7-1-1 ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་གསུང་འབུམ། ༼ཇ༽ 7-1-2 དཀར་ཆག ཐོག་མའི་གླེང་བརྗོད། ..................................................................(1) ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་རྣམ་ཐར་མདོར་བསྡུས། .....................(1) ༄༅། །བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་ འོད་ཀྱི་ཕྲེང་བ་བཞུགས་སོ། །........................................................(1) ༄༅། །འཁོར་ལོ་སྡོམ་ཆེན་བཞུགས་སོ། །.........................................(179) ༄༅། །དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དཔག་བསམ་གྱི་སྙེ་མ་ ཞེས་བྱ་བ་བཞུགས་སོ། །........................................................(193) ༄༅། །དཔལ་དུས་ཀྱི་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར་བསྒོམ་པའི་རིམ་པ་ ཉིད་ལ་སྦྱར་ཏེ་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་པའི་རིམ་པ་ བཞུགས་སོ། །.............................................................(269) ༄༅། །དཔལ་དུས་ཀྱི་འཁོར་ལོའི་བདག་འཇུག་གི་ཆོ་ག་བདུད་རྩིའི་ རོལ་མཚོ་བཞུགས་སོ། །........................................................(291) ༄༅། །དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མ་བཞིའི་ ཕྱག་ལེན་བཞུགས་སོ། །.......................................................(329) ༄༅། །དཔལ་དུས་ཀྱི་འཁོར་ལོའི་མངོན་རྟོགས་བཞུགས། ........................(329) ༄༅། །དཔལ་དུས་ཀྱི་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་རྡོ་རྗེ་མེ་འོད་ཅེས་བྱ་བ་ བཞུགས་སོ། །..................................................................(345) པར་བྱང་སྨོན་ཚིག.................................................................(361) 7-1-3 ༄༅། །བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ དྲི་མེད་འོད་ཀྱི་ཕྲེང་བ་ བཞུགས་སོ། ། ༄༅། །ༀ་སྭ་སྟི། ན་མོ་བུད་དྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། བསྟན་བཅོས་འགྱུར་ རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ཞེས་བྱ་བ། ཟབ་ཡངས་རྣམ་པ་ཀུན་གྱི་མཆོག་ ་་་་་་ལྡན་སྟུག་པོ་ཉམས་དགའ་བར། །དོན་དམ་རྣམ་པ་མ་ལུས་ཐུགས་ཆུད་ལུས་མེད་མདས་ བསྣུན་སྐྱེ་བོའི་སླད། །འདོད་ལ་དབང་བསྒྱུར་བདུད་ལས་རྣམ་རྒྱལ་ཤཱཀྱའི་རྒྱལ་པོར་སངས་ རྒྱས་་་་་་་ཆོས་ལ་དབང་བསྒྱུར་ཆོས་ཀྱི་འཁོར་ལོས་འཁོར་བར་ཕན་མཛད་དེ་ཡིས་སྐྱོངས། ། གང་ཞིག་ཆགས་པའི་ཆུ་འཛིན་དང་བྲལ་ཆགས་པ་སེལ་བའི་འོད་ལྡན་ཞིང༌། །གདོད་ནས་ འགྲོ་འོང་མཐའ་་་་་་་་་་་་ཡང་འཆར་ནུབ་བགྲོད་པའི་ཚུལ་གཉིས་ཅན། །ལུས་ཅན་ཉེས་བརྒྱའི་ འདམ་རྫབ་རབ་སྐྱེམས་ཕན་བདེའི་ཆུ་སྐྱེས་འདབ་བརྒྱའི་གཉེན། །དམ་ཆོས་སྐྱེ་རྒུའི་ཉི་མ་ གང་དེ་ཞིང་འདིར་དུས་ཀུན་་་་་་་་་་་ཅིག །གང་གིས་ཆོས་ཀུན་བདག་མེད་རྟོགས་ཀྱང་བདག་ ཉིད་ཆེན་པོའི་བདག་རྙེད་ཅིང༌། །བརྩེ་བའི་སྤྲིན་ཆེན་ཀུན་ཁྱབ་རབ་གཡོ་གཡོ་མེད་རྣམ་ འབྱེད་འོད་རབ་གསལ། །རོལ་པའི་མཚོར་་་་་་་ལྟ་བུར་སྲིད་མཚོར་རོལ་པའི་སྤྱོད་མཛད་པ། ། རིག་དང་གྲོལ་བའི་བདག་ཉིད་དགེ་འདུན་ཟུང་བཞིའི་ཚོགས་དང་བཅས་ལ་འདུད། །སྟོན་ 7-1-4 པ་འགྲོ་བའི་ཉི་མ་ནུབ་ཚེ་བསྟན་ལ་སྒྲོ་བསྐུར་མུན་སེལ་བ། །སྨྲ་བའི་ཟླ་བ་ཚད་མའི་སྐྱེས་ བུ་བསྡུ་བ་རིམ་པར་མཛད་རྣམས་དང༌། །དྲི་མེད་རྣམ་པར་བཤད་པའི་སྒྲོན་མེས་བཀའ་ཡི་ དགོངས་པ་འགྲེལ་མཛད་པ། །འཛམ་གླིང་རྒྱན་མཆོག་ཆོས་ཀྱི་སྤྱན་ཅན་མཁས་གྲུབ་ཀུན་ ལའང་གུས་ཕྱག་འཚལ། །བརྡ་སྤྲོད་གཞུང་བརྒྱ་རིག་པའི་ནོར་བུས་བློ་གྲོས་སྤྱི་གཙུག་ལེགས་ སྤྲས་ཤིང༌། །སྐད་གཉིས་དྲི་མེད་འོད་ཀྱི་སྣང་བས་གངས་ཅན་སྐྱེ་བོའི་མུན་སེལ་བ། །འཇིག་ རྟེན་མིག་གྱུར་མཁས་པའི་ཚོགས་དང་དཔག་མེད་ཡོན་ཏན་ཁུར་ལྕི་བའི། །བླ་མ་རྣམས་ཀྱི་ ཞབས་པད་དྲི་མེད་གུས་པའི་གཙུག་གིས་རྟག་ཏུ་མཆོད། །བསོད་ནམས་བློ་གྲོས་ནམ་མཁའ་ ལྟ་བུར་ལྷུན་གྲུབ་ཡངས་པའི་ཁང་བཟངས་ནི། །རབ་དཀར་གྲགས་པ་བརྟན་པའི་རྒྱལ་ མཚན་མངོན་པར་གསལ་བས་རྣམ་མཛེས་པའི། །དཔལ་ལྡན་ལྷག་བསམ་ཀུན་དུ་བཟང་ བོས་གཞུང་བརྒྱའི་གླེགས་བམ་ཕྲེང་བ་ཡིས། །གཙུག་ལག་ཁང་ཆེན་རྣམ་པར་བརྒྱན་འདིའང་ ཡུན་རིང་འཇིག་རྟེན་རྒྱན་གྱུར་ཅིག །དེ་ལྟར་ལེགས་བཀོད་མཁས་པའི་བསྟན་བཅོས་གཞུང་ རྣམས་ཀྱི། །མཚན་དང་གཞུང་ཚད་གོ་རིམ་གྲངས་དང་འགྱུར་བྱང་བཅས། །སྒྲོ་བསྐུར་གཉིས་ བྲལ་ཇི་བཞིན་གསལ་བར་རྣམ་འབྱེད་པའི། །དཀར་ཆག་དྲི་མེད་འོད་དཀར་ཕྲེང་མཛེས་བྲི་ བར་བྱ།། །། འདིར་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དེས་སྔོན་ཉིད་དུ་ཁམས་གསུམ་ལས་ཡང་ དག་པར་འདས་པའི་སྤྱོད་ཡུལ་གནས་འོག་མིན་ཆེན་པོ་ཤིན་ཏུ་ཉམས་དགའ་བར། བླ་ན་ མེད་པའི་བྱང་ཆུབ་ཆེན་པོ་བརྙེས་པར་མཛད་ནས། སངས་རྒྱས་ཀྱི་ཐབས་ལ་མཁས་པ་ཆེན་ པོས། འཇིག་རྟེན་གྱི་ཁམས་རབ་འབྱམ་མཐའ་ཀླས་པར་སྤྲུལ་པ་སྣ་ཚོགས་ཀྱིས་སེམས་ ཅན་གྱི་དོན་མཛད་པ་ལས། གླིང་བཞི་པ་བཅོམ་པ་དང་ལྡན་པ་འདིར། དགའ་ལྡན་གྱི་ གནས་ན་བཞུགས་པ་ལ་སོགས་པ་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་སྙིང་ 7-1-5 པོར་མངོན་པར་རྫོགས་པར་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཡོངས་སུ་མྱ་ ངན་ལས་འདས་པ་ཆེན་པོ་བསྟན་པར་མཛད་དོ། །དེ་ནས་འཕགས་པའི་ཡུལ་དུ་དབང་བཅུ་ ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང༌། དགྲ་བཅོམ་པ་ཆེན་པོ་གཉི་གའི་ཆ་ ལས་རྣམ་པར་གྲོལ་བའི་ཡོན་ཏན་མངའ་བ་ལ་སོགས་པ་བཀའི་བསྡུ་བ་མཛད་པ་པོ་རྣམས་ ཀྱིས་སེམས་ཅན་སོ་སོའི་སྐད་ཐ་དད་པ་དུ་མ་རྣམས་ཀྱི་སྒོ་ནས་ཐེག་པ་གསུམ་ཡང་དག་པར་ བསྡུ་བ་མཛད་ཅིང༌། རྒྱལ་བ་ཉིད་ཀྱིས་ལུང་བསྟན་ཞིང་སངས་རྒྱས་གཉིས་པ་ལྟར་ཡོངས་སུ་ གྲགས་པའི་སྐྱེས་བུ་ཤིང་རྟ་ཆེན་པོ་རྣམས་དང༌། གཞན་ཡང་མཁས་ཤིང་གྲུབ་པ་ཐོབ་པའི་ བསྟན་བཅོས་རྩོམ་པ་པོ་ཚད་དང་ལྡན་པ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས། བཀའ་སྤྱི་དང་ སོ་སོའི་དགོངས་པ་འགྲེལ་བའི་བསྟན་བཅོས་དང་མན་ངག་ལ་སོགས་པའི་སྒོ་ནས་ཐེག་པ་ གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པའི་དགོངས་པ་རབ་ཏུ་གསལ་བར་མཛད་དོ། །དེ་ནས་ བོད་ཀྱི་ཡུལ་འདིར། རྒྱལ་མེས་དབོན་རྣམ་པ་གསུམ་ལ་སོགས་པ་ཆོས་ཀྱི་རྒྱལ་བློན་བྱང་ ཆུབ་སེམས་དཔའ་ཆེན་པོ་སྤྲུལ་པའི་སྐུ་རྣམས་ཀྱི་སྐུ་དྲིན་ལས། པཎྜི་ཏ་མཁས་གྲུབ་ཆེན་པོ་ རྣམས་དང༌། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་འཇིག་རྟེན་གྱི་མིག་ཏུ་གྱུར་པ་རྣམས་ཀྱིས། བདེ་ བར་གཤེགས་པའི་བཀའ་དང་མཁས་པའི་བསྟན་བཅོས་དཔག་ཏུ་མེད་པ་རྣམས་ལེགས་ པར་སྦྱར་བ་ལ་སོགས་པའི་སྐད་སྣ་ཚོགས་པ་རྣམས་ལས། བོད་ཀྱི་སྐད་དུ་བསྒྱུར་ཞིང་ལེགས་ པར་གཏན་ལ་ཕབ་ནས་གངས་ཅན་གྱི་ཁྲོད་དུ། ཐུབ་པའི་བསྟན་པ་གསལ་བར་མཛད་ཅིང༌། སྔོན་རྒྱལ་བློན་ཆེན་པོ་རྣམས་ཀྱིས་དུས་དེར་བཀའ་དང་བསྟན་བཅོས་བོད་ཡུལ་དུ་འགྱུར་ རོ་འཚལ་རྣམས་ཐུགས་དམ་དུ་བཞེངས་ཏེ། དེ་དག་གི་མཚན་བྱང༌། གཞུང་ཚད་གོ་རིམ་ལ་ སོགས་པ་དཀར་ཆག་ཏུ་བཀོད་པ་དང་བཅས་པ། ཕོ་བྲང་སྟོང་ཐང་ལྡན་དཀར་དང༌། འཕང་ ཐང་ཀ་མེད་གཉིས་ན་བཞུགས་པ་ལས་རེ་ཤིག་ཅིག་ན་འཐོར་བར་གྱུར་ཞིང༌། སླད་ཀྱིས་བྱོན་ 7-1-6 པའི་ལོ་པཎ་ཆེན་པོ་རྣམས་ཀྱིས་ཀྱང༌། བཀའ་དང་བསྟན་བཅོས་ཀྱི་རྣམ་གྲངས་དུ་མ་བསྒྱུར་ བ་རྣམས་ཀྱང་ཐོར་བུ་ཐོར་བུར་བཞུགས་པ་ལས། དུས་ཕྱིས་དཔལ་སྣར་ཐང་གི་ཆོས་གྲྭ་ཆེན་ པོར་བྱོན་པའི་དགེ་བའི་བཤེས་གཉེན་བསྟན་པ་ལ་བྱ་བ་མཛད་པ་དག་གིས་ཕྱོགས་གཅིག་ ཏུ་བསྡུས་ནས་བཞེངས་སུ་གསོལ་ཏེ་དཀར་ཆག་ཏུ་བཀོད་ཅིང༌། དེར་ཡང་མ་འདུས་པའི་ བསྟན་བཅོས་ཀྱི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་གཅིག་ཙམ་ཞིག མཁས་པའི་དབང་ཕྱུག་ལྔ་ རིག་པའི་ལོ་ཙཱ་བ་ཆེན་པོ་མཁན་ཆེན་བུ་སྟོན་པས་གསར་དུ་རྙེད་པ་རྣམས་ཀྱང༌། ཆོས་གྲྭ་ཆེན་ པོ་ཞ་ལུའི་གཙུག་ལག་ཁང་གི་བསྟན་བཅོས་འགྱུར་རོ་འཚལ་གྱི་ནང་ན་བཞུགས་ཏེ། དཀར་ ཆག་སྔ་མ་རྣམས་སུ་སྔགས་མཚན་ཉིད་མ་ཕྱེད་པ་དང༌། རང་རང་སོ་སོའི་སྐོར་མ་ཕྱེད་ཅིང་ ཕན་ཚུན་འདྲེས་པ་རྣམས་ལེགས་པར་ཕྱེ་ཞིང་བསྒྲིགས་ནས་དཀར་ཆག་ཏུ་བཀོད་པ་མཛད་ དོ། །འདིར་ནི་ཤར་ཕྱོགས་རྒྱལ་པོ་མི་དབང་ཆེན་པོའི་གཙུག་གིས་ཞབས་ཀྱི་པད་མོ་གུས་ པས་མཆོད་ཅིང༌། མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་མཛད་པའི་ཕྲིན་ལས་ཀྱི་ཆེ་བའི་ ཡོན་ཏན་དུ་མས་རྣམ་པར་སྤྲས་པ་བླ་མ་ཏི་ཤི་ཆེན་པོ་གྲགས་པ་འོད་ཟེར་དང་བླ་མ་ཏི་ཤི་ཆེན་ པོ་སངས་རྒྱས་དཔལ་དང་དེ་དག་གི་དབོན་སྲས་དམ་པར་འཁྲུངས་ཤིང༌། ཆོས་ཀྱི་རྒྱལ་པོ་ ཁྲི་སྲོང་ལྡེ་བཙན་གྱི་སྐུའི་སྐྱེ་བ་རྒྱུད་མར་གྱུར་པ་ཤིན་ཏུ་རྨད་དུ་བྱུང་བའི་ཡོན་ཏན་དང་མཛད་ པ་ཅན། གོང་མ་ས་སྐྱོང་ཆེན་པོས་གུག་ཤི་ཆེན་པོར་མཚན་གསོལ་ཞིང༌། ཀུན་སྤངས་ཆེན་ པོ་གྲགས་པ་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་སྟེ། སྐྱེས་བུ་དམ་པ་ཁུ་དབོན་དེ་དག་གིས་ སྐུའི་སྐྱེ་བ་བཞེས་ཤིང་བྱིན་གྱིས་བརླབས་པའི་གདན་ས་དཔལ་ངམ་རིང་གི་ཆོས་གྲྭ་ཆེན་པོའི་ གཙུག་ལག་ཁང་དུ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབས་ པ་གནས་ལྔ་རིག་པའི་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་དང༌། ལྷ་དང་བཅས་པའི་འགྲོ་བ་ཀུན་ གྱི་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་པའི་ཞབས་ནས་འདེགས་པའི་སྦྱིན་བདག་དམ་ 7-1-7 པའི་རྒྱུད། རིགས་དང༌། རུས་དང༌། ཆོ་འབྲང་ཕུན་སུམ་ཚོགས་པའི་སྐུ་བསོད་ནམས་ཆེན་ པོའི་རྐང་འཐུང་ཡོན་ཏན་དུ་མའི་ཡལ་འདབ་རྣམ་པར་རྒྱས་ཤིང༌། གོང་མ་མི་དབང་ཆེན་པོའི་ བཀའ་ལུང་གི་བདག་རྐྱེན་ལས་མངའ་རིས་ཆོས་བཞིན་དུ་སྐྱོང་བ། དཀོན་མཆོག་གསུམ་ལ་ མི་ཕྱེད་པའི་དད་པ་བརྟན་པོ་དང་ལྡན་ཞིང༌། བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོའི་སྦྱིན་ བདག་ཆེན་པོ་དམ་པའི་ཆོས་ལ་བློ་གྲོས་ཀྱི་སྣང་བ་རྒྱ་ཆེར་ཐོབ་པ་དཔོན་ཆེན་ཏའི་སི་དུ་ནམ་ མཁའ་བརྟན་པའི་རྒྱལ་མཚན་དཔལ་བཟང་པོ་པ་ཡུམ་སྲས་ཀྱིས་རྒྱལ་བ་སྲས་དང་སློབ་མར་ བཅས་པ་རྣམས་ཀྱི་སུ་རྫོགས་པར་བྱ་བའི་ཕྱིར་དང༌། ཕན་བདེའི་འབྱུང་གནས་བསྟན་པ་ རིན་པོ་ཆེ་འཇིག་རྟེན་དུ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དང༌། གངས་ཅན་གྱི་ཡུལ་བྱང་ ཕྱོགས་ཀྱི་རྒྱུད་འདིར་དམ་པའི་ཆོས་ཀྱི་སྣང་བ་ཆེན་པོས་སྐྱེ་བོ་རྣམས་ཀྱི་བློའི་མུན་པ་བསལ་ ཏེ་བླ་ན་མེད་པའི་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་པོ་མྱོང་བར་བྱ་བའི་སླད་དུ། བསྟན་བཅོས་ འགྱུར་རོ་འཚལ་ཐུགས་དམ་དུ་བཞེངས་པའི་དཀར་ཆག་ཀྱང༌། དཀར་ཆག་སྔ་མ་དང་རྗེས་ སུ་མཐུན་པར་དགོད་པར་བྱའོ། ། དེ་ལ་ཡུལ་ཁྱད་པར་ཅན་ལ་བསྟོད་ཅིང་ཕྱག་འཚལ་བ་ནི་ལེགས་པ་ཐམས་ཅད་ཐོབ་ པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་དང༌། དམ་པའི་སྤྱོད་པ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར། ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་པའི་ཚུལ་གྱིས་བསྟོད་པའི་ཚོགས་ཀྱི་སྐོར་རྣམས་ ཐོག་མར་བྱས་ཏེ། དེ་ནས་མཆོག་དང་དམན་པའི་གོ་རིམ་གྱི་དབང་དུ་བྱས་ནས། ཐོག་མར་ ནང་རིག་པའི་བསྟན་བཅོས་ཐེག་ཆེན་ཐུན་མོང་མ་ཡིན་པ་དང༌། ཐུན་མོང་བ་དང༌། ཐེག་པ་ ཆུང་ངུའི་བསྟན་བཅོས་རྣམས་དང༌། གཏན་ཚིགས་དང་སྒྲ་དང་གསོ་བ་དང་བཟོ་རིག་པའི་ བསྟན་བཅོས་རྣམས་རིམ་པ་ལྟར་དགོད་ཅིང༌། གཞན་ཡང་བོད་ཀྱི་ཀ་ཅོག་ལ་སོགས་པ་ མཁས་པ་ཆེན་པོ་དག་གིས་མཛད་པའི་བསྟན་བཅོས་གཅེས་ཤིང༌། དཔེ་དཀོན་པ་ཅི་རིགས་ 7-1-8 པ་རྣམས། རིམ་པས་བཀོད་པ་ནི། འདི་ལྟ་སྟེ། ཀ་པ་ལ་ཁྱད་པར་དུ་འཕགས་པའི་བསྟོད་པ་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པ་ དང༌། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་སློབ་དཔོན་བདེ་བྱེད་བདག་པོས་མཛད་པ་གཉིས་ པཎྜི་ཏ་སརྦ་ཛྙཱ་དེ་བ་དང༌། ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར་ལ། ལོ་ཙཱ་བ་དཔལ་བརྩེགས་ ཀྱིས་བཅོས་ཤིང་གཏན་ལ་ཕབ་པ། ཁྱད་པར་དུ་འཕགས་པའི་བསྟོད་པའི་འགྲེལ་པ་སློབ་ དཔོན་ཤེས་རབ་གོ་ཆས་མཛད་པ། པཎྜི་ཏ་ཛཱ་རན་དཱ་ན་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་ འགྱུར། ཐམས་ཅད་མཁྱེན་པ་དབང་ཕྱུག་ཆེན་པོའི་བསྟོད་པ་ཞེས་བྱ་བ་མཐོ་བཙུན་གྲུབ་རྗེས་ མཛད་པ། པཎྜི་ཏ་ཛཱ་རན་དཱ་ན་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ལྷ་ལས་ཕུལ་དུ་བྱུང་ བར་བསྟོད་པའི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ། པཎྜི་ཏ་ཛཱ་རན་དཱ་ན་དང་ ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། སངས་རྒྱས་ལ་རབ་ཏུ་སྔ་བར་ནམ་ལངས་པའི་བསྟོད་ པ་ཁ་ཆེའི་རྒྱལ་པོ་ཤྲཱི་ཧ་རི་ཤ་དེ་བས་མཛད་པ། པཎྜི་ཏ་རཱ་ཛ་ཤྲཱི་ཛྙཱ་ན་མི་ཏྲ་དང་ལོ་ཙཱ་བ་ཁེའུ་ གད་པ་ཡོན་ཏན་དཔལ་གྱི་འགྱུར། དེ་ཉིད་ཀྱིས་མཛད་པ་གནས་ཆེན་པོ་བརྒྱད་ཀྱི་མཆོད་ རྟེན་ལ་ཕྱག་འཚལ་བའི་བསྟོད་པ་འགྱུར་སྔ་མ་དང་འདྲ་བ། དཀོན་མཆོག་གསུམ་གྱི་བསྟོད་ པ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་དང༌། དེའི་འགྲེལ་པ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་ མཛད་པ་གཉིས། པཎྜི་ཏ་ཛྙཱ་ན་ཤཱན་ཏི་དང་ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་འགྱུར། དཀོན་མཆོག་ གསུམ་གྱི་བསྟོད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། བརྒྱ་ལྔ་བཅུ་པའི་བསྟོད་པ་ སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་དང༌། དེའི་འགྲེལ་བ་སློབ་དཔོན་དགའ་བྱེད་སྙན་པས་ མཛད་པ་གཉིས། པཎྜི་ཏ་ཤྲད་དྷཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། བརྒྱ་ལྔ་བཅུ་ པ་ལས་སྤེལ་མར་བསྟོད་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། པཎྜི་ཏ་ཀུ་མ་ར་ཀ་ལ་ ཤ་དང་ལོ་ཙཱ་བ་བསོད་ནམས་བཟང་པོའི་འགྱུར། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་ 7-1-9 པ་བསྔགས་པར་འོས་པ་བསྔགས་པ་པཎྜི་ཏ་མ་ཏི་ཙི་ཏྲས་མཛད་པ། པཎྜི་ཏ་སརྦ་ཛྙཱ་དེ་བ་དང་ ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར། དེའི་ལེའུ་བཅུ་གསུམ་པ་པད་མ་ཀ་ར་ཝརྨ་དང་ལོ་ ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དཀོན་མཆོག་གསུམ་ལ་བཀྲ་ཤིས་ཀྱི་བསྟོད་པ་སློབ་ དཔོན་མ་ཏི་ཙི་ཏྲས་མཛད་པ་པཎྜི་ཏ་བི་དྱ་ཀ་ར་སིང་ཧ་པྲ་བྷ་དང་ལོ་ཙཱ་བ་དཔལ་བརྩེགས་ རཀྵི་ཏའི་འགྱུར། སངས་རྒྱས་ཀྱི་མཚན་ལ་བསྟོད་པ་དང༌། གཅིག་ལས་འཕྲོས་པའི་བསྟོད་པ་ དང༌། སངས་རྒྱས་སུམ་ཅུ་རྩ་ལྔའི་བསྟོད་པ་མཚན་རིན་པོ་ཆེས་སྤྲས་པ་ཞེས་བྱ་བ་རྣམས་སློབ་ དཔོན་མ་ཏི་ཙི་ཏྲས་མཛད་པ། ཚིག་བརྒྱད་པའི་བསྟོད་པ་དགེ་བསྙེན་མཐའ་ཡས་ལྷས་མཛད་ པ། རྒྱལ་བ་བརྒྱད་པའི་བསྟོད་པ་དགེ་བསྙེན་མཐའ་ཡས་ལྷས་མཛད་པ། གཎ་ཌིའི་བསྟོད་པ་ སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། པཎྜི་ཏ་རྒྱལ་བའི་སྡེ་དང་ལོ་ཙཱ་བ་དྷརྨ་ཡོན་ཏན་གྱི་ འགྱུར། སངས་རྒྱས་དབང་བསྐུར་བའི་བསྟོད་པ། ལོ་ཙ་བ་རིན་ཆེན་བཟང་པོའི་འགྱུར། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་དང༌། དེའི་འགྲེལ་པ་སློབ་ དཔོན་ཞི་བ་འཚོས་མཛད་པ་གཉིས། པཎྜི་ཏ་བི་དྱཱ་ཀ་ར་པྲ་བྷཱ་དང་ལོ་ཙཱ་བ་དཔལ་བརྩེགས་ ཀྱིས་འགྱུར། དེ་བཞིན་གཤེགས་ལྔའི་བསྟོད་པ་དང༌། དེ་བཞིན་གཤེགས་པ་བདུན་གྱི་བསྟོད་ པ་གཉིས། པཎྜི་ཏ་པད་མ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དེ་བཞིན་ གཤེགས་པ་བརྒྱད་ལ་བསྟོད་པ་སློབ་དཔོན་ཞི་བ་འཚོས་མཛད་པ། སྐལ་བཟང་སངས་རྒྱས་ སྟོང་གི་བསྟོད་པ་དེ་བཞིན་གཤེགས་པའི་མཚན་བརྗོད་སྐལ་བཟང་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་ ཁ་ཆེ་པཎ་ཆེན་གྱིས་མཛད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་པའི་སྐོར་ལ། ཆོས་ཀྱི་དབྱིངས་སུ་བསྟོད་པ། དཔེ་མེད་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་ པ། སེམས་ཀྱི་རྡོ་རྗེའི་བསྟོད་པ། དོན་དམ་པར་བསྟོད་པ། སྐུ་གསུམ་ལ་བསྟོད་པ་རྣམས། ཀྲིཥྞ་པཎྜི་ཏ་དང་ལོ་ཙཱ་བ་ནག་ཚོ་ཚུལ་རྒྱལ་གྱི་འགྱུར། སྐུ་གསུམ་ལ་བསྟོད་པའི་འགྲེལ་པ། 7-1-10 པཎྜི་ཏ་ཤྲད་དྷཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། སེམས་ཅན་མགུ་བར་བྱ་ བའི་བསྟོད་པ། པཎྜི་ཏ་ཇོ་བོ་རྗེ་དང་ལོ་ཙཱ་བ་ནག་ཚོ་ཚུལ་རྒྱལ་གྱི་འགྱུར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་མའི་བསྟོད་པ། པཎྜི་ཏ་ཐིག་ལེ་བུམ་པ་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། བསམ་གྱིས་མི་ཁྱབ་པར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། བླ་ན་མེད་པའི་ བསྟོད་པ། རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ། འཕགས་པ་ འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ་མི་ འདྲ་བ་གཉིས། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། ཕྱག་འཚལ་བའི་བསྟོད་པ། དམྱལ་བ་ནས་འདོན་པའི་བསྟོད་པ། པཎྜི་ཏ་ཏི་ལ་ཀ་དང་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་ འགྱུར་རྣམས་སོ། །སངས་རྒྱས་ཀྱི་བསྟོད་པ་འཕགས་མ་ནོར་རྒྱུན་མས་མཛད་པ། པཎྜི་ཏ་ རྒྱལ་བའི་སྙན་བཟང་པོ་དང་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར། དེ་བཞིན་གཤེགས་པ་ ཐམས་ཅད་ལ་བསྟོད་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟོད་པ་སློབ་དཔོན་དཀོན་ མཆོག་གསུམ་གྱི་འབངས་ཀྱིས་མཛད་པ། ཡོན་ཏན་མཐའ་ཡས་པར་བསྟོད་པ་སློབ་དཔོན་ དཀོན་མཆོག་འབངས་ཀྱིས་མཛད་པ། པཎྜི་ཏ་སརྦ་ཛྙཱ་དེ་བ་དང་ལོ་ཙཱ་བ་རིན་ཆེན་མཆོག་གི་ འགྱུར་ལ་དཔལ་བརྩེགས་ཀྱིས་བཅོས་པ། ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ་ དང༌། ཡོན་ཏན་མཐའ་ཡས་པའི་དོན་གྱི་ཚིག་ལེའུར་བྱས་པ་གཉིས་སློབ་དཔོན་ཕྱོགས་གླང་ གིས་མཛད་པ། པཎྜི་ཏ་སརྦ་ཛྙཱ་དེ་བ་དང་ལོ་ཙ་བ་རིན་ཆེན་མཆོག་གི་འགྱུར་ལ་དཔལ་ བརྩེགས་ཀྱིས་བཅོས་པ། སངས་རྒྱས་མྱ་ངན་ལས་འདས་པ་ལ་བསྟོད་པ་སློབ་དཔོན་ཆོས་ཀྱི་ གྲགས་པས་མཛད་པ། བཤགས་པའི་བསྟོད་པ་སློབ་དཔོན་ཙན་ཏྲ་གོ་མིས་མཛད་པ་དང༌། དེའི་འགྲེལ་པ་སློབ་དཔོན་སངས་རྒྱས་ཞི་བས་མཛད་པ་གཉིས། པཎྜི་ཏ་བུད་དྷ་ཀ་ར་ཝརྨ་ དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཆོས་ཀྱི་སྐུ་ལ་གནས་པའི་ཡོན་ཏན་ཐུན་མོང་མ་ 7-1-11 ཡིན་པ་ལ་བསྟོད་པ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་ དང་ཤཱི་ལེན་ཏྲ་བོ་དྷི་དང་ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྡེའི་འགྱུར། དེ་ཁོ་ན་ཉིད་ལ་བསྟོད་པ་དགེ་ སློང་དཔལ་གྱི་གོ་ཆས་མཛད་པ། པཎྜི་ཏ་མཛྙུ་ཤྲཱི་བྷ་ཏྲ་དང་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱི་ འགྱུར། བདུད་བཏུལ་བ་ལ་བསྟོད་པ་རབ་དགའི་ལྷའི་ཞལ་སྔ་ནས་མཛད་པ། སངས་རྒྱས་ཀྱི་ མཚན་བརྒྱ་རྩ་བརྒྱད་པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། སྦྱོར་བ་བཞིའི་ལྷ་ལ་བསྟོད་པ་ པཎྜི་ཏ་རད་ན་ཀཱིརྟིས་མཛད་པ། བལ་པོ་མ་ཧཱ་པ་ནའི་རང་འགྱུར། དཔལ་ཀྱེའི་རྡོ་རྗེའི་བསྟོད་ པ་ཉི་ཤུ་པ་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང་ལོ་ཙཱ་བ་ཤཱཀྱ་ཡེ་ ཤེས་ཀྱི་འགྱུར། དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས་པ་སློབ་དཔོན་ཆོས་ཀྱི་ གྲགས་པས་མཛད་པ། པཎྜི་ཏ་མ་ཎི་ཀ་ཤྲཱི་ཛྙཱ་ན་དང་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་འགྱུར། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་ཁ་ཆེའི་པཎྜི་ཏ་རིན་ཆེན་རྡོ་རྗེས་མཛད་པ། པཎྜི་ཏ་མ་ཧཱ་ ཛཱ་ན་དང་ལོ་ཙཱ་བ་མར་པ་ཆོས་དབང་གི་འགྱུར། དཔལ་དུས་ཀྱི་འཁོར་ལོའི་བསྟོད་པ་རྒྱུན་ ཆགས་པ་མཁས་པ་ཆེན་པོ་ལེགས་པའི་གྲགས་པས་མཛད་པ། པཎྜི་ཏ་བི་ནཱ་ཡ་ཤྲཱི་མི་ཏྲ་དང་ ལོ་ཙཱ་བ་འདན་མ་ཚུལ་ཁྲིམས་སེང་གེའི་འགྱུར། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་དོན་ ཐམས་ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་བུ་སློབ་དཔོན་དྷ་རི་ཀ་པས་མཛད་པ། པཎྜི་ཏ་ དྷརྨ་བཛྲ་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེའི་འགྱུར་ལ། སླད་ཀྱིས་པཎྜི་ཏ་ཀུ་མ་ར་བཛྲ་ དང་ལོ་ཙ་བ་དགེ་སློང་ཉི་མ་རྡོ་རྗེའི་འགྱུར། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་རྒྱལ་པོ་ཨིན་ ཏྲ་བྷཱུ་ཏིས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ། འཁོར་ ལོ་སྡོམ་པའི་དཀྱིལ་འཁོར་གྱི་བསྟོད་པ། པཎྜི་ཏ་ཤཱུ་ར་ཀ་ལ་ཤས་མཛད་པ། ལོ་ཙཱ་བ་དགེ་ སློང་བསོད་ནམས་བཟང་པོའི་འགྱུར། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ བསྟོད་པ་ཁ་ཆེའི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ། དཀྱིལ་འཁོར་གྱི་ལྷ་ 7-1-12 ལ་བསྟོད་པ་རིན་པོ་ཆེ་སྒྱུ་འཕྲུལ་སྦྱིན་པ་ཞེས་བྱ་བ་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང་ལོ་ཙཱ་བ་མར་པ་ཆོས་དབང་གི་འགྱུར། དཔལ་འཁོར་ལོ་སྡོམ་པའི་ འཁོར་ལོ་བསྡུས་པའི་བསྟོད་པ་སློབ་དཔོན་དཱ་རི་ཀ་པས་མཛད་པ། དཔལ་འཁོར་ལོ་སྡོམ་ པའི་བསྟོད་པ་སློབ་དཔོན་མཻ་ཏྲི་བས་མཛད་པ། འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་རྒྱས་ པ་སློབ་དཔོན་བྷཱུ་རི་པས་མཛད་པ། རྡོ་རྗེ་ཕག་མོའི་མདོར་བསྡུས་པའི་བསྟོད་པ། པཎྜི་ཏ་ངག་ གི་དབང་ཕྱུག་དང་གློག་སྐྱ་ལོ་ཙཱ་བའི་འགྱུར། དཔལ་དགྱེས་པའི་རྡོ་རྗེ་ལ་བསྟོད་པ་ཁ་ཆེ་རིན་ ཆེན་རྡོ་རྗེས་མཛད་པ། པཎྜི་ཏ་ཀུ་མ་ར་ཀ་ལ་ཤ་དང་ལོ་ཙཱ་བ་དགེ་སློང་བྱང་ཆུབ་ཤེས་རབ་ཀྱི་ འགྱུར། བདག་མེད་མ་ལྷ་མོ་བཅོ་ལྔ་ལ་བསྟོད་པ་སློབ་དཔོན་བསོད་སྙོམས་པ་འཕགས་པ་ ལྷས་མཛད་པ། ཀྱེའི་རྡོ་རྗེའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སློབ་དཔོན་ཌོམ་བི་ཧེ་རུ་ཀས་ མཛད་པ། གནས་ཆེན་གྱི་རིམ་པའི་ལྷ་མོ་སྒྲོལ་མ་ལ་བསྟོད་པ། ཞིང་གི་དབང་ཕྱུག་མའི་ བསྟོད་པ་བློན་པོའི་རིགས་ཤིན་ཏུ་དགའ་བའི་པཎྜི་ཏས་མཛད་པ། པཎྜི་ཏ་ཡེ་ཤེས་རྡོ་རྗེ་དང་ ལོ་ཙཱ་བ་ནག་ཚོ་ཆེན་པོའི་འགྱུར། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷའི་སྐུ་ལ་ བསྟོད་པ་རྣལ་འབྱོར་གྱི་དབང་ཕྱུག་མི་གནས་རྡོ་རྗེས་མཛད་པ། པཎྜི་ཏ་ཤྲད་དྷཱ་ཀ་ར་ཝརྨ་ དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དཔལ་གསང་བ་འདུས་པའི་བསྟོད་པ་དཔལ་མར་ མེ་མཛད་ཡེ་ཤེས་ཀྱིས་མཛད་པ་དང༌། མཁའ་སྤྱོད་མ་དཀར་མོའི་བསྟོད་པ་དཔལ་མར་མེ་ མཛད་ཡེ་ཤེས་ཀྱིས་མཛད་པ་གཉིས། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་ འགྱུར། རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ ཏ་དེ་ཉིད་དང་ལོ་ཙཱ་བ་ཁུ་ནེ་ཙོའི་འགྱུར། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ། རྡོ་རྗེ་ འཇིགས་བྱེད་ཀྱི་དེ་ཉིད་ལྔ་པའི་བསྟོད་པ། ཡང་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ། དཔལ་རྡོ་ རྗེ་འཇིགས་བྱེད་ཀྱི་བསྟོད་པ་པཎྜི་ཏ་དོན་ཡོད་རྡོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་ཞང་ལོ་ 7-1-13 ཙཱ་བ་ཤེས་རབ་བླ་མའི་འགྱུར། འཇམ་དཔལ་འཇིགས་བྱེད་མཚན་གྱི་བསྟོད་པ་སློབ་དཔོན་ ལས་ཀྱི་རྒྱལ་པོས་མཛད་པ། འཕགས་པ་འཇམ་དཔལ་ལ་བསྟོད་པ་ཡང་དག་པའི་འཁོར་ལོ་ སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། གུར་ཀུམ་གཞོན་ནུ་ལྟ་བུའི་བསྟོད་པ་སློབ་དཔོན་ མི་གཡོ་སེང་གེས་མཛད་པ། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་ རྒྱལ་བའི་འགྱུར། འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་བརླབས་དང་བཅས་པ་སློན་ དཔོན་ཙན་ཏྲ་གོ་མིས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ དང་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་ སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པ། འཇམ་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་བསྟོད་ པ་གསེར་གྱི་ཕྲེང་བ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། འཕགས་པ་ འཇམ་དཔལ་གྱི་བསྟོད་པ་པཎྜི་ཏ་ཇོ་བོ་མ་ཏིས་མཛད་པ། ལོ་ཙཱ་བ་གཉན་དྷརྨ་གྲགས་ཀྱི་ འགྱུར། འཕགས་པ་གསུང་གི་དབང་ཕྱུག་གི་བསྟོད་པ། མཁས་པ་ཛཻ་ཏ་ཀརྞ་དང་ལོ་ཙཱ་བ་དགེ་ སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། འཕགས་པ་འཇམ་དཔལ་ལ་ཁྱད་པར་གྱི་ བསྟོད་པ་སློབ་དཔོན་ཨཱ་ནན་ཏ་ཤྲཱི་མི་ཏྲས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་ རབ་ཀྱི་འགྱུར། དེ་བཞིན་གཤེགས་པ་དང་འཇམ་དཔལ་དང་འཇིག་རྟེན་དབང་པོ་དང་སྒྲོལ་ མའི་བསྟོད་པ་རྒྱལ་བའི་སྙན་བཟང་པོས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཉི་མ་རྒྱལ་ མཚན་དཔལ་བཟང་པོའི་འགྱུར། འཕགས་པ་འཇམ་དཔལ་ལ་བསྟོད་པ་ཙནྟྲ་གོ་མིས་མཛད་ པ། པཎྜི་ཏ་ཧ་སུ་མ་ཏི་དང་ལོ་ཙཱ་བ་གཉན་དྷརྨ་གྲགས་ཀྱི་འགྱུར། འཕགས་པ་འཇམ་དཔལ་ གྱི་བསྟོད་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་ དང་ལོ་ཙཱ་བ་གློག་སྐྱ་གཞོན་ནུ་འབར་གྱི་འགྱུར། འཕགས་པ་འཇམ་དཔལ་རྣོན་པོ་ལ་བསྟོད་ པ། ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ། འཕགས་པ་འཇམ་དཔལ་ལ་ཁྱེའུ་ 7-1-14 བཅུ་དྲུག་གིས་བསྟོད་པ། འཕགས་པ་ངག་གི་དབང་ཕྱུག་གཙོ་འཁོར་ལྔ་པའི་བསྟོད་པ་པཎྜི་ ཏ་ཐིག་ལེ་བུམ་པས་མཛད་པ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ་སྙན་དངགས་ མཁན་ཆེན་པོ་ཤྲཱི་བཛྲ་དེ་བས་མཛད་པ། སྙན་དངགས་མཁན་མ་ཧཱ་པཎྜི་ཏ་ལཀྵྨཱི་ཀ་ར་དང་ལོ་ ཙཱ་བ་དགེ་སློང་ཤོང་སྟོན་གྱི་འགྱུར། དོན་ཡོད་ཞགས་པའི་ལྷ་ཚོགས་ལ་བསྟོད་པ་དྲི་མ་མེད་ པའི་འོད། ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་བསྐུལ་བ་དགེ་བསྙེན་ཟླ་བས་མཛད་པ་ས་ར་མེ་ ཤྭ་ར་དང་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། སྤྱན་རས་གཟིགས་ལ་ཙརྱ་དཱི་པ་ཞབས་ ཀྱིས་བསྟོད་པ། སྒྲ་མཁན་རྒྱལ་བའི་སྙན་དང་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར། འཕགས་ པ་དོན་ཞགས་ལྷ་ལྔའི་བསྟོད་པ་ཨེ་ར་པ་ཏིས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་ལོ་ཙཱ་བ་ བ་རི་རིན་ཆེན་གྲགས་ཀྱི་འགྱུར། འཇིག་རྟེན་དབང་ཕྱུག་ལ་བསྟོད་པ་དགེ་སློང་མ་དཔལ་ མོས་མཛད་པ། ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔ་ལ་བསྟོད་པ་སློབ་དཔོན་རྟ་དབྱངས་ ཀྱིས་མཛད་པ། སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པ་ལ་བསྟོད་པ་སློབ་དཔོན་ ཙན་ཏྲ་གོ་མིས་མཛད་པ། སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་དགེ་སློང་མ་དཔལ་ མོས་མཛད་པ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་ཡིད་འཕྲོག་སྡིག་འཇོམས་སློབ་དཔོན་ ཙན་ཏྲ་གོ་མིས་མཛད་པ། པཎྜི་ཏ་དཱ་ན་ཤཱི་ལའི་རང་འགྱུར། སྤྱན་རས་གཟིགས་དབང་ཕྱུག་ བཅུ་གཅིག་ཞལ་དང་འཇིག་པ་བརྒྱད་སྐྱོབ་ཀྱི་བསྟོད་པ་དགེ་སློང་མ་དཔལ་མོས་མཛད་པ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ལ་བསྟོད་པ། རྗེ་བཙུན་ཐུགས་རྗེ་ཆེན་པོ་ལ་བསྟོད་པ་ དགེ་སློང་མ་དཔལ་མོས་མཛད་པ། སྙིང་རྗེ་ལ་བསྟོད་པ་དགེ་བསྙེན་ཀུན་སྦྱིན་གྱིས་མཛད་པ། དོན་ཡོད་ཞགས་པ་ལྷ་ལྔའི་བསྟོད་པ་སློབ་དཔོན་ཙན་ཏྲ་གོ་མིས་མཛད་པ། འཕགས་པ་ འཇིག་རྟེན་དབང་ཕྱུག་ལ་སློབ་དཔོན་ཟླ་བ་གྲགས་པས་སྨྲེ་སྔགས་ཀྱིས་བསྟོད་པ་བྱིན་ བརླབས་ཅན། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་བསྟོད་པ་སློབ་དཔོན་འཕགས་ 7-1-15 པ་ཀླུ་སྒྲུབ་ཀྱིས་མཛད་པ། དཔལ་ཕྱག་ན་རྡོ་ལ་བསྟོད་པ་སློབ་དཔོན་ངག་གི་དབང་ཕྱུག་ གྲགས་པས་མཛད་པ། དཔལ་ཕྱག་ན་རྡོ་རྗེ་ལ་དོན་རྟགས་ཀྱི་སྒོ་ནས་བསྟོད་པ་སློབ་དཔོན་དཱི་ པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེའི་འགྱུར། དཔལ་ཕྱག་ན་རྡོ་རྗེ་ལ་མཚན་ཉིད་བསྡུས་པའི་སྒོ་ནས་བསྟོད་པ་སློབ་དཔོན་བཱིརྱ་ཙན་ཏྲས་ མཛད་པ། ཡང་ཕྱག་ན་རྡོ་རྗེ་ལ་བསྟོད་པ་གཅིག གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་ རྗེ་གོས་སྔོན་པོ་ཅན་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ་ནམ་གྲུའི་རིགས་ལས་བྱུང་བ་ དངོས་གྲུབ་བརྙེས་པའི་སློབ་དཔོན་ཛ་བ་རི་པས་མཛད་པ། པཎྜི་ཏ་དེ་བ་པུརྞ་(པུཎྱ་)མ་ཏི་ དང་ལོ་ཙཱ་བ་དགེ་སློང་འགར་ཆོས་ཀྱི་བཟང་པོའི་འགྱུར། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ ལ་བསྟོད་པ་བྲམ་ཟེ་མ་ཎི་བཛྲས་མཛད་པ། པཎྜི་ཏ་ཛྙཱ་ན་ཤྲཱི་དང་ལོ་ཙཱ་བ་རབ་ཞི་བཤེས་ གཉེན་གྱི་འགྱུར། ཁྲོ་བོའི་རྒྱལ་པོ་མི་གཡོ་བ་ལ་བསྟོད་པ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་ པ་གཉིས། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཕགས་མ་སྒྲོལ་མ་ལ་ བསྟོད་པ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བསྟོད་པའི་རྒྱལ་པོ་སློབ་དཔོན་མ་ཏི་ཙི་ཏྲས་ མཛད་པ། སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ་ཚིགས་སུ་བཅད་པ་བཅུ་དྲུག་པ་མ་ཏི་ཙི་ ཏྲས་མཛད་པ། འཕགས་མ་སྒྲོལ་མ་ལ་བསྟོད་པ་མེ་ཏོག་ཕྲེང་བ་སློབ་དཔོན་ཙན་ཏྲ་གོ་མིས་ མཛད་པ། པཎྜི་ཏ་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་ཁེའུ་རྒད་ཡོན་ཏན་དཔལ་གྱི་འགྱུར། ཡང་སྒྲོལ་མ་ལ་ བསྟོད་པ་མེ་ཏོག་ཕྲེང་བ་སློབ་དཔོན་ཙན་ཏྲ་གོ་མིས་མཛད་པ། དཔལ་ཆེན་མོ་སྒྲོལ་མའི་ བསྟོད་པ་སློབ་དཔོན་ཙན་ཏྲ་གོ་མིས་མཛད་པ། པཎྜི་ཏ་རྒྱལ་བའི་སྙན་དང་ལོ་ཙ་བ་བློ་གྲོས་ རྒྱལ་པོའི་འགྱུར་ལ། ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱིས་ཅུང་ཟད་དག་པར་བྱས་པ། སྒྲོལ་མ་ཀུ་ རུ་ཀུལླེའི་བསྟོད་པ་སློབ་དཔོན་ཌོཾ་བི་ཧེ་རུ་ཀས་མཛད་པ། སྒྲོལ་མ་ལ་འཇིགས་པ་བརྒྱད་ ལས་སྐྱོབ་པར་བསྟོད་པ་སློབ་དཔོན་ཙན་ཏྲ་གོ་མིས་མཛད་པ། སྒྲོལ་མའི་བསྟོད་པ་མེ་ཏོག་ 7-1-16 ཕྲེང་འཛིན་ཞེས་བྱ་བ་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། པཎྜི་ ཏ་ཀ་ན་ཀ་ར་ཝརྨ་དང་ལོ་ཙ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར་ལ། སླད་ཀྱིས་པཎྜི་ཏ་མ་ཎི་ཀ་ ཤྲཱི་ཛྙཱ་ན་དང་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་ཅུང་ཟད་བཅོས་པ། སྒྲོལ་མའི་མེ་ཏོག་ཕྲེང་བ་ འཛིན་པའི་བསྟོད་པ་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་ཚེག་ བར་བདུན་མར་བཅད་པ། པཎྜི་ཏ་ཟླ་བ་གཞོན་ནུའི་རང་འགྱུར། སྒྲོལ་མ་ལ་སྨྲེ་སྔགས་ཀྱི་ གསོལ་འདེབས་ཀྱིས་བསྟོད་པ་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་ མཛད་པ། ཁ་ཆེའི་པཎ་ཊི་ཏ་ཤཱཀྱ་ཤྲཱི་དང་ལོ་ཙཱ་བ་དགེ་སློང་གནུབས་བྱམས་པའི་དཔལ་གྱི་ འགྱུར། སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལེའུ་བརྒྱ་བདུན་ཅུ་རྩ་གཉིས་ལས་རྣལ་འབྱོར་བླ་ ན་མེད་པའི་རྒྱུད་ཀྱི་ནང་ནས་བཏུས་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ་སློབ་དཔོན་ཆེན་ པོ་ཉི་མ་སྦས་པས་མཛད་པ། ཡང་འཕགས་མ་སྒྲོལ་མ་ལ་བསྟོད་པ་སློབ་དཔོན་ཉི་མ་སྦས་ པས་མཛད་པ། པཎྜི་ཏ་པཱ་དྷུ་ཀཱིརྟི་དང་ལོ་ཙ་བ་འདན་མ་ཚུལ་ཁྲིམས་སེང་གེའི་འགྱུར། ལྷ་མོ་ དམ་ཚིག་སྒྲོལ་མའི་བསྟོད་པ། སྒྲོལ་མའི་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྗེ་ བཙུན་མ་སྒྲོལ་མ་ལ་རྒྱུན་ཆགས་ཀྱི་བསྟོད་པ་དཔོན་ཆེན་པོ་སློབ་འཕགས་པ་ཀླུ་སྒྲུབ་ཀྱིས་ མཛད་པ། པཎྜི་ཏ་མཉྫུ་ཤྲཱི་དང་ཤཱཀྱའི་སློང་ཆོས་གྲགས་དཔལ་བཟང་པོའི་འགྱུར། སྒྲོལ་མའི་ བསྟོད་པ་སློབ་དཔོན་མར་མེ་མཛད་བཟང་པོས་མཛད་པ། འཕགས་མ་སྒྲོལ་མ་ལ་བསྟོད་པ་ སློབ་དཔོན་ཨཀྵོ་བཛྲས་མཛད་པ། འཕགས་མ་སྒྲོལ་མ་ལ་བསྟོད་པ་སློབ་དཔོན་ངག་གི་ དབང་ཕྱུག་གྲགས་པས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ ཀྱི་འགྱུར། འཕགས་མ་སྒྲོལ་མ་ལ་པཎྜི་ཏ་འབུམ་ཕྲག་གསུམ་པས་བསྟོད་པ། གཙུག་ཏོར་ རྣམ་པར་རྒྱལ་མ་ལ་བསྟོད་པ་སློབ་དཔོན་ཙན་ཏྲ་གོ་མིས་མཛད་པ། གཙུག་ཏོར་གདུགས་ དཀར་མོ་ལ་བསྟོད་པ་སློབ་དཔོན་གི་རི་ཝ་ཏས་མཛད་པ། རྡོ་རྗེ་ཕག་མོ་ཤེས་རབ་གསལ་ 7-1-17 བྱེད་མའི་བསྟོད་པ་སློབ་དཔོན་ཀོ་ཀ་ན་པཱ་དས་མཛད་པ། པཎྜི་ཏ་རཏྣ་རཀྵི་ཏ་དང་ལོ་ཙཱ་བ་ དགེ་སློང་གྲུབ་པ་དཔལ་བཟང་པོའི་འགྱུར། རྡོ་རྗེ་དབྱངས་ཅན་མའི་བསྟོད་པ་སློབ་དཔོན་ དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང་ལོ་ཙཱ་བ་མར་པ་ཆོས་དབང་གི་འགྱུར། དབྱངས་ཅན་མ་དཀར་མོ་ལ་བསྟོད་པ་གྲུབ་པ་ངག་གི་འོད་ཟེར་ཞེས་བྱ་བ་བྲམ་ཟེ་ཕུར་ཕུས་ མཛད་པ། སུམ་པ་ལོ་ཙཱ་བ་དྷརྨ་ཡོན་ཏན་གྱི་འགྱུར། འདུལ་བ་ལ་བསྟོད་པ་སློབ་དཔོན་ཆོས་ ཀྱི་ཚོང་དཔོན་གྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང་ལོ་ཙ་བ་ཀླུ་རྒྱལ་མཚན་གྱི་འགྱུར། དེའི་ རྣམ་པར་བཤད་པ་སློབ་དཔོན་དུལ་བའི་ལྷས་མཛད་པ་འགྱུར་སྔ་མ་དང་འདྲ། ཆོས་སྐྱོང་བའི་ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་བསྟོད་པ་ཐུགས་རྗེའི་བ་འཇོ། འཕགས་པ་རྨུགས་འཛིན་ལ་ བསྟོད་པ་སློབ་དཔོན་བཙུན་པ་ཟླ་བས་མཛད་པ། པཎྜི་ཏ་མུ་ཏི་ཏ་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་ཉི་མ་ གྲགས་ཀྱི་འགྱུར། འཕགས་པ་རྨུགས་འཛིན་ལ་བསྟོད་པ་པཎྜི་ཏ་ཛྙཱ་ན་བཛྲས་མཛད་པ། ཛམྦྷ་ ལའི་བསྟོད་པ་མིའི་དབང་པོ་ཉི་མ་རྣམ་པར་གནོན་པས་མཛད་པ། པཎྜི་ཏ་དྷརྨ་དྷ་ར་དང་ལོ་ ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར། རྨུགས་འཛིན་འཆོལ་པའི་མན་ངག་གི་བསྟོད་པ་ད་ བྱང་ཆུབ་སེམས་དཔས་མཛད་པ། ནོར་རྒྱུན་མའི་བསྟོད་པ་པཎྜི་ཏ་ཛ་མཱ་རིས་མཛད་པ། འཕགས་པ་རྨུགས་འཛིན་གྱི་བསྟོད་པ་བྱིན་བ་རླབས་དག་ལྡན་པ་ཙན་ཏྲ་གོ་མིས་མཛད་པ། ཤཱཀྱའི་དགེ་སློང་ཆོས་གྲགས་དཔལ་བཟང་པོའི་འགྱུར། འདི་གོང་གི་པ་ཚབ་ཀྱིས་བསྒྱུར་བ་ དང་ཟློས་འདུག་ནའང་འགྱུར་བདེ་བས་བཞུགས་པ་ཡིན། དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་ རྐང་པ་བརྒྱད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དིང་རི་ཆོས་གྲགས་ཀྱི་འགྱུར། དཔལ་ ནག་པོ་ཆེན་པོ་ལ་བསྟོད་པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། དཔལ་ནག་པོ་ཆེན་པོ་ལ་ བསྟོད་པ་སློབ་དཔོན་ཨ་བ་དྷཱུ་ཏཱི་པས་མཛད་པ། ནག་པོ་ཆེན་པོ་བྱ་རོག་མིང་ཅན་དང་གདོང་ ཅན་ལ་བསྟོད་པ་སློབ་དཔོན་རྩ་མི་སངས་རྒྱས་གྲགས་པས་མཛད་པ་པྲ་ཀྲི་ཏའི་སྐད་དུ་ཡོད་ 7-1-18 པ་ལས་པེ་ལོ་ཙ་བའི་འགྱུར། དཔལ་ལྷ་མོ་ནག་མོ་ལ་བསྟོད་པ་བྲམ་ཟེ་མཆོག་སྲེད་ཀྱིས་ མཛད་པ་རྣམས་བཞུགས་སོ། ། སྒྲ་དོན་ཉམས་ལྡན་རྒྱན་གྱིས་ཡིད་འཕྲོག་ཅིང༌། ། ལེགས་རྒྱུ་དང་བའི་དད་པ་རབ་བསྐྱེད་པ། ། སྐྱབས་གསུམ་ཡོན་ཏན་མཐའ་ཡས་བསྟོད་པའི་ཚོགས། ། འགྲེལ་བཅས་བརྒྱ་དང་དྲུག་ཅུ་རྩ་བརྒྱད་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། ཐུན་མོང་གི་ མཆོད་པར་བརྗོད་པའི་ཚུལ་གྱིས་བསྟོད་པའི་ཚོགས་བཀོད་པའི་སྐབས་ཏེ་དང་པོའོ།། །། ད་ནི་རིག་པའི་གནས་ལྔ་ལས་ནང་རིག་པའི་བསྟན་བཅོས་ལ། འབྲས་བུ་སྔགས་དང༌། རྒྱུ་མཚན་ཉིད་ཀྱི་ཐེག་པ་གཉིས་ལས། དང་པོ་འབྲས་བུ་སྔགས་ཀྱི་སྐོར་ནི། ཀ་ཁ་ག་ང་བཞི་ལ་དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ། ཁ་ཆེའི་པཎྜི་ ཏ་སོ་མ་ནཱ་ཐ་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ ལས། མཁས་པ་ཆེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བཅོས་ཤིང་གཏན་ལ་ཕབ་པ་དང༌། ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། རྒྱ་གར་གྱི་མཁན་པོ་ག་ཡ་རྡ་ར་དང་ལོ་ཙ་བ་དགེ་ སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ་དང༌། མངོན་པར་བརྗོད་པ་འབུམ་པ་ལས་བྱུང་བ་ཉུང་ངུའི་ རྒྱུད་ཀྱི་ལེའུ་དང་པོ་ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པའི་འགྱུར་ལ། ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་ དཔལ་བཟང་པོས་དག་པར་བྱས་པ་དང༌། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་ འོད་ཅེས་བྱ་བ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པ་དང༌། ཀྱེའི་རྡོ་རྗེའི་ འགྲེལ་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་ལེའུ་ལྔ་པ་ཡན་ཆད་པཎྜི་ཏ་དཱ་ན་ 7-1-19 ཤཱི་ལ་ལོ་ཙཱ་བ་འབྲོ་སེང་དཀར་ཤཱཀྱ་འོད་ཀྱི་འགྱུར་ལ། པཎྜི་ཏ་སུ་བྷཱུ་ཏི་ཤྲཱི་ཤཱན་ཏི་དང་ལོ་ཙཱ་བ་ ཅོག་གྲུ་ཏིང་ངེ་འཛིན་བཟང་པོས་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱིས་པཎྜི་ཏ་འཇིགས་ མེད་ལྷ་དང་ལོ་ཙཱ་བ་སྙེལ་ཅོར་ཤེས་རབ་གྲགས་ཀྱི་འགྱུར་ལ། དཔང་བློ་གྲོས་བརྟན་པས་ བཅོས་པ་དང༌། བདེ་མཆོག་རྩ་རྒྱུད་ཀྱི་སྟོད་འགྲེལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ མཛད་པ། པཎྜི་ཏ་དཔལ་རབ་འབྱོར་ཞི་བ་དང་ལོ་ཙཱ་བ་ཅོག་གྲུ་ཏིང་ངེ་འཛིན་བཟང་པོས་ བསྒྱུར་བ་ལས། ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པས་བཅོས་ཤིང་དག་པར་བྱས་པ་ལ། སླར་ཡང་ ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་བཅོས་ཤིང་དག་པར་བྱས་པ་རྣམས་གསེར་ ལས་བཞེངས་པ་བཞུགས་སོ། །འདིར་རྒྱུད་ཀྱི་རྒྱལ་པོ་དེ་དག་དང་བྱང་ཆུབ་སེམས་དཔའི་ འགྲེལ་པ་སྐོར་གསུམ་ཕྱོགས་གཅིག་ཏུ་སྡེབས་ནས་བཞུགས་པ་ནི། སྦྱིན་པའི་བདག་པོ་བྱང་ ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་ལ་ལྷག་པར་མོས་པའི་སྒོ་ནས་ཐུགས་དམ་གསེར་ ལས་ཕྱོགས་གཅིག་ཏུ་བཞེངས་པ་དང༌། རྒྱུད་དང་འགྲེལ་པ་ལ་སྡེབ་པའི་ཕྱིར་ཡིན་གྱི་རྒྱུད་ཀྱི་ རྒྱལ་པོ་དེ་དག་བསྟན་བཅོས་ཀྱི་ཁོངས་སུ་གཏོགས་ནས་བྲིས་པ་ནི་མ་ཡིན་ནོ། ། ཅ་པ་ལ་འཇམ་པའི་དབྱངས་མིའི་དབང་པོ་གྲགས་པས་མཛད་པའི་རང་གི་ལྟ་བའི་ འདོད་པ་མདོར་བསྟན་པ་ཞེས་བྱ་བ། བལ་པོའི་པཎྜི་ཏ་མཉྫུ་ཤྲཱི་དང་ལོ་ཙཱ་བ་ཤཱཀྱའི་དགེ་ སློང་ཆོས་གྲགས་དཔལ་བཟང་པོས་བསྒྱུར་བ་དང༌། འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་ པདྨ་དཀར་པོས་མཛད་པའི་དོན་དམ་བསྙེན་པ་ཞེས་བྱ་བ། ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོས་ བསྒྱུར་ནས་གཏན་ལ་ཕབ་པ་དང༌། དཔལ་ལྡན་དྲི་མ་དང་བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་ པའི་བཤད་སྦྱར་མི་གཡོ་བའི་སྙིང་པོ་སྣང་བ་ཞེས་བྱ་བ་དཔང་ལོ་ཙཱ་བ་བློ་བརྟན་གྱིས་བསྒྱུར་ བ་དང་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོའི་དཀའ་འགྲེལ་པདྨ་ཅན་ཞེས་བྱ་བ་དཔལ་དུས་ འཁོར་ཞབས་ཆེན་པོས་མཛད་པ། ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐས་བསྒྱུར་བ་དང༌། དབང་མདོར་ 7-1-20 བསྟན་པའི་འགྲེལ་བཤད་དོན་དམ་བསྡུས་པ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་གྲུབ་པའི་སློབ་དཔོན་ དཔལ་ནཱ་རོའི་ཞབས་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་དྷརྨ་དྷ་ར་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་ མཚན་གྱིས་བསྒྱུར་བ་ལས། སླར་ཡང་སྒྲ་ཚད་པ་རིན་རྒྱལ་གྱིས་བཅོས་ཤིང་གཏན་ལ་ཕབ་ པ་དང་དབང་མདོར་བསྟན་པའི་འགྲེལ་པ་དུས་ཞབས་པས་མཛད་པ། པཎྜི་ཏ་ཟླ་བ་མགོན་ པོ་དང་འགྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་བ་དང༌། དབང་མདོར་བསྟན་གྱི་དཀའ་འགྲེལ་ཤོ་ ལོ་ཀ་སུམ་བརྒྱ་དྲུག་ཅུ་པ་ལོ་ཙཱ་བ་བུ་སྟོན་གྱིས་བསྒྱུར་བ་དང༌། དབང་གི་རབ་ཏུ་བྱེད་པསློབ་ དཔོན་དུས་འཁོར་ཞབས་ཀྱིས་མཛད་གསུངས་པ་དང༌། དབང་རབ་བྱེད་ཀྱི་འགྲེལ་པ་རྡོ་ རྗེའི་ཚིག་འབྱེད་པ་ཞེས་བྱ་བ་སློབ་དཔོན་དཱ་རི་ཀ་པས་མཛད་པ། འབྲོ་ཤེས་རབ་གྲགས་ ཀྱིས་བསྒྱུར་བ་དང༌། དཔལ་དུས་ཀྱི་འཁོར་ལོ་སྒྲུབ་པའི་ཐབས་ཡན་ལག་བཞི་པ་ཞེས་བྱ་བ་ དུས་ཞབས་པས་མཛད་པ་པཎྜི་ཏ་བི་ཤྭ་ཤྲཱི་དང་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ་ རྣམས་བཞུགས་སོ། ། ཆ་པ་ལ་དུས་འཁོར་གྱི་སྒྲུབ་ཐབས་ཡན་ལགས་བཅུ་གཅིག་པ་དུས་ཞབས་པ་ཆེན་ པོས་མཛད་པ། པཎྜི་ཏ་ཟླ་བ་མགོན་པོ་དང༌། ལོ་ཙཱ་བ་ཤེས་རབ་གྲགས་ཀྱི་འགྱུར། དཔལ་ དུས་ཀྱི་འཁོར་ལོ་སྒྲུབ་པའི་ཐབས་དང༌། དཀྱིལ་འཁོར་གྱི་ཆོ་ག་གཉིས་སློབ་དཔོན་སཱ་དྷུ་པུ་ ཏྲས་མཛད་པ་པཎྜི་ཏ་ཝཱ་གཱི་སྭ་ར་གུཔྟ་དང༌། ལོ་ཙཱ་བ་རྭ་ཆོས་རབ་ཀྱི་འགྱུར། དུས་འཁོར་གྱི་ དཀྱིལ་ཆོག་ཡིད་འོང་ཕྲེང་བ་ཞེས་བྱ་བ་དུས་ཞབས་པ་ཆུང་བས་མཛད་པ། པཎྜི་ཏ་བི་ན་ཡ་ ཤྲཱི་དང༌། ལོ་ཙཱ་བ་ལ་ཆིངས་ཡོན་ཏན་འབར་གྱི་འགྱུར། དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ དུས་ཞབས་པས་མཛད་པ། པཎྜི་ཏ་བུད་དྷཱ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་ འགྱུར། དུས་འཁོར་གྱི་སྒྲུབ་ཐབས་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་སློབ་དཔོན་རོལ་པའི་རྡོ་རྗེས་ མཛད་པ། པཎྜི་ཏ་ཝཱ་གཱི་ཤྭ་ར་དང༌། རྭ་ཆོས་རབ་ཀྱི་འགྱུར། རྫོགས་པའི་རིམ་པ་སྟོན་པའི་ 7-1-21 སྐོར་ལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་སྦྱོར་དྲུག དཔལ་རབ་འབྱོར་ཞི་བ་ དང༌། ཅོག་གྲུ་ཏིང་ངེ་འཛིན་བཟང་པོའི་འགྱུར། འདི་ཕྱག་རྡོར་སྟོད་འགྲེལ་ལས་གུད་དུ་ཕྱེ་ བར་སྣང་སྟེ། སྔར་གྱི་རྣམས་ཀྱིས་བྲིས་འདུག་པས་བྲིས། དུས་ཀྱི་འཁོར་ལོའི་སྙིང་པོའི་རྒྱན་ ཞེས་བྱ་བའི་སྒྲུབ་ཐབས་བྲམ་ཟེ་བསོད་སྙོམས་པས་མཛད་པ། པཎྜི་ཏ་ཤྲཱི་བྷ་དྲ་བོ་དྷི་དང༌། གྱི་ ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། དུས་ཀྱི་འཁོར་ལོའི་མན་ངག་དུས་ཞབས་པ་ཆེན་པོས་མཛད་ པ། པཎྜི་ཏ་བུད་དྷཱ་ཀ་ར་བྷ་དྲ་དང་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། སྦྱོར་བ་ཡན་ལག་དྲུག་ གི་མན་ངག་དཔལ་ཨ་ནུ་པ་མ་རཀྵི་ཏས་མཛད་པ། པཎྜི་ཏ་བི་བྷུ་ཏི་ཙནྡྲ་དང༌། ལོ་ཙཱ་བ་མི་ མཉམ་བཟང་པོའི་འགྱུར་ལ། དཔང་ལོ་ཙཱ་བ་བློ་བརྟན་གྱིས་བཅོས་པ། དེའི་འགྲེལ་པ་སློབ་ དཔོན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ། བི་བྷུ་ཏི་ཙདྲའི་རང་འགྱུར་ལ་ལོ་ཙཱ་བ་དཔང་བློ་ བརྟན་གྱིས་བཅོས་པ། དུས་འཁོར་གྱི་མན་ངག་ཉི་ཟླ་སྒྲུབ་པ་ཞེས་བྱ་བ་རིགས་གསུམ་མགོན་ པོས་པཎྜི་ཏ་བེ་ཀུན་ནེ་ལ་གསུངས་པ། བི་བྷུ་ཏི་ཙནྡྲའི་རང་འགྱུར། ཡེ་ཤེས་སྤྱན་སྒྲུབ་དུས་ ཞབས་པས་མཛད་པ། བི་བྷུ་ཏི་ཙནྡྲའི་རང་འགྱུར། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ ཞེས་བྱ་བ། འཇམ་དབྱངས་གྲགས་པས་མཛད་པ། པཎྜི་ཏ་སོ་མ་ནཱ་ཐ་དང༌། ལོ་ཙཱ་བ་འབྲོ་ ཤེས་རབ་གྲགས་ཀྱི་འགྱུར། སྦྱོར་བ་ཡན་ལག་དྲུག་གི་མན་ངག་དུས་ཞབས་སྙན་རྒྱུད་ཅེས་ བྱ་བ། པཎྜི་ཏ་ས་མན་ཏ་ཤྲཱི་དང༌། འབྲོ་ཤེས་རབ་གྲགས་ཀྱི་འགྱུར། སྦྱོར་བ་ཡན་ལག་དྲུག་ གི་འགྲེལ་པ་སྦས་པ་མིག་འབྱེད་ཅེས་བྱ་བ། སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པ། ཟླ་བ་ གྲགས་པའི་འགྱུར། སྦྱོར་བ་ཡན་ལག་དྲུག་གི་མན་ངག་ཙི་ལུ་པཎྜི་ཏས་མཛད་པ། པཎྜི་ཏ་ས་ མནྟ་ཤྲཱི་དང༌། ལོ་ཙཱ་བ་རྭ་ཆོས་རབ་ཀྱི་འགྱུར། དཔལ་ཤ་བ་རི་བའི་སྦྱོར་དྲུག བི་བྷུ་ཏི་ཙནྡྲའི་ རང་འགྱུར། སྦྱོར་བའི་ཕྲེང་བ་རྩ་མི་སངས་རྒྱས་གྲགས་པས་མཛད་པ། ལོ་ཙཱ་བ་དགེ་ཚུལ་ ཤེས་རབ་དཔལ་གྱི་འགྱུར། ནང་གི་སྙེ་མ་པཎྜི་ཏ་བི་བྷུ་ཏི་ཙནྡྲས་མཛད་པ། དེ་ཉིད་ཀྱི་རང་ 7-1-22 འགྱུར། དུས་ཀྱི་འཁོར་ལོའི་རྩ་བའི་ལྟུང་བ་བྱང་ཆུབ་སེམས་དཔས་མཛད་པ། དུས་ཀྱི་འཁོར་ ལོའི་སྡོམ་ཚིག་སློབ་དཔོན་ཨ་བྷ་ཡ་ཀ་རས་མཛད་པ། པཎྜི་ཏ་རི་བོ་པ་དང་ལོ་ཙཱ་བ་ཁེར་གད་ འཁོར་ལོ་གྲགས་ཀྱི་འགྱུར། བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའི་རྣལ་འབྱོར་མའི་གཏོར་ཆོགཔཎྜི་ ཏ་ཀཱིརྟི་ཙནྡྲ་དང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར། དུས་འཁོར་ལ་འཇུག་པ་ཞེས་བྱ་ བའི་རྩིས་ཀྱི་བསྟན་བཅོས་པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། དེ་ཉིད་ དང་ལོ་ཙཱ་བ་དིང་རི་ཆོས་གྲགས་ཀྱི་འགྱུར་ལ། པཎྜི་ཏ་རཱ་ཧུ་ལ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་ཆག་ ཆོས་རྗེ་དཔལ་གྱིས་བཅོས་པ། དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཡན་ལག་ལྔའི་ རྩིས་དང༌། ཉི་ཟླ་འཛིན་པའི་རྩིས་དང༌། གཟའ་ལྔའི་རྐྱང་རྩིས་རྣམས་པན་ཆེན་ཤཱཀྱ་ཤྲཱི་བྷ་ དྲས་མཛད་པ། དབང་མདོར་བསྟན་གྱི་འགྲེལ་པ་པཎྜི་ཏ་རྣམ་རྒྱལ་དབང་པོས་མཛད་པ། དཔང་བློ་བརྟན་གྱི་འགྱུར། སྦྱོར་དྲུག་གི་མན་ངག་རྡོ་རྗེ་ཚིག་གི་སྙིང་པོ་བསྡུས་པ་ཞེས་བྱ་བ་ དང༌། དེའི་འགྲེལ་པ་གཉིས་པ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པ། དེ་ཉིད་དང་ལོ་ཙཱ་བ་དཔྱལ་ ཆོས་བཟང་གི་འགྱུར། དུས་ཀྱི་འཁོར་ལོའི་རབ་གནས། ཚོགས་འཁོར། སྦྱིན་སྲེག་གསུམ་ སློབ་དཔོན་དུས་འཁོར་ཞབས་ཀྱིས་མཛད་པ། པཎྜི་ཏ་ཝཱ་གཱི་ཤྭ་ར་དང༌། ལོ་ཙཱ་བ་རྭ་ཆོས་རབ་ ཀྱི་འགྱུར། མཚན་བརྗོད་དུས་འཁོར་ལུགས་སུ་བཤད་པ་གྲུབ་ཐོབ་ཉི་མ་དཔལ་ཡེ་ཤེས་ཀྱིས་ མཛད་པ་བདུད་རྩི་ཐིགས་པ་ཞེས་བྱ་བ། པཎྜི་ཏ་ནོར་བུ་དཔལ་ཡེ་ཤེས་དང༌། ཉི་མའི་དབང་ པོའི་འོད་ཟེར་དང༌། ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་གྱི་འགྱུར་ལ། ཀླུབས་ལོ་ཙཱ་བ་བློ་གྲོས་ དཔལ་བཟང་པོས་བཅོས་པ། མཚན་བརྗོད་ཀྱི་འགྲེལ་པ་བདུད་རྩི་ཐིགས་པ་སྒྲོན་མ་གསལ་ བ་ཞེས་བྱ་བ་ཨ་ནུ་པ་མ་རཀྵི་ཏས་མཛད་པ། པཎྜི་ཏ་སུ་ག་ཏ་ཤྲཱི་དང༌། ལོ་ཙཱ་བ་དྷརྨ་ཀཱིརྟི་དང༌། རྡོ་རྗེ་རྒལ་མཚན་གྱི་འགྱུར། མཚན་ཡང་དག་པར་བརྗོད་པའི་མངོན་པར་རྟོགས་པ་བྱང་ཆུབ་ སེམས་དཔའ་སྤྱན་རས་གཟིགས་ཀྱིས་མཛད་པ་རྣམས་བཞུགས་སོ། ། 7-1-23 བླ་མེད་རྒྱུད་རྒྱལ་ཀུན་གྱི་རྡོ་རྗེ་ཚིག ། རྣམ་འབྱེད་དཔལ་ལྡན་དུས་འཁོར་རྒྱུད་འགྲེལ་མཆོག ། ཕྱི་ནང་གཞན་གསུམ་མངོན་བརྗོད་བསྟན་བཅོས་ནི། ། རྗེས་འབྲང་དང་བཅས་བཞི་བཅུ་རྩ་བདུན་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། ཐབས་ཤེས་ རབ་གཉིས་སུ་མེད་པའི་རྒྱུད་དུས་འཁོར་གྱི་སྐབས་ཏེ་སྔགས་སྐོར་གྱི་ལེའུ་དང་པོའོ།། །། དེ་ལྟར་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཀྱི་སྐོར་གྱི་བསྟན་བཅོས་རྣམས་བཀོད་ ནས། ད་ནི་རྒྱུད་སྡེ་སྒོ་དྲུག་པ་རྣལ་འབྱོར་གསང་མཐའི་རྒྱུད། བདེ་མཆོག་གི་རྒྱུད་ཀྱི་སྐོར་གྱི་ བསྟན་བཅོས་ལ། བདེ་མཆོག་རྩ་རྒྱུད་ཀྱི་སྟོད་འགྲེལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ མཛད་པ། འདི་གོང་དུ་གསེར་ལས་བཞེངས་པའི་གསེབ་ན་བཞུགས། ཇ་པ་ལ་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ཞེས་བྱ་བ་སློབ་ དཔོན་ཆེན་པོ་ལྭ་བ་པས་མཛད་པ། འགོས་གྱི་འགྱུར། བདེ་མཆོག་རྩ་རྒྱུད་ཀྱི་དཀའ་འགྲེལ་ སློབ་དཔོན་བྷ་བ་བྷ་ཊས་མཛད་པ། པཎྜི་ཏ་མི་མཉམ་རྡོ་རྗེ་དང༌། ལོ་ཙཱ་བ་བ་རི་རིན་ཆེན་ གྲགས་ཀྱི་འགྱུར། བདེ་མཆོག་རྩ་རྒྱུད་ཀྱི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་སློབ་ དཔོན་མི་ཐུབ་ཟླ་བས་མཛད་པ། པཎྜི་ཏ་ཏཱ་ར་ཀ་ལཀྵུ་དང་ལོ་ཙཱ་བ་གུ་ཎ་ཤྲཱིའི་འགྱུར། བདེ་ མཆོག་རྩ་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ལངྒ་རྒྱབ་བ་བཟང་པོས་མཛད་པ་ཤློ་ཀ་བདུན་ བརྒྱ་པ། བདེ་མཆོག་རྩ་རྒྱུད་ཀྱི་དཀའ་འགྲེལ་དཔའ་བོ་ཡིད་འོང་ཞེས་བྱ་བ་སློབ་དཔོན་སྐལ་ ལྡན་གྲགས་པས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། བདེ་མཆོག་རྩ་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ལངྒ་རྒྱལ་བ་བཟང་པོས་མཛད་པ། ཤློ་ཀ་ བདུན་བརྒྱ་པ(འདི་ཟློས་པས་ལྷག་ཡོད་ཀྱང་འདི་ཉིད་དུ་བཞུགས)། བདེ་མཆོག་རྩ་རྒྱུད་ཀྱི་ 7-1-24 འགྲེལ་པ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གནས་པའི་མན་ངག་ཐམས་ཅད་རྒྱ་ཆེར་འགྲེལ་པ་ ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ལྷ་སྦས་ཀྱིས་མཛད་པ་རྣམས་བཞུགས་སོ། ། ཉ་པ་ལ་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་ཡོན་ཏན་མ་ལུས་པའི་གནས་ཞེས་བྱ་བ་སློབ་ དཔོན་ཆེན་པོ་དཔའ་བོ་རྡོ་རྗེས་མཛད་པ། པཎྜི་ཏ་ཆོས་སྐྱོང་དང༌། ལོ་ཙཱ་བ་བ་རི་རིན་ཆེན་ གྲགས་ཀྱི་འགྱུར། བདེ་མཆོག་རྩ་རྒྱུད་དང་དེའི་དཀའ་འགྲེལ་སློབ་དཔོན་ཀོངྒ་ནས་མཛད་པ་ གཉིས་སྦྱར་བའི་འགྲེལ་བ། གཉི་གའི་བཤད་སྦྱར་ཞེས་བྱ་བ་སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་ མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། སྡོམ་པའི་རྒྱུད་ཉུང་ངུའི་ མཚམས་སྦྱོར་པཎྜི་ཏ་སུ་མ་ཏི་ཀིརྟིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་གྲགས་འབྱོར་ ཤེས་རབ་ཀྱི་འགྱུར། བདེ་མཆོག་རྩ་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ་ ཞེས་བྱ་བ་སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེས་མཛད་པ། པཎྜི་ཏ་པ་ར་ཧེ་ཏ་དང༌། ལོ་ཙཱ་བ་ འཕགས་པ་ཤེས་རབ་ཀྱི་འགྱུར། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་ཨིན་ཏྲ་(བོ་ཡ་ཟེར་)བུད་ དྷིས་མཛད་པ། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་འགྱུར་རྣམས་བཞུགས་སོ། ། ཏ་པ་ལ་བདེ་མཆོག་གི་རྒྱུད་འབུམ་པ་ཆེན་པོའི་གདམས་ངག་དང་དེ་ཁོ་ན་ཉིད་ཚང་བར་ བསྡུས་པ་མན་ངག་ཐམས་ཅད་ཀྱི་སྙིང་པོ་ངེས་པར་བརྗོད་པའི་རྒྱུད་བླ་མའི་ཡང་བླ་མ་ཞེས་ བྱ་བའི་འགྲེལ་པ་སློབ་དཔོན་ཤུ་རང་ག་བཛྲས་མཛད་པ། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་ འགྱུར། བདེ་མཆོག་གི་བཤད་རྒྱུད་རྡོ་རྗེ་མཁའ་འགྲོའི་འགྲེལ་པ། སློབ་དཔོན་བྷ་བ་བྷ་ཊའི་ ཞལ་སྔ་ནས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། རྡོ་རྗེ་ མཁའ་འགྲོའི་རྒྱུད་ཀྱི་དཀའ་འགྲེལ་དེ་ཁོ་ན་ཉིད་བརྟན་པར་བྱེད་པ་ཞེས་བྱ་བ། སློབ་དཔོན་ ཆེན་པོ་ནོར་བཟང་གིས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་ གྱི་འགྱུར། གསང་བ་རྡོ་རྗེའི་རྒྱུད་ཀྱི་འགྲེལ་པ་ཌོཾ་བི་ཧེ་རུ་ཀས་མཛད་པ། པཎྜི་ཏ་རཏྣ་བཛྲ་ 7-1-25 དང༌། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། གསང་ཆེན་པདྨ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་ཁེ་ ཆེའི་མཁན་པོ་ལོངས་སྤྱོད་རྡོ་རྗེས་མཛད་པ། དེ་ཉིད་ཀྱི་རང་འགྱུར་རྣམས་བཞུགས་སོ། །ཕྱི་ མ་འདི་བདེ་མཆོག་དང༌། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་འགྲེལ་དུ་འདོད་པ་ཅི་རིགས་པ་ སྣང་ཞིང༌། སོ་སོར་དབྱེ་དཀའ་བར་སྣང་ནའང་སྡོམ་པའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བཤད་པ་ དང༌། མཁའ་འགྲོ་མ་ནི་རྡོ་རྗེ་ཕག་མོའོ་ཞེས་སོགས་བདེ་མཆོག་དང་མཐུན་པ་ཤས་ཆེ་བར་ སྣང་བས་འདིར་བཀོད་དོ། ། ཐ་པ་ལ་རྡོ་རྗེ་མཁའ་འགྲོའི་འགྲེལ་པ་མ་ཚང་བ་གཅིག་(འདིའི་མཇུག་ན་སློབ་དཔོན་ ནོར་བཟངས་ཀྱིས་མཛད་པ་དང༌། ན་ཡ་དྷ་ར་དང་འབྲོག་མིའི་འགྱུར་ཡོད་དེ་དཔྱད་དགོས་)བཞུགས་སོ། །ད་པ་ལ་མཁའ་འགྲོ་རྒྱ་མཚོའི་འགྲེལ་པ་གྲུ་གཟིངས་ཞེས་བྱ་བ་སློབ་དཔོན་ པད་མ་བཛྲས་མཛད་པ་ཤློ་ཀ་སྟོང་ཕྲག་བརྒྱད་པ། པཎྜི་ཏ་ཛ་ཡ་སེ་ན་དང་ལོ་ཙཱ་བ་ཆོས་ཀྱི་ ཡོན་ཏན་གྱི་འགྱུར་བཞུགས་སོ། ། ན་པ་ལ་སྡོམ་པ་འབྱུང་བའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན་ཞེས་བྱ་བ་དངོས་གྲུབ་བརྙེས་ པའི་སློབ་དཔོན་རཏྣ་རཀྵི་ཏས་མཛད་པ། པཎྜི་ཏ་ཐམས་ཅད་མཁྱེན་པའི་དཔལ་གྱིས་རང་ འགྱུར་དུ་བྱས་པ་ལ། ཤོང་བློ་བརྟན་གྱིས་བཅོས་པ། ཧེ་རུ་ཀ་མངོན་འབྱུང་གི་འགྲེལ་པ་ཡི་གེ་ ཉུང་ངུ་ཞེས་བྱ་བ། པཎྜི་ཏ་ཟླ་བ་གཞོན་ནུས་མཛད་པ། པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ་དང༌། ལོ་ཙཱ་ བ་དྷརྨ་བློ་གྲོས་ཀྱི་འགྱུར། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་བཤད་སྦྱར། སློབ་དཔོན་ ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ཀྱི་འགྱུར། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པའི་བཤད་པ་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ། སློབ་ དཔོན་དཔའ་བོ་རྡོ་རྗེས་མཛད་པ། པཎྜི་ཏ་བཱ་ར་ཧེ་ཏ་དང༌། ལོ་ཙཱ་བ་འཕགས་པ་ཤེས་རབ་ ཀྱི་འགྱུར། བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་འགྲེལ་པ་སློབ་དཔོན་རིན་ཆེན་ 7-1-26 འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་སྟོང་ཉིད་ཏིང་ངེ་འཛིན་དང༌། ལོ་ཙཱ་བ་ཤེས་རབ་ཡེ་ ཤེས་ཀྱི་འགྱུར། དེ་ལྟར་རྒྱུད་སོ་སོའི་འགྲེལ་པ་རྣམས་བཀོད་ནས། སྒྲུབ་ཐབས་དཀྱིལ་ཆོག་ མན་ངག་ལ་སོགས་པའི་སྐོར་ནི། བདེ་མཆོག་གི་སྒྲུབ་ཐབས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཞེས་བྱ་ བ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ། པཎྜི་ཏ་སོ་མ་ནཱ་ཐས་སྙལ་མི་ཤེས་རབ་ མཆོག་གི་དོན་དུ་བསྒྱུར་བ། རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པས་མཛད་པའི་བདེ་མཆོག་གི་ སྒྲུབ་ཐབས་དཔལ་བཅོམ་ལྡན་འདས་མངོན་པར་རྟོགས་པ་ཞེས་བྱ་བ་པཎྜི་ཏ་ཤྲདྡྷ་ཀ་ར་ཝརྨ་ དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ལ། པཎྜི་ཏ་ནཱ་བ་ཀི་ཊི་པ་དང༌། ལོ་ཙཱ་བ་འགོས་ ལྷས་བཙས་ཀྱིས་བཅོས་པ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་བདེ་མཆོག་ལུས་ཀྱི་ དཀྱིལ་འཁོར་གྱི་དཀྱིལ་ཆོག་དབང་གི་བྱ་བ་མདོར་བསྡུས་པ་ཞེས་བྱ་བ། པཎྜི་ཏ་ཀྲིཥྞ་པ་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འཁོར་ལོ་སྡོམ་པའི་ལུས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་ ཐབས་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པ། པཎྜི་ཏ་པྲཛྙཱ་བཛྲ་དང༌། ལོ་ཙཱ་བ་མལ་གྱོ་བློ་ གྲོས་གྲགས་ཀྱི་འགྱུར། རྫོགས་རིམ་སྟོན་པ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པ་སློབ་དཔོན་རྡོ་ རྗེ་དྲིལ་བུ་པས་མཛད་པ། པཎྜི་ཏ་ཀྲྀཥྞ་པ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་ལ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བཅོས་པ་སྟེ། དེ་དག་ལ་དྲིལ་བུ་སྐོར་ གསུམ་དུ་གྲགས་སོ། །སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་བདེ་མཆོག་ལུས་དཀྱིལ་གྱི་ མངོན་པར་རྟོགས་པ་དང༌། རིམ་ལྔའི་རང་འགྲེལ་གཉིས། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་ བ་མར་པ་ཆོས་དབང་གི་འགྱུར། བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་དྲིལ་ བུ་པས་མཛད་པ། པཎྜི་ཏ་ནསྐི་ལཾ་ཀ་དང༌། ལོ་ཙཱ་བ་དཔྱལ་ཆོས་ཀྱི་བཟང་པོའི་འགྱུར། བདེ་ མཆོག་ལྷ་ལྔའི་སྒྲུབ་ཐབས་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་སློབ་དཔོན་རྡོ་རྗེ་དྲིལ་ བུ་པས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག་གི་འགྱུར། བདེ་ 7-1-27 མཆོག་ཕྱག་གཉིས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་ པ། པཎྜི་ཏ་རཏྣ་རཀྵི་ཏ་དང༌། ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་གྱི་འགྱུར། བདེ་མཆོག་དཔའ་ གཅིག་སློབ་དཔོན་གར་བྷ་རི་པས་མཛད་པ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་ ཚོགས་ཀྱི་འཁོར་ལོའི་ཆོ་ག བདེ་མཆོག་སྦྱངས་པའི་ཡོན་ཏན་བཅུ་གསུམ་མའི་སྒྲུབ་ཐབས་ རིན་པོ་ཆེ་གཙུག་གི་ནོར་བུ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ལྭ་བ་པས་མཛད་པ། པཎྜི་ཏ་སུ་ མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་དབང་ཕྱུག་གི་འགྱུར། བདེ་མཆོག་གི་དཀྱིལ་འཁོར་ གྱི་ཆོ་ག་རིན་པོ་ཆེ་རབ་ཏུ་གསལ་བ་བའི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ལྭ་བ་པས་ མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། ནག་པོ་ བའི་སྐོར་ལ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་སློབ་དཔོན་ནག་པོ་སྤྱོད་པ་བས་མཛད་ པ། ཤློ་ཀ་བརྒྱ་ཉི་ཤུ་རྩ་བརྒྱད་པ་དང༌། བདེ་མཆོག་འཁོར་ལོའི་དཀྱིལ་ཆོག་ནག་པོ་སྤྱོད་པ་ པས་མཛད་པ་གཉིས། པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། བདེ་ མཆོག་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་ནག་པོ་སྤྱོད་པ་བས་མཛད་པ། པཎྜི་ཏ་དྷརྨ་བྷ་དྲ་དང༌། ལོ་ཙཱ་བ་རིག་པ་གཞོན་ནུའི་འགྱུར་ཏེ་བསྐྱེད་པའི་རིམ་པ་སྐོར་གསུམ་མོ། ། རྫོགས་རིམ་སྐོར་གསུམ་ལ། དཔྱིད་ཀྱི་ཐིག་ལེ་ནག་པོ་སྤྱོད་པ་པས་མཛད་པ། པཎྜི་ཏ་ སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་དབང་ཕྱུག་འགྱུར། གསང་བའི་དེ་ཁོ་ན་ཉིད་རབ་ ཏུ་གསལ་བ་བརྟུལ་ཞུགས་སྤྱོད་པ་ནག་པོ་པས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་ འགོས་ལྷས་བཙས་ཀྱི་འགྱུར་ལ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག་ གིས་བཅོས་པ། རིམ་པ་བཞི་པ་ནག་པོ་སྤྱོད་པ་པས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར་ཏེ་ནག་པོ་ཆོས་དྲུག་ཏུ་གྲགས་པ། བདེ་མཆོག་ ཡི་གེ་བདུན་པའི་སྒྲུབ་ཐབས་སློབ་དཔོན་ནག་པོ་པས་མཛད་པ། པཎྜི་ཏ་ངག་གི་དབང་ཕྱུག་ 7-1-28 དང༌། ལོ་ཙཱ་བ་ཀློག་སྐྱ་ཤེས་རབ་བརྩེགས་ཀྱི་འགྱུར། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་ བྱ་བའི་བདེ་མཆོག་གི་སྒྲུབ་ཐབས་སློབ་དཔོན་ལཱུ་ཨི་པས་མཛད་པ། རྒྱལ་པོ་ཨིནྡྲ་བྷུ་ཏིས་ མཛད་པའི་བདེ་མཆོག་གི་རྒྱུན་བཤགས་བསྡུས་པ(འདི་མ་ཚང་)། དཔལ་འཁོར་ལོ་སྡོམ་པའི་ སྙིང་པོའི་དེ་ཁོ་ན་ཉིད་གྲུབ་པ་སློབ་དཔོན་ཛཱ་ལནྡྷ་ར་པས་མཛད་པ། བདག་བྱིན་གྱིས་བརླབ་ པའི་མན་ངག་དང༌། ཕྱག་རྒྱ་ཆེན་པོའི་མན་ངག་གཉིས་རི་ཁྲོད་ཆེན་པོའི་གསུང༌། རྩ་མིའི་ འགྱུར། བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ཨིནྡྲ་(བོ་ཟེར་)བྷུ་དྷི་འབྲིང་པོས་མཛད་པ། རྩ་ མིའི་འགྱུར། སྡོམ་པ་བཤད་པ་ཞེས་བྱ་བ་སློབ་དཔོན་ནག་པོ་པས་མཛད་པ། འོར་སྟོན་ཆོས་ འབྱུང་གི་འགྱུར། བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་སློབ་དཔོན་ཏི་ལེ་པས་མཛད་པ། རྩ་ མའི་འགྱུར། བདེ་མཆོག་ཡི་གེ་བདུན་པའི་སྒྲུབ་ཐབས་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། སློབ་དཔོན་མི་ཐུབ་ཟླ་བས་མཛད་པའི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བདུད་རྩི་འཛག་པ་ ཞེས་བྱ་བ། བདེ་མཆོག་ཤེས་པར་བྱེད་པ་ཞེས་བྱ་བ་བདེ་མཆོག་གི་མངོན་པར་རྟོགས་པ་སློབ་ དཔོན་བྱང་ཆུབ་རྡོ་རྗེས་མཛད་པ། པཎྜི་ཏ་བྷ་དྲ་ཤྲཱི་བོ་དྷི་དང༌། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་ འགྱུར། བདེ་མཆོག་དཔའ་བོ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་ཌོཾ་བི་ཧེ་རུ་ཀས་མཛད་པ། ཇོ་བོ་རྗེ་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བདེ་མཆོག་གི་སྒྲུབ་ཐབས་ལཱུ་ཨི་པས་ མཛད་པའི་འགྲེལ་པ་པྲཛྙཱ་རཀྵི་ཏས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་བློ་ལྡན་ ཤེས་རབ་ཀྱི་འགྱུར། འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པའི་ཆོ་ག གཏོར་མའི་ཆོ་ག ལག་ མཆོད་ཀྱི་ཆོ་ག་སྟེ་པྲཛྙཱ་རཀྵི་ཏིའི་ཆོས་བཞིར་གྲགས་པ་རྣམས་པཎྜི་ཏ་སུ་མ་ཏི་ཀིར་ཏི་དང་ལོ་ ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། བདེ་མཆོག་གི་དཀྱིལ་ཆོག་པྲཛྙཱ་རཀྵི་ཏིས་མཛད་པ། བདེ་ མཆོག་གི་སྦྱིན་སྲེག་གི་སྤྱིའི་གསལ་བྱེད་པདྨ་དབྱངས་ཀྱི་མཛད་པ། བདེ་མཆོག་གི་སྦྱིན་སྲེག་ གི་ཆོ་ག་བསྡུས་པ། བདེ་མཆོག་གི་ཚ་ཚའི་ཆོ་ག་བ་རི་ལོ་ཙཱ་བའི་འགྱུར། འཁོར་ལོ་སྡོམ་པའི་ 7-1-29 སྒྲུབ་ཐབས་པཎྜི་ཏ་ལངྒ་རྒྱལ་བས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། བ་རི་ལོ་ཙཱ་བའི་ འགྱུར་རྣམས་བཞུགས་སོ། ། པ་པ་ལ་དཔལ་ཧེ་རུ་ཀའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། བདེ་མཆོག་གི་བཀྲ་ཤིས་ སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ། པཎྜི་ཏ་ཏཱ་ར་ཀ་ལ་ཤུ་དང༌། ཞུས་(ཡས་ཟེར་)བྱས་ཀྱི་ ལོ་ཙཱ་བ་ཚུལ་ཁྲིམས་བཀྲ་ཤིས་ཀྱི་འགྱུར། དེ་ཁོ་ན་ཉིད་ཀྱི་སྙིང་པོའི་སྒྲུབ་ཐབས་སློབ་དཔོན་ དད་བྱེད་གོ་ཆས་མཛད་པ། པཎྜི་ཏ་བི་ནཱ་ཡ་ཀ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། ཧེ་རུ་ཀའི་རྣམ་དག་སློབ་དཔོན་ཤྲཱདྡྷཱ་ཀ་ར་ཝརྨས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ ཆེན་བཟང་པོའི་འགྱུར། འཁོར་ལོ་སྡོམ་པ་དཔའ་གཅིག་མ་ན་ཀ་ཤྲཱིས་མཛད་པ། དགེ་སློང་ པྲཛྙཱ་ཀཱིར་ཏིས་བསྒྱུར་བ། བདེ་མཆོག་བཅུ་གསུམ་མའི་སྒྲུབ་ཐབས་བྲམ་ཟེ་བྷིངྐ་རས་མཛད་ པ། པཎྜི་ཏ་གཞོན་ནུ་བུམ་པའི་རང་འགྱུར་ལ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། མར་པ་ཆོས་དབང་ གིས་བཅོས་པ། བདེ་མཆོག་ཡི་གེ་བདུན་པའི་སྒྲུབ་ཐབས་པཎྜི་ཏ་གཉིས་མེད་རྡོ་རྗེས་མཛད་ པ། མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དཔལ་བདེ་མཆོག་གི་དཀྱིལ་འཁོར་བྱ་བའི་ཐབས་ ཞེས་བྱ་བ་སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ། པཎྜི་ཏ་འཇམ་དཔལ་དང་བ་རི་ལོ་ཙཱ་ བས་བསྒྱུར། བདེ་མཆོག་དཔའ་བོ་གཅིག་པའི་སྒྲུབ་ཐབས་ནཱ་རོ་པས་མཛད་པ། མཻ་ཏྲི་པས་ མཛད་པའི་བདེ་མཆོག་བཅུ་གསུམ་པའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ། རྒྱ་གར་ཕྱག་ན་རྡོ་ རྗེ་དང༌། བ་རེག་ཐོས་པ་དགའི་འགྱུར་ལ། བ་རི་ལོ་ཙཱ་བས་བཅོས་ཤིང༌། སླད་ཀྱི་པཎྜི་ཏ་བུདྡྷཱ་ ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བཅོས་ཤིང་གཏན་ལ་ཕབ་པ། བདེ་མཆོག་ བཅུ་གསུམ་མའི་སྒྲུབ་ཐབས་འཁོར་ལོ་སྡོམ་པའི་མན་ངག་ཅེས་བྱ་བ་སློབ་དཔོན་གཉིས་མེད་ རྡོ་རྗེས་མཛད་པ། འཁོར་ལོ་སྡོམ་པའི་རབ་གནས་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། 7-1-30 པཎྜི་ཏ་བཛྲ་པཱ་ཎི་དང༌། རྨ་བན་ཆོས་འབར་གྱི་འགྱུར། ལཱུ་ཨི་པས་མཛད་པའི་བདེ་མཆོག་གི་ མངོན་རྟོགས་ཀྱི་འགྲེལ་པ། ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་ རྒྱལ་བའི་འགྱུར། ཇོ་བོ་རྗེས་མཛད་པའི་བདེ་མཆོག་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་དང༌། ལྷ་ལྔ་མའི་སྒྲུབ་ཐབས་གཉིས། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། བདེ་མཆོག་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཇོ་བོ་རྗེས་མཛད་པ། དེ་ཉིད་དང་ནག་ཚོ་ཚུལ་ ཁྲིམས་རྒྱལ་བའི་འགྱུར། དེའི་རྫོགས་རིམ་སྟོན་པར་བྱེད་པ་རྡོ་རྗེ་གདན་གྱི་གླུ་རྩ་འགྲེལ་ཇོ་ བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྤྱོད་པའི་གླུ་རྩ་ འགྲེལ་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བདེ་ མཆོག་ལཱུ་ཨི་པའི་རྗེས་སུ་འབྲངས་པའི་སྒྲུབ་ཐབས་སློབ་དཔོན་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་ པ། པཎྜི་ཏ་རཏྣ་རཀྵི་ཏ་དང༌། ལོ་ཙཱ་བ་ཞང་གྲུབ་པ་དཔལ་བཟང་པོའི་འགྱུར། དབང་གིས་ རབ་ཏུ་བྱེད་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་ པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཤེས་རབ་དཔལ་གྱི་འགྱུར། བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ ཐབས་རང་བྱིན་གྱིས་བརླབ་པ་ཞེས་བྱ་བ་སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་པ། པཎྜི་ཏ་རཏྣ་ རཀྵི་ཏ་དང༌། ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་གྱི་འགྱུར། དཔལ་བདེ་མཆོག་འཁོར་ལོའི་མངོན་ པར་རྟོགས་པ་མཁས་པ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། དེ་ཉིད་དང་རྩ་མི་ སངས་རྒྱས་གྲགས་པའི་འགྱུར་ལ། སླར་ཡང་ལོ་ཙཱ་བ་དཔང་བློ་གྲོས་བརྟན་པས་བཅོས་པ། བདེ་མཆོག་གི་སྒྲུབ་ཐབས་དཔལ་ཉིན་མོར་མཛད་ཀྱིས་མཛད་པ། པཎྜི་ཏ་སུ་བྷཱུ་ཏི་ཤནྟི་དང༌། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། བདེ་མཆོག་གི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཉིན་ མཛད་རྡོ་རྗེས་མཛད་པ། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བཏུས་པའི་སྒྲུབ་པའི་ཐབས་ བྱང་ཆུབ་ཀྱི་སེམས་ཀུན་ཏུ་གཟིགས་པའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཀ་ལ་ཀ་པས་མཛད་ 7-1-31 པ། པཎྜི་ཏ་ཀྲི་ཀ་ར་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། དཔལ་འཁོར་ལོ་སྡོམ་པའི་ ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ་སློབ་དཔོན་དཔག་མེད་རྡོ་རྗེས་མཛད་པ། པཎྜི་ཏ་དཱི་ པཾ་ཀ་ར་རཀྵི་ཏ་དང༌། མར་པ་ཆོས་དབང་གི་འགྱུར། འཁོར་ལོ་སྡོམ་པའི་སྙིང་པོའི་དེ་ཁོ་ན་ ཉིད་བསྡུས་པ་དང༌། ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ་དང༌། དཔལ་འཁོར་ལོ་སྡོམ་ པའི་དེ་ཁོ་ན་ཉིད་ཀྱི་མན་ངག་དང་གསུམ་སློབ་དཔོན་ཀུ་ས་ལི་པས་མཛད་པ། སྔ་མ་པཎྜི་ཏ་ ངག་གི་དབང་ཕྱུག་དང༌། ཕྱི་མ་གཉིས་པཎྜི་ཏ་བཛྲ་བོ་དྷི་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ ཕྱུག་གི་འགྱུར། དཔལ་འཁོར་ལོ་སྡོམ་པ་གཉིས་སུ་མེད་པའི་མན་ངག་རྣལ་འབྱོར་གྱི་གཏུམ་ མོ་སློབ་དཔོན་དགེ་བའི་མགོན་པོས་མཛད་པ། པཎྜི་ཏ་ཝཱ་གཱི་ཤྭ་ར་དང༌། མར་པ་ཆོས་དབང་ གི་འགྱུར། ལཱུ་ཨི་པའི་མངོན་པར་རྟོགས་པའི་འགྲེལ་པ་སྡོམ་པ་འབྱུང་བ་ཞེས་བྱ་བ། པཎྜི་ཏ་ དེ་བཞིན་གཤེགས་པའི་རྡོ་རྗེས་མཛད་པ། དེའི་འགྲེལ་པ་ཁྱད་པར་གསལ་བྱེད་དང༌། བདེ་ མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་གཉིས་དེ་བཞིན་གཤེགས་པའི་རྡོ་རྗེས་མཛད་པ། བི་བྷུ་ཏི་ ཙནྡྲའི་རང་འགྱུར། ལཱུ་ཨི་པའི་མངོན་པར་རྟོགས་པ་འགྲེལ་པ་སློབ་དཔོན་རྟག་པའི་རྡོ་རྗེས་ མཛད་པ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བསྒྱུར་བ། སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་ པའི་ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་འགྲེལ་པ། བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་ཡིད་འོང་ ཕྲེང་པ་ཞེས་བྱ་བ་སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པ། བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ ག་མཉེས་པའི་སྙིང་པོ་ཞེས་བྱ་བ། སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པ་རྣམས་བཞུགས་སོ། ། ཕ་པ་ལ་བདེ་མཆོག་གི་མན་ངག་ཡེ་ཤེས་འབྱུང་བ་ཞེས་བྱ་བ་ཀ་ཡསྠ་བ་ག་ཡ་དྷ་རས་ མཛད་པ། དེ་ཉིད་དང་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། བདེ་མཆོག་སྡོམ་འབྱུང་གི་སྒྲུབ་ ཐབས། པཎྜི་ཏ་ཀྵཱནྟི་ཤྲཱི་དང་ལོ་ཙཱ་བ་ཤོང་བློ་བརྟན་གྱི་འགྱུར། མཁའ་འགྲོ་རྒྱ་མཚོའི་དབང་ 7-1-32 བསྐུར་བའི་ཆོ་ག་རིན་པོ་ཆེ་དབང་གི་རྒྱལ་པོ་སློབ་དཔོན་ཛ་ཡ་སེ་ནས་མཛད་པ། པཎྜི་ཏ་དེ་ ཉིད་དང་ལོ་ཙཱ་བ་ཡེ་ཤེས་རྡོ་རྗེའི་འགྱུར། མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་རིན་པོ་ཆེ་པདྨ་རཱ་ གའི་གཏེར་ཞེས་བྱ་བ་དང་རྐང་པ་བཞི་བཅུ་ རྩ་བརྒྱད་པའི་སྟོད་པ། སློབ་དཔོན་ཛ་ཡ་སེ་ནཱས་མཛད་པ། དྷརྨ་ཡོན་ཏན་གྱི་འགྱུར། མཁའ་འགྲོ་རྒྱ་མཚོའི་གཏོར་ཆོག་རིན་པོ་ཆེ་ཨསྨ་གརྦྷ་དང༌། མཎྜལ་གྱི་ཆོ་ག་རིན་པོ་ཆེ་མར་ ཀཏ་དང༌། སྦྱིན་སྲེག་གི་ཆོ་ག་རིན་པོ་ཆེ་མེ་ཤེལ་དང་གསུམ་ཛ་ཡ་སེ་ནཱས་མཛད་པ། པཎྜི་ཏ་ དེ་ཉིད་དང༌། ལོ་ཙཱ་བ་ཡེ་ཤེས་རྡོ་རྗེའི་འགྱུར། རང་བྱིན་གྱིས་བརླབ་པའི་མན་ངག་གི་སྒྲུབ་ ཐབས་ཞེས་བྱ་བ། སློབ་དཔོན་ཀུ་མཱ་ར་ཤྲཱིས་མཛད་པ། འཁོར་ལོ་སྡོམ་པའི་མན་ངག་ཞལ་ ནས་སྙན་དུ་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། བདེ་མཆོག་གི་རྒྱུན་བཤགས་རྒྱས་པ་སློབ་དཔོན་བྷུ་རི་པས་མཛད་པ་འདི་བསྟོད་སྐོར་གྱི་ གསེབ་ནའང་གཅིག་ཡོད། བདེ་མཆོག་གི་དཀྱིལ་ཆོག་རྒྱལ་པོའི་སྲས་དཔལ་འཇིགས་བྱེད་ ལྷའི་ཞལ་སྔ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། དབང་བསྐུར་བའི་རིམ་པའི་ཆོ་ག་པཎྜི་ཏ་བདེ་བའི་རྒྱལ་པོས་མཛད་པ། པཎྜི་ཏ་པཱ་ར་ཧེ་ཏ་ དང་ལོ་ཙཱ་བ་ནག་ཚོ་ཤེས་རབ་རྒྱལ་མཚན་གྱི་འགྱུར། དཔལ་འཁོར་ལོ་བདེ་མཆོག་འབྱུང་ བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དབུ་(བ་ཟེར་)མ་བློ་ལྡན་གྱིས་མཛད་པ། ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་གསུམ་གསལ་བར་བྱེད་པ་ཞེས་བྱ་བ་མཁས་པ་ཆེན་པོ་ཛྙཱ་ ན་ཤྲཱིས་མཛད་ཅིང༌། ཕོ་བྲང་ཞི་བ་འོད་ཀྱིས་བསྒྱུར་བ། སློབ་དཔོན་ནག་པོ་པས་མཛད་པའི་ སྒྲོན་མ་བཞིའི་འགྲེལ་པ་(འདིའི་དབུ་ཤོག་གཅིག་མ་ཚང་སྟེ་ཕྱི་མོ་ལ་མ་བྱུང་)པཎྜི་ཏ་ཤྲཱི་དྷ་ར་ཉིད་ཀྱིས་ མཛད་ཅིང་བསྒྱུར་བའོ། །དེ་ལྟར་བདེ་མཆོག་ཡབ་བཀའི་སྐོར་རྣམས་བཀོད་ནས། ཡུམ་གཙོ་ བོར་གྱུར་པའི་སྐོར་ལ། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྒྱལ་པོ་སེང་གེའི་གདན་ཅན་ཁྱབ་ 7-1-33 འཇུག་སྦས་པས་མཛད་པ། པཎྜི་ཏ་འཇིགས་མེད་ལྷ་དང༌། ལོ་ཙཱ་བ་ཤེས་རབ་གྲགས་ཀྱི་འ་ གྱུར། གྲུབ་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། རྒྱལ་པོ་ཨིནྡྲ་བྷུ་དྷིས་མཛད་པ། པཎྜི་ཏ་ ནཱ་ལེནྡྲ་པ་དང་ལོ་ཙཱ་བ་ཤེས་རབ་གྲགས་ཀྱི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་སྔགས་ཀྱི་དེ་ཁོ་ ན་ཉིད་ངེས་པར་བསྟན་པ། རྒྱལ་པོ་ཨིནྡྲ་བྷུ་དྷི་ཆེན་པོས་མཛད་པ། ལོ་ཙཱ་བ་ཡེ་ཤེས་རྡོ་རྗེའི་ འགྱུར། གཞན་དོན་སློབ་མ་རྗེས་སུ་གཟུང་འི་ཆོ་ག་པཎྜི་ཏ་བ་རེནྟྲ་རུ་ཙེས་མཛད་པ། དེ་ཉིད་ དང་ཡེ་ཤེས་རྡོ་རྗེའི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ལྷ་སུམ་ཅུ་སོ་བདུན་མ་དང༌། དེའི་དཀྱིལ་འཁོར་གྱི་ཆོ་ག་གཉིས་ཤྲཱི་ཨུ་མ་པ་ཏི་ཏན་ཏྲས་མཛད་པ། པཎྜི་ཏ་ཝཱ་ཀི་ཤྭ་ར་གུཔྟ་ ཏ་དང་ལོ་ཙཱ་བ་ར་ཆོས་རབ་ཀྱི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ལྕམ་ལཀྵྨི་ཀ་རས་ མཛད་པ། ༼ཁརྡོ་རྗེ་རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས་(འདི་གཉིས་གཅིག་པ་ཡིན་མིན་བརྟག་)རི་ ཁྲོད་དབང་ཕྱུག་གིས་མཛད་པ། ཀ༽རྡོ་རྗེ་རྣལ་འབྱོར་མ་དཀར་མོའི་སྒྲུབ་ཐབས་ཨིནྡྲ་བྷུ་ཏིས་ མཛད་པ། པཎྜི་ཏ་བཻ་རོ་ཙ་ནའི་འགྱུར། ག༽རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞལ་གཉིས་མ་ཆུང་བ་(འདི་གཉིས་གཅིག་པ་ཡིན་མིན་ བརྟག་)རི་ཁྲོད་དབང་ཕྱུག་གི་མཛད་པར་གྲགས་པ་པཎྜི་ཏ་བསོད་ནམས་འབྱུང་གནས་བཟང་ པོ་དང་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། ཕག་མོའི་སྒྲུབ་ཐབས་དེ་ཁོ་ན་ཉིད་ཡེ་ཤེས་ ཡང་དག་པར་གྲུབ་པ་ཞེས་བྱ་བ་ཞལ་གཉིས་མ་ཆཻ་བར་གྲགས་པ་པཎྜི་ཏ་སྟོང་ཉིད་ཏིང་ངེ་ འཛིན་གྱིས་མཛད་པ། པཎྜི་ཏ་བྷ་རེནྡྲ་རུ་ཙེ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། དོན་ གྲུབ་མ་ཆུང་བའི་སྒྲུབ་ཐབས་སློབ་དཔོན་ཨ་ཝ་དྷུ་ཏཱི་པས་མཛད་པ་དང༌། དོན་གྲུབ་མ་ཆེ་བའི་ སྒྲུབ་ཐབས་ཡེ་ཤེས་དབབ་པ་ཞེས་བྱ་བ་དཔལ་སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པ་དང༌། དབུ་བཅད་མ་ཆུང་བའི་སྒྲུབ་ཐབས་ལྷ་མོ་དཔལ་གྱི་བློ་གྲོས་མས་མཛད་པ་དང་གསུམ། པཎྜི་ ཏ་བྷ་རེནྡྲ་རུ་ཙེ་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། དབུ་བཅད་མའི་སྒྲུབ་ཐབས་ཆེ་བ་ 7-1-34 ཞེས་བྱ་བ་དཔལ་བིརྦ་པས་མཛད་པ། པཎྜི་ཏ་བྷ་རེནྡྲ་རུ་ཙེ་དང་ལོ་ཙཱ་བ་རྨ་བན་ཆོས་འབར་ གྱི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་གསང་བ་སྦྱིན་སྲེག་གི་ཆོ་ག་སངས་རྒྱས་བྱིན་གྱིས་མཛད་ པ། པཎྜི་ཏ་བྷ་རེནྡྲ་རུ་ཙེ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། གཞུང་དྲུག་སྦྱིན་སྲེག་ དང་བཅས་པ་འདི་དག་བོད་ན་གྲགས་པའི་རིམ་པ་ལྟར་བཀོད་པའོ། །ཕག་མོའི་མངོན་པར་ རྟོགས་པའི་སྙེ་མ་ཞེས་བྱ་བ་པཎྜི་ཏ་དགེ་བའི་འབྱུང་གནས་སྦས་པ་ཞེས་བྱ་བས་མཛད་པ། པཎྜི་ཏ་དཱ་ན་ཤཱི་ལའི་རང་འགྱུར། ཞལ་གཉིས་མ་ཆུང་བའི་འགྲེལ་པ་རྣལ་འབྱོར་གྱི་རྗེས་སུ་ འབྲང་བ་ཞེས་བྱ་བ་གྲུབ་ཐོབ་དཱ་རི་ཀ་པས་མཛད་པ་དང༌། པཎྜི་ཏ་ཀླུའི་སྦྱིན་པའི་རྣལ་འབྱོར་ གྱི་སྙིང་པོའི་དོན་བསྡུས་པ་བསྟན་པ་དང༌། རྡོ་རྗེ་རྣལ་འབྱོར་མའི་མན་ངག་སློབ་དཔོན་དཱ་རི་ ཀ་པས་མཛད་པ་དང་གསུམ། པཎྜི་ཏ་དཱ་ན་ཤཱི་ལའི་རང་འགྱུར། རྡོ་རྗེ་རྣལ་འབྱོར་མའི་དབང་ མདོར་བསྡུས་པ་དང༌། རྡོ་རྗེ་རྣལ་འབྱོར་མའི་གཞན་དོན་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་ དང༌། རྡོ་རྗེ་ཕག་མོའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་གསུམ་གྲུབ་ཐོབ་ཤ་བ་རི་དབང་ཕྱུག་ གིས་མཛད་པ། པཎྜི་ཏ་གཽ་ཏཾ་ཤྲཱི་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར། རྡོ་རྗེ་རྣལ་འབྱོར་ མ་ཀེང་རུས་ཏ་ར་ཎ་ཞེས་བྱ་བའི་སྒྲུབ་ཐབས། སློབ་དཔོན་དཱ་རི་ཀ་བས་མཛད་པ་དང༌། དེའི་ འགྲེལ་པ་ཀུ་མཱ་ར་བོ་དྷིས་མཛད་པ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་སློབ་དཔོན་ཛ་ལནྡྷར་ པས་མཛད་པ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་ཕག་མོའི་སྒྲུབ་ཐབས་དང༌། ཨུ་རྒྱན་ ནས་བྱུང་བའི་ཕག་མོའི་སྒྲུབ་ཐབས་གཉིས། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་ ཀྱི་དབང་ཕྱུག་གི་འགྱུར། རིགས་ལྡན་མའི་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་ཨུ་རྒྱན་དུ་གྲུབ་ པས་མཛད་པ། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་རང་འགྱུར། རྡོ་རྗེ་རྣལ་འབྱོར་མ་མཆོད་པའི་ཆོ་ ག ཕག་མོ་རུས་སྦལ་ཞབས་ཀྱི་སྒྲུབ་ཐབས་གྲུབ་ཐོབ་ཤ་བ་རིས་པས་མཛད་པ། དེའི་མན་ ངག་ཕག་མོ་ཐུགས་ཀྱི་སྒྲུབ་པ་དང་གཉིས། པཎྜི་ཏ་ཨཱ་ནནྡ་ཀ་ར་དང༌། ལོ་ཙཱ་བ་དཔྱལ་ཆོས་ 7-1-35 ཀྱི་བཟང་པོའི་འགྱུར། མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས། གྲུབ་ཐོབ་རྔོན་པ་པས་མཛད་ པ། པཎྜི་ཏ་ནི་སྐ་ལཾ་ཀ་དང༌། དཔྱལ་ཆོས་ཀྱི་བཟང་པོའི་འགྱུར། ཕག་མོ་དཀར་མོའི་སྒྲུབ་ ཐབས་ཀོངྒ་བྱིན་གྱིས་མཛད་པ། པཎྜི་ཏ་རཀྵི་ཏ་དང༌། ལོ་ཙཱ་བ་བ་རི་ཆོས་གྲགས་ཀྱི་འགྱུར། རྡོ་རྗེ་ཕག་མོའི་བཞེད་པའི་སྦས་པའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཀོངྒ་བྱིན་གྱིས་མཛད་པ། པཎྜི་ཏ་ད་པ་ལ་ཧའུ་དང༌། བ་རི་རིན་ཆེན་གྲགས་ཀྱི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་དགོངས་ པའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཀོངྒ་བྱིན་གྱིས་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང༌། ལོ་ཙཱ་ བ་མཚུར་ཛྙཱ་ན་ཨཱ་ཀ་རའི་འགྱུར། རྡོ་རྗེ་ཕག་མོའི་སྒྲུབ་ཐབ་སློབ་དཔོན་ཤེས་རབ་བཟང་པོས་ མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་དབང་གི་འགྱུར། རྡོ་རྗེ་ཕག་མོའི་ སྒྲུབ་ཐབས་རིག་པ་འཛིན་པ་གཉིས་མེད་རྡོ་རྗེས་མཛད་པ། པཎྜི་ཏ་ཕྱག་ན་རྡོ་རྗེ་དང༌། ལོ་ཙཱ་ བ་མཚུར་གྱི་འགྱུར། རྡོ་རྗེ་རྣལ་འབྱོར་མ་མཆོད་པ་ལ་སོགས་པ་མདོར་བསྡུས་པའི་མན་ངག་ པཎྜི་ཏ་བཛྲ་པཱ་ཎིས་མཛད་པ། དེ་ཉིད་དང་ལོ་ཙཱ་བ་མཚུར་གྱི་འགྱུར། རྡོ་རྗེ་ཕག་མོའི་སྒྲུབ་ ཐབས་ཀྱི་ཆོ་ག་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་ལས་དང་པོ་པའི་ སྒོམ་པ་མདོར་བསྡུས་པ་ཞེས་བྱ་བ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་ཤེས་རབ་གྲགས་ ཀྱི་འགྱུར། འདི་ནཱ་རོ་མཁའ་སྤྱོད་ཀྱི་གཞུང་ཡིན། རྡོ་རྗེ་རྣལ་འབྱོར་མའི་བདེ་བ་མཆོག་གི་ སྡོམ་པ་ལ་འཇུག་པ་ངེས་པ་དོན་གྱི་དཀྱིལ་འཁོར་ཞེས་བྱ་བ། སློབ་དཔོན་གཉིས་མེད་རྡོ་རྗེས་ མཛད་པ། པྲཛྙཱ་ཤྲཱི་ཛྙཱ་ནའི་རང་འགྱུར། དེ་ཁོ་ན་ཉིད་ཡང་དག་པར་གྲུབ་པའི་རྒྱ་ཆེར་འགྲེལ་པ་ དེ་ཁོ་ན་ཉིད་བཤད་པ་ཞེས་བྱ་བ། པཎྜི་ཏ་བརྩོན་འགྲུས་བཤེས་གཉེན་གྱིས་མཛད་པ། པཎྜི་ ཏ་མཉྫུ་ཤྲཱི་དང༌། ཛཻ་ཏ་ཀརྞ་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར། རྡོ་རྗེ་རྣལ་འབྱོར་མ་ ཕག་མོ་ཁྲོས་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་བུད་དྷ་ཤྲཱི་ཛྙཱ་ 7-1-36 ན་དང༌། གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། མཻ་ཏྲི་མཁའ་སྤྱོད་ཀྱི་རྗེས་གནང་གི་ ཆོ་ག་དང༌། གཞན་དོན་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་གཉིས་ཛ་ཡ་སེ་ནཱས་མཛད་(མ་ཚད་)པ། ཕག་མོ་དམར་ཆུང་མའི་སྒྲུབ་ཐབས་ཏྲི་ས་ར་ཧ་པས་མཛད་པ། ཕག་མོ་རིན་ཆེན་རྒྱན་གྱི་ སྒྲུབ་ཐབས་ཇོ་བོ་རྗེས་མཛད་པ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཇོ་བོ་རྗེས་མཛད་པ། རྡོ་རྗེ་རྣལ་ འབྱོར་མའི་སྒྲུབ་ཐབ་པཎྜི་ཏ་དཱི་པཾ་ཀ་རས་མཛད་པ། དེ་ཉིད་དང་རྒྱ་བརྩོན་སེང་གི་འགྱུར། ཡེ་ ཤེས་དབབ་པའི་ཆོ་ག རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྗེ་བཙུན་ཀ་མ་ཤི་ལས་མཛད་པ། ཁ་ཆེ་ཛྙཱ་ ན་གུ་ཧྱ་དང༌། ཨོང་པོ་ལོ་ཙཱ་བའི་འགྱུར། དཔལ་རྡོ་རྗེ་རྣལ་འབྱོར་མའི་དགོངས་པའི་གསང་ བའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཨ་བྷི་ཡུཀྟས་མཛད་པ། གཞན་ཡང་ཨ་བྷི་ཡུཀྟས་མཛད་ ཟེར་བའི་ཕག་མོའི་ལས་ཚོགས། ལག་མཆོད་རྣམས་བཞུགས་སོ། །ལས་ཚོགས་འདི་རྣམས་ དང་ལག་མཆོད་རྣམས་ནི་ཐེ་ཚོམ་གྱི་གཞིར་སྣང་ངོ༌། ། བདེ་མཆོག་འཁོར་ལོའི་རྒྱུད་འགྲེལ་ཉི་ཤུ་བཞི། ། ཡབ་སྐོར་གཙོ་བོ་དགུ་བཅུ་རྩ་དྲུག་དང༌། ། ཡུམ་གྱི་སྐོར་ལ་ལྔ་བཅུ་རྩ་བཞི་སྟེ། ། དྲིལ་བས་བརྒྱ་དང་བདུན་ཅུ་རྩ་བཞི་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆགས་དྲི་མེད་འོད་ཀྱི་ཕྲེང་བ་ལས། བདེ་ མཆོག་གི་སྐོར་ཏེ་ལེའུ་གཉིས་པའོ།། །། བ་པ་ལ་རྒྱུད་སྡེ་ལྔ་པ་ཀྱེ་རྡོ་རྗེའི་རྒྱུད་ཀྱི་སྐོར་ལ། ཀྱེ་རྡོ་རྗེའི་འགྲེལ་པ་བྱང་ཆུབ་སེམས་ དཔའ་རྡོ་རྗེ་སྙིང་པོས་མཛད་པའི་ལེའུ་ལྔ་པ་ཡན་ཆད་འགྱུར་རྙིང་ལ་དཔང་བློ་གྲོས་བརྟན་ པས་བཅོས་པ་དང༌། ལེའུ་དྲུག་པ་མན་ཆད་འབྲོའི་འགྱུར། ལེའུ་ལྔ་པ་ཡན་ཆད་ཀྱི་འགྲེལ་ པ་འདི་གོང་དུ་རིན་པོ་ཆེ་གསེར་ལས་བཞེངས་པ་ཡོད་ནའང་འགྲེལ་པ་དབུ་ཞབས་ཚང་བ་ 7-1-37 ཕྱོགས་གཅིག་ཏུ་སྡེབ་པའི་ཕྱིར་འདི་ཡང་བྲིས་སོ། །ཀྱེ་རྡོ་རྗེའི་ཚིགི་གི་སྙིང་པོ་བསྡུས་པ་ཞེས་ བྱ་དཔལ་ནཱ་རོ་པས་མཛད་པ། ཁ་ཆེ་ཤཱཀྱ་ཤྲཱི་དང་དཔྱལ་ཆོས་བཟང་གི་འགྱུར་ལ། དཔང་བློ་ བརྟན་གྱིས་བཅོས་པ། ཀྱེ་རྡོ་རྗེའི་དཀའ་འགྲེལ་པདྨ་ཅན་ཞེས་བྱ་བ། སློབ་དཔོན་མཚོ་སྐྱེས་ ཀྱིས་མཛད་པ། པཎྜི་ཏ་ཀྵི་ཏི་གརྦྷ་དང༌། ལོ་ཙཱ་བ་ཁུ་སྟོན་དངོས་གྲུབ་ཀྱི་འགྱུར། ཀྱེ་རྡོ་རྗེའི་ རྣམ་འགྲེལ་སློབ་དཔོན་བྷ་བ་བྷ་ཊས་མཛད་པ། པཎྜི་ཏ་པུ་ཎྱ་ཀཱིརྟི་དང༌། ལོ་ཙཱ་བ་སེ་རྩ་བསོད་ ནམས་རྒྱལ་མཚན་གྱི་འགྱུར། དགྱེས་པ་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་ རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བརྟུལ་ཞུགས་སྤྱོད་པ་ནག་པོ་པས་མཛད་པ། པཎྜི་ཏ་ ཀྲྀཥྞ་པ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་བཞུགས་སོ། ། མ་པ་ལ་བརྟག་གཉིས་ཀྱི་འགྲེལ་པ་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ཞེས་བྱ་བ་སློབ་དཔོན་ ཌཾ་ྡྷཀ་དཱ་ཤས་མཛད་པ་པཎྜི་ཏ་བི་མ་ལ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་ཤོང་བློ་བརྟན་གྱི་འགྱུར་དང༌། ཀྱེ་རྡོ་རྗེའི་འགྲེལ་པ་ཀུ་མུ་ཊི་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ་དང་གཉིས་བཞུགས་སོ། ། ཙ་པ་ལ་ཀྱེ་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ། སློབ་དཔོན་ནག་པོ་ བ་ཆུང་བས་མཛད་པ། པཎྜི་ཏ་དཔལ་ལྡན་ཟླ་བ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། ཀྱེ་རྡོ་རྗེའི་འགྲེལ་པ་སློབ་དཔོན་པདྨའི་མྱུ་གུ་རྡོ་རྗེས་མཛད་པ(སྟོད་ནས་ཅུང་ཟད་མ་ཚང་བ་ གཅིག)། པཎྜི་ཏ་པདྨ་ཨཱ་ཀ་ར་དང༌། ལོ་ཙཱ་བ་མཚུར་དབྱིག་གི་རྒྱལ་མཚན་གྱི་འགྱུར། དགྱེས་ པ་རྡོ་རྗེའི་འགྲེལ་པ་མུ་ཏིག་ཕྲེང་བ་ཞེས་བྱ་བ་སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟི་པས་མཛད་ པ། པཎྜི་ཏ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། དགྱེས་པ་རྡོ་རྗེའི་དཀའ་ འགྲེལ་རྡོ་རྗེའི་ཚིག་བཏུ་བ་ཞེས་བྱ་བ། སློབ་དཔོན་ཀཱ་མ་ལ་དྷེ་ནུས་མཛད་པ། པཎྜི་ཏ་བི་ནཱ་ ཡ་དེ་བ་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དགྱེས་པ་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་དོན་ བསྡུས་གཤམ་ཅུང་མ་ཚང་བ་གཅིགཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་གུར་གྱི་དཀའ་ 7-1-38 འགྲེལ་ཞལ་ནས་བརྒྱུད་པ་ཞེས་བྱ་བ། རྒྱལ་པོ་ཨིནྡྲ་བྷུ་དྷིས་མཛད་པ། པཎྜི་ཏ་ཉི་མ་སྦས་པ་ དང༌། ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། གུར་བརྟག་པ་དང་པོའི་བཤད་སྦྱར་སློབ་དཔོན་ ནག་པོའི་ཞབས་ཀྱིས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང་ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་ འགྱུར། གུར་གྱི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ཞེས་བྱ་བ། ལྷའི་རིགས་ཀྱི་བློ་གྲོས་ཆེན་ པོས་མཛད་པ། ག་ཡ་དྷ་ར་དང༌། འགོས་ལྷས་བཙས་ཀྱི་འགྱུར། དགྱེས་རྡོར་བདེ་མཆོག་ལ་ སོགས་རྒྱུད་སྡེ་མང་པོའི་ཐུན་མོང་གི་བཤད་རྒྱུད་དཔལ་སམྦུ་ཊིའི་འགྲེལ་པ་ལ་སློབ་དཔོན་ ཨིནྡྲ་བྷུ་ཏིས་མཛད་པའི་ཡང་དག་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བ། པཎྜི་ཏ་ཤྲཱི་བཛྲ་བོ་དྷི་ དང༌། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར་རྣམས་བཞུགས་སོ། ། ཚ་པ་ལ་སམྦུ་ཊིའི་འགྲེལ་པ་མན་ངག་གི་སྙེ་མ་ཞེས་བྱ་བ། པཎྜི་ཏ་འཇིགས་མེད་འབྱུང་ གནས་སྦས་པས་མཛད་པ། ཤློ་ཀ་སྟོང་ཕྲག་བརྒྱད་པ། པཎྜི་ཏ་དེ་ཉིད་དང་རྩ་མི་སངས་རྒྱས་ གྲགས་ཀྱི་འགྱུར་ལ། ཁ་ཆེ་པཎ་ཆེན་དང་དཔྱལ་ཆོས་བཟང་གིས་བཅོས་པ་ལ། དབང་བློ་ཙཱ་ བ་བློ་བརྟན་གྱིས་དག་པར་བཅོས་པ་དང༌། སམྦུ་ཊིའི་རྒྱ་ཆེར་བཤད་པ་རིན་པོ་ཆེའི་ཕྲེང་བ་ ཞེས་བྱ་རྣལ་འབྱོར་གྱི་དབང་ཕྱུག་དཔའ་བོ་རྡོ་རྗེས་མཛད་པ་དང་གཉིས་བཞུགས་སོ། ། ཛ་པ་ལ་ཀྱེའི་རྡོ་རྗེའི་རྒྱུད་ཕྱི་མ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ཀྱི་འགྲེལ་པ་ཟབ་པའི་དོན་ གསལ་བ་རྨད་དུ་བྱུང་བ་ཞེས་བྱ་བ་ཨུ་རྒྱན་གྱི་སློབ་དཔོན་ཟབ་པའི་རྡོ་རྗེས་མཛད་པ། པཎྜི་ ཏ་ཤེས་རབ་གསང་བ་དང༌། ལོ་ཙཱ་བ་གཡུང་དྲུང་སྙིང་པོའི་འགྱུར་ཕྱག་རྒྱ་ཆེན་པོ་ཐིག་ལེའི་ འགྲེལ་པ་དགའ་བའི་སྤྱན་ཞེས་བྱ་བ། པཎྜི་ཏ་ཤེས་རབ་གསང་བས་མཛད་པ། པཎྜི་ཏ་དེ་ ཉིད་དང༌། ལོ་ཙཱ་བ་རིན་ཆེན་རྒྱལ་མཚན་གྱི་འགྱུར། ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་ལེའུ་ཉི་ཤུ་ གསུམ་པ་ཡན་ཆད་ཀྱི་འགྲེལ་པ་དཔལ་རང་བཞིན་དགའ་བའི་སྒྲོན་མ་ཞེས་བྱ་བའི་དཀའ་ འགྲེལ། སློབ་དཔོན་རྡོ་རྗེ་གསང་བས་མཛད་པ། ཤེས་རབ་གསལ་བའི་རང་འགྱུར། ཡེ་ཤེས་ 7-1-39 ཐིག་ལེའི་རྒྱུད་ཀྱི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་སློབ་དཔོན་ཛྙཱ་ན་པ་ར་མ་ ཡིས་མཛད་པ། ལོ་ཙཱ་བ་བྱང་ཆུབ་འབྱུང་གནས་ཀྱི་འགྱུར། རྙོག་པ་མེད་པའི་རྒྱུད་ཀྱི་དཀའ་ འགྲེལ་སློབ་དཔོན་གཞོན་ནུ་ཟླ་བས་མཛད་པ། དེ་ཁོ་ན་ཉིད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་རིན་ ཆེན་ཕྲེང་བ་ཞེས་བྱ་བ་སློབ་དཔོན་མཧཱ་སུ་ཁ་ཏ་བཛྲས་མཛད་པ། དེ་ཉིད་དང་ལོ་ཙཱ་བ་བྱང་ ཆུབ་འབྱུང་གནས་ཀྱིས་བསྒྱུར་བ། འགྲེལ་ཆུང་ཕྲན་བརྒྱད་ལ། དགོངས་པའི་སྐད་ཀྱི་འགྲེལ་ པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་མཉྫུ་གྷོ་ཥ་དང༌། ལོ་ཙཱ་ཤེས་རབ་ གྲགས་ཀྱི་འགྱུར། ༼ག༽གླུའི་དེ་ཁོ་ན་ཉིད་ཅེས་བྱ་བ་རྡོ་རྗེ་གླུའི་འགྲེལ་པ་སློབ་དཔོན་མཚོ་ སྐྱེས་རྡོ་རྗེས་མཛད་པ། པཎྜི་ཏ་རཏྣ་བཛྲ་དང་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ༼ཁ༽རྡོ་རྗེའི་ གླུ་བཤད་པ་ཞེས་བྱ་བ་སློབ་དཔོན་སྒྲོན་མ་ཅན་གྱི་སྡེས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང་ལོ་ ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ༼ཀ༽མངོན་པར་རྟོགས་པའི་རིམ་པ་ཞེས་བྱ་བ་རྩའི་འགྲེལ་ པ་དང༌། དབྱུག་གུ་དྲུག་ཅུ་རྩ་བཞིའི་མཚན་ཉིད་རཏྣ་བཛྲ་དང་འབྲོག་མའི་འགྱུར་གཅིག་ཀྱང་ ཡོད། ཀྱེའི་རྡོ་རྗེའི་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ་དང༌། བཤད་རྒྱུད་ཁ་སྦྱོར་དང༌། རྡོ་རྗེ་མཁའ་ འགྲོ་ལས་རྩའི་སྐབས་བཤད་པ་སྟེ། རྩའི་འགྲེལ་པ་གཉིས་པཎྜི་ཏ་རཏྣ་བཛྲ་དང་ལོ་ཙཱ་བ་ཤཱཀྱ་ ཡེ་ཤེས་ཀྱི་འགྱུར། དུར་ཁྲོད་ཀྱི་བཤད་པ་གཉིས་རཏྣ་ཤྲཱི་མི་ཏྲ་དང་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། བརྡ་ངེས་པར་བཟུང་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་བ་དང་བརྒྱད་དོ། ། ༼ང་༽ཡང་སློབ་དཔོན་རྣལ་འབྱོར་པས་མཛད་པའི་དུར་ཁྲོད་བརྒྱད་ཀྱི་བཤད་པ། པཎྜི་ཏ་ བུདྡྷཱ་ཀ་ར་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། དཔལ་རིན་པོ་ཆེ་སྙེ་མ་ཞེས་བྱ་བའི་ རྒྱ་ཆེར་འགྲེལ་པ་ཞེས་བྱ་བ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཤྲཱི་གུཔྟའི་ཞལ་སྔ་ནས་མཛད་ པ། དེ་ཉིད་ཀྱི་རང་འགྱུར་རྣམས་བཞུགས་སོ། །དེ་ལྟར་རྒྱུད་སོ་སོའི་དགོངས་འགྲེལ་རྣམས་ བཀོད་ནས། སྤྱིའི་དགོངས་འགྲེལ་སྒྲུབ་ཐབས་དཀྱིལ་ཆོག་ལམ་རིམ་ལ་སོགས་པའི་སྐོར་ 7-1-40 ལ། དགྱེས་པ་རྡོ་རྗེ་ལྷ་དགུའི་སྒྲུབ་ཐབས། སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ། དགྱེས་པ་ རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་པཎྜི་ཏ་ག་ཡ་དྷ་ར་དང་ ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར་ལ། ལེང་ཤཱཀྱ་བརྩོན་འགྲུས་ཀྱིས་བཅོས་པ། སློབ་དཔོན་མཚོ་ སྐྱེས་རྡོ་རྗེས་མཛད་པའི་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག པཎྜི་ཏ་ག་ཡ་དྷ་ར་དང་འབྲོག་ མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་ཧེ་རུ་ཀ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་ཨ་ལ་ ལ་བཛྲས་མཛད་པ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་ཀྱེའི་རྡོ་རྗེ་དཔའ་བོ་གཅིག་ པའི་སྒྲུབ་ཐབས། པཎྜི་ཏ་ག་ཡ་དྷ་ར་དང་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཀྱེའི་རྡོ་རྗེའི་དྲན་ པ་གཅིག་པའི་མན་ངག་སློབ་དཔོན་གརྦྷ་རི་པས་མཛད་པ། པཎྜི་ཏ་པྲཛྙཱ་ཨིན་དྲ་རུ་ཙེ་དང་ལོ་ ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཀྱེ་རྡོ་རྗེའི་མཎྜལ་གྱི་ཆོ་ག་སློབ་དཔོན་མཚོ་སྐྱེས་རྡོ་ རྗེས་མཛད་པ། སྦྱིན་སྲེག་གི་ཆོ་ག་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ། ཀྱེ་རྡོ་རྗེའི་སྒྲུབ་ ཐབས་སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པ། པཎྜི་ཏ་དཱི་པཾ་ཀ་ར་ཡཱ་ཛ་ལྷ་མུ་ནར་བཙན་ པོའི་འགྱུར། ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས། དམ་ཚིག་ལྔ་པ་སློབ་དཔོན་པདྨ་འབྱུང་ གནས་ཀྱིས་མཛད་པ། བ་རི་ཆོས་གྲགས་ཀྱི་འགྱུར། སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་ པའི་སྦྱིན་སྲེག་གི་ཆོ་ག པཎྜི་ཏ་ཀ་མ་ཤྲཱི་དང་ལོ་ཙཱ་བ་ཤེས་རབ་སྐྱབས་ཀྱི་འགྱུར། སློབ་དཔོན་ ཌོཾ་བི་ཧེ་རུ་ཀས་མཛད་པའི་དེ་ཁོ་ན་ཉིད་བཅུ་པ། ཇོ་བོ་རྗེ་དང་དགེ་བའི་བློ་གྲོས་ཀྱི་འགྱུར། ཌོཾ་བི་ཧེ་རུ་ཀས་མཛད་པའི་ཐུན་མོང་མ་ཡིན་པའི་འདུ་བ་བསྒྲག་(དོན་གྱི་གདམས་ངག་བརྗོད་པའང་ ཟེར་)པ། པྲཛྙཱ་ཤྲཱི་ཛྙཱ་ནའི་རང་འགྱུར། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཌོཾ་བི་ཧེ་རུ་ཀས་མཛད་པ། པཎྜི་ཏ་ཛྙཱ་ན་ཨཱ་ཀཱ་ར་དང་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། ཌོཾ་བི་པའི་སློངས་མོའི་ འགྲེལ་པ། པཎྜི་ཏ་ཛཻ་ཏ་ཀརྞ་དང་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། མཚོ་ སྐྱེས་རྡོ་རྗེས་མཛད་པའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་འགྲེལ་པ་དག་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ། 7-1-41 སློབ་དཔོན་ཛ་ལནྡྷ་རི་པས་མཛད་པ། པཎྜི་ཏ་མཉྫ་ཤྲཱི་དང་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་ བཟང་པོའི་འགྱུར། ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཡན་ལག་དྲུག་པ་ཞེས་བྱ་བ་སློབ་དཔོན་མི་ཐུབ་ཟླ་ བས་མཛད་པ། པཎྜི་ཏ་རཏྣ་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཀྱིལ་འཁོར་གྱི་ ཆོ་གའི་སྒྲུབ་ཐབས་བཟང་པོ་ཡོངས་བཟུང་བ་ཞེས་བྱ་བ་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ་ དང༌། འབྱུང་པོ་ཐམས་ཅད་པའི་གཏོར་ཆོག་མི་ཐུབ་ཟླ་བས་མཛད་པ་གཉིས། པཎྜི་ཏ་ག་ཡ་ དྷ་ར་དང་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དེ་ཁོ་ན་ཉིད་བཞིའི་མན་ངག་གསལ་བའི་སྒྲོན་ མ་ཞེས་བྱ་བ། ཏཻ་ལོ་པས་མཛད་པ་རཏྣ་ཤྲཱིའི་རང་འགྱུར། ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་རྒྱལ་པོ་ སློབ་དཔོན་ཨ་ཝ་དྷུ་ཏཱི་པ་གཉིས་མེད་རྡོ་རྗེས་མཛད་པ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་འཁྲུལ་པ་ སྤོང་བ་ཞེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ལྷན་ཅིག་སྐྱེས་པའི་ དགའ་བ་ལ་ཡང་དག་པར་སྦྱོར་བ་ཞེས་བྱ་བ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་ མཛད་པ། དཔལ་རབ་འབྱོར་ཞི་བ་དང༌། ལོ་ཙཱ་བ་ཏིང་ངེ་འཛིན་བཟང་པོའི་འགྱུར་དང༌། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱི་རིམ་པ་ཀུ་མཱ་རཱ་ཀ་ལ་ཀྵུའི་རང་འགྱུར་གཉིས་འགྱུར་ཐ་ དད་པ་མ་གཏོགས་པ་ཆོས་གཅིག་ཏུ་འདུག་པས་ཕྱི་མ་བཞུགས། དེའི་འགྲེལ་པ་བྲམ་ཟེ་ཐ་ག་ ནས་མཛད་པ། པཎྜི་ཏ་མནྡྲ་ཀ་ལ་ཀྵུའི་རང་འགྱུར། སློབ་དཔོན་ཀམྦ་ལས་མཛད་པའི་དགྱེས་ པ་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ་ཞེས་བྱ་བ། པཎྜི་ཏ་བཻ་རོ་ཙ་ནཱ་རཀྵི་ཏ་དང་ གླན་དར་མ་བློ་གྲོས་ཀྱི་འགྱུར། ཧེ་རུ་ཀ་ཞལ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་ཡན་ལག་ མེད་པའི་རྡོ་རྗེས་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་སློབ་དཔོན་བདེ་བའི་རྡོ་རྗེས་མཛད་པ། པཎྜི་ཏ་དྷརྨ་ཙནྡྲ་དང་ལོ་ ཙཱ་བ་དྷརྨ་ཙནྡྲའི་འགྱུར་རྣམས་བཞུགས་སོ། ། ཝ་པ་ལ་དཔལ་ཀྱེའི་རྡོ་རྗེའི་བྱ་བའི་རིམ་པ་རིན་ཆེན་འབར་བ་ཞེས་བྱ་བའི་སྒྲུབ་ཐབས་ 7-1-42 སློབ་དཔོན་པྲཛྙཱ་ཨིནྡྲ་རུ་ཙེས་མཛད་པ། དེ་ཉིད་དང་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དགྱེས་པ་རྡོ་རྗེ་ དཔའ་བོ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་ནག་པོ་པས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། སློབ་དཔོན་ནག་པོ་པས་མཛད་པའི་དགྱེས་པ་རྡོ་རྗེའི་ སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཞེས་བྱ་བ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ ཁྲིམས་རྒྱལ་བའི་འགྱུར། དགྱེས་པ་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་ བ། སློབ་དཔོན་ནག་པོ་པས་མཛད་པ་དང༌། རོ་སྲེག་གི་ཆོ་ག་སློབ་དཔོན་ནག་པོ་པས་མཛད་ པ་གཉིས། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། སྦྱིན་སྲེག་གི་ཆོ་ག་ སློབ་དཔོན་ནག་པོ་པས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་འགོས་ཀྱི་འགྱུར། རབ་ གནས་ཀྱི་ཆོ་གའི་ཚུལ་སློབ་དཔོན་ནག་པོ་པས་མཛད་པ་དང༌། ཚོགས་ཀྱི་འཁོར་ལོའི་རིམ་ པ་སློབ་དཔོན་ནག་པོ་པས་མཛད་པ་གཉིས། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་འགོས་ལྷས་བཙས་ ཀྱི་འགྱུར། ཀྱེ་རྡོ་རྗེའི་མཆོད་རྟེན་གྱི་ཆོ་ག་དང༌། གཤིན་གྱི་ཆོ་ག་སློབ་དཔོན་ནག་པོ་པས་ མཛད་པ། པཎྜི་ཏ་ཛེ་ཏ་ཀརྞ་དང་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར། དགྱེས་རྡོར་གྱི་དཀྱིལ་ ཆོག་ཧེ་རུ་ཀ་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཉིན་མོའི་འབྱུང་གནས་ ཟླ་བའི་ཞབས་ཀྱིས་མཛད་པ། དཔལ་ཧེ་རུ་ཀའི་མན་ངག་རང་བྱིན་གྱིས་བརླབ་པ་ཞེས་བྱ་ བ། པཎྜི་ཏ་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེས་མཛད་པ། དེ་ཉིད་དང་ལོ་ཙཱ་བ་ཤེས་རབ་ཡེ་ཤེས་ དང༌། སེ་རྩ་བ་བསོད་ནམས་རྒྱལ་མཚན་གྱི་འགྱུར། ཀྱེ་རྡོ་རྗེ་ཕྱག་གཉིས་པ་སྒྲུབ་པའི་ཐབས་ སློབ་དཔོན་ཏཱ་ར་ཤྲཱིས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་དབང་གི་ འགྱུར། དགྱེས་པ་རྡོ་རྗེའི་དབང་གཏན་ལ་དབབ་པ་སློབ་དཔོན་ཛཻ་ཏ་རིས་མཛད་པ། པཎྜི་ ཏ་ག་ཡ་དྷ་ར་དང་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། ཛཻ་ཏ་རིས་མཛད་པའི་གུར་ནས་ གསུངས་པའི་ཁྲོ་བོ་བཅུའི་རིག་པའི་ཆོ་ག པཎྜི་ཏ་ཛཻ་ཏ་ཀརྞ་དང་ལོ་ཙཱ་བ་ཉི་མ་རྒྱལ་མཚན་ 7-1-43 དཔལ་བཟང་པོའི་འགྱུར། གྲུབ་ཐོབ་བི་ན་པས་མཛད་པའི་གསང་བའི་དབང་དང༌། དབང་ ཆེན་པོའི་རིམ་པ་གསུམ་པ་གཉིས། དགྱེས་པ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས། པཎྜི་ཏ་སུ་ མ་ཏི་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། བུང་བ་འདོད་པའི་སྒྲུབ་ཐབས་སློབ་དཔོན་ རཏྣ་ཙནྡྲས་མཛད་པ། པཎྜི་ཏ་དེ་ཉིད་དང་ཁུ་དངོས་གྲུབ་ཀྱི་འགྱུར། གཏོར་མའི་དེ་ཉིད་ བསྡུས་པ་སློབ་དཔོན་དྷརྨ་པཱ་ཀས་མཛད་པ། རོ་སྲེག་པའི་ཆོ་ག་སློབ་དཔོན་ཡེ་ཤེས་སྙིང་པོས་ མཛད་པ། ཐིག་ལེ་ཆེན་པོ་ཞེས་བྱ་བའི་རྫོགས་པའི་རིམ་པ་པཎྜི་ཏ་སྒེག་པའི་རྡོ་རྗེས་མཛད་ པ། དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་མངོན་པར་རྟོགས་པའི་རིམ་པ་དོན་རབ་ཏུ་གསལ་བ་ཞེས་ བྱ་བ། དགྱེས་པ་རྡོ་རྗེ་སེམས་དཔའ་གསུམ་གྱི་སྒྲུབ་ཐབས་ནཱ་རོ་པའི་ཞལ་གྱི་ལུང་དང་སྦྱར་ བ། དེ་ཁོ་ན་ཉིད་ཀྱི་སྣང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔས་མཛད་ཟེར་བ་འདི་བརྫུན་མར་ འདུག་སྟེ། པཎྜི་ཏས་བཤད་འདུག་པས་བཞུགས་སུ་བཅུག་པ་ཡིན་ནོ། །དགྱེས་པ་རྡོ་རྗེའི་ གཏོར་མའི་ཆོ་ག་ཇོ་བོ་རྗེས་མཛད་པ། ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པ་སློབ་ དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། འདི་གོང་གི་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་དགྱེས་པ་རྡོ་རྗེའི་དཀྱིལ་ཆོག་དང་ཟློས་ པས་མ་བཞུགས་སོ། །དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེས་ མཛད་པ། པཎྜི་ཏ་ཀུན་ཏུ་བཟང་པོ་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དགྱེས་པ་རྡོ་ རྗེ་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་ས་ཧ་ཛ་བི་ལ་པས་མཛད་པ། པཎྜི་ ཏ་བྷ་ལེནྡྲ་རུ་ཙེ་དང་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། མན་ངག་རིམ་པ་གསུམ་པ་ཞེས་ བྱ་བ་སློབ་དཔོན་ཌོ་བི་ཧེ་རུ་ཀས་མཛད་པ། གོ་བར་བྱེད་པའི་སྙིང་པོ་བརྒྱ་པའི་མིང༌། སློབ་ དཔོན་སྣང་བ་མཐའ་ཡས་རྡོ་རྗེས་མཛད་པ། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་པོ་ཆེ་ སྒྲོན་མ་ཞེས་བྱ་བ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དཱ་ན་ཤྲཱི་དང་ལོ་ཙཱ་བ་ 7-1-44 གླན་དར་མ་བློ་གྲོས་ཀྱིའ་གྱུར། དབང་བསྐུར་བའི་ཆོ་ག་སློབ་དཔོན་ཆེན་པོ་པྲཛྙཱ་ཤྲིས་མཛད་ པ། དཔལ་བརྩེ་བའི་རྡོ་རྗེ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་པཎྜི་ཏ་ཀྲིཥྞ་པ་མཛད་པ། དགྱེས་ པ་རྡོ་རྗེའི་གཏོར་མའི་ཆོ་ག་སློབ་དཔོན་ཨ་ལ་ལ་བཛྲས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང་ལོ་ ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། དགྱེས་རྡོར་གྱི་གཏོར་མའི་ལས་ཀྱི་རིམ་པ་ཁ་ཆེ་རིན་ ཆེན་རྡོ་རྗེས་མཛད་པ། ཀྱེ་རྡོ་རྗེའི་འབྱུང་པོ་ཐམས་ཅད་པའི་གཏོར་མ་སློབ་དཔོན་ནག་པོ་ པས་མཛད་པ། ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། ཀྱེ་རྡོ་རྗེའི་སྒྲུབ་ཐབས་ ཧེ་རུ་ཀ་མཉེས་པར་བྱེད་པའི་ཆོ་ག་ཞེས་བྱ་བ་སློབ་དཔོན་འཇམ་དཔལ་ཡེ་ཤེས་ཞབས་ཀྱིས་ མཛད་པ། དེ་ཉིད་དང་རོང་ཟོམ་ཆོས་ཀྱི་བཟང་པོའི་འགྱུར། དགྱེས་པ་རྡོ་རྗེ་ལྷན་ཅིག་སྐྱེས་ པའི་སྒྲུབ་ཐབས་སློབ་དཔོན་ཤྲཱི་ཨཱནནྡ་བཛྲས་མཛད་པ། སྦྱིན་སྲེག་གི་ལས་ཀྱི་རིམ་པ་རྣལ་ འབྱོར་གྱི་དབང་ཕྱུག་དཔལ་གྱི་ཞབས་ཀྱིས་མཛད་པ། དེ་ལྟར་ཡབ་སྐོར་རྣམས་བཀོད་ནས། ཡུམ་གྱི་སྐོར་ལ། སློབ་དཔོན་ཌོཾ་བི་ཧེ་རུ་ཀས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་བདུད་ རྩི་འོད་ཀྱི་སྒྲུབ་ཐབས་ཞེས་བྱ་བ་དང༌། བདག་མེད་མའི་སྒྲུབ་ཐབས་མི་ཐུབ་ཟླ་བས་མཛད་པ་ གཉིས། པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། སློབ་དཔོན་གཉིས་མེད་རྡོ་ རྗེས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་པཎྜི་ཏ་བཛྲ་པཱ་ཎི་དང་མཚུར་ཨཱ་ཀཱ་རའི་འགྱུར། བདག་མེད་མའི་སྒྲུབ་ཐབས་རྒྱས་པར་བསྟན་པ་ཞེས་བྱ་བ་སློབ་དཔོན་དཀོན་མཆོག་འབྱུང་ གནས་ཀྱིས་མཛད་པ། བདག་མེད་མ་དཔའ་མོ་གཅིག་པའི་སྒྲུབ་ཐབས་བསྐྱེད་པ་དང་རྫོགས་ པར་ལྡན་པ་ཞེས་བྱ་བ་སློབ་དཔོན་བསོད་སྙོམས་པ་སྒྲ་གཅན་འཛིན་གྱིས་མཛད་པ། པཎྜི་ཏ་ པྲཛྙཱ་ཨིནྡྲ་རུ་ཙེ་དང་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། བདག་མེད་མའི་སྒྲུབ་ཐབས་སློབ་དཔོན་ ནག་པོ་པས་མཛད་པ། བདག་མེད་མའི་མན་ངག་ཅེས་བྱ་བ་ཏིང་ངེ་འཛིན་རྡོ་རྗེས་མཛད་པ། པཎྜི་ཏ་དེ་བ་ཨཱ་ཀཱ་ར་ཙནྡྲ་དང་ལོ་ཙཱ་བ་སེ་རྩ་བ་བསོད་ནམས་རྒྱལ་མཚན་གྱི་འགྱུར། ལྷན་ 7-1-45 ཅིག་སྐྱེས་པའི་རོལ་པས་མཛད་པའི་ཀུ་རུ་ཀུལླེའི་བདག་བྱིན་གྱིས་བརླབ་པའི་སྒྲུབ་ཐབས་ དང༌། དེའི་མན་ངག་པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། བ་རི་རིན་ཆེན་གྲགས་ཀྱི་འགྱུར། ཀུ་རུ་ ཀུལླེའི་སྒྲུབ་ཐབས་སློབ་དཔོན་ལྷན་སྐྱེས་སྒེག་པས་མཛད་པ། དཱ་ན་ཤཱི་ལའི་རང་འགྱུར། ཀུ་ རུ་ཀུལླེའི་མན་ངག་ཆེན་པོ་ལྔ་སློབ་དཔོན་ཞི་བ་འཚོས་མཛད་པ། དཱ་ན་ཤཱི་ལའི་རང་འགྱུར། ཀུ་རུ་ཀུལླེའི་བསྟོད་པ་ཌོཾ་བི་ཧེ་རུ་ཀས་མཛད་པ་གཅིག་ཀྱང་ཡོད། ཀུ་རུ་ཀུལླེའི་སྒྲུབ་ཐབས་ པཎྜི་ཏ་བི་མ་པ་དང༌། ལོ་ཙཱ་བ་གཞོན་ནུ་འོད་ཀྱི་འགྱུར། ཀུ་རུ་ཀུལླེའི་སྒྲུབ་ཐབས་ཨུ་རྒྱན་ནས་ བྱུང་བ་མཉྫུ་ཤྲཱི་ཛྙཱ་ན་དང་རོང་ཟོམ་ཆོས་བཟང་གི་འགྱུར། ཀུ་རུ་ཀུལླེའི་ལྷ་བཅུ་གསུམ་གྱི་སྒྲུབ་ ཐབས། ཀུ་རུ་ཀུལླེའི་སྒྲུབ་ཐབས་སློབ་དཔོན་ཀྲྀ་ཌ་བཛྲས་མཛད་པ་རྣམས་སོ། །གུར་ གྱི་སྐོར་ལ། གུར་རིགས་བསྡུས་པ་མཁའ་འགྲོ་ལྔའི་སྒྲུབ་ཐབས། མི་ཐུབ་ཟླ་བས་མཛད་པ། ལི་ལ་བཛྲ་དང་སེ་རྩ་བསོད་ནམས་རྒྱལ་མཚན་གྱི་འགྱུར། རྡོ་རྗེ་གུར་གྱི་སྒྲུབ་ཐབས་དཀྱིལ་ འཁོར་བསྡུས་པའི་རྗེས་སུ་འབྲང་བ་ཞེས་བྱ་བ། སློབ་དཔོན་ལྷའི་བརྟུལ་ཞུགས་ཀྱིས་མཛད་ པ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་མན་ངག་དེ་ཁོ་ན་ཉིད་བཅུ་ པ་ཞེས་བྱ་བ་སློབ་དཔོན་དྲི་མེད་གྲགས་པས་མཛད་པ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། རྡོ་ རྗེ་སྒྲོལ་མའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ན་དང༌། ཤཱཀྱ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་ཆག་དགྲ་བཅོམ་གྱི་འགྱུར། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་དམར་ པོ་ཞབས་ཀྱིས་མཛད་པ། དཱ་ན་ཤཱི་ལའི་རང་འགྱུར། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། ཡང་(འདི་ མ་ཚང་)རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་དགེ་བའི་མགོན་པོས་མཛད་པ། པཎྜི་ཏ་བུདྡྷ་ ཤྲཱི་ཛྙཱ་ན་དང་གནུབས་བྱམས་པའི་དཔལ་གྱི་འགྱུར། གུར་ནས་གསུངས་པའི་རོ་སྲེག་གི་ཆོ་ ག་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ། པཎྜི་ཏ་ཨ་བ་དྷུ་ཏཱི་པ་དང་བ་རི་ལོ་ཙཱ་བའི་འགྱུར། གུར་ནས་གསུངས་པའི་རོ་སྲེག་གི་ཆོ་ག་སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། པཎྜི་ཏ་ 7-1-46 དེ་ཉིད་དང༌། ལོ་ཙཱ་བ་དྷརྨ་བློ་གྲོས་ཀྱི་འགྱུར། གུར་ནས་གསུངས་པའི་བླ་མའི་གདུང་བསྲེག་ པའི་ཆོ་ག པཎྜི་ཏ་ཨ་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་དགེ་སློང་དཔལ་གྱི་སྙིང་པོའི་འགྱུར། ཕྱག་རྒྱ་ཆེན་ པོ་ཐིག་ལེའི་སྐོར་ལ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་སྒྲུབ་ཐབས་རིན་པོ་ཆེ་ཆར་ཡང་ཞེས་བྱ་བ་ ཤེས་རབ་གསང་བས་མཛད་ཅིང་རང་འགྱུར་དུ་བསྒྱུར་བ། རིན་ཆེན་ཐིགས་པ་ཞེས་བྱ་བའི་ སྒྲུབ་ཐབས། ཤེས་རབ་གསང་བས་མཛད་ཅིང་བསྒྱུར་བ། དབང་རིན་ཆེན་སྣང་བ་ཞེས་བྱ་ བ། དཔལ་ཤེས་རབ་གསང་བས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཀཾ་ཆོས་ཀྱི་ཡེ་ཤེས་ དང༌། ཕྱུགས་མཚམས་དབང་ཕྱུག་རྒྱ་མཚོའི་འགྱུར། ཕྱག་ཆེན་ཐིག་ལེའི་རྒྱུད་ལ་བརྟེན་པའི་ ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་སློབ་དཔོན་ལོངས་སྤྱོད་རྡོ་རྗེས་མཛད་པ། པཎྜི་ཏ་པྲཛྙཱ་ཤྲཱི་ གུཔྟ་དང་ལོ་ཙཱ་བ་དགེ་སློང་རིན་ཆེན་རྒྱལ་མཚན་གྱི་འགྱུར། སྡིག་པ་ཐམས་ཅད་འདག་པའི་ མེ་མཆོད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ། པཎྜི་ཏ་རིན་ཆེན་རྡོ་རྗེ་དཔལ་གྱིས་མཛད་པ། དཔལ་ དགའ་བའི་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་མན་ངག་ཨིནྡྲ་བྷུ་ཏིའི་ ཞལ་སྔ་ནས་མཛད་པ་དང༌། དེས་མཛད་པའི་དེ་ཁོ་ན་ཉིད་བདུད་རྩིའི་མན་ངག་གཉིས། པཎྜི་ ཏ་པྲཛྙཱ་ཤྲཱི་གུཔྟ་དང་ལོ་ཙཱ་བ་དགེ་སློང་རིན་ཆེན་རྒྱལ་མཚན་གྱི་འགྱུར། དབང་རིན་ཆེན་ཕྲེང་ བ་དང༌། དབང་གི་རིམ་པ་མདོར་བསྡུས་པ། རིམ་པ་ལྔ་པ་ཞེས་བྱ་བ་དང༌། ཡན་ལག་བརྒྱད་ པའི་རིམ་པ་ཞེས་བྱ་བ་རྣམས་དཔལ་ཤེས་རབ་གསང་བའི་ཞལ་སྔ་ནས་མཛད་ཅིང་དེ་ཉིད་ཀྱི་ རང་འགྱུར། རིན་པོ་ཆེའི་འོད་ཅེས་བྱ་བའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་ཡེ་ཤེས་ཐིག་ ལེའི་མན་ངག་ཤེས་རབ་གསང་བའི་སློབ་མ་ནཱ་རོ་པས་མཛད་པ། པཎྜི་ཏ་བཛྲ་གུ་ཎ་བྷ་དྲ་དང་ ལོ་ཙཱ་བ་རིན་ཆེན་རྒྱལ་མཚན་གྱི་འགྱུར། བདེ་བ་ཆེན་པོ་བདུད་རྩིའི་འོད་ཅེས་བྱ་བ་དཔལ་ཡེ་ ཤེས་རིན་པོ་ཆེས་མཛད་པ། བྱང་སེམས་ཐིགས་པའི་མན་ངག་ཅེས་བྱ་བ་ལས་ཀྱི་ཞབས་ཀྱིས་ མཛད་པ། དཔལ་གསང་ཆེན་དགའ་བའི་ཐིག་ལེ་ཞེས་བྱ་བ་དཔལ་མཧཱ་མ་ཏིའི་ཞལ་སྔ་ནས་ 7-1-47 མཛད་པ། པཎྜི་ཏ་ཨཱ་ཙརྱ་དུ་ལོ་པ་དང༌། ཆོས་ཀྱི་ཤེས་རབ་ཀྱི་འགྱུར་རྣམས་བཞུགས་སོ། ། ཀྱེ་རྡོ་རྗེའི་རྒྱུད་འགྲེལ་སུམ་ཅུ་བཞི། ། ཡབ་སྐོར་རེ་བརྒྱད་ཡུམ་སྐོར་བཅོ་ལྔ་དང༌། ། གུར་ལ་བཅུ་དང་ཐིག་ལེ་རྗེས་འབྲང་བཅས། ། བཅོ་ལྔ་སྡོམ་པས་བརྒྱ་དང་བརྒྱད་རྣམས་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། དགྱེས་པ་རྡོ་ རྗེའི་སྐོར་ཏེ་ལེའུ་གསུམ་པའོ།། །། དེ་ལྟར་དགྱེས་རྡོར་གྱི་སྐོར་རྣམས་བཀོད་ནས། དཔལ་གདན་བཞིའི་སྐོར་ལ། ཞ་པ་ལ་དཔལ་གདན་བཞིའི་འགྲེལ་བ། དྲན་པའི་རྒྱུ་མཚན་ཞེས་བྱ་བ་སློབ་དཔོན་བྷ་བ་ བྷ་ཊས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་བགོས་ལྷས་བཙས་ཀྱི་འགྱུར། དཔལ་ གདན་བཞིའི་རྣམ་པར་བཤད་པ་སྦྱོར་བའི་གདན་ཡན་ཆད་སློབ་དཔོན་དགེ་བའི་གོ་ཆས་ མཛད་པ། དེ་མན་ཆད་སྨྀ་ཏིས་མཛད་པ་སྨྀ་ཏིའི་འགྱུར། ༼ཁ༽གདན་བཞིའི་སྒྲུབ་ ཐབས་བྷ་བ་བྷ་ཊས་མཛད་པ། འགོས་ལྷས་བཙས་ཀྱི་འགྱུར། ༼ཀ༽དཔལ་རྡོ་རྗེ་གདན་ བཞིའི་སྒྲུབ་ཐབས་སློབ་དཔོན་ཨཱརྱ་དེ་བས་མཛད་པ། པཎྜི་ཏ་ཀ་མ་ལ་གུཔྟ་དང་ལོ་ཙཱ་བ་ རིན་ཆེན་བཟང་པོའི་འགྱུར། གདན་བཞིའི་ཡུམ་སྐོར་ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས་ འཕགས་པ་ལྷས་མཛད་པ། པཎྜི་ཏ་ཛྙཱ་ན་ཀཱིརྟིའི་རང་འགྱུར། གདན་བཞིའི་དཀྱིལ་འཁོར་གྱི་ ཆོ་ག་སྙིང་པོ་མདོར་བསགས་པ་ཞེས་བྱ་བ་འཕགས་པ་ལྷས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང་ ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཀྱི་འགྱུར། གདན་བཞིའི་ཟབ་དོན་སྟོན་པ་ཤིང་གཅིག་གི་ དཀའ་འགྲེལ་སློབ་དཔོན་འཕགས་པ་ལྷས་མཛད་པ། རྡོ་རྗེ་དྲིལ་ཐབས་ཀྱི་མཆོད་པའི་རིམ་ པ་འཕགས་པ་ལྷས་མཛད་པ། ༼ག༽དཔལ་གདན་བཞིའི་མན་ངག་མཆན་ཁུང་གི་སྦྱོར་བ་ 7-1-48 སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། གདན་བཞིའི་དེ་ཁོ་ན་ཉིད་བཞི་པ་སློབ་དཔོན་ཛཻ་ཏ་རི་ བས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང་འགོས་ལྷས་བཙས་ཀྱི་འགྱུར། ཆུའི་སྦྱིན་སྲེག་སློབ་ དཔོན་བྷ་བ་བྷ་ཊས་མཛད་པ། གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། གདན་བཞིའི་ཡུམ་སྐོར་ཡེ་ ཤེས་མཁའ་འགྲོ་མའི་སྒྲུབ་ཐབས་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་ པ། སྒྲ་ཚད་པ་རིན་ཆེན་རྒྱལ་གྱི་འགྱུར། གདན་བཞིའི་སྒྲུབ་ཐབས་ཡེ་ཤེས་མཁའ་འགྲོ་མ་ དང༌། རྣལ་འབྱོར་ནམ་མཁའི་སྒྲུབ་ཐབས། བལ་པོའི་པཎྜི་ཏ་རྣམ་པར་རྒྱལ་བའི་དབང་པོའི་ སྡེས་མཛད་པ། གདན་བཞིའི་དེ་ཁོ་ན་ཉིད་དྲུག་རྣམ་པར་བཞག་པ་སློབ་དཔོན་སྨྲྀ་ཏི་ཛྙཱ་ ན་ཀཱི་རྟིས་མཛད་པ། དེ་ཉིད་ཀྱི་རང་འགྱུར་རྣམས་བཞུགས་སོ། ། དཔལ་ལྡན་རྡོ་རྗེ་གདན་བཞིའི་རྒྱུད་འགྲེལ་གསུམ། ། ཡབ་ཡུམ་སྒྲུབ་ཐབས་དཀྱིལ་འཁོར་ཆོ་ག་དང༌། ། རྫོགས་རིམ་ལ་སོགས་ཆོས་སྐོར་བཅུ་གཅིག་སྟེ། ། དྲྀལ་བས་བཅུ་ཕྲག་གཅིག་དང་བཞི་བཞུགས་སོ། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། གདན་བཞིའི་ སྐོར་ཏེ་ལེའུ་བཞི་པའོ།། །། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་སྐོར་ལ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ། སྒྱུ་མ་ཅན་ ཞེས་བྱ་བ། སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། པཎྜི་ཏ་བདེ་གཤེགས་གྲགས་པ་དང༌། ལོ་ཙཱ་བ་ཡེ་ཤེས་སེམས་དཔའི་འགྱུར། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་ཡོན་ཏན་ལྡན་ པ་ཞེས་བྱ་བ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་ཞི་བ་བཟང་པོ་དང་ལོ་ཙཱ་བ་ འགོས་ལྷས་བཙས་ཀྱི་འགྱུར། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་དྲན་པ་ཞེས་བྱ་བ་ནག་ པོ་རྡོ་རྗེས་མཛད་པ། པཎྜི་ཏ་ཛི་ན་ཝ་ར་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། སྒྱུ་ 7-1-49 འཕྲུལ་ཆེན་མོའི་རྒྱུད་ཀྱི་དཀའ་འགྲེལ་དཔལ་རྒྱན་པས་མཛད་པ། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ ཐབས་ཡུམ་རྡོ་རྗེ་མཁའ་འགྲོ་མས་ཨུ་རྒྱན་གྱི་ཡུལ་དུ་བྱོན་ནས་གསུངས་པ། པཎྜི་ཏ་ཨ་ཝ་དྷཱུ་ ཏཱི་པ་དང༌། ལོ་ཙཱ་བ་ལེང་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྗེས་སུ་ འབྲང་བའི་ཧེ་རུ་ཀའི་སྒྲུབ་ཐབས་ཞེས་བྱ་བ་དང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཤིན་ཏུ་ སྤྲོས་པ་མེད་པ་ཞེས་བྱ་བ་དང༌། མཧཱ་མཱ་ཡའི་སྒྲུབ་ཐབས་རྨོངས་པ་སྒྲོལ་བའི་བརྟག་པ་ཞེས་ བྱ་བ་རྣམས་སློབ་དཔོན་ཀུ་ཀུ་རི་པས་མཛད་པ། པཎྜི་ཏ་ཨ་ནཱི་ལ་བཛྲ་དང་ལོ་ཙཱ་བ་འགོས་ ལྷས་བཙས་ཀྱི་འགྱུར། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་ཀུ་ཀུ་རི་པས་མཛད་པ། པཎྜི་ཏ་ནཱ་བ་ཀོ་ཊ་དང་འགོས་ལྷས་བཙས་ཀྱི་འགྱུར། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ ལྷ་ལ་བསྟོད་པ། སློབ་དཔོན་ཀུ་ཀུ་རི་པས་ཞལ་གཟིགས་དུས་མཛད་པ། དེ་ཁོ་ན་ཉིད་ཀྱི་མན་ ངག་སློབ་དཔོན་བློ་བཟང་སྙིང་པོས་མཛད་པ་དང༌། དེའི་རང་འགྲེལ་གཉིས། པཎྜི་ཏ་ཀ་མ་ལ་ གུཔྟ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་དཔལ་རིན་ ཆེན་རྡོ་རྗེས་མཛད་པ། པཎྜི་ཏ་ཛྙཱ་ན་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་འགྱུར། སྒྲུ་འཕྲུལ་ཆེན་མོའི་སངས་རྒྱས་མཁའ་འགྲོ་མའི་སྒྲུབ་ཐབས་སློབ་དཔོན་ནག་པོ་པས་མཛད་ པ། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པ་གསལ་བ་ཞེས་བྱ་བ་ནག་པོ་སྤྱོད་པས་ མཛད་པ། པཎྜི་ཏ་ཀརྨ་བཛྲ་དང་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། འདི་ལ་དཔེ་ལ་ ལར་ཀུ་ཀུ་རི་བས་མཛད་ཟེར་བའང་འདུགསྤྱིའི་ཆོས་སྤྱོད་སློབ་དཔོན་ནག་པོ་པས་མཛད་པ། རིགས་ལྔའི་མཁའ་འགྲོའི་བསྟོད་པ། རྗེ་བཙུན་ཧེ་རུ་ཀ་འཁོར་དང་བཅས་པ་ལ་བསྟོད་པ། བདུན་ཚིགས་ཀྱི་ཆོ་ག་ནག་པོ་པས་མཛད་པ། སྒྱུ་འཕྲུལ་ཆེན་མོའི་རྫོགས་རིམ་སློབ་དཔོན་ ཆོས་ཀྱི་ཞབས་ཀྱིས་ཞལ་སྔ་ནས་མཛད་པ། པཎྜི་ཏ་ཞི་བ་བཟང་པོ་དང་འགོས་ལྷས་བཙས་ ཀྱི་འགྱུར། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་ 7-1-50 པ། པཎྜི་ཏ་ཆེན་པོ་ཞི་བ་བཟང་པོ་དང་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། སྒྱུ་འཕྲུལ་ཆེན་ མོའི་དཀྱིལ་འཁོར་གྱི་ཆོ་ག་སྦྱིན་སྲེག་དང་བཅས་པ། གྲུབ་ཐོབ་དཔལ་རྒྱན་པས་མཛད་པ། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་བླ་མའི་ཞལ་སྔའི་མན་ངག་ཅེས་བྱ་བ་སློབ་དཔོན་ མཁས་པ་འདུལ་བ་བྱིན་གྱིས་མཛད་པ། ཧེ་རུ་ཀ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས། རོ་སྲེག་ པའི་སྒྲུབ་ཐབས་ཀྱི་ཆོ་གསྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་པཎྜི་ཏ་སྐུ་མེད་རྡོ་རྗེས་མཛད་པ་ རྣམས་བཞུགས་སོ། ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་བ་བཞི། ། སྒྲུབ་ཐབས་ལ་སོགས་ཆོས་སྐོར་ཉེར་གཉིས་ཏེ། ། གསང་བ་ཡིད་བདེའི་ཆོས་སྐོར་དྲི་མ་མེད། ། བཅུ་ཕྲག་གཉིས་དང་བཅས་པའི་དྲུག་བཞུགས་སོ། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། སྒྱུ་མ་ཆེན་ པོའི་སྐོར་ཏེ་ལེའུ་ལྔ་པའོ།། །། ཟ་པ་ལ་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་དྲི་མེད་བཟང་པོས་མཛད་པ། སྔར་གྱི་འགྱུར་རྙིང་ལ་ལེའི་གཉིས་པ་མན་ཆད་མ་ཚང་ཞིང་དེ་ཡན་ཆད་ཀྱང་ཤིན་ཏུ་འཁྲུགས་ ཤིང་འགྲེལ་པ་གཞན་དང་འདྲེས་པ་ལས། ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་རྒྱ་དཔེ་ལས་ བསྒྱུར་ཞིང་གཏན་ལ་ཕབ་པ། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་བཤད་པ་སློབ་དཔོན་ཡོན་ཏན་བཟང་ པོའི་མཛད་པ། སྨྲྀ་ཏིའི་འགྱུར། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་འགྲེལ་པ་བདུད་རྩི་འཛག་པ་ ཞེས་བྱ་བ་གྲུབ་ཐོབ་བྷ་གོས་མཛད་པ། པཎྜི་ཏ་(ཏ་ར་ཟེར་ར་པཱ་ལ་དང་ལོ་ཙཱ་བ་ལ་མཆིངས་ ཡོན་ཏན་འབར་གྱི་འགྱུར་ལ། ཕྱིས་པཎྜི་ཏ་ཤཱི་ལ་ཀུ་ཛྷ་བཛྲ་དང་ལོ་ཙཱ་བ་ཀློག་སྐྱ་ཤེས་རབ་ བརྩེགས་ཀྱིས་བཅོས་པ་གསུམ་བཞུགས་སོ། ། 7-1-51 ཧེ་རུ་ཀ་དཔལ་རྡོ་རྗེ་བདུད་རྩི་ཡི། ། རྒྱུད་ཀྱི་རྒྱལ་པོའི་རྣམ་བཤད་དྲི་མ་མེད། ། མཁས་གྲུབ་རྣམས་ཀྱིས་མཛད་པ་རྣམ་པ་བཞི། ། ཤིན་ཏུ་ཁྱད་པར་འཕགས་པ་ལེགས་པར་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། རྡོ་རྗེ་བདུད་ རྩིའི་སྐོར་ཏེ་ལེའུ་དྲུག་པའོ།། །། སངས་རྒྱས་ཐོད་པའི་སྐོར་ལ། སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་ཡེ་ཤེས་ལྡན་ པ་ཞེས་བྱ་བ་གྲུབ་ཐོབ་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། སློབ་དཔོན་པདྨ་བཛྲས་མཛད་པའི་སངས་རྒྱས་ཐོད་ པའི་རྒྱུད་ཀྱི་དཀའ་འགྲེལ་དེ་ཁོ་ན་ཉིད་ཀྱི་ཟླ་བ་ཞེས་བྱ་བ་ལས་ལེའུ་གཉིས་པ་ཡན་ཆད་ཇི་ ཙམ་རྙེད་པ་དང༌། སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་མི་འཇིགས་པའི་གཞུང་འགྲེལ་ སློབ་དཔོན་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པ། དིང་རི་ཆོས་གྲགས་ཀྱི་འགྱུར་ཡིན་ནམ་ཟེར་བའི་ འགྱུར་རྙིང་ལ་དཔང་བློ་བརྟན་གྱིས་ཧོར་ཀོང་བསབས་ཤིང་ཞུ་ཆེན་མཛད་པ། བྲམ་ཟེ་ཆེན་ པོ་ས་ར་ཧ་པས་མཛད་པའི་སངས་རྒྱས་ཐོད་པ་ལྷ་ཉི་ཤུ་རྩ་ལྔའི་སྒྲུབ་ཐབས། འབྱུང་པོ་ཐམས་ ཅད་པའི་གཏོར་ཆོག དཀྱིལ་འཁོར་གྱི་ཆོ་ག་རིམ་པ་གསལ་བ་རྣམས་པཎྜི་ཏ་ག་ཡ་དྷ་ར་དང་ ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར་རྣམས་སོ། ། དཔལ་ལྡན་སངས་རྒྱས་ཐོད་པ་ཞེས་བྱ་བའི། ། རྒྱུད་ཀྱི་རྒྱལ་པོའི་རྣམ་བཤད་རྣམ་པ་གསུམ། ། སྒྲུབ་ཐབས་དཀྱིལ་ཆོག་གཏོར་ཆོག་རྣམས་གསུམ་ཏེ། ། ཆོས་སྐོར་དྲི་མ་མེད་པ་དྲུག་བཞུགས་སོ། ། 7-1-52 བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། སངས་རྒྱས་ ཐོད་པའི་སྐོར་ཏེ་ལེའུ་བདུན་པའོ།། །། སངས་རྒྱས་མཉམ་སྦྱོར་གྱི་སྐོར་ལ། སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པ་སངས་རྒྱས་ མཉམ་སྦྱོར་གྱི་རྒྱན་ཞེས་བྱ་བ། སློབ་དཔོན་རབ་ཏུ་དགའ་བའི་རྡོ་རྗེས་མཛད་པ་རྣམས་ བཞུགས་སོ། ། འ་པ་ལ་སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པ་རྒྱུད་ཀྱི་དོན་རྣམ་པར་བཤད་པ་ཞེས་བྱ་ བ་ཨུ་རྒྱན་གྱི་རྒྱལ་པོ་དངོས་གྲུབ་བརྙེས་པ་བརྒྱ་བྱིན་སྡོང་པོས་མཛད་པ། པཎྜི་ཏ་བིདྱཱ་ཀ་ར་ སིདྷ་དང༌། ལྷ་རིན་པོ་ཆེའི་འགྱུར། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ཀྱི་དཀའ་འགྲེལ་སློབ་ དཔོན་ཨིནྡྲ་བྷུ་ཏིས་མཛད་པ། པཎྜི་ཏ་ཤྲཱདྡྷ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་ འགྱུར། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ཇི་སྙེད་པའི་འགྲེལ་པ་ཤེས་རབ་སྣང་བ་ཞེས་བྱ་བ་ ཤློ་ཀ་དྲུག་སྟོང་ལྔ་བརྒྱ་བདུན་ཅུ་པ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་སྨྲྀ་ཏི་ཛྙཱ་ ན་ཀཱིརྟཱིའི་རང་འགྱུར། སངས་རྒྱས་མཉམ་སྦྱོར་གྱི་དཀའ་འགྲེལ་སློབ་དཔོན་རབ་ཞི་བཤེས་ གཉེན་གྱིས་མཛད་པ། པཎྜི་ཏ་ཤྲདྡྷ་ཀ་ར་ཝརྨ་དང༌། དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་རིན་ཆེན་ བཟང་པོའི་འགྱུར། སློབ་དཔོན་ཀུ་ཀུ་རཱ་ཛས་མཛས་པའི་རྡོ་རྗེ་སེམས་དཔའི་གསང་དོན་རྣམ་ པར་དགོད་པ་དང༌། རྣམ་པར་སྣང་མཛད་ཀྱི་གསང་དོན་རྣམ་པར་དགོད་པ་དང༌། ཧེ་རུ་ཀའི་ གསང་དོན་རྣམ་པར་དགོད་པ་དང༌། པདྨ་གར་དབང་གི་གསང་དོན་རྣམ་པར་དགོད་པ་དང༌། རིན་ཆེན་ཉི་མའི་གསང་དོན་རྣམ་པར་དགོད་པ་དང༌། རྟ་མཆོག་རོལ་པའི་གསང་དོན་རྣམ་ པར་དགོད་པ་དང་དྲུག པཎྜི་ཏ་བིདྱཱ་ཀ་ར་སིདྷ་དང༌། ལོ་ཙཱ་བ་ལྷ་རིན་པོ་ཆེའི་འགྱུར། དཀྱིལ་ འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་ལྔ་པ་སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པ། པཎྜི་ ཏ་ཤྲཱི་བཛྲ་ཧ་ས་དང་ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར། སངས་རྒྱས་མཉམ་སྦྱོར་གྱི་དཀྱིལ་ 7-1-53 འཁོར་གྱི་ཆོ་ག་སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པ། པཎྜི་ཏ་གུ་ལེནྡྲ་གུ་དྲ་དང་ལོ་ཙཱ་བ་དྲན་པ་ ནམ་མཁའི་འགྱུར་ལ་ལྷ་རིན་པོ་ཆེས་བཅོས་པ་རྣམས་བཞུགས་སོ། ། ཡ་པ་ལ་(འདི་མན་ཆད་སངས་རྒྱས་མཉམ་སྦྱོར་གྱི་སྐོར་འདི་རྣམས་ལ་ཐེ་ཚོམ་གྱི་གཞི་ཅི་རིགས་པར་སྣང་)སངས་ རྒྱས་མཉམ་སྦྱོར་གྱི་ཚོགས་འཁོར་གྱི་ཆོ་ག་རྒྱལ་པོ་ཨིནྡྲ་བྷུ་ཏིས་མཛད་པ། པཎྜི་ཏ་ཨཱ་ནནྡ་ གརྦྷ་དང༌། ལོ་ཙཱ་བ་དྲན་པ་ནམ་མཁའི་འགྱུར་ལ་ལྷ་རིན་པོ་ཆེས་བཅོས་པ། ཧེ་རུ་ཀའི་སྒྲུབ་ ཐབས་སློབ་དཔོན་ཐུ་བོ་རཱ་ཛ་ཧ་སྟིས་མཛད་པ། ཧེ་རུ་ཀའི་སྒྲུབ་ཐབས་སློབ་དཔོན་ཧཱུྃ་མཛད་ རྡོ་རྗེས་མཛད་པ། པཎྜི་ཏ་བཱིརྱ་ཀ་ར་དང་སིདྷ་དང༌། ལྷ་རིན་པོ་ཆེའི་འགྱུར། སངས་རྒྱས་ མཉམ་སྦྱོར་གྱི་མན་ངག་ཡན་ལག་བཞིའི་དོན་སྣང་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་ཧཱུྃ་ མཛད་གྲགས་པས་མཛད་པ། པཎྜི་ཏ་རྡོ་རྗེ་བཞད་པ་དང༌། རྨ་རིན་ཆེན་མཆོག་གི་འགྱུར། སངས་རྒྱས་མཉམ་སྦྱོར་གྱི་དཀྱིལ་འཁོར་སྒྲུབ་བའི་རིམ་པ་ཞེས་བྱ་བ་སློབ་དཔོན་ཧཱུྃ་མཛད་ རྡོ་རྗེས་མཛད་པ། པཎྜི་ཏ་བིདྱཱ་ཀ་ར་སིདྷ་དང༌། ལོ་ཙཱ་བ་ལྷ་རིན་པོ་ཆེའི་འགྱུར། ཁྲག་འཐུང་ ཆེན་པོའི་སྒྲུབ་ཐབས་ཡང་དག་པར་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཧཱུྃ་མཛད་རྡོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་གནུབས་ནམ་མཁའི་སྙིང་པོའི་འགྱུར། སངས་རྒྱས་མཉམ་སྦྱོར་ གྱི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ལ་བདེ་བ་བསྐྱེད་པ་ཞེས་བྱ་བ་ཁ་ཆེ་རིན་ ཆེན་རྡོ་རྗེས་མཛད་པ། པཎྜི་ཏ་ཡེ་ཤེས་རྡོ་རྗེ་དང་ལོ་ཙཱ་བ་གཉན་བསོད་ནམས་ཀྱི་འགྱུར། རྡོ་ རྗེ་སེམས་དཔའི་སྒྲུབ་ཐབས་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་དང༌། བདེ་བ་ཆེན་པོ་རྡོ་རྗེ་སེམས་ དཔའི་སྒྲུབ་ཐབས་དང༌། རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པའི་ཆོ་ག་སློབ་དཔོན་ཐུ་བོ་རཱ་ཛ་ཧ་ སྟིས་མཛད་པ་རྣམས་བཞུགས་སོ། ། སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བ་ཡི། ། མཁའ་འགྲོ་སྒྱུ་མ་བདེ་མཆོག་རྒྱུད་འགྲེལ་ལྔ། ། 7-1-54 སྒྲུབ་ཐབས་ལ་སོགས་ཆོས་སྐོར་བཅུ་དགུ་སྟེ། ། མཉམ་སྦྱོར་ཆོས་སྐོར་ཉི་ཤུ་རྩ་བཞི་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། སངས་རྒྱས་ མཉམ་སྦྱོར་གྱི་སྐོར་ཏེ་ལེའུ་བརྒྱད་པའོ།། །། སྒྲོལ་མ་རྣལ་འབྱོར་ཆེན་པོའི་རྒྱུད་ལྟར་དུ་བཤད་པ་ལ། སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས་ སློབ་དཔོན་ ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་དྷརྨ་བཛྲ་དང༌། ལོ་ཙཱ་བ་དྷརྨ་རིན་ཆེན་གྱི་འགྱུར། སྒྲོལ་མ་ སྤྱིའི་མངོན་པར་རྟོག་པ་ཞེས་བྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ལྷ་མོ་སྒྲོལ་མ་ལ་ཕྱག་ འཚལ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་ཉི་མ་སྦས་པས་མཛད་པ་དང༌། ཡང་དེའི་ སོ་སོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་སློབ་དཔོན་ཉི་མ་སྦས་པས་མཛད་པ་གཉིས། པཎྜི་ཏ་མཉྫུ་ཤྲཱི་དང་ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་ཀྱི་འགྱུར། སློབ་དཔོན་ཉི་མ་སྦས་པས་ མཛད་པའི་ཕྱག་འཚལ་ཉི་ཤུ་རྩ་གཅིག་མའི་སྒྲུབ་ཐབས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང༌། ལོ་ཙཱ་ བ་བྱམས་པའི་དཔལ་གྱི་འགྱུར། སློབ་དཔོན་དེ་བཞིན་གཤེགས་པའི་སྲུང་བས་མཛད་པ་ཕྲེང་ འཛིན་ལྷ་ལྔའི་སྤྱི་སྒྲུབ། སོ་སོའི་སྒྲུབ་ཐབས་ལ། སྒྲོལ་མ་དཀར་མོ་ལ་བརྟེན་ནས་སྟོང་ཉིད་ བསྒོམ་པ། སྔོན་མོ་ལ་བརྟེན་ནས་ལྟ་བ་ངན་པ་སུན་དབྱུང་བ། སོར་མོ་ལ་བརྟེན་ནས་ཆོམ་ རྐུན་བཅིང་བ། དམར་མོ་ལ་བརྟེན་ནས་ཤེས་རབ་བསྐྱེད་པ། ལྗང་སེར་ལ་བརྟེན་ནས་འཆི་བ་ སླུ་བ་དང་དྲུག་དེ་བཞིན་གཤེགས་པའི་སྲུང་བས་མཛད་ཅིང༌། པཎྜི་ཏ་དེ་ཉིང་ལོ་ཙཱ་བ་ཅོག་གྲུ་ མྱ་ངན་མེད་པའི་དཔལ་གྱི་འགྱུར། སྒྱུ་འཕྲུལ་དྲ་བའི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས། པཎྜི་ ཏ་མཧཱ་ཛ་ན་དང་ལོ་ཙཱ་བ་གཞོན་ནུ་འོད་ཀྱི་འགྱུར། སྒྲོལ་མའི་དཀྱིལ་འཁོར་ལྷ་བཅུའི་སྒྲུབ་ ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། འབྲོག་མི་ལོ་ཙཱའ་བའི་འགྱུར། 7-1-55 ཨུ་རྒྱན་སྒྲོལ་མའི་སྐོར་ལ། འཕགས་མ་གནས་ཀྱི་དབང་ཕྱུག་མའི་སྒྲུབ་ཐབས། མཁའ་འགྲོ་ མ་རྡོ་རྗེ་ལྡན་མས་གསུངས་པ། པཎྜི་ཏ་སཾ་གྷ་མ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་འཇམ་དཔལ་སྒེག་ པའི་རྡོ་རྗེའི་འགྱུར། ཨུ་རྒྱན་སྒྲོལ་མའི་མངོན་རྟོགས་ཀྱི་རིམ་པ་ཞེས་བྱ་བ་དང༌། ཨུ་རྒྱན་སྒྲོལ་ མའི་རིམ་པ་གསང་བ་ལས་ཀྱང་ཆེས་གསང་བ་ཞེས་བྱ་བ་དང༌། ཨུ་རྒྱན་སྒྲོལ་མའི་དཀྱིལ་ འཁོར་དུ་དབང་བསྐུར་བའི་ཆོ་ག་མདོར་བསྡུས་པ། པཎྜི་ཏ་པཱ་ར་ཧེ་ཏས་མཛད་པ་རྣམས། པཎྜི་ཏ་སཾ་གྷ་མ་ཤྲཱི་དང༌། ལོ་ཙཱ་བ་འཇམ་དཔལ་སྒེག་པའི་རྡོ་རྗེའི་འགྱུར། སྒྲོལ་མ་དཔའ་མོ་ གཅིག་མའི་རྣལ་འབྱོར་མའི་སྒྲུབ་ཐབས་དང༌། ཨུ་རྒྱན་སྒྲོལ་མའི་སྒྲུབ་ཐབས་མཁའ་འགྲོ་མ་ རྡོ་རྗེ་ལྡན་མས་གསུངས་པ་གཉིས། པཎྜི་ཏ་པཱ་ར་ཧེ་ཏ་དང་ལོ་ཙཱ་བ་ནག་ཚོ་ཤེས་རབ་རྒྱལ་ མཚན་གྱི་འགྱུར། འདི་སྔར་གྱི་དང་འགྱུར་མི་འདྲ་བའི་ཁྱད་ཆེན་པོ་འདུག་པས་བྲིས། གཏོར་ མའི་ཆོ་ག་ཉུང་ངུ་དང༌། ཞིང་གི་དབང་ཕྱུག་མའི་མཆོད་པའི་རིམ་པ། པཎྜི་ཏ་པཱ་ར་ཧེ་ཏ་དང་ ལོ་ཙཱ་བ་ནག་ཚོ་ཤེས་རབ་རྒྱལ་མཚན་གྱི་འགྱུར། དེ་ཁོ་ན་ཉིད་ཀྱི་ཚིག་ལེའུར་བྱས་པའི་མན་ ངག་དང༌། དེའི་འགྲེལ་པ་སློབ་དཔོན་སུ་ཛ་ཡ་ཤྲཱི་བྷ་དྲས་མཛད་པ་གཉིས། པཎྜི་ཏ་པཱ་ར་ཧེ་ཏ་ དང་ལོ་ཙཱ་བ་ནག་ཚོ་ཤེས་རབ་རྒྱལ་མཚན་གྱི་འགྱུར། འདི་མ་ཧཱ་མཱ་ཡའི་རྫོགས་རིམ་དེ་དང་ ཆ་འདྲ་བར་འདུག་ནའང༌། ནག་ཚོའི་ལུགས་ལ། ཨུ་རྒྱན་སྒྲོལ་མའི་རྫོགས་རིམ་དུ་བཞེད་དོ། ། རྡོ་རྗེ་དྲིལ་བུའི་མཚན་ཉིད་དང༌། ཐོད་པ་མཆོད་པའི་ཆོ་ག་གཉིས། པཎྜི་ཏ་པཱ་ར་ཧེ་ཏ་དང་ལོ་ ཙཱ་བ་ནག་ཚོ་ཤེས་རབ་རྒྱལ་མཚན་གྱི་འགྱུར། འདི་རྣམས་ཨུ་རྒྱན་སྒྲོལ་མའི་ཆོས་སྐོར་དུ་མཛད་དོ། །རྨི་ལམ་སྒྲོལ་མའི་སྒྲུབ་ཐབས་སློབ་ དཔོན་ཟླ་བའི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་སུ་ག་ཏ་ཤྲཱི་དང༌། ལོ་ཙཱ་བ་བྱམས་པའི་ དཔལ་གྱི་འགྱུར། སྒྲོལ་མའི་འཆི་ཁའི་མན་ངག་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པ། དེ་ཉིད་དང་ ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཐམས་ 7-1-56 ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་བྱམས་པའི་ དཔལ་གྱི་འགྱུར། སྒྲོལ་མའི་སྒྲུབ་ཐབས་བསྡུས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སྒྲོལ་ མའི་སྒྲུབ་ཐབས་ཁ་ཆེ་པཎ་ཆེན་གྱིས་མཛད་པ། དཔྱལ་པདྨོ་ཅན་གྱི་འགྱུར། རྡོ་རྗེ་འཕགས་ མོ་སྒྲོལ་མའི་བསྟོད་པ་པཎྜི་ཏ་ཟླ་བ་གྲགས་པས་མཛད་པ་ཅིག་ཀྱང་ཡོད། སྒྲོལ་མའི་བསྟོད་ པ་ཚིག་རྐང་བཅུ་གཉིས་པ། རལ་གཅིག་མའི་སྒྲུབ་ཐབས་རྟག་པའི་རྡོ་རྗེས་མཛད་པ། སྒྲོལ་ མའི་གཏོར་ཆོག་བསྡུས་པ། སྒྲོལ་མ་རལ་གཅིག་མའི་བློ་འཕེལ་རྟག་པའི་རྡོ་རྗེས་མཛད་པ་ གསུམ། དཱ་ན་ཤཱི་ལའི་རང་འགྱུར། རལ་གཅིག་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་རོལ་ པའི་སྦས་པས་མཛད་པ། པཎྜི་ཏ་དཱ་ན་ཤཱི་ལའི་རང་འགྱུར། རལ་གཅིག་མ་དམར་མོའི་སྒྲུབ་ ཐབས་ཀུན་སྤངས་རྡོ་རྗེ་ཞེས་པས་མཛད་པ། པཎྜི་ཏ་མི་དབང་བཟང་པོ་དང༌། ལེགས་པའི་བློ་ གྲོས་ཀྱི་འགྱུར། རལ་གཅིག་མ་དམར་མོའི་བྱིན་རླབས་ཀྱི་ཆོ་ག་ནག་པོ་སྤྱོད་པ་པས་མཛད་ པ། པཎྜི་ཏ་མི་དབང་བཟང་པོ་དང༌། གཞོན་ནུ་ཤེས་རབ་ཀྱི་འགྱུར། མཆོག་གི་སྒྲོལ་མ་རལ་ གཅིག་མའི་སྒྲུབ་ཐབས་པཎྜི་ཏ་དཱ་ན་ཤཱི་ལ་དང༌། ཁུ་རྣལ་འབྱོར་བའི་འགྱུར། སྒྲོལ་མ་ལྷ་ལྔའི་ སྒྲུབ་ཐབས་རིན་པོ་ཆེ་གསལ་བ་ཞེས་བྱ་བ་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། པཎྜི་ཏ་ རཏྣ་ད་ཏི་དང༌། ལོ་ཙཱ་བ་རྨ་བན་གྱི་འགྱུར། ཐུགས་རྗེ་སྒྲོལ་མའི་སྒྲུབ་ཐབས་དངོས་གྲུབ་ཕྲེང་ བ་ཞེས་བྱ་བ་སློབ་དཔོན་རྟག་པའི་རྡོ་རྗེས་ མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། བ་རི་ལོ་ཙཱའ་བའི་འགྱུར། སྒྲོལ་མའི་ནང་གི་ གཏོར་ཆོག་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་དང༌། ཕྱིར་བཟློག་གི་འཁོར་ལོ་དང༌། སྒྲོལ་མ་ གསང་སྒྲུབ་རྟག་པའི་རྡོ་རྗེས་མཛད་པ་རྣམས། པཎྜི་ཏ་རཏྣ་ད་ཏི་དང༌། རྨ་བན་ཆོས་འབར་གྱི་ འགྱུར། ཐུགས་རྗེ་སྒྲོལ་མ་ལས་སྣ་ཚོགས་ཀྱི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་ པ། ཁྭ་གདོང་མ་སྲང་མདའ་ནག་མོ་ཞེས་བྱ་བ་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། སྒྲོལ་ 7-1-57 མའི་མན་ངག་མེ་ལོང་དྭངས་པ་ཞེས་བྱ་བ། རྨ་དང༌། བ་རི་བའི་འགྱུར། དེ་རྣམས་སྒྲོལ་མ་ རྣལ་འབྱོར་བླ་མེད་དུ་བཀྲལ་བའི་སྐོར་རྣམས་སོ། ། མ་རྒྱུད་སྤྱི་དང་འབྲེལ་བ་ལ་ཨུ་རྒྱན་གྱི་རྣལ་འབྱོར་པ་དང༌། རྣལ་འབྱོར་མའི་རང་འབྱུང་ གི་དུར་ཁྲོད་ཀྱི་རྟོག་པ་ཞེས་བྱ་བ་བིརྦ་པས་མཛད་པ་ལས་བཏུས་པ། པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་ འགྱུར། སློབ་དཔོན་དོན་ཡོད་རྡོ་རྗེས་མཛད་པའི་རྗེས་ཆགས་ཀྱི་སྦྱོར་བས་དེ་ཁོ་ན་ཉིད་ཀྱི་ རྣལ་འབྱོར་ལ་འཇུག་པའི་མན་ངག་ཅེས་བྱ་བ་དང༌། ལས་ཀྱི་ཕྱག་རྒྱ་བརྟག་པའི་མན་ངག་ གཉིས། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། བྱང་ཆུབ་སེམས་བདེ་བ་ ཆེན་པོའི་མན་ངག་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་ འགྱུར། དབང་ཆོས་རྟེན་འབྲེལ་འགྲོ་ལྡོག་ནཱ་རོ་པས་མཛད་པ། བླ་མ་ཏེ་པུ་པ་དང་རྨ་བན་གྱི་ འགྱུར། སློབ་དཔོན་ངག་དབང་གྲགས་པས་མཛད་པའི་འཆི་བ་བླུ་བའི་མན་ངག་ཤློ་ཀ་སུམ་ བརྒྱ་དྲུག་ཅུ་པ། ཇོ་བོ་རྗེ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འདི་ཕྱི་ནང་གི་རྒྱུད་དུ་ མ་དང་འབྲེལ་ཡང་ཁྱད་པར་མ་རྒྱུད་རྡོ་རྗེ་མཁའ་འགྲོ་དང་གདན་བཞི་དང་འབྲེལ་པར་སྣང་ བས་འདིར་བཀོད་དོ། །རྨི་ལམ་བརྟག་པ་བི་བྷུ་ཏི་ཙནྟྲའི་རང་འགྱུར། མ་རྒྱུད་ཀྱི་ཕྱོགས་དང་ མཐུན་པ་མགོན་པོ་ནག་པོའི་སྐོར་ལ། ནག་པོ་ཆེན་པོའི་རྒྱུད་དྲག་པོའི་བརྟག་པ་དུར་ཁྲོད་ ཆེན་པོ་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་དང༌། ནག་པོ་ཆེན་པོའི་ དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འབྱུང་གནས་ཞེས་བྱ་བ་དང༌། སྦྱིན་སྲེག་གི་ཆོ་ ག་ཡེ་ཤེས་ཀྱི་མེ་སྦར་བ་དང་གཉིས། པཎྜི་ཏ་ས་མནྟ་ཤྲཱིས་མཛད་པ། དེ་ཉིད་དང་རྭ་ཆོས་ རབ་ཀྱི་འགྱུར། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་དང༌། མགོན་པོ་བྱ་རོག་གདོང་ཅན་གྱི་ནང་སྒྲུབ་དང་གཉིས། པཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔྟ་དང༌། ལོ་ ཙཱ་བ་རྩ་མི་སངས་རྒྱས་གྲགས་ཀྱི་འགྱུར། ནག་པོ་ཆེན་པོའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ 7-1-58 ཀྱིས་མཛད་པ། བྱིན་གྱིས་བརླབ་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་ཤ་བ་རི་པས་མཛད་པ། ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག བྲམ་ཟེ་མཆོག་སྲེད་ཀྱིས་མཛད་ པ། པཎྜི་ཏ་ནག་པོ་རོ་འཛིན་དང༌། གྱི་ལྗང་དབུ་དཀར་བའི་འགྱུར། མགོན་པོ་ནག་པོའི་སྒྲུབ་ ཐབས་སློབ་དཔོན་བསོད་སྙོམས་པས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་པྲཛྙཱ་ ཀཱིརྟིའི་འགྱུར། ནག་པོ་ཆེན་པོའི་གཏོར་ཆོག་དཱི་པཾ་ཤྲཱི་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། དེ་ཉིད་དང་ འབྲོམ་སྟོན་པའི་འགྱུར། ལྷ་མོ་ནག་མོའི་སྒྲུབ་ཐབས་ལོ་ཀ་ཤྲཱིའི་འགྱུར། ལྷ་མོ་དམག་ཟོར་ གྱི་མན་ངག་ཨཱ་ཙརྱ་དམར་པོ་ཞབས་ཀྱིས་མཛད་པ། ཡང་ནག་པོ་ཆེན་པོའི་སྒྲུབ་ཐབས་ཆ་ གཉིས་(འདི་མ་ཚང་)རྣམས་བཞུགས་སོ། ། སྒྲོལ་མ་བླ་མེད་སྐོར་ལ་བཞི་བཅུ་དྲུག ། མ་རྒྱུད་སྤྱི་དང་འགྲེལ་ལ་རྣམ་པ་བདུན། ། མགོན་པོ་ནག་པོའི་སྐོར་ལ་བཅུ་བཞི་སྟེ། ། དྲིལ་བས་ཆོས་སྐོར་དྲུག་ཅུ་རྩ་བདུན་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། སྒྲོལ་མ་ལ་ སོགས་ཀྱི་སྐོར་གྱི་ལེའུ་སྟེ་དགུ་པའོ།། །། རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་གསང་བ་འདུས་པའི་སྐོར་ལ། དང་པོ་འཕགས་པ་ཀླུ་ སྒྲུབ་ཀྱི་རྗེས་སུ་འབྲང་བའི་འཕགས་སྐོར་ལ། ར་པ་ལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་ ཟེར་བའི་ལེའུ་བཅུ་བདུན་པ་ཡན་ཆད་མནྟྲ་ཀ་ལ་ཤུའི་རང་འགྱུར། ལེའུ་བཅོ་བརྒྱད་པ་གཞོན་ ནུ་བུམ་པའི་རང་འགྱུར་གཉིས་བཞུགས། འགྲེལ་པ་འདི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་མ་ མཛད་རྩོད་པ་ཅན་དུ་འདུག་ནའང༌། བོད་མ་མ་ཡིན་པར་འདུག་ཅིང༌། མཚན་བཟང་པོ་ལ་ 7-1-59 གཡར་འདུག་པའི་དོན་ལ་དབུ་རུ་བཞུགས་སུ་བཅུག་པ་ཡིན་ནོ། །དཔལ་གསང་བ་འདུས་ པའི་འགྲེལ་པ་སྒྲོན་མ་གསལ་བ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་སློབ་དཔོན་ཟླ་བ་གྲགས་པས་ མཛད་པ། པཎྜི་ཏ་ཤྲདྡྷ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ལ། འགོས་ཀྱི་ གཡར་ཁྲལ་ཅུང་ཟད་འཚལ་བ་དང༌། དཔལ་གསང་བ་འདུས་པའི་སྦྱོར་བ་ཡན་ལག་དྲུག་ པའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། པཎྜི་ཏ་ཤྲཱདྡྷཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་ རིན་ཆེན་བཟང་པོའི་འགྱུར་རྣམས་བཞུགས་སོ། ། ལ་པ་ལ་སྒྲོན་མ་གསལ་བ་མདོར་བཤད་པའི་ས་གཅོད་སྙིང་གི་མེ་ལོང་ཞེས་བྱ་བ། མཁས་པ་ཀུ་མཱ་རས་མཛད་པ། པཎྜི་ཏ་གཞོན་ནུ་བུམ་པ་དང་ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། སྒྲོན་མ་གསལ་བའི་དཀའ་བ་བཏུས་པའི་འགྲེལ་པ་ཞེས་བྱ་བ། སློབ་དཔོན་ལེགས་ལྡན་ འབྱེད་ཀྱིས་མཛད་པ། པཎྜི་ཏ་རྒྱལ་བ་མཆོག་དང་ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། རྒྱུད་ཀྱི་དགོངས་པ་ལུང་སྟོན་གྱི་ནང་གི་རྡོ་རྗེ་བཟླས་པའི་རྒྱ་ཆེར་བཤད་པ་ཞེས་བྱ་བ་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་བྱུང་བའི་རྒྱན་བདུན་རྣམ་པར་དགྲོལ་བ་དང་ གཉིས་ཤྲདྡྷ་ཀ་ར་ཝརྨས་མཛད་པ། དེ་ཉིད་དང་རིན་ཆེན་བཟང་པོའི་འགྱུར། སྒྲོན་གསལ་གྱི་ ཊཱིཀྐ་དགོངས་པ་རབ་གསལ་ཞེས་བྱ་བ། སློབ་དཔོན་བྷ་བྱ་ཀཱིརྟིའི་ཞལ་སྔ་ནས་མཛད་པ་ཤློ་ ཀ་སྟོང་ཕྲག་བཅུ་དྲུག་པ། པཎྜི་ཏ་ཀུ་མཱ་རའི་རང་འགྱུར་རྣམས་བཞུགས་སོ། ། ཤ་པ་ལ་དཔལ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ་ཟབ་ མོའི་དོན་གྱི་འགྲེལ་པ་ཞེས་བྱ་བ་པཎྜི་ཏ་ཨཱ་ལཾ་ཀ་ཀ་ལ་ཤས་མཛད་པ། པཎྜི་ཏ་དེ་ཉིད་དང་ སྟེང་པ་ལོ་ཙཱ་བས་བསྒྱུར་བ་ལས། ལེའུ་བཞི་བཅུ་རྩ་བཞི་པའི་ཕྱེད་ཡན་ཆད་ཀྱི་འགྲེལ་པ་ ཇི་ཙམ་རྙེད་པ་བཞུགས་སོ། །འདིའི་འཕྲོ་ད་རུང་དུ་ཡང་བཙལ་བར་བྱའོ། །སྒྲོན་གསལ་གྱི་ བཤད་སྦྱར་པཎྜི་ཏ་ཆེན་པོ་ཐུགས་རྗེ་དཔལ་ཞབས་ཀྱི་ཞལ་སྔ་ནས་མཛད་པ། ལོ་ཙཱ་བ་བུ་ 7-1-60 སྟོན་གྱི་འགྱུར། དེ་ལྟར་རྒྱུད་འགྲེལ་གྱི་སྐོར་རྣམས་བཀོད་ནས། ད་ནི་སྒྲུབ་ཐབས་དཀྱིལ་ ཆོག་མན་ངག་ལ་སོགས་པའི་སྐོར་ལ། སྒྲུབ་པའི་ཐབས་མདོར་བྱས་པ་སློབ་དཔོན་ཀླུ་སྒྲུབ་ ཀྱིས་མཛད་པ། པཎྜི་ཏ་ཤྲཱདྡྷཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། སྒྲུབ་བའི་ ཐབས་མདོ་དང་བསྲེས་པ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་བྷ་ དྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་སློབ་དཔོན་ཀླུ་ སྒྲུབ་ཀྱིས་མཛད་ཟེར་བ། པཎྜི་ཏ་སུ་བྷཱ་ཤྲཱི་ཏ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དབང་ བཞི་པའི་རབ་ཏུ་བྱེད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཤཱནྟི་གརྦྷ་དང་ལོ་ཙཱ་བ་ འགོས་ལྷས་བཙས་ཀྱི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱི་མཛད་པའི་བྱང་ཆུབ་སེམས་ཀྱི་འགྲེལ་ པ་ཚིགས་བཅད་མ། པཎྜི་ཏ་གུ་ཎ་ཨཱ་ཀཱ་ར་དང་ལོ་ཙཱ་བ་རབ་ཞི་བཤེས་གཉེན་གྱི་འགྱུར་ལ། ཕྱིས་པཎྜི་ཏ་ཀ་ན་ཀ་ཝརྨ་དང་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་པ། བྱང་ཆུབ་སེམས་འགྲེལ་ ལྷུག་པ་མ་པཎྜི་ཏ་ཛ་ཡ་ཨཱ་ནནྡ་དང༌། ལོ་ཙཱ་བ་ཁུ་མདོ་སྡེ་འབར་གྱི་འགྱུར་རྣམས་བཞུགས་སོ། ། ས་པ་ལ་རྫོགས་རིམ་རིམ་པ་ལྔ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཤྲཱདྡྷཱ་ཀ་ ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ལ། ཡང་པཎྜི་ཏ་ཀ་མ་ལ་གུཔྟ་དང༌། ལོ་ཙཱ་ བ་རིན་ཆེན་བཟང་པོས་བཅོས་པ། རིམ་ལྔའི་དོན་འགྲེལ་སྤྱོད་པ་བསྡུས་པའི་སྒྲོན་མ་སློབ་ དཔོན་ཨཱརྱ་དེ་བས་མཛད་པ། པཎྜི་ཏ་ཤྲདྡྷ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་ འགྱུར་ཤློ་ཀ་སྟོང་སུམ་བརྒྱ་པ། སེམས་ལ་དམིགས་པའི་རིམ་པའི་དོན་འགྲེལ་སེམས་ཀྱི་ སྒྲིབ་པ་སྦྱོང་བའི་རབ་ཏུ་བྱེད་པ་ཞེས་བྱ་བ་འཕགས་པ་ལྷས་མཛད་པ། པཎྜི་ཏ་ཛྙཱ་ན་ཀ་ར་དང་ ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྒྱུ་ལུས་ཀྱི་དོན་འགྲེལ་བདག་བྱིན་གྱིས་བརླབ་པའི་ རིམ་པ་ཞེས་བྱ་བ་དང༌། འོད་གསལ་གྱི་དོན་འགྲེལ་མངོན་པར་བྱང་ཆུབ་པའི་རིམ་པ་ཞེས་བྱ་ 7-1-61 བ་གཉིས། སློབ་དཔོན་ཨཱརྱ་དེ་བས་མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་ བཟང་པོའི་འགྱུར། གསང་བ་འདུས་པའི་རོ་སྲེག་གི་ཆོ་ག་སློབ་དཔོན་ཨཱརྱ་དེ་བས་མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་ཨཱརྱ་དེ་བས་མཛད་ ཟེར་བའི་ཡ་ར་ལ་ཧ་ལ་སོགས་ཚུལ་བཞིར་བཤད་པ། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་ པ་བསྐྱེད་རིམ་རྣམ་གཞག་རིམ་པ། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་དཀྱིལ་འཁོར་ གྱི་ཆོ་ག་ཉི་ཤུ་པ་པཎྜི་ཏ་ཐིག་ལེ་བུམ་པ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར། ཡང་ དཀྱིལ་ཆོག་དེ་ཉིད། པཎྜི་ཏ་ནིསྐཱ་ལཾ་ཀ་དང་ལོ་ཙཱ་བ་དཔྱལ་ཆོས་ཀྱི་བཟང་པོའི་འགྱུར་ཅིག་ ཀྱང་ཡོད་དེ་འདི་རྣམས་བཞུགས་སོ། ། ལས་ཀྱི་མཐའ་རྣམ་པར་འབྱེད་པ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ། པཎྜི་ཏ་མ་ ཎི་ཀ་ཤྲཱི་ཛྙཱ་ན་དང༌། པཎྜི་ཏ་དེ་ཝེནྡྲ་དང་ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་གྱི་འགྱུར། རིམ་ལྔའི་ འགྲེལ་པ་རིམ་པ་ལྔའི་ཁོངས་སུ་བསྡུ་བ་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ། པཎྜི་ཏ་ཨཱ་ལཾ་ཀ་ཀ་ལ་ཤ་དང༌། ལོ་ཙཱ་བ་ཉི་མ་གྲགས་ཀྱི་འགྱུར། སློབ་དཔོན་ཟླ་བ་གྲགས་ པས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ་ཤློ་ཀ་རྐང་པ་དང་བཅས་པའི་བརྒྱ་ ཕྲག་གཉིས་པ། པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ་དང་ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར་གྱི་འགྱུར་ ལ། སླད་ཀྱི་པཎྜི་ཏ་དཱི་པཾ་ཀ་ར་རཀྵི་ཏ་དང༌། བ་རི་ལོ་ཙཱ་བས་བཅོས་པ། གསང་བ་འདུས་པའི་ མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཞེས་བྱ་བ་སློབ་དཔོན་ཟླ་བ་གྲགས་པས་མཛད་ ཟེར་བ་འདི་ནི་ཐེ་ཚོམ་གྱི་གཞི་ཅིག་སྣང་ངོ༌། །གསང་འདུས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཤློ་ཀ་ ཕྱེད་དང་བརྒྱད་བརྒྱ་པ་སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། གསང་ བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ནག་པོ་པས་མཛད་པ། པཎྜི་ཏ་དེ་ཉིད་དང་ 7-1-62 ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། རྡོ་རྗེ་སེམས་དཔའ་མཆོད་པའི་ཆོ་ག་སློབ་དཔོན་ནག་ པོ་པས་མཛད་པ། དེ་ཉིད་དང་འགོས་ལྷས་བཙས་ཀྱི་འགྱུར། གཏོར་མའི་ཆོ་ག་སློབ་དཔོན་ ནག་པོ་པས་མཛད་པ། ནག་པོ་པས་མཛད་པའི་རབ་གནས་འགོས་ཀྱི་འགྱུར། རྡོ་རྗེ་འཆང་ ཆེན་པོའི་ལམ་གྱི་རིམ་པ་སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་ བྷ་དྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། གསང་བ་འདུས་པའི་གཏོར་ཆོག་ཟ་ཧོར་གྱི་ མཁས་པ་ཤཱནྟ་དེ་བས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་འགོས་ཀྱི་འགྱུར། གསང་བ་ འདུས་པའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་རབ་འཇིགས་རྡོ་རྗེས་མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་ ཝརྨ་དང༌། དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་རོ། ། ད་ནི་སྒྲུབ་སྐོར་དེ་དག་གི་འགྲེལ་པའི་སྐོར་ལ། སྒྲུབ་ཐབས་མདོར་བྱས་ཀྱི་འགྲེལ་པ་ རིན་ཆེན་ཕྲེང་བ་ཞེས་བྱ་བ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཀརྨ་ བཛྲའི་རང་འགྱུར། སྒྲུབ་པའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་ཛྙཱ་ན་བཛྲས་མཛད་པ། པཎྜི་ཏ་ ཀུ་མཱ་ར་དང་ལྷ་བཙུན་པའི་འགྱུར། བྱང་ཆུབ་སེམས་འགྲེལ་གྱི་རྣམ་བཤད་སྨྲྀ་ཏིས་མཛད་ པ། པཎྜི་ཏ་དེ་ཉིད་ཀྱི་འགྱུར། སྒྲུབ་ཐབས་མདོར་བྱས་དང་རིམ་ལྔ་གཉིས་ཀའི་འགྲེལ་པ་ སློབ་དཔོན་བྷ་བྱ་ཀཱིརྟིས་མཛད་པ། པཎྜི་ཏ་རྒྱལ་བ་མཆོག་དང་ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས་ཀྱི་ འགྱུར། རིམ་ལྔའི་བཤད་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཀླུ་བྱང་གི་མཛད་ཟེར་བ། པཎྜི་ཏ་ཀརྨ་བཛྲ་དང་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། འདི་སློབ་དཔོན་ཀླུ་བྱང་གིས་མཛད་མ་མཛད་ཐེ་ཚོམ་ཟ་བར་འདུག་ཀྱང༌། རྒྱ་གར་གྱི་ པཎྜི་ཏས་བྱས་པར་འདུག་པས་བྲིས་པ་རྣམས་བཞུགས་སོ། ། ཧ་པ་ལ་རིམ་ལྔའི་འགྲེལ་པ་ནག་པོ་དམ་ཚིག་རྡོ་རྗེས་མཛད་པ། པཎྜི་དེ་ཉིད་དང་ལོ་ ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། རིམ་ལྔའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་སློབ་ 7-1-63 དཔོན་བརྩོན་འགྲུས་བཟང་པོས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཤེས་རབ་བརྩོན་ འགྲུས་ཀྱི་འགྱུར། རིམ་ལྔའི་དགོངས་འགྲེལ་ཟླ་བའི་འོད་ཟེར་ཞེས་བྱ་བ་སློབ་དཔོན་ཨ་བྷ་ ཡཱ་ཀཱ་ར་གུཔྟས་མཛད་པ། བི་བྷུ་ཏི་ཙནྡྲས་རང་འགྱུར་དུ་མཛད་པའི་བར་གྱི་ཧོར་ཀོང་ལོ་ཙཱ་བ་ བུ་སྟོན་གྱིས་བསབས་པ་དང་བཅས་པའོ། །རིམ་ལྔའི་འགྲེལ་པ་རྣལ་འབྱོར་པའི་ཡིད་འཕྲོག་ ཅེས་བྱ་བ་པཎྜི་ཏ་ཐུབ་པ་དཔལ་བཟང་པོས་མཛད་པ། ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱི་ འགྱུར། སྤྱོད་བསྡུས་སྒྲོན་མའི་བཤད་པ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། སློབ་ དཔོན་ཟླ་བ་གྲགས་པས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པ་ཏ་ཐཱ་ག་ཏ་ རཀྵི་ཏས་མཛད་པ། དཱི་པཾ་ཀ་ར་རཀྵི་ཏ་དང་ཁམས་པ་བ་རི་ལོ་ཙཱ་བའི་འགྱུར། སྒྲུབ་ཐབས་ མདོར་བྱས་ཀྱི་དཀའ་འགྲེལ། པཎྜི་ཏ་བི་བྷུ་ཏི་ཙནྡྲས་མཛད་པ། བོད་ཀྱི་ལོ་ཙཱ་བ་བུ་སྟོན་གྱིས་ བསྒྱུར་བ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པ་ལི་ལ་བཛྲས་མཛད་པ་ལོ་ཙཱ་བ་བུ་ སྟོན་གྱིས་བསྒྱུར་བ་སྟེ། དེ་ལྟར་འཕགས་སྐོར་ལ་འགྲེལ་པ་བཅུ་གཉིས་དང༌། སྒྲུབ་ཐབས་ལ་ སོགས་ཀྱི་སྐོར་བཞི་བཅུ་སྟེ། ཆོས་སྐོར་ལྔ་བཅུ་ང་གཉིས་རྣམས་བཞུགས་སོ། །སློབ་དཔོན་ ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བའི་གསང་བ་འདུས་པའི་རྒྱུད་ཀྱི་སྐོར་ལ། སྤྱྀ་རྒྱུད་ཀྱི་ འགྲེལ་པའི་སྐོར་ལ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ལེའུ་བཅོ་བརྒྱད་པའི་ཕྱེད་ཀྱི་རྩ་ བའི་རྒྱུད་རྫོགས་པའི་འགྲེལ་པ་མན་ངག་གཏན་ལ་དབབ་པ་ཞེས་ཀྱང་བྱ། སློབ་མ་ལ་ཕན་ པ་ཞེས་ཀྱང་བྱ། སློབ་དཔོན་རབ་ཏུ་ཞི་བའི་ཡེ་ཤེས་ཀྱིས་མཛད་པ། འདི་སློབ་དཔོན་ཡེ་ཤེས་ ཞབས་ཀྱི་དངོས་སློབ་ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པའི་གང་ཟག་བཞིའི་ཡ་གྱལ་རབ་ཏུ་ ཞི་བའི་བཤེས་གཉེན་དང་གཅིག་མི་གཅིག་དཔྱད་དོ། །ལེའུ་བཅོ་བརྒྱད་པའི་ཕྱེད་ཀྱི་རྩ་བའི་ རྒྱུད་རྫོགས་པ་མན་ཆད་ཀྱི་འགྲེལ་པ་སློབ་དཔོན་བི་ཤྭ་མི་ཏྲས་མཛད་པ་རྣམས་བཞུགས་སོ། ། 7-1-64 ཨ་པ་ལ་གསང་འདུས་རྒྱུད་ཕྱི་མ་དང་བཅས་པའི་འགྲེལ་པ་སློབ་དཔོན་ཐ་ག་ནས་ མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང་དྷརྨ་བཛྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། གསང་འདུས་རྩ་རྒྱུད་ལེའུ་བཅུ་བདུན་པའི་འགྲེལ་པ་རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ་སློབ་ དཔོན་ཆེན་པོ་ཙེ་ལུ་པས་མཛད་པ། པཎྜི་ཏ་ཀ་མ་ལ་གུ་ཧྱ་དང་ལོ་ཙཱ་བ་མངའ་བདག་ལྷ་ཡེ་ ཤེས་རྒྱལ་མཚན་གྱི་འགྱུར། གསང་འདུས་རྩ་རྒྱུད་ལེའུ་བཅུ་བདུན་པ། རྒྱུད་ཕྱི་མ་ལེའུ་བཅོ་ བརྒྱད་པ་དང་བཅས་པའི་འགྲེལ་བ། སློབ་དཔོན་སྨན་པའི་བུ་རྒྱལ་བས་བྱིན་གྱིས་མཛད་པ་ རྣམས་བཞུགས་སོ། ། ཀི་པ་ལ་གསང་འདུས་ལེའུ་བཅུ་བདུན་པའི་འགྲེལ་པ་དཔལ་གསང་བ་འདུས་པའི་རྒྱན་ ཞེས་བྱ་བ་དྲི་མེད་སྦས་པས་མཛད་པ། པཎྜི་ཏ་པུ་ནྱ་ཤྲཱི་མི་ཏྲ་དང་ལོ་ཙཱ་བ་དར་མ་གྲགས་ཀྱི་ འགྱུར། ལེའུ་བཅོ་བརྒྱད་པའི་འགྲེལ་པ་སློབ་དཔོན་ཟླ་བའི་འོད་ཀྱིས་མཛད་པ། པུ་ནྱ་ཤྲཱི་དང་ དར་མ་གྲགས་ཀྱི་འགྱུར། ཡང་དག་རིག་བྱེད་ཅེས་བྱ་བ་རྒྱུད་ཕྱི་མའི་རྣམ་པར་བཤད་པ་སློབ་ དཔོན་སྨན་པའི་ཞབས་ཀྱིས་མཛད་པ། པཎྜི་ཏ་ཀ་མ་ལ་གུ་ཧྱ་དང་ལོ་ཙཱ་བ་མངའ་བདག་ལྷ་ ཡེ་ཤེས་རྒྱལ་མཚན་གྱི་འགྱུར། གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་ བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་ཤཱནྟ་བཛྲ་དང་ལོ་ཙཱ་བ་འགོས་ ལྷས་བཙས་ཀྱི་འགྱུར། འདི་ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བྱ་བའི་དམིགས་བསལ་མི་ འདུག་ནའང༌། ལྷའི་སྐྱེད་ཆོག་ལ་སོགས་ཡེ་ཤེས་ཞབས་ཀྱི་ལུགས་དང་མཐུན་པར་བྱུང་ཞིང༌། སྔར་གྱི་མཁས་པ་དག་གིས་ཀྱང་ཡེ་ཤེས་ཞབས་ལུགས་ཀྱི་ཕྱོགས་སུ་བྲིས་འདུག་པས་འདིར་ ཡང་དེ་བཞིན་དུ་བྲིས་སོ། །དེ་ལྟར་རྒྱུད་སོ་སོའི་འགྲེལ་པ་རྣམས་བཀོད་ནས། སྤྱིའི་མན་ངག་ ལ་སོགས་པའི་སྒྲུབ་སྐོར་ལ། ཁི་པ་ལ་རིམ་པ་གཉིས་པ་ཞེས་བྱ་བའི་དེ་ཁོ་ན་ཉིད་བསྒོམ་པའི་ཞལ་གྱི་ལུང༌། འཇམ་ 7-1-65 དཔལ་ཞལ་ལུང་ཆེན་མོར་གྲགས་པ་སངས་རྒྱས་དཔལ་ཡེ་ཤེས་ཞབས་ཀྱིས་བསྡུས་པ། པཎྜི་ ཏ་ཀ་མ་ལ་གུ་ཧྱ་དང་ལོ་ཙཱ་བ་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། ཞལ་ལུང་ཆུང་བ་སངས་ རྒྱས་ཡེ་ཤེས་ཞབས་ཀྱིས་བསྡུས་པ་དང༌། སྒྲུབ་ཐབས་ཀུན་ཏུ་བཟང་པོ་ཞེས་བྱ་བ་སངས་ རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ་དང་གཉིས། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ ཆེན་བཟང་པོའི་འགྱུར། བསྙེན་སྒྲུབ་ཡན་ལག་བཞིའི་སྒྲུབ་ཐབས་ཀུན་ཏུ་བཟང་མོ་ཞེས་བྱ་ བ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ཧེ་རུ་ཀའི་ སྒྲུབ་ཐབས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། དེའི་རང་འགྲེལ། འདི་ གསུམ་ལ་སྒྲུབ་པའི་ཐབས་ཀུན་ཏུ་བཟང་མོ་གསུམ་ཞེས་ཟེར་རོ། །གྲོལ་བའི་ཐིག་ལ་སངས་ རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། པཎྜི་ཏ་ཀ་མ་ལ་གུ་ཧྱ་དང༌། ལོ་ཙཱ་བ་ལྷ་ཡེ་ཤེས་རྒྱལ་ མཚན་གྱི་འགྱུར། བདག་སྒྲུབ་པ་ལ་འཇུག་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ མཛད་པ། པཎྜི་ཏ་ཤཱནྟ་བྷ་ཏྲ་དང་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། ཆུ་སྦྱིན་དབང་པོའི་ སྒྲུབ་ཐབས་གཉིས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། པཎྜི་ཏ་ཛ་ཡ་སེ་ ནཱ་དང་ལོ་ཙཱ་བ་དར་མ་ཡོན་ཏན་གྱི་འགྱུར། ཕྱི་མ་བུད་དྷ་ཀ་ར་བྷ་ཏྲ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་ རབ་ཀྱི་འགྱུར་དུ་ཡོད། སྦྱིན་སྲེག་གི་ཆོ་ག་ཀུན་ཏུ་བཟང་པོ་དང༌། གཏོར་ཆོག་མི་ནུབ་པའི་ སྒྲོན་མ་དང༌། ཚོགས་འཁོར་གྱི་འཁོར་ལོ་སྣ་ཚོགས་འཁོར་ལོ་དང༌། རིན་པོ་ཆེ་འབར་བ་དང༌། རྩ་བའི་ཡེ་ཤེས་ཆེན་པོ་དང༌། ཚིགས་སུ་བཅད་པའི་མཛོད་དང༌། བྱང་ཆུབ་སེམས་ཀྱི་ཐིག་ལེ་ དང༌། བཀྲ་ཤིས་ཀྱི་རྣམ་བཤད་ཆེན་པོ་དང༌། རྒྱུད་ཀྱི་རྣམ་བཤད་དང༌། དཀྱིལ་འཁོར་ཆོ་ག་ ཉིས་བརྒྱ་ལྔ་བཅུ་པ་རྣམས་ལ་ལུང་དང་མཐུན་པའི་ཆོས་བཅུ་བཞི་ཞེས་བཤད་པ་ལ། རྒྱུད་ ཀྱི་རྣམ་བཤད་ནི་མ་མཛད། དཀྱིལ་ཆོག་ནི་ཁ་ཆེར་ཁྱེར་ནས། རྒྱ་གར་ན་མེད་པར་བཤད། གཞན་རྣམས་ལ་གོང་དུ་སྨོས་པ་རྣམས་མ་གཏོགས་པ་བོད་དུ་འགྱུར་བ་མི་སྣང་ངོ༌། །སྟང་ 7-1-66 སྟབས་ཀྱི་བཀོད་པ་སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་མཛད་པ། སངས་རྒྱས་ ཡེ་ཤེས་ཞབས་ཀྱི་དངོས་སློབ་ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བ་བཞིའི་ཡ་གྱལ་མར་མེ་ མཛད་བཟང་པོས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ། པཎྜི་ཏ་པདྨ་ཀ་ར་ ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་རྣམས་སོ། ། ད་ནི་དེ་དག་གི་རྗེས་སུ་འབྲང་བའི་འགྲེལ་པའི་སྐོར་ལ། ཞལ་ལུང་ཆེན་མོའི་འགྲེལ་པ་ མཛེས་པའི་མེ་ཏོག་ཅེས་བྱ་བ་སློབ་དཔོན་བི་དཱི་པཱ་དས་མཛད་པ། པཎྜི་ཏ་ཀ་མ་ལ་གུ་ཧྱ་དང་ མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། ཀུན་ཏུ་བཟང་པོའི་སྒྲུབ་ཐབས་ཀྱི་འགྲེལ་པ་ སློབ་དཔོན་དཔལ་འབྲས་རྡོ་རྗེས་མཛད་པ། པཎྜི་ཏ་བིདྱ་བྷ་ཏྲ་དང་བི་བྷཱ་ཀཱ་ར་དང་ལོ་ཙཱ་བ་ རིན་ཆེན་བཟང་པོའི་འགྱུར། ཀུན་ཏུ་བཟང་པོའི་སྒྲུབ་ཐབས་ཀྱི་འགྲེལ་པ་སློབ་དཔོན་ཐ་ག་ ནས་མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆན་བཟང་པོའི་འགྱུར། ཡན་ལག་ བཞི་པའི་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་རྒྱ་ཆེར་བཤད་པ་སྙིང་པོའི་སྙེ་མ་ཞེས་བྱ་བ་སློབ་ དཔོན་ཀུན་ཏུ་བཟང་པོས་མཛད་པ། པཎྜི་ཏ་པུ་ནྱ་ཤྲཱི་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། གྲོལ་བའི་ཐིག་ལེའི་རྣམ་བཤད་སློབ་དཔོན་སྨན་པའི་ཞབས་ཀྱིས་མཛད་པ། པཎྜི་ཏ་ཀ་མ་ལ་ གུ་ཧྱ་(ཟེར་ཡང་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱི་འགྱུར་དུ་ཡོད་)དང་ལོ་ཙཱ་བ་རིན་ཆེན་ བཟང་པོའི་འགྱུར། དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ་སློབ་དཔོན་རིན་ ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་(བིརྱ་བྷ་དྲ་ཟེར་)བིདྱ་བཛྲ་དང༌། ལོ་ཙཱ་བ་རིན་ཆེན་ བཟང་པོའི་འགྱུར་རྣམས་བཞུགས་སོ། ། གི་པ་ལ་ཡན་ལག་བཞི་པའི་རྣམ་བཤད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་སློབ་དཔོན་ཆེན་ པོ་བི་དཱ་པཱ་དས་མཛད་པ། པཎྜི་ཏ་ཀ་མ་ལ་གུ་ཧྱ་དང༌། མངའ་བདག་ཡེ་ཤེས་རྒྱལ་མཚན་གྱི་ འགྱུར། དཀྱིལ་འཁོར་འཁོར་ལོའི་ཆོ་ག་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་(འདི་མ་ཚང་)པ་རྣམས་ 7-1-67 སོ། ། ད་ནི་དེ་དག་གི་རྗེས་སུ་འབྲང་བའི་སྒྲུབ་ཐབས་ཀྱི་ཆོ་ག་ལ་སོགས་པའི་སྐོར་ལ། དཔལ་ གསང་བ་འདུས་པའི་སྒྲུབ་ཐབས་དངོས་སྒྲུབ་འབྱུང་བའི་གཏེར་ཞེས་བྱ་བ་སློབ་དཔོན་བི་དཱ་ པཱ་དས་མཛད་པ། སྦྱོར་བ་བདུན་པའི་དབང་བཞིའི་རབ་ཏུ་བྱེད་པ་དང༌། གཏོར་མ་ཆེན་པོའི་ ཆོ་ག་དང༌། མི་ཤིགས་པ་རིན་པོ་ཆེའི་སྒྲུབ་ཐབས་དང༌། བདག་གི་དོན་གྲུབ་པར་བྱེད་པའི་ རྣལ་འབྱོར་གྱི་བྱ་བའི་རིམ་པ་ཞེས་བྱ་བ་རྣམས་སློབ་དཔོན་བི་དཱ་པཱ་དས་མཛད་ཅིང༌། པཎྜི་ཏ་ ཀ་མ་ལ་གུ་ཧྱ་དང༌། ལོ་ཙཱ་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། སྦྱོར་བ་ཡན་ ལག་དྲུག་གི་སྣང་བའི་རིམ་པ་ཞེས་བྱ་བ་རྣམ་པར་སྣང་མཛད་རྡོ་རྗེས་མཛད་པ། པཎྜི་ཏ་པུ་ནྱ་ ཤྲཱི་དང༌། ལོ་ཙཱ་བ་གཡུང་དྲུང་འོད་ཀྱི་འགྱུར། སློབ་དཔོན་མར་མེ་མཛད་བཟང་པོས་མཛད་ པའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་གསང་བ་འདུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས་ ཞེས་བྱ་བ་སློབ་དཔོན་ཀུན་ཏུ་བཟང་པོས་མཛད་པ། པཎྜི་ཏ་སུ་ག་ཏ་ཀཱིརྟིའི་རང་འགྱུར། དཔལ་གསང་བ་འདུས་པའི་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་ཐབས་དང༌། དེའི་དཀྱིལ་ འཁོར་གྱི་ཆོ་ག་དང་གཉིས་སློབ་དཔོན་བསོད་སྙོམས་པས་མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་ དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དགའ་བའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ རྒྱལ་བས་བྱིན་གྱིས་མཛད་པ། ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བའི་དཔལ་གསང་འདུས་ མི་བསྐྱོད་རྡོ་རྗེའི་སྒྲུབ་ཐབས་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ། པཎྜི་ཏ་པདྨ་ཀ་ར་ཝརྨ་ དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཡང་དེ་ཉིད་སྨྲྀ་ཏིའི་རང་འགྱུར་གཅིག་ཀྱང་ ཡོད། དེ་འགྱུར་སྔ་མ་བདེ་བས་སྔ་མ་བཞུགས། འདུས་ཤིང་རྟོགས་པར་སླ་བ་ཞེས་བྱ་བའི་ འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། པཎྜི་ཏ་པུ་ནྱཱ་ཤྲཱི་མི་ཏྲས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་ བ་ཀློག་སྐྱ་གཞོན་ནུ་འབར་གྱི་འགྱུར། མདོར་བསྡུས་པའི་དབང་གི་རབ་ཏུ་བྱེད་པ་སློབ་དཔོན་ 7-1-68 དགའ་བའི་རྡོ་རྗེས་མཛད་པ་ཤློ་ཀ་སུམ་བརྒྱ་པ། ཇོ་བོ་རྗེ་དང་བ་རི་བའི་འགྱུར། གསང་བ་ འདུས་པའི་དབང་བསྐུར་བའི་ཆོ་ག་མདོར་བསྡུས་པ་པཎྜི་ཏ་ངག་དབང་གྲགས་པས་མཛད་ པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང་ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར་དང༌། མར་བ་ཆོས་དབང་གི་ འགྱུར། ཡན་ལག་བདུན་ལྡན་ཤློ་ཀ་བཞི་བརྒྱ་ཉི་ཤུ་རྩ་ལྔ་པ། སློབ་དཔོན་ངག་དབང་གྲགས་ པས་མཛད་པ། འགོས་ལྷས་བཙས་ཀྱི་འགྱུར། དེ་ཁོ་ན་ཉིད་སྣང་བ་དང༌། དེའི་རང་འགྲེལ་ དེ་ཁོ་ན་ཉིད་སྣང་བའི་བཤད་པ་ཞེས་བྱ་བ་གཉིས་ངག་དབང་གྲགས་པས་མཛད་པ། འགོས་ ལྷས་བཙས་ཀྱི་འགྱུར། འདི་གསུམ་གསང་འདུས་ཀྱི་ཆོས་སྐོར་ཡིན་ཡང༌། ཡེ་ཤེས་ཞབས་ ལུགས་ཀྱི་རྗེས་སུ་འབྲང་བའི་གསལ་ཁ་མི་སྣང་སྟེ། སྔར་གྱི་རྣམས་ཀྱིས་ཡེ་ཤེས་ཞབས་ ལུགས་ཀྱི་སྐོར་དུ་བྲིས་པས་བྲིས་སོ། །གསང་འདུས་ཀྱི་སྒྲུབ་ཐབས་རབ་ཏུ་གསལ་བ་ཞེས་བྱ་ བ་སློབ་དཔོན་དཔེ་མེད་རྡོ་རྗེས་མཛད་པ། པཎྜི་ ཏ་བིརྱ་བཛྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། གསང་འདུས་ཀྱི་དཀྱིལ་འཁོར་ ལ་སྤྱན་རས་གཟིགས་གཙོ་བོར་སྟོན་པ་གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ ཐབས་ཞེས་བྱ་བ་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་ འགྱུར། ཇོ་བོ་རྗེས་མཛད་པའི་འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། པཎྜི་ཏ་ དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དེ་ཁོ་ན་ཉིད་བཅུ་པ་ཞེས་བྱ་བ་སློབ་དཔོན་ རྒྱན་པས་མཛད་པ། དར་མ་གྲགས་ཀྱི་འགྱུར། འདུས་པའི་རབ་གནས་ཀྱི་ཆོ་ག་སློབ་དཔོན་ ཟླ་འོད་ཀྱིས་མཛད་པ། པཎྜི་ཏ་གུ་ཎ་ཀཱིརྟི་དང༌། ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱི་འགྱུར། བསྟན་པའི་ནོར་ཐམས་ཅད་པ་ཞེས་བྱ་བའི་སྒྲུབ་ཐབས། སློབ་དཔོན་རཏྣ་ཀཱིརྟིས་མཛད་པ་ པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ལ་མཆིམས་ཡོན་ཏན་འབར་གྱི་འགྱུར། ཁྲོ་བོ་བཅུའི་གཏོར་མའི་ ཆོ་ག་དགེ་སློང་འོད་སྲུངས་གཞོན་ནུས་མཛད་པའི་དབང་གཏན་ལ་དབབ་པ། པཎྜི་ཏ་ཏ་ཐཱ་ག་ 7-1-69 ཏ་རཀྵི་ཏ་(བྷ་དྲ་ཟེར་)དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཡེ་ཤེས་ཞབས་ལུགས་ཀྱི་ སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ་པཎྜི་ཏ་སྨྲྀ་ཏིས་མཛད་ཅིང་དེ་ཉིད་ཀྱི་རང་འགྱུར། ཡེ་ཤེས་ཞབས་ལུགས་ཀྱི་སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ། འདི་གཉིས་འགྲེལ་པ་ཆེན་ པོ་ནས་སྦྱོར་དྲུག་ལ་མོས་པ་ཞིག་གིས། ལོགས་སུ་ཕྱུང་བ་ཡིན་པར་འདུག་པས། ལོགས་སུ་ མ་བྲིས་ཀྱང་བཏུབ་མོད་ཀྱི། སྔར་གྱི་རྣམས་ཀྱིས་བྲིས་འདུག་ཅིང༌། དོན་བཟང་བས་བྲིས་སོ། ། འཇམ་པའི་རྡོ་རྗེ་མཆོད་པའི་ཆོ་ག་སློབ་དཔོན་དཔལ་བྱིན་གྱིས་མཛད་པ། ཤཱཀྱའི་དགེ་སློང་ བློ་གྲོས་སེང་གེས་ཞུ་ཆེན་བྱས་ནས་པཎྜི་ཏ་བི་བྷཱུ་ཏི་ཙནྡྲས་རང་འགྱུར་དུ་མཛད་པ། གསང་ བ་འདུས་པའི་རྒྱུད་ལ་བརྟེན་པའི་ཨརྒྷའི་ཆོ་ག་སྙིང་པོ་བསྡུས་པ་ཞེས་བྱ་བ་དང༌། གསང་བ་ འདུས་པའི་རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་སྣང་བ་ཞེས་བྱ་བ་གཉིས་སློབ་དཔོན་སྣང་བྱེད་ ཟླ་བས་མཛད་པ། པཎྜི་ཏ་ཝ་རེནྡྲ་ཀ་དང་ལོ་ཙཱ་བ་པྲཛྙཱ་ཀཱིརྟིའི་འགྱུར། གསང་བ་འདུས་པའི་ རབ་གནས་ཀྱི་ཆོ་ག་སློབ་དཔོན་མི་འཇིགས་པའི་ཕྱག་གིས་མཛད་པ། དུས་ཐ་མའི་ཆོ་ག་ གཤིན་པོ་བདེ་བར་གཤེགས་པའི་གནས་ལ་འགོད་པ་ཞེས་བྱ་བ་དཔལ་ཏིང་ངེ་འཛིན་རྡོ་རྗེས་ མཛད་པ། པཎྜི་ཏ་དཔལ་ཕྱོགས་(མཆོག་ཟེར་)དབང་དགའ་བྱེད་དང༌། ལོ་ཙཱ་བ་པྲཛྙཱ་ཀཱིརྟིའི་ འགྱུར་རྣམས་སོ། །དེ་ལྟར་ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བ་རྣམས་ལ་འགྲེལ་པའི་སྐོར་ དགུ། སྒྲུབ་ཐབས་ལ་སོགས་ཀྱི་ཆོས་སྐོར་ལྔ་བཅུ་རྩ་གཅིག་སྟེ། ཆོས་སྐོར་དྲུག་ཅུ་ཐམ་པའོ། ། དེ་ལྟར་ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བ་རྣམས་བཀོད་ནས། ད་ནི་སློབ་དཔོན་རྡོ་རྗེ་ བཞད་པ་ལ་སོགས་པའི་བཞེད་ལུགས་ཀྱི་གསང་འདུས་ཀྱི་སྐོར་ནི། དཔལ་གསང་བ་འདུས་ པའི་རྩ་རྒྱུད་ལེའུ་བཅུ་བདུན་པའི་འགྲེལ་པ་དགོངས་པ་ཐམས་ཅད་ཉེ་བར་ལེན་པ་ཞེས་བྱ་ བ་སློབ་དཔོན་རྡོ་རྗེ་བཞད་པས་མཛད་པ། པཎྜི་ཏ་ཛྙཱ་ན་གརྦྷ་དང་ལོ་ཙཱ་བ་བཻ་རོ་ཙ་ནའི་འགྱུར་ རྣམས་བཞུགས་སོ། ། 7-1-70 ངི་པ་ལ་གསང་བ་འདུས་པའི་རྒྱུད་ཀྱི་གླེང་གཞི་བླ་མའི་མན་ངག་གིས་བཤད་པ་སློབ་ དཔོན་སྒེག་པའི་རྡོ་རྗེས་མཛད་པ། བདེ་བ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བའི་གསང་འདུས་ ཀྱི་སྒྲུབ་ཐབས་རྡོ་རྗེ་བཞད་པས་མཛད་པ་དང༌། དེའི་འགྲེལ་པ་སློབ་དཔོན་བི་མ་ལ་གརྦྷས་ མཛད་པ་རྣམས་ཏེ། འདི་དག་སྔར་གྱི་རྣམས་ཀྱིས་ཡེ་ཤེས་ཞབས་ལུགས་ཀྱི་གསེབ་ཏུ་བྲིས་ མོད་ཀྱི། འདི་དག་ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བའི་གསལ་ཁ་མེད་ཅིང༌། ལྷ་བསྐྱེད་ ཆོག་ལ་སོགས་ཀྱང་འཕགས་སྐོར་དང་ཆ་མཐུན་ཅིང༌། ཡེ་ཤེས་ཞབས་ལུགས་དང་མི་མཐུན་ པས་ལུགས་གུད་དུ་བྱས་སོ། །གསང་འདུས་ལྷན་སྐྱེས་ཀྱི་སྒྲུབ་ཐབས། སློབ་དཔོན་རྡོ་རྗེ་སྒེག་ པས་མཛད་པ། པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། དེ་ལྟར་རྡོ་རྗེ་ བཞད་པའི་ལུགས་ཀྱི་ཆོས་སྐོར་ལྔའོ། །གསང་བ་འདུས་པའི་རྩ་བའི་རྒྱུད་དང༌། རྒྱུད་ཕྱི་མ་ གཉིས་ཀ་བླ་མའི་མན་ངག་ལ་བྲིས་པ་ཞེས་བྱ་བ་དང༌། ལྷ་མོ་བཞེས་ཞུས་ཀྱི་བཤད་པ་མན་ ངག་རྒྱས་པ་ཞེས་བྱ་བ་གཉིས་སྨྲྀ་ཏིས་མཛད་ཅིང་དེ་ཉིད་ཀྱི་རང་འགྱུར། ལྷ་མོ་བཞིས་ ཞུས་ཀྱི་རྒྱུད་ཀྱི་བཤད་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། སྨྲྀ་ཏིའི་རང་འགྱུར་ རྣམས་ཏེ་འདི་དག་ཀྱང་སྔར་གྱི་རྣམས་ཀྱི་ཡེ་ཤེས་ཞབས་ལུགས་ཀྱི་སྐབས་སུ་གཏོགས་པར་ བཤད་མོད་ཀྱི་ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བའི་གསལ་ཁ་མེད་ཅིང༌། བཟང་པོ་ཞབས་ ཀྱི་རྗེས་སུ་འབྲང་བ་སྨྲྀ་ཏིས་གསལ་བར་གསུངས་པས་འདི་དག་ཀྱང་ལུགས་ཐ་དད་ཡིན་ ནོ། །དེ་ལྟར་བཟང་པོ་ཞབས་དང་སྨྲྀ་ཏིའི་ཆོས་སྐོར་གསུམ་མོ། །གསང་བ་འདུས་པའི་ རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། པཎྜི་ཏ་བི་ཛ་ཡ་ཤྲཱི་བྷ་ར་ དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ལ། སླད་ནས་པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་ རིན་ཆེན་བཟང་པོས་བཅོས་པའོ། །འདི་འགྲེལ་པ་མཁན་པོས་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་ ནས་སྣང་ནའང༌། རྒྱུད་ཀྱི་ངོ་བོ་རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་པས་སྐབས་འདིར་བྲིས་སོ། ། 7-1-71 གསང་འདུས་འཕགས་སྐོར་ཡེ་ཤེས་ཞབས་ལུགས་དང༌། ། རྡོ་རྗེ་བཞད་པ་བཟང་པོའི་ཞབས་དང་ནི། ། སྨྲྀ་ཏི་ཀུན་དགའ་སྙིང་པོ་ལ་སོགས་པའི། ། ཆོས་སྐོར་བརྒྱ་དང་ཉི་ཤུ་གཅིག་བཞུགས་སོ། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། གསང་བ་ འདུས་པའི་སྐོར་གྱི་ལེའུ་སྟེ་བཅུ་པའོ།། །། དེ་ལྟར་དཔལ་གསང་བ་འདུས་པའི་རྒྱུད་དང་འགྲེལ་པའི་སྐོར་རྣམས་བཀོད་ནས། ད་ནི་ དེའི་ཆ་དང་མཐུན་པའི་རྒྱུད་གཤིན་རྗེ་གཤེད་ཀྱི་སྐོར་ལ། གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་ ལེའུ་བཅོ་བརྒྱད་པའི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བ་ཞེས་བྱ་བ་གྲུབ་ཐོབ་དཔལ་འཛིན་ གྱིས་མཛད་པ། པཎྜི་ཏ་ཞི་བ་བཟང་པོ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། གཤིན་ རྗེ་གཤེད་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་རཏྣ་ཨ་ ཀཱ་ར་ཤཱནྟི་པས་མཛད་པ། པཎྜི་ཏ་བིནཱ་ཡ་ཙནྡྲ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར་རྣམས་ བཞུགས་སོ། ། ཅི་པ་ལ་གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་མངོན་པར་མཐོང་བའི་ ལམ་གྱི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ནག་པོ་པས་མཛད་པ། པཎྜི་ཏ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་ འགྱུར། གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་ དཔོན་གཞོན་ནུ་ཟླ་བས་མཛད་པ། པཎྜི་ཏ་ལཱི་ལ་བཛྲ་དང༌། ལོ་ཙཱ་བ་སེ་རྩ་བ་བསོད་ནམས་ རྒྱལ་མཚན་གྱི་འགྱུར། དཔལ་གཤིན་རྗེ་གཤེད་དགྲ་ནག་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ ཚིག་གི་སྣང་བ་གྲུབ་པ་ཞེས་བྱ་བ་གྲུབ་ཐོབ་དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་དཱ་ན་ཀཱིརྟི་ དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་སློབ་ 7-1-72 དཔོན་དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་དཱ་ན་ཀཱིརྟི་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་ འགྱུར། གཤིན་རྗེ་གཤེད་དགྲ་ནག་གི་ཆོ་ག་གཤིན་རྗེ་གཤེད་འབྱུང་བ་ཞེས་བྱ་བ་སློབ་དཔོན་ ལཱི་ལ་བཛྲས་མཛད་པ། པཎྜི་ཏ་ཨ་མོ་གྷ་བཛྲ་དང་ལོ་ཙཱ་བ་ཅོག་གྲུ་ཤེས་རབ་བླ་མའི་འགྱུར། མཆོད་རྟེན་སྒྲུབ་པའི་ཆོ་ག་ལི་ལ་བཛྲས་མཛད་པ་དང༌། སྲུང་བའི་འཁོར་ལོའི་སྒྲུབ་ཐབས་ མར་མེ་མཛད་བཟང་པོས་མཛད་པ་དང༌། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་སློབ་དཔོན་ ཉིན་མོར་བྱེད་པའི་གྲགས་པས་མཛད་པ། འགོས་ལྷས་བཙས་ཀྱི་འགྱུར། གཤིན་རྗེ་གཤེད་ ནག་པོའི་སྒྲུབ་ཐབས་གྷོ་ཥ་བཛྲས་མཛད་པ། པཎྜི་ཏ་སུ་མ་ཏི་ཙནྡྲ་དང་ལོ་ཙཱ་བ་ཚོགས་ཆག་ ཆུང་བའི་འགྱུར། གཤིན་རྗེ་ནག་པོ་ཞལ་གསུམ་ཕྱག་དྲུག་པ་མདོ་བསྡུས་པའི་སྒྲུབ་ཐབས། གཤིན་རྗེ་དགྲའི་སྒྲུབ་ཐབས་ཞེས་བྱ་བ་འཁོར་ལོའི་དོན་རྒྱས་པར་བཤད་པ་དང་བཅས་ པ་སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པ། བི་ནཱ་ཡ་ཙནྡྲ་དང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་བཞི་བརྒྱ་ལྔ་བཅུ་པ་ལས་བཏུས་པ་བསོད་སྙོམས་པ་ ཀ་མ་ལ་རཀྵི་ཏས་མཛད་པ། ཇོ་བོ་རྗེ་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། གཤིན་རྗེ་ གཤེད་ཀྱི་རྒྱུད་བཞི་བརྒྱ་ལྔ་བཅུ་པ་ལ་བརྟེན་པའི་མཎྜལ་གྱི་ཆོ་ག་སློབ་དཔོན་ཀ་མ་ལ་རཀྵི་ ཏས་མཛད་པ། ཤྲཱི་པྲཛྙཱ་ཛྙཱ་ན་ཀཱིརྟིའི་རང་འགྱུར། གཤིན་རྗེ་གཤེད་དགྲ་ནག་གི་སྒྲུབ་ཐབས་ ཀུ་མུ་ཏ་ཁ་ཕྱེ་བ་ཞེས་བྱ་བ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་ བི་ནཱ་ཡ་ཙནྡྲ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། གཤིན་རྗེ་གཤེད་ནག་པོ་དུས་མཐར་ ཕྱིན་པའི་སྒྲུབ་ཐབས་ཤྲཱི་པཎྜི་ཏས་མཛད་པ་དང༌། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ དང༌། གཤིན་རྗེ་གཤེད་རྣམ་པར་སྣང་མཛད་ཀྱི་སྒྲུབ་ཐབས་དང༌། གཤིན་རྗེ་གཤེད་རིན་ ཆེན་འབྱུང་ལྡན་གྱི་སྒྲུབ་ཐབས་དང༌། འོད་དཔག་ཏུ་མེད་པའི་སྙིང་པོ་འདོད་ཆགས་གཤིན་རྗེ་ གཤེད་ཀྱི་སྒྲུབ་ཐབས་དང༌། གཤིན་རྗེ་གཤེད་རྡོ་རྗེ་རྣོན་པོའི་སྒྲུབ་ཐབས་དང༌། རྡོ་རྗེ་སེམས་ 7-1-73 མ་བདེ་བའི་སྒྲུབ་ཐབས་དང༌། རྡོ་རྗེ་མཁའ་འགྲོ་མ་རྣལ་འབྱོར་མའི་སྒྲུབ་ཐབས་དང༌། རྡོ་རྗེ་ བདེ་རྒྱས་དབྱངས་ཅན་མའི་སྒྲུབ་ཐབས་དང༌། ལས་ཀྱི་རྡོ་རྗེ་གཽ་རཱི་མའི་སྒྲུབ་ཐབས་ཏེ་དགུ་ མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་དང༌། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་མཆོད་པའི་ཆོ་ གའི་རིམ་པ་དང༌། སངས་རྒྱས་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཞེས་བྱ་བའི་ལྷན་སྐྱེས་ ཀྱི་སྒྲུབ་ཐབས་གཉིས་སློབ་དཔོན་ནག་པོ་པས་མཛད་པ་དང༌། གཤིན་རྗེ་གཤེད་ནག་པོའི་ སྒྲུབ་ཐབས་ཞེས་བྱ་བའི་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ཀ་མ་ལ་རཀྵི་ཏས་མཛད་པ་དང༌། ཐོ་བ་ གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་དང༌། དབྱུག་པ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་དང༌། རལ་ གྲི་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་དང༌། པདྨ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་རྣམས་མར་ མེ་མཛད་ཡེ་ཤེས་ཀྱིས་མཛད་པ་སྟེ་བཅུ་བདུན་པྲཛྙཱ་ཤྲཱི་ཛྙཱ་ནའི་རང་འགྱུར། གཤིན་རྗེ་གཤེད་ ནག་པོའི་སྒྲུབ་ཐབས་མཎྜལ་གྱི་ཆོ་ག་ཞེས་བྱ་བ་བསོད་སྙོམས་པ་ཀ་མ་རཀྵི་ཏས་མཛད་པ་ དང༌། ཆོས་ཀྱི་སྐུའི་སྣང་བའི་ཆོ་ག་ཞེས་བྱ་བ་མཆོད་རྟེན་གྱི་ཆོ་ག་དང༌། གཤིན་རྗེ་གཤེད་ཀྱི་ རོ་བསྲེག་གི་ཆོ་ག་དང༌། གཤིན་རྗེ་གཤེད་ཀྱི་ཚོགས་འཁོར་གྱི་ཆོ་ག་དང༌། གཤིན་རྗེ་གཤེད་ ཀྱི་ཞི་བའི་སྦྱིན་སྲེག་གི་ཆོ་ག་རྣམས་ནག་པོ་ཞབས་ཀྱིས་མཛད་པ། ཡང་གཤིན་རྗེ་གཤེད་ཀྱི་ ཚོགས་འཁོར་གྱི་ཆོ་ག་སྔ་མ་དང་འདྲ་སེ་བ་སློན་དཔོན་ཀ་མ་ལ་མ་ཧཱས་མཛད་པ་གཅིག དེ་ རྣམས་པྲཛྙཱ་ཤྲཱི་ཛྙཱ་ནའི་རང་འགྱུར། གཤིན་རྗེ་གཤེད་ནག་པོའི་མངོན་པར་རྟོགས་པའི་རིམ་པ་ ཞེས་བྱ་བ་སློབ་དཔོན་ཆེན་པོ་རྡོ་རྗེའི་བློས་མཛད་པ། གཤིན་རྗེ་གཤེད་ནག་པོའི་འཁོར་ལོ་བྲི་ བའི་ཆོ་ག གཤིན་རྗེ་གཤེད་དགྲ་ནག་གི་སྒྲུབ་ཐབས་སློབ་དཔོན་ཀུན་ཏུ་བཟང་པོས་མཛད་ པ། པཎྜི་ཏ་དོན་ཡོད་རྡོ་རྗེའི་འགྱུར། གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་སློབ་དཔོན་འགྲོ་བཟང་ སྙིང་པོས་མཛད་པ། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ནག་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་སློབ་དཔོན་ལ་ལི་ཏ་བཛྲས་མཛད་པ། འོ་མའི་ 7-1-74 སྒྲུབ་ཐབས་སློབ་དཔོན་ཛི་མུ་ཏྲ་པཱ་ད་ལས་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང་ལོ་ཙཱ་བ་ཆོས་ཀྱི་ ཤེས་རབ་ཀྱི་འགྱུར། གཤིན་རྗེ་གཤེད་ནག་པོའི་འཁོར་ལོའི་མན་ངག་སློབ་དཔོན་ནཱ་ག་བོ་ དྷིས་མཛད་པ། དགེ་སློང་ཆོས་རབ་ཀྱི་འགྱུར། གཤིན་རྗེ་གཤེད་ནག་པོའི་སྦྱིན་སྲེག་གི་ཆོ་ག་ སློབ་དཔོན་ལ་ལི་ཏ་བཛྲས་མཛད་པ། འཆི་བདག་ཡི་དྭགས་རྒྱལ་པོའི་སྒྲུབ་ཐབས། གཤིན་ རྗེ་གཤེད་ཀྱི་ལག་མཆོད་དཱ་ན་ཤཱི་ལས་མཛད་ཅིང་དེ་ཉིད་ཀྱིས་བསྒྱུར་བ། འདི་གཤེད་དམར་ གྱི་སྐོར་ཡིན་ཏེ་འབྲེལ་འདུག་པས་དེར་བཞག་གོ། གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་ གསུངས་པའི་ཕྱོགས་གཅིག་པའི་སྒྲུབ་ཐབས། གཤིན་རྗེ་གཤེད་ནག་པོའི་བསྟོད་པ་ཨཱ་ཙརྱ་ ཀཱིརྟིས་མཛད་པ་དང༌། ཡང་བསྟོད་པ་གཅིག དེ་ལྟར་གཤིན་རྗེ་གཤེད་ནག་པོའི་འགྲེལ་སྐོར་ བཞི་དང༌། སྒྲུབ་སྐོར་ལ་སོགས་བཞི་བཅུ་རྩ་བརྒྱད་དེ། ཆོས་སྐོར་ལྔ་བཅུ་རྩ་གཉིས་སོ། ། རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་ལ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ མི་བསྐྱོད་པས་མཛད་པ། པཎྜི་ཏ་བི་ནཱ་ཡ་ཙནྡྲ་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྡོ་ རྗེ་འཇིགས་བྱེད་ཀྱི་རྒྱུད་མདོར་བཤད་པ་སློབ་དཔོན་སོ་ན་ཤྲཱིས་མཛད་པ། འཇིགས་བྱེད་ཀྱི་ རྒྱུད་མདོར་བཤད་པ་སློབ་དཔོན་རྡོ་རྗེ་གྲུབ་པས་མཛད་པ། འདི་དང་གོང་མ་གཉིས་འདྲ་སེ་ སྣང༌། འཇིགས་བྱེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་གཞོན་ནུ་ཟླ་བས་མཛད་པ། པཎྜི་ ཏ་ཏ་ཐཱ་ག་ཏ་རཀྵི་ཏ་དང༌། བ་རི་རིན་ཆེན་གྲགས་ཀྱི་འགྱུར། མ་ཧེ་ཞལ་གྱི་སྒྲུབ་ཐབས་ཞེས་ བྱ་བའི་འཇིགས་བྱེད་ཀྱི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་རྣམ་ སྣང་བསྲུང་བ་དང་ལོ་ཙཱ་བ་བ་རི་ཆོས་གྲགས་ཀྱི་འགྱུར། འཇིགས་བྱེད་ཞལ་གཅིག་ཕྱག་ གཉིས་མའི་སྒྲུབ་ཐབས་སློབ་དཔོན་འཇམ་པའི་དབྱངས་ཀྱིས་མཛད་པ། པཎྜི་ཏ་ཨཱ་ནནྟ་དང་ ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་འགྱུར། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་མདོར་བསྡུས་པ་ སློབ་དཔོན་ཤྲཱི་བྷ་དྲས་མཛད་པ་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པའི་ཆོ་ག་དང༌། སྒྲུབ་ 7-1-75 པའི་ཆོ་ག་དང༌། ལས་སྦྱོར་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་ལས་འཁོར་ལོ་བསྐོར་བའི་ལས་ དྲག་པོ་ཕྱོགས་གཅིག་པ་སློབ་དཔོན་ཞི་བའི་ཡེ་ཤེས་ཀྱིས་མཛད་པ། (འདི་གཉིས་གཅིག་པ་ སྙམ། མི་གཅིག་ན་གང་རུང་གཅིག་བྲི་དགོས་)རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་འཕགས་ པ་འཇམ་དཔལ་ཡེ་ཤེས་ཀྱིས་མཛད་པ་རྣམས་པཎྜི་ཏ་དོན་ཡོད་རྡོ་རྗེའི་རང་འགྱུར། དཔལ་ རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་དང༌། ལས་བྱ་བའི་ཆོ་ག་སེམས་དཔའ་བསྡུས་པ་ སློབ་དཔོན་དོན་ཡོད་རྡོ་རྗེས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེའི་རང་འགྱུར། རྡོ་རྗེ་འཇིགས་ བྱེད་ཀྱི་སྒྲུབ་ཐབས་སློབ་དཔོན་མཉྫུ་ཤྲཱི་ཛྙཱ་ནས་མཛད་པ། ཞང་འོར་སྟོན་པ་ཤེས་རབ་བསོད་ ནམས་ཀྱི་འགྱུར། འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་པཎྜི་ཏ་དོན་ཡོད་ཞབས་ཀྱིས་ མཛད་པ། དེ་ཉིད་དང་རྭ་རྡོ་རྗེ་གྲགས་ཀྱི་འགྱུར། དཔལ་རྡོ་རྗེ་འཇིགས་བྱེད་མ་ཧེའི་གདོང་ ཅན་དཔའ་བོ་གཅིག་པའི་སྒྲུབ་པའི་ཐབས་པཎྜི་ཏ་མཉྫུ་བཛྲས་མཛད་པ། བྷ་རོ་ཕྱག་རྡུམ་དང་ རྭ་རྡོ་རྗེ་གྲགས་ཀྱི་འགྱུར། རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་འཁོར་གྱི་ཆོ་ག་རཏྣ་ཀཱ་ར་ཤཱནྟིས་ མཛད་པ། པཎྜི་ཏ་དཱི་པཾ་ཀ་ར་རཀྵི་ཏ་དང༌། ལོ་ཙཱ་བ་རྭ་རྡོ་རྗེ་གྲགས་ཀྱི་འགྱུར། ཙུ་ཙུནྡྷ་རའི་ རྟོག་པ་རྭ་རྡོ་རྗེ་གྲགས་ཀྱི་འགྱུར། རྡོ་རྗེ་འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་གི་ཆོ་ག་ཨ་ མོ་གྷ་བཛྲས་མཛད་པ། རྭ་རྡོ་རྗེ་གྲགས་ཀྱི་འགྱུར། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་ སློབ་དཔོན་ལ་ལི་ཏ་བཛྲས་མཛད་པ། པཎྜི་ཏ་པྲཛྙཱ་ཤྲཱི་དེ་བ་དང་ལོ་ཙཱ་བ་ཤེས་རབ་བླ་མའི་ འགྱུར། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ལྷ་དགུ་མ། སློབ་དཔོན་ལ་ལི་ཏ་བཛྲས་མཛད་ པ། འཇིགས་བྱེད་ཀྱི་གཏོར་ཆོག་སློབ་དཔོན་ལ་ལི་ཏ་བཛྲས་མཛད་པ། འཇིགས་བྱེད་ཀྱི་ཞི་ བའི་བྱ་བ་བདུན་པ་ཨ་མོ་གྷ་ཆུང་བས་མཛད་པ། དྲག་པོའི་བྱ་བ་བདུན་པ་དེ་ཉིད་ཀྱིས་མཛད་ པ། འཁོར་ལོ་བྲི་བའི་ཆོ་ག ལས་ཀྱི་གྲོགས་ཀྱི་བྱ་བ་དམ་རྫས་རྨད་དུ་བསྒྱུར་ཏེ་བསྟེན་པའི་ཆོ་ ག་དང་གསུམ་པོ་འདི་ཁ་ཅིག་རྟོག་པ་གསུམ་པའི་རྒྱུད་དུ་འདོད། ཁ་ཅིག་མན་ངག་ཏུ་འདོད་ 7-1-76 དེ། ཞང་ཤེས་རབ་བླ་མའི་འགྱུར། གཏམ་རྒྱུད་ཀྱི་རྟོག་པ། འཇིགས་བྱེད་ཀྱི་ཕྱག་མཚན་གྱི་ རྣམ་པར་དག་པ་སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་མལ་གྱོ་བློ་གྲོས་གྲགས་ཀྱི་འགྱུར། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབ་སློབ་དཔོན་ཛྙཱ་ན་ཨཱ་ཀ་རས་མཛད་པ། ཟླ་ བའི་འོད་ཟེར་གྱི་འགྱུར། དེ་ལྟར་འཇིགས་བྱེད་ཀྱི་སྐོར་ལ་འགྲེལ་སྐོར་བཞི་སྒྲུབ་ཐབས་ལ་ སོགས་ཉི་ཤུ་རྩ་བདུན་ཏེ། ཆོས་སྐོར་སུམ་ཅུ་སོ་གཅིག་གོ། གདོང་དྲུག་གི་སྐོར་ལ། གཤིན་ རྗེ་གཤེད་ནག་པོ་གདོང་དྲུག་པའི་འཁོར་ལོའི་སྒྲུབ་ཐབས་མདོར་བསྡུས་པ་སློབ་དཔོན་དེ་བ་ ཨཱ་ཀ་ར་ཙནྡྲས་མཛད་པ་པཎྜི་ཏ་དེ་ཉིད་དང་ཤེས་རབ་བླ་མའི་འགྱུར། ཨུ་རྒྱན་ཡུལ་ནས་བྱུང་ བའི་སྒྲུབ་(གྲུབ་ཟེར་)པའི་འཁོར་ལོ་ཇི་ལྟར་རྙེད་པ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ་ དང༌། དམ་རྫས་གསང་བ་རྨད་དུ་བསྒྱུར་ཏེ། བསྟེན་པའི་ཆོ་ག་འདི་འཇིགས་བྱེད་ཀྱི་སྐོར་དུ་ གཏོགས་སོ། །དེ་ལྟར་གདོང་དྲུག་གི་ཆོས་སྐོར་གཉིས་སོ། །གཤེད་དམར་གྱི་སྐོར་ལ། རྣལ་ འབྱོར་གྱི་དབང་ཕྱུག་བིརྦ་པས་མཛད་པའི་གཤེད་དམར་ལྷ་ལྔའི་སྒྲུབ་ཐབས། པཎྜི་ཏ་དཱ་ན་ ཤཱི་ལའི་རང་འགྱུར། གཤིན་རྗེ་གཤེད་དམར་པོའི་བྱིན་རླབས་ཀྱི་མན་ངག་འོད་གསལ་འཆར་ བའི་རིམ་པ་ཞེས་བྱ་བ་དཔལ་བིརྦ་པས་མཛད་པ། པཎྜི་ཏ་རེ་ཝེནྡྲ་པ་དང་ཆག་ཆོས་རྗེ་དཔལ་ གྱི་འགྱུར། གཤེད་དམར་གྱི་རྫོགས་རིམ་རྣལ་འབྱོར་བཞིའི་དེ་ཁོ་ན་ཉིད་ཅེས་བྱ་བ་གྲུབ་ཐོབ་ དཔལ་འཛིན་གྱིས་མཛད་པ། དར་པན་ཨཱ་ཙརྱ་དང་གློ་བོ་ལོ་ཙཱ་བའི་འགྱུར། གཤེད་དམར་ གྱི་རྫོགས་རིམ་ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་ཅེས་བྱ་བ་དཔལ་བིརྦ་པས་ མཛད་པ། དརྤན་ཨཱ་ཙརྱ་དང༌། ཤེས་རབ་རིན་ཆེན་གྱི་འགྱུར། གཤེད་དམར་ལྷ་ལྔའི་སྒྲུབ་ ཐབས་རང་བྱིན་གྱིས་བརླབ་པའི་མན་ངག་དང་བཅས་པ་བློ་གྲོས་བཟང་པོས་མཛད་པ། པཎྜི་ ཏ་ཉི་མའི་དབང་པོའི་འོད་ཟེར་དང་ཆག་ཆོས་རྗེ་དཔལ་གྱི་འགྱུར། གཤེད་དམར་གྱི་འཁྲུལ་ འཁོར་གྱི་གསལ་བྱེད་བསྡུས་པ་ཞེས་བྱ་བ་དང༌། གཤིན་རྗེ་གཤེད་དམར་གྱི་ལས་ཚོགས་ཀྱི་ 7-1-77 འཁོར་ལོ་དེ་ཁོ་ན་ཉིད་གསལ་བར་བྱེད་པ་སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པ། རྡོ་རྗེ་ གདན་པ་ནིསྐ་ལཾ་ཀ་དང་དཔྱལ་ཆོས་ཀྱི་བཟང་པོའི་འགྱུར། གཤེད་དམར་གྱི་ཏིང་ངེ་འཛིན་ གྱི་ཆོ་ག་དང༌། གཏོར་མའི་ཆོ་ག་གཉིས་གྲུབ་ཐོབ་དཔལ་འཛིན་གྱིས་མཛད་པ་དང༌། གཤེད་ དམར་གྱི་སྒྲུབ་ཐབས་རྣམ་པར་སྣང་མཛད་སྲུང་བས་མཛད་པ་དང༌། གཤེད་དམར་ལྷན་སྐྱེས་ ཀྱི་སྒྲུབ་ཐབས་དང༌། གཏོར་མའི་ཆོ་ག་གཉིས་དཔལ་བིརྦ་པས་མཛད་པ། གཤིན་རྗེ་གཤེད་ དམར་པོ་དང་ནག་པོའི་མཆོད་པའི་ཆོ་ག་གྲུབ་ཐོབ་དཔལ་འཛིན་གྱིས་མཛད་པ་དང༌། གཤིན་ རྗེ་གཤེད་དམར་པོའི་སྒྲུབ་ཐབས་ཀྱི་ཆོ་ག་སློབ་དཔོན་བིརྦ་པའི་མཚན་གྱི་རྣམ་གྲངས་དཔའ་ བོ་རྒྱལ་པོས་མཛད་པ་རྣམས་པཎྜི་ཏ་ཉི་མའི་དབང་པོའི་འོད་ཟེར་དང་ཆག་ཆོས་རྗེ་དཔལ་གྱི་ འགྱུར། གཤེད་དམར་གྱི་འཁྲུལ་འཁོར་གྱི་ཕྲེང་བ་དཔལ་བིརྦ་པས་མཛད་པ། དཱ་ན་ཤཱི་ལའི་ རང་འགྱུར། གཤིན་རྗེ་གཤེད་དགྲ་དམར་པོའི་སྒྲུབ་ཐབས་བློ་བཟང་སྙིང་པོའི་ཞབས་ཀྱིས་ མཛད་པ། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་དང༌། མཎྜལ་གྱི་ཆོ་ག་གྲུབ་ཐོབ་དཔལ་ འཛིན་གྱིས་མཛད་པ། ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། གཤིན་རྗེ་གཤེད་དམར་ བཅུ་གསུམ་པའི་སྒྲུབ་ཐབས་དང༌། དེའི་དཀྱིལ་འཁོར་གྱི་ཆོ་ག་གྲུབ་ཐོབ་དཔལ་འཛིན་གྱིས་ མཛད་པ། པཎྜི་ཏ་ཉི་མའི་དབང་པོའི་འོད་ཟེར་དང༌། ཆག་ཆོས་རྗེ་དཔལ་གྱི་འགྱུར། གཤིན་ རྗེ་གཤེད་དམར་པོའི་རྫོགས་པའི་རྣལ་འབྱོར་ཞེས་བྱ་བ་པཎྜི་ཏ་འཇིག་མེད་འབྱུང་གནས་ སྦས་པས་མཛད་པ། གཤིན་རྗེ་གཤེད་དམར་པོའི་འཚོ་བའི་དེ་ཁོ་ན་ཉིད་ཅེས་བྱ་བའི་མན་ ངག པཎྜི་ཏ་དར་པཎ་ཨཱ་ཙརྱས་མཛད་པ། དེ་ཉིད་དང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་འགྱུར། གཤིན་རྗེ་གཤེད་པོའི་སྦྱིན་སྲེག་གི་ཆོ་གའི་རིམ་པ་དངོས་གྲུབ་ཀྱི་ཚུལ་ངེས་པར་བསྟན་པ་ ཞེས་བྱ་བ་སློབ་དཔོན་དོན་ཡོད་ཞབས་ཀྱིས་མཛད་པ། གཤིན་རྗེ་གཤེད་དམར་པོའི་ལས་ཀྱི་ ཕྲེང་བའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་ལ་ལོངས་སྤྱོད་ཅན་མའི་རྟོག་པ་དགའ་ 7-1-78 བས་ཚིམ་མའི་སྒྲུབ་ཐབས། གནོད་སྦྱིན་ནཱ་ཊ་ཕོ་མོའི་སྒྲུབ་ཐབས། གནོད་སྦྱིན་མོ་སའི་བདག་ མོ་བཀྲ་ཤིས་མའི་སྒྲུབ་ཐབས། གནོད་སྦྱིན་དགའ་བྱེད་ཀྱི་སྒྲུབ་ཐབས། གནོད་སྦྱིན་ཕུར་ འདེབས་ཀྱི་སྒྲུབ་ཐབས། གནོད་སྦྱིན་གདེག་བྱེད་ཀྱི་སྒྲུབ་ཐབས། དཔལ་ཟླ་བའི་ལྷ་མོའི་ སྒྲུབ་ཐབས། འཕྲོག་མའི་རྣ་ཆ་འཛིན་མའི་སྒྲུབ་ཐབས། རིན་ཆེན་ཕྲེང་བ་མའི་སྒྲུབ་ཐབས། ཀླུ་མོ་ཞལ་མཐའ་ཡས་མའི་སྒྲུབ་ཐབས། ཀླུ་མོ་ནོར་སྐྱོང་ཞལ་མའི་སྒྲུབ་ཐབས། ཀླུ་མོ་ཨ་ ཕུ་ཞེས་བྱ་བའི་སྒྲུབ་ཐབས། ཡིད་འཕྲོག་མའི་སྒྲུབ་ཐབས། ལེགས་པར་དགའ་མའི་སྒྲུབ་ ཐབས། སྤྱན་ཡངས་མའི་སྒྲུབ་ཐབས། འདོད་ཆགས་དགའ་མའི་སྒྲུབ་ཐབས། གཞན་གྱིས་ མི་ཐུབ་མའི་སྒྲུབ་ཐབས། ལྷག་པར་རྒྱལ་བ་མི་ཕམ་མའི་སྒྲུབ་ཐབས། གང་བ་བཟང་པོའི་ སྒྲུབ་ཐབས། འབྱུང་མོ་མཛེས་མའི་སྒྲུབ་ཐབས། དཔལ་རྒྱལ་མཛེས་མའི་སྒྲུབ་ཐབས། དྲི་ མེད་མཛེས་མའི་སྒྲུབ་ཐབས། ཤ་ཟ་པི་ལུ་པ་ལའི་སྒྲུབ་ཐབས། ཤ་ཟ་ནོར་བུ་འཛིན་པའི་སྒྲུབ་ ཐབས། ཤ་ཟ་ནག་པོའི་སྒྲུབ་ཐབས། ཤ་ཟ་ནག་པོའི་སྙིང་པོའི་སྒྲུབ་ཐབས། ཤ་ཟ་ཧ་ན་མའི་ སྒྲུབ་ཐབས། ཨ་ལུ་ཀ་ཞེས་བྱ་བའི་སྒྲུབ་ཐབས། ཨ་ལ་སྦས་པ་ཞེས་བྱ་བའི་སྒྲུབ་ཐབས། བོང་ བུའི་གདོང་ཅན་མའི་སྒྲུབ་ཐབས། ཨ་ལུ་བི་ན་ཞེས་བྱ་བའི་སྒྲུབ་ཐབས། ཨུ་ཙུ་སྨ་ཞེས་བྱ་བའི་ སྒྲུབ་ཐབས། ཀྵུ་ཀྵུ་སེ་རི་ཀུན་དའི་སྒྲུབ་ཐབས། ཤ་ཟ་མོ་རྣ་བ་འཛིན་པའི་སྒྲུབ་ཐབས། ཤ་ཟ་ མོ་ནག་མོའི་སྒྲུབ་ཐབ་སྟེ། སྒྲུབ་ཐབས་སུམ་ཅུ་རྩ་བདུན་པ་(ཟེར་ཡང་རྩ་ལྔ་ལས་མི་འདུག་)ཤེས་རབ་ སྐྱོང་གིས་མཛད་པ། དཱ་ན་ཤཱི་ལའི་རང་འགྱུར་རྣམས་བཞུགས་སོ། །དེ་ལྟར་གཤིན་རྗེ་གཤེད་ དམར་ལ་ཆོས་སྐོར་ལྔ་བཅུ་རྩ་དགུའོ། ། འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད་པོའི་རྒྱུད། ། གཤིན་རྗེ་གཤེད་ནག་རྡོ་རྗེ་འཇིགས་བྱེད་དང༌། ། གཤིན་དགྲ་གདོང་དྲུག་གཤེད་དམར་ལ་སོགས་ཀྱི། ། 7-1-79 ཆོས་སྐོར་བརྒྱ་དང་བཞི་བཅུ་རྩ་བཞི་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། གཤིན་རྗེ་ གཤེད་ཀྱི་སྐོར་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །། མཚན་ཡང་དག་པར་བརྗོད་པ་རྣལ་འབྱོར་བླ་མེད་ཀྱི་ལུགས་སུ་བཀྲལ་བའི་སྐོར་ལ། ཆི་པ་ལ་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་ སྒྲོན་མེ་ཞེས་བྱ་བ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། གཉགས་ཛྙཱ་ནའི་འགྱུར། མཚན་ བརྗོད་ཀྱི་འགྲེལ་པ་དོན་གསལ་བར་བྱེད་པ་ཞེས་བྱ་བ་དགའ་རབ་རྡོ་རྗེས་མཛད་ཟེར་བ་འདི་ ཐེ་ཚོམ་གྱི་གཞིའོ། །མཚན་ཡང་དག་པར་བརྗོད་པ་ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་ཞེས་ བྱ་བ་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། པཎྜི་ཏ་ཤྲཱི་བཛྲ་བོ་དྷི་དང་ལོ་ཙཱ་བ་དཔྱལ་ སེ་རྩ་བསོད་ནམས་རྒྱལ་མཚན་གྱི་འགྱུར། དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པའི་ སྔགས་དོན་རྣམ་གཟིགས་དང༌། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་ཉེ་བར་བསྡུས་པ་ རྣམ་པར་རྟོག་གེ་གཉིས་ཀྱི་དོན་བསྡུས་མཚན་གྱི་སྒྲོན་མ་ཞེས་བྱ་བ་ཤེས་རབ་བླ་མས་མཛད་ པ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་ སློབ་དཔོན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། པྲཛྙཱ་ཤྲཱི་ཛྙཱ་ནའི་རང་འགྱུར། འཇམ་དཔལ་ ཡེ་ཤེས་སེམས་དཔའི་མངོན་པར་རྟོགས་པ་དང༌། འཇམ་དཔལ་ཡེ་ཤེས་སེམས་དཔའི་རིན་ པོ་ཆེའི་ཕྱག་རྒྱ་དྲི་མ་མེད་པའི་ཆོ་ག་ཞེས་བྱ་བ་དང༌། རང་བཞིན་དུ་གནས་པའི་སྔགས་ཀྱི་ སྤྱོད་པ་བཅུ་པ་ཞེས་བྱ་བ་དང༌། རྨི་ལམ་བརྟག་པ་ཞེས་བྱ་བ་དང༌། སངས་རྒྱས་ཀྱི་བྱང་ཆུབ་ བསམ་གཏན་གྱི་དུག་སེལ་བའི་མར་མེ་ཞེས་བྱ་བ་དང༌། འཇམ་དཔལ་ཡེ་ཤེས་སེམས་དཔའི་ ཡིད་འཇུག་པའི་བསམ་གཏན་གྱི་འཁོར་ལོ་ཞེས་བྱ་བ་དང༌། ཐིག་ལེ་གྲུབ་པ་ཞེས་བྱ་བ་དང༌། ཐིག་ལེ་གཅིག་པ་ཞེས་བྱ་བ་དང༌། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྙིང་པོ་གྲུབ་པ་ཞེས་ 7-1-80 བྱ་བ་སྟེ་དགུཔཎྜི་ཏ་གཉིས་མེད་རྡོ་རྗེས་མཛད་པ། རྣལ་འབྱོར་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ ན་ཀཱིརྟིའི་རང་འགྱུར། འཇམ་དཔལ་གྱི་གདམས་པ་མཻ་ཏྲི་པའི་མན་ངག་ཉེ་བར་བསྡུས་པ་དང་ དེའི་འགྲེལ་པ་ཟབ་ཅིང་རྒྱ་ཆེ་བ་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་དྲིལ་བུ་པས་མཛད་པ་ པཎྜི་ཏ་མཉྫུ་ཤྲཱི་སིདྡྷི་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། འཇམ་དཔལ་གྱི་སྒྲུབ་ཐབས་ ཞི་བ་འོད་ཀྱི་རིམ་པ་ཞེས་བྱ་བ་དང༌། འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་རྡོ་རྗེ་འོད་ཀྱི་རིམ་པ་ ཞེས་བྱ་བ་དང༌། སྐྱབས་འགྲོ་སེམས་བསྐྱེད་དབང་བཞིའི་ཆོ་ག་དང༌། རྡོ་རྗེ་གླུའི་གདམས་པ་ ཞེས་བྱ་བ་དང༌། ཁྲུས་ཀྱི་ཆོ་ག་དང༌། གཏོར་མའི་ཆོ་ག་དང༌། བདུན་ཚོགས་ཀྱི་ཆོ་ག་དང༌། རོ་ སྲེག་གི་ཆོ་ག་དང༌། ཚ་ཚ་གདབ་པའི་ཆོ་ག་དང༌། རབ་ཏུ་གནས་པའི་ཆོ་ག་དང༌། སྦྱིན་སྲེག་གི་ ཆོ་ག་དང༌། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་མན་ངག་དང༌། མཎྜལ་དབུལ་བའི་མན་ངག་སྟེ་ བཅུ་གསུམ་པོ་རྣམས་ནི་བྲམ་ཟེ་སྡོམ་པ་བཟང་པོས་མཛད་ཅིང༌། འབྲོ་ལོ་ཙཱ་བ་དྷརྨཱའི་འགྱུར། འདི་དག་ལ་ཐེ་ཚོམ་ཟ་བ་སྣང་ཡང༌། རྒྱ་གར་མར་བྱེད་ཅིང་འདུག་པས་བྲིས་སོ། ། མཚན་བརྗོད་རྣལ་འབྱོར་ཆེན་པོ་བླ་མེད་དུ༌། ། དགོངས་པ་འགྲེལ་བའི་རྒྱུད་འགྲེལ་རྣམ་པ་ལྔ། ། སྒྲུབ་ཐབས་ལ་སོགས་ཉི་ཤུ་རྩ་བཞི་སྟེ། ། དྲྀལ་བས་ཆོས་སྐོར་ཉི་ཤུ་རྩ་དགུ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། མཚན་བརྗོད་ རྣལ་འབྱོར་བླ་མེད་དུ་བཀྲལ་བའི་སྐོར་ཏེ་ལེའུ་བཅུ་གཉིས་པའོ།། །། བདེ་ཆེན་རལ་གཅིག་ལྷ་ཉི་ཤུ་རྩ་ལྔའི་སྒྲུབ་ཐབས། རལ་པ་གཅིག་བའི་དཀྱིལ་འཁོར་ གྱི་འཁོར་ལོའི་སྒྲུབ་ཐབས་ཞེས་བྱ་བ་དང༌། རལ་གཅིག་ལྷ་བཅུ་བདུན་གྱི་བདག་ཉིད་ཀྱི་སྒྲུབ་ ཐབས་དང༌། རལ་གཅིག་ཡུམ་གྱི་སྒྲུབ་ཐབས་རྣམས་མི་ཕམ་སྦས་པའི་བཤེས་གཉེན་མཚན་ 7-1-81 གྱི་རྣམ་གྲངས་རོལ་བའི་རྡོ་རྗེས་མཛད་པ་དང༌། རལ་གཅིག་ཡབ་ཡུམ་ལྷན་སྐྱེས་ཀྱི་སྒྲུབ་ ཐབས་ཤྲཱི་བཛྲ་ཀཱིརྟིས་མཛད་པ་དང༌། རལ་གཅིག་མའི་སྒྲུབ་ཐབས་འཁོར་གནོད་སྦྱིན་དང་ བཅས་པ་མི་ཏྲ་ཛོ་ཀིས་མཛད་པ་རྣམས། ཤྲཱི་ཛི་ག་ཏ་མི་ཏྲ་ཨཱ་ནནྡ་དང༌། ལོ་ཙཱ་བ་བྱམས་པའི་ དཔལ་གྱི་འགྱུར། བསྔོ་བ་ནོར་བུའི་སྒྲོན་མ་པཎྜི་ཏ་མི་ཕམ་ཟླ་བས་མཛད་པ་པཎྜི་ཏ་སུ་བྷ་ ཤཱནྟི་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། རལ་གཅིག་ལ་བསྟོད་པ་པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ ན་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། དེའི་རྫོགས་རིམ་སྟོན་པའི་མན་ངག་རང་གི་ སེམས་ངལ་བསོ་བ་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ། སྤྱན་རས་གཟིགས་དབང་ཕྱུག་གིས་ གསུངས་པ། གྲུབ་ཆེན་མི་ཏྲ་ཛོ་ཀི་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། རྟོགས་པ་ བརྗོད་པ་སུམ་ཅུ་པ་ཞེས་བྱ་བ་མི་ཏྲ་ཛོ་ཀིས་མཛད་པ་དེ་ཉིད་དང༌། གནུབས་ལོ་ཙཱ་བ་བྱམས་ པའི་དཔལ་གྱི་འགྱུར། ཁ་སརྤ་ཎི་ཡབ་ཡུམ་གྱི་སྒྲུབ་ཐབས། གྲུབ་ཐོབ་མི་ཏྲ་ཛོ་ཀིས་མཛད་པ་ དེ་ཉིད་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། དཔལ་གནོད་སྦྱིན་སྤུན་གཉིས་ཀྱི་སྒྲུབ་ ཐབས། མི་ཏྲ་ཛོ་ཀིས་མཛད་པ་དེ་ཉིད་དང༌། གནུབས་བྱམས་པའི་དཔལ་གྱི་འགྱུར། འདི་དག་ མ་རྒྱུད་ཀྱི་ཕྱོགས་སུ་གཏོགས་པ་འདྲ་བར་སྣང་ཡང༌། བླ་མ་རྣམས་ཀྱིས་ཕ་རྒྱུད་ཀྱི་ཕྱོགས་སུ་ བྱས་སྣང་བས་འདིར་བྲིས་སོ། །རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ། རྗེ་ བཙུན་མ་ཧི་མས་མཛད་པ། པཎྜི་ཏ་དྷརྨ་དྷ་ར་དང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར། རིགས་ཀྱི་འཇིག་རྟེན་མགོན་པོའི་རྟོགས་པ་ལྔ་བཅུའི་འགྲེལ་པ་མདོར་བསྡུས་པཎྜི་ཏ་དྲི་མེད་ དཔལ་བཟང་པོས་མཛད་པ་དེ་ཉིད་དང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར། རིགས་ ཀྱི་འཇིག་རྟེན་དབང་ཕྱུག་བསྒོམ་པའི་རིམ་པ་དང༌། དེའི་རྗེས་གནང་གི་ཆོ་ག་གཉིས་པཎྜི་ཏ་ བི་མ་ལ་ཤྲཱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཤོང་བློ་བརྟན་གྱི་འགྱུར། རིགས་ཀྱི་ འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་བྲམ་ཟེ་བྷྲིངྐ་རས་མཛད་པ། འཇམ་དཔལ་སྒེག་པའི་རྡོ་ 7-1-82 རྗེའི་འགྱུར། སྤྱན་རས་གཟིགས་དབང་ཕྱུག་ཡི་གེ་བདུན་པའི་སྒྲུབ་ཐབས་མི་ཏྲ་ཇོ་ཀིས་མཛད་ པ་དེ་ཉིད་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། འདི་རྣམས་རྣལ་འབྱོར་ཆེན་པོའི་ རྒྱུད་དུ་གསལ་བར་གསུངས་ཤིང༌། ཐབས་ཤེས་རབ་ཀྱི་རྒྱུད་འདིར་གཏོགས་གསལ་བར་མ་ གསུངས་ཀྱང༌། ཐབས་རྒྱུད་དང་མཐུན་པ་གཙོ་ཆེ་བར་སྣང་བས་འདིར་བཀོད་དོ། །ཚེ་དང་ཡེ་ ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས་དང༌། དཀྱིལ་ཆོག་གཉིས་མཁའ་འགྲོ་མ་གྲུབ་པའི་རྒྱལ་ མོས་བྱས་པ་ཡིན་ཟེར་བ་རྣལ་འབྱོར་བླ་མེད་དུ་བྱས་པ་འདིའང་རྒྱ་གཞུང་ཡིན་ཟེར་ནས་བྲིས་ སོ། ། སྤྱན་རས་གཟིགས་དབང་རྣལ་འབྱོར་བླ་མེད་དུ། ། གྱུར་བའི་རལ་གཅིག་འཇིག་རྟེན་མགོན་ལ་སོགས། ། ཚེ་དཔག་མེད་པའི་ཆོས་སྐོར་རྣམ་གཉིས་ཏེ། ། བཅུ་ཕྲག་གཅིག་ལ་དགུ་ཡིས་བརྒྱན་པ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། བདེ་ཆེན་ རལ་གཅིག་ལ་སོགས་པའི་སྐོར་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །། ཕྱག་ན་རྡོ་རྗེ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་བཀྲལ་བ་ལ། འཁོར་ལོ་ཆེན་པོའི་སྐོར་ནི་དྲག་ པོ་གསུམ་འདུལ་གྱི་རྒྱུད་ཀྱི་འགྲེལ་པ་བདུད་རྩི་མྱུ་གུ་ཞེས་བྱ་བ་ཛ་པ་རི་པས་ས་ཝ་རི་པ་ལ་ མན་ངག་ཏུ་ཞུས་པ་དང༌། སྒྲུབ་ཐབས་རྒྱས་པ་འཁོར་ལོ་ཆེན་པོ་ཞེས་བྱ་བ་དང༌། འབྲིང་པོ་ ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་སྒྲུབ་ཐབས་བདུད་རྩི་ཐིགས་པ་ཞེས་བྱ་བ་དང༌། མདོར་བསྡུས་སྒྲུབ་ཐབས་མདོར་བསྡུས་ཞེས་བྱ་བ་སྟེ། འཇིག་རྟེན་ལས་འདས་པའི་སྒྲུབ་ ཐབས་གསུམ་དང༌། ཀླུ་རིགས་བཞིའི་སྒྲུབ་པའི་ཐབས་དང༌། གནོད་སྦྱིན་གྱི་སྡེ་རྣམ་པར་སྦྱོང་ 7-1-83 ཞིང་སེལ་བའི་སྒྲུབ་ཐབས་དང༌། ཡི་དྭགས་དང༌། ཤ་ཟ་དང༌། གྲུལ་བུམ་དང༌། སྲུལ་པོ་རྣམས་ རྣམ་པར་སྦྱོང་ཞིང༌། སེལ་བའི་སྒྲུབ་ཐབས་ཏེ་འཇིག་རྟེན་པའི་སྒྲུབ་ཐབས་གསུམ་དང་ཕྱག་ ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་གཏོར་མའི་ཆོ་ག་དང༌། རྨི་ལྟས་རིམ་པ་དྲུག་དང༌། བསད་པ་བདུད་རྩི་གསོ་བ་དང༌། བདུད་རྩི་འོ་མའི་མཆོད་པ་དང༌། ཀླུ་ཁྲོ་བོས་བསད་པའི་ ཕྲིན་ལས་དང༌། ཀླུ་རིགས་བཞི་མནན་པའི་ཆོ་ག་དང༌། ཞི་རྒྱས་ཀྱི་སྦྱིན་སྲེག་དང༌། དྲག་པོའི་ སྦྱིན་སྲེག་དང༌། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་དང༌། མཛེ་ནད་ཀྱི་ མཚན་ཉིད་དང༌། དེ་ལྟར་བཅུ་བདུན་པོ་ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པའི་ སློབ་དཔོན་ཛ་པ་རི་པས་མཛད་པ། བལ་པོའི་པཎྜི་ཏ་དེ་བ་པུ་རྞ་མ་ཏི་དང༌། ལོ་ཙཱ་བ་འགར་ ཆོས་ཀྱི་བཟང་པོའི་འགྱུར། རྟེན་ཅིང་འབྲེལ་པར་འབྱུང་བའི་སྲུང་བ་སློབ་དཔོན་ཛ་པ་རི་པས་ མཛད་པ། པཎྜི་ཏ་དེ་བ་པུ་རྞ་མ་ཏི་དང༌། ལོ་ཙཱ་བ་ཤེའུ་བཛྲ་དེ་བའི་འགྱུར་རྣམས་བཞུགས་སོ། ། ཕྱག་ན་རྡོ་རྗེ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་བཀྲལ་བ་ལ། ཇི་པ་ལ་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ཕྱག་ན་རྡོ་རྗེའི་ སྐུ་དངོས་སུ་སྤྲུལ་ནུས་པ་ཕྱག་ན་རྡོ་རྗེ་ཞེས་བྱ་བས་མཛད་པ། པཎྜི་ཏ་མཉྫུ་ཤྲཱི་དང༌། ལོ་ཙཱ་བ་ གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། སློབ་དཔོན་དེས་མཛད་པའི་མེ་ལྕེའི་ཕྲེང་བའི་སྒྲུབ་ཐབས། སློབ་དཔོན་བྷ་བ་པས་མཛད་པའི་སྐོར་ལ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ དང༌། གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཆེན་པོ་དང༌། སྒྲུབ་ཐབས་ཆུང་བ་དང༌། དཀྱིལ་འཁོར་ གྱི་ཆོ་ག་དང༌། རྫོགས་རིམ་སྟོན་པ་ལུང་བསྟན་པའི་སྦྱོར་ཁ་དང༌། རྡོ་རྗེ་ལས་ཀྱི་ཚོགས་ཀྱི་ རིམ་པ་ཕྱེ་བའི་ཆོ་ག་སྦྱོར་ཁ་ཆེན་པོའི་མན་ངག་དང༌། གཏོར་མའི་ཆོ་ག་དང་ཚོགས་ཀྱི་འཁོར་ ལོའི་སྦྱོར་ཁ་དང༌། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། དྲག་པོ་དང་བསྡུས་པའི་ལས་ ཀྱི་སྦྱོར་ཁ་དང༌། གོས་སྔོན་པོ་ཅན་གྱི་སྦྱིན་སྲེག་གི་ཆོ་ག་དང༌། མཎྜལ་གྱི་ཆོ་ག་རྣམས་སློབ་ 7-1-84 དཔོན་བྷཱ་བ་པས་མཛད་པ། ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། ལས་ཀྱི་རིམ་པ་མུ་ ཏིག་ཕྲེང་བ་ཞེས་བྱ་བ་སློབ་དཔོན་བྷ་བ་པས་མཛད་པ། པཎྜི་ཏ་བཱིརྱ་གུ་བ་སཱུ་ཏྲ་དང༌། ལོ་ཙཱ་ བ་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། ཕྱག་ན་རྡོ་རྗེ་ལྕེ་དབབ་ཀྱི་འགྲེལ་པ་མུ་ཏིག་ཕྲེང་བ་ཞེས་ བྱ་བ་དང༌། ལྕེ་དབབ་ཀྱི་གསང་བ་ཡང་བཀོལ་གྱི་སྒྲུབ་ཐབས་གཉིས་རྒྱལ་བུ་སྤྲིན་གྱི་ཤུགས་ ཅན་གྱིས་མཛད་པ། པཎྜི་ཏ་ཛ་ཡ་ཨཱ་ཀཱ་ར་དང༌། ལོ་ཙཱ་བ་མར་པའི་འགྱུར། རྣལ་འབྱོར་གྱི་ སྤྱོད་ལམ་བརྒྱད་པ་མཛད་བྱང་འགྱུར་བྱང་གོང་དང་འདྲ། ནག་པོ་པས་མཛད་པའི་ཕྱག་རྡོར་ སྒྲུབ་ཐབས། གཏུམ་པོ་ལྷ་ལྔའི་སྐོར་ལ། གཏུམ་པོ་ལྷ་ལྔའི་དཀྱིལ་ཆོག་དང༌། ཕྱག་ན་རྡོ་རྗེའི་ ལམ་ཡན་ལག་བརྒྱད་པ་གཉིས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། གཏུམ་པོ་ཁྱུང་གཤམ་ མའི་སྐོར་ལ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ནང་སྒྲུབ་ཡིད་བཞིན་ནོར་བུ་ ཞེས་བྱ་བ་དང༌། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་གསང་བ་ཐུགས་ཀྱི་ཕུར་གཅིག་མ་གཉིས། པཎྜི་ ཏ་ལས་ཀྱི་རྡོ་རྗེས་མཛད་པ། པཎྜི་ཏ་ཝ་ལ་ཙནྡྲ་དང་ལོ་ཙཱ་བ་གླན་ཆུང་དྷརྨ་ཚུལ་ཁྲིམས་ཀྱི་ འགྱུར། རིག་སྔགས་བཅད་པ་དང་མནན་པའི་ཆོ་ག་སྦྱིན་སྲེག་མདོར་བསྡུས། ཀླུ་གཏོར་ རྒྱས་པ་རྣམས་གླན་ཆུང་དྷརྨ་ཚུལ་ཁྲིམས་ཀྱི་འགྱུར། གཏུམ་ཆུང་ཁྲ་ཐོགས་མའི་སྒྲུབ་ཐབས་ རྒྱལ་པོ་ཟླ་བའི་སྙིང་པོས་མཛད་པ། ལོ་ཙཱ་བ་སྒེག་པའི་དཔལ་གྱི་འགྱུར། རྡོ་རྗེ་ཁྱུང་གི་སྒྲུབ་ ཐབས་སློབ་དཔོན་རྡོ་རྗེ་པདྨས་མཛད་པ། པཎྜི་ཏ་སའི་སྙིང་པོ་དང་རྨ་བན་གྱི་འགྱུར། གཏུམ་ པོའི་དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་མདོར་བསྡུས་པ་ཞེས་བྱ་བ་སློབ་དཔོན་ལས་ཀྱི་རྡོ་རྗེས་ མཛད་པ། པཎྜི་ཏ་ཟླ་བ་བཟང་པོ་དང་ལོ་ཙཱ་བ་གླན་ཆུང་དྷརྨ་ཚུལ་ཁྲིམས་ཀྱི་འགྱུར། ཕྱག་ན་ རྡོ་རྗེ་བེ་ཅོན་མར་གྲགས་པའི་སྐོར་ལ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བའི་རྒྱུད་ཀྱི་ རྣམ་པར་བཤད་པ་སྒྲོན་མ་གསལ་བ་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ། བེ་ ཅོན་ཅན་གྱི་རྒྱུད་ཀྱི་འགྲེལ་པ་རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ 7-1-85 ཤྲཱི་བྷ་དྲས་མཛད་པ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་རྒྱ་ཆེར་བཤད་པ་སློབ་དཔོན་ མཆོག་རབ་སྙིང་པོས་མཛད་པ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ རྟོག་པ་དྲུག་པ་ཞེས་བྱ་བ་འདི་རྒྱུད་དུ་ཡང་འདོད་དོ། །དེ་ཁོ་ན་ཉིད་སྒྲོན་མ་ཞེས་བྱ་བ། ཕྱག་ ན་རྡོ་རྗེའི་སྒྲུབ་ཐབས་ཐམས་ཅད་རྫོགས་པའི་རྒྱན་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ ཏ་པདྨ་འབྱུང་གནས་དང་ལོ་ཙཱ་བ་གླང་དཔལ་གྱི་སེང་གེའི་འགྱུར། དཔལ་གོས་སྔོན་པོ་ཅན་ གྱི་དཀྱིལ་འཁོར་གྱི་ཆོ་ག་དང༌། སྔགས་ཀྱི་རྒྱན་དང༌། རབ་གནས་ཀྱི་རྒྱན་དང་གསུམ། སློབ་ དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། གཏོར་མའི་རྒྱན་ཀླུའི་བྱང་ཆུབ་ཀྱིས་མཛད་པ། དམ་ཚིག་གི་ རྒྱན། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་ པ། དེའི་འགྲེལ་པ། སྔགས་ཀྱི་རྒྱན་གྱི་འགྲེལ་པ་སློབ་དཔོན་མཆོག་རབ་ཀྱིས་མཛད་པ། དམ་ ཚིག་གི་རྒྱན་གྱི་བཤད་པ་སློབ་དཔོན་མཆོག་རབ་ཀྱིས་མཛད་པ། ཟངས་དཀར་ཚུལ་ཁྲིམས་ གཞོན་ནུའི་འགྱུར། གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པ། དེ་ཁོ་ན་ ཉིད་སྒྲོན་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་པ་དང༌། དེའི་འགྲེལ་པ་སློབ་དཔོན་དཔའ་བོས་ བྱིན་གྱིས་མཛད་པ་རྣམས་བཞུགས་སོ། །ཕྱག་ན་རྡོ་རྗེ་རྣལ་འབྱོར་ཆེན་པོར་བཀྲལ་བའི་སྐོར་ འདི་དག་ལ་ཐེ་ཚོམ་ཟ་བའི་གཞི་མང་དུ་ སྣང་ཡང༌། བོད་ན་གྲགས་པ་ཅན་དུ་འདུག་པས་བྲིས་སོ། ། འཁོར་ཆེན་གཏུམ་པོ་བེ་ཅོན་ལ་སོགས་པ། ། ཕྱག་ན་རྡོ་རྗེ་རྣལ་འབྱོར་བླ་མེད་དུ། ། དགོངས་པ་བཀྲལ་བའི་རྒྱུད་འགྲེལ་སྒྲུབ་སྐོར་སོགས། ། བཅུ་ཕྲག་དྲུག་ལ་བཞི་ཡིས་བརྒྱན་པ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། ཕྱག་ན་རྡོ་རྗེ་ 7-1-86 རྣལ་འབྱོར་བླ་མེད་དུ་བཀྲལ་བའི་སྐོར་གྱི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ལྟར་ཐབས་ཀྱི་རྒྱུད་དང༌། ཤེས་རབ་ཀྱི་རྒྱུད་དང༌། ཐབས་ཤེས་རབ་གཉིས་སུ་མེད་ པའི་རྒྱུད་ཀྱི་སོ་སོའི་བསྟན་བཅོས་རྣམས་བཀོད་ནས། ད་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ སྤྱིའི་དགོངས་འགྲེལ་གྱི་སྐོར་ལ། ཉི་པ་ལ་དོན་དམ་པའི་ཡི་གེ་གསུམ་དང་ལྡན་པའི་རྒྱུད་ཀྱི་དོན་ངེས་པར་བསྡུས་པ། དཔལ་གསང་བ་གྲུབ་པ་ཞེས་བྱ་བ་གྲུབ་ཐོབ་ཆེན་པོ་པདྨ་བཛྲས་མཛད་པ། པཎྜི་ཏ་ཀྲྀཥྞཱ་ པ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སློབ་དཔོན་དེའི་སློབ་མ་སློབ་དཔོན་ཡན་ ལག་མེད་པའི་རྡོ་རྗེས་མཛད་པ་ཐབས་ཤེས་རབ་གཏན་ལ་དབབ་པ་གྲུབ་པ། པཎྜི་ཏ་ཤཱན་ཏི་ བྷ་དྲ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ ཀྱི་འགྱུར། གཞུང་དེ་གཉིས་ལ་བརྟེན་ནས། སློབ་དཔོན་དེའི་སློབ་མ་རྒྱལ་པོ་ཨིནྡྲ་བུད་ དྷིས་(བྷི་ཏི་ཟེར་) མཛད་པའི་ཡེ་ཤེས་གྲུབ་པ། རིན་ཆེན་བཟང་པོས་བསྒྱུར། སླད་ཀྱིས་ནག་ཚོས་བཅོས་ སོ། །གཞུང་དེ་རྣམས་ལ་བརྟེན་ནས་སློབ་དཔོན་དེའི་སློབ་མ་ལྕམ་ལཀྵྨཱི་ཀ་རས་མཛད་པའི་ གཉིས་སུ་མེད་པར་གྲུབ་ པ། གཞུང་དེ་རྣམས་ལ་བརྟེན་ནས་ལྕམ་གྱི་སློབ་མ་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་ པའི་དངོས་པོ་གསལ་བ་གྲུབ་པ། སློབ་དཔོན་དེའི་སློབ་མ་སློབ་དཔོན་དཱ་རི་ཀ་པས་མཛད་ པའི་གསང་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མན་ངགསློབ་དཔོན་དེའི་སློབ་མ་ལྷན་ཅིག་སྐྱེས་པའི་ རྣལ་འབྱོར་མ་ཙི་ཏོས་མཛད་པའི་དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་ པ། པཎྜི་ཏ་ཞི་བ་བཟང་པོ་དང་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། སྒེག་པའི་རྡོ་རྗེའི་སློབ་ མ་སློབ་དཔོན་ཌོམ་བི་པས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་དེ་རྣམས་ལ་གྲུབ་པ་སྡེ་བརྒྱད་ 7-1-87 ཅེས་གྲགས་སོ། །རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧ་པ་ཆེན་པོས་མཛད་པའི་དོ་ཧ་ མཛོད་ཅེས་བྱ་བ། དེ་ཁོ་ན་ཉིད་རྣལ་དུ་མཚོན་པ་དོན་དམ་པའི་ཡི་གེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ མཛད་པའི་ཕྱག་རྒྱ་བཞི་གཏན་ལ་དབབ་པ། པཎྜི་ཏ་དྷ་རི་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་རྨ་བན་ཆོས་ འབར་གྱི་འགྱུར། འདི་མན་ངག་སྙེ་མ་ལ་སོགས་པར་སློབ་དཔོན་ཀླུ་སྒྲུབ་ཀྱིས་བྱས་པ་མ་ ཡིན་ཏེ། སོ་སོའི་སྐྱེ་བོ་མན་ངག་མི་ཤེས་པ་ཁ་ཅིག་གིས་བྱས་སོ་ཞེས་བཤད་མོད་ཀྱི་འོན་ཀྱང་ རྒྱ་གར་མ་ཡིན་ཅིང༌། བོད་ལ་གྲགས་པ་གཙོ་བོར་བྱས་ནས་བྲིས་སོ། །ཀླུ་སྒྲུབ་ཀྱིས་ཨཱརྱ་དེ་ བ་ལ་བཤད་ཅིང༌། དེས་སེམས་ཀྱི་སྒྲིབ་སྦྱོང་མཛད་དེ་གོང་དུ་བྲིས་སོ། །དེ་བ་ཙནྡྲས་མཛད་ པའི་ཤེས་རབ་ཡེ་ཤེས་གསལ་བ་ཞེས་བྱ་བ། པཎྜི་ཏ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་དྷརྨ་ཀཱིརྟིའི་ འགྱུར། སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པའི་གནས་པ་བསྡུས་པ་ཞེས་བྱ་བ་ པཎྜི་ཏ་དྷ་རི་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར་ལ། པཎྜི་ཏ་བཛྲ་པཱ་ཎི་དང༌། བ་རེག་ཐོས་པ་དགས་བཅོས་པ། བསམ་གྱིས་མི་ཁྱབ་པའི་རིམ་པའི་མན་ངག་ཅེས་བྱ་བ་ སློབ་དཔོན་ཏོག་ཙེ་པས་མཛད་པ། པཎྜི་ཏ་བདེ་བའི་མྱུ་གུ་དང༌། ལོ་ཙཱ་བ་འགོས་ཀྱི་འགྱུར་ཏེ་ དེ་ལྟར་ལྔ་དང༌། སེམས་ཀྱི་སྒྲུབ་སྦྱོང་དང་བཅས་པའི་དྲུག་པོ་དེ་ལ་སྙིང་པོའི་སྐོར་ཞེས་གྲགས་ སོ། །ཐ་སྙད་དུ་ཆོས་སྤྱོད་ཡོད་པར་སྟོན་པ་ལྟ་བ་ངན་སེལ། པཎྜི་ཏ་བཛྲ་པཱ་ཎི་དང་ལོ་ཙཱ་བ་ མཚུར་སྟོན་ཡེ་ཤེས་འབྱུང་གནས་ཀྱི་འགྱུར། སྔགས་ཀྱི་ལྟ་བ་སྟོན་པ་དབུ་མ་དྲུག་པ་པཎྜི་ཏ་ བཛྲ་པཱ་ཎི་དང༌། ལོ་ཙཱ་བ་ནག་ཚོའི་འགྱུར། ལྟ་བ་ངན་སེལ་གྱི་དཀའ་འགྲེལ་དྲན་པ་བཛྲ་པཱ་ཎི་ དང༌། མཚུར་གྱི་འགྱུར། སྔགས་ཀྱི་སྤྱོད་པ་སྟོན་པ་ལྷན་སྐྱེས་གྲུབ་པ་པཎྜི་ཏ་བཛྲ་པཱ་ཎི་དང༌། མཚུར་གྱི་འགྱུར། ལྟ་བ་དཔེས་སྟོན་པ་རྨི་ལམ་ངེས་བསྟན། སྤྱོད་པ་དཔེས་སྟོན་པ་སྒྱུ་མ་ངེས་ བསྟན། ལྟ་བའི་དོན་གཏན་ལ་འབེབས་པ་རབ་ཏུ་མི་གནས་པ་གསལ་བར་སྟོན་པ་གསུམ་ པཎྜི་ཏ་བཛྲ་པཱ་ཎི་དང༌། ནག་ཚོ་ཚུལ་རྒྱལ་གྱི་འགྱུར། སྤྱོད་པ་གཏན་ལ་འབེབས་པ་དེ་ཁོ་ན་ 7-1-88 ཉིད་བཅུ་པ། པཎྜི་ཏ་བཛྲ་པཱ་ཎི་དང༌། མཚུར་གྱི་འགྱུར་ལ། ནག་ཚོ་ཚུལ་རྒྱལ་གྱིས་བཅོས་ པ། ཐབས་ཤེས་རབ་དབྱེར་མེད་དུ་སྟོན་པ་ཟུང་འཇུག་རབ་ཏུ་གསལ་བར་སྟོན་པ། བཛྲ་པཱ་ ཎི་དང༌། ནག་ཚོ་ཚུལ་རྒྱལ་གྱི་འགྱུར། སྣང་སྟོང་དབྱེར་མེད་དུ་སྟོན་པ་དགའ་གཅུགས་ལྔ་ པ། བཛྲ་པཱ་ཎི་དང༌། རྨ་བན་གྱི་འགྱུར། འཁོར་འདས་དབྱེར་མེད་དུ་སྟོན་པ་མི་ཕྱེད་པ་ལྔ་པ་ དང༌། བདེན་གཉིས་ཐ་མི་དད་དུ་སྟོན་པའི་བདེ་ཆེན་གསལ་བ་གཉིས་པཎྜི་ཏ་བཛྲ་པཱ་ཎི་དང༌། རྨ་བན་ཆོས་འབར་གྱི་འགྱུར། ཐེག་པ་ཐུན་མོང་གི་ལྟ་བ་སྟོན་པ་དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་ བ་བཛྲ་པཱ་ཎི་དང༌། ནག་ཚོ་ཚུལ་རྒྱལ་གྱི་འགྱུར། གང་ཟག་གསུམ་གྱི་དེ་ཁོ་ན་ཉིད་རྟོག་ཐབས་ སྟོན་པ། རབ་ཏུ་བསྟན་པ་དང༌། ལྷའི་རྣལ་འབྱོར་གཏན་ལ་འབེབས་ པ་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པ་གཉིས། པཎྜི་ཏ་བཛྲ་པཱ་ཎི་ དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། དབང་གི་དགོས་པ་སྟོན་པ་དབང་གི་དགོས་པ་ མདོར་བསྡུས། པཎྜི་ཏ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་མཚུར་སྟོན་གྱི་འགྱུར། དབང་གི་བྱ་བ་མདོར་ བསྡུས་པ་གཉིས་མེད་རྡོ་རྗེས་མཛད་པ། རྡོ་རྗེ་སེམས་དཔའི་རང་བཞིན་ལྔ་པ་སློབ་དཔོན་ གཉིས་མེད་རྡོ་རྗེས་མཛད་པ། ཐབས་དང་ཤེས་རབ་བརྩེ་བ་ལྔ་པ་སློབ་དཔོན་གཉིས་མེད་རྡོ་ རྗེ་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་མཚུར་ཛྙཱ་ན་ཨཱ་ཀཱ་རའི་འགྱུར། འདི་ཨ་མ་ནས་ ཀྱི་སྐོར་དུ་མི་བགྲང་བར་སྣང༌། དྷོ་བ་ཏི་ཞེས་བྱ་བའི་དེ་ཁོ་ན་ཉིད་ཀྱི་མན་ངག་ཨ་བ་དྷཱུ་ཏཱི་པས་ མཛད་པ། དྷི་རི་ཤྲཱི་ཛྙཱ་ནའི་འགྱུར། གང་ཟག་གསུམ་གྱི་སྒོམ་ཐབས་སྟོན་པ་ཐེག་ཆེན་ཉི་ཤུ་པ། པཎྜི་ཏ་དེ་བ་ཨཱ་ཀཱ་ར་ཙནྡྲ་དང༌། ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། ཡིད་ ལ་མི་བྱེད་པའི་སྒྲ་ལ་རྩོད་པ་སྤོང་བ་ཡིད་ལ་མི་བྱེད་པ་སྟོན་པ། བཛྲ་པཱ་ཎི་དང༌། ལོ་ཙཱ་ བ་གཉན་ཆུང་གི་འགྱུར། མཐའ་བྲལ་རྟོགས་པའི་ཤེས་རབ་སྟོན་པ་དེ་ཁོ་ན་ཉིད་ཐེག་ཆེན་ཉི་ ཤུ་པ། པཎྜི་ཏ་དྷི་རི་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་འབྲོ་སེང་དཀར་ཤཱཀྱ་འོད་ཀྱི་འགྱུར། ཤེས་པ་སྤྲོ་ 7-1-89 བསྡུ་མེད་པར་འཇོག་པའི་མན་ངག་གསང་བ་དམ་པ། འདི་གཞན་རྣམ་གྲངས་སུ་མི་བགྲང་ བར་སྣང༌། དབང་གི་ཁྱད་པར་གཏན་ལ་འབེབས་པ་དབང་བསྐུར་ངེས་བསྟན་ཀྲྀཥྞ་པཎྜི་ ཏ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཆོས་སྣ་ཉི་ཤུ་རྩ་གཉིས་པོ་དེ་མངའ་བདག་མཻ་ ཏྲི་པ། མཚན་གྱི་རྣམ་གྲངས་གཉིས་མེད་རྡོ་རྗེ་ཞེས་ཀྱང་བྱ། ཨ་ཝ་དྷུ་ཏཱི་པ་ཞེས་ཀྱང་བྱ་བས་ མཛད་པའོ། ། དེའི་རྗེས་སུ་འབྲང་བ་བཀས་བསྐུལ་བའི་ཆོས་བཞི་ལ། དབང་བསྐུར་ངེས་བསྟན་གྱི་ དཀའ་འགྲེལ་དཔལ་སློབ་དཔོན་དགའ་བ་སྐྱོང་གིས་མཛད་པ། པཎྜི་ཏ་ས་མནྟ་བྷ་དྲ་དང༌། ལོ་ཙཱ་བ་ནག་ཚོའི་འགྱུར། དེ་ཁོ་ན་ཉིད་བཅུ་པའི་འགྲེལ་པ་སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་ རྗེས་མཛད་པ། པཎྜི་ཏ་ཀ་ལྱ་ན་ཝརྨ་དང༌། ལོ་ཙཱ་བ་མཚུར་ཡེ་ཤེས་འབྱུང་གནས་ཀྱི་འགྱུར། པཎྜི་ཏ་བཛྲ་པཱ་ཎིས་མཛད་པའི་རྡོ་རྗེའི་ཚིག པཎྜི་ཏ་དེ་ཉིད་དང་མཚུར་གྱི་འགྱུར། པཎྜི་ཏ་ བཛྲ་པཱ་ཎིས་མཛད་པའི་ལྟ་བ་ངན་སེལ་གྱི་དྲན་པ་ནི་མ་རྙེད་དེ། དེ་ལྟར་ཆོས་སྣ་ཉི་ཤུ་རྩ་ དྲུག་ལ་ཨ་མ་ན་སེ་ཀ་རིའི་སྐོར་ཞེས་གྲགས་སོ། །འདི་ནི་གསང་བ་གྲུབ་པ་གསང་འདུས་ཀྱི་ དོན་འགྲེལ་ཡིན་པས་དེའི་ཕྱོགས་སུ་རིགས་ཀྱང༌། བོད་ན་གྲུབ་སྙིང་ཨ་མ་ན་སེའི་སྐོར་ཞེས་ བཤད་བཀའ་དང༌། མན་ངག་གི་བཀའ་ཕྱོགས་གཅིག་ཏུ་ཡོད་པས་འདིར་ལྷན་ཅིག་ཏུ་བྲིས་ སོ། ། ད་ནི་དེ་དག་གི་འགྲེལ་པའི་སྐོར་ལ། དོ་ཧ་མཛོད་ཀྱི་དཀའ་འགྲེལ་སློབ་དཔོན་གཉིས་ མེད་རྡོ་རྗེས་མཛད་པ། པཎྜི་ཏ་ཤྲཱི་བཻ་རོ་ཙ་ནའི་རང་འགྱུར། མི་ཟད་པའི་གཏེར་མཛོད་ཡོངས་ སུ་གང་བའི་ཀླུའི་རྒྱ་ཆེར་བཤད་པ་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། བསོད་ སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། དོ་ཧ་མཛོད་ཀྱི་དཀའ་འགྲེལ་སློབ་དཔོན་ཐར་པའི་ འབྱུང་གནས་པས་མཛད་པ། པཎྜི་ཏ་རྒྱལ་བའི་ལྷ་དང༌། རྒྱ་ལོ་ཙཱའི་འགྱུར། ཕྱག་རྒྱ་བཞིའི་ 7-1-90 འགྲེལ་པ་བླ་མ་བི་ཏ་ཀརྨས་མཛད་པ། བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ལྷན་ཅིག་སྐྱེས་གྲུབ་(ཀྱི་འགྲེལ་པ་ཡིན་ནམ་སྙམ་)རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ། པཎྜི་ཏ་ ཟླ་བ་མགོན་པོ་དང༌། ལོ་ཙཱ་བ་ཤེས་རབ་གྲགས་ཀྱི་འགྱུར། ལྷན་ཅིག་སྐྱེས་གྲུབ་ཀྱི་གཞུང་ འགྲེལ་ལྷ་ལྕམ་བཙུན་མ་དཔལ་མོས་མཛད་པ། པཎྜི་ཏ་མན་བྷི་ཧ་ལ་ལ་དང༌། ལོ་ཙཱ་བ་པྲཛྙཱ་ ཀཱིརྟིའི་རང་འགྱུར། སློབ་དཔོན་ཀ་ར་ལི་པས་མཛད་པའི་དེ་ཁོ་ན་ཉིད་གྲུབ་པ་འདི་གསུམ་ཁ་ ཅིག་གྲུབ་པའི་སྐོར་དུ་རྟོགས་པར་འདོད་དོ། །ད་ནི་དེ་དག་དང་ཕྱོགས་མཐུན་པ་ཕྱག་རྒྱ་ཆེན་ པོའི་གཞུང་དོ་ཧ་ལ་སོགས་པའི་སྐོར་ལ། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ་དང༌། མི་ཟད་ བའི་གཏེར་མཛོད་མན་ངག་གི་གླུ་ཞེས་བྱ་བ་དང་གཉིས། བྲམ་ཟེ་ཆེན་པོ་ས་ར་ཧ་པས་མཛད་ པ། འདི་གཉིས་རྒྱལ་པོ་དོ་ཧ་དང༌། བཙུན་མོ་དོ་ཧར་གྲགས་ཤིང༌། བྲམ་ཆེན་པོས་མཛད་མ་ མཛད་ཐེ་ཚོམ་གྱི་གཞིའོ། ། དམངས་དོ་ཧ་དང༌། རྒྱལ་པོ་དོ་ཧའི་འགྲེལ་པ་བལ་པོ་སྐྱེ་མེད་བདེ་ཆེན་གྱིས་མཛད་པ། དེ་ཉིད་ཀྱི་རང་འགྱུར་གསལ་བྱེད་སུམ་ཅུ་རྩ་བཞི་ལ་སྦྱར་ཏེ་སྟོན་པ། ཀ་ཁའི་དོ་ཧ་དང༌། དེའི་ རང་འགྲེལ་གཉིས་ཤྲཱི་བཛྲ་བཻ་རོ་ཙ་ནའི་རང་འགྱུར། སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ། གསུང་ གི་མཛོད་འཇམ་དབྱངས་རྡོ་རྗེའི་གླུ། ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ། སྐུ་གསུང་ཐུགས་ ཡིད་ལ་མི་བྱེད་པའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་རྣམས་བྲམ་ཆེན་པོ་ས་ར་ཧ་པས་མཛད་པ། པཎྜི་ཏ་ནག་པོ་པའི་རང་འགྱུར། མན་ངག་ཚིགས་སུ་བཅད་པ་བཅུ་གཉིས་དང༌། རང་བྱིན་ གྱིས་བརླབ་པའི་རིམ་པ་ས་ར་ཧ་པས་མཛད་པ། པཎྜི་ ཏ་ཤཱནྟ་བྷ་དྲ་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། དེ་ཁོ་ན་ཉིད་ཀྱི་མན་ངག་རྩེ་ མོ་དོ་ཧའི་གླུ་ཞེས་བྱ་བ། དཔལ་ས་ར་ཧ་པའི་ཞལ་ནས་གསུངས་པ། དངོས་པོ་སྦྱོང་བ་ཞེས་བྱ་ བ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་ 7-1-91 གྱི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཚིགས་སུ་བཅད་པ་ཕྱེད་དང་ལྔ་པའི་འགྲེལ་ པ། རྣམ་པར་མི་རྟོག་པའི་རབ་ཏུ་བྱེད་པ་སློབ་དཔོན་ཨཱརྱ་དེ་བས་མཛད་པ། པཎྜི་ཏ་མཧཱ་ཀཱ་ རུ་ཎ་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ་བརྡ་རྒྱུད་གསང་ བའི་སྒྲོན་མ་ཞེས་བྱ་བ་དཔལ་ཤ་བ་རི་དབང་ཕྱུག་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡེ་ཤེས་ ཀྱི་སྤྱན་དང༌། པདྨའི་སྤྱན་གཉིས་ཀྱི་སྙིང་པོའི་དོན་མགུར་དུ་བཞེས་པ། རྣལ་འབྱོར་གྱི་དབང་ ཕྱུག་བིརྦ་པས་མཛད་པའི་དོ་ཧ་མཛོད་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པས་མཛད་པའི་ དོ་ཧ་མཛོད་དང༌། བྲམ་ཆེན་པོ་ས་ར་ཧ་པས་མཛད་པའི་དོ་ཧ་མཛོད་ཅེས་བྱ་བ། ཕྱག་ རྒྱ་ཆེན་པོའི་མན་ངག་རྣམས་ཤྲཱི་བཻ་རོ་ཙཱ་ན་བཛྲའི་རང་འགྱུར། ནག་པོ་པའི་རྡོ་རྗེའི་ གླུ། ནཱ་རོ་པའི་རྡོ་རྗེའི་གླུ་ཆ་གཉིས། ནག་པོ་སྤྱོད་པ་པས་མཛད་པའི་ཚིགས་སུ་བཅད་པ་ལྔ་ པ་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པས་མཛད་པའི་དོ་ཧ་མཛོད་དང༌། རྣལ་འབྱོར་གྱི་ དབང་ཕྱུག་བིརྦ་པས་མཛད་པའི་ཚིག་རྐང་བརྒྱད་ཅུ་རྩ་བཞི་རྣམས། ཤྲཱི་བཻ་རོ་ཙ་ན་རང་འགྱུར་ རྣམས་བཞུགས་སོ། ། ཏི་པ་ལ་ལམ་འབྲས་བུ་དང་བཅས་པའི་རྩ་བ་རྡོ་རྗེའི་ཚིག་རྐང་རྣལ་འབྱོར་གྱི་དབང་ཕྱུག་ བིརྦ་ པས་མཛད་པ། བདུད་རྩི་གྲུབ་པའི་རྩ་བ་ཞེས་བྱ་བ་བིརྦ་པས་མཛད་པ། རྒྱ་གར་ཨོ་དེ་ བའི་འགྱུར། མཁའ་འགྲོ་མ་རྣམས་ཀྱི་བརྡ་གདུང་བ་གཅད་པའི་མན་ངག་ཅེས་བྱ་བ་སྤྲུལ་ པའི་རྣལ་འབྱོར་པས་གཞུང་དུ་བཀོད་པ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོག་པའི་སྙིང་པོ་ ཞེས་བྱ་བ་གྲུབ་ཐོབ་དཔའ་བོ་འོད་གསལ་གྱིས་ཕྱོགས་གཅིག་ཏུ་བསྡུས་པ་དང༌། གྲུབ་ཐོབ་ རྣམས་ཀྱི་གླུ་ཕྱོགས་གཅིག་ཏུ་བསྡུས་པ་སྤྱོད་པའི་གླུའི་འགྲེལ་པ་སློབ་དཔོན་ཐུབ་པས་བྱིན་ གྱིས་མཛད་པ། པཎྜི་ཏ་ཙནྡྲ་ཀཱིརྟི་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར། དངོས་པོའི་ 7-1-92 གནས་ལུགས་བསྒོམ་པ་ཞེས་བྱ་བ་ནོར་བུ་གླིང་པ་བདེ་བའི་རྡོ་རྗེས་མཛད་པ། ཕྱག་རྒྱ་བཞིའི་ མན་ངག་ཅེས་བྱ་བ་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང༌། ལོ་ ཙཱ་བ་ནག་ཚོ་ཚུལ་རྒྱལ་གྱི་འགྱུར། ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྟོན་པའི་དེ་ཁོ་ན་ ཉིད་ཚིགས་སུ་བཅད་པ་ཕྱེད་ཀྱི་འགྲེལ་པ་སློབ་དཔོན་ཨ་ཝ་དྷུ་ཏཱི་པས་མཛད་པ། མ་རྟོགས་ པ་རྟོགས་པར་བྱེད་པ་ཞེས་བྱ་བ་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་ དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ ཏུ་བྱེད་པ། ཤྲཱི་ཨཱ་ནནྡ་བཛྲས་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་ གྱི་འགྱུར། སྒོམ་རིམ་དྲུག་པ་ཞེས་བྱ་བ་པཎྜི་ཏ་བཛྲ་པཱ་ཎིས་མཛད་པ། དེ་ཉིད་དང་ནག་ཚོའི་ འགྱུར། ན་མོ་བུདྡྷ་ཡའི་འགྲེལ་པ། ནག་པོ་རྡོ་རྗེ་ཞབས་ཀྱིས་མཛད་པའི་དོ་ཧ་མཛོད་དང༌། དེའི་འགྲེལ་པ་སློབ་དཔོན་འོད་དཔག་མེད་ཀྱིས་མཛད་པ་གཉིས། ཤྲཱི་བཻ་རོ་ཙ་ན་བཛྲའི་རང་ འགྱུར། ཕྱག་རྒྱ་ཆེན་པོའི་མན་ངག་ཏི་ལོ་པས་ནཱ་རོ་པ་ལ་ཆུ་བོ་གཾ་གཱའི་འགྲམ་དུ་གསུངས་པ། འཁོར་བ་ལས་ཡིད་ངེས་པར་འབྱུང་བའི་གླུ་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་ བ་རྒྱ་བརྩོན་སེང་གི་འགྱུར་ལ། སླད་ནས་པཎྜི་ཏ་དེ་ཉིད་དང་ནག་ཚོ་ཚུལ་རྒྱལ་གྱིས་བཅོས་ པ། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ནག་ཚོ་ ཚུལ་རྒྱལ་གྱི་འགྱུར། ཞི་བྱེད་ཀྱི་མན་ངག་སྒྲོན་མ་དགུ་སྐོར་ལ། མན་ངག་སྐུའི་སྒྲོན་མ། ཐེག་ པ་གསུང་གི་སྒྲོན་མ། ཡང་དག་ལྟ་བའི་སྒྲོན་མ། རིན་པོ་ཆེ་བསྒོམ་པའི་སྒྲོན་མ། མཉམ་པ་ ཉིད་བཞིའི་སྒྲོན་མ། མཐར་ཐུག་འབྲས་བུའི་སྒྲོན་མ། བྱང་ཆུབ་སྤྱོད་པའི་སྒྲོན་མ། རྣལ་ འབྱོར་ལམ་གྱི་སྒྲོན་མ། གསང་བ་ཐུགས་ཀྱི་སྒྲོན་མ། མཎྜལ་དབུལ་བའི་ཆོ་ག ཕྱག་རྒྱ་ཆེན་ པོ་ཡི་གེ་མེད་པའི་མན་ངག བསྐྱེད་རིམ་གྱི་སྐོར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ ཐབས། རྗེ་བཙུན་མ་སྒྲོལ་མའི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། འཇམ་དཔལ་ཁྲོ་ 7-1-93 བོར་སྒྲུབ་པའི་ཐབས། དེ་རྣམས་ཐམས་ཅད་རྗེ་བཙུན་ཀ་མ་ལ་ཤྲཱིས་མཛད་པ། པཎྜི་ཏ་ཛྙཱ་ན་ གུ་ཧྱ་དང༌། ཨོང་པོ་ལོ་ཙཱ་བའི་འགྱུར། ལྷན་ཅིག་སྐྱེས་པའི་གླུ་རྣལ་འབྱོར་གྱི་དབང་ཕྱུག་ཤཱནྟི་ དེ་ཝ་པས་མཛད་པ། པཎྜི་ཏ་དྷི་རི་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། རང་ བཞིན་གྱི་དོ་ཧ་མཛོད་ཀྱི་གླུའི་ལྟ་བ་སློབ་དཔོན་ལཱུ་ཨི་པས་མཛད་པ། རྣམ་རྟོག་སྤང་བའི་གླུ་ སློབ་དཔོན་ལི་ལ་བས་མཛད་པ། ལས་ཀྱི་གཏུམ་མོའི་དོ་ཧ་མཛོད་ཀྱི་གླུ་སློབ་དཔོན་བིརྦ་པས་ མཛད་པ། ལྟ་སྒོམ་སྤྱོད་འབྲས་ཀྱི་དོ་ཧའི་གླུ་སློབ་དཔོན་ས་ར་ཧ་པས་མཛད་པ། དོ་ཧ་མཛོད་ ཀྱི་དེ་ཉིད་ཀྱི་གླུ་སློབ་དཔོན་ཀ་ན་རི་ནས་བརྒྱུད་པ་ཐ་ག་ནས་མཛད་པ། སྤྱོད་པའི་དོ་ཧའི་གླུ་སློབ་དཔོན་ཀཾ་བྷ་ལ་ནས་བརྒྱུད་པ་སློབ་དཔོན་ཀཾ་ཀ་ནས་མཛད་པ། ལྷན་ཅིག་སྐྱེས་པའི་དོ་ཧ་མཛོད་ཀྱི་གླུའི་ལྟ་བ་སློབ་དཔོན་བྷ་དེས་མཛད་པ། བདེ་གཤེགས་ ཀྱི་ལྟ་བའི་གླུ་སློབ་དཔོན་དྷ་མ་པས་མཛད་པ། རླུང་གི་དེ་ཉིད་དོ་ཧའི་གླུ་སློབ་དཔོན་ནག་པོ་ པ་ནས་བརྒྱུད་པ་སློབ་དཔོན་མ་ཧི་པས་མཛད་པ། དཔྱིད་ཀྱི་ཐིག་ལེ་དོ་ཧ་མཛོད་ཀྱི་གླུ་སློབ་ དཔོན་ནག་པོ་པ་ནས་བརྒྱུད་པ་སློབ་དཔོན་ས་ར་ཧ་པས་མཛད་པ། རྡོ་རྗེ་བཞིའི་གླུ་ཨ་ཝ་དྷུ་ ཏཱི་གཉིས་མེད་རྡོ་རྗེས་མཛད་པ། བླ་མ་མཻ་ཏྲིའི་གླུ། ས་ར་ཧ་པའི་གླུ་གཉིས། བི་རུ་བྱེད་པའི་ གླུ། ཀ་ན་བའི་གླུ། བླ་མ་རྗེ་བཙུན་དྷིཥི་ྟཛྙཱ་ནས་མཛད་པའི་རྡོ་རྗེའི་གླུ་གཉིས། ཡང་གླུ་གཅིག ཀརྞ་རིའི་གླུ། མ་ཏི་ཙེ་ཏྲའི་གླུ། ཡང་གླུ་གཉིས། དཔའ་བོ་རྣམ་པར་སྣང་མཛད་ཀྱི་གླུ། ནཱ་རོ་ པཎྜི་ཏའི་གླུ། ལཱུ་ཨི་པའི་གླུ། ཌོཾ་བི་པའི་གླུ། བི་རཱུ་བའི་གླུ། ལྭ་བ་བའི་གླུ། མཱ་སུ་ཁ་ཏའི་གླུ། རྣལ་འབྱོར་པ་པྲ་ས་རའི་གླུ། ཀླུ་སྒྲུབ་ཀྱི་གླུ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཆོས་ཀྱི་གླུ། དོ་ཧ་སྤྱོད་པའི་ གླུའི་ལྟ་བ་སློབ་དཔོན་ཀི་ར་པས་གསུངས་པ། སྟོང་པ་ཉིད་ཀྱི་ལྟ་བ་སློབ་དཔོན་ཤ་བ་རི་པས་ གསུངས་པ། བདེ་སྡུག་གཉིས་བྲལ་གྱི་ལྟ་བ་སློབ་དཔོན་ཤཱནྟི་པས་མཛད་པ། འབྲེལ་མེད་ཀྱི་ ལྟ་བ་སློབ་དཔོན་ཀཾ་བྷ་ལས་མཛད་པ་རྣམས། བླ་མ་རཏྣ་ཕ་ལའི་རང་འགྱུར། ཞེན་མེད་ཀྱི་ 7-1-94 ལྟ་བ་སློབ་དཔོན་ཀཾ་བྷ་ལས་མཛད་པ། སྟོང་ཉིད་སྙིང་རྗེའི་ལྟ་བ་སློབ་དཔོན་ཙ་ཏ་པས་མཛད་ པ། སེམས་ཉིད་རིན་ཆེན་གྱི་ལྟ་བ་སློབ་དཔོན་དྷེ་ཏ་ནས་མཛད་པ། དེ་ཉིད་བརྒྱད་ཀྱི་ལྟ་བ་ སློབ་དཔོན་ཨིནྡྲ་བྷུ་ཏིས་མཛད་པ། སེམས་ཀྱི་རྟོག་པ་འཇོམས་པའི་ལྟ་བ་སློབ་དཔོན་ལཀྵྨཱིས་ གསུངས་པ། མྱ་ངན་གྱི་ལྟ་བ་དྷའུ་རིས་མཛད་པ། སེམས་ཙམ་གྱི་ལྟ་བ་སློབ་དཔོན་མཻ་ཏྲི་པས་ གསུངས་པ། སྙིང་རྗེ་སྤྱོད་པ་ཐོད་པའི་ལྟ་བ་སློབ་དཔོན་ས་ར་བྷ་ཁས་མཛད་པ། འབྲེལ་མེད་ ཀྱི་ལྟ་བ་སློབ་དཔོན་ནག་པོ་བས་མཛད་པ། དེ་བཞིན་ཉིད་ཀྱི་ལྟ་བ་སློབ་དཔོན་དཱ་རི་ཀ་པས་ མཛད་པ། ༼ཁཐིག་ལེ་བཅུ་དྲུག་གི་ཉམས་ལེན་སློབ་དཔོན་ཀ་ཀ་ལི་པས་མཛད་པ། བྱང་ ཆུབ་ཀྱི་སེམས་བཅིང་བའི་མན་ངག་སློབ་དཔོན་མི་ན་བས་མཛད་པ། ཀ༽བྱང་ཆུབ་ཀྱི་སེམས་ གཅིག་པའི་མན་ངག་རྣལ་འབྱོར་གྱི་དབང་ཕྱུག་ལས་ཀྱི་ཞབས་ཀྱིས་མཛད་པ། ག༽རླུང་གི་ དེ་ཉིད་སྒོམ་པའི་མན་ངག་སློབ་དཔོན་གྷོ་ར་ཥས་མཛད་པ། རླུང་གི་དེ་ཉིད་བསྒོམ་པའི་མན་ ངག་སློབ་དཔོན་ཙོ་རང་གིས་མཛད་པ། རྡོ་རྗེ་མཁའ་འགྲོའི་རྫོགས་པའི་རིམ་པ། སློབ་དཔོན་ བྷི་ན་བས་མཛད་པ། རྣལ་འབྱོར་བཞིའི་ཉམས་ལེན་སློབ་དཔོན་ཏནྟི་པས་མཛད་པ། ཐབས་ དང་ཤེས་རབ་གཏན་ལ་བབ་པའི་དངོས་གྲུབ་བསྡུས་པ་སློབ་དཔོན་ཙ་མ་རིས་གསུངས་པ། རང་བཞིན་གྲུབ་པ་མེད་པ་གཞིའི་མན་ངག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྗེ་བཙུན་ཡི་ གེ་བརྒྱ་པའི་སེམས་དཔའ་གསུམ་གྱི་སྒོམ་པའི་ཐབས་སློབ་དཔོན་ནཱ་རོ་པས་མཛད་པ། རིན་ ཆེན་ཕྲེང་བ་ཞེས་བྱ་བ་སློབ་དཔོན་པི་ལ་ཨ་ལིས་མཛད་པ། སྙིང་རྗེ་སྒོམ་པའི་བྱིན་རླབས་ཏཻ་ ལོ་པས་མཛད་པ། ཐེག་པ་ཆེན་པོའི་གནས་ལུགས་གཏན་ལ་འབེབས་པ་སློབ་དཔོན་ཆེན་ པོ་དྷོ་ཁནྡྷིས་མཛད་པ། སེམས་ལ་གྲོས་འདེབས་ཞེས་བྱ་བ་སློབ་དཔོན་ཨ་ཛོ་གིས་མཛད་པ། གཞི་ལམ་འབྲས་བུ་བསྒོམ་བའི་ཕྱག་རྒྱ་ཆེན་པོའི་ཉམས་ལེན་སློབ་དཔོན་པཾ་ཀ་ལས་མཛད་ པ། རྩ་རླུང་གི་སྒོ་ནས་རྣལ་འབྱོར་གྱི་སྤྱོད་པ་སློབ་དཔོན་ཌོཾ་བི་པས་མཛད་པ། ཡི་གེ་གཉིས་ 7-1-95 པའི་མན་ངག་སློབ་དཔོན་ཌོཾ་བི་པས་མཛད་པ། དེ་ཉིད་བདེ་བ་སྒོམ་པའི་རྗེས་སུ་འབྲང་བའི་ རྣལ་འབྱོར་སྒོམ་པའི་མན་ངག་སློབ་དཔོན་ཀུ་ཀུ་རི་པས་མཛད་པ། འཛག་པ་གཅོད་པའི་མན་ ངག་སློབ་དཔོན་ཀུ་འཛི་བས་མཛད་པ། གཏུམ་མོ་མུ་སྟེགས་ཀྱི་སློབ་དཔོན་ཨ་ཙིནྟས་མཛད་ པ། གསེར་འགྱུར་གྱི་རྩི་སློབ་དཔོན་ན་ལི་པས་མཛད་པ། སེམས་དང་སེམས་ཉིད་འདུལ་བའི་ ཐབས་སློབ་དཔོན་མེ་ཀོ་ལས་མཛད་པ། ལྷ་ཀུན་གྱི་རྫོགས་པའི་རིམ་པའི་ལམ་གྷ་དྷ་རིས་ མཛད་པ། ཉི་ཟླ་བཅིང་བའི་ཐབས་ཀ་མ་རིས་མཛད་པ། སེམས་ཉིད་ཐིག་ལེ་ཧཱུྃ་ཉིད་བསྒོམ་ པའི་རིམ་པ་སློབ་དཔོན་ཛྭ་ལན་དྷ་རིས་མཛད་པ། བསམ་གྱིས་མི་ཁྱབ་པ་བསྒོམ་པ་སློབ་ དཔོན་རཱ་ཧུ་ལས་མཛད་པ། ཧཱུྃ་ཡིག་སེམས་ཉིད་ཐིག་ལེ་བསྒོམ་པའི་རིམ་པ་སློབ་དཔོན་དྷརྨ་ པས་མཛད་པ། རང་བཞིན་གྲུབ་པའི་ཐབས་སློབ་དཔོན་དྷོ་ཀ་རིས་མཛད་པ། ལྷན་ཅིག་སྐྱེས་ པའི་གདམས་པ་སློབ་དཔོན་མེ་དྷི་ནས་མཛད་པ། བླ་མེད་སྦྱོར་བའི་རིམ་པ་སློབ་དཔོན་བྷང་ ག་ཛས་མཛད་པ། ཨ་ཕྲེང་ཀ་ཕྲེང་གི་སྔགས་ཀྱི་རིམ་པ་སློབ་དཔོན་གྷནྡྷས་མཛད་པ་དང༌། ཀ་ ཕྲེང་བསྒོམ་པའི་ལམ་སློབ་དཔོན་དྷ་མ་དྷུ་མས་མཛད་པ། ཨ་ཕྲེང་ཀ་ཕྲེང་བདེ་མཆོག་འཁོར་ ལོའི་རྣལ་འབྱོར་ཆེན་པོ་བསྒོམ་པ་སློབ་དཔོན་སཱ་ག་རས་མཛད་པ། རླུང་གནས་ཀྱི་ནད་ཀྱི་ བརྟག་པ་སློབ་དཔོན་ཨ་ཛོ་གིས་མཛད་པ། སེམས་ཉིད་ཀྱི་དེ་ཉིད་བཅིང་བ་སློབ་དཔོན་ཀོ་ དྷ་ལིས་མཛད་པ། གཏུམ་མོ་ཐིག་ལེ་བཀྲམ་པ་སློབ་དཔོན་ལུ་ཙི་ཀིས་མཛད་པ། ལུས་ཀྱི་ རྩ་ཐིགམཉམ་པ་ཉིད་ཀྱི་མན་ངག་སློབ་དཔོན་ནི་ཀུ་ནིས་མཛད་པ། འབྱུང་བཞིའི་སྲིད་པའི་ ཆ་ལུགས་སློབ་དཔོན་ཙ་ར་པ་ཏྲིས་མཛད་པ། རང་རིག་ཡེ་ཤེས་ཀྱི་ལྟ་བའི་ཉམས་ལེན་སློབ་ དཔོན་ཙམ་པ་ཀས་མཛད་པ། འཇིགས་པ་བརྒྱད་རྨོངས་པར་བྱེད་པའི་ཐབས་སློབ་དཔོན་བྷ་ ཁ་ནས་མཛད་པ། ཕྱི་ནང་གི་དུག་སེལ་གྱི་རིམ་པ་སློབ་དཔོན་ཏཻ་ལོ་པས་མཛད་པ། གཡུང་ དྲུང་འཁྱིལ་པ་གསུམ་གྱི་ཞལ་གདམས་ཀྱི་ཉམས་ལེན་ཡུམ་ཀང་ཀ་ལ་མེ་ཀ་ལས་གསུངས་ 7-1-96 པ། ལྷན་ཅིག་སྐྱེས་པའི་རང་བཞིན་སློབ་དཔོན་ཀཱནྠ་རིས་མཛད་པ། ཨ་ཏི་རྣལ་འབྱོར་གྱི་ བསྒོམ་པའི་ཐབས་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ། བྱང་ཆུབ་ཀྱི་སེམས་ཀྱི་རླུང་ རྒྱུ་བའི་མན་ངག་བསྒོམ་པ་སློབ་དཔོན་ཏ་ལིས་མཛད་པ། ལྟ་སྤྱོད་སྐྱེ་མེད་ཀྱི་བསྒོམ་པ་སློབ་ དཔོན་པ་ཧ་ནས་མཛད་པ། ཚེ་བསྒྲུབ་པའི་གདམས་ངག་སློབ་དཔོན་ཀོ་ཀི་ལས་མཛད་པ། དུག་སེལ་སྒོམ་པའི་རིམ་པ་སློབ་དཔོན་ཨ་རང་གིས་མཛད་པ། གཉིས་མེད་ཀྱི་རྩ་བསྒོམ་པའི་ རིམ་པ་སློབ་དཔོན་ནི་ལ་ཁན་དྷས་མཛད་པ། ཕྲ་བའི་རྣལ་འབྱོར་གྱི་ཉམས་ལེན་སློབ་དཔོན་ ས་མུ་དྲས་མཛད་པ། ཕྱི་ནང་བདུད་རྩིའི་བཅུད་ལེན་སློབ་དཔོན་བྷྱ་རིས་མཛད་པ་རྣམས་ པཎྜི་ཏ་རཏྣ་ཕ་ལའི་རང་འགྱུར། ཕྱག་རྒྱ་ཆེན་པོ་བརྡའི་བརྒྱུད་པ་དམ་པ་རྒྱ་གར་ལ་བདེ་བར་ གཤེགས་པ་བཅུ་གཉིས་ཀྱིས་གསུངས་པ། ཞ་མ་ལོ་ཙཱའི་འགྱུར། ཕྱག་རྒྱ་ཆེན་པོའི་མན་ངག་ རྡོ་རྗེ་གསང་བའི་གླུ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧས་མཛད་པ། པཎྜི་ཏ་ཀ་མ་ལ་ ཤཱི་ལ་དང༌། ལོ་ཙཱ་བ་ཞ་མ་སེང་རྒྱལ་གྱི་འགྱུར། དཔལ་རྡོ་རྗེ་མཁའ་འགྲོ་མའི་མགུར་དང༌། མཁའ་འགྲོ་མའི་བརྡའི་མགུར་རྗེ་དམ་པ་རྒྱ་གར་ལ་གནང་བ་ཞ་མ་ལོ་ཙཱ་བའི་འགྱུར། ཐུགས་ ཀྱི་གསང་བ་གླུར་བླངས་པ་ཐིག་ལེ་དག་པའི་ཕྲེང་བ་ཞེས་བྱ་བ། གྲུབ་ཐོབ་ཕོ་མོ་བརྒྱད་ཅུའི་ རྟོགས་བརྗོད། རྗེ་དམ་པ་རྒྱ་གར་དང༌། ཞ་མ་ལོ་ཙཱའི་འགྱུར། གྲུབ་ཐོབ་ལྔ་བཅུའི་རྟོགས་པ་ བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་ཞེས་བྱ་བ། མཁའ་འགྲོ་མའི་གསང་མཛོད་ནས་ཕྱུང་སྟེ་རྗེ་ དམ་པ་རྒྱ་གར་ལ་གནང་བ། ཞ་མ་ལོ་ཙཱ་བའི་འགྱུར། ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་བརྡའི་མན་ ངག་ཅེས་བྱ་བ་རྗེ་དམ་པ་ལ་མཁའ་འགྲོ་མས་གཏད་པ། ཞ་མའི་འགྱུར་ལ་དུམ་བུ་དྲུག་དང༌། ལེ་ཕྲན་ལྔ་བཅུ་རྩ་ལྔ་ཡོད་དོ། །མཁའ་འགྲོ་མ་རྡོ་རྗེ་གསང་བའི་གླུ་ཞེས་བྱ་བ། བྲུལ་ཚོ་བདུན་ དུ་བསྟན་པ་མཁའ་འགྲོ་མ་གསང་བའི་མཛོད་ན་གནས་པ་ལས། དབྱིངས་ཀྱི་གཙོ་མོ་རྣམས་ ཀྱིས་བཀའ་བགྲོས་ནས། ཀ་མ་ལ་ཤཱི་ལ་ལ་གཏད་པ། ཞ་མ་སེང་རྒྱལ་གྱི་འགྱུར། རྔོན་པ་ཆེན་ 7-1-97 པོས་ཀ་མ་ལ་ཤཱི་ལ་ལ་གནད་ཀྱི་གདམས་པ་བསྟན་པ་ཟབ་མོ་བརྡའི་གླུ་གསང་བའི་བདུད་རྩི་ ཞེས་བྱ་བ་ཤ་བ་རི་དབང་ཕྱུག་གི་མཛད་པ་ཞ་མའི་འགྱུར། དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་པའི་དུས་སུ། རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་ བཅུས་རྡོ་རྗེའི་མགུར་བཞེངས་པ། ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ་ཞེས་བྱ་ བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སུམ་ཅུ་རྩ་ལྔའི་རྟོགས་པ་བརྗོད་པ། མཁའ་འགྲོ་མའི་གསང་ མཛོད་ན་གནས་པས་དབྱིངས་ཀྱི་གཙོ་མོ་རྣམས་ཀྱིས་བཀའ་བགྲོས་ནས་རྗེ་དམ་པ་རྒྱ་གར་ ལ་གནང་བ་ཞ་མ་ལོ་ཙཱའི་འགྱུར། མཁའ་འགྲོ་མའི་འཇམ་གླུ་ཞེས་བྱ་བ་ཁྱད་པར་གྱི་བརྒྱུད་ པ་བརྒྱད་ལས། དོན་སྐོར་རྣམ་པ་བཞི་འཇམ་གླུ་དང་བཅས་པའོ། །ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་ དབང་གི་འཁོར་ལོ་ཞེས་བྱ་བ་དུར་ཁྲོད་རྒྱུ་སྐར་དཔལ་གྱི་རོལ་པར་གསུངས་པ། རྣལ་འབྱོར་ པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་གྲུབ་པ་ཐམས་ཅད་ཀྱི་རྡོ་རྗེའི་མགུར། རྗེ་ དམ་པ་རྒྱ་གར་རིན་པོ་ཆེའི་ཞལ་སྔ་ནས་རང་འགྱུར་དུ་མཛད་པ། ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ ཞེས་བྱ་བ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་དང༌། པཎྜི་ཏ་མང་པོས་གསུངས་པ་རྣམས། རྗེ་ བཙུན་མངའ་བདག་མཻ་ཏྲི་པས་གཞུང་གཅིག་ཏུ་བསྡེབས་པ་པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། ཤེས་རབ་ཀྱི་འཕྲིན་ཡིག་སློབ་དཔོན་པདྨ་བཛྲས་མཛད་ པ། པཎྜི་ཏ་ཤཱནྟ་བཛྲ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། ཤེས་རབ་བརྩམ་པ་དུས་ ཀྱི་གཏམ་ཞེས་བྱ་བ་སློབ་དཔོན་གཉིས་མེད་རྡོ་རྗེས་བྲམ་ཟེ་བྷ་ལོ་ལ་གདམས་པ། དེ་ཁོ་ཉིད་ བཅུ་པ་ཨ་ཝ་དྷཱུ་ཏཱི་པས་མཛད་པ། པཎྜི་ཏ་བཛྲ་པ་ཎི་དང་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་ བའི་འགྱུར། རྣལ་འབྱོར་རྟོག་པའི་གེགས་སེལ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་ བས་མཛད་པ། དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་ཞེས་བྱ་བ་སློབ་དཔོན་ཨཱརྱ་དེ་བས་ མཛད་པ། རྣལ་འབྱོར་གྱི་མཚན་ཉིད་བདེན་པ་ཞེས་བྱ་བ་དཔལ་བྱང་ཆུབ་བཟང་པོའི་ཞལ་སྔ་ 7-1-98 ནས་མཛད་པ། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་དང༌། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག་གཉིས་ཇོ་བོ་རྗེས་མཛད་པ་པཎྜི་ ཏ་དེ་ཉིད་དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། འདི་དག་མདོ་ཕྱོགས་སུ་བྲིས་པ་ནི་ནོར་བ་ ཡིན་ནོ། །བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་གྲུ་བོ་དང༌། འདི་ལ་གྲུབ་པ་བརྙེས་ པའི་པཎྜི་ཏ་ཆེན་པོ་ཨ་ཛི་ཏྲ་གུཔ་ཏས་མཛད་པར་བྱས་ཡོད། འཆིང་བ་རྣམ་གྲོལ་གྱི་བསྟན་ བཅོས་རྒྱས་པ་གཉིས་དཔལ་ནིསྐ་ལཾ་ཀས་མཛད་པ། པཎྜི་ཏ་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྡ་དང༌། བུད་དྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། འདྀ་ལ་གནུབས་ཚུལ་ ཁྲིམས་ཤེས་རབ་ཀྱི་འགྱུར་དུ་བྱས་པ་ཡོད། ལྟ་སྤྱོད་རྣམ་དག་གི་མན་ངག པཎ་ཆེན་ཤཱཀྱ་ཤྲཱིས་ མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། སེམས་རིན་པོ་ཆེ་སྦྱོང་ བའི་ལམ་འབྲས་པཎྜི་ཏ་བུད་དྷ་ཤྲཱི་ཛྙཱ་ནས་མཛད་པ་དེ་ཉིད་དང༌། ལོ་ཙཱ་བ་བྱམས་པའི་དཔལ་ གྱི་འགྱུར། འཆིང་བ་རྣམ་གྲོལ་གྱི་མན་ངག གྲུབ་པ་དམ་པའི་ལམ་ངེས་པ་དང༌། རྣལ་འབྱོར་ པ་རང་གི་སེམས་མདུད་པ་འགྲོལ་བའི་མན་ངག་དང༌། རྣལ་འབྱོར་བདུན་གྱི་ལམ་རྣམ་པར་ ངེས་པ་དང༌། ཏིང་ངེ་འཛིན་བདུན་གྱི་དབང་བསྐུར་དང༌། ཕ་རོལ་དབང་དུ་བྱ་བ་རྣམས་མི་ ཏྲ་ཛོ་ཀིས་མཛད་པ་དེ་ཉིད་དང༌། ཁྲོ་ཕུ་ལོ་ཙཱ་བའི་འགྱུར། དེ་ལྟར་རྣལ་འབྱོར་བླ་ན་མེད་པའི་ ཕྱོགས་སུ་གཏོགས་པའི་སྒོམ་རིམ་རྣམས་བཀོད་ནས། དབང་བཞིའི་དོན་གཏན་ལ་འབེབས་ པའི་བསྟན་བཅོས་ཀྱི་སྐོར་ལ། རིན་ཆེན་འཁོར་ལོ་དབང་གི་མན་ངག་ཨིནྡྲ་བྷུ་ཏིས་མཛད་པ། དབང་བསྐུར་ངེས་པར་བསྟན་པ་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དབང་གི་དོན་ངེས་པར་བརྗོད་ པ་ཞེས་བྱ་བ། སློབ་དཔོན་རྒྱལ་བ་བཟང་པོ་དཔལ་སྦས་པ་ཞེས་བྱ་བས་མཛད་པ། པཎྜི་ཏ་ཨ་ ཝ་དྷུ་ཏཱི་པ་དང༌། ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། རྣལ་འབྱོར་བླ་མེད་ཀྱི་དམ་ཚིག་དང་ 7-1-99 སྡོམ་པ་ལ་སོགས་པའི་སྐོར་ལ། རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བ་བསྡུས་པ་དང༌། ལྟུང་བ་སྦོམ་པོ་ བསྡུས་པ་གཉིས་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། ལྟུང་བ་བཅོ་ལྔ་པ་དང༌། ཡན་ལག་ གི་ཉེས་པ་བདུན་པ། རྩ་ལྟུང་དང༌། ཡན་ལག་གི་དམ་ཚིག་གཉིས། ཀླུ་སྒྲུབ་ཀྱིས་མཛད་པའི་ སྦོམ་པོའི་ལྟུང་བ་དགེ་བའི་བློ་གྲོས་སོགས་ཀྱིས་བསྒྱུར་བ་ལས། དཔང་བློ་གྲོས་བརྟན་པས་ བཅོས་པ། ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྦོམ་པོའི་ལྟུང་བ་བརྒྱད་པ། པཎྜི་ཏ་པདྨ་ ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ལ། པཎྜི་ཏ་མ་ཎི་ཀ་ཤྲཱི་དང༌། ཆག་ཆོས་ རྗེ་དཔལ་གྱིས་བཅོས་པ། རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ་ཞེས་བྱ་བ་སློབ་དཔོན་ཨ་བྷ་ཡཱ་ཀཱ་ ར་གུཔྟས་མཛད་པ་པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རྩ་མི་སངས་རྒྱས་གྲགས་པའི་འགྱུར། རྩ་ ལྟུང་བཅུ་བཞི་པའི་འགྲེལ་བ་ལྕམ་ལཀྵྨཱི་ཀ་རས་མཛད་པ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་ རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆེན་པོ་སྙིང་པོ་ཞབས་ཀྱིས་མཛད་པ། རྩ་བའི་ལྟུང་བའི་རྒྱ་ཆེར་ འགྲེལ་པ་སློབ་དཔོན་རྒྱལ་བའི་ལྷས་མཛད་པ། ཇོ་བོ་རྗེ་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་ འགྱུར། འཇམ་དཔལ་གྲགས་པས་མཛད་པའི་རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་ པ་དམ་ཚིག་འགྲེལ་པ་ཉུང་ངུ་སློབ་དཔོན་ལཀྵྨཱི་ཀ་རས་མཛད་པ། ལོ་ཙཱ་བ་དགེ་སློང་ཚུལ་ ཁྲིམས་རྒྱལ་བས་བསྒྱུར་བ། དྲི་མ་མེད་པ་ལམ་གྱི་སྒྲོན་མ་ཞེས་བྱ་བ། པཎྜི་ཏ་ཨུ་པ་ཏ་བཛྲ་ ཤྲཱི་ལ་དང༌། ལོ་ཙཱ་བ་རྒྱ་བརྩོན་སེང་གེ་འགྱུར། བླ་མེད་སྤྱི་དང་འབྲེལ་བའི་ཚོགས་འཁོར་རབ་ གནས་ལ་སོགས་པའི་སྐོར་ལ། དམ་ཚིག་ཉམས་པ་གསོ་བ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ བླ་མ་མངོན་ཤེས་ཅན་རྡོ་རྗེ་གདན་པས་མཛད་པ། ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་ པོའི་འགྱུར། གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་སྙིང་པོའི་རྒྱན་ཞེས་བྱ་བ་སློབ་དཔོན་འཇམ་ དཔལ་གྲགས་པས་མཛད་པ། པཎྜི་ཏ་ཀ་ན་ཀ་ཤྲཱི་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར་ ལ། པཎྜི་ཏ་ཧ་སོ་བཛྲ་དང༌། ལོ་ཙཱ་བ་ཉི་མ་རྡོ་རྗེས་བཅོས་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ 7-1-100 སློབ་དཔོན་ཨ་བྷ་ཡཱ་ཀཱ་ར་གུཔྟས་མཛད་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག་སློབ་དཔོན་ནག་པོ་ པས་མཛད་པ་དེ་ཉིད་དང༌། འགོས་ལྷས་བཙས་ཀྱི་འགྱུར། ཚོགས་ཀྱི་འཁོར་ལོའི་ཆོ་ག་སློབ་ དཔོན་བཟང་པོ་སྦྱིན་པས་མཛད་པ། པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་ཀུན་དགའ་རྒྱལ་ མཚན་དཔལ་དཔལ་བཟང་པོའི་འགྱུར། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་ བྱ་བ། སློབ་དཔོན་རཏྣ་རཀྵི་ཏས་མཛད་པ་དང༌། ཚོགས་ཀྱི་འཁོར་ལོའི་ཆོ་ག་རིམ་པར་ཕྱེ་བ་ ཞེས་བྱ་བ་སློབ་དཔོནཧེ་རུ་པ་བཛྲས་མཛད་པ་དང་གཉིས། པཎྜི་ཏ་རཏྣ་རཀྵི་ཏ་དང་ལོ་ཙཱ་བ་ ཞང་གྲུབ་པ་དཔལ་བཟང་པོའི་འགྱུར། སྐུ་གསུང་ཐུགས་རབ་ཏུ་གནས་པའི་ཆོ་ག་ཇོ་བོ་རྗེས་ མཛད་པ་དེ་ཉིད་དང༌། རྒྱ་བརྩོན་སེང་གེ་འགྱུར། འདི་ཡོ་ག་དང་ཡང་ཐུན་མོང་བར་སྣང༌། འདོད་པའི་བསྟན་བཅོས་སློབ་དཔོན་གཟུགས་བཟང་གིས་མཛད་པ་ རྣམས་བཞུགས་སོ། ། རྣལ་འབྱོར་བླ་མེད་རྒྱུད་སྤྱིའི་ལྟ་སྒོམ་དང༌། ། དབང་དོན་དམ་ཚིག་སྡོམ་པ་ལ་སོགས་དང༌། ། ཚོགས་འཁོར་རབ་གནས་ལ་སོགས་སྟོན་པ་ཡི། ། ཆོས་སྐོར་ཉིས་བརྒྱ་ལྔ་བཅུ་རྩ་དགུ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། བླ་མེད་སྤྱིའི་ ལྟ་སྒོམ་སྤྱོད་འབྲས་ལ་སོགས་སྟོན་པའི་སྐོར་གྱི་ལེའུ་སྟེ་བཅོ་ལྔ་པའོ།། །། རྣམ་འབྱོར་གྱི་རྒྱུད་ཀྱི་སྐོར་ལ། རྩ་བའི་རྒྱུད་དེ་ཉིད་བསྡུས་པའི་སྐོར་ལ། དང་པོ་སློབ་ དཔོན་སངས་རྒྱས་གསང་བའི་རྗེས་སུ་འབྲང་བའི་སྐོར་ལ། ཐི་པ་ལ་རྒྱུད་ཀྱི་དོན་ལ་འཇུག་པ་ཞེས་བྱ་བ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་རྡོ་ 7-1-101 རྗེ་དབྱིངས་ ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཡེ་ཤེས་སེམས་དཔའ་མཉེས་པར་བྱ་བའི་ཆོ་ག་ བསྡུས་པ་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ འཇམ་དཔལ་གོ་ཆས་ བསྒྱུར་བ། དེའི་འགྲེལ་བཤད་སློབ་དཔོན་ཆེན་པོ་རྡོ་རྗེས་མཛད་པ་གཉིས་བཞུགས་སོ། ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་བཞེད་པ་རྗེས་འབྲང་དང་བཅས་པའི་སྐོར་ལ། དི་པ་ལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་གྱི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ཞེས་བྱ་བ་ཤློ་ ཀ་སྟོང་ ཕྲག་བཅུ་གཉིས་པ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་བྷ་ དྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། (གཞུང་འདི་གཉིས་ཀྱི་འོག་མ་ལ་ཤོག་བུ་བཞི་ ལས་མེད་པས་གྲངས་ཡིག་སྒོས་སུ་མེད་དོ། །) རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ རྣམས་ཀྱི་རྣམ་པར་བཞག་པ་ཞེས་བྱ་བ་སློབ་དཔོན་མུ་ཏི་ཏ་ཀོ་ཥས་མཛད་པ། པཎྜི་ཏ་པདྨ་ཀ་ ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་གཉིས་བཞུགས་སོ། ། ནི་པི་གཉིས་ལ་དཀྱིལ་འཁོར་གྱི་ཐིག་གི་ཆོ་ག་མདོར་བསྡུས་པ་དང༌། དེའི་འགྲེལ་པ་ གཉིས་ སློབ་དཔོན་ཤྲདྡྷ་ཀ་ར་ཝརྨས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་ པོའི་འགྱུར། ཐིག་ གདབ་པའི་རིམ་པའི་དཀའ་བ་གཅོད་པ་ཞེས་བྱ་བ་སློབ་དཔོན་ཤུདྡྷི་པྲ་བྷས་མཛད་པ། སློབ་དཔོན་དྷརྨ་ཀིརྟིས་མཛད་པའི་ཐིག་གི་ཆོ་ག ཁམས་གསུམ་རྣམ་རྒྱལ་གྱི་དུམ་བུ་ལས་ 7-1-102 འབྲོས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པའི་འགྲེལ་པ་སློབ་དཔོན་མུ་ཏི་ཏ་ གོ་ཥས་མཛད་པ། སློབ་དཔོན་ ཀུན་དགའ་སྙིང་པོའི་རྗེས་སུ་འབྲང་བའི་སྐོར་ལ། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་ འགྲེལ་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ་ཤློ་ཀ་སྟོང་ཕྲག་བཅོ་བརྒྱད་པ། སློབ་ དཔོན་ཆེན་པོ་ཀུན་དགའ་སྙིང་ པོས་མཛད་པ། དུམ་བུ་དང་པོ་ཡན་ཆད་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། མན་ ཆད་པཎྜི་ཏ་ཐུགས་རྗེ་ཆེན་པོ་དང་ལོ་ཙཱ་བ་ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར། ཆ་ མཐུན་གྱི་རྒྱུད་དཔལ་མཆོག་ དང་པོའི་ཤེར་དུམ་གྱི་འགྲེལ་ཆུང༌། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་པཎྜི་ཏ་ པདྨ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་རྣམས་བཞུགས་སོ། ། ཕི་བི་གཉིས་ལ་དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འབྱུང་བ་ཞེས་བྱ་བ་ཤློ་ཀ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་ པོས་མཛད་ པའི་ཤེར་དུམ་གྱི་འགྲེལ་པ་པཎྜི་ཏ་ཤྲད་དྷཱ་ཀ་ར་ཝརྨ་དང་ཀ་མ་ལ་གུབ་ཏ་དང་ལོ་ཙཱ་བ་ རིན་ཆེན་བཟང་ པོའི་འགྱུར། སྨད་འགྲེལ་ལོ་ཙཱ་བ་རིན་ཆེན་བཟང་པོས་ཅི་རིགས་པར་བསྒྱུར་བ་ལ། པཎྜི་ཏ་མཾ་དྲ་ཀ་ལ་ཤ་དང༌། ལྷ་བླ་མ་ཞི་བ་འོད་ཀྱིས་ཧོར་ཀོང་བསབས་ཏེ་ཡོངས་སུ་རྫོགས་ པར་བསྒྱུར་བའོ། །འདི་ལ་རྒྱ་དཔེ་རྙེད་ན་ཧོར་ཀོང་བསབ་དགོས་ད་རུང་ཆ་གཉིས་གསུམ་ སྣང་ངོ༌། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཀུན་དགའ་སྙིང་ པོས་མཛད་པ། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་རྣམས་བཞུགས་སོ། ། 7-1-103 མི་པ་ལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་དཀའ་འགྲེལ་སློབ་དཔོན་རབ་ཏུ་ཞི་བའི་ བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཤྲད་དྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་ འགྱུར། རྒྱུད་འདི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་ཀྱང༌། འགྲེལ་པ་མཁན་པོས་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་བས་འགྲེལ་པ་འདི་གཉིས་ཕྱོགས་འདིར་ བྲིས་སོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་འགྲེལ་པ་སློབ་དཔོན་རབ་ཞི་བཤེས་གཉེན་གྱིས་ མཛད་པ། ལོ་ཙཱ་བ་བུ་སྟོན་ཀྱི་འགྱུར། དེ་ལྟར་རྒྱུད་ཀྱི་འགྲེལ་པའི་སྐོར་རྣམས་བཀོད་ནས། སྒྲུབ་ཐབས་དཀྱིལ་ཆོག་མན་ངག་ལ་སོགས་པའི་སྐོར་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ ཆེན་པོའི་ཆོ་ག་རྡོ་རྗེ་ཐམས་ཅད་འབྱུང་བ་ཞེས་བྱ་བ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་ པ། པཎྜི་ཏ་བུདྡྷ་ཤྲཱི་ཤཱནྟཱི་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་སེམས་དཔའ་འབྱུང་ བ་ཞེས་བྱ་བའི་སྒྲུབ་ཐབས་ཤློ་ཀ་བརྒྱ་ཕྲག་གཉིས་དང་རྐང་པ་གཅིག་པ་ དང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་གཉིས་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་ པ། པཎྜི་ཏ་སུ་བུད་དྷ་(བྷུ་ཏི་ཟེར་)ཤྲཱི་ཤཱནྟི་དང༌། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ཁམས་ གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་ བཏུས་པ་ཤློ་ཀ་སྟོང་ཉིས་བརྒྱ་ཉི་ཤུ་རྩ་ ལྔ་པ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། ལོ་ཙཱ་བ་རིན་ཆེན་བཟང་པོའི་ འགྱུར། སྤྱན་དབྱེ་བའི་ཆོ་ག་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་ཆུང་བ་དང༌། ཆེ་བ་ གཉིས། པཎྜི་ཏ་ཤྲད་དྷཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཆེ་བ་འདི་ཐེ་ ཚོམ་གྱི་གཞི་ཞིག་སྣང་སྟེ། བླ་མ་རྣམས་ཡང་དག་ཏུ་བཞེད་ཀྱི་སྣང་བས་བྲིས་སོ། །ཐུགས་ རྗེ་འབྱུང་བའི་བསྒོམ་བཟླས་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེ་མིང་གཞན་པདྨ་དཀར་པོ་ ཞེས་བྱ་བས་མཛད་པ། པཎྜི་ཏ་ཤྲད་དྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། 7-1-104 པྲཛྙཱ་ཝ་ལི་ཏས་མཛད་པའི་སྤྱན་དབྱེ་བའི་ཆོ་ག་པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་རིན་ཆེན་ བཟང་པོའི་འགྱུར། སྦྱིན་སྲེག་གི་ཆོ་ག་རབ་འབྱོར་བསྐྱངས་ཀྱིས་མཛད་པ། པཎྜི་ཏ་ཤྲད་དྷཱ་ ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དཔལ་ལྡན་རྒྱ་ཆེ་བ་ཞེས་བྱ་བའི་དཀྱིལ་ ཆོག ཀུན་ཏུ་བཟང་པོ་ཞེས་བྱ་བའི་སྦྱིན་སྲེག་གི་ཆོ་ག་རབ་ཏུ་གནས་པའི་ཆོ་ག་རབ་གནས་ཀྱི་ རྒྱལ་པོ་ཞེས་བྱ་བ། རྡོ་རྗེ་འབྱུང་བའི་འགྲེལ་པ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་དོན་བསྡུས་པ་སློབ་ དཔོན་མུ་ནིནྡྲ་བྷ་དྲས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བྱ་ བ་བསྡུས་པ་ཞེས་བྱ་བ་སློབ་དཔོན་རིགས་ཀྱི་བྱིན་གྱིས་མཛད་པ། པཎྜི་ཏ་ཀཱིརྟི་ཙནྡྲ་དང༌། ལོ་ ཙཱ་བ་གྲགས་ པ་རྒྱལ་མཚན་གྱི་འགྱུར། འདི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡིན་པས་འདིར་ བྲིས་སོ། ། དེ་ཉིད་བསྡུས་པ་དཔལ་མཆོག་དང་པོ་དང༌། ། སྒྱུ་འཕྲུལ་དྲ་བ་ལ་སོགས་དགོངས་འགྲེལ་བའི། ། མཁས་གྲུབ་གསུམ་གྱི་གཞུང་ལུགས་རྗེས་འབྲང་བཅས། ། བཅུ་ཕྲག་གཉིས་ལ་བརྒྱད་ཀྱིས་བརྒྱན་པ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། རྣལ་འབྱོར་ གྱི་རྒྱུད་དེ་ཉིད་བསྡུས་པ་དང༌། དཔལ་མཆོག་སྒྱུ་འཕྲུལ་དྲ་བའི་སྐོར་གྱི་ལེའུ་སྟེ་བཅུ་དྲུག་ པའོ།། །། ༈ རྩ་བའི་རྒྱུད་དེ་ཉིད་བསྡུས་པའི་རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལས་འཕྲོས་པ་མཚན་ཡང་ དག་པར་ བརྗོད་པ་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་བའི་སྐོར་ལ། 7-1-105 ཙི་པ་ལ་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་འགྲེལ་ཆུང་ཞེས་གྲགས་པ། སློབ་ དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཤྲདྡྷ་ཀཱ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ ཆེན་བཟང་པོའི་འགྱུར། འགྲེལ་པ་བར་མ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་ མཚན་གསང་སྔགས་ ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ་ཤློ་ཀ་ཉིས་ སྟོང་ལྔ་བརྒྱ་པ། སྨྲྀ་ཏིའི་རང་འགྱུར་ལ། ཕྱིས་པཎྜི་ཏ་བཛྲ་པཱ་ཎི་དང་ཀློག་སྐྱ་ཤེས་རབ་ བརྩེགས་ཀྱིས་བཅོས་པ་ལ། ཡང་གཉན་གྱིས་བཅོས་པ། མཚན་བརྗོད་འགྲེལ་ཆེན་སློབ་དཔོན་འཇམ་དཔལ་གྲགས་ པས་མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང་ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་ འགྱུར། མཚན་བརྗོད་འགྲེལ་པ་ཟླ་བ་བཟང་པོ་གྲགས་པའི་དཔལ་གྱིས་མཛད་པ། པཎྜི་ཏ་ཤྲཱི་ མ་ཧཱ་ཛ་ན་དང༌། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་འགྱུར། མཚན་བརྗོད་ཀྱི་འགྲེལ་པ་བསྡུས་ པའི་གསལ་བ་ཞེས་བྱ་བ་ཨུ་རྒྱན་གྱི་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་མི་ ཏྲ་དང༌། ལོ་ཙཱ་བ་འགར་ཆོས་ཀྱི་བཟང་པོའི་འགྱུར་རྣམས་བཞུགས་སོ། ། ཚི་པ་ལ་མཚན་བརྗོད་ཀྱི་འགྲེལ་པ་མཚན་དོན་གསལ་བར་བྱེད་པ་ཞེས་བྱ་བ་སློབ་ དཔོན་གཉིས་མེད་སྦས་པས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་འགར་ཆོས་ཀྱི་ བཟང་པོའི་འགྱུར། འཇམ་དཔལ་མཚན་བརྗོད་ཀྱི་བཤད་འབུམ་སྨྲྀ་ཏིས་མཛད་པ་དེ་ཉིད་ཀྱི་རང་ འགྱུར། མཚན་ཡང་དག་པར་བརྗོད་པའི་མན་ངག་གི་འགྲེལ་པ་སློབ་དཔོན་གཞོན་ནུ་གྲགས་ པས་མཛད་པ། པཎྜི་ཏ་དེ་བ་རཱ་ཛ་དང༌། ལོ་ཙཱ་བ་ཤེས་རབ་བླ་མའི་འགྱུར། མཚན་ཡང་དག་ པར་བརྗོད་པའི་འགྲེལ་བ་གསལ་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། 7-1-106 བླ་མ་མངོན་ཤེས་ཅན་དང༌། འགོས་ལྷས་བཙས་ དང༌། ཤེས་རབ་བརྩོན་འགྲུས་ཀྱི་འགྱུར། མཚན་བརྗོད་ཀྱི་འགྲེལ་པ་ཚུལ་གསུམ་ གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ། འདི་གཉིས་རྒྱུད་སྡེ་སྤྱིར་བཀྲལ་བར་བྱ་ཞིང་ཐེ་ ཚོམ་གྱི་གཞིའོ། །མཚན་བརྗོད་ཀྱི་འགྲེལ་པ་ཌོཾ་བི་ཧེ་རུ་ཀས་མཛད་པ་དགེ་ཚུལ་ཁྱུང་གྲགས་ ཀྱི་འགྱུར། འདིའང་ཐེ་ཚོམ་གྱི་གཞི་ཞིག་སྣང༌། འཇམ་དཔལ་གྱི་དཀའ་འགྲེལ་རཏྣ་ཨཱ་ཀཱ་ ར་གུཔྟས་མཛད་པ། པཎྜི་ཏ་ཀཱ་ལ་ཙཀྲ་དང༌། ལོ་ཙཱ་བ་ཛྙཱ་ན་གརྦྷ་དང༌། འབྲོག་ཇོ་སྲས་དང༌། ཆོས་ཀྱི་བརྩོན་འགྲུས་ལ་སོགས་པའི་འགྱུར། དེ་ལྟར་མཚན་བརྗོད་ཀྱི་འགྲེལ་པའི་སྐོར་ རྣམས་བཀོད་ནས། ད་ནི་དེ་དག་གི་རྗེས་སུ་འབྲང་བའི་སྒྲུབ་ཐབས་དང༌། དཀྱིལ་ཆོག་དང༌། མན་ངག་གི་སྐོར་ལ། མཚན་བརྗོད་འགྲེལ་པ་ཆུང་བའི་རྗེས་སུ་ འབྲངས་པ་ནམ་མཁའ་དྲི་མེད་ཆུང་བ་ཞེས་གྲགས་པའི་སྐོར་ལ། མཚན་ཡང་དག་པར་བརྗོད་ པའི་དཀྱིལ་འཁོར་གྱི་ཆོ་ག་ནམ་མཁའ་དྲི་མ་མེད་ཅེས་བྱ་བ་རིགས་བསྡུས་པའི་དཀྱིལ་ཆོག་ དང༌། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་དང༌། བྱང་སེམས་རྡོ་རྗེ་དབུགས་འབྱུང་བའི་ དཀྱིལ་འཁོར་གྱི་ཆོ་ག་དང༌། རྣམ་པར་སྣང་མཛད་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ ག་དང༌། མི་བསྐྱོད་པ་དབུགས་འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་དང༌། སྣང་བ་མཐའ་ཡས་ དབུགས་འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་དང༌། རིན་ཆེན་འབྱུང་ལྡན་དབུགས་འབྱུང་བའི་ དཀྱིལ་འཁོར་གྱི་ཆོ་ག་དང༌། དོན་ཡོད་གྲུབ་པ་དབུགས་འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་ དང༌། མཚན་ཡང་དག་པར་བརྗོད་པའི་ཁྲུས་ཀྱི་ཆོ་ག་དང༌། མཚན་བརྗོད་ཀྱི་ཆུ་སྦྱིན། ཟས་ཀྱི་ རྣལ་འབྱོར། འབྱུང་པོའི་གཏོར་ཆོག མཎྜལ་གྱི་ཆོ་ག བསྐོར་བ་བྱ་ཐབས། ཡན་ལག་བདུན་ པའི་ཚོགས་བསག་པའི་ཐབས། མཚན་བརྗོད་གདོན་པའི་མན་ངག དགེ་བའི་རྩ་བ་བསྔོ་ བའི་མན་ངག མི་རྟགཔ་བསྒོམ་པའི་མན་ངག འཁོར་བ་ལས་ཡིད་འབྱུང་བའི་མན་ངགཤེས་ 7-1-107 པ་དུས་གསུམ་ལས་བཟློག་པའི་མན་ངགསྐྱབས་སུ་འགྲོ་བའི་ཆོ་གསེམས་བསྐྱེད་པའི་ཆོ་ག བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངགཚད་མེད་པ་བཞི་བསྒོམ་པའི་མན་ངག དུས་གསུམ་ གྱི་སངས་རྒྱས་ལ་ལྟ་བའི་མན་ངག དབང་པོ་ཐ་མས་རྗེས་སུ་དྲན་པ་དྲུག་བསྒོམ་པའི་མན་ ངག དབང་པོ་འབྲིང་གིས་རྟེན་འབྲེལ་ཡན་ལག་བཅུ་གཉིས་བསྒོམ་པའི་མན་ངག དབང་པོ་ རབ་ཀྱིས་དེ་ཁོ་ན་ཉིད་བསྒོམ་པའི་མན་ངག ཚ་ཚ་གདབ་པའི་ཆོ་གསྦྱིན་སྲེག་གི་ཆོ་ག་བསྡུས་ པ། མཉམ་པར་བཞག་པའི་རིམ་པའི་མན་ངག དཔའ་བོ་གཅིག་པའི་སྒྲུབ་ཐབས། མཚན་ བརྗོད་ཀྱི་ཆོ་ག་མདོ་དང་བསྲེས་པ། རབ་ཏུ་གནས་པའི་ཆོ་ག ངན་སྔགས་བྱད་ཀྱི་འཁོར་ལོས་ བསད་པའི་ཆོ་ག ཚེ་འཕོས་པ་ལ་ཕན་གདགས་པའི་བདུན་ཚིགས་ཀྱི་ཆོ་གསྡིག་པ་སྦྱོང་བའི་ སྦྱིན་སྲེག་རོ་སྲེག་གི་ཆོ་ག ངན་སོང་སྦྱོང་བ་འགྲོ་བ་རིགས་དྲུག་གི་ཆོ་ག་རྣམས་སློབ་དཔོན་ འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་སུ་བཛྲ་དང་ལོ་ཙཱ་བ་གུ་རུབ་ཆོས་ཀྱི་ཤེས་ རབ་ཀྱི་འགྱུར། འདིའི་ལ་ལ་རྒྱ་གཞུང་ཡིན་མིན་ཐེ་ཚོམ་ཟ་བར་འདུག་ནའང༌། བླ་མ་གོང་མ་ རྣམས་རྒྱ་གཞུང་དུ་བཞེད་ཅིང༌། སྔར་གྱི་རྣམས་ལའང་བྲིས་འདུག་པས་བཞུགས་སུ་བཅུག་ པ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་བསྒོམ་དོན་བཅུ་གཉིས་པ་སློབ་དཔོན་འཇམ་དཔལ་བཤེས་ གཉེན་གྱིས་མཛད་པ། འདི་མཚན་བརྗོད་འགྲེལ་པ་ཆུང་བའི་སྐོར་ཡིན། སློབ་དཔོན་འཇམ་ དཔལ་བཤེས་གཉེན་གྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་བསྒོམ་དོན་བཅུ་གཉིས་པ་ཚིགས་ སུ་བཅད་པ་བཞི་བཅུ་པའི་འགྲེལ་པ། འདི་མདོ་ཕྱོགས་སུ་བཞེད་པ་མི་འཐད་དེ། གཞུང་ ནས་རྣལ་འབྱོར་གྱི་རྒྱུད་དུ་གསལ་བར་གསུངས་པའི་ཕྱིར་རོ། །འགྲེལ་པ་བར་པའི་རྗེས་སུ་ འབྲངས་པའི་སྐོར་ལ། མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་ཐབས། མཚན་ཡང་དག་པར་བརྗོད་པ་བཀླག་པའི་སྒོམ་ཁོག རིམ་པ་གཉིས་ཀྱིས་ཕྱེ་བའི་སྦྱིན་སྲེག་ གི་ཆོ་ག་རྒྱས་པ། དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་འབྱུང་གནས་ཞེས་བྱ་བ་རྣམས་སློབ་དཔོན་ 7-1-108 དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པ། པཎྜི་ཏ་སྨྲྀ་ཏིའི་རང་འགྱུར། མཚན་ཡང་ དག་པར་བརྗོད་པའི་རབ་གནས་ཀྱི་ཆོ་གསློབ་དཔོན་ཤཱནྟི་གརྦྷས་མཛད་པ། སྒྲུབ་ཐབས་ གསང་ལྡན་གྱི་འགྲེལ་པ་ཡེ་ཤེས་གསལ་བ། སྒྲུབ་ཐབས་གསང་བ་ལྡན་པའི་ཐིག་གི་ཆོ་ག་ རབ་ཏུ་གནས་པ་དང་གསུམ་སྨྲྀ་ཏིས་མཛད་ཅིང་དེ་ཉིད་ཀྱིས་རང་འགྱུར་དུ་བསྒྱུར་བ། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་དགེ་བསྙེན་མ་སྙན་གྲགས་དགེ་མས་མཛད་པ། འཇམ་དཔལ་རིན་པོ་ཆེའི་སྒྲུབ་ཐབས་དགེ་བསྙེན་མ་གྲགས་སྦྱིན་མས་མཛད་པ་སྨྲྀ་ཏི་ཛྙཱ་ ན་ཀཱིརྟིའི་རང་འགྱུར། མཚན་བརྗོད་འགྲེལ་ཆེན་གྱི་སྐོར། ནམ་མཁའ་དྲི་མེད་ཆེ་བའི་དཀྱིལ་ ཆོག་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ། པཎྜི་ཏ་ཤྲད་དྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་ བ་རིན་ཆེན་བཟང་པོའི་འགྱུར། དེ་དག་དང་རྗེས་སུ་མཐུན་པ། འཇམ་དཔལ་རྡོ་རྗེ་འབྱུང་ བའི་དཀྱིལ་འཁོར་གྱི་ཆོ་ ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྐྱེད་པ་ཞེས་བྱ་བ་རྣམས་བཞུགས་སོ། ། མཚན་བརྗོད་འགྲེལ་པ་ཆུང་བའི་སྐོར། ཛི་པ་ལ་མཚན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་པ་ཞེས་བྱ་བ་སློབ་དཔོན་ འཇམ་ དཔལ་བཤེས་གཉེན་གྱིས་མཛད་པ། མཚན་བརྗོད་འགྲེལ་པ་བར་པའི་སྐོར་གསང་ ལྡན་གྱི་དཀའ་འགྲེལ་དོན་བསྡུས་སྒྲོན་མ་ཞེས་བྱ་བ་པཎྜི་ཏ་དེ་བ་ཨ་ཀཱ་ར་ཙནྡྲ་དང༌། ཀློག་ སྐྱའི་འགྱུར། གསང་ལྡན་གྱི་ཐོ་ཡིག་དོན་བསྡུས་སུ་མཛད་པ་སྨྲྀ་ཏིས་མཛད་པ་དེ་ཉིད་ ཀྱི་རང་འགྱུར། མཚན་བརྗོད་ཀྱི་དཀྱིལ་ཆོག་སློབ་དཔོན་ཤཱནྟི་གརྦྷས་མཛད་པ་སྨྲྀ་ཏིའི་ རང་འགྱུར། མཚན་བརྗོད་ཀྱི་སྒྲུབ་ཐབས་གསང་བའི་སྒྲོན་མ་ཞེས་བྱ་བ་པྲཛྙཱ་གུ་རུས་མཛད་ པ། མཚན་ཡང་དག་པར་བརྗོད་པའི་འཁོར་ལོའི་རིམ་པ། མཚན་བརྗོད་ཀྱི་སྒྲུབ་ཐབས་རྡོ་རྗེ་ 7-1-109 ལས་སྒྲུབ་ཀྱིས་མཛད་པ། འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་ བྱ་བ་སློབ་དཔོན་ཟླ་བཟང་གྲགས་པས་མཛད་པ། པཎྜི་ཏ་མཧཱ་ཛ་ན་དང་ལོ་ཙཱ་བ་ཚུལ་ཁྲིམས་ གཞོན་ནུའི་འགྱུར། མཚན་བརྗོད་འགྲེལ་པ་ཨ་ཝ་དྷུ་ཏཱི་པའི་རྗེས་སུ་འབྲང་བའི་སྐོར་ལ། འཇམ་དཔལ་གྱི་སྒྲུབ་ཐབས་དང༌། དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་གསལ་བ་ཞེས་བྱ་བ་དང༌། འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་དང་གསུམ། སློབ་ དཔོན་གཉིས་མེད་ སྦས་པས་མཛད་པ། སྦྱིན་སྲེག་གི་ཆོ་ག་སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་ པ། བུམ་པའི་ཆོ་ག་སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་ དང་ལོ་ཙཱ་བ་འགར་ཆོས་ བཟང་གི་འགྱུར། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་པོའི་སངས་རྒྱས་ཀྱི་སྒྲུབ་ ཐབས་དང༌། མཆོད་རྟེན་གྲུབ་པའི་ཆོ་ག་གཉིས་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པ། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་མྱ་ངན་མེད་པའི་དཔལ་གྱིས་མཛད་པ། པཎྜི་ཏ་ཨ་ ཤོ་ཤྲཱི་དང༌། ལོ་ཙཱ་བ་འ་ཞ་རྒྱ་གར་བརྩེགས་ཀྱི་འགྱུར། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། གཤིན་རྗེ་དགྲ་ནག་གི་སྒྲུབ་ཐབས། མི་གཡོ་བའི་སྒྲུབ་ཐབས། གཏོར་མའི་ཆོ་གསྤྱོད་ལམ་ལ་ སོགས་པའི་རྣལ་འབྱོར་སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་པ། ཡེ་ཤེས་སེམས་ དཔའི་སྒྲུབ་ཐབས་སློབ་དཔོན་གཉིས་མེད་སྦས་པས་མཛད་པ། དེ་རྣམས་པཎྜི་ཏ་དྷརྨ་ཤྲཱི་མི་ ཏྲ་དང༌། ལོ་ཙཱ་བ་འགར་ཆོས་བཟང་གི་འགྱུར། འདིའི་དགྲ་ནག་འཇིགས་བྱེད་རྣམས་ཀྱང་ འདི་ཉིད་དུ་བཞུགས་པར་བྱའི་གཞན་དུ་མི་འཁྱར་བར་བྱའོ། །མཚན་བརྗོད་ཀྱི་སྒྲུབ་ཐབས་ སློབ་དཔོན་མི་གཡོ་སེང་གེས་མཛད་པ་མར་པ་དོ་བའི་འགྱུར། མཚན་ཡང་དག་པར་བརྗོད་ པའི་སྒྲུབ་ཐབས་སློབ་དཔོན་པྲ་བྷཱ་ཀཱ་རས་མཛད་པ། ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་ 7-1-110 པོའི་འགྱུར། མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་སྒྲུབ་ཐབས་གཉན་དར་མ་གྲགས་ཀྱི་ འགྱུར། མཚན་བརྗོད་ཀློག་པའི་མན་ངག་ཁ་ཆེ་པཎ་ཆེན་གྱིས་མཛད་པ། རྣམ་པ་ཉི་ཤུས་བྱང་ ཆུབ་པའི་སྒྲུབ་ཐབས། མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། དེའི་དཀྱིལ་འཁོར་གྱི་ ཆོ་ག མཚན་བརྗོད་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ་དང་བཞི། པཎྜི་ཏ་སོ་མ་ཤྲཱིས་ མཛད་པ། པཎྜི་ཏ་མཧཱ་ཛ་ན་དང་ལོ་ཙཱ་བ་གཞོན་ནུ་འོད་ཀྱི་འགྱུར། འཇམ་དཔལ་གྱི་གཏོར་ ཆོག་གཅིག་རྣམས་སོ། ། མཚན་ཡང་དག་པར་བརྗོད་པ་རྣལ་འབྱོར་གྱི། ། རྒྱུད་དུ་བཀྲལ་བའི་འགྲེལ་སྐོར་བཅུ་གཅིག་དང༌། ། སྒྲུབ་སྐོར་ལ་སོགས་བརྒྱད་ཅུ་རྩ་གཉིས་ཏེ། ། དྲྀལ་བས་ཆོས་སྐོར་དགུ་བཅུ་རྩ་གསུམ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། མཚན་བརྗོད་ རྣལ་འབྱོར་གྱི་རྒྱུད་ཀྱི་སྐོར་དུ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །། ཐམས་ཅད་གསང་བའི་རྒྱུད་ཀྱི་བཤད་སྦྱར་གསང་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་པྲཛྙཱ་ཀཱ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་ པོའི་འགྱུར། རྩ་ རྒྱུད་དེ་ཉིད་བསྡུས་པའི་དུམ་བུ་གཉིས་པ་ཁམས་གསུམ་རྣམ་རྒྱལ་གྱི་དུམ་བུ་ལས་ངན་ འགྲོ་དགུག་ཅིང་སྡིག་པ་སྦྱང་བ་ལས་འཕྲོས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ ཀྱི་སྐོར་ལ། ངན་སོང་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་དོན་གྱི་འབྲུ་འགྲེལ་ཞེས་བྱ་བ་སློབ་དཔོན་ སངས་རྒྱས་གསང་བས་མཛད་ཟེར་བ། འདི་པཎྜི་ཏ་ཆོས་གསུང་བ་ལ་ལོ་ཙཱ་བས་ཟིན་བྲིས་ བྱས་པ་ཡིན་ནམ་ཡང་ཟེར་རོ། །འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་ 7-1-111 བ། ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་རྒྱ་ཆེར་འགྲེལ་པ་སྙིང་པོ་རྣམ་པར་བཤད་པ་ཞེས་བྱ་བ་ ཛྭ་ལནྡྷ་རའི་སློབ་དཔོན་ཀཱ་མ་དྷེ་ནུས་མཛད་པ། པཎྜི་ཏ་བི་ནཱ་ཡ་ཙནྡྲ་དང༌། ལོ་ཙཱ་བ་དགེ་སློང་ ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དཀྱིལ་འཁོར་སྤྱིའི་རིམ་པ་སློབ་དཔོན་སུ་ར་བྷ་དྲས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་རིག་པ་གཞོན་ནུའི་འགྱུར། ངན་སོང་ཐམས་ཅད་ཡོངས་སུ་ སྦྱོང་བའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་ཟེར་ བ་གཙུག་དགུའི་གཞུང་དང་ཆ་མཐུན་པ། པཎྜི་ཏ་སྨྲྀ་ཏིའི་རང་འགྱུར་ཟེར། དཔེ་ལ་ལ་ ན་པཎྜི་ཏ་སུ་བྷཱུ་ཏི་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ཟེར་བ་སྣང་ངོ༌། །ངན་ སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྩ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་ཐུགས་རྗེའི་ཕྲེང་བ་ ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་ཟེར་བ། པཎྜི་ཏ་ཀི་རེ་ཎཱ་ཀ་ར་ཝརྨ་ དང༌། ལོ་ཙཱ་བ་དགེ་ཚུལ་ཁྱུང་ གྲགས་ཀྱི་འགྱུར་རྣམས་བཞུགས་སོ། ། ཝི་པ་ལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ ཀུན་དགའ་ སྙིང་པོས་མཛད་ཟེར་བ། པཎྜི་ཏ་ཀ་ན་ཀ་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ལུང་ལས་རོ་སྦྱོང་ཞིང་སྲེག་པའི་ཐབས་ཀྱི་ཆོ་ག་མདོ་ དང་བསྲེས་ནས་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། པཎྜི་ཏ་ཤྲད་དྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཐབས་ཞེས་བྱ་ བའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་སྐལ་བཟང་དགའ་བས་མཛད་པ་བླ་མ་ ནི་ན་ཤྲཱི་དང༌། ལོ་ཙཱ་བ་གཡུང་དྲུང་འོད་ཀྱི་འགྱུར། གཙུག་ཏོར་དགུའི་རྒྱུད་ལ་བརྟེན་པའི་ངན་ སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཀུན་དགའ་ 7-1-112 སྙིང་པོས་མཛད་པ། པཎྜི་ཏ་བུད་དྷཱ་ཤྲཱི་ཤཱནྟི་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་འདི་ རྩོད་མེད་ཡང་དག་པ་ཡིན་ནོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ གའི་རིམ་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། མཉྫུ་ཤྲཱི་ཝརྨ་དང༌། བྲན་ཀ་མུ་ཏིའི་ འགྱུར། ངན་སོང་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་ཆོག་སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ། པཎྜི་ཏ་དྷརྨ་པཱ་ལ་དང༌། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ངན་སོང་ཐམས་ཅད་ཡོངས་ སུ་སྦྱོང་བ་ཞེས་བྱ་བའི་ཆོ་གའི་བྱ་བ་མདོར་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་ པོའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏ་དང༌། ལོ་ཙཱ་ བ་གླན་ཆུང་གི་འགྱུར་ལ་སྟག་ལོས་བཅོས་པ། དེ་ལ་བརྟེན་ནས་སློབ་དཔོན་དཱ་རི་པས་མཛད་ པའི་ཤེས་རབ་སྙིང་པོའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྡོ་རྗེ་ལྟ་བུ་ ཞེས་བྱ་བ་སློབ་དཔོན་ཀཾ་པ་ལས་མཛད་པ། ཇོ་བོ་རྗེ་དང་དགེ་བའི་བློ་གྲོས་ཀྱི་འགྱུར། དེ་ཁོ་ ན་ཉིད་གསལ་བའི་སྒྲོན་མ་ཞེས་བྱ་བ་ཀཾ་པ་ལའི་ཡུམ་གྱིས་མཛད་པ། མདོ་རྒྱས་འབྲིང་གི་ གླེང་གཞིའི་སངས་རྒྱས་བྱང་སེམས་རྣམས་རྣལ་འབྱོར་རྒྱུད་དུ་དགོངས་པ་བཀྲལ་ཏེ། དཀྱིལ་ འཁོར་ལ་བཀོད་ནས་སྟོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་ བ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་དང༌། དེ་ལ་བརྟེན་ནས་སློབ་དཔོན་རཏྣ་ཀཱིརྟིས་ མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་གྱི་ཆོ་ག བལ་པོ་མཧཱ་པཱ་ནའི་རང་ འགྱུར། རབ་ཏུ་གནས་པའི་ཆོ་ག་མདོར་བསྡུས་པ་སློབ་དཔོན་དད་པའི་འབྱུང་གནས་གོ་ཆས་ མཛད་པ། པཎྜི་ཏ་ཀ་ན་ཀ་ཝརྨ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པ་རྣལ་འབྱོར་གྱི་རྒྱུད་དུ་དགོངས་པ་བཀྲལ་བ་སློབ་ དཔོན་ཡེ་ཤེས་བཤེས་གཉེན་གྱིས་མཛད་པ། ཡི་གེ་བརྒྱ་པའི་ཆོ་ག་སློབ་དཔོན་པདྨའི་རྡོ་རྗེ་ ལྕགས་ཀྱུས་མཛད་པ། ཡང་ཡི་གེ་བརྒྱ་པའི་ཆོ་ག་བསྡུས་པ་གཅིག བཟླས་པའི་ཕྲེང་བའི་ 7-1-113 མཚན་ཉིད་དང༌། སྐུ་ཁྲུས་ཀྱི་ཆོ་ག་གཉིས། པཎྜི་ཏ་པཱ་ར་ཧེ་ཏ་དང༌། ནག་ཚོ་ཤེས་རབ་རྒྱལ་ མཚན་གྱི་འགྱུར། གཙུག་ཏོར་དྲི་མེད་ཀྱི་གཟུངས་ལས་འབྱུང་བའི་མཆོད་རྟེན་སྒྲུབ་པའི་ཆོ་ ག་རྣལ་འབྱོར་གྱི་རྒྱུད་དང་བསྡེབས་ནས་སློབ་དཔོན་ཞི་བ་སྙིང་པོས་མཛད་པ། ལས་ཀྱི་སྒྲིབ་ པ་ཐམས་ཅད་རྒྱུན་གཅོད་པར་བྱེད་པའི་གཟུངས་རྣལ་འབྱོར་གྱི་རྒྱུད་དུ་དགོངས་པ་བཀྲལ་ བ་(འདི་གཅིག་གམ་དཔྱད་)མི་འཁྲུགས་པའི་སྒྲུབ་ཐབས་རྒྱས་པ་དང་བསྡུས་པ་གཉིས་ཇོ་བོ་ རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དེའི་དཀྱིལ་ཆོག་ ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་ཇོ་བོ་རྗེས་ མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། མི་འཁྲུགས་པའི་ཆོ་ གའི་ཐོ་ཡིག་སློབ་དཔོན་དཔའ་བོ་རྡོ་རྗེ་མཛད་པ་དང༌། བཅོམ་ལྡན་འདས་མི་འཁྲུགས་པའི་ སྒྲུབ་ཐབས་སློབ་དཔོན་ཛེ་ཏ་རིས་མཛད་པ། གཉན་དྷརྨ་གྲགས་ཀྱི་འགྱུར། (མི་འཁྲུགས་ པའི་སྒྲུབ་ཐབས་ཚིགས་བཅད་མ་གཅིག) མི་འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག་ཇོ་བོ་རྗེས་ མཛད་པ། རྡོ་རྗེ་ཆོས་ཀྱི་རྣལ་འབྱོར་གཅིག་པའི་སྒྲུབ་ཐབས་ལོ་ཆུང་ལེགས་པའི་ཤེས་རབ་ ཀྱིས་བསྒྱུར་བ་འདི་མཛད་བྱང་མེད་པས། སྔར་གྱི་རྣམས་ཀྱིས་ བྲིས་འདུག་པས་བཞུགས་སུ་བཅུག་པ་ཡིན། ཐམས་ཅད་གསང་བ་ངན་སོང་སྦྱོང་རྒྱུད་དང༌། ། ཤེར་ཕྱིན་མི་འཁྲུགས་པ་ལ་སོགས་པའི་གཞུང༌། ། འགྲེལ་པ་དག་དང་སྒྲུབ་ཐབས་ལ་སོགས་སྐོར། ། བཅུ་ཕྲག་གསུམ་ལ་བཞི་ཡིས་བརྒྱན་པ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། ཐམས་ཅད་ གསང་བ་དང་ངན་སོང་སྦྱོང་བ་ལ་སོགས་པའི་སྐོར་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །། 7-1-114 སྤྱོད་པའི་རྒྱུད་ཀྱི་སྐོར་ལ། ༼ག༽རྩ་བའི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་ པའི་རྒྱུད་ཀྱི་བསྡུས་དོན་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་ དང༌། ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར། ༼ཁ༽ ཞི་པ་ལ་༼ཀ༽རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་འགྲེལ་པ་སློབ་ དཔོན་སངས་རྒྱས་གསང་བས་མཛད་པ་རྣམས་བཞུགས་སོ། །༼ང༽འཇམ་དཔལ་གསང་ རྒྱུད་ཀྱི་འགྲེལ་པ། སློབ་དཔོན་ལྷ་སྦས་ཀྱི་མཛད་པ་སྒྲུབ་ཐབས་ཀུན་གྱི་གཏེར་ཞེས་བྱ་བ། པཎྜི་ཏ་པདྨ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིག་པ་གཞོན་ནུའི་འགྱུར། འཇམ་དཔལ་གསང་རྒྱུད་ཀྱི་ དཀྱིལ་ཆོག་སློབ་དཔོན་དོན་ཡོད་ཞབས་ཀྱིས་མཛད་པ། འཇམ་པའི་དབྱངས་ཁྲོ་བོ་གཤིན་རྗེ་ གཤེད་ཀྱི་སྦྱིན་སྲེག་གི་རིམ་པ་དང༌། དངོས་གྲུབ་ཀྱི་ཚུལ་ངེས་པར་བསྟན་པ་སློབ་དཔོན་དོན་ཡོད་ཞབས་ཀྱིས་མཛད་པ། ཁྲོ་ བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་གཤམ་མ་ཚང་བ་གཅིག་ རྣམས་སོ། ། རྣམ་སྣང་མངོན་བྱང་རྒྱུད་ཀྱི་འགྲེལ་པ་གཉིས། ། འཇམ་དཔལ་གསང་བའི་རྒྱུད་ཀྱི་ཆོས་སྐོར་བཞི། ། ཁྲོ་བོ་རྣམ་རྒྱལ་རྟོག་པའི་འགྲེལ་པ་གཅིག ། སྤྱོད་པའི་རྒྱུད་ཀྱི་ཆོས་སྐོར་བདུན་བཞུགས་སོ། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། སྤྱོད་པའི་ རྒྱུད་ཀྱི་སྐོར་གྱི་ལེའུ་སྟེ་བཅུ་དགུ་པའོ།། །། བྱ་བའི་རྒྱུད་ཀྱི་སྐོར་ལ། བྱ་བ་སྤྱིའི་རྒྱུད་བསམ་གཏན་ཕྱི་མ་རིམ་པར་ཕྱེ་བའི་བཤད་པ་ སློབ་དཔོན་སངས་རྒྱས་གསང་བས་མཛད་པ། པཎྜི་ཏ་བིདྱཱ་ཀ་ར་པྲ་བྷཱ་དང༌། ལོ་ཙཱ་བ་དཔལ་ 7-1-115 བརྩེགས་ཀྱི་འགྱུར། དཔུང་བཟང་གིས་ཞུས་པའི་རྒྱུད་ཀྱི་བསྡུས་དོན་སློབ་དཔོན་སངས་རྒྱས་ གསང་བས་མཛད་པ། དཔུང་བཟང་གིས་ཞུས་པའི་རྒྱུད་ཀྱི་ཚིག་དོན་བཤད་པའི་བརྗེད་བྱང༌། དཔུང་བཟང་གིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་དགྲོལ་བའི་བརྗེད་བྱང༌། འདི་བོད་ཀྱི་ བྱས་པ་ཡིན་ནམ་ཡང་སེམས། སོ་སོའི་དགོངས་འགྲེལ་ལ། དང་པོ་སྐུའི་རིགས་འཇམ་དཔལ་ གྱི་སྐོར་ལ། འཇམ་དཔལ་དཔའ་བོ་གཅིག་སྒྲུབ་ཀྱི་འགྲེལ་པ། པཎྜི་ཏ་སུ་བྷཱ་ཀཱ་རས་མཛད་ པ། དཱ་ན་ཤཱི་ལའི་རང་འགྱུར། གསུང་གི་རིགས་ཐུགས་རྗེ་ཆེན་པོའི་སྐོར་གྱི་འགྲེལ་པ་ནི་མི་ སྣང་ངོ༌། །ཐུགས་ཀྱི་རིགས་ཕྱག་ན་རྡོ་རྗེའི་སྐོར་ལ། ཟི་པ་ལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་འགྲེལ་པ་ཞེས་བྱ་བ་སློབ་དཔོན་ ཀླུ་སྒྲུབ་ཀྱིས་མཛད་པ། ཇོ་བོ་རྗེ་དང་ལོ་ཙཱ་བ་རྒྱ་བརྩོན་སེང་གེ་འགྱུར། ཕྱག་ན་རྡོ་རྗེའི་ གཟུངས་ཀྱི་འགྲེལ་པ་པཎྜི་ཏ་ཀརྨ་བཛྲས་མཛད་པ། ཕྱག་ན་རྡོ་རྗེ་དང་ཕྱོགས་མཐུན་པ་རྡོ་རྗེ་ རྣམ་པར་འཇོམས་པའི་གཟུངས་ཀྱི་སྐོར་ལ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་ པ་མཁན་པོ་བོ་དྷི་ས་ཏྭས་མཛད་པ། དེ་ཉིད་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། རྡོ་རྗེ་ རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་ གནས་ཀྱིས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་རིན་པོ་ཆེ་གསལ་ བ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ དཔལ་མཉྫུ་ཤྲཱིའི་འགྱུར་ལ། སླད་ཀྱིས་པཎྜི་ཏ་ཛྙོན་ཏེ་ཧ་དུ་ལ་དང༌། ལོ་ཙཱ་བ་དང་འོགབསོད་ ནམས་མོས་པའི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་དོན་རྣམ་པར་ཕྱེ་སྟེ་བཤད་ པ་ཞེས་བྱ་བ་དང༌། དེའི་རྒྱ་ཆེར་འགྲེལ་པ་གཉིས། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། རྡོ་ རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་སློབ་དཔོན་རྡོ་རྗེ་གོ་ཆས་མཛད་པ། པཎྜི་ ཏ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་ 7-1-116 གཟུངས་ཀྱི་དོན་རྣམ་པར་བཤད་པ་སློབ་དཔོན་བདེ་བའི་མྱུ་གུས་མཛད་པ། རྡོ་རྗེ་རྣམ་པར་ འཇོམས་པའི་གཟུངས་ཀྱི་འགྲེལ་པ་རྣམ་པར་འཇོམས་པའི་མན་ངག་ཅེས་བྱ་བ་སྨྲྀ་ཏིས་ མཛད་པ་དེ་ཉིད་ཀྱི་རང་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་རིན་པོ་ ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ས་པ་རི་པས་མཛད་པ། པཎྜི་ཏ་དེ་བ་པུ་རྞ་མ་ཏི་དང༌། ལོ་ ཙཱ་བ་འགར་ཆོས་ཀྱི་བཟང་པོའི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་རིམ་པར་ཕྱེ་ བའི་རྒྱ་ཆེར་འགྲེལ་པ་གསལ་བའི་སྒྲོན་མེ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། པཎྜི་ཏ་སངས་རྒྱས་གསང་བ་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར་ལ། ཤྲདྡྷ་དང་རིན་ ཆེན་བཟང་པོས་བཅོས་ཟེར་བ། དེ་དག་དང་འབྲེལ་བའི་གཙུག་ཏོར་ལ་སོགས་པའི་གཟུངས་ ཀྱི་སྐོར་ལ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་ཀྱི་ འགྲེལ་པ། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། པཎྜི་ཏ་ཛ་ཡ་དེ་ཝ་དང༌། ལོ་ ཙཱ་བ་ལང་པ་བནྡེ་ཚུལ་ཁྲིམས་བརྩེགས་ཀྱི་འགྱུར། གཙུག་ཏོར་གདུགས་དཀར་གྱི་འགྲེལ་པ། སློབ་དཔོན་ཤུ་རཾ་ག་མ་བཛྲས་མཛད་པ། ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར། སྟོང་ ཆེན་མོ་རབ་ཏུ་འཇོམས་པའི་འབུམ་འགྲེལ་དང༌། (འདི་གཉིས་ཡི་གེ་འབྲུ་མར་ཡོད། )རྨ་བྱ་ཆེན་མོའི་ འབུམ་འགྲེལ་གཉིས་སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེའི་རང་ འགྱུར་རྣམས་བཞུགས་སོ། ། འི་པ་ལ་གསང་སྔགས་རྗེས་སུ་འཛིན་པའི་མདོའི་འབུམ་འགྲེལ་དང༌། བསིལ་བའི་ཚལ་ གྱི་མདོའི་འབུམ་འགྲེལ་རྣམས་སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་ རྗེའི་རང་འགྱུར། སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་ མཛད་པ། སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས་ཀྱི་རྣམ་པར་བཤད་པ་ཚིག་ལེའུར་བྱས་པ་ 7-1-117 དང༌། སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཡེ་ཤེས་སྙིང་ པོས་མཛད་པ། པཎྜི་ཏ་པྲཛྙཱ་ཝརྨ་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། དེ་ལྟར་བྱ་བའི་ རྒྱུད་སོ་སོའི་འགྲེལ་པ་རྣམས་བཀོད་ནས། ད་ནི་དེ་དག་གི་སྒྲུབ་ཐབས་དཀྱིལ་ཆོག་ལ་སོགས་ པའི་སྐོར་ལ། བྱ་བའི་རྒྱུད་ཀྱི་ལྷ་སུམ་ཚན་ལྔར་གྲགས་པ་ལས། དང་པོ་རིགས་ཀྱི་གཙོ་བོ་ གསུམ་ལ། སྐུའི་རིགས་ཀྱི་གཙོ་བོ་རྣམ་པར་སྣང་མཛད་ཡིན་པས། དེ་དང་ཕྱོགས་མཐུན་པ། དམ་ཚིག་གསུམ་བཀོད་པའི་རྒྱུད་ཀྱི་རྒྱལ་པོའི་ཡི་གེ་བརྒྱ་པའི་སྒྲུབ་ཐབས་སློབ་དཔོན་ཀེ་དྷ་ ར་ཎ་དྷིས་མཛད་པ། པཎྜི་ཏ་དཔལ་གོ་མི་འཆི་མེད་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་ འགྱུར། འདི་སྤྱོད་པའི་རྒྱུད་དང་བསྐྱེད་ཆོག་རྣམས་མཐུན་པར་བཀོད་འདུག་ནའང༌། རྒྱུད་ འགྲེལ་དག་ལས་དམ་ཚིག་གསུམ་བཀོད་བྱ་རྒྱུད་དུ་གསུངས་འདུག་པས་འདིར་བྲིས་སོ། ། གསུང་གི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད་ཀྱི་སྐོར་ལ། ཚེ་དཔག་མེད་ཀྱི་བསྟོད་པ། ཚེ་ དཔག་མེད་ཀྱི་སྒྲུབ་ཐབས། ཚེ་དཔག་མེད་ཀྱི་གཟུངས་ཆོག་རྣམས་སློབ་དཔོན་ཛེ་ཏ་རི་དགྲ་ ལས་རྣམ་པར་རྒྱལ་བས་མཛད་པ། པཎྜི་ཏ་ཤྲཱི་མཉྫུ་དང༌། ལོ་ཙཱ་བ་ལྕེ་དགའ་བའི་དཔལ་གྱི་ འགྱུར། རིགས་ཀྱི་བདག་པོ་གསུམ་ལ། སྐུའི་རིགས་ཀྱི་བདག་པོ་འཇམ་དཔལ་གྱི་སྐོར་ལ། འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་པ་ཞེས་བྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། འཇམ་ པའི་དབྱངས་ཀྱི་སྤྱད་པ་འཕགས་པ་ལྷས་མཛད་པ་ཤློ་ཀ་བརྒྱ་པ། འཇམ་དཔལ་དཔའ་བོ་ གཅིག་སྒྲུབ་སློབ་དཔོན་མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ། དེ་ཉིད་དང་ལོ་ཙཱ་བ་དགེ་བའི་བློ་ གྲོས་ཀྱི་འགྱུར། འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་པཎྜི་ཏ་ཟླ་བའི་འབྱུང་ གནས་སྦས་པས་མཛད་པ། པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། འཇམ་དཔལ་གཡོ་བའི་འཁོར་ལོའི་མན་ངག་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པ། ཨ་ར་པ་ཙ་ནའི་ སྒྲུབ་ཐབས་ཀྱི་ཆོ་ག་སློབ་དཔོན་ཤྲདྡྷཱ་ཀ་ར་ཝརྨས་མཛད་པ། ཨ་ར་པ་ཙ་ནའི་སྒྲུབ་ཐབས་ 7-1-118 སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་བི་བྷུ་ཏི་ཙནྡྲ་དང༌། ལོ་ཙཱ་བ་ཆག་ ཆོས་རྗེ་དཔལ་གྱི་འགྱུར། འཇམ་དཔལ་དཀར་པོའི་སྒྲུབ་ཐབས་སློབ་དཔོན་མ་ཏིས་མཛད་ པ། དཱ་ན་ཤཱི་ལའི་རང་འགྱུར། ཨ་ར་པ་ཙ་ནའི་མཆོད་པའི་ཆོ་གཉི་མ་རྒྱལ་མཚན་དཔལ་ བཟང་པོའི་འགྱུར། གསུང་གི་རིགས་ཀྱི་བདག་པོ་ཐུགས་རྗེ་ཆེན་པོའི་སྐོར་ལ། སྤྱན་རས་ གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཇོ་བོ་རྗེ་དང་ ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ ཞེས་བྱ་བ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། སློབ་དཔོན་པད་མའི་ཞལ་སྔ་ནས་བཙུན་པ་རྒྱལ་ བ་མཆོག་དབྱངས་ཀྱིས་བསྒྱུར། ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་དགེ་ སློང་མ་དཔལ་མོས་མཛད་པ། པཎྜི་ཏ་ཇོ་བོ་རྗེ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ་ཞེས་གྲགས་པ་པཎྜི་ཏ་ཨ་ཛི་ཏ་མི་ཏྲ་གུས་ ཏས་མཛད་པ། པཎྜི་ཏ་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནན་ད་དང་བུད་དྷ་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་བྱམས་ པའི་དཔལ་གྱི་འགྱུར། འདིའི་རྣམ་གྲངས་ནི་ཐུགས་རྗེ་ཆེན་པོ་ཁ་སརྤ་ཎིའི་སྒྲུབ་ཐབས་ ཚིགས་བཅད་བཞི་པ། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ཡེ་ཤེས་ སེམས་དཔའི་སྒྲུབ་ཐབས། སྤྱན་རས་གཟིགས་འཁོར་ལོ་གསུམ་བསྒོམ་པ། ཐུགས་རྗེ་ཆེན་པོ་ ལྷ་ལྔའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ཚད་མེད་བཞིའི་སྒྲུབ་ཐབས། འཇིག་རྟེན་མགོན་ པོ་ཡི་གེ་དྲུག་པའི་སྒྲུབ་ཐབས། སེམས་ངལ་བསོ་བའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ཡི་གེ་མེད་པའི་སྒྲུབ་ཐབས། སྟོང་ཉིད་བསྒོམ་པའི་མན་ངག ཁ་སརྤཱ་ཎི་མེ་ འབར་བའི་སྒྲུབ་ཐབས། ཁ་སརྤཱ་ཎི་སྐུ་གསུམ་གྱི་གདམས་པ། ཐུགས་རྗེ་ཆེན་པོ་མཁའ་སྤྱོད་ ཀྱི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ནམ་མཁའ་དྲི་མེད་ཀྱི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ནམ་ མཁའ་མཛོད་ཀྱི་སྒྲུབ་ཐབས། སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས། ཁ་སརྤཱ་ 7-1-119 ཎི་ཡེ་ཤེས་འཁོར་ལོའི་སྒྲུབ་ཐབས། སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་པོ་ཊ་ལ་ཀའི་རིའི་རྩེ་མོའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་འཁོར་ལོ་བསྒྱུར་ བའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ལུས་ཀྱི་འཁོར་ལོ་འབར་བ། ཐུགས་རྗེ་ཆེན་པོ་དཀའ་ ཐུབ་ཅན་གྱི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་རྟག་ཏུ་བྱ་བའི་རྣལ་འབྱོར། འཇིག་རྟེན་མགོན་པོ་ སྒྲུབ་པའི་མན་ངག ཐུགས་རྗེ་ཆེན་པོའི་གཏོར་མའི་ཆོ་ག ཐུགས་རྗེ་ཆེན་པོའི་མཎྜལ་གྱི་ཆོ་ག ཐུགས་རྗེ་ཆེན་པོའི་བསམ་གྱིས་མི་ཁྱབ་པའི་མཆོད་པའི་ཆོ་གསྤྱན་རས་གཟིགས་ཀྱི་སྨོན་ ལམ་དུ་བྱ་བ། སྤྱན་རས་གཟིགས་བདུད་རྩི་བརྙེས་པའི་ཟས་ཀྱི་ཆོ་ག རྣལ་འབྱོར་དབང་ཕྱུག་ ཤྲཱི་མི་ཏྲའི་གདམས་པ། ལུས་སྦྱིན་པའི་ཆོ་ག ཐུགས་རྗེ་ཆེན་པོའི་ཆུ་སྦྱིན་གྱི་ཆོ་ག ཐུགས་རྗེ་ ཆེན་པོའི་ཆབ་གཏོར་གྱི་ཆོ་ག མེའི་མཆོད་པའི་ཆོ་གསྐུ་གཟུགས་ཀྱི་ཆོ་གསྐུ་གཟུགས་དང་ མཆོད་རྟེན་གྱི་ཆོ་ག ཡེ་ཤེས་སྦར་བའི་གདམས་པ། དྲི་མ་རྣམ་དག་གི་ཆོ་ག ཆག་ཉམས་གསོ་ བ། ཏིང་ངེ་འཛིན་མྱུར་དུ་བསྐྱེད་པའི་གདམས་ངགཏིང་ངེ་འཛིན་བརྟན་པར་བྱེད་པའི་ གདམས་ངགསེམས་བརྟན་པར་བྱེད་པ། བྱིན་གྱིས་བརླབ་པ་མི་ཟད་པའི་ཆོ་ག འཁོར་ལོ་ འབར་བ། ངག་གི་མཐུ་བསྐྱེད་པའི་མན་ངག གསང་སྔགས་མྱུར་དུ་འགྲུབ་པའི་ཆོ་ག རྨི་ལམ་ དྲི་མ་མེད་པའི་བསྒོམ་པ། རྨི་ལམ་གྱི་ལྟ་བ་ལོག་པ་རྣམ་པར་བཟློག་པ། ཁྲོ་བ་བསལ་བ། ཐུགས་རྗེ་ཆེན་པོའི་གདུག་པ་འདུལ་བའི་ཆོ་གསྐྱེ་བོ་གདུལ་དཀའ་བ་རྣམས་ཀྱི་སྙིང་གི་ དྲགས་པ་ཞི་བར་བྱེད་པའི་མན་ངགསྙིང་གི་དུག་སྦྱོང་བ། ལུས་ཀྱི་འཁོར་ལོ་བཅིང་བ་དང༌། འགྲོལ་བའི་མན་ངག དཔལ་རྡོ་རྗེ་ཐོད་པའི་དངོས་གྲུབ་སྒྲུབ་པའི་ཐབས། དཔལ་མི་ འཇིགས་པ་སྦྱིན་པའི་སྒྲུབ་ཐབས། ཁ་སརྤཱ་ཎི་པདྨ་ཁ་འབྱེད་ཀྱི་མན་ངག ཐུགས་རྗེ་ཆེན་པོའི་ གཟུགས་བརྙན་ལ་བརྟེན་པའི་སྒྲུབ་ཐབས། དཔལ་མེ་ཏོག་གདན་གྱི་སྒྲུབ་ཐབས། མེ་ཏོག་ལ་ བརྟེན་པའི་སྒྲུབ་ཐབས། སྤྱིལ་བུ་ཅན་གྱི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་རྔ་སྒྲའི་སྒྲུབ་ཐབས། 7-1-120 ཉི་ཟླ་སྒྲོན་མའི་ཆོ་ག གྲགས་པ་བསྐྱེད་པའི་ཆོ་ག གཟི་བརྗིད་བསྐྱེད་པའི་ཆོ་གསེམས་ཅན་ མགུ་བར་བྱེད་པའི་ཆོ་ག རྨི་ལམ་སྟོན་པར་བྱེད་པ། ཡིད་འགྱོད་པ་བསལ་བ། ལོངས་སྤྱོད་མི་ ཟད་པ་སྒྲུབ་པའི་ཐབས། དཔག་བསམ་གྱི་ཤིང་ཅན་གྱི་སྒྲུབ་ཐབས། བུམ་པ་བཟང་པོ་ཅན་ གྱི་སྒྲུབ་ཐབས། ལམ་ཆེན་པོའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ཝ་ཏི་ཅན་གྱི་སྒྲུབ་ཐབས། པདྨའི་སྡོང་པོ་ཅན་གྱི་སྒྲུབ་ཐབས། སྤྱན་རས་གཟིགས་དྲི་མ་འཇིག་པའི་བུམ་པའི་ཆོ་ག རྡོ་རྗེ་ འབར་བ་སྲུང་བ་ཆེན་པོའི་མན་ངགསྲུང་བའི་འཁོར་ལོ། རང་བསྲུང་བའི་ཆོ་ག གཞན་ བསྐྱབ་བའི་ཆོ་གསྲུང་སྐུད་ཀྱི་ཆོ་ག གཞོན་ནུ་བསྲུང་བའི་ཆོ་གསྤྱན་རས་གཟིགས་ཀྱི་ནད་ བསྲུང་བའི་ཆོ་གསྤྱན་རས་གཟིགས་ཀྱི་ནད་བསལ་བའི་ཆོ་གསྤྱན་རས་གཟིགས་ཀྱི་ཀླུ་གསོ་ བའི་ཆོ་ག མཛེའི་ནད་གསོ་བ། གཞན་ལས་རྣམ་པར་རྒྱལ་བའི་གདམས་ངག ཕ་རོལ་གྱི་ གནོད་པ་བསྲུང་བ། ཕ་རོལ་གྱི་སྡེ་གཞོམ་པ། ཕ་རོལ་དབང་དུ་བྱ་བ། ཆོམ་རྐུན་བཅིང་བ། སློབ་མ་ལ་ཤེས་རབ་བསྐྱེད་པ། སྤྱན་རས་གཟིགས་ཁྲོས་པས་སེར་བ་བཟློག་པའི་ཆོ་ག རྨི་ ལམ་དྲི་མ་མེད་པ་བསྒོམ་པ། སློབ་མ་བྱིན་གྱིས་བརླབ་པའི་མན་ངགཡེ་ཤེས་གཞུག་པའི་ཆོ་ག ཏིང་ངེ་འཛིན་གྱི་བྱིན་རླབས། ཏིང་ངེ་འཛིན་གྱི་དབང་བསྐུར། དཔལ་ཡེ་ཤེས་འབར་བའི་ འཁྲུལ་འཁོར། སྐྱེ་བ་བསྡམ་པའི་ཆོ་ག འཆི་བ་བླུ་བའི་གདམ་པ། དཔལ་ལྷའི་གྲོང་ཁྱེར་དུ་ འཇུག་པ། རྡོ་རྗེ་སྐར་མདའི་མན་ངག ཚེ་འདས་པ་ལ་བྱ་བའི་ཆོ་ག རོ་སྲེག་པའི་ཆོ་གསྦྱིན་ སྲེག་གི་ཆོ་ག བཀྲ་ཤིས་ཀྱི་ཆོ་ག ཚ་ཚ་གདབ་པའི་ཆོ་ག རབ་ཏུ་གནས་པའི་ཆོ་ག་རྣམས་ལ་ བརྒྱ་དང་བཞིའོ། །དེ་དག་ལ་རྣལ་འབྱོར་བླ་མེད་དང༌། རྣལ་འབྱོར་གྱི་ཁོངས་སུ་གཏོགས་ པའང་སྣང་མོད་ཀྱི། ཐུགས་རྗེ་ཆེན་པོ་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་འདིར་བྲིས་སོ། །ཐུགས་ རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་ཏ་ཐཱ་ག་ཏ་བཛྲས་མཛད་པ། པཎྜི་ཏ་ཉི་མ་འབྱུང་ གནས་ཟླ་བ་དང༌། ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱི་འགྱུར། འཇིག་རྟེན་དབང་ཕྱུག་ཡིད་ 7-1-121 བཞིན་ནོར་བུ་འཁོར་ལོས་སྒྱུར་བའི་སྒྲུབ་ཐབས་སློབ་དཔོན་ཛཻ་ཏ་རིས་མཛད་པ། པཎྜི་ཏ་པུརྞ་ ཀཱིརྟི་དང་སྣ་ནམ་རྡོ་རྗེ་བླ་མའི་འགྱུར། འཇིག་རྟེན་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པའི་ སྒྲུབ་ཐབས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཆག་ཆོས་རྗེ་དཔལ་གྱི་འགྱུར། ཡི་གེ་དྲུག་ པའི་རྒྱུད་ཀྱི་རིམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་པའི་སྒྲུབ་ཐབས། པཎྜི་ཏ་མཧཱ་ཛ་ན་ དང༌། ལོ་ཙཱ་བ་གཞོན་ནུ་འོད་ཀྱི་འགྱུར། འཕགས་པ་འཇིག་རྟེན་དབང་ཕྱུག་ཁ་སརྤ་ཎིའི་སྒྲུབ་ ཐབས། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། ཐུགས་རྗེ་ཆེན་པོ་ ཡི་གེ་དྲུག་པའི་སྒྲུབ་ཐབས་པཱུ་ཛ་བཛྲས་མཛད་པ་ཇོ་བོ་རྗེ་དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་ འགྱུར། ཐུགས་རྗེ་ཆེན་པོ་ཁ་སརྤཱ་ཎིའི་སྒྲུབ་ཐབས་ཚིགས་བཅད་བཞི་པ་དང༌། རྣལ་འབྱོར་ སྙིང་པོ་གཉིས་ཤྲཱི་མི་ཏྲ་ཇོ་ཀིས་མཛད་པ། དེ་ཉིད་དང་བྱམས་པ་ལོ་ཙཱ་བའི་འགྱུར། ཁ་སརྤཱ་ཎི་ འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་པཎྜི་ཏ་ཤཱནྟ་ཀ་རས་མཛད་པ་དང༌། འཇིག་རྟེན་དབང་ ཕྱུག་ལྷ་ལྔའི་སྒྲུབ་ཐབས་མི་ཏྲ་ཛ་ག་ཏ་ཨཱ་ནན་དས་མཛད་པ་གཉིས། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་ བ་བྱམས་པའི་དཔལ་གྱི་འགྱུར། སེང་གེ་སྒྲའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། བླ་མ་རྡོ་རྗེ་གདན་པ་དང་དཔྱལ་ཆོས་ཀྱི་བཟང་པོའི་འགྱུར། སེང་གེ་སྒྲའི་བསྟོད་པ་པཎྜི་ཏ་ཏི་ ལ་ཀས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་མལ་གྱི་འགྱུར། སེང་གེ་སྒྲའི་བསྲུང་འཁོར་ གྱི་མན་ངག དོན་ཞགས་ཀྱི་སྒྲུབ་ཐབས། གཏོར་མའི་ཆོ་ག གསོ་སྦྱོང་བླང་བ། གསོ་སྦྱོང་བླང་ བའི་མན་ངག་སྟེ་བཞི་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་ཅིང༌། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རབ་ མཆོག་དཔལ་བཟང་པོའི་འགྱུར། དཔལ་མཁའ་ལ་གཤེགས་པའི་འཇིག་རྟེན་དབང་ཕྱུག་གི་ སྒྲུབ་ཐབས་ཅུང་ཟད་རྒྱས་པ་གནས་བརྟན་དཔེ་མེད་སྲུང་བས་མཛད་པ། ལོ་ཙཱ་བ་གཞན་ གྱིས་བསྒྱུར་བ་ལས། སླར་ཡང་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བསྒྱུར་བ། ཕྱག་ན་རྡོ་རྗེ་ ཐུགས་ཀྱི་རིགས་ཀྱི་སྐོར་ལ། དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་སློབ་དཔོན་སངས་རྒྱས་ 7-1-122 གསང་བས་མཛད་པ། པཎྜི་ཏ་དེ་ཉིད་དང་འཇམ་དཔལ་གོ་ཆའི་འགྱུར། ཕྱག་ན་རྡོ་རྗེ་རྣལ་ འབྱོར་གྱི་རྒྱུད་དུ་བཀྲལ་བའི་སྐོར་ལ། ཕྱག་ན་རྡོ་རྗེ་མདོ་ལུགས་སུ་གྲགས་པའི་སྐོར་ལ། དངོས་གྲུབ་ཉེ་བར་བྱེད་པའི་མཆོད་རྟེན་གྱི་མན་ངག་ཅེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ མཛད་པ། ཇོ་བོ་རྗེ་དང་བརྩོན་སེང་གི་འགྱུར། གནོད་པ་སེལ་བའི་བདུད་རྩི། རྡོ་རྗེས་བྱབ་ པའི་ལས་ཚོགས། ཡན་ལག་བདུན་པའི་སྒྲུབ་ཐབས་རྣམས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། ཇོ་བོ་རྗེ་དང་རྒྱ་བརྩོན་སེང་གི་འགྱུར། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེའི་ གཟུངས་ཀྱི་སྒྲུབ་ཐབས་དང༌། འགྲེལ་པ་ལས་གཟུངས་སྒྲུབ་ཐབས་སུ་མཛད་པ་དང༌། གནོད་ སྦྱིན་ལག་ན་རྡོ་རྗེའི་གཟུངས་ཀྱི་སྒྲུབ་ཐབས། རྟའི་གཏོར་མའི་གདམས་ངག་དང༌། འཁྲུལ་ འཁོར་གྱི་མན་ངག་དང༌། གཟུངས་ཀྱི་གཏོར་མའི་ཆོ་ག་ཞེས་བྱ་བ་དང༌། སྡེ་དཔོན་བཞིའི་ སྒྲུབ་ཐབས་ཐུན་མོང་མ་ཡིན་པ་ཞེས་བྱ་བ་དང༌། དོན་འགྲེལ་སྒྲོན་མ་དང༌། སྒྲུབ་པའི་གོ་རིམ་ དང༌། བུམ་པའི་སྒྲུབ་ཐབས་དང༌། དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ཞེས་བྱ་བ་དང༌། ཕྱག་ན་རྡོ་རྗེའི་ སྤུར་བསད་ལས་ཚོགས་བསྡུས་པ་ཞེས་བྱ་བ་རྣམས་གུ་རུ་སུ་བཱ་གཱི་ཤྭ་ར་ཀཱིརྟིས་མཛད་པ་དང༌། མདོ་ལུགས་ཀྱི་མན་ངག་ལག་ཏུ་བླང་བའི་སྒྲུབ་ཐབས་ཞེས་བྱ་བ་དང༌། གསང་སྔགས་བཟླས་ བརྗོད་ཀྱི་མན་ངག་དང༌། ནམ་མཁའ་ལྡིང་གི་རྒྱལ་པོ་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ་རྣམས་ སློབ་དཔོན་བཱིརྱ་ཙནྡྲས་མཛད་པ་དང༌། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཤྲདྡྷཱ་ཀ་ར་ཝརྨས་མཛད་ པ་དང༌། རྟེན་འབྲེལ་རྫས་ཀྱི་བསྲུང་བ་རྣམས་ཇོ་བོ་རྗེ་དང༌། རྒྱ་བརྩོན་སེང་གིའགྱུར། ཕྱག་ན་ རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་དཔལ་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེས་མཛད་པ། པཎྜི་ཏ་ དེ་ཉིད་དང༌། བ་རི་རིན་ཆེན་གྲགས་ཀྱིས་བསྒྱུར་ཅིང༌། ཕྱིས་པཎྜི་ཏ་ཨ་བྷི་ཡུ་ག་དང༌། བ་རི་ རིན་ཆེན་གྲགས་ཀྱིས་གཏན་ལ་ཕབ་པ། ཕྱག་ན་རྡོ་རྗེ་གོས་དཀར་ཅན་གྱི་སྒྲུབ་ཐབས། སློབ་ དཔོན་ངག་དབང་གྲགས་པས་མཛད་པ། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཕྱག་ན་རྡོ་ 7-1-123 རྗེའི་དཀྱིལ་འཁོར་གྱི་ཆོ་ག་རྣམས་སོ། །འདི་དག་ལ་རྒྱ་གཞུང་ཡིན་མིན་ཐེ་ཚོམ་ཟ་བ་ཅི་ རིགས་པ་སྣང་ཞིང༌། གཟུངས་ཀྱི་ངོ་བོ་བྱ་རྒྱུད་དུ་གསལ་ཡང༌། བསྐྱེད་ཆོག་དང༌། དབང་ཆོག་ རྣམས་རྣལ་འབྱོར་གྱི་རྒྱུད་བཞིན་བྱས་སྣང་ངོ༌། །ཕྱག་ན་རྡོ་རྗེ་འགྲོ་བཟང་གི་སྐོར་ལ། ཕྱག་ན་ རྡོ་རྗེ་འགྲོ་བཟང་མའི་སྒྲུབ་ཐབས། ཆུ་གཏོར། ཀླུ་གཏོར། ཚོགས་ཆོག དཀྱིལ་འཁོར་གྱི་ཆོ་ག་ རྣམས་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ། པཎྜི་ཏ་ཏེ་ཛ་དེ་ཝ་དང༌། ཟངས་དཀར་ འཕགས་ཤེའི་འགྱུར། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་ བྱ་བ་སློབ་དཔོན་ཉིན་མཛད་རྡོ་རྗེས་མཛད་པ། པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤའི་རང་འགྱུར། དཔལ་ ཕྱག་ན་རྡོ་རྗེ་གཏུམ་པོའི་སྦྱིན་སྲེག་སློབ་དཔོན་ཉིན་མཛད་རྡོ་རྗེ་མཛད་པ། ཕྱག་ན་རྡོ་རྗེ་སྙིང་ པོ་ཞེས་བྱ་བའི་སྒྲུབ་ཐབས། པཎྜི་ཏ་ཛྙཱ་ན་ཤྲཱིས་མཛད་པ། གོས་སྔོན་པོ་ཅན་གྱི་རིག་སྔགས་ གཏད་པའི་ཆོ་ག པཎྜི་ཏ་ནག་པོ་པ་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཕྱག་ན་རྡོ་ རྗེའི་དཀྱིལ་འཁོར་གྱི་ཆོ་ག་སྟོང་ཉིད་ཏིང་ངེ་འཛིན་སྙིང་རྗེའི་ཞལ་སྔ་ནས། པཎྜི་ཏ་དོན་ཡོད་ རྡོ་རྗེ་དང༌། ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ཀྱི་འགྱུར། ཁྲོ་བོ་རྡོ་རྗེ་འཛིན་པའི་སྒྲུབ་ཐབས། དེའི་སྦྱིན་སྲེག་གི་ཆོ་ག གཏོར་མའི་ཆོ་གསྲུང་བའི་ཆོ་ག་ལས་ཐམས་ཅད་པ་རྣམས་སློབ་ དཔོན་བ་སུ་ཏ་བཛྲས་མཛད་པ། པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་ གྱི་སྒྲུབ་ཐབས་སློབ་དཔོན་སུ་ཙནྡྲ་བྷ་དྲས་མཛད་པ། པཎྜི་ཏ་བི་ནཱ་ཡ་ཙནྡྲ་དང༌། ལོ་ཙཱ་བ་ཆོས་ ཀྱི་ཤེས་རབ་ཀྱི་འགྱུར། རྣམ་འཇོམས་ཀྱི་དཀྱིལ་འཁོར་དྲུག་གི་ཆོ་ག་ཞེས་ཀྱང་བྱ་རིན་པོ་ཆེ་ མིག་ཐུར་ཞེས་ཀྱང་བྱ་བ་སློབ་དཔོན་ཤུ་རང་ག་ཝརྨས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་ པའི་དཀྱིལ་འཁོར་གྱི་ཆོ་ག་དགའ་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་རྡོ་རྗེ་གོ་ཆས་མཛད་པ། པུ་རང་བསོད་ནམས་བློ་གྲོས་ཀྱི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་གའི་འགྲེལ་ པ་དང༌། ལས་ཀྱི་མཐའ་བཅོ་བརྒྱད་པ་གཉིས་སློབ་དཔོན་རྡོ་རྗེ་གོ་ཆས་མཛད་པ། རྡོ་རྗེ་རྣམ་ 7-1-124 པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པ། རྡོ་རྗེ་རྣམ་པར་ འཇོམས་པའི་སྒྲུབ་ཐབས་མདོར་བསྡུས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། རྡོ་རྗེ་རྣམ་པར་ འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག་བྲམ་ཟེ་ཛ་ཡ་ཝརྨས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་ པའི་སྒྲུབ་ཐབས། སྐལ་ལྡན་གངྒཱ་དྷ་རས་མཛད་པ་དང༌། རྡོ་རྗེ་རྣམ་པར་འཇོམས་པའི་ གཟུངས་ཀྱི་སྒྲུབ་ཐབས་བྲམ་ཟེ་མ་ཎི་བཛྲས་མཛད་པ་གཉིས། པཎྜི་ཏ་ཛྙཱ་ན་ཤྲཱི་དང༌། ལོ་ཙཱ་བ་ རབ་ཞི་བཤེས་གཉེན་གྱི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་བུམ་པའི་ཆོ་ག ཞི་བའི་སྦྱིན་ སྲེག་གི་ཆོ་ག གཏོར་མའི་ཆོ་ག རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་ཆོ་ག་རྣམས་ བྲམ་ཟེ་མ་ཎི་བཛྲས་མཛད་པ་དང༌། རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྒྲུབ་པའི་ཐབས་ཀྱི་ཆོ་ ག རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་སྦྱིན་སྲེག་གི་ཆོ་ག ལས་བཞི་སྒྲུབ་པའི་ བུམ་པའི་ཆོ་ག ལས་བཞི་སྒྲུབ་པའི་འཁོར་ལོའི་ཆོ་ག་དང་བཞི་པཎྜི་ཏ་ཛྙཱ་ན་ཤྲཱིས་མཛད་པ། ལས་སྣ་ཚོགས་བསྒྲུབ་པའི་ཆོ་ག་དང་དྲུག པཎྜི་ཏ་ཛྙཱ་ན་ཤྲཱི་དང༌། ལོ་ཙཱ་བ་རབ་ཞི་བཤེས་ གཉེན་གྱི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་སྒྲུབ་ཐབས་ཆོ་ག་ཞིབ་མོ་དང་ བཅས་པ་པཎྜི་ཏ་ཀུ་མཱ་ར་སེ་ནས་མཛད་པ། པཎྜི་ཏ་བུད་དྷ་གུཔ་ཏ་དང་ལོ་ཙཱ་བ་མཉྫུ་ཤྲཱི་ཝར་ མས་བསྒྱུར་བ་ལས་ཕྱིས་པཎྜི་ཏ་ཛྙོན་ཏེ་ཧཾ་ངུ་དང༌། ལོ་ཙཱ་བ་ད་འོག་བསོད་ནམས་མོས་པ་ ཤེས་རབ་ཀྱི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་སྒྲུབ་ཐབས་དཔའ་བོ་གཅིག་ ཏུ་གྲུབ་པ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། གཏོར་ཆོག་སངས་རྒྱས་ གསང་བས་མཛད་པ་དང་གཉིས། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་དཔའ་མཉྫུ་ཤྲཱི་ཝརྨའི་འགྱུར། རྣམ་འཇོམས་ཀྱི་མན་ངག་ལས་ཀྱི་ཐབས་ཞེས་བྱ་བ་དང༌། རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ ཆོག་བྱབ་སྲུང་དང་བཅས་པ་གཉིས་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། རྡོ་རྗེ་རྣམ་ པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ། སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་ཅིང་དེ་ཉིད་ཀྱི་རང་ 7-1-125 འགྱུར། རྣམ་འཇོམས་ས་ཝ་རིའི་སྐོར་ལ། གཟུངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྣང་ བ་དང༌། རྡོ་རྗེ་ཁྲོ་བོས་བསད་པའི་ལས་ཀྱི་སྒྲུབ་ཐབས་དང་གཉིས། ས་ཝ་རི་བས་མཛད་པ་ དང༌། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གཏུམ་པོའི་སྒྲུབ་ཐབས། ཨ་མོ་པ་ནཱ་(དྷ་ཟེར་)ཐས་མཛད་པ་ དང༌། སྦྱིན་སྲེག་གི་ཆོ་ག་བྲམ་ཟེ་པཱ་ར་མ་ཏིས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པ་གཏུམ་ པོའི་སྒྲུབ་ཐབས་ས་ཝ་རི་པས་མཛད་པ་དང་ལྔ། བལ་པོའི་པཎྜི་ཏ་དེ་ཝ་བུ་རྞ་མ་ཏི་དང༌། ལོ་ ཙཱ་བ་འགར་ཆོས་ཀྱི་བཟང་པོའི་འགྱུར་རྣམས་བཞུགས་སོ། ། ཡི་པ་ལ་རྣམ་འཇོམས་ཀྱི་དཀྱིལ་འཁོར་གྱི་ལག་ལེན་གྱི་གོ་རིམ་ཇི་ལྟ་བ་ཞེས་ཀྱང་བྱ། གཞན་ལ་ཕན་པ་ཞེས་བྱ་བ་སློབ་དཔོན་རཏྣ་ཤྲཱི་ཕཱ་ལས་མཛད་པ། པཎྜི་ཏ་བཛྲ་བོ་དྷི་དང༌། ལོ་ ཙཱ་བ་ཚུལ་དགེ་རིན་ཆེན་གྱི་འགྱུར། སློབ་དཔོན་ཡེ་ཤེས་རྡོ་རྗེས་དང༌། སློབ་དཔོན་པདྨ་ལ་ སོགས་པས་མཛད་ཟེར་བའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩར་གྲགས་པ་ལ། དཀྱིལ་ འཁོར་གྱི་ཆོ་ག་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། དབང་བསྐུར་གྱི་ཆོ་ག་པདྨ་བཛྲས་ མཛད་པ། དམ་ཚིག་བསྲུང་བ་སློབ་དཔོན་པདྨས་མཛད་པ། ཁྲོ་བོ་བརྒྱད་ཀྱི་དཀྱིལ་འཁོར་ དུ་དབང་བསྐུར་བ། ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། དཔའ་བོ་གཅིག་པའི་ དཀྱིལ་འཁོར་དུ་དབང་བསྐུར་བའི་བདུད་རྩི་བུམ་པའི་ཆོ་ག དཔལ་ཡབ་ཡུམ་གཉིས་པའི་ དཀྱིལ་འཁོར་དུ་དབང་བསྐུར་བ་བདེ་སྦྱིན་དམ་པ་ཞེས་བྱ་བ་བདུད་རྩི་ཐབས་སྦྱོར་ཞེས་བྱ་བ་ ཁྲོ་བོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་གསྒོ་མ་བཞིའི་དཀྱིལ་འཁོར་དུ་དབང་ བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེ་དྲི་མ་མེད་པ་ཞེས་བྱ་བ། རྒྱལ་པོ་བཞིའི་དཀྱིལ་ འཁོར་དུ་དབང་བསྐུར་བ། ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་དུ་དབང་བསྐུར་བ། གཟའ་ ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཉི་མ་བཅུད་ལེན་ཞེས་བྱ་བ། སྒྱུ་སྐར་ཉི་ ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་གོ་ཆ་མ་ཞེས་བྱ་བ། ལྷ་ཆེན་ 7-1-126 པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་ བསྐུར་བ་དུག་ལས་རྒྱལ་བ་ཞེས་བྱ་བ། དུས་གསུམ་གྱི་སྡིག་པ་མ་ལུས་པ་ལས་ཐར་པར་བྱེད་ པ་འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག རབ་གནས་ཀྱི་ཆོ་ག་རྣམས་དཔལ་ མར་མེ་མཛད་བཟང་པོས་མཛད་པ། དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་ལ་སྦྱར་བ་ འགྲུབ་པར་ངེས་པའི་ཆོ་ག་དང༌། མན་ངག་གི་སྒྲུབ་པའི་རྣལ་འབྱོར་བའི་ཚེ་དང་སྟོབས་སྒྲུབ་ པ་ཞེས་བྱ་བ། རྒྱུད་ཀྱི་བདེན་པའི་དོན་ངེས་པར་སྒྲུབ་པ་རྣལ་འབྱོར་པའི་པྲ་སེ་ན་ལེགས་པར་ བརྟག་པ། འདོད་པའི་དོན་དུས་ལ་ངེས་པར་སྒྲུབ་པ། རྒྱུད་ཀྱི་བསྟན་པ་ཞེས་བྱ་བའི་ཚིག་ ལེགས་པར་གྲུབ་པ། རྒྱུད་ཐམས་ཅད་ཐོགས་པ་མེད་པའི་ཚིག་ལེགས་པར་སྒྲུབ་པ་ཞེས་བྱ་ བ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། མནའ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས། ཚོང་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ། རང་རྟགས་ རྡོ་རྗེའི་སྒྲུབ་པའི་ཐབས། བདུན་པ་ལས་ཀྱི་བྱེ་བྲག་བཅུ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་ མཛད་པ། བསྒྲུབ་བྱ་གཟའི་བྱད་དུ་གཞུག་པའི་འཁོར་ལོ་ཅན་དང༌། ཐེ་ཚོམ་མེད་པར་འགྲུབ་ པ་ལས་བསྒྲུབ་བྱ་ཐོག་གིས་བསད་པའི་ཆོ་ག་དྲག་ཤུལ་ཞེས་བྱ་བ་བསྒྲུབ་བྱ་སྐྲག་པའི་ལས་ཆུ་ ཐིགས་ཞེས་བྱ་བ། འགལ་བ་སྐྲག་པར་བྱེད་པའི་ལས་སྣ་ཚོགས་ཀྱི་ཆོ་ག་འགལ་མེའི་འཁོར་ ལོ་རྣམས་དཔལ་མར་མེ་མཛད་བཟང་པོས་མཛད་པ། གཞན་གྱི་རིག་སྔགས་གཅོད་པ་རྒྱུན་ གཅོད་སྤུ་གྲི་ཞེས་བྱ་བ་དང༌། གཞན་གྱི་རིག་སྔགས་མནན་པ་གསེར་གྱི་རི་བོ་ཞེས་བྱ་བ། ལས་ཐམས་ཅད་འཇོམས་པ་ཡེ་ཤེས་འདུས་པའི་ཐོ་བ་ཞེས་བྱ་བ། གཞན་གྱི་རིག་སྔགས་ཕྱིར་ བཟློག་པ་ཞེས་བྱ་བ། གཞན་གྱི་ལས་འཇིག་པར་བྱེད་པ་རྡོ་རྗེ་རྣོན་པོ་ཞེས་བྱ་བ། མུ་སྟེགས་ ཅན་གྱི་རིག་སྔགས་འཇིག་པའི་སྒྲུབ་པ་ཉེ་བའི་ལས་ཕྱི་མ་ཞེས་བྱ་བ། གདོན་ཐམས་ཅད་རླག་ པར་བྱེད་པ་རྡོ་རྗེ་ཐོ་བ་ཞེས་བྱ་བ། ལྷའི་གདོན་ལས་ཐར་པར་བྱེད་པའི་མན་ངག 7-1-127 འབྱུང་པོའི་གདོན་ལས་ཐར་བར་བྱེད་པའི་མན་ངག དྲི་ཟའི་གདོན་ལས་ཐར་པར་བྱེད་ པའི་མན་ངག ཚངས་པའི་གདོན་ལས་ཐར་པར་བྱེད་པའི་མན་ངགསྲིན་པོའི་གདོན་ལས་ ཐར་པར་བྱེད་པའི་མན་ངགཤ་ཟའི་གདོན་ལས་ཐར་པར་བྱེད་པའི་མན་ངག ཀླུའི་གདོན་ ལས་ཐར་པར་བྱེད་པའི་མན་ངག ལོག་འདྲེན་གྱི་གདོན་ལས་ཐར་བར་བྱེད་པའི་མན་ངག རྗེད་བྱེད་ཀྱི་གདོན་ལས་ཐར་པར་བྱེད་པའི་མན་ངགསྨྱོ་བྱེད་ཀྱི་གདོན་ལས་ཐར་པར་བྱེད་ པའི་མན་ངག ལྷ་མ་ཡིན་གྱི་གདོན་ལས་ཐར་པར་བྱེད་པའི་མན་ངག གཞོན་ནུའི་གདོན་ལས་ ཐར་པར་བྱེད་པའི་མན་ངག གནོད་སྦྱིན་གྱི་གདོན་ལས་ཐར་བར་བྱེད་པའི་མན་ངག་རྣམས་ སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། འབྱུང་པོ་འགུགས་པའི་སྒྲུབ་པ་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་ བ་དང༌། ལས་ཀྱི་བྱེ་བྲག་སྣ་ཚོགས་པ་སྒྲུབ་པའི་མན་ངག་གཉིས་སློབ་དཔོན་ཡེ་ཤེས་རྡོ་རྗེས་ མཛད་པ། གཟུངས་སྔགས་ཀྱི་ལས་མ་གྲུབ་པ་རྣམས་གྲུབ་པར་བྱེད་པ་རྡོ་རྗེ་བེ་ཅོན་ཞེས་བྱ་ བ་དང༌། གཟུངས་སྔགས་ཀྱི་ལས་གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ་རིན་པོ་ཆེའི་གཏེར་ ཞེས་བྱ་བ་གཉིས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། ཀླུའི་ལས་ཆར་དབབ་པ་བདུད་རྩིའི་ རྒྱུན་ཞེས་བྱ་བ་དང༌། ཀླུ་རྣམས་མཉེས་པར་བྱེད་པ་ཆུ་ལ་བརྟེན་པའི་གཏོར་མ་བདུད་རྩིའི་ ཐིགས་(རྒྱ་མཚོ་ཟེར་)པ་དང༌། སེམས་ཅན་སྲུང་བའི་ལས་སྤྲིན་བྲལ་བའི་འབྱུང་བ་གཅོད་བྱེད་ ཅེས་བྱ་བ་གསུམ་དཔལ་མར་མེ་མཛད་བཟང་པོས་མཛད་པ། བྱིས་པ་གདོན་ལས་ཐར་བར་ བྱེད་པའི་སྒྲུབ་ཐབས་གསང་བ་མེའི་འཁོར་ལོ་ཞེས་བྱ་བ། ཞི་བའི་སྦྱིན་སྲེག་གི་ཆོ་ག་རྒྱུད་ཀྱི་ ཞི་བའི་མཚན་དོན་ཞེས་བྱ་བ་དང༌། རྒྱུད་ཀྱི་རྒྱས་པ་ཞེས་བྱ་བའི་ཚིག་ལེགས་པར་སྒྲུབ་པ་རྡོ་ རྗེ་རྣམ་འཇོམས་ཀྱི་རྒྱས་པར་བྱེད་པའི་སྦྱིན་སྲེག་གི་ཆོ་ག་མངོན་སྤྱོད་ཀྱི་སྦྱིན་སྲེག་གི་སྒོ་ནས་ ཚར་གཅོད་པའི་ལས། དབང་དུ་བྱ་བའི་སྦྱིན་སྲེག་གི་ཆོ་གསེམས་ཅན་ཐམས་ཅད་རེངས་ པར་བྱེད་པའི་ལས་ཇག་ཆིངས་འཕྲུལ་ཡིག་ཅེས་བྱ་བ། བསྒྲུབ་བྱ་རེངས་པར་བྱེད་པའི་ལས་ 7-1-128 སྣ་ཚོགས་པ་བསྟན་པ་རླུང་གི་ཞགས་པ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། བསྒྲུབ་ བྱ་ཀླུ་རྣམས་ཀྱི་བྱད་དུ་གཞུག་པར་འདོད་པའི་ཆོ་ག་སྲོག་གཅོད་སྤུ་གྲི་ཞེས་བྱ་བ་དཔལ་མར་ མེ་མཛད་ཀྱིས་མཛད་པ། ཚ་བའི་རིམས་ཀྱིས་དགྲ་བསད་པ་རལ་གྲིའི་འཁོར་ལོ་ཞེས་བྱ་བ་ དང༌། སེམས་ཅན་ཐམས་ཅད་རྨུགས་པར་བྱེད་པའི་ལས་ཀྱི་མཐའ་གཟི་མདངས་ཆེན་མོ་ཞེས་ བྱ་བ་དང༌། དཔལ་བཀྲ་ཤིས་བསྐྱེད་པ་ཉི་མའི་འོད་ཅེས་བྱ་བ། དཔལ་ཀུན་གྱིས་བརྒྱན་པའི་ མཐའ་དང༌། མིག་གི་དབང་པོ་ཉམས་པ་གསོ་བའི་ཆོ་ག་གསལ་བའི་སྣང་བ་ཞེས་བྱ་བ་དང༌། རྣ་བའི་དབང་པོ་ཉམས་པ་དང༌། དེའི་ནད་གསོ་བའི་ཆོ་ག་དགྲ་ལས་རྣམ་པར་རྒྱལ་བ་ཞེས་ བྱ་བ་དང༌། སྣའི་དབང་པོ་ཉམས་པ་དང༌། ན་བ་གསོ་བ་དྲི་མ་དང་བྲལ་བའི་སྦྱོང་བྱེད་ཅེས་བྱ་ བ་དང༌། ལྕེའི་དབང་པོ་ཉམས་པ་གསོ་བའི་ཆོ་ག་པདྨ་རྒྱས་པ་ཞེས་བྱ་བ་དང༌། ལུས་ཀྱི་དབང་ པོ་ཉམས་པ་དང༌། ལུས་ན་བ་གསོ་བའི་ཆོ་ག་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་དང༌། ཚེ་ཟད་པ་ལ་ བསྲིང་བའི་ཆོ་ག་རྒྱུན་གྱི་འཁོར་ལོ་ཞེས་བྱ་བ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། ཤི་བའི་སེམས་ཅན་སྡིག་པ་ལས་ཐར་པར་བྱེད་པའི་ཆོ་ག་དུག་སྦྱོང་གསལ་བའི་མེ་ལོང་ཞེས་ བྱ་བ་དང༌། མཆོད་རྟེན་གདབ་པ། ཤི་བའི་སྡིག་པ་བྱང་བར་བྱེད་པ་རང་བྱུང་འཇིགས་བྲལ་ ཞེས་བྱ་བ་སློབ་དཔོན་ཆེན་པོ་མར་མེ་མཛད་ཀྱིས་མཛད་པ། སེམས་ཅན་ཚེ་ཟད་པ་བསྲིང་ བའི་ཆོ་ག་སྒྲུབ་པ་པདྨ་དབྱིག་སྒྲུབ་ཅེས་བྱ་བ་དང༌། དལ་འབྱོར་ཆེན་པོ་སྒྲུབ་པ་བཅུད་ཀྱིས་ ལེན་པ་ཞེས་བྱ་བ་དང༌། ལན་ཆགས་དང་བྲལ་བར་བྱེད་པའི་གཏོར་མ་དཔག་བསམ་གྱི་སྡོང་ པོ་ཞེས་བྱ་བ་དང༌། ལོངས་སྤྱོད་དང་ལྡན་པར་ངེས་པའི་དཔལ་ཚོགས་ཀྱི་གཏོར་མ་རིན་ཆེན་ ལས་ཕྲེང་ཞེས་བྱ་བ་དང༌། ཕུན་སུམ་ཚོགས་པའི་ལས་ཉེ་བར་སྒྲུབ་པར་བྱེད་པ་ལས་ཚོགས་ སྟོང་རྒྱས་ཞེས་བྱ་བ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། འཇིག་རྟེན་གྱི་ལྷ་མཉེས་ པར་བྱེད་པ་དོན་གྲུབ་པ་ཞེས་བྱ་བ་དཔལ་མར་མེ་མཛད་བཟང་པོས་མཛད་པ། སྐྱེ་བོ་སྡང་ 7-1-129 བའི་ལས་མྱུར་བྱེད་ཆེན་མོ་ཞེས་བྱ་བ་དང༌། གཞན་གྱི་ལྕེ་འབབ་པ་ལྡོག་པ་ཞེས་བྱ་བ། སྡང་ གསུམ་གྱི་ལས་ཐོར་བུ་བ། བྲན་དང་བཟའ་མི་གདོན་གྱིས་གཙེས་པ་བསྲུང་བའི་ཆོ་ག་ཆེན་མོ་ ཞེས་བྱ་བ། མི་མཐུན་པ་ཞི་བར་བྱེད་པའི་རྩི་སྦྱོར་དབྱིག་གི་ནོར་བུ་ཞེས་བྱ་བ། ནོར་འགྲིབས་ པ་དགང་བའི་ཆོ་ག་དཔག་བསམ་ཤིང་རྒྱས་པ་ཞེས་བྱ་བ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་ མཛད་པ། ཚོགས་བདག་གི་སྒྲུབ་པ་དབུལ་བའི་གཏེར་སྦྱིན་ཞེས་བྱ་བ་དཔལ་མར་མེ་མཛད་ བཟང་པོས་མཛད་པ། སྦས་པའི་གའུ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། གཟའ་ ངན་པ་བཟློག་པའི་ཆོ་ག་རྒྱ་མཚོ་སྤྲིན་ཞེས་བྱ་བ་དང༌། གཟའི་གདོན་ལས་གྲོལ་བར་བྱེད་པའི་ ཆོ་ག་རིན་པོ་ཆེ་གྲོལ་བྱེད་ཅེས་བྱ་བ་དང༌། གཟའ་བརྒྱད་ཀྱི་ལས་མ་གྲུབ་པ་རྣམས་གྲུབ་པར་ བྱེད་པའི་ཆོ་ག་འདོད་པ་རབ་ཏུ་ཞི་བ་ཞེས་བྱ་བ་དང༌། རྒྱུ་སྐར་ངན་པ་ཟློག་པར་བྱེད་པའི་ཆོ་ག རྒྱུ་སྐར་རྣམས་ཀྱི་ལས་སྣ་ཚོགས་པ་སྒྲུབ་པར་བྱེད་པ་དུས་འཛིན་བཟང་པོ་ཞེས་བྱ་བ་རྣམས་ དཔལ་མར་མེ་མཛད་བཟང་པོས་མཛད་པ། བཟློག་པའི་འཁོར་ལོ་ཞེས་བྱ་བ་སློབ་དཔོན་ཡེ་ ཤེས་རྡོ་རྗེས་མཛད་པ། ཀླུ་ཆེན་པོ་བརྒྱད་འཆོས་པས་མི་བཟད་པའི་ནད་ཡམས་དྲག་པོ་ལས་ ཐར་པར་བྱེད་པ་དང༌། ཀླུ་སྒྲུབ་རིན་པོ་ཆེ་དབྱིག་སྒྲུབ་ཅེས་བྱ་བ། ཀླུའི་གདོན་ལས་གྲོལ་བར་ བྱེད་པ་སྦྲུལ་འཛིན་གསང་བ་ཞེས་བྱ་བ། ཀླུ་སྲོག་མེ་དབལ་གྱི་འཁོར་ལོ་ཞེས་བྱ་བ། ཀླུའི་ རྣམ་པར་འཇོམས་པའི་སྙིང་གཟེར་དུ་བཀོད་པ་རྣམས་སློབ་དཔོན་ཆེན་པོ་དཔལ་མར་མེ་ མཛད་ཀྱིས་མཛད་པ། མི་བཟད་པའི་ནད་ཞི་བར་བྱེད་པ་གསེར་གྱི་རྒྱ་མཚོ་ཞེས་བྱ་བ་དང༌། ཚེ་འཕེལ་བའི་སྒྲུབ་ཐབས་རྒྱལ་མཚན་རྩེ་མོ་ཞེས་བྱ་བ། བསོད་ནམས་འཕེལ་བར་བྱེད་པའི་ དཔལ་ཡེ་ཤེས་ཕྲེང་བ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། སྒྲ་ལ་གནས་པའི་བསམ་ གཏན་ཞེས་བྱ་བ་དང༌། སྒྲ་ལ་མི་གནས་པའི་བསམ་གཏན་ཞེས་བྱ་བ་རྣལ་འབྱོར་བའི་འཁོར་ རྐྱེན་དྲུངས་ནས་འདོན་པ། སྒྲ་མཐར་གྱིས་རྣལ་འབྱོར་པའི་ལུས་སེམས་ཀྱི་འབྲེལ་པ་བཅད་ 7-1-130 པ་རྣམས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཀྱིས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་ པའི་ཐེམ་ཡིག་གསང་བ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱི་མཛད་པའོ། ། དེ་རྣམས་ལ་ཆོས་ཀྱི་རྣམ་གྲངས་བརྒྱ་དང་བརྒྱད་དོ། །ཁྲོ་བོའི་རྒྱལ་པོ་གནམ་ལྕགས་ འབར་བ་ཞེས་བྱ་བའི་སྒྲུབ་ཐབས་དང༌། དཀྱིལ་འཁོར་གྱི་ཆོ་ག་གཉིས་མཻ་ཏྲི་བས་མཛད་པ། པཎྜི་ཏ་དེ་ཝ་པུ་རྞ་མ་ཏི་དང༌། ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར། རིགས་ཀྱི་ཡུམ་སྤྱན་མ་ དང༌། གོས་དཀར་མོ་དང༌། མཱ་མ་ཀཱི་གསུམ་གྱི་སྒྲུབ་ཐབས་སོ་སོར་བཀོད་པ་ནི་མི་སྣང་ལ། ཕྱོགས་མཐུན་ནི་འོག་ན་མར་དགོད་པར་བྱའོ། །རིགས་ཀྱི་ཁྲོ་བོ་གསུམ་ལ། སྐུའི་རིགས་ཀྱི་ ཁྲོ་བོ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཇོ་བོ་རྗེ་དང་ནག་ཚོ་ཚུལ་རྒྱལ་གྱི་འགྱུར། གསུང་གི་ རིགས་རྟ་མགྲིན་གྱི་སྐོར་ལ། རྟ་མགྲིན་གྱི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་བ་ རིའི་འགྱུར། རྟོག་པ་བདུན་བརྒྱ་པ་ནས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས་དང༌། སློབ་ དཔོན་ཙནྡྲ་གོ་མིས་མཛད་པའི་རྟ་མགྲིན་གྱི་སྒྲུབ་ཐབས་དང༌། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ བླ་ན་མེད་པ་རྟ་མགྲིན་གྱི་སྒྲུབ་ཐབས། པཎྜི་ཏ་པྲ་བྷཱ་བཱ་ཀཱ་རས་མཛད་པ་དང་གསུམ། པཎྜི་ ཏ་པུ་རུ་ཥོཏྟ་མ་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། རྟ་མགྲིན་ཞལ་ གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་དང༌། ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབས་གཉིས་ཇོ་ བོ་རྗེས་མཛད་པ། ཐུགས་ཀྱི་རིགས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་བའི་སྒྲུབ་ཐབས་དངོས་སུ་མི་ སྣང་ངོ༌། །དེའི་ཕྱོགས་མཐུན་མི་གཡོ་བའི་སྐོར་ལ། འཕགས་པ་མི་གཡོ་བའི་སྒྲུབ་ཐབས་བླ་ མ་གསེར་གླིང་པས་མཛད་པ། ཇོ་བོ་རྗེའི་རང་འགྱུར། ཁྲོ་ཆེན་གཏུམ་པོའི་སྒྲུབ་ཐབས། པྲ་ བྷཱ་ཀཱ་ར་ཀཱིརྟིས་མཛད་པ། དཱ་ན་ཤཱི་ལའི་རང་འགྱུར། ཁྲོ་ཆེན་གཏུམ་པོའི་སྒྲུབ་ཐབས་ཛེ་ཏཱ་རི་ དགྲ་ལས་རྒྱལ་བས་མཛད་པ། པཎྜི་ཏ་པུ་ཎྱ་ཤྲཱི་དང༌། ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར་གྱི་ འགྱུར། མི་གཡོ་བ་དཀར་པོའི་སྒྲུབ་ཐབས་ལྷུག་པ་དང༌། ཚིགས་བཅད་མ་གཉིས་དཱ་ན་ཤཱི་ 7-1-131 ལས་མཛད་པ་དེ་ཉིད་ཀྱི་རང་འགྱུར། དེ་ལྟར་རིགས་གསུམ་པོ་སོ་སོ་བའི་སྒྲུབ་ཐབས་རྣམས་ བཀོད་ནས། རིགས་གསུམ་སྤྱིའི་སྒྲུབ་ཐབས་ནི། ལེགས་པར་སྒྲུབ་པར་བྱེད་པའི་སྒྲུབ་ཐབས་ བསྡུས་པ་སློབ་དཔོན་བྱང་ཆུབ་མཆོག་གིས་མཛད་པ། དཔའ་བོ་གཅིག་ཏུ་སྒྲུབ་པའི་སྒྲུབ་ ཐབས་དགེ་བའི་འདོད་འཇོ་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ ཏ་ནག་པོ་པ་དང༌། འགོས་ལྷས་བཙས་ཀྱི་འགྱུར། གཙུག་ཏོར་ལ་སོགས་གཟུངས་སྣ་ཚོགས་ ཀྱི་སྐོར་ལ། གཙུག་ཏོར་དྲི་མ་མེད་པའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ་ མཆོད་རྟེན་ལྔ་གདབ་པའི་ཆོ་ག མདོ་སྡེ་ལས་བཏུས་པ་མི་འདྲ་བ་ཆ་གཉིས་སློབ་དཔོན་བོ་དྷི་ ས་ཏྭས་མཛད་པར་གྲགས། གཙུག་ཏོར་དྲི་མེད་ཀྱི་གཟུངས་ལས་མཆོད་རྟེན་ལྔ་གདབ་ཅིང་ མཆོད་པའི་ཆོ་ག་བཙན་པོའི་ཕྱག་ནས་མཁན་པོས་བཏུས་པ། མཆོད་རྟེན་གདབ་པའི་ཆོ་ག་ དང༌། མཆོད་རྟེན་གྱི་ཆ་རྣམ་པར་དབྱེ་བ། སློབ་དཔོན་ཞི་བ་སྙིང་པོས་མཛད་པ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བ་ཞེས་བྱ་བའི་གཙུག་ཏོར་དྲི་མེད་ཀྱི་སྒྲུབ་ཐབས་ དང༌། མཆོད་རྟེན་ལྔ་གདབ་པའི་ཆོ་ག་དང༌། གཟུངས་ཆོག་ཆ་གཉིས་རྣམས་ཇོ་བོ་རྗེས་མཛད་ པ། དེ་ཉིད་དང་ནག་ཚོ་ཚུལ་རྒྱལ་གྱི་འགྱུར། གཙུག་ཏོར་གདུགས་དཀར་ཅན་གྱི་སྒྲུབ་ཐབས། སློབ་དཔོན་ཙནྡྲ་གོ་མས་མཛད་པ། ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར། གཙུག་ ཏོར་གདུགས་དཀར་གྱི་གཏོར་ཆོགསློབ་དཔོན་ཙནྡྲ་གོ་མས་མཛད་པ། ལོ་ཙཱ་བ་རིན་ཆེན་ བཟང་པོའི་འགྱུར། གཙུག་ཏོར་གདུགས་དཀར་ཅན་གྱི་བསྲུང་བའི་འཁོར་ལོ། འཁྲུལ་འཁོར་ བཅིང་བ། དུས་མ་ཡིན་པའི་འཆི་བ་བཟློག་པའི་ཐབས། བགེགས་བཟློག་ཅིང་གཟིར་བའི་ ཐབས། དམག་དཔུང་གཞོམ་པའི་ཐབས། དངོས་གྲུབ་སྒྲུབ་པའི་ཐབས། འཇིགས་པ་ལས་ སྐྱོབ་པའི་ཐབས། སེར་བ་བསྲུང་བའི་ཐབས། མཛེ་ནད་གསོ་བའི་ཐབས། གཏོར་མའི་ཆོ་ག གདུགས་དཀར་མོ་ཅན་གྱི་གཟུངས་ཀྱི་སྒྲུབ་ཐབས། གདུགས་དཀར་ཅན་གྱི་གཟུངས་ཀྱི་ཆོ་ 7-1-132 ག གདུགས་དཀར་ཅན་གྱི་རིམས་བསྲུང་བའི་ཆོ་ག ཕྱུགས་ནད་གོར་བསྲུང་བའི་ཆོ་ག ལས་ བཞིའི་སྦྱིན་སྲེགསྲིའུ་གསོ་བ། བཟློག་བའི་ཟོར་བྱ་བ། མཆོད་རྟེན་སྒྲུབ་པའི་ཆོ་གའི་རིམ་ པ་རྣམས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཟངས་དཀར་འཕགས་ཤེའི་འགྱུར། འདུག་ དཀར་ཅན་གྱི་སྦྱིན་སྲེག་གི་ཆོ་གསློབ་དཔོན་རྡོ་རྗེ་རྣོན་པོས་མཛད་པ། གདུགས་དཀར་ཅན་ གྱི་ཉེ་བར་བཤད་པ་བླ་མ་རྡོ་རྗེ་གདན་པས་མཛད་པ། པཎྜི་ཏ་དེ་ཉིད་དང་བ་རི་ལོ་ཙཱ་བའི་ འགྱུར། གཙུག་ཏོར་གདུགས་དཀར་གྱི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་སློབ་དཔོན་གི་རི་ ཝ་ཏས་མཛད་པ། གདུགས་དཀར་ཅན་གྱི་གཟུངས་འདོན་པའི་ཆོ་ག་སློབ་དཔོན་ཤུ་རཾ་ག་མ་ བཛྲས་མཛད་པ། འཕགས་པ་ཤེས་རབ་ཀྱི་འགྱུར། གཙུག་ཏོར་གདུགས་དཀར་གྱི་བསྟོད་པ། གཙུག་ཏོར་གདུགས་དཀར་མོའི་གཟུངས་ཀྱི་སྒྲུབ་ཐབས་སློབ་དཔོན་བི་མ་ལ་མི་ཏྲས་མཛད་ པ། གདུགས་དཀར་གྱི་དཀྱིལ་ཆོག་དང༌། ཚ་ཚ་གདབ་པའི་ཆོ་ག་གཉིས་སློབ་དཔོན་པདྨའི་ ལྕགས་ཀྱུས་མཛད་པ། ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར། གདུགས་དཀར་གྱི་ རབ་གནས་བྱ་ཐབས་སློབ་དཔོན་པདྨའི་ལྕགས་ཀྱུས་མཛད་པ། པཎྜི་ཏ་བི་ནཱ་ཡ་ཙནྡྲ་དང༌། ལོ་ ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། གདུགས་དཀར་མོ་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ པཎྜི་ཏ་བི་བྷུ་ཏི་ཙནྡྲ་དང༌། གློ་བོ་ཤེས་རབ་རིན་ཆེན་གྱི་འགྱུར། བསྲུང་བ་ལྔའི་སྐོར་ལ། སོ་སོ་འབྲང་མའི་འཁོར་ལོའི་སེམས་སྦྱང་སློབ་དཔོན་འཕགས་ པ་ཀླུ་སྒྲུབ་ཀྱིས་མཛད་པ་པཎྜི་ཏ་ཆོས་ཀྱི་སྡེ་དང༌། ལོ་ཙཱ་བ་ནམ་མཁའ་རྡོ་རྗེའི་འགྱུར། སོ་ སོར་འབྲང་མའི་འཁོར་ལོའི་བྲི་ཐབས། རཏྣ་ཨཱ་ཀཱ་ར་ཤཱནྟི་པས་མཛད་པ། སོ་སོར་འབྲང་ མའི་སྒྲུབ་ཐབས། རྨ་བྱ་ཆེན་མོའི་སྒྲུབ་ཐབས། སྟོང་ཆེན་མོའི་རབ་ཏུ་འཇོམས་པའི་སྒྲུབ་ ཐབས། གསང་སྔགས་རྗེས་སུ་འཛིན་པའི་སྒྲུབ་ཐབས། བསིལ་བ་ཚལ་གྱི་སྒྲུབ་ཐབས། སོ་ སོར་འབྲང་བའི་བསྲུང་བ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་གདམས་ངག་པཎྜི་ 7-1-133 ཏ་སུ་མ་ཏི་ཀཱིརྟིས་གཞུང་དུ་བསྡེབས་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དྷརྨ་ཀཱིརྟིའི་འགྱུར། སོ་སོར་འབྲང་མ་ཆེན་མོའི་རིག་པའི་ཆོ་ག པཎྜི་ཏ་པུ་རུ་ཥོཏྟ་མ་དང༌། ལོ་ཙཱ་བ་ཉི་མ་རྒྱལ་ མཚན་དཔལ་བཟང་པོའི་འགྱུར། བསྲུང་བ་ལྔའི་ཆོ་ག་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་ བས་མཛད་པ། པཎྜི་ཏ་མུ་ཏི་ཏ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བཀྲ་ཤིས་རྒྱལ་མཚན་གྱིས་བསྒྱུར་བ་ ལ། ཆག་ཆོས་རྗེས་དཔལ་གྱིས་བཅོས་པ། སོ་སོར་འབྲང་མ་ཆེན་མོའི་འཁོར་ལོ་བྲི་བའི་ཆོ་ གསློབ་དཔོན་ཛཻ་ཏཱ་རིས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་ཤེས་རབ་གྲགས་ ཀྱི་འགྱུར། འཕགས་པ་དྲ་བི་ཏའི་བུམ་པའི་ཆོ་ག་རིམ་པར་ཕྱེ་བ། བྱ་བའི་རྒྱུད་ཀྱི་རབ་གནས་ སློབ་དཔོན་ངག་དབང་གྲགས་པས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། བ་རི་ལོ་ཙཱ་བའི་ འགྱུར། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་རྒྱས་པའི་མདོ་སྡེ་བཀླག་པའི་ ཆོ་ག་རྒྱས་འབྲིང་བསྡུས་གསུམ་མཁན་པོ་བོ་དྷི་ས་ཏས་མཛད་པ། གཟུངས་འདུས་ཀྱི་ཆོ་ག་ གཟུངས་ཐམས་ཅད་ཀྱི་སྒྲུབ་ཐབས་རིམ་པ་གཉིས་པ་ཞེས་བྱ་བ་སློབ་དཔོན་རིན་ཆེན་གྲགས་ པས་མཛད་པ། གཟུངས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཀུན་སྣང་གསལ་བ་ཞེས་བྱ་ བ་དང༌། སྒྲུབ་ཐབས་ཐམས་ཅད་ཀྱི་ལས་ཀ་གསལ་བྱེད་ཅེས་བྱ་བ་སློབ་དཔོན་རཏྣ་ཀཱིརྟིས་ མཛད་པ་གསུམ། བལ་པོ་མ་ཧཱ་པ་ནའི་རང་འགྱུར། རྟེན་ཅིང་འབྲེལ་པར་འབྱུང་བ་སྙིང་པོའི་ ཆོ་ག་ཞིབ་མོ་དགེ་སློང་ནེར་བཻ་རཀྵི་ཏས་མཛད་པ། རབ་ཏུ་གནས་པའི་ཆོ་གའི་ཚུལ་པཎྜི་ཏ་སུ་ མ་ཏི་ཀཱིརྟིས་མཛད་པ། དེ་ཉིད་དང་ལོ་ཙཱ་བ་པྲཛྙཱ་ཀཱིརྟཱི་འགྱུར་རྣམས་བཞུགས་སོ། ། འདིར་བཀོད་པའི་སྒྲུབ་ཐབས་འགའ་ཞིག་རྣལ་འབྱོར་རྒྱུད་དང་མཐུན་པ་དང་སྤྱོད་རྒྱུད་ དང་མཐུན་པའི་བསྐྱེད་ཆོག་ཏུ་བྱས་པ་ཅི་རིགས་པ་སྣང་ཡང༌། བརྟེན་པའི་རྒྱུད་ཕལ་ཆེར་བྱ་ རྒྱུད་དུ་སྣང་བ་དང༌། སྡེ་ཚན་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་འདིར་བཀོད་དོ། ། 7-1-134 སྐུ་གསུང་ཐུགས་ཀྱི་རིགས་གསུམ་གཙོར་གྱུར་པའི། ། བྱ་བའི་རྒྱུད་དང་འབྲེལ་བའི་འགྲེལ་པ་དང༌། ། སྒྲུབ་སྐོར་ལ་སོགས་ཆོས་སྐོར་བརྒྱ་ཕྲག་བཞི། ། གཅིག་བཅས་བཅུ་ཕྲག་གཉིས་གྱིས་བརྒྱན་པ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། བྱ་བའི་རྒྱུད་ ཀྱི་སྐོར་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ལྟར་རྒྱུད་སྡེ་སོ་སོ་བ་དང་འབྲེལ་བའི་སྐོར་རྣམས་བཀོད་ནས་རྒྱུད་སྡེ་བཞི་པོ་ཐུན་མོང་ བ་དང་ཅི་རིགས་པ་དང་འབྲེལ་བའི་དགོངས་འགྲེལ་བསྟན་བཅོས་ཀྱི་སྐོར་ལ། རི་པ་ལ་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་སློབ་དཔོན་ཨ་བྷ་ཡཱ་ཀཱ་ར་གུཔྟས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཁེར་གད་བནྡེ་འཁོར་ལོ་གྲགས་ཀྱི་འགྱུར་ལ། དུས་ཕྱིས་ལོ་ཙཱ་བ་ ཤེས་རབ་དཔལ་གྱིས་བཅོས་ཤིང༌། སླད་ནས་པཎྜི་ཏ་རཏྣ་རཀྵི་ཏ་དང༌། རཱ་ཧུ་ལ་ཤྲཱི་བྷ་དྲ་དང༌། མ་ཎི་ཀ་ཤྲཱི་ཛྙཱ་ན་དང༌། ཆག་ཆོས་རྗེ་དཔལ་གྱི་བཅོས་པ་ལ་སླད་ནས་དཔང་ལོ་ཙཱ་བ་བློ་བརྟན་ གྱིས་མི་བཅོས་སུ་མི་རུང་བ་རྣམས་བཅོས་ནས་དག་པར་བྱས་པ། རྫོགས་པའི་རྣལ་འབྱོར་ གྱི་ཕྲེང་བ་ཞེས་བྱ་བ་ཤློ་ཀ་སྟོང་ཉིས་བརྒྱ་པ་པཎྜི་ཏ་ཨ་བྷ་ཡཱ་ཀཱ་ར་གུཔྟས་མཛད་པ། པཎྜི་ཏ་ ཐམས་ཅད་མཁྱེན་པའི་དཔལ་བཟང་པོས་འགྱུར་རྙིང་པ་ལ་བརྟེན་ནས་རང་འགྱུར་དུ་མཛད་ པ་ལ། སླད་ཀྱིས་པཎྜི་ཏ་རཏྣ་རཀྵི་ཏ་དང༌། རེ་ཝེནྡྲ་དང་ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་གྱིས་ བཅོས་པ། སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མ་ཞེས་བྱ་བ་པཎྜི་ཏ་ཨ་བྷ་ཡཱ་ཀཱ་ར་གུཔྟས་མཛད་པ། པཎྜི་ཏ་ཐམས་ཅད་མཁྱེན་པའི་དཔལ་བཟང་པོའི་རང་འགྱུར་དུ་མཛད་པ་ལ། པཎྜི་ཏ་ཉི་མའི་ དབང་པོའི་འོད་ཟེར་དང་ཆག་ཆོས་རྗེ་དཔལ་གྱིས་བཅོས་པ་ལ་དུས་ཕྱིས་ཤོང་བློ་བརྟན་གྱིས་ ལེགས་པར་བཅོས་པ་ཤློ་ཀ་ཉིས་བརྒྱ་ཉི་ཤུ་རྩལྔ་པ། མན་ངག་གི་སྙེ་མ་ཞེས་བྱ་བ་རྒྱུད་ཐམས་ 7-1-135 ཀྱི་བསྐྱེད་རྫོགས་ཐུན་མོང་དུ་བསྟན་པ་སློབ་དཔོན་ཨ་བྷ་ཡཱ་ཀཱ་ར་གུཔྟས་མཛད་པ། པཎྜི་ཏ་ རཏྣ་རཀྵི་ཏ་དང་ལོ་ཙཱ་བ་ཞང་གྲུབ་པ་དཔལ་གྱིས་བསྒྱུར་བ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ ལས་བཏུས་པ་ཞེས་བྱ་བ་པཎྜི་ཏ་ཨ་ཝ་དྷཱུ་ཏཱི་པ་དཔལ་ལྡན་འགྲོ་བའི་མེ་ལོང་གིས་མཛད་པ། བལ་པོའི་པཎྜི་ཏ་མཉྫུ་ཤྲཱི་དང༌། ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་འགྱུར་རྣམས་ བཞུགས་སོ། ། ལི་པ་ལ་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའི་སྒྲུབ་ཐབས་བརྒྱ་རྩར་གྲགས་ པའི་རྣམ་གྲངས་ལ། དང་པོར་སངས་རྒྱས་རྗེས་སུ་དྲན་པ་དེ་ནས་རིམ་གྱིས་དམ་ཚིག་གསུམ་ གྱི་རྒྱལ་པོའི་སྒྲུབ་ཐབས། པཎྜི་ཏ་ཀུ་མུ་ཏ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། དམ་ཚིག་ གསུམ་རྒྱལ་གྱི་རྟོག་པ་ནས་གསུངས་པ་རྡོ་རྗེ་འཛིན་པས་ལེགས་པར་གསུངས་པའི་བསྟོད་ པ། རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་དཀྱིལ་འཁོར་གྱི་རྒྱན་ལས་གསུངས་པའི་བསྟོད་པའི་ཕན་ ཡོན། དམ་ཚིག་གསུམ་གྱི་དམ་ཚིག་གི་སྒྲུབ་ཐབས་པཎྜི་ཏ་རིན་ཆེན་འབྱུང་གནས་སྦས་པས་ མཛད་པ། གདམས་ངག་གི་རིམ་པའི་བཅོམ་ལྡན་འདས་རྡོ་རྗེ་གདན་གྱི་སྒྲུབ་ཐབས། ཡང་རྡོ་ རྗེ་གདན་གྱི་སྒྲུབ་ཐབས་གཅིག འཕགས་པ་ཡི་གེ་དྲུག་པ་རིག་པ་ཆེན་མོའི་སྒྲུབ་ཐབས། ཡི་ གེ་དྲུག་པ་རིག་པ་ཆེན་མོ་འཇིག་རྟེན་དབང་ཕྱུག་གི་གདམས་ངགརྒྱུད་ནས་འོངས་པའི་སྒྲུབ་ ཐབས་ཀྱི་ཆོ་ག ཡི་གེ་དྲུག་པའི་གདམ་ངག་གི་ཁྱད་པར་རྣམས། པ་ཚབ་ཚུལ་རྒྱལ་གྱི་འགྱུར། བདེ་བ་འབྱུང་བའི་ཁ་སརྤཱ་ཎིའི་སྒྲུབ་ཐབས། པཎྜི་ཏ་རཏྣ་ཨཱ་ཀཱ་ར་གུཔྟ་དང༌། པ་ཚབ་ཚུལ་ རྒྱལ་གྱི་འགྱུར། བདེ་བ་འབྱུང་བ་ཞེས་བྱ་བའི་ཁ་སརྤཱ་ཎིའི་སྒྲུབ་ཐབས་པདྨ་འབྱུང་གནས་བློ་ གྲོས་ཀྱིས་མཛད་པ། པཎྜི་ཏ་ཨ་བྷ་ཡཱ་ཀཱ་ར་དང་པ་ཚབ་ཚུལ་རྒྱལ་གྱི་འགྱུར། སེང་གེ་སྒྲའི་ སྒྲུབ་ཐབས་དང༌། སེང་གེ་སྒྲའི་གཟུངས་པ་ཚབ་ཀྱི་འགྱུར། སེང་གེ་སྒྲའི་སྒྲུབ་ཐབས་རཏྣ་ཨཱ་ ཀཱ་ར་དང་པ་ཚབ་ཀྱི་འགྱུར། སྙིང་རྗེས་ཁྲོས་པ་ཞེས་བྱ་བའི་ཧ་ལ་ཧ་ལའི་འཇིག་རྟེན་དབང་ 7-1-136 ཕྱུག་གི་སྒྲུབ་ཐབས། ཨ་བྷ་ཡ་དང་ཚུལ་རྒྱལ་གྱི་འགྱུར། སྙིང་རྗེ་ཁྲོས་པའི་ཧ་ལ་ཧ་ལའི་སྒྲུབ་ ཐབས་ཚུལ་རྒྱལ་གྱི་འགྱུར། པདྨ་གར་གྱི་དབང་ཕྱུག་ཅེས་བྱ་བའི་འཇིག་རྟེན་དབང་ཕྱུག་གི་ སྒྲུབ་ཐབས། ཨ་བྷ་ཡ་དང༌། པ་ཚབ་ཀྱི་འགྱུར། སེང་གེ་དང༌། བྱ་ཁྱུང་དང༌། ཁྱབ་འཇུག་ལ་ བཞུགས་པ་ལས་བྱུང་བའི་སྒྲུབ་ཐབས། པ་ཚབ་ཀྱི་འགྱུར། སེང་གེ་དང༌། བྱ་ཁྱུང་དང༌། ཁྱབ་ འཇུག་ལ་བཞུགས་པ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ཨ་བྷ་ཡ་དང་ པ་ཚབ་ཀྱི་འགྱུར། ཨོ་ཌི་ཡ་ཎ་ནས་འབྱུང་བའི་རིམ་པ་འཇིག་རྟེན་གསུམ་དབང་དུ་བྱེད་པའི་ འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ས་ར་ཧའི་ཞལ་སྔ་ནས་མཛད་པ། ཨ་བྷ་ཡ་དང༌། པ་ ཚབ་ཀྱི་འགྱུར། ཨོ་ཌི་ཡ་ནས་རྣམ་པར་འབྱུང་བའི་འཇིག་རྟེན་དབང་ཕྱུག་གི་འཇིག་རྟེན་ གསུམ་དབང་དུ་བྱེད་པའི་སྒྲུབ་ཐབས། ས་ར་ཧས་མཛད་པ། རཏྣ་ཨཱ་ཀཱ་ར་དང༌། པ་ཚབ་ཀྱི་ འགྱུར། འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས། པ་ཚབ་ཀྱི་འགྱུར། སྒྱུ་འཕྲུལ་དྲ་བའི་ ལུགས་ཀྱི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། པཎྜི་ཏ་ཤཱནྟ་ཨཱ་ཀཱ་ར་དང༌། པ་ཚབ་ ཀྱི་འགྱུར། བརྟན་པའི་འཁོར་ལོའི་སྒྲུབ་ཐབས། པཎྜི་ཏ་ཨཱརྱ་ཨཱ་ཀཱ་ར་དང༌། པ་ཚབ་ཀྱི་འགྱུར། ཚིག་ལྷུག་པོའི་བརྟན་པའི་འཁོར་ལོའི་སྒྲུབ་ཐབས། པ་ཚབ་ཀྱི་འགྱུར། པད་མ་གར་གྱི་དབང་ ཕྱུག་གི་སྒྲུབ་ཐབས་པཎྜི་ཏ་རཏྣ་ཨཱ་ཀ་ར་དང་ཚུལ་རྒྱལ་གྱི་འགྱུར། འཇམ་དཔལ་གསུང་གི་ དབང་ཕྱུག་གི་སྒྲུབ་ཐབས་ཨ་བྷ་ཡ་དང༌། པ་ཚབ་ཀྱི་འགྱུར། གསུང་གི་མངའ་བདག་གི་སྒྲུབ་ ཐབས། པ་ཚབ་ཀྱི་འགྱུར། སྤྲོས་པ་མེད་པའི་སྒྲུབ་ཐབས། སྤྲོས་པ་མེད་པའི་སྒྲུབ་ཐབས་ཞེས་ བྱ་བ་ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཕྲལ་དུ་ཉམས་སུ་མྱོང་བའི་སྤྲོས་པ་མེད་ པའི་སྒྲུབ་ཐབས། ལྷ་ལྔའི་ཁྱད་པར་གྱི་གདམས་ངགརྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས། འཇམ་ དཔལ་རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་པའི་ཐབས་ལས་དབང་དུ་བྱ་བའི་ཆོ་ག ཆོས་ 7-1-137 ཀྱི་དུང་གི་ཏིང་ངེ་འཛིན་ཐོབ་པར་བྱེད་པའི་ཆོས་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་ རྣམས། པཎྜི་ཏ་ཨ་བྷ་ཡ་དང༌། ལོ་ཙཱ་བ་པ་ཚབ་ཚུལ་རྒྱལ་གྱི་འགྱུར། ངག་སྒྲུབ་པའི་ཐབས་ དང༌། རྒྱལ་པོ་ཆེན་པོ་བརྗིད་པ་ཞེས་བྱ་བའི་འཇམ་དཔལ་གྱི་སྒྲུབ་ཐབས། པ་ཚབ་ཀྱི་འགྱུར། དཔའ་བོ་གཅིག་ཏུ་སྒྲུབ་པའི་སྒྲུབ་ཐབས་གཉིས། ཁོར་ཡུག་མངར་བའི་སྒྲུབ་ཐབས་ཞེས་བྱ་ བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྣམས། ཨ་བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། དབང་དུ་བྱེད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་དང༌། ཡང་འཇམ་དཔལ་གྱི་སྒྲུབ་ ཐབས། རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བའི་འཇམ་དཔལ་གྱི་སྒྲུབ་ཐབས་ཤེས་རབ་ བསྐྱེད་པ་རྣམས། པ་ཚབ་ཀྱི་འགྱུར། ཤེས་རབ་འཕེལ་བར་བྱེད་པའི་ཆོ་ག འཇམ་དཔལ་གྱི་ ཤེས་རབ་ཀྱི་འཁོར་ལོ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ཆེན་མོ་ཞེས་བྱ་ བའི་སྒྲོལ་མའི་སྒྲུབ་ཐབས། ཡང་སྒྲོལ་མའི་སྒྲུབ་ཐབས་གཉིས། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་ གཉིས་རྣམས། ཨ་བྷ་ཡ་དང་ཚུལ་རྒྱལ་གྱི་འགྱུར། རྒྱ་ནག་ཆེན་པོའི་ལུགས་ཀྱི་སྒྲོལ་མའི་སྒྲུབ་ ཐབས་ཚུལ་རྒྱལ་གྱི་འགྱུར། སྒྲོལ་མའི་གདམས་ངག་གི་ཁྱད་པར་གྱི་སྒྲུབ་ཐབས། ཚུལ་རྒྱལ་ གྱི་འགྱུར། ཡང་རྒྱ་ནག་ཆེན་པོའི་ལུགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། འཆི་བ་བླུ་བར་བྱེད་པ་ སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་གསུམ། སྒྲོལ་མ་དུག་སེལ་མའི་སྒྲུབ་ ཐབས། སྒྲོལ་མ་ནོར་སྦྱིན་མའི་སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་སྒྲོལ་མ་ལས་བྱུང་བའི་ ཀུ་རུ་ཀུལླེའི་སྒྲུབ་ཐབས། སྒྲོལ་མ་ལས་བྱུང་བའི་ཀུ་རུ་ཀུལླེའི་ཚིག་ལྷུག་པའི་སྒྲུབ་ཐབས། ཀུ་ རུ་ཀུལླེའི་དབང་དུ་བྱ་བའི་གདམས་ངག གདམ་ངག་གི་ཁྱད་པར་ཞེས་བྱ་བ། ཀུ་རུ་ཀུལླེའི་ སྒྲུབ་ཐབས་གཉིས། ཀུ་རུ་ཀུལླེའི་སྒྲུབ་ཐབས་ཨིནྡྲ་བྷུ་དྷིས་མཛད་པ། བུང་བའི་རྣལ་འབྱོར་ གྱི་ཀུ་རུ་ཀུལླེའི་སྒྲུབ་ཐབས། ཡང་ཀུ་རུ་ཀུལླེའི་སྒྲུབ་ཐབས་གཉིས་རྣམས། ཨ་བྷ་ཡ་དང༌། པ་ཚབ་ཚུལ་རྒྱལ་གྱི་འགྱུར། ཨུ་རྒྱན་ནས་ངེས་པར་འབྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་བྱང་ 7-1-138 ཆུབ་སེམས་དཔའ་མ་ལ་བ་དཱ་ན་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་ གྱི་འགྱུར། གསེར་མདོག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། ཨ་བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། མདོར་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། མ་ལ་ བ་ཞེས་བྱ་བ་དཱ་བྱང་ཆུབ་སེམས་དཔའ་དང༌། ཚུལ་རྒྱལ་གྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་མའི་སྒྲུབ་ཐབས། པཎྜི་ཏ་མ་ལ་བ་ཞེས་བྱ་བ་དཱ་བྱང་ཆུབ་སེམས་དཔའ་དང༌། ཚུལ་རྒྱལ་ གྱི་འགྱུར། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས་དང༌། དབྱངས་ཅན་མའི་སྒྲུབ་ ཐབས། ཨ་བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། མ་ལ་བ་ ཞེས་བྱ་བ་དང༌། ཚུལ་རྒྱལ་གྱི་འགྱུར། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། པཎྜི་ཏ་དཱ་དང༌། ཨ་བྷ་ཡ་དང༌། ཨ་མ་ར་ལ་སོགས་པ་ལས། ཚུལ་རྒྱལ་གྱི་འགྱུར། རྟོག་པ་ལས་གསུངས་པའི་ འོད་ཟེར་ཅན་དཀར་མོའི་སྒྲུབ་ཐབས། དཱ་ན་ཤྲཱི་དང༌། ཚུལ་རྒྱལ་གྱི་འགྱུར། མྱ་ངན་མེད་ལ་ དགའ་བའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། དཱ་ན་ཤྲཱི་དང༌། ཚུལ་རྒྱལ་གྱི་འགྱུར། རྟོག་པ་ལས་ གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། ཡང་འོད་ཟེར་ཅན་གྱི་སྒྲུབ་ཐབས་གཉིས། ཨུ་ རྒྱན་ནས་བྱུང་བའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་གཉིས། འོད་ཟེར་ཅན་སྒྲུབ་ཐབས། ཨུ་རྒྱན་ ནས་བྱུང་བའི་བདག་བྱིན་གྱིས་རློབ་པའི་རིམ་པ། མྱ་ངན་མེད་པའི་དགའ་བ་འོད་ཟེར་ཅན་གྱི་ སྒྲུབ་ཐབས་རྣམས། ཨ་བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། གདམས་ངག་གི་ཁྱད་པར། ཚུལ་ རྒྱལ་གྱི་འགྱུར། འོད་ཟེར་ཅན་གྱི་གཟུངས་འདོན་པའི་མན་ངག་དང༌། ནོར་རྒྱུན་མའི་སྒྲུབ་ ཐབས། ཨ་བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། ཡང་ནོར་རྒྱུན་མའི་སྒྲུབ་ཐབས་གཉིས་དང༌། ནོར་རྒྱུན་མའི་གཟུངས་ཀྱི་མན་ངག དཱ་བྱང་ཆུབ་སེམས་དཔའ་དང༌། ཚུལ་རྒྱལ་གྱི་འགྱུར། རྡོ་ རྗེ་ལྕགས་སྒྲོག་མའི་སྒྲུབ་ཐབས། མ་ལ་བའི་ཞལ་སྔ་ནས་ཚུལ་རྒྱལ་གྱི་འགྱུར། རྡོ་རྗེ་ལྕགས་ སྒྲོག་མའི་སྒྲུབ་ཐབས། ཨ་བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། 7-1-139 མ་ལ་བ་དང༌། ཚུལ་རྒྱལ་གྱི་འགྱུར། ཡང་ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། ཨ་བྷ་ཡ་དང༌། ཚུལ་ རྒྱལ་གྱི་འགྱུར། དུག་སེལ་བའི་སྒྲུབ་ཐབས་དང༌། དུག་སེལ་བའི་གཟུངས་ཨ་བྷ་ཡ་དང་ཚུལ་ རྒྱལ་གྱི་འགྱུར། ཡང་དུག་སེལ་མའི་སྒྲུབ་ཐབས། ཚུལ་རྒྱལ་གྱི་འགྱུར། སྐུལ་བྱེད་མའི་སྒྲུབ་ ཐབས། རལ་གཅིག་མའི་སྒྲུབ་ཐབས། གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས། གཞན་ གྱིས་མི་ཐུབ་མ་གདུགས་དཀར་མོའི་སྒྲུབ་ཐབས། རྡོ་རྗེ་ཙར་ཙི་ཀའི་སྒྲུབ་ཐབས། སོ་སོར་ འབྲང་མ་ཆེན་མོའི་སྒྲུབ་ཐབས། རྨ་བྱ་ཆེན་མོའི་སྒྲུབ་ཐབས། སྟོང་ཆེན་མོ་རབ་ཏུ་འཇོམས་ མའི་སྒྲུབ་ཐབས། གསང་སྔགས་རྗེས་སུ་འཛིན་པ་ཆེན་མོའི་སྒྲུབ་ཐབས། བསིལ་བའི་ཚལ་ ཆེན་མོའི་སྒྲུབ་ཐབས་རྣམས་ཨ་བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། གདམས་ངག་གཞན་གྱིས་ ལྷ་ལྔ་ལེགས་པར་བསྟན་པ་ཞེས་བྱ་བ། ཕྱིར་བཟློག་པ་ཆེན་མོ། རྒྱལ་མཚན་རྩེ་མོའི་དཔུང་ རྒྱན་གྱི་སྒྲུབ་ཐབས་རྣམས་ཨ་བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། གཞན་གྱིས་མི་ཐུབ་མའི་ སྒྲུབ་ཐབས། ཚུལ་རྒྱལ་གྱི་འགྱུར། རྡོ་རྗེ་དྲི་ལྡན་མའི་སྒྲུབ་ཐབས། སྒྲོལ་མ་རབ་ཏུ་དང་བའི་ སྒྲུབ་ཐབས། གཏུམ་པོ་ཆེར་ཁྲོས་པ་ཡན་ལག་དང་བཅས་པའི་སྒྲུབ་ཐབས། འོད་ཟེར་འབྱུང་གནས་གྲགས་པས་མཛད་པ། ཁྲོ་བོ་གཏུམ་པོ་ཆེན་པོའི་སྒྲུབ་ཐབས། བྱམས་པའི་སྒྲུབ་ཐབས་གཉིས། ཛམ་བྷ་ལ་ཆེན་པོའི་སྒྲུབ་ཐབས། ཨ་བྷ་ཡཱས་མཛད་པ། ཛམ་བྷ་ལའི་སྒྲུབ་ཐབས་རྣམས་ཨ་བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། ཛམ་བྷ་ལའི་སྒྲུབ་ ཐབས་རྒྱས་པ། པཎྜི་ཏ་དཱ་དང༌། ཨ་བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། ཡང་ཛམ་བྷ་ལའི་སྒྲུབ་ ཐབས། ཨ་བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། ཛམ་བྷ་ལའི་སྒྲུབ་ཐབས་མདོར་བསྡུས་པ་ གཉིས། དཱ་དང༌། ཚུལ་རྒྱལ་གྱི་འགྱུར། ཛམ་བྷ་ལའི་སྒྲུབ་ཐབས་དང༌། ཛམ་བྷ་ལའི་རྒྱུན་ འབབ་པའི་གདམས་ངག ཨ་བྷ་ཡ་དང་ཚུལ་རྒྱལ་གྱི་འགྱུར། ཛམ་བྷ་ལའི་གདམ་ངག་དང༌། ཛམ་བྷ་ལའི་ཁྱད་པར་གྱི་གདམས་ངག དཱ་དང༌། ཨ་བྷ་ཡ་དང་ཚུལ་རྒྱལ་གྱི་འགྱུར། རྟ་མགྲིན་ 7-1-140 གྱི་སྒྲུབ་ཐབས། ཁམས་གསུམ་རྣམ་པར་རྒྱལ་བའི་སྒྲུབ་ཐབས། རྡོ་རྗེ་མེ་འབར་བའི་གཟི་ བརྗིད་ཀྱི་སྒྲུབ་ཐབས། རྟ་མཆོག་གི་སྒྲུབ་ཐབས། གཤིན་རྗེ་དམར་པོའི་སྒྲུབ་ཐབས། གཤིན་ རྗེ་ནག་པོའི་སྒྲུབ་ཐབས། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་གཉིས། གཤིན་རྗེ་མཐར་ བྱེད་ཀྱི་སྒྲུབ་ཐབས་གཉིས། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས། གཏོར་མའི་ཆོ་ག རྡོ་རྗེ་ཧཱུཾ་ མཛད་ཀྱི་སྒྲུབ་ཐབས། སྟོབས་པོ་ཆེའི་སྒྲུབ་ཐབས། ཧེ་རུ་ཀ་ཕྱག་གཉིས་པའི་སྒྲུབ་ཐབས་ མདོར་བསྡུས་པ་རྣམས། ཨ་བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། དགྱེས་རྡོར་ཕྱག་གཉིས་པའི་ སྒྲུབ་ཐབས་དང༌། བདག་མེད་མ་འབའ་ཞིག་གི་སྒྲུབ་ཐབས། དཱ་དང༌། ཨ་བྷ་ཡ་ལས་ཚུལ་ རྒྱལ་གྱི་འགྱུར། བདག་མེད་མའི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་གཉིས། རྡོ་རྗེ་ཕག་ མོའི་རྟོག་པ་དོན་ཐམས་ཅད་སྒྲུབ་པར་བྱེད་པ། ཨུ་རྒྱན་གྱི་རྡོ་རྗེ་གདན་ནས་ངེས་པར་འབྱུང་ བའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། མདོར་བསྡུས་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྣམས། ཨ་ བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། དཱ་དང༌། ཨ་བྷ་ཡ་ལས། ཚུལ་རྒྱལ་གྱི་འགྱུར། འབྱུང་པོ་འདུལ་བྱེད་ཀྱི་མདོར་བསྡུས་པའི་སྒྲུབ་ཐབས་དང༌། འབྱུང་པོ་ འདུལ་བྱེད་ཀྱི་སྒྲུབ་ཐབས་ཡན་ལག་དང་བཅས་པ་འཇིག་རྟེན་གསུམ་གྱི་རྡོ་རྗེ་མཛེས་པར་ བསྡེབས་པ། མགོན་པོ་ནག་པོའི་སྒྲུབ་ཐབས་རྣམས། ཨ་བྷ་ཡ་ལ་སོགས་པ་ལས་པ་ཚབ་ ཚུལ་རྒྱལ་གྱི་འགྱུར་རོ། །དེ་ལྟར་ན་སྒྲུབ་ཐབས་བརྒྱ་དང་ལྔ་བཅུ་བཞུགས་ཤིང༌། འདི་རྣམས་ སཾ་སྐྲྀ་ཏ་མཆོག་ཏུ་གྱུར་ཅིང༌། དོན་བཟང་ལ་གདམས་ངག་ཆེ་བ་རྣམས། པཎྜི་ཏ་ཆེན་པོ་ ཨ་བྷ་ཡ་ཀ་རའི་ཕྱག་དཔེ་ལས་པཎྜི་ཏ་ཆེན་པོ་དེ་དང་དེ་དག་དང༌། པ་ཚབ་ཀྱི་རིགས་སུ་སྐྱེས་ པའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་ལེགས་པར་བསྒྱུར་བའོ། །བ་རི་བའི་སྒྲུབ་ཐབས་ བརྒྱ་རྩར་གྲགས་པ་ལ། རྗེ་བཙུན་རྡོ་རྗེ་གདན་གྱི་མན་ངག་གི་སྒྲུབ་ཐབས་ཀྱི་ཆོ་ག བ་རི་ལོ་ ཙཱ་བའི་འགྱུར། བརྟན་པའི་འཁོར་ལོའི་ཆོ་ག པཎྜི་ཏ་བཱིརྱ་བྷ་དྲཱ་དང༌། ལོ་ཙཱ་བ་རིན་ཆེན་ 7-1-141 བཟང་པོའི་འགྱུར། བརྟན་པའི་འཁོར་ལོའི་སྒྲུབ་ཐབས། སློབ་དཔོན་བྷ་བ་སྐནྡྷས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། བ་རིའི་འགྱུར། ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་སྒྲུབ་ ཐབས། བ་རིའི་འགྱུར། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་པདྨ་འབྱུང་ གནས་ཀྱིས་མཛད་པ། བ་རིའི་འགྱུར། ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་མི་ ཕམ་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་ འགྱུར། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས། བ་རིའི་འགྱུར། འཇམ་དཔལ་རྡོ་རྗེ་སྒྲུབ་ ཐབས། ངག་གི་རྒྱལ་པོའི་སྒྲུབ་ཐབས། ཁམས་པ་ལོ་ཙཱ་བ་བ་རི་དགེ་སློང་རཏྣ་ཀཱིརྟིའི་འགྱུར། རྒྱལ་པོ་ཆེན་པོའི་རོལ་བའི་འཇམ་དཔལ་གྱི་སྒྲུབ་ཐབས། བ་རིའི་འགྱུར། རིག་པ་འཛིན་པའི་ སྡེ་སྣོད་དུ་གསུངས་པའི་མདོར་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་པའི་ཐབས། བ་རིའི་འགྱུར། རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས། བ་རིའི་ འགྱུར། འཇམ་དཔལ་ཤེས་རབ་ཀྱི་སྦྱོར་བ། བ་རིའི་འགྱུར། ཡན་ལག་མེད་པའི་རྡོ་རྗེ་འཇམ་ པའི་དབྱངས་ཀྱི་སྒྲུབ་ཐབས། བ་རིའི་འགྱུར། ཆོས་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ ཐབས། བ་རིའི་འགྱུར། མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། པཎྜི་ཏ་དོན་ཡོད་རྡོ་རྗེ་ དང༌། བ་རིའི་འགྱུར། འཕགས་པ་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་པའི་ཐབས། བ་རིའི་འགྱུར། འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས། བ་རིའི་འགྱུར། འཕྲལ་དུ་ ཉམས་སུ་མྱོང་བའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། བ་རིའི་འགྱུར། གཤིན་རྗེ་ནག་པོའི་སྒྲུབ་ ཐབས་གསུམ། བ་རིའི་འགྱུར། རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས། སློབ་དཔོན་སུ་ཛ་ན་ཝ་ཏྲས་མཛད་ པ། སེང་གེ་སྒྲའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་ བ་རིའི་འགྱུར། ཧ་ལ་ཧ་ལའི་སྒྲུབ་ཐབས། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་བས་མཛད་ པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། བ་རིའི་འགྱུར། ཁ་སརྤཱ་ཎིའི་སྒྲུབ་ཐབས། ཡི་གེ་དྲུག་པའི་ 7-1-142 སྒྲུབ་ཐབས། ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ ཐབས། ཡང་ཧ་ལ་ཧ་ལའི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་རྡོ་རྗེ་མྱུ་གུས་ མཛད་པ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། སློབ་དཔོན་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོས་ མཛད་པ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། རྫོགས་པའི་སངས་རྒྱས་ཀྱིས་གསུངས་ པ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། ངག་གི་དབང་ཕྱུག་གྲགས་པའི་སློབ་མའི་ཐུ་བོས་མཛད་ པ། ཨུ་རྒྱན་གྱི་འོད་ཟེར་ཅན་གྱི་སྒྲུབ་ཐབས། རྟོག་པ་ནས་གསུངས་པའི་འོད་ཟེར་ཅན་གྱི་ སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་ཆོ་གས་འོད་ཟེར་ཅན་དཀར་མོའི་སྒྲུབ་ཐབས། མྱ་ ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ཐབས། ཨུ་རྒྱན་གྱི་འོད་ཟེར་ཅན་གྱི་སྒྲུབ་ཐབས། ཨུ་རྒྱན་གྱི་རིམ་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། ཙུནྡའི་སྒྲུབ་ཐབས། དཔལ་གནོད་གནས་ ཀྱི་སྒྲུབ་ཐབས་མདོར་བསྡུས་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཨུ་ཙུསྨ་ཛཾ་བྷ་ལའི་སྒྲུབ་ ཐབས། རྣལ་འབྱོར་པ་དགའ་བ་སྦྱིན་གྱིས་མཛད་པ། ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས། ཁྲོ་ གཉེར་ཅན་གྱི་སྒྲུབ་ཐབས། བྱམས་པའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ ཐབས་སངས་རྒྱས་ཀྱིས་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་སློབ་ དཔོན་དགེ་འདུན་སྦྱིན་གྱི་སྲས་ཀྱིས་མཛད་པ། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ ཐབས་གགཉིས། མི་གཡོ་བའི་སྒྲུབ་ཐབས། གཏུམ་པོ་ཆེན་པོའི་སྒྲུབ་ཐབས། རྡོ་རྗེ་ཧཱུྃ་མཛད་ ཀྱི་སྒྲུབ་ཐབས། རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས། འཕགས་མ་རི་ཁྲོད་མ་ལོ་མ་ཅན་གྱི་ གཟུངས་སྔགས། འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་ གྱིས་མཛད་པ། བགེགས་དགྲའི་སྒྲུབ་ཐབས། རལ་གཅིག་མའི་སྒྲུབ་ཐབས། འཕགས་མ་ དུག་སེལ་མའི་སྒྲུབ་ཐབས། དུག་སེལ་མའི་གཟུངས། ལྷ་མོ་རིག་བྱེད་མའི་སྒྲུབ་ཐབས། རྟོག་ 7-1-143 པ་ལས་གསུངས་པའི་ལྷ་མོ་རིག་བྱེད་མའི་སྒྲུབ་ཐབས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ མཛད་པ། ཡང་ལྷ་མོ་རིག་བྱེད་མའི་སྒྲུབ་ཐབས། ཨུ་རྒྱན་ནས་འབྱུང་བའི་རིག་བྱེད་མའི་སྒྲུབ་ ཐབས། ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། དཔལ་གནོད་གནས་ཀྱི་སྒྲུབ་པའི་ཐབས། རྒྱ་ནག་པོའི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས། སློབ་ དཔོན་རྟག་པའི་རྡོ་རྗེས་མཛད་པ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། འཕགས་པ་གཤིན་རྗེ་གཤེད་ དམར་པོའི་སྒྲུབ་ཐབས། སོ་སོར་འབྲང་མ་ཆེན་མོའི་སྒྲུབ་ཐབས། གཙུག་ཏོར་རྣམ་པར་རྒྱལ་ མའི་སྒྲུབ་ཐབས། འཕགས་པ་རྨ་བྱ་ཆེན་མོའི་སྒྲུབ་ཐབས། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་ སྒྲུབ་ཐབས། གསང་སྔགས་རྗེས་སུ་འཛིན་མའི་སྒྲུབ་ཐབས། བསིལ་བའི་ཚལ་ཆེན་མོའི་སྒྲུབ་ ཐབས། ཕྱིར་བཟློག་པ་ཆེན་མོའི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། རྡོ་རྗེ་གནྡྷ་རིའི་སྒྲུབ་ཐབས། དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས། བྲམ་ཟེ་མཆོག་སྲེད་ ཀྱིས་མཛད་པ། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས། སྟོབས་པོ་ཆེའི་སྒྲུབ་ཐབས། གཞན་གྱིས་ མི་ཐུབ་མ་ཞེས་བྱ་བའི་གདུགས་དཀར་མོ་ཅན་གྱི་སྒྲུབ་ཐབས། རྟ་མགྲིན་གྱི་སྒྲུབ་ཐབས། ཞལ་གཅིག་ཕྱག་གཉིས་པའི་ཧེ་རུ་ཀའི་སྒྲུབ་ཐབས། བདག་མེད་མ་རྐྱང་པའི་སྒྲུབ་ཐབས། བདག་མེད་མའི་སྒྲུབ་ཐབས། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ ཐབས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། རིག་བྱེད་མའི་སྒྲུབ་ཐབས། སྒྲོལ་མ་དཀར་མོའི་སྒྲུབ་ ཐབས། སྒྱུ་འཕྲུལ་དྲ་བའི་རིམ་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས། སློབ་ དཔོན་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། དེ་རྣམས་པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་ བ་པ་རི་ཆོས་གྲགས་པའི་འགྱུར། དེ་རྣམས་ལ་ཆོས་ཀྱི་རྣམ་གྲངས་དགུ་བཅུ་གོ་གཅིག་ཡོད་པ་ རྣམས་བཞུགས་སོ། །ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་སྒྲུབ་ཐབས་རྒྱ་མཚོའི་ རྐང་གྲངས་ལ། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས། པཎྜི་ཏ་ཀུ་མུ་ཏ་འབྱུང་བའི་བློ་ 7-1-144 གྲོས་ཞབས་ཀྱིས་མཛད་པ། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས། རིན་ཆེན་འབྱུང་ གནས་སྦས་པས་མཛད་པ། རྡོ་རྗེ་གདན་གྱི་སྒྲུབ་ཐབས་ཀྱི་མན་ངག་གི་ཆོ་ག རྡོ་རྗེ་གདན་གྱི་ སྒྲུབ་ཐབས་གཉིས། ཡི་གེ་དྲུག་པ་རིག་པ་ཆེན་པོའི་སྒྲུབ་ཐབས། ལྷན་ཅིག་སྐྱེས་པའི་རོལ་ པས་མཛད་པ། ཡི་གེ་དྲུག་མའི་སྒྲུབ་ཐབས། ཟ་མ་ཏོག་བཀོད་པའི་མན་ངག འཇིག་རྟེན་ མགོན་པོའི་སྒྲུབ་ཐབས། ཡི་གེ་དྲུག་པའི་སྒྲུབ་ཐབས། ཁ་སརྤཱ་ཎི་འཇིག་རྟེན་དབང་ཕྱུག་གི་ སྒྲུབ་ཐབས། སློབ་དཔོན་རྙོག་པ་མེད་པས་མཛད་པ། པོ་ཏ་ལའི་ཁ་སརྤཱ་ཎིའི་སྒྲུབ་ཐབས། སློབ་དཔོན་པདྨ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། ཁ་སརྤཱ་ཎིའི་སྒྲུབ་ཐབས་དགེ་སློང་ དགེ་བྱེད་ཀྱིས་མཛད་པ། མཁའ་སྤྱོད་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཅུང་ཟད་རྒྱས་ པར་མཛད་པ་ཨ་ནུ་པ་མ་རཀྵི་ཏས་མཛད་པ། མཁའ་སྤྱོད་ཀྱི་སྒྲུབ་ཐབས། སེང་གེ་སྒྲའི་སྒྲུབ་ ཐབས། པཎྜི་ཏ་ཨ་བ་དྷཱུ་ཏཱི་གཉིས་མེད་རྡོ་རྗེ་ཞབས་ཀྱིས་མཛད་པ། འཇིག་རྟེན་མགོན་པོའི་ སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། སེང་གེ་སྒྲའི་སྒྲུབ་ཐབས་གཉིས། འཇིག་ རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ཧ་ལ་ཧ་ལའི་སྒྲུབ་ཐབ། ཧ་ ལ་ཧ་ལའི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། རྡོ་རྗེ་ཆོས་ཀྱི་ སྒྲུབ་ཐབས་ཆོ་ག་བསྡུས་པ། འཇིག་རྟེན་མགོན་པོ་པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས་ རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། ཧ་རི་ཧ་ རི་ཧ་རི་ལ་ཞོན་པར་གྱུར་པའི་སྒྲུབ་ཐབས། ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་འཇིག་རྟེན་ དབང་ཕྱུག་གི་སྒྲུབ་ཐབས་རྫོགས་སངས་རྒྱས་ཀྱིས་གསུངས་པ། ཨཽ་ཌི་ཡ་ཎ་འཇིག་རྟེན་ གསུམ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ཨཽ་ཌི་ཡ་ན་ནས་བྱུང་བའི་ ས་ར་ཧའི་ཞབས་ཀྱིས་གདན་དྲངས་པའི་འཇིག་རྟེན་གསུམ་དབང་དུ་བྱེད་པ་འཇིག་རྟེན་ དབང་ཕྱུག་གི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས། འཇིག་རྟེན་ 7-1-145 དབང་ཕྱུག་གི་ལྷག་པར་དབང་དུ་བྱ་བའི་ཆོ་ག བསམ་གྱིས་མི་ཁྱབ་པའི་རྗེས་སུ་འབྲང་བའི་ འཇིག་རྟེན་དབང་ཕྱུག་མགྲིན་པ་སྔོན་པོ་ཅན་གྱི་སྒྲུབ་ཐབས། སྒྱུ་འཕྲུལ་དྲ་བའི་རིམ་པའི་ སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། ཤེས་རབ་བསྐྱེད་པ་པདྨའི་ཕྱག་གི་གཟུངས་ དང༌། སྲན་མཱ་ཥའི་ཞལ་གྱི་གཟུངས། འཇིག་རྟེན་དབང་ཕྱུག་དོན་ཡོད་ཞགས་པའི་སྒྲུབ་ ཐབས། འཇིག་རྟེན་གསུམ་དབང་དུ་བྱེད་པའི་འཕགས་པ་བྷུགྨའི་སྒྲུབ་ཐབས། སློབ་དཔོན་ ཤཱུ་ནྱ་ཏཱ་པ་མ་དྷི་བཛྲ་ཡ་ནས་མཛད་པ། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། བརྟན་པའི་ འཁོར་ལོའི་སྒྲུབ་ཐབས། སློབ་དཔོན་བྷ་བ་ཀནྡྷས་མཛད་པ། ཚིག་ལྷུག་པའི་བརྟན་པའི་ འཁོར་ལོའི་སྒྲུབ་ཐབས། འཇམ་དཔལ་སེང་གེ་སྒྲའི་སྒྲུབ་ཐབས། དཔལ་ལྡན་ངག་གི་རྒྱལ་ པོའི་སྒྲུབ་ཐབས། པཎྜི་ཏ་ཡིད་བཞིན་གྱི་ནོར་བུ་སྦྱིན་པས་མཛད་པ། རྡོ་རྗེ་རྣལ་འབྱོར་མས་ གསུངས་པའི་འཇམ་དཔལ་ངག་གི་རྒྱལ་པོའི་སྒྲུབ་ཐབས། ངག་གི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་འཇམ་དབྱངས་ཀྱི་སྒྲུབ་ཐབས། དཔལ་ལྡན་ངག་གི་རྒྱལ་པོའི་སྒྲུབ་ཐབས། ངག་ གི་རྒྱལ་པོའི་སྒྲུབ་ཐབས། ཤེས་རབ་འཕེལ་བའི་གཏེར་ངག་གི་རྒྱལ་པོའི་སྒྲུབ་ཐབས། པཎྜི་ ཏ་འཕྲོག་བྱེད་འཇོམས་པས་མཛད་པ། ངག་གི་རྒྱལ་པོའི་སྒྲུབ་ཐབས། ཨ་ར་པ་ཙ་ནའི་སྒྲུབ་ ཐབས། སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་ སྒྲུབ་ཐབས། རྗེ་བཙུན་འཕགས་པ་འཇམ་དཔལ་བསྒོམ་པའི་མན་ངག འཕྲལ་དུ་ཉམས་སུ་ མྱོང་བའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས། འཇམ་དཔལ་ ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་ཀྱི་དབང་དུ་བྱ་བའི་ཆོ་གསེམས་ཅན་ ཐམས་ཅད་དབང་དུ་བྱེད་པའི་ཏིང་ངེ་འཛིན། ཆོས་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ ཐབས། ཨ་ར་པ་ཙ་ནའི་སྒྲུབ་ཐབས། ངག་གི་སྒྲུབ་ཐབས། དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ 7-1-146 ཐབས། ཡང་ངག་གི་སྒྲུབ་ཐབས་གཅིག འཇམ་དཔལ་རྒྱལ་པོ་ཆེན་པོ་རོལ་པའི་སྒྲུབ་ཐབས། འཇམ་དཔལ་གྱི་སྒྲུབ་ཐབས། འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབས་ཐབས། དཔའ་བོ་གཅིག་ཏུ་སྒྲུབ་པའི་ཐབས། བུང་བ་མྱོས་པའི་སྒྲུབ་ཐབས། ལྷག་པར་དབང་དུ་བྱེད་ པ་འཇམ་དཔལ་གྱི་སྒྲུབ་ཐབས། འཇམ་དཔལ་གྱི་སྒྲུབ་ཐབས། རིག་པ་འཛིན་པའི་སྡེ་སྣོད་ ལས་བྱུང་བ་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས། རིག་པའི་འཛིན་པའི་སྡེ་སྣོད་སོ་སོ་ ནས་བསྡུས་པའི་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས། ཤེས་རབ་འཕེལ་བའི་ཆོ་ག མཚན་ ཡང་དག་པར་བརྗོད་པའི་མན་ངགཤེས་རབ་འཁོར་ལོའི་དངོས་གྲུབ་མཆོག་གི་སྒྲུབ་ཐབས། ཆོས་ཀྱི་དུང་གི་འཇམ་དཔལ་གྱི་སྒྲུབ་ཐབས། མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། ཡི་གེ་གཅིག་པའི་རབ་ཏུ་སྦྱོར་བ་ཅུང་ཟད་པ། གཏུམ་པོ་ཆེན་ པོའི་སྒྲུབ་ཐབས་ཆོ་ག་དང་བཅས་པ། སློབ་དཔོན་འོད་ཟེར་འབྱུང་གནས་གྲགས་པས་མཛད་ པ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་གསུམ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་ རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། སྒྲོལ་མ་ཆེན་མོའི་སྒྲུབ་ཐབས། མཆོག་སྦྱིན་སྒྲོལ་ མའི་སྒྲུབ་ཐབས། དབང་དུ་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་ པ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་གཉིས། ཡང་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ ཀྱིས་མཛད་པ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་པཎྜི་ཏ་ཆོས་འབྱུང་ཞབས་ཀྱིས་མཛད་པ། རྡོ་རྗེ་ སྒྲོལ་མའི་སྒྲུབ་ཐབས་པཎྜི་ཏ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། སྒྲོལ་མའི་སྒྲུབ་ ཐབས་ཅུང་ཟད་རྒྱས་པ་གནས་བརྟན་ཆེན་པོ་དཔེ་མེད་སྲུང་བས་མཛད་པ། འཇིགས་པ་ཆེན་ པོ་བརྒྱད་ལས་སྐྱོབ་པའི་སྒྲུབ་ཐབས། རྒྱ་ནག་རིམ་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། རྒྱ་ནག་ཆེན་པོའི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། འཆི་བ་བླུ་བའི་སྒྲོལ་མའི་སྒྲུབ་ཐབས། འཆི་བ་བླུ་བའི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་ 7-1-147 དཔོན་ངག་གི་དབང་ཕྱུག་གྲགས་པའི་སློབ་མའི་ཐུ་བོས་མཛད་པ། སྒྲོལ་མ་དཀར་མོའི་སྒྲུབ་ ཐབས་སློབ་དཔོན་ཡིད་བཞིན་ནོར་བུའི་རྒྱལ་པོས་མཛད་པ། སྒྲོལ་མ་དཀར་མོ་ཕྱག་དྲུག་ པའི་སྒྲུབ་ཐབས། སྒྲོལ་མ་དུག་སེལ་མའི་སྒྲུབ་ཐབས། སྒྲོལ་མ་ནོར་སྦྱིན་མའི་སྒྲུབ་ཐབས། འོད་དཔག་མེད་ཀྱི་རྒྱུད་ལས་འཕགས་མ་སྒྲོལ་མའི་རྟོག་པ་གསུངས་པ། ངན་སོང་ལས་སྒྲོལ་ མའི་སྒྲུབ་ཐབས། ལྷ་མོ་སྒྲོལ་མའི་སྒྲུབ་ཐབས། འཆི་བ་བླུ་བའི་མན་ངག་གི་སྒྲོལ་མའི་སྒྲུབ་ ཐབས། སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས། དོན་ཐམས་ཅད་གྲུབ་པ་རབ་ཏུ་སྦྱིན་པའི་འཕགས་མ་ སྒྲོལ་མའི་སྒྲུབ་ཐབས། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ཆོ་ག འཕགས་མ་དུག་སེལ་མའི་ སྒྲུབ་ཐབས། འཕགས་མ་དུག་སེལ་མའི་གཟུངས། དུག་སེལ་མའི་སྒྲུབ་ཐབས། དུག་སེལ་ མའི་རིག་སྔགས་ཆེན་མོ། འཕགས་མ་དུག་སེལ་མའི་རྟོག་པ། འཕགས་མ་ཛམ་གུ་ལིའི་སྒྲུབ་ ཐབས། འོད་ཟེར་འབར་ཞིང་གཙིགས་པ་རལ་གཅིག་མའི་སྒྲུབ་ཐབས། ཡང་རལ་གཅིག་ མའི་སྒྲུབ་ཐབས་གསུམ། རལ་གཅིག་མའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བོད་ནས་ གདན་དྲངས་པ། ཙུནྡའི་སྒྲུབ་ཐབས་གསུམ། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་ མོ་ཕྱག་བཅུ་མའི་སྒྲུབ་ཐབས། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ཐབས། རྟོག་ པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་འོད་ཟེར་ ཅན་དཀར་མོའི་སྒྲུབ་ཐབས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་གྱི་སྒྲུབ་ཐབས། འོད་ཟེར་ཅན་ཕྱག་བརྒྱད་མ་སེར་མོའི་སྒྲུབ་ཐབས། སྐུ་མདོག་དམར་མོ་ཕྱག་བཅུ་གཉིས་མ་ ཨཽཌྜི་ཡ་ནའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་གཉིས་ལ་ཕྱི་མ་སློབ་དཔོན་ལྷན་ཅིག་སྐྱེས་པའི་ རོལ་པས་མཛད་པ། སྐུ་མདོག་དམར་མོ་ཕྱག་བཅུ་གཉིས་པའི་ཨཽཌྜི་ཡ་ནའི་རང་བྱིན་གྱིས་ བརླབ་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ ཐབས། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། དཔལ་འོད་ཟེར་ཅན་པི་ཙུ་ 7-1-148 བའི་སྒྲུབ་ཐབས། འོད་ཟེར་ཅན་གྱི་སྒྲུབ་ཐབས། འོད་ཟེར་ཅན་གྱི་སྒྲུབ་ཐབས་མདོར་བསྡུས་ པ། དེའི་གཟུངས་གདོན་པའི་མན་ངགརི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་མ་དཀར་མོའི་སྒྲུབ་ཐབས། འཕགས་མ་རི་ཁྲོད་མ་ལོ་མ་ཅན་གྱི་གཟུངས། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོའི་ སྒྲུབ་ཐབས། དེའི་སྒྲུབ་ཐབས་མདོར་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀར་མོའི་ སྒྲུབ་ཐབས། སློབ་དཔོན་དགེ་འདུན་སྦྱིན་གྱི་བས་མཛད་པ། དེའི་སྒྲུབ་ཐབས་པཎྜི་ཏ་པདྨ་ འཕེལ་གྱིས་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གསེར་མདོག་ཅན་གྱི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། གསེར་མདོག་ཅན་གྱི་ཤེར་ཕྱིན་གྱི་སྒྲུབ་ ཐབས། ཤེར་ཕྱིན་གྱི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ། འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། ཡང་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་གསུམ། རྡོ་རྗེ་པི་ཝང་མ་དབྱངས་ཅན་མའི་སྒྲུབ་ ཐབས། ཡང་དབྱངས་ཅན་མའི་སྒྲུབ་ཐབས། གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་ཕྱུང་བའི་ རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། ཡང་དབྱངས་ཅན་མའི་སྒྲུབ་ཐབས། ཁྲོ་གཉེར་ཅན་གྱི་ སྒྲུབ་ཐབས། སྒྲོལ་མའི་རྟོག་པ་ལས་ཕྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། སྒྲོལ་མའི་རྟོག་པ་ ལས་འབྱུང་བའི་ཚིག་ལྷུག་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ ཀྱིས་མཛད་པ། ཀུ་རུ་ཀུལླེའི་དབང་དུ་བྱེད་པའི་མན་ངག རིགས་བྱེད་མའི་སྒྲུབ་ཐབས། དཔལ་ལྡན་འཕགས་མ་རིགས་བྱེད་མའི་སྒྲུབ་ཐབས། ཨུ་རྒྱན་ནས་འབྱུང་བའི་རིགས་བྱེད་ མའི་སྒྲུབ་ཐབས། རིགས་བྱེད་མའི་སྒྲུབ་ཐབས་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཀྱེ་ རྡོ་རྗེའི་རིམ་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀུ་རུ་ཀུལླེའི་སྒྲུབ་ཐབས། དཔལ་ཀྱེ་རྡོ་རྗེའི་རྒྱུད་ ལས་ཕྱུང་བ་སྙན་དངགས་མཁན་ཆེན་པོ་བརྩེ་བ་ཅན་ཞེས་པས་ཚིགས་བཅད་དུ་བསྡེབས་པ། 7-1-149 རྗེ་བཙུན་མ་ཀུ་རུ་ཀུལླེའི་ཕྱག་དྲུག་མའི་སྒྲུབ་ཐབས། རིགས་བྱེད་མ་ཕྱག་དྲུག་མའི་སྒྲུབ་ ཐབས། རིགས་བྱེད་མ་ཕྱག་བརྒྱད་མའི་སྒྲུབ་ཐབས། རྒྱལ་པོ་ཨིནྡྲ་བྷུ་ཏི་ཞབས་ཀྱིས་མཛད་ པ། ཀུ་རུ་ཀུལླེའི་སྒྲུབ་ཐབས། རིགས་བྱེད་མའི་མན་ངག་གི་རིམ་པ། རིགས་བྱེད་མ་དཀར་ མོའི་སྒྲུབ་ཐབས། དཔལ་སྒྱུ་འཕྲུལ་དྲ་བ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་སྟོང་ཕྲག་བཅུ་དྲུག་པ་ ལས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་མཆོག་ཏུ་གྱུར་པ་སློབ་དཔོན་ནག་པོ་སྤྱོད་པའི་ཞབས་ ཀྱིས་མཛད་པ། ཀུ་རུ་ཀུལླེའི་སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེའི་སྒྲུབ་ ཐབས། ཀུ་རུ་ཀུལླེའི་ལས་རབ་ཏུ་བསྐྱང་བའི་སྦྱོར་བ། གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ ཐབས། འཕགས་མ་གཞན་གྱིས་མི་ཐུབ་མ་གདུགས་དཀར་མོ་ཅན་གྱི་སྒྲུབ་ཐབས། རྡོ་རྗེ་ ཙར་ཙི་ཀའི་སྒྲུབ་ཐབས། སོ་སོར་འབྲང་མ་ཆེན་མོའི་སྒྲུབ་ཐབས་གསུམ། རྨ་བྱ་ཆེན་མོའི་ སྒྲུབ་ཐབས། འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས། འཕགས་མ་གསང་ སྔགས་རྗེས་སུ་འཛིན་མའི་སྒྲུབ་ཐབས། བསིལ་བའི་ཚལ་ཆེན་མོའི་སྒྲུབ་ཐབས། ལྷ་མོ་ལྔའི་ སྒྲུབ་ཐབས་མདོར་བསྟན་པ། ཕྱིར་བཟློག་མ་ཆེན་མོའི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་ དཔུང་རྒྱན་གྱི་སྒྲུབ་ཐབས། གཞན་གྱིས་མི་ཐུབ་མའི་སྒྲུབ་ཐབས། རྡོ་རྗེ་གནྡྷ་རིའི་སྒྲུབ་ཐབས་ གཉིས། བསྲུང་བ་ལྔའི་ཆོ་ག རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས། མན་ངག་གི་རིམ་པའི་ནང་ ནས་འབྱུང་བའི་རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས་ཀྱི་ཆོ་ག རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་པཎྜི་ཏ་ཆོས་ཀྱི་འབྱུང་གནས་བློ་གྲོས་ཀྱིས་ མཛད་པ། གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་གཉིས། ལྷ་མོ་ནོར་རྒྱུན་མའི་སྒྲུབ་ ཐབས་གཉིས། དེའི་གཟུངས་ཀྱི་མན་ངག རྡོ་རྗེ་ཕག་མོའི་སྒྲུབ་ཐབས། ཤེས་རབ་ཀྱི་སྣང་བ་ སྒྲུབ་པའི་ཆོ་ག རྡོ་རྗེ་ཕག་མོའི་དབང་དུ་བྱ་བའི་ཆོ་ག དཔལ་ལྡན་རྡོ་རྗེ་ཕག་མོའི་རྟོག་པ་ དོན་ཐམས་ཅད་སྒྲུབ་པ། བྱམས་པའི་སྒྲུབ་ཐབས། ཛཾ་བྷ་ལའི་སྒྲུབ་ཐབས་གཉིས། ཛཾ་བྷ་ལའི་ 7-1-150 སྒྲུབ་ཐབས་རྒྱས་པ། བར་གྱི་མན་ངག་ཛཾ་བྷ་ལའི་སྒྲུབ་ཐབས། ཛཾ་བྷ་ལའི་སྒྲུབ་ཐབས་མདོར་ བསྡུས་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཡང་སྒྲུབ་ཐབས་མདོར་བསྡུས་པ་གཅིག ཛཾ་བྷ་ ལ་ཆུ་རྒྱུན་དབུལ་བའི་མན་ངག་གཉིས། དཔལ་རྟ་མགྲིན་གྱི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་ མིས་མཛད་པ། རྟོག་པ་བདུན་པ་ལས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས། རྒྱུད་ཐམས་ ཅད་ཀྱི་སྙིང་པོ་ཕྱི་མའི་རྟ་མགྲིན་གྱི་སྒྲུབ་ཐབས་པཎྜི་ཏ་པྲ་བྷ་ཀཱ་རས་མཛད་པ། འཇིག་རྟེན་ གསུམ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས། རྡོ་རྗེ་མེ་དང་ཉི་མ་འབར་བའི་སྒྲུབ་ཐབས། རྟ་ མཆོག་གི་སྒྲུབ་ཐབས། འཕགས་པ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། གཤིན་རྗེ་ གཤེད་ནག་པོའི་སྒྲུབ་ཐབས་གཉིས། གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས། གཤིན་རྗེ་མཐར་ བྱེད་ཀྱི་སྒྲུབ་ཐབས། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས། རྡོ་རྗེ་ཧཱུྃ་མཛད་ཀྱི་སྒྲུབ་ཐབས། སྟོབས་པོ་ཆེའི་སྒྲུབ་ཐབས། འཕགས་པ་ཁྲོ་བོ་སྟོབས་པོ་ཆེའི་སྒྲུབ་ཐབས་དགེ་སློང་ཤཱཀྱ་ བཤེས་གཉེན་གྱིས་མཛད་པ། ཨཱརྱ་ཙནྡྲས་(ཨ་ཙར་རྻཱ་ནན་ཏས་ཟེར་)རང་འགྱུར་དུ་མཛད་པ་ལ། སྒྲ་བག་ཙམ་བཅོས། ཧེ་རུ་ཀའི་སྒྲུབ་ཐབས། དགྱེས་པ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས། བདག་མེད་མའི་སྒྲུབ་ཐབས་གཉིས། དཔལ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་ བསྡུས་པ། འབྱུང་པོའི་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག་དམ་པ་ཐམས་ཅད་འདྲེན་པའི་ འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་གཉིས་རྣམས། པཎྜི་ཏ་ཀཱིརྟི་ཙནྡྲའི་ཞལ་སྔ་ནས་ཞུས་ནས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ། འདི་ ལ་ཆོས་ཀྱི་རྣམ་གྲངས་ཉིས་བརྒྱ་བཞི་བཅུ་རྩ་གཉིས་བཞུགས་སོ། །ཀླུ་དབང་རྒྱལ་པོའི་སྒྲུབ་ ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་རིན་ཆེན་ བཟང་པོའི་འགྱུར། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སློབ་དཔོན་པདྨས་མཛད་པ། བྱམས་པའི་ སྒྲུབ་ཐབས་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པ། དེ་ཉིད་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། 7-1-151 འཕགས་པ་བྱམས་པའི་སྒྲུབ་ཐབས་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། དགེ་བཤེས་ སྟོན་པའི་འགྱུར་ལ། ཁྲོ་ཕུ་ལོ་ཙཱ་བས་བཅོས་པ། མི་ཕམ་མགོན་པའི་སྒྲུབ་ཐབས་ནཻ་རི་ཏིས་ མཛད་པ། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། སེང་གེ་སྒྲའི་སྒྲུབ་ཐབས། སེང་གེ་སྒྲའི་ཁ་ སརྤཱ་ཎི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས། ལྷ་མོ་སྒྲོལ་མའི་སྒྲུབ་ཐབས། ཡུམ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། འཇམ་པའི་དབྱངས་ཀྱི་རྒྱལ་པོ་ཆེན་པོ་སྒེག་པའི་སྒྲུབ་ ཐབས། འཕགས་པ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས། ནོར་རྒྱུན་མའི་སྒྲུབ་ཐབས། ཀུ་རུ་ ཀུལླེའི་སྒྲུབ་ཐབས། གནོད་གནས་ཀྱི་སྒྲུབ་ཐབས། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། ལྷ་མོ་འོད་ ཟེར་ཅན་གྱི་སྒྲུབ་ཐབས་ཏེ་བཅུ་གཅིག་པོ་རྣམས་སློབ་དཔོན་དྲི་མ་མེད་པའི་ལྷས་མཛད་པ། ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས་དང༌། ཡང་ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས། སློབ་ དཔོན་ཀུན་དགའ་སྙིང་པོས་མཛད་པ། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཡང་ལྷ་མོ་འོད་ ཟེར་ཅན་གྱི་སྒྲུབ་ཐབས། སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་པ། རྡོ་རྗེ་ལུ་གུ་ རྒྱུད་ཀྱི་སྒྲུབ་ཐབས། སློབ་དཔོན་ཛཻ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། པཎྜི་ཏ་སུ་ མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། སེང་ལྡེང་ནགས་ཀྱི་སྒྲོལ་མའི་ སྒྲུབ་ཐབས། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྣམ་པར་སྣང་མཛད་རྡོ་རྗེའི་ འགྱུར། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་སྒྲོལ་མའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ། པཎྜི་ཏ་ དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་ལ། ཕྱིས་པཎྜི་ཏ་དཱ་ན་ཤྲཱི་དང་ ལོ་ཙཱ་བ་བློ་གྲོས་གྲགས་པས་བཅོས་པ། སྒྲོལ་མ་ཚེ་འཕེལ་བའི་ཆོ་ག་སློབ་དཔོན་ཙནྡྲ་གོ་མིས་ མཛད་པ། པཎྜི་ཏ་རཏྣ་རཀྵི་ཏ་དང༌། ཞང་གྲུབ་པ་དཔལ་གྱི་འགྱུར། དཔལ་ཆེན་མོ་སྒྲོལ་མའི་ བསྟོད་པ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། ལོ་ཙཱ་བ་བློ་གྲོས་རྒྱལ་པོའི་འགྱུར་ལ། ཉི་ མ་རྒྱལ་མཚན་གྱིས་བཅོས་པ། སྒྲོལ་མའི་བསྟོད་པ་ཚིགས་སུ་བཅད་པ་བཅུ་གཉིས་པ། སློབ་ 7-1-152 དཔོན་ཙནྡྲ་གོ་མིས་མཛད་པ། སྒྲོལ་མའི་བསྟོད་པ་འཕྲིན་ལས་ཐམས་ཅད་སྒྲུབ་པ། སློབ་ དཔོན་ཙནྡྲ་གོ་མིས་མཛད་པ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས་སློབ་དཔོན་ ཙནྡྲ་གོ་མིས་མཛད་པ། ཇོ་བོ་རྗེ་དང༌། ནག་ཚོ་ཚུལ་རྒྱལ་གྱི་འགྱུར་ལ། པཎྜི་ཏ་དཱ་ན་ཤྲཱི་དང༌། མལ་གྱོ་བློ་གྲོས་གྲགས་ཀྱིས་བཅོས་པ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ངག་དབང་གྲགས་ པའི་སློབ་མའི་ཐུ་བོས་མཛད་པ། པཎྜི་ཏ་དོན་ཡོད་ རྡོ་རྗེ་དང་བ་རི་ལོ་ཙཱ་བའི་འགྱུར་རྣམས་བཞུགས་སོ། ། ཤི་པ་ལ་སྒྲོལ་མའི་དཀྱིལ་འཁོར་ལ་འཇུག་པའི་ཆོ་ག་མདོར་བསྡུས་པ་དང༌། སྒྲོལ་མའི་ དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་གཉིས་སློབ་དཔོན་བྷ་བ་བྷ་ཊས་མཛད་པ། ཤྲཱི་བི་མ་ལ་ ཀཱིརྟི་དང་ཞང་གྲུབ་པ་དཔལ་གྱི་འགྱུར། སྒྲོལ་མ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། ཁྲུས་ཀྱི་ ཆོ་ག གསོ་སྦྱོང་གི་ཆོ་ག་རྣམས་སློབ་དཔོན་བྷ་བ་བྷ་ཊས་མཛད་པ། པཎྜི་ཏ་རཏྣ་རཀྵི་ཏ་དང་ ཞང་གྲུབ་པ་དཔལ་གྱི་འགྱུར། དཔལ་ཨུ་རྒྱན་ནས་བྱུང་བའི་སྒྲོལ་མའི་སྒྲུབ་ཐབས་མན་ངག་གི་རིམ་པ་སློབ་དཔོན་ ཉི་མ་སྦས་པས་མཛད་པ་ས་སྐྱ་པཎྜི་ཏའི་འགྱུར། སྒྲོལ་མའི་སྒྲུབ་ཐབས་རྗེ་ཀ་མ་ལ་ཤྲཱིས་ མཛད་པ་ཁ་ཆེ་ཛྙཱ་ན་གུ་ཧྱ་དང༌། ཨོང་པོ་ལོ་ཙཱ་བའི་འགྱུར། སྒྲོལ་མའི་མཎྜལ་གྱི་ཆོ་ག་སྙན་ ངག་མཁན་སྙིང་རྗེ་ཆེན་པོས་མཛད་པ། སྒྲོལ་མ་མཆོག་སྒྲུབ་པ་ཞེས་བྱ་བ་སློབ་དཔོན་བསོད་ སྙོམས་པས་མཛད་པ། འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཏ་ཐཱ་ག་ཏ་བྷ་དྲ་དང་ལོ་ཙཱ་བ་ དགེ་སློང་འཕགས་པའི་འགྱུར། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་(འདི་མ་ཚང༌། )སློབ་དཔོན་ ངག་དབང་གྲགས་པས་མཛད་པ། པཎྜི་ཏ་ཤཱཀྱ་ཤྲཱི་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། འཕགས་མ་སྒྲོལ་མའི་སྒྲུབ་ཐབས། དཱ་བྱང་ཆུབ་སེམས་དཔས་མཛད་(འདི་མ་ཚང༌། )པ། པཎྜི་ 7-1-153 ཏ་ཏ་ཐཱ་ག་ཏ་རཀྵི་ཏ་དང༌། བ་རི་ལོ་ཙཱ་བའི་འགྱུར། སྒྲོལ་མའི་སྒྲུབ་ཐབས་ཇོ་བོ་རྗེས་མཛད་ པ། དེ་ཉིད་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ལྷ་མོ་སྒྲོལ་མ་སྒོམ་པའི་ཆོ་ག་རྒྱས་པ་ མར་མེ་མཛད་བཟང་པོས་མཛད་པ། པཎྜི་ཏ་དུལ་བའི་ལྷ་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ ཀྱི་འགྱུར། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས་དང༌། བསྟོད་པ་གཉིས་ཇོ་བོ་ རྗེས་མཛད་པ། དེ་ཉིད་དང་ནག་ཚོ་ཚུལ་རྒྱལ་གྱི་འགྱུར། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་བུདྡྷ་ཀ་ར་ཝརྨ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ ཀྱི་འགྱུར། ཆོམ་རྐུན་བཅིང་བའི་རིག་པ། པཎྜི་ཏ་རཏྣ་རཀྵི་ཏ་དང་ཞང་གྲུབ་པ་དཔལ་གྱི་ འགྱུར། འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པའི་གནོད་སྦྱིན་མོའི་སྒྲུབ་ཐབས། པཎྜི་ཏ་བཻ་རོ་ ཙན་དང་ལོ་ཙཱ་བ་དྷརྨ་བློ་གྲོས་ཀྱི་འགྱུར། མེ་ཏོག་ཕྲེང་འཛིན་སྒྲོལ་མའི་བསྟོད་པ་དང་བཅས་ པའི་སྒྲུབ་ཐབས། པཎྜི་ཏ་རཏྣ་རཀྵི་ཏ་དང་ཞང་གྲུབ་པ་དཔལ་གྱི་འགྱུར། སྒྲོལ་མའི་བསྟོད་ པ་སློབ་དཔོན་མ་ཏི་ཙཻ་ཊས་མཛད་པ། རྗེ་བཙུན་མ་སྒྲོལ་མ་ལ་བསྟོད་པ། པཎྜི་ཏ་འབུམ་ཕྲག་ གསུམ་པས་མཛད་པ། སྒྲོལ་མའི་སྒྲུབ་ཐབས་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པ། (བི་བྷུ་ཏི་ཙན་དྲ་ཟེར་) དཱ་ན་ཤཱི་ལའི་རང་འགྱུར། དབྱངས་ཅན་མའི་སྒྲུབ་ཐབས་བྲམ་ཟེ་ཕུར་བུས་མཛད་པ། རྡོ་ རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སློབ་དཔོན་ཟླ་བ་གཞོན་ནུས་མཛད་པ། པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ ན་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར། ནོར་རྒྱུན་མའི་སྒྲུབ་ཐབས་མཚན་བརྒྱ་རྩ་ བརྒྱད་པ་དང༌། སྨོན་ལམ་དང་བསྟོད་པ་དང་བཅས་པ། དབང་ལོ་ཙཱ་བ་བློ་གྲོས་བརྟན་པའི་ འགྱུར། མཁའ་ལྡིང་གྲུབ་པའི་བསྟན་བཅོས་བྲམ་ཟེ་ཤཾ་ཀུས་མཛད་(འདི་མ་ཚང་)པ། པཎྜི་ཏ་ དཔེ་མེད་གྲགས་དང་ལོ་ཙཱ་བ་ཤེས་རབ་གྲགས་ཀྱི་འགྱུར་རྣམས་སོ། །ལྷ་སོ་སོ་སྣ་ཚོགས་ཀྱི་ སྒྲུབ་ཐབས། འདི་རྣམས་རྒྱུད་སྡེ་སྣ་ཚོགས་ནས་བཏུས་པ་དང༌། རྒྱུད་སྡེ་མཐའ་གཅིག་ཏུ་མ་ ངེས་པ་རྣམས་འདིར་ཐུན་མོང་དུ་བཀོད་པའོ། ། 7-1-154 དཀྱིལ་འཁོར་སྤྱིའི་བྱ་བ་དང་འབྲེལ་པ་ལ། སློབ་དཔོན་སངས་རྒྱས་གསང་བས་མཛད་ པའི་དཀྱིལ་འཁོར་གྱི་ཆོ་ག་མདོར་བསྡུས་པ། དབའ་མཉྫུ་ཤྲཱི་དང་བྲན་ཀུ་མུཏྟི་གཉིས་ལ་ བརྫངས་པ་བོད་ཡུལ་དུ་ཀ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ། གཞལ་ཡས་ཁང་གསལ་བའི་ མངོན་རྟོགས་མུན་སེལ་སྒྲོན་མ་ ཞེས་བྱ་བ་སློབ་དཔོན་པདྨས་མཛད་ཟེར་བ་རྣམས་སོ། ། རྒྱུད་སྡེ་བཞི་པོ་སྤྱི་དང་འབྲེལ་བ་དང༌། ། ཁྱད་པར་སོ་སོའི་སྒྲུབ་ཐབས་སྣ་ཚོགས་པའི། ། གཞུང་ལུགས་ངོ་མཚར་བརྒྱ་ཕྲག་དྲུག་དང་ནི། ། བཅུ་ཕྲག་ལྔ་ལ་གསུམ་གྱིས་བརྒྱན་པ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། རྒྱུད་སྡེ་བཞི་ པོ་སྣ་ཚོགས་དང་འབྲེལ་བའི་སྒྲུབ་ཐབས་དང༌། དཀྱིལ་ཆོག་ལ་སོགས་པའི་སྐོར་གྱི་ལེའུ་སྟེ་ ཉི་ཤུ་རྩ་གཅིག་པའོ།། །། ཐེག་པ་གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པའི་ཁྱད་པར་དང༌། མཚན་ཉིད་ཀྱི་རྣམ་ གཞག་དང༌། སྒོམ་རིམ་ལ་སོགས་གཏན་ལ་འབེབས་པའི་སྐོར་ལ། སློབ་དཔོན་ཏྲི་པི་ཊ་ཀ་མ་ ལས་མཛད་པའི་ཚུལ་གསུམ་གྱི་སྒྲོན་མ། པཎྜི་ཏ་པདྨ་ཀཱ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་ པོའི་འགྱུར། དེ་ཁོ་ན་ཉིད་གྲུབ་པའི་རབ་ཏུ་བྱེད་པ་སློབ་དཔོན་ཞི་བ་འཚོས་མཛད་པ། ཇོ་བོ་ རྗེ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ལ། པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤུ་དང༌། ལོ་ཙཱ་བ་འབྲོ་ ཤཱཀྱ་འོད་ཀྱིས་ཚད་མའི་སྐབས་བཅོས་པ། དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་བདེ་བར་ གཤེགས་པའི་བཀའ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ་སློབ་དཔོན་ཡེ་ ཤེས་གྲགས་པས་མཛད་པ། པཎྜི་ཏ་པདྨ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། 7-1-155 གསང་སྔགས་ཀྱི་ཚུལ་གྱི་སྣང་བ། ཞེས་བྱ་བ་སློབ་དཔོན་མཐོ་བཙུན་ཙོ་ཡག་གིས་མཛད་ པ། པཎྜི་ཏ་པདྨ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དེ་ཁོ་ན་ཉིད་ཀྱི་སྙིང་པོ་ བསྡུས་པ་ཞེས་བྱ་བ་སློབ་དཔོན་ཆོས་ཀྱི་དབང་པོས་མཛད་པ། པཎྜི་ཏ་ཛ་རན་(ནར་ཟེར་)དཱ་ ན་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཐེག་པ་གསུམ་རྣམ་པར་བཞག་པ་ཞེས་བྱ་བ་ སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་ཀྲྀཥྞ་པ་དང་ལོ་ཙཱ་བ་ཆོས་ ཀྱི་ཤེས་རབ་ཀྱི་འགྱུར། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་བསྡུས་པ་སློབ་ དཔོན་ཤྲདྡྷཱ་ཀ་ར་ཝརྨས་མཛད་པ། དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་ཐེག་པའི་མཐའ་གཉིས་སེལ་བ་ སློབ་དཔོན་ཛྙཱ་ན་ཤྲཱིས་མཛད་པ། དེ་ཉིད་མཐོང་བའི་ལམ་དཔལ་ཡེ་ཤེས་རྡོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རྔོག་(སྡོག་ཟེར་)དུདྡྷ་པཱ་ལའི་འགྱུར། བླ་མ་བརྒྱུད་པའི་མན་ངག་ ཅེས་བྱ་བ་ཕྱག་རྒྱ་ཆེན་པོ་རྣལ་དུ་མཚོན་པར་བྱེད་པ་བཛྲ་པཱ་ཎིས་མཛད་པ། པཎྜི་ཏ་དྷི་རོ་ཤྲཱི་ ཛྙཱ་ན་དང་ལོ་ཙཱ་བ་འབྲོག་མི་ཇོ་སྲས་ཀྱི་འགྱུར། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཞེས་བྱ་བ་ སློབ་དཔོན་སྐལ་བཟང་རྡོ་རྗེས་མཛད་པ། པཎྜི་ཏ་ག་ཡ་དྷ་ར་དང་ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ ཤེས་ཀྱི་འགྱུར། གསང་སྔགས་ལ་འཇུག་པའི་རབ་ཏུ་བྱེད་པ་དྲུག་ཅུ་པ་ཞེས་བྱ་བ་དང༌། དེའི་ རང་འགྲེལ་གཉིས་སློབ་དཔོན་ཛྙཱ་ན་ཨཱ་ཀཱ་རས་མཛད་པ། པཎྜི་ཏ་དེ་ཉིད་དང་ནག་ཚོ་ཚུལ་ ཁྲིམས་རྒྱལ་བའི་འགྱུར། ཐེག་པ་ཆེན་པོའི་དོན་བསྡུས་པའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ ནག་པོ་པས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དམ་ཚིག་དང་སྡོམ་པ་ལ་སོགས་པའི་རྣམ་གཞག་གི་སྐོར་ལ། བླ་མ་ལྔ་བཅུ་པ་སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད་པ། པཎྜི་ཏ་པདྨ་ཀཱ་ར་ཝརྨ་ དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། སྤྱིའི་དམ་ཚིག་མདོར་བསྡུས་པ་ཞེས་བྱ་བ་སློབ་ 7-1-156 དཔོན་སྒེག་པའི་རྡོ་རྗེས་མཛད་པ། ཚུལ་ཁྲིམས་དང་སྡོམ་པ་དང་དམ་ཚིག་མི་འགལ་བ་ཞེས་ བྱ་བ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་བློ་གྲོས་ སྙིང་པོ་དང་རབ་ཞི་བཤེས་གཉེན་གཉིས་ཀྱི་འགྱུར། དམ་ཚིག་ཐམས་ཅད་བསྡུས་པ་ཞེས་བྱ་ བ་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ལས་དང་ པོ་པའི་དམ་ཚིག་མདོར་བསྡུས་སློབ་དཔོན་ཛྙཱ་ན་བོ་དྷིས་མཛད་པ། པཎྜི་ཏ་ཀ་མ་ལ་གུཔྟ་དང་ ལོ་ཙཱ་བ་བསོད་ནམས་རྒྱལ་བའི་འགྱུར། བི་བྷུ་ཏི་ཙནྡྲས་མཛད་པའི་སྡོམ་གསུམ་འོད་ཀྱི་ཕྲེང་ བ་དེ་ཉིད་ཀྱི་རང་འགྱུར། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་ལས་ཀྱི་ཆོ་ག རྡོ་རྗེ་གདན་པས་ མཛད་པ། པཎྜི་ཏ་ཨ་བྷ་ཡ་ཀ་ར་གུཔྟ་དང་རྩ་མི་སངས་རྒྱས་གྲགས་ཀྱི་འགྱུར། ཆོས་སྐྱོང་དང་ནོར་ལྷ་ལ་སོགས་པའི་སྐོར་ལ། རྣམ་སྲས་ཀྱི་སྒྲུབ་ཐབས། རྣམ་སྲས་བདེ་བྱེད་ཀྱི་རྟོག་པ་དང༌། རྣམ་སྲས་དྲག་བྱེད་ཀྱི་ ཆོ་ག་གཉིས་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ། པཎྜི་ཏ་ཏེ་ཛ་དེ་བ་དང༌། ལོ་ཙཱ་བ་ ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར། རྣམ་སྲས་གསང་བའི་སྒྲུབ་ཐབས། སློབ་ དཔོན་དགའ་རབ་རྡོ་རྗེས་མཛད་པ། རྒྱལ་པོ་ལུས་ངན་པོའི་སྒྲུབ་ཐབས་དཔའ་བོ་རྡོ་རྗེས་ མཛད་པ། པཎྜི་ཏ་རྒྱལ་བའི་སྙན་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། རྣམ་སྲས་ཀྱི་སྒྲུབ་ཐབས་སློབ་དཔོན་ཤུ་རཾ་ག་ཝརྨས་མཛད་པ། པཎྜི་ཏ་ཏེ་ཛ་དེ་བ་དང་ལོ་ ཙཱ་བ་ཟངས་དཀར་འཕགས་ཤེའི་འགྱུར། བཻ་ཤྲ་མ་ཎའི་རྟོག་པ་དང༌། བདེ་བྱེད་ཀྱི་ཆོ་ག་སྣ་ ཚོགས་པའི་མཛོད་གཉིས། སྨུགས་འཛིན་འཆོལ་བའི་སྒྲུབ་ཐབས། སྒེག་པའི་རྡོ་རྗེ་མཛད་པ། དཱ་ན་ཤཱི་ལའི་རང་འགྱུར། ཛཾ་བྷ་ལའི་སྒྲུབ་ཐབས་སློབ་དཔོན་ཨ་བྷ་ཡ་ཀཱ་ར་གུཔྟས་མཛད་པ། པཎྜི་ཏ་ཀ་ཨ་ལཾ་ཀ་དེ་བ་དང་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་སྦས་པའི་འགྱུར་ལ། པཎྜི་ཏ་ བི་བྷུ་ཏི་ཙནྡྲ་དང་ཆག་ཆོས་རྗེ་དཔལ་གྱིས་བཅོས་པ། ཛཾ་བྷ་ལའི་སྒྲུབ་ཐབས། རྒྱལ་པོ་ཨཱརྱ་ 7-1-157 མི་ཏས་མཛད་པ། གཉན་དྷརྨ་གྲགས་ཀྱི་འགྱུར། ཛཾ་བྷ་ལའི་སྒྲུབ་ཐབས། སྦས་པ་བུམ་འཁྱིལ་ ཞེས་བྱ་བ་སློབ་དཔོན་ནོར་སྦྱིན་གྱིས་མཛད་པ། པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་བྱམས་ པའི་དཔལ་གྱི་འགྱུར། ཛཾ་བྷ་ལའི་སྒྲུབ་ཐབས་བསྡུས་པ་ཁ་ཆེ་ཤཱཀྱ་ཤྲཱིས་མཛད་པ། དེ་ཉིད་ དང་བྱམས་པའི་དཔལ་གྱི་འགྱུར། རྨུགས་འཛིན་ཆུའི་དབང་པོ་ལ་འཕྲིན་ལས་ཉི་ཤུའི་སྒོ་ནས་ ཁྱད་པར་གྱི་བསྟོད་པ་སློབ་དཔོན་ནོར་འཛིན་དཔལ་གྱིས་མཛད་པ། པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ན་དང་ ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། གནོད་སྦྱིན་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ཀྱི་ རྒྱུད། པཎྜི་ཏ་ཛ་མཱ་རིའི་འགྱུར་རྣམས་སོ། ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་ཀྱི། ། སྤྱི་ཡི་རྣམ་གཞག་སྔགས་ཀྱི་ཐེག་པ་ཡི། ། དམ་ཚིག་ལ་སོགས་གསལ་བར་སྟོན་པའི་གཞུང༌། ། བཅུ་ཕྲག་གསུམ་ལ་ལྔ་ཡིས་བརྒྱན་པ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། སྡེ་སྣོད་དང་ རྒྱུད་སྡེ་སྤྱིའི་རྣམ་གཞག་དང་སྔགས་ཀྱི་ཐེག་པའི་དམ་ཚིག་ལ་སོགས་པ་སྟོན་པའི་སྐོར་གྱི་ ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། གནས་ཆེན་དུ་བགྲོད་ཚུལ་དང་བླ་མ་ལ་གསོལ་བ་འདེབས་པའི་སྐོར་ལ། པོ་ཊ་ལ་ཀར་འགྲོ་བའི་ལམ་ཡིག་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་ པ། པཎྜི་ཏ་ཨ་བྷི་ཡུཀ་ཏ་དེ་བ་ཤྲཱི་དང་ལོ་ཙཱ་བ་དྷརྨ་ཡོན་ཏན་གྱི་འགྱུར། གྲུབ་ཐོབ་བརྒྱད་ཅུ་ རྩ་བཞིའི་གསོལ་འདེབས་བླ་མ་རྡོ་རྗེ་གདན་པས་མཛད་པ། མན་ལུངས་གུ་རུའི་བསྟོད་པ་ ཆོས་འབྱུང་རབ་གཟིགས་ཞེས་བྱ་བ་པཎྜི་ཏ་བི་མ་ལ་ཤྲཱིས་མཛད་པ། པཎྜི་ཏ་གཽ་ཏ་མ་བཛྲ་དང་ ལོ་ཙཱ་བ་གྲགས་པ་བྱང་ཆུབ་ཀྱི་འགྱུར། མཎྜལ་དང་ཚ་ཚ་ལ་སོགས་ཉིན་ཞག་ཕྲུགས་གཅིག་ 7-1-158 གི་ཆོས་སྤྱོད་ཀྱི་དཀོར་ལ། མཎྜལ་གྱི་ཆོ་ག་སློབ་དཔོན་ཀཾ་བྷ་ལའི་ཞལ་སྔ་ནས་མཛད་པ། འགྱུར་རྙིང༌། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་མཎྜལ་གྱི་ཆོ་ག ཛཻ་ཏ་རི་དགྲ་ ལས་རྒྱལ་བས་མཛད་བའི་མཎྜལ་གྱི་ཆོ་ག པཎྜི་ཏ་ཨ་ཏུ་ལོ་བ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ ཀྱི་འགྱུར། རྡོ་རྗེ་གདན་པར་གྲགས་པ་རིན་ཆེན་འབྱུང་གནས་སྦས་པས་མཛད་པའི་མཎྜལ་ གྱི་ཆོ་ག དྷརྨ་གྲགས་ཀྱི་འགྱུར། མཎྜལ་གྱི་ཆོ་ག་སློབ་དཔོན་རྙོག་མེད་རྡོ་རྗེས་མཛད་པ། པཎྜི་ ཏ་ཨ་དུ་ལ་དྷ་ས་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། མཎྜལ་གྱི་ཆོ་ག་ཀ་མ་ལ་རཀྵི་ཏས་ མཛད་པ། ལོ་ཙཱ་བ་ཤྲཱི་པྲ་ཛྙཱ་ཛྙཱ་ན་ཀརྟཱིའི་འགྱུར། སློབ་དཔོན་སྲིད་གསུམ་རྣམ་པར་དག་པའི་ རྡོ་རྗེས་མཛད་པའི་ལས་དང་པོ་པའི་ཚོགས་སོགས་བྱ་བའི་རིམ་པ་མདོར་བསྡུས་པ། སློབ་ དཔོན་ཨ་བྷ་ཡཱ་ཀ་རས་མཛད་པའི་བྱང་ཆུབ་གཞུང་ལམ་ཤློ་ཀ་སུམ་བརྒྱ་ཉི་ཤུ་རྩ་ལྔ་པ། ཁ་ ཆེ་པཎ་ཆེན་དང་ཆག་དགྲ་བཅོམ་གྱི་འགྱུར། ཁ་ཆེ་པཎ་ཆེན་གྱིས་མཛད་པའི་མཎྜལ་གྱི་ཆོ་ ག དེ་ཉིད་དང་བྱམས་པའི་དཔལ་གྱི་འགྱུར། གང་ཟག་གཅིག་གི་ཉིན་ཞག་གི་བྱ་བ་དེ་ཁོ་ན་ ཉིད་བསྡུས་པའི་མན་ངག་ཅེས་བྱ་བ་སློབ་དཔོན་ཤཱི་ལ་སྭ་བྷ་བས་མཛད་པ། གཏོར་མའི་ཆོ་ ག་སྣ་ཚོགས་ཀྱི་སྐོར་ལ། རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག་འཕགས་པ་ཀླུ་ སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཀརྨ་བཛྲ་དང༌། ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། ཆོས་ སྐྱོང་ཐམས་ཅད་པའི་གཏོར་མའི་ཆོ་ག་སློབ་དཔོན་བ་ལིཾ་ཨཱ་ཙརྱས་མཛད་པ། རྨ་བན་ཆོས་ འབར་གྱི་འགྱུར། རྒྱལ་པོ་ཆེན་པོ་བཞིའི་གཏོར་མའི་ཆོ་ག ཇོ་བོ་རྗེ་དང་དགེ་བཤེས་སྟོན་པའི་ འགྱུར། གཏོར་མ་ཆེན་པོའི་ལས་ཀྱི་རིམ་པའི་འགྲེལ་པ་སློབ་དཔོན་མི་བསྐྱོད་པས་མཛད་པ། པཎྜི་ཏ་བཛྲ་ཀཱིརྟི་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། གཏོར་མ་ཆ་གསུམ་འབྲིང་པོ་ཤྲདྡྷ་ ཀ་ར་ཝརྨས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཆུ་གཏོར་ འཇམ་དཔལ་མའི་རྩ་བ་ཛ་ཡ་སེ་ནཱས་མཛད་པ། རིན་ཆེན་བཟང་པོའི་འགྱུར། ཆུ་གཏོར་ 7-1-159 འཇམ་དཔལ་མའི་འགྲེལ་པ། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་འཇུགཔའི་མན་ངག་ཅེས་བྱ་ བ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཡང་ ཆབ་གཏོར་འཇམ་དཔལ་མའི་འགྲེལ་པ་བི་དཱ་ཛྙཱ་ནས་མཛད་པ། པཎྜི་ཏ་ཤཱནྟི་གརྦྷ་དང་ལོ་ཙཱ་ བ་རིན་ཆེན་མཆོག་གི་འགྱུར། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་ཆོག་ཇོ་བོ་རྗེས་མཛད་ ཅིང༌། བསྒྱུར་ཏེ་ཁུ་དངོས་གྲུབ་ཀྱིས་གཏན་ལ་ཕབ་པ། བདུད་རྩི་འབྱུང་བའི་འགྲེལ་པ་དཱི་པཾ་ ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། ལོ་ཙཱ་བ་ཁུ་དངོས་གྲུབ་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། ཆབ་ གཏོར་དྲི་མེད་ཇོ་བོ་རྗེས་མཛད་པ། དེ་ཉིད་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཀླུ་གཏོར་གྱི་ ཆོ་ག་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། བཀྲ་ ཤིས་དང་བདེ་ལེགས་སུ་བྱེད་པའི་སྐོར་ལ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་ སུ་བཅད་སློབ་དཔོན་ཟླ་འོད་ཀྱིས་མཛད་པ། རིགས་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། རྣལ་འབྱོར་གྱི་རྒྱུད་ཀྱི་ལྷ་སུམ་ཅུ་རྩ་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། འཕགས་མ་སྒྲོལ་མས་གསུངས་པའི་བཀྲ་ཤིས་བརྒྱད་པ། པཎྜི་ཏ་བི་ནཱ་ཡ་ཤྲཱི་བཛྲ་དང་ ལོ་ཙཱ་བ་ཚུལ་ཁྲིམས་སེང་གེའི་འགྱུར། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་ པ་རྒྱ་གར་གྱི་མཁན་ པོ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས་སོ། ། བླ་མའི་གསོལ་འདེབས་ཉིན་ཞག་ཕྲུགས་གཅིག་གི། བྱ་རིམ་ཆོས་སྐྱོང་ནོར་ལྷ་བཀྲ་ཤིས་ཀྱི། ། ཚིགས་བཅད་ལ་སོགས་བསྟན་བཅོས་དྲི་མ་མེད། ། བཅུ་ཕྲག་གཉིས་ལ་བདུན་གྱིས་བརྒྱན་པ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། ལས་དང་པོ་ 7-1-160 པའི་བྱ་བའི་རིམ་པ་དང༌། ཆོས་སྐྱོང་དང༌། ནོར་ལྷ་དང༌། བཀྲ་ཤིས་ལ་སོགས་ཀྱི་སྐོར་ཏེ་ལེའུ་ ཉི་ཤུ་རྩ་གསུམ་པའོ།། །། དེ་ལྟར་སྔགས་ཕྱོགས་ཀྱི་སྐོར་ལ་བསྟན་བཅོས་ཉིས་སྟོང་བཞི་བརྒྱ་ དང་བཞི་བཞུགས་སོ། ། གཉིས་པ་ཕྱི་མཚན་ཉིད་ཀྱི་ཕྱོགས་ལ། རིགས་པའི་གནས་ལྔ་སྟོན་པའི་དང་པོ་ནང་རིག་ པའི་བསྟན་བཅོས་ལ། ཐེག་པ་ཆེ་ཆུང་གཉིས་ལས། ཐེག་ཆེན་གྱི་སྙིང་པོ་བཀའ་བར་པ་རྒྱལ་ བའི་ཡུམ་གྱི་དགོངས་འགྲེལ་ལ་ཤིང་རྟ་ཆེན་པོའི་སྲོལ་བཞིར་གྲགས་པ་ལས། དང་པོ་རྒྱལ་ བའི་ཡུམ་གྱི་མངོན་པར་རྟོགས་པའི་དོན་སྟོན་པ་ནི། ཀ་པ་ལ་ལ་བཅོམ་ལྡན་འདས་བྱམས་པ་མགོན་པོས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་མན་ངག་གི་བསྟན་བཅོས། པཎྜི་ཏ་གོ་མི་འཆི་མེད་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ ཀྱི་འགྱུར། དེའི་རྗེས་སུ་འབྲང་བའི་འགྲེལ་པ་ལ། མངོན་རྟོགས་རྒྱན། ཉི་ཁྲི་དང་སྦྱར་བའི་འགྲེལ་ པ་སློབ་དཔོན་འཕགས་པ་རྣམ་པར་གྲོལ་བའི་སྡེས་མཛད་པ་ཉི་ཁྲི་སྣང་བར་གྲགས་པ། པཎྜི་ ཏ་གོ་མི་འཆི་མེད་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་ བའི་འགྲེལ་པ་སློབ་དཔོན་བཙུན་པ་རྣམ་གྲོལ་སྡེས་མཛད་པ་ཉི་ཁྲི་རྣམ་འགྲེལ་ཤློ་ཀ་ལྔ་སྟོང་ བཞི་བརྒྱ་པ། པཎྜི་ཏ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་འབྲོ་སེང་དཀར་ཤཱཀྱ་འོད་ཀྱི་འགྱུར་རྣམས་ བཞུགས་སོ། ། ཁ་ག་ང་ཅ་བཞི་ལ་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་བ་སློབ་དཔོན་སེང་གེ་བཟང་པོས་ མཛད་པ་ཉི་ཁྲི་ལེ་བརྒྱད་མར་གྲགས་པ་བམ་པོ་བདུན་ཅུ་རྩ་བཞི་པ། པཎྜི་ཏ་ཞི་བ་བཟང་པོ་ དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་བཞུགས་སོ། ། 7-1-161 ཆ་པ་ལ་མངོན་རྟོགས་རྒྱན་དང་སྦྱར་བའི་བརྒྱད་སྟོང་འགྲེལ་ཆེན་སློབ་དཔོན་སེང་གེ་ བཟང་པོས་མཛད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ཞེས་བྱ་བ་ཤློ་ཀ་སྟོང་ཕྲག་བརྒྱད་ པ། པཎྜི་ཏ་དྷཱི་ར་བཱ་ལ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར་དང༌། མངོན་རྟོགས་རྒྱན་ དང་སྡུད་པ་སྦྱར་བའི་འགྲེལ་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པ་སྡུད་པའི་དཀའ་ འགྲེལ་རྟོགས་པར་སླ་བ་ཞེས་བྱ་བ་ཤློ་ཀ་ཉིས་སྟོང་ཆིག་བརྒྱ་པ། པཎྜི་ཏ་ཤཱནྟི་བྷ་དྲ་དང་ལོ་ཙཱ་ བ་འབྲོ་སེང་དཀར་ཤཱཀྱ་འོད་འགྱུར་གཉིས་ བཞུགས་སོ། ། ཇ་པ་ལ་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་མངོན་པར་རྟོགས་པའི་རྒྱན་གྱི་ འགྲེལ་པ་དོན་གསལ་བ་བམ་པོ་ལྔ་པ། དཔལ་བརྩེགས་ཀྱིས་བསྒྱུར་བ་ལ་པཎྜི་ཏ་གོ་མི་འཆི་ མེད་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བཅོས་ཤིང་གཏན་ལ་ཕབ་པ། དེའི་འགྲེལ་པ་སློབ་ དཔོན་གསེར་གླིང་པ་ཆོས་ཀྱི་གྲགས་པས་མཛད་པ། རྟོགས་པར་དཀའ་བའི་སྣང་བ་ཞེས་བྱ་ བ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ། མངོན་པར་རྟོགས་ པའི་རྒྱན་གྱི་འགྲེལ་པའི་བསྡུས་དོན། ནུབ་ཀྱི་སྒོ་གླེགས་པ་དཔལ་མཁས་པ་ཆེན་པོ་ཤེས་ རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང་ལོ་ཙཱ་བ་བློ་ལྡན་ཤེས་ རབ་ཀྱིས་བསྒྱུར་བ། མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་གྱི་འགྲེལ་བཤད་ཚིག་རབ་ ཏུ་གསལ་བ་དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཨ་བྷི་ཡུཀྟ་ཀཏྟྲ་ཤྲཱི་མི་ཏྲ་ དང་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ། ཕར་ཕྱིན་འགྲེལ་ཆུང་གི་དོན་བསྡུས་ པ། པཎྜི་ཏ་ཀུ་མཱ་ར་ཤྲཱི་བྷ་དྲས་མཛད་པ། དེ་ཉིད་དང་ལོ་ཙཱ་བ་བཀྲ་ཤིས་རྒྱལ་མཚན་གྱིས་ བསྒྱུར་བ་རྣམས་བཞུགས་སོ། ། ཉ་པ་ལ་སློབ་དཔོན་སེང་གེ་བཟང་པོའི་དངོས་སློབ་པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ནས་མཛད་པའི་ 7-1-162 སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་བམ་པོ་དྲུག་པ། པཎྜི་ཏ་བིདྱཱ་སིང་ཧ་ཀ་ར་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། མངོན་རྟོགས་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་ བ། པཎྜི་ཏ་རཏྣ་ཀཱིརྟིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་མཆིམས་ཡོན་ཏན་འབར་གྱི་ འགྱུར། མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་ མ་ཞེས་བྱ་བ་པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་གནུབས་ལོ་ཙཱ་བ་བྱམས་ པའི་དཔལ་གྱིས་བསྒྱུར་བ། མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་བའི་འགྲེལ་པ་དག་ལྡན་ཞེས་ བྱ་བ། པཎྜི་ཏ་ཤྲཱི་སུ་བྷཱུ་ཏི་ཤཱནྟི་དང་ལོ་ཙཱ་བ་ཤཱཀྱ་བློ་གྲོས་དང༌། དགེ་བའི་བློ་གྲོས་ཀྱི་བསྒྱུར་བ་ ལ། སླད་ཀྱིས་པཎྜི་ཏ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བཅོས་ཏེ་གཏན་ལ་ ཕབ་པ་རྣམས་བཞུགས་སོ། ། ཏ་པ་ལ་མངོན་རྟོགས་རྒྱན་དང་བརྒྱད་སྟོང་པ་སྦྱར་ནས་སྟོན་པ། སློབ་དཔོན་རིན་ཆེན་ འབྱུང་གནས་ཞི་བས་མཛད་པ། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ་ཤློ་ ཀ་སྟོང་ཕྲག་བརྒྱད་པ། པཎྜི་ཏ་ཤྲཱི་སུ་བྷཱུ་ཏི་ཤཱནྟི་དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། ཤཱནྟི་ པའི་སློབ་མ་ཇོ་བོ་རྗེས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ། པཎྜི་ ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བརྒྱད་སྟོང་པ་མངོན་རྟོགས་དང་སྦྱར་ བའི་འགྲེལ་པ་སློབ་དཔོན་འཇིག་མེད་འབྱུང་གནས་སྦས་པས་མཛད་པ། བརྒྱད་སྟོང་འགྲེལ་ པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་དེ་ཉི་དང་ལོ་ཙཱ་བ་ཤེས་རབ་དཔལ་གྱིས་བསྒྱུར་བ་ རྣམས་བཞུགས་སོ། །དེ་ལྟར་མངོན་རྟོགས་རྒྱན་གྱི་རྗེས་སུ་འབྲང་བའི་འགྲེལ་པ་བཅུ་དགུའོ། ། ཤིང་རྟའི་སྲོལ་འབྱེད་གཉིས་པ་དབུ་མ་རིགས་པའི་ཚོགས་ནི་འོག་ཏུ་དབུ་མ་དང་ལྷན་ཅིག་ ཏུ་བྲིའོ། །ཤིང་རྟའི་སྲོལ་འབྱེད་པ་གསུམ་པ་ནི། ཐ་ད་གཉིས་ལ་སློབ་དཔོན་དཾཥ་ྟསེ་ནས་མཛད་པར་གྲགས་པའི་འབུམ་གྱི་ཊཱི་ཀ་ལེའུ་ལྔ་ 7-1-163 བཅུ་ང་གཉིས་པའི་འཕྲོ་ལ་ལུས་པ་བཞུགས། འདི་ལ་དཀར་ཆག་འཕང་ཐང་མར་རྒྱལ་པོ་ཁྲི་ སྲོང་ལྡེ་བཙན་གྱིས་མཛད་ཟེར་རོ། །འབུམ་དང་ཉི་ཁྲི་ལྔ་སྟོང་པ་དང་ཁྲི་བརྒྱད་སྟོང་པ་གསུམ་ དོན་མཐུན་པར་མངོན་རྟོགས་བརྒྱད་དུ་བསྟན་པ་སྨྲི་ཏིས་མཛད་པ་བཞུགས། འདི་ལ་དཔེ་ རྙིང་དག་པོ་རྣམས་ན་པཎྜི་ཏ་བྱམས་པས་མཛད་བྱ་བ་སྣང་ངོ༌། ། ན་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་ སྟོང་པའི་རྒྱ་ཆེར་བཤད་པ་བམ་པོ་ཉི་ཤུ་རྩ་བདུན་པ། སུ་རེནྡྲ་བོ་དྷི་དང༌། བནྡེ་ཡེ་ཤེས་སྡེས་ བསྒྱུར་པ་བཞུགས་སོ། །འདི་ཁ་ཅིག་དཾཥ་ྟསེ་ནས་མཛད་ཟེར་མོད་ཀྱི། སློབ་དཔོན་དབྱིག་ གཉེན་གྱིས་མཛད་པའི་གཞུང་གི་འགྲེལ་པར་བཞེད་པ་ཉིད་འཐད་པར་རྟོགས་ཏེ། རྒྱ་འགྲེལ་ རྣམས་སུ་ལུང་དྲངས་བའི་གཞུང་དེ་ན་སྣང་བའི་ཕྱིར་རོ། །འདི་དང་འབུམ་ཊཱིཀ་ཆེ་བ་གཉི་ག་ སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་འཆད་དོ། །ཤིང་རྟའི་སྲོལ་འབྱེད་བཞི་པ། གཙོ་བོའི་དོན་ སུམ་ཅུ་རྩ་གཉིས་སུ་སྟོན་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་བརྒྱད་སྟོང་པའི་དོན་ བསྡུས། ཐིག་ལེ་བུམ་པ་དང་རྔོག་བློ་ལྡན་ཤེས་རབ་ཀྱི་འགྱུར། དེའི་འགྲེལ་པ་སློབ་དཔོན་ དཀོན་མཆོག་འབངས་ཀྱིས་མཛད་པ་ཤློ་ཀ་ལྔ་བརྒྱ་བཞི་བཅུ་པ། པཎྜི་ཏ་ཐིག་ལེ་བུམ་པ་ དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར་རྣམས་བཞུགས་སོ། ། པ་པ་ལ་དཔལ་ལྡན་རྒྱལ་པོ་ཛ་གད་ཏ་ལར་གནས་པས་མཛད་པ། འཕགས་པ་བརྒྱད་ སྟོང་པའི་རྣམ་པར་བཤད་པ་མན་ངག་གི་རྗེས་སུ་འབྲང་བ་ཤློ་ཀ་སྟོང་ཕྲག་བརྒྱད་པ། པཎྜི་ཏ་ ཨ་ལཾ་ཀ་དེ་བ་དང་ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས་སྦས་པས་བསྒྱུར་བ་བཞུགས་སོ། ། འདི་བརྒྱད་སྟོང་དོན་བསྡུས་དང༌། ཉི་ཁྲི་གཞུང་འགྲེལ་གཉི་གའི་རྗེས་སུ་འབྲང་བའི་འགྲེལ་ པ་ཡིན་ནོ། ། ཕ་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པའི་ཚིགས་སུ་བཅད་པ་དགུ་ 7-1-164 པ། སློབ་དཔོན་ཀཾ་པ་ལའི་ཞལ་སྔ་ནས་མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝར་མ་དང་དགེ་སློང་ རིནཆེན་བཟང་པོའི་འགྱུར། དེའི་རྒྱ་ཆེར་བཤད་པ་སློབ་དཔོན་ཀམ་པ་ལས་མཛད་པ། པཎྜི་ ཏ་ཀ་མ་ལ་གུས་ཏ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བདུན་བརྒྱ་པའི་འགྲེལ་པ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ་བམ་པོ་བདུན་པ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ བམ་པོ་དྲུག་པ། པཎྜི་ཏ་བི་མ་ལ་མི་ཏྲ་དང་སུ་རེན་ཏྲ་ཀ་ར་པྲ་བྷཱ་དང་ལོ་ཙཱ་བ་དགེ་སློང་ནམ་ མཁའ་སྐྱོང་གིས་བསྒྱུར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་ རྒྱ་ཆེར་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། པཎྜི་ཏ་མཉྫུ་ཤྲཱི་དང་ཛི་ན་མི་ཏྲ་དང་ ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་བ། ཤེར་སྙིང་གི་རྒྱ་ཆེར་བཤད་པ་དོན་བརྒྱད་མ་སློབ་དཔོན་བི་ མ་ལ་མི་ཏྲས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་བན་དྷེ་ནམ་མཁའ་དང་ཡེ་ཤེས་སྙིང་པོ་ ལ་སོགས་པས་བསྒྱུར་བ། ཤེར་སྙིང་གི་འགྲེལ་པ་སློབ་དཔོན་ཛྙཱ་ན་མི་ཏྲས་མཛད་པ། ཤེར་ སྙིང་གི་འགྲེལ་པ་དོན་གྱི་སྒྲོན་མ་པཎྜི་ཏ་ཕྱག་ན་རྡོ་རྗེས་མཛད་པ། ཤེར་སྙིང་གི་རྒྱ་ཆེར་ འགྲེལ་པ་དོན་བཅུས་གསལ་བར་བསྟན་པ་སློབ་དཔོན་པྲ་ཤསྟྲ་སེ་ནས་མཛད་པ། ཤེར་སྙིང་ འགྲེལ་པ་མ་ཚང་བ་གཅིགཤེར་སྙིང་གི་འགྲེལ་པ་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཤེར་སྙིང་གི་འགྲེལ་པ་པཎྜི་ཏ་མཧཱ་ཛ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་སེང་གེ་རྒྱལ་མཚན་གྱི་འགྱུར་རྣམས་བཞུགས་སོ། ། གསུང་རབ་ཀུན་གྱི་སྙིང་པོ་བླ་ན་མེད། ། དུས་གསུམ་རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ། ། ཤེས་རབ་ཕ་རོལ་ཕྱིན་མའི་མདོ་ཡི་དོན། ། གསལ་བྱེད་བསྟན་བཅོས་སུམ་ཅུ་རྩ་དྲུག་བཞུགས། ། 7-1-165 བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་མའི་སྐོར་ཏེ་མཚན་ཉིད་ཕྱོགས་ཀྱི་ལེའུ་དང་པོའོ།། །། གཉིས་པ་སྤྱིར་བཀའ་ཐམས་ཅད་ཀྱི་དགོངས་པ་འགྲེལ་ཞིང༌། ཁྱད་པར་དུ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་དགོངས་པ་འགྲེལ་བ་དབུ་མའི་སྐོར་ལ། བ་པ་ལ་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ཤློ་ཀ་བཞི་བརྒྱ་བཞི་ བཅུ་རྩ་དགུ་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཛྙཱ་ན་གརྦྷ་དང་ལོ་ཙཱ་ བ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར། རིགས་པ་དྲུག་ཅུ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་ པ། པཎྜི་ཏ་མུ་ཏི་ཏ་ཤྲི་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར། ཞིབ་མོ་རྣམ་འཐག་གི་ མདོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་པཎྜི་ཏ་ཨཱ་ནནྟ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ ཀྱི་འགྱུར། སྟོང་ཉིད་བདུན་ཅུ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། གཞོན་ནུ་མཆོག་དང་ དར་མ་གྲགས་ཀྱི་འགྱུར། རྩོད་པ་ཟློག་པའི་ཚིག་ལེའུར་བྱས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་ མཛད་པ། པཎྜི་ཏ་ཛྙཱ་ན་གརྦྷ་དང༌། ཀ་བ་དཔལ་བརྩེགས་ཀྱིས་བསྒྱུར་པ་ལས། པཎྜི་ཏ་ཛ་ཡ་ ཨཱ་ནནྟ་དང་ཁུ་མདོ་སྡེ་འབར་གྱིས་བཅོས་པ། དབུ་མ་རྩ་བའི་རང་འགྲེལ་ག་ལས་འཇིགས་ མེད་བམ་པོ་བདུན་པ། འདིར་རིགས་པ་དྲུག་ཅུ་པའི་རང་འགྲེལ་རྙེད་ན་བྲིའོ། །ཞིབ་མོ་རྣམ་ འཐག་གི་རང་འགྲེལ། པཎྜི་ཏ་ཛ་ཡ་ཨཱ་ནནྟ་དང་ལོ་ཙཱ་བ་ཁུ་མདོ་སྡེ་འབར་གྱི་འགྱུར། སྟོང་ ཉིད་བདུན་ཅུ་པའི་རང་འགྲེལ། རྩོད་པ་ཟློག་པའི་རང་འགྲེལ། ཐེག་ཆེན་ཉི་ཤུ་པ་སློབ་དཔོན་ ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཟླ་བ་གཞོན་ནུ་དང༌། ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། དབུ་མ་ཡི་ གེ་བརྒྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་དང༌། དེའི་རང་འགྲེལ་གཉིས་གཞོན་ནུ་ཤེས་ རབ་ཀྱིས་བསྒྱུར་བ་ལ་པཎྜི་ཏ་ཨཱ་ནནྟ་དང༌། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱིས་བཅོས་པ། དབུ་མ་རྟེན་འབྲེལ་སྙིང་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། དེའི་རང་འགྲེལ་དང་གཉིས། 7-1-166 མ་རྟོགས་པ་རྟོགས་པར་བྱེད་པའི་རབ་ཏུ་བྱེད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་པཎྜི་ཏ་ ཨཱ་ནནྟ་དང༌། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། དབུ་མ་སྲིད་པ་འཕོ་བ་འཕགས་ པ་ཀླུ་སྒྲུབ་ཀྱིས་མཛད་པ། ཟླ་བ་གཞོན་ནུའི་རང་འགྱུར། དེའི་འགྲེལ་པ་པཎྜི་ཏ་བྱམས་པ་ མགོན་པོས་མཛད་པ། ཟླ་བ་གཞོན་ནུའི་རང་འགྱུར། དབུ་མ་རྩ་བའི་ཤེས་རབ་ཀྱི་འགྲེལ་ པ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པ། པཎྜི་ཏ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་ཅོག་རོ་ ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ། རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་སློབ་དཔོན་ཀླུ་ སྒྲུབ་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཟླ་བ་གྲགས་པའི་རང་འགྱུར། ཆ་ཤས་ཀྱི་ཡན་ལག་ཅེས་ བྱ་བའི་རབ་ཏུ་བྱེད་པའི་རྩ་འགྲེལ་སློབ་དཔོན་འཕགས་པ་ལྷས་མཛད་པ། པཎྜི་ཏ་ཤྲདྡྷ་ཀ་ར་ ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། སློབ་དཔོན་འཕགས་པ་ལྷས་མཛད་པའི་ རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་ཚིག་ལེའུར་བྱས་པ། པཎྜི་ཏ་སཱུ་ཀྵྨ་ཛཱ་ན་དང་ལོ་ཙཱ་བ་པ་ ཚབ་ཉི་མ་གྲགས་ཀྱི་འགྱུར། མ་པ་ལ་སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་འཁྲུལ་ པ་འཇོམས་པ་ཇོ་བོ་རྗེ་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སློབ་དཔོན་འཕགས་པ་ ལྷས་མཛད་པ་འཁྲུལ་པ་བཟློག་པའི་རིགས་པ་གཏན་ཚིགས་གྲུབ་པ། པཎྜི་ཏ་སརྦ་ཛྙཱ་དེ་ཝ་ དང་བནྡེ་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་ལག་ པའི་ཚད་དང༌། དེའི་རང་འགྲེལ་གཉིས་པཎྜི་ཏ་དཱ་ན་ཤཱི་ལ་དང་ལོ་ཙཱ་བ་དཔལ་འབྱོར་སྙིང་ པོས་བསྒྱུར་བ་ལས། དཔལ་བརྩེགས་རཀྵི་ཏས་ཞུས་པ། འཕགས་པ་ལྷས་མཛད་པའི་ཡེ་ ཤེས་སྙིང་པོ་ཀུན་ལས་བཏུས་པ་དང༌། དེའི་འགྲེལ་པ་གནས་བརྟན་བྱང་ཆུབ་བཟང་པོས་ མཛད་པ། གཉིས། པཎྜི་ཏ་ཞི་བ་བཟང་པོ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བདེ་ བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཛཻ་ཏ་རས་ མཛད་པ། དབུ་མ་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མ། སློབ་དཔོན་བཙུན་པ་ལེགས་ལྡན་ 7-1-167 བྱེད་ཀྱིས་མཛད་པ་ཤློ་ཀ་དྲུག་སྟོང་བམ་པོ་ཉི་ཤུ་པ་པཎྜི་ཏ་ཛྙཱ་ན་གརྦྷ་དང་ལོ་ཙཱ་བ་ཅོག་རོ་ཀླུའི་ རྒྱལ་མཚན་གྱིས་བསྒྱུར་བ། དབུ་མ་རིན་པོ་ཆེ་སྒྲོན་མ་སློབ་དཔོན་བྷ་བྱས་(འདི་སློབ་དཔོན་ ལེགས་ལྡན་བྱེད་ནི་མ་ཡིན་ཏེ་ཟླ་གྲགས་དང་ཕྱོགས་གླང་གི་ལུང་འདྲེན་པའི་ཕྱིར་རོ)མཛད་ པ། ཇོ་བོ་རྗེ་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་ ཀྱིས་བསྒྱུར་བ་རྣམས་བཞུགས་སོ། ། ཙ་པ་ལ་དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ་སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ། པཎྜི་ཏ་ཇོ་བོ་རྗེ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དེའི་རང་འགྲེལ་རྟོག་གེ་འབར་ བ་ཞེས་བྱ་བ་བམ་པོ་ཉི་ཤུ་རྩ་བདུན་པ། པཎྜི་ཏ་དཱི་པཾ་ཀ་ར་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་ བས་བསྒྱུར་བ། དབུ་མའི་དོན་བསྡུས་པ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ། ཇོ་བོ་ རྗེ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། དབུ་མ་རྟེན་ཅིང་འབྲེལ་པར་འབྱུང་བ་སློབ་དཔོན་ནག་ པོ་པས་མཛད་པ་རྣམས་བཞུགས་སོ། ། ཚ་ཛ་ཝ་གསུམ་ལ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མེའི་རྒྱ་ཆེར་འགྲེལ་པ་ མཁས་པ་ཆེན་པོ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ། ཤློ་ཀ་ཉི་ཁྲི་བཞི་སྟོང༌། བམ་པོ་བརྒྱད་ཅུ་པ། པཎྜི་ཏ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར་བཞུགས་ སོ། ། ཞ་པ་ལ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པའི་དབུ་མ་རྩ་བའི་ཤེས་རབ་ཀྱི་ འགྲེལ་པ་ཚིག་གསལ་བ། པཎྜི་ཏ་མ་ཧཱ་སུ་མ་ཏི་དང༌། པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བ་ ལས། སླད་ཀྱིས་པཎྜི་ཏ་ཀ་ན་ཀ་ཝརྨ་དང་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་པ། སློབ་ དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རྩ་བ། ཀྲྀཥྞ་པཎྜི་ཏ་ དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལས། སླད་ཀྱིས་པཎྜི་ཏ་ཐིག་ལེ་བུམ་པ་དང་ 7-1-168 ལོ་ཙཱ་བ་ཉི་མ་གྲགས་ཀྱིས་བཅོས་པ། དབུ་མ་ལ་འཇུག་པའི་རང་འགྲེལ་བམ་པོ་བཅུ་གཅིག་ དང་གསུམ་པ་གཉིས་པ། པཎྜི་ཏ་ཐིག་ལེ་བུམ་པ་དང་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་ དང་མཐུན་པར་བསྒྱུར་བ་ལས། ཕྱིས་པཎྜི་ཏ་ཀ་ན་ཀ་ཝརྨ་དང༌། ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ ཤར་ཕྱོགས་ཀྱི་དཔེ་དང་མཐུན་པར་ལེགས་པར་བཅོས་ཏེ་གཏན་ལ་ཕབ་ པ། དབུ་མ་ཤེས་རབ་ལ་འཇུག་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། པཎྜི་ཏ་དེ་ ཉིད་དང་ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་བ་རྣམས་བཞུགས་སོ། ། ཟ་པ་ལ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པའི་རིགས་པ་དྲུག་ཅུ་པའི་འགྲེལ་ པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་ སྡེས་བསྒྱུར་བ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་ པ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། པཎྜི་ཏ་སུ་ཀྵ་ཛ་ན་དང་ལོ་ཙཱ་བ་པ་ཚབ་ ཉི་མ་གྲགས་ཀྱིས་བསྒྱུར་བ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཕུང་ པོ་ལྔ་པ། ཇོ་བོ་རྗེ་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྟོང་ཉིད་བདུན་ཅུ་པའི་འགྲེལ་ པ་སློབ་དཔོན་གཞན་ལ་ཕན་པས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་གཞོན་ནུ་མཆོག་གི་ འགྱུར། པཎྜི་ཏ་ཛ་ཡ་ཨཱ་ནནྡས་མཛད་པའི་རྟོག་གེ་ཐོ་བ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཁུ་མདོ་ སྡེ་འབར་གྱི་འགྱུར་རྣམས་བཞུགས་སོ། ། འ་པ་ལ་དབུ་མ་ལ་འཇུག་པའི་འགྲེལ་བཤད་དོན་གསལ་བར་བྱེད་པ་ཞེས་བྱ་བ། ཁ་ ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནྡས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཀུན་དགའ་གྲགས་ཀྱིས་ བསྒྱུར་བ་བཞུགས་སོ། ། ཡ་པ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་ཞི་བ་ལྷས་མཛད་པ། པཎྜི་ཏ་སརྦ་ཛྙཱ་དེ་བ་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་ལས། སླད་ཀྱིས་པཎྜི་ཏ་ 7-1-169 དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌། ཤཱཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་ དང་འགྲེལ་པ་དང་མཐུན་པར་བཅོས་པ་ལས། སླད་ཀྱིས་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང་ལོ་ཙཱ་བ་ བློ་ལྡན་ཤེས་རབ་ཀྱིས་བཅོས་པ། ཤློ་ཀ་སྟོང་དུ་གྲགས་པ་བམ་པོ་གཉིས་སུ་བྱས་པ་དང༌། དེའི་དཀའ་འགྲེལ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་དང༌། གཉན་དར་མ་གྲགས་གཉིས་ཀྱིས་སྟོད་སྨད་བགོས་ ནས་བསྒྱུར་བ་དང༌། སྤྱོད་འཇུག་གི་ལེགས་པར་སྦྱར་བ་ཤློ་ཀ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་ རྩ་ལྔ་པ། སློབ་དཔོན་དགེ་བ་ལྷས་མཛད་པ། པཎྜི་ཏ་ཤྲཱི་ཀུ་མཱ་ར་དང་ལོ་ཙཱ་བ་དགེ་བའི་བློ་ གྲོས་ཀྱི་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་བའི་གནས་ གཏན་ལ་ཕབ་པའི་གཞུང་པཎྜི་ཏ་ནག་པོས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཆོས་ཀྱི་ ཤེས་རབ་ཀྱི་འགྱུར་རྣམས་བཞུགས་སོ། ། ར་པ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་བཻ་རོ་ཙ་ན་རཀྵི་ ཏས་མཛད་པ། སྤྱོད་འཇུག་གི་ཤེས་རབ་ལེའུའི་དཀའ་འགྲེལ། པཎྜི་ཏ་མི་མཉམ་ཁོལ་པོ་ དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། སྤྱོད་འཇུག་གི་ཤེས་རབ་ལེའུ་དང༌། བསྔོ་བའི་ ལེའུའི་དཀའ་འགྲེལ་མཛད་བྱང་དང་འགྱུར་བྱང་མེད་པ་གཅིགསྤྱོད་འཇུག་གི་དོན་སུམ་ཅུ་ རྩ་དྲུག་ཏུ་བསྡུས་པ་གསེར་གླིང་པའི་བླ་མ་ཆོས་སྐྱོང་གིས་མཛད་པ། ཇོ་བོ་རྗེ་དང༌། ནག་ཚོ་ ཚུལ་ཁྲིམས་རྒྱལ་བའི་འགྱུར། གཙོ་བོའི་དོན་བཅུ་གཅིག་ཏུ་བསྡུས་པ་བླ་མ་གསེར་གླིང་པས་ མཛད་པ། ཇོ་བོ་རྗེ་དང༌། ཚུལ་ཁྲིམས་རྒྱལ་བའི་འགྱུར། སྤྱོད་འཇུག་གི་དགོངས་པ་འགྲེལ་ བ་ཁྱད་པར་གསལ་བྱེད་ཅེས་བྱ་བ། པཎྜི་ཏ་བི་བྷཱུ་ཏི་ཙནྡྲས་མཛད་ཅིང༌། དེ་ཉིད་ཀྱིས་རང་ འགྱུར་དུ་བསྒྱུར་བ། བདེན་པ་གཉིས་རྣམ་པར་འབྱེད་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་ པ་དང༌། དེའི་རང་འགྲེལ་བདེན་པ་གཉིས་རྣམ་པར་གཏན་ལ་ཕབ་པ་དང་གཉིས། པཎྜི་ཏ་ཤཱི་ 7-1-170 ལེནྡྲ་བོ་དྷི་དང༌། བན་དྷེ་ཡེ་ཤེས་དེའི་འགྱུར། དེའི་འགྲེལ་པ་སློབ་དཔོན་ཞི་བ་འཚོས་མཛད་ པ་བམ་པོ་གསུམ་པ། དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་སློབ་དཔོན་ཆེན་པོ་ཞི་བ་འཚོས་ མཛད་པ། པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང་བན་དྷེ་དཔལ་བརྩེགས་རཀྵི་ཏའི་འགྱུར། དབུ་མ་རྒྱན་ གྱི་འགྲེལ་པ། སློབ་དཔོན་ཆེན་པོ་ཞི་བ་འཚོས་མཛད་པ། ཤཱི་ལེནྡྲ་བོ་དྷི་དང་བནྡེ་ཡེ་ཤེས་སྡེའི་ འགྱུར་རྣམས་བཞུགས་སོ། ། ལ་པ་ལ་དབུ་མ་རྒྱན་གྱི་དཀའ་འགྲེལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། ཤློ་ཀ་སྟོང་ སུམ་བརྒྱ་བརྒྱད་ཅུ་པ་བམ་པོ་བཞི་པ། པཎྜི་ཏ་སུ་རེནྡྲ་བོ་དྷི་དང༌། པྲཛྙཱ་ཝརྨ་དང༌། བན་དྷེ་ཡེ་ ཤེས་སྡེའི་འགྱུར། སློབ་དཔོན་ཀཱ་མ་ལ་ཤཱི་ལས་མཛད་པའི་དབུ་མ་སྣང་བ། པཎྜི་ཏ་ཤཱི་ལེནྡྲ་ བོ་དྷི་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་ཀཱ་མ་ལ་ཤཱི་ལས་མཛད་པའི་ དབུ་མ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཀཱ་མ་ལ་ཤཱི་ལས་མཛད་ པའི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་གྲུབ་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་ དང༌། ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་བསྒྱུར་བ། སྐུ་གསུམ་ལ་འཇུག་པའི་སྒོ་ཞེས་བྱ་བའི་ བསྟན་བཅོས་སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་པྲཛྙཱ་ཝརྨ་དང་བན་དྷེ་ཡེ་ ཤེས་སྡེའི་འགྱུར། སྐུ་གསུམ་འགྲེལ་བ་སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པ། པཎྜི་ཏ་པྲཛྙཱ་ ཝརྨ་དང༌། བན་དྷེ་ཡེ་ཤེས་སྡེའི་འགྱུར། དེ་ཁོ་ན་ཉིད་ལ་འཇུག་པའི་འགྲེལ་པ། སློབ་དཔོན་ དཔལ་སྦས་ཀྱིས་མཛད་པ། དབུ་མའི་ལུགས་ཀྱི་སྙིང་པོ་མདོར་བསྡུས་པའི་རབ་ཏུ་བྱེད་པ། སློབ་དཔོན་བིདྱཀ་པྲ་བྷཱ་བས་མཛད་པ། པཎྜི་ཏ་དེ་ཉིད་དང༌། དཔལ་བརྩེགས་རཀྵི་ཏའི་ འགྱུར། རྣམ་པ་མེད་པའི་ཚིག་ལེའུར་བྱས་པ་བལ་ཡུལ་གྱི་པཎྜི་ཏ་དགའ་བའི་དཔལ་གྱིས་ མཛད་པ། ལྟ་བ་ཐ་དད་པ་རྣམ་པར་ཕྱེ་བ་མདོར་བསྡུས་པ། སློབ་དཔོན་དབུ་མའི་སེང་གེས་ མཛད་པ། པཎྜི་ཏ་ཏ་རོ་ཤྲཱི་མི་ཏྲ་དང༌། དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དབུ་མ་རིན་ 7-1-171 པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཙནྡྲ་ཧ་རི་བས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ ཏིང་ངེ་འཛིན་བཟང་པོའི་འགྱུར། བདེན་པ་གཉིས་ལ་འཇུག་པ་ཞེས་བྱ་བ་ཇོ་བོ་རྗེས་མཛད་ པ་དེ་ཉིད་དང༌། རྒྱ་བརྩོན་སེང་གི་འགྱུར་རྣམས་བཞུགས་སོ། ། ཤ་པ་ལ་ཐུབ་པ་དགོངས་པའི་རྒྱན་ཤློ་ཀ་སྟོང་ཕྲག་ཕྱེད་དང་དྲུག་པ་སློབ་དཔོན་ཨ་བྷ་ ཡས་མཛད་པ། པཎྜི་ཏ་དེ་ཉིད་དང༌། སྤོང་ཞོ་གསལ་བ་གྲགས་ཀྱི་འགྱུར་ལ། དུས་ཕྱིས་དཔང་ བློ་བརྟན་གྱིས་ལེགས་པར་བཅོས་ཤིང་གཏན་ལ་ཕབ་པ། ཚད་མ་རྣམ་འཇོམས་རྩ་འགྲེལ་ གཉི་ག་མ་ཚང་བའི་དུམ་བུ་གཅིག ཐེག་པ་ཆེན་པོའི་མཚན་ཉིད་ཀུན་ལས་བཏུས་སངས་རྒྱས་ ཡེ་ཤེས་ཞབས་ཀྱིས་མཛད་པ། པཎྜི་ཏ་ཀརྞེ་པ་ཏི་དང༌། ལོ་ཙཱ་བ་པྲཛྙཱ་སིདྷའི་འགྱུར། སེམས་ བརྟག་པ་སློབ་དཔོན་ཚུལ་ཁྲིམས་འཕགས་པས་མཛད་པ། པཎྜི་ཏ་ཀ་ན་ཀ་དང༌། ལོ་ཙཱ་བ་རྨ་ ཆོས་འབར་གྱི་འགྱུར། ཐེགཔ་ཐམས་ཅད་དུ་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་ཞེས་བྱ་ བ། བྲམ་ཟེའི་བཙུན་པ་རབ་འབྱོར་དབྱངས་ཀྱིས་མཛད་པ་དེ་ཉིད་དང་ལོ་ཙཱ་བ་ཏིང་ངེ་འཛིན་ བཟང་པོའི་འགྱུར་རྣམས་བཞུགས་སོ། །ལྟ་བ་གཙོ་ཆེར་གཏན་ལ་ཕབ་ནས། སྒོམ་པའི་རིམ་ པ་སྟོན་པའི་བསྟན་བཅོས་ནི། ས་པ་ལ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྒོམ་ རིམ། པཎྜི་ཏ་ལོ་ཏྲ་དང༌། ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། རྣལ་འབྱོར་བསྒོམ་པའི་ལམ་སློབ་ དཔོན་ཡེ་ཤེས་སྙིང་པོས་མཛད་པ། ཅིག་ཅར་འཇུག་པ་རྣམ་པར་མི་རྟོག་པའི་སྒོམ་དོན་པཎྜི་ ཏ་བི་མ་ལ་མི་ཏྲས་མཛད་པ། པཎྜི་ཏ་དྷརྨ་ཏཱ་ཤི་ལ་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ པདྨ་སྤུངས་པ་ཞེས་བྱ་བ། པཎྜི་ཏ་པདྨ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་རིན་ཆེན་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ ཆེན་པོ་རྟ་དབྱངས་ཀྱིས་མཛད་པ། པཎྜི་ཏ་པདྨ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་ 7-1-172 འགྱུར། ཚད་མེད་བཞི་བསྒོམ་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་སངས་རྒྱས་གསང་བས་ མཛད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་དང་པོ། སྒོམ་རིམ་བར་པ། སྒོམ་རིམ་ཐ་མ། རྣལ་འབྱོར་སྒོམ་པ་ལ་འཇུག་པ་དང་བཞི། པཎྜི་ཏ་པྲཛྙཱ་ཝརྨ་དང་ལོ་ཙཱ་བ་བནྡེ་ཡེ་ཤེས་ སྡེའི་འགྱུར། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྡོ་རྗེ་ལྟ་བུ་ཞེས་བྱ་བ་ དཔལ་ཀམ་པ་ལས་མཛད་པ། རྣལ་འབྱོར་ལ་འཇུག་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་ཏྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ། མི་ སྡུག་པ་བསྒོམ་པའི་རིམ་པ་འགྱུར་རྙིང༌། ལུས་ཡོངས་སུ་དཔྱད་པའི་སྒོམ་རིམ་སློབ་དཔོན་ ནག་པོ་ཞབས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཕ་ རོལ་ཏུ་ཕྱིན་པའི་ཐེག་པའི་བསྒོམ་པའི་རིམ་པའི་མན་ངག་སློབ་དཔོན་ཡེ་ཤེས་གྲགས་པས་ མཛད་པ། པཎྜི་ཏ་པདྨ་ཀཱ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། སངས་རྒྱས་རྗེས་ སུ་དྲན་པ་བླ་ན་མེད་པ་བསྒོམ་པ་ཞེས་བྱ་བ་སློབ་དཔོན་མཧཱ་མ་ཏིས་མཛད་པ། པཎྜི་ཏ་བི་ནཱ་ ཡ་ཙནྡྲ་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྣལ་འབྱོར་ལ་འཇུག་པའི་མན་ངག་སློབ་ དཔོན་ཆོས་ཀྱི་དབང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཛ་རད་ད་ན་དང་ལོ་ཙཱ་བ་རིན་ཆེན་ བཟང་པོའི་འགྱུར། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། པཎྜི་ཏ་བི་ནཱ་ཡ་ཙནྡྲ་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སློབ་དཔོན་ནག་པོ་ཞབས་ ཀྱིས་མཛད་པའི་ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་ རབ་ཀྱི་འགྱུར། བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པ་སློབ་དཔོན་ཆེན་པོ་ཨ་ཝ་དྷཱུ་ ཏཱི་པས་མཛད་པ་དང༌། དེའི་འགྲེལ་པ་པཎྜི་ཏ་དཱ་ན་ཤཱི་ལས་མཛད་པ་གཉིས། པཎྜི་ཏ་དྷརྨ་ ཤྲཱི་བྷ་དྲ་དང་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ཏིང་ངེ་འཛིན་གྱི་མི་མཐུན་པའི་ 7-1-173 ཕྱོགས་རྣམ་པར་གཞག་པ། རྒྱའི་ཧཱ་ཤང་ཟབ་མོ་ལ་སོགས་པ་དང་ལོ་ཙཱ་བ་རྣམ་པར་མི་རྟོག་ པའི་འགྱུར། དབུ་མའི་མན་ངག་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཚུལ་ཁྲིམས་རྒྱལ་ བའི་འགྱུར། དེའི་འགྲེལ་པ་སློབ་དཔོན་ཤེས་རབ་ཐར་པས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དྲན་པ་གཅིག་པའི་མན་ངག་ཇོ་བོ་རྗེས་མཛད་པ། པཎྜི་ ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དབུ་མའི་མན་ངག་རིན་པོ་ཆེའི་ཟ་ མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་ སེང་གེ་དང༌། ཚུལ་ཁྲིམས་རྒྱལ་བའི་འགྱུར། སྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ་རྣལ་ འབྱོར་སྤྱོད་པའི་བསམ་གཏན་རྗེ་བཙུན་ཀ་རོས་མཛད་པ། བྱང་ཆུབ་སེམས་དཔའི་སྤྱོད་ པ་བསྡུས་པའི་སྒྲོན་མ་རིན་པོ་ཆེའི་ཕྲེང་བ་སློབ་དཔོན་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་ མཛད་པ། པཎྜི་ཏ་པྲཛྙཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། བྱང་ཆུབ་སེམས་ དཔའི་བསླབ་བྱ་དང༌། སྤྱོད་པ་གཙོ་ཆེར་སྟོན་པའི་སྐོར་ནི། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ། བམ་པོ་ལྔ་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་ བོ་དྷི་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། དེའི་འགྲེལ་པ་རིན་པོ་ཆེའི་སྣང་བའི་རྒྱན་ཞེས་ བྱ་བ་ལུང་གི་ཚད་མས་རབ་ཏུ་སྦྱར་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་ ཤློ་ཀ་སུམ་སྟོང་ལྔ་བཅུ་རྩ་གཅིག་པ། པཎྜི་ཏ་ནག་པོ་པ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་ འགྱུར། མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ། ཇོ་བོ་ཆེན་པོ་རྗེས་མཛད་པ་པཎྜི་ཏ་དེ་ཉིད་ དང༌། ལོ་ཙཱ་བ་རྒྱ་བརྩོན་སེང་གི་འགྱུར། རིམ་གྱིས་འཇུག་པའི་སྒོམ་དོན་སློབ་དཔོན་བི་མ་ལ་ མི་ཏྲས་མཛད་པ། པཎྜི་ཏ་པྲཛྙཱ་ཝརྨ་དང་ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས་ སོ། ། ཧ་པ་ལ་སློབ་དཔོན་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་ 7-1-174 བྱས་པ་དང༌། བསླབ་པ་ཀུན་ལས་བཏུས་པའི་བམ་པོ་བཅུ་བཞི་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བ་ལས། སླད་ཀྱི་(འདིར་བྲིས་པ་ལ་འགྱུར་བྱང་ འདི་མེད་)པཎྜི་ཏ་ཐིག་ལེ་བུམ་པ་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བཅོས་པ། བསླབ་པ་ ཀུན་ལས་བཏུས་པ་ནས་འབྱུང་བ་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་སྲུང་བ་དང༌། སྡིག་ པ་བཤགས་པའི་ཆོ་ག་སློབ་དཔོན་ཞི་བ་ལྷས་མཛད་པ། བསླབ་པ་ཀུན་ལས་བཏུས་པའི་ མངོན་རྟོགས་བླ་མ་གསེར་གླིང་པས་མཛད་པ། ཇོ་བོ་རྗེ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། བསླབ་པ་ཀུན་ལས་བཏུས་པའི་ཕྱོགས་ཙམ་ཞིག་བླངས་པའི་བཤད་པ་བསླབ་པའི་མེ་ཏོག་ སྙེ་མ་པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་ཞ་མ་སེང་ རྒྱལ་དང་ཀློག་སྐྱ་གཞོན་ནུ་འབར་གྱིས་བསྒྱུར་བ་ལས་ཕྱིས་མར་པ་ཆོས་ཀྱི་དབང་ཕྱུག་གིས་ བཅོས་པ། འཕགས་པ་དཔའ་བོས་མཛད་པའི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པ། བཻ་རོ་ཙ་ ན་རཀྵི་ཏའི་འགྱུར། ལས་དང་པོ་པའི་ས་སྦྱང་བ་དགྲ་ལས་རྒྱལ་བ་གསང་བའི་ཞལ་སྔ་ནས་ མཛད་པ། པཎྜི་ཏ་ནག་པོ་པ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བྱང་ཆུབ་ སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་ཇོ་བོ་རྗེས་མཛད་པ། ཇོ་བོ་ཆེན་པོ་ རྗེས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ། པཎྜི་ཏ་དེ་ཉིད་དང་དགེ་བའི་བློ་གྲོས་ཀྱི་འགྱུར། སྤྱོད་པ་བསྡུས་པའི་སྒྲོན་མ་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་ཚུལ་ཁྲིམས་རྒྱལ་བས་ འགྱུར། ཇོ་བོ་རྗེས་མཛད་པའི་སྙིང་པོ་བསྡུས་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་ འབྱུང་གནས་དེབ་ཚེས་བསྒྱུར་བ། ཇོ་བོ་རྗེས་མཛད་པའི་སྙིང་པོ་ངེས་པར་བསྡུ་བ། པཎྜི་ཏ་ དེ་ཉིད་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་ ཇོ་བོ་རྗེས་མཛད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་ ཇོ་བོ་རྗེས་མཛད་པ་དང༌། བྱང་ཆུབ་སེམས་དཔའི་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་ 7-1-175 པ་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཚུལ་ཁྲིམས་རྒྱལ་བའི་འགྱུར། སྐྱབས་སུ་འགྲོ་ བ་བསྟན་པ་ཞེས་བྱ་བ་ཇོ་བོ་རྗེས་མཛད་པ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་ བསྡུས་པ། ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། དགེ་བའི་བློ་གྲོས་ཀྱི་འགྱུར། ཐེག་ པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་ཇོ་བོ་རྗེས་མཛད་པ་དང༌། རང་གི་བྱ་བའི་ རིམ་པ་ལ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ་ཇོ་བོ་རྗེས་མཛད་པ་དང་གཉིས། པཎྜི་ ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། མདོ་སྡེའི་དོན་ཀུན་ལས་བཏུས་པའི་ མན་ངག་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཚུལ་ཁྲིམས་རྒྱལ་བའི་འགྱུར། མི་དགེ་ བ་བཅུའི་ལས་ཀྱི་ལམ་བསྟན་པ་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང་ཚུལ་ཁྲིམས་རྒྱལ་ བའི་འགྱུར། ལས་རྣམ་པར་འབྱེད་པ་ཞེས་བྱ་བ་ཇོ་བོ་རྗེས་མཛད་པ་པཎྜི་ཏ་དེ་ཉིད་དང་ཚུལ་ ཁྲིམས་རྒྱལ་བའི་འགྱུར། བྱང་ཆུབ་ལམ་སྒྲོན་གྱི་རང་འགྲེལ་པཎྜི་ཏ་དེ་ཉིད་དང་དགེ་སློང་ ཚུལ་ཁྲིམས་རྒྱལ་བའི་འགྱུར་རྣམས་བཞུགས་སོ། ། ཨ་པ་ལ་ཇོ་བོ་རྗེས་མཛད་པའི་མདོ་ཀུན་ལས་བཏུས་པ་ཆེན་པོ། པཎྜི་ཏ་ཛ་ཡ་ཨཱ་ནནྡ་ དང༌། ལོ་ཙཱ་བ་ཉི་མ་གྲགས་པ་དང༌། ཁུ་མདོ་སྡེ་འབར་གྱི་འགྱུར། བྱང་ཆུབ་སེམས་དཔའི་ ལེགས་ལམ་གྱི་རིམ་པ་མདོར་བསྡུས་པ་ཁ་ཆེ་ཤཱཀྱ་ཤྲཱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་ བ་བྱམས་པའི་དཔལ་གྱི་འགྱུར། འདི་ལ་ཆག་ཆོས་རྗེ་དཔལ་གྱི་འགྱུར་ཅིག་ཀྱང་ཡོད་མོད་ ཀྱི་འདི་དང་གཅིག་ཏུ་འདུག་པས་མ་བྲིས་སོ། །ཐེག་པ་ཆེན་པོའི་མན་ངག་ཚིགས་སུ་བཅད་པ་ ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱིས་མཛད་པ། དེ་ཉིད་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། པཎྜི་ ཏ་བུདྡྷ་ཤྲཱི་ཛྙཱ་ནས་མཛད་པའི་རྒྱལ་བའི་ལམ་འཇུག པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཆག་དགྲ་ བཅོམ་གྱི་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་དོན་མདོར་ བསྡུས་པ་སློབ་དཔོན་དཔལ་སྒྲ་གཅན་འཛིན་བཟང་པོས་མཛད་པ། ཁ་ཆེ་ཤཱཀྱ་ཤྲཱི་དང༌། 7-1-176 གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། སྐྱབས་འགྲོ་དང་སེམས་བསྐྱེད་ལ་སོགས་ ཀྱི་ཆོ་གའི་སྐོར་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་ པ། པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། བྱང་ཆུབ་སེམས་དཔའི་སྡོམ་པའི་ ཆོ་ག་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། པཎྜི་ཏ་པུ་ནྱ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་དར་ མ་གྲགས་ཀྱི་འགྱུར། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཡི་དམ་བླང་བའི་ཆོ་ག་སློབ་དཔོན་ དགྲ་ལས་རྒྱལ་བས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་ འགྱུར། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་ཇོ་བོ་རྗེས་ མཛད་པ། པཎྜི་ཏ་དེ་ཉིད་དང༌། དགེ་བློས་བསྒྱུར་བ་ལ་ཚུལ་ཁྲིམས་རྒྱལ་བས་བཅོས་པ། བྱང་ ཆུབ་སེམས་དཔའི་སྡོམ་པ་བཟུང་བའི་ཆོ་ག པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པས་ མཛད་པ། ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲ་དང༌། ཆག་དགྲ་བཅོམ་གྱི་འགྱུར། གསུམ་ལ་སྐྱབས་སུ་འགྲོ་བ་ བདུན་ཅུ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། ཇོ་བོ་རྗེ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། སྐྱབས་འགྲོ་ཡན་ལག་དྲུག་པ། སློབ་ དཔོན་བི་མ་ལ་མི་ཏྲས་མཛད་པ། ལྟུང་བ་བཤགས་པའི་ཆོ་ག་པཎྜི་ཏ་དེ་བ་ཤཱནྟས་མཛད་པ། ཇོ་བོ་རྗེ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ལྟུང་བ་བཤགས་པའི་ཆོ་ག་ཇོ་བོ་རྗེས་མཛད་པ། དེ་ཉིད་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་ བའི་ཆོ་ག ཇོ་བོ་རྗེས་མཛད་པ་དང༌། གླེགས་བམ་བཀླག་པའི་ཐབས་པཎྜི་ཏ་དཱ་ན་ཤཱི་ལས་ རང་འགྱུར་དུ་མཛད་པ། ཕ་རོལ་ཏུ་ཕྱིན་པའི་ཚ་ཚ་གདབ་པའི་ཆོ་ག་ཇོ་བོ་རྗེས་མཛད་པ། བླ་ མའི་བྱ་བའི་རིམ་པ་ཇོ་བོ་རྗེས་མཛད་པ། སྡོམ་པ་གསུམ་གྱི་རིམ་པ་པཎྜི་ཏ་རྙོག་མེད་རྡོ་རྗེས་ མཛད་པ། པཎྜི་ཏ་ཨ་ཏུ་ལོ་དཱ་བ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འ་གྱུར། ཆོས་སྤྱོད་ཡན་ ལག་བཞི་པ་རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྡས་མཛད་པ། དེ་ཉིད་དང་ 7-1-177 གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། དམ་པའི་ཆོས་སྤྱོད་ལ་འཇུག་པའི་ཡན་ལག་ བདུན་པ་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། དེ་ཉིད་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱི་ འགྱུར་རྣམས་བཞུགས་སོ། ། ཀི་པ་ལ་ཇོ་བོའི་ཆོས་ཆུང་བརྒྱ་རྩར་གྲགས་པ་བཞུགས། འདི་གོང་འོག་ནས་འབྱུང་བ་ རྣམས་དང་ཟློས་མོད་ཀྱི་བཤད་དཀའ་སྟབས་སུ་ཡོད་ཅིང་དཔེ་ཕྱི་ལ་སོགས་ལ་བསམ་ནས། སྔར་གྱི་བསྟན་འགྱུར་རྣམས་སུ་པོ་ཏི་ཐ་དད་དུ་བྲིས་པ་བཞིན་དུ་འདིར་ཡང་བྲིས་སོ། །དེའང་ འདི་ཉིད་ན་བཞུགས་པའི་ཆོས་ཀྱི་རྣམ་གྲངས་ནི། བྱང་ཆུབ་ལམ་གྱི་སྒྲོན་མ་སློབ་དཔོན་ཆེན་ པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་བའི་བློ་ གྲོས་ཀྱི་འགྱུར། སྤྱོད་པ་བསྡུས་པའི་སྒྲོན་མ་ཇོ་བོ་རྗེས་མཛད་པ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ ཁྲིམས་རྒྱལ་བའི་འགྱུར། བདེན་པ་གཉིས་ལ་འཇུག་པ་ཇོ་བོ་རྗེས་མཛད་པ། དེ་ཉིད་དང་ལོ་ ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བ། དབུ་མའི་མན་ངག་ཇོ་བོ་རྗེས་མཛད་པ། དེ་ཉིད་ དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྙིང་པོ་བསྡུ་བ་ཇོ་བོ་རྗེས་མཛད་པ་དེ་ཉིད་དང་ལོ་ཙཱ་བ་ ཚུལ་ཁྲིམས་འབྱུང་གནས་དེབ་ཙེའི་འགྱུར། སྙིང་པོ་ངེས་པར་བསྡུ་བ་ཇོ་བོ་རྗེས་མཛད་པ་དེ་ ཉིད་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་ཇོ་བོ་རྗེས་ མཛད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་ཇོ་བོ་རྗེས་མཛད་ པ། འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ་ཇོ་བོ་རྗེས་མཛད་པ། དེ་ ཉིད་དང་རྒྱ་བརྩོན་སེང་གི་འགྱུར་ལ། སླད་ནས་དེ་ཉིད་དང་ཚུལ་ཁྲིམས་རྒྱལ་བས་བཅོས་ པའོ། །སྤྱོད་པའི་གླུ་ཇོ་བོ་རྗེས་མཛད་པ་དེ་ཉིད་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ་ཇོ་བོ་རྗེས་མཛད་པ། དེ་ཉིད་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། དྲན་པ་གཅིག་པའི་མན་ངག་ཇོ་བོ་རྗེས་མཛད་པ། དེ་ཉིད་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། 7-1-178 བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ་ཇོ་བོ་རྗེས་མཛད་པ། དེ་ ཉིད་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྐྱབས་སུ་འགྲོ་བ་བསྟན་པ་ཇོ་བོ་རྗེས་མཛད་པ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ་དང༌། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ ཐབས་ཤིན་ཏུ་བསྡུས་པ་ཇོ་བོ་རྗེས་མཛད་པ། དེ་ཉིད་དང་དགེ་བའི་བློ་གྲོས་ཀྱི་འགྱུར། རང་ གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ་ཇོ་བོ་རྗེས་མཛད་པ། དེ་ཉིད་དང་ དགེ་བའི་བློ་གྲོས་ཀྱི་འགྱུར། མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག་དང༌། མི་དགེ་ བཅུའི་ལས་ཀྱི་ལམ་བསྟན་པ། ལས་རྣམ་པར་འབྱེད་པ་རྣམས་ཇོ་བོ་རྗེས་མཛད་པ། དེ་ཉིད་ དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ཇོ་བོ་རྗེས་མཛད་པ། དེ་ཉིད་ དང་ཤཱཀྱ་བློ་གྲོས་ཀྱི་འགྱུར། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག་དང༌། ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚ་ཚ་ གདབ་པའི་ཆོ་ག བླ་མའི་བྱ་བའི་རིམ་པ་མདོར་བསྡུས་པ་རྣམས་ཇོ་བོ་རྗེས་མཛད་པ། སེམས་ བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ་ཇོ་བོ་རྗེས་མཛད་པ། དེ་ཉིད་དང་དགེ་བའི་བློ་གྲོས་ཀྱི་ འགྱུར་ལ། སླད་ཀྱིས་པཎྜི་ཏ་དེ་ཉིད་དང༌། ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕབ་ པའོ། །བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། པཎྜི་ཏ་སུ་ན་ཡ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་དར་མ་གྲགས་ཀྱི་འགྱུར། བྱང་ཆུབ་ཏུ་སེམས་བསྐྱེད་ པའི་ཆོ་ག་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་ འགྱུར། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཡི་དམ་བླང་བའི་ཆོ་ག་བྱང་ཆུབ་སེམས་དཔའ་ དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། མཁན་པོ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་བློ་ལྡན་ཤེས་ རབ་ཀྱི་འགྱུར། ལས་དང་པོ་པའི་ས་སྦྱང་བ་དགྲ་ལས་རྒྱལ་བ་གསང་བས་མཛད་པ། པཎྜི་ཏ་ ཀྲིཥྞ་པ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སེམས་རིན་པོ་ཆེ་རྣམ་པར་སྦྱང་བའི་རིམ་ 7-1-179 པ་ཞེས་བྱ་བའི་སྤྲིང་ཡིག་སློབ་དཔོན་དགྲ་ལས་རྒྱལ་བ་གསང་བས་མཛད་པ། པཎྜི་ཏ་ཨཱ་ཙརྱ་ དུ་ལོ་པ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བཤེས་པའི་སྤྲིང་ཡིག་སློབ་དཔོན་ཆེན་པོ་ འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་སརྦ་ཛྙཱ་དེ་བ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་ འགྱུར། སློབ་མ་ལ་སྤྲིང་པའི་སྤྲིང་ཡིག་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། པཎྜི་ཏ་སརྦ་ཛྙཱ་དེ་ བ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། རྒྱལ་པོ་ཆེན་པོ་ཀ་ནི་ཀ་ལ་སྤྲིང་པའི་སྤྲིང་ ཡིགསློབ་དཔོན་མ་ཏྲྀ་ཙཻ་ཊས་མཛད་པ། པཎྜི་ཏ་བིདྱ་ཀ་ར་པྲ་བྷ་དང༌། ལོ་ཙཱ་བ་རིན་ཆེན་ མཆོག་གི་འགྱུར་ལ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ། དྲི་མ་མེད་པའི་དྲིས་ལན་རིན་པོ་ ཆེའི་ཕྲེང་བ་ཞེས་བྱ་བ་རྒྱལ་པོ་སྙན་དངགས་མཁན་གྱི་དམ་པ་སློབ་དཔོན་དོན་ཡོད་འཆར་ གྱིས་མཛད་པ། པཎྜི་ཏ་ཀ་མ་ལ་གུཔྟ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འཕགས་པ་ སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིང་བའི་སྤྲིང་ཡིག པཎྜི་ཏ་སརྦ་ཛྙཱ་དེ་ཝ་དང་བནྡེ་དཔལ་བརྩེགས་ཀྱི་འགྱུར། ཤེས་རབ་བརྒྱ་པ་ཞེས་བྱ་བའི་རབ་ ཏུ་བྱེད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་སརྦ་ཛྙཱ་དེ་བ་དང་བནྡེ་ དཔལ་བརྩེགས་ཀྱི་འགྱུར། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་འགྲོ་བ་དྲུག་གི་ཚིག་ ལེའུར་བྱས་པ། སློབ་དཔོན་བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ། པཎྜི་ཏ་ དྷརྨ་ཀ་ར་དང་ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏའི་འགྱུར། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་ པ། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། པཎྜི་ཏ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་ འགྱུར། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་ མཛད་པ། པཎྜི་ཏ་བུདྡྷ་ཀ་ར་ཝརྨ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། མྱ་ངན་བསལ་བ་ སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། པཎྜི་ཏ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་ འགྱུར། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་སློབ་དཔོན་གསང་བས་བྱིན་གྱིས་མཛད་ 7-1-180 པ། ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་གང་གཱ་དྷ་ར་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཚུལ་ཁྲིམས་ཀྱི་གཏམ་སློབ་ དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་ཛ་རནྡྷ་ན་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་ འགྱུར། ཚོགས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་གང་གཱ་དྷ་ར་དང་ ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། མི་ཁོམ་པ་བརྒྱད་ཀྱི་གཏམ་སློབ་དཔོན་རྟ་དབྱངས་ ཀྱིས་མཛད་པ། པཎྜི་ཏ་ཤྲཱི་ཨ་ཛི་ཏ་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ལེགས་པར་བཤད་ པ་རིན་པོ་ཆེའི་ཟ་མ་ཏོག་ལྟ་བུའི་གཏམ། སློབ་དཔོན་དཔའ་བོས་མཛད་པ། པཎྜི་ཏ་རུ་ཏྲ་དང་ ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ཕྱིན་ཅི་ལོག་བཞི་སྡང་བའི་གཏམ་སློབ་དཔོན་མཱ་ཏྲྀ་ཙེ་ཊས་ མཛད་པ། པཎྜི་ཏ་བུདྡྷ་བྷ་དྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། རྩོད་པའི་དུས་ཀྱི་ གཏམ་སློབ་དཔོན་མ་ཏྲྀ་ཙེ་ཊས་མཛད་པ། པཎྜི་ཏ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ ཀྱི་འགྱུར། དབེན་པའི་གཏམ་སློབ་དཔོན་ཆེན་པོ་ས་འཚོ་སྦྱིན་གྱིས་མཛད་པ། པཎྜི་ཏ་དཱི་པཾ་ཀ་ ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། ཡན་ལག་བདུན་པའི་ཆོ་ག་ཚིགས་སུ་ བཅད་པ་ཉི་ཤུ་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སེམས་ཅན་མགུ་བར་བྱ་ བའི་ཚིགས་སུ་བཅད་པ་བཅུ་གཅིག་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཕྱུང་བ། པཎྜི་ ཏ་བུདྡྷ་ཨཱ་ཀཱ་ར་ཝརྨ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སྨོན་ལམ་བདུན་ཅུ་པ་ཞེས་བྱ་ བའི་ཚིགས་སུ་བཅད་པ་སློབ་དཔོན་བཙུན་པ་གཞན་ལ་ཕན་པའི་དབྱངས་དགོན་པ་པས་ མཛད་པ། པཎྜི་ཏ་དྷརྨ་ཤྲཱི་པྲ་བྷ་དང་ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོའི་སྡེའི་འགྱུར། དོན་དམ་ བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་དང༌། ཀུན་རྫོབ་བྱང་ ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་པདྨ་སྤུངས་པ་ཞེས་བྱ་བ། སློབ་དཔོན་རྟ་དབྱངས་ཀྱིས་ མཛད་པ། པཎྜི་ཏ་པདྨ་ཀ་ར་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འཕགས་པ་སངས་ 7-1-181 རྒྱས་རྗེས་སུ་དྲན་པ། པྲཛྙཱ་ཝརྨ་དང༌། ཡེ་ཤེས་སྡེའི་འགྱུར། ཆོས་རྗེས་སུ་དྲན་པ། དགེ་འདུན་ རྗེས་སུ་དྲན་པ། འདོད་པའི་ཡོན་ཏན་རྣམ་པ་ལྔའི་ཉེས་དམིགས་བཤད་པ་སློབ་དཔོན་དབྱིག་ གཉེན་གྱིས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་སྡེའི་སྡིག་པ་བཤགས་པ་དང་སྒྲུབ་པའི་ ཆོ་ག་ལོགས་ཤིག་ཏུ་ཕྱུང་བ། དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པའི་བསྲུང་བ་དང༌། སྡིག་པ་བཤགས་པའི་ཆོ་ག་སློབ་དཔོན་ཞི་བ་ལྷས་མཛད་པ། མཎྜལ་བྱ་བའི་ཆོ་ག་སློབ་དཔོན་ སངས་རྒྱས་གསང་བས་མཛད་པ། མཎྜལ་དབུལ་བའི་ཆོ་ག་སློབ་དཔོན་དགྲ་ལས་རྒྱལ་བ་ གསང་བས་མཛད་པ། མཁན་པོ་ཨ་དུ་ལོ་བ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། མཎྜལ་ གྱི་ཆོ་ག་དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་སྦས་ པས་མཛད་པ་ལོ་ཙཱ་བ་དར་མ་གྲགས་ཀྱི་འགྱུར། མཎྜལ་གྱི་ཆོ་ག་སློབ་དཔོན་རྙོག་པ་མེད་ པའི་རྡོ་རྗེས་མཛད་པ། མཁན་པོ་ཨ་དུ་ལྱེ་དཱ་བ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། མཎྜལ་གྱི་ཆོ་ག་སློབ་དཔོན་ཆེན་པོ་ཀཾ་པ་ལས་མཛད་པ་སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱི་ འགྱུར་རྙིང༌། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ཞེས་བྱ་བ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་ པ། པཎྜི་ཏ་བི་ནཱ་ཡ་ཙནྡྲ་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཏིང་ངེ་འཛིན་གྱི་ཚོགས་ ཀྱི་ལེའུ་ཞེས་བྱ་བ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ། པཎྜི་ཏ་ཀྲིཥྞ་པ་དེ་ཉིད་དང་ལོ་ཙཱ་ བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པ་སློབ་དཔོན་ཨ་ བ་དྷཱུ་ཏཱི་པས་མཛད་པ། དེའི་འགྲེལ་པ་སློབ་དཔོན་དཱ་ན་ཤཱི་ལས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་བྷ་ དྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་ གཞག་པ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བ། རྒྱའི་མཁན་པོ་ཧཱ་ཤང་ཟབ་མོ་ལ་ སོགས་པ་དང༌། ལོ་ཙཱ་བ་བནྡེ་རྣམ་པར་མི་རྟོག་པའི་འགྱུར། རྣལ་འབྱོར་པའི་རྟོག་པའི་གེགས་ 7-1-182 སེལ་བ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་སྔོན་གྱི་ལོ་ཙཱ་བ་ཆེན་པོ་ རྣམས་ཀྱི་འགྱུར་རྙིང༌། རྣལ་འབྱོར་གྱི་མཚན་ཉིད་ཀྱི་བདེན་པ། མཁས་པ་ཆེན་པོ་དཔལ་བྱང་ ཆུབ་བཟང་པོས་མཛད་པ། རྣལ་འབྱོར་བསྒོམ་པ་ལ་འཇུག་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་ མཛད་པ། པཎྜི་ཏ་པྲཛྙཱ་ཝརྨ་དང་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། རྣལ་འབྱོར་བསྒོམ་པའི་ ལམ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། རྣལ་འབྱོར་ལ་འཇུག་པ་སློབ་དཔོན་ཕྱོགས་ཀྱི་ གླང་པོས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། མི་སྡུག་ པ་སྒོམ་པའི་རིམ་པ་སློབ་དཔོན་དགེ་བའི་གོ་ཆས་མཛད་པ་འགྱུར་རྙིང༌། ལུས་ཡོངས་སུ་ དཔྱད་པའི་སྒོམ་པའི་རིམ་པ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ། དེ་ཉིད་དང་ལོ་ཙཱ་བ་ ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྒོམ་པའི་རིམ་པའི་མན་ངགསློབ་ དཔོན་ཆེན་པོ་དཔལ་ཡེ་ཤེས་གྲགས་པས་མཛད་པ། པཎྜི་ཏ་པདྨ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ ཆེན་བཟང་པོའི་འགྱུར། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པའི་སྒོམ་པ་མདོའི་རྗེས་སུ་ འགྲོ་བ་ཞེས་བྱ་བ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་མཧཱ་མ་ཏིས་མཛད་པ། ཨཱ་ཙཱརྱ་བི་ནཱ་ཡ་ ཙནྡྲ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྣལ་འབྱོར་ལ་འཇུག་པའི་མན་ངག་སློབ་ དཔོན་ཆོས་ཀྱི་དབང་པོས་མཛད་པ། པཎྜི་ཏ་ཛ་རད་ད་ན་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་ འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག་སློབ་དཔོན་མཁས་པ་ཆེན་པོ་ རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ ཀྱི་འགྱུར། རྣལ་འབྱོར་སྤྱོད་པའི་སྒོམ་པའི་དོན་མདོར་བསྡུས་ཏེ་བསྟན་པ། སློབ་དཔོན་ཡེ་ ཤེས་ཟླ་བས་མཛད་པ། མཁན་པོ་པྲཛྙཱ་ཝརྨ་དང༌། བནྡེ་ཡེ་ཤེས་སྡེའི་འགྱུར། བདེ་བར་ གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། མཁས་པ་ཆེན་པོ་ཛཻ་ཏ་རིས་ མཛད་པ། པཎྜི་ཏ་ཤཱནྟི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ཡོན་ཏན་བདུན་བསྟན་པའི་ 7-1-183 གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་ཀ་མ་ལ་གུཔྟ་དང་ལོ་ཙཱ་བ་རིན་ཆེན་ བཟང་པོའི་འགྱུར། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། མཁན་པོ་ཞི་བ་ལྷས་ མཛད་པ། བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ་ཞེས་བྱ་བ་དཔལ་མར་མེ་ མཛད་ཡེ་ཤེས་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཐེག་པ་ཆེན་པོ་ཉི་ཤུ་པ་ འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཨཱ་ནནྡ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་ རབ་ཀྱི་འགྱུར། འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ། འཕགས་པ་ཀླུ་སྒྲུབ་ཀྱིས་ མཛད་པ། པཎྜི་ཏ་དྷརྨ་ཤྲཱི་དང༌། ལོ་ཙཱ་བ་ལེགས་པའི་བློ་གྲོས་དང༌། ཛྙཱ་ཀུ་མཱ་རའི་འགྱུར་ལ། སླད་ཀྱི་དཔལ་བརྩེགས་རཀྵི་ཏས་བཅོས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ ལེའུར་བྱས་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ་པར་ བཤད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་འཕགས་ པ་ཀླུ་སྒྲུབ་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་ འགྱུར། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བཤད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ལོ་ཙཱ་ བ་རབ་ཞི་ཆོས་ཀྱི་བཤེས་གཉེན་གྱི་འགྱུར་ལ་གཞི་བྱས་ནས་གུ་རུབ་ཆོས་ཀྱི་ཤེས་རབ་དང༌། སེང་དཀར་ཤཱཀྱ་འོད་དང༌། ཤེས་རབ་གྲགས་དང༌། མར་པ་ཆོས་ཀྱི་དབང་ཕྱུག་དང༌། པ་ཚབ་ ཉི་མ་གྲགས་དང༌། མང་ནད་གྲགས་འབྱོར་ཤེས་རབ་ཀྱི་འགྱུར་བདུན་ལས་དོན་གང་བཟང་ བ་རྣམས་བྲིས་པ་ཡིན་ནོ། །བླ་ན་མེད་པར་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ ཏ་ལོ་ཏྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། སྲིད་པ་ལས་འདས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་ མཛད་པ། ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ཡོན་ཏན་ མཐའ་ཡས་པར་བསྟོད་པ་སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པ། པཎྜི་ཏ་སརྦ་ཛྙཱ་ 7-1-184 དེ་བ་དང༌། ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར་ལ། བནྡེ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་ པ། དེའི་འགྲེལ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། པཎྜི་ཏ་སརྦ་ཛྙཱ་དེ་བ་དང་ལོ་ ཙཱ་བ་རིན་ཆེན་མཆོག་གི་འགྱུར་ལ། བནྡེ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ། ཡོན་ཏན་ མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་ མཛད་པ་དང༌། ཁྱད་པར་དུ་འཕགས་པར་བསྟོད་པ་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་ པ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་སློབ་དཔོན་བདེ་བྱེད་བདག་པོས་མཛད་པ་རྣམས། པཎྜི་ཏ་སརྦ་ཛྙཱ་དེ་བ་དང༌། ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར་ལ། དཔལ་བརྩེགས་ཀྱིས་ བཅོས་པ། གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། སྐྱབས་འགྲོ་ཡན་ལག་ དྲུག་པ་སློབ་དཔོན་བི་མ་ལས་མཛད་པ། དྲི་མ་མེད་པའི་རིན་པོ་ཆེའི་ཕྲིན་ཡིག་ཇོ་བོ་རྗེས་ རྒྱལ་པོ་ནིརྱ་ཕ་ལ་ལ་བརྫངས་པ་ཤློ་ཀ་བཞི་བཅུ་པ། བླ་མ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་ རྒྱལ་བའི་འགྱུར་རྣམས་ལ་བརྒྱ་དང་གསུམ་བཞུགས་སོ། ། ཆོས་རྣམས་རང་བཞིན་སྟོང་པར་སྟོན་པའི་ཚུལ། ། འཕགས་མཆོག་ཀླུ་སྒྲུབ་རྗེས་འབྲངས་བཅས་པའི་གཞུང༌། ། ལྟ་སྒོམ་སྤྱོད་པ་གསལ་བར་བྱེད་པ་ཡི། ། བསྟན་བཅོས་ཉིས་བརྒྱ་ལྔ་བཅུ་རྩ་ལྔ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། དབུ་མའི་ སྐོར་གྱི་ལེའུ་སྟེ་གཉིས་པའོ།། །། གཉིས་པ་བཀའ་འཁོར་ལོ་རིམ་པ་གསུམ་པ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ བཀའི་དགོངས་པ་གཙོ་ཆེར་འགྲེལ་བར་བྱེད་པའི་བསྟན་བཅོས་ལ། བཀའ་སོ་སོའི་དགོངས་ 7-1-185 འགྲེལ་དང༌། སྤྱིའི་དགོངས་འགྲེལ་གཉིས་ལས། བཀའ་སོ་སོའི་དགོངས་འགྲེལ་ནི། ཁི་པ་ལ་མདོ་སྡེ་དགོངས་པ་ངེས་པར་འགྲེལ་བའི་འགྲེལ་པ་སློབ་དཔོན་འཕགས་པ་ ཐོགས་མེད་ཀྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། བནྡེ་ཡེ་ཤེས་སྡེའི་ འགྱུར། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་སངས་རྒྱས་རྗེས་དྲན་གྱི་འགྲེལ་ པ། ཆོས་རྗེས་དྲན་གྱི་འགྲེལ་པ། དགེ་འདུན་རྗེས་དྲན་གྱི་འགྲེལ་པ་གསུམ། པཎྜི་ཏ་ཨ་ཛི་ཏ་ ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སཱ་ ལུ་ལྗང་པའི་ཚིག་ལེའུར་བྱས་པ་དང༌། སཱ་ལུ་ལྗང་པའི་རྒྱ་ཆེར་བཤད་པ་བརྒྱ་ཕྲག་བཅུ་གཉིས་ པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་གཉིས། པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ལེགས་པའི་བློ་གྲོས་དང༌། ཛྙཱ་ན་ཀུ་མཱ་རས་བསྒྱུར་ནས། བནྡེ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ། སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་པ་སློབ་ དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་དཱ་ན་ཤི་ལ་དང་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་ འགྱུར། འཕགས་པ་ག་ཡ་གོ་རིའི་མདོའི་རྣམ་པར་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་ མཛད་པ། རྒྱ་གར་གྱི་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་ཡེ་ཤེས་སྡེའི་འགྱུར། ག་ཡ་གོ་རིའི་མདོ་དང་ སྤེལ་མར་བཤད་པ་སློབ་དཔོན་ཤཱཀྱ་བློས་མཛད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་ པའི་ཚིགས་སུ་བཅད་པ་གཅིག་པའི་བཤད་པ། སྒོ་དྲུག་པའི་གཟུངས་ཀྱི་བཤད་པ། ཆོས་ བཞི་པའི་མདོ་ཡི་བཤད་པ། ཆོས་བཞི་པའི་མདོའི་རྣམ་པར་བཤད་པ་རྒྱ་ཆེར་འགྲེལ་པ་སློབ་ དཔོན་ཡེ་ཤེས་བྱིན་གྱིས་མཛད་པ། པཎྜི་ཏ་དཱ་ན་ཤཱི་ལ་དང་པྲཛྙཱ་ཝརྨ་དང༌། བནྡེ་ཡེ་ཤེས་སྡེའི་ འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མདོ་སྡེ་ས་བཅུ་པའི་རྣམ་པར་བཤད་པ། མཁན་པོ་མཉྫུ་ཤྲཱི་གརྦྷ་དང་པྲ་ཛྙཱ་ཝརྨ་དང་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་དང༌། དཔལ་བརྩེགས་ཀྱི་ འགྱུར། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་འབྱེད་པ་བཤད་པ་བམ་པོ་བཞི་ 7-1-186 པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ལིའི་མཁན་པོ་སུ་རེནྡྲ་ཀ་ར་པྲ་བྷ་བ་དང༌། ལོ་ཙཱ་ བ་དགེ་སློང་ནམ་མཁའི་འགྱུར་རྣམས་བཞུགས་སོ། ། གི་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་དང་པོ་དང་རྣམ་པར་འབྱེད་པ་བཤད་པའི་རྒྱ་ཆེར་ བཤད་པ་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཛད་པ་བམ་པོ་བཅུ་གཅིག་པ། ལིའི་མཁན་པོ་ སུ་རེནྡྲ་ཀཱ་ར་པྲ་བྷཱ་བ་དང་ལོ་ཙཱ་བ་དགེ་སློང་ནམ་མཁའི་འགྱུར། འཕགས་པ་བློ་གྲོས་མི་ཟད་ པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་གཉིས་ བཞུགས་སོ། ། ངི་པ་ལ་སངས་རྒྱས་སའི་རྣམ་པར་བཤད་པ་སློབ་དཔོན་ངང་ཚུལ་བཟང་པོས་མཛད་ པ། མདོ་སྡེ་ས་བཅུ་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་བཤད། སློབ་དཔོན་ཉི་མ་གྲུབ་ཀྱིས་མཛད་པ། པཎྜི་ཏ་པྲཛྙཱ་ཝརྨ་དང༌། ལོ་ཙཱ་བ་དཔལ་བརྩེགས་རཀྵི་ ཏའི་འགྱུར། ས་བཅུ་པའི་གླེང་གཞིའི་བཤད་པ། སློབ་དཔོན་ཤཱཀྱ་བློས་མཛད་པ། རྣམ་པར་ མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཀཱ་མ་ལ་ཤཱི་ལས་མཛད་ པ། པཎྜི་ཏ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར། སཱ་ལུ་ ལྗང་པའི་མདོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ཚིགས་སུ་བཅད་པ་ གཉིས་པའི་བཤད་པ་སློབ་དཔོན་མཛེས་བཀོད་ཀྱིས་མཛད་པ། འདའ་ཀ་ཡེ་ཤེས་ཀྱི་མདོའི་ རྣམ་པར་བཤད་པ་སློབ་དཔོན་པྲཛྙཱ་ས་མུ་དྲས་མཛད་པ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་ མདོའི་དོན་གསལ་བ་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་ཞི་བ་ལྷས་མཛད་པ། པཎྜི་ཏ་དྷརྨ་རཱ་ ཛ་དང་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་འགྱུར། བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ་ སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཤཱནྟ་རཀྵི་ཏ་དང་ལོ་ཙཱ་བ་རྙེ་བ་དེ་བ་ གྷོ་ཥའི་འགྱུར། བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ་བྱང་ཆུབ་སེམས་དཔའི་བསླབ་ 7-1-187 པའི་རིམ་པ་ཞེས་བྱ་བ་སློབ་དཔོན་ཛཻ་ཏཱ་རིས་མཛད་པ། བལ་པོ་པཎྜི་ཏ་དང༌། ཚོགས་ལོ་ཙཱ་ བའི་འགྱུར། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཆོ་གའི་བཤད་པ་ཞེས་བྱ་བ་ཇོ་བོ་རྗེས་མཛད་ པ། པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱ་བའི་འགྱུར། ཕུང་པོ་གསུམ་པའི་སྒྲུབ་ཐབས་སློབ་དཔོན་ ནག་པོ་པས་མཛད་པ། ཇོ་བོ་རྗེས་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཕགས་པ་དཀོན་ མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་འོད་སྲུང་གི་ལེའུའི་རྣམ་ པར་བཤད་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་རྣམས་བཞུགས་སོ། ། ཅི་པ་ལ་ཏིང་ངེ་འཛིན་རྒྱལ་པོའི་འགྲེལ་པ་གྲགས་བའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ འཇམ་དཔལ་གྲགས་པས་མཛད་པ། པཎྜི་ཏ་ཞི་བ་བཟང་པོ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་ བའི་འགྱུར། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཤད་སྦྱར་འཕགས་པ་ཀླུ་སྒྲུབ་ ཀྱིས་མཛད་པ། པཎྜི་ཏ་ཐིག་ལེ་བུམ་པ་དང་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཤད་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། བཟང་ པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་ མཛད་པ། པཎྜི་ཏ་ཤཱཀྱ་སིང་ཧ་དང་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར། བཟང་པོ་སྤྱོད་ པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་རྒྱན་བཟང་པོས་མཛད་པ། པཎྜི་ ཏ་ཛྙཱ་ན་གརྦྷ་དང༌། བནྡེ་དཔལ་བརྩེགས་ཀྱི་འགྱུར། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་ པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་ཨཱ་ནནྡ་དང་ལོ་ཙཱ་དགེ་སློང་བྷ་དྲ་པཱ་ ལའི་འགྱུར། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱམས་པའི་ལེའུ་ཉི་ཚེ་ བཤད་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་རྣམས་བཞུགས་སོ། ། ཆི་ཇི་གཉིས་ལ་མདོ་སྡེ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་རྒྱ་ཆེར་འགྲེལ་པ། རྒྱའི་ མཁན་པོ་ཝེན་ཚེག་གིས་མཛད་པ། ལོ་ཙཱ་བ་འགོ་ཆོས་གྲུབ་ཀྱི་འགྱུར་བཞུགས་སོ། ། 7-1-188 ཉི་པ་ལ་དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་སིངྒ་གླིང་གི་སློབ་དཔོན་སའི་རྩ་ལག་ གིས་མཛད་པ་དང༌། འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ་སློབ་དཔོན་ཡེ་ཤེས་ དཔལ་བཟང་པོས་མཛད་པ་གཉིས་བཞུགས་སོ། ། ཏི་པ་ལ་མདོ་སྡེ་ལང་ཀར་གཤེགས་པའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོ་རྒྱན་ ཞེས་བྱ་བ་རྒྱའི་མཁན་པོ་ཛྙཱ་ན་བཛྲས་མཛད་པ་བཞུགས་སོ། ། རྒྱལ་བའི་སྙིང་པོ་རབ་སྟོན་ངེས་པའི་དོན། ། སྟོང་དང་མི་སྟོང་བདག་དང་བདག་མེད་སོགས། ། ལེགས་པར་རྣམ་ཕྱེ་འཁོར་ལོ་གསུམ་པ་ཡི། ། དགོངས་འགྲེལ་བསྟན་བཅོས་བཞི་བཅུ་རྩ་གཅིག་བཞུགས། ། བསྟན་བཅོས་འགྱུར་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། བཀའ་ཐ་མའི་ མདོ་སྡེ་སྣ་ཚོགས་ཀྱི་འགྲེལ་བའི་སྐོར་ཏེ་ལེའུ་གསུམ་པའོ།། །། གཉིས་པ་སྤྱིའི་དགོངས་འགྲེལ་ལ། བཀའ་འཁོར་ལ་གསུམ་པའི་དོན་གཙོ་བོར་སྟོན་ ཅིང༌། སྤྱིར་ཐེག་ཆེན་ཐམས་ཅད་ཀྱི་དགོངས་པ་འགྲེལ་བའི་བསྟན་བཅོས་ལ། ཐི་པ་ལ་བཅོམ་ལྡན་འདས་བྱམས་པ་མགོན་པོས་མཛད་པ་མདོ་སྡེ་རྒྱན་གྱི་རབ་ཏུ་བྱེད་ པ་བམ་པོ་གསུམ་པ། པཎྜི་ཏ་ཤཱཀྱ་སིང་ཧ་དང་ལོ་ཙཱ་བ་དཔལ་བརྩེགས་ལ་སོགས་པའི་ འགྱུར། མགོན་པོ་བྱམས་པས་མཛད་པའི་དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་ བཅོས། པཎྜི་ཏ་ཛི་ན་མི་ཏྲ་དང་ཤཱི་ལེནྡྲ་བོ་དྷི་དང་བནྡེ་ཡེ་ཤེས་སྡེའི་འགྱུར། ཆོས་དང་ཆོས་ ཉིད་རྣམ་པར་འབྱེད་པ་འཕགས་པ་བྱམས་པས་མཛད་པ། པཎྜི་ཏ་ཞི་བ་བཟང་པོ་དང་ལོ་ཙཱ་ བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལ། པཎྜི་ཏ་པཱ་ར་ཧི་ཏ་དང་ལོ་ཙཱ་བ་གཟུ་དགའ་བ་རྡོ་རྗེས་ བཅོས་པ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་མགོན་པོ་བྱམས་པས་ 7-1-189 མཛད་པ། པཎྜི་ཏ་མཧཱ་ཛ་ན་དང་ལོ་ཙཱ་བ་ཞ་མ་སེང་རྒྱལ་གྱི་འགྱུར། ཐེག་པ་ཆེན་པོའི་རྒྱུད་ཕྱི་མ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པའི་མདོ་ཟབ་ མོ་རྣམས་ཀྱི་དགོངས་འགྲེལ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་མགོན་པོ་བྱམས་ པས་མཛད་པ། པཎྜི་ཏ་སད་ཛ་ན་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། རྒྱུད་བླ་མའི་ འགྲེལ་པ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ། པཎྜི་ཏ་སད་ཛ་ན་དང༌། ལོ་ཙཱ་ བ་བློ་ལྡན་ཤེས་རབ་ཀྱི་འགྱུར། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་བཤད་པ་སློབ་དཔོན་དབྱིག་ གཉེན་གྱིས་མཛད་པ་ཤློ་ཀ་སུམ་སྟོང་དང་དྲུག་བརྒྱ་ལྔ་བཅུ་པ། པཎྜི་ཏ་ཤཱཀྱ་སིང་ཧ་དང་ལོ་ཙཱ་ བ་དཔལ་བརྩེགས་ལ་སོགས་པའི་འགྱུར། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ་ སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་ པའི་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་མཧཱ་ཛ་ན་དང་ལོ་ཙཱ་བ་ བློ་ལྡན་ཤེས་རབ་ཀྱི་འགྱུར། མདོ་སྡེ་རྒྱན་གྱི་འགྲེལ་བཤད་སློབ་དཔོན་བཙུན་པ་ངོ་བོ་ཉིད་ མེད་པས་མཛད་པ། པཎྜི་ཏ་ཤཱཀྱ་སིང་ཧ་དང་ལོ་ཙཱ་བ་དཔལ་བརྩེགས་ལ་སོགས་པའི་འགྱུར་ རྣམས་བཞུགས་སོ། ། དི་ནི་གཉིས་ལ་མདོ་སྡེ་རྒྱན་གྱི་འགྲེལ་བཤད་སློབ་དཔོན་བློ་གྲོས་བརྟན་པས་མཛད་ པར་གྲགས་པ། མཁན་པོ་མུ་ནེ་ཙནྡྲ་དང་ལོ་ཙཱ་བ་ལྕེ་བཀྲ་ཤིས་ཀྱི་འགྱུར། མདོ་སྡེ་རྒྱན་གྱི་ ཚིག་དང་པོ་གཉིས་ཀྱི་བཤད་པ་སློབ་དཔོན་གཞན་ལ་ཕན་པ་བཟང་པོས་མཛད་པ། པཎྜི་ཏ་ དེ་ཉིད་དང་ལོ་ཙཱ་བ་གཞོན་ནུ་མཆོག་གི་འགྱུར། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་དོན་བསྡུས་པ་ སློབ་དཔོན་ཛྙཱ་ན་ཤྲཱི་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར། དབུས་མཐའི་འགྲེལ་བཤད་སློབ་དཔོན་བློ་བརྟན་གྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ 7-1-190 ལེནྡྲ་བོ་དྷི་དང་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས་སོ། ། པི་པ་ལ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔའི་དང་པོ་རྣལ་ འབྱོར་སྤྱོད་པའི་སའི་དངོས་གཞི་ས་མང་པོ་པ་ཤློ་ཀ་བརྒྱད་སྟོང་དགུ་བརྒྱ་བརྒྱད་ཅུ་རྩ་བཞི་པ་ བཞུགས་སོ། ། ཕི་པ་ལ་ཉན་ཐོས་ཀྱི་ས་ཤློ་ཀ་དྲུག་སྟོང་པ། བྱང་ཆུབ་སེམས་དཔའི་ས་དང་སའི་གོ་རིམ་ ཤློ་ཀ་དྲུག་སྟོང་བདུན་བརྒྱ་ལྔ་བཅུ་པ། པཎྜི་ཏ་པྲཛྙཱ་ཝརྨ་དང༌། བནྡེ་ཡེ་ཤེས་སྡེའི་འགྱུར་ བཞུགས་སོ། ། བི་པ་ལ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་བམ་པོ་བཞི་བཅུ་རྩ་གསུམ་པ་པཎྜི་ཏ་པྲཛྙཱ་ ཝརྨ་དང༌། སུ་རེནྡྲ་བོ་དྷི་དང༌། བནྡེ་ཡེ་ཤེས་སྡེའི་འགྱུར་བཞུགས་སོ། ། མི་པ་ལ་གཞི་བསྡུ་བའི་ནང་གི་མདོ་སྡེ་བསྡུ་བ་བམ་པོ་ཉི་ཤུ་རྩ་གཉིས་པ་ཤློ་ཀ་དྲུག་སྟོང་ བདུན་བརྒྱ་དགུ་བཅུ་རྩ་གསུམ་པ། པཎྜི་ཏ་པྲཛྙཱ་ཝརྨ་དང༌། ཛི་ན་མི་ཏྲ་དང༌། བནྡེ་ཡེ་ཤེས་སྡེའི་ འགྱུར། གཞི་བསྡུ་བའི་ནང་གི་འདུལ་བ་བསྡུ་བ་པཎྜི་ཏ་པྲཛྙཱ་ཝརྨ་དང༌། ཛི་ན་མི་ཏྲ་དང་བནྡེ་ ཡེ་ཤེས་སྡེའི་འགྱུར། རྣམ་གྲངས་བསྡུ་བ་ཤློ་ཀ་བདུན་བརྒྱ་ཉི་ཤུ་རྩ་ལྔ་པ། རྣམ་པར་བཤད་པ་ བསྡུ་བ་ཤློ་ཀ་ལྔ་བརྒྱ་བདུན་ཅུ་རྩ་ལྔ་པ། པཎྜི་ཏ་པྲཛྙཱ་ཝརྨ་དང་སུ་རེནྡྲ་བོ་དྷི་དང་བནྡེ་ཡེ་ཤེས་ སྡེའི་འགྱུར་ཏེ། དེ་ལྟར་ས་སྡེ་ལྔ་ལ་ཤློ་ཀ་བཞི་ཁྲི་ལྔ་སྟོང་བམ་པོ་བརྒྱ་དང་ལྔ་བཅུ་བཞུགས་ སོ། །སའི་སྟོད་འགྲེལ་ཇི་སྙེད་པ་བཞུགས། འདི་ལ་སྔོན་གྱི་གནའ་མཆན་ལས་ཛི་ན་མི་ཏྲས་མཛད་པར་བཤད་བྱང་ཆུབ་སེམས་ དཔའི་སའིའགྲེལ་པ་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་ཆད་སློབ་དཔོན་ཡོན་ཏན་འོད་ ཀྱིས་མཛད་པ་ཇི་སྙེད་འགྱུར་བ་ཇོ་བོ་རྗེ་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བྱང་ སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། པཎྜི་ཏ་པྲཛྙཱ་ 7-1-191 ཝརྨ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། བྱང་སའི་ཚུལ་ཁྲིམས་ལེའུའི་རྒྱ་ཆེར་འགྲེལ་པ་སློབ་ དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། པྲཛྙཱ་ཝརྨ་དང༌། ལོ་ཙཱ་བ་ཡེ་ ཤེས་སྡེའི་འགྱུར་རྣམས་བཞུགས་སོ། ། ཙི་པ་ལ་བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་སློབ་དཔོན་རྒྱ་མཚོ་སྤྲིན་གྱིས་མཛད་པ། པཎྜི་ཏ་ཞི་བ་བཟང་པོ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་བཞུགས་སོ། ། ཚི་པ་ལ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཐེག་པ་ཆེན་པོའི་སྡོམ་ཐེག་ བསྡུས་བམ་པོ་བཞི་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང་བནྡེ་ཡེ་ཤེས་སྡེའི་འགྱུར། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཐེག་པ་ཐུན་མོང་གི་སྡོམ་ཆོས་མངོན་པ་ ཀུན་ལས་བཏུས་པ་བམ་པོ་ལྔ་པ། པཎྜི་ཏ་ཛི་ན་མི་ཏྲ་དང་ཤཱི་ལེན་ཏྲ་བོ་དྷི་དང་བནྡེ་ཡེ་ཤེས་ སྡེའི་འགྱུར། ཐེག་བསྡུས་ཀྱི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཤློ་ཀ་ཉིས་ སྟོང་ཆིག་བརྒྱ་བརྒྱད་ཅུ་པ་བམ་པོ་བརྒྱད་པ། པཎྜི་ཏ་ཇོ་བོ་རྗེ་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་ བའི་འགྱུར། ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་ པས་མཛད་པ་ཤློ་ཀ་ཉིས་སྟོང་བདུན་བརྒྱ་བདུན་ཅུ་རྩ་བཞི་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ ལེནྡྲ་བོ་དྷི་དང་བནྡེ་ཡེ་ཤེས་སྡེའི་འགྱུར། ཐེག་བསྡུས་ཀྱི་གནས་དང་པོའི་བཤད་པ་དོན་ གསང་བ་རྣམ་པར་ཕྱེ་བ་བསྡུས་ཏེ་བཤད་པ་ཇི་སྙེད་པ་རྣམས་བཞུགས་སོ། །འདི་ལ་སྔོན་གྱི་ དཀར་ཆག་ལ་སློབ་དཔོན་དབྱིག་གཉེན་གྱིས་མཛད་ཟེར་བ་སྣང་སྟེ་མིན་པ་འདྲའོ། ། ཛི་པ་ལ་ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ་བམ་པོ་དགུ་པ་སློབ་དཔོན་རྒྱལ་ བའི་སྲས་ཀྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང་བནྡེ་ཡེ་ཤེས་སྡེའི་འགྱུར། ཀུན་ལས་བཏུས་ཀྱི་རྩ་བ་དང་འགྲེལ་པ་རྒྱལ་སྲས་མ་གཉིས་བསྲེས་པའི་བཤད་པ་ལོ་ཙཱ་བ་ ཡེ་ཤེས་སྡེའི་འགྱུར་དང་ཉི་མ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་ 7-1-192 པའི་ཐམས་ཅད་རྣམ་རིག་ཙམ་དུ་སྟོན་པ་སུམ་ཅུ་པའི་ཚིག་ལེའུར་བྱས་པ། པཎྜི་ཏ་ཛི་ན་མི་ ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཕྱི་རོལ་གྱི་དོན་འགོག་པ་ཉི་ཤུ་པའི་ ཚིག་ལེའུར་བྱས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་ བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཉི་ཤུ་པའི་རང་འགྲེལ་སློབ་དཔོན་ དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་ འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རང་བཞིན་གསུམ་ངེས་པར་བསྟན་པ། པཎྜི་ཏ་ཞི་བ་བཟང་པོ་དང་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། ཕུང་པོ་ལྔའི་རབ་ཏུ་བྱེད་ པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྣམ་ པར་བཤད་པའི་རིགས་པ་མདོ་སྡེའི་དུམ་བུ་བརྒྱ། པཎྜི་ཏ་བི་ཤུདྡྷ་སིང་ཧ་དང༌། སརྦ་ཛྙཱ་དེ་ཝ་ དང༌། ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཞིང༌། མཉྫུ་ཤྲཱི་ཝརྨས་ཞུས་པ་རྣམས་བཞུགས་ སོ། ། ཝི་པ་ལ་རྣམ་པར་བཤད་པའི་རིགས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བམ་ པོ་བཅུ་པ། པཎྜི་ཏ་བི་ཤུདྡྷ་སིང་ཧ་དང༌། ཤཱཀྱ་སིང་ཧ་དང༌། ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏའི་ འགྱུར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ལས་གྲུབ་པའི་རབ་ཏུ་བྱེད་པ། པཎྜི་ཏ་བི་ ཤུདྡྷ་སིང་ཧ་དང༌། ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང་དཔལ་བརྩེགས་ཀྱིས་གཏན་ ལ་ཕབ་པ། ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས་སློབ་དཔོན་དབྱིག་ གཉེན་གྱིས་མཛད་པ། རྒྱའི་ལོ་ཙཱ་བ་ཐང་སང་ཙང་གིས་རྒྱ་གར་གྱི་སྐད་ལས་རྒྱའི་སྐད་དུ་ བསྒྱུར་ཅིང༌། ཕྱིས་རྒྱ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་རྒྱའི་སྐད་ལས་བོད་ཀྱི་ སྐད་དུ་བསྒྱུར་བ། སུམ་ཅུ་པའི་བཤད་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ། པཎྜི་ཏ་ཛི་ན་ 7-1-193 མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། རབ་ཏུ་བྱེད་པ་ཉི་ཤུ་པའི་འགྲེལ་ བཤད། སློབ་དཔོན་དུལ་བའི་ལྷས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཕུང་པོ་ལྔའི་བྱེ་བྲག་ཏུ་བཤད་པ་བམ་པོ་བཞི་པ་ སློབ་དཔོན་བློ་བརྟན་གྱིས་མཛད་པ། ཕུང་པོ་ལྔའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་སའི་རྩ་ལག་ གིས་མཛད་པ། ཕུང་པོ་ལྔའི་རྣམ་པར་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ་དང༌། བནྡེ་ཡེ་ཤེས་སྡེའི་འགྱུར། རྣམ་བཤད་རིགས་པའི་ འགྲེལ་པ་བམ་པོ་བཅོ་ལྔ་པ། པཎྜི་ཏ་བི་ཤུདྡྷ་སིང་ཧ་དང༌། ཤཱཀྱ་སིང་ཧ་དང༌། ལོ་ཙཱ་བ་དེ་ཝེནྡྲ་ རཀྵི་ཏའི་འགྱུར་ཚིགས་བཅད་བཞི་སྟོང་ཆིག་བརྒྱ་པ་བཞུགས་སོ། ། ཞི་པ་ལ་སུམ་ཅུ་པའི་འགྲེལ་བཤད་བམ་པོ་ལྔ་པ་སློབ་དཔོན་དུལ་བའི་ལྷས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། བནྡེ་ཡེ་ཤེས་སྡེའི་འགྱུར། ལས་ གྲུབ་པའི་རབ་ཏུ་བྱེད་པའི་འགྲེལ་པ། བློ་བཟང་ངང་ཚུལ་གྱིས་མཛད་པ། པཎྜི་ཏ་བི་ཤུདྡྷ་སིང་ ཧ་དང་ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང༌། བནྡེ་དཔལ་བརྩེགས་ཀྱིས་གཏན་ལ་ ཕབ་པ། སློབ་དཔོན་ཤཱནྟི་པས་མཛད་པའི་དབུ་མའི་རྒྱན་གྱི་འགྲེལ་པ། དབུ་མའི་ལམ་གྲུབ་ པ་ཞེས་བྱ་བ་བོད་ལ་སེམས་ཙམ་རྒྱན་ཞེས་གྲགས་པ་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། དེ་ལྟར་ལྟ་ བ་གཏན་ལ་འབེབས་པའི་བསྟན་བཅོས་རྣམས་བསྟན་ནས། སྒོམ་པ་གཏན་ལ་འབེབས་པའི་ བསྟན་བཅོས་ནི། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བསམ་གཏན་གྱི་སྒྲོན་ མ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་རྣལ་འབྱོར་ ལ་འཇུག་པ་ཞེས་བྱ་བ། པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དེའི་དོན་འགྲེལ་རྣལ་འབྱོར་ལ་འཇུག་པའི་མན་ངག་སློབ་དཔོན་ཆོས་ཀྱི་དབང་པོས་མཛད་ པ། པཎྜི་ཏ་ཛ་རད་དཱ་ན་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ 7-1-194 ཕྱིན་པའི་མན་ངག་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་ཞི་བ་བཟང་ པོ་དང་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། རྣལ་འབྱོར་སྤྱོད་པའི་སྒོམ་པའི་དོན་མདོར་ བསྡུས་ནས་བསྟན་པ། སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པ། པཎྜི་ཏ་པྲཛྙཱ་ཝརྨ་དང་ལོ་ཙཱ་བ་ ཡེ་ཤེས་སྡེའི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག་སློབ་དཔོན་ཤཱནྟི་ པས་མཛད་པ། པཎྜི་ཏ་རབ་འབྱོར་ཞི་བ་དང་ལོ་ཙཱ་བ་ཏིང་ངེ་འཛིན་བཟང་པོའི་འགྱུར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག་སློབ་དཔོན་ཤནྟི་པས་མཛད་པ། (འདི་གོང་ གི་ཤེར་ཕྱིན་མན་ངག་ནས་བཀོལ་བར་སྣང་)པཎྜི་ཏ་ཞི་བ་བཟང་པོ་དང༌། ལོ་ཙཱ་བ་འགོས་ ལྷས་བཙས་ཀྱི་འགྱུར། དགེ་བའི་སྡོང་པོ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་རཏྣ་ཀཱིརྟིས་ མཛད་པ། སྤྱོད་པ་དང་བསླབ་བྱ་སྟོན་པའི་སྐོར་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ། སློབ་ དཔོན་ཙནྡྲ་གོ་མིས་མཛད་པ། དེའི་འགྲེལ་པ་སློབ་དཔོན་ཞི་བ་འཚོས་མཛད་པ། པཎྜི་ཏ་བིདྱཱ་ ཀ་ར་སིང་ཧ་དང༌། ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨའི་འགྱུར་བམ་པོ་གཉིས་པ། སྡོམ་པ་ཉི་ཤུའི་དཀའ་ འགྲེལ་གནས་བརྟན་བྱང་ཆུབ་བཟང་པོས་མཛད་པ། པཎྜི་ཏ་ཀྵེ་ལ་ཀ་ག་ན་དང་ལོ་ཙཱ་བ་མང་ འོར་བྱང་ཆུབ་ཤེས་རབ་ཀྱི་འགྱུར། ཆོས་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་ དཔོན་རཏྣ་ཀཱིརྟིས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ལ་མཆིམས་ཡོན་ཏན་འབར་གྱི་ འགྱུར། དབུ་མ་རྒྱན་གྱི་མན་ངག་ཅེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་ པ། པཎྜི་ཏ་ཨ་མོ་གྷ་དང༌། འོ་རུ་ལོ་ཙཱ་བའི་འགྱུར། འདི་ཐམས་ཅད་བོད་ན་སེམས་ཙམ་ ལུགས་ཁོ་ནར་གྲགས་ནའང༌། འགྲེལ་པ་དང་འགྲེལ་བཤད་ལ་ལ་སེམས་ཙམ་དུ་གསལ་ ཡང༌། བྱམས་ཆོས་ལ་སོགས་ཕལ་ཆེ་བ་ནི་འཁོར་ལོ་གསུམ་པའི་ཚུལ་དང་མཐུན་པའི་དབུ་ མའི་བསྟན་བཅོས་ཉིད་ཡིན་ནོ། ། 7-1-195 གནས་སྐབས་རྣམ་རིགས་ཙམ་གྱི་ཚུལ་བསྟན་ནས། ། སྒྲོ་བསྐུར་མཐའ་བྲལ་དབུ་མ་ཆེན་པོའི་ལམ། ། གསལ་བྱེད་བྱམས་པ་ཐོགས་མེད་རྗེས་འབྲང་གཞུང༌། ། བཅུ་ཕྲག་དྲུག་ལ་གཉིས་ཀྱིས་བརྒྱན་པ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། བཀའ་ འཁོར་ལོ་གསུམ་པའི་སྤྱིའི་དགོངས་འགྲེལ་གྱི་སྐོར་གྱི་ལེའུ་སྟེ་བཞི་པའོ།། །། གསུམ་པ་བཀའ་འཁོར་ལོ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀའི་ དགོངས་པ་འགྲེལ་བའི་བསྟན་བཅོས་ལ། དང་པོ་ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་པ་ མངོན་པའི་བསྟན་བཅོས་ནི། འཕགས་པ་མོའུ་འགལ་གྱི་བུ་ཆེན་པོས་མཛད་པའི་གདགས་ པའི་བསྟན་བཅོས་ལ་འཇིག་རྟེན་བཞག་པ་བམ་པོ་དགུ། འདི་ལ་དཀར་ཆག་ཆེན་མོ་ནས་ བམ་པོ་བདུན་ཞེས་འབྱུང༌། ཟི་པ་ལ་རྒྱུ་གདགས་པ་བམ་པོ་དྲུག་ཛི་ན་མི་ཏྲ་དང༌། པྲཛྙཱ་ཝརྨ་དང༌། ལོ་ཙཱ་བ་ཡེ་ཤེས་ སྡེ་ལ་སོགས་པའི་འགྱུར། ལས་གདགས་པ་པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། པྲཛྙཱ་ ཝརྨ་དང༌། ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་རྣམས་སོ། །འདི་དག་བྱེ་བྲག་ཏུ་སྨྲ་བ་རྣམས་ བཀའ་རུ་འདོད་ལ། མདོ་སྡེ་པ་རྣམས་བསྟན་བཅོས་སུ་བཞེད་དོ། །སློབ་དཔོན་དབྱིག་གཉེན་ གྱིས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ། པཎྜི་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་ དཔལ་བརྩེགས་རཀྵི་ཏའི་འགྱུར། ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ཞེས་ བྱ་བ་སློབ་དཔོན་འདུས་བཟང་གིས་མཛད་པ་རྣམས་བཞུགས་སོ། ། འི་པ་ལ་མཛོད་ཀྱི་རང་འགྲེལ་བམ་པོ་སུམ་ཅུ་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་ དཔལ་བརྩེགས་རཀྵི་ཏའི་འགྱུར་བཞུགས་སོ། ། 7-1-196 ཡི་རི་གཉིས་ལ་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ་ཞེས་བྱ་བ་ཤློ་ཀ་ཁྲི་ བརྒྱད་སྟོང་བམ་པོ་དྲུག་ཅུ་པ། རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་བི་ཤུདྡྷ་སིང་ཧ་དང་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར་བཞུགས་སོ། ། ལི་ཤི་གཉིས་ལ་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ ཞེས་བྱ་བ་སློབ་དཔོན་གང་བ་སྤེལ་གྱིས་མཛད་པ། པཎྜི་ཏ་ཀ་ན་ཀ་ཝརྨ་དང་ལོ་ཙཱ་བ་པ་ཚབ་ ཉི་མ་གྲགས་ཀྱི་འགྱུར་བཞུགས་སོ། ། སི་པ་ལ་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ་མདོ་དང་སྦྱར་ བ་བལ་པོའི་པཎྜི་ཏ་ཞི་གནས་ལྷས་མཛད་པ། པཎྜི་ཏ་ཛ་ཡ་ཤྲཱི་དང་ལོ་ཙཱ་བ་ཁམས་པ་ཤེས་ རབ་འོད་ཟེར་གྱི་འགྱུར་བཞུགས་སོ། ། ཧི་པ་ལ་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ ཕྱོགས་ཀྱི་གླང་པོས་མཛད་པ། པཎྜི་ཏ་རྣལ་འབྱོར་ཟླ་བ་དང་ལོ་ཙཱ་བ་འཇམ་དཔལ་གཞོན་ ནུའི་འགྱུར། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་ བ་སློབ་དཔོན་གང་བ་སྤེལ་གྱིས་མཛད་པ། པཎྜི་ཏ་ཀ་ན་ཀ་ཝརྨ་དང་ཉི་མ་གྲགས་ཀྱི་འགྱུར། འདི་འགྲེལ་པ་ཆེན་མོ་ལས་མཆིམས་ཀྱིས་བཀོལ་བ་ཡིན་ནོ་ཞེས་གྲག་གོ། ཆོས་མངོན་པ་ ལ་འཇུག་པའི་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ་པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བནྡེ་ཡེ་ཤེས་སྡེའི་འགྱུར། ཆོས་མངོན་པ་ལ་འཇུག་པའི་རབ་ཏུ་བྱེད་པ་རྣམས་སོ། ། གཉིས་པ་ལྷག་པ་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད་ཀྱི་དགོངས་ འགྲེལ་ལ། ཆེད་དུ་བརྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ་ཤློ་ཀ་སྟོང་ལྔ་བརྒྱ་ བཞི་བཅུ་པ། པཎྜི་ཏ་བིདྱཱ་ཀ་ར་པྲ་བྷཱ་བ་དང༌། ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར་ལ། དཔལ་ 7-1-197 བརྩེགས་ཀྱིས་གཏན་ལ་ཕབ་པ། འདི་བྱེ་བྲག་ཏུ་སྨྲ་བ་རྣམས་བཀའ་ཉིད་དུ་འདོད་ལ། མདོ་ སྡེ་པ་རྣམས་བསྟན་བཅོས་སུ་བཞེད་པ་རྣམས་བཞུགས་སོ། ། ཨི་པ་ལ་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་ པ། ཤློ་ཀ་སྟོང་ཕྲག་བཅུ་གཉིས་དང་ལྔ་བརྒྱ་པ། པཎྜི་ཏ་ཛི་རན་དྷ་ན་དང་ལོ་ཙཱ་བ་བནྡེ་ཤཱཀྱ་ བློ་གྲོས་ཀྱི་འགྱུར། ཆོས་ཀྱི་དབྱིངས་སྙིང་པོའི་རྣམ་པར་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ མཛད་པ། པཎྜི་ཏ་ཡེ་ཤེས་སྙིང་པོ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། བསྟན་བཅོས་ ཚིགས་སུ་བཅད་པ་བསྡུས་པ་ཞེས་བྱ་བ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་ དྷརྨ་ཀ་ར་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོའི་འགྱུར་ལ། བནྡེ་དཔལ་བརྩེགས་ཀྱིས་བཅོས་ པ། ཚིགས་སུ་བཅད་པ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ ཏ་དྷརྨ་ཀ་ར་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོའི་འགྱུར་ལ། བནྡེ་དཔལ་བརྩེགས་ཀྱིས་ བཅོས་པ་རྣམས་སོ། ། གསུམ་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་ཀྱི་ དགོངས་འགྲེལ་ལ། བཀའ་སོ་སོའི་དགོངས་འགྲེལ་དང༌། སྤྱིའི་དགོངས་འགྲེལ་གཉིས་ཀྱི་ བཀའ་ལུང་སོ་སོའི་དགོངས་འགྲེལ་ལ། རྩ་བའི་ལུང་གི་དགོངས་འགྲེལ་དང༌། བཤད་པའི་ ལུང་གི་དགོངས་འགྲེལ་གཉིས་ལས། དང་པོ་ལ། རྩ་བའི་ལུང་སོ་སོར་ཐར་པའི་དགོངས་ འགྲེལ་ནི། ཀུ་པ་ལ་སོ་སོར་ཐར་པའི་མདོའི་གཞུང་འགྲེལ་སློབ་དཔོན་དཔའ་བོས་མཛད་པར་ གྲགས་པ་ཤློ་ཀ་དགུ་སྟོང་བམ་པོ་ཉི་ཤུ་རྩ་བདུན་པ། པཎྜི་ཏ་སརྦ་ཛྙཱ་དེ་ཝ་དང་ལོ་ཙཱ་བ་ཀླུའི་ རྒྱལ་མཚན་གྱི་འགྱུར་བཞུགས་སོ། ། ཁུ་པ་ལ་སོ་སོ་ཐར་པའི་འགྲེལ་པ་སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད་པ། 7-1-198 འདུལ་བ་བསྡུས་པ་ཞེས་བྱ་བ་བམ་པོ་བཅུ་གསུམ་པ། པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང༌། ཤཱཀྱ་པྲ་བྷཱ་ བ་དང༌། ལོ་ཙཱ་བ་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་བ་ལ། པཎྜི་ཏ་ཛྙཱ་ན་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་རྒྱལ་ བ་ཤེས་རབ་དང་ཤཱཀྱ་བཤེས་གཉེན་གྱི་འགྱུར། སོར་ཐར་པའི་འགྲེལ་པ་མཛད་བྱང་དང་ མེད་པ་གཅིགསོ་སོ་སོར་ཐར་པའི་འགྲེལ་པ་མི་བརྗེད་པའི་དྲན་བྱེད་མཛད་བྱང་དང་འགྱུར་ བྱང་མེད་པ་གཅིག་རྣམས་བཞུགས་སོ། ། གུ་ངུ་གཉིས་ལ་སོ་སོར་ཐར་པའི་མདོའི་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་ པ་ཞེས་བྱ་བ་སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་མཛད་པ། བམ་པོ་ལྔ་བཅུ་པར་གྲགས་ པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། སརྦ་ཛྙཱ་དེ་ཝ་དང་ཞུ་ཆེན་གྱི་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར་ བཞུགས་སོ། ། ཅུ་པ་ལ་སོ་སོར་ཐར་པའི་འགྲེལ་པ་ཚིག་གི་བརྗེད་བྱང་དཱ་ན་ཤཱི་ལས་མཛད་པར་གྲགས་ པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར། སོ་སོར་ཐར་པའི་འགྲེལ་ པ་ཚིག་གི་དགའ་བ་བསྐྱེད་པ་ཞེས་བྱ་བ། སློབ་དཔོན་མདོ་སྡེ་འཛིན་པ་ཀ་ལྱཱ་ན་མི་ཏྲས་མཛད་ པའི་དུམ་བུ་གཅིག འདུལ་བ་བྱ་བའི་ཕུང་པོ་མཇུག་མ་ཚང་བ་གཅིག དགེ་སློང་མའི་སོ་སོར་ ཐར་པའི་འགྲེལ་པ་མཛད་བྱང་དང་འགྱུར་བྱང་མེད་པ་གཅིག་དང༌། གཉིས་པ་བཤད་པའི་ལུང་གི་དགོངས་འགྲེལ་ལ། ལུང་གཞིའི་འགྲེལ་པ་མདོ་སྡེ་འཛིན་ པ་དགེ་ལེགས་བཤེས་གཉེན་གྱིས་མཛད་པ། གསོ་སྦྱོང་གི་གཞི་དགག་དབྱེའི་འཕྲོ་བམ་པོ་ བཅུ་གཉིས་པ་ཡན་ཆད་བཞུགས་སོ། ། ཆུ་པ་ལ་འདུལ་བ་ལུང་རྣམ་འབྱེད་ཀྱི་འགྲེལ་པ་སློབ་དཔོན་དུལ་བ་ལྷས་མཛད་པ་ཤློ་ ཀ་ལྔ་སོང་ཆིག་བརྒྱ་བམ་པོ་བཅུ་བདུན་པ་པཎྜི་ཏ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་ཀླུའི་རྒྱལ་མཚན་ གྱི་འགྱུར། འདུལ་བ་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ 7-1-199 མཛད་པ། པཎྜི་ཏ་ཤྲཱི་བུདྡྷ་ཤཱནྟི་དང༌། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར་གཉིས་བཞུགས་སོ། ། ཇུ་པ་ལ་འདུལ་བ་ལུང་བླ་མའི་བྱེ་བྲག་ལུང་ཞུ་བའི་འགྲེལ་པ་མདོ་སྡེ་འཛིན་པ་དགེ་བའི་ བཤེས་གཉེན་གྱིས་མཛད་པ། མགོ་མཇུག་གཉི་ག་ནས་མ་ཚང་བ་གཅིག་དང༌། གཉིས་ པ་འདུལ་བའི་བཀའ་ལུང་སྤྱིའི་དགོངས་འགྲེལ་ནི། རྩ་བའི་ལུང་དང་བཤད་པའི་ལུང་ཐམས་ ཅད་ཀྱི་དགོངས་འགྲེལ་མཚན་ཉིད་གཏན་ལ་འབེབས་པར་བྱེད་པ་འདུལ་བ་མདོ་རྩ་བ་སློབ་ དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཤློ་ཀ་ཉིས་སྟོང་བདུན་བརྒྱ་བམ་པོ་དགུ་པ། པཎྜི་ཏ་ཛི་ན་ མི་ཏྲ་དང༌། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར། ཆོ་ག་ལག་ལེན་གཏན་ལ་འབེབས་པར་བྱེད་ པ་ལས་བརྒྱ་རྩ་གཅིག་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཤློ་ཀ་སུམ་སྟོང་བདུན་ བརྒྱ་བམ་པོ་དགུར་བྱས་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར་ རྣམས་བཞུགས་སོ། ། ཉུ་ཏུ་གཉིས་ལ་འདུལ་བ་མདོའི་འགྲེལ་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ་སློབ་ དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཤློ་ཀ་སྟོང་ཕྲག་བཅུ་བཞི་པ། པཎྜི་ཏ་ཨཱ་ལངྒ་དེ་བ་དང་ལོ་ ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས་སྦས་པའི་འགྱུར་བཞུགས་སོ། ། ཐུ་དུ་གཉིས་ལ་འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་ མཛད་པ་ཤློ་ཀ་ཉི་ཁྲི་ཆིག་སྟོང་བམ་པོ་བདུན་ཅུ་པ། པཎྜི་ཏ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་ཀླུའི་རྒྱལ་ མཚན་གྱི་འགྱུར་བཞུགས་སོ། ། ནུ་པ་ལ་འདུལ་བ་མདོའི་འགྲེལ་པ་སློབ་དཔོན་ཤེས་རབ་བྱེད་པས་མཛད་པ་དང༌། འདུལ་བ་ཚིག་ལེའུར་བྱེད་པ་མེ་ཏོག་ཕྲེང་རྒྱུད་དཔལ་འཕགས་པ་ས་གའི་ལྷས་མཛད་པ་བམ་ པོ་ལྔ་པ་གཉིས་བཞུགས་སོ། ། 7-1-200 པུ་པ་ལ་འདུལ་བ་མདོའི་འགྲེལ་ཆུང་ཡོན་ཏན་འོད་མར་གྲགས་པ་བཞུགས། འདི་བོད་ མར་ཐེ་ཚོམ་ཟའོ། ། ཕུ་པ་ལ་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་ བརྒྱ་པ་དང༌། དེའི་རང་འགྲེལ་འོད་ལྡན་བམ་པོ་བརྒྱད་པ་གཉིས། པཎྜི་ཏ་སརྦ་ཛྙཱ་དེ་ཝ་དང་ ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏའི་འགྱུར། སུམ་བརྒྱ་པའི་བཤད་པ་སློབ་མ་ལ་ཕན་པ་ཞེས་བྱ་ བ་དུལ་བ་ལྷས་མཛད་པ། པཎྜི་ཏ་བུདྡྷ་ཤཱནྟི་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། དགེ་ ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཀྱང་ཟེར། ཁ་ཆེ་དགེ་ འདུན་བཟང་པོས་མཛད་ཀྱང་ཟེར་བ། པཎྜི་ཏ་མུ་ནེ་ཝརྨ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། དེའི་འགྲེལ་པ་དོན་བརྒྱད་མ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་དང༌། ཡང་ལྔ་བཅུ་པའི་ འགྲེལ་པ་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་བྱ་བ་ཞེས་བྱ་བ། འདི་བོད་ཀྱི་མཁན་ པོ་ཆེན་པོ་དག་གི་བརྗེད་བྱང་ཡིན་པ་འདྲའོ། །དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་མདོ་སྡེ་ འཛིན་པ་དགེ་བའི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་མཧཱ་ཛ་ན་དང་ལོ་ཙཱ་བ་གཞོན་ནུ་ མཆོག་གི་འགྱུར། གླེང་གཞི་དང་གང་ཟག་བསྡུས་པའི་ཚིག་ལེའུར་བྱས་པ། པཎྜི་ཏ་བ་ལ་ཤྲཱི་ བྷ་དྲས་མཛད་པ། དཔེ་ཁ་ཅིག་ན་བི་མ་ལ་ཤྲཱིས་མཛད་པ་ཟེར། དགེ་ཚུལ་གྱི་དང་པོའི་ལོ་དྲི་ བ། པཎྜི་ཏ་ན་ར་ས་དེ་བ་དང༌། ལོ་ཙཱ་བ་རྒྱལ་བ་ཤེས་རབ་ཀྱི་འགྱུར། དགེ་སློང་གི་ལོ་དྲི་བ་ སློབ་དཔོན་པད་མ་འབྱུང་གནས་ཀྱིས་མཛད་པ། པཎྜི་ཏ་དཱི་པཾ་ཀ་ར་དང་ཤྲཱི་ཛྙཱ་ན་དང་ལོ་ཙཱ་ བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་དང༌། དེའི་རང་ འགྲེལ་གཉིས་མདོ་སྡེ་འཛིན་པ་ཀ་ལྱ་ན་མི་ཏྲས་མཛད་པ། ཤློ་ཀ་སྟོང་དྲུག་བརྒྱ་དྲུག་ཅུ་རྩ་ བཞི་པ། པཎྜི་ཏ་དྷརྨ་ཀ་ར་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་དབྱིག་གི་ བཤེས་གཉེན་གྱིས་མཛད་པའི་གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་པཎྜི་ཏ་དྷརྨ་ཀ་ 7-1-201 ར་དང་ལོ་ཙཱ་བ་བཟང་སྐྱོང་གི་འགྱུར། སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་སློབ་ དཔོན་བྷ་བྱས་མཛད་པ། ཇོ་བོ་རྗེ་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྡེ་པ་ཐ་དད་ པར་བསྟན་པ་བསྡུས་པ་སློབ་དཔོན་དུལ་བ་ལྷས་མཛད་པ་བཞུགས་སོ། །དེ་གསུམ་འདུལ་བ་ དངོས་མ་ཡིན་ཡང༌། དེ་དང་རྗེས་སུ་འབྲེལ་པ་ལ་བསམས་ནས་སྔོན་གྱི་རྣམས་ཀྱིས་འདུལ་ བའི་སྐབས་སུ་བྲིས་འདུག་པ་བཞིན་བྲིས་སོ། །དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་དང༌། དེའི་ རང་འགྲེལ་གཉིས་པཎྜི་ཏ་པུ་ནྱ་ཤྲཱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་དར་མ་གྲགས་ ཀྱི་འགྱུར། རྣམ་པར་གྲོལ་བའི་ལམ་ལ་སྦྱང་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ། པཎྜི་ཏ་བིདྱཱ་ པྲ་བྷ་བ་ཀཱ་ར་དང་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར། འདི་སྔོན་གྱི་དཀར་ཆག་ཆེན་མོ་ ལས་བཀར་བཤད། གཞུང་གི་ངོ་བོ་བལྟས་ན་བསྟན་བཅོས་སུ་གསལ་བས་བསྟན་བཅོས་ཀྱི་ སྡེར་སྔ་མ་རྣམས་ཀྱིས་ཀྱང་བྲིས་སོ། ། འདུལ་བའི་སྡེ་སྣོད་ཀྱི་འཁོར་དུ་གྱུར་པ་གསེར་མདོག་གི་རྟོགས་པ་བརྗོད་པ། པཎྜི་ཏ་ དྷརྨ་ཤྲཱི་བྷ་དྲ་དང་རིན་ཆེན་བཟང་པོའི་འགྱུར། ཀུ་ན་ལའི་རྟོགས་པ་བརྗོད་པ། པཎྜི་ཏ་པདྨ་ ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དགའ་བའི་བཤེས་གཉེན་གྱི་རྟོགས་པ་ བརྗོད་པ། པཎྜི་ཏ་ཨ་ཛེ་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། གཞོན་ནུ་མ་བདུན་གྱི་ རྟོགས་པ་བརྗོད་པ་སློབ་དཔོན་གསང་བ་སྦྱིན་གྱིས་མཛད་པ། རྟོགས་པ་བརྗོད་པ་འདི་དག་ འདུལ་བའི་སྡེ་སྣོད་ཀྱི་འཁོར་དུ་གཏོགས་པར་བཤད་པས་འདིར་བྲིས་སོ། ། ཆོས་རྣམས་ཐམས་ཅད་བདག་དང་སེམས་ཅན་མེད། ། རྒྱུ་དང་བཅས་ལས་བྱུང་བར་སྟོན་པའི་གཞུང༌། ། འཁོར་ལོ་དང་པོའི་རྗེས་འབྲང་བསླབ་པ་གསུམ། ། སྟོན་བྱེད་གཞུང་ནི་ལྔ་བཅུ་རྩ་བརྒྱད་བཞུགས། ། 7-1-202 བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། བཀའ་དང་ པོའི་སྐོར་གྱི་ལེའུ་སྟེ་ལྔ་པའོ།། །། ད་ནི་བཀའ་འཁོར་ལོ་རིམ་པ་གསུམ་གའི་ནང་ནས་ཅི་རིགས་པར་བཏུས་པ་བྱང་ཆུབ་ སེམས་དཔའི་འདུལ་བའི་སྡེ་སྣོད་སྐྱེས་པའི་རབས་སྣ་ཚོགས་ཀྱི་སྐོར་ལ། བུ་པ་ལ་སློབ་དཔོན་འཕགས་པ་དཔའ་བོས་མཛད་པའི་སྐྱེས་རབསསུམ་ཅུ་རྩ་བཞི་པ་ བམ་པོ་བཅུ་གཉིས་པ། པཎྜི་ཏ་བིདྱཱ་ཀ་ར་སིདྷ་དང་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨའི་འགྱུར། དེའི་རྒྱ་ ཆེར་བཤད་པ་སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ། པཎྜི་ཏ་ཛ་རན་དཱ་ན་དང་ལོ་ཙཱ་བ་ཤཱཀྱ་བློ་ གྲོས་ཀྱི་འགྱུར་གཉིས་བཞུགས་སོ། ། མུ་པ་ལ་སློབ་དཔོན་རྒྱལ་བའི་སྲས་སེང་གེ་ཞབས་འབྲིང་བས་མཛད་པའི་སྐྱེས་རབས་ སུམ་ཅུ་རྩ་ལྔ་པ། པཎྜི་ཏ་ཨཱ་ལཾ་ཀ་དེ་ཝ་དང་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་སྦས་པའི་ འགྱུར། གཞོན་ནུ་གཙུག་ན་དགའ་བའི་སྐྱེས་རབས་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ སློབ་དཔོན་ཙནྡྲ་གོ་མིས་མཛད་པ། པཎྜི་ཏ་ཀཱིརྟི་ཙནྡྲ་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ གྱི་འགྱུར། རིག་པ་འཛིན་པ་སྤྲིན་གྱི་བཞོན་པའི་སྐྱེས་རབས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ དཔལ་དགའ་བའི་ལྷས་མཛད་པ། པཎྜི་ཏ་ལཀྵཱི་ཀ་ར་དང༌། ལོ་ཙཱ་བ་ཤོང་སྟོན་རྡོར་རྒྱལ་གྱི་ འགྱུར། ཐམས་ཅད་སྒྲོལ་གྱི་སྐྱེས་རབས། སིང་ག་གླིང་པའི་པཎྜི་ཏ་ཆེན་པོ་ཨཱ་ནན་ཏ་ཤྲཱི་དང་ ལོ་ཙཱ་བ་དགེ་སློ་བྱང་འབུལ་གྱི་འགྱུར་རྣམས་བཞུགས་སོ། ། ཙུ་པ་ལ་སྙན་དངག་མཁན་དགེ་བའི་དབང་པོས་མཛད་པའི་བྱང་ཆུབ་སེམས་དཔའི་ རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང༌། པཎྜི་ཏ་ལཀྵྨཱི་ཀ་ར་དང༌། ལོ་ཙཱ་བ་ཤོང་སྟོན་ རྡོར་རྒྱལ་གྱི་འགྱུར་བཞུགས་སོ། ། ཚུ་པ་ལ་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་སློབ་དཔོན་རྟ་དབྱངས་ 7-1-203 ཀྱིས་མཛད་པ། པཎྜི་ཏ་ས་དབང་བཟང་པོ་དང་ལོ་ཙཱ་བ་བློ་གྲོས་རྒྱལ་པོའི་འགྱུར། བྱང་ཆུབ་ སེམས་དཔའི་སྐྱེས་རབས་ཀྱི་ཆོས་གཎྜིའི་སྒྲ་བསྒྲགས་པ་སློབ་དཔོན་དཔའ་བོས་མཛད་པ། པཎྜི་ཏ་ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱི་འགྱུར། སྙན་ངགས་ ཆེན་པོ་དམ་པ་ཏོག་དཀར་པོའི་སྤྱོད་པ་དཔལ་དགའ་བས་བྱིན་པས་མཛད་པ། དཔང་ལོ་ཙཱ་ བ་བློ་གྲོས་བརྟན་པའི་འགྱུར། ཚིགས་སུ་བཅད་པ་ཀུན་ལས་བཏུས་པའི་ཐོག་མར་གནས་ པའི་ཚིགས་སུ་བཅད་པ་དྲུག པཎྜི་ཏ་མཆོག་ཀུན་ཏུ་བཟང་པོ་དང་དཔང་བློ་བརྟན་གྱི་འགྱུར། སྐྱེས་རབས་འདི་རྣམས་བྱང་ཆུབ་སེམས་དཔའི་འདུལ་བ་ཡིན་པས། སྔར་བྱང་ཆུབ་སེམས་ དཔའི་སྤྱོད་པའི་ཕྱོགས་སུ་བྲིས་ཀྱང་རུང་མོད་ཀྱི་བཀའ་འཁོར་ལོ་དང་པོ་དང་ཐ་མའི་གསེབ་ ནས་བཏུས་པ་ཤས་ཆེ་བར་སྣང་ཞིང༌། བཀའ་འཁོར་ལོ་རིམ་པ་གསུམ་ག་དང་འབྲེལ་པར་ སྣང་བས་འདིར་བྲིས་སོ། ། གང་ཞིག་རླབས་ཆེན་བྱང་ཆུབ་སེམས་ཀྱི་མཐུས། ། གཅིག་ཏུ་གཞན་དོན་སྤྱོད་པའི་བརྩོན་འགྲུས་ཀྱིས། ། དཀའ་བ་སྤྱོད་པའི་རྣམ་ཐར་སྐྱེས་པའི་རབས། ། སྟོན་པའི་གཞུང་ལུགས་རྣམ་པ་དགུ་བཞུགས་སོ། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། སྐྱེས་རབས་ ཀྱི་སྐོར་ཏེ་ལེའུ་དྲུག་པའོ།། །། བཀའ་འཁོར་ལོ་རིམ་པ་གསུམ་ག་དང་སྤྱིར་འབྲེལ་བ། གཏམ་དུ་བྱ་བ་དང་སྤྲིང་ཡིག་ སྣ་ཚོགས་ཀྱི་སྐོར་ལ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་འཕགས་པ་ཀླུ་སྒྲུབ་ཀྱིས་ མཛད་པ། པཎྜི་ཏ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར་ལ། པཎྜི་ཏ་ཀ་ན་ཀ་ ཝརྨ་དང་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་པ། དེའི་རྒྱ་ཆེར་བཤད་པ་པཎྜི་ཏ་མི་ཕམ་ 7-1-204 བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་བ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་ འགྱུར། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཤྲཱི་ ར་ཐ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། སྦྱིན་པའི་གཏམ་འཕགས་པ་ཀླུ་སྒྲུབ་ ཀྱིས་མཛད་པ་དང༌། སྲིད་པ་ལས་འདས་པའི་གཏམ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ མཛད་པ། པཎྜི་ཏ་ཤྲཱི་ར་ཐ་དང༌། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ཡོན་ཏན་ བདུན་བརྗོད་པའི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་གཾ་ག་དྷ་ར་དང་ ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཚུལ་ཁྲིམས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་ མཛད་པ། པཎྜི་ཏ་ཛ་རནྡྷ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཚུལ་ཁྲིམས་ཀྱི་གཏམ་གྱི་ འགྲེལ་པ་སློབ་དཔོན་གསལ་བ་གྲགས་ཀྱིས་མཛད་པ། ཚོགས་ཀྱི་གཏམ་སློབ་དཔོན་དབྱིག་ གཉེན་གྱིས་མཛད་པ། པཎྜི་ཏ་གང་གཱ་དྷ་ར་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། མི་ ཁོམ་པ་བརྒྱད་ཀྱི་གཏམ། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། པཎྜི་ཏ་ཨཱ་ཛི་ཏཱ་བྷ་དྲ་དང་ ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་སློབ་ དཔོན་དཔའ་བོས་མཛད་པ། པཎྜི་ཏ་རུ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ཕྱིན་ཅི་ལོག་ བཞི་སྤང་བའི་གཏམ། སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ། པཎྜི་ཏ་བུདྡྷ་བྷ་དྲ་དང་ལོ་ཙཱ་བ་རིན་ ཆེན་བཟང་པོའི་འགྱུར། རྩོད་པའི་དུས་ཀྱི་གཏམ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ། པཎྜི་ ཏ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། དབེན་པའི་གཏམ་སློབ་དཔོན་ས་འཚོ་ སྦྱིན་གྱིས་མཛད་པ། ཇོ་བོ་རྗེ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཆོས་སྨྲ་བ་དང་དམ་པའི་ ཆོས་ཉན་པ་ལ་གུས་པར་བྱ་བའི་གཏམ་སློབ་དཔོན་ས་འཚོ་སྦྱིན་གྱིས་མཛད་པ། པཎྜི་ཏ་ཨ་ ཛི་ཏ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། ཆེད་དུ་བརྗོད་པའི་གཏམ་དྲང་སྲོང་ཆེན་པོ་ ཟླ་བས་མཛད་པ། ཚུལ་ཁྲིམས་རྒྱལ་བའི་འགྱུར། མི་རྟག་པའི་དོན་གྱི་གཏམ་སྙན་དངགས་ 7-1-205 མཁན་དགེ་བའི་དབང་པོས་མཛད་པ། པཎྜི་ཏ་བི་ན་ཡཀྵ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་ རབ་ཀྱི་འགྱུར། ལེགས་པའི་ལམ་བསྟན་པའི་གཏམ་སློབ་དཔོན་དཔའ་བོས་མཛད་པ་བམ་ པོ་ཕྱེད་དང་གསུམ་པ། པཎྜི་ཏ་ཇོ་བོ་རྗེ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དགེ་བ་ བཅུའི་ལས་ཀྱི་ལམ་བསྟན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ། པཎྜི་ཏ་བུདྡྷ་ཀ་ ར་ཝརྨ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། མྱ་ངན་བསལ་བ་སློབ་དཔོན་རྟ་དབྱངས་ ཀྱིས་མཛད་པ། པཎྜི་ཏ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། མི་དགེ་བ་བཅུའི་ ལས་ཀྱི་ལམ་བསྟན་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། པཎྜི་ཏ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་འགྲོ་བ་དྲུག་གི་ཚིག་ ལེའུར་བྱས་པ་སློབ་དཔོན་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ། པཎྜི་ཏ་དྷརྨ་ཀ་ར་ དང་ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏའི་འགྱུར། འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་ པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་རིན་ཆེན་ བཟང་པོའི་འགྱུར། བཤེས་པའི་སྤྲིང་ཡིག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་སརྦ་ ཛྙཱ་དེ་བ་དང་ལོ་ཙཱ་བནྡེ་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་སློབ་ མ་ལ་སྤྲིང་པའི་ཕྲིན་ཡིག་པཎྜི་ཏ་སརྦ་ཛྙཱ་དེ་བ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། རྒྱལ་ པོ་ཀ་ནི་ཀ་ལ་སྤྲིངས་པའི་ཕྲིན་ཡིག་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ། པཎྜི་ཏ་བིདྱ་ཀ་ར་པྲ་ བྷ་བ་དང་ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར། ༼ཁསེམས་རིན་པོ་ཆེ་སྦྱང་བ་ཞེས་བྱ་བའི་སྤྲིང་ ཡིག་སློབ་དཔོན་དགྲ་ལས་རྒྱལ་བ་གསང་བས་མཛད་པ། པཎྜི་ཏ་དུ་ལོ་པ་དང་ལོ་ཙཱ་བ་ཆོས་ ཀྱི་ཤེས་རབ་ཀྱི་འགྱུར། ༼ཀའཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་ གསལ་གཞོན་ནུ་ལ་སྤྲིང་པའི་ཕྲིན་ཡིག་པཎྜི་ཏ་སརྦ་ཛྙཱ་དེ་བ་དང་ལོ་ཙཱ་བནྡེ་དཔལ་བརྩེགས་ ཀྱི་འགྱུར། ༼གདགེ་སློང་དགོན་པ་པས་བླ་མ་ལ་སྤྲིང་པའི་ཕྲིན་ཡིག པཎྜི་ཏ་བི་ནཱ་ཡ་ཙནྡྲ་དང་ 7-1-206 ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བྲམ་ཟེ་སད་ཛ་ནས་བུ་ལ་སྤྲིང་པའི་ཕྲིན་ཡིག པཎྜི་ཏ་ མཧཱ་ ཛ་ན་དང་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། ཇོ་བོ་རྗེས་རྒྱལ་པོ་ནིརྱ་ཕ་ལ་ལ་ བརྫངས་པ་དྲི་མ་མེད་པའི་རིན་པོ་ཆེའི་ཕྲིན་ཡིག ཇོ་བོ་རྗེ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྡས་རྒྱལ་པོ་ཟླ་བ་ལ་སྤྲིང་པའི་ཕྲིན་ཡིག་རྣལ་ འབྱོར་གྱི་དབང་ཕྱུག་དེ་ཉིད་དང་གནུབས་ལོ་ཙཱ་བ་ཚུལ་ཁྲིམས་ཤེས་རབ་ཀྱི་འགྱུར། བཤེས་ པའི་སྤྲིང་ཡིག་གི་རྒྱ་ཆེར་བཤད་པ་ཚིག་གསལ་བ་ཞེས་བྱ་བ་སློབ་དཔོན་བློ་གྲོས་ཆེན་པོས་ མཛད་པ། པཎྜི་ཏ་སརྦ་ཛྙཱ་དེ་བ་དང་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར། སློབ་མ་ལ་སྤྲིང་ པའི་དཀའ་འགྲེལ་བཻ་རོ་ཙ་ན་རཀྵི་ཏས་མཛད་པ། པཎྜི་ཏ་སུ་ག་ཏ་ཤྲཱི་མི་ཏྲ་དང་ལོ་ཙཱ་བ་ཚུལ་ ཁྲིམས་རྒྱལ་མཚན་གྱི་འགྱུར། སློབ་མ་ལ་སྤྲིང་པའི་འགྲེལ་པ་སློབ་དཔོན་ཤེས་རབ་འབྱུང་ གནས་བློ་གྲོས་ཀྱིས་མཛད་པ། པཎྜི་ཏ་བི་ནཱ་ཡ་ཙནྡྲ་དང་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སློབ་དཔོན་ཀ་མ་ལ་ཤཱི་ལས་ལྷོ་ཟ་མོ་ཚངས་པའི་དབྱངས་ལ་སྡུག་བསྔལ་བརྒྱད་ཀྱི་བྱེ་བྲག་ བསྟན་པ་དང༌། སློབ་དཔོན་སངས་རྒྱས་གསང་བས་བོད་རྗེ་འབངས་ལ་བརྫངས་པའི་ཕྲིན་ ཡིགསློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་དད་བསྐྱེད་སྒྲོན་མ། སངས་རྒྱས་ཀྱི་ཡོན་ཏན་ ཐོས་པའི་ཕན་ཡོན་སྟོན་པ་དཔེའི་ཕྲེང་བ་ལས་སངས་རྒྱས་མཆོག་གི་དཔེ། པཎྜི་ཏ་དྷརྨ་ཤྲཱི་བྷ་ དྲ་དང་ལོ་ཙཱ་བ་ཚུལ་ཁྲིམས་ཡོན་ཏན་གྱི་འགྱུར་ལ། རིན་ཆེན་བཟང་པོས་བཅོས་པ། དཀོན་ མཆོག་མཆོད་པའི་ཕན་ཡོན་སྟོན་པ། མྱ་ངན་མེད་པའི་སྒོ་ནས་ཀླུ་བཏུལ་བའི་ལེའུ། པཎྜི་ཏ་ ཨ་ཛི་ཏ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། གནས་བརྟན་སྤྱན་དྲངས་པ་ཞེས་བྱ་ བ་སློབ་དཔོན་བྷ་བ་སྐནྡ་སྱ་ཞེས་བྱ་བས་མཛད་པ། པཎྜི་ཏ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་ཡེ་ཤེས་ སྡེའི་འགྱུར། སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་གནས་ཚུལ་དང༌། ཐ་མར་ནུབ་ཚུལ་སྟོན་པ་ལ། 7-1-207 དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ་དང་ལིའི་ཡུལ་ལུང་བསྟན་པ་གཉིས་ བཞུགས་སོ། །འདི་གཉིས་ལི་ཡུལ་ནས་འགྱུར་བ་ཡིན་པ་འདྲའོ། ། ངན་འགྲོ་སྲིད་པའི་སྡུག་བསྔལ་ཀུན་སྤོང་ཞིང༌། ། མངོན་མཐོ་ཞི་བའི་བདེ་བ་སྒྲུབ་པའི་ཐབས། ། གཏམ་དུ་བྱ་དང་སྤྲིང་ཡིག་ལ་སོགས་སྐོར། ། བཅུ་ཕྲག་བཞི་ལ་བཞི་ཡིས་བརྒྱན་པ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། གཏམ་དུ་བྱ་ བ་དང་སྤྲིང་ཡིག་སྣ་ཚོགས་ཀྱི་སྐོར་ཏེ་ལེའུ་བདུན་པའོ།། །། དེ་ལྟར་རང་ཉིད་ཀུན་ཤེས་པ་ནང་རིག་པའི་བསྟན་བཅོས་རྣམས་བཀོད་ནས། གཞན་ ཚར་གཅོད་པར་བྱེད་པའི་རིག་པའི་གནས་གཉིས་ཀྱི་དང་པོ་གཏན་ཚིགས་རིག་པ་ནི། ཛུ་པ་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མའི་མདོ་ཀུན་ལས་བཏུས་ པ། པཎྜི་ཏ་སུ་དཱ་ན་རཀྵི་ཏ་དང༌། ལོ་ཙཱ་བ་ཞ་མ་སེང་རྒྱལ་གྱི་འགྱུར། དེའི་རང་འགྲེལ་པཎྜི་ ཏ་བ་སུ་དྷ་ར་རཀྵི་ཏ་དང་ལོ་ཙཱ་བ་ཞ་མ་སེང་རྒྱལ་གྱི་འགྱུར། སློབ་དཔོན་ཕྱོགས་ཀྱི་གླང་པོས་ མཛད་པའི་དམིགས་པ་བརྟག་པ་དང༌། དེའི་རང་འགྲེལ། དམིགས་པ་བརྟག་པའི་རྒྱ་ཆེར་ འགྲེལ་པ་དུལ་བ་ལྷས་མཛད་པ། པཎྜི་ཏ་ཤཱཀྱ་སིངྷ་དང་ལོ་ཙཱ་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་དུས་གསུམ་བརྟག་པ། པཎྜི་ཏ་ཤཱནྟ་ཨཱ་ཀཱ་ར་གུཔྟ་ དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་ ཚད་མའི་བསྟན་བཅོས་རིག་པ་ལ་འཇུག་པ་རྒྱའི་ལོ་ཙཱ་བ་ཐང་སང་ཙང་གིས་རྒྱའི་སྐད་དུ་ བསྒྱུར་བ་ལས། ཕྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་དང༌། བོད་ཀྱི་དགེ་བཤེས་སྟོན་གཞོན་ གྱིས་བོད་སྐད་དུ་བསྒྱུར་བ་ལ། རྒྱ་ནག་ཆེན་པོའི་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་དག་པར་ 7-1-208 བྱས་པ། འདི་བསྟན་འགྱུར་སྔ་མ་དག་ན་བཞུགས་ནའང་༼ཁའདི་རིག་པའི་སྒོ་དང་གཅིག་ཏུ་ འདོད་པ་ནི་མི་འཐད་དེ། ཚད་མའི་འགྲེལ་ཆེན་རྣམས་སུ་རིགས་སྒོ་ནས་ལུང་དྲང་པ་རྣམས་ འདི་ན་མི་སྣང་བའི་ཕྱིར་རོ། །༼ཀརིག་སྒོ་ཕྱོགས་གླང་གིས་མཛད་པ། པཎྜི་ཏ་ཐམས་ཅད་ མཁྱེན་པས་དཔལ་བསྲུང་བ་དང་ལོ་ཙཱ་བ་ཀུན་སྤངས་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ། གཅིག་ཀྱང་ཡོད་དེ་འདི་གཉིས་འགྱུར་གྱི་ཁྱད་པར་མ་གཏོགས་གཞུང་གཅིག་ཏུ་འདུག་པས་ འདིར་འགྱུར་ཕྱི་མ་བཞུགས་སོ། །༼གསློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཕྱོགས་ ཆོས་དགུའི་འཁོར་ལོ། སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མའི་མདོ་ ཀུན་ལས་བཏུས་པའི་དགོངས་པ་འགྲེལ་བ་ལ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ། པཎྜི་ཏ་སུ་བྷཱུ་ཏི་ཤྲཱི་ཤཱནྟི་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར་ལ། པཎྜི་ཏ་སྐལ་ལྡན་རྒྱལ་ པོ་དང༌། རྔོག་བློ་ལྡན་ཤེས་རབ་ཀྱིས་བཅོས་ཤིང༌། སླད་ཀྱི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང་ལོ་ཙཱ་ བ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་གཏན་ལ་ཕབ་པ། ཚད་མ་རྣམ་པར་ངེས་པ་ སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ། པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་དང་ལོ་ཙཱ་བ་ བློ་ལྡན་ཤེས་རབ་ཀྱི་འགྱུར། རིག་པའི་ཐིགས་པའི་རབ་ཏུ་བྱེད་པ་སློབ་དཔོན་ཆོས་ཀྱི་གྲགས་ པས་མཛད་པ། པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། གཏན་ཚིགས་ཐིགས་པའི་རབ་ཏུ་བྱེད་པ་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ། པཎྜི་ཏ་ པྲཛྙཱ་ཝརྨ་དང་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར། འགྲེལ་པ་བརྟག་པའི་རབ་ཏུ་བྱེད་ པ་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ། པཎྜི་ཏ་ཛྙཱ་ན་གརྦྷ་དང་ལོ་ཙཱ་བ་བནྡེ་ནམ་མཁའི་ འགྱུར་ལ། སླད་ཀྱིས་པཎྜི་ཏ་རབ་འབྱོར་ཞི་བ་དང༌། ལོ་ཙཱ་བ་ཏིང་ངེ་འཛིན་བཟང་པོས་བཅོས་ ཤིང་གཏན་ལ་ཕབ་པ། འབྲེལ་པ་བརྟག་པ་ཞེས་བྱ་བའི་རང་འགྲེལ་དང༌། རྒྱུད་གཞན་གྲུབ་ པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༼ཁརྩོད་པའི་རིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། པཎྜི་ཏ་ 7-1-209 ཀ་རུ་ཎ་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར་ཏེ། ༼ཀསློབ་དཔོན་ཆོས་ཀྱི་གྲགས་ པས་མཛད་པ། པཎྜི་ཏ་བི་ཤུདྡྷ་སིང་ཧ་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། (ཀག་ཐོ་ བཞིན་བྲི་)༼གརྟོག་གེ་རབ་ཏུ་བྱེད་པ་སྡེ་བདུན་དང༌། རྣམ་འགྲེལ་ལེའུ་དང་པོའི་ རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་རྣམས་བཞུགས་སོ། ། ཝུ་པ་ལ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་སློབ་དཔོན་ལྷ་དབང་བློས་མཛད་པ། རང་འགྲེལ་དང་གཉིས་བསྡོམས་པ་ལ། ཤློ་ཀ་སྟོང་ཕྲག་བཅུ་གཉིས་པ། བམ་པོ་བཞི་བཅུ་པ་ པཎྜི་ཏ་སུ་བྷཱུ་ཏི་ཤྲཱི་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར་བཞུགས་སོ། ། ཞུ་ཟུ་གཉིས་ལ་རྣམ་འགྲེལ་གྱི་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་དང༌། ལྷ་དབང་བློ་ གཉི་གའི་འགྲེལ་བཤད་སློབ་དཔོན་ཤཱཀྱ་བློས་མཛད་པ་བམ་པོ་དྲུག་ཅུ་རྩ་གསུམ་པ། པཎྜི་ཏ་ སུ་བྷཱུ་ཏི་ཤྲཱི་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར་བཞུགས་སོ། ། འུ་ཡུ་གཉིས་ལ་ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་མན་ཆད་ཀྱི་འགྲེལ་པ་རྣམ་འགྲེལ་གྱི་ རྒྱན་ཞེས་བྱ་བ། བམ་པོ་དྲུག་ཅུ་པ་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པས་མཛད་པ། པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར་ལ། སླད་ཀྱིས་པཎྜི་ཏ་ཀུ་ མཱ་ར་ཤྲཱི་དང༌། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་བཅོས་པ་བཞུགས་སོ། ། རུ་ལུ་གཉིས་ལ་ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་ གྱིས་མཛད་པ། བམ་པོ་དྲུག་ཅུ་པ་པཎྜི་ཏ་དཱི་པཾ་ཀ་ར་རཀྵི་ཏ་དང་ལོ་ཙཱ་བ་མང་འོར་བྱང་ཆུབ་ ཤེས་རབ་ཀྱི་འགྱུར་བཞུགས་སོ། ། ཤུ་པ་ལ་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་བྲམ་ཟེ་བདེ་བྱེད་དགའ་བས་མཛད་པ་ རྣམ་འགྲེལ་གྱི་རྗེས་སུ་འབྲང་བའི་འཕྲོ་ཇི་སྙེད་པ་བཞུགས་སོ། ། སུ་པ་ལ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་འགྲེལ་པ་སློབ་དཔོན་ཉི་མ་སྦས་པས་མཛད་པ་ 7-1-210 དང༌། ཚད་མ་རྣམ་འགྲེལ་གྱི་ལེའུ་གསུམ་པའི་འགྲེལ་པ་ཤེས་རབ་འབྱུང་གནས་སྦས་པའི་ སློབ་མ་ཉི་མ་སྦས་པས་མཛད་པ། བམ་པོ་བཅུ་དགུ་པ་གཉིས་བཞུགས་སོ། ། ཧུ་པ་ལ་ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ། ཛ་མཱ་རིས་སྦྱར་བས་ལེའུའི་དང་པོའི་ཊཱི་ཀ་བཞུགས་སོ། ། ཨུ་པ་ལ་རྣམ་འགྲེལ་རྒྱན་གྱི་རྣམ་བཤད་ཛ་མཱ་རིས་མཛད་པའི་མངོན་སུམ་ལེའུའི་འགྲེལ་ པ་བཞུགས་སོ། ། ཨུ་འོག་མ་ལ་རྣམ་འགྲེལ་རྒྱན་གྱི་ལེའུ་བཞི་པའི་འགྲེལ་པ། པཎྜི་ཏ་ཛ་མཱ་རིས་མཛད་པ་ བཞུགས་སོ། ། ཀེ་པ་ལ་ཚད་མ་རྣམ་པར་ངེས་པའི་ཊཱི་ཀ་འཐད་ལྡན་ཞེས་བྱ་བ་ཤློ་ཀ་སྟོང་ཕྲག་བཅུ་ གཉིས་དང༌། བརྒྱ་ཕྲག་བཞི་དང༌། དྲུག་ཅུ་རྩ་གསུམ་པ། པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་ པ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར་བཞུགས་སོ། ། ཁེ་པ་ལ་ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་ཁ་ཆེ་ཛྙཱ་ན་ཤྲཱིས་མཛད་པ། པཎྜི་ཏ་དེ་ ཉིད་དང་ལོ་ཙཱ་བ་ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར། རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་ པ་སློབ་མ་ལ་ཕན་པ་ཞེས་བྱ་བ་སློབ་དཔོན་དུལ་བ་ལྷས་མཛད་པ། བམ་པོ་གསུམ་པ། པཎྜི་ ཏ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། རིགས་པའི་ཐིགས་པའི་རབ་ཏུ་བྱེད་པའི་རྒྱ་ ཆེར་འགྲེལ་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ་ཤློ་ཀ་ཆིག་སྟོང་བཞི་བརྒྱ་བདུན་ཅུ་རྩ་ བདུན་པ། པཎྜི་ཏ་ཛྙཱ་ན་གརྦྷ་དང་ལོ་ཙཱ་བ་ཆོས་ཀྱི་སྣང་བའི་འགྱུར་ལ། སླད་ཀྱིས་པཎྜི་ཏ་སུ་ མ་ཏི་ཀཱིརྟི་དང་ལོ་ཙཱ་བ་བློ་ལྡན་ཤེས་ཀྱིས་བཅོས་པ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ་ མདོར་བསྡུས་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། པཎྜི་ཏ་བི་ཤུདྡྷ་སིང་ཧ་དང༌། ལོ་ཙཱ་ 7-1-211 བ་དཔལ་བརྩེགས་ཀྱི་འགྱུར། རིགས་པའི་ཐིགས་པའི་དོན་བསྡུས་ པ་པཎྜི་ཏ་ཛི་ན་མི་ཏྲས་མཛད་པ། པཎྜི་ཏ་སུ་རེནྡྲ་བོ་དྷི་དང༌། བནྡེ་ཡེ་ཤེས་སྡེའི་འགྱུར། གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་དུལ་བ་ལྷས་མཛད་པ། པཎྜི་ཏ་པྲཛྙཱ་ ཝརྨ་དང་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར། གཏན་ཚིགས་ཐིགས་པའི་འགྲེལ་པ་ བྲམ་ཟེ་ཨ་ཙ་ཊས་མཛད་པ་རྣམས་བཞུགས་སོ། ། གེ་པ་ལ་འབྲེལ་པ་བརྟག་པའི་རྒྱ་ཆེར་བཤད་པ་སློབ་དཔོན་དུལ་བ་ལྷས་མཛད་པ། པཎྜི་ ཏ་ཛྙཱ་ན་གརྦྷ་དང་ལོ་ཙཱ་བ་བནྡེ་ནམ་མཁའི་འགྱུར། འབྲེལ་པ་བརྟག་པའི་རྗེས་སུ་འབྲང་བ་ བྲམ་ཟེ་བདེ་བྱེད་དགའ་བས་མཛད་པ། པཎྜི་ཏ་གཞན་ལ་ཕན་པ་དང་ལོ་ཙཱ་བ་དགའ་བ་རྡོ་ རྗེའི་འགྱུར། རྒྱུད་གཞན་གྲུབ་པའི་འགྲེལ་བཤད་སློབ་དཔོན་དུལ་བ་ལྷས་མཛད་པ། པཎྜི་ ཏ་བི་ཤུདྡྷ་སིང་ཧ་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། རྩོད་པའི་རིགས་པའི་འགྲེལ་ པ་དོན་རྣམ་པར་འབྱེད་པ་འགྱུར་བྱང་ན་སྤྲོས་པ་ཞེས་པར་ཡོད། ཞེས་བྱ་བ་མཁན་པོ་ཞི་བ་ འཚོས་མཛད་པ། པཎྜི་ཏ་ཀུ་མཱ་ར་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་འཕགས་པ་ཤེས་རབ་དང༌། འབྲོ་སེང་ དཀར་ཤཱཀྱ་འོད་ཀྱི་འགྱུར་ལ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བཅོས་པ། རྩོད་པའི་རིགས་ པའི་འགྲེལ་པ་སློབ་དཔོན་དུལ་བ་ལྷས་མཛད་པའི་གཤམ་མ་ཚང་བ་གཅིག རྒྱུ་དང་འབྲས་ བུའི་ངོ་བོ་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཛྙཱ་ན་ཤྲཱི་བྷ་ཏྲས་མཛད་པ། པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤུ་ དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། རིགས་པ་གྲུབ་པའི་སྒྲོན་མ་ཞེས་བྱ་བ་སློབ་ དཔོན་ཙནྡྲ་གོ་མིས་མཛད་པ། པཎྜི་ཏ་ཤྲཱི་སིང་ཧ་པྲ་བྷ་བ་དང་ལོ་ཙཱ་བ་བཻ་རོ་ཙ་ནའི་ འགྱུར། ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུར་བྱས་པ་དང༌། ཕྱི་རོལ་གྱི་དོན་གྲུབ་པ་ ཞེས་བྱ་བའི་ཚིག་ལེའུར་བྱས་པ་གཉིས། བཙུན་པ་དགེ་སྲུངས་ཀྱིས་མཛད་པ། པཎྜི་ཏ་ཛི་ན་ མི་ཏྲ་དང༌། ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར། སློབ་དཔོན་དགེ་བསྲུངས་ཀྱིས་མཛད་ 7-1-212 པའི་ཐོས་པ་བརྟག་པའི་ཚིག་ལེའུར་བྱས་པ། གཞན་སེལ་བརྟག་པའི་ཚིག་ལེའུར་བྱས་པ། དབང་ཕྱུག་འཇིགས་པའི་ཚིག་ལེའུར་བྱས་པ་རྣམས་སོ། ། སློབ་དཔོན་ཆོས་མཆོག་གིས་མཛད་པའི་ཚད་མ་བརྟག་པ་ཆེ་ཆུང་གཉིས། ལོ་ཙཱ་བ་བློ་ ལྡན་ཤེས་རབ་ཀྱི་འགྱུར། གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆོས་མཆོག་ གིས་མཛད་པ། པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། འཇིག་ རྟེན་ཕ་རོལ་གྲུབ་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ། པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་བ་ཉི་མ་གྲགས་ཀྱི་འགྱུར། སྐད་ཅིག་མ་འཇིག་པ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཆོས་མཆོག་གིས་མཛད་པ། པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་ རབ་ཀྱི་འགྱུར། སྐད་ཅིག་མ་འཇིག་པ་གྲུབ་པའི་རྣམ་འགྲེལ་བྲམ་ཟེ་མུ་ཏིག་བུམ་པས་མཛད་ པ། པཎྜི་ཏ་བི་ནཱ་ཡ་ཀ་དང༌། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ལྷན་ཅིག་དམིགས་ པ་ངེས་པར་གྲུབ་པ་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པས་མཛད་པ། པཎྜི་ཏ་ཤཱནྟི་བྷ་ དྲ་དང༌། ལོ་ཙཱ་བ་འགྲོ་སེང་དཀར་ཤཱཀྱ་འོད་ཀྱི་འགྱུར། སེལ་བ་གྲུབ་པ་ཞེས་བྱ་བ་བྲམ་ཟེ་ཤཾ་ ཀ་རཱ་ནནྡས་མཛད་པ། པཎྜི་ཏ་མ་ནོ་ར་ཐ་དང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། འབྲེལ་ པ་གྲུབ་པ་ཞེས་བྱ་བ་བྲམ་ཟེ་ཤངྐ་རཱ་ནནྡས་མཛད་པ། པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་ལོ་ ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། རྣམ་རིག་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཤཱནྟི་པས་མཛད་ པ། པཎྜི་ཏ་ཤཱནྟི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར་ལ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཀློག་སྐྱ་ ཤེས་རབ་བརྩེགས་ཀྱིས་གཏན་ལ་ཕབ་པ། ནང་གི་ཁྱབ་པ་ཞེས་བྱ་བ་སློབ་དཔོན་ཤཱནྟི་པས་ མཛད་པ། པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤུ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། གཏན་ཚིགས་ཀྱི་དེ་ཁོ་ ན་ཉིད་བསྟན་པ་སློབ་དཔོན་ཛཻ་ཏཱ་རིས་མཛད་པ། པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤུ་དང་ལོ་ཙཱ་བ་ཤཱཀྱ་ འོད་ཀྱི་འགྱུར། ཆོས་དང་ཆོས་ཅན་གཏན་ལ་ཕབ་པ་ཞེས་བྱ་བ་སློབ་དཔོན་ཛཻ་ཏཱ་རིས་མཛད་ 7-1-213 པ། བྱིས་པ་འཇུག་པའི་རྟོག་གེ་ཞེས་བྱ་བ་སློབ་དཔོན་དགྲ་ལས་རྒྱལ་བས་མཛད་པ། པཎྜི་ ཏ་ནཱ་ག་རཀྵི་ཏ་དང༌། སུམ་པ་དཔལ་མཆོག་རྡོ་རྗེའི་འགྱུར། རིགས་པའི་སྦྱོར་བ་ཞེས་བྱ་ བ། བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ། པཎྜི་ཏ་རབ་འབྱོར་ཞི་བ་དང༌། ལོ་ཙཱ་བ་ཏིང་ངེ་འཛིན་ བཟང་པོའི་འགྱུར། རྟོག་གེའི་སྐད་སློབ་དཔོན་ཐར་པའི་འབྱུང་གནས་སྦས་པས་མཛད་པ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་འགྱུར་རྣམས་བཞུགས་སོ། ། ངེ་ཅེ་གཉིས་ལ་དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཞི་བ་འཚོས་ མཛད་པ། པཎྜི་ཏ་གུ་ཎ་ཨཱ་ཀཱ་ར་ཤྲཱི་བྷ་དྲ་དང་ལྷ་བླ་མ་ཞི་བ་འོད་ཀྱི་འགྱུར་དང༌། དེ་ཁོ་ན་ཉིད་ བསྡུས་པའི་དཀའ་འགྲེལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ཤློ་ཀ་སྟོང་ཕྲག་བཅོ་བརྒྱད་ པ། པཎྜི་ཏ་དེ་ཝེནྡྲ་བྷ་དྲ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར་བཞུགས་སོ། ། ཆེ་པ་ལ་ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བའི་ཚད་མ་ཀུན་ལས་བཏུས་ པའི་འགྲེལ་བཤད་སློབ་དཔོན་རྒྱལ་དབང་བློས་མཛད་པ། ཤློ་ཀ་སྟོང་ཕྲགདགུ་པ། དབང་ལོ་ ཙཱ་བ་བློ་ གྲོས་བརྟན་པའི་འགྱུར་བཞུགས་སོ། ། སྒྲུབ་དང་སེལ་བ་རྣམ་པར་དག་པ་ཡི། ། ཡང་དག་རིག་པས་ལྟ་ངན་སུན་འབྱིན་ཅིང༌། ། ཤེས་བྱའི་གནས་ལུགས་གསལ་བྱེད་རིགས་པའི་གཞུང༌། ། བཅུ་ཕྲག་དྲུག་ལ་གཉིས་ཀྱིས་བརྒྱན་པ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། གཏན་ ཚིགས་རིག་པའི་སྐོར་གྱི་ལེའུ་སྟེ་བརྒྱད་པའོ།། །། གཞན་ཚར་བཅད་པའི་གནས་གཉིས་པ་སྒྲ་རིག་པའི་བསྟན་བཅོས་ཀྱི་སྐོར་ལ། 7-1-214 ཇེ་པ་ལ་ལུང་དུ་སྟོན་པ་ཙནྡྲ་པའི་མདོ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ལོ་ཙཱ་བ་ཤོང་ སྟོན་རྡོ་རྗེ་རྒྱལ་མཚན་གྱི་འགྱུར། ཉེར་བསྒྱུར་ཉི་ཤུ་པའི་འགྲེལ་པ་སློབ་དཔོན་ཙནྡྲ་གོ་མིས་ མཛད་པ། པཎྜི་ཏ་ཛཻ་ཏ་རི་ཀརྞ་དང་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། ཡི་ གེའི་མདོ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར། ཡི་གེའི་ མདོའི་འགྲེལ་པ་སློབ་དཔོན་ཆོས་སྐྱོང་གིས་མཛད་པ། ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར། ཙནྡྲ་པའི་སྤྱིར་བཏང་བ་ཡང་དག་པར་བསྡུས་པ་དཔལ་ལྡན་བློ་གྲོས་བརྟན་པའི་འགྱུར། ཙནྡྲ་ པའི་རྣམ་དབྱེའི་ཚིག་ལེའུར་བྱས་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པ། ཤོང་བློ་གྲོས་ བརྟན་པའི་འགྱུར། ཙནྡྲ་པའི་ཏིང་ངའི་མཐའ་དཔང་བློ་གྲོས་བརྟན་པའི་འགྱུར། འགྲེལ་པ་ མདོར་བསྟན་པ་སློབ་དཔོན་ཙངྒ་དཱ་ཤས་མཛད་པ་དཔང་བློ་བརྟན་གྱི་འགྱུར། སྒྲའི་བསྟན་ བཅོས་ཀ་ལཱ་པ་ལོ་ཙཱ་བ་དཔང་བློ་གྲོས་བརྟན་པའི་འགྱུར། ཀ་ལཱ་པའི་འགྲེལ་པ་ཉུང་ངུ་པཎྜི་ ཏ་སྒྲོལ་བའི་དབང་ཕྱུག་གིས་མཛད་པ། ལྷ་བླ་མ་ཞི་བ་འོད་ཀྱི་འགྱུར། ཀ་ལཱ་པའི་སི་སོགས་ སློབ་དཔོན་འཇམ་པའི་གྲགས་པས་མཛད་པ། དཔང་བློ་བརྟན་གྱི་འགྱུར། སྨྲ་བ་ཀུན་ལས་ འཇུག་པའི་སྒྲའི་བསྟན་བཅོས་དང༌། དེའི་འགྲེལ་པ་སློབ་དཔོན་སུ་བྷ་ཤ་ཀཱིརྟིས་མཛད་པ། རབ་ཏུ་སྦྱོར་བའི་སྒོའི་འགྲེལ་པ། ལྡོག་པ་བསྡུས་པ་བསྟན་པའི་ཚིག་ལེའུར་བྱས་པ་དང༌། དེའི་འགྲེལ་པ་སློབ་དཔོན་ན་ཝི་དྷརྨས་མཛད་པ། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ་པཎྜི་ ཏ་དྲན་པའི་ཡེ་ཤེས་གྲགས་པས་མཛད་པ་དེ་ཉིད་ཀྱི་འགྱུར། དེའི་འགྲེལ་པ་སློབ་དཔོན་དེ་ ཉིད་ཀྱིས་མཛད་པ་ཡིན་ནམ་ཡང་ཟེར། རོང་པ་ཆོས་བཟང་གིས་བྱས་པ་ཡིན་ནམ་ཟེར། ཀ་ ལཱ་པའི་མིང་གི་རྐང་པ་དང་པོའི་འགྲེལ་པ་སློབ་མ་ལ་ཕན་པ་ཇོ་བོ་ཏྲག་འབྱོར་གྱིས་མཛད་ པ་ལོ་ཙཱ་བ་དཔང་བློ་གྲོས་བརྟན་པའི་འགྱུར། སློབ་མ་ལ་ཕན་པའི་ཏི་སོགས་ཀྱི་ལེའུ་གཅིག་ ལྷག་ཙམ་དཔང་བློ་གྲོས་བརྟན་པའི་འགྱུར། སློབ་མ་ལ་ཕན་པའི་ཀྲྀཏའི་རབ་ཏུ་བྱེད་པ་ 7-1-215 རྐང་པ་དང་པོ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་འགྱུར། འགྲེལ་པ་རྟོག་ཞེས་བྱ་བ་དང༌། སུ་ པའི་མཐའ་རིན་ཆེན་འབྱུང་གནས་ཞེས་བྱ་བ་པཎྜི་ཏ་གནས་བརྟན་རབ་འབྱོར་ཟླ་བས་མཛད་ པ་ཤློ་ཀ་སྟོང་དང་བཞི་བརྒྱ་ཉི་ཤུ་པ་གཉིས་ས་སྐྱ་པཎྜི་ཏ་གཉིས་པ་ཆོས་ཀྱི་རྒྱལ་མཚན་དཔལ་ བཟང་པོའི་འགྱུར་རྣམས་བཞུགས། ། ཉེ་པ་ལ་ཀ་ལཱ་པའི་མདོའི་འགྲེལ་པ་དུར་ག་སིང་ཧས་མཛད་པའི་མིང་བཞི་པར་རྐང་ པ་དང་པོ་ཡན་ཆད་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་འགྱུར། དེའི་འཕྲོ་ཅུང་ཞིག་ལོ་ཙཱ་བ་ སེང་གེ་དཔལ་གྱིས་བསྒྱུར་བ་ལས་བར་སྐབས་སུ་ཆད་པ་རྣམས་ལོ་ཙཱ་བ་བུ་སྟོན་གྱིས་ཞུ་ ཆེན་མཛད་པ་དང༌། དེའི་འཕྲོ་ཡོངས་སུ་རྫོགས་པར་ལོ་ཙཱ་བ་བུ་སྟོན་གྱིས་བསྒྱུར་བ། ཏི་ལ་ སོགས་པའི་མཐའི་བྱ་བ་ཚིག་གསལ་བ་མཁན་པོ་དགའ་བའི་གྲགས་པས་མཛད་པ། ཤཱཀྱའི་ དགེ་སློང་དྷརྨ་ཤྲཱི་བྷ་ཏྲས་བསྒྱུར་བ་རྣམས་སོ། །སྒྲའི་ཡན་ལག་ཏུ་གྱུར་པའི་བསྟན་བཅོས་ལ། མངོན་བརྗོད་ཀྱི་བསྟན་བཅོས་ལ་འཆི་མེད་མཛོད། པཎྜི་ཏ་འཆི་མེད་སེང་གེས་མཛད་པ། པཎྜི་ཏ་ཀཱིརྟི་ཙནྡྲ་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར། དེའི་འགྲེལ་པ་རང་འབྱོར་ ཟླ་བས་མཛད་པ། འདོད་འཇོའི་བ་མོ་ཞེས་བྱ་བའི་སྟོད་ནས་ཅུང་ཟད་བསྡུས་ནས་བསྒྱུར་བ། པཎྜི་ཏ་ཀཱིརྟི་ཙནྡྲ་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར། སྙན་དངགས་ཀྱི་མེ་ལོང་ པཎྜི་ཏ་དབྱུག་པ་ཅན་གྱིས་མཛད་པ། པཎྜི་ཏ་ལཀྵྨཱ་ཀ་ར་དང༌། ཤོང་བློ་བརྟན་གྱི་འགྱུར། སྡེབ་ སྦྱོར་གྱི་མཚན་ཉིད་སྟོན་པའི་བསྟན་བཅོས་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ། པཎྜི་ ཏ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཆོས་ལྡན་ར་ས་བས་བསྒྱུར་བའི་འཕྲོ། ལོ་ཙཱ་བ་ གྲགས་པ་རྒྱལ་མཚན་གྱིས་རྫོགས་པར་བསྒྱུར་བ། སྡེབ་སྦྱོར་གྱི་དཔེར་བརྗོད་སྟོན་པ་སྡེབ་ སྦྱོར་ཕྲེང་བའི་བསྟོད་པ། སློབ་དཔོན་ཡེ་ཤེས་དཔལ་བཤེས་གཉེན་གྱིས་མཛད་པ། ཤོང་སྟོན་ རྡོར་རྒྱལ་གྱིས་བསྒྱུར་འཕྲོ། དཔང་བློ་བརྟན་གྱིས་རྫོགས་པར་བསྒྱུར་བ་རྣམས་སོ། ། 7-1-216 རང་བཞིན་རྐྱེན་དང་རྣམ་འགྱུར་ལེགས་སྦྱར་ནས། ། དོན་ལ་བརྡ་སྤྲོད་གཞུང་གི་བསྟན་བཅོས་དང༌། ། དེ་ཡི་ཡན་ལག་མངོན་བརྗོད་སྙན་དངགས་སོགས། ། སྟོན་པའི་བསྟན་བཅོས་ཉི་ཤུ་རྩ་དགུ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། སྒྲ་རིག་པའི་ ལེའུ་སྟེ་དགུ་པའོ།། །། དེ་ལྟར་གཞན་ཚར་བཅད་པའི་བསྟན་བཅོས་རྣམས་བསྟན་ནས། གཞན་རྗེས་སུ་བཟུང་ བའི་བསྟན་བཅོས་ལ། གསོ་བ་རིག་པའི་བསྟན་བཅོས་ཀྱི་སྐོར་ལ། སྦྱོར་བ་བརྒྱ་པ་ཞེས་བྱ་ བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་ དཔལ་བཟང་པོའི་འགྱུར། སྦྱོར་བ་བརྒྱ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ལོ་ཙཱ་བ་ དཔང་བློ་གྲོས་བརྟན་པའི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་སྨན་པ་རྣམས་ལ་བརྫངས་པ་ སྨན་དཔྱད་འཚོ་བའི་མདོ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྨན་ཨ་བའི་ཆོ་ག་ཡན་ལག་ བརྒྱད་པ་ནས་བསྟན་པའི་སྨན་གྱི་མིང་གི་རྣམ་གྲངས་སློབ་དཔོན་ཟླ་བ་ལ་དགའ་བས་མཛད་ པ་རྣམས་བཞུགས་སོ། ། ཏེ་པ་ལ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་སློབ་དཔོན་ཕ་ཁོལ་གྱིས་མཛད་པ། པཎྜི་ ཏ་ཛ་རནྡྷ་ར་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་བཞུགས་སོ། ། ཐེ་དེ་གཉིས་ལ་ཡན་ལག་བརྒྱད་པའི་རང་འགྲེལ་དུ་གྲགས་པ། པཎྜི་ཏ་དྷརྨ་ཤྲཱི་ཝརྨ་ དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང༌། མར་བློ་དགེ་སློང་རིག་པ་གཞོན་ནུ་དང་མཉེལ་ ཅོར། དགེ་སློང་དབྱིག་གི་རིན་ཆེན་དང་གསུམ་གྱིས་ཚད་ལ་ཕབ་པ་བཞུགས་སོ། ། ནེ་པེ་གཉིས་ལ་སྨན་ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ 7-1-217 ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་མཛད་པ། པཎྜི་ཏ་ཛ་རནྡྷ་ར་དང༌། ལོ་ཙཱ་ བ་རིན་ཆེན་བཟང་པོའི་འགྱུར་བཞུགས་སོ། ། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི། ། ནད་རྣམས་སྨན་དང་དཔྱད་དང་རིག་པ་ཡིས། ། གསོ་ཐབས་ཀླུ་སྒྲུབ་ཕ་ཁོལ་རྗེས་འབྲང་གཞུང༌། ། གསོ་བ་རིག་པའི་བསྟན་བཅོས་རྣམ་བརྒྱད་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། གསོ་བ་རིག་ པའི་སྐོར་གྱི་ལེའུ་སྟེ་བཅུ་པའོ།། །། ཕེ་པ་ལ་གཞན་རྗེས་སུ་འཛིན་པའི་གནས་གཉིས་པ་བཟོ་རིག་པའི་བསྟན་བཅོས་ལ་རྩ་ བ་གསེར་འགྱུར་གྱི་བསྟན་བཅོས་ལ། དངུལ་ཆུ་སྒྲུབ་པའི་བསྟན་བཅོས་སློབ་དཔོན་ཆེན་པོ་ བྷ་ལི་པས་མཛད་པ། པཎྜི་ཏ་མི་དབང་བཟང་པོ་དང༌། ལོ་ཙཱ་བ་ཨུ་རྒྱན་པ་རིན་ཆེན་དཔལ་ གྱི་འགྱུར། ཐམས་ཅད་ཀྱི་དབང་ཕྱུག་གི་བཅུད་ལེན་ནད་ཐམས་ཅད་འཇོམས་ཤིང་ལུས་ཀྱི་ སྟོབ་རྒྱས་པར་བྱེད་པ་ཞེས་བྱ་བ། པཎྜི་ཏ་ཤ་བི་དཱ་ཤ་དང༌། ཨུ་རྒྱན་པ་རིན་ཆེན་དཔལ་གྱི་ འགྱུར། གསེར་འགྱུར་གྱི་བསྟན་བཅོས་མཇུག་མ་ཚང་བ། འདི་བྷ་ལི་པས་མཛད་པ་དང་ གཉིས་འགྱུར་ཁྱད་ཆེས་པ་མ་གཏོགས་དོན་གཅིག་ཡིན་པ་འདྲའོ། །རྫོགས་པའི་སངས་རྒྱས་ ཀྱིས་གསུངས་པའི་སྐུ་གཟུགས་ཀྱི་མཚན་ཉིད་ཀྱི་རྣམ་འགྲེལ། པཎྜི་ཏ་དྷརྨ་དྷ་ར་དང༌། ལོ་ ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར་དྲང་སྲོང་ཆེན་པོ་ཨེ་ཊེའི་བུས་མཛད་པའི་སྐུ་གཟུགས་ ཀྱི་མཚན་ཉིད། པཎྜི་ཏ་དྷརྨ་དྷ་ར་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར། གྲུབ་ཐོབ་ བརྒྱད་ཅུ་རྩ་བཞིའི་བྲི་ཐབས་བལ་པོའི་དགེ་སློང་དཔལ་སྡེས་མཛད་པ། སྤོས་སྦྱོར་གྱི་བསྟན་ བཅོས་དྲི་སྦྱར་བའི་མིག་མངས་རིས་ཀྱི་སྦྱོར་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། སྤོས་སྦྱོར་ 7-1-218 གྱི་རིའུ་ཆར་བྱས་པའི་ཐབས། བཤད་པ་དེ་དག་དང་རྗེས་སུ་འབྲེལ་བའི་རྟེན་འབྲེལ་དང༌། རྩིས་དང༌། མོ་ལ་སོགས་པའི་སྐོར་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་གཙུག་ལག་གི་དེ་ཁོ་ ན་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་བུདྡྷ་ཀ་ར་ཝར་མ་དང༌། ལོ་ཙཱ་བ་འགོས་ ལྷས་བཙས་ཀྱི་འགྱུར། ཤཱ་རིའི་བུའི་མོ་རྩིས་མཚན་མ་བརྒྱད་པ། པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། དཔལ་ལྡན་ཞི་བ་ལྷས་མཛད་པའི་མོ་ རྩིས། པཎྜི་ཏ་གཽ་ཏ་མ་ཤྲཱི་དང༌། བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར། ཐུབ་ པ་ཆེན་པོ་དྲང་སྲོང་གརྒས་ལྟས་ཀྱི་རྣམ་པ་བསྟན་པ་ཞེས་བྱ་བའི་གཙུག་ལག་རྒྱ་ནག་ནས་ འགྱུར་བ། ཨརྱ་བྱཱ་ཀ་ར་ཎའི་ནང་ནས་འབྱུང་བ་གཟའ་དང་རྒྱུ་སྐར་གྱི་རང་བཞིན་བཤད་པ་ ཞེས་བྱ་ཡང་ཡོད་དེ། འདི་སྔ་མ་དང་ཐ་དད་ཡན་ནམ་སྙམ་མོ། །མུ་སྟེགས་པའི་རྒྱུད་དབྱངས་ འཆར་བ་སྟོང་ཕྲག་གཅིག་པ། པཎྜི་ཏ་ཛ་ཡ་ཨཱ་ནནྡ་དང༌། ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་ འགྱུར། ཚེའི་གནས་སྐབས་ཀྱི་འབྲས་བུ་གནོད་པ་འབྱུང་བ་ཞེས་བྱ་བའི་ལས་པཎྜི་ཏ་ཛ་ཡ་ཨཱ་ ནནྡ་དང༌། ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་འགྱུར། གཙུག་གི་ནོར་བུ་ཞེས་བྱ་བ་དཔལ་ལྷན་ ཅིག་སྐྱེས་པ་དང་ཨུ་རྒྱན་པ་རིན་ཆེན་དཔལ་གྱི་འགྱུར། ཚེས་རྩིས་ཀྱི་འབྲས་བུ་གསལ་བར་ བྱེད་པ་ཞེས་བྱ་བ་མ་ན་པུ་རུ་ཥས་མཛད་པ། བྲམ་ཟེ་ལག་མ་ཏི་དང༌། མཁའ་འགྲོ་རྡོ་རྗེའི་ འགྱུར། དབྱངས་འཆར་གྱི་དོན་བསྡུས་པ་པཎྜི་ཏ་སེང་གེ་གོ་ཆས་མཛད་པ། ཛ་ཡ་ཨཱ་ནནྡ་ དང༌། ཤེས་རབ་རིན་ཆེན་གྱི་འགྱུར། དུས་སྦྱོར་གྱི་འབྲས་བུ་ཉེ་བར་འཁོ་བ་ཞེས་བྱ་བ་ཛ་ཡ་ ཨཱ་ནནྡ་དང༌། ཆག་ཆོས་རྗེ་དཔལ་གྱི་འགྱུར་རྣམས་སོ། ། རང་དང་གཞན་གྱི་དབུལ་བ་ཀུན་སེལ་ཞིང༌། ། འདོད་པ་སྒྲུབ་པ་མཁས་པ་འཇུག་པའི་ངོགས། ། བཟོ་རིག་བསྟན་བཅོས་ཕྱོགས་མཐུན་བཅས་པའི་གཞུང༌། ། 7-1-219 བཅུ་ཕྲག་གཅིག་ལ་བརྒྱད་ཀྱིས་བརྒྱན་པ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། བཟོ་རིག་ པའི་སྐོར་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །། ཐུན་མོང་བ་ལུགས་ཀྱི་བསྟན་བཅོས་ལ་སོགས་པའི་སྐོར་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པ། པཎྜི་ཏ་སརྦ་ཛྙཱ་དེ་ཝ་དང༌། ལོ་ ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ཞེས་བྱ་བ། སློབ་ དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལས་ལེའུ་གཉིས་པ་ལོགས་ཤིག་ཏུ་བསྒྱུར་བ་དང༌། ལུགས་ཀྱི་ བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ ཏ་ཤཱི་ལེནྡྲ་བོ་དྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། སློབ་དཔོན་ཉི་མ་སྦས་པས་མཛད་པའི་ ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པའི་མཛོད་ཅེས་བྱ་བ། པཎྜི་ཏ་ཛྙཱ་ན་ཤཱནྟི་དང༌། ལོ་ ཙཱ་བ་དཔལ་གྱི་ལྷུན་པོའི་སྡེའི་འགྱུར། ཚིགས་སུ་བཅད་པ་བརྒྱ་པ་ཞེས་བྱ་བ་སློབ་དཔོན་ མཆོག་སྲེད་ཀྱིས་མཛད་པ། པཎྜི་ཏ་བི་ནཱ་ཡ་ཙནྡྲ་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དྲི་མ་མེད་པའི་དྲིས་ལན་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སྙན་དངགས་མཁན་གྱི་དམ་པ་སློབ་ དཔོན་དོན་ཡོད་འཆར་གྱིས་མཛད་པ། པཎྜི་ཏ་ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་རིན་ཆེན་བཟང་ པོའི་འགྱུར། ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་པཎྜི་ཏ་པྲ་བྷཱ་ཀ་ར་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། མ་སུ་རཀྵིའི་ལུགས་ཀྱི་བསྟན་བཅོས་པཎྜི་ཏ་དྷརྨ་ཤྲཱི་བྷ་ དྲ་དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། མིའི་སྤྱད་ཀྱི་བསྟན་བཅོས་རྒྱ་མཚོས་བསྟན་པའི་ སྐྱེས་བའི་མཚན་བཅོ་ལྔ་པ། བུད་མེད་ཀྱི་མཚན་བཅུ་པ། པཎྜི་ཏ་པྲ་བྷཱ་ཀ་ར་དང༌། ལོ་ཙཱ་བ་ རིན་ཆེན་དཔལ་གྱི་འགྱུར། མིའི་དཔྱད་ཀྱི་བསྟན་བཅོས་བསྡུས་པ། ཨུ་རྒྱན་པས་བསྒྱུར་བ། སློབ་དཔོན་པདྨ་དགེ་བསྙེན་གྱིས་འཇིག་རྟེན་དབང་ཕྱུག་ལ་གྲུབ་པ་ཐོབ་པའི་ལོ་རྒྱུས། པཎྜི་ 7-1-220 ཏ་བི་ནཱ་ཡ་ཤྲཱི་མི་ཏྲ་དང༌། འདན་མ་ཚུལ་ཁྲིམས་སེང་གེའི་འགྱུར། ཙནྡྲ་གོ་མིའི་ལོ་རྒྱུས། པཎྜི་ ཏ་རྣམ་པར་གྲགས་པ་ལྷས་ཐུགས་རྗེ་ཆེན་པོ་ལས་གྲུབ་པ་ཐོབ་པའི་གཏམ་རྒྱུད། ཤིང་བཟོ་ བས་གྲུབ་པ་ཐོབ་པའི་གཏམ་རྒྱུད། བུད་མེད་ཀྱི་གྲུབ་པ་ཐོབ་པའི་གཏམ་རྒྱུད། ཚོང་དཔོན་གྱི་ བུ་སུ་ཁ་དེ་བས་གྲུབ་པ་ཐོབ་པའི་གཏམ་རྒྱུད་རྣམས་བཞུགས་སོ། ། གང་ལ་བརྟེན་ན་འཇིག་རྟེན་འདིར་བདེ་ཞིང༌། ། མཐོ་རིས་ཐར་པའི་དཔལ་ཡང་འབྱུང་འགྱུར་བའི། ། ལུགས་ཀྱི་བསྟན་བཅོས་ཀུན་དང་གཏམ་རྒྱུད་སོགས། ། བཅུ་ཕྲག་གཅིག་ལ་བརྒྱད་ཀྱིས་བརྒྱན་པ་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། ཐུན་མོང་བ་ ལུགས་ཀྱི་སྐོར་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ལྟར་མཚན་ཉིད་ཀྱི་ཕྱོགས་ཀུན་དྲིལ་བས་དྲུག་བརྒྱ་ཉི་ཤུ་རྩ་བདུན་བཞུགས་ཏེ་སྐབས་ གསུམ་པའོ། ། ད་ནི་བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་བྱས་པའི་དཔེ་དཀོན་པ་ཅི་རིགས་པ་དང། མཛད་པ་པོའི་མཚན་མ་སྨོས་པའི་ཆོས་ཀྱི་རྣམ་གྲངས་ལ། ཕེ་པ་ལ་ལོ་པཎ་མང་པོས་མཛད་པའི་སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་ཡང་བཞུགས་སོ། ། བེ་པ་ལ་བྱེ་བྲག་ཏུ་རྟོགས་བྱེད་འབྲིང་པོ་སྒྲ་སྦྱོར་བམ་པོ་གཉིས་པ་དང༌། འདིར་བྱེ་བྲག་ ཏུ་རྟོགས་བྱེད་ཆུང་ངུ་རྙེད་ན་བྲིའོ། །ཐོན་མི་ཨ་ནུས་བྱས་པའི་སྒྲའི་བསྟན་བཅོས་སུམ་ཅུ་ པ་དང༌། རྟགས་ཀྱི་འཇུག་པ་གཉིས། ལྕེ་ཁྱི་འབྲུག་གིས་མཛད་པའི་གནས་བརྒྱད་ཀྱི་རྩ་བ་ དང༌། དེའི་འགྲེལ་པ་དང་སྒྲའི་རྣམ་པར་དབྱེ་བ་བསྟན་པ་སུ་བནྡ་དང༌། བཀའ་ཡང་དག་པའི་ 7-1-221 ཚད་མ་ལེའུ་བཅོ་ལྔ་པ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ། ཤེར་སྙིང་གི་འགྲེལ་པ་མདོ་ ལས་སྔགས་སུ་བཀྲོལ་བ་པ་གོར་བཻ་རོ་ཙ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་གདམས་པ་དོན་ གསལ་བའི་སྒྲོན་མ་དང༌། བཙུན་པ་དཔལ་དབྱངས་ཀྱིས་བོད་རྗེ་འབངས་ལ་བརྫངས་པ་ གཅེས་པ་བསྡུས་པའི་འཕྲིན་ཡིག །ལྟ་བའི་རིམ་པའི་མན་ངག་ཀ་བ་དཔལ་བརྩེགས་ཀྱིས་ མཛད་པ་དང༌། གསུང་རབ་རིན་པོ་ཆེའི་གཏམ་རྒྱུད་མཁན་པོ་དཔལ་བརྩེགས་ཀྱིས་མཛད་པ་ རྣམས་བཞུགས་སོ། ། མེ་པ་ལ་མདོ་སྡེ་དགོངས་པ་ངེས་པར་འགྲེལ་བའི་འགྲེལ་ཆེན་བཞུགས། འདི་འཕགས་ པ་ཐོགས་མེད་ཀྱིས་མཛད་ཟེར་བ་མི་བདེན་ཏེ། འདིའི་འཐད་པ་སྒྲུབ་པའི་གཏན་ཚིགས་ཀྱི་ སྐབས་ནས། ལྷ་བཙན་པོ་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ ལས་བལྟ་བར་བྱའོ་ཞེས་བོད་ཀྱི་བྱས་པའི་བསྟན་བཅོས་ལ་ཁ་འཕངས་ཡོད་པའི་ཕྱིར་རོ། ། སྔོན་གྱི་དཀར་ཆག་ལས། ལོ་ཙཱ་བ་ཀླུའི་རྒྱན་མཚན་གྱིས་མཛད་པའི་མདོ་སྡེ་དགོངས་འགྲེལ་ གྱི་འགྲེལ་པ་བམ་པོ་བཞི་བཅུ་ཞེས་འབྱུང་བ་དེ་ཡིན་པར་སེམས་སོ། ། ཙེ་པ་ལ་ལོ་ཙཱ་བ་ཡེ་ཤེས་སྡེས་མཛད་པའི་བཟང་སྤྱོད་ཀྱི་འགྲེལ་པ་རྒྱ་གར་གྱི་འགྲེལ་ པ་བཞིའི་དོན་བསྡུས་ནས་བརྗེད་བྱང་དུ་བྱས་པ། ལྟ་བའི་ཁྱད་པར་མཁན་པོ་ཡེ་ཤེས་སྡེས་ མཛད་པ། སངས་རྒྱས་གཙོའི་རྒྱ་ཆེར་འགྲེལ་པ་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་མཛད་པ། ཆོས་ ཀྱི་རྣམ་གྲགས་ཀྱི་བརྗེད་བྱང་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏ་ལ་སོགས་པས་མཛད་པ་དང༌། ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་གི་རྩ་བ་ཨཱ་ཙཱརྱ་དཔལ་བརྩེགས་ལ་སོགས་པས་མཛད་པ་ དང༌། ཕོ་བྲང་སྟོང་ཐང་ལྷན་དཀར་གྱི་བཀའ་དང་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ ཆག། བནྡེ་དཔལ་བརྩེགས་དང༌། ནམ་མཁའི་སྙིང་པོ་ལ་སོགས་པས་མཛད་པ། མཛད་པ་ པོའི་མཚན་མ་སྨོས་པ་ལས། དོན་རྣམ་པར་གདོན་མི་ཟ་བའི་འགྲེལ་པ། འདི་བཟང་པོ་ཞིག་ 7-1-222 སྣང་སྟེ། མཛད་བྱང་དང་འགྱུར་བྱང་ལ་སོགས་མི་འདུག་པས་འདིར་བཞུགས་སུ་བཅུག ལྷག་ མཐོང་བསྐྱེད་པའི་ཐབས། སེམས་གནས་པའི་སྤྱིའི་ཡི་གེམི་སྡུག་པའི་སྒོ་ནས་སེམས་གནས་ པའི་ཐབས། བྱམས་པ་བསྒོམ་པའི་སྒོ་ནས་སེམས་གནས་པའི་ཐབས། རྟེན་འབྲེལ་བགྲང་ བའི་སྒོ་ནས་སེམས་གནས་པའི་ཐབས། ཁམས་རབ་ཏུ་དབྱེ་བའི་སྒོ་ནས་སེམས་གནས་པའི་ ཐབས། དབུགས་བགྲང་བའི་སྒོ་ནས་སེམས་གནས་པའི་ཐབས། ཞི་གནས་སྐུ་ལ་བསྒོམ་ པའི་ཐབས་ཆུང་ངུ༌ུ། ཞི་གནས་ལ་འཇུག་པའི་ཐབས། བསམ་གཏན་ལ་འཇུག་པ་བསྡུས་པ། སེམས་ཀྱི་ཉམས་ལེན་ཅུང་ཟད་ཙམ་ཞིག་མདོར་བསྡུས་ནས་བརྗོད་པ་རྣམས་སོ། ། རྣམ་འཕྲུལ་དཔག་ཡས་རྒྱལ་བའི་མཛད་པ་ཅན། ། གངས་རིའི་ཁྲོད་འདིར་བྱོན་པའི་སྐྱེས་བུ་མཆོག ། མཁས་པས་མཛད་གཞུང་ཆ་ཙམ་བྲིས་པ་ཡི། ། ངོ་མཚར་བསྟན་བཅོས་སུམ་ཅུ་རྩ་གཅིག་བཞུགས། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། བོད་ཀྱི་ མཁས་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ལས་དཔེ་དཀོན་པ་ཕྱོགས་ཙམ་བྲིས་པའི་ སྐབས་ཏེ་བཞི་པའོ།། །། ད་ནི་ལས་བྱས་པ་དོན་ཡོད་པར་བྱ་བའི་ཕྱིར། བསྔོ་བ་དང༌། སྨོན་ལམ་དང༌། བཀྲ་ཤིས་ ཀྱི་སྐོར་ལ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ། འཕགས་པ་བྱམས་པའི་སྨོན་ལམ། འཕགས་པ་གསེར་འོད་དམ་པ་ལས་གསུངས་པའི་སྨོན་ལམ། རྒྱལ་པོ་གསེར་གྱི་ལག་པའི་ སྨོན་ལམ། ལག་བཟང་གིས་ཞུས་པའི་མདོ་ལས་བྱུང་བའི་སྨོན་ལམ། སྦྱིན་པའི་རབས་ཀྱི་ སྨོན་ལམ། རིན་ཆེན་ཕྲེང་བ་ནས་བྱུང་བའི་སྨོན་ལམ། སྤྱོད་འཇུག་ནས་བྱུང་བའི་སྨོན་ལམ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་འབྱུང་བའི་སྨོན་ལམ། སློབ་དཔོན་ཙནྡྲ་གོ་ 7-1-223 མིས་མཛད་པའི་སྨོན་ལམ། པཎྜི་ཏ་ཛཻ་ཏ་ཀརྞ་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ། རིགས་ཀྱི་སྨོན་ལམ། ཇོ་བོ་རྗེས་མཛད་པ། དམ་པའི་ཆོས་སྤྱོད་ལ་འཇུག་པའི་ཡན་ལག་བདུན་པ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པ། པཎྜི་ ཏ་དེ་ཉིད་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། སློབ་དཔོན་རྟ་དབྱངས་ཀྱིས་མཛད་ པའི་བསྔོ་བ་ཤིན་ཏུ་བསྡུས་པ། དཱ་ན་ཤཱི་ལའི་རང་འགྱུར། རྒྱལ་བའི་ལམ་འཇུག་ནས་འབྱུང་ བའི་སྨོན་ལམ། སྨོན་ལམ་བདུན་ཅུ་པ་བཙུན་པ་གཞན་ལ་ཕན་པའི་དབྱངས་དགོན་པ་བས་ མཛད་པ། པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་སྡེའི་འགྱུར། སློབ་དཔོན་ ཀ་མ་ལ་ཤཱི་ལའི་སྨོན་ལམ་མུ་གཉིས་མ། ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ནས་གསུངས་ པའི་སྨོན་ལམ། མཆོག་གི་སྤྱོད་པའི་སྨོན་ལམ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ཕྱོགས་ཀྱི་སྨོན་ལམ། བློ་ཆེན་པོ་དགོངས་པ་རབ་གསལ་གྱིས་མཛད་པའི་ཆོས་ཀྱི་སྦྱིན་པའི་ བསྔོ་བ་ཆུང་བ། སྤྱིའི་བསྔོ་བ་དང་གསུམ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བདེ་ལེགས་ ཀྱི་ཚིགས་སུ་བཅད་པ། ལྷས་ཞུས་པ། ལྷས་ཞུས་པའི་བདེ་ལེགས་སུ་འགྱུར་བའི་ཚིགས་སུ་ བཅད་པ། བཅོམ་ལྡན་འདས་ལ་ལྷའི་རྒྱལ་པོ་བརྒྱ་བྱིན་དང༌། རབ་མཚེ་མ་དང༌། རབ་དགའ་ ལྡན་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་བསྟོད་པ་ཕལ་པོ་ཆེ་ལས་འབྱུང་བ་དང༌། ཚོང་དཔོན་ག་གོན་དང་བཟང་པོ་ལ་གསུངས་པའི་བཀྲ་ཤིས་དོན་གྲུབ་མ། ཡངས་པའི་གྲོང་ ཁྱེར་དུ་འཇུག་པའི་བདེ་ལེགས་ཀྱི་ཚིགས་བཅད། སྟོང་ཆེན་རབ་འཇོམས་དང༌། རྨ་བྱ་ཆེན་མོ་ ལས་གསུངས་པའི་སྨོན་ལམ་གྱི་བདེན་ཚིགདཀོན་མཆོག་གསུམ་དང༌། མཛད་པ་བཅུ་གཉིས་ ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཛི་ན་མི་ཏྲ་དང༌། ཡེ་ ཤེས་སྡེའི་འགྱུར། འདི་རྡོ་རྗེ་འབྱུང་བའི་ནང་ན། ཇི་ལྟ་བ་བཞིན་ཡོད་པ་དེ་ཕྱུང་བ་འདྲའོ། ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བཀྲ་ཤིས་མཚན་མངས་པཎྜི་ཏ་ཛི་ན་མི་ཏྲ་དང༌། ལོ་ཙཱ་ 7-1-224 བ་ཡེ་ཤེས་སྡེའི་འགྱུར། སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་བཅད། བཅོམ་ལྡན་འདས་ཀྱིས་ ཁྱིམ་བདག་དེས་པ་ལ་གསུངས་པའི་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་བཅད་ཆ་ གཉིས། དཀོན་མཆོག་གསུམ་གྱི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ། རིགས་གསུམ་གྱི་བཀྲ་ ཤིས་ཀྱི་ཚིགས་བཅད་ཆ་གཉིས་རྣམས་བཞུགས་སོ། །བསྔོ་བ་དང༌། སྨོན་ལམ་དང༌། བཀྲ་ ཤིས་ཀྱི་སྐོར་འདི་རྣམས་ལ། བཀའ་དང་བསྟན་བཅོས་ཅི་རིགས་པར་སྣང་ཡང༌། སྔོན་གྱི་ རྣམས་ཀྱིས་ཀྱང་བཀྲ་ཤིས་པའི་ཡན་ལག་ཏུ་བསྟན་བཅོས་ཀྱི་འཇུག་ཏུ་བཀོད་འདུག་པས། འདིར་ཡང་དེ་བཞིན་དུ་བཀོད་པ་ཡིན་ནོ། ། གང་ཞིག་བརྗོད་ན་དོན་རྣམས་ཀུན་འགྲུབ་ཅིང། ། གནས་སྐབས་ཀུན་ཏུ་བདེ་ལེགས་འགྱུར་བ་ཡི། ། བསྔོ་བ་སྨོན་ལམ་བཀྲ་ཤིས་ཚིགས་བཅད་སྐོར། ། བཞི་བཅུ་རྩ་གཅིག་ལེགས་པར་བཞུགས་པ་ཡིན། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། ཐུན་མོང་དུ་ བསྔོ་བ་སྨོན་ལམ་གྱི་སྐོར་ཀྱི་སྐབས་ཏེ་ལྔ་པའོ།། །། དེ་ལྟར་ཡུལ་མཆོག་ཏུ་གྱུར་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བསྟོད་པའི་ ཚོགས་ཀྱི་སྐོར་སྔོན་དུ་བཀོད་ནས། རྒྱུད་སྡེ་བཞི་སྤྱི་དང་སོ་སོའི་དགོངས་པ་འགྲེལ་བའི་ བསྟན་བཅོས། རྒྱུད་ཀྱི་འགྲེལ་པ་དང༌། སྒྲུབ་ཐབས་དང༌། དཀྱིལ་འཁོར་གྱི་ཆོ་ག་དང༌། རྫོགས་པའི་རིམ་པ་དང༌། ལས་ཚོགས་ལ་སོགས་པ་རྣམས་དང༌། བཀའ་འཁོར་ལོ་རིམ་པ་ གསུམ་གྱི་སྤྱི་དང་སོ་སོའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམ་དང༌། གཏན་ཚིགས་དང༌། སྒྲ་དང༌། གསོ་བ་དང༌། བཟོ་རིག་པའི་བསྟན་བཅོས་རྣམས་དང༌། འཇིག་རྟེན་ལུགས་ཀྱི་ 7-1-225 བསྟན་བཅོས་དང༌། བོད་ཀྱི་མཁས་པ་ཆེན་པོ་དག་གིས་མཛད་པའི་བསྟན་བཅོས་ཀྱི་དཔེ་ ཤིན་ཏུ་གཅེས་པ་ཇི་ལྟར་རྙེད་པ་རྣམས་དང༌། མཐར་བསྔོ་བ་དང༌། སྨོན་ལམ་དང༌། ཤིས་པ་ བརྗོད་པ་རྣམས་ཀྱིས་ལེགས་པར་བརྒྱན་ཏེ། ཁྱད་པར་དུ་འཕགས་པའི་བསྟན་བཅོས་སྟོང་ ཕྲག་གསུམ་དང་བརྒྱ་ཕྲག་གཅིག་དང་བཅུ་དྲུག་བཞུགས་སོ། ། འདིའི་ཕྱི་མོ་ཆོས་གྲ་ཆེན་པོ་སྣར་ཐང་ན་བཞུགས་པའི་བསྟན་བཅོས་འགྱུར་རོ་འཚལ་ ལ་ཞུས་ཤིང༌། དེར་མ་འདུས་པའི་དཔེ་ཕྱི་དཀོན་པ་དང༌། གསར་དུ་འགྱུར་བ་ཆོས་གྲ་ཆེན་ པོ་ཞལ་ལུའི་བསྟན་བཅོས་འགྱུར་རོ་འཚལ་གྱི་ནང་ན་བཞུགས་པ་རྣམས་ལ་ཞུས་ཏེ། དེར་ ཡང་མ་འདུས་པའི་བསྟན་བཅོས་གསར་དུ་འགྱུར་བ་ཅི་རིགས་པ་ཞིག་གི་ཕྱི་མོ་ཡང་འབད་པ་ ཆེན་པོས་བཙལ་ཏེ་ལེགས་པར་ཞུས་སོ། །དཀར་ཆག་གི་རིམ་པ་ཡང༌། ལྔ་རིག་པའི་མཁས་ པ་ཆེན་པོ་མཁན་ཆེན་ལོ་ཙཱ་བ་བུ་སྟོན་གྱིས་བརྟག་དཔྱད་ལེགས་པར་མཛད་པའི་དཀར་ཆག་ གཞིར་བྱས་ཏེ། སྔར་བསྟན་བཅོས་བོད་མ་ཡིན་པར་མཁྱེན་བཞིན་དུ་ཡང༌། དཀར་ཆག་སྔ་མ་ དག་ན་ཡོད་པའི་དབང་དུ་མཛད་ནས་རེ་ཤིག་བཞུགས་སུ་གསོལ། འདིའི་མ་ཕྱི་ནི་རྗེ་ངག་དབང་ཚོགས་གཉིས་རྒྱ་མཚོས་ཆོས་ཐང་དགོན་དུ་ཕུལ་བས། ད་ལན་དགོན་པའི་ལས་སྣེ་ནས་ང་ ཚོར་གཡར་བྱུང་བས་བཀའ་དྲིན་ཆེ་ཞུ། དབུ་ལྡེབ་ཤོག་མཐའ་སྐྱོན་ཤོར་ཡོད་པས་ཚེག་ཡོད་པ་རྣམས་ཁ་གསབ་ཐབས་བྲལ། མཇུག་ཡང་མི་ཚང་བས་པར་ཐེངས་ གཉིས་པའི་སྐབས་སྤུས་ལེགས་ཤིག་ཡོང་ཐུབ་པའི་རེ་བ་ཡོད། 7-1-226 ༄༅། །འཁོར་ལོ་སྡོམ་ཆེན་བཞུགས་སོ། ། ༄༅། །ༀ་ན་མཿཤྲཱི་ཀཱ་ལ་ཙཀྲ་མ་ཧཱ་ཙཀྲ་སཾ་བྷ་རཱ་ཡ། འགྱུར་མེད་ལས་འཁྲུངས་རབ་ ཞི་བདེ་བ་ཆེན་པོའི་སྐུ། །གདུལ་ཀ་མཐར་བྱེད་དྲག་པོའི་ཚུལ་འཆང་ཧེ་རུ་ཀ །དཔལ་ལྡན་ འཁོར་ལོ་སྡོམ་པའི་ཞབས་ལ་གུས་བཏུད་ཏེ། །དེ་ཡི་དཀྱིལ་འཁོར་སྒྲུབ་པའི་རིམ་པ་གསལ་ བར་བྱ། འདིར་དཔལ་འཁོར་ལོ་སྡོམ་པའི་རྩ་བའི་རྒྱུད་མངོན་པར་བརྗོད་པ་འབུམ་པ་ལས་ གསུངས་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་རྒྱས་འགྲེལ་ཆེན་པོར་གསལ་བར་མཛད་ པའི། དཔལ་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པའི་རིམ་པ་ནི། རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོ་དང༌། དེའི་ནང་དུ་ཆོས་འབྱུང་ནམ་མཁའི་ཁམས་ ལ་ཡཾ་ཡིག་ལས་རླུང་གི་དཀྱིལ་འཁོར་ནག་པོ་རྒྱར་དཔག་ཚད་འབུམ་ཕྲག་བཞི་པ་དབུས་སུ་ གཞུའི་རྣམ་པ་ཅན་རྒྱལ་མཚན་གྱིས་མཚན་པ་དང༌། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་ དམར་པོ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ་བཀྲ་ཤིས་ཀྱིས་མཚན་པ་དང༌། དེའི་སྟེང་དུ་ ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ་དབུས་སུ་ཟླུམ་ པོའི་རྣམ་པ་ཅན་པད་མས་མཚན་པ་དང༌། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་ པོ་རྒྱར་དཔག་ཚད་འབུམ་ཕྲག་གཅིག་པ་དབུས་སུ་གྲུ་བཞིའི་རྣམ་པ་ཅན་རྡོ་རྗེས་མཚན་པ་ ཐམས་ཅད་ཀྱི་སྟེང་དང་འོག་ཏུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གཉིས་གཉིས་དང་ལྡན་པའོ། ། དེའི་སྟེང་དུ་མཾ་ལས་རི་རབ་ལྷུན་པོ་འོག་གི་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང༌། 7-1-227 སྟེང་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་པ་དང༌། དེའི་སྟེང་དུ་ཀྵཾ་ལས་སྣ་ཚོགས་པད་མ་ལྗང་ ཁུ་དཔག་ཚད་སྟོང་ཕྲག་ལྔ་བཅུ་པ་པད་མའི་སུམ་ཆའི་ཚད་ཀྱི་ལྟེ་བ་ཅན་དང། དེའི་སྟེང་དུ་ ཧཾ་ལས་ཟླ་བའི་དཀྱིལ་འཁོར་པད་མའི་ལྟེ་བ་དང་མཉམ་པ་དང༌། དེའི་སྟེང་དུ་རྣམ་པར་ བཅད་པ་ལས་ཉི་མའི་དཀྱིལ་འཁོར་ཟླ་བ་དང་མཉམ་པ་དང༌། དེའི་སྟེང་དུ་ཐིག་ལེ་ལས་སྒྲ་ གཅན་གྱི་དཀྱིལ་འཁོར་མཐོན་མཐིང་ཉི་མ་དང་མཉམ་པའོ། །སྣ་ཚོགས་པད་མ་ཟླ་ཉི་སྒྲ་ གཅན་རྣམས་ནི་གཙོ་བོའི་གདན་ནོ། །ལྷུན་པོའི་སྟེང་སྣ་ཚོགས་པད་མའི་འོག་ཏུ་རྡོ་རྗེའི་ས་ གཞི་རྒྱར་དཔག་ཚད་འབུམ་ཕྲག་བརྒྱད་པ་ཕྱོགས་ཀྱི་མདོག་ཅན་དང༌། དེའི་སྟེང་དུ་རྡོ་རྗེའི་ གུར་ཕྱི་རོལ་རྡོ་རྗེ་ཕྲེང་བའི་རྒྱ་དང་མཉམ་པའི་དབུས་སུ་རྡོ་རྗེའི་ས་གཞི་ལ་བྷྲུཾ་ཡིག་གམ་ༀ་ ཡིག་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་ཟླུམ་པོ་ རྒྱར་དཔག་ཚད་འབུམ་ཕྲག་བཞི་པ། འཁོར་ལོའི་བརྒྱད་ཆའི་ཚད་ཅན་གྱི་སྒོ་བརྒྱད་པ་སྒོའི་ བཞི་ཆའི་ཚད་ཀྱི་གཞི་ལ་ནང་ནས་རིམ་པ་བཞིན་རིན་པོ་ཆེ་ལྗང་ཁུ་དང་ནག་པོ་དང་དམར་ པོ་དང་དཀར་པོ་དང་སེར་པོའི་ར་བ་ལྔ་དཔང་དུ་སྒོ་ཚད་གཅིག་དང་བཞི་གསུམ་གྱི་ཚད་དང་ ལྡན་པ། སྒོ་དང་མཉམ་པའི་སྒོ་ཁྱུད་དང་སྒོ་འགྲམ་དང་སྒོ་ལོགས་ཏེ་གླཽ་འབུར་གྱི་རྣམ་པར་ གྲུབ་པའི་སྒོ་ཁང་ངོ༌། །ར་བའི་ཕྱི་རོལ་དུ་སྟེགས་བུ་དཀར་པོ་འགྲམ་སྟེགས་ཀྱི་རྣམ་པ་རྒྱ་དང་ དཔངས་ལ་སྒོ་ཕྱེད་ཀྱི་ཚད་དང་ལྡན་པ་ར་བའི་བར་ཇི་སྲིད་པར་ཡོངས་སུ་སྐོར་བ་དང། ར་ བའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དམར་པོ་སྒོའི་བཞི་ཆའི་ཚད་ཕྱིར་འཕྱར་བ་བ་གམ་གྱི་རྣམ་ པ་ཅན་དཔངས་སུ་སྒོའི་བཞི་ཆའི་ཚད་ཅན་ལ་རིན་པོ་ཆེ་དུ་མས་འཛེས་པར་སྤྲས་པའི་སྟེང་དུ་ ཐོག་ཕུབས་ཀྱི་གདུང་འདེགས་པའི་ཀ་ཐུང་རྣམས་ཀྱི་བར་བར་དུ་ཆུ་སྲིན་མ་ཀ་རའི་ཁ་ནས་ འཕྱང་བའི་དོ་ཤལ་དང་དོ་ཤལ་ཕྱེད་ཕྱེད་པ་དཀར་པོ་མེ་ལོང་དང་རྔ་ཡབ་དག་དང་བཅས་པ་ དཔུངས་སུ་སྒོའི་བྱེད་པ་དང༌། དེའི་སྟེང་དུ་ཐོག་ཕུབས་ཀྱི་བྱ་འདབས་ལས་ཐུར་དུ་ཕྱང་བའི་ 7-1-228 བཱ་ཀུ་ལི་དང༌། སྟེང་དུ་མཛེས་པར་ཚར་དུ་དངར་བའི་ཀྲ་མ་ཤཱིར་ཥ་དཀར་པོ་པད་མའི་འདབ་ མ་ཕྱེད་པའི་དབྱིབས་ཅན་གྱིས་ཡོངས་སུ་བསྐོར་བ། ར་བ་དང་བཅས་པ་སྤྱིའི་དཔངས་སུ་སྒོ་ ལས་སུམ་འགྱུར་གྱི་ཚད་དང་ལྡན་པའོ། །སྒོ་ཁང་རྣམས་ཀྱི་སྟེང་དུ་སྒོ་ལས་སུམ་འགྱུར་གྱི་རྟ་ བབས་ནོར་བུ་གསེར་གྱི་རང་བཞིན་ཁང་རྩེག་རིམ་པ་གསུམ་པ། སྒོ་ལོགས་ཀྱི་གཡས་དང་ གཡོན་གྱི་སྟེགས་བུའི་སྟེང་དུ་བཙུག་པའི་ཀ་བ་སེར་པོ་བཞི་བཞིས་བཏེག་པ་རྣམས་ཏེ། ཁང་ རྩེགས་རིམ་པ་རེ་རེ་ལ་ཡང་གདུང་དང་མྱོས་པ་སྲུང་བ་དང༌། ཀ་ཐུང་རྣམས་ཀྱི་བར་བར་ དུ་མཆོད་པའི་ལྷ་མོའི་གནས་གསུམ་གསུམ་དང་བཅས་པ་ལྷ་མོའི་གཞི་ཁ་དོག་སྣ་ཚོགས་ པ་ཤིན་ཏུ་མཛེས་པ་ཅུང་ཟད་ཟླུམ་པོའི་རྣམ་པ་སྟེ། སྒོ་ཁང་གི་ནང་གི་དབུས་ཀྱི་གཞི་ནས་ རྟ་བབས་ཀྱི་རྩེ་མོའི་བར་ཀྱི་དཔངས་ལ་སྒོ་ཚད་ལྔ་དང་ལྡན་པའོ། །དེའི་རིམ་པ་དང་པོའི་ ལོགས་གཉིས་ནས་གླང་པོ་ཆེ་མནན་པའི་སེང་གེ་ལངས་པ་དག་དང༌། རྩེག་མ་བར་པ་དང་ སྟེང་མའི་ལོགས་གཉིས་ནས་ཤ་ལ་བྷཉྫི་ཀ་ཞེས་པ་ལྷ་མོ་དག་གིས་གདུང་འདེགས་པའི་རྣམ་ པ་དང༌། སྟེང་དུ་གདུང་གིས་བཏེག་པའི་ཧར་མི་མཛེས་པ་བུམ་པའི་ཏོག་དང་བཅས་པའི་ གཡས་གཡོན་དུ་རྒྱལ་མཚན་གཙུག་ཤིང་སྣམ་བུ་རྣམས་ལ་དྲིལ་བུ་དང་མེ་ལོང་དང་བ་དན་ དང་རྔ་ཡབ་ལ་སོགས་པ་མཛེས་པར་སྤྱང་[དཔྱངས]པ་དང༌། ཀྲ་མ་ཤཱིར་ཥའི་སྟེང་དུ་ཕྱོགས་ དང་འཚམས་ཀྱི་སྒོ་གཉིས་གཉིས་བར་དུ་བཞག་པའི་ཐད་སོར་སྣ་ཚོགས་རྡོ་རྗཻ་བཞིས་སྤྲས་ ཤིང་སྒོ་དང་སྒོ་ཁྱུད་ཀྱི་འཚམས་རྣམས་ཀྱི་ཕྱི་ནང་དུ་རིན་པོ་ཆེས་སྤྲས་པའོ། །གཞལ་ཡས་ ཁང་གི་ཕྱི་རོལ་མཆོད་པའི་ས་གཞི་ལ་པད་མ་དང་བུམ་པ་བཟང་པོ་ལ་སོགས་པ་མཆོད་པའི་ སྤྲིན་དཔུང་དུ་མ་ཉེ་བར་འཁྲིགས་པ་དང༌། དེའི་ཕྱི་རོལ་དུ་སའི་ཁོར་ཡུག་སྒོའི་ཕྱེད་ཀྱི་ཚད་ དང་ལྡན་པ་དང༌། དེའི་ཕྱི་རོལ་དུ་ཆུ་དང་མེ་དང་རླུང་གི་ཁོར་ཡུག་སོ་སོར་སྒོའི་ཚད་དང་ལྡན་ པ་དང༌། དེའི་ཕྱི་རོལ་དུ་ནམ་མཁའི་ཁོར་ཡུག་སྒོའི་ཕྱེད་ཀྱི་ཚད་ཅན་ལ་ཆ་བཞིར་ཕྱེ་བའི་ 7-1-229 དབུས་ཀྱི་ཆ་གཉིས་ལ་རྡོ་རྗེའི་ཕྲེང་བ་དང༌། དེའི་ཕྱི་རོལ་ཕྱོགས་ཀུན་དུ་ཡེ་ཤེས་ལྔའི་འོད་ ཟེར་འཕྲོ་བའོ། །སའི་ཁོར་ཡུག་གི་སྟེང་གི་ནམ་མཁའ་ལ་དབང་ལྡན་ནས་ཟླ་བ་ཉ་གང་བ་ འཆར་བཞིན་པ་དང༌། བདེན་བྲལ་དུ་ཉི་མའི་དཀྱིལ་འཁོར་ནུབ་བཞིན་པའོ། །གཞལ་ཡས་ ཁང་གི་དབུས་སུ་སྔར་བསྐྱེད་པའི་གཙོ་བོའི་གདན་སྣ་ཚོགས་པད་མའི་ལྟེ་བ་ལ་ཟླ་བ་ཉི་མ་ སྒྲ་གཅན་གྱི་དཀྱིལ་འཁོར་དང་བཅས་པ་དང༌། དེའི་ཕྱི་རོལ་དུ་ཐད་ཀའི་ཆར་འོག་གི་སའི་ དཀྱིལ་འཁོར་གྱི་ཚད་ཀྱིས་འོག་གཞི་ལྗང་ཁུའི་སྟེང་དུ་ཡེ་ཤེས་ཀྱི་ཁམས་ཀྱི་འཁོར་ལོ་རྩིབས་ བརྒྱད་པ་དཔག་ཚད་སྟོང་ཕྲག་ཉེར་ལྔ་པ་སྔོན་པོ་ལྟེ་བ་ལ་གྲི་གུག་སྔོན་པོའི་ཕྲེང་བས་མཚན་ པ་དང༌། དེའི་ཕྱི་རོལ་དུ་རྒྱ་མཚོའི་ཕྱེད་ཀྱི་ཚད་ཀྱིས་འོག་གཞི་ནག་པོའི་སྟེང་དུ་སའི་ཁམས་ ཀྱི་འཁོར་ལོ་རྩིབས་བརྒྱད་པ་སེར་པོ་ལྟེ་བ་ལ་འཁོར་ལོ་སེར་པོའི་ཕྲེང་བས་མཚན་པ་དང༌། དེའི་ཕྱི་རོལ་དུ་རྒྱ་མཚོའི་ཕྱེད་ཕྱི་མའི་ཚད་ཀྱིས་འོག་གཞི་དམར་པོའི་སྟེང་དུ་ཆུའི་ཁམས་ ཀྱི་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་ལྟེ་བ་ལ་པད་མ་དཀར་པོའི་ཕྲེང་བས་མཚན་པ་དང༌། དེའི་ཕྱི་རོལ་དུ་མེའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱིས་འོག་གཞི་དཀར་པོའི་སྟེང་དུ་མེའི་ ཁམས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་དམར་པོ་ལྟེ་བ་རིན་པོ་ཆེ་དམར་པོའི་ཕྲེང་བས་མཚན་ པ་དང༌། དེའི་ཕྱི་རོལ་དུ་མེའི་དཀྱིལ་འཁོར་གྱི་ཕྱེད་ཕྱི་མའི་ཚད་ཀྱིས་འོག་གཞི་སེར་པོའི་སྟེང་ དུ་རླུང་གི་ཁམས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ནག་པོ་ལྟེ་བ་ལ་རལ་གྲི་ནག་པོའི་ཕྲེང་བས་ མཚན་པ་དང༌། དེའི་ཕྱི་རོལ་དུ་རླུང་གི་དཀྱིལ་འཁོར་གྱི་ཕྱེད་ལ་འོག་གཞི་སྔོན་པོའི་སྟེང་དུ་ ནམ་མཁའི་ཁམས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལྗང་ཁུ་ལྟེ་བ་ལ་རྡོ་རྗེ་ལྗང་ཁུའི་ཕྲེང་བས་ མཚན་པ་སྟེ། ལྟེ་བ་རྣམས་ནི་འཁོར་ལོ་སོ་སོའི་སུམ་ཆའི་ཚད་ཅན་ཏེ། །མཚན་མའི་ཕྲེང་བའི་ འོག་གཞིའི་ཁ་དོག་ཀྱང་རྩིབས་ཀྱི་འོག་གཞི་དང་ཁ་དོག་མཐུན་པའོ། །དེའི་ཕྱི་རོལ་དུ་རླུང་ གི་དཀྱིལ་འཁོར་གྱི་ཕྱེད་ཕྱི་མའི་ཚད་ཀྱིས་ཕྱོགས་ཀྱི་མདོག་ཅན་གྱི་ས་གཞི་ཏེ། ཤར་དང་ 7-1-230 མེར་ནག་པོ་དང༌། ལྷོ་དང་བདེན་བྲལ་དུ་དམར་པོ་དང༌། ནུབ་དང་རླུང་དུ་སེར་པོ་དང༌། བྱང་ དང་དབང་ལྡན་དུ་དཀར་པོའོ། །ཕྱོགས་ཀྱི་མདོག་ཅན་གྱི་ས་ནི་གཙོ་བོའི་པད་མའི་ཕྱི་རོལ་ ནས་འཁོར་ལོ་རྣམས་ཀྱི་འོག་གཞིའི་མདོག་གི་འོག་ཏུའང་ཁྱབ་ཅིང་ཕྱི་རོལ་སའི་ཁོར་ཡུག་ གི་བར་དུའང་ཁྱབ་པའོ། །དུར་ཁྲོད་ཀྱི་གནས་སྟེགས་བུའི་བར་གྱིས་ནི་འོག་གི་ནམ་མཁའི་ དཀྱིལ་འཁོར་ལ་ཁྱབ་པའོ། །འཁོར་ལོ་དྲུག་འོག་གཞིའི་ཁ་དོག་དྲུག་དང་བཅས་པ་ནི། ལུས་ ཀྱི་འཁོར་ལོ་དྲུག་དང་རྒྱལ་བ་རིགས་དྲུག་རྣམ་པར་དག་པའོ། །འཁོར་ལོ་དྲུག་པོ་རྣམས་ཀྱི་ རྩིབས་བརྒྱད་བརྒྱད་ཀྱི་རྩེ་མོའི་བར་བར་དུ་ཀ་བ་སྒོ་ཚད་ཕྱེད་དང་གསུམ་གྱིས་དཔངས་དང་ ལྡན་པ་བརྒྱད་བརྒྱད་དང༌། ཀ་བ་རྣམས་ཀྱིས་བཏེག་པའི་རྡོ་རྗེའི་གདུང་ཟླུམ་པོར་བསྐོར་བ་ རིམ་པ་དྲུག་གི་སྟེང་དུ་ཐོགས་ཕུབས་མཛེས་པར་ཕུབ་པའི་བྱ་འདབས་ཕྱི་རོལ་དུ་སྟེགས་བུའི་ སྟེང་གི་ཐད་སོར་འཕྱར་བ་དང༌། གཙོ་བོའི་པད་མའི་འདབ་མ་བཅུ་དྲུག་གི་མཐའི་འཚམས་ བཅུ་དྲུག་རྣམས་སུ་ཟླ་བའི་ཆ་བཅུ་དྲུག་རྣམ་པར་དག་པའི་ཀ་བ་བཅུ་དྲུག་དང༌། དེ་དག་གིས་ བཏེག་པའི་རྡོ་རྗེའི་གདུང་ཟླུམ་པོར་ཡོངས་སུ་བསྐོར་བ་ཅིག་ཏེ། རྡོ་རྗེའི་གདུང་འདིའི་སྟེང་ དུ་ཡང་འོག་གི་ཀ་བ་རྣམས་ཀྱི་ཐད་སོའི་སྟེང་དུ་གཙུགས་པའི་ཀ་བ་འོག་གི་ཀ་བ་ལས་ཉིས་ འགྱུར་གྱི་དཔངས་དང་ལྡན་པ་དང༌། དེ་དག་གིས་བཏེག་པའི་རྡོ་རྗེའི་གདུང་ཟླུམ་པོ་སྟེ་དེའི་ སྟེང་དུ་གཙོ་བོའི་སྟེང་གི་ཐོག་ཕུབས་དབུས་ཅུང་ཟད་ཕྱུར་བུའི་རྣམ་པ་ཅན་གྱི་སྟེང་དུ་བུམ་ པའི་རྣམ་པ་ཅན་གྱི་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པར་སྤྲས་པའོ། །ཟླ་བའི་སྔ་རྐང་དང༌། ཕྱི་རྐང་གི་དབྱེ་བ་ལྔ་བཅུ་དང༌། ཉི་མའི་སྔ་ཕྱིའི་རྐང་པའི་དབྱེ་བ་ཉེར་གཉིས་རྣམ་པར་དག་ པ་སྙིང་པོའི་པད་འདབ་བརྒྱད་ལ་རོའི་གདན་བརྒྱད་དང༌། འཁོར་ལོ་རྩིབས་བཞི་བཅུ་རྩ་ བརྒྱད་དང༌། དུར་ཁྲོད་ཀྱི་ས་སྒོ་བརྒྱད་དང་སྒོ་རྣམས་ཀྱི་བར་བརྒྱད་རྣམས་སུ་སྟེགས་བུའི་ སྟེང་དུ་འཁོར་ལོ་རྩིབས་བརྒྱད་པའི་གདན་བཅུ་དྲུག་རྣམས་དང་སྒོ་བརྒྱད་ཀྱི་གཡས་རྣམས་ 7-1-231 ཀྱི་སྟེགས་བུ་ལ་ཀླུ་བརྒྱད་ཀྱི་གདན། རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་རྣམས་སོ། ། དེ་ལྟར་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས། བརྟེན་པ་ལྷ་སྐྱེད་པའི་ ཚུལ་ལ། གཙོ་བོ་ཡབ་ཡུམ་མངོན་བྱང་ལྔ་ལས་སྐྱེད་པ་དང༌། འཁོར་ལོ་དྲུག་གི་ལྷ་རྣམས་ དང་དུར་ཁྲོད་ཀྱི་ལྷ་རྣམས་ཡུམ་གྱི་བྷ་གར་བསྐྱེད་ནས་སྤྲོ་བའི་ཚུལ་ནི། དུས་ཀྱི་འཁོར་ལོ་ ལྟར་ཤེས་པར་བྱ་སྟེ། འདིར་རེ་ཞིག་ལྷ་སོ་སོའི་ས་བོན་ལས་ཕྱག་མཚན་དང་དེ་ལས་ལྷ་ བསྐྱེད་པའི་ཚུལ་ནི། སྙིང་པོའི་པད་མའི་ལྟེ་བར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང་དེ་ཡོངས་ སུ་གྱུར་པ་ལས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ངོ་བོ་འཁོར་ལོ་སྡོམ་པ་ཧེ་རུ་ཀ་དྲི་མ་ མེད་པའི་འོད་ཟེར་ལྔ་རྣམ་འཕྲོ་བ་ཐིག་ལེ་བཞི་འཛིན་པའི་ཕྱིར་ཞལ་བཞི་པ། ཕྲག་པ་དྲུག་ པ། དཔུང་པ་བཅུ་གཉིས་པ། ཕྱོགས་ཉེར་བཞི་འགག་པའི་ཕྱིར་ཕྱག་ཉི་ཤུ་རྩ་བཞི་པ་ལྷག་ པའི་ཟླ་བའི་ཕྱོགས་གཉིས་འགག་པའི་ཕྱིར་ལྷག་པའི་ཕྱག་གཉིས་ཏེ་ཉི་ཤུ་རྩ་དྲུག་པ་ཞབས་ གཡས་པ་དམར་པོ་བརྐྱང་པས་འདོད་ལྷ་དམར་པོ་གདོང་གཅིག་པ་ལག་པ་བཞིའི་གཡས་ཀྱི་ དང་པོས་མེ་ཏོག་གི་མདའ་ལྔ་དང་གཉིས་པས་ལྕགས་ཀྱུ་འཛིན་པ་གཡོན་གྱི་དང་པོས་གཞུ་ དང་གཉིས་པས་ཞགས་པ་འཛིན་པའི་སྙིང་ཁར་མནན་པ། གཡོན་པ་དཀར་པོ་བརྐུམ་པས་ དབང་ཕྱུག་དཀར་པོ་གདོང་གཅིག་པ་མིག་གསུམ་པ། ལག་པ་བཞིའི་གཡས་ཀྱི་དང་པོས་རྩེ་ གསུམ་དང་གཉིས་པས་ཌ་མ་རུ་འཛིན་པ། གཡོན་དང་པོས་ཁ་ཊྭཱཾ་ག་དང་གཉིས་པས་ཐོད་པ་ འཛིན་པའི་སྙིང་ཁར་མནན་པ། བདུད་ཀྱི་དགའ་མ་དང་དྲག་པོའི་ཨུ་མ་དག་གིས་ཞབས་ཀྱི་ འཐིལ་ནས་འདེག་པར་བྱེད་ཀྱང་གཡོ་བ་མེད་པར་གནས་པ། སྐུ་མདོག་མཐོན་འཐིང་གཡས་ དང་གཡོན་དང་དབུས་ཀྱི་འགྲིན་པ་གསུམ་ཉི་མ་དང་ཟླ་བ་དང་བུང་བའི་མདོག་ཅན། མདུན་ ཞལ་ནག་པོ། གཡས་ཞལ་དམར་པོ། གཡོན་ཞལ་དཀར་པོ། རྒྱབ་ཞལ་སེར་པོ། ཞལ་བཞི་ ཆར་མཆེ་བ་རྩིགས་[གཙིགས]པ༑ ཞལ་རེ་རེ་ཞིང་སྤྱན་དམར་ལ་ཅུང་ཟད་ཟླུམ་པའི་གསུམ་ 7-1-232 གསུམ་དང་ལྡན་པ། རལ་པའི་ཅོད་པན་སྤྱི་གཙུག་ཏུ་བཅིངས་ཤིང༌། དཔྲལ་བར་ཐོད་པ་ཁ་ དོག་ལྔའི་ཕྲེང་བས་བརྒྱན་པ་རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དང་མི་ བསྐྱོད་པའི་དབུ་རྒྱན་ཅན། སྤྱི་བོར་རྡོ་རྗེ་ནོར་བུ་དང༌། རྡོ་རྗེ་རྣ་རྒྱན་དང༌། རྡོ་རྗེ་མགུལ་རྒྱན་ དང༌། རྡོ་རྗེ་གདུ་བུ་དང་རྡོ་རྗེ་ཀ་[སྐ]རགས་དང་རྡོ་རྗེ་རྐང་གདུབ་དང༌། རྡོ་རྗེ་ཕྲེང་བ་དང་ རྡོ་རྗེ་མཆོད་ཕྱིར་ཐོགས་དང་ཐལ་བས་བརྒྱན་པ་སྟེ། སྟག་གི་ལྤགས་པའི་ཤམ་ཐབས་གྲོལ་ བའི་ཚུལ་དུ་མནབས་པ། ཕྲག་པར་བདུད་རིགས་རྒྱའི་མགོ་བོའི་ཕྲེང་པ་འཕྱང་ཞིང༌། དབུ་ ལ་རྡོ་རྗེ་དར་དཔྱངས་ཀྱི་སྟེང་དུ་རྡོ་རྗེ་ཟླ་བ་ཕྱེད་པ་དང་བཅས་པའོ། །གཡས་དང་གཡོན་གྱི་ ཕྲག་པ་དང་པོ་གཉིས་ནག་པོ་དང༌། གཉིས་པ་དམར་པོ་དང་གསུམ་པ་དཀར་པོ་དང༌། དེ་ བཞིན་དུ་དཔུངས་པ་གཉིས་ནག་པོ་དང་གཉིས་དམར་པོ་དང་གཉིས་དཀར་པོ་དང༌། ཕྱག་ བཞི་ནག་པོ་དང་བཞི་དམར་པོ་དང་བཞི་དཀར་པོ་སྟེ་ལྷག་པའི་ཕྱག་གཉིས་ཀྱི་གཡས་པ་ ནག་པོ་དང་གཡོན་པ་སེར་པོའོ། །ཕྱག་རེ་རེ་ལ་འོད་ཟེར་འཕྲོ་བའི་སོར་གདུབ་རྣམས་ཀྱིས་ སྤྲས་པའི་མཐེའོ་སེར་པོ་འཛུབ་མོ་དཀར་པོ་གུང་མོ་དམར་པོ་མིང་མེད་ནག་པོ་མཐེ་ཆུང་ལྗང་ ཁུའོ། །སོར་མོ་རྣམས་ཀྱིས་ཚིགས་ཀྱི་ཕྲེང་བ་འོག་མ་ནག་པོ་དང་བར་མ་དམར་པོ་དང་སྟེང་ མ་དཀར་པོའོ། །དེ་ལྟ་བུའི་ཕྱག་གཡས་པ་རྣམས་ཀྱི་ནག་པོ་བཞིས་རྡོ་རྗེ་དང་རལ་གྲི་དང་ རྩེ་གསུམ་དང་གྲི་གུག་དང༌། དམར་པོ་བཞིས་མདའ་དང་རྡོ་རྗེ་ལྕགས་ཀྱུ་དང་སྒྲ་དང་བཅས་ པའི་ཌ་མ་རུ་དང་ཐོ་བ་དང༌། དཀར་པོ་བཞིས་འཁོར་ལོ་དང་མདུང་དང་དབྱུག་པ་དང་དགྲ་ སྟ་རྣམས་འཛིན་ཅིང༌། གཡོན་པ་རྣམས་ཀྱི་ནག་པོ་བཞིས་རྡོ་རྗེ་དྲིལ་བུ་དང་ཕུབ་དང་ཁ་ཊཱཾ་ག་ ཁ་བྱེ་བ་དང་ཁྲག་གིས་གང་བའི་ཐོད་པ་དང༌། དམར་པོ་བཞིས་གཞུ་དང་ཞགས་པ་དང་རིན་ པོ་ཆེ་དང་པད་མ་དཀར་པོ་དང༌། དཀར་པོ་བཞིས་དུང་དང་མེ་ལོང་དང་རྡོ་རྗེ་ལྕགས་སྒྲོག་ དང་ཚངས་པ་གདོང་བཞི་པའི་མགོ་བོ་རྣམས་འཛིན་ཅིང༌། ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་ 7-1-233 པ། ཕྱག་ཐ་མ་གཉིས་ཀྱིས་སྡིག་འཛུབ་དང་བཅས་ཏེ་གླང་པོ་ཆེའི་ལྤགས་པ་རློན་པ་ཁྲག་དང་ བཅས་པ་མགོ་བཽ་གཡས་སུ་སྟན་པའི་རྐང་ལག་གཉིས་ནས་གཟུང་དེ་གྱོན་ཅིང་བདུད་ཀྱི་ མགོ་བོ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས་པའོ། །ཀླུའི་དབང་པོ་རྒྱལ་བ་རལ་བའི་ཅོད་ པན་ལ་བཅངས་ཤིང༌། རྣམ་པར་རྒྱལ་བ་དར་དཔྱངས་ལ་བཅིངས་པས་གནས་པ། སྟོབས་ཀྱི་ རྒྱུ་དང་པད་མ་རྣ་རྒྱན་ལ་གནས་པ། ནོར་རྒྱས་དང་དུང་སྐྱོང་ཕྱག་གདུབ་ལ་གནས་པ། མཐའ་ ཡས་དང་རིག་ལྡན་འོག་པག་དང་མགུལ་རྒྱན་ལ་གནས་པ། འཇོག་པོ་དང་པད་མ་ཆེན་པོ་ ཞབས་གདུབ་ལ་གནས་པའོ། །དེ་ལ་འཁྱུད་པའི་རྡོ་རྗེ་མཁའ་འགྲོ་མ་སྣ་ཚོགས་ཡུམ་སྐུ་ མདོག་སེར་མོ་གཅེར་བུ་སྐྲ་གྲོལ་བ་སྟོང་པ་ཉིད་ཀྱི་རྣམ་ཐར་རྣམ་པར་དག་པས་ཞལ་གཅིག་ མ་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་ཐར་རྣམ་པར་དག་པས་ཕྱག་གཉིས་མ། ཕྱག་ གཡས་པས་སྡིག་འཛུབ་དང་བཅས་པའི་གྲི་གུག་འཛིན་ཅིང༌། གཡོན་པ་ཐོད་པ་ཁྲག་གིས་ གང་བ་འཛིན་པས་ཡབ་ཀྱི་འགྲིན་པར་འཁྱུད་པ། ཞབས་གཡོན་རྐྱང་བའི་སྟབས་ཀྱིས་ཡབ་ ལ་མཉམ་པར་སྦྱོར་བ། རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། དཔྲལ་བ་དང་མགྲིན་པ་དང་རྣ་ བ་དང་རྐེད་པ་དང་ཞབས་ལ་གཡེར་ཁ་དང་དྲིལ་བུས་བརྒྱན་པ་སྟེ། དབུ་དང་རྐེད་པའི་ངོས་ ལ་ཐོད་པའི་དུམ་བུ་ཁ་དོག་ལྔའི་ཕྲེང་བས་སྤྲས་པའོ། །གྲི་གུག་དང་ཕྱག་རྒྱ་དང་ཐོད་པ་ལ་ སོགས་པ་ནི་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་རྣམ་པར་དག་པའོ། ། པད་མའི་འདབ་མ་བརྒྱད་ལ། ཤར་དུ་ཨ་ལྷོར་ཨཿབྱང་དུ་ཨཾ་ནུབ་ཏུ་ཨཱ། མེར་ཧ་བདེན་ བྲལ་དུ་ཧཿདབང་ལྡན་དུ་ཧཾ་རླུང་དུ་ཧཱ་རྣམས་ལས་བྱུང་བའི་གྲི་གུག་ཕྱོགས་ཀྱི་མདོག་ཅན་ རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་ནག་མོ་འབར་མ་དང༌། ལྷོར་དམར་མོ་འབར་མ་དང༌། བྱང་དུ་དཀར་མོ་འབར་མ་དང༌། ནུབ་ཏུ་སེར་མོ་འབར་མ་དང༌། མེར་དུ་བ་མ་དང༌། བདེན་ བྲལ་དུ་སྨིག་རྒྱུ་མ་དང༌། དབང་ལྡན་དུ་མེ་ཁྱེར་མ་དང༌། རླུང་དུ་མར་མེ་མ་རྣམས་རང་རང་ 7-1-234 གི་ཕྱོགས་ཀྱི་མདོག་ཅན་ཏེ། ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ་ཞབས་གཡས་རྐྱང་བའི་ སྟབས་ཅན། ཕྱག་གཡས་ན་གྲི་གུག་དང༌། གཡོན་ན་ཁྲག་གིས་གང་བའི་ཐོད་པ་འཛིན་ཅིང་ རྒྱན་རྣམས་ནི་སྣ་ཚོགས་ཡུམ་ལྟ་བུའོ། །འདི་རྣམས་ཀྱི་འཚན་ནི་རང་རང་གི་ས་བོན་གྱི་ཡི་ གེ་ལ་རྡོ་རྗེ་མཐར་སྦྱར་བ་ཡང་ཡིན་ནོ། །དེ་དག་གི་བར་བར་གྱི་འདབ་མ་བརྒྱད་ལ་ཐོད་པ་ བདུད་རྩིས་གང་བ་བརྒྱད་དོ། །ལྷ་མོ་བརྒྱད་དང་ཐོད་པ་བརྒྱད་ནི་དགའ་བ་བཅུ་དྲུག་རྣམ་ པར་དག་པའོ། ། དེ་ནས་ཡེ་ཤེས་ཀྱི་ཁམས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ལ་ཤི་དང་ལྷོའི་རྩིབས་ལ་ཤྼི་ དང་བྱང་གི་རྩིབས་ལ་ྉྤུ་དང་ནུབ་ཀྱི་རྩིབས་ལ་སླི་དང་རླུང་གི་རྩིབས་ལ་སླཱི་དང་དབང་ལྡན་གྱི་ རྩིབས་ལ་ྉྤཱུ་དང་བདེན་བྲལ་གྱི་རྩིབས་ལ་ཥྼཱི་དང་མེའི་རྩིབས་ལ་ཤཱི་རྣམས་ལས་བྱུང་བའི་གྲི་ གུག་ཕྱོགས་ཀྱི་མདོག་ཅན་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་ཤི་རྡོ་རྗེ་མ་ལ་སླཱི་རྡོ་རྗེས་ འཁྱུད་པ་དང༌། ལྷོར་ཥྼི་རྡོ་རྗེ་མ་ལ་ྉྤཱུ་རྡོ་རྗེས་འཁྱུད་པ་དང༌། བྱང་དུ་ྉྤཱུ་རྡོ་རྗེ་མ་ལ་ཥྼཱི་རྡོ་ རྗེས་འཁྱུད་པ་དང་ནུབ་ཏུ་སླི་རྡོ་རྗེ་མ་ལ་ཤཱི་རྡོ་རྗེས་འཁྱུད་པ་སྟེ་གཞུའི་དུས་སྦྱོར་དང་རྒ་ཤི་ འགགས་པའོ། །རླུང་དུ་སླཱི་རྡོ་རྗེ་མ་ལ་ཤི་རྡོ་རྗེས་འཁྱུད་པ་དང་དབང་ལྡན་དུ་ྉྤཱུ་རྡོ་རྗེ་མ་ལ་ཥྼི་ རྡོ་རྗེ་འཁྱུད་པ་དང༌། བདེན་བྲལ་དུ་ཥྼཱི་རྡོ་རྗེ་མ་ལ་ྉྤུ་རྡོ་རྗེ་འཁྱུད་པ་དང༌། མེར་ཤཱི་རྡོ་རྗེ་མ་ལ་ སླི་རྡོ་རྗེས་འཁྱུད་པ་སྟེ་སྡིག་པའི་དུག་སྦྱོར་དང་སྐྱེ་བ་འགགས་པའོ། །སའི་ཁམས་ཀྱི་འཁོར་ ལོའི་ཤར་གྱི་རྩིབས་ལ་དྷི་དང་ལྷོའི་རྩིབས་ལ་དྼི་དང་བྱང་གི་རྩིབས་ལ་ཐུ་དང་ནུབ་ཀྱི་རྩིབས་ ལ་ཏླི་དང༌། རླུང་གི་རྩིབས་ལ་ཏླཱི་དང་དབང་ལྡན་གྱི་རྩིབས་ལ་ཐཱུ་དང་བདེན་བྲལ་གྱི་རྩིབས་ ལ་དྼཱྀ་དང་མེའི་རྩིབས་ལ་དྷཱི་རྣམས་ལས་བྱུང་བའི་གྲི་གུག་ཕྱོགས་ཀྱི་མདོག་ཅན་རྣམས་ ཡོངས་སུ་གྱུར་པ་ལས། ཤར་དུ་དྷི་རྡོ་རྗེ་མ་ལ་ཏླཱི་རྡོ་རྗེས་འཁྱུད་པ་དང་ལྷོར་དྼྀ་རྡོ་རྗེ་མ་ལ་ཐཱུ་ རྡོ་རྗེས་འཁྱུད་པ་དང་བྱང་དུ་ཐུ་རྡོ་རྗེ་མ་ལ་དྼཱྀ་རྡོ་རྗེས་འཁྱུད་པ་དང་ནུབ་ཏུ་ཏླི་རྡོ་རྗེ་མ་ལ་དྷཱི་རྡོ་ 7-1-235 རྗེས་འཁྱུད་པ་སྟེ་སྲང་གི་དུས་སྦྱོར་དང་སྲིད་པ་འགག་པའོ། །རླུང་དུ་ཏླཱི་རྡོ་རྗེ་མ་ལ་དྷི་རྡོ་རྗེས་ འཁྱུད་པ་དང་དབང་ལྡན་དུ་ཐཱུ་རྡོ་རྗེ་མ་ལ་དྼི་རྡོ་རྗེས་འཁྱུད་པ་དང༌། བདེན་བྲལ་དུ་དྼཱི་རྡོ་རྗེ་མ་ ལ་ཐུ་རྡོ་རྗེས་འཁྱུད་པ་དང་མེར་དྷཱི་རྡོ་རྗེ་མ་ལ་ཏླི་རྡོ་རྗེས་འཁྱུད་པ་སྟེ། བུ་མོའི་དུས་སྦྱོར་དང་ ལེན་པ་འགགས་པའོ། །ཆུའི་ཁམས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ལ་བྷི་དང་ལྷོའི་རྩིབས་ལ་ བྼི་དང་བྱང་གི་རྩིབས་ལ་ཕུ་དང་ནུབ་ཀྱི་རྩིབས་ལ་པླི་དང༌། རླུང་གི་རྩིབས་ལ་པླཱི་དང་དབང་ ལྡན་གྱི་རྩིབས་ལ་ཕཱུ་དང༌། བདེན་བྲལ་གྱི་རྩིབས་ལ་བྼཱི་དང་མེའི་རྩིབས་ལ་བྷཱི་རྣམས་ལས་ བྱུང་བའི་གྲི་གུག་ཕྱོགས་ཀྱི་མདོག་ཅན་རྣམས་ཡོངས་སུ་གྱུར་པ་ལས་ཤར་དུ་བྷི་རྡོ་རྗེ་མ་ལ་ པླཱི་རྡོ་རྗེས་འཁྱུད་པ་དང༌། ལྷོར་བྼི་རྡོ་རྗེ་མ་ལ་ཕཱུ་རྡོ་རྗེས་འཁྱུད་པ་དང༌། བྱང་དུ་ཕུ་རྡོ་རྗེ་མ་ལ་ བྼཱི་རྡོ་རྗེས་འཁྱུད་པ་དང༌། ནུབ་ཏུ་པླི་རྡོ་རྗེ་མ་ལ་བྷཱི་རྡོ་རྗེས་འཁྱུད་པ་སྟེ། སེང་གེའི་དུས་སྦྱོར་ དང་སྲེད་པ་འགགས་པའོ། །རླུང་དུ་པླཱི་རྡོ་རྗེ་མ་ལ་བྷི་རྡོ་རྗེས་འཁྱུད་པ་དང༌། དབང་ལྡན་དང་ ཕཱུ་རྡོ་རྗེ་མ་ལ་བྼྀ་རྡོ་རྗེས་འཁྱུད་པ་དང་བདེན་བྲལ་དུ་བྼཱྀ་རྡོ་རྗེ་མ་ལ་ཕུ་ རྡོ་རྗེས་འཁྱུད་པ་དང་མེར་བྷཱི་རྡོ་རྗེ་མ་ལ་པླི་རྡོ་རྗེས་འཁྱུད་པ་སྟེ། ཀར་ཀ་ཊའི་དུས་སྦྱོར་དང་ ཚོར་བ་འགགས་པའོ། །མེའི་ཁམས་ཀྱི་འཁོར་ལོའི་ཤར་ཀྱི་རྩིབས་ལ་ཌྷི་དང་ལྷོའི་རྩིབས་ ལ་ཌྼྀ་དང་བྱང་གི་རྩིབས་ལ་ཋུ་དང་ནུབ་ཀྱི་རྩིབས་ལ་ཊླི་དང༌། རླུང་གི་རྩིབས་ལ་ཊླཱྀ་ དང་དབང་ལྡན་གྱི་རྩིབས་ལ་ཋཱུ་དང་བདེན་བྲལ་གྱི་རྩིབས་ལ་ཌྼཱྀ་དང་མེའི་རྩིབས་ལ་ ཌྷཱི་རྣམས་ལས་བྱུང་བའི་གྲི་གུག་ཡོངས་སུ་གྱུར་པ་ལས། ཤར་དུ་ཌྷི་རྡོ་རྗེ་མ་ལ་ཊླཱྀ་རྡོ་ རྗེས་འཁྱུད་པ་དང༌། ལྷོར་ཌྼཱྀ་རྡོ་རྗེས་མ་ལ་ཋཱུ་རྡོ་རྗེས་འཁྱུད་པ་དང་བྱང་དུ་ཋུ་རྡོ་རྗེ་ མ་ལ་ཌྼཱྀ་རྡོ་རྗེས་འཁྱུད་པ་དང་ནུབ་ཏུ་ཊླྀ་རྡོ་རྗེ་མ་ལ་ཌྼཱྀ་རྡོ་རྗེས་འཁྱུད་ པ་སྡེ། འཁྲིག་པའི་དུས་སྦྱོར་དང་རེག་པ་འགགས་པའོ། རླུང་དུ་ཊླཱྀ་རྡོ་རྗེ་མ་ལ་ཌྷི་རྡོ་ རྗེས་འཁྱུད་པ་དང་དབང་ལྡན་དུ་ཋཱུ་རྡོ་རྗེ་མ་ལ་ཌྼྀ་རྡོ་རྗེས་འཁྱུད་པ་དང་བདེན་བྲལ་དུ་ཌྼཱྀ་རྡོ་ 7-1-236 རྗེ་མ་ལ་ཋཱུ་རྡོ་རྗེས་འཁྱུད་པ་དང༌། མེར་ཌྷཱྀ་རྡོ་རྗེ་མ་ལ་ཊླྀ་རྡོ་རྗེས་འཁྱུད་པ་སྡེ། གླང་གི་དུས་སྦྱོར་དང་སྐྱེ་མཆེད་དྲུག་འགགས་པའོ། །རླུང་གི་ཁམས་ཀྱི་འཁོར་ལོའི་ཤར་གྱི་ རྩིབས་ལ་ཛྷི་དང་ལྷོའི་རྩིབས་ལ་ཛྼི་དང་བྱང་གི་རྩིབས་ལ་ཚུ་དང་ནུབ་ཀྱི་རྩིབས་ལ་ཙླི་དང༌། རླུང་གི་རྩིབས་ལ་ཙླཱྀ་དང་དབང་ལྡན་གྱི་རྩིབས་ལ་ཚཱུ་དང་བདེན་བྲལ་གྱི་རྩིབས་ལ་ ཛྼཱི་དང་མེའི་རྩིབས་ལ་ཛྷཱི་རྣམས་ལས་བྱུང་བའི་གྲི་གུག་ཕྱོགས་ཀྱི་མདོག་ཅན་རྣམས་ཡོངས་སུ་ གྱུར་པ་ལས། ཤར་དུ་ཛྷྀ་རྡོ་རྗེ་མ་ལ་ཙླཱི་རྡོ་རྗེས་འཁྱུད་པ་དང་ལྷོར་ཛྼྀ་རྡོ་རྗེ་མ་ལ་ ཚཱུ་རྡོ་རྗེས་འཁྱུད་པ་དང་བྱང་དུ་ཚུ་རྡོ་རྗེ་མ་ལ་ཛྼཱི་རྡོ་རྗེས་འཁྱུད་པ་དང༌། ནུབ་ཏུ་ཙླྀ་རྡོ་རྗེ་ མ་ལ་ཛྷཱི་རྡོ་རྗེས་འཁྱུད་པ་སྟེ། ལུག་གི་དུས་སྦྱོར་དང་མིང་དང་གཟུགས་འགགས་པའོ། །རླུང་ དུ་ཙླཱྀ་རྡོ་རྗེ་མ་ལ་ཛྷི་རྡོ་རྗེས་འཁྱུད་པ་དང༌། དབང་ལྡན་དུ་ཚཱུ་རྡོ་རྗེ་མ་ལ་ཛྼི་རྡོ་རྗེས་ འཁྱུད་པ་དང༌། བདེན་བྲལ་དུ་ཛྼཱྀ་རྡོ་རྗེ་མ་ལ་ཚུ་རྡོ་རྗེས་འཁྱུད་པ་དང་མེར་ཛྷཱི་རྡོ་རྗེ་མ་ ལ་ཙླི་རྡོ་རྗེས་འཁྱུད་པ་སྟེ། ཉའི་དུས་སྦྱོར་དང་རྣམ་པར་ཤེས་པ་འགགས་པའོ། །ནམ་མཁའི་ ཁམས་ཀྱིས་འཁོར་ལོའིཤར་གྱི་རྩིབས་ལ་གྷི་དང་ལྷོའི་རྩིབས་ལ་གྼྀ་དང་བྱང་གི་རྩིབས་ལ་ ཁུ་དང་ནུབ་ཀྱི་རྩིབས་ལ་ཀླི་དང་རླུང་གི་རྩིབས་ལ་ཀླཱི་དང་དབང་ལྡན་གྱི་རྩིབས་ལ་ཁཱུ་དང་ བདེན་བྲལ་གྱི་རྩིབས་ལ་གྼཱྀ་དང་མེའི་རྩིབས་ལ་གྷཱི་རྣམས་ལས་བྱུང་བའི་གྲི་གུག་ཕྱོགས་ཀྱི་ མདོག་ཅན་རྣམས་ཡོངས་སུ་གྱུར་པ་ལས་ཤར་དུ་གྷི་རྡོ་རྗེ་མ་ལ་ཀླཱི་རྡོ་རྗེས་འཁྱུད་པ་དང་ལྷོར་ གྼི་རྡོ་རྗེ་མ་ལ་ཁུ་རྡོ་རྗེས་འཁྱུད་པ་དང༌། བྱང་དུ་ཁུ་རྡོ་རྗེ་མ་ལ་གྼཱི་རྡོ་རྗེས་འཁྱུད་པ་དང༌། ནུབ་ ཏུ་ཀླི་རྡོ་རྗེ་མ་ལ་གྷཱི་རྡོ་རྗེས་འཁྱུད་པ་སྟེ། བུམ་པའི་དུས་སྦྱོར་དང་འདུ་བྱེད་འགགས་པའོ། ། རླུང་དུ་ཀླཱི་རྡོ་རྗེ་མ་ལ་གྷི་རྡོ་རྗེས་འཁྱུད་པ་དང་དབང་ལྡན་དུ་ཁཱུ་རྡོ་རྗེ་མ་ལ་གྼྀ་རྡོ་ རྗེས་འཁྱུད་པ་དང་བདེན་བྲལ་དུ་གྼཱྀ་རྡོ་རྗེ་མ་ལ་ཁུ་རྡོ་རྗེས་འཁྱུད་པ་དང་མེར་གྷཱི་ རྡོ་རྗེ་མ་ལ་ཀླི་རྡོ་རྗེ་འཁྱུད་པ་སྟེ། ཆུ་སྲིན་གྱི་དུས་སྦྱོར་དང་མ་རིག་པ་འགགས་པའོ། །མཁའ་ 7-1-237 འགྲོ་མ་ཞེ་བརྒྱད་པོ་ཐམས་ཅད་ཀྱི་ཁ་དོག་ནི། ཤར་དང་མེར་གནས་པ་རྣམས་ནག་པོ་དང་ལྷོ་ དང་བདེན་བྲལ་དུ་གནས་པ་རྣམས་དམར་པོ་དང༌། བྱང་དང་དབང་ལྡན་དུ་གནས་པ་རྣམས་ དཀར་པོ་དང༌། ནུབ་དང་རླུང་དུ་གནས་པ་རྣམས་སེར་པོ་སྟེ། ཐམས་ཅད་ཀྱང་དབུས་ཀྱི་གཙོ་ བོ་ལ་མངོན་དུ་ཕྱོགས་པ། ཞལ་གཅིག་ཕྱག་གཉིས་མ་གཅེར་བུ་སྐྲ་གྲོལ་བ། ཕྱག་གཡས་ པས་སྡིགས་འཛུབ་དང་བཅས་པའི་གྲི་གུག་འཛིན་ཅིང༌། གཡོན་པ་ཐོད་པ་ཁྲིག་གིས་གང་བ་ འཛིན་པས་ཡབ་ལ་འཁྱུད་པ། ཞབས་གཡས་བརྐྱང་བའི་སྟབས་ཀྱིས་གནས་ཤིང༌། རུས་པའི་ ཕྱག་རྒྱ་ལྔ་དང་ལྡན་པ། དཔྲལ་བ་དང་མགྲིན་པ་དང་རྣ་བ་དང་རྐེད་པ་དང་ཞབས་ལ་གཡེར་ ཀ་དང་དྲིལ་བུས་བརྒྱན་པ་སྟེ། དབུ་དང་རྐེད་པའི་ངོས་ལ་ཐོད་པའི་དུམ་བུ་ཁ་དོག་ལྔའི་ཕྲེང་ བས་བརྒྱན་པའོ། ། དེ་རྣམས་ལ་འཁྱུད་པའི་དཔའ་བོ་བཞི་བཅུ་རྩ་བརྒྱད་པོ་རྣམས་ཀྱི་ཁ་དོག་ནི། ཤར་དང་ མེའི་མཁའ་འགྲོ་མ་རྣམས་ལ་འཁྱུད་པ་རྣམས་སེར་པོ་དང༌། ལྷོ་དང་བདེན་བྲལ་གྱི་མཁའ་ འགྲོ་མ་རྣམས་ལ་འཁྱུད་པ་རྣམས་དཀར་པོ་དང༌། བྱང་དུ་དབང་ལྡན་གྱི་མཁའ་འགྲོ་མ་རྣམས་ ལ་འཁྱུད་པ་རྣམས་དམར་པོ་དང༌། ནུབ་དང་རླུང་གི་མཁའ་འགྲོ་མ་རྣམས་ལ་འཁྱུད་པ་རྣམས་ ནག་པོ་སྟེ། ཐམས་ཅད་གཡོན་བརྐྱང་གི་སྟབས་ཀྱིས་ཡུམ་ལ་འཁྱུད་ཅིང༌། ཞལ་གཉིས་པ་ ཕྱག་བཞི་པ་ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་དང་གཉིས་པ་ཌ་མ་རུ་དང༌། གཡོན་གྱི་དང་པོ་ན་ དྲིལ་བུ་དང་གཉིས་པ་ན་ཁ་ཊྭཱཾ་ག་འཛིན་པ༑ ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་ པ་རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང༌། སྤྱི་བོར་རྡོ་རྗེ་དར་དཔྱངས་ཀྱི་སྟེང་དུ་རྡོ་རྗེ་ཟླ་ བ་ཕྱེད་པ་དང༌། དཔྲལ་བར་རྫོགས་པའི་ཐོད་པ་ཁ་དོག་ལྔའི་ཕྲེང་བའི་རྒྱན་པ། སྤྱི་བོར་རྡོ་རྗེ་ ནོར་བུ་དང་རྡོ་རྗེ་རྣ་རྒྱན་དང་རྡོ་རྗེ་མགུལ་རྒྱན་དང༌། རྡོ་རྗེ་གདུབ་བུ་དང༌། རྡོ་རྗེ་རྐང་གདུབ་ དང༌། རྐེད་པར་རྡོ་རྗེ་འོག་པག་དང༌། ཕྲག་པར་རྡོ་རྗེ་མཆོད་ཕྱིར་ཐོགས་དང་ལུས་ཐམས་ཅད་ 7-1-238 ལ་ཐལ་ཆེན་གྱི་རྒྱ་དང༌། མགྲིན་པར་མགོ་རློན་རྒྱའི་ཕྲེང་བ་འཕྱང་ཞིང་སྟག་གི་ལྤགས་པའི་ ཤམ་ཐབས་གྲོལ་བ་ཅན། ཀླུ་བཅུས་རྣམ་པར་བརྒྱན་པའོ། །དེ་ནས་སྒོ་རྣམས་དང་ར་བའི་ཕྱི་ རོལ་སྟེགས་བུའི་སྟེང་གི་འཁོར་ལོ་རྣམས་ཀྱི་སྟེང་དུ་དུར་ཁྲོད་བཅུ་དྲུག་གི་ལྷ་མོ་ནི་རླུང་དང་ བྱང་གི་སྒོའི་བར་གྱི་དུར་ཁྲོད་དུ་ྈྐཱ་ལས་བྱུང་བའི་གྲི་གུག་སྔོན་པོ་ལས་ྈྐཱ་རྡོ་རྗེ་མ་སྔོན་མོ་ དང༌། རླུང་དང་ནུབ་ཀྱི་སྒོའི་བར་གྱི་དུར་ཁྲོད་དུ་ྈྐ་ལས་བྱུང་བའི་གྲི་གུག་ལྗང་ཁུ་ལས་ྈྐ་རྡོ་ རྗེས་མ་ལྗང་ཁུ་དང༌། རླུང་གི་སྒོའི་དུར་ཁྲོད་དུ་ནཱ་ལས་བྱུང་བའི་གྲི་གུག་ལས་ནཱ་རྡོ་རྗེ་མ་སྔོན་ མོ་དང༌། ནུབ་སྒོའི་དུར་ཁྲོད་དུ་ན་ལས་བྱུང་བའི་གྲི་གུག་ལས་ན་རྡོ་རྗེ་མ་ལྗང་ཁུ་དང༌། དབང་ ལྡན་གྱི་སྒོའི་དུར་ཁྲོད་དུ་མཱ་ལས་བྱུང་བའི་གྲི་གུག་ལས་མཱ་རྡོ་རྗེ་མ་སྔོན་མོ་དང༌། བྱང་གི་སྒོའི་ དུར་ཁྲོད་དུ་མ་ལས་བྱུང་བའི་གྲི་གུག་ལས་མ་རྡོ་རྗེ་མ་ལྗང་ཁུ་དང༌། བདེན་བྲལ་གྱི་སྒོའི་དུར་ ཁྲོད་དུ་ཎཱ་ལས་བྱུང་བའི་གྲི་གུག་ལས་ཎཱ་རྡོ་རྗེ་མ་སྔོན་མོ་དང༌། ལྷོའི་སྒོའི་དུར་ཁྲོད་དུ་ཎ་ལས་ བྱུང་བའི་གྲི་གུག་ལས་ཎ་རྡོ་རྗེ་མ་ལྗང་ཁུ་དང༌། མེའི་སྒོའི་དུར་ཁྲོད་དུ་ཉཱ་ལས་བྱུང་བའི་གྲི་ གུག་ལས་ཉཱ་རྡོ་རྗེ་མ་སྔོན་མོ་དང༌། ཤར་སྒོའི་དུར་ཁྲོད་དུ་ཉ་ལས་བྱུང་བའི་གྲི་གུག་ལས་ཉ་རྡོ་ རྗེ་མ་ལྗང་ཁུ་དང༌། མེ་དང་ལྷོའི་སྒོའི་བར་གྱི་དུར་ཁྲོད་དུ་ངཱའ་ལས་བྱུང་བའི་གྲི་གུག་ལས་ངཱ་ རྡོ་རྗེ་མ་སྔོན་མོ་དང༌། མེ་དང་ཤར་གྱི་སྒོའི་བར་གྱི་དུར་ཁྲོད་དུ་ང་ལས་བྱུང་བའི་གྲི་གུག་ལས་ ང་རྡོ་རྗེ་མ་ལྗང་ཁུ་དང༌། བྱང་དང་དབང་ལྡན་གྱི་སྒོའི་བར་གྱི་དུར་ཁྲོད་དུ་ཧ་ལས་བྱུང་བའི་ གྲི་གུག་ལས་ཧ་རྡོ་རྗེ་མ་ལྗང་ཁུ་དང༌། དབང་ལྡན་དང་ཤར་གྱི་སྒོའི་བར་གྱི་དུད་ཁྲོད་དུ་ཧཱ་ ལས་བྱུང་བའི་གྲི་གུག་ལས་ཧཱ་རྡོ་རྗེ་མ་སྔོན་མོ་དང༌། ལྷོ་དང་བདེན་བྲལ་གྱི་སྒོའི་བར་གྱི་དུར་ ཁྲོད་དུ་ཀྵ་ལས་བྱུང་བའི་གྲི་གུག་ལས་ཀྵ་རྡོ་རྗེ་མ་ལྗང་ཁུ་དང༌། བདེན་བྲལ་དང་ནུབ་ཀྱི་སྒོའི་ བར་གྱི་དུར་ཁྲོད་དུ་ཀྵཱ་ལས་བྱུང་པའི་གྲི་གུག་ལས་ཀྵཱ་རྡོ་རྗེ་མ་སྔོན་མོ་སྟེ། ཐམས་ཅད་ཞལ་ གཅིག་ཕྱག་གཉིས་མ་གཅེར་བུ་སྐྲ་གྲོལ་བ། ཕྱག་གཡས་པས་སྡིག་འཛུབ་དང་བཅས་པའི་ 7-1-239 གྲི་གུག་འཛིན་པ་ནམ་མཁའ་ལ་འཕྱར་བ། གཡོན་པས་ཐོད་པ་ཁྲག་གིས་གང་བ་ཐུགས་ཁར་ འཛིན་པ། ཞབས་གཡས་བརྐྱང་བའི་སྟབས་ཀྱིས་གནས་ཤིང༌། རུས་པའི་ཕྱག་རྒྱ་ལྔ་དང་ལྡན་ པ། དཔྲལ་བ་དང་མགྲིན་པ་དང་རྣ་བ་དང་རྐེད་པ་དང་ཞབས་རྣམས་ལ་གཡེར་ཁ་དང་དྲིལ་ བུས་བརྒྱན་པ། དབུ་དང་རྐེད་པའི་ངོས་ལ་ཐོད་པའི་དུམ་བུས་ཁ་དོག་ལྔའི་ཕྲེང་བས་བརྒྱན་ པའོ། །གཞན་ཡང་ཕྱོགས་ཀྱི་སྒོ་བཞིའི་གཡོན་དང་གཡས་ཀྱི་སྟེགས་བུ་ལ་ཀླུ་ཆེན་པོ་བརྒྱད་ དེ། ཤར་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུ་ལ་རླུང་གི་དཀྱིལ་འཁོར་ཟླུམ་པོ་ནག་པོའི་ ཐིག་ལེས་མཚན་པའི་སྟེང་དུ། ཧྻ་ཧྻཱ་ལས་བྱུང་བའི་རྒྱལ་མཚན་དག་ལས་སྟོབས་ཀྱི་རྒྱུ་དང་ པད་མ་ནག་པོ་དག་དང༌། ལྷོ་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུ་ལ་མེའི་དཀྱིལ་འཁོར་གྲུ་ གསུམ་དམར་པོ་བཀྲ་ཤིས་ཀྱིས་མཚན་པའི་སྟེང་དུ། ཧྼ་ཧྼཱ་ལས་བྱུང་བའི་བཀྲ་ཤིས་དག་ལས་ ནོར་རྒྱས་དང་དུང་སྐྱོང་དམར་པོ་དག་དང༌། བྱང་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུ་ལ་ ཆུའི་དཀྱིལ་འཁོར་ཟླ་གམ་དཀར་པོའི་སྟེང་དུ། ཧྺ་ཧྺཱ་ལས་བྱུང་བའི་པད་མ་དག་ལས་མཐའ་ ཡས་དང་རིག་ལྡན་དཀར་པོ་དང༌། ནུབ་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུ་ལ་སའི་དཀྱིལ་ འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པའི་སྟེང་དུ། ཧླ་ཧླཱ་ལས་བྱུང་བའི་རྡོ་རྗེ་དག་ལས་འཇོག་ པོ་དང་པད་མ་ཆེན་པོ་སེར་པོ་དག་གོ། སྒོ་བརྒྱད་ཀྱི་རྟ་བབས་ལ་ཤར་དང་མེར་དྲི་མ་དང་ཕྲེང་ བ་མ་ནག་མོ་དག་དང༌། ལྷོ་དང་བདེན་བྲལ་དུ་བདུག་སྤོས་མ་དང་སྣང་གསལ་མ་དམར་མོ་ དག་དང༌། བྱང་དང་དབང་ལྡན་དུ་བདུད་རྩི་མ་དང་འབྲས་བུ་མ་དཀར་མོ་དག་དང༌། ནུབ་ དང་རླུང་དུ་སྒེག་མོ་དང་བཞད་མ་སེར་མོ་དག་དང༌། ཤར་དང་ནུབ་ཀྱི་རྟ་བབས་ཀྱི་བརྩེག་མ་ སྟེང་མའི་དབུས་སུ་གར་མ་དང་སིལ་སྙན་མ་ལྗང་ཁུ་དག་དང༌། བྱང་དང་ལྷོའི་རྟ་བབས་ཀྱི་ བརྩེག་མ་སྟེང་མའི་དབུས་སུ་གླུ་མ་དང་འདོད་མ་དག་སྟེ་རང་རང་གི་མིང་དང་རྗེས་སུ་མཐུན་ པའི་མཆོད་རྫས་ཐོགས་པ་རྣམས་སོ། ། 7-1-240 འདི་རྣམས་ཀྱི་ས་བོན་ནི་དུས་ཀྱི་འཁོར་ལོའི་མཆོད་པའི་ལྷ་མོའི་ས་བོན་དང་འདྲ་སྟེ། སྡེ་ བ་དྲུག་པོ་རྩེགས་པའི་ཡི་གེ་ཉིས་འགྱུར་རྣམས་སོ། འདི་ལ་སྔགས་ཀྱི་བཟླས་པ་ནི། བཅོམ་ ལྡན་འདས་དུས་ཀྱི་འཁོར་ལོའི་རྐང་པ་བཅུ་དྲུག་པ་དང༌། རྐང་པ་བདུན་བཅུ་རྩ་གཉིས་པའི་ རྐང་པ་རེ་རེ་དང་གཙོ་བོའི་པད་འདབ་ཀྱི་ལྷ་མོ་དང༌། དུར་ཁྲོད་ཀྱི་ལྷ་མོའི་མིང་དང་འཁོར་ ལོ་དྲུག་གི་མཁའ་འགྲོ་མ་དང་མཁའ་འགྲོའི་མིང་དང་སྤེལ་ཏེ་བཟླས་པ་རྒྱུད་འགྲེལ་ཆེན་པོའི་ ཡེ་ཤེས་ལེའུ་ལས་གསུངས་པ་ལྟར་བཟླས་པའམ་པད་འདབ་ཀྱི་ལྷ་མོ་ལ་སོགས་པའི་མིང་ དང་མ་སྤེལ་བར་རྐང་པ་བཅུ་དྲུག་པ་དང་རྐང་པ་བདུན་བཅུ་རྩ་གཉིས་པ་རྐྱང་པ་བཟླས་པར་ བྱ་ཞིང༌། གཙོ་བོ་ཤེས་རབ་དང་བཅས་པའི་སྔགས་ༀ་ཧྐྵྨླྺྼྻ⁽14bb⁾་ཞེས་པ་དང༌། སྙིང་པོ་ ༀ་ཨཱཿ་ཧཱུཾ་ཧོ་ཧྐྵྨླྺྼྻ⁽14bb⁾་ཞེས་པ་དང། ཉེ་བའི་སྙིང་པོ་ༀ་ཧྲཱཾ་ཧྲཱིཾ་ཧྲྼཱྀཾ་ཧྲཱུཾ་ཧྲླཱྀཾ་ ཧྲཱཿཞེས་པ་རྣམས་ཀྱི་མཐར་ཞི་བ་ལ་ན་མཿ རྒྱས་པ་ལ་སྭཱ་ཧཱ་ཞེས་པ་སྦྱར་ནས་ཟླས་པར་བྱའོ། ། མཆོད་པའི་ཆོ་ག་ནི་མཆོད་རྫས་ཀྱི་དངོས་པོ་ཇི་ལྟར་འབྱོར་བ་ལ་གསང་སྦྱང་དང་བྱིན་གྱིས་ རླབས་པ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལས་འབྱུང་བ་ལྟར་བྱས་ནས་མཆོད་པའི་སྔགས་ དང་ཚིགས་སུ་བཅད་པ་ནི་དུས་ཀྱི་འཁོར་ལོའི་མཆོད་པ་བཅུ་གཉིས་འབུལ་བ་ལྟར་བྱ་ཞིང༌། ནང་མཆོད་འབུལ་བའི་ཚུལ་ཡང༌། དཀོན་མཆོག་གསུམ་མཆོད་པ་ནས་ཕར་ཕྱིན་བཅུའི་ མཆོད་པའི་བར་དུས་ཀྱི་འཁོར་ལོ་ལྟར་བྱ་ཞིང༌། མཁའ་འགྲོ་མ་དང་མཁའ་འགྲོ་བཞི་བཅུ་ རྩ་བརྒྱད་པོ་རྣམས་ལ། ཡེ་ཤེས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ནས་བརྩམས་ཏེ། ༀ་ཤི་བཛྲེ་ སླཱྀ་བཛྲཱ་ཡ་ན་མཿཞེས་སོགས་ནས་ནམ་མཁའི་འཁོར་ལོའི་མེ་འཚམས་ཀྱི་རྩིབས་ལ། ༀ་གྷྲཱི་བཛྲེ་ཀླྀ་བཛྲཱ་ཡ་ན་མཿཞེས་དང༌། དུར་ཁྲོད་བཅུ་དྲུག་གི་ལྷ་མོ་རྣམས་ལ་རླུང་དང་ བྱང་གི་སྒོ་ཡི་བར་གྱི་དུད་ཁྲོད་ཀྱི་ལྷ་མོ་ལ་ༀ་ྈྐཱ་བཛྲེ་ན་མཿཞེས་པ་ནས་བདེན་བྲལ་དང་ནུབ་ 7-1-241 ཀྱི་སྒོའི་བར་གྱི་དུར་ཁྲོད་ཀྱི་ལྷ་མོ་ལ་ༀ་ཀྵ་བཛྲེ་ན་མཿཞེས་པས་མཆོད་དོ། །ཀླུ་རྣམས་དང་ཕྱི་ རོལ་དུ་འཇིག་རྟེན་པའི་འཁོར་གཟའ་བཅུ་ལ་སོགས་པ་རྣམས་ལ་ཡང་དུས་ཀྱི་འཁོར་ལོའི་ སྒྲུབ་ཐབས་ལས་འབྱུང་བ་ལྟར་མཆོད་པར་བྱ་ཞིང༌། སྟོད་པ་ཡང་དེ་ཉིད་ལས་འབྱུང་བ་ལྟར་ ཤེས་པར་བྱའོ། །གཏོར་མའི་ཆོ་ག་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དཔལ་འཁོར་ལོ་སྡོམ་ པ་ཆེན་པོའི་སྒྲུབ་ཐབས་རྒྱུད་འགྲེལ་ཆེན་པོ་ལས་འབྱུང་བ་ལྟར། དགེ་སློང་དུས་ཀྱི་འཁོར་ ལོ་པ་ཆོས་ཀྱི་རྒྱལ་པོ་མིང་གཞན་ཕྱོགས་ལས་རྣམ་རྒྱལ་གྱིས། དཔལ་ཇོ་ནང་གི་རི་ཁྲོད་ཆེན་ པོར་སྦྱར་བའོ། ། འདི་སྦྱར་དགེ་བས་བདག་གཞན་འགྲོ་རྣམས་ཀྱིས། ། དུས་སྦྱོར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི། ། འཁོར་ལོ་རྒྱུན་བཅད་འཁོར་ལོ་སྡོམ་ཆེན་སྐུ། ། མྱུར་ཐོབ་དོན་དམ་ཆོས་འཁོར་བསྐོར་བར་ཤོག ། མཾགལཾ་བྷཝ་ཏུ། །(ལན་གཅིག་ཞུས་ཏེ་དག །ད་རེས་བཤུད་ནས་བྲིས་པ་ཡིན་ཟེར། )ཤུབྷཾ། མ་ཡིག་ཕྱི་ཁ། ༡༧༤ 7-1-242 ༄༅། །དཔལ་དུས་ཀྱི་འཁོར་ལོ་ཡོངས་རྫོགས་ཀྱི་སྒྲུབ་ཐབས་དཔག་ བསམ་གྱི་སྙེ་མ་ཞེས་བྱ་བ་ བཞུགས་ལགས་སོ། ། ༄༅། །དཔལ་དུས་ཀྱི་འཁོར་ལོ་ཡོངས་རྫོགས་ཀྱི་སྒྲུབ་ཐབས་དཔག་བསམ་གྱི་སྙེ་མ་ ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། ། གང་སྐུའི་རྡོ་རྗེ་རྣམ་པ་ཀུན་གྱི་མཆོག་ལྡན་སྣ་ཚོགས་མོས་པའི་རྗེས་མཐུན་སྤྲུལ་བའི་སྐུ། ། གསུང་གི་རྡོ་རྗེ་གཞོམ་མེད་ཀུན་འགྲོའི་སྒྲ་སྐད་འགྲོ་བའི་ཉིན་བྱེད་ལོངས་སྤྱོད་རྫོགས་ སྐུ་མཆོག ། ཐུགས་ཀྱི་རྡོ་རྗེ་རྟེན་བྲལ་ཆོས་སྐུ་འགྱུར་མེད་བདེ་བའི་ཡེ་ཤེས་ངོ་བོ་ཉིད་སྐུ་གཞན། ། དཔལ་ལྡན་སྐུ་དང་རྡོ་རྗེའི་རྣལ་འབྱོར་རྣམ་བཞི་དུས་ཀྱི་འཁོར་ལོར་དངོས་པོ་ཀུན་གྱིས་ འདུད། ། གང་ཞིག་དཔལ་ལྡན་པད་མ་དཀར་འཛིན་སྨྲ་མཁས་ཚིག་གི་རྗེ། ། ནོར་འཛིན་གང་ལ་རྡོ་རྗེ་མཆོག་འཛིན་དུས་ཀྱི་འཁོར་ལོའི་དངོས། ། རྗེ་བཙུན་བླ་མ་གང་དེའི་བཀའ་དྲིན་ཉི་འོད་དྲི་མེད་ཀྱིས། ། བདག་ཡིད་མུན་བྲལ་རྣམ་དག་ལེགས་པའི་ལམ་བཟང་བགྲོད་གྱུར་ཅིག ། 7-1-243 འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀུན། ། རབ་སྩོལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས། ། རྒྱུད་འགྲེལ་ཉིད་དང་བླ་མའི་གདམས་པ་བཞིན། ། འདིར་ནི་བདག་གིས་གཞན་ཕན་བློ་ཡིས་བསྡུ། ། འདིར་གང་དག་འཁོར་བའི་རྒྱ་མཚོ་གཏིང་མཐས་དབེན་ཞིང་མཆོག་ཏུ་འཇིགས་པ་ཤིན་ ཏུ་རྒལ་བར་དཀའ་བའི་གནས་ལས་བདག་ཉིད་མྱུར་དུ་བརྒལ་ཏེ་གཞན་ཡང་བསྒྲལ་བར་ འདོད་པ་དག་གིས། རྡོ་རྗེ་ཐེག་པའི་ལམ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་མཆོག དཔལ་དུས་ ཀྱི་འཁོར་ལོའི་བསྟན་པ་རིམ་པ་གཉིས་ལ་རྣལ་འབྱོར་དུ་བྱ་བ་ཉིད་དོ། །དེ་ལ་འདི་ནི་རིམ་པ་ སྟེ། གང་གིས་སྒྲུབ་པའི་གང་ཟག གང་དུ་བསྒྲུབ་པའི་གནས། ཇི་ལྟར་སྒྲུབ་པའི་ཐབས། དེ་ ལྟར་བསྒྲུབས་པའི་འབྲས་བུའོ། ། དང་པོ་ནི་བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག་ལ་གནས་ཏེ་རྡོ་རྗེ་ཐེག་པའི་ཚུལ་ ལ་ལྷག་པར་མོས་པ་དང་ལྡན་པས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་ འཁོར་ཆེན་པོར་དབང་བསྐུར་བ་རྣམ་པ་བདུན་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་ པའི་དབང་རྣམ་པ་བཞི་ཡང་དག་པར་བླངས་ཏེ་རྩ་བའི་ལྟུང་བ་བཅུ་བཞི་དང་བྲལ་ཞིང་ བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་སོགས་པ་དམ་ཚིག་དང་སྡོམ་པ་ལ་ལྷག་པར་གནས་པའི་གང་ ཟག་གོ། གནས་ནི་ཞི་བ་ལ་སོགས་པ་ལས་ཀྱི་རྗེས་སུ་མཐུན་པ། ཡུལ་གང་དུ་སྒྲུབ་པ་པོའི་ ཡིད་རབ་ཏུ་ཚིམ་པར་འགྱུར་བ་དང། དེ་བཞིན་དུ། གང་ན་ས་སྐྱོང་ཆོས་ལྡན་ཞིང༌། །གང་ཞིག་ ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པ། །དེར་ནི་རྣལ་འབྱོར་བརྩམ་ པར་བྱ། །ཞེས་གསུངས་པའི་གནས་སུའོ། ། གསུམ་པ་ལ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །དང་པོ་ལ། སྔོན་འགྲོའི་ 7-1-244 སྒོམ་པ། དངོས་གཞིའི་རྣལ་འབྱོར། །ཐུན་མཚམས་ཀྱི་བྱ་བའོ། །སྔོན་འགྲོ་ནི། རྣམ་པ་བཅུའི་སྒོ་ ནས་རིག་པར་བྱ་སྟེ། རྡོ་རྗེའི་ཞལ་དག་རིགས་དྲུག་དགོད་པ་དང༌། རྡོ་རྗེ་བཞི་དག་ཡན་ལག་ དྲུག་རྣམས་དགོད། །བདུད་ཚོགས་གཞོམ་ཕྱིར་བསྲུང་བའི་འཁོར་ལོ་བསྒོམ། །མཁའ་ལ་ རྒྱལ་བའི་ཚོགས་རྣམས་རྟོགས་བྱ་སྟེ། །བླ་མེད་མཆོད་པ་རྣམ་པ་བདུན་གྱིས་མཆོད། །ལམ་ བསྟེན་སྟོང་པ་ཉིད་ལ་དམིགས་པའོ། ། དེ་ལ་དང་པོར་སྔགས་ལས་སྔར་བསྟན་པའི་དཀྱིལ་འཁོར་གྱི་གནས་སུ་ཁྲུས་ལ་སོགས་ པ་བྱས་ནས་འཇམ་པའི་སྟན་ལ་ཤར་དུ་མངོན་པར་ཕྱོགས་པས་འདུག་སྟེ། གསུམ་ལ་སྐྱབས་ སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔོན་དུ་ འགྲོ་བས། དང་པོར་ཁ་དག་པའི་དོན་དུ་བདུད་རྩིའི་རིལ་བུ་ཁར་བཅུག་ནས་ༀ་ཨཱཿ་ཧུཾ་ཧོཿཧཾ་ ཀྵཿ པྲཛྙཱ་(ཤེས་རབ་དང་)ཨུ་པཱ་ཡ་(ཐབས་ཀྱི་)ཨཱད་མ་ཀ་(བདག་ཉིད་)ཀཱ་ཡ་(སྐུ་)ཝཱཀ་(གསུང་)ཙིཏ་ ཏ་(ཐུགས་)ཛྙཱ་ན་(ཡེ་ཤེས་ཀྱི་)ཨ་ཏི་པ་ཏེ་(མངའ་བདག་)མ་མ་ཀཱ་ཡ་(ལུས་)ཝཱཀ་(ངག་)ཙིཏ་ཏ་(སེམས་)ཛྙཱ་ན་བཛྲཾ་(ཡེ་ཤེས་རྡོ་རྗེ་)བཛྲ་(རྡོ་རྗེ་)ཨ་མྲ་ཏ་(བདུད་རྩིའི་)སྭ་བྷཱ་བཾ་(རང་བཞིན་)ཀུ་རུ་ཀུ་རུ་(མཛོད་ ༢)སྐན་དྷ་(ཕུང་པོ་)དྷཱ་ཏུ་(ཁམས་)ཨཱ་ཡ་ཏ་ནཾ་ནི(སྐྱེ་མཆེད་རྣམས)ཿསྭ་བྷཱ་བཾ་སྭཱ(རང་བཞིན་མེད་པར་)ཧཱ། ཞེས་བརྗོད་པས་གཙུག་ཏོར་གྱི་ཝཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ་ བཅུ་དྲུག་རྫོགས་པར་བསྒོམ་སྟེ། དེ་ཞུ་བ་ལུས་ལ་ཞུགས་པར་བ་བསམ་ཞིང་གཙུག་གཏོར་ ནས་རྐང་སེན་གྱི་མཐར་ཐུག་པ་མ་དག་པའི་ལུས་སྤྲུལ་གྱི་ཤུན་པ་ལྟར་ལན་གསུམ་དུ་དོར་ཏེ་ ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པ་རྡོ་རྗེ་བདུད་རྩིའི་རང་བཞིན་ཟླ་བ་དྲི་ མ་མེད་པ་ལྟར་གྱུར་པར་ཡང་དག་པར་བལྟས་ལ། ༀ་སྭ་བྷཱ་བ་ཤུད་དྷ(རང་བཞིན་གྱིས་དག་པ)ཿ སརྦ་(ཐམས་ཅད་)དྷརྨ(ཆོས)ཿསྭ་བྷཱ་བ་(རང་བཞིན་)ཤུད་དྷོ་ཧཾ་(དག་པ་)ཞེས་བརྗོད་པར་བྱའོ། །དེ་ 7-1-245 ནས་དཔྲལ་བར་ༀ་དཀར་པོ་ལས་(པད་མ་དཀར་པོ་ལ་དེ་ཡོངས་སུ་གྱུར་པ་ལས་)སྣང་བ་མཐའ་ཡས། མགྲིན་པར་ཨཱཿདམར་པོ་(ལས་རིན་པོ་ཆེ་རྩེ་མོ་དགུ་པ་དང་དེ་)ལས་རིན་ཆེན་འབྱུང་ལྡན། སྙིང་ཁར་ ཧཱུཾ་ནག་པོ་(ལས་རྡོ་རྗེ་དང་དེ་ལས་)ལས་དོན་ཡོད་གྲུབ་པ། ལྟེ་བར་ཧོཿསེར་པོ་(ལས་འཁོར་ལོ་སེར་པོ་ དང་དེ་)ལས་རྣམ་པར་སྣང་མཛད། གཙུག་ཏོར་དུ་ཧཾ་ལྗང་ཁུ་(ལས་རྡོ་རྗེ་དང་དེ་)ལས་མི་བསྐྱོད་པ། གསང་བར་ཀྵཿ སྔོན་པོ་(ལས་རྡོ་རྗེ་དང་དེ་)ལས་རྡོ་རྗེ་སེམས་དཔའ་རྣམས་འཆད་པར་འགྱུར་ བའི་མཚོན་ཆ་ལ་སོགས་པ་དང་ལྡན་པར་བསྒོམ་པར་བྱ་སྟེ། རྡོ་རྗེའི་ཞལ་དག་པ་དང་རིགས་ དྲུག་དགོད་པའི་ཆོ་གའོ། །དེ་ནས་ལག་པས་ལག་པ་ཕན་ཚུན་མཉེ་ཞིང༌། ༀ་ཧྲཿ སརྦ་ཨ་ (མཚོན་ཆའི་)སྟྲ་རཱ་ཛཱ་(རྒྱལ་བ་བདུད་རྩི་)མཱ་ར་(བདུད)ཀླེ་ཤ་(ཉོན་མོངས་པ་)ཨན་ཏ་ཀ་ར་(མཐར་བྱེད་པ་)བཛྲ་ཏཱིཀྵྞ་(རྡོ་རྗེ་རྣོན་པོ་)དུཿཁ་ཙྪེ་(སྡུག་བསྔལ་གཅོད་པ་)ད་མ་མ་ཀ་རཾ་(བདག་གི་ལག་པ་)བི་ཤོ་དྷ་ཡ་ (རྣམ་པར་སོགས་ལ་)སྭཱཧཱ། ཞེས་པ་ལག་པ་བཀྲུ་བའི་སྔགས་སོ། ། དེ་ལྟར་དག་པར་བྱས་པའི་ལག་པ་གཡོན་གྱི་མཐེའུ་ཆུང་ལ་སོགས་པའི་རྩ་བའི་ཚིགས་ རྣམས་ལ་ཨ་ཨི་ར་ཨུ་ལ།དབུས་ཀྱི་ཚིགས་རྣམས་ལ་ཨ་ཨེ་ཨར་ཨོ་ཨལ་སྟེང་གི་ཚིགས་ རྣམས་ལ་ཧ་ཡ་ར་ཝ་ལ་ཞེས་པ་དང༌། གཡས་པའི་མཐེ་བོ་ལ་སོགས་པའི་སྟེང་གི་ཚིགས་ རྣམས་ལ་ལཱ་ཝཱ་རཱ་ཡཱ་ཧཱ་དབུས་ཀྱི་ཚིགས་རྣམས་ལ་ཨཱལ་ཨཱཽ་ཨཱར་ཨཱཻ་ཨཱ། རྩ་བའི་ཚིགས་རྣམས་ ལ་ལཱ་ཨཱུ་རཱ་ཨ་ཨཱ་ཞེས་པ་རྣམས་དགོད་པར་བྱའོ། ། དེ་ནས་ལག་པ་གཉི་ག་སྦྱར་བའི་དབུས་སུ་ཧཱུཾ་གི་ཡི་གེ་མཐོན་འཐིང་རྣམས་བསྒོམས་ཏེ་ ཟླ་བ་ཉི་མ་སྒྲ་གཅན་གྱི་ས་བོན་དེ་དག་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་གཙུག་ཏོར་ ནས་བརྩམས་ནས་རྐང་སེན་གྱི་མཐར་ཐུག་པར་བདག་ཉིད་ལ་ཡང་དག་པར་རེག་ཅིངཿ ༀ་ ཨཱཿཧུཾ་ཧོཿཧཾ་ཀྵཿ ཀཱ་ཡ་(སྐུ་)བཱཀ་(གསུང་)ཙིཏ་ཏ་(ཐུགས་)ཛྙཱ་ན་(ཡེ་ཤེས་)ཨ་དྷི་པ་ཏེ་(མངའ་བདག་)བཛྲ་(རྡོ་རྗེ་)ཀཱ་ཡ་(སྐུ་)མ་མ་(བདག་གི་)ཀཱ་ཡ་(ལུས་)བཱཀ་(ངག་)ཙིཏ་ཏ་(སེམས་)ཛྙཱ་ན་(ཡེ་ཤེས་) 7-1-246 བཛྲཾ་(རྡོ་རྗེ་རྣམས་)བཛྲ་ཀཱ་ཡ་(རྡོ་རྗེའི་སྐུ་)སྭ་བྷཱ་བཾ་(རང་བཞིན་)ཀུ་རུ་ཀུ་རུ་(མཛོད་མཛོད་)སྭཱཧཱ། ཞེས་ བརྗོད་པ་འདིས་རྡོ་རྗེའི་སྐུར་གྱུར་པར་བལྟས་ནས། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭ་བྷཱ་བ་(དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུའི་རང་བཞིན)ཨཱད་མ་ཀོ་ཧཾ་(བདག་ཉིད་ང་ཡིན་)ཞེས་ང་རྒྱལ་གཟུང་ བར་བྱ་སྟེ། ལུས་དང་ངག་དང་སེམས་དང་ཡེ་ཤེས་རྡོ་རྗེ་རྣམ་པར་དག་པའོ། ། དེ་ནས་ཐལ་མོ་སྦྱར་བའི་མཐེ་བོང་ཟུང་གིས་སྙིང་ཁར་རེག་ཅིང༌། ༀ་ཧླཱྀཾ་ཧྲཱིཾ་ཧྲི་ད་ ཡཱ་ཡ་ན་མཿ དཔྲལ་བར་རེག་ཅིང་ༀ་ཧྲུཾ་སི་ར་སེ་སྭཱཧཱ། གཙུག་ཏོར་དུ་རེག་ཅིང་ༀ་ཧྼྀཾ་ ཧྲཱྀཾ་ཤི་ཁཱ་ཡཻ་(གཙུག་ཏོར་)བཽ་ཥཊ། ཡན་ལག་ཐམས་ཅད་ལ་རེག་ཅིང་ༀ་ཧྲཱྀཾ་ཀ་ བ་ཙཱ་ཡ་(གོ་ཆ)ཧཱུཾ། མིག་གཡོན་དང་གཡས་ལ་རེག་ཅིང་ༀ་ཧྲཱཾ་ནཻ་ཏྲཱ་ཡ་ཝ་ཥཊ། གཡོན་པའི་ མཐེ་བོ་དང་འཛུབ་མོའི་སེ་གོལ་ཕྱོགས་ཐམས་ཅད་དུ་གདབ་ཅིང༌། ༀ་ཧྲ(མཚོན་ཆར་)ཿཨ་སྟྲ་ཡ་ ཕཊ། ཅེས་པས་མཚོན་ཆར་དགོད་པར་བྱའོ། །དེ་ནས་ༀ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་སི་རཿཤི་ཁཿ ཀ་བ་ཙ་ནཻ་ཏྲ་ཨསྟྲ་བཛྲ་ཥཊ་ཨཾ་ག་སྭ་བྷཱ་བ་ཨཱད་མ་ཀོ་ཧཾ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་སྤྱི་ བོ་གཙུག་ཏོར་གོ་ཆ་ཅན། མཚོན་ཆ་སྟེ་རྡོ་རྗེ་ཡན་ལག་དྲུག་གི་རང་བཞིན་གྱི་བདག་ཉིད་ང་)ཞེས་ང་རྒྱལ་གཟུང་བར་ བྱ་སྟེ། ཡན་ལག་དྲུག་དགོད་པའི་ངེས་པའོ། །དེ་ནས་གཏོར་མའི་དངོས་པོ་ཇི་ལྟར་འབྱོར་པ་ ལ་འཆད་པར་འགྱུར་བའི་ཆོ་གས་སྦྱང་བ་དང་སྤེལ་བ་དང་སྦར་བ་དང་བདུད་རྩིར་བྱས་ནས་ འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་ཡུལ་གྱི་བདག་པོ་སྤྱན་དྲངས་ཏེ། ༀ་ ཨཱཿ་ཧཱུཾ་ཆེ་གེ་མོ་(མིང་གིས་ཡི་གེ་མཉམ་ན་ཐོག་མཐའ་གཉིས་སམ་མི་མཉམ་ན་དབུས་དང་གསུམ་ལས་སྨོས་ཏེ)ས་པ་ རི་ཝཱ་རཱ་(འཁོར་དང་བཅས་པ)ཡ་ཨི་དཾ་(འདི་)བ་ལིཾ་(གཏོར་མ)གན་དྷཾ(དྲི)པུཥྤཾ(མེ་ཏོག)དྷཱུ་པཾ(བདུག་ སྤོས)པྲ་དཱི་པ(སྒྲོན་མ)ཨ་ཀྵ་ཏཾ་(མ་ཉམས་པ) ད་དཱ་མ་ཧེ་(བདག་གིས་སྦྱིན་གྱིས)ས་པ་རི་ཝཱ་ར(འཁོར་ དང་བཅས་པ)ཿ ཤཱི་གྷྲཾ་(མྱུར་དུ)ཨཱ་གཙྪ་ཏུ་(བྱོན་པར་མཛོད)ཛཿཧཱུཾ་བཾ་ཧོཿ ཨི་དམ(འདི་)བ་ལིཾ་(གཏོར་མ་)གྲཧྣཱ་ཏུ་(བཟུང་བར་མཛོད)ཁཱ་ད་ཏུ་(གསོལ་བར་མཛོད) པི་ཝ་ཏུ་(བཏུང་བར་མཛོད) ས་པ་རི་ཝཱ་ 7-1-247 ར་ཀཿ(འཁོར་དང་བཅས་པ)སརྦ་(ཐམས་ཅད)སཏྭཱ་ནཱ་(སེམས་ཅན་རྣམས་ལ)ཤཱན་ཏིཾ་(ཞི་བ་)པུཥྟིཾ( རྒྱས་པ་) རཀྵ་(བསྲུང་བ་)ཨཱ་ཝ་ར་ཎ་(སྐྱབས་པ་དང་)གུཔ་ཏིཾ(སྦ་བ)ཀ་རོ་ཏུ་(མཛད་དུ་གསོལ) ཨི་དཾ་(འདི)སྠཱ་ ནཱཾ་(གནས)ཏྱཀ་ཏྭ་(དོར་ནས) བཱ་ཧེ་(ཕྱི་རོལ)མཎ་ཊ་ལ་བྷཱུ་མྱཾ་(དཀྱིལ་འཁོར་གྱི་ས་ལ)ཏིཥྛ་ཏུ་(གནས་ པར་མཛོད)ཧཱུྃ་ཧཱུྃ་ཕཊ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་(རྡོ་རྗེ་འཛིན་པའི་བཀའ་བཞིན་མཛོད)སྭཱཧཱ། ཞེས་པ་དང༌། ཁྱིའི་ཕྱག་རྒྱས་གྲོང་གི་བདག་པོ་སྤྱན་དྲངས་ཏེ། ༀ་ཨཱཿཧཱུཾ། ཆེ་གེ་མོ་(མིང་གིས་ཡི་གེ་མཉམ་ན་ཐོག་ མཐའ་གཉིས་སམ། མི་མཉམ་ན་དབུས་དང་གསུམ་ནས་སྨོས་ཏེ་)ཨཱ་གཙྪ་(བྱོན)ཨཱགཙྪ་(བྱོན)ཤཱི་གྷྲཾ་(མྱུར་དུ)ཨི་ དཾ་(འདི་)བ་ལིཾ་(གཏོར་མ་)གྲིཧྣ་གྲིཧྣ(ཟུང་ཟུང་)། བྷུཀ་ཏྭཱ(གསོལ་ཞིང་)། པི་ཏྭཱ(འཐུངས་ཏེ)། ཏྲིཔ་ཏིཾ་ཀྲྀ་ ཏྭཱ་(ཚིམ་པར་བྱས་ནས)སརྦ་ས་ཏྭཱ་ནཱཾཿ(ཐམས་ཅད་སེམས་ཅན་རྣམས་ལ)ཤཱན་ཏིཾ་ཙིཏ་ཏཾ་ཀྲྀ་ཏྭཱ་(ཞི་བའི་སེམས་ སུ་བྱས་ཏེ)ཨ་པ་རསྠཱ་ནཱཾ་(གཞན་གྱི་གནས་སུ)གཙྪ་(བྱོན)གཙྪ་(བྱོན)སྭཱཧཱ། ཞེས་པས་གཏོར་མ་ཕུལ་ ནས་རེ་ཤིག་ཡུལ་དང་གྲོང་གི་བདག་པོ་གནས་གཞན་དུ་གཤེགས་སུ་གསོལ་བར་བྱའོ། །དེ་ ནས་བདག་ཉིད་ཀྱི་ལུས་སྲུང་བ་དང་བདུད་ཀྱི་ཚོགས་བསྲེག་པའི་དོན་དུ་ལུས་ལ་རྡོ་རྗེ་དགོད་ པར་བྱ་སྟེ། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ༀ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་མོ་བཅུ་ བདུན་པ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདམར་པོ་ལས་རྡོ་རྗེ་རྩེ་མོ་སུམ་ཅུ་ རྩ་གསུམ་པ་དང༌། སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧུཾ་ནག་པོ་ལས་རྡོ་རྗེ་རྩེ་མོ་དགུ་ པ་དང༌། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿསེར་པོ་ལས་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པ་དང་ གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ་ལྗང་ཁུ་ལས་རྡོ་རྗེ་རྩེ་མོ་ལྔ་པ་དང༌། གསང་ བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿསྔོན་པོ་ལས་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པ་རྣམས་བལྟ་ བར་བྱའོ། །དེ་བཞིན་དུ་གཡོན་གྱི་ཕྲག་པ་དང་མཐེའུ་ཆུང་ལ་སོགས་པའི་རྩ་བའི་ཚིགས་ རྣམས་སུ། ང་ངི་ངྼྀ་ངུ་ངླྀ་ངྀ་ངཾ་(མཐེའུ་ཆུང་གི)། གྷ་གྷི་གྷྼྀ་གྷུ་གྷླྀ་ གྷཾ(མིང་མེད)། ག་གི་གྼྀ་གུ་གླྀ་གཾ(གུང་མོའི་)། ཁ་ཁྀ་ཁྼྀ་ཁུ་(འཛུབ་མོའི་) 7-1-248 ཁླྀ་ཁཾ། ཀ་ཀི་ཀྼྀ་ཀུ་(མཐེ་བོའི་)ཀླྀ་ཀཾ་ཞེས་པ་དང༌། གཡས་ཀྱི་ཕྲག་པ་དང་ མཐེ་བོ་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ། ཀྐཱཿཀྐླཱྀ་ཀྐཱུ་ཀྐྼཱྀ་ཀྐཱི་(མཐེ་བོའི་) ཀྐཱ། ཁྑཱཿཁྑླཱྀ་ཁྑཱུ་ཁྑྼཱྀ་(འཛུབ་མོའི་)ཁྑཱི་ཁྑཱ། གྒཱཿགྒླཱྀ་གྒཱུ་(གུང་མོའི་)གྒྼཱྀ་ གྒཱི་གྒཱཿ གྷྒྷཱཿགྷྒྷླཱྀ་གྷྒྷཱུ་(མིང་མེད་ཀྱི་)གྷྒྷྼཱྀ་གྷྒྷཱི་གྷྒྷཱཿ ངྔཱཿ ངྔླཱྀ་ངྔཱུ་ངྔྼཱྀ་(མཐེའུ་ ཆུང་གི་)ངྔཱི་ངྔཱ༌། ཞེས་པ་དང་གཡོན་གྱི་གྲུ་མོ་དང་མཐེའུ་ཆུང་ལ་སོགས་པའི་དབུས་ཀྱི་ཚིགས་ རྣམས་སུ། ཉ་ཛྷ་ཛ་ཚ་ཙ་རྣམས་དང༌། གཡས་ཀྱི་གྲུ་མོ་དང་མཐོ་བོ་ལ་སོགས་པའི་དབུས་ཀྱི་ ཚིགས་རྣམས་སུ། ཙཱ་ཚཱ་ཛཱ་ཛྷཱ་(རྡོ་རྗེ་ནག་པོ་)ཉཱ་རྣམས་དང༌། །གཡོན་གྱི་འཁྲིག་མ་དང་མཐེའུ་ཆུང་ ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ། ཎ་ཌྷ་ཊ་ཋ་ཊ་རྣམས་དང༌། གཡས་ཀྱི་འཁྲིག་མ་དང་ མཐེ་བོ་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ་ཊཱ་ཋཱ་ཌཱ་(རྡོ་རྗེ་དམར་པོ་)ཌྷཱ་ཎཱ་རྣམས་དང༌། རྐང་ པ་གཡོན་གྱི་དཔྱི་དང་མཐེའུ་ཆུང་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ། མ་བྷ་བ་ཕ་པ་ རྣམས་དང༌། རྐང་པ་གཡས་ཀྱི་དཔྱི་དང་མཐེ་བོ་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ་པཱ་ཕཱ་ བཱ་བྷཱ་(རྡོ་རྗེ་དཀར་པོ་)མཱ་རྣམས་དང༌། གཡོན་གྱི་པུས་མོ་དང་མཐེའུ་ཆུང་ལ་སོགས་པའི་དབུས་ ཀྱི་ཚིགས་རྣམས་སུ། ན་དྷ་ད་ཐ་ཏ་རྣམས་དང༌། གཡས་ཀྱི་པུས་མོ་དང་མཐེ་བོ་ལ་སོགས་ པའི་དབུས་ཀྱི་ཚིགས་རྣམས་སུ། ཏཱ་ཐཱ་དཱ་དྷཱ་(རྡོ་རྗེ་སེར་པོ་)ནཱ་རྣམས་དང༌། གཡོན་གྱི་ལོང་བུ་ དང་མཐེའུ་ཆུང་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ། ྈྐ་ཤ་ཥ་ྉྤ་ས་རྣམས་དང༌། གཡས་ཀྱི་ ལོང་བུ་དང་མཐེ་བོ་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ། ས་ྉྤ་ཥ་ཤ་ྈྐ་རྣམས་རིམ་པ་ལྟར་ དབྱངས་ཐུང་ངུ་དྲུག་དང་རིང་པོ་དྲུག་གིས་བསྒྱུར་བ་རྣམས་ཏེ། དེ་རྣམས་ལས་ལས་ཀྱི་འཁོར་ ལོ་ཚིགས་ཆེན་བཅུ་གཉིས་ལ་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་རྩ་གཅིག་པ་དང༌། བྱ་བ་འཁོར་ལོ་སོར་ མོའི་ཚིགས་དྲུག་ཅུ་པོ་རྣམས་ལ་རྡོ་རྗེ་རྩེ་མོ་བདུན་པ་ཁམས་ཀྱི་མདོག་ཅན་རྣམས་བསམ་ པར་བྱའོ། །དེ་བཞིན་དུ་གཡོན་དང་གཡས་ཀྱི་རྣ་བ་དག་ལ་ཨ་ཨཱ(ལྗང་ཁུ་དང་)སྣ་དག་ལ་ཨེ་ 7-1-249 ཨཻ་(ནག་པོ)མིག་དག་ལ་ཨར་ཨཱར་(དམར་)ལྕེ་དང་ལྕེའུ་ཆུང་དག་ལ་ཨོ་ཨཽ་(དཀར་)རྡོ་རྗེ་དང་ གསང་བ་དག་ལ་ཨལ་ཨཱལ་(སེར་)ཡིད་དང་ཁུ་བའི་རྩ་དག་ལ་ཨཾ་ཨ་(སྔོན་པོ་)རྣམས་ལས་ བྱུང་བའི་རྡོ་རྗེ་རྩེ་མོ་གསུམ་པ་རྣམས་དང༌། གཙུག་ཏོར་དང་མགོ་བོར་ཧ་ཧཱ་(ལྗང་ཁུ་)ལྕེ་དང་ རྐན་དག་ལ་ཡ་ཡཱ་(ནག་པོ་)གཡོན་དང་གཡས་ཀྱི་ལག་འཐིལ་དག་ལ་ར་རཱ་(དམར་པོ་) རྐང་ འཐིལ་དག་ལ་ཝ་ཝཱ་བཤང་ལམ་གྱི་གཡོན་དང་གཡས་སུ་ལ་ལཱ་(སེར་པོ་)རྣམས་ལས་བྱུང་ བའི་རྡོ་རྗེ་རྩེ་ལྔ་པ་རྣམས་བསྒོམས་ཏེ་དེ་ལྟར་བདག་ཉིད་རྡོ་རྗེའི་སྐུར་བསྒོམས་ནས་དེ་ཉིད་ ལས་འཕྲོས་པའི་རྡོ་རྗེའི་མེ་དཔུང་ཕྱོགས་ཀྱི་མདོག་ཅན་འབར་ཞིང་རབ་ཏུ་འབར་བའི་རྡོ་རྗེ་ རྣམས་ཀྱིས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་བྱེད་པའི་བདུད་ཀྱི་ཚོགས་ཕྱོགས་བཅུ་ ན་གནས་པ་མཐའ་དག་ངེས་པར་བསྲེགས་ནས་བདེ་བ་ཆེན་པོ་ལ་དགོད་པར་བསམ་ཞིང༌། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧྲཱཿཧྲཱཿཧྲཿཧྲཱཿ ར་ར་ར་ར་བཛྲ་ཨ་ན་ལ་(རྡོ་རྗེ་མེ)སརྦ་(ཐམས་ཅད་)ཨཱ་བ་ར་ཎ་ (སྒྲིབ་པའི་)དྷརྨཱ་པྲ་ལ་ཡ་(ཆོས་ཉམས་པའི)སྭབྷཱ་ཝ(རང་བཞིན་ཅན)སརྦ་(ཐམས་ཅད་)མཱ་ར་(བདུད)ཀཱ་ཡི་ ཀ་(རིགས་དང་)བིགྷྣ་(བགེགས་)བི་ནཱ་ཡ་ཀ་(ལོག་འདྲེན)ཨ་དྷི་ནཱཾ(ལ་སོགས་པ)། ད་ཤ་(བཅུའི)དིཀ་ག་ ཏཱ་ནཱཾ(ཕྱོགས་ན་གནས་པ་རྣམས་ཀྱི)། ཀཱ་ཡ་(ལུས)ཝཱཀ་(ངག)ཙིཏ་ཏཱ་ནི(སེམས་རྣམས་)། ད་ཧ་(བསྲེགས་) ད་ཧ(བསྲེགས)། པ་ཙ་(ཚོས་)པ་ཙ(ཚོས)། བྷསྨཱི་(ཐར་བར)ཀུ་རུ་(གྱིས)ཀུ་རུ་(གྱིས)ཧཱུཾ་ཧཱུཾ་ཕཊ་ ཕཊ། ཅེས་དྲག་ཏུ་འདོན་པས་བདུད་འཇོམ་པར་བྱའོ། །དེ་ནས་སླར་མི་འཇུག་པའི་དོན་དུ་ བདུད་དང་བགེགས་དང་ལོག་འདྲེན་རྣམས་ལ་ཕུར་བུས་གདབ་པའི་དོན་དུ། གནས་སྲུང་ བའི་དོན་དུ་རྣལ་འབྱོར་གྱི་རྒྱུད་ཀྱི་ཆོ་གས་སྲུང་བའི་འཁོར་ལོ་བསྒོམ་པ་ནི། དང་པོ་ཧཾ་གིས་ བྱུང་བའི་ནམ་མཁའི་རང་བཞིན་ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ༌། ཡཾ་ལས་རླུང་གི་དཀྱིལ་ འཁོར་ནག་པོ་དབུས་སུ་གཞིའི་རྣམ་པ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་ དཀྱིལ་འཁོར་དམར་པོ་དབུས་སུ་གྲུ་གསུམ་གྱི་རྣམ་པ་ཅན་བཀྲ་ཤིས་ཀྱིས་མཚན་པ་དང༌། 7-1-250 དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་པོའི་རྣམ་པ་ཅན་པད་མས་ མཚན་པ་དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་དབུས་སུ་གྲུ་བཞིའི་རྣམ་པ་ ཅན་རྡོ་རྗེས་མཚན་པ། དེ་ཐམས་ཅད་ཀྱི་སྟེང་དང་འོག་ཏུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཁ་ སྦྱར་བས་མཚན་པ་རྣམ་པར་བསྒོམ་ཞིང༌། ༀ་ཧཱཾ་ཡཱཾ་རཱཾ་ཝཱཾ་ལཱཾ། བཛྲ་(རྡོ་རྗེ)ཨཱ་ཀཱ་ཤ(ནམ་མཁའ)། བཱ་ཡུ(རླུང་)། ཏེ་ཛ(མེ)། ཨུ་ད་ཀ(ཆུ) པྲི་ཐི་ཝཱི(ས་)བཛྲ་སྭ་བྷཱ་ཝ(རྡོ་རྗེ་རང་བཞིན)། པཉྩ་དྷཱ་ཏྭ(ལྔའི་ ཁམས་རྣམས)། བཛྲ་མཎ་ཌ་ལཱ་ནི་(རྡོ་རྗེ་དཀྱིལ་འཁོར་རྣམས་སུ)ཀུ་རུ་(གྱིས)ཀུ་རུ་(གྱིས)སྭཱཧཱ་ཞེས་ བརྗོད་ཅིང་(རླུང་ལ་སོགས་པ)། དཀྱིལ་འཁོར་བཞི་པོ་གཅིག་ཏུ་འདྲེས་པར་གྱུར་པ་ལས་རྡོ་རྗེའི་ ར་བ་རྣམས་དང་རྡོ་རྗེའི་ཁང་པ་བརྩེགས་པ་ལ་སོགས་པ་ཡོངས་སུ་གྲུབ་པར་བལྟ་བར་བྱ་ སྟེ། ༀ་ཨཱཿཧཱུྃ་རཿ བཛྲ་(རྡོ་རྗེ)ཙན་ཏྲ་(ཟླ་བ)སཱུརྻ་(ཉི་མ)ར་ཧུ་(སྒྲ་གཅན)ཀ་ལ་ཨག་ན་ཡ(དུས་མེ་ རྣམས)ཿ ཀཱ་ཡ་(སྐུ)བཱཀ་(གསུང་)ཙིཏ་ཏ་(ཐུགས)ཛྙཱ་ན་(ཡེ་ཤེས)བཛྲ་(རྡོ་རྗེའི)པྲ་ཀ་རཱ་ན་(ར་བ་རྣམས) ཀུ་རུ་(མཛོད)ཀུ་རུ་(མཛོད)སྭཱཧཱ ཞེས་པས་ས་དང་ནམ་མཁའ་འབྱར་བར་སྣང་བའི་འཚམས་ སུ་རྡོ་རྗེའི་རང་བཞིན་གྱི་ར་བ་གསུམ་དང༌། ཡུལ་འཁོར་བསྲུང་བའི་དོན་དུ་ཡུལ་འཁོར་གྱི་ འཚམས་སུ་རྡོ་རྗེའི་རང་བཞིན་གྱི་ར་བ་ལྔ་སྟེ་ཐམས་ཅད་ཀྱང་སྟེང་འོག་ཕྱོགས་འཚམས་ཀུན་ དུ་ཟླུམ་པོའི་རྣམ་པར་གྱུར་པ་དབུས་སུ་ར་བ་ལྔའི་ཁྱོན་དང་མཉམ་པའི་རྡོ་རྗེའི་ས་གཞི་དང་ར་ བ་རྣམས་ཀྱི་འོག་ཏུ་མདུང་དང་སྟེང་དུ་མདའི་དྲ་བ་རྣོན་པོ་རྣམས་བསམ་པར་བྱའོ། ། དེ་བཞིན་དུ་ༀ་ཧུཾ་བི་ཤྭ་(སྣ་ཚོགས་)ཀཱ་ཡ་(སྐུའི)བཛྲ་(རྡོ་རྗེ)བཛྲ་(རྡོ་རྗེ)ཀཱུ་ཊཱ་གཱ་རཾ་(རྩིགས་པའི་ ཁང་པ)ཀུ་རུ་ཀུ་རུ་(མཛོད་གཉིས)སྭཱཧཱ ཞེས་པས་ར་བའི་དབུས་སུ་རྡོ་རྗེའི་ས་གཞི་ལ་སྐུ་གསུང་ ཐུགས་རྣམ་པར་དག་པ་རྡོ་རྗེའི་ཁང་པ་གསུམ་བརྩེགས་པ་ཁྲུ་ཉིས་བརྒྱ་པ་དབུས་སུ་འཁོར་ ལོ་རྩིབས་བཅུ་པ་དང་བཅས་པའོ། །ༀ་པཾ་བི་ཤྭ་བཛྲ་པད་མཾ་(སྣ་ཚོགས་རྡོ་རྗེ་པད་མ་)ཀུ་རུ་ཀུ་རུ་ སྭཱཧཱ ཞེས་པས་ཁང་པ་བརྩེགས་པ་བར་མའི་དབུས་སུ་འཁོར་ལོ་རྩིབས་བཅུ་པའི་རྩིབས་ 7-1-251 བརྒྱད་ཁང་བརྩེགས་བར་མའི་ནང་དང་སྟེང་འོག་གི་རྩིབས་གཉིས་སྟེང་འོག་གི་ཁང་བའི་ནང་ དུ་སོན་ཞིང་དབུས་ཀྱི་ལྟེ་བའི་ནང་དུ་ཁྲུ་བཅུ་གཉིས་པའི་སྣ་ཚོགས་པད་མ་འདབ་མ་བརྒྱད་ པའོ། །ༀ་རཿབཛྲ་སཱུརྻ་(རྡོ་རྗེ་ཉི་མ)བཛྲ་སཱུརྻ་(རྡོ་རྗེ་ཉི་མའི)ཨཱ་ས་ནཾ་(གདན)ཀུ་རུ་ཀུ་རུ་སྭཧཱ། ཞེས་པས་པད་མའི་ལྟེ་བ་ཁྲུ་བཞི་པའི་སྟེང་དུ་དེ་དང་མཉམ་པའི་ཉི་མའི་གདན་དང་ཉི་མའི་ དཀྱིལ་འཁོར་གྱི་སྟེང་དུ་ཧུཾ་ལས་རྡོ་རྗེ་རྩེ་ལྔ་པ་དང་དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཁྲོ་ བོའི་དབང་པོ་རྡོ་རྗེའི་ཤུགས་སྐུ་མདོག་ནག་པོ་དུས་མཐའི་སྤྲིན་དང་མཚུངས་ཤིང་ཞལ་བཞི་ པ། ཕྲག་པ་དྲུག་པ། དཔུང་པ་བཅུ་གཉིས་པ། ཕྱག་གི་པད་མ་ཉི་ཤུ་རྩ་བཞི་པ་ལྷག་པའི་ཕྱག་ གཉིས་སྟེ་ཉི་ཤུ་རྩ་དྲུག་དང་ལྷན་པ། ཞབས་གཡས་པ་དམར་པོ་བརྐྱང་ཞིང་གཡོན་པ་དཀར་ པོ་བསྐུམ་པའི་སྟབས་གྱིས་ཡི་དྭགས་ཀྱི་གདན་ལ་རྣམ་པར་གནས་པ། གཡས་དང་གཡོན་ ཀྱི་མགྲིན་པ་དམར་པོ་དང་དཀར་པོ་དང་ནག་པོའི་མདོག་ཅན་མདུན་ཞལ་ནག་པོ་གཡས་ ཞལ་དམར་པོ་གཡོན་ཞལ་དཀར་པོ་རྒྱབ་ཞལ་སེར་པོ་མཆེ་བ་གཙིགས་པ། རབ་ཏུ་ཁྲོས་ཤིང་ འཇིགས་སུ་རུང་བ་ཅན། སྤྱན་དམར་སེར་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་ གྱེན་དུ་བརྫེས་པ་མི་བསྐྱོད་པས་དབུ་བརྒྱན་པའོ། །གཡས་དང་གཡོན་གྱི་ཕྲག་པ་དང་པོ་ནག་ པོ་གཉིས་པ་དམར་པོ་གསུམ་པ་དཀར་པོ། དཔུང་པ་གཉིས་ནག་པོ་གཉིས་དམར་པོ་གཉིས་ དཀར་པོ། ཕྱག་ངར་བཞི་ནག་པོ་བཞི་དམར་པོ་བཞི་དཀར་པོའོ། །སོར་གདུབ་རྣམས་ཀྱིས་ སྤྲས་པའི་མཐེ་བོ་སེར་པོ་འཛུབ་མོ་དཀར་པོ་གུང་མོ་དམར་པོ་སྲིན་ལག་ནག་པོ་མཐེའུ་ཆུང་ ལྗང་ཁུ། ཕྱག་གི་མཐིལ་ནས་བརྩམས་ཏེ། ཚིགས་ཀྱི་ཕྲེང་བ་དང་པོ་རྣམས་ནག་པོ་དང་གཉིས་ པ་རྣམས་དམར་པོ་དང་གསུམ་པ་རྣམས་དཀར་པོ་དང༌། གཡས་ཀྱི་ཕྱག་བཅུ་གཉིས་རྣམས་ མདུན་ནས་བརྩམས་ཏེ་ཁྲོ་བོའི་རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག མདའ་ལྕགས་ཀྱུ་ཌ་མ་རུ་ཐོ་ བ། འཁོར་ལོ་མདུང་དབྱུག་པ་དགྲ་སྟ་བསྣམས་པ། གཡོན་གྱི་ཕྱག་བཅུ་གཉིས་རྣམས་ན་རྡོ་ 7-1-252 རྗེ་དྲིལ་བུ་ཕུབ་ཁ་ཊྭཱཾ་ག་ཐོད་པཿ གཞུ་ཞགས་པ་རིན་པོ་ཆེ་པད་མ། དུང་མེ་ལོང་ལྕགས་སྒྲོག་ ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། ཕྱག་དང་པོ་གཉིས་ཐུགས་ཁར་བསྣོལ་ཞིང༌། ལྷག་པའི་ཕྱག་གཉིས་ཀི་གཡས་པ་ནག་པོ་དང་གཡོན་པ་སེར་པོས་སྡིགས་འཛུབ་དང་བཅས་ ཏེ་གླང་པོ་ཆེའི་ལྤགས་པ་རློན་པ་ཁྲག་དང་བཅས་པ་མགོ་བོ་གཡས་སུ་བསྟན་པའི་རྐང་ལག་ གཉིས་ནས་གཟུང་སྟེ་གྱོན་ཞིང་བདུད་ཀྱི་མགོ་བོ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས་ པའོ། །རུས་པའི་ཕྱག་རྒྱ་ལྔ་ལྔ་དང་ལྡན་པ། དབུ་ལ་རྡོ་རྗེ་དར་དཔྱངས་ཀྱི་སྟེང་དུ་རྡོ་རྗེ་ཟླ་ བ་ཕྱེད་པ་དང༌། རྐེད་པར་སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཕྲག་པར་བདུད་རིགས་ བརྒྱའི་མགོ་བོའི་ཕྲེང་བ་འཕྱང་བ་སྤྱི་བོར་ཐོད་པ་ལྔའི་ཕྲེང་བས་བརྒྱན་པ་སྟེ། དེ་བཞིན་དུ་ ཀླུའི་དབང་པོ་རྒྱལ་བ་རལ་པའི་ཅོད་པན་ལ་བཅིངས་ཤིང་རྣམ་པར་རྒྱལ་བ་དར་དཔྱངས་ལ་ བཅིངས་པས་གནས་པ། སྟོབས་ཀྱི་རྒྱུ་དང་པད་མ་རྣ་རྒྱན་ལ་གནས་པ། ནོར་རྒྱས་དང་དུང་ སྐྱོང་ཕྱག་གདུབ་ལ་གནས་པ། མཐའ་ཡས་དང་རིགས་ལྡན་འོག་དཔག་དང་མགུལ་རྒྱན་ལ་ གནས་པ། འཇོག་པོ་དང་པད་མ་ཆེན་པོ་ཞབས་གདུབ་ལ་གནས་པའོ། ། དེ་ལྟར་བདག་ཉིད་ཁྲོ་བོའི་དབང་པོ་དུས་མཐའི་སྤྲིན་དང་མཚུངས་པ་རབ་ཏུ་འཇིགས་ པའི་སྐུར་གསལ་བར་བསྒོམས་ཏེ། ༀ་ཧུཾ་ཀྲོ་དྷ་ཨིན་ཏྲོ་ཧཾ་(ཁྲོ་བོའི་དབང་པོ་དང་)ཀྲོ་དྷཱ་ནཱཾ་(ཁྲོ་བོ་ རྣམས་ལ)ཨཛྙཱ་དཱ་ཡ་ཀ་(བཀའ་བསྒོ་བ་པོ)སྭཱཧཱ། ཞེས་ང་རྒྱལ་གཟུང་བར་བྱའོ། །འདིར་ཕྱག་རྒྱ་ དང་མཚོན་ཆ་རྣམས་སྔགས་ཀྱི་ཚིག་གིས་དགོད་པ་ནི་སློབ་མ་ལ་དབང་བསྐུར་བའི་ཚེ་མཚན་ མ་ངན་པ་བསལ་བའི་ཆོ་ག དུས་ཀྱི་འཁོར་ལོ་རབ་ཏུ་འཁྲོས་པ་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་ ངེ་འཛིན་བསྒོམ་པའི་སྐབས་སུ་བྱ་བར་གསུངས་ཀྱི་བསྲུང་འཁོར་བསྒོམ་པའི་སྐབས་སུ་རྡོ་རྗེ་ ཤུགས་ལ་དངོས་སུ་མ་གསུངས་ཤིང༌། རྡོ་རྗེ་འཇིགས་བྱེད་ནི་དུས་ཀྱི་འཁོར་ལོ་ཉིད་ཡིན་ལ་ རྡོ་རྗེ་ཤུགས་རེ་ཞིག་ས་བཅུ་པའི་རྣམ་པར་གནས་པས་དེ་གཉིས་མི་གཅིག་པའི་ཕྱིར་བསྲུང་ 7-1-253 འཁོར་བསྒོམ་པའི་སྐབས་འདིར་སྔགས་ཀྱི་ཚིག་གིས་དགོད་མི་དགོས་སོ། །དེ་ནས་ཁང་པ་ བརྩེགས་པའི་སྟེང་འོག་དང་ཁང་བརྩེགས་བར་མའི་ར་བ་ལ་ཉེ་བར་ཕྱོགས་དང་ཕྱོགས་བྲལ་ གྱི་ཁྲོ་བོ་བཅུའི་གནས་འཁོར་ལོའི་རྩིབས་ཀྱི་ནང་རྣམས་སུ་རཿཡིག་དང་དེ་ཡོངས་སུ་གྱུར་ པ་ལས་ཉི་མའི་དཀྱིལ་འཁོར་རྣམས་བསམ་ཞིང་བདག་ཉིད་ཀྱི་ཐུགས་ཁར་ཉི་མའི་དཀྱིལ་ འཁོར་གྱི་སྟེང་དུ་ཧ་ཡ་ར་ཝ་ལ་བརྩེགས་པའི་རང་བཞིན་ཡི་གེའི་གོང་བུ་རྣམ་པར་བསྒོམས་ ནསཿ ཧ་ཧཱ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལྗང་ཁུ་དང་སྔོན་པོ་དག་དང༌། དེ་ཡོངས་སུ་གྱུར་པ་ ལས་གཙུག་ཏོར་འཁོར་ལོས་བསྒྱུར་བ་དང་གནོད་མཛེས་རྒྱལ་པོ་ཞལ་གསུམ་ཕྱག་དྲུག་པ་ རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ་དང་སྔོན་པོ་གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་ བ། ཕྱག་ཡས་པ་གསུམ་གྱིས་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ་དང༌། གཡོན་པ་གསུམ་གྱིས་རྡོ་ རྗེ་དྲིལ་བུ་དང་ཐོད་པ་དང་ཚངས་པའི་མགོ་བོ་འཛིན་པ་དག་ཞལ་གྱི་གཙོ་བོའི་གཡོན་དང་ གཡས་ཀྱི་རྣ་བ་དག་ལས་སྤྲོས་ཏེ། སྟེང་དུ་ཁང་པ་བརྩེགས་པའི་ནང་གི་རྩིབས་ཀྱི་ནང་དང་ འོག་ཏུ་རྡོ་རྗེའི་ས་གཞི་ལ་རྩིབས་ཀྱི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་གནས་པའོ། ། ཡི་ཡཱི་ལས་བྱུང་བའི་རལ་གྲི་ནག་པོ་དང་དེ་ལས་བགེགས་མཐར་བྱེད་དང་དབྱུག་སྔོན་ཅན་ ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་དང་སྐུ་མདོག་ནག་པོ་གཡས་ཞལ་དམར་ཞིང་གཡོན་ ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རལ་གྲི་དང་གྲི་གུག་དང་རྩེ་གསུམ་དང༌། གཡོན་ པ་གསུམ་གྱིས་ཕུབ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་དག་གཡོན་དང་གཡས་ཀྱི་སྣ་བུག་ དག་ནས་སྤྲོས་ཏེ། །ཤར་དང་མེའི་རྩིབས་སུ་གནས་པའོ། །ར་རཱ་ལས་བྱུང་བའི་རིན་པོ་ཆེ་ དམར་པོ་དག་དང་དེ་ལས་ཤེས་རབ་མཐར་བྱེད་དང་ཊ་ཀི་ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ ཞལ་དང་སྐུ་མདོག་དམར་པོ། །གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། ཕྱག་གཡས་ པ་གསུམ་གྱིས་མེའི་མདའ་དང་རྡོ་རྗེ་ལྕགས་ཀྱུ་དང་སྒྲ་དང་བཅས་པའི་ཌ་མ་རུ་དང༌། གཡོན་ 7-1-254 པ་གསུམ་གྱིས་གཞུ་དང་ཞགས་པ་དང་རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་པ་དག་ གཡོན་དང་གཡས་ཀྱི་མིག་དག་ནས་སྤྲོས་ཏེ་ལྷོ་དང་བདེན་བྲལ་གྱི་རྩིབས་སུ་གནས་པ་དང༌། ཝུ་ཝཱུ་ལས་བྱུང་བའི་པད་མ་དཀར་པོ་དག་དང་དེ་ལས་པད་མ་མཐར་བྱེད་དང་མི་གཡོ་བ་ ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག་ཅིང་གཡོན་ ཞལ་དམར་བ། ཕྱག་གཡས་པ་གསུམ་གྱིས་ཐོ་བ་དང་མདུང་དང་རྩེ་གསུམ་དང༌། གཡོན་པ་ གསུམ་གྱིས་པད་མ་དཀར་པོ་དང་མེ་ལོང་དང་བགྲང་ཕྲེང་འཛིན་པ་དག་གི་ལྕེ་དང་ཆུ་ལམ་ དག་ནས་སྤྲོས་ཏེ་བྱང་དང་དབང་ལྡན་གྱི་རྩིབས་སུ་གནས་པ་དང༌། ལླ་ལླཱ་ལས་བྱུང་བའི་ འཁོར་ལོ་སེར་པོ་དག་དང་དེ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་མཐར་བྱེད་དང་སྟོབས་པོ་ཆེ་ ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་དང་སྐུ་མདོག་སེར་པོ་གཡས་ཞལ་དཀར་ཞིང་གཡོན་ ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་འཁོར་ལོ་དང་དབྱུག་པ་དང༌། ཁྲོ་བོའི་རྡོ་རྗེ་དང༌། གཡོན་པ་གསུམ་གྱིས་དུང་དང་ལྕགས་སྒྲོག་དང་སྒྲ་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པ་ དག་གཤང་ལམ་དང་གཙུག་ཏོར་དག་ནས་སྤྲོས་ཏེ་ནུབ་དང་རླུང་གི་རྩིབས་སུ་གནས་པ་སྟེ། ཐམས་ཅད་ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་གི་གར་གྱིས་གནས་ཤིང་སྤྱན་དམར་སེར་ གསུམ་དང་ལྡན་པ། སྐྲ་དམར་སེར་གྱེན་དུ་བརྫེས་པ་རབ་ཏུ་ཁྲོས་ཤིང་འཇིགས་སུ་རུང་བ་ ཅན་ཀླུའི་དབང་པོ་རྣམས་ཀྱིས་བརྒྱན་ཅིང་རུས་པའི་ཕྱག་རྒྱ་ལྔའི་བརྒྱན་པ་སྟག་གི་ལྤགས་ པའི་ཤམ་ཐབས་ཅན་ཁྲོ་བོའི་དབང་པོ་ལྟ་བུ་སྟེ་ཁང་བརྩེགས་ཀྱིས་ནང་བསྲུང་བའོ། །འདིར་ འཚམས་ཀྱི་ཁྲོ་བོ་བཞི་སྐུ་དཀྱིལ་ཀྱི་སྐབས་ལྟར་ཞལ་གཅིག་ཕྱག་བཞི་པར་འདོད་པར་ཡོད་ མོད་ཀྱི། སྐུ་དཀྱིལ་གྱི་སྒོ་སྐྱོང་ལ་འགོད་པའི་སྐབས་སུ་ལྷ་ཕར་ཆེ་བ་ཞལ་གཅིག་ཕྱག་བཞི་ པར་ཡོད་པའི་དབང་གིས་ཁྲོ་བོ་བཞི་འང་ཞལ་གཅིག་ཕྱག་བཞི་པར་གསུངས་པ་ཡིན་ལ། བསྲུང་འཁོར་གྱི་སྐབས་འདིར་གནས་ཀྱི་རིམ་པ་གཅིག་པའི་ཕྱིར་ཞལ་གསུམ་ཕྱག་དྲུག་ 7-1-255 པར་མཚུངས་པར་རིགས་ཤིང༌། རྡོར་སྙིང་འགྲེལ་པར་ཀྱཻའི་རྡོའི་རྩ་རྒྱུད་ཀྱི་ལུང་དྲངས་པར་ ཡང༌། བསྲུང་འཁོར་གྱི་ཁྲོ་བོ་རྣམས་ཞལ་གསུམ་ཕྱག་དྲུག་པར་མཚུངས་ཤིང་གསུངས་པ་ དང་འདྲ་བར་ཤེས་པར་བྱའོ། །ཟད་པར་ལ་སོགས་པའང་གོང་བཞིན་སྒོ་སོ་སོ་ནས་སྤྲོ་བར་ བྱ་སྟེ། སླར་ཡང་ཐུགས་ཁར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༌། ང་ཉ་ཎ་ན་མ་ན་བརྩེགས་པ་ རྣམ་པར་བསྒོམས་ནས་ང་ངཱ་ལས་ཟད་པར་སྟོང་པ་གཉིས་ཁང་པ་བརྩེགས་པའི་ཕྱི་རོལ་གྱི་ སྟེང་དུ་ནམ་མཁའི་དཀྱིལ་འཁོར་དང༌། གནོད་མཛེས་ཀྱི་འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ གནས་པ་དང༌། ཉི་ཉཱི་ལས་ཤར་དང་མེར་ཟད་པར་རླུང་གཉིས་དང་ཎྼྀ་ཎྼཱྀ་ ལས་ལྷོ་དང་བདེན་བྲལ་དུ་ཟད་པར་མེ་གཉིས་དང༌། མུ་མཱུ་ལས་བྱང་དང་དབང་ལྷན་དུ་ཟད་ པར་ཆུ་གཉིས་དང༌། ནླ་ནླཱྀ་ལས་ནུབ་དང་རླུང་དུ་ཟད་པར་ས་གཉིས་ཏེ། རང་རང་ གི་འབྱུང་བའི་དཀྱིལ་འཁོར་ལ་གནས་པས་ཕྱོགས་ཀྱི་མདོག་ཅན་མཉམ་བཞག་གི་ཕྱག་རྒྱས་ ཏིང་ངེ་འཛིན་ལ་གནས་པ་ཁང་པ་བརྩེགས་པའི་ཕྱི་རོལ་དུ་སྲུང་ཞིང་སྐྱོང་བ་སྟེ། ཟད་པར་ དང་ཁྲོ་བོ་ནམ་མཁའ་དང་ཡེ་ཤེས་ཡང་དག་པར་སྦྱོར་བས་སེམས་ཀྱི་ཁམས་སྲུང་བར་མཛད་ པའོ། །ཁ་ཅིག་ཟད་པར་འདི་རྣམས་ཀྱི་ཕྱག་དང་ཕྱག་མཚན་དེ་བཞིན་གཤེགས་པ་དྲུག་དང་ འདྲ་བར་རྒྱུད་འགྲེལ་ལས་གསལ་ཞེས་བཞེད་ཀྱང༌། རྒྱུད་འགྲེལ་ལས་གསལ་བ་མེད་ཅང་ ཚངས་རིགས་ལ་སོགས་པ་གཟུགས་ཁམས་ཀྱི་ལྷ་ཡིན་པ་ལྟ་བུར་གསུངས་པའི་ཕྱིར། ཞལ་ གཅིག་ཕྱག་གཉིས་པ་མཉམ་བཞག་གི་ཕྱག་རྒྱ་ཅན་དུ་རིགས་ཤིང་རྒྱུ་མཚན་དེ་ཉིད་ཀྱིས་ རྒྱུད་འགྲེལ་དུ་དོན་གྱིས་གོ་བར་དགོངས་ནས་གསལ་ཁ་མ་མཛད་པར་ཤེས་པར་བྱའོ། །བླ་ མ་གོང་མ་འགའ་ཞིག་ཀྱང་མཉམ་བཞག་གི་ཕྱག་རྒྱ་ཅན་དུ་བཞེད་པ་བྱུང་ངོ༌། །དེ་བཞིན་དུ་ གྷ་ཛྷ་ཌྷ་བྷ་དྷ་བརྩེགས་པ་རྣམ་པར་བསྒོམས་ནས་གྷ་གྷཱ་ཛྷི་ཛྷཱི་ཌྷྼྀ་ཌྷྼཱྀ་བྷུ་བྷཱུ་དྷླི་ དྷླཱྀ་རྣམས་ལས་བྱུང་བའི་ཕྱོགས་སྐྱོང་བཅུ་ར་བ་གསུམ་པའི་ནང་གི་ཆའི་ཕྱོགས་བཅུ་ 7-1-256 རྣམས་སུ། སྤྲོ་བར་བྱ་སྟེ། ངང་པ་ལ་གནས་ཚངས་པ་ལྗང་ཁུ་རིག་བྱེད་ཞལ། །ཕྱག་བཞི་ ཁབ་དང་བགྲང་ཕྲེང་པད་མ་ཕྱི་བླུགས་འཛིན། །མཁའ་ལྡིང་ལ་གནས་ཁྱབ་འཇུག་སྔོན་པོ་ རྒྱ་མཚོའི་ཕྱག །འཁོར་ལོ་དབྱུག་ཐོ་པད་མ་སྐྱེ་ལྔའི་དུང་གིས་མཚན། །ཡི་དྭགས་ལ་གནས་ བདེན་བྲལ་མིག་སྨན་ལྟ་བུའི་མདོག །ཕྱག་བཞི་རལ་གྲི་གྲི་གུག་ཕུབ་དང་ཐོད་པ་བརྒྱན། །རི་ དྭགས་ལ་གནས་རླུང་ལྷ་ནག་པོ་ཕྱག་བཞི་ཡིས། །དཔག་བསམ་ཡོངས་འདུའི་མེ་ཏོག་ནོར་ བུ་ཨུད་དཔལ་འཛིན། །མ་ཧེ་ལ་གནས་གཤིན་རྗེ་ཤིན་ཏུ་དམར་བའི་མདངས། །ཕྱག་བཞི་ དབྱུག་པ་རལ་གྱི་ལྕགས་སྒྲོག་ཞགས་པས་མཚན། །ལུག་ལ་ཉེར་གནས་མེ་ལྷ་དམར་པོ་རིག་ བྱེད་ཕྱག །ཤཀ་ཏི་དབྱུག་པ་ཆུ་སྐྱེས་སྤྱི་བླུགས་མཚན་མས་སྤྲས། །ཆུ་སྲིན་ལ་གནས་རྒྱ་མཚོ་ དཀར་པོ་ཕྱག་བཞི་པ། ཞགས་པ་རིན་ཆེན་སྤྲུལ་ཞགས་ཟླ་བ་ཆུ་ཤེལ་འཛིན། །ཁྱུ་མཆོག་ ལ་གནས་བདེ་བྱེད་དཀར་པོ་དུས་ཀྱི་ཕྱག །རྩེ་གསུམ་མདའ་དང་སྦྲུལ་ལྡན་ཁ་ཊྭཱཾ་གཞུ་ཡིས་ མཚན། །གླང་ཆེན་ལ་གནས་དབང་པོ་གསེར་མདོག་རིག་བྱེད་ཕྱག །རྡོ་རྗེ་མེ་མདའ་རྡོ་རྗེ་ དྲིལ་བུ་གཞུ་ཡིས་བརྒྱན། །འཁོར་ལོའི་ཁང་བརྩེགས་གདན་ལ་རབ་གནས་གནོད་སྦྱིན་སེར། ། ཕྱག་བཞི་ནོར་བུ་བེ་ཅོན་ནེའུ་ལེ་པད་མའོ། །དེ་ལྟར་ཕྱོགས་སྐྱོང་བཅུ་ར་བ་གསུམ་པའི་ནང་ དུ་སྲུང་ཞིང་སྐྱོང་བའོ། །དེ་ནས་ག་ཛ་ཌ་བ་ད་བརྩེགས་པའི་རྣམ་པར་བསྒོམས་ནས། ག་གཱ་ ཛི་ཛཱི་ཌྼྀ་ཌྼཱྀ་བུ་བཱུ་དླྀ་དླཱྀ་རྣམས་ལས་བྱུང་བའི་གཟའ་བཅུ་ར་བ་ གསུམ་པའི་ཕྱི་རོལ་གྱི་ཆ་ལ་སྤྲོ་བར་བྱ་སྟེ། སྟེང་དང་འོག་ཏུ་སྒྲ་གཅན་དང་དུས་མེ། ཤར་དང་ མེར་ཟླ་བ་དང་ཉི་མ། ལྷོ་དང་བདེན་བྲལ་དུ་གཟའ་ལྷག་དང་བཀྲ་ཤིས། བྱང་དང་དབང་ལྡན་ དུ་པ་སངས་དང་ཕུར་བུ། ནུབ་དང་རླུང་དུ་འཇུག་རིངས་དང་སྤེན་པ་དག་རང་རང་གི་འབྱུང་ བའི་དཀྱིལ་འཁོར་ལ་གནས་པ་ར་བ་གསུམ་པའི་ཕྱི་རོལ་དུ་སྲུང་ཞིང་སྐྱོང་བ་སྟེ། གཟའ་དང་ ཕྱོགས་སྐྱོང་མེ་དང་རླུང་དག་ཡང་དག་པར་སྦྱོར་བས་ངག་གི་ཁམས་སྲུང་བར་མཛད་པའོ། ། 7-1-257 གཟའ་བཅུ་པོ་འདིར་རྣམས་ཀྱི་ཕྱག་མཚན་ལ། ར་པའི་བླ་མ་གོང་མ་དག་མེ་གཟར་དག་ ཚུལ་གྱི་དགོངས་པར་མཛད་ནས་གཟའ་རྣམས་ཀྱི་རང་རང་གི་ཕྱོགས་ཀྱི་མེ་ལྷའི་ཕྱག་མཚན་ གཟའ་རྣམས་ཀྱི་ཕྱག་མཚན་དུ་བཞེད་པ་ནི་མ་འབྲེལ་ཏེ། ཟླ་ཉི་ཞི་རྒྱས་ཀྱི་ལས་དང་འབྲེལ་ པ་ལ་བསད་བསྐྲད་ཀྱི་མེ་ལྷའི་ཕྱག་མཚན་མི་རིགས་པའི་ཕྱིར་རོ། །གཟའ་བཅུ་པོ་ལྷའི་ གཟུགས་ཀྱི་རྣམ་པ་དང་ཕྱག་མཚན་འཛིན་པ་ཅན་དུ་ཐོབ་པ་ཡིན་ན་རྒྱུད་འགྲེལ་དུ་གསལ་ཀ་ མཛད་པར་རིགས་པ་ལ་གསལ་ཀ་མ་མཛད་ཅིང༌། འཇིག་རྟེན་ཁམས་ལེར། ཉི་ཟླ་ནི་ཟླུམ་ པོ་རྣམ་པ་དང་སྐར་མ་གཟའི་ཚོགས་ཞེས་པ་ནི་དེ་བཞིན་ཉིད་དུ་སྐར་མའི་རྣམ་པ་ཅན་བཀྲ་ ཤིས་ལ་སོགས་པ་རྣམས་སོ། །ཞེས་འབྱུང་བའི་ཕྱིར་འདིར་ཡང་གཟའ་བཅུ་པོ་ཉི་ཟླའི་དཀྱིལ་ འཁོར་དང་སྐར་མའི་རྣམ་པ་ཉིད་ལ་ཕྱོགས་མདོག་གི་འོད་ཀྱི་རྣམ་པ་དང་ལྡན་པར་བསྒོམ་ པའི་ཆོག་གོ། དེ་ནས་ཁ་ཚ་ཋ་ཕ་ཐ་བརྩེགས་པའི་རྣམ་པར་བསྒོམས་ཁ་ཁཱ་ཚི་ཚཱི་ཋྼྀ་ ཋྼཱྀ་ཕུ་ཕཱུ་ཐླྀ་ཐླཱྀ་རྣམས་ལས་བྱུང་བའི་ཀླུ་བཅུ་པོ་ར་བ་ལྔ་པའི་ནང་གི་ཆ་ ལ་སྤྲོ་བར་བྱ་སྟེ། སྟེང་དང་འོག་ཏུ་རྒྱལ་བ་དང་རྣམ་པར་རྒྱལ་བ། ཤར་དང་མེར་སྟོབས་ཀྱི་རྒྱུ་ དང་པད་མ། ལྷོ་དང་བདེན་བྲལ་དུ་ནོར་རྒྱས་དང་དུང་སྐྱོང༌། བྱང་དང་དབང་ལྷན་དུ་མཐའ་ ཡས་དང་རིགས་ལྷན། ནུབ་དང་རླུང་དུ་འཇོག་པོ་པད་མ་ཆེན་པོ་དག་སྟེ་ཐམས་ཅད་རང་རང་ གི་འབྱུང་བའི་དཀྱིལ་འཁོར་ལ་རྡོ་རྗེའི་གདན་གྱིས་གནས་པ་ཕྱོགས་ཀྱི་མདོག་ཅན་ཕྱག་བཞི་ པ་གཡས་གཉིས་ཀྱིས་བདུད་རྩིའི་བུམ་པ་དང་རྡོ་རྗེ། གཡོན་གཉིས་ཀྱིས་པད་མ་དང་རིན་པོ་ ཆེ་འཛིན་པ་ར་བ་ལྔ་པའི་ནང་དུ་བསྲུང་ཞིང་སྐྱོང་བའོ། ། དེ་ནས་ཀ་ཙ་ཊ་པ་ཏ་བརྩེགས་པ་རྣམ་པར་བསྒོམས་ནས་ཀ་ཀཱ་ཙི་ཙཱི་ཊྼྀ་ ཊྼཱྀ་པུ་པཱུ་ཏླྀ་ཏླཱྀ་རྣམས་ལས་བྱུང་བའི་འབྱུང་པོ་བཅུ་ར་བ་ལྔ་པའི་ཕྱི་རོལ་ གྱི་ཆ་ལ་སྤྲོ་བར་བྱ་སྟེ། སྟེང་དང་འོག་ཏུ་རོ་ལངས་དང་གྲུལ་བུམ། ཤར་དང་མེར་མི་འམ་ཅི་ 7-1-258 ཁྱིའི་གདོང་ཅན་དང་སྐྱེས་བུའམ་ཅི་བྱ་རོག་གི་གདོང་ཅན། ལྷོ་དང་བདེན་བྲལ་དུ་དྲི་ཟ་ཕག་ གི་གདོང་ཅན་དང་འབྱུང་པོ་བྱ་རྒོད་ཀྱི་གདོང་པ་ཅན། བྱང་དང་དབང་ལྷན་དུ་སྲིན་པོ་སྟག་ གི་གདོང་ཅན་དང་ཡི་དྭགས་འུག་པའི་གདོང་ཅན། ནུབ་དང་རླུང་དུ་བརྗེད་བྱེད་ལྕེ་སྤྱང་གི་ གདོད་ཅན་དང་ནམ་མཁའ་ལྡིང་དག་སྟེ་ཐམས་ཅད་རང་རང་གི་ཕྱོགས་ཀྱི་འབྱུང་བའི་དཀྱིལ་ འཁོར་ལ་ཟླུམ་པོའི་སྟབས་ཀྱིས་གནས་པ་ཕྱོགས་ཀྱི་མདོག་ཅན་མི་མགོའི་ཕྲེང་བ་མགུལ་དུ་ འཕྱང་བ་སྤྱན་གསུམ་པ་ཕྱག་གཉིས་ཀྱིས་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ་ར་བ་ ལྔ་པའི་ཕྱི་རོལ་དུ་སྲུང་ཞིང་སྐྱོང་བ་སྟེ། ཀླུ་དང་འབྱུང་པོ་ཆུ་དང་ས་དག་གི་ཡང་དག་པར་སྦྱོར་ བས་ལུས་ཀྱི་ཁམས་སྲུང་བར་མཛད་པའོ། །དེ་ནས་ༀ་སརྦ་ཏ་ཐཱ་ག་ཏ་རཀྵཱ་ཙཀྲ་སྭ་བྷཱ་བ་ཨཱད་ མ་ཀོ་ཧཾ་ཞེས་ང་རྒྱལ་གཟུང་ནས་བཀའ་སྩལ་སྦྱིན་པར་བྱ་སྟེ། ༀ་ཧཾ་བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་ རྒྱལ་པོ)མ་ཧཱ་ཨུཥྞཱི་ཥ་(གཙུག་ཏོར་ཆེན་པོ་)ཨཱུར་དྷ་དི་ཤི་(སྟེང་ཕྱོགས)རཀྵཾ་(བསྲུང་བར)ཀུ་རུ་(མཛོད)ཀུ་ རུ་(མཛོད)སྭཱཧཱ། ༀ་ཡཾ་བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)ཨ་ཏི་བ་ལ་(ཤིན་ཏུ་སྟོབས)སརྦ་(ཐམས་ ཅད)བིགྷྣ་ཨན་ཏ་ཀ་(བགེགས་མཐར་བྱེད)པཱུར་བ་དི་ཤི་(ཤར་ཕྱོགས་སུ)རཀྵཾ་(བསྲུང་བ)ཀུ་རུ་(མཛོད) ཀུ་རུ་(མཛོད)སྭཱཧཱ། ༀ་རཾ་བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)ཛཾ་བྷ་ཀ་(རྨུགས་བྱེད)དུཥྟ་(གདུག་པའི་) པྲཛྙཱ་(ཤེས་རབ)ཨན་ཏ་ཀ་(མཐར་བྱེད)ད་ཀྵི་ཎ་དི་ཤི་(ལྷོ་ཕྱོགས་སུ)རཀྵཱཾ་(བསྲུང་བ)ཀུ་རུ་(མཛོད) ཀུ་རུ་(མཛོད)སྭཱཧཱ། ༀ་ཝཾ་བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)མཱ་ན་ཀ་བི་རཱ་ག་པད་མ་ཨན་ཏ་ ཀ་(ང་རྒྱལ་ཅན་རྣམ་པར་ཆགས་པའི་པད་མ་མཐར་བྱེད)ཨུད་ཏ་ར་དི་ཤི་(བྱང་ཕྱོགས་སུ)རཀྵཱཾ་(བསྲུང་བ)ཀུ་རུ་ (མཛོད)ཀུ་རུ་(མཛོད)སྭཱཧཱ། ༀ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)སྟཾ་བྷ་ཀ་(རེངས་བྱེད)ཡ་མ་ ཨན་ཏ་ཀ་(གཤིན་རྗེ་མཐར་བྱེད)པཤྩི་མ་དི་ཤི་(ནུབ་ཕྱོགས)རཀྵཱཾ་(བསྲུང་བ)ཀུ་རུ་(མཛོད)ཀུ་རུ་(མཛོད) སྭཱཧཱ། ༀ་ལཱཿ བཛྲ་ཀྲོ་དྷ་རཱ་ཛཱ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)མ་ཧཱ་བ་ལ་(སྟོབས་པོ་ཆེ)བ་ལ་བཱའ་ཡ་དི་ཤི་(རླུང་ གི་ཕྱོགས་སུ)རཀྵཱཾ་(བསྲུང་བ)ཀུ་རུ་(མཛོད)ཀུ་རུ་(མཛོད)སྭཱཧཱ། ༀ་ཝཱཿ བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་ 7-1-259 རྒྱལ་པོ)ཨ་ཙ་ལ་(མི་གཡོ་བ)ཨི་ཤཱ་ན་དི་ཤི་(དབང་ལྡན་ཕྱོགས་སུ)རཀྵཱཾ་(བསྲུང་བ)ཀུ་རུ་(མཛོད)ཀུ་རུ་ (མཛོད)སྭཱཧཱ། ༀ་རཱཿ བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)ཊཀ་ཀི་(འདོད་པ)ནཻ་ར་ཏྱཾ་དི་ཤི་(བདེན་ བྲལ་གྱི་ཕྱོགས་སུ)རཀྵཱཾ་(བསྲུང་བ)ཀུ་རུ་(མཛོད)ཀུ་རུ་(མཛོད)སྭཱཧཱ། ༀ་ཡཱཿབཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་ རྒྱལ་པོ)ནཱི་ལ་དཎ་ཊ་(དབྱུག་པ་སྔོན་པོ)ཨག་ནེ་ཡྻཾཱ་དི་ཤི་(མེའི་ཕྱོགས་སུ)རཀྵཱཾ་(བསྲུང་བ)ཀུ་རུ་(མཛོད) ཀུ་རུ་(མཛོད)སྭཱཧཱ། ༀ་ཧཱཿ བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)སུམ་བྷ་(གནོད་མཛེས)ཨ་དྷོ་དི་ཤི་ རཀྵཾ་(འོག་ཕྱོགས་སུ་བསྲུང་བ)ཀུ་རུ་(མཛོད)ཀུ་རུ་(མཛོད)སྭཱཧཱ། ཞེས་པ་འདི་དག་གི་ཁྲོ་བོ་རྣམས་ལ་ བཀའ་བསྒོ་བར་བྱའོ། །དེ་དག་གིས་ཀྱང་བགེགས་དང་ལོག་འདྲེན་རྣམས་རྡོ་རྗེ་ལྕགས་ཀྱུས་ བཏབ་ཅིང་རྡོ་རྗེ་ཞགས་པས་བཅིངས་པ་རྣམས་ཀྱི་སྟེང་དུ་རྡོ་རྗེ་ཕུར་བུ་རྣོ་ཞིང་འབར་བ་སྟོད་ ཁྲོ་བོའི་གཟུགས་ཅན་རྣམས་ཀྱིས་བཏབ་པར་བསམ་ཞིང་ཿ ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ ཕཊ་ཕཊ་བཛྲ་ཀཱི་ལ(རྡོ་རྗེ་ཕུར་པའི)། ཀཱ་ཡ་(སྐུ་)ཝཱཀ་(གསུང་)ཙིཏ་ཏ་(ཐུགས་)ཛྙཱ་ན་ཨ་དྷི་པ་ཏེ་ (ཡེ་ཤེས་ཀྱི་མངའ་བདག)ཥཊ་མུ་ཁ(ཞལ་དྲུག་པ)། ཥཊ་བྷུ་ཛ(ཕྱག་དྲུག་པ)། ཥཊ་ཙ་ར་ཎ(ཞབས་དྲུག་པ)། སརྦ་(ཐམས་ཅད)བིགྷྣ་བི་ནཱ་ཡ་ཀ(བགེགས་དང་ལོག་འདྲེན) ཨཱ་དཱི་(ལ་སོགས་པ)དུཥྟཱ་ནཾ་(གདུག་པ་རྣམས་ ཀྱི)། ཀཱ་ཡ་ཝཱཀ་ཙིཏ་ཏ(ལུས་དང་ངག་དང་སེམས)། ཛྙཱ་ནཱ་ནི(ཡེ་ཤེས་རྣམས་ལ)། ཀཱི་ལ་ཡ(ཕུར་བུས་ཐོབ)། ཀཱི་ལ་ཡ་(ཕུར་བུས་ཐོབ)ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་དྲག་ཏུ་འདོན་པར་བྱའོ། །དེ་ནས་ༀ་ལླ ཿབཛྲ་མུད་ག་ ར་(རྡོ་རྗེ་ཐོ་བས)མཱ་ར་ཨཱ་དཱི་ནཱཾ(བདུད་ལ་སོགས་པ་རྣམས་ཀྱི)། སི་ར་སི(མགོ་བོ་དང་)། ཀཎ་ཋེ(མགྲིན་པ་དང་)། ཧྲྀ་ད་ཡ(སྙིང་ཁ་དང་)། ནཱ་བྷཽ (ལྟེ་བ་དང་)། གུ་ཧྱ་ཨན་ཏེ(གསང་བའི་མཐར་ཐུག་པར)། བཛྲ་ཀཱི་ལ་ ཀཱན(རྡོ་རྗེ་ཕུར་བུ)། ཨཱ་ཀོ་ཊ་ཡ་(བརྡུངས་)ཨཱ་ཀོ་ཊ་ཡ་(བརྡུངས་)ཀྵཾ་ཀྵཱཾ་ཀྵིཾ་ཀྵཱིཾ་ཀྵྼྀཾ་ཀྵྼཱྀཾ་ ཀྵུཾ་ཀྵཱུཾ་ཀྵླྀཾ་ཀྵླཱྀཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་པས་རྡོ་རྗེ་ཐོ་བས་བརྡུངས་ཏེ་བགེགས་ ཀྱི་ཚོགས་བདེ་བ་ཆེན་པོར་རོ་གཅིག་པའི་དེ་བཞིན་ཉིད་རྣམ་པར་དག་པར་གྱུར་ཅིང་ལྷག་མ་ རྣམས་ཀྱང་རིང་དུ་བྲོས་པར་བསམ་མོ། །ཕུར་བུ་གདབ་པ་དང་བརྡུངས་པའི་རིམ་པ་ནི་སྟེང་ 7-1-260 དང་ཤར་དང་ལྷོ་དང་བྱང་དང་ནུབ་དང་རླུང་དང་དབང་ལྡན་དང་བདེན་བྲལ་དང་མེ་འཚམས་ དང་འོག་རྣམས་སུ་རེ་རེ་རིམ་པ་ལྟར་བྱའོ། ། འདིར་རྐང་པ་བཅུ་དྲུག་པ་དང་བདུན་བཅུ་རྩ་གཉིས་པ་ཟློས་པའི་ལུགས་མཛད་ཀྱང་ རྐང་པ་བཅུ་དྲུག་པ་ནི་དུས་འཁོར་ཁྲོས་པ་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་རྟོགས་ཡིན་གྱི་རྡོ་རྗེ་ ཤུགས་ཀྱི་དང་ཕལ་ཆེར་འདྲ་ཡང་ལེགས་པར་སྤྱད་ན་མི་འདྲ་བ་ཅུང་ཡོད་པས་རྡོ་རྗེ་ཤུགས་ ཀྱི་མངོན་རྟོགས་མ་ཡིན་ལ་བདུན་ཅུ་རྩ་གཉིས་པ་དང་གཉིས་ཀའང་མཚན་ངན་བསལ་བའི་ སྐབས་སུ་གསུངས་ཀྱི་བསྲུང་འཁོར་དུ་མ་གསུངས་པས་འདིར་ཟློས་དགོས་པ་མ་ཡིན་ནོ། ། དེ་ནས་གསང་བར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ་གཤེགས་སུ་གསོལ་ཞིང༌། གཙུག་ཏོར་ དུ་ཨཾ་ཡིག་ལ་ཟད་པར་རྣམས་དང༌། དཔྲལ་བར་ཨི་ཡིག་ལ་ཕྱོགས་སྐྱོང་རྣམས་དང༌། མགྲིན་ པར་ར་ཡིག་ལ་གཟའ་རྣམས་དང༌། སྙིང་ཁར་ཨུ་ཡིག་ལ་ཀླུ་རྣམས་དང༌། ལྟེ་བར་ལ་ཡིག་ལ་ འབྱུང་པོའི་འཁོར་ལོ་གཤེགས་སུ་གསོལ་ཏེ་སྲུང་བའི་འཁོར་ལོའི་ཆོ་གའོ། ། བདུན་པ་ནི། དེ་ནས་བདག་ཉིད་སྐད་ཅིག་གིས་དུས་ཀྱི་འཁོར་ལོའི་སྐུར་གསལ་བར་ དམིགས་པའི་སྙིང་ཁར་པཾ་ལས་བྱུང་བའི་པད་མ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཾ་ ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ རྣམ་པར་བསམ་སྟེ། དེ་ལས་རྡོ་རྗེ་ཉི་མ་བཞིན་དུ་འོད་ཟེར་ཁ་དོག་ལྔ་རྣམས་འཕྲོས་པས་ བླ་མ་དང་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་དུས་ཀྱི་འཁོར་ལོའི་དཀྱིལ་ འཁོར་གྱི་རྣམ་པས་ནམ་མཁའི་མཐིལ་དུ་རྟོགས་པར་བྱས་ནས་འོད་ཟེར་གྱི་ཚོགས་རང་གི་ སྙིང་ཁའི་རྡོ་རྗེ་ལ་ཞུགས་པར་བསམ་མོ། ། བརྒྱད་པ་ནི་དེ་ནས་ཐལ་མོ་སྦྱར་ཏེ་ལུས་དཔག་ཏུ་མེད་པར་སྤྲུལ་ནས་གུས་པས་ཕྱག་ འཚལ་བར་བྱ་སྟེ། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐ་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་ 7-1-261 རིན་ཆེན་ལྟ་བུའི་སྐུ༑ ༑རྡོ་རྗེ་འཆང་ཞབས་པད་ལ་འདུད། །ཅེས་པ་དང༌། སྟོང་ཉིད་སྙིང་རྗེའི་ བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། ། དཔལ་ལྷན་དུས་འཁོར་ལ་ཕྱག་འཚལ། །ཞེས་པས་སོ། །དེ་ནས་རང་གི་སྙིང་ཁའི་ཟླ་བ་ལ་ མཆོད་པའི་ལྷ་མོ་བཅུ་གཉིས་ཀྱིས་ས་བོན་ཡི་གེའི་གོང་བུ་རྣམས་བསམས་ཏེ། དེ་དག་ལས་ བྱུང་བའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་པ་རྣམས་ཀྱིས་ཡིད་ཀྱི་རང་བཞིན་གྱི་མཆོད་ པ་བྱ་སྟེ། ༀ་ཙྪྫྫཧྙ་བཛྲ་(རྡོ་རྗེ)གན་དྷེ་(དྲི་མ)གན་དྷ་(དྲིའི)ཨར་ཙ་ནཾ་ཀུ་རུ་ཀུ་རུ་(མཆོད་པར་མཛོད་ མཛོད)སྭཱཧཱ། ༀ་ཙྪྫྫཧྙའ་བཛྲ་མཱ་ལེ་(རྡོ་རྗེ་ཕྲེང་བ་མ)མཱ་ལ་(ཕྲེང་བའི་)ཨར་ཙ་ནཾ་ཀུ་རུ་ཀུ་རུ་ (མཆོད་པར་མཛོད་མཛོད)སྭཱཧཱ། ༀ་ཊྛྜྜཧྞ་བཛྲ་དྷཱུ་པེ་(རྡོ་རྗེ་བདུག་སྤོས་མ)དྷཱུ་པ་(བདུག་སྤོས་ཀྱི)ཨར་ཙ་ ནཾ་ཀུ་རུ་ཀུ་རུ་(མཆོད་པར་མཛོད་མཛོད)སྭཱཧཱ། ༀ་ཊྛྜྜཧྞཱ་བཛྲ་པྲ་དཱི་པེ(རྡོ་རྗེ་སྒྲོན་མེ་མ)། པྲ་དཱི་པ་(སྒྲོན་ མེའི)ཨར་ཙ་ནཾ་ཀུ་རུ་ཀུ་རུ་(མཆོད་པར་མཛོད་མཛོད) སྭཱཧཱ། ༀ་པྥྦྦཧྨ་བཛྲ་ཨ་མྲ་ཏེ་(རྡོ་རྗེ་བདུད་རྩི་མ) ནཻ་བེ་དྱ་(ཞལ་ཟས་ཀྱི)པཱུ་ཛཱཾ་ཀུ་རུ་ཀུ་རུ་(མཆོད་པར་མཛོད་མཛོད)སྭཱཧཱ། ༀ་པྥྦྦཧྨཱ་བཛྲ་ཨ་ཀྵ་ཏེ(རྡོ་རྗེ་མ་ ཉམས་པ་)ཨ་ཀྵ་ཏ་ཕ་ལ(མ་ཉམས་པའི་འབྲས་བུའི)ཨར་ཙ་ནཾ་(མཆོད་པ) ཀུ་རུ་ཀུ་རུ་(མཛོད་མཛོད) སྭཱཧཱ། ༀ་ཏྠྡྡཧྣ་བཛྲ་ལཱ་སྱ་(རྡོ་རྗེ་སྒེག་མོ)ཝ་སྟྲ་ཨ་བྷ་ར་ཎ་པཱུ་ཛཱཾ་(གོས་དང་རྒྱན་གྱིས་མཆོད་པ)ཀུ་རུ་ཀུ་རུ་ (མཛོད་མཛོད)སྭཱཧཱ། ༀ་ཏྠྡྡཧྣཱ་བཛྲ་ཧཱ་སྱ་(རྡོ་རྗེ་བཞད་མ་)གན་ཊ་(དྲིལ་བུ)ཨཱ་དར་ཤ་(མེ་ལོང་གི་) པཱུ་ཛཱཾ་ཀུ་རུ་ཀུ་རུ་(མཆོད་པར་མཛོད་མཛོད) སྭཱཧཱ། ༀ་ཀྑྒྒཧྔ་བཛྲ་བཱ་དྱེ་(རྡོ་རྗེ་སིལ་སྙན་མ)བཱ་དྱ་(སིལ་ སྙན་གྱི)པཱུ་ཛཱཾ་ཀུ་རུ་ཀུ་རུ་(མཆོད་པར་མཛོད་མཛོད)སྭཱཧཱ། ༀ་ཀྑྒྒཧྔཱ་བཛྲ་ནྲ་ཏྱེ་(རྡོ་རྗེ་གར་མ)ནྲ་ཏྱཾ་(གར་ གྱི)པཱུ་ཛཱཾ་(མཆོད་པ)ཀུ་རུ་ཀུ་རུ་(མཛོད་མཛོད)སྭཱཧཱ། ༀ་སྐྤྵྴྐྛ་བཛྲ་གཱི་ཏེ་(རྡོ་རྗེ་གླུ་མ)གཱི་ཏ་(གླུ་མའི) པཱུ་ཛཱཾ་(མཆོད་པ)ཀུ་རུ་ཀུ་རུ་(མཛོད་མཛོད)སྭཱཧཱ། ༀ་སྐྤྵྴྐྛཱ་བཛྲ་ཀཱ་མེ་(རྡོ་རྗེ་འདོད་མ)སརྦ་བུད་དྷ་བོ་དྷི་ ས་ཏྭཱ་ནཱཾ་(ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་)ཀྲོ་དྷ་ཨཱ་དཱི་ནཱཾ་(ཁྲོ་བོ་ལ་སོགས་པ་རྣམས་ལ་) བཛྲ་(རྡོ་རྗེ་)སུ་ར་ཏ་(ཤིན་ཏུ་དགའ་བའི་)པཱུ་ཛཱཾ་(མཆོད་པ)ཀུ་རུ་ཀུ་རུ་(མཛོད་མཛོད)སྭཧཱ། ཞེས་པ་འདི་ 7-1-262 དག་གིས་སོ། །དེ་ནས་སྡིག་པའི་རྣམ་པ་མང་པོ་བསགས་པ་རབ་ཏུ་བཤགས་པར་བྱ་སྟེ། སྲིད་ འགྲོ་ཉམས་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་ བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །ཞེས་ པ་ལ་སོགས་པའོ། །དེ་ནས་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་གསུམ་ལ་སྐྱབས་སུ་འགྲོ་ བ་ལ་སོགས་པ་བྱ་སྟེ། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་ པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་ བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡིད་རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་ པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །དག་པ་གསུམ་གྱིས་ བདག་གི་དངོས་འབུལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མྱ་ངན་མི་འདའ་བཞུགས་སུ་གསོལ། ། རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་་ལམ་སེམས་ཅན་དོན་གྱི་སླད་དུ་ བདག་བགྱིད་དོ། །ཞེས་པ་མཆོད་པ་རྣམ་པ་བདུན་གྱི་ཆོ་གའོ། ། དགུ་པ་ལམ་བསྟེན་པར་བྱ་བ་ནི། བྱང་ཆུབ་མཆོག་གི་སེམས་དང་ནི། །ལྷག་བསམ་ རྣམ་པར་དག་པ་དང༌། །བདག་དང་བདག་གིར་འཛིན་སྤོང་བའི། །རྩ་བ་བསྟེན་བགྱི་ཚོགས་ གསུམ་ཕྱིར། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཐབས་ དང་ནི། །སྨོན་ལམ་སྟོབས་དང་ཡེ་ཤེས་ཀྱི། །ཕ་རོལ་ཕྱིན་བཅུ་རྫོགས་པར་བགྱི། །བྱམས་ དང་སྙིང་རྗེ་དགའ་བ་དང། །བཏང་སྙོམས་རྣམས་ལ་གནས་བགྱི་ཞིང༌། །སྦྱིན་དང་སྙན་པར་ སྨྲ་བ་དང༌། དོན་སྤྱོད་པ་དང་དོན་མཐུན་སྤྱད། །སྲོག་གཅོད་མ་བྱིན་གཞན་གྱི་བུད་མེད་དང༌། བརྫུན་དང་ཚིག་རྩུབ་རྣམས་དང་ཕྲ་མ་དང༌། འཁྱལ་པར་གྱུར་པའི་ཚིག་དང་བརྣབ་སེམས་ དང༌། །གནོད་སེམས་ལྟ་བ་ངན་པ་རྣམ་པར་སྤང༌། །འགྱོད་དང་གཉིད་རྨུགས་རྒོད་དང་ཐེ་ ཚོམ་སྟེ། །སྒྲིབ་པ་ལྔ་པོ་ཡོངས་སུ་སྤང་བགྱི་ཞིང༌། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ 7-1-263 གྱི། །ཉོན་མོངས་བཞི་རྣམས་བདག་གིས་ཀུན་ཏུ་སྤངས། །འདོད་དང་སྲིད་པ་མ་རིག་ལྟ་བ་ཡི། ། ཟག་པ་བཞི་ཡང་ཡོངས་སུ་སྤང་བགྱིའོ། །ཞེས་དམ་བཅའ་བ་ནི་ལམ་བསྟེན་པའོ། །དེ་ནས་ བཅུ་པ་སྟོང་པ་ཉིད་ལ་དམིགས་པ་ནི། །དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པ་བསྒོམ་པ་ ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་ པས་ཁམས་གསུམ་པོ་རྣམ་པར་དཔྱད་ན་ཅིར་ཡང་མི་དམིགས་པ་དང༌། བདག་ཉིད་ཀྱི་ལུས་ ཀྱི་ཆུའི་ཁམས་ཀྱིས་མེ་རྣམ་པར་ཉམས་ཤིང༌། མེ་མེད་པས་ས་ཡང་སྲ་བ་ཉིད་དོར་ནས་ལན་ ཚྭ་བཞིན་དུ་ཞུ་བར་གྱུར་ཏེ་ཆུ་ལ་ཐིམ་ཞིང༌། ཆུ་ཡང་རླུང་གིས་སྐམ་པར་བྱས་ནས། རླུང་གི་ ཚོགས་རྣམས་ནམ་མཁའ་ལ་མི་སྣང་བར་གྱུར་ནས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྷན་ པའི་སྟོང་པ་ཉིད་ཡུལ་དང་རྣམ་པར་བྲལ་བ་ལ་བློ་བཞག་ནས། ༀ་ཤཱུ་ནྱ་ཤ་ཏ་(སྟོང་པ་ཉིད)ཛྙཱ་ནཱ་ (ཡེ་ཤེས)བཛྲ་སྭབྷཱ་ཝ་(རྡོ་རྗེའི་རང་བཞིནགྱི)ཨཱད་མ་ཀོ་ཧཾ(བདག་ཉིད་ང་ཡིན)། ༀ་ཨ་ནི་མིཏ་ཏ་(མཚན་ མ་མེད་པ)ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨད་མ་ཀོ་ཧཾ(ཡེ་ཤེས་རྡོ་རྗེ་རང་བཞིན་གྱིབདག་ཉིད་ང་ཡིན)། ༀ་ཨ་པྲ་ཎི་ཧི་ ད་(སྨོན་པ་མེད་པ)ཛྙཱ་ན་བཛྲ་སྭབྷཱ་ཝ་ཨད་མ་ཀོ་ཧཾ(བདག་ཉིད་ང་ཡིན)། ༀ་ཨ་ན་བྷི་སཾ་སྐ་ར་(མངོན་ པར་འདུས་མ་བྱས་པ)ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨད་མ་ཀོ་ཧཾ(བདག་ཉིད་ང་ཡིན)། ཞེས་བརྗོད་ཅིང་རྣམ་པར་ ཐར་པའི་སྒོ་བཞི་རྣམ་པར་བསྒོམ་པར་བྱའོ། ། གཉིས་པ་དངོས་གཞིའི་རྣལ་འབྱོར་ནི་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་ནས་ཆོས་ཀྱི་ འཁོར་ལོ་བསྐོར་བའི་ཚུལ་དུ་མངལ་དུ་འཇུག་པའི་ཚུལ་གྱིས་བསྐྱེད་པའི་རིམ་པ་བསྒོམ་པ་ སྟེ། འདི་ལ་སྐུ་རྫོགས་པ་བསྙེན་པའི་ཡན་ལག་དཀྱིལ་འཁོར་རྒྱལ་མཆོག གསུང་རྫོགས་པ་ ཉེ་བར་བསྒྲུབ་པའི་ཡན་ལག་ལས་རྒྱལ་མཆོག ཐིག་ལེ་རྫོགས་པ་སྒྲུབ་པའི་ཡན་ལག་ཐིག་ ལེའི་རྣལ་འབྱོར། བདེ་བ་རྫོགས་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོའི་རྣལ་འབྱོར་རོ། ། དང་པོ་ནི། རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་དབུས་སུ་ཆོས་འབྱུང་ནམ་མཁའི་ 7-1-264 ཁམས་ལ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་གཞུ་ཡི་རྣམ་པ་རྒྱར་དཔག་ཚད་ འབུམ་ཕྲག་བཞི་པ་རྒྱལ་མཚན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་ དམར་པོ་དབུས་སུ་གྲུ་གསུམ་གྱི་རྣམ་པ་ཅན་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ་བཀྲ་ ཤིས་ཀྱིས་མཚན་པ་དང༌། དེའི་སྟེང་དུ་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་ པོའི་རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ་པད་མས་མཚན་པ་དང་དེའི་སྟེང་དུ་ལཾ་ ལས་སའི་དཀྱིལ་འཁོར་སེར་པོ་དབུས་སུ་གྲུ་བཞིའི་རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་ གཅིག་པ་རྡོ་རྗེས་མཚན་པ་སྟེ་(འབྱུང་བའི་དཀྱིལ་འཁོར་བཞི་ཀ་སྤྱིར་ནི་ཟླུམ་པོར་མཚུངས་སོ་)ཐམས་ཅད་ཀྱི་ སྟེང་དང་འོག་ཏུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གཉིས་གཉིས་དང་ལྡན་པའོ། སའི་སྟེང་དུ་ མཾ་ལས་རི་རབ་ལྷུན་པོ་འོག་གི་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་པ་དང་སྟེང་ལ་སྟོང་ཕྲག་ ལྔ་བཅུའོ། །དེའི་དབུས་སུ་ཀྵཾ་ལས་སྣ་ཚོགས་ཆུ་སྐྱེས་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་ལྟེ་ བ་པད་མའི་སུམ་ཆའི་ཚད་དང་ལྡན་པ་དང༌། དེའི་སྟེང་དུ་ཧཾ་ལས་བྱུང་བའི་ཟླ་བའི་དཀྱིལ་ འཁོར་པད་མའི་ལྟེ་བ་དང་མཉམ་པ་དང་དེའི་སྟེང་དུ་རྣམ་པར་བཅད་པ་ལས་ཉི་མའི་དཀྱིལ་ འཁོར་ཟླ་བ་དང་མཉམ་པ་དང༌། དེའི་སྟེང་དུ་ཐིག་ལེ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་མཐོན་ མཐིང་ཉི་མ་དང་མཉམ་པ་དེ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ལས་ཧྐྵྨླྺྼྻྂ་ཞེས་པ་ས་བོན་ གྱི་ཡི་གེ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་གྱི་ཁམས་སྔ་མ་བཞིན་དུ་གྲུབ་པར་བལྟས་ལ་ ལྷུན་པོའི་སྟེང་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེའི་གུར་རབ་ཏུ་ཡངས་པའི་དབུས་སུ་རྡོ་རྗེའི་ས་གཞི་ ཕྱོགས་ཀྱི་མདོག་ཅན་གྱི་གཞི་ལ་བྷྲུཾ་ཡིག་ཡོངས་སུ་གྱུར་པ་ལས་ཡེ་ཤེས་རིན་པོ་ཆེའི་ལྔའི་ རང་བཞིན་གྱི་དཀྱིལ་འཁོར་རིམ་པ་གསུམ་ལས། ཕྱིར་རོལ་ཏུ་སྐུའི་དཀྱིལ་འཁོར་གྲུ་བཞི་ པ་རྒྱར་དཔག་ཚད་འབུམ་ཕྲག་བཞི་པ་དང༌། དེའི་ནང་གི་ཕྱེད་དུ་གསུང་གི་དཀྱིལ་འཁོར་ གྲུ་བཞི་པ་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ་དང༌། དེའི་ཡང་ནང་གི་ཕྱེད་དུ་ཐུགས་ཀྱི་ 7-1-265 དཀྱིལ་འཁོར་གྲུ་བཞི་པ་རྒྱར་དཔག་ཚད་འབུམ་ཕྲག་གཅིག་པ་སྟེ། འཁོར་ལོ་སོ་སོའི་བརྒྱད་ ཆའི་ཚད་དང་ལྡན་པའི་སྒོ་བཞི་བཞི་དང་ལྡན་པའོ། །དཀྱིལ་འཁོར་སོ་སོའི་སྒོའི་བཞི་ཆའི་ ཚད་ཀྱི་ཁྱོན་ལ་ནང་ནས་རིམ་པ་བཞིན་ཐུགས་ཀྱི་དཀྱིལ་འཁོར་ལ་རིན་པོ་ཆེ་ནག་པོ་དང་ དམར་པོ་དང་དཀར་པོའི་ར་བ་རིམ་པ་གསུམ་དང༌། གསུང་དང་སྐུའི་དཀྱིལ་འཁོར་ལ་ རིན་པོ་ཆེ་ལྗང་ཁུ་དང་ནག་པོ་དང་དམར་པོ་དང་དཀར་པོ་དང་སེར་པོའི་ར་བ་ལྔ་ལྔ་དང་ལྡན་ པ་སྟེ། སྒོ་དང་མཉམ་པའི་སྒོ་འཁྱུད་དང་སྒོ་འགྲམ་དང་སྒོ་ལོགས་དེ་གློ་འབུར་གྱི་རྣམ་པར་ གྲུབ་པའི་སྒོ་ཁང་ཉིད་དོ། །དྲག་པོའི་ལས་ལ་ནི་ར་བའི་རིམ་པ་འདི་དག་ལས་བཟློག་པ་སྡུད་ པའི་རིམ་པའོ། །ར་བ་རྣམས་ཀྱི་ཕྱི་རོལ་ཏུ་སྟེགས་བུ་དཀར་པོ་འགྲམ་སྟེགས་ཀྱི་རྣམ་པ་སྒོ་ སོ་སོའི་ཕྱེད་ཀྱི་ཚད་དང་ལྡན་པ་ཁོར་ཡུག་ཏུ་ཡོངས་སུ་བསྐོར་བ་དང༌། དཀྱིལ་འཁོར་གསུམ་ ཅར་མཚུངས་པར་ར་བའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དམར་པོ་ཁ་བད་ཀྱི་རྣམ་པ་སྒོའི་བཞི་ ཆའི་ཚད་ཅན་ལ་རིན་པོ་ཆེ་དུ་མས་མཛེས་པར་སྤྲས་པ་དང༌། དེའི་སྟེང་དུ་ཐོག་ཕུབ་ཀྱི་གདུང་ འདེགས་པའི་ཀ་ཐུང་རྣམས་ཀྱི་བར་བར་དུ་ཆུ་སྲིན་མ་ཀ་རའི་ཁ་ནས་འཕྱང་བའི་དོ་ཤལ་ དང་དོ་ཤལ་ཕྱེད་པ་དཀར་པོ་མེ་ལོང་དང་རྔ་ཡབ་དག་དང་བཅས་པ་དཔངས་སུ་སྒོའི་ཕྱེད་པ་ དང༌། དེའི་སྟེང་དུ་བྱ་འདབས་ལས་ཐུར་དུ་འཕྱང་བའི་བཱ་ཀུ་ལཱི་དང་སྟེང་དུ་མཛེས་པར་མཚར་ དུ་མངར་བའི་ཀྲ་མ་ཤཱིར་ཥ་དཀར་པོ་སོ་སོར་སྒོའི་བཞི་ཆའི་ཚད་ཅན་ར་བ་དང་བཅས་པ་ སྤྱིའི་སྤངས་སུ་སྒོ་ལས་སུམ་འགྱུར་གྱི་ཚད་དང་ལྡན་པའོ། །སྒོ་ཁང་རྣམས་ཀྱི་སྟེང་དུ་སྒོ་ལས་ གསུམ་འགྱུར་གྱི་རྟ་བབས་ནོར་བུ་གསེར་གྱི་རང་བཞིན་བརྩེག་མ་གསུམ་པ་སྒོ་ལོགས་ཀྱི་ གཡས་དང་གཡོན་གྱི་སྟེགས་བུའི་སྟེང་དུ་བཙུགས་པའི་ཀ་བ་སེར་པོ་བཞིས་བཞིས་སྟེག་པ་ རྣམས་ཏེ། བརྩེག་མ་རེ་རེ་ལ་ཡང་གདུང་དང་མྱོས་པ་བསྲུང་བ་དང་ཀ་གདུང་རྣམས་ཀྱི་བར་ བར་དུ་མཆོད་པའི་ལྷ་མོའི་གནས་གསུམ་གསུམ་དང་བཅས་པ་འོག་གཞི་ཁ་དོག་སྣ་ཚོགས་ 7-1-266 པ་ཤིན་ཏུ་མཛེས་པའོ། །དེ་ལ་བརྩེགས་མ་དང་པོའི་ལོགས་གཉིས་ནས་གླང་པོ་ཆེ་མནན་ པའི་སེང་གེ་དག་དང༌། བརྩེག་མ་གཉིས་པ་དང་གསུམ་པའི་ལོགས་གཉིས་ནས་མཆོད་པའི་ ལྷ་མོ་དག་གིས་གདུང་འདེགས་བཞིན་པ་དང༌། སྟེང་དུ་ཧར་མི་མཛེས་པའི་བུམ་པའི་ཏོག་ དང་བཅས་པ། བུམ་པའི་གཡས་དང་གཡོན་དུ་རྒྱལ་མཚན་དང༌། སྣམ་བུ་རྣམས་ལ་དྲིལ་བུ་ དང་མེ་ལོང་དང་རྔ་ཡབ་ལ་སོགས་པའི་མཆོད་རྫས་དུ་མ་དཔྱངས་པ་སྟེ། གཞལ་ཡས་ཁང་གི་ ཟུར་རྣམས་ལ་སྣ་ཚོགས་རྡོ་རྗེ་དང༌། སྒོ་དང་སྒོ་ཁྱུད་ཀྱི་འཚམས་ཀྱི་ཟུར་ལ་རིན་པོ་ཆེས་སྤྲས་ པའོ། །སྙིང་པོའི་དཀྱིལ་འཁོར་གྱི་ནང་གི་ཕྱེད་དུ་བདེ་བ་ཆེན་པོའི་འཁོར་ལོ་རྒྱར་དཔག་ཚད་ འབུམ་ཕྲག་ཕྱེད་པ་དང༌། དེའི་ནང་གི་ཕྱེད་དུ་ལྷུན་པོའི་སྟེང་གི་གཙོ་བོའི་པད་མ་རྡོ་རྗེའི་ས་ གཞི་ལས་སྟེང་དུ་ཐོན་པ་རྒྱར་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང་དེའི་ལྟེ་བ་ལ་ཟླ་བ་དང་ ཉི་མ་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་སྟེང་ནས་སྟེང་དུ་བརྩེགས་པ་སྟེ་གནམ་སྟོང་གི་མཐར་ ཉི་ཟླ་གཉི་ག་འཛིན་པ་དང་རྩ་གསུམ་གཅིག་ཏུ་གྱུར་པའི་དག་པའོ། །འདིར་ལྷུན་པོའི་སྟེང་ གི་སྣ་ཚོགས་པད་མ་ཟླ་ཉི་སྒྲ་གཅན་རྣམས་གཙོ་བོའི་གདན་ཡིན་པར་ནི། བསྟོད་པར། རླུང་ མེ་ཆུ་དང་སའི་དཀྱིལ་འཁོར་ལྷུན་པོ་པད་མ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ ནི་བདུད་ཀྱི་མགོར། །ཞེས་དང༌། རྣམ་བཅུ་དབང་ལྡན་ལས་བསྐྱེད་པའི་རླུང་ནས་སྒྲ་གཅན་ གྱི་བར། ནང་དུ་མའི་ལུས་ལ་སྦྱར་བ་ན་གསང་བའི་པད་མ་ནི་བཅོམ་ལྡན་འདས་ཀྱི་པད་མ་ བཞིན་ནོ་ཞེས་པ་ལྷུན་པོའི་སྟེང་གི་པད་མ་གཙོ་བོའི་པད་མར་གསུངས་ཤིང༌། བདེ་མཆོག་ སྟོད་འགྲེལ་དུ་ཡང༌། ལྷུན་པོའི་སྟེང་དུ་གཙོ་བོའི་པད་གདན་ཡོད་པར་གསུངས་ལ། མཆོག་མི་ འགྱུར་དུ་ཡང༌། ལྷུན་པོའི་སྟེང་དུ་ཁང་པ་བརྩེགས་པའམ་གུར་བསྒོམ་པར་བཤད་ཅིང༌། རྒྱུད་ འགྲེལ་ཉིད་ཀྱི་འདིའི་སྐབས་ཀྱི་གཞུང་གོང་འོག་གི་འབྲེལ་སྒྲིགས་པས་གསལ་ལོ། ། དེས་ན་ལྷུན་པོའི་སྟེང་གི་པད་མ་ཟླ་ཉི་སྒྲ་གཅན་གཞལ་མེད་ཁང་གི་གདན་དུ་བྱས་ནས། 7-1-267 དེའི་སྟེང་དུ་ཡང་གཙོ་བོའི་པད་མ་སོགས་བསྐྱེད་པ་ནི་དགོངས་པ་མ་ཡིན་ནོ། །བདེ་བ་ཆེན་ པོའི་འཁོར་ལོ་ལ་བུང་བའི་མདོག་ཅན་གྱི་ཀ་བ་བཅུ་དྲུག་སྟེ། ཤར་དུ་རལ་གྲིས་ཕྲེང་བས་ མཚན་པ་བཞི་དང༌། ལྷོར་རིན་པོ་ཆེས་ཕྲེང་བས་མཚན་པ་བཞི་དང༌། བྱང་དུ་པད་མའི་ཕྲེང་ བས་མཚན་པ་བཞི་དང༌། ནུབ་ཏུ་འཁོར་ལོའི་ཕྲེང་བས་མཚན་པ་བཞི་དང༌། ཀ་བ་དེ་རྣམས་ ཀྱི་ནང་གི་ཐད་སོར་ཡང་གཙོ་བོའི་པད་མ་ལ་གྲུ་བཞིར་བསྐོར་བའི་ཀ་བ་བཅུ་གཉིས་སྟེ། ཕྱི་ ནང་གི་ཀ་བ་དེ་དག་གིས་བཏེགས་པའི་རྡོ་རྗེའི་གདུང་སྒོའི་དྲུག་ཆའི་ཚད་ཅན་རིམ་པ་གཉིས་ ཀྱི་ནང་མ་ནག་པོ་དང་ཕྱི་མ་ལྗང་ཁུའོ། །ནང་གི་ཀ་བ་རྡོ་རྗེའི་གདུང་དང་བཅས་པའི་སྟེང་དུ་ ཡང་ཀ་བ་རྣམས་ཀྱིས་བཏེག་པའི་གཙོ་བོའི་གནས་ཀྱིས་ཐོག་ཕུབས་ཕྱུར་བུའི་རྣམ་པ་མཛེས་ པ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་ཉེ་བར་སྤྲས་པའོ། །ར་བ་རྣམས་ཀྱི་ནང་དུ་སྙིང་པོའི་སྒོའི་དྲུག་ ཆ་སྤངས་པར་ལྷ་རྣམས་དཀར་པོ་སྟེགས་ཀྱི་རྣམ་པ་ཅན་ཏེ་ཐུགས་ལ་སྒོའི་སུམ་གཉིས་དང༌། གསུང་ལ་སྒོའི་སུམ་ཆ་དང༌། སྐུའི་སྒོའི་ཕྱེད་ཀྱི་ཚད་ཅན་ནོ། །གཙོ་བོའི་པད་མའི་འོག་གཞི་ སྔོན་པོ་དང༌། དེ་ནས་མཆོད་པའི་སའི་མཐར་ཐུག་པའི་འོག་གཞི་རྡོ་རྗེའི་ས་དང༌། སྟེང་གི་ ཐོག་རྣམས་ཀྱི་མདོག་ནི་གཙོ་བོའི་ཞལ་གྱི་དབྱེ་བས། ཤར་ནག་པོ་དང་ལྷོ་དམར་པོ་དང༌། བྱང་དཀར་པོ་དང་ནུབ་སེར་པོའོ། ། སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་མཆོད་པའི་ས་གཞི་ལ་པད་མ་དང་བུམ་པ་བཟང་པོ་ལ་ སོགས་པ་མཆོད་པའི་སྤྲིན་དཔུངས་དུ་མ་ཉེ་བར་འཁྲིགས་པ་དང༌། དེའི་ཕྱི་རོལ་ཏུ་སའི་ཁོར་ ཡུག་སྐུའི་སྒོའི་ཕྱེད་ཀྱི་ཚད་ཅན་གྱི་སྟེང་གི་ནམ་མཁའ་ལ་དབང་ལྡན་ནས་ཟླ་བ་ཉ་གང་བ་ འཆར་བཞིན་པ་དང༌། བདེན་བྲལ་དུ་ཉི་མའི་དཀྱིལ་འཁོར་ནུབ་བཞིན་པ་ལྟ་བུའོ། །དེའི་ ཡང་ཕྱི་རོལ་ཏུ་ཆུ་དང་མེ་དང་རླུང་གི་ཁོར་ཡུག་རྣམས་སྐུའི་སྒོའི་ཚད་ཅན་དང༌། ནམ་མཁའི་ ཁོར་ཡུག་སྐུའི་སྒོའི་ཕྱེད་ཀྱི་ཚད་ལ་དབུས་སུ་རྡོ་རྗེ་ཕྲེང་བ་དང་བཅས་པས་ཡོངས་སུ་བསྐོར་ 7-1-268 བ་སྟེ། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ཕྱོགས་ཀུན་ནས་རྡོ་རྗེ་མེ་ལྕེ་ཡེ་ཤེས་ཀྱི་མེ་འོད་ཟེར་ ཀུན་ཏུ་འཕྲོ་བའོ། །ཐུགས་དང་གསུང་གི་རྟ་བབས་ཀྱི་རེ་མིག་གི་གཞི་ཁ་དོག་སྣ་ཚོགས་པ་ ལ་མཆོད་པའི་ལྷ་མོ་སྣ་ཚོགས་པ་དག་གནས་ཤིང༌། སྐུའི་རྟ་བབས་ཀྱི་རྩེགས་མ་འོག་མའི་རེ་ མིག་དབུས་མའི་གནས་ལ་ཤར་དུ་ཆོས་ཀྱི་འཁོར་ལོ་ནག་པོ། གཡས་དང་གཡོན་དུ་རི་དྭགས་ དང་རི་དྭགས་མོ། །ལྷོར་བུམ་པ་བཟང་པོ་དམར་པོ། གཡས་དང་གཡོན་དུ་དུང་དང་པད་མ། བྱང་དུ་རྔ་བོ་ཆེ་དཀར་པོ། གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བ། ནུབ་ཏུ་བྱང་ཆུབ་ཀྱི་ཤིང་ སེར་པོ། གཡས་དང་གཡོན་དུ་མི་འམ་ཅི་དང་མི་འམ་ཅི་མོ་གནས་ཤིང༌། རེ་མིག་གི་གནས་ གཞན་རྣམས་སུ་མཆོད་པའི་ལྷ་མོ་སྣ་ཚོགས་པ་གནས་པའོ། ། བདེ་གཤེགས་འཕར་མའི་ཀ་བ་རྣམས་ཀྱི་བར་བར་དུ་ༀ་ཡིག་ལས་སྐྱེས་པའི་པད་མ་ འདབ་མ་བརྒྱད་པ་ལྷའི་གདན་རྣམ་པ་བརྒྱད་དེ་ཕྱོགས་བཞིར་དཀར་པོ་དང༌། འཚམས་ བཞིར་དམར་པོའོ། །དེ་དག་གི་བར་བར་དུ་བདུད་རྩིའི་བུམ་པ་བརྒྱད་ཀྱི་གནས་སོ། །ཐུགས་ ཀྱི་ལྷ་སྣམ་ལ་ཤར་དང་ལྷོའི་གཡས་དང་གཡོན་དང༌། བྱང་དང་ནུབ་ཀྱི་གཡས་རྣམས་སུ་ༀ་ ཡིག་ཡོངས་སུ་གྱུར་པ་ལས་པད་མ་དཀར་པོ་འདབ་མ་བརྒྱད་པ་དང༌། མཚམས་རྣམས་དང་ བྱང་དང་ནུབ་ཀྱི་གཡོན་རྣམས་སུ་ༀ་ཡིག་ཡོངས་སུ་གྱུར་པ་ལས་པད་མ་དམར་པོ་འདབ་ མ་བརྒྱད་པ་དང༌། ཤར་དང་བྱང་གི་སྒོར་པད་མ་དཀར་པོ་དང༌། ལྷོ་དང་ནུབ་ཀྱི་སྒོར་པད་ མ་དམར་པོའོ། །པད་མ་དམར་པོ་བཅུ་གཉིས་ཀྱི་ལྟེ་བར་ལོའི་ཕྱོགས་ཉི་ཤུ་རྩ་བཞིའི་ཉ་ བཅུ་གཉིས་རྣམ་པར་དག་པ་མ་ཡིག་ལས་བྱུང་བའི་ལ་བའི་དཀྱིལ་འཁོར་བཅུ་གཉིས་དང༌། དཀར་པོ་བཅུ་གཉིས་ཀྱི་ལྟེ་བར་གནམ་སྟོང་བཅུ་གཉིས་རྣམ་པར་དག་པ་ར་ཡིག་ལས་བྱུང་ བའི་ཉི་མའི་དཀྱིལ་འཁོར་བཅུ་གཉིས་སོ། ། གསུང་གི་ལྷ་སྣམ་ལ་ཕྱོགས་བཞིར་ༀ་ཡིག་ལས་བྱུང་བའི་པད་མ་དམར་པོ་དང༌། 7-1-269 མཚམས་བཞིར་ༀ་ཡིག་ལས་བྱུང་བའི་པད་མ་དཀར་པོ་འདབ་མ་བརྒྱད་པ་དང༌། སྐུའི་ལྷ་ སྣམ་ལ་ཕྱོགས་བཞིའི་གཡས་དང་གཡོན་རྣམས་སུ་ༀ་ཡིག་ལས་བྱུང་པད་མ་དམར་པོ་འདབ་ མ་ཉེར་བརྒྱད་པ་བརྒྱད་དང༌། མཚམས་བཞིར་ༀ་ཡིག་ལས་བྱུང་བའི་པད་མ་དཀར་པོ་ འདབ་མ་ཉེར་བརྒྱད་པ་བཞི་སྟེ། རིམ་པ་དང་པོ་ལ་འདབ་མ་བཞི་དང་གཉིས་པ་ལ་བརྒྱད་ དང་གསུམ་པ་ལ་བཅུ་དྲུག་དང་བཅས་པའི་ལྟེ་བ་ལ་ལྷ་རྣམས་ཀྱི་གཞོན་པ་དང་བཅས་པའོ། ། སྐུའི་ཤར་སྒོར་ཕག་བདུན་གྱིས་དྲངས་པའི་ཤིང་རྟ་ནག་པོ་དང༌། ལྷོ་སྒོར་རྟ་བདུན་གྱི་ དྲངས་པའི་ཤིང་རྟ་དམར་པོ། བྱང་སྒོར་སེང་གེ་བདུན་གྱིས་དྲངས་པའི་ཤིང་རྟ་དཀར་པོ། ནུབ་གླང་པོ་ཆེ་བདུན་གྱི་དྲངས་པའི་ཤིང་རྟ་སེར་པོ། སྟེང་དུ་མཁའ་ལྡིང་མིག་གསུམ་པ། ཁ་ དོག་ལྔ་པ་བདུན་གྱིས་དྲངས་པའི་ཤིང་རྟ་ལྗང་ཁུ། འོག་ཏུ་སེང་གེ་རྐང་པ་བརྒྱད་པ་བདུན་ གྱིས་དྲངས་པའི་ཤིང་རྟ་སྔོན་པོ་ཐམས་ཅད་སྒོའི་ཕྱེད་ཀྱི་ཚད་ཅན་ནོ། ། མེ་དང་རླུང་གི་ཁོར་ཡུག་གི་མཚམས་ལ་ཕྱོགས་བཞིར་རྩིབས་བརྒྱད་པའི་འཁོར་ལོ་ དམར་པོ་དང༌། མཚམས་བཞིར་རྩིབས་བརྒྱད་པའི་འཁོར་ལོ་དཀར་པོ་རྣམས་དང༌། སྟེང་དང་ འོག་ཏུ་ཡང་ཤིང་རྟ་ལྗང་ཁུ་དང་སྔོན་པོ་གཉིས་སྟེ་སྔ་མ་ལྟ་བུའོ། །དེ་ལྟར་དཀྱིལ་འཁོར་ཆེན་ པོ་ཀུན་ནས་དྭངས་ཤིང་སྒྲིབ་པ་མེད་ལ། ཕྱི་ནང་ཀུན་ཏུ་འོད་གསལ་བ་མཚན་ཉིད་ཐམས་ ཅད་ཡོངས་སུ་རྫོགས་ཤིང༌། རྒྱན་གྱི་རྣམ་པ་མཆོག་ཏུ་བཀྲ་བ་དུ་མས་མཛེས་པར་བརྒྱན་པར་ བལྟ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་རྣམ་དག་སྒོམ་པ་ལུས་ཀྱི་ཁམས་ཀྱི་རྣམ་པར་དག་ པ་ནི། ཀ་བ་རྣམས་དང་(རྣམ་དག་ཤེས་པར་བྱ་བ་ནི)རྡོ་རྗེའི་ཕྲེང་པ་སའི་དཀྱིལ་འཁོར་རྩིག་པ་ཉིད་ ནི་རུས་པ་རྣམས་ཀྱིས་མཛོད། །ཤ་(དོན་ཡོད་གྲུབ་པ)ཁྲག་(རིན་ཆེན་དབང་པོ)ཆུ་དང་(འོད་དཔག་མེད) བཤང་བ་(རྣམ་པར་དག་པ་རྣམ་པར་སྣང་མཛད་དེ)རྣམས་ཀྱིས་ལྷ་དང་(ཤར)གཤིན་རྗེས་(ལྷོ)ནོར་སྦྱིན་ (བྱང)གཞན་དུ་(ནུབ)རྡུལ་ཚོན་གདབ་པ་སྟེ། །(ཁུ་བ་རྣམ་པར་དག་པ་མི་བསྐྱོད་པའི་དབུས་སུ་རྡུལ་ཚོན་གདབ་ 7-1-270 པའོ། །གང་དུ་རྡུལ་ཚོན་དྲུག་པ་དེར་རྡོ་རྗེ་རྡུལ)མཁྲིས་པ(འི་ཁམས་དང)བད་ཀན་གྱིས་(ཁམས་དང)ནི་ཉི་མ་ རི་བོང་ཅན་(རིལ་པ་༴༴གྱི་གདན)ཡང་(མཛད)དེ་བཞིན་ཆུ་རྒྱས་རྣམས་ཀྱིས་(ཉི་ཟླའི་འོག་གིས)ཆུ་སྐྱེས་ རྣམས། །ར་བ་ལྔའི་རེ་ཁ་(ནི་སོར་མོ་རྣམས་ཀྱིས་ཏེ)ས་དང་(ལས་སྐྱེད་པའི་མཐེ་བོང་རྣམ་པར་དག་པས་རེ་ཁ་སེར་ པོ་དང)ཆུ་དང་(ཆུ་ལས་སྐྱེས་པའི་འཛུབ་མོ་དཀར་པོ)སྲེག་ཟ་(མེ་ལས་སྐྱེས་པའི་གོང་མོ་དམར་པོ་དང་)རླུང་(རླུང་ ལས་སྐྱེས་པའི་སྲིན་ལག་གིས་ནག་པོ)དང་ནམ་མཁའ་ལས་སྐྱེས་(པའི་མཐེའུ་ཆུང་གིས་ལྗང་ཁུ་མཛོད)རྣམས་ ཀྱིས་སོ། །དུས་ཀྱི་རྩ་(ཨ་ཝ་དྷུ་ཏི་དག་པས)ཡིས་གཙོ་བོའི་ཆུ་སྐྱེས་(དེ་ལྷག་མ་རྣམས་ནི་ལ་ལ་ན་ལ་སོགས་པ་ རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་མཐར་ཐུགས་པ་རྣམས་ཀྱིས་སོ)གཡོ་བ་(རླུང་དང)མེའི་དཀྱིལ་འཁོར་(དང་)ལ་ སོགས་(ས་ཆུའི་དཀྱིལ་འཁོར་རྣམས་ནི་རིམ་པ་ལྟར)ལྤགས་པ་ལ་སོགས་(པ་ཁྲག་དང་རྡོ་དང་རྡུལ་རྣམས)ཀྱིས། ། ཉི་མའི་(སྟེ་བཅུ་གཉིསཀྱི)སྒོ་རྣམས་བུག་པ་(རྣ་བ་གཉིས་དང་སྣ་གཉིས་དང་མིག་གཉིས་དང་ཁ་དང་མཆུ་ལམ་ དང་བཤང་ལམ་དང་ཁུ་བའི་ལམ་དང་ནུ་མ་གཉིས་ཀྱི)རྣམས་ཀྱིས་(མཛོད)ནོར་བུའི་རང་བཞིན་བཀོད་པ་ (དང་ཤེལ་ལ་སོགས་པ)སོ་ཡི་ཕྲེང་བས་དེ་བཞིན་ཉིད་(དུ་མཛོད)། །གཡོ་བའི་དཀྱིལ་འཁོར་ ལ་གནས་དུར་ཁྲོད་བརྒྱད་དུ་འཁོར་ལོ་རྣམས་ནི་(རྐང་ལག་གིས)སོར་མོ་རྣམས་ཀྱི་(རྣམ་པར་དག) སེན་མོ་ཡིས་(མཛོད)། །བ་སྤུ་རྣམས་ཀྱིས་དཀྱིལ་འཁོར་མཐར་ནི་ཕྱོགས་དང་ཕྱོགས་བྲལ་ དག་ཏུ་གནས་(རྣམས་མཛད)པའི་རྡོ་རྗེ་(འི་ཕྲེང་བ་དང་རྡོ་རྗེའི)མེ་ལྕེ་སྟེ། །དེ་ལྟར་མཆོག་གི་ཡོན་ཏན་ རྣམ་མང་སྐུའི་རྡོ་རྗེ་(ཁམས་དྲུག་གི་བདག་ཉིད་ས་ལ་སོགས་པའི་དབྱེ་བས)ངེས་པར་དཀྱིལ་འཁོར་གྱི་ནི་ རྣམ་པར་གསུངས། །ཞེས་པ་དང༌། ཆོས་ཀྱི་རྣམ་པར་དག་པ་ནི། (རྩ་རྒྱུད་ལས)སངས་རྒྱས་ཆོས་ དང་དགེ་འདུན་ཆེས་(དག་པ)། །ཐུགས་གསུང་སྐུའི་དཀྱིལ་འཁོར་རོ། །ཚངས་པའི་གནས་ བཞི་རྣམས་ཀྱི་ནི། །རྡོ་རྗེའི་ཐིག་ནི་བཞི་པོ་སྟེ། །དྲན་པ་ཉེར་བཞག་བཞི་རྣམས་ཀྱིས། །གྲུབ་ བཞི་མཉམ་པ་དེ་ཉིད་དོ། །ཡན་ལག་བཅུ་གཉིས་འགགས་པ་ཡིས། །སྒོ་ནི་བཅུ་གཉིས་པོ་ རྣམས་ཏེ། །དེ་བཞིན་ས་ནི་བཅུ་གཉིས་ཀྱིས། །རྟ་བབས་དག་ནི་མཛེས་པ་རྣམས། །འཕགས་ 7-1-271 ལམ་ཡན་ལག་བརྒྱད་རྣམས་ཀྱིས། །ཕྱོགས་བརྒྱད་དུ་ནི་དུར་ཁྲོད་(བརྒྱད་པོ)རྣམས། སྟོང་ ཉིད་བཅུ་དྲུག་ཀ་བ་རྣམས། །ཁམས་(ལྔ)རྣམས་ཀྱིས་ཀྱང་ཁང་པ་(ལྔ)བརྩེགས། །རྣམ་ཐར་ བརྒྱད་ཀྱིས་(དཀྱིལ་འཁོར་རེ་རེའི)སྒོ་ཁྱུད་(བརྒྱད་པོ)རྣམས། །གཟུགས་ཅན་(ཡུལ་ལྔ་དང་)ཡོན་ཏན་ (གསུམ་སྟེ)བརྒྱད་རྣམས་(དག་པ)ཀྱིས། །(དཀྱིལ་འཁོར་རེ་རེའི་)འགྲམ་རྣམས་དང་ནི་ལོགས་(ལོགས་ བརྒྱད་པོ)རྣམས་ཉིད་(ཏིང་ངེ་འཛིན་ཡང་)། །ཐུགས་གསུངས་སྐུའི་དབྱེ་བས་སོ། །ཚུལ་ཁྲིམས་ ལ་སོགས་ཕུང་པོ་ལྔས། །ཁ་དོག་ལྔ་ནི་རྣམ་པར་དག །ཐེག་པ་གསུམ་གྱི་(ཐུགས་ཀྱི)ར་བ་ གསུམ། །དད་པའི་དབང་པོ་སོགས་ཀྱིས་ལྔ(གསུང་གི་ར་བ)། །དད་སོགས་སྟོབས་རྣམས་དག་ གིས་ལྔ། །ཐུགས་གསུང་དཀྱིལ་འཁོར་ལ(སྦྱར་བ)འོ། །ཏིང་ངེ་འཛིན་དང་གཟུངས་རྣམས་ ཀྱིས། །དཀྱིལ་འཁོར་གསུམ་ལ་སྟེགས་བུ་སྟེ། །ཕ་རོལ་ཕྱིན་བཅུ་རྫོགས་པ་ཡིས། །རིན་ཆེན་ སྣམ་བུ་རྣམ་པར་བཀྲ། །མ་འདྲེས་ཆོས་ནི་བཅོ་བརྒྱད་ཀྱིས། །དོ་ཤལ་དོ་ཤལ་ཕྱེད་པ་རྣམས་ (བདུན་གྱི)། །དབང་(བཅུ)རྣམས་ཀྱིས་ཀྱང་བ་ཀུ་ལཱི། །དགེ་བས་(བཅུ)བཀྲ་མ་ཤཱིར་ཥའོ། །སྟོང་ ཉིད་ལ་སོགས་རྣམ་ཐར་གྱི(བཞི་དག་པ་ཉིད)ས། །དྲིལ་བུའི་སྒྲས་ནི་གང་བ་སྟེ། །རྫུ་འཕྲུལ་རྐང་ བས་རྒྱལ་མཚན་གཏམས། །(ཡང་དག)སྤོང་བ་མེ་ལོང་རབ་ཏུ་འབར། །བྱང་ཆུབ་ཡན་ལག་རྔ་ ཡབ་གཡོ། །(གསུང་རབ)ཡན་ལག་དགུའི་ཕྲེང་བས་བརྒྱན། །བསྡུ་བ་བཞི་པོ་རྣམས་ཀྱིས་ནི། ། ཟུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན། །བདེན་(པ)བཞི་རིན་པོ་ཆེ་རྣམས་ཀྱིས། །སྒོ་དང་སྒོ་ཁྱུད་ མཚམས་སུ་སྤྲས། །མངོན་ཤེས་ལྔ་ཡིས་རྟག་ཏུ་ནི། །ཁོར་ཡུག་ཆེན་པོ་ལྔ་ཡིས་བསྐོར། །རྣམ་ པ་ཀུན་མཁྱེན་བྱང་ཆུབ་པས། །རྡོ་རྗེ་ཕྲེང་བས་ལེགས་པར་བསྐོར། །བདེ་བ་གཅིག་པུའི་ཁོར་ ཡུག་གིས། །དེ་བཞིན་ཡེ་ཤེས་རྡོ་རྗེ་འབར། །ཐབས་དང་ཤེས་རབ་ཆ་ཡིས་ནི། །ཟླ་བ་ཉི་མ་ རྟག་ཏུ་ཤར། །ཐུགས་གསུང་སྐུ་དང་དག་པ་ཡི་(ཡེ་ཤེས་རྡོ་རྗེའི)། །(རིམ་པ་ལྟར)ཆོས་ཀྱི་འཁོར་ལོ་ བུམ་པ་ཆེ། །རྔ་བོ་ཆེ་དང་བྱང་ཆུབ་ཤིང་(ཏེ་བཞིའོ)། །དེ་བཞིན་(དུ)ཡིད་བཞིན་ནོར་བུ་(དང་) 7-1-272 སོགས་(ཀྱིས་སྒྲས་ཆོས་ཀྱི་དུང་དང་ཆོས་ཀྱི་གནྚི་དང་དཔག་བསམ་གྱི་ཤིང་ཡང་༴༴སྟེ)། ། འདི་ནི་དཔལ་ལྡན་དུས་འཁོར་གྱི། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་དོ། །ཞེས་དྲན་ པར་བྱའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་བསྐྱེད་པ་ཇི་ལྟ་བ་བཞིན་དུ་རྟེན་གྱི་དཀྱིལ་འཁོར་ བསྐྱེད་ནས། མངལ་དུ་སེམས་ཅན་མངོན་པར་གྲུབ་པའི་རིམ་པ་ཇི་ལྟ་བ་བཞིན་དུ་བརྟེན་པ་ ལྷའི་འཁོར་ལོ་རྣམ་པར་བསྒོམ་པ་ནི༌། དབུས་སུ་སྣ་ཚོགས་པད་མའི་ལྟེ་བ་ལ་གནས་པའི་ཟླ་ བ་དང་ཉི་མ་དང་སྒྲ་གཅན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་ བོ་ཨ་ཨི་ར་ཨུ་ལ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ། ཨཾ་ཞེས་པ་རྣམས་གཡོན་བསྐོར་དང༌། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱ་ཨཱུ་རཱ་ཨི་ཨ་ཨཱ། ཞེས་པ་རྣམས་གཡས་སྐོར་དུ་གནས་ པ་ཟླ་བའི་དཀྱིལ་འཁོར་དབྱངས་དང་ལྡན་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་འོག་ཏུ་ཉི་ མའི་དཀྱིལ་འཁོར་ལ་དཔེར་བྱད་བཟང་པོ་བརྒྱད་ཅུའི་ངོ་བོལླ་ཝྺ་ཡྻ་ཌྜ་ཌྷྜྷ། ལླ་ཝྺ་རྼ་ཡྻ་ཧྷ། སྶ་ ྉྤྐྤ་ཥྵ་ཤྴ་ྈྐྛྐ། ཏྟ་ཐྠ་དྡ་དྷྡཧ་ནྣ། པྤ་ཕྥ་བྦ་བྷྦྷ་མྨ། ཊྚ་ཋྛ་ཌྜ་ཌྷྜྷ་ཎྞ། ཙྩ་ཚྪ་ཛྫ་ཛྷྫྷ་ཉྙ། ཀྐ་ཁྑ་གྒ་གྷྒྷ་ངྔ༌། ཞེས་པ་ རྣམས་གཡས་བསྐོར་དང་། ང་གྷ་ག་ཁ་ཀ། ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ ད་ཐ་ཏ། ྈྐ་་ཤ་ཥ་ྉྤ་ས་ཧ་ཡ་ར་བ་ལ། ཌྷ་ཌ་ཡ་ཝ་ལ་ཞེས་པ་རྣམས་གཡོན་བསྐོར་དུ་གནས་པ་ ཉི་མའི་དཀྱིལ་འཁོར་གསལ་བྱེད་དང་ལྡན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཟླ་བའི་དབུས་ སུ་ཧུཾ་ཡིག་ཟླ་བའི་མཚན་མ་ལྟ་བུ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །དེ་རྣམས་གཅིག་ཏུ་ གྱུར་པ་ཧི་ཡིག་དང་བཅས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས། །དེ་ལས་ལྷའི་སྐུ་ཡོངས་སུ་རྫོགས་ པ་ཧཾ་ཡིག་དང་བཅས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་དབྱིངས་ཀྱི་ཡེ་ཤེས་སུ་མོས་པར་ བྱ་སྟེ། བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་རྣམས་ འགྱེད་ཅིང༌། བདུད་དང་ཉོན་མོངས་པའི་སྙིང་ཁར་མནན་པའི་ཞབས་གཉིས་པ། མགྲིན་པ་ གསུམ་པ། ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་བ་བཅུ་གཉིས་པ། ཕྱག་གི་པད་མ་ཉི་ཤུ་ 7-1-273 རྩ་བཞི་པ་མཚོན་ཆ་རྣམས་དང་རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན་པ་སྟེ། ཞབས་གཡས་པ་ དམར་པོ་བརྐྱང་བས་འདོད་ལ་དམར་པོ་གདོང་གཅིག་པ་ལག་པ་བཞིའི་གཡས་གཉིས་ཀྱིས་ མེ་ཏོག་གི་མདའ་ལྔ་དང་ལྕགས་ཀྱུ་འཛིན་པ། གཡོན་གཉིས་ཀྱིས་གཞུ་དང་ཞགས་པ་འཛིན་ པའི་སྙིང་ཁར་མནན་པ། གཡོན་པ་དཀར་པོ་བསྐུམ་པས་དྲག་པོ་དཀར་པོ་གདོང་གཅིག་པ་ མིག་གསུམ་པ་ལག་པ་བཞིའི་གཡས་གཉིས་ཀྱི་རྩེ་གསུམ་དང་ཌ་མ་རུ་དང༌། གཡོན་གཉིས་ ཀྱིས་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པའི་སྙིང་ཁར་མནན་པ་ལ། བདུད་ཀྱི་དགའ་མ་དང༌། དྲག་ པོའི་ཨུ་མ་དག་ནི་དམན་པའི་གདོང་གིས་བཅོམ་ལྷན་འདས་ཀྱི་ཞབས་ཀྱི་འཐིལ་ལ་འཛིན་ པར་བྱེད་ཀྱང་གཡོ་བ་མེད་པར་གནས་པ། སྐུ་མདོག་སྔོན་པོ་གཡས་དང་གཡོན་དང་དབུས་ ཀྱི་མགྲིན་པ་ཉི་མ་དང་ཟླ་བ་དང་བུང་པའི་མདོག་ཅན། མདུན་ཞལ་ནག་པོ་མཆེ་བ་གཙིགས་ པ། གཡས་ཞལ་དམར་པོ་ཆགས་པ་དང་བཅས་པ། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པ་སྟེ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ པའོ། །རལ་བའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དང་རྡོ་རྗེ་སེམས་དཔའི་དབུ་ རྒྱན་ཅན། སྤྱི་གཙུག་ཏུ་རྡོ་རྗེ་ནོར་བུ་དང་རྡོ་རྗེ་རྣ་རྒྱན་དང་རྡོ་རྗེ་མགུལ་རྒྱན་དང་རྡོ་རྗེ་གདུ་ བུ་དང་རྡོ་རྗེ་སྐ་རགས་དང་རྡོ་རྗེ་རྐང་གདུབ་དང་རྡོ་རྗེ་དར་དཔྱངས་དང་རྡོ་རྗེ་ཕྲེང་བ་དང་ སྟག་གི་ལྤགས་པའི་ན་བཟའ་དང་ལྡན་པ། གཡས་དང་གཡོན་གྱི་ཕྲག་པ་དང་པོ་ནག་པོ་དང་ གཉིས་པ་དམར་པོ་དང་གསུམ་པ་དཀར་པོ་སྟེ། དེ་བཞིན་དུ་དཔུང་པ་གཉིས་ནག་པོ་དང་ གཉིས་དམར་པོ་དང་གཉིས་དཀར་པོ་དང༌། ཕྱག་ངར་བཞི་ནག་པོ་དང་བཞི་དམར་པོ་དང་ བཞི་དཀར་པོའོ། །དེ་དག་རེ་རེ་ལ་ཡང་སོར་གདུབ་རྣམས་ཀྱིས་སྤྲས་པའི་མཐེ་བོ་སེར་པོ་ འཛུབ་མོ་དཀར་པོ་གུང་མོ་དམར་པོ་སྲིན་ལག་ནག་པོ་མཐེ་ཆུང་ལྗང་ཁུའོ། །དེ་རྣམས་རེ་རེ་ ལ་ཡང་ཕྱག་གི་འཐིལ་ནས་བརྩམས་ནས་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ་གཉིས་པ་དམར་ 7-1-274 པོ་གསུམ་པ་དཀར་པོའོ། །དེ་ལྟ་བུའི་ཕྱག་གཡས་པ་རྣམས་ཀྱི་ནག་པོ་བཞིས་རྡོ་རྗེ་དང་རལ་ གྲི་དང་རྩེ་གསུམ་དང་གྲི་གུག་དང༌། དམར་པོ་བཞིས་མདའ་དང་རྡོ་རྗེ་ལྕགས་ཀྱུ་དང་སྒྲ་དང་ བཅས་པའི་ཌ་མ་རུ་དང་ཐོ་བ་དང༌། དཀར་པོ་བཞིས་འཁོར་ལོ་དང་མདུང་དང་དབྱུག་པ་དང་ དགྲ་སྟ་རྣམས་འཛིན་ཅིང༌། གཡོན་པ་རྣམས་ཀྱི་ནག་པོ་བཞིས་རྡོ་རྗེ་དྲིལ་བུ་དང་ཕུབ་དང་ཁ་ ཊྭཱཾ་ག་ཁ་བྱེ་བ་དང་ཁྲག་གིས་གང་བའི་ཐོད་པ་དང༌། དམར་པོ་བཞིས་གཞུ་དང་ཞགས་པ་དང་ རིན་པོ་ཆེ་དང་པད་མ་དཀར་པོ་དང༌། དཀར་པོ་བཞིས་དུང་དང་མེ་ལོང་དང་རྡོ་རྗེ་ལྕགས་ སྒྲོག་དང་ཚངས་པའི་གདོང་བཞི་པའི་མགོ་བོ་རྣམས་འཛིན་ཅིང་ཕྱག་དང་པོ་གཉིས་ཡུམ་ལ་ འཁྱུད་པ་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ། མཆོག་ཏུ་ མི་འགྱུར་བའི་ཡེ་ཤེས་དོན་དམ་པའི་བདེ་བའོ། ། དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ་ཞལ་བཞི་མ་ཕྱག་བརྒྱད་མ་སྤྱན་བཅུ་གཉིས་ མ་སྟེ་བཅོམ་ལྡན་འདས་ཀྱི་ནུབ་ཞལ་གཙོ་བོར་བཞག་པ་ལྟ་བུར་མདུན་ཞལ་སེར་པོ་དང་ གཡས་ཞལ་དཀར་པོ་དང་རྒྱབ་ཞལ་ནག་པོ་དང་གཡོན་ཞལ་དམར་པོ། ཞལ་རེ་རེ་ལ་སྤྱན་ གསུམ་གསུམ་དག་ལྡན་པའོ། །ཕྱག་གཡས་པ་རྣམས་ཀྱིས་གྲི་གུག་དང་ལྕགས་ཀྱུ་དང་སྒྲ་ དང་བཅས་པའི་ཌ་མ་རུ་དང་བགྲང་ཕྲེང་རྣམས་དང༌། གཡོན་པ་རྣམས་ཀྱིས་ཐོད་པ་དང་ ཞགས་པ་དངའདབ་མ་བརྒྱད་པའི་པད་མ་དཀར་པོ་དང་རིན་པོ་ཆེ་འཛིན་པ། རྡོ་རྗེ་སེམས་ དཔའི་ཅོད་པན་ཅན། རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། གཡོན་བརྐྱང་གིས་བཅོམ་ལྡན་ འདས་ལ་འཁྲིལ་ཞིང་དེས་ཀྱང་སྙོམས་པར་ཞུགས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་ཕ་རོལ་ དུ་ཕྱིན་མ་རང་བཞིན་གྱིས་འོད་གསལ་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྷན་པའི་སྟོང་ པ་ཉིད་དོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་བརྒྱད་ནི་འདབ་མ་བརྒྱད་ལ་ གནས་པ་སྟེ། ཤར་དང་ནུབ་ཏུ་ཨ་ཨ་བྱང་དང་ལྷོར་ཨཾ་ཨཾ་རྣམས་ཡོངས་སུ་གྱུར་པ་ལས་རིམ་ 7-1-275 པ་བཞིན་བདུག་སྤོས་ཀྱི་སྣོད་ནག་པོ་དང་དྲིའི་དུང་སེར་པོ་དང་ལྷ་བཤོས་དཀར་པོ་དང་མར་ མེ་དམར་པོ་དང་དེ་རྣམས་ཕྱོགས་ཀྱི་མདོག་ཅན་ནོ། །མེ་དང་རླུང་དུ་ཧ་ཧཱ། དབང་ལྷན་དང་ བདེན་བྲལ་དུ་ཧཾ་ཧ། རྣམས་ཡོངས་སུ་གྱུར་པ་ལས་རྔ་ཡབ་ཕྱོགས་ཀྱི་མདོག་ཅན་རྣམས་སོ། ། དེ་རྣམས་ཡོངས་སུ་གྱུར་པ་ལས་ཤར་དུ་ནག་མོ་འབར་མ་ལྷོར་དམར་མོ་འབར་མ་བྱང་དུ་ དཀར་མོ་འབར་མ་ནུབ་ཏུ་སེར་མོ་འབར་མ། མེར་དུ་བ་མ་བདེན་བྲལ་དུ་སྨིག་རྒྱུ་མ་དབང་ ལྡན་དུ་མེ་ཁྱེར་མ་རླུང་དུ་མར་མེ་མའོ། །ཐམས་ཅད་ཞལ་བཞི་ཕྱག་བརྒྱད་ཞལ་རེ་རེ་ལ་སྤྱན་ གསུམ་གསུམ་དང་ལྡན་པ་ཞལ་གྱི་མདོག་ནི་རང་རང་གི་ཕྱོགས་ཀྱི་གཙོ་བོའི་ཞལ་རྩ་ཞལ་དུ་ གྱུར་པ་ལྟ་བུ་སྟེ། མདུན་ནས་གཡས་སྐོར་གྱིས། བུང་བའི་མདོག་ཅན་ཉིན་བྱེད་ལྟ་བུ་སེར་ དང་རྣམ་པར་དཀར་བའི་མདོག །པད་མ་རཱ་ག་གསེར་གྱི་མདོག་མཚུངས་རབ་དཀར་ཨིན་ ཏྲ་ནཱི་ལའི་མདངས། །ཀུན་དའི་འོད་ཅན་ཤིན་ཏུ་དཀར་མིན་དམར་པོ་མཆོག་གི་གསེར་དང་ མཚུངས། །ཀར་ཀེ་ཏ་འདྲ་ཟླ་བའི་དཔལ་འཛིན་ནག་དང་ཉི་མ་འཆར་ཀའི་འོད། །ནག་མོ་ འབར་མ་བདུག་སྤོས་ཙན་ཏན་གུར་གུམ་དང་ནི་ག་པུར་སྣོད། །དྲིལ་བུ་པད་མ་ཡོངས་འདུའི་ མེ་ཏོག་སྣ་ཚོགས་མེ་ཏོག་ཕྲེང་ལྡན་མ། །དམར་མོའི་གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ ནི་གདུབ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། ། དཀར་མོའི་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་རྣམས་ཏེ། །གཡོན་ན་བདུད་རྩི་ གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ཆན་སྣོད། །སེར་མོ་འབར་མ་དུང་དང་གླིང་ བུ་ནོར་བུ་དང་ནི་ཌ་མ་ཏུ། །པི་ཝཾ་རྔ་དང་འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའི་ཞལ་ལྡན་ མ། །དེ་དག་དང་མཚུངས་དུ་བ་སྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་ རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡིས་རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་ རྗེ་སེམས་དཔའ་རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་ 7-1-276 འཁོར་འགགས་ལ་འདུད། ། འདི་དག་གི་རྒྱབ་ཏུ་ཡང༌། དབང་ལྡན་དུ་ༀ་ལས་བྱུང་བའི་ཆོས་ཀྱི་དུང་དཀར་པོ་དང༌། བདེན་བྲལ་དུ་ཨཱཿལས་བྱུང་བའི་ཆོས་ཀྱི་གཎྜི་དམར་པོ་དང༌། མེར་ཧཱུཾ་ལས་བྱུང་བའི་ཡིད་ བཞིན་གྱི་ནོར་བུ་ནག་པོ་དང༌། རླུང་དུ་ཧོཿལས་བྱུང་བའི་དཔག་བསམ་གྱི་ཤིང་སེར་པོ་སྟེ། དེ་ ལྟར་ན་གཙོ་བོ་ཡབ་ཡུམ་བསྐྱེད་པའོ། ། དེ་ནས་དཀྱིལ་འཁོར་པ་རྣམས་སྤྲོ་བར་བྱ་བ་ནི། འདོད་ཆགས་ཆེན་པོས་གདུལ་བར་བྱ་ བའི་སེམས་ཅན་རྣམས་དང་པོའི་སངས་བསྟན་པའི་སྣོད་དུ་མངོན་པར་གཟིགས་ནས་ཡུམ་ ལ་སྙོམས་པར་ཞུགས་པ་ལས་བྱུང་བའི་ཤིན་དུ་རྣམ་པར་དགའ་བའི་སྒྲས། ནམ་མཁའ་གང་ བར་བཞུགས་པའི་རྣམ་པར་དག་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལས་དབང་ཡུལ་དང་ བཅས་པའི་རང་བཞིན་དེ་བཞིན་གཤེགས་པ་ཡབ་ཡུམ་སེམས་དཔའ་ཡབ་ཡུམ་ཁྲོ་བོ་ཡབ་ ཡུམ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་རང་གི་ལུས་ལ་ཞུགས་པར་བསམ་ ཞིང་སླར་ཡང་རང་ཉིད་ལས་འཕྲོས་ཏེ་སྣ་ཚོགས་ཡུམ་ལ་ཞུགས་པར་གྱུར་ལ། དེ་ལས་ཀྱང་ ལོག་ནས་སླར་རང་ཉིད་ལ་ཞུགས་ཏེ་ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བར་གྱུར་པ་ རྣམས་རྡོ་རྗེའི་ལམ་ནས་ཡུམ་གྱི་པད་མར་སྤྲོས་ཏེ་དེ་དག་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་ མོའི་ཚོགས་སྤྲོ་བར་བྱའོ། ། དེ་ལ་དང་པོར་ཨ་ལས་རྡོ་རྗེ་ལྗང་ཁུ་དང་དེ་ལས་བྱུང་བའི་མི་བསྐྱོད་པ་ཞལ་གསུམ་ཕྱག་ དྲུག་པ་རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ་གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ་དང༌། གཡོན་པ་གསུམ་གྱི་རྡོ་རྗེ་ དྲིལ་བུ་དང་ཐོད་པ་དང་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་ཅིང་རང་དང་འདྲ་བས་ཡུམ་ རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ་ནམ་མཁར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ 7-1-277 ནས་སླར་ཡང་རང་ཉིད་ལ་བདག་པོར་ཞུགས་པར་བསམ་པར་བྱའོ། ། དེ་ནས་རིམ་པ་གཉིས་པར་ཨི་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ ལས་དོན་ཡོད་གྲུབ་པ་ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་དང་སྐུ་མདོག་ནག་པོ་གཡས་ ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་ཡས་པ་རྣམས་ཀྱིས་རལ་གྲི་དང་གྲི་གུག་དང་ རྩེ་གསུམ་དང༌། གཡོན་པ་རྣམས་ཀྱིས་ཕུབ་དང་ཐོད་པ་དང་ཁ་ཊྭཱཾ་ག་དཀར་པོ་འཛིན་ཅིང་ སྤྱན་མས་འཁྱུད་པ་ཤར་དུ་པད་ཉིའི་སྟེང་དུ་སྤྲོ་བར་བྱའོ། །ར་ཡིག་ལས་བྱུང་བའི་རིན་པོ་ཆེ་ དམར་པོ་ཡོངས་སུ་འགྱུར་པ་ལས་རིན་ཆེན་འབྱུང་ལྡན་ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་ དང་སྐུ་མདོག་དམར་པོ་གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པོ། ཕྱག་གཡས་པ་རྣམས་ ཀྱིས་མེའི་མདའ་དང་རྡོ་རྗེ་ལྕགས་ཀྱུ་དང་སྒྲ་དང་བཅས་པའི་ཌ་མ་རུ་དང༌། གཡོན་པ་རྣམས་ ཀྱིས་གཞུ་དང་ཞགས་པ་དང་རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་ཅིང་མཱ་མ་ཀིས་འཁྱུད་ པ་ལྷོ་དང༌། ཨུ་ཡིག་ལས་བྱུང་བའི་པད་མ་དཀར་པོ་ཡོངས་སུ་གྱུར་པ་ལས། སྣང་བ་མཐའ་ ཡས་ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་དང་སྐུ་མདོག་དཀར་པོ་གཡས་ཞལ་ནག་ཅིང་ གཡོན་ཞལ་དམར་བ་ཕྱག་གཡས་པ་རྣམས་ཀྱི་ཐོ་བ་དང་མདུང་དང་རྩེ་གསུམ་དང། གཡོན་ པ་རྣམས་ཀྱིས་འདབ་མ་བརྒྱ་པའི་པད་མ་དཀར་པོ་དང་མེ་ལོང་དང་བགྲང་ཕྲེང་འཛིན་ཅིང་ གོས་དཀར་མོས་འཁྱུད་པ་བྱང་དང༌། ལ་ཡིག་ལས་བྱུང་བའི་འཁོར་ལོ་སེར་པོ་ཡོངས་སུ་གྱུར་ པ་ལས། རྣམ་པར་སྣང་མཛད་ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་དང་སྐུ་མདོག་སེར་པོ་ གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། ཕྱག་གཡས་པ་རྣམས་ཀྱི་འཁོར་ལོ་དང་དབྱུག་ པ་དང་ཁྲོ་བོའི་རྡོ་རྗེ་དང༌། གཡོན་པ་ནམས་ཀྱིས་མདུང་དང་རྡོ་རྗེ་ལྕགས་སྒྲོག་དང་སྒྲ་དང་ བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་ཅིང་སྒྲོལ་མས་འཁྱུད་པ་ནུབ་ཏུ་སྤྲོ་བར་བྱ་སྟེ། ལྔ་ཅར་ཡང་ ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ་པད་མ་དམར་པོ་དང་ཉི་མའི་དཀྱིལ་འཁོར་ལ་ 7-1-278 རྡོ་རྗེའི་གདན་གྱིས་གནས་ཤིང་ཐབས་གཙོ་བོར་གྱུར་པའོ། །དེ་བཞིན་དུ་ཨཱི་ཡིག་ལས་བྱུང་ བའི་རལ་གྲི་ནག་པོའམ་ཨུད་པ་ལ་ཡོངས་སུ་གྱུར་པ་ལས། སྒྲོལ་མ་དོན་ཡོད་གྲུབ་པ་ལྟ་བུ་ ལ་རྣམ་པར་སྣང་མཛད་ཀྱིས་འཁྱུད་པ་མེ་འཚམས་དང༌། རཱ་ཡིག་ལས་བྱུང་བའི་རིན་པོ་ཆེ་ དམར་པོ་ཡོངས་སུ་གྱུར་པ་ལས། གོས་དཀར་མོ་རིན་ཆེན་དབང་པོ་ལྟ་བུ་ལ་སྣང་བ་མཐའ་ ཡས་ཀྱིས་འཁྱུད་པ་བདེན་བྲལ་དང༌། ཨཱུ་ཡིག་ལས་བྱུང་བའི་ཨུད་པ་ལ་དཀར་པོ་ཡོངས་གྱུར་ པ་ལས། མཱ་མ་ཀཱི་སྣང་བ་མཐའ་ཡས་ལྟ་བུ་ལ་རིན་ཆེན་འབྱུང་ལྡན་གྱིས་འཁྱུད་པ་དབང་ལྡན་ དང༌། ལཱ་ཡིག་ལས་བྱུང་བའི་འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས། སྤྱན་མ་རྣམ་པར་སྣང་ མཛད་ལྟ་བུ་ལ་དོན་ཡོད་གྲུབ་པས་འཁྱུད་པ་རླུང་དུ་སྤྲོ་བར་བར་བྱ་སྟེ། ཐམས་ཅད་པད་མ་ དམར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་པད་མའི་གདན་གྱིས་གནས་ཤིང་ཤེས་རབ་གཙོ་མོར་ གྱུར་པའོ། ། དེ་དག་གི་གཡོན་དང་གཡས་སུ་ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ རྣམས་ལས་བྱུང་བའི་བདུད་རྩིའི་བུམ་པ་དཀར་པོ་པད་མ་ལ་གནས་ཤིང་པད་མས་ཁ་བརྒྱན་ པའམ་ཐོད་པ་བརྒྱད་དེ། ཤར་དུ་རྐང་འགགས་པའི་བུམ་པ་གཉིས་དང༌། ལྷོར་ཁྲག་འགགས་ པའི་བུམ་པ་གཉིས་དང༌། བྱང་དུ་གཅི་བ་འགགས་པའི་བུམ་པ་གཉིས་དང༌། ནུབ་ཏུ་བཤང་ བ་འགགས་པའི་བུམ་པ་གཉིས་སོ། །ཧཾ་ཧཿལས་བྱུང་བའི་སྟེང་དུ་ཁུ་བ་འགགས་པའི་བུམ་པ་ དང་འོག་ཏུ་རྡུལ་འགགས་པའི་བུམ་པའོ། ། དེ་ནས་ཡཾ་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས། བགེགས་མཐར་ བྱེད་དོན་ཡོད་གྲུབ་པ་ལྟ་བུ་ལྟ་བུ་ལ་རེངས་བྱེད་མ་སྤྱན་མ་ལྟ་བུས་འཁྱུད་པ་ཤར་སྒོ་དང༌། རཾ་ ཡིག་ལས་བྱུང་བའི་དབྱུག་པ་དམར་པོ་ཡོངས་སུ་གྱུར་པ་ལས་ཤེས་རབ་མཐར་བྱེད་རིན་ཆེན་ འབྱུང་ལྡན་ལྟ་བུ་ལ་ལ་ཁེངས་བྱེད་མ་མཱ་མ་ཀཱི་ལྟ་བུས་འཁྱུད་པ་ལྷོ་སྒོ་དང༌། ཝཾ་ཡིག་ལས་ 7-1-279 བྱུང་བའི་པད་མ་དཀར་པོ་ཡོངས་སུ་གྱུར་པ་ལས། པད་མ་མཐར་བྱེད་འོད་དཔག་མེད་ལྟ་བུ་ ལ་རྨུགས་བྱེད་མ་གོས་དཀར་མོ་ལྟ་བུས་འཁྱུད་པ་བྱང་སྒོ་དང༌། ལཾ་ཡིག་ལས་བྱུང་བའི་ཐོ་བ་ ཡོངས་སུ་གྱུར་པ་ལས། གཤིན་རྗེ་མཐར་བྱེད་རྣམ་པར་སྣང་མཛད་ལྟ་བུ་ལ་ཤིན་ཏུ་བརྩོན་ འགྲུས་མ་སྒྲོལ་མ་ལྟ་བུས་འཁྱུད་པ་ནུབ་སྒོར་སྤྲོ་བར་བྱ་སྟེ། ཤར་དང་བྱང་དུ་པད་མ་དཀར་པོ་ དང་ཉི་མའི་དཀྱིལ་འཁོར་དང༌། ལྷོ་དང་ནུབ་ཏུ་པད་མ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ ལ་ཁྲོ་བོ་རྣམས་གཡས་བརྐྱང་དང་ཁྲོ་བོའི་ལྷ་མོ་རྣམས་གཡོན་བརྐྱང་གིས་གནས་ཤིང་ཐབས་ གཙོ་བོར་གྱུར་པའོ། ། དེ་ནས་ར་བའི་ནང་དུ་ལྷ་སྣམ་ལ་སེམས་དཔའ་དྲུག་སྟེ། དེ་ཡང་ཨ་ཡིག་ལས་བྱུང་བའི་ རྡོ་རྗེ་ལྗང་ཁུ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་མི་བསྐྱོད་པ་ལྟ་བུ་ལ་སྒྲ་རྡོ་རྗེ་མས་འཁྱུད་པ་ ལྟ་བུ་ལྷོའི་གཡོན་དང། ཨེ་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས། ནམ་ མཁའི་སྙིང་པོ་དོན་ཡོད་གྲུབ་པ་ལྟ་བུ་ལ་དྲི་རྡོ་རྗེ་མས་འཁྱུད་པ་ཤར་གྱི་གཡས་དང་ཨར་ ཡིག་ལས་བྱུང་བའི་རིན་པོ་ཆེ་དམར་པོ་ཡོངས་སུ་གྱུར་པ་ལས། སའི་སྙིང་པོ་རིན་ཆེན་འབྱུང་ ལྡན་ལྟ་བུ་ལ་གཟུགས་རྡོ་རྗེ་མས་འཁྱུད་པ་ལྷོའི་གཡས་དང༌། ཨོ་ཡིག་ལས་བྱུང་བའི་པད་མ་ དཀར་པོ་ཡོངས་སུ་གྱུར་པ་ལས། འཇིག་རྟེན་དབང་ཕྱུག་སྣང་བ་མཐའ་ཡས་ལྟ་བུ་ལ་རོ་རྡོ་རྗེ་ མས་འཁྱུད་པ་བྱང་གི་གཡས་དང་ཨལ་ཡིག་ལས་བྱུང་བའི་འཁོར་ལོ་སེར་པོ་ཡོངས་སུ་གྱུར་ པ་ལས། སྒྲིབ་པ་རྣམ་པར་སེལ་བ་རྣམ་པར་སྣང་མཛད་ལྟ་བུ་ལ་རེག་བྱ་རྡོ་རྗེ་མས་འཁྱུད་པ་ ནུབ་ཀྱི་གཡས་དང༌། ཨཾ་ཡིག་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས། ཀུན་དུ་ བཟང་པོ་རྡོ་རྗེ་སེམས་དཔའ་ལྟ་བུ་ལ་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མས་འཁུད་པ་ཤར་གྱི་གཡོན་དུ་ སྤྲོ་བར་བྱ་སྟེ། ཐམས་ཅད་པད་མ་དཀར་པོ་དང་ཉི་མའི་དཀྱིལ་འཁོར་ལ་རྡོ་རྗེའི་གདན་གྱིས་ གནས་ཤིང་ཐབས་གཙོ་བོར་གྱུར་པའོ། །འདིར་གཡོན་དང་གཡས་པ་རྣམས་ཀྱི་གཙོ་བོའི་ 7-1-280 ཞལ་བཞི་ལ་ལྟོས་པར་ཤེས་པར་བྱའོ། །འདིར་རྡོ་རྗེ་སེམས་དཔའ་ནི་སྔོན་པོ་སྟེ་ཞལ་དང་ ཕྱག་མཚན་ནི་མི་བསྐྱོད་པ་བཞིན་ནོ། །ཡང་ན་སྒྲོལ་མའི་ཁ་ཊྭཱཾ་གའི་གནས་སུ་ཨུད་པ་ལ་སྟེ། ཀུན་དུ་བཟང་པོའི་ཚངས་མགོའི་གནས་སུ་ཡང་ཨུད་པ་ལའོ། ། དེ་བཞིན་དུ་སེམས་མ་དྲུག་ཀྱང་ལྷ་སྣམ་ལ་སྟེ། ཨཱ་ཡིག་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་ ཡོངས་སུ་གྱུར་པ་ལས། །ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་ཕྱག་ན་རྡོ་རྗེ་ལྟ་བུ་ལ་ཀུན་དུ་བཟང་པོས་ འཁྱུད་པ་ནུབ་ཀྱི་གཡོན་དང༌། ཨཱཻ་ཡིག་ལས་སྐྱེས་པའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས། རེག་བྱ་རྡོ་རྗེ་མ་སྒྲོལ་མ་ལྟ་བུ་ལ་སྒྲིབ་པ་རྣམ་པར་སེལ་བས་འཁྱུད་པ་མེ་འཚམས་དང༌། ཨཱར་ ཡིག་ལས་བྱུང་བའི་རིན་པོ་ཆེ་དམར་པོ་ཡོངས་སུ་གྱུར་པ་ལས། རོ་རྡོ་རྗེ་མ་གོས་དཀར་མོ་ལྟ་ བུ་ལ་འཇིག་རྟེན་དབང་ཕྱུག་གིས་འཁྱུད་པ་བདེན་བྲལ་དང། ཨཱཽ་ཡིག་ལས་བྱུང་བའི་པད་མ་ དཀར་པོ་ཡོངས་སུ་གྱུར་པ་ལས། གཟུགས་རྡོ་རྗེ་མ་མཱ་མ་ཀཱི་ལྟ་བུ་ལ་སའི་སྙིང་པོས་འཁྱུད་པ་ དབང་ལྡན་དང་ཨལ་ཡིག་ལས་བྱུང་བའི་འཁོར་ལོའི་སེར་པོ་ཡོངས་སུ་གྱུར་པ་ལས། དྲི་རྡོ་ རྗེ་མ་སྤྱན་མ་ལྟ་བུ་ལ་ནམ་མཁའི་སྙིང་པོས་འཁྱུད་པ་རླུང་དང༌། ཨཱཿཡིག་ལས་བྱུང་བའི་རྡོ་རྗེ་ སྔོན་པོ་ཡོངས་སུ་གྱུར་པ་ལས། སྒྲ་རྡོ་རྗེ་མ་ཀུན་དུ་བཟང་པོ་ལྟ་བུ་ལ་ཕྱག་ན་རྡོ་རྗེས་འཁྱུད་པ་ བྱང་གི་གཡོན་དུ་སྤྲོ་བར་བྱ་སྟེ། ཐམས་ཅད་པད་མ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་ པད་མའི་གདན་གྱིས་གནས་ཤིང༌། ཤེས་རབ་གཙོ་མོར་གྱུར་པའོ། ། དེ་ལ་རང་གི་གནས་སུ་གང་དང་གང་གཙོ་བོར་གྱུར་པ་དེ་དང་དེ་ནི་དཀྱིལ་འཁོར་གྱི་ དབང་པོ་ལ་མངོན་དུ་ཕྱོགས་པ་སྟེ། དེ་ལ་འཁྱུད་པ་ནི་དེའི་གནས་སུ་ཕྱིན་པའི་ཕྱིར་ཏེ་ཉིད་ ལ་མངོན་དུ་ཕྱོགས་པའོ། །དེ་ལྟར་ན་ཐུགས་ཀྱི་དཀྱིལ་འཁོར་ཁམས་ལྔའི་བདག་ཉིད་ནུས་མ་ བརྒྱད་དང་བུམ་པ་བཅུ་མ་གཏོགས་པ་ལྷ་ཉི་ཤུ་རྩ་ལྔའི་རང་བཞིན་ནོ། ། དེ་བཞིན་དུ་སྔར་བསྟན་པའི་མཆོད་པའི་ལྷ་མོ་བཅུ་གཉིས་ཀྱི་ས་བོན་ཡི་གེའི་གོང་བུ་ 7-1-281 རྣམས་ཡོངས་སུ་གྱུར་པ་ལས་སྒོའི་གཡས་དང་གཡོན་གྱི་སྟེགས་བུ་ལ་ཤར་དུ་དྲི་མ་དང་ཕྲེང་ བ་མ་ནག་མོ་དང༌། ལྷོར་བདུག་སྤོས་མ་དང་སྣང་གསལ་མ་དམར་མོ་དང༌། བྱང་དུ་བདུད་རྩི་ མ་དང་འབྲས་བུ་མ་དཀར་མོ་དང༌། ནུབ་ཏུ་སྒེག་མོ་དང་བཞད་མ་སེར་མོ་དང་སྟེང་དུ་སྒྲ་མ་ དང་གར་མ་ལྗང་ཁུ་དང༌། འོག་ཏུ་གླུ་མ་དང་འདོད་མ་སྔོན་མོ་སྟེ་རང་རང་གི་མིང་དང་རྗེས་སུ་ མཐུན་པའི་མཆོད་རྫས་རྣམས་ཐོགས་ཤིང་གཟུངས་མ་གྲངས་མེད་པ་དང་བཅས་པའོ། །ཡང་ ན་སྒོ་སྐྱོང་སྤྲོ་བ་མར་བཅད་སྡེ་ཚན་རེ་རེའི་ས་བོན་གྱི་ཡི་གེ་རྣམས་དང༌། དེ་དག་ལས་བྱུང་ བའི་ཕྱག་མཚན་རྣམས་བརྗོད་ནས་ལྷ་རྣམས་སྤྲོ་བར་བྱའོ། ། དེ་ནས་གསུང་གི་ལྷ་སྣམ་ལ་རྣལ་སྦྱོར་མ་རྣམས་སྤྲོ་བར་བྱ་སྟེ། །ཧ་ཡིག་ལས་བྱུང་བའི་ གྲི་གུག་ནག་པོ་ཡོངས་སུ་གྱུར་པ་ལས་ཙར་ཙི་ཀ་ནག་མོ་ཕྱག་བཞིའི་གཡས་གཉིས་ཀྱིས་གྲི་ གུག་དང་རྩེ་གསུམ་དང་གཡོན་གཉིས་ཀྱི་ཐོད་པ་དང་ཁ་ཊཾ་ག་འཛིན་ཅིང་དབང་པོས་མཁྱུད་ པ་ཤར་གྱི་པད་མའི་ལྟེ་བར་ཡི་དྭགས་དམར་པོ་ལ་གནས་པ་དང༌། ཧི་ཧཱི་ཡ་ཡི་ཡྼྀ་ཡུ་ ཡླྀ་ཡ། རྣམས་ལས་བྱུང་བའི་གྲི་གུག་ནག་པོ་བརྒྱད་ཡོངས་སུ་གྱུར་པ་ལས། འཇིགས་མ་ དང༌། རླུང་ཤུགས་མ་དང༌། དྲག་མོ་དང༌། དུས་ཀྱི་མཆེ་བ་མ་དང༌། མེ་འབར་གདོང་མ་དང༌། རབ་གཏུམ་མ་དང༌། དྲག་མིག་མ་ དང༌། སྣ་ཆེན་མ་རྣམས་ཀྱང་ཙར་ཙི་ཀ་ལྟ་བུ་སྟེ། མདུན་དང༌། རྒྱབ་ཀྱི་འདམ་མ་དང༌། གཡས་ ཀྱི་འདབ་མ་གསུམ་དང༌། གཡོན་གྱི་འདབ་མ་གསུམ་ལ་གནས་པའོ། །ཀྵ་ཡིག་ལས་བྱུང་ འཁོར་ལོ་ནག་པོ་ཡོངས་སུ་གྱུར་པ་ལས། ཁྱབ་འཇུག་མ་ནག་མོ་ཕྱག་བཞིས་འཁོར་ལོ་དང་ བེ་ཅོན་དང་པད་མ་དང་དུང་རྣམས་འཛིན་ཅིང་ཚངས་པས་འཁྱུད་པ། མེའི་པད་མའི་ལྟེ་བར་ མཁའ་ལྡིང་ལ་གནས་པ་དང༌། ཀྵི་ཀྵཱི་ཡཱ་ཡཱི་ཡྼཱྀ་ཡཱུ་ཡླཱྀ་ཡཿ རྣམས་དང་འཁོར་ ལོ་རྣམས་ཡོངས་སུ་གྱུར་པ་ལས་གཡང་མོ་དང༌། རྣམ་པར་རྒྱལ་མ་དང༌། སྒྱུ་མ་དང༌། གྲགས་ 7-1-282 མ་དང༌། དཔལ་མོ་དང༌། དཔལ་ལྡན་རྒྱལ་མ་དང༌། དཔལ་ལྡན་རྒྱལ་བྱཻད་མ་དང༌། འཁོར་ ལོ་མ་རྣམས་ཀྱང་ཁྱབ་འཇུག་མ་ལྟ་བུ་སྟེ་པད་མའི་འདབ་མ་རྣམས་ལ་གནས་པའོ། །ཧཿ་ཡིག་ ལས་བྱུང་བའི་དབྱུག་པ་དམར་པོ་ཡོངས་སུ་གྱུར་པ་ལས་ཕག་མོ་དམར་མོ་ཕྱག་བཞིས་དབྱུག་ པ་དང་རལ་གྲི་དང་ལྕགས་སྒྲོག་དང་ཕུབ་རྣམས་འཛིན་ཅིང་ཏྲག་པོས་འཁྱུད་པ། ལྷོའི་པད་ མའི་ལྟེ་བར་མ་ཧེ་ལ་གནས་པ་དང༌། ཧྼྀ་ཧྼཱྀ་ར་རི་རྼྀ་རུ་རླྀ་རཾ། རྣམས་དང་དབྱུག་པ་དམར་པོ་རྣམས་ཡོངས་སུ་གྱུར་པ་ལས། ཀེང་རུས་མ་དང༌། གཙིགས་ མ་དང༌། དུས་མཚན་མ་དང༌། རབ་ཁྲོས་གདོང་མ་དང༌། དུས་ཀྱི་ལྕེ་མ་དང༌། ནག་མོ་དང༌། འཇིགས་རུང་མ་དང༌། གཟུགས་ངན་མ་རྣམས་ཀྱང་ཕག་མོ་ལྟ་བུ་སྟེ་པད་མའི་འདབ་མ་ རྣམས་ལ་གནས་པའོ། །ཀྵཱཿཡིག་དང་ཤག་ཏི་དམར་པོ་ཡོངས་སུ་གྱུར་པ་ལས་གཞོན་ནུ་མ་ དམར་མོ་ཕྱག་བཞིས་ཤག་ཏི་དང་ལྕགས་ཀྱུ་དང་རིན་པོ་ཆེ་དང་ཞགས་པ་འཛིན་ཅིང་ཚོགས་ བདག་གིས་འཁྱུད་པ། བདེན་བྲལ་གྱི་པད་མའི་ལྟེ་བར་རྨ་བྱ་ལ་གནས་པ་དང༌། ཀྵྼྀ་ ཀྵྼཱྀ་རཱ་རཱི་རྼཱྀ་རཱུ་རླཱྀ་རཿ རྣམས་དང་ཤག་ཏི་རྣམས་ཡོངས་སུ་གྱུར་པ་ ལས། པད་མ་མ་དང༌། རིན་ཆེན་ཕྲེང་མ་དང༌། ལུས་མེད་མ་དང༌། གཞོན་ནུ་མ་དང༌། རི་ དྭགས་བདག་པོའི་འགྲོས་མ་དང༌། མིག་བཟང་མ་དང་རུལ་མ་དང༌། བཟང་མོ་རྣམས་ཀྱང་ གཞོན་ནུ་མ་ལྟ་བུ་སྟེ་པད་མའི་འདབ་མ་རྣམས་ལ་གནས་པའོ། །ཧཾ་ཡིག་དང་རྩེ་གསུམ་དཀར་ པོ་ཡོངས་སུ་གྱུར་པ་ལས། དྲག་མོ་དཀར་མོ་ཕྱག་བཞིས་རྩེ་གསུམ་དང་སྒྲ་དང་བཅས་པའི་ཌ་ མ་རུ་དང་ཁ་ཊྲཱཾ་ག་དང་ལྟོས་འགྲོ་འཛིན་ཅིང་གཤིན་རྗེས་འཁྱུད་པ་བྱང་གི་པད་མའི་ལྟེ་བར་ ཁྱུ་མཆོག་ལ་གནས་པ་དང༌། ཧཱུ་ཧཱུ་ཝཝི་ཝྼྀ་ཝུ་ཝླྀ་ཝཾ། རྣམས་དང་རྩེ་གསུམ་ རྣམས་ཡོངས་སུ་གྱུར་པ་ལས། གཽ་རི་དང༌། ཏོ་ཏ་ལཱ་དང༌། གཾ་གཱ་མ་དང༌། རྟག་མ་དང༌། མྱུར་མ་ དང༌། མཚོན་བྱེད་མ་དང༌། དམར་སེར་མ་དང༌། ནག་མོ་རྣམས་ཀྱང་དྲག་མོ་ལྟ་བུ་སྟེ་པད་མའི་ 7-1-283 འདབ་མ་རྣམས་ལ་གནས་པའོ། །ཀྵཾ་ཡིག་དང་པད་མ་དཀར་པོ་ཡོངས་སུ་གྱུར་པས་དཔལ་མོ་ དཀར་མོ་ཕྱག་བཞིས། པད་མ་དང་བགྲང་ཕྲེང་དང་ཆུ་སྐྱེས་དང་རིན་པོ་ཆེ་འཛིན་ཅིང་གདོང་ དྲུག་གིས་མཁྱུད་པ་དབང་ལྡན་གྱི་པད་མའི་ལྟེ་བར་སེང་གེ་ལ་གནས་པ་དང༌། ཀྵུ་ཀྵཱུ་ཝཱ་ཝཱི་ ཝྼཱྀ་ཝཱུ་ཝླཱྀ་ཝཿ རྣམས་དང་པད་མ་རྣམས་ཡོངས་སུ་གྱུར་པ་ལས། དཔལ་ལྡན་ དཀར་མོ་དང༌། འཛིན་མ་དང༌། ཟླ་བའི་རི་མོ་དང༌། རི་བོང་འཛིན་མའི་གདོང་མ་དང༌། ངང་ པའི་མདོག་མ་དང༌། པད་མའི་དབང་མོ་དང༌། སྐར་མིག་མ་དང༌། དྲི་མེད་རི་བོང་འཛིན་མ་ རྣམས་ཀྱང་དཔལ་མོ་ལྟ་བུ་སྟེ་པད་མའི་འདབ་མ་རྣམས་ལ་གནས་པའོ། །ཧཱ་ཡིག་དང་རྡོ་རྗེ་ ལ་སེར་པོ་ཡོངས་སུ་གྱུར་པ་ལས་དབང་མོ་སེར་མོ་ཕྱག་བཞི་རྡོ་དང་མདའ་དང་སྒྲ་དང་བཅས་ པའི་དྲིལ་བུ་དང་གཞུ་རྣམས་འཛིན་ཅིང་བདེན་བྲལ་གྱིས་འཁྱུད་པ། ནུབ་ཀྱི་པད་མའི་ལྟེ་བར་ གླང་པོ་ཆེ་ལ་གནས་པ་དང༌། ཧླྀ་ཧླཱྀ་ལ་ལི་ལྼྀ་ལུ་ལླྀ་ལཾ། རྣམས་དང་ རྡོ་རྗེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་འོད་དང༌། བཀྲ་བའི་རི་མོ་དང༌། རྡོ་རྗེའི་ལུས་མ་ དང༌། གསེར་ལྡན་མ་དང༌། ཨུར་བ་སཱི་དང༌། རམ་བྷཱ་དང༌། ཟུག་རྔུ་མིང་དང༌། ཤིན་ཏུ་སྒྲོལ་མ་ རྣམས་ཀྱང་དབང་མོ་ལྟ་བུ་སྟེ། པད་མའི་འདབ་མ་རྣམས་ལ་གནས་པའོ། །ཀྵཱ་ཡིག་དང་བར་ བུ་སེར་པོ་ཡོངས་སུ་གྱུར་པ་ལས་ཚངས་མ་སེར་མོ་ཕྱག་བཞིས་པད་མ་དང་ཚངས་པའི་དབྱུག་ པ་དང༌། སྤྱི་བླུགས་དང་བར་བུ་འཛིན་ཅིང་ཁྱབ་འཇུག་གིས་འཁྱུད་པ་རླུང་འཚམས་ཀྱི་པད་ མའི་ལྟེ་བར་ངང་པ་ལ་གནས་པ་དང༌། ཀྵླྀ་ཀྵླཱྀ་ལཱ་ལཱི་ལྼཱྀ་ལཱུ་ལླཱྀ་ ལཿ རྣམས་དང་བར་བུ་རྣམས་ཡོངས་སུ་གྱུར་པ་ལས། པཱ་བི་ཏྲཱི་དང༌། ངག་གི་དབང་ཕྱུག་མ་ དང༌། པད་མའི་ཕྱག་མ་དང༌། ཆུ་སྐྱེས་སྤྱན་མ་དང༌། བློ་གྲོས་མ་དང༌། གཱ་ཡ་ཏྲཱི་དང༌། གློག་མ་ དང༌། དྲན་མ་རྣམས་ཀྱང་ཚངས་མ་ལྟ་བུ་སྟེ་པད་མའི་འདབ་མ་རྣམས་ལ་གནས་པའོ། ། གཙོ་མོ་བརྒྱད་པོ་རྣམས་ནི་ས་གའི་སྟབས་ཀྱིས་གནས་ཤིང་བཅོམ་ལྡན་འདས་ལ་མངོན་ 7-1-284 དུ་ཕྱོགས་པ་དང༌། འཁོར་རྣམས་ནི་རོལ་པའི་སྟབས་ཅན་རང་རང་གི་གཙོ་མོ་ལ་མངོན་དུ་ ཕྱོགས་ཤིང་ཐམས་ཅད་ཞལ་གཅིག་སྤྱན་གསུམ་མ་སྟེ། འོན་ཀྱང་ཚངས་མ་འཁོར་དང་བཅས་ པ་ནི་གདོང་བཞི་མ་དང་གཞོན་ནུ་མ་འཁོར་དང་བཅས་པ་ནི་གདོང་དྲུག་མར་ལྟ་བར་བྱའོ། ། གཙོ་མོ་བརྒྱད་ལ་འཁྱུད་པ་པོ་རྣམས་ཀྱིས་ཁ་དོག་དང་མཚན་མ་ལ་སོགས་པ་ནི་སྐུའི་དཀྱིལ་ འཁོར་དུ་བསྟན་པར་བྱའོ། ། དེ་ནས་སྐུའི་དཀྱིལ་འཁོར་གྱི་ལྷ་སྣམ་ལ་ཚེས་ཀྱི་ལྷ་རྣམས་སྤྲོ་བར་བྱ་སྟེ། ཉ་ཉི་ ཉྼྀ་ཉུ་ཉླྀ་ཉཾ། ཛྷ་ཛྷི་ཛྷྼྀ་ཛྷཱུ་ཛྷླྀ་ཛྷཾ་ཛ་ཛི་ཛྼྀ་ཛུ་ཛླྀ་ཛཾ། ཚ་ཚི་ ཚྼྀ་ཚུ་ཚླྀ་ཚཾ། ཙ་ཙི་ཙྼྀ་ཙུ་ཙླྀ་ཙཾ། རྣམས་སུ་ཡོངས་སུ་གྱུར་པ་ལས་ རལ་གྲི་ནག་པོ་རྣམས་སུ་གྱུར་ཏེ། ཙཾ་དང་ཛྼྀ་ལས་བྱུང་བའི་རལ་གྲི་དག་ཡོངས་སུ་ གྱུར་པ་ལས་སྲིན་པོ་ནག་པོ་ལ་ཛྼྀ་རྡོ་རྗེ་མ་སྲིན་མོ་སེར་མོས་མཁྱུད་པ་གཉི་ག་ཕྱག་ བཞི་པ་གཡས་གཉིས་ཀྱིས་རལ་གྲི་དང་གྲི་གུག་དང༌། གཡོན་གཉིས་ཀྱིས་ཕུབ་དང་ཐོད་པ་ འཛིན་པ་ཤར་གྱི་གཡས་སུ་པད་མའི་ལྟེ་བར་ཡི་དྭགས་ལ་གནས་པ་དང༌། མཚན་མ་ལྷག་མ་ རྣམས་ལས་བྱུང་བའི། རྡོ་རྗེ་མ་ལ་སོགས་པ་ཉེར་བརྒྱད་པོ་རྣམས་ནི་སྐུ་མདོག་དང་ཕྱག་དང་ ཕྱག་མཚན་གཙོ་བོར་ལྟ་བུ་སྟེ་ནང་སྐོར་གྱི་པད་འདབ་མདུན་མ་ནས་རྩམས་ཏེ་པད་འདབ་ རྣམས་ལ་གཡས་སྐོར་གྱིས་རིམ་པས་གནས་པ་ནག་པའི་ཟླ་བའི་གནམ་སྟོང་དང་ཉ་དང་ཚེས་ གཅིག་ལ་སོགས་པ་སུམ་ཅུ་རྣམ་པར་དག་པའོ། །འདིར་ནི་ལྷ་མོ་རྣམས་ཀྱི་མིང་ནི་རང་རང་ གི་ས་བོན་ཉིད་རྡོ་རྗེའི་མཐའ་དང་ལྡན་པ་སོགས་ཉིད་དོ། ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །ཙཱ་ཙཱི་་ཙྼཱྀ་ཙཱུ་ཙླཱྀ་ཙཱཿ ཚ་ཚཱི་ཚྼཱྀ་ཚཱུ་ཚླཱྀ་ཚཿ ཛཱ་ཛཱི་ཛྼཱྀ་ཛཱུ་ཛླཱྀ་ཛཿ ཛྷཱ་ཛྷཱི་ཛྷྼཱྀ་ཛྷཱུ་ ཛྷླཱྀ་ཛྷཱཿ ཉཱ་ཉཱི་ཉྼཱྀ་ཉཱུ་ཉླཱྀ་ཉཱཿ རྣམས་ལས་ཡོངས་སུ་གྱུར་པ་ལས་དཔག་ 7-1-285 བསམ་གྱི་ཤིང་ནག་པོ་རྣམས་སུ་གྱུར་ཏེ། ཉཿདང་ཛྼཱྀ་ལས་བྱུང་པའི་དཔག་བསམ་གྱི་ ཤིང་དག་ཡོངས་སུ་གྱུར་པ་ལས་རླུང་ལྷ་ནག་པོ་ལ་ཛྼཱྀ་རྡོ་རྗེ་མ་རབ་གཏུམ་མ་སེར་ མོས་འཁྱུད་པ་གཉི་ག་ཕྱག་བཞི་པ་དཔག་བསམ་གྱི་ཤིང་དང་ཡོངས་འདུའི་མེ་ཏོག་དང་ནོར་ བུ་ཨིན་ཊ་ནི་ལ་དང་ཨུ་པལ་སྔོན་པོ་འཛིན་པ་མེའི་ལྟེ་བར་རི་དྭགས་ལ་གནས་པ་དང༌། ཙ་རྡོ་ རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་སྟེ་ས་གའི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། ། དེ་ལྟར་ཟླ་བ་གཉིས་ནི་རླུང་གི་ཁམས་གཞན་ཏེ་དཔྱིད་ཀྱི་དུས་རྣམ་པར་དག་པའོ། །ཎ་ ཎི་ཎྼྀ་ཎུ་ཎླྀ་ཎཾ། ཞེས་པ་ལ་སོགས་པ་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས་ ཤག་ཏི་དམར་པོ་རྣམས་སུ་གྱུར་ཏེ། ཊཾ་དང་ཌྼྀ་ལས་བྱུང་བའི་ཤཀ་ཏི་དག་ཡོངས་ སུ་གྱུར་པ་ལས་མེ་ལྷ་དམར་པོ་ལ་ཌྼྀ་རྡོ་རྗེ་མ་ཆུ་ལྷ་མོ་དཀར་མོས་འཁྱུད་པ་གཉི་ག་ ཕྱག་བཞི་པ་ཤཀ་ཏི་དང་དབྱུག་པ་དང་ཆུ་སྐྱེས་དང་སྤྱི་བླུགས་འཛིན་པ་ལྷོའི་གཡས་སུ་པད་ མའི་ལྟེ་བར་ལུག་ལ་གནས་པ་དང༌། ཎ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ་སྣྲོན་ གྱི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །ཊཱ་ཊཱི་ཊྼཱྀ་ཊུ་ཊླཱྀ་ཊཱ་ཞེས་པ་ལ་ སོགས་པ་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས་མདུང་དམར་པོ་རྣམས་སུ་གྱུར་ཏེ། ཎཿདང་ ཌྼཱྀ་ལས་བྱུང་བའི་མདུང་དམར་པོ་དག་ཡོངས་སུ་གྱུར་པ་ལས་གདོང་དྲུག་དམར་པོ་ ལ་ཌྼཱྀ་རྡོ་མ་དཔལ་མོ་དཀར་མོས་མཁྱུད་པ་གཉི་ག་ཕྱག་བཞི་པ་ཤག་ཏི་དང་མདུང་ དང་མེ་ལོང་འཛིན་པ། བདེན་བྲལ་གྱི་པད་མའི་ལྟེ་བར་རྨ་བྱ་ལ་གནས་པ་དང༌། ཊཱ་རྡོ་མ་ལ་ སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་ཏེ་ཆུ་སྟོད་ཀྱི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། ། དེ་ལྟར་ཟླ་བ་གཉིས་ནི་མེའི་ཁམས་གཞན་ཏེ་སོའི་ཀའི་དུས་རྣམ་པར་དག་པའོ། །མ་མི་ མྼྀ་མུ་མླྀ་མཾ་ཞེས་པ་ལ་སོགས་པ་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས་ཞགས་ པ་དཀར་པོ་རྣམས་སུ་གྱུར་ཏེ། པཾ་དང་བྼྀ་ལས་བྱུང་ཞགས་པ་དག་ཡོངས་སུ་གྱུར་པ་ 7-1-286 ལས་རྒྱ་མཚོ་དཀར་པོ་ལ་བྼྀ་རྡོ་མ་ཕག་མོ་དམར་མོས་འཁྱུད་པ་གཉི་ག་ཕྱག་བཞི་ པ་ཞགས་པ་དང་རིན་པོ་ཆེ་དང༌། སྦྲུལ་ཞགས་དང་ཟླ་བ་ཆུ་ཤེལ་གྱི་ནོར་བུ་འཛིན་པ། བྱང་ གི་གཡས་སུ་པད་མའི་ལྟེ་བར་ཆུ་སྲིན་ལ་གནས་པ་དང༌། མ་རྡོ་རྗེ་མ་ལ་སོགས་རྣམས་ནི་ གཙོ་བོ་ལྟ་བུ་སྟེ་གྲོ་བཞིན་གྱི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །པཱ་པཱི་པྼཱྀ་པཱུ་ པླཱྀ་པཱཿཞེས་པ་ལ་སོགས་པ་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས་དགྲ་སྟ་དཀར་པོ་ རྣམས་སུ་གྱུར་ཏེ། མཿདང་བྼཱྀ་ལས་བྱུང་དགྲ་སྟ་དག་ཡོངས་སུ་གྱུར་པ་ལས་ཚོགས་ བདག་དཀར་པོ་ལ་བྼཱྀ་རྡོ་རྗེ་མ་གཞོན་ནུ་མ་དམར་མོས་འཁྱུད་པ་གཉི་ག་ཕྱག་བཞི་ པ་དགྲ་སྟ་དང་རྡོ་རྗེ་དང་ཞགས་པ་དང་ནོར་བུ་འཛིན་པ། དབང་ལྡན་གྱི་པད་མའི་ལྟེ་བར་བྱི་ བ་ལ་གནས་པ་དང༌། པཱ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ་ཁྲུམས་སྟོད་ཀྱི་ཟླ་ བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། ། དེ་ལྟར་ཟླ་བ་གཉིས་ནི་ཆུའི་ཁམས་གཞན་ཏེ་དབྱར་གྱི་དུས་རྣམ་པར་དག་པའོ། །ན་ནི་ ནྼྀ་ནུ་ནླྀ་ནཾ། ཞེས་པ་ལ་སོགས་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེར་ པོ་རྣམས་སུ་གྱུར་ཏེ། ཏཾ་དང་དྼྀ་ལས་བྱུང་བའི་རྡོ་རྗེ་དག་ཡོངས་སུ་གྱུར་པ་ལས་ དབང་པོ་སེར་པོ་ལ་དྼྀ་རྡོ་རྗེ་མ་རླུང་ལྷ་མོ་ནག་མོས་མཁྱུད་པ་གཉི་ག་ཕྱག་བཞི་པ་རྡོ་ རྗེ་དང་མེའི་མདའ་དང་རྡོ་རྗེ་དྲིལ་བུ་དང་གཞུ་འཛིན་པ་ནུབ་ཀྱི་གཡས་སུ་པད་མའི་ལྟེ་བར་ གླང་ཆེན་ལ་གནས་པ་དང། ན་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ། ཐ་སྐར་གྱི་ཟླ་ བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །ཏཱ་ཏཱི་ཏྼཱྀ་ཏཱུ་ཏླཱྀ་ཏཱཾཿ ཞེས་པ་ལ་སོགས་ པ་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས་ཁབ་སེར་པོ་རྣམས་སུ་གྱུར་ཏེ། ནཱཿདང་དྼཱྀ་ ལས་བྱུང་བའི་ཁབ་དག་ཡོངས་སུ་གྱུར་པ་ལས་མེས་པོ་སོར་པོ་ལ་དྼཱྀ་རྡོ་རྗེ་མ་གློག་ མ་ནག་མོས་འཁྱུད་པ་གཉི་ག་བཞི་པ་ཁབ་དང་བགྲང་ཕྲེང་དང་པད་མ་དང་སྤྱི་བླུགས་འཛིན། 7-1-287 རླུང་གི་པད་མའི་ལྟེ་བར་ངང་པ་ལ་གནས་པ་དང༌། ཏཱ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ ལྟ་བུ་སྟེ། སྨིན་དྲུག་གི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། ། དེ་ལྟར་ཟླ་བ་གཉིས་ནི་སའི་ཁམས་གཞན་སྟེ་སྟོན་གྱི་དུས་རྣམ་པར་དག་པའོ། །ྈྐ་ྈྐི་ ྈྐྼྀ་ྈྐུ་ྈྐླྀ་ྈྐཾ། ཞེས་པ་ལ་སོགས་པ་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས་རྩེ་ གསུམ་སྔོན་པོ་རྣམས་སུ་གྱུར་ཏེ། སཾ་དང་ཥྼྀ་ལས་བྱུང་བའི་རྩེ་གསུམ་དག་ཡོངས་སུ་ གྱུར་པ་ལས་དྲག་པོ་སྔོན་པོ་ལ་ཥྼྀ་རྡོ་རྗེ་མ་རྡོ་རྗེ་མ་རི་སྲས་མོ་ལྗང་ཁུས་འཁྱུད་པ་ གཉི་ག་ཕྱག་བཞི་པ་རྩེ་གསུམ་དང་མདའ་དང་སྦྲུལ་དང་བཅས་པའི་ཁ་ཌཾ་ག་དང་གཞུ་འཛིན་ པ་བྱང་གི་གཡོན་དུ་པད་མའི་ལྟེ་བར་ཁྱུ་མཆོག་ལ་གནས་པ་དང༌། རྡོ་རྗེ་མ་ལ་སོགས་པ་ རྣམས་ནི་གཙོ་བོ་ལྟ་བུ་ཏེ་མགོའི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །སཱ་སཱི་སྼཱྀ་ སཱུ་སླཱྀ་སཱཿཞེས་པ་ལ་སོགས་པ་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས་བེ་ཅོན་སྔོན་ པོ་རྣམས་སུ་གྱུར་ཏེ། ྈྐ་དང་ཥྼཱྀ་ཥྀར་ལས་བྱུང་བའི་བེ་ཅོན་དག་ཡོངས་སུ་གྱུར་ པ་ལས་ནོར་བདག་སྔོན་པོ་ལ་ཥྼཱྀ་རྡོ་རྗེ་མ་ནོར་གྱི་དབང་མོས་འཁྱུད་པ་གཉི་ག་ཕྱག་ བཞི་པ་ནོར་བུ་དང་བེ་ཅོན་དང་ནེའུ་ལེ་དང་པད་མ་འཛིན་པ་ནུབ་ཀྱི་གཡོན་དུ་པད་མའི་ལྟེ་ བར་གླང་པོ་ལ་གནས་པ་དང༌། སཱ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ་རྒྱལ་གྱི་ཟླ་ བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། ། དེ་ལྟར་ཟླ་བ་གཉིས་ནི་ཡེ་ཤེས་ཀྱི་ཁམས་གཞན་ཏེ་དགུན་སྟོད་ཀྱི་དུས་རྣམ་པར་དག་ པའོ། །ང་ངི་ངྼྀ་ངུ་ངླྀ་ངཾ་ཞེས་པ་ལ་སོགས་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས་ འཁོར་ལོ་ལྗང་ཁུ་རྣམས་སུ་གྱུར་ཏེ། ཀཾ་དང་གྼྀ་ལས་བྱུང་བའི་འཁོར་ལོ་དག་ཡོངས་ སུ་གྱུར་པ་ལས་ཁྱབ་འཇུག་ལྗང་ཁུ་ལ་གྼྀ་རྡོ་རྗེ་མ་དཔལ་མོ་སྔོན་མོས་འཁྱུད་པ་གཉི་ ག་ཕྱག་བཞི་པ་འཁོར་ལོ་དང་དབྱུག་ཐོ་དང་པད་མ་དང་སྐྱེ་བ་ལྔ་པའི་དུང་འཛིན་པ་ཤར་ 7-1-288 གྱི་གཡོན་དུ་པད་མའི་ལྟེ་བར་ནམ་མཁའ་ལྡིང་ལ་གནས་པ་དང༌། ང་རྡོ་རྗེ་མ་ལ་སོགས་པ་ རྣམས་ནི་གཙོ་བོ་ལྟ་བུ་སྟེ་མཆུའི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །ཀཱ་ཀཱི་ཀྼཱྀ་ ཀཱུ་ཀླཱྀ་ཀཿཞེས་པ་ལ་སོགས་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས་དབྱུག་པ་ལྗང་ཁུ་ རྣམས་སུ་གྱུར་ཏེ། ངཱ་དང་གྼཱྀ་ལས་བྱུང་བའི་དབྱུག་པ་དག་ཡོངས་སུ་གྱུར་པ་ལས་ གཤིན་རྗེ་ལྗང་ཁུ་ལ་གྼཱྀ་རྡོ་རྗེ་མ་གཤིན་རྗེ་མ་སྔོན་མོས་འཁྱུད་པ་གཉི་ག་ཕྱག་བཞི་ པ་དབྱུག་པ་དང་རལ་གྲི་དང་ལྕགས་སྒྲོག་དང་ཞགས་པ་འཛིན་པ་ལྷོའི་གཡོན་དུ་པད་མའི་ ལྟེ་བར་མ་ཧེ་ལ་གནས་པ་དང༌། ཀཱ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ་དབོའི་ཟླ་ བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་ནམ་མཁའི་ཁམས་གཞན་ཏེ་ དགུན་སྨད་ཀྱི་དུས་རྣམ་པར་དག་པའོ། ། གཙོ་བོ་རྣམས་རྡོ་རྗེའི་གདན་གྱིས་གནས་ཤིང་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་ པ་དང༌། འཁོར་རྣམས་ནི་རོལ་པའི་སྟབས་ཅན་རང་རང་གི་གཙོ་བོ་ལ་མངོན་དུ་ཕྱོགས་ཤིང་ ཐམས་ཅད་ཞལ་གཅིག་ཕྱག་བཞི་པ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ་སྟེ། འོན་ ཀྱང་ཚངས་མ་འཁོར་དང་བཅས་པ་ནི་གདོང་བཞི་མ་དང་གཞོན་ནུ་མ་འཁོར་དང་བཅས་པ་ནི་ གདོང་དྲུག་མར་ཟླ་བར་བྱའོ། །འདིར་ལྷ་ཆེན་བཅུ་གཉིས་ལ་འཁྱུད་པའི་ཡུམ་གསུང་གི་རྣལ་ འབྱོར་མ་དང་མི་མཐུན་པ་ནི་རྣམས་ཀྱང་འདིར་ས་བོན་གསུང་དང་མི་འདྲ་བར་གྱུར་པ་དང༌། དཀྱིལ་འཁོར་ལ་དགོད་པའི་མཚན་མའི་ཡབ་རྣམས་དང་འདྲ་བར་རིགས་པའི་ཕྱིར་ཕྱག་ མཚན་རྣམས་ཡབ་དང་འདྲ་བར་ཐོབ་ལ། སྐུ་མདོག་ནི་རིགས་མི་མཐུན་འཁྱུད་པ་དུས་འཁོར་ གྱིས་རིགས་པའོ། །གཞན་དག་ཆུ་ལྷ་མོ་དང༌། རླུང་ལྷ་མོ་དང༌། གཤིན་རྗེ་མོ་དང༌། གནོད་ སྦྱིན་མོ་བཞི་པོ་མ་གཏོགས་པ་ཡུམ་གཞན་བརྒྱད་པོ་གསུང་གི་རྣལ་འབྱོར་མ་ཡིན་པར་འདོད་ པ་ལ་ནི། གསུང་གི་རྣལ་འབྱོར་མ་རྣམས་འབྱུང་སྐྱེས་ཡིན་པ་དང༌། སྐུའི་ལྷ་བཅུ་གཉིས་ཀྱི་ 7-1-289 ཡུམ་རྣམས་འཆི་མེད་ན་ཆུང་ཞེས་སོགས་ལྷའི་རིགས་ཡིན་པར་གསུངས་པས་གནོད་དོ། ། དེ་ནས་སྒོ་སྐྱོང་སྤྲོ་བ་ནི། ཡ་ར་ལ་ཝ་རྣམས་བྱུང་བའི་དབྱུག་པ་དང་མདའ་དང་གཏུན་ ཤིང་དང་བེ་ཅོན་རྣམས་ཡོངས་སུ་གྱུར་པ་ལས་རིམ་པ་ལྟར་ཁྲོ་བོ་དབྱུག་སྔོན་ཅན་ནག་པོ་ ཕྱག་བཞིའི་གཡས་གཉིས་ཀྱི་རལ་གྲི་དང་རྡོ་རྗེ་དང་གཡོན་གཉིས་ཀྱིས་ཕུབ་དང་ལྟོས་འགྲོ་ འཛིན་ཅིང༌། ལཱ་ཡིག་དང་འཁོར་ལོ་ལས་བྱུང་བའི་འོད་ཟེར་ཅན་སྟོབས་པོ་ཆེ་ལྟ་བུས་འཁྱུད་ པ་ཤར་གྱི་སྒོར་འོད་ཟེར་ཅན་གྱི་ཤིང་རྟ་ལ་གནས་པ་དང༌། འདོད་པའི་རྒྱལ་པོ་དམར་པོ་ ཕྱག་བཞིས་མདའ་དང་ལྕགས་ཀྱུ་དང་གཞུ་དང་ཞགས་པ་འཛིན་ཅིང༌། ཝཱ་ཡིག་དང་ཐོ་བ་ ལས་བྱུང་བའི་སྐུལ་བྱེད་མ་མི་གཡོ་བ་ལྟ་བུས་འཁྱུད་པ་ལྷོ་སྒོར་ཙུན་དའི་ཤིང་རྟ་ལ་གནས་ པ་དང༌། མི་གཡོ་བ་དཀར་པོ་ཕྱག་བཞི་ཐོ་བ་དང་མདུང་དང་པད་མ་དང་མེ་ལོང་འཛིན་ཅིང༌། རཱ་ཡིག་དང་མདའ་ལས་བྱུང་བའི་ཁྲོ་གཉེར་ཅན་མ་འདོད་པའི་རྒྱལ་པོ་ལྟ་བུས་འཁྱུད་པ་བྱང་ གི་སྒོར་ཁྲོ་གཉེར་ཅན་གྱི་ཤིང་རྟ་ལ་གནས་པ་དང༌། སྟོབས་པོ་སེར་པོ་ཕྱག་བཞིས་འཁོར་ལོ་ དང་དབྱུག་པ་དང་དུང་དང་རིན་པོ་ཆེ་འཛིན་ཅིང༌། །ཡཱ་ཡིག་དང་རལ་གྲི་ལས་བྱུང་བའི་རྡོ་ རྗེ་ལྕགས་སྒྲོག་མས་དབྱུག་སྔོན་ཅན་ལྟ་བུས་འཁྱུད་པ་ནུབ་ཀྱི་སྒོར་ལྕགས་སྒྲོག་མའི་ཤིང་རྟ་ ལ་གནས་པ་དང༌། །ཧཾ་ཡིག་ལས་བྱུང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་གཙུག་ཏོར་འཁོར་ལོས་ སྒྱུར་བ་ལྗང་ཁུ་ཞལ་གསུམ་ཕྱག་དྲུག་པ་གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་ གཡས་པ་རྣམས་ཀྱིས་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ་འཛིན་ཅིང༌། གཡོན་པ་རྣམས་ཀྱི་དྲིལ་བུ་ དང་ཐོད་པ་དང་ཚངས་པའི་མགོ་བོ་འཛིན་པ། ཧཱཿཡིག་དང་རྡོ་རྗེ་ལས་བྱུང་བའི་ཤིན་ཏུ་སྔོན་ མོ་ཕྱག་བཞིས་གཡས་གཉིས་ཀྱིས་གྲི་གུག་དང་རྡོ་རྗེ་དང༌། གཡོན་གཉིས་ཀྱིས་ཐོད་པ་དང་ དྲིལ་བུ་འཛིན་པས་འཁྱུད་པ་སྟེང་གི་ཤིན་ཏུ་སྔོན་མོའི་ཤིང་རྟ་ལ་གནས་པ་དང༌། ཧ་ཡིག་ལས་ བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་གནོད་མཛེས་རྒྱལ་པོ་སྔོན་མོ་ཤིན་ཏུ་སྔོན་མོ་ལྟ་བུ་ལ། 7-1-290 ཧཱ་ཡིག་དང་རྩེ་གསུམ་ལས་བྱུང་བའི་དྲག་སྤྱན་མ་ལྗང་ཁུ་ཕྱག་བཞིས། དགྲ་སྟ་དང་རྩེ་གསུམ་ དང༌། སྦྲུལ་ཞགས་དང་ཁ་ཏྲཾ་ག་འཛིན་པས་འཁྱུད་པ་འོག་ཏུ་དྲག་སྤྱན་མའི་ཤིང་རྟ་ལ་གནས་ པ་སྟེ། སྒོ་བཞི་དང་འོག་ཏུ་གནས་པའི་ཁྲོ་བོ་ནི་ཞལ་གཅིག་པ་ཐམས་ཅད་ཀྱང་སྤྱན་གསུམ་ པ་རབ་ཏུ་ཁྲོས་ཤིང་སྦྲུལ་གྱིས་བརྒྱན་པ། ཁྲོ་བོ་རྣམས་གཡས་རྐྱང་དང་ཁྲོ་བོའི་ལྷ་མོ་རྣམས་ གཡོན་རྐྱང་གི་སྟབས་ཀྱིས་གནས་པའོ། །འདིར་གཙུག་ཏོར་འཁོར་ལོས་སྒྱུར་བ་ནི་སྔར་ ཐུགས་དཀྱིལ་གྱི་སྐབས་སུ་སྟེང་དུ་སྤྲོས་པའི་ཕྱིར་ཐུགས་ཀྱི་ཁྲོ་བོ་ཡིན་པས་འདིར་ཡང་ཞལ་ གསུམ་ཕྱག་དྲུག་པ་ཉིད་དུ་ཐོབ་པོ། ། དེ་ནས་སྐུའི་སྟེགས་བུ་རྟ་བབས་ཀྱི་ཀ་བའི་ནང་རོལ་དུ་ཀླུ་རྣམས་སྤྲོ་བར་བྱ་སྟེ། ཧྻ་ཧྻཱ་ ལས་བྱུང་བའི་རྒྱལ་མཚན་དག་ཡོངས་སུ་གྱུར་པ་ལས་སྟོབས་ཀྱི་རྒྱུ་དང་པད་མ་ནག་པོ། ནམ་ མཁའ་ལྡིང་གདོང་མ་དང་ལྕེ་སྤྱང་གདོང་མས་འཁྱུད་པ། ཤར་སྒོའི་གཡོན་དང་གཡས་ཀྱི་ སྟེགས་བུའི་སྟེངས་སུ་རླུང་གི་དཀྱིལ་འཁོར་ཟླུམ་པོ་ནག་པོ་ཐིག་ལེས་མཚན་པ་ལ་གནས་པ་ དང༌། ཧྼ་ཧྼཱ་ལས་བྱུང་བའི་བཀྲ་ཤིས་འཁྱིལ་པ་དག་ཡོངས་སུ་གྱུར་པ་ལས་ནོར་རྒྱས་དང་དུང་ སྐྱོང་དམར་པོ། འུག་གདོང་མ་དང་སྟག་གདོང་མས་མཁྱུད་པ། ལྷ་སྒོའི་གཡོན་དང་གཡས་སུ་ མེའི་དཀྱིལ་འཁོར་གྲི་གསུམ་དམར་པོ་བཀྲ་ཤིས་ཀྱི་མཚན་པ་ལ་གནས་པ་དང༌། ཧྺ་ཧྺཱ་ལས་ བྱུང་བའི་པད་མ་དག་ཡོངས་སུ་གྱུར་པ་ལས་མཐའ་ཡས་དང་རིགས་ལྡན་དཀར་པོ། བྱ་རྒོད་ གདོང་མ་དང་འུག་གདོང་མས་འཁྱུད་པ། བྱང་སྒོའི་གཡོན་དང་གཡས་སུ་ཆུའི་དཀྱིལ་འཁོར་ དཀར་པོ་པད་མས་མཚན་པ་ལ་གནས་པ་དང༌། ཧླ་ཧླཱ་ལས་བྱུང་བའི་རྡོ་རྗེ་དག་ཡོངས་སུ་གྱུར་ པ་ལས་འཇོག་པོ་དང་པད་མ་ཆེན་པོ་སེར་པོ། ཁཱ་གདོང་མ་དང་ཁྱི་གདོང་མ་ནག་མོས་འཁྱུད་ པ། ནུབ་སྒོའི་གཡོན་དང་གཡས་སུ་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པ་ལ་ གནས་པ་དང༌། སྟེང་དུ་ནམ་མཁའི་དཀྱིལ་འཁོར་ལྗང་ཁུ་ལ་ཧཱུཾ་ལས་བྱུང་བའི་རྒྱལ་བ་ལྗང་ཁུ་ 7-1-291 རྡོ་རྗེ་མིག་མས་འཁྱུད་པ་དང༌། འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ་ལ་ཀྵུཾ་ལས་བྱུང་བའི་ རྣམ་པར་རྒྱལ་བ་སྔོན་པོ་སྔོན་མོས་འཁྱུད་པ་གནས་པ་སྟེ། །ཐམས་ཅད་ཀྱང་རྡོ་རྗེའི་གདན་ གྱིས་གནས་ཤིང་རིན་པོ་ཆེས་བརྒྱན་པ་ཞལ་གཅིག་སྤྱན་གསུམ་པ་ཕྱག་བཞིས་བདུད་ རྩིའི་བུམ་པ་དང་རྡོ་རྗེ་དང་པད་མ་དང་རིན་པོ་ཆེ་འཛིན་པའོ། །དེ་བཞིན་དུ། ཀྑྒྒྷྔ་དང་གྲི་གུག་ ལས་བྱུང་བའི་ཁྱི་གདོང་མ་ནག་མོ་པད་མ་ཆེན་པོས་འཁྱུད་པ། ཤར་གྱི་དུ་ཁྲོད་རྩེ་མོ་ འབིགས་པར་བསེའི་སྟེང་དུ་འཁོར་ལོའི་གདན་ལ་གནས་པ་དང༌། ཉྫྷྫྪྩ་དང་གྲི་གུག་ལས་བྱུང་ བའི་ཁྭ་གདོང་མ་ནག་མོ་འཇོག་པོས་འཁྱུད་པ་ཤར་ལྷོའི་དུར་ཁྲོད་ལྷག་མ་ཅན་དུ་བྷེ་རུན་ དྲའི་སྟེང་དང༌། ཀྵྻྼྺླ་དང་གྲི་གུག་ལས་བྱུང་བའི་ཁ་གདོང་མ་དམར་མོ་རིགས་ལྡན་གྱིས་འཁྱུད་ པ་ལྷོའི་དུར་ཁྲོད་རོ་བསྲེག་པར་དོམ་གྱི་སྟེང་དང༌། ཎྜྷྜྛྚ་དང་གྲི་གུག་ལས་བྱུང་བའི་བྱ་རྒོད་ གདོང་མ་དམར་མོ་མཐའ་ཡས་ཀྱིས་འཁྱུད་པ། བདེན་བྲལ་གྱི་དུར་ཁྲོད་དྲག་པོའི་གཡུལ་ དུ་ཁྲུང་ཁྲུང་གི་སྟེང་དང༌། ཧྻྼྺླ་དང་གྲི་གུག་ལས་བྱུང་བའི་སྟག་གདོང་མ་དཀར་མོ་དུང་སྐྱོང་ གིས་འཁྱུད་པ། བྱང་གི་དུར་ཁྲོད་རུལ་པར་འབྲིའི་སྟེང་དང༌། མྦྷྦྥྤ་དང་གྲི་གུག་ལས་བྱུང་བའི་ འུག་གདོང་མ་དཀར་མོ་ནོར་རྒྱས་ཀྱིས་འཁྱུད་པ། དབང་ལྡན་གྱི་དུར་ཁྲོད་བྱིས་པ་ཤི་བར་བྱ་ མ་བྱིའི་སྟེང་དང༌། ྈྴྐྐྤྶ་དང་གྲི་གུག་ལས་བྱུང་བའི་ལྕེ་སྤྱང་གདོང་མ་སེར་མོ་པད་མ་མས་འཁྱུད་ པ་ནུབ་ཀྱི་དུར་ཁྲོད་རྣག་གི་ཏྲིར་སེང་གེ་སྟེང་དང༌། ནྡྷྡྠྟ་དང་གྲི་གུག་ལས་བྱུང་བའི་མཁའ་ ལྡིང་གདོང་མ་སེར་མོ་སྟོབས་ཀྱིས་རྒྱུས་མཁྱུད་པ། རླུང་གི་དུར་ཁྲོད་སྦྲུལ་གྱིས་གཟུང་བར་ མིག་སྔོན་གྱི་སྟེང་དུ་འཁོར་ལོའི་གདན་ལ་གནས་པའོ། །སྟེང་དང་འོག་ཏུ་ནི་དང་ཤ་ལས་བྱུང་ བའི་སྔོན་མོ་དང་རྡོ་རྗེ་མིག་མ་ལྗང་ཁུ་དང་སྔོན་མོ་རྣམ་པར་རྒྱལ་བ་དང་རྒྱལ་བ་དག་གིས་ མཁྱུད་པ་ཤིང་རྟ་ལྗང་ཁུ་དང་སྔོན་པོ་ལ་གནས་པ་སྟེ། ཐམས་ཅད་ཟླུམ་པོའི་སྟབས་ཀྱིས་ གནས་ཤིང་གཅེར་བུ་ཕྱག་རྒྱ་ལྔས་རྒྱན་ཅིང་མི་མགོའི་ཕྲེང་བ་མགུལ་དུ་འཕྱང་བ་ཞལ་གཅིག་ 7-1-292 མ་སྤྱན་གསུམ་མ་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའོ། །དེ་ལྟར་བསྟན་པ་རྣམས་ གཡས་བརྐྱང་གིས་གནས་པ་ལ་གཡོན་བརྐྱང་གིས་འཁྱུད་པ་དང༌། རྡོ་རྗེའི་གདན་ལ་པད་ མའི་གདན་གྱིས་འཁྱུད་པ་དང༌། པད་མའི་གདན་ལ་རྡོ་རྗེའི་གདན་གྱིས་འཁྱུད་པ་དང༌། ས་ ག་ལ་ག་ས་གས་འཁྱུད་པ་དང༌། ཟླུམ་པོ་ལ་ཟླུམ་པོས་འཁྱུད་པ་སྟེ་ཐམས་ཅད་དུ་ངེས་པའོ། ། དེ་ནས་གསུང་གི་སྟེགས་བུ་ལ་འདོད་མ་རྣམས་ཏེ། ཙཿཚཿཛཿཛྷཿཉཿརྣམས་ཡོངས་སུ་ གྱུར་པ་ལས་སྒྲོལ་མ་ལས་བྱུང་བའི་དབྱེ་བར་འདོད་མ་དང༌། རེག་བྱ་རྡོ་རྗེ་མ་ལས་བྱུང་བའི་ གོས་འདོད་མ་དང༌། ཁྱབ་འཇུག་མ་ལས་བྱུང་བའི་མཆིལ་མ་འདོད་པར་འདོད་མ་དང༌། ལྕགས་སྒྲོག་མ་ལས་བྱུང་བའི་རེག་བྱ་འདོད་མ་དང༌། ཁྭ་གདོང་མ་ལས་བྱུང་བའི་ལྷག་མ་ ཟ་བར་འདོད་མ་རྣམས་ཤར་གྱི་སྒོའི་གཡས་སུ་རིམ་པས་གནས་པ་དང༌། ཊཿཋཿཌཿཌྷཿཎཿ རྣམས་ཡོངས་སུ་གྱུར་པ་ལས་གོས་འདོད་མ་དང་དཀར་མོ་ལས་བྱུང་བའི་བསྐྱོད་པར་འདོད་ མ་དང༌། རོ་རྡོ་རྗེ་མ་ལས་བྱུང་བའི་ཟས་འདོད་མ་དང༌། གཞོན་ནུ་མ་ལས་བྱུང་གར་འདོད་མ་ དང༌། ཁྲོ་གཉེར་མ་ལས་བྱུང་བའི་དགུག་པར་འདོད་མ་དང༌། བྱ་རྒོད་གདོང་མ་ལས་བྱུང་བའི་ གཡུལ་འདོད་མ་རྣམས་ལྷོ་སྒོའི་གཡས་དང༌། པཿཕཿབཿབྷཿམཿ རྣམས་ཡོངས་སུ་གྱུར་པ་ལས་ མཱ་མ་ཀཱི་ལས་བྱུང་བ་རྒྱས་པར་འདོད་མ་དང༌། གཟུགས་རྡོ་རྗེ་མ་ལས་བྱུང་བའི་རྒྱན་འདོད་མ་ དང༌། དཔལ་མོ་ལས་བྱུང་བའི་རྒྱལ་སྲིད་འདོད་མ་དང༌། ཙུན་དཱ་ལས་བྱུང་བའི་འཆིང་བར་ འདོད་མ་དང༌། འུག་གདོང་མ་ལས་བྱུང་བའི་བྱིས་པ་ཁྲོ་བར་འདོད་མ་རྣམས་ཀྱང་བྱང་སྒོའི་ གཡས་དང༌། ཏཿཐཿདཿདྷཿནཿ རྣམས་ཡོངས་སུ་གྱུར་པ་ལས་སྤྱན་མ་ལས་བྱུང་བ་རེངས་པར་ འདོད་མ་དང༌། དྲི་རྡོ་མ་ལས་བྱུང་བ་དྲི་འདོད་མ་དང༌། ཚངས་མ་ལས་བྱུང་པ་ཆུ་ལ་བརྐྱལ་ བར་འདོད་མ་དང༌། འོད་ཟེར་ཅན་ལས་བྱུང་པ་ཕུར་བུས་འདེབས་པར་འདེབས་མ་དང༌། ནམ་མཁའ་ལྡིང་གདོང་མ་ལས་བྱུང་སྦྲུལ་འཆིང་བར་འདོད་མ་དང་རྣམས་ནུབ་སྒོའི་གཡས་ 7-1-293 སུ་སྟེ། ལྔ་པ་རྣམས་ནི་སྟེགས་བུས་ཟུར་དུ་གནས་པའོ། །སཿྉྤཿཥ༔ཤཿརྣམས་ལས་ཤིན་ཏུ་སྔོན་ མོ་ལས་བྱུང་བ་ཀུན་དུ་གདུང་བར་འདོད་མ་དང༌། ཤིན་ཏུ་བརྩོན་འགྲུས་མ་ལས་བྱུང་བ་སྲེད་ པར་འདོད་མ་དང༌། ཙར་ཙི་ཀཱ་ལས་བྱུང་བ་ལུས་འཕྲུག་འདོད་མ་དང༌། ཁྱི་གདོང་མ་ལས་བྱུང་ བ་ཡན་ལག་སྐྱོད་པར་འདོད་མ་རྣམས་མ་ཤར་སྒོའི་གཡོན་དང༌། ྈྐཿ ཀཿཁཿགཿ རྣམས་ལས་ དྲག་སྤྱན་མ་ལས་བྱུང་པའི་རྒྱུག་པར་འདོད་མ་དང༌། རྨུགས་བྱེད་མ་ལས་བྱུང་བའི་སྐེམས་ པར་འདོད་མ་དང༌། ཕག་མོ་ལས་བྱུང་ལུས་ཀྱི་དྲི་མ་འདོད་མ་དང༌། ཕག་གདོང་མ་ལས་བྱུང་ བ་བཤང་གཅི་ཟག་པར་འདོད་མ་རྣམས་ལྷོ་སྒོའི་གཡོན་དང་གྷཿངཿལཿཝཿརྣམས་ལས་སྒྲ་རྡོ་ རྗེ་མ་ལས་བྱུང་བ་རོལ་མོ་འདོད་མ་དང༌། ཁེངས་བྱེད་མ་ལས་བྱུང་བ་འཇམ་པར་སྨྲ་འདོད་མ་ དང༌། དྲག་མོ་ལས་བྱུང་བ་མལ་སྟན་འདོད་མ་དང༌། སྟག་གདོང་མ་ལས་བྱུང་བ་རྩོད་པ་མང་ པོ་འདོད་མ་རྣམས་བྱང་སྒོའི་གཡོན་དང་རཿཡཿཧཿཀྵཿ རྣམས་ལས་ཆོས་ཀྱིས་ཁམས་མ་ལས་ བྱུང་འཁྲིག་པར་འདོད་མ་དང༌། རེངས་བྱེད་མ་ལས་བྱུང་བ་གཉེན་འདོད་མ་དང༌། དབང་མོ་ ལས་བྱུང་བ་མལ་འདོད་མལ་བསྟན་ལ་མཉེས་པར་འདོད་མ་དང༌། ལྕེ་སྤྱང་གདོང་མ་ལས་ བྱུང་བ་སེམས་ཅན་བསླུ་བར་འདོད་མ་དང་རྣམས་ནུབ་སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་ གནས་པ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལས་བྱུང་བ་བསོད་པར་འདོད་མ་དང༌། སྣ་ ཚོགས་ཡུམ་ལས་བྱུང་བ་བསྐྱེད་པར་འདོད་མ་དག་ནི་ཐམས་ཅད་ལ་ཁྱབ་པར་བྱེད་པ་སུམ་ཅུ་ རྩ་བདུན་པ་ཉིད་ཡིན་པའི་ཕྱིར་ཕྱོགས་སོ་སོ་ཐ་དད་དུ་དགོད་པར་ཡིན་ནོ། །ས་བོན་གྱི་ཡི་གེ་ འདི་རྣམས་རྣམ་པར་དཔྱད་པ་དང་བྲལ་ཞིང༌། ཐིག་ལེས་བརྒྱན་པ་ནི་འདོད་མ་རྣམས་ལས་ བྱུང་ཟློག་པ་ཕྱིར་འདོད་མ་རྣམས་ཀྱི་ས་བོན་ཏེ། ཕྱིར་འདོད་མ་རྣམས་སྐུའི་སྟེགས་བུ་ལ་སྔ་མ་ བཞིན་དུ་སྤྲོ་བར་བྱའོ། །དཀྱིལ་འཁོར་གྱི་བྲི་བྱ་ལ་ས་བོན་གྱི་ཡིག་གེ་འགོད་པའི་ཚུལ་ནི་འདི་ དང་མི་འདྲ་བ་འབྱུང་ངོ༌། །ལྷ་མོ་འདི་རྣམས་ཀྱི་ཕྱག་མཚན་དང་དབྱིབས་ལ་སོགས་པ་ནི་གང་ 7-1-294 ལས་བྱུང་བ་དེང་རྗེས་སུ་མཐུན་པར་བལྟའོ། །ཡང་ན་ཅུང་བསྡུས་ཏེ་སྒོམས་ན་གསུང་གི་རྣལ་ འབྱོར་མ་མར་བཅད་སྡེ་ཚན་རེ་རེའི་ས་བོན་གྱི་ཡི་གེ་རྣམས་དང༌། དེ་དག་ལས་བྱུང་བའི་ཕྱག་ མཚན་རྣམས་ཕྱོགས་གཅིག་ཏུ་རྗོད་ནས་ལྷ་རྣམས་སྤྲོ་བར་བྱ(གཞན་ཡང་རླུང་གིས་ཁ་དོག་ས་བོན་དང་ མཚན་མ་སྣ་ཚོགས་ལས་བྱུང་བའི་འབྱུང་པོ་བྱེ་བ་ཕྲག་བྱེད་དང་བཞི་དང༌། གྲུབ་པ་རྣམས་དང་གཟའ་དང་དྲང་སྲོང་དང་རྒྱུ་སྐར་ དང་ཁྱིམ་བཅུ་གཉིས་དང་ཆ་བཅུ་དྲུག་དང༌། ཕྱོགས་སྐྱོང་ཞིང་སྐྱོང་འཁོར་དང་བཅས་པ་རྣམས་འཁོད་པར་གྱུར)འོ། །དཀྱིལ་ འཁོར་ཆེན་པོའི་ཕྱི་རོལ་དུ་གཟའ་དང་ཌྷྲུ་བ་ལ་སོགས་པ་འཇིག་རྟེན་པའི་ལྷ་དཀྱིལ་འཁོར་ ཆེན་པོ་ལ་མངོན་པར་དད་པ་རྣམས་ཀྱང་བསམ་པར་བྱའོ། ། དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་ སེམས་དཔའི་དབུ་རྒྱན་ཅན་ཤིན་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཁོར་ དང་བཅས་པར་བལྟས་ལ། ༀ་སུ་བི་ཤུད་དྷ་དྷརྨཱ་དྷ་ཏུ་སྭ་བྷ་ཝ་ཨཱད་མ་ཀོ་ཧཾ(ཤིན་ཏུ་རྣམ་པར་དག་ པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བདག་ཉིད་)། ཞེས་བརྗོད་པར་བྱའོ། ། དེ་ནས་སེམས་ཅན་རྣམས་ལ་སྙིང་རྗེའི་དབང་སྦྱིན་པར་བྱའོ། །ཐུགས་ཁ་ནས་འཕྲོས་ པའི་འོད་ཟེར་དཔག་ཏུ་མེད་པ་དག་གིས་འགྲོ་བ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་ བཀུག་ནས་དཀྱིལ་འཁོར་ཆེན་པོར་བཅུག་པར་བསམ་པར་བྱའོ། །དེ་ནས་ཕྱོགས་བཅུའི་ དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་ཐམས་ཅད་བཀུག་ནས་རང་གི་སྙིང་ཁར་རབ་ ཏུ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྣམས་གསང་བའི་རྡོ་རྗེ་ལས་སྤྲོས་པས་ སེམས་ཅན་ཐམས་ཅད་ལ་དབང་བསྐུར་བར་བྱའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་ རྣམས་ཀྱིས་རེག་པའི་སེམས་ཅན་དེ་རྣམས་མཆོག་གི་དགའ་བ་དང་བདེ་བས་གང་བའི་ལྷའི་ སྐུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཞལ་དང་སྐུ་མདོག་ལ་སོགས་པ་དང་ལྡན་པ། དེ་ དག་རེ་རེ་ཞིང་ཡང་སྐད་ཅིག་གིས་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རང་ 7-1-295 བཞིན་དུ་གྱུར་པར་བལྟ་བར་བྱ་སྟེ། །ཀྵ་ཀྵི་ཀྵྼྀ་ཀྵུ་ཀྵླྀ་ཞེས་པ་ཕུང་པོ་ལྔ་རྣམ་པར་ དག་པ་སངས་རྒྱས་ལྔ་དང༌། ཀྵཱ་ཀྵཱི་ཀྵྼཱྀ་ཀྵཱུ་ཀྵླཱྀ་ཞེས་པ་ཁམས་ལྔ་རྣམ་པར་ དག་པ་ཡུམ་ལྔ་དང༌། ཀྵ་ཀྵེ་ཀྵར་ཀྵོ་ཀྵལ་ཀྵཾ་ཞེས་པ་དབང་པོ་དྲུག་རྣམ་པར་དག་པ་སེམས་ དཔའ་དྲུག་དང༌། ཀྵཱ་ཀྵཻ་ཀྵཱར་ཀྵཽ་ཀྵཱལ་ཀྵཿཞེས་པ་ཡུལ་དྲུག་རྣམ་པར་དག་པ་སེམས་མ་དྲུག་ དང༌། ཀྵྷ་ཀྵྻ་ཀྵྼ་ཀྵྺ་ཀྵླ་ཞེས་པ་ལས་ཀྱི་དབང་པོ་ལྔ་རྣམ་པར་དག་པ་ཁྲོ་བོ་ལྔ་དང༌། ཀྵྷཱ་ཀྵྻཱ་ཀྵྼཱ་ཀྵྺཱ་ ཀྵླཱཿཞེས་པ་ལས་ཀྱི་དབང་པོའི་ཡུལ་ལྔ་རྣམ་པར་དག་པ་ཁྲོ་བོ་ལྔ་སྟེ་མཚན་སུམ་ཅུ་རྩ་གཉིས་ ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་གྱུར་ཏེ། (རྩ་རྒྱུད་ལས་)སངས་རྒྱས་ཞིང་ན་སེམས་ ཅན་གང༌། །སྐུ་གསུང་དམ་ཚིག་བདུད་རྩི་ཡིས། །བསྐྱེད་ཅིང་རྡོ་རྗེ་དཔལ་གྱིས་རེག །ཐམས་ ཅད་དེར་ནི་དེ་བཞིན་གཤེགས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ཐོབ། །འདིར་ནི་རྫོགས་སངས་ རྒྱས་སུ་འགྱུར། །ཅེས་བསྒོམས་ནས་(རྩ་རྒྱུད་ལས། བསྒོས་ཏེ་སླར་ཡང་དེ་དག་རྣམས། །རང་རང་ཞིང་དུ་རབ་ཏུ་ བཞུགས། །ཞེས་གསུངས་པ་ལྟར་)། སླར་ཡང་དེ་རྣམས་རང་རང་གི་ཞིང་དུ་གཤེགས་སུ་གསོལ་བར་ བྱའོ། །དེ་ལྟར་ན་མངོན་པར་བྱང་ཆུབ་པ་ལྔས་ལྷའི་སྐུ་རྫོགས་པ་བསྙེན་པའི་ཡན་ལག་སྟེ་ དཀྱིལ་འཁོར་རྒྱལ་མཆོག་གོ། །། གཉིས་པ་གསུང་རྫོགས་པ་ཉེ་བར་སྒྲུབ་པ་ལས་རྒྱལ་མཆོག་ནི། དང་པོ་ལྟེ་བ་དང་གཙུག་ ཏོར་གྱི་ཨ་བ་དྷུ་ཏཱིའི་ལམ་དུ་(དབུ་མའི་ཡས་སྣར་)ཧོཿཡིག་དག་དང༌། (བར་དུ་)དཔྲལ་བ་དང་ མགྲིན་པ་དང་སྙིང་ཁ་རྣམས་སུ་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ༀ་ཨཱཿཧཱུཾ་རྣམས་ལས་བྱུང་ བའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་དགོད་པར་བྱའོ། །དེ་ནས་(དབུ་ མའི་མས་སྣར)ཧོཿཡིག་དུས་ཀྱི་མེའི་འོད་ཟེར་གྱིས་སྟེང་དང་འོག་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ རྣམས་བཞུ་སྟེ་གཏུམ་མོ་ཤེས་རབ་ཀྱི་ཆགས་པས་ཡབ་ཡུམ་གཉི་ག་ཟླ་བ་ཞུ་པ་ལྟར་གྱུར་པ་ ལ་ལྷ་མོ་རྣམས་ཀྱིས་གླུ་དག་མཛད་དེ། བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པ་མཛད་ 7-1-296 པ་པོ། །བདག་ཅག་སྲུངས་ཤིག་ལྷ་མིའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་ འདོད་དོན་མཛོད། །ཅེས་པའམ་ཡང་ན་རྒྱས་པར་ཏེ། བཏང་སྙོམས་དང་སྙིང་རྗེ་དང་དགའ་ བ་དང་བྱམས་པའི་རང་བཞིན་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ ཀྱི། ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་རྡོ་རྗེ་རྣམས་གྲངས་བཞིན་དུ་བསྐུལ་བར་བསམ་ ཞིང༌། སྤྱན་མ་བདག་ནི་འགྲོ་བའི་ཡུམ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། །བདག་གི་ དཀྱིལ་འཁོར་(ཡེ་ཤེས་རྡོ་རྗེ)རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། ། མཱ་མ་ཀཱིས་བདག་སྲིང་མོ་སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་གི་དཀྱིལ་(ཐུགས་ རྡོ་རྗེ་)འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །གོས་དཀར་ མོ་བདག་བུ་མོ་སྟེ། །རྣལ་འབྱོར་པ་ཡི་སྐྱེས་བུའི་གནས། །བདག་གི་དཀྱིལ་འཁོར་(གསུང་རྡོ་རྗེ) རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། ། རྣལ་འབྱོར་པ་ཡི་དྲི་བྲལ་གནས། །བདག་གི་དཀྱིལ་འཁོར་(སྐུ་རྡོ་རྗེ་)རང་བཞིན་གྱིས། །དུས་ འཁོར་བཞེངས་ལ་བདག་འདོད་མཛོད། །ཅེས་པའི་གླུ་རྣམས་དང༌། ཐུན་མོང་དུ། (ནམ་མཁའ་ རྡོ་རྗེ་དབྱིངས་ཕྱུག་མས)སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ནས། །འགྲོ་བ་བསྒྲལ་བའི་བསམ་པ་ ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །འགྲོ་བའི་མགོན་པོས་སྤྲོ་བར་མཛོད། །ཅེས་ པའི་གླུ་རྣམས་ཀྱིས། །བཅོམ་ལྷན་འདས་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པའི་འགྲོ་བའི་དོན་ མཛད་པའི་སླད་དུ་བསྐུལ་བ་ལས་བཅོམ་ལྡན་འདས་རབ་ཏུ་སད་དེ་འགྲོ་བ་མཐའ་དག་སྒྱུ་ མ་ལྟ་བུར་གཟིགས་ནས་གཞན་གྱི་དོན་ལ་དགོངས་ཏེ་སྐྱེད་པར་མཛད་པ་ནི། ཧཱུཾ་ལས་རྡོ་རྗེ་ རྩེ་ལྔ་པ་དང་དེ་ལས་བྱུང་བའི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ། རྡོ་རྗེའི་རྒྱན་གྱིས་ རྣམ་པར་བརྒྱན་ཅིང་མི་བསྐྱོད་པའི་ཅོད་པན་ཅན། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ་སྣ་ ཚོགས་ཡུམ་གྱིས་འཁྱུད་པའི་སྐུ་ལྔ་མ་ལྟར་སྒོམ་པར་བྱའོ། ། 7-1-297 དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ནམ་མཁར་གནས་པའི་ སངས་རྒྱས་སྲས་དང་བཙུན་མོར་བཅས་པ་རྣམས་དང་དཀྱིལ་འཁོར་པ་རྣམས་དམ་ཚིག་གི་ དཀྱིལ་འཁོར་གྱི་དོན་དུ་རང་གི་ལུས་ལ་རབ་ཏུ་བཅུག་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ ཞུ་བར་གྱུར་པ་རྣམས་ཡུམ་གྱི་པད་མར་སོ་སོའི་ས་བོན་ལས་མཚན་མ་དང་མཚན་མ་ལས་ ལྷའི་སྐུ་ཇི་སྐད་བསྟན་པའི་ཁ་དོག་དང་དབྱིབས་དང་མཚན་མ་ལ་སོགས་པ་དང་ལྡན་པར་ བྱས་ལ་སླར་ཡང་པད་མ་ལས་བྱུང་ནས་རང་རང་གི་གནས་སུ་སྔ་མ་ལྟ་སྤྲོ་བར་བྱ་ཞིང༌། མི་ བསྐྱོད་པ་སྤྲོ་བའི་གནས་སུ་འདིར་ཨཾ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་སྤྲོ་བར་བྱའོ། །ཡང་ ན་འདིར་སོ་སོའི་ས་བོན་ལས་ཕྱག་མཚན་བསྐྱེད་ནས་ལྷའི་སྐུ་གསལ་གདབ་པ་ནི་བསྟོད་ པའི་ཚིག་སུ་བཅད་པས་བྱའོ། ། དེ་ནས་དཀྱིལ་འཁོར་དང་ལྷ་རྣམས་ཀྱི་རྣམ་པར་དག་པ་དྲན་པར་བྱ་བ་ནི། སེམས་ཀྱི་ རང་བཞིན་འོད་གསལ་བ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ དུ་ཕྱིན་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་རང་བཞིན་ལྷུན་གྱིས་གྲུབ་ པའི་དཀྱིལ་འཁོར་ཆེན་པོ་དེ་ཉིད་དཀྱིལ་འཁོར་གྱི་ཁང་པའི་རྣམ་པར་མོས་པར་བྱ་ཞིང་དེ་ དང་དབྱེར་མེད་ཅིང་རོ་མཉམ་པའི་དང་པོའི་སངས་རྒྱས་རང་བྱུང་གི་ཡེ་ཤེས་ལྷན་ཅིག་སྐྱེས་ པའི་བདེ་བ་ཆེན་པོ་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་བཞུགས་པའི་ཆོས་ཀྱི་སྐུའི་རྣམ་ པར་དག་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ ཅན་རྣམས་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལྷའི་སྐུ་སྣ་ཚོགས་ཀྱི་རྣམ་པར་རྒྱུད་ཀྱི་ རྒྱལ་པོ་ལས་གསུངས་པ་ལྟར་མོས་པ་ཡིད་ལ་བྱེད་པ་སྟེ། (ནུས་མ་རྣམས་དང)ལྷ་མོ་སངས་རྒྱས་ རིག་མ་ཤིང་དང་བཅས་ཤིང་བུམ་པ་དང་བཅས་རྒྱལ་བ་ཡི་ནི་དག་པའི་སྐུ། །ཁྲོ་བོ་དབང་པོ་ བྱང་ཆུབ་སེམས་དཔའ་ངེས་པར་རོ་ཡིས་རྡོ་རྗེ་མ་ནི་ཆོས་ཀྱི་སྐུ་དེ་ཉིད། ། 7-1-298 རྣལ་(གསུང་གིས)འབྱོར་མ་རྣམས་ལོང་སྤྱོད་སྐུ་སྟེ་རབ་མཆོག་ཤིང་རྟ་ལ་གནས་ལྷ་ནི་ཉི་ མར་(ཏེ་བཅུ་གཉིས)རབ་གྲགས་པ། །ཀླུ་ནི་བརྒྱད་པོ་རྣམས་དང་རབ་གཏུམ་མ་རྣམས་འཁོར་ དང་བཅས་པ་སངས་རྒྱས་ཀྱི་ནི་སྤྲུལ་པའི་སྐུ། །དེ་བཞིན་སླར་ཡང་རྒྱལ་བའི་སྐུ་ནི་དབྱེ་བ་ གཉིས་སུ་འགྱུར་ཏེ་ཕྱི་རོལ་དག་དང་ནང་ལ་ཡང༌། །མངལ་ནས་སྐྱེས་པ་ཇི་ལྟ་བ་ཉིད་དེ་ བཞིན་ཁོ་ནར་(ཐུགས་དང་ཕྱི་རོལ་གྱི)དཀྱིར་འཁོར་ལ་(སྐུ་བཞིའི་དབྱེ་བ་གཉིས་སུ)ནི་ངེས་པར་རབ་ཏུ་ འགྱུར། །སྟོན་པ་ལྷ་མོ་སོགས་དང་བུམ་པ་ལྷན་སྐྱེས་རྒྱལ་བའི་སྐུ་སྟེ་དཀྱིལ་འཁོར་སྙིང་པོའི་ དབུས་སུའོ། །སངས་རྒྱས་ལ་སོགས་ཆོས་ཀྱི་སྐུ་སྟེ་ངེས་པར་རོ་ཡི་རྡོ་རྗེ་མ་སོགས་ལོངས་ སྤྱོད་རྫོགས་པའི་སྐུ། །ཁྲོ་བོ་སྤྲུལ་བའི་སྐུ་རུ་འགྱུར་ཏེ་རིགས་ཀྱི་དབང་གིས་དཀྱིལ་འཁོར་གྱི་ ནི་སྙིང་པོར་ཡང་དག་གནས། །ཕྱི་རོལ་དུ་ནི་ཙཱ་མུན་ཊཱ་ལ་སོགས་པ་ལྷ་མོ་བརྒྱད་པོ་འཁོར་ དང་བཅས་པ་དག་པའི་སྐུ། །ལྷ་ལ་སོགས་པ་ཆོས་ཀྱི་སྐུ་སྟེ་མཐའ་དག་གདེངས་ཅན་རིགས་ ཀྱང་འདིར་ནི་ལོངས་སྤྱོད་རྫོགས་པའི་སྐུ། །གཏུམ་མོ་རྣམས་ནི་སྤྲུལ་པའི་སྐུར་འགྱུར་མི་ཡིས་ བདག་པོ་སེམས་ཅན་ཀུན་གྱི་དོན་གྱི་སླད་དུའོ། །ཞེས་དང༌། སྐུ་ཡི་རྡོ་རྗེ་ལྷན་ཅིག་སྐྱེས་པའི་ སྐུ་ནི་ཟུང་དུ་འགྱུར་ཏེ་གཟུགས་ནི་རྫོགས་པའི་སླད་དུའོ། །གསུང་གི་རྡོ་རྗེ་དང་ནི་ཆོས་ཀྱི་སྐུ་ ཡང་ཟུང་དུ་འགྱུར་ཏེ་ཆོས་ཉིད་བསྟན་པའི་དོན་དུའོ། །ཐུགས་དང་ལོངས་སྤྱོད་རྫོགས་པའི་སྐུ་ ཡང་ཟུང་དུ་འགྱུར་ཏེ་སེམས་ཅན་ཀུན་གྱི་དོན་ནི་བྱེད་པའོ། །ཡེ་ཤེས་དང་ནི་སྤྲུལ་པའི་སྐུ་དག་ ཟུང་དུ་འགྱུར་ཏེ་སྲོག་ཆགས་རྣམས་ལ་ཐར་པ་སྟེར་བ་ཉིད། །དུས་ཀྱི་དག་པས་དཔལ་ལྷན་ རྡོ་རྗེ་ཅན་འགྱུར་མི་བདག་ལོ་དང་ཟླ་བ་ལ་སོགས་དབྱེ་བས་སོ། །སེམས་ཀྱི་རྣམ་པ་ཉི་མ་མ་ ཡིན་ཉིན་ཞག་སོ་སོའི་དབང་གིས་སྣ་ཚོགས་ཡུམ་ནི་རྣམ་པར་དག །རླུང་གི་དག་པས་དུ་བ་ལ་ སོགས་རང་གི་སྙིང་ཁའི་པད་མར་རྩ་ཡི་འཁོར་ལོ་ལ་གནས་རྣམས། །ཉོན་མོངས་རྣམས་ཀྱིས་ དྲག་པོ་ཆུང་མར་བཅས་པ་ཁྱབ་བདག་ཞབས་ཀྱི་འོག་ཏུ་བདུད་ཀྱི་ཚོགས་ཀྱིས་འདུད། །དུང་ 7-1-299 དང་གཎ་ཊི་ནོར་བུ་ལྗོན་པ་ཞེས་པ་དག་ཀྱང་དེ་བཞིན་སྐུ་ཡི་རྡོ་རྗེ་ལ་སོགས་ཀྱིས། །བུམ་པ་ བརྒྱད་ནི་བདུད་རྩིའི་ཡན་ལག་གིས་ཏེ་རྒྱལ་དང་རྣམ་རྒྱལ་བུམ་པ་བྱང་ཆུབ་སེམས་སོགས་ ཀྱིས། །འདུ་བྱེད་དོན་ཡོད་གྲུབ་པ་ཚོར་བ་དྲི་མེད་ནོར་བུའི་ཕྱག་དང་འདུ་ཤེས་སྣང་བ་མཐའ་ ཡས་ཏེ། །(རྣམ་པར་སྣང་མཛད་)གཟུགས་ནི་འཁོར་ལོ་ཅན་ནི་རི་བོང་ཅན་དང་སྟོབས་ཁྲག་བཤང་ བ་གཅི་བ་རྣམ་པར་དག་པའོ། །ལྷ་མོ་དྲུག་ནི་ཁམས་རྣམས་ཀྱིས་ཏེ་ཡུལ་དང་ཡུལ་ཅན་ རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས། །ཁྲོ་བོ་ལྔ་ནི་སྟོབས་རྣམས་ཀྱིས་ཏེ་ངེས་ པར་སླར་ཡང་གཞན་པ་ལྔ་ནི་དབང་པོ་གཞན་རྣམས་ཀྱིས། །ཙཱ་མུན་ཊཱ་སོགས་ཐུན་བརྒྱད་ ཀྱི་སྟེ་པད་མའི་ལྟེ་བར་གནས་རྣམས་(བཅུ་གཉིས)ཉི་མའི་དུས་སྦྱོར་ཆུ་ཚོད་ཀྱིས། །ལྷ་མིན་ ལ་སོགས་ཉི་མ(བཅུ་གཉིས)འི་ཟླ་བས་པད་མའི་འདབ་མར་གནས་རྣམས་ཆུ་ཚོད་(ཅིག་གིས) དབུགས་ཀྱི་གྲངས་ཀྱིས་སོ། །གསང་བར་མི་བདག་ཉིས་འགྱུར་རྩ་རྣམས་ཀྱིས་ཀྱང་ཀླུ་རྣམས་ དང་ནི་གཏུམ་མོ་རྣམས་ཀྱང་རྣམ་པར་དག །དེ་བཞིན་འདོད་མ་ལ་སོགས་དེ་དག་རང་བཞིན་ ཡོན་ཏན་དབང་གིས་ལུས་ཀྱིས་བྱ་བས་རྣམ་པར་དག །བ་སྤུ་རྣམས་ཀྱིས་གྲུབ་པ་མཐའ་དག་ བ་སྤུ་རྣམས་ཀྱིས་དུད་ཁྲོད་ས་གཞི་ལ་གནས་འབྱུང་པོའི་ཚོགས༌། །དེ་ཉིད་(ཉེར་ལྔ)རྣམས་ ཀྱི་གཙོ་བོའི་མཚོན་ཆ་རང་བཞིན་ཡོན་ཏན་དབང་གིས་ཁམས་(དྲུག་རྣམས)ཀྱིས་ཕྱིའི་ཕྱག་ རྒྱའོ། །རྡོ་རྗེས་(བཞི)ནང་གི་ཕྱག་རྒྱ་རྡོ་རྗེ་འཛིན་པའི་ཐུགས་ཁར་ཟླ་བའི་སྟེང་དུ་ཡག་དག་ གནས་པའོ། །དཔལ་ལྡན་རྡོ་རྗེ་ཅན་དང་སྣ་ཚོགས་ཡུམ་ནི་རྣམ་གསུམ་སྲིད་གནས་འགྱུར་ མེད་ཡེ་ཤེས་སྦྱོར་བ་ལས། ཞེས་དང༌། དེ་ལྟར་ངེས་པར་སྐུ་ཡི་རྡོ་རྗེ་མཆོག་གི་ཡོན་ཏན་རྣམ་ མང་དཀྱིལ་འཁོར་གྱི་ནི་རྣམ་པར་གསུངས། །གསུང་གི་རྡོ་རྗེ་ཨ་སོགས་ཀ་སོགས་ལྷ་ཡི་རྣམ་ པ་ཉིད་ནི་མཐའ་དག་རྒྱལ་བའི་རིགས་རྣམས་ཀྱིས། །སྟོང་པ་དྲུག་གིས་ཐུགས་ཀྱི་རྡོ་རྗེ་རྣམ་ གསུམ་སྲིད་པར་གནས་པ་གཙོ་བོའི་རྣམ་པ་གཅིག་པུའོ། །དེ་བཞིན་དུ་ནི་ཡེ་ཤེས་རྡོ་རྗེ་ངེས་ 7-1-300 པར་སྲིད་པའི་འཇིགས་འཇོམས་སྣ་ཚོགས་ཡུམ་གྱི་རང་བཞིན་ནོ། །ཞེས་དང༌། རྒྱལ་བའི་ སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱིས་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། །གསུང་ གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པའོ། ། རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་པ་ལ་ གནས། །དྲི་མེད་ནོར་བུ་ལྟ་བུར་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་ རྗེའོ། །སྦྱིན་པ་ལ་སོགས་བདེ་མཉམ་འབྲས་སྟེར་དྲུག་དང་བཞི་རྣམས་ནུས་མ་བཅུ་པོ་དེ་དག་ རྣམས་སུ་གསུངས། །དེ་དག་རྣམས་ཀྱི་ཐབས་ནི་དག་པ་མཆོག་གི་སེམས་ཀྱིས་གང་བའི་ བུམ་པ་རྣམ་བཅུ་དེ་རྣམས་སོ། །བདུད་དང་ཉོན་མོངས་ཉམས་པ་འདོད་པ་ཞེ་སྡང་འཕྲོག་བྱེད་ རྡོ་རྗེའི་ཚོགས་ནི་ལྗོན་པ་ལ་སོགས་རྣམས། །ཕྱག་རྒྱ་དྲུག་རྣམས་སྟོང་པ་དྲུག་སྟེ་སྲིད་གསུམ་ སྐྱེད་པར་མཛད་པ་ཡེ་ཤེས་རྣམ་ཤེས་གཅིག་པའོ། །འཁོར་ལོ་སྲིད་གསུམ་ཀུན་ནས་དང་བ་ ཞེས་པའོ་བདེ་བ་རིན་ཆེན་འདི་ཡི་ཆགས་པ་ཉིད་དག་ནི། །པད་མའོ་ཉོན་མོངས་ཟད་པ་རལ་ གྲི་རྡོ་རྗེ་དག་ཀྱང་ཡེ་ཤེས་སྐུ་ཆེན་རྣམ་པར་མི་བྱེད་པའོ། །མི་ཤེས་གཅོད་པ་གྲི་གུག་མཆོག་ གི་རིགས་དྲུག་རྣམས་ཏེ་འདི་དག་རྣམས་ཀྱིས་བསྐྱེད་པ་གང་ཡིན་པ། །ཕུང་པོ་ཁམས་དང་ དབང་པོ་ལ་སོགས་མཁའ་བཞིན་རོ་མཉམ་དེ་དག་རྣམས་ཀྱང་དེ་བཞིན་རིག་པར་བྱ། །ཞེས་ པ་ལ་སོགས་པ་རྒྱ་ཆེར་གསུངས་པ་རྣམས་ཇི་ལྟར་ནུས་པ་བཞིན་དྲན་པར་བྱའོ། །དེ་ན་བདག་ ཉིད་ཀྱི་ཐུགས་ཁར་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང་དེ་ཡོངས་སུ་གྱུར་པ་ ལས་བྱུང་བའི་རྡོ་རྗེ་ཤུགས་སྐུ་མདོག་སྔོན་པོ་ཞལ་བཞི་པ་འཇིགས་པའི་སྐུ་ཅན་རབ་ཏུ་བཞད་ ཅིང་མཆེ་བ་ཕྱེད་གཙིགས་པ་སྒྲ་དྲག་པོ་སྒྲོགས་པ་སྤྱན་བཅུ་གཉིས་པ། ཕྱག་ཉི་ཤུ་རྩ་དྲུག་པ་ ཤེས་རབ་དང་ཐབས་ལས་བྱུང་བ། །གཙོ་བོ་བཞིན་དུ་མཚོན་ཆ་རྣམས་དང་བཅས་པ་གླང་པོ་ ཆེའི་ལྤགས་པའི་གོས་ཅན་ཕྱག་རྒྱ་ལྔ་དང་ལྡན་ཞིང་མི་བསྐྱོད་པའི་དབུ་རྒྱན་ཅན་དཔྲལ་བར་ 7-1-301 ཐོད་པ་ལྔའི་ཕྲེང་བས་བརྒྱན་ཅིང་བདུད་རིགས་བརྒྱའི་མགོའི་ཕྲེང་བ་ཕྲག་པ་ལ་འཕྱང་བ་ ཀླུའི་དབང་པོ་རྣམས་ཀྱིས་རྣམ་པར་བརྒྱན་ཅིང་རྐང་པ་བརྒྱད་པའི་ཤིང་རྟ་ལ་གནས་པ་ནམ་ མཁའི་ཁམས་སུ་སྤྲོས་ཏེ། འཁོར་ལོའི་དབང་ཕྱུག་གི་ལྟེ་བར་རྡོ་རྗེ་ལྕགས་ཀྱུས་བཏབ་ཅང་ ཕྱག་ཉི་ཤུ་རྩ་བཞི་པོ་རྣམས་རྡོ་རྗེ་ཞགས་པས་བཅིངས་ནས་མཚོན་ཆ་རྣམས་ཀྱིས་སྡིགས་པར་ བསམ་ཞིང༌། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ་ཛཿཞེས་བརྗོད་པས་ཡེ་ཤེས་ཀྱི་འཁོར་ལོ་ མཐའ་དག་མདུན་གྱི་ནམ་མཁར་བཀུག་སྟེ་ཁྲོ་བོའི་དབང་པོ་སླར་ཡང་རང་ཉིད་ལ་ཞུགས་ པར་བསམ་མོ། ། དེ་ནས་ཡེ་ཤེས་འཁོར་ལོ་མཆོད་པ་བཅུ་གཉིས་ལ་སོགས་པས་ཡང་དག་པར་མཆོད་ ནས། རྡོ་རྗེའི་ཕྱག་རྒྱ་དང༌། ཧཱུཾ་ཞེས་བརྗོད་པས་རྨུགས་བྱེད་ཀྱི་ཡེ་ཤེས་པ་དམ་ཚིག་གི་འཁོར་ ལོ་ལ་རབ་ཏུ་བཞུག་པ་དང་རྡོ་རྗེ་ཞགས་པའི་ཕྱག་རྒྱ་དང༌། ཝཾ་ཞེས་བརྗོད་པས་རེངས་བྱེད་ ཀྱིས་བཅིང་བ་དང༌། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༌། ཧོཿཞེས་བརྗོད་པས་ཁེངས་བྱེད་ཀྱིས་ མཉེས་པ་དང༌། རྡོ་རྗེ་དབྱུག་པའི་ཕྱག་རྒྱ་དང༌། ཧི་ཞེས་བརྗོད་པས་ཤིན་དུ་སྟོབས་ཀྱིས་རོ་ མཉམ་པར་བྱའོ། །དེའི་རྗེས་སུ་ལྷ་རྣམས་ཀྱི་དཔྲལ་བར་ༀ་མགྲིན་པར་ཨཱཿ སྙིང་ཁར་ཧཱུཾ་ལྟེ་ བར་ཧོ་གསང་བར་སྭཱ་གཙུག་ཏོར་དུ་ཧཱ་རྣམས་བཀོད་ནས་བྱིན་བྱིན་གྱིས་བརླབ་པར་བྱའོ། ། དེ་ནས་དཔྲལ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་ༀ་ལས་བྱུང་བའི་འཁོར་ལོ་དཀར་ པོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་རྩ་ཞལ་དང་ སྐུ་མདོག་དཀར་པོ་གཡས་ཞལ་ནག་པ་གཡོན་ཞལ་དམར་བ། ཕྱག་གཡས་པ་རྣམས་ཀྱིས་ འཁོར་ལོ་དང་རྡོ་རྗེ་དང་པད་མ་དང༌། གཡོན་པ་རྣམས་ཀྱིས་རལ་གྲི་དང་རྡོ་རྗེ་དྲིལ་བུ་དང་ ནོར་བུ་འཛིན་ཅིང་རང་དང་འདྲ་བའི་ཡུམ་དང་བཅས་པ་དང༌། མགྲིན་པར་ར་ལས་ཉི་མའི་ དཀྱིལ་འཁོར་ལ་ཨཱཿལས་བྱུང་བའི་པད་མ་དམར་པོ་འདམ་མ་བརྒྱད་པ་ཡོངས་སུ་གྱུར་པ་ 7-1-302 ལས་གསུང་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་རྩ་ཞལ་དང་སྐུ་མདོག་དམར་པོ། གཡས་ཞལ་ དཀར་ཞིང་གཡོན་ཞལ་ནག་པ། ཕྱག་གཡས་པ་རྣམས་ཀྱིས་པད་མ་དང་རྡོ་རྗེ་དང་འཁོར་ལོ་ དང༌། གཡོན་པ་རྣམས་ཀྱིས་ནོར་བུ་དང། དྲིལ་བུ་དང་རལ་གྲི་འཛིན་ཅིང་རང་དང་འདྲ་བའི་ ཡུམ་དང་བཅས་པ་དང༌། སྙིང་ཁར་ཨཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ལས་བྱུང་བའི་ རྡོ་རྗེ་ནག་པོ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་རྩ་ཞལ་ དང་སྐུ་མདོག་ནག་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་རྣམས་ ཀྱིས་རྡོ་རྗེ་དང་འཁོར་ལོ་དང་པད་མ་དང༌། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་རལ་གྲི་དང་ ནོར་བུ་འཛིན་ཅིང་རང་དང་འདྲ་བའི་ཡུམ་དང་བཅས་པ་རྣམས་ནམ་མཁའི་ཁམས་ཐམས་ ཅད་ཡོངས་སུ་གང་བར་སྤྲོས་ཏེ། འདིར་རྡོ་རྗེ་གསུམ་གྱི་ཡུམ་ནི་ཡབ་དང་འདྲ་བ་ཉིད་ཡིན་གྱི་ རིགས་མི་མཐུན་འཁྱུད་པ་ནི་མ་ཡིན་ཏེ་དཔྲལ་བར་ནས་ལྷ་མོ་དམར་མོ་དང་མགྲིན་པ་ནས་ ལྷ་མོ་དཀར་མོ་དང་སྙིང་ཁ་ནས་ལྷ་མོ་སེར་མོ་རྣམས་སྤྲོ་སྟེ་མི་རིགས་པའི་ཕྱིར་དང་གནས་དེ་ དག་ནས་སྤྲོས་པའི་སྐུ་གསུང་ཐུགས་ཀྱི་རིགས་ཀྱི་ལྷ་མོ་རྣམས་ཀྱི་དབང་བསྐུར་བར་གསུངས་ པའི་ཕྱིར་དང༌། ཡུམ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ཡབ་རྣམས་ལས་ཐ་དད་པ་མ་ གསུངས་པའི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་ ཆོས་བསྟན་ནས་སླར་མདུན་གྱི་ནམ་མཁར་བཞུགས་པ་ལ། སྐུའི་རྡོ་རྗེ་འཛིན་པ་དང་གསུང་ གི་རྡོ་རྗེ་འཛིན་པ་དང་ཐུགས་ཀྱི་རྡོ་རྗེ་འཛིན་པ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་མོ་ རྣམས་ཀྱིས་བདུད་རྩིའི་བུམ་པས་བདག་ཉིད་ལ་དབང་བསྐུར་བར་བསམ་པར་བྱའོ། །དེ་ནས་ སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱ་སྟེ། དཔྲལ་བའི་ཟླ་བ་ལ་སྐུ་རྡོ་རྗེ་དང༌། མགྲིན་པར་ ཉི་མ་ལ་གསུང་རྡོ་རྗེ་དང༌། སྙིང་ཁའི་སྒྲ་གཅན་ལ་ཐུགས་རྡོ་རྗེ་རྣམས་བཀོད་ནས། དཔལ་ 7-1-303 ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱི་ནི། །བྱིན་ བརླབས་གནས་སུ་དིང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ ཕྱེད་རྡོ་རྗེ་གསུམ་བསྒོམས་པས། སྐུ་ཡི་རྡོ་རྗེ་ཅན་གྱི་ནི། །བྱིན་བརླབས་གནས་སུ་དིང་བདག་ མཛོད། །དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །གསུང་གི་ རྡོ་རྗེ་ཅན་གྱི་ནི། །བྱིན་བརླབས་གནས་སུ་དིང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་ སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །གསུང་གི་རྡོ་རྗེ་ཅན་གྱི་ནི། །བྱིན་ བརླབས་གནས་སུ་དིང་བདག་མཛོད། །དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་ གསུམ་བསྒོམས་པས། །ཐུགས་ཀྱི་རྡོ་རྗེ་ཅན་གྱི་ནི༑ ༑བྱིན་བརླབས་གནས་སུ་དིང་བདག་ མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་ པས། །ཐུགས་ཀྱི་རྡོ་རྗེ་ཅན་གྱི་ནི། །བྱིན་བརླབས་གནས་སུ་དིང་བདག་མཛོད། །ཅེས་གསོལ་ བ་བཏབ་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབས་ཤིང་ རྡོ་རྗེ་གསུམ་གཅིག་ཏུ་གྱུར་པའི་ངོ་བོར་བལྟ་ཞིང༌། ༀ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི)ཀཱ་ཡ་(སྐུ་དང་)བཱཀ་(གསུང་དང་)ཙིཏ་ཏ་སྭ་བྷཱ་བ་ཨཱད་མ་ཀོ་ཧཾ་(ཐུགས་ཀྱི་རང་བཞིན་དང་ བདག་ཉིད་བཞི་ཡི)ཞེས་ང་རྒྱལ་བཟུངས་ནས་ཤེས་རབ་(ལྷར་ཡང་རིགས་གསུམ་གྱི་སྟེང་དུ)ཀྱི་ལྟེ་བར་ ཧོ་ལས་སྐུ་རྡོ་རྗེ་གསང་བར་སྭཱ་ལས་གསུང་རྡོ་རྗེ་གཙུག་ཏོར་ཏུ་ཧ་ལས་ཐུགས་རྡོ་རྗེ་རྣམས་ དགོད་དོ། །ཡང་ན་འདིར་(ཆུ་དང་ཅོད་པན་ལ་སོགས་པ་)ནི་དབང་བདུན་གྱིས་མངོན་པར་དབང་ བསྐུར་བར་གསོལ་བ་གདབ་ཅིང་དབང་བསྐུར་བར་བསྒོམ་པར་བྱའོ། །དེ་ནས་ལྷ་རྣམས་ལ་ རིགས་ཀྱི་བདག་པོས་རྒྱས་གདབ་པར་བྱ་སྟེ། (གཙོ་བོ)མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་ (ངག་རྣམ་ཤེས་དང་ཡེ་ཤེས་ཕན་ཚུན་སྦྱོར་བའི་ཕྱིར)གཉི་ག་ལ་སྤྱི་བོར་ཐུགས་རྡོ་རྗེ་ཆོས་གོས་དང་གཙུག་ གཏོར་འཛིན་པ་རྡོ་རྗེ་དཀྱིལ་དཀྲུང་གིས་གནས་ཤིང༌། ས་ལ་རེག་པའི་ཕྱག་རྒྱས་དེ་བཞིན་ 7-1-304 གཤེགས་པ་ལ་དབུགས་འབྱིན་པས་རྒྱས་གདབ་པོ། རྒྱས་གདབ་འདི་ནི་རྡོར་སེམས་དང་མི་ བསྐྱོད་པ་གཟུགས་ཐ་དད་དུ་བསྐྱེད་པའི་དབང་དུ་བྱས་པ་ཡིན་ལ་འདིར་གཉིས་ཀ་གཙོ་བོ་ གཅིག་པུ་ལ་འདས་པས་རྒྱས་གདབ་འདི་སྐབས་འདིར་བསྒོམ་མི་དགོས་སོ༑ ༑གཙོ་བོ་ལ་ནི་ རྒྱས་གདབ་བྱ་མི་དགོས་ཏེ་སངས་རྒྱས་རྣམས་ཀྱི་སྐྱེད་པ་པོ་ཡིན་པའི་ཕྱིར་དང་མི་བསྐྱོད་པ་ ཅོད་པན་དུ་གྲུབ་ཟིན་པའི་ཕྱིར་རོ། །དེ་ཡང་མི་བསྐྱོད་པའི་ངོ་བོ་ཉིད་མཚོན་པའི་དོན་ཡིན་གྱི་ རྒྱས་གདབ་གྱི་དོན་མ་ཡིན་ནོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་མི་བསྐྱོད་པ་དང། སྣང་ བ་མཐའ་ཡས་ལ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་ལ་འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་ལ་རིན་ཆེན་དབང་པོས་རྒྱས་གདབ་པར་བྱ་སྟེ། དག་པའི་ཕུང་པོ་ཆོས་གོས་ དང་གཙུག་ཏོར་འཛིན་པས་སོ། །དེ་བཞིན་དུ་རྣམ་པར་ཤེས་པའི་རིགས་ལས་བྱུང་བ་ལྗང་ཁུ་ རྣམས་ལ་མི་བསྐྱོད་པ་དང༌། འདུ་བྱེད་ཀྱི་རིགས་ལས་བྱུང་བ་ནག་པོ་རྣམས་ལ་དོན་ཡོད་གྲུབ་ པ་དང༌། ཚོར་བའི་རིགས་ལས་བྱུང་བ་དམར་པོ་རྣམས་ལ་རིན་ཆེན་འབྱུང་ལྡན་དང༌། འདུ་ ཤེས་ཀྱི་རིགས་ལས་བྱུང་བ་དཀར་པོ་རྣམས་ལ་སྣང་བ་མཐའ་ཡས་དང༌། གཟུགས་ཀྱི་རིགས་ ལས་བྱུང་པ་སེར་པོ་རྣམས་ལ་རྣམ་པར་སྣང་མཛད་དང༌། ཡེ་ཤེས་ཀྱི་རིགས་ལས་བྱུང་བ་སྔོན་ པོ་རྣམས་ལ་རྡོ་རྗེ་སེམས་དཔས་རྒྱས་གདབ་པར་བྱའོ། ། གཞན་ཡང་རྒྱས་པར་བྱེད་ན་སྐུའི་རྒྱས་གདབ་པ་ནི་ཐམས་ཅད་ཀྱི་གཙུག་ཏོར་དུ་ནམ་ མཁའི་དཀྱིལ་འཁོར་ལ་ཨ་ཡིག་མི་བསྐྱོད་པ། སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཨི་ ཡིག་དོན་ཡོད་གྲུབ་པ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ར་ཡིག་རིན་ཆེན་འབྱུང་ལྡན། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨུ་ཡིག་སྣང་བ་མཐའ་ཡས། ལྟེ་བར་དུས་མེའི་དཀྱིལ་ འཁོར་ལ་ལ་ཡིག་རྣམ་པར་སྣང་མཛད། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཨཾ་ཡིག་རྡོ་ རྗེ་སེམས་དཔའ་སྟེ་སྐུའི་རྒྱས་གདབ་པའོ། །གསུང་གི་རྒྱས་གདབ་པ་ནི་ལྟེ་བ་སྙིང་ཁ་མགྲིན་ 7-1-305 པ་དཔྲལ་བ་གཙུག་གཏོར་རྣམས་སུ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་དཀྱིལ་འཁོར་ རྣམས་ལ་ལ་ཨུ་ར་ཨི་ཨའོ། །ཐུགས་ཀྱི་རྒྱས་གདབ་པ་ནི་དཔྲལ་བ་མགྲིན་པ་སྙིང་ཁ་ལྟེ་བ་ རྣམས་སུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་དུས་མེའི་དཀྱིལ་འཁོར་རྣམས་ལ་ༀ་ཨཱཿཧཱུཾ་ཧོའོ། ། ཡེ་ཤེས་ཀྱི་རྒྱས་གདབ་པ་ནི་རྡོ་རྗེ་ནོར་བུར་གཞོམ་དུ་མེད་པའི་ཨ་ཡིག་གོ། དེ་ལྟར་ན་རྣམ་ པ་ཉི་ཤུས་བྱང་ཆུབ་པ་ཉེ་བའི་སྒྲུབ་པ་སྟེ་ལས་རྒྱལ་མཆོག་གོ། །། གསུམ་པ་སྒྲུབ་པའི་ཡན་ལག་ཐིག་ལེའི་རྣལ་འབྱོར་དང༌། བཞི་པ་སྒྲུབ་པ་ཆེན་པོའི་ ཡན་ལག་ཕྲ་མོའི་རྣལ་འབྱོར་རོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྫོགས་པ་ནི་ཐིག་ ལེའི་རྣལ་འབྱོར་ཡིན་ལ་ཐིག་ལེ་འཕོ་བ་ལ་བརྟེན་པའི་བདེ་བ་ལ་དམིགས་པ་ནི་ཕྲ་མོའི་ རྣལ་འབྱོར་རོ། །དེས་ན་འདིར་(དེ་ལྟར་མངལ་དུ་ལས་སྐྱེད་པའི་རིམ་པ་དང༌། མཚུངས་པར་བསྒོམ་པ་ནི་བསྐྱེད་ རིམ་དེ་སྐྱེ་བར་སྦྱོང་བའོ། །དེ་ནས་ཧཱུཾ་ཕཊ་ཀྱི་དོན་དྲན་པས་)ཡབ་ཡུམ་སྙོམས་པར་ཞུགས་པ་ལས་ལྟེ་བའི་ཧོ་ ཡིག་ཀློག་དང་མཚུངས་ཤིང་གཏུམ་མོ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བར་གྱུར་པས་དེ་བཞིན་ གཤེགས་པ་ལྔའི་རང་བཞིན་གཡོན་གྱི་དཀྱིལ་འཁོར་ཕུང་པོ་ལྔའི་རླུང་དང་སྤྱན་མ་ལ་སོགས་ པའི་རང་བཞིན་གཡས་ཀྱི་དཀྱིལ་འཁོར་ཁམས་ལྔའི་རླུང་རྣམས་བསྲེགས་ཤིང་མིག་ལ་ སོགས་པའི་དབང་པོ་རྣམས་ཀྱང་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་འཇུག་པ་བསྲེགས་ ནས་སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་གློ་བུར་དུ་ཐིག་ལེའི་རྒྱུན་བབས་པས། མགྲིན་པར་སླེབ་པ་ དགའ་བ། སྙིང་ཁར་མཆོག་དགའ། ལྟེ་བར་ཁྱད་པར་གྱི་དགའ་བ། ། གསང་བར་ལྷན་ཅིག་སྐྱེས་པའི་དགའ་བ་མངོན་དུ་བྱས་ཏེ། ༀ་ཛྙཱ་ན་པཱུ་ཛཱ་ཨ་ནུ་རཀ་ཏ་ སྭ་བྷཱ་བ་ཨཱད་མ་ཀོ་ཧཾ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་ཆགས་པས་རྡོ་རྗེའི་རང་བཞིན་དང་བདག་ཉིད་ང་ ཡིན)ཞེས་བརྗོད་པར་བྱའོ(དཔལ་ལྡན་དེ་བཞིན་གཤེགས་ཉིད་་་ཞེས་གསུངས་པ་ལྟར་ང་རྒྱལ་བཟུང་བ་ནི་ཐིག་ལེའི་ རྣལ་འབྱོར་རོ)། །སླར་ཡང་ཇི་ལྟར་བྱོན་པ་དེ་བཞིན་དུ་སྟེང་དུ་གཤེགས་པས་ལྟེ་བར་རྒྱུ་མཐུན་ 7-1-306 པའི་འབྲས་བུ་ལྷན་ཅིག་སྐྱེས་པའི་སྐུ་དང༌། སྙིང་ཁར་རྣམ་པར་སྨིན་པའི་(གདུལ་དཀའ་འདུལ་བ་ པོ་)འབྲས་བུ་ཆོས་ཀྱི་སྐུ་དང༌། མགྲིན་པར་སྐྱེས་(དེ་ནི་སླར་ཡང་བསྲེག་པ་ཉིད་དང༌། །ཞེས་པའི་དོན་ཕྲ་མོའི་ རྣལ་འབྱོར་རོ)བུ་བྱེད་པའི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དཔྲལ་བར་དྲི་མ་དང་ བྲལ་བའི་འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱས་པར་བལྟས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ ཏི་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངའ་བདག་)བཛྲ་(རྡོ་རྗེ་སེམས་དཔའ་ང་)ས་ཏྭཱ་ཨ་ཧཾ་དུར་དཱན་ཏ་ད་ མ་ཀ་ཧུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་ང་རྒྱལ་གཟུང་བར་བྱ་སྟེ་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་ འབྱོར་རོ། །(དེ་ལྟར་ཁུ་བ་ལ་སོགས་པའི་བདེ་བ་དང་མཚུངས་པར་བསྡོམ་པ་ནི་རྫོགས་རིམ་སྟེ་འཆི་བ་སྦྱོང་བའོ། །དེ་ནས་ ལྷ་མཐའ་དག་བདེ་སྟོང་ཟུང་དུ་ཡིད་ཆེས་པས་ལྷ་མོ་སངས་རྒྱས་ཞེས་སོགས་འདིར་མཛད་པའང་འདུག)དེ་ནས་རྒྱུད་ལ་ ལྷག་པར་མོས་པའི་དབང་གིས་དཀྱིལ་འཁོར་དང་ལྷ་ཐམས་ཅད་གསལ་འདེབས་བཞིན་ པའི་ཏིང་ངེ་འཛིན་བརྟན་པོ་དང་ལྡན་པས་ལས་དང་རྗེས་སུ་མཐུན་པའི་བགྲང་ཕྲེང་གཡོ་བ་ དང་བཅས་ཏེ་སྔགས་ཀྱི་བཟླས་པ་བྱ་བ་ནི། གཙོ་བོ་ཤེས་རབ་དང་བཅས་པའི་སྔགས་ༀ་ ཧྐྵྨླྺྼྻ⁽14bb⁾་ཞེས་པ་དང༌། སྙིང་པོ་ༀ་ཨཱཿཧཱུཾ་ཧོ་ཧྐྵྨླྺྼྻ⁽14bb⁾་ཞེས་པ་དང༌། ཉེ་བའི་སྙིང་ པོ་ༀ་ཧྲཱཾ་ཧྲཱིཾ་ཧྲྼྀཾ་ཧྲཱུཾ་ཧྲླཱྀཾ་ཧྲཱཿཞེས་པ་རྣམས་ཀྱི་མཐར་ཞི་བ་ལ་ན་ མཿ རྒྱས་པ་ལ་སྭཱཧཱ་ཞེས་པས་སྦྱར་བར་བྱའཽ། ། དེ་བཞིན་གཤེགས་པ་ཡབ་ཡུམ་རྣམས་ཀྱི་སྔགས་ནི་ༀ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿ སེམས་དཔའ་ཡབ་ཡུམ་གྱི་ནི་ༀ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ ཁྲོ་བོ་ཡབ་ཡུམ་གྱི་ནི། ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿཞེས་ པ་རྣམས་ཀྱི་མཐར་ན་མཿའམ་སྭཱཧཱ་སྦྱར་བར་བྱའོ། །གསུང་དང་སྐུའི་ལྷ་རྣམས་ཀྱི་བཟླས་པ་ ནི་སྔར་བསྟན་པའི་ལྷ་རྣམས་ཀྱི་ས་བོན་རྣམས་གོ་རིམ་ཇི་ལྟ་བ་བཞིན་ངག་ཏུ་བརྗོད་སླ་བའི་ དབང་དུ་བྱས་ནས་གསུང་གི་ལྷ་རྣམས་ཀྱི། ཧ་ཧཱ་ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླྀ་ 7-1-307 ཧླཱྀ་ཧཾ་ཧཿ ཀྵ་ཀྵཱ་ཀྵི་ཀྵཱི་ཀྵྼྀ་ཀྵྼཱྀ་ཀྵུ་ཀྵཱུ་ཀྵླྀ་ཀྵླཱྀ་ཀྵཾ་ཀྵཿདེ་ བཞིན་དུ་ཡ་ར་ལ་ཝ་རྣམས་དང་སྐུའི་ལྷ་རྣམས་ཀྱི་ཙ་ཙཱ་ཙི་ཙཱི་ཙྼྀ་ཙྼཱྀ་ཙུ་ཙཱུ་ ཙླྀ་ཙླཱྀ་ཙཾ་ཙཿ དེ་བཞིན་དུ་ཊ་སྡེ་དང་པ་སྡེ་དང་ཏ་སྡེ་དང་ས་སྡེ་དང་ཀ་སྡེའི་རིམ་ པའམ། ཡང་ན་ཀ་སྡེ་ཐོག་མར་བྱས་ཀྱང་སླ་སྟེ་སྡེ་ཚན་སོ་སོའི་ཐོག་མར་ༀ་ཡིག་དང་མཐར་ ན་མཿའམ་སྭ་ཧཱ་ཞེས་སྦྱར་ཏེ་བཟླས་པ་བྱ་ཞིང༌། སྒོ་སྐྱོང་ལ་སོགས་པ་རྣམས་ཀྱི་ཡང་ཤེས་ པར་བྱའོ། ། དེ་བཞིན་དུ་དབང་བསྐུར་བའི་སྐབས་སུ་མཚན་མ་ངན་པ་བསལ་བའམ། དུས་ཀྱི་ འཁོར་ལོ་རབ་ཏུ་ཁྲོས་པ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་བྱ་བར་འདོད་པས་ནི། ཐུགས་ཀྱི་ དཀྱིལ་འཁོར་རམ། དཀྱིལ་འཁོར་ཡོངས་སུ་རྫོགས་པ་བསྒོམས་ནས་གོང་གི་སྔགས་རྣམས་ བཟླས་ཤིང་རྗེས་སུ་རྐང་པ་བཅུ་དྲུག་པའི་སྔགས་ལས་འབྱུང་བ་ལྟར་དུས་ཀྱི་འཁོར་ལོ་རྡོ་རྗེ་ འཇིགས་བྱེད་ཀྱི་རྣམ་པར་བསྒྱུར་ནས་རྐང་པ་བཅུ་དྲུག་པ་དང་བདུན་ཅུ་རྩ་གཉིས་པ་བཟླས་ པའམ། ཡང་ན་སྐབས་ཁ་ཅིག་ཏུ་སྲུང་འཁོར་དང་ལམ་བསྟེན་པ་སྔར་བཞིན་སྔོན་དུ་བཏང་ ནས། སྟོང་པ་ཉིད་ལ་དམིགས་ཏེ་སྔར་བསྟན་པའི་མངོན་བྱང་ལྔ་འམ་ཡང་ན་སྔར་གྱི་གདན་ གྱི་སྟེང་དུ་ཧུཾ་ལས་རྡོ་རྗེ་རྩེ་ལྔ་པ་དང་དེ་ལས་བྱུང་བའི་དུས་ཀྱི་འཁོར་ལོ་རྡོ་རྗེ་འཇིགས་བྱེད་ རྐང་པ་བཅུ་དྲུག་པའི་སྔགས་ལས་འབྱུང་བ་ལྟ་བུ་ལ་སྣ་ཚོགས་ཡུམ་ཕྱག་གཉིས་མས་མཉམ་ པར་སྦྱོར་བའི་སྐུའི་དཀྱིལ་འཁོར་པ་དང་བཅས་པའམ། །གཙོ་བོར་ཡབ་ཡུམ་འབའ་ཞིག་པ་ ཙམ་བསྒོམ་པར་བྱ་ཞིང༌། ཕྱག་རྒྱ་དང་མཚོན་ཆ་རྣམས་སྔགས་ཀྱི་ཚིག་གིས་བཀོད་ནས། ཡེ་ ཤེས་པ་དགུག་གཞུག་སོགས་དང༌། དབང་བདུན་དང་དབང་གོང་མ་རྣམས་ཀྱང་བླངས་ཏེ། རྐང་པ་བཅུ་དྲུག་པ་དང་བདུན་ཅུ་རྩ་གཉིས་པ་བཟླས་པར་བྱའོ། །ཕྱག་རྒྱ་དྲུག་དགོད་པའི་ སྔགས་ནི། ༀ་(རྡོ་རྗེའི་ཕྱག་གདུབ་དང་)ཧཾ་ཧཿབཱ་མ་(གཡོན་དང་)དཱ་ཀྵི་ཎ་(གཡས་ཀྱི)ཀརྞྞ་ཡོར་(རྣ་བ་དག་ 7-1-308 ལ)བཛྲ་(རྡོ་རྗེའི་)ཀུཎ་ཊ་ལེ་(རྣ་འཛིན་)ཧཱུཾ་ཧཱུཾ་ཕཊ་ཕཊ(རྣ་བ་དག་ལ་རྡོ་རྗེའི་རྣ་༴)། ༀ་ཨཾ་ཨཿཀ་ཊྱཱཾ་ཀཎ་ ཋེ་(སྐེད་པ་དང་མགྲིན་པར)བཛྲ་མེ་ཁ་ལཱ་(རྡོ་རྗེའི་སྐ་རགས་དང)བཛྲ་ཀཎ་ཋི་ཀ་(རྡོ་རྗེའི་མགུལ་བརྒྱན)ཧཱུཾ་ཧཱུཾ་ ཕཊ་ཕཊ(རྐེད་པ་དང་མགྲིན་པར་རྡོ་རྗེའི་སྐ་རགས་དང་༴༴༴མགུལ་བརྒྱན་དང་)། ༀ་ཨཱ་ཨ་བཱ་མ་དཀྵི་ཎ་(གཡོན་ དང་གཡས་ཀྱི་)ཀ་ར་ཡོར་(ཕྱག་དག་ལ)བཛྲ་རུ་ཙ་ཀཽ་(རྡོ་རྗེའི་ཕྱག་གདུབ)ཧཱུཾ་ཧཱུཾ་ཕཊ་ཕཊ(ཕྱག་དག་ལ་རྡོ་རྗེའི་ ཕྱག་གདུབ་དང་)། ༀ་ཧ་ཧཱ་བཱ་མ་དཀྵི་ཎ་(གཡོན་དང་གཡས་ཀྱི)པཱ་ད་ཡོར་(རྡོ་རྗེའི་ཞབས་དག་ལ)བཛྲ་ནཱུ་ པུ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ(ཞབས་དག་ལ་རྡོ་རྗེའི་ཞབས་གདུབ་དང་)། ༀ་ཧཾ་བཾ་པཉྩ་ཨ་ཀཱ་ར་མ་ཧཱ་ཤཱུ་ནྱ་སྭ་བྷཱ་ བ་(སྟོང་པ་ཆེན་པོ་རྣམ་པ་ལྔའི་རང་བཞིན)བཛྲ་ཤི་རོ་མ་ཎི་ཤི་ར་སི་(རྡོ་རྗེ་སྤྱི་བོའི་རྩེར་ནོར་བུ་དང་)སརྦ་ཨཾ་གེ་ (ཡན་ལག་ཐམས་ཅད་ལ)བྷསྨ་ཧཱུཾ་ཧཱུཾ་ཕཊ་ཕཊ(སྤྱི་བོའི་རྡོ་རྗེ་ནོར་བུ་དང་སྐུ་ཐམས་ཅད་ལ་ཐལ་བའི་ཕྱག་རྒྱ)། ༀ་ ཨཾ་ཨར་དྷ་ནཱ་རཱི་ཤྭ་ར་(ཕྱེད་པ་མི་མོའི་དབྱུག)བཛྲ་ཨར་དྷ་ཙན་ཏྲ་(རྡོ་རྗེ་ཟླ་བ་ཕྱེད་པ)བཛྲ་པཊྚ་ཨཱུར་དྷེ་ (རྡོ་རྗེ་དར་དཔྱངས་ཀྱི་སྟེང་དུ)ཧུཾ་ཧཱུཾ་ཕཊ་ཕཊ(རྡོ་རྗེ་དར་དཔྱངས་ཀྱི་སྟེང་དུ་རྡོ་རྗེ་ཟླ་བ་ཕྱེད་པ)། ༀ་ཨ་ ཨཿཨཾ་སརྦ་སྭ་ར་(དབྱངས་ཐམས་ཅད་ཅིག་པ)ཨེ་ཀ་ཏྲི་སྭ་ར་(དབྱངས་གསུམ་གྱིས)སྭ་བྷཱ་བ་(རང་བཞིན) བཛྲ་ཡཛྙཱོཔ་བཱི་ཏ་(རྡོ་རྗེ་མཆོད་ཕྱིར་ཐོགས)སྐན་དྷེ་(ཕྲག་པ་ལ)ཧཱུཾ་ཧཱུཾ་ཕཊ་ཕཊ(ཕྲག་པར་རྡོ་རྗེ་མཆོད་ཕྱིར་ ཐོགས་པ)། ཕྱག་རྒྱ་དྲུག་དགོད་པའོ། །ༀ་ཀྵཿདུར་དཱན་ཏ་(གདུལ་བཀའ་བ)ཨ་བྷི་ཡཱ་ན་(མངོན་པའི་ང་ རྒྱལ་)ཀྵ་ཡཾ་ཀ་ར་(ཟད་པར་མཛད་པས)བྱཱ་གྷྲ་ཙར་མ་(སྟག་གི་ལྤགས་པ་སྐྱེད་པ)ཀ་ཊཽ་ཧཱུཾ་ཧཱུཾ་ཕཊ་ཕཊ(སྐྱེད་ པར་སྟག་གི་ལྤགས་པ་དང་)། ༀ་ཧཾ་ཀྵཿཏྲིཾ་ཤཏ་(དབྱངས་སུམ་ཅུ་དང་)སྭ་ར་སཔ་ཏ་ཏི་ཧྲ་སྭ་དཱིརྒྷ་བྱཉྫ་ན་ (༴༴༴༴ཐུང་རིང་བདུན་ཅུ་ནི)སྭ་བྷཱ་བ(རང་བཞིན)དེ་ཏྱ་ཀུ་ལ་(ལྷ་མ་ཡིན)ཤ་ཏ་སི་རོ་བྷིར་(རིགས་བརྒྱའི་མགོ་ ཕྲེང་རྣམས་ཀྱིས་)མུཎ་ཊ་མཱ་ལེ་སྐན་དྷ་བ་ལཾ་བི་ནི་(མགོ་བོའི་ཕྲེང་བ་ཕྲག་པ༴༴༴༴ཕྱང་བ)སྐན་(ཕྲག་པ་ལ)དྷེ་ ཧཱུཾ་ཧཱུཾ་ཕཊ་ཕཊ(ཕྲག་པར་བདུད་རིགས་བརྒྱའི་མགོ་ཕྲེང་འཕྱང་བ)། ༀ་ཧ་ཧི་ཧྼྀ་ཧུ་ཧླྀ་པཉྩ་(ཕུང་ པོ་ལྔ་)སྐན་དྷ་བི་ཤུད་དྷ་སྭ་བྷཱ་བ་(རྣམ་པར་དག་པའི་རང་བཞིན)ཤཱི་ར་སི་ཀ་པཱ་ལ་(ཕྱག་རྒྱ་སྤྱི་བོར་ཐོད་པའི་ ཕྲེང་བ)མཱེ་ལེ་ཧཱུཾ་ཧཱུཾ་ཕཊ་ཕཊ(སྤྱི་བོར་ཐོད་པ་བརྒྱའི་ཕྲེང་བས་བརྒྱན་པར་གྱུར)། མཚོན་ཆ་རྣམས་དགོད་པའི་ 7-1-309 སྔགས་ནི། ༀ་ཀྵྼཿཀྲོ་དྷ་བཛྲ་(ཁྲོ་བོའི་རྡོ་རྗེ)ཧུཾ་ཕཊ། ༀ་ཀྵྼཿབཛྲ་ཁཊ་ག་(རྡོ་རྗེ་རལ་གྲི་)ཧུཾ་ཕཊ། ༀ་ ཀྵྼཿབཛྲ་ཏྲི་ཤཱུ་ལ་(རྡོ་རྗེ་རྩེ་གསུམ)ཧུཾ་ཕཊཿ ༀ་ཀྵྼཿབཛྲ་ཀར་ཏི་ཀ་(རྡོ་རྗེ་གྲི་གུག)ཧུཾ་ཕཊ། ༀ་ཀྵྼཿབཛྲ་ བཱ་ན་(རྡོ་རྗེ་མདའ)ཧུཾ་ཕཊ། ༀ་ཀྵྼཿབཛྲ་ཨཾ་ཀུ་ཤ་(རྡོ་རྗེ་ལྕགས་ཀྱུ)ཧུཾ་ཕཊཿ ༀ་ཀྵྼཿབཛྲ་ཌ་མ་རུ་ཀ་ (རྡོ་རྗེ་ཅང་ཏེའུ)ཧུཾ་ཕཊ། ༀ་ཀྵྼཿབཛྲ་མུད་ག་ར་(རྡོ་རྗེ་ཐོ་བ)ཧུཾ་ཕཊ། ༀ་ཀྵྼཿབཛྲཿཙཀྲ་(རྡོ་རྗེ་འཁོར་ལོ་)ཧུཾ་ཕཊ། ༀ་ཀྵྼཿབཛྲ་ཀུན་ཏ་(རྡོ་རྗེ་མདུང་)ཧུཾ་ཕཊ། ༀ་ཀྵྼཿབཛྲ་དཎ་ཊ་(རྡོ་རྗེ་དབྱུག་པ)ཧུཾ་ཕཊ། ༀ་ ཀྵྼཿབཛྲ་པར་ཤུ་(རྡོ་རྗེ་དགྲ་སྟ)ཧུཾ་ཕཊ། ཅེས་པ་རྣམས་གཡས་ཀྱི་མཚོན་ཆ་དགོད་པའོ། །ༀ་ཧྭཱཾ་ བཛྲ་གྷཎ་ཊེ་(རྡོ་རྗེ་དྲིལ་བུ)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ཁེ་ཊ་ཀ་(རྡོ་རྗེ་ཕུབ་)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་བཛྲ་ ཁ་ཊྭཱཾ་ག་(རྡོ་རྗེ་ཁ་ཊཾ་ག)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ཀ་པཱ་ལ་(རྡོ་རྗེ་ཐོད་པ་)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ཙ་པ་ (རྡོ་རྗེ་གཞུ)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་པཱ་ཤ་(རྡོ་རྗེ་ཞགས་པ)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་རད་ན་(རྡོ་རྗེ་རིན་ ཆེན)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་པད་མ་ཧོ་(རྡོ་རྗེ་པད་མ)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ཤཾ་ཁ་(རྡོ་རྗེ་དུང་)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ཨཱ་དར་ཤ་(རྡོ་རྗེ་མེ་ལོང་)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ཤྲིཾ་ཁ་ལེ་(རྡོ་རྗེ་ལྕགས་སྒྲོག)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་ཙ་ཏུར་བེ་(རིག་བྱེད་བཞིའི་)ད་མུ་ཁ་སྭ་བྷཱ་ཝ་(རང་བཞིན)བྲཧྨ་ཤི་རཾ་(ཚངས་པའི་མགོ་ བོ)ཧོཿ ཕྲེཾ་ཕཊ། ཅེས་པ་རྣམས་གཡོན་གྱི་མཚོན་ཆ་དགོད་པའོ། །གླང་པོ་ཆེའི་ལྤགས་པ་བགཽ་ བའི་སྔགས་ནི། ༀ་ཀྵ་ཀྵཱ་ཀྵི་ཀྵཱི་ཀྵྼྀ་ཀྵྼཱྀ་ཀྵཱུ་ཀྵཱུ་ཀྵླྀ་ཀྵླཱྀ་ཀྵཾ་ཀྵཿཧ་ཧཱ་ ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུཾ་ཧླྀ་ཧླཱྀ་ཧཾ་ཧཿསརྦ་བིགྷྣ་བི་དཱ་རི་ཏ་(བགེགས་ཐམས་ ཅད་རྣམ་པར་འཇོམ་པ་ཉིད)ག་ཛ་ཙར་མ་པ་ཊ་(གླང་ལྤགས་ཀྱི)ཨར་ཏྲ་རཀ་ཏ་(གོས་རློན་པ)ཤྲ་བ་ཏ་(ཁྲག་ འཛག་པ་ཉིད)ཧཱུཾ་ཕྲེཾ་(གླང་པོ་ཆེའི་ལྤགས་པ་རློན་པ་ཁྲག་དང་བཅས་པ་མགོ་བོ་གཡས་སུ་བསྟན་པའི་རྐང་ལག་གཉིས་ནས་ ལྷག་པའི་ཕྱག་གཉིས་སྡིགས་འཛུབ་དང་བཅས་པས་བཟུང་ཏེ་གྱོན་པར་གྱུར)ཞེས་པའོ། ། ཀླུའི་རྒྱལ་པོ་དགོད་པའི་སྔགས་ནི། ༀ་ཧུཾ་བཛྲ་(རྡོ་རྗེ་)ཛ་ཡ་(རྒྱལ་བ་)ནཱ་ག་ཨིན་ཏྲ(ཀླུའི་ དབང་པོ)་བཛ་ཛ་ཊཱ་མུ་ཀུ་ཊ་བན་དྷེ་(རྡོ་རྗེ་རལ་པའི་ཅོད་པན་ལ་བཅིངས་པ)ཏིཥྛ་ཏིཥྛ་(འདུག་ཅིག་༢)ཧུཾ་ཧཱུཾ་ 7-1-310 ཕཊ་ཕཊཿ ༀ་ཀྵཱུཾ་བཛྲ་བི་ཛ་ཡ་(རྡོ་རྗེ་རྣམ་པར་རྒྱལ་བ་)ནཱ་ག་ཨིན་དྲ་(ཀླུའི་དབང་པོ)བཛྲ་པཊྚ་བན་དྷེ་ (རྡོ་རྗེ་དར་དཔྱངས་བཅིངས་པ་ལ)ཏིཥྛ་ཏིཥྛ་(འདུག་ཅིག་༢)ཧུཾ་ཧཱུཾ་ཕཊ་ཕཊཿ ༀ་ཧྻཾ་ཧྻཱཾ་བཛྲ་ཀར་ཀོ་ཊ་ཀ་ བཛྲ་པད་(རྡོ་རྗེ་སྟོབས་ཀྱིས་རྒྱུ་དང་རྡོ་རྗེ་པད་མ་དག)མཽ་བཱ་མ་(གཡོན་དུ)དཀྵི་ཎ་(གཡས་ཀྱི)ཀུན་ཊ་ལ་ ཡོ(རྣ་རྒྱན་དག་ལ་)ཿཏིཥྛ་ཏིཥྛ་(འདུག་ཅིག་༢)ཧུཾ་ཧཱུཾ་ཕཊ་ཕཊཿ ༀ་ཧྼཾ་ཧྼཱཾ་བཛྲ་བཱ་སུ་ཀི་ཤཾ་ཁ་པཱ་(རྡོ་རྗེ་ ནོར་རྒྱས་དང་དུང་སྐྱོང་དག)ལཽ་བཱ་མ་(གཡོན་དུ)དཀྵི་ཎ་(གཡས་ཀྱི)རུ་ཙ་ཀ་ཡོ(ཕྱག་གདུབ་དག་ལ)ཿཏིཥྛ་ཏིཥྛ་ (འདུག་ཅིག་༢)ཧུཾ་ཧཱུཾ་ཕཊ་ཕཊཿ ༀ་ཧྺཾ་ཧྺཱཾ་བཛྲ་ཨ་ནན་ཏ་ཀུ་ལི་ཀཽ་(རྡོ་རྗེ་མཐའ་དང་རིགས་ལྡན་དག)མེ་ ཁ་ལཱ་ཀཎ་ཋི་ཀ་(༴༴དཔག་དང་མགུལ་རྒྱན་དག་ལ)ཡོཿཏིཥྛ་ཏིཥྛ་(འདུག་ཅིག་༢)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཧླཱཾ་ཧླཱཾ་ བཛྲ་ཏཀྵ་ཀ་མ་ཧཱ་པད་(རྡོ་རྗེ་འཇོག་པོ་དང་པད་མ་ཆེན་པོ་དག)མཽ་བཱ་མ་(གཡོན་དང)དཀྵི་ཎ་(གཡས་ཀྱི་)པཱ་ དང་ནཱུ་པཱུ་ར་ཡོ(ཞབས་གདུབ་དག་ལ)ཿཏིཥྠ་ཏིཥྛ་(འདུག་ཅིག་༢)ཧུཾ་ཧཱུཾ་ཕཊ་ཕཊ་ཅེས་པའོ། ། བཅོམ་ལྷན་འདས་ཀྱི་སྔགས་རྐང་པ་བཅུ་དྲུག་པ་ནི། ༀ་ན་མོ་བཛྲ་སཏྭཱ་ཡ(རྡོ་རྗེ་སེམས་དཔའ་ ལ་ཕྱག་འཚལ་ལོ)། ན་མོ་བུད་དྷ་བོ་དྷི་སཏྭེ་བྷྱཿ(སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ)ན་མོ་བཛྲ་ ཀྲོ་དྷ་ཨིན་རཱ་ཛེ་བྷྱཿ(རྡོ་རྗེ་ཁྲོ་བོའི་དབང་པོའི་རྒྱལ་པོ་རྣམས་ལ)ན་མོ་(ཕྱག་འཚལ་ལོ)བི་ཤྭ་མཱ་ཏྲེ(སྣ་ཚོགས་ཡུམ་ ལ)། ན་མོ་(ཕྱག་འཚལ་ལོ)བུད་དྷ་བོ་དྷི་སཏྭ་དེ་ཝཱི་བྷྱཿ(སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལྷ་མོ་རྣམས་ ལ) ན་མོ་(ཕྱག་འཚལ་ལོ)བཛྲ་ཌཱ་ཀི་ནཱི་བྷྱཿ(རྡོ་རྗེ་མཁའ་འགྲོ་མ་རྣམས་ལ) ༀ་ན་མོ་(ཕྱག་འཚལ་ལོ)བྷ་ག་ བ་ཏེ་(བཅོམ་ལྡན་འདས)ཀཱ་ལ་ཙ་ཀྲ་ཡ(དཔལ་དུས་ཀྱི་འཁོར་ལོ་ལ)། ༡ བཛྲ་བྷཻ་ར་བ་བྷཱི་ཀ་རཱ་ཡ(རྡོ་རྗེ་ འཇིགས་བྱེད་འཇིགས་པར་བྱེད་པ་ལ)། ༢ མ་ཧཱ་(ཆེན་པོ)ཨིན་ཏྲ་(དབང་པོ)ནཱི་ལ་བར་ཎ་ཤཱ་རཱི་རཱ་ཡ(སྔོན་ པོའི་ཁ་དོག་ཅན་གྱི་སྐུ་ལ)། ༣ མཱ་ར་ཀླེ་ཤ་ཧྲ་ད་ཡཱ་ཨཱ(བདུད་དང་ཉོན་མོངས་པའི་སྙིང་ཁར་)ཀྲཱན་ཏ་(མནན་ པའི)སི་ཏ་རཀྟ་ཙ་ར་ཎཱ་ཡ(དཀར་པོ་དང་དམར་པོའི་ཞལ་ཅན་ལ)། ༤ ཀྲཥྞ་རཀྟ་སི་ཏ་ཀཎ་ཋཱ་ཡ(ནག་པོ་ དམར་པོ་དཀར་པོའི་མགྲིན་པ་ལ)། ༥ ནཱི་ལ་(མཐོན་མཐིང་)སི་ཏ་པཱི་ཏ་(དཀར་པོ་སེར་པོ་)རཀྟ་(དམར་པོ) དཾཥྟཱ་ཀ་རཱ་ལོ་གྲ་(མཆེ་བ་གཙིགས་པ་དྲག་ཅིང་)བྷཱི་ཁ་ཎ་མུ་ཁཱ་ཡ(འཇིགས་སུ་རུང་བའི་ཞལ་ཅན་ལ)། ༦ ཀྲཥྞ་ 7-1-311 (ནག་པོ་)རཀྟ་(དམར་པོ་)སི་ཏ་(དཀར་པོའི་)ས་བྱེ་ཏ་(གཡས་པ་དང་)ར་སྐན་དྷཱ་ཡ(ཅིག་ཤོས་ཀྱིས་ཕྲག་པ་ ལ)། ༧ དྭཱ་ད་ཤ་བྷུ་ཛཱ་ཡ(བཅུ་གཉིས་ཀྱི་དཔུང་པ་ལ)། ༨ ཥཊ་(དྲུག་དང་)བིཾ་ཤ་ཏི་ཀ་རཱ་ཡ(ཉི་ཤུའི་ཕྱག་ ལ)། ༩ བཛྲ(རྡོ་རྗེ་)། ཁཊ་ག(རལ་གྲི)། ཏྲི་ཤཱུ་ལ(རྩེ་གསུམ)། ཀརྟི་ཀ(གྲི་གུག) ཝཱ་ཎ(མདའ)། ཨཾ་ ཀུ་ཤ(ལྕགས་ཀྱུ) ཌ་མ་རུ་ཀ(ཅང་ཏེའུ) མུད་ག་ར(ཐོ་བ)། ཙཀྲ(འཁོར་ལོ)། ཀུན་ཏ(མདུང་)། དཎ་ ཌ(དབྱུག་པ)། པར་ཤུ(དགྲ་སྟ) །བཛྲ་གྷཎ་ཊ(རྡོ་རྗེ་དྲིལ་བུ)། ཁེ་ཊ (ཕུབ)། ཁ་ཊྭཱཾ་ག(ཁ་ཊྭཱཾ་ག) ཀ་ པཱ་ལ(ཐོད་པ)། ཙཱ་པ(གཞུ)། པཱ་ཤ(ཞགས་པ) རད་ན(རིན་པོ་ཆེ)། ཀ་མ་ལ(པད་མ)། ཤཾ་ཁ(དུང་)། ཨཱ་དར་ཤ(མེ་ལོང) ཤྲྀཾ་ཁ་ལ(ལྕགས་སྒྲོག)། བྲཧྨ་ཤི་རོ(ཚངས་པའི་མགོ་བོ)། ག་ཛ་ཙར་མ་ དྷྲ་ཏ་ཀ་རཱ་ཡ(གླང་པོ་ཆེའི་ལྤགས་པ་འཛིན་པའི་ཕྱག་ལ)། ༡༠ བྱཱ་གྷྲ་ཙར་མ་ནི་བ་ས་ནཱ་ཡ(སྟག་གི་ལྤགས་ པའི་ཤམ་ཐབས་ཅན་ལ)། ༡༡ སྐན་དྷེ་(ཕྲག་པ་ལ)མུཎ་ཊ་མཱ་ལཱ་བ་ལཾ་བི་ནེ(མགོ་བོའི་ཕྲེང་བ་འཕྱང་བ་ཅན་ ལ)། ༡༢ ཤི་ར་སི་བཛྲ་པཊ་ཊ་(སྤྱི་བོར་རྡོ་རྗེ་དར་དཔྱངས་)མུ་ཀུ་ཊེ་(ཅོད་པན་ཅན)བཛྲ་ཀ་པཱ་ལ་མཱ་ལ་ (རྡོ་རྗེ་ཐོད་པའི་ཕྲེང་བ་)ཨར་དྷ་ཙནྚ་དྷ་རཱ་ཡ(ཕྱེད་པའི་ཟླ་བ་འཛིན་པ་ལ)། ༡༣ ཀུན་ཊ་ལ་(རྣ་རྒྱན་ལ)རུ་ ཙ་ཀ(ཕྱག་གདུབ) ཀཎ་ཋི་ཀ(མགུལ་རྒྱན) མེ་ཁ་ལཱ(སྐ་རགས)། ནཱུ་པུ་ར(ཞབས་གདུབ)། བྷསྨ(ཐལ་ བ)། ཡཛྙོ་པ་བཱི་ཏ(མཆོད་ཕྱིར་ཐོགས)། ཤི་རོ་(སྤྱི་བོར་)མ་ཎི་(ནོར་བུ)མ་ཧཱ་(ཆེན་པོ)མུ་ཏྲཱ(ཕྱག་རྒྱ)། ནཱ་ ག་(ཀླུའི་)ཨིན་ཏྲ་(དབང་པོས)བི་བྷཱུ་ཥ་ཎཱ་ཡ(རྣམ་པར་བརྒྱན་པ་ལ)། ༡༤ བཛྲ་ཌཱ་ཀི་ནཱི(རྡོ་རྗེ་མཁའ་འགྲོ་ མས་)། སཾ་ཏོ་ཥི་ཏ་ཧྲི་ད་ཡཱ་ཡ(ཡང་དག་པར་མཉེས་པའི་ཐུགས་ལ)། ༡༥ ཨིན་ཏྲ(དབང་པོ)། ཨག་ནི(མེ་ ལྷ)། ཡ་མ(གཤིན་རྗེ)། ནཻར་ར་ཏྱ(བདེན་བྲལ)། བ་རུ་ཎ(ཆུ་ལྷ)། བཱ་ཡུ(རླུང་ལྷ)། ཀུ་བེ་ར(ལུས་ ངན)། ཨཱི་ཤ་ན(དབང་ལྡན)། བྲཧྨ(ཚངས་པ)། བིཥྞུ(ཁྱབ་འཇུག)། བི་ནཱ་ཡ་ཀ(ལོག་འདྲེན) ཀར་ཏི་ ཀེ(སྨིན་དྲུག་གི་བུ) ཡ་ནན་དི(དགའ་བྱེད)། མ་ཧཱ་ཀཱ་ལ(ནག་པོ་ཆེན་པོ)། གྲ་ཧ(གཟའ)། ན་ཀྵ་ཏྲ(སྐར་ མ)། ཀྵེ་ཏྲ་པཱ་ལ(ཞིང་སྐྱོང་)། སུ་རེན་ཏྲཱ(ལྷའི་དབང་པོ)། ཨ་སུ་རེན་དྲཱ(ལྷ་མིན་དབང་པོ)། ཕ་ནི་ཨིན་ ཏྲ(གདེངས་ཀའིདབང་པོ)། བྷུ་ཏ་ཨིན་ཏྲ(འབྱུང་བོའི་དབང་པོ)། ན་ར་ཨིན་ཏྲ(མིའི་དབང་པོས)། སཾ་སྟུ་ཏ་ཙ་ 7-1-312 ར་ཎཱ་ཡ(ཡང་དག་པར་བསྟོད་པའི་ཞབས་ལ)། ༡༦ ཧ་ཧཱ་ཀྵ་ཀྵཱ་ང་ངཱ་ྈྐ་ྈྐཱ་ན་ནཱ་མ་མཱ་ཎ་ཎཱ་ཉ་ཉཱ་ཧུཾ་ཧཱུཾ་ཕྲེཾ་ ཕྲེཾ་ཕཊ་ཕཊ། ཀླྀ་ཀླཱྀ་ཁུ་ཁཱུ་གྲྀ་གྲཱྀ་གྷི་གྷཱི་ཧ་ཧཱ་ཧུྃ་ཧཱུྃ་ཕཊ་ཕཊ། ཙླྀ་ ཙླཱྀ་ཚུ་ཚཱུ་ཛྼྀ་ཛྼཱྀ་ཛྷི་ཛྷཱི་ཡ་ཡཱ་ཧུྃ་ཧཱུྃ་ཕཊ་ཕཊ། ཊླྀ་ཊླཱྀ་ཋུ་ཋཱུ་ ཌྼྀ་ཌྼཱི་ཌྷི་ཌྷཱི་ར་རཱ་ཧུྃ་ཧཱུྃ་ཕཊ་ཕཊ། པླྀ་པླཱྀ་ཕུ་ཕཱུ་བྼྀ་བྼཱྀ་ བྷི་བྷཱི་ཝ་ཝཱ་ཧུྃ་ཧཱུྃ་ཕཊ་ཕཊ། ཏླྀ་ཏླཱྀ་ཐུ་ཐཱུ་དྼྀ་དྼཱྀ་དྷི་དྷཱི་ལ་ལཱ་ཧུྃ་ཧཱུྃ་ ཕཊ་ཕཊ། སླྀ་སླཱྀ་ྉྤུ་ྉྤཱུ་ཥྼྀ་ཥྼཱྀ་ཤི་ཤཱི་ཧཾ་ཧཿ ཧུཾ་ཧཱུཾ་ཕཊ་ཕཊ། ཧ་ཧཱ་ཧི་ཧཱི་ ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ །ཨ་ཨཱ་ཨཾ་ཨཿ ཧ་ཧཱ་ཧཾ་ཧཿ ཕྲེཾ་ཧོཿ རྐང་པ་བདུན་ཅུ་རྩ་གཉིས་པ་ནི། ༀ་ཨཱཿཧཱུྃ་ཧོཿཧྃ་ཀྵཿ ཧྐྵྨླྺྼྻ⁽14bb⁾་ཀཱ་ལ་ཙཀྲ(དུས་ ཀྱི་འཁོར་ལོ) ༡ དུར་དཱན་ཏ་ད་མ་ཀ(གདུལ་དཀའ་འདུལ་བ་པོ)ཛཱ་ཏི་(སྐྱེ་བ)ཛ་རཱའ་(རྒ་བ)མ་ར་ཎ(འཆི་ བ)ཨན་ཏ་ཀ(མཐར་བྱེད་པ) ༢ ཏྲཻ་ལོ་ཀྱ་བི་ཛ་ཡ(འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ)། ༣ མ་ཧཱ་(ཆེན་ པོའི་)བཱི་ར་(དཔའ་བོའི)ཨཱི་ཤྭ་ར(དབང་ཕྱུག)། ༤ བཛྲ་བྷཻ་ར་ཝ(རྡོ་རྗེ་འཇིགས་བྱེད)། ༥ བཛྲ་ཀཱ་ཡ(རྡོ་ རྗེའི་སྐུ)། ༦ བཛྲ་གཱ་ཏྲ(རྡོ་རྗེའི་ལུས་སམ་གོང་བུ)། ༧ བཛྲ་ནཻ་ཏྲ(རྡོ་རྗེའི་སྤྱན)། ༨ བཛྲ་ཤྲོ་ཏྲ(རྡོ་རྗེའི་སྙན)། ༩ བཛྲ་གྷྲཱཎ(རྡོ་རྗེའི་ཤངས)། ༡༠ བཛྲ་ཛི་ཧྭ(རྡོ་རྗེའི་ལྗགས)། ༡༡ བཛྲ་དན་ཏ(རྡོ་རྗེའི་ཚེམས)། ༡༢ བཛྲ་ན་ཁ(རྡོ་རྗེའི་སེན་མོ)། ༡༣ བཛྲ་ཀེ་ཤ(རྡོ་རྗེའི་སྐྲ) ༡༤ བཛྲ་ལོ་མ(རྡོ་རྗེའི་བ་སྦུ)། ༡༥ བཛྲ་ཨཱ་ བྷ་ར་ཎ(རྡོ་རྗེའི་རྒྱན)། ༡༦ བཛྲ་ཧཱ་ས(རྡོ་རྗེའི་བཞད་པ)། ༡༧ བཛྲ་གཱི་ཏ(རྡོ་རྗེའི་གླུ)། ༡༨ བཛྲ་ནྲྀ་ ཏྱ(རྡོ་རྗེའི་གར)། ༡༩ བཛྲ་ཨཱ་ཡུ་དྷ་ཀ་ར(རྡོ་རྗེའི་མཚོན་ཆ)། ༢༠ བཛྲ་ཀྲོདྷ་རཱ་ཛ་(རྡོ་རྗེའི་ཁྲོ་བོའི་རྒྱལ་ བོའི་)ཨ་དྷི་པ་ཏི(མངའ་བདག)། ༢༡ བཛྲ་ཌཱ་ཀ(རྡོ་རྗེ་མཁའ་འགྲོ་དང་) ༢༢ བཛྲ་ཌཱ་ཀི་ནཱི་ཛཱ་ལ་པ་རི་ བྲི་ཏ(རྡོ་རྗེ་མཁའ་འགྲོ་མའི་དྲ་བས་ཡོངས་སུ་བསྐོར་བ)། ༢༣ ཤཱི་གྷྲཾ་(མྱུར་དུ་)ཨཱ་གཙྪ་(བྱོན)ཨཱ་གཙྪ(བྱོན)། ༢༤བཛྲ་ས་ཏྭ་ཛྙཱ་པ་ཡ(རྡོ་རྗེའི་སེམས་དཔའི་བཀའ་ཡིས)། སརྦམཱ་ར་(ཐམས་ཅད་བདུད)བིགྷྣ་(བགེགས) བི་ནཱ་ཡ་ཀ(ལོག་འདྲེན) ཀེཾ་ན་ར(མིའམ་ཅི)། ཀིཾ་པུ་རུ་ཥ(སྐྱེས་བུའམ་ཅི)། ག་རུ་ཊ(མཁའ་ལྡིང་)། གན་ 7-1-313 ངྷརྦ(དྲི་ཟ)། ཡཀྵ (གནོད་སྦྱིན)། རཀྵ་ས(སྲིན་པོ)། བྷཱུ་ཏ(འབྱུང་པོ)། མཧཱ་པྲེ་ཏ(ཡི་དྭགས་ཆེན་པོ)། ཀུམ་བྷཱཎ་ཊ(གྲུལ་བུམ)། ཨ་པསྨཱ་ར(བརྗེད་བྱེད)། ཀྵེ་ཏྲ་པཱ་ལ(ཞིང་སྐྱོང་)། བེ་ཏཱ་ཊ(རོ་ལངས)། པཱུ་ ཏ་ན(སྲུལ་པོ)། དུཥྟ་ནཱའ་ག(གདུག་པའི་ཀླུ་དང་) གྲ་ཧ་ཨཱ་ད་(གཟའ་ལ་སོགས་པ)ཡོ་ཡེ(གང་དག་གང་ ཞིག)། སརྦ་(ཐམས་ཅད་)ཛྭ་ར(རིམས)། སརྦ་(ཐམས་ཅད་)བྱཱ་དྷི(ནད)། ཀྵུ་ཏྲ་(ཕྲ་མོའི)ཨུ་པ་ཏྲ་བ་(ཉེ་ བར་འཚེ་བ)ཀཱ་རི་ཎཿ(བྱེད་པ) སརྦ་སཏྭཱ་ནཱཾ (སེམས་ཅན་རྣམས་ལ)། སརྦ་(ཐམས་ཅད)ཨ་པ་(གནོད་པ) ཀཱ་ར་(བྱེད་པར)ར་ཏསྟཱན(དགའ་བ)སརྦན་ཛཿ(དེ་རྣམས་ཐམས་ཅད) ཤཱི་གྷྲཾ(མྱུར་དུ་)བཛྲཱཾ་(རྡོ་རྗེ་)ཀུ་ཤེ་ ན་(ལྕགས་ཀྱུས་)ཨཱ་ཀྲྀ་ཥྱཱ་(ཁུག་ཅིག་)ཀྲྀ་ཥྱ(ཁུག་ཅིག) ༢༥ ཨཱུར་དྷ་དི་ཤི( སྟེང་གི་ཕྱོགས་སུ་གནས་པ)ག་ ཏ་ནཱཾ་ཀྲྀ་ཥྱཱ་(ཁུག་ཅིག)ཀྲྀ་ཥྱ(ཁུག་ཅིག)། ༢༦ པཱུར་བ་དི་ཤི་ག་ཏཱ་ནཱ་(ཤར་ཕྱོགས་སུ་གནས་པ་རྣམས་ལ)ཀྲ ་ཥྱཱ་(ཁུག་ཅིག)ཀྲྀ་ཥྱ(ཁུག་ཅིག)། ༢༧དཀྵི་ཎ་དི་ཤི་ག་ཏཱ་ནཱ་(ལྷོ་ཕྱོགས་སུ་གནས་པ་རྣམས)ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ ཅིག)། ༢༨ ཨུད་ཏ་ར་(བྱང་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱེ(ཁུག་ཅིག)། ༢༩ པཤྩི་མ་(ནུབ)དི་ཤི་ག་ཏཱ་ ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༣༠ བཱ་ཡ་བྱ(རླུང་གི)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༣༡ ཨཱི་ཤཱ་ན་ (དབང་ལྡན)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༣༢ ནཻར་རི་ཏྱ་(བདེན་བྲལ)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ ཥྱ(ཁུག་ཅིག)། ༣༣ ཨག་ནེ་ཡ(མེའི་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༣༤ ཨ་དྷོ་(འོག་གི)དི་ ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༣༥ ཨཱ་ཀཱ་ཤ་མཎ་ཌ་ལ་(ནམ་མཁའི་དཀྱིལ་འཁོར་ན)ག་ཏཱ་ནཱ་ཀྲི་ཥྱཱ་ ཀྲྀ་ཥྱ(ཁུག་ཅིག)། ༣༦ ཝ་ཡུ་(རླུང་གི)མཎ་ཌ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱི་ཀྲྀ་ཥྱཱ(ཁུག་ཅིག)། ༣༧ དེ་ཛོ་(མེའི་)མཎ་ཌ་ལ་ག་ཏཱ་ནཱ་ཀྲྀ་ ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༣༨ ཏོ་ཡ(ཆུའི་)མཎ་ཌ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ ཅིག)། ༣༩ པྲི་ཐྭཱི་མཎ་ཌ་ལ་(སའི་དཀྱིལ་འཁོར)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༠ ཀཱ་མ་དྷཱ་ཏུ་ (འདོད་པའི་ཁམས་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༡ རཱུ་པ་དྷཱ་ཏུ་(གཟུགས་ཀྱི་ཁམས་ན)ག་ཏཱ་ནཱ་ཀྲྀ་ ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༢ ཨ་རཱུ་པ་དྷཱ་ཏུ་(གཟུགས་མེད་པའི་ཁམས་ན)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༣ ཀཱ་ཡ་དྷཱ་ཏུ་(ལུས་ཀྱི་ཁམས་ན)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༤ ཝཱཀ་དྷཱ་ཏུ་(ངག་གི་ཁམས་ལ) 7-1-314 ག་ཏཱ་ནཱ་ཀྲ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༥ ཙིཏ་ཏ་དྷཱ་ཏུ་(སེམས་ཀྱི་ཁམས་ལ)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲཥྱ(ཁུག་ཅིག)། ༤༦ པཉྩ་སྐན་དྷ་(ཕུང་པོ་ལྔ་ལ)ག་ཏཱ་ནཱ་ཀྲ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༧ པཉྩ་དྷཱ་ཏུ་(ཁམས་ལྔ་ལ་)ག་ཏཱ་ནཱ་ ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༨ པཉྩ་ཨིན་ཏྲི་ཡ་(དབང་པོ་ལྔ་ལ)ག་ཏཱ་ནཱ་ཀྲཾ་ཥྱཱ་ཀྲཾ་ཥྱ(ཁུག་ཅིག)། ༤༩ པཉྩ་བི་ཥ་ཡ་(ཡུལ་ལྔ་ལ)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༥༠ པཉྩ་ཀརྨ་ཨིན་ཏྲ་ཡ་(ལུས་ཀྱི་དབང་པོ་ ལྔ་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༥༡ པཉྩ་ཀརྨ་ཨིན་ཏྲི་ཡ་བི་ཥ་ཡ(ལུས་ཀྱི་དབང་བོའི་ཡུལ་ལྔ་ལ་) ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༥༢ སརྦ་ཏོ་ཡ་ཏྲ་ཀུ་ཏྲ་ཙིཏ་ཏ་ག་ཏཱ་ནཱཀྲྀ་ཥྱཱ་ཀྲཥྱ(གང་སུ་ཡང་རུང་བ་ གནས་པ་ཐམས་ཅད་ཁུག་ཅིག་ཁུག་ཅིག)། ༥༣ མ་ཧཱ་སྨ་ཤཱ་ན་(དུར་ཁྲོད་ཆེན་པོའི)བཛྲ་(རྡོ་རྗེ་)ཨག་ནི་(མེ་) ཛྭ་ལི་ཏ་(འབར་བའི་)བྷཱུ་མྱཱཾ་(ས་གཞི་ལ)ནི་པཱ་ཏ་ཡ(ངེས་པར་་་་་་་་སྟོབས)ནི་པཱ་ཏ་ཡ(ངེས་པར་སྟོབས) ༥༤ བཛྲ་པཱ་ཤེ་ན་(རྡོ་རྗེ་ཞགས་པས)སརྦ་བྷུ་ཛེ་ཥུ་(ཐམས་ཅད་ཀྱི་ལག་པ་རྣམས)བན་དྷ་ཡ་བན་དྷ་ཡ(ཆིངས་)། ༥༥ བཛྲ་ཤྲྀཾ་ཁ་ལ་ཡཱའ་(རྡོ་རྗེ་ལྕགས་སྒྲོག་གིས) སརྦ་པཱ་དེ་ཥུ(ཐམས་ཅད་ཀྱི་རྐང་པ་རྣམས)ནི་རོ་དྷ་ཡ་ ནི་རོ་དྷ་ཡ(ངེས་པར་སྡོམས༢) ༥༦ སརྦ་(ཐམས་ཅད་)སཏྭེ་ཥུ་(སེམས་ཅན་རྣམས་ཀྱི་)ཀཱ་ཡ་(ལུས་)བཱག་ (ངག་)ཙིཏ(སེམས་ལ)། ཨུ་པ་ཏྲ་བ་ཀཱ་ར་ར་ཏཱན་ཏཱན་(ཉེ་བར་འཚེ་བར་བྱེད་པ་དགའ་བ་རྣམས་)མ་ཧཱ་(ཆེན་ པོ)ཀྲོ་དྷ་བཛྲེ་ཎ་(ཁྲོ་བོའི་རྡོ་རྗེས)ཙཱུརྞ་ཡ་ཙཱུརྞ་ཡ(ཕྱེ་མར་གྱིས་༢)། ༥༧ བཛྲ་ཁཊ་གེ་ན་(རྡོ་རྗེ་རལ་གྲིས) ནི་ཀྲིན་ཏ་ཡ་ནི་ཀྲིན་ཏ་ཡ(ངེས་པར་གཤོགས་༢)། ༥༨ བཛྲ་(རྡོ་རྗེ་)ཏྲི་ཤུ་ལེ་ན་(རྩེ་གསུམ་པས)བྷེ་ད་ ཡ་བྷེ་ད་ཡ(ཕྱེ་ཅིག་༢)། ༥༩ བཛྲ་ཀར་ཏི་ཀ་ཡཱ་(རྡོ་རྗེ་གྲི་གུག་གིས)ཧ་ན་ཧ་ན(ཆོམས་སམ་རྒྱོབ)། ༦༠ བཛྲ་བཱ་ཎེ་ན་(རྡོ་རྗེ་མདའ་ཡིས)བིན་ད་བིན་ད(ཕུག༢)། ༦༡ བཛྲ་ཀཱི་ལ་ཀཻཿ(རྡོ་རྗེ་ཕུར་བུ་རྣམས་ཀྱིས) ཀཱི་ལ་ཡ་ཀཱི་ལ་ཡ(ཕུར་བུས་ཐོབ༢)། ༦༢ བཛྲ་མུད་ག་རེ་ཎ་(རྡོ་རྗེ་ཐོ་བས)ཨཱ་ཀོ་ཏྲ་ཡཱ་ཀོ་ཏྲ་ཡ(བརྡུངས་ ༢)། ༦༣ བཛྲ་ཙཀྲེ་ཎ་(རྡོ་རྗེ་འཁོར་ལོས)ཙྪེ་ད་ཡ་ཙྪེ་ད་ཡ(ཆོད༢)། ༦༤ བཛྲ་ཀུན་ཏེ་ན་(རྡོ་རྗེ་མདུང་ གིས)བྷིན་དྷ་བྷིན་དྷ(ཕུག༢)། ༦༥ བཛྲ་དཎ་ཊེ་ཎ་(རྡོ་རྗེ་དབྱུག་པས)ཏཱ་ཌ་ཡ་ཏཱ་ཌ་ཡ(རྒྱོབ༢)། ༦༦ བཛྲ་པར་ཤུ་ནཱ་(རྡོ་རྗེ་དགྲ་སྟས)ཙྪིན་ད་(གཏུབས་)ཙྪིན་ད(གཏུབས)། ༦༧ ས་ཨར་དྷ་ཏྲི་ཀོ་ཏྲི་(ཕྱེད་དང་ 7-1-315 བཅས་པའི་བྱེ་བ་གསུམ་གྱི)ཁཎ་ཌཾ་ཀྲི་ཏྭཱ་(དུམ་བུར་བྱས་ནས)སྨ་ཤཱ་ན་བྷཱུ་མྱཱཾ་(དུར་ཁྲོད་ས་གཞིར)སརྦ་(ཐམས་ ཅད་)བྷཱུ་ཏེ་བྷྱཿ(འབྱུང་བོ་རྣམས་ཀྱི) བ་ལིཾ(གཏོར་མ)ཀུ་རུ་ཀུ་རུ(མཛོད་མཛོད)། ༦༨ བཛྲ་ཌ་མ་རུ་(རྡོ་ རྗེ་ཅང་ཏེའུ)ཀེ་ན་བཛྲ་ཌཱ་ཀི་ནཱིཾ་(རྡོ་རྗེ་མཁའ་འགྲོ་མ་རྣམས)ཨཱའ་བཱ་ཧ་ཡ་(བོས)ཨཱ་བཱ་ཧ་ཡ(བོས)། ༦༩ བཛྲ་ཌཱ་ཀི་ནཱི་བྷྱོ་(རྡོ་རྗེ་མཁའ་འགྲོ་མ་རྣམས་)མཱ་ར་ཀཱ་ཡི་ཀཱ་ནཱཾ་(བདུད་ཀྱི་རིས་རྣམས་ཀྱི་)རུ་དྷི་རཾ(ཁྲག)ནི་ བེ་ད་ཡ་ནི་བེ་ད་ཡ(ངེས་པར་གསོལ་དུ་ཆུག༢)། ༧༠ པཉྩ་ཨ་མྲ་ཏ་(བདུད་རྩི་ལྔ་)ཧ་རི་ཎེ་བྷྱཿ (འཕྲོག་ མ་རྣམས་ཀྱིས) པཉྩ་ཨ་མྲ་ཏཾ་(བདུད་རྩི་ལྔ)ནི་བེ་ད་ཡ་ནི་བེ་ད་ཡ(ངེས་པར་གསོལ་དུ་ཆུག) ༧༡སརྦ་བཛྲ་ ཌཱའ་ཀི་ནཱི་ས་ཧི་ཏཿ(རྡོ་རྗེ་མཁའ་འགྲོ་མ་འབྲེལ་བ་དང་བཅས་པ་ཐམས་ཅད་ཀྱིས)སརྦ་སཏྭཱ་(སེམས་ཅན་ཐམས་ ཅད་ལ)ནཱཾ་ཤཱན་ཏི་(ཞི་བ་དང་)ཀཾ་པཽཥིཾ་ྟཀཾ(རྒྱས་པ་དང་)། རཀྵ(བསྲུང་བ་དང་)ཨ་བ་ར་ཎ(བསྐྱབ་པ་དང་) གུབ་ཏིཾ་(སྦ་བ་དང་)ཀུ་རུ་ཀུ་རུ་(མཛོད་མཛོད་)ཧུཾ་ཧཱུཾ་ཕཊ། ༧༢ ཅེས་པས་ཇི་ལྟར་རིགས་པར་བཟླ་ བར་བྱ་སྟེ་དངོས་གཞིའི་རྣལ་འབྱོར་རོ། ། གསུམ་པ་ཐུན་འཚམས་ཀྱི་བྱ་བ་ལ་ལྔ་སྟེ། མཆོད་པའི་ཆོ་ག་དང༌། བསྟོད་པའི་ཆོ་ག་ དང༌། གཏོར་མའི་ཆོ་ག་དང༌། ཁ་ཟས་ཀྱི་རྣལ་འབྱོར་དང༌། སྤྱོད་ལམ་གྱི་རྣལ་འབྱོར་རོ། །དང་ པོ་ལ་ཕྱིའི་མཆོད་པ་དང༌། ནང་གི་མཆོད་པའོ། །དང་པོ། མཆོད་པའི་ཡོ་བྱད་ལ་མཆོད་ཡོན་ གྱི་སྣོད་ནས་ཀུ་ཤའི་རྩེ་མོས་བླངས་པའི་དྲིའི་ཆུས་བསང་གཏོར་བྱ་བའམ། ཡང་ན་རྡོ་རྗེའི་རྩེ་ མོས་བླངས་པའི་ནང་མཆོད་ཀྱིས་གཏོར་ཏེ། ༀ་ཨཱཿ་ཧུཾ་ཧྲཿཕཊཿཅེས་པ་དང༌། ༀ་སྭ་བྷཱ་བ་ཤུད་ དྷ་སརྦ་དྷ་རྨཱཿསྭ་བྷཱ་བ་ཤུད་དྷོ་ཧཾ་ཞེས་བརྗོད་པས་རང་བཞིན་གྱིས་རྣམ་པར་དག་པར་བལྟས་ ལ། ༀ་ཨཱཿཧཱུཾ་ཧོཿརྣམས་ལས་བྱུང་བའི་ཆུ་དང་མཆོད་ཡོན་དང་དྲི་དང་མེ་ཏོག་དང་བདུག་པ་ དང་སྣང་གསལ་དང་ཞལ་ཟས་དམ་པ་དག་དང་རྣམ་པ་མང་པོའི་འབྲས་བུ་མ་ཉམས་པ་དང་ གོས་དང་རྒྱན་དང་བ་དན་དང་བླ་རེ་ལ་སོགས་པ་དང་གླུ་དང་གར་དང་མེ་ལོང་དང་དྲིལ་བུ་ ལ་སོགས་པ་སིལ་སྙན་གྱི་ཚོགས་དུ་མ་དང་ཨིན་དྲ་ནཱི་ལ་ལ་སོགས་པ་རྣམ་པ་མང་པོའི་རིན་ 7-1-316 པོ་ཆེ་དང༌། ནང་གི་དམ་ཚིག་དང་དམ་ཚིག་རྣམ་པ་བཞིའི་རྫས་ལ་སོགས་པ་ཀུན་ཏུ་བཟང་ པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་དཔུང་ལྟ་བུ་དཔག་ཏུ་མེད་ཅིང་དྲི་མ་ དང་བྲལ་བར་ཏིང་ངེ་འཛིན་གྱིས་སྤྲུལ་ཏེ། ༀ་བཛྲ་གྷན་དྷཾ་སྭཱཧཱ། ཞེས་སོགས་མཆོད་པ་བཅུ་ གཉིས་ཀྱི་སྔགས་ཀྱིས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མཐེ་བོ་དང་མིང་མེད་དག་ གིས་ཀྱང་ཙན་དན་ལ་སོགས་པ་དྲི་བཟང་པོས་བཟུང་ནས་མཎ་ཊལ་བྱ་སྟེ་དེར་ཡེ་ཤེས་ཀྱི་ འཁོར་ལོ་གཟུགས་བརྙན་ལྟར་དངས་ཞིང་གསལ་བ་རྫོགས་པར་བལྟ་ཞིང༌། དེ་ལྟ་བུ་མ་གྲུབ་ ནའང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ༀ་བཛྲ་ས་མ་ཡ་ཛཿཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས་ནམ་ མཁའི་ཁམས་ཐམས་ཅད་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་ སུ་གང་བར་གསལ་བཏབ་སྟེ་འཁོར་གསུམ་ཡོངས་སུ་དག་པའི་སྒོ་ནས་མཆོད་ཡོན་དང་ མཆོད་པ་མཐའ་དག་སོ་སོར་དབུལ་བར་བྱའོ། །དེ་ལ་དང་པོརཿ ༀ་ཨཱཿཧཱུཾ་ཧོ་ཏྲཱཻ་དྷཱ་ཏུ་ཀེ་ཤྭ་ ར་ཀཱ་ལ་ཙཀྲ་ཨ་རྒྷཾ་པྲ་ཏིཙྪ་ས་པ་རི་ཝ་རཿཏྭཾ་བྷ་ག་ཝན་མེ་བ་ར་དྷོ་བྷ་བ་ཤི་ཥྱ་ནཱཾ་ཙ་ཞེས་པས་ མཆོད་ཡོན་ཕུལ་ཏེ་གསོལ་བ་བཏབ་ནས། ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་ར་བྷྱཿ པཱ་ཏྱཱཾ་པྲ་ཏིཙྪ་ན་ མཿཞེས་པས་ཞབས་བསིལ་དང༌། དེ་བཞིན་དུ་ཨཉྩ་མ་ནཾ་པྲ་ཏིཙྪ་ན་མཿཞེས་པས་ཞལ་བསིལ་ དང༌། པྲོཾ་ཀྵ་ནཾ་པྲ་ཏི་ཙྪ་ན་མཿ ཞེས་པས་བསང་གཏོར་དབུལ་བར་བྱའོ། །དེ་ནས། དངོས་སུ་ འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང༌། །ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་ དགུ་རྣམས། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །མཁའ་ཁྱབ་འགྲོ་བའི་དོན་ དུ་བཞེས་སུ་གསོལ། །ཞེས་པའམ། ཡང་ན་རྒྱས་པར་བྱེད་ན། ཁམས་གསུམ་དབང་ཕྱུག་ བཅོམ་ལྡན་འདས། །དུས་ཀྱི་འཁོར་ལོ་འཁོར་བཅས་རྣམས། །རྣམ་དག་རྡོ་རྗེ་དྲི་མཆོག་འདི། ། བཞེས་ནས་བདག་ལ་མཆོག་སྩོལ་མཛོད། །ༀ་ཤྲཱི་ཀཱ་(དཔལ་དུས་ཀྱི་འཁོར་ལོ་དང་བཅས་པ)ལ་ཙཀྲ་ པ་པ་རི་ཝཱ་རེ་བྷྱཿཞེས་ཀུན་ལ་སྦྱར་ཏེ། བཛྲ་གྷན་(རྡོ་རྗེ་དྲི་ཆབ)དྷཾ་རྐང་པ་གསུམ་སྔ་མ་བཞིན་ 7-1-317 ཀུན་ལ་སྦྱར་ཞིང༌། རྡོ་རྗེ་མེ་ཏོག་རྣམ་བཀྲའི་ཚོགས། །བཛྲ་པུཥྤཾ་(རྡོ་རྗེ་མེ་ཏོག་)པྲ་ཏིཙྪ་ན་མཿ རྡོ་ རྗེ་བདུག་སྤོས་བླ་ན་མེད། །བཛྲ་དྷུ་པཾ་(རྡོ་རྗེ་བདུག་སྤོས་)པྲ་ཏིཙྪ་ན་མཿ རྡོ་རྗེ་སྒྲོན་མེ་འོད་རབ་ གསལ། །བཛྲ་དཱི་(རྡོ་རྗེ་སྣང་གསལ)པཾ་པྲ་ཏིཙྪ་ན་མཿ རྡོ་རྗེ་ཞལ་ཟས་རོ་མཆོག་ལྡན། །བཛྲ་ནཻ་ བེ་དྱེ་(རྡོ་རྗེ་ཞལ་ཟས)པྲ་ཏིཙྪ་ན་མཿ། རྡོ་རྗེ་མ་ཉམས་འབྲས་བུའི་ཚོགས། །བཛྲ་ཨ་ཀྵ་ཏཾ་(རྡོ་རྗེ་མ་ ཉམས་)པྲ་ཏིཙྪ་ན་མཿ རྡོ་རྗེ་སྒེག་མོའི་མཆོད་པ་འདི། བཛྲ་ལཱསྱཾ་(རྡོ་རྗེ་སྒེག་མོ)པྲ་ཏིཙྪ་ན་མཿ། རྡོ་ རྗེ་བཞད་མའི་མཆོད་པ་འདི། །བཛྲ་ཧསྱཾ་(རྡོ་རྗེ་བཞད་མ)པྲ་ཏིཙྪ་ན་མཿ། རྡོ་རྗེ་སིལ་སྙན་རྣམ་ མང་པོ། །བཛྲ་བཱ་དྱཱཾ་(རྡོ་རྗེ་སིལ་སྙན་)པྲ་ཏིཙྪ་ན་མཿ། རྡོ་རྗེ་གར་གྱི་མཆོད་སྤྲིན་འདི། །བཛྲ་ནྲ་ཏྱཾ་ (རྡོ་རྗེ་གར་མ)པྲ་ཏིཙྪ་ན་མཿ། རྡོ་རྗེ་གླུ་དབྱངས་ཡིད་འཕྲོག་ལྡན། །བཛྲ་གཱི་ཏཱཾ་(རྡོ་རྗེ་གླུ་མ)པྲ་ཏི་ཙྪ་ ན་མཿ། རྡོ་རྗེ་འདོད་མའི་མཆོད་པ་འདི། །བཛྲ་ཀ་མཾ་(རྡོ་རྗེ་འདོད་པ་སེར་པོ་བཞེས་སུ་གསོལ)པྲ་ཏིཙྪ་ན་ མཿ། ཞེས་པ་ལ་སོགས་པས་མཆོད་པར་བྱའོ། ། གཉིས་པ་ནི། ནང་གི་དམ་ཚིག་རྣམས་དང་ཆང་ལ་སོགས་པ་ཡང་འཆད་པར་འགྱུར་བའི་ ཆོ་གས་སྦྱང་བ་དང་སྤེལ་བ་དང་སྦར་བ་དང་བདུད་རྩིར་བྱས་ནས་ཟླ་བ་ཞུ་བ་ལྟ་བུར་གྱུར་ པས་མཆོད་པར་བྱ་སྟེ། གཡོན་པའི་མཐེ་བོང་དང་མིང་མེད་དག་གིས་ཆོས་འབྱུང་གྲུ་གསུམ་ པ་དབུས་སུ་ཐིག་ལེས་བརྒྱན་པ་བྲིས་ནས་དེར་ཡེ་ཤེས་ཀྱི་འཁོར་ལོ་དངས་ཤིང་གསལ་བ་ དམིགས་ཏེ། ཐོག་མར་རྩ་བའི་བླ་མ་དང༌། དེ་ནས་རྒྱུད་པའི་བླ་མ་རྣམས་ཀྱི་མཚན་ནས་ བརྗོད་ཅིང་མཆོད་དོ། །ༀ་ཨཱཿཧཱུྃ་ཞེས་པ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྔགས་ཀྱི་ ཚིག་རྣམས་ཀྱིས་མཆོད་པར་བྱ་སྟེ། དེ་ལ་སྔགས་ཀྱི་ཚིག་རྣམས་ནི། ༀ་བུད་དྷཱ་ཡ་(སངས་རྒྱས་ ལ་)ན་མ(མཆོད་དོ)ཿ ༀ་དྷརྨཱ་ཡ་(ཆོས་ལ)ན་མ(མཆོད་དོ)ཿ ༀ་སཾ་གྷཱ་ཡ་(དགེ་འདུན་ལ)ན་མ(མཆོད་ དོ)ཿ ༀ་བཛྲ་སཏྭཱ་ཡ་(རྡོ་རྗེ་སེམས་དཔའ་ལ)ན་མ(མཆོད་དོ)ཿ ༀ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་(ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ)ན་མ(མཆོད་དོ)ཿ ༀ་སྭ་བྷཱ་བི་ཀ་ཀཱ་ཡ་ཡཱའ་(རང་བཞིན་ནམ་ངོ་བོ་ཉིད་ཀྱི་སྐུ་ལ)ན་མ(མཆོད་ 7-1-318 དོ)ཿ ༀ་དྷརྨཱ་ཀཱ་ཡཱའ་ཡ་(ཆོས་ཀྱི་སྐུ་ལ)ན་མ(མཆོད་དོ)ཿ ༀ་སཾ་བྷོ་ག་ཀཱ་ཡཱ་ཡ་(ལོངས་སྤྱོད་རྫོགས་པའི་ སྐུ་ལ) ན་མ(མཆོད་དོ)ཿ ༀ་ནིར་མཱ་ཎ་ཀཱ་ཡཱ་ཡ་(སྤྲུལ་པའི་སྐུ་ལ)ན་མ(མཆོད་དོ)ཿ ༀ་ཛྙཱ་ན་བཛྲ་ཡ་ (ཡེ་ཤེས་རྡོ་རྗེ་ལ)ན་མ(མཆོད་དོ)ཿ ༀ་ཙིཏ་ཏ་བཛྲཱ་ཡ་(ཐུགས་རྡོ་རྗེ་ལ)ན་མ(མཆོད་དོ)ཿ ༀ་ཝཱཀ་བཛྲཱ་ ཡ་(གསུང་རྡོ་རྗེ་ལ)ན་མ(མཆོད་དོ)ཿ ༀ་ཀཱ་ཡ་བཛྲཱ་ཡ་(སྐུ་རྡོ་རྗེ་ལ)ན་མ(མཆོད་དོ)ཿ ༀ་ཙ་ཏུར་བི་མོ་ ཀྵེ་བྷྱོ་(རྣམ་པར་ཐར་པ་བཞི་རྣམས་ལ)ན་མ(མཆོད་དོ)ཿ ༀ་ཙ་ཏུར་བྲཧྨ་བི་ཧཱ་རེ་བྷྱོ་(ཚངས་པའི་གནས་ བཞི་རྣམས་ལ)ན་མ(མཆོད་དོ)ཿ ༀ་སཔ་ཏ་ཏྲིཾ་ཤད་བོ་དྷི་པཀྵི་ཀ་དྷརྨྨེ་བྷྱོ་(བདུན་དང་སུམ་ཅུའི་བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་རྣམས་ལ)ན་མ(མཆོད་དོ)ཿ ༀ་ཙ་ཏུར་(བཞི་དང་)ཤཱི་ཏི་(བརྒྱད་ཅུའི)སཱ་ཧ་སྲ་(སྟོང་ཕྲག་གི) དྷརྨཱ་(ཆོས་ཀྱི་)སྐན་དྷེ་(ཕུང་པོ་)བྷྱོ་(རྣམས་ལ)ན་མཿ ༀ་སརྦ་(ཐམས་ཅད་)དྷརྨཱ་(ཆོས་)དེ་ཤ་ཀེ་བྷྱོ་ (སྟོན་པ་པོ་རྣམས་ལ)ན་མཿ ༀ་རད་ན་ཏྲ་ཡཱ་ཡ་(དཀོན་མཆོག་གསུམ་ལ)ན་མཿ ༀ་ཤཱཀྱ་མུ་ན་ཡེ་(ཤཱཀྱ་ ཐུབ་པ་ལ)ན་མཿ ༀ་ཀཱ་ལ་ཙཀྲཱ་ཡ་(དུས་ཀྱི་འཁོར་ལོ་ལ)ན་མཿ ༀ་དཱ་ན་པཱ་ར་མི་ཏཱ་ཡཻ་(སྦྱིན་པའི་ཕ་རོལ་ དུ་ཕྱིན་པ་ལ)ན་མཿ ༀ་ཤཱི་ལ་པཱ་ར་མི་ཏཱ་ཡཻ་(ཚུལ་ཁྲིམས་ཀྱི་ཕ་རོལ་ཕྱིན་པ་ལ)ན་མཿ ༀ་ཀྵཱན་ཏི་པཱ་(བཟོད་ པའི)ར་མི་ཏཱ་ཡཻ་ན་མཿ ༀ་བཱིརྻ་(བརྩོན་འགྲུས)པཱ་ར་མི་ཏཱ་ཡཻ་ན་མཿ ༀ་དྷཱ་ན་(བསམ་གཏན་གྱི)པཱ་ར་ མི་ཏཱ་ཡཻ་ན་མཿ ༀ་པྲཛྙཱ་(ཤེས་རབ་ཀྱི)པཱ་ར་མི་ཏཱ་ཡཻ་ན་མཿ ༀ་ཨུ་པཱ་ཡ་(ཐབས་ཀྱི)པཱ་ར་མི་ཏཱ་ཡཻ་ན་ མཿ ༀ་པྲ་ཎི་དྷཱ་ན་(སྨོན་ལམ་ཀྱི)པཱ་ར་མི་ཏཱ་ཡཻ་ན་མཿ ༀ་བ་ལ་(སྟོབས་ཀྱི་)པཱ་ར་མི་ཏཱ་ཡཻ་ན་མཿ ༀ་ ཛྙཱ་ན་པཱ་ར་མི་ཏཱ་ཡཻ་(ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ལ)ན་མཿ ༀ་ཛ་ཡ་གྷ་ཊེ་བྷྱོ་(རྒྱལ་བའི་བུམ་པ་རྣམས་ལ)ན་ མཿ ༀ་བི་ཛ་ཡ་གྷ་ཊེ་(རྣམ་པར་རྒྱལ་བའི་བུམ་པ་)བྷྱོ་ན་མཿ ༀ་སརྦ་(ཐམས་ཅད་)ཙིཧྣེ་བྷྱོ་(མཚན་མ་ རྣམས་ལ)ན་མཿ ༀ་སརྦ་(ཐམས་ཅད་)མུ་ཏྲཱ་བྷྱོ་(ཕྱག་རྒྱ་རྣམས་ལ)ན་མཿ ༀ་ཙིན་ཏཱ་མ་ཎི་ཡཻ་(ཡིད་བཞིན་ ནོར་བུ་ལ)ན་མཿ ༀ་དྷརྨཱ་གཎ་ཌྱེ་(ཆོས་ཀྱི་གཎྜི་ལ)ན་མཿ ༀ་དྷརྨ་ཤཾ་ཁཱ་ཡ་(ཆོས་ཀྱི་དུང་ལ)ན་མཿ ༀ་ ཀལ་པ་བྲིཀྵ་ཡ་(དཔག་བསམ་གྱི་ཤིང་ལ)ན་མཿ ༀ་ཨ་ཀྴོ་བྷྱ་ཡཱ་(མི་བསྐྱོད་པ་ལ)ན་མཿ ༀ་ཨ་མོ་གྷ་ སིད་དྷ་ཡེ་(དོན་ཡོད་གྲུབ་པ་ལ)ན་མཿ ༀ་རད་ན་སཾ་བྷ་ཝཱ་ཡ(རིན་ཆེན་འབྱུང་ལྡན་ལ)ན་མཿ ༀ་ཨ་མི་ཏཱ་ 7-1-319 བྷཱ་ཡ་(འོད་དཔག་མེད་ལ)ན་མཿ ༀ་བཻ་རོ་ཙ་ནཱ་ཡ་(རྣམས་པར་སྣང་མཛད་ལ)ན་མཿ ༀ་ལོ་ཙ་ནཱ་ཡཻ་(སྤྱན་ མ་ལ)ན་མཿ ༀ་མཱ་མ་ཀྱཻ་(བདག་གི་མ་ལ)ན་མཿ ༀ་པཱཎ་ཌ་རཱ་ཡཻ་(གོས་དཀར་མོ་ལ)ན་མཿ ༀ་ཏཱ་རཱ་ཡཻ་ (སྒྲོལ་མ་ལ)ན་མཿ ༀ་བཛྲ་དྷཱ་ཏྭཱི་ཤྭ་རྻཻ་(རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ)ན་མཿ ༀ་བཛྲ་པཱ་ཎི་ཡཻ་(ཕྱག་ན་ རྡོ་རྗེ་ལ)ན་མཿ ༀ་ཁ་གརྦྷཱ་ཡ་(ནམ་མཁའི་སྙིང་པོ་ལ)ན་མཿ ༀ་ཀྵི་ཏི་གརྦྷཱ་ཡ་(སའི་སྙིང་པོ་ལ)ན་མཿ ༀ་ ལོ་ཀེ་ཤྭ་རཱ་ཡ་(འཇིག་རྟེན་དབང་ཕྱུག་ལ)ན་མཿ ༀ་སརྦ་(ཐམས་ཅད་)ནི་བ་ར་ཎ་(སྒྲིབ་པ་)བི་སྐམ་བྷི་ ནེ་(རྣམ་པར་སེལ་བ་ལ)ན་མཿ ༀ་ས་མན་ཏ་བྷ་ཏྲ་ཡ་(ཀུན་ཏུ་བཟང་པོ་ལ)ན་མཿ ༀ་གྷན་དྷ་བཛྲཱ་ཡཻ་(དྲི་ རྡོ་རྗེ་མ་ལ)ན་མཿ ༀ་རཱུ་པ་བཛྲཱ་ཡཻ་(གཟུགས་རྡོ་རྗེ་མ་ལ་)ན་མཿ ༀ་ར་ས་བཛྲཱ་ཡཻ་(རོ་རྡོ་རྗེ་མ་ལ)ན་མཿ ༀ་སྤར་ཤ་བཛྲཱ་ཡཻ་(རེག་བྱ་རྡོ་རྗེ་མ་ལ)ན་མཿ ༀ་ཤཔ་ད་བཛྲཱ་ཡཻ་(སྒྲ་རྡོ་རྗེ་མ་ལ) ན་མཿ ༀ་དྷརྨ་དྷཱ་ ཏུ་བཛྲཱ་ཡཻ་( ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་ལ)ན་མཿ ༀ་ཨུཥྞཱི་ཥཱ་ཡ་(གཙུག་ཏོར་ལ)ན་མཿ ༀ་བིགྷྣན་ཨན་ ཏ་ཀཱ་ཡ་(བགེགས་མཐར་བྱེད་ལ)ན་མཿ ༀ་པྲཛྙཱ་ཨན་ཏ་ཀཱ་ཡ་(ཤེས་རབ་མཐར་བྱེད་ལ)ན་མཿ ༀ་པད་ མ་ཨན་ཏ་ཀཱ་ཡ་(པད་མར་མཐར་བྱེད་ལ)ན་མཿ ༀ་ཡ་མ་ཨན་ཏ་ཀཱ་ཡ་(གཤིན་རྗེ་མཐར་བྱེད་ལ)ན་མཿ ༀ་སྟམ་བྷི་ནྱཻ་(རེངས་བྱེད་མ་ལ)ན་མཿ ༀ་མཱ་ནི་ནྱཻ་(ང་རྒྱལ་བྱེད་མ་ལ)ན་མཿ ༀ་སྟོཾ་བྷི་ནྱཻ་(རྨུགས་བྱེད་མ་ ལ)ན་མཿ ༀ་ཨ་ཏི་བཱིརྻཱ་ཡཻ་(ཤིན་ཏུ་བརྩོན་འགྲུས་མ་ལ)ན་མཿ ༀ་ཨ་ཏི་ནཱི་ལཱ་ཡཻ་(ཤིན་ཏུ་སྔོན་མོ་ལ)ན་ མཿ ༀ་སརྦ་(ཐམས་ཅད་)དྷཱ་རི་ཎཱི་བྷྱོ་(གཟུངས་མ་རྣམས་ལ)ན་མཿ ༀ་ཥཊ་ཨཾ་གཱ་ཡ་(ཡན་ལག་དྲུག་ལ) ན་མཿ(ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ)།། །། ༀ་བཛྲ་(རྡོ་རྗེ་)ཙར་ཙི་ཀཱ་ཡཻ་(ཙར་ཙི་ཀཱ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)བཱ་རཱ་ཧྱཻ་(ཕག་མོ་ལ)ན་མཿ ༀ་བཛྲ་མ་ཧ་ཨཱི་ཤྭརྻཻ་(རྡོ་རྗེ་དབང་ཕྱུག་ཆེན་མོ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཨིན་ཏྲཱི་ཡཻ་(དབང་མོ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)བྲཧྨ་ཎྱཻ་(ཚངས་པ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ལ་ཀྱཻ་ྵྞ(དཔལ་མོ་ལ)ན་མཿ ༀ་བཛྲ་(རྡོ་ རྗེ་)ཀཽ་མཱརྻཻ(གཞོན་ནུ་མ་ལ)ན་མཿ ༀ་བཛྲ་བཻཥྞ་བྱཻ་(རྡོ་རྗེ་ཁྱབ་འཇུག་མ་ལ)ན་མཿ ༀ་ཨཥ་ྟ(བརྒྱད་པ་) ཨཥ་ྟཀེ་(བརྒྱད་ཀྱི)ན་ཙ་ཏུ(བཞི་དང་)ཿ ཥཥི་ྟབཛྲ་ཡོ་གི་ནི་བྷྱོ་(དྲུག་བཅུའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ལ)ན་ 7-1-320 མཿ ༀ་ཥཊ་ཏྲིཾ་ཤཏ་ཨིཙྪཱ་བྷྱོ་(དྲུག་དང་སུམ་ཅུའི་འདོད་མ་རྣམས་ལ)ན་མ(གསུང་གི་དཀྱིལ་འཁོར་ལ་མཆོད་པའི་ ཆོ་གའོ)ཿ།། །། ༀ་བཛྲ་(རྡོ་རྗེ་)བིཥྞ་བེ་(ཁྱབ་འཇུག་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ནཻ་ར་ཏྱཱ་ཡ་(བདེན་བྲལ་ལ)ན་མཿ ༀ་བཛྲ་ཨག་ན་ཡེ་(རྡོ་རྗེ་མེ་ལྷ་ལ)ན་མཿ ༀ་བཛྲ་ཨུད་དྷ་ཡེ་(རྡོ་རྗེ་ཆུ་ལ)ན་མཿ ༀ་བཛྲ་ཨིན་ཏྲཱརྵ་ ཡ་(རྡོ་རྗེ་དབང་པོ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཨི་ཤྭ་རཱ་ཡ་(དབང་ཕྱུག་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)བྲ་ ཧྨ་ཎྱཻ་(ཚངས་པ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)བི་ནཱ་ཡ་ཀཱ་ཡ་(ལོག་འདྲེན་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཀཱརྟི་ ཀེ་ཡཱ་ཡ་(གདོང་དྲུག་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)བཱ་ཡ་བེ་(རླུང་ལྷ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཡཱ་མཱ་ཡ་ (གཤིན་རྗེ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཡཀྵེ་བྷྱོ་(གནོད་སྦྱིན་རྣམས་ལ་)ན་མཿ ༀ་བཱ་རུ་ཎྱཻ་(ཆུ་ལྷ་མོ་ལ)ན་ མཿ ༀ་བཱ་ཡ་བྱཻ་(རླུང་ལྷ་མོ་ལ་)ན་མཿ ༀ་ཡཱ་མི་ནྱཻ་(གཤིན་རྗེ་མོ་ལ)ན་མཿ ༀ་ཡཀྵི་ཎྱཻ་(གནོད་སྦྱིན་མོ་ལ) ན་མཿ ༀ་མ་ཧཱ་བ་ལཱ་ཡ་(སྟོབས་པོ་ཆེ་ལ་)ན་མཿ ༀ་ཨ་ཙ་ལཱ་ཡ་(མི་གཡོ་བ་ལ)ན་མཿ ༀ་ཊཀ་ཀི་རཱ་ ཛཱ་ཡ་(འདོད་པའི་རྒྱལ་པོ་ལ)ན་མཿ ༀ་ནི་ལ་དཎ་ཌཱ་ཡ་(དབྱུག་པ་སྔོན་པོ་ལ)ན་མཿ ༀ་སུམ་བྷ་རཱ་ཛཱ་ཡ་ (གནོད་མཛེས་རྒྱལ་བོ་ལ་)ན་མཿ ༀ་རཽ་ཏྲཱ་ཨཀྵཻ་(དྲག་སྤྱན་མ་ལ)ན་མཿ ༀ་བཛྲ་ཤྲཱཾ་ཁ་ལཱ་ཡཻ་(རྡོ་རྗེ་ལྕགས་ སྒྲོག་མ་ལ)ན་མཿ ༀ་ཙུན་དཱ་ཡཻ་(སྐུལ་བྱེད་མ་ལ)ན་མཿ ༀ་བྷྲ་ཀུ་ཊྱཻ་(ཁྲོ་གཉེར་ཅན་མ་ལ)ན་མཿ ༀ་མཱ་ རཱི་ཙྱཻ་(འོད་ཟེར་ཅན་མ་ལ)ན་མཿ ༀ་པྲ་ཏྱེ་ཀ་མཱ་ས་བྷེ་དེ་ན་(སོ་སོ་ཟླ་བའི་དབྱེ་བས་)ཥཥྛི་ཨུད་ཏ་ར་(དྲུག་ ཅུ་ལྷག་པའི)ཏྲི་ཤད་ཏ་(སུམ་བརྒྱའི)བཛྲ་ཏི་ཐི་དེ་བཱི་བྷྱོ་(རྡོ་རྗེ་ཚེས་ཀྱི་ལྷ་མོ་རྣམས་ལ)ན་མཿ ༀ་ཥཊ་(དྲུག་ དང་)ཏྲིཾ་ཤད་པྲ་ཏཱིཙྪཱ་བྷྱོ་(སུམ་ཅུའི་ཕྱིར་འདོད་མ་རྣམས་ལ) ན་མཿ ༀ་བཛྲ་(རྡོ་རྗེ་)ཛ་ཡཱ་ཡ་(རྒྱལ་བ་ལ)ན་ མཿ ༀ་བཛྲ་(རྡོ་རྗེ་)ཀར་ཀོ་ཊ་ཀཱ་ཡ་(སྟོབས་ཀྱི་རྒྱུ་ལ)་ན་མཿ ༀ་བཛྲ་(རྡོ་རྗེ་)བཱ་སུ་ཀ་ཡེ་(ནོར་རྒྱས་ལ) ན་མཿ ༀ་བཛྲ་(རྡོ་རྗེ་)ཨ་ནན་ཏཱ་ཡ་(མཐའ་ཡས་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཏ་ཀྵ་ཀཱ་ཡ་(འཇོག་པོ་ལ) ན་མཿ ༀ་བཛྲ་(རྡོ་རྗེ་)མ་ཧཱ་པད་མཱ་ཡ་(པད་མ་ཆེན་པོ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཀུ་ལི་ཀཱ་ཡ་(རིགས་ ལྡན་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཤཾ་ཁ་པཱ་ལཱ་ཡ་(དུང་སྐྱོང་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)པད་མཱ་ཡ་(པད་མ་ 7-1-321 ལ)ན་མཿ ༀ་བཛྲ་(རྡོ་རྗེ་)བི་ཛ་ཡཱ་ཡ་(རྣམ་པར་རྒྱལ་བ་ལ)ན་མ(ཞེས་པ་སྐུའི་དཀྱིལ་འཁོར་ལ་མཆོད་པའི་ཆོ་ གའོ)ཿ།། །། ༀ་ཤྭཱ་ནཱ་སྱཱ་ཡཻ་(ཁྱི་གདོང་མ་ལ)ན་མཿ ༀ་སཱུ་ཀ་རཱ་སྱཱ་ཡཻ་(ཕག་གདོང་མ་ལ)ན་མཿ ༀ་བྱཱརྵ་གྷྲཱ་སྱཱ་ ཡཻ་(སྟག་གདོང་མ་ལ)ན་མཿ ༀ་ཛཾ་བུ་ཀཱ་སྱཱ་ཡཻ་(ལྕེ་སྤྱང་གདོང་མ་ལ)ན་མཿ ༀ་ག་རུ་ཌཱ་སྱཱ་ཡཻ་(མཁའ་ལྡིང་ གདོང་མ་ལ)ན་མཿ ༀ་ཨུ་ལཱུ་ཀཱ་སྱཱ་ཡཻ་(འུག་གདོང་མ་ལ)ན་མཿ ༀ་གྲ་དྷཱ་སྱཱ་ཡཻ་(བྱ་རྒོད་གདོང་མ་ལ)ན་ མཿ ༀ་ཀཱ་ཀཱ་སྱཱ་ཡཻ་(བྱ་རོག་གདོང་མ་ལ) ན་མཿ ༀ་སརྦ་(ཐམས་ཅད་)བྷཱུ་ཏེ་བྷྱོ་(འབྱུང་བོ་རྣམས་ལ་)ན་ མཿ(དུར་ཁྲོད་རྣམས་ལའོ)། །ༀ་བཛྲ་(རྡོ་རྗེ་)ཙན་ཏྲཱ་ཡ་(ཟླ་བ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)སཱུརྻཱ་ཡ་(ཉི་མ་ ལ)ན་མཿ ༀ་བཛྲ་(རྡོ་རྗེ་)མཾ་ག་ལཱ་ཡ་(བཀྲ་ཤིས་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)བུ་དྷཱ་ཡ་(གཟའ་ལག་ལ) ན་མཿ ༀ་བཛྲ་(རྡོ་རྗེ་)བྲ་ཧས་པ་ཏ་ཡེ་(ཕུར་བུ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཤུ་ཀྲཱ་ཡ་(ཁུ་བ་སྟེ་པ་སངས་ ལ) ན་མཿ ༀ་བཛྲ་(རྡོ་རྗེ་)ཤ་ནཻཤྩ་རཱ་ཡ་(དལ་འགྲོས་ཏེ་སྤེན་པ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཀེ་ཏ་བེ་ (མཇུག་རིངས་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)རཱ་ཧུ་བེ་(སྒྲ་གཅན་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཀཱ་ལ་ཨག་ན་ ཡེ་(དུས་མེ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)དྷྲུ་བེ་(བརྟན་པ་ལ) ན་མཿ ༀ་བཛྲ་(རྡོ་རྗེ་)ཨ་གསྟྱ་(རི་བྱི་ལ)ན་ མཿ ༀ་སརྦ་(ཐམས་ཅད་)ན་ཀྵ་ཏྲེ་བྷྱོ་(སྐར་མ་ལ)ན་མཿ ༀ་དྭཱ་ད་ཤ་རཱ་སི་བྷྱོ་(བཅུ་གཉིས་ཀྱི་ཁྱིམ་རྣམས་ ལ་)ན་མཿ ༀ་ཥོ་ཌ་ཤ་ཀ་ལཱ་བྷྱོ་(བཅུ་དྲུག་གི་ཆ་རྣམས་ལ)ན་མཿ ༀ་ད་ཤ་དིཀ་པཱ་ལེ་བྷྱོ་(བཅུའི་ཕྱོགས་ སྐྱོང་བ་རྣམས་ལ)ན་མཿ ༀ་བཛྲ་ནན་ཏི་ཀེ་ཤྭ་རཱ་ཡ་(རྡོ་རྗེ་དགའ་བྱེད་དབང་ཕྱུག་ལ)ན་མཿ ༀ་བཛྲ་མ་ཧཱ་ ཀཱ་ལཱ་ཡ་(རྡོ་རྗེ་ནག་པོ་ཆེན་པོ་ལ) ན་མཿ ༀ་བཛྲ་གྷཎ་ཌ་ཀརྞཱ་ཡ་(རྡོ་རྗེ་དྲིལ་བུའི་རྣ་བ་ཅན་ལ)ན་མཿ ༀ་ བཛྲ་བྷྲྀཾ་གི་ཎེ(རྡོ་རྗེ་ཉམས་ཆུང་ལ)ན་མཿ ༀ་སརྦ་(ཐམས་ཅད་)ཀྵེ་ཏྲ་པཱ་ལཱ་བྷྱོ་(ཞིང་སྐྱོང་རྣམས་ལ)ན་ མཿ ༀ་སརྦ་(ཐམས་ཅད་)དུ་ཏཱི་བྷྱོ་(ཕོ་ཉ་མོ་རྣམས་ལ)ན་མཿ ༀ་ཧཱ་རི་ཏྱཻ་(འཕྲོག་མ་རྣམས་ལ)ན་མཿ ༀ་ སརྦ་(ཐམས་ཅད་)སིད་དྷི་བྷྱོ་(གྲུབ་པ་རྣམས་ལ)ན་མ(ལའོ)ཿ ༀ་དྷརྨྨཱ་ཙཀྲཱ་ཡ་(ཆོས་ཀྱི་འཁོར་ལོ་ལ)ན་ མཿ ༀ་བྷ་ཏྲ་གྷ་ཌཱ་ཡ་(བུམ་པ་བཟང་པོ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)དུན་དུ་བྷྱཻ་(རྔ་བོ་ཆེ་ལ)ན་མཿ ༀ་བོ་ 7-1-322 དྷི་བྲྀཀྵཱ་ཡ་(བྱང་ཆུབ་ཀྱི་ཤིང་ལ)ནམཿ(མཆོད་དོ་ཞེས་པ་ནི། ཕྱི་རོལ་འཇིག་རྟེན་པའི་ལྷ་རྣམས་ལ་མཆོད་པའོ། །) ༀ་གུ་རུ་བུད་དྷ་བོ་དྷི་ས་ཏྭེ་བྷྱོ་ན་མོ་ན་མ(བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ མཆོད་ཅིང་ཕྱག་འཚལ་ལོ། །ཞེས་པ་རྒྱུད་འགྲེལ་དུ་གསུངས)ཿ ཞེས་པ་རྣམས་དང༌། དེ་བཞིན་དུ་ཆོས་སྐྱོང་ དང་འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་ལ་ཡང་དབུལ་བར་བྱ་ཞིང་གཞི་བདག་རྣམས་ དང་རིགས་དྲུག་གི་འབྱུང་པོ་ཐམས་ཅད་ཀྱང་མཆོད་པས་ཚིམ་པར་བྱ་སྟེ་མཆོད་པའི་ཆོ་གའོ།། །། བསྟོད་པའི་ཆོ་ག་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པའམ། གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་དང་རོ་དག་ དག་དང༌། །རེག་བྱ་གཟུགས་དང་སེམས་མེད་རང་བཞིན་དང་ནི་སྐྱེས་བུ་མེད་ཅིང་འཆིང་ དང་གྲོལ་དང་བྱེད་པོ་མེད། །ས་བོན་དང་ནི་གསལ་བར་དུས་མེད་མཐའ་དག་སྲིད་པའི་སྡུག་ བསྔལ་བདེ་བ་ཉིད་ཀྱི་རང་བཞིན་མེད། །མྱ་ངན་འདས་པ་མཚན་མ་མེད་ཅིང་བྱེད་པ་རྣམ་ བྲལ་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། །དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་དང་ནི་སྐྱེས་ བུ་དཔེ་མེད་ཀུན་འགྲོ་སྤྲོས་པ་མེད་པ་སྟེ། །ཐེར་ཟུག་ཏུ་གནས་སྙན་དང་ཤངས་དང་ཞལ་དང་ སྤྱན་དང་དབུ་དང་ཕྱག་དང་ཞབས་ནི་ཐམས་ཅད་པ། འབྱུང་པོའི་མཐར་སྟེ་འབྱུང་པོའི་མགོན་ པོ་མཆོག་གི་སྲིད་པ་གསུམ་འཛིན་རྒྱུ་རྣམས་དག་གིས་རྒྱུར་གྱུར་པ། །རིག་པ་ལ་སོགས་རྣལ་ འབྱོར་དག་གིས་རྟོགས་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །སྤྲོ་བྱེད་ ནུས་མའི་གཟུགས་ཅན་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་ འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་ རྟེན་སྤྱི་བོར་ཡང་དག་གནས། །བདུད་རྩི་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་ 7-1-323 པར་བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་ གཟུགས་ཅན་རང་གིས་བྱས་པའི་ཉམས་མྱོང་མི་བཟད་རྣམས་ལ་མི་བཟད་པ། །གང་གིས་ ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུ་དེས་བསྐྱེད་པ། །འཇིག་ རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ ཕྱག་འཚལ་ལོ༑ ༑གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་ཉམ་པ་ཡང་མཉམ་ པ་གཡས་གཡོན་མདུན་རྒྱབ་དང༌། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་ པོ་གཅིག་གིས་གཟུགས་ཏེ་ཐུང་ངུ་རིང་པོ་དང༌། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་ དང་བཅས་བུད་མེད་སྐྱེས་པའང་སྐྱེས་པའང་བུད་མེད་མིན། །གང་ཞིག་ཀུན་གྱི་རྟེན་གཅིག་ བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །ཅེས་པ་ལ་སོགས་ཇི་ལྟར་ རིགས་པ་རྣམས་ཀྱིས་བསྟོད་པར་བྱའོ། །འདི་ནི་བདག་སྐྱེད་ལ་མཆོད་པ་དང་བསྟོད་པའི་ཆོ་ གའོ། ། དེ་ནས་གཙུག་ཏོར་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམས་ཏེ་དེའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ་ དང༌། སྙིང་ཁར་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ནུས་མ་རྣམས་དང༌། དཔྲལ་བར་རྡོ་རྗེ་རྩེ་མོ་བཅུ་ བདུན་པའི་ལྟེ་བར་ཕུང་པོ་བཞི་དང་ཁམས་བཞིའི་ལྷ་དང༌། མགྲིན་པར་རྡོ་རྗེ་རྩེ་མོ་སུམ་ ཅུ་རྩ་གསུམ་པའི་ལྟེ་བར་སྐྱེ་མཆེད་བཅུ་གཉིས་ཁྲོ་བོ་བཞི་དང་བཅས་པ་ལུས་དང་བསམ་ པས་རབ་ཏུ་ཕྱེ་བ་རྣམས་དང༌། ལྟེ་བར་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པའི་ལྟེ་བར་གསུང་གི་རྣལ་ འབྱོར་མ་བརྒྱད་པོ་དྲུག་ཅུ་རྩ་བཞིའི་འཁོར་དང་བཅས་པ་དང༌། གསང་བར་རྡོ་རྗེ་རྩེ་མོ་སུམ་ ཅུ་རྩ་གསུམ་པའི་ལྟེ་བར་སྐུའི་སྒོ་སྐྱོང་རྣམས་དང༌། ལས་ཀྱི་འཁོར་ལོའི་ཚིགས་བཅུ་གཉིས་ པོར་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གཅིག་པའི་ལྟེ་བར་ལྷ་ཆེན་པོ་བཅུ་གཉིས་འཁོར་དང་བཅས་པ་ 7-1-324 རྣམས་དང༌། རྐང་པ་དང་ལག་པའི་སོར་མོའི་ཚིགས་རྣམས་སུ་ཀླུ་དང་རབ་གཏུམ་མ་རྣམས་ གཤེགས་སུ་གསོལ་བར་བྱའོ། །མདུན་སྐྱེད་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ནི། སྐབས་ འདིར་དཀྱིལ་འཁོར་སྒྲུབ་པ་དང་མཆོད་པ་དང་བསྟོད་པ་བྱའོ། ། དེ་ནས་ཐུན་འཚམས་སོ་སོར་གཏོར་མ་དབུལ་བར་བྱ་སྟེ་གོ་ཀུ་ད་ཧ་ན་ལ་སོགས་པའམ་ ཇི་ལྟར་རྙེད་པའི་གཏོར་མ་ལ་ཉེ་བར་སྤྱོད་པ་རྣམས་ཀྱིས་བརྒྱན་པ་ལ་སོགས་པ་ལ་ལག་པ་ གཡོན་པ་བསྟན་ཅིང༌། དེར་ཟླ་བ་ལ་གནས་པའི་ༀ་ཡིག་སྐུ་རྡོ་རྗེའི་འོད་ཟེར་ཅན། ༀ་ༀ་ བཛྲ་ཙན་དྲ་(ༀ་རྡོ་རྗེ་ཟླ་བ)སརྦ་དྷརྨྨ་(ཆོས་ཐམས་ཅད)སུ་བི་ཤུད་དྷ་སྭ་བྷཱ་བ་(ཤིན་ཏུ་རྣམ་པར་དག་པའི་ རང་བཞིན)སརྦ་དྷརྨྨཱན་བི་ཤོ་དྷ་ཡ་(ཆོས་ཐམས་ཅད་རྣམ་པར་སྦྱོངས་)སྭཱཧཱ། ཞེས་པ་འདིས་སྦྱང་བར་ བྱའོ། །ལག་པ་གཡས་པ་བསྟན་ཅིང་དེར་ཉི་མ་ལ་གནས་པའི་ཨཱཿཡིག་གསུང་རྡོ་རྗེའི་འོད་ ཟེར་དང༌། ༀ་ཨཱཿ་བཛྲ་སཱུརྻ་(ས་དང་རྡོ་རྗེ་ཉི་མ་)སརྦ་དྷརྨྨ་(ཆོས་ཐམས་ཅད་)པྲ་བོ་དྷ་ཀ་(རབ་ཏུ་རྒྱས་ པ་པོ་)སརྦ་དྷརྨྨཱན་(ཆོས་ཐམས་ཅད་རབ་ཏུ་རྒྱས་པར་མཛོད)པྲ་བོ་དྷ་ཡ་སྭཱཧཱ། ཞེས་པ་འདིས་སྤེར་བར་ བྱའོ། །ཡང་དག་པར་རེག་ནས་སྙིམ་པས་བཀབ་ཅིང་དེར་སྒྲ་གཅན་ལ་གནས་པའི་ཧཱུཾ་ཡིག་ ཐུགས་རྡོ་རྗེའི་འོད་ཟེར་དང༌། ༀ་ཧཱུཾ་(ཧཱུཾ་དང་རྡོ་རྗེ་ཉི་མ་)བཛྲ་ཨ་ན་ལ་སརྦ་དྷརྨྨ་(ཆོས་ཐམས་ཅད་)པྲ་ དཱི་པ་ཀ་(རབ་ཏུ་འབར་བར་མཛད་པ)སརྦ་དྷརྨྨཱན་པྲ་དཱི་པ་(ཆོས་ཐམས་ཅད་རབ་ཏུ་འབར་བར་མཛོད)ཡ་སྭཱཧཱ། ཞེས་པ་འདིས་སྦར་བར་བྱའོ། །ནམ་མཁའ་ལྡིང་གི་ཕྱག་རྒྱ་བསྟན་ཅིང་དེར་དུས་མེ་ལ་གནས་ པའི་ཧོ་ཡིག་ཡེ་ཤེས་རྡོ་རྗེའི་འོད་ཟེར་དང༌། ༀ་ཧོ་སརྦ་དྷརྨྨ་(ཧོ་དང་ཆོས་ཐམས་ཅད)བཛྲ་ཨ་མྲ་ ཏ་(རྡོ་རྗེ་བདུད་རྩིར་མཛད་པ)ཀ་ར་སརྦ་དྷརྨྨཱན་བཛྲ་ཨ་མྲ་ཏཾ་(ཆོས་ཐམས་ཅད་རྡོ་རྗེ་བདུད་རྩི་ནི་)ཀུ་རུ་ཀུ་ རུ་(མཛོད་མཛོད་)སྭཱཧཱ། ཞེས་པ་འདིས་བདུད་རྩིར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སངས་ རྒྱས་ཡབ་ཡུམ་བཅས་པ་སྲས་བཅས་གཡོག་འཁོར་དང༌། གྲོགས་བཅས་གཉེན་རྣམས་དག་ གིས་བསྐོར་བའི་ཚོགས་པ་ནི། ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། མཆོག་ 7-1-325 གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། ཞེས་པ་འདིས་སངས་རྒྱས་སྲས་དང་ བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས་ནས་རང་གི་ལུས་ཀྱི་རང་རང་གི་ཁམས་རྣམས་ ལ་དགོད་པར་བྱའོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱང་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་དང༌། ༀ་ཧ་ ཧཱ་ཧི་ཧཱི་བཛྲ་བྷཻ་ར་བ་ཨཱ་ཀར་ཥ་ཡ་ཨཱ་ཀར་ཥ་ཡཿ པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བན་དྷ་ཡ་བན་དྷ་ཡ་ ཏོ་ཥ་ཡ་ཏོ་ཥ་ཡ་ཛཿཧཱུཾ་བཾ་ཧོཿབཛྲ་ཊཱ་ཀི་ནཱི་ནཱཾ་ཧྲི་ད་ཡཾ་ཧཱུཾ་ཧཱུཾ་ཕྲེཾ་ཕྲེཾ་ཕཊ་ཅེས་པ་འདིས་དགུག་པར་ བྱའོ། །དེ་ནས་དེ་དག་ལ་རྡོ་རྗེའི་ཕྱག་རྒྱས་གཏོར་མ་དྲི་དང་མེ་ཏོག་ལ་སོགས་པ་དབུལ་བར་ བྱ་སྟེ། ༀ་ཨཱཿཧུཾ་ཧོཿཤྲཱི་ཀཱ་ལ་ཙཀྲ་བཛྲ་བྷཱཻ་ར་བ་བྷཱི་ཀ་རཱ་ཡ་ས་པ་རི་ཝཱ་རེ་བྷྱཿ ༀ་ཨཱཿ་ཧཱུཾ་བཛྲ་ཊཱ་ ཀི་ནཱི་བྷྱཿས་པ་རི་ཝཱ་རེ་བྷྱཿཨི་དཾ། བ་ལིཾ། གན་དྷཾ། སུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ ཧེཿ ཏེ་ཙ་ཨཱ་ག་ཏྱ་ས་པ་རི་ཝཱ་རཿ ཤི་གྷྲཾ་ཨི་དམ་བ་ལིཾ་གྲཧྣ་ཏུ་ཁཱ་དན་ཏུ། པི་བན་ཏུ་ཛཿཧཱུཾ་བཾ་ཧོཿ སཾ་ཏྲིབ་ཏཱཿ སརྦ་ས་ཏྭཱ་ནཱཾ་ཤཱན་ཏཱི་པུཥིཾ་ྟརཀྵ་ཨཱ་བ་ར་ན། གུབ་ཏིཾ། ཀུརྦན་ཏུ་ཧཱུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ ཛྙཱ་པ་ཡ་ཏི་སྭཱཧཱ་ཞེས་པས་སོ། །དེ་བཞིན་དུ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ཁྲོ་བོ་རྣམས་སྤྱན་དྲངས་ ནས། ༀ་ཨཱཿཧཱུཾ་ཧོ་(རྡོ་རྗེ་བཞིའི་ས་བོན)ཨུཥྞི་ཥ། སུམ་བྷ་(གནོད་མཛེས་)ནི་སུ་བྷ་(ངེས་པར་གནོད་མཛེས་) བིགྷྣ་ཨན་ཏ་ཀ(བགེག་མཐར་བྱེད་)ནཱི་ལ་དཎ་ཊ(དབྱུག་པ་སྔོན་པོ)། སྲཛྙཱ་ཨན་ཏ་ཀ་(ཤེས་རབ་མཐར་བྱེད་) ཊཀ་ཀི་རཱ་ཛ(འདོད་པའི་རྒྱལ་པོ)། པད་མ་ཨན་ཏ་ཀ(པད་མ་མཐར་བྱེད)། ཨ་ཙ་ལ(མི་གཡོ་བ)། ཡ་ མ་ཨན་ཏ་ཀ(གཤིན་རྗེ་མཐར་བྱེད)། མ་ཧཱ་བ་ལ་བྷྱ(སྟོབས་པོ་རྣམས་ལ་)། ཞེས་པ་དང༌། གྲི་གུག་གི་ ཕྱག་རྒྱས་ཟད་པར་རྣམས་སྤྱན་དྲངས་ནས་ༀ་ཨཱཿཧཱུཾ་ཧོཿ ཨཱ་ཀཱ་ཤ(ནམ་མཁའ་) བཱ་ཡུ་(རླུང་)ཏེ་ ཛ(མེ་)། ཨུ་ད་ཀ(ཆུ) པྲི་ཐི་བཱི(ས)། སྭ་དྷི་ཏི་བྷྱ(གྲུབ་པ་རྣམས་ལ)ཿ ཞེས་པ་དང༌། རལ་གྲིའི་ཕྱག་ རྒྱས་ཕྱོགས་སྐྱོང་རྣམས་སྤྱན་དྲངས་ནས། ༀ་ཨཱཿཧཱུཾ་ཧོ། པྲཧྨ(ཚངས་པ)། བིཥྞུ་(ཁྱབ་འཇུག) ནཻ་ རི་ཏྱ་(བདེན་བྲལ) བཱ་ཡུ(རླུང་) ཡ་མ་(གཤིན་རྗེ) ཨག་ནི(མེ) ས་མུ་ཏྲ(རྒྱ་མཚོ)ཨཱི་ཤྭ་ར(དབྱུག) ཨིན་ཏྲ་(དབང་པོ) ཡཀྵེ་བྷྱ་(གནོད་སྦྱིན་རྣམས་ལ)ཿ ཞེས་པ་དང༌། རིན་པོ་ཆེའི་ཕྱག་རྒྱས་གཟའ་ 7-1-326 རྣམས་སྤྱན་དྲངས་ནས། ༀ་ཨཱཿ་ཧུཾཿཧོ། རཱ་ཧུ་(སྒྲ་གཅན) ཀ་ལ་ཨག་ནཻ་(དུས་མེ) ཙན་ཏྲ(ཟླ་བ) སཱུརྻ(ཉི་མ) བུདྷ(གཟའ་ལྷག) མཾ་ག་ལ་(བཀྲ་ཤིས) ཤུཀྲ(ཁུ་བ་སྟེ་པ་སང་) པྲི་ཧསྤ་ཏི་(ཕུར་བུ) ཀེ་ ཏུ་ཤ་ནི་བྷྱཿ(མཇུག་རིངས་དལ་འགྲོས་སྟེ་སྤེན་པ) ཞེས་པ་དང༌། པད་མའི་ཕྱག་རྒྱས་ཀླུ་རྣམས་སྤྱན་ དྲངས་ནས། ༀ་ཨཱཿཧུཾ་ཧོ། ཛ་ཡ(རྒྱལ་བ) བི་ཛ་ཡ་(རྣམ་པར་རྒྱལ་བ) པད་མ་(པད་མ) ཀར་ཀོ་ ཊ་ཀ་(སྟོབས་ཀྱིས་རྒྱུ) བཱ་སུ་ཀི་(ནོར་རྒྱས) ཤཾ་ཁ་པཱ་ལ་(དུང་སྐྱོང་) ཀུ་ལི་ཀ་(རིགས་ལྡན) ཨ་ནན་ཏ་ (མཐའ་ཡས) ཏ་ཀྵ་ཀ་(འཇོག་པོ) མ་ཧཱ་པད་མེ་བྷྱཿ (པད་མ་ཆེན་པོརྣམས་ལ) ཞེས་པ་དང༌། འཁོར་ ལོའི་ཕྱག་རྒྱས་འབྱུང་པོ་རྣམས་སྤྱན་དྲངས་ནས། ༀ་ཨཱཿཧཱུཾ་ཧོ། བེ་ཏཱའ་ཊ་(རོ་ལངས)བི་ཀྲ་ཏ་མུ་ ཁ་(རྣམ་པར་འགྱུར་བ་གདོད་དེ་གྲུལ་བུམ)ཤྭ་(ཁྱི) ཀཱ་ཀ(བྱ་རོག) སཱུ་ཀ་ར་(ཕག) གྲི་དྷཱ་(བྱ་རྒོད) བྱགྷྲ་ (སྟག) ཨཱུ་ལུ་ཀ་(འུག་པ)ཛཾ་བུ་ཀ་(ལྕེ་སྤྱང་) ག་རུ་ཊ་མུ་ཥེ་བྷྱ་(ནམ་མཁའ་ལྡིང་གི་གདོང་མ་རྣམས་ལ) ཞེས་པ་རྣམས་ཀྱི་མཐར། ས་པ་རི་ཝ་རེ་བྷྱ་(འཁོར་དང་བཅས་པ) ཨི་དཾ(འདི)། བ་ལཾ(གཏོར་མ)། གན་དྷཾ(དྲི)། པུཥྤཾ (མེ་ཏོག) དྷཱུ་པཾ(གདུག་སྤོས)། དཱི་པཾ(སྒྲོན་མེ)། ཨ་ཀྵཱ་ཏཾ(མ་ཉམས་པ)། ད་དཱ་ མ་ཧེ(བདག་གི་འབུལ་ལགས་ཀྱི)། ཏེ་ཙ་ཨཱ་ག་ཏྱ(དེ་རྣམས་ཀྱང་བྱོན་ནས)། ས་པ་རི་ཝཱ་ར(འཁོར་དང་བཅས་ པ)། ཤཱི་གྷྲཾ(མྱུར་དུ)། ཨི་དཾ(འདི)། བ་ལིཾ (གཏོར་མ)། གྲཧྣ་ཏུ(བཟུང་བར་མཛོད)། ཁཱ་དན་ཏུ(གསོལ་ བར་མཛོད)། པི་བན་ཏུ(བཏུང་བར་མཛོད)། ཛཿཧཱུཾ་བཾ་ཧོཿ སཾ་ཏྲིཔ་ཏ(ཡང་དག་པར་མཉེས་པ)། སརྦ་ ས་ཏྭཱ་ནཱཾ(སེམས་ཅན་ཐམས་ཅད)། ཤཱན་ཏིཾ (ཞི་བ)སུཥིཾ(ྟ རྒྱས་པ)། རཀྵ་(བསྲུང་བ་དང་)ཨཱ་བ་ར་ཎ(སྐྱོབ་པ་ དང་)། གུཔ་ཏ(ིཾསྦ་བ)། ཀུརྦན་ཏུ་(མཛད་དུ་གསོལ)ཧུཾ་ཧཱུཾ་ཕཊཿ བཛྲ་(རྡོ་རྗེ་འཛིན་པའི་བཀའ་བཞིན་མཛོད) དྷ་རཨཱཛྙཱ་པ་ཡ་ཏི་སྭཱཧཱ་ཞེས་པ་འདི་སྦྱར་བས་སོ་སོ་ལ་གཏོར་མ་ཕུལ་ནས། མཆོག་སྦྱིན་རྡོ་ རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པ་དང༌། རྡོ་རྗེ་འཇིགས་བྱེད་འཇིགས་པར་མཛད། ། དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་ རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །དུས་ 7-1-327 མཐའི་སྤྲིན་མཚུངས་ཧེ་རུ་ཀ། རྡོ་རྗེ་ཤུགས་ལ་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་པས་བསྟོད་ པ་དང་མངོན་པར་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ་གཏོར་མ་རང་རང་གི་ཕྱོགས་སུ་ གཏང་བར་བྱའོ། །གཞན་ཡང་དཔལ་མགོན་པོ་ལྕམ་དྲལ་ལ་སོགས་པ་ཆོས་སྐྱོང་རྣམས་དང་ མཁའ་འགྲོ་དང་འབྱུང་པོ་སྤྱི་ལ་ཡང་སོ་སོའི་ཆོ་གས་གཏོར་མ་དབུལ་བར་བྱ་ཞིང༌། ཞིང་སྐྱོང་ དང་གྲོང་གི་བདག་པོ་རྣམས་ལ་གཏོར་མ་སྦྱིན་པ་ནི་སྔར་བསྟན་པའི་ཆོ་གས་ཏེ། འོན་ཀྱང་ཨ་ པ་ར་སྠཱ་ནཾ་(གཞན་གྱི་གནས་སུ་སོང་སོང་)ཞེས་པའི་གནས་སུ་འདིར་སྭ་སྠཱ་ནཾ་(རང་གི་གནས་སུ་སོང)ཞེས་ པ་གཞུག་པར་བྱའོ། །གཏོར་མའི་ཆོ་གའོ།། །། དེ་ནས་ཁ་ཟས་ཀྱི་རྣལ་འབྱོར་ནི་བདུད་རྩི་ལྔ་ལ་སོགས་པའི་བཟའ་བ་རྣམས་སྔར་ བསྟན་པའི་ཆོ་གས་སྦྱང་བ་དང་སྤེལ་བ་དང་སྦར་བ་དང་བདུད་རྩིར་བྱིན་གྱིས་བརླབས་ཏེ། ཕུད་ཀྱིས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ལ་ༀ་ཨཱཿཧཱུཾ་གུ་རུ་བུད་དྷ་ བོ་དྷི་ས་ཏྭེ་བྷྱོ་(བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ)བཛྲ་ནཻ་བེ་དྱ་(རྡོ་རྗེ་ཞལ་ཟས)ཧཱུཾ་ཞེས་ པ་དང༌། སྔར་བསྟན་པའི་སྔགས་ཀྱིས་མཆོད་ཅིང་ༀ་ཧཱ་རི་ཏི་པིཎ་ཊ་ཀེ་(འཕྲོག་མ་ཆང་བུ་སོ་སོར་ བཞེས)པྲ་ཏཱིཙྪ་སྭཱཧཱ་ཞེས་པ་འདིས་འཕྲོག་མ་རྣམས་ལ་ཆང་བུ་གཉིས་དང༌། ༀ་སརྦ་དྷུ་ཏཱི་ཀེ་ (ཕོ་ཉ་མོ་ཐམས་ཅད་ཕུད་ཀྱི་རྩེ་མོ་ཡང་དག་པར་སོ་སོར་བཞེས)ཨ་གྲཱ་གྲ་སཾ་པྲ་ཏཱིཙྪ་སྭཱཧཱ་ཞེས་པ་འདིས་ཕོ་ ཉ་རྣམས་ལ་ཆང་བུ་བྱིན་ནས་དེ་དག་ཚིམ་པར་བྱའོ། །དེ་ནས་གཤེགས་གསོལ་གྱི་སྐབས་ སུ་བསྟན་པ་ལྟར་གནས་དེ་དག་ཏུ་ལྷ་དེ་དག་དམིགས་པའམ་ཡང་ན་རང་ལ་གདོད་མ་ནས་ བཞུགས་པའི་དྲུག་དྲུག་སུམ་ཅུ་རྩ་དྲུག་ལ་སོགས་པ་ལྷ་མཆོད་པའི་བསམ་པས་ནང་གི་སྦྱིན་ སྲེག་གི་ཚུལ་དུ་བླང་དོར་གྱི་རྟོག་པ་སྤངས་ནས། བདག་ཉིད་རན་པ་ཙམ་དུ་ལོངས་སྤྱད་པར་ བྱ་ཞིང༌། མཐར་ཡང༌། «ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་(ཟོ་ཟོ་བཟའ་བར་གྱིས་ཤིག)་ཨུཙྪིཥ་ྟབ་ལིཾ་(ལྷག་མའི་གཏོར་ མ་ལྷག་མའི་)ཨུཙྪིཥྟབྷཀྵ་བྷཀྵ་ཀ་(ལྷག་མའི་བཟའི་བཟ་བ་པོ)སྭཱཧཱ། ཞེས་པ་འདིས་ལྷག་མ་ལ་དབང་ 7-1-328 བའི་འབྱུང་པོ་རྣམས་ཀྱང་ཚིམ་པར་བྱ་ཞིང༌། རྡོ་རྗེ་དྲིལ་བུའི་སྒྲ་དང་བཅས་པས། ཀོལླ་ཨི་ རིཊྠི་ཨ་བོལླ(ཀོ་ལ་ཨེ་རི་གནས་ཏེ་གསང་བ་དང)། མུམྨུ་ཎི་རེ་ཀཀྐོ་ལ(ཞིང་ནི་མུ་མུ་ཎི་ཀྱེ་ཆོས་འབྱུང་ངོ་)། གྷ་ཎ་ ཀྲི་བི་ཊ་ཧོ་བཛྫ་ཨི(འདུས་ནས་ཅང་ཏེའུ་བཀྲོལ་ཞིང་བརྡུང་པར་བྱ)། ཀ་རུ་ཎེ་ཀི་ཨ་ཨི་ཎ་རོ་ལཱ(སྙིང་རྗེའི་ གནས་ལ་ཀུ་ཅོ་མི་བྱའོ)། ཏ་ཧིཾ་བ་ལ་ཁཱཛྫ་ཨཱི(དུས་དེར་བ་ལ་བཟའ་བར་བྱ་བ་སྟེ)། གཱའ་ཊེཾ་མ་ཨ་ཎཱ་པིཛྫ་ཨ་ ཨི(འབད་པས་ཆང་ཡང་བཏུང་པར་བྱ་བ་དང་)། ཧ་ལེ་ཀ་ལིཉྫ་ར་པ་ཎི་ཨ་ཨི(ཀ་ཡེ་གྲོགས་པོ་བསྐལ་ ལྡན་འོང་དུ་བཞུག)། དུད་དྷཱུ་ར་བཛྫ་ཨ་ཨི་ཙ(བསྐལ་བ་མེད་པ་འོངས་སུ་མི་བཞུག་གོ)། ཨུ་ས་མ་ཀཙྪུ་ རི(མ་མཉམ་སླ་ཅི༴༴པ་ནི་སེམས་ཅན་དང་)། ལིཧླ་ཀ་པུ་ར་ལཱ་ཨི་ཨ་ཨི(ག་བུར་རྣམས་ཀྱང་ལུས་ལ་ བྱུག་པར་བྱ)། མ་ལ་ཨིནྡ་ན་སཱ་ལིཾ་ཛ་ཨ(ཚོད་མ་ཤ་ཆེན་ལ་ནི་བྱ་བ་དེ)། ཏ་ཧིཾ་བྷ་རུ་ཁ་ཨི་ཨ་ཨི(དུས་ དེར་མང་དུ་བཟའ་ཞིང་བཏུང་བར་བྱ)། ཕྲེཾ་ཁ་ཎ་ཁེ་ཊ་ཀ་རཎེ(ྟ ནང་དུ་འཇུག་དང་ཕྱི་རོལ་འགྲོ་བའི་ཚེ)། ཤུད་དྷ་ ཨ་ཤུད་དྷཎྞ་མ་ནི་ཨ་ཨི(དག་དང་མ་དག་པར་ནི་མི་ལྟའོ)། ནི་རཾ་སུ་ཨཾ་ག་ཙ་ཊ་ཝི་ཨ(ལུས་ལ་མི་ རུས་རྒྱན་ཆ་བཏགས་པ་ཡིས)། ཏ་ཧིཾ་ཛ་ས་རཱ་ཝ་ས་ནི་ཨ་ཨི(དུས་དེར་དཔའ་པོའི་རོ་ལ་འདུག་པར་ བྱ)། མ་ལ་ཡ་ཛ་ཀུནྡུ་རུ་བཊ་ཨི(ཚོགས་ལ་འདུག་ཚེ་སྙོམས་འཇུག་བྱེད་པ་ན)། དིཎ་ཊི་མ་ཏ་ཧི་ན་བིཛྫ་ ཨ་ཨི(རེག་མིན་གཡུང་མོ་ལ་ནི་སྙོམས་འཇུག་བྱའོ)། ཞེས་རྡོ་རྗེའི་གླུ་བླང་(སཾ་བྷུ་ཊ་དང་བརྟག་གཉིས་ལས་འབྱུང་བ་ ཡིན)། འདི་དག་གི་མཆན་མི་གསལ་བརྟག་དགོས»སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་ བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང༌། མི་ཡི་འཇིག་རྟེན་ དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་རྣམས་དང༌། །ས་ འོག་དག་ན་གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་དུ་ནི་འཆིང་བྱེད་ པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་བར་ བྱེད་གྱུར་ཅིག །ཅེས་པ་དང༌། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་པ་ ལ་སོགས་པ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པ་དང༌། འཁོར་གསུམ་ཡོངས་སུ་དག་ 7-1-329 པའི་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པར་བྱ་སྟེ། ཁ་ཟས་ཀྱི་རྣལ་འབྱོར་ རོ། །སྤྱོད་ལམ་གྱི་རྣལ་འབྱོར་ནི། ལྷའི་ང་རྒྱལ་བརྟན་པོ་དང་ལྷན་པས་སྤྱོད་ལམ་ཐམས་ཅད་ དུ་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུ་དང༌། གྲག་པ་ཐམས་ཅད་བྲག་ཆ་ལྟ་བུ་ལ་སོགས་པའི་ཆོས་ ཐམས་ཅད་སྟོང་པ་ཉིད་དུ་ཤེས་པར་བྱ་ཞིང་མཚན་མོ་ཉལ་བའི་ཚེ་ཡང་དེ་ལྟར་ཤེས་པ་ཉིད་ ཀྱི་ངང་ནས་གནས་དྲུག་ཏུ་རྡོ་རྗེ་དྲུག་དང་ཡན་ལག་དྲུག་བཀོད་དེ་བདེ་བ་ཆེན་པོ་རང་བཞིན་ གྱི་འོད་གསལ་བའི་ཆོས་སྐུའི་ངང་དུ་གཉིད་ལོག་པར་བྱའོ། །སད་པའི་ཚེ་ལངས་ཏེ་དབང་ བསྐུར་བའི་སྐབས་དང་རྗེས་སུ་མཐུན་པའི་ཆོ་གས་ཁྲུས་བྱས་ནས་སླར་ཡང་ཇི་སྐད་བཤད་ པའི་རྣལ་འབྱོར་ལ་འཇུག་པར་བྱ་སྟེ་དྲང་བའི་དོན་བསྐྱེད་པའི་རྣལ་འབྱོར་རོ། །དཀྱིལ་འཁོར་ གྱི་རྣམ་པར་དག་པ་དང་ལྷའི་རྣམ་པར་དག་པ་དང་ཕྱི་ནང་གཞན་གསུམ་གྱི་འདྲ་བ་སྦྱོར་བ་ལ་ སོགས་པའི་རྒྱས་པར་ནི། ཆོས་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་རྒྱུད་འགྲེལ་ ཆེན་པོའི་དགོངས་པ་ཇི་ལྟ་བ་བཞིན་ཉེ་བར་སྦྱར་བའི་སྒྲུབ་ཐབས་དཔག་བསམ་གྱི་ལྗོན་ཤིང་ ལས་ཁོང་དུ་ཆུད་པར་བྱའོ། ། གཉིས་པ་རྫོགས་པའི་རིམ་པ་ལ་རྣལ་འབྱོར་དུ་བྱ་བ་ནི། རྣལ་འབྱོར་པ་མཆོག་ཏུ་མི་ འགྱུར་བའི་བདེ་བ་བསྒྲུབ་པ་ལ་མངོན་པར་དགའ་བ་བླ་མ་དམ་པའི་མན་ངག་ཐོབ་པ་ཐམས་ ཅད་མཁྱེན་པའི་རྐང་སྟེགས་ལ་འཛེག་པར་འདོད་པ་དག་གིས་བརྟགས་པའི་བསྒོམ་པ་དང་ བཟླས་པ་ལ་སོགས་པ་ཡོངས་སུ་དོར་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནི་སྤྲོས་པ་ ཐམས་ཅད་དང་བྲལ་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད། ཕྱག་རྒྱ་ ཆེན་མོ་རང་བཞིན་གྱིས་འོད་གསལ་བ་ལ་ཤིན་ཏུ་མཉམ་པར་གཞག་པར་བྱ་སྟེ། དེ་ཡང༌། སོ་ སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་ཉིད་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་པ་ཡན་ལག་དྲུག་གི་རྣལ་འབྱོར་རྒྱུད་ 7-1-330 ཐམས་ཅད་ཀྱི་རྫོགས་པའི་རིམ་པ་སྟེ། གསང་བ་ལས་ཀྱང་ཆེས་ཤིན་ཏུ་གསང་བ་ནི་དཔལ་ ལྡན་བླ་མ་དམ་པའི་ཉེ་བར་བསྟན་པ་དྲི་མ་མེད་པའི་ཞལ་གྱི་བདུད་རྩི་ལས་ཤེས་པར་བྱ་བ་ ཁོ་ནའོ། ། བཞི་པ་དེ་ལྟར་བསྒྲུབས་པའི་འབྲས་བུ་ནི། བསྐྱེད་པའི་རིམ་པའི་འབྲས་བུ་གྲུབ་པ་ ཆེན་པོ་བརྒྱད་ལ་སོགས་པ་དང༌། འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་འཇིག་རྟེན་པའི་ དངོས་གྲུབ་པོ། །རྫོགས་པའི་རིམ་པའི་འབྲས་བུ་ནི། འཇིག་རྟེན་ལས་འདས་པ་ཕྱག་རྒྱ་ཆེན་ པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་དངོས་གྲུབ་སྟེ། མངོན་པར་བརྗོད་པ་འབུམ་པ་ལས། འཇིག་རྟེན་ཀུན་རྗོབ་བདེན་པ་ཡིས། །འཇིག་རྟེན་དངོས་གྲུབ་སྒྲུབ་པའི་ཕྱིར། །སྔགས་ བཟླས་དེ་བཞིན་ཆོ་ག་དང༌། །རྣམ་རྟོག་བསྒོམ་པ་རབ་ཏུ་གསུངས། །དོན་དམ་བདེན་པས་ གསུངས་པ་ནི། །ཡེ་ཤེས་སྐུ་ནི་རབ་བསྒྲུབ་ཕྱིར། །ཀུན་རྟོག་ཐམས་ཅད་སྤངས་པ་ཡི། །བསྒོམ་ པ་དེ་བཞིན་གཤེགས་པས་གསུངས། །ཞེས་པ་དང༌། ཀྱེའི་རྡོ་རྗེ་རྩ་བའི་རྒྱུད་ལས་ཀྱང༌། དཀྱིལ་འཁོར་འཁོར་ལོའི་ཁང་པ་དང༌། །ལྷ་རྣམས་ཇི་ལྟར་བསྐྱེད་པ་དང༌། །ཡེ་ཤེས་དགུག་ དང་དབང་བསྐུར་དང༌། །དེ་བཞིན་འཁོར་ལོ་རྩ་དང་ནི། །ཁུ་བ་རླུང་རྣམས་བསམ་གཏན་ ཏེ། །བྱིས་པ་རྣམས་ནི་གཞུག་པའི་ཕྱིར། །འཇིག་རྟེན་མགོན་པོས་བསྟན་པ་ཡིས། ངེས་དོན་ མ་ཡིན་གཞན་དུ་དཔྱད། །དཀྱིལ་འཁོར་ཚུལ་དང་ལྷ་དག་དང༌། །ཡེ་ཤེས་དགུག་དང་དབང་ བསྐུར་དང༌། ཁུ་བ་རླུང་དུ་སུ་ལྟ་བ། །ཀྱེའི་རྡོ་རྗེ་དེས་མི་ཤེས། །ཞེས་པ་དང༌། བསྡུས་པའི་ རྒྱུད་ཀྱི་རྒྱལ་པོ་ལས་ཀྱང༌། དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ནི་དཀྱིལ་ འཁོར་དབང་པོར་རབ་ཏུ་བྱ། ཞེས་པ་དང༌། འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། ། འཇིག་རྟེན་པའི་བདེན་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་རྟོག་པའི་བསྒོམ་པའི་རིམ་ པས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །འཇིག་རྟེན་ལས་འདས་པའི་བདེན་པ་ 7-1-331 ནི་དུ་བ་ལ་སོགས་པའི་མཚན་མ་དང་རྣམ་པར་རྟོག་པའི་སེམས་རྫོགས་པའི་རིམ་པས་ཕྱག་ རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །ཞེས་པ་དང༌། སྣ་ཚོགས་རྣམ་རྟོག་ལ་སོགས་ ལམ་གྱིས་ནི། །དེ་ཉིད་དེ་བཞིན་གཤེགས་པས་གང་གསུངས་པ། །བཅུ་དྲུག་བཞི་ཡི་རབ་ཏུ་ དབྱེ་བ་ཅན། །ལམ་དང་བྲལ་བས་ཐོབ་པ་མ་ཡིན་ནོ། །བསྐྱེད་པའི་རིམ་པར་གསུངས་པའི་ ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྣམ་རྟོག་དང་བྲལ་བ། རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ ཉིད་དེ། །དེ་ཉིད་ཀྱི་ནི་སྒྲུབ་ཐབས་གཞན་ཡོད་མིན། །དུ་བ་ལོ་སོགས་མཚན་མ་རྣམས་དང་ ནི། །སྲོག་རྩོལ་གྱི་ནི་དབུ་མར་འབབ་པ་དང༌། །རིག་མིའི་བརྟུལ་ཞུགས་དག་གིས་རྡོ་རྗེ་ནི། ལྷུང་མིན་དེ་བཞིན་སྟེང་དུ་ཁུ་བ་སྟེ། །ལམ་འདི་རྣམས་ཀྱིས་སངས་རྒྱས་རྣམས་ཀྱི་ནི། །བདེ་ བ་མཆོག་ཏུ་འགྱུར་བ་མེད་པ་ཞེས། །མངོན་པར་བརྗོད་པའམ་ཕོ་ཉ་མོ་ཀུན་གྱི། །ལྷན་ཅིག་ སྐྱེས་པ་རྣལ་འབྱོར་པས་ཐོབ་འགྱུར། །གཟུགས་ལ་སོགས་པར་རྟོག་པ་དཀྱིལ་འཁོར་གྱི། ། འཁོར་ལོ་བསྒོམ་པ་གོམས་པར་གྱུར་པས་ནི། གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་གྱི༑ ༑འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། རྒྱུད་ གཞན་དང་འགྲེལ་པ་གཞལ་ལས་ཀྱང་རྒྱ་ཆེར་གསུངས་སོ། །དེ་ལྟར་ན་བློ་དང་ལྡན་པ་རྣམས་ ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཆོགས་ཀྱི་དོན་དུ་དྲང་བ་དང་ངེས་པའི་དོན་གྱི་ཚུལ་བསྐྱེད་ པའི་རིམ་པ་དང་རྫོགས་པའི་རིམ་པའི་རྣལ་འབྱོར་ལ་བརྩོན་པས་གནས་ཏེ་འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བྱའོ།། །། དཔལ་ལྡན་རྒྱུད་འགྲེལ་ཟབ་ཡངས་ཆུ་བོའི་གཏེར། །བདག་བློའི་སྟོབས་ཀྱིས་རྒལ་བར་ རབ་དཀའ་ཡང༌། །དེད་དཔོན་བླ་མ་མཆོག་དེའི་བཀའ་དྲིན་ལས། །མཐར་ཐུག་རིམ་གཉིས་ ལམ་གྱི་རིན་ཆེན་རྙེད། །རྒྱལ་བདག་འཇིག་རྟེན་མགོན་གྱི་དགོངས་པའི་དོན། །རྗེ་བཙུན་ བླ་མའི་གདམས་པས་རབ་བརྒྱན་ཏེ། །དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་བདག་གིས་སྦྱར། 334། ནོངས་པ་མཆིས་ན་མཁས་རྣམས་བཟོད་པར་གསོལ། །འདིར་འབད་བསམ་དང་སྦྱོར་བ་ དག་པ་ཡི། །དགེ་བ་གང་དེས་འགྲོ་བ་མ་ལུས་ཀུན། །རྣམ་དག་ལེགས་པའི་ལམ་འདིར་རབ་ ཞུགས་ནས། །རྡོ་རྗེ་འཛིན་པའི་དཔལ་རབ་ཐོབ་གྱུར་ཅིག །སྐབས་ཇི་ལྟ་བར་བསྔོ་བ་དང་ སྨོན་ལམ་རྣམ་པར་དག་པ་འདི་ལྟ་བུ་ཡང་བརྗོད་པར་བྱ་སྟེ། བསོད་ནམས་འདི་ཡིས་འགྲོ་ རྣམས་དུ་བ་ལ་སོགས་ལམ་གྱིས་ལྷན་སྐྱེས་བདེ་བ་མཆོག་བསྒོམས་ཏེ༑ ༑འགྲོ་བའི་བླ་མ་ སུམ་ཅུ་རྩ་གཉིས་མཚན་ལྷན་སྐུ་འདི་ཆོས་ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་ ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པད་མ་ལ་གཏུགས་ཤིང༌། །དམ་པའི་ ལམ་སྟོན་ཉིན་བྱེད་བཞིན་དུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག །ཉི་མ་ དང་བཅས་ཐུབ་པའི་རིགས་རྣམས་ཀྱིས་ནི་ཤེས་རབ་ཡེ་ཤེས་ཐོབ་གྱུར་ཇི་ལྟ་བར། །སེམས་ ཅན་རྣམས་ནི་རྣམ་གསུམ་སྲིད་གནས་དུས་ཀྱི་འཁོར་ལོའི་དྲིན་ལས་ཨེ་ཝཾ་ཉིད་གྱུར་ཅིག། སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། ། དེ་རྣམས་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་བ་མིན་པར་འོང་གྱུར་ཅིག །རྣལ་ འབྱོར་བདག་ཅག་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་པ་ ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པར་ སྐྱེ་བ་དང༌། །སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ཀུན་ དུ་འཛིན་པ་དང༌། །ཡེ་ཤེས་ཐོབ་ནས་མི་ཟད་མཆོག་གི་གནས་སུ་རབ་བགྲོད་སླར་ཡང་གང་ དུའང་སྐྱེ་ལྡན་མིན་གྱུར་ཅིག །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོས་འགྲོའི་བདག་ དང་ཆོས་རྐུན་ཞགས་པས་འཆིང༌། །ཆུ་གཏེར་འཁྲུགས་དང་ཤ་ཟ་འཆི་བའི་འཇིགས་བྱེད་ནད་ དང་དབང་པོའི་ཉེ་བར་འཚེ་བ་དང༌། །དབུལ་དང་བུད་མེད་དང་བྲལ་མི་བདག་འཁྲུགས་པའི་ འཇིགས་དང་རྡོ་རྗེ་ལྟུང་དང་དོན་ཉམས་རྣམས། །བདག་གིས་རྣལ་འབྱོར་མ་རྣམས་ཞབས་ 7-1-332 ནི་གསལ་བར་དྲན་པའི་མཐུ་ལས་རབ་ཏུ་ཉམས་གྱུར་ཅིག །ཅེས་པ་དང༌། དགེ་བ་འདི་ཡིས་ མྱུར་དུ་བདག །དུས་ཀྱི་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ ས་ལ་འགོད་པར་ཤོག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་རྡོ་རྗེ་རྣལ་འབྱོར་སྟོན། །བླ་ མ་ལ་གུས་སྙིང་བརྩེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། ། ཟབ་མོའི་ཆོས་ནི་ཀླཽ ག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟ་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་ བར་ཤོག །ཅེས་པ་ལ་སོགས་པ་དང༌། གཞན་ཡང་ཇི་ལྟར་རིགས་པའོ།། །། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དཔག་བསམ་གྱི་སྙེ་མ་ཞེས་བྱ་བ་སྐུ་གསུང་ ཐུགས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བསྒོམ་པའི་རིམ་པ། །ཆོས་རྗེ་རིན་པོ་ཆེ་ཐམས་ ཅད་མཁྱེན་པའི་བཀའ་དྲིན་དྲི་མ་མེད་པའི་འོད་ཀྱི་མཐུ་ལས་ཐེག་པ་ཆེན་པོའི་དོན་ལ་བློའི་ སྣང་བ་ཅུང་ཟད་རྒྱས་ཤིང༌། དུས་ཀྱི་འཁོར་ལོའི་ཚུལ་རིག་པའི་དགེ་སློང་རྡོ་རྗེ་འཛིན་པ། མངའ་རིས་པ་ཆོས་ཀྱི་རྒྱལ་པོ་མིང་གཞན་ཕྱོགས་ལས་རྣམ་རྒྱལ་གྱིས་ཉེ་བར་སྦྱར་བའོ། ། འདིས་འགྲོ་བ་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །དཀྱིལ་འཁོར་གསུམ་པོ་སོ་སོའི་ སྤངས། །རང་རང་རྒྱའི་ཕྱེད་ཀྱི་ཚད། །དཔག་ཚད་འབུམ་ཕྲག་གཉིས་དང་གཅིག །ཕྱེད་དུ་ ངེས་པར་ཆེས་རྗེ་བཞེད། །ཁོ་བོའི་དཀྱིར་འཁོར་ཁང་པ་ཡི། །དཔངས་ཚད་སྒོ་ལས་གསུམ་ འགྱུར་དུ། །ངེས་པའི་རྒྱུ་མཚན་བྲི་བྱ་ཡིས། །ཚད་ལ་རྟེན་ནས་འདི་ལྟར་གོ། དེ་ལ་རྟ་བབས་ ཀ་བའི་ཚད། །སྒོ་ཚད་གཅིག་དང་བཞི་ཆ་བཅས། །དེ་ཉིད་བསྒོམ་བྱའི་དཀྱིལ་འཁོར་ལ༑ ༑ རྟ་བབས་ཀ་བའི་དཔངས་སུ་རིགས། །ཚད་རེ་ར་བ་རྣམས་སུ་ཡང༌། །དཔངས་སུ་ངེས་པར་ འགྱུར་བ་སྟེ། །ར་བའི་སྟེང་གནས་རྟ་བབས་གདུང༌། །ཀ་བ་རྣམས་ཀྱིས་འདེགས་ཕྱིར་རོ། ། སྟེགས་བུ་ཀུན་ནས་གྲུ་བཞི་པས། །དཔངས་སུ་སྒོ་ཚད་ཕྱེད་པ་ཡང༌། །ར་བའི་སྨངས་ལ་རྩིས་ པ་ཡིས། །སྒོ་ཚད་གཅིག་དང་བཞི་གསུམ་འགྱུར། །དེ་སྟེངས་རིན་ཆེན་སྣམ་བུ་དང༌། །བཅས་ 7-1-333 ལ་སྒོ་ཚད་གཉིས་འགྱུར་ཏེ། །དོ་ཤལ་སོགས་ཀྱིས་སྒོ་ཚད་གཅིག །བརྩེགས་པས་སྒོ་ལས་ སུམ་འགྱུར་གྲུབ། །སྒོ་ཁང་གཅིག་པའི་སྟེང་ལ་ཡང༌། །རིན་ཆེན་སྣམ་བུ་ཡོད་རིགས་པས། ། རྨང་ནས་རྟ་བབས་རྩེ་མོའི་བར། །སོ་སོའི་སྒོ་ཚད་རྣམ་ལྔར་ངེས། །དེ་ལྟར་སྐུ་གསུང་ཐུགས་ ཀྱི་དཀྱིལ་འཁོར་རྣམས། །དཔག་ཚད་འབུམ་ཕྲག་བཞི་སོགས་གསུངས་པ་ནི། །འཇིག་རྟེན་ ཚད་ཀྱི་དག་པ་ལེགས་སྦྱར་བ། །འཇིག་རྟེན་ཁམས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། །དང་པོའི་ ལས་ཅན་བློ་ཆུང་རྣམས་ཀྱི་བློར། །རྒྱ་ཆེན་དཀྱིལ་འཁོར་རྣམ་པར་འཆར་ཀ་བས། །དཔལ་ ལྡན་ཤམ་བྷ་ལར་བཞུགས་དཀྱིལ་འཁོར་གྱི། །གཞལ་མེད་ཁང་བའི་ཚད་ཙམ་བསྒོམ་བྱ་སྟེ། ། སྐུ་ཡི་དཀྱིལ་འཁོར་ཁྲུ་མཆོག་བཞི་བརྒྱ་དང༌། །གསུང་དང་ཐུགས་དང་བདེ་ཆེན་འཁོར་ལོ་ རྣམས། །རིང་བཞིན་བརྒྱ་ཕྲག་གཉིས་གཅིག་ཕྱེད་པ་སྟེ། །གཙོ་བོའི་པདྨ་ཉེར་ལྔའི་ཁྲུ་ཚད་ ལྡན། །དེ་ཡི་ལ་བ་ཁྲུ་བརྒྱད་སོར་མོ་བརྒྱད། །ཕྱི་རོལ་ཁོར་ཡུག་རྡོ་རྗེ་ཕྲེང་བའི་མཐར། །ཁྲུ་ ཚད་བརྒྱ་ཕྲག་བཅུ་གཉིས་དང་ལྡན་ཞིང༌། །འོད་ཟེར་ཕྲེང་བ་ཀུན་ནས་རབ་འཕྲོ་བ། །དེ་ འདྲའི་དཀྱིལ་འཁོར་སྒོ་ཚད་གསུམ་འགྱུར་གྱི། །དཔངས་ལྡན་རྟ་བབས་སྒོ་ལས་སུམ་འགྱུར་ ཅན། །གཙོ་བོ་མི་ཡི་ལུས་ཅན་སུམ་འགྱུར་ལས། །འཁོར་རྣམས་མི་ལུས་ཚད་ལྡན་ཙམ་ཉིད་ ལས། །རྣམ་པ་བློ་ཡི་ཡུལ་དུ་འཆར་བྱས་ཏེ། །འཇིག་རྟེན་ཁམས་ཀྱི་ཚད་ལྡན་དཀྱིལ་འཁོར་ དུ། །མོས་པ་བྱས་ན་བློ་ལའང་རབ་འཚམས་ཤིང༌། །དགོས་པ་འགྲུབ་པར་འགྱུར་བ་གདོན་ མི་ཟ། །འབྱུང་བ་རིམ་བརྩེགས་དཔག་ཚད་འབུམ་ཕྲག་བཞི། །ལྷུན་པོའི་སྟེང་ལ་དཔག་ ཚད་འབུམ་ཕྲག་བྱེད། །དེ་ནང་ཆུད་པའི་གཞལ་མེད་ཁང་པ་ནི། །བསྒོམ་ཆར་བཞེད་པའང་ རྒྱུད་འགྲེལ་དོན་མིན་ཏེ། །དུས་འཁོར་སྡོམ་ཆེན་གཉི་གའི་དཀྱིལ་འཁོར་དག །འཇིག་རྟེན་ ཚད་དང་མཉམ་པར་གསུང་ཕྱིར་དང༌། །འཇིག་རྟེན་རྒྱ་ཆེན་བློ་ལ་གསལ་ནུས་ན། །དཀྱིལ་ འཁོར་དེ་ཙམ་སྒོམ་ལ་སྐྱོན་མ་མཆིས། །དེས་ན་དཀྱིར་འཁོར་རྣམ་པ་ཇི་ཙམ་ཞིག །རང་གི་ 7-1-334 བློ་ལ་འཚམས་ཞིང་གསལ་གྱུར་པ། །དེ་དང་འཚམས་པར་འབྱུང་བ་རིམ་བརྩེགས་སོགས། ། བསྒོམས་ནས་རྒྱ་ཆེའི་རྣམ་པར་བསམ་པར་བྱ། །ཚུལ་འདི་བདག་དང་སྐལ་བ་མཉམ་པ་ཡི། ། གང་ཟག་འགའ་ལ་ལེགས་པར་གདམས་པ་ཡིན། །དགེ་བས་བདག་གཞན་ཀུན་གྱིས་མྱུར་ བར་ནི། །ཡང་དག་དཀྱིལ་འཁོར་མངོན་དུ་བྱེད་གྱུར་ཅིག །ཞེས་པ་ནི་བསྒོམ་བྱའི་དཀྱིལ་ འཁོར་གྱི་དོན་མདོར་བསྡུས་པའོ། །མཾ་ག་ལཾ། ངག་དབང་གིས་ནི་ཤིན་ཏུ་བཟབས་ནས་བྲིས། མ་ཡིག་འབྲས་དཔེ་རྙིང་། ༼ཕྱི་ཀ་༡༤༨༽ 7-1-335 ༄༅། །དཔལ་དུས་ཀྱི་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར་ བསྒོམ་པའི་རིམ་པ་ཉིད་ལ་སྦྱར་ཏེ་དཀྱིལ་འཁོར་ ཡོངས་རྫོགས་བསྒོམ་པའི་རིམ་པ་ བཞུགས་སོ། ། ༄༅། །བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དེ་ལྟར་དཔལ་ དུས་ཀྱི་འཁོར་ལོའི་ཐུགས་ཀྱི་དཀྱིལ་འཁོར་སྒོམ་པའི་རིམ་པ་ཉིད་ལ་སྦྱར་ཏེ། དཀྱིལ་འཁོར་ ཡོངས་སུ་རྫོགས་པར་བསྒོམ་པའི་རིམ་པ་ནི། ཐོག་མར་རྡོ་རྗེའི་ཞལ་དག་པ་ལ་སོགས་པ་ དང༌། སྲུང་བའི་འཁོར་ལོ་དང༌། མཆོད་པ་རྣམ་པ་བདུན་དང༌། ལམ་བསྟེན་པ་དང༌། སྟོང་ པ་ཉིད་ལ་དམིགས་པ་དང༌། འབྱུང་གཞིའི་དཀྱིལ་འཁོར། ལྷུན་པོ་པད་མ་ཟླ་ཉི་སྒྲ་གཅན་ གྱི་གདན་བསྐྱེད་པ་རྣམས། ཐུགས་དཀྱིལ་གྱི་སྒྲུབ་ཐབས་དཔག་བསམ་གྱི་སྙེ་མར་འབྱུང་བ་ ལྟར་སྒོམས་ནས། ཐུགས་གསུང་སྐུའི་གཞལ་ཡས་ཁང་བསྐྱེད་པ་ནི། ལྷུན་པོའི་སྟེང་དུ། ཧཱུཾ་ ལས་བྱུང་བའི་རྡོ་རྗེའི་གུར་རབ་ཏུ་ཡངས་པའི་དབུས་སུ་རྡོ་རྗེའི་ས་བཞི་ཕྱོགས་ཀྱི་མདོག་ ཅན་གྱི་གཞི་ལ་བྷྲུཾ་ཡིག་ཡོངས་སུ་གྱུར་པ་ལས་ཡེ་ཤེས་རིན་པོ་ཆེ་ལྔའི་རང་བཞིན་གྱི་དཀྱིལ་ འཁོར་རིམ་པ་གསུམ་ལས། ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་གྲུ་བཞི་པ་རྒྱ་དཔག་ཚད་འབུམ་ ཕྲག་བཞི་པ་དང༌། དེའི་ནང་གི་ཕྱེད་དུ་གསུང་གི་དཀྱིལ་འཁོར་གྲུ་བཞི་པ་རྒྱར་དཔག་ཚད་ འབུམ་ཕྲག་གཉིས་པ་དང༌། དེའི་ཡང་ནང་གི་ཕྱེད་དུ་ཐུགས་ཀྱི་དཀྱིལ་འཁོར་རྒྱར་དཔག་ 7-1-336 ཚད་འབུམ་ཕྲག་གཅིག་པ་སྟེ། འཁོར་ལོ་སོ་སོའི་བརྒྱད་ཆའི་ཚད་དང་ལྡན་པའི་སྒོ་བཞི་ བཞི་དང་ལྡན་པའོ། །དཀྱིལ་འཁོར་སོ་སོའི་སྒོའི་བཞི་ཆའི་ཚད་ཀྱི་ཁྱོན་ལ་ནང་ནས་རིམ་པ་ བཞིན་ཐུགས་ཀྱི་དཀྱིལ་འཁོར་ལ་རིན་པོ་ཆེ་ནག་པོ་དང་དམར་པོ་དང་དཀར་པོའི་ར་བ་རིམ་ པ་གསུམ་དང༌། གསུང་དང་སྐུའི་དཀྱིལ་འཁོར་ལ་རིན་པོ་ཆེ་ལྗང་ཁུ་དང་ནག་པོ་དང་དམར་ པོ་དང་དཀར་པོ་དང་སེར་པོའི་ར་བ་ལྔ་ལྔ་དང་ལྡན་པ་སྟེ་སྒོ་དང་མཉམ་པའི་སྒོ་ཁྱུད་དང་སྒོ་ འགྲམ་དང་སྒོ་ལོགས་ཏེ་གློ་འབུར་གྱི་རྣམ་པར་གྲུབ་པའི་སྒོ་ཁང་ཉིད་དོ། །དྲག་པོའི་ལས་ལ་ ནི་ར་བའི་རིམ་པ་འདི་དག་ལས་བཟློག་པ་བསྡུད་པའི་རིམ་པའོ། །ར་བ་རྣམས་ཀྱི་ཕྱི་རོལ་དུ་ སྟེགས་བུ་དཀར་པོ་འགྲམ་སྟེགས་ཀྱི་རྣམ་པ་སྒོ་སོ་སོའི་ཕྱེད་ཀྱི་ཚད་དང་ལྡན་པས་ཁོར་ཡུག་ ཏུ་ཡོངས་སུ་བསྐོར་བ་དང༌། དཀྱིལ་འཁོར་སུམ་ཅར་ལ་མཚུངས་པར་ར་བའི་སྟེང་དུ་རིན་པོ་ ཆེའི་སྣམ་བུ་དམར་པོ་ཁ་བད་ཀྱི་རྣམ་པ་སྒོའི་གཞི་ཆའི་ཚད་ཅན་ལ་རིན་པོ་ཆེ་དུ་མས་མཛེས་ པར་སྤྲས་པ་དང༌། དེའི་སྟེང་དུ་ཐོག་ཕུབས་ཀྱི་གདུང་འདེགས་པའི་ཀ་ཐུང་རྣམས་ཀྱི་བར་ བར་དུ་ཆུ་སྲིན་མ་ཀ་རའི་ཁ་ནས་འཕྱང་བའི་དོ་ཤལ་དང་དོ་ཤལ་ཕྱེད་པ་དཀར་པོ་མེ་ལོང་ དང་རྔ་ཡབ་དག་དང་བཅས་པ་དཔངས་སུ་སྒོའི་ཕྱེད་པ་དང༌། དེའི་སྟེང་དུ་བྱ་འདབས་ལས་ ཐུར་དུ་འཕྱང་བའི་བ་ཀུ་ལཱི་དང་སྟེང་དུ་མཛེས་པར་ཚར་དུ་མངར་བའི་ཀྲ་མ་ཤཱིར་ཥ་དཀར་པོ་ སོ་སོར་སྒོའི་བཞི་ཆའི་ཚད་ཅན་ར་བ་དང་བཅས་པ་སྤྱིའི་དཔངས་སུ་སྒོ་ལས་སུམ་འགྱུར་གྱི་ ཚད་དང་ལྡན་པའོ། །སྒོ་ཁང་རྣམས་ཀྱི་སྟེང་དུ་སྒོ་ལས་སུམ་འགྱུར་གྱི་རྟ་བབས་ནོར་བུ་གསེར་ གྱི་རང་བཞིན་རྩེག་མ་གསུམ་པ་སྒོ་ལོགས་ཀྱི་གཡས་དང་གཡོན་གྱི་སྟེགས་བུའི་སྟེང་དུ་ བཙུགས་པའི་ཀ་བ་སེར་པོ་བཞི་བཞིས་བཏེག་པ་རྣམས་ཏེ། རྩེག་མ་རེ་རེ་ལ་ཡང་གདུང་དང་ མྱོས་པ་སྲུང་བ་དང་ཀ་ཐུང་རྣམས་ཀྱི་བར་བར་དུ་མཆོད་པའི་ལྷ་མོའི་གནས་གསུམ་གསུམ་ དང་བཅས་པ་འོག་གཞི་ཁ་དོག་སྣ་ཚོགས་པ་ཤིན་དུ་མཛེས་པའོ། །དེ་ལ་བརྩེག་མ་དང་པོའི་ 7-1-337 ལོགས་གཉིས་ནས་གླང་པོ་ཆེ་མནན་པའི་སེང་གེ་དག་དང༌། བརྩེག་མ་གཉིས་པ་དང་གསུམ་ པའི་ལོགས་གཉིས་ནས་མཆོད་པའི་ལྷ་མོ་དག་གིས་གདུང་འདེགས་བཞིན་པ་དང༌། སྟེང་དུ་ ཧར་མི་མཛེས་པ་བུམ་པའི་ཏོག་དང་བཅས་པ། བུམ་པའི་གཡས་དང་གཡོན་དུ་རྒྱལ་མཚན་ དང༌། སྣམ་བུ་རྣམས་ལས་དྲིལ་བུ་དང་མེ་ལོང་དང་བ་དན་དང་རྔ་ཡབ་ལ་སོགས་པའི་མཆོད་ རྫས་དུ་མ་དཔྱངས་པ་སྟེ། གཞལ་ཡས་ཁང་གི་ཟུར་རྣམས་ལ་སྣ་ཚོགས་རྡོ་རྗེ་དང༌། སྒོ་དང་སྒོ་ ཁྱུད་ཀྱི་འཚམས་ཀྱི་ཟུར་ལ་རིན་པོ་ཆེས་སྤྲས་པའོ། །སྙིང་པོའི་དཀྱིལ་འཁོར་གྱི་ནང་གི་ཕྱེད་ དུ་བདེ་བ་ཆེན་པོའི་འཁོར་ལོ་རྒྱར་དཔག་ཚད་འབུམ་ཕྲག་ཕྱེད་པ་དང༌། དེའི་ནང་གི་ཕྱེད་དུ་ ལྷུན་པོའི་སྟེང་གི་གཙོ་བོའི་པད་མ་རྡོ་རྗེའི་ས་གཞི་ལས་སྟེང་དུ་ཐོན་པ་རྒྱར་དཔག་ཚད་སྟོང་ ཕྲག་ཉི་ཤུ་རྩ་ལྔ་པ་དང༌། དེའི་ལྟེ་བ་ལ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་ སྟེང་ནས་སྟེང་དུ་བརྩེགས་པ་སྟེ་གནམ་སྟོང་གི་མཐར་ཉི་ཟླ་གཉིས་ག་འཛིན་པ་དང༌། རྩ་ གསུམ་གཅིག་ཏུ་གྱུར་པའི་དག་པའོ། །བདེ་བ་ཆེན་པོའི་འཁོར་ལོ་ལ་བུང་བའི་མདོག་ཅན་ གྱི་ཀ་བ་བཅུ་དྲུག་སྟེ། ཤར་དུ་རལ་གྲིའི་ཕྲེང་བས་མཚན་པ་བཞི་དང༌། ལྷོར་རིན་པོ་ཆེས་ཕྲེང་ བས་མཚན་པ་བཞི་དང༌། བྱང་དུ་པད་མའི་ཕྲེང་བས་མཚན་པ་བཞི་དང༌། ནུབ་དུ་འཁོར་ལོའི་ ཕྲེང་བས་མཚན་པ་བཞིའོ། །ཀ་བ་དེ་རྣམས་ཀྱི་ནང་གི་ཐད་སོར་ཡང་གཙོ་བོའི་པད་མ་ལ་ གྲུ་བཞིར་བསྐོར་བའི་ཀ་བ་བཅུ་གཉིས་ཏེ། ཕྱི་ནང་གི་ཀ་བ་དེ་དག་གིས་བཏེག་པའི་རྡོ་རྗེའི་ གདུང་སྒོའི་དྲུག་ཆའི་ཚད་ཅན་རིམ་པ་གཉིས་ཀྱི་ནང་མ་ནག་པོ་དང་ཕྱི་མ་ལྗང་ཁུའོ། །ནང་ གི་ཀ་བ་རྡོ་རྗེའི་གདུང་དང་བཅས་པའི་སྟེང་དུ་ཡང་ཀ་བ་རྣམས་ཀྱིས་བཏེག་པའི་གཙོ་བོའི་ གནས་ཀྱི་ཐོག་ཕུབས་ཕྱུར་བུའི་རྣམ་པ་མཛེས་པ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་ཉེ་བར་སྤྲས་ པའོ། །ར་བ་རྣམས་ཀྱི་ནང་དུ་སྙིང་པོའི་སྒོའི་དྲུག་ཆ་སྤངས་པར་ལྷ་སྣམ་དཀར་པོ་སྟེགས་ཀྱི་ རྣམས་ཅན་ཏེ། ཐུགས་ལ་སྒོའི་གསུམ་གཉིས་དང༌། གསུང་ལ་སྒོའི་སུམ་ཆ་དང༌། སྐུ་ལ་སྒོའི་ 7-1-338 ཕྱེད་ཀྱི་ཚད་ཅན་ནོ། །གཙོ་བོའི་པད་མའི་འོག་བཞི་སྔོན་པོ་དང༌། དེ་ནས་མཆོད་པའི་སའི་ མཐར་ཐུག་པའི་འོག་གཞི་རྡོ་རྗེའི་ས་དང༌། སྟེང་གི་ཐོག་རྣམས་ཀྱི་མདོག་ནི་གཙོ་བོའི་ཞལ་གྱི་ དབྱེ་བས། ཤར་ནག་པོ་དང༌། ལྷོ་དམར་པོ་དང༌། བྱང་དཀར་པོ་དང༌། ནུབ་སེར་པོའོ། །སྐུའི་ དཀྱིལ་འཁོར་གྱི་ཕྱི་རོལ་མཆོད་པའི་ས་གཞི་ལ་པད་མ་དང་བུམ་པ་བཟང་པོ་ལ་སོགས་པ་ མཆོད་པའི་སྤྲིན་དཔུང་དུ་མ་ཉེ་བར་འཁྲིགས་པ་དང༌། དེའི་ཕྱི་རོལ་དུ་ས་ཡི་ཁོར་ཡུག་སྐུའི་ སྒོའི་བྱེད་ཀྱི་ཚད་ཅན་གྱི་སྟེང་གི་ནམ་མཁའ་ལ་དབང་ལྡན་ནས་ཟླ་བ་ཉ་གང་བ་འཆར་བཞིན་ པ་དང༌། བདེན་བྲལ་དུ་ཉི་མའི་དཀྱིལ་འཁོར་ནུབ་བཞིན་པ་བལྟའོ། །དེའི་ཡང་ཕྱི་རོལ་དུ་ ཆུ་དང་མེ་དང་རླུང་གི་ཁོར་ཡུག་རྣམས་ཀྱི་སྐུའི་སྒོའི་ཚད་ཅན་དང༌། ནམ་མཁའི་ཁོར་ཡུག་ སྐུའི་སྒོའི་ཕྱེད་ཀྱི་ཚད་ལ་དབུས་སུ་རྡོ་རྗེའི་ཕྲེང་པ་དང་བཅས་པས་ཡོངས་སུ་བསྐོར་བ་སྟེ། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་དུ་ཕྱོགས་ཀུན་ནས་རྡོ་རྗེ་མེ་ལྕེ་ཡེ་ཤེས་ཀྱི་འོད་ཟེར་ཀུན་དུ་ འཕྲོ་བའོ། །ཐུགས་དང་གསུང་གི་རྟ་བབས་ཀྱི་རེ་མིག་གི་གཞི་ཁ་དོག་སྣ་ཚོགས་པ་ལ་མཆོད་ པའི་ལྷ་མོ་སྣ་ཚོགས་པ་དག་གནས་ཤིང༌། སྐུའི་རྟ་བབས་ཀྱི་རྩེག་མ་འོག་མའི་རེ་མིག་དབུས་ མའི་གནས་ལ་ཤར་དུ་ཆོས་ཀྱི་འཁོར་ལོ་ནག་པོ་གཡས་དང་དང་གཡོན་དུ་རི་དགས་དང་རི་ དགས་མོ། ལྷོར་བུམ་པ་བཟང་པོ་དམར་པོ། གཡས་དང་གཡོན་དུ་དུང་དང་པད་མ། བྱང་དུ་ རྔ་བོ་ཆེ་དཀར་པོ། གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བ་དང༌། ནུབ་དུ་བྱང་ཆུབ་ཀྱི་ཤིང་ སེར་པོ་གཡས་དང་གཡོན་དུ་མིའམ་ཅི་དང་མིའམ་ཅི་མོ་གནས་ཤིང༌། རེ་མིག་གི་གནས་ གཞན་རྣམས་སུ་མཆོད་པའི་ལྷ་མོ་སྣ་ཚོགས་གནས་པའོ། །བདེ་གཤེགས་འཕར་མའི་ཀ་བ་ རྣམས་ཀྱི་བར་བར་དུ་ༀ་ཡིག་ལས་སྐྱེས་པའི་པད་མ་འདབ་མ་བརྒྱད་པ་ལྷའི་གདན་རྣམ་པ་ བརྒྱད་ཏེ་ཕྱོགས་བཞིར་དཀར་པོ་དང༌། འཚམས་བཞིར་དམར་པའོ། །དེ་དག་གི་བར་བར་དུ་ ཡང་བདུད་རྩིའི་བུམ་པ་བརྒྱད་ཀྱི་གནས་སོ། །ཐུགས་ཀྱི་ལྷ་རྣམ་ལ་ཤར་དང་ལྷོའི་གཡས་དང་ 7-1-339 གཡོན་དང༌། བྱང་དང་ནུབ་ཀྱི་གཡས་རྣམས་སུ་ༀ་ཡིག་ཡོངས་སུ་གྱུར་པ་ལས་པད་མ་དཀར་ པོ་འདབ་མ་བརྒྱད་པ་དང༌། འཚམས་རྣམས་དང་བྱང་དང་ནུབ་ཀྱི་གཡོན་དག་ཏུ་ༀ་ཡིག་ ཡོངས་སུ་གྱུར་པ་ལས་པད་མ་དམར་པོ་འདབ་མ་བརྒྱད་པ་དང༌། ཤར་དང་བྱང་གི་སྒོར་པད་ མ་དཀར་པོ་དང༌། ལྷོ་དང་ནུབ་ཀྱི་སྒོར་པད་མ་དམར་པོའོ། །པད་མ་དམར་པོ་བཅུ་གཉིས་ ཀྱི་ལྟེ་བར་ལོའི་ཕྱོགས་ཉི་ཤུ་རྩ་བཞིའི་ཉ་བཅུ་གཉིས་རྣམ་པར་དག་པ་མ་ཡིག་ལས་བྱུང་བའི་ ཟླ་བའི་དཀྱིལ་འཁོར་བཅུ་གཉིས་དང༌། དཀར་པོ་བཅུ་གཉིས་ཀྱི་ལྟེ་བར་གནམ་སྟོང་བཅུ་ གཉིས་རྣམ་པར་དག་པ་ར་ཡིག་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བཅུ་གཉིས་སོ། ། གསུང་གི་ལྷ་རྣམས་ལ་ཕྱོགས་བཞིར་ༀ་ཡིག་ལས་བྱུང་པའི་པད་མ་དམར་པོ་དང༌། འཚམས་བཞིར་ༀ་ཡིག་ལས་བྱུང་པའི་པད་མ་དཀར་པོ་འདབ་མ་བརྒྱད་པ་དང༌། སྐུའི་ལྷ་ རྣམས་ལ་ཕྱོགས་བཞིའི་གཡས་དང་གཡོན་རྣམས་ལས་ༀ་ཡིག་ལས་བྱུང་བའི་པད་མ་དམར་ པོ་འདབ་མ་ཉེར་བརྒྱད་པ་བརྒྱད་དང༌། འཚམས་བཞིར་ༀ་ཡིག་ལས་བྱུང་བའི་པད་མ་ དཀར་པོ་འདབ་མ་ཉེར་བརྒྱད་པ་བཞི་སྟེ། རིམ་པ་དང་པོ་ལ་འདབ་མ་བཞི་དང་གཉིས་པ་ལ་ བརྒྱད་དང་གསུམ་པ་ལ་བཅུ་དྲུག་དང་བཅས་པའི་ལྟེ་བ་ལ་ལྷ་རྣམས་ཀྱི་གཞོན་དང་བཅས་ པའོ། །སྐུའི་ཤར་སྒོར་ཕག་བདུན་གྱིས་དྲངས་པའི་ཤིང་རྟག་ནག་པོ། །ལྷོ་སྒོར་རྟ་བདུན་གྱིས་ དྲངས་པའི་ཤིང་རྟ་དམར་པོའོ། །བྱང་སྒོར་སེང་གེ་བདུན་གྱིས་དྲངས་པའི་ཤིང་རྟ་དཀར་པོའོ། ། ནུབ་སྒོར་གླང་པོ་ཆེ་བདུན་གྱིས་དྲངས་པའི་ཤིང་རྟ་སེར་པོ། སྟེང་དུ་ནམ་མཁའ་ལྡིང་མིག་ གསུམ་པ་ཁ་དོག་ལྔ་པ་བདུན་གྱིས་དྲངས་པའི་ཤིང་རྟ་ལྗང་ཁུ། འོག་ཏུ་སེང་གེ་རྐང་པ་བརྒྱད་ པ་བདུན་གྱིས་དྲངས་པའི་ཤིང་རྟ་སྔོན་པོ་ཐམས་ཅད་སྒོའི་ཕྱེད་ཀྱི་ཚད་ཅན་ནོ། །མེ་དང་ རླུང་གི་ཁོར་ཡུག་གི་འཚམས་ལ་ཕྱོགས་བཞིར་རྩིབས་བརྒྱད་པའི་འཁོར་ལོ་དམར་པོ་དང༌། འཚམས་བཞིར་རྩིབས་བརྒྱད་པའི་འཁོར་ལོ་དཀར་པོ་རྣམས་དང༌། སྟེང་དང་འོག་དུ་ཡང་ 7-1-340 ཤིང་རྟ་ལྗང་ཁུ་དང་སྔོན་པོ་གཉིས་སྟེ་སྔ་མ་ལྟ་བུའོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་ཀུན་ནས་ དང་ཞིང་སྒྲིབ་པ་མེད་ལ། ཕྱི་ནང་ཀུན་དུ་འོད་གསལ་བ་མཚན་ཉིད་ཐམས་ཅད་ཡོངས་སུ་ རྫོགས་ཤིང༌། རྒྱན་གྱི་རྣམ་པ་མཆོག་ཏུ་བཀྲ་བ་དུ་མས་མཛེས་པར་བརྒྱན་པར་བལྟ་བར་བྱའོ། ། དེ་ལྟར་དཀྱིལ་འཁོར་གྱི་རྣམ་དག་བསྒོམ་པ་ལས་ལུས་ཀྱི་ཁམས་ཀྱི་རྣམ་པར་དག་པ་ནི། ཀ་ བ་རྣམས་དང་རྡོ་རྗེའི་ཕྲེང་བ་སའི་དཀྱིལ་འཁོར་རྩིག་པ་ཉིད་ནི་རུས་པ་རྣམས་ཀྱི་མཛོད། །ཤ་ ཁྲག་ཆུ་དང་བཤང་པ་རྣམས་ཀྱིས་ལྷ་དང་གཤིན་རྗེ་ནོར་སྦྱིན་གཞན་དུ་རྡུལ་ཚོན་གདབ་པ་ སྟེ། །མཁྲིས་པ་བད་ཀན་གྱིས་ནི་ཉི་མ་རི་བོང་ཅན་ཡང་དེ་བཞིན་ཆུ་རྒྱུས་རྣམས་ཀྱིས་ཆུ་སྐྱེས་ རྣམས། །ར་བ་ལྔ་ཡི་རེ་ཁཱ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའ་ལས་སྐྱེས་རྣམས་ ཀྱིས་སོ། །དུས་ཀྱི་རྩ་ཡིས་གཙོ་བོའི་ཆུ་སྐྱེས་གཡོ་བ་མེའི་དཀྱིལ་འཁོར་ལ་སོགས་ལྤགས་པ་ ལ་སོགས་ཀྱིས། །ཉི་མའི་སྒོ་རྣམས་བུག་པ་རྣམས་ཀྱིས་ནོར་བུའི་རང་བཞིན་བཀོད་པ་སོ་ཡི་ ཕྲེང་བས་དེ་བཞིན་ཉིད། །གཡོ་བའི་དཀྱིལ་འཁོར་ལ་གནས་དུར་ཁྲོད་བརྒྱད་དུ་འཁོར་ལོ་ རྣམས་ནི་སོར་མོ་རྣམས་ཀྱི་སེན་མོ་ཡིས། །བ་སྤུ་རྣམས་ཀྱིས་དཀྱིལ་འཁོར་མཐར་ནི་ཕྱོགས་ དང་ཕྱོགས་བྲལ་དག་དུ་གནས་པའི་རྡོ་རྗེ་མེ་ལྕེ་སྟེ། །དེ་ལྟར་མཆོག་གི་ཡོན་ཏན་རྣམ་མང་ སྐུའི་རྡོ་རྗེ་ངེས་པར་དཀྱིལ་འཁོར་གྱི་ནི་རྣམ་པར་གསུངས། །ཞེས་པ་དང༌། ཆོས་ཀྱི་རྣམ་ པར་དག་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐུགས་གསུང་སྐུའི་དཀྱིལ་འཁོར་ལོ། ། ཚངས་པའི་གནས་བཞི་རྣམས་ཀྱིས་ནི༑ ༑རྡོ་རྗེའི་ཐིག་ནི་བཞི་པོ་སྟེ། །དྲན་པ་ཉེར་བཞག་ བཞི་རྣམས་ཀྱིས། །གྲུ་བཞི་མཉམ་པ་དེ་ཉིད་དེ། །ཡན་ལག་བཅུ་གཉིས་འགགས་པ་ཡིས། ། སྒོ་ནི་བཅུ་གཉིས་པོ་རྣམས་ཏེ། །དེ་བཞིན་ས་ནི་བཅུ་གཉིས་ཀྱིས། །རྟ་བབས་དག་ནི་མཛེས་ པ་རྣམས། །འཕགས་ལམ་ཡན་ལག་བརྒྱད་རྣམས་ཀྱིས། །ཕྱོགས་བརྒྱད་དུ་ནི་དུར་ཁྲོད་ རྣམས། །སྟོང་ཉིད་བཅུ་དྲུག་ཀ་བ་རྣམས། །ཁམས་རྣམས་ཀྱིས་ཀྱང་ཁང་པ་བརྩེགས། །རྣམ་ 7-1-341 ཐར་བརྒྱད་ཀྱི་སྒོ་ཁྱུད་རྣམས། །གཟུགས་ཅན་ཡོན་ཏན་བརྒྱད་རྣམས་ཀྱིས། །འགྲམ་རྣམས་ དང་ནི་ལོགས་རྣམས་ཉིད། ཐུགས་གསུང་སྐུའི་དབྱེ་བས་སོ། །ཚུལ་ཁྲིམས་ལ་སོགས་ཕུང་པོ་ ལྔས། །ཁ་དོག་ལྔ་ནི་རྣམ་པར་དག། ཐེག་པ་གསུམ་གྱིས་ར་བ་གསུམ། །དད་པའི་དབང་པོ་ སོགས་ཀྱི་ལྔ། །དད་སོགས་སྟོབས་རྣམས་དག་གིས་ལྔ། །ཐུགས་གསུང་སྐུ་ཡི་དཀྱིལ་ འཁོར་ལའོ། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱིས། །དཀྱིལ་འཁོར་གསུམ་ལ་སྟེགས་ བུ་སྟེ། །ཕ་རོལ་ཕྱིན་བཅུ་རྫོགས་པ་ཡིས། །རིན་ཆེན་སྣམབུ་རྣམ་པར་བཀྲ། །མ་འདྲེས་ཆོས་ནི་ བཅོ་བརྒྱད་ཀྱིས། །དོ་ཤལ་དོ་ཤལ་ཕྱེད་པ་རྣམས། །དབང་རྣམས་ཀྱིས་ཀྱང་བ་ཀུ་ལཱི། །དགེ་ བས་བཀྲ་མ་ཤཱིར་ཥའོ། །སྟོང་ཉིད་ལ་སོགས་རྣམ་ཐར་གྱིས། །དྲིལ་བུའི་སྒྲས་ནི་གང་བ་སྟེ། ། རྫུ་འཕྲུལ་རྐང་པས་རྒྱལ་མཚན་གཏམས། །སྤོང་བས་མེ་ལོང་རབ་ཏུ་འབར། །བྱང་ཆུབ་ ཡན་ལག་རྔ་ཡབ་གཡོ། །ཡན་ལག་དགུ་ཡིས་ཕྲེང་བས་བརྒྱན། །བསྡུ་བ་བཞི་པོ་རྣམས་ཀྱིས་ ནི། །ཟུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན། །བདེན་གཞིས་རིན་པོ་ཆེ་རྣམས་ཀྱིས། །སྒོ་དང་སྒོ་ཁྱུད་ འཚམས་སུ་སྤྲས། །མངོནཤེས་ལྔ་ཡིས་རྟག་དུ་ནི༑ ༑ཁོར་ཡུག་ཆེན་པོ་ལྔ་ཡིས་བསྐོར། །རྣམ་ པ་ཀུན་མཁྱེན་བྱང་ཆུབ་པས། །རྡོ་རྗེ་ཕྲེང་བས་ལེགས་པར་བསྐོར། །བདེན་པ་གཅིག་པུའི་ ཁོར་ཡུག་གིས། །དེ་བཞིན་ཡེ་ཤེས་རྡོ་རྗེ་འབར། །ཐབས་དང་ཤེས་རབ་ཆ་ཡིས་ནི། །ཟླ་བ་ ཉི་མ་རྟག་ཏུ་ཤར། །ཐུགས་གསུང་སྐུ་ཡི་དག་པ་ཡིས། །ཆོས་ཀྱི་འཁོར་ལོ་བུམ་ཆེ། །རྔ་བོ་ཆེ་ དང་བྱང་ཆུབ་ཤིང༌། །དེ་བཞིན་ཡིད་བཞིན་ནོར་བུ་སོགས། །འདི་ནི་དཔལ་ལྡན་དུས་འཁོར་ གྱི། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་དོ། །ཞེས་དྲན་པར་བྱའོ། །དེ་ལྟར་འཇིག་རྟེན་ ཁམས་བསྐྱེད་པ་ཇི་ལྟ་བ་བཞིན་དུ་ཞེས་པ་ནས་གཟུངས་མ་གྲངས་མེད་པ་དང་བཅས་པའོ། ། ཞེས་པའི་བར། མངོན་བྱང་ལྔ་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ་དང༌། ཐུགས་ཀྱི་དཀྱིལ་ འཁོར་གྱི་ལྷའི་འཁོར་རྣམས་ཐུགས་དཀྱིལ་གྱི་སྒྲུབ་ཐབས་སུ་བསྟན་པ་ལྟར་བསྒོམས་ནས། 7-1-342 དེ་ནས་གསུང་གི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་རྣལ་འབྱོར་མ་རྣམས་སྤྲོ་བར་བྱ་སྟེ། ཧ་ཡིག་ ལས་བྱུང་བའི་གྲི་གུག་ནག་པོ་ཡོངས་སུ་གྱུར་པ་ལས་ཙར་ཙི་ཀ་ནག་མོ་ཕྱག་བཞིའི་གཡས་ གཉིས་ཀྱིས་གྲི་གུག་དང་རྩེ་གསུམ་དང་གཡོན་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་ཅིང་ དབང་པོས་འཁྱུད་པ། ཤར་གྱི་པད་མའི་ལྟེ་བར་ཡི་དགས་དམར་པོ་ལ་གནས་པ་དང༌། ཧི་ཧཱི་ ཡ་ཡི་ཡྼྀ་ཡུ་ཡླྀ་ཡཾ། རྣམས་ལས་བྱུང་བའི་གྲི་གུག་ནག་པོ་བརྒྱད་ཡོངས་སུ་གྱུར་ པ་ལས། འཇིགས་མ་དང༌། རླུང་ཤུགས་མ་དང༌། དྲག་མོ་དང༌། དུས་ཀྱི་མཆེ་བ་མ་དང༌། མེ་ འབར་གདོང་མ་དང༌། རབ་གཏུམ་མ་དང༌། དྲག་མིག་མ་དང༌། སྣ་ཆེན་མ་རྣམས་ཀྱང་ཙར་ཙི་ ཀཱ་ལྟ་བུ་སྟེ། མདུན་དང༌། རྒྱབ་གྱི་འདབ་མ་དང༌། གཡས་ཀྱི་འདབ་མ་གསུམ་དང༌། གཡོན་ གྱི་འདབ་མ་གསུམ་ལ་གནས་པའོ། །ཀྵ་ཡིག་ལས་བྱུང་བའི་འཁོར་ལོ་ནག་པོ་ཡོངས་སུ་གྱུར་ པ་ལས་ཁྱབ་འཇུག་མ་ནག་མོ་ཕྱག་བཞིས་འཁོར་ལོ་དང་བེ་ཅོན་དང་པད་མ་དང་དུང་རྣམས་ འཛིན་ཅིང་ཚངས་པས་འཁྱུད་པ། མེའི་པད་མའི་ལྟེ་བར་མཁའ་ལྡིང་ལ་གནས་པ་དང༌། ཀྵི་ ཀྵཱི་ཡཱ་ཡཱི་ཡྼཱྀ་ཡཱུ་ཡླཱྀ་ཡཿ རྣམས་དང་འཁོར་ལོ་རྣམས་ཡོངས་སུ་གྱུར་པ་ལས་ གཡང་མོ་དང༌། རྣམ་པར་རྒྱལ་མ་དང༌། སྒྱུ་མ་དང༌། གྲགས་མ་དང༌། དཔལ་མོ་དང༌། དཔལ་ ལྡན་རྒྱལ་མ་དང༌། དཔལ་ལྡན་རྒྱལ་བྱེད་མ་དང༌། འཁོར་ལོ་མ་རྣམས་ཀྱང་ཁྱབ་འཇུག་མ་ལྟ་ བུ་སྟེ་པད་མའི་འདབ་མ་རྣམས་ལ་གནས་པའོ། །ཧཿཡིག་དང་དབྱུག་པ་དམར་པོ་ཡོངས་སུ་ གྱུར་པ་ལས། ཕག་མོ་དམར་མོ་ཕྱག་བཞིས་དབྱུག་པ་དང་རལ་གྲི་དང་ལྕགས་སྒྲོག་དང་ཕུབ་ རྣམས་འཛིན་ཅིང་དྲག་པོས་འཁྱུད་པ། ལྷོའི་པད་མའི་ལྟེ་བར་མ་ཧེ་ལ་གནས་པ་དང༌། ཧྀ་ ཧྀ་ར་རི་རྼྀ་རུ་རླྀ་རཾ། རྣམས་དང་དབྱུག་པ་རྣམས་ཡོངས་སུ་གྱུར་པ་ལས། ཀེང་རུས་མ་དང༌། གཙིག་མ་དང༌། དུས་མཚན་མ་དང༌། རབ་ཁྲོས་གདོང་མ་དང༌། དུས་ཀྱི་ ལྕེ་དང༌། ནག་མོ་དང༌། འཇིགས་རུང་མ་དང༌། གཟུགས་ངན་མ་རྣམས་ཀྱང་ཕག་མོ་ལྟ་བུ་སྟེ་ 7-1-343 པད་མའི་འདབ་མ་རྣམས་ལ་གནས་པའོ། །ཀྵཿ ཡིག་དང་ཤཀ་ཏི་དམར་པོ་ཡོངས་སུ་གྱུར་ པ་ལས་གཞོན་ནུ་མ་དམར་མོ་ཕྱག་བཞིས་ཤཀ་ཏི་དང་ལྕགས་ཀྱུ་དང་རིན་པོ་ཆེ་དང་ཞགས་ པ་འཛིན་ཅིང་ཚོགས་བདག་གིས་ཁྱུད་པ། བདེན་བྲལ་གྱི་པད་མའི་ལྟེ་བར་རྨ་བྱ་ལ་གནས་ པ་དང༌། ཀྵྀ་ཀྵྀ་རཱ་རཱི་རྼཱྀ་རཱུ་རླཱྀ་རཱཿརྣམས་དང་ཤཀ་ཏི་རྣམས་ཡོངས་ སུ་གྱུར་པ་ལས། པད་མ་མ་དང༌། རིན་ཆེན་ཕྲེང་མ་དང། ལུས་མེད་མ་དང༌། གཞོན་ནུ་མ་ དང༌། རི་དགས་བདག་པོས་འགྲོ་མ་དང༌། མིག་བཟངས་མ་དང༌། རུལ་མ་དང༌། བཟང་མོ་ རྣམས་ཀྱང་གཞོན་ནུ་མ་ལྟ་བུ་སྟེ། པད་མའི་འདབ་མ་རྣམས་ལ་གནས་པའོ། །ཧཾ་ཡིག་དང་རྩེ་ གསུམ་དཀར་པོ་ཡོངས་སུ་གྱུར་པ་ལས། དྲག་མོ་དཀར་མོ་ཕྱག་གཞིས་རྩེ་གསུམ་དང་སྒྲ་དང་ བཅས་པའི་ཌ་མ་རུ་དང༌། ཁ་ཊྭཱཾ་ག་དང་ལྟོས་འགྲོ་འཛིན་ཅིང་གཤིན་རྗེས་འཁྱུད་པ། བྱང་གི་ པད་མའི་ལྟེ་བར་ཁྱུ་མཆོག་ལ་གནས་པ་དང༌། ཧཱུ་ཧཱུ་ཝ་ཝི་ཝྼྀ་ཝུ་ཝླྀ་ཝ་རྣམས་ དང༌། རྩེ་གསུམ་རྣམས་ཡོངས་སུ་གྱུར་པ་ལས། གཽ་རཱི་དང༌། ཏོ་ཏ་ལཱ་དང༌། གཾ་གཱ་དང༌། རྟག་ མ་དང༌། མྱུར་མ་དང༌། མཚོན་བྱེད་མ་དང༌། དམར་སེར་མ་དང༌། ནག་མོ་རྣམས་ཀྱང་དྲག་ མོ་ལྟ་བུ་སྟེ་པད་མའི་འདབ་མ་རྣམས་ལ་གནས་པའོ། །ཀྵ་ཡིག་དང་པད་མ་དཀར་པོ་ཡོངས་ སུ་གྱུར་པ་ལས་དཔལ་མོ་དཀར་མོ་ཕྱག་བཞིས་པད་མ་དང་བགྲང་ཕྲེང་དང་ཆུ་སྐྱེས་དང་རིན་ པོ་ཆེ་འཛིན་ཅིང་གདོང་དྲུག་གིས་འཁྱུད་པ་དབང་ཕྱུག་ལྡན་གྱི་པད་མའི་ལྟེ་བར་སེང་གེ་ལ་ གནས་པ་དང༌། ཀྵུ་ཀྵཱུ་ཝཱ་ཝཱི་ཝྼཱྀ་ཝཱུ་ཝླཱྀ་ཝཿ རྣམས་དང་པད་མ་རྣམས་ཡོངས་ སུ་གྱུར་པ་ལས། དཔལ་ལྡན་དཀར་མོ་དང༌། འཛིན་མ་དང༌། ཟླ་བའི་རི་མོ་དང༌། རི་བོང་ འཛིན་པའི་གདོང་མ་དང༌། ངང་པའི་མདོག་མ་དང༌། པད་མའི་དབང་མོ་དང༌། སྐར་མིག་མ་ དང༌། དྲི་མེད་རི་བོང་འཛིན་པ་རྣམས་ཀྱང་དཔལ་མོ་ལྟ་བུ་སྟེ་པད་མའི་འདབ་མ་རྣམས་ལ་ གནས་པའོ། །ཧཱ་ཡིག་དང་རྡོ་རྗེ་སེར་པོ་ཡོངས་སུ་གྱུར་པ་ལས་དབང་མོ་སེར་མོ་ཕྱག་བཞིས་ 7-1-344 རྡོ་རྗེ་དང་མདའ་དང་སྒྲ་དང་བཅས་པའི་རྡོ་རྗེ་དྲིལ་བུ་དང་གཞུ་རྣམས་འཛིན་ཅིང་བདེན་བྲལ་ གྱིས་འཁྱུད་པ། ནུབ་གྱི་པད་མའི་ལྟེ་བར་གླང་པོ་ཆེ་ལ་གནས་པ་དང༌། ཧླྀ་ཧླཱྀ་ ལ་ལྀ་ལྼྀ་ལུ་ལླ་ལཾ་རྣམས་དང་རྡོ་རྗེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་འོད་ དང༌། བཀྲ་བའི་རི་མོ་དང༌། རྡོ་རྗེའི་ལུས་དང༌། གསེར་ལྡན་མ་དང༌། ཨཱུར་བ་སཱི་དང༌། རམ་ བྷཱ་དང༌། ཟུག་རྔུ་མེད་དང༌། ཤིན་དུ་སྒྲོལ་མ་རྣམས་ཀྱང་དབང་མོ་ལྟ་བུ་ཏེ་པད་མའི་འདབ་མ་ རྣམས་ལ་གནས་པའོ། །ཀྵ་ཡིག་དང་པར་པུ་སེར་པོ་ཡོངས་སུ་གྱུར་པ་ལས་ཚངས་མ་སེར་ མོ་ཕྱག་བཞིས་པད་མ་དང་ཚངས་པའི་དབྱུག་པ་དང་སྤྱི་བླུགས་དང་པར་བུ་འཛིན་ཅིང་ཁྱབ་ འཇུག་གིས་འཁྱུད་པ། རླུང་འཚམས་ཀྱི་པད་མའི་ལྟེ་བར་ངང་པ་ལ་གནས་པ་དང༌། ཀྵླྀ་ ཀྵླྀ་ལཱ་ལཱི་ལྼཱྀ་ལཱུ་ལླཱི་ལཿ རྣམས་དང་པར་བུ་རྣམས་ཡོངས་སུ་གྱུར་པ་ལས། པཱ་བི་ ཏྲཱི་དང༌། ངག་གི་དབང་ཕྱུག་མ་དང༌། པད་མའི་སྤྱན་དང༌། ཆུ་སྐྱེས་སྤྱན་མ་དང༌། བློ་གྲོས་མ་ དང༌། གཱ་ཡ་ཏཱི་དང༌། གློག་མ་དང༌། དྲན་མ་རྣམས་ཀྱང་ཚངས་མ་ལྟ་བུ་སྟེ་པད་མའི་འདབ་མ་ རྣམས་ལ་གནས་པའོ། །གཙོ་མོ་བརྒྱད་པོ་རྣམས་ས་གའི་སྟབས་ཀྱིས་གནས་ཤིང་བཅོམ་ལྡན་ འདས་ལ་མངོན་དུ་ཕྱོགས་པ་དང༌། འཁོར་རྣམས་ནི་རོལ་པའི་སྟབས་ཅན་རང་རང་གི་གཙོ་ མོ་ལ་མངོན་དུ་ཕྱོགས་ཤིང་ཐམས་ཅད་ཞལ་གཅིག་མ་སྤྱན་གསུམ་མ་སྟེ། འོན་ཀྱང་ཚངས་མ་ འཁོར་དང་བཅས་པ་ནི་གདོང་བཞི་མ་དང་གཞོན་ནུ་མ་འཁོར་དང་བཅས་པ་ནི་གདོང་དྲུག་ མར་ལྟ་བར་བྱའོ། །གཙོ་མོ་བརྒྱད་ལ་འཁྱུད་པ་པོ་རྣམས་ཀྱི་ཁ་དོག་དང་མཚན་མ་ལ་སོགས་ པ་ནི་སྐུའི་དཀྱིལ་འཁོར་དུ་བསྟན་པར་བྱའོ།། །། དེ་ནས་སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཚེས་ཀྱི་ལྷ་རྣམས་སྤྲོ་བར་བྱ་སྟེ། ཉ་ཉི་ ཉྼྀ་ཉུ་ཉླྀ་ཉཾ། ཛྷ་ཛྷི་ཛྷྼྀ་ཛྷུ་ཛྷླྀ་ཛྷཾ། ཛ་ཛི་ཛྼྀ་ཛུ་ཛླྀ་ཛཾ། ཚ་ཚི་ ཚྼྀ་ཚུ་ཚླྀ་ཚཾ། ཙ་ཙི་ཙྼྀ་ཙུ་ཙླྀ་ཙཾ། རྣམས་ཡོངས་སུ་གྱུར་པ་ལས་རལ་ 7-1-345 གྲི་ནག་པོ་རྣམས་སུ་གྱུར་ཏེ། ཙཾ་དང་ཛྼྀ་ལས་བྱུང་བའི་རིལ་གྲི་དག་ཡོངས་སུ་གྱུར་ པ་ལས་སྲིན་པོ་ནག་པོ་ལ་ཛྼྀ་རྡོ་རྗེ་མ་སྲིན་མོ་སེར་མོར་འཁྱུད་པ་གཉི་ག་ཕྱག་བཞི་ པ་གཡས་གཉིས་ཀྱིས་རལ་གྲི་དང་གྲི་གུག་དང་གཡོན་གཉིས་ཀྱིས་ཕུབ་དང་ཐོད་པ་འཛིན་ པ་ཤར་གྱི་གནས་སུ་པད་མའི་ལྟེ་བར་ཡི་དགས་ལ་གནས་པ་དང༌། མཚན་མ་ལྷག་མ་རྣམས་ ལས་བྱུང་བའི་ཉ་རྡོ་རྗེ་མ་ལ་སོགས་པ་ཉེར་བརྒྱད་པོ་རྣམས་ནི་སྐུ་མདོག་དང་ཕྱག་མཚན་ གཙོ་བོ་ལྟ་བུ་སྟེ་ནང་སྐོར་གྱི་པད་འདབ་འདུན་མ་ནས་བརྩམས་ཏེ་པད་འདབ་རྣམས་ལ་ གཡས་སྐོར་གྱི་རིམ་པས་གནས་པ་ནག་པའི་ཟླ་བའི་གནམ་སྟོང་དང་ཉ་དང་ཚེས་གཅིག་ལ་ སོགས་པ་སུམ་བཅུ་རྣམ་པར་དག་པའོ། །འདིར་ལྷ་མོ་རྣམས་ཀྱི་མིང་ནི་རང་རང་གི་ས་བོན་ ཉིད་རྡོ་རྗེའི་མཐའ་དང་ལྡན་པ་ཉིད་དོ། །དེ་བཞིན་དུ་འོག་མ་རྣམས་ལས་ཤེས་པར་བྱའོ། ། ཙཱ་ཙཱི་ཙྼཱྀ་ཙཱུ་ཙླཱྀ་ཙཱཿ ཚཱ་ཚཱི་ཚྼཱྀ་ཚཱུའུ་ཚླཱྀ་ཚཱཿ ཛཱ་ཛཱི་ཛྼཱྀ་ ཛཱུ་ཛླཱྀ་ཛཱཿ ཛྷཱ་ཛྷཱི་ཛྷྼཱྀ་ཛྷཱུ་ཛྷླཱྀ་ཛྷཱཿ ཉཱ་ཉཱི་ཉྼཱྀ་ཉཱུ་ཉླཱྀ་ ཉཱ། རྣམས་ཡོངས་སུ་གྱུར་པ་ལས་དཔག་བསམ་གྱི་ཤིང་ནག་པོ་རྣམས་སུ་གྱུར་ཏེ་ཉ་དང་ ཛྼཱྀ་ལས་བྱུང་བའི་དཔག་བསམ་གྱི་ཤིང་དག་ཡོངས་སུ་གྱུར་པ་ལས་རླུང་ལྷ་ནག་པོ་ ལ་ཛྼཱྀ་རྡོ་རྗེ་མ་རབ་གཏུམ་མ་སེར་མོས་འཁྱུད་པ་གཉི་ག་ཕྱག་བཞི་པ་དཔག་བསམ་ གྱི་ཤིང་དང༌། ཡོངས་འདུའི་མེ་ཏོག་དང༌། ནོར་བུ་ཨིན་ཏྲ་ནཱི་ལ་དང་ཨུད་པལ་སྔོན་པོ་འཛིན་ པ་མེའི་པད་མའི་ལྟེ་བར་རི་དགས་ལ་གནས་པ་དང༌། ཙ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་ བོ་ལྟ་བུ་སྟེ་ས་གའི་ཟླ་བའི་ཚེས་སུམ་བཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་རླུང་ གི་ཁམས་གཞན་ཏེ་དཔྱིད་ཀྱི་དུས་རྣམ་པར་དག་པའོ། །ཎ་ཎི་ཎྼྀ་ཎུ་ཎླྀ་ཎཾ་ཞེས་ པ་ལ་སོགས་པ་སུམ་བཅུ་རྣམས་སུ་ཡོངས་སུ་གྱུར་པ་ལས་ཤཀ་ཏི་དམར་པོ་རྣམས་སུ་གྱུར་ ཏེ། ཊཾ་དང་ཌྼྀ་ལས་བྱུང་བའི་ཤཀ་ཏི་དག་ཡོངས་སུ་གྱུར་པ་ལས་མེ་ལྷ་དམར་པོ་ལ་ 7-1-346 ཌྼྀ་རྡོ་རྗེ་མ་ཆུ་ལྷ་མོ་དཀར་མོས་འཁྱུད་པ་གཉིས་ཀ་ཕྱག་བཞི་པ་ཤཀ་ཏི་དང་དབྱུག་ པ་དང་ཆུ་སྐྱེས་དང་སྤྱི་བླུགས་འཛིན་པ་ལྷོའི་གཡས་སུ་པད་མའི་ལྟེ་བར་ལུག་ལ་གནས་པ་ དང༌། ཎ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ་སྣྲོན་གྱི་ཟླ་བའི་ཚེས་སུམ་བཅུ་རྣམ་ པར་དག་པའོ། །ཊཱ་ཊཱི་ཊྼཱྀ་ཊཱུ་ཊླཱྀ་ཊཱཿ ཞེས་པ་ལ་སོགས་པ་སུམ་བཅུ་རྣམས་ ཡོངས་སུ་གྱུར་པ་ལས་མདུང་དམར་པོ་རྣམས་སུ་གྱུར་ཏེ། ཎཿདང་ཌྼཱྀ་ལས་བྱུང་ པའི་མདུང་དག་ཡོངས་སུ་གྱུར་པ་ལས་གདོང་དྲུག་དམར་པོ་ལ་ཌྼཱྀ་རྡོ་རྗེ་མ་དཔལ་ མོ་དཀར་མོས་འཁྱུད་པ་གཉི་ག་ཕྱག་བཞི་པ་ཤཀ་ཏི་དང་མདུང་དང་ནོར་བུ་དང་མེ་ལོང་ འཛིན་པ། བདེན་བྲལ་གྱི་པད་མའི་ལྟེ་བར་རྨ་བྱ་ལ་གནས་པ་དང༌། ཌཱ་རྡོ་རྗེ་མ་ལ་སོགས་ པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ་ཆུ་སྟོད་ཀྱི་ཟླ་བའི་ཚེས་སུམ་བཅུ་རྣམ་པར་དག་པའོ། །དེ་ལྟར་ ཟླ་བ་གཉིས་ནི་མེའི་ཁམས་གཞན་ཏེ་སོ་ཀའི་དུས་རྣམ་པར་དག་པའོ། །མ་མི་མྼྀ་མུ་ མླྀ་མཾ། ཞེས་པ་ལ་སོགས་པ་སུམ་བཅུ་རྣམས་ཡོངས་སུ་གྱུར་པ་ལས་ཞགས་པ་དཀར་པོ་ རྣམས་སུ་གྱུར་ཏེ། པཾ་དང་བྼྀ་ལས་བྱུང་པའི་ཞགས་པ་དག་ཡོངས་སུ་གྱུར་པ་ལས་ རྒྱ་མཚོ་དཀར་པོ་ལ་བྼྀ་རྡོ་རྗེ་མ་ཕག་མོ་དམར་མོས་འཁྱུད་པ་གཉི་ག་ཕྱག་བཞི་པ་ ཞགས་པ་དང་རིན་པོ་ཆེ་དང༌། སྦྲུལ་ཞགས་དང་ཟླ་བ་ཆུ་ཤེལ་གྱི་ནོར་བུ་འཛིན་པ། བྱང་གི་ གཡས་སུ་པད་མའི་ལྟེ་བར་ཆུ་སྲིན་ལ་གནས་པ་དང༌། མ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་ གཙོ་བོ་ལྟ་བུ་སྟེ་གྲོ་བཞིན་གྱི་ཟླ་བའི་ཚེས་སུམ་བཅུ་རྣམ་པར་དག་པའོ། །པཱ་པཱི་པྼཱྀ་པཱུ་ པླཱྀ་པཱཿ ཞེས་པ་ལ་སོགས་པ་སུམ་བཅུ་རྣམས་ཡོངས་སུ་གྱུར་པ་ལས་དགྲ་སྟ་དཀར་ པོ་རྣམས་སུ་གྱུར་ཏེ་མཿདང་བྼཱྀ་ལས་བྱུང་པའི་དགྲ་སྟ་དག་ཡོངས་སུ་གྱུར་པ་ལས་ ཚོགས་བདག་དཀར་པོ་ལ་བྼཱྀ་རྡོ་རྗེ་མ་གཞོན་ནུ་མ་དམར་མོས་འཁྱུད་པ་གཉི་ག་ ཕྱག་བཞི་མ་དགྲ་སྟ་དང་རྡོ་རྗེ་དང་ཞགས་པ་དང་ནོར་བུ་འཛིན་པ། དབང་ལྡན་གྱི་པད་མའི་ 7-1-347 ལྟེ་བར་བྱི་བ་ལ་གནས་པ། པཱ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ་ཁྲུམས་སྟོད་ ཀྱི་ཟླ་བའི་ཚེས་སུམ་བཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་ཆུའི་ཁམས་གཞན་ཏེ་ དབྱར་གྱི་དུས་རྣམ་པར་དག་པའོ། །ན་ནི་ནྼྀ་ནྀ་ནཱུ་ནླྀ་ནཾ་ཞེས་པ་ལ་སོགས་ པ་སུམ་བཅུ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེར་པོ་རྣམས་སུ་གྱུར་ཏེ། ཏཾ་དང་དྼྀ་ ལས་བྱུང་བའི་རྡོ་རྗེ་དག་ཡོངས་སུ་གྱུར་པ་ལས་དབང་པོ་སེར་པོ་ལ་དྼྀ་རྡོ་རྗེ་མ་རླུང་ ལྷ་མོ་ནག་མོས་འཁྱུད་པ་གཉི་ག་ཕྱག་བཞི་པ་རྡོ་རྗེ་དང་མེའི་མདའ་དང་རྡོ་རྗེ་དྲིལ་བུ་དང་ གཞུ་འཛིན་པ་ནུབ་ཀྱི་གཡས་སུ་པད་མའི་ལྟེ་བར་གླང་ཆེན་ལ་གནས་པ་དང་ན་རྡོ་རྗེ་མ་ལ་ སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ། ཐ་སྐར་གྱི་ཟླ་བའི་ཚེས་སུམ་བཅུ་རྣམ་པར་དག་པའོ། ། ཏཱ་ཏཱི་ཏྼཱྀ་ཏཱུ་ཏླཱྀ་ཏཱཿ ཞེས་པ་ལ་སོགས་པ་སུམ་བཅུ་རྣམས་ཡོངས་སུ་གྱུར་པ་ ལས་ཁབ་སེར་པོ་རྣམས་སུ་གྱུར་ཏེ་ནཿདང་དྼཱྀ་ལས་བྱུང་བའི་ཁབ་ཡོངས་སུ་གྱུར་པ་ ལས་མེས་པོ་སེར་པོ་ལ་དྼཱྀ་རྡོ་རྗེ་མ་ཀློག་མ་ནག་མོས་འཁྱུད་པ་གཉི་ག་ཕྱག་གཅིག་ པ་ཁབ་དང་བགྲང་ཕྲེང་དང་པད་མ་དང་སྤྱི་བླུགས་འཛིན་པ། རླུང་གི་པད་མའི་ལྟེ་བར་ངང་ པ་ལ་གནས་པ་དང༌། ཏཱ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ། སྨིན་དྲུག་གི་ཟླ་ བའི་ཚེས་སུམ་བཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་སའི་ཁམས་གཞན་ཏེ་སྟོན་ གྱི་དུས་རྣམ་པར་དག་པའོ། །ྈྐ་ྈྐི་ྈྐྼྀ་ྈྐུ་ྈྐླྀ་ྈྐཾ། ཞེས་པ་ལ་སོགས་པ་སུམ་ བཅུ་རྣམས་ཡོངས་སུ་གྱུར་པ་ལས་རྩེ་གསུམ་སྔོན་པོ་རྣམས་སུ་གྱུར་ཏེ། སཾ་དང་ཥྼྀ་ ལས་བྱུང་བའི་རྩེ་གསུམ་དག་ཡོངས་སུ་གྱུར་པ་ལས་དྲག་པོ་སྔོན་པོ་ལ་ཥྼྀ་རྡོ་རྗེ་མ་རི་ སྲས་མོ་ལྗང་ཁུས་འཁྱུད་པ། གཉི་ག་ཕྱག་བཞི་པ་རྩེ་གསུམ་དང་མདའ་དང་སྦྲུལ་དང་བཅས་ པའི་ཁ་ཊྭཱཾ་ག་དང་གཞུ་འཛིན་པ་བྱང་གི་གཡོན་དུ་པད་མའི་ལྟེ་བར་ཁྱུ་མཆོག་ལ་གནས་པ་ དང༌། ྈྐ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ་མགོའི་ཟླ་བའི་ཚེས་སུམ་བཅུ་རྣམ་ 7-1-348 པར་དག་པའོ། །སཱ་སཱི་སྼཱྀ་སཱུ་སླཱྀ་སཱཿ ཞེས་པ་ལ་སོགས་པ་སུམ་བཅུ་རྣམས་ ཡོངས་སུ་གྱུར་པ་ལས་བེ་ཅོན་སྔོན་པ་རྣམས་སུ་གྱུར་ཏེ༑ ྈྐཿདང་ཥྼཱྀ་ལས་བྱུང་པའི་བེ་ ཅོན་དག་ཡོངས་སུ་གྱུར་པ་ལས་ནོར་བདག་སྔོན་པོ་ལ་ཥྼཱྀ་རྡོ་རྗེ་མ་ནོར་གྱི་དབང་མོ་ ལྗང་ཁུས་འཁྱུད་པ་གཉིས་ག་ཕྱག་བཞི་མ་ནོར་བུ་དང་བོ་ཅོན་དང་ནེའུ་ལེ་དང་པད་མ་འཛིན་ པ་ནུབ་ཀྱི་པད་མའི་ལྟེ་བར་གླང་པོ་ལ་གནས་པ་དང༌། སཱ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་ བོ་ལྟ་བུ་སྟེ་རྒྱལ་གྱི་ཟླ་བའི་ཚེས་སུམ་བཅུ་རྣམས་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་ཡེ་ ཤེས་ཀྱི་ཁམས་གཞན་ཏེ་རྒུན་སྟོད་ཀྱི་དུས་རྣམ་པར་དག་པའོ། །ང་ངི་ངྼྀ་ངུ་ངླྀ་ ངཾ་ཞེས་པ་ལ་སོགས་པ་སུམ་བཅུ་རྣམས་ཡོངས་སུ་གྱུར་པ་ལས་འཁོར་ལོ་ལྗང་ཁུ་རྣམས་ སུ་གྱུར་ཏེ། ཀཾ་དང་གྼྀ་ལས་བྱུང་པའི་འཁོར་ལོ་དག་ཡོངས་སུ་གྱུར་པ་ལས་ཁྱབ་ འཇུག་ལྗང་ཁུ་ལ་གྼྀ་རྡོ་རྗེ་མ་སྔོན་མོས་འཁྱུད་པ་གཉི་ག་ཕྱག་བཞིས་འཁོར་ལོ་དང་ དབྱུག་ཐོ་དང་པད་མ་དང་སྐྱེ་བ་ལྔ་པའི་དུང་འཛིན་པ་ཤར་གྱི་གཡོན་དུ་པད་མའི་ལྟེ་བར་ནམ་ མཁའ་ལྡིང་ལ་གནས་པ་དང༌། ང་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ་མཆུའི་ཟླ་ བའི་ཚེས་སུམ་བཅུ་རྣམ་པར་དག་པའོ། །ཀཱ་ཀཱྀ་ཀྼཱྀ་ཀཱུ་ཀླཱྀ་ཀཱ་ཞེས་ པ་ལ་སོགས་པ་སུམ་བཅུ་རྣམས་ཡོངས་སུ་གྱུར་པ་ལས་དབྱུག་པ་ལྗང་ཁུ་རྣམས་སུ་གྱུར་ཏེ། ངཿདང་གྼཱྀ་ལས་བྱུང་བའི་དབྱུག་པ་དག་ཡོངས་སུ་གྱུར་པ་ལས་གཤིན་རྗེ་ལྗང་ཁུ་ལ་ གྼཱྀ་རྡོ་རྗེ་མ་གཤིན་རྗེ་མ་སྔོན་མོས་འཁྱུད་པ་གཉི་ག་ཕྱག་བཞི་པ་དབྱུག་པ་དང་རལ་ གྲི་དང་ལྕགས་སྒྲོག་དང་ཞགས་པ་འཛིན་པ་ལྷོའི་གཡོན་དུ་པད་མའི་ལྟེ་བར་མ་ཧེ་ལ་གནས་ པ་དང༌། ཀ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ་དབོའི་ཟླ་བའི་ཚེས་སུམ་བཅུ་རྣམ་ པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་ནམ་མཁའི་ཁམས་གཞན་ཏེ་དགུན་སྨད་ཀྱི་དུས་རྣམ་ པར་དག་པའོ། ། 7-1-349 གཙོ་བོ་རྣམས་རྡོ་རྗེའི་གདན་གྱིས་གནས་ཤིང་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་ པ་དང༌། འཁོར་རྣམས་ནི་རོལ་པའི་སྟབས་ཅན་རང་རང་གི་གཙོ་བོ་ལ་མངོན་དུ་ཕྱོགས་ཤིང་ ཐམས་ཅད་ཞལ་གཅིག་ཕྱག་བཞི་པ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ་སྟེ། འོན་ ཀྱང་ཚངས་པ་འཁོར་དང་བཅས་པ་ནི་གདོང་བཞི་པ་དང་གཞོན་ནུ་འཁོར་དང་བཅས་པ་ནི་ གདོང་དྲུག་པར་བལྟ་བར་བྱའོ། ། འདིར་ལྷ་ཆེན་པོ་བཅུ་གཉིས་ལ་འཁྱུད་པའི་ཡུམ་གསུང་གི་རྣལ་འབྱོར་མ་དང་མི་མཐུན་ པ་རྣམས་ཀྱང་འདིར་ས་བོན་གསུང་དང་མི་འདྲ་བར་གྱུར་པ་དང༌། དཀྱིལ་འཁོར་ལ་དགོད་ པའི་མཚན་མ་ཡབ་རྣམས་དང་འདྲ་བར་རིགས་པའི་ཕྱིར་ཕྱག་མཚན་རྣམས་ཡབ་དང་འདྲ་ བར་ཐོབ་ལ་སྐུ་མདོག་ནི་རིགས་མི་མཐུན་འཁྱུད་པ་དུས་འཁོར་གྱི་རིགས་པའོ། །གཞན་དག ཆུ་ལྷ་མོ་དང༌། རླུང་ལྷ་མོ་དང༌། གཤིན་རྗེ་མོ་དང༌། གནོད་སྦྱིན་མོ་བཞི་པོ་མ་གཏོགས་པ་ཡུམ་ གཞན་བརྒྱད་པོ་གསུང་གི་རྣལ་འབྱོར་མ་ཡིན་པར་འདོད་པ་ལ་ནི། གསུང་གི་རྣལ་འབྱོར་ མ་རྣམས་འབྱུང་སྐྱེས་ཡིན་པ་དང༌། སྐུའི་ལྷ་བཅུ་གཉིས་ཀྱི་ཡུམ་རྣམས་འཆི་མེད་ན་ཆུང་ཞེས་ སོགས་ལྷའི་རིགས་ཡིན་པར་གསུངས་པས་གནོད་དོ། ། དེ་ནས་སྒོ་སྐྱོང་སྤྲོ་བ་ནི། ཡ་ར་ཝ་ལ་རྣམས་ལས་བྱུང་པའི་དབྱུག་པ་དང་མདའ་དང་ གཏུན་ཤིང་དང་བེ་ཅོན་རྣམས་ཡོངས་སུ་གྱུར་པ་ལས་རིམ་པ་ལྟར་ཁྲོ་བོ་དབྱུག་སྔོན་ཅན་ནག་ པོ་ཕྱག་བཞིའི་གཡས་གཉིས་ཀྱིས་རལ་གྲི་དང་རྡོ་རྗེ་དང་གཡོན་གཉིས་ཀྱིས་ཕུབ་དང་ལྟོས་ འགྲོ་འཛིན་ཅིང༌། ལཱ་ཡིག་དང་འཁོར་ལོ་ལས་བྱུང་བའི་འོད་ཟེར་ཅན་སྟོབས་པོ་ཆེ་ལྟ་བུས་ འཁྱུད་པ་ཤར་གྱི་སྒོར་འོད་ཟེར་ཅན་གྱིས་ཤིང་རྟ་ལ་གནས་པ་དང༌། འདོད་པའི་རྒྱལ་པོ་ དམར་པོ་ཕྱག་བཞིས་མདའ་དང་ལྕགས་ཀྱུ་དང་གཞུ་དང་ཞགས་པ་འཛིན་ཅིང་ཝཱ་ཡིག་དང་ ཐོ་བ་ལས་བྱུང་བའི་བསྐུལ་བྱེད་མ་མི་གཡོ་བ་ལྟ་བུས་འཁྱུད་པ་ལྷོའི་སྒོར་ཙུན་དྷཱའི་ཤིང་རྟ་ལ་ 7-1-350 གནས་པ་དང༌། མི་གཡོ་བ་དཀར་པོ་ཕྱག་བཞིས་ཐོ་བ་དང༌། མདུང་དང་པད་མ་དང་མེ་ལོང་ འཛིན་ཅིང་རཱ་ཡིག་དང་མདའ་ལས་བྱུང་བའི་ཁྲོ་གཉེར་ཅན་ལ་འདོད་པའི་རྒྱལ་པོ་ལྟ་བུས་ འཁྱུད་པ་བྱང་གི་སྒོར་ཁྲོ་གཉེར་ཅན་གྱི་ཤིང་རྟ་ལ་གནས་པ་དང༌། སྟོབས་པོ་ཆེ་སེར་པོ་ཕྱག་ བཞིས་འཁོར་ལོ་དང་དབྱུག་པ་དང་དུང་དང་རིན་པོ་ཆེ་འཛིན་ཅིང་ཡཱ་ཡིག་དང་རལ་གྲི་ལས་ བྱུང་པའི་རྡོ་རྗེ་ལྕགས་སྒྲོག་མ་དབྱུག་སྔོན་ཅན་ལྟ་བུས་འཁྱུད་པ་ནུབ་ཀྱི་སྒོར་ལྕགས་སྒྲོག་ མའི་ཤིང་རྟ་ལ་གནས་པ་དང༌། ཧཾ་ཡིག་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་གཙུག་ཏོར་ འཁོར་ལོས་བསྒྱུར་བ་ཞལ་གསུམ་ཕྱག་དྲུག་པ་གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ་ ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ་འཛིན་ཅིང༌། གཡོན་པ་རྣམས་ཀྱིས་ དྲིལ་བུ་དང་ཐོད་པ་དང་ཚངས་པའི་མགོ་བོ་འཛིན་པ། ཧཱ་ཡིག་དང་རྡོ་རྗེ་ལས་བྱུང་བའི་ཤིན་ དུ་སྔོན་མོ་ཕྱག་བཞི་མ་གཡས་གཉིས་ཀྱིས་གྲི་གུག་དང་རྡོ་རྗེ་དང༌། གཡོན་གཉིས་ཀྱིས་ཐོད་ པ་དང་དྲིལ་བུ་འཛིན་པས་འཁྱུད་པ་སྟེང་གི་ཤིན་དུ་སྔོན་མོའི་ཤིང་རྟ་ལ་གནས་པ་དང༌། ཧ་ ཡིག་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་གནོད་མཛེས་རྒྱལ་པོ་སྔོན་པོ་ཤིན་དུ་སྔོན་པོ་ ལྟ་བུ་ལ། ཧཱ་ཡིག་དང་རྩེ་གསུམ་ལས་བྱུང་བའི་དྲག་ཅན་མ་ལྗང་ཁུ་ཕྱག་བཞིས་དགྲ་སྟ་དང་ རྩེ་གསུམ་དང༌། སྦྲུལ་ཞགས་དང་ཁ་ཊྭཱཾ་ག་འཛིན་པས་འཁྱུད་པ་འོག་ཏུ་དྲག་ཅན་མའི་ཤིང་རྟ་ ལ་གནས་པ་སྟེ། སྒོ་བཞི་དང་འོག་ཏུ་གནས་པའི་ཁྲོ་བོ་ནི་ཞལ་གཅིག་པ་ཐམས་ཅད་ཀྱང་སྤྱན་ གསུམ་པ་རབ་ཏུ་ཁྲོས་ཤིང་སྦྲུལ་གྱིས་བརྒྱན་པ། ཁྲོ་བོ་རྣམས་གཡས་བརྐྱང་དང་ཁྲོ་བོའི་ལྷ་ མོ་རྣམས་གཡོན་བརྐྱང་གི་སྟབས་ཀྱིས་གནས་པའོ། །འདིར་གཙུག་ཏོར་འཁོར་ལོས་བསྒྱུར་ བ་ནི་སྔར་ཐུགས་དཀྱིལ་གྱི་སྐབས་སུ་སྟེང་དུ་སྤྲོས་པའི་ཕྱིར་ཐུགས་ཀྱི་ཁྲོ་བོ་ཡིན་པས་འདིར་ ཡང་ཞལ་གསུམ་ཕྱག་དྲུག་པ་ཉིད་དུ་ཐོབ་པོ། ། དེ་ནས་སྐུའི་སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་སྔར་ཐུགས་དཀྱིལ་གྱི་སྐབས་སུ་སྟེང་དུ་ 7-1-351 སྤྲོས་པའི་ཕྱིར་ཐུགས་ཀྱི་ཁྲོ་བོ་ཡིན་པས་འདིར་ཡང་ཞལ་གསུམ་ཕྱག་དྲུག་པ་ཉིད་དུ་ཐོབ་ པོ། །དེ་ནས་སྐུའི་སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་ནང་རོལ་དུ་ཀླུ་རྣམས་སྤྲོ་བར་བྱ་སྟེ། ཧྻ་ ཧྻཱ་ལས་བྱུང་བའི་རྒྱལ་མཚན་དག་ཡོངས་སུ་གྱུར་པ་ལས་སྟོབས་ཀྱི་རྒྱུ་དང་པད་མ་ནག་པོ། མཁའ་ལྡིང་གདོང་མ་དང་ལྕེ་སྤྱང་གདོང་མས་འཁྱུད་པ། ཤར་སྒོའི་གཡོན་དང་གཡས་ཀྱི་ སྟེགས་བུའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཟླུམ་པོ་ནག་པོ་ཐིག་ལེས་མཚན་པ་ལ་གནས་པ་ དང༌། ཧྼ་ཧྼཱ་ལས་བྱུང་བའི་བཀྲ་ཤིས་འཁྱིལ་པ་དག་ཡོངས་སུ་གྱུར་པ་ལས། ནོར་རྒྱས་དང་ དུང་སྐྱོང་དམར་པོ། འུག་གདོང་མ་དང་སྟག་གདོང་མས་འཁྱུད་པ་ལྷོ་སྒོའི་གཡོན་དང་གཡས་ སུ་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་བཀྲ་ཤིས་ཀྱིས་མཚན་པ་ལ་གནས་པ་དང༌། ཧྺ་ཧྺཱ་ ལས་བྱུང་བའི་པད་མ་དག་ཡོངས་སུ་གྱུར་པ་ལས་མཐའ་ཡས་དང་རིགས་ལྡན་དཀར་པོ། བྱ་ རྒོད་གདོང་མ་དང་ཕག་གདོང་མས་འཁྱུད་པ། བྱང་སྒོའི་གཡོན་དང་གཡས་སུ་ཆུའི་དཀྱིལ་ འཁོར་དཀར་པོ་པད་མས་མཚན་པ་ལ་གནས་པ་དང༌། ཧླ་ཧླཱ་ལས་བྱུང་པའི་རྡོ་རྗེ་དག་ཡོངས་ སུ་གྱུར་པ་ལས་འཇོག་པོ་དང་པད་མ་ཆེན་པོ་སེར་པོ། ཁྭ་གདོང་མ་དང་ཁྱི་གདོང་མས་འཁྱུད་ པ། ནུབ་སྒོའི་གཡོན་དང་གཡས་སུ་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པ་ལ་ གནས་པ་དང༌། སྟེང་དུ་ནམ་མཁའི་དཀྱིལ་འཁོར་ལྗང་ཁུ་ལ་རྒྱལ་བ་ལྗང་ཁུ་རྡོ་རྗེ་མིག་མས་ འཁྱུད་པ་དང༌། འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ་ལ་རྣམ་པར་རྒྱལ་བ་སྔོན་པོ་སྔོན་ མོས་འཁྱུད་པ་གནས་པ་སྟེ། ཐམས་ཅད་ཀྱང་རྡོ་རྗེའི་གདན་གྱིས་གནས་ཤིང་རིན་པོ་ཆེས་ བརྒྱན་པ་ཞལ་གཅིག་པ་སྤྱན་གསུམ་པ་ཕྱག་བཞིས་བདུད་རྩིའི་བུམ་པ་དང་རྡོ་རྗེ་དང་པད་ མ་དང་རིན་པོ་ཆེ་འཛིན་པའོ། །དེ་བཞིན་དུ། ཀྑྒྒྷྔ་དང་གྲི་གུག་ལས་བྱུང་བའི་ཁྱི་གདོང་མ་ ནག་མོ་དང་པད་མ་ཆེན་པོས་འཁྱུད་པ། ཤར་གྱི་དུར་ཁྲོད་རྩེ་མོས་འབིགས་པར་བསེའི་ སྟེང་དུ་འཁོར་ལོའི་གདན་ལ་གནས་པ་དང་ཉྫྷྫྪྩ་དང་གྲི་གུག་ལས་བྱུངཔའི་ཁྭ་གདོང་མ་ནག་ 7-1-352 མོ་འཇོག་པོས་འཁྱུད་པ། ཤར་ལྷོའི་དུར་ཁྲོད་ལྷག་མ་ཅན་དུ་བྷེ་རུཎ་ཊའི་སྟེང་དང༌། ཀྵྻྼྺླ་དང་ གྲི་གུག་ལས་བྱུང་པའི་ཕག་གདོང་མ་དམར་མོ་རིགས་ལྡན་གྱིས་འཁྱུད་པ་ལྷོའི་དུར་ཁྲོད་རོ་ བསྲེགས་པར་དོམ་གྱི་སྟེང་དང༌། ཎྜྷྜྛྚ་དང་གྲི་གུག་ལས་བྱུང་བས་བྱ་རྒོད་གདོང་མ་དམར་མོ་ མཐའ་ཡས་ཀྱིས་འཁྱུད་པ་བདེན་བྲལ་གྱི་དུར་ཁྲོད་དྲག་པོའི་གཡུལ་དུ་ཁྲུང་ཁྲུང་གི་སྟེང་ དང༌། ཧྻྼྺླ་དང་གྲི་གུག་ལས་བྱུང་བའི་སྟག་གདོང་མ་དཀར་མོ་དུང་སྐྱོང་གིས་འཁྱུད་པ་བྱང་གི་ དུར་ཁྲོད་རུལ་བར་འབྲིའི་སྟེང་དུ་མྦྷྦྥྤ་དང་གྲི་གུག་ལས་བྱུང་པའི་འུག་གདོང་མ་དཀར་མོ་ ནོར་རྒྱས་གྱིས་འཁྱུད་པ། དབང་ལྡན་གྱི་དུར་ཁྲོད་བྱིས་པ་ཤི་བར་བྱ་མ་བྱིའི་སྟེང་དང༌། ྈྴྐྐྤྶ་དང་གྲི་གུག་ལས་བྱུང་བའི་ལྕེ་སྤྱང་གདོང་མ་སེར་མོ་པད་མས་འཁྱུད་པ། ནུབ་ཀྱི་དུར་ཁྲོད་ རྣག་གི་དྲིར་སེང་གེའི་སྟེང་དང༌། ནྡྷྡྠྟ་དང་གྲི་གུག་ལས་བྱུང་བའི་ནམ་མཁའ་ལྡིང་གདོང་མ་ སོར་མོས་སྟོབས་ཀྱི་རྒྱུས་འཁྱུད་པ་རླུང་གི་དུར་ཁྲོད་སྦྲུལ་གྱིས་བཟུང་བར་མིག་སྔོན་གྱི་ སྟེང་དུ་འཁོར་ལོའི་གདན་ལ་གནས་པའོ། །སྟེང་དང་འོག་ཏུ་ཡང་སྔོན་མོ་དང་རྡོ་རྗེའི་མིག་མ་ ལྗང་ཁུ་དང་སྔོན་མོ་རྣམ་པར་རྒྱལ་བ་དང་རྒྱལ་བ་དག་གིས་འཁྱུད་པ་ཤིང་རྟ་ལྗང་ཁུ་དང་སྔོན་ པོ་ལ་གནས་པ་སྟེ། ཐམས་ཅད་ཟླུམ་པོའི་སྟབས་ཀྱིས་གནས་ཤིང་གཅེར་བུ་ཕྱག་རྒྱ་ལྔས་ བརྒྱན་ཅིང་མི་འགོའི་ཕྲེང་བ་འགུལ་དུ་འཕྱང་བ་ཞལ་གཅིག་མ་སྤྱན་གསུམ་མ་ཕྱག་གཉིས་ ཀྱིས་གྲི་གུག་དང་ཐོད་པ་འཛིན་པའོ། །དེ་ལྟར་བསྟན་པ་རྣམས་གཡས་བརྐྱང་གིས་གནས་པ་ ལ་གཡོན་བརྐྱང་གིས་འཁྱུད་པ་དང༌། རྡོ་རྗེའི་གདན་ལ་པད་མའི་གདན་གྱིས་འཁྱུད་པ་དང༌། པད་མའི་གདན་ལ་རྡོ་རྗེའི་གདན་གྱིས་འཁྱུད་པ་དང༌། ས་ག་ལ་ས་གས་འཁྱུད་པ་དང༌། ཟླུམ་ པོ་ལ་ཟླུམ་པོས་འཁྱུད་པ་སྟེ་ཐམས་ཅད་དུ་ངེས་པའོ། ། དེ་ནས་གསུང་གི་སྟེགས་བུ་ལ་འདོད་མ་རྣམས་ཏེ། ཙཿཚཿཛཿཛྷཿཉཿརྣམས་ཡོངས་སུ་ གྱུར་པ་ལས། སྒྲོལ་མ་ལས་བྱུང་བ་དབྱེ་བར་འདོད་མ་དང༌། རེག་བྱ་རྡོ་རྗེ་མ་ལས་བྱུང་བ་ 7-1-353 གོས་འདོད་མ་དང༌། ཁྱབ་འཇུག་མ་ལས་བྱུང་བ་མཆིལ་མ་འདོར་བར་འདོད་མ་དང༌། ལྕགས་ སྒྲོག་མ་ལས་བྱུང་བ་རེག་བྱ་འདོད་མ་དང༌། ཁྭ་གདོང་མ་ལས་བྱུང་བ་ལྷག་མ་ཟ་བར་འདོད་ པ་རྣམས་ཤར་གྱི་སྒོའི་གཡས་སུ་རིམ་པས་གནས་པ་དང༌། ཊཿཋཿཌ༔ཌྷཿཎཿརྣམས་ཡོངས་ སུ་གྱུར་པ་ལས་གོས་དཀར་མོ་ལས་བྱུང་བ་བསྐྱོད་པར་འདོད་མ་དང༌། རོ་རྡོ་རྗེ་མ་ལས་བྱུང་ བ་ཟས་འདོད་མ་དང༌། གཞོན་ནུ་མ་ལས་བྱུང་བ་གར་འདོད་མ་དང༌། ཁྲོ་གཉེར་མ་ལས་བྱུང་ བ་དགུག་པར་འདོད་མ་དང༌། བྱ་རྒོད་གདོང་མ་ལས་བྱུང་བ་གཡུལ་འདོད་མ་རྣམས་ལྷོ་སྒོའི་ གཡས་དང༌། པཿཕཿབཿབྷཿམཿརྣམས་ཡོངས་སུ་གྱུར་པ་ལས་མཱ་མ་ཀཱི་ལས་བྱུང་བ་རྒྱས་པར་ འདོད་པ་དང༌། གཟུགས་རྡོ་རྗེ་མ་ལས་བྱུང་བ་རྒྱན་འདོད་མ་དང༌། དཔལ་མོ་ལས་བྱུང་བའི་ རྒྱལ་སྲིད་འདོད་མ་དང༌། ཙུན་དཱ་ལས་བྱུང་བ་འཆིང་བར་འདོད་མ་དང། འུག་གདོང་མ་ལས་ བྱུང་བ་བྱས་པ་ཁྲོ་བར་འདོད་མ་རྣམས་ཀྱང་བྱང་སྒོའི་གཡས་དང༌། ཏཿཐཿདཿདྷཿནཿརྣམས་ ཡོངས་སུ་གྱུར་པ་ལས་སྤྱན་མ་ལས་བྱུང་བ་རེངས་པར་འདོད་མ་དང༌། དྲི་རྡོ་རྗེ་མ་ལས་བྱུང་ བ་དྲི་འདོད་མ་དང༌། ཚངས་མ་ལས་བྱུང་བ་ཆུ་ལ་སྐྱལ་བར་འདོད་མ་དང༌། འོད་ཟེར་ཅན་ མ་ལས་བྱུང་བ་ཕུར་བུས་འདེབས་པར་འདོད་མ་དང༌། མཁའ་ལྡིང་གདོང་མ་ལས་བྱུང་བ་ སྤྲུལ་འཆིང་བར་འདོད་མ་རྣམས་ནུབ་སྒོའི་གཡས་སུ་སྟེ། ལྔ་པ་རྣམས་ནི་སྟེགས་བུའི་ཟུར་དུ་ གནས་པའོ། །སཿྉྤཿཥཿཤཿྈྐཿརྣམས་ལས་ཤིན་ཏུ་སྔོན་མོ་ལས་བྱུང་བ་ཀུན་དུ་གདུང་བ་འདོད་ མ་དང༌། ཤིན་དུ་བརྩོན་འགྲུས་མ་ལས་བྱུང་བ་སྐྲོད་པར་འདོད་མ་དང༌། ཙར་ཙི་ཀཱ་ལས་བྱུང་ བ་འཕྲུག་འདོད་མ་དང༌། ཁྱི་གདོང་མ་ལས་བྱུང་བ་ཡན་ལག་བསྐྱོད་པར་འདོད་མ་རྣམས་ ཤར་སྒོའི་གཡོན་དང༌། ྈྐཿཀཿཁཿགཿརྣམས་ལས་དྲག་སྤྱན་མ་ལས་བྱུང་བ་རྒྱུག་པར་འདོད་ མ་དང༌། རྨུགས་བྱེད་མ་ལས་བྱུང་བ་སྐེམས་པར་འདོད་མ་དང༌། ཕག་མོ་ལས་བྱུང་བ་ལུས་ ཀྱི་དྲི་མ་འདོད་མ་དང༌། ཕག་གདོང་མ་ལས་བྱུང་བ་བཤང་གཅི་ཟག་པར་འདོད་མ་རྣམས་ལྷོ་ 7-1-354 སྒོའི་གཡོན་དང༌། གྷཿངཿལཿཝཿརྣམས་ལས་སྒྲ་རྡོ་རྗེ་མ་ལས་བྱུང་བ་རོལ་མོ་འདོད་མ་དང༌། ཁེངས་བྱེད་མ་ལས་བྱུང་བ་འཇམ་པར་སྨྲ་འདོད་མ་དང༌། དྲག་མོ་ལས་བྱུང་བ་མལ་སྟན་ འདོད་མ་དང༌། སྟག་གདོང་མ་ལས་བྱུང་བ་རྩོད་པ་མང་པོ་འདོད་མ་རྣམས་བྱང་སྒོའི་གཡོན་ དང༌། རཿཡཿཧཿཀྵཿརྣམས་ལས་ཆོས་ཀྱི་ཁམས་མ་ལས་བྱུང་བ་འཁྲིག་པ་འདོད་མ་དང༌། རེངས་བྱེད་མ་ལས་བྱུང་བ་གཉེན་འདོད་མ་དང༌། དབང་མོ་ལས་བྱུང་བ་མལ་སྟན་ལ་བསྙེས་ པར་འདོད་མ་དང༌། ལྕེ་སྤྱང་གདོང་མ་ལས་བྱུང་བ་སེམས་ཅན་བསླུ་བར་འདོད་མ་རྣམས་ནུབ་ སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་གནས་པའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལས་ བྱུང་བ་གསོད་པར་འདོད་མ་དང༌། སྣ་ཚོགས་ཡུམ་ལས་བྱུང་བ་བསྐྱེད་པར་འདོད་མ་དག་ནི་ ཐམས་ཅད་ལ་ཁྱབ་པར་བྱེད་པ་སུམ་བཅུ་རྩ་བདུན་པ་ཉིད་ཡིན་པའི་ཕྱིར་ཕྱོགས་སོ་སོར་ཐ་ དད་དགོད་པར་བྱ་བ་མ་ཡིན་ནོ། །ས་བོན་གྱི་ཡི་གེ་འདི་རྣམས་རྣམ་པར་བཅད་པ་དང་བྲལ་ ཞིང་ཐིག་ལེས་བརྒྱན་པ་ནི་འདོད་མ་རྣམས་ལས་བཟློག་པ་ཕྱིར་འདོད་མ་རྣམས་ཀྱི་ས་བོན་ ཏེ། ཕྱིར་འདོད་མ་རྣམས་སྐུའི་སྟེགས་བུ་ལ་སྔ་མ་བཞིན་དུ་སྤྲོ་བར་བྱའོ། །དཀྱིལ་འཁོར་བྲི་བྱ་ ལ་ས་བོན་གྱི་ཡི་གེ་འགོད་པའི་ཚུལ་ནི་འདི་དང་མི་འདྲ་བར་འབྱུང་ངོ༌། །ལྷ་མོ་འདི་རྣམས་ཀྱི་ ཕྱག་མཚན་དང་དབྱིབས་ལ་སོགས་པ་ནི་གང་ལས་བྱུང་བ་དེ་དང་རྗེས་སུ་འཐུན་པར་བལྟའོ། ། འདིར་ལྷ་རྣམས་ཀྱི་རྣམས་དག་ནི། ལྷ་མོ་སངས་རྒྱས་རིག་མ་ཤིང་དང་བཅས་ཤིང་བུམ་པ་ དང་བཅས་རྒྱལ་བ་ཡི་ནི་དག་པའི་སྐུ། །ཁྲོ་བོའི་དབང་པོ་བྱང་ཆུབ་སེམས་པ་ངེས་པར་རོ་ ཡི་རྡོ་རྗེ་མ་ནི་ཆོས་སྐུ་དེ་ཉིད་རྣལ་འབྱོར་མ་རྣམས་ལོངས་སྤྱོད་སྐུ་སྟེ་རབ་མཆོག་ཤིང་རྟ་ལ་ གནས་ལྷ་ནི་ཉི་མར་རབ་གྲགས་པ། ཀླུ་ནི་བརྒྱད་པོ་རྣམས་དང་རབ་གཏུམ་མ་རྣམས་འཁོར་ དང་བཅས་པ་སངས་རྒྱས་ཀྱི་ནི་སྤྲུལ་པའི་སྐུ། །དེ་བཞིན་སླར་ཡང་རྒྱལ་བའི་སྐུ་ནི་དབྱེ་བ་ གཉིས་སུ་འགྱུར་ཏེ་ཕྱི་རོལ་དག་དང་ནང་ལ་ཡང༌། མངལ་ནས་སྐྱེས་པ་ཇི་ལྟ་བ་ཉིད་དེ་བཞིན་ 7-1-355 ཁོ་ན་དཀྱིལ་འཁོར་ལ་ནི་ངེས་པར་རབ་ཏུ་འགྱུར། །སྟོན་པ་ལྷ་མོ་སོགས་དང་བུམ་པ་ལྷན་ སྐྱེས་རྒྱལ་བའི་སྐུ་སྟེ་དཀྱིལ་འཁོར་སྙིང་པོའི་དབུས་སུའོ། །སངས་རྒྱས་ལ་སོགས་ཆོས་ཀྱི་སྐུ་ སྟེ་ངེས་པར་རོ་ཡིས་རྡོ་རྗེ་མ་སོགས་ལོངས་སྤྱོད་རྫོགས་པའི་སྐུ། །ཁྲོ་མོ་སྤྲུལ་པའི་སྐུ་རུ་འགྱུར་ ཏེ་རིགས་ཀྱི་དབང་གིས་དཀྱིལ་འཁོར་གྱི་ནི་སྙིང་པོར་ཡང་དག་གནས། །ཕྱི་རོལ་དུ་ནི་ཙཱ་ མུཎ་ཊཱ་ལ་སོགས་པ་ལྷ་མོ་བརྒྱད་པོ་འཁོར་དང་བཅས་པ་དག་པའི་སྐུ༑ ༑ལྷ་ལ་སོགས་པ་ཆོས་ ཀྱི་སྐུ་སྟེ་མཐའ་དག་གདེངས་ཅན་རིགས་ཀྱང་འདིར་ནི་ལོངས་སྤྱོད་རྫོགས་པའི་སྐུ། །གཏུམ་ མོ་རྣམས་ནི་སྤྲུལ་བའི་སྐུར་འགྱུར་མི་ཡི་བདག་པོ་སེམས་ཅན་ཀུན་གྱི་དོན་གྱི་སླད་དུའོ། ཞེས་ དང༌། དུས་ཀྱི་དག་པས་དཔལ་ལྡན་རྡོ་རྗེ་ཅན་འགྱུར་མི་བདག་ལོ་དང་ཟླ་བ་ལ་སོགས་དབྱེ་ བས་སོ། །སེམས་ཀྱི་རྣམ་པ་ཉི་མ་མ་ཡིན་ཉིན་ཞག་སོ་སོའི་དབང་གིས་སྣ་ཚོགས་ཡུལ་ནི་ རྣམ་པར་དག །རླུང་གིས་དག་པས་དུ་བ་ལ་སོགས་རང་གི་སྙིང་ཁའི་པད་མར་རྩ་བའི་འཁོར་ ལོ་ལ་གནས་རྣམས། །ཉོན་མོངས་རྣམས་ཀྱིས་དྲག་པོ་ཆུང་མར་བཅས་པ་ཁྱབ་བདག་ཞབས་ ཀྱི་འོག་ཏུ་བདུད་ཀྱི་ཚོགས་ཀྱིས་འདུད། །དུང་དང་གཎ་ཊཱི་ནོར་བུ་ལྗོན་པ་ཞེས་པ་དག་ཀྱང་ དེ་བཞིན་སྐུའི་རྡོ་རྗེ་ལ་སོགས་ཀྱིས། །བུམ་པ་བརྒྱད་ནི་བདུད་རྩིའི་ཡན་ལག་གིས་ཏེ་རྒྱལ་ དང་རྣམ་རྒྱལ་བུམ་པ་བྱང་ཆུབ་སེམས་སོགས་ཀྱིས། །འདུ་བྱེད་དོན་ཡོད་གྲུབ་པ་ཚོར་བ་དྲི་ མེད་ནོར་བུའི་ཕྱག་དང་འདུ་ཤེས་སྣང་བ་མཐའ་ཡས་སྟེ། གཟུགས་ནི་འཁོར་ལོ་ཅན་ནོ་རི་ བོང་ཅན་དང་སྟོབས་ཁྲག་བཤང་པ་གཅི་བ་རྣམ་པར་དག་པའོ། །ལྷ་མོ་དྲུག་ནི་ཁམས་རྣམས་ ཀྱིས་ནི་ཡུལ་དང་ཡུལ་ཅན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས། །ཁྲོ་བོ་ལྔ་ ནི་སྟོབས་རྣམས་ཀྱིས་ཏེ་ངེས་པར་སླར་ཡང་གཞན་པ་ལྔ་ནི་དབང་པོ་གཞན་རྣམས་ཀྱིས། །ཙ་ མུཎ་ཊཱ་སོགས་ཐུན་བརྒྱད་ཀྱིས་ཏེ་པད་མའི་འདབ་མར་གནས་རྣམས་ཉི་མའི་དུས་སྦྱོར་ཆུ་ ཚོད་ཀྱིས། །ལྷ་མིན་ལ་སོགས་ཉི་མའི་ཟླ་བས་པད་མའི་འདབ་མར་གནས་རྣམས་ཆུ་ཚོད་ 7-1-356 དབུགས་ཀྱིས་གྲངས་ཀྱིས་སོ། །བསང་བར་མི་བདག་ཉིས་འགྱུར་རྩ་རྣམས་ཀྱིས་ཀྱང་ཀླུ་ རྣམས་དང་ནི་གཏུམ་མོ་རྣམས་ཀྱང་རྣམ་པར་དག །དེ་བཞིན་འདོད་མ་ལ་སོགས་དེ་དག་ རང་བཞིན་ཡོན་ཏན་དབང་གིས་ལུས་ཀྱི་བྱ་བས་རྣམ་པར་དག །ཡུལ་རྣམས་ཀྱིས་ནི་གྲུབ་པ་ མཐའ་དག་བ་སྤུ་རྣམས་ཀྱིས་དུར་ཁྲོད་ས་གཞི་ལ་གནས་འབྱུང་པོའི་ཚོགས། །དེ་དག་རྣམས་ ཀྱི་གཙོ་བོའི་མཚོན་ཆ་རང་བཞིན་ཡོན་ཏན་དབང་གིས་ཁམས་ཀྱིས་ཕྱིའི་ཕྱག་རྒྱའོ། །རྡོ་རྗེ་ ནང་གི་ཕྱག་བརྒྱ་རྡོ་རྗེ་འཛིན་པའི་ཐུགས་ཁར་ཟླ་བའི་སྟེང་དུ་ཡང་དག་གནས་པའོ། །དཔལ་ ལྡན་རྡོ་རྗེ་ཅན་དང་སྣ་ཚོགས་ཡུམ་ནི་རྣམ་གསུམ་སྲིད་གནས་འགྱུར་མེད་ཡེ་ཤེས་སྦྱོར་བ་ ལས། ཞེས་དང༌། དེ་ལྟར་ངེས་པར་སྐུའི་རྡོ་རྗེ་མཆོག་གི་ཡོན་ཏན་རྣམ་མང་དཀྱིལ་འཁོར་ གྱི་ནི་རྣམ་པར་གསུངས། །གསུང་གི་རྡོ་རྗེ་ཨ་སོགས་ཀ་སོགས་ལྷ་ཡི་རྣམ་པ་ཉིད་ནི་མཐའ་ དག་རྒྱལ་བའི་རིགས་རྣམས་ཀྱིས། །སྟོང་པ་དྲུག་གིས་ཐུགས་ཀྱི་རྡོ་རྗེ་རྣམས་གསུམ་སྲིད་ པར་གནས་པ་གཙོ་བོ་རྣམ་པ་གཅིག་པུའོ། །དེ་བཞིན་དུ་ནི་ཡེ་ཤེས་རྡོ་རྗེ་ངེས་པར་སྲིད་པའི་ འཇིགས་འཇོམས་སྣ་ཚོགས་ཡུམ་གྱི་རང་བཞིན་ནོ། །ཞེས་དང༌། རྒྱལ་བའི་སྐུའི་རྡོ་རྗེས་ཡུལ་ དང་ཡུལ་ཅན་རྣམས་ཀྱིས་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། གསུང་གི་རྡོ་རྗེ་སེམས་ ཅན་ཐམས་ཅད་རང་སྙིང་སྐད་རྣམ་དག་གིས་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་པ་ལ་གནས། དྲི་མེད་ནོར་བུ་ ལྟ་བུར་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །སྦྱིན་པ་ལ་སོགས་ བདེ་མཉམ་འབྲས་སྟེར་དྲུག་དང་བཞི་རྣམས་ནུས་མ་བཅུ་པོ་དེ་དག་རྣམས་སུ་གསུངས། །དེ་ དག་རྣམས་ཀྱི་ཐབས་ནི་དག་པ་མཆོག་གི་སེམས་ཀྱིས་གང་བའི་བུམ་པ་རྣམ་བཅུ་དེ་རྣམས་ སོ། །བདུད་དང་ཉོན་མོངས་ཉམས་པ་འདོད་པ་ཞེས་དང་འཕྲོག་བྱེད་རྡོ་རྗེའི་ཚོགས་ནི་ལྗོན་ པ་ལ་སོགས་རྣམས། །ཕྱག་རྒྱ་དྲུག་རྣམས་སྟོང་པ་དྲུག་སྟེ་སྲིད་གསུམ་སྐྱེད་པར་མཛད་པ་ཡེ་ 7-1-357 ཤེས་རྣམ་ཤེས་གཅིག་པའོ། །འཁོར་ལོ་སྲིད་གསུམ་ཀུན་ནས་དང་བ་ཞེས་པའི་བདེ་བ་རིན་ པོ་ཆེ་འདིའི་ཆགས་པ་ཉིད་དག་ནི། །པད་མའི་ཉོན་མོངས་ཟད་པ་རལ་གྲི་རྡོ་རྗེ་དག་ཀྱང་ཡེ་ ཤེས་སྐུ་ཆེན་རྣམ་པར་མི་ཕྱེད་པའོ། །མི་ཤེས་གཅོད་པ་གྲི་གུག་མཆོག་གི་རིགས་དྲུག་རྣམས་ ཏེ་འདི་དག་རྣམས་ཀྱི་བསྐྱེད་པ་གང་ཡིན་པ། །ཕུང་པོ་ཁམས་དང་དབང་པོ་ལ་སོགས་མཁའ་ བཞིན་རོ་མཉམ་དེ་དག་རྣམས་ཀྱང་དེ་བཞིན་རིག་པར་བྱ། ། ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་རྣམས་ཇི་ལྟར་ནུས་པ་བཞིན་དྲན་པར་བྱའོ། ། དེ་ནས་བདག་ཉིད་ཀྱི་ཐུགས་ཁར་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང༌། ཞེས་པ་ནས་བཟུང་སྟེ། སྤྱོད་ལམ་གྱི་རྣལ་འབྱོར་གྱི་མཐར་ཐུག་པའི་ཆོ་ག་རྣམས་ནི་ཐུགས་ དཀྱིལ་གྱི་བསྒྲུབ་ཐབས་སུ་བསྟན་པ་ཇི་ལྟ་བ་བཞིན་ཉམས་སུ་བླངས་པས་ཆོག་ལ། འོན་ཀྱང་ བཟླས་པའི་སྐབས་སུ་ཐུགས་ཀྱི་དཀྱིལ་འཁོར་གྱི་ཁྲོ་བོ་ཡབ་ཡུམ་རྣམས་ཀྱི་སྔགས་བཟླས་ པའི་རྗེས་སུ། གསུང་དང་སྐུའི་ལྷ་རྣམས་ཀྱི་སྔགས་བཟླས་པ་ནི། སྔར་བསྟན་པའི་ལྷ་རྣམས་ ཀྱི་ས་བོན་རྣམས་གོ་རིམས་ཇི་ལྟ་བ་བཞིན་ནམ་ཡང་ན་ངག་ཏུ་བརྗོད་སླ་བའི་དབང་དུ་བྱས་ ནས་གསུང་གི་ལྷ་རྣམས་ཀྱི། ཧ་ཧཱ་ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླི་ཧླྀ་ཧཾ་ཧཿ ཀྵ་ཀྵཱ་ ཀྵི་ཀྵཱི་ཀྵྼྀ་ཀྵྼཱྀ་ཀྵུ་ཀྵཱུ་ཀྵླྀ་ཀྵླཱྀ་ཀྵཾ་ཀྵཿདེ་བཞིན་དུ། ཡ་ར་ལ་ཝ་བ་ རྣམས་དང༌། སྐུའི་ལྷ་རྣམས་ཀྱི་ཙ་ཙཱ་ཙི་ཙཱི་ཙྼྀ་ཙྼཱྀ་ཙུ་ཙཱུ་ཙླྀ་ཙླཱྀ་ཙཾ་ ཙཿ དེ་བཞིན་དུ་ཊ་སྡེ་དང་པ་སྡེ་དང་ཏ་སྡེ་དང་ས་སྡེ་དང་ཀ་སྡེའི་རིམ་པའམ་ཡང་ན་ཀ་སྡེ་ཐོག་ མར་བྱས་ཀྱང་སླ་སྟེ། སྡེ་ཚན་སོ་སོའི་ཐོག་མར་ༀ་ཡིག་དང་མཐར་ན་མཿའམ་སྭཱཧཱ། ཞེས་ པ་སྦྱར་ཏེ་བཟླས་པ་བྱ་ཞིང༌། སྒོ་སྐྱོང་ལ་སོགས་པ་རྣམས་ཀྱི་ཡང་ཤེས་པར་བྱའོ། །དཀྱིལ་ འཁོར་གསུམ་པོ་སོ་སོའི་དཔངས། །རང་རང་རྒྱ་ཡི་ཕྱེད་ཀྱི་ཚད། །དཔག་ཚད་འབུམ་ཕྲག་ གཉིས་དང་གཅིག །ཕྱེད་དུ་ངེས་པར་ཆོས་རྗེས་བཞེད། །ཁོ་བོས་དཀྱིལ་འཁོར་ཁང་པ་ཡི། ། 7-1-358 དཔག་ཚད་སྒོ་ལས་སུམ་འགྱུར་དུ། །ངེས་པའི་རྒྱུ་མཚན་བྲི་བྱ་ཡི། །ཚད་ལ་བརྟེན་ནས་ འདི་ལྟར་གོ། དེ་ལས་རྟ་བབས་ཀ་བས་ཚད། །སྒོ་ཚད་གཅིག་དང་བཞི་ཆ་བཅས། །དེ་ཉིད་ བསྒོམ་བྱའི་དཀྱིལ་འཁོར་ལ། །རྟ་བབས་ཀ་བའི་དཔངས་དུ་རིགས། །ཚད་དེ་ར་བ་རྣམས་ ཀྱི་ཡང༌། །དཔངས་སུ་ངེས་པར་འགྱུར་བ་སྟེ། །ར་བའི་སྟེང་གནས་རྟ་བབས་གདུང༌། །ཀ་བ་ རྣམས་ཀྱིས་འདེགས་ཕྱིར་རོ། །སྟེགས་བུ་ཀུན་ནས་གྲུ་བཞི་པའི། །དཔངས་སུ་སྒོ་ཚད་ཕྱེད་པ་ ཡང༌། །ར་བའི་དཔངས་ལ་རྩིག་པ་ཡིས། །སྒོ་ཚད་གཅིག་དང་བཞི་གསུམ་འགྱུར། །དེ་སྟེང་ རིན་ཆེན་སྣམ་བུ་དང༌། །བཅས་ལ་སྒོ་ཚད་ཉིས་འགྱུར་ཏེ༑ ༑དོ་ཤལ་སོགས་ཀྱི་སྒོ་ཚད་གཅིག། བརྩེགས་པས་སྒོ་ལས་སུམ་འགྱུར་གྲུབ། །སྒོ་ཁང་རྩིག་པའི་སྟེང་ལ་ཡང༌། །རིན་ཆེན་སྣམ་བུ་ ཡོད་རིགས་པས། །རྨང་ནས་རྟ་བབས་རྩེ་མོའི་བར། །སོ་སོའི་སྒོ་ཚད་རྣམ་པར་ངེས། །དེ་ལྟར་ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམ། །དཔག་ཚད་འབུམ་ཕྲག་བཞི་སོགས་གསུངས་པ་ ནི། །འཇིག་རྟེན་ཚད་ཀྱི་དག་པ་ལེགས་སྦྱར་བ། །འཇིག་རྟེན་ཁམས་ཀྱི་དཀྱིལ་འཁོར་ཞེས་ བྱ་སྟེ། །དང་པོ་ལས་ཅན་བློ་ཆུང་རྣམས་ཀྱི་བློར། །རྒྱ་ཆེན་དཀྱིལ་འཁོར་རྣམ་པ་འཆར་དཀའ་ བས། །དཔལ་ལྡན་ཤམ་བྷ་ལར་བཞུགས་དཀྱིལ་འཁོར་གྱི། །གཞལ་མེད་ཁང་པའི་ཚད་ཙམ་ བསྒོམ་བྱ་སྟཻ། །སྐུའི་དཀྱིལ་འཁོར་ཁྲུ་མཆོག་བཞི་བརྒྱ་དང༌། །གསུང་དང་ཐུགས་དང་བདེ་ ཆེན་འཁོར་རྣམས། །རིམ་བཞིན་བརྒྱ་ཕྱག་གཉིས་གཅིག་ཕྱེད་པ་སྟེ། །གཙོ་བོའི་པད་མ་ཉེར་ ལྔའི་ཁྲུ་ཚད་ལྡན། །དེ་ཡི་ལྟེ་བ་ཁྲུ་བརྒྱད་སོར་མོ་བརྒྱད། །ཕྱི་རོལ་ཁོར་ཡུག་རྡོ་རྗེ་ཕྲེང་བའི་ མཐར། །ཁྲུ་ཚད་བརྒྱ་ཕྲག་བཅུ་གཉིས་དང་ལྡན་ཞིང༌། །འོད་ཟེར་ཕྲེང་བ་ཀུན་ནས་རབ་འཕྲོ་ བ། །དེ་འདྲའི་དཀྱིལ་འཁོར་སྒོ་ཚད་སུམ་འགྱུར་གྱི། །དཔངས་ལྡན་རྟ་བབས་སྒོ་ལས་སུམ་ འགྱུར་ཅན། །གཙོ་བོ་མི་ཡི་ལུས་ཚད་སུམ་འགྱུར་ལས། །འཁོར་རྣམས་མི་ལུས་ཚད་ལྡན་ ཙམ་ཉིད་ཀྱི། །རྣམ་པ་བློ་ཡི་ཡུལ་དུ་འཆར་བྱ་སྟེ། །འཇིག་རྟེན་ཁམས་ཀྱི་ཚད་ལྡན་དཀྱིལ་ 7-1-359 འཁོར་དུ། །མོས་པ་བྱས་ནས་བློ་ལའང་རབ་འཚམས་ཞིང༌། །དགོས་པ་འགྲུབ་པར་འགྱུར་བ་ གདོན་མི་ཟ། །འབྱུང་བ་རིམ་བརྩེག་དཔག་ཚད་འབུམ་ཕྲག་བཞི། །ལྷུན་པོའི་སྟེང་ལ་དཔག་ ཚད་འབུམ་ཕྲག་ཕྱེད། །དེ་ནང་ཆུད་པའི་གཞལ་མེད་ཁང་པ་ནི། །བསྒོམ་བྱར་བཞེད་པའང་རྒྱུ་ འགྲེལ་དོན་མིན་ཏེ། །དུས་འཁོར་སྡོམ་ཆེན་གཉིས་གའི་དཀྱིལ་འཁོར་དག །འཇིག་རྟེན་ཚད་ དང་མཉམ་པར་གསུང་ཕྱིར་དང༌། །འཇིག་རྟེན་རྒྱ་ཆེན་བློ་ལ་གསལ་ནུས་ན། །དཀྱིལ་འཁོར་ དེ་ཙམ་སྒོམ་ལ་སྐྱོན་མ་མཆིས། །དེས་ན་དཀྱིལ་འཁོར་རྣམ་པ་ཇི་ཙམ་ཞིག །རང་གི་བློ་ལ་ འཚམས་ཞིང་གསལ་གྱུར་པ། །དེ་དང་འཚམས་པར་འབྱུང་བ་རིམ་བརྩེགས་སོགས། །བསྒོམ་ ནས་རྒྱ་ཆེའི་རྣམ་པར་མོས་པ་བྱ། །ཚུལ་འདི་བདག་དང་སྐལ་བ་མཉམ་པ་ཡི། །གང་ཟག་ འགའ་ལའང་ལེགས་པར་གདམས་པ་ཡིན། །དགེ་བས་བདག་གཞན་ཀུན་གྱིས་མྱུར་བར་ནི། ། ཡང་དག་དཀྱིལ་འཁོར་མངོན་དུ་བྱེད་གྱུར་ཅིག །ཞེས་པ་འདི་ནི་བསྒོམ་བྱའི་དཀྱིལ་འཁོར་ གྱི་དོན་མདོར་བསྡུས་པའོ། ། ན་མཿཤྲཱི་ཀ་ལ་ཙཀྲ་ཡ། རྣམ་ཀུན་མཆོག་ལྡན་འགྱུར་མེད་བདེ་ཆེན་སྐུ། །རྡོ་རྗེ་སེམས་ མཆོག་དཀྱིལ་འཁོར་ཀུན་གྱི་གཙོ། །སངས་རྒྱས་ཀུན་བདག་དུས་ཀྱི་འཁོར་ལོ་ཡི། །བཀྲ་ ཤིས་གང་དེས་ཁྱོད་ལ་སྐྱོང་གྱུར་ཅིག །རྒྱལ་བ་བསྐྱེད་མཛད་དཔལ་ལྡན་དུས་འཁོར་གྱི། ། སྟེང་ཞལ་ཆོས་དབྱིངས་ཡེ་ཤེས་ལས་སྤྲོས་པ། །རྒྱལ་བ་མི་བསྐྱོད་རྡོ་རྗེ་ཆོས་དབྱིངས་མ། ། ཕྱག་ན་རྡོ་རྗེ་ཆོས་ཁམས་རྡོ་རྗེ་མ། །གཙུག་ཏོར་འཁོར་ལོ་བསྒྱུར་དང་དྲག་སྤྱན་མ། །མར་ གད་མདོག་ཅན་རྡོ་རྗེའི་མཚན་མ་ཅན། །ལས་ཀུན་འགྲུབ་པའི་དངོས་གྲུབ་མཆོག་རྩོལ་ བ། །རྡོ་རྗེ་རིགས་ཀྱིས་བཀྲ་ཤིས་དམ་པ་དེས། །དེང་ཁྱོད་དཀྱིལ་འཁོར་ཀུན་དུ་ཞུགས་གྱུར་ ཏེ། །རིགས་རྣམས་ཀུན་གྱི་བདག་པོར་དབང་བསྐུར་ནས། །སྣ་ཚོགས་འཕྲིན་ལས་སྒྲུབ་ལ་ དབང་འབྱོར་པའི། །བཀྲ་ཤིས་གང་དེ་ཁྱོད་ལ་གྲུབ་གྱུར་ཅིག །མདུན་ཞལ་བྱ་གྲུབ་ཡེ་ཤེས་ 7-1-360 ལས་སྤྲོས་པ། །དོན་ཡོད་གྲུབ་དང་རྗེ་བཙུན་སྒྲོལ་མ་དང༌། །ནམ་མཁའི་སྙིང་པོ་རེག་བྱ་རྡོ་རྗེ་ མ། །བགེགས་མཐར་བྱེད་དང་ཤིན་དུ་བརྩོན་འགྲུས་མ། །མཐོན་འཐིང་མདོག་ཅན་རལ་གྲིའི་ མཚན་མ་ཅན། །མངོན་སྤྱོད་ལས་ཀྱི་དངོས་གྲུབ་རབ་སྟེར་བ། །རལ་གྲིའི་རིགས་ཀྱི་བཀྲ་ ཤིས་དམ་པ་དེས། །དེང་འདིར་ཁྱོད་ལ་བགེགས་མེད་བཀྲ་ཤིས་ཤོག །གཡས་ཞལ་མཉམ་ ཉིད་ཡེ་ཤེས་ལས་སྤྲོས་པ། །རིན་ཆེན་དབང་པོ་ཡུམ་ཆེན་གོས་དཀར་མོ། །ས་ཡི་སྙིང་པོ་རོ་ མཆོག་རྡོ་རྗེ་དང༌། །ཤེས་རབ་མཐར་བྱེད་དང་ནི་རྨུགས་བྱེད་མ། །ཉིན་བྱེད་འོད་ཅན་རིན་ ཆེན་མཚན་མ་ཅན། །དབང་དགུག་ལས་ཀྱི་དངོས་གྲུབ་རབ་རྩོལ་བ། །རིན་ཆེན་རིགས་ཀྱི་ བཀྲ་ཤིས་དམ་པ་དེས། །དེང་ཁྱོད་ཀུན་ལ་དབང་བྱེད་བཀྲ་ཤིས་ཤོག །གཡོན་ཞལ་སོར་རྟོག་ ཡེ་ཤེས་ལས་སྤྲོས་པ། །སྣང་བ་མཐའ་ཡས་དཔལ་ལྡན་མཱ་མ་ཀི། །འཇིག་རྟེན་དབང་ཕྱུག་ གཟུགས་ཀྱི་རྡོ་རྗེ་དང༌། །པད་མ་མཐར་བྱེད་ཀུན་དུ་ཁེངས་བྱེད་མ། །ཟླ་བའི་འོད་ཅན་པད་ དཀར་མཚན་མ་ཅན། །ཞི་རྒྱས་ལས་ཀྱི་དངོས་གྲུབ་ཀུན་སྩོལ་བ། །པད་མའི་རིགས་ཀྱི་བཀྲ་ ཤིས་དམ་པ་དེས། །དེང་འདིར་ཁྱོད་ལ་ཞི་རྒྱས་བཀྲ་ཤིས་ཤོག །རྒྱབ་ཞལ་མེ་ལོང་ཡེ་ཤེས་ ལས་སྤྲོས་པ། །རྣམ་པར་སྣང་མཛད་སངས་རྒྱས་སྤྱན་མ་དང༌། སྒྲིབ་པ་རྣམ་སེལ་དྲི་མཆོག་ རྡོ་རྗེ་དང༌། གཤིན་རྗེ་མཐར་བྱེད་དང་ནི་རེངས་བྱེད་མ། །གསེར་གྱི་མདོག་ཅན་འཁོར་ལོའི་ མཚན་མ་ཅན། །བདུད་བགེགས་རྨོངས་དང་རེངས་བྱེད་གྲུབ་སྟེར་བ། །འཁོར་ལོའི་རིགས་ ཀྱི་བཀྲ་ཤིས་དམ་པ་དེས། །དེང་ཁྱེད་བདུད་ལས་རྒྱལ་བྱེད་བཀྲ་ཤིས་ཤོག །འོག་ཞལ་ཆོས་ དབྱིངས་ཡེ་ཤེས་ལས་གྲུབ་པའི། །རྡོ་རྗེ་སེམས་དཔའ་དཔལ་ལྡན་སྣ་ཚོགས་ཡུམ། །ཀུན་དུ་ བཟང་པོ་སྒྲ་ཡི་རྡོ་རྗེ་དང༌། །གནོད་མཛེས་རྒྱལ་པོ་ཤིན་དུ་སྔོན་མོ་སྟེ། །བེ་དུར་མདངས་ཅན་ གྲི་གུག་མཚན་མ་ཅན། །ལས་མཆོག་ཀུན་སྒྲུབ་དངོས་གྲུབ་སྟེར་མཛད་པ། །གྲི་གུག་རིགས་ ཀྱི་བཀྲ་ཤིས་དམ་པ་དེས། །དེང་འདིར་ཁྱེད་ཀྱི་དོན་ཀུན་གྲུབ་གྱུར་ཅིག །བྱང་ཆུབ་ཕྱོགས་ཀྱི་ 7-1-361 ཆོས་རྣམས་རྣམ་དག་པ། །སུམ་བཅུ་རྩ་དྲུག་དཀྱིལ་འཁོར་བདག་པོར་བཅས། །དུས་འཁོར་ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི། །ཤིས་པ་བརྗོད་དེས་དགེ་ལེགས་འཕེལ་གྱུར་ཅིག ། ཚུལ་འདིས་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ། །དགེ་སློང་ཆོས་ཀྱི་རྒྱལ་པོས་ལེགས་སྦྱར་ཏེ། ། བདག་ཅག་ཡོན་མཆོད་འཁོར་བཅས་སྐྱེ་དགུ་རྣམས། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་ གྱུར་ཅིག །ཤུབྷཾ། བཀྲ་ཤིས་པར་གྱུར་ཅིག །དགེའོ། ། 7-1-362 ༄༅། །དཔལ་དུས་ཀྱི་འཁོར་ལོའི་བདག་འཇུག་གི་ ཆོ་ག་བདུད་རྩིའི་རོལ་མཚོ་ བཞུགས་སོ། ། ༄༅། །དཔལ་དུས་ཀྱི་འཁོར་ལོའི་བདག་འཇུག་གི་ཆོ་ག་བདུད་རྩིའི་རོལ་མཚོ་ཞེས་བྱ་ བ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ལ་ཕྱག་འཚལ་ལོ། ། གང་གིས་བྱང་ཆུབ་ཤིང་དབང་དྲུང་དུ་མ་ལུས་བདུད་ཀྱི་སྡེ་བཅོམ་ཞིང༌། ། མངོན་པར་དབང་བསྐུར་ཀུན་གྱི་མཆོག་ཐོབ་ཉིད་ཀྱིས་ལེགས་གཟིགས་ཆོས་ཀྱི་ དབྱིངས། ། གསུང་གི་དབང་ཕྱུག་དཀྱིལ་འཁོར་ཆེན་པོར་རྒྱལ་བའི་སྲས་རྣམས་དབང་བསྐུར་ཏེ། ། དཔལ་ལྡན་རྒྱུད་རྒྱལ་གསང་ཆེན་མཛོད་སྟོན་སྐྱོབ་པ་དེ་ཉིད་ལ་ཕྱག་འཚལ། ། རྡོ་རྗེ་ཅན་དབང་བདུད་རྩིའི་ཆུ་རྒྱུན་གྱིས། ། རྡོ་རྗེའི་ཕྲེང་ལྟར་རྒྱུད་མར་བྱིན་བརླབས་ནས། ། རྡོ་རྗེ་འཛིན་པའི་ཕུན་ཚོགས་སྩོལ་མཛད་པ། ། རྡོ་རྗེ་སློབ་དཔོན་རིམ་ཀུན་གུས་པས་མཆོད། ། བླ་མེད་ཐེག་མཆོག་རི་དབང་སྟེང་བཞུགས་ཤིང༌། ། མཐའ་ཡས་ཆོས་ཚུལ་གཟིགས་པའི་སྤྱན་སྟོང་ཅན། ། 7-1-363 རྡོ་རྗེ་མཆོག་འཛིན་ལྷ་དབང་ཆོས་ཀྱི་རྗེ། ། དཔལ་ལྡན་བླ་མའི་ཞབས་པད་ལ་བཏུད་དེ། ། བདག་གཞན་བསོད་ནམས་མངོན་པར་སྤེལ་བའི་སླད། ། ཟབ་ཡངས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ། ། བདག་ཉིད་འཇུག་ཅིང་དབང་རྣམས་བླང་བའི་ཚུལ། ། རྣམ་དག་ཆོ་གའི་རིམ་པ་བདག་གིས་བྲི། ། འདིར་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་མངོན་པར་དབང་བསྐུར་བ་ རྣམས་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་ལ་ལྷག་པར་གནས་པ། ལམ་རིམ་པ་གཉིས་ལ་ བརྩོན་པའིརྣལ་འབྱོར་པས། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མངོན་པར་བསྒྲུབ་ པའི་ཕྱིར། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བདག་ཉིད་འཇུག་ ཅིང་དབང་བསྐུར་བ་རྣམས་ཡང་དག་པར་བླང་བར་བྱའོ། །དེ་ཡང་འདི་ལྟར། དུས་སྦྱོར་ལ་ སོགས་པ་བཟང་པོ་དང་ལྡན་པའི་ཚེས་ལྔ་དང༌། བཅུ་དང་བཅོ་ལྔ་དག་གམ་ཉི་མ་བཟང་པོ་ གཞན་ལ་ཡང་རུང་སྟེ། སྔགས་པས་དཀྱིལ་འཁོར་གྱི་དོན་དུ་ཡོངས་སུ་བརྟགས་པའི་སར་ སོང་ནས་དབུས་སུ་འཇམ་པའི་སྟན་ལ་ཤར་དུ་མངོན་པར་ཕྱོགས་པས། ཉེ་བར་འདུག་ལ། དང་པོར་ཁ་དག་པ་དང༌། རིགས་དྲུག་དགོད་པ་དང༌། ཡན་ལག་དྲུག་དགོད་པ་དང༌། བདུད་ བསྲེག་པ་དང༌། སྲུང་བའི་འཁོར་ལོ་བསྒོམས་ཤིང༌། སྲུང་མ་རྣམས་ལ་གཏོར་མ་ཕུལ་ནས་ གཤེགས་སུ་གསོལ་ཏེ། དེ་བཞིན་གཤེགས་པ་རྣམས་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་ བ་ཅན་གྱི། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་དང༌། ཐིག་ལེའི་རྣལ་འབྱོར་ དང༌། ཕྲ་མོའི་རྣལ་འབྱོར་རྣམས་བསྒོམས་ནས། སྔགས་ཀྱི་བཟླས་པ་ཅི་རིགས་པར་བྱས་ཏེ། ལྷའི་ང་རྒྱལ་ལ་གནས་པའི་ས་ཡོངས་སུ་གཟུང་བ་ལ་སོགས་པ་བྱའོ། ། 7-1-364 དེ་ལ་དང་པོར། ཡུལ་དང་གྲོང་གི་བདག་པོ་ལ། སྒྲུབ་ཐབས་སུ་བསྟན་པའི་ཆོ་གས་ གཏོར་མ་བྱིན་ནས་ས་[བླང་{བསླང་}བར་བྱ་སྟེ། རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ་དང་བཅས་ པས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་ བདག་གིས་[བླང་{བསླང་}བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱེད་ཀྱིས་གསོལ། །ཞེས་ལན་ གསུམ་དུ་གསོལ་བ་གདབ་པོ། །དེ་ནས་མདུན་དུ་དྲི་བཟང་པོའི་མནྚལ་བྱས་པར་མེ་ཏོག་གི་ ཚོམ་བུ་བཀོད་ནས། རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ལཱཾ་ལས་བྱུང་བའི་ [འཁོར་ལོ་{དཀྱིལ་འཁོར་}སེར་པོ་ཡོངས་སུ་གྱུར་པ་ལས། སའི་ལྷ་མོ་སྐུ་མདོག་སེར་མོ་ ཞལ་གསུམ་ཕྱག་དྲུག་མ་གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ་པད་མའི་འདུག་སྟངས་ ཀྱིས་བཞུགས་པ། ཕྱག་གཡས་པ་རྣམས་ཀྱིས་འཁོར་ལོ་དང་དབྱུག་པ་དང་རྡོ་རྗེ་དང༌། གཡོན་ པ་རྣམས་ཀྱིས་དུང་དང༌། ལྕགས་སྒྲོག་དང༌། རྡོ་རྗེ་དྲིལ་བུ་འཛིན་ཅིང༌། ན་བཟའ་སེར་པོ་ཅན། རིན་པོ་ཆེའི་རྒྱན་སེར་པོས་བརྒྱན་པ་<དེའི་དཔྲལ་བར་ༀ་མགྲིན་པར་ཨ་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་བསྐྱེད་ པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་བ།> བསྒོམས་ནས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་དང༌། ཛཿཧཱུཾ་བཾ་ཧོཿ ཞེས་པས་ཡེ་ཤེས་སེམས་དཔའ་བཀུག་ནས། དམ་ཚིག་སེམས་དཔའ་དང་རོ་ གཅིག་ཏུ་<གྱུར་>བྱས་ཏེ། ༀ་ལཱཾ་ཨཱཿཧཱུཾ་བ་སུན་དྷཱ་རི་སརྦ་བུ་དྷ་ཛ་ན་ནི་སརྦ་ས་ཏྭ་ཨུ་པ་ཀཱ་རི་ ཎི། བཛྲ་སཏྭ་ཨཉྫ་པ་ཡ་ཏི་ཤཱི་གྷྲཾ་ཨཱ་གཙྪ་ཨཱ་གཙྪ་ཨི་དམཿ གྷན་དྷཾ། པཥྤཾ། དྷུ་པཾ། དི་པཾ། ནྱཻ་ ཝེ་དྱཾ། ཕ་ལ་ཨ་ཀྵ་ཏཾ། ད་དཱ་མི་ཏ་བ་ཏྭ་མེ་བ་གྲིཧྣ་གྲིཧྣ་མཎྜ་ལ་ཨརྠཾ་མ་མསྠཱ་ནཾ་ད་ད། ཞེས་ པས། སྙིང་ཁའི་སའི་ལྷ་མོ་དེ་ཉིད་ཕྱི་རོལ་ཏུ་དྲིའི་མཎྜལ་གྱི་<འཁོད་པར་གྱུར་>སྟེང་དུ་སྤྱན་ དྲངས་ནས། མཆོད་ཡོན་གྱི་སྣོད་དུ་མཆོད་ཡོན་གྱི་ཆུ་དྲི་དང༌། མེ་ཏོག་དང་བཅས་པ་དང༌། དེ་ བཞིན་དུ་ཞབས་བསིལ་ལ་སོགས་པ་ཆུ་བཞི་བཤམས་སྟེ། མདུན་དུ་བཟེད་ཞལ་གྱི་སྣོད་སྟོང་ པ་གསུམ་བཞག་ལ། ༀ་བ་སུན་དྷ་རི་ས་པ་རི་ཝ་རེ་བྷྱེཿ ཨརྒཾ་པྲ་ཏི་ཙྪ་ན་མཿ ཞེས་པས་མཆོད་ 7-1-365 ཡོན་དང༌། དེ་བཞིན་དུ་ཀུན་ལ་སྦྱར་ཏེ། པ་ཏྱཾ་གིས་ཞབས་བསིལ་དང། ཨཉྩ་མ་ནཾ་གིས་ཞལ་ བསིལ་དང༌། པྲོཾ་ཀྵ་ནཾ་གིས་གསང་གཏོར་དབུལ་ཞིང༌། གན་དྷཾ། སུཥྤཾ། དྷུ་པཾ། དཱི་པཾ། ནཻ་བེ་དྱཾ། ཕ་ལ་ཨཀྵ་ཏཾ་<པྲ་ཏི་ཙྪ་ན་མོ་>ཞེས་པ་རྣམས་ཀྱིས་དྲི་དང་མེ་ཏོག་ལ་སོགས་པ་དབུལ་ལོ། ། གཏོར་མ་<བྱིན་རླབས་བྱས་ནས་>ཡང༌། ༀ་ཨཱཿཧཱུཾ་བ་སུན་དྷ་རི་ས་པ་རི་ཝཱ་རེ་བྷྱེཿ <ཨི་ དམ་བ་ལིཾ་ཏ་ནས་ཨ་ཛྙཱ་པ་ཡ་ཏི་སྭཧཱ་>ཞེས་སོགས་ཀྱི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ ནས་རྡོ་རྗེ་དང་དྲིལ་བུ་འཛིན་པས། ༀ་ཚུར་སྤྱོན་ཚུར་སྤྱོན་ས་ཡིས་ནི། །ལྷ་མོ་ཆེན་མོ་འཇིག་ རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་མ། །བཟང་པོའི་བརྒྱན་གྱིས་རྣམ་བརྒྱན་མ། །དོ་ ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་[ནི་{དག་} བཞེས་ནས་སུ། །དཀྱིལ་འཁོར་ལས་ནི་ལེགས་གྲུབ་མཛོད། །ཅེས་པ་ལན་གསུམ་དང༌། རྒྱལ་བས་ལྷའི་བདག་པོ་དང་བཅས་བདུད་ནི་བཅོམ་པ་དག་ལ་ལྷ་མོ་ཁྱོད་ནི་དཔང་དུ་གྱུར། ། དེ་ཕྱིར་ཁྱོད་ནི་མཆོད་པར་བྱ་ཡིས་ལྷ་མཆོག་གིས་བཏུད་བཞེས་ཤིག་བཞེས་ཤིག་བདག་ གི་མཆོད་ཡོན་ནོ། །ཇི་ལྟར་རྒྱལ་བས་བྱང་ཆུབ་སླད་དུ་བདུད་ཀྱི་སྡེ་ནི་སྟོབས་ལྡན་དག་ཀྱང་ རབ་ཏུ་བཅོམ་གྱུར་པ། །དེ་བཞིན་བདག་གིས་ཀྱང་ནི་སློབ་མ་རྣམས་ལ་དབང་བསྐུར་སླད་དུ་ བདུད་རྣམས་ཉམས་པ་དག་དུ་བྱ། །ཁྱོད་དཔང་དུ་གྱུར་པས་སོ། །ཞེས་{པ་}ལན་གསུམ་གྱིས་ བསྟོད་ཅིང་གསོལ་བ་བཏབ་ནས། སརྦ་སཏྭ་ནཾ། ཤཱནྟིཾ། པུཥིཾ། ྟ ཀྲིཏྭ་ཤུ་བྷ་ཙིཏ་ཏེ་ན། ཨི་དཾ་སྠཱ་ ནཱཾ། ཏྱཀ་ཏྭ་ཨ་པ་ར་སྠཱ་ནཱཾ། གཙྪ་གཙྪ་སྭཱ་ཧཱ། ཞེས་པས། ཡེ་ཤེས་པ་གཤེགས་སུ་གསོལ་ཞིང་ དམ་ཚིག་པ་རང་གི་སྙིང་ཁར་བསྡུའོ། །ས་སྦྱང་བའི་དོན་དུ་ས་སྐོ་བར་མི་བྱེད་པའི་ཚེ་ནི༑ ཨ་ པ་ར་སྠཱ་ནཱཾ། ཞེས་པའི་གནས་སུ། སྭ་སྠཱ་ནཾ་ཞེས་པ་གཞུག་པར་བྱའོ། །དེ་ནས་ས་སྦྱང་བའི་ དོན་དུ་ཆུའམ་རྡོ་ལ་ཐུག་པར་བསྐོས་ནས་ལས་དང་རྗེས་སུ་མཐུན་པའི་སས་དགང་བའི་ཚུལ་ ནི་གཞན་དུ་ཤེས་པར་བྱ་ཞིང༌། གང་ཡང༌། ཁང་བཟང་བྲག་སྟེང་བ་ལང་ལྷས། །གཙུག་ལག་ 7-1-366 ཁང་སོགས་ཆུ་འགྲམ་དང༌། །སྔོན་འདུས་བྱས་པའི་གནས་དག་དུ། །མ་བརྐོས་ན་ཡང་དག་ པ་ཡིན། །ཞེས་པའི་གནས་སུ་ནི། ༀ་ཨཱཿབིགྷྣ་ཨན་ཏ་ཀྲིད་ཧཱུཾ་ཞེས་པ་བཟླས་ཤིང་ཡུངས་ཀར་ དང་དྲིའི་ཆུ་དང་ཐལ་བ་རྣམས་ཀྱིས་བསངས་ཏེ། ༀ་བྷུ་ཁཾ་ཞེས་བརྗོད་ཅིང་རྡོ་རྗེ་དང་བཅས་ པའི་ལག་པས་ས་ལ་རེག་སྟེ། ནམ་མཁའི་རང་བཞིན་དུ་བསམ་ཞིང༌། ཧཱུཾ་ལཾ་ཧཱུཾ་ཞེས་པས་རྡོ་ རྗེའི་རང་བཞིན་དུ་བསྒོམས་ནས། ༀ་མེ་དི་ནཱི་བཛྲི་བྷ་ཝ་བཛྲ་བན་དྷ་ཧཱུཾ་ཞེས་པ་དང༌། ༀ་ཧ་ ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ་ཅེས་པ་དང༌། ༀ་ཨཱཿཧཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཅེས་ བརྗོད་ཅིང་ལག་པ་རེག་སྟེ་བྱིན་གྱིས་བརླབ་ཅིང༌། ས་གཞི་དྲིས་བྱུགས་ལ་མེ་ཏོག་བསིལ་མ་ གཅལ་དུ་དགྲམ་པར་བྱའོ། །དེའི་དབུས་སུ་བདག་ཉིད་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ ཤར་དུ་མངོན་པར་ཕྱོགས་པས་འདུག་སྟེ། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཙུན་མོར་ བཅས་པ་ནམ་མཁའ་གང་བར་བཞུགས་པ་ཐམས་ཅད་ལ། མཆོད་ཡོན་ལ་སོགས་པ་མཆོད་ པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ ཏེ། བདུག་སྤོས་དང་བཅས་པའི་རྡོ་རྗེ་དང་དྲིལ་བུ་འཛིན་པས། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་ བསམ་སྟེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། ། བདག་ནི་རྡོ་རྗེ་ཆེ་གེ་ཡིས། །འདིར་ནི་དཀྱིལ་འཁོར་བྲི་བར་བགྱི། །སངས་རྒྱས་ལ་སོགས་ ཀུན་བྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་གསོལ། །ཞེས་པ་དང༌། གང་དག་ཕྱོགས་ རྣམས་ཀུན་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉེས་པ་རྣམ་བྲལ་བཙུན་མོ་དང་བཅས་ པ༑ ༑དེ་དག་རྣམས་ཀྱི་མཆོག་གི་ཐུགས་རྗེས་དཀྱིལ་འཁོར་དུ་ནི་དབང་བསྐུར་སླད་དུ་བདག་ ལ་བརྐྱང་དུ་གསོལ། །ཞེས་ལན་གསུམ་བརྗོད་པས་གསོལ་བ་གདབ་པར་བྱའོ། །དེ་ནས་ བསྲུང་བའི་འཁོར་ལོ་རྒྱས་པར་བསྒོམས་ནས། བགེགས་དང་ལོག་འདྲེན་རྣམས་ལ་ཕུར་ བུས་གདབ་པར་བྱ་སྟེ། སེང་ལྡེང་ངམ་ནྱ་གྲོ་དྷ་དང༌། ཨ་ཤད་ཐཱ་དང་ཨུ་དུམ་བ་ར་ལས་བྱས་ 7-1-367 པའི་ཕུར་བུ་བཅུ་སྟོད་ཁྲོ་བོ་དང་སྨད་ཕུར་བུའི་རྣམ་པ་ཅན་དུ་བསྒོམ་སྟེ། བདག་ཉིད་ཁྲོ་བོའི་ དབང་པོ་རྡོ་རྗེ་ཤུགས་དང་སློབ་མའམ་སྒྲུབ་པའི་གྲོགས་ཕྱོགས་བཅུ་རྣམས་ཀྱི་ཁྲོ་བོའི་ང་རྒྱལ་ དང་ལྡན་པས། བདག་ཉིད་ཀྱིས་སམ། སློབ་མའམ་གྲོགས་ལ་གཏད་པས། དཀྱིལ་འཁོར་ གྱི་སྟེང་དང། ཤར་དང་ལྷོ་དང་བྱང་དང་ནུབ་དང༌། རླུང་དང༌། དབང་ལྡན་དང༌། བདེན་བྲལ་ དང༌། མེ་དང་འོག་གི་ཕྱོགས་རྣམས་སུ་གནས་པའི་བདུག་པ་རྣམས་ཀྱི་སྟེང་དུ། སྔགས་ཀྱི་ ཚིག་རྣམས་དང་བཅས་པས་ཕུར་བུས་གདབ་ཅིང༌། བརྡུང་བའི་སྔགས་དང་རྡོ་རྗེ་ཐོ་བས་ བརྡུང་བར་བྱས་ཏེ། སྟེང་གི་ཕུར་བུ་ནི་ཤར་གྱི་ཕུར་བུའི་ཤར་དང༌། འོག་གི་ཕུར་བུ་ནི་ནུབ་ཀྱི་ ཕུར་བུའི་ནུབ་ཏུའོ། །ཕུར་བུ་རྣམས་བསྲུང་བའི་དོན་དུ་ཁྲོ་བོའི་རྒྱལ་པོ་རྣམས་སྔགས་ཀྱི་ཚིག་ གིས་ཕྱོགས་བཅུར་དགོད་པར་བྱ་སྟེ། ཕུར་བུ་རྣམས་བཏབ་པའི་རིམ་པ་བཞིན་དུའོ། །སྔགས་ ཀྱི་ཚིག་རྣམས་ནི་སྒྲུབ་ཐབས་ལས་འབྱུང་ངོ༌། །དེ་ནས་ཁྲོ་བོའི་དབང་པོའི་ང་རྒྱལ་ལ་གནས་ པས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་གཡོན་དང་གཡས་ཀྱིས་རྐང་འཐིལ་དག་ལ་རེག་ཅིང༌། ཧཱུཾ་ཧཱུཾ་ ཞེས་པ་དག་བཀོད་ནས། དཀྱིལ་འཁོར་གྱི་དབུས་སུ་གཡས་བརྐྱང་དང༌། གཡོན་བརྐྱང་དང༌། མཉམ་པའི་སྟབས་ཀྱིས་བཅག་པར་བྱའོ། །དེ་བཞིན་དུ་རལ་གྲིའི་ཕྱག་རྒྱས་རེག་ཅིང༌། ཡཾ་ ཡཱཿ དག་བཀོད་ནས་ཤར་དུ་ཟླུམ་པོའི་སྟབས་དང༌། རིན་པོ་ཆེའི་ཕྱག་རྒྱས་རེག་ཅིང༌། རཾ་རཱཿ དག་བཀོད་ནས་ལྷོར་རོལ་བའི་སྟབས་དང༌། འཁོར་ལོའི་ཕྱག་རྒྱས་རེག་ཅིང་ལམ་ལཱཿ དག་ བཀོད་ནས་ནུབ་དུ་རྡོ་རྗེའི་[གདན་གྱིས་{སྟབས་ཀྱིས་}བྱིན་གྱིས་བརླབས་པའམ་ས་གའི་ སྟབས་དང༌། པད་མའི་ཕྱག་རྒྱའི་རེག་ཅིང་ཝཾ་ཝཱཿ དག་བཀོད་ནས་བྱང་དུ་པད་མའི་གདན་ གྱིས་བྱིན་གྱིས་བརླབས་པའི་ཏཎྜ་བའི་སྟབས་ཀྱིས་བཅག་པར་བྱའོ། །དེ་ནས་དཀྱིལ་འཁོར་ གྱི་ས་གཞི་{བཛྲ་}གན་དྷཾ་ལ་སོགས་པའི་སྔགས་ཀྱིས་ཚིག་རྣམས་ཀྱིས་དྲི་ལ་སོགས་པས་ མཆོད་ནས། ༀ་ཨཱཿ ལཾ་ཧཱུཾ་བཛྲ་བྷུ་མི་ཏིཥྛ་མ་ཨ་ཙ་ལ་ཧཱུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཨཉྫ་པ་ཡ་ཏི་སྭཧཱ། 7-1-368 ཞེས་པ་འདིས་རྡོ་རྗེའི་ས་སྤྱན་དྲངས་ནས། དཀྱིལ་འཁོར་གྱི་ས་གཞི་དང་རོ་གཅིག་དུ་བྱས་ཏེ། སླར་ཡང་མཆོད་ཡོན་ལ་སོགས་པ་དབུལ་བར་བྱའོ། །སྤྲོས་པ་ལ་དགའ་བ་ནི། སངས་རྒྱས་ རྣམས་ལ་གསོལ་བ་བཏབ་པའི་རྗེས་སུ་ཕྱོགས་བཞི་ནས། སེམས་ཅན་ཀུན་གྱི་སེམས་ཆེན་ པོ། །ཞེས་པ་ལ་སོགས་པའི་གསོལ་བ་བཏབ་པའམ། ཡང་ན་གསོལ་བ་བཏབ་པ་མེད་པར་ བསྒོམས་པའི་དཀྱིལ་འཁོར་ནམ་མཁའ་ལ་བཀོད་དེ། ཕྱག་རྒྱ་དང་སེམས་བསྐྱེད་དང༌། ཁྲོ་ བོའི་ང་རྒྱལ་དང༌། རྡོ་རྗེའི་ལྟ་བས་ཕྱོགས་ཐམས་ཅད་དུ་བལྟ་ཞིང་འགྲོ་བས་ང་རྒྱལ་བསྐྱེད་ པ་དང༌། རྡོ་རྗེའི་འགྲོས་རྣམས་ཀྱིས་བསྐོར་ཞིང་བགེགས་ལ་བཀའ་བསྒོ་བ་བྱས་པའི་རྗེས་ སུ། སྔར་བསྟན་པའི་ཕུར་བུ་གདབ་པ་དང༌། རྡོ་རྗེའི་རྐང་སྟབས་རྣམས་བྱའོ། །བསྡུས་པ་ལ་ དགའ་བའི་ནི་གསོལ་བ་བཏབ་པའི་རྗེས་སུ་བགེགས་ལ་ཕུར་བུས་གདབ་པའི་ཡང་སྔགས་ དང༌། ཏིང་ངེ་འཛིན་ཙམ་གྱིས་བྱ་ཞིང༌། རྐང་སྟབས་ཀྱིས་བཅག་པ་ཡང་མེད་པར་རྡོ་རྗེའི་ས་ སྤྱན་དྲངས་བ་ཙམ་ཞིག་བྱ་སྟེ། རྡོ་རྗེ་ཡིས་ས་ལྷག་པར་གནས་པའི་ཆོ་གའོ། །འདིར་སླར་ཡང་ སའི་ལྷ་མོ་ལྷག་པར་གནས་པ་བྱ་བ་ནི་མ་གསུངས་པའི་ཕྱིར་བྱ་མི་དགོས་སོ། །དེ་བཞིན་དུ་ སངས་རྒྱས་རྣམས་ལ་གསོལ་བ་གདབ་པ་ལས་གཞན་པའི་ལྷ་ལྷག་པར་གནས་པ་ཞེས་པ་ ཡང་མ་གསུངས་མོད། །ཆོ་གའི་ལུགས་གཞན་ལས་འབྱུང་བ་ལྟར་ལྷ་ལྷག་པར་གནས་པ་བྱ་ བར་འདོད་ན། །དཀྱིལ་འཁོར་གྱི་ས་གཞི་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་པོའི་ཆུས་ བྱུག་ཅིང༌། ཚད་ཀྱི་དོན་ཙམ་ཐིག་བཏབ་ལ། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་ཆུ་བཞི་སྔོན་དུ་ འགྲོ་བའི་མཆོད་པ་རྣམས་ཀྱིས་བསྐོར་ཞིང་གོས་[གཟུངས་{བཟུང་}དང༌། ནང་མཆོད་དང་ གཏོར་མ་དང༌། རྡོ་རྗེ་དྲིལ་བུ་དང་རོལ་མོ་ལ་སོགས་པའི་ཡོ་བྱད་རྣམས་སྟ་གོན་དུ་བྱ་སྟེ། ཕྱི་ དྲོའི་དུས་སུ་ཁྲུས་བྱ་ཞིང་སྒྲུབ་པའི་གྲོགས་དང་བཅས་པ་ཤར་གྱི་ཕྱོགས་སུ་དཀྱིལ་འཁོར་ལ་ མངོན་དུ་ཕྱོགས་པས་འདུག་ཏེ། སྔོན་དུ་འགྲོ་བའི་གཏོར་མ་མཁའ་ 7-1-369 འགྲོ་སྤྱི་གཏོར་གྱིས་འབྱུང་པོ་རྣམས་ལ་བསྔོས་ནས་སྣོད་མ་ཡིན་པའི་འབྱུང་པོ་རྣམས་ བདུད་བསྲེག་པའི་སྔགས་ལ་སོགས་པའི་བསྐྲད་ཅིང༌། སྣོད་དང་ལྡན་པ་རྣམས་ལ། དཀྱིལ་ འཁོར་གྱི་བྱ་བ་སྒྲུབ་པའི་གྲོགས་བཅོལ་ནས། གནས་དང་ཡོ་བྱད་རྣམས་ལ་ཀུ་ཤའི་རྩེ་མོས་ བླངས་པའི་དྲིའི་ཆུའམ་རྡོ་རྗེའི་རྩེ་མོས་བླངས་པའི་ནང་མཆོད་ཀྱིས་གཏོར་ལ། དྭངས་ཤིང་ ཐོགས་པ་མེད་པ་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཅིང༌། ༀ་ཧོ་བཛྲ་གཎ་ཊེ་ཞེས་སོགས་ཀྱིས་ སྔགས་བརྗོད་ཅིང༌། རྡོ་རྗེ་དྲིལ་བུ་དཀྲོལ་བ་དང༌། རོལ་མོ་རྒྱ་ཆེན་པོ་བྱའོ། །དེ་ནས་ལས་ཀྱི་ སློབ་མས་རྣལ་འབྱོར་ལ་གནས་པར་གསོལ་བ་བཏབ་སྟེ། ལྷའི་རྣལ་འབྱོར་བསྒོམས་ཤིང་ སྔགས་ཀྱི་བཟླས་པ་ཅི་རིགས་པ་བྱས་ལ། སླར་ཡང་མཆོད་རྫས་རྣམས་གོང་བཞིན་དུ་བསང་ ཞིང༌། སྭ་བྷ་ཝས་སྦྱངས་པའི་ངང་ནས། ༀ་ཨཱཿཧཱུཾ་ལས་བྱུང་བའི་ལྷ་རྫས་ཀྱི་མཆོད་པ་ས་ དང་བར་སྣང་གང་བར་བསྐྱེད་ནས། ༀ་བཛྲ་གྷན་དྷཾ་སྭ་ཧཱ། ཞེས་པ་ལ་སོགས་པ་སོ་སོའི་ སྔགས་ཀྱིས་བྱིན་གྱིས་བརླབ་པོ། །སྔོན་འགྲོའི་གཏོར་མ་ལ་སོགས་པ་འདི་དག་ས་ཡོངས་ སུ་བཟུང་བའི་[དོན་དུ་{སྔོན་དུ་ཡང་}བྱ་ཞིང༌། ས་ཆོག་དང་ལྷ་གནས་གཞན་རྣམས་སྦྲེལ་ ཏེ་བྱེད་པ་ན་ལན་གཅིག་གིས་ཆོག་གོ། དེ་ནས་ལྷ་རྣམས་ཀྱི་གནས་སུ་དྲི་བཟང་པོའི་མནྚལ་ བྱས་ལ། མེ་ཏོག་གི་ཚོམ་བུ་བཀོད་ནས། རང་གི་དམ་ཚིག་གི་འཁོར་ལོ་ཇི་ལྟར་བར་བསྒོམས་ ཤིང་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས། དམ་ཚིག་སེམས་དཔའ་དང་རོ་གཅིག་ཏུ་བྱས་ སྟེ། དབང་བསྐུར་ཞིང་རྒྱས་གདབ་པ་ལ། མཆོད་ཡོན་ལ་སོགས་པ་དང་མཆོད་པ་བཅུ་གཉིས་ ཀྱིས་མཆོད་ཅིང༌། ལྷ་རྫས་ཀྱི་གོས་ཟུང་དཔག་ཏུ་མེད་པ་ལྷ་རྣམས་ལ་ཕུལ་བར་མོས་པ་བྱ་ སྟེ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་ འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པཱ་རི་ཝཱ་རེ་བྷྱེཿ ༀ་བཛྲ་ ཝསྟྲ་ཨཱཿ་ཧཱུཾ། ཞེས་པས་གོས་ཟུང་ཕུལ་ནས། བྱིན་གྱིས་བརླབ་པའི་ནང་གི་དམ་ཚིག་གི་རྫས་ 7-1-370 ཀྱིས་མཆོད་ཅིང་བསྟོད་པ་རྣམས་ཀྱིས་མངོན་པར་བསྟོད་ལ༑ པུས་མོ་གཡས་པའི་ལྷ་ང་ལས་ བཙུགས་ཤིང༌། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་ཧཱུཾ་གིས་མཚན་པར་བསམ་ཏེ། ལག་ པ་གཡས་པར་རྡོ་རྗེ་དང་བཅས་པའི་སྤོས་ཕོར་ཐོགས་ནས། གཡོན་པས་རྡོ་རྗེ་དྲིལ་བུ་དཀྲོལ་ ཞིང༌། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་ མ་རྣམས་ལ་བརྩེ་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་ བདག་ཉིད་ཅན། །དཀྱིལའཁོར་འབྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་ གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་ཕྱིར་སྩོལ། ། བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་ དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ ལ་མངོན་དགའ་བ༑ ༑གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་ཡང་དག་དགོངས་སུ་ གསོལ། །བདག་ནི་རྡོ་རྗེ་ཆེ་གེ་ཅན། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་ པ་ཉེར་སྦྱོར་བས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་ བརྩེ་བས་ཉེར་བཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་བྱོན་པར་ མཛད་པར་རིགས། །ཞེས་དོན་མངོན་དུ་བྱེད་ཅིང་ལན་གསུམ་བརྗོད་པས་གསོལ་བ་གདབ་ པར་བྱའོ། །སྦྱིན་བསྲེག་དང་འབྲེལ་ན་འདིར་ཞི་བའི་སྦྱིན་བསྲེག་བྱའོ། །ལྷ་ལྷག་པར་གནས་ པའི་ཆོ་གའོ། །དེ་ནས་མཚན་ཉིད་དང་ལྡན་པའི་བུམ་པ་རྩ་བ་དང་ནག་ནོག་མེད་པ་བཅུའམ་ ལྔ་རྣམས། ཙན་དན་དཀར་པོ་དང་སཱ་ལི་བཏགས་པས་བྱུགས་ནས་དཀར་པོར་བྱས་ཏེ། གོས་ དཀར་པོ་གཙང་མས་མགྲིན་པར་བཅིངས་ཤིང༌། ཡལ་འདབ་དང་ལྡན་པའི་ཤིང་གིས་ཁ་ བརྒྱན་ནས་སྲད་བུ་དཀར་པོ་རྣམས་ཀྱིས་དཀྲི་བར་བྱ་ཞིང༌། གུ་གུལ་གྱིས་དུ་བས་བསངས་ ཏེ། ཆུ་གཙང་མས་དགང་ཞིང༌། རིན་པོ་ཆེ་ལྔ་དང༌། ལྕགས་ལྔ་དང༌། དྲི་ལྔ་དང༌། སྨན་ལྔ་ 7-1-371 དང༌། འབྲུ་ལྔ་རྣམས། །ཁ་དོག་སོ་སོ་དང༌། ཆ་སོ་སོའི་དབྱེ་བས། བུམ་པ་སོ་སོའི་ནང་དུ་ མ་འདྲེས་པར་བཞག་{གཞུག་}པར་བྱ་ཞིང༌། རིན་པོ་ཆེ་རྣམས་མ་འབྱོར་ན་ཁ་དོག་ལྔའི་མེ་ ཏོག་དྲི་བཟང་པོ་རྣམས་སོ། །སླར་ཡང་ཉི་ཤུ་རྩ་ལྔ་པོ་ཐམས་ཅད་ཐུམ་བུར་བཅིངས་ནས་ དུང་ཆོས་ཆུས་གང་བར་གཞུག་པར་བྱའོ། །དེ་ནས་བུམ་པ་ལྔའི་བྱ་བ་ལ་རྒྱལ་བའི་བུམ་པ་ དང༌། ཕྱོགས་བཞིའི་བུམ་པ་སྟེ༑ དུང་ཆོས་ནི་རྣམ་པར་རྒྱལ་བ་ཡིན་ལ། བུམ་པ་བཅུའི་བྱ་བ་ ལ་ནི། དེའི་སྟེང་དུ་མཚམས་བཞིའི་བུམ་པ་དང༌། རྣམ་པར་རྒྱལ་བའི་བུམ་པའི་[སྟེང་{སྟེ}། དུང་ཆོས་ནི་རྣམ་པར་རྒྱལ་བ་ཆེན་པོ་ཡིན་པས། རྒྱལ་བའི་བུམ་པའི་སྟེང་དུ་དུང་ཆོས་གཞག་ པར་བྱའོ། །དེ་ནས་མདུན་དུ་གཞི་གཙང་མའི་སྟེང་དུ། དབུས་སུ་རྒྱལ་བ་དང་རྣམ་པར་རྒྱལ་ བའི་བུམ་པ་དང༌། བུམ་པ་གཞན་རྣམས་ཀྱང་ཤར་ལ་སོགས་པའི་གནས་ཇི་ལྟར་བར་བཀོད་ ནས། <ༀ་ཨ་ཧཱུཾ་ཧྲ་ཕཊ་གྱིས་བསང་སྭ་བྷས་སྦྱང་>ཧཾ་ཧཱྃ་ཧིཾ་ཧཱིཾ་ཧྼིཾ་ཧྼཱིཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་རྣམས་ ཡོངས་སུ་གྱུར་པ་ལས། དབུས་སུ་ཁུ་བ་དང་རྡུལ་འགགས་པའི་བུམ་པ་གཉིས་དང༌། ཤར་ དང་མེར་རྐང་འགགས་པའི་བུམ་པ་གཉིས་དང༌། ལྷོ་དང་བདེན་བྲལ་དུ་ཁྲག་འགགས་པའི་ བུམ་པ་གཉིས་དང༌། བྱང་དང་དབང་ལྡན་དུ་གཅི་བ་འགགས་པའི་བུམ་པ་གཉིས་དང༌། ནུབ་ དང་རླུང་དུ་བཤང་བ་འགགས་པའི་བུམ་པ་གཉིས་ཏེ། བདུད་རྩིའི་བུམ་པ་དཀར་པོ་པད་མ་ ལ་གནས་ཤིང་པད་མས་ཁ་བརྒྱན་པ་རྣམས་སུ་ལྟ་བར་བྱ་ཞིང༌། རང་གི་སྙིང་ཁར་ཟླ་བ་དང་ ཉི་མ་དང་སྒྲ་གཅན་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་<སྔོན་པོ་རྩེ་ལྔ་པ་དེ་>ཡོངས་གྱུར་ པ་ལས། དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ་དང་བཅས་པ་<ཞུགས་པའི་>བསྒོམ་སྟེ། གཙོ་ བོའི་ཐུགས་ཁར་ཟླ་བ་དང༌། ཡུམ་གྱི་ཐུགས་བར་ཉི་མའི་དཀྱིལ་འཁོར་ཏེ་དེ་དག་ཁ་སྦྱར་བ་ ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྤྲོས་ནས། ཕྱོགས་བཅུའི་སངས་རྒྱས་ ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ། ཛཿ ཡིག་ལ་སོགས་པའི་སྔགས་དང་ཕྱག་ 7-1-372 རྒྱས་རྡོ་རྗེའི་བདུད་རྩའི་བུམ་པ་རྣམས་དང་རོ་གཅིག་ཏུ་བྱས་ནས། ༀ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྼྀཾ་ ཧྼཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ། བཛྲ་པད་མ་ཨ་མྲི་ཏ་གྷ་ཊ་སུ་བི་ཤུད་དྷ་དྷརྨ་དྷ་ཏུ་སྭབྷ་ བ་སརྦ་དྷརྨྨན་སུ་བི་ཤུད་དྷ་དྷརྨྨ་དྷ་ཏུ་སྭ་བྷ་བན་ཀུ་རུ་སྭཱཧཱ། ཞེས་པ་མང་དུ་བཟླས་ཤིང་དྲི་ལ་ སོགས་པའི་མཆོད་པ་རྣམས་ཕུལ་ནས་དཀྱིལ་འཁོར་ཀྱི་དབུས་སུ་རྒྱལ་བ་དང་རྣམ་པར་རྒྱལ་ བའི་བུམ་པ་དང༌། ཤར་ལ་སོགས་པར་བུམ་པ་གཞན་རྣམས་ཇི་ལྟར་བ་བཞིན་དུ་གཞག་པར་ བྱ་སྟེ། རྡོ་རྗེའི་བུམ་པ་ལྷག་པར་གནས་པའི་ཆོ་གའོ། ། འདིར་བུམ་པ་སོ་སོ་ལ་རིགས་སོ་སོའི་ལྷའི་བསྒོམ་བཟླས་ནི་བྱ་བར་མ་གསུངས་པས་ བྱ་མི་དགོས་སོ། །དེ་ནས་གཞོན་ནུ་མའི་བཀལ་བའི་སྲད་བུ་དུ་མ་གསུམ་བསྒྲིལ་དུ་བྱས་ པ། སློབ་དཔོན་གྱི་མཐེ་བོའི་བརྒྱད་ཆའི་སྦོམས་དང༌། སྲིད་དུ་འཛིན་པའི་ཆ་མ་གཏོགས་པ་ དཀྱིལ་འཁོར་ཀྱི་ཉིས་འགྱུར་ཏེ། མཚན་ཉིད་དང་ལྡན་པའི་ཐིག་སྐུད་ཙན་དན་དཀར་པོ་དང་ འབྲས་ས་ལི་བཏགས་པའི་ཆུས་བྱུགས་ཏེ་སྣོད་གཙང་མར་བཀོད་ནས། ཨཱཾ་ཨཱིཾ་རཱྀཾ་ཨཱུཾ་ ལཱྀཾ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་ཡུམ་ ལྔའི་ངོ་བོར་གྱུར་པའི་རྡོ་རྗེ་སྲད་བུའི་རྣམ་པར་བལྟ་ཞིང༌། རང་གི་སྙིང་ཁར་དུས་ཀྱི་འཁོར་ ལོ་ཡབ་ཡུམ་སྔར་བཞིན་དུ་བསྒོམས་པའི་སྣ་ཚོགས་ཡུམ་གྱི་ཐུགས་ཁའི་ཉི་མ་ལས། རྡོ་རྗེ་ ལྕགས་ཀྱུར་སྤྲོས་ནས་ཡུམ་ལྔ་པོ་སྤྱན་དྲངས་ཏེ་ཐིག་སྐུད་ཀྱི་རྣམ་པར་གྱུར་པ་སྔར་བཞིན་དུ་ རྡོ་རྗེའི་སྲད་བུ་དང་རོ་གཅིག་ཏུ་བྱས་ནས་ༀ་ཨཱཾ་ཨཱིཾ་རཱྀཾ་ཨཱུཾ་ལཱྀཾ་བཛྲ་སཱུ་ཏྲ་སརྦ་ དྷརྨྨ་ཨེ་ཀ་སྭ་བྷ་བ་སརྦ་དྷརྨྨན་ཨེ་ཀ་ཨཱའ་ཀཱ་ར་སྭཱབྷ་ཝན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་བཟླས་ ཤིང་དྲི་ལ་སོགས་པ་ཕུལ་ནས། ཤར་གྱི་ཆར་གཞག་པར་བྱ་སྟེ། རྡོ་རྗེའི་ཐིག་སྐུད་ལྷག་པར་ གནས་པའི་ཆོ་གའོ། །དེ་ནས་རྡུལ་ཚོན་རྣམས་སྣོད་གཙང་མར་བཀོད་དེ། དབུས་དང་ཤར་ ལ་སོགས་པར་བཞག་ནས། <བསང་སྦྱང་སྡུལ་ཚོན་>ཨཾ་ཨིཾ་རྀཾ་ཨུཾ་ལྀཾ་རྣམས་ལས་བྱུང་ 7-1-373 བའི་དེ་བཞིན་གཤེགས་པ་ལྔའི་ངོ་བོར་གྱུར་པའི་རྡོ་རྗེའི་རྡུལ་ཚོན་གྱི་རྣམ་པར་ལྟ་ཞིང་སྔར་ བཞིན་རང་གི་སྙིང་ཁར་གནས་པའི་དུས་ཀྱི་འཁོར་ལོ<ཡབ་ཡུམ་>འི་<ཡབ་ཀྱི་>ཐུགས་ཁའི་ ཟླ་བ་ལས་རྡོ་རྗེ་ལྕགས་ཀྱུ་<དྲི་མ་མེད་པའི་འོད་ཟེར་འཕྲོ་བ་>སྤྲོས་ནས་སངས་རྒྱས་ལྔ་<རྡུལ་ཚོན་ གྱི་རྣམ་པའི་>སྤྱན་དྲངས་<ཛཱ་ཧུཾ་>དེ་རྡུལ་ཚོན་གྱི་རྣམ་པར་གྱུར་པ་རྡོ་རྗེ་རྡུལ་ཚོན་རྣམས་དང་ རོ་གཅིག་ཏུ་<གྱུར་>བྱས་ནས། ༀ་ཨཾ་ཨིཾ་རྀཾ་ཨུཾ་ལྀཾ་སུ་བི་ཤུད་དྷ་པཉྩ་སྐན་དྷ་སྭ་བྷཱ་ བ་པཉྩ་སྐན་དྷཱཾ་སུ་བི་ཤུད་དྷ་དྷརྨྨན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་བཟླས་ཤིང་དྲི་ལ་སོགས་པ་ཕུལ་ ནས་ནུབ་ཀྱི་ཆར་[བཞག་པར་བྱའོ། །{གཞག་པར་བྱ་སྟེ། } རྡོ་རྗེ་རྡུལ་ཚོན་ལྷག་པར་གནས་ པའི་ཆོ་གའོ། །དེ་ནས་མཚན་ཉིད་དང་ལྡན་པའི་<བསང་སྦྱང་>རྡོ་རྗེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ དུས་ཀྱི་འཁོར་ལོའི་ངོ་བོར་གྱུར་པར་ལྟ་ཞིང༌། རང་གི་སྙིང་ཁར་གནས་པའི་དུས་ཀྱི་འཁོར་ ལོ<ཡབ་ཡུམ་བཞུགས་པ>འི་ཐུགས་ཁའི་ཟླ་བ་ལས་རྡོ་རྗེ་ལྕགས་ཀྱུ་<དྲི་མ་མེད་པའི་འོད་ཟེར་འཕྲོ་བ་> སྤྲོས་ནས། གཙོ་བོ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་<ཛཱ་ཧུཾ་བཾ་ཧོ་>ཏེ། རྡོ་རྗེའི་རྣམ་པར་ གྱུར་པ་སྔར་བཞིན་དུ་རྡོ་རྗེ་དང་རོ་གཅིག་ཏུ་<གྱུར་>བྱས་ནས། ༀ་ཧཱུཾ་ཀྲོ་དྷ་བཛྲ་སརྦ་ས་ཏྭ་ ཀ་རུ་ཎ་ཨཱད་མ་ཀ་སརྦ་དྷརྨྨ་ཨེ་ཀ་སུ་ཁ་སྭ་བྷ་བ་སརྦ་དྷརྨྨན་བཛྲ་སུ་ཁ་སྭ་བྷཱ་བཱན་ཀུ་རུ་ཀུ་རུ་ སྭཱཧཱ། ཞེས་པ་བཟླས་ཤིང་དྲི་ལ་སོགས་པ་ཕུལ་ནས་ལྷོའི་ཆར་བཞག་པར་བྱ་སྟེ༑ རྡོ་རྗེ་ལྷག་ པར་གནས་པའི་ཆོ་གའོ། ། དེ་ནས་མཚན་ཉིད་དང་ལྡན་པའི་<བསང་སྦྱང་>རྡོ་རྗེའི་དྲིལ་བུ་ཧོཿ ལས་བྱུང་པའི་སྣ་ ཚོགས་ཡུམ་གྱིས་ངོ་བོར་གྱུར་པའི་རྡོ་རྗེ་དྲིལ་བུའི་རྣམ་པར་ལྟ་ཞིང༌། རང་གི་སྙིང་ཁར་<གོང་ བཞིན་>གནས་པའི་སྣ་ཚོགས་ཡུམ་གྱི་ཐུགས་ཁའི་ཉི་མ་ལ་རྡོ་རྗེ་ལྕགས་ཀྱུ་<དྲི་མ་མེད་པའི་འོད་ ཟེར་འཕྲོ་བ་>སྤྲོས་ནས་གཙོ་མོ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་<ཛཱ་ཧུཾ་བཾ་ཧོ་>ཏེ། རྡོ་རྗེ་དྲིལ་ བུའི་རྣམ་པར་གྱུར་པ་སྔར་བཞིན་དུ་རྡོ་རྗེ་དྲིལ་བུ་དང་རོ་གཅིག་ཏུ་<གྱུར་>བྱས་ནས། ༀ་ 7-1-374 ཧོཿ བཛྲ་གྷཎ་ཊེ་སརྦ་དྷརྨྨ་ཨེ་ཀ་པྲཛྙ་དྷ་ནི་སྭ་བྷཱ་བཱཻ་སརྦ་ཨཱ་ཀཱ་རེ་སརྦ་དྷརྨྨ་བྲ་བོ་དྷ་ནི་སརྦ་ དྷརྨྨ་ནིཿསྭ་བྷ་བཱེ་ན་བྲ་བོ་དྷ་ཡ་བྲ་བོ་དྷ་ཡ་སྭཱཧཱ་ཞེས་པ་བཟླས་ཞིང་དྲི་ལ་སོགས་པ་ཕུལ་ནས། བྱང་གི་ཆར་བཞག་པར་བྱ་སྟེ། རྡོ་རྗེ་དྲིལ་བུ་ལྷག་པར་གནས་པའི་ཆོ་གའོ། །འདིར་བདག་ འཇུག་གི་ཆོ་ག་ལ། སློབ་མ་ལྷག་ནས་ཀྱི་ཆོ་ག་མ་བྱས་ཀྱང་ཆོག་ལ། གལ་ཏེ་བྱེད་པ་ལ་སྤྲོ་ ན། བདག་ཉིད་ཁྲུས་བྱས་ཤིང་གོས་གཙང་མ་བགོས་ཏེ། བཅོམ་ལྡན་འདས་དུས་ཀྱི་འཁོར་ ལོ་དང་གཉིས་སུ་མེད་པའི་བླ་མ་དམ་པ་མདུན་དུ་བཞུགས་པར་བསམ་ལ་གསེར་གྱི་མེ་ཏོག་ ལ་སོགས་པའི་མནྚལ་ཕུལ་ནས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་གསོལ་བ་གདབ་ པར་བྱ་སྟེ། སྐྱེ་རྒ་འཆི་བ་ན་དགྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་པའི། །སྲིད་པའི་མཚོ་ ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་ བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་ སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་ བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། ། ཞེས་ལན་གསུམ་བརྗོད་པས་སཽ། །དེ་ནས་བླ་མས། བུར་ཚུར་ཤོག་ཅིག་ཐེག་ཆེན་པོའི། ། གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ ཡིན་གྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་ རྗེའི་སྔགས་ཀྱིས་མཐུ་ཡིས་ནི། །ཡེ་ཤེས་མཉམ་ཉིད་ཡང་དག་བརྙེས། །གསང་སྔགས་སྦྱོར་ བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་ བཟད་ཆེན་པོའི་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་ བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་ཤེས་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ ཤིག །ཅེས་ཡང་དག་པར་འཛིན་དུ་གཞུག་གོ། འདིར་གཞུང་གཞན་ལས་འབྱུང་བ་ལྟར། ཐུན་ 7-1-375 མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་བ་རྣམས་བྱས་ན་ཡང་འཐད་པར་མངོན་ནོ། །དེ་ ནས། མངལ་དུ་མངལ་ན་གནས་པའི་སྡུག་བསྔལ་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་ལང་ཚོ་དག་ལ་བུད་མེད་དང་བྲལ་ནོར་དང་འབྱོར་ཉམས་ ཉོན་མོངས་སྡུག་བསྔལ་ཆེན་པོས་གང༌། །རྒད་པོ་ཉིད་ལ་འཆི་བའི་སྡུག་བསྔལ་སླར་ཡང་ འགྲོ་བ་དྲུག་དུ་འཇིགས་སྟཻར་ངུ་འབོད་ལ་སོགས་ཏེ། །སྒྱུ་མས་རྨོངས་པར་བྱས་པའི་མཐའ་ དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད། །འཁོར་བར་མི་ ཉིད་དུ་ནི་འགྱུར་བ་དག་ཀྱང་རྒྱ་ལམ་ན་སྟེ་ཆོས་ཀྱི་བློ་ནི་རེས་འགའ་ན། །དེ་ལས་དགེ་བའི་ དབང་གིས་སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པར་རབ་ཏུ་འཇུག །དེ་ ལས་དཔལ་ལྡན་རྡོ་རྗེ་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་དག་ནས་འཇུག །དེ་ ལས་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་ དཀའ། །ཞེས་བརྗོད་ནས་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་ས་དེ་ཉིད་དུ་མཎྜལ་བྱས་ཏེ། ཨུ་ དུམ་ཝ་རའམ་འོ་མ་ཅན་གྱི་ཤིང་གཞན་ཡང་རུང་སྟེ། སོར་བཅུ་གཉིས་པའི་སོ་ཤིང་མགོ་བོར་ མེ་ཏོག་གི་ཕྲེང་བ་བཅིངས་པ་དྲི་ལ་སོགས་པ་རྣམས་ཀྱིས་མཆོད་ནས། ༀ་ཨཱཿཧཱུཾ་ཞེས་པ་ལན་ བདུན་གྱིས་མངོན་པར་བསྔགས་ཏེ། ༀ་ཨཱཿཧཱུཾ་ཧོཿ ཧཾ་ཀྵཾཿ བཛྲ་དན་ད་ཀཥྛ་ཙ་ཏུར་བི་མོཀྵ་མུ་ ཁ་བི་ཤུད་དྷི་སྭ་བྷཱ་བ་ཀཱ་ཡ་བ་ཀཱ་ཙིཏ་ཏ་ཛྙཱ་ན་མུ་ཁ་དན་ད་ཨ་དཱི་མ་ལཾ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་ སྭཱཧཱ། ཞེས་བརྗོད་ཅིང་སོ་ཤིང་དེས་སོ་ལ་སོགས་པའི་དྲི་མ་དག་པར་བྱས་ནས་ཤར་དུ་མངོན་ པར་ཕྱོགས་པས་མཎྜལ་གྱི་སྟེང་དུ་དོར་བར་བྱ་ཞིང༌། འོག་ནས་འབྱུང་བའི་བསྔགས་བཟླས་ པས་ཆུ་ཁྱོར་བ་གསུམ་གྱིས་ཁ་དག་པར་བྱའོ། །དེ་ནས་སྤྱི་བོ་དང༌། མགྲིན་པ་དང༌། སྙིང་ ཁ་དང༌། ལྟེ་བ་དང༌། གཙུག་ཏོར་དང༌། གསང་གནས་རྣམས་སུ་དཀྱིལ་འཁོར་དྲུག་ལ། ༀ་ ཨཱཿཧཱུཾ་ཧོཿ ཧཾ་ཀྵཿཞེས་པ་རིགས་དྲུག་པོ་བཀོད་དེ་བསྲུང་བ་བྱ་ཞིང༌། བླ་མས་རྡོ་རྗེ་སེམས་ 7-1-376 དཔའ་བསྐུལ་ནས། ༀ་ཨཱ་ཨཱ་ཨཾ་ཨཱཿ བཛྲ་སཏྭ་མ་ཧཱ་སུ་ཁ་བཛྲ་ཀ་ལ་ཙཀྲ་ཤི་ཥྱ་སྱ་ཨ་བྷི་མུ་ ཁོ་བྷ་བ་སན་ཏུཥོ་ྟབྷ་བ་བ་ར་དོ་བྷ་བ། ཀཱ་ཡ་བཱཀ་ཙིཏྟ་ཨ་དྷིཥྛ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་རྡོ་རྗེ་ དྲིལ་བུ་དཀྲོལ་བ་དང་བཅས་པས་ལན་གསུམ་དུ་བརྗོད་ནས་སློབ་མ་ལ་རྡོ་རྗེ་སེམས་དཔས་ བྱིན་གྱིས་བརླབས་པར་བསམ་པར་བྱ་སྟེ། སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ གཏོར་མ་རྣམས་ཕུལ་ཏེ། སྟ་གོན་དུ་གནས་པའི་ལྷ་རྣམས་ལ་མཆོད་ཅིང་བསྟོད་ནས་ཉེས་པ་ རྣམས་བཟོད་པར་གསོལ་ཞིང༌། ༀ་བཛྲོད་ཏིཥྛ་ཞེས་པའི་སྔགས་དང༌། ཕྱག་རྒྱས་ནམ་མཁའ་ ལ་བཏེགས་ནས་བཞུགས་པ་ལ་མཆོད་པ་རྒྱུན་མི་འཆད་པར་བྱའོ། དེ་ནས་ལྷག་པར་གནས་ པ་བྱས་པའི་བུམ་པ་ལ་སོགས་པ་གནས་ལྔར་བཀོད་པ་དེ་དག་གི་ལྷོར་མགོ་བོ་ནུབ་ཏུ་ཕྱོགས་ པས་སམ། ཡང་ན་རང་གི་གནས་མལ་དུ་ཉལ་བའི་ཚེ། ༀ་ཧོཿ བཛྲ་ཀ་མ་ལ་ད་ལ་གརྦེ་ཤ་ ཡྻེ་བཛྲ་སུ་ཁ་མ་ཧཱ་ནི་ཏྲཾ་ཀ་རོ་མི་ཡ་ཐཱ་ཏ་ཐཱ་ག་ཏེ་ན་ཀྲི་ཏྭ་ཧཿཧཿསྭཱཧཱ། ཞེས་བརྗོད་ཅིང་དོན་ དྲན་པར་བྱ་སྟེ་གཉིད་ལོག་ལ་དགེ་བ་དང་མི་དགེ་བའི་མཚན་མ་ཤེས་པར་བྱས་ནས། མཚན་ མ་ངན་ན་སྲུང་པའི་འཁོར་ལོ་བསྒོམ་ཞིང་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་གཏོར་མ་རྒྱ་ཆེན་པོ་ ཕུལ་ནས། སྒྲུབ་ཐབས་སུ་བསྟན་པ་ལྟར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྐང་པ་བཅུ་ དྲུག་པ་དང༌། རྐང་པ་བདུན་ཅུ་རྩ་གཉིས་པའི་སྔགས་རྣམས་བཟླས་པར་བྱའོ། །མལ་བསྟན་ ལྷག་པར་གནས་པའི་ཆོ་ག་སྟེ། མཚན་མ་ངན་པ་བསལ་བའི་ཆོ་ག་དང་བཅས་པའོ། །སྟ་གོན་ གྱི་ཆོ་གའོ། ། དེ་ནས་དཀྱིལ་འཁོར་གྱི་ས་གཞི་དང་རྡོ་རྗེའི་ཐིག་སྐུད་དྲི་ལ་སོགས་པས་མཆོད་ནས། ཙན་དན་དཀར་པོ་དང་འབྲས་ས་ལི་བཏགས་པའི་ཚོན་གྱིས་ཁུ་བས་ཐིག་གདབ་པར་བྱ་སྟེ། དཀྱིལ་འཁོར་གྱི་ནུབ་ཏུ་རྡོ་རྗེ་སློབ་དཔོན་ཤར་དུ་མངོན་པར་ཕྱོགས་པས་རྐང་པ་གཡོན་པས་ སྐྱིལ་ཀྲུང་ཕྱེད་པ་དང༌། གཡས་པའི་རྐང་མཐིལ་ས་ལ་བཞག་ཅིང་པུས་མོ་སྟོང་དུ་སོན་པའི་ 7-1-377 འདུག་སྟངས་ཀྱིས་གནས་ཏེ། ཁུ་ཚུར་གཡོན་པར་ཐིག་སྐུད་བཟུང་བ་དང༌། དེ་ལས་ཟློག་ པའི་འདུག་སྟངས་ཀྱིས་སློབ་མའམ། སྒྲུབ་པའི་གྲོགས་ཤར་དུ་གནས་ཏེ། ཁ་ནུབ་ཏུ་ཕྱོགས་ པའི་ཁུ་ཚུར་གཡས་པས་ཐིག་སྐུད་བཟུང་ནས། ཤར་དང་ནུབ་ཀྱི་ས་ལ་ཐིག་སྐུད་བརྐྱངས་ ཏེ། ༀ་ཨཱཿ་ཧཱུཾ་ཀ་ཡ་བཱཀ་ཙིཏ་ཏ་ཨེ་ཀ་བྷུ་ཏཱཿ སརྦ་དྷརྨྨ་ཨེ་ཀཱ་ཀཱ་རེ་ཎ་བཛྲ་ས་ཏྭཱ་ཧཾ་བཛྲ་བྷུ་མིཾ་ སཱུ་ཏྲ་ཡ་མི་ཧཱུཾ་ཨཱཿ ཕཊཿ ཅེས་བརྗོད་པར་བྱའོ། དེ་ནས་ༀ་བཛྲ་སཱུ་དྲ་ཨེ་ཀཱ་ཀཱ་ར་སྭཱ་རུ་པེ་ཎ་ ཛཿཛཿཛཿསརྦ་དྷརྨྨཱ་སཱུ་ཏྲ་ཡ་ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵ་ཕཊ༔ ཅེས་བརྗོད་པས་ཐིག་གདབ་པར་བྱ་སྟེ། འདུག་སྟངས་དང་ཐིག་སྐུད་འཛིན་པའི་ཚུལ་དང་སྔགས་བརྗོད་པ་འདི་དག་ནི་ཐིག་གདབ་ པ་ཐམས་ཅད་ལ་བྱའོ། །དེ་ནས་གཡས་སྐོར་གྱིས་འགྲོ་ཞིང་སློབ་དཔོན་ལྷོ་དང་སློབ་མ་བྱང་ དུ་གནས་པས་ཚངས་ཐིག་གཉིས་པ་དང་སློབ་དཔོན་རླུང་དང་སློབ་མ་མེར་གནས་པའི་ཟུར་ ཐིག་དང་པོ་དང༌། སློབ་དཔོན་བདེན་བྲལ་དང་སློབ་མ་དབང་ལྡན་དུ་གནས་པའི་ཟུར་ཐིག་ གཉིས་པ་དང༌། དེ་བཞིན་དུ་ནུབ་དང་ཤར་དུ་གནས་པས་ལྷོའི་ཐིག་རྣམས་དང༌། དེ་ནས་བྱང་ གི་ཐིག་རྣམས་དང་དེའི་རྗེས་ལ་ལྷོ་དང་བྱང་དུ་གནས་པའི་ནུབ་ཀྱི་ཐིག་རྣམས་དང༌། དེ་ནས་ ཤར་གྱི་ཐིག་རྣམས་གདབ་པར་བྱའོ། །དེ་ལྟར་ཐིག་གདབ་པ་རྫོགས་ནས་རྡོ་རྗེའི་ཐིག་སྐུད་དྲི་ དང་སྤོས་ལ་སོགས་པས་མཆོད་ནས། ཡེ་ཤེས་པ་རང་གི་སྙིང་ཁར་གཤེགས་སུ་གསོལ་ནས། གནས་དབེན་པར་བཞག་ཅིང་སྒོ་ཐམས་ཅད་ཡང་དག་པར་སྦྱངས་ཏེསླར་ཡང་དྲི་དང་མེ་ ཏོག་ལ་སོགས་པའི་མཆོད་པ་དང་གཏོར་མ་ཡང་བྱིན་ནས། སྔར་བརྗོད་པས་ཆོ་གས་སྔགས་ བཟླས་པར་བྱ་སྟེ། ཐིག་གདབ་པའི་ཆོ་གའོ། ། དེ་ནས་དཀྱིལ་འཁོར་གྱི་ས་གཞི་དྲི་ལ་སོགས་པས་མཆོད་ཅིང་གཏོར་མ་ཕུལ་ནས། །དང་ པོར་རྡོ་རྗེ་སློབ་དཔོན་ནང་གི་དཀྱིལ་འཁོར་དུ་འདུག་སྟེ། ཆོས་དབྱིངས་འདི་ནི་དག་པ་སྟེ། ། སེམས་ཅན་ཁམས་ནི་རབ་གྲོལ་མཛད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་ 7-1-378 པ་ཀུན་ཀྱི་གནས། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །འཁོར་ལོའི་ནང་དུ་ཡང་དག་གནས། ། ཞེས་བརྗོད་ཅིང་ཆོས་ཀྱི་དབྱིངས་རྣམ་པར་དག་པར་མོས་པ་བྱས་ནས། ལག་པ་གཡས་པས་ རྡོ་རྗེ་འཛིན་ཅིང་གཡོན་པའི་ཁུར་ཚུར་གྱིས། ༀ་བཛྲ་རེ་ཁཱ་ས་མ་ཡ་ༀ་ཨཱཿ་ཧཱུཾ་ཞེས་པའམ། ༀ་ བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་དབང་ལྡན་ནས་བརྩམས་ཏེ་གཡས་སྐོར་[དུ་{གྱིས་} ཚོན་དགྱེ་བར་བྱ་ཞིང༌། ཕྱི་ནས་གཞན་གྱིས་བརྐྱང་ངོ༌། །དེ་ལྟར་མཚོན་དགྱེ་བ་དང༌། མཚན་ མ་དགོད་པ་ཡོངས་སུ་རྫོགས་ནས་ཚོན་ལྷག་མ་རྣམས་དྲི་ལ་སོགས་པས་མཆོད་དེ། ཡེ་ཤེས་ པ་རང་གི་སྙིང་ཁར་གཤེགས་སུ་གསོལ་ནས། གནས་ཇི་ལྟར་བར་བཞག་པར་བྱ་སྟེ། ཚོན་ དགྱེ་བའི་ཆོ་གའོ། །འདིར་སློབ་མ་ལས་ཀྱི་རྡོ་རྗེ་ཅན་གྱིས་སྦྱིན་སྲེག་བྱ་བའམ། དེ་མེད་ན་ སློབ་དཔོན་རང་ཉིད་ཀྱིས་སྦྱིན་སྲེག་བྱའོ། །ཆོ་ག་གཞན་གྱི་ལུགས་ལ་དཀྱིལ་འཁོར་ལ་རབ་ ཏུ་གནས་པ་བྱས་ནས་མཆོད་པའི་སྐབས་སུ། རྒྱས་པའི་སྦྱིན་སྲེག་བྱེད་པ་ཡོད་དེ། སྐབས་དང་ སྦྱར་ནས་སྒྲུབ་པ་ཤེས་པར་བྱའོ། །དེ་ནས་བུམ་པ་རྣམས་ཕྱོགས་བཞིའམ། བརྒྱད་དུ་བཀོད་ པར་བྱ་སྟེ། རྒྱལ་བ་དང་རྣམ་པར་རྒྱལ་བ་ནི་ཤར་དང་ནུབ་ཀྱི་བུམ་པ་ལས་སོར་གཉིས་སྤངས་ པའི་ཕྱི་རོལ་ཏུའོ། །གཞན་ཡང་དབང་གི་དོན་དུ་བདུད་རྩི་ལྔ་དང༌། སྒྲོན་མ་ལྔའི་རིལ་བུ་ལ། ༀ་ཨཱཿཧཱུཾ་ཧོཿ ཧཾ་ཀྵཿ ཞེས་པ་ལན་བདུན་དུ་མངོན་པར་བསྔགས་ནས། ཉ་ཕྱིས་སམ་དུང་ཆོས་ ཀྱི་སྣོད་དུ་བཞག་པར་བྱའོ། །བུམ་པ་དགོད་པའི་[ངེས་པ{ཆོ་ག}འོ། ། དེ་ནས་མཆོད་པ་འབུལ་བའི་དོན་དུ་དཀྱིལ་འཁོར་གྱི་ཕྱི་རོལ་ཕྱོགས་དང་ཕྱོགས་བྲལ་ ཐམས་ཅད་དུ་སའི་སྟེགས་བུ་ལ་བའི་རྣམ་ལྔ་དང་དྲི་བཟང་པོས་བྱུགས་པའི་མཎྜལ་བྱ་ཞིང༌། ཤར་གྱི་རྒྱལ་བའི་བུམ་པའི་མདུན་དུ་ཁྲུ་གང་པའི་མཎྜལ་ལྷག་པར་བྱའོ། །དེ་ལྟ་བུ་མ་གྲུབ་ན་ ཡང་ཕྱི་རོལ་ཀྱི་ས་གཞི་བྱི་དོར་ལེགས་པར་བྱས་པའི་སྟེང་དུ་ཆུ་དང་མཆོད་ཡོན་དང་དྲི་དང་ མེ་ཏོག་དང༌། སྤོས་དང་མར་མེ་དང༌། ལྷ་བཤོས་དང་འབྲས་བུ་སྣ་ཚོགས་པ་བཤམས་ཤིང༌། 7-1-379 གཞན་ཡང༌། དྲིལ་བུ་དང་མེ་ལོང་{ལ་སོགས་པ་}དང་རོལ་མོ་དང༌། བླ་རེ་དང༌། ཁ་དོག་ ལྔའི་བ་དན་རྣམས་དང༌། [གར་ལ་སོགས་པ་དང་]ཁ་དོག་ལྔའི་གོས་ཟུང་རྣམས་ཀྱང་ཇི་ལྟར་ འབྱོར་པ་བཤམས་པར་བྱའོ། །དེ་བཞིན་དུ་གཏོར་མའི་དངོས་པོ་ཇི་ལྟར་འབྱོར་པ་[བཤམ་ པར་བྱའོ། །དེ་བཞིན་དུ་གཏོར་མའི་དངོས་པོ་ཇི་ལྟར་འབྱོར་པ་]ཡང་བཤམ་ཞིང༌། ཅོད་པན་ ལ་སོགས་པ་དབང་རྫས་རྣམས་དང༌། གཞན་ཡང་དཀྱིལ་འཁོར་ལ་ཉེ་བར་མཁོ་བ་མཐའ་ དག་ཚོགས་པར་བྱས་ནས། ཕྱི་དྲོའི་དུས་སུ་སློབ་དཔོན་སྒྲུབ་པའི་གྲོགས་དང་བཅས་པ་ཁྲུས་ བྱ་ཞིང༌། དྲིས་བྱུགས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པས་སྟན་བདེ་བ་ལ་ཤར་དུ་མངོན་པར་ ཕྱོགས་པས་འདུག་སྟེ། སྔོན་འགྲོའི་གཏོར་མ་སོགས་སྔར་བཞིན་བྱས་ནས་སྒྲུབ་ཐབས་སུ་ བཤད་པའི་ཆོ་གས་ལྷའི་རྣལ་འབྱོར་རྫོགས་པར་བསྒོམས་ལ། སྔགས་ཀྱི་བཟླས་པ་ཅི་རིགས་ པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཤར་དུ་གཙོ་བོའི་ཤར་གྱི་ཞལ་ལ་མངོན་པར་ཕྱོགས་ པས་ཉེ་བར་འདུག་[ནས{ལ་}། མཆོད་རྫས་རྣམས་བསང་སྦྱང་བྱིན་གྱིས་བརླབ་པ་དང༌། དཀྱིལ་འཁོར་ལ་ཡང་དྲིའི་ཆུས་བསང་གཏོར་བྱ་སྟེ། དམ་ཚིག་གི་དཀྱིལ་འཁོར་རང་གི་ཇི་ ལྟར་བསྒོམས་པ་ལྟར་བསྐྱེད་ལ། སྒྲུབ་ཐབས་སུ་བཤད་པ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་དགུག་ པ་དང༌། གཞུག་པ་དང་བཅིང་བ་དང་མཉེས་པ་རྣམས་བྱས་ཏེ། དབང་བསྐུར་ཞིང་བྱིན་གྱིས་ བརླབས་པ་དང་རྒྱས་གདབ་པ་ཡང་བྱའོ། །དེ་ནས་ཕྱི་རོལ་ཀྱི་མཎྜལ་རྣམས་ཀྱི་སྟེང་དུའམ། མཎྜལ་མེད་ན་ཡང་ཇི་ལྟར་རིགས་པར་མཆོད་ཡོན་ལ་སོགས་པ་ཆུ་བཞི་དང༌། དྲི་དང་མེ་ཏོག་ ལ་སོགས་པའི་མཆོད་པ་རྣམས་སྒྲུབ་ཐབས་སུ་བཤད་པའི་ཆོ་གས་དབུལ་བར་བྱ་ཞིང༌། སྔར་ བཤད་པའི་ཆོ་གས་གོས་ཟུང་ཡང་ཕུལ་ནས་ནང་མཆོད་ཀྱིས་མཆོད་ཅིང༌། བསྟོད་པ་རྒྱས་ པར་བྱ་སྟེ། དཀྱིལ་འཁོར་ལ་རབ་ཏུ་གནས་པ་དང་མཆོད་པའི་ཆོ་གའོ། །ཕྱི་རོལ་པའི་གཏོར་ མ་ཞེས་པ་ནི། བྱ་བར་མ་གསུངས་པའི་མ་བྱས་ཀྱང་ཆོག་ལ། བོད་ཀྱི་དགེ་བའི་བཤེན་གཉེན་ 7-1-380 འགའ་ཞིག་གིས་ཕྱག་ལེན་ལྟར་བྱེད་པ་ལ་སྤྲོ་ན། སྒྲུབ་པའི་གྲོགས་འགའ་ཞིག་གིས་སྔགས་ བཟླས་ཤིང་དཀྱིལ་འཁོར་གྱི་གནས་བསྲུང་དུ་བཅུག་ལ། བདག་ཉིད་ཀྱི་དཀྱིལ་འཁོར་གྱི་ ཁང་པའི་ཕྱི་རོལ་ཏུ་ཕྱིན་ཏེ་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་འབྱུང་པོ་རྣམས་ལ་གཏོར་མ་ བྱིན་ནས་དཀྱིལ་འཁོར་ཆེན་པོ་ལ་མངོན་པར་དད་པ་རྣམས་ལ་དཀྱིལ་འཁོར་གྱི་བྱ་བ་མཐར་ ཕྱིན་པར་མཛོད་ཅིག་ཅེས་འཕྲིན་ལས་[གཞོལ་ཞིང་{བཅོལ་ལ}། དཀྱིལ་འཁོར་ལྟ་བ་ལ་ མི་དབང་བའི་འབྱུང་པོ་རྣམས་རང་གི་གནས་སུ་དེངས་ཤིག །ཅེས་བརྗོད་ལ། ༀ་ཧྲིཿབི་ཤུད་ དྷ་ཞེས་སོགས་ཀྱིས་མཐོར་འཐུང་བྱིན་ནས། ལག་པ་ས་ལ་བཏུག་ཅིང་སེ་གོལ་བརྡབས་ལ། སརྦ་བྷུ་ཏ་གཙྪ་སརྦ་དུཥནྟ་གཙྪ་ཞེས་བརྗོད་ཅིང་གཤེགས་སུ་གསོལ་ནས། གཏོར་མ་རོལ་ མོ་དང་བཅས་པས་བཞི་མདོའམ་ཆུ་བོར་བསྐྱལ་ལོ། །དེ་ནས་རང་གི་ལུས་ལ་རིགས་དྲུག་གི་ སྔགས་བཀོད་པས་བསྲུངས་ནས། ཡི་གེ་བརྒྱ་བ་བརྗོད་ཅིང་དཀྱིལ་འཁོར་ལ་བསྐོར་བའམ་ བསྐོར་བར་དམིགས་ལ་དེ་ཡན་ཆད་ཀྱི་ཉེས་པ་རྣམས་བཟོད་པར་གསོལ་ལོ། ། དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་དེ་ཉིད་དུ་འདུག་སྟེ་བདག་ཉིད་འཇུག་ཅིང་དབང་ བླང་བར་བྱ་ཞིང༌། དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པའི་བླ་མ་དམ་པ་མངོན་དུ་བྱས་ ཏེ། བླ་མའི་མཛད་རྒྱུའི་ཆོས་རྣམས་བླ་མ་ཉིད་ཀྱིས་མཛད་པ་དང་གསུངས་པར་མོས་ཤིང༌། སློབ་མའི་བྱ་བ་རྗེས་བཟློས་ལ་སོགས་པ་རྣམས་དང༌། བླ་མའི་མཛད་རྒྱུ་ཐམས་ཅད་ཀྱང་ དངོས་སུ་རང་གིས་བྱེད་པའི་ཚུལ་གྱིས་སོ། །དེ་ལ་དང་པོར་མཎྜལ་དབུལ་ཞིང་རྫས་དང༌། བདག་ཉིད་རྩ་ལག་དང་བཅས་པ་ཡང་དག་པ་གསུམ་གྱིས་དཀྱིལ་འཁོར་དུ་འཇུག་པའི་ཡོན་ དུ་འབུལ་བའི་མོས་པ་བྱས་ནས། མེ་ཏོག་དང་བཅས་པའི་ལག་པ་ཐལ་མོ་སྦྱར་བ་དཔྲལ་བར་ བཀོད་ཅིང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པས་སྔར་བསྟན་པའི་གསོལ་བ་འདེབས་ པའི་ཚིག་དེ་དག་དང༌། མི་བཟད་འཁོར་བའི་འཇིགས་པས་བདག་ནི་དེ་རིང་ཉིད་ནས་རྒྱལ་ 7-1-381 བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་ འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་པ་ལན་གསུམ་གྱིས་གསོལ་ བ་གདབ་པར་བྱའོ། །དེ་ནས་འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་ བོས་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་ དམ་ཚིག་བསྐྱང་བར་བགྱི། རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་ སྡོམ་པ་རྣམས་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་ མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་པ་ལན་གསུམ་གྱིས་བྱང་ཆུབ་ དུ་སེམས་བསྐྱེད་ཅིང་སྨོན་ལམ་གདབ་པར་བྱའོ། །འདིར་ཡང་སོ་ཤིང་དོར་བར་བྱས་ཞིང་ ལུས་ཀྱི་གནས་དྲུག་དུ་སྔར་བསྟན་པའི་ཡི་གེ་དྲུག་བཀོད་ནས་བསྲུང་བར་བྱའོ། །དེ་ནས། ༀ་ ཧྲིཿ བི་ཤུད་དྷ་དྷརྨྨ་སརྦ་པཱ་པ་ནིཥྩ་ཨ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ་ཞེས་བརྗོད་ ཅིང༌། དྲི་ཞིམ་པོའི་ཆུ་ཁྱོར་བ་གསུམ་གྱིས་ཁ་དག་པར་བྱས་ནས་ལྕེ་ལ་བདུད་རྩི་ལྔ་བཞག་ པར་བྱའོ། །དེ་ནས་དཀྱིལ་འཁོར་དང་བར་དུ་ཡོལ་བས་ཆོད་པར་བསམ་ཏེ། དགའ་བ་ལ་ དགའ་ཁྱོད་སུ་ཀྱེ། །ཞེས་དྲིས་པས། བདེ་ཆེན་བདག་ནི་སྐལ་བ་བཟང༌། །ཞེས་བརྗོད་དོ། དེ་ ནས། ༀ་སརྦ་ཡོ་ག་ཙིཏ་ཏཾ་ཨུད་པཱ་ད་ཡཱ་མིཿ ཞེས་བརྗོད་ཅིང་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། རྡོ་རྗེ་མེ་ཏོག་དང་བཅས་པའི་སྙིང་ཁར་བཟུང་སྟེ། ༀ་སུ་ར་ཏེ་ས་མ་ཡ་སྟྭྃ་ཧོཿ སིད་དྷྱ་བཛྲ་ཡ་ ཐཱ་སུ་ཁཾ་ཞེས་བརྗོད་ཅིང༌། རྡོ་རྗེ་སྤྱི་བོར་བཟུང་ནས། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་བྱིན་གྱིས་བརློབ་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་མཆོག་དུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་ བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ། །ཞེས་བརྗོད་ནས། །ༀ་ཡ་མན་ཏ་ཀྲིད་ཧཱུཾ་ཞེས་ བརྗོད་ཅིང་ཁྲིད་དེ་ཨཿཁྃ་བཱི་ར་ཧཱུཾ་ཞེས་པས་ཡོལ་བའི་ནང་དུ་བཅུག་པར་བསམ་ཞིང་མ་ཧཱ་ར་ 7-1-382 ཏ་སུ་ཌཱི་ཌྷ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་ས་སྟྭ་ཨ་དྱ་སི་དྷྱཾ་མཾ་ཞེས་འདོན་པས་བསྐོར་བ་བྱེད་པར་མོས་ ཤིང༌། ཐལ་མོ་སྦྱར་བས་དཀྱིལ་འཁོར་གྱི་ཤར་སྒོར། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་སསྠཱ་ན་ཡ། ། ཨཱད་མ་ནཾ་ནཱིརྻཱ་ཏ་ཡ་མི་སརྦ་ཏ་ཐཱའ་ག་ཏཱ་བཛྲ་སཏྭ་ཨ་དྷི་ཏིཥྠ་མཾ་ཞེས་པ་དང༌། ཡང་དེ་ཉིད་ ནས། ༀ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛཱ་ཀརྨཱ་ཎི་ཨཱད་མ་ནཱཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏཱ་བཛྲ་ཀརྨཱ་ཀུ་རུ་ མཾ་ཞེས་པ་དང༌། ལྷོར་ༀ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛཱ་ཨ་བྷི་ཥེ་ཀཱ་ཡཱ་ཨཱད་མ་ནཾ་ནཱིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ ག་ཏ་བཛྲ་རད་ན་ཨ་བྷི་ཥྩ་མཾ། ནུབ་དུ་ༀ་སརྦ་བུད་རྡ་པཱུ་ཛོ་སསྠཱ་ནཱ་ཡ་ཨཱད་མ་ནཾ་ནཱིརྻཱ་ཏ་ཡཱ་མི་ སརྦ་ཏ་ཐཱ་ག་ཏཱ་བཛྲ་བཻ་རོ་ཙ་ན་ཨ་དྷི་ཏིཥྠ་མཾ་ཞེས་པ་དང༌། བྱང་དུ་ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བྲ་ བར་ཏ་ན་ཡ་ཨཱད་མ་ནཾ་ནཱིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏཱ་བཛྲ་དྷརྨ་པྲ་བར་ཏ་མཾ། ཞེས་པས་དཀྱིལ་ འཁོར་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས། སླར་ཡང་ཤར་སྒོར། ༀ་གུ་རུ་ཙ་ར་ཎོ་སསྠཱ་ནཱ་ཡཱ་ཨད་མ་ནཾ་ནཱིརྱ་ཏ་ཡ་མི་ༀ་སརྦ་སཏྭ་པ་རི་ཏྲཱ་ཎ་ཨརྠཾ་ཨཱད་མ་ནཾ་ ནཱིརྻཱ་ཏ་ཡཱ་མི། ཞེས་པས་བླ་མ་ལ་ཕྱག་འཚལ་བར་བྱ་སྟེ། ཕྱོགས་རྣམས་སུ་ཡོད་པར་མོས་པ་ ཙམ་བྱ་ཞིང་ཕྱག་ཀྱང་ཡིད་ཀྱིས་བྱའོ། །དེ་ནས་སྤྱི་བོར་རྡོ་རྗེ་བཞག་ནས། དེང་ཁྱོད་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་རིགས་སུ་ཞུགས་ཀྱིས། དེས་ན། ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་ བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་[ཀྱིས་{ལ་}དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱི་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱིས་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱེད་དམ་ཚིག་ ཉམས་པར་གྱུར་ཏ་རེ། ཞེས་བརྗོད་དེ། མགོ་བོར་རྡོ་རྗེ་བཟུང་ནས་དྲིལ་བུ་དཀྲོལ་ཞིང༌། འདི་ ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱི་འགའ་ཞིག་ལ། །འདི་ སྨྲས་ན་ནི་སྤྱི་བོ་འགེམས། །ཞེས་བརྗོད་ལ། སྙིང་ཁར་རྡོ་རྗེ་བཟུང་སྟེ། ༀ་དེ་རིང་རྡོ་རྗེ་སེམས་ དཔའ་རང༌། །ཁྱོད་ཀྱིས་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ 7-1-383 དུ་དྲལ་ཏེ་གཤེགས། །ཞེས་བཀའ་བགོས་ནས། མཐེ་བོང་དང་མིང་མེད་ཀྱིས་བཟུང་པའི་དུང་ གི་ཆུ་བླུད་ནས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ ཚིག་བསྲུང་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ༀ་པཉྩ་ཨ་མྲི་ཏ་ཨུ་ཏ་ཀ་ཋཿ ཞེས་བརྗོད་ཅིང་མནའི་བཏུང་བར་བྱས་ནས། སྤྱི་བོར་རྡོ་རྗེ་བཟུང་ཞིང༌། དེང་ནས་བརྩམས་ སྟེ་ཁྱོད་ཀྱི་རྡོ་རྗེ་འཆང་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱི་བྱ་ དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་དུས་ བྱས་ནས། སེམས་ཅན་དམྱལ་བར་ལྷུང་བར་གྱུར་ཏ་རེ། ཞེས་བླ་མའི་བཀའ་ཉན་པའི་སྒོ་ནས་ དམ་ལ་གཞག་པར་བྱའོ། །དེ་ལྟར་བླ་མའི་དྲི་བ་མཛད་པ་ནས་བཟུང་སྟེ། དམ་ལ་བཞག་པའི་ རིམ་པ་རྣམས་ནི་གཞུང་གཞན་ལས་འབྱུང་བའི་ལུགས་ཡིན་ཏེ། འདིར་བདག་ཉིད་འཇུག་པ་ ལ་དེ་དག་མ་བྱས་ན་ཡང་འགལ་བ་མེད་པར་ཤེས་པར་བྱའོ། །དེ་ནས་ལྷ་དབབ་པའི་དོན་དུ་ སློབ་མ་སྐད་ཅིག་གིས་སྟོང་པ་ཉིད་དུ་བསམ་པའི་རྗེས་ལ་ཨུ་ཡིག་ལས་བྱུང་བའི་སྣང་བ་ མཐའ་ཡས་<ཞལ་གསུམ་ཕྱག་དྲུག་པ་གྱུར་>སུ་བསྐྱེད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག ཞེས་ ལན་གསུམ་བརྗོད་ལ། རང་གི་སྙིང་ཁར་ལམ་ལས་སྐྱེས་པའི་སའི་དཀྱིལ་འཁོར་སེར་པོ་གྲུ་ བཞི་པ་རྡོ་རྗེས་མཚན་པར་ཉི་མ་ལ་ཧཱུཾ་སྔོན་པོ་དང༌། མགོ་བོར་བམ་ལས་བྱུང་བའི་ཆུའི་དཀྱིལ་ འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པར་ཟླ་བ་ལ་ཧཿདཀར་པོ་དང༌། མགྲིན་པར་ཡཾ་ ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞི་ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་ པར་ཟླ་བ་ལ་ཨཿདམར་པོ་དང༌། རྐང་པ་དག་གི་འོག་དུ་རླུང་གི་དཀྱིལ་འཁོར་གྱིས་སྦར་ཞིང་ རམ་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་རམ་གྱིས་མཚན་པ། འོད་ཟེར་ འཕྲོ་བ་ལ་གནས་པའི་ཛྷཻཿདམར་པོས་བདག་ཉིད་འདེགས་བཞིན་པར་བསྒོམས་ནས་བླ་མའི་ 7-1-384 ཐུགས་ཁའི་ས་བོན་ལས་འོད་ཟེར་མཐའ་ཡས་པ་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་གསུང་དང་སྐུ་རྡོ་རྗེ་རྣམས་ཧཱུཾ་ཧཿཨཱཿཞེས་པ་དེ་རྣམས་ ལ་བསྟིམ་ཞིང༌། རྐང་པའི་བུ་ག་ནས་ཛྷཻཿའི་འོད་ཟེར་ཀྱི་ཚོགས་ཞུགས་པ་དང༌། ཧཱུཾ་ལ་སོགས་ པའི་འོད་ཟེར་རྣམས་ཀྱིས་མཐའ་དག་བཀང་བར་བསྒོམ་ཞིང༌། སྔར་བསྒྲུབ་པའི་བདུད་རྩི་ལྔ་ དང༌། སྒྲོན་མེ་ལྔའི་སྤོས་ཀྱི་དུ་བས་བདུག་ཅིང༌། དྲིལ་བུ་དཀྲོལ་བ་དང་བཅས་པས། ༀ་ཨཱ་ར་ ར་ར་ར་ལ་ལ་ལ་ལ་བཛྲ་ཨཱ་བེ་ཤ་ཡ་ཧཱུཾ་ཞེས་པས་རྣམ་པ་བརྒྱར་འདོན་ཅིང་བསམ་གཏན་ལ་ གཞོལ་བས་ཁྲོ་བོའི་གཙོ་བོ་བསྐུལ་ནས་ཁྲོ་བོ་དབབ་པར་བྱའོ། །དེ་ལྟར་ཕབ་པའི་མཐར་ དཔྲལ་བར་ༀ་ཡིག་དང༌། སྙིང་ཁར་ཧཱུཾ་ཡིག་དང༌། གཙུག་ཏོར་དུ་ཧཾཿཡིག་སྟེ་ཐབས་ཀྱི་རིགས་ གསུམ་དང༌། ལྟེ་བར་ཧོཿཡིག་དང༌། མགྲིན་པར་ཨཿཡིག་དང༌། གསང་པར་ཀྵ་ཡིག་སྟེ། ཤེས་ རབ་ཀྱི་རིགས་གསུམ་བཀོད་ནས་བསྲུང་བར་བྱའོ། །དེ་ནས། འཚེ་དང་མི་བདེན་གཞན་གྱི་ བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ ཞགས་པ་དག་ཏེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་རྣམས་སོ། །གང་ཞིག་གང་ གིས་དུས་སུ་བྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་ བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟཻ་ཁྱོད་ཀྱིས་རྐྱང་ནི་བརྐྱང་བར་བྱ། །ཆོ་ལོ་ ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་ བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང༌། །དབང་པོ་ རྣམས་ནི་ཀུན་ནས་ཆགས་པ་དག་སྟཻ་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། ། ཞེས་བརྗོད་པར་བྱ་སྟེ་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་སྦྱིན་པའི་ངེས་པའོ། །དེ་ནས་ༀ་དྭཱ་ད་ཤ་ཨཾ་ ག་ནི་རོ་དྷ་ཀཱ་རི་ཎེ་ཧཱུཾ་ཕཊ་ཅེས་པ་འདིས། གདོང་བཅིང་བར་མོས་པ་བྱ་ཞིང༌། དཀྱིལ་འཁོར་ 7-1-385 ལ་ལན་གསུམ་བསྐོར་བར་མོས་པ་བྱ་སྟེ། ཤར་ཀྱི་སྒོར་བླ་མ་གཙོ་བོའི་གཟུགས་ཀྱིས་གནས་ པས་དུང་གི་ཆུས་མགོ་བོ་ལ་གསང་གཏོར་བྱས་ནས། ༀ་ཨཱཿཧཱུཾ་ཞེས་པ་ལན་བདུན་གྱིས་ སྔགས་པའི་མེ་ཏོག་སྙིམ་པ་ཁ་སྦྱར་བར་སྦྱིན་པར་བྱ་སྟེ་མེ་ཏོག་གི་སྙིམ་པ་རྣམ་པར་དག་པའོ། ། དེ་ནས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག །འདི་ཡི་དངོས་གྲུབ་ཅིང་ འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་ འདྲར་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་བདེན་པའི་བྱིན་བརླབས་[བྱས་ཏེ་{བྱ་སྟེ}། རིགས་ ཡོངས་སུ་བརྟག་པའི་དོན་དུ། དཀྱིལ་འཁོར་གྱི་ཕྱི་རོལ་ཤར་དུ་རྒྱལ་བའི་བུམ་པའི་སྟེང་གི་ རྣམ་པར་རྒྱལ་བའི་དུང་ཆུས་ཀྱི་སྟེང་དུ་རིགས་ལྔའི་མཚན་མ་ལྔ་བཀོད་པ་ལ། ༀ་སརྦ་ཏ་ཐཱ་ ག་ཏཱ་ཀུ་ལ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པ་འདིས་མེ་ཏོག་དོར་བར་བྱ་ཞིང༌། ༀ་པྲ་ཏི་གྷྲིཧྣ་ཏྭཾ་ཨི་མཱཾ་ ས་ཏྭཾ་མ་ཧ་བ་ལ། ཞེས་བརྗོད་ཅིང་མེ་ཏོག་དེ་མགོ་བོར་བཅིང་ངོ༌། །དེ་ནས་དཔྲལ་བ་དང་ མིག་གཉིས་ལ་འབར་བ་དང་བཅས་པའི་ༀ་གཉིས་བསྒོམས་ནས། ༀ་དེ་རིང་རྡོ་རྗེ་སེམས་ དཔའ་རང༌། །ཁྱོད་ཀྱི་མིག་ནི་འབྱེད་པར་བཙོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་ མིག་ནི་འབྱེད་པར་མཛད། །ༀ་འདི་བྱིན་ཏྲི་ཡཱ་ཎུ་ཊ་གྷཱ་ཊ་ཡ་སྭཱཧཱ། ཞེས་པའམ། ཡང་ན། ༀ་ དི་བྱ་ན་ཡ་ན་མུད་གྷཱ་ཊ་ཡཱ་མི་སྭཱཧཱ། ཞེས་པ་འདིས་མིག་དར་དགྲཽལ་བར་བྱའོ། །དེ་ནས་མེ་ ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷ་དང་དཀྱིལ་འཁོར་གྱི་གཙོ་བོ་དང་པོར་བྱས་པའི་དཀྱིལ་ འཁོར་མཐའ་དག་བསྟན་ཅིང༌། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། ། དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པད་མ་ རྩེ་རོལ་བས། །གསང་སྔགས་རྣམས་ལ་སྒྲུབ་པར་གྱིས། །ཞེས་བརྗོད་ཅིང༌། རྡོ་རྗེའི་དཀྱིལ་ 7-1-386 འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ ཆེན་པོ་བདག་གིས་མཐོང༌། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་ བསྐུར། །ཧོཿཧོཿཧོཿཞེས་བརྗོད་པར་བྱ་སྟེ། དཀྱིལ་འཁོར་དུ་བཞུགས་པའི་ཆོ་གའོ།། །། དེའི་རྗེས་སུ་བླ་མ་གཙོ་བོ་དང་ཐ་མི་དད་པ་གཡས་བརྐྱང་བའི་བསྟབས་ཀྱིས་བཞེངས་ པ་ལ། བྱང་ལ་སོགས་པའི་ཕྱོགས་རྣམས་སུ་དབང་བླང་པར་མོས་པ་བྱ་སྟེ། དང་པོར་སློབ་ དཔོན་གྱིས་ཕྱག་གཡས་པའི་རྡོ་རྗེ་ལག་པ་གཡོན་པ་ནས་ཁྲིད་དེ། དཀྱིལ་འཁོར་ལ་མངོན་དུ་ ཕྱོགས་པས་བསྐོར་བ་བྱས་པར་བསམ་ནས། བྱང་སྒོར་དབང་གི་དོན་དུ་མཎྜལ་ཕུལ་ཏེ། པུས་ མོ་ས་ལ་བཙུགས་ནས་ཐལ་མོ་སྦྱར་བས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། མཆོད་ཆེན་ཇི་ལྟར་ བསྩལ་པ་ལྟར། བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། ། ཞེས་ལན་གསུམ་གྱིས་སྤྱིར་གསོལ་བ་གདབ་ཅིང༌། བྱེ་བྲག་དུ་ཆུའི་དབང་གི་དོན་དུ། ༀ་ཧཾ་ ཧཱཾ་ཧིཾ་ཧཱིཾ་ཧྼྀཾ་ཧྼཱྀཾ་ཧུཾ་ཧཱུཾ་ཧླཱྀཾ་ཧླཱྀཾ་ཨཱ་ཨཱི་རཱི་ཨཱུ་ལཱི་བཛྲ་ཌ་ཀི་ནྱོ་བཛྲ་ ཨ་མྲི་ཏ་གྷ་ཊཻ་ར་ཨ་བྷི་ཥིཉྩ་ཏུ་མཾ་སྭཱཧཱ། ཞེས་པ་ལན་གསུམ་མམ་བསྡུ་ན་ལན་གཅིག་གིས་ གསོལ་བ་གདབ་པར་བྱ་སྟེ། གསོལ་བ་གདབ་པ་གཞན་ལའང་དེ་བཞིན་ནོ། ། དེ་ནས་བུམ་པ་རྣམས་ནམ་མཁའ་ལ་བཏེགས་པའམ་བཏེགས་པར་བསམ་ཞིང༌། སངས་ རྒྱས་སྲས་དང་བཙུན་མོར་བཅས་པ་ནམ་མཁའ་གང་བ་རྣམས་ཀྱིས་མེ་ཏོག་དང་གུར་ཀུམ་ལ་ སོགས་པའི་ཆར་འབེབས་བཞིན་པས་བཀྲ་ཤིས་བརྗོད་པར་བསམ་ཞིང༌། བདག་ཉིད་སྒྲུབ་ པའི་གྲོགས་དང་བཅས་པས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་ གྱི་བདག་ཉིད་རིགས་ཀུན་ཀྱིས་ནི་བདག་པོ་མཆོག །སེམས་ཅན་མ་ལུས་བསྐྱེད་བྱེད་བདེ་ བ་ཆེན་པོ་སྟེ། །དེ་ཡིས་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་ པ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་རིགས་པ་བརྗོད་དེ། སྒྲོལ་མ་ལ་སོགས་པ་ལྷ་མོ་ 7-1-387 ལྔ་རྣམས་ཀྱིས་སྔགས་ཀྱི་བུམ་པ་ཐམས་ཅད་ནས་ཆུ་བླངས་ལ་དུང་ཆོས་སུ་བླུགས་ཏེ། དེ་ ཉིད་ཨཱ་ཨཱི་རཱ་ཨཱུ་ལཱི་རྣམས་ལས་བྱུང་བའི་ལྷ་མོ་ལྔའི་ངོ་བོར་བྱིན་གྱིས་བརླབས་ནས། ༀ་ཨཱ་ ཨཱི་རཱི་ཨཱུ་ལཱི་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པ་འདིས་སྐྱེ་བའི་གནས་སྔར་དབང་བསྐུར་ཞིང་ བཀྲུ་བར་བྱའོ། །དེ་ལ་སྐྱེ་བའི་གནས་ལྔ་ནི་གཙུག་ཏོར་དང༌། དཔུང་མགོ་གཉིས་དང༌། དཔྱི་ མགོ་གཉིས་སོ། །དེ་ལྟར་ཡུམ་ལྔའི་སྒོ་ནས་ཆུའི་དབང་བསྐུར་བ་ཐོབ། རླུང་ལ་སོགས་པའི་ ཁམས་ལྔ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ་བར་གྱུར། དེ་བཞིན་གཤེགས་མ་རྣམས་ཀྱིས་ བྱིན་གྱིས་བརླབས་པར་བསམ་སྟེ། ཆུའི་དབང་ངོ༌། །དེ་ནས་ཅོད་པན་གྱི་དབང་གི་དོན་དུ། ༀ་ཨཾ་ཨིཾ་རིཾ་ཨཱུཾ་ལིཾ་སརྦ་བུད་དྷ་བཛྲ་མུ་ཀུ་ཊཾ་མ་མ་པཉྩ་བུད་དྷ་ཨཱད་མ་ཀཾ་བན་དྷ་ཡན་ཏུ་ཧཱུཾ་ཧཱུཾ་ ཕཊ། ཅེས་པས་གསོལ་བ་གདབ་པར་བྱའོ། །དེ་ནས་མེ་ཏོག་གང་དུ་ལྷུང་བའི་སངས་རྒྱས་ དེ་ཉིད་གཙོ་བོར་གྱུར་པའི། ཅོད་པན་རིན་པོ་ཆེ་ལས་བྱས་པའམ་གསེར་རམ་གོས་ཀྱི་རང་ བཞིན་ཡང་རུང་སྟཻ། དེ་ཉིད་ཨ་ཨི་རི་ཨཱུ་ལི་རྣམས་ལས་བྱུང་བའི་སངས་རྒྱས་ལྔའི་ངོ་བོར་ བྱིན་གྱིས་བརླབས་ནས། ༀ་ཨཱ་ཨཱི་རི་ཨུ་ལི་པཉྩ་ཏ་ཐཱ་ག་ཏཱ་ས་པ་རི་ཤུད་དྷ་སྭཱཧཱ། ཞེས་པ་དང༌། དུང་གི་ཆུས་སྐྱེ་བའི་གནས་ལྔར་དབང་བསྐུར་ཞིང་མགོ་བོར་དབུ་རྒྱན་བཅིང་བར་བྱའོ། །དེ་ ལྟར་སངས་རྒྱས་ལྔའི་སྒོ་ནས་ཅོད་པན་གྱི་དབང་བསྐུར་བ་ཐོབ། ཕུང་པོ་ལྔ་རྣམ་པར་དག་ ཅིང་སྒྲིབ་པ་དང་བྲལ་བར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པར་ བསམ་ཞིང༌། མི་བསྐྱོད་པ་ལ་སོགས་པ་སངས་རྒྱས་ལྔ་ཡུམ་དང་བཅས་པ་རྣམས་སུ་རིམ་པ་ ལྟར་བསྐྱེད་པར་བྱ་སྟེ། ཅོད་པན་གྱི་དབང་ངོ༌། །དེ་ལྟར་ན་བྱང་སྒོར་སྐུའི་ཞལ་གྱི་ས་ལ་ཆུ་ དང་ཅོད་པན་གྱི་དབང་བསྐུར་བ་ཐོབ་པས། སྐུ་རྡོ་རྗེ་དྲི་མ་དང་བྲལ་བར་གྱུར་བར་བསམ་མོ། ། སླར་ཡང་གཡས་སྐོར་གྱིས་ལྷོའི་སྒོར་ཁྲིད་ནས། དར་དཔྱངས་ཀྱི་དབང་གི་དོན་དུ། ༀ་ 7-1-388 ཨ་ཨཱ་ཨཾ་ཨཱཿཧ་ཧཱ་ཧཾ་ཧཱཿ ཕྲེཾ་ཧོཿསརྦ་པཱ་ར་མི་ཏ་མ་མ་བཛྲ་པཊྚ་བྷན་དྷ་ཡན་དུ་ཧཱུཾ་ཧཱུཾ་ཕཊ། ཅེས་ པ་གསོལ་བ་གདབ་ཅིང༌། རིན་པོ་ཆེའི་པཊྚ་དང༌། གསེར་གྱི་པཊྚ་འམ། མ་རྙེད་ན་མེ་ཏོག་གི་ ཕྲེང་བ་ཡང་རུང་སྟེ༑ དེ་ཉིད། ཨ་ཨཱཿ ཨཾ་ཨཱཿ ཧ་ཧཱ་ཧཾ་ཧཱཿ ཕྲེཾ་ཧོཿ རྣམས་ལས་བྱུང་བའི་ནུས་མ་ བཅུའི་ངོ་བོར་བྱིན་གྱིས་བརླབས་ནས། ༀ་ཨ་ཨཱཿཨཾ་ཨཱཿཧ་ཧཱ་ཧཾ་ཧཱཾ༔ཧོ་ཕྲེང་ད་ཤ་པ་ར་མི་ཏཱ་པ་ ར་པཱུ་ར་ཎི་སྭཱཧཱ། ཞེས་པ་དང་དུང་གི་ཆུས་སྐྱེ་བའི་གནས་ལྔར་དབང་བསྐུར་ཞིང་དཔྲལ་བར་ དར་དཔྱངས་སམ་མེ་ཏོག་གི་ཕྲེང་བ་བཅིང་བར་བྱའོ། །དེ་ལྟར་ནུས་མ་བཅུའི་སྒོ་ནས་དར་ དཔྱངས་ཀྱི་དབང་བསྐུར་བ་ཐོབ། ཕ་རོལ་ཏུ་ཕྱིན་པ་བཅུ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ་ བར་གྱུར། ནུས་མ་རྣམས་ཀྱིས་བྱིན་གྱིས་བརླབས་པར་བསམ་སྟེ། དར་དཔྱངས་ཀྱི་དབང་ངོ༌། ། དེ་ནས་རྡོ་རྗེ་དྲིལ་བུའི་དབང་གི་དོན་དུ། ༀ་ཧཱུཾ་ཧོཿ བིཛྙ་ན་ཛྙ་ན་སྭ་བྷ་བེ་ཀ་རུ་ཎ་པྲཛྙ་ཨད་ མ་ཀེ་བཛྲ་བཛྲ་གྷནཊེ་ས་བྱེ་ཏ་ར་ཀ་ར་ཡོར་མ་མ་བཛྲ་ས་ཏྭཿ ས་པྲཛྙཱོ་ད་དཱ་ཏུ་ཧཱུཾ་ཧཱུཾ་ཕཊ། ཅེས་ པས་གསོལ་བ་གདབ་ཅིང༌། རྡོ་རྗེ་དང་དྲིལ་བུ་ཧཱུཾ་དང་ཧོཿལས་བྱུང་བའི་གཙོ་བོ་ཡབ་ཡུམ་གྱི་ ངོ་བོར་བྱིན་གྱིས་བརླབས་ནས། ༀ་ཧཱུཾ་ཧོཿ སཱུརྻ་ཙན་ཏྲ་བི་ཤོདྷ་ཀ་སྭཱཧཱ། ཞེས་པ་དང༌། དུང་གི་ ཆུས་སྐྱེ་བའི་གནས་ལྔར་དབང་བསྐུར་ཞིང༌། རྡོ་རྗེ་དྲིལ་བུ་སྤྱི་བོར་བཞག་ཅིང་བྱིན་ནས། སླར་ ཡང་དུང་གི་ཆུས་དབང་བསྐུར་བར་བྱའོ། །དེ་ལྟར་གཙོ་བོ་ཡབ་ཡུམ་གྱི་སྒོ་ནས་དར་དཔྱངས་ དང་རྡོ་རྗེ་དྲིལ་བུའི་དབང་བསྐུར་བ་ཐོབ། ཟླ་བ་དང་ཉི་མའི་རྩ་ལ་ལཱ་ནཱ་དང་ར་ས་ནཱ་རྣམ་པར་ དག་ཅིང་སྒྲིབ་པ་དང་བྲལ་བར་གྱུར། གཙོ་བོ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པར་བསམ་ ཞིང་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པར་བྱ་སྟེ་རྡོ་རྗེ་དྲིལ་བུའི་དབང་ངོ༌། །དེ་ལྟར་ལྷོ་སྒོར་གསུང་ གི་ཞལ་གྱི་ས་ལ་དར་དཔྱངས་དང་རྡོ་རྗེ་དྲིལ་བུའི་དབང་བསྐུར་བ་ཐོབ་པས་གསུང་རྡོ་རྗེ་དྲི་ མ་དང་བྲལ་བར་གྱུར་པར་བསམ་མོ། ། དེ་ནས་རྡོ་རྗེའི་མཐེ་བོང་བྱིན་ནས་སླར་ཡང་གཡས་བསྐོར་གྱིས་ཤར་གྱི་སྒོར་ཁྲིད་ 7-1-389 ནས་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་གི་དོན་དུ། ༀ་ཨ་ཨཱ། ཨེ་ཨཱཻཿ ཨར་ཨཱརཿ ཨོ་ཨཱཽཿ ཨལ་ ཨཱལཿཨཾ་ཨཱཿ སརྦ་བོ་དྷི་ས་ཏྭཿ ས་བྷཱརྻཱཿསརྦ་དཱ་སརྦ་ཀཱ་མ་ཨུ་པ་བྷོ་གཾ་བཛྲ་བྲ་ཏཾ་མ་མ་ད་དན་ དུ་སྭཱཧཱ། ཞེས་པས་གསོལ་བ་གདབ་ཅིང༌། མེ་ཏོག་གི་སིལ་མ་རྣམས། ཨ་ཨཱ་ཨེ་ཨཱཻ་ཨར་ཨཱར་ ཨོ་ཨཱཽ་ཨལ་ཨཱལ་ཨཾ་ཨཱཿ རྣམས་ལས་བྱུང་བའི་སེམས་དཔའ་ཡབ་ཡུམ་གྱི་ངོ་བོར་བྱིན་གྱིས་ བརླབས་ནས། ༀ་ཨ་ཨཱ་ཨེ་ཨཱཻ་ཨར་ཨཱར། ཨོ་ཨཱཽ་ཨལ་ཨཱལ་ཨཾ་ཨཱཿ བི་ཤ་ཡ་ཨིན་ཏྲི་ཡ་བི་ ཤཽ་དྷ་ནི་སྭཱ་ཧཱ། ཞེས་པ་དང༌། དུང་གི་ཆུས་སྐྱེ་བའི་གནས་ལྔར་དབང་བསྐུར་ནས། རྣ་བ་ལ་ སོགས་པར་མེ་ཏོག་འགོད་པར་བྱའོ། །དེ་ལྟར་སེམས་དཔའ་ཡབ་ཡུམ་གྱི་སྒོ་ནས་བརྟུལ་ ཞུགས་ཀྱི་དབང་བསྐུར་བ་ཐོབ། དབང་པོ་དྲུག་ཡུལ་དང་བཅས་པ་རྣམ་པར་དག་ཅིང་ལྷའི་ མིག་ལ་སོགས་པ་སྒྲིབ་པ་དང་བྲལ་བར་གྱུར། སེམས་དཔའ་ཡབ་ཡུམ་རྣམས་ཀྱིས་བྱིན་གྱིས་ བརླབས་པར་བསམ་སྟེ། རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ངོ༌། ། དེ་ནས་མིང་གི་དབང་གི་དོན་དུ། ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཿ ས་ བྷརྻཱ་མཻ་ཏྲི་ཀ་རུ་ཎ་མུ་དི་ཏ་ཨུ་པེཀྵ་སརྦ་ས་མ་ཏྭ་སྭ་བྷཱ་བཾ་བཛྲ་པཱུརྦཾ་ག་མཾ་ནཱ་མ་མེ་ད་དན་དུ་ཧཱུཾ་ ཧཱུཾ་ཕཊ་ཅེས་པས་གསོལ་བ་གདབ་ཅིང༌། གདུ་བུ་དང་རྐང་གདུབ་ལ་སོགས་པ་འམ། མེད་ན་ མེ་ཏོག་གི་ཕྲེང་བ་ཡང་རུང་སྟེ། ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་རྣམས་ལས་བྱུང་བའི་ཁྲོ་བོ་ཡབ་ ཡུམ་གྱི་ངོ་བོར་བྱིན་གྱིས་བརླབས་ནས། ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུར་བྲ་ཧྨ་བི་ཧཱ་ར་ བི་ཤུད་དྷ་སྭཱཧཱ། ཞེས་པ་དང་དུང་གི་ཆུས་སྐྱེ་བའི་གནས་ལྔར་དབང་བསྐུར་ནས། ལག་པ་དང་རྐང་པ་དག་ལ་ གདུ་བུ་དང་རྐང་གདུབ་དག་གམ། དེ་དག་མེད་ན་མེ་ཏོག་གི་ཕྲེང་བ་བཅིང་སྟེ། ཁྱོད་ནི་རྡོ་ རྗེ་ཆེ་གེ་མོ་ཞེས་རྡོ་རྗེ་དྲིལ་བུ་མགོ་བོའི་སྟེང་དུ་དཀྲོལ་ཞིང་མེ་ཏོག་གང་དུ་ལྷུང་བ་དེའི་མིང་ གིས་ལུང་བསྟན་པར་བྱའོ། །དེ་ལྟར་ཁྲོ་བོ་ཡབ་ཡུམ་གྱི་སྒོ་ནས་མིང་གི་དབང་བསྐུར་བ་ཐོབ། 7-1-390 འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་བཞི་རྣམ་པར་དག་ཅིང་ཚངས་པའི་ གནས་བཞི་སྒྲིབ་པ་དང་བྲལ་བར་གྱུར་ཁྲོ་བོ་ཡབ་ཡུམ་གྱི་བྱིན་གྱིས་བརླབས་པར་བསམ་ཏེ། མིང་གི་དབང་ངོ༌། །དེ་ལྟར་ན་ཤར་སྒོར་ཐུགས་ཀྱི་ཞལ་གྱིས་ས་ལ་བརྟུལ་ཞུགས་དང་མིང་གི་ དབང་བསྐུར་བ་ཐོབ་པས་ཐུགས་རྡོ་རྗེ་དྲི་མ་དང་བྲལ་བར་འགྱུར་བར་བསམ་མོ། །སླར་ཡང་ གཡས་སྐོར་གྱིས་ནུབ་ཀྱི་སྒོར་ཁྲིད་ནས། རྗེས་གནང་གི་དབང་གི་དོན་དུ། ༀ་ཨེ་ཝཾཿཔད་མ་ བཛྲ་ཙི་ཧྣོ་པྲ་ཛྙ་ཨུ་པཱ་ཡཽ་མཎ་ཊ་ལ་ཨ་དྷི་པ་ཏཱི་བཛྲ་སུ་ཁ་ཛྙ་ན་ཨཾ་ག་མ་མ་ད་དཱ་ཏཱཾ་ཧཾ་ཧཿ ཧཱུཾ་ ཕཊ་ཅེས་པས་གསོལ་བ་གདབ་ཅིང་ༀ་ཧཾ་ཀྵཿདྷརྨྨ་ཙཀྲ་པྲ་བར་ཏ་ཀ་སྭཱཧཱ། ཞེས་པ་འདིས་ སྐྱེ་བའི་གནས་ལྔར་དུང་གི་ཆུས་དབང་བསྐུར་ཞིང༌། ཐམས་ཅད་ནམ་མཁའི་མཚན་ཉིད་ དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཐམས་ ཅད་མཆོག་གི་མཉམ་ཉིད་གསལ། །དེང་ནས་བརྩམ་ཏེ་དམ་བཅས་པའི། །སེམས་ནི་བསྐྱེད་ པ་ཙམ་གྱིས་ནི། །དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་པ་དང༌། སེམས་ཅན་ ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། སྣ་ཚོགས་ཇི་ལྟར་འདུལ་བ་ཡི། ། ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཤེས་རབ་ཐབས་ཀྱི་རང་བཞིན་བདག །ཡིད་བཞིན་ ནོར་བུ་ལྟར་མཐོང་བས། །སྐྱོ་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ཅན་དོན་གྱིས་ ཤིག །ཅེས་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ལྟར་ན་ནུབ་སྒོར་ཡེ་ཤེས་ཀྱི་ཞལ་གྱིས་ས་ ལ་རྗེས་སུ་གནང་བའི་དབང་བསྐུར་བ་ཐོབ་པས། ཆོས་ཀྱི་འཁོར་ལོ་བསྐོར་བར་ནུས་ཤིང༌། ཡེ་ཤེས་རྡོ་རྗེའི་དྲི་མ་དང་བྲལ་བར་གྱུར་པར་བསམ་མོ། །དེ་ལྟར་དཀྱིལ་འཁོར་ཆེན་པོར་ དབང་བདུན་གྱིས་མངོན་པར་དབང་བསྐུར་བས། ས་བདུན་གྱི་དབང་ཕྱུག་དུ་ལུང་བསྟན་པ་ ཐོབ་ཅིང༌། སྔགས་ཀྱི་ཚུལ་ལ་དགེ་བསྙེན་དུ་གྱུར་པར་བསམ་ཏེ། ༀ་སརྦ་ཏ་ཐཱ་ག་ཏཱ་སབ་ཏ་ 7-1-391 ཨ་བྷི་ཤེ་ཀ་སབ་ཏ་བྷཱུ་མི་པྲཱས་ཏོ་ཧཾ། ཞེས་དབང་བདུན་ཐོབ་པའི་ང་རྒྱལ་བཟུང་ངོ༌། །དེ་ནས་ ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ ཀུན་བདག་ཉིད། །རྡོ་རྗེ་སྙེམས་མ་བདག་པོའི་བདག །ཅེས་བརྗོད་ཅིང་རྡོ་རྗེ་དེ་ཁོ་ན་ཉིད་ ཀྱིས་འཛིན་དུ་བཞུག་ཅིང༌། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་ རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། ། ཞེས་བརྗོད་ཅིང་རྡོ་རྗེ་དྲིལ་བུ་དེ་ཁོ་ན་ཉིད་ཀྱིས་འཛིན་དུ་བཅུག་ནས། རྣམ་པར་དག་པའི་ ཆོས་བསྟན་པ་ནི༑ ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོད་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་ པ་མེད་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པད་མའི་རིགས་ཉིད་ལ་ ཡང་གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་ རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་ མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པད་མར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱི་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་ རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་བས་མིན་པར་རྒྱལ་བས་གསུངས། །ཞེས་ བརྗོད་པར་བྱ་ཞིང་རྩ་བའི་ལྟུང་བ་སྤང་བར་གདམས་པ་ཡང་བརྗོད་པར་བྱ་སྟེ། གལ་ཏེ་གཡོ་ རྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། །ཞེས་ པ་དང༌། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱིས་ནི་རྩ་བའི་ལྟུང་བ་རི་ བོང་འཛིན་པར་འགྱུར། །དེ་ཡི་བཀའ་ལ་དགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་ སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་ རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པའོ་རི་བོ་དག་ ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ 7-1-392 ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང༌། །སྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བ་བདེ་ བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ ཉི་མ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་ མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །ཞེས་པའོ། བསྡུས་པ་ལ་དགའ་བའི་ ཚེ་ནི་འདི་མ་བརྗོད་ཀྱང་ཆོག་ལ། སློབ་མ་དབང་བསྐུར་བ་ལ་ནི་འདི་ངེས་པར་བརྗོད་དགོས་ སོ། །དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བྱིས་པ་འཇུག་པའི་དབང་བདུན་བསྐུར་བས། སྔགས་བཟླས་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་དབང་བར་གྱུར་ཏེ། འོག་མིན་ གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་དང༌། སེམས་ཅན་ཐམས་ ཅད་གྱི་འདྲེན་པ་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་སླད་དུ། བདག་ གིས་ལུང་བསྟན་ཞིང་རྗེས་སུ་གནང་ངོ༌། །ཞེས་བརྗོད་པར་བྱ་ཞིང༌། བླ་མ་དེ་བཞིན་གཤེགས་ པའི་སྤྱོད་ལམ་དུ་མཛད་ནས། སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་ཞི་བྱའི་ ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་ནི་ལུང་བསྟན་བགྱིས། །ཀྱེ་ ཁྱོད་ནི་རྡོ་རྗེ་ཆེ་གེ་མོ། །ཏ་ཐཱ་ག་ཏཱ་ཤི་ཥྱ་ས་མ་ཡ་སྟྭཾ་བྷཱུར་བྷཱུ་ཝ་སྭ། གང་ཡང་འདི་ལྟར་ལུང་ བསྟན་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ ལུང་སྟོན་ཏོ། །ཞེས་ཀྱང་བརྗོད་པར་བྱའོ། །འདིར་དཀྱིལ་འཁོར་དང་ལྷའི་རྣམ་པར་དག་པ་ ནི་སྒྲུབ་ཐབས་ཀྱི་སྐབས་སུ་བསྟན་ཟིན་ལ། དབང་གི་རྣམ་དག་བཤད་པ་དང་སྔགས་ཀྱི་རྗེས་ གནང་ཡང༌། སློབ་མ་ལ་དབང་བསྐུར་བའི་ཚེ་བྱ་ཡི་འདིར་བྱ་མི་དགོས་སོ། །དབང་བདུན་ གྱི་ཆོ་གའོ། །དེ་ནས་དབང་གོང་མ་རྣམས་ཞུ་བའི་དོན་དུ་མཎྜལ་དབུལ་ཞིང༌། སྐྲག་པ་དང་ འཁྲུལ་པ་ལ་སོགས་པའི་སྐྱོན་དང་བྲལ་བའི་བུ་མོ་མཛེས་མ་ལོ་བཅུ་གཉིས་ནས། ཉི་ཤུའི་ བར་གང་ཡང་རུང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡུལ་དང་བཅས་ཤིང༌། དབང་དང་སླབ་ 7-1-393 པའི་ཡོངས་སུ་སྨིན་པ་ཡང་ཕུལ་བར་བསམ་ནས། མེ་ཏོག་དང་བཅས་པའི་ལག་པ་ཐལ་མོ་ སྦྱར་བས། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་ མི་འགྱུར་བདེས་གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ པ། །བྱང་ཆུབ་སེམས་ནི་འགྱུར་མེད་གང༌། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་ པོས་ད་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བཅས་པ། །བདག་ནི་དུས་ཀུན་ཁྱོད་ཀྱི་ འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར། །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཞེས་ པས་ཐུན་མོང་དུ་གསོལ་བ་བཏབ་ནས། ཁྱད་པར་དུ་བུམ་པའི་དབང་བསྐུར་བར་གསོལ་བ་ གདབ་པར་བྱ་སྟེ། ༀ་ༀ་སྲཛྙ་ཨཱུ་པཱ་ཡཽ་ཀ་ལ་ཤ་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པའོ། ། སླར་ཡང་ལུས་ལ་སྐུ་རྡོ་རྗེས་བྱིན་གྱིས་བརླབ་པའི་དོན་དུ། དཔལ་ལྡན་སྐུའི་རྡོ་རྗེ་འཛིན། ། མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུའི་རྡོ་རྗེ་ཅན་གྱིས་ནི། །བྱིན་བརླབས་གནས་སུ་ དིང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་ བསྒོམས་པས། །སྐུའི་རྡོ་རྗེ་ཅན་གྱིས་ནི། །བྱིན་བརླབས་གནས་སུ་དིང་བདག་མཛོད། །ཅེས་ གསོལ་བ་བཏབ་པས། བླ་མས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་ མ་འདི་ཡི་ལུས་ཀྱི་ཐིག་ལེ་དང་སད་པའི་གནས་སྐབས་འགགས་ཤིང༌། དགའ་བའི་དགའ་བ་ རྫོགས་ནས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་ པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་གདབ་ཅིང༌། བླ་མའི་ཐུགས་ཁའི་འོད་ཟེར་ གྱིས་སྤྱན་དྲངས་པའི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ནམ་མཁའ་གང་བར་བཞུགས་པ་ ཐམས་ཅད་ཀྱི་དཔྲལ་བའི་ༀ་ཡིག་དཀར་པོ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས་ པ་སློབ་མའི་དཔྲལ་བ་ནས་ཞུགས་ཏེ་ལུས་ཐམས་ཅད་གང་བས་ལུས་ཀྱི་དྲི་མ་དག སངས་ རྒྱས་ཐམས་ཅད་ཀྱིས་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས་བླ་མས། ཕྱག་ 7-1-394 རྒྱ་དེ་ཉིད་སྣ་ཚོགས་ཡུམ་དུ་བྱིན་གྱིས་བརླབས་ནས་དེའི་ནུ་མ་ལ་ལག་པ་རེག་དུ་བཅུག་པར་ བསམ་ཞིང་དེ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བའི་ དགའ་བ་སྟེ། དེ་ཉིད་བུམ་པའི་དབང་གི་དོན་ནོ། །དེ་ལྟར་ཕྱག་རྒྱའི་ལུས་ཀྱི་དཀྱིལ་འཁོར་ དུ་བུམ་པའི་དབང་བསྐུར་བ་ཐོབ་པས། སྔགས་ཀྱི་ཚུལ་ལ་དགེ་ཚུལ་དུ་གྱུར་ཅིང༌། ས་བརྒྱད་ པ་མི་གཡོ་བར་ལུང་བསྟན་པ་ཐོབ་པས། སངས་རྒྱས་ཀྱི་སྲས་སུ་གྱུར་པར་མོས་པ་བྱ་སྟེ། ༀ་ ༀ་བཛྲ་སཏྭེ་ན་བཛྲ་ཀ་ལ་ཤ་ཨ་བྷི་ཥེ་ཀེ་ཎ་ཨ་བྷི་ཥེ་ཀ་ཏོ་བཛྲ་སཏྭ་པུ་ཏྲོ་ཨ་ཙ་ལཱ་བྷུ་མི་ལབ་དྷོ་ ཧཾ། ཞེས་ང་རྒྱལ་བཟུང་བར་བྱ་སྟེ་བུམ་པའི་དབང་ངོ༌། །དེ་ནས་གསང་བའི་དབང་གི་དོན་དུ། ༀ་ཨཱཿ སྲཛྙཱ་ཨཱུ་པཱ་ཡཽ་གུ་ཧྱ་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་གསོལ་བ་གདབ་པར་ བྱ་ཞིང་སླར་ཡང་ངག་ལ་གསུང་རྡོ་རྗེས་བྱིན་གྱིས་བརླབ་པའི་དོན་དུ། དཔལ་ལྡན་གསུང་གི་ རྡོ་རྗེ་འཛིན། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། བླ་མས། ཕྱོགས་བཅུའི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་སློབ་མ་འདི་ཡི་ངག་གི་ཐིག་ལེ་དང་རྨི་ལམ་གྱི་གནས་སྐབས་ འགགས་ཤིང༌། མཆོག་དགའི་དགའ་བ་རྫོགས་ནས། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་ སྐུ་རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་ཅིང་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འགྲིན་པའི་ ཨཱཿཡིག་ལས་འོད་ཟེར་དམར་པོ་འཕྲོས་པས། སློབ་མའི་འགྲིན་པར་ཞུགས་ཏེ་ངག་གི་དྲི་མ་ དག སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེས་བྱིན་གྱིས་བརླབས་པར་བསམ་མོ། ། དེ་ནས་གདོང་གཡོགས་བཅིང་པར་བསམ་ཞིང༌། བླ་མ་དུས་ཀྱི་འཁོར་ལོ་ཡབ་ཡུམ་ སྙོམས་པར་ཞུགས་པའི་ཐུགས་ཁའི་ས་བོན་གྱི་འོད་ཟེར་གྱིས། སངས་རྒྱས་སྲས་དང་བཙུན་ མོར་བཅས་པ་ཐམས་ཅད་སྤྱན་དྲངས་སྟེ་སྐུ་ལ་ཞུགས་སྟེ་ཆགས་པ་ཆེན་པོས་གཞུ་བར་གྱུར་ པ། ཨ་ཝ་དྷུ་ཏཱིའི་ལམ་ནས་རྒྱུད་དེ་རྡོ་རྗེ་ནོར་བུར་བྱོན་པའི་བདུད་རྩི་མཐེ་བོ་དང་མིང་མེད་ 7-1-395 ཀྱི་བཟུང་ནས་ལྕེ་ཐོག་ཏུ་བཞག་པར་བསམ་ཞིང༌། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་ དབང་བསྐུར་བགྱི། །ཞེས་པ་དང༌། བླ་མེད་དེ་ནི་འདི་ཉིད་དེ། །གཉིས་སུ་མེད་ཅིང་མི་འགྱུར་ བ། །ཆོས་ཀྱི་དབྱིངས་ནི་དམ་པ་ཡི། །དམ་པའི་བདེ་བ་མྱང་བར་གྱིས། །ཞེས་བརྗོད་ལ། དེ་ བཞིན་གཤེགས་པ་ཐམས་ཅད་འདུས་པའི་ངོ་བོར་བསམ་ནས། ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་བརྗོད་ ཅིང༌། དངོས་སུ་བདུད་རྩི་རིལ་བུ་སྦྱར་བའི་ནང་མཆོད་ཀྱིས་ཐིགས་པ་ལྕེ་ལ་བཞག་ཅིང་ བཏུང་བར་བྱའོ། །ཕྱག་རྒྱའི་བྷ་ག་གསལ་བར་བྱས་པ་ཡང་ལྟས་པར་བསམ་མོ། །དེ་ལས་ བྱུང་བའི་བདེ་བ་ཉམས་སུ་མྱོང་བ་འཇིག་རྟེན་ཀུན་རྫོབ་ཀྱི་མཆོག་དགའི་དགའ་བ་སྟེ། དེ་ ཉིད་གསང་བའི་དབང་གི་དོན་ནོ། །དེ་ལྟར་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་གསང་བའི་ དབང་བསྐུར་བ་ཐོབ་པས། སྔགས་ཀྱི་ཚུལ་ལ་དགེ་སློང་དུ་གྱུར་ཅིང༌། ས་དགུ་པ་ལེགས་ པའི་བློ་གྲོས་སུ་ལུང་བསྟན་པ་ཐོབ་པས། སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་གྱུར་པར་མོས་པ་བྱས་ ཏེ༑ ༀ་ཨཱཿབཛྲ་ས་ཏྭེ་ན་གུ་ཧྱེ་ཨ་བྷི་ཥེ་ཀེ་ཎ་ཨ་བྷི་ཥི་ཀ་ཏོ། བཛྲ་ས་ཏྭ་ཡུ་བ་རཱ་ཛོ་ན་བ་བྷུ་མི་ ལབ་དྷོ་ཧཾ༑ ཞེས་ང་རྒྱལ་བཟུང་བར་བྱ་སྟེ། གསང་བའི་དབང་ངོ༌། །དེ་ནས་ཤེས་རབ་ཡེ་ ཤེས་ཀྱི་དབང་གི་དོན་དུ། ༀ་ཧཱུཾ་སྲཛྙཱ་ཨུ་པཱ་ཡཽ་བཛྲ་ས་ཏྭ་བི་ཤྭོ་མ་ཏ་རཽ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥེ་ཀཾ་ མེ་ད་ད་ཏཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་གསོལ་བ་གདབ་པར་བྱ་ཞིང༌། སླར་ཡང་སེམས་ལ་ཐུགས་ རྡོ་རྗེས་བྱིན་གྱིས་བརླབས་པའི་དོན་དུ། །དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །ཞེས་སོགས་ ཀྱིས་གསོལ་བ་བཏབ་པས། བླ་མས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ སློབ་མ་འདིའི་སེམས་ཀྱི་ཐིག་ལེ་དང༌། གཉིད་སྟུག་གི་གནས་སྐབས་འགགས་ཤིང༌། ཁྱད་ པར་གྱི་དགའ་བ་རྫོགས་ནས་ཐུག་རྡོ་རྗེ་ཆོས་ཀྱི་སྐུ་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ ཆུབ་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་གདབ་ཅིང་དེ་བཞིན་གཤེགས་ 7-1-396 པ་ཐམས་ཅད་ཀྱིས་ཐུགས་ཁའི་ཧཱུཾ་ཡིག་ལས་འོད་ཟེར་མཐིང་ནག་འཕྲོས་པས། སློབ་མའི་ སྙིང་ཁ་ནས་ཞུགས་ཏེ་ཡིད་ཀྱི་དྲི་མ་དག སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེས་བྱིན་གྱིས་ བརླབས་པར་བསམ་མོ། དེ་ནས་བླ་མས། འདིར་ནི་ཁྱེད་རྣམས་དཔང་པོ་ལགས། །བདག་ གིས་འདི་ལ་འདི་བཏད་དོ། །ཞེས་རྡོ་རྗེ་སེམས་དཔའ་དཔང་དུ་བྱས་ནས། གཟུང་མ་ཡིད་ འོང་འདི་ཁྱོད་ཀྱིས། །བརྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་པས་ སྦྱོར་བ་ཡི། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་དཀྱིལ་དཀྲུང་གིས་སེམས་ནི། །ནོར་བུའི་ ནང་དུས་གནས་ལྟ་བས། །ཞེས་གོ་བར་བྱ་སྟེ། ཕྱག་རྒྱ་སྣ་ཚོགས་ཡུམ་དུ་བསྐྱེད་པའི་དཔྲལ་ བ་དང་འགྲིན་པ་དང༌། སྙིང་ཁ་དང༌། ལྟེ་བ་དང༌། གསང་བ་དང། གཙུག་ཏོར་རྣམས་སུ། ༀ་ ཨཱཿཧཱུཾ་ཧོཿསྭཱཧཱ། ཞེས་པ་རྣམས་བཀོད་ནས་གཏད་པར་བསམ་ཞིང༌། ཕྱག་རྒྱ་དེས་ཀྱང་ཆུ་སྐྱེས་ གུར་ཀུམ་ལ་སོགས་པས་དྲི་ཞིམ་པོར་བྱས་པ་སྟོན་ཅིང༌། ཨེ་མ་བདག་གི་པད་མ་འདི། །བདེ་ བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བརྟེན་བྱེད་པ། །དེ་ཡི་མདུན་ན་བདག་ གནས་ཏེ། །སངས་རྒྱས་བརྟེན་པ་ལ་སོགས་པ། །པད་མར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་ རྒྱལ་པོ་རང་ཉིད་ནི། འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཛ་མོ་ཀྵ་ཧོཿཞེས་འདོན་པར་བསམ་ སྟེ། སློབ་མ་དུས་ཀྱི་འཁོར་ལོར་བསྐྱེད་པའི་དཔྲལ་བ་ལ་སོགས་པར་སྔ་མ་བཞིན་ཡི་གེ་དྲུག་ བཀོད་ནས། ཤེས་རབ་ཀྱི་པད་མ་ཨཱཿ ལས་པད་མ་འདབ་མ་བརྒྱད་པ་ཟེ་འབྲུ་ལས་ཧཱུཾ་ལས་ བྱུང་བའི་རྡོ་རྗེ་མཚན་པ་དང༌། ཐབས་ཀྱི་རྡོ་རྗེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དབུས་སུ་ཨཱཿལས་བྱུང་ བའི་པད་མ་འདབ་བརྒྱད་ཀྱིས་མཚན་པར་བསྒོམས་ཏེ། ལག་བཅངས་དང་སྙོམས་འཇུག་ བྱས་པར་བསམ་ཞིང༌། ༀ་ཛྙཱ་ན་པཱུ་ཛཱ་ཨ་ནུ་རཀྟ་སྭ་བྷཱ་ཝ་ཨཱ་མ་ཀོ་ཧཾ་ཞེས་བརྗོད་དོ། །དེ་ལྟ་ བུའི་སྦྱོར་བ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་ནི། འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བྲལ་ གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་ཏེ། 7-1-397 དགའ་བ་བཞི་ཡི་དབྱེ་བས་འཇིག་རྟེན་ཀུན་རྫོབ་ཀྱི་དབང་རྣམ་པ་བཞིའོ། །དེ་ལྟར་ཀུན་རྫོབ་ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་སྔགས་ ཀྱི་ཚུལ་ལ་གནས་བརྟན་དུ་གྱུར་ཅིང༌། ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་ལ་གནས་པར་ལུང་བསྟན་ པ་ཐོབ་པ་རྡོ་རྗེ་འཆང་གཉིས་པར་གྱུར་པ་མོས་པ་བྱ་ཏེ། ༀ་ཧཱུཾ་བཛྲ་ས་ཏྭེ་ན་པྲཛྙཱ་ཛྙཱ་ནེ་ན་ཨ་བྷི་ ཥིཀ་ཏོ་དྭི་ཏི་ཡ་བཛྲ་དྷ་རོ་ཧཾ་དྷརྨྨ་མེ་གྷཱ་བྷུ་མི་ལབ་དྷོ་ཧཾ། ཞེས་ང་རྒྱལ་བཟུང་བར་བྱ་སྟེ། ཤེས་ རབ་ཡེ་ཤེས་ཀྱི་དབང་ངོ༌། ། དེ་ནས་བླ་མས་དམ་ཚིག་གི་ངེས་པ་སྦྱིན་པ་ནི། འཇིག་རྟེན་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་ པའི་དགའ་བ་དེ་ནི་དོན་དམ་པ་མ་ཡིན་གྱི། དོན་དམ་པར་རྣལ་འབྱོར་པ་རྣམས་ཀྱིས་བདེ་བ་ ནི་ཐིག་ལེ་འཕོ་བ་མེད་པ་ཡིན་པས། བདེ་བ་ཆེན་པོ་འདི་ཉིད་ནི་ཁྱོད་ཀྱིས་བསྲུང་བར་བྱའོ། ། ཞེས་གདམས་པ། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང༌། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལ་ འང། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ། །བྷ་གར་ ལིང་ག་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། ། སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །བསྲུངས་པ་འདི་ཉིད་ཁོ་ན་ཡི། །སྐྱེ་བ་འདི་ལ་ སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡི་ རྫོགས་སངས་རྒྱས་ཀུན་ཀྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་སྒྲུབ་ པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་ཀྱི་སྡོམ་པ་ནི། གལ་ཏེ་ཁྱོད་སྲུང་བདག་གི་བུ། །དེ་ ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་བརླབས་རྫོགས་བྱང་ཆུབ་ཐོབ་འགྱུར། །ཅི་སྟེ་ཆགས་ པའི་ཟིལ་མནན་བདག །གཙོ་བོའི་མདུན་དུ་བླངས་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། ། 7-1-398 དེ་ཚེ་ངུ་འབོད་དུད་འགྲོ་འགྱུར། །དམན་པའི་སེམས་ལས་སྐྱེས་ནས་སུ། །གང་ཚེ་བྱང་ཆུབ་ སེམས་ལྷུང་འགྱུར། །དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །པད་མའི་ཕྱི་རོལ་རང་ལྕེས་བླང༌། །ཞེས་ བརྗོད་པར་བྱ་སྟེ། སྡོམ་པ་སྦྱིན་པའི་ངེས་པའོ། ། སླར་ཡང་མཎྜལ་ཕུལ་ནས། བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་རབ་ཏུ་བྱེད་ པའི་བཀའ་དྲིན་གནང་བར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །དེ་ནས་བླ་མས། བུ་ཁྱོད་ཉོན་ཅིག་ཀུན་རྫོབ་ཇི་ལྟར་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བདེ་བ་དགའ་བ་ བཅུ་དྲུག་གི་མཚན་ཉིད་ནི། འདོད་པ་བསྐྱོད་པར་བྱེད་པ་འགྲོ་བ་རང་གི་ཡིད་ལའོ། །གང་བ་ དག་ནི་གང་བ་ཉིད་དུ་འགྱུར། །གང་བ་ཡན་ལག་མཆོག་ལས་རི་བོང་འཛིན་པ་ཁུ་བར་བྱས་ ནས་འབར་བའི་ཐིག་ལེ་བཟང་པོ་འཛག །ཨོ་ཊྚས་བཀུག་པ་མཆོག་གི་བདེ་བ་རང་བཞིན་ གྱིས་སྟེར་ཐིག་ལེ་གྲོལ་བ་དག་ནི་གསུམ་གྱི་མཐར། །ལྟ་དང་རེག་དང་འགྲོགས་ལ་འཛེག་ པའི་བདེ་བ་འདི་དག་གིས་ནི་དགའ་བ་ལ་སོགས་དབྱེ་བས་ཏེ། །འདོད་པ་དགའ་བར་བྱེད་ སྟེ་དང་པོ་དག་ཀྱང་མི་རྣམས་ཀྱིས་ནི་མིག་གི་བལྟ་བ་རྣམས་ཀྱིས་སོ། །ཕྱི་ནས་གང་བ་རབ་ ཏུ་སྦྱར་བ་ཡིས་ཏེ་སླར་ཡང་མཆོག་གི་དགའ་བ་ཉིད་དོ་རང་ལུས་ལའོ། །འབར་བ་ཉིད་ལས་ ཐིག་ལེ་འཛག་པའི་དགའ་བ་ཡིས་ཀྱང་ཁྱད་པར་དགའ་བ་རྡོ་རྗེ་པད་མ་ལ། །ཨོ་ཊྚ་ཐིག་ལེ་ གསུམ་གྱིས་མཐའ་རུ་འགྱུར་བ་ལ་གནས་ལྷན་ཅིག་སྐྱེས་པའི་དགའ་བ་རྡོ་རྗེ་བྱེད། ཅེས་པའི་ དོན། དགའ་བ་བཞི་དང་དེ་དག་རེ་རེ་ལ་ཡང་ལུས་དང་ངག་དང་སེམས་དང༌། ཡེ་ཤེས་ཀྱི་ དབྱེ་བས་ཕྱེ་བ་དགའ་བ་བཅུ་དྲུག་དུ་འགྱུར་བ་ཇི་ལྟ་བ་བཞིན་དུ། ཆགས་བྲལ་དང་པོ་ཆགས་ པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་རྫོགས་སངས་རྒྱས་པའི་གནས། །སངས་ རྒྱས་བརྗོད་པའི་ཆོས་འཛིན་པ། །ཞེས་དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ ཕྱེད་ཐིག་ལེ་འཆང༌། །ཆ་མེད་ཆ་ལས་འདས་པ་པོ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། ། 7-1-399 ཞེས་པའི་དོན་ཐིག་ལེ་འཕོ་བ་མེད་པ་དོན་དམ་པའི་དགའ་བ་བཞི་ཡང༌། སྐུ་གསུང་ཐུགས་ ཡེ་ཤེས་ཀྱི་དབྱེ་བས་ཕྱེ་བ་ནི་དེ་ཁོ་ན་ཉིད་བཅུ་དྲུག་ཡིན་ལ། འཇིག་རྟེན་ཀུན་རྫོབ་ཀྱི་དབང་ གསུམ་པའི་ཤེས་རབ་ཡེ་ཤེས་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཙམ་ཏེ། དོན་དམ་པ་མ་ཡིན་གྱི། དེས་ཉེ་བར་མཚོན་པ་འཇིག་རྟེན་ལས་འདས་པ་དབང་བཞི་པའི་ཤེས་རབ་ཡེ་ཤེས་ནི་དོན་ དམ་གྱི་ཡེ་ཤེས་ཏེ། དེ་ཁོ་ན་ཉིད་ཀྱི་དོན་ཡིན་ནོ་ཞེས་འཕོ་བ་མེད་པ་དོན་དམ་པའི་བདེ་བ་ སྤྲོས་པ་ཐམས་ཅད་དང་བྲལ་ཞིང༌། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པ་ལ་འདུན་པར་ བྱ་སྟེ། འཇིག་རྟེན་པའི་དབང་གསུམ་གྱི་ཆོ་གའོ། ། འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཞུ་བའི་དོན་དུ་མཎྜལ་ཕུལ་ནས། ༀ་ཧོ་སྲཛྙཱ་ ཨུ་པ་ཡ་ཨཱད་མ་ཀཾ་བཛྲ་སཏྭ་མ་ཧཱ་མུ་ཏྲ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་པྲ་ཡ་ཙྪ་ༀ་ཨཱཿ་ཧཱུཾ་ཧོཿཕཊ། ཅེས་ པས་གསོལ་བ་གདབ་པར་བྱ་ཞིང༌། སླར་ཡང་ཡེ་ཤེས་ལ་ཡེ་ཤེས་རྡོ་རྗེས་བྱིན་གྱིས་བརླབ་ པའི་དོན་དུ། དཔལ་ལྡན་ཡེ་ཤེས་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་བཞི་བསྒོམས་པས། །ཡེ་ཤེས་ རྡོ་རྗེ་ཅན་གྱིས་ནི། །ཞེས་སོགས་འདོན་པ་བསྒྱུར་བའི་ཚིག་གིས་གསོལ་བ་བཏབ་པས། བླ་ མས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་འདི་ཡི་ཆགས་པའི་ཐིག་ ལེ་དང་བཞི་པའི་གནས་སྐབས་འགགས་ཤིང༌། ལྷན་ཅིག་སྐྱེས་པའི་དགའ་བ་རྫོགས་ནས། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་ པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་གདབ་ཅིང་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱིས་ལྟེ་བའི་ཧོཿ ཡིག་ལས་འོད་ཟེར་འཕྲོས་པས་སློབ་མའི་ལྟེ་བ་ནས་ཞུགས་ཏེ་ཆགས་ རྟོག་གི་དྲི་མ་དག །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེས་བྱིན་གྱིས་བརླབས་པར་བསམ་ མོ། །དེ་ནས་བླ་མས། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་ བསྐུར་ལྟར། །བདག་གི་གསང་ཆེན་དབང་གིས་ནི། །ཁྱོད་ཀྱིས་སེམས་རྒྱུན་དབང་བསྐུར་ 7-1-400 རོ། །ཞེས་བརྗོད་ལ། སློབ་མས་རྐང་པ་དཀྱིལ་དཀྲུང་དང༌། ལག་པ་མཉམ་བཞག་གི་ཕྱག་ རྒྱ་བཅའ་ཞིང་ལྟ་སྟངས་གཡོ་བ་མེད་པར་བྱས་ལ། དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་ པ་བསྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པའི། །བསྒོམ་པ་དམིགས་སུ་མེད་ པའོ། །ཞེས་པ་དང༌། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་ བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་པའི་དོན། ཆོས་ཐམས་ཅད་ ཀྱི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་དང༌། བློས་རྣམ་པར་རྟོག་པ་ཐམས་ཅད་ འཁྲུལ་པའི་ངོ་བོ་ཡིན་པར་ཤེས་པར་བྱས་ནས་ཅིར་ཡང་རྣམ་པར་མི་རྟོག་པའི་ངང་རྣམ་པ་ ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱའོ། །དེ་ལྟར་ན། དོན་དམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བཞི་ པའི་དབང་བསྐུར་བ་ཐོབ་པས། སྐྱེ་དགུའི་བདག་པོ་ས་བཅུ་གཉིས་པ་རྡོ་རྗེ་འཛིན་པའི་གོ་ འཕང་ཐོབ་པར་གྱུར་པར་མོས་པ་བྱ་སྟེ། ༀ་ཧོཿདྷཱརྨཱ་དྷཱ་ཏུ་ཨཱ་ཀྵ་ར་ཙ་ཏུར་ཐ་ཨ་བྷི་ཥེ་ཀེ་ཎ་ཨ་ བྷི་ཥེ་ཀ་ཏོ་བཛྲ་སཏྭེ་ན་ཨཱད་མ་ནཱ་ཧཾ། དྭཱི་ཏི་ཡོ་དྭཱ་ད་ཤ་བྷུ་མི་ལབ་དྷོ་བཛྲ་སཏྭ་མ་ཧཱ་ཨརྠཿ པ་ར་ མ་ཨ་ཀྵ་ར། ཏྲཻ་ལོཀྵ་བི་ཛ་ཡ་ཀ་ལ་ཙཀྲོ་བྷཱ་ག་ཝཱན། ཨེ་ཝཾ་ཀ་རཿ ཞེས་ང་རྒྱལ་གཟུང་བར་བྱ་ སྟེ། དབང་བཞི་པའོ། །དེ་ནས། དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ ཀྱི་བར། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །དཔལ་ལྡན་བླ་མ་ཁྱེད་སྤངས་ནས། །བླ་མ་ གཞན་ལ་རྨི་ལམ་དུའང༌། །སྲོག་དོར་ནས་ནི་བརྟེན་མི་བྱ། །གཞན་ཡང་དེ་བཞིན་དུས་ཀུན་ ཏུ། གཡོ་རྒྱུ་མེད་པར་ནུས་ཚད་ཀྱིས། །ལུས་ངག་སེམས་དང་གསུམ་པོ་ནི། །གཙོ་བོའི་སྤྱན་ སྔར་དབུལ་བར་བགྱི། །རལ་གྲི་དང་ནི་སྣག་ཚ་དང༌། །སྐྱེ་བོ་ཀུན་ལ་བསྙེན་པ་དང༌། །ཞིང་ དང་ཁྱིམ་གྱི་ལས་དང་ནི། །ཚོང་ལ་སོགས་པ་མི་བྱའོ། །ཞེས་དམ་བཅས་ནས། གཏང་རག་གི་ མཎྜལ་དབུལ་བར་བྱའོ། །དེ་ནས་སློབ་མ་བཞུགས་པའི་ཆེད་དམ། སློབ་མ་ལ་དབང་བསྐུར་ 7-1-401 བ་མ་ཡིན་ན་ཡང༌། དེ་ཁོ་ན་ཉིད་ཀྱིས་བསྟོད་པ་སྔོན་དུ་འགྲོ་བས། དཀྱིལ་འཁོར་གྱི་དངོས་ གྲུབ་མངོན་པར་ཞུ་ཞིང་བདེན་པའི་བྱིན་བརླབས་བྱ་སྟེ། རྡོ་རྗེ་དང་དྲིལ་བུ་འཛིན་པས། ནམ་ མཁའ་སྐྱེ་བ་མཚན་མའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་ བཞིན། །མི་བསྐྱོད་རྡོ་རྗེར་དིང་བདག་བསྒྲུབས། །དངོས་གྲུབ་ཆེན་པོ་ཀུན་ཀྱི་མཆོག །དབང་ ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་ཀྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་བསྒྲུབས་ མཛོད། །ཉེས་པ་མེད་པ་རྟག་པ་ཁྱོད། །འདོད་ཆགས་ཀུན་ཀྱི་རྗེས་ཆགས་པ། །བཅོམ་ལྡན་ ཆགས་ཆེན་དགའ་བ་ཆེ། །དེ་ཉིད་དུ་ནི་བདག་བསྒྲུབས་མཛོད། །ཤིན་ཏུ་རྣམ་དག་ཆོས་ཀྱི་ མཆོག །གདོད་ནས་གྲོལ་བའི་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ ཆུབ་སེམས་དཔའ་བདག་བསྒྲུབས་མཛོད། །དངོས་གྲུབ་ཆེན་པོ་ཀུན་ཀྱི་མཆོག །དབང་ཆེན་ མཆོག་གི་ཕྱག་རྒྱ་ཡིས། །རྡོ་རྗེ་ཆེན་པོ་གསལ་བ་ལས། རྡོ་རྗེ་སྙེམས་བདག་བདག་བསྒྲུབས་ མཛོད། །སེམས་ཅན་ཀུན་ཀྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་ཀྱི་སྙིང་ལ་གནས། །སེམས་ ཅན་ཀུན་ཀྱི་ཡབ་ཀྱང་ཡིན། །དམ་ཚིག་མཆོག་གི་འདོད་པ་མཆོག །བདེན་པ་གང་གིས་ཡེ་ ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱིས། །བདེན་པ་དེ་ཡི་མགོན་པོ་ཁྱོད། ། འདོད་པ་བདག་ལ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་ འབྱུང༌། །དེ་ཉིད་དེ་བཞིན་ཉིད་ངེས་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་ བརྙན་གསལ་བར་སློམ་པ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་བརྗོད་པར་ བྱ་ཞིང༌། དེ་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་དབང་བསྐུར་བ་སྦྱིན་པར་བྱ་སྟེ། རང་ གི་ཐུགས་ཁའི་ས་བོན་ལས་སྤྲོས་པའི་འོད་ཟེར་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྕགས་ ཀྱུས་སྲིད་པ་གསུམ་གྱི་སེམས་ཅན་སྔར་དབང་མ་བསྐུར་བ་ཐམས་ཅད་བཀུག་ནས་དཀྱིལ་ 7-1-402 འཁོར་དུ་བཞུག་པར་བྱའོ། །དེ་ནས་བཤང་པ་དང་གཅི་བ་དང་ཁྲག་དང་རྐང་དང་ཁུ་བ་རྣམ་ པར་དག་པ་བདུད་རྩིའི་བུམ་པ་རྣམས་ཀྱིས་མངོན་པར་དབང་བསྐུར་བར་བྱའོ། །དེས་དྲི་མ་ ཐམས་ཅད་དང་བྲལ་བ་ཟླ་བ་དྲི་མ་མེད་པ་ལྟར་གྱུར་ཅིང༌། རྡོ་རྗེ་ཅན་གྱི་ལམ་ཐོབ་ནས། བྱང་ ཆུབ་ཀྱི་སྤྱོད་པ་ལ། རྗེས་སུ་གནས་པར་བསམ་སྟེ། སླར་ཡང་རང་རང་གི་གནས་སུ་བཏང་ བར་བསྒོམ་པར་བྱའོ། ། དེ་ནས་གཏོར་མ་རྣམས་རང་རང་གི་ཆོ་གས་དབུལ་བར་བྱ་ཞིང༌། དཔའ་བོའི་སྟོན་མོའི་ ཡོ་བྱད་ཁ་ན་མ་ཐོ་བ་མེད་པའི་བཟའ་བ་དང་བཏུང་བ་ལ་སོགས་པའི་ཕུད་རྣམས་དཀྱིལ་ འཁོར་ལ་ཕུལ་ཏེ། སློབ་དཔོན་སློབ་མར་བཅས་པ་དང༌། ཚོགས་ཀྱི་རིགས་མཐའ་དག་ཇི་ལྟར་ འདོད་པས་ཚིམ་པར་བྱས་ནས། ལྷག་མའི་གཏོར་མ་བཏང་ཞིང་རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱི་ ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེ་ནས། སློབ་དཔོན་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ སྔར་བཞིན་དུ་མཆོད་ཅིང་བསྟོད་དེ། དངོས་གྲུབ་བླངས་ནས་བསྔོ་བ་དང་སྨོན་ལམ་རྒྱ་ཆེར་ བཏབ་ལ་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་མངོན་དུ་ ཕྱོགས་པས་ཤར་གྱི་སྒོར་འདུག་སྟེ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས། གང་ཡང་བདག་ བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། ། མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །གང་ཡང་ནུས་པ་མ་མཆིས་པས། །མ་རྙེད་ཡོངས་སུ་ མ་ཤེས་དང༌། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། །ཞེས་ པས་བཟོད་པར་གསོལ་ཞིང༌། རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བཟུང་སྟེ། ༀ་ཁྱོད་ཀྱིས་སེམས་ཅན་ དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ ཀྱང༌། སླར་ཡང་བྱོན་པར་མཛད་དུ་གསོལ། །ༀ་ཨཱཿཧཱུཾ་ཧོཿབཛྲ་མུཿ ཞེས་བརྗོད་ཅིང༌། རྡོ་རྗེ་ བཅིང་བའི་ཕྱག་རྒྱས། ཡེ་ཤེས་སེམས་དཔའ་རང་གི་སྙིང་ཁའི་པད་མར་གཤེགས་སུ་གསོལ་ 7-1-403 ལོ། །ཡང་ན་སྒྲུབ་ཐབས་སུ་འབྱུང་བ་ལྟར་རང་གི་ལུས་ཀྱི་འཁོར་ལོ་སོ་སོའི་ལྟེ་བར་གཤེགས་ སུ་གསོལ་བར་བྱ་ཞིང་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ན་གནས་པའི་དབང་པོ་ལ་སོགས་པ་ འཇིག་རྟེན་པ་རྣམས་ནི་རང་རང་གི་གནས་སུ་གཤེགས་སུ་གསོལ་ལོ། །དེ་ནས་ཨ་ཤྭད་ཐའི་ འདབ་མའམ། རང་གི་ལག་པའམ། རྡོ་རྗེས་ཚངས་པའི་ཐིག་གི་ལམ་ནས་བདེ་བ་ཆེན་པོས་ འཁོར་ལོའི་རྡོ་རྗེ་ཇི་སྲིད་པ་དབྱི་བར་བྱ་ཞིང༌། རང་གི་མགོ་བོར་རྡུལ་ཚོན་ཅུང་ཟད་བཀོད་ ནས་པད་མ་ལ་སོགས་པ་དབྱི་བར་བྱའོ། །དེ་ནས་རྡུལ་ཚོན་དོན་དུ་གཉེར་བ་རྣམས་ལ་ཉུང་ ཟད་སྦྱིན་ཅིང༌། གཞན་ཐམས་ཅད་བུམ་པར་བླུགས་ཏེ་གླང་པོ་ཆེའི་སྟེང་ངམ་མེད་ན་བདེ་བའི་ གདན་ལ་བྱས་ནས་གདུགས་དང་རྒྱལ་མཚན་དང༌། རྔ་ཡབ་དང་རོལ་མོ་ལ་སོགས་པ་མཆོད་ པའི་ཚོགས་དུ་མ་དང་བཅས་པས་སྤྱན་དྲངས་ནས་རྒྱ་མཚོར་འབབ་པའི་ཆུ་ཀླུང་དག་པར་ གཤེགས་སུ་གསོལ་བར་བྱ་སྟེ། ཆུ་འགྲམ་དུ་པད་མ་འདབ་མ་བརྒྱད་དཀར་པོ་བྲིས་པའི་ལྟེ་ བར་རྡོ་རྗེ་སེམས་དཔའ་དང༌། འདབ་མ་བརྒྱད་ལ་ཀླུའི་རྒྱལ་པོ་རྣམས་སྤྱན་དྲངས་ནས་མཆོད་ པ་དང༌། འོ་ཐུག་གི་གཏོར་མ་ཕུལ་ཏེ་དེ་དག་ལ་རྡུལ་ཚོན་གཏད་པའི་ཚུལ་གྱིས་ཆུ་ལ་བསྐུར་ ཞིང༌། ཀླུ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་ས་འོག་གི་གཞིར་ཁྱེར་བར་བསམ་མོ། །སླར་ ཡང་རྡུལ་ཚོན་གང་དུ་ཁྱེར་བའི་བུམ་པ་དེ་ཆུས་བཀང་ནས་སྔ་མ་བཞིན་དུ་དཀྱིལ་འཁོར་གྱི་ ཁང་པར་ཁྱེར་ཏེ་འོངས་ནས་གཏོར་མ་དང་ཁྲུས་ལ་སོགས་པ་བྱ་ཞིང༌། དཔའ་བོའི་སྟོན་མོ་ དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱས་པར་བྱའོ། །དེ་ནས། དཀྱིལ་འཁོར་གྱི་གཞིར་ལས་ ཐམས་ཅད་པའི་རྒྱས་པའི་སྦྱིན་བསྲེག་བསྒྲུབ་པར་བྱའོ། །དེ་ལྟར་བསྟན་པའི་དབང་བདུན་ དང༌། བཅུ་དང༌། བཅུ་གཅིག་གི་རིམ་པ་དང༌། གྲངས་ངེས་པ་དང༌། དག་པ་དང༌། འབྲས་ བུའི་ངེས་པ་ནི། དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། དང་པོར་དབང་བསྐུར་བདུན་པོ་གང༌། །བྱིས་པ་རྣམས་ནི་གཞུག་པའི་ཕྱིར། །ཞེས་པ་དང༌། 7-1-404 ཆུ་དང་ཅོད་པན་དར་དབྱངས་དང༌། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ཆེ། །མིང་དང་རྗེས་གནང་ ཡང་དག་ལྡན། །དབང་བསྐུར་རྣམ་བདུན་མི་ཡི་བདག །ལུས་ངག་སེམས་ནི་ལེགས་དག་པ། ། མངོན་པར་དབང་བསྐུར་གཉིས་གཉིས་སོ། །རྗེས་གནང་ཡེ་ཤེས་ཡང་དག་དག །གཞན་པ་ ཁམས་སོགས་དག་པ་ལས། །ཆུ་ནི་ཁམས་ཀྱི་དག་པ་སྟེ། །ཅོད་པན་ཕུང་པོ་རྣམ་སྦྱོང་བྱེད། ། དར་དཔྱངས་ཕ་རོལ་ཕྱིན་པ་དག །རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ། །སངས་རྒྱས་གསུང་རྒྱུན་མི་ འཆད་པ། །ཉི་ཟླ་གཅིག་ཏུ་དག་པར་བྱེད། །ཡུལ་དང་དབང་པོ་ལེགས་དག་པ། །འཕོ་མེད་ རྡོ་རྗེ་བརྟུལ་ཞུགས་འགྱུར། །མིང་ནི་བྱམས་སོགས་ཡང་དག་དག །རྗེས་གནང་སངས་རྒྱས་ ཉིད་དག་བྱེད། །དབང་བསྐུར་བདུན་པོ་འདི་རྣམས་ཡིན། །དཀྱིལ་འཁོར་བཞེངས་ནས་སྦྱིན་ པར་བྱ། །ཞེས་གསུངས་ཤིང༌། དེ་བཞིན་དུ། དཔལ་དགྱེས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། བྱིས་ པ་སྐྱེད་པ་མ་ཡིས་ནི། །ཆུ་ཡིས་འཁྲུད་བྱེད་དབང་བསྐུར་རོ༑ ༑དེ་ཡིས་གཙུག་ཕུད་རབ་བཞག་ པ། །དབུ་རྒྱན་དུ་ནི་ཡོངས་སུ་བཏགས། །དེ་ཡི་རྣ་བ་འབུགས་ལ་སོགས། །དར་དབྱངས་ དབང་དུ་ཤེས་པར་བྱ། །བྱིས་པ་རྒོད་དང་སྨྲ་བ་ཉིད། །རྡོ་རྗེ་དྲིལ་བུའི་དབང་ཉིད་དོ། །ལྔ་ལ་ ལོངས་སྤྱོད་བརྟུལ་ཞུགས་སོ། །མིང་ནི་མིང་གི་དབང་བསྐུར་ཉིད། །ཕ་ཡིས་རྟག་ཏུ་ཀློག་ལ་ སོགས། །སྟེར་བར་བྱེད་པ་རྗེས་གནང་ཡིན། །རྣམ་པ་བདུན་པོ་འདི་ཉིད་ནི། །དབང་བདུན་ དུ་ནི་རབ་ཏུ་བཤད། །ཅེས་པ་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང༌། ཆུ་ཡི་དབང་ནི་དང་ པོ་སྟེ། ཅོད་པན་དབང་བསྐུར་གཉིས་པའོ། །གསུམ་པ་དར་དཔྱངས་དབང་བསྐུར་ཏེ༑ ༑རྡོ་རྗེ་ དྲིལ་བུ་བཞི་བའོ། །ལྔ་པ་རང་གི་བདག་པོ་ཉིད། །མིང་གི་དབང་ནི་དྲུག་པ་སྟེ། །སངས་རྒྱས་ རྗེས་གནང་ཡིན་པར་འདོད། །བརྒྱད་པ་བུམ་པའི་དབང་ཡིན་ཏེ། །གསང་པའི་དབང་ནི་དགུ་ པ་ཡིན། །ཤེས་རབ་དབང་བསྐུར་བཅུ་བའོ། །དེ་ཉིད་རྡོ་རྗེའི་རབ་སྦྱོར་གྱིས། །རྡོ་རྗེའི་བརྟུལ་ ཞུགས་ཀུན་སྦྱིན་ཞིང༌། །རང་ཉིད་སྟོན་པར་ལུང་སྟོན་པ། །འདི་ཉིད་དབང་བསྐུར་ཆོ་ག་ཡིན། ། 7-1-405 ཞེས་གསུངས་སོ༑ ༑དེ་བཞིན་དུ་དབང་གོང་མ་བཞི་ཡང༌། རྩ་བའི་རྒྱུད་ལས། འཇིག་རྟེན་ ཀུན་རྫོབ་རྣམ་པ་གསུམ། །བཞི་པ་དག་ནི་དོན་དམ་ཉིད། །ཅེས་པ་དང༌། འགྱུར་དང་འགྱུར་ དང་དེ་ནི་འཛག །དེ་ནས་གཞན་ནས་འཛག་མེད་པའོ། །མངོན་པར་དབང་བསྐུར་རིམ་ གསུམ་གྱིས། །ལུས་ངག་སེམས་ནི་ཡང་དག་དག །བཞི་པ་ཡེ་ཤེས་དག་པ་སྟེ། །ཞེས་པ་དང༌། བྱིས་པ་དར་མ་དེ་ནས་རྒན། །བཞི་པ་དག་ནི་སྐྱེ་དགུའི་བདག །ཅེས་པ་ལ་སོགས་པ་རྒྱ་ཆེར་ གསུངས་པ་ལྟར་ས་བཅུ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་བཀྲལ་བ་ལས་ཤེས་པར་བྱའོ། ། གསང་ཆེན་རྒྱལ་བའི་ལོངས་སྤྱོད་ཀུན་རྫོགས་ཐར་པའི་གྲོང་ཁྱེར་ཉམས་དགའ་བར། ། བདེ་བླག་མངོན་པར་བགྲོད་པའི་གཞིར་གྱུར་ཤིན་ཏུ་རྣམ་དག་རིམ་པ་ཡི། །ལམ་གྱི་སྔོན་ འགྲོ་དག་པའི་རིམ་པ་དབང་མཆོག་བདག་གིས་བླང་བའི་ཚུལ། །རྒྱལ་དབང་རྒྱལ་བའི་སྲས་ ཀྱིས་གཞུང་བཞིན་ཕྱོགས་ལས་རྣམ་པར་རྒྱལ་བས་སྦྱར། །འདིར་འབད་བསམ་དང་སྦྱོར་ བའི་དགེ་བའི་ཀུ་མུད་གཉེན་ལྟར་དཀར་བའི་མཐུས། །བདག་ཡིད་དཔལ་ལྡན་ཤམ་བྷ་ལར་ སོང་ཐུབ་པའི་རིགས་སུ་ལེགས་སྐྱེས་ཏེ། །ཙན་དན་ཚལ་དབུས་རིན་ཆེན་མཆོག་གི་གཞལ་ མེད་ཁང་པར་རབ་ཞུགས་ནས། །རིགས་ལྡན་རྒྱལ་བས་མངོན་པར་དབང་བསྐུར་རྡོ་རྗེ་སློབ་ དཔོན་གནས་ཐོབ་ཤོག །དེ་ནས། བདག་ནི་རྡོ་རྗེ་མཆོག་དང་རལ་གྲིའི་རིག་པ་འཛིན་པ་ ལྟར། །མཐའ་ཡས་སངས་རྒྱས་ཞིང་ཁམས་ཀུན་ཏུ་དཔག་ཡས་སྤྲུལ་པའི་གཟུགས་ཀྱིས་ནི། ། བདུད་སྡེའི་ཕྱོགས་ལས་རྣམ་པར་རྒྱལ་ནས་རྡོ་རྗེ་ཐེག་པ་ཀུན་སྟོན་པ། །བརྩེ་བའི་བདག་ ཉིད་པད་མ་དཀར་འཛིན་ཆོས་ཀྱི་རྒྱལ་པོ་ཉིད་གྱུར་ཅིག །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་ འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་ ལས་ཀྱང་བླང་བར་འོས་པ་རྣམས་བླངས་ནས་བཀོད་པ་བདུད་རྩིའི་རོལ་མཚོ་ཞེས་བྱ་བ༑ དགེ་སློང་རྡོ་རྗེ་འཛིན་པ་དུས་ཀྱི་འཁོར་ལོ་པ་ཆོས་རྒྱལ་པོ་མིང་གཞན་མངའ་རིས་པ་ཕྱོགས་ 7-1-406 ལས་རྣམ་རྒྱལ་གྱིས། །སེ་མཁར་ཆུང་གི་དབེན་གནས་དམ་པར་སྦྱར་བའོ། །འདིས་བསྟན་པ་ དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག ། མ་ཡིག་ནི་འབྲས་དཔེ་རྙིང་ཕྱི་ཀ༢༩༤ ཤིང་པར་ཞིག་ཡིན་ཀྱང་ནང་ནས་ལྡེབ་གཉིས་ཙམ་མི་ཚང༌། ཕྱི་ཀ༣༡༧ ཕྱི་ཀ༡༤༨ བཅས་ཡིན། གོར་རྟགས་འདི་ཕྱི་ཀ༢༩༤ཁོ་ན་ལ་ཡོད། [ ] གོར་རྟགས་འདི་ཕྱི་ཀ༣༡༧ཅན་ཁོ་ན་ལ་ཡོད། { } གཞུང་ཚིག་ཕན་ཚུན་མི་འདྲ་བས་སྔོན་མ་ཕྱི་ཀ༢༩༤ དང་ཕྱི་མ་ཕྱི་ཀ༣༡༧ ཡིན་པས་འདེམས་དགོས། [ { } མཆན་ནི་ཕྱི་ཀ༢༩༤ཁོ་ན་ལ་ཡོད་པའི་རྟགས་འདི་ཡིན། < > 7-1-407 ༄༅། །དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མ་བཞིའི་ཕྱག་ལེན་ བཞུགས་སོ། ། ༄༅། །ༀ་ཨཱཿཧཱུཾ་ཧོཿགུ་རུ་བུད་དྷ་བོ་དྷི་སཏྭེ་བྷྱོ་ན་མོ་མཿ རྣམ་དག་བཞི་ཡི་ཡེ་ཤེས་ཆུ་ རྒྱུན་གྱིས། །གནས་སྐབས་རྣམ་བཞིའི་དྲི་མ་རྣམ་སྦྱོང་བ། །དཔལ་ལྡན་དུས་འཁོར་སྐུ་བཞིའི་ བདག་ཉིད་དང༌། །དབྱེར་མེད་དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཟབ་ཅིང་རྒྱ་ཆེའི་ཆོས་ ཀྱི་སྣོད་གྱུར་པ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དོན་གཉེར་གང༌། །སྨིན་བྱེད་དཔལ་ལྡན་དུས་ ཀྱི་འཁོར་ལོ་ཡི། །མཆོག་དབང་རྣམ་བཞིའི་ཆོ་ག་རྣམ་དག་བསྡུ། ། འདིར་རྡོ་རྗེ་ཐེག་པ་བླ་ན་མེད་པའི་ཚུལ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ དངོས་གྲུབ་རྣམ་པ་གཉིས་དོན་དུ་གཉེར་བའི་སྒྲུབ་པ་པོ་དག་གིས་ལམ་རིམ་པ་གཉིས་བསྒོམ་ པ་ནི་མངོན་པར་དབང་བསྐུར་བ་སྔོན་དུ་འགྲོ་བ་ཅན་ཡིན་ལ། དེ་ཡང་དཔལ་དུས་ཀྱི་འཁོར་ ལོའི་ཚུལ་ལ་བསྐྱེད་པའི་རིམ་པ་བསྒོམ་པ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་དབང་ བསྐུར་བ་འོག་མ་བདུན་ཐོབ་པ་སྔོན་དུ་འགྲོ་ཞིང་རྫོགས་པའི་རིམ་པ་ཤིན་ཏུ་རྣམ་པར་དག་ པའི་ཕྱག་རྒྱ་ཆེན་པོའི་ལམ་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་པ་ནི། དབང་བསྐུར་ བ་གོང་མ་བཞི་ཐོབ་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། ། དེས་ན་འདིར་རྫོགས་པའི་རིམ་པ་ཐུན་མོང་མ་ཡིན་པ་སྦྱོར་བ་ཡན་ལག་དྲུག་གི་ལམ་ བསྒོམ་པའི་དོན་དུ་དབང་གོང་མ་རྣམ་པ་བཞི་བསྐུར་བའི་ཚུལ་ལ། གང་གིས་དབང་བསྐུར་ བར་བྱེད་པའི་རྡོ་རྗེ་སློབ་དཔོན་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། དང་པོར་ཡང་ 7-1-408 དག་བསྟེན་བྱ་སྔ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེ་ཐེག་ལ་ལྷག་པར་གནས། །དེ་ཉིད་ བསྒོམས་ཤིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བཟོད་པའི་ངང་ཚུལ་ལམ་ལ་ བཞུགས། །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་ཅིང་དེ་ཉིད་ ལས་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེ་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་ སེམས་དཔའ་རབ་གྲགས་སོ། །ཞེས་གསུངས་པའི་མཚན་ཉིད་དེ་རྣམས་ཇི་ལྟ་བ་བཞིན་ཚང་ བ་དཀའ་ན་ཡང་ཆ་མཐུན་ཙམ་གྱི་ཡོན་ཏན་དང་ལྡན་པའོ། །གང་ལ་དབང་བསྐུར་བར་བྱ་ བའི་སློབ་མ་ཡང༌། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་བའི་ངང་ཚུལ་ དང་ལྡན་ཡོན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མེད་པའི་སེམས་ལྡན་དེ་ ཉིད་ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན་ཏུ་ མཁས་པ་རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་གཞན་ཞེས་བྱ་བ་ སླར་ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར། །ཞེས་གསུངས་པའི་མཚན་ཉིད་དང་ལྡན་པ་ སྟེ། མཚན་ཉིད་ཇི་ལྟ་བ་བཞིན་མ་ཚང་ཡང་རྩ་བའི་ལྟུང་བ་བཅུ་བཞི་སྤོང་ཞིང་བརྟུལ་ཞུགས་ ཉི་ཤུ་རྩ་ལྔའི་སྡོམ་པ་སྐྱོང་བ་དང༌། སྔར་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ དབང་བདུན་ཐོབ་པའམ་དཔལ་ཀྱེའི་རྡོ་རྗེ་ལ་སོགས་པ་རྒྱུད་སྡེ་རྣམ་དག་གི་དཀྱིལ་འཁོར་དུ་ དབང་བཞི་རྫོགས་ཐོབ་པ་ཞིག་བསྡུ་བར་བྱའོ། ། ཇི་ལྟར་དབང་བསྐུར་བའི་ཆོ་ག་ལ་སྦྱོར་བ་དང་དངོས་གཞི་དང་རྗེས་ཀྱི་ཆོ་གའོ། །དང་ པོ་ནི་གཙང་ཞིང་ཡིད་དུ་འོང་བའི་གནས་ཁང་དུ། དཔལ་དུས་ཀྱི་འཁོར་ལོའི་རས་བྲིས་ཀྱི་ དཀྱིལ་འཁོར་ལ་སོགས་པ་མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཤམ་ཞིང༌། བླ་མ་རྡོ་རྗེ་སློབ་ དཔོན་གྱིས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་གྱི་མངོན་པར་རྟོགས་ པ་ཡོངས་སུ་རྫོགས་པའམ། ཐུགས་ཀྱི་དཀྱིར་འཁོར་རམ། ཐ་ན་གཙོ་བོ་ཡབ་ཡུམ་ནུས་མ་ 7-1-409 དང་བཅས་པ་རྣམས་ཀྱི་བསྒོམ་པ་དང་ཟླས་པ་སྔོན་དུ་འགྲོ་བས་(རས་བྲིས་ཀྱི་ཐུགས་དཀྱིལ་ལམ། བསྒྲུབ་པའི་མཎྜལ་ལམ། རིང་བཞིན་གྱི་)མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྡུས་པ་ཙམ་ཞིག་བསྐྱེད་ པ་ལ་མཆོད་པ་དང་བསྟོད་པ་བྱ་ཞིང༌། བསང་ཤིང་སྦྱངས་པའི་བུམ་པ་ཁ་རྒྱན་དང་མགུལ་ ཆིངས་དང་ལྡན་པ་ཅིག་ཆུ་གཙང་མས་བཀང་ཞིང་སྨན་དང་དྲི་དང་འབྲུ་དང་རིན་པོ་ཆེ་དང་ ལྕགས་ལྔ་རྣམས་ཀྱི་ལྔ་ཚན་ལྔ་པོ་རྣམས་ཇི་ལྟར་རྙེད་པ་རྣམས་བཅུག་སྟེ་དུང་ཆོས་དང་བཅས་ པ་བཤམ་པའི་ནང་དུ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྼྀཾ་ཧྼཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་རྣམས་ཡོངས་ སུ་གྱུར་པ་ལས་དབུས་སུ་ཁུ་བ་དང་རྡུལ་འགགས་པའི་བུམ་པའི་བུམ་པ་གཉིས་དང༌། ནུབ་ དང་རླུང་དུ་བཤང་བ་འགགས་པའི་བུམ་པ་གཉིས་ཏེ་བདུད་རྩིའི་བུམ་པ་དཀར་པོ་པད་མ་ ལ་གནས་ཤིང་པད་མས་ཁ་བརྒྱན་པར་བསྒོམས་ཏེ་རང་གི་སྙིང་ཁར་སྣ་ཚོགས་པད་མ་དང་ ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་ པ་ཡོངས་སུ་གྱུར་པ་ལས། དུས་ཀྱི་འཁོར་ལོ་ཡུམ་དང་བཅས་པ་བསྐྱེད་པའི་ཡུམ་གྱི་ཐུགས་ ཁར་ཟླ་བ་དང་ཉི་མ་ཁ་སྦྱོར་བསྒོམས་པ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་ བ་སྤྲོས་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ ཛཿཡིག་ལ་སོགས་པའི་སྔགས་དང་ཕྱག་རྒྱས་རྡོ་རྗེ་བདུད་རྩིའི་བུམ་པ་རྣམས་དང་རོ་གཅིག་ ཏུ་བྱས་ནས་ༀ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྼྀཾ་ཧྼཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་བཛྲ་པད་མ་ཨ་མྲི་ ཏ་གྷ་ཊ་སུ་བི་ཤུད་དྷ་དྷརྨ་དྷ་ཏུ་སྭ་བྷ་ཝ་སརྦ་དྷརྨཱན་སུ་བི་ཤུད་དྷ་དྷརྨྨ་དྷཱ་ཏུ་སྭ་བྷཱ་ཝཱན་ཀུ་རུ་ཀུ་ རུ་སྭཱ་ཧཱ། ཞེས་པ་མང་དུ་བཟླས་ཤིང་དྲི་ལ་སོགས་པ་སིལ་སྙན་གྱི་བར་གྱི་མཆོད་པ་རྣམས་ དབུལ་བར་བྱའོ། །དེའི་རྗེས་ལ་གཏོར་མའི་དངོས་པོ་ཇི་ལྟར་རིགས་པ་ཡང་དབུལ་བར་བྱའོ། ། དེ་ནས་སློབ་མ་རྣམས་སྔགས་བཟླས་པའི་བུམ་པའི་ཆུས་ཁྲུས་བྱས་ཤིང་བླ་མ་ལ་ཕྱག་ཕུལ་ ཏེ་གྲལ་ལ་འཁོད་པ་དང༌། འཐེབ་ཀྱུ་དང་ཏིང་ལོ་ལ་སོགས་པའི་སྒོ་ནས་བགེགས་སྦྱང་བ་དང་ 7-1-410 ཏིལ་གྱིས་སྡིག་པ་སྦྱང་བ་ཆོ་གའི་ལུགས་གཞན་ལས་འབྱུང་བ་ལྟར་བྱ་ཞིང༌། སློབ་མའི་མགོ་ བོར་ཨཱུ་ཡིག་དང༌། སྙིང་ཁར་ཨཱི་ཡིག་དང་གཙུག་ཏོར་དུ་ཨཿཡིག་སྟེ་ཐབས་ཀྱི་རིགས་གསུམ་ དང་ལྟེ་བར་ལཱི་ཡིག་དང༌། མགྲིན་པར་ར་ཡིག་དང༌། གསང་བར་ཨཱཿཡིག་སྟེ་ཤེས་རབ་ཀྱི་ རིགས་གསུམ་བཀོད་ནས་བསྲུང་བ་བྱའོ། །དེ་ནས་སློབ་མ་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་ དུ་གཞུག་ཅིང༌། སློབ་མས་མཎྜལ་ཕུལ་ཏེ་བླ་མས་འདི་སྐད་ཅེས། མངལ་དུ་མངལ་ན་གནས་ པའི་སྡུག་བསྔལ་བཙའ་བའི་དུས་དང་བྱས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་ ལང་ཚོ་དག་ལ་བུད་མེད་ནོར་དང་འབྱོར་ཉམས་ཉོན་མོངས་སྡུག་བསྔལ་ཆེན་པོ་གང༌། །རྒན་ པོ་ཉིད་ལ་འཆི་བའི་སྡུག་བསྔལ་ལྷར་ཡང་འགྲོ་བ་དྲུག་ཏུ་འཇིགས་ཏེ་ངུ་འབོད་ལ་སོགས་ཏེ། ། སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་ འཛིན་པར་བྱེད། །འཁོར་བ་མི་ཉིད་དུ་ནི་འགྱུར་བ་དག་ཀྱང་བརྒྱ་ལམ་ན་སྟེ་ཆོས་ཀྱི་བློ་ནི་ རེས་འགའ་ན། །དེ་ལས་དགེ་བའི་དབང་གིས་སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་ པོའི་ཐེག་ལ་རབ་ཏུ་འཇུག །དེ་ལས་དཔལ་ལྡན་རྡོ་རྗེ་ཐེག་པ་བསྒོམ་པ་བློ་གྲོས་མ་ལུས་བརྒྱ་ ལམ་དག་ན་འཇུག །དེ་ལས་སངས་རྒྱས་ཉིད་འདོད་མཆོག་བདེའི་ངོ་འཕང་དག་ལ་འཇུག་པ་ ཨེ་མ་ཤིན་ཏུ་དཀའ། །ཞེས་པའི་དོན་བཤད་ནས་འཁོར་བ་ལས་ཡིད་འབྱུང་བ་དང༌། ཕྱག་རྒྱ་ ཆེན་པོའི་དངོས་གྲུབ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་སློབ་ མ་བླ་མའི་རྗེས་སུ་ཟློས་པ་བྱ་ཞིང་གསོལ་བ་གདབ་པ་ནི། མི་བཟད་འཁོར་བའི་འཇིགས་ པས་བདག་ནི་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ཁྱེད་ཀྱི་ཞབས་ ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལུས་ངག་སེམས་ནི་དག་པས་སོ། །ཞེས་ པ་ལན་གསུམ་དུ་བརྗོད་པར་བྱ་ཞིང་བླ་ན་མེད་པའི་བྱང་ཆུབ་དུ་སེམས་བསྐྱེད་ཅིང་སྨོན་ལམ་ གདབ་པ་དང༌། རྒྱལ་བ་རིགས་དྲུག་གི་དམ་ཚིག་དང་སྡོམ་པ་བཟུང་བར་བསམས་ཏེ། 7-1-411 འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། ། རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བརྐྱང་བར་ བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་རྣམས་ནི་བསྐྱང་ བར་བགྱི། །སེམས་ཅན་རྣམས་ནི་ཐར་བའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་ བདག་གིས་བསྐྱེད་པར་བགྱི། །ཞེས་པ་ལན་གསུམ་དུ་བརྗོད་པར་བྱའོ། །སླར་ཡང་སློབ་ མའི་སྤྱི་བོ་དང་མགྲིན་པ་དང་སྙིང་ཁ་དང་ལྟེ་བ་དང་གཙུག་ཏོར་དང༌། གསང་བ་རྣམས་སུ་ཟླ་ བ་དང་ཉི་མ་དང་སྒྲ་གཅན་དང༌། དུས་མེ་དང་ནམ་མཁའ་དང་ཡི་ཤེས་ཀྱི་དཀྱིལ་འཁོར་དྲུག་ ལ་ༀ་ཨཱཿཧཱུཾ་ཧོ་ཧཾ་ཀྵ་ཞེས་པ་རིགས་དྲུག་གི་ཡི་གེ་རྣམས་བཀོད་ནས་བསྲུང་བ་བྱ་ཞིང་(སོ་ཤིང་ དོར་བ་ཡང་འདིར་མཛད)། ༀ་ཧྲིཿ བི་ཤུད་དྷ་དྷརྨཱ་སརྦ་པ་པཱཾ་ནིཤྩ་ཨ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤ་ན་ཨ་ པ་ན་ཡ་ཧཱུཾ་ཞེས་བརྗོད་ཅིང་དྲི་ཞིམ་པོའི་ཆུ་ཁྱོར་བ་གསུམ་གྱིས་ཁ་དག་པར་བྱས་ནས་ལྕེ་ལ་ (ལག་པའི་སོར་མོ་ལག་ཕྱིས་ཀྱིས་དེ་ཉིད་དག་པར་མཛོད)བདུད་རྩི་ལྔ་བཞག་པར་བྱའོ། །དེ་ནས་བླ་མ་དང་ དུས་ཀྱི་འཁོར་ལོ་གཉིས་སུ་མེད་པའི་ངོ་བོར་མོས་པའི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས་ བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་མདུན་གྱི་ནམ་མཁར་སྤྱན་དྲངས་ པའི་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས་སློབ་མའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ པར་སློབ་དཔོན་དང་སློབ་མ་གཉིས་ཀས་བསམ་ཞིང༌། བླ་མས་རྡོ་རྗེ་སེམས་དཔའ་བསྐུལ་ བར་བྱ་སྟེ། ༀ་ཨཿ ཨཱཿཨཾ་ཨཿ བཛྲ་སཏྭ་ཡ་མ་ཧཱ་སུ་ཁ་བཛྲ་ཀཱ་ལ་ཙཀྲ་ཤི་ཥྱ་སྱ་ཨ་བྷི་མུ་ ཁོ་བྷ་ཝ་སན་ཏུཥོ་ྟབྷ་ཝ་ཀཱ་ཡ་ཝཱཀ་ཙིཏ་ཏ་ཨ་དྷིཥྛ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་རོལ་མོའི་སྒྲ་ དང་བཅས་པས་ལན་གསུམ་དུ་བརྗོད་ནས་སློབ་མ་ལ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔས་ བྱིན་གྱིས་བརླབས་པར་བསམ་ཞིང༌། ལུས་ཀྱི་གནས་དྲུག་ཏུ་སྔར་བསྟན་པའི་རིགས་དྲུག་ གི་ཡི་གེ་བཀོད་ནས་བསྲུང་བར་བྱའོ། །དེ་ནས་འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་ 7-1-412 བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་ རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་སྣམས་སོ། །གང་ཞིང་གང་གི་དུས་སུ་བྱུང་བ་ ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་ འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་པར་བྱ། །ཆོ་ལོ་ཁ་ན་མ་ཐོ་བཅས་ པའི་ཟས་དང་ཚིག་ངན་གློག་དང་འབྱུང་པོ(འི་ཆོས་དང་)ལྷ་མིན་དབང་པོའི་ཆོས། །བ་གླང་བྱིས་ པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་(མཆོད་རྟེན་སོགས་བཤིག་པ་)བླ་མ་གསོད་པ་ལྔ་ནི་མི་བྱའོ། ། གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་(གྲོགས་པོ་)བརྟན་རྣམས་ལ་ འཁུ་བ་(སྤང་)དང༌། །དབང་པོ་རྣམས་ནི་ཀུན་ནས་ཆགས་པ་དག་སྟེ་དེ་དག་སྲིད་པའི་དབང་ པོའི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་པའི་དོན་བཤད་པར་བྱ་སྟེ། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ སྦྱིན་པའི་ངེས་པའོ།། །། གཉིས་པ་དངོས་གཞིའི་ཆོ་ག་ལ་དབང་གོང་མ་རྣམ་པ་བཞི་པོ་འདི་རྡུལ་ཚོན་ཀྱི་དཀྱིལ་ འཁོར་དུ་བསྐུར་བར་བྱ་བ་ནི་མ་ཡིན་ཏེ། །དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས། རྡོ་རྗེའི་ ཐིག་རྣམས་གདབ་པ་དང༌། །རྡུལ་ཚོན་དག་ཀྱང་གདབ་པ་ནི། །སྔགས་ཀྱི་དེ་ཉིད་ཀྱིས་ནི་བྱ། ། བྱེད་ན་བྱང་ཆུབ་ཐོབ་པར་དཀའ། །ཞེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རྡུལ་ཚོན་ གྱི་དཀྱིལ་འཁོར་བྲི་བ་བཀག་པའི་ཕྱིར་རོ། །དེས་ན་དབང་གོང་མ་རྣམ་པ་བཞི་ལས་བུམ་པ་ དང་གསང་བ་དང་ཤེས་རབ་ཡེ་ཤེས་ཏེ། འཇིག་རྟེན་ཀུན་རྫོབ་ཀྱི་དབང་རྣམ་པ་གསུམ་ནི། ལས་ཀྱི་ཕྱག་རྒྱའི་ལུས་ཀྱི་དབང་པོ་དཀར་འཛིན་ནུ་མ་དང་གསང་བའི་བྷ་ག་དང་ཀུན་རྫོབ་ བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་དཀྱིལ་འཁོར་རྣམ་པ་གསུམ་དུ་རིམ་པ་ལྟར་བསྐུར་བར་བྱ་ བ་ཡིན་ཏེ། རྩ་བའི་རྒྱུད་ལས། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། ། དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པ་ཡིན། །ཞེས་གསུངས་སོ། ། 416། དབང་བཞི་པ་ནི། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་བསྐུར་བར་བྱ་བ་ཡིན་ ཏེ། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། དཀྱིལ་འཁོར་དང་ནི་དབང་སྟེ་ སྐབས་གསུམ་པ་དང་མིའི་བླ་མ་འདི་རྣམས་ཡང་དག་བཤད་དུ་གསོལ། ཞེས་པའི་དོན་འཆད་ པ་ན་འདིར་འཇིག་རྟེན་གྱི་བདེན་པས་ཚོན་དང་ཐིག་གདབ་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ དང་དོན་དམ་པའི་བདེན་པས་ནམ་མཁའི་ཁམས་ལ་ཐིག་གདབ་པ་དང་བྲལ་ཞིང་ཚོན་དགྱེ་ བ་དང་བྲལ་བ་ཁ་དོག་དང་ཕྱག་དང་དབྱིབས་ཀྱི་གཟུགས་ཀྱི་ལྷ་རྣམ་པར་རྟོག་པས་བསྒོམ་ པའི་སེམས་དང་བྲལ་བ་རྣམ་པ་ཐམས་ཅད་པ་མེ་ལོང་གི་ཕྲ་ཕབ་པ་ལྟ་བུ་བཤད་དུ་གསོལ། ཞེས་པའོ། །ཞེས་གསུངས་ཤིང༌། དཔལ་གསང་བ་འདུས་པའི་རྒྱུད་ལས། སེམས་ཅན་ཀུན་ གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་གོས་པ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་ བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་གསུངས་སོ། །དབང་གོང་མ་བཞི་པོ་ འདི་བླང་བའི་ཡུལ་གང་ལས་བླང་བར་བྱ་བ་ཡིན་ན། བླ་མ་དང་དུས་ཀྱི་འཁོར་ལོ་དབྱེར་མེད་ པའི་ངོ་བོར་མོས་པ་བྱས་པའི་གཡོན་གྱི་ཞལ་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་ངོ་བོ་ཉིད་ལས་བུམ་པའི་ དབང་དང་གཡས་ཀྱི་ཞལ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ལས་གསང་ བའི་དབང་དང༌། མདུན་གྱི་ཞལ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་ངོ་བོ་ཉིད་ལས་གསུམ་པ་ཤེས་ རབ་ཡེ་ཤེས་ཀྱི་དབང་བླང་ལ། རྒྱབ་ཀྱི་ཞལ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ལས་དབང་བཞི་པ་ ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་དབང་བླང་བར་བྱ་བ་ཡིན་ནོ། །ཞེས་སློབ་ མས་གོ་བར་བྱེད་དོ། །དེ་ནས་ཐུན་མོང་བའི་གསོལ་བ་གདབ་པའི་དོན་དུ་སློབ་མས་མཎྜལ་ དབུལ་ཞིང་སྐྲག་པ་དང་འཁྲུལ་བ་ལ་སོགས་པའི་སྐྱོན་དང་བྲལ་བའི་བུ་མོ་མཛེས་མ་ལོ་བཅུ་ གཉིས་ནས་ཉི་ཤུ་མའི་བར་གང་ཡང་རུང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡུལ་དང་བཅས་ ཤིང་དབང་དང་བསླབ་པས་ཡོངས་སུ་སྨིན་པ་ཡང་དབུལ་བར་བསམས་ནས་མེ་ཏོག་དང་ 7-1-413 བཅས་པའི་ལག་པ་ཐལ་མོ་སྦྱར་ཏེ། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེས་གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ ཉིད་སྙིང་རྗེ་དབྱེར་པ། །བྱང་ཆུབ་སེམས་ནི་འགྱུར་མེད་གང༌། །དབང་བསྐུར་དེ་ཡིས་བདག་ ལ་ནི། །མགོན་པོ་དེ་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བཅས་པ། །བདག་ནི་དུས་ ཀུན་ཁྱོད་ཀྱིས་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར། །བདག་ལ་སྐྱབས་གཞན་ཡོད་ མ་ཡིན། །ཞེས་པས་ཐུན་མོང་དུ་གསོལ་བ་བཏབ་ནས་ཁྱད་པར་བླ་མ་དུས་ཀྱི་འཁོར་ལོའི་ གཡོན་ཀྱི་ཞལ་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་ངོ་བོ་ཉིད་ལ་བུམ་པའི་དབང་ཞུ་བའི་དོན་དུ་སློབ་མས་ མཎྜལ་ཕུལ་ནས་གསོལ་བ་གདབ་པར་བྱ་སྟེ། ༀ་ༀ་པྲཛྙཱ་ཨུ་པཱ་ཡཽ་ཀ་ལ་ཨ་བྷི་ཥེ་ཀཾ་མེ་ད་ད་ ཏཱཾ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ལན་གསུམ་གྱིས་སོ། །སླར་ཡང་ལུས་ལ་སྐུ་རྡོ་རྗེ་བྱིན་གྱིས་བརླབས་པའི་ དོན་དུ། དཔལ་ལྡན་སྐུ་ཡི་རྡོ་རྗེའི་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་གསོལ་བ་བཏབ་ནས་བླ་མའི་ ཐུགས་ཁའི་འོད་ཟེར་གྱིས་སྤྱན་དྲངས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ནམ་མཁའ་ གང་བར་བཞུགས་པ་ཐམས་ཅད་ཀྱི་དཔྲལ་བའི་ༀ་ཡིག་དཀར་པོ་ལས་ༀ་ཡིག་འོད་ཟེར་ དཀར་པོ་འཕྲོ་བ་དཔག་ཏུ་མེད་པ་འཕྲོས་པས་སློབ་མའི་དཔྲལ་བ་ནས་ཞུགས་སྟེ་ལུས་ཐམས་ ཅད་གང་བས་ལུས་ཀྱི་དྲི་མ་དག སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་བྱིན་གྱིས་རླབས་པར་བླ་ མ་དང་སློབ་མ་གཉིས་ཀས་བསམ་ཞིང༌། བླ་མས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱིས་སློབ་མའི་ལུས་ཀྱི་ཐིག་ལེ་དང་པད་མའི་གནས་སྐབས་འགགས་ཤིང་དགའ་བའི་ དགའ་བ་རྫོགས་ནས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ ཆུབ་པ་ཐོབ་པར་བྱིན་གྱིས་རླབས་ཏུ་གསོལ་ཞེས་གསོལ་བ་གདབ་ཅིང་རོལ་མོའི་སྒྲ་བྱའོ། ། དེ་ནས་དབང་ཡོན་དུ་ཕུལ་བའི་ཕྱག་རྒྱ་དེ་ཉིད་བླ་མས་སྣ་ཚོགས་ཡུམ་དུ་བྱིན་གྱིས་བརླབས་ 7-1-414 ནས། དེའི་ནུ་མ་ལ་སློབ་མའི་ལག་པ་རེག་པར་བསྒོམ་དུ་གཞུག་ཅིང༌། དེ་ལས་བྱུང་བའི་བདེ་ བ་ཉམས་སུ་མྱོང་བའི་འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བའི་དགའ་བ་ཡིན་ལ། དེ་ཉིད་བུམ་ པའི་དབང་གི་དོན་ཡིན་ནོ་ཞེས་ངོ་སྤྲད་པར་བྱའོ། །དེ་ལྟར་ཕྱག་རྒྱའི་ལུས་ཀྱི་དཀྱིལ་འཁོར་ དུ་བུམ་པའི་དབང་བསྐུར་བ་ཐོབ་པས་སྔགས་ཀྱི་ཚུལ་ལ་དགེ་ཚུལ་དུ་འགྱུར་ཅིང༌། བརྒྱད་པ་ མི་གཡོ་བར་ལུང་བསྟན་པ་ཐོབ་པ་སངས་རྒྱས་ཀྱི་སྲས་སུ་གྱུར་པར་མོས་པ་གྱིས་ཤིག །ཅེས་ བརྗོད་ལ། ང་རྒྱལ་འཛིན་པའི་སྔགས་ཀྱིས་ཚིག་ལ་རྗེས་ཟློས་བྱེད་དུ་གཞུག་སྟེ། ༀ་ༀ་བཛྲ་ སཏྭེ་ན་བཛྲ་ཀ་ལ་ཤ་ཨ་བྷི་ཥེ་ཀ་ན་ཨ་བྷི་ཥེཀ་ཏོ་བཛྲ་སཏྭེ་པུ་ཏྲོ་ཨ་ཙ་ལཱ་བྷུ་མི་ལབ་དྷོ་ཧཾ། ཞེས་སློབ་མས་ང་རྒྱལ་གཟུང་བར་བྱའོ། །བུམ་པའི་དབང་ངོ༌། ། དེ་ནས་བླ་མ་དུས་ཀྱི་འཁོར་ལོའི་གཡས་ཀྱི་ཞལ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་ སྐུའི་ངོ་བོ་ཉིད་ལ་གསང་བའི་དབང་ཞུ་བའི་དོན་དུ་སློབ་མས་མཎྜལ་ཕུལ་ནས་གསོལ་བ་ གདབ་པར་བྱ་སྟེ། ༀ་ཨཱཿ པྲཛྙཱ་ཨུ་པ་ཡོ་གུ་ཧེ་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ལན་ གསུམ་གྱིས་སོ། །སླར་ཡང་ངག་ལ་གསུང་རྡོ་རྗེ་བྱིན་གྱིས་བརླབས་པའི་དོན་དུ་སྔར་གྱི་ ཚིགས་སུ་བཅད་པའི་སྐུའི་རྡོ་རྗེ་ཞེས་པའི་གནས་སུ་གསུང་རྡོ་རྗེ་ཞེས་པ་སྦྱར་ཏེ། དཔལ་ལྡན་ གསུང་གི་རྡོ་རྗེ་འཛིན། །ཞེས་སོགས་ཀྱིས་གསོལ་བ་གདབ་ནས། སྔ་མ་བཞིན་དུ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་མགྲིན་པའི་ཨཱཿཡིག་ལས་ཨཱཿཡིག་འོད་ཟེར་དམར་པོ་འཕྲོ་བ་ དཔག་ཏུ་མེད་པ་འཕྲོས་པ་སློབ་མའི་མགྲིན་པ་ནས་ཞུགས་ཏེ་ངག་གི་དྲི་མ་དག སངས་རྒྱས་ ཐམས་ཅད་ཀྱི་གསུང་རྡོ་རྗེ་བྱིན་གྱིས་བརླབས་པར་བླ་མ་དང་སློབ་མ་གཉིས་ཀས་བསམ་ ཞིང༌། བླ་མས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་འདིའི་ངག་གི་ ཐིག་ལེ་དང་རྨི་ལམ་གྱི་གནས་སྐབས་འགགས་ཤིང༌། མཆོག་དགའི་དགའ་བ་གསུང་རྡོ་རྗེ་ ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པར་བྱིན་ 7-1-415 གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་གདབ་ཅིང་རོལ་མོའི་སྒྲ་བྱའོ། །དེ་ནས་སློབ་མ་ལ་མིག་ དར་བཅིངས་ཏེ་(ལན་གཅིག་པོ་འདི་ཀ་ཡིན)། བླ་མ་དུས་ཀྱི་འཁོར་ལོ་དང་སྔར་དབང་ཡོན་ཕུལ་ བའི་ཕྱག་རྒྱ་སྣ་ཚོགས་ཡུམ་གྱི་ངོ་བོར་བྱིན་གྱིས་བརླབས་པ་ཡབ་ཡུམ་སྙོམས་པར་ཞུགས་ པའི་ཐུགས་ཁའི་འོད་ཟེར་གྱིས་སངས་རྒྱས་སྲས་དང་བཙུན་མོར་བཅས་ཐམས་ཅད་སྤྱན་ དྲངས་ཏེ་སྐུ་ལ་ཞུགས་ནས་ཆགས་པ་ཆེན་པོས་ཞུ་བར་གྱུར་པ་ཨ་བ་དྷཱུ་ཏཱིའི་ལམ་ནས་བརྒྱུད་ དེ་རྡོ་རྗེ་ནོར་བུར་བྱོན་པའི་ངོ་བོར་བསམས་པའི་བདུད་རྩི་རིལ་བུ་སྦྱར་བའི་ནང་མཆོད་ཀྱི་ ཐིགས་པ་མཐེ་བོ་དང་མིང་མེད་ཀྱིས་གཟུང་ནས་སློབ་མའི་ལྕེ་ཐོག་ཏུ་བཞག་ཅིང༌། འདས་ པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་ བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་བགྱི། །ཞེས་པ་དང༌། བླ་མེད་དེ་ནི་འདི་ཉིད་ དེ། །གཉིས་སུ་མེད་ཅིང་མི་འགྱུར་བ། །ཆོས་ཀྱི་དབྱིངས་ནི་དམ་པ་ཡི། །དམ་པའི་བདེ་བ་ མྱང་བར་གྱིས། །ཞེས་བརྗོད་ལ། སློབ་མས་བདུད་རྩི་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ ཅད་འདུས་པའི་ངོ་བོར་བསམས་ནས་མྱང་ཞིང་ལུས་ཐམས་ཅད་ཟག་པ་མེད་པའི་བདེ་བས་ གང་བར་བསམས་ཏེ། ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བརྗོད་ཅིང་སྔར་གྱི་ཕྱག་རྒྱ་དེའི་གསང་བའི་ བྷ་ག་གསལ་བར་བྱས་པ་ཡང་བལྟས་པར་བསམ་མོ། །དེ་ལས་བྱུང་བའི་བདེ་བ་ཉམས་སུ་ མྱོང་བ་དེ་འཇིག་རྟེན་ཀུན་རྫོབ་ཀྱི་མཆོག་དགའི་དགའ་བ་ཡིན་ལ། དེ་ཉིད་གསང་བའི་དབང་ གི་དོན་ཡིན་ནོ་ཞེས་ངོ་སྤྲད་པར་བྱའོ། །མིག་དར་དཀྲོལ། དེ་ལྟར་ཕྱག་རྒྱའི་བྷ་གའི་དཀྱིལ་ འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ་པས་སྔགས་ཀྱི་ཚུལ་ལ་དགེ་སློང་དུ་གྱུར་ཅིང༌། ས་ དགུ་པ་ལེགས་པའི་བློ་གྲོས་སུ་ལུང་བསྟན་པ་ཐོབ་པ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་འགྱུར་བ་ མོས་པ་གྱིས་ཤིག ཅེས་བརྗོད་ལ། ང་རྒྱལ་འཛིན་པས་སྔགས་ཀྱི་ཚིག་ལ་རྗེས་ཟློས་བྱེད་དུ་ གཞུག་སྟེ། ༀ་ཨཱཿ བཛྲ་སཏྭཱེ་ན་གུ་ཧྱ་ཨ་བྷི་ཥེ་ཀེ་ཎ་ཨ་བྷི་ཥིཀ་ཏོ་བཛྲ་སཏྭ་ཡུ་བ་རཱ་ཛོ་ན་བ་བྷཱུ་ 7-1-416 མི་ལབ་དྷོ་ཧཾ། ཞེས་སློབ་མས་ང་རྒྱལ་གཟུང་བར་བྱའོ། །གསང་བའི་དབང་ངོ༌། ། དེ་ནས་བླ་མ་དུས་ཀྱི་འཁོར་ལོའི་མདུན་གྱི་ཞལ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་ངོ་བོ་ཉིད་ ལ་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་དོན་དུ་སློབ་མས་མཎྜལ་ཕུལ་ནས་གསོལ་ བ་གདབ་པར་བྱ་སྟེ། ༀ་ཧཱུཾ་པྲཛྙཱ་ཨུ་པ་ཡོ་བཛྲ་སཏྭ་བྷི་ཤོ་མ་ཏ་རཽ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་ ད་ད་ཏཱཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ལན་གསུམ་གྱིས་སོ། །སླར་ཡང་སེམས་ལ་ཐུགས་རྡོ་རྗེས་བྱིན་ གྱིས་བརླབས་པའི་དོན་དུ། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །ཞེས་སོགས་ཀྱིས་གསོལ་ བ་བཏབ་ནས་སྔ་མ་བཞིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཁའི་ཧཱུཾ་ཡིག་ལས་ ཧཱུཾ་ཡིག་འོད་ཟེར་འཐིང་ནག་འཕྲོས་བ་དཔག་ཏུ་མེད་པ་འཕྲོས་པས་སློབ་མའི་སྙིང་ཁ་ནས་ ཞུགས་ཏེ་ཡིད་ཀྱི་སྒྲིབ་པ་དག སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེས་བྱིན་གྱིས་བརླབས་ པར་བླ་མ་དང་སློབ་མ་གཉིས་ཀར་བསམ་ཞིང༌། བླ་མས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་སློབ་མ་འདིའི་སེམས་ཀྱི་ཐིག་ལེ་དང་གཉིད་སྟུག་གི་གནས་སྐབས་འགགས་ ཤིང་ཁྱད་པར་གྱི་དགའ་བ་རྫོགས་ནས་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་རྣམ་པ་ལྔ་དང་མངོན་པར་ རྫོགས་པར་བྱང་ཆུབ་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་གདབ་ཅིང་རོལ་ མོའི་སྒྲ་བྱའོ། །དེ་ནས་སློབ་མ་དུས་ཀྱི་འཁོར་ལོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་ བུ་འཛིན་པའི་སྐུར་གསལ་བར་བསྒོམ་དུ་གཞུག་ཅིང༌། བླ་མས་རྡོ་རྗེ་སེམས་དཔའ་སོགས་ སངས་རྒྱས་རྣམས་དཔང་དུ་བྱོན་ནས་ཁྱོད་ལ་ཕྱག་རྒྱ་གཏད་པའི་མོས་པ་གྱིས་ཤིག་ཅེས་ བརྗོད་ལ། འདིར་ནི་ཁྱེད་རྣམས་དཔང་པོ་ལགས། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་ པ་དང༌། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། ། འཁོར་ལོའི་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་དཀྱིལ་དཀྲུང་གི་ སེམས་ནི། །ནོར་བུའི་ནང་དུ་གནས་ལྟ་བས། །ཞེས་གོ་བར་བྱ་སྟེ། སྔར་གྱི་ཕྱག་རྒྱ་དེ་ཉིད་སྣ་ 7-1-417 ཚོགས་ཡུམ་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་འཛིན་པ་རུས་པའི་རྒྱན་ ལྔ་དང་ལྡན་པར་བསྐྱེད་པའི་དཔྲལ་བ་དང་མགྲིན་པ་དང་སྙིང་ཁ་དང་ལྟེ་བ་དང་གསང་བ་ དང་གཙུག་ཏོར་རྣམས་སུ་ༀ་ཨཱཿཧཱུཾ་ཧོཿསྭཱཧཱ། ཞེས་པ་རྣམས་བཀོད་ནས་གཏད་པར་བསམས་ ཤིང༌། ཕྱག་རྒྱ་དེས་ཀྱང་ཆུ་སྐྱེས་གུར་གུམ་ལ་སོགས་པས་དྲི་ཞིམ་པོར་བྱས་པ་སྟོན་ཅིང༌། ཨེ་ མ་བདག་གི་པད་མ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་ ན། །དེ་ཡི་མདུན་ན་བདག་གནས་ཏེ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པད་མར་བྱ་བ་ ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཛ་མོ་ ཀྵ་ཧོཿ ཞེས་འདོན་པར་བསམས་ཏེ་སློབ་མའི་དཔྲལ་བ་ལ་སོགས་པར་སྔ་མ་བཞིན་ཡི་གེ་ དྲུག་བཀོད་ནས་ཤེས་རབ་ཀྱི་པད་མར་ཨཱ་ལས་པད་མ་འདབ་མ་བརྒྱད་པ་ཟེ་འབྲུ་ལ་ཧཱུཾ་ལས་ བྱུང་བའི་རྡོ་རྗེས་མཚན་པ་དང༌། ཐབས་ཀྱི་རྡོ་རྗེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དབུས་སུ་ཨ་ལས་བྱུང་ བའི་པད་མ་འདབ་མ་བརྒྱད་ཀྱིས་མཚན་པར་བསྒོམས་ཏེ་ལག་བཅངས་དང་སྙོམས་འཇུག་ བྱས་པར་བསམས་ཞིང༌། ༀ་ཛྙཱ་ན་པཱུ་ཛཱ་ཨ་ནུ་རཀ་ཏ་སྭ་བྷཱ་ཝ་ཨད་མ་ཀོ་ཧཾ་ཞེས་བརྗོད་དུ་ གཞུག་གོ། དེ་ལྟ་བུའི་སྦྱོར་བ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་ནི་འཇིག་རྟེན་ཀུན་ རྫོབ་ཀྱི་དབང་རྣམ་པ་བཞིར་ཡང་གསུངས་སོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་ འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་སྔགས་ཀྱིས་ཚུལ་ལ་གནས་བརྟན་ དུ་གྱུར་ཅིང༌། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པར་ལུང་བསྟན་པ་ཐོབ་པ་རྡོ་རྗེ་འཆང་གཉིས་ པར་གྱུར་པར་མོས་པ་གྱིས་ཤིག་ཅེས་བརྗོད་ལ། ང་རྒྱལ་འཛིན་པའི་སྔགས་ཀྱི་ཚིག་ལ་རྗེས་ ཟློས་བྱེད་དུ་གཞུག་སྟེ། ༀ་ཧཱུཾ་བཛྲ་སཏྭཱེ་ན་པྲཛྙཱ་ཛྙཱ་ནེ་ན་ཨ་བྷི་ཥིཀ་ཏོ་དྭི་ཏི་ཡ་བཛྲ་དྷ་རོ་ཧཾ་དྷརྨ་ མེ་གྷ་བྷུ་མི་ལབ་དྷོ་ཧཾ། ཞེས་སློབ་མས་ང་རྒྱལ་གཟུང་བར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ ངོ༌། ། 7-1-418 དེ་ནས་བླ་མས་དམ་ཚིག་གི་ངེས་པ་སྦྱིན་པ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་ པའི་དགའ་བ་དེ་ནི་དོན་དམ་པ་མ་ཡིན་གྱི། དོན་དམ་པར་རྣལ་འབྱོར་པ་རྣམས་ཀྱི་བདེན་པ་ ནི་ཐིག་ལེ་འཕོ་བ་མེད་པ་ཡིན་པས་བདེ་བ་ཆེན་པོའི་རྟེན་བྱང་སེམས་ཐིག་ལེ་མ་ཉམས་པར་ བསྲུང་བར་བྱའོ། །ཞེས་གདམས་པའི་ཚིག་འདི་ཉོན་ཅིག་ཅེས་བརྗོད་ལ། ལས་ཀྱི་ཕྱག་རྒྱའི་ རྗེས་ཆགས་ལའང༌། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་པོས་བསྲུང་ བར་བྱ། །བྷ་ག་ལིང་ག་རབ་བཞག་པས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ༑ ༑བསྲུངས་བ་འདི་ཉིད་ཁོ་ན་ཡིས། ། སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་ འཇུག །འདི་ཡིས་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་ དང་གཞན་དོན་སྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། ཁམས་གསུམ་དབང་ ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་ ཁྱོད་སྲུང་བདག་གིས་སྲུངས། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་རླབས་རྫོགས་བྱང་ ཆུབ་ཐོབ་འགྱུར། །ཅིག་སྟེ་ཆགས་པས་ཟིལ་མནན་བདག །གཙོ་བོའི་མདུན་དུ་བླངས་ནས་ ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་ངུ་འབོད་དུ་འགྲོ་འགྱུར། །དམན་པའི་སེམས་ལས་ སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་ལྷུང་གྱུར། །དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །པད་མའི་ ཕྱི་རོལ་རང་ལྕེས་བླང༌། །ཞེས་པའི་དོན་རགས་པ་ཙམ་ཞིག་བཤད་པར་བྱ་ཞིང༌། རྩ་བའི་ ལྟུང་བ་སྤང་བར་གདམས་པ་ཡང་བརྗོད་པར་བྱ་སྟེ། གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། །ཞེས་པ་དང༌། དཔལ་ལྡན་བླ་ མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ 7-1-419 ཡི་བཀའ་ལས་དགོངས་པ་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་ པའོ། །བྱམས་པ་གཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་ཉམས་པ་ལས་ཀྱང་ མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་རི་བོང་དག་ཀྱང་མ་སྨིན་མི་ལ་གསང་ བ་བྱིན་ལས་སོ། །ཕུང་པོ་ཉིན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ ལ་མ་དད་གང༌། །སྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་ པོའོ། །དག་པའི་སེམས་ཅན་རྣམས་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་གཏོང་བ་ ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེའི་ཐེག་པར་ གནས་པ་རྣམས་ལའོ། །ཞེས་པའི་དོན་ཡང་རགས་པ་ཙམ་ཞིག་བཤད་པར་བྱའོ། །རྩ་ལྟུང་གི་ བཤད་པ་འདི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པ་བསྐུར་བའི་ཚེ་ ན་ནི། །དབང་འོག་མ་བདུན་བསྐུར་བའི་རྗེས་སུ་བརྗོད་པར་བྱའོ། ། སླར་ཡང་བླ་མ་ལ་མཎྜལ་ཕུལ་ནས་བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་རབ་ ཏུ་བྱེད་པའི་བཀའ་དྲིན་གནང་བར་མཛད་དུ་གསོལ་བ་གདབ་པོ། །དེ་ནས་བླ་མས་བུ་ཁྱོད་ ཉོན་ཅིག ཀུན་རྫོབ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་བདེ་བ་དགའ་ བ་བཅུ་དྲུག་གི་མཚན་ཉིད་ནི། དཔལ་དུས་ཀྱི་འཁོར་ལོ་ལས། འདོད་པ་བསྐྱེད་པར་བྱེད་པ་ འགྲོ་བ་རང་གི་ཡིད་ལའོ། །གང་བ་དག་ནི་གང་བ་དག་ཏུ་འགྱུར། །གང་བ་ཡན་ལག་མཆོག་ ལས་རི་བོང་འཛིན་པ་ཁུ་བར་བྱས་ནས་འབར་བའི་ཐིག་ལེ་བཟང་པོ་འཛག །ཨོཊྚས་བཀུག་ པ་མཆོག་གི་བདེ་བ་རང་བཞིན་གྱིས་སྟེར་ཐིག་ལེ་གྲོལ་བ་དག་ནི་གསུམ་གྱི་མཐར། །ལྷ་ དང་རེག་དང་འགྲོགས་ལ་འཛག་པའི་བདེ་བ་འདི་དག་གིས་ནི་དགའ་བ་ལ་སོགས་དབྱེ་བ་ སྟེ། འདོད་པ་དགའ་བར་བྱེད་དེ་དང་པོ་དག་ཀྱང་མི་རྣམས་ཀྱིས་ནི་མིག་གིས་ལྟ་བ་རྣམས་ ཀྱིས་སོ། །ཕྱི་ནས་གང་བ་རབ་ཏུ་སྦྱར་བ་ཡིས་ཏེ་སླར་ཡང་མཆོག་གི་དགའ་བ་ཉིད་དོ་རང་ 7-1-420 ལུས་ལ། །འབར་བ་ཉིད་ལ་ཐིག་ལེ་འཛག་པའི་དགའ་བ་ཡིས་ཀྱང་ཁྱད་པར་དགའ་བ་རྡོ་ རྗེ་པད་མ་ལ། །ཨོཊྚ་ཐིག་ལེ་གསུམ་གྱིས་མཐའ་རུ་འགྱུར་བ་ལ་གནས་ལྷན་ཅིག་སྐྱེས་པའི་ དགའ་བ་རྡོ་རྗེ་བྱེད། །ཅེས་པའི་དོན་དགའ་བཞི་དང༌། དེ་དག་རེ་རེ་ཡང་ལུས་དང་ངག་དང་ སེམས་དང་ཡེ་ཤེས་ཀྱི་དབྱེ་བས་ཕྱེ་བ་དགའ་བ་བཅུ་དྲུག་ཏུ་འགྱུར་བ་ཡིན་ལ། དེ་དག་ཀྱང་ གོ་སླ་བར་བཤད་པ་ནི། ཉོན་ཅིག་བུ་ཁྱོད་དབང་གི་དོན། །དགའ་བ་བཅུ་དྲུག་མཚན་ཉིད་ ཅན། །སེམས་ཅན་ཀུན་གྱི་བདེ་བ་ནི། །ཐུན་མོང་དུ་ནི་གནས་པའོ། །འདོད་ཆགས་ཀྱིས་ནི་ ཡིད་དཀྲུགས་པ༑ ༑དགའ་བ་དང་པོ་ཞེས་སུ་བསྒྲགས། །ཤེས་རབ་ཡན་ལག་འཁྱུད་པ་ཡིས། ། དཔྲལ་བར་གནས་པའི་བྱང་ཆུབ་སེམས། །ཞུ་བར་གྱུར་པའི་གནས་སྐབས་ནི། །མཆོག་གི་ དགའ་བ་གཉིས་པའོ། །དེ་ནས་འཁྲིག་པའི་དབང་གིས་ནི། །འདོད་ཆགས་མེ་ནི་འབར་བར་ འགྱུར། །འབར་བ་ཐིག་ལེ་འཛག་པ་ནི། །ཁྱད་པར་དགའ་བ་གསུམ་པའོ། །ལུས་ངག་སེམས་ ཀྱི་ཐེག་ལེ་ཡི། །ཐ་མར་བཞི་པ་འབྱུང་བའི་དུག །རང་རིག་སྐ་ཅིག་གང་ཡིན་པ། །ལྷན་ཅིག་ སྐྱེས་པ་བཞི་པའོ། །བཞི་པོ་དེ་ཉིད་ལུས་དང་ངག །སེམས་དང་ཡེ་ཤེས་ཐིག་ལེ་ཡིས། །ཕྱེ་ བར་གྱུར་ན་བཅུ་དྲུག་པའི། །དེ་ཁོ་ན་ཉིད་ཤེས་པར་བྱ༑ ༑ཕྱི་རོལ་དུ་ཡང་དེ་ཉིད་ནི། །ནམ་ མཁའ་ལ་སོགས་དབྱེ་བ་ཡིས། །ཚེས་གཅིག་ལ་སོགས་བཅོ་ལྔ་དང༌། །ཆ་མེད་ཆ་ནི་བཅུ་དྲུག་ པའོ། །ཞེས་པ་སྟེ། དེ་ལྟར་འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བ་བཞི་དང་བཅུ་དྲུག་ནི་མཚོན་ བྱེད་ཀྱི་དཔེ་ཡི་དོན་ཡིན་ལ། དེས་མཚོན་པའི་དོན་ནི། མཚན་ཡང་དག་པར་བརྗོད་པ་ལས། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་རྫོགས་སངས་ རྒྱས་པའི་གནས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །ཞེས་དང༌། རྣམ་པ་ཀུན་ལྡན་ རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཞེས་པའི་དོན་ཐིག་ལེ་འཕོ་བ་དོན་དམ་ པའི་དགའ་བ་བཞི་ཡང་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དབྱེ་བས་ཕྱེ་བ་ནི་དེ་ཁོ་ན་ཉིད་བཅུ་དྲུག་ 7-1-421 ཡིན་ལ། འཇིག་རྟེན་ཀུན་རྫོབ་ཀྱི་དབང་གསུམ་པ་ཤེས་རབ་ཡེ་ཤེས་ནི། མཚོན་བྱེད་དཔེ་ ཡི་ཡེ་ཤེས་ཙམ་སྟེ། དོན་དམ་པ་མ་ཡིན་གྱི། དེས་ཉེ་བར་མཚོན་པ་འཇིག་རྟེན་ལས་འདས་ པའི་དབང་བཞི་པ་ཤེས་རབ་ཡེ་ཤེས་དེ་ནི་དོན་དམ་གྱི་ཡེ་ཤེས་ཏེ། དེ་ཁོ་ན་ཉིད་ཀྱི་དོན་ཡིན་ ནོ། །ཞེས་འཕོ་བ་མེད་པ་དོན་དམ་པའི་བདེ་པ་སྤྲོ་བ་དང་བྲལ་ཞིང་སྟོང་པ་ཉིད་དང་སྙིང་རྗེ་ ཟུང་དུ་འཇུག་པ་ལ་མདུན་པར་བྱ་སྟེ། འཇིག་རྟེན་པའི་དབང་གསུམ་གྱི་ཆོ་གའོ། །དེ་ནས་བླ་ མ་དུས་ཀྱི་འཁོར་ལོའི་རྒྱབ་ཀྱི་ཞལ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ལ་འཇིག་རྟེན་ ལས་འདས་པའི་དབང་བཞི་པ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་དབང་ཞུ་བའི་དོན་དུ་ སློབ་མས་མཎྜལ་ཕུལ་ནས་གསོལ་བ་གདབ་པར་བྱ་སྟེ། ༀ་ཧོ་པྲཛྙཱ་ཨུ་པཱ་ཡོ་ཨཱད་མ་ཀཾ་བཛྲ་ སཏྭ་མ་ཧཱ་མུ་ཏྲཱ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་པྲ་ཡཙྪ་ༀ་ཨ༔ཧཱུཾ་ཧོ༔ཕཊ། ཅེས་པ་ལན་གསུམ་གྱིས་སོ། ། སླར་ཡང་ཡེ་ཤེས་ལ་ཡེ་ཤེས་རྡོ་རྗེ་བྱིན་གྱིས་བརླབ་པའི་དོན་དུ། དཔལ་ལྡན་ཡེ་ཤེས་རྡོ་རྗེ་ འཛིན། །མི་ཕྱེད་རྡོ་རྗེ་བཞི་བསྒོམས་པས། །ཡེ་ཤེས་རྡོ་རྗེ་ཅན་གྱིས་ནི། །ཞེས་སོགས་འདོན་ པ་བསྒྱུར་བའི་ཚིག་གིས་གསོལ་བ་བཏབ་ནས། སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ལྟེ་བའི་ཧོཿཡིག་ལས་ཧོཿཡིག་འོད་ཟེར་སེར་པོ་འཕྲོ་བ་དཔག་ཏུ་མེད་པ་འཕྲོས་པས་ སློབ་མའི་ལྟེ་བ་ནས་ཞུགས་ཏེ། ཆགས་རྟོག་གི་དྲི་མ་དག སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ རྡོ་རྗེས་བྱིན་གྱིས་བརླབས་པར་བླ་མ་དང་སློབ་མ་གཉི་གས་བསམ་ཤིང༌། ཕྱོགས་བཅུའི་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་འདིའི་ཆགས་པའི་ཐིག་ལེ་དང་བཞི་པའི་གནས་ སྐབས་འགག་ཤིང་ལྷན་ཅིག་སྐྱེས་པའི་དགའ་བ་རྫོགས་ནས་ཡེ་ཤེས་རྡོ་རྗེའི་ངོ་བོ་ཉིད་ཀྱི་ སྐུ་སྐ་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ གསོལ་བ་གདབ་ཅིང་རོལ་མོའི་སྒྲ་བྱའོ། །དེ་ནས་བླ་མས། ཇི་ལྟར་འདས་པའི་སངས་རྒྱས་ ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། །བདག་གི་གསང་ཆེན་དབང་གི་ནི། །ཁྱོད་ཀྱི་ 7-1-422 སེམས་རྒྱུན་དབང་བསྐུར་རོ། །ཞེས་བརྗོད་ལ། སློབ་མས་རྐང་པ་དཀྱིལ་དཀྲུང་དང་ལག་པ་ མཉམ་བཞག་གི་ཕྱག་རྒྱ་བཅའ་ཞིང༌། ལྟ་སྟངས་གཡོ་བ་མེད་པར་བྱས་ལ། ཆོས་ཐམས་ཅད་ ཀྱི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་དང༌། བློས་རྣམ་པར་རྟོག་པ་ཐམས་ཅད་ འཁྲུལ་པའི་ངོ་བོ་ཡིན་པས། སྔར་རྗེས་མི་གཅོད་མདུན་མི་བསུ། །ལྟར་འཛིན་མེད་པར་ནམ་ མཁར་བཞག །དུས་གསུམ་རྟོག་པའི་སྒྱུ་འགྲུལ་གཅད། །དེ་ལྟར་རྟོག་མེད་ཏིང་འཛིན་གནས། ། ཞེས་པ་དང༌། ཅིར་ཡང་རྣམ་པར་མི་རྟོག་པའི་ངང་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་ པའི་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱའོ། །ཞེས་བསྟན་ནས་ཅུང་ཟད་ཅིག་མཉམ་ པར་འཇོག་དུ་བཅུག་ལ། དེ་ལྟར་མཉམ་པར་བཞག་པ་ལས་རིམ་གྱིས་དབང་བཞི་པའི་དོན་ ཕྱག་རྒྱ་ཆེན་པོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་མངོན་དུ་བྱེད་པ་ཡིན་ཏེ། དངོས་པོ་མེད་ ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་ པ་དམིགས་སུ་མེད་པའོ། །ཞེས་པ་དང༌། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་ དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་གསུངས་ པ་ལྟར་ཡན་ནོ། །ཞེས་བཤད་ཅིང༌། དེ་ལྟར་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ དུ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་བཞི་པའི་དབང་བསྐུར་བ་ཐོབ་པས། སྐྱེ་དགུའི་ བདག་པོ་ས་བཅུ་གཉིས་པ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་གྱུར་པར་མོས་པ་གྱིས་ཤིག་ ཅེས་བརྗོད་ལ། ང་རྒྱལ་འཛིན་པའི་སྔགས་ཀྱི་ཚིག་ལ་རྗེས་ཟློས་བྱེད་དུ་གཞུག་སྟེ། ༀ་ཧོ་དྷརྨཱ་ དྷ་ཏུ་ཨཀྵ་ར་ཙ་ཏུར་ཐ་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥིཀ་ཏོ་བཛྲ་སཏྭེ་ན་ཨཱད་མ་ནཱཾ་ཧཾ་དོ་ད་ཤ་བྷུ་མི་ ལབ་དྷོ་ཧཾ་བཛྲ་སཏྭེ་མ་ཧཱ་ཨརྠཱ་པ་ར་མ་ཨ་ཀྵ་རཿཏྲེ་ལོཀྱ་བི་ཛ་ཡ། ཀཱ་ལ་ཙཀྲོ་བྷ་ག་ཝན་ཨེ་ཝཾ་ ཀ་རཿ ཞེས་སློབ་མས་ང་རྒྱལ་གཟུང་བར་བྱའོ། །དབང་བཞི་པའོ།། །། དེ་ལྟར་དབང་བཞི་པའི་ཆོ་ག་ནི་དབང་བཞི་པའི་དོན་བསྒོམ་པའི་སྣོད་དུ་རུང་བར་བྱས་ 7-1-423 པ་ཙམ་ཡིན་ལ། དབང་བཞི་པའི་དོན་བསྒོམ་པའི་ཚུལ་ནི་སྦྱོར་བ་ཡན་ལག་དྲུག་གི་རྣལ་ འབྱོར་བསྒོམ་པ་ཡིན་ཏེ། བླ་མ་དམ་པའི་མན་ངག་ཐུན་མོང་མ་ཡིན་པ་ལས་ཤེས་པར་བྱ་ཡིན་ ནོ། ། གསུམ་པ་རྗེས་ཀྱི་ཆོ་ག་ནི། དེ་ནས་སློབ་མས་དུས་འདི་ནས་བཟུང་ནས་སུ། །བྱང་ཆུབ་ སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །དཔལ་ལྡན་བླ་མ་ཁྱེད་ སྤངས་ནས། །བླ་མ་གཞན་དག་རྨི་ལམ་དུ་འང༌། །སྲོག་དོར་ནས་ནི་བསྟེན་མི་བྱ། །གཞན་ ཡང་དེ་བཞིན་དུས་ཀུན་དུ། །གཡོ་སྒྱུ་མེད་པར་ནུས་ཚད་ཀྱིས། །ལུས་ངག་སེམས་དང་གསུམ་ པོ་ནི། །གཙོ་བོ་སྤྱན་སྔར་དབུར་བར་བགྱི། །ཞེས་བརྗོད་པར་བྱའོ། །དེ་ལྟར་དབང་བསྐུར་ བའི་བླ་མ་ལ་དུས་ཐམས་ཅད་དུ་སློབ་མའི་ལུས་ལ་སོགས་པའི་དངོས་པོ་ཐམས་ཅད་དྲུག་ཆ་ དབུལ་བར་གསུངས་ཏེ། ལུས་དང་ཡན་ལག་ལྔ་སྟེ་དྲུག་ལས་ཡན་ལག་གི་མཆོག་མགོ་བོ་ནི། བླ་མ་ལ་དུས་གསུམ་དུ་ཕྱག་འཚལ་བའི་དོན་དུ་དབུལ་བར་བྱ་ཞིང༌། ལས་ཀྱི་དབང་པོ་དྲུག་ ལས་ངག་དབུལ་བར་བྱ་སྟེ། བླ་མ་ལ་བདེན་པའི་ངག་སྨྲ་ཞིང་བླ་མའི་ཡོན་ཏན་བརྗོད་པར་ བྱའོ། །དབང་པོ་དྲུག་ལས་ཡིད་དབུལ་བར་བྱའོ། །བླ་མ་ལ་གཡོ་སྒྱུའི་སེམས་མི་བྱ་ཞིང་མོས་ པ་བསྒོམ་པར་བྱ། རིན་པོ་ཆེ་དང་འབྲུ་ལ་སོགས་པ་སེམས་མེད་པའི་རྫས་དང་སེམས་དང་ བཅས་པ་རྐང་གཉིས་པ་དང་རྐང་བཞི་པ་སྔ་ནས་ཡོད་པ་དང༌། གསར་དུ་གཉེད་པ་རྣམས་ ལས་ཀྱང་དྲུག་གི་ཆ་རྡོ་རྗེ་རྣལ་འབྱོར་མ་རྣམས་མཆོད་པ་ལ་སོགས་པའི་དོན་དུ་དབུལ་བར་ བྱ་ཞིང༌། སློབ་དཔོན་དང་སློབ་མ་གཉིས་ཀ་ཁྱིམ་ན་གནས་པ་ཡིན་ན། ཁྱིམ་ཐབ་ཀྱི་དྲུག་ཆ་ ཡང་དབུལ་བར་གསུངས་སོ། །ཞེས་གོ་བར་བྱའོ། །དེ་ནས་བླ་མས་སྲིད་པ་གསུམ་གྱི་སེམས་ ཅན་སྔར་དབང་མ་བསྐུར་བ་རྣམས་ལ་ཏིང་ངེ་འཛིན་གྱི་སྒོ་ནས་སྙིང་རྗེའི་དབང་བསྐུར་བར་ བྱ་སྟེ་རང་ཉིད་དུས་ཀྱི་འཁོར་ལོར་བསྒོམས་པའི་ཐུགས་ཁའི་ས་བོན་ལས་སྤྲོས་པའི་འོད་ཟེར་ 7-1-424 ཐམས་ཅད་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྕགས་ཀྱུས་སེམས་ཅན་ཐམས་ཅད་བཀུག་ནས་རང་གི་ བསྒོམས་པའི་དཀྱིལ་འཁོར་དུ་ཞུགས་པར་བསམ་ཞིང༌། བཤང་བ་དང་གཅི་བ་དང་ཁྲག་དང་ རྐང་དང་ཁུ་བ་རྣམ་པར་དག་པ་བདུད་རྩིའི་བུམ་པ་རྣམས་ཀྱིས་དེ་རྣམས་ལ་དབང་བསྐུར་ བར་བསྒོམ་མོ། །དེས་སེམས་ཅན་རྣམས་ཀྱི་དྲི་མ་ཐམས་ཅད་སྦྱངས་ཏེ་ལུས་ཟླ་བ་དྲི་མ་མེད་ པ་ལྟར་གྱུར་ཅིང༌། རྡོ་རྗེ་འཆང་གི་ལམ་ཐོབ་ནས་བྱང་ཆུབ་ཀྱི་སྤྱོད་པ་ལ་རྗེས་སུ་གནས་པར་ བསམས་ཏེ། སླར་ཡང་རང་གི་གནས་སུ་སོང་བར་བསམ་པར་བྱའོ། །དེ་ནས་དཔའ་བོའི་ སྟོན་མོ་ལ་ལོངས་སྤྱོད་པའི་རྗེས་སུ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་པ་དང་བསྟོད་ པར་བྱ་སྟེ། མ་འབྱོར་བ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་ པ་དང་ནི་བགྱིད་རྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་པ་དང༌། ཡི་གེ་བརྒྱ་ པ་བཟླས་པས་ཉེས་པའི་ཚོགས་བཟོད་པར་གསོལ་ཞིང༌། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་པ་ རས་བྲིས་ཀྱི་དཀྱིལ་འཁོར་ལ་སྤྱན་དྲངས་པའི་ཡེ་ཤེས་བརྟན་པར་བཞུགས་སུ་གསོལ་ནས། བདག་ཉིད་ཀྱི་ལུས་ཀྱི་གནས་དྲུག་ཏུ་རིགས་དྲུག་ཡི་གེ་དང༌། ཡན་ལག་དྲུག་བགོད་པར་བྱས་ ནས་བསྲུང་བར་བྱའོ། །དེའི་རྗེས་སུ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང༌། བསྔོ་བ་དང་སྨོན་ ལམ་གྱི་རིམ་པ་སྒྲུབ་ཐབས་ལས་འབྱུང་བ་ལྟར་བྱའོ། །རྒྱུད་སྡེའི་སྙིང་པོ་ཟབ་ལམ་དབང་གི་ དོན། །བསྡུས་རྒྱུད་རྣམས་སུ་རྡོ་རྗེའི་ཚིག་སྦས་ནས། །སེམས་དཔའི་འགྲེལ་པས་རྣམ་པར་ ཕྱེ་བ་སྟེ། །རྗེ་བཙུན་བླ་མའི་དྲིན་གྱིས་ལེགས་པར་རྟོགས། །རྒྱུད་འགྲེལ་དགོངས་པ་བླ་མའི་ གདམས་པ་ཅན། །བདག་གིས་དབང་བཞིའི་ཆོ་ག་རྣམ་སྦྱང་བའི། །དགེ་བ་གང་དེས་མཁའ་ མཉམ་འགྲོ་བ་ཡིས། །རྣམ་དག་ཕྱག་རྒྱ་ཆེན་པོའི་ལམ་ཐོབ་ཤོག ། དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མ་རྣམ་པ་བཞིའི་ཆོ་ག་ཟབ་ལམ་རྒྱ་མཚོའི་འཇུག་ ངོགས་ཞེས་བྱ་བ། རིགས་ལྡན་རྒྱལ་བོའི་སྤྲུལ་པ་ཆོས་ཀྱི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་ 7-1-425 པའི་བཀའ་ དྲིན་ལས་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་གྱི་གཞུང་གདམས་ངག་དང་ བཅས་པ་ལ་ངེས་པ་ཐོབ་པ། དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ་ཆོས་ཀྱི་རྒྱལ་པོ་མིང་གཞན་ ཕྱོགས་ལས་རྣམ་རྒྱལ་གྱིས། གྲུབ་པའི་སྐྱེས་བུ་སེ་སྟོན་ཀུན་རིག་དང༌། ཟབ་ལམ་བསྟན་པའི་ མངའ་བདག་ཆོས་ཀྱི་རྗེ་ཀུན་སྤངས་ཆེན་པོའི་བྱིན་གྱིས་བརླབས་པའི་དབེན་གནས་མཁར་ ཆུང་བསམ་གཏན་གྱི་རྩེར་སྦྱར་བའོ། །འདིས་ཟབ་ལམ་གྱི་བསྟན་པ་རིན་པོ་ཆེ་དང་འགྲོ་བ་ མང་པོ་ལ་ཕན་པར་གྱུར་ཅིག། མཾ་ག་ལཾ་བྷ་ཝ་ཏུ། །གཅིག་ཞུས། དགེའོ། །ཡང་ཞུས་ཞིང་དག་ པར་བགྱིས་སོ། ། མ་ཡིག་འབྲས་དཔེ་རྙིང༌། ༼ཕྱི་ཀ་༡༤༨༽ 7-1-426 ༄༅། །དཔལ་དུས་ཀྱི་འཁོར་ལོའི་མངོན་རྟོགས་ བཞུགས། ༄༅། །ༀ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ མེ་ཏོག་མདའ་ཅན་གཙུག་ན་ཟླ་བ་ཡི། ། ཕུན་ཚོགས་ཉི་ཟླའི་ཞབས་ཀྱིས་རྣམ་གནོན་པ། །སྲིད་གསུམ་མཐར་བྱེད་སྲིད་གསུམ་བདག་ པོ་དང༌། །གཉིས་མེད་བླ་མའི་ཞབས་རྡུལ་གུས་མཆོད་དེ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་རྒྱལ་ བའི་སྐུ། །དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རིམ་པ་དག །ཉུང་ངུའི་ཚུལ་ལ་མོས་པའི་དབང་བྱ་ སྟེ། །འདིར་ནི་བདག་གིས་གཞན་ཕན་བློ་ཡིས་བསྡུ། ། འདིར་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ བ་རྣམས་ལེགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་ལྷག་པར་གནས་པའི་གང་ཟག་གིས་ བསྐྱེད་པའི་རིམ་པ་ལ་རྣལ་འབྱོར་དུ་བྱ་བར་འདོད་པས། (རྩ་བའི་རྒྱུད་ལས་)གང་ན་ས་སྐྱོང་ཆོས་ ལྡན་ཞིང༌། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེ་གནས་ས་འཛིན་རྩོད་མེད་པ། །དེར་ནི་ རྣལ་འབྱོར་བརྩམ་པར་བྱ། །ཞེས་གསུངས་པའི་གནས་སུ་ཁྲུས་ལ་སོགས་པ་བྱས་ནས་འཇམ་ པའི་སྟན་ལ་ཤར་དུ་མངོན་པར་ཕྱོགས་པས་འདུག་སྟེ། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔོན་དུ་འགྲོ་བས་དང་ པོར་ཁ་དག་པའི་དོན་དུ་བདུད་རྩིའི་རིལ་བུ་ཁར་བཅུག་ནས། གཙུག་ཏོར་དུ་ཝཾ་ལས་བྱུང་བའི་ ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་རྫོགས་པར་བསྒོམས་ཏེ། ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཱ་པྲཛྙཱ་(ཤེས་རབ་དང་) ཨུ་པཱ་ཡ་(ཐབས་)ཨཱད་མ་ཀ་(བདག་ཉིད་)ཀཱ་ཡ་(སྐུ་)ཝཱཀ་(གསུང་)ཙིཏྟ་(ཐུགས་)ཛྙཱ་ན་(ཡེ་ཤེས་ཀྱི་)ཨ་དྷི་པ་ 7-1-427 ཏེ་(མངའ་བདག་)མཱ་མ་(བདག་གི་)ཀཱ་ཡ་(ལུས་)ཝཱཀ་(ངག་)ཙིཏྟ་(སེམས་)ཛྙཱ་ན་(ཡེ་ཤེས་)བཛྲཾ་(རྡོ་རྗེ་)བཛྲ་(རྡོ་ རྗེ་)ཨ་མྲི་ཏ་(བདུད་རྩིའི་)སྭ་བྷཱ་ཝཾ་(རང་བཞིན་དུ་)ཀུ་རུ་ཀུ་རུ་(མཛོད་གཉིས་)སྐན་དྷ་(ཕུང་པོ་)དྷཱ་ཏུ་(ཁམས་)ཨཱ་ ཡ་ཏ་ནཾ་ནི་(སྐྱེ་མཆེད་རྣམས་)སྭ་བྷཱ་ཝཾ་(རང་བཞིན་མེད་པར་)སྭཱཧཱ། ཞེས་བརྗོད་པས་དེ་ཞུ་བ་ལས་ལ་ ཞུགས་པར་བསམ་ཞིང༌། གཙུག་ཏོར་ནས་རྐང་སེན་གྱི་མཐར་ཐུག་པ་མ་དག་པའི་ལུས་སྦྲུལ་ གྱི་ཤུན་པ་ལྟར་ལན་གསུམ་དུ་དོར་ཏེ། ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་ པ་རྡོ་རྗེ་བདུད་རྩིའི་རང་བཞིན་ཟླ་བ་དྲི་མ་མེད་པ་ལྟར་གྱུར་པར་ཡང་དག་པར་བལྟས་ལ། ༀ་སྭ་བྷཱ་ཝ་(རང་བཞིན་གྱིས་)ཤུད་དྷཱཿ(དག་པ་)སརྦ་(ཐམས་ཅད་)དྷརྨྨཱཿ(ཆོས་)སྭ་བྷཱ་ཝ་(རང་བཞིན་)ཤུད་དྷོ་ (དག་པ་)ཧཾ(ང་)། ཞེས་བརྗོད་པར་བྱའོ། །དེ་ནས་དཔྲལ་བར་ༀ་དཀར་པོ་དང༌། མགྲིན་པར་ ཨཱཿདམར་པོ་དང༌། སྙིང་ཁར་ཧཱུྃ་ནག་པོ་དང༌། ལྟེ་བར་ཧོ་སེར་པོ་དང། གཙུག་ཏོར་དུ་ཧཾ་ལྗང་ ཁུ་དང། གསང་བར་ཀྵ་སྔོན་པོ་རྣམས་རྒྱལ་བ་རིགས་དྲུག་གི་ངོ་བོར་མོས་པར་བྱས་ནས་བྱིན་ གྱི་བརླབས་པར་བསམ་མོ(རྡོ་རྗེའི་ཞལ་དག་པ་དང་རིགས་དྲུག་དགོད་པའོ)། ། དེ་ནས་ལག་པ་གཉིས་ཕན་ཚུན་མཉེ་ཞིང་ༀ་ཧྲཿསརྦ་(ཐམས་ཅད་)ཨསྟྲ་(མཚོན་ཆའི་)རཱ་ཛ་(རྒྱལ་) མཱ་ར་(བདུད་ཉོན་མོངས་པ་)ཀླེ་ཤ་ཨན་ཏ་(མཐར་)ཀ་ར་(བྱེད་པ་)བཛྲ་ཏིཀྵྞ་(རྡོ་རྗེ་རྣོན་པོ་)དུཿཁ་(སྡུག་བསྔལ་) ཙེ་ད་(གཅོད་པ་)མཱ་མ་(བདག་གི་)ཀ་རཾ་(ལག་པ་) བི་ཤོ་དྷ་ཡ་(སྦྱོངས་)སྭཱཧཱ(ལག་པ་བཀྲུ་བའི་སྔགས)། ཞེས་ པས་ལག་པ་བཀྲུས་ལག་པ་གཡོན་གྱི་མཐེའུ་ཆུང་ལ་སོགས་པའི་རྩ་བའི་ཚིགས་རྣམས་ལ་ཨ་ ཨི་ར་ཨུ་ལ།དབུས་ཀྱི་ཚིགས་རྣམས་ལ་ཨ་ཨེ་ཨར་ཨོ་ཨལ། སྟེང་གི་ཚིགས་རྣམས་ལ་ཧ་ཡ་ ར་ཝ་ལ་ཞེས་པ་དང༌། གཡས་པའི་མཐེ་བོང་ལ་སོགས་པའི་སྟེང་གི་ཚིགས་རྣམས་ལ་ལཱ་ཝཱ་རཱ་ ཡཱ་ཧཱ། དབུས་ཀྱི་ཚིགས་རྣམས་ལ་ཨལ་ཨཽ་ཨཱར་ཨཻ་ཨཱ། རྩ་བའི་ཚིགས་རྣམས་ལ་ལཱི་ཨཱུ་རཱི་ཨཱི་ ཨཱ་ཞེས་པ་རྣམས་བཀོད་པ་ལས། གཡོན་པ་ཟླ་བ་དང༌། གཡས་པ་ཉི་མ་དང༌། གཉིས་ཀ་སྦྱར་ བའི་དབུས་སུ་ཧཱུྃ་གི་ཡི་གེ་མཐོན་མཐིང་ལས་བྱུང་བའི་སྒྲ་གཅན་རྣམས་བསྒོམས་ཏེ། དེ་དག་ 7-1-428 ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་གཙུག་ཏོར་ནས་བརྩམས་ནས་རྐང་སེན་གྱི་མཐར་ ཐུག་པར་བདག་ཉིད་ལ་ཡང་དག་པར་རེག་ཅིང༌། ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿཀཱ་ཡ་(སྐུ་)ཝཱཀ་(གསུང་) ཙིཏྟ་(ཐུགས་)ཛྙཱ་ན་(ཡེ་ཤེས་)ཨ་དྷི་པ་ཏེ་(མངའ་བདག་སྟེ་)བཛྲ་(རྡོ་རྗེ་)ཀཱ་ཡ་(སྐུ་)མཱ་མ་(བདག་གི་)ཀཱ་ཡ་(ལུས་) ཝཱཀ་(ངག་)ཙིཏ་ཏ་(སེམས་)ཛྙཱ་ན་(ཡེ་ཤེས་)བཛྲཾ་(རྡོ་རྗེ་རྣམས་)བཛྲ་ཀ་ཡ་(རྡོ་རྗེའི་སྐུ་)སྭཱ་བྷཱ་ཝཾ་(རང་བཞིན་དུ་) ཀུ་རུ་ཀུ་རུ་(མཛོད་གཉིས་)སྭཱཧཱ་ཞེས་བརྗོད་པ་འདིས་རྡོ་རྗེའི་སྐུར་གྱུར་པར་བལྟས་ནས། ༀ་སརྦ་ ཏ་ཐཱ་ག་ཏ་བཛྲ་ཀ་ཡ་སྭ་བྷཱ་ཝ་ཨཱད་མ་ཀོ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་རང་བཞིན་གྱི་བདག་ ཉིད་ང་ཡིན། )ཧཾ། ཞེས་ང་རྒྱལ་བཟུང་ནས་ཐལ་མོ་སྦྱར་བའི་མཐེ་བོ་ཟུང་གིས་སྙིང་ཁར་རེག་ཅིང་། ༀ་(སྙིང་ཁར་)ཧྲླཱིཾ་ཧྲི་ད་ཡཱ་ཡ་ན་མ། དཔྲལ་བར་རེག་ཅིང་། ༀ་ཧྲཱུཾ་(མགོ་བོར་)སི་ར་སེ་སྭཱཧཱ། གཙུག་ ཏོར་དུ་རེག་ཅིང༌། ༀ་ཧྲྼིཾ་(གཙུག་ཏོར་དུ་)ཤི་ཁ་ཡཻ་བོ་ཥད། ཡན་ལག་ཐམས་ཅད་ལ་རེག་ཅིང༌། ༀ་ ཧྲཱི་(གོ་ཆ་རུ་)ཀ་བ་ཙཱ་ཡ་ཧཱུྃ། མིག་གཡོན་དང་གཡས་ལ་རེག་ཅིང༌། ༀ་ཧྲཱཾ་ནེ་ཏྲ་ཡ་ཝ་ཥད(མིག་ཏུ)། གཡོན་པའི་མཐེ་བོ་དང་འཛུབ་མོའི་སེ་གོལ་ཕྱོགས་ཐམས་ཅད་དུ་བརྡེབ་ཅིང༌། ༀ་ཧྲཿཨསྟྲ་ ཡ་(མཚོན་ཆ་)ཕཊ་ཅེས་པས་མཚོན་ཆའི་དྲ་བ་བསམ་པ་བྱའོ། །དེ་ནས་ༀ་སརྦཱ་ཏ་ཐཱ་ག་ཏ་ཧྲི་ད་ ཡ་སི་རཿཤི་ཁ་ཀ་བ་ཙ་ནེ་ཏྲ་ཨསྟྲ་བཛྲ་ཥཊ་ཨཾ་ག་སྭ་བྷཱ་ཝ་ཨཏྨ་ཀོ་(དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་ཐུགས་ཁའི་སྤྱི་བོ་གཙུག་ཏོར་གོ་ཆ་སྤྱན་མཚོན་ཆ་སྟེ་རྡོ་རྗེའི་ཡན་ལག་དྲུག་རང་བཞིན་གྱི་བདག་ཉིད་)ཧཾ་ཞེས་ང་རྒྱལ་ བཟུང་པར་བྱའོ(སྟེ་ཡན་ལག་དྲུག་དགོད་པ)། ། དེ་ནས་གཏོར་མའི་དངོས་པོ་ཇི་ལྟར་རིགས་པ་ལ་འཆད་པར་འགྱུར་བའི་ཆོ་གས་སྦྱང་ བ་བྱས་ནས་སྤེལ་བ་དང་སྦར་བ་དང་བདུད་རྩིར་བྱས་ནས་འཇིག་རྟེན་གསུམ་ལས་རྣམ་པར་ རྒྱལ་བའི་ཕྱག་རྒྱས་ཡུལ་གྱི་བདག་པོ་སྤྱན་དྲངས་ཏེ། ༀ་ཨཱཿཧཱུཾ་ཆེ་གེ་མོ་ས་པཱ་རི་(མིང་གི་ཡི་གེ་ མཉམ་ན་ཐོག་མཐའ་གཉིས་སམ་མི་མཉམ་ན་དབུས་དང་གསུམ་ནས་སྨོས་ཏེ་དེ་མ་ཤེས་ན་ཡུལ་བདག་གི་མིང་གང་ཡིན་མོས་) ཝཱ་ར་ཡ་(འཁོར་དང་བཅས་པ་)ཨི་དཾ་(འདི་)བ་ལིཾ་(གཏོར་མ་)གྷན་དྷཾ་(དྲི་)པུཥྤཾ་(མེ་ཏོག་)དྷུ་པཾ་(བདུག་སྤོས་) 7-1-429 པྲ་དྷི་པ་(སྒྲོན་མེ་)ཨ་ཀྵ་ཏཾ་(མཉམ་པ་)ད་དཱ་མ་(བདག་གིས་སྦྱིན་གྱིས་)ཧེ། ས་པ་རི་ཝཱ་རཱཿ(འཁོར་དང་བཅས་ པ་) ཤཱི་གྷྲཾ་ཨཱ་གཙྪ་ཏུ་(མྱུར་དུ་འབྱོན་པར་མཛོད་)ཛཿཧཱུཾ་བཾ་ཧོཿ ཨི་དཾ་(འདི་)བ་ལིཾ་(གཏོར་མ་)གྲིཧྣ་ཏུ(གཟུང་ པར་མཛོད)། ཁཱ་ད་ཏུ(གསོལ་བར་མཛོད)། པི་ཝ་ཏུ(བཏུང་པར་མཛོད)། ས་པ་རི་(འཁོར་དང་བཅས་པ་)ཝ་རེ་ བྷྱ། (ཐམས་ཅད་)སརྦ་སཏྭཱ་ནཾ་(སེམས་ཅན་རྣམས་ལ་)ཤཱནྟི་(ཞི་བ་)པུཥྚིཾ་(རྒྱས་པ་)རཀྵ་(བསྲུང་བ་)ཨཱ་ཝ་ར་ ཎ་(བསྐྱབ་པ་)ཀུཔིཾ་ྟ ཀ་རོ་(སྦ་བ་མཛད་དུ་གསོལ་)ཏུ། ཨི་དཾ་(འདི་)སྠ་ནཾ་(གནས་པ་)ཏྱཀ་ཏྭཱ་བཱ་(དོར་ནས་)ཧྱ་ (ཕྱི་རོལ་)མཎ་ཌ་ལ་བྷཱུ་མྱཱཾ་(དཀྱིལ་འཁོར་གྱི་ས་ལ་གནས་པར་མཛོད་)ཏིཥྛ་ཏུ་ཧཱུཾ་ཧཱུཾ་ཕཊ་བཛྲ་(རྡོ་རྗེ་འཛིན་པའི་) དྷ་ར་ཨཱཛྙཱ་པ་ཡ་ཏི་(བཀའ་བཞིན་མཛོད་)སྭཱཧཱ་ཞེས་པ་དང་། ཁྱི་ཡི་ཕྱག་རྒྱས་གྲོང་གི་བདག་པོ་སྤྱན་ དྲངས་ཏེ། ༀ་ཨཱཿཧཱུཾ་ཆེ་གེ་མོ་(གོང་གི་མིང་ནས་སྨོས་)ཨཱ་གཙྪ་(བྱོན་)ཨཱ་གཙྪ་(བྱོན་)ཤཱི་གྷྲཾ་(མྱུར་དུ་)ཨི་དཾ་ (འདི་)བ་ལིཾ་(གཏོར་མ་)གྲིཧྣ་(ཟུང་)གྲིཧྣ་(ཟུང་)བྷུག་ཏྭ་(གསོལ་ཞིང་)པི་ཏྭ་(འཐུང་སྟེ་)ཏྲིཔ་ཏིཾ་ཀྲི་ཏྭཱ་(ཚིམ་པར་ བྱས་ནས་)སརྦ་སཏྭ་ནཾ་(སེམས་ཅན་རྣམས་ལ་)ཤནྟིཾ་ཙིཏ་ཏཾ་ཀྲི་ཏྭ་(ཞི་བའི་སེམས་སུ་བྱས་ནས་)ཨ་པ་ར་(གཞན་ གྱི་གནས་སུ་)སྠ་ནཾ་གཙྪ་(བྱོན་)གཙྪ་(བྱོན་)སྭཱཧཱ། ཞེས་པས་གཏོར་མ་ཕུལ་ནས་རེ་ཤིག་ཡུལ་དང་ གྲོང་གི་བདག་པོ་གནས་གཞན་དུ་གཤེགས་སུ་གསོལ་བར་བྱའོ། ། དེ་ནས་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ༀ་དཀར་པོ་ལས་རྡོ་རྗེ་རྩེ་མོ་བཅུ་བདུན་པ་ དང་། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདམར་པོ་ལས་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་ པ་དང་། སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་ལས་རྡོ་རྗེ་རྩེ་མོ་དགུ་པ་དང་། ལྟེ་ བར་དུས་མེའི་དཀྱིལ་འཁོར་ལ་ཧོཿསེར་པོ་ལས་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པ་དང་། གཙུག་ཏོར་ དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ་ལྗང་ཁུ་ལས་རྡོ་རྗེ་རྩེ་མོ་ལྔ་པ་དང་། གསང་བར་ཡེ་ཤེས་ཀྱི་ དཀྱིལ་འཁོར་ལ་ཀྵཿསྔོན་པོ་ལས་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པ་རྣམས་བལྟ་བར་བྱའོ། །དེ་ བཞིན་དུ་གཡོན་དང་གཡས་ཀྱི་འཕྲག་པ་དང་གྲུ་མོ་དང་འཁྲིག་མ་དང་། རྐང་པ་གཡོན་དང་ གཡས་པའི་དཔྱི་དང་དཔུས་མོ་དང་ལོང་བུ་སྟེ་ཚིགས་ཆེན་བཅུ་གཉིས་ལ་རྡོ་རྗེ་རྩེ་མོ་སུམ་ཅུ་ 7-1-430 རྩ་གཅིག་པ་དང་སོར་མོའི་ཚིགས་དྲུག་ཅུ་པོ་རྣམས་ལ་རྡོ་རྗེ་རྩེ་མོ་བདུན་པ་རྣམས་བསམ་ཞིང་། གཡོན་དང་གཡས་ཀྱི་རྣ་བ་དག་ལ་ཨ་ཨཱ། སྣ་དག་ལ་ཨེ་ཨཻ། མིག་དག་ལ་ཨར་ཨཱར། ལྕེ་ དང་ལྕེའུ་ཆུང་དག་ལ་ཨོ་ཨཽ། རྡོ་རྗེ་དང་གསང་བ་དག་ལ་ཨལ་ཨཱལ། ཡིད་དང་ཁུ་བའི་རྩ་ དག་ལ་ཨཾ་ཨཱཿརྣམས་ལས་བྱུང་བའི་རྡོ་རྗེ་རྩེ་མོ་གསུམ་པ་རྣམས་དང་། གཙུག་ཏོར་དང་མགོ་ བོར་ཧ་ཧཱ། ལྕེ་དང་རྐན་དག་ལ་ཡ་ཡཱ། གཡོན་དང་གཡས་ཀྱི་ལག་མཐིལ་དག་ལ་ར་རཱ། རྐང་ མཐིལ་དག་ལ་ཝ་ཝཱ། བཤང་ལམ་གྱི་གཡོན་དང་གཡས་སུ་ལ་ལཱ་རྣམས་ལས་བྱུང་བའི་རྡོ་ རྗེ་རྩེ་ལྔ་པ་རྣམས་བསམས་ཏེ། བདག་ཉིད་རྡོ་རྗེའི་སྐུར་བསྒོམས་ནས་རྡོ་རྗེ་དེ་རྣམས་ལས་ འཕྲོས་པའི་རྡོ་རྗེའི་མེ་དཔུང་ཕྱོགས་ཀྱི་མདོག་ཅན་འབར་ཞིང་རབ་ཏུ་འབར་བའི་རྡོ་རྗེ་རྣམས་ ཀྱིས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་བྱེད་པའི་བདུད་ཀྱི་ཚོགས་ཕྱོགས་བཅུ་ན་ གནས་པ་མཐའ་དག་ངེས་པར་བསྲེགས་ནས་བདེ་བ་ཆེན་པོ་ལ་འགོད་པར་བསམ་ཞིང་། ༀ་ ཨཱཿ་ཧཱུཾ་ཧོཿཧཾ་ཀྵཿཧྲཱ་ཧྲཱ་ཧྲཱ་ཧྲཱ་ར་ར་ར་ར་བཛྲ་(རྡོ་རྗེ་མེ་)ཨ་ན་ལ་སརྦ་(ཐམས་ཅད་)ཨ་ཝ་ར་ཎ་(སྒྲིབ་པའི་) དྷརྨྨཱ་(ཆོས་)པ་ལ་ཡ་(ཉམས་པའི་)སྭ་བྷཱ་ཝ་(རང་བཞིན་)སརྦ་(ཐམས་ཅད་)མཱ་ར་ཀ་(བདུད་ཀྱི་)ཡི་ཀ་(པ་དང་) བིགྷྣ་(བགེགས་དང་)བི་ནཱ་ཡ་ཀ་(ལོག་འདྲེན་)ཨཱ་དྷྭི་ནཱཾ་(ལ་སོགས་པ་)ད་ཤ་(བཅུའི་)དིག་ག་ཏ་ནཾ་ཀཱ་ཡ་(ལུས་) བཱཀ་(ངག་)ཙིཏ་(སེམས་)ཏ་ནི་(སེམས་རྣམས་)ད་ཧ་(བསྲེགས་)ད་ཧ་(བསྲེགས་)པ་ཙ་པ་ཙ་(ཚོས་གཉིས་)བྷསྨཱི་ (ཐལ་བར་)ཀུ་རུ་ཀུ་རུ་(གྱིས་གཉིས་)ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་དྲག་པོ་ལན་(བཅུའམ་དྲུག་)མང་དུ་བཟླས་ཏེ་ བདུད་གཞོམ་ཞིང་བར་དུ་གཅོད་པ་ཐམས་ཅད་ཀྱིས་མི་ཚུགས་པར་བསམ་མོ། ། དེ་ནས་བདག་ཉིད་སྐད་ཅིག་གིས་དུས་ཀྱི་འཁོར་ལོའི་སྐུར་གསལ་བར་དམིགས་པའི་ སྙིང་ཁར་པཾ་ལས་བྱུང་བའི་པད་མ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཾ་ཡིག་ཡོངས་སུ་ གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ་དེ་ ལས་འོད་ཟེར་ཁ་དོག་ལྔ་རྣམས་འཕྲོས་པས་བླ་མ་དང་སངས་རྒྱས་སྲས་དང་བཅས་པ་ཐམས་ 7-1-431 