དེ་ནས་ཕྲེང་བཞི་ཅུང་མེད་ན། རྣམ་པར་མི་འགལ་ལོ། །ཞེས་བྱ་བ་ནི་དངོས་པོ་ཞིག་ཡོད་ན་ནི་དངོས་པོ་དེ་གཉིས་ལ་མཚན་ཉིད་མི་མཐུན་པས་ཕན་ཚུན་དུ་འགལ་བ་ཡང་སྲིད་ན། དོན་དམ་པར་ཆོས་དེ་དག་དངོས་པོ་མེད་པ་རོ་གཅིག་པས་ཕན་ཚུན་དུ་འགལ་བ་དང༌། རྣམ་པར་འགལ་བ་མེད་དོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཤོག་གུ་བདུན་དང་ཕྲེང་དགུ་ན། བམ་པོ་བཅུ་གཉིས་པ། དེ་ནས་ཕྲེང་གཉིས་ན། དེ་ལྟར་སློབ་པ། མཉམ་བཞག་ལ་གནས་པ་ནི་གཟུགས་ལ་མི་སློབ་སྟེ། ཞེས་བྱ་བ་ལ་སོགས་པ་ནི། མི་སློབ་པ་ཉིད་སློབ་པ་སྟེ། དཔེར་ན་མི་གནས་པ་ཉིད་གནས་པའོ། །ཞེས་བྱ་བ་ལྟ་བུར་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བརྒྱ་དང་ཕྲེང་གཉིས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང༌། ཞེས་དྲིས་པ། འདི་ལྟར་སྟོང་པ་ཉིད་ཡིན་པས་ཡང་དག་པར་རྗེས་སུ་མི་མཐོང༌། ཞེས་བསྟན་པའི་ཕྱིར། གཟུགས་གཟུགས་ཀྱིས་སྟོང་ངོ༌། །ཞེས་བྱ་བ་གསུངས་སོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གསུམ་ན། བརྒྱད་སྟོང་དོན་བསྡུས་སུ། སླར་ཡང་དོན་གཞན་ན་བརྟེན་ནས། །དོན་དེ་ཉིད་ནི་བཟླས་པ་ཡིན། ཞེས་གསུངས་པ་ཡང་ཡང་དྲན་པར་བྱའོ། །ཀོའུ་ཤི་ཀ །གཟུགས། དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་མཐོང་བར་བྱ་བ་དང་མཐོང་བར་བྱེད་ 4-1-125 པ་གཉིས་ཀ་རང་བཞིན་གྱིས་སྟོང་པའི་ཕྱིར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཤོག་གུ་ལྔ་དང་ཕྲེང་དགུ་ཙམ་ན། སྟོང་པ་ཉིད་ལ་སློབ་བོ། །ཞེས་བྱ་བ་ནི་གང་མི་དམིགས་པའི་ཚུལ་གྱིས་མི་སློབ་པ་དེ་ཉིད་སློབ་པ་ཡིན་པར་སྟོན་ཏེ། གཉིས་སུ་དབྱེར་མེད་པར་ཞེས་བྱ་བ་ནི་སྟོང་པ་ཉིད་ནི་གཅིག་པའི་ཕྱིར་གཅིག་གི་སྟོང་པ་ཉིད་ལ་བསླབ་ན་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་བསླབས་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་གཉིས་ན། ཚད་མེད་པ་ལ་སློབ་བོ། །ཞེས་བྱ་བ་ནི་གང་དེ་ལྟར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་བསླབས་པ་དེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ལ་སློབ་པ་ཡིན་ནོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །གཉིས་སུ་བྱར་མེད། ཅིར་ཡང་མི་རྟོག་པས། གཟུགས་ལ་དཀར་པོའི་ཕྱོགས། འཕེལ་བར་བྱ་བ་དང༌། ནག་པོའི་ཕྱོགས། འགྲིབ་པར་བྱ་བའི་ཕྱིར། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དང་བཅུ་ཙམ་ན། དེ་ནི་འཕེལ་འགྲིབ་ཏུ་བྱ་བའི་ཆོས་མེད་པས། གཟུགས་ལ་ཁྱད་པར་དུ་འཕགས་པའི་ཆོས། ཡོངས་སུ་བཟུང་བ་དང༌། ཆོས་ངན་པ་རྣམས་མེད་པར་བྱ་བའི་ཕྱིར་མི་སློབ་བོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ན། ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །དེ་ནས་ཚེ་དང་ལྡན། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཞི་ན། མི་སློབ་པ་ཡིན་ནམ། ཞེས་པ་རྒྱལ་སྲས་དེ་སྤང་བྱ་སྤོང་ཞིང་ཐོབ་བྱ་ཐོབ་པར་བྱེད་ན། ཇི་ལྟར་ཡོངས་སུ་བཟུང་བ་དང༌། མེད་པར་བྱ་བ་མེད་ཅེས་དྲིས་པའོ། ། བམ་པོ་བཅུ་བཞི་པ། དེ་ནས་ཤོག་གུ་དྲུག་དང་ཕྲེང་དྲུག་ན། ཕྱིར་གཟུང་བ་དང་ནང་འཛིན་པ་སྟོང་པ་ཉིད་མི་འཛིན་ཏོ། །ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པ་གཉིས་མེད་པར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་དྲུག་ལ་ཕྲེང་ཕྱེད་དང་གཉིས་ཆད་པ་ན། གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །སྨྲས་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། སྤྱོད་པའི་ཚེ། རྟོག་པ་ཐམས་ཅད་དང་བྲལ་བས། །དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་གསུམ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་ལྔ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ༌། །དེ་རྣམས་ཀྱིས་ནི། བསེ༷་རུའི༷་ལ༷མ་ག༷ང་ད༷ང༌། །ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། །བདེན་དང་བདེན་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །དེ་ནས་ལྷའི་ཆེན་པོ་རྣམས་ཀྱིས། ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། དེ་ནས་ཕྲེང་གཅིག་ན། བཙལ་བར་ 4-1-126 བྱའོ། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲིང་དུ་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི། རབ་འབྱོར་གྱི་ལེའུ་ཞེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་བྱུང་བའི་ཕྱིར་བཤད་པ་དེ་ནི་དེ་ལས་གཟུང་བར་བྱའོ། །ཞེས་བསྟན་ཏོ། །དེ་ནས་ཕྲེང་གསུམ་ཅུང་མེད་ན། ཀོའུ་ཤི་ཀ ཀུན་རྫོབ་ཀྱི་ཚུལ་གྱིས། དེ་ནས་ཕྲེང་གཉིས་ན། ཀོའུ་ཤི་ཀ །དོན་དམ་པའི་ཚུལ་གྱིས། དེ་ནི་དེ་བཞིན་ནོ། །གུད་ན་ཡང༌། སྟེ་ཐ་དད་དུ། དེ་བཞིན་གཤེགས། དེ་ནས་ཕྲེང་གཅིག་ཙམ་ན། གཤེགས་པ། ཐ་དད་དུ། མི་དམིགས། གཤེགས་པ། ཐ་དད་དུ། མི་དམིགས་སོ། །དེ་བཞིན་ཉིད། ཐ་དད་དུ། མི་དམིགས་སོ། །དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་བརྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང༌། །གཟུགས་གཤེགས་པ། ཐ་དད་དུ་མི་དམིགས་སོ། །དེ་བཞིན་དུ་ཉིད་ཐ་དད་དུ་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་ཕྱེད་དང་དགུ་ལྷག་ན། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་གཉིས་ན། གཟུགས་ཀྱི་ཆོས་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ། །ཞེས་བྱ་བ་ནི་ཐ་དད་པ་མེད་དེ། གཅིག་པའི་ཕྱིར་དེ་སྐད་བསྟན་པའོ། །གནས་དང་གནས་པའི་དངོས་པོ་དང༌། གཞན་གྱི་དངོས་པོ་དང་ལྡན་པ་དང༌། མི་ལྡན་པའི་རྣམ་པར་རྟོག་པ་དག་ནི། ཐ་དད་པ་ཡོད་ན་རིགས་ཀྱི་མེད་ན་མི་རིགས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་དགུ་ཅུང་མེད་ན། བྱིན་རླབས་མེད་པའི་ཚུལ་གྱིས་དེའི་བྱིན་གྱིས་བརླབས་སོ། །ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཐུ་དང༌། སྟོང་པ་ཉིད་ཀྱི་བྱིན་གྱིས་བརླབས་ཏེ། བཤད་པ་དེ་སྟོང་པ་ཉིད་ལས་བརྩམས་ནས་བྱུང་བའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། བམ་པོ་བཅུ་བདུན་པ། བཙལ་བར་མི་བྱ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་མེད་པའི་ཕྱིར། དེ་སྐད་བསྟན་ཏོ། །ཞེས་དང༌། བཙལ་བར་མི་བྱའོ། །ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཐ་དད་པ་མེད་དོ། །ཞེས་ཐ་དད་པ་མེད་པར་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཅུ་གཅིག་ལ་ཕྲེང་གཉིས་ཙམ་ཆད་པ་ནས། ཀོའུ་ཤི་ཀ །དེ་ནི་འདི་ལྟར་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཞེས་བྱ་བ་ནི་གཟུགས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ཡང་ཡོད་པ་མ་ཡིན་པར་བསྟན་ཏོ། །ཞེས་པ་དང༌། གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཐ་དད་པར་བརྗོད་དུ་མི་རུང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ལྔ་དང་ཕྲེང་བཅུ་ན། བམ་པོ་བཅོ་བརྒྱད་པ། དེ་ནས་ཤོག་གུ་བཅུ་གཉིས་ལ་ཕྲེང་ཕྱེད་དང་བཞི་ཙམ་ཆད་པ་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་བཅོ་བརྒྱད་ན། 4-1-127 བམ་པོ་ཉི་ཤུ་པ། དེ་ནས་ཤོག་གུ་གཅིག་ན། ཆེན་པོ། ཀོའུ་ཤི་ཀ །གཟུགས་རྒྱ་ཆེ་བའི་ཕྱིར། གཟུགས་སྔོན་གྱི་མཐའ། དེའི་དུས་ན་བྱུང་ངོ༌། །ཞེའམ་མ་བྱུང་ངོ༌། །ཞེས་མི་དམིགས། ཕྱི་མའི་མཐའ་དེ་འདས་ན་འབྱུང་བར་འགྱུར་རོ། །ཞེའམ་མི་འགྱུར་རོ། །ཞེས་མི་དམིགས། དབུས་སུ་ཡོད་དོ། །ཞེའམ་མེད་དེ། ཞེས་མི་དམིགས་སོ། །དེ་ལྟར་དུས་གསུམ་དུ་དབྱེ་བ་མེད་པས་ཆེ་བའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་ཐམ་པ་ལ་ཕྲེང་གཉིས་ཆད་པ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིར། ཀོའུ་ཤི་ཀ །གཟུགས་གཞལ་དུ་མེད་པའི་ཕྱིར། ཞེས་སོགས་ཀྱི་འགྲེས་གཅིག་ལེའུ་བརྒྱད་མར་བྱུང་ཞིང༌། མངོན་རྟོགས་རྒྱན་གྱི། ཚད་མ་མེད་བཅས་དང༌། །ཞེས་པའི་གཞུང་ཡིན་པར་འཕགས་པ་རྣམ་གྲོལ་སྡེས་སྦྱར་ལ་ཡུམ་འདི་དང་ཉི་ཁྲི་དང་བརྒྱད་སྟོང་པ་རྣམས་སུ་ནི་མ་བྱུང་ངོ༌། །ཚད་མེད་པ་དང་། ཀོའུ་ཤི་ཀ །གཟུགས་ཚད་མེད་པའི་ཕྱིར། དེ་ནས་ཕྲེང་གཅིག་ཙམ་ན། གཟུགས་ཀྱི་ཚད་ནི་དམིགས་སུ་མེད་དོ། །ཞེས་བྱ་བ་ནི་དོན་དམ་པའི་གཟུགས་ལས་ནི་འདི་ཙམ་མོ། །ཞེས་ཡོངས་སུ་བཅད་པ་མེད་པའི་ཕྱིར་ཚད་མེད་པ་ཉིད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ཕྱེད་དང་བདུན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་དོ། །འདི་ཡར་བཅད་ཀྱིས་ཆ་པ་སྟེ་པོ་ཏི་དྲུག་པ་རྫོགས་སོ།། །། ༈ ཇ༽ གླེགས་བམ་བདུན་པ། བམ་པོ་དང་པོ། དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་བཅུ་གཅིག་ན། བམ་པོ་གཉིས་པ། མཐའ་མེད་དང༌། །ཀོའུ་ཤི་ཀ །གཟུགས་མཐའ་ཡས་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་འདི། སྐད་ཅིག་ཡོངས་སུ་ཆད་པ་མེད་པའི་ཕྱིར་མཐའ་ཡས། གཟུགས་ཀྱི། སྐྱེ་བ་དང་འགག་པའི་མཐའ་དང་དབུས་སྐད་ཅིག་གནས་པ་མི་དམིགས་སོ། །དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་ཕྱེད་དང་གསུམ་ན། ཀོའུ་ཤི་ཀ །གཞན་ཡང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དམིགས་པའི་ཡུལ་མཐའ་ཡས་པའི་ཕྱིར། དེ་ནས་ཕྲེང་གཉིས་ལྷག་པ་ན། ཀོའུ་ཤི་ཀ །དམིགས་པའི་ཡུལ། རྣམ་པ་ཐམས་ཅད། དེ་ནས་ཕྲེང་གསུམ་ལྷག་པ་ན། ཀོའུ་ཤི་ཀ །དམིགས་པའི་ཡུལ། ཆོས་ཀྱི་དབྱིངས། དེ་ནས་ཕྲེང་ཕྱེད་དང་བཞི་ན། ཀོའུ་ཤི་ཀ །དེ་ནི་འདི་ལྟར། དམིགས་པའི་ཡུལ། དེ་བཞིན་ཉིད། དེ་ནས་ཕྲེང་ཕྱེད་དང་གཉིས་ན། སེམས་ཅན་རྟག་པ་དང༌། ཆད་པའི་མཐའ་གཉིས་མེད་པས། མཐའ་ཡས་པའི་ཕྱིར། དེ་ནས་ཕྲེང་ཕྱེད་དང་བདུན་ལྷག་ཙམ་ན། སྨྲས་པ། བཙུན་པ་རབ་འབྱོར། སེམས་ཅན་ཚིག་ལ་ལྟོས་པ་མ་ཡིན་པས། དེ་ནི་མེད་དེ། དེ་ནས་ཕྲེང་གཅིག་ལྷག་པ་ན། དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །དེ་ནས་དབང་པོ། དེ་ནས་ཕྲེང་གཉིས་ཅུང་མེད་ན། དེ་བཞིན་གཤེགས་པའི་མཐུས། མཛེར་བཤད་ཅིང༌། འབྲིང་དུ་བརྗོད་དེ། རྒྱས་པར་བསྟན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་གསུམ་ན། རྣམ་པར་དགོད་པ་མ་མཆིས་ཏེ། ཞེས་བྱ་བ་ནི་དོན་དམ་པ་དང༌། ཀུན་རྫོབ་ཏུའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ན། དེ་ 4-1-128 བཞིན་གཤེགས་པ་མི་དམིགས་སོ། །ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་དེ། དེ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དོན་དམ་པར་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལ་བྱེ་བྲག་མེད་པས། དེ་བཞིན་གཤེགས་པ་ཉིད་དོ། །ཞེས་བརྗོད་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་བདུན་ཙམ་ན། བམ་པོ་གསུམ་པ། དེ་ནས་ཕྲེང་བཅུ་གཉིས་ན། ལྷའི་བུ་དག་དཔེར་ན། གང་གི་ཚེ། དེ་ནས་ཤོག་གུ་གཅིག་ན། སངས་རྒྱས་མར་མེ་མཛད་ཀྱིས། དེ་ལ་སངས་རྒྱས་ཀྱི་ཆོས་དང་མ་བྲལ་བར་གཟིགས་ནས། ང་ལ་ཁྱེའུ་ཁྱོད། དེ་ནས་ཕྲེང་གཉིས་ལྷག་པ་ན། བླང་མེད་དོར་བ་མེད་སོགས་དང༌། །དེ་ནས་ལྷའི་བུ། དེ་ནས་ཕྲེང་གཅིག་ན། དེ་ལྟར་གཟུགས་ལ་ཁྱད་པར་དུ་འཕགས་པའི་ཆོས། མི་ལེན། ངན་པའི་དངོས་པོ། མི་འདོར་བའི་ཚུལ་དང༌། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཁྱད་པར་དུ་འཕགས་པའི་ཆོས། མི་ལེན། ངན་པའི་དངོས་པོ། མི་འདོར་བའི་ཚུལ་གྱིས། ཐམས་ཅད་མཁྱེན་པ་ཉིད། སྔོན་མ་བྱུང་བ། འབྱུང་བར། འདི་མན་ཆད་ནི་དོན་གྱི་བདག་ཉིད་ཀྱི་ཆོས་བཤད་པ། འདིའི་ཡོན་ཏན་གྱི་ཕན་ཡོན་ཚེ་འདི་དང༌། ཚེ་ཕྱི་མ་ལ་འབྱུང་བ་དང་བསོད་ནམས་མང་པོ་འཕེལ་བའི་རྒྱུར་གྱུར་པ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་དྲུག་ན། ཕ་རོལ་ཏུ་ཕྱིན་པ་འདི། ཚིག་དོན་མ་བརྗོད་པར། འཛིན་པ་དང༌། གླེགས་བམ་ལ་བྲིས་ཏེ། འཆང་བ་དང༌། དེ་ཉིད་ཀློག་པ་དང༌། བསམ་བྱུང་གི །ཀུན་ཆུབ་སྟེ་དོན་རྟོགས་པར་བྱེད་པ་དང༌། བསྒོམ་བྱུང་གིས། སྒོམ་པ་དང༌། མི་ནུབ་པར་བྱ་བའི་ཕྱིར། གཞན་ལ་རྒྱ་ཆེར་བསྟན་པ་དང༌། མི་མཐུན་ཕྱོགས་ཀྱིས་བསམ་པ་དང༌། མ་འདྲིས་པར། ཚུལ་མི་འབྲལ་བ་སྟེ་རྣམ་མཁྱེན་དུ་བསྔོ་བ། དེ་དག་ནི། དེ་ནས་ཕྲེང་གཅིག་ན། བྱིན་གྱིས་བརླབས་པར་འགྱུར། ཞེས་བྱ་བ་ནི་སྟོང་པ་ཉིད་གནས་སུ་བྱས་པའི་རྒྱུ་མཐུན་པ་ཉིད་སྟོན་ཏེ། དེ་ལ་ནི་འཇིག་རྟེན་ཐམས་ཅད་ཀྱང་སྟོང་པར་སྣང་ངོ༌། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཅུ་ན། དེ་ནི་འདི་ལྟར་སྡིག་པའི་ལས། གང་གིས་གླགས། གནས། གང་དུ་གླགས། བྱང་སེམས། གང་ལ་གླགས། བྱམས་ལ་སོགས་དང་། ཀོའུ་ཤི་ཀ །དེ་ནས་ཤོག་ལོགས་གཅིག་ན། སྟོང་ཉིད་དང༌། །ཀོའུ་ཤི་ཀ །གཞན། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ཆད་པ་ན། རྟག་ཏུ་རྒྱུན་དུ་མི་འཆད་པར། ཕྱི་རོལ་གྱི་གནོད་པ་ལས། བསྲུང་བ་དང༌། ལུས་ཀྱི་བདེ་བ་ཐམས་ཅད་སྒྲུབ་པས། བསྐྱང་བ་དང༌། ནང་གི་ནད་ལ་སོགས་པ་ལས། བསྐྱབ་པར་བགྱིའོ། །དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་གསུམ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། བཟའ་བ་དང༌། བགོ་བ་ལ་སོགས་པ་སྦྱིན་པས། རིམ་གྲོར་བྱའོ། །ངག་ཉན་པ་ལ་སོགས་པ། བཀུར་སྟིར། སྟན་ལས་ལྡང་བ་དང༌། ཕྱག་ལ་ 4-1-129 སོགས་པས། བསྟི་སྟང་ངམ། ཕུ་དུད། མེ་ཏོག་ལ་སོགས་པས། མཆོད་པར་བྱའོ། །དེ་ནས་ཕྲེང་བཅུ་ལྷག་པ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་བདུན་ནོ། ། ༈ བམ་པོ་བཞི་པ། སངས་རྒྱས་ཉིད་ནི་འཐོབ་པ་དང༌། །དེ་ནས་ལྷའི་དབང་པོ། དེ་ནས་ཕྲེང་ལྔ་ཅུང་མེད་ན། རྒྱལ་རིགས་ཆེ་ཞིང་མཐོ་བ་ལ་སོགས་པའི། རིགས། བྱང་ཆུབ་སེམས་དཔའི་ཡུམ་མཆོག་གམ་དམ་པའི་ལྷུམས་ནས་སྐྱེ་བས། སྐྱེ་བ། ཚེ་རིང་ཞིང་གློ་བུར་དུ་ཚེ་མི་འཕོ་བས་ཚེ་ཕུན་སུམ་དམ་པའི་ཆོས་ལ་ཕྱོགས་ཤིང་ཞི་བ་དང་དུལ་བའི་འཁོར་ཤ་སྟག་དང་ལྡན་པས། འཁོར། མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ། མཚན་འོད་འདོམ་གང་བ་ལ་སོགས་པ། འོད་ཕུན་སུམ། དེ་བཞིན་གཤེགས་པའི་སྤྱན་ལྔ་དང་ལྡན་པས། མིག་ཕུན་སུམ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས། དབྱངས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན། དོན་དང་ཚིག་མི་བརྗེད་པར་འཛིན་པའི་དྲན་ཤེས་དང་ལྡན་པས། གཟུངས། དེ་ནས་ཤོག་གུ་གཅིག་ལ་ཕྲེང་ཕྱེད་ཆད་པ་ན། རྣམ་པར་བྱང་ཀུན་ཡོངས་བསྡུས་དང༌། །དེ་ནས་ལྷའི་དབང་པོ་དང༌། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་ན། ལ་སོགས་པ་དག་གོ །ཉམ་ང་བ་དང་ནད་ཀུན་སེལ། །ཀོའུ་ཤི་ཀ །གཞན་ཡང་སའི་ཕྱོགས། དེ་ནས་ཕྲེང་ཕྱེད་དང་དགུ་ན། མྱ་ངན་འདས་འཛིན་ཞི་ཉིད་དང༌། །དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་ལྔ་ན། སངས་རྒྱས་རྣམས་ཀྱིས་སྲུང་ལ་སོགས། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས། དེ་ནས་ཤོག་གུ་གཉིས་དང་ཕྲེང་གཉིས་ན། སྲོག་མི་གཅོད་པར་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་། དེ་ཚིག་བླང་བར་འོས་པ་དང་ལྡན་པར་འགྱུར་རོ། །དེ་ནས་ཤོག་གུ་གསུམ་དང་ཕྲེང་ལྔ་ཙམ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་ཕྱེད་དང་བཞི་དང་ཕྲེང་གཅིག་ཙམ་ན། སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། དེ་ནས་ཤོག་གུ་ཕྱེད་དང་གཉིས་ན། ཚེ་རབས་གཞན་ལ་ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ། །དེ་རྣམས་ཀྱིས་ནི། འདི༷་ད༷ང་གཞ༷ན་པ༷འི་ཡོ༷ན་ཏ༷ན་གྱི༷ས། །ཕ༷ན་ཡོ༷ན་ཆེ༷་བ༷་མཐོ༷ང་བ༷འི་ལ༷མ། །ཞེས་པ་དོན་བཞི་པ་གསུངས་ཟིན་ཏོ། ། ཀུན་ནས་ཞི་དང་། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ལྷག་པ་ན། ཐམས་ཅད་ལ། །འདུད་དང་། བཅོམ་ལྡན་འདས། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་གསུམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅོ་བརྒྱད་དོ།། །། ༈ ཉོན་མོངས་ལས་རྒྱལ་དང༌། །དེ་ནས་བཅོམ་ལྡན་འདས་ཀྱིས། དེ་ནས་ཕྲེང་ཕྱེད་དང་བཅུ་ན། གནོད་པས་རྫི་བ་མེད་ཉིད་དང༌། །ཀོའུ་ཤི་ཀ །གཞན། དེ་ནས་ཕྲེང་བཞི་ན། བྱང་ཆུབ་དང་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན། རྟེན་མཆོད་ 4-1-130 ཉིད། །ཀོའུ་ཤི་ཀ །གཞན། དེ་ནས་ཤོག་གུ་གཉིས་ན། བཀུར་སྟིར་བྱ་བར་འགྱུར་རོ། །དེ་རྣམས་ཀྱིས་ནི། བྱེ༷ད་པ༷་ད༷ང་ནི༷། ཞེས་པ་དོན་ལྔ་པ་གསུངས་ཟིན་ཏོ། ། བམ་པོ་དྲུག་པ། མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང༌། །རྣམ་གསུམ་ཤེས་བྱ་དེ་ཡང་ནི། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་བདུན་དུ་འདོད། །རང་གི་དོན་ལ་མོས་པ་ཆུང་ངུའི་ཆུང་ངུ་ནི། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཤོག་གུ་གསུམ་ན། རང་གི་དོན་ལ་མོས་པ་ཆུང་ངུའི་འབྲིང་པོ་ཆུང་ངུ་ནི། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཤོག་གུ་ཕྱེད་དང་བདུན་ཅུང་མེད་ན། རང་གི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ནི། ཀོའུ་ཤི་ཀ །དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ། དེ་ནས་ཤོག་གུ་བདུན་དང་ཕྲེང་ཕྱེད་དང་གསུམ་ན། བམ་པོ་བདུན་པ། རང་གི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ནི། ཀོའུ་ཤི་ཀ །རིགས་ཀྱི་བུ། དེ་ནས་ཡང་ཤོག་ལོགས་གཅིག་ན། རང་གི་དོན་ལ་མོས་པ་འབྲིང་གི་འབྲིང་པོ་ནི། ཀོའུ་ཤི་ཀ །དེ་ནས་ཤོག་ལོགས་གཅིག་ན། རང་གི་དོན་ལ་མོས་པ་ཆེན་པོའི་འབྲིང་གི་ཆེན་པོ་ནི། ཀོའུ་ཤི་ཀ །འཛམ་བུའི་གླིང༌། དེ་ནས་ཡང་ཤོག་ལོགས་གཅིག་ན། རང་གི་དོན་ལ་མོས་པ་ཆེན་པོའི་འབྲིང་གི་ནི། ཀོའུ་ཤི་ཀ །སྟོང་གི་འཇིག་རྟེན། དེ་ནས་ཡང་ཤོག་ལོགས་གཅིག་ན། རང་གི་དོན་ལ་མོས་པ་ཆེན་པོའི་ཆེན་པོ་ནི། ཀོའུ་ཤི་ཀ །འཇིག་རྟེན། དེ་ནས་ལོགས་གཅིག་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །རང་དང་གཞན་གྱི་དོན་ལ་མོས་པ་ཆུང་ངུ་ནི། ཀོའུ་ཤི་ཀ །སྟོང་གསུམ། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཉིས་ཆད་པ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་དགུའོ།། །། ༈ དེ་ནས་ཤོག་གུ་བཞི་ལ་ཕྲེང་ཕྱེད་དང་ཆད་པ་ན། རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ནི། དེ་ནས་སྟོང་གསུམ་སྟོང་ཆེན་པོའི། དེ་ནས་ཤོག་གུ་གཉིས་དང་ཕྲེང་བརྒྱད་ཙམ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལས་ལྷག་པར་ཆེ་བའི་ཕྱིར། རིགས་སྔགས་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་གི་གོང་ན་གཞན་མེད་པའི་ཕྱིར། བླ་ན་མེད་པའི་རིགས་སྔགས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་དང༌། མཉམ་པ་མེད་པའི་ཕྱིར། མི་མཉམ་པ་དང་མཉམ་པའི་རིགས་སྔགས་སོ། །དེ་ནས་ཤོག་གུ་ཕྱེད་དང་གཉིས་དང་ཕྲེང་གཉིས་ཙམ་ན། བམ་པོ་བརྒྱད་པ། དེ་ནས་ཤོག་གུ་བཞི་དང་ཕྲེང་གསུམ་ལྷག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུའོ།། །། ༈ དེ་ནས་ཤོག་གུ་ལྔ་ན། འདི་ལྟ་སྟེ། ཀུན་རྫོབ་རང་སྟོང་གི །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཀུན་རྫོབ་རང་སྟོང་གི །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་བགྱིའོ། །འདི་ལྟ་སྟེ། ཀུན་རྫོབ་རང་སྟོང་གི །མཁྱེན་པ་ཉིད་ལས། ཀུན་རྫོབ་རང་སྟོང་གི །ཤེས་ 4-1-131 རབ། བཙལ་བར་བགྱིའོ། །ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཐ་དད་པར་བསྟན་པའོ། །ཞེས་དབུ་མ་པ་གསུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུའོ?།། །། ༈ དེ་ནས་ཤོག་གུ་གཉིས་ལ་ཕྲེང་ཕྱེད་དང་གསུམ་ཙམ་ཆད་པ་ན། སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཞེས་བྱ་བ་ནི་གང་གི་ཚེ་སྦྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་དེའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུའི་ས་ལ་ཐ་དད་པ་མེད་ཅིང་གཉིས་སུ་མེད་པར་སོ་སོར་བརྟགས་ཏེ། སྦྱིན་པ་བྱེད་པ་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་བོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར། དོན་དམ་གཞན་སྟོང་གི་ཤེས་རབ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བགྱིར་མ་མཆིས་སོ། །ཞེས་བྱ་བ་ནི་དོན་དམ་པར་ཐ་དད་པར་མེད་པར་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཀོའུ་ཤི་ཀ །དོན་དམ་པར་དབྱིངས་རིག་དབྱེར་མེད་ཀྱིས། ཤེས་རབ་ཀྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཞེས་བྱ་བ་ནི་བསྒྲུབ་པའི་ས་ལའོ། །ཞེས་དབུ་མ་པ་གསུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་ནི་འབྲས་བུའི་སའོ། །ཞེས་དབུ་མ་པ་གསུངས། ཀོའུ་ཤི་ཀ དེ་ནི་འདི་ལྟར། འདུས་མ་བྱས་ཀྱི། ཤེས་རབ། དེ་ནས་ཕྲེང་གཅིག་ན། གཞན་མ་ཡིན་ཏེ། ཞེས་བྱ་བ་ནི་གཉིས་ཀའང་ཆོས་སྐུའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་རྩ་གཅིག་གོ། །། ༈ རང་དང་གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ནི། དེ་ནས་ཚེ་དང་ལྡན་པ་དགའ་བོས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ཙམ་ན། ཆོས་ཉིད་ཀྱི་གཟུགས་གཉིས་སུ་མེད་པའི་ཚུལ་དང༌། དེ་བཞིན་དུ་སྦྱར་ཏེ། ཚོར་བ་གཉིས་སུ། དེ་ནས་ཤོག་གུ་བཞི་ལྷག་པ་ན། བམ་པོ་དགུ་པ། དེ་ནས་ཤོག་གུ་དགུ་ལ་ཕྲེང་གཅིག་ལྷག་གཅིག་ཆད་པ་ན། རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཞི་ཙམ་ན། སངས་རྒྱས་ཀྱིས་ལས་སེམས་རྣམ་པར་གྲོལ་ཡང༌། ཀུན་རྫོབ་ཀྱི། ཆོས་གང་དང་ཡང༌། ཡེ་ཤེས་ལས་སྣང་ནས། ཡོངས་སུ་ཤེས་པ་མེད་དོ། །ཀུན་རྫོབ་ཀྱི་ཆོས་གང་ཡང་གཤིས་ལ་མ་གྲུབ་པ་ཉིད་དོ། །དེ་ནས་ཕྲེང་ཕྱེད་དང་གསུམ་ལྷག་ཙམ་ན། རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གིས་འབྲིང་ནི། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཤོག་གུ་ཕྱེད་དང་གཉིས་དང་ཕྲེང་གཅིག་ལྷག་པ་ན། རང་དང་གཞན་གྱིས་དོན་ལ་མོས་པ་འབྲིང་གི་ཆེན་པོ་ནི། ཀོའུ་ཤི་ཀ །གཞན། དེ་ནས་ཕྲེང་ལྔ་ལྷག་ཙམ་ན། རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུ་ནི། ཀོའུ་ཤི་ཀ །གཞན་ཡང༌། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་ལྔ་ན། 4-1-132 བམ་པོ་བཅུ་པ། རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ནི། ཀོའུ་ཤི་ཀ གཞན་ཡང༌། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཉིས་ཙམ་ཆད་པ་ན། རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆེན་པོ་ནི། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་ཕྱེད་དང་གཉིས་ཙམ་ན། མི་འབྲལ་བར་བྱའོ། །གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ནི། ཀོའུ་ཤི་ཀ །དེ་སྟེ་རིགས་ཀྱི་བུའམ། དེ་ནས་ཕྲེང་ཕྱེད་དང་བཅུ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་རྩ་གཉིས་སོ།། །། ༈ གཞན་གྱི་དོན་ལ་མོས་པ་ཆུང་ངུའི་འབྲིང་ནི། དེ་ནས་བཅོམ་ལྡན་འདས་ཀྱིས། དེ་ནས་ཕྲེང་ཕྱེད་དང་བཅུ་གཅིག་ན། ཀོའུ་ཤི་ཀ །གཞི་འབྲས་ངོ་བོ་དབྱེར་མེད་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཡིད་ཤེས་ཀྱིས། གཟུང་དུ་མེད། དབང་ཤེས་ཀྱི། ཡུལ་མ་ཡིན་པས། ཐོགས་པ་མེད། མཚན་ཉིད་མེད་པ་ཡིན་ན། ཞེས་བྱ་བ་ནི་ཀུན་བཏགས་པའི་མཚན་ཉིད་ཐམས་ཅད་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། ཕ་རོལ་ཏུ་ཕྱིན་པ་འདི། གཟུང་བ་དང༌། གཟུང་བར་མི་བྱ་བར་བཏགས་པའི་འོས་མིན་པས། འཛིན་པ་དང༌། ནག་པོའི་ཕྱོགས། འགྲིབ། དཀར་པོའི་ཕྱོགས་འཕེལ། འཁོར་བའི་ཆོས། དབྲའི། མྱང་འདས་ཀྱི་ཆོས་བསྣན། ཀུན་ནས་ཉོན་མོངས་པ། སྤངས་པའི་ཕྱིར། རྣམ་པར་བྱང་བ། ཐོབ་པའི་ཕྱིར་མ་ཡིན། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཅིག་ཅུང་མེད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་བསྒྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལ་དེ་ལྟ་བུའི་རྣམ་པར་རྟོག་པའི་ཞེན་པ་ཐམས་ཅད་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། གང་གིས་དེ་ལྟར། གཞི་འབྲས་ངོ་བོར་དབྱེར་མེད་འདུས་མ་བྱས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། གཞི་འབྲས་ངོ་བོར་དབྱེར་མེད་འདུས་མ་བྱས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཉིས་མེད་ཡེ་ཤེས་འདུས་མ་བྱས་ཀྱི་ཤེས་རབ་ཡིན་པའི་ཕྱིར། མི་གཉིས་པའོ། །ཞེས་བྱ་བ་ནི་གལ་ཏེ་གཟུང་བ་དང་མི་གཟུང་བ་ལ་སོགས་པའི་ཚུལ་དུ་གནས་པར་གྱུར་ན། དེ་ལྟ་ན་ནི་གཉིས་ཀྱི་བདག་ཉིད་དང་ཐ་དད་པའི་བདག་ཉིད་དུ་གནས་པར་འགྱུར་ན། གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་དོན་དམ་པར་གཅིག་ཅིང་ཐ་དད་པ་མེད་པ། དེའི་ཕྱིར་དེ་ལ་འདི་ལྟར་སྤྱོད་པའི་སྤྲོས་པ་མེད་དེ། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་བཅུ་གཅིག་ཅུང་མེད་ན། དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ། །ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དེ་དག་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་གཅིག་པ་སྟེ་གཉིས་སུ་མེད་པར་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་པ་ན། བམ་པོ་བཅུ་གཅིག་པ། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར། མཚན་མ་མ་མཆིས། རང་གི་མཚན་ཉིད་ 4-1-133 དང་བྲལ་བའི་ཕྱིར། རྟག་པ་མ་མཆིས། ཚིག་གི་སྤྱོད་ཡུལ་མ་མཆིས་པས། བརྗོད་དུ་མ་མཆིས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ནི་སྒྲའི་བདག་ཉིད་མ་ཡིན་པའི་ཕྱིར། སྨོས་སུ་མ་མཆིས་པའོ། །དེ་ནས་ཤོག་གུ་གསུམ་དང་ཕྲེང་བརྒྱད་ཅུང་མེད་ན། གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ནི། བཅོམ་ལྡན་འདས། གང་ལ་ལ། དེ་ནས་ཕྲེང་ཕྱེད་དང་ལྔ་ལྷག་ཙམ་ན། གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ནི། བཅོམ་ལྡན་འདས་གཞན་ཡང༌། དེ་ནས་ཕྲེང་དྲུག་ན། གཞན་གྱི་དོན་ལ་མོས་པས་འབྲིང་གི་འབྲིང་ནི། བཅོམ་ལྡན་འདས་གཞན། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཞི་ཅུང་མེད་ན། གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆེན་པོ་ནི། བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུ། དེ་ནས་ཤོག་གུ་བརྒྱད་ལ་ཕྲེང་བཞི་ཅུང་མེད་ཆད་པ་ན། གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང༌། དེ་ནས་ཤོག་གུ་གཉིས་དང་ཕྲེང་བདུན་ཙམ་ན། ཆོས་སྟོན་པ་དེ་དག །ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པའི་རང་བཞིན། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པ་དང་སྤྲུལ་སྐུ་གཉིས། གཟུགས་ཀྱི་སྐུ་དང༌། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞིའི་རང་བཞིན། ཡེ་ཤེས་ཀྱི་སྐུར་མཐོང༌། དེ་ནས་ཕྲེང་གསུམ་ན། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་འགྱུར་རོ། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང༌། ཡེ་ཤེས་ཀྱི་སྐུ་བསྒོམ་པར་འགྱུར་རོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་གཉིས་ལྷག་པ་ན། ཆོས་རྣམས་ཀྱི་ཆོས་ཉིད་དང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ་ཞེས་དང༌། བརྗོད་དུ་མེད་པའི་དོན་དམ་པའི་ངོ་བོ་ཉིད་ནི་ཆོས་ཉིད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཅུ་གཉིས་ལྷག་ཙམ་ན། གཞན་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ཙམ་ཆད་པ་ན། གཤོང་དུ་འདུག་པ་མ་ཡིན། ཞེས་བྱ་བ་ལ་སོགས་ལས་ཡང་དོན་དམ་པར་ཡོངས་སུ་གྲུབ་པའི་གནས་སྐབས་ན། དེ་ལྟ་བུའི་རྣམ་པར་རྟོག་པ་དང༌། མཚན་མ་མེད་པའི་ཕྱིར་དེ་སྐད་བཤད་དེ། ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ན། བམ་པོ་བཅུ་གཉིས་པ། གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆེན་པོ་ནི། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཅུ་གཅིག་ལྷག་ཙམ་ན། གཞན་དུ་ན་གྲིབ་མ་གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོ་བར་ཟད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིང་ལྟ་བུའོ། །དེ་ལས་གཞན་པ་རྣམས་ནི་གྲིབ་མ་ལྟ་བུའོ། །ཞེས་དབུ་མ་པ་གསུངས། བྱེ་བྲག་མི་དམིགས་སོ། །དེ་རྣམས་ཀྱིས་ནི། མོ༷ས་པ༷་ད༷ང༌། །ཞེས་པ་དོན་དྲུག་པ་གསུངས་ཟིན་ཏོ། ། ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང༌། །བསྟོད་པ་དང་པོ་ནི། བརྒྱ་བྱིན་གྱིས་གསོལ་པ། དེ་ནས་ཕྲེང་བཅུ་གཉིས་ཙམ་ན། བསོད་ནམས་ཆེར་འཕེལ་ལོ། །བདག་གིས་མཆོད་པ་བས་གཞན་ལ་བྱིན་ན་འབྲས་བུ་ 4-1-134 ཆེ་བར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། སྐུ་གདུང་དུ་བྱིན་གྱིས་བརླབས་སོ། །ཞེས་བྱ་བ་འདིས་ནི་བགོ་བཤའ་བྱས་པའི་འབྲས་བུ་ཆེ་བར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཞི་ཅུང་མེད་ན། བསྟོད་པ་གཉིས་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། དེ་ནས་ཤོག་གུ་ཕྱེད་དང་གཉིས་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དང༌། ཞེས་བྱ་བའི་འགྲེས་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་ཡིན་ཏེ། དེས་ན་མཆོད་པར་བྱའོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས་སོ། །དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཉིས་ཆད་པ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་གསུམ་མོ།། །། ༈ དེ་ནས་ཤོག་གུ་གཅིག་ལྷག་ཙམ་ན། བསྟོད་པ་གསུམ་པ་ནི། ཀོའུ་ཤི་ཀ །སེམས་ཅན་གཅིག །དེ་ནས་ཕྲེང་གསུམ་ཅུང་མེད་ན། བསྟོད་པ་བཞི་པ་ནི། ལན་ཅིག་ཕྱིར་འོང་བའི། བསྟོད་པ་ལྔ་པ་ནི། ཕྱིར་མི་འོང་བ། བསྟོད་པ་དྲུག་པ་ནི། དགྲ་བཅོམ། བསྟོད་པ་བདུན་པ་ནི། ལ་ལ་ཞིག་གིས། བསྟོད་པ་བརྒྱད་པ་ནི། ཀོའུ་ཤི་ཀ །གང་ལ། བསྟོད་པ་དགུ་པ་ནི། ལན་ཅིག་ཕྱིར་འོང༌། བཀུར་བ་དང་ནི། བཀུར་བ་དང་པོ་ནི། ཕྱིར་མི་འོང༌། བཀུར་བ་གཉིས་པ་ནི། དགྲ་བཅོམ་པ་ཉིད་ལ་བཀོད་པས། བཀུར་བ་གསུམ་པ་ནི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ། དེ་ནས་ཕྲེང་དྲུག་ཅུང་མེད་ན། བཀུར་བ་བཞི་པ་ནི། ཀོའུ་ཤི་ཀ །རིགས་ཀྱི་བུ། དེ་ནས་ཤོག་གུ་བདུན་དང་ཕྲེང་བཞི་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་བཅུ་བཞི་ལྷག་ཙམ་ན། བམ་པོ་བཅུ་བཞི་པ། དེ་ནས་ཤོག་གུ་བཅུ་བཞི་ཅུང་མེད་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་བདུན་ན། བམ་པོ་བཅུ་དྲུག་པ། དེ་ནས་ཕྲེང་བརྒྱད་ལྷག་པ་ན། ཀློག་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །ཞེས་བྱ་བ་ནི་གཉིས་སུ་མེད་པར་ཀུན་ཏུ་སྤྱོད་པའི་བློས་འཇུག་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་དྲུག་ན། བཀུར་བ། ལྔ་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། རིགས་ཀྱི་བུའམ། དེ་ནས་ཕྲེང་གཉིས་ན། གཉིས་སུ་མེད་པར་ལྟ་བས་མ་ཡིན། ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་གཉིས་སུ་ཡོད་པའི་ངོ་བོ་ཉིད་དོ། །ཞེས་བྱ་བར་ཡང་རྣམ་པར་མི་རྟོག་ན་གཉིས་ཀྱི་ངོ་བོ་ཉིད་དུ་ལྟ་ཅི་སྨོས་ཏེ། དེ་བས་ན་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གཉིས་ཀྱི་ཚུལ་དུ་ཡང་མི་ལྟ་གཉིས་མེད་པར་ཡང་མི་ལྟ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། དམིགས་པ་འཛིན་པའི་ཚེ་གཟུགས་ལ་སོགས་པ་ཀུན་བཏགས་པའི་མཚན་མ་རྣམས་མི་འཛིན་པ་དང༌། མཚན་མ་མེད་པའོ། །སྙམ་པའི་རྣམ་པར་རྟོག་པ་ཡང་མེད་པའི་ཕྱིར་མཚན་མའི་ཡང་མ་ཡིན། ལས་ཀྱི་དུས་ན་ཡང་སྲིད་པར་བྱ་བའི་ཕྱིར་བླང་བའམ། རྣམ་པར་རྟོག་པ་མེད་ལ། རྣམ་པར་སྨིན་པའི་དུས་ 4-1-135 ན་ཡང་འགྲོ་བ་རྣམས་སུ་དོར་བའི་རྣམ་པར་རྟོག་པ་ཡང༌། མེད་པའི་ཕྱིར། བླང་བར་མ་ཡིན། ཤེས་པར་བྱ་བའི་ཤེས་པ་ཆོས་རྣམས་རབ་ཏུ་འབྱེད་པའི་ཚེ་ཡང་ཡོད་པའི་དངོས་པོ་ལ་སྐུར་བ་འདེབས་པ་མེད་པས་དབྲི་བ་མེད་ལ་ཡེ་ནས་མེད་པའི་དངོས་པོ་ལ་སྒྲོ་འདོགས་པ་མེད་པས་བསྣན་པ་མེད་པའི་ཕྱིར། དབྲི་བར་མ་ཡིན། སོ་སོའི་སྐྱེ་བོའི་གནས་སྐབས་ཀྱི་ཚེ། དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་ལ་གནས་གྱུར་པའི་ཚེ་ཡང་ནམ་མཁའ་བཞིན་དུ་སྔོན་མ་བྱུང་བའི་རྣམ་པར་བྱང་བ་མེད་པའི་ཕྱིར། ཀུན་ནས་ཉོན་མོངས་པ་ཡང་མ་ཡིན། ཤེས་བྱའི་ཁོ་ན་ཡོངས་སུ་བརྟགས་པའི་ཚེ་ཡང་ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པའི་ཕྱིར་ཆོས་ཉིད་ལ་སྐྱེ་བ་དང་འགག་པ་ཡང་མ་མཐོང་བ་མ་སྐྱེ་བར་མ་ཡིན། ས་འོག་མ་ས་གོང་མར་འཕར་བའི་ཚེ་ཡང་དོན་དམ་པར་ས་གོང་མར་གཏོགས་པའི་ཆོས་ཁྱད་པར་དུ་འཕགས་པ་ཡང་མི་འཛིན་ལ། ས་འོག་མར་གཏོགས་པའི་ཆོས་ངན་པ་ཡོངས་སུ་གཏོང་བ་ཡང་མེད་པའི་ཕྱིར། གཟུང་བར་མ་ཡིན། ས་འོག་མ་ནས་གོང་མར་འཕར་བའི་ཚེ་རབས་དོན་དམ་པར་ས་གོང་མའི་ཡོན་ཏན་བླང་བ་དང༌། ས་འོག་མའི་སྐྱོན་དོར་བར་མི་རྟོག་པའི་ཕྱིར། ལེན་པར་མ་ཡིན། ས་གོང་མ་ལ་གནས་པར་བྱ་བའི་རྣམ་པར་རྟོག་པ་མེད་ཅིང༌། ས་འོག་མ་ལ་གནས་པར་མི་བྱ་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་དང༌། གནས་པ་དང་མི་གནས་པ་གཉིས་ཀ་ཡང་ཀུན་བཏགས་པ་ཙམ་དུ་ཟད་པའི་ཕྱིར། གནས་པར་མ་ཡིན། ཞི་གནས་དང་ལྷག་མཐོང་སྒྲུབ་པ་ལ་སྦྱོར་བ་ན། སྒྲུབ་པ་དེ་ལ་འདི་ནི་ཡང་དག་པའི་སྒྲུབ་པའོ། །འདི་ནི་ཡང་དག་པ་མ་ཡིན་པའི་སྒྲུབ་པའོ། །ཞེས་རྣམ་པར་མི་རྟོག་པ་དེའི་ཕྱིར། ཡང་དག་པར་མ་ཡིན། ཞི་ལྷག་ཟུང་འབྲེལ་དུ་སྒྲུབ་པའི་ཚེ། ཡིད་བྱེད་འདི་ནི། རིགས་ལས་འདི་ལ་མི་རིགས་ཞེས་མི་རྟོག་པས་ལྡན་པར་མ་ཡིན། སྒྲིབ་གཉིས་ཕྲ་མོ་མཐར་གྱིས་སྤོང་བ་ན་སྒྲིབ་གཉིས་ཀྱི་སྐྱོན་དང་འདྲེས་མ་འདྲེས་ཀྱི་རྟོག་པ་མེད་པའི་ཕྱིར། འདྲེ་བར་མ་ཡིན། དེ་བཞིན་ཉིད་དུ་རབ་ཏུ་རྟོགས་པར་བྱེད་པའི་ཚེ། དོན་དམ་པའི་རང་བཞིན་དེ་བཞིན་ཉིད་དེ་ལས་ས་དང་པོ་ལ་སོགས་པའི་རིམ་པས་འཇུག་ཀྱང་རྒྱུ་དང༌། རྐྱེན་གྱིས་རང་བཞིན་དུ་སོ་སོར་དབྱེ་བ་དང༌། དབྱེ་བ་མེད་པའི་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར། རྐྱེན་དུ་མ་ཡིན། ཆོས་ཉིད་མངོན་སུམ་དུ་བྱེད་པའི་ཚེ། ཆོས་ཉིད་རྟོགས་པར་བྱེད་ན་ཡང་ཆོས་ཉིད་ཀྱི་རྣམ་པར་དང༌། ཆོས་མ་ཡིན་པའི་རྣམ་པར་ཀུན་བཏགས་པས་དངོས་པོའི་བདག་ཉིད་དུ་ཤིན་ཏུ་མི་སྣང་བའི་ཕྱིར། ཆོས་མ་ཡིན། དེ་བཞིན་ཉིད་བསྒོམ་པའི་ཚེ་ཡང་དེ་བཞིན་ཉིད་དོ་སྙམ་པའམ་གཞན་ནོ། །སྙམ་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར། དེ་བཞིན་ཉིད་དུ་མ་ཡིན། མྱ་ངན་ལས་འདས་པའི་ཚེ་ཡང་ཡང་དག་པའི་དོན་གྱི་མཐའ་ཞེས་བྱ་བའམ། དེ་ལས་བཟློག་པའོ། །ཞེས་བྱ་བར་འཛིན་པ་མེད་པའི་ཕྱིར། ཡང་དག་པའི་མཐའ་མ་ཡིན། ཡང་དག་པའི་མཐའ་མ་ཡིན་པར་མ་ཡིན་ཏེ། ཞེས་བྱ་བ་གསུངས་སོ། །ཞེས་པ་རྣམས་དབུ་མ་པ་ 4-1-136 ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཕྲེང་གཉིས་ན། བཀུར་བ་དྲུག་པ་ནི། ཀོའུ་ཤི་ཀ །དེ་ནས་ཕྲེང་ཕྱེད་དང་ལྔ་ཙམ་ན། གྲངས་མེད་པ་དང་ལྡན་པར་འགྱུར་རོ། །ཞེས་པ་རྣམས་ཀྱི་དོན་ནི་དབུ་མ་པ་ཆེན་པོས། བདག་གིས་བཟུང་བའི་བསོད་ནམས་པས་བཤད་པའི་བསོད་ནམས་ཆེ་བར་སྟོན་ཏོ། །ཞེས་གསུངས་སོ། །བཀུར་བ་བདུན་པ་ནི། ཀོའུ་ཤི་ཀ །གལ་ཏེ་རིགས་ཀྱི་བུ། དེ་ནས་ཤོག་གུ་བཞི་ཙམ་ན། བཀུར་བ་བརྒྱད་པ་ནི། ཀོའུ་ཤི་ཀ །གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ། དེ་ནས་ཤོག་གུ་བཞི་དང་ཕྲེང་བཅུ་ལྷག་ཙམ་ན། ཀོའུ་ཤི་ཀ །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལྟར་ཁོང་དུ་ཆུད་པ་སྟེ་མཚན་འཛིན་དང་དམིགས་པ་མེད་པས། དེ་ནས་ཕྲེང་ཕྱེད་དང་དགུ་ཙམ་ན། འདི་ལྟར། དམིགས་པའི་ཚུལ་གྱིས། གཟུགས་མི་རྟག་གོ་ཞེས་བྱ་བར་སྟོན། དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་ཕྱེད་དང་བཅུ་གཅིག་ན། བམ་པོ་བཅུ་བདུན་པ། དེ་ནས་ཤོག་གུ་བཅུ་དགུ་ན། བམ་པོ་བཅོ་བརྒྱད་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་དྲུག་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་བཅུ་བདུན་ལ་ཕྲེང་བཞི་ཙམ་ཆད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་སྟོན་ཏོ། །འདི་ཡར་བཅད་ཀྱི་ཇ་པ་སྟེ་པོ་ཏི་བདུན་པ་རྫོགས་སོ།། །། ༈ ཉ༽ སྟོང་ཕྲག་བརྒྱ་པ་ལས། གླེགས་བམ་བརྒྱད་པ། བམ་པོ་དང་པོ། དེ་ནས་ཤོག་གུ་དྲུག་ལ་ཕྲེང་ཕྱེད་ཆད་པ་ན། བཀུར་བ་དགུ་པ་ནི། ཀོའུ་ཤི་ཀ །གཞན་ཡང་འཛམ་བུ། དེ་ནས་ཤོག་གུ་ཕྱེད་དང་གསུམ་ན། བསྔགས་པར་འདོད། །བསྔགས་པ་དང་པོ་ནི། ཀོའུ་ཤི་ཀ །གཞན་ཡང༌། དེ་ནས་ཤོག་གུ་ཕྱེད་དང་གསུམ་ལ་ཕྲེང་ཕྱེད་ཆད་པ་ན། བསྔགས་པ་གཉིས་པ་ནི། ཀོའུ་ཤི་ཀ །གཞན་ཡང་འཛམ་བུའི་གླིང༌། དེ་ནས་ཤོག་གུ་ཕྱེད་དང་གསུམ་ལྷག་ཙམ་ན། ཕྱིར་མི་འོང་བ་རྣམས་ཡོད་པར་འགྱུར་རོ། །བསྔགས་པ་གསུམ་པ་ནི། ཀོའུ་ཤི་ཀ །དེ་ནས་ཡང་ཤོག་གུ་ཕྱེད་དང་གསུམ་ན། བསྔགས་པ་བཞི་པ་ནི། ཀོའུ་ཤི་ཀ གཞན་ཡང༌། དེ་ནས་ཡང་ཤོག་གུ་ཕྱེད་དང་གསུམ་ན། བམ་པོ་གཉིས་པ། བསྔགས་པ་ལྔ་པ་ནི། ཀོའུ་ཤི་ཀ །དེ་ནས་ཤོག་གུ་བཞི་ན། བསྔགས་པ་དྲུག་པ་ནི། ཀོའུ་ཤི་ཀ །འཛམ་བུའི་གླིང༌། དེ་ནས་ཕྲེང་བཅུ་ཐམ་པ་ན། བསྔགས་པ་བདུན་པ་ནི། ཀོའུ་ཤི་ཀ །གླིང༌། དེ་ནས་ཤོག་གུ་བཅུ་ཅུང་མེད་ན། བསྔགས་པ་བརྒྱད་པ་ནི། ཀོའུ་ཤི་ཀ་སྟོང༌། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་གཉིས་ན། བསྔགས་པ་དགུ་པ་ནི། ཀོའུ་ཤི་ཀ གཞན། དེ་ནས་ཤོག་གུ་ལྔ་དང་ཕྲེང་གསུམ་ཙམ་ན། བརྒྱ་བྱིན་གྱི་ལེའུ་སྟེ། ཉི་ཤུ་བཞིའོ།། །། ༈ དེ་རྣམས་ཀྱིས་ནི། བསྟོ༷ད་ད༷ང་བཀུ༷ར་ད༷ང་བསྔ༷གས་པ༷་ད༷ང༌། །ཞེས་པ་དོན་བདུན་པ་གསུངས་ཟིན་ཏོ། ། བམ་པོ་གསུམ་པ། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ། དེ་ནས་ཤོག་གུ་གཅིག་ལ་ཕྲེང་ཕྱེད་ཆད་པ་ན། དེ་ནི་ 4-1-137 དམིགས་མེད་རྣམ་པ་ཅན། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་གཉིས་དང་ཕྲེང་གཉིས་ལྷག་པ་ན། དེ་ལྟ་ཡིན་ཡང་ཐམས་ཅད་དངོས་པོ། ཡོད་པ་མ་ཡིན་པས། ཇི་ལྟ་བ་དང༌། དམིགས་པ། ཡོད་པ་མ་ཡིན་པ། ཇི་ལྟ་བ་དང་བྱང་ཆུབ་ཀྱང་དེ་བཞིན་དུ་ཡོད་པ་མ་ཡིན། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཅིག་ལྷག་ཙམ་ཆད་པ་ན། འགག་པའི་ཚུལ་གྱིས་མ་ཡིན་ནོ། །ཞེས་པས་ཡོངས་སུ་སྨིན་པའི་བྱང་སེམས་ཡིན་ན་མཚན་མའི་ཚུལ་གྱིས་མི་བསྔོ་བས་སྐྱོན་དེ་མེད་ཅེས་བསྟན་ཏོ། །དེ་ནས་ཕྲེང་གསུམ་ན། བྱང་ཆུབ་ཏུ་བསྔོ་བར་འགྱུར་ཏེ། ཞེས་པས་མ་སྨིན་པའི་བྱང་སེམས་ཡིན་ན་མཚན་མའི་ཚུལ་གྱིས་བསྔོ་བས་སྐྱོན་ཏེ་རིགས་སོ། །ཞེས་བསྟན་ཏོ། །མདུན་དུ་མི་བཤད་དོ། །ཞེས་བྱ་བས་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་གསར་བུ་ནི་སྟོང་པ་ཉིད་འདི་བཤད་པའི་སྣོད་མ་ཡིན་པར་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་གསུམ་ན། མདུན་དུ་བཤད་ཅིང་བསྟན་ཏོ། །ཞེས་བྱ་བས་ནི་ཡོངས་སུ་སྨིན་པ་རྣམས་ལ་བཤད་ན་ཉེས་པ་མེད་པར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན། དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པའི་ཡོངས་སུ་བསྔོ་བ་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རབ་འབྱོར་གྱིས་མཚན་མར་བྱ་སྟེ། ཡོངས་སུ་བསྔོ་བ་མི་རིགས་པའི་ཚུལ། སྨྲས་པ། དེ་ནས་ཕྲེང་ཕྱེད་དང་བཞི་ཙམ་ན། ཡོངས་སུ་བསྔོ་བར་མི་ནུས་སོ། །ཞེས་བྱས་པས་ནི་ཡོངས་སུ་བསྔོ་བ་ཉིད་སྟོན་ཏོ། །ཀུན་བཏགས་པའི་སེམས་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་དངོས་པོ་མེད་པ་ནི་ཡོངས་སུ་བསྔོ་བར་མི་ནུས་སོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བདུན་དང་ཕྲེང་གཉིས་ན། འཕེལ་བ་མེད་པར་འགྱུར་རོ། །ཞེས་བྱ་བ་ནི་དེ་དག་ཏུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཡོངས་སུ་འཛིན་པར་འགྱུར་རོ། །ཞེས་བྱ་བ་ནི་དེ་བཞིན་ཉིད་ཡིད་ལ་བྱེད་པའོ། །ཞེས་དབུ་མ་པ་གསུངས། བམ་པོ་བཞི་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས། རྣམ་རྟོག་གི་སྤྲོས། རྟོག་པ་མེད་ཀྱང་སྨོན་ལམ་གྱི་དབང་གིས་ཆོས་སྟོན་པའི་ཚིག་གི ཁུར་བཞི། བོར་བ། གྲོང་གི་ཚེར་མ། སྒོ་གསུམ་ཉེས་སྤྱོད་རང་གཞན་ལ་གནོད་པར་འགྱུར་བ་རྣམས། རབ་ཏུ་བརྩལ་བ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཤིང་ཡེ་ཤེས་རྣམ་པར་དག་པ། ཡང་དག་པར་ཡོངས་སུ་མཁྱེན་པས། དེ་ནས་ཕྲེང་ཕྱེད་དང་བདུན་ཅུང་མེད་ན། ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དེ་ནས་བྱང་ཆུབ་སེམས་དཔའ། དེ་ནས་ཤོག་གུ་གཉིས་ན། དབེན་དང་། གལ་ཏེ་བྱང་ཆུབ་སེམས་དཔའ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བརྒྱད་ཙམ་ན། སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །གཞན་ཡང༌། བྱང་ཆུབ། དེ་ནས་ཕྲེང་ཕྱེད་དང་བཅུ་ན། ཐབས་བཅས། བྱམས་པས་སྨྲས་པས། དེ་ནས་ཕྲེང་གསུམ་ཅུང་མེད་ 4-1-138 ན། མཚན་མ་མེད་པ་དང༌། །བྱམས་པས་སྨྲས་པ། དེ་ནས་ཤོག་གུ་ཕྱེད་དང་དགུ་ལ་ཕྲེང་གཅིག་ལྷག་ཙམ་ཆད་པ་ན། སངས་རྒྱས་རྗེས་སུ་ཡི་རང་དང༌། །རབ་འབྱོར་གྱིས་སྨྲས་པ། དེ་ནས་ཕྲེང་དྲུག་ལྷག་ཙམ་ན། བདུད་རྩིའི་མཐར་ཕྱིན་མྱང་འདས་ཐོབ་པར་འགྱུར་རོ། །ཁམས་གསུམ་གཏོགས་པ་མ་ཡིན་དང༌། །གཞན་ཡང༌། བྱང་ཆུབ་སེམས། དེ་ནས་ཤོག་གུ་ལྔ་ཙམ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་ཕྱེད་དང་བཅོ་ལྔ་ཙམ་ན། བམ་པོ་དྲུག་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་གཅིག་ཙམ་ན། ཆུང་དང་། དེ་ནས་བཅོམ་ལྡན་འདས་ཀྱིས། དེ་ནས་ཕྲེང་བརྒྱད་ཅུང་མེད་ན། འབྲིང་དང་། རབ་འབྱོར། གཞན་ཡང༌། སྟོང་གསུམ། དེ་ནས་ཕྲེང་བཅུ་གཅིག་ཙམ་ན། ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་པོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །རབ་འབྱོར། གཞན་ཡང༌། སྟོང་གསུམ། དེ་ནས་ཤོག་གུ་གསུམ་ལྷག་པ་ན། བམ་པོ་བདུན་པ། དེ་ནས་ཤོག་གུ་ཕྱེད་དང་ལྔ་ལ། ཕྲེང་གཅིག་ལྷག་ཙམ་ཆད་པ་ན། མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །དེ་རྣམས་ཀྱིས་ནི། བསྔོ༷་ད༷ང་། ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། ། ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཕྲེང་དྲུག་ཅུང་མེད་ན། མི་དམིགས་པ་ཡང་མ་ཡིན་ལ། ཞེས་བྱ་བ་ནི་སངས་རྒྱས་དེ་རྣམས་དང་དགེ་བའི་རྩ་བ་རྣམས་ཀྱི་དེ་བཞིན་ཉིད་དམན་དང༌། ལྷག་པ་མེད་པའི་དོན་གྱི་དབང་གིས་མཉམ་པ་ཉིད་དུ་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་དྲུག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ཡོངས་སུ་བསྔོ་བའི་ལེའུ་སྟེ། ཉི་ཤུ་ལྔ་པའོ།། །། ༈ དེ་རྣམས་ཀྱིས་ནི། རྗེ༷ས་སུ༷་ཡི༷་ར༷ང་བ༷། །ཡི༷ད་ལ༷་བྱེ༷ད་པ༷་བླ༷་མེ༷ད་ད༷ག །ཅེས་པ་དོན་དགུ་པ་གསུངས་ཟིན་ཏོ། །དེ་ཡི་ངོ་བོ་ཉིད། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། དག་པའི་སླད་དུ་གནང་བར་བགྱིད་པའོ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བ་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་སྣང་བར་བྱེད་པའི་ཕྱིར་རོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་གཅིག་ན། ཕྱིན་པ་ནི། ཁམས་གསུམ་པ་ཐམས་ཅད་ནམ་མཁའ་ལྟར་ཁྱབ་པར་བཞུགས་ཀྱང་ཁམས་གསུམ་པ་ཐམས་ཅད། དེ་ནས་ཕྲེང་བརྒྱད་ན། ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་ཅེས་བྱའོ། །དེ་ལ་འདི་ནི་ལན་གསུམ་དུ་བཟླས་ནས་བསྐོར་བ་སྟེ། འདི་ནི་བདེན་པ་བཞིའོ། །ཞེས་བྱ་བར་བདེན་པ་བཞིའི་ངོ་བོ་ཉིད་ཀྱི། ལེའུ་ཚིག་ནི་གཅིག་གོ །བདེན་པ་བཞི་པོ་དེ་དག་ཉིད་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང༌། མངོན་སུམ་དུ་བྱ་བ་དང་བསྒོམ་པར་བྱ་བའི་ལེའུ་ཚིག་ནི་བསྐོར་བ་ 4-1-139 གཉིས་པའོ། །བདེན་པ་བཞི་པོ་དེ་དག་ཉིད་བདག་གིས་ཡོངས་སུ་ཤེས་སོ། །སྤངས་སོ། །མངོན་སུམ་དུ་བྱས་སོ། །བསྒོམས་སོ། །ཞེས་བྱ་བའི་ལེའུའི་ཚིག་ནི་བསྐོར་བ་གསུམ་པ་སྟེ། དེ་དག་ནི་ལན་གསུམ་དུ་བཟླས་ཏེ་བསྐོར་བའོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་སྡུག་བསྔལ་གྱི་ངོ་བོ་ཉིད་ཡོངས་སུ་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་སོ། །ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །ཀུན་འབྱུང་བའི་བདེན་པ་ལ་ཡང་ཀུན་འབྱུང་བའི་ངོ་བོ་ཉིད་དང༌། སྤང་བར་བྱ་བ་དང་སྤངས་སོ། །ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །འགོག་པའི་བདེན་པ་ལ་ཡང་འགོག་པའི་ངོ་བོ་ཉིད་མངོན་སུམ་དུ་བྱ་བ་དང་མངོན་སུམ་དུ་བྱའོ། །ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །ལམ་གྱི་བདེན་པ་ལ་ཡང་ལམ་གྱི་ངོ་བོ་ཉིད་དང་བསྒོམ་པར་བྱ་བ་དང་བསྒོམས་སོ། །ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། དེ་ལྟར་ན་རྣམ་པ་བཅུ་གཉིས་སོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། མཆོག་ཉིད། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འམ། དེ་ནས་ཕྲེང་གཅིག་ན། གནས་པར་བགྱི། ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་རྣམ་པ་ནི་སྔར་བརྒྱ་བྱིན་གྱིས་དྲིས་ཟིན་ལ། བཤད་ཀྱང་ཟིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཐབས་དྲིས་པ་མ་ཡིན་འདིར་ནི་ཇི་ལྟར་གནས་པར་བགྱི། ཞེས་བྱ་བ་ཇི་ལྟར་གུས་ཤིང་འཇར་པར་གནས་པར་བྱ། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ལྷག་པ་ན་སྟོན་པའོ། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་བྱ་བ་བྱེད་པའི་ཕྱིར་ཐ་དད་པར་མེད་པར་བརྟགས་ཏེ་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གཉིས་དང་ཕྲེང་གཅིག་ཙམ་ལྷག་པ་ན། ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གཅིག་ལ་གཅིག་གནས་པའི་རྒྱུའི་དངོས་པོ་ཡིན་པར་སྔར་བསྟན་པའི་ཕྱིར་སྨྲས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཀོའུ་ཤི་ཀ །དེ་ནི་དེ་ལྟར་མ་ཡིན་ནོ། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལས་གཅིག་ཡོངས་སུ་རྫོགས་པར་བྱེད་པའི་ཚེ། དྲུག་ཆར་ཡོངས་སུ་རྫོགས་པར་འགྱུར་བས་ཕན་ཚུན་གཅིག་གི་རྒྱུར་གཅིག་འགྱུར་བ་ཙམ་དུ་ཟད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྣམ་པ་ཐམས་ཅད་དུ་རྒྱུར་འགྱུར་བ་ནི་མ་ཡིན་པར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་ལོགས་གཅིག་ན། ཀུན་ལ་མངོན་པར་འདུ་མི་བྱེད། །དེ་ནས་ཚེ་དང་ལྡན་པ་ཤཱ་ར། མངོན་པར་བསྒྲུབ་པར་བྱ། ཞེས་བྱ་བ་འདིར། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པའི་རྣམ་པ་བཞུས་པ་མ་ཡིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པའི་འབྲས་བུ་བཞུས་པའོ། །ཞེས་དང༌། བསྒྲུབ་པ་མེད་པའི་ཕྱིར། ཞེས་བྱ་བ་ནི་གཟུགས་དངོས་པོ་མེད་པའི་ཕྱིར། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གསུམ་ཅུང་མེད་ན། 4-1-140 བམ་པོ་བརྒྱད་པ། དེ་ནས་ཤོག་གུ་བདུན་ན། གཟུགས་འཇིག་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་གནས་སྐབས་ན་ཀུན་བཏགས་པའི་གཟུགས་མངོན་པར་འདུ་བྱེད་པ་མེད་དོ། །སྐྱེ་བ་དང་འགག་པ་གཉིས་ནི་རྒྱུན་གྱི་དབང་གིས་མེད་དོ། །སྐད་ཅིག་རེ་རེ་ཡང་འབྱུང་བ་དང་འཇིག་པ་གཉིས་ཀྱི་དབང་གིས་མེད་དོ། །རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པས་དམིགས་སུ་མེད་དོ། །སྙམ་དུ་སེམས་ཤིང་གང་གི་ཚེ་ཡིད་ལ་བྱེད་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེའི་ཆོས་གང་ཡང་ཐོབ་པར་མི་བྱེད་ཅེས་བྱ་སྟེ། དེའི་ཚེ་ནི་ཆོས་གང་ཡང་དམིགས་པ་མེད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་ཐམ་པ་ན། བམ་པོ་དགུ་པ། དེ་ནས་ཤོག་གུ་དགུ་དང་ཕྲེང་གཉིས་ན། ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོད་པར་བྱེད་པ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་མངོན་པར་སྒྲུབས། དེ་ནས་ཕྲེང་གཉིས་ན། གྲངས་སུ་འགྲོའོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ཕ་རོལ་ཏུ་སོན་པ་རྣམ་པར་མི་རྟོག་པ་རྩོལ་བ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བདུན་ཅུང་མེད་ན། ཐོབ་པར་མི་བྱེད་དམིགས་པར་མི་བྱེད་དོ། །ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་གནས་སྐབས་ན་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་ནི་མི་དམིགས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཐོབ་པར་མི་བྱེད་པ་ཡིན་ནོ། །ཞེས་བྱ་བ་ནི་ཆོས་ཉིད་རྣམ་པར་མི་རྟོག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་མིང་དང་མཚན་མ་དང༌། མངོན་པར་འདུ་བྱེད་པ་མི་འཛིན་ཏོ། །དེ་བས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ནི་མིང་དེ་དང་མཚན་མ་དེ་དང་མངོན་པར་འདུ་བྱེད་པ་དེས་དམིགས་སུ་མེད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ཙམ་ཆད་པ་ན། གཟུགས་ལ་ཡིད་ཆེས་པར་མི་འགྱུར་རོ། །ཞེས་བྱ་བ་ནི་གཟུགས་དངོས་པོ་མེད་པའི་མཚན་ཉིད་དུ་ཡིད་ཆེས་ཤིང་ཁོང་དུ་ཆུད་པར་གྱུར་ཏོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་དྲུག་ཙམ་ན། བམ་པོ་བཅུ་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་བརྒྱད་ཙམ་ན། གཟུགས་ལ་ཡིད་ཆེས་པར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་ཏེ་མངོན་སུམ་དུ་བྱ་བ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་ཕྱེད་དང་བདུན་ན། དོན་ཆེན་ཉིད། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གཉིས་ཅུང་མེད་ན། ཆུང་བར་མི་བགྱིད་དོ། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་ཆེ་བར་མི་བྱེད་པ་ཀུན་བཏགས་པའི་གཟུགས་ཆུང་ 4-1-141 བར་མི་བྱེད་པའོ། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་བདུན་ཅུང་མེད་ན། བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་བཅོ་ལྔ་ལྷག་པ་ན། བམ་པོ་བཅུ་གཉིས་པ། དེ་ནས་ཤོག་གུ་ཉི་ཤུ་རྩ་ཕྱེད་དང་གཉིས་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་ཉི་ཤུ་རྩ་ཕྱེད་དང་རྩ་གཅིག་ན། བམ་པོ་བཅུ་བཞི་པ། དེ་ནས་ཤོག་གུ་བཅོ་བརྒྱད་ལྷག་པ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་བཅུ་དགུ་ན། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་བཅུ་དགུ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་དྲུག་གོ། །། ༈ དེ་རྣམས་ཀྱིས་ནི། སྒྲུ༷བ་ད༷ང་། ཞེས་པ་དོན་བཅུ་པ་གསུངས་ཟིན་ཏོ། །བམ་པོ་བཅུ་བདུན་པ། སངས་རྒྱས་བསྟེན་དང་སྦྱིན་སོགས་དང༌། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། དེ་ནས་ཤོག་གུ་གསུམ་ན། ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །གསོལ་པ། དེ་ནས་ཕྲེང་ཕྱེད་དང་དགུ་ཙམ་ན། ཆོས་ཀྱིས་འཕོངས་པའི་རྒྱུ་དག་ནི། །རབ་འབྱོར། གཞན་ཡང༌། བྱང་ཆུབ་སེམས་དཔའ། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དང་བཅུ་ན། བདུད་ཀྱི་ཐིབས་ཀྱིས་ནོན་པ་དང༌། །ཟབ་མོའི་ཆོས་ལ་མ་མོས་དང༌། །ཕུང་པོ་ལ་སོགས་མངོན་ཞེན་དང༌། །སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་གླེན་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་གསུམ་ན། རབ་འབྱོར་གཟུགས་ཀྱིས་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་འཁོར་བ་ན་དྲི་མ་དང་བཅས་པའི་མ་དག་པའི་གནས་སྐབས་ན་སྔོན་གྱི་མཐའ་ཞེས་བྱ། ད་ལྟར་དག་པ་དང་མ་དག་པའི་གནས་སྐབས་ན་ད་ལྟར་བྱུང་ཞེས་བྱ། ཕྱིས་དག་པའི་གནས་སྐབས་ན་ཕྱི་མའི་མཐའ་ཞེས་བྱ་སྟེ། དེ་བཞིན་ཉིད་ནི་དུས་གསུམ་ཅར་དུ་ཡང་མི་འགྱུར་བར་གནས་པའི་མཚན་ཡིན་ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། གཟུགས་སོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་དུས་ལས་རྣམ་པར་གྲོལ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་བཅུ་གཅིག་ཙམ་ན། བམ་པོ་བཅོ་བརྒྱད་པ། དཔལ་ལྡན་རྒྱུད་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་པ་དང༌། དོན་དམ་པའི་ཆོས་ཉིད་ཀྱི། དེ་ནས་ཤོག་གུ་བརྒྱད་ཙམ་ན། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །རབ་འབྱོར་གཟུགས་རྣམ་པར་དག་པ། དེ་ནས་ཤོག་གུ་བཅུ་གསུམ་ཙམ་ན། དེ་གཉིས་ཐ་དད་མ་ཡིན་ཞིང༌། །གཅད་དུ་མེད་པས་དག་པར་བརྗོད། །རབ་འབྱོར་གཞན་ཡང་གཟུགས། དེ་ནས་ཕྲེང་གཅིག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། དོན་དམ་འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །འདི་ཡར་བཅད་ཀྱིས་ཉ་པ་སྟེ་པོ་ཏི་བརྒྱད་པ་རྫོགས་སོ།། །། 4-1-142 ༈ ཏ༽ སྟོང་ཕྲག་བརྒྱ་པ་ལས། གླེགས་བམ་དགུ་པ། བམ་པོ་དང་པོ། དེ་ནས་ཤོག་གུ་གསུམ་དང་ཕྲེང་བརྒྱད་ཙམ་ན། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ། རབ་འབྱོར་གཞན་ཡང༌། དེ་བཞིན་ཉིད་ཀྱི་བདག །གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པ་གང་ཡིན་པ་དེ་ནི། དེ་ནས་ཕྲེང་བཞི་ན། གཟུགས་རྣམ་པར་དག་པ། དོན་དམ་འདི་ལ་གཞི་འབྲས། གཉིས་སུ་མེད་དེ། ཆོས་ཉིད་ཀྱི། སྐྱེས་བུ། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པ་གང་ཡིན་པ་དེ་ནི། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ན། གཟུགས། རྣམ་པར་དག་པ། དོན་དམ། འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ་འོག་མ་རྣམས་ལའང་སྦྱར་རོ། །འདིར་བདག་ལ་སོགས་པ་གསུངས་པ་རྣམས་ནི། དོན་དམ་པའི་མཚན་བརྗོད་དུ། དེ་བཞིན་ཉིད་བདག་དག་པའི་བདག །ཅེས་དང༌། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །ཅེས་སོགས་མང་པོ་དང༌། རྒྱུད་བླ་མར། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག །ཅེས་དང༌། རྡོ་རྗེ་རྩེ་མོའི་རྒྱུད་དུ། ད་ནི་བཟོད་ནས་མ་སྐྱེས་འབྱུང་བ་མེད། །བདག་དང་བདག་མིན་ང་ནི་སྐྱེ་དགུའི་བདག །ཅེས་དང༌། དང་པོའི་སངས་རྒྱས་སུ། ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའ་ཁམས་དང་ནི། །རྣམ་ཤེས་ཁམས་དྲུག་པར་བརྗོད་པ། །སྐྱེས་བུ་ཆེན་པོའི་གང་ཟག་གོ །ཞེས་དང༌། ཀྱེའི་རྡོ་རྗེར། སྐྱེས་བུ་སྔོན་རབས་དབང་ཕྱུག་དང༌། །བདག་དང་གསོ་བ་སེམས་ཅན་དང༌། །དུས་དང་གང་ཟག་ཉིད་དང་ནི། །དངོས་པོ་ཀུན་གྱི་རང་བཞིན་འདི། །སྒྱུ་མའི་གཟུགས་ཀྱི་ཡང་དག་གནས། །ཞེས་དང༌། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །ཅེས་སོགས་མང་པོ་གསུངས་པ་དང་དོན་གཅིག་གོ །དེ་ནས་ཤོག་གུ་ཉི་ཤུ་ཉེར་གསུམ་དང་ཕྲེང་དྲུག་ཙམ་ན། བམ་པོ་གཉིས་པ། དེ་ནས་ཤོག་གུ་ཉི་ཤུ་ཉེར་གསུམ་དྲུག་དང་ཕྲེང་བཞི་ཙམ་ན། བམ་པོ་གསུམ་པ། དེ་ནས་ཤོག་གུ་ཉི་ཤུ་ཉེར་ཕྱེད་དང་དྲུག་ན། བམ་པོ་བཞི་པ། དེ་ནས་ཤོག་གུ་ཉི་ཤུ་ཉེར་གསུམ་དང་ཕྲེང་གཉིས་ཙམ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་བཅུ་བདུན་དང་ཕྲེང་གསུམ་ཙམ་ན། བམ་པོ་དྲུག་པ། དེ་ནས་ཤོག་གུ་བཅུ་བདུན་ན། བམ་པོ་བདུན་པ། རབ་འབྱོར། གཞན་ཡང༌། ཆོས་ཀྱི་དབྱིངས་ཀྱི་བདག །གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས། ཡོངས་སུ་དག་པ། གཟུགས། ཡོངས་སུ་དག་པས། དོན་དམ། འདི་ལ། གཞི་འབྲས། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཕྲེང་ཕྱེད་དང་ལྔ་ན། རྣམ་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །བདག་ཅེས་པ་ནི་ཆོས་དབྱིངས་ཏེ། མྱང་འདས་ཆེན་པོར་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །ཞེས་དང༌། སེམས་ཅན་ཐམས་ཅད་ལ་ 4-1-143 སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནི། བདག་ཅེས་བྱ་བའི་དོན་ནོ། །ཞེས་དང༌། མདོ་སྡེའི་རྒྱན་དུ། སྟོང་པ་ཉིད་ནི་རྣམ་དག་ན། །བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པ་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་གྱུར། །ཅེས་སོགས་མང་དུ་གསུངས་པ་རྣམས་དང་དོན་གཅིག་གོ །དེ་ནས་ཤོག་གུ་དགུ་དང་ཕྲེང་བཅུ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །འདིར་ཡང་བདག་ནི། དོན་དམ་པའི་མཚན་བརྗོད་དུ། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་དང༌། ཀྱེའི་རྡོ་རྗེར་ཡང༌། ང་ལས་འགྲོ་བ་ཐམས་ཅད་བྱུང༌། །ང་ལས་གནས་གསུམ་པོ་ཡང་བྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་དང༌། མྱང་འདས་ཆེན་པོར། བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཏོ། །ཞེས་གསུངས་པ་རྣམས་དང་དོན་གཅིག་སྟེ། འདི་ལྟ་བུའི་ལུང་རྣམ་དག་མང་པོ་རྣམས་ཀྱིས་ཁ་ཅིག་བདག་གང་ཡང་ཤེས་བྱ་ལ་མི་སྲིད་པར་འདོད་པ་གསལ་བ་ཡིན་ལ། འདིར་གསུངས་པའི་བདག་འདི་ནི་ཐོབ་བྱ་ཡིན་པས་ཆོས་དང༌། གང་ཟག་གི་བདག་ནི་ཡིན་མི་སྲིད་དེ་དེ་གཉིས་ནི་སྤང་བྱ་ཡིན་པའི་ཕྱིར་རོ། །དེས་ན་བདག་གསུམ་ཁྱད་པར་འདི་ཡང་རྫོགས་ལྡན་ལ། གྲགས་ཀྱི་གསུམ་ལྡན་མར་བཅད་ལ་ནི་མ་ཡིན་ནོ། །རང་བཞིན་གྱི། རིགས་ཀྱི། སེམས་ཅན། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པ་དག་པས། གཟུགས། ཡོངས་སུ་དག་པ། དོན་དམ། འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མེད་དེ། གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་དང་ཕྲེང་གསུམ་ན། སོ་སོ་མ་ཡིན་ཐ་མི་དད་དོ། །འདིར་ཡང་སེམས་ཅན་ནི་དོན་དམ་པའི་སེམས་ཅན་ཏེ། ཕག་མོ་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འགྲོ་བ་རིགས་དྲུག་སེམས་ཅན་ཡང༌། །དེ་ནི་སངས་རྒྱས་ཉིད་དུ་བཞག །ནམ་མཁའི་ཁམས་ཞེས་བྱ་བའི་དབུས། །དེ་ཉིད་དུ་ནི་བཞུགས་མཐོང་སྟེ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཐམས་ཅད་དུ་ནི་སྐྱབས་སུ་མཆི། །ཞེས་གསུངས་པ་དང་དོན་གཅིག་གོ ། བམ་པོ་བརྒྱད་པ། ཤེར་ཕྱིན་ཆེན་པོའི་སྲོག །གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས། ཡོངས་སུ་དག་པས། དོན་དམ་འདི་ལ། གཞི་འབྲས་ངོ་བོ་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དེ། དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ལ་ཕྲེང་ཕྱེད་དང་གསུམ་ཆད་པ་ན། ཐ་མི་དད་དོ། །འདིའི་སྲོག་ནི་སྲོག་ཆེན་པོ་སྟེ། དོན་དམ་པའི་མཚན་བརྗོད་དུ། སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཅེས་དང༌། མཁའ་འགྲོ་རྒྱ་མཚོར། ནང་གི་དབུ་མའི་སྦྱོར་བ་ཡི། །སྲོག་དེའང་རབ་ཏུ་བསྔགས་པ་ཡིན། །དེ་ཡང་ཀུན་གཞི་ཤེས་བྱ་སྟེ། །མེ་ལོང་དུ་ཡང་རབ་ཏུ་བཤད། །ཆོས་ཀྱི་སྐུ་ལ་སོགས་པའང་སྟེ། །ཞེས་དང༌། མངོན་བརྗོད་བླ་མར། དེ་ 4-1-144 ནི་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་མཁྱེན་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །ཅེས་དང༌། རྡོ་རྗེ་གུར་དུ། དེ་ཉིད་སྲོག་ཆགས་རྣམས་ཀྱིས་སྲོག །དེ་ཉིད་མི་འགྱུར་དམ་པ་སྟེ། །དེ་ཉིད་ཀྱིས་ནི་ཐམས་ཅད་ཁྱབ། །དེ་འདིར་སངས་རྒྱས་ཡེ་ཤེས་ཏེ། །དཔལ་ལྡན་ཧེ་རུ་ཀ་ཞེས་བྱ། །ཞེས་གསུངས་པ་དང་གཅིག་གོ །དབུ་མ་པ་ཆེན་པོ་གསུངས་པ། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། དེ་ལྟར་ན། དབུ་མ་ཆེན་པོའི། གསོ་བ། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས་ཡོངས་སུ་དག་པ། དོན་དམ། འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མེད་དེ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་ཕྱེད་དང་བཅུ་གཅིག་ན། བམ་པོ་དགུ་པ། རང་བཞིན་འོད་གསལ་གྱིས། སྐྱེས་བུ་ཆེན་པོ་གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་པ། གཟུགས་ཡོངས་སུ་དག་པ། དོན་དམ་འདི་ལ། གཞི་འབྲས་ངོ་བོ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་གསུམ་ན། སོ་སོ་མ་ཡིན་ཐ་མི་དད་དོ། །འདིར་ཡང་སྐྱེས་བུ་ནི་དོན་དམ་པའི་རྣམ་གྲངས་ཏེ། སྤྱོད་པ་བསྡུས་པའི་སྒྲོན་མར། ཟུང་དུ་འཇུག་པའི་སྐུ་ཡོངས་སུ་རྫོགས་པ་འདི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་དང༌། ཞེས་སོགས་དང༌། དེ་བཞིན་དུ་སྐྱེས་བུ་དམ་པ་དང༌། སྐྱེས་བུ་མཆོག་དང༌། སྐྱེས་བུ་ཅང་ཤེས་པ་དང༌། སྐྱེས་བུ་བརྟན་པོ་དང༌། སྐྱེས་བུ་འདུལ་བ་དང༌། སྐྱེས་བུ་འདུལ་བ་པོ་དང༌། སྐྱེས་བུ་མཆོག་དང༌། སྐྱེས་བུ་ཁ་ལོ་སྒྱུར་བ་དང༌། སྐྱེས་བུ་སེང་གེ་དང༌། སྐྱེས་བུ་ནམ་མཁའ་དང༌། སྐྱེས་བུ་ཐམས་ཅད་ཀྱི་བདག་ཉིད་ཅན་དང༌། སྐྱེས་བུ་དག་པའི་བདག་ཉིད་ཅན་ཞེས་བྱ་བ་དང༌། ཞེས་སོགས་གསུངས་པ་དང་དོན་གཅིག་གོ །གཉིས་མེད་ཡེ་ཤེས་ཀྱི། གང་ཟག །གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག །པས། གཟུགས། ཡོངས་སུ་དག་པ། དོན་དམ་པ་འདི་ལ་གཞི་འབྲས་ངོ་བོ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ། རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་ལྔ་ཙམ་ན། བམ་པོ་བཅུ་པ། བདེ་བ་ཆེན་པོའི། ཤེད་ཅན། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག །པས། གཟུགས། ཡོངས་སུ་དག་པ། དོན་དམ་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མེད་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་ 4-1-145 མ་རྣམ་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་གཉིས་ཙམ་ན། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀྱི། ཤེད་བདག །གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས་ཡོངས་སུ་དག་པ། དོན་དམ་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་བཞི་ཙམ་ན། བམ་པོ་བཅུ་གཅིག་པ། འགྱུར་མེད་བདེ་ཆེན་གྱི། བྱེད་པ་པོ། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག །པས། གཟུགས་ཡོངས་སུ་དག་པ། དོན་དམ་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་གཅིག་ཙམ་ན། ཐ་མི་དད་དོ། །འདིར་ཡང་བྱེད་པ་པོ། ཞེས་པ་དེ་བཞིན་ཉིད་ཀྱི་རྣམ་གྲངས་ཏེ། མཚན་བརྗོད་དུ། བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཅེས་དང༌། རྡོ་རྗེ་རྩེ་མོར། ང་ནི་བྱེད་པ་སྐྱེད་བྱེད་དང༌། །ང་ནི་སྐྱེ་དགུའི་བདག་པོ་ཡིན། །ང་ནི་སྣ་ཚོགས་བདག་པོ་སྟེ། །བྱེད་པོ་སྐྱེད་བྱེད་མེས་པོ་ཡིན། །ཞེས་པ་ལྟར་རོ། །ཨེ་ཝཾ་གི །ཚོར་བ་པོ། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག །པས། གཟུགས། ཡོངས་སུ་དག་པ། དོན་དམ་འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་ལྔ་ལྷག་ཙམ་ན། བམ་པོ་བཅུ་གཉིས་པ། རང་བཞིན་གཉུག་མའི། ཤེས་པ་པོ། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས་ཡོངས་སུ་དག་པ། དོན་དམ་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམ་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་གཅིག་ལྷག་ན། སོ་སོ་མ་ཡིན་ཐ་མི་དད་དོ། །འདིར་ཤེས་པ་པོ། ཞེས་པ་ནི་རང་རིག་ཡེ་ཤེས་ཏེ། མཚན་ཡང་དག་པར་བརྗོད་པར། ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །གཉིས་མེད་ཡེ་ཤེས་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་དང༌། ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །ཞེས་སོགས་གསུངས་པ་དང་དོན་གཅིག་གོ །རང་རིག་བདེ་ཆེན་གྱི་མཐོང་བ་ཡེ་གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག། པས། གཟུགས། ཡོངས་སུ་དག་པ། དོན་དམ་འདི་ལ། གཞི་འབྲས། ངོ་བོ་གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་ཕྱེད་དང་གསུམ་ན། བམ་པོ་བཅུ་གསུམ་པ། རབ་འབྱོར། གཞན་ཡང༌། རྡོ་རྗེའི། འདོད་ཆགས། འོད་དཔག་མེད་གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་ 4-1-146 དག །པས། གཟུགས། གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། གཟུགས་རྣམ་པར་དག་པ། ཆོས་དབྱིངས་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་དྲུག་ན། ཐ་མི་དད་དོ། །འདིར་འདོད་ཆགས་ནི་འདོད་ཆགས་ཆེན་པོ་དོན་དམ་པ་ཡིན་ཏེ། མཚན་ཡང་དག་པར་བརྗོད་པ་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་དང༌། དྲི་མེད་འོད་དུ། གཉིས་མེད་གཡོ་བ་མེད་དང་རིས་མེད་དང༌། །འདོད་ཆགས་མཆོག་ཏུ་མི་འགྱུར་འདོད་ཆགས་ཆེ། །ཞེས་དང༌། དེ་ཉིད་འདུས་པར། རྡོ་རྗེ་ཆགས་པ་བདེ་ཆེན་ནོ། །ཞེས་སོགས་མང་དུ་གསུངས་པ་དང་དོན་གཅིག་གོ །རྡོ་རྗེའི། ཞེ་སྡང༌། མི་བསྐྱོད་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག །པས། གཟུགས། གདོད་ནས་རང་བཞིན་གྱིས། གཟུགས། རྣམ་པར་དག་པས། ཆོས་དབྱིངས། འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་ལ་ཕྲེང་གསུམ་ཆད་པ་ན། ཐ་མི་དད་དོ། །འདིར་ཡང་ཞེ་སྡང་རྡོ་རྗེ་ནི་དོན་དམ་པའི་རྣམ་གྲངས་ཏེ། མཚན་བརྗོད་དུ། མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཞེས་དང༌། གཞན་དུ་ཡང་ཞེ་སྡང་རྡོ་རྗེ་མ་དང༌། ཞེ་སྡང་གཤིན་རྗེ་ལ་སོགས་གསུངས་དང་དོན་གཅིག་གོ ། བམ་པོ་བཅུ་བཞི་པ། རྡོ་རྗེའི། གཏི་མུག་རྣམ་པར་སྣང་མཛད། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ་གཟུགས། རྣམ་པར་དག་པ། ཆོས་དབྱིངས་འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་ཕྱེད་དང་བཅུ་གཅིག་ལ་ཕྲེང་གཅིག་ཙམ་ཆད་པ་ན། ཐ་མི་དད་དོ། །འདིར་ཡང་གཏི་མུག་གི །མཚན་བརྗོད་དུ། མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་དང༌། ཀྱེའི་རྡོ་རྗེར། གཏི་མུག་རྡོ་རྗེ་མ་ལ་སོགས་པ་མང་དུ་གསུངས་པ་རྣམས་དང་དོན་གཅིག་གོ །རབ་འབྱོར། གཞན་ཡང༌། ལྷན་ཅིག་སྐྱེས་པའི་འདོད་ཆགས། གསུང་རྡོ་རྗེ་གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག། པས། གཟུགས། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་པ། གཟུགས། ཡོངས་སུ་དག་པ། ཆོས་དབྱིངས། འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་ཕྱེད་དང་དགུ་ན། བམ་པོ་བཅོ་ལྔ་པ། ལྷན་ཅིག་སྐྱེས་པའི། ཞེ་སྡང༌། ཐུགས་རྡོ་རྗེ། གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག །གཟུགས་གདོད་ནས་རང་བཞིན་གྱིས། གཟུགས་ཡོངས་སུ་དག་པ། ཆོས་དབྱིངས་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་ 4-1-147 བཅུ་ཐམ་པ་ཙམ་ན། ལྷན་ཅིག་སྐྱེས་པའི། གཏི་མུག །སྐུ་རྡོ་རྗེ་གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པས། གཟུགས་གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་པ། གཏི་མུག་ཡོངས་སུ་དག་ཅིང་ཉོན་མོངས་པའི་སྒྲིབ་པས་ཀྱང་དག་པ་སྟེ། དེ་ལྟར་ན། ལྷན་ཅིག་སྐྱེས་པའི། གཏི་མུག་སྐུ་རྡོ་རྗེ་གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་པ་དང༌། གཟུགས་གདོད་ནས་རང་བཞིན་གྱིས། ཡོངས་སུ་དག་པ། ཆོས་ཀྱི་དབྱིངས་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་གཅིག་ལ་ཕྲེང་བཞི་ཙམ་ཆད་པ་ན། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །འདི་ཡར་བཅད་ཀྱི་ཏ་པ་སྟེ་པོ་ཏི་དགུ་པ་རྫོགས་སོ།། །། ཐ༽ གླེགས་བམ་བཅུ་པ། བམ་པོ་དང་པོ། བསེ་རུ་དང༌། །རབ་འབྱོར། གཞན་ཡང༌། དོན་དམ་གྱི། མ་རིག་པ། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་ཉོན་སྒྲིབ་དང་གཟུང་རྟོག་གིས་ཀྱང་དག་པས། འདུ་བྱེད་རྣམ་པར་དག་པ། ཆོས་ཉིད་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ། རྒ་ཤི་རྣམ་པར་དག་པས་ཤེར་ཕྱིན་རྣམ་པར་དག་པའི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་ཙམ་ན། ཐ་མི་དད་དོ། །འདིར་མ་རིག་པ་ལ་སོགས་པ་ནི། རྡོ་རྗེ་བཞིའི་ཡོན་ཏན་དང་ཞལ་བཅུ་གཉིས་དང༌། བདེན་པ་བཅུ་གཉིས་དང༌། གནས་ལ་སོགས་པ་བཅུ་གཉིས་སུ་གཉིས་གསུངས་པ་རྣམས་ཡིན་གྱི་ཀུན་རྫོབ་ཀྱི་མ་རིག་པ་ལ་སོགས་པ་ནི་ཡིན་མི་སྲིད་དེ། དེ་དག་ནི་རྣམ་པར་མ་དག་པ་ཡིན་པའི་ཕྱིར་རོ། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །དོན་དམ་གཞི་འབྲས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་མངོན་དུ་བྱས་ཀྱང་དག་པས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། རྣམ་པར་དག་པ། འགོག་བདེན་འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་ཐ་མི་དད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལའང་སྦྱར་ཏེ། དེ་ནས་ཤོག་གུ་ལྔ་དང་ཕྲེང་དགུ་ལྷག་པ་ན། ཐ་མི་དད་དོ། །འདིར་སྦྱིན་སོགས་རྣམས་ཀྱང་ལམ་བདེན་ནི་མ་ཡིན་ཏེ། དོན་དམ་གྱི་རྣམ་གྲངས་ཡིན་པའི་ཕྱིར་རོ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆེན་པོ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ལམ་ཆུང་ངུ་ཡི་ཆུང་ངུ་ནི། རབ་འབྱོར། གཞན་ཡང༌། འགོག་བདེན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག་པས། གཟུགས་རྣམ་པར་སྣང་མཛད་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། གཟུགས་རྣམ་པར་དག་པས། འགོག་བདེན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་ 4-1-148 དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག་པ་སྟེ། དག་པ། དོན་དམ་བདེ་གཤེགས་སྙིང་པོའི། འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་ཐ་མི་དད་དོ། །དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་འོག་མ་རྣམས་ལའང་ཅི་རིགས་སུ་སྦྱར་ཏེ། ཚོར་བ། རིན་ཆེན་འབྱུང་ལྡན་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། འདུ་ཤེས་སྣང་བ་མཐའ་ཡས་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ན། འདུ་བྱེད་དོན་ཡོད་གྲུབ་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག །དེ་ནས་ཕྲེང་གཉིས་ཅུང་མེད་ན། རྣམ་པར་ཤེས་པ། མི་བསྐྱོད་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ཅུང་མེད་ན། མིག་སའི་སྙིང་པོ་གདོད་ནས་རང་བཞིན་གྱིས། རྣམ་པར་དག །དེ་ནས་ཕྲེང་གཉིས་ཅུང་མེད་ན། རྣ་བ་ཕྱག་ན་རྡོ་རྗེ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ཅུང་མེད་ན། སྣ་ནམ་མཁའི་སྙིང་པོ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ལྕེ་འཇིག་རྟེན་དབང་ཕྱུག་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་ཕྱེད་དང་གཉིས་ན། ལུས་སྒྲིབ་པ་རྣམ་སེལ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ཅུང་མེད་ན། ཡིད་ཀུན་ཏུ་བཟང་པོ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ཅུང་མེད་ན། གཟུགས་གཟུགས་རྡོ་རྗེ་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། སྒྲ་སྒྲ་རྡོ་རྗེ་མ། གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། དྲི་དྲི་རྡོ་རྗེ་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། ཡང་ཕྲེང་གཉིས་ཅུང་མེད་ན། རོ་རོ་རྡོ་རྗེ་མ་གདོང་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ན། རེག་རེག་བྱ་རྡོ་རྗེ་མ། གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ཅུང་མེད་ན། ཆོས་ཆོས་ཁམས་རྡོ་རྗེ་མ། གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། མིག་གི་རྣམ་པར་ཤེས་པ་སའི་སྙིང་པོའི་མི་བསྐྱོད་པ། གདོང་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ན། རྣ་བའི་རྣམ་པར་ཤེས་པ་ཕྱག་ན་རྡོ་རྗེའི་མི་བསྐྱོད་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། སྣའི་རྣམ་པར་ཤེས་པ་ནམ་མཁའི་སྙིང་པོའི་མི་བསྐྱོད་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ན། ལྕེའི་རྣམ་པར་ཤེས་པ་འཇིག་རྟེན་དབང་ཕྱུག་གི་མི་བསྐྱོད་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ན། ལུས་ཀྱི་རྣམ་པར་ཤེས་པ་སྒྲིབ་པ་རྣམ་སེལ་གྱི་མི་བསྐྱོད་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ལྷག་པ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་བཟང་པོའི་མི་བསྐྱོད་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ན། མིག་གི་འདུས་ཏེ་རེག་པ་སའི་སྙིང་པོ་དོན་ཡོད་གྲུབ་པ་གདོད་ 4-1-149 ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ན། རྣ་བའི་འདུས་ཏེ་རེག་པ་ཕྱག་ན་རྡོ་རྗེའི་དོན་ཡོད་གྲུབ་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ལྷག་པ་ན། སྣའི་འདུས་ཏེ་རེག་པ་ནམ་མཁའི་སྙིང་པོའི་དོན་ཡོད་གྲུབ་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ན། ལྕེའི་འདུས་ཏེ་རེག་པའི་འཇིག་རྟེན་དབང་ཕྱུག་གི་དོན་ཡོད་གྲུབ་པ་ནི་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ན། ལུས་ཀྱི་འདུས་ཏེ་རེག་པ་སྒྲིབ་པ་རྣམ་སེལ་གྱི་དོན་ཡོད་གྲུབ་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ན། ཡིད་ཀྱི་འདུས་ཏེ་རེག་པ་ཀུན་ཏུ་བཟང་པོའི་དོན་ཡོད་གྲུབ་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ལྷག་པ་ན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སའི་སྙིང་པོའི་རིན་ཆེན་འབྱུང་ལྡན་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ལྷག་ཙམ་ན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཕྱག་ན་རྡོ་རྗེ་རིན་ཆེན་འབྱུང་ལྡན་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ལྷག་ཙམ་ན། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནམ་མཁའི་སྙིང་པོའི་རིན་ཆེན་འབྱུང་ལྡན་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འཇིག་རྟེན་དབང་ཕྱུག་གི་རིན་ཆེན་འབྱུང་ལྡན་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྒྲིབ་པ་རྣམ་སེལ་གྱི་རིན་ཆེན་འབྱུང་ལྡན་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ལྷག་པ་ན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཀུན་ཏུ་བཟང་པོའི་རིན་ཆེན་འབྱུང་ལྡན་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ན། ཐ་མི་དད་དོ། །དེ་བཞིན་དུ་གཟུགས་དྲུག་དང༌། འདུ་ཤེས་དྲུག་དང༌། ཡེ་ཤེས་དྲུག་ཀྱང་འདིར་གཞུང་འདིར་མ་བྱུང་མོད་ཀྱི། གཞུང་གཞན་དུ་གསུངས་པས་ཁ་བསྐངས་ནས་དོན་དམ་པའི་ཕུང་པོ་སུམ་ཅུ་རྩ་དྲུག་ཤེས་པར་བྱའོ། །ཀྱེའི་རྡོ་རྗེའི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག །པས། དག་པ། དོན་དམ་བདེ་གཤེགས་སྙིང་པོ། འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་མེད་དེ། ཐ་མི་དད་དོ། །དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་འོག་མ་རྣམས་ལའང་སྦྱར་ཏེ། དེ་ནས་ཤོག་གུ་ལྔ་ན། བམ་པོ་གཉིས་པ། བདེ་མཆོག་འཁོར་ལོའི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག །པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རྣམ་པར་དག་པ། དོན་དམ་བདེ་གཤེགས་སྙིང་པོའི། འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་ 4-1-150 ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་འོག་མ་རྣམས་ལའང་སྦྱར་ཏེ། དེ་ནས་ཡང་ཤོག་གུ་ལྔ་ན། དུས་ཀྱི་འཁོར་ལོའི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག །པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རྣམ་པར་དག་པ། དོན་དམ་བདེ་གཤེགས་སྙིང་པོ། འདི་ལ་གཞི་འབྲས་ངོ་བོ། གཉིས་སུ། མི་དད་དོ། །དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་འོག་མ་རྣམས་ལའང་སྦྱར་ཏེ། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་བཅུ་གཅིག་ན། གསང་བ་འདུས་པའི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག །པས། རྣམ་པར་དག་པ། དོན་དམ་བདེ་གཤེགས་སྙིང་པོ། འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་ལྔ་ན། སྒྱུ་མ་ཆེན་པོའི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག་པས་ཉིད། རྣམ་པར་དག་པ། དོན་དམ་བདེ་གཤེགས་སྙིང་པོ་ལ། གཞི་འབྲས་ངོ་བོ་གཉིས་སུ་མི་དད་དོ། །དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་ལྔ་ལ་ཕྲེང་གཉིས་ཙམ་ཆད་པ་ན། བམ་པོ་གསུམ་པ། ལམ་ཆུང་ངུའི་འབྲིང་ནི། རང་བཞིན་འགྱུར་མེད་ཀྱི། ནང་སྟོང་པ་ཉིད། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རྣམ་པར་དག་པ། དོན་དམ་བདེ་གཤེགས་སྙིང་པོ། འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མེད་དེ། གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་དག་པས། གཟུགས་སོགས་རྣམ་པར་དག་པའི་བར་འགྲེས་ཕྱི་མ་མང་པོ་རྣམས་ལ་ཡང་སྦྱར་ཏེ། འདིར་སྟོང་པ་ཉིད་རྣམས་ཀྱང༌། དོན་དམ་བདེན་པ་ཆོས་སྐུ་བདེ་བ་ཆེན་པོའི་བདེ་གཤེགས་སྙིང་པོའི་མཚན་གྱི་རྣམ་གྲངས་ཡིན་པའི་ཕྱིར། རང་སྟོང་ནི་ཡིན་མི་སྲིད་དེ། འདི་རྣམས་ནི་རྟག་ཏུ་གནས་པ་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་ཤོག་གུ་བཅུ་དགུ་ན། བམ་པོ་བཞི་པ། དེ་ནས་ཡང་ཤོག་གུ་བཅུ་དགུ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་བཅུ་དགུ་དང་ལོགས་གཅིག་ན། བམ་པོ་དྲུག་པ། དེ་ནས་ཤོག་གུ་བཅོ་བརྒྱད་ལྷག་ཙམ་ན། བམ་པོ་བདུན་པ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་ཕྱེད་དང་གསུམ་ཙམ་ན། རྡོ་རྗེ་སེམས་དཔའི། དྲན་པ་ཉེ་བར་བཞག་པ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག །པས། དག་པ། དོན་དམ་ 4-1-151 བདེ་གཤེགས་སྙིང་པོའི། འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་དག་པས། གཟུགས་སོགས་རྣམ་པར་དག་པའི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། འདིར་དྲན་པ་ཉེ་བར་གཞག་པ་བཞི་ནི་དོན་དམ་འགོག་བདེན་ཡིན་གྱི་ཀུན་རྫོབ་ལམ་བདེན་ནི་མ་ཡིན་ཏེ། རྗེ་བཙུན་སྤྱན་རས་གཟིགས་ཀྱིས། ང་ནི་དྲན་པ་ཞེས་པ་ལ་སོགས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཆོས་སུམ་ཅུ་རྩ་བདུན་རྣམས་ཀྱིས་རྣལ་འབྱོར་མ་རྣམས་ཀྱི་རྣམ་པར་དག་པ་གསུངས་པ། འདི་ལྟར་ལྷ་མོ་བཞི་ནི་རིམ་པ་བཞིན་དུ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་ནི་སྤྱན་མ་དང༌། ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་གོས་དཀར་མོའོ། །ཞེས་པ་རྒྱབ་དང་གཡས་སོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་མཱ་མ་ཀཱི་དང༌། ཆོས་དྲན་པ་ཉེ་བར་གཞག་པ་ནི་སྒྲོལ་མའོ། །ཞེས་པ་གཡོན་དང་མདུན་ཏེ། ལས་ཀྱི་དབྱེ་བས་གནས་དང་ཉེ་བའི་གནས་གཉིས་སོ། །ཞེས་དོན་དམ་ཡེ་ཤེས་ཀྱི་ལྷར་གསུངས་པའི་ཕྱིར་རོ། །དེ་ནས་ཤོག་གུ་བཞི་དང་ཕྲེང་དགུ་ཅུང་མེད་ན། གཟུགས་རྣམ་པར་དག་པ་དང༌། རྣམ་པ་ཐམས་ཅད་མི་དད་དོ། །འདིར་ཡང་དག་པར་སྤོང་བ་བཞི་ནི་ཀུན་རྫོབ་ལམ་བདེན་མ་ཡིན་གྱི། དོན་དམ་འགོག་པའི་བདེན་པ་སྟེ། དྲི་མེད་འོད་དུ། དེ་བཞིན་དུ་ཆུ་གཏེར་ཡང་དག་པར་སྤོང་བ་རྣམས་དང་ཞེས་པ་སྟེ། སྡིག་པ་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་སྤོང་བ་ཙཱར་ཙི་ཀ་དང༌། སྡིག་པ་སྐྱེ་བ་རྣམས་སྤོང་བའི་དགེ་བའི་རྩ་བ་ནི་ཁྱབ་འཇུག་མ་དང༌། མི་དགེ་བ་སྐྱེས་པ་རྣམས་སྤོང་བའི་དགེ་བ་བསྐྱེད་པ་ནི་དབང་ཕྱུག་མ་དང༌། དགེ་བ་སྐྱེས་པ་རྣམས་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བས། སྤོང་བས་ནི་དཔལ་ཆེན་མོ་སྟེ་ཉེ་བའི་ཚན་དྷོ་ཧཱ་བཞིའོ། །ཞེས་དོན་དམ་ཡེ་ཤེས་ཀྱི་ལྷར་གསུངས་པ་དང་དོན་གཅིག་གོ །དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་དགུ་ན། བམ་པོ་བརྒྱད་པ། དེ་ནས་ཕྲེང་གཉིས་ན། ཐ་མི་དད་དོ། །འདིར་ཡོད་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ལམ་བདེན་མ་ཡིན་གྱི་འགོག་པའི་བདེན་པ་སྟེ། དྲི་མེད་འོད་དུ། གཞན་པ་ཆུ་གཏེར་ལྷ་མོ་བཞི་ནི་རྫུ་འཕྲུལ་གྱི་རྐང་པར་འགྱུར་ཏེ། དེ་ལ་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཚངས་མ་དང༌། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་དབང་མོ་དང༌། སེམས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་ནི་ཕག་མོ་དང༌། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་གཞོན་ནུ་མའོ། །ཞེས་པ་ཚན་དྷོ་ཧཱའི་དབྱེ་བས་ཏེ་དེ་ལྟར་བརྒྱད་དུ་འགྱུར་རོ། །ཞེས་པ་དོན་དམ་གྱི་ལྷར་གསུངས་པ་དང་དོན་གཅིག་གོ །དེ་ནས་ཤོག་གུ་བཞི་དང་ཕྲེང་བཞི་ལྷག་པ་ན། གཟུགས་རྣམ་པར་དག་པ་དང༌། རྣམ་པ་ཐམས་ཅད། མི་དད་དོ། །འདིར་ཡང་དབང་པོ་ནི་ལམ་བདེན་མ་ཡིན་གྱི་འགོག་པའི་བདེན་པ་སྟེ། དྲི་མེད་འོད་དུ། དེ་བཞིན་དུ་རབ་ཏུ་གསལ་ཞིང་ངེས་པར་དབང་པོ་རྣམས་ནི་ལྔ་ཉིད་དོ། །ཞེས་པ་སྟེ། དེ་བཞིན་དུ། དད་པའི་དབང་པོ་རིགས་བྱེད་མ་དང༌། བརྩོན་འགྲུས་ཀྱི་དབང་པོ་ནི་རྨུགས་བྱེད་མ་དང༌། དྲན་པའི་དབང་པོ་ནི་འོད་ཟེར་ཅན་དང༌། ཏིང་ 4-1-152 ངེ་འཛིན་གྱི་དབང་པོ་ནི་ཁྲོ་གཉེར་དང༌། ཤེས་རབ་ཀྱི་དབང་པོ་ནི་དྲག་སྤྱན་མའོ། །ཞེས་པ་འདུན་པ་སྟེ། དེ་ལྟར་བཅུའོ། །ཞེས་དོན་དམ་གྱི་ལྷར་གསུངས་པ་དང་གཅིག་གོ །དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་དགུ་ན། གཟུགས་རྣམ་པར་དག་པ་དང༌། རྣམ་པ་ཐམས་ཅད། ཐ་མི་དད་དོ། །འདིར་སྟོབས་རྣམས་ཀྱང་ཀུན་རྫོབ་ལམ་བདེན་མ་ཡིན་གྱི། དོན་དམ་འགོག་བདེན་ཡིན་ཏེ། དྲི་མེད་འོད་དུ། དེ་བཞིན་དུ་ཁྲོ་མོ་ལྔ་ནི་སྟོབས་རྣམ་དག་སྟེ། འདིར་དད་པའི་སྟོབས་ནི་ཤིན་ཏུ་སྔོན་མོ་དང༌། བརྩོན་འགྲུས་ཀྱི་སྟོབས་ནི་ཤིན་ཏུ་སྟོབས་མ་དང༌། དྲན་པའི་སྟོབས་ནི་རྡོ་རྗེ་ལྕགས་སྒྲོགས་དང༌། ཏིང་ངེ་འཛིན་གྱི་སྟོབས་ནི་ང་རྒྱལ་ཅན་མ་དང༌། ཤེས་རབ་ཀྱི་སྟོབས་ནི་ཙུན་ད་སྟེ། ཉེ་བའི་འདུ་བའོ། །ཞེས་ཡེ་ཤེས་ཀྱི་ལྷར་གསུངས་པ་དང་དོན་གཅིག་གོ །དེ་ནས་ཤོག་གུ་ཕྱེད་དང་ལྔ་ཙམ་ལྷག་ན། གཟུགས་རྣམ་པར་དག་པ་དང༌། རྣམ་པ་ཐམས་ཅད། ཐ་མི་དད་དོ། །འདིར་ཡང་བྱང་ཆུབ་ཀྱི་ཡན་ལག་ནི་ལམ་བདེན་མ་ཡིན་གྱི་འགོག་བདེན་ཡིན་ཏེ། དྲི་མེད་འོད་དུ། དེ་བཞིན་དུ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ནང་ནས་བྱང་ཆུབ་ཀྱི་ཡན་ལག་གཅིག་གི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། རིགས་ཀྱི་གནས་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །གཞན་པ་རྣམས་ཀྱང་སྒྲའི་རྡོ་རྗེ་མ་ལ་སོགས་པ་དྲུག་ཅེས་པ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་སྒྲ་རྡོ་རྗེ་མ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རེག་བྱ་རྡོ་རྗེ་མ་དང༌། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གཟུགས་རྡོ་རྗེ་མ་སྟེ། ལུས་ཀྱི་དབྱེ་བས་ཉེ་བའི་ཞིང་ངོ༌། །དེ་བཞིན་དུ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དྲི་རྡོ་རྗེ་མ་དང༌། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རོ་རྡོ་རྗེ་མ་དང༌། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་སྟེ། ཞིང་རྣམ་གཉིས་སོ། །ཞེས་དོན་དམ་གྱི་ལྷར་གསུངས་པའི་ཕྱིར་རོ། །དེ་ནས་ཤོག་གུ་བཞི་དང་ཕྲེང་བཅུ་གཅིག་ན། བམ་པོ་དགུ་པའོ། །དེ་ནས་ཕྲེང་གཉིས་ན། ཐ་མི་དད་དོ། །ལམ་འདིར་འཕགས་ལམ་ཡན་ལག་བརྒྱད་ཀྱང་འགོག་བདེན་ཡིན་གྱི་ལམ་བདེན་མ་ཡིན་ནོ། །དྲི་མེད་འོད་དུ། ཡང་དག་ཡན་ལག་བརྒྱད་ཀྱང་ལམ་ནི་མི་ཡི་བདག་པོ་ལྷ་མིན་དག་ལས་སྐྱེས་པ་བརྒྱད་དུ་འགྱུར། །ཞེས་པ་ལས་འདིར་ཡང་དག་པའི་ལྟ་བ་ནི་ཁྱི་གདོང་མ་དང༌། ཡང་དག་པའི་རྟོག་པ་ནི་བྱ་རོག་གདོང་མ་དང༌། ཡང་དག་པའི་ངག་ནི་སྟག་གདོང་མ་དང༌། ཡང་དག་པའི་ལས་ཀྱི་མཐའ་ནི་འུག་གདོང་མ་དང༌། ཡང་དག་པའི་འཚོ་བ་ནི་ལྕེ་སྤྱང་གདོང་མ་དང༌། ཡང་དག་པའི་རྩོལ་བ་ནི་མཁའ་ལྡིང་གདོང་མ་དང༌། ཡང་དག་པའི་དྲན་པ་ནི་ཕག་གདོང་མ་དང༌། ཡང་དག་པའི་ཏིང་ངེ་འཛིན་ནི་བྱ་རྒོད་གདོང་མ་སྟེ། དེ་ལྟར་ན་སུམ་ཅུ་རྩ་བདུན་དབྱེ་བས་སྲིད་པ་གསུམ་གྱི་གནས་སུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གང་ཡིན་པ་དེ་རྣམས་མཐའ་དག་རྣལ་འབྱོར་མ་རྣམས་སའི་སྟེང་གི་གནས་སུ་རྣལ་འབྱོར་པ་ཡིས་རིག་པར་བྱ་སྟེ་གཡུང་མོ་ལ་ 4-1-153 སོགས་པའོ། །ཞེས་དོན་དམ་ཡེ་ཤེས་ཀྱི་ལྷར་གསུངས་པ་དང་གཅིག་གོ །དེ་ནས་ཤོག་གུ་ལྔ་དང་ཕྲེང་གཉིས་ཅུང་མེད་ན། རང་བཞིན་ལྷན་སྐྱེས་ཀྱི། འཕགས་པའི་བདེན་པས། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག །པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ། དོན་དམ་བདེ་གཤེགས་སྙིང་པོ། འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་གཟུངས་ཀྱི་སྒོ་རྣམ་པར་དག་པས་གཟུགས་སོགས་རྣམ་པར་དག་པའི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་དྲུག་ཙམ་ན། བམ་པོ་བཅུ་པ། དེ་ནས་ཤོག་གུ་བཅུ་དྲུག་ཅུང་མེད་ན། བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་གསུམ་ན། བམ་པོ་བཅུ་གཉིས་པ། དེ་ནས་ཤོག་གུ་བཞི་དང་ཕྲེང་དགུ་ལྷག་ཙམ་ན། ཡེ་ཤེས་རྡོ་རྗེ། དེ་བཞིན་གཤེགས་པའི་སྟོབས། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག །པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ། དོན་དམ་བདེ་གཤེགས་སྙིང་པོ། འདི་ལ་གཞི་འབྲས་ངོ་བོ། གཉིས་སུ། མི་དད་དོ། །དེ་བཞིན་དུ་མ་འདྲེས་བཅོ་བརྒྱད་རྣམ་པར་དག་པས། གཟུགས་སོགས་རྣམ་པར་དག་པའི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་བཞི་ཙམ་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་བཅུ་བཞི་ལ་ཕྲེང་གསུམ་ཙམ་ཆད་པ་ན། བམ་པོ་བཅུ་བཞི་པ། ཆོས་ཀྱི་འབྱུང་གནས་ཀྱི། རྒྱུན་དུ་ཞུགས་པའི་འབྲས་བུ། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག །པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ། དོན་དམ་བདེ་གཤེགས་སྙིང་པོ། འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་ཐ་མི་དད་དོ། །དེ་བཞིན་དུ། རང་བྱང་ཆུབ་རྣམ་པར་དག་པ་གཟུགས་སོགས་རྣམ་པར་དག་པའི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་དགུ་དང་ཕྲེང་དགུ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་བཞི་དང་ཕྲེང་བཅུ་ལྷག་པ་ན། རང་བྱུང་ཡེ་ཤེས་ཀྱི། ལམ་གྱི་རྣམ་པར་ཤེས་པ་ཉིད། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག །པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ། དོན་དམ་བདེ་གཤེགས་སྙིང་པོ། འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ། རྣམ་མཁྱེན་རྣམ་པར་དག་པས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པའི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་གསུམ་ན། 4-1-154 བམ་པོ་བཅུ་དྲུག་པ། རབ་འབྱོར། གཞན་ཡང༌། དོན་དམ་པའི་གཞི་འབྲས་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད། གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ། དོན་དམ་བདེ་གཤེགས་སྙིང་པོ། འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བཞིན་དུ། རྣམ་མཁྱེན་དག་པས་གཟུགས་སོགས་དག་པ། གཟུགས་སོགས་དག་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་དྲུག་དག་པའི་འགྲེས་འོག་མ་མང་པོ་ལའང་ཅི་རིགས་སུ་སྦྱར་ཏེ། ཚོར་བ་ལྷ་མོ་དཀར་མོ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ན། འདུ་ཤེས་ལྷ་མོ་ཆུའི་རྣལ་འབྱོར་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ཙམ་ན། འདུ་བྱེད་ལྷ་མོ་རྡོ་རྗེ་མཁའ་འགྲོ་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། རྣམ་པར་ཤེས་པ་ལྷ་མོ་བདག་མེད་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ལྷག་ཙམ་ན། མིག་གཏི་མུག་རྡོ་རྗེ་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། རྣ་བ་ཞེ་སྡང་རྡོ་རྗེ་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། ཡང་ཕྲེང་གཉིས་ཅུང་མེད་ན། སྣ་སེར་སྣ་རྡོ་རྗེ་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ཅུང་མེད་ན། ལྕེ་འདོད་ཆགས་རྡོ་རྗེ་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ན། ལུས་ཕྲག་དོག་རྡོ་རྗེ་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ཅུང་མེད་ན། ཡིད་བདག་མེད་རྣལ་འབྱོར་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ཙམ་ན། གཟུགས་ལྷ་མོ་གཱཽ་རི་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ན། སྒྲ་ཆོམ་རྐུན་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ཙམ་ན། དྲི་རོ་ལངས་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ཅུང་མེད་ན། རོ་གྷསྨ་རི་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། རེག་ས་སྤྱོད་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཡང་ཕྲེང་གཉིས་ན། ཆོས་ཁམས་མཁའ་སྤྱོད་མ་གདོད་ནས་རང་བཞིན་གྱིས། རྣམ་པར་དག་པ། དེ་ནས་ཤོག་གུ་བཅུ་གསུམ་དང་ཕྲེང་ལྔ་ལྷག་པ་ན། བམ་པོ་བཅུ་བདུན་པ། དེ་ནས་ཤོག་གུ་བཅུ་དྲུག་ལ། ཕྲེང་ཕྱེད་དང་བཞི་ཙམ་ཆད་པ་ན། ལམ་ཆུང་ངུའི་ཆེན་པོ་ནི། རབ་འབྱོར། གཞན་ཡང༌། འདུས་བྱས་གཞན་གདོད་ནས་རང་བཞིན་གྱིས། རྣམ་པར་དག་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་དག་པས། འདུས་མ་བྱས་རྣམ་པར་དག་པ། དངོས་པོ་དང༌། དངོས་པོ་མེད་པ་གཅིག་པ་ཕུང་པོ་གསུམ་པ་མ་ནིང་གི་གོ་འཕང་ཆོས་དབྱིངས་འདི་ལ་གཞི་འབྲས་ངོ་བོ། གཉིས་སུ་མེད་དེ་ 4-1-155 གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །འདིར་འདུས་བྱས་དང༌། འདུས་མ་བྱས་རྣམ་པར་དག་པ། ཞེས་གསུངས་པའི་དོན་ནི་དོན་དམ་པའི་རྣམ་གྲངས་ཡིན་གྱི་ཀུན་རྫོབ་ནི་མ་ཡིན་ཏེ། དྲི་མེད་འོད་དུ། དངོས་པོ་དང་དངོས་མེད་དག་ཀྱང་ཡོད་དེ། སྐད་ཅིག་རྣམ་བྲལ་རང་བཞིན་མེད་པ་དག་གིས། སྲིད་པ་ཡོད་ཅེས་པ་ནི་འདིར་དངོས་པོ་དང་དངོས་པོ་མེད་པ་གཅིག་ཏུ་འདྲེས་པར་གྱུར་པ་རང་བཞིན་མེད་ཅིང་རྫས་དང་རྣམ་པར་རྟོག་པ་དང་བྲལ་བ། ཞེས་དང༌། སྐད་ཅིག་རྣམ་བྲལ་ཏེ་སྐྱེ་བ་དང་འཇིག་པ་དང་བྲལ་བའི་དངོས་པོ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་ཡོད་དོ། །ཞེས་དང༌། རྡོ་རྗེ་རྩེ་མོར། འཇིག་པ་ཡང་ནི་ཅི་ཡིན་བརྗོད། །གང་ཞིག་འཁོར་བར་མི་འཇུག་ཅིང༌། །ཐམས་ཅད་མི་རྟག་པ་ཉིད་རང༌། །སྡུག་བསྔལ་འབྱུང་བའི་འགོག་བྱེད་པའི། །འཇིག་པ་མྱ་ངན་འདས་སྒྲ་ཡིན། །ཞེས་དངོས་པོ་དང༌། སྲིད་པ་དང༌། འཇིག་པའི་མིང་གི་གསུངས་ཀྱང་ཀུན་རྫོབ་ཀྱི་དངོས་པོ་དང་སྲིད་པ་དང་འཇིག་པ་མ་ཡིན་པ་བཞིན་འདིར་ཡང་ཤེས་པར་བྱ་བའོ། །རབ་འབྱོར། གཞན་ཡང༌། དུས་གསུམ་མཉམ་པ་ཉིད་ཀྱི། འདས་པ་གདོད་ནས་རང་བཞིན་གྱིས། དེ་རྣམ་པར་དག་པས། མ་འོངས་པ་དང༌། ད་ལྟར་བྱུང་བ་རྣམ་པར་དག་པ། དོན་དམ་བདེ་གཤེགས་སྙིང་པོ། འདི་ལ། གཞི་འབྲས་ངོ་བོ། གཉིས་སུ་མི་དད་དོ། །དེ་བཞིན་དུ་འགྲེས་འོག་མ་གཉིས་ལ་ཡང་སྦྱར་ཏེ། དེ་ནས་ཕྲེང་གསུམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་བདུན་ནོ།། །། ༈ བམ་པོ་བཅོ་བརྒྱད་པ། ལམ་འབྲིང་གི་ཆུང་ངུ་ནི། དེ་ནས་ཚེ་དང་རྣམ་པར་དག་པ། དེ་བཞིན་ཉིད། འདི་ནི་ཟབ་བོ། །གདོད་ནས་རང་བཞིན་གྱིས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཞེས་བྱ་བ་ནི། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང་རྣམ་པར་རྟོག་པ་དུ་མའི་དྲི་མས་ཁེབས་པའི་འཁོར་བའི་ཆོས་དེ་དག་ལས་ཐ་མི་དད་པར་གྱུར་པའི་ཆོས་ཉིད་ནི་དྲི་མ་དེ་དག་གིས་དྲི་མ་ཅན་དུ་མ་གྱུར་པ་སྟེ་དུས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པ་ཡིན་པར་བྱིས་པ་རྣམས་ཀྱིས་ཡིད་ཆེས་པར་དཀའ་བས་ན་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཟབ་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། ཤཱ་ར་དྭ་ཏིའི་བུ། ངོ་བོ་ཉིད་སྐུའི་གཟུགས། རྣམ་པར་དག་པ། དེ་བཞིན་ཉིད་ཟབ་བོ། །དེ་བཞིན་འོག་མ་རྣམ་མཁྱེན་གྱི་བར་ལ་སྦྱར་ཏེ། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་དགུ་ན། ལམ་འབྲིང་གི་འབྲིང་པོ་ནི། གསོལ་པར། བཅོམ་ལྡན་འདས་རྣམ་པར་དག་པ། ཆོས་དབྱིངས་ནི། སྣང་བ། ཆེན་པོ་གསལ་བ་ཆེའོ། །གདོད་ནས་རང་བཞིན་གྱིས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཞེས་བྱ་བ་ནི། འདི་ལྟ་སྟེ། དཔེར་ན། སྤྲིན་དང་ན་བུན་དང་ཁུག་རྣ་ལ་སོགས་པ་མེད་ན་ཉི་མ་དང་ཟླ་བ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ་རབ་ཏུ་སྣང་བར་འགྱུར་རོ། །དེ་བཞིན་དུ་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ཡང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྣང་བ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གསུངས། ཤཱ་ར་དྭ་ཏིའི་བུ། རང་བཞིན་གྱི་རིགས་ཀྱིས། གཟུགས་རྣམ་པར་ 4-1-156 དག་པའི་ཕྱིར་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ནི་སྣང་བ་ཆེན་པོ་གསལ་བ་ཆེའོ། །དེ་བཞིན་དུ། རྣམ་མཁྱེན་གྱི་བར་འོག་མ་རྣམས་ལའང་སྦྱར་ཏེ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ན། ལམ་འབྲིང་གི་ཆེན་པོ་ནི། གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ། བདེ་གཤེགས་སྙིང་པོ་ནི་ཉིད་ཀྱི་མཚམས་སྦྱོར་བ་མ་མཆིས་པའོ། །ཞེས་བྱ་བ་ནི། ཉོན་མོངས་པ་དང་རྣམ་པར་རྟོག་པའི་དྲི་མ་རྣམས་སྤངས་པ་ནི་ཡང་ཉིང་མཚམས་མི་སྦྱོར་བའི་ཕྱིར་དྲི་མ་མེད་ཅིང་རྣམ་པར་དག་པས་ཉིང་མཚམས་སྦྱོར་བ་མེད་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། གདོད་ནས་རང་བཞིན་གྱིས། ཤིན་ཏུ་རྣམ་པར་དག་པའི། དེ་ནས་ཕྲེང་གཅིག་ན། འགྱུར་མེད་བདེ་ཆེན་གྱི། གཟུགས་ལ་འཕོ་བ་དང་འགྱུར་བ་མེད་ཅིང༌། མེད་པ་ནི། རྣམ་པར་དག་པའོ། །དེ་བཞིན་དུ། རྣམ་མཁྱེན་གྱི་བར་འོག་མ་རྣམས་ལ་ཡང་སྦྱར་ཏེ། ཚོར་བ་ལ་འཕོ་བ་མེད་ཅིང༌། དེ་ནས་ཤོག་གུ་ཕྱེད་དང་བཞི་ན། ལམ་ཆེན་པོའི་ཆུང་ངུ་ནི། གསོལ་པ། བཅོམ་ལྡན་འདས། སེམས་ཆེན་པོའི་ཀུན་ནས། མ་མཆིས་སོ། །ཞེས་བྱ་བ་ནི་སྤྲིན་དང་ན་བུན་དང༌། ཁུག་རྣ་ལ་སོགས་པ་ཡོད་དུ་ཟིན་ཀྱང་ནམ་མཁའ་ལྟར་རྣམ་པ་ཐམས་ཅད་དུ་རང་བཞིན་གྱིས་ཡོངས་སུ་དག་པའོ། །ཞེས་བཤད་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། གདོད་ནས་རང་བཞིན་གྱིས། ཤིན་ཏུ་རྣམ་པར། དེ་ནས་ཕྲེང་གཅིག་ལྷག་ན། དོན་དམ་པའི་སེམས་ཀྱི་གཟུགས་གདོད་ནས་རང་བཞིན་གྱི་སའོ། །སེམས་ཆེན་པོ་ནི་གདོད་ནས་རང་བཞིན་གྱིས། ཀུན་ནས། ས་མེད་པའོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལའང་སྦྱར་ཏེ། དེ་ནས་ཤོག་གུ་བཞི་དང་ཕྲེང་གཉིས་ལྷག་པ་ན། ལམ་ཆེན་པོའི་འབྲིང༌། གསོལ་པ། པར་དག་པ། དོན་དམ་གཞན་སྟོང་ནི་ཐོབ་པར་བགྱི་བ་དང༌། མངོན་པར་རྟོགས་པར་བགྱི་བ་མ་མཆིས་པའོ། །ཞེས་བྱ་བ་ནི། འཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་ཆོས་གཉིས་ཡོད་ན་ཐོབ་པ་ཡང་ཡོད་པར་འགྱུར་ལ། མངོན་པར་རྟོགས་པར་བྱེད་པ་གཉིས་ཡོད་ན་མངོན་པར་རྟོགས་པ་ཞེས་བྱ་བ་ཡང་ཡོད་པར་འགྱུར་ན། དེ་ལ་ཀུན་བཏགས་པ་དང་རྣམ་པར་བཏགས་པ་རྣམས་མེད་པ་ཙམ་ལ་ཡོངས་སུ་གྲུབ་པའི་ཆོས་ཉིད་རྣམ་པར་དག་པ་ཞེས་རྣམ་པར་བཞག་པའི་ཕྱིར་རྣམ་པར་དག་པ་དེ་ལ་འཐོབ་པའམ། མངོན་པར་རྟོགས་པར་ཞེས་བྱ་བ་གང་ཡང་མེད་དོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དྭ་ཏིའི་བུ། གདོད་ནས་རང་བཞིན་གྱིས། ཤིན་ཏུ་རྣམ་པར། དེ་ནས་ཕྲེང་གཅིག་ན། མྱང་འདས་ཆེན་པོའི། གཟུགས་ནི་གདོད་མ་ནས་ཐོབ་ཟིན་པའི་ཕྱིར་ངོ་བོ་སྔར་མེད་གསར་དུ་ཐོབ་པར་གདོད་ནས་རྟོགས་པའི་ཕྱིར། མངོན་པར་རྟོགས་མེད་པ་ནི། གདོད་ནས་རང་བཞིན་གྱིས། རྣམ་པར་དག་པའོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་འོག་མ་རྣམས་ལའང་སྦྱར་ཏེ། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཅིག་ཆད་པ་ན། བམ་པོ་བཅུ་དགུ་པ། ལམ་ཆེན་པོའི་ཆེན་པོ་ནི། གསོལ་པ། མ་གྲུབ་པའོ། །ཞེས་བྱ་བ་ནི་ཀུན་བཏགས་པ་དང་རྣམ་པར་བཏགས་པའི་གཟུགས་ལ་སོགས་པའི་ཆོས་རྣམས་མངོན་པར་ 4-1-157 གྲུབ་པ་མེད་པ་ལས་རྣམ་པར་དག་པ་ཞེས་བྱ་བར་རྣམ་པར་གཞག་པའི་ཕྱིར་མངོན་པར་བསྒྲུབ་པ་མེད་པའི་མཚན་ཉིད་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། རིགས་ཀྱི་བུ། གདོད་ནས་རང་བཞིན་གྱིས། ཤིན་ཏུ་རྣམ་པར། དེ་ནས་ཤོག་གུ་ཕྱེད་དང་གསུམ་དང་ཕྲེང་གཅིག་ན། ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་འདོད་པའི་ཁམས་སུ། དེ་ནས་ཕྲེང་ལྔ་ན། གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། །ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀུན་ནས་བཏགས་པ་སྟེ། གང་དེ་རྣམས་སུ་མི་སྐྱེ་ཞིང་མི་འབྱུང་བ་དེ་ལ་རྣམ་པར་དག་པ་སྟེ། ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། མཉམ་པ་ཉིད་ཀྱིས། གསོལ་པ། མ་མཆིས་སོ། །ཞེས་བྱ་བ་ནི་བདག་རང་ཤེས་པའི་ངོ་བོ་ཉིད་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ཙམ་ན། སེམས་མེད་པའི་ཕྱིར། ཞེས་བྱ་བ་ནི་རྟོག་པ་དང་བྲལ་བའི་ཕྱིར་ཆོས་བེམ་པོ་ཞེས་བཤད་དོ། །ཞེས་དབུ་མ་པ་གསུངས། གཟུགས་མ་འཚལ་ཏོ། །ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་མི་མཐོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཡང་ཕྲེང་གཅིག་ལྷག་ན། སྟོང་པ་ཉིད་ཀྱི་ཕྱིར། ཞེས་བྱ་བའི་ནི་གཟུགས་ལ་སོགས་པའི་ཆོས་རྣམས་མཚན་ཉིད་མེད་པའི་ཕྱིར་ཏེ། དངོས་པོ་མེད་པའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་ཕྱེད་དང་བཅུ་ན། བམ་པོ་ཉི་ཤུ་པ། དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་འཇལ་དང་གཞལ་བྱ་དག །གསོལ་པ། གནོད་པར་མི་བགྱིད་དོ། །ཞེས་བྱ་བ་ནི་གང་གི་ཕྱིར་ཏེ་གཉིས་ཀ་ཡང་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ལ་ཕན་པའམ། གནོད་པའམ། མི་བྱེད་དེ། ནམ་མཁའ་ལ་ནམ་མཁའ་བཞིན་ནོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཆོས་ཀྱི་དབྱིངས་ཀྱིས་གནས་ཉིད་ཀྱི་ཕྱིར། ཞེས་བྱ་བ་བཤད་དེ། ཆོས་ཀྱི་སྐུ་དུས་ཐམས་ཅད་དུ་གནས་པའི་མཚན་ཉིད་དེ་ལ་སུ་ཞིག་ཕན་པ་དང༌། གནོད་པ་ཡོད་ཅེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གཅིག་ལྷག་པ་ན། ལེན་པ་མ་མཆིས་སོ། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་ཡོངས་སུ་འཛིན་པ་ཐམས་ཅད་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། གལ་ཏེ་ཆོས་འགའ་ཞིག་ཡོངས་སུ་འཛིན་ན་ནི་རྣམ་པར་དག་པར་མི་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཕྲེང་གསུམ་ཙམ་ན། གཟུགས་རྣམ་པར་དག་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་བདག་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པ་དངོས་པོ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །འདིར་ནི་རྣམ་པར་དག་པ་ཞེས་བྱ་བའི་དངོས་པོ་མེད་པ་ལ་བྱ་སྟེ། དེ་བས་ན་རབ་འབྱོར་བདག་མེད་པ་ནི་ཤིན་ཏུ་རྣམ་པར་དག་པ་ 4-1-158 ཡིན་ནོ། །ཞེས་གསུངས་སོ། །སྔར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བསྟན་ཏོ། །ད་ནི་བདག་མེད་པ་རྣམ་པར་དག་པ་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཅོ་བརྒྱད་ལ་ཕྲེང་ཕྱེད་དང་གསུམ་ཙམ་ཆད་པ་ན། རབ་འབྱོར། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ། །འདིར་ཡར་བཅད་ཀྱིས་ཐ་པ་སྟེ་པོ་ཏི་བཅུ་པ་རྫོགས་སོ།། །། ༈ ད༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་བཅུ་གཅིག་པ། བམ་པོ་དང་པོ། མ་མཆིས་ཤིང་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པའི་ཕྱིར་སྔོན་གྱི་དུས་ན་ངོ་བོ་ཉིད་ཀྱིས་རྣམ་པར་དག་པས་ནམ་མཁའ་བཞིན་དུ་ཀུན་ནས་ཉོན་མོངས་པ་མེད་པའོ། །ཡོངས་སུ་གྲུབ་པའི་གནས་སྐབས་ན་ཡང་ནམ་མཁའ་བཞིན་དུ་སྔོན་མ་བྱུང་བའི་རྣམ་པར་བྱང་བ་མེད་དོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཕྲེང་གསུམ་ན། གཟུགས་ཀུན་ཏུ་མཐའ་ཡས་པའོ། །ཞེས་བྱ་བ་སྟེ། རྟག་པ་དང༌། ཆད་པ་མེད་པ་དང༌། སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་ཀྱི་མཐའ་མེད་པའི་ཕྱིར་ཀུན་ཏུ་མཐའ་ཡས་པའོ། །དེ་བས་ན་རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཞེས་བྱ་བ་གསུངས་སོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཅུ་བདུན་ཙམ་ན། བམ་པོ་གཉིས་པ། དེ་ནས་ཕྲེང་གཉིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་ཀྱི་སངས་རྒྱས་རྣམས་ཀྱི་མ་ལགས་སོ། །དེ་བྱང་སེམས་ཁོ་ན་ཡིན་ཏེ། རྣམ་མཁྱེན་ཐོབ་བྱེད། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱིས་ནི། ཤི༷ན་ཏུ༷་རྣམ་པར་ད༷ག་པ༷་ཞེ༷ས་བྱ༷་བ༷་འདི༷་ནི༷་སྒོ༷མ་པ༷འི་ལ༷མ། །བྱ༷ང་ཆུ༷བ་སེ༷མས་དཔ༷འ་མཁ༷ས་རྣ༷མས་ཀྱི༷། །ལ༷མ་ཤེ༷ས་ཉི༷ད་ནི༷་དེ༷་འདྲ༷ར་བཤ༷ད། །ཅེས་པ་དོན་བཅུ་གཅིག་པ་གསུངས་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ལམ་ཤེས་པའི་སྐབས་ཏེ་གཉིས་པའོ།། །། ༈ ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །གསོལ་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །གསོལ་པ། ཚུ་རོལ་གྱི་འགྲམ། འདུས་བྱས་སུ་གཏོགས་པའམ། ཕ་རོལ་གྱི་འགྲམ། འདུས་མ་བྱས་སུ་གཏོགས་པའམ། མཉམ་པ་ཉིད་ཀྱི་ཕྱིར་རོ། །ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར། དུས་གསུམ་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པས་ཚུ་རོལ་གྱི་འདུ་ཤེས་སམ། ཕ་རོལ་གྱི་འདུ་ཤེས་མེད་དེ། དེ་བས་ན་ཚུ་རོལ་གྱི་འགྲམ་ན་ཡང་མི་གནས། ཕ་རོལ་གྱི་འགྲམ་ན་ཡང་མི་གནས། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་རྣམས་ཀྱིས་ནི། ཤེ༷ས་པ༷ས་སྲི༷ད་ལ༷་མི༷་གན༷ས་ཤི༷ང༌། །སྙི༷ང་རྗེ༷ས་ཞི༷་ལ༷་མི༷་གན༷ས་ད༷ང༌། །ཞེས་པ་དོན་དང་པོ་དང་གཉིས་པ་གསུངས་ཟིན་ཏོ། །ཐབས་མ་ཡིན་པས་རིང་བ་སྟེ། །གསོལ་པ། དེ་ནས་ཕྲེང་གཉིས་ན། 4-1-159 དེ་ནི་མཚན་མར་དམིགས་སྒོ་ནས། །རབ་འབྱོར། དེ་ནི་མིང་དུ་ཡང་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་སྟེ་ཆོས་རྣམས་ལ་མིང་དུ་འཛིན་པ་ནི་ཀུན་བཏགས་པའི་བརྡའོ། །མཚན་མར་འཛིན་པ་ནི་རྣམ་པར་བཏགས་པ་སྟེ། གཉིས་ཀ་ཡང་སྒྲིབ་པའི་མཚན་ཉིད་ཡིན་པས་ཆགས་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། གསོལ་པ། དེ་ནས་ཕྲེང་ཕྱེད་དང་ལྔ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་སྤོང་ངོ༌། །དེ་རྣམས་ཀྱིས་ནི། ཐ༷བས་མ༷་ཡི༷ན་པ༷ས་རི༷ང་བ༷་ད༷ང༌། །ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། ། ༈ དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཡང་ཕྲེང་གཅིག་ལྷག་ཙམ་ན། ངོ་མཚར་ཆེའོ་དེ་ཉིད་ཀྱིས། དེ་རྣམས་ཀྱིས་ནི། ཐ༷བས་ཀྱི༷ས་རི༷ང་བ༷་མ༷་ཡི༷ན་ད༷ང༌། །ཞེས་པ་དོན་བཞི་པ་གསུངས་ཟིན་ཏོ། ། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། དེ་ནས་ཡང་ཤོག་གུ་ཕྱེད་དང་གསུམ་ལྷག་པ་ན། དུས་གསུམ་གཏོགས་པའི་ཆོས་རྣམས་དང༌། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། དེ་ནས་ཕྲེང་གཉིས་ཅུང་མེད་ན། སྦྱིན་སོགས། ཚེ་དང་ལྡན་པ། དེ་ནས་ཕྲེང་ཕྱེད་དང་བདུན་ན། བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །དྲན་པ་ཉེ་བར་བཞག་རྣམས་ལ། དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་པ་ན། ཆགས་པ་མེད་དོ། །དེ་རྣམས་ཀྱིས་ནི། མི༷་མཐུ༷ན། ཞེས་པ་དོན་ལྔ་པ་གསུངས་ཟིན་ཏོ། ། སྦྱིན་ལ་སོགས་ལ་ངར་འཛིན་མེད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ལྷག་པ་ན། གཟུགས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །ཞེས་བྱ་བ་ནི་ཆོས་རྣམས་ལ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར། ཡོངས་སུ་འགྱུར་བ་མེད་པས་དམིགས་པའི་ཚུལ་གྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་མི་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཤོག་ལོགས་ཕྱེད་དང་གཉིས་ན། གཞན་དག་དེ་ལ་འཛུད་བྱེད་པ། །དེ་ནི་ཆགས་པའི་མཐའ་འགོག་པ། །ཀོའུ་ཤི་ཀ །དེ་ནས་ཤོག་གུ་གཉིས་ལྷག་ན་རྟོགས་པར་མི་འགྱུར་བ་དེ་ལྟར། བྱང་ཆུབ་ཏུ་འཇུག་པའི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པ། ཡང་དག་པར་བསྟན་པར་བྱའོ། །ལམ་ལོགས་པར་ཞུགས་པ་རྣམས་ཁ་ལོ་སྒྱུར་ཞིང་འཆོས་ལ། ཡང་དག །བྱང་ཆུབ་ཐོབ་ཏུ་མི་རིང་ཞིང་སེམས་ཞུམ་པ་རྣམས་གཟིངས་བསྟོད་པས། ཡང་དག །བྱང་ཆུབ་ཏུ་ཞུགས་པ་རྣམས་ལ་བསྔགས་ཤིང་བསྟོད་པས། ཡང་དག བམ་པོ་གསུམ་པ། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་བརྒྱད་ན། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །གསོལ་པ། དེ་ནས་ཕྲེང་གཅིག་ན། རང་བཞིན་གྱིས། ཆགས་པ་ཐམས་ཅད་སྤངས་ཤིང་རྣམ་པར། དེ་ནས་ཕྲེང་གཅིག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་ཡིན་པའི་ཕྱིར། མ་བྱས། དེ་ནས་ཕྲེང་ཕྱེད་ན། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །གསོལ་ 4-1-160 པས་བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ན། ཆོས་ཀྱི་རང་བཞིན་གཅིག་ཏུ་ཟད་དོ། །ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་ངོ་བོ་ཉིད་གཅིག་ན་འོན་ཀྱང་བདག་ཉིད་ཐ་དད་པར་སྣང་བའི་ཕྱིར་མངོན་པར་རྟོགས་པར་དཀའོ། །ཞེས་དང༌། གཅིག་པུ་གང་ཡིན་པ། དེ་བཞིན་ཉིད་དེ་ནི། ཆོས་ཉིད་གཞན་གང་གི་རྒྱུ་ཡང་མ་ཡིན་པའི་ཕྱིར། རང་བཞིན། གང་རང་བཞིན་མ་ཡིན་པ་དེ་ནི། འདུས་མ་བྱས་པའི་ཕྱིར་སུས་ཀྱང་མ་བྱས་པས། མ་བྱས་པའོ། །གང་མ་བྱས་པ་དེ་ནི། བསོད་ནམས་དང་བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱེད་པ་གང་གིས་ཀྱང་མངོན་པར་འདུས་མ་བྱས་པའི་ཕྱིར། མངོན་པར་འདུས་མ་བྱས་པའོ། །དེ་ནས་ཕྲེང་གཅིག་ལྷག་པ་ན། །མཐོང་ལ་སོགས་པ་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །གསོལ་པ། དེ་ནས་ཕྲེང་གཅིག་ན། ཕྱིན་པ་ནི། རྣམ་ཤེས་རྟོག་བཅས། སུས་ཀྱང༌། གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་གྱིས་མི་ཁྱབ་པར་འདོད། །གསོལ་པ། བསམ་གྱིས་མི་ཁྱབ་པའོ། །ཞེས་བྱ་བས་ནི་དུ་བས་མེ་མཚོན་པ་ལྟར་ཆོས་གཞན་གྱིས་བསམ་པར་མི་ནུས་སོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་པ་རྣམས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གཉིས་ལ་ཕྲེང་ཕྱེད་ཆད་པ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་བརྒྱད་དོ།། །། ༈ དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་གཉེན་པོའི་ཕྱོགས་དག་གི །རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདིར་ཤེས་བྱ། །དེ་རྣམས་ཀྱིས་ནི། གཉེ༷ན་པོ༷འི་ཕྱོ༷གས་ད༷ག་ད༷ང༌། །ཞེས་པ་དོན་དྲུག་པ་གསུངས་ཟིན་ཏོ། ། གཟུགས་སོགས་དེ་མི་རྟོག་སོགས་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར། དེ་ནས་ཤོག་གུ་ཕྱེད་དང་བཅུ་གསུམ་ལྷག་པ་ན། བམ་པོ་བཞི་པ། ཤོག་གུ་ཕྱེད་དང་བཅུ་དྲུག་ན། བམ་པོ་ལྔ་པ། དེ་མ་རྫོགས་དང་རབ་རྫོགས་དང༌། །རབ་འབྱོར། གཞན་ཡང༌། བྱང་ཆུབ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་དྲུག་ན། དེ་ལ་ཆགས་པ་མེད་ཉིད་ལ། །སྤྱོད་པ་བཀག་པས་སྦྱོར་བ་དང༌། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པ། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་བཅུ་གཅིག་ན། མི་འགྱུར། གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་ཟབ་མོ་འདི། དེ་ནས་ཕྲེང་བཞི་ན། བྱེད་པོ་མེད་ཉིད་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། བྱ་དཀའ་རྣམ་གསུམ་སྦྱོར་བ་དང༌། །དང་པོ་ཆེད་དུ་བྱ་བ་དཀའ་བའི་སྦྱོར་བ་ནི། གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་ཕྱེད་དང་གཉིས་ན། བམ་པོ་དྲུག་པ། དེ་ནས་ཕྲེང་གསུམ་ཅུང་མེད་ན། གཉིས་སྦྱོར་བ་ནི། བཅོམ་ལྡན་འདས་སེམས་ཅན། གསུམ་པ་བྱ་དཀའ་བ་ཉིད་ཀྱི་སྦྱོར་བ་ནི། བཅོམ་ལྡན་འདས་བྱང་ཆུབ། དེ་ནས་ཕྲེང་བཅུ་ལྷག་པ་ན། སྐལ་བ་ཅི་བཞིན་འབྲས་ཐོབ་པས། །འབྲས་ཡོད་འདོད་པ་དེ་དང་ནི། །དང་པོ་དོན་ཡོད་པའི་སྦྱོར་བ་ནི། དེ་ནས་དགེ་སློང་གཅིག་འདི་སྙམ་དུ་གྱུར་ཏེ། དེ་ནས་ཕྲེང་ཕྱེད་དང་ལྔ་ཙམ་ན། ཕྱག་འཚལ་ལོ། །སྙམ་པ་དང༌། གཞན་ལ་རག་ལས་མིན་གང་ 4-1-161 དང༌། །གཉིས་པ་གཞན་གྱི་རྐྱེན་གྱིས་མི་འགྲོ་བའི་སྦྱོར་བ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དེ་ནས་ཕྲེང་ཕྱེད་དང་བཅུ་ཐམ་པ་ན། སྐལ་བ་ཅན་དུ་འགྱུར་རོ། །སྣང་བ་རྣམ་བདུན་ཤེས་བྱེད་དོ། །གསུམ་པ་ཤེས་བྱེད་རྣམ་གསུམ་བདུན་བཤད་པའི་ཤེས་པའི་སྦྱོར་བ་ནི། ཀོའུ་ཤི་ཀ །དེ་ཅི་སྙམ་དུ་སེམས། དེ་ནས་ཕྲེང་ཕྱེད་དང་བདུན་ན། སྐལ་བ་ཅན་དུ་འགྱུར་རོ། །དེ་རྣམས་ཀྱིས་ནི། སྦྱོར་ད༷ང་། ཞེས་པ་དོན་བདུན་པ་གསུངས་ཟིན་ཏོ། ། གཟུགས་ལ་སོགས་པ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དེ་ནས་ཕྲེང་ཕྱེད་དང་དྲུག་ཙམ་ན། གཟུགས་རློམ་སེམས་སུ་མི་བྱེད། ཅེས་བྱ་བ་ནི་བྱེད་པའི་མཚན་ཉིད་ལ་སོགས་པའི་དངོས་པོར་རོ། །གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། ཅེས་བྱ་བ་ནི་རྗེ་ཁོལ་གྱི་དངོས་པོར་རོ། །གཟུགས་ལ་རློམ་སེམས་སུ་མི་བྱེད། ཅེས་བྱ་བ་ནི་རྟེན་དང་བརྟེན་པའི་དངོས་པོར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་དགུ་ན། བམ་པོ་བདུན་པ། དེ་ནས་ཤོག་གུ་བཅོ་ལྔ་ལ་ཕྲེང་བཞི་ཆད་པ་ན། བམ་པོ་བརྒྱད་པ། དེ་རྣམས་ཀྱིས་ནི། དེ༷་ཡི༷་མཉ༷མ་ཉི༷ད་ད༷ང༌། །ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། ། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང༌། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་སྟོང་གསུམ། དེ་ནས་ཤོག་གུ་གཉིས་དང་ཕྲེང་གཉིས་ལྷག་ཙམ་ན། གཟུགས་རྟག་མ་ཡིན་མི་རྟག་མིན། །གཟུགས་རྟག་ཅེས་བྱ་བའམ། དེ་ནས་ཤོག་གུ་ཕྱེད་དང་བཅོ་ལྔ་ལ་ཕྲེང་གཅིག་ཙམ་ཆད་པ་ན། བམ་པོ་དགུ་པ། དེ་ནས་ཤོག་གུ་བཅུ་གཅིག་དང་ཕྲེང་ལྔ་ཙམ་ན། ཆོས་སྟོན་པར་མི་འགྱུར་རོ། །མཐའ་ལས་འདས་དང་། སྡུག་བསྔལ་ལ་ཆོས་ཤེས་པ་ནི། གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་ཕྱེད་དང་བཞི་ན། བམ་པོ་བཅུ་པ། རྣམ་དག་དང༌། །སྡུག་བསྔལ་ལ་རྗེས་སུ་ཤེས་པར་བཟོད་པ་ནི། གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ན། ཡོངས་སུ་དག་པའོ། །ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་དམིགས་པར་གྱུར་པ་རྣམས་དྲི་མ་མེད་པར་གྱུར་པས་ལམ་གྱི་ཤེས་པ་ཉིད་དེ་ལ་ཡང་དག་པར་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ལྔ་ན། ཡོངས་སུ་དག་པའོ། །མ་སྐྱེས་མ་འགགས་ལ་སོགས་དང༌། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི། གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། དེ་ནས་ཤོག་གུ་གསུམ་ན། རྣམ་པར་བྱང་བ་མེད་པ་ནི་གཟུགས་ཡོངས་སུ་དག་པའོ། །ཞེས་བྱ་བ་ནི་གང་གི་གཟུགས་ཆོས་ཉིད་ཀྱི་རང་བཞིན་དུ་གནས་གྱུར་ནས། སྐྱེ་བ་དང༌། འགག་པ་མེད་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་རྣམས་སུ་མི་སྣང་བ་དེའི་ཚེ། གཟུགས་ཏེ་ཡོངས་སུ་དག་པ་ 4-1-162 ཞེས་བྱ་བའི་གཞན་དུ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་དྲུག་དང་ཕྲེང་ཕྱེད་དང་དགུ་ན། ཡོངས་སུ་དག་པའོ། །མཁའ་འདྲ། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར། གཞན་ཡང༌། དག་པའོ། །ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་གློ་བུར་གྱི་སྤྲིན་དང་ཁུག་རྣ་ཡོད་ཀྱང་དེ་རང་བཞིན་གྱིས་དག་པའི་ཕྱིར་ཡོངས་སུ་དག་པ་མ་ཡིན་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་ནོ་ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ཅུང་མེད་ན། ནམ་མཁའ་ཡོངས་སུ་དག་པའོ། །ཆགས་པ་སྤངས་པ་དང༌། །ཀུན་འབྱུང་ལ་ཆོས་ཤེས་པ་ནི། རབ་འབྱོར། ནམ་མཁའ་ཡོངས་སུ་དག་པའོ། །ཡོངས་སུ་འཛིན་ལས་གྲོལ་བ་དང༌། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། གསོལ་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ཅུང་མེད་ན། དག་པའོ། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང༌། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར། ནམ་མཁའ་ལ་ཐ་སྙད། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཡོངས་སུ་དག་པའོ། །གང་ཕྱིར་འདི་དོན་བརྗོད་པ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང༌། །འགོག་པ་ལ་ཆོས་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། ནམ་མཁའ་བརྗོད་ཏུ་མེད། དེ་ནས་ཕྲེང་གཉིས་ཅུང་མེད་ན། དག་པའོ། །དམིགས་པ་མེད་པར་བྱེད་པ་དང༌། །འགོག་པ་ལ་ཆོས་ཤེས་པ་ནི། རབ་འབྱོར་གཞན། དེ་ནས་ཕྲེང་གཉིས་ན། ཡོངས་སུ་དག་པའོ། །ཤིན་ཏུ་རྣམ་དག །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། གཞན་ཡང་ཆོས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཡོངས་སུ་དག་པའོ། །ནད་མི་འབྱུང༌། །འགོག་པ་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར་གྱིས་གསོལ་པ། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། ཟླ་བ་ཡར་ངོ་མར་ངོ་ཡི། ཚེས་བརྒྱད་དང༌། བཅོ་ལྔ་དག་སྟེ་དུས་དྲུག །ལྷའི་ཚོགས། དེ་ནས་ཕྲེང་གཅིག་ན། འཕེལ་བར་འགྱུར་རོ། །ངན་སོང་ཆད་དང་། ལམ་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ན། རིན་པོ་ཆེ་ཞེས་བྱའོ། །འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །ལམ་ལ་ཆོས་ཤེས་པ་ནི། ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་དེ་ལ་ནི། གཟུང་བའམ། དོར་བ་མེད་པ་ཞེས་བྱ་བ་དང་འགག་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྣང་ངོ་ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ན། རིན་པོ་ཆེ་ནི་དམིགས་སུ་མེད་དོ། །མཚན་མ་དག་དང་མ་འབྲེལ་དང༌། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ། དེ་ནས་ཕྲེང་གཅིག་ནི། ཕྱིན་པའོ། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ལམ་ལས་རྗེས་སུ་ཤེས་པ་ནི། རབ་འབྱོར། གལ་ཏེ། དེ་ནས་ཕྲེང་གསུམ་ན། སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །དེ་ནས་རྣམ་ཤེས་ཀྱིས་ནི། ཉ༷ན་ཐོ༷ས་ལ༷་སོ༷གས་མཐོ༷ང་བ༷འི་ལ༷མ། །དེ༷་འདྲ༷་ཀུ༷ན་ཤེ༷ས་ཉི༷ད་དུ༷་འདོ༷ད། །ཅེས་པ་དོན་དགུ་པ་གསུངས་ཟིན་ཏོ། ། 4-1-163 དེ་ལྟར་འདི་དང་ཡང་འདི་དང༌། །ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །འདིས་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་སུ་བསྟན་པ་ཡིན། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ད་ལྟར་བྱུང་བ་མེད་དོ། །ཞེས་བྱ་བ་ནི། ཆོས་ཐམས་ཅད་མི་འགྱུར་བར་ཡོངས་སུ་གྲུབ་པ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་གྲུབ་པ་ཉིད་དུ་སྣང་སྟེ། ཆོས་ཁྱད་པར་ཅན་གང་ཡང་ཐོབ་པར་བྱའོ། །སྙམ་པའི་རློམ་སེམས་ཀྱང་མེད། ཅེས་པ་ལ་སོགས་པས་རློམ་སེམས་གང་ཡང་མེད་པར། དབུ་མ་པ་གསུངས། བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་གསུམ་ན། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང༌། ཞེས་བྱ་བ་ནི་ཆོས་ཐམས་ཅད་གནས་པའི་མཚན་ཉིད་དེ། གང་ཡང་ཅི་ཡང་མི་བྱེད་དོ། །ཞེས་བསྟན་པའོ། །ཆོས་གནས་པ་འདི་ཉིད་ཐུགས་སུ་ཆུད་པས་དེ་བཞིན་གཤེགས་པ་ཞེས་བྱ་བ་དག་འཇིག་རྟེན་ན་སྣང་སྟེ། འདི་ཉིད་དེ་དག་མངོན་པར་རྟོགས་པ་དང་འདི་ཉིད་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ལྷུང་ལྷུང་ལྡེགས་ཀྱི་སྒྲ་ཕྱུང་སྟེ། །ཞེས་བྱ་བ་ནི་ངོ་མཚར་ཏུ་གྱུར་པའི་ཚིག་སྙན་པས་མཉེན་ཅིང་ཡིད་དུ་འོང་བས་བསྟོད་དོ། །ཞེས་བྱ་བའི་དོན་ཏོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། འཁོར་ལོ་གཉིས་པ་བསྐོར་བར་མཐོང་ངོ༌། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དང་པོ་མངོན་པར་རྫོགས་པར་སངས་རྒྱས་ན་ཡུལ་ཝཱ་རཱ་ཎ་སཱིར་འཕགས་པའི་བདེན་པ་བཞི་ལ་ལན་གསུམ་དུ་བཟླས་ཏེ། ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དང༌། ང་རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་ཕུང་པོ་ལ་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་རྒྱ་ཆེར་བསྟན་པ་དང༌། ཆོས་ཀྱི་འཁོར་ལོ་ལན་གཉིས་བསྐོར་བ་མཐོང་ངོ༌། །ཞེས་བྱ་བའི་དོན་ཏོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་གཅིག་ན། གཅིག་ཏུ་བསྐོར་བ་ཡང་མ་ཡིན་ན། ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་གྲངས་ལས་འདས་པའི་ཕྱིར་དེ་སྐད་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཉེ་བར་གནས་པ་མ་ཡིན་ནོ། །ཞེས་བྱ་བའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཞེས་བྱ་བའི་འདུ་ཤེས་སམ། རྣམ་པར་རྟོག་པ་སེལ་བར་བྱེད་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་དགུ་པའོ།། །། ༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། གཞི་ཤེས་པའི་སྐབས་ཏེ་གསུམ་པའོ།། །། ༈ གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །མེད་པའི་རྣམ་པ་ནས་གཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོའི་ལ་བཞི་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཕྲེང་གཅིག་ན། ནམ་མཁའ་མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་ནམ་མཁའ་ལྟར་དམིགས་ 4-1-164 པའི་བདག་ཉིད་དུ་མེད་པ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། དེ་ནས་ཡང་ཕྲེང་གཅིག་ན། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀུན་བཏགས་པ་དམིགས་སུ་མེད་པའི་བདག་ཉིད་དུ་མཉམ་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། གནས། ཀུན་གཞི་རྣམ་ཤེས་མ་མཆིས། གཟུགས་མེད་པའི་ཆོས། མིང་དང༌། གཟུགས་ཀྱི་ཆོས། ལུས་མེད་པའི་ཕྱིར་རོ། །དེ་ནས་ཕྲེང་གཅིག་ཙམ་ན། གསང་སྔགས་ཟབ་མོ་དང་དོན་གཅིག་པས། དབུགས་ཕྱི་ནང་དུ་རྒྱུ་བ་མེད་པའི་ཕྱིར་རོ། །བརྗོད་པའི་རྒྱུ་རྣམ་པར་རྟོག་པ། དེ་ནས་ཕྲེང་གཅིག་ན། མིང་གི་ཚོགས། ཚོར་བ་དང༌། དེ་ནས་ཕྲེང་ཕྱེད་དང་ལྔ་ཅུང་མེད་ན། ལམ་ལ་དེ་ནི་བཅོ་ལྔར་བཤད། །གསོལ་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། འཆི་བ་དང༌། སྐྱེ་བ་མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་དེའི་ཚེ་འཆི་འཕོ་དང་སྐྱེ་བ་དག་ནི་ཀུན་བཏགས་པའི་དབང་གིས་སྣང་གིས་དོན་དམ་པ་ནི་མ་ཡིན་པར་ཤེས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན། འཇིག་པ་མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་འདི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་དེ་བཞིན་ཉིད་དེ་དེ་ནི་འགྱུར་བ་མེད་པའི་ཕྱིར་འཇིག་པ་མེད་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་ལོགས་གཅིག་ལྷག་པ་ན། ཉོན་མོངས་པ་མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ཡོད་ན་རྣམ་པར་བྱང་ཞིང་ཡོངས་སུ་དག་པར་འགྱུར་ན་གང་གི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་ཡོངས་སུ་དག་པ་དེའི་ཕྱིར་ཀུན་ནས་ཉོན་མོངས་པ་ཡང་མེད་གློ་བུར་གྱི་རྣམ་པར་བྱང་བ་ཡང་མེད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཞི་ཙམ་ན། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །འགོག་པ་ལ་ནི་གོ་རིམ་བཞིན། །དེ་དག་བརྒྱད་དང་། གསོལ་པ། དེ་ནས་ཕྲེང་ཕྱེད་དང་དགུ་ན། བདུན་དང་ནི། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་ལོགས་གཅིག་ན། ཆགས་པ་མེད་པའི་ཕྱིར་རོ། །ལྔ་དང་། གསོལ་པ། འཇིག་པ་མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་འདི་ལྟར་ཆོས་ཐམས་ཅད་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་མ་སྐྱེས་པའི་ཕྱིར་མི་འཇིག་སྟེ། དེ་བས་ན་མེད་དོ། །ཡོད་པ་མ་ཡིན་པའི་ཕྱིར་མི་རྟག་པ་སྟེ་མེད་པའི་དོན་ཏོ། །ཞེས་འབྱུང་བའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཞི་ལྷག་པ་ན། བཅུ་དྲུག་ཞེས་བསྒྲགས་སོ། །གསོལ་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། དྲན་པ་ཉེར་བཞག་ནས་གཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། ། སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་། གསོལ་པ། བཅོམ་ལྡན་འདས། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ནས་ཤོག་ལོགས་གཅིག་ལྷག་ན། དམིགས་སུ་དེ་མེད་པའི་ཕྱིར་རོ། །སུམ་ཅུ་བཞི། །གསོལ་པ། དེ་ནས་ཕྲེང་བཅུ་གཉིས་ཅུང་མེད་ན། ཤེས་རབ་དམིགས་སུ་མེད་པའི་ཕྱིར་ 4-1-165 རོ། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །གསོལ་པ། ཆོས་ཐམས་ཅད་ཐུབ་པ། ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དམིགས་སུ་ཞེས་ཁྲི་བརྒྱད་སྟོང་པར་བྱུང༌། མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ནི་གནས་དང་གནས་མ་ཡིན་པས་མཁྱེན་པའི་སྟོབས་ལ་སོགས་པ་ཡེ་ཤེས་བཅུའི་སྤྱོད་ཡུལ་ཡིན་པས་དེ་དག་གི་སྤྱོད་ཡུལ་དུ་མ་གྱུར་པའི་རྣམ་པར་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་རྣམ་པ་དེ་དག་དོན་དམ་པར་མེད་པ་དེའི་ཕྱིར་སྟོབས་བཅུའི་ཡུལ་དུ་གྱུར་པ་རྣམ་པ་མེད་པར་མཐོང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ནི་སྟོབས་བཅུའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་ལྔ་ན། བཀའ་སྩལ་པ། སངས་རྒྱས་ཐམས་ཅད་ཀྱིས་བརྗོད་པ། ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཕྱིར་རོ། །ཞེས་བྱ་བ་ནི་ངེས་པའི་ཚིག་གིས་ནི་དེ་བཞིན་དུ་གསུངས་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དེ་བཞིན་དུ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། གསོལ་པ། དེ་ནས་ཕྲེང་ཕྱེད་ན། ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཐམས་ཅད་དེའི་དབང་དུ་གྱུར་པ་དེའི་ཕྱིར། དེ་རང་གི་ཆོས་ཐམས་ཅད་ཟིལ་གྱིས་གནོན་པས་ཕ་རོལ་ཏུ་ཕྱིན་པ་ནི་རང་འབྱུང་ངོ༌། །ཞེས་དབུ་མ་པ་གསུངས། གསོལ་པ། དེ་ནས་ཕྲེང་གཅིག་ན། ལེའུ་སུམ་ཅུ་པ།། །། ༈ དེ་རྣམས་ཀྱིས་ནི། རྣ༷མ་པ༷། ཞེས་པ་དོན་དང་པོ་གསུངས་ཟིན་ཏོ། །སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །དེ་ནས་ལྷའི་དབང་པོ། དེ་ནས་ཕྲེང་གཉིས་ན། ཡོངས་སུ་བཟུང་བའོ། །སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །གང་འཛིན་ཅིང་འཆང་བ་དང༌། དེ་ནས་ཕྲེང་གསུམ་ན། སྦྱིན་དང་ཚུལ་ཁྲིམས་སོགས་སྤྱད་པས། །ལེན་དང་འཛིན་ལ་སོགས་པ་ཡི། །སྣོད་དུ་དམ་པ་རྣམས་བཞེད་དོ། །རིགས་ཀྱི་བུའམ། དེ་ནས་ཤོག་གུ་བཞི་དང་ཕྲེང་གསུམ་ན། བམ་པོ་བཅུ་གཉིས་པ། སྦྱོར་བ་ཉི་ཤུ་ལས་དང་པོ་གཟུགས་སོགས་ལ་མི་གནས་པའི་སྦྱོར་བ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཀོའུ་ཤི་ཀ །འདི་ལ་བྱང་ཆུབ་སེམས། གཟུགས་ལ་བརྩོན་པར་བྱེད་དོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་གང་ལ་ཡང་མི་གནས་ཏེ་དེ་བས་ན་མི་གནས་པ་ཉིད་དེའི་རྣལ་འབྱོར་དུ་བྱེད་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་དགུ་ལ་ཕྲེང་གཅིག་ལྷག་ཙམ་ཆད་པ་ན། གཉིས་པ་མི་སྦྱོར་བའི་སྦྱོར་བ་ནི། དེ་ལ་སྦྱོར་བ་བཀག་པའི་ཕྱིར། །རབ་འབྱོར། གཞན་ཡང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་ལ་བརྩོན་པར་བྱའོ། །ཞེས་བྱ་བ་ལས། འགྲེས་སྔ་མར་ནི་གནས་པ་བཀག་པའོ། །འདིར་ནི་སྒྲུབ་པ་བཀག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་དྲུག་ཅུང་མེད་ན། 4-1-166 བམ་པོ་བཅུ་གསུམ་པ། གཟུགས་སྔོན་གྱི་མཐར་མི་དམིགས་སོ། །ཞེས་བྱ་བ་ལ་སོགས་པ་དུས་གསུམ་ཅར་དུ་ཡང་མི་དམིགས་པར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ལྔ་ན། དབུས་སུ་མི་དམིགས་སོ། །གསུམ་པ་ཟབ་པའི་སྦྱོར་བ་ནི། དེ་ཡི་དེ་ཉིད་ཟབ་པའི་ཕྱིར། །དེ་ནས་ཚེ་དང་ལྡན་པ། དེ་ནས་ཤོག་གུ་བཞི་ན། ཟབ་པོ། བཞི་པ་གཏིང་དཔག་དཀའ་བའི་སྦྱོར་བ་ནི། དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཏིང་དཔག་དཀའོ། །དེ་ནས་ཤོག་གུ་བཞི་ལ་ཕྲེང་ཕྱེད་དང་གཉིས་ཙམ་ཆད་པ་ན། ལྔ་པ་ཚད་མེད་པའི་སྦྱོར་བ་ནི། དེ་དག་ཚད་ནི་མེད་ཕྱིར་དང༌། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མ་མཆིས་པའོ། །དེ་ནས་ཤོག་གུ་ཕྱེད་དང་བཞི་ནས། བམ་པོ་བཅུ་བཞི་ལ། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཅིག་ཙམ་ཆད་པ་ན། གཟུགས་མ་ཡིན་ནོ། །ཞེས་བྱ་བ་ནི་དོན་དམ་པར་གཟུགས་ཉིད་མེད་པས་ཟབ་པ་ཞེས་བྱ་བ་ཀུན་བཏགས་པ་ཡིན་པའི་ཕྱིར་དེ་སྐད། ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཅོ་ལྔ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་གསུམ་ལྷག་པ་ན། དྲུག་པ་ཚོགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ནི། ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ཤཱ་ར་དྭ་ཏིའི་བུས་གསོལ་པ། ཀྱེ། དེ་ནས་ཕྲེང་བཅུ་གཅིག་ཅུང་མེད་ན། བདུན་པ་ལུང་བསྟན་པ་ཐོབ་པ་སྦྱོར་བ་ནི། ལུང་བསྟན། བརྒྱ་བྱིན་གྱིས་སྨྲས་པ། དེ་ནས་ཤོག་གུ་གཅིག་ལ་ཕྲེང་ཕྱེད་དང་གཉིས་ཆད་པ་ན། བརྒྱད་པ་ཕྱིར་མི་ལྡོག་པའི་སྦྱོར་བ་ནི། ཕྱིར་མི་ལྡོག་ཉིད་དང༌། །བཅོམ་ལྡན་འདས་གང་གིས། དེ་ནས་ཕྲེང་དྲུག་ཅུང་མེད་ན། དགུ་པ་ངེས་པར་འབྱུང་བའི་སྦྱོར་བ་ནི། ངེས་འབྱུང་། བཅོམ་ལྡན་འདས། འདི་ལྟ་སྟེ། དེ་ནས་ཕྲེང་བཅུ་ན། བཅུ་པ་བར་ཆད་མེད་པའི་སྦྱོར་བ་ནི། བར་ཆད་མེད་བཅས་དང༌། །ཤཱ་ར་དྭ་ཏིའི་བུ་ཁྱོད་ཀྱིས་ད་དུང༌། དེ་ནས་ཕྲེང་བཅུ་ན། བཅུ་གཅིག་པ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་ཉེ་བའི་སྦྱོར་བ་ནི། བྱང་ཆུབ་ཉེ་དང་། བཅོམ་ལྡན་འདས། འདི་ལྟ་སྟེ། དེ་ནས་ཡང་ཕྲེང་བཅུ་ན། བཅུ་གཉིས་པ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ནི། མྱུར་བ་དང༌། །བཅོམ་ལྡན་འདས། དེ་བཞིན་དུ། དེ་ནས་ཕྲེང་བདུན་ཙམ་ན། བཅུ་གསུམ་པ་གཞན་གྱི་དོན་གྱི་སྦྱོར་བ་ནི། གཞན་དོན། དེ་ནས་ཚེ་དང་ལྡན་པ་རབ་འབྱོར། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་གསུམ་ན། བཅུ་བཞི་པ་འཕེལ་འགྲིབ་མེད་པའི་སྦྱོར་བ་ནི། འཕེལ་མེད་འགྲིབ་མེད་ཕྱིར། །དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་ཤོག་གུ་བཅུ་གཅིག་དང་ཕྲེང་ཕྱེད་དང་དྲུག་ན། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་བཅུ་གཅིག་ཙམ་ན། བཅོ་ལྔ་པ་ཆོས་དང་ཆོས་མིན་མི་དམིགས་པའི་སྦྱོར་བ་ནི། ཆོས་དང་ཆོས་མིན་སོགས་མི་མཐོང༌། །རབ་འབྱོར། གཞན་ 4-1-167 ཡང༌། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བཅུ་ཙམ་ན། བཅུ་དྲུག་པ་བསམ་གྱིས་མི་ཁྱབ་པའི་འདུ་ཤེས་འགོག་པའི་སྦྱོར་བ་ནི། གཟུགས་སོགས་བསམ་མི་ཁྱབ་མི་མཐོང༌། །གསོལ་པ། བཅོམ་ལྡན་འདས་བསམ། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཞི་ན། བམ་པོ་བཅུ་བདུན་པ། དེ་ནས་ཤོག་གུ་ཕྱེད་དང་དགུ་ན། བཅུ་བདུན་པ་རྣམ་པར་མི་རྟོག་པའི་སྦྱོར་བ་ནི། གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམ་མི་རྟོག །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས། དེ་ནས་ཕྲེང་ལྔ་ན། གཟུགས་ཀྱི་རང་བཞིན་དུ་མ་རྟོག །རྣམ་པར་མི་རྟོག་གོ །ཞེས་བྱ་བ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་རྣམས་སུ་མི་རྟོག་གོ །མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་མཚན་མར་མི་རྟོག་གོ །སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་རང་བཞིན་དུ་མི་རྟོག་གོ །ཀུན་བཏགས་པ་ལ་མི་རྟོག་གོ །གཞན་གྱི་དབང་ལ་རྣམ་པར་མི་རྟོག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ཕྱེད་དང་བཅུ་ལྷག་ཙམ་ན། བམ་པོ་བཅོ་བརྒྱད་པ། རབ་འབྱོར། གཟུགས་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ། སྔར་ནི་དེ་བཞིན་ཉིད་ཟབ་པས་ཟབ་པ་ཉིད་དུ་གསུངས་སོ། །ད་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་གཟུགས་ལ་སོགས་པ་ལ་སྒྲོ་བཏགས་ནས་ཟབ་པ་བཤད་པ་ནི་གདུལ་བྱའི་བསམ་པ་སྣ་ཚོགས་ཀྱི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ལྔ་ན། བཅོ་བརྒྱད་པས་འབྲས་བུས་རིན་ཆེན་སྦྱོར་བ་ནི། འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་ལོགས་གཅིག་ལྷག་པ་ན། བཅུ་དགུ་པ་རྣམ་པར་དག་པའི་སྤྱོད་པ་ནི། དེ་ནི་དག་པ། བཅོམ་ལྡན་འདས། གཟུགས་དག་པ་དང༌། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བཞི་ན། དག་པའི་ཕུང་པོའོ། །ཉི་ཤུ་པ་ས་མཚམས་ཀྱི་སྦྱོར་བ་ནི། མཚམས་དང་བཅས། །བཅོམ་ལྡན་འདས་ཤེས། དེ་ནས་ཕྲེང་བཅུ་གཅིག་ཙམ་ན། བར་ཆད་བྱ་བར་མི་ནུས་སོ། །དེ་རྣམས་ཀྱིས་ནི། སྦྱོ༷ར་བ༷ར་བཅ༷ས་རྣ༷མས་ད༷ང༌། །ཞེས་པ་དོན་གཉིས་པ་གསུངས་ཟིན་ཏོ། །བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །དང་པོ་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། དེ་ནས་ཕྲེང་བཅུ་གཅིག་ལྷག་ཙམ་ན། གཉིས་པ་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ། དེ་ནས་ཕྲེང་དྲུག་ཅུང་མེད་ན། གསུམ་པས་སངས་རྒྱས་ཀྱིས་མངོན་སུམ་དུ་བྱེད་པའི་ཡོན་ཏན་ནི། གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་ལོགས་གཅིག་ལ་ཕྲེང་ཕྱེད་ཆད་པ་ན། བཞི་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། དེ་ལ་བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་གཉིས་ལྷག་པ་ན། ལྔ་པ་དོན་ཆེ་བ་ཉིད་ལ་སོགས་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ་གང་ཡང༌། དེ་ནས་ཤོག་གུ་ཕྱེད་དང་གཉིས་ལ་ཕྲེང་ཕྱེད་ཆད་པ་ན། དྲུག་པ་ཡུལ་སྤྱད་པའི་ཡོན་ 4-1-168 ཏན་ནི། ཤཱ་ར་དྭ་ཏིའི་བུ། དེ་ནས་ཕྲེང་ཕྱེད་དང་བདུན་ན། རྒྱུད་ནས་ཡུལ། དབུས། བར་ཏ་ནི། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ན། ཡུལ་བར་ཏ་ནི་ནས་བྱང་ཕྱོགས་ཀྱི་རྒྱུད། ཅེས་བྱ་བ་ཡང་བོད་ཡུལ་ཡན་ཆད། ཨུ་རྒྱན་དང་ཁ་ཆེ་ཡུལ་མན་ཆད་ལ་བྱའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཤོག་གུ་ཕྱེད་དང་གསུམ་ཅུང་མེད་ན། བདུན་པ་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང༌། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཉིས་ཆད་པ་ན། བརྒྱད་པ་སྨྲ་བའི་སྐྱེས་བུའི་ཡོན་ཏན་ནི། དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཕྲེང་གསུམ་ན། དགུ་པ་མི་ཕྱེད་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། རིགས་ཀྱི་བུ་དང༌། དེ་ནས་ཕྲེང་གཉིས་ཅུང་མེད་ན། བཅུ་པ་དགེ་བའི་རྩ་བའི་ཐུན་མོང་མ་ཡིན་པ་སྐྱེ་བའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། དེ་ནས་ཡང་ཕྲེང་ཕྱེད་དང་གཉིས་ན། བཅུ་གཅིག་པ་དམ་བཅའ་བའི་ཚིག་དོན་ཇི་ལྟ་བ་བཞིན་སྒྲུབ་པའི་ཡོན་ཏན་ནི། རིགས་ཀྱི་བུ་དང༌། དེ་ནས་ཕྲེང་ཕྱེད་དང་བཅུ་ན། བཅུ་གཉིས་པ་འབྲས་བུ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། རིགས། དེ་ནས་ཕྲེང་གསུམ་ན། བཅུ་གསུམ་པ་སེམས་ཅན་གྱི་དོན་བསྒྲུབ་པའི་ཡོན་ཏན་ནི། འདི་ལྟར་ཕྱི་འམ་ནང་གི །དེ་ནས་ཕྲེང་བཅུ་ལྷག་པ་ན། བཅུ་བཞི་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚང་བར་རྙེད་པའི་ཡོན་ཏན་ནི། བཅོམ་ལྡན་འདས། དེ་ནས་ཕྲེང་བཅུ་ཐམ་པ་ན། སྟོང་ཕྲག་བརྒྱད་པ་ལས། ལེའུ་སུམ་ཅུ་གཅིག་གོ། །། ༈ དེ་རྣམས་ཀྱིས་ནི། ཡོ༷ན་ཏ༷ན། ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། །བམ་པོ་བཅུ་དགུ་པ། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ཆད་པ་ན། རབ་འབྱོར། གཞན་ཡང༌། གླང་བ་ཅིང༌། ལྟེ་དྲེགས་ཅིང༌། ཤེས་རབ། རབ་འབྱོར་གཞན་ཡང་རྒོད། ཅེས་བྱ་བ་ནི་ཆོས་འཆད་པའི་ཚེ་རྒོད་པའམ། ཕན་ཚུན་རྐྱལ་ཀ་བྱེད་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ཙམ་ན། བསྐལ་པ་ཡོངས་སུ་འཛིན་པར་འགྱུར་ཏེ། ཞེས་བྱ་བ་ནི་སླར་འགྲོ་པའི་སེམས་བསྐྱེད་པ་དེ་སྙེད་བསྐལ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བྱ་དགོས་ཏེ། འཆལ་པའི་ཤེས་རབ་ཡིན་པས་དེ་སྙེད་ཀྱི་བསྐལ་པར་ཡོངས་སུ་སྨིན་པར་འགྱུར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་ལྔ་ལྷག་ཙམ་ན། སྤོབས་པ་མེད་པས་རྣམ་པར་བྱང་བའོ། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་ཕྱིར་རོ། །མི་ཁྱབ་བོ། །ཞེས་བྱ་བ་ནི་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །འགག་པ་མེད་པའོ། །ཞེས་བྱ་བ་ནི་མི་འགྱུར་བ་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་ཕྱིར་རོ། །བྱང་བ་མེད་པའོ། །ཞེས་བྱ་བ་ནི་རང་བཞིན་གྱིས་ཡོངས་སུ་དག་པའོ། །འཁྲུག་པ་མེད་པའོ། །ཞེས་བྱ་བ་ནི་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་རོ། །བརྗོད་དུ་མེད་པའོ། །ཞེས་པ་ནི། སོ་སོ་རང་རིག་པའི་ཕྱིར་རོ། །དམིགས་པ་མེད་པའོ། །ཞེས་བྱ་བ་ནི་དངོས་པོར་དམིགས་པ་ཐམས་ཅད་དང་བྲལ་ 4-1-169 བའི་ཕྱིར་རོ། །ཞེས་པ་བདུན་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ལྷག་ཙམ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །ཞེས་བྱ་བ་ནི་བརྗོད་དུ་མེད་པ་དང༌། མཉན་དུ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་དགུ་ལྷག་པ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་གཉིས་པའོ།། །། ༈ བམ་པོ་ཉི་ཤུ་པ། དེ་ནས་ཤོག་གུ་ཉི་ཤུ་ཉེར་ཕྱེད་དང་རྩ་གཅིག་ན། རབ་འབྱོར། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ༌། །འདི་ཡར་བཅད་ཀྱིས་ད་པ་སྟེ་པོ་ཏི་བཅུ་གཅིག་པ་རྫོགས་སོ།། །། ༈ ན༽ གླེགས་བམ་བཅུ་གཉིས་པ། བམ་པོ་དང་པོའོ། །དེ་ནས་ཤོག་གུ་བདུན་དང་ཕྲེང་ཕྱེད་དང་དགུ་ན། གཟིགས་ཤིང་དགོངས་སོ། །དེ་རྣམས་ནི། སྐྱོ༷ན་ནི༷། ཞེས་པ་དོན་བཞི་པ་གསུངས་ཟིན་ཏོ། ། གང་གིས་མཚོན་ཏེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་རྣམ་པ་གསུམ། །ཤེས་པ་ཁྱད་པར་བྱེད་པ་སྟེ། །ངོ་བོ་ཉིད་གང་མཚོན་བྱ་ཡང༌། །མཚན་ཉིད་བཞི་ལས་དང་པོ་ཤེས་པར་བྱ་བའི་མཚན་ཉིད་ནི། དེ་བཞིན་གཤེགས་པ་འབྱུང་བ་དང༌། །དེ་ཅིའི་ཕྱིར་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས། དེ་ནས་ཤོག་གུ་གཉིས་ལ་ཕྲེང་ཕྱེད་དང་གསུམ་ཆད་པ་ན། འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། རབ་ཏུ་འཇིག་པར་སྟོན་པ་མ་ཡིན་ཏེ། ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕུང་པོ་དེ་བཞིན་ཉིད་འབའ་ཞིག་མཐོང་གི །ཀུན་བཏགས་པའི་ཕུང་པོ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་བཞི་ལྷག་པ་ན། སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། །རབ་འབྱོར། སེམས་ཅན་ཚད་མེད། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་དགུ་ན། འདི་ཉིད་ལ་མེད་ཅིང་མི་དམིགས་ན། ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་རྟོགས་ཅིང་དམིགས་པ་ཡང་མེད་ན་གཟུགས་ལ་སོགས་པའི་ཆོས་རྣམས་ལ་དངོས་པོར་དམིགས་ཤིང་སྟོན་པར་ལྟ་ག་ལ་འགྱུར། ཞེས་བཤད་པའོ། །ཞེས་འབུམ་ཏིག་གསུངས། གཟུགས་ཡོད་པའམ། དམིགས་པར་ལྟ་ག་ལ་འགྱུར་ཞེས་བྱ་བ་ནི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའམ། མཉམ་པས་མཉམ་པར་གྱུར་པའི་ཚེ། རྣམ་པར་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་སྣང་བ་གཟུགས་ལ་སོགས་པ་ལྟ་ཅི་སྨོས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ །ཞེས་བྱ་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ན། བམ་པོ་གཉིས་པ། དེ་བསྡུས་པ་དང་ཕྱིར་བལྟས་དང༌། །རབ་འབྱོར། གཞན་ཡང༌། དེ་ནས་ཕྲེང་ཕྱེད་དང་དྲུག་ལྷག་ཙམ་ན། རབ་ཏུ་མཁྱེན་ཏོ། །ཞེས་བྱ་བ་ནི་སེམས་ཀྱི་ཆོས་ཉིད་ 4-1-170 གཟིགས་པས་སེམས་བསྡུས་པ་དང་རྣམ་པར་གཡེངས་པ་རྣམས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ཞིང་མེད་པར་མཁྱེན་པ་ལ་སེམས་བསྡུས་པ་དང་རྣམ་པར་གཡེངས་པ་མཁྱེན་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གསུངས། མི་ཟད་པ་ཡི་རྣམ་པ་དང༌། །རབ་འབྱོར། གཞན་ཡང༌། དེ་བཞིན་གཤེགས། དེ་ནས་ཕྲེང་ཕྱེད་དང་དགུ་ན། ཆགས་བཅས་སོགས་དང་། རབ་འབྱོར། གཞན་ཡང༌། དེ་བཞིན་གཤེགས་པ། དེ་ནས་ཤོག་ལོགས་གཅིག་ལྷག་པ་ན། སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །འདིར་ཚིག་གི་དོན་འདི་ཤེས་པར་བྱ་སྟེ། འདོད་ཆགས་དང་བཅས་པའི་སེམས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ཞིང་བདེན་པ་མ་ཡིན་པས་དེ་སྤངས་ཏེ་ཡང་དག་པ་ཇི་ལྟ་བ་ཉིད་ཀྱི་རྣམ་པར་རབ་ཏུ་མཁྱེན་ཏོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཅིག་ལྷག་པ་ན། གཏི་མུག་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག །ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རྒྱ་ཆེན་དང༌། །རབ་འབྱོར། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། རབ་ཏུ་མཁྱེན་ཏོ། །ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་པར་འགྱུར་ཏེ། འདིའི་སེམས་པ་ནི་རྒྱ་ཆེ་བའོ། །གཞན་གྱི་སེམས་ནི་ཞུམ་པའོ། །འདིའི་སེམས་ནི་འཕེལ་བའོ། །གཞན་གྱི་སེམས་ནི་འགྲིབ་པའོ། །འདིའི་སེམས་ནི་ཁྱད་པར་དུ་འགྲོ་བའོ། །གཞན་གྱི་སེམས་ནི་ཁྱད་པར་ཏུ་འགྲོ་བ་མ་ཡིན་པའོ། །ཞེས་བྱ་བར་མི་གཟིགས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་རྒྱ་ཆེ་བ་དང་དངོས་པོ་མེད་ཅིང་ཡོད་པ་མ་ཡིན་པ་ངོ་བོ་ཉིད་མེད་པར་རབ་ཏུ་མཁྱེན་པ་ནི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་བར་ཡོངས་སུ་མཁྱེན་ནས། དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་དངོས་པོ་མེད་པར་རབ་ཏུ་མཁྱེན་ཏོ། །ཞེས་བསྟན་པ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་དྲུག་ན། ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཆེན་པོར་གྱུར་དང་། རབ་འབྱོར། དེ་ནས་འཕྲེང་ཕྱེད་དང་བདུན་ན། རབ་ཏུ་མཁྱེན་ཏོ། །ཚད་མེད་དང༌། །རབ་འབྱོར། དེ་ནས་ཡང་ཕྲེང་ཕྱེད་དང་བདུན་ན། རབ་ཏུ་མཁྱེན་ཏོ། །རྣམ་ཤེས་བསྟན་དུ་མེད་པ་དང༌། །རབ་འབྱོར། དེ་ནས་ཕྲེང་ལྔ་ལྷག་པ་ན། རབ་ཏུ་མཁྱེན་ཏོ། །སེམས་བལྟར་མེད་དང་། རབ་འབྱོར། གཞན་ཡང༌། དེ་ནས་ཕྲེང་གསུམ་ལྷག་ཙམ་ན། སྣང་བར་མི་འགྱུར་ཏེ། ཞེས་བྱ་བ་ནི་བསགས་པའི་ཕྱིར་སེམས་ཏེ་ཀུན་བཏགས་པ་ལ་བྱའོ། །དེ་ཡང་དེའི་བདག་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། མེད་པ་ཉིད་ཀྱི་ཕྱིར་ཏེ་ཁོ་ན་གཟིགས་པ་རྣམས་ཀྱི་སྤྱན་སྔར་སྣང་བར་མི་འགྱུར་རོ། །དེ་བས་ན་སེམས་ནི་བལྟར་མེད་པའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ཙམ་ན། རབ་ཏུ་མཁྱེན་ཏོ། །ཤེས་པ་དེ། །གཡོ་བ་ལ་སོགས་ཞེས་བྱ་དང༌། །རབ་འབྱོར། གཞན་ཡང༌། དེ་ནས་ཕྲེང་གཅིག་ན། སེམས་འཕྲོ་བ། རྟག་པར་ལྟ་བ་དང༌། འདུ་བ། ཆད་པར་ལྟ་བ་དང༌། བཀྲམ་པ། སྒྲོ་འདོགས་པ་དང༌། བཅུམ་པ། སྐུར་པར་འདེབས་པ། ཡང་དག་པ། དེ་ནས་ཕྲེང་ཕྱེད་དང་བཅུ་གཅིག་ན། གཟུགས་ལ་སོགས་ 4-1-171 གནས་པའོ། །ཞེས་བྱ་བ་ནི་གཟུགས་ལ་གནས་ཏེ་སེམས་ལྷག་པར་གཡོ་ཞིང་བདག་གོ་ཞེས་མངོན་པར་ཞེས་སྨྲའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཅིག་ལ་ཕྲེང་ཕྱེད་དང་གཉིས་ཙམ་ཆད་པ་ན། དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །གཞན་ལ་བསྟན་པ་ཤེས་བྱ་འདི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །རབ་འབྱོར། གཞན་ཡང༌། དེ་བཞིན་གཤེགས། དེ་ནས་ཕྲེང་གཅིག་ལྷག་པ་ན། མཚན་མ་མེད་ཅིང་བྱེད་པའམ་རྩོལ་མེད་དེ། དེ་ལྟར་མཁྱེན་ཏོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་དྲུག་གིས་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་མཁྱེན་ཏོ། །དེ་ལ་འགྱུར་བ་མེད་པ་ཞེས་བྱ་བ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ནི་མ་ནོར་བ་དེ་བཞིན་ཉིད་ཀྱི་ཕྱིར་རོ། །མཚན་མ་མེད་པ་ནི་ཡང་དག་པའི་མཐའི་ཕྱིར་རོ། །བརྩོལ་བ་མེད་པ་ནི་གསལ་བར་བྱེད་པ་མེད་པའི་ཕྱིར་རོ། །སྤྲོས་པ་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་རོ། །དམིགས་སུ་མེད་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་ཕྱེད་དང་གསུམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་གསུམ་པའོ།། །། ༈ སྟོང་ཉིད་མཚན་མ་མེད་བཅས་དང༌། །སྨོན་པ་རྣམ་པར་སྤངས་པ་དང༌། །སྐྱེ་མེད་འགག་པ་མེད་སོགས་དང༌། །དེ་ནས་སྟོང་གསུམ་སྟོང་ཆེན་པོའི་འཇིག་རྟེན། དེ་ནས་ཕྲེང་ཕྱེད་དང་བཞི་ན། བྱས་པའི་སྤྱོད་ཡུལ་དུ་གྱུར་པ་ཀུན་བཏགས་པའི་ཆོས་རྣམས་དང་བྲལ་བ་ཉིད་ལ། སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །རྟོག་པ་དང་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཀྱིས་མཚན་མ་མེད་ཅིང་ཤིན་ཏུ་ཞི་བའི་ཕྱིར། མཚན་མ་མེད་པའི་མཚན་ཉིད་དོ། །རྣམ་པར་རྟོག་པའི་སྨོན་པ་ཐམས་ཅད་ཡོངས་སུ་བཏང་བའི་ཕྱིར། ཕྱི་མ་ལ་མི་སྨོན་ཞིང་ཡང་མཚམས་མི་སྦྱོར་བ་ནི། སྨོན་པ་མེད་པའི་མཚན་ཉིད་དོ། །རྒྱུ་དང་རྐྱེན་དང་འབྲས་བུའི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་རྒྱུན་ཆད་ཅིང་སྐྱེ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་འདུས་མ་བྱས་པའི་གནས་སྐབས་ནི། སྐྱེ་བ་མེད་པའི་མཚན་ཉིད་དོ། །རྣམ་པ་བཞིས་གནས་འགྱུར་ཞིང་ཤིན་ཏུ་ཡོངས་སུ་དག་པ་ཉིད་ལ། ཉོན་མོངས་པ་མེད་པའི་མཚན་ཉིད་དོ། །སྒྱུ་མ་དང་རྨི་ལམ་མིག་ཡོར་ལ་སོགས་པ་བཞིན་དུ་ཡོངས་སུ་མ་གྲུབ་ཅིང་དངོས་པོ་མེད་པ་ལ། དངོས་པོ་མེད་པའི། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡོངས་སུ་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་དོན་དམ་པར་བརྗོད་དུ་མེད་པས་ནམ་མཁའ་བཞིན་དུ་གང་དུ་ཡང་གནས་པ་མེད་པ་ལ་མི་གནས་པའི་མཚན་ཉིད་དོ། །ཞེས་པ་རྣམས་དབུ་མ་པ་གསུངས་སོ། །ནམ་མཁའ། གཞན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མཚན་ཉིད་དོ། །དོན་དམ་པར་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་བརྗོད་དུ་མེད་པའི་མཚན་ཉིད་བསྟན་པའོ། །ཞེས་དབུ་མ་པ་གསུངས། ཆོས་ཉིད་རྣམ་ 4-1-172 པར་འཁྲུག་མེད་དང༌། །ལྷ་ཡི་བུ་དག་མི་ནུས་སོ། །ཞེས་བྱ་བ་ནི་མི་འགྱུར་བར་ཡོངས་སུ་གྲུབ་པ་དང་ཕྱིན་ཅི་མ་ལོགས་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་བསྟན་པའོ། །ཞེས་དབུ་མ་པ་གསུངས། གཞན་དུ་མི་བྱེད་དོ། །ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་རྣམ་པར་འཁྲུག་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། ཤེས་བྱ་བར་མི་བྱེད་དོ། །ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་མི་ཤེས་ཏེ། ཇི་ལྟར་ནམ་མཁའི་ནམ་མཁའ་མི་ཤེས་པ་བཞིན་ནོ། །ཞེས་དང༌། ཤེས་པར་མི་བྱེད་དོ། །ཞེས་བྱ་བ་དེ་བཞིན་ཉིད་ཀྱིས་ཀུན་བཏགས་པ་མི་ཤེས་ཏེ། ཇི་ལྟར་ནམ་མཁའི་རི་བོང་གི་རྭ་མི་ཤེས་པ་བཞིན་ནོ། །ཞེས་དང༌། མཚན་ཉིད་མེད་པ་ཤེས་པར་མ་བྱེད་དོ། །ཞེས་བྱ་བ་ནི་ཀུན་བཏགས་པས་ཀུན་བཏགས་པ་མི་ཤེས་པ་ཏེ་ཇི་ལྟར་རི་བོང་གིས་རྭས་རི་བོང་གི་རྭ་མི་ཤེས་པ་བཞིན་ནོ། །ཞེས་པ་རྣམས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན། འདུ་མི་བྱེད་དང་། ལྷའི་བུ་དག་མཚན་ཉིད་དེ་དག་ནི། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཅིག་ལྷག་པ་ན། རྣམ་མི་རྟོག །ལྷའི་བུ་དག་མཚན་ཉིད། དེ་ནས་ཕྲེང་གསུམ་ཅུང་མེད་ན། རབ་དབྱེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་ལོགས་གཅིག་ཙམ་ན། སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་ཀུན་རྫོབ་ཀྱི་མཚན་ཉིད། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ལྷག་པ་ན། མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱི་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །དེ་སྐད་ཅེས་གསོལ་པ་དང༌། ལྷའི་བུ་དག་གཟུགས་ནི། གཟུགས་གཞན་གྱིས། གཞིག་ཏུ་རུང༌། ཚོར་བ་ནི། བདེ་སྡུག་བཏང་སྙོམས། མྱོང་བའི་མཚན་ཉིད་འདུ་ཤེས་ནི། མིང་དང་མཚན་མ་ལ་སོགས་པར། འཛིན་པའི། འདུ་བྱེད་ནི། ལས་དགེ་མི་དགེ་ལུང་མ་བསྟན། མངོན་པར་འདུ། རྣམ་པར་ཤེས་པ་ནི། ཡུལ་དྲུག་སོ་སོའི། ཕུང་པོ་རྣམས་ནི། ན་པ་ལ་སོགས་ལ། སྡུག་བསྔལ། ཁམས་རྣམས་ནི། འཁོར་བའི་རྒྱུ་ཡིན་པས། གདུག་པའི་མཚན། སྐྱེ་མཆེད་རྣམས་ནི། རྣམ་ཤེས་དྲུག འབྱུང་བའི། འབྲེལ་པར་འབྱུང་བ་ནི། རྒྱུ་རྐྱེན་འདུས་པ་ལས་འབྲས་བུ་འབྱུང་བས། འདུ་འཕྲོད། ཕྱིན་པ་ནི། ཆོས་དང་ཟང་ཟིང༌། ཡོངས་སུ། ཕ་རོལ་ཏུ་ཕྱིན་པ་ནི། རང་གི་ལུས་སེམས་དང་གཞན་ལ་གནོད་པའི། གདུང་བ་མེད་པའི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། རང་གཞན་གྱི་སེམས། འཁྲུག་པ་མེད། ཕྱིན་པ་ནི། བདུད་དང་བར་དུ་གཅོད་པས། ཐུབ་པ་མེད། ཕྱིན་པ་ནི་སེམས་མཉམ་པར་བཞག་ནས་ཡང་དག་པའི་དོན་རྟོགས་ཤིང༌། ཡང་དག །བྱིན་པ་ནི། ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ནས། དངོས་པོ་གང་ལ་ཡང༌། ཆགས། བཞི་དག་ནི། དེ་དག་སེམས་མཉམ་པར་བཞག་ནས་འདོད་པ་དང༌། རྣམ་རྟོག་གི་སེམས། མི་འཁྲུགས། རྩ་བདུན་ནི་འཁོར་བ་ནས། འབྱུང་བར་བྱེད་པའི་མཚན་ཉིད་དེ་སྟོང་པ་ཉིད་ནི། གཟུང་འཛིན་གྱི་དངོས་པོ་དང་བྲལ་བས། དབེན་པའི། མཚན་མ་མེད་པ་ནི། མཚན་མ་དང་རྟོག་པ་ཐམས་ཅད། ཞི་བའི། སྨོན་པ་མེད་པ་ནི། ཆོས་གང་ལ་ཡང་མི་སྨོན་པ་མི་རྙེད་པའི། སྡུག་བསྔལ་རྣམ་པར་ཐར་པ་རྣམས་ནི། ཉོན་མོངས་པའི་ 4-1-173 འཆིང་བ་འགྲེལ་པའི། སྟོབས་རྣམས་ནི། གནས་དང་གནས་མིན་མཁྱེན་པ་སོགས་ཡེ་ཤེས་ཀྱིས། ཤིན་ཏུ་རྣམས། མི་འཇིགས་པ་རྣམས་ནི། མངོན་པར་བྱང་ཆུབ་པ་སོགས་བཞི་བསྟན་པ་ལ་བདུད་དང་མུ་སྟེགས་རྣམས་ཀྱིས་བསྒྱུར་མི་ནུས་པས། ཤིན་ཏུ་བརྟན། སོ་སོ་ཡང་དག་པར་རིག་པ་རྣམས་ནི། བདུད་དང་ཕས་རྒོལ་རྣམས་ཀྱི་ཟིལ་གྱིས་མི་ནོན་ཅིང་པར། ཡོངས་སུ་བྱམས་པ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དང༌། ཕན་པ་སྒྲུབ། སྙིང་རྗེ་ཆེན་པོ་ནི། སྡུག་བསྔལ་དང༌། ཡིད་མི་བདེ་བ་ལས། སྐྱོབ་པའི། དགའ་བ་ཆེན་པོ་ནི། སངས་རྒྱས་ཀྱི་ཆོས་རྣམས་དང་སེམས་ཅན་གྱི་ཕ་རོལ་གྱི་ཕུན་སུམ་ཚོགས་པ་ལ། རབ་ཏུ་དགའ་བའི། བཏང་སྙོམས་ཆེན་པོ་ནི། ཀུན་ལ་སྙོམས་པར་ཕྱོགས་གཅིག་ཏུ་མ་ཞེན་ཅིང༌། མ་འདྲེས་པའི། བཅོ་བརྒྱད་ནི། ཉན་རང་ལ་སོགས་པ་གཞན་ལ་མེད་ཅིང་དེ་དག་གིས། མི་འཕྲོགས། ཡེ་ཤེས་ནི། བདེན་པ་གཉིས་རྣམ་པ་ཐམས་ཅད་དུ་གསལ་བར་ཐུགས་སུ་ཆུད་པས། མངོན་སུམ། བམ་པོ་གསུམ་པ། དེ་ནི་ཉིད་ཀྱི་ཆོས་བརྟེན་ནས། །གནས་དང་གུས་པར་བྱ་བ་དང༌། །བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་། དེ་ནས་བཅོམ་ལྡན་འདས་ཀྱིས། དེ་ནས་ཕྲེང་བརྒྱད་ཙམ་ན། བྱེད་མེད་དང༌། །རབ་འབྱོར། གཞན་ཡང༌། མ་བྱས་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས། བྱ་བ་ནི་སུས་ཀྱང་མ་བྱས་པའི་ཆོས་རྣམས་མ་བྱས་པའི་བདག་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཞེས་དབུ་མ་པ་གསུངས། ལུས། ཁོག་པ། མེད་པའི་ཕྱིར། དེ་ནས་ཕྲེང་གཅིག་ལྷག་པ་ན། ཀུན་ཏུ་འཇུག་མཁྱེན་གང་ཡིན་དང༌། །རབ་འབྱོར། གཞན། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་ཙམ་ན། མ་མཐོང་སྟོན་པར་མཛད་པ་དང༌། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཕྲེང་ལྔ་ཅུང་མེད་ན། གཟུགས་མཐོང་བ་མེད་པའི་ཕྱིར་སྟོན་པའོ། །ཞེས་བྱ་བ་ནི་གང་གི་ཕྱིར་གཟུགས་ངས་མ་མཐོང་བ་དེའི་ཕྱིར་སྟོན་པའོ། །གལ་ཏེ་གཟུགས་མཐོང་བར་གྱུར་ན་ནི་རབ་རིབ་ཅན་དུ་ཡང་དག་པ་མ་ཡིན་པའི་དོན་མཐོང་བའི་ཕྱིར་སྟོན་པར་མི་འགྱུར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་དགུ་ན། གཟུགས་མཐོང་བ་མེད་པའི་ཕྱིར་སྟོན་པའོ། །ཞེས་བྱ་བ་ནི་ཇི་ལྟར་རབ་རིབ་ཅན་ལ་སྔོན་སྐྲ་ཤད་འཛིངས་པ་ལ་སོགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་འབྱུང་བ་སྟེ། ཕྱིས་མི་འབྱུང་བར་གྱུར་པ་དེ་ནི་མཐོང་བ་ཡོངས་སུ་དག་པ་ཞེས་བྱ་བར་འགྱུར་ཏེ། དེ་བཞིན་དུ་འདིར་ཡང་གཟུགས་ལ་སོགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་རྣམས་མི་འབྱུང་བའི་ཕྱིར་སྟོན་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་དགུ་ཅུང་མེད་ན། སྟོན་པའོ། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་མཛད། །རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་ཕྱེད་དང་ལྔ་ན། 4-1-174 བམ་པོ་བཞི་པ། བསམ་མི་ཁྱབ་དང་། རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་བཅུ་གསུམ་དང་ཕྲེང་ལྔ་ན། ཞི་ཉིད་སྟོན། །རབ་འབྱོར། གཞན་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་ཞི་ཞེས། དེ་ནས་ཤོག་གུ་གཉིས་དང་ཕྲེང་གཉིས་ན། འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །རབ་འབྱོར། གཞན་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ། དེ་ནས་ཤོག་གུ་གསུམ་ཅུང་མེད་ན། བམ་པོ་ལྔ་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། དེ་ལྟ་བུ་མེད་དོ། །གཉིས་པ་ཁྱད་པར་ཅན་གྱི་མཚན་ཉིད་ནི། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །བསམ་མི་ཁྱབ་དང་མི་མཉམ་དང༌། །གཞལ་དང་གྲངས་ལས་ཡང་དག་འདས། །དེ་ནས་ཤོག་གུ་ཕྱེད་དང་གཉིས་ཙམ་ན། གཟུགས་ཀྱང་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་པ་སྟེ་མི་མཉམ་པ་དང་མཉམ་པའོ། །ཞེས་བྱ་བ་ནི་གཟུགས་ནི་ཤེས་པར་བྱར་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀུན་བཏགས་པའི་གཟུགས་ནི་རི་བོང་གི་རྭ་བཞིན་དུ་མེད་པའི་ཕྱིར་ཤེས་པར་བྱར་མེད་དོ། །ཆོས་ཉིད་ཀྱི་གཟུགས་ནི་རྣམ་པར་ཤེས་པ་གང་གིས་ཀྱང་གཟུང་བར་མི་ནུས་པའི་ཕྱིར་ཤེས་པར་བྱར་མེད་དོ། །གང་གི་ཕྱིར་དེ་ལྟར་དེ་ཤེས་པར་བྱར་མེད་པ་དེའི་ཕྱིར་བསམ་གྱིས་མི་ཁྱབ་བོ། །ཞེས་བྱ་གཞལ་དུ་མེད་པ་ཞེས་བྱ་དཔག་ཏུ་མེད་པ་ཞེས་བྱ་བ་ལ་སོགས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་ལྔ་ན། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མི་དམིགས་སོ། །ཞེས་བྱ་བ་ནི། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས་གཟུངས་དུ་མེད་ཅེས་བྱ་བའི་ཐ་ཚིག་སྟེ། དེ་བས་ན་ཤེས་པར་བྱར་མེད་ཅེས་བྱ་བ་གསུངས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་ཐམ་པ་ལ་ཕྲེང་གཉིས་ཆད་པ་ན། བམ་པོ་དྲུག་པ། དེ་ནས་ཤོག་གུ་ཕྱེད་དང་བཅོ་བརྒྱད་ན། བམ་པོ་བདུན་པ། དེ་ནས་ཤོག་གུ་བཅུ་ཕྱེད་དང་བདུན་ལ་གཉིས་ཙམ་ཆད་པ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་རྩ་བཞི་པའོ།། །། ༈ འཕགས་པ་ཀུན་སྡུད། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དོན་ཆེན་པོའི་སླད་དུ་ཉེ་བར་གནས་པའོ། །ཞེས་བྱ་བ་ལ་སོགས་པ་བཤད་ཟིན་པའི་སྐབས་སླར་ཡང་གླེང་སྟེ་བསྟན་ཞེ་ན། འཁོར་བསྡུ་བའི་ཕྱིར་འདི་ཉིད་གླེངས་ནས་རྒྱ་ཆེར་སྤྲོ་བར་འདོད་པའི་ཕྱིར་ཡང་བསྟན་ཏེ་སྔར་ནི་སངས་རྒྱས་ཀྱི་སྔོན་གྱི་སྤྱོད་པ་ཕན་འདོགས་པ་ཡིན་པར་བསྟན་ཏོ། །ཞེས་བསྟན་པའོ། །ད་ནི་སངས་རྒྱས་ཀྱི་བྱ་བ་བྱེད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་ལ་ཕྲེང་དྲུག་ན། གཟུགས་ལ་ཡོངས་སུ་འཛིན་པ་མེད་པ་དང༌། མངོན་པར་ཆགས་པ་མེད་པ་ཉེ་བར་གནས་པའོ། །ཞེས་བྱ་བ་ནི་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་ 4-1-175 བས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྲིད་པས་ཡོངས་སུ་འཛིན་པ་དང༌། ལྟ་བས་མངོན་པར་ཞེན་པ་མི་འབྱུང་བ་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡོངས་སུ་འཛིན་པ་མེད་པ་དང་མངོན་པར་ཞེན་པ་མེད་པར་ཉེ་བར་གནས་པའོ། །ཞེས་བྱ་བའི་མིང་དུ་འགྱུར་ཏེ་བྱེད་པ་ཆེ་བ་ཉིད་དུ་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་གསུམ་ཙམ་ན། བམ་པོ་བརྒྱད་པ། དེ་ནས་ཤོག་གུ་ཕྱེད་དང་བཅོ་ལྔ་ན། བམ་པོ་དགུ་པ། དེ་ནས་ཤོག་གུ་དགུ་དང་ཕྲེང་དྲུག་ཙམ་ན། མཁས་པ་ཡིས། །རེག་བྱ། དེ་ནས་འདོད་པ་ན་སྤྱོད་པ་དང༌། དེ་ནས་ཕྲེང་དྲུག་ན། བཟོད་པ་ན། དེ་ནས་ཕྲེང་གསུམ་ཅུང་མེད་ན། ཐུན་མོང་མིན་ཤེས་ཉིད། །བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ། ཤེས་མྱུར། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཞི་ན། ལྷའི་བུ་དག་རིགས་ཀྱི་བུའམ། དེ་ནས་ཕྲེང་ལྔ་ལྷག་པ་ན། བྲི་དང་གང་མེད་དང༌། །དེ་ནས་འདོད་པ་ན་སྤྱོད་པ་དང༌། དེ་ནས་ཕྲེང་དྲུག་ན། འཕེལ་བར་ཡང་མི་གདའོ། །སྒྲུབ་དང་། ཞེས་ནས། དེ་ནས་ཕྲེང་བཅུ་གཉིས་ན། ཡང་དག་འགྲུབ་པ་དང༌། །གསོལ་པ། དེ་ནས་ཕྲེང་བརྒྱད་ན། བམ་པོ་བཅུ་པ། དེ་ནས་ཤོག་གུ་དགུ་ལྷག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་ལྔའོ།། །། ༈ དམིགས་པ། རབ་འབྱོར། འདི་ལྟ་སྟེ། དཔེར་ན། དེ་ནས་ཤོག་གུ་བཅུ་གསུམ་ལ་ཕྲེང་ཕྱེད་དང་གསུམ་ཆད་པ་ན། རྟེན་དང་བཅས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། བུད་མེད་དམ། དེ་ནས་ཤོག་གུ་གཅིག་ལྷག་པ་ན། བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་གཅིག་ཕྲེང་གཅིག་ལྷག་པ་ན། མཐའ་དག་པ་དང་། རབ་འབྱོར། འདི་ལྟ་སྟེ། དཔེར་ན། རྒྱ་མཚོའི། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཞི་ཅུང་མེད་ན། ཡོངས་འཛིན་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། མི་ན་ཚོད་ཀྱི་ལོ། དེ་ནས་ཤོག་གུ་བཅུ་གཅིག་ན། བམ་པོ་བཅུ་གཉིས་པ། དེ་ནས་ཤོག་གུ་གསུམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་དྲུག་གོ། །། ༈ རོ་མྱང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཤེས་བྱ་སྟེ། །གང་གི་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་ལྔ་དང་ཕྲེང་དགུ་ལྷག་ཙམ་ན། རིགས་ཀྱི་བུ། ཁྱོད་གཟུགས་ལ་འདོད་པ་མ་སྐྱེད་ཅིག །ཅེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ལྟ་བས་མཆོག་ཏུ་འཛིན་པ་དང་ཆགས་པར་སྨོན་པར་མ་བྱེད་ཅིག །ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་བཞི་ན། གསུམ་པ་བྱེད་པའི་མཚན་ཉིད་ནི། ཕན་དང་། དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་ཕྲེང་ཕྱེད་དང་བཅུ་ན། 4-1-176 བམ་པོ་བཅུ་གསུམ་པ། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། བདེ་དང་། རབ་འབྱོར། ཇི་ལྟར་ན། བྱང་ཆུབ་སེམས། དེ་ནས་ཕྲེང་གསུམ་ཙམ་ན། སྐྱོབ་པ་དང༌། །རབ་འབྱོར། ཇི་ལྟར་ན་བྱང་ཆུབ་སེམས། དེ་ནས་ཕྲེང་བཞི་ཅུང་མེད་ན། མི་རྣམས་ཀྱིས་ནི་སྐྱབས་དག་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་ལྔ་ན། གནས་དང་། རབ་འབྱོར། ཇི་ལྟར་ན་བྱང་ཆུབ་སེམས། དེ་ནས་ཕྲེང་གསུམ་ན། ཆོས་ཐམས་ཅད་འདྲེ་བ་མ་མཆིས་པ་ལགས། ཞེས་བྱ་བ་ནི་འཁོར་བའི་དུས་ན་ཀུན་བཏགས་པ་དང༌། ཡོངས་སུ་གྲུབ་པ་གཉིས་གང་གི་ཚེ་གཅིག་ཏུ་གྱུར་ཏེ། ཐ་དད་པ་མ་ཡིན་པ་གནས་པ་དེའི་ཚེ། དེ་གཉིས་ཐ་དད་པ་མེད་པར་གནས་པར་གྱུར་པ་དེའི་ཚེ་འདྲེས་པ་ཞེས་བྱའོ། །གང་གི་ཚེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པ་དང༌། བསམ་པ་དང༌། བསྒོམས་པ་ལ་སོགས་པའི་མཐུས་རིམ་གྱིས་གནས་གྱུར་པ་ན། ཡོངས་སུ་གྲུབ་པ་དང་ཀུན་བཏགས་པ་གཉིས་ཐ་དད་པར་གྱུར་ཅིང༌། ཤིན་ཏུ་རྣམ་པར་དག་པ་དྲི་མ་མེད་པའི་ངོ་བོ་ཉིད་དུ་གནས་པར་བྱུང་བ་དེའི་ཚེ། འདྲེས་པ་མེད་པ་ཞེས་བྱའོ། །འབྲེལ་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ལ་སོགས་པ་དེ་ཡང་དེ་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་གསུངས། དེ་ནས་ཤོག་གུ་བཅུ་གསུམ་དང་ཕྲེང་དགུ་ན། བམ་པོ་བཅུ་བཞི་པ། དཔུང་གཉེན། རབ་འབྱོར། ཇི་ལྟར་ན་བྱང་ཆུབ། དེ་ནས་ཕྲེང་གཉིས་ན། གཟུགས་མ་ཡིན་ནོ། །ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་གཟུགས་ཀྱི་མཚན་ཉིད་སྤངས་པའི་ཕྱིར། གཟུགས་ཀྱི་ཕ་རོལ་ཏུ་གྱུར་པ་ཡིན་ཏེ། དེ་བས་ན་གཟུགས་ཀྱི་ཕ་རོལ་ཏུ་གྱུར་པ་དེ་བཞིན་ཉིད་གང་ཡིན་པ་དེ་ཀུན་བཏགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་སོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ཙམ་ན། རབ་འབྱོར། གཟུགས་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཉིད་དོ། །ཞེས་བྱ་བ་ཐམས་ཅད་ཀྱང་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། དེ་སྐད་གསུངས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ། །ཞེས་བྱ་བ་ནི་གལ་ཏེ་གཟུགས་ཀྱི་ཕ་རོལ་ཏུ་གྱུར་པ། དེ་བཞིན་ཉིད་ལ་གཟུགས་སུ་རྣམ་པར་རྟོག་པར་གྱུར་ན་གཟུགས་ཀྱི་ཕ་རོལ་རྟོག་པས་ཆོས་ཐམས་ཅད་རྟོགས་པར་མི་འགྱུར་གྱི་གཟུགས་རྟོག་པ་ཙམ་དུ་ཟད་པར་འགྱུར་བ་ཞིག་ན་འདི་ལྟར་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱིས་བདག་ཉིད་ཡིན་པའི་ཕྱིར་གཟུགས་ཀྱི་ཕ་རོལ་ལ་གཟུགས་སུ་རྣམ་པར་རྟོག་པ་མེད་དེ། དེའི་ཕྱིར་དེ་ཙམ་རྟོགས་པས་ཆོས་ཐམས་ཅད་རྟོགས་པར་འགྲུབ་བོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བདུན་དང་ཕྲེང་ལྔ་ན། གླིང་དང་ནི། །རབ་འབྱོར། ཇི་ལྟར་ན། དེ་ནས་ཕྲེང་གསུམ་ན། ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །ཞེས་བྱ་བ་ནི་གཟུགས་ནི་སྔོན་གྱི་མཐར་དོན་དམ་པར་ནམ་ཡང་མ་བྱུང༌། ཕྱི་མའི་མཐར་ཡང་དོན་དམ་པར་ནམ་ཡང་འབྱུང་བ་མ་ཡིན་ཏེ་ 4-1-177 དུས་ཐམས་ཅད་དུ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་ན། དེ་ནི་ཡང་དག་པ་སྟེ། ཞེས་བྱ་བ་ནི་དུས་སྟོང་པ་ཉིད་ཀྱི་ཕྱིར། ཆོས་ཐམས་ཅད་ཀྱི་དམིགས་སུ་མེད་པའི་གང་ཡིན་པ་དེ་དོན་དམ་པ་སྟེ་རིགས་པའོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཕྲེང་གསུམ་ཙམ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཕྲེང་བཅུ་གཅིག་ན། ཡོངས་སུ་འདྲེན་པ་ཞེས་བྱ་བ་དང༌། །རབ་འབྱོར། ཇི་ལྟར། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དང་གཉིས་ཙམ་ན། ལྷུན་གྱིས་གྲུབ་དང་། རབ་འབྱོར། ཇི་ལྟར་ན། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཆོས་སྟོན་ཏོ། །ཞེས་བྱ་བ་ནི་དོན་དམ་པའི་གཟུགས་ནི་ནམ་མཁའ་བཞིན་དུ་གོས་པ་མེད་ཅིང་འགྱུར་བ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཞི་ཅུང་མེད་ན། དེ་ནི་མི་འགྲོ་མི་འོང་ངོ༌། །ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཞེས་བྱ་བ་ནི་གཟུགས་ཀྱི་སྟོང་པ་ཉིད་ནི་རྣམ་པར་རྟོག་པ་དང་བཅས་པའི་ཚེ་ཡང་གར་ཡང་མ་སོང་ལ་ཕྱིས་རྣམ་པར་རྟོག་པའི་ཚེ་ཡང་གང་ནས་ཀྱང་མ་འོངས་སོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་ཕྲེང་ཕྱེད་དང་གསུམ་ན། བསྣན་པ་མེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །ཞེས་བྱ་བ་ནི་ཡོད་པ་ལ་སྐུར་བ་མི་འདེབས་པའི་ཕྱིར་དབྲི་བ་མེད་པའོ། །མེད་པ་ལས་སྒྲོ་མི་འདོགས་པ་ནི་བསྣན་པ་མེད་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ཙམ་ན། བམ་པོ་བཅུ་དྲུག་པ། འབྲལ་བ་མེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཚེ་ཡང་ཀུན་བཏགས་པའི་དེ་བཞིན་ཉིད་དང༌། ལྷན་ཅིག་ཕྲད་པ་མེད་ལ་རྣམ་པར་མི་རྟོག་པའི་ཚེ་ཡང་ཕྱིས་འབྲལ་བ་མེད་པའོ། །དེ་བཞིན་དུ། འདྲེ་བ་དང་མི་འདྲེ་བ་ལ་ཡང་སྦྱོར། ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བཅུ་གཅིག་ན། སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ན། ཐེག་གསུམ་གྱིས། །འབྲས་བུ་མངོན་དུ་མི་བྱེད་དག །རབ་འབྱོར། ཆོས་ཐམས་ཅད་ནི་མི་སྐྱེ་མི་འགག །དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་དྲུག་ན། ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །རབ་འབྱོར། ཆོས་ཐམས་ཅད་ནི་གཟུགས་ཀྱི་དང༌། དེ་ནས་ཤོག་གུ་ཕྱེད་དང་ལྔ་ན། བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ནི། ཉོན་མོངས་རྟགས་དང་མཚན་མ་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་རྩ་བདུན་ནོ།། །། ༈ དེ་ནས་ཕྲེང་བཞི་ཙམ་ན། མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་འདོད་ཆགས། དེ་ནས་ཕྲེང་ལྔ་ 4-1-178 ཅུང་མེད་ན། དཀའ་དང་། གསོལ་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ལྷག་ཙམ་ན། གཟུགས་དང་འབྲེལ་བ་མ་ཡིན། ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཤིན་ཏུ་མེད་པའི་ཕྱིར། ཆོས་དེ་རྣམས་མཚན་མར་བཟུང་སྟེ། གོ་ཆ་བགོས་པ་ནི་མ་ཡིན་གྱི། མཚན་མ་མེད་པའི་གོ་ཆ་ཡིན་ནོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་ལྔ་ཙམ་ན། བམ་པོ་བཅུ་བདུན་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཞི་ཙམ་ན། ངེས་པ་དང༌། །གསོལ་པ། བཅོམ་ལྡན་འདས་ཀྱིས། དེ་ནས་ཕྲེང་ཕྱེད་དང་གསུམ་ཙམ་ན། བྱང་ཆུབ་སེམ་དཔའ་སེམས་དཔའ་ཆེན་པོས། སེམས་ཅན་འདི་སྙེད་ཅིག་མྱ་ངན་ལས་བཟླའོ། །ཞེས་བྱ་བར་ཡོངས་སུ་ངེས་པའི་ས་མཚམས་བཅད་དེ། ཆེད་དུ་བྱ་དང་། བཅོམ་ལྡན་འདས་ཀྱིས། དེ་ནས་ཕྲེང་དྲུག་ཅུང་མེད་ན། མི་དམིགས་དང༌། །གསོལ་པ། དེ་ནི་སུས་ཀྱང་སྒོམ་པར་མི་བགྱི་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའི་ཕྱིར་རོ། །ཅི་ཡང་བསྒོམ་པར་མི་བགྱི། ཞེས་བྱ་བ་ནི་སྒོམ་པའི་ཡིད་ལ་བྱེད་པ་ཡང་མི་མཐོང་བའི་ཕྱིར་རོ། །གང་དུ་ཡང་བསྒོམ་པར་མི་བགྱིའོ། །ཞེས་བྱ་བ་ནི་ཆོས་གང་ལ་ཡང་བསྒོམ་པར་བྱ་བ་མ་མཐོང་བའི་ཕྱིར་རོ། །ཞེས་པ་རྣམས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་བཅུ་གཅིག་དང་ཕྲེང་ཕྱེད་དང་གཉིས་ཙམ་ན། མངོན་པར་ཞེན་པ་བཀག་པ་དང༌། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཡོངས་སུ་བརྟག་པར་བྱའོ། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་འདི་ཕྱིར་མི་ལྡོག་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་ཕྱིར། མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟག་པར་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་ཕྱེད་དང་བཞི་ལྷག་པ་ན། བམ་པོ་བཅོ་བརྒྱད་པ། དེ་ནས་ཕྲེང་ཕྱེད་དང་བཅུ་གཅིག་ཙམ་ན། དམིགས་པ་ཞེས་བྱ་གང་ཡིན་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་བཞི་ལ་ཕྲེང་ཕྱེད་དང་གཉིས་ཆད་པ་ན། སེམས་དཔའ་ཆེན་པོ་གཟུགས་ལ་རྟོག་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་འདི་སྟོན་ཏེ་མངོན་པར་རྟོགས་པའི་ཚེ་གཟུགས་ལ་སོགས་པའི་ཆོས་རྣམས་མེད་པའི་ཕྱིར་སྣང་བར་མི་འགྱུར་རོ། །དེ་བས་ན་གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་རྣམས་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་རྣམས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མེད་ཀྱི་དེ་དག་གི་དེ་བཞིན་ཉིད་མངོན་པར་རྟོགས་པར་འགྱུར་རོ། །དེ་བཞིན་ཉིད་དེ་ཡང་ཐ་དད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་གཅིག་གོ །དེ་བས་ན་དེ་བཞིན་ཉིད་ཀྱི་ཕྱིར། གཟུགས་ལ་སོགས་པའི་ཆོས་རྣམས་ལས་བརྟགས་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གཉིས་ན། 4-1-179 གང་དུ་ཡང་མ་སོང༌། ཞེས་བྱ་བ་ལ་སོགས་པས་འདི་སྟོན་ཏེ། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བྱ་བ་དང་འགྱུར་བའི་ཆོས་སམ། འོང་བ་དང༌། འགྲོ་བ་དང༌། གནས་པ་དང༌། ལྡན་པའམ། ཕྱོགས་སམ། གྲངས་ལ་སོགས་པ་དང་ལྡན་ན་ནི་ཀུན་བཏགས་པའི་རྣམ་པར་འགྱུར་ཏེ། འོ་ན་ནི་གཟུགས་ལ་སོགས་པའི་ཆོས་རྣམས་སུ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བ་ཞིག་ན་གང་གི་ཕྱིར་དེའི་རྣམ་པ་དང་བྲལ་ཏེ་ནམ་མཁའི་ཆོས་ཅན་ཡིན་པ་དེའི་ཕྱིར་གཟུགས་ལ་སོགས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་ལྔ་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་བརྒྱད་དོ།། །། ༈ དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་གསུམ་ཙམ་ན། ཟབ་ཅིང་བལྟ་དཀའ་ལ། ཞེས་བྱ་བ་ལ་སོགས་པར་མངོན་པར་བསྔགས་ནས། དེ་བཞིན་ཉིད་དེ་དོན་ཐ་དད་པ་མེད་པར་སྨྲའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་དགུ་ལྷག་ཙམ་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་གཅིག་ལྷག་པ་ན། ཆོས་རྣམས་ཀྱི་ཟབ་པ་ཉིད་དོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན་ལ། དེ་བཞིན་ཉིད་ཀྱང་གཅིག་པའི་ཕྱིར། གཅིག་པུ་ཁོ་ན་རྒྱུ་བར་འགྱུར་གྱི་གཉིས་སུ་རྒྱུ་བར་མི་འགྱུར། ཞེས་དབུ་མ་པ་གསུངས། མི་མཐུན། ལྷའི་བུ་དག་ནམ་མཁའ་ཟབ་པའི་ཕྱིར། དེ་ནས་ཤོག་གུ་གསུམ་ལ་ཕྲེང་གཅིག་ཆད་པ་ན། མི་གཟུང་བའི་སླད་བསྟན་པ་མ་ལགས། ཞེས་བྱ་བ་འདི་ནི་གཟུགས་ཞེས་མཚན་མར་འཛིན་པ་ནི་གཟུང་བའོ། །གཟུགས་མེད་དོ། །ཞེས་རྣམ་པ་ཐམས་ཅད་དུ་སྐུར་བ་འདེབས་པ་ནི་མི་གཟུང་བའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བདུན་ཅུང་མེད་ན། ཞེས་བགྱི་བར་འཛིན་པ་ལ་སྤྱོད་དེ། འདི་ཡར་བཅད་ཀྱི་ན་པ་སྟེ་པོ་ཏི་བཅུ་གཉིས་པ་རྫོགས་སོ།། །། ༈ པ༽ སྟོང་ཕྲག་བརྒྱ་པ་ལས། གླེགས་བམ་བཅུ་གསུམ་པ། བམ་པོ་དང་པོ། དེ་ནས་ཤོག་གུ་བརྒྱད་ལ་ཕྲེང་ཕྱེད་དང་གསུམ་ཙམ་ཆད་པ་ན། ཐོགས་པ་མེད་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་ལྔ་ལྷག་པ་ན། གཟུགས་ལ་ཐོགས་པ་མ་མཆིས་སོ། །ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་དང་རྗེས་སུ་མཐུན་པ་ཉིད་རྣམ་པར་འབྱེད་དེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་སྒྲོ་འདོགས་པ་དང༌། སྐུར་བ་འདེབས་པའི་མཐའ་མེད་པའི་ཕྱིར་ཐོགས་པ་མེད་དེ་འདི་ལྟར་ཀུན་བཏགས་པའི་གཟུགས་ནི་ཡོད་པ་མ་ཡིན་པའི་ཕྱིར་སྒྲོ་འདོགས་པའི་མཐའ་མེད་དོ། །ཆོས་ཉིད་ཀྱི་གཟུགས་ནི་ཡོད་པའི་ཕྱིར་སྐུར་བ་འདེབས་པ་མེད་དེ། དེ་བས་ན་གཟུགས་དང་རྗེས་སུ་མཐུན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཅིག་ཙམ་ཆད་པ་ན། དེ། །གཞི་མེད། ཆོས་འདི་ནི་གཟུགས་ཀྱི་རྟེན་མི་དམིགས་པ་དང༌། དེ་ནས་ཤོག་གུ་གཅིག་ལ་ཕྲེང་ཕྱེད་དང་གཉིས་ཙམ་ 4-1-180 ཆད་པ་ན། འགྲོ་མེད། དེ་ནས་འདོད་པ་ན་སྤྱོད་པ་དང༌། དེ་ནས་ཤོག་ལོགས་གཅིག་ཙམ་ན། དེ་བཞིན་ཉིད་མ་ཡིན་ནོ། །ཞེས་བྱ་བ་ནི་གོང་དུ་དེ་བཞིན་ཉིད་ཀྱི་རང་བཞིན་བཤད་པ་ལ་ཁ་ཅིག་དེ་ལྟ་བུའི་དེ་བཞིན་ཉིད་དངོས་པོའི་རང་བཞིན་དུ་ཡོད་པར་རྟོག་པ་བསལ་བའི་ཕྱིར་དེ་ཡང་དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་གཅིག་ལྷག་པ་ན། རྣམ་པར་རྟོག་པ་མེད་པ། ཞེས་བྱ་བ་ལས་འགྱུར་བ་མེད་ཅེས་བྱ་བ་འདིས་ནི་མི་འགྱུར་བའི་ཡོངས་སུ་གྲུབ་པར་སྟོན་ཏོ། །རྣམ་པར་རྟོག་པ་མེད་ཅེས་བྱ་བ་ནི་འདིས་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པ་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཡང་ཕྲེང་གཅིག་ལྷག་པ་ན། ཐོགས་པ་མེད་དེ། ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཁྱབ་པས་གང་ན་ཡང་མེད་པ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་དྲུག་ཙམ་ན། དེ་དུས་ནམ་ཡང༌། དེ་ནས་ཕྲེང་གཅིག་ན། མེད་པ་སྟེ། སྐྱོ་བ་མེད་པའི་མཚན་ཉིད་མེད་པའི་ཕྱིར། གང་གི་ཡང་རྗེས་སུ་སྐྱེས་པ་མེད་པ་ཞེས་ཀྱང་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ལྔ་ཙམ་ན། བམ་པོ་གཉིས་པ། དེ་ནས་ཤོག་གུ་བཅུ་གཉིས་དང༌། ཕྲེང་གཉིས་ཙམ་ན། སྐྱེ་མེད་དང༌། །དེ་ནས་གནས་བརྟན། དེ་ནས་ཕྲེང་གཅིག་ལྷག་པ་ན། གཟུགས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཞེས་བྱ་བ་ནི་གཟུགས་མེད་པའི་ཕྱིར་དང༌། སྐྱེ་བར་འགྱུར་བར་གནས་བརྟན་ཡང་དངོས་པོ་མེད་པའི་ཕྱིར། གཟུགས་ཀྱི་རྗེས་སུ་སྐྱེ་བའམ། གཟུགས་ལས་གཞན་པ་གང་དུ་ཡང་སྐྱེ་བར་མི་རིགས་སོ། །དེ་བཞིན་ཉིད་ཀྱང་སྐྱེ་བ་དང༌། འབྲལ་བ་མེད་པས། དེ་བཞིན་ཉིད་ཀྱི་རྗེས་སུ་སྐྱེ་བའམ། དེ་བཞིན་ཉིད་ལས་གཞན་པ་གང་དུ་ཡང་སྐྱེ་བར་མི་རིགས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཅིག་ཙམ་ཆད་པ་ན། བམ་པོ་གསུམ་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དང་གསུམ་ཙམ་ན། མི་དམིགས་སོ། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །དེ་ནས་ཕྲེང་གཅིག་ཙམ་ན། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་པའི་དངོས་པོ་ནི་མ་ནོར་བ་དེ་བཞིན་ཉིད་དོ། །མ་ནོར་བའི་དེ་བཞིན་དངོས་པོ་ནི་མ་ནོར་བའི་དེ་བཞིན་ཉིད་དོ། །གཞན་མ་ཡིན་པའི་དངོས་པོ་ནི་གཞན་མ་ཡིན་པའི་དེ་བཞིན་ཉིད་དོ། །ཆོས་རྣམས་ཀྱི་བརྗོད་དུ་མེད་པའི་མཚན་ཉིད་ཡོངས་སུ་གྲུབ་པ་དོན་དམ་པའི་དབྱིངས་གང་ཡིན་པ་དེ་ནི་དུས་ཐམས་ཅད་དུ་དེ་བཞིན་དུ་འགྱུར་ཞིང་ནོར་པར་མི་འགྱུར། གཞན་དུ་མི་འགྱུར་བའི་ཕྱིར། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། མི་འཇིགས་པར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང༌། མི་འགྱུར་བར་ཡོངས་སུ་གྲུབ་པའོ། །དེ་ལ་མི་འཇིགས་པ་ཡོངས་ 4-1-181 སུ་གྲུབ་པའི་ཕྱིར་དེ་བཞིན་ཉིད་དོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ཕྱིར་མ་ནོར་བ་དེ་བཞིན་ཉིད་དོ། །མི་འགྱུར་བར་ཡོངས་སུ་གྲུབ་པའི་ཕྱིར་གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །ཞེས་དང༌། ཆོས་ཀྱི་གནས་ཉིད་དང་ཞེས་བྱ་བའི་ཚིག་གསུམ་གྱིས་མཚན་ཉིད་རྣམ་པ་གསུམ་སྟེ། ཆོས་ཀྱི་མཚན་ཉིད་དང༌། འབྱུང་གནས་ཀྱི་མཚན་ཉིད་དང༌། གནས་པའི་མཚན་ཉིད་དོ། །ཆོས་ཀྱི་དངོས་པོ་ནི་མཚན་ཉིད་དེ་ཀུན་བཏགས་པ་དང་རྣམ་པར་བཏགས་པའི་ཆོས་ཉིད་ལས་གཞན་དུ་གྱུར་པ་ན་དེ་དང་མི་འདྲ་བར་བརྗོད་དུ་མེད་པར་ཆོས་ཀྱི་དངོས་པོར་གནས་པ་གང་ཡིན་པ་དེ་གནས་པའི་ཕྱིར་ཆོས་ཉིད་ཀྱི་སྒྲར་བརྗོད་དོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི། འབྱུང་གནས་ཀྱི་མཚན་ཉིད་གསུངས་པ་སྟེ། ཆོས་ནི་སྟོབས་བཅུ་དང༌། མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་སོ། །དབྱིངས་ཀྱི་སྒྲ་ནི་རྒྱུའི་དོན་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་འབྱུང་གནས་ཡིན་པའི་ཕྱིར། ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། ཆོས་ཀྱི་སྐུ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་གནས་ཉིད་ཅེས་བྱ་བ་ནི་གནས་པའི་མཚན་ཉིད་གསུངས་པ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་ཉིད་དང་ཆོས་གནས་པ་ཉིད་འདི་ནི་འདུག་པ་ཉིད་དོ། །ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དོན་དམ་པ་བརྗོད་དུ་མེད་པས་ཡོངས་སུ་གྲུབ་པའི་ཆོས་ནི་སྔོན་དྲི་མ་དང་བཅས་པའི་གནས་སྐབས་དང༌། ཕྱིས་དྲི་མ་མེད་པའི་གནས་སྐབས་ན་ཡང་དུས་ཐམས་ཅད་དུ་ཡོད་པ་ནི་ཆོས་གནས་པ་ཉིད་དོ། །ཞེས་དང༌། ཡང་དག་པའི་མཐའ་ནི་ཟབ་པ་སྟེ། ཞེས་བྱ་བ་ཚིག་གསུམ་ངེས་པའི་མཚན་ཉིད་གསུངས་ཏེ། དེ་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་བ་ལ་ཆོས་ནི་འདིར་ལོག་པའི་ཆོས་ལས་བཟློག་པ་ཡང་དག་པ་ཉིད་ཀྱི་ཆོས་ཏེ། དེ་དག་ལ་ངེས་པ་ཉིད་དང་གཅིག་ཏུ་ཆད་པ་ཉིད་ནི་སྐྱོན་པ་མེད་པ་ཉིད་དེ། ས་རབ་ཏུ་དགའ་བའི་ཡེ་ཤེས་ཀྱིས་དང་པོ་ཉིད་དུ་དེ་བཞིན་ཉིད་དེ་རབ་ཏུ་རྟོགས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་བྱེད་པ་ཡང་དག་པ་ཉིད་ཀྱི་ཆོས་རྣམས་ཀྱི་ངེས་པའི་རྒྱུ་ཡིན་པའི་ཕྱིར། ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་སྟེ། འདི་ལྟར་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ན་སྐྱོན་ཞེས་བྱ་བ་ནི་ཆོས་ལ་སྲེད་པ་སྟེ། སྐྱོན་གྱི་དངོས་པོ་མེད་པ་ནི་སྐྱོན་མེད་པ་ཉིད་དོ། །སྔར་ཇི་སྐད་དུ་བསྟན་པ་ལྟ་བུའོ། །ཆོས་རྣམས་ལ་ཆོས་སྐྱོན་མེད་པ་ཉིད་ནི་ཆོས་སྐྱོན་པ་ཉིད་དེ་ཆོས་གང་རབ་ཏུ་རྟོགས་པས་སྐྱོན་གྱི་ཆོས་རྣམས་རྒྱུན་བཅད་པ་དེ་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་ཡང་དག་པའི་ཁོ་ན་ཉིད་ཀྱི་དོན་གྱི་མཐའ་སྟེ། མཐར་ཕྱིན་པ་ཡང་དག་པའི་མཐའ་ཤིན་ཏུ་ངེས་པའི་དེ་ཁོ་ན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་དེ་འཇིག་རྟེན་པའི་རྟོག་པ་ཐམས་ཅད་ཀྱི་རྗེས་སུ་དཔག་པའི་སྤྱོད་ཡུལ་མ་ཡིན་པས་ 4-1-182 ཤིན་ཏུ་ངེས་པ་སོ་སོ་རང་རིག་པ་དོན་དམ་པ་ལ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱའོ། །ཡང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྐུའི་དབང་གིས་ཆོ་འཕྲུལ་དང༌། ངོ་མཚར་རྣམས་འཇིག་རྟེན་དུ་འབྱུང་བའོ། །ཞེས་པ་རྣམས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། འདིར་ཉི་ཁྲི་དང་གཞུང་འདི་ལ་ཡོངས་གྲུབ་དགུ་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་མ་བྱུང་ཡང༌། ཁྲི་བརྒྱད་སྟོང་པར་བྱུང་བས་དེའི་ཕྱིར་སློབ་དཔོན་དབུ་མ་པས་བཤད་པ་མཛད་པ་ཡིན་ནོ། །གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་མེད་པའི་ཕྱིར་མི་དམིགས་སོ། །དེ་བཞིན་ཉིད་མི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པ་ཉིད་དུ་གྱུར་པའི་གནས་སྐབས་ན་བཟུང་བ་དང་འཛིན་པའི་དངོས་པོ་མེད་པས་དམིགས་སོ། །ཡང་དྲི་མ་དང་བཅས་པའི་གནས་སྐབས་ཉིད་ལ་གཟུགས་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་སྒྲར་བརྗོད་པའི་ཕྱིར། དེ་སྐད་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་བཅུ་དྲུག་ན། བམ་པོ་བཞི་པ། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཅིག་ཆད་པ་ན། སངས་རྒྱས་ཀྱི་སར་ལྷུང་ངོ༌། །དེ་རྣམས་ཀྱིས་ནི། མཚ༷ན་ཉི༷ད་བཅ༷ས། །ཞེས་པ་དོན་ལྔ་པ་གསུངས་ཟིན། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །སངས་རྒྱས་སོགས་དམིགས་དད་པ་དང༌། །ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་འདས་པ་དང༌། དེ་ནས་ཕྲེང་དགུ་ན། སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བརྒྱད་ན། བསམ་པ་ཕུན་ཚོགས་དྲན་པ་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གཉིས་ཙམ་ན། མ་མཆིས་སོ། །རྣམ་པར་མི་རྟོག་ཏིང་འཛིན་དང༌། །དེ་ཅིའི་སླད་དུ་ཞེ་ན། ཉེ་བར་བཟུང་སྟེ། ཞེས་བྱ་བ་ནི་ས་དང་པོ་ནས་ཉེ་བར་བཟུང་སྟེ། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ཙམ་ན། ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ། དེ་ནས་འདོད་པ་ན་སྤྱོད་པ་དང༌། དེ་ནས་ཕྲེང་བཞི་ཅུང་མེད་ན་མི་དམིགས་སོ། །ཞེས་བྱ་བ་ནི་ངས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བསྡུས་པ་ཀུན་རྫོབ་ཀྱིས་ཤེས་པས་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཤེས་ཀྱི་དོན་དམ་པའི་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་ནས་རྨི་ལམ་ན་མཐོང་བའི་དོན་བཞིན་དུ་ཤེས་པར་བྱ་བའི་ཆོས་གང་ཡང་མ་མཐོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ལྷའི་བུ་དག་ཆོས་ཐམས་ཅད། དངོས་པོས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །དེ་ནས་ཤོག་གུ་ 4-1-183 གཅིག་དང་ཕྲེང་གསུམ་ལྷག་ཙམ་ན། འཚང་རྒྱ་བར་སླའོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་མེད་པའི་ཕྱིར་དངོས་པོ་མེད་པ་ལ་དངོས་པོ་མེད་པར་རྟོགས་པར་བྱ་བ་ནི་མི་དཀའི་ཡོད་པའི་ཆོས་རྣམས་ཀྱི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་རྟོགས་པར་བྱ་བ་ནི་དཀའོ། །མེད་པ་ལ་དངོས་པོ་མེད་པ་ཙམ་དུ་ཤེས་པར་བྱ་ཞིང་སྒྲུབ་པ་ནི་མི་དཀའ་སྟེ། འདི་ལྟར་ཆོས་རྣམས་ཡོད་ན་ནི་དཀར་པོའི་ཆོས་རྣམས་འཕེལ་བར་བྱ་བ་དང༌། ནག་པོའི་ཆོས་རྣམས་སྤང་བར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་སྤྱོད་པ་བསྒྲུབ་དགོས་པར་འགྱུར་ནས། གང་གི་ཕྱིར་ཆོས་འདི་རྣམས་མེད་པ་དེའི་ཕྱིར་སྒྲུབ་པ་དང་མི་དཀའོ། །དེ་བས་ན་མངོན་པར་རྫོགས་པར་འཚང་རྒྱ་བར་མི་དཀའོ། །ཞེས་བྱ་བ་གསུངས་སོ། །གནས་བརྟན་ཤཱ་རིའི་བུས་མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བར་གསུངས་པའི་ཕྱིར་དགོངས་པ་ནི་འདི་ཡིན་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ནམ་མཁའ་ལྟ་བུར་དངོས་པོ་མེད་པར་རིག་ནས་གལ་ཏེ་མི་སྨྲ་བར་འདུག་ན། དེ་ལྟ་ན་ནི་དཀའ་བ་མ་ཡིན་པར་འགྱུར་ན་འདི་ལྟར་ཡང་དག་པར་ན་ཆོས་ཐམས་ཅད་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་མེད་པར་ཡང་རིག་པར་བྱས་ལ། དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྣམས་ལ་ཡང་སྦྱོར་ཞིང༌། ཆོས་ཐམས་ཅད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ན། དེ་ལྟ་བུ་ནི་དཀའོ། །ཞེས་བྱ་བར་དགོངས་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་ཙམ་ན། རྟུལ་པོས་རྟོགས་དཀར་བཞེད། །གལ་ཏེ་བྱང་ཆུབ་སེམས་དཔའ། དེ་ནས་ཤོག་གུ་བཞི་དང་ཕྲེང་གསུམ་ཙམ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་གསུམ་ཙམ་ན། བམ་པོ་དྲུག་པ། དེ་ནས་ཤོག་གུ་བདུན་ལ་ཕྲེང་གཉིས་ཙམ་ཆད་པ་ན། སེམས་དཔའ་ཆེན་པོ་དེ་འབྱུང་བར་འགྱུར་རོ། །དེ་རྣམས་ཀྱིས་ནི། ཐ༷ར་ད༷ང་། ཞེས་པ་དོན་དྲུག་པ་གསུངས་ཟིན་ཏོ། ། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཕྲེང་ཕྱེད་དང་དགུ་ཅུང་མེད་ན། བདག་ཉིད་སྡིག་པ་ལས་ལྡོག་ཅིང༌། །སྦྱིན་ལ་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་གྱུར། བདག་གིས་ཀྱང་སྲོག་གཅོད་པ་སྤང་བར་བྱ། དེ་ནས་ཤོག་གུ་དྲུག་དང་ཕྲེང་བརྒྱད་ལྷག་པ་ན། དེ་བཞིན་བཟོད་པ་ནི། །རང་གཞན་རྟེན་ཅན་བདེན་ཤེས་པ། །བདག་གིས་ཀྱང་སྡུག་བསྔལ་ཡོངས་སུ། དེ་ནས་ཤོག་གུ་གཅིག་ཅུང་མེད་ན། བམ་པོ་བདུན་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །བདག་གིས་ཀྱང་སེམས་ཅན་རྣམས། དེ་ནས་ཤོག་གུ་ཕྱེད་དང་བརྒྱད་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་རྩ་དགུའོ།། །། 4-1-184 ༈ དེ་རྣམས་ཀྱིས་ནི། ངེ༷ས་འབྱེ༷ད་ཆ༷་མཐུ༷ན་ད༷ང༌། །ཞེས་པ་དོན་བདུན་པ་གསུངས་ཟིན་ཏོ། ། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་ཕྲེང་དྲུག་ལྷག་ཙམ་ན། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུ་བརྗོད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །གཟུགས་ལ་སོགས་ལས་བཟློག་པ་དང༌། །གསོལ་པ། བཅོམ་ལྡན་འདས། རྣམ་པ་གང་དང༌། དེ་ནས་ཤོག་གུ་ལྔ་དང་ཕྲེང་ལྔ་ལྷག་ཙམ་ན། ཐེ་ཚོམ། རབ་འབྱོར། གཞན། དེ་ནས་ཕྲེང་ཕྱེད་དང་བཞི་ཅུང་མེད་ན། མི་དལ་ཟད་པ་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཞི་ཅུང་མེད་ན། བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་འགོད་པ་དང༌། །རབ་འབྱོར། དེ་ནས་ཤོག་གུ་གཅིག་ན། གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །རབ་འབྱོར། གཞན་ཡང༌། དེ་ནས་ཕྲེང་ཕྱེད་དང་དགུ་ཙམ་ན། བམ་པོ་བརྒྱད་པ། ཟབ་མོའི་དོན་ལའང་སོམ་ཉི་མེད། །རབ་འབྱོར། གཞན། དེ་ནས་ཕྲེང་བཅུ་གཅིག་ལྷག་པ་ན། བྱམས་ལུས་སོགས་དང་། རབ་འབྱོར། གཞན། དེ་ནས་ཕྲེང་ཕྱེད་དང་གཉིས་ན། སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། །རབ་འབྱོར། གཞན། དེ་ནས་ཕྲེང་གཉིས་ཅུང་མེད་ན། བག་ལ་ཉལ་ཀུན་འཇོམས་པ་དང༌། །རབ་འབྱོར། གཞན། དེ་ནས་ཕྲེང་གཅིག་ལྷག་པ་ན། དྲན་པ་དང་ནི་ཤེས་བཞིན་དང༌། །རབ་འབྱོར། གཞན་ཡང༌། དེ་ནས་ཕྲེང་གསུམ་ལྷག་པ་ན། གོས་ལ་སོགས་པ་གཙང་བ་དང༌། །རབ་འབྱོར། དེ་ནས་ཕྲེང་གཉིས་ལྷག་པ་ན། ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །རབ་འབྱོར། གཞན་ཡང༌། མི་འགྱུར། དེ་ནས་ཕྲེང་ཕྱེད་དང་ལྔ་ན། གྱ་གྱུ་མེད་སེམས། དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་ཕྲེང་ཕྱེད་དང་དྲུག་ན། སྦྱངས་པ་ནི། །ལེན་དང་། རབ་འབྱོར། གཞན། དེ་ནས་ཕྲེང་ཕྱེད་དང་བཞི་ན། སེར་སྣ་མེད་སོགས་དང༌། །རབ་འབྱོར། གཞན། དེ་ནས་ཕྲེང་གཉིས་ལྷག་པ་ན། ཆོས་ཉིད་ལྡན་པར་འགྲོ་ཉིད་དང༌། །རབ་འབྱོར། གཞན། དེ་ནས་ཕྲེང་གསུམ་ལྷག་པ་ན། སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །རབ་འབྱོར། དེ་ལ་གལ་ཏེ། དེ་ནས་ཕྲེང་དགུ་ཅུང་མེད་ན། གཞན་གྱིས་བཀྲི་བར་མི་བཏུབ་དང༌། །རབ་འབྱོར། གཞན་ཡང༌། གལ་ཏེ། དེ་ནས་ཤོག་གུ་ཕྱེད་དང་བདུན་ལ་ཕྲེང་ཕྱེད་ཆད་པ་ན། ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །རབ་འབྱོར། གཞན་ཡང༌། བྱང་ཆུབ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ཅུང་མེད་ན། སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ཅུང་མེད་ན། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་ 4-1-185 པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཞི་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུའོ།། །། ༈ བམ་པོ་དགུ་པ། སེམས་བརྟན། རབ་འབྱོར་གཞན། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ལྷག་ཆད་པ་ན། ཐེག་པ་དམན་དག་ལས། །རྣམ་ལོག །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་ལོགས་གཅིག་ན། བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །རབ་འབྱོར། གཞན་ཡང༌། དེ་ནས་ཕྲེང་བཅུ་གཉིས་ལྷག་པ་ན། ལུས་སེམས་ཡང་བ་ཉིད་དང་ནི། །རབ་འབྱོར། གཞན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་ལྔ་ན། འདོད་ལ་སྤྱོད་པ་ཐབས་མཁས་དང༌། །རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ལྷག་ཙམ་ཆད་པ་ན། རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །རབ་འབྱོར། ཕྱིར་མི་ལྡོག །དེ་ནས་ཕྲེང་ཕྱེད་དང་དགུ་ན། འཚོ་བ་རྣམ་པར་དག་ཉིད་དང༌། །བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་ཕྱེད་དང་བཅུ་ཙམ་ན། ཕུང་སོགས། རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་ལོགས་གཅིག་ཙམ་ན། བར་ཆད་བྱེད་རྣམས་དང༌། །དེ་རྐུན་པོའི་གཏམ། དེ་ནས་ཕྲེང་གཅིག་ན། ཚོགས་དང་། དེ་ཡུལ་གྱི། དེ་ནས་ཕྲེང་གཅིག་ཙམ་ན། དབང་སོགས་བཅས་པ་ཡི། །གཡུལ་འགྱེད། དམག་གི་གཏམ། དེ་ནས་ཕྲེང་བརྒྱད་ལྷག་པ་ན། སེར་སྣ་ལ་སོགས་པ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང༌། །དེ་སྦྱིན་པའི་ཕ་རོལ། དེ་ནས་ཕྲེང་བཅུ་གཅིག་ལྷག་པ་ན། ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རབ་འབྱོར། གཞན། དེ་ནས་ཤོག་གུ་གཉིས་ལྷག་ཙམ་ཆད་པ་ན། རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང༌། །རབ་འབྱོར། བྱང་ཆུབ། དེ་ནས་ཕྲེང་བཅུ་ཙམ་ན། ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་པའི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །རབ་འབྱོར། གལ་ཏེ་བདུད་སྡིག་ཏོ། །དེ་ནས་ཤོག་གུ་ཕྱེད་དང་གཉིས་དང་ཕྲེང་ཕྱེད་ཙམ་ན། ཆབ་མི་འཚལ། དེ་ཆུད་མི་ཟ་བ་ལགས། དེ་ནས་ཤོག་ལོགས་གཅིག་ན། ཚུལ་གྱིས་ལེའུ་སྟེ། བཞི་བཅུ་གཅིག་གོ། །། བམ་པོ་བཅུ་པ། དེ་ནས་ཕྲེང་ཕྱེད་དང་བདུན་ཙམ་ན། སྒོམ་པའི་ལམ་ནི་ཟབ་པ་སྟེ། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཕྲེང་བཅུ་གཅིག་ཅུང་མེད་ན། ཟབ་མོ་སྟོང་པ་ཉིད་ལ་སོགས། །བཅོམ་ལྡན་འདས་ཀྱིས། དེ་ནས་ཕྲེང་བཅུ་གཅིག་ལྷག་པ་ན། བྱ་བ་འདི་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས། སྟོང་པའི་གཞི་མ་ནོར་བ་དེ་བཞིན་ཉིད་ཀྱི། དེ་བཞིན་དུ། འདི་ནི་མཚན་མ་མེད་པའི། གཞི་དང༌། དེ་ནས་ཕྲེང་གཅིག་ཙམ་ན། གང༌། གཟོད་ནས་ངོ་བོ་ཉིད་ཀྱིས། མྱ་ངན་ལས་འདས། དེ་ནས་ཕྲེང་གཅིག་ལྷག་པ་ན། རང་བཞིན་གཉུག་མ་གཤིས་ལུགས་ལ་བཞུགས་པ་ནི་དོན་དམ་གྱི། ཆོས་ཐམས་ཅད་ནི། རབ་འབྱོར་ཡོངས་གྲུབ་ཀྱི། གཟུགས་ཀྱང་ 4-1-186 ཟབ་བོ། །ཞེས་བྱ་བ་ནི་འདིར་གཟུགས་ཀྱི་དེ་བཞིན་ཉིད་ལ་གཟུགས་ཀྱི་ཚིག་ཏུ་བརྗོད་དོ། །ཞེས་དབུ་མ་པ་གསུངས། དེ་བཞིན་དུ་སྦྱར་ཏེ། རབ་འབྱོར། ཆོས་ཀྱི། མིག་ཀྱང༌། ཟབ་བོ། །རབ་འབྱོར། དོན་དམ་གྱི། གཟུགས་ཀྱང་ཟབ་བོ། །རབ་འབྱོར། ཆོས་ཉིད་ཀྱི་མིག་གི་རྣམ་པར་ཤེས་པ། དེ་ནས་ཕྲེང་གཅིག་ལྷག་པ་ན། རབ་འབྱོར། མྱང་འདས་ཆེན་པོ་ནི། མིག་གི་འདུས། དེ་ནས་ཕྲེང་གཅིག་ལྷག་པ་ན། རབ་འབྱོར། དོན་དམ་གྱི། མིག་གི་འདུས། དེ་ནས་ཕྲེང་གཉིས་ཙམ་ན། རབ་འབྱོར། ཆོས་ཉིད་ཀྱི། སའི་ཁམས། དེ་ནས་ཕྲེང་གཅིག་ལྷག་པ་ན། རབ་འབྱོར། འགོག་བདེན་གྱི། མ་རིག་པ་ཡང༌། དེ་ནས་ཕྲེང་གཉིས་ན། རབ་འབྱོར། ཆོས་སྐུའི། སྦྱིན་པའི་ཕ་རོལ། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། རབ་འབྱོར། དེ་བཞིན་ཉིད་ཀྱི། ནང་སྟོང་པ་ཉིད། དེ་ནས་ཕྲེང་བཞི་ལྷག་པ་ན། རབ་འབྱོར། ཆོས་ཉིད་ཀྱི། དྲན་པ་ཉེ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། རབ་འབྱོར། ཡང་དག་མཐའ། འཕགས་པའི་བདེན་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། རབ་འབྱོར། ཆོས་སྐུའི། དེ་བཞིན་གཤེགས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། རབ་འབྱོར། རབ་འབྱོར་དེ་བཞིན་ཉིད་ཀྱི། རྒྱུན་དུ་ཞུགས། དེ་ནས་ཤོག་གུ་གཉིས། ཕྱེད་དང་གཉིས་ཅུང་མེད་ན། གཟུགས་ཀྱི་དེ་བཞིན་ཉིད། ཟབ་པ། ཇི་ལྟ་བ་དེ་བཞིན་དུ། དེ་བཞིན་ཉིད་ཀྱི། གཟུགས། རྣམ་པར་སྣང་མཛད་མེ་ལོང་ཡེ་ཤེས། ཟབ་བོ། །ཞེས་བྱ་བས་དེ་བཞིན་ཉིད་ཁོ་ན་ཡིན་པར་བསྟན་ཏེ། རྣམ་པ་གང་གིས་དེ་བཞིན་ཉིད་ཟབ་པའི་རྣམ་པ་དེས་གཟུགས་ཟབ་བོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་བཞིན་དུ། ཚོར་བ། རིན་ཆེན་འབྱུང་ལྡན་མཉམ་ཉིད་ཡེ་ཤེས། ཟབ་བོ། །འདུ་ཤེས་སྣང་བ་མཐའ་ཡས་སོར་རྟོགས་ཡེ་ཤེས། ཟབ་བོ། །འདུ་བྱེད་དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་ཟབ་བོ། །རྣམ་པར་ཤེས་པ། མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས། ཟབ་བོ། །མིག་གི །དེ་བཞིན་ཉིད། ཟབ་པ། ཇི་ལྟ་བ། དེ་བཞིན་དུ། དེ་བཞིན་ཉིད་ཀྱི། མིག་ཟབ་བོ། །དེ་བཞིན་དུ། སྦྱར་ཏེ། དེ་ནས་ཤོག་གུ་གསུམ་ཅུང་མེད་ན། ཟབ་པ་དེ་ནི་སྒྲོ་འདོགས་དང༌། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །གསོལ་པ། བཅོམ་ལྡན་འདས། གཟུགས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། ཞེས། ཞུ་བ་ལ་ཅི་ལས་དགོངས་ཞེ་ན། དེ་བཞིན་ཉིད་ཅེས་བྱ་བ་ནི་རྣམ་པ་སྟེ། གཟུགས་མེད་པའི་མཚན་ཉིད་དམ། གཟུགས་ལ་སོགས་པ་ལ་རག་ལུས་པ་ཡང་མ་ཡིན་ན། གཟུགས་ཀྱི་དེ་བཞིན་ཉིད་དང༌། ཚོར་བའི་དེ་བཞིན་ཞེས་གཟུགས་ལ་སོགས་པའི་ཚིག་ཏུ་ཇི་ལྟར་བརྗོད། ཞེས་ཞུས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གསུམ་དང་ཕྲེང་ཕྱེད་ཙམ་ན། རབ་འབྱོར། གཟུགས་ཀྱི་དེ་བཞིན་ཉིད་དེ་ལ་ཀུན་རྫོབ་ཀྱི། གཟུགས་ཀྱང༌། དབྱེར་མེད་དུ། མེད། དོན་དམ་གྱི། གཟུགས་ལས། དེ་ལྟ་བུའོ། །ཞེས་བྱ་བ་ནི་ཀུན་བཏགས་པ་སྤངས་ཏེ། ཀུན་བཏགས་པ་ལས་ཐ་དད་པར་གྱུར་པ་དེ་བཞིན་ཉིད་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་དང་བྲལ་བ་སྟེ། གཟུགས་ལ་སོགས་པའི་སྒྲར་བརྗོད་དུ་མི་རུང་ངོ༌། །གང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀུན་བཏགས་པའི་གཟུགས་ལ་ 4-1-187 སོགས་པ་དང༌། དེ་བཞིན་ཉིད་དང་གཞན་དུ་བརྗོད་དུ་མི་རུང་བ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་དེའི་གནས་སྐབས་ཉེ་བར་མཚོན་པའི་ཕྱིར། གཟུགས་ལ་སོགས་པའི་སྒྲ་ལ་སྒྲོ་བཏགས་ཏེ་ཐ་སྙད་དུ་བྱས་སོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། ཚོར་བའི་དེ་བཞིན་ཉིད། དེ་ནས་ཤོག་གུ་བདུན་ལ་ཕྲེང་གཉིས་ཙམ་ཆད་པ་ན། བམ་པོ་བཅུ་གཅིག་པ། མྱ་ངན་ལས་འདས་པ་ཡང་བསྟན། ཞེས་བྱ་བ་ནི་གཟུགས་ཟ་བ་པོ། །ཞེས་བྱ་བ་དེས་ཀུན་བཏགས་པའི་གཟུགས་ལས་ནི་བཟློག་ཆོས་ཉིད་ཀྱི་གཟུགས་མྱ་ངན་ལས་འདས་པ་ནི་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཞེས་ཐེག་ཆེན་གྱི་མདོ་རྒྱུད་ཟབ་མོ་ཤིན་ཏུ་མང་པོ་དང༌། མཐུན་ལ་སེམས་འགྲེལ་སྐོར་གསུམ་ལ་སོགས་པ་རྫོགས་ལྡན་གྱི་ཆོས་རྣམས་དང་མཐུན་པའོ། །ཀུན་རྫོབ་ཀྱི། ཚོར་བ། དོན་དམ་གྱི། མྱ་ངན། ཀུན་བཏགས་ཀྱི། འདུ་ཤེས། ཡོངས་གྲུབ་ཀྱི། མྱ་ངན། དེ་བཞིན་དུ་སྦྱར་ཏེ། འདུ་བྱེད་ལས་ཀྱང་བཟློག །དེ་ནས་ཤོག་གུ་ཕྱེད་དང་གསུམ་ལས་ཕྲེང་གཅིག་ཆད་པ་ན། མྱ་ངན་ལས་འདས་པ་ཡང་བསྟན་པ་དེ་ནི། བཀའ་མདོ་རྒྱུད་ཟབ་མོ་ཀུན་གྱི་ངེས་དོན་མཐར་ཐུག་ཐམས་ཅད་གཅིག་ཏུ་འདུས་པ་ཡིན་པས། ངོ་མཚར་ཆེའོ། །ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཆལ་དང་ངེས་རྟོག་སྒོམ་པའི་ལམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་གུ་གཅིག་ན། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་། རབ་འབྱོར། གཞན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་གཉིས་ན། འབྲིང་དང་། རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་ན། ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །རྣམ་པས་རྣམ་པ་འགྱུར་བཞེད་དོ། །རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ལྷག་པ་ན། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་བཅུ་ཙམ་ན། ཚད་མེད་པའོ། །ཞེས་བྱ་བ་ནི་གྲངས་དང་ཚད་ལ་སོགས་པ་རྣམས་ནི་ཀུན་བཏགས་པ་རྣམས་ལ་ཡོད་ཀྱི་སྟོང་པ་ཉིད་ཀྱི་དབྱིངས་ལ་ནི་མེད་དེ། འདི་ནི་བྱེ་བྲག་གོ །དེ་བས་ན་གཟུགས་ནི་སྟོང་པའོ། །ཞེས་བྱེ་བྲག་ཏུ་མཛད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ལྔ་ན། ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་ལོགས་གཅིག་ན། དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང༌། །སྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །གསོལ་པ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་ལོགས་གཅིག་ཙམ་ན། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །གསོལ་པ། ཇི་ལྟ་བུ་ལགས། ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དང༌། ཐ་དད་པ་མ་ 4-1-188 ཡིན་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དེ་ཡང་བསྟན་པའི་ཕྱིར་ཞུས་པའོ། །ཞེས་དབུ་མ་པ་གསུངས། ཉིད་གང་ཡིན་པ། འགྱུར་མེད་ཡོངས་གྲུབ་དོན་དམ་པའི་དབྱིངས་རིག་དབྱེར་མེད་ཀུན་འགྲོ། ཡེ་ཤེས་སེམས་དཔའ་དེ། དེ་ནས་ཕྲེང་གཅིག་ལྷག་པ་ན། གང་ཡིན་པ། སངས་རྒྱས་རྣམ་པར་སྣང་མཛད་དེ། གང་ཡིན་པ། རིན་ཆེན་འབྱུང་ལྡན། དེ་བླ་ན་མེད། གང་ཡིན་པ། སྣང་བ་མཐའ་ཡས་དེ། གང་ཡིན་པ། དོན་ཡོད་གྲུབ་པ་དེ་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ། མི་བསྐྱོད་པ། དེ་ནས་ཕྲེང་ཕྱེད་ན། གང་ཡིན་པ། དོན་དམ་དབྱིངས་རིག་དབྱེར་མེད། དེ་བླ་ན། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་ལྔ་ན། མྱ་ངན་ལས་འདས་པའི་དེ་བཞིན་ཉིད་གང་ཡིན་པ། འགོག་བདེན་ཟབ་མོ་འདུས་མ་བྱས་ཀྱི་བདེ་བ་ཆེན་པོ། མཁའ་ཁྱབ་རང་བྱུང་ཡེ་ཤེས་ཀྱི་ལྷ་ཚོགས་མང་པོར་རྟག་ཏུ་བཞུགས་པ། རྟོག་གེ་རྣམ་ཤེས་ལས་འདས་ཤིང་སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་གང་ཡིན་པ་སྟེ། རྫོགས་པའི་བྱང་ཆུབ་མཐར་ཐུག་པ་སྟེ། རབ་ཞི་རྣམ་ངེས་སུ་ཡང༌། ཆོས་ཀྱི་དབྱིངས་ནི་སངས་རྒྱས་ཏེ་སངས་རྒྱས་ནི་ཡང་དག་པའི་མཐའོ། །ཞེས་སོགས་དང༌། ཤེར་ཕྱིན་བདུན་བརྒྱ་པར་ཡང༌། འདི་ལྟར་ཆོས་ཀྱི་དབྱིངས་ཉིད། བཅོམ་ལྡན་འདས་ཡིན་པའི་ཕྱིར་རོ། །ཞེས་དང༌། ཆོས་ཀྱི་དབྱིངས་དེ་ཉིད་བྱང་ཆུབ་བོ། །ཞེས་སོགས་དང༌། རྒྱན་སྟུག་པོར་ཡང༌། དེ་བཞིན་གཤེགས་པ་རྣམས་ནི་རྟག་པ་བརྟན་པ་ཐེར་ཟུག་མི་འཇིག་པ་སྟེ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་རྣལ་འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསགས་པ་མྱ་ངན་ལས་འདས་པ་དབྱིངས་དང་ནམ་མཁའ་ལྟ་བུར་མི་འཇིག་པ་སྟེ། མྱ་ངན་ལས་འདས་པའི་སྒྲ་ཆོས་ཀྱི་དབྱིངས་ཀྱི་ཚིག་གིས་འདས་པ་དང༌། བྱུང་བ་དང༌། འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང་ཆོས་སྐྱོན་པ་མེད་པ་འདི་ནི་དེ་བཞིན་གཤེགས་པའོ། །ཞེས་སོགས་དང༌། དཀོན་མཆོག་སྤྲིན་ལས་ཀྱང༌། དེ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་དང༌། ཆོས་འཕགས་ཀྱི་ལེའུར་ཡང༌། རིགས་ཀྱི་བུ། མི་སྐྱེ་བ་ནི་འགྲོ་བའམ། འོང་བ་མེད་དེ། མི་སྐྱེ་བ། གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་དུ། ཡང་དག་པའི་མཐའ་དང་སྟོང་པ་ཉིད་དང༌། ཇི་ལྟ་བ་བཞིན་དང༌། འདོད་ཆགས་དང་བྲལ་བ་དང་འགོག་པ་ལ་ཡང་སྦྱར་ཏེ། གསུངས་ཤིང་གཞན་ཡང་མདོ་རྒྱུད་བསྟན་བཅོས་རྣམ་དག་ཤིན་ཏུ་མང་པོར་གསུངས་པའི་དེ་བཞིན་ཉིད། དེ་ནི། ཚོགས་གཉིས་གློ་བུར་བསགས་པས། འཕེལ་བ་ཡང་མེད་དོ། །སྒྲིབ་གཉིས་གློ་བུར་བ་ཟད་པས་ཡོངས་སུ་འགྲིབ། དེ་ནས་ཕྲེང་གཉིས་ཅུང་མེད་ན། དོན་དམ་འདུས་མ་བྱས་མཁའ་ཁྱབ་ཀྱི། སྦྱིན་པའི། དེ་བཞིན་དུ་སྦྱར་ཏེ། ཚུལ་ཁྲིམས། དེ་ནས་ཤོག་གུ་ཕྱེད་དང་གཉིས་ཅུང་མེད་ན། འཕེལ་བའི་རྟོག་པ་མེད་པ་དང༌། 4-1-189 ཡོངས་སུ་འགྲིབ་པའི་རྟོག་པ། མེད་པ་ལ་སོགས་པའི་ཚུལ་གྱིས། ཅིར་ཡང་མི་རྟོག་ཅིང་མི་སེམས་ལ་ཅིར་ཡང་མི་དམིགས་པའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱའོ། །ཞེས་བྱ་བ་འདི་ནི་གཅིག་པུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡིན་པར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། སེམས་ནི་སྔ་མས་བྱང་ཆུབ་བར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །གསོལ་པ། བཅོམ་ལྡན་འདས། དེ་ཅི་ལགས། དེ་ནས་ཕྲེང་དྲུག་ན། མར་མེ་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པར་བརྒྱད། །རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་ནས་ཕྲེང་བཅུ་གཅིག་ཅུང་མེད་ན། རབ་འབྱོར། དཀར་པོ་རྣམ་པར་མཐོང་བའི་ས། བཟོད་པ་མན་ཆད་ལྷག་མཐོང་གི་ཚེ། ཡོངས་སུ་རྫོགས། དེ་ནས་ཕྲེང་གཅིག་ན། རིགས་ཀྱིས། འཇིག་རྟེན་ཆོས་མཆོག །ཡོངས་སུ་རྫོགས། དེ་ནས་ཡང་ཕྲེང་གཅིག་ན། བརྒྱད་པའི་ས། རྒྱུན་ཞུགས་ལ་ཞུགས་པ། ཡོངས་སུ་རྫོགས། མཐོང་བའི་ས། དེའི་འབྲས་བུ། ཡོངས་སུ། བསྲབས་པའི་ས། ཕྱིར་འོང༌། ཡོངས་སུ། འདོད་ཆགས་དང་བྲལ་བའི་ས། ཕྱིར་མི་འོང༌། ཡོངས་སུ། བྱས་པ་རྟོགས་པའི་ས། དགྲ་བཅོམ། ཡོངས་སུ་རྫོགས། དེ་ནས་ཤོག་ལོགས་གཅིག་ཅུང་མེད་ན། སྐྱེ་བ་དང་ནི། གསོལ་པ། དེ་ནས་ཕྲེང་ལྔ་ན། གང་འགགས་པ། འདུས་མ་བྱས། དེའི་ཕྱིར་སྐྱེ་བར་འགྱུར། འགག་པ་དང༌། །བཅོམ་ལྡན་འདས། སེམས་གང་སྐྱེས་པ་འདུས་བྱས། དེ་འགག །དེ་ནས་ཕྲེང་ཕྱེད་དང་གཉིས་ན། བཅོམ་ལྡན་འདས། འགག་པ་གཉིས་པ་མེད་པས། དེ་ནི་མ་ལགས་སོ། །དེ་བཞིན་ཉིད་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། རྟག་པའི་མཐར། མི་འགྱུར་རམ། ཞེས་བྱ་བ་ནི་མུ་སྟེགས་ཅན་རྟག་པར་ལྟ་བ་རྣམས་དང་མི་འདྲ་བར་བསྟན་པའི། ཕྱིར་དྲིས་པའོ། །མ་ལགས་སོ། །ཞེས་བྱ་བས་མུ་སྟེགས་ཅན་ནི་དངོས་པོ་ཡོད་པ་ལས་རྟག་པར་ལྟའི། འདི་ནི་དངོས་པོ་མེད་པ་ལས་གཞན་དུ་མི་འགྱུར་བ་ལས་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གནས་པ་ཞེས་བྱ་བར་མུ་སྟེགས་ཅན་གྱི་རྟག་པར་ལྟ་བ་འདྲ་བར་མི་འགྱུར་རོ། །ཞེས་པ་གཉིས་འབུམ་ཏིག་གསུངས། དེ་ནས་ཕྲེང་གཅིག་ན། ཤེས་བྱ་དང༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉིད་དམ། ཞེས་བྱ་བ་ནི་ཅི་འདུས་བྱས་ཀྱི་སེམས་གང་ཡིན་པ་དེ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་ནམ། ཞེས་དྲིས་པའོ། །ཞེས་དང༌། མ་ལགས་སོ། །ཞེས་བྱ་བ་ནི་དྲི་མ་བཅས་པའི་ཕྱིར་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་མ་ལགས་སོ། །ཞེས་སླར་གསོལ་བའོ། །ཞེས་དང༌། གུད་ན་ཡོད་དམ། ཞེས་བྱ་བ་ནི་འདུས་བྱས་ཀྱི་སེམས་དེ་དེ་བཞིན་ཉིད་ལས་གཞན་ནམ། ཞེས་དྲིས་པའོ། །ཞེས་དང༌། མ་ལགས་སོ་ཞེས་བྱ་བ་ནི། ཀུན་བཏགས་པ་ནི་ཡོངས་སུ་གྲུབ་པ་ལས་དེ་བཞིན་ཉིད་དམ། གཞན་དུ་བསྙད་དུ་མི་རུང་བའི་ཕྱིར་སླར་གསོལ་པའོ། །ཞེས་པ་རྣམས་དབུ་མ་པ་ཆེན་པོ་གསུངས། སེམས་ལ་དེ་བཞིན་ཉིད་རྟེན་ན་བརྟེན་པའི་དངོས་པོ་ཡོད་དམ། དེ་བཞིན་ཉིད་ལ་སེམས། རྟེན་དང་བརྟེན་པའི་དངོས་པོར་ཡོད་དམ། [ཞེས་[ཤེས་?] དང་། བཅོམ་ལྡན་འདས། དེ་བཞིན་ཉིད། དམིགས་བྱ་དམིགས་མེད་ཐ་དད་དུ། ཡང་དག་པར་སྤྱོད་དང་། བཅོམ་ལྡན་ 4-1-190 འདས་ཀྱིས། དེ་ནས་ཕྲེང་གཉིས་ན། སྤྱོད་པ་དེ་ནི། མཚན་མའི་ཚུལ་ལམ། དམིགས་པའི་ཚུལ་གྱིས། ཅི་ལ་ཡང༌། དེ་ནས་ཕྲེང་གཅིག་ན། གནས་པ་ལ། སེམས་སེམས་བྱུང་དང༌། ལས་རླུང༌། ཡོངས་སུ་རྒྱུ། དེ་ཉིད་ལ་ཡང༌། རླུང་སེམས། གང་ལ་ཡང་རྒྱུ། གཉིས་མེད་དང༌། །བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ན། དེ་ནི་མི་རྟོག་ཡེ་ཤེས། གང་ལ་གཟུང་འཛིན་གཉིས་དང༌། བདག་གཞན་གཉིས་དང༌། ཡོད་མེད་གཉིས་ལ་སོགས་པ། གཉིས་ཀྱི་དོན་དམ་པ། རང་བཞིན་འོད་གསལ། རྣམ་པ་ཀུན་ལྡན་རྣམ་པ་མེད་པ་ལ་སྤྱོད་དོ། །སྤྱོད་པ་སྟེ། རླུང་སེམས། ཡོངས་སུ་རྒྱུ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བཅོམ་ལྡན་འདས། མཚན་མའི་འདུ་ཤེས་གཅིག་པར་རྟོག་པ། དེ་ནི་མ་ལགས་སོ། །ཐབས་མཁས་པ་ལ་ཟབ་པ་ཉིད། །བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ན། མི་སྦྱོར་ཏེ། རླུང་སེམས་ཀྱི་འགྱུ་བ་འགགས་པའི་ཕྱིར་རོ། །དེ་ནས་ཕྲེང་གཉིས་ལྷག་པ་ན། འཚང་མི་རྒྱ་སྟེ། རྣམ་ཤེས་ཚོགས་བརྒྱད་འཁོར་དང་བཅས་པ་དང༌། དབུགས་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་མ་འགགས་པར། སངས་རྒྱས་ཐོབ་པར་མི་སྲིད་པའི་ཕྱིར་རོ། །དེས་ན། བཅོམ་ལྡན་འདས། རླུང་སེམས་ངང་གིས་འགག་པའི་ཐབས་ཟབ། འདི་ནི་དངོས་པོར་ཡང༌། སེམས་པར་མི་བགྱིད། ཡང་སེམས་པར་མི་བགྱིད་དོ། །དེ་ནས་ཤོག་ལོགས་གཅིག་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་གཉིས་སོ།། །། ༈ དེ་རྣམས་ཀྱིས་ནི། སློ༷བ་མ༷་ཕྱི༷ར་མི༷་ལྡོ༷ག་པ༷འི་ཚོ༷གས། །ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། ། བམ་པོ་བཅུ་གཉིས་པ། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། དེ་ནས་ཕྲེང་ཕྱེད་དང་ལྔ་ཅུང་མེད་ན། ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །སྨྲས་པ། དེ་ནས་ཤོག་གུ་གཉིས་དང་ཕྲེང་དགུ་ཅུང་མེད་ན། འཚང་རྒྱ་བར་འགྱུར་རོ། །དེ་རྣམས་ཀྱིས་ནི། སྲི༷ད་ད༷ང་ཞི༷་བ༷་མཉ༷མ་ཉི༷ད་ད༷ང༌། །ཞེས་པ་དོན་དགུ་པ་གསུངས་ཟིན་ཏོ། །སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བསྒྲུབས་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །དེ་ནས་ཚེ་དང་ལྡན་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་གཅིག་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་གསུམ་མོ།། །། ༈ དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། གང་གཱའི་ལྷ་མོའི་ལེའུ་སྟེ་བཞི་བཅུ་བཞིའོ།། །། ༈ དེ་རྣམས་ཀྱིས་ནི། ཞི༷ང་ད༷ག་བླ༷་ན༷་མེ༷ད་པ༷་ནི༷། །ཞེས་པ་དོན་བཅུ་པ་གསུངས་ཟིན་ཏོ། །བམ་པོ་བཅུ་གསུམ་པ། ཡུལ་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་གཅིག་ཕྲེང་གསུམ་ན། སྦྱོར་བ་ཅན་འདི་ནི། །བཅོམ་ལྡན་འདས་ཀྱིས། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཅུ་གཉིས་ཅུང་མེད་ན། དགྲ་རྣམས་ལས་ནི་འདས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། 4-1-191 དེ་ནས་ཤོག་གུ་གཅིག་ན། མི་གནས། རབ་འབྱོར། འདི་ལྟ་སྟེ། དེ་ནས་ཕྲེང་ཕྱེད་དང་ལྔ་ན། ཅི་བཞིན་ཤུགས་དང་ནི། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཕྲེང་དྲུག་ན། ཐུན་མོང་མ་ཡིན་མཚན་ཉིད་དང༌། །གསོལ་པ། དེ་ནས་ཕྲེང་བརྒྱད་ཙམ་ན། མ་ཆགས་པ་དང་། རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་ན། མི་དམིགས་དང༌། །རབ་འབྱོར། གཞན། (གསལ་བཤད། མངོན་རྟོགས་རྒྱན་ལས། མཚན་མ། ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོག་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།)དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ཅུང་མེད་ན། རབ་འབྱོར། གཞན། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཉིས་ན། སྨོན་ལམ་ཟད་པ་དང༌། །རབ་འབྱོར། གཞན། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ན། དེ་ཡི་རྟགས་དང་། རབ་འབྱོར། གཞན། བྱང་ཆུབ། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ན། ཚད་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ། །གསོལ་པ། དེ་ནས་ཕྲེང་དྲུག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་ལྔའོ།། །། ༈ དེ་རྣམས་ཀྱིས་ནི། རྣ༷མ་ཀུ༷ན་མངོ༷ན་རྫོ༷གས་རྟོ༷གས་པ༷་སྟེ༷། །འདི༷་ནི༷་ཐ༷བས་མཁ༷ས་བཅ༷ས་པ༷་ཡི༷ན། །ཞེས་པ་དོན་བཅུ་གཅིག་པ་གསུངས་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བའི་སྐབས་ཏེ་བཞི་པའོ།། །། ༈ བམ་པོ་བཅུ་བཞི་པ། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །དེ་ནས་ཡང་བཅོམ་ལྡན་འདས། དེ་ནས་ཤོག་གུ་བཅུ་གསུམ་ཕྲེང་གསུམ་ཙམ་ཆད་པ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཅུ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཚན་ཉིད་གང་ཡང་མེད་དོ། །ཞེས་བྱ་བས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཞན་གང་གི་མཚན་ཉིད་ཀྱང་མ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱང་ཅི་ཡང་ཡོད་པ་མ་ཡིན་པ་སྟེ། དངོས་པོའི་ངོ་བོ་མ་ཡིན་ནོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ཅུང་མེད་ན། ཀྱིས་སྟོང་པའོ། །ཞེས་བྱ་བ་ནི་ཀུན་བཏགས་པའི་ཆོས་རྣམས་ཀྱིས། དབེན་བྲལ་བ་ནི་ཡོངས་སུ་གྲུབ་པ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །དེ་བས་ན་དེ་དག་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་གསུམ་ན། ཉེ་བར་གྱུར་པ་ལགས་སོ། །དེ་རྣམས་ཀྱིས་ནི། དེ༷་ཡི༷་རྟ༷གས་ད༷ང་། ཞེས་པ་དོན་དང་པོ་གསུངས་ཟིན་ཏོ། ། འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་གུ་ཕྱེད་དང་བདུན་ན། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་ཕྱེད་དང་ 4-1-192 བཅུ་བདུན་ན། བམ་པོ་བཅུ་བདུན་པ། དེ་ནས་ཤོག་གུ་དྲུག་ལྷག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་དྲུག་གོ། །། ༈ དེ་ནས་ཤོག་གུ་དགུ་ལྷག་ཙམ་ན། བམ་པོ་བཅོ་བརྒྱད་པ། དེ་ནས་ཤོག་གུ་ཉི་ཤུ་ལྷག་ཙམ་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་བཅུ་དྲུག་ན། བམ་པོ་ཉི་ཤུ་པ། དེ་ནས་ཤོག་གུ་བཅུ་གསུམ་དང་ཕྲེང་ཕྱེད་དང་བཅུ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་བདུན་ནོ།། །། ༈ དེ་རྣམས་ཀྱིས་ནི། རྣ༷མ་འཕེ༷ལ་ད༷ང༌། །ཞེས་པ་དོན་གཉིས་པ་གསུངས་ཟིན་ཏོ། །ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བརྟན་པ་ཞེས་ནི་མངོན་པར་བརྗོད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་ལྔ་ན། ཞེས་རྟོགས་པར་བགྱིད་དེ། དེ་རྣམས་ཀྱིས་ནི། བརྟ༷ན་ད༷ང་། ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། ། གླིང་བཞི་པ་དང་སྟོང་དག་དང༌། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །བཅོམ་ལྡན་འདས། དེ་ལྟར་ཐེག་པ། དེ་ནས་ཤོག་གུ་གཉིས་ཅུང་མེད་ན། བསྔོ་བར་བྱའོ། །འཇུག་པ་དང་ནི། ཀོའུ་ཤི་ཀ །དེ་ནི་ཇི་ལྟར། དེ་ནས་ཕྲེང་ལྔ་ན། དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །ཞེས་བྱ་བ་ནི་དེ་དག་གི་སེམས་བསྐྱེད་པ་གང་ཡིན་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ། གང་ཡིན་པ་དེ་དག་དོན་དམ་པར་ཐ་དད་པ་མ་ཡིན་ཏེ། དེ་དག་གི་དེ་བཞིན་ཉིད་ནི་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཡིན་པས། དེའི་ཕྱིར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །གཉིས་ནི་དྲི་མ་དང་བཅས་པ་དང༌། དྲི་མ་མེད་པའི་བྱེ་བྲག་ལས་ཐ་དད་པ་ཡོད་པས་གཉིས་ཀྱི་འདུ་ཤེས་སུ་ཡང་འགྱུར་རོ། །དེ་བས་ན་གཅིག་པའི་ཕྱིར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །ཞེས་གསུངས་སོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུ་དབྱིག་གཉེན་གསུངས་སོ། །ཞེས་སྔར་གསུངས་པ་དེ་མངོན་རྟོགས་འདིའི་གཞུང་དུ་སྦྱར་རོ། །དེ་རྣམས་ཀྱིས་ནི། སེ༷མས་ཀུ༷ན་གན༷ས་པ༷་ད༷ང༌། །ཞེས་པ་དོན་བཞི་པ་གསུངས་ཟིན་ཏོ། །འདི་ཡར་བཅད་ཀྱི་པ་པ་སྟེ་པོ་ཏི་བཅུ་གསུམ་པ་རྫོགས་སོ།། །། ༈ ཕ༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དང་པོ། སྐབས་འདི་ནས་མདོ་དང་མངོན་རྟོགས་ཀྱི་གོ་རིམ་མི་མཐུན་པ་ལྔ་བྱུང་ཞིང༌། ཉི་ཁྲི་ལེ་བརྒྱད་མར་མཐུན་པར་བཀོད་དོ། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་མཚན་ཉིད་དོ། །ངོ་བོ་ཉིད་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཕྲེང་དགུ་ན། མ་མཆིས་པར་མི་འགྱུར་རོ། །ཞེས་བྱ་བ་ནི་ཀུན་བཏགས་པའི་ཆོས་གང་ཡིན་པ་དེ་ནི་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར། སྒྱུ་མ་དང་འདྲ་བར་ཡོད་ 4-1-193 དོ། །ཞེས་བྱ་བའམ་མེད་དོ། །ཞེས་བྱ་བར་བརྗོད་དུ་མི་རུང་ལ། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ཞེས་དང༌། བརྗོད་དུ་མི་རུང་ངོ༌། །ཡོངས་སུ་གྲུབ་པའི་ཆོས་གང་ཡིན་པ་དེ་ཡང་དངོས་པོའི། རྣམ་པ་ཐམས་ཅད་ཀྱིས་དབེན་པའི་ཕྱིར་ཡོད་དོ། །ཞེས་བརྗོད་དུ་མི་རུང་ངོ༌། །བརྗོད་དུ་མེད་པ་དབེན་པའི་རང་བཞིན་ཡོད་པའི་ཕྱིར་མེད་དོ། །ཞེས་ཀྱང་བརྗོད་དུ་མི་རུང་ངོ༌། །ཡོད་དོ་ཞེས་བྱ་བའི་ཐ་སྙད་ཡོད་པའི་ཕྱིར། ཡོད་པ་མ་ཡིན་ནོ། །ཞེས་ཀྱང་བརྗོད་དུ་མི་རུང་ངོ༌། །མེད་དོ་ཞེས་བྱ་བའི་ཐ་སྙད་ཡོད་པའི་ཕྱིར་མེད་པ་མ་ཡིན་ནོ། །ཞེས་ཀྱང་བརྗོད་དུ་མི་རུང་ངོ༌། །དེ་བས་ན་གཉིས་ཀྱི་འདུ་ཤེས་དང༌། གཉིས་སུ་མེད་པའི་འདུ་ཤེས་མི་རིགས་སོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གསུངས། དེ་ནས་ཕྲེང་གཉིས་ལྷག་པ་ན། ཡོངས་སུ་མ་མཆིས་པའོ། །ཞེས་བྱ་བ་ནི། ཀུན་ནས་ཉོན་མོངས་པར་བྱུང་བ་དང་རྣམ་པར་བྱང་བར་གྱུར་པའི་ཆོས་རྣམས་ཡོད་པ་མ་ཡིན་ཏེ། དྲི་མ་དང་བཅས་པའི་གནས་སྐབས་ན་ཡང་ནམ་མཁའ་བཞིན་དུ་རང་བཞིན་གྱིས་དབེན་པའི་ཕྱིར། ཀུན་ནས་ཉོན་མོངས་པ་མེད་དོ། །དེ་མེད་པ་ཉིད་ཀྱི་དབྱིངས། སྔོན་མ་བྱུང་བའི། རྣམ་པར་བྱང་བ་ཡང་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བདུན་དང་ཕྲེང་གཉིས་ཙམ་ན། རིགས་དང་ནི། །བཅོམ་ལྡན་འདས། འདི་ལྟ་སྟེ། དེ་ནས་ཕྲེང་གསུམ་ན། ལམ་ནི་ཡང་དག་འགྲུབ་པ་དང༌། །བཅོམ་ལྡན་འདས། འདི་ལྟ་སྟེ། དེ་ནས་ཕྲེང་ཕྱེད་དང་བཞི་ན། ཤེས་པའི་དམིགས་པ་མ་འཁྲུལ་དང༌། །བཅོམ་ལྡན་འདས། མི་མཐུན་ཕྱོགས་དང་གཉེན་པོ་དང༌། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ། དེ་ནས་ཕྲེང་གསུམ་ཅུང་མེད་ན། རང་གི་རྟོགས་དང་། བཅོམ་ལྡན་འདས། འདི་ལྟ་སྟེ། དེ་ནས་ཕྲེང་གཉིས་ན། བྱེད་པ་དང༌། །བཅོམ་ལྡན་འདས། འདི་ལྟ་སྟེ། དེ་ནས་ཕྲེང་བཞི་ཅུང་མེད་ན། དེ་ཡི་ལས། བཅོམ་ལྡན་འདས། འདི་ལྟ་སྟེ། དེ་ནས་ཕྲེང་གཉིས་ཅུང་མེད་ན། བྱའི་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །བཅོམ་ལྡན་འདས། འདི་ལྟ་སྟེ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཅི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། དེ་ནས་ཤོག་གུ་གསུམ་དང་ཕྲེང་དགུ་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་བརྒྱད་པའོ།། །། ༈ སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །དེ་དག་སོ་སོར་དགུ་བདག་ཉིད། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། དེ་ནས་ཤོག་གུ་བཞི་དང་ཕྲེང་བཞི་ཙམ་ན། བམ་པོ་གཉིས་པ། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་གཅིག་ཙམ་ན། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ཡོད་དེ། དེ་ནི་གནས་པ་ཡིན་ནོ། །དེའི་དོན་དུ་ 4-1-194 གནས་པ་ཞེས་བྱ་བ་དང༌། སྒྲུབ་པ་ཞེས་བྱ་བ་གང་ཡང་མེད་དེ། དེ་བཞིན་ཉིད་ལ་ནི་གནས་པ་དང་སྒྲུབ་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པ་གང་ཡང་མེད་དོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། བྱང་ཆུབ་ལ་གཞན་སྟོན་པ་དང༌། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དེ་ནས་ཤོག་ལོགས་གཅིག་ལྷག་པ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་དགུ་པའོ།། །། ༈ དེ་ནས་ཤོག་གུ་བཞི་དང་ཕྲེང་ལྔ་ཙམ་ན། བམ་པོ་གསུམ་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་གསུམ་ལྷག་ཙམ་ན། དེ་ཡི་རྒྱུ་ནི་ཡོངས་གཏོད་དང༌། །དགའ་བོ། རིགས་ཀྱི་བུའམ། དེ་ནས་ཤོག་གུ་ཕྱེད་དང་བདུན་ན། དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །དགའ་བོ། གལ་ཏེ་ཁྱོད་ཀྱིས། དེ་ནས་ཤོག་གུ་ཕྱེད་དང་བཞི་ཙམ་ན། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ན། ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམ་བཞིན་དུ་ཤེས་པར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱི་ལྗགས་ཀྱི། དེ་ནས་ཕྲེང་ཕྱེད་དང་བཅུ་གཅིག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུའོ།། །། ༈ བམ་པོ་བཞི་པ། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང༌། །དེ་ལ་ཁོ་བོས་མཚར་དུ་རྩིས། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལས་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནས་ཚེ་དང་ལྡན་པ། དེ་ནས་ཕྲེང་བཞི་ན། རབ་འབྱོར། གཟུགས། བསྒྲུབ་པར་བྱའོ། །ཞེས་བྱ་བ་ལ་སོགས་པས། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་མི་ཟད་པ་ཉིད་ལ་དམིགས་ན། ཤེས་རབ་བསྐྱེད་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་ན། མངོན་པར་བསྒྲུབ་པར་བྱའོ། །ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དང༌། ནམ་མཁའ་ལ་དམིགས་ནས་ཡང་དེ་དག་ཟད་མི་ཤེས་པ་ཉིད་དུ་ཤེས་རབ་བསྐྱེད་པར་བྱའོ། །ཞེས་དབུ་མ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཅུ་གསུམ་དང་ཤོག་ལོགས་གཅིག་ནས། བམ་པོ་ལྔ་པ། དེ་ནས་ཤོག་གུ་བཞི་དང་ཕྲེང་དགུ་ཙམ་ན། སྦྱིན་པ་ལ་སོགས་རེ་རེ་ནི། །དེ་དག་ཕན་ཚུན་བསྡུས་པ་གང༌། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་གཉིས་ལྷག་ན། ལེའུ་ལྔ་བཅུ་གཅིག་གོ། །། ༈ དེ་ནས་ཤོག་གུ་བཅུ་གཅིག་ལ་ཕྲེང་ཕྱེད་དང་བཞི་ཙམ་ཆད་པ་ན། བམ་པོ་དྲུག་པ། དེ་ནས་ཤོག་གུ་བདུན་ལ། ནང་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་ 4-1-195 སོ། །ཞེས་བྱ་བ་ནི་འདི་ནི་ནང་སྟོང་པ་ཉིད་དོ། །སྙམ་དུ། རྣམ་པར་མི་རྟོག་གོ །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་དྲུག་ན། གཟུགས་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཞེས་བྱ་བ་ནི་གང་ཡང་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བདུན་དང་ཕྲེང་གསུམ་ཙམ་ན། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་འདི་ལ་སྙོམས་པར་འཇུག་གོ །དེ་རྣམས་ཀྱིས་ནི། མཐོ༷ང་ཞེ༷ས་བྱ༷་ད༷ང་། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོག་པར་བྱེད། །རྟེན་འབྲེལ་ལུགས་མཐུན་ལུགས་བཟློག་སྟོན་པའི་མདོ་སྐབས་གཞན་ན་མང་པོར་ཡོད་ཀྱང༌། སྐབས་འདིར་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ཅར་དུ་མ་བྱུང་ཞིང༌། ཉི་ཁྲི་སྣང་བ་འཕགས་པ་གྲོལ་སྡེ་དང༌། སློབ་དཔོན་སེང་བཟང་ལ་སོགས་པ་ལེ་བརྒྱད་མ་དང་སྦྱར་ནས་སྐབས་འདིར་བཀོད་དོ། །འགོག་དང་བཅས་པའི་སྙོམས་དགུ་དང༌། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །རབ་འབྱོར། བྱང་ཆུབ་སེམས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་གཉིས་སོ།། །། ༈ བམ་པོ་བདུན་པ། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ན། ཡོངས་སུ་འཛིན་པ་མེད་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། དེ་ནས་ཕྲེང་གསུམ་ན། ལམ་གྱི་རྣམ་པ་མ་ཚང་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། དེ་ནས་ཕྲེང་ཕྱེད་གསུམ་ན། གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཕྲེང་ཕྱེད་གཉིས་ན། ཆེད་དུ་བྱ་བ་ལོག་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཉི་ཚེ་བ་དང་། རབ་འབྱོར། འདི་ལྟ་སྟེ། དེ་ནས་ཕྲེང་གཅིག་ལྷག་པ་ན། སྣ་ཚོགས་ཉིད། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཕྲེང་གཅིག་ལྷག་པ་ན། གནས་དང་འཇུག་ལ་རྨོངས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཕྲེང་གསུམ་ལྷག་ཙམ་ན། རྗེས་ལ་འགྲོ་ཞེས་བྱ་བ་ལ། །རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས་ཡིད་ལས་འབྱུང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང༌། བློན་པོ་རིན་པོ་ཆེ། དེ་ནས་ཤོག་གུ་ཕྱེད་དང་གསུམ་ཅུང་མེད་ན། ལྔའི་རབ་ཅེས་བགྱི། ཞེས་བྱ་བ་ནི་ཐ་དད་པ་མེད་པའི་ཕྱིར་ཁྱབ་པར་མེད་དེ་གཅིག་པ་ལ་མཆོག་ཅེས་བྱ་བ་མི་རིགས་སོ་ཞེས་དགོངས་པའོ་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་ཕྱེད་གཉིས་ན། དེ་དེ་བཞིན་ཏེ། ཞེས་བྱ་བའི་དགོངས་པ་ནི་འདི་ཡིན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་ཕ་རོལ་ཏུ་ཕྱིན་ 4-1-196 པ་ལྔ་པོ་ཐ་དད་པར་མི་འགྱུར་ཏེ། དེ་བས་ན་ཐ་དད་པ་མེད་པ་དེ་བཞིན་ཉིད་དེ་ལ་རག་ལས་པའི་ཕྱིར་དེ་ལ་མཆོག་ཅེས་བྱ་སྟེ། འདི་ཡང་རི་རབ་ཀྱི་དཔེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་ལོགས་གཅིག་ཅུང་མེད་ཙམ་ན། གང་ཞིག་མཆིས། ཞེས་བྱ་བ་ནི་དོན་གྱི་རྗེས་སུ་ཞུགས་པའི་གང་ཟག་ལ་ཆོས་གང་ཡང་བྱེ་བྲག་ཏུ་མི་སྣང༌། དེ་བཞིན་དུ་དོན་དམ་གྱི་དབང་གིས་རྣམས་བྱེ་བྲག་གང་ཡང་མེད་དེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་མཆོག་ཅེས་བརྗོད་པར་མི་བྱའོ། །ཞེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གཉིས་ན། དེ་དེ་བཞིན་ཏེ། ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། དོན་གྱི་རྗེས་སུ་ཞུགས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་གིས་འགྱུར་ཏེ། དེ་བས་ན་མཆོག་ཅེས་བྱའོ། །འདི་ལྟར་བྱེ་བྲག་མེད་ཀྱང་འཇིག་རྟེན་ན་བརྡའི་རྗེས་སུ་འབྲང་བས་འདི་ནི་སྦྱིན་པའོ། །འདི་ནི་ཚུལ་ཁྲིམས་སོ། །འདི་ནི་བཟོད་པའོ། །ཞེས་འདོགས་པར་བྱེད་དེ། འདོགས་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་འགྱུར་གྱི། གཞན་ལས་ནི་མ་ཡིན་ཏེ། འདི་ཡང་བུད་མེད་རིན་པོ་ཆེའི་དཔེས་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཕྲེང་བཅུ་ཙམ་ན། འཛིན་པ་དང་ནི་འདོར་བ་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་པ་ན། གཏོང་བ་མེད་དོ། །ཞེས་བྱ་བ་ནི་གལ་ཏེ་བྱང་ཆུབ་སེམས་དཔའི་ཆོས་འགའ་ཞིག་འཛིན་ན། དེ་ཉིད་མངོན་པར་ཞེན་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་གཏོང་ན་དེའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་གྲུབ་པར་མི་འགྱུར་ཏེ། དེ་བས་ན་མི་འཛིན་མི་གཏོང་ངོ༌། །ཡང་ན་ཀུན་བཏགས་པའི་དབང་གིས་ནི་མི་འཛིན་ཆོས་ཉིད་ཀྱི་དབང་གིས་ནི་མི་གཏོང་ངོ༌། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཅུ་ན། ཡིད་ལ་བྱེད་དང་། གསོལ་པ། བཅོམ་ལྡན་འདས། དེ་བས་ན་ཤོག་གུ་གཉིས་དང་ཕྲེང་བཅུ་ན། གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཞེས་བྱ་བ་ནི་ཡོངས་སུ་མི་འཛིན་ཞེས་བྱ་བ་གང་ཡང་མེད་ཀྱི། ཡང་དག་པ་མ་ཡིན་པ་ནི་ཡོད་པ་མ་ཡིན་པའི་ཕྱིར། ཡིད་ལ་མི་བྱེད་པ་ཉིད་ཡོངས་སུ་མི་འཛིན་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་དྲུག་དང་ཕྲེང་གསུམ་ཙམ་ན། བམ་པོ་བརྒྱད་པ། དེ་ནས་ཤོག་གུ་ལྔ་ལ་ཕྲེང་ཕྱེད་དང་བཞི་ཙམ་ཆད་པ་ན། འཕེལ་བར་འགྱུར་ཏེ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པའི་ཆོས་རྣམས་དངོས་པོ་མེད་པའི་བདག་ཉིད་དུ་ཡོངས་སུ་ཤེས་ནས། ཡིད་ལ་མི་བྱེད་པ་ཉིད་དགེ་བའི་རྩ་བ་འཕེལ་བ་མ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་ལྔ་ན། ཁམས་རྣམས་ནི། །གསུམ་པོ་དག་དང་ཉེར་འབྲེལ་དང༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཕྲེང་གཉིས་ན། གནས་དང་། གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་གཉིས་ལ་ཕྲེང་ཕྱེད་ཆད་པ་ན། མངོན་པར་ཞེན་པ་དང༌། །གསོལ་པ། བཅོམ་ལྡན་འདས་ཅིས་སླད་དུ། 4-1-197 དེ་ནས་ཕྲེང་གསུམ་ཅུང་མེད་ན། ཆོས་ཀྱི་དངོས་པོར་བཏགས་པ་དང༌། །གལ་ཏེ་བྱང་ཆུབ་སེམས་དཔའ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། ཉམས་པར་འགྱུར་ཏེ་ཞེས་བྱ་བའི་མཚན་མར་དམིགས་པའི་ཉེས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ལྔ་ཅུང་མེད་ན། ཆགས་པ་དང་ནི། དེ་ནས་ཚེ་དང་ལྡན་པ་རབ། དེ་ནས་ཕྲེང་གཉིས་ན། ཆོས་ཐམས་ཅད་ནི་ཆགས་པ་མེད་པ་སྟེ། དེ་ནས་ཕྲེང་གསུམ་ན། བམ་པོ་དགུ་པ། གཉེན་པོ་དང༌། །གསོལ་པ། བཅོམ་ལྡན་འདས་དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ཅུང་མེད་ན། ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། ཞེས་བྱ་བ་ནི་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་དང་མ་བྲལ་བ་ཡིན་ནོ། །འོ་ན་ཇི་ལྟར་དེ་དག་གི་དགེ་བའི་རྩ་བ་ལ་སོགས་པས་ཉེ་བར་བཟུང་བར་བྱ། ཞེས་ཞུས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བཞི་ན། གཟུགས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །ཞེས་བྱ་བ་ལ་སོགས་པས་འདི་སྐད་སྟོན་ཏེ། ཆོས་ནི་ཆོས་མངོན་པར་མི་སྒྲུབ་སྟེ། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང༌། ཡང་དག་པར་རྗེས་སུ་མི་མཐོང་བས་ཆོས་ཀྱིས་མཚན་ཉིད་ཇི་ལྟ་ཇི་ལྟ་བུར་གནས་པ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་ཉིད་མངོན་པར་སྒྲུབ་པ་ཞེས་བྱའོ། །གཞན་དུ་ནི་མ་ཡིན་ནོ་ཞེས་འཁོར་ལོས་བསྒྱུར་བའི་དཔེ་དང༌། འཁོར་ལོ་བསྒྱུར་བའི་དཔེས་ཀྱང་ཤེས་པར་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་གསུམ་ཙམ་ན། བམ་པོ་བཅུ་པ། དེ་ནས་ཤོག་གུ་བཅོ་ལྔ་ལ་ཕྲེང་གསུམ་ཙམ་ཆད་པ་ན། ཆེད་བཞིན་ངེས་པར་མི་འབྱུང་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། འཁོར་ལོར་བསྒྱུར་བའི་རྒྱལ། དེ་ནས་ཕྲེང་གསུམ་ན། བམ་པོ་བཅུ་གཅིག་པ། ལམ་ལ་ལམ་མིན་ངེས་འཛིན་དང༌། །གསོལ་པ། དེ་ནས་ཕྲེང་གསུམ་ལྷག་ཙམ་ན། འགོག་དང་བཅས་པའི་སྐྱེ་བ་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་གསུམ་ཕྲེང་གསུམ་ལྷག་པ་ན། ཉིད་དུ་དམིགས་ཏེ་ཞེས་བྱ་བ་ལགས་པས། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་ཏེ། ཇི་ཞིག་བསྐྱེད་པར་བྱའོ། །སྙམ་མམ། ཇི་ཞིག་འགག་པར་སྙམ་དུ་བསམ་སྟེ། ཚོགས་ཡོངས་སུ་རྫོགས་པར་མི་བྱའི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་ཏུ་ཡོངས་སུ་བསྔོས་ནས། ཚོགས་ཡོངས་སུ་རྫོགས་པར་བྱའོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ལོགས་གཅིག་ལྷག་ཙམ་ན། དངོས་པོ་ལྡན་དང་མི་ལྡན་དང༌། །གསོལ་པ། དེ་ནས་ཤོག་གུ་ཕྱེད་དང་གསུམ་ཙམ་ན། གནས་དང་། རབ་འབྱོར། གཞན། བརྩོན་པར་མི་བྱའོ། །ཞེས་བྱ་བ་ལ་སོགས་པས་རྣམ་པར་སྨིན་པ་ཡིད་དུ་འོང་བའི་ཕུང་པོ་ལྔ་ལ་སོགས་པ་ལ་གནས་པར་བྱའོ། །ཞེས་སྙམ་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ 4-1-198 ཡང་འབྲས་བུའི་ཚུལ་དུ་གནས་པར་བྱའོ། །སྙམ་དུ་བརྩོན་པར་མི་བྱའོ། །དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་ལྔ་ན། ཡོངས་གྲུབ་ཀྱི། གཟུགས་ནི་གང་ལ་ཡང༌། འབྲེལ་ཏེ་མི་གནས་སོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ལ་བྱའོ། །ཞེས་དབུ་མ་པ་གསུངས། དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན། རིགས་ནི་འཇིག་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། དེ་ནས་ཕྲེང་བཞི་ན། དོན་དུ་གཉེར་དང་། རབ་འབྱོར། དེ་ལྟ་བས་ན་བྱང་ཆུབ། དེ་ནས་ཕྲེང་ཕྱེད་དང་ལྷག་པ་ན། རྒྱུ་མེད་དང༌། །དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་ན། ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། དེ་ནས་ཤོག་གུ་ཕྱེད་དང་གཉིས་དང་ཕྲེང་ཕྱེད་ཙམ་ན། ཅི་ནས་ཀྱང་སྦྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་དགོངས་པ། དེ་ལྟར་བྱང་ཆུབ་སེམས་དཔའ་ལ་ཡང་མི་དམིགས་པའི་ཚུལ་གྱིས་དགོངས་པ་མཛད་དོ། །དེ་ནས་ཤོག་གུ་ཕྱེད་དང་གསུམ་ན། བམ་པོ་བཅུ་གཉིས་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་ན། མདོར་བསྡུས་རྒྱས་དང་། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་ཐོབ་ཏུ། གནས་མང༌། མཉམ་བཞག་ལ་ཟློ་བའི་ཚིག་སྐབས་སུ། གང་ལ་ཡང༌། དམིགས་པའི་ཚུལ་གྱིས་བསླབ་པར་མི་བགྱིའོ། །དེ་ནས་ཤོག་ལོགས་གཅིག་ལྷག་པ་ན། གཟུགས་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་བྱ་བ་ནི་གང་གི་ཚེ་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཤེས་པ་དེའི་ཚེ། མདོ་ཤེས་པར་འགྱུར་རོ། །གང་གི་ཚེ་ཡོངས་སུ་མ་དག་ཅིང་ཡོངས་སུ་མ་གྲུབ་པ་གཟུགས་ཀྱི་དེ་བཞིན་ཉིད་དང༌། ཚོར་བའི་དེ་བཞིན་ཉིད་ལ་སོགས་པའི་ཤེས་པ་དེའི་ཚེ། རྒྱས་པ་ཤེས་པར་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་དྲུག་ན། གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་པ་རང་བཞིན་ལྷན་སྐྱེས། རང་བཞིན་འགྱུར་མེད་ཀྱི་བདེ་བ་ཆེན་པོ། བདེན་དོན་རྣམ་པ་བཅུ་གཉིས། དེ་ཉིད་བཅུ་དྲུག །རྡོ་རྗེའི་ཉི་ཟླ། ཨེ་ཝཾ་ཡི་གེ །རྡོ་རྗེ་སེམས་དཔའ། མ་ནིང་གི་གོ་འཕང༌། དོན་དམ་པའི་དུས་འཁོར། བདེ་དགྱེས་གསང་འདུས་ལ་སོགས་པ་གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི་ལྷ་དང༌། སྔགས་དང༌། རྒྱུ་དང༌། དཀྱིལ་འཁོར་དང་ཕྱག་རྒྱ་དང༌། མཁའ་ཁྱབ་པྲ་ཕབ་པ་དང་མཚུངས་པ། རྣམ་ཤེས་དང༌། རྟོག་གེ་དང༌། རྟེན་འབྲེལ་དང༌། སྐད་ཅིག་ལས་འདས་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། མཆོག་གི་དབང་པོའི་སྤྱོད་ཡུལ། སོ་སོ་རང་རིག་རང་བྱུང་གི་ཡེ་ཤེས་དང༌། ཤེས་བཅུ་རྣམ་དག་གི་བདག་ཉིད་ཀུན་རྫོབ་ཀྱི་བདག་ཐམས་ཅད་ཀྱིས་སྟོང་པའི་གཞི་དེ་བཞིན་ཉིད་བདག་དག་པའི་བདག །བསམ་གྱིས་མི་ཁྱབ་པའི་དབྱིངས་འདི་ནི་སེམས་དཔའ་ཆེན་པོ་མཉམ་བཞག་ལ་ཟློ་བའི་ཚུལ་དང་རྗེས་ཐོབ་ཏུ་ཤན་ཐང་འབྱེད་པའི་ཚུལ་གྱིས་བསླབ་པར་བྱའོ། །དེ་ནས་ཤོག་ 4-1-199 གུ་བཅུ་གསུམ་ལྷག་པ་ན་མཐའ་མེད་པ་ནི་ཡང་དག་པའི་མཐའ་སྟེ། ཞེས་བྱ་བ་ནི། མཐའ་ཞེས་བྱ་བའི་སྒྲ་ནི་རྩེ་མོའི་དོན་དེ་དཔེར་ན་རིའི་རྩེ་མོ་ཞེས་བྱ་བ་ལྟ་བུའོ། །ཁ་ཅིག་ཏུ་མཐའ་ལ་བྱ་སྟེ་དཔེར་ན་རྒྱ་མཚོའི་མཐའ་ཞེས་བྱ་བ་ལྟ་བུའོ། །མཐའ་དེ་ལྟ་བུ་དེ་གཉིས་ཀ་ཡང་དེ་ལ་མེད་དེ། དེ་ལ་རྩེ་མོའི་མཐའ་མེད་པ་ནི་མཐའ་གང་ལ་ཆད་པ་མེད་ཅིང་ཞེས་བྱ་བར་གསུངས་པའོ། །མཐའ་མེད་པ་ནི་ཡོངས་སུ་ཆད་པ་མེད་པ་ཞེས་བྱ་བ་གསུངས་པ་སྟེ། དེ་བས་ན་ཡང་དག་པའི་མཐའ་ཞེས་བྱ་བ་ནི་དེ་ཁོ་ན་ངེས་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བམ་པོ་བཅུ་གསུམ་པ། ཆོས་ཀྱི་དབྱིངས་གང་ལགས། ཞེས་བྱ་བའི་ཐེག་པ་ཆུང་ངུའི་གཞུང་ལྟར་ན་རྫས་བདུན་ལ་ཡང་ཆོས་ཀྱི་དབྱིངས་ཞེས་བྱ། ཆོས་རྣམས་སྐྱེ་ཞིང་འབྱུང་བའི་རྒྱུའམ་གནས་པ་ཡང་དབྱིངས་ཞེས་བྱ་རང་གི་མཚན་ཉིད་འཛིན་པ་ལ་ཡང་དབྱིངས་ཞེས་བྱ། སྐབས་འདིར་ཆོས་ཀྱི་དབྱིངས་ཞེས་བྱ་བ་གང་ལ་ཞེས་ཞུས་པའོ། །དབྱིངས་མེད་པ་ནི་ཆོས་ཀྱི་དབྱིངས་ཏེ། ཞེས་བྱ་བ་ནི་ཐེག་པ་ཆུང་ངུའི་གཞུང་ལས་བྱུང་བའི་ཆོས་ཀྱི་དབྱིངས་གོང་དུ་སྨྲོས་པའི་རྣམ་གསུམ་ལ་སོགས་པའི་དངོས་པོ་མེད་པ་ལ་ཆོས་ཀྱི་དབྱིངས་ཞེས་བྱའོ་ཞེས་བསྟན་པའོ། །ཡོངས་སུ་ཆད་མི་དམིགས་སོ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཏེ་མི་འབྱུང་བར་ཡོངས་སུ་གྲུབ་པའི་ཕྱིར། ཆད་པ་དང་གཞན་དུ་འགྱུར་བ་མེད་དོ་ཞེས་བསྟན་པའོ། །ཞེས་པ་གསུམ་འབུམ་ཏིག་གསུངས། དེ་ནས་ཕྲེང་གཅིག་ལྷག་པ་ན། ཅི་ནས་ཀྱང༌། དོན་དམ་གྱི། ཆོས་ཐམས་ཅད། ཤེས་པར་བྱའོ། །ཞེས་བྱ་བ་ནི་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་གཉིས་ཀར་ཡང་མི་འགྱུར་རོ་ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཞི་ན། སངས་རྒྱས་ཀྱིས། །བཏང་བའི་ཡོངས་སུ་མ་བཟུང་དང༌། །གལ་ཏེ་ཅི་སྐད་དུ་བསྟན་པ་ནི། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བཅུ་གཉིས་ནི། དུས་གསུམ་ཡོན་ཏན་མེད་པ་དང༌། །བྱང་ཆུབ་སེམས་དཔའ། དེ་ནས་ཤོག་གུ་གཅིག་ཕྲེང་དགུ་ཙམ་ན། གཅིག་གི་ལྷག་པའི་ཚིག་སྟེ་ཚིག་བླ་དྭགས་ལ་མཁས་པར་རིག་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་ནི་གྲངས་ཤེས་པ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བུད་མེད་ཀྱི་ལྷག་པའི་ཚིག་ལ་མཁས་པར་རིག་པར་བྱའོ། །ཞེས་པ་ལ་སོགས་ནི་རྟགས་ཤེས་པ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་བདུན་ལ་ཕྲེང་གསུམ་ཙམ་ཆད་པ་ན། བམ་པོ་བཅུ་བཞི་པ། ལེགས་པར་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར། དེ་ནས་ཕྲེང་གཅིག་ན། གཟུགས། དངོས་པོ་འགོག་པས། ཞི་བ་དང་གཟུགས་རྐྱེན་གྱི་དབང་ཡིན་པས། རག་ལས་པ་དང་གཟུགས། རང་བཞིན་སྟོང་པ་ཉིད་ཡིན་པས། གསོག་དང་གཟུགས། རྣམ་པར་དཔྱད་བཟོད་པས་ན། སྙིང་པོ་མེད་པས། སྤྱད་པར་བྱའོ། །ཞེས་པ་རྣམ་གྲོལ་སྡེ་གཉིས་གསུངས། 4-1-200 དེ་ནས་ཕྲེང་ལྔ་ན། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སེམས་མི་སྐྱེ་དང་། གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་པ་ན། ཉེ་བར་བཟུང་སྟེ། བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང༌། །སྙིང་པོ་བྱང་ཆུབ། ཐེག་པ་དམན་པ་ཡིད་བྱེད་དང༌། །གསོལ་པ། དེ་ནས་ཕྲེང་གཅིག་ལྷག་པ་ན། རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །རྣམ་པ་ཐམས་ཅད། དེ་ནས་ཕྲེང་ཕྱེད་དང་གཉིས་ན། མི་རྒྱུ་བ་དེ་ལྟར་སྤྱད་པར་བྱའོ། །ཞེས་བྱ་བ་ནི་གནས་འགྱུར་གྱི་བར་དུ་ཞེས་བྱ་བ་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། སྒོམ་དང་། གསོལ་པ། བཅོམ་ལྡན་འདས། ཅི་ལགས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། སྒོམ་པ་མེད་པ་དང༌། །གསོལ་པ། འོ་ན་ཅི་ལགས། དེ་དག་ལས་ནི་ལྡོག་ཉིད་དང༌། །གསོལ་པ། འོ་ན་ཅི་ལགས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཇི་བཞིན་དོན་མིན་རྣམ་རྟོག་པ། །སྒོམ་པའི་ལམ་ལ་ཤེས་པར་བྱ། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ན། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང༌། །ཆོས་ཀྱི་དབྱིངས་ཅི་ལྟ་བ་བཞིན་ནོ། །དེ་ནས་ཤོག་གུ་གཅིག་ཕྲེང་བཅུ་གཉིས་ཙམ་ན། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདགས་སུ་མེད་པའོ། །ཞེས་བྱ་བ་ན་བརྗོད་དུ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ལྷག་ཙམ་ན། སེམས་ཅན་དུ་གདགས་པ་དམིགས་སུ་ཡོད་དམ། ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་དམྱལ་བ་ལ་སོགས་པ་ཀུན་བཏགས་པ་ཡིན་པའི་ཕྱིར་མེད་པ་ལ་ཀུན་རྫོབ་ཏུ་བཏགས་པ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཞི་ལྷག་པ་ན། ཆོས་བཏགས་པ་དང་། གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་པ་ན། སྟོང་མིན་ཉིད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ། དབྲི་བའམ། དོར་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ། །ཞེས་བྱ་བ་ནི་ཡོད་པ་ལ་སྐུར་བ་འདེབས་པ་ནི་འདོར་བའོ། །མེད་པ་ལ་སྒྲོ་འདོགས་པའི་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དང་བཅུ་ན། འགག་པ་མེད་པ་བསླབ་པར་བྱའོ། །ཞེས་བྱ་བ་ལ་སྐྱེ་བོ་མེད་པར་བསླབ་པ་ནི། སྒྲོ་འདོགས་པ་མེད་པར་རོ། །འགག་པ་མེད་པར་བསླབ་པ་ནི། སྐུར་བ་འདེབས་པ་མེད་པར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་ཕྱེད་དང་བཞི་ན། གཟུགས་ཀྱིས་སྟོང་པར་བལྟའོ། །ཞེས་བྱ་བ་ནི་ཀུན་བཏགས་པའི་གཟུགས་ནི་གཟུགས་ཉིད་དུ་མེད་པ་སྟེ་གཟུགས་ཀྱི་མཚན་ཉིད་ཀྱི་སྟོང་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་དགུ་ན། ཕྱིན་པའི་སྤྱོད་པའོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར། གང་ལ་ཡང་མི་སྤྱོད་པ་ཉིད་སྤྱོད་པའོ། །ཞེས་དབུ་མ་པ་གསུངས། བམ་པོ་བཅོ་ལྔ་པ། དེ་ནས་ཕྲེང་ལྔ་ཙམ་ན། བསླབ་པར་བྱའོ། །ཞེས་བྱ་བ་ནི་གལ་ཏེ་ལས་དང་པོ་པ་ལ། དོན་དམ་པའི་སྤྱོད་པ་མེད་དུ་ཟིན་ཀྱང་དེའི་ཕྱིར་བསླབ་པར་བྱ་སྟེ། བསླབ་ 4-1-201 པ་ཉིད་སྤྱད་པ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་དགུ་ཙམ་ན། མི་དམིགས་པ་ཡང་མ་ཡིན་གྱི། ཞེས་བྱ་བ་ནི་དམིགས་སུ་མེད་པའི་མཚན་ཉིད་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཡོད་པའི་ཕྱིར་མི་དམིགས་པ་དམིགས་སུ་མེད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། མཉམ་པ་ཉིད་ལ། ལ་ཟློ་བའི་ཚུལ་གྱིས་བསླབ་པར་བྱའོ། །ཆགས་དང་། གསོལ་པ། དེ་ནས་ཕྲེང་ཕྱེད་དང་དྲུག་ན། རབ་འབྱེད་བདག་ཉིད་དང༌། །གསོལ་པ། བཅོམ་ལྡན་འདས། གལ་ཏེ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་ལྔ་ན། དངོས་པོར་བྱེད་དང་། གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟར། དེ་ནས་ཤོག་གུ་གཉིས་ལྷག་ཙམ་ན། གཟུགས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་ཕྱིར་མི་སྤྱོད་ཀྱི། ཆོས་ཐམས་ཅད་དམིགས་སུ་མེད་པ་དེ་ཉིད་ཀྱི་ཕྱིར་སྤྱོད་དོ། །ཞེས་བྱ་བ་སྟེ། སྔར་སྨྲས་པའི་དམིགས་སུ་ཡོད་པ་ནི་ཀུན་རྫོབ་ཀྱི་ཐ་སྙད་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་གཉིས་ན། ཐེག་གསུམ་དང༌། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ན། དེ་ནས་ཕྲེང་གཉིས་ཙམ་ན། དམིགས་སུ་མེད་དེ། ཞེས་བྱ་བ་ནི་ཐེག་པ་རྣམ་པར་དགོད་པ་ནི་ཀུན་བཏགས་པ་ཡིན་ཏེ། དོན་དམ་པར་ནི་མ་ཡིན་ནོ། །ཞེས་དགོངས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་དྲུག་དང་ཕྲེང་ལྔ་ཙམ་ན། བམ་པོ་བཅུ་དྲུག་པ། དེ་ནས་ཕྲེང་ལྔ་ལྷག་པ་ན། སྩལ་པ། དེ་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་དོན་དམ་པར་ཕུང་པོ་གསུམ་དུ་གཏོགས་པའི་སེམས་ཅན་གང་ཡང་དམིགས་སུ་མེད་ཀྱི། ཡང་དག་པ་མ་ཡིན་པའི་ཆོས་རྣམས་ལ་ཡང་དག་པར་འཛིན་པ་དེ་དག་འཇིག་རྟེན་གྱི་དོན་དུ་སླར་བཟློག་པར་ཟད་དེ། མིང་དུ་དེས་ཐ་སྙད་དུ་འདོགས་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །ཞེས་བྱ་བའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བཅུ་གཅིག་པ་ཅུང་མེད་ན། སངས་རྒྱས་ཞི་བའི་བློ་གྲོས་ཀྱིས། མྱ་ངན་ལས་འདས་པའི་དུས་ལ་བབ་པའི་ཚེ་ཕྱི་ནས་དམ་པའི་ཆོས་གཅད་ཅིང་སེམས་ཅན་དོན་བྱེད་དུ་གཞུག་ཏུ་རུང་བའི། བྱང་ཆུབ་སེམས་དཔའ་ལུང་བསྟན་དུ་གསོལ། མ་གཟིགས་ན། དེ་བཞིན་གཤེགས་པའི་སྐུ། འདྲ་བའི་སྤྲུལ་པ་ཞིག་སྤྲུལ་ཏེ། དེ་ནས་ཕྲེང་གཅིག་ལྷག་པ་ན། འདས་པར་གྲགས་ཏེ། དེ་ལྟར་མཛད་པ་ཡང་ལེ་ལོ་ཅན་རྣམས་བསྐུལ་བ་དང་སྤྲུལ་པས་འདུལ་པའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རོ། །དེ་ལྟར་མེད་ཀྱང་སྤྲུལ་པ་ལ། དེ་ནས་ཡང་ཕྲེང་གཅིག་ལྷག་པ་ན། ཡོན་ནི་དག་པ་མ་ཡིན་དང༌། །གསོལ་པ། དེ་ནས་ཕྲེང་བཅུ་གཅིག་ན། སྤྱོད་པ་རྣམ་པར་འཁྲུགས་པ་ལ། །འཛིན་པར་བྱེད་པ་དང་པོར་དེ། །ཤེས་པར་བྱ་བ་བསྒྲགས་པ་ཡིན། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཅུ་ན། དཀྲུགས་ 4-1-202 པར་མ་གྱུར་ཏེ། བྱ་བ་ནི་ཡོད་པ་མ་ཡིན་པའི་ཆོས་རྣམས་ཡོད་པ་ཉིད་དུ་བཤད་པའི་ཕྱིར་རོ། །ཞེས་དང༌། ཆོས་ཉིད་བསྟན་ཏེ། ཞེས་བྱ་བ་ནི་འཇིག་རྟེན་པའི་ཐ་སྙད་དུ་བྱིས་པའི་ཡོངས་སུ་རྟོག་པ་ཞལ་གྱིས་བཞེས་སོ། །གཞན་དུ་ན་བརྗོད་པར་ཟད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། སེམས་ཅན་བཏགས་དང་དེ་ཡི་རྒྱུ། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པས། །སྒོམ་པའི་ལམ་དང་འབྲེལ་བ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་བརྒྱད་ན། བདག་ཉིད་ཅི་བཞིན་ཀུན་མཁྱེན་ནི། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གསུམ་ཙམ་ན། ཤེས་པ་ཉིད་ཅེས་བྱ་བ་ནི། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་སྟེ། མཚན་ཉིད་གསུམ་དང་བདེན་པ་བཞིའི་སྒོ་ནས་ཆོས་ཐམས་ཅད་ལ་རྨོངས་པ་མེད་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་བྱའོ། །ལམ་གྱི་ཤེས་པ་ཉིད་ནི་སེམས་དང་པོ་བསྐྱེད་པ་ནས་མོས་པ་སྤྱོད་པའི་ས་ནས་བཟུང་སྟེ། ས་བཅུ་པ་ལ་ཐུག་གི་བར་དུ་ལམ་གྱི་རྣམ་པས་འཇུག་པའི་ཕྱིར། བྱང་ཆུབ་སེམས་མཁྱེན་པ་ཉིད་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས། ནམ་མཁའི་ཁམས་ཀྱི་མཐའ་གཏུགས་པར་སེམས་ཅན་གྱི་དོན་གྱི་རྒྱུན་མ་བཅད་པ། ཆོས་ཀྱི་སྐུ་རབ་ཏུ་རྟོགས། བག་ཆགས་ཀྱི་མཚམས་སྦྱོར་རབ་ཏུ་སྤངས་པ་འབྲས་བུའི་ཡེ་ཤེས་ཏེ། ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཞུགས་པའི་འབྲས་བུ་ཡིན་པའི་ཕྱིར། དེ་བཞིན། སངས་རྒྱས་རྣམས་ལ་བྱའོ། །ཞེས་པ་འདི་གསུམ་དབུ་མ་པ་ཆེན་པོའི་གསུངས་བཞིན་བཀོད་དོ། །དེ་ནས་ཤོག་ལོགས་གཅིག་ཅུང་མེད་ན། ཞི་ལམ། གསོལ་པ། དེ་ནས་ཕྲེང་བཅུ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་རྟོག་པ་དང༌། རྣམ་པར་རྟོག་པའི་རྣམ་པ་ཐམས་ཅད་རབ་ཏུ་ཞི་ཞིང་རབ་ནུས་པས། སེམས་ཅན་གྱི་འཇིག་རྟེན་མཐའ་དག་དང་བྲལ་བ་ཁམས་གསུམ་དུ་མ་གཏོགས་པ་ཚུལ་ཁྲིམས་མ་ཡིན་པའི་རྣམ་པར་རྟོག་པའི་དྲ་བ་འགགས་པར་གྱུར་པ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་མཉམ་པ་ཉིད་ཀྱི་རྣམ་པར་ཞུགས་པ་ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུའི་བདག་ཉིད་ཤིན་ཏུ་ཞི་བའི་རྣམ་པ་ཡིན་པ། དེ་ཆོས་ཐམས་ཅད་ཀྱི་རྣམ་པ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་ཅེས་བྱ་བ་སྟེ། རྣམ་པ་དེ་ལྟ་བུར་ཞུགས་པའི་ཡེ་ཤེས་ཀྱི་རང་བཞིན་དེ་ལྟ་བུ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཕྲེང་ཕྱེད་དང་བཅུ་ན། སྐྱེ་བོ་ཀུན་དང་ཐུན་མོང་ཡིན། ཡང་རང་གཞན་ལ། གནོད་པར་འགྱུར་བ་ནི་མ་ཡིན་ཏེ། དེ་ནས་ཕྲེང་གཅིག་ན། མི་མངའ་ཞིང་མི་དམིགས་སོ། །འདི་མན་ཆད་ཀྱི་འབུམ་འགྲེལ་མ་ཚང་ངོ༌། །དེ་ནས་ཚེ་དང་ལྡན་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ན། ཕྱིན་པ་ཞེས་བྱའོ། །ཞེས་བྱ་བ་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པར་བྱེད་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །ཡང་ན་དམ་ 4-1-203 པའི་སྒྲ་ནི་དོན་དམ་པ་ལ་བྱ་སྟེ། དམ་པ་ལས་བྱུང་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཡང་དམ་པའི་སྒྲ་ནི་དོན་དམ་པ་ལ་བྱ་སྟེ། དམ་པ་ལས་བྱུང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་དམ་པ་ལས་དམིགས་པ་ལས་བྱུང་བའི་ཕྱིར། དོན་དམ་པ་ལས་བྱུང་བ་ཞེས་བྱའོ། །མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་དོན་དམ་པ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་ལ་དམིགས་ནས་བྱུང་བའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཕྲེང་གཅིག་ན། དེ་བཞིན་ཉིད་སོགས་དང༌། །[མཚུངས་པར་ལྡན་དང་]མི་ལྡན་དང༌། །རབ་འབྱོར། གཞན། དེ་ནས་ཕྲེང་གསུམ་ན། མི་མཉམ། རབ་འབྱོར། གཞན། དེ་ནས་ཕྲེང་བཞི་ཙམ་ན། སྡུག་བསྔལ་ལ་སོགས་དང༌། །རབ་འབྱོར། གཞན་ཡང༌། དེ་ནས་ཕྲེང་བཞི་ལྷག་པ་ན། ཉོན་མོངས་རྣམས་ཀྱི་རང་བཞིན་དང༌། །གསོལ་པ། དེ་ནས་ཕྲེང་གཉིས་ལྷག་པ་ན། དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ཞེས་བྱ་བ་ལ་སོགས་པས་ནི་དོན་དང་གནོད་པ་ཐ་དད་པར་རྣམ་པར་རྟོག་པ་ཡང་བསལ་བར་བྱའོ། །ཞེས་བྱ་བ་སྟེ། དེ་བཞིན་ཉིད་ལ་ནི་དེ་ལྟ་བུར་འཇུག་པ་མེད་པའི་ཕྱིར། ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་དྲུག་ན། དེ་བཞིན་གཤེགས་པ་རྣམས་མ་སྐྱེས་ཀྱང་རུང་སྟེ། ཞེས་བྱ་བ་འདི་སྐད་བསྟན་ཏེ། གང་ཡང་དོན་དམ་གནོད་པ་ཅི་ཡང་མི་བྱེད་དེ། ཞེས་བྱ་བ་ཆོས་གནས་པ་འདི་ནི་ངོ་བོ་ཉིད་ཁོ་ན་སྟེ། འདི་ལྟར་འདི་དེ་ལྟར་གནས་པའི་ཕྱིར་རོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་དགུ་ན། གཉིས་སུ་མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །གསོལ་པ། དེ་ནས་ཕྲེང་ཕྱེད་དང་བཞི་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་རྩ་གསུམ་མོ།། །། ༈ བམ་པོ་བཅུ་བདུན་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྤ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་རྟེན་པར་བྱེད། །བཅོམ་ལྡན་འདས། འདི་ལྟ་སྟེ། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་ལྷག་པ་ན། དེ་བཞིན་གཤེགས་པར་གདགས་པ་དང༌། ཞེས་བྱ་བ་ནི་དེ་བཞིན་ཉིད་ཁོང་དུ་ཆུད་ཅིང་རྟོག་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། དེ་བཞིན་ཉིད་འདི་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་དྲུག་ན། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པའོ། །དེ་རྣམས་ཀྱིས་ནི། བསྒོ༷མ་པ༷་ཞེ༷ས། །བྱ༷་བ༷འི་ལ༷མ་ནི༷་སོ༷་སོ༷་ལ༷། །རྣ༷མ་པ༷ར་རྟོ༷ག་པ༷་རྣ༷མ་བཞི༷་ཡི༷། །གཉེ༷ན་པོ༷་རྣ༷མ་པ༷་བཞི༷་ད༷ང་ནི༷། །ཞེས་པ་དོན་ལྔ་པ་དང་དྲུག་པ་གསུངས་ཟིན་ཏོ། ། 4-1-204 སྟོང་གསུམ་སྐྱེ་བོ་ཉན་ཐོས་དང༌། །བསེ་རུའི་རྟོགས་པ་ཕུན་ཚོགས་དང༌། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་གཉིས་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་བཞི་ལ་ཕྲེང་ཕྱེད་དང་གཉིས་ཆད་པ་ན། དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །གསོལ་པ། དེ་ནས་ཕྲེང་གཅིག་ན། འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད། གསོལ་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཉིད་ཅེས་བྱ་བ་ནི། དངོས་པོའི་ཆོས་ལས་འདས་པའི་ཕྱིར། དངོས་པོ་མེད་པ། རང་དང་སྤྱིའི་མཚན་ཉིད་དང་བྲལ་བའི་ཕྱིར། མཚན་ཉིད་མེད་པ། མིང་དང་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར། མཚན་མ་མེད་པ། རྩོལ་བའི་མེད་པའི་ཕྱིར། བྱེད་པ་མེད་པའམ་ལྷུན་གྱིས་གྲུབ་པ། འདུས་མ་བྱས་པའི་ཕྱིར། སྐྱེ་བ་མེད་པ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར། འབྱུང་བ་མེད་པ་སྟེ། ཞེས་པ་རྣམས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། མེད་པ་ཡིན་ཏེ། འདིས་ནི་རང་བཞིན་གྱིས་ཞི་བར་བརྗོད་པ་ཡིན་གྱི་དངོས་པོ་འགོག་པས་ནི་ཞི་བ་ནི་མ་ཡིན་ནོ། །ཞེས་གྲོལ་སྡེ་གཉིས་གསུངས། འདི་ནི་མཚན་ཉིད་དོ། །དེ་རྣམས་ཀྱིས་ནི། བ༷ར་ཆ༷ད་མེ༷ད་པ༷འི་ཏི༷ང་ངེ༷་འཛི༷ན། །ཞེས་པ་དོན་བདུན་པ་གསུངས་ཟིན་ཏོ། ། འདི་ལ་ནི། །རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ། །དམིགས་པ་འཐད་དང་། གསོལ་པ། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཅིག་ཆད་པ་ན། དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང༌། །རབ་འབྱོར། འདི་ལྟར་ཡང༌། དེ་ནས་ཤོག་གུ་ཕྱེད་དང་དྲུག་ཅུང་མེད་ན། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང༌། །དེ་སངས་རྒྱས་ཀྱི་སྤྱན། དེ་ནས་ཕྲེང་ཕྱེད་དང༌། གཉིས་ན། བམ་པོ་བཅོ་བརྒྱད་པ། དེ་ནས་ཕྲེང་བརྒྱད་དང་ཕྲེང་གཅིག་ཙམ་ན། ཆོས་ཡོངས་སུ་འཚོལ་བར་མི་རུང་སྟེ། ནམ་མཁས་ནི་ནམ་མཁའ་ལྟ་བུའོ། །བར་མི་རུང་ངོ༌། །དཔེར་ན་ནམ་མཁའ་སྒྱུར་མའི་མིང་བཞིན་ནོ། །བར་མི་ཉུང་ངོ༌། །དཔེར་ན་སྒྱུ་མའི་མིས་ནམ་མཁའ་ལྟ་བུའོ། །ཞེས་པའི་དཔེ་རྣམས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ལྷག་པ་ན། དམ་པའི་དོན་དང་ཀུན་རྫོབ་དང༌། །གསོལ་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཡིན་ཡང་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཀུན་རྫོབ་ཞེས་བྱ་བ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་བཞིའོ།། །། ༈ སྦྱོར་དང་། དེ་ནས་ཚེ་དང་ལྡན། དེ་ནས་ཤོག་གུ་བཞི་དང་ཕྲེང་བརྒྱད་ན། དཀོན་མཆོག་གསུམ་པོ་དང༌། །དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་ཕྲེང་བཞི་ཅུང་མེད་ན། གང་གི་ཚིག་བླ་དྭགས་ལགས། ཞེས་བྱ་བ་ནི་བྱང་ཆུབ་ཀྱང་རྣམ་པ་གསུམ་དུ་བསྟན་ཏེ། ངོ་བོ་ཉིད་དང་མཚན་ཉིད་དང་ངེས་པའི་ཚིག་གིས་སོ། །དེ་ལ་ངོ་བོ་ཉིད་ཀྱང་རྣམ་པ་གཉིས་ཏེ། ཡོངས་ 4-1-205 སུ་གྲུབ་པའི་ངོ་བོ་ཉིད་དང་ཀུན་བཏགས་པའི་ངོ་བོ་ཉིད་དོ། །དེ་ལ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི། བཅོམ་ལྡན་འདས། དེ་ནས་ཕྲེང་གསུམ་ན། བྱང་ཆུབ་ཅེས་བྱའོ། །ཞེས་བྱ་བས་བསྟན་ཏོ། །ཀུན་བཏགས་པའི་ངོ་བོ་ཉིད་ནི། མཚན་མ་ཙམ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །ཞེས་བྱ་བས་བསྟན་ཏོ། །མཚན་ཉིད་ནི། རབ་འབྱོར། དོན་ཏོ། །ཞེས་བྱ་བས་བསྟན་ཏོ། །དོན་དམ་པའི་མཚན་ཉིད་ནི་ཡང་དག་པའི་ཞེས་བྱའོ། །ངེས་པའི་ཚིག་ནི་རྣམ་པ་གསུམ་གྱིས་བསྟན་ཏེ། དེ་ལ་ཀུན་བཏགས་པའི་མཚན་ཉིད་རྟོགས་པའི་ངེས་པའི་ཚིག་ནི་དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །ཞེས་བྱ་བས་བསྟན་ཏོ། །རབ་འབྱོར། གཞན་གྱི་དབང་རྟོགས་པས་གནས་གྱུར་པའི་མཚན་ཉིད་ཆོས་ཀྱི་སྐུའི་ཚུལ་ནི། ཞེས་བྱ་བས་བསྟན་ཏོ། །ཡོངས་སུ་གྲུབ་པའི་མཚན་ཉིད་རྟོགས་པ་ནི། རབ་འབྱོར། གཞན་ཡང༌། འདི་ལྟར། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །ཞེས་བྱ་བས་བསྟན་ཏེ། ཞེས་པ་རྣམས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ལྷག་པ་ན། བྱང་ཆུབ་ནི་ཆོས་གང་ཡང༌། སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་རྣམས་ཚོགས། སེར་སྣ་དང༌། འཆལ་པའི་ཚུལ་ཁྲིམས་ལ་སོགས་པ། འགྲིབ་པར་བྱ་བའམ། ནག་པོའི་ཕྱོགས་རྣམས། འགོག དཀར་པོའི་ཕྱོགས་རྣམས། འཕེལ། སངས་རྒྱས་ཀྱི་ཆོས་རྣམས་མ་སྐྱེས་པ་རྣམས། སྐྱེ་བར་བྱ་བའམ། ཀུན་ནས་ཉོན་མོངས་པ་སྐྱེས་པ་རྣམས་འགག །དྲི་མ་དང་བཅས་པའི་གནས་སྐབས་ནས། ཀུན་ནས་ཉོན་མོངས་པར་བྱ་བར། དྲི་མ་མེད་པའི་གནས་སྐབས་ན། རྣམ་པར་བྱ་བ། མ་ཡིན་ནོ། །ཞེས་བྱ་བ་ལ་བྱང་ཆུབ་ནི་དམིགས་པ་ཐམས་ཅད་སེལ་བའི་རང་བཞིན་ཡིན་པའི་ཕྱིར་དེ་སྐད་གསུངས་སོ། །ཞེས་པ་རྣམས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་གསུམ་ལྷག་ཙམ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱིར་འདི་བྱའོ། །སྙམ་དུ་དམིགས་པར་བྱ་བ་དང༌། དམིགས་པར་བྱེད་པ་གཉིས་ཀྱི་དངོས་པོར་རྣམ་པར་བརྟགས་ནས་མི་སྤྱོད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཉིས་ཆད་པ་ན། དགེ་བའི་རྩ་བ་རྣམ་པར་འཕེལ་བར་མི་འགྱུར་རོ། །ཞེས་བྱ་བ་ནི་གཉིས་སུ་མེད་པར་སྤྱོད་པ་ཁོ་ན་དགེ་བའི་རྒྱུ་ཡིན་གྱི་གཉིས་སུ་སྤྱོད་པ་ནི་མ་ཡིན་ནོ། །ཞེས་བསྟན་ཏེ་འདི་ནི་གཉིས་སུ་མེད་པར་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ན། ཐབས་བཅས། གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་གཅིག་ལྷག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་ལྔའོ།། །། ༈ བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་དྲུག་གོ། །། ༈ དེ་ནས་ཕྲེང་བརྒྱད་ལྷག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་བདུན་ནོ།། །། 4-1-206 ༈ དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་བརྒྱད་དོ།། །། ༈ དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་ལྔ་ན། ཐུབ་པའི་རྟོགས་པ་དང༌། །གསོལ་པ། བཅོམ་ལྡན་འདས། ཅི་ལགས། བགྱི་བར་ནུས་སམ། ཞེས་བྱ་བ་ལ་སོགས་པ་རྣམ་པར་རྟོག་པ་བཞིའི་མངོན་པར་རྫོགས་པར་བྱང་ཆུབ་པར་ནི་དེ་ལྟ་བུའི་རྣམ་པར་རྟོག་པ་སྤྲོར་རུང་བ་མ་ཡིན་པའི་ཕྱིར། འདི་ལ་ཤེས་པར་བྱེད་པ་མེད་དོ། །ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས། དེ་ནས་ཤོག་ལོགས་གཅིག་ལྷག་པ་ན། སྤྲོས་པ་མེད་ཅིང་སྤྲོས་པ་དང་བྲལ་བ་ནི་མངོན་པར་རྟོགས་པའོ། །མངོན་པར་རྟོགས་པ་མེད་པར་ཐལ་བ་དང༌། མུ་བཞི་ལས་བཟློག་པས་དངོས་པོ་དང་དངོས་པོ་མེད་པ་མཉམ་པ་ཉིད་དུ་མཐོང་བ་ནི་མངོན་པར་རྟོགས་པ་ཉིད་ཡིན་པར་ཞལ་གྱིས་བཞེས་པས་གང་གསུངས་པ་ཡིན་ནོ། །ཞེས་གྲོལ་སྡེ་གཉིས་གསུངས། ཕྱིན་ཅི་ལོག་ནི། གསོལ་པ། དེ་ནས་ཤོག་གུ་བཅུ་གསུམ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པའོ། །འདི་ཡར་བཅད་ཀྱི་ཕ་པ་སྟེ་པོ་ཏི་བཅུ་བཞི་པ་རྫོགས་སོ།། །། ༈ བ༽ སྟོང་ཕྲག་བརྒྱ་པ། གླེགས་བམ་བཅོ་ལྔ་པ། བམ་པོ་དང་པོ། སྤྱོད་པ་མཉམ་བཞག་ལ་ཟློ་བའི་ཚེ། དེ་ནས་ཤོག་གུ་ཕྱེད་དང་བཅུ་ལྷག་པ་ན། རང་བཞིན་གཉུག་མའི། ངོ་བོ་ཉིད་ནི་ངོ་བོ་ཉིད། དངོས་པོ་མེད་པའི་གཞི། ཡང་དངོས་པོ་མེད། ལྷ་བུ་གང་ཡང་མེད་དོ། །དེའི་རྒྱུ་མཚན་བཅོས་མ་གློ་བུར་བའི་ཆོས་ཐམས་ཅད་རི་བོང་གི་རྭ་ལྟར་གཤིས་ལ་མེད་པའི་ཕྱིར་རོ། །རབ་འབྱོར། དེ་ལྟ་བས་ན། དོན་དམ་གཟུགས། དེ་བཞིན་དུ་ཕྱི་མ་རྣམས་ལའང་སྦྱར་ཏེ། དོན་དམ་གྱི་ཚོར་བ་ནི་སྤྲོར་མེད་པའོ། །དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་པ་ན། ཕ་རོལ་ཏུ་ཕྱིན་པ་དོན་དམ་གྱི་དེ་བཞིན་ཉིད་ལ་སྤྱད་པར་བྱའོ། །འདི་ལྟར་ཡང་ཀུན་རྫོབ་ཀྱི་གཟུགས། དེ་བཞིན་དུ་ཕྱི་མ་རྣམས་ལའང་སྦྱར་ཏེ། ཀུན་རྫོབ་ཀྱི་ཚོར་བ་ལ་ངོ་བོ་ཉིད་མེད་དོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ལྷག་ན། གང་ལ་ངོ་བོ་ཉིད་མེད་པའི་གཞི། དོན་དམ། དེ་ནི་སྤྲོར་མེད་པ་སྟེ། རབ་འབྱོར། དེའི་ཕྱིར་ན། དོན་དམ་གྱི་གཟུགས་ནི་སྤྲོར་མེད་པའོ། །དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་པ་ན། བམ་པོ་གཉིས་པ། དེ་ནས་ཤོག་ལོགས་ཅིག་ན། ལམ་བཅས་དང༌། །གསོལ་པ། དེ་ནས་ཤོག་གུ་གཉིས་དང་ཕྲེང་ལྔ་ན། བརྡ་ཐམས་ཅད་བརྗོད་པར་བྱ་བ་ཡོངས་སུ་བཟུང་བར་བྱ་སྟེ། ཞེས་བྱ་བ་ནི་སེམས་ཅན་སྣ་ཚོགས་ཀྱི་སྐད་དང་མཐུན་པར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་གཅིག་ལྷག་ན། དེ་དེ་བཞིན་ཏེ། ཞེས་བསྔགས་པ་མཛད་དེ་ཆོས་གང་ལ་ཡང་སྒྲུབ་པར་མི་བྱེད་དེ། ཆོས་རྣམས་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱི་བྱིས་པ་རྣམས་ཁོང་དུ་ཆུད་པར་བྱ་བའི་ཐབས་སུ་ཀུན་རྫོབ་ཏུ་འདི་མཛད་དེ། རིམ་པ་འདིས་ཤེས་པར་གྱུར་ནས་ཡིད་དེ་བཞིན་དུ་བསྒྲུབས་འཚང་རྒྱ་བར་འགྱུར་རོ། །ཞེས་དབུ་མ་ 4-1-207 པ་གསུངས། དེ་ནས་ཕྲེང་གཅིག་ལྷག་པ་ན། གཉེན་པོ་མི་མཐུན་ཕྱོགས་དག་དང༌། །རབ་འབྱོར། དེ་ནི་འདི་ལྟར། དེ་ནས་ཤོག་གུ་གཉིས་ཅུང་མེད་ན། འཕགས་པའི་ཆོས་འདུལ་བ། ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་འདོད་ཆགས་ལ་སོགས་པ་འདུལ་བ་དང་སྒྲུབ་པས་འདུལ་བར་གནས་པའི་མཚན་ཉིད་དུ་སྟོན་ཏེ། འཕགས་པའི་ཆོས་འདུལ་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས་པས། དེ་ལྟ་བུའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ལྷག་ཙམ་ན། མཚན་ཉིད་དང་ནི། རབ་འབྱོར། འདི་ནི་བྱང་ཆུབ། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཞི་ན། སྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟར། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ཆད་པ་ན། ཆོས་ཐམས་ཅད། སྒོམ་པ་རྣམ་པར་འཇིག་པ་ནི། །རྣམ་པར་སྒོམ་པ་བསྒོམ་པ་ནི། །ཞེས་ཡུམ་བསྡུས་པའི་འགྱུར་ལ་བྱུང་བ་ལེགས། འགྲེལ་པ་དང་ཡང་མཐུན་ནོ། །གཟུགས་ལ་སོགས་པ་འོག་མ་རྣམས་ལ་ཡང་སྦྱོར་ཅིག །ཆོས་ཐམས་ཅད་སྒོམ་པ་རྣམ་པར་འཇིག་པ། རྣམ་པར་སྒོམ་པ་བསྒོམ་པ་རྣམ་པའི་འོག་ཏུ་ཡང་ཐེན་མཆན་འདི་དགོས། སྒོམ་པ་ནི་ཤེས་རབ་གཟུགས། སྒོམ་པ་རྣམ་པར་འཇུག་པ་ནི་ཚོར་བ་ལ་སོགས་པ་ཕྱི་མ་ཐམས་ཅད་ལ་ཡང་དེ་བཞིན་ཏེ། རྣམ་པར་སྒོམ་པ་བསྒོམ་པ་ནི། དེ་ནས་ཤོག་གུ་བཅུ་གསུམ་ལྷག་པ་ན། བམ་པོ་གསུམ་པ། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ། །ཞེས་བྱ་བ་ནི་གཟུགས་དངོས་པོ་ཡོད་པའི་ངོ་བོ་ཉིད་དོ། །སྙམ་དུ་མི་སྒོམ་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཉིས་ལྷག་ཙམ་ཆད་པ་ན། མཐའ་གཉིས་ལ་ཆགས་ཏེ། ཞེས་བྱ་བ་ནི་དངོས་པོའི་འདུ་ཤེས་ཅན་དེ་འདི་ནི་བདག་སྟེ། གུད་ན་ཡོད་དོ། །ཞེའམ། བདག་ནི་གཟུགས་སོ། །བདག་ནི་ཚོར་བའོ། །ཞེས་བྱ་བ་ལ་སོགས་པ་རྟག་པ་དང་ཆད་པའི་མཐའ་གཉིས་ལ་ཆགས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཅུ་ཅུང་མེད་ན། གཟུགས་ཀྱི་འདུ་ཤེས་ནི་གཉིས་སོ། །སྙམ་པའི་འདུ་ཤེས་ཡོད་པ་དེ་ལ་ཡོད་པ་དང་མེད་པའམ། དངོས་པོ་དངོས་པོ་མ་ཡིན་པར་རྟག་པ་གདོན་མི་ཟ་བར་འབྱུང་བར་འགྱུར་རོ། །ཡང་ན་གཟུང་བ་དང༌། འཛིན་པའི་དངོས་པོར་འགྱུར་བའི་ཕྱིར། གཉིས་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བདུན་དང་ཕྲེང་ལྔ་ཙམ་ན། སྟོང་ཕྲག་བརྒྱ་པ། ལེའུ་ལྔ་བཅུ་དགུའོ།། །། ༈ དེ་ནས་ཤོག་གུ་ཕྱེད་དང་གསུམ་ཙམ་ན། ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡུལ་ལ་བརྙེས་པར། ཞེས་བྱ་བ་ནི་མངོན་པར་ཤེས་པ་དང་དབང་བཅུའོ། །ཞེས་པ་གཉིས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏེ། ཕ་རོལ་ 4-1-208 ཏུ་ཕྱིན་པ་དྲུག་རྣམས་ལ་སྤྱོད་ཅིང་མངོན་པར་ཤེས་པ་ལ་སོགས་པ་ལ་ཡང་སྙོམས་པར་འཇུག་པ་ན། དེ་ལ་མཚན་མ་དང་རློམ་སེམས་དང༌། རོ་མྱང་བ་དང་དམིགས་པའི་འདུ་ཤེས་རྣམས་བསལ་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་འདུ་ཤེས་སྐྱེད་ཅིང་སྦྱང་ནས་ནམ་མཁའ་ཡིད་ལ་བྱེད་པ་དེ་ཉིད་ཀྱི་མངོན་པར་རྫོགས་པར་སངས་རྒྱས་ནས་ཕྱིས་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་འཕགས་པའི་བདེན་པ་བཞི་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཀྱི་ཆོས་རྣམས་མངོན་སུམ་དུ་བྱས་ཏེ། ཀུན་རྫོབ་ཡིད་ལ་བྱེད་པས་སེམས་ཅན་རྣམས་ཕུང་པོ་གསུམ་དུ་ལུང་བསྟན་པར་འགྱུར་ཏེ། དེ་བས་ན་མི་དམིགས་པ་ཉིད་ཀྱིས་སྤྱད་པ་དག་མི་དམིགས་པ་ཉིད་ཀྱིས་བྱང་ཆུབ་པར་འགྱུར་བས་ཉེས་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཞི་ན། སྡིག་ཏོ་མི་དགེ་བའི་ཆོས་རྣམས་ལ་དངོས་པོ་ཞིག་ཡོད་དེ། ཞེས་བྱ་བ་ལ་སོགས་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར། ཐམས་ཅད་འགྲུབ་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཞེས་བསྟན་ཏེ་གང་གི་ཕྱིར་འདོད་པ་རྣམས་དང་སྡིག་པ་མི་དགེ་བའི་ཆོས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར་ལུང་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཅུ་གཅིག་ན། མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་རྣམས་ཀྱིས་ནི། ལོ༷ག་པ༷ར་བསྒྲུ༷བ་ད༷ང་བཅ༷ས་པ༷་ནི༷། །རྩེ༷་མོ༷འི་མངོ༷ན་རྟོ༷གས། ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྩེ་མོའི་སྦྱོར་བའི་སྐབས་ཏེ་ལྔ་པའོ།། །། ༈ སྦྱིན་པ་ཤེས་རབ་བར་དག་དང༌། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཕྲེང་གསུམ་ལྷག་པ་ན། བགྱི་བ་མཆིས་པར་གྱུར་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་དམིགས་པ་དང་མི་དམིགས་པ་འཕྲལ་ཁོ་ན་ལ་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཕྲལ་ཁོ་ན་ལ་དམིགས་སུ་མེད་པ་རྟོགས་པར་འགྱུར་གྱི་རིམ་གྱིས་ནི་མ་ཡིན་ནོ། །སྙམ་དུ་དགོངས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ལྔ་ཙམ་ན། བམ་པོ་བཞི་པ། སངས་རྒྱས་ལ་སོགས་དྲན་དང་ཆོས། །རབ་འབྱོར། གཞན་ཡང༌། དེ་ནས་ཤོག་གུ་དགུ་ཅུང་མེད་ན། ཐེག་པ་གཞན་ལ་མི་རྟེན་པས། མ་རལ་བ། ཡང་བར་སྐྱེ་བ་སྤངས་པས། མ་ཞིག་པ། སྐྱེ་བོ་ངན་པ་དང་ཉོན་མོངས་པ་དང་མ་འདྲེས་པས། མ་འདྲེས་པ་དཀར་པོའི་ཆོས་ཀྱི་ཆ་གཅིག་ཏུ་རྣམ་པར་འཕེལ་བས་སྐྱོན་མེད་པ། སྐྱེ་བར་སྨོན་ལམ་འདི་འདེབས་པས། མཉམས་པས། ཇི་ལྟར་འགྲོ་བ་འདོད་པ་ཉིད་ཀྱིས་ནི། མཐུ་དང་ལྡན་པ། མཁས་པས་མ་སྨད་པས། མཁས་པས་བསྔགས་པ། དབང་པོ་རྣམས་བསྲུངས་པ་ཤིན་ཏུ་རྫོགས་པ་བསམ་གཏན་གྱི་ཡན་ལག་གི་ཚོགས་རྒྱས་པས། ཏིང་ངེ་འཛིན། གནས་པ་ཡིན་ཏེ། ཞེས་པའི་འབྲུ་གནོན་རྣམས་བཙུན་པ་གྲོལ་སྡེའི་གསུངས་བཞིན་བཀོད། དེ་ནས་ཤོག་གུ་བདུན་ན། 4-1-209 དངོས་མེད་ངོ་བོ་ཉིད་ཀྱིས་དེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །རབ་འབྱོར། གཞན་ཡང༌། བྱང་ཆུབ། དེ་ནས་ཤོག་གུ་ཕྱེད་དང་བརྒྱད་ཅུང་མེད་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུའོ།། །། ༈ བམ་པོ་ལྔ་པ། དེ་ནས་ཕྲེང་ལྔ་ན། མི་དམིགས་པ་ཉིད་མངོན་པར་རྟོགས་པའོ། །ཞེས་བྱ་བ་ནི་མི་དམིགས་པའི་ཐོབ་པ་དང་མི་དམིགས་པའི་མངོན་པར་རྟོགས་པ་ཞེས་བརྗོད་ན། ཐོབ་པར་བྱ་བ་དང་མངོན་པར་བྱ་བའི་ཕྱིར་མི་དམིགས་པ་ཡོད་པར་འགྱུར་ཏེ། དེ་ལྟ་ན་ནི་དམིགས་པའི་སྐྱོན་ཆེན་པོར་འགྱུར་རོ། །དེས་ན་མི་དམིགས་པ་ཉིད་ཐོབ་པ་དང་མངོན་པར་རྟོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་ཀྱང་བརྗོད་པར་བྱའོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་ལ་ཕྲེང་ཙམ་ཆད་པ་ན། ཚུགས་པར་དཀའ་བ་ཡིན་ནོ། །དེ་རྣམས་ཀྱིས་ནི། མཐ༷ར་གྱི༷ས་པ༷། །རྣ༷མ་གསུ༷མ་རྣ༷མ་བཅུ༷། ཞེས་པ་མཐར་གྱིས་པའི་དོན་བཅུ་གསུམ་པ་གསུངས་ཟིན་ཏོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། མཐར་གྱིས་པའི་སྦྱོར་བའི་སྐབས་ཏེ་དྲུག་པའོ།། །། ༈ སྦྱིན་པ་ལ་སོགས་རེ་རེས་ཀྱང༌། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཇི་ལྟར་སྐྱེས་བུས་བཟོ་ཆུན་རྒྱུད། །རྟོགས་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་གཅིག་ཆར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་ཤོག་གུ་གཅིག་ན། ཡོངས་སུ་ཟིན་པ་ལས་ཞེས་བྱ་བ་གསུངས་པ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱང་གཅིག་ཏུ་འགྱུར་རོ། །ཞེས་བསྟན་པའོ། །གཞན་དུ་མ་ཡིན་ནོ། །ཞེས་བྱ་བ་གཅིག་ཁོ་ནར་རོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་བདུན་ཙམ་ན། བམ་པོ་དྲུག་པ། དེ་ནས་ཤོག་གུ་བཞི་དང་ཕྲེང་བཅུ་ན། མི་བརྟན་པ་ཡོངས་སུ་བཏང་བ་དེས་ཇི་ཞིག་བྱ་ཞེས་ཟེར་ན། ཞེས་བྱ་བ་ནི་བདུད་ཀྱི་རིས་རྣམས་སྨྲ་བའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་བཅུ་གཉིས་ན། བམ་པོ་བདུན་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་ལྔ་ན། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །རབ་འབྱོར། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ། དེ་ནས་ཤོག་གུ་བཅུ་གཅིག་དང་ཕྲེང་ལྔ་ན། བམ་པོ་བརྒྱད་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་དགུ་ཅུང་མེད་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་རྩ་གཅིག་གོ། །། 4-1-210 ༈ བམ་པོ་དགུ་པ། སྦྱིན་ལ་སོགས་པའི་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲ་གནས་ནས། །ཆོས་རྣམས་མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར། དེ་ནས་ཤོག་གུ་བཅུ་གསུམ་དང་ཕྲེང་ལྔ་ན། ཡིད་དང་ཆོས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པའོ། །འདི་དག་ནི་དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ། ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པའོ། །དེ་ཅིའི་སླད་དུ་ཞེ་ན། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ། །ཀྱེ་བཅོམ་ལྡན་འདས་གཟུང་བ་དང་འཛིན་པའང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་གིས་གཟུགས་ནི་གཟུང་བར་བྱ། །སྒྲ་ནི་རྣ་བས་མཉན་པར་བྱ། །དྲི་ནི་སྣ་ཡིས་ཚོར་བར་བྱ། །ལྕེ་ཡིས་རོ་ནི་རེག་པར་བྱ། །དངོས་པོ་ལུས་ཀྱིས་རེག་པར་བྱ། །ཡིད་ཀྱིས་བདེ་སོགས་ཐོབ་པ་ནི། །ཞེས་གསུངས་པ་དབུ་མ་པ་དང་དགོངས་པ་གཅིག་གོ །དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ཙམ་ན། བམ་པོ་བཅུ་པ། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཅིག་ལྷག་ཙམ་ཆད་པ་ན། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་ཕྱེད་དང་དྲུག་ལྷག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་གཉིས་སོ།། །། ༈ དེ་རྣམས་ཀྱིས་ནི། སྐ༷ད་ཅི༷ག་མ༷། །གཅི༷ག་གི༷ས་མངོ༷ན་རྫོ༷གས་བྱ༷ང་ཆུ༷བ་པ༷། །མཚ༷ན་ཉི༷ད་ཀྱི༷ས་ནི༷་རྣ༷མ་པ༷་བཞི། །ཞེས་པ་སྐད་ཅིག་མའི་དོན་བཞི་པ་གསུངས་ཟིན་ཏོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐད་ཅིག་མའི་སྦྱོར་བའི་སྐབས་ཏེ་བདུན་པའོ།། །། ༈ གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །དེ་བཞིན་འཁོར་བ་ཇི་སྲིད་འདི། །ལས་ནི་རྒྱུན་མི་ཆད་པར་བཞེད། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་བཅུ་ཐམ་པ་ན། འགྲོ་རྣམས་ཞི་བའི་ལས་དང་ནི། ། བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་གསུམ་ཙམ་ན། བམ་པོ་བཅུ་གཉིས་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་ཙམ་ན། བསྡུ་བ་རྣམ་བཞི་བགོད་པ་དང༌། །རབ་འབྱོར་ངས་ཀྱང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་གཅིག་ཙམ་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་དགུ་ཙམ་ན། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །རབ་འབྱོར། བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་བཞི་ཙམ་ན། བྱང་ 4-1-211 ཆུབ་ཕྱོགས་མཐུན། རབ་འབྱོར། དེ་ལ་དྲན་པ་ཉེ་བར་བཞག་པ་བཞི་གང་ཞེ་ན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་དྲུག་ན། ཚད་མེད་དང༌། །ཞེས་པའི་མདོ་སྐབས་འདིར་མ་བྱུང་ཡང་སྐབས་གཞན་དུ་བྱུང་ལ་དགོངས་སོ། །ཞེས་ཤེས་པར་བྱའོ། །དེ་ལ་ཏིང་ངེ་འཛིན་གསུམ་གང་ཞེ་ན། དེ་ནས་ཕྲེང་གསུམ་ལྷག་ན། རྣམ་པར་ཐར་དང་། རྣམ་པར་ཐར་པ་བརྒྱད་གང་ཞེ་ན། དེ་ནས་ཕྲེང་བཞི་ན། མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །མཐར་གྱིས་གནས་པའི་སྙོམས། དེ་ནས་ཕྲེང་བཅུ་ལྷག་པ་ན། ཟད་པར་བཅུ་ཡི་བདག་ཉིད་དང༌། །དེ་ལ་མཐའ་དག་གི་སྐྱེ་མཆེད་བཅུ་གང་ཞེ་ན། དེ་ནས་ཕྲེང་ཕྱེད་དང་གཉིས་ཙམ་ན། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །དེ་ལ་ཟིལ་གྱིས་གནོན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་ན། ཉོན་མོངས་མེད་དང་། དེ་ལ་ཉོན་མོངས་པ་གང་ཞེ་ན། ཞེས་བྱ་བ་ནི་བདག་གི་ཕྱིར། གཞན་དང་ཉོན་མོངས་པར་མ་གྱུར་ཅིག །ཅེས་བྱིན་གྱིས་བརླབས་ནས། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་གཞན་གྱི་རྒྱུད་ལ་ཉོན་མོངས་པ་སྐྱེ་བའི་སྐབས་མི་འབྱེད་པ་དེ་ནི་ཉོན་མོངས་པ་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ལྷག་པ་ན། སྨོན་མཁྱེན་དང༌། །དེ་ལ་སྨོན་ལམ། དེ་ནས་ཕྲེང་གཉིས་ན། མངོན་ཤེས། དེ་ལ་མངོན་པར་ཤེས་པ་དྲུག །དེ་ནས་ཕྲེང་ཕྱེད་དང་གཉིས་ན། རྣམ་པ་ཐམས་ཅད་དག་བཞི་དང༌། །དེ་ལ་ཡོངས་སུ་དག་པ་བཞི་གང་ཞེ་ན། བག་ཆགས་ཐམས་ཅད་ཉོན་མོངས་པའི་གནས་ངན་ལེན་ཐམས་ཅད་གནས་དང་བྲལ་བར་གྱུར་པ་དང༌། བདག་གི་ལུས་ཀྱང་ཇི་ལྟར་འདོད་པ་བཞིན་ལེན་པ་དང༌། གནས་དང་འཆི་འཕོ་རྣམས་ལ་རང་དབང་ཏུ་གྱུར་པ་ནི། ལུས་སམ། གནས་ཡོངས་སུ་དག་པ་དང༌། སྤྲུལ་པ་དང་ཡོངས་སུ་བསྒྱུར་བའི་གྲངས་སུ་གཏོགས་པ་དང་དམིགས་པ་ཐམས་ཅད་དབང་དུ་གྱུར་པ་ནི། དམིགས་པ་སེམས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བ་སེམས་རྣམ་པ་ཐམས་ཅད་དུ་དམ་ཚིག་འཕེལ་བ་ནི། སེམས་ཡོངས་སུ་མ་རིག་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་བྲལ་བས་ཤེས་པར་བྱ་བ་ཐམས་ཅད་ལ་ཤེས་པའི་སྒྲིབ་པ་མེད་པ་དབང་ཏུ་གྱུར་པ་ནི། ཡེ་ཤེས་ཡོངས་སུ། དབང་བཅུ་དང་ནི། དེ་ལ་དབང་བཅུ་གང་ཞེ་ན། ཇི་སྲིད་འདོད་པ་དེ་སྲིད་དུ་འཇུག་པ་ཚེ་ལ་དབང་བ་དང༌། བསམ་གཏན་དང་ཚད་མེད་པ་ལ་སོགས་པ་གང་གིས་སེམས་ཅན་གནས་པར་འདོད་པ་དེས་ཇི་ལྟར་འདོད་པ་བཞིན་གནས་པས། སེམས་ལ་དབང་བ་དང༌། བསམ་པ་ཙམ་གྱིས་ཡོ་བྱད་ཅི་འདོད་པ་འབྱོར་བ། ཡོ་བྱད་ལ་དབང་པ་དང༌། སྐྱེ་བར་འདོད་པའི་ལས་ཐམས་ཅད་ལ་ཇི་ལྟར་འདོད་པ་བསྒྱུར་བ་ལས་ལ་དབང་བ་དང༌། སྐྱེ་གནས་གང་འདོད་པར་འདོད་པར་སྐྱེ་བ་སྐྱེད་ལ་དབང་བ་དང༌། དངོས་པོ་གང་དང་གང་ལ་མོས་པ་བྱས་པ་བཞིན་དུ་འགྱུར་བ། མོས་པ་ལ་དབང་བ་དང༌། སྨོན་ལམ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་འགྲུབ་པ། སྨོན་ལམ་ལ་དབང་བ་དང༌། རྫུ་འཕྲུལ་གྱི་བྱ་བ་ཐམས་ཅད་ཇི་ 4-1-212 ལྟར་འདོད་པ་བཞིན་སྒྲུབ་པ། རྫུ་འཕྲུལ་ལ་དབང་བ་དང༌། ཤེས་བྱ་ཟབ་པ་ཤེས་པར་འདོད་པ་རྣམས་མྱུར་དུ་ཤེས་པ། ཡེ་ཤེས་ལ་དབང་བ་དང༌། མིང་གི་ཚོགས་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་ཐོབ་པ་དང༌། ཆོས་ཐམས་ཅད་ཡང་དག་པར་རྣམ་པར་དགོད་པ་ལ་མཁས་པ། ཆོས་ལ་དབང་བ་སྟེ། བཅུ་པོ་འདི་དག་གོ །དེ་ལྟར་ཡོངས་སུ་དག་པ་བཞི་དང༌། དབང་བཅུའི་བཤད་པ་དབུ་མ་པའི་གསུངས་བཞིན་བཀོད་དོ། །སྟོབས་བཅུ་དང༌། །རབ་འབྱོར། དེ་བཞིན་གཤེགས་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ཅུང་མེད་ན། མི་འཇིགས་པ་ནི་བཞི་དག་དང༌། །རབ་འབྱོར། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ལྷག་པ་ན། སོ་སོ་ཡང་དག་རིག །ངེས་པའི་སོ་སོ་ཡང་དག་པར་རིག་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། བསྲུང་བ་མེད་པ་རྣམ་གསུམ་དང༌། །རབ་འབྱོར། དེ་བཞིན་གཤེགས་པའི་བསྲུང༌། དེ་ནས་ཕྲེང་ཕྱེད་དང་ལྔ་ན། དྲན་པ་ཉེར་བཞག་རྣམ་གསུམ་དང༌། །དེ་ལ་དེ་བཞིན་གཤེགས་པའི་དགོངས། དེ་ནས་ཕྲེང་དྲུག་ན། བསྙེལ་བ་མི་མངའི་ཆོས་ཉིད་དང༌། །དེ་ལ་དེ་བཞིན་གཤེགས་པའི་ཉམས་པ་མེད། དེ་ནས་ཕྲེང་གཅིག་ན་མི་འདའ་བ་སྟེ། དེ་ཉིད་ཀྱི་ཕྱིར་ན་དེ་རྣམས་ཀྱི་མཛད་པ་འབྲས་བུ་ཡོད་པར་འདོད་པ་འཐད་པ་ཡིན་ནོ། །ཞེས་ཉི་ཁྲི་སྣང་བ་གསུངས། བག་ཆགས་ཡང་དག་་བཅོམ་པ་དང༌། །དེ་ལ་དེ་བཞིན་གཤེགས་པའི། སྤངས་ཀྱང་དེ་དག་ལ་ཉོན་མོངས་པ་མ་སྤངས་པ་ལྟ་བུར་སྤྱོད་པའི། ལུས་ཀྱི་འགྱུར་བ་ཡོད་ཀྱི། སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །དེ་ལ་དེ་བཞིན་གཤེགས་པའི། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། མཛད་ཅེས་བྱ་སྟེ། ཇི་ལྟར་རྟོག་ཅེ་ན། སུ་ནི་དགེ་བའི། རྩ་བ་ཡོངས་སུ་སྨིན་སུ་ནི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན། སུ་ནི་མངོན་པར་མཐོང་བ་བསྟན་པའི་སྣོད་ཡིན། སུ་ནི་ངེས་པར་ལེགས་པ་བསྟན་པའི་སྣོད་ཡིན། ཡང་སུ་ནི་སངས་རྒྱས་ཀྱི་འབྱོར་བའི་སྣོད་ཡིན། གང་ཞིག་ལ་ཅི་ཞིག་བྱ། ཞེས་སོ་སོར་རྟོག་ཞེས་གྲོལ་སྡེ་གཉིས་གསུངས། དེ་ནས་ཕྲེང་གཅིག་ན། ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རབ་འབྱོར། དེ་བཞིན་གཤེགས། དེ་ནས་ཕྲེང་ཕྱེད་དང་དྲུག་ན། རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །རབ་འབྱོར། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ཁ་ཅིག་ནི་བདེན་པ་བཞི་ལ་དམིགས་པའི་ཤེས་པ་རྣམ་པ་བཅུ་དྲུག་གིས་བསྡུས་པ་ཡིན་ནོ། །ཞེས་ཟེར་རོ། །གཞན་དག་ནི། དེ་ཡང་ཆོས་ཐམས་ཅད་ངོ་བོ་མེད་པ་དང༌། མ་སྐྱེས་པ་དང༌། མ་འགག་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པའི། རྣམ་པའི་ཡེ་ཤེས་ཀྱིས་བསྡུས་པ་ཡིན་ནོ། །ཞེས་ཟེར་རོ། །གཞན་དག་འདིར་གཉེན་པོའི་ཕྱོགས་ཀྱིས་བསྡུས་པའི་རྣམ་པ་བརྗོད་པར་ནི་འདོད་ཀྱིས། ཡིད་བཞིན་ནོར་བུ་ལྟར་དེ་ལས་སེམས་ཅན་གྱིས་དོན་དུ་གཉེར་བའི་དོན་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ནོ། །ཞེས་ཟེར་རོ། །ཡང་གཞན་དག་ནི་སྤངས་པའི་རྣམ་པ་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར། འདིའི་རྣམ་པ་ཐམས་ 4-1-213 ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། དེ་ལ་ནི་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། བག་ཆགས་ཀྱི་སྒྲིབ་པ་སྤངས་པའི་རྣམ་པ་གསུམ་ཆར་ཡང་མང་བ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འགྲེལ་བ་འདི་ཐམས་ཅད་ཀྱང་ལེགས་ན། སློབ་དཔོན་བཟང་སྐྱོང་གིས་སྐབས་སུ་བབ་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་ཤེས་བྱ་རྣམ་པ་བཅུས་བསྡུས་པའི་སྙིང་པོ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་བྱ་བ་འདི་ནི་ཤིན་ཏུ་ལེགས་ཏེ་ཡོངས་སུ་གྲུབ་པ་ལ་དམིགས་པའོ། །ཞེས་འཕགས་པ་གྲོལ་སྡེས་ཉི་ཁྲི་སྣང་བ་གསུངས་ཤིང༌། བཙུན་པ་གྲོལ་སྡེས་ཀྱང་འདི་དང་མཐུན་པར་གསུངས་སོ། །མཁྱེན་པ་ཉིད་ཅེས་བྱའོ། ། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤངས་ཉིད། །གྲོངས་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང༌། །ཐོགས་པ་མེད་དང་རྟག་གནས་དང༌། །འདྲི་བ་ཀུན་ལན་འདེབས་པར་བཞེད། །རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་འཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ༌། །ལྷ་ཡི་རྒྱལ་པོས་ཆར་བབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །དེ་ལ་དེ་བཞིན་གཤེགས་པའི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། དེ་ནས་ཕྲེང་ལྔ་ལྷག་པ་ན། ཕྱག་ཞབས་འཁོར་ལོས་མཚན་དང་། དེ་ལ་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ། དེ་ནས་ཕྲེང་གཅིག་ལྷག་ནས། རུ་སྦལ་ཞབས། །ཞབས་ཀྱི་མཐིལ། ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། །ངང་བའི་རྒྱལ་པོ་ལྟར། ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །ཤིང་བལ་གྱི་ཡལ་ལེའུ་ལྟར། འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །ཕྱག་དང་ཞབས་དང༌། སོར་མོ་རིང་དང་། ཕྱག་དང་ཞབས། རྟིང་ཡངས། རྟིང་པ་རིང་བ་དང༌། སྐུ་ཆེ་དྲང་། །སྐུ་ལག་པ་བདུན། ཞབས་འབུར་མི་མངོན། པུས་མོ་ལྷ་ང༌། སྦུ་ནི་གྱེན་དུ་ཕྱོགས། །སྤུ་གྱེན་དུ་གཡས། བྱིན་པ་ཨེ་ན་ཡ་འདྲ། རི་དྭགས་ཨེ་ནྱ། ཕྱག་རིང་མཛེས། །བརླ་དྲང་བོར་བཞག །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང༌། །གླང་པོ་དང་རྟ་ཅང་ཤེས། པགས་པ་གསེར་མདོག །ཤིན་ཏུ་སྦྱངས་པ། པགས་པ་སྲབ་པ་དང༌། །གསེར་དང་དངུལ། སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། །ཤིན་ཏུ་རྣམ་པར་ཕྱེ་བའི། ཞལ་མཛོད་སྤུས་བརྒྱན། མེ་ཏོག་ཀུནྡ་དང༌། ཟླ་བ་དང༌། རོ་སྟོད་སེང་གེ་འདྲ། །རོ་སྟོད་ཆེ། འདི་ཡི་དཔུང་བའི་མགོ་ཟླུམ། མགུར་དང་རྒྱུད། ཐལ་གོང་རྒྱས། །གསེར་གྱི་གཏན་པ། འདི་ལ་རོ་མི་ཞིམ་པ་རོ་ 4-1-214 མཆོག་སྣང༌། །རླུང་དང་མཁྲིས་པ་དང༌། སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །སྐུ་ཆེ་ཞིང་འདོམ་དུ་མཉམ། གཙུག་ཏོར་འབུར་ལྡན། སྤྱི་གཙུག་འབུར་ལྡན། སྤྱི་གཙུག་ཟླུམ། ལྗགས་རིང་མཛེས་པ་དང༌། །མེ་ཏོག་ཨུཏྤལ་དམར་པོའི་འདབ་མའི་ཁ་དོག །ཚངས་དབྱངས། ཚངས་པ། འགྲམ་པ་སེང་གེའི་འདྲ་དང་། འགྲམ་པ་མེ་ལོང༌། ཚེམས། །ཤིན་ཏུ་དཀར་དང་། མེ་ཏོག་ཀུནྡ་དང༌། ཚད་མཉམ། ཚེམས་ལ། ཐགས་བཟང་དང༌། །ཚེམས་ལ་མཚམས་མེད་དོ། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང༌། །བླ་འོག་ཏུ་གྱེ་གུག་མེད། སྤྱན་ནི་མཐོན་འཐིང་། དཀར་ནག་གི་ཆ། སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །རྫི་མ་བླ་འོག་ཤིན་ཏུ་མ་འཛིངས་པས་བའི་རྫི་མ་ལྟ་བུའོ། །འདི་ལ་མཚན་ནི་གང་གང་གི །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །བླ་མ་སྐྱེལ་ལ་སོགས་པ་དང༌། །དེ་ལ་བླ་མའི་བསུ་བསྐྱལ་དང༌། ཡང་དག་བླངས་པ་བརྟན་པ་དང༌། །ཡི་དམ་ལ་བརྟན་པས། བསྡུ་བ་བསྟེན་དང་། སྦྱིན་པ་དང༌། གྱ་ནོམ་པའི། །དངོས་པོ་སྦྱིན་དང་། བཟའ་བ་དང༌། བཅའ་བ་དང༌། བསད་བྱ་བ། །ཐར་བར་བྱེད་དང་། བཅིངས་པ་བགྲོལ། དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །དགེ་བའི་ཆོས་ཡང་དག་བླངས་པ་དང༌། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ཅུང་མེད་ན། ཐུབ་པའི་སེན་མོ་ཟངས་མདོག་དང༌། །དེ་ལ་དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། མདོག་སྣུམ། སངས་རྒྱས་བཅོམ་ལྡན་འདས། མཐོ་དང་། སངས་རྒྱས་བཅོམ་ལྡན་འདས་ནི་རིགས་དང༌། སོར་མོ་རྣམས། །ཟླུམ། སངས་རྒྱས་བཅོམ་ལྡན་འདས་རྣམས། རྒྱས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ །བྱིན་གྱིས་ཕྲ་བ་དང༌། །སངས་རྒྱས། རྩ་མི་མངོན་དང་། སངས་རྒྱས་བཅོམ་ལྡན་འདས། མདུད་པ་མེད། །སངས་རྒྱས། ལོང་བུ་མི་མངོན། སངས་རྒྱས། ཞབས་མཉམ་དང༌། །སངས་རྒྱས་བཅོམ་ལྡན་འདས། སེང་གེ། སངས་རྒྱས། གླང་ཆེན། སངས་རྒྱས། བྱ་དང་ནི། །སངས་རྒྱས། ཁྱུ་མཆོག་སྟབས་གཤེགས། སངས་རྒྱས་བཅོམ་ལྡན་འདས། གཡས་ཕྱོགས་དང༌། །སངས་རྒྱས་བཅོམ་ལྡན་འདས། མཛེས་གཤེགས། སངས་རྒྱས་བཅོམ་ལྡན་འདས། དྲང་དང་། སངས་རྒྱས་བཅོམ་ལྡན་འདས། འཁྲིལ་བག་ཆགས། །སངས་རྒྱས་བཅོམ་ལྡན་འདས། བྱི་དོར་བྱས་འདྲ། སངས་རྒྱས་བཅོམ་ལྡན་འདས། རིམ་པར་འཚམ། །སངས་རྒྱས། གཙང་དང་། སངས་རྒྱས། འཇམ་དང་། སངས་རྒྱས་བཅོམ་ལྡན་འདས། དག་པའི་སྐུ། །སངས་རྒྱས་བཅོམ་ལྡན་འདས། མཚན་ནི་ཡོངས་སུ་རྫོགས་པ་དང༌། །སངས་རྒྱས་བཅོམ་ལྡན་འདས། སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །སངས་རྒྱས། གོམ་སྙོམས་པ་དང་། སངས་རྒྱས། (གསལ་བཤད། མངོན་རྟོགས་རྒྱན་ལས། སྤྱན་གཉིས་ནི། །དག་དང་། ཞེས་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོག་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།)གཞོན་ཤ་ཅན་ཉིད་དང༌། །སངས་རྒྱས། སྐུ་ཞུམ་མེད་དང་། སངས་རྒྱས། རྒྱས་པ་དང༌། །སངས་རྒྱས། ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །སངས་རྒྱས། 4-1-215 ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། །སངས་རྒྱས། གཟིགས་པ་སྒྲིབ་མེད་དག་པ་དང༌། །སངས་རྒྱས། དཀུ་ཟླུམ། སངས་རྒྱས། སྐབས་ཕྱིན། སངས་རྒྱས། མ་རྙོངས་དང༌། །སངས་རྒྱས། ཕྱང་ངེ་བ་དང་། སངས་རྒྱས། ལྟེ་བ་ནི། །ཟབ་དང་། སངས་རྒྱས། གཡས་ཕྱོགས་འཁྱིལ་བ་དང༌། །སངས་རྒྱས། ཀུན་ནས་བལྟ་ན་སྡུག་པ་དང༌། །སངས་རྒྱས། ཀུན་སྤྱོད་གཙང་དང་། སངས་རྒྱས། སྐུ་ལ་ནི། །སྨེ་བ་ནག་བག་མེད་པ་དང༌། །སངས་རྒྱས། ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། སངས་རྒྱས། ཕྱག་རིས་མདངས་ཡོད། སངས་རྒྱས། ཟབ། དང༌། སངས་རྒྱས། རིང་དང༌། །སངས་རྒྱས། ཞལ་ནི་ཧ་ཅང་མི་རིང་དང༌། །སངས་རྒྱས། མཆུ་ནི་བིམ་པ་ལྟར་དམར་དང༌། །སངས་རྒྱས། ལྗགས་མཉེན་པ་དང་། སངས་རྒྱས། སྲབ་པ་དང༌། །སངས་རྒྱས། དམར་དང་། སངས་རྒྱས། འབྲུག་གི་སྒྲ་ཉིད་དང༌། །སངས་རྒྱས། གསུང་གཉེན་འཇམ་དང་། སངས་རྒྱས། མཆེ་བ་ཟླུམ། །སངས་རྒྱས། རྣོ་དང་། སངས་རྒྱས། དཀར་དང་། སངས་རྒྱས། མཉམ་པ་དང༌། །སངས་རྒྱས། བྱིན་གྱིས་ཕྲ་དང་། སངས་རྒྱས། ཤངས་མཐོ་དང༌། །སངས་རྒྱས། མཆོག་ཏུ་དག་པ་དག་དང་ནི། །སངས་རྒྱས། སྤྱན་ཡངས་པ་དང་། སངས་རྒྱས། སྤྱན་གཉིས་ནི། དག་དང༌། སངས་རྒྱས། རྫི་མ་སྟུག །སངས་རྒྱས། པད་མའི་འདབ་མ་འདྲ་བ་དང༌། །སངས་རྒྱས། སྨིན་ཚུགས་རིང་དང་། སངས་རྒྱས། འཇམ་པ་དང༌། །སངས་རྒྱས། སྤུ་ནི་མཉམ་པ་དང༌། །སངས་རྒྱས། སྣུམ་དང་། སངས་རྒྱས། ཕྱག་རིང་རྒྱས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆེས་མཆོག་ཏུ་ཡངས་ཤིང༌། དོན་དང་ལྡན་པ་མདའ་བ་སྟེ། སྙན་ལེགས་ཤིང་སྙན་ཤལ་རིང་བ་ཡིན། ཞེས་པ་དོན་སྣང༌། སྙན་མཉམ་དང༌། །སངས་རྒྱས། ཉམས་པ་རྣམ་པར་སྤངས་པ་དང༌། །སངས་རྒྱས། དཔྲལ་བར་ལེགས་པར་འབྱེས་པ་དང༌། །སངས་རྒྱས། དབྱེས་ཆེ་བ་དང་། སངས་རྒྱས། དབུ་རྒྱས་དང༌། །སངས་རྒྱས། དབུ་སྐྲ་བུང་བ་ལྟར་གནག་དང༌། །སངས་རྒྱས། སྟུག་དང་། སངས་རྒྱས། འཇམ་དང་། མ་འཛིངས་དང༌། །སངས་རྒྱས། མི་བཤོར། སངས་རྒྱས། དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང༌། །སངས་རྒྱས། དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང༌། དགའ་བ་འཁྱིལ་པས་བརྒྱན་པ་ཡིན། དེ་ནས་ཕྲེང་གསུམ་ན། བམ་པོ་བཅུ་བཞི་པ། དེ་ནས་ཕྲེང་བཅུ་ཅུང་མེད་ན། ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །རབ་འབྱོར། གཞན་ཡང༌། དེ་ནས་ཕྲེང་བཞི་ཅུང་མེད་ན། སྟོན་ཏོ། །ཞེས་བྱ་བ་ནི་སྐྱེ་བ་མེད་པའི་ཏིང་ངེ་འཛིན་ནི་བསྒྲུབ་པ་ཨ་ཞེས་བྱ་བའི་ནང་དུ་ཡི་གེ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ནི་གཞན་དག་འདུས་པར་སྒོམས་ཤིག་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བརྒྱད་ལ་ཕྲེང་ཕྱེད་དང་གཉིས་ཆད་པ་ན། གཟུགས་མ་བཅིངས་མ་གྲོལ་བ། ཞེས་བྱ་བ་ནི་དྲི་མ་དང་བཅས་པའི་གནས་སྐབས་ན་ཆོས་ཉིད་ཀྱི་ 4-1-216 གཟུགས་ཀུན་བཏགས་པས་རང་གཞན་གྱིས་བདེན་པའི་ཕྱིར་མ་བཅིངས་པའོ། །དྲི་མ་མེད་པའི་གནས་སྐབས་ན་ཡང་གློ་བུར་གྱི་རྣམ་པར་བྱང་བ་མེད་པའི་ཕྱིར་མ་གྲོལ་བའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཉིས་ཆད་པ་ན། གཟུགས་མ་ཡིན་ནོ། །ཞེས་བྱ་བ་ནི་མ་བཅིངས་པ། ཉིད་དང་མ་གྲོལ་བ་ཉིད་ཅེས་བྱ་བ་ཡོངས་སུ་གྲུབ་པའི་གནས་སྐབས་ཡིན་ཏེ། དེ་ཀུན་བཏགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཞི་ལ་ཕྲེང་གཉིས་ཆད་པ་ན། གཟུགས་ནི་ཤིན་ཏུ་རྣམ་པར་དག་པའོ། །ཞེས་བྱ་བ་ནི་རང་བཞིན་གྱིས་ཞེས་བྱ་བར་དགོངས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་ལྔ་ན། དངོས་པོ་མེད་པ་ལ་དངོས་པོ་མེད་པ་མི་གནས་སོ། །ཞེས་བྱ་བ་ནི་མི་རྟེན་པའི་ཕྱིར་ཏེ། དཔེར་ན་ནམ་མཁའ་ལ་ནམ་མཁའ་མི་གནས་པ་ལྟ་བུའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ལྔ་ན། ཆོས་ཉིད་དེ་རྗེས་སུ་རྟོགས་ཏེ། ཞེས་བྱ་བ་ཐམས་ཅད་ཀྱང་ཆོས་ཐམས་ཅད་དང༌། མངོན་པར་རྟོགས་པ་གཅིག་པ་ཉིད་དོ། །ཞེས་བྱ་བ་བསྟན་ཏེ་དབུ་མ་པ་གསུངས། འདི་འདིའོ་ཞེས་བྱ་བ་ནི་ཆོས་འཆད་པའི་ཚེ། དེ་དག་ལས་མི་འདའ་བའོ། །ཞེས་དབུ་མ་པ་གསུངས། མཐའ་ནི་འདའ་བ་མེད་དེ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་སྐུ་སྟེ་འདའ་བ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་ཉིད་འདའ་བ་མེད་དོ། །རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱི་ཡང་དག་པའི་མཐའ་འདའ་བ་མེད་དོ། །ཞེས་བྱ་བར་བྱེ་བྲག་ཏུ་ཕྱེ་སྟེ་གཟུང་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། བམ་པོ་བཅོ་ལྔ་པ། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། མ་མཆིས་ན། ཞེས་བྱ་བ་ལ་སོགས་པ་འདི་སྐད་དུ་གཟུགས་དང༌། ཚོར་བ་ལ་སོགས་པ་ནི་རྣམ་པར་འགྱུར་བའི་ངོ་བོ་ཉིད་ཡིན་པས་འདའ་བར་སྣང་ན། འདི་ལྟར་གཟུགས་ལ་སོགས་པ་ལ་ནི་འདའ་བ་ཡོད་ཀྱི་ཆོས་ཀྱི་དབྱིངས་ལ་སོགས་པ་ལ་མེད་པ་དེའི་ཚེ་གཟུགས་ལ་སོགས་པ་དང་ཆོས་ཀྱི་དབྱིངས་ལ་སོགས་པ་ཐ་དད་པ་ཡོད་དམ་ཞེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་ལྔ་ཅུང་མེད་ན། རབ་འབྱོར། དེ་ནི་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་རྣམས་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་གསུམ་ཐ་དད་པ་མེད་པར་བསྟན་ཏོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། དོན་དམ་པའི་གཟུགས་ལ་སོགས་པ་ལ་ནི་འདའ་བ་མེད་དོ། །སྙམ་དུ་དགོངས་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་ལྔ་ལ་ཕྲེང་ཕྱེད་དང་གསུམ་ཙམ་ཆད་པ་ན། ཡང་དག་པའི་མཐའ་ཡང་གཞན་པ་མ་ལགས། ཞེས་བྱ་བ་ལ་སོགས་པས་འདི་སྐད་ཞུས་ཏེ་གལ་ཏེ་གཟུགས་དང་ཚོར་བ་ལ་སོགས་པ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་ལ་ཐ་དད་པ་མེད་ན་འོ་ན་ནི་ཆོས་ཀྱི་དབྱིངས་ལ་སོགས་པ་བཞིན་དུ་ཆོས་ཐམས་ཅད་འདུས་མ་བྱས་པ་ཡིན་པའི་ཕྱིར་དགེ་བ་དང་མི་དགེ་ 4-1-217 བའི་ལས་ཀྱི་འབྲས་བུ་རྣམ་པར་འགོད་པ་མེད་པར་འགྱུར་རོ། །ཞེས་ཞུས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ལྔ་དང་ཕྲེང་གཅིག་ལྷག་ན། རབ་འབྱོར། ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ཏེ། ཞེས་བྱ་བ་ལ་སོགས་པས་འདི་སྐད་དུ་ཆོས་ཐམས་ཅད་འདུས་མ་བྱས་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང༌། འོན་ཀྱང་བྱིས་པ་ཀུན་བཏགས་པ་སྤྱོད་ཡུལ་དུ་བྱེད་རྣམས་ལ་དགེ་བ་དང་མི་དགེ་བ་ཀུན་བཏགས་པ་རྣམས་ཡོད་དེ། དེའི་དབང་གིས་རྣམ་པར་སྨིན་པ་དཀར་པོ་དང་ནག་པོ་ཡང་ཡོད་དོ། །དེའི་དབང་གིས་བཅོམ་ལྡན་འདས་ཀྱི་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་དེ་དག་བཤད་ཀྱི། དོན་དམ་པར་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་ལས་དང་རྣམ་པར་སྨིན་པར་དགོད་པ་བསྟན་པར་མི་ནུས་སོ༌། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དོན་དམ་གྱི། ཆོས། དེ་བཞིན་ཉིད། དེ་ནི། ཡོངས་སུ་གྲུབ་པ་ཡིན་པའི་ཕྱིར། རྣམ་པར་བརྟག་ཏུ་མེད་པ། དེ་ནས་ཕྲེང་གཅིག་ཙམ་ན། རྣམ་པར་བྱང་བ་མེད་པ་སྟེ། ཞེས་བྱ་བ་ནི་གཟུགས་མེད་པའི་ཆོས་རྣམས་དང་གཟུགས་ཀྱི་ཆོས་རྣམས་བཟུང་ངོ༌། །མིང་ཞེས་བྱ་བ་དང་གཟུགས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ལོ། །དོན་དམ་པ་ནི་དེ་བཞིན་ཉིད་དོ། །དེ་ནི་རྣམ་པར་མི་རྟོག་པ་སྟེ་ཡོངས་སུ་གྲུབ་པ་ཡིན་པའི་ཕྱིར་རོ། །བསྙད་དུ་མེད་པ་ནི་བརྗོད་དུ་མེད་པའི་ཕྱིར་རོ། །སྐྱེ་བ་མེད་པ་ནི་འདུས་མ་བྱས་པའི་ཕྱིར་རོ། །འགག་པ་མེད་པ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པ་ནི་རང་བཞིན་གྱིས་བདེན་པའི་ཕྱིར་རོ། །རྣམ་པར་བྱང་བ་མེད་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་ལོགས་གཅིག་ན། འབྲས་བུ་འཐོབ་པར་བགྱི་བ་མཆིས་སམ། ཞེས་པ་ནི་ཅི་ལམ་བསྒོམས་པའི་རྒྱུས་འབྲས་བུ་འབྱུང་བར་འགྱུར་རམ། འབྲས་བུ་ཐོབ་པར་འགྱུར་རམ། ཞེས་དེ་སྐད་ཞུས་པ་སྟེ། དེ་ལྟར་ན་གྱུར་ན་དེ་ཡང་དོན་དམ་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའོ། །འབྲས་བུ་འཐོབ་པར་བྱ་བ་མེད་དོ། །ཞེས་བྱ་བ་ནི་ལམ་དང་འབྲས་བུ་གཉིས་ཀ་ཡང་ཀུན་བཏགས་པ་ཡིན་པས་དགག་པ་བཀའ་སྩལ་ཏོ། །ཞེས་པ་གསུམ་དབུ་མ་པ་གསུངས། བྱ་བ་ཡང་མེད་དོ། །ཞེས་བྱ་བས་ནི་ཀུན་བཏགས་པ་ཡིན་དུ་ཟིན་ཀྱང་ངེས་པར་བསྟན་པའོ། །དེ་ནས་ཕྲེང་གཉིས་ལྷག་པ་ན། དགོད་པ་མ་མཆིས་ན། ཞེས་བྱ་བ་ལ་སོགས་པས་གནས་བརྟན་གྱིས་འདི་སྐད་ཞུས་ཏེ། ཅིའི་ཕྱིར་ཡོད་པ་དང༌། ལམ་དང་འབྲས་བུ་དག་རིས་སུ་གཅོད། དེ་རྣམ་པར་དགོད་པ་མཛད་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ལྔ་ན། ཞུགས་པའི་འབྲས་བུའམ། ཞེས་བྱ་བ་ལ་སོགས་པས་འདི་སྐད་དུ། དོན་དམ་པར་ཡོངས་སུ་ཤེས་པས་རབ་ཏུ་རྟོག་པའི་རིམ་པས་དེ་དག་ནི་བདེན་པ་མ་ཡིན་པ་ཁོ་ན་སྟེ་འདི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དེ་དག་འདུས་མ་བྱས་པ་སྟེ། དེ་དག་ལ་རིམ་པར་དབྱེ་བ་ཉིད་མེད་དོ། །དེ་བས་ན་དེ་དག་ཐམས་ཅད་སྟོང་པ་ཉིད་དུ་རབ་ཏུ་ 4-1-218 རྟོགས་པ་ན་ཚར་གཅད་པ་མེད་དོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང༌། ཕྲེང་གཅིག་ལྷག་པ་ན། ལེའུ་དྲུག་ཅུ་གསུམ་མོ།། །། ༈ བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་བཅུ་གཅིག་དང་ཕྲེང་ཕྱེད་དང་དགུ་ཙམ་ན། དེ་ཆོས་ཀྱི་དབྱིངས་རྣམ་པར་དཀྲུགས་པར་མི་འགྱུར་རམ། ཞེས་བྱ་བ་ནི་མཚན་ཉིད་མེད་པ་རྣམས་ལ་མཚན་ཉིད་དུ་རྟོགས་ན་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་རྣམས་ལ་སོ་སོར་ཐ་དད་དུ་འཛིན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དཀྲུགས་པར་ཡང་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། དེ་ལྟར་རྟོག་ཏུ་ཟིན་ཀྱང་ཕྱིས་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་ཐ་དད་པ་མེད་པར་རབ་ཏུ་རྟོགས་ཏེ་དེ་བས་ན་དཀྲུགས་པར་མི་འགྱུར་རོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ལྔ་ན། འདི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་ཆོས་ཀྱི་དབྱིངས་སོ། །དེ་ནས་ཕྲེང་ལྔ་ཅུང་མེད་ན། ཇི་ལྟར་གཟུགས་ལ་བསླབ་པར་བགྱི། ཞེས་བྱ་བ་ནི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཙམ་དུ་ཟད་ན། གཟུགས་ལ་སོགས་པའི་ཆོས་རྣམས་ཤིན་ཏུ་མེད་པའི་ཕྱིར། དེ་ལ་སློབ་ན་ཕྱིན་ཅི་ལོག་དང་མཚུངས་པར་འགྱུར་རོ། །ཞེས་ཞུས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་དགུ་ཙམ་ན། བམ་པོ་བཅུ་བདུན་པ། ཀུན་བཏགས་ཀྱི་གཟུགས་ཀྱང་ཆོས་ཀྱི་དབྱིངས། ཆོས་ཉིད་ཀྱི་གཟུགས་ལས་ཡོངས་གྲུབ་ཀྱི་གཟུགས་ཉིད། ཆོས་ཀྱི་དབྱིངས་ཉིད་ཀྱང་ཡོངས་གྲུབ་ཀྱི། གཟུགས་སོ། །དེ་བཞིན་དུ་སྦྱར་ཏེ། ཚོར་བ་ཡང༌། དེ་ནས་ཤོག་གུ་བདུན་དང་ཕྲེང་བཅུ་གཅིག་ན། ཡོངས་གྲུབ་ཀྱི་གཟུགས་ཉིད་ཀྱང་ཆོས་ཉིད་ཀྱི་དབྱིངས་སོ། །དེ་བཞིན་དུ་སྦྱར་ཏེ། ཚོར་བ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །དེ་ནས་ཤོག་གུ་ཕྱེད་དང་བཞི་ན། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་སུ་ཤེས་རབ་ཀྱི་གཞན་དུ་མ་དམིགས་ནས། ཐབས་མཁས་པས་གཞན་ལ་ཆོས་དབྱིངས་བསྟན་པའི་ཕྱིར་ཆོས་ཐམས་ཅད། དེ་ནས་ཤོག་གུ་གཉིས་ལ་ཕྲེང་ཕྱེད་ཆད་པ་ན། སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་། རབ་འབྱོར། འདི་ལྟ་སྟེ། དཔེར་ན། དེ་ནས་ཤོག་གུ་ཕྱེད་དང་བཞི་དང་ཕྲེང་གཅིག་ལྷག་པ་ན། ཕ་རོལ་ཕྱིན་དྲུག་དང༌། །བདག་ཀྱང་སྦྱིན་པ་གཏོང་བ་ཡིན། དེ་ནས་ཕྲེང་དྲུག་ཙམ་ན། སངས་རྒྱས་ལམ་དང་། བདག་ཀྱང་དགེ་བ་བཅུའི། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཞི་ན། རང་བཞིན་གྱིས། །སྟོང་པ་ཉིད་དང་། རབ་འབྱོར། གལ་ཏེ་ཆོས་ཀྱི་དབྱིངས། བར་དུ་ཡང་དེ་བཞིན་མ་ཡིན་དུ་ཟིན་ན་ནི། ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏེ། འདི་ལ་ཆོས་སྔོན་བྱིས་པ་སོ་སོའི་སྐྱེ་བོའི་དུས་ན་ནི་མ་དག་པ་ཡིན། བར་དུ་བྱང་ཆུབ་སེམས་དཔའི་དུས་ན་ནི་དག་པ་དང་མ་དག་པ་ཡིན། ཕྱིས་ཐ་མར་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། དེ་ལ་དེ་ཙམ་དུ་ཟད་ཀྱི་དེས་དེ་ལ་བྱེ་བྲག་ཡོད་པར་ཤེས་པར་མི་བྱ་སྟེ། ངོ་བོ་ཉིད་ཀྱིས་དུས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པ་ཉིད་ 4-1-219 དོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་བཞི་ཅུང་མེད་ན། སྟོང་ཕྲག་བརྒྱ་པ་ལས། མཉམ་ཉིད་དུ་བསྟན་པའི་ལེའུ་སྟེ་དྲུག་ཅུ་བཞིའོ།། །། ༈ བམ་པོ་བཅོ་བརྒྱད་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཡང་དག་པའི་མཐའ་ཚད་མར་བྱས་ཤིང༌། ཞེས་བྱ་བས་ནི་འདི་སྐད་དུ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཀྱི་ཡང་དག་པའི་མཐའི་དོན་དུ་སྤྱོད་དེ། འདི་ལྟར་མེད་པ་ཉིད་ཀྱིས་སེམས་ཅན་མེད་པ་ཡོངས་སུ་བཏང་བས་ཡང་དག་པའི་ངོ་བོ་ཉིད་ལས་རབ་ཏུ་འགོད་དེ་སེམས་ཅན་གྱི་མཐའ་ཉིད་ཡང་དག་པའི་མཐར་བྱེད་དོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་བཞི་ན། སེམས་ཅན་གྱི་མཐའ་ཡས་གཞན་མ་ལགས་ན། ཞེས་བྱ་བ་འདིས་ནི་འདི་སྐད་དུ་གལ་ཏེ་ཡང་དག་པའི་མཐའ་མ་གཏོགས་པར་སེམས་ཅན་གྱི་མཐའ་ཞེས་བྱ་བ་མེད་ན། དེ་ལྟར་ན་སེམས་ཅན་རྣམས་དང་ཡང་དག་པའི་མཐའ་གཅིག་པའི་ཕྱིར་གང་འདི་སྐད་དུ་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་དོ། །ཞེས་བྱ་བ་དེ་མི་རིགས་ཏེ། དེ་ཉིད་དེ་ལ་འགོད་ན་ནི། ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའ་རབ་ཏུ་འཇོག་གོ །ཞེས་པར་འགྱུར་ཏེ། དེ་ཡང་མི་རིགས་སོ་ཞེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་བཞི་ན། འཁྲུག་པར་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ངོ་བོ་ཉིད་ན་ངོ་བོ་ཉིད་ལ་རབ་ཏུ་མི་འཇོག་གོ །ཀུན་བཏགས་པའི་སེམས་ཅན་གྱི་མཐའ་ཀུན་བཏགས་པའི་སེམས་ཅན་གྱི་དངོས་པོ་བསལ་ནས། ཤིན་ཏུ་ཡོངས་སུ་དག་པ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ལ་ཐབས་མཁས་པས་དགོངས་པ་ལ། ཡང་དག་པའི་མཐའ་ལས་རབ་ཏུ་འགོད། ཅེས་བྱ་སྟེ། དེ་བས་ན་སེམས་ཅན་གྱི་མཐའ་ནི་མི་ཐ་དད་ཅིང་གཅིག་སྟེ་གཉིས་སུ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་དགུ་དང་ཕྲེང་བརྒྱད་ལྷག་པ་ན། ཆོས་མ་ལགས་པ་ཡང་མི་དམིགས་ཅིག །ཞེས་བྱ་བ་ལ་སོགས་པས་འདི་སྐད་དུ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་ན་ནི། སེམས་ཅན་དང་ཆོས་དང༌། ལམ་རྣམས་མེད་པར་ཇི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱས་ནས་ལམ་གྱི་རྣམ་པར་ཤེས་པ་ཉིད་བསྒོམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་བྱེད་ཅེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གཉིས་ལྷག་ཙམ་ན། སྟོང་པ་ཞིག་མ་ཡིན་ན་ནི། ཞེས་བྱ་བ་ལ་སོགས་པས་འདི་སྐད་དུ་གལ་ཏེ་ཆོས་སམ། ལམ་དག་སོ་སོ་ནས་ཡོད་དེ་འགའ་ཞིག་དམིགས་པར་གྱུར་ན། དེ་ལྟར་ན་ནི་དེ་བཞིན་དུ་སེམས་ཅན་དང་སྲོག་ལ་སོགས་པ་ཡང་མེད་པར་འགྱུར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་གནས་པས་སངས་རྒྱས་སུ་ཡང་མི་འགྱུར་ལ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པར་འགྱུར་བ་ཞིག་ན། གང་གི་ཕྱིར་རང་བཞིན་སྟོང་པ་ཉིད་ལ་ནི་ཆོས་སམ། ལམ་དག་མེད་པ་དེའི་ཕྱིར་ 4-1-220 སྟོང་པ་ཉིད་དེ་གྲུབ་པར་འགྱུར་རོ། །དེ་བས་ན་སྟོང་པ་ཉིད་དེ་ལ་གནས་ནས་སངས་རྒྱས་སུ་ཡང་འགྱུར་ལ། སྟོང་པ་ཉིད་ཀྱི་ཆོས་བཤད་པར་ཡང་འགྱུར་ཏེ། དེ་བས་ན་རང་བཞིན་སྟོང་པ་ཉིད་ཀྱི་དབང་ཁོ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པ་འགྲུབ་བོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་གཅིག་ལྷག་པ་ན། དེ་སྐད་བཀའ་སྩལ་ནས་ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ཉེ་ཚེ་སྟོང་པར་མ་ཟད་ཀྱི་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅུ་དྲུག་པོ་དག་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པར། རབ་འབྱོར། གལ་ཏེ་ནང་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་མ་ཡིན་ནི། ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གལ་ཏེ་ནང་སྟོང་པ་ཉིད་ལ་སོགས་པས་ཡང་རང་བཞིན་གྱིས་སྟོང་པ་ཡིན་དུ་ཟིན་ན། ཆོས་ཐམས་ཅད་ཀྱིས་སྟོང་པ་ཉིད་དུ་བཤད་པ་མ་འགྲུབ་བོ། །ཞེས་པ་གཉིས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ཅུང་མེད་ན། སྟོང་པ་ཉིད་ཀྱང་བཤིག་པར་འགྱུར་ན། ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པ་རང་བཞིན་གྱིས་སྟོང་པ་མ་ཡིན་དུ་ཟིན་ན་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དོ་ཞེས་བྱ་བ་ཉམས་པར་འགྱུར་ཏེ་ཞིག་པར་འགྱུར། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། འདུས་མ་བྱས་ནམ་མཁའ་ལྟ་བུའི། རྟག་པ་ཐེར་ཟུག་མ་ཡིན་ཏེ་ཕྱིས། དེ་ནས་ཤོག་གུ་བཞི་ནས། གཉིས་ཟད་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། དེ་ནས་ཤོག་ལོགས་གཅིག་ཙམ་ན། ཕྱིན་ཅི་ལོག་མ་ཡིན་པའོ། །ཞེས་བྱ་བ་ནི་གནས་དེ་ཉིད་སྔོན་ཀུན་བཏགས་པའི་གནས་སྐབས་ན་ནི་ཕྱིན་ཅི་ལོག་པའོ། །ཡོངས་སུ་དག་པའི་གནས་སྐབས་ན་ནི་ཕྱིན་ཅི་མ་ལོག་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཅིག་ལྷག་པ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་དོ། །འདིར་ཡར་བཅད་ཀྱི་བ་པ་སྟེ། པོ་ཏི་བཅོ་ལྔ་པ་རྫོགས་སོ།། །། ༈ མ༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་ཐ་མ། བམ་པོ་དང་པོ། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཅིག་ཙམ་ཆད་པ་ན། རྣམ་པ་གང་ཡིན་པ་དེ་ལྟ་བུ་མ་ཡིན་ཏེ། ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཀུན་བཏགས་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་སྟེ། རང་བཞིན་སྟོང་པ་ཉིད་དེ་ཡང་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ལྔ་ལ་ཕྲེང་གཅིག་ཆད་པ་ན། རང་བཞིན་སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་བྱ་བ་གསོལ་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྤྱོད་པ་ན། གཟུགས་ལ་སོགས་པ་དེ་དག་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཞེས་བྱ་བ་མེད་ཀྱི་གཟུགས་ལ་སོགས་པ་དེ་དག་ཉིད་སྟོང་པ་ཉིད་དུ་མཐོང་བ་སྟེ། ངོ་མཚར་ཏོ། །ཞེས་བྱ་བའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་ཕྱེད་དང་དྲུག་ཙམ་ན། 4-1-221 བམ་པོ་གཉིས་པ། དེ་ནས་ཤོག་གུ་ཕྱེད་དང་ཉི་ཤུ་ལྷག་པ་ན། བམ་པོ་གསུམ་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། འཁྲུག་པར་མི་བྱེད། ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཕྱིར་རོ། །ཞེས་དང༌། གཟུགས་རྣམ་པར་འཁྲུག་པར་མི་བྱེད་དོ། །ཞེས་བྱ་བ་ནི་གཉིས་ཀྱི་འདུ་ཤེས་ཀྱིས་སོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བདུན་ལ་ཕྲེང་ཕྱེད་དང་གཉིས་ཙམ་ཆད་པ་ན། འཁྲུག་པ་དེ་ལྟ་བུའི་རང་བཞིན་མེད་དོ་ཞེས་བྱ་བ་ནི་དངོས་པོའི་བདག་ཉིད་ཀྱི་ངོ་བོ་ཉིད་མེད་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ལྔ་ཅུང་མེད་ན། གཟུགས་ལ་མི་སྤྱོད་དོ། །ཞེས་བྱ་བ་ནི་བྱང་ཆུབ་ལ་གཉིས་སུ་བྱས་ནས། གཟུགས་ལ་མི་སྤྱོད་དེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་སྤྱོད་ཅེས་བྱ་བར་བྱང་ཆུབ་སེམས་དཔའ་དང༌། བྱང་ཆུབ་ཀྱང་གཉིས་སུ་བྱས་ནས། གཟུགས་ལ་མི་སྤྱོད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ལྔ་ན། བྱང་ཆུབ་ནི་འཛིན་པ་སྟེ་མཚན་མ་ལ་མི་སྤྱོད་དོ། །དེ་ནས་ཤོག་གུ་གསུམ་དང་ཕྲེང་གཉིས་ཙམ་ན། གཟུགས་ཀྱི་རང་བཞིན་ལ་གནས། ཞེས་བྱ་བ་ནི་གཟུགས་ཀྱི་སྟོང་པ་ཉིད་ལ་གནས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བདུན་དང་ཕྲེང་གཉིས་ཙམ་ན། །སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་ལྔ་པའོ།། །། ༈ བམ་པོ་བཞི་པ། དམིགས་པ་མེད་པ་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་བཅུ་ཐམ་པ་དང་ཕྲེང་བཞི་ཅུང་མེད་ན། བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་བགྱིད་པ་ལགས་ཞེས་བྱ་བ་ནི་གལ་ཏེ་བྱང་ཆུབ་ཀྱི་ལམ་ཐམས་ཅད་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་དྲུག་ན། མངོན་པར་འགྲུབ་པར་འགྱུར། ཞེས་བྱ་བ་ནི་དེ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ཕྱེད་དང་གསུམ་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་བཅུ་གཅིག་དང་ཕྲེང་ཕྱེད་དང་གཉིས་ཙམ་ན། ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །གསོལ་པ། བཅོམ་ལྡན་འདས། ཐབས་མཁས་པ་གང་གིས། དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ཙམ་ན། མེད་པར་འགྱུར་ཞེས་བྱ་བ་ནི་མངོན། དེ་དག་ཐམས་ཅད་ཡོད་པར་གཟུང་ལ་ཕྱིས་མེད་པར་གཟུང་ན་ནི། ཉེས་པར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་བཞིན་གཤེགས། དེ་ནས་ཤོག་གུ་གསུམ་དང་ཕྲེང་དྲུག་ན། བམ་པོ་དྲུག་པ། བྱང་ཆུབ་སེམས་དཔའི་ལམ་དང་ནི། །དེ་ནས་ཚེ་དང་ལྡན། དེ་ནས་ཕྲེང་གཉིས་ཅུང་མེད་ན། བྱང་ཆུབ་ཀྱི་ལམ་གང་ལགས། ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བས་བསྡུས་པའི་ལམ་ཞུས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅོ་ལྔ་ལྷག་ཙམ་ན། 4-1-222 བམ་པོ་བདུན་པ། དེ་ནས་ཤོག་གུ་བཅུ་བཞི་ལ་ཕྲེང་གཉིས་ཙམ་ཆད་པ་ན། བམ་པོ་བརྒྱད་པ། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་དགུ་ཙམ་ན། བམ་པོ་དགུ་པ། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་བཅུ་གཅིག་ཙམ་ན། བམ་པོ་བཅུ་པ། དེ་ནས་ཤོག་གུ་ཕྱེད་དང་བདུན་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་དྲུག་གོ། །། ༈ དེ་ནས་ཤོག་གུ་གསུམ་ལ་ཕྲེང་ཅིག་ཆད་པ་ན། མངོན་པར་ཞེན་པ་བཟློག་པ་དང༌། །རབ་འབྱོར། དེ་ལ་བྱང་ཆུབ། དེ་ནས་ཤོག་གུ་ལྔ་ལྷག་པ་ན། དུམ་བུ་ཐ་མ། བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ལྔ་ལྷག་པ་ན། བྱང་ཆུབ་ཀྱི་ལམ་ཇི་ལྟར་བསྒྲུབ་པར་བགྱི། ཞེས་བྱ་བ་ནི་མ་སྐྱེས་པ་རྣམས་བསྐྱེད་པར་བྱ་ཞེས་བྱ་བའི་ཚིག་མི་རིགས་སོ། །སྙམ་དུ་དགོངས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན། མ་སྐྱེས་པའོ། །ཞེས་བྱ་བ་ནི་གང་དག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་ནས་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་ལ་སོགས་པ་ཅི་ཡང་མངོན་པར་འདུ་མི་བྱེད་པ་དེ་དག་ཉིད་ལ་ནི་མ་སྐྱེས་པའོ། །བྱིས་པ་སོ་སོའི་སྐྱེ་བོ་གང་དག་ཡོངས་སུ་མི་ཤེས་པས་མངོན་པར་འདུ་བྱེད་པ་དེ་དག་ལ་ནི་ཆོས་ཐམས་ཅད་སྐྱེས་པ་ཉིད་དོ། །ཞེས་གསུངས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཞེས་བྱ་བ་ལ་སོགས་པས་གནས་བརྟན་གྱིས་འདི་སྐད་ཞུས་ཏེ། ཆོས་ཉིད་ནི་དུས་ཐམས་ཅད་དུ། ཐམས་ཅད་དུ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཡིན་ན། དེ་བྱིས་པ་རྣམས་ལ་ནི་སྐྱེ་བའི་ཆོས་ཅན་དུ་འགྱུར་ལ། མཁས་པ་རྣམས་ལ་ནི་མི་འགྱུར་བ་དེ་ཇི་ལྟར་རིགས་པར་འགྱུར་ཞེས་བྱ་བའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏེ་ཆོས་ཉིད་ལ་ནམ་ཡང་ཕྱིན་ཅི་ལོག་ཡོད་པ་མ་ཡིན་གྱི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡོངས་སུ་མི་ཤེས་པའི་ཉེས་པ་ཀུན་བཏགས་པའི་ཆོས་རྣམས་སྐྱེ་བར་འགྱུར་རོ། །ཞེས་ཀུན་བཏགས་པ་རྣམས་ཀྱིས་སྐྱེ་བ་ཀུན་བཏགས་པ་ཁོ་ན་ལ་དགོངས་ཏེ། བཤད་ཀྱི་ཆོས་ཉིད་ལ་དགོངས་པ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། བྱང་ཆུབ་ཐོབ་དང་། གསོལ་པ། དེ་ནས་ཕྲེང་ལྔ་ཅུང་མེད་ན། ལམ་ཉིད་ཀྱང་བྱང་ཆུབ་བོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། གཉིས་ཀ་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར། བྱང་ཆུབ་དང་ལམ་དག་ལ་ཐ་དད་པ་གང་ཡང་མེད་མོད་ཀྱི། འོན་ཀྱང་སྔོན་གྱི་གནས་སྐབས་ནི་རྒྱུ་ཡིན་པའི་ཕྱིར། ལམ་ཞེས་བྱ་ཕྱི་མའི་གནས་སྐབས་ལ་བྱང་ཆུབ་ཅེས་བྱའོ། །དོན་དམ་པར་ནི་དེ་གཉིས་ཀ་འཐད་པ་མ་ཡིན་པའི་ཕྱིར། ལམ་གྱིས་བྱང་ཆུབ་འཐོབ་པར་འགྱུར་རོ། །ཞེའམ། ལམ་མ་ཡིན་པས་འཐོབ་པར་འགྱུར་རོ། །ཞེས་བརྗོད་དུ་མི་རུང་བར་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིགས་གཉེན་གསུངས། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ན། 4-1-223 སངས་རྒྱས་ཞིང༌། །རྣམ་པར་དག་དང་། རབ་འབྱོར་གྱིས་གསོལ་པ། དེ་ནས་ཤོག་གུ་བདུན་ལྷག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་བདུན་ནོ།། །། ༈ ངེས་པ་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཅིག་ཆད་པ་ན། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བར་འགྱུར་བ་ཞེས་བྱ་བ་ནི་ས་བརྒྱད་པ་ཡན་ཆད་ནི། དེའི་ལས་ཐམས་ཅད་འཕགས་པ་ཟག་པ་མེད་པ་ཡིན་ནོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཅིག་ལྷག་པ་ན། སེམས་ཅན་དོན་ནི་ཚད་མེད་དང༌། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ། དེ་ནས་ཤོག་གུ་གཅིག་ཅུང་མེད་ན། སངས་རྒྱས་བསྟེན་སོགས་ཡོན་ཏན་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཤོག་གུ་གཅིག་ན། བམ་པོ་བཅུ་གཉིས་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་བདུན་ལྷག་པ་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་བདུན་དང་ཕྲེང་གསུམ་ན། བྱང་ཆུབ་ཡན་ལག །རབ་འབྱོར་གྱིས་གསོལ་པ། དེ་ནས་ཤོག་གུ་དགུ་ཅུང་མེད་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་བརྒྱད་དོ།། །། ༈ དེ་ནས་ཕྲེང་བརྒྱ་ན། ལས་རྣམས་ནི། །ཆུད་མི་ཟ་དང་། རབ་འབྱོར་གྱིས་གསོལ་པ། དེ་ནས་ཕྲེང་དྲུག་ན། ངན་པར་སྤྱད་པ་ནི་འདིར། བསོད་ནམས་མ་ཡིན་པའི་ལས་ཏེ། དེའམ་ལེགས་པར་སྤྱད་པ་ནི་འདིར་བསོད་ནམས་ཀྱི་ལས་ཏེ་དེའམ་ལེགས་པར་སྤྱད་པའི་ལས་ཀྱིས་འདོད་པའི་ཁམས་ཀྱི་ལྷ་དང་མིར་སྐྱེའོ། །ཉམས་པ་མེད་པ་སྟེ་མི་གཡོ་བའི་ལས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་གཉིས་ན། བམ་པོ་བཅུ་བཞི་པ། བདེན་མཐོང་དང༌། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཕྲེང་ཕྱེད་དང་བདུན་ན། མྱ་ངན་ལས་འདའ་བར་འགྱུར་ཞེས་བྱ་བ་ནི་གལ་ཏེ་སྡུག་བསྔལ་དང༌། ཀུན་འབྱུང་ལ་སོགས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ན་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏེ། དེ་དག་ལ་ཡང་སྡུག་བསྔལ་དང༌། ཀུན་འབྱུང་ལ་སོགས་པ་ཡོད་པའི་ཕྱིར་རོ། །ཅི་སྟེ་སྡུག་བསྔལ་ཤེས་པ་དང་ཀུན་འབྱུང་བ་ཤེས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན་ནི། དེ་ལྟ་ན་ཉན་ཐོས་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པར་འགྱུར་རོ། །སྙམ་དུ་དགོངས་ནས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གཉིས་ལྷག་པ་ན། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་པ་གཉིས་ཀ་ལྟར་ཡང་མྱ་ངན་ལས་འདའ་བར་མི་འགྱུར་གྱི། དེ་བཞིན་ཉིད་ཅེས་བྱ་བ་མཉམ་པ་ཉིད་དུ་རབ་ཏུ་རྟོགས་པས་མྱ་ངན་ལས་འདའ་བར་འགྱུར་བར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་ཕྲེང་གཉིས་ན། བདེན་པར་རྟོགས་པ། ནང་གི་ཕུང་པོ་ལྔའམ། བདེན་པར་མ་རྟོགས་པ། ཕྱི་རོལ་ཀྱི་ཕུང་པོའི་ཆོས་ཐམས་ཅད། དེ་ནས་ཕྲེང་གཅིག་ལྷག་པ་ན། སྤྱི་བོར་ལྟུང་བར་མི་འགྱུར་ཏེ་ཞེས་བྱ་བ་ནི། 4-1-224 དེ་ལ་ཆོས་ལ་འདུན་པའི་སྤང་བ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ལྷག་ན་སེམས་མི་སྐྱེད་དོ། །ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་ཡོངས་སུ་འདྲིས་པའི་ཤེས་པས་འབའ་ཞིག་ཏུ་བྱེད་ཀྱི་ཉན་ཐོས་ཀྱི་སར་ལྟུང་དུ་དོགས་པའི་ཕྱིར་སེམས་བཅུ་དྲུག་པོ་དག་གིས་དེ་མངོན་སུམ་དུ་བྱས་ནས། མཐོང་བར་ནི་མི་བྱེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཞི་ཙམ་ན། དངོས་པོ་མེད་པ་ནི་བྱང་ཆུབ་སྟེ་ཞེས་བྱ་བ་ལ་དངོས་པོ་ནི་འདུས་བྱས་དང་འདུས་མ་བྱས་པ་དང༌། བརྟགས་པ་དང༌། མ་བརྟགས་པའི་ཆོས་རྣམས་ཏེ། དེའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་དོན་དམ་པ་བརྗོད་དུ་མེད་པར་གནས་པའི་བྱང་ཆུབ་ལ་དངོས་པོ་མེད་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གསུམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་དགུའོ།། །། ༈ ཕྱིན་ཅི་ལོག་ནི་སྤངས་པ་དང༌། །དེ་ནས་ཚེ་དང་ལྡན། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ལྷག་ན། དངོས་པོ་མེད་པ་ཉིད་དོ། །ཞེས་བྱ་བ་ནི་ཀུན་བཏགས་པ་ཡིན་པས་དེ་ནི་དངོས་པོ་མེད་པའི་བདག་ཉིད་ཁོ་ནའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཅུ་གཉིས་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་དངོས་པོ་མ་མཆིས་པའོ། །ཞེས་བྱ་བ་ལ་སོགས་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཐོབ་པ་ཞེས་བྱ་བ་གང་ཡང་མེད་དོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་ལོགས་གཅིག་ཙམ་ན། དེ་གཞི་མེད་པའི་ཚུལ་དང་ནི། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཤོག་གུ་ཕྱེད་དང་དྲུག་ཙམ་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བདུན་ཅུའོ།། །། ༈ རྣམ་པར་བྱང་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དེ་ནས་ཕྲེང་བརྒྱད་ན། ཚོགས་དང་ནི། །གསོལ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་གསུམ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་དྲུག་དང་ཕྲེང་ཅིག་ན། འབྲས་བུ་ཐོབ་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་ཐམས་ཅད་ནི་གནས་རྣམ་པར་དག་པར་བྱེད་པ་ཡིན་པའི་ཕྱིར་གནས་ཡོངས་སུ་དག་པར་བྱེད་པ་ན་ལམ་གྱི་རྒྱུར་འགྱུར་གྱི་གང་སྐྱེ་བ་མེད་པ་དང་འགག་པ་མེད་པའི་བདག་ཉིད་ཅན། དངོས་པོ་མེད་པའི་འབྲས་བུ་དེ་ནི་དེ་དག་དང་ཕྲད་པ་མེད་དོ། །དེ་ནི་ངོ་བོ་ཉིད་ནི་བཅོམ་ལྡན་འདས་མ་ཡིན་པའི་གནས་པའི་མཚན་ཉིད་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་ལྔ་དང་ཕྲེང་བཅུ་ཅུང་མེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཟུང་དུ་མེད་དོ། །ཞེས་བྱ་བ་ནི་དངོས་པོའི་ཚུལ་དུའམ། དངོས་པོ་མེད་པའི་ཚུལ་དུ་གཟུང་དུ་མི་རུང་བའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་གསུམ་ན། འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་པ་སྟེ། ཞེས་བྱ་བ་ནི་ཤིན་ཏུ་མཐར་ཐུག་པ་གནས་གྱུར་པ་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས་པ་ནི་མཉམ་པ་ཉིད་ལ་གནས་པའི་ཕྱིར་ཞེས་བྱ་ཉིད་ཀྱང་མེད་དེ། ཤེས་པར་བྱ་བར་ 4-1-225 གྱུར་པ་ནི་དོན་མ་གཟིགས་ན་ཇི་ཞིག་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གསུམ་ན། རྟོགས་པར་འགྱུར་བ་མེད་དེ། ཞེས་བྱ་བ་ནི་གལ་ཏེ་འདུས་བྱས་སམ། འདུས་མ་བྱས་ཀྱི་དངོས་པོ་འགའ་ཞིག་མཐོང་ན་ནི། གཉིས་སུ་མངོན་པར་རྟོགས་པར་འགྱུར་རོ། །གལ་ཏེ་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། ཡང་གཉིས་སུ་མེད་པར་མངོན་པར་རྟོགས་པར་འགྱུར་རོ། །དེ་བས་ན་རྣམ་པར་གཉིས་ཀ་ལས་བཟློག་པ་མཉམ་པ་ཉིད་རབ་ཏུ་རྟོགས་པ་ནི་མངོན་པར་རྟོགས་པའོ། །ཞེས་བསྟན་པ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བཞི་དང་ཕྲེང་གཅིག་ལྷག་པ་ན། དེ་བཞིན་གཤེགས་པའི་མཐུའོ། །ཞེས་བྱ་བ་ནི་དོན་དམ་པའི་བདེན་པས་ནི་མི་གཡོ་ལ། ཀུན་རྫོབ་ཏུ་རྣམ་པར་དགོད་པ་མཛད་པའོ། །ཞེས་དབུ་མ་པ་གསུངས། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་པ་ན། འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །རབ་འབྱོར་གྱིས་གསོལ་པ། དེ་ནས་ཤོག་གུ་དགུ་དང་ཕྲེང་གཉིས་ན། འདུས་མ་བྱས་ནས་གུད་ན་ཡང་འདུས་བྱས་དམིགས་སུ་མེད་དེ། ཞེས་བྱ་བ་ནི་འདི་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་དེ་བཞིན་ཉིད་མ་དག་པ་གང་ཡིན་པ་དེ་ཕུང་པོ་ལ་སོགས་པ་དེ་དག་ལས་ལོགས་ཤིག་ན་དམིགས་སུ་མེད་ལ། ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་དག་ཀྱང་དེ་བཞིན་ཉིད་མ་གཏོགས་པར་གུད་ན་དམིགས་སུ་མེད་དེ། དེ་བཞིན་ཉིད་མ་དག་པ་ནི་དེ་དག་ལས་དེ་ཉིད་དང་གཞན་རྗེས་སུ་བརྗོད་དུ་མི་རུང་ངོ༌། །ཞེས་དབུ་མ་པ་གསུངས། གཉིས་ཀ་ཡང་གཅིག་གོ །ཞེས་བརྗོད་དུ་མི་རུང་བས་ལྡན་པ་ཡང་མ་ཡིན་ནོ། །ཐ་དད་དུ་ཞེས་ཀྱང་བརྗོད་དུ་མི་རུང་བའི་ཕྱིར་མི་ལྡན། གཟུགས་ཅན་མ་ཡིན་པ་ཞིག་རྣམ་པར་མི་རྟོག་པའི་ཕྱིར། གཟུགས་ཚིག་གི་བསྟན་དུ་མི་རུང་བའི་ཕྱིར། བསྟན། དབང་པོའི་ཡུལ་གྱིས་ཐོགས་པ་མེད་པ་དང༌། གཟུང་བ་དང་འཛིན་པ་མེད་པའི་ཕྱིར་ཐོགས་པ་མེད་པ། གཉིས་ཀ་ཡང་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར། མཚན་ཉིད། མཚན་ཉིད་མེད་པའོ། །དེ་ལ་འདུས་བྱས་ནི་ཡོད་པ་མ་ཡིན་པའི་ཕྱིར། མཚན་ཉིད་མེད་པའོ། །དེ་ལ་འདུས་བྱས་ནི་ཡོད་པ་མ་ཡིན་པའི་ཕྱིར་མཚན་ཉིད་མེད་པའོ། །འདུས་མ་བྱས་ནི་མཚན་མ་མེད་པས་མཚན་མར་བཟུང་དུ་མི་རུང་བའི་ཕྱིར་མཚན་ཉིད་མེད་པའོ། །ཞེས་པ་རྣམས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་གསུམ་ལྷག་ན། སྟོང་ཕྲག་བརྒྱ་པ་ལས། ལེའུ་བདུན་ཅུ་གཅིག་གོ། །། ༈ དེ་ནས་ཤོག་གུ་གསུམ་དང་ཕྲེང་དགུ་ན། ཁྱུ་མཆོག་གི་མཐུན་པར་མི་འགྱུར་རོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་མཛད་པ་ནི་རྣམ་པར་རིག་པར་བྱ་བ་ཙམ་དུ་ཟད་དེ། གལ་ཏེ་སེམས་ཅན་རྣམས་བདག་ཉིད་ཀྱིས་ཤེས་པར་གྱུར་ན། དེ་བཞིན་གཤེགས་པ་མི་ 4-1-226 དགོས་སོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། མྱ་ངན་འདས་ལ་དགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །གསོལ་པ། བཅོམ་ལྡན་འདས། དེ་ཅིས་སྟོང་པ་ལགས། ཞེས་བྱ་བ་ནི་ཅི་ཞིག་མེད་པས་སྟོང་ཞེས་བྱ་བའི་ཐ་ཚིག་གོ །འདུ་ཤེས་ཐམས་ཅད་ཀྱིས་སྟོང་སྟེ། ཞེས་བྱ་བ་ནི་དེ་ལ་གང་དུ་འདུས་བྱས་སོ། །སྙམ་དུ་འདུ་ཤེས་པ་མཚན་མར་འཛིན་པའི་བདག་ཉིད་དེ་མེད་པས་སྟོང་ངོ༌། །ཞེས་པ་གཉིས་དབུ་མ་པ་གསུངས། དེ་ནས་ཕྲེང་དགུ་ཅུང་མེད་ན། ལ་ལ་ནི་ཉན་ཐོས་ཀྱིས་སྤྲུལ་པའོ། །ཞེས་བྱ་བ་ལ་སོགས་པ་ཚིག་རྣམ་པ་བཞིས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་རྣམས་བསྟན་ཏོ། །ལ་ལ་ནི་ཉོན་མོངས་པས་སྤྲུལ་པའོ། །ཞེས་བྱ་བ་ནི་སེམས་ཅན་དང་སྲོག་ལ་སོགས་པ་བསྟན་པའོ། །ལ་ལ་ནི་ལས་ཀྱི་སྤྲུལ་པའོ། །ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་ལ་སོགས་པ་བསྟན་པའོ། །ཞེས་པ་གསུམ་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ལྷག་པ་ན། བཀག་པའི་ཆོས། འདུས་བྱས། གང་དུ་ཅི་ཡང་རུང་སྟེ། འགག་པ་ཡང་མེད་པ་ཡང་དོན་དམ་འདུས་མ་བྱས་ཀྱི་ཆོས་དེ་ནི་མ་སྤྲུལ་པའོ། །དེ་ནས་ཤོག་ལོགས་གཅིག་ལྷག་པ་ན། དེ་ལ་གང་ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་འགྱུར་རེ་ཀན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཆོས་ཉིད་མི་འགྱུར་བ་བསྟན་པའི་ལེའུ་སྟེ་ལེའུ་བདུན་ཅུ་རྩ་གཉིས་སོ།། །། ༈ དེ་རྣམས་ཀྱིས་ནི། ངོ༷་བོ༷་ཉི༷ད་ལོ༷ངས་རྫོ༷གས་བཅ༷ས་ད༷ང༌། །དེ༷་བཞི༷ན་གཞ༷ན་པ༷་སྤྲུ༷ལ་པ༷་ནི༷། །ཆོ༷ས་སྐུ༷་མཛ༷ད་པ༷་ད༷ང་བཅ༷ས་པ༷། །རྣ༷མ་པ༷་བཞི༷ར་ནི༷་ཡ༷ང་ད༷ག་བརྗོ༷ད། །ཅེས་པ་ཆོས་སྐུའི་སྐབས་ཀྱི་དོན་བཞི་པ་གསུངས་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ཆོས་ཀྱི་སྐུའི་སྐབས་ཏེ་བརྒྱད་པའོ།། །། ༈ མཚན་ཉིད་དེ་ཡི་སྦྱོར་བ་དང༌། །དེ་རབ་དེ་ཡི་གོ་རིམ་དང༌། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང༌། །ཆོས་སྐུ་འཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ། རྒྱལ་བ་བྱམས་པས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བིརྱ་ཀཱ་ར་པྲ་བྷ་དང༌། ཞུས་ཆེན་གྱི་ལོཙྪ་བ་བན་དྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླད་ཀྱི་པཎྜི་ཏ་དཔལ་གོ་མི་འཆི་མེད་ལ་སོགས་པ་དང༌། ལོཙྪ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་གཏན་ལ་ཕབ་པའོ།། །། འདིར་ཡོངས་གྲུབ་དགུ་ལ་སོགས་པ་དབུ་མར་བྱེད་ན། སློབ་དཔོན་སེང་བཟང་ལ་སོགས་པ་གྲགས་པ་ཅན་མང་པོས་ནི་སེམས་ཙམ་དུ་བཞེད་ཅིང༌། སློབ་དཔོན་དབྱིག་གཉེན་དང༌། ཕྱོགས་གླང་ལ་སོགས་པ་སེམས་ཙམ་པར་བྱས་ནས། དེ་དག་གིས་ཡུམ་ཡང་སེམས་ཙམ་ 4-1-227 དུ་བཀྲལ་ཞེས་ཡོངས་སུ་གྲགས་པ་འདི་དང་འགལ་ལོ། །ཞེ་ན། འགལ་བ་བདེན་མོད། སྐྱོན་ནི་མེད་དེ། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་རང་འགྲེལ་ཁྱད་འཕགས་རྣམས་ཀྱི་ཁོང་ཆོད་མ་ཆོད་ཀྱི་དབང་གིས་གྲུབ་མཐའ་དང༌། བཤད་སྲོལ་བཟང་ངན། ཤིན་ཏུ་ཁྱད་པར་ཆེ་བའི་ཕྱིར་ཏེ། སྣང་མུན་བཞིན་ནོ། །དེས་ན་རང་འགྲེལ་གྱི་ལུགས་སུ་འཆད་པ་རྣམས་སངས་རྒྱས་ཀྱི་དགོངས་པ་དང་མཐུན་གྱི་རང་འགྲེལ་དང་འགལ་བ་རྣམས་ནི་སངས་རྒྱས་ཀྱི་དགོངས་པ་དང་འགལ་བའི་ཕྱིར། དུག་དང་གཡང་ས་བཞིན་དུ་སྤང་བྱ་ཡིན་པས་འདིར་ཡང་དེ་རྣམས་དོར་ནས། རང་འགྲེལ་རྣམས་དང་དེ་རྣམས་དང་མཐུན་པའི་འགྲེལ་མཆོག་ཁྱད་འཕགས་བྱ་རྒོད་ཀྱི་ལྟ་ལུགས་ཀྱིས་བརྒྱན་པའི་སྲོལ་བཞིན་བཀོད་པའོ།། །།མིག་མང་རྒྱ་དང་མ་འབྲེལ་ན། །རྡེའུ་མང་ཡང་ཤི་རོ་ཡིན། །རང་འགྲེལ་རྒྱ་དང་མ་འབྲེལ་ན། །གཞན་འགྲེལ་མང་ཡང་ཤི་རོ་ཡིན། །རྫོགས་ལྡན་རྒྱ་དང་མ་འབྲེལ་ན། །གསུམ་ལྡན་མང་ཡང་ཤི་རོ་ཡིན། །དབང་གི་རྒྱལ་པོ་རྙེད་ན་གསེར་ཡང་འདོར། །བདུད་རྩི་རྙེད་ན་ཟས་གཞན་འདོར་བ་བཞིན།། །།མངྒ་ལཾ། བྷ་ཝན་ཏུ། ཞུས་སོ།། མ་དཔེ་ནི་འཛམ་ཐང་པར་མ་ཡིན། 4-1-228 ༄༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་ཞེས་བྱ་བ་བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། པཉྩ་བིཾ་ཤ་ཏི་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། དུམ་བུ་དང་པོ། བམ་པོ་ཐོག་མའོ། །ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌། །འགྲོ་ལ་ཕན་པ་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་བསྒྲུབ་མཛད་པ་གང༌། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུང་བ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང༌། །གཞན་གྱིས་མྱོང་བ་མ་ཡིན་གྱི། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། དེ་ནས་ཕྲེང་གཅིག་སོང་བ་ན། ཉོན་མོངས་པ་མེད་པ། རྫུ་འཕྲུལ་དང༌། དབང་པོ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དབང་བ་བཞི། སྣོད་བཅུད་དང༌། སྤྱོད་ལམ་དང༌། སེམས་དང༌། ཉོན་མོངས་ལས་དང༌། རྣམ་སྨིན་གྱི་འཆིང་བ་ལས་གྲོལ་བ་ལས་དབང་དུ་གྱུར་པ། སྲེད་པའི་ཕྱོགས་ཀྱི་ཉོན་མོངས་ལས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། མ་རིག་པ་ལ་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། སྡུག་བསྔལ་དང༌། འཇིགས་པ་དང༌། འཇིག་རྟེན་གྱི་ཆོས་དང༌། མ་རིག་པའི་བག་ཚ་བ་མེད་པས། ཅང་ཤེས་པ་ཁྱད་པར་དུ་འཕགས་པའི་ཆོས་རིགས་པ་གསུམ་ལ་སོགས་པ། ཉིད་པས་གླང་པོ་ཆེན་པོ། བསླབ་པ་གསུམ་རྫོགས་པས། སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བ་ནི་བྱ་བའི་གཙོ་བོ་སྟེ། དེ་བྱས་པ། འདོད་པ་ཆུང་བ་ལ་སོགས་པ་ཞར་ལ་བྱ་བ་ནི་བྱེད་པ་སྟེ། དེ་བྱས་པ་བདེན་གཞི་ཤེས་པ་ལ་སོགས་པས་ཕུང་པོ་དང༌། ཉོན་མོངས་དང༌། དམ་པའི་བརྩོན་འགྲུས་ཀྱིས་ཁུར་སྟེ་ཁུར་བོར་བ། གནོད་པ་སྤང་བ་དང་དོན་ཐོབ་པས་རང་གི་དོན་རབ་ཏུ་ཐོབ་པ། སྲིད་པར་སྐྱེ་བའི་རྒྱུའི་ཀུན་ཏུ་སྦྱོར་བ་དགུ་པོ་རྣམས་ཡོངས་སུ་ཟད་པ། ཡང་དག་པའི་ལྟ་བ་གོམས་པས་བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། བསམ་གཏན་དང་ཏིང་ངེ་འཛིན་ལ་དབང་ཐོབ་པས་སེམས་ཀྱི་དབང་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ་ཤ་སྟག་སྟེ། དེ་ནས་ཕྲེང་གཉིས་ན། མང་བ་ཀུན་ཀྱང་ཆོས་མྱ་ངན་འདས་པ་མངོན་དུ་མཐོང་བ་ཤ་སྟག་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཁམས་གཞན་ཐམས་ཅད་ནས་འདུས་པས་ཤིན་ཏུ་མང་བའི་ཕྱིར་ཚད་མེད་གྲངས་མེད་པ་ཐམས་ཅད་ཀྱང་བཟོད་པ་ 4-1-229 ཐོབ་པའི་རྒྱུར་གྱུར་པ་དང༌། གསང་སྔགས་ཀྱི་དང༌། ཆོས་ཀྱི་དང༌། དོན་གྱི་གཟུངས་ཏེ། གཟུངས་བཞི་པོ་རབ་ཏུ་ཐོས་པས་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་རྣམ་པར་སྤྱོད་པ། མཚན་མ་མེད་པའི་སྤྱོད་ཡུལ་ཅན། རྟོག་པ་མེད་པའི་སྨོན་ལམ་ལྡན་པ། དེ་བཞིན་ཉིད་དུ་ཟད་པའི་འདིར་དོན་དམ་གཞན་སྟོང་གི་ཆོས་ཐམས་ཅད་སེམས་ཅན་གྱི་དོན་དུ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བྱེད་ཅིང་འདོད་པ་ལ་སྤྱོད་ལ་ཡོ་བྱད་ཕུན་སུམ་ཚོགས་སོགས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང༌། དེ་བཞིན་ཉིད་བསྒོམ་པ་དེ་དག་ལ་ཆགས་པ་མེད་པའི་གཟུངས་རབ་ཏུ་ཐོབ་པ། ཆོས་བསྟན་པ་ཟད་མི་ཤེས་པ་ལ་རིག་པ་བཞིའི་ཚུལ་ཁོང་དུ་ཆུད་པ། ཆེན་པོ་དྲུག་གི་རྣམ་པར་བརྩེ་བ་ཤེས་པ་དྲུག་ཤིན་ཏུ་མ་ཉམས་པ། ཆོས་ལ་བསྐུལ་བས་མཉན་པར་འོས་པའི་ཚིག་དང་ལྡན་པ། ཕྲེང་གཅིག་ན། བཀུར་སྟིའི་སེམས་མེད་པའི་བཀུར་ལ་མི་ལྟ་བར་ཕན་གདགས་པའི་ཕྱིར་ཆོས་སྟོན་པས་ཟང་ཟིང་མེད་པའི་ཆོས་སྟོན་པ། ཆོས་ཟབ་མོ་ལ་མི་སྐྲག་པས། ཆོས་ཟབ་མོའི་བཟོད་པ་དམ་པ་རྟོགས་པར་ཁོང་དུ་ཆུད་པ། འཁོར་གྱི་ནང་དུ་མི་ཤེས་པ་དང༌། ཉོན་མོངས་པ་ལས་བྱུང་བའི་འཇིགས་པ་མེད་པས་མི་འཇིགས་པ་ཆེན་པོ་ཐོབ་པ། བདེ་འགྲོ་དང་ངན་འགྲོར་སྨིན་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པ། བྱང་སེམས་དེ་དག་གི་ཤེས་པ་དང༌། བསམ་པ་དང༌། སྤྱོད་ཡུལ་རྣམས་ཉན་ཐོས་དང༌། ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་རབ་ཏུ་རྟོགས་པས་རྣམ་པར། སྔོན་བསྐལ་པ་གྲངས་མེད་པ་ནས། གནས་སྐབས་ཐམས་ཅད་དུ་བཞིན་འཛུམ་པ་དང་ལྡན་པ། སྔོན་དུ་གསོང་པོར་སྨྲ་བ། ཡིད་མི་བདེ་བ་མེད་པས་བཞིན་ཁྲོ་གཉེར་མེད་པ། སངས་རྒྱས་ཀྱི་ཞིང་དུ་གཤེགས་པའི་ལམ་དུ་བདག་ཉིད་དང་སྤྲུལ་པས་ཕ་རོལ་ལ་ཚིགས་སུ་བཅད་པའི་དབྱངས་སུ་ཆོས་བརྗོད་ཅིང་རྒྱལ་བ་རྣམས་ལ་ཚིགས་བཅད་ཀྱི་བསྟོད་པ་ལ་མཁས་པ། དབང་བཅུ་ཐོབ་པའི་དུས་ཐམས་ཅད་སྤོབས་པ་རྒྱུན་མི་ཆད་པ། འཁོར་གང་དུ་འགྲོ་བ་ལ་བག་ཚ་བ་མེད་པས་འཁོར་མཐའ་ཡས་པ། སྟོན་པ་འདིས་སྐར་རྒྱལ་བསྟོད་པས་བསྐལ་པ་དགུའི་ཚོགས་འདུམ་པ་ལྟ་བུ་བརྩོན་འགྲུས་ཆེར་བརྩམས་པས་བསྐལ་པ་བྱེ་བ་མཐའ་ཡས་པར་བསྟན། ཡེ་ཤེས་ཀྱི་ངེས་པར་འབྱུང་བ་ལ་མཁས་པ། ཆོས་ཐམས་ཅད་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཐོབ་པས། ཆོས་ཐམས་ཅད་སྒྱུ་མ་དང༌། ཕྲེང་གཉིས་ན། ལྡན་པ། ཟབ་ཅིང་ཕྲ་བ་རྣམས་ཀྱང་རྟོགས་ནུས་པས་བཟོད་པ་རླབས་པོ་ཆེ། ཐམས་ཅད་ཀྱི་དེ་བཞིན་ཉིད་མཉམ་པ་ཉིད་དུ་རྟོགས། ཟབ་མོ་རྟོགས་དང་ལྡན་པས་དེ་དག་གི་སེམས་གཏིང་དཔག་དཀའ་བ། རང་གི་སེམས་ཉོན་མོངས་ཀྱི་དབང་དུ་མི་འགྱུར་བས་དེ་ལ་དབང་རབ་ཏུ་ཐོབ་པ། ཆོས་ཐམས་ཅད་རང་གི་སེམས་ཀྱི་ཅི་འདོད་པ་བསྒྱུར་ནུས་པས་དེ་ལ་དབང་ཤིན་ཏུ་ཐོབ་པ། བརྟེན་པ་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་གཞན་གྱིས་རྟོགས་པར་བྱ་བའི་ཕྱིར་བསྟན་པ་ལ་མཁས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་སྐྱེ་འགག་མེད་པས་ཟད་མི་ཤེས་པ་ལ་ཞུགས་པ། ལྟ་བ་ལྔ་དང༌། བག་ལ་ཉལ་བ་བདུན་དང༌། ཀུན་ནས་ལྡང་བ་བརྒྱད་པོ་ 4-1-230 ཐམས་ཅད་དང་བྲལ་བ། གནས་ཀྱི་ལས་དང་ཉོན་མོངས་པ། བདེན་པ་བཞི་པོ་རབ་ཏུ་རྟོགས་པ། ལུང་གི་ཆོས་ཀྱི་ཚུལ་བསྟན་པ། གདུལ་བྱའི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་དེ་ལམ་གྱིས་གཟུང་བར་བྱ་བ་ལ་མཁས་པ། བདེ་བ་ཅན་དང༌། པད་མ་ཅན་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ། སྔོན་སངས་རྒྱས་རྗེས་སུ་དྲན་པ་བསྒོམས་པས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ན་བཞུགས་པའི། བྱུང་བ་ཐམས་ཅད་ཀྱི་དྲུང་དུ་ཉེ་བར་འགྲོ་བ་དཔག་ཏུ་མེད་པ་ལ་ཆོས་གསུངས་པ་དང༌། མྱ་ངན་ལས་མི་འདའ་བར། གསོལ་བ་བཏབ་པར་བྱ་བ་ལ་མཁས་པ། ཏིང་ངེ་འཛིན་གྱི་མཐུས་ཇི་ལྟར་འདོད་པ་བཞིན་བྱིན་གྱིས་བརླབས་པས། ཏིང་ངེ་འཛིན་བརྒྱ་སྟོང་མངོན་པར་བསྒྲུབ་པ་ལ། ཕྲེང་དྲུག་ན། དེ་ནས་དེའི་ཚེ་བཤད་པ་འདི་ཐུན་མོང་མ་ཡིན་པར་བསྟན་པ་དང༌། འཁོར་རྣམས་གདུལ་བྱའི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱིས་ཉིད་ཀྱི་གདན། དེ་ནས་ཤོག་གུ་ཉི་ཤུ་རྩ་བདུན་ན། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། ༈ ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། ། དེའི་ཚེ་དེ་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལྷ་དང་བཅས་པ། ཕྲེང་གཉིས་ན། བཀའ་སྩལ་པ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་། ཤཱ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཇི་ལྟ་བ་བཞིན་དུ། མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་གཞི་ལམ་འབྲས་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྩོན་པར་བྱའོ། །འདིའི་མཐར་གསུངས་པའི་དོན་བདུན་ཅུའི་ཚིག་རྣམས་ནི་དོན་དེ་དང་དེ་རྣམས་རྫོགས་པའི་མཐར་ཕྱིན་པར་འགྱུར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་ཆོས་ནི་རྣམ་པ་གཉིས་ཏེ། ཀུན་བརྟགས་པའི་ཆོས་རྣམས་དང་ཡོངས་སུ་གྲུབ་པའི་ཆོས་རྣམས་སོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་རྣམ་པ་ནི་གཉིས་ཏེ། ཀུན་རྫོབ་ཀྱི་རྣམ་པ་དང༌། དོན་དམ་པའི་རྣམ་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྣམ་པ་གཉིས་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ལ་ཀུན་བརྟགས་པའི་ཆོས་འཇིག་རྟེན་གསུམ་དུ་གཏོགས་པ་དང༌། གསུམ་དུ་གཏོགས་པ་རྣམས་ནི་འཇིག་རྟེན་པའི་ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་པར་བྱང་ཆུབ་པའོ། །ཡོངས་སུ་གྲུབ་པའི་ཆོས་རྣམས་ནི་འཇིག་རྟེན་ལས་འདས་པ་སྐྱེ་བ་མེད་པ་དང༌། འགག་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་དང༌། སྟོང་པ་ཉིད་ལ་སོགས་པ་རྣམ་པར་རྣམ་པ་ཐམས་ 4-1-231 ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་སྟེ། ཞེས་ཀུན་མཁྱེན་གཉིས་པས་གསུངས་ཤིང༌། འབུམ་ཏིག་ལས་ཀྱང༌། དེ་དང་མཐུན་པར་གསུངས་ལ་སྙིང་པོའི་མདོ་བཅུ་ལ་སོགས་པ་དང༌། སེམས་འགྲེལ་སྐོར་གསུམ་ལ་སོགས་དང་ཡང་ཤིན་ཏུ་མཐུན་ནོ། །རྒྱས་པའི་སྒོ་ནས་བརྗོད། །ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་ཤཱ་ར་ཏྭ་ཏིའི་བུས། ཕྲེང་ཕྱེད་དང་བཞི་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ལྟུང་བ་དང་མི་ལྟུང་བ་བྱ་བ་མེད་པའི་ཕྱིར། འཁྲུག་པ་མེད་པའི་ཕྱིར། ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར། རོ་མྱོང་བ་མེད་པའི་ཕྱིར། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར། ཞེས་པ་ནི། གང་གིས་དེ་བཞིན་ཉིད་ཙམ་དུ་མཐོང་བས་ནི་འཇིག་རྟེན་པའི་ཀུན་བཏགས་པའི་ཆོས་ཐམས་ཅད་མི་དམིགས་ལ་འཇིག་རྟེན་ལས་འདས་པ་ལ་ཡང་མི་རྟོགས་ཏེ། ཞེས་དབུ་མ་པ་གསུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཞེས་བྱ་བར་སྦྱར་བས་དམིགས་སུ་མེད་པའི་ཚུལ་གྱིས་སྒོམ་པར་བྱེད། ཅེས་བྱ་བར་ཤེས་པར་བྱའོ། །ཞེས་དབུ་མ་པ་གསུངས། དྲན་པ་མི་དམིགས་པའི་ཕྱིར། འཕགས་པའི་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི། ཞེས་པ་ནི། ཡོངས་སུ་གྲུབ་པའི་མཚན་ཉིད་ཀུན་བརྟགས་པའི་མཚན་ཉིད་སྟོང་པ་ལས་ཀུན་བརྟགས་པའི་རྣམ་པ་དེས་ཞེས་སྟོང་པའི་རྣམ་པར་བསྒོམས་པ་ན་སེམས་རྩེ་གཅིག་པ་ཉིད་དུ་གྱུར་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །བརྗོད་དུ་མེད་པའི་དོན་དམ་པ་དེ་བཞིན་ཉིད་ནམ་མཁའ་བཞིན་དུ་གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་མཚན་མའི་རྣམ་པ་མེད་པའི་མཚན་ཉིད་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་པས་ཞི་བའི་རྣམ་པར་སྒོམ་པ་ན་སེམས་རྩེ་གཅིག་ཏུ་གྱུར་པ་ལ། འཛིན་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་དང༌། ཞེས་བྱའོ། །དེ་བཞིན་དུ་ཁམས་གསུམ་པོ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་རྣམ་པར་གཟིགས་པས། ཆོས་ཐམས་ཅད་ལ་མི་མཐུན་པའི་འདུ་ཤེས་ཉེ་བར་བཞག་ནས་ཕྱི་མ་འབུམ་ཏིག་གིས་མཐུན་པར་གསུངས་པ་སྟེ། ཡོངས་སུ་རྫོགས་པར་བྱའོ། །ཟས་ལ་མི་མཐུན་པའི་འདུ་ཤེས་བསྒོམ་པར་བྱའོ། །ཕྲེང་ཕྱེད་ལྔ་ན། སྒྲ་ཇི་བཞིན་བསྒོམ་པ་ཤེས་པར་བྱའོ། །ཕྲེང་གཉིས་ན། ཆུབ་པའི་སྐྱེ་མཆེད་དེ། ཟད་པར་གྱི་སྐྱེ་མཆེད་དང༌། བསྡུ་བའི་དངོས་པོ་བཞི་དང༌། ཆོས་བདེན་པ་རིགས་པ་ཐེག་པ་གདགས་པ་རྣམ་པར་དགོད་པ་སྟེ། རྣམ་པར་དགོད་པ་བཞི་དང༌། ཡི་གེ་འབྲི་སོགས་ཆོས་ཀྱི་སྤྱོད་པ་བཅུ་པ་དང༌། རང་བཞིན་གྱིས་བཟོད་པ། གཞན་གྱི་གནོད་པ་ལ་ཅི་མི་སྙམ་པའི་སྡུག་བསྔལ་དང་ལེན་གྱི་ཆོས་ལ་ངེས་པར་མོས་པའི་བྱ་དཀའ་བ་ལ་ཐམས་ཅད་ཀྱི་སྒོའི་སྐྱེས་བུ་དམ་པའི་རྣམ་པ་ཐམས་ཅད་དུ་ཕོངས་པ་འདོད་པ་ལ་འདི་དང་གཞན་དུ་སྡུག་བསྔལ་པ་ལ་བཟོད་པ་སྟེ། བཟོད་པ་བཅུ་དང༌། འབུམ་ཏིག་ཏུ་གསུངས་པའི་ལྷག་པའི་བསམ་པ་ཉི་ཤུ་དང༌། ཚིག་གཉིས་ན། སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ་འཆི་འཕོ་དང་སྐྱེ་བ་ཤེས་པའི་རིག་པ། ཟག་ཟད་ཤེས་པའི་རིག་པ་སྟེ། རིག་པ་གསུམ་དང༌། 4-1-232 ཚིག་བཞི་ན། དད་པ་ཐོབ་པ་གཏོང་བ་ཚུལ་ཁྲིམས་ཤེས་རབ་ངོ་ཚ་ཤེས་པ་ཁྲེལ་ཡོད་པ་སྟེ། ནོར་བདུན་དང༌། ནམ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་ནུས་སོ་སྙམ་པ་དང༌། ནམ་ཞིག་དབུལ་བས་ཉེན་པའི་སེམས་ཅན་འབྱོར་བ་ཆེན་པོ་ལ་འཇོག་པར་སྙམ་པ་དང༌། ནམ་ཞིག་ཤ་ཁྲག་དང་བཅས་པའི་ལུས་ཀྱི་སེམས་ཅན་རྣམས་ཀྱི་དོན་བྱེད་ནུས་སྙམ་པ་དང༌། དམྱལ་བ་ན་ཡུན་རིང་པོར་གནས་པས་ཀྱང་ནམ་ཞིག་སེམས་ཅན་རྣམས་ལ་ཕན་པ་འབའ་ཞིག་ཏུ་འགྱུར་སྙམ་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་བས་འཇིག་རྟེན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་འགྱུར་སྙམ་པ་དང༌། སངས་རྒྱས་སུ་གྱུར་ནས་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་འབྱིན་པར་འགྱུར་སྙམ་པ་དང༌། སེམས་ཅན་ལ་ཕན་འདོགས་པ་མེད་པའི་སྐྱེ་བ་དང༌། སེམས་ཅན་གྱི་དོན་དུ་སྦྱོར་བ་མེད་པའི་སེམས་དང༌། དོན་དམ་པའི་རོ་གཅིག་པུའི་སྤྱོད་པ་དང༌། སྐྱེ་བོ་ཐམས་ཅད་སིམ་པར་བྱེད་པའི་ཚིག་མ་ཡིན་པ་དང༌། གཞན་ལ་མི་ཕན་པའི་འཚོ་བ་དང༌། གཞན་ལ་ཕན་བྱེད་མི་ནུས་པའི་ལུས་དང༌། མི་གསལ་བའི་བློ་དང༌། གཞན་ལ་མི་ཕན་པར་མི་སྤྱོད་པའི་ནོར་དང༌། གཞན་ལ་མི་ཕན་པའི་དབང་ཕྱུག་དང༌། གཞན་ལ་གནོད་པར་བྱེད་པར་དགའ་བར་ཚེ་རབས་སུ་མ་གྱུར་ཅིག་སྙམ་པ་དང༌། སྲོག་ཆགས་ཀུན་གྱི་སྡིག་པའི་ལས་ཀུན་གྱི་འབྲས་བུ་བདག་ལ་སྨིན་ལ། བདག་གིས་ལེགས་པར་སྤྱད་པའི་འབྲས་བུ་ཐམས་ཅད་སེམས་ཅན་ཀུན་ལ་སྨིན་པར་གྱུར་ཅིག་སྙམ་དུ་རྣམ་པར་རྟོག་པ་སྟེ། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད། འགྲེལ་མཆོག་གནོད་འཇོམས་ལས་གསུངས་པ་དང༌། ལུས་ཐ་དད་ལ་འདུ་ཤེས་ཀྱང་ཐ་དད་པ་འདུ་ཤེས་གཅིག ལུས་གཅིག་ལ་འདུ་ཤེས་ཐ་དད། ལུས་ཀྱང་གཅིག་ལ་འདུ་ཤེས་ཀྱང་གཅིག གཟུགས་མེད་འདུ་ཤེས་མེད་པའི་སེམས་ཅན་ཏེ། སེམས་ཅན་གྱི་གནས་དགུ་སྟེ། བཏང་སྙོམས་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ། །ཐེག་པ་གསུམ་གྱི་འབྲས་བུ་དང་བཅས་པ་བསྟན་པ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། ཕྲེང་གཅིག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་སོགས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་བསྟན་ཏོ། །དེའི་འབྲས་བུ་བསྟན་པ་ནི། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ། ཕྲེང་གཅིག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཆེ་བའི་ཡོན་ཏན་གྱི་བདུད་རྩི་བསྟན་པ་ནི། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་འདོད་པ་འདིར་སྐྱོན་མེད་པ་ནི་ཉན་རང་གིས་ལས་ལྡོག་པའམ། དེ་བཞིན་གཤེགས་པའི་སྙིང་པོའམ། དེ་བཞིན་ཉིད་སྐྱོན་མེད་པ་ཐོབ་པར་འདོད་པར། ཞེས་རྒྱལ་བ་བྱམས་པའི་དངོས་སློབ་ཀུན་མཁྱེན་གཉིས་པས་གསུངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཕྲེང་ཕྱེད་ན། ས་དེ་དག་ལས་འདའ་བར་འདོད་པ་ཞེས་བྱ་བ་ནི་དབང་པོའི་ཁྱད་པར་དང༌། བསྒྲུབ་པ་དང༌། ཡེ་ཤེས་དང༌། འབྲས་བུའི་ཁྱད་པར་གྱིས་ 4-1-233 ཉན་རང་ལས་འདས་པའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས་དང༌། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པ་དང༌། ཞེས་བྱ་བ་ནི། སར་ཆུད་པའི་བྱང་ཆུབ་སེམས་དཔའ་ལ་རིགས་དང་མི་ལྡན་པའམ། སྡིག་གྲོགས་ཀྱིས་ཟིན་པའམ། སྙིང་རྗེ་ཆུང་བའམ། འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་སྟེ། བྱང་ཆུབ་ལས་ལྡོག་པའི་རྒྱུ་བཞི་ཅར་ཡང་མེད་པའོ། །དེ་ལ་མངོན་པར་ཤེས་པ་དྲུག་ལ་གནས་པར་འདོད་པ་དང༌། ཕྲེང་གཉིས་ན། བསླབ་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི། ཕྲེང་གཅིག་ན། ཟིལ་གྱིས་མནན་པར་འདོད་པ་དང༌། ཞེས་བྱ་བ་ནི། བྱང་སེམས་ཀྱི་རྗེས་སུ་ཡི་རང་བ་ནི། སྲེད་པ་མེད་པ་དང༌། མི་རྟོག་པ་དང༌། མཚན་མའི་སྤྱོད་ཡུལ་མ་ཡིན་པ་དང༌། བདག་གཞན་ལ་ཕན་པ་བསྒྲུབ་པ་སྟེ། དེ་དག་གི་ཉན་རང་ལས་འདས་པའི་ཕྱིར། ཟིལ་གྱིས་གནོན་ཏོ། །ཚུལ་ཁྲིམས་ལ་སོགས་པའང་སྦྱོར། ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་དང༌། ཕྲེང་གཉིས་ན། བསླབ་པར་བྱའོ། །ཆུང་དུ་ཕྱིན་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོས་པ་དང༌། རྣམ་མཁྱེན་དུ་བསྔོས་པ་དང༌། འཁོར་གསུམ་ཡོངས་སུ་དག་པའི་ཕྱིར་ཚད་མེད་པ་སྟེ། དེ་ལྟར་ན་ཐབས་མཁས་པས་ཡོངས་སུ་བསྔོ་བའི་ཚུལ་གྱིས། ཕྲེང་གཅིག་ན། བསླབ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚུལ་ཁྲིམས་བསྲུང༌། ཕྲེང་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་ལྔ་ན། བསླབ་པར་བྱའོ། །ཞེས་པ་ནི། ཐེག་ཆེན་གྱི་སྒྲུབ་པས་ཟིན་པའི་སྦྱིན་སོགས་ནི་དོན་དམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཇི་ལྟར་ན། ཚེ་རབས་ཐམས་ཅད་དུ་བདག་གིས། ཕྲེང་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་དང་གཉིས་ན། བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་པར་འདོད་པ་དང༌། ཕྲེང་གསུམ་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཅིག་ན། སྒྲུབ་པར་འདོད་པ་དང༌། ཞེས་པ་ལ། དེ་བཞིན་གཤེགས་པའི་རིགས་ནི་འདིར་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ལ་བྱ་སྟེ། ས་བརྒྱད་པ་ལ་རྣམ་པར་རྟོག་པ་ཐམས་ཅད་དང༌། རྩོལ་བ་ཐམས་ཅད་དང༌། མཚན་མ་ཐམས་ཅད་རྒྱུན་ཆད་པའི་ཕྱིར་རྣམ་པར་དག་པའི་དེ་བཞིན་ཉིད་དུ་བདག་ཉིད་གནས་གྱུར་པ་ལ། དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་ཞེས་བྱའོ། །ཞེས་ཀུན་མཁྱེན་གཉིས་པས་གསུངས། དཀོན་མཆོག་གསུམ་གྱི་གདུང་རྒྱུད་མི་གཅོད་པའི་དོན་དུ། ཚིག་གཅིག་ན། བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་ས་ནི་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པའི་ཕྱིར། ས་བརྒྱད་པ་སྟེ། དེ་ཐོབ་པར་འདོད་པ་དང༌། ཕྲེང་གཉིས་ན། བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕྲེང་གཉིས་ན། བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕྲེང་བཞི་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གསུམ་ན། བསླབ་པར་བྱའོ། ། བམ་པོ་གསུམ་པའི་རྗེས་སུ་ན། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ཞེས་པ་ནི། སེམས་ཅན་གྱི་ 4-1-234 འཇིག་རྟེན་ལ་མཐའ་མེད་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོས་ཀླས་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། སེམས་ཅན་ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད། ཕྲེང་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། གཞན་ཡང་ཕྲེང་གཅིག་ལྷག་ན། མི་ཟད་པའི་འདོད་པས་ཞེས་བྱ་བ་ནི། ཆུའི་ཐིགས་པ་རྒྱ་མཚོར་ལྷུང་བ་ཟད་པར་མི་འགྱུར་བ་བཞིན་དུ་རྣམ་མཁྱེན་ཐོབ་ཕྱིར་དུ་ཡོངས་སུ་བསྔོས་པ་ཡང་འཁོར་བའི་མཐའི་བར་དུ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་མི་ཟད་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། གཞན་ཡང༌། ཕྲེང་གཉིས་ན། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ཕྲེང་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། གཞན་ཡང༌། ཕྲེང་གཅིག་ལྷག་ན། བསླབ་པར་བྱའོ། །ལྷོ་དང༌། ནུབ་དང༌། ཕྲེང་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། གཞན་ཡང༌། ཕྲེང་ཕྱེད་དང་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། གཞན་ཡང༌། ལྷོ་དང༌། ནུབ་དང༌། ཕྲེང་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། གཞན་ཡང༌། ཕྲེང་ཕྱེད་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། གཞན་ཡང༌། ཆོས་ལ་བདག་མེད་པའི་སྒོ་ནས་ནང་སྟོང་པ་ཉིད་ལ་འདི་ལྟར་མིག་ལ་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་མིག་དང༌། རྣམ་པར་བརྟགས་པའི་མིག་དང༌། ཆོས་ཉིད་ཀྱི་མིག་གོ །དེ་ལ་བརྗོད་པར་བྱ་བ་དང༌། བརྗོད་པའི་རྣམ་པར་གཟུང་བའི་མིག །ཅེས་བྱ་བའི་དངོས་པོ་ནི་ཀུན་བརྟགས་པའི་མིག་གོ །གཟུང་བ་དང་འཛིན་པའི་བདག་ཉིད་དུ་གནས་པའི་མིག་གི་རྣམ་པར་སོ་སོར་སྣང་བ་ནི་རྣམ་པར་བརྟགས་པའི་མིག་གོ །བརྗོད་པར་བྱ་བ་དང༌། བརྗོད་པའི་རྣམ་པ་དང་བྲལ་ཞིང་བརྗོད་དུ་མེད་པ་སྣང་བ་དང་བཅས་པར་འགྱུར་བ་དང་བྲལ་ཏེ། སོ་སོ་རང་གི་རིག་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཆོས་ཀྱི་མིག་ཅེས་བྱའོ། །དེ་ལ་མིག་མིག་གིས་སྟོང་ཞེས་བྱ་བ་ལ། མིག་ཅེས་བྱ་བ་ནི་ཆོས་ཉིད་ཀྱི་མིག་གོ །མིག་གི་ཞེས་བྱ་བ་ནི་ཀུན་བརྟགས་པ་དང༌། རྣམ་པར་བརྟགས་པའི་མིག་གོ །སྟོང་ཞེས་བྱ་བ་ནི་བྲལ་བའི་ཐ་ཚིག་གོ །དེ་བཞིན་དུ། རྣ་བ་རྣ་བས་སྟོང་ཞེས་སོགས་ལ་ཡང་སྦྱོར་བར་བྱའོ། །དེ་ལྟར་ན་ཆོས་ཉིད་ལ་མིག་ལ་སོགས་པ་དེ་གང་ཡིན་པ་དེ་དག་ནང་གི་མིག་གི་སྐྱེ་མཆེད་ལ་སོགས་པའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་གནས་པར་འདོད་པའི་བསླབ་པར་བྱའོ། །ཞེས་པའི་སྟོང་ལུགས་འདི་དབུ་མ་པ་ཆེན་པོ་རྣམས་ཀྱིས་གསུངས། རྫོགས་ལྡན་གྱི་ཆོས་ཏེ། ཕྱིས་བྱུང་བ་གསུམ་ལྡན་མར་བཅད་ཀྱི་སྟོང་ལུགས་དང་མི་མཐུན་ཡང་སྐྱོན་མེད་དོ། །སྟོང་ཉིད་ལྷག་མ་རྣམས་ཀྱང༌། དེ་བཞིན་ཏེ། ཕྱི་སྟོང་པ་ཉིད་དང༌། ཕྲེང་གསུམ་ན། ངོ་བོ་ཉིད་སྟོང་པ་ཉིད་དང༌། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང༌། གང་ན་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལ་ལྷག་མ་ལུས་པ་གང་ཡིན་པ་དེ་ནི་འདིར་ཡོད་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་རབ་ཏུ་ཤེས་སོ། །ཞེས་གསུངས་པས། ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་རྟོགས་པ་ཡིན་ཏེ། འདི་ནི་དངོས་པོ་མེད་ 4-1-235 པའི་གཞིའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །གནས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ལུང་ཡང་དག་འདི་རྣམས་ཀྱིས་ཀྱང་སྟོང་ཉིད་ཐམས་ཅད་རང་སྟོང་དང༌། མེད་དགག་ཏུ་འདོད་པ་བསལ་བ་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ། དམིགས་རྐྱེན་དང༌། དབང་པོའི་སྡེའི་བདག་པོའི་རྐྱེན་དང༌། དེ་མཚུངས་པ་དེ་མ་ཐག་པའི་རྐྱེན་དང༌། རྒྱུའི་རྐྱེན་ཀུན་གཞི་རྣམ་ཤེས་ཁོང་དུ་ཆུད་པར་བྱ་བར་འདོད་པ་དང༌། དེ་བཞིན་ཉིད་ཀྱི་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་དང༌། མཚན་ཉིད་གཞན་དུ་མི་འགྱུར་བ་ཁོང་དུ་ཆུད་པར་འདོད་པས་བསླབ་པར་བྱའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅེས་པ་ནི། ཕྱི་ནང་གི་ཆོས་གང་ཡིན་པ་དེ་དག་གི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅེས་བྱ་སྟེ། གཟུགས་ཀྱི་དེ་བཞིན་ཉིད་དང༌། ཞེས་པ་ལ་སོགས་པ་ལྟ་བུ། ཞེས་གསུངས་ཏེ། ཆོས་ཐམས་ཅད་ཀྱི་སྟོང་པའི་གཞི། ཆོས་ཉིད་དོན་དམ་བདེན་པའོ། །དེ་བཞིན་དུ། མ་ནོར་བ་དེ་བཞིན་ཉིད་དང༌། ཕྲེང་གཅིག་ན། བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཅིག་ལྷག་ན། བསླབ་པར་བྱའོ། །ཕྲེང་ཕྱེད་དང་གསུམ་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་དང་གཉིས་ན། ཐམས་ཅད་དུས་གཅིག་ཏུ་བསོད་སྙོམས་གཅིག་གིས། ཕྲེང་གཉིས་ལྷག་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་དང་གསུམ་ན། བསླབ་པར་བྱའོ། །ཕྲེང་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཉིས་ལྷག་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཉིས་ན། བསླབ་པར་བྱའོ། །བྱང་ཆུབ། ཕྲེང་བཞི་ན། བསྟི་སྟང་སྟེ། ཕུ་དུད་བྱ་བར། ཕྲེང་ཕྱེད་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གསུམ་ན། རང་བྱང་ཆུབ་དང༌། ལམ་དང༌། ཡེ་ཤེས་དང༌། རྣམ་ཤེས་ནས། ཕུང་པོ་མ་ལུས་པའི། ཕྲེང་གཅིག་ན། བསླབ་པར་བྱའོ། །ཕྲེང་བཞི་ན། འདོད་པ་དང༌། ལམ་ཤེས་དང༌། རྣམ་མཁྱེན་ནས། ཕུང་པོ་མ་ལུས་པའི་བསླབ་པར་བྱའོ། །ཕྲེང་གཉིས་ན། བསླབ་པར་བྱའོ། །ཕྲེང་བཅུ་ན། བསླབ་པར་བྱའོ། ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་དང་གསུམ་ན། བསླབ་པར་བྱའོ། །དེ་ནས་ཚེ་དང་ལྡན་པས། ཕྲེང་ལྔ་ན། འཁྲུགས་པ་དང༌། གཡེང་བ་དང༌། རྟོག་པ་མེད། ཕྲེང་གཅིག་ན། མི་དམིགས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཤེས་རབ་ཀྱིས་ཤེས་སོ། །ཞེས་བྱ་བར་མི་དམིགས་པའོ། །ཞེས་དབུ་མ་པ་གསུངས་པས། དེའི་ཚུལ་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ། །ཕྲེང་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཅིག་ན། བསླབ་པར་བྱའོ། །བྱང་ཆུབ། ཕྲེང་གསུམ་ལྷག་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཅིག་ན། བསླབ་པར་བྱའོ། །བྱང་ཆུབ། ཕྲེང་གཅིག་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཅིག་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་ན། ནང་གི་འཁོར་དུ་ཞེས་བྱ་བ་ནི། གང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསང་བར་འཇུག་པའི་ཡེ་ཤེས་དང༌། གསང་བར་འཇུག་པའི་ཡེ་ཤེས་ལ་ཞུགས་པར་གྱུར་པའོ། །ཞེས་འཕགས་པ་གྲོལ་སྡེའི་གསུངས་དེ་ཉིད་དུ་འགྱུར་བར་འདོད་ 4-1-236 པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཕྲེང་གཅིག་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཅིག་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་དང་གསུམ་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཉིས་ལྷག་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པའི་མིག་ལྔ་རྣམ་པ་ཐམས་ཅད་དུ། ཕྲེང་ཕྱེད་ན། བསླབ་པར་བྱའོ། །འདི་ལྟ་སྟེ། ཤའི་མིག་སྟེ། གཟུགས་ཀྱི་སྐུའི་སྤྱན་དང༌། ལྷའི་མིག་སྟེ། ཏིང་ངེ་འཛིན་སྙོམས་འཇུག་པ་དང༌། མངོན་ཤེས་ཀྱི་ཡེ་ཤེས་ཐམས་ཅད་དང༌། ཤེས་རབ་ཀྱི་མིག་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། ཆོས་ཀྱི་མིག་སྟེ། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་དང༌། མོས་པ་སྣ་ཚོགས་མཁྱེན་པ་དང༌། ཁམས་སྣ་ཚོགས་མཁྱེན་པ་སངས་རྒྱས་ཀྱི་མིག་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་དགྲ་བཅོམ་པའི་ཡེ་ཤེས་ཞེས་གནོད་འཇོམས་སུ་གསུངས་པས། དེ་རྣམས་ཡོངས་སུ་བསྒྲུབ་པར་འདོད་པས་བསླབ་པར་བྱའོ། །ཕྲེང་ལྔ་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གསུམ་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་དང་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། གཞན་ཡང༌། ཕྲེང་ཕྱེད་དང་ལྔ་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། གཞན་ཡང་ཕྲེང་བཞི་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། གཞན་ཡང་ཕྲེང་ཕྱེད་ན། འཇིག་རྟེན་གྱི་བར་དག་གི །མུན་པ་མུན་ནག་སྨག་ཏུ་གྱུར་པ། ཕྲེང་གཉིས་ན། བསླབ་པར་བྱའོ། །ཕྲེང་གསུམ་ན། བསླབ་པར་བྱའོ། །ཕྲེང་ཕྱེད་དང་གསུམ་ན། བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕྲེང་གསུམ་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་བཞི་ན། བསླབ་པར་བྱའོ། །ཇི་ལྟར་ན་ཕྲེང་ཕྱེད་དང་དྲུག་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་ན། སྤྱོད་ལམ་སྐུའི་གསང་བ་ལ། བསླབ་པར་འདོད་པ་དང༌། ཕྲེང་ཕྱེད་དང་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཅིག་ན། ལྟ་སྟངས་ཀྱིས་ཞེས་པ་ནི་དམ་པ་རྣམས་ཀྱི་ལྟ་སྟངས་ཏེ། དེ་ནི་སྟེང་འོག་གཡས་གཡོན་ལ་སོགས་སུ་བསྒྱུར་ཏེ་མི་ལྟ། ཐག་ཉེ་རིང་ན་གནས་པ་ལྟ་ལུགས་ཁྱད་པར་མེད་པ་ལ་སོགས་པས་འཇིག་རྟེན་ཐམས་ཅད་དུ་སེམས་ཅན་ཐམས་ཅད་དུ་ཆོས་ཐམས་ཅད་ལ་ལྟ་བའོ། །ཚུལ་དེས་བལྟས་ཏེ། སེམས་ཅན་རྣམས་ལ་ཕྲེང་ཕྱེད་ན། རྣམ་པར་བསྒྱིངས་པ། དེ་བཞིན་གཤེགས་པའི་མཐུས་བདུད་དང་ཕས་རྒོལ་གྱིས་མནན་པས། རྣམ་པར་བསྒྱིངས་པར་འགྱུར། རྣམ་པར་གནོན་པས། གཟི་བྱིན་གྱིས་རྣམ་པར་གནན་ནས་ཆོས་ལ་འགོད་པར་བྱ། ཇི་ལྟར་ན་བདག་ས་ཆེན་པོ་ལ། ཕྲེང་བདུན་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཉིས་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་ལྔ་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། གཞན་ཡང༌། ཕྲེང་ཕྱེད་དང་ལྔ་ན། བསླབ་པར་བྱའོ། །ཕྲེང་ཕྱེད་དང་གསུམ་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་དང་གསུམ་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་དང་ལྔ་ན། བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་བཞི་ན། བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕྲེང་གཉིས་ན། བསླབ་པར་ 4-1-237 བྱའོ། །བྱང་ཆུབ་སེམས་དཔའ། ཕྲེང་ཕྱེད་དང་གསུམ། བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ། ཕྲེང་གཅིག་ན། བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ། ཕྲེང་གཅིག་ལྷག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསླབ་པར་བྱའོ། །དེ་ལྟར་ན་སེམས་བསྐྱེད་དེ། མདོར་བསྟན་དང་རྒྱས་བཤད་ལ་རིམ་པ་ལྟར་གཞུང་འདི་མདོའི་དུམ་བུ་གཅིག་དང་དགུ་བཅུ་རྩ་བཞིའོ། །དེ་ནི་དེ་ལྟར་བརྩོན་པའི་ཕན་ཡོན་གཞན་ཡང་གསུང་སྟེ། ཤཱ་ར་དྭ་ཏིའི་བུ། གང་གི་ཚེ། དེ་ནས་ཤོག་གུ་གཉིས་དང་ཕྲེང་གཉིས་ན། སྡིག་ཏོའི་ལས་བྱེད་པར་འགྱུར་བ་ཡང་མེད་དོ། ། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་འདིའི་དོན་ནི་འཕགས་པ་རྣམ་གྲོལ་སྡེ་དང༌། སློབ་དཔོན་སེང་གེ་བཟང་པོ་དང༌། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ་རྣམས་ཀྱིས་ཉི་ཁྲི་ལེ་བརྒྱད་མ་ལས་སོ་སོར་སྦྱར་ཡང༌། སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་ཞབས་དང༌། འབུམ་ཏིག་དང༌། བཙུན་པ་གྲོལ་སྡེས་མ་སྦྱར་ཞིང༌། འབུམ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་སྦྱར་དུ་མི་རུང་བའི་ཕྱིར་དང༌། དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱི་ཞལ་དཔེ་ཉི་ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་འདི་ནི། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། མི་ཟད་པ་ཉིད་འབྱུང་བ་དང༌། །སྦྱར་བར་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང༌། སེམས་བསྐྱེད་ཉེར་གཉིས་དང༌། མི་ཟད་པ་བརྒྱད་ཅུ་དོན་གཅིག་ཏུ་སྦྱོར་དགོས་པའི་ཕྱིར་དེ་དང༌། སྦྱོར་བ་ཉིད་རྒྱལ་བ་བྱམས་པ་དཔོན་སློབ་ཀྱི་དགོངས་པ་ཡིན་ནོ། །རྣམ་མཁྱེན་གྱི་དོན་བཅུ་ལས། སེ༷མས་བསྐྱེ༷ད་པ༷་ད༷ང་། ཞེས་པ་དོན་དང་པོ་གསུངས་ཟིན་ཏོ། ། སྒྲུབ་དང་། དེ་ལྟར་སེམས་བསྐྱེད་ནས་སྒྲུབ་པ་ཉམས་སུ་ལེན་པ་ལ་བཅུ་ལས་དང་པོ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་གཉིས་ན། སེམས་དཔའ་ཆེན་པོ་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྣལ་འབྱོར་དུ་བྱེད་པའི་ཚེ། ཅིར་ཡང་མི་རྟོག་ཅིང་མི་དམིགས་པ་དགོས་ཏེ། མདོ་སྡེའི་རྒྱན་དུ་ཡང༌། རྒྱལ་བའི་སྲས་རྣམས་ཀྱིས་ནི་མེད་དང་ཡོད་པ་དང༌། །སྒྲོ་འདོགས་སྐུར་བའི་རྟོག་དང་གཅིག་ཉིད་དུ་མ་ཉིད། །རང་དང་ཁྱད་པར་རྟོག་དང་མིང་དོན་ཇི་བཞིན་དུ། །མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ། །ཞེས་རྣམ་རྟོག་བཅུ་སྤང་བྱར་གསུངས་ཤིང༌། འཕགས་པ་ཐོགས་མེད་སྐུ་མཆེད་དང༌། འཕགས་པ་ཕྱོགས་ཀྱི་གླང་པོས་ཀྱང་དེ་དང་མཐུན་པར་གསུངས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མི་རྟོག དེ་བཞིན་དུ། བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་པ་ནི་ཀུན་བཏགས་པའི་བདག་ཉིད་ཀྱིས་སོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། འཕགས་པ་ཕྱོགས་གླང་གིས་ཀྱང༌། མེད་ཅེས་བྱ་ལ་སོགས་ཚིག་གིས་བརྟགས་པ་ཐམས་ཅད་འགོག་པ་སྟེ། ཞེས་བརྒྱད་སྟོང་དོན་བསྡུས་སུ་གསུངས་པས། ཕྱི་མ་ 4-1-238 རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱ། ཕྲེང་གཅིག་རུང་ན་མི་མཐོང་ངོ༌། །ཞེས་པ་ནི་ཆོས་དབྱིངས་རྣམ་དག་མ་གཏོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་ཆོས་མེད་པའི་ཕྱིར། ཞེས་དབུ་མ་པས་གསུངས་ཏེ། ལུང་འདིས་ཀྱང་ཤེར་ཕྱིན་མཚན་ཉིད་པ་འདུས་མ་བྱས་སུ་བསྟན་ཅིང༌། ཡོངས་གྲུབ་དགུ་ལ་སོགས་པ་དང༌། དོན་གཅིག་ཏུ་བསྟན་པས་ཤེས་རབ་གང་ཡིན་འདུས་བྱས་སུ་འདོད་པ་བསལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཐམས་ཅད་ལ་བྱ་བ་མེད་པས་སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱེད་པ་མེད་ཀྱང་ཆོས་ཀྱི་དབྱིངས་སྦྱངས་པ་ཡོད་པས། མི་སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཕྲེང་གཉིས་ལྷག་ན། དེ་ནི་འདི་ལྟར་སྐབས་འདིའི་བྱང་ཆུབ་སེམས་དཔའི་ཡང་ཀུན་བཏགས་ཡིན་པས་བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་སྟོང་ངོ༌། །བྱང་ཆུབ་སེམས་དཔའི་མིང་ཡང་ཀུན་བཏགས་ཡིན་པས་བྱང་ཆུབ་སེམས་དཔའི་མིང་གིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། ཀུན་རྫོབ་རང་བཞིན་རང་སྟོང་དེ་ཡིན་ཏེ། དེ་ནི་འདི་ལྟར་རང་རང་ངོ་བོས་སྟོང་པ་ཉིད་ཀྱང་ཀུན་རྫོབ་ཀྱི་གཟུགས་སྟོང་པ་མ་ཡིན། གཟུགས་ལས་གུད་ནས་ཡང་རང་ངོ་བོས་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་པ་འདིས་ནི་ཀུན་རྫོབ་ཀྱི་སྣང་སྟོང་དབྱེར་མེད་བསྟན་པས་ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཕྲེང་བཞི་ན། དེ་ནི་འདི་ལྟ་སྟེ། ཀུན་བཏགས་ཀྱི་བྱང་ཆུབ་ཅེས་བྱ་བ་འདི་ཡང་ཀུན་བཏགས་ཀྱི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཡང༌། ཀུན་བཏགས་ཀྱི་སྟོང་པ་ཉིད་ཅེས་བྱ་བ་འདི་ཡང༌། ཀུན་བཏགས་ཀྱི་གཟུགས་དང༌། ཚོར་བ་དང༌། དེ་ཡང་འདི་ལྟར་ཀུན་བཏགས་ཀྱི་གཟུགས་ནི་སྒྱུ་མ་ལྟ་བུའོ། །ཕྲེང་གཉིས་ལྷག་ན། སེམས་དཔའ་ཆེན་པོ་སྣང་བ་ཙམ་དུ་ཟད་པས་ཀུན་བཏགས་ཀྱི་ཆོས་གང་ལ་ཡང་སྐྱེ་བ་ཡང་དག་པར་མི་སྣང་བ་ཙམ་དུ་ཟད་པས་ཀུན་བཏགས་ལ་འགག་པ་ཡང༌། ཡང་དག་པར་ཀུན་བཏགས་ཙམ་དུ་ཟད་པས། གཞན་དབང་ལ་ནི། འཕེལ་བ་ཡང་དག་པར། ཡོངས་གྲུབ་ལ་ནི་ཉོན་མོངས་དང༌། རྣམ་བྱང་མེད་ཅིང༌། རང་བཞིན་གྱིས་དག་པའི་ཕྱིར། ཞེས་དབུ་མ་པ་གསུངས། ཀུན་ནས་ཉོན་མོངས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཕྲེང་གསུམ་ན། ཞེན་པར་གྱུར་པས། དེ་རྣམས་ཀུན་བཏགས་སོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྤྱོད་པའི་ཚེ། ཅིར་ཡང་མི་རྟོག་པས། ཆོས་ཐམས་ཅད་ཡང་དག་པར། ཕྲེང་གཉིས་ན། འདི་ལྟར་ཡོངས་སུ་རྟོག་སྟེ། ཞེས་བྱ་བ་ལ་སོགས་པ་འདི་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྟོག་པ་སྤང་དགོས་པར་བསྟན་ཏེ། བརྒྱད་སྟོང་དོན་བསྡུས་སུ། བདེན་དོན་རྣམ་རྟོག་སེལ་བ་ན། །ཤེས་རབ་ཕ་རོལ་ཕྱིན་པ་དང༌། །སངས་རྒྱས་དེ་བཞིན་བྱང་སེམས་དང༌། །མིང་ཙམ་ཞེས་ནི་རབ་ཏུ་གསུངས། །འདི་ནི་སྒྲ་དོན་འགོག་པ་སྟེ། །དངོས་པོ་སེལ་བར་བྱེད་པ་མིན། །ཞེས་གསུངས་སོ། །ཀུན་བཏགས་ཀྱི་འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །བྱང་ཆུབ་ཅེས། སངས་རྒྱས་ཞེས། ཤེས་རབ་ཀྱི་ཕ་རོལ་ཏུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ 4-1-239 དོ། །གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པ། དཔེར་ན། བདག་བདག སེམས་ཅན་སེམས་ཅན། སྲོག་སྲོག དཔེར་ན། གསོ་བ་དང༌། སྐྱེས་བུ། གང་ཟག ཤེད་ཅན། ཤེད་བདག བྱེད་པ་པོ། བྱེད་དུ་འཇུག་པ་པོ། ཚོར་བ་པོ། ཚོར་བར་བྱེད་པ་པོ། སློང་བ་པོ། ཀུན་ཏུ་སློང་བ་པོ། ཤེས་བ་པོ། མཐོང་བ་པོ། རིག་པ་པོ། རྣམ་པར་ཤེས་པ་པོ། རྣམ་པར་ཤེས་པ་པོ་ཞེས་བྱ་བ་ནི། ཐ་སྙད་དུ་བརྗོད་མོད་ཀྱི། ཕྲེང་གཅིག་ལྷག་ན། སྤྱོད་པའི་ཚེ། ཆོས་གང་ལ་ཡང་མི་རྟོག་ཅིང་དམིགས་པ་མེད་པས། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བྱ་བ་ལ་སོགས་པ་འདི་དག་གིས་ནི་ཡོད་པའི་རྟོག་པ་སེལ་ཏེ། བརྒྱད་སྟོང་དོན་བསྡུས་སུ། བདག་གི་བྱང་ཆུབ་སེམས་དཔའ་ནི། །མ་མཐོང་ཞེས་སོགས་རྒྱས་རྣམས་ཀྱིས། །བཅོམ་ལྡན་དངོས་པོར་ཀུན་རྟོག་གི །འཁྲུལ་བ་འགོག་པར་མཛད་པ་ཡིན། །ཞེས་གསུངས་པ་དང་མཐུན་ནོ། །བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཕྲེང་གསུམ་ན། སེམས་དཔའ་ཆེན་པོ་ནི་ཁྱད་པར་འཕགས་ཏེ། འདི་མན་ཆད་དེའི་ཕན་ཡོན་སྟོན་པ་དེ་བཞིན་གཤེགས་པའི་ཤེས་རབ་མ་གཏོགས་པར། ཕྲེང་གསུམ་གཉིས་ན། ཉེ་བར་བཟུང་བའི་ཡེ་ཤེས་དེས་ཟིལ་གྱིས་གནོན་ཏོ། །སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཕྲེང་གཉིས་ན། དེ་དག་གི་ཤེས་རབ་ཀྱི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ། ཕྲེང་བཞི་ན། བསྒོམ་པའི་རྣམ་པར་མི་རྟོག་པའི་ཤེས་རབ་ཅི་ཙམ་པ་དེས་ཀྱང༌། ཕྲེང་བཅུ་ན། རྒྱུར་ཡང་མི་ཕོད་དོ། །དེ་ལ་རྩོད་པ་སྤང་བ་ནི། ཤཱ་ར་དྭ་ཏིའི་བུས། གསོལ་པ། ཕྲེང་གཉིས་ན། ཤེས་རབ་དེ་དག་ཐམས་ཅད་གཅིག་པའི་བདག་ཉིད་ཡིན་པས་ཐ་མི་དད་པ་སྟེ། སྟོང་པ་རྣམ་པར་དག་པའི་ཕྱིར་དབེན་པ། འདུས་མ་བྱས་པའི་ཕྱིར། རང་བཞིན་གྱིས་མ་བྱུང་བ། ཡང་དག་པ་མ་ཡིན་པའི་ཀུན་རྟོག་གི་ངོ་བོ་ཉིད་དང་བྲལ་བས། ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། ཞེས་པ་འབྲུ་ནོན་རྣམས་དབུ་མ་པའི་གསུངས་བཞིན་ནོ། །ཕྲེང་བདུན་ན། བདག་ཅག་གིས་ཕར་ཕྱིན་དྲུག་ལ་སྤྱད་ནས་བླ་ན་མེད་པ་ཡང་དག་པར། ཤོག་གུ་གཅིག་དང་ཕྲེང་གཅིག་ན། སེམས་བསྐྱེད་དང་པོ་བསྐྱེད་པ་སྟེ། ས་དང་པོ་ཐོབ་པ་ཉེ་བར་གཟུངས་ནས། ཕྲེང་གཅིག་ན། ས་ལས་འདས་ནས་ས་བརྒྱད་པ་ལས་ཕྱིར་མི་ལྡོག་པའི་ས་ཐོབ་སྟེ། རྣམ་པར་སྨིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བར་བསྟན་ཏོ། །ཞེས་པ་གསུམ་དབུ་མ་པ་གསུངས། བྱང་ཆུབ་སེམས་དཔའི་ལམ་ཡང་སྦྱོང་ངོ༌། །ཞེས་པའི་ཚིག་འདི་གཞན་ན་མི་འདུག ཕྲེང་གཉིས་ན། ཐོག་མ་སེམས་བསྐྱེད་པ་སྟེ། ས་དང་པོ་ཐོབ་ཕྱིན་ཆད། ཤོག་གུ་ཕྱེད་དང་གཉིས། སྦྱིན་པ་ཡོངས་སུ་གཏོང་ངོ༌། །དེ་རྣམས་ཀྱིས་ནི་ཅིར་ཡང་མི་རྟོག་པའི་ཤེར་ཕྱིན་ཟབ་མོ་སྒྲུབ་པ་རང་གི་ངོ་བོ་ཕན་ཡོན་དང་བཅས་པ་གསུངས་ཟིན། གཉིས་པ་བདེན་པ་ལ་གདམས་པ་ནི། བདེན་པ་རྣམས་དང་ནི། །ཞེས་པ་ལ་བཞི་ལས། སྡུག་བསྔལ་གྱི་བདེན་པ་ལ་གདམས་པ་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་བཅུ་བཞི་ན། 4-1-240 ཕུང་པོ་ཁམས་སྐྱེ་མཆེད། བདེན་པ་རྟེན་འབྲེལ། འདུས་བྱས། འདུས་མ་བྱས་སྟོང་པ་སྟེ། སྟོང་ཉིད་བདེན་པ་འདི་དག་ལ། བརྩོན་པར་ཅིར་ཡང་མི་རྟོག་པས། མི་བརྩོན་ཞེས་སེམས་དཔའ་མི་བརྗོད་དེ། རྗེས་སུ་མི་རྟོག་ཅིང་མི་སེམས་ལ་མི་མཐོང་ངོ༌། །རྣམ་པར་ཤེས་པ་ལ་ཅིར་ཡང་མི་རྟོག་པ་དང༌། སྐྱེ་མཆེད་དང་ཁམས་བདེན་པ་རྟེན་འབྲེལ་ལ་སོགས་གང་ལ་བརྩོན་ཞེས་བྱ་བའམ། ཀུན་འབྱུང་བ་ལ་གདམས་པ་ནི། གཟུགས་སྐྱེ་བའི་ཆོས་ཅན་ནམ། ཕྲེང་གསུམ་ན། གཟུགས་ནི་ཚོར་བ་དང་ལྷན་ཅིག་ཏུ་ཀུན་ཏུ་རྒྱུ་ཞེས་བྱ་བ་དང༌། ཚོར་བ་ནི་གཟུགས་དང་ལྷན་ཅིག་ཏུ་ཀུན་ཏུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་བཞིན་དུ། ཚོར་བ་དང༌། འདུ་ཤེས་དང༌། འདུ་ཤེས་དང༌། ཚོར་བ་འདུ་ཤེས་དང༌། འདུ་བྱེད་དང༌། འདུ་བྱེད་དང༌། འདུ་ཤེས་དང་ལྷན་ཅིག་ཀུན་ཏུ་རྒྱུ་ཞེས་བྱ་བ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང་ལྷན་ཅིག་ཀུན་ཏུ་རྒྱུ་ཞེས་བྱ་བར། ཕྲེང་གཅིག་ལྷག་ན། ཆོས་གང་དང་ཡང་ལྷན་ཅིག་ཀུན་ཏུ་རྒྱུ་བ་མེད་དོ། །ནམ་མཁའ་དང་ནམ་མཁའ་ལྷན་ཅིག་འདུ་བ་མེད་པ་ལྟར། ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་དེ་བཞིན་པས་དབུ་མ་པ་ཆེན་པོ་གསུངས། རང་བཞིན་གྱིས་སྟོང་པའི་ཕྱིར་འགྲོ་བ་མེད་དོ། །ཤཱ་ར་དྭ་ཏིའི་བུ། གཟུགས་ལ་སོགས་པ་དེ་དག་གི་མཚན་ཉིད་བསལ་བའི་ཕྱིར། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་ཆོས་ཉིད་ཀྱི་གཟུགས་དེ་ནི་ཀུན་རྫོབ་ཀྱི་གཟུགས་མ་ཡིན། ཕྱི་མ་རྣམས་ལའང་དེ་བཞིན་དུ་སྦྱར་ཏེ། ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཚོར་བ་མ་ཡིན། ཕྲེང་གཅིག་ལྷག་ན། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ། ཆོས་ཉིད་ཀྱི་གཟུགས་དེ་ཐོགས་པར་མི་བྱེད་མེད་དོ། །ཕྱི་མ་རྣམས་ལའང་དེ་བཞིན་དུ་སྦྱར་ཏེ། ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཚོར་བར་མི་བྱེད་དོ། །ཕྲེང་གཉིས་ན། ཤཱ་ར་དྭ་ཏིའི་བུ། གཟུགས་ལ་སོགས་པའི་སྒྲ་ནི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ལ་བྱ་སྟེ། དེ་པས་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་ཐ་དད་མེད་པར་གསུངས་པས་འདིར་ཡོངས་གྲུབ་ཀྱི་གཟུགས་གཞན་མ་ཡིན་ལ། དོན་དམ་སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། ཆོས་ཉིད་ཀྱི་གཟུགས་ཀྱང་གཞན་མ་ཡིན་ཏེ། ཡོངས་གྲུབ་ཀྱི་སྐབས་ཐམས་ཅད་དུ་ཡང་གཟུགས་ལ་སོགས་པའི་སྒྲ་ནི་སྟོང་པ་ཉིད་ལ་བྱ་སྟེ། སྟོང་པ་ཉིད་ཀྱང་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ལ་བྱ་བར་གསུངས་པས་ཡོངས་གྲུབ་ཀྱི་གཟུགས་ཉིད་ཀྱང་ཀུན་རྫོབ་ཀྱི་སྟོང་པ་ཉིད་ལ། དེས་སྟོང་པའི་གཞི་ཉིད་ཀྱང་ཆོས་ཉིད་ཀྱི་གཟུགས་སོ། །ཡོངས་གྲུབ་ཀྱི་ཚོར་བ་ཡང་གཞན་མ་ཡིན་ལ། དེས་ཀུན་བཏགས་ཀྱི་སྟོང་པའི་གཞི་ཉིད་ཀྱང་གཞན་མ་ཡིན། སྟོང་པའི་གཞི་ཉིད་ཀྱང་གཞན་མ་ཡིན་ལ། ཆོས་ཉིད་ཀྱི་ཚོར་བ་ཡང་གཞན་མ་ཡིན་ལ། ཚོར་བ་ཉིད་ཀྱང་དོན་དམ། སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱང་ཚོར་བའོ། །འདུ་ཤེས་ཀྱང་གཞན་མ་ཡིན་ལ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན་པ། འདུ་ཤེས་ཀྱང་གཞན་མ་ཡིན་ཏེ། འདུ་ཤེས་ཉིད་ཀྱང་སྟོང་པ་ཉིད་ལ། སྟོང་པ་ཉིད་ཀྱང་འདུ་ཤེས་སོ། །འདུ་བྱེད་རྣམས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། 4-1-241 འདུ་བྱེད་རྣམས་ཀྱང་གཞན་མ་ཡིན་ཏེ། འདུ་བྱེད་རྣམས་ཀྱང་སྟོང་པ་ཉིད་ལ། སྟོང་པ་ཉིད་ཀྱང་འདུ་བྱེད་རྣམས་སོགས་རྣམ་པར་ཤེས་པ་ཡང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། རྣམ་པར་ཤེས་པ་ཡང་གཞན་མ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་ལས། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །འདི་རྣམས་ཀྱིས་ནི་དོན་དམ་གྱི་སྣང་སྟོང་དབྱེར་མེད་ཟུང་འཇུག་བསྟན་ཏེ། བདེན་པ་གཉིས་ལ་བདེན་ལུགས་གཉིས་དང༌། སྟོང་ལུགས་གཉིས་ལ་སོགས་པ་རྫོགས་ལྡན་གྱི་ཆོས་ལ་གོམས་ཤིང་འདྲིས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། གསུམ་ལྡན་མར་བཅད་ཀྱི་ཆོས་ཙམ་ལ་མཆོག་ཏུ་ལྟ་བ་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ། ། འགོག་བདེན་ལ་གདམས་པ་ནི། ཤཱ་ར་དྭ་ཏིའི་བུ། དོན་དམ་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྟེན་འབྲེལ་ལས་འདས་ཤིང་རང་བཞིན་གྱིས་འོད་གསལ་བདེ་བ་ཆེན་པོ་ཡིན་ལ། འདུས་མ་བྱས་པ་ཡང་ཡིན་པའི་ཕྱིར། མི་སྐྱེ་མི་འགག་ཅིང་ཀུན་ནས་ཉོན་མོངས་པར་འགྱུར་བ་མེད། རྣམ་པར་བྱང་བ་གདོད་ནས་གྲུབ་པ། དེ་ལས་ལྷག་པ་བསྟན་དུ་མེད་པའང༌། དེ་ནི་དུས་གསུམ་མཉམ་པ་ཉིད་དུས་གསུམ་དུས་མེད་རྟོགས་པ་པོའི་ཕྱིར། འདས་པ་ཡང་མ་ཡིན། ཕྲེང་ཕྱེད་དང་གཉིས་ན། དེ་ལྟར་བྱུང་བ་ཡང་མ་ཡིན་པའི་གཞི་འགོག་བདེན་མཐར་ཐུག་དེ་ལ་ནི། ཀུན་རྫོབ་ཀྱི་གཟུགས་གཟོད་མ་ནས་དབྱེར་མེད་དུ་མེད་དོ། །ཕྱི་མ་རྣམས་ལའང་དེ་བཞིན་དུ་སྦྱར་ཏེ། ཚོར་བ་མེད་དོ། །ཕྲེང་ལྔ་ན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །སྟོང་གཞི་དོན་དམ་གཞན་སྟོང་རང་བྱུང་ཡེ་ཤེས་འགྱུར་མེད་ཡོངས་གྲུབ་བདེ་གཤེགས་སྙིང་པོ་དབུ་མ་ཤེར་ཕྱིན་མཚན་ཉིད་གསང་སྔགས་མཐར་ཐུག་གང་ཡིན་པ་ཡོངས་གྲུབ་དེ་ལ་ནི་མ་རིག་པ་མེད་དོ། །མ་རིག་པ་འགག་རྒྱུ་མེད་པས་འགག་པ་མེད་དོ། །ཕྲེང་གསུམ་ན། ཡོངས་གྲུབ་དེ་ལ་ནི་སྡུག་བསྔལ་མེད་དོ། །སྡུག་བསྔལ་ཡོངས་སུ་ཤེས་པའི་བློ་འདུས་བྱས་མེད་དོ། །དྲི་མ་རང་བཞིན་གྱིས་འགགས་པ་ལས་ལྷག་པའི་འགོག་པ་མེད་འགོག་པ་མངོན་དུ་བྱ་བའི་བློ་འདུས་བྱས་མེད་དོ། །ཕྲེང་གསུམ་ན། བྱང་ཆུབ་མེད་དོ། །ཞེས་པ་འདིར་ཡང་བརྟགས་པ་ཐམས་ཅད་འགོག་པ་སྟེ། ཞེས་པ་དྲན་པར་བྱའོ། །ལམ་བདེན་ལ་གདམས་པ་ནི། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཕྲེང་ཉེར་ལྔ་ན། འབྱེད་པ་དང་སྡུད་པ་ལ་སོགས་པ་ཅིར་ཡང་མི་རྟོག་པའི་ཕྱིར། སྟོང་པ་ཉིད་དང༌། སྟོང་པ་ཉིད་དུ་མི་སྡུད་མི་འབྱེད་དེ། ཕྲེང་གསུམ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཞེས་པ་འདིས་ནི་ལམ་གྱི་བདེན་པ་རྣམ་པར་མི་རྟོག་པ་ཉིད་ཡིན་པར་གསལ་བར་བསྟན་ཏོ། །ཞེས་འཕགས་པ་རྣམ་གྲོལ་སྡེས་གསུངས། ཕྲེང་གཅིག་ན། ཁོང་དུ་ཆུད་པར་བྱེད་པས། གཟུགས་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ལ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་གཟུགས་སུ་ཡོད་པ་ལ་སོགས་པའི་མཚན་ཉིད་མ་མཐོང་བས། ཞེས་དབུ་མ་པ་ཆེན་པོ་གསུངས། མི་སྦྱོར་ཆོས་ཉིད་བདག་ཉིད་དུ་བསྒོམ་པར་བྱ་བ་ཡིན་པས། ཞེས་དབུ་མ་པ་ཆེན་པོ་གསུངས། 4-1-242 མི་འབྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། ཤོག་གུ་གཅིག་ན། ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། ། གསུམ་པ་དཀོན་མཆོག་ལ་གདམས་པ་ནི། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་ལས། སངས་རྒྱས་ལ་གདམས་པ་ནི། ཤཱ་ར་དྭ་ཏིའི་བུ། གཞན་ཡང༌། ཕྲེང་སུམ་ཅུ་ན། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་དང༌། བྱང་ཆུབ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་དག་ནི་མཚན་ཉིད་གཅིག་པས། ཆོས་ཀྱི་སྐུའི་བདག་ཏུ་ཐ་དད་པ་མེད་པས་ན། ཞེས་དབུ་མ་པ་ཆེན་པོ་གསུངས། སངས་རྒྱས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །ཕྲེང་གསུམ་ལྷག་ན། ལྟ་ག་ལ་ཡོད། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སངས་རྒྱས་སོ། །བྱང་ཆུབ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བྱང་ཆུབ་བོ། །ཞེས་པ་འདི་ལེ་བརྒྱད་མར་འབྱུང་ཞིང་ཁྲི་བརྒྱད་སྟོང་པར་ཡང་འབྱུང་ངོ༌། །ཤཱ་ར་དྭ་ཏིའི་བུ། ཕྲེང་དེ་ལ་བརྩོན་ཞེས་བྱའོ། ། ཆོས་དཀོན་མཆོག་ལ་གདམས་པ་ནི། ཤཱ་ར་དྭ་ཏིའི་བུ། གཞན་ཡང༌། ཕྲེང་ཕྱེད་ན། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། མཉམ་པར་འཇོག་པའི་ཚེ། ཆོས་གང་ལའང་དངོས་པོ་མེད་དང༌། རྟག་མི་རྟག་དང༌། བདེ་སྡུག་དང༌། བདག་ཡོད་མེད་དང༌། ཞི་མ་ཞི་དང༌། སྟོང་མི་སྟོང་དང༌། མཚན་མ་ཡོད་མེད་དང༌། སྨོན་པ་ཡོད་མེད་དང༌། སྐྱེ་འགག་དང༌། དུས་གསུམ་དང༌། བརྟན་མི་བརྟན་དང་ཡོད་མེད་ལ་སོགས་པ་གང་དུ་མི་རྟོག་ཅིང་མི་སེམས་ལ། མི་དམིགས་པས་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ངང་ལ་འཇོག་པའི་ཕྱིར། གཟུགས་དངོས་པོ་ཞེས་བྱ་བར་མི་སྦྱོར་རོ། །ཕྲེང་ལྔ་ན། ཀུན་བཏགས་པ་གཟུགས་ལ་སོགས་པ་ལ་མྱ་ངན་ལས་འདས་པའི་མཚན་ཉིད་མེད་པས་ན། ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། གཟུགས་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཆོས་ཉིད་ལ་སོགས་པ་ལ་འཁོར་བའི་མཚན་ཉིད་མེད་པའི་ཕྱིར། ཞེས་དབུ་མ་པ་ཆེན་པོ་གསུངས། གཟུགས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཕྲེང་བཅུ་གཅིག་ན། སྤྱོད་པའི་ཚེ། ཆོས་ཐམས་ཅད་ཆོས་ཉིད་དུ་ཐ་དད་མེད་པ་ལ་ཐ་དད་དུ་འཛིན་པ་མི་འཐད་པའི་ཕྱིར་ཏེ། ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་དུ་ཐ་མི་དད་པས་ན། ཞེས་དབུ་མ་པ་ཆེན་པོ་གསུངས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཕྲེང་བཅོ་ལྔ་ན། ཐམས་ཅད་མངོན་པར་ཤེས་པ་དམིགས་པ་ལྟ་ག་ལས་འོང༌། ཞེས་པ་ནི་མངོན་པར་ཤེས་པ་རྣམས་ཀུན་བཏགས་པའི་ངོ་བོ་ཉིད་ཡིན་པ་དང༌། ཀུན་བཏགས་པའི་དམིགས་པ་ཡིན་པའི་ཕྱིར་དེ་སྐད་བཤད་དོ། །བྱ་བའི་འགྲེས་ལ་ཡང་དེ་བཞིན་དུ་སྦྱོར་ཞེས་དབུ་མ་པ་ཆེན་པོ་གསུངས། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ། ཤོག་གུ་ཕྱེད་དང་བཞི་ན། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ། ས་བརྒྱད་པ་ཐོབ་པས་ལུང་བསྟན་པར་གྱུར་པའམ། ལུང་བསྟན་པར་འོས་པའི་ཕྱིར་ལུང་བསྟན་པར། ཞེས་དབུ་མ་པ་ཆེན་པོ་ 4-1-243 གསུངས། ཉེ་བར་གྱུར་པའོ། །ཕྲེང་གཅིག་གཉིས་ན། ཞེས་པ་འདི་དག་ནི་རྗེ་བཙུན་སྤྱན་རས་གཟིགས་ཀྱིས་བསྐྱེད་པའི་རིམ་པར་གསུངས་པའི་ཧཱུཾ་དང་ནི། ཕཊ་ཡིག་ལ་སོགས་པ་རྟོག་པ་དང་བྲལ་བ། རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ་དེ་ཉིད་ཀྱི་ནི་སྒྲུབ་ཐབས་གཞན་ཡོད་མིན། ཞེས་དང༌། ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་པའི་སླད་དུ་སངས་རྒྱས་རྣམས་ཀྱིས་བསྟན། །ཞེས་གསུངས་པ་དང་དོན་གཅིག་གོ །ཤཱ་ར་དྭ་ཏིའི་བུ། འདི་ནི་ཕྲེང་ལྔ་ན། འཆལ་བའི་སེམས་མི་བསྐྱེད་དོ། ། དགེ་འདུན་དཀོན་མཆོག་ལ་གདམས་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཞེས་གསོལ་ཏོ། །དེ་ལ་དགེ་འདུན་དཀོན་མཆོག་ནི། འདིར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་ཤེས་པར་བྱའོ། །ཞེས་འཕགས་པས་གསུངས། བཅོམ་ལྡན་འདས། ཕྲེང་བཞི་ན། འདིར་སྐྱེས་པ་དེ་ནི་དབང་པོ་རྣོ་བར་གྱུར་ཏེ། ཞེས་པ་ལེ་བརྒྱད་མར་བྱུང༌། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྲེང་བཞི་ན། འདིར་སྐྱེས་པ་དེ་ནི་དེའང་དབང་པོ་རྣོ་བར་འགྱུར་རོ། །ཞེས་པ་འདི་ལེ་བརྒྱད་མར་བྱུང༌། ཚེ་གཅིག་གིས་ཐོགས་པ་སྟེ། ཕྲེང་བཅུ་གཅིག་ན། རྣོ་བ་ཡང་མེད་དོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་དང་གཉིས་ན། འདོད་པའི་ཁམས་སུ་མིའི་ནང་དུ་སྐྱེ་བའང་ཡོད་དོ། །ཕྲེང་གཅིག་ན། རྣོ་བ་ཡང་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་དྲུག་ན། འཚང་རྒྱའོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་ལྔ་ན། ཕྱིར་རོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་དྲུག་ན། མཉེས་པར་བྱེད་དོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་བདུན་ན། གསོལ་བ་གདབ་པ་བྱེད་དོ། །ཕྲེང་བདུན་ན། དག་ཀྱང་ཡོད་དོ། །དཔེར་ན། བདག་ཅག་གི །བཅོམ་ལྡན་འདས་བྱམས་པ་ལྟ་བུའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ལྷག་ན། འདོད་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཉིས་ན། དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གཉིས་རུང་ན་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ། ཕྲེང་གསུམ་ན། བྱེད་པ་དག་ཀྱང་ཡོད་དོ། །ཕྲེང་གཅིག་ལྷག་ན། ས་འཐོབ་པར་ཡོད་དོ། །ཕྲེང་ཕྱེད་དང་གསུམ་ན། གནས་པ་དག་ཀྱང་ཡོད་དོ། །ཕྲེང་གསུམ་ཆད་ན། འདོད་པ་དག་ཀྱང་ཡོད་དོ། །ཕྲེང་བཅུ་གཅིག་ན། རྣམ་པར་མནན་ཅིང་ཐོད་རྒལ་དུ་ཞེས་ཁྲི་བརྒྱད་སྟོང་པར་གསུངས། དག་ཀྱང་ཡོད་དོ། །ཕྲེང་ཕྱེད་བཅུ་ན། ཤེས་པར་བྱའོ། །ཕྲེང་གཉིས་ན། བསྐལ་པ་བཟང་པོ་འདི་ལས་སངས་རྒྱས་པར་ཤེས་པར་བྱའོ། །ཕྲེང་བཞི་ན། ཐོགས་པར་ཤེས་པར་བྱའོ། །ཕྲེང་ཕྱེད་དང་གསུམ་ན། འཚང་རྒྱའོ། །དཔེར་ན་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་ལྟ་བུའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། ཡིད་ཀྱི་ལས་མི་བྱེད་ཅིང་སེམས་ཅན་རྣམས་ལ་ཆོས་འཆད་པ་དག་ཀྱང་ཡོད་དོ། །ཕྲེང་གཉིས་ན། གཅོད་པ་དག་ཀྱང་ཡོད་དོ། །ཕྲེང་གསུམ་ན། སྒྲུབ་པ་དག་ཀྱང་ཡོད་དོ། །ཕྲེང་གཅིག་ན། དག་ཀྱང་ཡོད་དོ། །ཕྲེང་གཅིག་ན། འགོད་པ་དག་ཀྱང་ཡོད་དོ། །ཕྲེང་གསུམ་ན། སྟོན་པ་དག་ཀྱང་ཡོད་དོ། །ཕྲེང་བཞི་ན། བྱེད་པ་དག་ཀྱང་ཡོད་དོ། །དེ་བཞིན་དུ། ལྷོ་དང༌། ནུབ་དང༌། བྱང་དང༌། བྱང་ཤར་དང༌། ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། འོག་དང་སྟེང་གི་ཕྱོགས་རེ་རེ་ 4-1-244 ཞིང༌། ཕྲེང་གསུམ་ལྷག་ན། བྱེད་པ་དག་ཀྱང་ཡོད་དོ། །ཕྲེང་ལྔ་ན། བསླབ་པར་བྱའོ། །ཕྲེང་གཉིས་ན། མི་སྨོད་པ་དག་ཀྱང་ཡོད་དོ། །ཕྲེང་གཉིས་ན། མི་སྡུད་པ་དག་ཀྱང་ཡོད་དོ། །ཕྲེང་གཅིག་ན། མི་གཏོང་བ་དག་ཀྱང་ཡོད་དོ། །ཕྲེང་གཉིས་ན། སྡུད་པ་དག་ཀྱང་ཡོད་དོ། །ཕྲེང་གསུམ་ན། མཆོད་པ་བྱེད་པ་དག་ཀྱང་ཡོད་དོ། །ཕྲེང་གཉིས་ན། སྣང་བ་དེ་དང༌། དགེ་འདུན་དཀོན་མཆོག་ལ་ནམ་ཡང་འབྲལ་བར་མི་བྱེད་པ་དག་ཀྱང་ཡོད་དོ། །ཕྲེང་གཉིས་ན། མི་འབྱེད་དོ། ། བཞི་པ་མི་ཞེན་པ་ལ་གདམས་པ་ནི། མ་ཞེན། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་ཉེར་བཞི་ན། སུས་ཀྱང་ཐུབ་པ་མེད་དོ། ། ལྔ་པ་མི་ངལ་བ་ལ་གདམས་པ་ནི། ཡོངས་སུ་མི་ངལ་དང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་ཉེར་གཉིས་ན། མི་འགྱུར་བ་དག་ཀྱང་ཡོད་དོ། ། དྲུག་པ་ལམ་ཡོངས་སུ་འཛིན་ལ་གདམས་པ་ནི། ལམ་ནི་ཡོངས་སུ་འཛིན་པ་དང༌། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཕྲེང་ཉེར་གསུམ་ན། རྗེས་སུ་མི་མཐོང་ངོ༌། །དེ་ནས་མ་ཞེན་པ་ནི་ཡོངས་སུ་ཉམས་པར་མི་འགྱུར་ལ། མི་ངལ་བས་ནི་ཇི་སྲིད་དུ་བགྲོད་པར་བྱ་བ་འགྲོ་བར་འགྱུར་རོ། །ཡོངས་སུ་བཟུང་བས་ནི་ལམ་གཞན་དུ་འགྲོ་བར་མི་འགྱུར་རོ། །ཞེས་འཕགས་པ་རྣམ་གྲོལ་སྡེས་གསུངས། བདུན་པ་སྤྱན་ལྔ་ལ་གདམས་པ་ནི། སྤྱན་ལྔ་དང་ནི། ཤཱ་ར་དྭ་ཏིའི་བུ། འདི་ལྟར་ཡང༌། ཕྲེང་གཅིག་ན། ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཐམས་ཅད་ལ་འཇུག་པའི་ཤེས་པ་ནི་ཤའི་མིག་དང༌། ཏིང་ངེ་འཛིན་དང༌། སྙོམས་འཇུག་ཐམས་ཅད་ཤེས་པ་ནི། ལྷའི་མིག་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། ཤེས་རབ་ཀྱི་མིག་དང་གནས་དང༌། གནས་མ་ཡིན་པའི་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་པ་ནི། ཆོས་ཀྱི་མིག་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི། ཞེས་དབུ་མ་པ་ཆེན་པོ་གསུངས། སངས་རྒྱས་ཀྱི་མིག་གོ །དང་པོ་ཤའི་སྤྱན་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་བདུན་ན། ཤའི་མིག་ཡོངས་སུ་དག་པའོ། །གཉིས་པ་ལྷའི་སྤྱན་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་བཅུ་ལྷག་ན། ལྷའི་མིག་ཡོངས་སུ་དག་པའོ། །གསུམ་པ་ཤེས་རབ་ཀྱི་སྤྱན་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་དྲུག་ན། ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ། །བཞི་པ་ཆོས་ཀྱི་སྤྱན་ནི། གསོལ་པ། བཅོམ་ལྡན་འདས་ཤོག་གུ་གཉིས་དང་ཕྲེང་བཅུ་ན། ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །ལྔ་པ་སངས་རྒྱས་ཀྱི་སྤྱན་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་བཅུ་གཅིག་ན། བརྒྱད་པ་མངོན་ཤེས་དྲུག་ལ་གདམས་པ་ནི། མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་། ཤཱ་ར་དྭ་ཏིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི། ཕྲེང་ཕྱེད་ན། དང་པོ་རྫུ་འཕྲུལ་གྱི་མངོན་ཤེས་ནི་རྫུ་འཕྲུལ་གྱི་རྣམ་པ་དུ་མ། ཕྲེང་བརྒྱད་ན། གཉིས་པ་ལྷའི་རྣ་བའི་མངོན་ཤེས་ནི། དེ་ལྷའི་རྣ་བའི་མངོན་ཤེས་རྣམ་པར་དག་པ། ཕྲེང་བཞི་ན། 4-1-245 བམ་པོ་དྲུག་པ། གསུམ་པ་གཞན་གྱི་སེམས་ཤེས་པའི་མངོན་ཤེས་ནི། དེས་སེམས་ཅན་ཕ་རོལ་དང༌། ཕྲེང་བཅུ་བཞི་ན། སྒྲུབ་པ་ཡིན་ནོ། །བཞི་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ནི། དེ་ནི་མངོན་ཤེས་ཀྱི་གནས་རྗེས་སུ་དྲན་པའི་ཕྲེང་བཅུ་ན། ལྔ་པ་ལྷའི་སྤྱན་གྱི། མངོན་ཤེས་ནི། དེ་ནི་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས། ཕྲེང་བཅུ་གཅིག་ན། དྲུག་པ་གང་ཟག་གི་མངོན་ཤེས་ནི། དེ་ནི་ཟག་པ་ཟད་པ་མངོན་དུ་བྱ་བའི། ཕྲེང་བཞི་ན། དེ་ཡང་འདི་ལྟར་རང་བཞིན་སྟོང་པ་དངོས་པོ་མེད་པའི་ངོ་བོ་ཉིད་དང༌། རང་བཞིན་བདེན་པ་ཤིན་ཏུ་ཡོངས་སུ་དག་པ་ཉིད་དང༌། རང་བཞིན་མ་སྐྱེས་འདུས་མ་བྱས་པ་ངོ་བོ་ཉིད་ཡིན་པའི་ཕྱིར། གང་གི་རློམ་སེམས་སུ་འགྱུར་བའི། ཤོག་གུ་གཅིག་དང་ཕྲེང་བཞི་ན། ཉེ་བར་བཟུང་བ་ལས་གདགས་ཏེ། སེར་སྣ་ལ་སོགས་མི་མཐུན་ཕྱོགས་རྣམས་ལས་དེ་ནི་རྒལ་ཏོ། །ཞེས་བྱ་བར། ཕྲེང་ལྔ་ན། ཤཱ་ར་དྭ་ཏིའི་བུ། མ་སྐྱེས་པ་ཡང་དག་པའི་མཐའ་ནི་གསུངས་སོ། །ཞེས་བྱ་བར། ཕྲེང་བདུན་ན། བྱོན་ཅིང༌། ཁྲི་བརྒྱད་སྟོང་པར། སྡུག ཅེས་པ་འབྱུང༌། དབེན་པར་བྱ་བ་ཡིན་ཏེ། ཕྲེང་བཅུ་ན། སངས་རྒྱས་དཔལ་ལམ་ཏོག་ཆེན་པོ། ཞེས་བྱ་བ་ལྟ་བུ་ཤ་སྟག །ཕྲེང་བཅུ་བཞི་ན། སངས་རྒྱས་བཀོད་པའི་ཞེས། ཁྲི་བརྒྱད་སྟོང་པར་བྱ། རྒྱན་གྱི་རྒྱལ་པོ་ཞེས་བྱ་བ་ཤ་སྟག་བྱམས་པ་ལ་སོགས་གཅིག་ན་མཉམ་པའོ། །ཁྲི་བརྒྱད་སྟོང་པར། འདི་ནི་ཕ་རོལ་ཏུ་ཕྱིན་པ་ཞི་བ་དང་དུལ་བ་ལ་སོགས་སོ། །ཞེས་པ་བྱུང༌། ཕ་རོལ་ཏུ་ཕྱིན་པ་འདི་ནི་འདྲ་བ་མ་མཆིས་པའོ། །ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ན། འབུམ་ཏིག་དང༌། ལེ་བརྒྱད་མ་དང༌། ཁྲི་བརྒྱད་སྟོང་པར། བཻ་ཌཱུཪྻ་བྱུ་རུའི་དུད་དང༌། ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ན། ལེའུ་སྟེ་གཉིས་པའོ།། །། ༈ དགུ་པ་མཐོང་ལམ་གདམས་པ་ནི། མཐོང་ལམ་དང༌། །དེ་ནས་བཅོམ་ལྡན་འདས་ཀྱིས། ཕྲེང་བཅུ་ན། ཡུལ་མ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་བདུན་ན། མི་དམིགས་སོ། །ཞེས་པ་ལ་སོགས་པ་འདི་དག་གིས་ཀྱང་དོན་ཇི་ལྟ་བར་མིང་དུ་རྟོག་པ་སེལ་ཏེ། འཕགས་པ་ཕྱོགས་གླང་གིས། བདེན་དོན་རྣམ་རྟོག་སེལ་བ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་དང༌། །སངས་རྒྱས་དེ་བཞིན་བྱང་སེམས་པ། །མིང་ཙམ་ཞེས་ནི་རབ་ཏུ་གསུངས། །འདི་ནི་སྒྲ་དོན་འགོག་པ་སྟེ། །དངོས་པོ་སེལ་བར་བྱེད་པ་མིན། །ཞེས་གསུངས་པ་དང༌། མཐུན་ཞིང་ཀུན་བཏགས་པ་འགོག་པ་ཡང་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི། རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཤོག་གུ་གསུམ་དང་ཕྲེང་གཅིག་ན། ཆོས་སུ་བརྟགས་པ་ལ། བསླབ་པར་བྱའོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། ཕྲེང་བཅུ་བཞི་ན། རྗེས་སུ་མི་མཐོང་ངོ༌། །ཞེས་པ་མི་རྟག་པ་ནས། འདིའི་བར་ལ། རྟོག་པ་སུམ་ཅུ་རྩ་བཞིར་གནོད་འཇོམས་སུ་དབུ་མ་པ་གསུངས་སོ། །ཚོར་བ་ཞེས་བྱ་བ་དང༌། ཤོག་གུ་དྲུག་ན། མི་མཐོང་ངོ༌། །སྡུག་བསྔལ་ལས་རྗེས་སུ་ཤེས་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཕྲེང་བཅུ་གསུམ་ན། དེ་ཅིའི་ཕྱིར་ཞེ་ན། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། བྱང་ཆུབ་སེམས་ 4-1-246 དཔའ་སེམས་དཔའ་ཆེན་པོ་དེས། ཕྲེང་གཉིས་ལྷག་ན། ཀུན་འབྱུང་ལ་ཆོས་ཤེས་པ་ནི། དེ་ལྟར་དེས་མིང་དང་བརྡར་བྱ་བའི་ཆོས་སུ། ཕྲེང་བཅུ་ན། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཕྲེང་བཅུ་གཉིས་ན། ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར་དེ་ལྟར། ཕྲེང་གཉིས་ན། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི། ཕྱིར་མི་ལྡོག་པའི་ས་གནོན་པར་འགྱུར་རོ། །འགོག་པ་ལ་ཆོས་ཤེས་པ་ནི། མངོན་པར་ཤེས་པ་རྣམས། ཕྲེང་བདུན་ན། དེ་ལྟར་ཁོང་དུ་ཆུད་པར་བྱའོ། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། གང་ཡང་ཁྱོད་ཀྱིས། ཕྲེང་གཅིག་ན། མཉམ་བཞག་ཟབ་མོའི་སྐབས་སུ། གཟུགས་བྱང་ཆུབ་སེམས་དཔའ་ཡིན་པར་རྟོག་སྙམ་མམ། གསོལ་པ། བཅོམ་ལྡན་འདས། དེ་ལྟ་བུ་རྟོགས་པ་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་སྐབས་སུ་ཅིར་ཡང་མི་རྟོགས་པའི་ཕྱིར། དེ་བཞིན་དུ་འོག་མ་རྣམས་ལའང་སྦྱར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤོག་གུ་བཞི་དང་ཕྲེང་གསུམ་ན། འགོག་པ་ལ་རྗེས་སུ་ཤེས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་བཅུ་ན། དེ་ལྟར་བསླབ་པར་བྱའོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར། གང་ཡང་འདི་སྐད་དུ་འདི་ལྟ་སྟེ། ཤོག་གུ་བཞི་དང་ཕྲེང་ལྔ་ན། ལམ་ལ་ཆོས་ཤེས་པ་ནི། རབ་འབྱོར། གང་ཡང་ཁྱོད། ཕྲེང་ཕྱེད་ན། རབ་འབྱོར། ཀུན་བཏགས་ཀྱི་ཆོས་ཀྱིས་ཡོངས་གྲུབ་ཀྱི་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཞན་འབྱུང་ཡེ་ཤེས་ནི་མ་གཏོགས་སོ། །ཆོས་ཀྱི་དབྱིངས་ཀྱིས་ཀུན་བཏགས་ཀྱིས་ཆོས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལ་དེ་སྣང་རུང་མ་ཡིན་པའི་ཕྱིར་རོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། གཟུགས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡོངས་སུ་གྲུབ་པའི་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཆོས་ཀྱི་དབྱིངས་ཀྱིས་གཟུགས་ཀྱི་དབྱིངས་ཏེ་ཀུན་བཏགས་ཀྱི་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཕྱི་མ་རྣམས་ལའང་དེ་བཞིན་དུ་སྦྱར་ཏེ། ཚོར་བའི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཕྲེང་ལྔ་ན། ལམ་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར། གཞན་འབྱུང་ཡེ་ཤེས་གཏོགས་པའི་འདུས་བྱས་ཀྱི་དབྱིངས་ཀྱིས་འདུས་མ་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཕྲེང་གི་འཕྲོ་སོང་བ་ན། མི་ནུས་བསྒོམ་པ་ལ་གདམས་པ་ནི། སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །འདུས་བྱས་ཀྱི་དབྱིངས་མ་ཡིན་པར་ཡང༌། ཕྲེང་ཕྱེད་སོང་བ་ན་མི་ནུས་ཏེ། འདིར་དྲི་བཅས་དེ་བཞིན་ཉིད་ལ་འདུས་བྱས་ཀྱི་མིང་གིས་བཏགས་ནས་གསུངས་ཤིང༌། དྲི་མེད་དེ་བཞིན་ཉིད་ལ་འདུས་མ་བྱས་སུ་གནོད་འཇོམས་གཉིས་ཀ་ནས་གསུངས་སོ། །རབ་འབྱོར། དེ་ལྟར་ན། ཕྲེང་བཅོ་ལྔ་ན། འདིར་འཇུག་པའི་རྣམ་ཤེས་དྲུག་དང༌། ཀུན་གཞིའི་རྣམ་ཤེས་ནི། སེམས་དང་དེ་རྣམས་དང་མཚུངས་ལྡན་གྱི་སེམས་ལས་བྱུང་བའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཕྲེང་གསུམ་ན། སེམས་དཔའ་ཆེན་པོས། ཉོན་མོངས་པ་ཅན་གྱི། ཡིད་དང༌། ཡིད་ཀྱི་ཁམས་ཏེ། དེ་དང་མཚུངས་ལྡན་གྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། 4-1-247 གནོད་འཇོམས་གཉིས་ཀར་མཐུན་པར་གསུངས་སོ། །རབ་འབྱོར། དེ་ལྟར་ན། ཤོག་གུ་བཞི་དང་ཕྲེང་དགུ་ན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པས་དང་པོར་ཡང་མི་འཇུག་པ་འདི་ནི། ཕྲེང་གཉིས། རང་ན་ཆོས་ལ་སྲེད་པའོ། །དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང༌། །བྱེད་དང་བྱེད་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཞེས་པ་འདི་དག་གི་དོན་འཕགས་པ་རྣམ་གྲོལ་སྡེ་དང༌། སློབ་དཔོན་སེང་བཟང་གིས་སྦྱར་བསྟན་པའི་རྒྱལ་སྲས་ཞེ་ལྔའི་ནས། འགའ་ཞིག་དང་སྦྱར་ལ། འགའ་ཞིག་ལེ་བརྒྱད་མ་སྦྱར་མོད། ལེ་བརྒྱད་མ་ནི་རྒྱལ་བའི་བཀའ་ལྷད་མེད་ཡང་ཡིན་མིན་དཔྱད་དགོས་ཤིང༌། ཚིགས་བཅད་འདི་གཉིས་དགེ་འདུན་དཀོན་མཆོག་གི་སྐབས་སུ་མ་བྱུང་གདམ་ངག་བཅུ་རྫོགས་པའི་མཐར་བྱུང་ཡང༌། དེའི་སྐབས་ན་དགེ་འདུན་དཀོན་མཆོག་སྟོན་པའི་མདོ་མི་སྣང་སྟེ། ཉི་ཤུ་པོ་ཐེག་ཆེན་འཕགས་པ་ཡིན་པར་སྟོན་པའི་མདོ་ཡང་མི་སྣང་ལ། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོར་རྒྱལ་སྲས་འཕགས་པ་ལ་ཐེག་དམན་གྱི་མིང་གིས་བཏགས་པ་གསུངས་ཀྱང་ཉི་ཤུར་མ་ཚང་བས། དེ་དང་ཚིགས་བཅད་གཉིས་པོ་འདི་གཅིག་ཏུ་སྦྱར་ཡང་མི་འགྲིགས་ཅིང་བསེ་རུ་ལྟ་བུ་ལ་སོགས་པ་འགའ་ཞིག་གི་མདོ་ཤེར་ཕྱིན་གྱིས་གཞུང་ཉེར་གསུམ་པོ་གང་ནའང་མི་སྣང་ལ། ཡུམ་རྒྱས་འབྲིང་བསྡུས་གསུམ་དགེ་འདུན་དཀོན་མཆོག་གི་སྐབས་སུ་བཞི་བཅུ་རྩ་ལྔ་རྩ་ལྔ་མཐུན་པར་གསུངས་ཤིང༌། སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་དང༌། འབུམ་ཏིག་གིས་ཀྱང་བཞི་བཅུ་རྩ་ལྔ་མཐུན་པར་བཀྲལ་བའི་ཕྱིར། དགེ་འདུན་དཀོན་མཆོག་གི་སྐབས་སུ་གསུངས་པའི་རྒྱལ་སྲས་བཞི་བཅུ་རྩ་ལྔ་ནི་ཐེག་ཆེན་གྱི་སྐྱབས་གནས་སུ་གཏོགས་པའི་དགེ་འདུན་དཀོན་མཆོག་དངོས་ཡིན་ལ་ཕྱིས་ཉན་རང་ཉི་ཤུ་འཕགས་པ་བྱམས་པས་བསྣན་པ་ནི་ཞོར་བྱུང་བ་སྟེ། ཐེག་ཆེན་གྱི་སྐྱབས་གནས་སུ་མ་ཡིན་ཡང་སྤྱིར་དགེ་འདུན་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ལ་དགོངས་པར་གསལ་ཏེ། ཉི་ཤུ་པོ་འདི་དགེ་འདུན་དཀོན་མཆོག་གི་སྐྱབས་སུ་མ་གསུངས་ཤིང༌། དགེ་འདུན་དཀོན་མཆོག་གསུངས་པའི། རྗེས་ན་གདམས་ངག་བཅུ་རྫོགས་པའི་མཐར་གསུངས་ཤིང༌། དེ་རྣམས་རྒྱལ་སྲས་ཡིན་པར་མ་གསུངས་པའི་ཕྱིར་དང༌། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པའི་ངག་ལ་རང་གི་བཤད་པ་བྱས་པ་ལ་སོགས་པ་འཁྲུལ་བ་མང་དུ་སྣང་བའི་ཕྱིར་རོ། །དེ་ལྟ་བས་ན་ཐེག་ཆེན་སྐྱབས་གནས་ཡིན་པའི་རྒྱལ་སྲས་ཞེ་ལྔ་དང༌། དེ་མ་ཡིན་པའི་འཕགས་པའི་ཉི་ཤུ་སྟེ། ཐེག་པ་གཉིས་ཀྱིས་བསྡུས་པའི་དགེ་འདུན་ལ་འཕགས་པ་དྲུག་ཅུ་རྩ་ལྔར་གསུངས་སོ། །གལ་ཏེ་འདི་ནི་ཐེག་ཆེན་གྱི་ཆོས་ཡིན་པས་ཐེག་ཆེན་གྱི་དགེ་འདུན་འཆད་པ་མི་རིགས་སོ་ཞེ་ན། དེ་ལྟར་ན་ཐེག་ཆེན་གྱི་ལམ་ཡང་གསུངས་པར་མི་རིགས་པར་འགྱུར་བ་ལགས་པས་བསལ་བ་ཡིན་ནོ། །གལ་ཏེ་དེ་ནི་ཤེས་པར་བྱ་བའི་ཕྱིར་གསུངས་པ་ཡིན་གྱི་མངོན་དུ་བྱ་བའི་ཕྱིར་གསུངས་པ་ནི་མ་ཡིན་ནོ། །ཞེ་ན། འདིར་ཡང་ཉི་ཤུ་པོ་དེ་སྤྱིར་དགེ་ 4-1-248 འདུན་དཀོན་མཆོག་ལ་གཏོགས་པས་གསུངས་པ་ཡིན་གྱི། ཐེག་ཆེན་གྱི་སྐྱབས་གནས་ལ་གཏོགས་པས་གསུངས་པ་ནི་མ་ཡིན་ནོ། །དེ་ན་འདི་ལ་སྐྱོན་དེ་ཡང་མེད་དོ། །བཙུན་པ་རྣམ་གྲོལ་སྡེས་ཀྱང་ཉི་ཤུ་པོའི་མདོ་ཤེར་ཕྱིན་དུ་མེད་ནས་མ་རྙེད་པ་ཡིན་གྱི། ཡོད་བཞིན་དུ་མ་རྙེད་པ་ནི་མ་ཡིན་པས་སྨད་ཅིང་སྐུར་བ་གདབ་པར་མི་བྱའོ། །དེ་ལྟར་ཤེར་ཕྱིན་སྒྲུབ་མི་དམིགས་པའི་རྣམ་པ་དང༌། དེའི་དམིགས་པ་བདེན་བཞི་དང༌། རྟེན་སྐྱབས་གསུམ་དང་ཁྱད་པར་དུ་འགྲོ་བའི་རྒྱུ་མ་ཆགས་པ་དང༌། མི་ལྡོག་པར་འགྲོ་བའི་རྒྱུ་ཡོངས་སུ་མི་ངལ་བ་དང༌། ཐེག་པ་དང༌། རྒྱུ་དང༌། ཡོངས་འཛིན་དང༌། གཞན་གྱི་དྲིང་མི་འཇོག་པར་འགྲོ་བའི་རྒྱུ་སྤྱན་ལྔ་དང༌། རྣམ་མཁྱེན་ཡོངས་སུ་རྫོགས་པའི་རྒྱུ་མངོན་ཤེས་དྲུག་དང༌། མཐར་ཐུག་པའི་རྒྱུ་མཐོང་བ་དང༌། སྒོམ་པའི་ལམ་གདམས་ཏེ། གད༷མས་ང༷ག་ད༷ང༌། །ཞེས་པ་གདམས་ངག་བཅུ་གསུངས་ཟིན་ཏོ། ། དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡིས། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་བརྟེན་པས། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །སྨྲས་པ། ཚེ་དང་ལྡན་པ། རབ་འབྱོར། ཆོས་ལ་སྲེད་པ་གང་ཡིན། ཕྲེང་གཉིས་ལྷག་ན། སྐྱོན་དུ་འགྱུར་བའོ། །དམིགས་པ་མི་རྟག་ལ་སོགས་པ། །དབེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། ། དྲོད་ཆུང་ངུའི་དམིགས་རྣམ་ནི། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། གཞན་ཡང༌། ཤོག་གུ་གསུམ་དང་ཕྲེང་དྲུག་ན། འདི་ལྟར་སེམས་དེ་སེམས་མ་ཡིན་ཏེ་ཞེས་པ་སེམས་ཞེས་བྱ་བ་ནི་ཀུན་བཏགས་པའི་སེམས་ལ་བྱའོ། །ཡོངས་སུ་གྲུབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུར་གྱུར་པ་ནི། ཡོངས་སུ་རྟོག་པ་དང་རྣམ་པར་མ་རྟོག་པའི་མཚན་ཉིད་ལས་འདས་པས་སེམས་ཅན་གྱི་མེད་པའི་ཕྱིར། སེམས་མ་ཡིན་པ་ཞེས་བྱའོ། །དེ་བས་ན་སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར། ཞེས་པ་གསུངས་ཏེ། ཆོས་ཀྱི་སྐུའི་སེམས་ཀྱི་རང་བཞིན་འོད་གསལ་བའོ། །དེས་ན་སེམས་མ་ཡིན་ཞེས་བྱ་བ་ནི་ཀུན་བཏགས་པའི་སེམས་མ་ཡིན་ནོ། །ཞེས་པའི་ཐ་ཚིག་གོ །ཞེས་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གསུངས་སོ། །རྗེ་བཙུན་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། དེ་ལྟར་ཡང་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སེམས། གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ། །ཞེས་རང་བཞིན་གྱིས་འོད་གསལ་བར་གསུངས་ཏེ། དེ་ཉིད་ནི་འཁོར་བའི་བག་ཆགས་དང་བྲལ་བའོ། །དེའི་ཕྱིར་བདུད་ནི་དྲི་མ་དང་བཅས་པའི་སེམས་ཡིན་ལ། སངས་རྒྱས་ཉིད་ནི་དྲི་མ་མེད་པའི་སེམས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རང་བཞིན་འོད་གསལ་གྱི་དོན་རང་སྟོང་ལ་འདོད་པ་རྣམས་ནི་རྫོགས་ལྡན་གྱི་ཆོས་ལས་རིང་དུ་གྱུར་ཅིང༌། ཤིང་རྟ་ཆེན་པོ་རྣམས་ཀྱང་འདས་ནས་གསུམ་ལྡན་མར་བཅད་དུས་ཕྱིས་བྱུང་བའི་ཆོས་སྐད་གསར་པ་ལུང་རིགས་ 4-1-249 ཀྱི་གནོད་པ་ཡིན་པས་མཁས་པ་རྣམས་གཡུ་སར་ལྟ་བུར་རྟོགས་པར་བྱས་ནས། རིང་དུ་སྤང་བར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། སེམས་ཀྱི་རང་བཞིན་འོད་གསལ་བ་གང་ཡིན། རབ་འབྱོར། སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། སེམས་གང་འདོད་ཆགས་དང་ཡང་མི་ལྡན་མ་བྲལ། ཞེས་བྱ་བ་ནི་རང་བཞིན་འོད་གསལ་བ་ཉིད་སྟོན་ཏོ། །སྔོན་སོ་སོའི་སྐྱེ་བོའི་གནས་སྐབས་ན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྐྱེ་བའི་དུས་དག་ན་ཡང་ནམ་མཁའ་བཞིན་དུ་དྲི་མ་ཐམས་ཅད་ཀྱིས་མ་གོས་པའི་ཕྱིར་ལྡན་པ་ཡང་མ་ཡིན་ཞེས་བྱའོ། །ཕྱིས་སངས་རྒྱས་སུ་གྱུར་པའི་ཚེ་ཡང་སེམས་དེ་གློ་བུར་གྱི་ཉོན་མོངས་དང་བྲལ་བས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ལ་གནས་པའི་ཕྱིར། དྲི་མ་དེ་དག་ཤིན་ཏུ་མི་སྐྱེ་བས་སྤྲིན་ལ་སོགས་པ་དེ་དག་དང་མི་ལྡན་པའི་ནམ་མཁའ་བཞིན་དུ་འོད་གསལ་བའི་ཕྱིར། བྲལ་བ་ཡང་མ་ཡིན་ཞེས་བྱའོ། །གལ་ཏེ་སྔོན་ལྡན་གྱུར་ན་ནི། ཕྱིས་བྲལ་བ་ཡང་འགྱུར་བ་ཞིག་ན། འདི་ལྟར་སྔོན་གྱི་དྲི་མ་དང་བཅས་པའི་གནས་སྐབས་ན་ཡང་རང་བཞིན་གྱིས་ཡོངས་སུ་དག་པས་དེ་དག་དང་ལྡན་པ་མ་ཡིན། དེའི་ཕྱིར་ཕྱིས་ཀྱང་དེ་དག་བྲལ་བ་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཞེ་སྡང་དང༌། གཏི་མུག་དང༌། ཀུན་ནས་ལྡང་བ་དང༌། ཕྲེང་གཉིས་གསུམ་ན། ཁྱོད་ནི་བཅོམ་ལྡན་འདས་ཀྱི་སྲས་ཐུ་བོ་ཡིན་ལ། ཐུགས་ལས་སྐྱེས་པ། བཤད་པའི་ཆོས་ལས་བྱུང་བས། ཞལ་ནས་བྱུང་བ། སྒྲུབ་པའི་ཆོས་ལས་བྱུང་བས། ཆོས་ལས་སྐྱེས་པ། རྟོག་པའི་ཆོས་ལས་བྱུང་བས། ཆོས་ཀྱི་སྤྲུལ་པ། མྱ་ངན་ལས་འདས་པའི་ཆོས་ཀྱི་བདག་པོ་ཡིན་པས། ཆོས་ཀྱི་བགོ་སྐལ་བ། སྲེད་པ་སྤངས་པས་ཟང་ཟིང་གི་བགོ་སྐལ་བ་མ་ཡིན་པས། ཆོས་ཉིད་ལས་གཞན་དག་གིས་མི་འཕྲོགས་པས་ཆོས་རྣམས་ལ་མངོན་སུམ་གྱི་མིག་དང་ལྡན་པ། ཆོས་སྐུ་མངོན་དུ་གྱུར་པས་ལུས་མངོན་དུ་གྱུར་པ་སྟེ། རྣམ་རྟོག་གི་སྤྲོས་པ་ཉན་ཐོས་ཉོན་མོངས་པ་མེད་པར། ཕྲེང་དེ་ལ་དེའི་ཚུལ་དང་འདྲའོ། །ཞེས་དབུ་མ་པའི་གསུང་བཞིན་འབྲུ་ནོན་བགྱིས་སོ། །ཚེ་དང་ལྡན་པ་རབ་འབྱོར། ཕྲེང་བརྒྱད་ན། ལེའུ་བཞི་པའོ།། །། ༈ འབྲིང་གི་དམིགས་རྣམ་ནི། གཟུགས་སོགས་འདུ་འགོད་གནས་བྲལ་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་བཞི་ན། མིང་དེ་ཡང་འདུས་བྱས་ཀྱི་ཆོས་ལྟར་གནས་པ་མ་མཆིས། འདུས་མ་བྱས་ནམ་མཁའ་ལ་སོགས་པ་ཐུག་པ་མ་མཆིས། ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། བྱིན་གྱིས་བརླབ་པའི་དངོས་པོ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་གཤིས་ལུགས་ལ་མ་མཆིས་པས། ཕྲེང་དེའི་འཇུག་ན། མ་མཆིས་ཏེ། ལ་ཟློ་བ་མཉམ་བཞག་ཟབ་མོའི་སྐབས་སུ་འཕེལ་འགྲིབ་ལ་སོགས་པ་གང་དུ་ཡང་མི་རྟོག་ཅིང་མི་དམིགས་པས། བཅོམ་ལྡན་འདས་བདག་གིས་གཟུགས་ལ་སོགས་ཀྱི་འཕེལ་བ་སྒྲོ་འདོགས་པ་དང༌། འགྲིབ་པ་སྐུར་འདེབས་སུ་ཞེས་གནོད་འཇོམས་གཉིས་སུ་གསུངས། མི་དམིགས། དེ་བཞིན་དུ་ཚོར་བ་དང༌། ཤོག་གུ་བཞི་དང་ཕྲེང་དགུ་ན། དེ་བཞིན་གཤེགས་པའི་མཚན་མ་མིང་དེ་ཡང་གནས་པ་མ་མཆིས། ཕྲེང་ལྔ་ན། བྱིན་གྱིས་བརླབས་པ་མ་མཆིས་སོ། ། 4-1-250 དྲོད་ཆེན་པོའི་དམིགས་རྣམ་ནི། གནས་དང་བཏགས་དང་བརྗོད་དུ་མེད། །བཅོམ་ལྡན་འདས། འདི་ལྟ་སྟེ། ཀུན་བཏགས་ཀྱི་བྱང་ཆུབ་སེམས་དཔའ་ཞེས་ཆོས་ཀྱི་བརྡར་བགྱི་བ་དང༌། ཕྲེང་ལྔ་ན། གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིག་རྣམས་བྱེ་བྲག་ཅི་ཡོད་ཅེ་ན། ཡོངས་སུ་གྲུབ་པའི་འཇུག་པ་ཐ་དད་པས་ཐ་དད་དེ། འདི་ལས་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པ་དགུ་སྟེ། འཇིག་པ་མེད་པར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང༌། འགྱུར་བ་མེད་པ་ཡོངས་སུ་གྲུབ་པ་དང༌། ངོ་བོ་ཉིད་ཡོངས་སུ་གྲུབ་པ་དང༌། རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྒྱུ་ཉིད་ཡོངས་སུ་གྲུབ་པ་དང༌། དུས་ཐམས་ཅད་དུ་ཡོངས་སུ་གྲུབ་པ་དང༌། ཕྱིར་མི་ལྡོག་པར་ཡོངས་སུ་གྲུབ་པ་དང༌། དེ་ཁོ་ན་ཉིད་དུ་ཡོངས་སུ་གྲུབ་པ་དང༌། རྟོག་གེའི་ལམ་ལས་འདས་པར་ཡོངས་སུ་གྲུབ་པའོ། །འཇིག་པ་མེད་པར་ཡོངས་སུ་གྲུབ་པ་ནི་དེ་བཞིན་ཉིད་ཅེས་གསུངས་ཏེ། རྟག་ཏུ་དེ་བཞིན་དུ་གནས་ཤིང་མི་འཇིག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ནི་མ་ནོར་བ་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། ནོར་བ་དང་ཕྱིན་ཅི་ལོག་ཏུ་གྱུར་པ་མེད་པའི་ཕྱིར་རོ། །འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་ཡོངས་སུ་གྲུབ་པ་ནི་ཆོས་ཉིད་ཅེས་གསུངས་པ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བ་ཐམས་ཅད་ཀྱི་རྒྱུ་ཉིད་ཡོངས་སུ་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཞེས་གསུངས་པ་སྟེ། སྟོབས་བཅུ་དང་མི་འཇིག་པ་ལ་སོགས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དབྱིངས་དང་རྒྱུ་ཡིན་པའི་ཕྱིར་རོ། །དུས་ཐམས་ཅད་དུ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི། ཆོས་གནས་པ་ཉིད་ཅེས་གསུངས་པ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་ཉིད་དོ། །ཞེས་གསུངས་པས། དུས་ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཕྱིར་མི་ལྡོག་པར་ཡོངས་སུ་གྲུབ་པ་ནི། ཆོས་སྐྱོན་མེད་པ་ཉིད་ཅེས་གསུངས་པ་སྟེ། ས་དང་པོ་ཡན་ཆད་དེ་རབ་ཏུ་རྟོགས་པས་ཡང་དག་པ་ཉིད་དུ་ངེས་པ་ལ་ཞུགས་པར་གྱུར་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱོན་མེད་པ་ལ་ཞུགས་པར་གྱུར་པའི་ཕྱིར། དེ་ཁོ་ན་ཉིད་དུ་ཡོངས་སུ་གྲུབ་པ་ནི། ཡང་དག་པའི་མཐའ་ཞེས་གསུངས་པ་སྟེ། ཡང་དག་པ་ཉིད་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པའི་མཐར་ཐུག་པའི་ཕྱིར་རོ། །རྟོག་པ་མེད་པའི་མཐའ་ལས་འདས་པ་ཡོངས་སུ་གྲུབ་པ་ནི། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་གསུངས་པ་སྟེ། བརྗོད་དུ་མེད་པ་དང༌། སོ་སོ་རང་གི་རིག་པ་ཡིན་པས་རྗེས་སུ་དཔག་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །གཞན་ཡང་ཀུན་བཏགས་པའི་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྟེ། རབ་ཏུ་རྟོགས་པར་གྱུར་པ་རྣམས་ལ་དེ་ལྟར་མི་འགྱུར་བས་དེ་ལས། ཟློག་པ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། དུས་ཐམས་ཅད་དུ་དེ་བཞིན་ཉིད་ཡོད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། ནོར་བ་སྣང་བའི་ཕྱིར་རོ། །དེ་ལས་ཟློག་པ་མ་ནོར་བ་དེ་ 4-1-251 བཞིན་ཉིད་བྱ་སྟེ། མ་ནོར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཉིད་ནི་སྒྱུ་མ་ལྟ་བུ་སྟེ། གཞན་དུ་གནས་ལ་གཞན་དུ་སྣང་བའི་ཕྱིར་རོ། །དེ་ལས་ཟློག་པ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་སྟེ། དུས་ཐམས་ཅད་དུ་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ཆུ་ཟླ་ལྟ་བུ་སྟེ། ཆོས་དེའི་བདག་ཉིད་མ་ཡིན་ལ་ཆོས་དེའི་བདག་ཉིད་དུ་སོ་སོར་སྣང་བའི་ཕྱིར་རོ། །ཆུ་ཟླ་ནི་ཟླ་བ་ཡང་དག་པ་མ་ཡིན་ཏེ། དེ་ལ་བཟློག་པ་ནི་ཆོས་ཉིད་ཅེས་བྱ་སྟེ། དོན་དམ་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། དོན་དམ་པ་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་ཡིན་ཞིང་དོན་ཡོད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་བྲག་ཆ་ལྟ་བུ་སྟེ། ཡུན་ཐུང་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་གནས་པ་ཉིད་ཅེས་བྱ་སྟེ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མིག་ཡོར་ལྟ་བུ་སྟེ། མ་ངེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་སྟེ། ངེས་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་གཟུགས་བརྙན་ལྟ་བུ་སྟེ། རྣམ་པར་ཤེས་པ་རྣམ་པར་འཕོས་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཡང་དག་པའི་མཐའ་ཞེས་བྱ། དེར་དོན་དམ་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྤྲུལ་པ་ལྟ་བུ་སྟེ། སེམས་ཅན་གྱི་འདུ་བྱེད་ལས་བྱུང་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་སྟེ། ཡིད་ཀྱི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །དོན་དམ་པར་ནི་ཐམས་ཅད་ཀྱང་ཡོངས་སུ་གྲུབ་པའི་ཆོས་ཀྱི་རྣམ་གྲངས་སོ། །དབུ་མ་པ་ཆེན་པོ་གསུངས། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཤོག་གུ་གཅིག་ན། གནས་མ་མཆིས་པའི་ཚུལ་ལོ། ། རྩེ་མོ་ཆུང་ངུའི་དམིགས་རྣམ་ནི། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལ་ཟློ་བ་མཉམ་གཞག་ཟབ་མོའི་སྐབས་སུ་ཅིར་ཡང་མི་རྟོག་ཅིང་གང་ལ་ཡང་གནས་པའི་རྣམ་རྟོག་ཅི་སྤང་དགོས་པའི་ཕྱིར་རོ། །དེས་གཟུགས་ལ་གནས་པར་རྟོག་པ་མི་བྱའོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། ཤོག་ལོགས་གཅིག་ན། སྟོང་པ་ཉིད་ཀྱང་གཟུགས་སོ། །འདི་ལ་གཟུགས་ཀྱང་རྣམ་པ་གསུམ་སྟེ། ཀུན་བཏགས་པའི་གཟུགས་དང༌། རྣམ་པར་བཏགས་པའི་གཟུགས་དང༌། ཆོས་ཉིད་ཀྱི་གཟུགས་སོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་དུ་གཟུང་བའི་དངོས་པོའི་གཟུགས་གང་ཡིན་པ་དེ་ནི་ཀུན་བཏགས་པའི་གཟུགས་ཞེས་བྱའོ། །དེ་ཉིད་རྣམ་པ་གང་གི་དོན་དུ་སྣང་བའི་རྣམ་པར་ཤེས་པ་ཡུལ་དུ་འགྱུར་བ་དེ་ནི་རྣམ་པར་བཏགས་པའི་གཟུགས་ཞེས་བྱའོ། །ཀུན་བཏགས་པ་དང་རྣམ་པར་བཏགས་པ་དེ་གཉིས་ཀྱི་རྣམ་པ་དང་བྲལ་བ་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་ཟད་པའི་དེ་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱའོ། །དེ་ལ་ཡོངས་སུ་གྲུབ་པའི་ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི། ཀུན་ 4-1-252 བཏགས་པའི་གཟུགས་སུ་ཡོད་པ་ལ་སོགས་པའི་མཚན་ཉིད་དང་གཟུགས་སུ་རྣམ་པར་བཏགས་པ་ཡུལ་གྱི་རྣམ་པར་སྣང་བའི་གཟུགས་ཀྱིས་སྟོང་པས་ན། སྟོང་པ་ཞེས་བྱའོ། །དེ་སྐད་བཤད་པ་དང༌། ཀུན་བཏགས་པའི་གཟུགས་ཀྱིས་སྟོང་པའི་ཆོས་ཉིད་ཀྱི་གཟུགས་ཀྱི་གང་ཡིན་པ་དེ་ལ། ཅི་གཟུགས་ཀྱི་མཚན་ཉིད་གཞན་ཞིག་ཀྱང་ཡོད་དམ། གང་གི་ཕྱིར་དེ་ལ་ཡང་གཟུགས་ཞེས་བྱ་སྙམ་དུ་ཐེ་ཙོམ་ཟ་བ་དེའི་ཕྱིར། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་མ་ལགས་ཞེས་བྱ་བ་བཤད་དེ། ཀུན་བཏགས་པ་དང༌། རྣམ་པར་བཏགས་པའི་གཟུགས་ཀྱི་སྟོང་པ་གང་ཡིན་པ་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད། ཆོས་ཉིད་ཀྱི་གཟུགས་དེ་ནི། གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་རྣམ་པ་ལས་བདེན་པའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་སྐད་བཤད་པ་དང༌། གལ་ཏེ་གཟུགས་རྣམ་པ་ཐམས་ཅད་དུ་མེད་ན། འོ་ན་གང་གི་སྟོང་པ་ན་འདི་ལ་སྟོང་པ་ཉིད་ཅེས་བྱ། ཡུལ་མེད་པའི་སྟོང་པ་ཉིད་ཀྱང་མེད་ལ། ཆོས་ལས་ཆོས་ཉིད་གཞན་པ་ཡང་མི་རིགས་པ་དང༌། ཆོས་ཉིད་ལས་གཞན་པ་ཡང་མ་རིགས་སོ། །སྙམ་དུ་ཐེ་ཙོམ་ཟ་བ་དེའི་ཕྱིར་སྟོང་པ་ཉིད་ལས་གུད་ནའང་གཟུགས་མ་མཆིས་ཏེ། ཞེས་བྱ་བ་གསུངས་ཏེ། ཇི་སྐད་བསྟན་པར་འགྱུར་ཞེ་ན། དེ་ནི་འདི་ལྟར་ཆུ་མ་དྭངས་པའི་གནས་སྐབས་ན་ནི་རྙོག་པ་ཞེས་བྱ་ལ། དྭངས་པའི་གནས་སྐབས་ན་ཆུ་ཞེས་བྱ་བ་དང༌། ཇི་ལྟར་ནམ་མཁའ་མ་དྭངས་པའི་གནས་སྐབས་ན་ནི་རྨུགས་པ་ཞེས་བྱ་བ། དྭངས་པའི་གནས་སྐབས་ན་ནི་ནམ་མཁའ་གསལ་བ་ཞེས་བྱ་བ་དེ་བཞིན་དུ། སྟོང་པ་ཉིད་འདི་ཡང་མ་དག་པའི་གནས་སྐབས་ན། བྱིས་པ་སོ་སོའི་སྐྱེ་བོ་དང་ཐ་དད་པར་མ་གྱུར་པའི་ཕྱིར་གཟུགས་ལ་སོགས་པའི་ཚིག་ཏུ་བརྗོད་ལ། དག་པའི་གནས་སྐབས་ན་ནི་སྟོང་པ་ཉིད་ཅེས་བྱའོ། །དེ་བས་ན། སྟོང་པ་ཉིད་ལས་ཐ་དད་པར་གྱུར་པའི་གཟུགས་ལ་སོགས་པའི་ཆོས་ནི་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ཆོས་དང་ཆོས་ཉིད་དག་ལ་ཐ་དད་པ་མེད་པར་འགྱུར་བས་གང་གི་ཚེ། ཆོས་ཉིད་ཀྱི་ཆོས་བརྗོད་པ་དེའི་ཚེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་ཅེས་བྱའོ། །གང་གི་ཚེ་ཆོས་ཀྱི་ཆོས་ཉིད་བརྗོད་པར་གྱུར་པ་དེའི་ཚེ། སྟོང་པ་ཉིད་ཀྱང་གཟུགས་ཞེས་བྱའོ། །ཡང་ན་གཟུགས་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་བྱ་བ་ལ་སྟོང་པ་ཉིད་ནི་དེ་བཞིན་ཉིད་དེ། ཆོས་ཉིད་ཀྱི་གཟུགས་ལ་བྱའོ། །དེ་ལྟར་ཀུན་བཏགས་དང་རྣམ་པར་བཏགས་པའི་གཟུགས་དེ་དག་ཤིན་ཏུ་མེད་པ་དང༌། ཡོངས་སུ་གྲུབ་པའི་གཟུགས་ལ་ཡང་གཞན་དུ་མི་རུང་བའི་ཕྱིར་གཟུགས་ལ་གནས་པར་མི་བགྱིའོ། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་ཚོར་བ་ལ་སོགས་པ་ལའང་སྦྱར་བར་བྱའོ། །ཞེས་དབུ་མ་པ་དེ་ཁོ་ན་བཞིན་དུ་དོན་ལ་གནས་སོ། །དེས་ན་ཡོངས་གྲུབ་ཀྱི་ཚོར་བ། ཀུན་བཏགས་ཀྱི་ཚོར་བས་སྟོང་སྟེ། ཚོར་བའི་སྟོང་པ་ཉིད་མེད་པས་གང་ལགས་པ་དེ་ཡང་ཚོར་བ་ཡོངས་གྲུབ་ཀྱི་མ་ལགས། ཚོར་བ་ལས་གུད་ན་ཡང་མེད་འགག་མ་ཡིན་པས་སྟོང་པ་ཉིད་མ་མཆིས་ཏེ། ཚོར་བ་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད། དོན་དམ་པ་སྟོང་པ་ཉིད་ཀྱང་ཚོར་བའོ། །འདུ་ཤེས་ལྷག་མ་རྣམས་ལའང་དེ་ 4-1-253 བཞིན་དུ་ཤེས་པར་བྱའོ། །དེ་ནས་ཤོག་གུ་གསུམ་དང་ཕྲེང་བརྒྱད་ན། ཡི་གེ་རྣམས་ལ་གནས་པར་མི་བགྱི་སྟེ། ཨ་ཞེས་ལ་སོགས་པའི་ཡི་གེ་རྣམས་ལ་བརྟེན་ནས་སྐྱེ་བ་མེད་པའི་དོན་གྱིས་རྗེས་སུ་འབྲང་བའི་གཟུགས་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ལ་ཡི་གེ་མངོན་པར་བསྒྲུབ་པ་ཞེས་བྱ་སྟེ། དེ་ལ་གནས་པར་མི་བགྱི་ཞེས་དབུ་མ་པ་གསུངས། གཅིག་ཏུ་བརྗོད་པ་ལ་གནས་པར་མི་བགྱི། ཕྲེང་བཅུ་གཉིས་ན། གཟུགས་མི་རྟག་པ་ཉིད་ཀྱིས་དེ་བཞིན་ཉིད་གང་ཡིན་པ་དེ་ཀུན་བཏགས་པའི་གཟུགས་མི་རྟག་པའི་ངོ་བོ་ཉིད་ཀྱིས་སྟོང་སྟེ། གཟུགས་མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་དེ་བཞིན་ཉིད་གང་ལགས་དེ་ཀུན་བཏགས་པའི་གཟུགས་མི་རྟག་པ་ཉིད་མ་ལགས། གཟུགས་མི་རྟག་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། དོན་དམ་པའི་མི་རྟག་པ་ཉིད་དེ་བཞིན་ཉིད་ལས་གུད་ན་ཀུན་བཏགས་པའི་གཟུགས་མི་རྟག་པ་ཉིད་ཡོད་པ་མ་ཡིན་ནོ། །ཞེས་བསྟན། ཞེས་གནོད་འཇོམས་གཉིས་སུ་མཐུན་པར་གསུངས། གཟུགས་མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད། ཤོག་གུ་གསུམ་དང་ཕྲེང་བརྒྱད་ན། དེ་ནི་འདི་ལྟར་དེ་བཞིན་ཉིད་ཡོངས་སུ་གྲུབ་པ་ནི་དེ་བཞིན་ཉིད་དུ་བཏགས་པ་རྣམས་ཀྱིས་སྟོང་སྟེ། དེ་བཞིན་ཉིད་དུ་བཏགས་པ་མ་ལགས། དེ་བཞིན་ཉིད་ལས་གུད་ནའང་དོན་དམ་སྟོང་པ་ཉིད་མ་མཆིས་ཏེ། དེ་བཞིན་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད། དོན་དམ་པ་སྟོང་པ་ཉིད་ཀྱང་དེ་བཞིན་ཉིད་དོ། །ཕྲེང་གཅིག་ན་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་ཀྱིས་འཁོར་ལོ་གཉིས་པའི་སྐབས་སུ་བླ་ན་མཆིས་ཏེ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་ཚིག་གི་གནས་སུ་གྱུར་པ་ལགས་སོ། །ཞེས་དགོངས་པ་ངེས་འགྲེལ་གྱི་མདོར་གསུངས་པ། དེ་སྐབས་འདི་དག་ལ་སོགས་པ་རང་སྟོང་མ་ཡིན་རྣམས་རང་སྟོང་སྟོན་སྟོན་འདྲ་བའི་གཞུང་གི་སྐབས་ཐམས་ཅད་དུ་དྲང་དགོངས་སོ། །བརྒྱད་སྟོང་དོན་བསྡུས་སུ་ཡང༌། མེད་ཅེས་བྱ་ལ་སོགས་ཚིག་གིས་བཏགས་པ་ཐམས་ཅད་འགོག་པ་སྟེ། ཞེས་དང༌། འདི་ནི་བརྟགས་པ་འགོག་པ་ཡིན། །ཞེས་སོགས་མང་དུ་གསུངས་པ་ཡང་སྐབས་མང་པོར་དྲང་དགོས་ཏེ། གཞན་དུ་ན་ཀུན་བཏགས་ཀྱི་ཆོས་རྣམས་མེད་པར་དགོངས་ནས་གསུངས་པ་ལས་འཁྲུལ་ནས་ཡོངས་གྲུབ་ཀྱི་ཆོས་རྣམས་ཀྱང་མེད་པར་འཛིན་པའི་ལོག་ལྟ་བྱུང་བའི་ཕྱིར་རོ། །ཆོས་ཉིད་ལ་གནས་པར་མི་བགྱི་སྟེ། ཕྲེང་བཅུ་གཅིག་ན། མཐའ་ལ་གནས་པར་མི་བགྱིའོ། །གལ་ཏེ་དེ་ལས་བཟློག་པར་སྤྱོད་ན་ཉེས་དམིགས་ཆེན་པོ་ཡོད་དེ། བཅོམ་ལྡན་འདས་གལ་ཏེ། ཕྲེང་གཅིག་ན། གཟུགས་ལ་རྟོག་ཅིང་གནས་ནས། དེ་བཞིན་དུ་གལ་ཏེ་ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་བདུན་ན། བཅོམ་ལྡན་འདས་འདི་ལྟར་ཡོངས་གྲུབ་ཀྱི་གཟུགས་ནི་ཡོངས་སུ་གཟུང་བ་མ་མཆིས་པ་སྟེ། གློ་བུར་ཐམས་ཅད་ཀྱི་རང་བཞིན་གྱིས་སྟོང་པའི་སླད་དུ། ཀུན་བཏགས་ཀྱི་གཟུགས་མ་ལགས། ཞེས་གསུངས་ཏེ། འདི་ལ་ཡོངས་སུ་བཟུང་བ་མེད་ཅེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་བྱ་སྟེ། ཆོས་ཉིད་ཀྱི་གཟུགས་ཀྱི་ཡོངས་སུ་གཟུང་བ་མེད་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་དེ་ནི་ཀུན་བཏགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། དེའི་ཕྱིར་ཆོས་ཉིད་ཀྱི་གཟུགས་ནི་ཡོངས་སུ་ 4-1-254 བཟུང་བ་མེད་དོ། །ཞེས་བྱ་བར་སྦྱོར། ཞེས་ཤིང་རྟ་ཆེན་པོ་དབྱིག་གཉེན་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་ལྔ་ན། ཡོངས་སུ་བཏགས་པ་སྟེ་བསྒོམ་པར་བྱའོ། ། ཕྲེང་དྲུག་ན། རྩེ་མོ་འབྲིང་གི་དམིགས་རྣམ་ནི། དེ་དག་གཅིག་གི་རང་བཞིན་གཅིག །དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང༌། །དེ་དག་གཅིག་གི་རང་བཞིན་གཅིག །ཆོས་རྣམས་མི་འཛིན་གང་ཡིན་དང༌། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་མཚན་མས་བརྗོད་པ་ལགས་ཏེ། གང་ཞེ་ན། གཟུགས་ལ་རྟོགས་པ་ནི་མཚན་མའོ། །དེ་བཞིན་དུ་ཕྱི་མ་རྣམས་ལའང་སྦྱར་ཏེ། ཚོར་བ་ནི་མཚན་མའོ། །ཕྲེང་བཅུ་གསུམ་ན། མཚན་མ་སྟེ། བཟང་ངན་གང་ལ་རྟོགས་ཀྱང་རུང༌། རྟོག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཞེས་བྱའོ། །གལ་ཏེ་མཚན་མར་བཟུང་བར་ཞིག་ལགས་ན་ནི། མུ་སྟེགས་ཀྱི་ཀུན་ཏུ་རྒྱུ་བ་ཕྲེང་བ་ཅན་མཚན་མ་མེད་པ་ལ་མོས་པ་ཡང༌། བཅོམ་ལྡན་འདས་ལ་མཚན་མ་མེད་པའི་ཆོས་ཐོས་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་དད་པ་ཐོབ་པར་གྱུར་པ་དེ་ཡང་དེ་ལྟར་འོས་པར་མི་འགྱུར་བ་ཞིག་ན། དད་པ་ཐོབ་པར་ཡང་འགྱུར་རོ། །ཕྲེང་གསུམ་གཉིས་ན། དེ་ཡང་དོན་དམ་པར་མཚན་མའི་ཚུལ་དུ་སྐྱེ་མ་ལགས། ཀུན་རྫོབ་ཏུ་མཚན་མ་མཆིས་པའི་ཚུལ་དུ་ཡང་སྐྱེ་བ་མ་ལགས་སོ། །ཞེས་འབུམ་ཏིག་གསུངས། ཡང་ན་མཉམ་བཞག་ཏུ་མཚན་མའི་ཚུལ་ཏུ་མི་སྐྱེ། རྗེས་ཐོབ་ཏུ་མཚན་མ་མེད་པའི་ཚུལ་དུ་མི་སྐྱེ་ཞེས་པར་ཡང་རུང༌། དེ་ལྟར་ན་དེ་ནི་མཚན་མ་དང་བཟང་བ་མ་མཆིས་པས་ཆོས་ཉིད་ཡོངས་སུ་བཟུང་བ་ལགས་ཏེ། ཕྲེང་གཅིག་ན། ཉེ་ཚེ་བའི་རིམ་གྱིས་ཡེ་ཤེས་ཀྱིས་ཞུགས་ཏེ། ཕྲེང་བཞི་ན། འདི་ལྟར་ཀུན་ཏུ་རྒྱུ་དེས་མཚན་མ་མེད་པའི་ཡེ་ཤེས་ཏེ་ཤེས་པའི་ཆོས་གང་གིས་གནས་པར་བགྱི་བ་དང༌། གང་དག་གང་རྟོགས་པར་བགྱི་བ་དང༌། རྟོགས་བྱ་གང་རྟོགས་པར་བགྱི་བ། ཕྲེང་ཉེར་དྲུག་ན། རྩེ་མོ་ཆེན་པོའི་དམིགས་རྣམ་ནི། དེ་དག་མཚན་མར་མི་མཐོང་ཕྱིར། །ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །བཅོམ་ལྡན་འདས་གཞན་ཡང༌། ཕྲེང་བཅུ་གཉིས་ན། གཟུགས་མེད་ཅིང་མི་དམིགས་སོ། །ཞེས་སོགས་འདི་དག་ནི་ཀུན་བཏགས་པ་འགོག་པའམ། སྒྲོ་འདོགས་པའི་འགོག་པ་སྟེ། བརྒྱད་སྟོང་དོན་བསྡུས་སུ། དེས་ན་སངས་རྒྱས་དེ་བཞིན་དུ། །བྱང་ཆུབ་མཐོང་བར་བརྗོད་པ་དང༌། །ཡོངས་སུ་རྫོགས་པའི་བར་གྱིས་འདིར། །བརྟགས་རྣམས་བསལ་བར་ཤེས་པར་བྱ། །དངོས་པོ་སྟོང་པའི་གཟུགས་རྣམས་ལ། །གང་དུའང་གང་གིས་སྒྲོ་འདོགས་པ། །དེས་ན་ངག་གཞན་རྣམས་ལའང༌། །དེ་བཟློག་པར་ནི་ཤེས་པར་བྱ། །ཞེས་གསུངས་པ་དོན་གཅིག་གོ །ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་བཅུ་ན། དེ་བཞིན་ཉིད་མེད་ཅིང་མི་དམིགས་སོ། །ཞེས་སོགས་འདི་དག་དེ་བཞིན་ཉིད་དུ་བརྟགས་པས་འགོག་ཅིང་མཉམ་བཞག་ལ་ཅིར་མི་རྟོག་པ་དགོས་པས་དེ་བཞིན་ཉིད་ལ་སོགས་པར་རྟག་པ་བཀག་པ་ཡིན། དེ་ལྟར་མ་ཡིན་པར་དེ་བཞིན་ཉིད་མེད་པར་འདོད་ན་ནི། དེ་བཞིན་ཉིད་ནམ་ཡང་མེད་པར་མི་འགྱུར་ཞིང་རྟག་ཏུ་གནས་པར་གསུངས་པ་རྣམས་དང་འགལ་བར་འགྱུར་ 4-1-255 རོ། །ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཕྲེང་བདུན་ན། མ་བྲལ་བར་ཤེས་པར་བྱའོ། ། བཟོད་པ་ཆུང་ངུའི་དམིགས་རྣམ་ནི། གཟུགས་སོགས་ངོ་བོ་ཉིད་མེད་ཕྱིར། །དེ་མེད་པ་ཉིད་ངོ་བོ་ཉིད། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། ཕྲེང་བཅུ་བཞི་ན། རང་བཞིན་དང་བྲལ་བ་སྟེ། འདི་རྣམས་ནི་མཐར་ཐུག་མེད་དགག་ལ་འདོད་པ་རྣམས་ཀྱི་འཁྲུལ་གཞི་ཡིན་ལ་དགོངས་པའི་དོན་ཟབ་མོ་ཡང་དག་ནི་དབུ་མ་པ་ཆེན་པོ་རྣམས་ཀྱིས་ལེགས་པར་ཕྱེ་སྟེ། གསུངས་པ་ཇི་ལྟ་བ་བཞིན་དུ་སྔར་བསྟན་ཟིན་ཏོ། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ། ཕྲེང་དགུ་ན། མཐའི་མཚན་ཉིད་མེད་དོ། །འདིའི་དོན་ཡང་དེ་མ་ཐག་ཏུ་བཤད་ཟིན་ཏོ། །ཕྲེང་དེ་ལ། རང་བཞིན་མེད་དོ། །འདི་ལྟར་མཚན་ཉིད་ཐམས་ཅད་ནི་ཀུན་བཏགས་པ་ཡོད་པ་མ་ཡིན་པས་དེའི་ཕྱིར་ཆོས་ཉིད་ནི་གཟུགས་ལ་སོགས་པའི་མཚན་ཉིད་དང་བྲལ་བའོ། །ཞེས་དབུ་མ་པ་གསུངས། སྨྲས་པ། ཚེ་དང༌། ཕྲེང་གཉིས་ན། འབྱུང་བར་འགྱུར་རོ། ། བཟོད་པ་འབྲིང་གི་དམིགས་རྣམ་ནི། དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་། དེ་ཅིའི་ཕྱིར་ཞེ་ན། ཕྲེང་གཉིས་ན་འབྱུང་བ་ཡང་མི་དམིགས་སོ། །ཞེས་བྱ་བ་ནི་འདི་ལྟར་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་ནི་ཀུན་བཏགས་པའི་གཟུགས་ཀྱི་ངོ་བོ་ཉིད་སྟོང་སྟེ། དེའི་ཕྱིར་ཆོས་ཉིད་ཀྱི་གཟུགས་ལ་ནི་འཁོར་བའི་གནས་སྐབས་ཀྱིས་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་དང་སྐྱེ་བ་འབྱུང་བ་མེད་དོ། །དག་པའི་གནས་སྐབས་ན། རྣམ་པར་བྱང་བའི་བདག་ཉིད་ལ་ཕྱིན་ཅི་ལོག་གི་དངོས་པོ་མེད་པས་གློ་བུར་གྱི་ངེས་པར་འབྱུང་བ་མེད་དོ། །ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་དང༌། ཆོས་ཉིད་ལ་འགྱུར་བ་མེད་པའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་བ་མེད་ཅེས་བྱ་བ་ནི་དྲི་མ་དང་བཅས་པའི་གནས་སྐབས་ནའོ། །ངེས་པར་འབྱུང་བ་མེད་ཅེས་བྱ་བ་ནི། དྲི་མ་མེད་པའི་གནས་སྐབས་ནའོ། །ཞེས་དབུ་མ་པས་གསུངས་པས་ལྷག་མ་རྣམས་ལའང་དེ་བཞིན་དུ་སྦྱར་རོ། །ཆོས་ཉིད་ཀྱི་དོན་དམ་གྱི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ནི་ཀུན་རྫོབ་ཀྱི་རྣམ་པར་ཤེས་པས་སྟོང་སྟེ། ཕྲེང་གཅིག་རུང་ན། མཐས་སྟོང་སྟེ། འདི་དག་གི་དོན་ཡང་སྔར་སྟོན་པ་བཞིན་རིག་པར་བྱའོ། །དེ་ལ་སྐྱེ་བ་ཡང་མི་དམིགས། ཕྲེང་དྲུག་ན། སྲིད་པ་དང་ལྟ་བ་ངན་པ་ཞེས་པ། ལེ་བརྒྱད་མར་བྱུང༌། དང་ལྡན་པའི་སེམས་མི་སྐྱེད་པས། ཕྲེང་ལྔ་ན། ལེའུ་ལྔ་པའོ།། །། ༈ བཟོད་པ་ཆེན་པོའི་དམིགས་རྣམ་ནི། དེ་དག་མཚན་མ་མེད། །དེ་ཡི་མཚན་མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གསུམ་དང་ཕྲེང་བཅུ་གཅིག་ན། བམ་པོ་བཅུ་གཅིག་ན། ཕྲེང་གཅིག་ན། འཚང་རྒྱ་བའི་སྐལ་བ་ཡོད་དོ། །འདིར་ཁྲི་བརྒྱད་སྟོང་པར། ཤེར་ཕྱིན་ལ་སྤྱོད་པ་དེ་གལ་ཏེ། ཆོས་འགའ་ཞིག་ཁས་ལེན་ན། ཤེར་ཕྱིན་ལ་སྤྱོད་པ་མ་ཡིན། དེ་བཞིན་དུ་ཁས་མ་ལེན་པ་དང༌། ཁས་ལེན་ཀྱང་ལེན་ལ། མི་ལེན་ཀྱང་མི་ལེན་པ་དང་ལེན་པ་ཡང་མ་ཡིན་མ་ལེན་པ་ཡང་མ་ཡིན་ཡང་ཤེར་ཕྱིན་ལ་སྤྱོད་པ་མ་ཡིན་ 4-1-256 ཞེས་པའི་གཞུང་བྱུང་སྟེ། འདི་དག་ཀྱང་ལ་ཟློ་བ་མཉམ་བཞག་ཟབ་མོ་ལ་རྟོག་པ་ཐམས་ཅད་དང་བྲལ་དགོས་པར་སྟོན་པ་ཡིན་ནོ། །འདི་དང་འདི་འདྲ་བ་དག་གི་གཞུང་གི་དགོངས་པ་འོང་བ་རྣམས་ཀྱི་རྗེས་ཐོབ་ཏུ་དོན་དང་མཐུན་པའི་ཁས་ལེན་ཡང་མེད་ཅེས་འདོད་པ་ནི་མཉམ་གཞག་ཏུ་ཁས་ལེན་གང་ཡང་མེད་པ་དང༌། རྗེས་ཐོབ་ཏུ་དོན་དང་མི་མཐུན་པའི་ཁས་ལེན་པ་ལ་དགོངས་ནས། ཁས་ལེན་མེད་ཅེས་གསུངས་པའི་དགོངས་པ་ལ་རིང་དུ་གྱུར་པ་ཡིན་ཞིང༌། དེ་དེ་ལྟར་འཁྲུལ་བའི་གཞི་ཡང་གཞུང་དེ་དང་དེ་འདྲ་བ་དག་ཡིན་ནོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཕྲེང་གཅིག་ན། མི་སྤྱོད་ཡང་མ་ཡིན་ནོ། །པ་སྟེ་སྤྱོད་པ་དང་དམིགས་པ་ལ་སོགས་པའི་རྟོག་པ་རྣམས་མཚན་མ་ཡིན་པ་དེ་དང་དེ་ཞེས་བྱ་བར་མི་དམིགས་སོ། །ལོགས་གཅིག་ན། ཉེ་བར་གྱུར་པར་རིག་པར་བྱའོ། ། ཆོས་མཆོག་ཆུང་ངུའི་དམིགས་རྣམ་ནི། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །རྣམ་པ་ཐམས་ཅད་གཉིས་སུ་བྱར་མེད་དོ། །ཞེས་བྱ་བ་ལ་སོགས་པས་བཤད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པའི་སྐབས་ལ་བྱ་སྟེ། འདིར་ཀུན་བཏགས་པའི་ཆོས་ཐམས་ཅད་ལ་གཟུང་བ་དང༌། འཛིན་པ་བྱེད་པ་དང༌། ཡོད་པ་དང༌། མེད་པ་དང༌། དངོས་པོ་དང༌། དངོས་པོ་མེད་པ་དང༌། རྟག་པ་དང༌། ཆད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཆོས་དང་ཆོས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་དང༌། གང་ཡང་རྟག་པ་དང༌། མི་རྟག་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། བདག་དང༌། བདག་མེད་པ་དང༌། ཞི་བ་དང༌། མ་ཞི་བ་དང༌། སྟོང་པ་དང༌། མི་སྟོང་པ་དང༌། མཚན་མ་དང༌། མཚན་མ་མེད་པ་དང༌། སྨོན་པ་དང༌། སྨོན་པ་མེད་པ་ལ་སོགས་པ་གཉིས་པོ་དེ་དག་ཐམས་ཅད་ནི་ཀུན་བཏགས་པས་ཡིན་པས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་གཉིས་སུ་མེད་པ་ཞེས་བྱའོ། །རྟོག་པས་བྱས་པའི་དངོས་པོ་རྣམ་པ་གསུམ་མེད་པས་གཉིས་སུ་བྱར་མེད་པ་ཞེས་བྱའོ། །ཞེས་གནོད་འཇོམས་གཉིས་ཀ་མཐུན་པར་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ནི། ཕྲེང་གཉིས་རུང་ན། འཚང་རྒྱའོ། །སྨྲས་པ། ཕྲེང་དྲུག་ན། འཚང་རྒྱའོ། །དེ་བཞིན་དུ། རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཀུན་ལ་འདྲེའོ། །སེང་གེ་རྣམ་པར་བརྩེ་བ། ཟླ་བ་བཟང་པོ། ཟླ་བའི་རྒྱལ་མཚན་དཔལ། ཆོས་ཐམས་ཅད་ཤིན་ཏུ་འཕགས། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ། སྤྱི་གཙུག་རྣམ་པར་ལྟ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ངེས་པའི་རྒྱལ་མཚན་དཔལ། རྡོ་རྗེ་ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ། ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ། འོད་ཟེར་རབ་ཏུ་འགྱེད་པ། དཔུང་རྣམ་པར་བཀོད་པ། ཡང་དག་པར་འཕགས་པ་ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ། ཚིག་བླ་དྭགས་ལ་འཇུག་པ། ཕྱོགས་རྣམ་པར་ལྟ་བ། ཕྱག་རྒྱ་ཡོངས་སུ་འཛིན་པ། ཉམས་པ་མེད་པ། ཆོས་ཐམས་ཅད་ཡང་དག་པར་འདུ་བ། རྒྱ་མཚོ་ཕྱག་རྒྱ། ནམ་མཁའ་རྒྱས་པར་འགེངས་པ། རྡོ་རྗེའི་དཀྱིལ་འཁོར། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། དང་ 4-1-257 པོའི་དཔལ། རྒྱུན་གྱི་རྗེས་སུ་སོང་བ། སེང་གེ་རྣམ་པར་བསྒྱིངས་པ། སྣེལ་གཞི། ཉོན་མོངས་སྤངས་པ། རྣམ་པར་སྣང་བ། ཚོལ་བ་མེད་པ། གནས་ལ་རྟེན་པ་མེད་པ། སེམས་མེད་པ། དྲི་མ་མེད་པའི་སྒྲོན་མ། འོད་མཐའ་ཡས་པ། འོད་བྱེད་པ། ཀུན་ཏུ་སྣང་བ། དག་པ་དམ་པ། འོད་དྲི་མ་མེད་པ། དགའ་བ་བྱེད་པ། གློག་གི་སྒྲོན་མ། ཟད་མི་ཤེས་པ། མི་ཕམ་པ། གཟི་བརྗིད་ཡོད་པ། ཟད་པ་དང་བྲལ་བ། མི་གཡོ་བ། འཇིགས་པ་མེད་པ། ཉི་མའི་སྒྲོན་མ། ཟླ་བའི་དྲི་མ་མེད་པ། ཤེས་རབ་སྒྲོན་མ། སྣང་བ་གསལ་བ། སྣང་བ་བྱེད་པ། བྱ་བ་བྱེད་པ། ཡེ་ཤེས་དཔལ། རྡོ་རྗེ་ལྟ་བུ། སེམས་གནས་པ། ཀུན་ཏུ་སྣང་བ། རབ་ཏུ་གནས་པ། རིན་ཆེན་མཐའ། ཆོས་དམ་པའི་ཕྱག་རྒྱ། ཆོས་ཐམས་ཅད་མཉམ་པ་ཉིད། དགའ་བ་སྤང་བ། ཆོས་ཀྱི་འཕགས་པ། རྣམ་པར་འཐོར་བ། ཆོས་ཐམས་ཅད་ཀྱི། ཚིག་རབ་ཏུ་འབྱེད་པ། ཡི་གེ་མཉམ་པར་དགོད་པ། ཡི་གེ་དང་བྲལ་བ། དམིགས་པ་གཅོད་པ། འགྱུར་བ་མེད་པ། རྣམ་པ་མེད་པ། མིང་ངེས་པར་འཇུག་པ། གནས་པར་སྤྱོད་པ། རབ་རིབ་མེད་པ། སྤྱོད་པ་དང་ལྡན་པ། གཡོ་བ་མེད་པ། ཡུལ་ལས་བརྒལ་བ། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ། སེམས་མེད་པར་གནས་པ། དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ། བྱང་ཆུབ་ཀྱི་ཡན་ལག་ཡོད་པ། སྤོབས་པ་མཐའ་ཡས་པ། མི་མཉམ་པ་དང་མཉམ་པ། ཆོས་ཐམས་ཅད་ལས་འདའ་བ། ཡོངས་སུ་གཅོད་པ། ནེམ་ནུར་རྣམ་པར་སེལ་བ། གནས་སུ་བྱ་བ་མེད་པ། གཅིག་ཏུ་རྣམ་པར་བཀོད་པ། རྣམ་པར་མངོན་པར་བསྒྲུབ་པ། རྣམ་པ་གཅིག་ཏུ་གྱུར་པ། རྣམ་པར་འདོར་བ་མེད་པ། སྲིད་པའི་གཞི་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པ། བརྡ་དང་སྒྲ་ལ་འཇུག་པ། སྒྲ་དབྱིངས་ཀྱི་ཡི་གེ་དང་བྲལ་བ། སྒྲོན་མ་འབར་བ། མཚན་ཉིད་ཡོངས་སུ་སྦྱོང་བ། མངོན་པར་དམིགས་པ་མེད་པ། རྣམ་པ་མཆོག་དང༌། ཐམས་ཅད་དང་ལྡན་པ། བདེ་བ་དང༌། སྡུག་བསྔལ་ཐམས་ཅད་མངོན་པར་དགའ་བ། ཟད་མི་ཤེས་པའི་ཟ་མ་ཏོག །གཟུངས་ཀྱི་བློ་གྲོས། ཡང་དག་པ་དང་ལོག་པ་ཐམས་ཅད་རྣམ་པར་སེལ་བ། འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ། མཐུན་པ་དང་འགལ་བ་མེད་པ། འོད་དྲི་མ་མེད་པ། སྙིང་པོ་དང་ལྡན་པ་ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད། གློག་གི་འོད། རྒྱན་ཆེན་པོ། རྣམ་པ་ཐམས་ཅད་དུ་འོད་བྱེད་པ། ཏིང་ངེ་འཛིན་མཉམ་པ་ཉིད། རྡུལ་མེད་ཅིང་རྡུལ་དང་བྲལ་བ། ཉོན་མོངས་པ་མེད་པར་གཞོལ་བ། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ། གནས་དམིགས་སུ་མེད་པ་ལ་བརྩོན་པ། དེ་བཞིན་ཉིད་ལ་གནས་ཤིང༌། སེམས་པ་མེད་པ། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བས་རབ་ཏུ་འདུལ་བ། ངག་གི་སྐྱོན་རྣམ་པར་འཇིག་པས། ནམ་མཁའ་ལྟར་གྱུར་པ། ཤཱ་ར་དྭ་ཏིའི་བུ། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི། ཕྲེང་གསུམ་ན། འཚང་རྒྱའོ། །ཉི་ཁྲི་སྣང་བར། ཏིང་ངེ་འཛིན་ནི་བརྒྱ་རྩ་གཅིག །ཅེས་སོགས་པ་དང༌། ཉི་ཁྲི་རྣམ་འགྲེལ་དུ། ཏིང་ངེ་འཛིན་བརྒྱ་ལྷག་དང་བཅས་པ། ཞེས་འབྱུང་ཞིང༌། མདོ་འདི་དང༌། འབུམ་ 4-1-258 དུ་བརྒྱ་དང༌། ཉི་ཤུ་དང༌། ཁྲི་བརྒྱད་སྟོང་པར། བརྒྱ་ཉེར་གཅིག་བྱུང་བས་མཁས་པ་རྣམས་ཀྱིས་དཔྱད་པར་རིགས་སོ། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། དེ་དག་ནི། ཕྲེང་གསུམ་ན། གཞན་དག་ཀྱང་ཡོད་དོ། ། ཆོས་མཆོག་འབྲིང་གི་དམིགས་རྣམ་ནི། ལུང་བསྟན་པ་དང་རློམ་པ་ཟད། །དེ་ནས་སངས་རྒྱས་ཀྱི་མཐུས། ཕྲེང་གསུམ་ན། རྗེས་སུ་མི་མཐོང་ངོ༌། །ཞེས་པ་ནི་ཡོངས་སུ་གྲུབ་པའི་གནས་སྐབས་ན། དོན་དམ་གྱི་ཆོས་ཉིད་ཀྱང་དེ་བཞིན་ཉིད་ཙམ་དུ་གྱུར་པ་དང༌། འདི་ནི་ཏིང་ངེ་འཛིན་ཏོ། །བདག་ནི་མཉམ་པར་བཞག་པའོ། །ཞེས་བྱ་བ་ལ་སོགས་པ་ཀུན་བཏགས་པ་རྣམས་ཤིན་ཏུ་མེད་པའི་ཕྱིར་ཏིང་ངེ་འཛིན་དུ་རྣམ་པར་རྟོག་པ་དང༌། བདག་མཉམ་པར་བཞག་པར་རྣམ་པར་རྟོག་པ་དུས་ཀྱི་དབང་གིས། རྣམ་པ་གསུམ་དང༌། སྙོམས་པར་འཇུག་པའི་རྣམ་པར་རྟོག་པ་དང༌། རྣམ་པར་རྟོག་པ་དེ་དག་མེད་དོ། །ཞེས་མཁས་མཆོག་དབྱིག་གཉེན་གསུངས། བདག་ནི་སྙོམས་པར་ཞུགས་སོ། །ཞེས་བྱ་བར། ཕྲེང་གསུམ་གཉིས་ན། བདག་ནི་ད་ལྟར་སྙོམས་པར་ཞུགས་སོ། །བདག་གིས་མ་འོངས་པ་ན་མཉམ་པར་བཞག་པར་རིག་པར་བྱའོ། །བདག་ནི་སྔོན་མཉམ་པར་བཞག་པར་གྱུར་ཏོ། །ཕྲེང་གཅིག་ན་མི་རྒྱུའོ། ། ཆོས་མཆོག་ཆེན་པོའི་དམིགས་རྣམ་ནི། གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཏིང་འཛིན་རྣམ་པར་མི་རྟོག་པ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་དང༌། །སྨྲས་པ། ཚེ་དང་ལྡན་པ། ཕྲེང་གསུམ་ལྷག་ན། བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཏོ། །ཞེས་གསུངས་ཏེ། དོན་དམ་གྱི་ཆོས་ཐམས་ཅད་ན་དེ་བཞིན་ཉིད་ཙམ་དུ་བདག་ཉིད་གཅིག་པའི་ཕྱིར། དེ་སྐད་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། སྨྲས་པ། ཕྲེང་གཉིས་ཅུང་ན། ཡིན་ན་དེ་དག་ཐ་དད་མེད་པས། བྱང་ཆུབ་སེམས་དཔའ་དང༌། དེ་ཏིང་ངེ་འཛིན་ཐ་དད་དུ་བྱས་ཏེ་བསྟན་པར་ནུས་སམ་ཞེས། དྲིས་པས། རབ་འབྱོར་གྱིས། སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། ཏིང་ངེ་འཛིན་ཏེ། མཚན་ཉིད་པ་ཐ་དད་པ་མེད་པའི་ཕྱིར་དེ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་དེ་རྣམས་ལ་ཉན་ཐོས་བཞིན་དུ་འདུ་ཤེས་བྱེད་དམ། ཕྲེང་གཉིས་ན། ཀུན་བཏགས་ཀྱི་ཆོས་ཐམས་ཅད། འཁྲུལ་ལུགས་ལ་ཡོད་ཀྱང་གཤིས་ལུགས་ལ་མེད་པའི་ཕྱིར་རྟོགས་པ་མེད་དེ། དེ་ལྟར་གཤིས་ལུགས་དང་མཐུན་པའི་ཏིང་ངེ་འཛིན་དེ་ལ་རྟོག་པ་མེད་དོ། །ཕྲེང་གཉིས་ན། གཞི་དང་། དེ་ནས་བཅོམ་ལྡན་འདས་ཀྱིས། ཕྲེང་ཕྱེད་གཉིས་ན། མཆོག་ཏུ་བཤད་པ་ལ། ཞེས་པ་ལ་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ལ་གསུངས་ཏེ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་རྣམ་པར་མི་རྟོག་པ་ལ་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་མེད་པ་སྙོམས་པར་འཇུག་པ་སྟེ། ཞེས་དབུ་མ་པ་ཆེན་པོ་གསུངས། དེས་བཤད་པ་ནི་འདི་ཡིན་ནོ། །འོག་གཅིག་སོང་བ་ནི། ཤཱ་ར་དྭ་ཏིའི་བུ། ཏིང་ངེ་འཛིན་རྣམ་པར་དག་པའི་དོན་ནི་དྲི་མ་གང་ཡང་ཡིན། མི་སྲིད་པའི་དོན་དེའི་ཕྱིར་བདག་མི་དམིགས་སོ། །ཕྲེང་བཅུ་གཅིག་ན། གང་ལགས། ཞེས་ཞུས་པ་དང༌། དེ་ནས་ཡོངས་སུ་གྲུབ་པ་དྲི་མ་མེད་པའི་དེ་བཞིན་ཉིད་ལ་རྣམ་ 4-1-259 པར་དག་པའོ། །ཞེས་བྱ་བར་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་གཅིག་ན། འདི་ནི་རྣམ་པར་དག་པ་ཞེས་བྱ་སྟེ། སྔོན་དེ་བཞིན་ཉིད་དྲི་མ་དང་བཅས་པའི་གནས་སྐབས་ན་ནི་ཀུན་བཏགས་པས་ཆོས་རྣམས་སྐྱེ་བ་དང༌། འགོག་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་ཏེ། སྐྱེས་པ་རྣམས་འབྱུང་ཞིང་བྱུང་ནས་ཀྱང་དེ་ལྟ། དེ་ལྟར་དམིགས་པར་འགྱུར་ལ། དེ་ལྟ་དེ་ལྟར་མངོན་པར་འདུ་བྱེད་པར་འགྱུར་རོ། །དྲི་མ་མེད་པའི་གནས་སྐབས་ན་ནི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི་སྐྱེ་བ་ཐམས་ཅད་ཀྱིས་ཐམས་ཅད་དུ་མེད་དོ། །སྐྱེ་བ་མེད་པས་འགག་པ་ཡང་མེད་དོ། །དྲི་མ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང་འབྱུང་བ་མེད་པར་འགྱུར་རོ། །འབྱུང་བ་མེད་པས་དམིགས་སུ་མེད་དོ། །དམིགས་སུ་མེད་པའི་ཕྱིར། མངོན་པར་འདུ་བྱེད་པ་མེད་དེ། འདི་ནི་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཤཱ་ར་དྭ་ཏིའི་བུ། དེ་ལྟར་ན། ཕྲེང་གཉིས་ན། སློབ་པ་མེད་དོ། །ཞེས་བྱ་བ་ནི་དྲི་མ་མེད་པའི་གནས་སྐབས་ན་ཆོས་ཐམས་ཅད་མ་མཐོང་བའི་ཕྱིར། ཞེས་དབུ་མ་པ་གསུངས། དེ་ཅིའི་ཕྱིར་ཞེ་ན། ཕྲེང་གཅིག་ལྷག་ན། བཀའ་སྩལ་པ། ཀུན་བཏགས་པའི་མཚན་ཉིད་དུ་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར། ཞེས་དབུ་མ་པ་ཆེན་པོ་གསུངས། ཇི་ལྟར་མེད་པ་དེ་ལྟ་ཡོད་དེ། ཀུན་བཏགས་པའི་དངོས་པོ་མེད་པའི་རྣམ་པ་བརྗོད་དུ་མེད་པའི་བདག་ཉིད་དུ་ཡོད་པར་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། དེ་ལྟར་ཡོད་པ་མ་ཡིན་པས་དེའི་ཕྱིར་མེད་ཅེས་བྱའོ། །ཞེས་པའི་དོན་དུ་མ་རིག་པ་ཞེས་བྱའོ། །ཞེས་ཁྲི་བརྒྱད་སྟོང་པ་དང༌། དབུ་མ་པ་ཆེན་པོའི་གནོད་འཇོམས་དང༌། གྲོལ་སྡེ་གཉིས་འགྲེལ་པར་བྱུང༌། དབུ་མ་པ་ཆེན་པོའི་བྱམས་མགོན་གྱིས། དབུ་མ་པ་ཆེན་པོའི་གཞུང་མདོ་སྡེའི་རྒྱན་དུ། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་དང༌། འགྲོ་བ་དག་ན་དེ་ལས་གཞན་ཡང་ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ལུས་པ་ཡང་དེ་ལ་ཀུན་ཏུ་རྨོངས་པའི་བློས། །ཡོད་པ་ཀུན་ལ་སྤངས་ཏེ་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པར་ཚབས་ཆེན་འདི་ཀོ་ཇི་ལྟ་བུ། །ཞེས་དང༌། དབུ་མ་པ་ཆེན་པོའི་གཞུང༌། ཆོས་དང་ཆོས་ཉིད་རྣམ་འབྱེད་དུ་ཡང༌། དེ་ལ་ཆོས་ཀྱི་མཚན་ཉིད་ནི། །གཉིས་དང་ཇི་ལྟར་མངོན་བརྗོད་པར། །སྣང་བ་ཡང་དག་མ་ཡིན་པའི། །ཀུན་རྟོག་པ་དེ་མེད་སྣང་ཕྱིར། །དེས་ན་ཡང་དག་མ་ཡིན་པའོ། །དེ་ཡང་ཐམས་ཅད་དོན་མེད་ཅིང༌། །རྟོག་ཙམ་ཡིན་པས་ཀུན་རྟོག་པའོ། །ཞེས་དང༌། མེད་པ་སྣང་ཕྱིར་འཁྲུལ་བ་ནི། །ཀུན་ནས་ཉོན་མོངས་རྒྱུ་ཡིན་ཏེ། །སྒྱུ་མའི་གླང་ཆེན་སོགས་སྣང་བཞིན། །ཡོད་པའང་སྣང་བ་མིན་ཕྱིར་རོ། །མེད་སྣང་དག་ལ་གང་རུང་ཞིག །མེད་ན་འཁྲུལ་དང་མ་འཁྲུལ་དག །དེ་བཞིན་ཀུན་ནས་ཉོན་མོངས་དང༌། །རྣམ་པར་བྱང་བ་མི་འཐད་དོ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང༌། འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ 4-1-260 གིས་ནི་མཐོང་བ་ཡིན། །ཞེས་གསུངས་ལ། དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱིས་ཀྱང༌། ཡང་དག་པར་མ་རིག་པ་སྟེ་ཡང་དག་པ་མ་ཡིན་པར་རིག་ཅིང་ཤེས་པར་བྱེད་པ་ནི་མ་རིག་པའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་སྐབས་འདིའི་འགྲེལ་པར་གསུངས་པ་རྣམས་དགོངས་པ་གཅིག་སྟེ། གཡུ་རྙིང་པ་ལྟ་བུ་རྫོགས་ལྡན་གྱི་ཆོས་ཡིན་པའི་ཕྱིར་རོ། །གསུམ་ལྡན་མར་བཅད་ཀྱི་ཆོས་སྐྱོན་ཅན་གཡུ་སར་པ་ལྟ་བུ་རྣམས་དང་མི་མཐུན་ཡང་སྐྱོན་མེད་དོ། །གསོལ་པ། བཅོམ་ལྡན་འདས། ཕྲེང་གཅིག་ན། ཕྱིར་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་གསུངས་སོ། །དགོངས་པ་འདི་ལྟ་སྟེ། འདི་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་མེད་ཅིང་ཡང་དག་པ་མ་ཡིན་ཡང༌། ཡང་དག་པ་དང༌། ཡོད་པ་བཞིན་དུ་འཛིན་ཏེ། དེའི་ཕྱིར་དེ་ཡང་དག་པར་མི་རིག་པ་སྟེ། ཡང་དག་པར་མི་ཤེས་པས་མ་རིག་པ་ཞེས་བྱའོ། །ཞེས་བསྟན་པའི་ཕྱིར་གཟུགས་ལ་སོགས་པའི་ཆོས་རྣམས་བཀའ་སྩལ་ཏོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་བཞི་ན། མཐའ་གཉིས་ལ་ཆགས་པ་དེ་ཞེས་གསུངས་ཏེ། མ་རིག་པའི་དབང་གིས་ཡོད་པའི་རྣམ་པར་མངོན་པར་ཞེན་ནས། སྲིད་པའི་དབང་གིས་རོ་མྱང་བར་བྱ་བའི་སྒོ་ནས་མངོན་པར་ཞེན་ཏེ། རྟག་པ་དང་ཆད་པའི་མཐའ་གཉིས་ལ་ཆགས་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དག་མི་ཤེས་མི་མཐོང་སྟེ། ཕྲེང་ཅིག་གཅིག་ན། བྱིས་པ་ཞེས་བྱའོ། །དེ་ཡི་གཉེན་པོ་ཡིས། །བཟུང་བར་རྟོག་པ་རྣམ་པ་གཉིས། །རྨོངས་དང་ཕུང་སོགས་བྱེ་བྲག་གི །དེ་ནི་སོ་སོར་རྣམ་པ་དགུ། །གསོལ་པ། ཤོག་གུ་དང་ཕྲེང་ལྔ་ན། ཤེས་པར་བྱའོ། །དེ་རྣམས་ཀྱིས་ཀྱང་ལ་ཟློ་བ་མཉམ་གཞག་ཟབ་མོའི་སྐབས་རྟོག་པ་ཐམས་ཅད་དང་བྲལ་བ་བསྟན་ཏོ། །ལེའུ་དྲུག་པའོ།། །། ༈ རྫས་དང་། དེ་ནས། ཕྲེང་བདུན་ན། སྙམ་མམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་པར་མཐོང་བ་དག་གིས་ནི་གཟུགས་ལ་སོགས་པ་ཀུན་བཏགས་པའི་ཆོས་ཀྱི་རྣམ་པ་སྒྱུ་མ་ལས་ལོགས་ཤིག་ན་ཡོད་པར་མི་མཐོང་སྟེ། ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། ཕྲེང་ཉི་ཤུ་རྩ་བདུན་ན། བྱང་ཆུབ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་བྱང་ཆུབ་བོ། །ཞེས་བྱ་བའི་མཐར་ཐུག་པའི་གཞུང་གསུངས་ཏེ། ཐམས་ཅད་ཀྱང་ཀུན་བཏགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་དུ་སྒྱུ་མ་དང་ཐ་དད་པ་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་གསུམ་ལྷག་ན། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །བཏགས་པའི་རྟེན་ཅན་གྱི། །འཛིན་པའང་རྣམ་པ་གཉིས་སུ་འདོད། །རང་དབང་བདག་སོགས་ངོ་བོ་དང༌། །ཕུང་སོགས་རྟེན་ལས་དེ་བཞིན་ནོ། །ཞེས་པ་འདི་རྣམས་བཙུན་པ་རྣམ་གྲོལ་སྡེས། གཞུང་འདི་དང་སྦྱར་བ་ལྟར་བཀོད་ཅིང༌། སྨྲིས་ཏིས་ཀྱང་འདི་དང་ཅི་རིག་མཐུན་སྦྱར་ལ། འཕགས་པ་གྲོལ་སྡེ་དང༌། སློབ་དཔོན་སེང་བཟང༌། ཤནྟི་བ་རྣམས་ཀྱིས་ལེ་བརྒྱད་མ་དང་སྦྱར་ནས་བཀྲལ་ལོ། །བཅོམ་ 4-1-261 ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་ཉི་ཤུ་རྩ་དྲུག་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །གསོལ་པ། ཤོག་གུ་གསུམ་དུ་ཕྲེང་གསུམ་ཅུང་ཟད་ལས་སོང་བ་ན། རྣམ་པ་འདི་ལྟར་རབ་ཏུ་རྟོག་སྟེ། ཆོས་ཉིད་ཀྱི་གཟུགས་སྟོང་པ་ཉིད་ཀྱིས་ཆོས་ཉིད་གཟུགས་རང་སྟོང་པ་ཞེས་པ་ནི། ཆོས་ཉིད་ཀྱི་གཟུགས་ཀུན་བཏགས་པའི་གཟུགས་ཀྱི་སྟོང་པ་ཉིད་ཀྱི་རྒྱུས་གློ་བུར་དུ་སྟོང་པར་གྱུར་པ་མ་ཡིན་ཏེ། གདོད་གདོད་ནས་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། མ་ཡིན་གྱི། ཆོས་ཉིད་ཀྱི་གཟུགས་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱང་ཆོས་ཉིད་ཀྱི་གཟུགས་སོ། །ཞེས་པ་གསུངས་ཏེ། སྟོང་པ་ཉིད་དང་ཆོས་ཉིད་ཀྱི་གཟུགས་དག་ངོ་བོ་གཅིག་གོ །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་བཞིན་དུ། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་གཅིག་རུང་ན། ཆོས་ཉིད་ཀྱི་མིག་གི་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱི་མིག་རང་སྟོང་པ་མ་ཡིན་གྱི། ཆོས་ཉིད་ཀྱི་མིག་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱང་ཆོས་ཉིད་མིག་གོ །དེ་བཞིན་དུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་འོག་མ་རྣམས་ལའང་སྦྱར་རོ། །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་སྟོང་པ་ཉིད་ཀྱིས། ཕྲེང་བཅོ་ལྔ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ཀྱི་སྟོང་པའི་གཞི། ཆོས་ཉིད་དོན་དམ་བདེན་པ་རང་བྱུང་ཡེ་ཤེས་འགྱུར་མེད་ཡོངས་གྲུབ། དབུ་མ་པ་ཆེན་པོ། མྱང་འདས་ཆེན་པོ། ཕྱག་རྒྱ་ཆེན་པོ། ཤིན་ཏུ་རྣལ་འབྱོར། རྡོ་རྗེའི་རྣལ་འབྱོར། བདེ་གཤེགས་སྙིང་པོ། དུས་འཁོར་དང་པོའི་སངས་རྒྱས། རང་བཞིན་གཉུག་མའི་བདེ་གཤེགས། གསང་འདུས་ལ་སོགས་འདུས་མ་བྱས་ཀྱི་ལྷ་དང༌། སྔགས་དང༌། རྒྱུད་དང༌། དཀྱིལ་འཁོར་དང༌། ཕྱག་རྒྱ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཐམས་ཅད་ཀྱི་བདག་ཉིད་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཤེར་ཕྱིན་དང༌། དེ་མངོན་དུ་བྱེད་པའི་ལམ་ཤེར་ཕྱིན་རླུང་སེམས་ཀྱི་རྒྱུན་ངང་གི་འགགས་ནས། མི་རྟོག་ཡེ་ཤེས་ངང་གི་སྐྱེ་ཞིང་འཆར་བའི་ཐབས་མཆོག་ཟབ་མོ་ཁྱད་འཕགས་བསྟན་པ་འདི་ཐོས་ནས་མི་འཇིགས་མི་སྔངས་སྐྲག་པར་མི་འགྱུར་རོ། །ཤོག་གུ་བཅུ་ན། དེ་ལྟར་ཐབས་མི་མཁས་པས་ནི་ཆོས་ཐམས་ཅད་ཀྱི་སྟོང་པའི་གཞི་ཆོས་ཉིད་དོན་དམ་བདེན་པ། ཞེས་པ་ནས། ཐབས་མཆོག་ཟབ་མོ་ཁྱད་འཕགས། ཞེས་པའི་བར། སྔར་བྲིས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། སྡིག་པའི་གྲོགས་པོ་ནི། ཆོས་ཐམས་ཅད་ཀྱི་སྟོང་པའི་གཞི། ཆོས་ཉིད་དོན་དམ་བདེན་པ། ཞེས་པ་ནས། ཐབས་མཆོག་ཟབ་མོ་ཁྱད་འཕགས། ཞེས་པའི་བར་སྔར་བྲིས་པའི། ཕྲེང་དྲུག་ན། སངས་རྒྱས་ཀྱི་ཆ་བྱད་དུ་བྱས་པ་དག །ཞེས་པ་ལ་སོགས་པ་འདི་དག་ནི། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གིས། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །ཕ་དང་མ་དང་བུ་མོ་དང་སྲིང་མོ་དང༌། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ཡི། །གཟུགས་རྣམས་ཀྱིས་ནི་བདུད་རྣམས་བགེགས་བྱེད་ 4-1-262 དོ། །ཞེས་གསུངས་པ་དང་མཐུན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། ཤོག་གུ་བཞིར་ཕྲེང་སུམ་ཆད་པ་ན། ལེའུ་བདུན་པ།། །། ༈ དེ་རྣམས་ཀྱིས་ནི། ངེ༷ས་འབྱེ༷ད་ཡ༷ན་ལ༷ག་རྣ༷མ་བཞི༷་ད༷ང༌། །ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། ། རྟོགས་པ་ཡི་ནི་ཆོས་དྲུག་དང༌། །དེ་ནས་ཚེ་དང་ལྡན་པ། ཕྲེང་གཉིས་སོང་བ་ན། ཚིག་གི་དོན་མེད་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་དོན་རྣམ་པ་ཡོད་དེ་བྱང་ཆུབ་སེམས་དཔའ་དང༌། ཕུང་པོའི་བདག་ཉིད་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་དང༌། དོན་དམ་པའི་བྱང་ཆུབ་སེམས་དཔའོ། །དེ་བཞི་ཆར་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་ནི་གཞིའི། དོན་དམ་པ་ཡིན་ཏེ། གཞིའི་དོན་མེད་པ་ལ་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དངོས་པོའི་བདག་ཉིད་འགའ་ཞིག་ཡོད་པར་གྱུར་ན། དེའི་ཚིག་གི་དོན་གཞི་དང་བཅས་ཤིང་གནས་དང་བཅས་པར་འགྱུར་བ་ཞིག་ན། འདི་ལྟར་བྱང་ཆུབ་དང༌། སེམས་དཔའ་དང༌། བྱང་ཆུབ་སེམས་དཔའ་གཉིས་ཀྱང་མེད་དེ། དེའི་ཕྱིར། བྱང་ཆུབ་སེམས་དཔའི་ཚིག་གི་དོན་གྱི་གཞི་མེད་དེ། གནས་མེད་ཅེས་བྱ་བའི་ཐ་ཚིག་གོ །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱང་འདུས་མ་བྱས་པའི་ཏིང་ངེ་འཛིན་ཕྱིར་མ་སྐྱེས་ལ། སེམས་ཅན་ཏེ་སེམས་དཔའ་ཡང་ཡོད་པ་མ་ཡིན་པའི་ཕྱིར། མ་སྐྱེས་པའི་ཕྱིར་ཏེ། ཞེས་པ་དེ་གཉིས་ཀའང་དབུ་མ་པ་ཆེན་པོ་གསུངས། རང་བྱང་ཆུབ་ལའང་ཚིག་མེད། སེམས་ཅན་དེ་སེམས་དཔའ་འང་ཚིག་མེད་པས། ཚིག་གི་དོན་ཤེས་ལ་མེད་པའོ། ། དེ་ཉིད་རྣམ་པ་བཅུ་གཅིག་གིས་སྟོན་ཏེ། བྱང་ཆུབ་ལ་རྣམ་པར་བཏགས་པའི་གཞི་མེད་པ་དང༌། ཀུན་བཏགས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གཞི་གང་ཡང་མེད་པ་དང༌། བྱང་ཆུབ་ལས་གུད་ན་གཞི་མེད་པ་དང༌། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་ལས་གུད་ན་གཞི་མེད་པ་དང༌། ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་གཞི་མེད་པ་དང༌། བྱང་ཆུབ་སེམས་དཔའ་གཞི་མེད་པ་དང༌། སེམས་དཔའ་ལ་བྱང་ཆུབ་ཀྱི་གཞི་མེད་པ་དང༌། བྱང་ཆུབ་ཅེས་བྱ་བའི་གཞིའི་དོན་མེད་པ་དང༌། ཀུན་བཏགས་པའི་བྱང་ཆུབ་སེམས་དཔའ་ལ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་དམ་མེད་པ་དང༌། དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་དམ་མེད་པ་དང༌། དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་གཞི་མེད་པ་དང༌། དང་པོ་ནི། རབ་འབྱོར། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་བྱ་རྒྱུ་ཡང་དེའི་རྗེས་མེད་དོ། །རབ་འབྱོར།དེ་བཞིན་དུ། དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི། བྱང་ཆུབ་སེམས་དཔའི་གཞི་ལ་གནས་པའི་ཚིག་གི་དོན་གཤིས་ལ་མེད་དོ། ། གཉིས་པ། ཀུན་བཏགས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གཞི་གང་ཡང་མེད་པ་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྨི་ལམ་ལ་གནས་མེད་དོ། །རབ་འབྱོར། དེ་བཞིན་དུ། 4-1-263 ཀུན་བཏགས་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་གཤིས་ལ་མེད་དོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། སྨིག་རྒྱུ་ལ་གནས་མེད་དོ། །དེ་དག་ནི་ཤིན་ཏུ་མེད་པའི་ཕྱིར་རོ། །རབ་འབྱོར། དེ་བཞིན་དུ། ཀུན་བཏགས་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་གཤིས་ལ་མེད་དོ། །ཕྲེང་གཅིག་ན། རབ་འབྱོར། དེ་བཞིན་དུ། ཀུན་བཏགས་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་གཤིས་ལ་མེད་དོ། ། གསུམ་པ་བྱང་ཆུབ་ལས་གུད་ན་གཞི་མེད་པ་ན། རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའ་ལས་གུད་ནས་གནས་མེད་དོ། །རབ་འབྱོར། དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཚིག་གི་དོན་བྱང་ཆུབ་ལས་གུད་ན་མེད་དོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། དེ་བཞིན་ཉིད་ལ། དེ་བཞིན་ཉིད་ལས། གུད་ན་གནས་མེད་དོ། །དེ་བཞིན་དུ། མ་ནོར་བ་དེ་བཞིན་ཉིད་དང༌། ཕྲེང་ཕྱེད་ན། ཆོས་སྐྱོན་མེད་པ་ཉིད་ལ་ཡང༌། དེ་རྣམས་ལས་གུད་ན་གནས་མེད་དོ། །རབ་འབྱོར། དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཚིག་གི་དོན་བྱང་ཆུབ་ལས་གུད་ན་མེད་དོ། ། བཞི་པ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་ལས་གུད་ན་གཞི་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་བདག་ཉིད་ཀྱི་སྐྱེས་བུའི་གཟུགས་ལས་གུད་ན་མེད་དོ། །དེ་ཉིད་ཤིན་ཏུ་མེད་པའི་ཕྱིར། རབ་འབྱོར། ཀུན་རྫོབ་ཀྱི་བྱང་ཆུབ་ཚིག་གི་དོན་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་ལས་གུད་ན་མེད་དོ། །ཕྱི་མ་རྣམས་ལ་ཡང་དེ་བཞིན་ཏེ། རབ་འབྱོར། ཕྲེང་གཉིས་ན། ལྔ་པ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་གཞི་མེད་པ་ན། རབ་འབྱོར། འདི་ལྟ་སྟེ། དཔེར་ན། དོན་དམ་གྱི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཟུགས་ཀྱིས་ཞེས་ཁྲི་བརྒྱད་སྟོང་པར་བྱུང༌། ཀྱི་གཟུགས་ལ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀུན་རྫོབ་དེ་གཤིས་ལ་མེད་པའི་ཕྱིར་ཏེ། རབ་འབྱོར། དེ་བཞིན་དུ། ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕྲེང་ཕྱེད་ན། ཚིག་གི་དོན་ཀུན་རྫོབ་ན་མེད་དོ། །ཕྱི་མ་རྣམས་ལའང་དེ་བཞིན་དུ་སྦྱར་ཏེ། དོན་དམ་གྱི་ཆོས་གང་ཡིན་པ་ཀུན་རྫོབ་ཀྱི་ཆོས་གང་དུའང་མེད་པའི་ཕྱིར་རོ། །རབ་འབྱོར། འདི་ལྟ་སྟེ་དཔེར་ན། ཕྲེང་གཉིས་ན། ཚིག་གི་དོན་མེད་དོ། །ཇི་ལྟར་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པ་ལ་ཀུན་རྫོབ་ཀྱི་ཕུང་པོ་ལྔ་ལ་སོགས་པ་དབྱེར་མེད་དུ་མེད་པ་དེ་བཞིན་དུ། དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་ཀུན་རྫོབ་ཀྱི་ཕུང་པོ་ལྔ་ལ་སོགས་པ་དབྱེར་མེད་དུ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་ཤིང་རྟ་ཆེན་པོ་དབྱིག་གཉེན་གསུངས། རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཤོག་གུ་ཕྱེད་དང་གསུམ་ན། ཚིག་གི་དོན་མེད་དོ། ། དྲུག་པ་བྱང་ཆུབ་སེམས་དཔའི་གཞི་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ་དཔེར་ན། མྱང་འདས་འཁོར་བ་མེད་པ་དེ་བཞིན་དུ་འདུས་མ་བྱས་ཀྱི་དབྱིངས་ལ་འདུས་བྱས་ཀྱི་ཁམས་ཀྱི་ 4-1-264 གནས་མེད་དོ། ། བདུན་པ་སེམས་དཔའ་ལ་བྱང་ཆུབ་ཀྱི་གཞི་མེད་པ་ནི། འདུས་བྱས་ཀྱི་ཁམས་ལ། འདུས་མ་བྱས་ཀྱི་དབྱིངས་ཀྱི་གནས་མེད་དེ། འཁོར་བ་ལ་མྱང་འདས་མེད་པ་བཞིན་ནོ། །ཕྲེང་ཕྱེད་ན། ཚིག་གི་དོན་མེད་དོ། ། བརྒྱད་པ་བྱང་ཆུབ་ཅེས་བྱ་བའི་གཞིའི་དོན་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། ཕྲེང་གཉིས་ན། ཚིག་གི་དོན་མེད་དོ། །ཇི་ལྟར་སྐྱེ་བ་མེད་པ་ལ་སོགས་པ་ལ་གཞིའི་དོན་མེད་པ། དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ལ་ཡང་གཞིའི་དོན་མེད་དོ། །དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དགུ་པ་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའ་ལ། ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ཚིག་གི་དོན་མེད་པ་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་བཅུ་གཉིས་ན། ཚིག་གི་དོན་མེད་དོ། །ཇི་ལྟར་ཕུང་པོ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་སྐྱེ་བ་མེད་པ་ལ་སོགས་པ་འདུས་མ་བྱས་ཀྱི་ཚིག་གི་དོན་རྣམས་མེད་པ་དེ་བཞིན་དུ། ཀུན་བཏགས་པའི་ཕུང་པོ་ལྔའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ལ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་དབྱིག་གཉེན་གསུངས། བཅུ་པ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། དཔེར་ན། གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཞེས་པ་ལ་སོགས་པ་གསུང་སྟེ། ཇི་ལྟར་གཟིགས་ལ་སོགས་པ་ཕུང་པོ་ལྔ་ལ་སོགས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འདུས་མ་བྱས་ཤིན་ཏུ་རྣམ་པར་དག་པ་ལ་འདུས་བྱས་ཀྱི་མཚན་མ་རྣམས་ཀྱི་གཞི་མེད་པ་དང༌། ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་བརྒྱད་ན། རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཀུན་བཏགས་གྱི་བདེན་པའི་ཕྱིར། ཡོངས་སུ་གྲུབ་པ་དག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཀུན་བཏགས་ཀྱི་སེམས་ཅན་དང༌། ཕྲེང་གཅིག་ན། ཡོངས་གྲུབ་ཀྱི་སེམས་ཅན་དང༌། སྲོག་དང༌། ཕྲེང་གཉིས་ན། ཚིག་གི་དོན་མེད་དོ། །འདི་རྣམས་ཀྱིས་ནི་ཤིན་ཏུ་རྣམ་དག་གི་དོན་རང་སྟོང་དང་མེད་དགག་ལ་འདོད་པ་བསལ་བ་ཡིན་ནོ། །གཉེན་པོ་དང་ནི། རབ་འབྱོར། ཕྲེང་གཅིག་ན། སྤང་བ་དང༌། །རབ་འབྱོར། ཕྲེང་གཅིག་ན། དེ་དག་ཡོངས་སུ་གཏུགས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ལོགས་ཅིག་ལྷག་ཙམ་ན། ཚིག་གི་དོན་མེད་དོ། །དེ་རྣམས་ཀྱིས་ནི་ཀུན་བཏགས་དང་ཡོངས་གྲུབ་ཕན་ཚུན་མི་གཅིག་པར་བསྟན་ཅིང༌། ཀུན་རྫོབ་དང་དོན་དམ། ཆོས་དང་ཆོས་ཉིད། མཐའ་དང་དབུས། བཅོས་མ་དང་རང་བཞིན། གློ་བུར་དང་གཉུག་མ། ཤུན་པ་དང་སྙིང་པོ། འདུས་བྱས་དང་འདུས་མ་བྱས་ལ་སོགས་པ་ཡང་ཐ་དད་པར་བསྟན་པ་ཉིད་དོ། །འདིར་དབུ་མ་པ་ཆེན་པོ་དབྱིག་གཉེན་ཞབས་ཀྱིས། དོན་དམ་པའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ལ་ཀུན་བཏགས་པ་ཕུང་པོ་ལྔའི་ 4-1-265 བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་མེད་དོ། །ཞེས་གསུངས་པ་ཉིད་དོ། ། བཅུ་གཅིག་པ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་གཞི་མེད་པ་ནི། ཤེས་རབ་སྙིང་རྗེར་བཅས་པ་དང༌། །རབ་འབྱོར། ཕྲེང་གཅིག་ན། སློབ་མ་ཐུན་མོང་མིན་ཉིད་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། གཟའ་དང༌། སྐར་མ་དང༌། ཕྲེང་གཅིག་ན། གཞན་གྱི་དོན་གྱི་གོ་རིམ་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། རྒྱལ་ཆེན་བཞིའི་རིས་ཀྱི། ཕྲེང་གཉིས་ན། འདི་ལེ་བརྒྱད་མ་ན་མེད། རབ་འབྱོར། འདི་ལྟ་སྟེ། དཔེར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འོད་ལ་ཚང་མེད་དོ། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཤེས་བྱ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པའི་སངས་རྒྱས། ཕྲེང་གཅིག་ན། ཚིག་གི་དོན་མེད་དེ། དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་ཞབས་ཀྱི་ཞལ་སྔ་ནས། དོན་དམ་པའི་བྱང་ཆུབ་སེམས་དཔའ་ཡང་གནས་མེད་པར་འགྲོ་བ་དག་ཏུ་རྒྱུའོ། །ཞེས་གསུངས་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕྲེང་ཕྱེད་ན། གང་ཡིན་པའི་ཆོས། འདུས་བྱས་དང་འདུས་མ་བྱས་དེ་དག་ཐམས་ཅད་ཀྱང༌། ཆོས་ཉིད་ཀྱི་གནས་སྐབས་ན། ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར། ལྡན་པ་ཡང་མ་ཡིན། རྣམ་པར་བྱང་བའི་མཚན་ཉིད་མ་ཡིན་པའི་ཕྱིར། མི་ལྡན་པ་ཡང་མ་ཡིན་ཏེ། ཕྲེང་ཕྱེད་ན། ཤ་སྟག་སྟེ། མཚན་ཉིད་ཐམས་ཅད་དང་བྲལ་བས་ནི། མཚན་ཉིད་མེད་པའི་མཚན་ཉིད་དོ། །ཞེས་གསུངས། ཆོས་ཀྱི་དབྱིངས་ལས་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མེད་པ་ཡང་དག་པ་ཉིད་ལ་བསླབ་པར་བྱའོ། །ཞེས་གསུངས་ཏེ། བརྟག་ཏུ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་རྟག་ཏུ་མེད་པ་དང༌། བརྟག་པ་མེད་པ་དང་ནི་དངོས་པོ་དང༌། དེའི་མཚན་མ་ལ་མངོན་པར་ཞེན་པ་ཡིན་ཏེ། དེ་དག་མེད་པས་ཞེན་པ་མེད་པར་བྱའོ། །མེད་པ་ཉིད་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་ནི་ཆོས་ཀྱི་དབྱིངས་འདི་ཉིད་ཁོ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་གྱུར་པ་ཡིན་པར་རང་བཞིན་གྱིས་གནས་པའི་རིགས་སྒྲུབ་པའི་རྟེན་ཡིན་ནོ། །ཞེས་བསྟན་ཏོ། །ཞེས་འཕགས་པ་རྣམ་གྲོལ་སྡེ་གསུངས་པའི་ཕྱིར་རོ། །འདི་ཡང་རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་ལ་བཞེད་པ་རྫོགས་ལྡན་གྱི་ཆོས་དང་མཐུན་ནོ། །རྒྱལ་བ་བྱམས་པའི་དགོངས་པ་ལ་བརྟེན་པ། རྒྱས་པའི་རིགས་ལ་དབྱེ་བ་ཡོད་ཀྱང་རྟེན། རང་བཞིན་རིགས་ལ་དབྱེ་བ་མེད་ཅེས། དོན་ལ་ཇི་ལྟར་གནས་པ་བཞིན་གསུངས་པ་ཡིན་པས། རྩོད་ལམ་དུ་མ་སྦྱར་ཡང་རུང་ཞིང༌། སྦྱོར་བ་ལ་མོས་ན་ཡང་འཕགས་པའི་གཞུང་ན་གསལ་ལོ། །རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་ལ་མི་འདོད་པ་རྣམས་ནི་རྫོགས་ལྡན་གྱི་ཆོས་རྣམས་དང་ཤིན་ཏུ་འགལ་ཞིང་ཤིང་རྟ་ཆེན་པོ་རྣམས་ཀྱང་འདས་ནས། གསུམ་ལྡན་མར་བཅད་དུས་ཕྱིས་བྱུང་བའི་ཆོས་སྐད་གསར་བ་ལུང་རིགས་ཡང་དག་གིས་གནོད་པ་ཅན་ཡིན་པས། མཁས་པའི་ཡང་མཁས་པ་རྣམས་ཀྱིས་གཡུ་སར་བཞིན་དུ་རིགས་པར་བྱའོ། །དེ་ལྟར་འཁྲུལ་བའི་གཞི་ནི་ 4-1-266 ཆོས་དབྱིངས་རང་སྟོང་དུ་འདོད་པས་བྱས་པ་ཡིན་ལ། འཁྲུལ་བ་གཞན་དཔག་ཏུ་མེད་པ་ཡང་དེ་ལ་བྱུང་ངོ༌། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གཉིས་སུ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་རིག་པར་བྱའོ། །དེ་རྣམས་ཀྱིས་ནི། སྒྲུ༷བ་པ༷་ཡི༷་ནི༷་རྟེ༷ན་གྱུ༷ར་པ༷། །ཆོ༷ས་ཀྱི༷་དབྱི༷ངས་ཀྱི༷་ར༷ང་བཞི༷ན་ད༷ང༌། །ཞེས་པ་དོན་བཞི་པ་གསུངས་ཟིན་ཏོ། ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །གསོལ་པ། བཅོམ་ལྡན་འདས། ཆོས་ཐམས་ཅད་ནི་གང་ལགས། ཕྲེང་བཞི་ན། ཆོས་ཐམས་ཅད་པོ་དེ་དག་ཉིད་དོ། །དེ་ཡང་དགེ་ལ་སོགས་པ་ཡིན། །གསོལ་པ། བཅོམ་ལྡན་འདས། འཇིག་རྟེན་པའི་དགེ་བའི་ཆོས་གང་ལགས། ཕྲེང་ཕྱེད་དང་བཅུ་བཞི་ན། ལུང་མ་བསྟན་པའི་ཆོས་སུ་ཞེས་བྱའོ། །འཇིག་རྟེན་པ་ཡི་རྟོགས་པ་དང༌། །གསོལ་པ། བཅོམ་ལྡན་འདས། འཇིག་རྟེན་པའི་ཆོས་གང་ལགས། ཕྲེང་གཉིས་ན། འཇིག་རྟེན་པའི་ཆོས་ཞེས་བྱའོ། །གང་དག་འཇིག་རྟེན་འདས་འདོད་དང༌། །གསོལ་པ། བཅོམ་ལྡན་འདས། འཇིག་རྟེན་ལས་འདས་པའི་ཆོས་གང་ལགས། ཕྲེང་ཉེར་བརྒྱད་ན། ཟག་བཅས། གསོལ་པ། བཅོམ་ལྡན་འདས། ཟག་པ་དང་བཅས་པའི་ཆོས་གང་ལགས། ཕྲེང་གཉིས་ལྷག་ན། ཟག་པ་མེད་ཆོས་དང༌། །གསོལ་པ། བཅོམ་ལྡན་འདས། ཟག་པ་མ་མཆིས་པའི་ཆོས་གང་ལགས། ཕྲེང་བཞི་ན། གང་དག་འདུས་བྱས། གསོལ་པ། བཅོམ་ལྡན་འདས། འདུས་བྱས་ཀྱི། ཕྲེང་གཉིས་ན། འདུས་མ་བྱས། །གསོལ་པ། བཅོམ་ལྡན་འདས། འདུས་མ་བྱས་ཀྱི། ཕྲེང་གསུམ་ན། སློབ་མ་ཐུན་མོང་ཆོས་རྣམས་དང༌། །གསོལ་པ། བཅོམ་ལྡན་འདས། ཐུན་མོང་གི །ཕྲེང་གཉིས་ན། གང་དག་ཐུབ་པའི་ཐུན་མོང་མིན། །གསོལ་པ། བཅོམ་ལྡན་འདས། ཐུན་མོང་མ་ལགས་པའི་ཆོས་གང་ལགས། ཕྲེང་གསུམ་ན། ཁོང་དུ་ཆུད་པར་བྱའོ། །དེ་རྣམས་ཀྱིས་ནི། དམི༷གས་པ༷་ད༷ག་ད༷ང་། ཞེས་པ་དོན་ལྔ་པ་གསུངས་ཟིན་ཏོ། ། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལོགས་གཅིག་སོང་བ་ན། རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་གང་ལགས་ཞེས་པ། རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ནི་ཡོན་ཏན་ལྔས་བརྒྱན་པ་སྟེ། ངེས་པར་འཇོམས་པ། རིན་ཆེ་བ་དང༌། སྐྱོན་མེད་པ་དང༌། མི་ཕྱེད་པ་དང༌། དོན་སྒྲུབ་པར་བྱེད་པའོ། །ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་གཅིག་ན། གོ་ཆ་བགོ་བར་བྱ་སྟེ། དེ་ལ་ངེས་པར་འཇོམས་པ་ནི་ཤེར་ཕྱིན་གྱི་དབང་གིས་ཡོན་ཏན་བརྒྱད་ཀྱིས་ངེས་པར་འཇོམས་པ་སྟེ། སེར་སྣ་ལ་སོགས་པ་ངེས་པར་གཞོམ་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། བདག་གིས་བདོག་པ་ཐམས་ཅད་ཡོངས་སུ་སྤང་བར་བྱའོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་ལ་སོགས་པ་ངེས་པར་གཞོམ་པའི་ཕྱིར་རོ། །བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་པར་བྱའོ། །ལྟ་བ་ཉེས་པ་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་གསུམ་ལས། ཕྲེང་གཅིག་ན། ཆོས་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། ཐེག་པ་དམན་པའི་ངེས་པར་གཞོམ་པའི་ཕྱིར། བདག་གིས་མ་འདྲེས་པའི་ 4-1-267 ངན་འགྲོ་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། བདག་གིས་ཆོས་རྟོགས་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཕུན་སུམ་ཚོགས་པ་ལ་བསླབ་པར་བྱའོ། །ཞེས་པ་སྟེ། ས་དང་པོར་དེ་བཞིན་ཉིད་ལ་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པ་དང༌། ཞེས་དབུ་མ་པ་གསུངས། འཁོར་བ་པའི་རྣམ་པར་རྟོག་པ་ཐམས་ཅད་གཞོམ་པའི་ཕྱིར། བདག་གི་ཆོས་ཚུལ་གཅིག་ཏུ་སྒྲུབ་པར་ཁོང་དུ་བྱའོ། །སྙམ་པ་སྟེ། ཕུང་པོ་ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་སྟོང་པ་ཉིད་ཀྱི་ཚུལ་དུ་རྟོགས་པ་དང༌། རྣམ་པར་བྱང་བའི་རྟོག་པ་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། བདག་གིས་ཆོས་དཔག་ཏུ་མེད་པ། ཕྲེང་གཅིག་ན་ཚུལ་གྱིས་བྱེད་དོ། །དེ་དག་ནི་སྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་རྟོགས་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཡོན་ཏན་བརྒྱད་བསྟན་པས་སེམས་དེའི་སྙིང་རྗེའི་སྟོབས་རིན་ཆེ་བ་བསྟན་པའི་ཕྱིར། རབ་འབྱོར། གཞན་ཡང༌། ཕྲེང་བརྒྱད་ན། མི་དམིགས་པའི་ཚུལ་གྱིས་བྱེད་དོ། །སེམས་རིན་པོ་ཆེ་སྐྱོན་མེད་པའི་ཕྱིར། རབ་འབྱོར། གཞན་ཡང༌། བྱང་ཆུབ། ཕྲེང་གསུམ་ལྷག་ན། རློམ་སེམས་སུ་མི་བྱའོ། །སེམས་རྡོ་རྗེ་ལྷ་བུ་དེའི་མི་བྱེད་པ་ཉིད་ནི། རབ་འབྱོར། ཕྲེང་གཉིས་ན། སེམས་མི་སྐུལ་བའོ། །ཞེས་པ་ནི་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རོ། །སེམས་ངེས། ཚིག་གཅིག་ན། དོན་སྒྲུབ་པར་བྱེད་པ་རིན་པོ་ཆེ་དང་འདྲ་བ་ནི། རབ་འབྱོར། གཞན་ཡང༌། ཕྲེང་ལྔ་ན། དབྱེར་མེད་པ་སྟེ། ཞེས་བྱ་བ་ནི་དཀར་པོའི་ཆོས་ཐམས་ཅད་དོན་ཐ་དད་པ་མེད་པའི་ཕྱིར། ཆོས་ཀྱི་སྐུ་ལ་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས་པའི་ཕྱིར། དོན་དམ་གྱི་འདི་ནི་ཆོས་ཞེས་བྱའོ། །དེ་ལ་ཆོས་འདོད་པ་གང་ཞེ་ན། གང་ཆོས་ཉིད་འདུས་མ་བྱས་ཀྱི་ཆོས་དེ་ལ་འདོད་ཅིང་མོས་པ་སྟེ། གང་འགྱུར་མེད་ཡོངས་གྲུབ་ཀྱི་ཆོས་དེ་ལ་དགའ་ཞིང་མངོན་པར་དགའ་སྟེ། གང་བདེ་གཤེགས་སྙིང་པོའི་ཆོས་དེ་ལ་ཡོན་ཏན་དུ་ལྟ་བ་སྟེ། ཕྲེང་ཕྱེད་ན། ཆོས་དེ་རང་བཞིན་འོད་གསལ། དབུ་མ་ཆེན་པོ། ཕྱག་རྒྱ་ཆེན་པོ། མྱང་འདས་ཆེན་པོ། ཨ་ཏི་ཡོ་ག་ལ་སོགས་མཐར་ཐུག་གཞི་འབྲས་ངོ་བོ་དབྱེར་མེད་ཉིད་ལ་བསྒོམ་ཞིང་མང་དུ་བྱེད་པ་སྟེ། ཕྲེང་བཅུ་ལྷག་ཙམ་ན། ཞེས་བྱའོ། །སྤོང་དང་། དེ་ནས་ཚེ་དང་ལྡན་པ། ཕྲེང་བཞི་ན། དེ་རྣམས་སྤངས་པས་གང་ཟག་ལ་བདེན་པ་བསྟན་ཏོ། །ཕུང་པོར་ལྟ་བ་དང༌། ཕྲེང་གསུམ་ན། དེ་མི་དམིགས་པའི་ཚུལ་གྱིས་བགྱིད་དེ། དེ་རྣམས་ཀྱིས་ཆོས་ལ་བདག་མེད་པ་བསྟན་ཏོ། །དེའི་སླད་དུ། ཕྲེང་བཞི་ལྷག་ན། གཟུགས་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ། །ཞེས་པ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལ་དམིགས་པའི་རྒྱུས་རྣམ་པར་རྟོག་པ་བསྐྱེད་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ། ཕྲེང་དགུ་ལྷག་ཙམ་ན། ཚུལ་གྱིས་སྟོན་ཏོ། །རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་འབྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་བཞི་ལྷག་ཙམ་ན། ཁམས་གསུམ་དང་དུས་གསུམ་གྱི་ཁོངས་སུ་ཆུད་པ་མ་མཆིས་པའི། ཕྲེང་གཅིག་ན། འདི་ལྟར་སེམས་ན་སེམས་མེད་པ་སྟེ། སེམས་མེད་པའི་ཕྱིར། དེ་ལ་ཆགས་པ་ 4-1-268 མེད་དོ། །ཞེས་བྱ་བ་ནི། དོན་དམ་ཆོས་ཉིད་ཀྱི་སེམས་ནི། ཀུན་བཏགས་པའི་སེམས་ཀྱིས་མཚན་ཉིད་ཐམས་ཅད་དང་བྲལ་བའི་ཕྱིར་སེམས་མེད་པ་ཞེས་བྱའོ། །དེ་བས་ན་སེམས་མེད་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་སེམས་ནི་ཀུན་བཏགས་པའི་སེམས་དེ་ལ་ཆགས་པ་མེད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཚེ་དང་ལྡན་པ། ཕྲེང་གཅིག་ལྷག་ཙམ་ན། ཐུན་མོང་མ་ཡིན་པའི་སེམས་གང་ཡིན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་འདྲི་བའོ། །ཕྲེང་ཕྱེད་ན། ཟག་མེད་ཀྱི་སེམས་དང་པོ་བསྐྱེད་ཕྱིན་ཆད། ཅེས་པ་ལ་སོགས་པས་དོན་དམ་པའི་སེམས་ཀྱི་མཚན་ཉིད་སྟོན་ཏོ། །ས་རབ་ཏུ་དགའ་བ་ཡན་ཆད་ཀྱི་རྣམ་པར་མི་རྟོག་པའི་སེམས་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཆོས་གང་ཡང་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང༌། ཕྲེང་གཉིས་ན། རྣམ་པར་བྱང་བ་མེད་དེ་ལ། ཀུན་བཏགས་པའི་གནས་སྐབས་ན་སྒྱུ་མ་ལྟ་བུའི་ཆོས་དེ་དག་སྐྱེ་བ་ལ་སོགས་པ་དང་ལྡན་པ་འདྲ་བར་སྣང་ངོ༌། །ཞེས་སམ། གང་གིས་རྟོགས་པ་དེས་མཉམ་པ་དང་མཉམ་པའི་སེམས་དང༌། ཐུན་མོང་མ་ཡིན་པའི་སེམས་ཡིན་པས། ཉན་ཐོས་ཀྱི་སེམས་མེད་དོ། །ཕྲེང་གཅིག་ན། སེམས་ཀུན་རྫོབ་པ་མེད་དོ། །ཕྲེང་གཅིག་དང་ཕྱེད་ན། ཁམས་གསུམ་དང་དུས་གསུམ་གྱི་ཁོངས་སུ་ཆུད་པ་མེད་པ་དེ་ལྟ་བུའི། ཕྲེང་ཕྱེད་ན། དེ་བས་ཆོས་ཉིད་ཀྱི་གཟུགས་ཀྱང༌། ཚོར་བ་དང༌། ཕྲེང་གཅིག །དེ་དེ་བཞིན་དང༌། གཟུགས་ཀྱང་ཆགས་པ་མེད་དོ། །ཚོར་བ་དང༌། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཡང་ཆགས་པ་མེད་དོ། །ཕྲེང་གཅིག་ན། སྐྱེ་བོ་རྣམས་ལ་ཁྱབ་པར་བཞུགས་པའི་ཆོས་ཉིད་ཀྱི། ཕྲེང་ཕྱེད་ན། རང་སངས་རྒྱས་རྣམས་ཀྱི་སེམས་དང༌། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱང༌། ཕྲེང་གཅིག་ན། སྐྱེ་བོ་རྣམས་སེམས་ཀྱང༌། རང་སངས་རྒྱས་རྣམས་ཀྱི་སེམས་ཀྱང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀྱང༌། ཟག་པ་མེད་ཅིང་ཁམས་གསུམ་དང༌། དུས་གསུམ་ཁོངས་སུ་ཆུད་པར་མེད་དོ། །གཟུགས་ཀྱང་ཚོར་བ་དང༌། ཕྲེང་ཕྱེད་དང་གཉིས་ན། དེར་ཡང་མི་ཟད་དེ། ཀུན་བཏགས་ཀྱི་གཟུགས་མེད་པའི་གཞི་ཆོས་ཉིད་ཀྱི་གཟུགས་དེ་ཡང་ཀུན་བཏགས་ཀྱི་གཟུགས་ལ་ཆགས་པ་མེད་དོ། །དེ་ནས་ཞེས་པ་ནི། ཀུན་བཏགས་པའི་སེམས་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར་ཏེ། ཇི་ལྟར་ཡོངས་སུ་གྲུབ་པའི་སེམས་མ་ཡིན་ཞེས་བྱ་བ་དེ་བཞིན་དུ་ཀུན་བཏགས་པའི་གཟུགས་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར། ཆོས་ཉིད་ཀྱི་གཟུགས་ལ་གཟུགས་མེད་པ་ཞེས་བྱའོ། །གཟུགས་མེད་པར་གྱུར་པ། ཆོས་ཉིད་ཀྱི་ངོ་བོ་ཉིད་དེ། ཀུན་བཏགས་པའི་གཟུགས་ལ་ཆགས་པ་མེད་དོ། །ཞེས་བྱ་བ་དང༌། ཚོར་བའི་བདག་ཉིད་མ་ཡིན་པའི་ཆོས་ཉིད་དེ་ཀུན་བཏགས་པའི་ཚོར་བ་ལ་ཆགས་པ་མེད་དོ། །ཞེས་བྱ་བར་སྦྱར་རོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས་ཤིང༌། འབུམ་ཏིག་ཀྱང་དེ་དག་དང་མཐུན་ཏེ། ཇི་སྐད་དུ། ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་ཉིད་ཀྱི་སེམས་ལ་ཀུན་བཏགས་པའི་སེམས་མེད་པའི་ཕྱིར་སེམས་མེད་པ་ཞེས་བྱའོ། །གཟུགས་མེད་པ་ཡང་གཟུགས་ 4-1-269 ལ་ཆགས་པ་མེད་དོ། །ཞེས་བྱ་བ་ལ། གཟུགས་མེད་པ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད། ཆོས་ཉིད་ཀྱི་གཟུགས་ཀུན་བཏགས་པའི་གཟུགས་ཡོད་པ་མ་ཡིན་པའི་ཕྱིར། གཟུགས་མེད་པ་ཞེས་བྱ་སྟེ། ཡོངས་སུ་གྲུབ་པའི་རང་བཞིན་གཟུགས་མེད་པ་དེ་ཀུན་བཏགས་པའི་གཟུགས་ལ་ཆགས་པ་མེད་དོ། །ཞེས་བསྟན་པའོ། །དེ་བཞིན་ཚོར་བ་ལ་སོགས་པ་ནས། རྒ་ཤིའི་བར་དུ་འཇིག་རྟེན་པའི་ཆོས་རྣམས་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ཡང་སྦྱར་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཚོར་བ་མེད་པ་དང༌། ལོགས་གཅིག་སོང་བ་ན། ཞེས་བྱའོ། །དེ་རྣམས་ཀྱིས་ནི། ཆེ༷ད་ད༷ང་ནི༷། །ཞེས་པ་དོན་དྲུག་པ་གསུངས་ཟིན་ཏོ། ། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་ཏེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །འདི་བཙུན་པ་རྣམ་གྲོལ་སྡེ་དང༌། སྨྲི་ཏིས་སྐབས་འདིར་སྦྱར་བ་ནི་ལེགས་ཏེ། མདོ་དང་མཐུན་པའི་ཕྱིར་རོ། །གཞན་གྱིས་ནི་གཞན་དུ་སྦྱར་རོ། །དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས། ཕྲེང་གཉིས་ན། དེ་ནི་དང་པོའི་སེམས་ནས་བཟུང་ནས་བསམ་པ་རྒྱ་ཆེ་བའི་ཕྱིར། གོ་ཆ་ཆེན་པོ་བགོས་པའི། དེ་ནི། མོས་སྤྱོད་ཀྱིས་ནས་བཟུང་སྟེ། ས་བདུན་པའི་བར་རྟོག་པ་དང༌། རྩོལ་བ་དང་བཅས་པས། སྤྱོད་པའི་ཕྱིར། ཐེག་པ་ཆེན་པོ་ལ་ཡང་དག་པར་བཞུགས། དེ་ནི་ས་བརྒྱད་པ་ཡན་ཆད་དོན་དམ་པའི་སྤྱོད་པས་གནས་པའི་ཕྱིར། ཞེས་པ་འདི་གསུམ་དབུ་མ་པའི་དགོངས་པ་བྲིས་སོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་སེམས་ཅན་ལགས་པས། དེ་ལ་གོ་ཆ་བགོས་པ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་ཕྱིར། བསམ་པ་རྒྱ་ཆེ་བ་དང༌། སྒྲུབ་པ་གཅིག་གིས་སྒྲུབ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་སྒྲུབ་པ་རྒྱ་ཆེ་བའོ། །དེ་ལ་བསམ་པ་རྒྱ་ཆེ་བ་ནི། ཞེས་དབུ་མ་པ་གསུངས། དེ་ནས་ཚེ་དང་ལྡན་པ་ཤོག་གུ་གཅིག་དང་ཕྲེང་གསུམ་ན། བམ་པོ་བཅུ་བཞི་པའོ། །སྒྲུབ་པ་རྒྱ་ཆེ་བ་ནི། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། དེ་ནས་ཤོག་གུ་བརྒྱད་དང་ཕྲེང་བཅུ་ན། དབྱངས་རྗེས་སུ་སྒྲོག་གོ །དེ་རྣམས་ཀྱིས་ནི། གོ༷་ཆ༷། ཞེས་པ་དོན་བདུན་པ་གསུངས་ཟིན་ཏོ། ། བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌། །སྨྲས་པ། ཚེ་དང་ལྡན་པ་ཤོག་གུ་གསུམ་དང་ཕྲེང་དགུ་ན། ཐེག་པ་ཆེན་པོའོ། །(གསལ་བཤད། མངོན་རྟོགས་རྒྱན་ལས། ལམ་དང་བྱམས་ལ་སོགས་པ་དང༌། །ཞེས་འདིར་མི་བཞུགས་པར་དཔགས་ན་མ་དཔེ་ལས་ཆད་སྙམ།) དམིགས་པ་མེད་དང་ལྡན་པ་དང༌། །ཚེ་དང་ལྡན་པ། ཕྲེང་དྲུག་ན། མི་ཤེས་པ་ཡང་མེད་པ་འདི་ནི། ཞེས་པའི་དོན་ནི་དབུ་མ་པ་ཆེན་པོ་དུས་གསུམ་མཉམ་པ་ཉིད་ཐེག་པ་ཆེན་པོ་ཡིན་པ་དང༌། དེ་ལ་མི་ཤེས་པ་མེད་པ་དང༌། མི་དམིགས་པའི་ཤེས་པ་ཡང་དག་པར་ཞུགས་པ་ཡིན་ནོ། །ཞེས་གསུངས། ཕྲེང་གཉིས་ཅུང་མེད་ན། གཟུགས་མེད་པའི་ཁམས་མི་ཤེས་པ་ཡང་མེད་པ་སྟེ། ཞེས་པ་འདིའི་ 4-1-270 དོན་དབུ་མ་པ་ཆེན་པོས་ཁམས་གསུམ་མཉམ་པ་ཉིད་ཐེག་པ་ཆེན་པོ་ཡིན་པ་དང༌། དེ་ལ་མི་ཤེས་པ་མེད་པ་དང༌། མི་དམིགས་པའི་ཤེས་པ་ཡང་དག་པར་ཞུགས་པ་ཡིན་ནོ། །ཞེས་གསུངས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་ན། ཐེག་པ་ཆེན་པོའོ། །ཞེས་པ་ནི་དོན་དམ་པར་ཁམས་གསུམ་མཉམ་པ་ཉིད་དུ་རྟོགས་པ་དང༌། ཀུན་རྫོབ་ཏུ་ཁམས་གསུམ་གྱི་མཚན་ཉིད་མི་ཤེས་པ་ཡང་མ་ཡིན་པ་ཉིད་ཐེག་པ་ཆེན་པོ་ཡིན་ལ། དེ་ལྟར་སྤྱོད་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །ཞེས་བསྟན་པ་སྟེ། ཞེས་འབུམ་ཏིག་གསུངས། ཕྲེང་ལྔ་ལྷག་ཙམ་ན། ཐེག་པ་ཆེན་པོའོ། །འཁོར་གསུམ་རྣམ་པར་དག་པ་དང༌། །སྨྲས་པ། ཚེ་དང་ལྡན་པ། ཕྲེང་བརྒྱད་ན། གནས་ཞེས་བྱའོ། །ཆེད་དུ་བྱ་དང་། ཚེ་དང་ལྡན་པ། ཤོག་གུ་གཅིག་དང་ཕྲེང་བཅུ་གཉིས་ན། ཡང་དག་པར་གནས་ཞེས་བྱའོ། །མངོན་ཤེས་དྲུག །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་དང་བདུན་ན། ནམ་དུ་ཡང་མི་འབྲལ་ཏོ། །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི། ཕྲེང་དགུ་ན། གནས་ཤེས་བྱའོ། །དེ་རྣམས་ཀྱིས་ནི། འཇུ༷ག་པ༷འི་བྱ༷་བ༷་ད༷ང༌། །ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། ། བརྩེ་དང་། ཤོག་གུ་གཅིག་དང་ཕྲེང་བཅུ་གཉིས་ན། བགོས་ཤེས་བྱའོ། །སྦྱིན་ལ་སོགས་པ་དྲུག །རབ་འབྱོར། གཞན་ཡང༌། ཤོག་གུ་བཞི་ན། བགོས་པ་ཞེས་བྱའོ། །ཞི་གནས། རབ་འབྱོར། གཞན་ཡང༌། ཤོག་གུ་གཉིས་ན། ལྷག་མཐོང་བཅས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ལོགས་གཅིག་ན། སྟོང་པ་ཉིད་ཀྱི་སླད་དུ། ཀུན་བཏགས་ཀྱི་གོ་ཆ་མ་མཆིས་པ། ཡོངས་གྲུབ་གོ་ཆ་བགོ་པར་རིག་པར་བྱའོ། །ཞེས་པ་ནི་སྔར་བཤད་པའི་གོ་ཆ་ཐམས་ཅད་ཀུན་བཏགས་པ་ཡིན་པའི་ཕྱིར། གོ་ཆ་དེ་དག་མེད་པའི་རང་བཞིན་ཉིད་ཀྱིས་ངོ་བོ་ཉིད་ཀྱི་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནི་འདི་ལྟར་ཡོངས་གྲུབ་ཀྱི་གཟུགས་ཀུན་བཏགས་ཀྱི་གཟུགས་ཀྱིས་སྟོང་ངོ༌། །ཞེས་པ་ལ་སོགས་པ་བཤད་དེ། འདི་ལྟར་ཡོངས་སུ་གྲུབ་པའི་ཚོར་བ་ཀུན་བཏགས་པའི་ཚོར་བས་སྟོང་སྟེ། དེའི་ཕྱིར་དོན་དམ་པ་ཀུན་བཏགས་པའི་གོ་ཆས་སྟོང་ངོ༌། །ཞེས་བྱ་བར་སྦྱར་རོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས་ཤིང་དོན་དང་མཐུན་ལ། ངེས་དོན་མདོ་བཅུ་དང༌། སྙིང་པོའི་མདོ་ལྔ་ལ་སོགས་པ་དང༌། དུས་ཀྱི་འཁོར་ལོ་དང༌། སེམས་འགྲེལ་སྐོར་གསུམ་ལ་སོགས་པ་མདོ་སྔགས་ཟབ་མོའི་མཐར་ཐུག་པ་རྣམས་དང་ཤིན་ཏུ་མཐུན་པས་དོན་དམ་གཞན་སྟོང་གི་ཚུལ་འདི་ནི་རྫོགས་ལྡན་གྱི་ཆོས་ཚུལ་ཟབ་མོ་ཁྱད་འཕགས་ཡིན་པས་ཐམས་ཅད་རང་སྟོང་ཉིད་དུ་འདོད་པ་རྣམས་ནི་རྫོགས་ལྡན་ལས་འདས་ཤིང༌། ཤིང་རྟ་ཆེན་པོ་རྣམས་ཀྱང་འདས་པའི་རྗེས་ལ་གསུམ་ལྡན་ལ་སོགས་སངས་རྒྱས་ཀྱི་བསྟན་པ་ལ་སྐྱོན་ཞུགས་ནས་བྱུང་བ་ཡིན་ཞིང༌། དེ་ལྟར་ཆོས་ཚུལ་སྔ་ཕྱི་དེ་གཉིས་ནི་གཡུ་རྙིང་དང༌། གཡུ་སར་བཞིན་དུ་ཁྱད་ཤིན་ཏུ་ཆེ་སྟེ། གཤིས་ལ་གནས་མི་གནས་དང༌། ལུང་རིགས་རྣམ་དག་གིས་གནོད་པ་ 4-1-271 དང༌། མི་གནོད་པའི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །དེ་ན་ཡོངས་གྲུབ་ཀྱི་ཚོར་བ་དང༌། ཕྲེང་གཉིས་དང་ཕྱེད་ན། ཡོངས་གྲུབ་ཀྱི་ཡིད་ཀྱི་འདུས་ཏེ་རེག་པ། ཕྲེང་གཅིག་ན། ཡོངས་གྲུབ་ཀྱི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཀུན་བཏགས་ཀྱི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་ངོ༌། །ཡོངས་གྲུབ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། དེ་བཞིན་དུ། ཀུན་བཏགས་ཀྱི་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཡོངས་གྲུབ་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཀུན་བཏགས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ༌། །ཡོངས་གྲུབ་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཀུན་བཏགས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་སྟོང་ངོ༌། །ཡོངས་གྲུབ་ཀྱི་འཕགས་པའི་བདེན་པ་དང༌། ཕྲེང་གཉིས་ན། ཡོངས་གྲུབ་ཀྱི་ཆོས་མ་འདྲེས་པ་རྣམས་ཀུན་བཏགས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ༌། །ཡོངས་གྲུབ་ཀྱི་བྱང་ཆུབ་སེམས་དཔའ་ཀུན་བཏགས་ཀྱི་བྱང་ཆུབ་སེམས་དཔས་སྟོང་ངོ༌། །ཡོངས་གྲུབ་ཀྱི་གོ་ཆ་ཆེན་པོ་ཡང་ཀུན་བཏགས་ཀྱི་གོ་ཆ་ཆེན་པོས་སྟོང་སྟེ། ཀུན་བཏགས་ཀྱི་གོ་ཆ་མ་མཆིས་པའི་གཞི་ཡོངས་གྲུབ་ཀྱི་གོ་ཆ་བགོས་པར་རིག་པར་བགྱིའོ། །ཕྲེང་གསུམ་གཉིས་ན། རབ་འབྱོར། དེ་ནི་གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བྱས། ཕྲེང་གཉིས་ལྷག་ན། ཅིའི་སླད་དུ། གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བགྱིས། ཕྲེང་གཅིག་དང་ཕྱེད་ན། བྱེད་པ་གཤིས་ལ་མེད་ཅིང་དམིགས་སུ་མེད་པའི་ཕྱིར། གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བྱས། ཕྲེང་གཅིག་ན། འདི་ལྟར་བྱེད་པ་དང༌། བྱེད་པ་པོ་གཤིས་ལ་མེད་པའི་ཕྱིར། ཀུན་བཏགས་ཀྱི་གཟུགས་མ་བྱེད། ཕྲེང་བརྒྱད་ན། དེ་ཅིའི་ཕྱིར་ཞེ་ན། བྱེད་པ་དེ་གཤིས་ལ་ཤིན་ཏུ་མེད་ཅིང་མི་རྟོག་པ་ཡིན་པས་གང་ཡང་མི་དམིགས་པའི་ཕྱིར་རོ། །ཕྲེང་ཕྱེད་ན། དེ་ཤིན་ཏུ་མེད་ཅིང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར། འདུས་མ་བྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ། འདི་ལྟར་འདུས་མ་བྱས་ཀྱི། ཕྲེང་གཅིག་ན། དེ་དག་ཀྱང་ཀུན་བཏགས་ཡིན་པས་མ་བྱས། ཕྲེང་གཅིག་ན། ཀུན་བཏགས་ཀྱི་གོ་ཆ་མེད་པའི་གཞི་ཡོངས་གྲུབ་ཀྱི་གོ་ཆ་ཆེན་པོ། བགོས་ཤེས་བྱའོ། །ཟུང་དུ་འབྲེལ་བའི་ལམ་གང་དང༌། །གསོལ་པ། བཅོམ་ལྡན་འདས་བདག་གིས། ཕྲེང་ཕྱེད་ན། གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཞེས་པ་ལ་སོགས་པ་སྨོས་ཏེ། བཅིང་བ་དང་གྲོལ་བ་གཉིས་ཡོད་པར་ལས་འགྱུར་ན། འདི་ལྟར་གཟུགས་ལ་སོགས་པ་ནི་ཤིན་ཏུ་མེད་པ་ཡིན་པས། ཡོད་པ་མ་ཡིན་པ་དེ་དག་ལ་བཅིངས་པ་དང༌། གྲོལ་བ་གང་ལ་ཡོད་དེ། མ་འགྲུབ་བོ། །ཀུན་བཏགས་པའི་དབང་གིས་ནི་བཅིངས་པ་དང༌། གྲོལ་བ་གཉིས་བསྟན་ཀྱི། དོན་དམ་པར་ནི་མ་ཡིན་ནོ། །ཞེས་པའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། ཕྲེང་གཅིག་ན། རབ་འབྱོར། ཡོངས་གྲུབ་ཀྱི་གཟུགས་ནི་མ་བཅིངས་མ་གྲོལ་བ་ཡིན་ནམ། ཕྲེང་གཅིག་ན། གང་པོ་ཡོངས་གྲུབ་ཀྱི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཕྲེང་གཉིས་ན། རྣམ་པར་ཤེས་པ་འདུས་ 4-1-272 མ་བྱས་པ་གང་ཡིན། གང་འདི་ཡོངས་གྲུབ་རྨི་ལམ་ལྟ་བུའི་གཟུགས། འདུས་མ་བྱས་ཀྱི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །ཞེས་པ་ལ་སོགས་པ་ནི་ཡོངས་སུ་གྲུབ་པའི་གཟུགས་ཀྱང་མ་བཅིངས་མ་གྲོལ་བ་ཉིད་དུ་བསྟན་ཏོ། །བདེན་པ་དང༌། ཞི་བ་དང༌། སྟོང་པའི་ཕྱིར། ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་གནས་པ་ལ་བཅིངས་པ་དང་གྲོལ་བ་གཉིས་མི་རིགས་སོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། གང་འདི་རྨི་ལམ་ལྟ་བུའི་ཚོར་བ། འདུས་མ་བྱས་པ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་འདུས་མ་བྱས་དེ་ནི། མ་བཅིངས་མ་གྲོལ་བའོ། །ཕྲེང་གཅིག་ན། སྤྲུལ་པ་ལྟ་བུའི་གཟུགས་འདུས་མ་བྱས་པ་དེ་ནི། མ་བཅིངས་མ་གྲོལ་བའོ། །ཕྲེང་གསུམ་གཉིས་ན། སྤྲུལ་པ་ལྟ་བུའི་རྣམ་པར་ཤེས་པ། འདུས་མ་བྱས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་པོ་ཡོངས་གྲུབ་ཀྱི་འདས་པའི་གཟུགས། འདུས་མ་བྱས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་པོ་ཡོངས་གྲུབ་ཀྱི་མ་འོངས་པའི་གཟུགས་འདུས་མ་བྱས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་པོ་ཡོངས་གྲུབ་ཀྱི་ད་ལྟར་བྱུང་བའི་གཟུགས་དུས་གསུམ་མཉམ་པ་ཉིད་ཀྱི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །ཕྲེང་གཅིག་ན། ད་ལྟར་བྱུང་བའི་དུས་གསུམ་མཉམ་པ་ཉིད་ཀྱི་གཟུགས་དེ་ནི་མ་བཅིངས། ཕྲེང་གཅིག་ན། གང་པོ་ཡོངས་གྲུབ་ཀྱི་གཟུགས་ནི་ཀུན་བཏགས་ཀྱི་གཟུགས་སུ་མེད་པའི་ཕྱིར། ཆོས་ཉིད་ཀྱི་གཟུགས་མ་བཅིངས་མ་གྲོལ་བའོ། །ཆོས་ཉིད་ཀྱི་ཚོར་བ་དང༌། རྣམ་པར་ཤེས་པ་ཀུན་བཏགས་ཀྱི་ཆོས་ཐམས་ཅད་དུ་མ་སྐྱེས་པའི་ཕྱིར་རོ། །གང་པོ་ཡོངས་གྲུབ་གཟུགས་ཀུན་བརྟགས་ཀྱིས་དབེན་པའི་ཕྱིར། ཕྲེང་གཅིག་ན། དོན་དམ་གྱི་གཟུགས་མ་སྐྱེས་པའི་ཕྱིར། ཆོས་ཉིད་ཀྱི་གཟུགས་མ་བཅིངས་མ་གྲོལ་བའོ། །ཕྲེང་གཅིག་ན། གང་པོ་དོན་དམ་པའི་དགེ་བའི་གཟུགས་ནི། དོན་དམ་པའི་དགེ་བའི་ཚོར་བ་དང༌། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དོན་དམ་པའི་དགེ་བ་གང་ཞེ་ན། དེ་བཞིན་ཉིད་དོ། །ཞེས་འཕགས་པ་ཐོགས་མེད་ཀྱང་གསུངས། གང་པོ་མི་དགེ་བའི་རྣམ་པ་ཅན་གྱི་ཆོས་ཉིད་ཀྱི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །མི་དགེ་བའི་རྣམ་པ་ཅན་གྱི་ཆོས་ཉིད་ཀྱི་ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་གཅིག་ན། ལུང་དུ་མ་བསྟན་པའི་རྣམ་པ་ཅན་གྱི་དོན་དམ་གྱི་ཚོར་བ་དང༌། འདུ་ཤེས་དང༌། གང་པོ་འཇིག་རྟེན་པའི་རྣམ་པ་ཅན་གྱི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཕྱི་མ་རྣམས་ལའང་སྦྱར་ཏེ། འཇིག་རྟེན་པའི་ཚོར་བ་དང༌། གང་པོ་གདོད་ནས་རང་བཞིན་གྱིས་འཇིག་རྟེན་ལས་འདས་པའི་གཟུགས་འདུས་མ་བྱས་ནི་མ་བཅིངས་མ་གྲོལ་བའོ། །གདོད་ནས་རང་བཞིན་གྱིས་འཇིག་རྟེན་ལས་འདས་པའི་ཚོར་བ་དང༌། རྣམ་པར་ཤེས་པ་འདུས་མ་བྱས་པ་ནི་མ་བཅིངས་མ་གྲོལ་བའོ། །གང་པོ་ཟག་པ་དང་བཅས་པའི་རྣམ་པ་ཅན་གྱི་ཆོས་ཉིད་ཀྱི་གཟུགས་ནི་མ་བཅིངས་མ་གྲོལ་པའོ། །གང་པོ་གདོད་ནས་རང་བཞིན་གྱིས་ཟག་པ་མེད་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པ་དེའི་ཕྱིར་ཟད་ཅེས་ 4-1-273 བསྟན། །ཞེས་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར་གསུངས་པ། གང་པོ་དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ཀྱི་གཟུགས་ཀུན་བཏགས་སུ་མེད་པའི་ཕྱིར། ཆོས་ཉིད་ཀྱི་གཟུགས་ཀུན་བཏགས་ཀྱིས་དབེན་པའི་ཕྱིར། ཆོས་ཉིད་ཀྱི་གཟུགས་མ་སྐྱེས་པའི་ཕྱིར། གང་པོ་དོན་དམ་གཞན་སྟོང་གི་ཆོས་ཐམས་ཅད་ཀྱང་མ་བཅིངས་མ་གྲོལ་བ་སྟེ། ཀུན་རྫོབ་རང་སྟོང་གི་ཆོས་ཐམས་ཅད་དུ་མེད་པའི་ཕྱིར། ཀུན་རྫོབ་རང་སྟོང་གི་ཆོས་ཐམས་ཅད་ཀྱིས་དབེན་པའི་ཕྱིར་རྒྱུ་རྐྱེན་གང་ལས་ཀྱང་མ་སྐྱེས་པའི་ཕྱིར། གང་པོ་དོན་དམ་གཞན་སྟོང་གི་སྦྱིན་པའི། ཚུལ་ཁྲིམས་ཀྱི། བཟོད་པའི། བརྩོན་འགྲུས་ཀྱི། བསམ་གཏན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། གང་པོ་ཀུན་རྫོབ་ཀྱི་ཆོས་གང་དུ་ཡང་མེད་པའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་དབེན་པའི་ཕྱིར། རྒྱུ་རྐྱེན་གང་ལས་ཀྱང་མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཀུན་རྫོབ་ཀྱི་ཆོས་གང་དུ་ཡང་མེད་པའི་ཕྱིར། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་དབེན་པའི་ཕྱིར། མ་བཅིངས་མ་གྲོལ་བའོ། །གང་པོ་ཆོས་ཉིད་ཀྱི་མ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །གང་པོ་ཀུན་རྫོབ་ཐམས་ཅད་གཤིས་ལུགས་ལ་མེད་པའི་ཕྱིར། ཀུན་རྫོབ་ཐམས་ཅད་ཀྱིས་དབེན་པའི་ཕྱིར། ཀུན་རྫོབ་ཐམས་ཅད་ལ་གཤིས་ལུགས་མ་སྐྱེས་པའི་ཕྱིར། ཕྲེང་གསུམ་ན། གང་པོ་ཀུན་རྫོབ་ཏུ་ཐམས་ཅད་གཤིས་ལ་མེད་པའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས། ཀུན་རྫོབ་ཐམས་ཅད་ཀྱིས་དབེན་པའི་ཕྱིར། ཀུན་རྫོབ་ཐམས་ཅད་གཤིས་ལས་མ་སྐྱེས་པའི་ཕྱིར། གང་པོ་ཆོས་ཉིད་ན་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །གང་པོ་ཀུན་རྫོབ་ཐམས་ཅད་གཤིས་ལུགས་ལ་མེད་པའི་ཕྱིར། ཀུན་རྫོབ་ཐམས་ཅད་ཀྱིས་དབེན་པའི་ཕྱིར། ཀུན་རྫོབ་གཤིས་ལུགས་ལ་མ་སྐྱེས་པའི་ཕྱིར། མ་བཅིངས་མ་གྲོལ་བའོ། །ཕྲེང་གསུམ་ན། གང་པོ་ཀུན་རྫོབ་ཐམས་ཅད་གཤིས་ལ་མེད་པའི་ཕྱིར། ཀུན་རྫོབ་ཐམས་ཅད་ཀྱིས་དབེན་པའི་ཕྱིར། ཀུན་རྫོབ་ཐམས་ཅད་གཤིས་ལ་མ་སྐྱེས་པའི་ཕྱིར། གང་པོ་ཆོས་ཉིད་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུའི་བར་དང༌། གང་པོ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གཤིས་ལ་མེད་པའི་ཕྱིར། ཀུན་རྫོབ་ཀུན་བཏགས་ཀྱིས་ཐམས་ཅད་ཀྱིས་དབེན་པའི་ཕྱིར། གཤིས་ལ་མེད་པའི་ཕྱིར། གང་པོ་དོན་དམ་པའི་ཡོངས་གྲུབ་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། གང་པོ་ཀུན་རྫོབ་ཀྱི་ཀུན་བཏགས་ཀྱི་ཆོས་ཐམས་ཅད་གཤིས་ལ་མེད་པའི་ཕྱིར། ཀུན་རྫོབ་ཀྱིས་དབེན་པའི་ཕྱིར། གཤིས་ལ་མ་སྐྱེས་པའི་ཕྱིར། གང་པོ་དོན་དམ་ཡོངས་གྲུབ་ཀྱི་བྱང་ཆུབ་སེམས་དཔའ་ཡང༌། གང་པོ་ཀུན་རྫོབ་ཐམས་ཅད་གཤིས་ལ་མེད་པའི་ཕྱིར། ཀུན་རྫོབ་ཀྱིས་དབེན་པའི་ཕྱིར། གཤིས་ལ་མ་སྐྱེས་པའི་ཕྱིར། ཚེ་དང་ལྡན་པ་གང་པོ་ཀུན་རྫོབ་ཀུན་བཏགས་ཀྱི་ཆོས་ཐམས་ཅད་དུ་མེད་པའི་ཕྱིར། ཀུན་རྫོབ་ཐམས་ཅད་ཡིན་པས་དབེན་པའི་ཕྱིར། རྒྱུ་རྐྱེན་གང་ལས་མ་སྐྱེས་པའི་ཕྱིར་རོ། །གཤིས་ལ་མེད་པའི་ཕྱིར། ཀུན་རྫོབ་ཐམས་ཅད་ཡིན་པས་དབེན་པའི་ཕྱིར། རྒྱུ་རྐྱེན་གང་ལས་ཡང་མ་སྐྱེས་པའི་ཕྱིར། གང་པོ་ 4-1-274 འདུས་བྱས་ཐམས་ཅད་དུ་མེད་པའི་ཕྱིར། འདུས་བྱས་ཀྱིས་དབེན་པའི་ཕྱིར། འདི་ནི་འདུས་མ་བྱས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། འདུས་མ་བྱས་ཀྱི་ཚུལ་ཁྲིམས། འདུས་མ་བྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ། འདུས་མ་བྱས་ཀྱི་བྱང་ཆུབ་སེམས་དཔའ། འདུས་མ་བྱས་སངས་རྒྱས། དེ་ལྟར་རྟོགས་པའི་རྒྱལ་སྲས་ཆེན་པོ་དེ་མ་བཅིངས་མ་གྲོལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་བྱ་བ་ལ་གནས། ཕྲེང་གཉིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་བྱ་བ་ལ་གནས། ཕྲེང་གསུམ་ན། མ་གྲོལ་བ་མངོན་དུ་བྱས་པ་ལ་རྒྱལ་སྲས་དེ་མ་བཅིངས་མ་གྲོལ་བའི་སྙིང་པོ་ཅན་གྱི་སེམས་ཅན་རྣམས་ཡོངས་སུ་མ་གྲོལ་བ་ལ་མངོན་དུ་བྱ་བའི་རྒྱལ་སྲས། དེ་མ་བཅིངས་མ་གྲོལ་བའི། མ་གྲོལ་བ་ལ་མངོན་དུ་བྱས་པའི་རྒྱལ་སྲས། དེ་མ་བཅིངས་མ་གྲོལ་བའི་སངས་རྒྱས། མ་གྲོལ། དེ་མ་བཅིངས། མ་གྲོལ། དེ་མ་བཅིངས་མ་གྲོལ་བའི་མིག་ལྔ་དང༌། དེ་མ་བཅིངས་མ་གྲོལ་བའི་གཟུགས་རྣམས་དང༌། དེ་མ་བཅིངས་མ་གྲོལ་བའི་ཏིང་ངེ་འཛིན་རྣམས་དང༌། དེ་མ་བཅིངས་མ་གྲོལ་བའི་ལམ་གྱི་རྣམ་པར་ཤེས་པ། དེ་མ་བཅིངས་མ་གྲོལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ། དེ་མ་བཅིངས་མ་གྲོལ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །དེ་མ་བཅིངས་མ་གྲོལ་བའི་སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་འགོད་པར་འགྱུར་རོ། །དོན་དམ་གཞན་སྟོང་ཆོས་ཉིད་ཡོངས་གྲུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མ་བཅིངས་མ་གྲོལ་བའོ། །ཀུན་རྫོབ་ཀུན་བཏགས་ཀྱི་ཆོས་གང་དུ་ཡང་མེད་པ་དང༌། ཕྲེང་གཅིག་ན། ཐབས་ལ་མཁས་པ་གང་ཡིན་དང༌། །དེ་ནས་ཚེ་དང་ལྡན་པ། ཤོག་གུ་ཕྱེད་དང་གཉིས་ན། ཡེ་ཤེས་དང་ནི། རབ་འབྱོར། གཞན་ཡང༌། ཕྲེང་ཕྱེད་དང་གསུམ་ན། ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །དེ་དག་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་འཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་བཏང་བར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་འཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་བས་སྟོང་ཉིད་གཞན། །གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ནི་དག་དང་མ་དག་མིན། །ཞེས་རྡོ་རྗེ་འཆང་དང༌། རྒྱལ་བ་བྱམས་པས་གསུངས་ཤིང༌། དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པས། སམ་བུ་ཊིའི་རྒྱུད་ཕྱི་མར། ཇི་སྐད་གསུངས་པ་དེ་ཁོ་ན་བཞིན་དུ་བཀྲལ་བས་དེའི་རྗེས་སུ་ཞུགས་ནས་འདིར་ཡང༌། སྟོང་ཉིད་ཀྱི་རྟོགས་པ་ཕྱིན་ཅི་མ་ལོག་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རང་རྒྱུད་ལ་བསྐྱེད་པར་བྱའོ། །དེ་ལ་ནང་སྟོང་པ་ཉིད་གང་ཞེ་ན། ནང་གི་ཆོས་ཞེས་བྱ་བ་ནི། ཟ་བའམ་ལོངས་སྤྱོད་པ་སྟེ། མིག་དང༌། རྣ་བ་དང༌། དེ་ལ་འདུས་བྱས་ཀྱི་ཆོས་རྣམས་མི་རྟག་འདུས་མ་བྱས་ཆོས་ཉིད་ 4-1-275 མི་འཇིག་པའི་ཕྱིར། ཆོས་ཉིད་འདུས་མ་བྱས་ཀྱི་མིག་ཆོས་འདུས་བྱས་ཀྱི་མིག་གིས་སྟོང་ངོ༌། །དོན་དམ་གཞན་སྟོང་དེའི་རང་བཞིན་ཀུན་རྫོབ་ཐམས་ཅད་ཀྱིས་སྟོང་པའི་གཞི་དེ་ཡིན་པའི་ཕྱིར་རོ། །ཕྲེང་གཅིག་ན། ཕྱིའི་ཆོས་ཞེས་བྱ་བ་ནི་བཟའ་བའམ། ལོངས་སྤྱོད་བྱ་སྟེ། གཟུགས་དང༌། སྒྲ་དང༌། ཕྲེང་གཉིས་ན། གང་ཞེ་ན། དེའི་ལུས་ཏེ་ནང་གི་སྐྱེ་མཆེད་དྲུག་དང༌། ཕྱིའི་སྐྱེ་མཆེད་དྲུག་དང་ལྡན་པ་རྟེན་ཁོག་པ་འདི་དག་ནི། ཕྲེང་ཕྱེད་དང་གཉིས་ན། དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན། དེ་ཡང་གང་གིས་སྟོང་པར་མཐོང་བ་སྟེ། སྟོང་ཉིད་ཤེས་པས་སྟོང་པར་མཐོང་བའོ། །ཕྲེང་གཅིག་ན། དེ་ལ་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། གནས་ཀྱི་གཞི་སྟོང་པ་ཉིད་དེ། མི་རྟག་མི་འཇིག་པའི་ཕྱིར། ཕྲེང་ཕྱེད་དང་གསུམ་ན། དོན་དམ་པ་ནི་མྱ་ངན་ལས་འདས་པ་ཆེན་པོ། ཕྱག་རྒྱ་ཆེན་པོ། དབུ་མ་པ་ཆེན་པོ། ཨེ་ཝཾ་ཡི་གེ །རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང༌། དོན་དམ་གྱི་ལྷ་དང༌། སྔགས་དང༌། རྒྱུད་དང༌། དཀྱིལ་འཁོར་དང༌། ཕྱག་རྒྱ་དང༌། དངོས་གྲུབ་ཐམས་ཅད་དང༌། དོན་གཅིག་པའི་ཤིན་ཏུ་རྣལ་འབྱོར། སངས་རྒྱས་མཉམ་སྦྱོར། ལྷན་ཅིག་སྐྱེས་སྦྱོར་རྣམས་ཀྱི་དོན་ཤེར་ཕྱིན་མཚན་ཉིད་པ་རྣམས་ཇི་ལྟར་མཐོང་ན་དོན་དམ་པའི་རྣམ་པར་མཐོང་བ་སྟེ། འདུས་བྱས་ཐམས་ཅད་མི་རྟག །བདེ་གཤེགས་སྙིང་པོ་མི་འཇིག་པའི་ཕྱིར། དོན་དམ་གཞན་སྟོང་གི་མྱ་ངན་ལས་འདས་པ། དེ་ཡང་ཀུན་རྫོབ་རང་སྟོང་གི་མྱ་ངན་ལས་འདས་པས་སྟོང་ངོ༌། །ཞེས་བྱ་བ་ནི་དོན་དམ་པའི་མྱ་ངན་ལས་འདས་པ་ནི་ཀུན་བཏགས་པའི་མྱ་ངན་ལས་འདས་པས་ངོ་བོ་ཉིད་ཀྱི་སྟོང་ངོ༌། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ཅིའི་ཕྱིར་ཞེ་ན། དོན་དམ་གྱི་མྱང་འདས་དེའི་རང་བཞིན་ཀུན་རྫོབ་ཀྱི་མྱང་འདས་ཀྱི་སྟོང་པའི་གཞི་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དོན་དམ་རང་གིས་མི་སྟོང་ལ་དེ་ལས་གཞན་པའི་ཆོས་ཐམས་ཅད་ཀྱིས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན། དེ་ལ་འདུས་བྱས་ཀྱི་དགེ་བ་འཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་སྟེ། འདུས་བྱས་ཞེས་བྱ་བ་ནི། དེ་ལ་འདུས་བྱས་ཀྱི་ཁམས་གསུམ་མི་རྟག །དེའི་ཆོས་ཉིད་འདུས་མ་བྱས་ཀྱི་ཁམས་གསུམ་མི་འཇིག་པའི་ཕྱིར། འདུས་བྱས་ཀྱི་འདོད་པའི་ཁམས། ཕྲེང་གསུམ་གཉིས་ན། དེ་ཅིའི་ཕྱིར་ཞེ་ན། འདུས་བྱས་དེའི་རང་བཞིན་རང་རང་ངོ་བོས་སྟོང་པ་དེ་ཡིན་པའི་ཕྱིར་ཏེ། གང་ཞེ་ན། འདུས་མ་བྱས་ཀྱི་དགེ་བ་འཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་སྟེ། འདུས་མ་བྱས་ཞེས་བྱ་བ་ནི། ཆོས་དབྱིངས་གང་ལ་སྐྱེ་བ་མེད་པ་དང༌། ཆོས་དབྱིངས་འདུས་མ་བྱས་འགག་པ་མེད་པ་དང༌། འདུས་མ་བྱས་ཀྱི་དགེ་བ་ཞེས་བྱ་སྟེ། ཆོས་དབྱིངས་གནས་གྱུར་པའི་ཚེ། དྲི་བཅས་དྲི་མེད་དུ་གྱུར་པ་ལ་མི་རྟག་པ་ཞེས་བརྟགས་ནས་གསུངས་པའི་ཕྱིར། འདི་ཡང་མི་རྟག་པ་ནི་བརྟགས་པ་དང་མི་འཇིག་པ་ནི་མཚན་ཉིད་པའི་ཕྱིར། འདུས་མ་བྱས་ཡོངས་གྲུབ་དེ་ནི་འདུས་མ་བྱས་ཀྱི་ཀུན་བཏགས་ཀྱིས་སྟོང་ངོ༌། །ཆོས་དབྱིངས་འདུས་བྱས་དེའི་རང་བཞིན་དོན་དམ་གཞན་སྟོང་དེ་ཡིན་པའི་ཕྱིར་ཏེ། རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། གཞན་ལ་ཕན་པ་གང་ལ་མཐའ་ 4-1-276 མི་དམིགས་པ་འདི་ནི། ཕྲེང་ཕྱེད་དང་གཉིས་ན། གང་ཞེ་ན། འཁོར་བ་བཏང་བར་མི་བྱ་བའི་ཕྱིར། འཁོར་བ་གང་ལ་ཐོག་མ་མི་དམིགས་ཤིང་ཐ་མ་ཡང་མི་དམིགས་པ་དེ་གཤིས་ལུགས་ལ་རི་བོང་གི་རྭ་ལྟར་མ་གྲུབ་པ་ལ་འགྲོ་བ་མི་དམིགས། འོང་བ་ཡང་ཀུན་རྫོབ་ཏུ་མི་དམིགས་ཏེ། ཀུན་རྫོབ་མི་རྟག་ཀྱང་དོན་དམ་དུ་མི་འཇིག་པའི་ཕྱིར། ཡོངས་གྲུབ་ཀྱི་ཐོག་མ་དང་ཐ་མ་མེད་པ་ཀུན་བཏགས་ཀྱིས་སྟོང་ངོ༌། །འཁོར་བའི་དེའི་རང་བཞིན་རང་རང་ངོ་བོས་སྟོང་པ་དེ་ཡིན་པའི་ཕྱིར་ཏེ། དོར་བ་མེད་པ་སྟོང་པ་ཉིད་གང་ཞེ་ན། ཕུང་པོ་མ་ཟད་པར་བྱ་བའི་ཕྱིར། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་གང་ལ་དགེ་བ་གང་ཡང་དོར་བ་མེད་པ་སྟེ། ཡོངས་གྲུབ་ཀྱི་དོར་བ་མེད་པ་ཀུན་བཏགས་ཀྱི་དོར་བ་མེད་པས་སྟོང་ངོ༌། །གང་ཞེ་ན། རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །འདུས་བྱས་སམ། རང་བཞིན་འོད་གསལ། རང་བཞིན་ལྷན་སྐྱེས། རང་བཞིན་གཉུག་མ། རང་བཞིན་འགྱུར་མེད། རང་བཞིན་ཡོངས་གྲུབ། རང་བཞིན་ལྷུན་གྲུབ། རང་བཞིན་བརྟན་པ། རང་བཞིན་ཁྱབ་བྱེད། རང་བཞིན་པའི་སྐུ་ལ་སོགས་པ་གང་ཡིན་པ་དེ་ནི་གང་གིས་ཀྱང་འདུས་མ་བྱས་པའི་ཕྱིར། ཉོན་མོངས་རྣམས་ཀྱིས་མ་བྱས། ཕྲེང་གཅིག་ན། མ་བྱས་ཏེ། མི་རྟག་དོན་ནི་མེད་དོན་དང༌། །སྐྱེ་ཞིང་འཇིག་པའི་མཚན་ཉིད་དང༌། །དྲི་བཅས་དྲི་མ་མེད་དོན་ཏེ། །རྩ་བའི་ཁོ་ནར་གོ་རིམ་བཞིན། །ཞེས་ངོ་བོ་ཉིད་གསུམ་ལ་མི་རྟག་པའི་ཚུལ་མི་འདྲ་བ་གསུམ་རྒྱལ་བ་བྱམས་པས་གསུངས་པ་ལས། ཡོངས་གྲུབ་ཀྱི་མི་རྟག་པ་ནི་དྲི་བཅས་དྲི་མེད་དུ་གྱུར་པ་ཙམ་ལ་ཉེ་བར་བཏགས་ནས་གསུངས་པ་ལྟར་འདི་ཡང་བརྟགས་པ་སྟེ། མི་རྟག་པ་ནི་བཏགས་པ་བ་དང༌། མི་འཇིག་པ་ནི་མཚན་ཉིད་པ་ཡིན་པའི་ཕྱིར། རང་བཞིན་གྱི་རིགས་ནི་ཀུན་བཏགས་ཀྱིས་རང་བཞིན་གྱིས་སྟོང་ངོ༌། །དེའི་རང་བཞིན་ཀུན་རྫོབ་ཀྱིས་སྟོང་པའི་གཞི་དེ་ཡིན་པའི་ཕྱིར་ཏེ། སྟོང་པ་ཉིད་གང་ཞེ་ན། སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་པ་ལྟར་རམ། ཡང་ཆོས་ཐམས་ཅད་ཅེས་བྱ་བ་ནི། ཕྲེང་བདུན་ན། གང་ཞེ་ན། མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་པ་ལྟར་རམ། ཡང༌། གཟུགས་ནི་འཇིག་པའི་མཚན་ཉིད། །ཕྲེང་དྲུག་ན། འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་བྱ་བའོ། །གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ་ཡང་སྟོང་པ་ཉིད་དོ། །ཟ་བ་ལ་སོགས་པ་སྟོང་པ་ཉིད་ཅེས་ཇི་སྐད་སློབ་པ་དེར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད། སྟོང་པ་ཉིད་དང༌། སྟོང་པ་ཉིད་རྣམ་པ་གཉིས་ཐ་མར་འཇོག་སྟེ། གང་ཟག་དང༌། ཆོས་སུ་སྒྲོ་འདོགས་པ་དང༌། དེའི་སྟོང་པ་ཉིད་ལ་སྐུར་བ་འདེབས་པ་བསལ་བའི་ཕྱིར། གོ་རིམ་བཞིན་ནོ། །ཞེས་རྡོ་རྗེ་འཆང་གི་བཀའ་བཞིན་དུ་དབུ་མ་པ་ཆེན་པོ་འཕགས་པ་ 4-1-277 བྱམས་མགོན་དང༌། དེས་བྱིན་གྱིས་བརླབས་པའི་དངོས་སློབ་དབུ་མ་པ་དབྱིག་གཉེན་ཞབས་ཀྱིས་གསུངས་པ་ལྟར་ངེས་པའི་དོན་དུ་དོན་ལ་གནས་པས་དེ་ཉིད་ལ་མཆོག་ཏུ་གཅེས་པར་བཟུང་ངོ༌། །ཕྲེང་གསུམ་ན། དངོས་པོ་མེད་པ་ཞེས་བྱ་བ་ནི་འདིར་དོན་དམ་པ་མ་ཡིན་པས་འདུས་མ་བྱས་ཏེ། ཕྲེང་གཅིག་ན། རང་བཞིན་གྱིས་སྟོང་ཞེ་ན། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་དང༌། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་གྱུར། །ཞེས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་ཤིང༌། དབུ་མ་པ་ཆེན་པོ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་ཀྱང༌། སེམས་འདིའི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །སེམས་དེའི་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་སོ། །ཞེས་སོགས་གསུངས་པའི་ཕྱིར། རང་བཞིན་ཞེས་བྱ་བ་ནི། རང་བཞིན་འོད་གསལ་ལ་སོགས་པ་ངོ་བོ་ཉིད་ཀྱི་སྐུ་མ་ནོར་བ་དོན་དམ་གཞན་སྟོང་སྟེ། དེ་ལ་ཀུན་རྫོབ་ཐམས་ཅད་སྟོང་པ་ཉིད་གང་ཡིན་པ་དེ་ནི། ཤེས་པས་མ་བྱས། མཐོང་བས་མ་བྱས། གང་གིས་ཀྱང་མ་བྱས་པར་ཡུལ་དུས་གནས་སྐབས་ཐམས་ཅད་ན་ངོ་བོ་ཉིད་ཀྱིས། ལྷུན་གྲུབ་ཏུ་བཞུགས་ཤིང་ནམ་མཁའ་ལྟར་ཆ་མེད་ཀུན་གྲོལ་ཀུན་ཁྱབ་ཏུ་ནམ་ཡང་བཞུགས་པ་ཉིད་དེ། འདི་ནི་རང་བཞིན་དུ་གྲུབ་ཅིང་རང་བཞིན་གྱིས་གྲུབ་པའི་དོན་དམ་པ་སྟོང་པ་ཉིད་དོ། །ཀུན་རྫོབ་ཀྱི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དངོས་པོའི་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང༌། གང་ཟག་རྣམས་ཀྱིས་རྟོགས་ཀྱང་རུང༌། མ་རྟོགས་ཀྱང་རུང༌། མཐོང་ནས་ཀྱང་རུང༌། མ་མཐོང་ཡང་རུང༌། ཐོབ་ཀྱང་རུང༌། མ་ཐོབ་ཀྱང་རུང༌། ངོ་ཤེས་ཀྱང་རུང༌། མ་ཤེས་ཀྱང་རུང༌། ཡིད་ཆེས་ཀྱང་རུང༌། མ་ཆེས་ཀྱང་རུང༌། གློ་བུར་དྲི་མ་བྲལ་ཡང་རུང༌། མ་བྲལ་ཡང་རུང་སྟེ། ཆོས་ཀྱི་གནས་ཉིད་དང༌། ཕྲེང་གཅིག་ན། ཡང་དག་པའི་མཐའ་ནི་ནམ་ཡང་འགྱུར་མེད་དུ་རྟག་ཏུ་དེ་བཞིན་དུ་གནས་པ་སྟེ། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཡི་ཆོས་ཉིད་དོ། །ཞེས་རྒྱལ་བ་བྱམས་མགོན་གྱིས་གསུངས་པ་དང༌། དོན་གཅིག་གོ །དེ་ལྟར་དོན་དམ་གྱིས་ཆོས་དེ་དག་གི་རང་གི་མི་སྟོང་ཡང་རང་ལས་གཞན་ཀུན་རྫོབ་ཐམས་ཅད་ཀྱིས་སྟོང་པ་གང་ཡིན་པ་དེ་ནི། ཕྲེང་ཕྱེད་ན། བསོད་ནམས་དང༌། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་ཕྱག་རྒྱ། སེང་གེ །ཟླ་བ། ཟླ་བའི། ཆོས་ཐམས་ཅད་ལས། ཆོས་ཐམས་ཅད་ཀྱི། སྤྱི་གཙུག །ཆོས་ཀྱི། ངེས་པའི་རྡོ་རྗེ། ཆོས་ཐམས་ཅད་ལ་ཏིང་ངེ་འོད་ཟེར། དཔུང༌། ཡང་དག་པར། ངེས་པའི་ཚིག །ཚིག་བླ་དྭགས། ཕྱོགས། ཕྱག་རྒྱ། ཉམས་པ། ཆོས་ཐམས་ཅད། ནམ་མཁའ། རྡོ་རྗེའི་དཔལ། རྒྱལ་མཚན། རྩེ་མོའི། དཔའ་བོའི། རྒྱུན་གྱི། སེང་གེ་རྣམ་པར། སྣེ་ལ་ཞི། ཉོན་མོངས་པ་སྤོང༌། རྣམ་པར་སྣང་བ། ཚོལ་ 4-1-278 བ་མེད་པ། གནས་ལ་རྟེན་པ་མེད་པ། སེམས་མེད་པ། དྲི་མ་མེད་པའི་སྒྲོན་མ། འོད་མཐའ་ཡས་པ། འོད་བྱེད་པ། ཀུན་ཏུ་སྣང་བ། དག་པ་དམ་པ། འོད་དྲི་མ་མེད་པ། དགའ་བ་བྱེད་པ། གློག་གི་སྒྲོན་མ། ཟད་མི་ཤེས་པ། མི་ཕམ་པ། གཟི་བརྗིད་ཡོད་པ། ཟད་པ་དང་བྲལ་བ། མི་གཡོ་བ། འཇིག་པ་མེད་པ། ཉི་མའི་སྒྲོན་མ། ཟླ་བ་དྲི་མ་མེད་པ། ཤེས་རབ་སྒྲོན་མ། སྣང་བ་གསལ་བ། སྣང་བ་བྱེད་དང༌། བྱ་བ་བྱེད་པ། ཡེ་ཤེས་དཔལ། རྡོ་རྗེ་ལྟ་བུ། སེམས་གནས་པ། ཀུན་ཏུ་སྣང་བ། རབ་ཏུ་གནས་པ། རིན་ཆེན་མཐའ། ཆོས་དམ་པའི་ཕྱག་རྒྱ། ཆོས་ཐམས་ཅད་མཉམ་པ་ཉིད། དགའ་བ་སྤོང་བ། ཆོས་ཀྱི་འཕགས་པ། རྣམ་པར་འཐོར་བ། ཆོས་ཐམས་ཅད་ཚིག་རབ་ཏུ་འབྱེད་པ། ཡི་གེ་མཉམ་པར་འགོད་པ། ཡི་གེ་དང་བྲལ་བ། དམིགས་པ་གཅོད་པ། འགྱུར་བ་མེད་པ། རྣམ་པ་མེད་པ། མིང་ངེས་པར་འཇུག་པ། གནས་མེད་པར་སྤྱོད་པ། རབ་རིབ་མེད་པ། སྤྱོད་པ་དང་ལྡན་པ། གཡོ་བ་མེད་པ། ཡུལ་ལས་རྒལ་བ། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ། སེམས་མེད་པར་གནས་པ། དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ། བྱང་ཆུབ་ཀྱི་ཡན་ལག་ཡོད་པ། སྤོབས་པ་མཐའ་ཡས་པ། མཉམ་པ་དང་མཉམ་པ། ཆོས་ཐམས་ཅད་ལས་འདའ་བ། ཡོངས་སུ་གཅོད་པ། ནེམ་ནུར་རྣམ་པར་སེལ་བ། གནས་སུ་བྱ་བ་མེད་པ། གཅིག་ཏུ་རྣམ་པར་བཀོད་པ། རྣམ་པར་མངོན་པར་བསྒྲུབ་པ། རྣམ་པ་གཅིག་ཏུ་གྱུར་པ། རྣམ་པར་འདོར་བ་མེད་པ། རྟོགས་པས་སྲིད་པ་གཞི་ཐམས་ཅད་ཁོང་དུ་ཆུད་པ། བརྡ་དང་སྒྲ་ལ་འཇུག་པ། སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ། སྒྲོན་མ་འབར་བ། མཚན་ཉིད་ཡོངས་སུ་སྦྱོར་བ། མངོན་པར་དམིགས་པ་མེད་པ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། བདེ་བ་དང་སྡུག་བསྔལ་ཐམས་ཅད་ལས་མངོན་པར་དགའ་བ་མེད་པ། ཟད་མི་ཤེས་པའི་ཟ་མ་ཏོག །གཟུངས་ཀྱི་བློ་གྲོས། ཡང་དག་པར་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ། འགལ་བ་དང༌། འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ། མཐུན་པ་དང༌། འགལ་བ་མེད་པ། འོད་དྲི་མ་མེད་པ། སྙིང་པོ་དང་ལྡན་པ། ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད། གློག་གི་འོད། རྒྱན་ཆེན་པོ། རྣམ་པ་ཐམས་ཅད་དུ་འོད་བྱེད་པ། ཏིང་ངེ་འཛིན་མཉམ་པ་ཉིད། རྡུལ་མེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པ། ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ། གནས་དམིགས་སུ་མེད་པ་ལ། བརྩོན་པ། དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྔར་ཆོས་མཆོག་གི་སྐབས་སུ་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བའི་རྒྱ་ཆེ་བ། མཆོག་ཏུ་བྱ་བ་དང༌། ཚད་མེད་པར་ངས་ཉན་རང་ཐམས་ཅད་ཀྱིས་མི་འཕྲོགས་པ་ཞེས་པ་གཅིག་ཀུན་གྱི་མགོར་བྱུང་བས་བརྒྱ་ཉི་ཤུ་ཚང༌། འདིར་ཡང་དེ་བསྣན་ན་སྔ་ཕྱི་གཉིས་ཀ་གྲངས་མཚུངས་པར་འགྱུར་རོ། །ཕྲེང་བདུན་ན། ཆོས་ཐམས་ཅད་ལས་ཤིན་ཏུ་ 4-1-279 འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །འདིར་དེ་ལ་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་ལ་གནས་ཤིང༌། ཆོས་ཐམས་ཅད་མི་འགྱུར་བའི་ཕྱག་རྒྱས་བཏབ་པ་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་པ་བསྡུས་དོན་འགྲེལ་པ་ལ་ལར་མ་བྱུང༌། ལ་ལར་བྱུང༌། འདིར་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་རྒྱས་བཤད་མ་ཚང་ཞིང༌། འབུམ་དང༌། ཁྲི་བརྒྱད་སྟོང་པར་མ་ཚང་ལ། འགྲེལ་པ་རྣམས་སུ་ཡང་མ་བྱུང་བས་མཁས་པ་རྣམས་ཀྱི་དཔྱད་པར་རིགས་སོ། །དེ་ནས་ཤོག་གུ་བདུན་དང་ཕྲེང་བཅུ་གཅིག་ན། ལེའུ་བརྒྱད་དོ།། །། ༈ ལམ་དང་། རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟ་སྟེ། ལམ་བདུན་དུ་གཏོགས་ཤིང་ལམ་ཤེར་ཕྱིན་ཏུ་གཏོགས་པ་གཞན་འབྱུང་ཡེ་ཤེས་དང༌། ཡང་དག་ཡེ་ཤེས་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཏུ་གཏོགས་པའི་དྲན་པ་ཉེ་བར་གཞག་པ་བཞི་སྟེ། ཤོག་གུ་ཕྱེད་དང་གསུམ་ན། གླང་རྒྱས་དང༌། རྔུ་མ་སྟེ། མིག་རྣག་དང༌། རྣ་སྦབས་དག་ཀྱང་ཡོད་དོ། །ཕྲེང་དྲུག་ན། རྒྱུ་མ་སྟེ། མིག་རྣག་དང༌། རྣ་སྦབས་དག་ཀྱང་ཡོད་དོ། །ཤོག་གུ་ཕྱེད་དང་ལྔ་ན། སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཞེས་བྱ་བ་ནི། དེ་ལ་བྱིས་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའི་མཚན་ཉིད་དེ་དང་བྲལ་བ་ཡོངས་སུ་གྲུབ་པའི་མཚན་ཉིད་བརྗོད་དུ་མེད་ཅིང་སྟོང་པའི་རྣམ་པར་ཡང་དག་པར་རྗེས་སུ་མཐོང་བའི་སེམས་རྩེ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཡོངས་སུ་གྲུབ་པའི་དངོས་པོ་གང་ཡིན་པ་དེ་ཡོངས་སུ་རྟོག་པ་དང༌། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཀྱི་མཚན་མའི་རྣམ་པ་དང་བྲལ་བ་ནམ་མཁའ་བཞིན་དུ་མཚན་མ་མེད་པའི་རྣམ་པར་ཞི་བ་ཉིད་དུ་ཡིད་ལ་བྱེད་པའི་སེམས་རྩེ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །ཡང་གཞན་གྱི་དབང་གིས་ཡོངས་སུ་གྲུབ་པའི་དངོས་པོ་དེ་ཉིད་གཟུངས་ནས། དེ་ལྟར་ཤིན་ཏུ་ཡོངས་སུ་དག་པའི་དངོས་པོ་ཡོངས་སུ་རྟོག་པའི་སྤྲོས་པ་ལས་བྱུང་བའི་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་ཉོན་མོངས་པ་ནི་སྨད་པ་ཡིན་ནོ། །སྙམ་ནས་དེ་ལ་མཐུན་པར་འདུ་ཤེས་ཏེ། ཕྱིན་ཆད་ཁམས་གསུམ་པ་ལ་མི་སྨོན་ཅིང་གནས་པར་མི་བྱའོ། །སྙམ་དུ་བསམས་ནས་དེ་ལྟར་ཡིད་ལ་བྱེད་པའི་སེམས་རྩེ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ཀུན་བཏགས་པ་རྣམས་མཚན་ཉིད་མེད་པར་མཐོང་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཡོངས་སུ་གྲུབ་པ་ལ་ཞི་བའི་མཚན་ཉིད་དུ་མཐོང་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །གཞན་གྱི་དབང་ལ་མི་མཐུན་པར་མཐོང་བ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཞེས་དབུ་མ་པ་སློབ་དཔོན་ཆེན་པོ་དབྱིག་གཉེན་གསུངས། དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། ཤོག་གུ་དྲུག་དང་ཕྲེང་བཞི་ན། གཟུངས་དང་། རབ་འབྱོར། གཞན་ཡང༌། ཤོག་གུ་གཉིས་རུང་ཙམ་ན། ལེའུ་དགུ་པའོ།། །། 4-1-280 ༈ ས་བཅུ་དང༌། །གཉེན་པོ་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །རབ་འབྱོར། གང་ཡང་ཁྱོད་འདི་སྐད་དུ། ཕྲེང་བཞི་ན། རྗེས་སུ་མི་མཐོང་ངོ༌། །ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཤོག་གུ་གསུམ་ན། བསམ་དང་། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་གསུམ། འགྲོ་ལ་ཁད་ན་ཡོངས་སུ་སྦྱང་བའོ། །ཕན་པའི་དངོས་ཉིད་དང༌། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །འདིར་ཕན་པར་བྱ་བའི་དངོས་པོ་སྦྱང་བ། ཆད་ཀྱང་མདོར་བསྟན་དུ་བྱུང་བ་དྲན་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཕྲེང་གཉིས་ན། གཏོང་དང་། དེ་ལ་བྱང་ཆུབ། བཤེས་གཉེན་བསྟེན་པ་དང༌། །དེ་ལ་བྱང་ཆུབ། ཕྲེང་གསུམ་ན། དམ་ཆོས་དམིགས་པ་ཚོལ་བ་དང༌། །དེ་ལ་བྱང་ཆུབ་སེམས་དཔའ། ཕྲེང་གཅིག་ན། རྟག་ཏུ་ངེས་འབྱུང་སེམས་ཉིད་དང༌། །དེ་ལ་བྱང་ཆུབ། ཕྲེང་ཕྱེད་དང་གཉིས་ན། སངས་རྒྱས་སྐུ་འདོད་དགའ་བ་དང༌། །དེ་ལ་བྱང་ཆུབ་སེམས་དཔའ། ཕྲེང་གཉིས་ན། ཆོས་སྟོན་པ་དང་། དེ་ལ་བྱང་ཆུབ། ཕྲེང་དྲུག་ན། བམ་པོ་བཅོ་བརྒྱད་པ། བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ། །དེ་ལ་ཕྲེང་གཉིས་ན། ཚུལ་ཁྲིམས། རབ་འབྱོར། དེ་ལ། ཕྲེང་གཉིས་ན། བྱས་པ་གཟོ་དང་། དེ་ལ་བྱང་ཆུབ། ཕྲེང་གཉིས་ན། བཟོད། །དེ་ལ་བྱང་ཆུབ། ཕྲེང་གཉིས་ན། རབ་ཏུ་དགའ་དང་། དེ་ལ་བྱང་ཆུབ། ཕྲེང་གཉིས་དང་ཕྱེད་ན། སྙིང་བརྩེ་ཆེ། །དེ་ལ་བྱང་ཆུབ། ཕྲེང་བཞི་སོང་ལ་ཁད་ན། བཀུར་སྟི་བླ་མ་ལ་གུས་ཉན། །དེ་ལ། ཕྲེང་གཅིག་ལྷག་པ་ན། བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན། །དེ་ལ་བྱང་ཆུབ། ཕྲེང་གཉིས་ན། ཐོས་པས་མི་ངོམས་ཉིད་དང་ནི། །དེ་ལ་བྱང་ཆུབ། ཕྲེང་གཉིས་ན། ཟང་ཟིང་མེད་པར་ཆོས་སྦྱིན་དང༌། །དེ་ལ་བྱང་ཆུབ། ཕྲེང་གཉིས་ན། སངས་རྒྱས་ཀྱི་ཞིང་ཀུན་སྦྱོང་བ་དང༌། །དེ་ལ་བྱང་ཆུབ། ཕྲེང་གཉིས་ལྷག་ན། འཁོར་བས་ཡོངས་སུ་མི་སྐྱོ་དང༌། །དེ་ལ་བྱང་ཆུབ། ཕྲེང་གཉིས་ལྷག་ན། ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་སེམས་བདག་ཉིད་དེ་རྣམ་ལྔ། །དེ་ལ་བྱང་ཆུབ། ཕྲེང་གཅིག ནགས་གནས། དེ་ལ་བྱང་ཆུབ། ཕྲེང་གཅིག་ན། འདོད་ཆུང་། དེ་ལ་བྱང་ཆུབ། ཕྲེང་གཅིག་ན། ཆོག་ཤེས་དང༌། །དེ་ལ་བྱང་ཆུབ། སྦྱངས་པ་ཡང་དག་སྡོམ་བརྟེན་དང༌། །དེ་ལ་བྱང་ཆུབ། བསླབ་པ་ཡོངས་སུ་མི་གཏོང་དང༌། །དེ་ལ་བྱང་ཆུབ། བསླབ་པ་ཐམས་ཅད་རྒྱུ་བ་མེད་པ་སྟེ། ཞེས་པ་ནི། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནི་བྱང་ཆུབ། འདོད་པ་རྣམས་ལ་སྨོད་པ་དང༌། །དེ་ལ་བྱང་ཆུབ། མྱ་ངན་འདས་དང་། དེ་ལ་བྱང་ཆུབ། འདུ་མི་བྱེད་པ་སྟེ། ཞེས་པ་ནི། གང་ཆོས་ཐམས་ཅད་ལ་གཡོ་བ་ཡོངས་སུ་བཏང་བའོ། །ཞེས་དབུ་མ་པ་གསུངས། འདི་ནི་བྱང་ཆུབ། བདོག་ཀུན་གཏོང༌། །དེ་ལ་བྱང་ཆུབ། མི་ཞུམ་པ་དང་། དེ་ལ་བྱང་ཆུབ། དེའི་སེམས་མི་གནས་པ་སྟེ། ཞེས་པ་ནི། ཀུན་ཏུ་འདྲི་བར་མི་འགྱུར་ཞིང༌། བག་ལ་ཉལ་དུ་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། འདི་ནི་བྱང་ཆུབ། ལྟ་བ་མེད། །དེ་ལ་བྱང་ 4-1-281 ཆུབ། འདྲིས་དང་། དེ་ལ་བྱང་ཆུབ། ཕྲེང་བཞི་ན། ཁྱིམ་ལ་འཁྲེན་པ་དང༌། །དེ་ལ་བྱང་ཆུབ། ཕྲེང་གཉིས་ལྷག་ན། འདུ་འཛིར་གྱུར་པའི་གནས་དང་ནི། །དེ་ལ་ཇི་ལྟར་ན། ཕྲེང་གསུམ་ལྷག་ན། བདག་བསྟོད། དེ་ལ་བྱང་ཆུབ། གཞན་ལ་བརྙས་པ་དང༌། །དེ་ལ་བྱང་ཆུབ། མི་དགེའི་ལས་ཀྱི་ལམ་བཅུ་དང༌། །དེ་ལ་ཇི་ལྟར་ན། ཕྲེང་གཉིས་ན། རློམ་པས་ཁེངས་དང་། དེ་ལ་ཇི་ལྟར་ན། ཕྲེང་ཕྱེད་དང་བཞི་ན། ཕྱིན་ཅི་ལོག །དེ་ལ་ཇི་ལྟར་ན། བྱང་ཆུབ། བློ་ངན་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ན། །ས་ལྔ་པ་ནི་ཡང་དག་འཐོབ། །དེ་ལ་ཇི་ལྟར་ན། བྱང་ཆུབ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །དེ་ལ་དྲུག་ལ་ཆོས་དྲུག །ཕྲེང་བཞི་ན། སློབ་མ་དང་ནི། དེ་ལ་ཇི་ལྟར་ན། བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་པ། །འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས། བསླངས་ན་མི་ཞུམ། འདི་ལྟར་དེ་ནི། བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང༌། །འདི་ལྟར་དེ་ནི་བྱང་ཆུབ་ཀྱིས། དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ། །འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས། ཐོག་མར་སེམས་བསྐྱེད་ནས། བདག་དང་། དེ་ལ་ཇི་ལྟར་བྱང་ཆུབ། སེམས་ཅན་འཛིན་པ་དང༌། །སྲོག་དང་གང་ཟག་དང༌། དེ་ལ་ཇི་ལྟར་ན། སེམས་ཅན་དང༌། ཆད་པ། དེ་ལ་ཇི་ལྟར་ན། རྟག་དང༌། །དེ་ལ་ཇི་ལྟར་ན། མཚན་མ། དེ་ལ་ཇི་ལྟར་ན། རྒྱུ་དང་། དེ་ལ་ཇི་ལྟར་ན། ཕྲེང་གསུམ་ན། ཕུང་པོ་དང༌། །ཁམས་དང་སྐྱེ་མཆེད་དག་དང་ནི། །དེ་ལ་ཇི་ལྟར་ན། ཕྲེང་ཕྱེད་དང་གསུམ་ན། ཁམས་གསུམ་པོ་ལ་གནས་དང་ཆགས། །སེམས་ནི་ཀུན་ཏུ་ཞུམ་པ་དང༌། །དེ་ལ་ཇི་ལྟར་ན། ཕྲེང་གཉིས་ལྷག་ན། དཀོན་མཆོག་གསུམ་དང་། དེ་ལ་ཇི་ལྟར་ན། མི་འགྱུར་བའི་ཕྱིར་ཏེ། ཞེས་པ་ནི་སངས་རྒྱས་མཐོང་ངོ༌། །སྙམ་ནས་སངས་རྒྱས་སུ་དམིགས་པའི་ལྟ་བས་སངས་རྒྱས་སུ་ལྟ་བ་ལ་གནས་པའི་ཕྱིར། སངས་རྒྱས་མཐོང་བ་མེད་དེ། མི་དམིགས་པའི་ཡེ་ཤེས་ཉིད་ཀྱིས་སངས་རྒྱས་མཐོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཆོས་དང༌། དགེ་འདུན་ལ་ཡང་དེ་བཞིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ལྟར་བྱང་ཆུབ། ཕྲེང་བཞི་ན། ཆགས་པར་མི་བྱའོ། །ཚུལ་ཁྲིམས་ལ། །དེ་ལྟ་བ་ཡི་མངོན་ཞེན་དང༌། །དེ་ལ་ཇི་ལྟར་ན་བྱང་ཆུབ། ཕྲེང་གཉིས་ན། ཆགས་པར་མི་བྱའོ། །སྟོང་པ་ཉིད་ལ་རྩོད་པ་དང༌། །དེ་ལ་ཇི་ལྟར་ན། ཕྲེང་གཉིས་ན། ཞུམ་པར་མི་བྱའོ། །ཞེས་པ་ནི། འདི་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས། གཟུགས་ལ་སོགས་པའི་ཀུན་བཏགས་པའི་མཚན་ཉིད་དུ་ནི་ཡོད་པ་མ་ཡིན་གྱི། བརྗོད་དུ་མེད་པའི་མཚན་ཉིད་དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ནི་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་སྟོང་པ་ཉིད་ལ་ཐམས་ཅད་ཆགས་པར་ལྟ་བའི་རྒྱུ་ལས་བྱུང་བའི་འཇིགས་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོབ། །དེ་ལ་ཇི་ལྟར་ན། ཕྲེང་ཕྱེད་དང་གཉིས་ན། རྣམ་ཐར་སྒོ་གསུམ་ཤེས་པ་དང༌། །དེ་ལ་ཇི་ལྟར་ན། ཕྲེང་གསུམ་ལྷག་ན། འཁོར་གསུམ་རྣམ་པར་དག་ཉིད་དང༌། །དེ་ལ་ཇི་ལྟར་ན། ཕྲེང་གཅིག་ན། འཁོར་གསུམ་ཡོངས་སུ་དག་པའོ། །ཞེས་ 4-1-282 བྱ་བ་ནི། ལུས་དང༌། ངག་དང༌། ཡིད་ཀྱི་འཁོར་གསུམ་ཡོངས་སུ་དག་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། སྙིང་རྗེ་དང་ནི། དེ་ལ་ཇི་ལྟར་ན། རློམ་མེད་དང༌། །དེ་ལ་ཇི་ལྟར་ན། བརྙས་པར་མི་བྱ་ཞེ་ན། སྐབས་འདིའི་ཁྲི་བརྒྱད་སྟོང་པར། སེམས་ཅན་གྱི་ཞིང་ཡོངས་སུ་དག་པའི་ཕྱིར། ཞེས་པའི་འགྲེལ་པར། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡིན་པས་སེམས་ཅན་གྱི་ཞིང་ཡོངས་སུ་དག་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བྱམས་པ་ཡོངས་སུ་རྫོགས་པའི་ཕྱིར་ཏེ། བརྙེས་པར་མི་བྱའོ། །ཆོས་མཉམ་ཉིད་དང་། དེ་ལ་བྱང་ཆུབ་མཉམ་པ་ཉིད་དང་ལྟ་བས་སོ། །ཞེས་པ་ལ་ཡོད་པ་ལ་སྐུར་བ་མི་འདེབས་པ་ནི་དབྲི་བ་མེད་པའོ། །མེད་པ་སྒྲོ་མི་འདོག་པ་ནི་སྨོན་པ་མེད་པ་སྟེ། ཡང་དག་པར་ཡོད་པ་ལ་སྐུར་བ་འདེབས་པ་དང༌། མེད་པ་ལ་སྒྲོ་མི་འདོགས་པས་མཉམ་པ་ཉིད་དུ་མཐོང་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཚུལ་གཅིག་ཤེས། །དེ་ལ་བྱང་ཆུབ་ཡང་དག་པའི་ཆོས་ཐམས་ཅད་ཚུལ་གཅིག་ཏུ་ཡེ་ཤེས་ཀྱིས་རྟོགས་ཀྱང༌། རྣམ་ཤེས་ཀྱི་རྟོག་པ་མེད་པ་དེ་ནི། བཟོད་ཤེས་དང༌། །དེ་ལ་བྱང་ཆུབ་སེམས་དཔའ། མི་སྐྱེ་བ་དང་། དེ་ལ་བྱང་ཆུབ། ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །དེ་ལ་བྱང་ཆུབ། ཚུལ་གཅིག་ཏུ་སྟོན་པའོ། །ཞེས་པ་ནི། དཔེར་ན། ནམ་མཁའ་གཅིག་པུའི་ངོ་བོ་ཡིན་པས་ངོ་བོ་ཉིད་ལ་ཐ་དད་དུ་དབྱེ་བ་མེད་པ་དེ་བཞིན་དུ། དེ་བཞིན་ཉིད་ཀྱང་རྣམ་པ་གཅིག་པའི་ཕྱིར། ཡོད་པ་དང༌། མེད་པ་དང༌། ཆོས་དང༌། ཆོས་མ་ཡིན་པ་དང༌། རྟག་པ་དང༌། མི་རྟག་པ་ལ་སོགས་པའི་ཆོས་གཉིས་ལ་ཀུན་ཏུ་སྤྱོད་པ་མེད་པས་ཚུལ་གཅིག་ཏུ་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རྟོགས་པ་ཀུན་ཏུ་འཇོམས་པ་དང༌། །དེ་ལ་བྱང་ཆུབ། འདུ་ཤེས་ལྟ་དང་། དེ་ལ་བྱང་ཆུབ། ཉོན་མོངས་སྤོང༌། །དེ་ལ་བྱང་ཆུབ། ཞི་གནས་ངེས་པར་སེམས་པ་དང༌། །ལྷག་མཐོང་ལ་ནི་མཁས་པ་དང༌། །དེ་ལ་བྱང་ཆུབ། སེམས་འདུལ་བ་དང་། དེ་ལ་བྱང་ཆུབ། ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང༌། །དེ་ལ་བྱང་ཆུབ། ཆགས་པའི་ས་མིན་གར་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང༌། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉི་ཤུའོ། །དེ་ལ་བྱང་ཆུབ། སེམས་ཅན་ཀུན་ཡིད་ཤེས་པ་དང༌། །དེ་ལ་བྱང་ཆུབ། མངོན་པར་ཤེས་པས་བརྩེ་བ་དང༌། །དེ་ལ་བྱང་ཆུབ། སངས་རྒྱས་ཞིང་བཟང་སྒྲུབ་པ་དང༌། །དེ་ལ་སངས་རྒྱས་ཀྱི་ཞིང་གི །ཕྲེང་གསུམ་ན། སངས་རྒྱས་བསྟེན། །དེ་ལ་བྱང་ཆུབ། ཆོས་ལ་བསྙེན་བཀུར་བ་སྟེ། ཞེས་པ་ནི། སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ༌། །ཞེས་གསུངས་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནི་བྱང་ཆུབ་སེམས་དཔའ། ཡོངས་སུ་བརྟག་ཕྱིར། དེ་ལ་བྱང་ཆུབ། དབང་པོ་ཤེས་དང་། དེ་ལ་བྱང་ཆུབ། རྒྱལ་བ་ཡི། །ཞིང་སྦྱོང་། དེ་ལ་བྱང་ཆུབ། སྒྱུ་མ་ལྟར་གནས་དང༌། །དེ་ལ་བྱང་ཆུབ། ཕྲེང་གཉིས་དང་ཕྱེད་ན། རྣམ་པར་སྨིན་པ་ལ་སྐྱེས་པ་ས་བརྒྱད་པ་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ཏོ། །དེ་ནི་བྱང་ཆུབ་སེམས་དཔའ། བསམ་བཞིན་སྐྱེ་བ་ལེན་པ་དང༌། །ལས་ནི་རྣམ་པ་འདི་བརྒྱད་བཤད། །དེ་ལ་བྱང་ཆུབ། ཕྲེང་བཞི་ན། སྨོན་ལམ་དག་ནི་མཐའ་ཡས་དང༌། །དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ། ལྷ་ལ་ 4-1-283 སོགས་པའི་སྐད་ཤེས་དང༌། །དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ། སྤོབས་པ་ཆུ་བོ་ལྟ་བུ་དང༌། །དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ། ཤེས་པར་བྱ་བ་རྟོགས་པ་ཡིན་ཞེ་ན། དེ་ལ། མངལ་དུ་འཇུག་པ་མཆོག་དང་ནི། །དེ་ལ་བྱང་ཆུབ། ཐམས་ཅད་དུ་བསྡུ་ཞིང་སྐྱེ་བ་སྟེ། ཞེས་པ་ནི་ས་བརྒྱད་པ་ཡན་ཆད་ལ་མངལ་ན་གནས་པ་མེད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་ནི་དེ་ལྟ་བུ་ཡང་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནི་བྱང་ཆུབ། རིགས་དང་། དེ་ལ་བྱང་ཆུབ། ཆོ་འབྲང་དང༌། །དེ་ལ་བྱང་ཆུབ། རུས་དང་། དེ་ལ་བྱང་ཆུབ། འཁོར་དང་། དེ་ལ་བྱང་ཆུབ། སྐྱེ་བ་དག་དང་ནི། །དེ་ལ་བྱང་ཆུབ། ངེས་འབྱུང་། དེ་ལ་བྱང་ཆུབ། བྱང་ཆུབ་ཤིང་རྣམས་དང༌། །དེ་ལ་བྱང་ཆུབ། ཕྲེང་གསུམ་ན། ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །དེ་ལ་བྱང་ཆུབ། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །དེ་ལ་བྱང་ཆུབ། ཕྲེང་བརྒྱད་ན། དཀར་པོ་རྣམ་པར་མཐོང་བའི་ས། །ཞེས་པ་ནི་མོས་པ་སྤྱོད་པའི་ས་སྟེ། དེ་ལས་ཡང་དག་པར་འདའ། རིགས་ཀྱི་ས་ཞེས་བྱ་བ་ནི། བཟོད་པ་ཆེན་པོའི་ས་དང༌། བརྒྱད་པའི་ས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པའི་ས་སྟེ། དེ་ནི་དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ནས་བཟུང་སྟེ། བགྲང་ནས་བརྒྱད་པར་གྱུར་པ་དང༌། མཐོང་བའི་ས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་ས་དང༌། བསྲབས་པའི་ས་ནི། ལན་ཅིག་ཕྱིར་འོང་གི་ས་དང༌། འདོད་པ་ལ་འདོད་ཆགས་དང་བྲལ་བའི་ས་ནི། ཕྱིར་མི་འོང་དང༌། བྱས་པ་རྟོགས་པའི་ས་ནི་དགྲ་བཅོམ་པ་ཉིད། འདི་རྣམས་དབུ་མ་པས་གསུངས་བཞིན་བཀོད། ཐེག་པ་ཆེན་པོ་ལ་ཡང་དག་པར་བཞུགས་པར་རིག་པར་བྱའོ། །མཐོང་དང་གོམས་པའི་ལམ་དག་ལ། །བཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པར་བརྒྱད་ཅེས་བྱ། །མཐོང་བའི་ལམ་གྱི་གཟུང་བའི་རྟོགས་པ་དང་པོའི། རབ་འབྱོར། ཁྱོད་ཀྱི་གང་ཡང་འདི་སྐད་དུ། ཕྲེང་ཕྱེད་དང་གཉིས་ན། ལྡན་པ་ཡང་མ་ཡིན། ཞེས་པ་ལ་གཅིག་ཆེན་པོ་པ་མེད་པའི་ཕྱིར་ལྡན་པ་ཡང་མ་ཡིན་ནོ། །མི་ལྡན་པ་ཡང་མ་ཡིན། ཐ་དད་པ་མེད་པའི་ཕྱིར། མི་ལྡན་པ་ཡང་མ་ཡིན། ཞེས་དབུ་མ་པ་ཆེན་པོ་གསུངས། འབྱུང་བའམ་བྱུང་བར་ནི་གྱུར་པ་མེད་དེ། ཞེས་པ་ནི། འདི་ལྟར་ཡོངས་སུ་གྲུབ་པའི་ཆོས་ནི་ཀུན་བཏགས་པའི་མཚན་ཉིད་ཐམས་ཅད་དང་བྲལ་ཞིང་རང་བཞིན་གྱི་ཡོངས་སུ་དག་པ་སྟེ། དེའི་ཕྱིར་དེ་ཡང་རང་བཞིན་གྱིས་ངེས་པར་འབྱུང་ཟིན་པས་དེ་ལ་གློ་བུར་གྱིས་ངེས་པར་འབྱུང་བ་མེད་དོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། རབ་འབྱོར། མཚན་ཉིད་མེད་པའི། ཕྲེང་གཅིག་ན། འབྱུང་བར་འདོད་དུ་ཟད་དོ། །ཞེས་བྱ་བ་ལ་སོགས་པས་གློ་བུར་གྱི་ངེས་པར་འབྱུང་བ་མེད་པ་དེ་ཉིད་རྒྱ་ཆེར་བསྟན་ཏོ། །དེ་བཞིན་ཉིད་ནི་རང་བཞིན་གྱིས་ཞེས་ཀྱང༌། མ་གོས་ཤིང་ནམ་མཁའ་ལྟ་བུ་ལ་ངེས་པར་འབྱུང་བ་མེད་དོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཕྲེང་གསུམ་ན། འབྱུང་བར་འདོད་པ་ནི་ཤེས་སྒྲིབ་ཀྱི་སྤྱོད་པ་ཐམས་ཅད་སྤོང་བའི་རྒྱུ་ཡིན་པས་རབ་ཏུ་འབྱུང་ 4-1-284 བའི་དབྱིངས་འབྱུང་བར་འདོད་དུ་ཟད་དོ། །སྲིད་པ་གསུམ་གྱི་འདོད་ཆགས་དང་བྲལ་བའི་དབྱིངས་སྡུག་བསྔལ་ཐམས་ཅད་འགག་པ་འགོག་པའི་དབྱིངས། ཤོག་གུ་གཉིས་དང་ཕྲེང་བཞི་ན། མཐོང་བའི་ལམ་གྱི་གཟུང་བའི་རྟོག་པ་གཉིས་པའི་གཉེན་པོ་ནི། རབ་འབྱོར། གང་མཚན་ཉིད་མེད་པའི་ཆོས་རྣམས། ཤོག་གུ་གཉིས་དང་ཕྲེང་བཞི་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། མཐོང་བའི་ལམ་གྱི་འཛིན་པའི་རྟོག་པ་དང་པོའི་གཉེན་པོ་ནི། རབ་འབྱོར། གང་མཚན་ཉིད་མེད་པའི་ཆོས་རྣམས། ཕྲེང་བཅུ་གཉིས་ན། མཐོང་ལམ་ལ་འཛིན་པའི་རྟོག་པ་གཉིས་པའི་གཉེན་པོ་ནི། རབ་འབྱོར། གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཀུན་བཏགས་ཀྱི་མི་འབྱུང་བར་འདོད་དུ་ཟད་དོ། །ཀུན་བཏགས་ཀྱི་མཚན་མ་ཀུན་བཏགས་ཀྱི་བརྡ། ཀུན་བཏགས་ཀྱི་ཐ་སྙད་ཀུན་བཏགས་ཀྱི་གདགས་པ་འབྱུང་བར་འདོད་དུ་ཟད་དོ། །ཕྲེང་བཞི་ན། སྐྱེ་བ་མེད་པའི་ཡོངས་གྲུབ་འབྱུང་བར་འདོད་དུ་ཟད་དོ། །ཞེས་སོགས་ཀྱིས་ཚིག་ལྔས་ཡོངས་སུ་གྲུབ་པའི་བསྡུས་ཏེ། སྐྱེ་བ་མེད་པའི་ཕྱིར་མི་སྐྱེ་བའོ། །འགག་པ་མེད་པའི་ཕྱིར་མི་འགག་པའོ། །གོམས་པ་མེད་པའི་ཕྱིར། ཀུན་ནས་ཉོན་མོངས་པ་མེད་པའོ། །རང་བཞིན་གྱི་ཡོངས་སུ་དག་པའི་ཕྱིར། རྣམ་པར་བྱང་བ་མེད་པའོ། །རྣམ་པར་དག་པའི་རྒྱུར་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར། མངོན་པར་འདུ་བྱ་བ་མེད་པའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། འགག་པ་མེད་པའི་ཡོངས་གྲུབ་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་ཡོངས་གྲུབ་དང༌། རྣམ་པར་བྱང་བ་མེད་པའི་ཡོངས་གྲུབ་དང༌། མངོན་པར་འདུ་བྱ་བ་མེད་པའི་ཡོངས་གྲུབ་འབྱུང་བར་འདོད་དུ་ཟད་དོ། །སྐྱེ་བ་མེད་པའི་ངོ་བོ་ཉིད་ཡོངས་གྲུབ་ནི་ཁམས་གསུམ་ནས་གདོད་ནས་རང་བཞིན་གྱི་འབྱུང་ཟིན་པའི་ཕྱིར་གསར་དུ་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གདོད་ནས་ངོ་བོ་ཉིད་ཀྱི་གནས་པའི་ཕྱིར། དེ་བས་ལྷག་པར་གནས་པ་མེད་དོ། །མངོན་པར་འདུ་བྱ་བའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། འདི་རྣམས་ཀྱི་དགོངས་པ་ནི་འདི་ཡིན་ཏེ། ཀུན་བཏགས་ཀྱི་ཆོས་ཐམས་ཅད་རང་སྟོང་ཡིན་པས། གཤིས་ལུགས་ལ་མ་གྲུབ་པའི་ཕྱིར། ཁམས་གསུམ་ནས་འབྱུང་བ་དང༌། རྣམ་མཁྱེན་དུ་གནས་པ་ཡང་གཤིས་ལུགས་ལ་གྲུབ་པ་མེད་པ་སྟོང་གཞི་ཡོངས་གྲུབ་ཀྱི་ཆོས་ཐམས་ཅད་ནི། གདོད་ནས་རང་བཞིན་གྱི་ཁམས་གསུམ་ནས་བྱུང་ཞིང༌། རྣམ་མཁྱེན་པའི་ཕྱིར། གསར་དུ་འབྱུང་བ་དང༌། གནས་པ་མེད་ཅེས་པའི་དོན་ཏོ། །གནས་དེ་ནི་བསྐྱོད་དུ་མེད་པའོ། །དེས་ན་རིགས་པ་གང་དུ་ཡང་མི་བསྐྱོད་ཅིང་གང་དུ་ཡང་མི་གནས་ལ་རྟོགས་པ་དང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཤེར་ཕྱིན་ཟབ་མོ་ལ་མན་ངག་བཞིན་དུ་མཉམ་པར་བཞག་པར་བྱ་སྟེ། མི་རྟོག་ཡེ་ཤེས་ཀྱི་རྣལ་འབྱོར་ཉམས་སུ་མྱོང་བ་རྣམས་ཀྱིས་སྤྱོད་ཡུལ་ཡིན་གྱི། རྟོག་གེ་རྣམ་ཤེས་ཀྱི་ཡུལ་ནི་མ་ཡིན་ནོ། ། བམ་པོ་བཅུ་དགུ་པ། སྒོམ་པའི་ལམ་ལ་གཟུང་བའི་རྟོག་པ་དང་པོའི་གཉེན་པོ་ནི། རབ་འབྱོར། གཞན་ཡང་ཁྱོད་ཀྱིས། གང་དུ་ཡང་གནས་པར་འགྱུར་བ་མེད་དེ། ཞེས་པ་ནི་ཇི་ལྟར་ 4-1-285 ནམ་མཁའ་གང་ན་ཡང་མི་གནས་པ། དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་མཐར་ཕྱིན་ཅིང༌། ཆོས་ཀྱི་སྐུའི་བདག་ཉིད་ཡིན་པས་གང་དུ་ཡང་གནས་པར་མི་འགྱུར་ཏེ། ཐེག་པ་ཆེན་པོ་འབའ་ཞིག་གནས་པར་མི་འགྱུར་བར་མ་ཟད་ཀྱི་ཀུན་བཏགས་པའི་ཆོས་ཐམས་ཅད་གང་ནས་ཡང་མི་གནས་སོ། །ཞེས་བྱ་བར་སྟོན་ཏོ། །ཞེས་དབུ་མ་པ་དབྱིག་གཉེན་ཆེན་པོ་གསུངས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡོངས་གྲུབ་ཀྱི་ཆོས་ཐམས་ཅད་ནི་གནས། ཀུན་བཏགས་ཀྱི་ཆོས་ཐམས་ཅད་ལ་ནི་གཤིས་ལ་མེད་ཅིང་མི་དམིགས་པའི་ཕྱིར། དེ་ལ་འབྲེལ་ནས། མི་གནས་པ་སྟེ། རབ་འབྱོར། དེ་ལྟར་ཐེག་པ་ཆེན་པོ་ཆོས་སྐུ་ཡོངས་གྲུབ་དེ་ནི་ཆོས་ཐམས་ཅད་ལ་འབྲེལ་ཏེ། མི་གནས་པའི་ཚུལ་གྱི་ཆོས་ཐམས་ཅད་ལ་ཁྱབ་པར་བྱའོ། །ཆོས་ཀྱི་དབྱིངས་དེ་ནི་ཆོས་ཐམས་ཅད་ལ་འབྲེལ་ཏེ། གནས་པ་ཡང་མ་ཡིན། མ་འབྲེལ་བཞིན་དུ་ཁྱད་པར་མི་གནས་པ་ཡང་མ་ཡིན་ནོ། །ཐེག་པ་ཆེན་པོ་དེ་ཡང་ཆོས་ཐམས་ཅད་ལ་འབྲེལ་ཏེ། གནས་པ་ཡང་མ་ཡིན། མི་འབྲེལ་བཞིན་དུ་ཁྱབ་པར་མི་གནས་པ་ཡང་མ་ཡིན་ནོ། །ཕྲེང་ཕྱེད་དང་གཉིས་ན། མ་ཡིན་ནོ། །ཞེས་པ་ནི་དོན་དམ་པར་རྟེན་པའི་མཚན་ཉིད་མེད་པའི་ཕྱིར། གནས་པ་ཡང་མ་ཡིན་ནོ། །མི་གནས་པའི་མཚན་ཉིད་དུ་གནས་པའི་ཕྱིར། ཐ་སྙད་དུ་མི་གནས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ། གནས་པ་དང་མི་གནས་པའི་མཚན་ཉིད་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་གསུངས། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ལ་ནི་ཆོས་ཐམས་ཅད་ལ་འབྲེལ་ཏེ། གནས་པའམ། མ་འབྲེལ་བཞིན་དུ་ཁྱད་པར་མི་གནས་པ་མེད་དོ། །འདི་ལྟར་ཆོས་ཀྱི་དབྱིངས་ཡོངས་གྲུབ་ནི་ཆོས་ཀྱི་དབྱིངས་སུ་ཀུན་བཏགས་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་སྟོང་པའི་ཕྱིར་རོ། །དེ་བཞིན་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཞེས་པ་ནི་དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཅེས་བྱ་བ་ཀུན་བཏགས་པ་གང་ཡང་མེད་ན། གང་གི་ཕྱིར་ཏེ། དེ་ནས་ངེས་པར་འབྱུང་བར་འགྱུར། ཞེས་དབུ་མ་པ་གསུངས། ཡང་དག་པའི་མཐའ། ཕྲེང་གཅིག་ན། ནམ་མཁའི་དབྱིངས་ནི་ཆོས་ཐམས་ཅད་ལ་འབྲེལ་ཏེ། གནས་པ་ཡང་མ་ཡིན། མ་འབྲེལ་བཞིན་དུ་ཁྱད་པར་མི་གནས་པ་ཡང་མ་ཡིན་ནོ། །ཐེག་པ་ཆེན་པོ་དོན་དམ་ཆོས་སྐུ་དེ་ཡང་ཆོས་ཐམས་ཅད་ལ་འབྲེལ་ཏེ། གནས་པ་ཡང་མ་ཡིན། མ་འབྲེལ་བཞིན་དུ་ཁྱད་པར་མི་གནས་པ་མ་ཡིན་ནོ། །འདོད་ཆགས་ཟད་པའི་དབྱིངས་རང་བྱུང་ཡེ་ཤེས་ནི་ཆོས་ཐམས་ཅད་འབྲེལ་ཏེ། གནས་པ་ཡང་མ་ཡིན། མ་འབྲེལ་བཞིན་དུ་ཁྱད་པར་མི་གནས་པ་ཡང་མ་ཡིན་ནོ། །ཐེག་པ་ཆེན་པོ་དོན་དམ་ཆོས་སྐུ་ཡང་ཐམས་ཅད་ལ་འབྲེལ་ཏེ། གནས་པ་ཡང་མ་ཡིན། འདི་ལྟ་སྟེ། དཔེར་ན། གདོད་ནས་རང་བཞིན་གྱི་རབ་ཏུ་བྱང་བ་དོན་དམ་པའི་དབྱིངས་དང༌། འགོག་པའམ་འགོག་པའི་དབྱིངས་ལ་ནི་སྔར་བཞིན་གནས་པའམ། དེ་བཞིན་དུ། ཐེག་པ་ཆེན་པོ་དབུ་མ་པ་ཆེན་པོར་འབྱུང་བས། དེ་ཡང་གནས་པ་ཡང་མ་ཡིན་ནོ། །ནམ་མཁའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་འདུས་བྱས་ཐམས་ཅད་ལ་འབྲེལ་ཏེ་གནས་པའམ། མ་འབྲེལ་བཞིན་དུ་ཁྱད་པར་མི་གནས་པ་མེད་དོ། །གཟོད་ནས་འདོད་ཆགས་ཟད་པའི་དབྱིངས་དང༌། འདོད་ 4-1-286 ཆགས་དང་གཟོད་ནས་འབྲེལ་བའི་དབྱིངས་དང༌། དྲི་མ་གཟོད་ནས་འགོག་པའམ། འགག་པའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི། ཀུན་རྫོབ་ལ་འབྲེལ་ཏེ། གནས་པའམ། མ་འབྲེལ་བཞིན་དུ་ཁྱད་པར་མི་གནས་པ་མེད་དོ། །ཕྲེང་གཅིག་ན། འདོད་ཆགས་ཟད་པའི་དབྱིངས་ཀྱི་རང་བཞིན་དུ་ཀུན་བཏགས་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །དཔེར་ན་གཟུགས་ཀྱི་སྟོང་པ་ཉིད། ཡོངས་གྲུབ་ནི་ཀུན་རྫོབ་ཐམས་ཅད་ལ་འབྲེལ་ཏེ། གནས་པ་ཡང་མ་ཡིན། མ་འབྲེལ་བཞིན་དུ་ཁྱད་པར་མི་གནས་པ་ཡང་མ་ཡིན་ནོ། །ཐེག་པ་ཆེན་པོ་དེ་ཡང་སྔར་བཤད་པ་བཞིན་དུ་གནས་པ་ཡང་མ་ཡིན། ཕྲེང་གཅིག་ན། གཟུགས་ཀྱི་ངོ་བོ་ཉིད་ཡོངས་གྲུབ་ཀྱི་གཟུགས་ལ་ནི་གནས་པའམ། རྣམ་པར་ཤེས་པའི་ངོ་བོ་ཉིད་ཡོངས་གྲུབ་ཀྱི་རྣམ་ཤེས་ལ་ན་གནས་པའམ། དེ་ནི་འདི་ལྟར་ཡོངས་གྲུབ་ཀྱི་གཟུགས་ཀུན་བཏགས་ཀྱི་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །དེ་བཞིན་དུ། ཕྱི་མ་རྣམས་ལ་ཡང་སྦྱར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། ཤོག་གུ་གཅིག་དང་ཕྲེང་དགུ་ན། འདི་ལྟ་སྟེ། དཔེར་ན། དོན་དམ་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་རྫོབ་ཐམས་ཅད་ལ་འབྲེལ་ཏེ། གནས་པ་ཡང་མ་ཡིན། མ་འབྲེལ་བཞིན་དུ་ཁྱབ་པར་མི་གནས་པ་ཡང་མ་ཡིན་ནོ། །ཐེག་པ་ཆེན་པོ་ཡོངས་གྲུབ་དེ་ཡང་ཀུན་བཏགས་ཐམས་ཅད་ལ་འབྲེལ་ཏེ་གནས་པ་ཡང་མ་ཡིན། མ་འབྲེལ་བཞིན་དུ་ཁྱབ་པར་མི་གནས་པ་ཡང་མ་ཡིན། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཕྲེང་གཉིས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཆོས་ཉིད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ནི། ཆོས་ཅན་སྣ་ཚོགས་ལ་འབྲེལ་ཏེ། གནས་པའམ་མི་འབྲེལ་བཞིན་དུ་ཁྱབ་པར་མི་གནས་པར་མེད་དོ། །ཕྲེང་གཅིག་ལྷག་ན། དེ་ནི་འདི་ལྟར་ཆོས་ཉིད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་པའི་ཕྱིར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཕྲེང་བཞི་ན། ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཆོས་ཉིད་ཀྱི་ནང་སྟོང་པ་ཉིད་ལ་ནི་གནས་པའམ། རབ་འབྱོར། དེ་ནི་འདི་ལྟར་ཡོངས་གྲུབ་ཀྱི་ནང་སྟོང་པ་ཉིད་ཀུན་བཏགས་ཀྱི་ནང་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཆོས་ཉིད་ཀྱི་དྲན་པ་ཉེ་བར་བཞག་པ་རྣམས་ནི། ཆོས་ཅན་སྣ་ཚོགས་ལ་འབྲེལ་ཏེ། གནས་པ་ཡང་མ་ཡིན། མ་འབྲེལ་བཞིན་དུ་ཁྱབ་པར་མི་གནས་པ་ཡང་མ་ཡིན་ནོ། །ཕྲེང་གསུམ་ན། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་ངོ་བོ་ཉིད་དོན་དམ་གྱི་དྲན་པ་ཉེ་བར་བཞག་པ་རྣམས་ལ་གནས་པའམ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། ཡོངས་གྲུབ་ཀྱི་དྲན་པ་ཉེ་བར་བཞག་པ་རྣམ་པ་ཀུན་བཏགས་ཀྱི་དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་སྟོང་པའི་ཕྱིར་རོ། །ཕྱི་མ་རྣམས་ལའང་དེ་བཞིན་དུ་སྦྱར་ཏེ། ཡང་དག་པར་སྤོང་བ་རྣམས་དང༌། ཕྲེང་བཅུ་བཞི་ན། ཟག་པ་ཟད་པ་དོན་དམ་གྱི་རྒྱལ་ཁམས་ཆེན་པོར་གཏོགས་པས་ནི། ཀུན་རྫོབ་ཀྱི་རྒྱལ་ཁམས་ལ་འབྲེལ་ཏེ་གནས་པ་ཡང་མ་ཡིན་ནོ། །མ་འབྲེལ་བཞིན་དུ་ཁྱབ་པར་མི་གནས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་རང་སངས་རྒྱས་ནི་དགྲ་བཅོམ་པའི་ངོ་བོ་ཉིད་དོན་དམ་གྱི་དགྲ་བཅོམ་པ་ལ་ནི་གནས་པའམ་མི་གནས་པ་མེད་དོ། །རང་སངས་རྒྱས་ཀྱི་ངོ་བོ་ཉིད། དོན་དམ་གྱི་རང་སངས་རྒྱས་ལ་ 4-1-287 ནི་གནས་པའམ་མི་གནས་པ་མེད་དོ། །འདི་ལྟར་ཡོངས་གྲུབ་ཀྱི་དགྲ་བཅོམ་པའི་ངོ་བོ་ཉིད་ཀུན་བཏགས་ཀྱི་དགྲ་བཅོམ་པའི། དཔེར་ན། དོན་དམ་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད། དོན་དམ་གྱི་བྱང་ཆུབ་སེམས་དཔའ་ལ་ནི། ཀུན་རྫོབ་ལ་འབྲེལ་ཏེ། གནས་པའམ། མི་འབྲེལ་བཞིན་དུ་ཁྱབ་པར་མི་གནས་པ་མེད་དོ། །རབ་འབྱོར། དེ་ནི་འདི་ལྟར་དོན་དམ་གྱི་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་སྟོང་པའི་ཕྱིར་རོ། །དོན་དམ་གྱི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀུན་རྫོབ་ཀྱི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། འདི་ལྟ་སྟེ། དཔེར་ན། དོན་དམ་གྱི་རྒྱུན་དུ་ཞུགས་པའི། ཕྲེང་བཞི་ན། དེ་ནི་འདི་ལྟར་ཡོངས་གྲུབ་ཀྱི་རྒྱུན་དུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་ཀུན་བཏགས་ཀྱི་རྒྱུན་དུ་ཞུགས་པའི་འབྲས་བུའི། ཆོས་ཉིད་ལམ་གྱི་རྣམ་པར་ཤེས་པ་ཉིད་ནི། ཕྲེང་ཕྱེད་དང་གསུམ་ན། འདི་ལྟར་ཡོངས་གྲུབ་ཀྱི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ཀུན་བཏགས་ཀྱི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དཔེར་ན། མིང་དང༌། མཚན་མ་ལ་སོགས་པ། ཤེས་བྱ་ཐམས་ཅད་ལ། བདེན་གཉིས་རྣམ་དབྱེ་ཤེས་པར་བྱས་ནས། གནས་མི་གནས་ལ་སོགས་པའི་དོན་ཤེས་པར་བྱ་སྟེ། མིང་ནི་གནས་པ་མ་ཡིན། ཕྲེང་གསུམ་ན། རབ་འབྱོར། ཡོངས་གྲུབ་ཀྱི་མིང་གི་ངོ་བོ་ཉིད་ཀུན་བཏགས་ཀྱི་མིང་གི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཕྲེང་གཉིས་ན། སྐྱེ་བ་མེད་པའི་གཞི་ཆོས་ཉིད་ཡོངས་གྲུབ་ནི་གནས་པ་ཡང་མ་ཡིན། འགག་པ་མེད་པའི་གཞི་དང༌། ཀུན་ནས་ཉོན་མོངས་པའི་གཞི་མེད་པ་དང༌། རྣམ་པར་བྱང་བ་མེད་པའི་གཞི་ནི་གནས་པ་ཡང་མ་ཡིན། ཕྲེང་གཉིས་ན། སྐྱེ་བ་མེད་པའི་ངོ་བོ་ཉིད་ཡོངས་གྲུབ་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་དུ་ཀུན་བཏགས་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་དུ་ཀུན་བཏགས་པ་རྣམས་ཀྱི་སྟོང་པའི་ཕྱིར་རོ། །རྣམ་པར་བྱང་བ་མེད་པའི་ངོ་བོ་ཉིད་དུ་ཀུན་བཏགས་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །མངོན་པར་འདུ་བྱ་བ་མེད་པའི་གཞི་ཡོངས་གྲུབ་ནི་གནས་པ་ཡང་མ་ཡིན། ཕྲེང་གཉིས་ན། ངོ་བོ་ཉིད་དུ་ཀུན་བཏགས་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །ཐེག་པ་དེ་ནི་ཀུན་རྫོབ་ཐམས་ཅད་ལ་འབྲེལ་ཏེ། མི་གནས་པར་འབྲེལ་བཞིན་དུ་ཁྱབ་པར་གནས་པའི་ཕྱིར། ཚུལ་དང༌། བསྐྱོད་དུ་མེད་པའི་ཚུལ་གྱིས། ཀུན་རྫོབ་གང་དུའང་འབྲེལ་ཏེ། གནས་པར་འགྱུར་བ་མེད་དོ། །སྒོམ་པའི་ལམ་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ནི། རབ་འབྱོར། ཕྲེང་བཞི་ན། བདག་དམིགས་སུ་མེད་དོ། །ཞེས་པ་ནི། གལ་ཏེ་བདག་ལ་སོགས་པ་དང༌། གཟུགས་ལ་སོགས་ཡོད་དུ་ཟིན་ན། ཡོངས་གྲུབ་པའི་ཤིན་ཏུ་རྣམ་པར་དག་པ་གང་ཡིན་པ་དེ་ཉམས་པར་འགྱུར་རོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། མཐའ་ལས་འདས་པས། ཕྲེང་བཅུ་ན། བཅོ་བརྒྱད་དམིགས་སུ་མེད་དོ། །སྒོམ་པའི་ལམ་ལ་འཛིན་པའི་རྟོག་པ་དང་པོའི་གཉེན་པོ་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཕྲེང་གཉིས་ན། སྒོམ་པའི་ལམ་ལ་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཕྲེང་ཕྱེད་དང་གཉིས་ན། སྐྱེ་བ་མེད་པའི་གཞི་ཡོངས་གྲུབ་དེ་རྣམ་ཤེས་ཀྱི་དམིགས་སུ་མེད་དོ། །ཕྲེང་ཕྱེད་ན། 4-1-288 མངོན་པར་འདུ་བྱ་བ་མེད་པའི་གཞིའི་ཡོངས་གྲུབ་ནི་རྣམ་ཤེས་ཀྱིས་དམིགས་སུ་མེད་དོ། །སྔོན་གྱི་མཐའ་ནི་རྣམ་ཤེས་ཀྱིས་དམིགས་སུ་མེད་དོ། །ཕྱི་མའི་མཐའ་ནི་གཞན་དོན་དམ་པའི་ཕྱི་མའི་མཐའ་ནི་རྣམ་ཤེས་ཀྱིས་དམིགས་སུ་མེད་དོ། །ད་ལྟར་བྱུང་བ་གཞན་དོན་དམ་པའི་ད་ལྟར་བྱུང་བ་ནི་རྣམ་ཤེས་ཀྱིས་དམིགས་སུ་མེད་དེ་འགལ་འདུས་སྐྱོན་མེད་དུས་གསུམ་མཉམ་པ་ཉིད་དོ། །འགྲིབ་པ་དང་འཕེལ་བ་གཞན་རྣམས་ཀྱང་དོན་དམ་ཡིན་པས་རྣམ་ཤེས་ཀྱིས་དམིགས་སུ་མེད་དོ། །ཆོས་ཀྱི་དབྱིངས་རྣམ་ཤེས་ཀྱིས་མི་དམིགས་པས། རྣམ་ཤེས་ཀྱིས་དམིགས་པ་ཡང་མ་ཡིན། ཡེ་ཤེས་ཀྱིས་མི་དམིགས་པ་ཡང་མ་ཡིན་ནོ། །ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། དེ་བཞིན་ཉིད། ཕྲེང་གསུམ་ན། ཆོས་ཉིད་ཀྱི་ཕུང་པོ་དང་སྐྱེ་མཆེད་དང༌། ཁམས་རྣམ་ཤེས་ཀྱིས་མི་དམིགས་པས། ཕྲེང་གསུམ་གཉིས་ན། རྣམ་ཤེས་ཀྱིས་དམིགས་པ་ཡང་མ་ཡིན། ཡེ་ཤེས་ཀྱིས་མི་དམིགས་པ་ཡང་མ་ཡིན། འབུམ་དང༌། ཕལ་ཆེན་དུ་འདུས་མ་བྱས་ཀྱི་རྟེན་འབྲེལ་གསུངས་པ་དང་དོན་གཅིག་ཅིང༌། སྔགས་སུ་བདེན་དོན་བཅུ་གཉིས་དང༌། གནས་སོགས་བཅུ་གཉིས་དང༌། ཕྱག་བཅུ་གཉིས་དང༌། སྒོ་བཅུ་གཉིས་དང༌། རྟ་བབས་བཅུ་གཉིས་ལ་སོགས་གསུངས་པ་དང་དོན་གཅིག་པ་ཆོས་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་རྣམ་ཤེས་མི་དམིགས་པ། ཕྲེང་ཕྱེད་ན། དམིགས་སུ་མེད་པ་དེ་ནི་རྣམ་ཤེས་ཀྱིས་དམིགས་པ་ཡང་མ་ཡིན། ཡེ་ཤེས་ཀྱིས་མི་དམིགས་པ་ཡང་མ་ཡིན་ནོ། །མདོར་ན་ཆོས་ཐམས་ཅད་ལ་བདེན་གཉིས་རྣམ་དབྱེ་དགོས་ཤིང༌། དོན་དམ་གྱི་གཟུགས་ནས་རྣམ་མཁྱེན་གྱི་བར་ཐམས་ཅད་གཞན་སྟོང་ཡིན་པ་དང༌། རྣམ་ཤེས་ཀྱིས་དམིགས་སུ་མེད་ཅིང་ཡེ་ཤེས་ཀྱིས་དམིགས་སུ་ཡོད་པ་དང༌། ཀུན་རྫོབ་ཐམས་ཅད་ལ་འབྲེལ་ཏེ་མི་གནས་ཀྱང་མ་འབྲེལ་བཞིན་དུ་ཁྱབ་པར་བྱས་པ་དང༌། རྟག་ཅིང་བརྟན་པ་ནི་ཐེར་ཟུག་མི་འགྱུར་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཆ་མེད་ཀུན་འགྲོ་ཞུགས་པ་ལ་སོགས་པ་དང༌། ཀུན་རྫོབ་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་ཐམས་ཅད་གཤིས་ལ་མེད་པ་དང༌། རང་རང་ངོ་བོས་སྟོང་པ་ལ་སོགས་པས་གནས་པས་བཤད་པའི་ཚུལ་ཡང་སྔ་ཕྱི་ཐམས་ཅད་དུ་དེ་ལྟར་ཤེས་དགོས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པས། ཤོག་གུ་ཕྱེད་དང་གཉིས་ན། མ་ཡིན་ནོ། །ཡོངས་གྲུབ་ཀྱི་ཆོས་ལྔ་ཡང་དེ་བཞིན་དེ། སྐྱེ་བ་མེད་པས་མི་དམིགས་པས། ཕྲེང་ལྔ་ན། དེ་བཞིན་དུ་དུས་མེད་དུ་ས་གསུམ་དུས་མེད་མཉམ་པ་ཉིད་ཀྱི་དུས་ཀྱང་དེ་བཞིན་ཏེ། སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། ད་ལྟར་བྱུང་བ་དང་ཆོས་ཉིད་རྣམ་པ་ཐམས་ཅད་པའི་འོང་བ་དང་འགྲོ་བ་དང་འཕེལ་བ་རྣམ་ཤེས་ཀྱི་མི་དམིགས་པས། ཕྲེང་བཅུ་གསུམ་ན། ཆོས་ཐམས་ཅད་ཅེས་བྱ་བ་ལ་ཆོས་ནི་རྣམ་པ་གཉིས་ཏེ། ཀུན་བཏགས་པའི་ཆོས་རྣམས་དང་ཡོངས་སུ་གྲུབ་པའི་ཆོས་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཀུན་བཏགས་པའི་ཆོས་རྣམས་ནི། གཤིས་ནམ་མཁའི་མེ་ཏོག་ལྟར་ཅིར་ཡང་མ་གྲུབ་པས་ཅིར་ཡང་དམིགས་སུ་མེད་དོ། །ཡོངས་སུ་གྲུབ་པའི་ཆོས་རྣམས་ནི་ཀུན་རྫོབ་ཀྱི་ཆོས་གང་དུ་ཡང་མ་གྲུབ་མོད་ཀྱི། རང་བཞིན་གཉུག་ 4-1-289 མ་འོད་གསལ་ཆོས་སྐུ་འགྱུར་མེད་བདེ་བ་ཆེན་པོ། བདེན་དོན་བཅུ་གཉིས་དེ་ཉིད་བཅུ་དྲུག་རྡོ་རྗེའི་ཉི་ཟླ་ཨེ་ཝཾ་ཡི་གེ་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །དེ་བཞིན་ཉིད་བདག་དག་པའི་བདག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ལ་སོགས་པ་ནམ་ཡང་གང་ན་ཡང་ཁྱབ་པར་བཞུགས་ཤིང༌། སྐད་ཅིག་དང༌། རྟེན་འབྲེལ་དང༌། རྟོག་གེ་དང༌། རྣམ་ཤེས་ལས་ཤིན་ཏུ་འདས་པའི་ཕྱིར། རྣམ་ཤེས་ཀྱི་མི་དམིགས་པའི་ཚུལ་གྱིས། ལེའུ་བཅུའོ།། །། ༈ དེ་རྣམས་ཀྱིས་ནི། ཚོ༷གས་ནི༷། ཞེས་པ་དོན་དགུ་པ་གསུངས་ཟིན་ཏོ། །ཆེད་དུ་བྱ་དང་། དེ་ནས་ཚེ་དང་ལྡན་པ། རབ་འབྱོར། ཆོས་ཉིད་རྟོགས་ཤིང་ཉམས་སུ་མྱོང་ནས། དྲི་མ་དང་བྲལ་ཏེ། ལྷ་དང༌། མི་དང༌། བཅོམ་ལྡན་འདས། ཇི་ལྟར་ནམ་མཁའ་གང་ན་ཡང་མི་གནས་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་མཐར་ཕྱིན་ཅིང་ཆོས་ཀྱི་སྐུའི་བདག་ཉིད་ཡིན་པས། ཞེས་གསུངས་པའི་ཕྱིར། གཞི་འབྲས་ཀྱི་ཐེག་པ་དེ་ནི་མཐར་ཐུག །དོན་དམ་ཆོས་སྐུ་ཡིན་པས་མཁའ་དང་མཉམ་པ་སྟེ། ཕྲེང་ཕྱེད་དང་གཉིས། ཐེག་པ་ཆེན་པོ་འདུས་མ་བྱས་ཀྱི་དབྱིངས། དེ་ལ་འགྲོ་བ་དང་འོང་བ་ཞེས་བགྱི་བའམ། གློ་བུར་དུ་གནས་པ་ཡང་མ་མཆིས། ཕྲེང་གཉིས་ན། སྔོན་གྱི་མཐའ་མེད་ཅིང་མི་དམིགས། དེ་བཞིན་དུ་ཐེག་པ་ཆེན་པོ། དོན་དམ་བདེ་གཤེགས་སྙིང་པོ་འདི་ཡང་དུས་གསུམ་དུས་མེད་རྟོགས་པ་པོ་ཡིན་པར་བཀའ་སྩལ་པ། དུས་གསུམ་མཉམ་པ་ཉིད་ཀྱི་སླད་དུ། ཕྲེང་གཅིག་ན། མཉམ་པ་ཉིད་ཀྱི་ཐེག་པ་ཡིན་པས། ཕྲེང་གསུམ་གཉིས་ན། འདི་ལྟ་སྟེ། བདེན་པ་གཉིས་ཀྱིས་བསྡུས་པས། ཕ་རོལ་ཏུ་ཕྱིན་པ། ཕྲེང་གསུམ་ན། འདི་ལྟ་སྟེ། ལམ་བདེན་དང༌། འགོག་བདེན་གཉིས་ཀྱིས་བསྡུས་པས་གཟུངས་ཀྱི་སྒོ་ཐམས་ཅད་དང༌། ཕྲེང་ཕྱེད་དང་དགུ་ན། རབ་འབྱོར། གལ་ཏེ་ཞེས་པ་ལ་སོགས་པ་ཇི་སྐད་བསྟན་པར་འགྱུར་ཞེ་ན། གལ་ཏེ་འདོད་པའི་ཁམས་ལ་སོགས་པ་ཆོས་ཐམས་ཅད་ཀུན་བཏགས་པ་དང༌། ཡང་དག་པ་མ་ཡིན་ཏེ། ཡོངས་སུ་གྲུབ་པ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཞིག་ཡིན་ཟིན་ཐེག་པ་ཆེན་པོ་འདི་དག་ལ་ངེས་པར་འབྱུང་བར་མི་འགྱུར་ཞིང༌། དེ་དག་ཡོངས་སུ་སྤོང་བར་མི་འགྱུར་བ་ཞིག་ན་འདི་ལྟར་ཆོས་དེ་དག་ཀུན་བཏགས་པ་སྟེ། ཡང་དག་པ་མ་ཡིན་པས་དེའི་ཕྱིར། ཐེག་པ་ཆེན་པོ་འདི་དེ་དག་ཡོངས་སུ་སྤོང་པར་འགྱུར་རོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས་པས། འདོད་པའི་ཁམས་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཞེས་བྱ་བ་ཚིག་གསུམ་གྱིས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་ཏོ། །ཕྱིན་ཅི་ལོག་མ་ཡིན་ལ་ཇི་ལྟ་བ་བཞིན་དུ། ཞེས་བྱ་བའི་ཚིག་ལྔས་ནི་བདེན་པ་བསྟན་ཏོ། །རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་ཞེས་བྱ་བ་ཚིག་བཞིས་ནི་འདུས་མ་བྱས་ཀྱི་མཚན་ཉིད་བསྟན་ཏོ། །དེ་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། མི་འཇིགས་པ་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང༌། མི་འགྱུར་བར་ཡོངས་སུ་གྲུབ་པའོ། །དེ་ལ་དེ་བཞིན་དུ་གྱུར་ཞེས་བྱ་བས་ནི་མི་འཇིགས་པས་ཡོངས་སུ་གྲུབ་པ་བསྟན་ཏོ། །མ་ནོར་ཞེས་ 4-1-290 བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་བསྟན་ཏོ། །གཞན་མ་ཡིན་པ་ཞེས་བྱ་བས་ནི་མི་འགྱུར་བར་ཡོངས་སུ་གྲུབ་པ་བསྟན་ཏོ། །བདེན་པའི་མཚན་ཉིད་ཀྱང་རྣམ་པ་ལྔ་སྟེ། ཕྱིན་ཅི་མ་ལོག་པའི་མཚན་ཉིད་ནི། དཔེར་ན་སྨིག་རྒྱུ་ལ་ཆུར་ཕྱིན་ཅི་ལོག་ཏུ་གྱུར་པ་མེད་པ་ལྟ་བུ་སྟེ། དེ་ཕྱིན་ཅི་མ་ལོག་པ་ཞེས་བྱ་བ་བསྟན་ཏོ། །ངོ་བོ་ཉིད་ཀྱི་མཚན་ཉིད་ནི་དཔེར་ན། སྒྱུ་མ་ལ་ངོ་བོ་ཉིད་མེད་པའི་དངོས་པོ་ལྟ་བུ་སྟེ། དེ་ནི་དེ་ཁོ་ན་ཞེས་བྱ་བར་བསྟན་ཏོ། །ཡོད་པའི་མཚན་ཉིད་ནི། དཔེར་ན་སྐྲ་ཤད་འཛིང་པ་ལ་སོགས་པ་ལ་ཡོད་པ་མ་ཡིན་པའི་མཚན་ཉིད་དུ་གྱུར་པ་མེད་པ་ལྟ་བུ་སྟེ། དེ་ནི་ཡང་དག་པ་ཞེས་བྱ་བས་བསྟན་ཏོ། །མི་བསླུ་པའི་མཚན་ཉིད་ནི་དཔེར་ན་ཟླ་བ་གཉིས་སུ་གྱུར་པར་ལ་སོགས་པར་འཁྲུལ་བའི་མཚན་ཉིད་མེད་པ་ལྟ་བུ་སྟེ། དེ་ནི་བདེན་པ་ཞེས་བྱ་བས་བསྟན་ཏོ། །རིགས་པའི་མཚན་ཉིད་ནི། དཔེར་ན། རྟག་པ་དང༌། བདེ་བ་དང༌། བདག་ལ་སོགས་པ་འཐད་པ་དང་བྲལ་བར་གྱུར་པ་མེད་པ་ལྟ་བུ་སྟེ། དེ་ནི་ཇི་ལྟ་བ་བཞིན་ཞེས་བྱ་བས་བསྟན་ཏོ། །འདུས་མ་བྱས་ཀྱི་མཚན་ཉིད་ནི་རྣམ་པ་བཞི་སྟེ། སྐྱེ་བ་དང༌། འགགས་པ་མེད་པའི་མཚན་ཉིད་ནི། འདི་ལྟ་སྟེ། རྟག་པ་ཞེས་གསུངས་པའོ། །རྟག་ཏུ་གནས་པའི་མཚན་ཉིད་ནི། འདི་ལྟ་སྟེ། བརྟན་པ་ཞེས་གསུངས་པའོ། །མི་ཆད་པའི་མཚན་ཉིད་ནི། འདི་ལྟ་སྟེ། ཐེར་ཟུག་ཞེས་གསུངས་སོ། །མི་འགྱུར་བའི་མཚན་ཉིད་ནི། འདི་ལྟ་སྟེ། མི་འགྱུར་བའི་ཆོས་ཅན་ཞེས་གསུངས་པའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། དེ་ལྟ་བུའི་ཚུལ་གྱིས་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང༌། ཕྲེང་ཕྱེད་དང་གསུམ་ན། ཕྱིན་ཅི་ལོག་མ་ཡིན་པ་ཞེས་པའི་ཚིག་གཅིག་པོ་འདི། ཁྲི་བརྒྱད་སྟོང་པ། དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་འགྲེལ་པ་གནོད་འཇོམས་སུ་བྱུང༌། མདོ་འདི་དང༌། འབུམ་དུ་མ་བྱུང༌། བདེན་པ་ཡང་དག་པ་སྟེ། དེ་ནས། པོ་ཏི་ཁ་པའི་མགོ་ནས། ཤོག་གུ་ཕྱེད་དང་གསུམ་ཅུང་མེད་ན། ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །སྐབས་འདིར། ཁྲི་བརྒྱད་སྟོང་པ་དང༌། དེའི་འགྲེལ་པ་གནོད་འཇོམས་སུ། དེ་བཞིན་ཉིད་ལ་སོགས་པ་ཡོངས་གྲུབ་དགུ་བྱུང༌། གཞུང་འདི་དང༌། འབུམ་དུ་མ་བྱུང༌། རབ་འབྱོར། གལ་ཏེ་བདེན་པ་གཉིས་ཀྱིས་བསྡུས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ཤོག་གུ་གསུམ། ཕྲེང་གཉིས་ན། རབ་འབྱོར། གལ་ཏེ་ཆོས་ཀྱི་དབྱིངས་ལ་སོགས་པ་ཡོངས་གྲུབ་བཞི་པ་འདི་འབུམ་དུ་བྱུང་ཞིང༌། ཁྲི་བརྒྱད་སྟོང་པ། འགྲེལ་པ་གནོད་འཇོམས་དང་བཅས་པར་མ་བྱུང༌། དངོས་པོ་ཡོད་པ་ཞིག་ཡིན་ཏེ། ཕྲེང་ཉེར་བདུན་ན། གསུང་ཡན་ལག་དྲུག་ཅུ་དང་ལྡན་པ། འགྲེལ་པ་གནོད་འཇོམས་གཉིས་དང༌། ཉི་ཁྲི་སྣང་བ་ལ་སོགས་པར་གསུངས་པ། དངོས་པོ་ཡོད་པ་ཞིག་ཡིན་ཏེ། ཕྲེང་གཉིས་ན། སངས་རྒྱས་ཀྱི་གསུངས། མཉེན་འཇམ་ཡིད་འོང་ཡིད་དུ་འཐད། །དག་པ་དྲི་མེད་རབ་ཏུ་གསལ། །སྙན་ཅིང་འཇེབས་ལ་མཉན་པར་འོས། །མི་ཚུགས་སྙན་པ་དུལ་མི་རྩུབ། །མི་བརླང་རབ་དུལ་རྣ་བར་སྙན། །ལུས་སིམ་བྱེད་དང་སེམས་སིམ་བྱེད། །སྙིང་དགར་བྱེད་དང་དགའ་བདེ་བསྐྱེད། །ཡོངས་སུ་གདུང་མེད་ཀུན་ཤེས་ 4-1-291 བྱ། །རྣམ་པར་རིག་བྱ་རྣམ་གསལ་བ། །དགའ་བར་བྱེད་དང་མངོན་དགའ་བྱེད། །ཀུན་ཤེས་བྱེད་དང་རྣམ་རིག་བྱེད། །རིག་པ་འབྲེལ་བ་བཟློས་སྐྱོན་མེད། །སེང་གེའི་སྒྲ་ཡི་ཤུགས་ཅན་དང༌། །གླང་ཆེན་སྒྲ་སྐད་འབྲུག་སྒྲའི་དབྱངས། །ཀླུ་དབང་སྒྲ་དང་དྲི་ཟའི་གླུ། །ཀ་ལ་པིང་ཀའི་སྒྲ་དབྱངས་དང༌། །ཚངས་པའི་སྒྲ་དབྱངས་བསྒྲགས་པ་དང༌། །ཤང་ཤང་ཏེའུ་སྒྲ་དབྱངས་གྲག །ལྷ་ཡི་དབང་པོའི་དབྱངས་ལྟར་སྙན། །རྔ་སྒྲ་མ་ཁེངས་མི་དམའ་བ། །སྒྲ་ཀུན་གྱིས་ནི་རྗེས་སུ་ཞུགས། །ཚིག་ཟུར་མ་ཆགས་མ་ཚང་མེད། །མ་ཞུམ་མི་ཞན་རབ་དགར་ཁྱབ། །ཆུབ་དང་རྒྱུན་ཆགས་འབྲེལ་བ་དང༌། །སྒྲ་ཀུན་རྫོགས་པར་བྱེད་པ་དང༌། །དབང་ཀུན་ཚིམ་བྱེད་མ་སྨད་པ། །མི་འགྱུར་མ་བརྡབས་འཁོར་ཀུན་གྲགས། །རྣམ་པ་ཀུན་གྱི་མཆོག་ལྡན་ཏེ། །ཡན་ལག་དྲུག་ཅུ་དང་ལྡན་པ། །ཕྲེང་བཅུ་ན། མྱ་ངན་ལས་འདའ་བར་འགྱུར་རོ། །མཉམ་ཉིད་དང༌། །རབ་འབྱོར། གང་ཡང་ཁྱོད་འདི་སྐད་དུ། གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཐེག་པ་ཆེན་པོ་དེ་ནི་སྟོང་གཞི་དོན་དམ་ཆོས་སྐུ་ཡིན་པའི་ཕྱིར། ནམ་མཁའ་དང་མཉམ་མོ། །ཕྲེང་གཅིག་ན། ཐེག་པ་ཆེན་པོ་ལ་ནི་འགྱུར་མེད་ཡོངས་གྲུབ་ཤར་ཕྱོགས་དམིགས་སུ་མེད་དོ། །ཕྲེང་གཉིས་ན། ཐེག་པ་ཆེན་པོ་རང་བྱུང་ཡེ་ཤེས་མཁའ་ཁྱབ་དེ་ཡང་ཀུན་རྫོབ་ཀྱི་རིང་པོ་མ་ཡིན། མི་མཉམ་པ་མ་ཡིན་ཏེ། དེ་ནི་རིང་མིན་ཐུང་མིན་དང༌། །གྲུ་བཞི་མ་ཡིན་ཟླུམ་པོ་མིན། །དྲི་དང་རོ་དང་མྱང་ལས་འདས། །ལྷན་ཅིག་སྐྱེས་དགའ་བྱེད་པ་ཅན། །ཞེས་གང་གསུངས་པ་དང་དོན་གཅིག་ཉིད་དུ་བྱ་རྒོད་ཀྱི་ལྟ་ལུགས་བཞིན་ནམ་མཁའ་འཕང་མཐོན་པོ་ནས་བལྟས་པས་མཐོང་བ་ཡིན་ནོ། །དེའི་ཕྱིར་ཐེག་པ་ཆེན་པོ། ཕྲེང་གཅིག་ལྷག་ན། ཐེག་པ་ཆེན་པོ་དོན་དམ་པའི་དབྱིངས་རིག་དབྱེར་མེད་མཁའ་ཁྱབ་དེ་ཡང་ཀུན་རྫོབ་ཀྱི་སྔོན་པོ་མ་ཡིན། ཕྲེང་ཕྱེད་དང་གཉིས་ན། ཐེག་པ་ཆེན་པོ། མྱང་འདས་ཆེན་པོ། དབུ་མ་ཆེན་པོ། ཕྱག་རྒྱ་ཆེན་པོ། རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ། སྟོང་པ་ཆེན་པོ། འགྱུར་མེད་ལྔ་དང༌། ཐིག་ལེ་སྟོང་པ་འགྱུར་མེད་དྲུག །དབྱེར་མེད་པ་དོན་དམ་པའི་ཨཱ་ལི་ཀཱ་ལི། ཐིག་ལེ་གྲུ་གསུམ། རྡོ་རྗེ་བྷ་ག །རྡོ་རྗེ་སེམས་དཔའ། རྡོ་རྗེ་འཇིགས་བྱེད། རྡོ་རྗེ་ཕག་མོ། རྡོ་རྗེ་བདག་མེད་མ། རྡོ་རྗེ་མཁའ་འགྲོ་ལ་སོགས་པ་རང་བཞིན་གཉུག་མ་རང་བཞིན་ལྷུན་གྲུབ་མཁའ་ཁྱབ་ཀྱི་ལྷ་དང་སྔགས་ལ་སོགས་པ་འདུས་མ་བྱས་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་གང་ཡིན་པ་དེ་ཡང་ཀུན་རྫོབ་ཀྱི་འདས་པ་ཡང་མ་ཡིན། ཕྲེང་ཕྱེད་དང་གཉིས་ན། ཐེག་པ་ཆེན་པོ་ཤེར་ཕྱིན་མཚན་ཉིད་པ་འདུས་མ་བྱས་ཀྱི་ཤེར་ཕྱིན་དེ་ཡང་འགྲིབ་པ་མེད། ཕྲེང་གཅིག་ན། ཐེག་པ་ཆེན་པོ་རྒྱུད་གཞན་དང་འབྲས་བུ་གཞན་གྱི་ཁྱད་པར་མེད་པ་དོན་དམ་འདུས་མ་བྱས་ཀྱི་བདེ་བ་དང་སྟོང་པ་ཐབས་དང་ཤེས་རབ་སྟོང་པ་ཉིད་སྙིང་རྗེ་དབྱེར་མེད་པ་ཀུན་ཁྱབ་ཏུ་ནམ་མཁའ་ལ་ཞུགས་པ་དེ་ལ་ཀུན་ནས་ཉོན་མོངས་པ་མེད། གློ་བུར་གྱི་རྣམ་པར་བྱང་པ་མེད་དེ། ཕྲེང་གཉིས་ན། དེ་བཞིན་དུ་ཐེག་པ་ཆེན་པོ་དོན་དམ་འདུས་མ་བྱས་ཀྱི་དུས་དང་འཁོར་ལོ་དབྱེར་མེད་དེ་ཧེ་རུ་ཀ་དང་བཛྲ་དབྱེར་མེད། འཁོར་ལོ་དང་སྡོམ་པ་དབྱེར་མེད། གསང་བ་དང་འདུས་པ་དབྱེར་མེད། རྡོ་རྗེ་དང་པད་ 4-1-292 མ་དབྱེར་མེད་ལ་སོགས་པ་རྟོག་ཅན་གྱི་སྤྱོད་ཡུལ་ལས་འདས་ཤིང༌། རྣལ་འབྱོར་ཅན་གྱིས་སྤྱོད་ཡུལ་དུ་གྱུར་པ་དེ་ལ་ཡང་སྐྱེ་བ་མེད་དོ། །འགག་པ་མེད་དོ། །ཀུན་རྫོབ་གང་ལ་ཡང་འབྲེལ་ཏེ་གནས་པ་མེད་དོ། །ཕྲེང་གཅིག་ན། ལུང་དུ་བསྟན་པའི་ལས་མ་ཡིན་ཐེག་པ་ཆེན་པོ། གྲགས་པ་བཀྲ་ཤིས་སྙན་གྲགས་དགེ །ཞེས་པ་དང༌། ཆོས་ཁམས་དགེ་བ་ཡང་ཞེས་གསུངས་པ་གང་ཡིན་པ་དེ་ཡང་འདུས་མ་བྱས་ཀྱི་དགེ་བ་ཡིན་པས། འདུས་བྱས་ཀྱི་དགེ་བ་མ་ཡིན། ཕྲེང་གཉིས་ན། ཐེག་པ་ཆེན་པོ་དོན་དམ་པའི་སངས་རྒྱས་མཉམ་སྦྱོར་དང༌། ལྷན་ཅིག་སྐྱེས་སྦྱོར་དང༌། རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣམ་འབྱོར་དང༌། རྡོ་རྗེའི་རྣལ་འབྱོར་དང༌། རྡོ་རྗེ་བདག་མེད་མའི་རྣལ་འབྱོར་ལ་སོགས་པའི་གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི་རྣལ་འབྱོར་དུ་མ་རོ་གཅིག་འཁོར་འདས་དབྱེར་མེད། བདེན་གཉིས་དབྱེར་མེད། བདེན་བཞི་དབྱེར་མེད། མཁས་རློམ་མང་པོའི་བློ་ལས་འདས་ཤིང་མཁས་པ་ལས་ཀྱང་མཁས་པའི་སྤྱོད་ཡུལ་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་རྟོག་གེས་མཐོང་བ་མ་ཡིན། ཕྲེང་གཉིས་ལྷག་ན། དེ་བཞིན་དུ་ཐེག་པ་ཆེན་པོ་དྲི་མ་གནས་པའི་གཞི་ཡང་ཡིན་ལ་དྲི་མ་དག་པའི་གཞི་ཡང་ཡིན་པས་ཀུན་གཞི་ཡེ་ཤེས་མཁའ་ཁྱབ་གང་ཡིན་པ་དེ་ཡང་རྣམ་ཤེས་ཀྱིས་ཤེས་པར་བྱ་བ་གང་ཡིན་པ་དེ་ཡང་རྣམ་ཤེས་ཀྱིས་ཤེས་པར་བྱ་བ་ཡང་མ་ཡིན། ཡེ་ཤེས་ཀྱིས་ཤེས་པར་མི་བྱ་བ་མ་ཡིན། སྡུག་བསྔལ་ཀུན་འབྱུང་དུ་གཏོགས་པའི་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། ཕྲེང་གཉིས་ན། ཐེག་པ་ཆེན་པོ་སྟོང་གཞི་དོན་དམ་གཞན་སྟོང་འགོག་བདེན་མཁའ་ཁྱབ་གང་ཡིན་པ་དེ་ཡང་རྣམ་པར་སྨོན་པ་ཡང་མ་ཡིན། ཕྲེང་གཅིག་རུང་ན། ཐེག་པ་ཆེན་པོ་འགལ་འདུས་སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་ཤིང༌། དཔེར་བྱ་ཀུན་ལས་འདས་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་རིག་དབྱེར་མེད་མཁའ་ཁྱབ་གང་ཡིན་པ་དེ་ཡང་ཀུན་རྫོབ་ཀྱིས་འདོད་པའི་ཁམས་ཀྱི་ཁོང་དུ་ཆུད་པ་མ་ཡིན། ཕྲེང་གཉིས་ན། ཐེག་པ་ཆེན་པོ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཤེར་ཕྱིན་མཚན་ཉིད་དབུ་མ་པ་མཚན་ཉིད་པ། ཡིད་སྐྱོབ་མཚན་ཉིད་པ། ཕྱག་རྒྱ་ཆེན་པོ་མཚན་ཉིད་པ། གང་ཡིན་པ་དེ་ཡང་ཐོབ་ཟིན་པ་རྣམས་ལ་འདོད་ཆགས་དང་ལྡན་པ་ཡང་མ་ཡིན། མ་ཐོབ་པ་རྣམས་ལ་འདོད་ཆགས་དང་བྲལ་བ་ཡང་མ་ཡིན། དབྱེར་མེད་དུ་ཞེ་སྡང་དང་ལྡན་པ་ཡང་མ་ཡིན། ཞེ་སྡང་དང་ཐ་དད་དུ་ལྡན་པ་དང་བྲལ་བ་ཡང་མ་ཡིན། ཡིན་པའི་ཚུལ་གྱིས་གཏི་མུག་དང་ལྡན་པ་ཡང་མ་ཡིན། ཡོད་པའི་ཚུལ་གྱིས་གཏི་མུག་དང་བྲལ་བ་ཡང་མ་ཡིན་ཏེ། ཕྲེང་གཉིས་ལྷག་ན། ཐེག་པ་ཆེན་པོ་དོན་དམ་བྱང་ཆུབ་ཀྱི་སེམས་འདུས་མ་བྱས་ཀྱི་དབྱིངས་རིག་དབྱེར་མེད། མཁའ་ཁྱབ་དེ་ཡང་དོན་དམ་གྱི་སེམས་བསྐྱེད་ཡིན་པ། སེམས་དང་པོ་བསྐྱེད་པ་ལ་སོགས་པ་ཀུན་རྫོབ་ཀྱི་སེམས་བསྐྱེད་ཐམས་ཅད་དབྱེར་མེད་དུ་མེད་དོ། །ཕྲེང་གསུམ་ན། ཐེག་པ་ཆེན་པོ་ཕྱི་ནང་ཀུན་རྫོབ་འདི་ལ་གཞན་མཆོག་ཕ་རོལ་དོན་དམ་པ་དང་པོའི་སངས་རྒྱས་གཞིའི་སངས་རྒྱས་ཀུན་བས་སྔར་སངས་རྒྱས། གདོད་ 4-1-293 ནས་གྲོལ་བའི་དེ་བཞིན་གཤེགས་པ་ནམ་མཁའི་རང་བཞིན་གཟོད་ནས་རྣམ་གྲོལ་ཐུགས་གང་ཡིན་པ་དེ་ཡང་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དབྱེར་མེད་དུ་མེད་དོ། །རིགས་ཀྱིས་མེད་དོ། །ཕྲེང་ཕྱེད་དང་གསུམ་ན། ཐེག་པ་ཆེན་པོ། རྣམ་པ་ཀུན་ལྡན་རྣམ་པ་མེད། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་སྟོན། །ལུས་མེད་ལུས་སྟེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལ་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གང་ཡིན་པ་དེ་ལ་ཡང་དོན་དམ་གྱི་འཕགས་པ་ཀུན་ལུས་ཡིན་ཡང་ཀུན་རྫོབ་ཀྱི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཀུན་རྫོབ་ཀྱི་འཕགས་པ་ཐམས་ཅད་དབྱེར་མེད་དུ་མེད་དོ། །ཕྲེང་གཉིས་ལྷག་ན། ཐེག་པ་ཆེན་པོ། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱིས་མཆོག །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གང་ཡིན་པ་འདུས་མ་བྱས་ཀྱི་ཐེག་པ་དེ་ལ་ཡང་དོན་དམ་འདུས་མ་བྱས་ཀྱི་ཐེག་པ་དེ་ལ་ཡང་དོན་དམ་འདུས་མ་བྱས་ཀྱིས་ཐམས་ཅད་གདོད་ནས་རང་བཞིན་གྱིས་དབྱེར་མེད་དུ་ཚང་ཡང་ཀུན་རྫོབ་འདུས་བྱས་ཀྱི་ཉན་ཐོས་ཀྱི་ས་ལ་སོགས་པ་ཀུན་རྫོབ་ཀྱི་ས་ཐམས་ཅད་དབྱེར་མེད་དུ་མེད་དོ། །ཕྲེང་ཕྱེད་དང་གཉིས་ན། གཟུགས་དང་ལྡན་པ་མ་ཡིན། སྤྲིན་ལ་སོགས་པའི་གཟུགས་མེད་པ་ཡིན། བསྟན་དུ་ཡོད་པ་མ་ཡིན། ནམ་མཁའི་ཁ་དོག་བསྟན་དུ་མེད་པ་མ་ཡིན། ཐོགས་པ་མེད་པའི་ཆོས་ཉིད་མ་ཡིན། འདུས་བྱས་རྣམས་ལྡན་པ་མ་ཡིན། དེའི་ཆོས་ཉིད་མི་ལྡན་པ་མ་ཡིན། ཐེག་པ་ཆེན་པོ་མཁའ་ཁྱབ། དེ་ཡང་ཀུན་རྫོབ་ཀྱི་གཟུགས་དང་དབྱེར་མེད་དུ་ལྡན་པ་མ་ཡིན། དོན་དམ་པའི་གཟུགས་དབྱེར་མེད་དུ་མེད་པ་མ་ཡིན། རྣམ་རྟོག་རྣམ་ཤེས་ལ་བསྟན་དུ་ཡོད་པ་མ་ཡིན། མི་རྟོག་ཡེ་ཤེས་ལ་བསྟན་དུ་མེད་པ་མ་ཡིན། ཀུན་རྫོབ་ཀྱི་རྣམ་ཤེས་དང་ནམ་མཁའ་ལ་སོགས་པ་ཐོགས་པ་མེད་པ་ཐམས་ཅད་མ་ཡིན། ཀུན་རྫོབ་ཀྱི་ཆོས་ཀུན་དབྱེར་མེད་དུ་ལྡན་པ་མ་ཡིན། དོན་དམ་གྱི་ཡོན་ཏན་གང་གཱའི་ཀླུང་གི་རྡུལ་སྙེད་ལས་འདས་པ་ཆ་མེད་ཀུན་གྲོལ་ཁྱབ་པ་པོ་ཐམས་ཅད་དབྱེར་མེད་དུ་མི་ལྡན་པ་མ་ཡིན་ཏེ། ཕྲེང་ཕྱེད་ན། དཔེར་ན་རྒྱན་ནམ་མཁའ་ལ་སོགས་པ་ལ་ནི་རྟག་པ་མ་ཡིན། འདུས་མ་བྱས་ནམ་མཁའ་ནི་མི་རྟག་པ་མ་ཡིན། བདག་མེད་པའི་ཆོས་ཉིད་མ་ཡིན། ཐེག་པ་ཆེན་པོ། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཡོངས་སུ་མི་ཉམས་པའི་ཆོས་ཉིད་དང༌། རྟག་ཏུ་བཏང་སྙོམས་སུ་གནས་པའི་ཡེ་ཤེས་འདུས་མ་བྱས་དེ་ཡང་རྣམ་པ་རྟག་པ་ཡང་མ་ཡིན། ངོ་བོ་མི་རྟག་པ་ཡང་མ་ཡིན། སྡུག་བསྔལ་བ་མ་ཡིན་ཏེ། བདེ་སྡུག་སེལ་བ་མཐར་གྱུར་པ། །ཆགས་བྲལ་ལུས་ལ་འདས་པ་པོ། །ཞེས་པའོ། །ཀུན་རྫོབ་ཀྱི་བདག་ཡོད་པ་མ་ཡིན། དོན་དམ་གྱི་བདག་མེད་པ་མ་ཡིན་ཏེ། དེ་བཞིན་ཉིད་བདག་དག་པའི་བདག་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་སྡུག་པ་མ་ཡིན། མི་སྡུག་པ་མ་ 4-1-294 ཡིན་ཏེ། དཔེར་ན་ནམ་མཁའ་ནི་སྤྲིན་ལ་སོགས་པ་ཡོད་པས་སྟོང་པ་མ་ཡིན། རང་གི་ངོ་བོ་མི་སྟོང་པ་མ་ཡིན། མཚན་མ་མེད་པའི་ཆོས་ཉིད་མ་ཡིན། སྨོན་པ་མེད་པའི་ཆོས་དབྱིངས་མ་ཡིན་ནོ། །ཐེག་པ་ཆེན་པོ་སྟོང་གཞི་བདེ་གཤེགས་སྙིང་པོ་མཁའ་ཁྱབ་དེ་ཡང་རང་གི་སྟོང་པ་མ་ཡིན། གཞན་ཀུན་རྫོབ་ཀྱི་མི་སྟོང་པ་མ་ཡིན། མཚན་མ་ཡོད་པ་མ་ཡིན། མཚན་མ་རང་བཞིན་གྱི་མེད་པས་མཚན་མ་མེད་པ་གློ་བུར་དུ་བྱུང་བ་མ་ཡིན། སྨོན་པ་ཡོད་པ་མ་ཡིན། སྨོན་པ་རང་བཞིན་གྱི་མེད་པས་སྨོན་པ་མེད་པ་གློ་བུར་དུ་བྱུང་བ་མ་ཡིན་ཏེ། ནུད་ཙམ་ན། དཔེར་ན། ནམ་མཁའ་ནི་ཞི་བའི་ཡེ་ཤེས་མ་ཡིན། དབེན་པའི་ཡེ་ཤེས་མ་ཡིན། འདུས་བྱས་ཀྱི་མི་དབེན་པ་མ་ཡིན། ཐེག་པ་ཆེན་པོ་འགལ་འདུས་སྐྱོན་མེད་ཀྱི་ཆོས་དབྱིངས་མཁའ་ཁྱབ། དེ་ཡང་རང་བཞིན་གྱི་ཞི་བ་ཡིན་པས་ཞི་བ་གློ་བུར་དུ་བྱུང་བ་མ་ཡིན། རང་གི་རང་དབེན་པ་ཡིན། གཞན་ཀུན་རྫོབ་ཡིན་པས་མི་དབེན་པ་མ་ཡིན་ཏེ། ཕྲེང་གཅིག་ན། ཐེག་པ་ཆེན་པོ། ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །གང་ཡིན་པ་དེ་ཡང་ཀུན་རྫོབ་ཀྱི་སྣང་བ་མ་ཡིན། ཕྲེང་ཕྱེད་ན། ནམ་མཁའ་ནི་དབང་ཤེས་ཀྱིས་དམིགས་སུ་ཡོད་པ་མ་ཡིན། ཡིད་ཤེས་ཀྱིས་དམིགས་སུ་མེད་པ་ཡང་མ་ཡིན་ནོ། །ཐེག་པ་ཆེན་པོ་འདུས་མ་བྱས་ཀྱི་གཟུགས་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གང་ཡིན་པ་དེ་ཡང་རྣམ་ཤེས་ཀྱིས་དམིགས་སུ་ཡོད་པ་མ་ཡིན། ཡེ་ཤེས་ཀྱིས་དམིགས་སུ་མེད་པ་ཡང་མ་ཡིན་ཏེ། དམིགས་སུ་ཡོད་མེད་འདིའི་ཚབ་ཏུ་ཁྲི་བརྒྱད་སྟོང་པར་འཐོབ་པར་མ་ཡིན། ཞེས་དམིགས་སུ་ཡོད་པ་མ་ཡིན། ཞེས་པ་འབྱུང་ཞིང་འགྲེལ་པ་གནོད་འཇོམས་ཀྱང་དེ་དང་མཐུན། ཐེག་པ་ཆེན་པོ་དོན་དམ་གྱི་ཨ་ཧཾ་དང་ཧཾ་ཀྵ་ལ་སོགས་མཁའ་ཁྱབ་གང་ཡིན་པ་དེ་ཡང་ཀུན་རྫོབ་ཀྱིས་མིང་ཚིག་ཡོད་དུ་ཡི་གེ་བརྗོད་དུ་ཡོད་པ་ཡང་མ་ཡིན། དོན་དམ་གྱི་མིང་ཚིག་ཡི་གེ་བརྗོད་དུ་མེད་པ་ཡང་མ་ཡིན་ཏེ། ནམ་མཁའ་དང་མཉམ་ཞིང་མཚུངས་ཞེས་བྱའོ། །ནུད་ཙམ་ན། ནམ་མཁའ་དང་མཉམ་པ་སྟེ། འདིར་གཞི་འབྲས་ཀྱི་ཐེག་ཆེན་མཐར་ཐུག་ནི་དེ་བཞིན་ཉིད་དེ། ལམ་གྱི་ཐེག་ཆེན་ནི་ཐེག་ཆེན་གྱི་ལྟ་སྤྱོད་གསུམ་རྣམ་དག་སྟེ། འདི་ལྟར་ཐེག་པ་ཆེན་པོའོ། །སེམས་ཅན་དོན་དང་། རབ་འབྱོར། གང་ཡང༌། ཕྲེང་གསུམ་ན། རིགས་པར་བྱ་སྟེ། འདི་འདྲ་བ་དག་ལ་དགོངས་ནས། བཅོམ་ལྡན་འདས་ཀྱི་ཉིད་ཀྱི་རང་འགྲེལ་གྱི་འཁོར་ལོ་གཉིས་པའི་སྐབས་སུ་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་ཚིག་གི་གནས་སུ་གྱུར། ཞེས་གསུངས་པ་ཡང་ཡང་དྲན་པར་བྱའོ། །རབ་འབྱོར། རྣམ་གྲངས་འདས་ཀྱང༌། ཕྲེང་བཅུ་གཉིས་ན། དེ་བཞིན་ཉིད་མེད་པར་རིགས་པར་བྱའོ། །ཞེས་པ་ནི་སེམས་ཅན་མེད་པས་ཀུན་བཏགས་པའི་གཟུགས་ཀྱི་དེ་བཞིན་ཉིད་དང༌། སྒྲའི་དེ་བཞིན་ཉིད་ལ་སོགས་པ་མེད་པར་བྱའོ། །ཞེས་དབུ་མ་པ་གསུངས། དེ་བཞིན་ཉིད་མེད་པའི་ཕྱིར། ཤོག་གུ་བཅུ་གཉིས་དང་ཕྲེང་གཉིས་ན། གོ །འབྱེད་དོ། །འབད་མེད་དང༌། །རབ་འབྱོར། ཕྲེང་ཕྱེད་དང་གསུམ་ན། འགྱུར་བ་མེད་དོ། །ཞེས་པ་ནི་མཐར་ཐུག་པའི་ཐེག་པ་ཆེན་པོའི་གནས་སྐབས་ན་ཆོས་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་ཟད་པའི་ཕྱིར་སྐྱེ་བ་ 4-1-295 དང་འགག་པ་དང་གནས་པ་མེད་པས་མི་གཡོ་བར་སྣང་ངོ༌། །ཞེས་དབུ་མ་པ་གསུངས། ཅིའི་ཕྱིར་ཞེ་ན། ཕྲེང་བརྒྱད་ན། འགྱུར་བ་མེད་དོ། །ཞེས་པ་ནི་མཐར་ཐུག་པ་ཆེན་པོའི་ས་ལ་ཆོས་ཀྱི་དབྱིངས་དེ་ཉིད་རང་ཉིད་ངོ་བོ་ཉིད་དང་མཚན་ཉིད་ཁོ་ནར་བཟུང་སྟེ། དེ་ཉིད་རང་བཞིན་ཡིན་གྱི་གཞན་མེད་དོ། །དེ་ཉིད་དེ་བཞིན་ཉིད་ཡིན་གྱི་གཞན་མ་ཡིན་ནོ། །དེ་ཉིད་ངོ་བོ་ཉིད་ཡིན་གྱི་གཞན་མ་ཡིན་ནོ། །དེ་ཉིད་མཚན་ཉིད་ཡིན་གྱི་གཞན་མ་ཡིན་ཏེ། དེ་ལས་ཕྱེ་སྟེ་སྨོས་པ་ཙམ་དུ་ཟད་དོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱིས་གསུངས། མིག་ནི་གང་ནས་ཀྱང་འོང་བ་མེད། ཤོག་གུ་དགུ་ན། གནས་པ་ཡང་མེད་དོ། །མཐའ་ལས་འདས་པར་ངེས་འབྱུང་དང༌། །རབ་འབྱོར། གང་ཡང༌། ཕྲེང་དྲུག་ན། སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དུས་གསུམ་གྱི་ཐེག་པ་ཞེས་བྱ་བས། མཇུག་བསྡུས་ཏེ་བསྟན་པ་ཅི་ལས་དགོངས་ཞེ་ན། དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཞེས་བྱ་བ་ནི་མཐར་ཐུག་པའི་ཐེག་པ་ཆེན་པོ་ལ་བྱའོ། །ཐེག་པ་ཆེན་པོ་ཡང་ཐ་དད་དུ་བྱ་བ་ཐམས་ཅད་དང་བྲལ་བས་གཅིག་པུའི་བདག་ཉིད་དེ། དེ་ལ་ནི་དུས་ཞེས་བྱ་བ་དང༌། དུས་མཉམ་པ་ཉིད་ཅེས་བྱ་བ་དང༌། ཐེག་པ་ཆེན་པོ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཐམས་ཅད་སྟོང་པ་ཉིད་ཙམ་དུ་ཟད་པའི་ཐེག་པའོ། །སྟོང་པ་ཉིད་ཙམ་དུ་ཟད་པ་དེ་ལ་ནི་ཀུན་བཏགས་པའི་ཆོས་དེ་དག་མེད་པའི་ཕྱིར་ཐམས་ཅད་སེལ་ལོ། །ཞེས་དབུ་མ་པ་གསུངས་ཏེ། དེ་ལ་མཉམ་པ་དང་མི་མཉམ། ཕྲེང་བཅུ་གཉིས་ན། ལྟ་ཅི་ཞིག་སྨོས་ཞེས་པ་ལ་གཟུགས་སྟོང་པ་ཞེས་བྱ་བ་ནི་གང་གི་ཚེ་གཟུགས་དང་འབྲེལ་བའི་སྟོང་ཉིད་སྨོས་པ་དེའི་ཚེ་སྟོང་པ་དེ་ཉིད་ཀྱང་ཀུན་བཏགས་པ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ན། སྟོང་པ་ཉིད་དེ་ལ་གཟུགས་ཡོད་པར་ག་ལ་འགྱུར། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། སྟོང་པ་ཉིད་ལ་འདས་པའི་ཚོར་བ་དང༌། ཕྲེང་བཅུ་ན། དུས་དམིགས་པ་ལྟ་ཅི་ཞིག་སྨོས། ཞེས་བྱ་བ་ཅི་ལ་དགོངས་ཞེ་ན། མཐར་ཐུག་པའི་ཐེག་པ་ཆེན་པོའི་ས་ལ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཐམས་ཅད་རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་ནས་སྟོང་པ་ཉིད་ཀྱི་རྗེས་སུ་ཞུགས་ཏེ་དེ་བས་ན་དེ་ལ་དུས་མཉམ་པ་ཉིད་ཅེས་བྱ་བ་ཡང་མེད་ལ་དུས་གསུམ་དུ་གཏོགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་མེད་དོ། །ཞེས་དབུ་མ་པ་གསུངས་ཤིང༌། ལ་ཟློ་བ་མཉམ་གཞག་ཟབ་མོའི་སྐབས་ལ་དགོངས་པ་མ་ཡིན་ལ། སྐབས་གཞན་ཤིན་ཏུ་མང་པོར་ཡང་ལ་ཟློ་བ་ལ་དགོངས་ནས་མེད་ཅིང༌། མི་དམིགས་ལ་སོགས་པ་གསུངས་པ་རྣམས་ཀྱི་དགོངས་པ་མ་ཤེས་པ་རྣམས་ཀྱིས་རྗེས་ཐོབ་ཤན་འབྱེད་པའི་སྐབས་ལ་སྦྱར་བ་ཐམས་ཅད་ནི་ནོར་བ་ལས་ཀྱང༌། ནོར་བ་ཡིན་པས། རྣམ་པ་ཐམས་ཅད་དུ་དོར་བར་བྱའོ། །མ་འོངས་པའི་དུས་དང༌། ཤོག་གུ་གཉིས་དང་ཕྲེང་ཕྱེད་བརྒྱད་ན། ཉིད་དུ་འབྱུང་ངོ༌། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་བཅུ་གཅིག་ན། བསྟན་པར་མ་གྱུར་ལགས་གྲངས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐེག་པ་ཆེན་པོ་གཉིས་ཐ་མི་དད་པའི་ཕྱིར། ཐེག་པ་ཆེན་པོ་ 4-1-296 བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསྟན་པ་ཡིན་པར་དགོངས་པ་སྟེ། ཞེས་དབུ་མ་པ་ཆེན་པོ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤོག་གུ་གསུམ་དང་ཕྲེང་བདུན་ན། མཐའ་ཡས་པ་རིག་པར་བྱའོ། །ཞེས་པ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་ཆོས་ཐམས་ཅད་ལ། སྔོན་གྱི་མཐའ་ལ་སོགས་པ་མཐའ་གསུམ་མེད་པས་ཀུན་ཏུ་མཐའ་ཡས་པ་ཉིད་དེ། དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་ཀུན་ཏུ་མཐའ་ཡས་པ་རིག་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། ཕྲེང་གཅིག་ན། མ་མཆིས་མི་དམིགས་སོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་དུས་གསུམ་ལ་བྱང་ཆུབ་སེམས་དཔའ་མི་དམིགས་པས་གཟུགས་ལ་སོགས་པ་ཡང་བྱང་ཆུབ་སེམས་དཔའི་ངོ་བོར་མི་དམིགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་དམིགས་སུ་མེད་དོ། །དེ་མི་དམིགས་པས་གདམས་པ་དང༌། རྗེས་སུ་བསྟན་པ་གཉིས་ཀྱང་མེད་དོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། ཕྲེང་གསུམ་ལྷག་ན། མིང་ཙམ་དུ་བས་ཏེ། ཞེས་པ་ནི་དེ་ལྟར་དམིགས་སུ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་བཏགས་པ་ཙམ་དུ་ཟད་པར་སྟོན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དོན་དམ་པར་མེད་པར་བསྟན་ནས། དཔེ་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ཇི་ལྟར་ན། ཕྲེང་གསུམ་ནུས་ན། གཟུགས་མ་ལགས་ཞེས་པ་ལ་སོགས་པ་གསུངས་ཏེ། མངོན་པར་གྲུབ་པ་མེད་པའི་མཚན་ཉིད་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་གྱི་ཀུན་བཏགས་པའི་གཟུགས་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། གང་མངོན་པར་མ་གྲུབ་པ་དེ་ནི། ཚོར་བ་དང༌། ཕྲེང་ཕྱེད་ན། མ་ལགས་ཏེ། དེ་ལྟར་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའ་མེད་པའི་ཕྱིར་གདམས་པའི་འོས་མ་ཡིན་པར་བསྟན་ནས། ད་ནི་དོན་དམ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ཏེ། བཅོམ་ལྡན་འདས་དེ་ལྟ་ལགས་ལ། ཕྲེང་གཅིག་ལྷག་ན། གདམས་སུ་མཆིས་སམ། དོན་དམ་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པས་མངོན་པར་མ་གྲུབ་པའི་མཚན་ཉིད་ཡིན་ཏེ། དེ་ཡང་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར། གདམས་པ་དང་རྗེས་སུ་བསྟན་པའི་འོས་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས་སོ། །དེ་ལྟར་དོན་དམ་པའི་བྱང་ཆུབ་སེམས་དཔའ་བསྟན་ནས། གལ་ཏེ་དེ་ལྟར་བསྟན་པའི་ཚེ། ཕྲེང་གཅིག་ན། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་པས་ནི་དོན་དམ་པའི་སྤྱོད་པ་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཤོག་གུ་གཅིག་དང་ཕྲེང་ལྔ་ན། དབུས་སུ་མི་དམིགས་སོ། །ཞེས་པ་ནི་གང་ཟག་ལ་བདག་མེད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་འདས་པའི་དུས་ན་བྱུང་ངོ༌། །བྱང་ཆུབ་སེམས་དཔའ་མ་འོངས་པ་ནས་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ད་ལྟར་བྱུང་བ་ན་ཡོད་དོ། །ཞེས་བྱ་བ་དུས་གསུམ་དུ་ཉེ་བར་འགྲོ་བ་མེད་དོ། །ཞེས་བྱ་བ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། སེམས་ཅན་སྟོང་པ་དང༌། ཕྲེང་དྲུག་ན། གཉིས་སུ་དབྱེར་མེད་དོ། །ཞེས་པ་ནི་ཡོངས་སུ་གྲུབ་ 4-1-297 པའི་མཚན་ཉིད་དུ་ཐམས་ཅད་གཅིག་པར་དགོངས་པའོ། །ཞེས་དབུ་མ་པ་གསུངས། ཚེ་དང་ལྡན་པ། ཤོག་གུ་དགུ་དང་ཕྲེང་གཉིས་ན། བསམ་གྱིས་མི་ཁྱབ་པའི་དབྱིངས། ལ་སོགས་པ་དེ་དང༌། དེ་ལ་རྟོག་པ་སྣང་ཡུལ་དང་བཅས་པ་ཀུན་བཏགས་དེ་རྣམས་གཤིས་ལ་མེད་པའི་ཕྱིར། ཤོག་གུ་ལྔར་ཕྲེང་གསུམ་ཆད་པ་ན། གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་པ་ནི་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་ནི་ཀུན་བཏགས་པའི་གཟུགས་ཀྱིས་སྟོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཚོར་བ་དང༌། ཕྲེང་ཕྱེད་ན། སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ནི་གཟུགས་ཀྱིས་སྟོང་པ་ཉིད་ལ་ཀུན་བཏགས་གཟུགས་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། སྟོང་པ་ཉིད་ལ། ཤོག་གུ་གཅིག་དང་ཕྲེང་གཉིས་ན། བྱང་ཆུབ་སེམས་དཔའ་མེད་དོ། །འདི་ལྟ་བུའི་གཞུང་ལ་སྒྲ་ཇི་བཞིན་པར་བཟུང་ནས་ཐམས་ཅད་རང་སྟོང་ཉིད་དུ་འདོད་པ་རྣམས་ནི་ཕྱི་རོལ་པ་ལ་སོགས་པར་ལྟ་བ་ཡིན་ཏེ། ཤེར་ཕྱིན་ལྔ་བརྒྱ་པར། རབ་འབྱོར། གང་ཡང་བཅོམ་ལྡན་འདས་ཀྱི་གཟུགས་རང་བཞིན་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། གདོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་གང་ཡིན་པའི་བསྟན་པ་དེ་ཐམས་ཅད་ནི་ལྡེམ་པོར་དགོངས་པ་མ་ཡིན་པ་སྟེ། སྒྲ་ཇི་བཞིན་དུ་ཤེས་པར་བྱའོ། །ཞེས་དེ་སྐད་སྨྲ་ན་དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་པ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ་ལོག་པར་ལྟ་བའོ། །ཞེས་ང་སྨྲའོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེས་ན་ཐམས་ཅད་རང་མེད་དགག་ཏུ་ལྟ་བ་ནི་ཐ་ཆད་པ་ཡིན་པས་སྤང་བར་བྱའོ། །ཉན་ཐོས་ཀྱི་ཐེག་པ་ནི། ཕྲེང་དྲུག་ན། གཟུགས་ནི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །ཞེས་པ་ལ་སོགས་པས། རང་གི་དངོས་པོ་དང༌། གཞན་གྱི་དངོས་པོ་ལ་བཙལ་ན་ཆོས་ཐམས་ཅད་མི་དམིགས་པར་བསྟན་པ་སྟེ། ཞེས་དབུ་མ་པ་གསུངས། ཤོག་གུ་ལྔ་དང་ཕྲེང་གསུམ་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་མིང་ཙམ་ཞེས་བྱའོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་ན་ཀུན་རྫོབ་ཏུ་དེ་ལ་ཐ་སྙད་དུ་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་གློ་བུར་དུ་བཏགས་པ་སྟེ། གློ་བུར་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། གཟུགས་ཞེས་བྱ་བ་དང༌། ཞེས་སོགས་ནི་ཀུན་བཏགས་པའི་ཆོས་ཐམས་ཅད་མིང་ཙམ་དུ་ཟད་པར་བསྟན་ཏོ། །ཕྲེང་གཉིས་ན། རྣམ་པར་ཤེས་པ་མ་ཡིན་ནོ། །ཞེས་སོགས་ཀྱིས་ནི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་དང་མིང་དག་ཐ་དད་པ་ཡིན་པར་བསྟན་ཏེ། གཟུགས་ཞེས་བྱ་བའི་མིང་ཀུན་བཏགས་པ་གང་ཡིན་པ་དེ་དོན་དམ་པའི་གཟུགས་མ་ཡིན། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། དེ་ཅིའི་ཕྱིར་ཞེ་ན། ཕྲེང་ཕྱེད་ན། མིང་མ་ཡིན་ཏེ། ཞེས་པས་མིང་དང་སྟོང་པ་གཉིས་ཐ་དད་པའི་གཏན་ཚིགས་བསྟན་ཏེ། ཀུན་བཏགས་པའི་མིང་གང་ཡིན་པ་དེ་ནི་མིང་ 4-1-298 གི་ངོ་བོ་ཉིད་ཀྱིས་སྟོང་ལ་དེའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེའི་འདི་ལྟ་སྟེ། ཕྲེང་ཕྱེད་དང་གསུམ་ན། དེ་ལྟར་མིང་ཡོད་པ་མ་ཡིན་པ་དང༌། དོན་དམ་པའི་ཆོས་རྣམས་ཡོད་པའི་ཕྱིར། ཆོས་དེ་དག་མིང་གི་རང་བཞིན་མ་ཡིན་ནོ། །དེ་བས་ན་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཡང་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གློ་བུར་བཏགས་པ་ཡིན་པར་བསྟན་པའི་ཕྱིར། ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། དེའི་ཕྱིར་འདི་ལྟ་སྟེ། ཕྲེང་གཉིས་ནང་ན། གཉིས་ཀ་ཡང་མེད་ཅིང་མི་དམིགས་ཏེ། ཞེས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་ཀུན་བཏགས་པ་ཡིན་ལ། མིང་ཡང་ཀུན་བཏགས་པ་ཉིད་དོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་པ་ཡང་མ་ཡིན། མིང་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན། གཉིས་ཀ་ཡང་སྒྱུ་མ་དང་མཚུངས་པས་དངོས་པོ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པས་གསུངས་ཤིང༌། སློབ་དཔོན་ཕྱོགས་གླང་གིས། མེད་ཅེས་བྱ་ལ་སོགས་ཚིག་གི །བརྟགས་པ་ཐམས་ཅད་འགོག་པ་སྟེ། །ཞེས་པ་ཡང་འདི་ལྟ་བུ་ལ་དགོངས་སོ། །ཕྲེང་ཉེར་གསུམ་ན། དེ་མངོན་པར་འགྲུབ་པར་འགྱུར་བར་ལྟ་ག་ལ་ཡོད། ཅེས་པ་ལ་སོགས་པས་བདག་ལ་སོགས་པ་གང་ཟག་རྣམས་དང་གཟུགས་ལ་སོགས་པ་ཆོས་རྣམས་ཤིན་ཏུ་མེད་ལ་ཡོད་པ་མ་ཡིན་པ་ལ་མངོན་པར་འགྲུབ་པ་དང་འབྱུང་བར་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་བས་ན་ཆོས་ཐམས་ཅད་མངོན་པར་འགྲུབ་པར་ཤིན་ཏུ་མེད་པའི་མཚན་ཉིད་དུ་བསྟན་ཏོ། །མངོན་པར་འགྲུབ་པ་མེད་པ་མེད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། མཐོང་བ་པོའི་བར་དུ། ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །འདུས་ནས་བྱུང་བས་ན། འདུས་པ་ལས་བྱུང་བས་ཞེས་བྱ་སྟེ་རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་ཞེས་བྱ་བའི་ཐ་ཚིག་གོ། ཞེས་དབུ་མ་པ་གསུངས། ཤཱ་ར་དྭ་ཏིའི་བུས་སྨྲས་པ། ཤོག་གུ་གཅིག་དང་ཕྲེང་དྲུག་ན། ཆོས་ཐམས་ཅད་ནི་མི་རྟག་པ་སྟེ། མི་རྟག་ཅེས་བྱ་བ་ནི། གང་རྟག་ཏུ་མེད་པ་དེ་ལ་བྱའོ། །གང་དུས་ཐམས་ཅད་དུ་མེད་པ་དེ་ལ་མི་རྟག་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཤོག་གུ་གཅིག་དང་ཕྲེང་བདུན་ན། དངོས་པོ་མེད་དང་ཟད་པ་སྟེ། ཞེས་བྱ་བ་ལ་མི་རྟག་པ་ཞེས་བྱ་བའི་སྒྲ་ནི་མེད་པ་དང་དངོས་པོ་མ་ཡིན་པ་སྟེ། སྟོང་པ་ཉིད་ལ་བྱའོ། །ཟད་ཅེས་བྱ་བའི་སྒྲ་ནི་ཀུན་བཏགས་པའི་ཆོས་རྣམས་ལ་བྱའོ། །དེ་ལྟར་ན་མི་རྟག་པ་གང་ཡིན་པ་དེ་སྟོང་པ་ཉིད་དང་ཀུན་བཏགས་པའི་ཆོས་ཟད་པ་དངོས་པོ་མེད་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཆོས་ཐམས་ཅད་མི་རྟག་གོ །ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའོ། །ཞེས་བྱ་བ་ཉིད་དུ་བསྟན་པ་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་ཀྱི་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཀྱི་མཉམ་ཉིད་བསྟན་པ་ཡིན་ཏེ། ཆོས་ཐམས་ཅད་ནི་དངོས་པོའི་ངོ་བོ་ཉིད་དོ། །ཞེས་དབུ་མ་པ་གསུངས། ཚེ་དང་ལྡན་པ། ཕྲེང་ཕྱེད་ན། དངོས་པོ་མེད་པའི་བདག་ཡིན་པའི་ཕྱིར་རོ། །ཀུན་བཏགས་པའི་ 4-1-299 ཆོས་ཐམས་ཅད་ནི་སྡུག་བསྔལ་བ། ཕྲེང་བཞི་ན། འདིར་ཡང་སྔ་ཕྱི་འགལ་བ་ལྟར་སྣང་པ་ནི་དགོངས་འགྲེལ་གྱི་མདོར་གསུངས་པ་དྲན་པར་བྱའོ། །ཆོས་ཐམས་ཅད་ནི་འདུས་མ་བྱས་པ་སྟེ། ཕྲེང་གཉིས་ན། འཇིགས་པ་ཡིན་ནོ། །གལ་ཏེ་ཀུན་བཏགས་པ་རྣམས་ལ་ངོ་བོ་ཉིད་འགའ་ཞིག་ཡོད་ན་ནི། དེ་ཐེར་ཟུག་ཏུ་གནས་པ་རྟག་པའམ། འཇིག་པ་མི་རྟག་པ་ཞིག་ཏུ་འགྱུར་གྲང་ན་དེ་ནི་འདི་ལྟར་སྒྱུ་མའི་གཟུགས་བཞིན་དུ་ངོ་བོ་ཉིད་མེད་པས་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། སྒྱུ་མའི་གཟུགས་ལ་རྟག་ཅེས་བྱ་བའམ། དོན་དམ་གྱི་གཟུགས་མི་རྟག་ཅེས་བྱ་བར་བརྗོད་པར་མི་ནུས་པ་དེའི་ཕྱིར་ཆོས་ཐམས་ཅད་ནི་ཐེར་ཟུག་ཏུ་གནས་པ་མ་ཡིན་འཇིག་པ་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། སྨྲས་པ། ཕྲེང་ཕྱེད་ན། ཤཱ་ར་དྭ་ཏིའི་བུ། ཀུན་རྫོབ་ཀྱི་གཟུགས་རྟག་པ་མ་ཡིན། དོན་དམ་གྱི་གཟུགས་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དོན་དམ་དང༌། ཀུན་རྫོབ་ཀྱི་གཟུགས་དེའི་རང་བཞིན་དག་ནི་མི་རྟག་པ་དང༌། མི་འཇིག་པ་དེ་ཡིན་ནོ། །ཚོར་བ་དང༌། ཕྲེང་གཅིག་ན། ཤཱ་ར་དྭ་ཏིའི་བུ། ཀུན་བཏགས་མི་རྟག་པ་མ་ཡིན། ཡོངས་གྲུབ་ཀྱི་མི་འཇིག་པ་མ་ཡིན་ཏེ། ཕྲེང་གཅིག་ལྷག་ན། ཤཱ་ར་དྭ་ཏིའི་བུ། བཅོས་མ་གློ་བུར་བའི་གཟུགས་རྟག་པ་མ་ཡིན། རང་བཞིན་གཉུག་མའི་གཟུགས་འཇིག་པ་མ་ཡིན་ཏེ། ཤོག་གུ་ཕྲེང་གཅིག་ལྷག་ན། མཐའི་མིག་གི་རྣམ་པར་ཤེས་པ་རྟག་པ་མ་ཡིན། དབུ་མའི་མིག་གི་རྣམ་པར་ཤེས་པ་འཇིག་པ་མ་ཡིན་ཏེ། ཕྲེང་གཉིས་ན། ཆོས་ཀྱི་མིག་གི་འདུ་ཤེས་ཏེ། རེག་པ་རྟག་པ་མ་ཡིན་ཏེ། ཆོས་ཉིད་ཀྱི་མིག་གི་འདུས་ཏེ་རེག་པ་འཇིག་པ་མ་ཡིན་ཏེ། ཤོག་གུ་གཅིག་ལྷག་ན། ཀུན་རྫོབ་དོན་དམ་དག་གི་དགེ་བའི་ཆོས་དང༌། མི་དགེ་བའི་ཆོས་དང༌། འདུས་བྱས་ཀྱི། འདུས་མ་བྱས་ཀྱི་ཟག་པ་དང་བཅས་པའི། ཟག་པ་མེད་པའི་ཆོས་རྣམས་རིམ་པ་བཞིན་རྟག་པ་མ་ཡིན། རང་བཞིན་ནི་དེ་ཡིན་ནོ། །གལ་ཏེ་དོན་དམ་གྱི་མི་དགེ་བ་དང༌། འདུས་བྱས་དང༌། ཟག་བཅས་རྣམས་མི་སྲིད་པས་ཁྱེད་ཀྱི་བཤད་པ་དེ་ཕྱིན་ཅི་ལོག་ཅེ་ན། ངེད་ཀྱི་བཤད་པ་ནི་མ་ཡིན་གྱི། བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་པ་སྟེ། མདོ་འདི་དང༌། ཁྲི་བརྒྱད་སྟོང་པར། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུར་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་འདྲེས་རྐང་བརྒྱ་དང་ཉི་ཤུ་རྩ་བརྒྱད་གསུངས་པ་ལས། ཀུན་བཏགས་ཚར་གཅིག །གཞན་དབང་ཚར་གཅིག །ཆོས་ཉིད་ཡོངས་གྲུབ་ཚར་གཅིག་སྟེ། དེ་ལྟར་ཚར་གསུམ་གསུངས་པའི་ནང་ནས། ཆོས་ཉིད་ཀྱི་གཟུགས་ནས་རྒ་ཤིའི་བར་དང༌། ཆོས་ཉིད་ཀྱི་སྡུག་བསྔལ་ཀུན་འབྱུང་འགོག་པ་ཁམས་དང༌། ཆོས་ཉིད་ཀྱི་གཟུགས་ཅན་གཟུགས་མེད། བསྟན་ཡོད་བསྟན་མེད། ཐོགས་བཅས་ཐོགས་མེད། འདུས་བྱས་འདུས་མ་བྱས། ཟག་བཅས་ཟག་མེད། ཁ་ན་མ་ཐོ་བ་ཡོད་མེད། བསྟེན་བྱ་ཡིན་མིན། ངན་པ། གྱ་ནོམ། ནང༌། ཕྱི། མཐོང་བ། ཐོས་པ། བྱེ་བྲག་ཕྱེད་དང༌། རྣམ་པར་ཤེས་པ། འདས་མ་འོངས་ད་ལྟར་བྱུང་བ། དགེ་མི་དགེ་ལུང་མ་བསྟན། འདོད་པ་དང་རབ་ལྡན། གཟུགས་དང་རབ་ལྡན། གཟུགས་མེད་དང་རབ་ལྡན། ལྡན་པ་མ་ཡིན་པ་སློབ་པ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ལྟ་བ། ཐེ་ཙོམ། སེར་སྣ། སྦྱིན་ 4-1-300 པ། ཚུལ་ཁྲིམས། འཆལ་བ། ཚུལ་ཁྲིམས། བཟོད་པ། གནོད་སེམས། བཟོད་པ། བརྩོན་འགྲུས། རྣམ་གཡེང༌། བསམ་གཏན། ཤེས་རབ། འཆལ་པ། ཤེས་རབ། རྣམ་རྟོག །སྟོང་ཉིད། མཚན་མ། མཚན་མེད། ལོག་པའི། སྨོན་ལམ། སྨོན་པ་མེད་པ། མི་སྡུག་པའི་ཆོས། མི་རྟག་པའམ། སྡུག་བསྔལ་བ། བདག་མེད་པ། ཉོན་མོངས་སྤངས་པ། ཀུན་ནས་ཉོན་མོངས། རྣམ་བྱང༌། འཁོར་བ། མྱང་འདས། བྱང་ཆུབ། སངས་རྒྱས་ཀྱི་ཆོས་རྣམས་ཞེས་ལེགས་པར་བཀའ་སྩལ་པའི་ཕྱིར། སྐྱོན་བརྗོད་ན་སངས་རྒྱས་ལ་བརྗོད་ཅིག །བདག་ཅག་ནི་སངས་རྒྱས་ཀྱི་བཀའ་ཇི་ལྟ་བ་བཞིན་དུ་བརྗོད་པ་ལགས་སོ། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། ཕྲེང་གཉིས་ན། འདི་ལྟར་ཆོས་ཉིད་ཀྱི། གཟུགས་ནི་མངོན་པར་འདུས་མ་བྱས་པའོ། །མངོན་པར་འདུ་བྱེད་པ་པོ་གང་ཡང་མེད་པའི་ཕྱིར་གཟུགས་ལ་སོགས་པ་མངོན་པར་འདུས་མ་བྱས་པའོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། ཕྲེང་གཅིག་ན། དོན་དམ་གྱི་མིག་ནི་མངོན་པར་འདུས་མ་བྱས་པ་སྟེ། ཕྲེང་གཅིག་ན། དེ་བཞིན་ཉིད་ཀྱི་གཟུགས་ནི་མངོན་པར་འདུས་མ་བྱས་པ་སྟེ། ཕྲེང་གཅིག་ལྷག་ན། འགྱུར་མེད་ཡོངས་གྲུབ་ཀྱི་མིག་གི་རྣམ་པར་ཤེས་པ་ནི། ཕྲེང་གཉིས་ན། ཆོས་དབྱིངས་ཀྱི་མིག་གི་འདུས་ཏེ་རེག་པ་ནི། ཕྲེང་གཉིས་ན། མྱང་འདས་ཆེན་པོར་འདུས་མ་བྱས་པ་སྟེ། མིག་གི་འདུས་ཏེ་རེག་པའི། ཕྲེང་གཉིས་ན། ཕྱག་རྒྱ་ཆེན་པོ་སའི་ཁམས་ནི། ཕྲེང་གཉིས་ན། དབུ་མ་ཆེན་པོའི་མ་རིག་པ་ནི། ཕྲེང་གཉིས་ན། ཤིན་ཏུ་རྣལ་འབྱོར་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཕྲེང་གཉིས་ལྷག་ན། རྡོ་རྗེའི་རྣལ་འབྱོར་གྱི་ནང་སྟོང་པ་ཉིད་ན། ཕྲེང་གཉིས་ན། གཞན་མཆོག་ཕ་རོལ་དམ་པའི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི། ཕྲེང་ཕྱེད་ན། བདེ་གཤེགས་སྙིང་པོའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ནི། ཕྲེང་སོ་གཉིས་ན། ཀུན་བཏགས་ཀྱི་གཟུགས་མངོན་པར་མ་གྲུབ་པའི་གཞི་ཡོངས་སུ་གྲུབ་པའོ། །ཚོར་བ་དང༌། མངོན་པར་མ་གྲུབ་པའི་གཞི་ཡོངས་གྲུབ་བོ། །ཕྲེང་ཕྱེད་ན། གང་མངོན་པར་མ་གྲུབ་པའི་གཞི་ཡོངས་གྲུབ་དེ་ཀུན་བཏགས་ཀྱི་གཟུགས་མ་ཡིན། ཕྲེང་གཅིག་ན། སྟོང་གཞི་དོན་དམ་གྱི་གཟུགས་གདོད་ནས་རང་བཞིན་གྱིས་སྟོང་པ་སྟེ། ཕྲེང་གཅིག་ནུད་ན། འགྱུར་བ་མེད་དོ། །ཞེས་པ་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་རང་བཞིན་ནི་ངོ་བོ་ཉིད་དེ། ཆོས་ཉིད་དེ། སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ངོ་བོ་ཉིད་དོ། །རང་བཞིན་གྱི་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །ཞེས་བྱ་བ་ནི་སྟོང་པའི་བདག་ཉིད་ཅན་གྱི་ཆོས་ལ་སྐྱེ་བ་དང་འགག་པ་གཉིས་མེད་དོ། །དེ་གཉིས་མེད་པས་གཞན་དུ་འགྱུར་བ་འགོག་པ་མེད་དོ། །དེ་ལྟར་ངོ་བོ་ཉིད་ཀྱིས་སྐྱེ་བ་དང༌། འགོག་པ་དང་གཞན་དུ་འགྱུར་བ་རྣམས་མེད་པའི་ཕྱིར། སྐྱེ་བ་དང་འགག་པ་དང༌། གཞན་དུ་འགྱུར་བ་དང༌། ལྡན་པར་ཀུན་བཏགས་ཤིང་མངོན་པར་གྲུབ་པའི་མཚན་ཉིད་ཅན་གྱི་གཟུགས་ལ་སོགས་པ་གང་ཡིན་པ་དེ་དག་དོན་དམ་པར་མངོན་པར་མ་གྲུབ་པས་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་གཅིག་ལྷག་ན། གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །ཕྱི་མ་རྣམས་ལ་ཡང་དེ་ 4-1-301 བཞིན་དུ་སྦྱར་རོ། །མིག་རང་བཞིན་གྱིས་སྟོང་པ་སྟེ། ཤོག་གུ་གཉིས་དང་ཕྲེང་བདུན་ན། འདི་ལྟར་མངོན་པར་མ་གྲུབ་པའི་གཞི་གང་ཡིན་པ་དེ། ཕྲེང་ཕྱེད་ན། མ་གྲུབ་པའི་གཞི་སྟེ། ཞེས་བྱ་བ་ལ་མངོན་པར་མ་གྲུབ་པ་ཞེས་བྱ་བ། ཞེས་བྱ་བའི་སྒྲ་ནི་དེ་བཞིན་ཉིད་དེ་སྟོང་པ་ཉིད་ལ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་སྒྲ་ཡང་དེ་ཉིད་ལ་བྱའོ། །དེ་བས་ན་མངོན་པར་མ་གྲུབ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ལ་ཐ་དད་པ་མེད་དོ། །ཞེས་དབུ་མ་པ་གསུངས། དེ་ལྟར་ན་མངོན་པར་མ་གྲུབ་པ་དང༌། ཕྲེང་བཞི་ན། མངོན་པར་མ་གྲུབ་པའི་གཞི་མ་གཏོགས་པར་གཉིས་སུ་བྱར་མེད་དོ། །ཞེས་པ་ནི། ཆོས་ཉིད་ཀྱི་གཟུགས་བཟུང་ནས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གསུམ་དང་ཕྲེང་གཅིག་ན། གཟུགས་འདུ་ཤེས་ཀྱི་མི་དམིགས་ཤིང་མི་འཛིན་ཡིད་ཀྱིས་མི་ལེན་ཤེས་རབ་ཀྱིས་མི་གནས་ཏེ། གནས་པར་མི་བྱེད་དེ་ལྟ་བས་ན་མངོན་པར་ཞེན་པར་མི་བགྱིད་ལ་ཚིག་གི་གཞན་འདོགས་པར་མི་བགྱིད་དོ། །འདི་དག་དབུ་མ་པའི་གསུངས་བཞིན་བྲིས། དེའི་ཚེ་ལ་ཟློ་བ་མཉམ་བཞག་ཟབ་མོའི་སྐབས་ཡིན་པས། འདི་ནི་ཚོར་བ་དང༌། ཤོག་གུ་གཉིས་ན། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་མཉམ་བཞག་ཟབ་མོའི་ཚེ་གཟུགས་ཡང་དག་པར་རྗེས་སུ་མི་མཐོང༌། ཕྲེང་དྲུག་ན། གཟུགས་ཀྱི་མ་སྐྱེས་པའི་གཞི་གང་ལགས་པ་ཡོངས་གྲུབ་དེ་ཀུན་བཏགས་ཀྱི་གཟུགས་མ་ལགས་ཏེ། ཕྲེང་གཅིག་ན། མང་བ་མ་ལགས། ཞེས་པ་མ་སྐྱེས་ཞེས་བྱ་བ་དེ་བཞིན་ཉིད་དེ། དེ་བཞིན་ཉིད་ལ་ནི་གཅིག་ཅེའམ་གཉིས་ཞེའམ་གསུམ་ཞེས་བྱ་བའི་གྲངས་ཀྱི་བྱེ་བྲག་ཡོད་པ་མ་ཡིན་ཏེ། དེ་བས་ན་མི་སྐྱེ་བ་ལ་བྱེ་བྲག་མེད་པའི་ཕྱིར། ཡོངས་སུ་གྲུབ་པའི་ཚིག་གཟུགས་ལ་སོགས་པ་ཐམས་ཅད་ཀྱང་རང་བཞིན་གཅིག་ཏུ་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན། གཟུགས་ཀྱི་མ་སྐྱེས་པ་གང་ལགས་ཏེ་གཟུགས་མ་ལགས་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ཀྱི་སྐྱེ་བ་མེད་པའི་ཆོས་ཉིད་གང་ཡིན་པ་དེ་ལ་ཀུན་བཏགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཐ་དད་པ་མ་ལགས་ཏེ། གཟུགས་མ་ལགས་སོ། །ཞེས་བྱ་བ་ལ་གཟུགས་མ་སྐྱེས་པ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་མ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ །གཟུགས་མ་སྐྱེས་པ་གང་ལགས་པ་ཏེ་གཟུགས་མ་ལགས། ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་དེའི་མ་སྐྱེས་པ་ཞེས་བྱ་བའི། དེ་བཞིན་ཉིད་གང་ཡིན་པ་དེ་ཀུན་བཏགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་པའོ། །དེ་ལྟར་ན་གཟུགས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ་ཞེས་བྱ་བས་ཅི་བསྟན་ཞེ་ན། དེ་ལ་གཟུགས་མ་སྐྱེས་པ་ཞེས་བྱ་བའི་ཐ་ཚིག་གིས་ནི་ཡོངས་སུ་གྲུབ་པ་མ་སྐྱེས་པའི་ངོ་བོ་ཉིད་བསྟན་པ་ཡིན་ནོ། །གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་ཞེས་བྱ་བའི་དེ་ནི་མི་སྐྱེ་བ་ལ་ཀུན་བཏགས་པའི་མཚན་ཉིད་མེད་པར་བསྟན་པ་ཡིན་ཏེ། དེ་ལྟར་ཆོས་ཉིད་ཀྱི་གཟུགས་མི་སྐྱེ་བའི་ངོ་བོ་ཡིན་པའི་ཕྱིར་གཟུགས་ཞེས་བྱ་བ་དང་མ་སྐྱེས་པ་ཞེས་བྱ་བ་ནི་གཅིག་པ་ཉིད་དེ་ཐ་དད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། 4-1-302 བཅོམ་ལྡན་འདས། ཚོར་བ་དང༌། ཤོག་གུ་བཞི་དང་ཕྲེང་ལྔ་ན། གཉིས་སུ་བགྱིར་མ་མཆིས་སོ། །ཞེས་པ་ལ་དེ་བཞིན་ཉིད་དྲི་མ་དང་བཅས་པ་དང༌། དྲི་མ་མེད་པ་གཟུང་ནས་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ཅིའི་སླད་དུ་ཞེ་ན། ཤོག་གུ་ལྔ་དང་ཕྲེང་གཅིག་ན། རྣམ་གྲངས་སུ་བགྱིས་པའོ། །ཞེས་བྱ་བ་ལ་གཉིས་སུ་མེད་པ་ཞེས་བྱ་བ་ནི་ཆོས་ཉིད་དེ་དོན་དམ་པའོ། །དོན་དམ་པ་དེའི་གྲངས་སུ་བྱ་བ་ནི། འདི་ལྟ་སྟེ་གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པ་བྱས་པའོ། །དེས་ཅི་བསྟན་ཅེ་ན། ཆོས་ཉིད་ཀྱི་གཟུགས། ཆོས་ཉིད་ཀྱི་ཚོར་བ། ཆོས་ཉིད་ཀྱི་འདུ་བྱེད། ཆོས་ཉིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་དོན་དམ་པར་གཅིག་སྟེ། གཉིས་སུ་མེད་པ་ལ་རྣམ་པ་མང་པོར་ཕྱེ་ནས་བསྟན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་ཤིང་རྟ་ཆེན་པོ་དབྱིག་གཉེན་གསུངས། གང་ཡང༌། ཚོར་བ་དང༌། འདུ་ཤེས་དང༌། ཤོག་གུ་གཅིག་ན། ལེའུ་བཅུ་གཉིས་པའོ།། །། ༈ རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཕྲེང་གསུམ་ན། སེམས་ཅན་བྱང་ཆུབ་ཆེན་པོའི་སྙིང་པོ་ཅན་ཡིན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་བྱ་བ་ལ་བྱང་ཆུབ་ཅེས་བྱ་བ་ནི་ཆོས་ཀྱི་སྐུ་ལ་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཆོས་ཀྱི་སྐུའི་བདག་ཉིད་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཀྱི་བདག་ཉིད་ཁོ་ནའོ། །དེ་ལྟ་བས་ན། བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་སེམས་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། བྱང་ཆུབ་དེས་ཀྱང༌། ཕྲེང་དགུ་ན། གང་ལ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི། ཕྲེང་ཕྱེད་དང་བཞི་ན། གཞུང་ལམ་གྱི་ཕ་རོལ་ཏུ་ཕྱིན་པ། ལས་སམ་ཀུན་བཏགས་ཀྱི་ཕ་རོལ་ཏུ་ཕྱིན་སོགས་ལས་རིང་དུ་སོང་བ་ན། ཕྲེང་བདུན་ལྷག་ན། དེ་ཉིད་ཀྱི་བར་ལས་སྔར་བསྟན་པ་བཞིན་དུ་རིང་དུ་སོང་བས་ན། ཕྲེང་གཉིས་ན། སྤྱོད་པ་མཉམ་བཞག་ཟབ་མོའི་ཚེ་གཟུགས་རྟག་ཅེས་བྱ་བ་དང༌། ཤོག་གུ་དྲུག་དང་ཕྲེང་བཅུ་གཅིག་ན། གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། ཞེས་བྱ་བ་ནི་རྣམ་པར་བཏགས་པའི་གཟུགས་ཏེ་གཟུགས་ཀྱི་དངོས་པོར་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་བ་མེད་དོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ཀྱི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཞིང་སྐྱེ་བའི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །ཞེས་པ་གཉིས་དབུ་མ་པ་གསུངས། གཟུགས་མ་ཡིན་ནོ། །ཞེས་བྱ་བ་ནི་འདི་ལྟར་ཀུན་བཏགས་པའི་གཟུགས་ནི་མེད་པ་སྟེ་སྐྱེ་བའི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །དེ་བས་ན་མི་སྐྱེ་བ་གཟུགས་མ་ཡིན་པར་དེ་ལྟར་གྲུབ་བོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། ཤོག་གུ་གསུམ་དང་ཕྲེང་བཞི་ན། དེ་སྐད་དུ་གང་འདི་ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བ་དེ་ནི། ཤོག་གུ་གཅིག་ནུད་ན། གཟུགས་ཀྱི་མ་སྐྱེས་པ་ཆོས་ཉིད་ཀྱི་གཟུགས་མཐོང་བར་འགྱུར། ཞེས་བྱ་བ་ནི་དེ་བཞིན་ཉིད་མངོན་སུམ་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །གཟུགས་མ་སྐྱེས་པ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཆོས་ཉིད་ཀྱི་གཟུགས་དང༌། 4-1-303 དེ་བཞིན་ཉིད་གཅིག་པའི་ཕྱིར། དེ་སྐད་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཤོག་གུ་གཉིས་དང༌། ཕྲེང་བརྒྱད་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ཡོད་པར་མི་འདོད་དོ། །ཞེས་པ་ནི། ཆོས་མ་སྐྱེས་པ་ནི་སུས་ཀྱང་ཐོབ་པའམ། མངོན་པར་རྟོགས་པར་མི་ནུས་མ་སྐྱེས་པ་ལ་གང་ཡང་རྒྱུན་དུ་ཞུགས་པར་མི་འགྱུར་གྱི། ཀུན་བཏགས་པའི་སྒྲིབ་པ་ཙམ་བསལ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པའི་ཐོབ་པ་དང་མངོན་པར་རྟོགས་པ་འདོད་དོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཕྲེང་བརྒྱད་ནུད་ན། དེ་བཞིན་གཤེགས་པ་ཡོད་པར་མི་འདོད་དོ། །ཞེས་པ་ལ་སོགས་པ་ནི་མ་སྐྱེས་པ་ཆོས་ཀྱི་སྐུ་ལ་དེ་བཞིན་གཤེགས་པ་གང་གིས་མ་སྐྱེས་པར་རྟོགས་པར་འགྱུར་བའི་དེ་བཞིན་གཤེགས་པ་གཉིས་ཡོད་པར་མི་འདོད་པའོ། །དེ་བས་ན་མ་སྐྱེས་པ་ཉིད་དེ་བཞིན་གཤེགས་པ་མ་སྐྱེས་པ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ནོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང༌། ཕྲེང་བཅུ་ན། ཀུན་རྫོབ་ཏུ་སྐྱེས་པའི་ཆོས་ཐམས་ཅད་དུ་སྐྱེ་བར་འགྱུར། བམ་པོ་བདུན་པ། ཕྲེང་གཅིག་ལྷག་ན། ཤཱ་ར་དྭ་ཏིའི་བུ། བདག་ནི་ཆོས་ཉིད་ཀྱི་གཟུགས་མ་སྐྱེས་པ། ཕྲེང་དྲུག་ན། བདག་ནི་ཆོས་ཉིད་ཀྱི་རྣམ་པ་ཐམས་ཅད། ཕྲེང་གཅིག་ན། བདག་ནི་ཀུན་རྫོབ་ཀྱི་གཟུགས་སྐྱེས་པ། སྟོང་པ་དོན་དམ་དུ་སྐྱེ་བ་མི་འདོད་དོ། །ཕྲེང་ལྔ་ན། བདག་ནི་ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད། རང་བཞིན་གྱི་སྟོང་པ་དོན་དམ་དུ་སྐྱེ་བར་མི་འདོད་དོ། །ཕྲེང་གཅིག་ན། མི་སྐྱེ་བ་ཡང་མི་སྐྱེའོ། །ཞེས་བྱ་བ་གསུངས་ཏེ། མ་སྐྱེས་པ་ནི་ཡོངས་སུ་གྲུབ་པ་ཡིན་པས་མི་སྐྱེའོ། །སྐྱེས་པ་ནི་ཀུན་བཏགས་ཡིན་ཏེ་མེད་པའི་ཕྱིར་མི་སྐྱེའོ། །དེ་བས་ན་རྣམ་གྲངས་འདི་ལ་སྐྱེ་བ་ཡང་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། སྐྱེ་བ་ཀུན་བཏགས་ཡིན་པ་དང༌། སྐྱེ་བ་མེད་པ་གང་ཡིན་པའི་ཡོངས་གྲུབ་ཀྱི་ཆོས་དེ་གཉིས་ཀ་དྲི་མེད་དེ་བཞིན་ཉིད་ཀྱི་གནས་སྐབས་ན་ལྡན་པ་ཡང་མ་ཡིན། དྲི་བཅས་དེ་བཞིན་ཉིད་ཀྱི་གནས་སྐབས་ན་མི་ལྡན་པ་ཡང་མ་ཡིན། རྡུལ་ཕྲ་རབ་འདུས་པའི་གཟུགས་མེད་པ། རྣམ་ཤེས་ཀྱི་ལྟར་མེད་པ། ནམ་མཁའ་ལྟར་གང་ལ་ཡང་ཐོགས་པ་མེད་པ། ཕྲེང་ཕྱེད་ན། ཀུན་རྫོབ་ཏུ་སྐྱེ་བ་ཡང་དོན་དམ་དུ་མི་སྐྱེ། ཕྲེང་བཞི་ལྷག་ན། ཐམས་ཅད་ཀྱང་སྔར་བསྟན་པ་བཞིན་དུ་ལྡན་པ་ཡང་མ་ཡིན། ཤོག་གུ་གཅིག་དང་ཕྲེང་ལྔ་ན། དྲིས་པ་དེ་དང་དེ་ལས་སྤོབས་པ་ཐོགས་པ་མེད་དོ། །ཆོས་ཐམས་ཅད་ལ་འབྲེལ་ཏེ་གནས་པ་མེད་པ། ཕྲེང་ཕྱེད་ན། འདི་ལྟར་ཆོས་ཉིད་ཡོངས་གྲུབ་ཀྱི་ཆོས་ཐམས་ཅད་ནི་མ་འབྲེལ་བཞིན་དུ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པར་བཞུགས་ཀྱང་འབྲེལ་བའི་ཚུལ་གྱིས་མི་གནས་པའི་ཕྱིར་རོ། །ཇི་ལྟར་ན་དོན་དམ་གྱི་ཆོས་སྟོབས་བཅུ་ལ་སོགས་གང་གཱའི་ཀླུང་གི་རྡུལ་སྙེད་མཁའ་ཁྱབ་ཐམས་ཅད་རང་གིས་མི་སྟོང་བས་སྟོང་པ་ཉིད་ཀུན་རྫོབ་ཐམས་ཅད་ལས་འབྲེལ་ཏེ། མི་གནས་པ་ཡིན། ཕྲེང་ཕྱེད་ན། སྟོང་པ་སྟོང་ཞེས་པ་ནི་ཆོས་ཉིད་གཟུགས་བསྟན་པ་སྟེ། དེ་བས་ན། ཞེས་དབུ་མ་པ་གསུངས། ཤཱ་ར་ 4-1-304 དྭ་ཏིའི་བུ། ཆོས་ཉིད་ཀྱི་ཚོར་བ་དང༌། རང་བཞིན་གྱི་སྟོང་པ་ཆོས་ཉིད་ཀྱི་རྣམ་པར་ཤེས་པའི་བར་དུ་སྟེ། ཕྲེང་སོ་གཉིས་ན། ཤཱ་ར་དྭ་ཏིའི་བུ། ཆོས་ཉིད་ཀྱི་མིག་ནི་རང་བཞིན་གྱིས་སྟོང་པ་དོན་དམ་གཞན་སྟོང་སྟེ། དེ་ནི་འབྲེལ་བའི་ཚུལ་གྱིས་གང་ན་ཡང་མི་གནས་པས་ནང་ན་ཡང་མི་གནས། ཕྲེང་ཕྱེད་ན། དེ་བཞིན་དུ་རྣ་བ་དང༌། ཕྲེང་ཕྱེད་ན། གཉིས་ཀ་མེད་པའང་མ་ཡིན་པར་ཡང་མི་གནས་པས་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། ཆོས་ཉིད་ཀྱི་གཟུགས་ནི་རང་བཞིན་གྱིས་སྟོང་པ་དོན་དམ་གཞན་སྟོང་སྟེ། དེ་ནི་འབྲེལ་བའི་ཚུལ་གྱིས་གང་ལ་ཡང་མི་གནས་པས་ནང་ལ་ཡང་མི་གནས། ནུད་ཙམ་ན། གཉིས་ཀ་མེད་པའང་མ་ཡིན་པར་ཡང་མི་གནས་པའི་ཕྱིར་མི་དམིགས་སོ། །ཤཱ་ར་དྭ་ཏིའི་བུ། དེ་བཞིན་དུ། སྒྲ་དང༌། དྲི་དང༌། ཕྲེང་གཅིག་ན། ཤཱ་ར་དྭ་ཏིའི་བུ། ཆོས་ཉིད་ཀྱི་མིག་གི་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་པ་དོན་དམ་གཞན་སྟོང་སྟེ། དེ་ནི་འབྲེལ་བའི་ཚུལ་གྱིས་གང་ན་ཡང་མི་གནས་པའི་ཕྱིར་ནང་ན་ཡང་མི་གནས། ནུད་ཙམ་ན། གཉིས་ཀ་མེད་པའང་མ་ཡིན་པར་ཡང་མི་གནས་པས་མི་དམིགས་སོ། །ཚུལ་འདི་ཕྱི་མ་རྣམས་ལ་ཡང་སྦྱར་རོ། །ཕྲེང་གཉིས་ན། ཤཱ་ར་དྭ་ཏིའི་བུ། ཆོས་ཉིད་ཀྱི་མིག་གི་འདུས་ཏེ་རེག་པ་ནི་རང་བཞིན་གྱིས་སྟོང་པ་དོན་དམ་གཞན་སྟོང་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྲེང་གཉིས་ན། སྟོང་པ་ཆད་པའི་སྟོང་པ་ཉིད་ལས་རིང་དུ་གྱུར་པས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས། ཤཱ་ར་དྭ་ཏིའི་བུ། ཆོས་ཉིད་ཀྱི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་རང་བཞིན་གྱིས་སྟོང་པ་དོན་དམ་གཞན་སྟོང་སྟེ། ཕྲེང་གཉིས་ན། རང་བཞིན་གྱིས་སྟོང་པ་རྡུལ་དང་སྐད་ཅིག་དང་རྣམ་ཤེས་དང་རྟེན་འབྲེལ་ལས་འདས་པའི་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྲེང་ཕྱེད་ན། ཤཱ་ར་དྭ་ཏིའི་བུ། ཆོས་ཉིད་ཀྱི་སའི་ཁམས་ནི་རང་བཞིན་གྱིས་སྟོང་པ་དོན་དམ་གཞན་སྟོང་སྟེ། ཕྲེང་གཅིག་ལྷག་ན། རྣམ་པར་ཤེས་པའི་ཁམས་ནི། རང་བཞིན་གྱིས་སྟོང་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་སྟེ། ཤཱ་ར་དྭ་ཏིའི་བུ། ཆོས་ཉིད་ཀྱི་མ་རིག་པ་ནི་རང་བཞིན་གྱིས་སྟོང་པ་དོན་དམ་གཞན་སྟོང་སྟེ། ཕྲེང་ཕྱེད་དང་གཉིས་ན། རྒ་ཤི་རང་བཞིན་གྱིས་སྟོང་པ་དམིགས་མེད་སྙིང་རྗེ་འགྱུར་མེད་བདེ་ཆེན་མཁའ་ཁྱབ་དང་དབྱེར་མེད་པའི་སྟོང་ཉིད་མཁའ་ཁྱབ་སྟེ། ཕྲེང་སོ་གཉིས་ན། ཤཱ་ར་དྭ་ཏིའི་བུ། ཆོས་ཉིད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་གཞན་གྱི་དངོས་པོ་སྟོང་པ་སྟེ། ཤཱ་ར་དྭ་ཏིའི་བུ། དོན་དམ་གཞན་སྟོང་གི་ཚུལ་ཁྲིམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་དོན་དམ་གྱི་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཏུ་གྱུར་པའི་སྟོང་པ་སྟེ། ཤཱ་ར་དྭ་ཏིའི་བུ། ཆོས་ཉིད་ཀྱི་ནང་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་གཞན་སྟོང་དངོས་པོ་སྟོང་པ་སྟེ། དངོས་པོ་མེད་པའི་གཞིའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་རང་བཞིན་གྱིས་སྟོང་པ་མ་སྟོང་པ་མ་སྐྱེས་པའི་སྟོང་པ་དོན་དམ་གཞན་སྟོང་སྟེ། ཕྲེང་ཕྱེད་ལྷག་ན། ཤཱ་ར་དྭ་ཏིའི་བུ། ཆོས་ཉིད་དྲན་པ་ཉེ་བར་བཞག་པ་རྣམས་ནི། རང་བཞིན་གྱིས་སྟོང་པ་སྐྱེས་པའི་སྟོང་པ། དོན་དམ་གཞན་སྟོང་སྟེ། ཤཱ་ར་དྭ་ཏིའི་བུ། དོན་དམ་གཞན་སྟོང་གི་ཡང་ 4-1-305 དག་པར་སྤོང་བ་རྣམས་དང༌། ཕྲེང་ཕྱེད་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། རང་བཞིན་གྱི་སྟོང་པ་ཀ་རྡོ་རྗེའི་རྒྱུད་ལ་སོགས་པ་དོན་དམ་གྱི་རྒྱུད་སུམ་ཅུ་རྩ་དྲུག །ལྷ་སུམ་ཅུ་རྩ་དྲུག །ཁྱབ་བྱེད་བསམ་དུ་མེད་པའི་ཐུགས་རྗེ་དང་བཅས་པ་དོན་དམ་གྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དབྱེར་མེད་པའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྟེ། ཤཱ་ར་དྭ་ཏིའི་བུ། ཆོས་ཉིད་ཀྱི་འཕགས་པའི་བདེན་པ་རྣམས་དང༌། ཕྲེང་ཕྱེད་དང་གསུམ་ན། བཅོ་བརྒྱད་ནི། རང་བཞིན་གྱིས་སྟོང་པ་དངོས་པོ་མེད་པའི་གཞིའི་ངོ་བོ་ཉིད་སྟོང་པ་དོན་དམ་གཞན་སྟོང་སྟེ། ཕྲེང་ཕྱེད་ན། ཤཱ་ར་དྭ་ཏིའི་བུ། ཆོས་ཉིད་ཡོངས་གྲུབ་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བར་ནི་རང་བཞིན་གྱིས་སྟོང་དངོས་པོ་མེད་པའི་གཞིའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་དོན་དམ་གཞན་སྟོང་སྟེ། རྣམ་གྲངས་ངེས་ན་རང་བཞིན་གཉུག་མའི་དོན་དམ་གྱི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར། མ་འབྲེལ་བཞིན་དུ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པར་བཞུགས་ཀྱང་འབྲེལ་བའི་ཚུལ་གྱི་མི་གནས་སོ། །ཕྲེང་ཕྱེད་ལྷག་ན། ཡོངས་སུ་སྦྱང་བར་བྱའོ། །ཞེས་པ་ནི་འགོག་བདེན་གྱི་ཆོས་ཐམས་ཅད་ལ་མ་འབྲེལ་བཞིན་དུ་གནས་པའི་སྡུག་བསྔལ་ཀུན་འབྱུང་གི་ཆོས་ཐམས་ཅད་ལམ་བདེན་གྱི་ཆོས་ཐམས་ཅད་ཀྱིས་སྦྱངས་ན་དག་པ་གཉིས་ལྡན་གྱི་འགོག་བདེན་འཐོབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་ལྔ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱང་བའི་གཞི། སྦྱང་བྱའི་དྲི་མ། སྦྱོང་བྱེད་ལམ། སྦྱངས་པའི་འབྲས་བུ། བྲལ་འབྲས་རྣམས་ཀྱི་ཚུལ་ནམ་མཁའ་དང༌། སྤྲིན་དང༌། རླུང་དང༌། དེས་ནམ་མཁའ་དག་པར་བྱས་པ་ལྟར་ཡོངས་སུ་སྦྱང་བས་བྱའོ། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་བསྒྲུབ་པ་ཡིན་ཞེས་བྱ། །དེ་ནས་ཡང་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཤོག་གུ་དགུ་དང་ཕྲེང་བརྒྱད་ན། རིགས་པར་བྱའོ། །མེད་ཅེས་བྱ་བའི་སོགས་ཚིག་གིས། །བརྟགས་པ་ཐམས་ཅད་འགོག་པ་སྟེ། །ཞེས་གསུངས་པ་འདིར་ཡང་དྲན་པར་བྱས་ནས། ཚེ་དང་ལྡན་པ། ཤོག་གུ་གཅིག་དང་ཕྲེང་བཞི་ན། བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་རྣམས་ཀྱིས་ནི། ངེ༷ས་པ༷ར་འབྱུ༷ང་བཅ༷ས་རྣ༷མས། །ཐུ༷བ་པ༷འི་རྣ༷མ་ཀུ༷ན་མཁྱེ༷ན་པ༷་ཉི༷ད། །ཅེས་པ་དོན་བཅུ་པ་གསུངས་ཟིན་ཏོ། །ལེའུ་བཅུ་གསུམ་པའོ།། །། ༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་ཏེ་དང་པོའོ།། །། ༈ ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱི་མོག་མོག་པོར་མཛད་དང༌། །དེ་ནས་སྟོང་གསུམ་གྱི། ཕྲེང་བཅུ་དྲུག་ན། བམ་པོ་བརྒྱད་པ། ཡུལ་ངེས་པ་དང་། ཀོའུ་ཤི་ཀ །དེའི་ཕྱིར། ཕྲེང་གསུམ་ལྷག་ན། མཐུ་མེད་དོ། །ཞེས་པ་ནི། གང་དག་ལོག་པ་ཉིད་དུ་ངེས་པ་དེ་དག་ནི་རེ་ཞིག་སྐལ་བ་མེད་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཁྱབ་པ་དང༌། །འོན་ཀྱང་གལ་ཏེ། རྗེས་སུ་ཡི་རང་ངོ༌། །ཞེས་པ་ནི་བཤད་པ་འདི་དེ་དག་གི་རྣམ་པར་ཐོས་ན་དོན་མེད་པར་མི་འགྱུར་ 4-1-306 བས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་པའི་ཕ་རོལ་ཏུ་དེ་དག་སངས་རྒྱས་ཉིད་ལ་འཇུག་པར་འགྱུར་རོ། །ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། རང་བཞིན་དང་ནི། ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས། དེ་ཡི་ལས། །ཁྱད་པར་དུ་མི་བྱེད་དོ། །དེ་རྣམས་ཀྱིས། མོ༷ག་མོ༷ག་པོ༷ར་བྱེ༷ད་ལ༷་སོ༷གས་ད༷ང༌། །ཞེས་པ་དོན་དང་པོ་གསུངས་ཟིན་ཏོ། ། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་ནི། །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཀོའུ་ཤི་ཀ །དེ་ལ། ཕྲེང་གཅིག་ན། མཁྱེན་པ་ཉིད་དང་ལྡན་པའི་ཞེས་ལེ་བརྒྱད་མར་བྱུང༌། སེམས་བསྐྱེད་པས། ཤོག་གུ་བཞི་དང་ཕྲེང་བཞི་ན། དེ་ནི་སེམས་མ་ཡིན། ཞེས་བྱ་བ་ལ་སོགས་པ་ནི། དེ་བཞིན་ཉིད་ཙམ་ཁོ་ནར་སྟོན་ཏོ། །རང་གི་ཆོས་ཉིད་ཀྱི་དབང་གིས་སེམས་ཀུན་བཏགས་པ་དང་བྲལ་བའི་ཕྱིར་སེམས་མེད་པའི་ངོ་བོ་དེ་ཆོས་ཉིད་ཀྱི་སེམས་སུ་གྲགས་སོ། །ཞེས་དབུ་མ་པ་གསུངས། བྱང་ཆུབ་ཀྱི་སེམས་གང་ཡིན་པ། ཕྲེང་གསུམ་ན། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་ཕྱིར། །དྲོ་བ། དེ་ནས་བཅོམ་ལྡན་འདས་ཀྱིས། ཕྲེང་ཕྱེད་དང་བཅུ་གཉིས་ན། གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །ཞེས་བྱ་བ་ལ་སོགས་པས་སྟོང་པ་ཉིད་རྟོགས་པ་ན་གནས་པའོ། །དམིགས་པའི་ཚུལ་ནི་གནས་པ་མ་ཡིན་ནོ། །ཞེས་སྟོན་ཏེ། དེས་ནི་འདི་སྐད་དུ་གང་གི་ཕྱིར། གཟུགས་ལ་སོགས་པ་ཀུན་བཏགས་པའི་ཆོས་འདི་དག་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཡོད་པ་མ་ཡིན་ལ། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་མེད་པ་སྟེ། དེ་དག་གི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཐ་མི་དད་དེ་གཅིག་གོ །དེ་བས་ན་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ནི་ཡོངས་སུ་གྲུབ་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ཡང་གཉིས་སུ་མེད་པ་སྟེ། གཅིག་པའི་ཆོས་ཉིད་དུ་གནས་པའོ། །ཞེས་བསྟན་ཏེ། ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཚོར་བ་དང༌། ཤོག་གུ་གསུམ་དང་ཕྲེང་དགུ་ན། དེ་ལྟར་གནས་པར་བྱའོ། །དེ་དག་མི་དམིགས་པས། །རྩེ་མོར་གྱུར་པ་དག་ཏུ་འདོད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤོག་གུ་གཉིས་དང་ཕྲེང་གསུམ་ན། དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །དམིགས་པའི་ཚུལ་གྱིས་གཟུགས་རྟག་ཅེས་བྱ་བ་དང༌། ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ན། ས་བཅུ་རྣམས་ལ་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ། །ཀོའུ་ཤི་ཀ །གཞན་ཡང༌། ཤོག་གུ་གསུམ་དང་ཕྲེང་གསུམ་ན། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །དེ་ཅིའི་ཕྱིར་ཞེ་ན། ཤོག་གུ་གཉིས་དང་ཕྲེང་དྲུག་ན། བསླབ་པར་བྱའོ། །དེ་རྣམས་ཀྱིས་ནི། སློ༷བ་མ༷། ཞེས་པ་དོན་གཉིས་པ་གསུངས་ཟིན་ཏོ། ། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །དེ་ནས་འཁོར་དེའི་ནང་ནས། ཕྲེང་ལྔ་ན། 4-1-307 ཡི་གེ་གཅིག་ཀྱང་མ་བརྗོད་ཀྱིས། ཞེས་བྱ་བ་གསུངས་པ་སྟེ། འདི་ལྟར་དེ་ནི་བཤད་པར་སྣང་བ་དང་ཉན་པར་སྣང་བ་དེ་ནི་ཀུན་བཏགས་ཡིན་ནོ། །ཞེས་སྤྲུལ་པ་དང་རྨི་ལམ་དང་བྲག་ཆ་དང༌། སྒྱུ་མ་ལྟ་བུར་བསྟན་པས་ལྷའི་བུ་དགའ་བར་བྱས་སོ། །ཞེས་དབུ་མ་པ་གསུངས། གང་མ་བརྗོད་པ་དེ་ནི། ཤོག་གུ་གཅིག་དང་ཕྲེང་གཅིག་ན། སུས་ཀྱང་ཤེས་པ་མེད་དོ། །གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང༌། །དེ་ནས་ལྷའི་བུ་དག་འདི་སྙམ་དུ། ཕྲེང་གཅིག་ལྷག་ན། ཕྲ་བ་ལ་འཇུག་གོ །གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་སོ་གཉིས་ན། ལྷའི་བུ་དག་ཀུན་བཏགས་ཀྱི་གཟུགས་ནི་ཟབ་པ་མ་ཡིན། ཞེས་བྱ་བ་ནི་ཀུན་བཏགས་པའི་གཟུགས་ཡང་དག་པ་མ་ཡིན་པའི་ཕྱིར། ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲ་བ་མ་ཡིན། ཚོར་བ་དང༌། ཕྲེང་སོ་གཉིས་ན། གཟུགས་ཀྱི་རང་བཞིན་འོད་གསལ་ཆོས་ཉིད་ཀྱི་གཟུགས་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཉིད་ཀྱི་གཟུགས་ནི་ངོ་བོ་ཉིད་ཀྱི་མི་གཡོ་བའི་ཕྱིར་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་རང་བཞིན་འོད་གསལ་ནི། ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར། ཟབ་པར་གཡོ་བ་མ་ཡིན། མི་ཕྲ་བ་ཕྲ་བར་གཡོ་བ་མ་ཡིན་ནོ། །ཆོས་ཉིད་ཀྱི་མིག་གི་ཟབ་པ་མ་ཡིན། ཕྲེང་གཅིག་དང་ནི། མིག་གི་རང་བཞིན་འོད་གསལ་ནི་ངོ་བོ་ཉིད་ཀྱི་མི་གཡོ་བའི་ཕྱིར་ཟབ་པ་མ་ཡིན། ཕྲེང་ཕྱེད་ན། ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་གཅིག་ན། གཟུགས་ཀྱི་རང་བཞིན་ལྷུན་གྲུབ་ནི། ངོ་བོ་ཉིད་ཀྱི་མི་གཡོ་བའི་ཕྱིར་ཟབ་པར་གཡོ་བ་མ་ཡིན། མི་ཕྲ་བ་ཕྲ་བར་གཡོ་བ་མ་ཡིན་ནོ། །ཆོས་ཀྱི་རང་བཞིན་ལྷུན་གྲུབ་ནི་མི་ཟབ་པ་མ་ཡིན་ནོ། །ཆོས་ཉིད་ཀྱི་མིག་གི་རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན། ཕྲེང་གཉིས་ན། མིག་གི་རྣམ་པར་ཤེས་པའི་རང་བཞིན་ལྷན་སྐྱེས་ནི་ངོ་བོ་ཉིད་ཀྱིས་མི་ཟབ་པ། ཟབ་པར་གཡོ་བ་མ་ཡིན། མི་ཕྲ་བ། ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་སོ་གཉིས་ན། ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་ལྷན་སྐྱེས་ནི་ངོ་བོ་ཉིད་ཀྱི་མིག་གཡོ་བའི་ཕྱིར། ཟབ་པར་གཡོ་བ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཆོས་ཉིད་ཀྱི་མིག་གི་འདུས་ཏེ་རེག་པ་ནི། ཕྲེང་གཅིག་ལྷག་ན། མིག་གི་འདུས་ཏེ་རེག་པའི་རང་བཞིན་རྣམ་དག་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་མི་ཟབ་པ། ཟབ་པར་གཡོ་བ་མ་ཡིན། མི་ཕྲ་བ་ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་གཅིག་ལྷག་ན། ཆོས་ཉིད་ཀྱི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་ཟབ་པ་མ་ཡིན་ནོ། །ཕྲེང་གཉིས་ན། ཚོར་བའི་རང་བཞིན་རྣམ་དག་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར་མི་ཟབ་པར་གཡོ་བ་མ་ཡིན། མི་ཕྲ་བ་ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་གཅིག་ལྷག་ན། ཆོས་ཉིད་ཀྱི་སའི་ཁམས་ནི་ཟབ་པ་མ་ཡིན། ཕྲེང་གཅིག་ལྷག་ན། སའི་ཁམས་ཀྱི་རང་བཞིན་འགྱུར་མེད་ནི། ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར། མི་ཟབ་པར་འགྱུར་བ་མ་ཡིན། མི་ཕྲ་བ་ཕྲ་བར་འགྱུར་བ་མ་ཡིན་ནོ། །ཕྲེང་གཅིག་ན། ཆོས་ཉིད་ཀྱི་མ་རིག་པ་ནི་ཟབ་ 4-1-308 པ་མ་ཡིན། ཕྲེང་གཉིས་ན། མ་རིག་པའི་རང་བཞིན་འགྱུར་མེད་ནི། ཟབ་པར་འགྱུར་བ་མ་ཡིན། ཕྲ་བར་འགྱུར་བ་མ་ཡིན། ཕྲེང་གཅིག་ལྷག་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཕྲེང་གཉིས་རང་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཆོས་སྐུ་ནི། ཟབ་པར་གཡོ་བ་མ་ཡིན། ཕྲ་བ་གཡོ་བ་མ་ཡིན། ཕྲེང་ངོ་གཉིས་ན། ནང་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཕྲེང་གཅིག་ན། ནང་སྟོང་པ་ཉིད་ཀྱི་རང་བཞིན་ཆོས་སྐུ་ནི། ཟབ་པར་གཡོ་བ་མ་ཡིན། ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་ཕྱེད་ན། དྲན་པ་ཉེ་བར་བཞག་པ་རྣམས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཕྲེང་གཉིས་རང་ན། དྲན་པ་ཉེ་བར་བཞག་པའི་རང་བཞིན་ཡོངས་སུ་གྲུབ་པ་ནི། ཟབ་པར་གཡོ་བ་མ་ཡིན། ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་གཅིག་ན། འཕགས་པའི་བདེན་པ་རྣམས་ནི་ཟབ་པ་མ་ཡིན། ཕྲེང་གཉིས་རང་ན། འཕགས་པའི་བདེན་པའི་རང་བཞིན་ཡོངས་སུ་གྲུབ་པ་ནི་ངོ་བོ་ཉིད་ཀྱི་མི་གཡོ་བའི་ཕྱིར་མི་ཟབ་པར་གཡོ་བ་མ་ཡིན། ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་གཉིས་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཟབ་པ་མ་ཡིན། ཕྲེང་ངོ་གཉིས་ན། སྟོབས་ཀྱི་རང་བཞིན་གཉུག་མ་ནི་ངོ་བོ་ཉིད་ཀྱི་མི་གཡོ་བའི་ཕྱིར། མི་ཟབ་པ་ཟབ་པར་གཡོ་བ་མ་ཡིན་ནོ། །ཕྲ་བར་གཡོ་བ་མ་ཡིན་ནོ། །ཕྲེང་གསུམ་གཉིས་ན། བར་གྱི་རང་བཞིན་གཉུག་མ་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར་མི་ཟབ་པར་གཡོ་བ་མ་ཡིན། ཕྲ་བ་ཕྲ་བར་གཡོ་བ་མ་ཡིན་ནོ། །དེ་ལྟ་བས་ན་གཞུང་འདི་རྣམས་ཀྱིས་ནི་འདི་སྟོན་ཏེ་ཀུན་བཏགས་ཀྱི་ཆོས་ཐམས་ཅད་ནི་གཤིས་ལ་མེད་པའི་ཕྱིར། ཟབ་ཅིང་ཕྲ་བའི་ཆོས་མ་ཡིན་ལ། ཆོས་ཉིད་ཡོངས་གྲུབ་ཀྱི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མི་གཡོ་བའི་ཆོས་ཟབ་ཅིང་ཕྲ་བར་རྟག་ཏུ་བཞུགས་པའི་ཕྱིར་མི་ཟབ་པ་ཟབ་པར་གཡོ་བ་དང༌། མི་ཕྲ་བ་ཕྲ་བར་འགྱུར་བ་མ་ཡིན་ནོ། །ཞེས་པའི་དོན་ཏོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ། ཕྲེང་བཅུ་བཞི་ན། ལེའུ་བཅུ་བཞི་པའོ།། །། ༈ འཛིན་པ་མི་སྤོང་ཕྱིར་དང་ནི། །དེ་ནས་ལྷའི་བུ་དེ་དག །ཕྲེང་གཉིས་ན། སྒྱུ་མ་ལྟ་བུ་བཙལ་བར་བྱའོ། །ཞེས་བྱ་བ་ནི་དོན་དམ་པར་འཆད་པ་པོ་དང་ཉན་པ་པོ་མེད་པ་ཉིད་དུ་སྟོན་ཏེ། ཞེས་དབུ་མ་པ་གསུངས། ལྷའི་བུ་དག །ཤོག་གུ་ཕྱེད་དང་གཉིས་ན། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུར་བཤད་དམ། ཞེས་པ་ཐེག་པ་ཆུང་ངུ་ལ་སོགས་པ་ཁ་ཅིག་མྱ་ངན་ལས་འདས་པ་དངོས་པོར་ཡོད་པར་འཛིན་པ་བསལ་བའི་ཕྱིར་དྲིས་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། རབ་འབྱོར་གྱིས་སྨྲས་པ། སྒྱུ་མ་ལྟ་བུར་སྨྲས་ཏེ། ཞེས་པ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་བཤད་ཅིང་བརྗོད་པ་ནི་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱི་དོན་དམ་པར་མྱ་ངན་ལས་འདས་པར་དངོས་པོ་ཡོད་པར་གྱུར་ཏེ།དངོས་པོ་མེད་པ་ལ་ཡོད་པ་སྐད་དུ་བཤད་པ་ནི་རྨི་ལམ་དང་སྒྱུ་མ་ལྟ་བུར་མངོན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་བས་གལ་ཏེ། ཕྲེང་སུམ་ཉིས་ལ། སྒྱུ་མ་ལྟ་བུར་སྨྲའོ། །ཞེས་པ་ནི་ལ་དོར་བའི་ཚིག་སྟེ་མྱ་ངན་ལས་འདས་པ་ལ་ཁྱད་པར་དུ་འཕགས་པ་ཆོས་གཞན་ལྟ་མེད་མོད་ 4-1-309 ཀྱི། གལ་ཏེ་བཏགས་ལ་དེ་ལྟ་བུ་ཞིག་ཡོད་ན་དེ་ཡང་ཀུན་རྫོབ་ཏུ་དེ་ཡོད་པར་བཏགས་སུ་ཟད་ཀྱི། དོན་དམ་དངོས་པོ་ཡོད་པར་མ་གྲུབ་པས་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ན་མྱ་ངན་ལས་འདས་པ་ལྟ་ཅི་སྨོས། ཞེས་བྱ་བའི་དོན་ཏོ། །གཉིས་སུ་མེད་དོ། །ཞེས་པ་ནི་ཇི་ལྟར་རྨི་ལམ་དང་སྒྱུ་མ་དག་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཏུ་བརྗོད་པ་ཙམ་དུ་ཟད་ཀྱི་དོན་དམ་པར་དངོས་པོ་མེད་པ་ཡིན་ཏེ། དེ་བས་ན་རྨི་ལམ་དང༌། སྒྱུ་མ་དང༌། མྱ་ངན་ལས་དང༌། མྱ་ངན་ལས་འདས་པ་གསུམ་ཆར་ཡང༌། དངོས་པོ་མེད་པ་རོ་གཅིག་པས་ཐ་དད་དུ་དབྱེར་མེད་དོ། །ཞེས་བསྟན་པའོ། །ཞེས་པ་དེ་གསུམ་ནི་དབུ་མ་པ་ཆེན་པོ་སློབ་དཔོན་དཾ་ཋཊ་སེ་ནའི་གསུང་ངོ༌། །དེ་ལྟ་མ་ཡིན་པར་མྱ་ངན་ལས་འདས་པ་སྒྱུ་མ་ལྟ་བུའི་དོན་མྱང་འདས་གཤིས་ལ་མེད་པར་འདོད་པ་ལ་ནི་ལུང་རྣམ་དག་གིས་གནོད་དེ། རབ་ཏུ་ཞི་བ་རྣམ་པར་ངེས་པར་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོར། ཕུང་པོ་ལྔ་ནི་ཡང་དག་པ་མ་ཡིན་པ། སྒྱུ་མ་ལྟ་བུ་གསོབ་གསོག་དངོས་པོ་མེད་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འབྱུང་བ་འདུས་པ་ལས་བྱུང་བའོ། །ཆོས་ཀྱི་དབྱིངས་ནི་གསོབ་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་བཞིན་མ་ཡིན་པ་ཡིད་ལས་བྱེད་པ་ལས་འབྱུང་བ་མ་ཡིན། སྒྱུ་མ་ལྟ་བུ་མ་ཡིན་ཏེ། སྨིག་རྒྱུ་ལྟ་བུ་མ་ཡིན། ཆུ་ཟླ་ལྟ་བུ་མ་ཡིན། བྲག་ཆ་ལྟ་བུ་མ་ཡིན། ཞེས་པ་དང༌། གང་མི་བདེན་པ་དེ་དེ་བཞིན་ཉིད་མ་ཡིན་པའོ། །གང་དེ་བཞིན་ཉིད་མ་ཡིན་པ་སྟེ། དེ་བཞིན་གཤེགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་བདེན་པ་ཡང་དག་པ། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད་མ་ལོག་པ། ཞེས་དང༌། རྣམ་པར་ཤེས་པ་ནི། སྒྱུ་མ་ལྟ་བུ་གསོག་ཡང་དག་པ་མ་ཡིན་པ། འདུ་བྱེད་འདུས་པ་ལས་སྐྱེས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་གསོབ་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་ངེས་པར་སྐྱེས་པ་མ་ཡིན། རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་མྱ་ངན་ལས་འདས་པ་སྒྱུ་མ་ལྟ་བུའི་དོན་ནི། མྱང་འདས་དངོས་པོ་མེད་པའི་དོན་དུ་ཤེས་པར་བྱའོ། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང༌། ཕྲེང་གཉིས་ན། ཕ་རོལ་ཏུ་ཕྱིན་པ། གཏིང་དཔག་དཀའ་བས་ན་འདི་ལྟར་ཟབ་པ། སྒོ་ལྔའི་རྣམ་ཤེས་ཀྱི་ཡུལ་མ་ཡིན་པས་འདི་ལྟར་བལྟ་དཀའ་ཡིད་ཀྱི་རྣམ་ཤེས་ཀྱི་ཡུལ་མ་ཡིན་པ་འདི་ལྟར་རྟོགས་པར་དཀའ་བ། ཉོན་མོངས་ཉེ་ཉོན་ཐམས་ཅད་ཞི་བས་འདི་ལྟར་ཞི་བ། སྡུག་བསྔལ་ཐམས་ཅད་དང་བྲལ་བས་འདི་ལྟར་གསལ་བའམ། གྱ་ནོམ་པ། རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཞི་བས་འདི་ལྟར་ཕྲ་བ་སོ་སོ་རང་གིས་རིག་པ་ཡིན་པའི་ཕྱིར། གཞན་མ་ཡིན་པ་བཟང་བ། ཕྲེང་གཉིས་ལྷག་ན། འདི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའི་གནས་ཀྱི་མཆོག་ཡིན་པས། ཤིན་ཏུ་འཕགས་པ། འདི་ལྟར་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་ 4-1-310 བ་བཞིན་དུ་རྟོགས་པ་ལ་མཁས་པའི་རྒྱུ་ཡིན་པས། མཁས་ཤིང་ཤེས་པའམ་འཛངས་པས་རིགས་པར་བྱ་བ། ཕྲེང་གཉིས་ན། འདི་བསམ་པའི་ཡུལ་ལས་འདས་པའི་ཕྱིར། ལྟར་བརྟག་པའི་སྤྱོད་ཡུལ་མ་ཡིན་པ། འདི་དབང་ཤེས་ཀྱིས་ལྟར་བལྟ་དཀའ་བ། ཡིད་ཤེས་ཀྱིས་རྟོགས་པར་དཀའ་བ། ཉན་རང་གི་སྤྱོད་ཡུལ་མ་ཡིན་ཞིང་ཕྱིར་མི་ལྡོག་པ་རྣམས་ཀྱིས་རིགས་པར་བྱ་བ་ཡིན་པས་མཁས་ཤིང་ཤེས་པའམ་འཛངས་པ་རིགས་པར་བྱ་བ་ཅིར་ཡང་མི་རྟོགས་པའི་ཤེར་ཕྱིན་ལ་རྣལ་འབྱོར་དུ་བྱེད་པ་ཡིན་པས་གཟུགས་སྟོང་ཞེས་བྱ་བར་མི་འགྱུར་ཏེ། དོན་དམ་གཞན་སྟོང་ལ་རྣལ་འབྱོར་དུ་བྱེད་པའི་ཕྱིར་རོ། །ཚོར་བ་དང༌། ཕྲེང་གཅིག་ནུད་ན། མི་འགྱུར་རོ། །ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཟུགས་མཚན་མ་མེད་ཅེས། ཤོག་གུ་བཅུ་གསུམ་དང་ཕྲེང་བཅུ་སོང་བ་ན། ཡིད་ཆེས་པར་བྱ་བ་སུ་ཡང་མེད་དོ། །ལེགས་པར་བྱེད་པ་སུ་ཡང་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། འདི་ལྟར་དོན་དམ་གཞན་སྟོང་འདི་ལ་ཆོས་གང་ཡང་མ་བརྗོད་མ་བཤད་དེ་སྨྲ་བསམ་བརྗོད་མེད་སྤྲོས་པ་ཐམས་ཅད་དང་བྲལ་བའི་གཞི་ཡིན་པའི་ཕྱིར་རོ། །ཕྲེང་གཅིག་ན། རབ་འབྱོར། འོ་ན་ཆོས་གང་ཡང་མ་བརྗོད་མ་བཤད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་འདི་ལས་ཐེག་པ་གསུམ་པོ། ཕྲེང་བཅོ་ལྔ་ན། འགྱུར་རོ་ཞེས་བྱའོ། །ཐེག་པ་གསུམ་ལ་སོགས་པ་རྒྱ་ཆེར་བསྟན་པ་དེ་ཡང་མི་དམིགས་པའི་ཚུལ་གྱིས་ཏེ། ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། མེ་ཏོག་འདི་དག་མ་སྐྱེས་པ་སྟེ། ཞེས་པ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་མ་སྐྱེས་པ་སྟེ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་གྱིས་མི་རྟོག་གིས་ངོ་བོ་མ་ཡིན་ནོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གསུམ་ནང་ན། གང་མ་བྱུང་བ་དེ་ནི་གཟུགས་མ་ཡིན་ནོ། །ཞེས་པ་ནི་དོན་དམ་པའི་གཟུགས་ལ་འདུས་མ་བྱས་ཀྱི་སྐྱེ་བ་མེད་པའི་ཕྱིར་གཟུགས་མ་བྱུང་ཞེས་བསྟན་པའོ། །དེ་ལྟར་འདུས་མ་བྱས་པ་མ་སྐྱེས་པ་ལ་ཀུན་བཏགས་པའི་གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཤོག་གུ་གཉིས་དང་ཕྲེང་གསུམ་ན། དེ་བཞིན་གཤེགས་པ་མ་ཡིན་ནོ། །བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོར་གྱུར་པ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན། ཕྲེང་གཉིས་ན། ཆོས་ཉིད་ཀྱང་སྟོན་ཏོ། །ཞེས་པ་ནི་ཀུན་རྫོབ་དང༌། དོན་དམ་པ་མི་འགལ་བར་བསྟན་ཏོ། །དེ་ནས་ཕྲེང་གཉིས་ན། བརྒྱད་སྟོང་དོན་བསྡུས་སུ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །བསྟན་པ་གསུམ་ལས་ཡང་དག་བརྟེན། །བརྟགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཁོ་ནའོ། །མེད་ཅེས་བྱ་ལ་སོགས་ཚིག་གིས། །བརྟགས་པ་ཐམས་ཅད་འགོག་པ་སྟེ། །ཞེས་གསུངས་པའི་སྐབས་འདིར་ཡང་དྲན་པར་བྱའོ། །ཀོའུ་ཤི་ཀ །གཟུགས་ནི་བཏག་པ། ཤོག་གུ་གཅིག་དང་ཕྲེང་དགུ་ན། དེ་ལྟར་སློབ་པ་ལ་ཟློ་བ་ནི་གཟུགས་ལ་མི་སློབ་སྟེ། ཤོག་གུ་ཕྲེང་ང་གསུམ་ན། སླར་ཡང་དོན་གཞན་ལ་བརྟེན་ནས་དོན་དེ་ཉིད་ནི་བཟླས་པ་ཡིན་ཞེས་གསུངས་པ་ཡང་ཡང་དྲན་པར་བྱས་ནས། ཀོའུ་ཤི་ཀ །གཟུགས་སྟོང་པ་ཉིད་ཀྱིས། ཤོག་གུ་ཕྱེད་ 4-1-311 དང་གཉིས་ལྷག་ན། ཚད་མེད་པ་ལ་སློབ་བོ། །རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །གཉིས་སུ་བྱར་མེད་པར། ཕྲེང་བཅུ་བདུན་ན། བམ་པོ་བཅུ་གཅིག་པ། ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཤོག་གུ་གཅིག་ན་ཉིད་དུ་འབྱུང་ངོ༌། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །སྨྲས་པ། ཤོག་གུ་གཅིག་ན། མཁྱེན་པ་ཉིད་དུ་འབྱུང་ངོ༌། །དེ་རྣམས་ཀྱིས་ནི། བསེ༷་རུ༷འི་ལ༷མ་ག༷ང་ད༷ང༌། །ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། ། བདེན་དང་བདེན་ལ་བཟོད་པ་དང༌། །ཤེས་པས་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཕྲེང་དྲུག་ན། དོན་དམ་པའི་ཚུལ་དུ། དེ་བཞིན་གཤེགས་པ་ཞེས་བྱ་བ་དེ་བཞིན་ཉིད་ལ་བྱ་བར་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། བྱིན་གྱིས་བརླབས། མི་དམིགས་ལ་ཞེས་བྱ་བ་ལ་སོགས་པས། དེ་བཞིན་གཤེགས་པ་ཞེས་བྱ་བའི་ཆོས་གང་ཡང་མེད་དོ། །ཞེས་སྟོན་ཏོ། །ཆོས་ཉིད་ལ་ཀུན་བཏགས་པའི་ཆོས་མེད་པའི་ཕྱིར་བྱིན་རླབས་མེད་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་དེ་བཞིན་གཤེགས་པ་མེད་དོ། །ཞེས་དབུ་མ་པ་གསུངས། ཕྲེང་གཅིག་ལྷག་ལ། ཡོད་པར་མི་དམིགས་སོ། །ཆོས་ཉིད་མ་གཏོགས་པའི་ཆོས་རྣམས་མེད་པའི་ཕྱིར། ཞེས་དབུ་མ་པ་གསུངས། བྱིན་གྱིས་རླབས་མེད་པའི་ཀུན་བཏགས་པ་ལ་ཆོས་ཉིད་མི་གནས་པའི་ཕྱིར། ཞེས་དབུ་མ་པ་གསུངས། དེ་བཞིན་གཤེགས་པ་ལ་ཡང༌། ཕྲེང་སོ་གཉིས་ན། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་བརྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང༌། །གཟུགས་ཀྱི་དེ་བཞིན་ཉིད། ཤོག་གུ་བཞི་རང་ན། ཆེན་པོ། ཀོའུ་ཤི་ཀ །གཟུགས་རྒྱ་ཆེ་བའི་ཕྱིར། ཕྲེང་བརྒྱད་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིར་ཀོའུ་ཤི་ཀ །གཟུགས་གཞལ་དུ་མེད་པའི་ཕྱིར། ཞེས་སོགས་ཀྱི་འགྲེས་གཅིག་ལེ་བརྒྱད་མར་བྱུང་ཞིང༌། མངོན་རྟོགས་རྒྱན་གྱི། ཚད་མ་མེད་བཅས་དང༌། །ཞེས་པའི་གཞུང་ཡིན་པར་འཕགས་པ་རྣམ་གྲོལ་སྡེས་སྦྱར་ཞིང༌། གཞུང་འདི་དང༌། འབུམ་དང༌། ཁྲི་བརྒྱད་སྟོང་པ་རྣམས་སུ་ནི་མ་བྱུང་ངོ༌། །ཚད་མེད་པ་དང་། ཀོའུ་ཤི་ཀ །གཟུགས་ཚད་མེད་པའི་ཕྱིར། ཕྲེང་གཅིག་རང་ན། གཟུགས་ཀྱི་ཚད་དམིགས་སུ་མེད་དོ། །ཞེས་པ་ནི་དོན་དམ་པའི་གཟུགས་ལ་འདི་ཙམ་མོ། །ཞེས་ཡོངས་སུ་གཅད་པ་མེད་པའི་ཕྱིར་ཚད་མེད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཅུ་གཅིག་ན། མཐའ་མེད་དང༌། །ཀོའུ་ཤི་ཀ །གཟུགས་མཐའ་ཡས་པའི་ཕྱིར། ཤོག་གུ་གཉིས་རང་ན། དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་དང༌། ཕྲེང་བརྒྱད་ན། དགོད་པ་ཡང་ཡོད་དེ། ཞེས་བྱ་བ་ནི་དོན་དམ་པ་དང་ཀུན་རྫོབ་ཏུའོ། །གསུམ་གང་ཞེ་ན། ཕྲེང་ཉེར་གཉིས་ལྷག་ན། བླང་མེད་དོར་བ་མེད་སོགས་དང༌། །དེ་ནས་ལྷའི་བུ་དེ་དག་གིས། ཕྲེང་ངོ་དྲུག་ནས། ངོ་མཚར་ཆེའོ། །ཞེས་བྱ་བ་སྨྲས་ཏེ། 4-1-312 གཟུགས་ལ་སོགས་པའི་ཆོས་རྣམས་ལ་ཁྱད་པར་དུ་འཕགས་པ་དང༌། ངན་པའི་དངོས་པོ་མེད་པའི་ཕྱིར། ལེན་པ་དང་དོར་བ་གཉིས་ཀྱང་མེད་དོ། །འོན་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྔོན་མ་བྱུང་བ་ཡོངས་སུ་འཛིན་པ་དེ་ངོ་མཚར་ཏེ། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་གཉིས་ན། དེ་ནི་འདི་ལྟར་སྡིག་པའི་ལས་གང་གིས་གནས་གང་དུ་གླགས་རྙེད་པས། བྱང་ཆུབ་སེམས་དཔའ་གང་ལ་གླགས་རྙེད་པར། བྱམས་ལ་སོགས་དང་། ཀོའུ་ཤི་ཀ །རིགས་ཀྱི་བུའམ། ཕྲེང་བདུན་ན། སྟོང་ཉིད་དང༌། །ཀོའུ་ཤི་ཀ་གཞན་ཡང༌། ཤོག་གུ་གསུམ་དང་ཕྲེང་དྲུག་ན། ལེའུ་བཅུ་དྲུག་པའོ།། །། ༈ སངས་རྒྱས་ཉིད་ནི་འཐོབ་པ་དང༌། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཕྲེང་བཞི་ན། རྒྱལ་རིགས་ཆེ་ཞིང་མཐོ་བ་ལ་སོགས་པ་རིགས་ཕུན་སུམ་ཚོགས་པ། ཡུམ་མཆོག་གི་ལྷུམས་ན་སྐྱེ་བས། སྐྱེད་པ་ཕུན་སུམ་ཚོགས་པ། ཚེ་རིང་ཞིང་གློ་བུར་དུ་ཚེ་མི་འཕོ་བས་ཚེ་ཕུན་སུམ་ཚོགས་པ་དང༌། འཁོར་རྣམས་དམ་པའི་ཆོས་ལ་ཕྱོགས་ཤིང་ཞི་དུལ་དང་ལྡན་པ་ཤ་སྟག་ནི། འཁོར་ཕུན་སུམ་ཚོགས་པ་དང༌། སུམ་ཅུ་རྩ་གཉིས་ལ་སོགས་པ་མཚན་ཕུན་སུམ་ཚོགས་པ་དང༌། འདོམ་གང་བ་ལ་སོགས་པ་འོད་ཕུན་སུམ་ཚོགས་པ་དང༌། སྤྱན་སྔ་ལྟ་བུ་མིག་ཕུན་སུམ་ཚོགས་པ་དང༌། དབྱངས་ཀྱི་ཡན་ལག་དྲུག་ཅུ་ལྟ་བུ་དབྱངས་ཕུན་སུམ་ཚོགས་པ་དང༌། དཔའ་བར་འགྲོ་བ་ལ་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང༌། དོན་དང་ཚིག་མི་བརྗེད་པའི་དྲན་པ་དང་ཤེས་རབ་ཀྱིས། གཟུགས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང༌། ཕྲེང་བདུན་ན། འདུལ་བ་ནི་ངོ་མཚར་ཆེའོ། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང༌། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤོག་གུ་གཉིས་དང་ཕྲེང་བདུན་ན། ལེགས་པ་དག་གོ །ཉམ་ང་བ་དང་ནད་ཀུན་སེལ། །ཀོའུ་ཤི་ཀ །ཕྲེང་དགུ་ན། མྱ་ངན་འདས་འཛིན་ཞི་ཉིད་དང༌། །དེ་ཅིའི་ཕྱིར་ཞེ་ན། ཤོག་གུ་གཅིག་དང་ཕྲེང་གསུམ་ན། བམ་པོ་བཅུ་གཉིས་པ། སངས་རྒྱས་རྣམས་ཀྱིས་སྲུང་ལ་སོགས། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས། ཕྲེང་བཅུ་ན། སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་། དེའི་ཚིག་བླང་བར་འོས་པ་དང་ལྡན་པར་འགྱུར་རོ། །ཤོག་གུ་གསུམ་ལྷག་ན། སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱིས་སྐད་ཅིག་མ། །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ཤོག་གུ་གཅིག་དང་ཕྲེང་བཞི་ན། ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ། །དེ་རྣམས་ཀྱིས་ནི། འདི༷་ད༷ང་གཞ༷ན་པ༷འི་ཡོ༷ན་ཏ༷ན་གྱི༷ས། །ཕ༷ན་ཡོ༷ན་ཆེ༷་བ༷་མཐོ༷ང་བ༷འི་ལ༷མ། །ཞེས་པ་དོན་བཞི་པ་གསུངས་ཟིན་ཏོ། ། ཀུན་ནས་ཞི་དང་། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གཅིག་དང་ཕྲེང་གསུམ་ན། ང་རྒྱལ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །ཐམས་ཅད་ལ། །བདུད་དང་། བཅོམ་ལྡན་འདས་འདི་ལ། ཕྲེང་བཅུ་ན། ལེའུ་བཅུ་བདུན་པའོ།། །། 4-1-313 ༈ ཉོན་མོངས་ལས་རྒྱལ་དང༌། །དེ་ནས་བཅོམ་ལྡན་འདས་ཀྱིས། ཕྲེང་བཅུ་གཅིག་ན། ཟུང་བར་མི་འགྱུར་རོ། །གནོད་པས་རྫི་བ་མེད་ཉིད་དང༌། །ཀོའུ་ཤི་ཀ །ཕྲེང་ལྔ་ན། གནོད་པར་མི་བྱེད་དོ། །བྱང་ཆུབ་དང་ནི། དེ་ཅིའི་ཕྱིར་ཞེ་ན། ཕྲེང་བདུན་ན། སངས་རྒྱས་སོ། །རྟེན་མཆོད་ཉིད། །ཀོའུ་ཤི་ཀ །ཤོག་གུ་གཅིག་དང་ཕྲེང་བཞི་ན། བཀུར་སྟིར་བྱ་བར་གྱུར་ཏོ། །དེ་རྣམས་ཀྱིས་ནི། བྱེ༷ད་པ༷་ད༷ང་ནི༷། ཞེས་པ་དོན་ལྔ་པ་གསུངས་ཟིན་ཏོ། ། མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང༌། །རྣམ་གསུམ་ཤེས་བྱ་དེ་ཡང་ནི། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་བདུན་དུ་འདོད། །རང་གི་དོན་གྱི་མོས་པ་ཆུང་ངུའི་ཆུང་ངུ་ནི། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གཉིས་དང་ཕྲེང་བཞི་ན། རང་གི་དོན་གྱི་མོས་པ་ཆུང་ངུའི་འབྲིང་ནི། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས། ཤོག་གུ་དྲུག་ན། བམ་པོ་བཅུ་གསུམ་པ། རང་གི་དོན་གྱི་མོས་པ་འབྲིང་གི་ཆུང་ངུ་ནི། ཀོའུ་ཤི་ཀ །ཕྲེང་བདུན་ན། རང་གི་དོན་གྱི་མོས་པ་འབྲིང་གི་འབྲིང་ནི། ཀོའུ་ཤི་ཀ །མཆོད་རྟེན་གཅིག་ལྟ་ཞོག་གི །ཕྲེང་བདུན་ན། རང་གི་དོན་གྱི་མོས་པ་འབྲིང་གི་ཆེན་པོ་ནི། ཀོའུ་ཤི་ཀ །འཛམ་བུའི་གླིང་གི་དེ་བཞིན་གཤེགས་པ། ཕྲེང་བདུན་ན། རང་གི་དོན་གྱི་མོས་པ་ཆེན་པོའི་ཆུང་ངུ་ནི། ཀོའུ་ཤི་ཀ །གླིང་ཆེན་པོ་བཞི་པའི། ཕྲེང་བདུན་ན། རང་གི་དོན་གྱི་མོས་པ་ཆེན་པོའི་འབྲིང་ནི། ཀོའུ་ཤི་ཀ །སྟོང་གི །རང་གི་དོན་གྱི་མོས་པ་ཆེན་པོ་ནི། ཀོའུ་ཤི་ཀ །འཇིག་རྟེན་གྱི་ཁམས་འབྲིང་པོ། ཕྲེང་བདུན་ལྷག་ན། རང་དང་གཞན་གྱི་མོས་པ་ཆུང་ངུའི་ཆུང་ངུ་ནི། ཀོའུ་ཤི་ཀ །སྟོང་གསུམ་གྱི། ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན། རང་དང་གཞན་གྱི་དོན་གྱི་མོས་པ་ཆུང་ངུའི་འབྲིང་ནི། དེ་ནས་སྟོང་གསུམ་གྱི། ཤོག་གུ་གཅིག་དང་ཕྲེང་དགུ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་པས་ལྷག་པར་ཆེ་བའི་ཕྱིར། རིགས་སྔགས་ཆེན་མོའོ། །འདི་བདག་གི་གོང་ན་གཞན་མེད་པའི་ཕྱིར། བླ་ན་མེད་པའི་རིགས་སྔགས་སོ། །འདི་ནི། བདག་དང་མཉམ་པ་མེད་པའི་ཕྱིར་མི་མཉམ་པ་དང་མཉམ་པའི་རིགས་སྔགས་སོ། །ཞེས་པ་འདི་གསུམ་དབུ་མ་པའི་གསུང་བཞིན་བཀོད། དེ་ཅིའི་ཕྱིར་ཞེ་ན། ཤོག་གུ་བརྒྱད་ན། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཀུན་རྫོབ་རང་སྟོང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་བྱའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བར་བྱའོ། །ཞེས་པ་ནི་ཀུན་རྫོབ་ཏུ་ཐ་དད་པར་བསྟན་པའོ། །འདི་ལྟར་དོན་དམ་གཞན་སྟོང་གི །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པ་ཐམས་ཅད་ 4-1-314 མཁྱེན་པ་ཉིད་དེ་ལ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །ཞེས་པ་ནི་དོན་དམ་པར་ཐ་དད་མེད་པར་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཀོའུ་ཤི་ཀ །དོན་དམ་པའི་དབྱིངས་རིགས་དབྱེར་མེད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བྱུང་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀོའུ་ཤི་ཀ །དེ་ནི་འདུས་མ་བྱས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ་འདུས་མ་བྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ཡིན་ཏེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་འབྱུང་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་བྱ་བ་ནི་སྒྲུབ་པར་ངེས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ངེས་པར་འབྱུང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནི་འབྲས་བུའི་ས་ལའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ཡིན་ཞེས་པ་ནི་གཉིས་ཀ་ཡང་ཆོས་སྐུའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ལེའུ་ཉི་ཤུ་པའོ།། །། ༈ རང་དང་གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ནི། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། ཤོག་གུ་གཅིག་ལྷག་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་པ་ནི་གང་གི་ཚེ་སྦྱིན་པ་བྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུའི་ས་ལ་ཐ་དད་པ་མེད་ཅིང་གཉིས་སུ་མེད་པར་སོ་སོར་བརྟགས་ཏེ་སྦྱིན་པ་བྱེད་པ་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་བོ། །ཞེས་དབུ་མ་པ་གསུངས། དགའ་བོ་གཉིས་སུ་མེད་པའི་ཚུལ་གྱིས། ལོགས་གཅིག་ལྷག་ན། གཟུགས་གཉིས་སུ་མ་མཆིས་པའི་ཚུལ་དང༌། ཞེས་པ་ནི་ཆོས་ཉིད་ཀྱི་གཟུགས་ནི་གཉིས་སུ་མེད་པའི་ཚུལ་གྱིས་སོ། །ཞེས་དབུ་མ་པ་གསུངས། ཇི་ལྟར་ཚོར་བ་དང༌། ཤོག་གུ་གཅིག་དང་ཕྲེང་དྲུག་ན། ཡོངས་སུ་བསྒྲུབ་པའོ། །རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཕྲེང་ལྔ་ལྷག་ན། ཡིད་ལ་བགྱིས་པས་ནི། ཀུན་རྫོབ་རང་སྟོང་དགེ་བ་བཅུའི་ལས་ཀྱི་ལམ་རྣམས། ཕྲེང་བཅུ་ན། ཡིད་ལ་བགྱིས་པས་ནི། དེ་བཞིན་གཤེགས་པ། ཕྲེང་བཞི་ན། དེ་དག་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཚད་མེད། ཕྲེང་བཅུ་གཉིས་ན། སེམས་རྣམ་གྲོལ་ཡང་ཀུན་རྫོབ་ཀྱི་ཆོས་གང་ཡང་ཡེ་ཤེས་ལ་སྣང་ནས་ཡོངས་སུ་ཤེས་པ་མེད་དེ་ཀུན་རྫོབ་ཀྱི་ཆོས་གང་ཡང་གཤིས་ལ་མ་གྲུབ་པ་ཉིད་དོ། །ཕྲེང་གསུམ་ནས་བཤད་དོ། །རང་དང་གཞན་གྱི་དོན་ལ་མོས་པ་དང་འབྲིང་གི་འབྲིང་ནི། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གཅིག་དང་ཕྲེང་བཅུ་ན་ཟིན་པར་འགྱུར་རོ། །རང་དང་གཞན་གྱི་དོན་ 4-1-315 ལ་མོས་པ་འབྲིང་གི་ཆེན་པོ་ནི། ཀོའུ་ཤི་ཀ །ཕྲེང་དྲུག་ན། རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུ་ནི་སྤོབས་པ་མི་འཕྲོས་པར་འགྱུར་བ་ཡིན། ཕྲེང་བཅུ་གཅིག་ནས། རང་དང་གཞན་གྱི་དོན་ནི་མོས་པ་ཆེན་པོའི་འབྲིང་ནི། ཀོའུ་ཤི་ཀ །གཞན་ཡང༌། ཤོག་གུ་གཅིག་དང་ཕྲེང་དགུ་ན། རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆེན་པོ་ནི། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གསུམ་དང་ཕྲེང་བཞི་ན། གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆུང་ངུ་ནི། ཀོའུ་ཤི་ཀ་སྟེ། རིགས་ཀྱི་བུའམ། ཕྲེང་བཅུ་གཅིག་ན། ལེའུ་ཉི་ཤུ་གཅིག་པའོ།། །། ༈ གཞན་གྱི་དོན་ལ་མོས་པ་ཆུང་ངུའི་འབྲིང་ནི། དེ་ནས་བཅོམ་ལྡན་འདས་ཀྱིས། ཕྲེང་བཅུ་གཅིག་ན། འདི་སྐད་ཅེས་སྨྲས་སོ། །གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི། ཀོའུ་ཤི་ཀ །ཕྲེང་གསུམ་གཉིས། འདི་ལྟར་མཚན་ཉིད་མེད་པ་ཡིན་ན། ཞེས་བྱ་བ་ནི་ཀུན་བཏགས་པའི་མཚན་ཉིད་ཐམས་ཅད་ཀྱི་མཚན་མ་དང་བྲལ་བའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ལ་ཁྱོད་ཕྲེང་བཅུ་གཅིག་ན། གང་གི་དེ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་བསྒྲུབ་པའི་རྩོལ་བ་དང་སྤྲོས་པ་མཛད་པ་མ་ཡིན། འདོང་བར་བྱེད་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཉེ་བར་བསྒྲུབ་པ་མ་ཡིན། ཞེས་བྱ་བར་ཤེས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཉིས་མེད་ཡེ་ཤེས་ནི་འདུས་མ་བྱས་ཀྱི་ཤེས་རབ་ཡིན་པའི་ཕྱིར་མི་གཉིས་པའོ། །ཞེས་སོགས་ནི་གལ་ཏེ་འཛིན་པ་དང་མི་འཛིན་པ་ལ་སོགས་པའི་ཚུལ་དུ་གནས་པར་འགྱུར་ན། དེ་ལྟ་ན་ནི་གཉིས་ཀྱི་བདག་ཉིད་ཐ་དད་པའི་བདག་ཉིད་དུ་གནས་པར་འགྱུར་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དོན་དམ་པར་གཅིག་ཅིང་ཐ་དད་པ་མེད་དེ། དེའི་ཕྱིར་ཐ་དད་པ་མེད་པའོ། །དེ་བས་ན་དེ་ལ་འདི་ལྟ་བུར་སྤྱོད་པའི་སྤྲོས་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། བསམ་གཏན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་མེད་ཡེ་ཤེས་འདུས་མ་བྱས་ཡིན་པའི་ཕྱིར་མི་གཉིས་པའོ། །ཕྲེང་གཅིག་ན། གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་མེད་ཡེ་ཤེས་འདུས་མ་བྱས་ཡིན་པའི་ཕྱིར་མི་གཉིས་པའོ། །བསམ་གཏན། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་མེད་ཡེ་ཤེས་འདུས་མ་བྱས་ཀྱི་ཤེས་རབ་ཡིན་པའི་ཕྱིར་མི་གཉིས་པའོ། །ཀོའུ་ཤི་ཀ །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །ཞེས་པ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟེ་དེ་དག་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་གཅིག་སྟེ་གཉིས་སུ་བྱར་མེད་པར་གནས་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ནུད་ཙམ་ན། ཆོས་ཀྱི་དབྱིངས་དང༌། ཤེས་རབ་ཀྱི། ཀོའུ་ཤི་ཀ །གང༌། བསམ་གཏན་གྱི། ཕྲེང་ཕྱེད་ན། 4-1-316 དབྱིངས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ཀོའུ་ཤི་ཀ །གང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཕྲེང་གཅིག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང༌། བསམ་གཏན། ཕྲེང་གཅིག་ལྷག་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ཕྲེང་གསུམ་ཉིས་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ལྷ་དང་མི་དང༌། ཕྲེང་བཅུ་གཉིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟགས་མེད་པ་དང༌། བརྗོད་དུ་མེད་པ་ལ་སོགས་པས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་མཚན་མ་མཆིས། རང་གི་མཚན་ཉིད་དང་བྲལ་བའི་ཕྱིར་རྟགས་པ་མ་མཆིས། ཚིག་གི་སྤྱོད་ཡུལ་མ་ཡིན་པས་བརྗོད་དུ་མ་མཆིས་ཏེ། སྒྲའི་བདག་ཉིད་མ་ཡིན་པའི་ཕྱིར་སྨོས་སུ་མ་མཆིས་སོ། །ཕྲེང་བཅུ་གཅིག་ན། གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ནི། བཅོམ་ལྡན་འདས་གང་ལ་ལ་ཞིག །ཕྲེང་དྲུག་ན། གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ནི། བཅོམ་ལྡན་འདས་ཡང་གལ་ཏེ། ཕྲེང་བདུན་ན། གཞན་གྱི་དོན་ལ་མོས་པ་འབྲིང་ནི། བཅོམ་ལྡན་འདས་གཞན་ཡང༌། ཤོག་གུ་གཅིག་ན། གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆེན་པོ་ནི། བཅོམ་ལྡན་འདས་གཞན་ཡང༌། རིགས་ཀྱི་བུའམ། ཤོག་གུ་གསུམ་དང་ཕྲེང་བཅུ་གཅིག་ན། གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུ་ནི། བཅོམ་ལྡན་འདས་ཏེ། ཤོག་གུ་གཉིས་དང་ཕྲེང་གསུམ་ན། འདུས་མ་བྱས་ཀྱི་ཆོས་ཉིད་དང༌། ཞེས་བྱ་བ་ནི་རྣམ་པར་རྟོགས་པ་དང་བཅས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །འདུས་མ་བྱས་རྣམས་ཀྱི་ཆོས་ཉིད་བརྗོད་དུ་མེད་པ་དོན་དམ་པའི་ངོ་བོ་ཉིད་ནི། འདུས་མ་བྱས་ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཕྲེང་བརྒྱད་ན། གཞན་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤོག་གུ་གཅིག་དང་ཕྲེང་གཅིག་ན། མ་ཡིན་ཏེ། དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། གཤོང་དུ་འདུག་པ་མ་ཡིན་ཞེས་སོགས་ནི་ཡོངས་སུ་གྲུབ་པའི་གནས་སྐབས་ན་དེ་ལྟ་བུའི་རྣམ་པར་རྟོག་པ་དང༌། མཚན་མ་མེད་པའི་ཕྱིར་དེ་སྐད་བཤད་དོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། ཕྲེང་བཞི་ན། གཞན་གྱི་དོན་ལ་མོས་པ་ཆེན་པོ་ནི། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གསུམ་དང་ཕྲེང་དྲུག་ན། གྲངས་སུ་འགྲོ་བར་ཟད་དོ། །ཞེས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིང་ལྟ་བུའོ། །དེ་ལས་གཞན་རྣམས་ནི་གྲིབ་མ་ལྟ་བུའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཅིག་ན། བྱེ་བྲག་མི་དམིགས་སོ། །དེ་རྣམས་ཀྱིས་ནི། མོ༷ས་པ༷་ད༷ང༌། །ཞེས་དོན་དྲུག་པ་གསུངས་ཟིན་ཏོ། ། ཤེས་རབ་ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང༌། །བསྟོད་པ་དང་པོ་ནི། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གཅིག་དང་ཕྲེང་ལྔ་ལྷག་ན། བསྟོད་པ་གཉིས་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། བསྟོད་པ་གསུམ་པ་ནི། ཀོའུ་ཤི་ཀ །རིགས་ཀྱི་བུའམ། ཕྲེང་གསུམ་ལྷག་ན། བསྟོད་པ་བཞི་པ་ནི། ལན་ཅིག་ཕྱིར་འོང་འབྲས་བུ་དང༌། བསྟོད་པ་ལྔ་པ་ནི། ཕྱིར་མི་འོང་བའི་འབྲས་བུ་དང༌། བསྟོད་པ་དྲུག་པ་ཡིན། དགྲ་བཅོམ་པ་ཉིད་བཀོད་པ་ལྟ་ཅི་སྨོས། ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། བསྟོད་པ་བརྒྱད་པ་དང༌། དགུ་པ་དང༌། བཀུར་བ་དང་པོ་དང༌། གཉིས་པ་ན། ཀོའུ་ 4-1-317 ཤི་ཀ །གང་ལ་ལས། བཀུར་བ་དང་ནི། དགྲ་བཅོམ་པ་ཉིད་ཀྱི་བར་ལ་བཀོད་པ་ལས། བསྟོད་པ་བདུན་པ་ནི། ལ་ལ་ཞིག་གི་སེམས་ཅན་གཅིག །བཀུར་བ་གསུམ་པ་ནི། རིགས་ཀྱི་བུའམ། ཕྲེང་བདུན་ན། ཤེས་པར་བྱའོ། །བཀུར་བ་བཞི་པ་ནི། ཀོའུ་ཤི་ཀ །ཤོག་གུ་དྲུག་ན། ཡིད་ལ་བྱེད་པའོ། །བམ་པོ། ཕྲེང་བཞི་ན། ཡིད་ལ་བྱེད་པའོ། །བཀུར་བ་ལྔ་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། ཕྲེང་ཕྱེད་དང་གསུམ་ན། གཉིས་སུ་མེད་པར་ལྟ་བ་མ་ཡིན། ཞེས་བྱ་བ་ནི། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་གཉིས་སུ་མེད་པའི་ངོ་བོ་ཉིད་དོ། །ཞེས་བྱ་བར་ཡང་མི་རྟོགས་ན། གཉིས་ཀྱི་ངོ་བོ་ཉིད་དུ་ལྟ་ཅི་སྨོས་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གཉིས་ཀྱི་ཚུལ་དུ་ཡང་མི་ལྟ། གཉིས་སུ་མེད་པའི་ཚུལ་དུ་ཡང་མི་ལྟ་ཞེས་པའི་ཐ་ཚིག་ཅེས་དབུ་མ་པ་ཆེན་པོ་གསུང་ཚད་མར་མ་ཡིན་ནོ། །ཕྲེང་གཅིག་ན་བྱང་བར་མ་ཡིན། ཞེས་པ་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱི་ཡོངས་སུ་དག་པའི་ཕྱིར། ཀུན་ནས་ཉོན་མོངས་པ་མེད་ལ། གནས་གྱུར་པའི་ཚེ་ཡང་ནམ་མཁའ་བཞིན་དུ་སྔོན་མ་བྱུང་བའི་རྣམ་པར་བྱང་བ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ལྔ་ན་མ་ཡིན་ནོ། །བཀུར་བ་དྲུག་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། ཕྲེང་ལྔ་ན། གྲངས་མེད་པ་དང་ལྡན་པར་འགྱུར་རོ། །དེ་རྣམས་ཀྱིས་ན་བདག་གིས་གཟུང་བའི་བསོད་ནམས་ངེས་པའི་བསོད་ནམས་ཆེ་བར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། བཀུར་བ་བདུན་པ་ནི། ཀོའུ་ཤི་ཀ །གལ་ཏེ་ཕྲེང་དྲུག་ལྷག་ན། འཚང་རྒྱ་བར་འགྱུར་རོ། །བཀུར་བ་བརྒྱད་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། ཤོག་གུ་བརྒྱད་དང་ཕྲེང་དྲུག་ན། སྔ་མ་དག་གིས་ཡིན་ནོ། །བཀུར་བ་དགུ་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། ཕྲེང་བཅུ་གསུམ་ན། ཡོད་པར་འགྱུར་རོ། །བསྔགས་པར་འདོད། །བསྔགས་པ་དང་པོ། ཀོའུ་ཤི་ཀ །གཞན་ཡང༌། ཕྲེང་སོ་གཉིས་ན། བསྔགས་པ་གཉིས་པ་ནི། ཕྱིར་མི་འོང་བའི་འབྲས་བུ་དང༌། ཕྲེང་བཅུ་ན། བསྔགས་པ་གསུམ་པ་ནི། དགྲ་བཅོམ་པ་ཉིད་དང༌། བསྔགས་པ་བཞི་པ་ནི། རང་བྱང་ཆུབ་ལ་བཀོད་ན། ཕྲེང་ལྔ་ན། བསྔགས་པ་ལྔ་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། ཕྲེང་དགུ་ན། ཆེན་པོ་རྣམས་སོ། །བསྔགས་པ་དྲུག་པ་ནི། ཀོའུ་ཤི་ཀ །འཛམ་བུའི་གླིང་གི་སེམས་ཅན། ཕྲེང་སོ་གཉིས་ན། བསྔགས་པ་བདུན་པ་ནི། སྟོང་གི་འཇིག་རྟེན་གྱི་ཁམས། བསྔགས་པ་བརྒྱད་པ་ནི། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས། ཕྲེང་བཅུ་གཉིས་ན། བསྔགས་པ་དགུ་པ་ནི། ཀོའུ་ཤི་ཀ །གཞན་ཡང༌། ཤོག་གུ་བདུན་དང་ཕྲེང་གཉིས་ན། ལེའུ་སྟེ་ཉི་ཤུ་གསུམ་པའོ།། །། ༈ དེ་རྣམས་ཀྱིས་ནི། བསྟོ༷ད་ད༷ང་བཀུ༷ར་ད༷ང་བསྔ༷གས་པ༷་ད༷ང༌། །ཞེས་པ་དོན་བདུན་པ་བཤད་ཟིན་ཏོ། །ཡོངས་སུ་བསྔོ་བར་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། ཕྲེང་བཅུ་གཉིས་ན། དེ་ནི་དམིགས་མེད་རྣམ་པ་ཅན། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གསུམ་དང་ཕྲེང་གསུམ་ན། སུ་བསྔོ་བར་བྱའོ། །ཞེས་བྱ་བ་ལ་སོགས་པས་དོན་དམ་པ་ཡོངས་སུ་བསྔོ་བ་སྟོན་ཏོ། །ཞེས་དབུ་མ་ 4-1-318 པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། ཕྲེང་བཞི་ན། བསྔོ་བར་མི་ནུས་སོ། །ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་མེད་པར་སྟོན་ཏེ། སེམས་དེ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས། བརྟགས་པ་སྟེ། དངོས་པོ་མེད་པ་ནི་ཡིན་ཡོངས་སུ་བསྔོ་བར་མི་ནུས་སོ། །ཞེས་བྱ་བར་སྟོན་ཏེ། ཞེས་དབུ་མ་པ་གསུངས། ཕྲེང་བཅུ་བཞི་ན། མདུན་དུ་མི་བཤད་དོ། །ཞེས་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའ་བྱམས་པ་ནི་སྟོང་པ་ཉིད་འདི་བཤད་པའི་སྣོད་མ་ཡིན་པར་སྟོན་ཏོ། །ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། འགྲིབ་པའམ་འཕེལ་བར་འགྱུར་རོ། །ཞེས་བྱ་བ་ནི་དེ་དག་ཏུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ཅུང་ན། འཛིན་པར་འགྱུར་རོ། །ཞེས་པ་ནི་དེ་བཞིན་ཉིད་ལ་བྱེད་པའོ། །བྱང་ཆུབ་སེམས་དཔའི་རིགས་དེ་དང༌། ཕྲེང་དགུ་ན། བསྔོ་བར་བྱའོ། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དེ་ནས་བྱང་ཆུབ་སེམས་དཔའ། ཕྲེང་ཉེར་ལྔ་ན། བླ་ན་མེད་པའོ། །དབེན་དང་། གལ་ཏེ་བྱང་ཆུབ། ཤོག་གུ་གཅིག་དང༌། ཕྲེང་དྲུག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །གཞན་ཡང་བྱང་ཆུབ་སེམས་དཔའ། ཕྲེང་བཅུ་ན། ཐབས་བཅས། བྱམས་པས་སྨྲས་པ། ཕྲེང་ཕྱེད་དང་བཞི་ན། སྨྲས་པ། མཚན་མ་མེད་པ་དང༌། །བྱམས་པས་སྨྲས་པ། ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ན། སངས་རྒྱས་རྗེས་སུ་ཡི་རང་དང༌། །རབ་འབྱོར་གྱིས་སྨྲས་པ། ཕྲེང་དྲུག་ན། མཐར་ཕྱིན་པར་འགྱུར་རོ། །ཁམས་གསུམ་གཏོགས་པ་མ་ཡིན་དང༌། །གཞན་ཡང་བྱང་ཆུབ། ཤོག་གུ་གསུམ་དང་ཕྲེང་བཅུ་ན། མཉམ་པའི་བར་ཞེས་བྱའོ། །ཆུང་དང་། དེ་ནས་བཅོམ་ལྡན་འདས་ཀྱིས། ཤོག་གུ་གཅིག་དང་ཕྲེང་བདུན་ན། འབྲིང་དང་། རབ་འབྱོར་གཞན་ཡང༌། ཕྲེང་བདུན་ན། གོང་ན་མེད་པ་ཞེས་བྱའོ། །ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་པོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །རབ་འབྱོར། ཤོག་གུ་གསུམ་དང་ཕྲེང་བཅུ་ན། མཉམ་པའི་བར་ཞེས་བྱའོ། །དེ་རྣམས་ཀྱིས་ནི། བསྔོ༷་ད༷ང་། ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། ། ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་ལྔ་ན། མི་དམིགས་པ་ཡང་མ་ཡིན་ལ། ཞེས་བྱ་བ་ནི་སངས་རྒྱས་དེ་རྣམས་དང་དགེ་བའི་རྩ་བ་དེ་རྣམས་དེ་བཞིན་ཉིད་དུ་དམན་པ་དང༌། ལྷག་པ་མེད་པའི་དོན་གྱི་དབང་གིས་མཉམ་པ་ཉིད་དུ་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། དེ་འདི་སྙམ་དུ། ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ན། ལེའུ་སྟེ་ཉི་ཤུ་བཞི་པའོ།། །། ༈ དེ་རྣམས་ཀྱིས་ནི། རྗེ༷ས་སུ༷་ཡི༷་ར༷ང་བ༷། །ཡི༷ད་ལ༷་བྱེ༷ད་པ༷་བླ༷་མེ༷ད་ད༷ག །ཅེས་པ་དོན་དགུ་པ་གསུངས་ཟིན་ཏོ། །དེ་ཡི་ངོ་བོ་ཉིད། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཕྲེང་གཉིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁམས་གསུམ་པ་ཐམས་ཅད་ནམ་མཁའ་ལྟར་ཁྱབ་པར་བཞུགས་ཀྱང་ཁམས་གསུམ་པ་ཐམས་ཅད་ཀྱི་མ་གོས་པའོ། །ཕྲེང་བརྒྱད་ན། ཆོས་ཀྱི་འཁོར་ལོ་ 4-1-319 བསྐོར་བའོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་ཞེས་བྱའོ། །དེ་ལ་འདི་ནི་ལན་གསུམ་དུ་བཟླས་ནས་བསྐོར་བ་སྟེ། འདི་ནི་བདེན་པ་བཞིའི་བྱ་བར་བདེན་པ་བཞིའི་ངོ་བོ་ཉིད་ལེའུ་ཚིགས་ནི་གཅིག་གོ །བདེན་པ་བཞི་པོ་དེ་དག་ཉིད་ཡོངས་སུ་ཤེས་པར་བྱ་བ་དང༌། སྤང་བར་བྱ་བ་དང༌། མངོན་སུམ་དུ་བྱ་བ་དང༌། བསྒོམ་པར་བྱ་བའི་ལེའུ་ཚིག་ནི་བསྐོར་བ་གཉིས་པའོ། །བདེན་པ་བཞི་པོ་དེ་དག་ཉིད་བདག་གིས་ཡོངས་སུ་ཤེས་སོ། །སྤངས་སོ། །མངོན་སུམ་དུ་བྱས་སོ། །བསྒོམས་སོ། །ཞེས་བྱ་བའི་ཚིག་ནི་བསྐོར་བར་གསུམ་པའོ། །དེ་ནི་ལན་གསུམ་དུ་བཟླས་ཏེ་བསྐོར་བའོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་སྡུག་བསྔལ་གྱི་ངོ་བོ་ཉིད་དང༌། ཡོངས་སུ་ཤེས་པར་བྱ་བ་དང༌། ཡོངས་སུ་ཤེས་སོ། །ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །ཀུན་འབྱུང་བའི་བདེན་པ་ལ་ཡང་ཀུན་འབྱུང་བའི་ངོ་བོ་ཉིད་དང་སྤང་བར་བྱ་བ་དང༌། སྤངས་སོ། །ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །འགོག་པའི་བདེན་པ་ལ་ཡང་འགོག་པའི་ངོ་བོ་ཉིད་དང་མངོན་སུམ་དུ་བྱ་བ་དང༌། མངོན་སུམ་དུ་བྱས་སོ། །ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །ལམ་གྱི་བདེན་པ་ལ་ཡང་ལམ་གྱི་ངོ་བོ་ཉིད་དང༌། བསྒོམ་པར་བྱ་བ་དང༌། བསྒོམ་མོ་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། དེ་ལྟར་དོན་རྣམ་པ་བཅུ་གཉིས་སོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཕྲེང་སོ་གཉིས་ན། ངོ་བོ་ཉིད་སྟོན་པའོ། །མཆོག་ཉིད། །བཅོམ་ལྡན་འདས། ཤོག་གུ་གཉིས་དང་ཕྲེང་གསུམ་ན། ཀུན་ལ་མངོན་པར་འདུ་མི་བྱེད། །ཚེ་དང་ལྡན་པ། ཕྲེང་བཅུ་བཞི་ན། མངོན་པར་བསྒྲུབ་པར་བྱའོ། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་གནས་སྐབས་ན་ཀུན་བཏགས་པའི་གཟུགས་མངོན་པར་འདུ་བྱེད་པ་མེད་དོ། །སྐྱེ་བ་དང་འགག་པ་གཉིས་ཀྱང་རྒྱུན་གྱི་དབང་གིས་མེད་དོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། ཕྲེང་གཅིག་ལྷག་ན། བསྒྲུབ་པར་བྱའོ། །ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོད་པར་བྱེད་པ། གསོལ་པ། ཕྲེང་བརྒྱད་ན། དམིགས་པར་ཡང་མི་བྱེད་དོ། །ཞེས་བྱ་བ་ནི་ཆོས་སྐུའི་གནས་སྐབས་ན་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མི་དམིགས་སོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་དབྱིག་གཉེན་གསུངས། ཕྲེང་གཉིས་ན། ཐོབ་པར་མི་བྱེད་པ་ཡིན་ནོ། །ཞེས་པ་ནི་ཆོས་ཉིད་རྣམ་པར་མི་རྟོག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་མིང་དང་མཚན་མ་དང༌། མངོན་པར་འདུ་ཤེས་པས་མི་འཛིན་ཏོ། །དེ་བས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མིང་དེ་དང༌། མཚན་མ་དེ་དང་མངོན་པར་འདུ་བྱེད་པ་དེས་དམིགས་སུ་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བརྒྱ་བྱིན་གྱིས་གསོལ་པ། ཤོག་གུ་གཉིས་དང་ཕྲེང་བཞི་ན། དོན་ཆེན་ཉིད། །གསོལ་པ། བཅོམ་ལྡན་འདས་འདི་ལྟར། ཕྲེང་གཉིས་ན། ཆུང་བར་མི་བགྱིད། ཅེས་བྱ་བ་ནི་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་ཆེ་བར་མི་བྱེད་ལ། ཀུན་བཏགས་ཀྱི་གཟུགས་ཆུང་ 4-1-320 བར་མི་བྱེད་པའོ། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །ཞེས་ཀུན་མཁྱེན་གཉིས་པ་དབུ་མ་པ་གསུངས། ཚོར་བ་དང༌། ཤོག་གུ་བཞི་ལ་ཕྲེང་ཉིས་ཆད་པ་ན། ལེའུ་[ཉི་ཤུ་]ལྔ་པའོ།། །། ༈ དེ་རྣམས་ཀྱིས་ནི། སྒྲུ༷བ་ད༷ང་། ཞེས་པ་དོན་བཅུ་པ་གསུངས་ཟིན་ཏོ། །སངས་རྒྱས་བསྟེན་དང་སྦྱིན་སོགས་དང༌། །དེ་ནས་ཚེ་དང་ལྡན་པ་ཕྲེང་ཉེར་བདུན་ན། མི་ཐོས་མི་མཐོང་ངོ༌། །ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །གསོལ་པ། ཕྲེང་དགུ་ན། བརྩོན་པར་བྱེད་དོ། །ཆོས་ཀྱིས་འཕོངས་པའི་རྒྱུ་དག་ནི། །རབ་འབྱོར། གཞན་ཡང༌། ཤོག་གུ་ལྔ་དང་ཕྲེང་བཅུ་ན། མྱོང་བར་འགྱུར་རོ། །བདུད་ཀྱི་ཐིབས་ཀྱིས་ནོན་པ་དང༌། །ཟབ་མོའི་ཆོས་ལ་མ་མོས་དང༌། །ཕུང་པོ་ལ་སོགས་མངོན་ཞེན་དང༌། །སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །རབ་འབྱོར་གྱིས་གསོལ་པ། ཕྲེང་བཞི་ལྷག་ན། སྐྱེས་བུ་གླེན་པ་དེ་དག་ནི་བརྩོན་འགྲུས་མེད་ཅིང་ཕུང་པོ་ལྔ་ལ་མངོན་པར་ཞེན་པ་དང༌། ཞེ་སྡང་གི་སྤྱོད་པ་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་ཡིན་ཏེ། ཞེས་པ་ལེ་བརྒྱད་མར་བྱུང་བ། ཕྲེང་ལྔ་ལྷག་ན། མ་བཅིངས་མ་གྲོལ་བ་སྟེ། ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་སྐབས་ན་གང་ཡོངས་སུ་གྲུབ་པའི་ཆོས་ཉིད་ཀྱི་གཟུགས་སུ་སྣང་བ་དེ་འཁོར་བའི་གནས་སྐབས་ན་དུས་དེ་སྲིད་དུ་ལས་དང་ཉོན་མོངས་པ་དང་རྣམ་པར་སྨིན་པའི་བཅིངས་པ་ཐམས་ཅད་མ་བཅིངས་པ་མེད་པའི་ཕྱིར་མ་བཅིངས་པ་ཞེས་བྱའོ། །ཕྱིས་ཀྱང་ཡོངས་སུ་གྲུབ་པའི་གནས་སྐབས་ན་གྲོལ་བ་མེད་པའི་ཕྱིར་མ་གྲོལ་བ་ཞེས་བྱའོ། །ཀུན་བཏགས་པ་ཉིད་ལ་ནི་བཅིངས་པ་དང་གྲོལ་བ་ཞེས་བརྗོད་ཀྱི། ནམ་མཁའ་བཞིན་དུ་ཅིས་ཀྱང་མ་གོས་པ་འགྱུར་བ་མེད་པའི་ཆོས་ཉིད་ཀྱི་གཟུགས་ལ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པས་གསུངས། གཟུགས་སོ་ཞེས་བྱ་བ་གསུངས་ཏེ། ཀུན་བཏགས་པའི་གཟུགས་དངོས་པོ་མེད་པའི་ངོ་བོ་ཉིད་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པས་གསུངས། ཚོར་བ་དང༌། ཤོག་གུ་གཅིག་དང་ཕྲེང་བཞི་ན། མ་བཅིངས་མ་གྲོལ་བ་སྟེ། ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་འཁོར་བ་ན་དྲི་མ་དང་བཅས་པ་མ་དག་པའི་གནས་སྐབས་ལ་སྔོན་གྱི་མཐའ་ཞེས་བྱའོ། །དེ་ལྟར་དག་པ་དང་མ་དག་པའི་གནས་སྐབས་ལ་ད་ལྟར་བྱུང་བ་ཞེས་བྱའོ། །ཕྱིས་དག་པའི་གནས་སྐབས་ལ་ཕྱི་མའི་མཐའ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། དེ་ཅིའི་ཕྱིར་ཞེ་ན། ནུད་ཙམ་ན། གཟུགས་ཞེས་བྱ་བ་ནི་དུས་གསུམ་ཅར་དུ་ཡང་མི་འགྱུར་བར་གནས་པའི་མཚན་ཉིད་ནི་དེ་བཞིན་ཉིད་ཡིན་ནོ། །ཞེས་སྟོན་ཏོ། །ཆོས་ཉིད་ཀྱི་དུས་ལས་རྣམ་པར་གྲོལ་བའི་མཚན་ཡིན་པར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། ཚོར་བ་དང༌། ཕྲེང་བཅུ་གསུམ་ན། མོས་པར་དཀའོ། །འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །གཅད་དུ་མེད་པས་དག་པར་བརྗོད། །རབ་འབྱོར། ནུད་ཙམ་ན། འབྲས་བུ་རྣམ་པར་ 4-1-321 དག་པའོ། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་འབྲས་བུར་གྱུར་པ་རྣམ་པར་དག་པ་ཞེས་བྱ་བའི་གུད་ན་གང་ཡང་མེད་ཀྱི། གང་ཆོས་ཉིད་ཀྱི་གཟུགས་ཡོངས་སུ་གྲུབ་པ་ངོ་བོ་ཉིད་དུ་གྱུར་པ་རྟག་ཏུ་གནས་པ་རྣམ་པར་དག་པ་དེ་ཉིད་འབྲས་བུར་གྱུར་པའི་རྣམ་པར་དག་པའོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་བཅུ་གཅིག་ན། གཟུགས་ཡོངས་སུ་དག་པ་སྟེ། ཞེས་བྱ་བ་ནི་དེ་ལ་གཟུགས་ཀྱི་ཆོས་ཉིད་ཀྱི་གནས་སྐབས་ནི་གཟུགས་རྣམ་པར་དག་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་དག་པའི་མཐའི་གནས་སྐབས་ལ་ནི་འབྲས་བུ་རྣམ་པར་དག་པ་ཞེས་བྱའོ། །ཆོས་ཀྱི་སྐུའི་གནས་སྐབས་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་གཟུགས་རྣམ་པར་དག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་འབྲས་བུ་རྣམ་པར་དག་པ་སྟེ་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་གང་ཡིན་པ་དེ་ཉིད་གཟུགས་རྣམ་པར་དག་པ་སྟེ། དེ་བཞིན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེ་བས་ན་དེ་བཞིན་ཉིད་དང༌། རྣམ་པར་གྲོལ་བ་དང༌། ཆོས་ཀྱི་སྐུ་ནི་དོན་དམ་པར་ཐ་དད་མེད་དེ་གཅིག་གོ །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་བར་དུ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་གཉིས་པར་གྲགས་པ་སློབ་དཔོན་དབྱིག་གཉེན་གསུངས། དེ་ལྟར་ཆོས་ཐམས་ཅད་ཀྱི་རྣམ་པར་དག་པ་གཅིག་ཅེས་མཇུག་བསྡུས་ཏེ། ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ལྟར་ན་གཟུགས་ཡོངས་སུ་དག་པ་དང༌། ནུད་ཙམ་ན། ཡོངས་སུ་དག་པ་འདི་གཅིག་པའི་ཕྱིར། གཉིས་སུ་མེད་དེ་གཉིས་སུ་དབྱེ་མི་ནུས་པའི་ཕྱིར། གཉིས་སུ་བྱར་མེད། བྱེ་བྲག་མེད་པའི་ཕྱིར། སོ་སོ་མ་ཡིན་པར་ཚད་མེད་པའི་ཕྱིར་རམ་རྟགས་པའི་ཕྱིར། ཐ་མི་དད་དོ། །ཚོར་བ་དང༌། ཕྲེང་ལྔ་ན། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ། རབ་འབྱོར། གཞན་ཡང༌། ཤོག་གུ་གཉིས་དང་ཕྲེང་བཅུ་ན། བསེ་རུ་དང༌། །རབ་འབྱོར། གཞན་ཡང༌། མ་རིག་པ་རྣམ་པར་དག་པས། ཕྲེང་བདུན་ན། རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། ཕྲེང་བཅུ་བདུན་ན། སོ་སོ་མ་ཡིན་ཐ་མི་དད་དོ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །སྒོམ་ལམ་ཆུང་ངུའི་ཆུང་ངུ་ནི། རབ་འབྱོར། གཞན་ཡང༌། དེས་ཁའི་མཆན་བུ་རྫོགས་སོ།། །། ག་པའི་མགོ་ནས་ཤོག་གུ་གཉིས་དང་ཕྲེང་དྲུག་ན། ལམ་ཆུང་ངུའི་ཆེན་པོ་ནི། རབ་འབྱོར། གཞན་ཡང༌། ཕྲེང་ལྔ་ན། ལེའུ་ཉི་ཤུ་དྲུག་པའོ།། །། ༈ ལམ་འབྲིང་གི་ཆུང་ངུ་ནི། དེ་ནས་ཚེ་དང་ལྡན་པ་ཕྲེང་གཅིག་ན། དག་པའི་ཕྱིར་རོ། །ཞེས་བྱ་བའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང༌། རྣམ་པར་རྟོག་པ་དུ་མའི་ 4-1-322 དྲི་མ་བསགས་པ་འཁོར་བའི་ཆོས་དེ་དག་དང༌། ཐ་དད་པར་མ་གྱུར་པའི་ཆོས་ཉིད་ནི་དྲི་མ་དེ་དག་གི་དྲི་མ་ཅན་དུ་མ་གྱུར་པ་སྟེ། དུས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པ་ཡིན་པར་བྱིས་པ་རྣམས་ཀྱི་ཡིད་ཆེས་པར་དཀའ་བས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཟབ་ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། ཤཱ་ར་དྭ་ཏིའི་བུས། གསོལ་པ། ཤོག་གུ་གཅིག་དང་ཕྲེང་བཞི་ན། ལམ་འབྲིང་གི་འབྲིང་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་གསུམ་ན། རྣམ་པར་དག་པ་སྣང་བའོ། །ཞེས་བྱ་བ་ནི། འདི་ལྟ་སྟེ། དཔེར་ན། སྤྲིན་དང༌། ན་བུན་དང༌། ཁུག་རྣ་ལ་སོགས་པ་མེད་ན། ཉི་མ་དང༌། ཟླ་བ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། རབ་ཏུ་སྣང་བར་འགྱུར་བའོ། །དེ་བཞིན་དུ་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ཡང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྣང་བ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་བསྟན་པའི་སྲོག་ཤིང་དབྱིག་གཉེན་གསུངས། རྣ་བ་དང༌། ཤོག་གུ་གཅིག་དང་ཕྲེང་བཞི་ན། ལམ་འབྲིང་ཆེན་པོ་ནི། གསོལ་པ། མ་མཆིས་པའོ། །ཞེས་པ་ནི་ཉོན་མོངས་པ་དང༌། རྣམ་པར་རྟོག་པའི། སྤྲོས་པའི་དྲི་མ་རྣམས་སྤངས་པ་ནི་སླར་ཉིང་མཚམས་མི་སྦྱོར་བའི་ཕྱིར་དྲི་མ་མེད་ཅིང་རྣམ་པར་དག་པ་ན་ཉིང་མཚམས་མི་སྦྱོར་བ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཕྲེང་གསུམ་ལྷག་ན། དག་པའོ། །ལམ་ཆེན་པོའི་ཆུང་ངུ་ནི། གསོལ་པ། ནུད་ཙམ་ན། ཉོན་མོངས་པ་མ་མཆིས་སོ། །ཞེས་བྱ་བ་ནི་སྤྲིན་དང༌། ན་བུན་དང༌། ཁུག་རྣ་ལ་སོགས་པ་ཡོད་དུ་ཟིན་ཀྱང་ནམ་མཁའ་ལྟར་རྣམ་པ་ཐམས་ཅད་དུ་རང་བཞིན་གྱིས་ཡོངས་སུ་དག་པའོ། །ཞེས་བཤད་པའོ། །ཞེས་བསྟན་པའི་གསལ་བྱེད་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གསུམ་ལྷག་ན། ཉོན་མོངས་པ་མེད་པའོ། །ལམ་ཆེན་པོའི་འབྲིང་ནི། གསོལ་པ། ཕྲེང་དེ་ཉིད་ལ། བགྱིད་པ་མ་མཆིས་པའོ། །ཞེས་བྱ་བ་ནི་ཐོབ་པར་བྱ་བ་དང༌། ཐོབ་པར་བྱེད་པའི་ཆོས་གཉིས་ཡོད་ན། འཐོབ་པར་ཡང་མེད་པར་འགྱུར་ལ། མངོན་པར་རྟོགས་པར་བྱ་བ་དང༌། མངོན་པར་རྟོགས་པར་བྱེད་པ་གཉིས་ཡོད་ན། མངོན་པར་རྟོགས་པ་ཞེས་བྱ་བ་ཡོད་པར་འགྱུར་ན། དེ་ལ་ཀུན་རྟོག་པ་དང་རྣམ་པར་རྟོག་པ་རྣམས་མེད་པ་ཙམ་ལ་ཡོངས་སུ་གྲུབ་པའི་ཆོས་ཉིད་རྣམ་པར་དག་པ་ཞེས་རྣམ་པར་བཞག་པའི་ཕྱིར་རྣམ་པར་དག་པ་དེ་ལ་འཐོབ་པའམ་མངོན་པར་རྟོགས་པ་ཞེས་བྱ་བ་གང་ཡང་མེད་དོ། །ཞེས་ཀུན་མཁྱེན་གཉིས་པ་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གསུམ་ལྷག་ན། ལམ་ཆེན་པོའི་ཆེན་པོ་ནི། གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པའོ། །ཞེས་པ་ནི་ཀུན་བཏགས་པ་དང༌། རྣམ་པར་བརྟགས་པའི་གཟུགས་ལ་སོགས་པའི་ཆོས་རྣམས་མངོན་པར་གྲུབ་པ་མེད་པ་ལ་རྣམ་པར་དག་པ་ཞེས་བྱ་བར་རྣམ་པར་བཞག་པའི་ཕྱིར་མངོན་པར་གྲུབ་པ་མེད་པའི་ཕྱིར་མངོན་པར་གྲུབ་པ་མེད་པའི་མཚན་ཉིད་ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཉིས་ལྷག་ན། ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །གསོལ་པ། ཕྲེང་ལྔ་ན། གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས། ཞེས་པ་ནི་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་ཁམས་རྣམས་ཀུན་བཏགས་པ་སྟེ། གང་གི་ 4-1-323 ཚེ་དེ་རྣམས་སུ་མི་སྐྱེ་ཞིང་མི་འབྱུང་བ་དེ་ལ་རྣམ་པར་དག་པ་ཞེས་བྱ་སྟེ། དབུ་མ་པ་གསུངས། ཕྲེང་གཅིག་ན། མཉམ་པ་ཉིད་ཀྱིས། གསོལ་པ། བཅོམ་ལྡན་འདས། ཕྲེང་གཉིས་ན། ཆོས་ལ་སེམས་མེད་པའི་ཕྱིར། ཞེས་པ་ནི་རྟོགས་པ་དང་བྲལ་བའི་ཕྱིར་མེད་པ་ཞེས་བཤད་དོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ལོགས་ཅིག་སོང་བ་ནི། ཆོས་ཐམས་ཅད་མི་ཤེས་སོ། །དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་འཇལ་དང་གཞལ་བྱ་དག །ཕྲེང་གཉིས་ན། གནོད་པར་མི་བགྱིད་པ་ལགས། ཞེས་པ་ནི་གང་གི་ཕྱིར་དེ་གཉིས་ཀ་ཡང་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། དེ་བཞིན་ཉིད་ནི་ཕན་པ་ལ་གནོད་པར་མི་བྱེད་དེ་ནམ་མཁའ་ལ་ནམ་མཁའ་བཞིན་ནོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ནུད་ཙམ་ན། ཆོས་ཀྱི་དབྱིངས་འདུག་པ་ཉིད་ཀྱི་ཕྱིར། ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ནི་དུས་ཐམས་ཅད་དུ་གནས་པའི་མཚན་ཉིད་ཡིན་ན། དེ་ལ་སུ་ཞིག་ཕན་པ་དང་གནོད་པ་བྱེད་པ་ཡོད་ཅེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཅིག་ལྷག་ན། ལེན་པ་མ་མཆིས་སོ། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ཡོངས་སུ་འཛིན་པ་ཐམས་ཅད་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། གལ་ཏེ་ཆོས་འགའ་ཞིག་ཡོངས་སུ་འཛིན་ན་རྣམ་པར་དག་པར་མི་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གསུམ་དུ་ཕྲེང་གཉིས་ཆད་པ་ན། ཅིའི་སླད་དུ་བདག་ཀུན་ཏུ་མཐའ་ཡས་པས། ཞེས་བྱ་བ་ནི་རྟག་པ་དང༌། ཆད་པ་མེད་པ་དང༌། སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། དབུས་ཀྱི་མཐའ་མེད་པའི་ཕྱིར་ཀུན་ཏུ་མཐའ་ཡས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་བཞི་ན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱིས་ནི། ཤི༷ན་ཏུ༷་ད༷ག་པ༷་ཞེ༷ས། །བྱ༷་བ༷་འདི༷་ནི༷་སྒོ༷མ་པ༷འི་ལ༷མ། །བྱ༷ང་ཆུ༷བ་སེ༷མས་དཔ༷འ་མཁ༷ས་རྣ༷མས་ཀྱི༷ས། །ལ༷མ་ཤེ༷ས་ཉི༷ད་ནི༷་འདི༷་འདྲ༷ར་བཤ༷ད། །ཅེས་པ་དོན་བཅུ་གཅིག་པ་གསུང་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ལམ་ཤེས་པའི་སྐབས་ཏེ་གཉིས་པའོ།། །། ༈ ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །གསོལ་པ། བཅོམ་ལྡན་འདས། ཕྲེང་ཕྱེད་ན། ཚུ་རོལ་གྱི་འགྲམ་ནི་འདུས་བྱས་སུ་གཏོགས་པའོ། །འམ། ཕ་རོལ་གྱི་འགྲམ་ནི་འདུས་མ་བྱས་སུ་གཏོགས་པའོ་འམ། འདི་གཉིས་གནོད་འཇོམས་སུ་གཉིས་ཀར་བྱུང་བའོ། །ཕྲེང་གཅིག་ན། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། ཕྲེང་ངོ་གཉིས་ན། མཉམ་པ་ཉིད་ཀྱི་ཕྱིར་རོ། །ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར། དུས་གསུམ་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པས་ཚུ་རོལ་གྱི་འདུ་ཤེས་སམ་ཕ་རོལ་གྱི་འདུ་ཤེས་མེད་དེ། དེ་བས་ན་ཚུ་རོལ་གྱི་འགྲམ་ན་ཡང་མི་གནས། ཕ་རོལ་གྱི་འགྲམ་ན་ཡང་མི་གནས་ཞེས་པའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་རྣམས་ཀྱིས་ནི། ཤེ༷ས་པ༷ས་སྲི༷ད་ལ༷་མི༷་གན༷ས་ཤི༷ང༌། །སྙི༷ང་རྗེ༷ས་ཞི༷་ལ༷་མི༷་གན༷ས་ད༷ང༌། །ཞེས་པ་དོན་དང་པོ་དང་གཉིས་པ་གསུངས་ཟིན་ཏོ། ། 4-1-324 [ཐབས་མ་ཡིན་པས་རིང་བ་སྟེ།།] གསོལ་པ། ཕྲེང་གཉིས་ན། དེ་ནི་མཚན་མར་དམིགས་སྒོ་ནས། །རབ་འབྱོར། དེ་ནི་མིང་དུ་ཡང༌། ཕྲེང་གསུམ་ན་རིང་དུ་སྤོང་ངོ༌། །དེ་རྣམས་ཀྱིས་ནི། ཐ༷བས་མ༷་ཡི༷ན་པ༷ས་རི༷ང་བ༷་ད༷ང༌། །ཞེས་པ་དོན་གསུམ་པ་བཤད་ཟིན་ཏོ། །དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །རབ་འབྱོར། གལ་ཏེ། ཕྲེང་བཞི་ན། ངོ་མཚར་ཆེའོ། །དེ་རྣམས་ཀྱིས། ཐ༷བས་ཀྱི༷ས་རི༷ང་བ༷་མ༷་ཡི༷ན་ད༷ང༌། །ཞེས་པ་དོན་བཞི་པ་བཤད་ཟིན་ཏོ། ། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །དེ་ནས་ཚེ་དང་ལྡན་པ། ཕྲེང་བཅུ་ན། དུས་གསུམ་གཏོགས་པའི་ཆོས་རྣམས་དང༌། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། ཕྲེང་གཉིས་ན། སྦྱིན་སོགས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། ཕྲེང་ཕྱེད་དང་གསུམ་ན། བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །དྲན་པ་ཉེ་བར་གཞག་པ། ཤོག་གུ་གཅིག་དང་ཕྲེང་བཞི་ན། ཆགས་པ་མེད་པ་དག་གོ །དེ་རྣམས་ཀྱིས་ནི། མི༷་མཐུ༷ན། ཞེས་པ་དོན་ལྔ་པ་གསུངས་ཟིན་ཏོ། ། སྦྱིན་ལ་སོགས་པ་ངར་འཛིན་མེད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཕྲེང་བཅུ་གཅིག་རང་ན། བསྔོ་བར་མི་ནུས་སོ། །ཞེས་བྱ་བ་ནི་ཆོས་རྣམས་གནས་པའི་མཚན་ཉིད་ཡིན་པའི་ཕྱིར། ཡོངས་སུ་འགྱུར་བ་མེད་པས་དམིགས་པའི་ཚུལ་གྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་མི་བྱའོ། །ཞེས་པའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ངོ་བདུན་ན། གཞན་དག་དེ་ལ་འཛུད་མཛད་པ། །དེ་ནི་ཆགས་པའི་མཐའ་འགོག་པས། །ཀོའུ་ཤི་ཀ །གཞན་ཡང༌། ཕྲེང་བཅུ་དྲུག་ན། སྤངས་པ་ཡིན་ནོ། །རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཕྲེང་དགུ་ན། ཡིད་ལ་བྱ་བ་མ་ཡིན་ནོ། །ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །གསོལ་པ། ཕྲེང་གཉིས་ལྷག་ན། དེ་ནི་སུས་ཀྱང་མངོན་པར་འཚང་རྒྱ་བར་མི་ནུས་སོ། །ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་པ་ཡིན། །གསོལ་པ། ཕྲེང་གཅིག་ན། ཆོས་ཀྱི་རང་བཞིན་ནི་གཅིག་ཏུ་ཟད་དོ། །ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་ངོ་བོ་གཅིག་ན། འོན་ཀྱང་བདག་ཉིད་ཐ་དད་པར་སྣང་བའི་ཕྱིར། མངོན་པར་རྟོགས་པར་དཀའོ། །གང་ཡིན་པ་དེ་ནི་དེ་བཞིན་ཉིད་དེ་ཡང་ཆོས་ཉིད་གཞན་གང་གི་རྒྱུ་ཡང་མ་ཡིན་པའི་ཕྱིར་རོ། །རང་བཞིན་མ་ཡིན་ནོ། །དེ་ནི་དེ་བཞིན་ཉིད་དེ་འདུས་མ་བྱས་པའི་ཕྱིར། སུས་ཀྱང་མ་བྱས་པས་མ་བྱས་པའོ། །དེ་ནི་དེ་བཞིན་ཉིད་བསོད་ནམས་དང་བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱེད་པ་གང་གིས་ཀྱང་མངོན་པར་འདུས་མ་བྱས་པའོ། །ཕྲེང་གཅིག་ན། སྤང་བ་ཡིན་ནོ། །མཐོང་ལ་སོགས་པ་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །གསོལ་པ། ཕྲེང་གཅིག་ལྷག་ན། ཕྱིར་རོ། །གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །གསོལ་པ། བསམ་གྱིས་མི་ཁྱབ་པའོ། །ཞེས་པ་ནི་དུ་བས་མེ་མཚོན་པ་ལྟར་ཆོས་གཞན་གྱིས་བསམ་དུ་མི་ནུས་ཞེས་པའི་ཐ་ཚིག་གོ །ཞེས་དེ་དག་ཀྱང་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་དྲུག་ན། ལེའུ་ཉི་ཤུ་ 4-1-325 བདུན་ནོ།། །། ༈ དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་གཉེན་པོའི་ཕྱོགས་དག་གི །རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདིར་ཤེས་བྱ། །[དེ་རྣམས་ཀྱིས་ནི། གཉེ༷ན་པོ༷འི་ཕྱོ༷གས་ད༷ག་ད༷ང༌། །]ཞེས་པ་དོན་དྲུག་པ་གསུངས་ཟིན་ཏོ། ། གཟུགས་སོགས་དེ་མི་རྟག་སོགས་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་ཉེར་གཅིག་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མེད་དོ། །དེ་མ་རྫོགས་དང་རབ་རྫོགས་དང༌། །རབ་འབྱོར་གཞན་ཡང༌། ཕྲེང་བཅུ་གསུམ་ན། དེ་ལ་ཆགས་པ་མེད་ཉིད་ལ། །སྤྱོད་པ་བཀག་པས་སྦྱོར་བ་དང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་གསུམ་ན། ལེགས་པར་བསྟན་ཏོ། །ཞེས་པ་ནི། ཆོས་ཉིད་གཟུགས་སྒྲིབ་པ་མེད་པའོ། །ཕྲེང་ཉེར་གཉིས་ན། འདུ་ཤེས་པ་མེད་དོ། །མི་འགྱུར། གསོལ་པ། ཕྲེང་བཞི་ན། བྱེད་པོ་མེད་ཉིད་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཕྲེང་གཉིས་ན། བྱ་དཀའ་རྣམ་གསུམ་སྦྱོར་བ་དང༌། །དང་པོ་ཆེད་དུ་བྱ་དཀའ་བའི་སྦྱོར་བ་ནི། གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་ཕྲེང་བཅུ་བཞི་ལྷག་ན། འཚལ་བའོ། །གཉིས་པ་སྦྱོར་བ་དཀའ་བ་ཉིད་ཀྱི་སྦྱོར་བ་ནི། བཅོམ་ལྡན་འདས། ཕྲེང་སོ་གཉིས་ན། གདེག་པར་འཚལ་བའོ། །གསུམ་པ་ལས་བྱ་དཀའ་བ་ཉིད་ཀྱི་སྦྱོར་བ་ནི། བཅོམ་ལྡན་འདས། ཕྲེང་བཅུ་གཉིས་ན། ཞེས་མཆིས་སོ། །སྐལ་བ་ཇི་བཞིན་འབྲས་ཐོབ་པས། །འབྲས་ཡོད་འདོད་པ་དེ་དང་ནི། །དང་པོ་དོན་མེད་པའི་སྦྱོར་བ་ནི། དེ་ནས་དགེ་སློང་གཅིག་འདི་སྙམ་དུ་གྱུར་ཏེ། ཕྲེང་ངོ་ལྔ་ན། སྙམ་པ་དང༌། གཞན་ལ་རག་ལས་མིན་གང་དང༌། །གཉིས་པ་གཞན་གྱི་རྐྱེན་གྱི་མི་འགྲོ་བའི་སྦྱོར་བ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཕྲེང་བཅུ་གཅིག་ན། སྐལ་བ་ཅན་དུ་འགྱུར་རོ། །སྣང་བ་རྣམ་བདུན་ཤེས་བྱེད་དོ། །གསུམ་པ་ཤེས་བྱེད་རྣམ་བདུན་བཤད་པ་ཤེས་པའི་སྦྱོར་བ་ནི། ཀོའུ་ཤི་ཀ །ཕྲེང་བདུན་ན། སྐལ་བ་ཅན་དུ་འགྱུར་རོ། །དེ་རྣམས་ཀྱིས་ནི། སྦྱོ༷ར་ད༷ང་། ཞེས་པ་དོན་བདུན་པ་བཤད་ཟིན་ཏོ། ། གཟུགས་ལ་སོགས་ལ་རློམ་མེད་དང༌། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཕྲེང་ལྔ་ན། གཟུགས་ལ་རློམ་སེམས་སུ་མི་བྱེད། ཅེས་པ་ནི་བྱེད་པ་དང་མཚན་ཉིད་ལ་སོགས་པའི་དངོས་པོའོ། །གཟུགས་ཀྱི་རློམ་སེམས་སུ་མི་བྱེད་ཅེས་པ་ནི་རྗེ་ཁོལ་གྱི་དངོས་པོར་རོ། །གཟུགས་ལ་རློམ་སེམས་སུ་མི་བྱེད་ན། ཞེས་པ་ནི་གནས་པ་དང་རྟེན་པའི་དངོས་པོར་ཞེས་གསུམ་པ་དབུ་མ་པ་གསུངས། ཤོག་གུ་གཅིག་དང་ཕྲེང་བཞི་ན། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་དོ། །དེ་རྣམས་ཀྱིས་ནི། དེ༷་ཡི༷་མཉ༷མ་ཉི༷ད་ད༷ང༌། །ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། ། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང༌། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལམ་བཟོད་པའི་ལམ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། དེ་ནས་སངས་རྒྱས་ཀྱི་མཐུས། ཕྲེང་བཅུ་བཞི་ན། གཟུགས་རྟག་མ་ཡིན་མི་རྟག་ 4-1-326 མིན། །གཟུགས་རྟག་ཅེས་བྱ་བའམ། ཤོག་གུ་གཉིས་དང་ཕྲེང་གཉིས་ན། ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །མཐའ་ལས་འདས་དང་། སྡུག་བསྔལ་ལ་ཆོས་ཤེས་པ་ནི། གསོལ་པ། ཕྲེང་དགུ་ན་འགྱུར་རོ། །རྣམ་དག་དང༌། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་ཕྱེད་ལྷག་ན། ཡོངས་སུ་དག་པའོ། །ཞེས་པ་ནི་གཟུགས་ལ་སོགས་པའི་ཆོས་དམིགས་པར་གྱུར་པ་རྣམས་དྲི་མ་མེད་པར་གྱུར་པའི་ཕྱིར་ལམ་གྱི་རྣམ་པར་ཤེས་པ་ཉིད་དེ་ཡང་རྣམ་པར་དག་པར་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཚོར་བ་དང༌། ཕྲེང་བདུན་ན། ཡོངས་སུ་དག་པའོ། །མ་སྐྱེས་མ་འགག་ལ་སོགས་དང༌། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་དགུ་ན། གཟུགས་ཡོངས་སུ་དག་པའོ། །ཞེས་པ་ནི་གང་གི་ཚེ་གཟུགས་ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་ནས་སྐྱེ་བ་དང་འགག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར། བྱུང་བར་མི་སྣང་བ་དེའི་ཚེ་གཟུགས་ཡོངས་སུ་དག་པ་ཞེས་བྱ་བའི་གཞན་དུ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། ཚོར་བ་དང༌། ཕྲེང་དགུ་ན་ཡོངས་སུ་དག་པའོ། །མཁའ་འདྲ། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར་གཞན་ཡང་ནམ་མཁའ་ཡོངས་སུ། ནུད་ཙམ་ན། ཡོངས་སུ་དག་པའོ། །ཞེས་པ་ནི། ཇི་ལྟར་ནམ་མཁའ་ལ་གློ་བུར་གྱི་སྤྲིན་དང༌། ཁུག་རྣ་ཡོད་ཀྱང་དེ་རང་བཞིན་གྱིས་དག་པའི་ཕྱིར་ཡོངས་སུ་དག་པ་མ་ཡིན་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། ཕྲེང་གཅིག་ལྷག་ན། དག་པ་སྟེ། ཆགས་པ་སྤངས་པ་དང༌། །ཀུན་འབྱུང་ལ་ཆོས་ཤེས་པ་ནི། རབ་འབྱོར། ནུད་ཙམ་ན། ཡོངས་སུ་དག་པའོ། །ཡོངས་སུ་འཛིན་ལས་གྲོལ་བ་དང༌། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། ཕྲེང་གཅིག་ཐལ་ན་དག་པའོ། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང༌། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར། ནམ་མཁའ་ལ། ཕྲེང་གཉིས་ན་དག་པའོ། །གང་ཕྱིར་འདི་དོན་བརྗོད་པ་ཡིས། །གཞན་ལ་བྱིན་དུ་མེད་པ་དང༌། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར། ནམ་མཁའ་བརྗོད་དུ་མེད་པའི་ཕྱིར། ཕྲེང་གཉིས་ལྷག་ན། དག་པའོ། །དམིགས་པ་མེད་པར་བྱེད་པ་དང༌། །འགོག་པ་ལ་ཆོས་ཤེས་པ་ནི། རབ་འབྱོར། གཞན་ཡང༌། ཕྲེང་ཕྱེད་དང་གསུམ་ན་དག་པའོ། །ཤིན་ཏུ་རྣམ་དག །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། གཞན་ཡང་ཆོས་ཐམས་ཅད་དང༌། ཕྲེང་གསུམ་ལྷག་ན་དག་པའོ། །ནད་མི་འབྱུང༌། །འགོག་པ་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར་གྱིས་གསོལ་པ། ཕྲེང་བཅུ་ན། འཕེལ་བར་འགྱུར་རོ། །ངན་སོང་ཆད་དང་། ལམ་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར། དེ་ཅིའི་ཕྱིར་ཞེ་ན། ཕྲེང་ཉེར་བཞི་ན། རིན་པོ་ཆེ་ཞེས་བྱའོ། །འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །ལམ་ལ་ཆོས་ཤེས་པ་ནི། ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་དེ་ལ་ནི་ཕྲེང་གཅིག་ན། དོར་བ་མེད་དོ། །ཞེས་པ་ནི་སྐྱེ་བ་དང་འགོག་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ 4-1-327 མི་སྣང་ངོ༌། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ཅིའི་ཕྱིར་ཞེ་ན། ཕྲེང་བཞི་ན། རིན་པོ་ཆེ་ནི་དམིགས་སུ་མེད་པའོ། །མཚན་མ་དག་དང་མ་འབྲེལ་དང༌། །ལམ་ལ་ཤེས་པའི་བཟོད་པ་ནི། རབ་འབྱོར། ཕ་རོལ་ཏུ་ཕྱིན་པ། ཕྲེང་གཅིག་ཐལ་ན་རིན་པོ་ཆེའོ། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ལམ་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར། གལ་ཏེ། ཕྲེང་ལྔ་ན། ཞིང་དུ་འགྲོའོ། །དེ་རྣམས་ཀྱིས་ནི། ཉ༷ན་ཐོ༷ས་ལ༷་སོ༷གས་མཐོ༷ང་བ༷འི་ལ༷མ། །དེ༷་འདྲ༷་ཀུ༷ན་ཤེ༷ས་ཉི༷ད་དུ༷་འདོ༷ད། །ཅེས་པ་དོན་དགུ་པ་གསུངས་ཟིན་ཏོ། ། དེ་ལྟར་འདི་དང་ཡང་འདི་དང༌། །ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །འདིས་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་སུ་བསྟན་པ་ཡིན། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཕྲེང་ཕྱེད་དང་གསུམ་ན། བྱེད་པ་མེད་དོ། །ཞེས་པ་ནི་ཆོས་ཐམས་ཅད་མི་འགྱུར་བའི་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྣང་སྟེ་ཆོས་ཁྱད་པར་ཅན་གང་ཡང་གྲུབ་པར་བྱའོ་སྙམ་པའི་རློམ་སེམས་གང་ཡང་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གཅིག་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། ཞེས་སོགས་ནི་ཆོས་ཐམས་ཅད་གནས་པའི་མཚན་ཉིད་དེ་གང་ལ་ཡང་ཅི་ཡང་མི་བྱེད་ཅེས་བསྟན་པའོ། །ཆོས་གནས་པ་འདི་ཉིད་མཁྱེན་པས་དེ་བཞིན་གཤེགས་པས་ཞེས་བྱ་བ་དག་འཇིག་རྟེན་ན་སྣང་བ་སྟེ། འདི་ཉིད་དེ་དག་གི་མངོན་པར་རྟོགས་པ་དང༌། འདི་ཉིད་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གསུམ་ལྷག་ན། སྒྲ་ཕྱུང་སྟེ་ཞེས་པ་ནི་ངོ་མཚར་དུ་གྱུར་པའི་ཚིག་སྙན་པ་མཉེན་ཞིང་ཡིད་དུ་འོང་བས་བསྟོད་དོ། །ཞེས་པའི་དོན་ཏོ། །ཞེས་འབུམ་འགྲེལ་གསུང༌། ཕྲེང་གཉིས་ལྷག་ན། བསྐོར་བར་མཐོང་ངོ༌། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དང་པོ་མངོན་པར་སངས་རྒྱས་ནས་ཡུལ་ཝཱ་རཱ་ན་སཱིར་འཕགས་པའི་བདེན་པ་བཞི་ལ་ལན་གསུམ་ཏུ་ཟློས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དང༌། ང་རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་ཕུང་པོ་འདི་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྒྱ་ཆེར་བསྟན་པ་དང་ཆོས་ཀྱི་འཁོར་ལོ་ལན་གཉིས་བསྐོར་བ་མཐོང་ངོ༌། །ཞེས་བྱ་བའི་དོན་ཏོ། །ཞེས་དབུ་མ་པ་དཾ་ཋཊ་སེ་ན་གསུངས། ཕྲེང་གཉིས་ན། གཉིས་སུ་བསྐོར་བ་ཡང་མ་ཡིན། ཞེས་པ་ནི། དོན་དམ་པར་ཆོས་ཐམས་ཅད་གྲངས་ལས་འདས་པའི་ཕྱིར་དེ་སྐད་ཅེས་བསྟན་ཏོ། །ཕྲེང་གཅིག་ན། གནས་པ་མ་ཡིན་ནོ། །ཞེས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཞེས་བྱ་བའི་འདུ་ཤེས་སམ། རྣམ་པར་རྟོག་པ་སེལ་བར་བྱེད་པའོ། །ཞེས་པ་གཉིས། དབུ་མ་པ་གསུངས། ཕྲེང་ཉི་ཤུ་གཉིས་ན། ལེའུ་ཉེར་བརྒྱད་པའོ།། །། ༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། གཞི་ཤེས་པའི་སྐབས་ཏེ་གསུམ་པའོ།། །། ༈ གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །མེད་པའི་རྣམ་པ་ནས་བཟུང་སྟེ། །མིག་གཡོ་ 4-1-328 བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་གཅིག་ལྷག་ན། ནམ་མཁའ་མེད་པའི་ཕྱིར་རོ། །ཞེས་པ་ནི་ནམ་མཁའ་ལྟར་དམིགས་པའི་བདག་ཉིད་དུ་མེད་པ་ཡིན་གྱི། དམིགས་པ་མེད་པའི་བདག་ཉིད་དུ་མེད་པ་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཅིག་ན། མཉམ་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་ནི་ཆོས་ཐམས་ཅད་ཀུན་བཏགས་པ་སྟེ། དམིགས་སུ་མེད་པའི་བདག་ཉིད་དུ་མཉམ་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་གསུམ་ན། འདི་ནི་གནས་ཀུན་གཞི་རྣམ་ཤེས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཕྲེང་སོ་གཉིས་ན། གསང་སྔགས་ཟབ་མོ་དང་དོན་གཅིག་པས་དབུགས་ཕྱི་ནང་དུ་རྒྱུ་བ་མེད་པའི་ཕྱིར་རོ། །ཕྲེང་དགུ་ན། ལམ་ལ་དེ་ནི་བཅོ་ལྔར་བཤད། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཕྲེང་གཉིས་ན། མེད་པའི་ཕྱིར་རོ། །ཞེས་པ་ནི་དེའི་ཚེ་འདི་འཕོ་དང་སྐྱེ་བ་དག་ཀུན་བཏགས་པའི་དབང་གིས། སྣང་བ་དོན་དམ་པར་ནི་མ་ཡིན་པར་ཤེས་པར་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཅིག་ན། འཇིག་པ་མེད་པའི་ཕྱིར་རོ། །ཞེས་པ་ནི་འདི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་དེ། དེ་ཡང་འགྱུར་བ་མེད་པའི་ཕྱིར་མི་འཇིགས་པའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཅིག་སོང་བ་ན། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །འགོག་པ་ལ་ནི་གོ་རིམ་བཞིན། །དེ་དག་བརྒྱད་དང་། གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཕྲེང་དགུ་ལྷག་ན། སེམས་ཅན་མེད་པའི་ཕྱིར་རོ། །བདུན་དང་ནི། །གསོལ་པ། ཕྲེང་དགུ་ན། གྱུར་པའི་ཕྱིར་རོ། །ལྔ་དང་། གསོལ་པ། ཕྲེང་དྲུག་ན། གྲུབ་པ་མེད་པའི་ཕྱིར་རོ། །བཅུ་དྲུག་ཅེས་བསྒྲགས་སོ། །གསོལ་པ། ཤོག་གུ་ཕྱེད་དང་གཉིས་རུང་ན། དྲན་པ་ཉེ་བཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་། གསོལ་པ། བཅོམ་ལྡན་འདས། ཕྲེང་བརྒྱད་ན། དམིགས་སུ་མེད་པའི་ཕྱིར་རོ། །སུམ་ཅུ་བཞི། །གསོལ་པ། ཤོག་གུ་གཅིག་རང་ན། དམིགས་སུ་མེད་པའི་ཕྱིར་རོ། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །གསོལ་པ། བཅོམ་ལྡན་འདས། ཕྲེང་ཕྱེད་ན། ཐུབ་པ་མེད་པའི་ཕྱིར་རོ། །ཞེས་པ་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་ཡེ་ཤེས་བཅུའི་སྤྱོད་ཡུལ་ཡིན་ན་དེ་དག་གི་སྤྱོད་ཡུལ་དུ་མ་གྱུར་པ་ནི་རྣམ་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་རྣམ་པ་དེ་དག་དོན་དམ་པར་མེད་པས་དེའི་ཕྱིར་སྟོབས་བཅུའི་ཡུལ་དུ་གྱུར་པའི་རྣམ་པ་རྣམས་མེད་པར་མཐོང་བའི་ཕྱིར་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཕྲེང་ཕྱེད་དང་དྲུག་ན། དེ་བཞིན་ཉིད་ཀྱི་ཕྱིར་རོ། །ཞེས་པ་ནི་ངེས་པའི་ཚིག་གི་ན་དེ་བཞིན་དུ་གསུངས་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་སྟེ། སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་ལ་དེ་བཞིན་ཉིད་དུ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་གཤེགས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཕྲེང་ 4-1-329 གཅིག་ན། དབང་བསྒྱུར་བའི་ཕྱིར་རོ། །ཞེས་པ་ནི་འདི་ལྟར་ཆོས་ཐམས་ཅད་དེའི་དབང་དུ་འགྱུར་ཏེ། དེའི་ཕྱིར་རང་གི་ཆོས་ཐམས་ཅད་ཟིལ་གྱིས་གནོན་པས་རང་བྱུང་གི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་གསུངས། ཕྲེང་གཉིས་ན། ལེའུ་ཉི་ཤུ་དགུ་པའོ།། །། ༈ དེ་རྣམས་ཀྱིས་ནི། རྣ༷མ་པ༷། ཞེས་དོན་དང་པོ་གསུངས་ཟིན་ཏོ། །སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏེ། ཕྲེང་གསུམ་ན། སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །གང་འཛིན་ཅིང་འཆང་བ་དང༌། ཕྲེང་གསུམ་ན། ཡོངས་སུ་ཞུས་སོ། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱད་པས། །ལེན་དང་འཛིན་ལ་སོགས་པ་ཡི། །སྣོད་དུ་དམ་པ་རྣམ་བཞེད་དོ། །རིགས་ཀྱི་བུའམ། ཤོག་གུ་གསུམ་ལྷག་ན། བྱིན་གྱིས་དྲུང་ངོ༌། །སྦྱོར་བ་ཉི་ཤུ་ལས་དང་པོ། གཟུགས་ལ་སོགས་པ་གནས་པའི་སྦྱོར་བ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཀོའུ་ཤི་ཀ །འདི་ལ། ཕྲེང་གཅིག་ན། བརྩོན་པར་བྱེད་པ་མ་ཡིན་ནོ། །ཞེས་པ་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་གང་ལ་ཡང་མི་གནས་ཏེ། དེ་བས་ན་མི་གནས་པ་ཉིད་དེའི་བརྩོན་པར་བྱེད་ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གཉིས་དང་ཕྲེང་བཞི་ན། ཐམས་ཅད་མཁྱེན་པ་ཉིད་མི་དམིགས་སོ། །གཉིས་པ་མི་སྦྱོར་བའི། སྦྱོར་བ་ནི། དེ་ལ་སྦྱོར་བ་བཀག་པའི་ཕྱིར། །རབ་འབྱོར། ཕྲེང་གཅིག་ན། གཟུགས་ལ་བརྩོན་པར་བྱེད་པ་ཡིན་ནོ། །ཞེས་པ་ནི་འགྲེས་སྔ་མར་གནས་པ་བཀག་གོ །འདིར་ནི་སྒྲུབ་པ་བཀག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་བཅུ་གཅིག་ལྷག་ན། གཟུགས་སྔོན་གྱི་མཐར་མི་དམིགས་སོ། །ཞེས་པ་ལ་སོགས་པས་དུས་གསུམ་གཅིག་ཆེད་དུ་ཡང་མི་དམིགས་པར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་ན། གསུམ་པ་ཟབ་པའི་སྦྱོར་བ་ནི། དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཕྲེང་བརྒྱད་ན། བཞི་པ་གཏིང་དཔག་དཀའ་བའི་སྦྱོར་བ་ནི། དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །གསོལ་པ། བཅོམ་ལྡན་འདས། ཕྲེང་བརྒྱད་ན། ལྔ་པ་ཚད་མེད་པའི་སྦྱོར་བ་ནི། དེ་དག་ཚད་ནི་མེད་ཕྱིར་དང༌། །གསོལ་པ། བཅོམ་ལྡན་འདས་ཀྱི། ཤོག་གུ་གཅིག་དང་ཕྲེང་གཉིས་ན། བམ་པོ་བཞི་པ། ནུད་ཙམ་ན། དེ་ནི་གཟུགས་མ་ཡིན་ནོ། །ཞེས་པ་ནི་ཟབ་པ་ཞེས་པ་ཀུན་བཏགས་པ་ཡིན་པའི་ཕྱིར། དོན་དམ་པར་གཟུགས་ཉིད་མེད་པས་དེ་སྐད་ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། ཕྲེང་ཉེར་དྲུག་ན། དྲུག་པའི་ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ནི། ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ཤཱ་ར་དྭ་ཏིའི་བུས་གསོལ་པ། ཀྱེ་མ། ཕྲེང་བཅུ་གཅིག་ན། བདུན་པ་ལུང་བསྟན་པ་ཐོབ་པའི་སྦྱོར་བ་ནི། ལུང་བསྟན། བརྒྱ་བྱིན་གྱིས་སྨྲས་པ། ཕྲེང་བཅུ་གསུམ་ན། བརྒྱད་པ་ཕྱིར་མི་ལྡོག་པའི་སྦྱོར་བ་ནི། ཕྱིར་མི་ལྡོག་ཉིད་དང༌། །བཅོམ་ལྡན་གང་གིས། ཕྲེང་དྲུག་ན། དགུ་པ་ངེས་པར་འབྱུང་བའི་སྦྱོར་བ་ནི། ངེས་ 4-1-330 འབྱུང་། བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། ཕྲེང་བཅུ་ན། བཅུ་པ་བར་ཆད་མེད་པའི་སྦྱོར་བ་ནི། བར་ཆད་མེད་བཅས་དང༌། །ཤཱ་ར་དྭ་ཏིའི་བུ། ཁྱོད་ཀྱིས་ད་དུང་ཡང༌། ཕྲེང་བཅུ་ན། བཅུ་གཅིག་པ་མངོན་པར་རྫོགས་པར་བྱང་ཆུབ་དང་ཉེ་བར་སྦྱོར་བ་ནི། བྱང་ཆུབ་ཉེ་དང་། བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། ཕྲེང་བཅུ་ན། བཅུ་གཉིས་པ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ནི། མྱུར་བ་དང༌། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། ཤོག་ལོགས་གཅིག་སོང་བ་ན། བཅུ་གསུམ་པ་གཞན་གྱི་དོན་གྱི་སྦྱོར་བ་ནི། གཞན་དོན། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། བཅུ་བཞི་པ་འཕེལ་འགྲིབ་མེད་པའི་སྦྱོར་བ་ནི། འཕེལ་མེད་འགྲིབ་མེད་ཕྱིར། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཤོག་གུ་གཅིག་དང་ཕྲེང་བཅུ་ན། བཅོ་ལྔ་པ་ཆོས་དང་ཆོས་མིན་མི་དམིགས་པའི་སྦྱོར་བ་ནི། ཆོས་དང་ཆོས་མིན་སོགས་མི་མཐོང༌། །རབ་འབྱོར། གཞན་ཡང༌། ཕྲེང་བརྒྱད་ན། བཅུ་དྲུག་པ་བསམ་གྱིས་མི་ཁྱབ་པའི་འདུ་ཤེས་འགོག་པའི་སྦྱོར་བ་ནི། གཟུགས་སོགས་བསམ་གྱིས་མི་ཁྱབ་མཐོང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་ཉེར་གཅིག་ན། བཅུ་བདུན་པ་རྣམ་པར་མི་རྟོག་པའི་སྦྱོར་བ་ནི། གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམ་མི་རྟོག །གསོལ་པ། བཅོམ་ལྡན་འདས། ཕྲེང་བཞི་ན། རྣམ་པར་མི་རྟོག་གོ །ཞེས་པ་ནི་སྟོང་པ་ཉིད་ཀྱིས་ཆོས་རྣམས་སུ་མི་རྟོག་གོ །མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་མཚན་མར་མི་རྟོག་གོ །སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་རང་བཞིན་དུ་མི་རྟོག་གོ །ཀུན་བཏགས་པ་ལ་རྣམ་པར་མི་རྟོག་གོ །གཞན་གྱི་དབང་ལ་རྣམ་པར་མི་རྟོག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། བཅོ་བརྒྱད་པ་འབྲས་བུ་རིན་ཆེན་སྦྱིན་པའི་སྦྱོར་བ་ནི། འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་དྲུག་ན། བཅུ་དགུ་པ་རྣམ་པར་དག་པའི་སྦྱོར་བ་ནི། དེ་ནི་དག་པ། བཅོམ་ལྡན་འདས་གཟུགས་དག་པ་དང༌། ཕྲེང་བཞི་ན། ཉི་ཤུ་པ་ས་མཚམས་ཀྱི་སྦྱོར་བ་ནི། མཚམས་དང་བཅས། །བཅོམ་ལྡན་འདས། ཕྲེང་བཅུ་ན། དེ་རྣམས་ཀྱིས་ནི། སྦྱོ༷ར་བ༷ར་བཅ༷ས་རྣ༷མས་ད༷ང༌། །ཞེས་པ་དོན་གཉིས་པ་གསུངས་ཟིན་ཏོ། ། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །དང་པོ་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་ནི། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། ཕྲེང་བཅུ་གཅིག་ན། གཉིས་པ་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། ཕྲེང་དྲུག་ན། གསུམ་པ་སངས་རྒྱས་ཀྱིས་མངོན་སུམ་དུ་བྱེད་པའི་ཡོན་ཏན་ནི། གསོལ་པ། བཅོམ་ལྡན་འདས། ཕྲེང་བདུན་ན། བམ་པོ་ལྔ་པ། བཞི་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། དེ་ལ། ཕྲེང་གཉིས་ན། ལྔ་པ་དོན་ཆེ་བ་ཉིད་ལ་སོགས་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། གང་ཡང༌། ཕྲེང་བཅུ་གཅིག་ལྷག་ན། དྲུག་པ་ཡུལ་དཔྱད་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། ཕྲེང་བཅུ་གཉིས་ན། བྱང་ཕྱོགས་ཀྱི་ 4-1-331 རྒྱུད་ཅེས་བྱ་བ་ཡང་བོད་ཡུལ་ཡན་ཆད་ཨུ་རྒྱན་ཡུལ་དང་ཁ་ཆེ་ཡུལ་མན་ཆད་ལ་བྱའོ། །ཞེས་འབུམ་འགྲེལ་དུ་བཤད་ན། སྤྱོད་པར་འགྱུར་ཏེ། ཕྲེང་ཉེར་དྲུག་ལྷག་ན། བདུན་པ་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། ཕྲེང་བཅུ་གཅིག་ལྷག་ན། བརྒྱད་པ་སྨྲ་བའི་སྐྱེས་བུའི་ཡོན་ཏན་ནི། དེ་ཅིའི་ཕྱིར་ཞེ་ན། ཕྲེང་གསུམ་ན། དགུ་པ་མི་ཕྱེད་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། རིགས་ཀྱི་བུ་དང༌། ཕྲེང་གཉིས་ན། བཅུ་པ་དགེ་བའི་རྩ་བ་ཐུན་མོང་མ་ཡིན་པ་སྐྱེ་བའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ། ཕྲེང་གཅིག་ཐལ་ན། བཅུ་གཅིག་པ་དམ་བཅས་པའི་དོན་ཇི་ལྟ་བ་བཞིན་བསྒྲུབ་པའི་ཡོན་ཏན་ནི། རིགས་ཀྱི་བུ་དང༌། ཕྲེང་དགུ་ན། བཅུ་གཉིས་པ་འབྲས་བུ་ཆེན་པོ། ཡོངས་སུ་འཛིན་པའི་ཡོན་ཏན་ནི། ཤཱ་ར་དྭ་ཏིའི་བུ། རིགས་ཀྱི་བུའམ། ཕྲེང་གསུམ་ལྷག་ན། བཅུ་གསུམ་པ་སེམས་ཅན་གྱི་དོན་སྒྲུབ་པའི་ཡོན་ཏན་ནི། དེ་ལྟར་ཕྱིའམ། ཕྲེང་བཅུ་གཅིག་ན། བཅུ་བཞི་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚང་བར་རྙེད་པའི་ཡོན་ཏན་ནི། བཅོམ་ལྡན་འདས། གང་ཡང༌། ཕྲེང་བཅུ་གཅིག་ན། ལེའུ་སུམ་ཅུ་པའོ།། །། ༈ དེ་རྣམས་ཀྱིས་ནི། ཡོ༷ན་ཏ༷ན། ཞེས་པ་དོན་གསུམ་པ་བཤད་ཟིན་ཏོ། །སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་དང་ངེས་པར་རྟོགས་པར་བྱ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་བཅུ་གསུམ་ན། དགོད་ཅེས་པ་ནི་ཆོས་འཆད་པའི་ཚེ་དགོད་པའམ་ཕན་ཚུན་ཀྱལ་ཀ་བྱེད་པའོ། །ཞེས་པ་ནི་གཅིག་ལ་གཅིག་དགོད་འཕྲོ་མ་པའོ། །ཞེས་དབུ་མ་པ་གསུངས། ཅི་འདྲི་ན། ཤོག་གུ་གཅིག་དང་ཕྲེང་ལྔ་ན། ཡོངས་སུ་འཛིན་པར་འགྱུར་ཏེ། ཞེས་བྱ་བ་ནི་སླར་འགྲོ་བའི་སེམས་བསྐྱེད་པའི་སྙེད་ཀྱི་བསྐལ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བྱ་དགོས་ཏེ། འཆལ་པའི་ཤེས་པས་དེ་སྙེད་ཀྱི་སྐལ་བས་ཡོངས་སུ་སྨིན་པར་འགྱུར་རོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གསུམ་དུ་ཕྲེང་གསུམ་ཆད་པ་ན། དྲུག་ཅུའི་ཁ་ཟས་ཞེས་བྱ་བ་ནི་འབྲས་དམར་པོ་ངན་པ་ཞིག་ཞག་དྲུག་ཅུས་སྨིན་པར་གྱུར་པ་ལ་བྱའོ། །ཞེས་འབུམ་ཏིག་གསུངས། བཙལ་བར་སེམས་ཤིང༌། ཤོག་གུ་གཅིག་དང་ཕྲེང་བཞི་ན། རྣམ་པར་བྱང་བའོ། །ཞེས་པ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའོ། །ཞེས་པ་ནི་རྟོག་གེའི་སྤྱོད་ཡུལ་ལས་འདས་ཡང་དག་པར་འདས་པའི་ཕྱིར་རོ། །འགག་པ་མེད་པའོ། །ཞེས་པ་ནི་མི་འགྱུར་བར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་ཕྱིར་རོ། །རྣམ་པར་བྱང་བ་མེད་པའོ། །ཞེས་པ་ནི་རང་བཞིན་གྱིས་ཡོངས་སུ་གྲུབ་པའི་ཕྱིར་རོ། །འཁྲུགས་པ་མེད་པའོ། །ཞེས་པ་ནི་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་རོ། །བརྗོད་དུ་མེད་པའོ། །ཞེས་པ་ནི་སོ་སོ་རང་གིས་རིགས་པའི་ཕྱིར་རོ། །དམིགས་པ་མེད་པའོ། །ཞེས་པ་ནི་དངོས་པོ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཞེས་པ་བདུན་དབུ་མ་པ་གསུངས། ཕྲེང་བཅུ་གསུམ་ན་ཡི་གེ་མ་མཆིས་པའོ། །ཞེས་པ་ནི་བརྗོད་དུ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། བསམ་གཏན་གྱི། ཤོག་གུ་བཅུ་དྲུག་དང་ཕྲེང་དགུ་སོང་ན། གཟིགས་ཤིང་དགོངས་སོ། །དེ་རྣམས་ཀྱིས་ནི། སྐྱོ༷ན་ནི༷། ཞེས་པ་དོན་བཞི་པ་གསུངས་ 4-1-332 ཟིན་ཏོ། ། གང་གིས་མཚོན་ཏེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་རྣམ་པ་གསུམ། །ཤེས་པ་ཁྱད་པར་བྱེད་པ་སྟེ། །ངོ་བོ་ཉིད་གང་མཚོན་བྱ་ཡང༌། །མཚན་བཞི་ལས། དང་པོ་ཤེས་པར་བྱ་བའི་མཚན་ཉིད་ནི། དེ་བཞིན་གཤེགས་པ་འབྱུང་བ་དང༌། །དེ་ཅིའི་ཕྱིར་ཞེ་ན། ཤོག་གུ་གཅིག་དང་ཕྲེང་ལྔ་ན། དེ་བཞིན་གཤེགས་པ་བསྐྱེད་དོ། །འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་གཅིག་ན། འཇིག་རྟེན་དུ་གསུངས་སོ། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕུང་པོའི་དེ་བཞིན་ཉིད་འབའ་ཞིག་མཐོང་གི་ཀུན་བཏགས་པའི་ཕུང་པོ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། ཕྲེང་བདུན་ན། སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། །རབ་འབྱོར། སེམས་ཅན་ཚད་མེད་པ་གྲངས་མེད་པ། ཕྲེང་བཅོ་ལྔ་ན། དེ་བསྡུས་པ་དང་ཕྱིར་བལྟས་དང༌། །རབ་འབྱོར། གཞན་ཡང་སེམས་ཅན་ཇི་སྙེད་ཅིག །ཕྲེང་ཕྱེད་དང་བདུན་ན། རབ་ཏུ་མཁྱེན་ཏོ་ཞེས་པ་ནི་སེམས་ཀྱི་ཆོས་ཉིད་གཟིགས་པས་སེམས་བསྡུས་པ་དང་སྤྲོས་པ་རྣམས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ཞིང་མེད་པར་མཁྱེན་པ་ལ་སེམས་བསྡུས་པ་དང་སྤྲོས་པ་མཁྱེན་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། མི་ཟད་པ་ཡི་རྣམ་པ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་དྲུག་ན། ཆགས་བཅས་སོགས་དང་། རབ་འབྱོར། གཞན་ཡང༌། ཕྲེང་བདུན་ན། སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །ཞེས་པ་ནི་འདོད་ཆགས་དང་བཅས་པའི་སེམས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ཞིང་བདེན་པ་མ་ཡིན་པས་དེ་སྤངས་ཏེ་ཡང་དག་པ་ཇི་ལྟ་བ་ཉིད་ཀྱིས་རྣམ་པར་རབ་ཏུ་མཁྱེན་ཏོ། །ཞེས་པའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ཅིའི་ཕྱིར་ཞེ་ན། ཕྲེང་བཅུ་བདུན་ན། ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་པ་ནི་འདིའི་སེམས་ནི་རྒྱ་ཆེ་བའོ། །གཞན་གྱི་སེམས་ཞུམ་པའོ། །འདིའི་སེམས་ནི་འཕེལ་བའོ། །གཞན་གྱི་སེམས་ནི་འགྲིབ་པའོ། །འདིའི་སེམས་ནི་ཁྱབ་པར་འགྲོ་བའོ། །གཞན་གྱི་སེམས་ནི་ཁྱབ་པར་འགྲོ་བ་མ་ཡིན་པའོ། །ཞེས་བྱ་བར་མི་གཟིགས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་རྒྱ་ཆེ་བ་སྟེ། དངོས་པོ་མེད་ཅིང་ཡོད་པ་མ་ཡིན་པར་ངོ་བོ་ཉིད་མེད་པར་རབ་ཏུ་མཁྱེན་ན་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་བ་ཞེས་བྱ་བར་ཡོངས་སུ་མཁྱེན་ནས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་དངོས་པོ་མེད་པར་རབ་ཏུ་མཁྱེན་ཏོ། །ཞེས་སྟོན་པ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རྒྱ་ཆེན་དང༌། །རབ་འབྱོར། དེ་བཞིན་པས། ཕྲེང་དྲུག་ལྷག་ན། ཆེན་པོར་གྱུར་དང་། རབ་འབྱོར། གཞན་ཡང༌། ཕྲེང་བདུན་ན། ཚད་མེད་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་བདུན་ན། རྣམ་ཤེས་བསྟན་དུ་མེད་པ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་ཕྱེད་དང་དྲུག་ན། སེམས་བལྟར་མེད་དང་། རབ་འབྱོར། གཞན་ཡང༌། ཕྲེང་གསུམ་རུང་ན། སྣང་བར་མི་འགྱུར་ཏེ། ཞེས་པ་ནི་བསགས་པའི་ཕྱིར་སེམས་དེ་ཀུན་བཏགས་པ་ལ་བྱའོ། །དེ་ཡང་དེའི་བདག་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། མེད་པ་ཉིད་ཀྱིས་ཕྱིར་དེ་ཁོ་ན། གཟིགས་པ་རྣམས་ཀྱི་སྤྱན་སྔར་སྣང་བར་མི་འགྱུར་རོ། །དེ་བས་ན་སེམས་ 4-1-333 ནི་བལྟར་མེད་པའོ། །ཞེས་པའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཕྲེང་གཉིས་ན། ཤེས་པ་དེ། །གཡོ་བ་ལ་སོགས་ཞེས་བྱ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་བརྒྱད་ན། དེ་ནི་གཟུགས་ལ་གནས་པའོ། །ཞེས་པ་ནི་གཟུགས་ལ་གནས་ཏེ་སེམས་འཕྲོ་བ་དང༌། གཟུགས་བདག་གོ་ཞེས་མངོན་པར་ཞེན་ནས་སྨྲའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་བཅུ་དྲུག་ན། རབ་ཏུ་མཁྱེན་ཏོ། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །གཞན་ལ་བསྟན་པ་ཞེས་བྱ་འདི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །རབ་འབྱོར། གཞན་ཡང༌། ཕྲེང་ཕྱེད་དང་གཉིས་ན། དེ་ལྟར་མཁྱེན་ཏོ། །ཞེས་པ་ལ་སོགས་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་མཁྱེན་ཏོ། །དེ་ལ་འགྱུར་བ་མེད་པ་ཞེས་བྱ་བ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཕྱིར་རོ། །རྣམ་པར་རྟོག་པ་མེད་ཅེས་བྱ་བ་ནི་མ་ནོར་བ་དེ་བཞིན་ཉིད་ཀྱི་ཕྱིར་རོ། །མཚན་མ་མེད་པ་ནི་ཡང་དག་པའི་མཐའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཚོར་བ་དང༌། ཤོག་གུ་གཉིས་དང་ཕྲེང་དགུ་ན། ལེའུ་སུམ་ཅུ་གཉིས་པའོ།། །། ༈ སྟོང་ཉིད་མཚན་མ་མེད་བཅས་དང༌། །སྨོན་པ་རྣམ་པར་སྤངས་པ་དང༌། །སྐྱེ་མེད་འགག་པ་མེད་སོགས་དང༌། །དེ་ནས་སྟོང་གསུམ་ཕྲེང་བཞི་ན། མཚན་ཉིད་མེད་དོ། །ཞེས་པ་ནི་སྤྱོད་ཡུལ་དུ་གྱུར་པ་ཀུན་བཏགས་པའི་ཆོས་རྣམས་དང་བྲལ་བ་ཉིད་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། ཟབ་མོ་འདི་ནི་རྟོག་པ་དང་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཀྱི་མཚན་མ་མེད་ཅིང་རབ་ཏུ་ཞི་བའི་ཕྱིར་ཞེས་དབུ་མ་པ་གསུངས། མཚན་མ་མེད་པའི་ཟབ་མོ་འདི་ནི། རྣམ་པར་རྟོག་པའི་སྨོན་པ་ཐམས་ཅད་ཡོངས་སུ་བཏང་བའི་ཕྱིར། ཕྱིས་སྨོན་པའི་མཚམས་མི་སྦྱོར་བ་ནི། ཕྲེང་གཅིག་ན། ཟབ་མོ་འདི་ནི་རྒྱུ་དང་རྐྱེན་དང་འབྲས་བུ་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་རྒྱུན་ཆད་ཅིང་སྐྱེ་བ་ལ་སོགས་པ་དང་བྲལ་བའི་ཕྱིར། འདུས་མ་བྱས་པའི་གནས་སྐབས་ནི་སྐྱེ་བ་མེད་པའི་མཚན་ཉིད་དོ། །འགག་པ་མེད་པའི་མཚན་ཉིད་ནི། ཞེས་དབུ་མ་པ་གསུངས། ཟབ་མོ་འདི་ནི། འགྱུར་བ་རྣམ་པ་བཞིས་གནས་གྱུར་ཅིང་ཤིན་ཏུ་ཡོངས་སུ་དག་པ་ཉིད་ལ་ཉོན་མོངས་པ་མེད་པའི་མཚན་ཉིད་དོ། །ཟབ་མོ་འདི་དག་སྒྱུ་མ་དང་རྨི་ལམ་དང་མིག་ཡོར་ལ་སོགས་པ་བཞིན་དུ་ཡོངས་སུ་མ་གྲུབ་ཅིང་དངོས་པོ་མེད་པ་ལ། དངོས་པོ་མེད་པའི་མཚན་ཉིད་དོ། །ཕྲེང་གཅིག་ན། ཟབ་མོ་འདི་ནི་ཡོངས་སུ་རྟོགས་པ་དང༌། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་དོན་དམ་པ་བརྗོད་དུ་མེད་པས་ནམ་མཁའ་བཞིན་དུ་གང་དུ་ཡང་གནས། མི་གནས་པའི་མཚན་ཉིད་དོ། །ཞེས་དབུ་མ་པ་གསུངས། ཟབ་མོ་འདི་ནམ་མཁའ་གཞན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མཚན་ཉིད་དོ། །ཕྲེང་གཅིག་ན། དོན་དམ་པར་མ་ཡིན་ནོ། །ཆོས་ཉིད་རྣམ་པར་འཁྲུག་མེད་དང༌། །ལྷའི་བུ་དག་ནུད་ཙམ་ན། གཞན་དུ་བྱ་བར་མི་ནུས་སོ། །ཞེས་པ་ནི་མི་འགྱུར་བར་ 4-1-334 ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པས་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་གསུངས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གསུམ་ན། མི་སྲིད་དོ། །འདུ་མི་བྱེད་དང་། ལྷའི་བུ་དག་མཚན་ཉིད་དེ་དག་ནི། ཕྲེང་དྲུག་ན། རྣམ་མི་རྟོག །ལྷའི་བུ་དག་མཚན་ཉིད་དེ་དག་ནི་མིའམ། ཕྲེང་གསུམ་ན། མ་མཆིས་སོ། །རབ་དབྱེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་བཅུ་ན། ངོ་མཚར་ཆེའོ། །མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །དེ་སྐད་ཅེས། ལྷའི་བུ་དག་གཟུགས་ནི་གཟུགས་གཞན་གྱིས་གཞིག་ཏུ་རུང་བའི་མཚན་ཉིད་དེ། ཚོར་བ་ནི། བདེ་སྡུག་བཏང་སྙོམས་མྱོང་བའི་མཚན་ཉིད་འདུ་ཤེས་ནི་མིང་དང་མཚན་མ་ལ་སོགས་པར་འཛིན་པའི་མཚན་ཉིད། འདུ་བྱེད་ནི་ལས་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པའི་ཡུལ་དྲུག །སོ་སོའི་བྱེ་བྲག །ཕུང་པོ་རྣམས་ནི་ན་བ་ལ་སོགས་པས་སྡུག་བསྔལ་གྱི་མཚན་ཉིད། ཁམས་རྣམས་ནི་འཁོར་བའི་རྒྱུ་ཡིན་པས་དུབ་པའི་མཚན་ཉིད་དེ། སྐྱེ་མཆེད་རྣམས་ནི་རྣམ་ཤེས་དྲུག་འབྱུང་བའི་སྒོའི་མཚན་ཉིད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རྒྱུ་རྐྱེན་འདུས་པ་ལས་འབྲས་བུ་འབྱུང་བས་འདུ་འཕྲོད་ཀྱི་མཚན་ཉིད་དེ། ཆོས་དང་ཟང་ཟིང་ཡོངས་སུ་གཏོང་བའི་མཚན་ཉིད་དེ། ཕ་རོལ་ཏུ་ཕྱིན་པ་ནི་རང་གི་ལུས་སེམས་དང་གཞན་ལ་གནོད་པས་གདུང་བ་མེད། ཕ་རོལ་ཏུ་ཕྱིན་པ་ནི། རང་གཞན་གྱི་སེམས་འཁྲུག་པ་མེད། ཕྱིན་པ་ནི། བདུད་དང་བར་དུ་གཅོད་པས་ཐུབ་པ་མེད། ཕྱིན་པ་ནི་སེམས་མཉམ་པར་བཞག་ནས། ཡང་དག་པའི་དོན་རྟོགས་ཤིང་ཡང་དག་པར་ཕྱིན་པ་ནི། ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ཤིང་ཡང་དག་པར་ཕྱིན་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ནས་དངོས་པོ་གང་ལ་ཡང་ཆགས་པ་མེད། ཕྲེང་གཅིག་ན། བཞི་དག་ནི་དེ་དག་ལ་སེམས་མཉམ་པར་བཞག་ན་འདོད་པ་དང༌། རྣམ་རྟོག་གི་སེམས་མི་འཁྲུགས་པའི། ཕྲེང་གཅིག་ན། ཆོས་སུམ་ཅུ་རྩ་བདུན་ནི་འཁོར་བ་ནས་འབྱུང་བར་མེད་པའི་མཚན་ཉིད་དེ། སྒོ་སྟོང་པ་ཉིད་ནི་གཟུང་འཛིན་གྱི་དངོས་པོ་དང་བྲལ་བ་དབེན་པའི་མཚན་ཉིད་དེ། སྒོ་མཚན་མ་མེད་པའི་མཚན་མ་དང༌། རྟོག་པ་ཐམས་ཅད་ཞི་བའི་མཚན་ཉིད་དེ། སྒོ་སྨོན་པ་མེད་པ་ནི། ཆོས་གང་ལ་ཡང་མི་སྨོན་པ་འདོད་པ་མི་རྙེད་པའི་སྡུག་བསྔལ་སེལ་བའི་མཚན་ཉིད་དེ། རྣམ་པར་ཐར་པ་རྣམས་ནི་ཉོན་མོངས་པའི་འཆིང་བ་འགྲོལ་བའི་མཚན་ཉིད་དེ། གནས་དང་གནས་མ་ཡིན་པ་སོགས་ཡེ་ཤེས་ཀྱི་སྟོབས་རྣམས་ནི་ཤིན་ཏུ་རྣམ་པར་གདོན་མི་ཟ་བར་མཁྱེན་པའི་མཚན་ཉིད། མི་འཇིགས་པ་རྣམས་ནི་མངོན་པར་བྱང་ཆུབ་པ་སོགས་བཞི་བསྟན་པ་ལ་བདུད་དང་མུ་སྟེགས་པ་རྣམས་ཀྱིས་བསྒྱུར་མི་ནུས་པས་ཤིན་ཏུ་བརྟན་པའི་མཚན་ཉིད། སོ་སོ་ཡང་དག་པར་རིག་པ་རྣམས་ནི་བདུད་དང་ཕས་རྒོལ་བ་རྣམས་ཀྱི་ཟིལ་གྱིས་མི་ནོན་ཅིང་བར་ཡོངས་སུ་མི་ཆོད་པའི་མཚན་ཉིད། བྱམས་པ་ཆེན་པོ་ནི་སེམས་ཅན་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་བདེ་བ་དང་ཕན་པ་བསྒྲུབ་པའི་མཚན་ཉིད། སྙིང་རྗེ་ཆེན་པོ་ནི་སྡུག་ 4-1-335 བསྔལ་དང་ཡིད་མི་བདེ་བ་ལས་སྐྱེ་བའི་མཚན་ཉིད། དགའ་བ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་རྣམས་དང་སེམས་ཅན་གྱི་ཕ་རོལ་ཕུན་སུམ་ཚོགས་པ་རབ་ཏུ་དགའ་བའི་མཚན་ཉིད། བཏང་སྙོམས་ཆེན་པོ་ནི་ཀུན་ལ་སྙོམས་པས་ཕྱོགས་གཅིག་ཏུ་མ་ཞེན་ཅིང་མ་འདྲེས་པའི་མཚན་ཉིད། མ་འདྲེས་པ་བཅོ་བརྒྱད་ནི་ཉན་རང་ལ་སོགས་པ་གཞན་ལ་མེད་ཅིང་དེ་དག་གིས་མི་འཕྲོགས་པའི་མཚན་ཉིད་དེ། དེ་ཉིད་ཀྱི་ཡེ་ཤེས་ནི་བདེན་པ་གཉིས་རྣམ་པ་ཐམས་ཅད་དུ་གསལ་བར་ཐུགས་སུ་ཆུད་པས་མངོན་སུམ་གྱི་མཚན་ཉིད་དེ། ཞེས་པ་འགྲེས་འདི་ནི་འབྲུ་གནོན་འདི་རྣམས་འབུམ་ཏིག་བཞིན་བཀོད་དོ། །ཕྲེང་གཅིག་ཐལ་ན། ཡེ་ཤེས་ཅན་ཞེས་བྱའོ། །དེ་ནི་ཉིད་ཀྱི་ཆོས་བསྟེན་ནས། །གནས་དང་གུས་པར་བྱ་བ་དང༌། །བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་། དེ་ནས་བཅོམ་ལྡན་འདས་ཀྱིས། ཕྲེང་བརྒྱད་ན། དགོངས་པར་བལྟ་བའོ། །བྱེད་མེད་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གཅིག་ན། རྫོགས་པར་སངས་རྒྱས་སོ། །ཞེས་པ་ནི་སུས་ཀྱང་མ་བྱས་པའི་ཆོས་རྣམས་མ་བྱས་པའི་བདག་ཉིད་དུ་མངོན་པར་རྫོགས་པའི་སངས་རྒྱས་པའོ། །འགྱུར་བ་མེད་པ་ནི་སངས་རྒྱས་ཞེས་བྱ་བ་ནི་མི་འགྱུར་བའི་བདག་ཉིད་དུ་མཁྱེན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རབ་འབྱོར། དེ་ལྟར། ཕྲེང་གཅིག་ན། ཀུན་ཏུ་འཇུག་མཁྱེན་གང་ཡིན་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གཅིག་ན། བརྡས་འཇུག་སྟེ། ཞེས་པ་ལ་དོན་དམ་པ་འབྱུང་བ་མེད་པའི་མཐུ་ཞེས་བྱ་བ་ནི་དོན་དམ་པ་མ་སྐྱེས་མ་བྱུང་བའི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཡོངས་སུ་གྲུབ་པའི་ཆོས་ཀྱི་སྐུའི་མཚན་ཉིད་ཡིན་པས་མ་བྱས་པ་སྟེ་དེ་བས་ན་དེ་བཞིན་གཤེགས་པ་ནི་མ་བྱས་མ་མཁྱེན་པའོ། །ཞེས་བྱ་བར་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། རབ་འབྱོར་རྣམ་གྲངས་དེས་ན་འཇིག་རྟེན་འདི་སྟོན་པའོ། །མ་མཐོང་སྟོན་པར་མཛད་པ་དང༌། །རབ་འབྱོར་གྱིས་གསོལ་པ། ཕྲེང་དྲུག་ན། མཐོང་བ་མེད་པའི་ཕྱིར་སྟོན་པའོ། །ཞེས་པ་ནི་གང་གི་ཕྱིར་གཟུགས་ངན་མ་མཐོང་བ་དེའི་ཕྱིར་དེ་སྟོན་པའོ། །གལ་ཏེ་གཟུགས་མཐོང་བར་གྱུར་ན་ནི། རབ་རིབ་ཅན་བཞིན་དུ་ཡང་དག་པ་མ་ཡིན་པའི་དོན་མཐོང་བས་དེ་སྟོན་པར་ཡང་མི་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་བཅུ་གཅིག་ན། མཐོང་བ་མེད་པའི་ཕྱིར་སྟོན་པའོ། །ཞེས་པ་ནི། ཇི་ལྟར་རབ་རིབ་ཅན་ལ་སྔོན་སྐྲ་ཤད་འཛིང་བ་ལ་སོགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་འབྱུང་བ་དེ་ཕྱིས་མི་འབྱུང་བར་གྱུར་པ་དེ་ནི་མཐོང་བ་ཡོངས་སུ་དག་པ་ཞེས་བྱ་བར་འགྱུར་ཏེ། དེ་བཞིན་དུ་འདི་ཡང་གཟུགས་ལ་སོགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་རྣམས་མ་འབྱུང་བའི་ཕྱིར་སྟོན་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ལྟར་ན། ཕྲེང་ཕྱེད་ན། འཇིག་རྟེན་སྟོན་པའོ། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་དུ་མཛད། །རབ་འབྱོར། (གསལ་བཤད། མངོན་རྟོགས་རྒྱན་ལས། བསམ་མི་ཁྱབ་དང༌། ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོག་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།) གཞན་ཡང༌། 4-1-336 ཤོག་གུ་གཉིས་དང་ཕྲེང་གཉིས་སོང་བ་ན། ཞི་ཉིད་སྟོན། །རབ་འབྱོར། གཞན་ཡང༌། ཕྲེང་གཉིས་ན། འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །རབ་འབྱོར། གཞན་ཡང༌། ཤེས་རབ། ཕྲེང་ལྔ་ན། ཆོས་དེ་ལྟ་བུ་མེད་དོ། །གཉིས་པ་ཁྱད་པར་གྱི་མཚན་ཉིད་ནི། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་བཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །བསམ་མི་ཁྱབ་དང་མི་མཉམ་དང༌། །གཞལ་དང་བགྲང་ལས་ཡང་དག་འདས། །གསོལ་པ། བཅོམ་ལྡན་འདས། ཤོག་གུ་ཕྱེད་དང་གཉིས་ན། ཆོས་རྣམས་ཀྱང་མི་དམིགས་སོ། །ཞེས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས། རྣམས་ཀྱི་གཟུང་དུ་མེད། ཅེས་བྱ་བའི་ཐ་ཚིག་སྟེ། དེ་བས་ན་སྣང་བ་མེད་པ་ཞེས་བྱ་བ་གསུངས་སོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་གསུངས། ཤོག་གུ་ཕྱེད་དང་གསུམ་ན། ལེའུ་སུམ་ཅུ་གསུམ་པའོ།། །། ༈ འཕགས་པ་ཀུན་སྡུད། དེ་ནས་ཚེ་དང་ལྡན་པ། ཤོག་གུ་གཅིག་དང་ཕྲེང་གཉིས་དང༌། ཉེ་བར་གནས་པའོ། །ཞེས་པ་ནི་གང་གི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྲེད་པ་ཡོངས་སུ་འཛིན་པ་དང༌། ལྟ་བས་མངོན་པར་ཞེན་པ་མི་འབྱུང་བ་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡོངས་སུ་འཛིན་པ་མེད་པ་དང་མངོན་པར་ཞེན་པ་མེད་པར་ཉེ་བར་གནས་པའོ། །ཞེས་བྱ་བའི་མིང་དུ་འགྱུར་ཏེ། དོན་ཆེན་པོ་ཉིད་དུ་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན། མཁས་པ་ཡིས། །རིགས་བྱ། དེ་ནས་འདོད་པ་ན་སྤྱོད་པ་དང༌། ཕྲེང་བཞི་ན། ཐུན་མོང་མིན་ཤེས་ཉིད། །བཅོམ་ལྡན་འདས་གལ་ཏེ། ཕྲེང་བདུན་ན། བཟོད་པར་འདུས་སོ། །ཤེས་མྱུར། ལྷའི་བུ་དག །བྲི་དང་གང་མེད་དང༌། །བཅོམ་ལྡན་འདས་འདི་ལྟར། ཕྲེང་ཕྱེད་དང་ལྔ་ན། འཕེལ་བར་ཡང་མི་གདའོ། །སྒྲུབ་དང་། ཞེས་ནས། ཕྲེང་བཅུ་གསུམ་ན། ཡང་དག་འགྲུབ་པ་དང༌། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ། ཤོག་གུ་བཞིར་ཕྲེང་གཉིས་ཀྱིས་ཆད་པ་ན། ལེའུ་སོ་བཞིའོ།། །། ༈ དམིགས་པ། རབ་འབྱོར། ཤོག་གུ་ཕྱེད་དང་གཉིས་ན། རྟེན་དང་བཅས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། བུད་མེད་དམ། ཤོག་གུ་གཅིག་དང་ཕྲེང་བཞི་ན། མཐའ་དག་པ་དང་། རབ་འབྱོར། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོའི་གྲུ། ཕྲེང་ཉེར་གསུམ་ན། ཡོངས་འཛིན་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། མིན་ཚོད་གྱིས། ཤོག་གུ་དྲུག་དང་ཕྲེང་དྲུག །ལེའུ་སོ་ལྔ་པའོ།། །། ༈ རོ་མྱང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཤེས་བྱ་སྟེ། །གང་གི་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པའི་ཁྱད་པར་ལམ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་ཉེར་བརྒྱད་ན། གཟུགས་ལ་འདོད་པ་མ་བསྐྱེད་ཅིག །ཅེས་བྱ་བ་ནི་རྣམ་པར་རྟོག་པའི་ལྟ་བ་དང་དོན་དམ་པ་ལ་ཆགས་པས་སྨོན་པར་མ་བྱེད་ཅིག །ཅེས་བྱ་བའི་ཐ་ཚིག་ 4-1-337 གོ །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་གསུམ་ན། གསུམ་པ་བྱེད་པའི་མཚན་ཉིད་ནི། ཕན་དང་། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་བཅོ་ལྔ་ན། བདེ་དང་། རབ་འབྱོར། ཇི་ལྟར་ན། ཕྲེང་གསུམ་ན། སྐྱོབ་པ་དང༌། །རབ་འབྱོར། ཇི་ལྟར་ན། ཕྲེང་བརྒྱད་ན། མགོན་བྱེད་པ་ཡིན་ནོ། །མི་རྣམས་ཀྱིས་ནི་སྐྱབས་དག་དང༌། །རབ་འབྱོར། ཇི་ལྟར་ན། ཕྲེང་དྲུག་ན། འགྱུར་མ་ཡིན་ནོ། །གནས་དང་། རབ་འབྱོར། ཕྲེང་གསུམ་ཐལ་ན། འདྲེ་བ་མ་མཆིས་པ་ལགས་སོ། །ཞེས་པ་ནི་འཁོར་བའི་དུས་ན་ཀུན་བཏགས་པ་དང༌། ཡོངས་སུ་གྲུབ་པ་གཉིས་གང་གི་ཚེ་གཅིག་ཏུ་གྱུར་ཏེ། ཐ་དད་པ་མ་ཡིན་པར་གནས་པ། དེའི་ཚེ་དེ་གཉིས་ཐ་དད་པ་མེད་པར་གནས་པ་ནི་འདྲེས་པ་ཞེས་བྱའོ། །གང་གི་ཚེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་དང་ཉན་པ་དང་བསམ་པ་དང་སྒོམ་ལ་སོགས་པའི་མཐུས། རིམ་གྱིས་གནས་པར་གྱུར་པ་ན་ཡོངས་སུ་གྲུབ་པ་དང༌། ཀུན་བཏགས་པ་གཉིས་ཐ་དད་པར་གྱུར་ཅིང་ཤིན་ཏུ་རྣམ་པར་དག་པ་དྲི་མ་མེད་པའི་ངོ་བོ་ཉིད་གནས་པར་གྱུར་པ་དེའི་ཚེ་འདྲེས་པ་མེད་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་གསུངས། ཕྲེང་བཅུ་གཅིག་ན། ཆོས་སྟོན་ཏོ། །དཔུང་གཉེན། རབ་འབྱོར། ཇི་ལྟར་ན། ཕྲེང་གཉིས་ལྷག་ན། གཟུགས་མ་ཡིན་ནོ། །ཞེས་པ་ནི་དེ་བཞིན་ཉིད་གཟུགས་ཀྱི་མཚན་ཉིད་སྤངས་པའི་ཕྱིར། གཟུགས་ཀྱི་ཕ་རོལ་ཏུ་གྱུར་པ་ཡིན་ཏེ། དེ་བས་ན་གཟུགས་ཀྱི་ཕ་རོལ་ཏུ་གྱུར་པ་དེ་བཞིན་ཉིད་གང་ཡིན་པ་དེ་ཀུན་བཏགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། ཕྲེང་བརྒྱད་ན། ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །ཞེས་པ་ནི་ཐམས་ཅད་ཀྱང་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་སྐད་གསུངས་ཀྱི་མངོན་པར་འབྲེལ་བའི་ཕྱིར་ནི་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཉིས་ན། གང་ཡང་མ་མཆིས་སོ་ཞེས་པ་ནི་གལ་ཏེ་གཟུགས་ཀྱི་ཕ་རོལ་ཏུ་གྱུར་པ་དེ་བཞིན་ཉིད་ལ་གཟུགས་སུ་རྣམ་པར་རྟོགས་པར་གྱུར་ན། གཟུགས་ཀྱི་ཕ་རོལ་རྟོགས་པས་ཆོས་ཐམས་ཅད་རྟོགས་པར་མི་འགྱུར་གྱི། གཟུགས་རྟོགས་པ་ཙམ་དུ་ཟད་པར་འགྱུར་བ་ཞིག་ན་འདི་ལྟར་དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན་པས་གཟུགས་ཀྱི་ཕ་རོལ་ལ་གཟུགས་རྟོགས་པ་མེད་དེ། དེའི་ཕྱིར་དེ་ཙམ་ཞིག་རྟོགས་པས་ཆོས་ཐམས་ཅད་རྟོགས་པར་གྲུབ་པོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ཉེར་བཞི་ན། དཔུང་གཉེན་དུ་གྱུར་པ་ཡིན་ནོ། །གླིང་དང་ནི། །རབ་འབྱོར། ཇི་ལྟར་ན། ཕྲེང་གཉིས་ན། ཕྱི་མཐའ་ཡོངས་སུ་ཆད་པའོ། །ཞེས་པ་ལ་གཟུགས་ཀྱི་སྔོན་གྱི་མཐའ་དོན་དམ་པར་ནམ་ཡང་མ་བྱུང༌། ཕྱི་མའི་མཐར་ཡང་ནམ་ཡང་འབྱུང་བར་འགྱུར་བ་མ་ཡིན་ཏེ་དུས་ཐམས་ཅད་དུ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། ཕྲེང་དགུ་ན། དེ་ནི་བཟང་པོའོ། །དེ་ནི་ཡང་དག་པ་སྟེ། ཞེས་པ་ནི་དུས་སྟོང་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་དོན་དམ་པ་སྟེ་རིགས་པའོ་ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་བཅོ་ལྔ་ན། དེད་དཔོན་དུ་གྱུར་པ་ཡིན་ནོ། །ཡོངས་འདྲེན་པ་ཞེས་བྱ་བ་དང༌། །རབ་འབྱོར། ཇི་ལྟར་ན། ཤོག་གུ་གཅིག་ཏུ་ཕྲེང་གཉིས་ཆད་པ་ན། 4-1-338 འདྲེན་པར་གྱུར་པ་ཡིན་ནོ། །ལྷུན་གྱིས་གྲུབ་དང་། རབ་འབྱོར། ཇི་ལྟར་ན། ཕྲེང་གཉིས་ན། ཆོས་སྟོན་ཏོ། །ཞེས་པ་ནི་དོན་དམ་པར་གཟུགས་ནི་ནམ་མཁའ་བཞིན་དུ་གོས་པ་མེད་ཅིང་འགྱུར་བ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབྱིག་གཉེན་གསུངས། ཕྲེང་བདུན་ན། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཞེས་པ་ནི་གཟུགས་ཀྱི་སྟོང་པ་ཉིད་རྣམ་པར་རྟོག་པ་དང་བཅས་པའི་ཚེ་ཡང་གར་ཡང་མི་འགྲོ་བའོ། །ཕྱིས་རྣམ་པར་མི་རྟོག་པའི་ཚེ་ཡང་གང་ནས་ཀྱང་མ་འོངས། ཞེས་བྱ་བའི་ཐ་ཚིག་གོ །ཚོར་བ་དང༌། ཕྲེང་བརྒྱད་རང་ན། འགྲོ་བའམ། འོང་བ་མི་དམིགས་སོ། །ཞེས་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གསུམ་ན། ཐེག་གསུམ་གྱིས། །འབྲས་བུ་མངོན་དུ་མི་བྱེད་པ་དག །རབ་འབྱོར། ཆོས་ཐམས་ཅད་ནི། ཕྲེང་བཅུ་གསུམ་ན། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །ཞེས་པ་ནི་ཡོད་པ་ལ་སྐུར་བ་མི་འདེབས་པའི་ཕྱིར། དབྲི་བ་མེད་པའོ། །མེད་པ་ལ་སྒྲོ་མི་འདོགས་པའི་ཕྱིར་བསྣན་པ་མེད་པའོ། །ཞེས་ཀུན་མཁྱེན་དབྱིག་གཉེན་གསུངས། དེ་ཅིའི་ཕྱིར་ཞེ་ན། ཕྲེང་གསུམ་ན། ངང་ཚུལ་ཅན་ཏེ། ཞེས་པ་ནི་རྣམ་པར་རྟོག་པའི་ཚེ་ཡང་ཀུན་བཏགས་པ་དེ་བཞིན་ཉིད་དང་ལྷན་ཅིག་ཕྲད་པ་མེད་ལ་རྣམ་པར་མི་རྟོག་པའི་ཚེ་ཡང་ཕྱིས་འབྲལ་བ་མེད་པའོ། །དེ་བཞིན་དུ། འདྲེ་བ་དང་མི་འདྲེ་བ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་དབྱིག་གཉེན་གསུངས། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །ཤོག་གུ་གཅིག་དང་ཕྲེང་གཉིས་ན། ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །རབ་འབྱོར། ཆོས་ཐམས་ཅད། ཤོག་གུ་ཕྱེད་དང་གཉིས་ལྷག་ན། ལེའུ་སོ་དྲུག་པའོ།། །། ༈ བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ནི། ཉོན་མོངས་རྟགས་དང་མཚན་མ་དང༌།། གསོལ་པ། ཕྲེང་བརྒྱད་ན། མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་། གསོལ་པ། ཕྲེང་ལྔ་ན། རྟེན་དུ་གྱུར་པ་ཡིན་ནོ། །དཀའ་དང་། གསོལ་པ། ཕྲེང་གསུམ་ན། གཟུགས་དང་འབྲེལ་བ་མ་ཡིན་ཏེ། ཞེས་པ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཤིན་ཏུ་མེད་པའི་ཕྱིར། ཆོས་དེ་རྣམས་མཚན་མར་བཟུང་སྟེ་གོ་ཆ་བགོས་པ་ནི་མ་ཡིན་གྱི་མཚན་མ་མེད་པའི་གོ་ཆ་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གཅིག་དང་ཕྲེང་དྲུག་ན། ཆོས་ཐམས་ཅད་དང་བྲལ་བ་མ་ཡིན་ནོ། །ངེས་པ་དང༌། །གསོལ་པ། ཕྲེང་གསུམ་ན། སེམས་ཅན་ཇི་སྙེད་ཅིག་མྱ་ངན་ལས་བཟླའོ་ཞེས་བྱ་བར་ཡོངས་སུ་ངེས་པའི་ས་མཚམས་བཅད་དེ། མ་ལགས་སོ། །ཆེད་དུ་བྱ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་དྲུག་ན། མི་དམིགས་དང༌། །གསོལ་པ། ཕྲེང་ཕྱེད་ན། སུས་ཀྱང་བསྒོམ་པར་མི་བགྱི། ཞེས་པ་ནི་བྱེད་པ་པོ་མེད་པའི་ཕྱིར་རོ། །ཅི་ཡང་བསྒོམ་པར་མི་བགྱི། ཞེས་པ་ནི་སྒོམ་པའི་ཡིད་ལ་བྱེད་པ་ཡང་མ་མཐོང་བའི་ཕྱིར་རོ། །གང་དུ་ཡང་སྒོམ་པར་མི་བགྱིའོ། །ཞེས་པ་ནི་ཆོས་གང་ལ་ཡང་སྒོམ་པར་བྱ་བ་མ་མཐོང་བའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཤོག་གུ་གཉིས་དང་ཕྲེང་གསུམ་ལྷག་ན། མངོན་པར་ཞེན་པ་བཀག་པ་དང༌། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཕྲེང་ 4-1-339 གཉིས་ན། ཡོངས་སུ་བརྟག་པར་བྱའོ། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་འདི་ཕྱིར་མི་ལྡོག་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟག་པར་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གཅིག་དང་ཕྲེང་ཕྱེད་བདུན་ན། ཕྱིར་རོ། །དམིགས་པ་ཞེས་བྱ་གང་ཡིན་དང༌། །གསོལ་པ། ཤོག་གུ་གཅིག་དང་ཕྲེང་དྲུག་ན། གཟུགས་ལ་རྟོགས་པ་མ་ཡིན་ནོ། །ཞེས་པ་ལ་སོགས་པས་འདི་སྟོན་ཏེ་མངོན་པར་རྟོགས་པའི་ཚེ་གཟུགས་ལ་སོགས་པའི་ཆོས་རྣམས་མེད་པའི་ཕྱིར་སྣང་བར་མི་འགྱུར་རོ། །དེ་བས་ན་གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་རྣམས་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་རྣམས་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ཐ་དད་པ་ནི་མེད་ཀྱི་དག་གི་དེ་བཞིན་ཉིད་མངོན་པར་རྟོགས་པར་འགྱུར་རོ། །དེ་བཞིན་ཉིད་དེ་ཡང་ཐ་དད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་གཅིག་གོ །དེ་བས་ན་དེ་བཞིན་ཉིད་གཅིག་པའི་གཟུགས་ལ་སོགས་པའི་ཆོས་རྣམས་རྟག་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་ལྔ་ལྷག་ན། གང་དུ་ཡང་མ་སོང༌། ཞེས་པ་ལ་སོགས་པ་འདི་སྟོན་ཏེ། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བྱ་བ་དང་འགྱུར་བའི་ཆོས་ལ་མ་འོངས་པ་དང་འགྲོ་བ་དང་གནས་པ་དང་ལྡན་པའམ་ཉེ་ཚོ་བའམ་གང་ལ་སོགས་པ་དང་ལྡན་ན་ནི་ཀུན་བཏགས་པའི་རྣམ་པར་འགྱུར་ཏེ། འོ་ན་ནི་གཟུགས་ལ་སོགས་པའི་ཆོས་རྣམས་སུ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བ་ཞིག་ན་གང་གི་ཕྱིར་དེའི་རྣམ་པ་དང་བྲལ་ཏེ་ནམ་མཁའི་ཆོས་ཅན་ཡིན་པ་དེའི་ཕྱིར་ཏེ། གཟུགས་ལ་སོགས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཤོག་གུ་དྲུག་ན། ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཞེས་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན་ལ། དེ་བཞིན་ཉིད་ཀྱང་གཅིག་པའི་ཕྱིར་གཅིག་ཏུ་རྒྱུ་བར་འགྱུར་གྱི་གཉིས་སུ་རྒྱུ་བར་མི་འགྱུར་རོ། །ཞེས་དབུ་མ་པ་གསུངས། མི་མཐུན། ལྷའི་བུ་དག །ནམ་མཁའ་ཟབ་པའི་ཕྱིར། ཤོག་གུ་གཅིག་དང་ཕྲེང་གཅིག་ན། མི་གཟུང་བའི་སླད་དུ་མ་ལགས། དེ་བཞིན་དུ་ཞེས་པ་ནི། འདི་གཟུགས་སོ། །ཞེས་མཚན་མར་འཛིན་པ་ནི་གཟུང་བའི་གཟུགས་མེད་དོ། །ཞེས་པ་ཐམས་ཅད་དུ་སྐུར་བ་འདེབས་པ་ནི་མི་གཟུང་བའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། དེ་ནས་ཤོག་གུ་གསུམ་ན། ཐོགས་པ་མེད་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་བཅུ་ན། གཟུགས་ལ་ཐོགས་པ་མ་མཆིས་སོ། །ཞེས་པ་ལ་སོགས་པས་ཆོས་ཐམས་ཅད་དང་རྗེས་སུ་མཐུན་པ་ཉིད་རྣམ་པར་འབྱེད་དེ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྒྲོ་འདོགས་པ་དང༌། སྐུར་བ་འདེབས་པའི་མཐའ་མེད་པའི་ཕྱིར་ཐོགས་པ་མེད་དེ་འདི་ལྟར་ཀུན་བཏགས་པའི་གཟུགས་ནི་ཡོད་པ་མ་ཡིན་པས་སྒྲོ་འདོགས་པའི་མཐའ་མེད་དོ། །ཆོས་ཀྱི་གཟུགས་ནི་ཡོད་པའི་ཕྱིར་སྐུར་བ་འདེབས་པ་མེད་དེ། དེ་བས་ན་གཟུགས་དང་རྗེས་སུ་མཐུན་ 4-1-340 པའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། ཕྲེང་བརྒྱད་ན། དེ། །གཞི་མེད། ཆོས་འདི་ནི། ཕྲེང་བཅུ་གཅིག་ན། འགྲོ་མེད། དེ་ནས་འདོད་པ་ན་སྤྱོད་པ་དང༌། ལོགས་གཅིག་ན། དེ་བཞིན་ཉིད་མ་ཡིན་ཞེས་པ་ནི། གོང་དུ་དེ་བཞིན་ཉིད་ཀྱིས་རང་བཞིན་བཤད་པ་ལ། ཁ་ཅིག་དེ་ལྟ་བུའི་དེ་བཞིན་ཉིད་དངོས་པོའི་རང་བཞིན་དུ་ཡོད་པར་རྟོགས་པ་བསལ་བའི་ཕྱིར་དེ་ཡང་དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། ཕྲེང་གཅིག་ལྷག་ན། རྟོགས་པ་མེད་པ་ཞེས་པ་ལ་འགྱུར་བ་མེད་ཅེས་བྱ་བ་འདིས་ནི་མི་འགྱུར་བའི་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པར་བསྟན་ཏོ། །རྣམ་པར་རྟོག་པ་མེད་ཅེས་བྱ་བ་འདིས་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པར་སྟོན་ཏོ། །ཞེས་དབུ་མ་པ་དབྱིག་གཉེན་གསུངས། དེ་བཞིན་དུ་གནས་བརྟན་རབ་འབྱོར། ཕྲེང་བརྒྱད་ལྷག་ན། རྗེས་སུ་སྐྱེ་བ་མེད་པ་སྟེ། སྐྱེ་བ་མེད་པའི་མཚན་ཉིད་མེད་པའི་ཕྱིར་གང་དུ་ཡང༌། རྗེས་སུ་སྐྱེས་པ་མེད་པ་ཞེས་ཀྱང་བྱའོ། །ཞེས་དབུ་མ་པ་གསུངས། དེ་ལྟར་ན་གནས་བརྟན་རབ་འབྱོར་ནི། ཤོག་གུ་གཉིས་དང་ཕྲེང་བཅུ་ན། ཞེས་ཚིག་ཏུ་བརྗོད་དོ། །སྐྱེ་མེད་དང༌། །དེ་ནས་གནས་བརྟན་རབ་འབྱོར་གྱིས། ཕྲེང་གཉིས་ན། རྗེས་སུ་མ་སྐྱེས་སོ། །ཞེས་པ་ནི་གཟུགས་སྐྱེ་བར་འགྱུར་བའི་དངོས་པོ་མེད་པས་གནས་བརྟན་ཡང་དངོས་པོ་མེད་པའི་ཕྱིར། གཟུགས་ཀྱི་རྗེས་སུ་སྐྱེ་བའམ། གཟུགས་ལས་གཞན་པ་གང་དུ་ཡང་སྐྱེ་བར་མི་རིགས་སོ། །དེ་བཞིན་ཉིད་ཀྱང་སྐྱེ་བ་དང༌། འབྲེལ་བ་མེད་པས་དེ་བཞིན་ཉིད་ཀྱི་རྗེས་སུ་སྐྱེ་བའམ་དེ་བཞིན་ཉིད་ལས་གཞན་པ་གང་དུ་ཡང་སྐྱེ་བར་མི་རིགས་སོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། ཕྲེང་བཅུ་གཉིས་ན། ཐམས་ཅད་མེད་ཅིང་མི་དམིགས་སོ། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །དེ་ནས་ཚེ་དང་ལྡན་པ། དེ་བཞིན་ཉིད་དང༌། ཞེས་པ་ནི་དེ་བཞིན་གཤེགས་པའི་དངོས་པོ་ནི་དེ་བཞིན་ཉིད་དོ། །མ་ནོར་བའི་དངོས་པོ་ནི་མ་ནོར་བ་དེ་བཞིན་ཉིད་དོ། །གཞན་མ་ཡིན་པའི་དངོས་པོ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །ཆོས་རྣམས་ཀྱི་བརྗོད་དུ་མེད་པའི་མཚན་ཉིད་ཡོངས་སུ་གྲུབ་པའི་དོན་དམ་པའི་དབྱིངས་གང་ཡིན་པ་དེ་ནི་དུས་ཐམས་ཅད་དུ་དེ་བཞིན་དུ་འགྱུར་ཞིང་ནོར་བར་མི་འགྱུར་བའི་ཕྱིར་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། མི་འཇིགས་པར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོགས་པར་ཡོངས་སུ་གྲུབ་པ་དང༌། མི་འགྱུར་བར་ཡོངས་སུ་གྲུབ་པའོ། །དེ་ལ་མི་འཇིགས་པར་ཡོངས་སུ་གྲུབ་པའི་ཕྱིར་དེ་བཞིན་ཉིད་དོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ཕྱིར་མ་ནོར་པ་དེ་བཞིན་ཉིད་དོ། །མི་འགྱུར་བ་ཡོངས་སུ་གྲུབ་པའི་ཕྱིར་གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཆོས་དང་ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཞེས་པ་ཚིག་གསུམ་གྱི་མཚན་ཉིད་རྣམ་པ་ 4-1-341 གསུམ་བསྟན་ཏེ། ཆོས་ཀྱི་མཚན་ཉིད་དང༌། འབྱུང་གནས་ཀྱི་མཚན་ཉིད་དང༌། གནས་པའི་མཚན་ཉིད་དོ། །ཆོས་ཀྱི་དངོས་པོ་ནི་ཆོས་ཉིད་དེ། ཀུན་བཏགས་པ་དང༌། རྣམ་པར་ཤེས་པ་བཏགས་པའི་ཆོས་ཐམས་ཅད་ལས་གཞན་དུ་གྱུར་པས་དེ་དང་མི་འདྲ་བ་བརྗོད་དུ་མེད་པ་ཆོས་ཀྱི་དངོས་པོར་གནས་པ་གང་ཡིན་པ་དེ་གནས་པའི་ཕྱིར་ཆོས་ཉིད་སྒྲར་བརྗོད་དོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི། འབྱུང་གནས་ཀྱི་མཚན་ཉིད་གསུངས་པ་སྟེ། ཆོས་ནི་སྟོབས་དང༌། མི་འཇིགས་པ་དང༌། མ་འདྲེས་པ་ལ་སོགས་པས་སངས་རྒྱས་ཀྱི་ཆོས་རྣམས་སོ། །དབྱིངས་ཀྱི་སྒྲ་ནི་རྒྱུའི་དོན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས། ཞེས་བྱ་སྟེ། ཆོས་སྐུ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་གནས་ཉིད་ཅེས་བྱ་བ་ནི་གནས་པའི་མཚན་ཉིད་གསུངས་པ་སྟེ། དེ་བཞིན་གཤེགས་པ་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་ཉིད་དང༌། ཆོས་ཉིད་གནས་པ་ཉིད་འདི་ནི་འདུག་པ་ཉིད་དོ། །ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་སྟེ། དོན་དམ་པ་བརྗོད་དུ་མེད་པས་ཡོངས་སུ་གྲུབ་པའི་ཆོས་སྔོན་དྲི་མ་དང་བཅས་པའི་གནས་སྐབས་དང༌། ཕྱིས་དྲི་མ་མེད་པའི་གནས་སྐབས་ན་ཡང་དུས་ཐམས་ཅད་དུ་ཡོད་པ་ནི་ཆོས་གནས་པ་ཉིད་དོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཡང་དག་པའི་མཐའ་ནི་ཟབ་པ་སྟེ། ཞེས་པ་ཚིག་གསུམ་གྱིས་ངེས་པའི་མཚན་ཉིད་གསུངས་ཏེ། དེ་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་བ་ལ་ཆོས་ནི་འདིར་ལ་སོགས་པའི་ཆོས་ལས་བཟློག་པ་ཡང་དག་པ་ཉིད་ཀྱི་ཆོས་ཏེ། དེ་ལ་ངེས་པ་ཉིད་དང་གཅིག་ཏུ་ཆད་པ་ཉིད་ཀྱི་སྐྱོན་མེད་པ་ཉིད་དེ། ས་རབ་ཏུ་དགའ་བའི་ཡེ་ཤེས་ཀྱི་དང་པོ་ཉིད་དུ་དེ་བཞིན་ཉིད་རབ་ཏུ་རྟོག་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་བྱེད་པ་ཡང་དག་པ་ཉིད་ཀྱི་ཆོས་རྣམས་ཀྱི་ངེས་པའི་རྒྱུ་ཡིན་པའི་ཕྱིར། ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་སྟེ། འདི་སྐད་དུ་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ན་སྐྱོན་ཞེས་བྱ་བ་ནི་ཆོས་ལ་སྲེད་པ་སྟེ་སྐྱོན་གྱི་དངོས་པོ་མེད་པ་ནི་སྐྱོན་མེད་པ་ཉིད་དོ། །ཞེས་སྔར་ཇི་སྐད་དུ་བསྟན་པ་ལྟ་བུའོ། །ཆོས་རྣམས་ལ་སྐྱོན་མེད་པ་ཉིད་ནི། ཆོས་སྐྱོན་མེད་པ་ཉིད་དེ། ཆོས་གང་རབ་ཏུ་རྟོགས་པས་སྐྱོན་གྱི་ཆོས་རྣམས་རྒྱུན་བཅད་པ། དེ་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་ཡང་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་མཐའ་སྟེ། མཐར་ཕྱིན་པའི་ཕྱིར་ཡང་དག་པའི་མཐའ་ཤིན་ཏུ་ངེས་པ་དེ་ཁོ་ན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་དེ། འཇིག་རྟེན་པའི་རྟོག་པ་ཐམས་ཅད་ཀྱི་རྗེས་སུ་དཔག་པའི་སྤྱོད་ཡུལ་མ་ཡིན་པས་ཤིན་ཏུ་ངེས་པའི་སོ་སོ་རང་གི་རིག་པའི་དོན་དམ་པ་ལ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱའོ། །ཡང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར། བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྐུའི་དབང་གི་ཆོ་འཕྲུལ་ངོ་ 4-1-342 མཚར་རྣམས་འཇིག་རྟེན་དུ་འབྱུང་བའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། འདིར་ཡུམ་རྒྱས་པ་དང་གཞུང་འདི་ལ་ཡོངས་གྲུབ་དགུ་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་མ་བྱུང་བ་ཡང་ཁྲི་བརྒྱད་སྟོང་པར་བྱུང་བས། དེའི་ཕྱིར་སློབ་དཔོན་དབུ་མ་པས་བཤད་པ་མཛད་པ་ཡིན་ནོ། །དེ་ལ་གཟུགས་མི་དམིགས། ཤོག་གུ་གསུམ་དང་ཕྲེང་ལྔ་ན། རང་སངས་རྒྱས་ཀྱི་སར་ལྟུང་ངོ༌། །དེ་རྣམས་ཀྱིས་ནི། མཚ༷ན་ཉི༷ད་བཅ༷ས། །ཞེས་པ་དོན་ལྔ་པ་གསུང་ཟིན་ཏོ། ། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །སངས་རྒྱས་སོགས་དམིགས་དད་པ་དང༌། །ཤཱ་ར་དྭ་ཏིའི་བུ། ཕྲེང་བཅུ་གཅིག་ན། རིགས་པར་བྱའོ། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །དེ་ཅིའི་ཕྱིར་ཞེ་ན། ཕྲེང་བཅུ་ལྷག་ན། བསམ་པ་ཕུན་ཚོགས་དྲན་པ་དང༌། །གསོལ་པ། བཅོམ་ལྡན་འདས་བདག་གིས། ཕྲེང་ཕྱེད་དང་གཉིས་ན། ཐེ་ཙོམ་མ་མཆིས་པའི་རྣམ་པར་མི་རྟོག་ཏིང་འཛིན་དང༌། དེ་ཅིའི་སླད་དུ་ཞེ་ན། ཕྲེང་ཕྱེད། ཉེ་བར་བཟུང་སྟེ། ཞེས་པ་ནི་ས་དང་པོ་ལ་ཉེ་བར་བཟུང་སྟེ། ཞེས་བྱ་བའི་ཐ་ཚིག་གོ །གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། ཤོག་གུ་གཅིག་དང་ཕྲེང་ལྔ་ན། སྤྱད་པར་བགྱིའོ། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡི། །རྟོགས་སླ། དེ་ནས་འདོད་པ་ན་སྤྱོད་པ་དང༌། ཕྲེང་ཕྱེད་དང་ལྔ་ན། གང་ཡང་མི་དམིགས་སོ། །ཞེས་པ་ནི་ངེས་ཀྱང་ཀུན་རྫོབ་ཀྱི་ཤེས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་བསྡུས་པས་ནི་ཆོས་ཐམས་ཅད་དུ་རྣམ་པ་ཐམས་ཅད་དུ་ཤེས་ཀྱི། དོན་དམ་པའི་ཡེ་ཤེས་ཀྱི་རབ་ཏུ་རྣམ་པར་ཕྱེ་ན་རྨི་ལམ་ན་མཐོང་བའི་དོན་བཞིན་དུ་ཤེས་པར་བྱེད་པའམ་ཤེས་པར་བྱ་བའི་ཆོས་གང་ཡང་མཐོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། དེ་ཅིའི་ཕྱིར་ཞེ་ན། ཕྲེང་བཅུ་གཅིག་ལྷག་ན། འཚང་རྒྱ་བར་སླའོ། །ཞེས་པ་ནི་ཆོས་ཐམས་ཅད་མེད་པའི་ཕྱིར་དངོས་པོ་མེད་པ་ལ་དངོས་པོ་མེད་པར་རྟོག་པར་བྱ་བ་ནི་མི་དཀའི། ཡོད་པའི་ཆོས་རྣམས་ཀྱི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་ཉིད་རྟོགས་པར་བྱ་བ་ནི་དཀའོ། །མེད་པ་ལ་དངོས་པོ་མེད་པ་ཙམ་དུ་ཤེས་པར་སྒྲུབ་པ་ནི་མི་དཀའ་སྟེ། འདི་ལྟར་ཆོས་རྣམས་ཡོད་པ་ལ་ནི་དཀར་པོའི་ཆོས་རྣམས་འཕེལ་བར་བྱ་བ་དང༌། ནག་པོའི་ཆོས་རྣམས་སྤངས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་པ་བསྒྲུབ་པ་དགོས་པར་འགྱུར་ན་གང་གི་ཕྱིར་ཆོས་འདི་རྣམས་མེད་པ་དེའི་ཕྱིར་སྒྲུབ་པ་ཡང་མི་དཀའོ། །དེ་བས་ན་མངོན་པར་རྫོགས་པར་འཚང་རྒྱ་བར་མི་དཀའོ། །ཞེས་བྱ་བ་གསུངས་སོ། །གནས་བརྟན་ཤཱ་ར་དྭ་ཏིའི་བུས། མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བར་གསུངས་པ་དེའི་དགོངས་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དེ་ནམ་མཁའ་ལྟ་བུར་རིགས་ནས་གལ་ཏེ་མི་སྨྲ་བར་འདུག་ན་དེ་ལྟ་ན་ནི་དཀའ་བ་མ་ཡིན་པར་འགྱུར། འདི་ཡང་དག་པ་ན་ཆོས་ཐམས་ཅད་མངོན་པར་ 4-1-343 རྫོགས་པར་བྱང་ཆུབ་པ་མེད་པ་ཡང་རིགས་པར་བྱས་ལ་དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྣམས་ལ་ཡང་སྦྱོར་ཞིང་ཆོས་ཐམས་ཅད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ན་དེ་ལྟ་ན་ནི་དཀའ་ཞེས་བྱ་བར་དགོངས་པའོ། །ཞེས་དབུ་མ་པ་གསུངས། དེ་ཅིའི་སླད་དུ་ཞེ་ན། ཕྲེང་བཅུ་གཅིག་ལྷག་ན་འཚང་རྒྱའོ། །རྟུལ་པོས་རྟོགས་དཀར་བཞེད། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤོག་གུ་བཞི་དང་ཕྲེང་ལྔ་ན། དེ་འབྱུང་བར་འགྱུར་རོ། །དེ་རྣམས་ཀྱིས་ནི། ཐ༷ར་ད༷ང་། ཞེས་པ་དོན་དྲུག་པ་གསུངས་ཟིན་ཏོ། ། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །རབ་འབྱོར་གྱིས། གསོལ་པ། ཕྲེང་བཅུ་ན། སྲོག་གཅོད་པ་སྤང་བར་བྱའོ། །བདག་ཉིད་སྡིག་པ་ལས་ལྡོག་ཅིང༌། །སྦྱིན་ལ་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་གྱུར། གཞན་ཡང་སྲོག་གཅོད་པ་སྤངས་ལ། ཤོག་གུ་གསུམ་དང་ཕྲེང་དྲུག་ན། དེ་བཞིན་བཟོད་པ་ནི། །རང་གཞན་རྟེན་ཅན་བདེན་ཤེས་པ། །བདག་གིས་ཀྱང༌། ཕྲེང་བཅུ་ན། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །བདག་གིས་ཀྱང་སེམས་ཅན། ཕྲེང་བཅུ་བདུན་ན། ལེའུ་སོ་བརྒྱད་པའོ།། །། ༈ དེ་རྣམས་ཀྱི་ནི། ངེ༷ས་འབྱེ༷ད་ཆ༷་མཐུ༷ན་ད༷ང༌། །ཞེས་པ་དོན་བདུན་པ་གསུངས་ཟིན་ཏོ། །ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་བརྒྱད་ན། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུར་བརྗོད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །གཟུགས་ལ་སོགས་ལས་ལྡོག་པ་དང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་བཅུ་དགུ་ན། ངོ་བོ་ཉིད་མེད་དོ། །ཐེ་ཚོམ། རབ་འབྱོར། ཕྲེང་བཞི་ལྷག་ན། མི་དལ་ཟད་པ་དང༌། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི། ཕྲེང་གཉིས་ན། བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་འགོད་པ་དང༌། །རབ་འབྱོར། གཞན་ཡང༌། ལོགས་ཅིག་སོང་བ་ན། གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །རབ་འབྱོར། ཤོག་ལོགས་གཅིག་དང་ཕྲེང་གཅིག་ན། རིག་པར་བྱའོ། །ཟབ་མོའི་དོན་ལའང་སོམ་ཉི་མེད། །རབ་འབྱོར། གཞན་ཡང༌། བྱང་ཆུབ། ཕྲེང་བཅུ་གཅིག་ན། བྱམས་ལུས་སོགས་དང་། རབ་འབྱོར། གཞན་ཡང༌། ཕྲེང་གཉིས་ན། སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གཉིས་ན། བག་ལ་ཉལ་ཀུན་འཇོམས་པ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གཉིས་ན། དྲན་པ་དང་ནི་ཤེས་བཞིན་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་ལྔ་ན། གོས་ལ་སོགས་པ་གཙང་བ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གསུམ་ན། ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །རབ་འབྱོར། གཞན་ཡང༌། མི་འགྱུར་བ། ཕྲེང་ལྔ་ཐལ་ན། གྱ་གྱུ་མེད་སེམས། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་བརྒྱད་ན། སྦྱངས་པ་ནི། །ལེན་དང་། 4-1-344 རབ་འབྱོར། གཞན་ཡང༌། ཕྲེང་གསུམ་ན། སེར་སྣ་མེད་སོགས་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གསུམ་ན། ཆོས་ཉིད་ལྡན་པར་འགྲོ་ཉིད་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་བཞི་ན། སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །ཕྲེང་བཅུ་གཉིས་ན། གཞན་གྱིས་དཀྲི་བར་མི་བཏུབ་དང༌། །རབ་འབྱོར། གལ་ཏེ། ཤོག་གུ་གཉིས་ལྷག་ན། ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །རབ་འབྱོར། གཞན་ཡང༌། བྱང་ཆུབ། ཤོག་གུ་གཉིས་དང་ཕྲེང་གཅིག་ན། སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །རབ་འབྱོར། གཞན་ཡང༌། ཕྲེང་བཅུ་ན། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་བཅུ་གསུམ་ན། ལེའུ་སོ་དགུའོ།། །། ༈ སེམས་བརྟན། རབ་འབྱོར། གཞན་ཡང༌། ཕྲེང་བཅུ་བཞི་ན། ཐེག་པ་དམན་དག་ལས། །རྣམ་ལོག །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་དགུ་ན། བཟློག་པར་མི་ནུས་སོ། །བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་བཅུ་གཅིག་ན། ལུས་སེམས་ཡང་བ་ཉིད་དང་ནི། །རབ་འབྱོར། གཞན་ཡང༌། ཤོག་གུ་གཅིག་རུང་ན། འདོད་ལ་སྤྱོད་ལ་ཐབས་མཁས་དང༌། །ལོགས་གཅིག་དང་ཕྲེང་གཅིག་ན། རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །རབ་འབྱོར། གཞན་ཡང༌། གལ་ཏེ། ཕྲེང་དགུ་ན། འཚོ་བ་རྣམ་པར་དག་ཉིད་དང༌། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕྲེང་བཅུ་གཅིག་ན། ཕུང་སོགས། རབ་འབྱོར། གཞན་ཡང༌། ཕྲེང་བརྒྱད་ན། བར་ཆད་བྱེད་རྣམས་དང༌། །དེ་རྐུན་པོའི་གཏམ་གྱི་སྦྱོར་བ་ལ། ཕྲེང་གཅིག་ན། ཚོགས་དང་། དེ་ཡུལ་གྱི་གཏམ་གྱི། ཕྲེང་གཅིག་ན། དབང་སོགས་བཅས་པ་ཡི། །གཡུལ་འགྱེད་ཀྱི། ཕྲེང་བདུན་ན། སེར་སྣ་ལ་སོགས་པ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང༌། །དེ་སྦྱིན་པའི་ཕ། ཕྲེང་བཅུ་གཉིས་ན། ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རབ་འབྱོར། གཞན་ཡང༌། ཕྲེང་ཉི་ཤུ་རྩ་བཞི་ན། རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང༌། །རབ་འབྱོར། བྱང་ཆུབ། ཕྲེང་བཅུ་གཅིག་ན། ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་པའི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །རབ་འབྱོར། གལ་ཏེ་བདུད་སྡིག་ཏོ། །ཤོག་གུ་གཅིག་དང་ཕྲེང་བཞི་ན། ཆབ་མི་འཚལ་བ་སྟེ་ཆུད་མི་ཟ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་བཅོ་ལྔ་ན། སྒྲུབ་བོ། །སྒོམ་པའི་ལམ་ནི་ཟབ་པ་སྟེ། །རབ་འབྱོར་གྱིས་གསོལ་པ། ཕྲེང་བདུན་ན། བསྟན་དུ་གསོལ། ཟབ་མོ་སྟོང་པ་ཉིད་ལ་སོགས། །བཅོམ་ལྡན་འདས་ཀྱིས་བཀའ། ཕྲེང་གཉིས་ན། ཞེས་བྱ་བ་འདི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་མ་ནོར་བ་དེ་བཞིན་ཉིད་ཀྱི་ཚིག་བླ་དྭགས་སོ། །དེ་བཞིན་དུ་འདི་ནི་གདོད་ནས་རང་བཞིན་གྱིས་ 4-1-345 མཚན་མ་མེད་པའི་གཞི་དང་སྨོན་པ་མེད་པའི་གཞི་དང༌། མངོན་པར་འདུ་བྱ་བ་མེད་པའི་གཞི་དང༌། སྐྱེ་བ་མེད་པའི་གཞི་དང༌། འདོད་ཆགས་དང་བྲལ་བའི་གཞི་དང༌། འགོག་པའི་གཞི་དང༌། མྱ་ངན་ལས། བླ་དྭགས་སོ། །གང་གཟོད་ནས་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས་པའི་ཚིག །ཕྲེང་གཅིག་ལྷག་ན། ཟབ་མོ་ཞེས་བྱ་བ་ནི། རང་བཞིན་གཉུག་མ་གཤིས་ལུགས་ལ་བཞུགས་པ་དོན་དམ་གྱི་ཆོས་ཐམས་ཅད་ཀྱི་ཚིག །རབ་འབྱོར། ཡོངས་གྲུབ་ཀྱི་གཟུགས་ཟབ་བོ། །ཞེས་པ་ནི། འདིར་གཟུགས་ཀྱི་དེ་བཞིན་ཉིད་ལ་གཟུགས་ཀྱི་ཚིག་ཏུ་བརྗོད་དོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་ཕྱེད་ན། རབ་འབྱོར། ཆོས་ཉིད་ཀྱི་གཟུགས་ཟབ་བོ། །སྒྲ་དང༌། དྲི་དང༌། རབ་འབྱོར། མིག་གི་རྣམ་པར་ཤེས་པ་ཟབ་བོ། །རབ་འབྱོར། རྣ་བ་དང༌། སྣ་དང༌། ལྕེ་དང༌། རབ་འབྱོར། དོན་དམ་གྱི། སའི་ཁམས་ཟབ་བོ། །ཆུའི་ཁམས་དང༌། རབ་འབྱོར། མ་རིག་པ་ཟབ་བོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ། འཕགས་པའི་བདེན་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། རབ་འབྱོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཟབ་བོ། །དོན་དམ་གྱི་བྱང་ཆུབ་ཟབ་བོ། །ཕྲེང་གསུམ་ན། གཟུགས་ཀྱི་དེ་བཞིན་ཉིད། ཟབ་པ། ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་གཟུགས་རྣམ་པར་སྣང་མཛད་མེ་ལོང་ཡེ་ཤེས་ཟབ་བོ། །ཞེས་པ་དེ་བཞིན་ཉིད་ཡིན་པར་བསྟན་ཏེ། རྣམ་པ་གང་གིས་དེ་བཞིན་ཉིད་ཟབ་པའི་རྣམ་པ་དེ་ལྟ་བུས་གཟུགས་ཟབ་བོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། དེ་བཞིན་ཉིད་ཟབ་པ་ཇི་ལྟར་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ། མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས་ཟབ་བོ། །སེམས་བསྐྱེད་དང༌། དེ་བཞིན་ཉིད་ཟབ་པ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་སྐྱེ་མཆེད་དང༌། ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བྱུང་ཡེ་ཤེས་ཀྱི་ལྷ་སེམས་དཔའ་སེམས་མ་ལ་སོགས་པ་བདེན་དོན་བཅུ་གཉིས་ཀྱི་ལྷ་རྡོ་རྗེ་བཞིའི་ཞལ་བཅུ་གཉིས་དང༌། གནས་ལ་སོགས་པ་བཅུ་གཉིས་ཀྱི་དོན་དཀྱིལ་འཁོར་གྱི་སྒོ་བཅུ་གཉིས་ལ་སོགས་པ་ཟབ་བོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཟབ་པ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་ཕར་ཕྱིན་ཐམས་ཅད་དང༌། སྟོང་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རང་བྱུང་ཡེ་ཤེས་ཀྱི་ལྷ་ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཏུ་བཞུགས་པ་རྣམས་ཟབ་བོ། །ཕྲེང་གཉིས་ན། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ཟབ་པ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་འཕགས་པའི་བདེན་པ་ལ་སོགས་པ་གཟུངས་ཀྱི་སྒོ་རྣམས་ཀྱི་བར་རང་བྱུང་ཡེ་ཤེས་ཀྱི་ལྷར་གསུངས་པ་རྣམས་ཟབ་བོ། །ཕྲེང་གཅིག་ན། མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ཟབ་པ་ནི་ལྟ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་དེ་བཞིན་གཤེགས་པའི་སྟོབས་རྣམས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་རང་བྱུང་ཡེ་ཤེས་ཀྱི་ལྷར་གསུངས་པ་རྣམས་ཟབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དེ་བཞིན་ཉིད་ཟབ་པ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རང་བྱུང་ཡེ་ཤེས་ཀྱི་ལྷ་ཀུན་གྲོལ་ཡེ་ཤེས་སེམས་དཔར་རྟག་ཏུ་བཞུགས་པ་ཟབ་པོ། བྱང་ཆུབ་ཀྱི་དེ་བཞིན་ཉིད་ཟབ་པ་ཇི་ལྟ་བ་དེ་ 4-1-346 བཞིན་དུ་དེ་བཞིན་ཉིད་ཀྱི་བྱང་ཆུབ་ཟབ། ཟབ་པ་དེ་ནི་སྒྲོ་འདོགས་དང༌། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །གསོལ་པ། བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། ཞེས་ཞུས་པ་ཅི་ལ་དགོངས་ཞེ་ན། དེ་བཞིན་ཉིད་ཅེས་བྱ་བ་ནི། རྣམ་པ་མེད་པ་སྟེ། གཟུགས་ལ་སོགས་པའི་མཚན་ཉིད་དམ་གཟུགས་ལ་སོགས་པ་ལ་རག་ལུས་པ་ཡང་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་དང༌། ཚོར་བའི་དེ་བཞིན་ཉིད་ཅེས་བྱ་བ་གཟུགས་ལ་སོགས་པའི་ཚིག་ཏུ་ཇི་ལྟར་བརྗོད་ཅེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་བཞི་ན། རབ་འབྱོར། གཟུགས་ཀྱི་དེ་བཞིན་ཉིད་དེ་ལ་ཀུན་རྫོབ་ཀྱི་གཟུགས་ཀྱང་དབྱེར་མེད་དུ་མེད། དོན་དམ་གྱི་གཟུགས་རྣམ་སྣང་མེ་ལོང་ཡེ་ཤེས་ལས་གུད་ན་ཡང་དེ་བཞིན་ཉིད་མེད། གཟུགས་ཀྱི་དེ་བཞིན་ཉིད་དེ་ལྟ་བུའོ། །ཞེས་པ་ནི་ཀུན་བཏགས་པ་སྤངས་ཏེ། ཀུན་བཏགས་པ་ལས་གུད་ན་ཡོད་པའི་དེ་བཞིན་ཉིད་ཀྱིས་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་དང་བྲལ་བ་སྟེ། གཟུགས་ལ་སོགས་པའི་སྒྲར་བརྗོད་དུ་མི་རུང་ངོ༌། །གང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཀུན་བཏགས་པའི་གཟུགས་ལ་སོགས་པ་དང༌། དེ་བཞིན་ཉིད་དང༌། གཞན་དུ་བརྗོད་དུ་མི་རུང་བ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་དེའི་གནས་སྐབས་ཉེ་བར་མཚོན་པའི་ཕྱིར་གཟུགས་ལ་སོགས་པའི་སྒྲོ་བཏགས་ཏེ་ཐ་སྙད་དུ་བྱས་སོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ནུད་ཙམ་ན། དེ་བཞིན་ཉིད་དེ་ལ་ཀུན་རྫོབ་ཀྱི་རྣམ་པར་ཤེས་པ་ཡང་དབྱེར་མེད་དུ་མེད། དོན་དམ་གྱི་རྣམ་པར་ཤེས་པ་མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཀུན་རྫོབ་ཀྱི་རྟེན་ཅིང་འབྲེལ་བ་ཡང་རང་བཞིན་དབྱེར་མེད་དུ་མེད། དོན་དམ་འདུས་མ་བྱས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བདེན་དོན་བཅུ་གཉིས་ཀྱི་དོན་ས་བཅུ་གཉིས་དང༌། ཕྱག་བཅུ་གཉིས་ལ་སོགས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཕྲེང་གཅིག་ན། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དབྱེར་མེད་དུ་མེད། དོན་དམ་གྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རང་བྱུང་ཡེ་ཤེས་ཀྱི་ལྷ་སོ་བདུན་དང༌། ཀ་རྡོ་རྗེའི་རྒྱུད་ལ་སོགས་པ་རྒྱུད་སོ་དྲུག་གི་དཀྱིལ་འཁོར་དང༌། ལྷ་སོ་དྲུག་ཁྱབ་བྱེད་བསམ་དུ་མེད་པའི་ཐུགས་རྡོ་རྗེ་དང་བཅས་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཕྲེང་གཅིག་ལྷག་ན། ཀུན་རྫོབ་ཀྱི་གཟུགས་མེད་པའི་སྙོམས་པར་འཇུག་པ་ཡང་དབྱེར་མེད་དུ་མེད། དོན་དམ་གྱི་གཟུགས་མེད་པའི་སྙོམས་པར་འཇུག་པ་རང་བྱུང་ཡེ་ཤེས་ལྷར་རྟག་ཏུ་བཞུགས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མེད། ཕྲེང་གཅིག་ན། དེ་བཞིན་ཉིད་དེ་ལ་ཀུན་རྫོབ་ཀྱི་སྟོང་པ་ཉིད་དང༌། ནུད་ཙམ་ན། དོན་དམ་གྱི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པར་རང་བྱུང་ཡེ་ཤེས་ཀྱི་ལྷའི་ཞལ་གསུམ་དུ་རྟག་ཏུ་བཞུགས་པ་ལ་སོགས་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཕྲེང་གཉིས་ཙམ་ན། ཀུན་རྫོབ་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་དབྱེར་མེད་དུ་མེད། དོན་དམ་གྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རང་བྱུང་ཡེ་ཤེས་ཀྱི་ལྷ་ཚོགས་མང་པོར་གསུངས་པ་དང༌། དཀྱིལ་འཁོར་གྱི་རྒྱན་ལ་ 4-1-347 སོགས་པ་གསུངས་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཕྲེང་གཅིག་ཙམ་ན། ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད་ཀྱང་དབྱེར་མེད་དུ་མེད། དོན་དམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རྡོ་རྗེ་སེམས་དཔར་རྟག་ཏུ་བཞུགས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཕྲེང་གཅིག་རང་ན། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱང་དབྱེར་མེད་དུ་མེད། བྱང་ཆུབ་རྡོ་རྗེ་འཆང་ཆེན་དུ་རྟག་ཏུ་བཞུགས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། ཕྲེང་གཅིག་ལྷག་ན། པ་ཡང་བསྟན། ཞེས་པ་ནི་གཟུགས་ཟབ་བོ། །ཞེས་བྱ་བ་དེ་ཀུན་བཏགས་པའི་གཟུགས་ལས་ནི་བཟློག །ཆོས་ཉིད་ཀྱི་གཟུགས་མྱ་ངན་ལས་འདས་པ་ནི་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས་ཤིང༌། ཐེག་ཆེན་གྱི་མདོ་རྒྱུད་ཟབ་མོ་ཤིན་ཏུ་མང་བ་དང༌། མཐུན་ལ་སེམས་འགྲེལ་སྐོར་གསུམ་ལ་སོགས་པ་རྫོགས་ལྡན་གྱི་ཆོས་རྣམས་དང༌། མཐུན་པས་ཀུན་བཏགས་ཀྱི་ཚོར་བ་དང༌། འདུ་ཤེས་དང༌། ཡོངས་གྲུབ་ཀྱི་མྱ་ངན་ལས་འདས་པ་ཡང་བསྟན། ཀུན་བཏགས་ཀྱི་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལས་ཀྱང་བཟློག །ཡོངས་གྲུབ་ཀྱི་མྱ་ངན་ལས་འདས་པ་ཡང་བསྟན། ཀུན་བཏགས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། ནུད་ཙམ་ན། མྱ་ངན་ལས་འདས་པ་ཡང་བསྟན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། འཇིག་རྟེན་པ་དང༌། ཕྲེང་གཅིག་ན། མྱ་ངན་ལས་འདས་པ་ཡང་བསྟན་པ་དེ་ནི་བཀའ་མདོ་རྒྱུད་ཟབ་མོ་ཀུན་གྱི་ངེས་དོན་མཐར་ཐུག་ཐམས་ཅད་གཅིག་ཏུ་འདུས་པ་ཡིན་པས་ངོ་མཚར་ཆེའོ། །ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཤོག་གུ་གཅིག་དང་ཕྲེང་གཉིས་ལྷག་ན། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་ནི་རྒྱུད་ཆགས་ཡིན་པའི་ཕྱིར། །ཆུང་དང་། རབ་འབྱོར། གཞན་ཡང༌། ཕྲེང་བཅུ་གཉིས་ན། འབྲིང་དང་། རབ་འབྱོར། དེ་ཅི་སྙམ་དུ་སེམས། ཤོག་གུ་གཉིས་དང་ཕྲེང་བཞི་ལྷག་ན། བསྔོ་བ་ལ་མཁས་པར་བྱའོ། །ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་བཞེད་དོ། །རབ་འབྱོར། དེ་ཅི་སྙམ་དུ་སེམས། ཕྲེང་བཅུ་དགུ་ན། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །གསོལ་པ། བཅོམ་ལྡན་འདས་གྲངས་མ་མཆིས་པ་དང༌། ཕྲེང་དགུ་ན། དཔག་ཏུ་མེད། ཚད་མེད་པའོ། །ཞེས་པ་ནི་གྲངས་དང་ཚད་ལ་སོགས་པ་ནི་ཀུན་བཏགས་པ་ལ་ཡོད་ཅིང་སྟོང་པ་ཉིད་ཀྱི་དབྱིངས་ལ་ནི་མེད་དེ། དེའི་རྣམ་གྲངས་སུ་གཏོགས་པའོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་ལྔ་ཐལ་ན། ཐ་དད་དུ་བགྱི་བ་མི་དམིགས་སོ། །ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་བདུན་ན། སྟོང་པ་ཉིད་ནི་བརྗོད་པར་མི་ནུས་སོ། །དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང༌། །སྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །གསོལ་པ། བཅོམ་ལྡན་འདས་བརྗོད་དུ་མ་མཆིས་པའི་དོན་ལ། 4-1-348 ཕྲེང་བཅུ་གཉིས་ན། འཚང་རྒྱ་བར་འགྱུར། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་བདུན་ན། བསྔོ་བའོ། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །གསོལ་པ། ནུད་ཙམ་ན། བྱང་ཆུབ་ཇི་ལྟ་བུ་ལགས། ཞེས་པ་ནི་གཟུགས་ལ་སོགས་པ་དང༌། ཐ་དད་པ་མ་ཡིན་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་པ་དེ་ཡང་བསྟན་པའི་ཕྱིར་ཞུས་པའོ། །ཞེས་དབུ་མ་པ་གསུངས། གང་ཡིན་པ་སྟེ། འགྱུར་མེད་ཡོངས་གྲུབ་དོན་དམ་པའི་དབྱིངས། དབྱིངས་རིག་དབྱེར་མེད་ཀུན་གྲོལ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཕྲེང་གཅིག་ལྷག་ན། སངས་རྒྱས་རྣམ་པར་སྣང་མཛད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་ཕྱེད་ན། གང་ཡིན་པ་རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ། མི་བསྐྱོད་པ་སྟེ་རང་བྱུང་ཡེ་ཤེས་ལྔ་གང་ཡིན་པ་དེ། བླ་ན་མེད་པ། དེ་བཞིན་ཉིད་གང་ཡིན་པ་གཞི་འབྲས་དབྱེར་མེད་འདུས་མ་བྱས་ཀྱི་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡེ་ཤེས་ཀྱི་ལྷ་ཚོགས་མང་པོར་བཞུགས་པ་དེ་བླ་ན་མེད་པ། ཕྲེང་ཕྱེད་ལྷག་ན། སུམ་ཅུ་རྩ་བདུན་གྱི་དེ་བཞིན་ཉིད་གང་ཡིན་པ་དང༌། གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི་ཕར་ཕྱིན་ཐམས་ཅད་སྟོང་ཉིད་ཐམས་ཅད་བྱང་ཆུབ་ཕྱོགས་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་བདེ་བ་ཆེན་པོའི་ལྷ་ཚོགས་མང་པོ་རྟག་ཏུ་བཞུགས་པ་གང་ཡིན་པ་དེ་བླ་ན་མེད་པ། ཕྲེང་ཕྱེད་དང་གསུམ་ན། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་འགོག་བདེན་ཟབ་མོ་འདུས་མ་བྱས་ཀྱི་བདེ་བ་ཆེན་པོ་མཁའ་ཁྱབ་རང་བྱུང་ཡེ་ཤེས་ཀྱི་ལྷ་ཚོགས་མང་པོ་རྟག་ཏུ་བཞུགས་པ་རྟོག་གེ་རྣམ་ཤེས་ལས་འདས་ཤིང་སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག །ཕྲེང་གཅིག་ལྷག་ན། གང་ཡིན་པ། ཕྱི་ནང་ཀུན་རྫོབ་འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཉིད། དོན་དམ་གྱི་ལྷ་ཚོགས་མང་པོ་རྟག་ཏུ་བཞུགས་པ་གང་ཡིན་པ། དེ་ན་བླ་ན་མེད་པ། དེ་བཞིན་ཉིད་གང་ཡིན་པ། དེ་བླ་ན་མེད་པ་གང་ཡིན་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། རབ་ཞི་ན་མ་ངེས་སུ་ཡང་ཆོས་ཀྱི་དབྱིངས་ནི་སངས་རྒྱས་ཏེ། སངས་རྒྱས་ནི་ཡང་དག་པའི་མཐའོ། །ཞེས་སོགས་དང༌། ཤེར་ཕྱིན་བདུན་བརྒྱ་པར་ཡང༌། འདི་ལྟར་ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་ཡིན་པའི་ཕྱིར་རོ། །ཞེས་དང༌། ཆོས་ཀྱི་དེ་ཉིད་བྱང་ཆུབ་ཐོབ་བོ། །ཞེས་སོགས་དང༌། རྒྱན་སྡུག་པོར་ཡང༌། དེ་བཞིན་གཤེགས་པ་ནི་རྟག་པ། བརྟན་པ། ཐེར་ཟུག་མི་འཇིག་པ་སྟེ། སངས་རྒྱས་རྗེས་སུ་དྲན་པའི་བསྒོམ་པའི་རྣལ་འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ། མྱ་ངན་ལས་འདས་པ་དབྱིངས་ནམ་མཁའ་ལྟ་བུར་མི་འཇིག་པ་སྟེ། མྱ་ངན་ལས་འདས་པའི་སྒྲ་ཆོས་ཀྱི་དབྱིངས་ཀྱི་ཚིག་གིས་འདས་པ་དང༌། བྱུང་བ་དང༌། འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ 4-1-349 ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང་ཆོས་སྐྱོན་མེད་པ་འདི་ནི་དེ་བཞིན་གཤེགས་པའོ། །ཞེས་སོགས་དང༌། དཀོན་མཆོག་སྤྲིན་ལས་དང༌། དེ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། ཡང་དག་པའི་མཐའ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་པ་དང༌། ཆོས་འཕགས་ཀྱི་ལེའུར་ཡང༌། རིགས་ཀྱི་བུ། མི་སྐྱེ་བ་ལ་ནི་འགྲོ་བའམ་འོང་བ་མེད་དེ། མི་སྐྱེ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་དུ་ཡང་དག་པའི་མཐའ་དང་སྟོང་པ་ཉིད་དང༌། ཇི་ལྟ་བ་བཞིན་དང༌། འདོད་ཆགས་དང་བྲལ་བ་དང་འགོག་པ་ལ་ཡང་སྦྱར་ཏེ། གསུངས་ཤིང་གཞན་ཡང་ཤིན་ཏུ་མང་པོར་བཀའ་སྩལ་པ། དེ་ནི་ཚོགས་གཉིས་གློ་བུར་པ་བསགས་པས་འཕེལ་བ་ཡང་མེད་དོ། །སྒྲིབ་གཉིས་གློ་བུར་བཟད་པས་ཡོངས་སུ་འགྲིབ་པ་ཡང་མེད་དོ། །ཕྲེང་གཅིག་ན། ཆོས་གང་ལ་ཡང་ཅིར་ཡང་མི་རྟོག་པས་འཕེལ་བའམ། ཕྲེང་ཕྱེད་ན། བརྗོད་དུ་མེད་པའི་དོན་གཤིས་ཀྱི་གནས་ལུགས་ཟབ་མོ་དོན་དམ་གཞན་སྟོང་བདེ་ཆེན་མཁའ་ཁྱབ་ནི་འཕེལ་བ་མེད་ཅིང༌། ནུད་ཙམ་ན། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ། ཚུལ་ཁྲིམས། འགྲིབ་པ་ཡང་མེད་དོ། །ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། ནང་སྟོང་པ་ཉིད་ལ། ཕྲེང་དྲུག་ན། འཕེལ་བའི་རྟོགས་པ་མེད་པ་དང༌། ཡོངས་སུ་འགྲིབ་པའི་རྟོག་པ་མེད་པ་ལ་སོགས་པའི་ཚུལ་གྱིས། ཅིར་ཡང་མི་རྟོག་ཅིང་སེམས་ལ་ཅི་ཡང་མི་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཁྱད་པར་བྱའོ། །ཞེས་པས་ནི་འདི་གཅིག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡིན་པར་སྟོན་ཏོ། །ཞེས་དབུ་མ་པ་གསུངས། སེམས་ནི་སྔ་མས་བྱང་ཆུབ་བར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །གསོལ་པས་བཅོམ་ལྡན་འདས་ཅི་ལགས། ཕྲེང་དྲུག་ན། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །རབ་འབྱོར། དེ་ཇི་སྙམ་དུ་སེམས། ཕྲེང་བཅུ་གཉིས་ན། སྐྱེ་བ་དང་ནི། གསོལ་བ། བཅོམ་ལྡན་འདས་དེ་ལྟར། ཕྲེང་ལྔ་ན། འབྱུང་བ་ཟབ་བོ། །འགག་པ་དང༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་གཅིག་ན། མ་ལགས་སོ། །དེ་བཞིན་ཉིད་དང་། བཅོམ་ལྡན་འདས་ཀྱིས། ཕྲེང་གཅིག་ན། དེ་བཞིན་དུ་རྟོགས་མེད་དུ་གནས་པར་འགྱུར་རོ། །ཕྲེང་གཅིག་ན། བཅོམ་ལྡན་འདས་རྟོགས་མེད་སྤྲོས་བྲལ་དུ་གནས་པའི་ལམ་ཤེར་ཕྱིན་དེ་ནི་རྟག་པ་མ་ལགས་སོ། །དེ་བཞིན་ཉིད་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་ཕྱེད་ན། བཅོམ་ལྡན་འདས་ཟབ་བོ། །གཤེགས་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཅི་སྙམ་དུ་སེམས། ལམ་འདུས་བྱས་ཀྱི་སེམས་དེ་ཡང་དེ་བཞིན་ཉིད་དམ། ཞེས་པ་ནི་ཅི་འདུས་བྱས་ཀྱི་སེམས་གང་ཡིན་པ་དེ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་ནམ་ཞེས་དྲིས་པའོ། །ཞེས་དབུ་མ་པ་གསུངས། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཞེས་པ་ནི་དྲི་མ་དང་བཅས་པའི་ཕྱིར་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་མ་ལགས་སོ། །ཞེས་གསོལ་པའོ། །ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ལ་སེམས་དེ་གུད་ན་ཡོད་དམ། ཞེས་པ་ནི་འདུས་བྱས་ཀྱི་སེམས་དེ་དེ་བཞིན་ཉིད་ལས་གཞན་ནམ་ཞེས་དྲིས་པའོ། །ཞེས་དབུ་མ་པ་གསུངས། གསོལ་པ། 4-1-350 བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཞེས་པ་ནི་ཀུན་བཏགས་པའི་སེམས་སུ་གྲུབ་པ་ལས་དེ་ཁོ་ན་ཉིད་དམ་གཞན་དུ་བསྙད་དུ་མི་རུང་བའི་ཕྱིར་སླར་གསོལ་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། མ་ལགས་སོ། །[ཞེས་[ཤེས་?]དང་། བཅོམ་ལྡན་འདས་ཀྱིས། ཕྲེང་གཅིག་ན་མ་ལགས་སོ། །སྤྱོད་དང་། བཅོམ་ལྡན་འདས་ཀྱིས། ཕྲེང་གཉིས་ན། སྤྱོད་པ་དེ་ནི་མཚན་མའི་ཚུལ་གྱིས་ཅི་ཡང་མི་སྤྱོད་དོ། །ཕྲེང་གཅིག་ན། གནས་པ་ལ། སེམས་སེམས་འབྱུང་དང་ལས་རུང་ཡོངས་སུ་རྒྱུ་བ་དེ་དག །ཕྲེང་གཅིག་ན། དེ་བཞིན་ཉིད་ལ་ཡང་རླུང་སེམས་གང་ཡང་རྒྱུ་བ་མ་མཆིས་སོ། །གཉིས་མེད་དང༌། །བཅོམ་ལྡན་འདས་ཀྱིས། ཕྲེང་གཅིག་ན། དེ་ནི་མི་རྟོག་ཡེ་ཤེས་གང་ལ་གཟུང་འཛིན་གཉིས་དང་རང་གཞན་གཉིས་ལ་སོགས་པ་གཉིས་ཀྱི་ཡོངས་སུ་རྒྱུ་བ་མ་མཆིས་པའི་དོན་དམ་པ། རང་བཞིན་འོད་གསལ་རྣམ་པ་ཀུན་ལྡན་རྣམ་པ་མེད་ལ་སྤྱོད་དེ། ཕྲེང་གཅིག་ན། རླུང་སེམས་ཡོངས་སུ་རྒྱུ་བ་ལ་སྤྱོད་པའམ། ཕྲེང་གཉིས་ན། མ་ལགས་སོ། །ཐབས་མཁས་པ་ལ་ཟབ་པ་ཉིད། །བཅོམ་ལྡན་འདས་ཀྱིས། ཕྲེང་གཉིས་ལྷག་ན། སྙམ་དུ་མི་སྦྱོར་ཏེ། རླུང་སེམས་ཀྱི་འགྱུར་བ་འགག་པའི་ཕྱིར་རོ། །གསོལ་པ། ཕྲེང་གཉིས་ལྷག་ན། འཚང་མི་རྒྱ་སྟེ། རྣམ་ཤེས་ཚོགས་བརྒྱད་འཁོར་དང་བཅས་པ་དང༌། དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་མ་འགགས་པར་སངས་རྒྱས་ཐོབ་པ་མི་སྲིད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས། རླུང་སེམས་ངང་གིས་འགག་པའི་ཐབས་ཟབ་འདི་ནི། ཕྲེང་བརྒྱད་ཐལ་ན། དངོས་པོར་ཡང་སེམས་པར་མི་བགྱིད། དངོས་པོ་མ་མཆིས་པ་སེམས་པར་མི་བགྱིད་དོ། །ཕྲེང་བདུན་ན། ལེའུ་ཞེ་གཅིག་གོ། །། ༈ དེ་རྣམས་ཀྱིས་ནི། སློ༷བ་པ༷་ཕྱི༷ར་མི༷་ལྡོ༷ག་པ༷འི་ཚོ༷གས། །ཞེས་དོན་བརྒྱད་པ་བཤད་ཟིན་ཏོ། ། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །དེ་ནས་ཡང་ཚེ་དང་ལྡན་པ། ཕྲེང་ལྔ་ན། ལས་མེད་ལ་སོགས་གླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །སྨྲས་པ། ཚེ་དང་ལྡན་པ། ཤོག་གུ་གཉིས་དང་ཕྲེང་བཅུ་ན། འགྱུར་རོ་སྙམ་མོ། །དེ་རྣམས་ཀྱིས་ནི། སྲི༷ད་ད༷ང་ཞི༷་བ༷་མཉ༷མ་ཉི༷ད་ད༷ང༌། །ཞེས་པ་དོན་དགུ་པ་གསུངས་ཟིན་ཏོ། ། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བསྒྲུབས་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་བཞི་དང་ཕྲེང་བཞི་ན། དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དངོས་པོ་བདག་ཏུ་བྱ་བ་ནི། ཤོག་གུ་བཅུ་ན། ལེའུ་བཞི་བཅུ་གསུམ་པའོ།། །། ༈ དེ་རྣམས་ཀྱིས་ནི། ཞི༷ང་ད༷ག་བླ༷་ན༷་མེ༷ད་པ༷་ནི༷། །ཞེས་པ་དོན་བཅུ་པ་བཤད་ཟིན་ཏོ། །ཡུལ་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་བརྒྱད་ན། མ་འདྲེས་པ་རྣམས་བསྒོམ་པར་བགྱི། སྦྱོར་བ་ཅན་འདི་ནི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་སུམ་ཅུ་ན། དགྲ་རྣམས་ལས་ནི་འདས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཤོག་གུ་གཅིག་དང་ཕྲེང་ཅིག་ཐལ་ན། མི་གནས། རབ་འབྱོར། འདི་ལྟ་སྟེ། དཔེར་ན། འདབ་ཆགས་བྱ་ནི། ཕྲེང་བཞི་ 4-1-351 ཐལ་ན། ཐོབ་པར་བྱའོ། །ཇི་བཞིན་ཤུགས་དང་ནི། །རབ་འབྱོར། འདི་ལྟ་སྟེ། ཕྲེང་བདུན་ན། ཐུན་མོང་མ་ཡིན་མཚན་ཉིད་དང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་བརྒྱད་ལྷག་ན། མི་བྱེད་པར་རིགས་པར་བྱའོ། །མ་ཆགས་པ་དང་། རབ་འབྱོར། གཞན་ཡང༌། ཤོག་གུ་གཅིག་དང་ཕྲེང་དྲུག་ན། ལྟ་བུ་མ་ཡིན་པར་འགྱུར་རོ། །མི་དམིགས་དང༌། །རབ་འབྱོར། གཞན་ཡང༌། ཤོག་གུ་གཅིག་དང་ཕྲེང་བཞི་ན། སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །མཚན་མ། རབ་འབྱོར། གཞན་ཡང༌། ཕྲེང་བདུན་ན། བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྨོན་ལམ་ཟད་པ་དང༌། །རབ་འབྱོར། གཞན་ཡང༌། ཤོག་གུ་གཅིག་ལྷག་ན། གནས་མ་ཡིན་ནོ། །དེ་ཡི་རྟག་དང་། རབ་འབྱོར། གཞན་ཡང༌། ཤོག་གུ་གཅིག་དང་ཕྲེང་གཉིས་ན། བྱ་བར་རིགས་པར་བྱའོ། །ཚད་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ། །གསོལ་པ། བཅོམ་ལྡན་འདས་གང་གིས། ཕྲེང་བདུན་ན། ལེའུ་བཞི་བཅུ་རྩ་བཞི་པའོ།། །། ༈ དེ་རྣམས་ཀྱིས་ནི། རྣ༷མ་ཀུ༷ན་མངོ༷ན་རྫོ༷གས་རྟོ༷གས་པ༷་སྟེ༷། །འདི༷་ནི༷་ཐ༷བས་མཁ༷ས་བཅ༷ས་པ༷་ཡི༷ན། །ཞེས་དོན་བཅུ་གཅིག་པ་གསུངས་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བའི་སྐབས་ཏེ་བཞི་པའོ།། །། ༈ རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །དེ་ནས་བཅོམ་ལྡན་འདས། ཤོག་གུ་བཅུ་གཉིས་དང་ཕྲེང་བདུན་ན། མཚན་ཉིད་གང་ཡང་མེད་པའོ། །ཞེས་པས་ཐོགས་པ་མེད་པའི་མཚན་ཉིད་བཀའ་སྩལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཞན་གང་གི་མཚན་ཉིད་ཀྱང་མ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱང་ཅི་ཡང་ཡོད་པ་མ་ཡིན་ཏེ། དངོས་པོའི་ངོ་བོ་ཡོད་པ་མ་ཡིན་ནོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། གསོལ་པ། བཅོམ་ལྡན་འདས་མཚན་ཉིད་གང་གིས། ཕྲེང་གསུམ་ན། ཆོས་ཐམས་ཅད་ཀྱི་སྟོང་པའོ། །ཞེས་པ་ནི་ཀུན་བཏགས་པའི་ཆོས་རྣམས་ཀྱི་དབེན་ཞིང་བྲལ་བ་ནི། ཡོངས་སུ་གྲུབ་པ་སྟེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །དེ་བས་ན་དེ་དག་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། རབ་འབྱོར། རྣམ་གྲངས་དེས་ན། ཤོག་གུ་གཅིག་དང་ཕྲེང་དགུ་ན། ཉེ་བར་གྱུར་པ་ལགས་སོ། །དེ་རྣམས་ཀྱིས་ནི། དེ༷་ཡི༷་རྟ༷གས་ད༷ང་། ཞེས་པ་དོན་དང་པོ་གསུངས་ཟིན་ཏོ། ། འཛམ་བུ་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤོག་གུ་དྲུག་དང་ཕྲེང་བརྒྱད་ན། རྗེས་སུ་མཐོང་ངམ། ཞེས་པ་ནི་ལུང་བསྟན་པར་བྱ་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པས་དངོས་པོ་མེད་པས་འདི་དང་འདི་ལྟ་བུའི་དོན་དུ་ལུང་བསྟན་པར་འགྱུར་རོ། །ཞེས་བྱ་བ་དེ་ལྟ་བུ་མེད་དོ། །ཞེས་བྱ་བའི་ཐ་ཚིག་ 4-1-352 གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། གསོལ་པ། བཅོམ་ལྡན་འདས། དེ་ལྟ་མ་ལགས་ཏེ། ཤོག་གུ་ཉི་ཤུ་ན། ལེའུ་བཞི་བཅུ་བདུན་པའོ།། །། ༈ དེ་རྣམས་ཀྱིས་ནི། རྣ༷མ་འཕེ༷ལ་ད༷ང༌། །ཞེས་པ་དོན་གཉིས་པ་གསུངས་ཟིན་ཏོ། །ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བརྟན་པ་ཞེས་ནི་མངོན་པར་བརྗོད། །དེ་ནས་ལྷའི་དབང༌། ཤོག་གུ་ཕྱེད་དང་གཉིས་ན། མྱ་ངན་ལས་འདའ་བར་འགྱུར་རམ་ཞེས་རྟོགས་ཏེ། དེ་རྣམས་ཀྱིས་ནི། བརྟ༷ན་ད༷ང་། ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། །གླིང་བཞི་པ་དང་སྟོང་དག་དང༌། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །བཅོམ་ལྡན་འདས་དེ་ལྟར་ཐེག་པ་ལ། ཕྲེང་བཅུ་བདུན་ན། བསྔོ་བར་བགྱིའོ། །ཞེས་བྱ་བ་ནི་དེ་དག་གི་སེམས་བསྐྱེད་པ་གང་ཡིན་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པ་དེ་དག་དོན་དམ་པར་ཐ་དད་པ་མ་ཡིན་ཏེ། དེ་དག་གི་དེ་བཞིན་ཉིད་ནི་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་གཉིས་ཀྱི་འདུ་ཤེས་སུ་འགྱུར་རོ། །གཉིས་ནི། དྲི་མ་དང་བཅས་པ་དང༌། དྲི་མ་མེད་པའི་བྱེ་བྲག་ལས་ཐ་དད་པ་ཡོད་པས་གཉིས་ཀྱི་འདུ་ཤེས་སུ་ཡང་འགྱུར་རོ། །དེ་བས་ན་གཅིག་པའི་ཕྱིར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །ཞེས་གསུངས་སོ། །ཐ་དད་པའི་ཕྱིར་གཉིས་ཀྱི་འདུ་ཤེས་སོ། །ཡང་ན་ཡོད་པ་དང་མེད་པ་ཞེས་བྱ་བ་ནི་གཉིས་སུ་འདུ་ཤེས་པའོ། །ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ནི་གཉིས་སུ་འདུ་ཤེས་མེད་པ་སྟེ། དེ་ཡང་འོག་ནས་འབྱུང་བའི་གཞུང་གིས་གསལ་བར་བཤད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་བཅུ་བཞི་ན། ཡོངས་སུ་བསྔོ་བར་བྱའོ། །འཇུག་པ་དང་ནི། དེ་རྣམས་ཀྱིས་ནི། སེ༷མས་ཀུ༷ན་གན༷ས་པ༷་ད༷ང༌། །ཞེས་པ་དོན་བཞི་གསུངས་ཟིན་ཏོ། ། འདིའི་རྗེས་ནས་མདོ་དང་མངོན་རྟོགས་གོ་རིམ་མི་མཐུན་པ་ལྔ་བྱུང་ཡང༌། ལེ་བརྒྱད་མར་གོ་རིམ་མཐུན་པར་བཀོད་དོ། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་མཚན་ཉིད་དོ། །ངོ་བོ་ཉིད་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་བཞི་དང་ཕྲེང་དྲུག་ཐལ་ན། སྙམ་པར་མི་བགྱིད་དོ། །རིགས་དང་ནི། །བཅོམ་ལྡན་འདས། འདི་ལྟ་སྟེ། ཕྲེང་བཞི་ན། མི་རྟོག་པའི་སླད་དུའོ། །ལམ་ནི་ཡང་དག་འགྲུབ་པ་དང༌། །བཅོམ་ལྡན་འདས། འདི་ལྟ་སྟེ། ཕྲེང་བཞི་ན། ཤེས་པའི་དམིགས་པ་མ་འཁྲུལ་དང༌། །བཅོམ་ལྡན་འདས། འདི་ལྟ་སྟེ། ཕྲེང་བཞི་ན། མི་མཐུན་ཕྱོགས་དང་གཉེན་པོ་དང༌། །བཅོམ་ལྡན་འདས། ཤེས་རབ་ཀྱི། ཕྲེང་བཞི་ན། མ་མཆིས་སོ། །རང་གི་རྟོགས་དང་། བཅོམ་ལྡན་འདས། ཕྲེང་གཉིས་ཐལ་ན། སླད་དུའོ། །བྱེད་པ་དང༌། །བཅོམ་ལྡན་འདས། ཕྲེང་ལྔ་ན། སླད་དུའོ། །དེ་ཡི་ལས། བཅོམ་ལྡན་འདས། ཕྲེང་གཉིས་ན། མི་རྟོག་པའོ། །བྱའི་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་གྱི་ནི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། ཤིང་མཁན་ནམ། ཕྲེང་གསུམ་ན། ལྡོག་པ་ 4-1-353 ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཤོག་གུ་གཉིས་དང་ཕྲེང་བཞི་ན། ལེའུ་ཞེ་བརྒྱད་པའོ།། །། ༈ སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དགུ་རུ་འདོད། །དེ་དག་སོ་སོར་དགུ་བདག་ཉིད། །དེ་ནས་ཚེ་དང་ལྡན་པ། ཤོག་གུ་བརྒྱད་དང་ཕྲེང་བདུན་ན། མ་བྱུང་བ་ཡང་རུང་སྟེ། ཞེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་གནས་པ་ཡིན་པའི་ཕྱིར། དེ་དུས་ཐམས་ཅད་དུ་ཡོད་དེ། དེའི་ཕྱིར་གནས་པ་ཞེས་བྱ་བ་དང༌། བསྒྲུབ་པ་ཞེས་བྱ་བ་གང་ཡང་མེད་དེ། དེ་བཞིན་ཉིད་ལ་ནི་གནས་པ་དང༌། བསྒྲུབ་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པ་གང་ཡང་མེད་དོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གསུམ་ལྷག་ན། དེ་ནི་གནས་མེད་དོ། །བྱང་ཆུབ་ལ་གཞན་སྟོན་པ་དང༌། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤོག་གུ་ལྔ་ན། དེ་ཡི་རྒྱུ་ནི་ཡོངས་གཏོད་དང༌། །དགའ་བོ། རིགས་ཀྱི་བུའམ། ཤོག་གུ་ལྔ་དང་ཕྲེང་གསུམ་ན། མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །དགའ་བོ། གལ་ཏེ་ཁྱོད་ཀྱིས། ཤོག་གུ་བཞི་དང་ཕྲེང་གསུམ་ན། ཚད་མེད་དོ། །དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། ཤོག་གུ་གཅིག་དང་ཕྲེང་གཉིས་ན། ལྟ་ག་ལ་ཡོད། ཟག་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམ་བཞིན་དུ་ཤེས་པར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཤོག་གུ་གཅིག་དང་ཕྲེང་གཅིག་ན། ལེའུ་ལྔ་བཅུ་པའོ།། །། ༈ འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཇི་བཞིན་ཟད། །སྐྱེ་མེད་རྣམ་པ་ཇི་བཞིན་འཐོབ། །གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་ཡི། །དེ་ལ་ཁོ་བོས་མཚར་དུ་བརྩིས། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནས་ཚེ་དང་ལྡན་པ། ཤོག་གུ་དྲུག་དང་ཕྲེང་དགུ་ན། སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྦྱིན་པ་ལ་སོགས་རེ་རེ་ནི། །དེ་དག་ཕན་ཚུན་བསྡུས་པ་གང༌། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་བཅུ་དྲུག་དང་ཕྲེང་ལྔ་ན། ནང་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད། ཅེས་བྱ་བར་མིང་དམིགས་སོ། །ཞེས་བྱ་བ་ནི་ནང་སྟོང་པ་ཉིད་དོ། །ཞེས་རྣམ་པར་མི་རྟོག་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཤོག་གུ་བཞི་དང་ཕྲེང་བཞི་ན། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །དེ་རྣམས་ཀྱིས་ནི། མཐོ༷ང་ཞེ༷ས་བྱ༷་ད༷ང་། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་ 4-1-354 འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོག་པར་བྱེད། །རྟེན་འབྲེལ་ལུགས་མཐུན་ལུགས་ལས་བཟློག །སྟོན་པའི་མདོ་གཞན་མང་པོར་ཡོད་ཀྱང༌། སྐབས་འདིར་ཡུམ་རྒྱས་འབྲིང་བསྡུས་གསུམ་དུ་མ་བྱུང་ཞིང༌། འཕགས་པ་གྲོལ་སྡེ་དང༌། སློབ་དཔོན་སེང་གེ་བཟང་ལ་སོགས་པས་ལེ་བརྒྱད་མ་དང་སྦྱར་ནས་སྐབས་འདིར་བཀོད་དོ། །འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། ལེའུ་ལྔ་བཅུ་གཉིས་སོ།། །། ༈ སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །དེ་ནས་ཚེ་དང་ལྡན་པ། ཕྲེང་བཅུ་བཞི་ན། (གསལ་བཤད། མངོན་རྟོགས་རྒྱན་ལས། ཡོངས་སུ་འཛིན་པ་མེད་པ་དང༌།། ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོག་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།) རབ་འབྱོར། འདི་ལྟ་སྟེ། ཕྲེང་གསུམ་ན། ལམ་གྱི་རྣམ་པ་མ་ཚང་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། གཡུལ་དུ། ཕྲེང་གཉིས་ལྷག་ན། ཐུབ་པར་དཀའོ། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །རབ་འབྱོར། འདི་ལྟ་སྟེ། ཕྲེང་གཉིས་ན། གང་ན་པ་དེར་འདོད་དོ། །ཆེད་དུ་བྱ་བ་ལོག་པ་དང༌། །རབ་འབྱོར། འདི་ལྟ་སྟེ། ཕྲེང་གཉིས་ན། ཉི་ཚེ་བ་དང་། སྐྱེས་བུ་ལག་པ་གཡས་པ་ནི། ཕྲེང་གཅིག་ན། སྣ་ཚོགས་ཉིད། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཆུ་ཀླུང་ཕྲ་མོ། ཕྲེང་གཉིས་ན། རོ་གཅིག་པར་འགྱུར་རོ། །གནས་དང་འཇུག་ལ་རྨོངས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། ཕྲེང་གསུམ་ན། གནས་དེ་ལས་མི་འདའོ། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས་ཡིད་ལས་འབྱུང༌། །རབ་འབྱོར། འདི་ལྟ་སྟེ། ཤོག་གུ་གཉིས་ན། ལྔའི་རབ་ཅེས་བགྱི། ཞེས་པ་ནི་ཐ་དད་པ་མེད་པའི་ཕྱིར་ཁྱད་པར་མེད་དེ་གཅིག་པ་ལ་རབ་ཅེས་བྱ་བ་མི་རིགས་སོ། །ཞེས་དགོངས་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གཉིས་ན། དེ་དེ་བཞིན་ཏེ། ཞེས་པའི་དགོངས་པ་ནི། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ཐ་དད་པར་མི་འགྱུར་ཏེ། དེ་བས་ན་ཐ་དད་པ་མེད་པ་ཉིད་དེ་ལ་རག་ལས་པའི་ཕྱིར། དེ་ལ་རབ་ཅེས་བྱ་སྟེ། འདིར་ཡང་རི་རབ་གྱིས་དཔེས་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། རབ་འབྱོར། ཕ་རོལ་ཏུ་ཕྱིན་པ་རྣམས་ན། ཕྲེང་བདུན་ན། རྗེས་སུ་ཐོབ་པར་འགྱུར་བ་ནི་གང་ཞིག་མཆིས། ཞེས་པ་ནི་དོན་གྱི་རྗེས་སུ་བཞུགས་པའི་གང་ཟག་ལ་ཆོས་གང་ཡང་བྱེ་བྲག་ཏུ་མི་སྣང་ངོ༌། །དེ་བཞིན་དུ། དོན་གྱི་དབང་གིས་ཆོས་རྣམས་ལ་ཡང་བྱེ་བྲག་མེད་དེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ་རབ་ཅེས་བརྗོད་པར་མི་བྱའོ། །ཞེས་ཞུས་པའོ། །ཞེས་ཀུན་མཁྱེན་གཉིས་པ་གསུངས། ཕྲེང་གཉིས་ནི། དེ་དེ་བཞིན་ཏེ། ཞེས་པ་འདི་སྐད་ 4-1-355 བསྟན་ཏོ། །དོན་གྱི་རྗེས་སུ་ཞུགས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་གིས་གྲུབ་སྟེ། དེ་བས་ན་དེ་རབ་ཅེས་བྱའོ། །འདི་ལྟར་བྱེ་བྲག་མེད་ཀྱང་འཇིག་རྟེན་ན་བརྡའི་རྗེས་སུ་འབྲང་བས་འདི་ནི་སྦྱིན་པའོ། །འདི་ནི་ཚུལ་ཁྲིམས་སོ། །འདི་ནི་བཟོད་པའོ། །ཞེ་འདོད་ཆགས་པར་བྱེད་དོ། །འདོགས་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་འགྱུར་གྱི། གཞན་ལས་མ་ཡིན་ཏེ། འདིར་ཡང་བུད་མེད་རིན་པོ་ཆེའི་དཔེས་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དོན་རྗེས་སུ་ཐོབ་པར་བྱ་བ་ལ། ཕྲེང་དགུ་ན། གནས་པར་འགྱུར་བའི་ཕྱིར་རོ། །འཛིན་པ་དང་ནི་དོར་བ་དང༌། །གསོལ་པ། ཕྲེང་གཉིས་ན། གཏོང་བ་གང་ཡང་མེད་དོ། །ཞེས་པ་ནི་ཀུན་བཏགས་པའི་དབང་གིས་ནི་མི་འཛིན། ཆོས་ཉིད་ཀྱི་དབང་གིས་ནི་མི་གཏོང་བའོ། །ཞེས་དབུ་མ་པ་གསུངས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། ཕྲེང་བརྒྱད་ན། མི་འཛིན་མི་གཏོང་ངོ༌། །ཡིད་ལ་བྱེད་དང་། གསོལ་པ། བཅོམ་ལྡན་འདས། ཤོག་གུ་གཉིས་སུ་ཕྲེང་ལྔ་ཆད་པ་ན། དགེ་བའི་རྩ་བ་རྣམས། རྣམ་པར་འཕེལ་བར་འགྱུར་ཏེ། ཞེས་པ་ནི་ཆོས་རྣམས་མེད་པས་དངོས་པོ་མེད་པའི་བདག་ཉིད་ཤེས་ནས། ཡིད་ལ་མི་བྱེད་པ་ཉིད་དགེ་བའི་རྩ་བ་འཕེལ་བ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ག་པའི་མཚམས་རྫོགས་ནས། ང་པའི་འགོ་ན། ཁམས་རྣམས་ནི། །གསུམ་པོ་དག་དང་ཉེར་འབྲེལ་དང༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་ལ་བྱེད་པས། ཕྲེང་གསུམ་ན། འདྲེ་བར་མི་བྱའོ། །གནས་དང་། གསོལ་པ། ཕྲེང་བདུན་ལྷག་ན། མངོན་པར་ཞེན་པ་དང༌། །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ། ཕྲེང་གཉིས་ན། ཆོས་ཀྱི་དངོས་པོར་བཏགས་པ་དང༌། །གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕྲེང་བཅུ་གཉིས་ན། ལས་ཉམས་པར་གྱུར་ཏེ། ཞེས་པ་ནི་མཚན་མར་དམིགས་པའི་ཉེས་པས་ཆགས་པའོ། །ཞེས་དབུ་མ་པ་གསུངས། གང་ཤེས་རབ་ཀྱི། ཤོག་གུ་གཉིས་དང་ཕྲེང་བཞི་ན། ཆགས་པ་དང་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་ལྔ་ན། བརྗོད་པ་མ་ཡིན་ནོ། །གཉེན་པོ་དང༌། །གསོལ་པ། ཕྲེང་དགུ་ཐལ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ། ཞེས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དུས་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་མ་བྲལ་བའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གཉིས་ལྷག་ན། ལགས་ན་ནི། ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང༌། ཕྲེང་བཞི་ན། མངོན་པར་ཆགས་པ་མེད་དོ། །ཞེས་བྱ་བ་ལ་སོགས་པས་ཆོས་ནི་ཆོས་མངོན་པར་མི་སྒྲུབ་སྟེ། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །ཡང་དག་པར་རྗེས་སུ་མཐོང་བས་ཇི་ལྟ་ཇི་ལྟ་བུར་གནས་པའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཅི་ལྟ་བར་རྟོགས་པ་ཉིད་མངོན་པར་སྒྲུབ་པ་ཞེས་བྱ་བའི་གཞན་དུ་ནི་མ་ཡིན་ནོ། །ཞེས་དེ་སྐད་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། ཤོག་གུ་གཉིས་སུ་ཕྲེང་ཉིས་ཆད་པ་ན། ཆེད་བཞིན་ངེས་པར་མི་འབྱུང་དང༌། །རབ་འབྱོར། འདི་ལྟ་སྟེ། 4-1-356 དཔེར་ན། འཁོར་ལོས། ཕྲེང་གསུམ་ཐལ་ན། ལམ་མཉམ་པ་ནས་འགྲོའོ། །ལམ་ལ་ལམ་མིན་ངེས་འཛིན་དང༌། །གསོལ་པ། ཕྲེང་གསུམ་ཐལ་ན། ལམ་མ་ཡིན་པའོ། །འགོག་དང་བཅས་པའི་སྐྱེ་བ་དང༌། །གསོལ་པ། ཕྲེང་བཅུ་གཉིས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་འདི་སྐད་དུ་གསུངས་ཏེ། ཇི་ཞིག་བསྐྱེད་པར་བྱའོ་སྙམ་མམ། ཇི་ཞིག་འགག་པར་བྱའི་སྙམ་དུ་བསམས་ཏེ། ཚོགས་ཡོངས་སུ་རྫོགས་པར་མི་བྱའི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་ཏུ་ཡོངས་སུ་བསྔོ་ཞིང་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱའོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། སྦྱིན་པ་བྱིན་པར་བྱའོ། །ཕྲེང་བརྒྱད་ཐལ་ན། དྲུག་ལ་བརྩོན་པར་བྱའོ། །དངོས་པོ་ལྡན་དང་མི་ལྡན་དང༌། །གསོལ་པ། ཕྲེང་དགུ་ན། བརྩོན་པར་བྱའོ། །གནས་དང་། རབ་འབྱོར། ཕྲེང་དེ་ལ། བརྩོན་པར་མི་བྱའོ། །ཞེས་བྱ་བ་ལ་སོགས་པས་རྣམ་པར་སྨིན་པ་ཡིད་དུ་འོང་བའི་ཕུང་པོ་ལ་སོགས་པ་ལ། གནས་པར་བྱའོ་སྙམ་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་འབྲས་བུའི་ཚུལ་དུ་གནས་པར་བྱའོ་སྙམ་དུ་བརྩོན་པར་མི་བྱའོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་དྲུག་ན། ཡོངས་གྲུབ་ཀྱི། གཟུགས་ནི་གང་ལ་ཡང་མི་གནས་སོ། །ཞེས་པ་ནི། ཆོས་ཉིད་ཀྱི། གཟུགས་ལ་བྱའོ། །ཞེས་དབུ་མ་པ་དབྱིག་གཉེན་གསུངས། ཚོར་བ་དང༌། ཕྲེང་དྲུག་ན། འཚང་རྒྱ་བར་བྱའོ། །རིགས་ནི་འཇིགས་པ་དང༌། །རབ་འབྱོར། ཕྲེང་བཞི་ན། དཀྲོལ་བར་བྱའོ། །དོན་དུ་གཉེར་དང་། རབ་འབྱོར། དེ་ལྟ་བས་ན། ཕྲེང་བཞི་ན། ཞེས་སྨྲའོ། །རྒྱུ་མེད་དང༌། །དེ་ཅིའི་ཕྱིར་ཞེ་ན། ཕྲེང་དགུ་ན། བར་ལ་བསླབ་པར་བྱའོ། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཕྲེང་བཅུ་གཉིས་ན། དགོངས་པར་མཛད་དོ། །ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ཞིང་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ་ལ། དོན་དམ་པར་ཆོས་གང་ཡང་མི་དམིགས་ལ་ཀུན་རྫོབ་ཏུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མི་སྤྱོད་པ་ཡང་མ་ཡིན་ནོ། །དེ་དག་ལ་ཡང་སྤྱོད་ལ་ཅི་ལ་ཡང་མ་ཆགས་ཤིང་མི་དམིགས་པ་དང༌། ཉོན་མོངས་དང༌། བདུད་ལ་སོགས་པའི་དབང་དུ་མི་འགྱུར་བར་བྱིན་གྱིས་རློབ་ཅིང་དགོངས་པར་མཛད་དོ། །ཞེས་བསྟན་པའོ། །ཞེས་འབུམ་ཏིག་གསུངས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤོག་གུ་གཅིག་དང་ཕྲེང་གསུམ་ཐལ་ན། དགོངས་པ་མི་མཛད་དོ། །མདོར་བསྡུས་རྒྱས་དང་། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་ཐོབ་ཏུ་གནས་མང་པོར་ཡང་བསླབ་པར་བགྱི་ལ། མཉམ་གཞག་ལ་ཟློ་བའི་སྐབས་སུ་གང་ལ་ཡང་བསླབ་པར་མི་བགྱིའོ། །ཕྲེང་སོ་གཉིས་ན། སེམས་དཔའ་ཆེན་པོས་རྗེས་ཐོབ་ཏུ་གནས་མང་པོར་ཡང་བསླབ་པར་བྱ་སྟེ། མཉམ་གཞག་ལ་ཟློ་བའི་སྐབས་སུ་གང་ལ་ཡང་བསླབ་པར་མི་བྱའོ། །ཕྲེང་ལྔ་ན། མདོ་དང་རྒྱས་པར་ཤེས་པར་བྱའོ། །ཞེས་པ་ནི་གང་གི་ཚེ་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཤེས་པ་དེའི་ཚེ་མདོ་ཤེས་པར་འགྱུར་རོ། །གང་གི་ཚེ་གཟུགས་ཀྱི་དེ་བཞིན་ཉིད་དང༌། 4-1-357 ཚོར་བའི་དེ་བཞིན་ཉིད་ལ་སོགས་པ་མ་དག་ཅིང་ཡོངས་སུ་མ་གྲུབ་པར་ཤེས་པ་དེའི་ཚེ་རྒྱས་པར་ཤེས་པར་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་དགུ་ན། མི་དམིགས་པ་དང༌། རང་བཞིན་འོད་གསལ། རང་བཞིན་ལྷན་སྐྱེས། རང་བཞིན་འགྱུར་མེད་ཀྱི་བདེ་བ་ཆེན་པོ་བདེན་དོན་བཅུ་གཉིས། དེ་ཉིད་བཅུ་དྲུག། རྡོ་རྗེའི་ཉི་ཟླ། ཨེ་ཝཾ་ཡི་གེ། རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང༌། དོན་དམ་པའི་དུས་འཁོར་བདེ་དགྱེས་གསང་འདུས་ལ་སོགས་པ་གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི་ལྷ་དང༌། སྔགས་དང༌། རྒྱུད་དང༌། དཀྱིལ་འཁོར་དང༌། ཕྱག་རྒྱ་མཁའ་ཁྱབ་པྲ་ཕབ་དང་མཚུངས་པ་རྣམ་ཤེས་དང༌། རྟོག་གེ་དང༌། རྟེན་འབྲེལ་དང་སྐད་ཅིག་ལས་འདས་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་པོ་རྣམས་ཀྱིས་སྤྱོད་ཡུལ་མ་ཡིན་པ་མཆོག་གི་དབང་པོའི་སྤྱོད་ཡུལ་སོ་སོ་རང་རིག་རང་འབྱུང་ཡེ་ཤེས་ལྔ་དང་ཤེས་བཅུ་རྣམ་དག་བདག་ཉིད་ཀུན་རྫོབ་ཀྱི་བདག་ཐམས་ཅད་ཀྱིས་སྟོང་པའི་གཞི་དེ་བཞིན་ཉིད་བདག་དག་པའི་བདག་བསམ་གྱིས་མི་ཁྱབ་པའི་དབྱིངས་འདི་ནི་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མཉམ་བཞག་ཏུ་ལ་ཟློ་བའི་ཚུལ་དང༌། རྗེས་ཐོབ་ཏུ་ཤན་འབྱེད་ཕའི་ཚུལ་གྱིས་བསླབ་པར་བྱའོ། །ཕྲེང་ལྔ་ལྷག་ན། མཐའ་མེད་པའི་གཞི་ནི་ཡང་དག་པའི་མཐའ་སྟེ། ཞེས་པ་ལ་ཡང་དག་པའི་མཐའ་ཞེས་བྱ་བ་ནི་དེ་ཁོ་ན་མི་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་ཕྱེད་དང་གཉིས་ན། དབྱིངས་གང་ལགས། ཞེས་བྱ་བ་ནི་ཐེག་པ་ཆུང་ངུའི་གཞུང་ལྟར་ན་རྫས་བདུན་པ་ཡང་ཆོས་དབྱིངས་ཞེས་བྱ་བ། ཆོས་རྣམས་སྐྱེ་ཞིང་འབྱུང་བའི་རྒྱུའམ་གནས་ལའང་དབྱིངས་ཞེས་བྱ། རང་གི་མཚན་ཉིད་འཛིན་པ་ཡང་དབྱིངས་ཞེས་བྱ་ན། སྐབས་འདིར་ཆོས་ཀྱི་དབྱིངས་ཞེས་བྱ་བ་གང་ལ་བྱ་ཞེས་ཞུས་པའོ། །དེ་ནས་ནུད་ཙམ་ན། ཆོས་ཀྱི་དབྱིངས་ཏེ། ཞེས་བྱ་བ་ནི་ཐེག་པ་ཆུང་ངུའི་གཞུང་ལས་བྱུང་བའི་ཆོས་ཀྱི་དབྱིངས་གོང་དུ་སྨྲོས་པ་རྣམ་པ་གསུམ་ལ་སོགས་པའི་དངོས་པོ་མེད་པ་ལ་ཆོས་ཀྱི་དབྱིངས་ཞེས་བྱའོ། །ཞེས་བསྟན་པའོ། །ནུད་ཙམ་ན། ཆད་པ་མི་དམིགས་སོ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས། དབྱིངས་དེ་མི་འགྱུར་བར་ཡོངས་སུ་གྲུབ་པའི་ཕྱིར་ཆད་པ་དང༌། གཞན་དུ་འགྱུར་བ་མེད་དོ། །ཞེས་བསྟན་པའོ། །ཞེས་པ་གསུམ་འབུམ་ཏིག་གསུངས། ཕྲེང་གཅིག་ལྷག་ན། ཅི་ནས་ཀྱང༌། དོན་དམ་གྱི་ཆོས་ཉིད་དང༌། ནུད་ཙམ་ན། ཤེས་པར་བྱའོ། །ཞེས་བྱ་བ་ནི་དངོས་པོ་རྣམས་མེད་པ་ཉིད་ཀྱི་ཕྱིར་གཉིས་ཀར་ཡང་མི་འགྱུར་རོ། །ཞེས་དབུ་མ་པ་གསུངས། གསོལ་པ། ཕྲེང་བཅོ་ལྔ་ན། རྟོགས་པར་འགྱུར་བ་སྟེ། སངས་རྒྱས་ཀྱིས། །བཏང་བས་ཡོངས་སུ་མ་བཟུང་དང༌། །གལ་ཏེ་ཇི་སྐད་དུ་བསྟན་པའི། ཤོག་གུ་གཅིག་དང་ཕྲེང་བཅུ་གཉིས་དང༌། འདི་ལས་འབྱུང་བའོ། །དུས་གསུམ་ཡོན་ཏན་མེད་པ་དང༌། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤོག་གུ་གཅིག་དང་ཕྲེང་གསུམ་ན། གཉིས་ཀྱི་ལྷག་པའི་ཚིག་སྟེ། ཚིག་བླ་དྭགས་ལ་མཁས་པ་དང༌། མང་བའི་ལྷག་པའི་ཚིག་ལ་མཁས་པ་དང༌། ཞེས་པ་ནི་གྲངས་ཤེས་པ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ནུད་ཙམ་ན། མ་ནིང་གི་ལྷག་ 4-1-358 པའི་ཚིག་ལ་མཁས་པར་རིགས་པར་བྱའོ། །ཞེས་པས་ནི། རྟགས་ཤེས་པ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གསུམ་དུ་ཕྲེང་གཉིས་ཆད་པ་ན། ལེགས་པ་འདི་དག་ཡོད་པར་རིག་པར་བྱའོ། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །གསོལ་པ། བཅོམ་ལྡན་འདས། ཕྲེང་གཉིས་ན། བཀའ་སྩལ་པ། གཟུགས་དངོས་པོ་འགོག་པས་ཞི་བ་དང༌། གཟུགས་རྐྱེན་གྱི་དབང་གི་ཡིན་པས། རག་ལུས་པ་དང༌། གཟུགས་རང་བཞིན་སྟོང་པ་ཉིད་ཡིན་པས། གསོག་དང༌། གཟུགས་རྣམ་པར་དཔྱད་མི་བཟོད་པས་ན། སྙིང་པོ་མེད་པ། ཞེས་གྲོལ་སྡེ་གཉིས་གསུངས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཕྲེང་ལྔ་ན། བསྒོམ་པར་བྱའོ། །གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སེམས་མི་སྐྱེ་དང་། གསོལ་པ། བཅོམ་ལྡན་འདས། ཕྲེང་གཅིག་ལྷག་ནས། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང༌། །སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ། ཕྲེང་ཕྱེད་ན། དེ་ལྟར་བསྒོམ་པར་བྱའོ། །ཐེག་པ་དམན་པ་ཡིད་བྱེད་དང༌། །གསོལ་པ། བཅོམ་ལྡན་འདས། ཕྲེང་གཅིག་ན། སྤྱོད་པར་བྱའོ། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད། ཕྲེང་གཉིས་ན། དེ་ལྟར་སྤྱད་པར་བྱའོ། །ཞེས་པ་ནི་གནས་འགྱུར་གྱི་བར་དུ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ལྟར་མངོན་པར་བསྒྲུབ་པར་བྱའོ། །དེ་ལྟར་བསྒོམ་པར་བྱའོ། །སྒོམ་དང་། གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཕྲེང་ཕྱེད་གཉིས་ན། མ་ཡིན་ནོ། །སྒོམ་པ་མེད་དང༌། །གསོལ་པ། འོ་ན་ཅི་ལགས། ཕྲེང་ཕྱེད་ན། མ་ཡིན་ནོ། །དེ་དག་ལས་ནི་ལྡོག་ཉིད་དང༌། །གསོལ་པ། འོ་ན་ཅི་ལགས། ཕྲེང་གཉིས་ན། དེ་ནི་མ་ཡིན་ནོ། །ཇི་བཞིན་དོན་མིན་རྣམ་རྟོག་པ། །སྒོམ་པའི་ལམ་ལ་ཤེས་པར་བྱ། །གསོལ་པ། བཅོམ་ལྡན་འདས། འོ་ན་ཕྲེང་གཉིས་ན། ཆོས་ཀྱི་དབྱིངས་ནི་ཅི་ལྟ་བ་བཞིན་ནོ། །སེམས་ཅན་བཏགས་པའི་སྤྱོད་ཡུལ་དང༌། །གསོལ་པ། ཆོས་ཀྱི་དབྱིངས། ཕྲེང་བརྒྱད་ན། གདགས་སུ་མེད་པའོ། །ཞེས་པ་ནི། བརྗོད་དུ་མེད། ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཕྲེང་བརྒྱད་ན། དམིགས་སུ་ཡོད་དམ། ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་དམྱལ་བ་ལ་སོགས་པ་ཀུན་བཏགས་པའི་ཕྱིར་མེད་པ་ལས་ཀུན་རྫོབ་ཏུ་བཏག་པ་སྟེ། བྱིས་པའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་རོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། གསོལ་པ། བཅོམ་ལྡན་འདས། ཕྲེང་བཞི་ན། ཆོས་ཐམས་ཅད་ལ་བསླབ་པར་བྱའོ། །ཆོས་བཏགས་པ་དང་། གསོལ་པ། བཅོམ་ལྡན་འདས། ཕྲེང་ལྔ་ན། བསླབ་པར་བགྱིའམ། སྟོང་མིན་ཉིད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནུད་ཙམ་ན། བསླབ་པར་བྱའོ། །ཞེས་པ་ནི་ཡོད་པ་ལ་སྐུར་བ་འདེབས་པ་ནི་དབྲི་བའོ། །མེད་པ་ལ་སྒྲོ་འདོགས་པ་ནི་བསྣན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་བདུན་ན། འགག་པ་མེད་པར་བསླབ་པར་བྱའོ། །ཞེས་པ་ནི་སྐྱེ་བ་མེད་པའི་བསླབ་པ་ནི། གང་སྒྲོ་འདོགས་པ་མེད་པའོ། །འགག་པ་མེད་པའི་བསླབ་པ་ནི། གང་ 4-1-359 སྐུར་བ་འདེབས་པ་མེད་པའོ། །ཞེས་ཀུན་མཁྱེན་གཉིས་པ་གསུངས། གསོལ་པ། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་དང༌། ཕྲེང་བཞི་ན། གཟུགས་གཟུགས་ཀྱིས་སྟོང་པར་བལྟའོ། །ཞེས་པ་ཀུན་བཏགས་པའི་གཟུགས་ནི་གཟུགས་ཉིད་དུ་མེད་པ་སྟེ། གཟུགས་ཀྱིས་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཕྲེང་དགུ་ན། སྤྱོད་པའོ་ཞེས་པ་ནི། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་གང་ལ་ཡང་མི་སྤྱོད་པ་ཉིད་དང༌། སྤྱོད་པའོ། །ཞེས་དབུ་མ་པ་གསུངས། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། ཕྲེང་ལྔ་ན། ཆོས་ཐམས་ཅད་དམིགས་སུ་མེད་པ་ལ་བསླབ་པར་བྱའོ། །ཞེས་པ་ལ་སོགས་པས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་མི་དམིགས་པའི་ཚུལ་དུ་ཆོས་ཐམས་ཅད་ལ་བསླབ་པར་བྱའོ། །ཞེས་བྱ་སྟེ། ལས་དང་པོ་ལ་དོན་དམ་པའི་སྤྱོད་པ་མེད་དུ་ཟིན་ཀྱང༌། དེའི་ཕྱིར་བསླབ་པར་བྱ་སྟེ། བསླབ་པ་ཉིད་དཔྱད་པ་ཡིན་ནོ། །ཞེས་པ་བསྟན་ཏོ། །དབུ་མ་པ་ཆེན་པོ་གསུངས། དེས་སྦྱིན་པ་གཏོང་བའི་ཚེ། ཕྲེང་བཅུ་གསུམ་ན། ཡོད་པ་མི་དམིགས་པ་ཡང་མ་ཡིན་ཞེས་བྱ་བ་གསུངས་ཏེ། དམིགས་སུ་མེད་པའི་མཚན་ཉིད་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཡོད་པའི་ཕྱིར། མི་དམིགས་པ་དམིགས་སུ་མེད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་གཅིག་ན། མཉམ་པ་ཉིད་ལ་ཟློ་བའི་ཚུལ་གྱིས་བསླབ་པར་བྱའོ། །ཕྲེང་གཅིག་ན། ལྡན་པར་བྱའོ། །ཆགས་དང་། གསོལ་པ། ཕྲེང་དྲུག་ན། སྤྱད་པར་བྱའོ། །རབ་འབྱེད་བདག་ཉིད་དང༌། །གསོལ་པ། ཕྲེང་བཅུ་གཅིག་ན། རྟོགས་པར་མི་བྱེད་དོ། །དངོས་པོར་བྱེད་དང་། གསོལ་པ། ཕྲེང་བརྒྱད་ན། མི་སྤྱོད་དོ། །ཞེས་པ་ལ་སོགས་པས་འདི་སྐད་བསྟན་ཏེ། བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ་མི་སྤྱོད་ཀྱི། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་སྤྱོད་དོ་ཞེས་བྱ་བ་སྟེ། སྔར་བཤད་པའི་དམིགས་སུ་ཡོད་པ་ནི་ཀུན་རྫོབ་ཀྱི་ཐ་སྙད་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དང༌། ཕྲེང་བཅུ་ན། སྤྱད་པར་བྱའོ། །ཐེག་གསུམ་དང༌། །གསོལ་པ། ཕྲེང་གཉིས་ཐལ་ན། དམིགས་སུ་མེད་དེ། ཞེས་པ་ནི་ཀུན་བཏགས་པའི་ཐེག་པ་རྣམ་པར་དགོད་པ་དག་དོན་དམ་པར་ཡོད་པ་མ་ཡིན་ནོ། །ཞེས་དགོངས་པའོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། མངོན་པར། ཤོག་གུ་གཅིག་དང་ཕྲེང་བཅུ་ན། དོན་དམ་པ་ནི་མ་ཡིན་ནོ། །ཞེས་པ་ནི་དོན་དམ་པ་ཕུང་པོ་གསུམ་དུ་གཏོགས་པའི་སེམས་ཅན་གང་ཡང་དམིགས་སུ་མེད་ཀྱི། དེ་དག་ཡང་དག་པ་མ་ཡིན་པའི་ཆོས་རྣམས་ལ་ཡང་དག་པར་འཛིན་པ་ལས་འཇིག་རྟེན་གྱི་ཀུན་རྫོབ་ཏུ་སླར་ལྡོག་པར་ཟད་དེ་མིང་དེ་ཐ་སྙད་དུ་འདོགས་ཀྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱའོ། །ཞེས་དབྱིག་གཉེན་དབུ་མ་པ་ཆེན་པོ་གསུངས། གསོལ་པ། ཤོག་གུ་གཅིག་དང་ཕྲེང་བཅུ་གཅིག་ན། སངས་རྒྱས་ཞི་བའི་བློ་གྲོས་ཀྱིས་མྱ་ངན་ལས་འདས་པའི་དུས་ལ་བབ་པའི་ཚེ་ཕྱི་ནས་དམ་པའི་ཆོས་གཏད་ཅིང་སེམས་ཅན་གྱི་དོན་བྱེད་དུ་གཞུགས་སུ་རུང་བའི་བྱང་ཆུབ་སེམས་དཔའ་ལུང་བསྟན་དུ་འོས་པ་མ་གཟིགས་ནས་དེ་ 4-1-360 བཞིན་གཤེགས་པའི་སྐུ་འདྲ་བའི་སྤྲུལ་པ་ཞིག་སྤྲུལ་པ་དེ། ཕྲེང་གཉིས་ན། གྲངས་ཀྱང༌། དེ་ལྟར་མཛད་པ་ཡང་ལེ་ལོ་ཅན་རྣམས་བསྐུལ་བ་དང༌། སྤྲུལ་པ། འདུལ་བའི་སེམས་རྣམས་ལ་ཕན་གདགས་པའི་ཕྱིར་རོ། །དེ་ལྟ་ཡིན་ཀྱང༌། ནུད་ཙམ་ན། སྔོན་འབྱུང་གིས་འབྲུ་གནོན་འདི་རྣམས་འབུམ་ཏིག་བཞིན་བཀོད་དོ། །རབ་འབྱོར། ཕྲེང་གཅིག་ན། སྤྱོད་པར་བྱའོ། །ཡོན་ནི་དག་པ་མ་ཡིན་དང༌། །གསོལ་པ། (གསལ་བཤད། མངོན་རྟོགས་རྒྱན་ལས། སྤྱོད་པ་རྣམ་པར་འཁྲུགས་པ་ལ། །འཛིན་པར་བྱེད་པ་དང་པོར་དེ། །ཤེས་པར་བྱ་བ་བསྒྲགས་པ་ཡིན། །ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོག་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།) དེ་ནས་ཤོག་གུ་གཅིག་ཏུ་ཕྲེང་གཉིས་ལྷག་ཆད་པ་ན། དཀྲུགས་པར་མ་གྱུར་ཏམ། ཞེས་པ་ནི་མེད་པའི་ཆོས་རྣམས་ཡོད་པ་ཉིད་དུ་བཤད་པའི་ཕྱིར་རོ། །ཕྲེང་གཅིག་ཐལ་ན། རྣམ་པར་དཀྲུགས་པ་མེད་དོ། །ཞེས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་བྱིས་པའི་ཡོངས་སུ་རྟོགས་པ་ཞལ་གྱིས་བཞེས་ཀྱི། གཞན་དུ་ན་སླ་བ་མ་ཡིན་པས་དེ་སྐད་བརྗོད་དེ། ཞེས་དབུ་མ་པ་ཆེན་པོ་གསུངས། གསོལ་པ། ཕྲེང་གཉིས་ཙམ་ན། སེམས་ཅན་བཏགས་དང་དེ་ཡི་རྒྱུ། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པས། །སྒོམ་པའི་ལམ་དང་འབྲེལ་བ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཕྲེང་གཅིག་ན། འཁོར་བའི་སྡུག་བསྔལ་ཉིད་སེམས་ཅན་རྣམས་ཀྱིས་ཤེས་པར་བྱ་བའི་ཕྱིར་བརྗོད་པར་ཟད་དེ། ཞེས་འབུམ་ཏིག་བཞིན་བཀོད། མིང་དང་མཚན་མ་ལ། ཕྲེང་བཅུ་དྲུག་ན། མི་དམིགས་སོ། །བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དང༌། །གསོལ་པ། ཕྲེང་བཞི་ན། ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བ་ནི་འདུས་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་སྟེ། མཚན་ཉིད་གསུམ་དང་བདེན་པ་བཞིའི་སྒོ་ནས་ཆོས་ཐམས་ཅད་ལ་རྨོངས་པ་མེད་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་བྱའོ། །ལམ་གྱི་རྣམ་པར་ཤེས་པ་ཉིད་ནི། སེམས་དང་པོ་བསྐྱེད་པ་ནས་མོས་པ་སྤྱོད་པའི་ས་ནས་བཟུང་སྟེ་ས་བཅུ་པ་ལ་ཐུག་གི་བར་དུ་བར་ལམ་གྱི་རྣམ་པར་འཇུག་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་སེམས་ཅན་གྱི་རྒྱུན་མ་ཆད་པས་ཆོས་ཀྱི་སྐུ་རབ་ཏུ་གཏོགས་པ་བག་ཆགས་ཀྱི་མཚམས་སྦྱོར་བ་རབ་ཏུ་སྤངས་ལ་འབྲས་བུའི་ཡེ་ཤེས་ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཞུགས་པའི་འབྲས་བུ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ། ནུད་ཙམ་ན། རྣམས་ལ་བྱའོ། །ཞེས་པ་འདི་གསུམ་དབུ་མ་པ་ཆེན་པོའི་གསུང་བཞིན་བཀོད། གསོལ་པ། ཤོག་གུ་ལོགས་གཅིག་ལྷག་ན། ཞི་ལམ། གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཕྲེང་བཅུ་གཉིས་ན། མཁྱེན་པ་ཉིད་ཅེས་བྱའོ། །ཞེས་པ་ནི་གང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་རྟོགས་པ་དང་རྣམ་པར་རྟོག་པའི་རྣམ་པ་ཐམས་ཅད་རབ་ཏུ་ནུབ་ཅིང་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ཐ་དད་དང་བྲལ་བ་ཁམས་གསུམ་དུ་གཏོགས་པ། ཚུལ་ཁྲིམས་ཀྱི་རྣམ་པར་རྟོག་པའི་སྤྲོས་པའི་དྲ་བ་ 4-1-361 འགགས་པར་གྱུར་པ་ན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་མཉམ་པ་ཉིད་ཀྱི་རྣམ་པར་ཞུགས་པ་ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུའི་བདག་ཉིད་ཤིན་ཏུ་ཞི་བའི་རྣམ་པ་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རྣམ་པ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་ཅེས་བྱའོ། །རྣམ་པ་དེ་ལྟ་བུའི་ཞུགས་པའི་ཡེ་ཤེས་ཀྱི་རང་བཞིན་དེ་ལྟ་བུ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། རབ་འབྱོར། འདི་ལྟར་ཡང་རྣམ་པ་གང་དག་དང༌། ཕྲེང་དགུ་ཐལ་ན། བྱིས་པ་སོ་སོའི་སྐྱེ་བོ་ཀུན་དང་ཐུན་མོང་ཡིན་ཡང་རང་གཞན་ལ་གནོད་པར་འགྱུར་བ་ནི་མ་ཡིན་ཏེ། ཕྲེང་གཅིག་ན། མི་མངའ་ཞིང་མི་དམིགས་སོ། །འདི་མན་ཆད་འབུམ་འགྲེལ་མེད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གཅིག་དང་ཕྲེང་བཞི་ན། ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་བྱ་བ་ནི་ཕ་རོལ་ཏུ་འགྲོ་བར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཡང་ན་དམ་པའི་དོན་ནི་དོན་དམ་པ་ལ་བྱ་སྟེ། དམ་པ་ལས་བྱུང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་དམ་པ་ལ་དམིགས་པ་ལས་བྱུང་བ་ཞེས་བྱའོ། །མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་དོན་དམ་པའི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་ལ་དམིགས་ནས་བྱུང་བའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། ཕྲེང་གཅིག་ན། ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་བཞིན་ཉིད་སོགས་དང༌། །མཚུངས་པར་ལྡན་དང་མི་ལྡན་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་གསུམ་ན། མཚན་ཉིད་གཅིག་པའོ། །མི་མཉམ། རབ་འབྱོར། གཞན་ཡང༌། ཕྲེང་བཞི་ན། དོན་ལ་སྤྱད་པར་བྱའོ། །སྡུག་བསྔལ་ལ་སོགས་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་བཞི་ན། དོན་ལ་སྤྱོད་པར་བྱའོ། །ཉོན་མོངས་རྣམས་ཀྱི་རང་བཞིན་དང༌། །གསོལ་པ། བཅོམ་ལྡན་འདས་གལ་ཏེ། ཕྲེང་གསུམ་ན། དོན་མ་ཡིན་ཞེས་སྤྱད་པར་མི་བྱ་ཞེས་བྱ་བ་ནི་དོན་དང་དོན་མ་ཡིན་པ་ཐ་དད་པར་རྣམ་རྟོག་པར་ཡང་བསལ་བར་བྱའོ། །ཞེས་བྱ་བ་སྟེ་དེ་བཞིན་ཉིད་ལ་དེ་ལྟ་བུར་འཇུག་པ་མེད་པའི་ཕྱིར་རོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་གསུམ་ན། ཆོས་ཀྱི་དབྱིངས་ནི་གནས་པ་སྟེ། །ཞེས་པ་ནི་ཆོས་གནས་པ་དེའི་ངོ་བོ་ཉིད་ཁོ་ན་འདི་ལྟར་འདི་དེ་ལྟར་གནས་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དེ་ནི་གང་ལ་ཡང༌། ཕྲེང་དགུ་ལྷག་ན། གཉིས་སུ་མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཕྲེང་བརྒྱད་ན། ཡང་དག་པར་ཞུགས་སོ། །ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྤ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་རྟེན་པར་བྱེད། །བཅོམ་ལྡན་འདས། ཤོག་གུ་གཉིས་ཕྲེང་བཞི་ན། དེ་བཞིན་གཤེགས་པར་གདགས་པ་དང༌། ཞེས་པ་ནི་དེ་བཞིན་ཉིད་དུ་གཤེགས་པ་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་ཉིད་དུ་གཤེགས་པ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པར་བྱའོ། །ཞེས་དབུ་མ་པ་གསུངས། 4-1-362 དེ་བཞིན་གང་གིས་རང་སངས་རྒྱས་སུ་གདགས་པ་དང༌། ཕྲེང་ཉེར་གསུམ་ན། ཕྱག་བགྱི་བར་འོས་པའོ། །དེ་རྣམས་ཀྱིས་ནི། བསྒོ༷མ་པ༷་ཞེ༷ས། །བྱ༷་བ༷འི་ལ༷མ་ནི༷་སོ༷་སོ༷་ལ༷། །རྣ༷མ་པ༷ར་རྟོ༷ག་པ༷་རྣ༷མ་བཞི༷་ཡི༷། །གཉེ༷ན་པོ༷་རྣ༷མ་པ༷་བཞི༷་ད༷ང་ནི༷། །ཞེས་པ་དོན་ལྔ་པ་དང་དྲུག་པ་གསུངས་ཟིན་ཏོ། ། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང༌། །བསེ་རུའི་རྟོགས་པ་ཕུན་ཚོགས་དང༌། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །གསོལ་པ། ཤོག་གུ་གསུམ་དང་ཕྲེང་བརྒྱད་ན། རྒྱུར་ཡང་མི་བཟོད་དོ། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །གསོལ་པ། ཕྲེང་གཅིག་ན། མཁྱེན་པ་ཉིད་ལ་བྱའོ། །འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད། གསོལ་པ། ཕྲེང་གཉིས་ན། མཁྱེན་པ་ཉིད་ཅེས་བྱའོ། །དངོས་པོ་ཆོས་ལས་འདས་པའི་ཕྱིར། དངོས་པོ་མེད་པ། རང་དང་སྤྱིའི་མཚན་ཉིད་དང་བྲལ་བའི་ཕྱིར་མཚན་ཉིད་མེད་པ། མིང་དང་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར། མཚན་མ་མེད་པ། རྩོལ་བ་མེད་པའི་ཕྱིར། བྱེད་པ་མེད་པའམ། ལྷུན་གྱིས་གྲུབ་པ། འདུས་མ་བྱས་པའི་ཕྱིར་སྐྱེ་བ་མེད་པ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར་འབྱུང་བ་མེད་པ་སྟེ། ཞེས་པ་རྣམས་དབུ་མ་པ་གསུངས། རབ་འབྱོར། གང་ཡང༌། འདི་སྐད་དུ། ཕྲེང་གཅིག་ལྷག་ན། མཚན་ཉིད་མེད་པ་སྟེ། འདི་ནི་འདིར་རང་བཞིན་གྱི་ཞི་བར་བརྗོད་པར་ཡིན་གྱི། དངོས་པོ་འགོག་པས་ཞི་བ་ནི་མ་ཡིན་ནོ། །ཞེས་གྲོལ་སྡེ་གཉིས་གསུངས། རབ་འབྱོར། འདི་ནི་ཕྲེང་གཅིག་ན། འདི་ནི་མཚན་ཉིད་དོ། །དེ་རྣམས་ཀྱིས་ནི། བ༷ར་ཆ༷ད་མེ༷ད་པ༷འི་ཏི༷ང་ངེ༷་འཛི༷ན། །ཞེས་པ་དོན་བདུན་པ་བཤད་ཟིན་ཏོ། ། འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །དམིགས་པ་འཐད་དང་། གསོལ་པ། (གསལ་བཤད། མངོན་རྟོགས་རྒྱན་ལས། དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང༌། །ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོག་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།) བཅོམ་ལྡན་འདས། ཅི་ལགས། ཤོག་གུ་གསུམ་དང་ཕྲེང་དྲུག་ན། ཡོངས་སུ་སྤོང་བར་འགྱུར་ཏེ། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང༌། །དེས་སངས་རྒྱས་ཀྱི་སྤྱན་གྱིས། ཤོག་གུ་གཅིག་དང་ཕྲེང་བདུན་ན། འཚལ་བར་མི་རུང་སྟེ། ནམ་མཁའ་ནམ་མཁའི་ལྟ་བུའོ། །དངོས་པོ་མཆིས་པའི་ཆོས་ཀྱི་ཀྱང༌། ནུད་ཙམ་ན། བཙལ་བར་མི་རུང་ངོ༌། །དཔེར་ན་སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་ལྟར་རོ། །རྐང་པ་གཅིག་ན་མི་རུང་ངོ༌། །དཔེར་ན་ནམ་མཁའི་སྒྱུ་མའི་མེ་བཞེད་དོ། །ཚིག་རྐང་གཅིག་ན། བཙལ་བར་མི་རུང་ངོ༌། །དཔེར་ན་ནམ་མཁའི་སྒྱུ་མའི་སྒྱུ་མས་ནམ་མཁའ་ལྟ་བུའོ། །ཞེས་པའི་དཔེ་བཞི་དབུ་མ་པ་གསུངས། དེ་ལྟར་ཆོས་ཐམས་ཅད། ཕྲེང་གསུམ་ན། དོན་དམ་པར་ནི་མ་ཡིན་ནོ། །དམ་པའི་དོན་དང་ཀུན་རྫོབ་དང༌། །གསོལ་པ། ཕྲེང་གཉིས་ན། དེ་བཞིན་ཉིད་ཡིན་ཡང་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཀུན་རྫོབ་ཅེས་བྱ་བ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོན་དམ་པ་དེ་བཞིན་ཉིད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ 4-1-363 གསུངས། དེ་ལ་སེམས་ཅན་དེ་དག །ཕྲེང་བཞི་ན། ལེའུ་ལྔ་བཅུ་བཞི་པའོ།། །། ༈ སྦྱོར་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གཅིག་དང་ཕྲེང་བཞི་ན། སྤྱོད་པ་ཞེས་བྱའོ། །དཀོན་མཆོག་གསུམ་པོ་དང༌། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་གཉིས་ན། སངས་རྒྱས་ཞེས་བྱ་སྟེ། ཞེས་པ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་གསུངས་པ་སྟེ། ཡང་དག་པའི་དོན་དེ་བཞིན་ཉིད་ཆོས་ཀྱི་སྐུ་ལ་སངས་རྒྱས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། རབ་འབྱོར། ཡང་འདི་ལྟར་དེས། ཕྲེང་ཉིས་ལྷག་ན། བླ་དྭགས་ལགས། ཞེས་པ་ལ་བྱང་ཆུབ་ཀྱང༌། རྣམ་པ་གསུམ་དུ་བསྟན་ཏེ། ངོ་བོ་ཉིད་དང་མཚན་ཉིད་དང་ངེས་པའི་ཚིག་གིས་སོ། །དེ་ལ་ངོ་བོ་ཉིད་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀུན་བཏགས་པའི་ངོ་བོ་ཉིད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བཀའ་སྩལ་པ། དེ་ལ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི། རབ་འབྱོར། ནུད་ཙམ་ན། བླ་དྭགས་སོ། །ཞེས་གསུངས་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་ཉིས་ལྷག་ན། བྱང་ཆུབ་ཅེས་བྱའོ། །ཀུན་བཏགས་པའི་ངོ་བོ་ཉིད་ནི། རབ་འབྱོར། ཡང་འདི་ལྟ་སྟེ། ནུད་ཙམ་ན། མཚན་མ་ཙམ་སྟེ། ཞེས་པ་གསུངས་པའོ། །ཞེས་དབུ་མ་པ་གསུངས། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །མཚན་ཉིད་ནི། རབ་འབྱོར་ཡང༌། ནུད་ཙམ་ན། བྱང་ཆུབ་ཀྱི་དོན་ཏོ། །ཞེས་གསུངས་པ་སྟེ། དོན་དམ་པའི་མཚན་ཉིད་ནི། ཡང་དག་པའི་དོན་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། རབ་འབྱོར་འདི་ལྟར་དེ་ནི། ཕྲེང་བཅོ་ལྔ་ན། ཆོས་གང་ཡང་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་རྣམས་ཚོགས་སུ་འགྱུར་བའམ། སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་འགྲིབ་པར་བྱ་བའམ། ནག་པོའི་ཕྱོགས་རྣམས་འགོད་པར་བྱ་བའམ། དཀར་པོའི་ཕྱོགས་རྣམས་འཕེལ་བར་བྱ་བའམ། སངས་རྒྱས་ཀྱི་ཆོས་མ་སྐྱེས་པ་རྣམས་སྐྱེ་བར་བྱ་བའམ། ཀུན་ནས་ཉོན་མོངས་པ་སྐྱེས་པ་རྣམས་འགག་པར་བྱ་བའམ། དྲི་མ་དང་བཅས་པའི་གནས་སྐབས་ན། ཀུན་ནས་ཉོན་མོངས་པར་བྱ་བའམ། དྲི་མ་མེད་པའི་གནས་སྐབས་ན་རྣམ་པར་བྱང་བའི་ཕྱིར། ནུད་ཙམ་ན། མ་ཡིན་ནོ། །ཞེས་བྱ་བ་ལ་བྱང་ཆུབ་ནི་དམིགས་པ་ཐམས་ཅད་སེལ་བའི་རང་བཞིན་ཡིན་པའི་ཕྱིར། དེ་སྐད་ཅེས་གསུངས་སོ། །ཞེས་པ་རྣམས་དབུ་མ་པ་གསུངས། གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་ཏེ། ཤོག་གུ་གཅིག་རུང་ན། ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་ནི་འདིར་བྱང་ཆུབ་ཀྱི་ཕྱིར་བྱའོ། །ཞེས་དམིགས་པར་བྱ་བ་དང༌། དམིགས་པར་བྱེད་པ་གཉིས་ཀྱི་དངོས་པོ་རྣམ་པར་བཏགས་ནས་མི་སྤྱོད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། གཉིས་ཀྱི་ཚུལ་ཁྲིམས་ཀྱི། ཤོག་གུ་གཅིག་ན། འཕེལ་བར་མི་འགྱུར་རོ། །ཞེས་བྱ་བ་ནི་གཉིས་སུ་མེད་པར་སྤྱོད་པ་ཉིད་དགེ་བའི་རྩ་བ་སྤེལ་བའི་རྒྱུ་ཡིན་གྱི། གཉིས་སུ་སྤྱོད་པ་ནི་མ་ཡིན་ནོ། །ཞེས་བསྟན་ཏེ། འདི་ནི་གཉིས་སུ་མེད་པར་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ཅིའི་ཕྱིར་ཞེ་ན། ཤོག་གུ་གསུམ་དང་ཕྲེང་གཅིག་ན། ཐོབ་པར་མི་འགྱུར་རོ། །ཐབས་བཅས། གསོལ་པ། ཤོག་གུ་དྲུག་དང་ཕྲེང་དྲུག་ན། འཚང་རྒྱ་བར་མི་ནུས་སོ། །ཐུབ་པའི་རྟོགས་པ་དང༌། །ཕྲེང་གཅིག་ན། བགྱི་བར་ 4-1-364 ནུས་སམ། ཞེས་བྱ་བ་ལ་སོགས་པ་རྣམ་པར་རྟོག་པ་བཞི་ནི། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དེ་ལྟ་བུའི་རྣམ་པར་རྟོག་པས་སྤྲོར་རུང་བ་མ་ཡིན་པའི་ཕྱིར། འདི་ལ་ཤེས་པར་བྱེད་པ་མེད་དོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་དགུ་ན། སྤྲོས་པ་དང་བྲལ་བ་ནི་མངོན་པར་རྟོགས་པའོ། །མངོན་པར་རྟོགས་པ་མེད་པར་ཐལ་བ་དང་མུ་བཞི་ལས་ཟློག་པས་དངོས་པོ་དང་དངོས་པོ་མེད་པ་མཉམ་པ་ཉིད་དུ་མཐོང་བ་ནི་མངོན་པར་རྟོགས་པ་ཉིད་ཡིན་པར་ཞལ་གྱིས་བཞེས་པས་གང་གསུངས་པ་ཡིན་ནོ། །ཞེས་གྲོལ་སྡེ་གཉིས་གསུངས། ཕྱིན་ཅི་ལོག་ནི། གསོལ་པ། བཅོམ་ལྡན་འདས། ཤོག་གུ་ལྔར་ཕྲེང་བཞི་ཆད་པ་ན། ཐོབ་པར་བྱེད་དོ། །ལམ་བཅས་དང༌། །གསོལ་པ། ཤོག་གུ་གཉིས་དང་ཕྲེང་དགུ་ན། ཡོངས་སུ་གཟུང་བར་བྱས་ཏེ། ཞེས་པ་ནི་སེམས་ཅན་སྣ་ཚོགས་ཀྱི་སྐད་དང་མཐུན་པར་རོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་དང་ཕྲེང་ཅིག་ན། དེ་དེ་བཞིན་ཏེ། ཞེས་བསྔགས་པས་མཛད་དེ། ཆོས་གང་ཡང་ཆོས་ལ་ཡང་སྒྲུབ་པར་མི་བྱེད་དོ། །ཆོས་རྣམས་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱི་བྱིས་པ་རྣམས་ཁོང་དུ་ཆུད་པར་བྱ་བའི་ཐབས་སུ་ཀུན་རྫོབ་ཏུ་འདི་མཛད་དེ། རིམ་པ་འདིས་ཤེས་པར་གྱུར་ནས། དེ་བཞིན་དུ་བསྒྲུབ་པས་འཚང་རྒྱ་བར་འགྱུར་རོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། ཞེས་བཤད་ཀྱི། གཉེན་པོ་མི་མཐུན་ཕྱོགས་རྣམས་དང༌། །རབ་འབྱོར། དེ་ནི་འདི་ལྟར། ཤོག་གུ་གཅིག་དང་ཕྲེང་གཉིས་ཐལ་ན། འཕགས་པའི་ཆོས་དང་འདུལ་བ་ཞེས་བྱ་བ་ནི། ངོ་བོ་ཉིད་ཀྱི་འདོད་ཆགས་ལ་སོགས་པ་འདུལ་བ་དང༌། བསྒྲུབ་པས་འདུལ་བར་གནས་པའི་མཚན་ཉིད་དུ་སྟོན་ཏེ། འཕགས་པའི་ཆོས་འདུལ་བ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས་པས། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །(གསལ་བཤད། མངོན་རྟོགས་རྒྱན་ལས། མཚན་ཉིད་དང་ནི། ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོག་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།) ཤོག་གུ་གསུམ་དང་ཕྲེང་བརྒྱད་ལྷག་ན། དབྱིངས་དེ་ནི་དེ་བཞིན་དུ་བྱས་པའོ། །སྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །གསོལ་པ། བཅོམ་ལྡན་འདས་གལ་ཏེ། ཤོག་གུ་དྲུག་དང་ཕྲེང་ལྔ་ན། བྱ་བར་མི་བསྒོམ་མོ། །ཞེས་བྱ་བ་ནི། གཟུགས་དངོས་པོ་ཡོད་པའི་ངོ་བོ་ཉིད་དོ་སྙམ་དུ་མི་བསྒོམ་པའོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། ཕྲེང་ཉེར་གཉིས་ན། མཐའ་གཉིས་ལ་ཆགས་ཏེ་ཞེས་བྱ་བ་ནི་དངོས་པོའི་འདུ་ཤེས་ཅན་ཏེ། འདི་ནི་བདག་སྟེ། གུད་ན་ཡོད་དོ། །ཞེས་སམ་བདག་ནི་གཟུགས་སོ། །བདག་ནི་ཚོར་བའོ། །ཞེས་བྱ་བ་ལ་སོགས་པ་ཆད་པ་དང༌། རྟག་པའི་མཐའ་གཉིས་ལ་ཆགས། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་བདུན་ན། ཀྱེ་འདུ་ཤེས་ནི་གཉིས་སོ་ཞེས་བྱ་བ་ནི་གང་ལ་གཟུགས་སོ། །ཞེས་བྱ་བའི་འདུ་ཤེས་ཡོད་པ་དེ་ལ་ཡོད་པ་དང་མེད་པའམ། དངོས་པོའམ་དངོས་པོ་མ་ཡིན་པར་རྣམ་པར་རྟོག་པ་གདོན་མི་ཟ་བར་འབྱུང་བར་འགྱུར་རོ། །ཡང་ན་བཟུང་བ་དང་འཛིན་པའི་དངོས་པོར་འགྱུར་བའི་ཕྱིར། གཉིས་ཞེས་བྱའོ། །ཞེས་དབུ་མ་པ་ 4-1-365 གསུངས། ཚོར་བ་དང༌། ཤོག་གུ་བཞི་དང་ཕྲེང་བཅུ་གཉིས་ན། ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡུལ་ལ་མངའ་བརྙེས་པར་འགྱུར་ཞེས་བྱ་བ་ནི། མངོན་པར་ཤེས་པ་དང་དབང་བཅུའོ། །ཞེས་པ་གཉིས་དབུ་མ་པ་གསུངས། དེ་ནས་ཕྲེང་ཐལ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་ཅིང་མངོན་པར་ཤེས་པ་ལ་སོགས་པ་ཡང་སྙོམས་པར་འཇུག་པ་དེ་ན་མཚན་མ་ལ་རོ་མྱང་བ་མེད་པར་དམིགས་པ་ཅན་གྱི་འདུ་ཤེས་བསལ་ཏེ་རང་བཞིན་གྱིས་ཡོངས་སུ་དག་པའི་འདུ་ཤེས་བསྐྱེད་ཅིང་སྤྱད་ན། ནམ་མཁའ་ཡིད་ལ་བྱེད་པ་དེ་ཉིད་ཀྱི་མངོན་པར་རྫོགས་པར་སངས་རྒྱས་ནས་ཕྱིས་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ཀྱང་འཕགས་པའི་བདེན་པ་བཞི་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་ཀྱི་ཆོས་རྣམས་མངོན་སུམ་དུ་བྱས་ཏེ། ཀུན་རྫོབ་ཡིད་ལ་བྱེད་པས་སེམས་ཅན་རྣམས་ཕུང་པོ་གསུམ་དུ་ལུང་བསྟན་པར་གྱུར་ཏེ། དེ་བས་ན་མི་དམིགས་པ་ཉིད་ཀྱི་སྤྱོད་པ་དང༌། མི་དམིགས་པ་ཉིད་ཀྱི་བྱང་ཆུབ་པར་འགྱུར་བས་ཉེས་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། འདོད་པས་དབེན། ཕྲེང་བཅོ་ལྔ་ན། སྡིག་ཏོ་མི་དགེ་བའི་ཆོས་རྣམས་དངོས་པོ་ཞིག་ཡོད་དེ་ཞེས་བྱ་བ་ལ་སོགས་པས་དངོས་པོ་མེད་པའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་ཐམས་ཅད་འགྲུབ་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཞེས་བསྟན་ཏེ། འདི་ལྟར་འདོད་པ་རྣམས་དང་སྡིག་པ་མི་དགེ་བའི་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་ལུང་བསྟན་ཏོ། །བསམ་གཏན་རྣམས་བསྐྱེད་དོ། །ཞེས་དབུ་མ་པ་གསུངས། ཕྲེང་དགུ་ན། མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་རྣམས། དེ་རྣམས་ཀྱིས་ནི། ལོ༷ག་པ༷ར་བསྒྲུ༷བ་ད༷ང་བཅ༷ས་པ༷་ནི༷། །རྩེ༷་མོ༷འི་མངོ༷ན་རྟོ༷གས། ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྩེ་མོའི་སྦྱོར་བའི་སྐབས་ཏེ་ལྔ་པའོ།། །། ༈ སྦྱིན་པ་ཤེས་རབ་བར་དག་དང༌། །རབ་འབྱོར་གྱིས་གསོལ་པ། ཕྲེང་བཞི་ན། བགྱི་བ་མ་མཆིས་པར། ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་དམིགས་པ་དང་མི་དམིགས་པ་དག་འཕྲལ་ཁོ་ན་ལ་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཕྲལ་ཁོ་ན་ལ་དམིགས་སུ་མེད་པ་རྟོགས་པར་འགྱུར་གྱི་རིམ་གྱིས་ནི་མ་ཡིན་ནོ། །ཞེས་དགོངས་པའོ། །ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤོག་གུ་ལྔ་དང་ཕྲེང་བཞི་ན། འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། །སངས་རྒྱས་ལ་སོགས་དྲན་དང་ཆོས། །རབ་འབྱོར། གཞན་ཡང༌། ཤོག་གུ་གསུམ་དང་ཕྲེང་ལྔ་ན། ཐེག་པ་གཞན་ལ་མི་རྟེན་པས་མ་རལ་ཡ་ང་བར་སྐྱེ་བ་སྤངས་པ་མ་ཞིག་སྐྱེ་བོ་ངན་པ་དང་ཉོན་མོངས་པ་དང་མ་འདྲེས་པས་མ་འདྲེས་པ། དཀར་པོའི་ཆོས་རྣམས་ཀྱི་ཆ་གཅིག་རྣམ་པར་འཕེལ་བས་སྐྱོན་མེད་པ། སྐྱེ་བར་སྨོན་ལམ་མི་འདེབས་པས་མ་ཉམས་པ། ཇི་ལྟར་འགྲོ་བར་འདོད་པ་ཉིད་ཀྱིས་ན། མཐུ་དང་ལྡན་པ། མཁས་པས་མ་སྨད་པས་ 4-1-366 མཁས་པས་བསྔགས་པ། དབང་པོ་རྣམས་བསྲུང་བས་ཤིན་ཏུ་རྫོགས་པའི་བསམ་གཏན་གྱིས་ཡན་ལག་གི་ཚོགས་རྒྱས་པས་ཏིང་ངེ་འཛིན། ནུད་ཙམ་ན། གནས་པ་ཡིན་ཏེ། ཞེས་པའི་འབྲུ་གནོན་རྣམས་བཙུན་པ་གྲོལ་སྡེའི་གསུངས་བཞིན་བཀོད། དེ་ནས་ཕྲེང་ཉི་ཤུ་ན། དྲན་པ་དང་བྲལ་བར་གྱུར་པ་ལྟ་ཅི་ཞིག་སྨོས། དངོས་མེད་ངོ་བོ་ཉིད་ཀྱིས་དེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །རབ་འབྱོར། གཞན་ཡང༌། ཤོག་གུ་བཞི་སོང་བ་ན། མི་དམིགས་པ་མངོན་པར་རྟོགས་པའོ། །ཞེས་བྱ་བ་ནི་མི་དམིགས་པའི་ཐོབ་པ་དང་མི་དམིགས་པའི་མངོན་པར་རྟོགས་པའོ། །ཞེས་བརྗོད་ན། ཐོབ་པར་བྱ་བ་དང་མངོན་པར་རྟོགས་པར་བྱ་བའི་ཕྱིར་དམིགས་པ་ཡོད་པར་འགྱུར་ཏེ། དེ་ལྟ་ན་ནི་དམིགས་པའི་སྐྱོན་ཆེན་པོར་འགྱུར་རོ། །དེ་བས་མི་དམིགས་པ་ཉིད་ཐོབ་པ་དང་མངོན་པར་རྟོགས་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བརྗོད་པར་བསྟན་པ་སྟེ། ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ན། ཚུགས་པར་དཀའ་བ་ཡིན་ནོ། །དེ་རྣམས་ཀྱིས་ནི། མཐ༷ར་གྱི༷ས་པ༷། །རྣ༷མ་གསུ༷མ་རྣ༷མ་བཅུ༷། ཞེས་པ་མཐར་གྱིས་པ། དོན་བཅུ་གསུམ་གསུངས་ཟིན་ཏོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། མཐར་གྱིས་པའི་སྦྱོར་བའི་སྐབས་ཏེ་དྲུག་པའོ།། །། ༈ སྦྱིན་པ་ལ་སོགས་རེ་རེས་ཀྱང༌། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྟོགས་ཐབས་གཅིག་གི་བསྐྱོད་པ་ན། །ཐམས་ཅད་གཅིག་ཆར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། ཕྲེང་གཉིས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། ཞེས་བྱ་བ་ལ་སོགས་པ་ཞུས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་སྦྱིན་པ་བྱིན་ན། ཞེས་བྱ་བ་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱང་གཅིག་ཏུ་འགྱུར་རོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། བསམ་གཏན་བཞི་དང༌། ཤོག་གུ་དྲུག་ན། དེས་ཇི་ཞིག་བྱ་ཞེས་ཟེར་ན། ཞེས་བྱ་བ་ནི་བདུད་ཀྱི་རིས་སྨྲ་བའོ། །ཞེས་དབུ་མ་པ་གསུངས། དེ་ལ་བྱང་ཆུབ། ཤོག་གུ་བཅུ་བཞི་ན། རྫོགས་པར་བྱེད་དོ། །གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །རབ་འབྱོར། ཇི་ལྟར་ན། ཤོག་གུ་བཞི་དང་ཕྲེང་གཉིས་ལྷག་ན། ལེའུ་དྲུག་ཅུ་པའོ།། །། ༈ སྦྱིན་པ་ལ་སོགས་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་བཅུ་གཅིག་དང་ཕྲེང་བཞི་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པའོ། །འདི་དག་ནི་དཔལ་ཀྱེ་རྡོ་རྗེའི་རྒྱུད་དུ། ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པའོ། །ཅིའི་ 4-1-367 སླད་དུ་ཞེ་ན་གཟུང་བ་དང་འཛིན་པ་དངོས་པོའི་ཕྱིར་རོ། །ཀྱེ་བཅོམ་ལྡན་འདས་གཟུང་བ་དང་འཛིན་པའང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་གིས་གཟུགས་ནི་གཟུང་བར་བྱ། །སྒྲ་ནི་རྣ་བས་མཉན་པར་བྱ། །དྲི་ནི་སྣ་ཡིས་ཚོར་བར་བྱ། །ལྕེ་ཡིས་རོ་ནི་རེག་པར་བྱ། །དངོས་པོ་ལུས་ཀྱིས་རེག་པར་བྱ། །ཡིད་ཀྱིས་བདེ་སོགས་ཐོབ་པ་ནི། །ཞེས་གསུངས་པ་དང་དགོངས་པ་གཅིག་གོ །མིག་གི་རྣམ་པར་ཤེས་པ་དང༌། ཤོག་གུ་གཉིས་དང་ཕྲེང་གསུམ་ན། སྤྲུལ་པ་ལྟ་བུར་ཡོངས་སུ་ཤེས་སོ། །རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང༌། །གསོལ་པ། ཤོག་གུ་བཞི་ཕྲེང་གསུམ་ཆད་པ་ན། ལེའུ་དྲུག་ཅུ་གཅིག་པའོ།། །། ༈ དེ་རྣམས་ཀྱིས་ནི། སྐ༷ད་ཅི༷ག་མ༷། །གཅི༷ག་གི༷ས་མངོ༷ན་རྫོ༷གས་བྱ༷ང་ཆུ༷བ་པ༷། །མཚ༷ན་ཉི༷ད་ཀྱི༷ས་ནི༷་རྣ༷མ་པ༷་བཞི༷། །ཞེས་སྐད་ཅིག་མའི་དོན་བཞི་གསུངས་ཟིན་ཏོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐད་ཅིག་མའི་སྦྱོར་བའི་སྐབས་ཏེ་བདུན་པའོ།། །། ༈ གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །དེ་བཞིན་འཁོར་བ་ཇི་སྲིད་འདི། །ལས་ནི་རྒྱུན་མི་ཆད་པར་བཞེད། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་བརྒྱད་དང་ཕྲེང་དྲུག་ན། སེམས་མི་འབྱུང་ངོ༌། །འགྲོ་རྣམས་ཞི་བའི་ལས་དང་ནི། །རབ་འབྱོར་ངས་འདི་ནས། ཤོག་གུ་ལྔ་དང་ཕྲེང་གཉིས་ན། རྨད་དུ་བྱུང་བའི་ཆོས་སོ། །བསྡུ་རྣམ་བཞི་ལ་འགོད་པ་དང༌། །རབ་འབྱོར་ངས་ཡང་འདི་ནས། ཤོག་གུ་གཅིག་དང་ཕྲེང་ལྔ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འགོད་པ་ཡིན་ནོ། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །རབ་འབྱོར། ཕྲེང་ལྔ་ཐལ་ན། འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱའོ། །བྱང་ཆུབ་ཕྱོགས་མཐུན། རབ་འབྱོར་དེ་ལ། ཤོག་གུ་གཅིག་དང་ཕྲེང་བཞི་ན། ཡན་ལག་བརྒྱད་པ་ཞེས་བྱའོ། །ཚད་མེད་དང༌། །ཞེས་པའི་མདོ་སྐབས་འདིར་མ་བྱུང་ཡང་སྐབས་གཞན་དུ་བྱུང་བ་ལ་དགོངས་སོ། །ཞེས་ཤེས་པར་བྱའོ། །འདི་ལ་ཏིང་ངེ་འཛིན་གསུམ་གང་ཞེ་ན། ཕྲེང་བཞི་ན། རྣམ་པར་ཐར་དང་། རྣམ་པར་ཐར་པ་བརྒྱད་གང་ཞེ་ན། ཕྲེང་ལྔ་ན། མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཕྲེང་བཅུ་གཉིས་དང༌། ཟད་པར་བཅུ་ཡི་བདག་ཉིད་དང༌། །དེ་ལ་མཐའ་དག་གི་སྐྱེ་མཆེད་བཅུ་གང་ཞེ་ན། ཕྲེང་གཉིས་ན། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །དེ་ལ་ཟིལ་གྱིས་གནོན་པ་ཡི། ཤོག་གུ་གཅིག་དང་ཕྲེང་གསུམ་ན། ཉོན་མོངས་མེད་དང་། དེ་ལ་ཉོན་མོངས་པ་མེད་པ་གང་ཞེ་ན། ཞེས་བྱ་བ་ནི་བདག་གི་ཕྱིར་གཞན་དག་ལ་ཉོན་མོངས་པ་སྐྱེ་བར་མ་གྱུར་ཅིག །ཅེས་བྱིན་གྱིས་བརླབས་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང༌། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་གཞན་གྱི་རྒྱུད་ལ་ 4-1-368 ཉོན་མོངས་པ་སྐྱེ་བའི་སྐབས་མི་འབྱེད་པ་དེ་ནི་ཉོན་མོངས་པ་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །དབུ་མ་པ་གསུངས། བསམ་གཏན་ལ་གནས་ནས། ཕྲེང་གཅིག་ལྷག་ན། སྨོན་མཁྱེན་དང༌། །སྨོན་ལམ་གྱི་ཤེས་པ་གང་ཞེ་ན། ཕྲེང་གསུམ་ན། མངོན་ཤེས། དེ་ལ་མངོན་པར་ཤེས་པ་དྲུག་གང་ཞེ་ན། ཕྲེང་ཕྱེད་དང་གཉིས་ཐལ་ན། རྣམ་པ་ཐམས་ཅད་དག་བཞི་དང༌། །དེ་ལ་ཡོངས་སུ་དག་པ་བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གནས་ངན་ལེན་ཐམས་ཅད་གནས་དང་ཤིན་ཏུ་བྲལ་བར་གྱུར་པ་དང་བདག་གི་ལུས་ཀྱང་ཇི་ལྟར་འདོད་པ་བཞིན་ལེན་པ་དང༌། གནས་པ་དང་འཆི་འཕོ་བ་རྣམས་ལ་རང་དབང་དུ་གྱུར་པ་ནི། ལུས་སམ། གནས་ཡོངས་སུ་དག་པ་དང༌། སྤྲུལ་པ་དང༌། གནས་ཡོངས་སུ་བསྒྱུར་བའི་གྲངས་སུ་གཏོགས་པ་དང༌། དམིགས་པ་ཐམས་ཅད་ལ་དབང་དུ་གྱུར་པ་ནི། དམིགས་པ་ཡོངས་སུ་དག་པ་དང༌། སེམས་ཅན་གྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས་སེམས་ལ་རྣམ་པ་ཐམས་ཅད་དུ་དགེ་བ་འཕེལ་བ་ཡིན། སེམས་ཡོངས་སུ་དག་པ་དང༌། མ་རིག་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས་ཤེས་པར་བྱ་བ་ཐམས་ཅད་ལ་ཤེས་པ་སྒྲིབ་པ་མེད་པ་དབང་དུ་གྱུར་པ་ནི། ཡེ་ཤེས་ཡོངས་སུ་དག་པ་སྟེ་བཞི་པོ་དེ་དག་གོ །དབང་བཅུ་དང་ནི། དེ་ལ་དབང་བཅུ་གང་ཞེ་ན། ཇི་སྲིད་འདོད་པ་དེ་སྲིད་དུ་འདུག་པས་ཚེ་ལ་དབང་བ་དང༌། བསམ་གཏན་དང་ཚད་མེད་པ་ལ་སོགས་པ་དག་གི་སེམས་གནས་པར་འདོད་པ་དེས་ཇི་ལྟར་འདོད་པ་བཞིན་གནས་པས་སེམས་ལ་དབང་བ་དང༌། བསམ་པ་ཙམ་གྱིས་ཡོ་བྱད་ཅི་འདོད་པ་འབྱོར་བ་ནི་ཡོ་བྱད་ལ་དབང་བ་དང༌། སྐྱེ་བར་འགྱུར་བའི་ལས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་འགྱུར་བ་ནི་ལས་ལ་དབང་བ་དང༌། སྐྱེ་གནས་གང་འདོད་པ་འདོད་པར་བཞིན་སྐྱེ་བ་ནི་སྐྱེ་བ་ལ་དབང་བ་དང༌། དངོས་པོ་གང་དང་གང་ལ་མོས་པ་བྱས་པ་བཞིན་འགྱུར་བ་ནི་མོས་པ་ལ་དབང་བ་དང༌། སྨོན་ལམ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་འགྲུབ་པ་ནི་སྨོན་པ་ལ་དབང་བ་དང༌། རྫུ་འཕྲུལ་གྱི་དགོས་པ་ཇི་ལྟར་འདོད་པ་བཞིན་འགྲུབ་པ་ནི་རྫུ་འཕྲུལ་ལ་དབང་བ་དང༌། ཤེས་བྱ་ཟབ་པ་ནི་ཤེས་པར་འདོད་པ་རྣམས་མྱུར་དུ་ཤེས་པ་ནི་ཡེ་ཤེས་ལ་དབང་བ་དང༌། ཆོས་ཐམས་ཅད་ཡང་དག་པར་རྣམ་པར་དགོད་པ་ལ་མཁས་པ་ནི་ཆོས་ལ་དབང་བ་དང༌། དེ་ལྟར་ཡོངས་སུ་དག་པ་བཞི་དང་དབང་བཅུའི་བཤད་པ་དབུ་མ་པའི་གསུངས་བཞིན་བཀོད་དོ། །བཅུ་པོ་དེ་དག་གོ །(གསལ་བཤད། མངོན་རྟོགས་རྒྱན་ལས། སྟོབས་བཅུ་དང༌། །ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོག་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།) ཕྲེང་བཅུ་དགུ་ལྷག་ན། མི་འཇིགས་པ་ནི་བཞི་དག་དང༌། །རབ་འབྱོར། དེ་བཞིན་གཤེགས་པའི་ཕྲེང་བཅུ་དགུ་ན། སོ་སོ་ཡང་དག་རིག །དེ་བཞིན་གཤེགས་པའི། ཕྲེང་གཉིས་ལྷག་ན། བསྲུང་བ་མེད་པ་རྣམ་གསུམ་དང༌། །རབ་འབྱོར། དེ་བཞིན་གཤེགས་པའི་བསྲུང་བ། ཕྲེང་ལྔ་ན། དྲན་པ་ཉེར་གཞག་རྣམ་གསུམ་དང༌། །དེ་ལ་དེ་བཞིན་གཤེགས་པའི་དགོངས་པ། ཕྲེང་བདུན་ན། བསྙེལ་བ་མི་མངའི་ཆོས་ཉིད་དང༌། །དེ་ལ་དེ་བཞིན་གཤེགས་པའི་ཉམས་པ། ཕྲེང་གཅིག་ན། 4-1-369 དུས་ལས་མི་འདའ་བ་སྟེ་དེ་ཉིད་ཀྱི་ཕྱིར་ན། དེ་རྣམས་ཀྱིས་མཛད་པ་འབྲས་བུ་ཡོད་པར་འཐད་པ། ཡང་འབྲས་བུ་ཡོད་པར་འཐད་པ་ཡིན་ནོ། །ཞེས་འཕགས་པ་རྣམ་གྲོལ་སྡེས་གསུངས། དེ་ནི་ཉམས་པ་མེད་པའི་ཆོས་ཉིད་ཅེས་བྱའོ། །བག་ཆགས་ཡང་དག་བཅོམ་པ་དང༌། །དེ་ལ་དེ་བཞིན་གཤེགས་པའི་བག་ཆགས་ཀྱིས། ཕྲེང་གཉིས་ན། ཉོན་མོངས་པ་མ་སྤངས་པ་ལྟ་བུར་སྤྱོད་པའི་ལུས་ཀྱི་འགྱུར་བ་ཡོད་ཀྱི། སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །དེ་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་གང་ཞེ་ན། ཕྲེང་གཉིས་ན། ལན་གསུམ་དུ་རྟོག་པ་མཛད་ཅེས་བྱས་ཏེ། ཇི་ལྟར་རྟོག་ཅེ་ན། སུ་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན། སུ་ནི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན། སུ་ཐོག་མར་མཐོ་བ་བསྟན་པའི་སྣོད་ཡིན། སུ་ནི་ངེས་པར་ལེགས་པར་བསྟན་པའི་སྣོད་ཡིན། ཡང་སུ་ནི་སངས་རྒྱས་ཀྱི་འབྱོར་བའི་སྣོད་ཡིན། གང་ཞིག་ལ་ཅི་ཞིག་བྱ་ཞེས་ཟེར། སོ་སོར་རྟོག་གོ །ཞེས་གྲོལ་སྡེ་གཉིས་གསུངས། དངོས་སུ་ན། ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རབ་འབྱོར། དེ་བཞིན་གཤེགས་པའི། ཕྲེང་བདུན་ལྷག་ན། ཆོས་མ་འདྲེས་པ་རྣམས་སོ། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །རབ་འབྱོར། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ཁ་ཅིག་ནི་བདེན་པ་བཞི་ལ་དམིགས་པའི་ཤེས་པ་རྣམ་པ་བཅུ་དྲུག་གིས་བསྡུས་པ་ཡིན་ནོ། །ཞེས་ཟེར་རོ། །གཞན་དག་ནི་དེའང་ཆོས་ཐམས་ཅད་ངོ་བོ་མེད་པ་མ་སྐྱེས་པ་དང༌། མ་འགག་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པའི་རྣམ་པ་ཡེ་ཤེས་ཀྱིས་བསྡུས་པ་ཡིན་ནོ། །ཞེས་ཟེར་རོ། །གཞན་དག་ནི་འདིར་གཉེན་པོའི་ཕྱོགས་ཀྱིས་བསྡུས་པའི་རྣམ་པ་བརྗོད་པ་ནི་མི་འདོད་ཀྱི། ཡིད་བཞིན་གྱི་ནོར་བུ་ལྟར་དེ་ལས་སེམས་ཅན་གྱི་དོན་དུ་གཉེར་བའི་དོན་ཁ་ན་མ་ཐོ་བ་མེད་པ་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་ཟེར་རོ། །ཡང་གཞན་དག་ནི་སྤངས་པའི་རྣམ་པ་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །དེ་ལ་ནི་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། བག་ཆགས་ཀྱི་སྒྲིབ་པ་སྤངས་པའི་རྣམ་པ་གསུམ་འཆར་ཡང་མངའ་བ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་གྲོལ་བ་འདི་ཐམས་ཅད་ཀྱང་ལེགས་ན་སློབ་དཔོན་བཟང་སྐྱོང་གི་སྐབས་སུ་བབ་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་ཤེས་བྱའི་རྣམ་པ་བཅུས་བསྡུས་པའི་སྙིང་པོ་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་བྱ་བ་འདི་ནི་ཤིན་ཏུ་ལེགས་ཏེ། ཡོངས་སུ་གྲུབ་པ་ལ་དམིགས་པའོ། །ཞེས་འཕགས་པ་གྲོལ་སྡེ་གསུང་ཞིང༌། བཙུན་པ་གྲོལ་སྡེས་ཀྱང་འདི་དང་མཐུན་པ་གསུངས་སོ། །གང་ལ་དམིགས་པ་མེད་པ། ཕྲེང་གཅིག་ན། སྐབས་འདིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤངས་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང༌། །ཐོགས་པ་མེད་དང་རྟག་གནས་དང༌། །འདྲི་བ་ཀུན་ལན་ 4-1-370 འདེབས་པར་བཞེད། །རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ༌། །ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །དེ་ལ་དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། ཕྲེང་དྲུག་ན། ཕྱག་ཞབས་འཁོར་ལོས་མཚན་དང་། ཕྱག་དང་ཞབས་ཀྱི་མཐིལ། རུ་སྦལ་ཞབས། །ཞབས་ཀྱི་མཐིལ་གཉིས། ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། །ངང་པའི་རྒྱལ་པོ་ལྟར། ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །ཤིང་བལ་གྱི་སྒོ་ང་ལྟར། འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །ཕྱག་དང་ཞབས་དང་མགུར་གྱི། སོར་མོ་རིང་དང་། ཕྱག་དང༌། རྟིང་ཡངས། རྡིང་པ། སྐུ་ཆེ་དྲང༌། །སྐུ་ལེགས་པ། ཞབས་འབུར་མི་མངོན། པུས་མོའི་ལྷ་ང་དང༌། སྤུ་ནི་གྱེན་དུ་ཕྱོགས། །སྤུ་གྱེན་དུ། བྱིན་པ་ཨེ་ནྱ་འདྲ། རི་དྭགས་ཨེ་ན་ཡའི། ཕྱག་རིང་མཛེས། །བརླ་དྲང་པོར་བཞག་སྟེ། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ། །གླང་པོ་དང་རྟ་ཅང་ཤེས་ལྟར། པགས་པ་གསེར་མདོག །ཤིན་ཏུ་འཕྱངས་པའི། པགས་པ་སྲབ་པ་དང༌། །གསེར་དངུལ་ཤིན་ཏུ་འཕྱངས་པ་ལྟར། སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། །ཤིན་ཏུ་རྣམ་པར་འཕྱེ་བའི། ཞལ་མཛོད་སྤུས་བརྒྱན། མེ་ཏོག་ཀུན་ད་དང༌། རོ་སྟོད་སེང་གེ་འདྲ། །རོ་སྟོད་ཆེ་བས། འདི་ཡི་དཔུང་པའི་མགོ་ཟླུམ། མགུར་དང་རྒྱུད། ཐལ་གོང་རྒྱས། །གསེར་གྱི་གདན་པ། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང༌། །རླུང་དང་མཁྲིས་པ། སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞིང་གབ། །སྐུ་ཆེ་ཞིང་འདོམ་དུ། གཙུག་ཏོར་འབུར་ལྟར། སྤྱི་གཙུག་ཟླུམ་ཞིང༌། ལྗགས་རིང་མཛེས་པ་དང༌། །མེ་ཏོག་ཨུཏྤ་ལ་དམར་པོའི། ཚངས་དབྱངས། ཚངས་པ་དང༌། འགྲམ་པ་སེང་གེ་འདྲ་དང་། འགྲམ་པ་མེ་ལོང་གི །ཚེམས། །ཤིན་ཏུ་དཀར་དང་། མེ་ཏོག་ཀུན་ད། ཚད་མཉམ། ཚེམས་ལ་མཐོ་དམན། ཐགས་བཟང་དང༌། །ཚེམས་ལ་མཚམས་མི་དོད། གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང༌། །བླ་འོག་གྱེ་གུ་མེད་པས། སྤྱན་ནི་མཐོན་མཐིང་། དཀར་ནག་གི་ཆ་མ་འདྲེས་ལ། སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །རྫི་མ་བླ་འོག་ཤིན་ཏུ། འདི་ལ་མཚན་ནི་གང་གང་གི །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །བླ་མ་སྐྱེལ་ལ་སོགས་པ་དང༌། །དེ་ལ་བླ་མ་བསུ་སྐྱེལ་དང༌། ཕྲེང་གཅིག་ན། ཡང་དག་བླངས་པ་བརྟན་པ་དང༌། །ཡི་དམ་ལ་བརྟེན་པས། བསྡུ་བ་བསྟེན་དང་། སྦྱིན་པ་དང༌། ངག་སྙན་པ་དང༌། གྱ་ནོམ་པའི། །དངོས་པོ་སྦྱིན་དང་། བཟའ་བ་དང༌། བཅའ་བ་དང༌། བསད་བཅའ་བ། །ཐར་པར་བྱེད་དང་། བཅིངས་པ་གྲོལ་བ་དང༌། དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །དགེ་བའི་ཆོས་ 4-1-371 ཡང་དག་པར་བླངས་པ་དང༌། ཤོག་གུ་གཅིག་དང་ཕྲེང་དྲུག་ན། ཐུབ་པའི་སེན་མོ་ཟངས་མདོག་དང༌། །དེ་ལ་དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། མདོག་སྣུམ། སངས་རྒྱས་བཅོམ་ལྡན་རྣམས་ནི་ཀུན་ལ་འདྲའོ། །མཐོ་དང་། རིགས་དང་རྒྱུད། སོར་མོ་རྣམས། །ཟླུམ། ཚུལ་ལ་ཁ་ན་མ་ཐོ་བ། རྒྱས། དགེ་བ་རྩ་བ། བྱིན་གྱིས་ཕྲ་བ་དང༌། །དགེ་བའི་རྩ་བ། རྩ་མི་མངོན་དང་། ཐུགས་དང་གསུང་སྐུའི། མདུད་པ་མེད། །ཉོན་མོངས་པའི་མདུད་པ་འགྲོལ་བ། ལོང་བུ་མི་མངོན། ཤིན་ཏུ་དབེན་པའི་ཆོས། ཞབས་མཉམ་དང༌། །མི་མཉམ་པ་ཐམས་ཅད་ལ་དགྲོལ། སེང་གེ། མིའི་སེང་གེ་སྟེ། གླང་ཆེན། མིའི་གླང་པོ་སྟེ། བྱ་དང་ནི། །ངང་པའི་རྒྱལ་པོ་ལྟར། ཁྱུ་མཆོག་སྟབས་གཤེགས། མིའི་ཁྱུ་མཆོག་སྟེ། གཡས་ཕྱོགས་དང༌། །མཐུན་པའི་ལམ་མངའ་བ་སྟེ། མཛེས་གཤེགས། བལྟ་ན་མཛེས་པ་སྟེ། དྲང་དང་། རྟག་ཏུ་ཐུགས་ཡོན་པོ་མི་མངའ་བ་སྟེ། འཁྲིལ་བག་ཆགས། །ཚུལ་རྣམ་པར་དག་པའི། བྱི་དོར་བྱས་འདྲ། སྡིག་པའི་ཆོས་རྣམས་ཤིན་ཏུ་སྦྱངས་པ་སྟེ། རིམ་པར་འཚམ། །ཆོས་རིམ་གྱིས་སྟོན་པ་སྟེ། གཙང་དང་། སྐུ་དང་གསུང་དང་ཐུགས་གཙང༌། འཇམ་དང་། རང་བཞིན་གྱིས་ཐུགས་འཇམ་པ་དང༌། དག་པའི་སྐུ། །རང་བཞིན་གྱིས་རྣམ་པར་དག་པའི་ཐུགས། མཚན་ཉིད་ཡོངས་སུ་རྫོགས་པ་དང༌། །ཆོས་དང་འདུལ་བ་ཤིན་ཏུ། སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །ཡོན་ཏན་ཡངས་ཤིང་བཟང་བ། གོམ་སྙོམས་པ་དང་། སེམས་ཅན་ཐམས་ཅད་ལ་མཉམ་པའི། (གསལ་བཤད། མངོན་རྟོགས་རྒྱན་ལས། སྤྱན་གཉིས་ནི། །དག་དང་། ཞེས་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོག་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།) གཞོན་ཤ་ཅན་ཉིད་དང༌། །མཆོག་ཏུ་འཇམ་པའི་ཆོས། སྐུ་ཞུམ་མེད་དང་། རྟག་ཏུ་ཞུམ་པ་མེད་པའི་ཐུགས། རྒྱས་པ་དང༌། །མི་དགེ་བའི་རྩ་བ་ཐམས་ཅད་བྱང་སྟེ། ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །ཡང་འབྱུང་བ་ཤིན་ཏུ་བཅོམ་ཞིང༌། ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། །རྟེན་ཅིང་འབྲེལ་པར་འབྱུང་བའི། གཟིགས་པ་སྒྲིབ་མེད་དག་པ་དང༌། །གཟིགས་པ་ཤིན་ཏུ་དག་པ་སྟེ། དཀུ་ཟླུམ། ཚུལ་དང་ལྡན་པའི། སློབ་མ་མདའ་བ་སྟེ། སྐབས་ཕྱིན། འཁོར་བའི་ཉེས་པ་ཐམས་ཅད། མ་རྙོངས་པ་དང༌། །ང་རྒྱལ་གྱི་དེའུ་བཅོམ་པ། ཕྱང་ངེ་བ་དང་། ཆོས་ཟབ་པ་རྣམ་པར། ལྟེ་བ་ནི། །ཟབ་དང་། ཆོས་ཟབ་མོ་ཤིན་ཏུ། གཡས་ཕྱོགས་འཁྱིལ་བ་དང༌། །མཐུན་པར་འཛིན་པའི། ཀུན་ནས་བལྟ་ན་སྡུག་པ་དང༌། །སློབ་མ་ཀུན་ནས་མཛེས་པའི། ཀུན་སྤྱོད་གཙང་དང་། ཐུགས་ཤིན་ཏུ་གཙང་མ། སྐུ་ལ་ནི། །སྨེ་བ་ནག་བག་མེད་པ་དང༌། །ཆོས་ནག་པོ་བསྟན་པ་དང༌། ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཤིང་བལ་ལྟར་རབ་ཏུ་ཡང་བ། ཕྱག་རིས་མདངས་ཡོད། རང་གི་སྐྱེ་བོ་དང༌། སྐྱེ་བོ་ཕལ་ལ། ཟབ་ཅིང༌། ཟབ། ཤིན་ཏུ་བརྟན་པར། རིང་དང༌། །བཟོད་པའི་ཆོས་ཡངས་བར། ཞལ་ནི་ཧ་ཅང་མི་རིང་དང༌། །བསླབ་པའི་གནས་ཧ་ཅང༌། མཆུ་ནི་བིམ་པ་ལྟར་དམར་དང༌། །གཟུགས་བརྙན་དུ་འཇིག་རྟེན་དུ་བགྱི་བ་སྟེ། ལྗགས་མཉེན་པ་དང་། འཇམ་པ་སྔོན་དུ་བཏང་ཞིང༌། སྲབ་པ་དང༌། །ཡོན་ཏན་ཕྲ་བའི་ཚོགས་དང༌། དམར་དང་། བྱིས་པའི་སྐྱེ་བོ་འདོད་ཆགས་པ། འབྲུག་གི་སྒྲ་ཉིད་དང༌། །གླང་པོ་ཆེའི་སྒྲ་དང༌། གསུང་ 4-1-372 མཉེན་འཇམ་དང་། སྙན་ཞིང་འཇམ་པ་དང༌། ཉམས་སུ་བདེ་བར་སྨྲ་བའི། མཆེ་བ་ཟླུམ། །སྲིད་པ་ཀུན་ཏུ་སྦྱོར་བ་ལས། རྣོ་དང་། སྐྱེ་བོ་རྣོ་རྣམས་འདུལ་བ་སྟེ། དཀར་དང་། ཆོས་དང༌། འདུལ་བ་ཤིན་ཏུ། མཉམ་པ་དང༌། །སའི་ཕྱོགས་མཉམ་པ་ལ། བྱིན་གྱིས་ཕྲ་དང་། རིམ་གྱིས་མངོན་པར་རྟོགས་པ་དང༌། ཤངས་མཐོ་དང༌། །ཤེས་རབ་ཀྱི་རི་བོ་མཐོན་པོ། མཆོག་ཏུ་དག་པ་དག་དང་ནི། །འདུལ་བའི་སྐྱེ་བོ་གཙང་བ། སྤྱན་ཡངས་པ་དང་། སངས་རྒྱས་ཀྱི་ཆོས་ཕུལ་དུ། སྤྱན་གཉིས་ནི་དག་པ་དང༌། གཟིགས་པ་ཤིན་ཏུ་རྣམ་པར་དག །རྫི་མ་སྟུག །སེམས་ཅན་གྱི་ཚོགས་ཤིན་ཏུ། པད་མའི་འདམ་མ་འདྲ་བ་དང༌། །ལྷ་དང་ལྷ་མ་ཡིན་དང༌། སྨིན་ཚུགས་རིང་དང་། རྟག་ཏུ་ཡངས་པ་གཟིགས་པ་སྟེ། འཇམ་པ་དང༌། །འཇམ་པ་དང་འདུལ་བ་ལ་མཁས་པ་སྟེ། སྤུ་ནི་མཉམ་པ་དང༌། །སྐྱོན་ཐམས་ཅད་མཁྱེན་པ་སྟེ། སྣུམ་དང་། དགེ་བའི་རྩ་བ་སྡུམ་གྱིས། ཕྱག་རིང་རྒྱས་དང་། ཆོས་མཆོག་ཏུ་ཡོངས་ཤིང༌། སྙན་མཉམ་དང༌། །ཉོན་མོངས་པའི་རྒྱུད་ལས། ཉམས་པ་རྣམ་པར་སྤངས་པ་དང༌། །སེམས་ཅན་བསམ་པས་མ་ཉམས་པས་འདུལ་བ་སྟེ། དཔྲལ་བར་ལེགས་པར་འབྱེས་པ་དང༌། །ལྟ་བའི་རྣམ་པ་ཐམས་ཅད་ཡོངས་སུ་སྦྱང་བ་སྟེ། དབྱེས་ཆེ་བ་དང་། ཕས་ཀྱི་རྒོལ་བ་ཤིན་ཏུ་འདུལ་བ་སྟེ། དབུ་རྒྱས་དང༌། །སྨོན་ལམ་དམ་པ་ཤིན་ཏུ་རྫོགས་ཏེ། དབུ་སྐྲ་བུང་བ་ལྟར་གནག་དང༌། །ཡུལ་གྱི་དབུལ་བ་རྣམ་པར་བཟློག་པ་སྟེ། སྟུག་དང་། མཐོང་བ་དང་སྒོམ་པས། འཇམ་དང་། ཐུགས་འཇམ་པས་བསྟན་པའི། མ་འཛིངས་དང༌། །རྟག་ཏུ་མ་འཁྲུགས་པའི་ཐུགས་དང་ལྡན་པ་སྟེ། མི་བཤོར། བརླང་པའི་གསུང་དང་ཡོངས་སུ་བྲལ་བ་སྟེ། དབུ་མི་རྩུབ་པ་ཡིན། དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང༌། །བྱང་ཆུབ་ཀྱི་ཡན་ལག་སྤོས་ཀྱི་མེ་ཏོག་གིས་སྐྱེས་པོ་མཐུན་པར་བསྒྲུབ་པ་སྟེ། དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། དེ་ནས་ཕྲེང་བཅུ་དྲུག་ན། རྨད་དུ་བྱུང་བའི་ཆོས་སོ། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །རབ་འབྱོར། གཞན་ཡང༌། ཕྲེང་བཞི་ན། འདུས་པར་སྒོམས་ཤིག །ཅེས་པ་ནི་སྐྱེ་བ་མེད་པའི་ཏིང་ངེ་འཛིན་བསྒྲུབ་པ་ཨ་ཞེས་བྱ་བའི་ནང་དུ་ཡི་གེ་ཐམས་ཅད་ཀྱི་ཏིང་ངེ་འཛིན་འདུས་པར་སྒོམས་ཤིག་ཅེས་པའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གསུམ་དང་ཕྲེང་དྲུག་ན། གཟུགས་མ་བཅིངས་མ་གྲོལ་བ། ཞེས་བྱ་བ་ནི། དྲི་མ་དང་བཅས་པའི་གནས་སྐབས་དང༌། ཆོས་ཉིད་ཀྱི་གཟུགས་ཀུན་བཏགས་པའི་རང་བཞིན་གྱི་དབེན་པའི་ཕྱིར་མ་བཅིངས་པའོ། །དྲི་མ་མེད་པའི་གནས་སྐབས་ན་ཡང་གློ་བུར་གྱི་རྣམ་པར་བྱང་བ་མེད་པའི་ཕྱིར་མ་གྲོལ་བའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཅིག་ན། གཟུགས་མ་ཡིན་ནོ། །ཞེས་བྱ་བ་ནི་མ་བཅིངས་པ་ཉིད་དང་མ་གྲོལ་བ་ཉིད་ཅེས་བྱ་བ་ཡོངས་སུ་གྲུབ་པའི་གནས་སྐབས་ཡིན་ཏེ། དེ་ཀུན་བཏགས་པའི་གཟུགས་ངོ་བོ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། གཟུགས་ནི་ཤིན་ཏུ་རྣམ་པར་དག་པའོ། །ཞེས་བྱ་བ་ནི་རང་བཞིན་ཉིད་ཀྱིས་བྱ་བར་དགོངས་པའོ། །ཞེས་དབུ་མ་པ་གསུངས། 4-1-373 ཕྲེང་ལྔ་ཐལ་ན། དངོས་པོ་མེད་པ་མི་གནས་སོ། །ཞེས་བྱ་བ་ནི་མི་རྟེན་པའི་ཕྱིར་ཏེ། དཔེར་ནམ་མཁའ་ལ་ནམ་མཁའ་མི་གནས་པ་ལྟ་བུའོ། །ཞེས་དབུ་མ་པ་གསུངས། ཕྲེང་ལྔ་ན། ཆོས་ཉིད་དེའི་རྗེས་སུ་རྟོགས་ཏེ་ཞེས་པ་ནི། ཐམས་ཅད་ཀྱང་ཆོས་མངོན་པར་རྟོགས་པ་གཅིག་པ་ཉིད་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་སོ་གཉིས་ན། ཆོས་ཉིད་ལས་མི་འདའ་འོ། །ཞེས་པ་ནི་ཆོས་འཆད་པའི་ཚེ་དེ་དག་ལས་མི་འདའ་བའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཅིག་ན། རང་བཞིན་མེད་དོ། །ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དབྱིངས་ནི་ཆོས་ཀྱི་སྐུ་སྟེ་འདའ་བ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་ཉིད་འདའ་བ་མེད་དོ། །རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱི་ཡང་དག་པའི་མཐའ་འདའ་བ་མེད་དོ། །ཞེས་བྱ་བར་བྱེ་བྲག་ཏུ་ཕྱེ་སྟེ་གཟུང་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཕྲེང་གཉིས་ལྷག་ན། ཅི་ལགས། ཞེས་བྱ་བ་ལ་སོགས་པ་ཇི་སྐད་ཞུས་ཏེ། གཟུགས་དང་ཚོར་བ་ལ་སོགས་པ་ནི། རྣམ་པར་འགྱུར་བའི་ངོ་བོ་ཉིད་ཡིན་པས་འདའ་བར་སྣང་ན། འདི་ལྟར་གཟུགས་ལ་སོགས་པ་ལ་ནི་འདའ་བ་ཡོད་ཀྱི། ཆོས་ཀྱི་དབྱིངས་ལ་སོགས་པ་ལ་མེད་ན། དེའི་ཚེ་གཟུགས་ལ་སོགས་པ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་ལ་ཐ་དད་པ་ཡོད་དམ། ཞེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གསུམ་ལྷག་ན། དེ་ནི་མ་ཡིན་ནོ། །ཞེས་པ་ལ་སོགས་པས། གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་རྣམས་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་ཐ་དད་པ་མེད་པར་བསྟན་ཏོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། དོན་དམ་པའི་གཟུགས་ལ་སོགས་པ་ལ་ནི་འདའ་བ་མེད་དོ། །ཞེས་བྱ་བའོ། །ཞེས་དབུ་མ་པ་གསུངས། ཕྲེང་དྲུག་ན། ཡང་དག་པའི་མཐའ་ཡང་གཞན་མ་ལགས་ན། ཞེས་བྱ་བ་ལ་སོགས་པས་ཞུས་ཏེ། གལ་ཏེ་གཟུགས་དང་ཚོར་བ་ལ་སོགས་པ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་ཐ་དད་པ་མེད་ན། འོ་ན་ནི་ཆོས་ཀྱི་དབྱིངས་ལ་སོགས་བཞིན་དུ་ཆོས་ཐམས་ཅད་འདུས་མ་བྱས་པ་ཡིན་པའི་ཕྱིར། དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་དགོད་པ་མེད་པར་འགྱུར་རོ། །ཞེས་དབུ་མ་པ་གསུངས། ཕྲེང་བཞི་ན། ཀུན་རྫོབ་ཀྱི་བདེན་པ་ཚང་མར་བྱས་ཏེ། ཞེས་བྱ་བ་ལ་སོགས་པས་འདི་སྐད་གསུངས་ཏེ། ཆོས་ཐམས་ཅད་འདུས་མ་བྱས་པའི་ངོ་བོ་ཡིན་དུ་ཟིན་ཀྱང༌། འོན་ཀྱང་བྱིས་པ་ཀུན་བཏགས་པ་སྤྱོད་ཡུལ་དུ་བྱེད་པ་རྣམས་དགེ་བ་དང་མི་དགེ་བ་ཀུན་བཏགས་པ་རྣམས་ཡོད་དེ། དེའི་དབང་གིས་རྣམ་པར་སྨིན་པ་དཀར་པོ་དང་ནག་པོ་ཡང་ཡོད་དོ། །དེའི་དབང་གིས་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་དེ་དག་བཤད་ཀྱིས་དོན་དམ་པར་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱིས་ངོ་བོ་ཡིན་པས་དེ་དག་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཅིག་ན། དེ་ཅིའི་ཕྱིར་ཞེ་ན། དོན་དམ་གྱི་ཆོས་དེ་བཞིན་ཉིད་དེ་ནི་ཡོངས་སུ་གྲུབ་པ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མེད་པ། ཕྲེང་གཅིག་ཐལ་ན། རྣམ་པར་བྱང་བ་མེད་པ་སྟེ། ཞེས་པ་ནི་གཟུགས་མེད་པའི་ཆོས་རྣམས་དང༌། གཟུགས་ཀྱི་ཆོས་རྣམས་ཀྱི་ནང་ནས་མིང་ཞེས་བྱ་བ་དང༌། གཟུགས་ཞེས་བྱ་བ་སྨོས་པ་ནི་ཀུན་ 4-1-374 རྫོབ་ཀྱི་བདེན་པའི་ཚུལ་ལོ། །དོན་དམ་པར་ནི་དེ་བཞིན་ཉིད་དེ་ནི་ཡོངས་སུ་གྲུབ་པའི་ཕྱིར་རྣམ་པར་མི་རྟོག་པའོ། །བརྗོད་དུ་མེད་པའི་ཕྱིར་བརྗོད་དུ་མི་རུང་བའོ། །འདུས་མ་བྱས་པའི་ཕྱིར་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པའི་ཕྱིར་འགག་པ་མེད་པའོ། །རང་བཞིན་གྱིས་དབེན་པའི་ཀུན་ནས་ཉོན་མོངས་པ་མེད་པའོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རྣམ་པར་བྱང་བ་མེད་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་དགུ་ན། འབྲས་བུ་ཐོབ་པར་བགྱི་བ་མ་མཆིས་སམ། ཞེས་པ་ནི་ལམ་བསྒོམས་པའི་རྒྱུས་འབྲས་བུ་འབྱུང་བར་འགྱུར་རམ། འབྲས་བུ་ཐོབ་པར་འགྱུར་རམ། ཞེས་དེ་སྐད་ཞུས་ཏེ། དེ་ལྟར་གྱུར་ན་དེ་ཡང་དོན་དམ་པ་ཉིད་དུ་འགྱུར་རོ། །ཞེས་བྱ་བའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཅིག་ན། ཐོབ་པར་བྱ་བ་མེད་དོ། །ཞེས་བྱ་བ་ནི་ལམ་དང་འབྲས་བུ་གཉིས་ཀ་ཡང་ཀུན་བཏགས་པ་ཡིན་པས་གསལ་བ་བཀའ་སྩལ་ཏོ། །ཞེས་དབུ་མ་པ་གསུངས། ནུད་ཙམ་ན། འབྲས་བུ་ཐོབ་པ་མེད་དོ། །ཞེས་བྱ་བ་ནི་ཀུན་བཏགས་པ་ཡིན་དུ་ཟིན་ཀྱང་ངེས་པ་བསྟན་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་གསུམ་ལྷག་ན། གོད་པ་མ་མཆིས་ན། ཞེས་བྱ་བ་ལ་སོགས་པས་གནས་བརྟན་གྱིས། འདི་སྐད་ཞུས་ཏེ། ཅིའི་ཕྱིར་སྤོང་བ་དང༌། ལམ་དང་འབྲས་བུ་དག་རིས་སུ་བཅད་དེ་རྣམ་པར་དགོད་པར་བྱས། ཞེས་དབུ་མ་པ་གསུང༌། ཕྲེང་ལྔ་ན། བདག་གིས་ཇི་ལྟར་འཚལ་བར་བགྱི། །ཞེས་བྱ་བ་ལ་སོགས་པས་འདི་སྐད་བཀའ་སྩལ་པ། དེ་དག་ལ་ནི་དོན་དམ་པར་ཡོངས་སུ་ཤེས་པ་དང་རབ་ཏུ་རྟོགས་པའི་རིམ་པ་མེད་པ་ཉིད་དེ། འདི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དེ་དག་ནི་འདུས་མ་བྱས་པ་སྟེ། དེ་དག་ལ་ནི་རིམ་པར་དབྱེ་བ་མེད་པ་ཉིད་དོ། །དེ་བས་ན་དེ་དག་ཐམས་ཅད་སྟོང་པ་ཉིད་དུ་རབ་ཏུ་རྟོགས་པ་ན་མར་བཅད་པ་མེད་དོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་གཉིས་ལྷག་ན། རྣམ་པར་དཀྲུགས་པར་མི་འགྱུར་རམ། ཞེས་པ་ནི་མཚན་ཉིད་མེད་པ་རྣམས་ལ་མཚན་ཉིད་དུ་རྟོགས་པ་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་ལ་སོ་སོ་ཐ་དད་དུ་འཛིན་པའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་གཅིག་ན། དཀྲུགས་པར་ཡང་འགྱུར་རོ། །ཞེས་པ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་དེ་ལྟར་རྟོགས་དུ་ཟིན་ཀྱང་ཕྱིས་ཤེས་རབ་ཀྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་ཐ་དད་པ་མེད་པར་རབ་ཏུ་རྟོགས་ཏེ། དེ་བས་ན་རྣམ་པར་དཀྲུགས་པར་མི་འགྱུར་རོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་དྲུག་ན། འདི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་ཆོས་ཀྱི་དབྱིངས་སོ། །ཕྲེང་ལྔ་ལ། ཇི་ལྟར་གཟུགས་ལ་བསླབ་པར་བགྱི། ཞེས་བྱ་བ་ནི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཙམ་དུ་ཟད་ན། གཟུགས་ལ་སོགས་པའི་ཆོས་ཤིན་ཏུ་མེད་པས་དེ་ལ་སློབ་ན། ཕྱིན་ཅི་ལོག་དང་མཚུངས་པར་འགྱུར་རོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཤོག་གུ་བཞི་དང་ཕྲེང་ལྔ་ན། བྱང་ཆུབ་ཀྱི་བར་ཞེས་བྱའོ། །ཞེས་སྟོན་ཏོ། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་། རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཤོག་གུ་གཉིས་སུ་ཕྲེང་ཉིས་ཆད་པ་ན། སེམས་ཅན་དུ་གདགས་པ་ཡང་མི་དམིགས་ཏེ། ཕ་རོལ་ཕྱིན་དྲུག་ 4-1-375 དང༌། །བདག་ཀྱང་སྦྱིན་པ་གཏོང་བ་ཡིན། ཕྲེང་བརྒྱད་ན། སངས་རྒྱས་ལམ་དང་། བདག་ཀྱང་དགེ་བ་བཅུའི་ལས། ཕྲེང་ཉེར་བདུན་ན། དགའ་བར་སྤྱོད་པ་ཡིན། རང་བཞིན་གྱིས། །སྟོང་པ་ཉིད་དང་། རབ་འབྱོར། གལ་ཏེ་ཆོས་ཀྱི་དབྱིངས། ཕྲེང་གཅིག་ན་མ་མཆིས་སུ་ཟིན་ན་ནི། ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏེ། འདི་ལ་ཆོས་ཀྱི་དབྱིངས་སྔོན་བྱིས་པ་སོ་སོའི་སྐྱེ་བོའི་དུས་ན་ནི་མ་དག་པ་ཡིན། བར་དུ་བྱང་ཆུབ་སེམས་དཔའི་དུས་ན་ནི་དག་པ་དང་མ་དག་པ་ཡིན། ཕྱིས་ཐ་མར་ནི་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། དེ་ལ་དེ་ཙམ་དུ་ཟད་ཀྱི་དེས་དེ་ལ་བྱེ་བྲག་ཡོད་པར་ཤེས་པར་མི་བྱ་སྟེ། ངོ་བོ་ཉིད་ཀྱིས་དུས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པ་ཉིད་དོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་བརྒྱད་ལྷག་ན། ཚད་མར་བྱས་ཤིང༌། ཞེས་བྱ་བ་ནི་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཀྱང་ཡང་དག་པའི་མཐའི་དོན་དུ་སྤྱོད་དོ། །འདི་ལྟར་ཡོད་པས་མ་ཡིན་པས་མེད་པའི་སེམས་ཅན་ཡོངས་སུ་བཏང་ནས་ཡང་དག་པའི་མཐའི་ངོ་བོ་ཉིད་ལ་རབ་ཏུ་འགོད་དེ། སེམས་ཅན་གྱི་མཐའ་ཉིད་ཡང་དག་པའི་མཐར་བྱེད་དོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་ལྔ་ན། སེམས་ཅན་གྱི་མཐའ་གཞན་མ་ལགས་ན། ཞེས་པ་འདིས་ནི་འདི་སྐད་དུ་གལ་ཏེ་ཡང་དག་པའི་མཐའ་མ་གཏོགས་པར་སེམས་ཅན་གྱི་མཐའ་ཞེས་བྱ་བ་མེད་ན། འོ་ན་སེམས་ཅན་རྣམས་དང་ཡང་དག་པའི་མཐའ་གཅིག་པའི་ཕྱིར། གང་འདི་སྐད་དུ་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་ཅེས་བྱ་བ་དེ་ནི་མི་རིགས་ཏེ། དེ་ཉིད་དེ་ལ་འགོད་ན་ནི། ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའ་རབ་ཏུ་འཇོག་གོ །ཞེས་བྱ་བར་འགྱུར་ཏེ། དེ་ཡང་མི་རིགས་སོ་ཞེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ལྔ་ན་འཁྲུག་པར་མི་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། ངོ་བོ་ཉིད་ནི་ངོ་བོ་ཉིད་ལ་རབ་ཏུ་མི་འཇིག་གི །ཀུན་བཏགས་སེམས་ཅན་གྱི་མཐའ་ཀུན་བཏགས་པའི་སེམས་ཅན་གྱི་དངོས་པོ་བསལ་ནས། ཤིན་ཏུ་ཡོངས་སུ་དག་པ་དེ་བཞིན་ཉིད་ངོ་བོ་ཉིད་ལ་ཐབས་མཁས་པས་འགོད་པ་ལ་ཡང་དག་པའི་མཐའ་ལ་རབ་ཏུ་འགོད་པ་ཞེས་བྱ་སྟེ། དེ་བས་ན་སེམས་ཅན་གྱི་མཐའ་དང་ཡང་དག་པའི་མཐའ་ནི་ཐ་མི་དད་ཅིང་གཅིག་སྟེ། གཉིས་སུ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་བརྒྱད་དང་ཕྲེང་བདུན་ན། ཆོས་མ་ལགས་པར་ཡང་མི་དམིགས་ན། ཞེས་པ་ལ་སོགས་པས་འདི་སྐད་དུ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ན། སེམས་ཅན་དང་ཆོས་དང་ལམ་རྣམས་མེད་པར་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་བྱས་ནས། ལམ་གྱི་རྣམ་པར་ཤེས་པ་ཉིད་བསྒོམས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་བྱེད་ཅེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བཅོམ་ལྡན་འདས་ཇི་ལྟར། ཕྲེང་གསུམ་ན། ཞིག་མ་ཡིན་ན་ནི། ཞེས་པ་ལ་སོགས་པས་འདི་སྐད་དུ་གལ་ཏེ་ཆོས་སམ་ལམ་དག་སོ་སོ་ན་ 4-1-376 ཡོད་ན་ནི་འགའ་ཞིག་དམིགས་པར་འགྱུར་བའི་རིགས་ཏེ། དེ་ལྟ་ན་ནི་དེ་བཞིན་དུ་སྲོག་ལ་སོགས་པ་ཐམས་ཅད་ཀྱང་ཡོད་པར་འགྱུར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་གནས་པས་སངས་རྒྱས་སུ་ཡང་མི་འགྱུར་ལ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པར་ཡང་མི་འགྱུར་བ་ཞིག་ན་འདི་ལྟར་རང་བཞིན་སྟོང་པ་ཉིད་ལ་ནི་ཆོས་སམ་ལམ་དག་མེད་དེ། དེའི་ཕྱིར་སྟོང་པ་ཉིད་དེ་འགྲུབ་པར་འགྱུར་ཏེ། དེ་བས་ན་སྟོང་པ་ཉིད་དེ་ལ་གནས་ནས་སངས་རྒྱས་སུ་ཡང་འགྱུར་ལ་སྟོང་པ་ཉིད་ཀྱི་ཆོས་བཤད་པར་ཡང་འགྱུར་ཏེ། དེ་བས་ན་རང་བཞིན་སྟོང་པ་ཉིད་ཀྱི་དབང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པ་འགྲུབ་བོ་ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ཉེར་གཉིས་ན། བྱ་བར་ཆོས་སྟོན་ཏོ། །དེ་སྐད་ཅེས་བཀའ་སྩལ་ནས། ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ཉི་ཚེ་སྟོང་པར་མ་ཟད་ཀྱི་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅུ་དྲུག་པ་དག་ཀྱང༌། རང་བཞིན་གྱིས་སྟོང་པ་ཉིད་ཡིན་པར། རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་ན་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གལ་ཏེ་ནང་སྟོང་པ་ཉིད་ལ་སོགས་པ་ཡང་རང་བཞིན་གྱིས་སྟོང་པ་མ་ཡིན་དུ་ཟིན་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་མི་འགྲུབ་བོ། །ཞེས་པ་གཉིས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ལྔ་ལྷག་ན། བཤིག་པར་འགྱུར་ན། ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པ་རང་བཞིན་གྱིས་སྟོང་པ་མ་ཡིན་དུ་ཟིན་ན། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཅེས་བྱ་བ་ལས་ཀྱང་ཉམས་པར་འགྱུར་ཏེ། ཞིག་པར་འགྱུར། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་བཅུ་བཞི་ན། ཐེ་ཙོམ་ཟ་བར་འགྱུར་བ་ལྟ་ག་ལ་འོང༌། གཉིས་ཟད་དང༌། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཕྲེང་བརྒྱད་ན། ལོག་མ་ཡིན་པའོ། །ཞེས་བྱ་བ་ནི་གནས་དེ་ཉིད་སྔོན་ཀུན་བཏགས་པའི་གནས་སྐབས་ན་ནི་ཕྱིན་ཅི་ལོག་ཅེས་བྱའོ། །ཡོངས་སུ་དག་པའི་གནས་སྐབས་ན་ནི་ཕྱིན་ཅི་མ་ལོག་པའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། རང་བཞིན་སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་བྱ་བ་གསོལ་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྤྱོད་པ་ན་གཟུགས་ལ་སོགས་པ་དེ་དག་ཀྱང་གཞན་ལ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཞེས་བྱ་བ་མེད་གཟུགས་ལ་སོགས་པ་དེ་དག་ཉིད་སྟོང་པ་ཉིད་དུ་མཐོང་བ་དེ་ངོ་མཚར་ཏོ། །ཞེས་བྱ་བའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། རྣམ་པར་འཁྲུག་པར་མི་བྱེད་དོ། །ཞེས་བྱ་བ་ནི་གཉིས་སུ་འདུ་ཤེས་པས་གཟུགས་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །ཞེས་བྱ་བ་སྟེ་གཉིས་སུ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། འདུ་ཤེས་དང༌། ཤོག་གུ་གཉིས་དང་ཕྲེང་བཞི་ན། དེ་ལྟ་བུའི་རང་བཞིན་མེད་དོ། །ཞེས་པ་ནི་དངོས་པོའི་བདག་ཉིད་ཀྱི་ངོ་བོ་ཉིད་མེད་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་དྲུག་ན། བྱང་ཆུབ་དེ་ནི་གཟུགས་ལ་མི་སྤྱོད་དོ། །ཞེས་བྱ་བ་ནི་བྱང་ཆུབ་ལ་གཉིས་སུ་བྱས་ནས་གཟུགས་ལ་མི་སྤྱོད་དོ། །བྱང་ཆུབ་སེམས་དཔའ་ས་བྱང་ 4-1-377 ཆུབ་ལ་སྤྱོད་ཅེས་བྱ་བར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱང་གཉིས་སུ་བྱས་ནས་གཟུགས་ལ་མི་སྤྱོད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཤོག་གུ་དྲུག་ཕྲེང་ལྔ་ཆད་པ་ན། ལེའུ་དྲུག་ཅུ་རྩ་བཞི་པའོ།། །། ༈ དམིགས་པ་མེད་པ་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གཅིག་དང་ཕྲེང་ལྔ་ན། བརྩོན་པར་བགྱིད་པ་ལགས། ཞེས་བྱ་བ་ནི་གལ་ཏེ་བྱང་ཆུབ་ཀྱི་ལམ་ཐམས་ཅད་ཡོད་པ་མ་ཡིན་ན། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་གཅིག་ན། ཇི་ལྟར་མངོན་པར་འགྲུབ་པར་འགྱུར། ཞེས་བྱ་བ་ནི་དེ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་དང་ཕྲེང་བཞི་ལྷག་ན། ཡང་དག་པར་འཇུག་གོ །ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །གསོལ་པ། ཤོག་གུ་གཉིས་དང་ཕྲེང་ལྔ་ན། སྔོན་ཡོད་པ་ཕྱིས་མེད་པར་འགྱུར། ཞེས་བྱ་བ་ནི་སྔོན་གྱི་མཐའ་ཐམས་ཅད་ཡོད་པར་བཟུང་ལ། ཕྱིས་མེད་པར་བཟུང་བ་ནི་ཉེས་པར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཤོག་གུ་ཕྱེད་དང་གཉིས་ལྷག་ན། གང་ཡང་ན་མི་དམིགས་སོ། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་གཉིས་ན། བྱང་ཆུབ་ཀྱི་ལམ་ལགས། ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བས་བསྡུ་བའི་ཞུས་པའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་བཅུ་གསུམ་དང་ཕྲེང་གཉིས་ན། ཆོས་སྟོན་ཏོ། །མངོན་པར་ཞེན་པ་བཟློག་པ་དང༌། །རབ་འབྱོར། ཤོག་གུ་གསུམ་དང་ཕྲེང་བརྒྱད་ན། བྱང་ཆུབ་ཀྱི་ལམ་ཇི་ལྟར་བསྒྲུབ་པར་བགྱི། ཞེས་བྱ་བ་ནི་མ་སྐྱེས་པ་རྣམས་བསྐྱེད་པར་བྱ། ཞེས་བྱ་བའི་ཚིག་མི་རིགས་སོ། །སྙམ་དུ་དགོངས་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་ཅིག་ལྷག་ན། ཆོས་ཐམས་ཅད་མ་སྐྱེས་པའོ། །ཞེས་བྱ་བ་ནི་གང་དག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་ནས། བསོད་ནམས་དང་བསོད་ནམས་མ་ཡིན་པ་ལ་སོགས་པ་ཅི་ཡང་མངོན་པར་འདུ་མི་བྱེད་པ་དེ་དག་ཉིད་ལ་ནི་མ་སྐྱེས་པའོ། །བྱིས་པ་སོ་སོའི་སྐྱེ་བོ་གང་དག་ཡོངས་སུ་མི་ཤེས་པ་མངོན་པར་འདུ་མི་བྱེད་པ་དེ་དག་ཉིད་ལ་ནི་མ་སྐྱེས་པའོ། །བྱིས་པ་སོ་སོའི་སྐྱེ་བོ་གང་དག་ཡོངས་སུ་མ་ཤེས་པ་མངོན་པར་འདུ་བྱེད་པ་དེ་དག་ལ་ནི་ཆོས་ཐམས་ཅད་སྐྱེས་པ་ཉིད་དོ། །ཞེས་གསུངས་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་སོ་གཉིས་ན་མ་བྱུང་ཡང་རུང་སྟེ། ཞེས་པ་ནི་གནས་བརྟན་གྱིས་འདི་སྐད་ཞུས་ཏེ། ཆོས་ཐམས་ཅད་ནི་དུས་ཐམས་ཅད་དུ་རྣམ་པ་ཐམས་ཅད་དུ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཡིན་ན། དེ་བྱིས་པ་རྣམས་ལ་ནི་སྐྱེས་པའི་ཆོས་ཅན་དུ་འགྱུར་ལ་མཁས་པ་རྣམས་ལ་ནི་མི་འགྱུར་བ་དེ་ཇི་ལྟར་རིགས་པར་འགྱུར་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ནུད་ཙམ་ན། དེ་དེ་བཞིན་དེ། ཞེས་པ་ལ་སོགས་པས་འདི་སྐད་དུ་བསྟན་ཏེ། ཆོས་ཉིད་ལ་ནི་ནམ་ཡང་ཕྱིན་ཅི་ལོག་ཡོད་པ་མ་ཡིན་གྱི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡོངས་སུ་མི་ཤེས་པའི་ཉེས་པས་ཀུན་བཏགས་པའི་ཆོས་རྣམས་སྐྱེ་བར་འགྱུར་རོ། །ཞེས་ཀུན་བཏགས་པ་རྣམས་ཀྱིས་ཀུན་བཏགས་པ་ཉིད་སྐྱེ་བ་ལ་དགོངས་ཏེ་བཤད་ 4-1-378 ཀྱིས། ཆོས་ཉིད་ལ་དགོངས་པ་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གཉིས་ན། ཐར་བར་བྱེད་དོ། །བྱང་ཆུབ་ཐོབ་དང་། གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཕྲེང་ལྔ་ན། ལམ་ཉིད་ཀྱང་བྱང་ཆུབ་བོ། །ཞེས་པའི་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། གཉིས་ཀའང་ཆོས་ཀྱི་དབྱིངས་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར། བྱང་ཆུབ་དང་ལམ་དག་ལ་ཐ་དད་པ་གང་ཡང་མེད་མོད་ཀྱི། འོན་ཀྱང་སྔོན་གྱི་གནས་སྐབས་ནི་རྒྱུ་ཡིན་པའི་ཕྱིར་ལམ་ཞེས་བྱ། ཕྱི་མའི་གནས་སྐབས་ལ་ནི། བྱང་ཆུབ་ཅེས་བྱའོ། །དོན་དམ་པར་ནི་དེ་གཉིས་ཐ་དད་མ་ཡིན་པའི་ཕྱིར་ལམ་གྱི་བྱང་ཆུབ་ཐོབ་པར་འགྱུར་ཞེས་པའམ་ལམ་མ་ཡིན་པས་ཐོབ་པར་འགྱུར་ཞེས་བརྗོད་དུ་མི་རུང་བར་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤོག་གུ་གཅིག་དང་ཕྲེང་གཅིག་ན། ཞིང་ཡོངས་སུ་དག་པར་བྱེད་པའོ། །སངས་རྒྱས་ཞིང༌། །རྣམ་པར་དག་དང་། ཤོག་གུ་དྲུག་དང་ཕྲེང་བརྒྱད་ན། ལེའུ་དྲུག་ཅུ་དྲུག་པའོ།། །། ༈ ངེས་པ་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གཉིས་དང་ཕྲེང་དྲུག་ལྷག་ན། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བར་འགྱུར་ཞེས་པ་ནི་ས་བརྒྱད་པ་ཡན་ཆད་ནི་དེའི་ལས་ཐམས་ཅད་འཕགས་པ་ཟག་པ་མེད་པ་ཡིན་ནོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཅིག་དང་ཕྲེང་གཅིག་ན། དེ་ནི་ངོ་མཚར་ཆེའོ། །སེམས་ཅན་དོན་ནི་ཚད་མེད་དང༌། །བཅོམ་ལྡན་འདས། ཤོག་གུ་གཅིག་དང་ཕྲེང་གཉིས་ན། སྤྱོད་པར་རིགས་པར་བྱའོ། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང༌། །དེ་ནས་ཚེ་དང་ལྡན་པ། ཤོག་གུ་བརྒྱད་དང་ཕྲེང་བཞི་ན། རྫོགས་པའི་བྱང་ཆུབ་མེད་དོ། །བྱང་ཆུབ་ཡན་ལག །རབ་འབྱོར་གྱིས་གསོལ་པ། ཤོག་གུ་གཉིས་དང་ཕྲེང་གསུམ་ན། སངས་རྒྱས་ཀྱིས་ཁྱད་པར་རོ། །ལས་རྣམས་ནི། །ཆུད་མི་ཟ་དང་། རབ་འབྱོར་གྱིས་གསོལ་པ། ཕྲེང་བརྒྱད་ན། དེ་དག་ནི་ངན་པར་སྤྱད་པ་ནི་འདིར་བསོད་ནམས་མ་ཡིན་པའི་ལས་ཏེ་དེའམ། ལེགས་པར་སྤྱད་པ་ནི་འདིར་བསོད་ནམས་ཀྱི་ལས་ཏེ་དེའམ། མི་གཡོ་བའི་ལས། ཕྲེང་ཕྱེད་ཡོལ་ན། ལེགས་པར་སྤྱད་པའི་ལས་ཀྱི། འདོད་པའི་ཁམས་ཀྱི་ལྷ་དང་མིར་སྐྱེའོ། །ཉམས་པ་མེད་པ་སྟེ་མི་གཡོ་བའི་ལས་ཀྱིས་གཟུགས་ཀྱི་ཁམས་སམ། ཤོག་གུ་གཉིས་དང་ཕྲེང་གཅིག་ན། ཡོངས་སུ་འགྲེལ་ཏོ། །བདེན་མཐོང་དང༌། །རབ་འབྱོར་གྱིས་གསོལ་པ། ཕྲེང་བདུན་ན། མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་བྱ་བ་ནི་གལ་ཏེ་སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་དག་ལ་ཡང་སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པ་ཡོད་པའི་ཕྱིར་རོ། །ཅི་སྟེ་སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པས་མྱ་ངན་ལས་འདའ་བར་གྱུར་ན་ནི་དེ་ལྟ་ན་ཉན་ཐོས་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པར་འགྱུར་རོ། །སྙམ་དུ་དགོངས་ནས་ཞུས་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ལྷག་ན། འོན་ཏེ་ལམ་གྱིས་མྱ་ངན་ལས་འདའ་བར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱི་རྣམ་པ་གཉིས་ཀ་ལྟར་ཡང་མྱ་ངན་ལས་འདའ་བར་མི་འགྱུར་གྱི། 4-1-379 དེ་བཞིན་ཉིད་ཅེས་བྱ་བ་མཉམ་ཉིད་རབ་ཏུ་རྟོགས་པས་མྱ་ངན་ལས་འདའ་བར་མི་འགྱུར་བ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཕྲེང་བཅུ་བཞི་ན། དམིགས་སུ་མེད་པ་དེ་ལྟར་མཐོང་སྟེ། ཞེས་པ་ནི་ཡོངས་སུ་གྲུབ་པའི་གནས་སྐབས་ཉིད་ན་ཆོས་ཐམས་ཅད་མེད་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། སྤྱི་བོར་ཐོགས་པ་ལྟ་བུ། བར་མི་འགྱུར་ཏེ། ཞེས་པ་ནི་དེ་ལ་ཆོས་ལ་བདུན་པའི་སྲེད་པ་མི་བྱེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ལྷག་ན། སེམས་མི་བསྐྱེད་དོ། །ཞེས་བྱ་བ་ནི། སྔར་བཤད་པའི་ཚུལ་གྱིས་ཡོངས་སུ་འདྲིས་པའི་ཤེས་པས་མངོན་དུ་འདྲིས་པ་འབའ་ཞིག་ཏུ་བྱེད་ཀྱིས་ཉན་ཐོས་ཀྱི་སར་ལྷུང་དུ་དོགས་པའི་ཕྱིར། སེམས་བཅུ་དྲུག་པོ་དེ་དག་གིས་དེ་མངོན་སུམ་དུ་བྱས་ནས། མཐོང་བར་ནི་མི་བྱེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་ལྔ་ན། དངོས་པོ་མེད་པ་ནི་བྱང་ཆུབ་སྟེ། ཞེས་པ་ནི་དངོས་པོ་ནི་འདུས་བྱས་དང་འདུས་མ་བྱས་དང་བརྟགས་པ་དང་མ་བརྟགས་པའི་ཆོས་རྣམས་དེ་ནི། དེའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། བརྗོད་དུ་མེད་པ་དོན་དམ་པར་གནས་པའི་བྱང་ཆུབ་ལ་དངོས་པོ་མེད་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཕྲེང་བཞི་ན། ལེའུ་དྲུག་ཅུ་བརྒྱད་པའོ།། །། ༈ ཕྱིན་ཅི་ལོག་ནི་སྤངས་པ་དང༌། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། དངོས་པོ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་ཉིད་དོ། །ཞེས་པ་ནི་ཀུན་བཏགས་པ་ཡིན་པས་དངོས་པོ་མེད་པའི་བདག་ཉིད་ཁོ་ན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་གཅིག་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་དངོས་པོ་མ་མཆིས་པའོ། །ཞེས་བྱ་བ་ལ་སོགས་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཐོབ་པ་ཞེས་བྱ་བ་གང་ཡང་མེད་དོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་བདུན་ན། དངོས་པོ་ལས་མངོན་པར་རྣམ་པར་འགྲེལ་ཏེ། དེ་གཞི་མེད་པའི་ཚུལ་དང་ནི། །རབ་འབྱོར་གྱིས་གསོལ་པ། ཤོག་གུ་ལྔ་ཕྲེང་དྲུག་ན། ལེའུ་དྲུག་ཅུ་དགུ་པའོ།། །། ༈ རྣམ་པར་བྱང་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཕྲེང་དགུ་ན། ལམ་ལས་འདས་པའི་ཆོས་སོ། །ཚོགས་དང་ནི། །གསོལ་པ། ཤོག་གུ་བཞིར་ཕྲེང་གཉིས་ཀྱིས་ཆད་པ་ན། འབྲས་བུ་ཐོབ་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་ཐམས་ཅད་གནས་རྣམ་པར་དག་པར་བྱེད་པ་ཡིན་པས་གནས་ཡོངས་སུ་དག་པར་བྱེད་པ་ན། ལམ་གྱི་རྒྱུར་འགྱུར་རོ་གང་སྐྱེ་བ་མེད་པ་དང༌། འགག་པ་མེད་པའི་བདག་ཉིད་ཅན་དངོས་པོ་མེད་པ་དེ་དག་ལ་ནི་འབྲས་བུ་ཐོབ་པར་བྱ་བ་མེད་དེ། དེ་ནི་ངོ་བོ་ཉིད་བཅོས་མ་ཡིན་པ་གནས་པའི་མཚན་ཉིད་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་སུ་ཕྲེང་གསུམ་ཆད་པ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཟུང་དུ་མེད་དོ། །ཞེས་བྱ་བ་ནི་དངོས་པོའི་ཚུལ་དུའམ། དངོས་པོ་མེད་པའི་ཚུལ་དུ་བཟུང་དུ་མི་རུང་བའོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཉིས་སུ་ཕྲེང་གསུམ་ཆད་པ་ན། འཇིག་རྟེན་གྱི་ཐ་སྙད་ཀྱིས་བརྗོད་པ་སྟེ། 4-1-380 ཞེས་བྱ་བས་ནི་ཤིན་ཏུ་མཐར་ཐུག་པར་གནས་འགྱུར་བ་རྣམ་པར་རྟོག་པ་དང་སྤྲོས་པ་ཐམས་ཅད་སྤངས་པ་ནི། མཉམ་པ་ཉིད་ལ་གནས་པའི་ཕྱིར་ཤེས་བྱ་ཉིད་ཀྱང་མེད་དེ། ཤེས་པར་བྱ་བར་གྱུར་པའི་དོན་མི་གཟིགས་པས་ཅི་ཞིག་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར། ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་བཞི་ན། མངོན་པར་རྟོགས་པར་འགྱུར་བ་མེད་དོ། །ཞེས་བྱ་བ་ནི་གལ་ཏེ་འདུས་བྱས་འདུས་མ་བྱས་ཀྱི་དངོས་པོ་འགའ་ཞིག་མངོན་ནས་ནི་གཉིས་ཀྱིས་མངོན་པར་རྟོགས་པར་འགྱུར་རོ། །གལ་ཏེ་རི་བོང་གི་རྭ་ལ་སོགས་པ་བཞིན་དུ། ཤིན་ཏུ་དངོས་པོ་མེད་པ་ཞིག་ཡིན་ན་ཡང་གཉིས་སུ་མེད་པས་མངོན་པར་རྟོགས་པར་འགྱུར་རོ། །དེ་བས་ན་རྣམ་པ་དེ་གཉིས་ལས་བཟློག་པ་ནི་མཉམ་པ་ཉིད་རབ་ཏུ་རྟོགས་པ་སྟེ། མངོན་པར་རྟོགས་པའོ། །ཞེས་བསྟན་པ་ཡིན་ནོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གསུམ་དང་ཕྲེང་བརྒྱད་ན། དེ་བཞིན་གཤེགས་པའི་མཐུའོ། །ཞེས་པ་ནི་དོན་དམ་པའི་བདེན་པས་ནི་མི་གཡོ་ལ་ཀུན་རྫོབ་ཏུ་རྣམ་པར་དགོད་པར་མཛད་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་གསུམ་ན། འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ། ཤོག་གུ་ལྔར་ཕྲེང་གཉིས་ཆད་པ་ན། འདུས་བྱས་དམིགས་སུ་མེད་དེ། ཞེས་པ་ནི་འདི་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་དེ་བཞིན་ཉིད་མ་དག་པ་གང་ཡིན་པ་དེ་ཕུང་པོ་ལ་སོགས་པ་དེ་དག་ལས་ལོགས་ཤིག་ན། དམིགས་སུ་མེད་ལ་ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་དག་ཀྱང་དེ་བཞིན་ཉིད་མ་གཏོགས་པ་གུད་ན་དམིགས་སུ་མེད་དེ། དེ་བཞིན་ཉིད་མ་དག་པ་ནི་དེ་དག་ལས་དེ་བཞིན་ཉིད་དང་གཞན་དུ་མི་བརྗོད་དུ་མི་རུང་ངོ༌། །ཞེས་དབུ་མ་པ་གསུངས། ཕྲེང་དེ་ལ་ཆོས་དེ་གཉིས་ཀ་ཡང་གཅིག་གོ །ཞེས་བརྗོད་དུ་མི་རུང་བས་ལྡན་པ་ཡང་མ་ཡིན། ཐ་དད་དོ་ཞེས་བརྗོད་དུ་མི་རུང་བའི་ཕྱིར་མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་ཅན་མ་ཡིན་ཞིང་རྣམ་པར་མི་རྟོག་པའི་ཕྱིར་གཟུགས་མེད་པ། ཚིག་ལ་སོགས་པས་བསྟན་དུ་མི་རུང་བའི་ཕྱིར་བསྟན་དུ་མེད་པ། དབང་པོའི་ཡུལ་གྱི་ཐོགས་པ་མེད་པ་དང་གཟུང་བ་དང༌། འཛིན་པ་མེད་པའི་ཕྱིར་ཐོགས་པ་མེད་པ། གཉིས་ཀ་ཡང་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ། །དེ་ལ་འདུས་བྱས་ནི་ཡོད་པའི་མ་ཡིན་པའི་ཕྱིར། མཚན་ཉིད་མེད་པའོ། །འདུས་མ་བྱས་ནི་མཚན་ཉིད་མེད་པས། མཚན་མར་གཟུང་དུ་མི་རུང་བའི་ཕྱིར་མཚན་ཉིད་མེད་པའོ། །ཞེས་དབུ་མ་པ་གསུངས། དེ་ཡང་དེ་བཞིན་གཤེགས་པས། ཕྲེང་བཅུ་བདུན་ན། ཁྱུ་མཆོག་གི་མཐུན་པར་མི་འགྱུར་རོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་མཛད་པ་ནི་རྣམ་པར་རིག་པར་བྱ་བ་ཙམ་དུ་ཟད་དོ། །གལ་ཏེ་སེམས་ཅན་རྣམས་བདག་ཉིད་ཀྱིས་ཤེས་པར་གྱུར་ན། དེ་བཞིན་གཤེགས་པ་མི་དགོས་སོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། མྱ་ངན་འདས་ལ་དགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །གསོལ་པ། བཅོམ་ལྡན་འདས་དེ་ཅིས་སྟོང་པ་ལགས། ཞེས་བྱ་བ་ནི་ཅི་ཞིག་མེད་པས་སྟོང༌། ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་ཀྱིས་ 4-1-381 བཀའ་སྩལ་པ། འདུ་བྱེད་ཐམས་ཅད་ཀྱིས་སྟོང་སྟེ། ཞེས་བྱ་བ་ནི་འདུས་བྱས་སོ། །ཞེས་འདུ་ཤེས་པ་མཚན་མར་འཛིན་པའི་བདག་ཉིད་དེ་མེད་པས་སྟོང་པའོ། །ཞེས་པ་གཉིས་དབུ་མ་པ་གསུངས། ཕྲེང་བཅུ་གཉིས་ན། དེ་ལ་ལ་ནི་ཉན་ཐོས་ཀྱི་སྤྲུལ་པའོ། །ཞེས་བྱ་བ་ལ་སོགས་པའི་ཚིག་རྣམ་པ་བཞིས་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་གཅིག་སོང་བ་ན། ལ་ལ་ནི་ཉོན་མོངས་པའི་སྤྲུལ་པའོ། །ཞེས་བྱ་བ་ནི་སེམས་ཅན་དང་སྲོག་ལ་སོགས་པའི་བསྟན་པའོ། །ལ་ལ་ནི་ལས་ཀྱི་སྤྲུལ་པའོ། །ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བསྟན་པའོ། །ཞེས་གཉིས་དབུ་མ་པ་གསུངས། ཕྲེང་གསུམ་ན། བཀག་པའི་ཆོས་གང་ཅི་ཡང་རུང་སྟེ། ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་བཅུ་སོང་བ་ན། ལེའུ་བདུན་ཅུ་གསུམ་པའོ།། །། ༈ དེ་རྣམས་ཀྱིས་ནི། ངོ༷་བོ༷་ཉི༷ད་ལོ༷ངས་རྫོ༷གས་བཅ༷ས་ད༷ང༌། །དེ༷་བཞི༷ན་གཞ༷ན་པ༷་སྤྲུ༷ལ་པ༷་ནི༷། །ཆོ༷ས་སྐུ༷་མཛ༷ད་པ༷་ད༷ང་བཅ༷ས་པ༷། །རྣ༷མ་པ༷ར་བཞི༷ར་ནི༷་ཡ༷ང་ད༷ག་བརྗོ༷ད། །ཅེས་པ་ནི་ཆོས་སྐུའི་སྐབས་ཀྱི་དོན་བཞི་པ་གསུངས་ཟིན་ཏོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ཆོས་ཀྱི་སྐུའི་སྐབས་ཏེ་བརྒྱད་པའོ།། །། ༈ མཚན་ཉིད་དེ་ཡི་སྦྱོར་བ་དང༌། །དེ་རབ་དེ་ཡི་གོ་རིམ་དང༌། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང༌། །ཆོས་སྐུའི་འཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ། རྒྱལ་བ་བྱམས་པས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བིརྱ་ཀཱ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོཙྪ་བ་བན་དྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླད་ཀྱི་པཎྜི་ཏ་དཔལ་གོ་མི་འཆི་མེད་ལ་སོགས་པ་དང༌། ལོཙྪ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་གཏན་ལ་ཕབ་པའོ།། །། འདིར་ཡོངས་གྲུབ་དགུ་ལ་སོགས་པ་དབུ་མར་བྱེད་ན། སློབ་དཔོན་སེང་བཟང་ལ་སོགས་པ་གྲགས་པ་ཅན་མང་པོས་ནི་སེམས་ཙམ་དུ་བཞེད་ཅིང༌། སློབ་དཔོན་དབྱིག་གཉེན་དང༌། ཕྱོགས་གླང་ལ་སོགས་པ་སེམས་ཙམ་པར་བྱས་ནས། དེ་དག་གིས་ཡུམ་ཡང་སེམས་ཙམ་དུ་བཀྲལ་ཞེས་ཡོངས་སུ་གྲགས་པ་འདི་དང་འགལ་ལོ། །ཞེ་ན་འགལ་བ་བདེན་མོད། སྐྱོན་ནི་མེད་དེ། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་རང་འགྲེལ་ཁྱད་འཕགས་རྣམས་ཀྱི་ཁོང་ཆོད་མ་ཆོད་ཀྱི་དབང་གིས་གྲུབ་མཐའ་དང་བཤད་སྲོལ་བཟང་ངན་ཤིན་ཏུ་ཁྱད་པར་ཆེ་བའི་ཕྱིར་ཏེ་སྣང་མུན་བཞིན་ནོ། །དེ་བས་ན་རང་འགྲེལ་གྱི་ལུགས་སུ་འཆད་པ་རྣམས་སངས་རྒྱས་ཀྱི་དགོངས་པ་དང་མཐུན་གྱི་རང་འགྲེལ་རྒྱ་དང་འགལ་བ་རྣམས་ནི་ 4-1-382 སངས་རྒྱས་ཀྱི་དགོངས་པ་དང་འགལ་བའི་ཕྱིར། དུག་དང་གཡང་ས་བཞིན་དུ་སྤང་བྱ་ཡིན་པས། འདིར་ཡང་དེ་རྣམས་དོར་ནས་རང་འགྲེལ་རྣམས་དང་མཐུན་པའི་འགྲེལ་མཆོག་ཁྱད་འཕགས་བྱ་རྒོད་ཀྱི་ལྟ་ལུགས་ཀྱིས་བརྒྱན་པའི་སྲོལ་བཞིན་བཀོད་དོ། ། མིག་མང་རྒྱ་དང་མ་འབྲེལ་ན། །རྡེའུ་མང་ཡང་ཤི་རོ་ཡིན། །རང་འགྲེལ་རྒྱ་དང་མ་འབྲེལ་ན། །གཞན་འགྲེལ་མང་ཡང་ཤི་རོ་ཡིན། །རྫོགས་ལྡན་རྒྱ་དང་མ་འབྲེལ་ན། །གསུམ་ལྡན་མང་ཡང་ཤི་རོ་ཡིན། །དབང་གི་རྒྱལ་པོ་རྙེད་ན་གསེར་ཡང་འདོར། །བདུད་རྩི་རྙེད་ན་ཟས་གཞན་འདོར་བ་བཞིན།། །།མངྒ་ལཾ། བྷ་ཝནྟུ། ཕྲེང་གཉིས་ན། གཟུགས་ལ་ཇི་ལྟར་བསླབ་པར་བགྱི། ཞེས་བྱ་བ་ལ་སོགས་པ་ཞུས་སོ། །ཆོས་ཐམས་ཅད་ཚུལ་བཞིན་དུ་ཡོངས་སུ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འདོད་པས། གཟུགས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་མཐར་ཐུག་གི་བར་དག་ལ་ཇི་ལྟར་བསླབ་པར་བགྱི། ཞེས་ཞུས་སོ། །ཞེས་དབུ་མ་པ་གསུངས། ཤོག་གུ་གཅིག་དང་ཕྲེང་བཞི་ན། ཆོས་ལ་ཇི་ལྟར་བསླབ་པར་བགྱི། དེ་ནས་བཅོམ་ལྡན་འདས་སྟོང་པ་ཉིད་ལ་སློབ་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ། །ཞེས་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ། ཕྲེང་གཉིས་ལྷག་ན། མིང་ཙམ་དུ་ཟད་པར་བསླབ་པར་བྱའོ། །ཞེས་པ་རྣམས་ཀྱི་ཆོས་ཐམས་ཅད་མིང་ཙམ་དུ་ཟད་པར་གསུངས་སོ། །དབུ་མ་པ་ཆེན་པོ་གསུངས་སོ། །ཕྲེང་གཅིག་ན། བཅས་པར་མི་དམིགས། ཞེས་བྱ་བ་ལ་སོགས་པས་འདི་སྐད་སྟོན་ཏེ། གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པའི་མིང་བརྗོད་པ་ནི་མིང་ཙམ་འབའ་ཞིག་སྟོན་པ་མ་ཡིན་གྱི། མིང་སྨོས་པ་སྔོན་དུ་བཏང་བས་དངོས་པོའི་རྣམ་པ་འབའ་ཞིག་བློ་ལ་བཞག་ནས་དངོས་པོ་སྟོན་ན་དེ་ལ་གཟུགས་ལ་སོགས་པ་མིང་ཙམ་ཡིན་ཞེས་ཞུས་པའོ། །མིང་དེ་དངོས་པོ་མེད་པ་ཞིག་ཡིན་ན་ནི་མིང་ཙམ་ཞེས་བྱ་བ་དེ་ཡང་མི་རིགས་པར་འགྱུར་རམ། གཟུགས་ལ་སོགས་པའི་དངོས་པོ་མེད་པར་མིང་འབའ་ཞིག་ཡོངས་སུ་ཟིན་ན་ཅི་ལ་གནས་ཤིང༌། གནས་གང་གི་མིང་དེ་ཡང་འཇུག་པར་འགྱུར་རོ། །དེ་བས་ན་མིང་ཙམ་ཞེས་བྱ་བ་ཡང་མི་རིགས་སོ། །ཞེས་བྱ་བའི་མི་རིགས་སོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཕྲེང་བདུན་ན། གཟུགས་ཞེས་བྱ་བ་དེ་ནི་རྒྱུ་དང་རྐྱེན་ལས་བྱུང་བའི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་མིང་བླ་དྭགས་ཏེ། ཕྱིས་ཕྱུང་བ་བཅོས་མར་བཏགས་པའོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །གཟུགས་ལ་ནི་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །གལ་ཏེ་མིང་གི་ངོ་བོ་ཉིད་ཡིན་དུ་ཟིན་ན། བརྗོད་པ་ཙམ་གྱི་འབྲེལ་པ་མི་ཤེས་པ་རྣམས་ཀྱང༌། དངོས་པོ་དེ་དག་གི་ངོ་བོ་ཉིད་དང་ཁྱད་པར་རྣམ་པ་སྣ་ཚོགས་རྟོགས་པར་འགྱུར་བའི་རིགས་ན། དེ་དག་རྟོགས་པ་ཡང་མ་ཡིན་ཏེ། དེ་བས་ན་མིང་ཡང་གཞན་ལ་གཟུགས་ལ་སོགས་པའི་དངོས་པོ་ཡང་གཞན་ཏེ། ཐ་སྙད་རུང་བར་བྱ་བའི་ཕྱིར། དངོས་པོ་དེ་དང་དེ་དག་ལ་ཕྱིས་མིང་དེ་འབྱུང་བ་ཙམ་དུ་ཟད་དེ། 4-1-383 དེ་བས་ན་གཟུགས་ལ་སོགས་པ་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །ཤོག་གུ་གཉིས་དང་ཕྲེང་དགུ་རུང་ན། མཚན་ཉིད་ཐམས་ཅད་དུ་མ་མཆིས་པ་ལགས་སམ། ཞེས་བྱ་བ་ལ་སོགས་བྱང་ཆུབ་སེམས་དཔའ་འདི་སྐད་གསུངས་ཏེ། གང་བཅོམ་ལྡན་འདས་ཀྱིས་སྔར་གཟུགས་ནི་མིང་ཙམ་མོ། །ཚོར་བ་ནི་མིང་ཙམ་མོ། །ཞེས་གསུངས་པ་དེ་ཅི་ལགས། གཟུགས་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་པ་ལགས་སམ། གཟུགས་ལ་སོགས་པ་ཉིད་རྣམ་པ་ཐམས་ཅད་དུ་མ་མཆིས་པ་ལགས་སམ། གཟུགས་ལ་སོགས་པ་ཉིད་རྣམ་པ་ཐམས་ཅད་དུ་མ་མཆིས་པ་ལ་དགོངས་ཏེ་གསུངས་ཞེས་ཞུས་པའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། བྱམས་པ་ལ་བཀའ་སྩལ་པ། ཆད་པ་འཛིན་དུ་དོགས་ནས། བྱམས་པ་ང་ནི། ཕྲེང་ཕྱེད་ན། མེད་དོ་ཞེས་མི་སྨྲའོ། །ཞེས་བྱ་བ་ལ་སོགས་པས་བཀག་པ་མཛད་དོ། །ཞེས་པ་གཉིས་དབུ་མ་པ་གསུངས། གཟུགས་ཇི་ལྟ་བུར་མཆིས། ཞེས་བྱ་བ་ལ་སོགས་པ་དེ་ཡོད་པའི་རྣམ་པ་ཞུས་སོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། བརྡ་དང་ཐ་སྙད་དུ་ཡོད་ཀྱི་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་ཀུན་རྫོབ་ཀྱིས་བདེན་པའི་དབང་གིས་ཡོད་ཀྱི་དོན་དམ་པའི་བདེན་པའི་དབང་གིས་ནི་མེད་དོ་ཞེས་རྣམ་པར་ཕྱེ་སྟེ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ལྷག་ན། དོན་འཚལ་བ་ལྟར་ན་ཞེས་བྱ་བ་ལ་སོགས་པས་འདི་སྐད་གསུངས་ཏེ། གལ་ཏེ་གཟུགས་ལ་སོགས་པ་དོན་དམ་པར་རྣམ་པ་ཐམས་ཅད་དུ་མེད་དེ། ཅེས་བཤད་ན། དེ་ལྟར་ན་ཆད་པར་སྨྲ་བ་ལས་མ་ཐར་བར་མི་འགྱུར་རོ། །དེ་ལ་དོན་དམ་པར་མེད་དོ། །ཞེས་གསུངས་པའི་དོན། བཅོམ་ལྡན་འདས་ཀྱིས་དགོངས་པས་ནི་འདི་ཡིན་ཏེ། གཟུགས་ཞེས་བྱ་བ་ལ་སོགས་པར་མིང་གདགས་སུ་རུང་བའི་དངོས་པོ་ནི་དོན་དམ་པར་མེད་ཀྱི་མིང་བྱར་མི་རུང་བ་བརྗོད་དུ་མེད་པའི་དངོས་པོ་ནི་དོན་དམ་པར་ཡོད་པ་ཉིད་དོ། །ཞེས་བྱ་བའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། མིང་བླ་དྭགས་སུ་གདགས་ཞེས་བྱ་བ་ལ་སོགས་པ་ཡང་ཞུས་སོ། །གལ་ཏེ་གཟུགས་ལ་སོགས་འདུ་ཤེས་དང་མིང་གི་ངོ་བོས་དོན་དམ་པའི་དབྱིངས་བརྗོད་དུ་མེད་པ་ཡིན་ན། གང་ལ་འདུ་ཤེས་གདགས་པ་འདུ་བྱེད་ཀྱི་མཚན་མས་དངོས་པོ་གང་ཡིན་པ་དེ་ལ་དོན་དམ་པར་ཡོད་དམ་མེད་ཇི་ལྟ་བུར་ཞིག་ཅེས་བྱ་བ་ག་ལ་ཡོད། ཅེས་དབུ་མ་པ་གསུངས། ཕྲེང་གཉིས་ན། བརྗོད་དུ་མ་མཆིས་པར་འགྱུར། ཞེས་བྱ་བ་གསོལ་ཏེ། དེ་ཇི་སྐད་བསྟན་པར་འགྱུར་ཞེ་ན། བརྗོད་དུ་མེད་པའི་དོན་དམ་པའི་དབྱིངས་ཀྱི་གནས་སུ་གྱུར་པ་གཞན་མེད་པའི་ཕྱིར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ཉིད་དེའི་གནས་ཡིན་པར་ཁས་བླངས་སོ། །གལ་ཏེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དོན་དམ་པར་མེད་ན། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་བརྗོད་དུ་མེད་པའི་དབྱིངས་གནས་སོ་ཞེས་བྱ་བར་མི་རིགས་སོ། །ཞེས་བསྟན་པ་སྟེ། ཕྲེང་དེ་ལ་བགྱི་བ་མི་རིགས་སོ། །ཞེས་གསོལ་ཏོ། །ཞེས་དབུ་མ་པ་གསུངས། དེ་སྐད་ཅེས་གསོལ་པ་དང༌། དེ་ནས་བཅོམ་ལྡན་འདས་ཀྱི་ཇི་ལྟར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་མེད་པ་དང༌། ཇི་ལྟར་གྱི་མེད་ཀྱང་གཞིར་འགྱུར་བ་དེ་བསྟན་པར་ 4-1-384 བཞེད་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་བས་ན་བྱམས་པ་ཁྱོད་ཉིད་ལ་དྲིས། ཞེས་བྱ་བ་ལ་སོགས་པས་དེ་ཉིད་ལ་དྲིས་ཞེས་བྱ་བ་ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། ཤེས་རབ་སྤྱོད་པ་དེའི་ཚེ་ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་པར་འགྱུར་ཏེ། བྱམས་པ་ཁྱོད་གང་གི་ཚེ་ཤེས་རབ་ཡོངས་སུ་དག་པས་བརྗོད་དུ་མེད་པའི་དབྱིངས་འཛིན་པ་ན། ཅིའི། དེའི་དེའི་ཚེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ཁྱོད་ལ་སྣང་ངམ། འོན་ཏེ་མི་སྣང་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། བཅོམ་ལྡན་འདས་མ་ལགས་སོ། །ཞེས་བྱ་བ་སྟེ་མི་སྣང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ནུད་ཙམ་ན། འདི་ལྟར་རིགས་པར་བྱའོ། །ཞེས་བྱ་བས་ཅི་བསྟན་པར་འགྱུར་ཞེ་ན། འདི་ལྟར་ཁྱོད་དོན་དམ་པའི་ཡིད་ལ་བྱེད་པ་བསྒོམས་པའི་ཚེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་མི་སྣང་བས་དོན་དམ་པར་ནི་དེ་མེད་ཀྱི་ཀུན་རྫོབ་ཏུ་ཡོད་པར་ཤེས་པར་གྱིས་ཤིག །ཀུན་རྫོབ་དེ་ཡང་དོན་དམ་པར་དེ་ཉིད་དང་གཞན་དུ་བརྗོད་པ་མི་ནུས་སོ། །དེ་བས་ན་ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། གཞན་པ་ཡང་མ་ཡིན་ནོ། །ཞེས་བྱ་བ་གསུངས་སོ། །དེའི་འོག་ཏུ་ཉིད་ཀྱི་ཕྱོགས་ཀྱི་ཉེས་པ་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། ཕྲེང་དེ་ལ་མཚན་མའི་དངོས་པོ་ཀུན་རྫོབ་ཉིད་བརྗོད་དུ་མེད་པའི་དབྱིངས་དོན་དམ་པར་འགྱུར་ན་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཀུན་རྫོབ་མངོན་སུམ་དུ་བྱས་པས་དོན་དམ་མངོན་སུམ་དུ་བྱས་པར་འགྱུར་ལ། དེ་ལྟར་ན་མྱ་ངན་ལས་འདས་པའམ། ནུད་ཙམ་ན། སངས་རྒྱས་པར་འགྱུར་རོ། །དེའི་འོག་ཏུ་གཞན་པའི་ཕྱོགས་ཉིས་པ་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། བྱམས་པ་དེ་སྟེ། ཕྲེང་གཅིག་ཐལ་ན། དམིགས་སུ་མེད་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཀུན་རྫོབ་ལས་དོན་དམ་པ་གཞན་ཞིག་ཡིན་ན། དེ་ལྟ་ན་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལས་བརྗོད་དུ་མེད་པའི་དབྱིངས་གཞན་དེ་ཐ་དད་པར་འགྱུར་རོ། །དེ་ལྟར་གྱུར་ན་ཆོས་ལ་ཆོས་ཉིད་གཞན་དུ་འགྱུར་རོ། །དེ་ལ་ཉེས་པ་ཅི་ཡོད་ཅེ་ན་བརྗོད་དུ་མེད་པ་དོན་དམ་པའི་དབྱིངས་རབ་ཏུ་རྟོགས་པར་མི་འགྱུར་རོ། །ཞེས་དབུ་མ་པ་གསུངས། ཕྲེང་བཞི་ལྷག་ན། ཤེས་རབ་ཀྱི་སྤྱོད་པ་ལ་གནས་པ་ན། ཞེས་བྱ་བ་ལ་སོགས་པ་ཡང་ཞུས་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་དབྱིངས་ཡིད་ལ་བྱེད་པ་བསྒོམ་པ་ན། འདུ་བྱེད་ཀྱི་དངོས་པོ་མི་དམིགས་པ་དེའི་ཚེ་དངོས་པོ་དེ་མེད་པའི་ཕྱིར་མི་དམིགས་ཏེ་འོན་ཏེ་བརྗོད་དུ་མེད་པའི་དབྱིངས་དང་འབྲེལ་བའི་ཤེས་རབ་ལ་སྤྱོད་པས་དངོས་པོ་ལ་འཇུག་པ་མེད་པའི་ཕྱིར་མི་དམིགས་ཞེས་ཞུས་པའོ། །ཞེས་དབུ་མ་པ་གསུངས། འདུ་བྱེད་ཀྱི་མཚན་མའི་དངོས་པོ། ཕྲེང་གསུམ་ན། གང་ཡང་མེད་དོ། །ཞེས་བྱ་བས་འདི་སྐད་བསྟན་པར་འགྱུར་ཏེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ནི་ཡོད་པ་མ་ཡིན་ཡང༌། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་དོན་དམ་པར་འཛིན་པའི་མཐུ་མེད་པ་དང༌། མ་རིག་པའི་ཕྱིན་ཅི་ལོག་དང༌། ལས་རྣམ་པར་སྨིན་པ་ལ་སོགས་པའི་རྒྱུ་དང་རྐྱེན་གྱིས་དབང་གིས་གཞན་གྱི་དབང་དུ་གྱུར་པའི་དངོས་པོ་ 4-1-385 དག་རྣམ་པར་ཤེས་པ་ལ་ཕྱིན་ཅི་ལོག་ཏུ་སྣང་གི་རང་དབང་དུ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། ཕྲེང་བརྒྱད་ཐལ་ན། རྣམ་པར་རྟོག་པ་དེའི་ཚེ། ཞེས་བྱ་བ་ལ་སོགས་པས་ན། གཞན་གྱི་དབང་ཕྱིན་ཅི་ལོག་གི་བདག་ཉིད་དུ་འབྱུང་བ་དེ་ཉིད་དང༌། ཕྱིན་ཅི་ལོག་ཏུ་མི་འབྱུང་བ་སྟོན་ཏོ། །གང་གི་ཚེ་རྣམ་པར་རྟོག་པའི་གཞན་གྱི་དབང་གིས་ཕྱིན་ཅི་ལོག་ཏུ་དམིགས་སོ། །གང་གི་ཚེ་རྣམ་པར་མི་རྟོག་པའི་དེའི་ཚེ་ནི། གཞན་གྱི་དབང་དུ་གྱུར་པ་མེད་པས་ཕྱིན་ཅི་མ་ལོག་པ་དོན་དམ་པ་ཉིད་དམིགས་སོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ལྷག་ན། རྟོག་ཙམ་དུ་ཟད་པ་ཡིན་ནམ། ཞེས་བྱ་བས་རྣམ་པར་རྟོག་པ་ཙམ་དུ་བཞག་ནས་དེའི་འོག་ཏུ་དངོས་པོ་ཡོད་པ་བསལ་བའི་ཕྱིར། ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། བྱང་ཆུབ་སེམས་དཔའ་བྱམས་པས། ཀུན་རྫོབ་དང་དོན་དམ་པའི་དབང་གིས་གཟུགས་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། ཕྲེང་ལྔ་ན། འདི་ནི་ཡོངས་སུ་བརྟག་པའི་གཟུགས་དང༌། ཞེས་པ་ནས་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པ་གསུམ་གྱི་ནང་དུ་འདུས་པར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཕྲེང་དགུ་ན། ཡོངས་སུ་བརྟགས་པའི་གཟུགས་སོ། །ཞེས་པ་ལ་སོགས་པས་ཐ་སྙད་ལ་བརྟེན་པ་ཐ་སྙད་ཀྱི་འདུ་བྱེད་ཀྱི་དངོས་པོ་ལ་གཟུགས་ཀྱི་ངོ་བོ་ཉིད་དུ་བརྟགས་པ་ལ་གཟུགས་ཞེས་བྱ་བའི་འདུ་ཤེས་དང༌། བརྟགས་པ་དེ་ནི་ཀུན་བཏགས་པའི་གཟུགས་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་གསུམ་སྟེ། ཀུན་བཏགས་པའི་ངོ་བོ་ཉིད་དང༌། གཞན་གྱི་དབང་གི་ངོ་བོ་ཉིད་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། དེ་ལ་གཟུགས་ལ་སོགས་པའི་ཆོས་རྣམས་ལ་གཟུགས་ཞེས་བྱ་བ་ལ་སོགས་པར་མངོན་པར་བརྗོད་པའི་རྣམ་པ་གང་ཡིན་པ་དེ་ནི་ཀུན་བཏགས་པའི་ངོ་བོ་ཉིད་དོ། །མ་རིག་པ་ལ་སོགས་པའི་དབང་གིས་རྣམ་པར་ཤེས་པས་ཆོས་རྣམས་སུ་ཕྱིན་ཅི་ལོག་ཏུ་སྣང་བའི་རྣམ་པ་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །གང་མིང་དེ་དང་ཕྱིན་ཅི་ལོག་ཏུ་སྣང་བའི་རྣམ་པ་དེ་དང་བྲལ་བ་བརྗོད་དུ་མེད་པའི་མཚན་མ་མེད་པའི་རྣམ་པ་དེ་ནི་དོན་དམ་པའི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །འདི་རྒྱས་པར་ནི་དེ་རབ་ཏུ་བྱང་བ་ལས་གཟུང་བར་བྱའོ། །ཞེས་དབུ་མ་པ་གསུངས། ཕྲེང་དྲུག་ན། སངས་རྒྱས་ཀྱི་ཆོས་ཀྱི་བར་དུའོ། །དེའི་འོག་ཏུ་ཆོས་ཉིད་ཀྱི་གཟུགས་ནི། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་མ་བྱུང་ཡང་རུང༌། ཞེས་པ་འདིས་ཆོས་ཉིད་དེ་ངོ་བོ་ཉིད་ཀྱི་མི་རྟག་པ་ནི་མ་ཡིན་ནོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་གསུམ་ན། འདི་ཉིད་ཆོས་ཉིད་ཀྱི་གཟུགས་སོ། །ཞེས་བྱ་བ་ནི་གང་གི་ཚེ་རྣམ་པར་བརྟགས་པ་བློ་ལ་སྣང་བའི་རྣམ་པ་དེ་ཉིད་སྔར་སྨོས་པའི་ཀུན་བཏགས་པའི་རྗོད་པར་བྱེད་པ་དང༌། རྗོད་པར་བྱེད་པའི་རྣམ་པས་འདུ་ཤེས་དང༌། གདགས་པར་འོས་པའི་བདག་ཉིད་དང་བྲལ་བར་གྱུར་པ་དེའི་ཚེ་བདག་ཉིད་ཀྱིས་བརྗོད་དུ་མེད་པའི་རྣམ་པར་མི་རྟོག་པའི་བདག་ཉིད་དུ་གནས་པའི་རྣམ་པ་དེ་ལ་ 4-1-386 ཆོས་ཉིད་ཀྱི་གཟུགས་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། ཕྲེང་དྲུག་ན། རྫས་མེད་པར་བལྟའོ། །ཞེས་བྱ་བ་ནི་ཤིན་ཏུ་མེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། ཕྲེང་དེ་ལ། རྫས་ཡོད་པར་བལྟ་བ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་དེ་ཡོད་པའོ། །འདུས་བྱས་ཀྱི་ཚུལ་གྱི་འཇིག་དང་གཟུགས་སུ་ཡོད་པའི་ཕྱིར། རྫས་ཡིན་ཏེ། དེ་བས་ན་རྣམ་པར་རྟོག་པར་ཡོད་པ་དང༌། རྫས་ཡིན་པའི་ཕྱིར་བཤད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། རང་དབང་དུ་འཇུག་པ་མ་ཡིན་ནོ། །ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་པའི་ཕྱིར། ཞེས་དབུ་མ་པ་གསུངས། ཕྲེང་གཅིག་ན། དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་པར་བལྟའོ། །དེ་བརྗོད་དུ་མེད་པའི་བདག་ཉིད་དུ་ཡོད་པའི་ཕྱིར་མེད་དོ། །ཞེས་བརྗོད་དུ་མི་རུང་སྟེ། དེ་བས་ན་རྫས་སུ་མེད་པའང་མ་ཡིན་ནོ། །རྣམ་པར་བརྟགས་པའི་དངོས་པོ་རྣམ་པར་ཡོད་པ་མ་ཡིན་པའི་ཕྱིར་ཡོད་དོ། །ཞེས་བརྗོད་དུ་ཡང་མི་རུང་སྟེ། དེ་བས་ན་རྫས་སུ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མཐའ་གཉིས་སྤངས་ནས་དབུ་མའི་ལམ་བསྟན་པ་ཡིན་ནོ། །དོན་དམ་པས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་དོན་དམ་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །རབ་ཏུ་ཕྱེ་ཞེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་དོན་ཏོ། །ཞེས་དབུ་མ་པ་གསུངས། ཡོངས་སུ་བརྟགས་པའི་ཚོར་བ་དང༌། ཕྲེང་བཞི་ན། དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ལྟར་ངོ་བོ་ཉིད་གསུམ་གྱི་དབང་གིས་མཚན་ཉིད་གསུམ་སྨོས་ན་ཡང་གཉིས་སུ་མེད་པའི་མཚན་ཉིད་བསྟན་པའི་སྐབས་དབྱེ་བའི་ཕྱིར། ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས། ཕྲེང་ལྔ་ན། འོན་ཏེ་གཟུགས་མ་ཡིན། ཞེས་བྱ་བ་ལ་སོགས་པས་ཇི་སྐད་བསྟན་པ་ཡིན་ཞེ་ན་ཀུན་བཏགས་པ་དང༌། རྣམ་པར་བརྟགས་པ་དང༌། ཆོས་ཉིད་ཀྱི་གཟུགས་འདི་གསུམ་ལ་སོ་སོར་གཟུགས་སམ་གཟུགས་མ་ཡིན་ཞེས་བྱ་བ་མེད་པ་དེ་ཉིད་གཉིས་སུ་མེད་པ་དང༌། དེ་བཞིན་ཉིད་དང་ཆོས་ལ་བདག་མེད་པའོ། །དེ་བས་ན་གཟུགས་དང་ཚོར་བ་ལ་སོགས་པའི་སྒྲས་དེ་བཞིན་ཉིད་གཉིས་སུ་མེད་པའི་གྲངས་སུ་བགྲང་བར་བྱའོ། །ཞེས་དབུ་མ་པ་གསུངས། ཕྲེང་གཉིས་ན། གཟུགས་གང་ཡིན་པ་དེ་ནི་གཟུགས་ཀྱི་བདག་ཉིད་དུ་ཡོད་པ་མ་ཡིན་པས། གཟུགས་ཀྱང་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། བཞིན་བཀྲོལ་ལོ། །གཟུགས་ཀྱང་མ་ཡིན་གཟུགས་ཀྱི་མིང་དང་གདགས་པ་དག་དེ་ལ་ཡོད་པའི་ཕྱིར། གཟུགས་མེད་པ་ཡང་མ་ཡིན། ཕྲེང་བཞི་ན། བརྟགས་པའི་གཟུགས་དེ་གང་ཡིན་པ་དེ་དོན་དམ་པར་གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་ཀྱང་མ་ཡིན། གཟུགས་ཀྱི་བདག་ཉིད་དུ་སྣང་བའི་ཕྱིར་གཟུགས་མེད་པ་ཡང་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། བཞིན་བཀྲོལ་ལོ། །ཕྲེང་བཞི་ན། ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ཡང་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་གཟུགས་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན། གཟུགས་ཀྱི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་མེད་པ་ཡང་མ་ཡིན་ནོ། །གང་དེ་ལྟར་ཆོས་བདག་མེད་པའི་ངོ་བོ་ཡིན་པའི་ཕྱིར། གཟུགས་ཀྱང་མ་ཡིན། གཟུགས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་གཟུགས་མེད་པ་ཡང་མ་ཡིན་པ་དེ་ནི་གཉིས་སུ་ 4-1-387 མེད་པའི་དོན་ཏེ། ངས་དེ་ལ་དགོངས་ནས་འདི་ལྟར་གཟུགས་ཏེ་གཉིས་སུ་མེད་པར་བརྫིས་པར་གསུངས་སོ། །ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་གྲངས་སུ་བྱས་སོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་པ་རྣམས་དབུ་མ་པའི་གསུང་བཞིན་བཀྲོལ་ལོ། །ཕྲེང་དེ་ལ། བཀའ་སྩལ་པ་དང༌། དེའི་འོག་ཏུ་རྣམ་པ་གཞན་གྱིས་བདེན་པ་བཞི་པོ་དག་ལ་གཉིས་སུ་མེད་པའི་མཚན་ཉིད་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། ཕྲེང་དྲུག་ན། དེ་ཉིད་དེའི་ཡོངས་སུ་ཤེས་པའི། ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ནི། ཆོས་ཐམས་ཅད་ཀྱི་མཚན་ཉིད་མཉམ་པར་བཞག་པ་ཡིད་ལ་བྱེད་པས་ཡོངས་སུ་ཤེས་པ་མ་ཡིན་གྱི། ཉན་ཐོས་ཀྱི་ལྟར་མཉམ་པར་མ་བཞག་པར་ཡོངས་སུ་འདྲེས་པས་ནི་ཡོངས་སུ་ཤེས་ཏེ། ཇི་ལྟར་སྔར་བསྟན་པ་བཞིན་ནོ། །དེ་བས་ན་དེ་ལྟར་ཤིན་ཏུ་ཡོངས་སུ་ཤེས་པ་མ་ཡིན་པའི་དེ་ཉིད་དེའི་ཡོངས་སུ་ཤེས་པའོ། །དེ་བཞིན་དུ་སྤངས་པ་དང༌། མངོན་སུམ་དུ་བྱ་བ་དང༌། བསྒོམ་པ་རྣམས་ལ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཕྲེང་ལྔ་ན། དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ལྟར་གཉིས་སུ་མེད་པའི་མཚན་ཉིད་ལ་མཁས་པ་དེ་འབྱུང་བ་ལ་མཁས་པར་བྱ་བ་བསྟན་པའི་ཕྱིར། ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས་ལ། ཕྲེང་བཞི་སོང་བ་ན། མྱ་ངན་ལས་འདས་པ་ནི་གང༌། ཉན་རང་ལྟ་བུ་མ་ཡིན་པར་འཁོར་བ་ཡོད་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པས། གང་མྱ་ངན་ལས་འདས་པ་ཡང་མ་ཡིན། ཤིན་ཏུ་ཡོངས་སུ་དག་པ་གནས་གྱུར་པ་སྟེ་སྒྲིབ་པ་གཉིས་ལས་འདས་ཕྱིར། མྱ་ངན་ལས་འདས་པ་ཡང་མ་ཡིན། ཞེས་དབུ་མ་པ་གསུངས། བཞིན་བཀྲོལ། དེ་བས་ན་ཟབ་ཅིང་རབ་ཏུ་ཟབ་ཅེས་བྱའོ། །ཕྲེང་གསུམ་རུང་ན། མྱ་ངན་ལས་འདས་པའོ། །ཞེས་ཇི་སྐད་བསྟན་པར་གྱུར་ཞེ་ན། ཆོས་སྐུ་ལས་བརྩམས་ཏེ་མྱ་ངན་ལས་འདས་པའོ། །སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུའི་དབང་གིས་ནི་མྱ་ངན་ལས་འདས་པ་མ་ཡིན་ནོ། །ཞེས་བསྟན་པ། ཞེས་དབུ་མ་པ་གསུངས། ཕྲེང་བཅུ་ཐལ་ན། ཐབས་མཁས་པས་འཁོར་བ་སེམས་ཅན་གྱི་དོན་དུ་རྒྱུན་མི་ཆད་པར་བསྟན་པའི་ཕྱིར། ཕྲེང་དེ་ལ། ཡོངས་སུ་མི་མཐོང་བར་སྨྲ་བར་འཁོར་བའི་མི་སྤོང་བའི་ཕྱིར་ནི་མི་སྨྲའོ། །སྟོང་པ་ཉིད་དམིགས་སུ་མེད་པའི་དབྱིངས་ལ་མཁས་པའི་ཕྱིར། ཕྲེང་ཕྱེད་དང་དྲུག་ན། རབ་ཏུ་མང་པོ་ཡོད་དོ། །རིགས་ནི་རྣམ་པ་གསུམ་མོ། །རང་བཞིན་ཡང་བསམ་པ་དང་བག་ལ་ཉལ་བ་དང་མོས་པ་དང་དབང་པོ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་རྣམས་སོ། །ཞེས་དབུ་མ་པ་གསུངས། རིགས་དང་པོ་ནས་བཟང་བའི་ཁྱད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་ཅིང་བཟང་པོའི་ཁྱད་པར་ནུད་ཙམ་ན། རིགས་དང་པོ་ནས་ཁྱད་པར་ངན་པ་ཉན་རང་གི་བྱང་ཆུབ། འདོད་ཅིང་ངན་པ། ཉིད་ཐོབ་སྟེ། ནུད་ཙམ་ན། ངན་པའི་བྱེ་བྲག་འདོད་ཅིང་ཉིད་ཐོབ་སྟེ། ངན་པ་ཐོབ་ནས་དེ་ཙམ་གྱིས་མགུ་བར་མི་འགྱུར་ཞིང༌། དེ་ནས་ཕྱིས་གོང་དུ་བཟང་པོའི་ཁྱད་པར་འདོད་ཅིང་བཟང་པོ། ཐོབ་པར་འགྱུར་བ་དེ་ལྟ་བུ་དག་ཀྱང༌། ཕྲེང་ཕྱེད་དང་གཉིས་ན། བཅོམ་ལྡན་འདས་ཀྱིས་དགྲ་བཅོམ་པ། དེའི་སྐྱེ་བ་ཡང་མ་མཆིས་པར་ལུང་བསྟན་ཏེ། དེ་ནས་ཕྲེང་ལྔ་ན། བྱང་ཆུབ་སེམས་ 4-1-388 དཔའི་བསླབ་པར། རབ་ཏུ་དབྱེ་བ་ལ་ལེའུ་སྟེ་བདུན་ཅུ་གཉིས་པའོ།། །།མངྒ་ལཾ། བྷ་ཝནྟུ། མ་དཔེ་ནི་འཛམ་ཐང་པར་མ་དང༌། ཛ་འགོའི་པར་རྙིང་ལ་ཁ་གསབ་བྲིས་པ་ཞིག་ཡོད་པ་དེ་གཉིས་ཡིན།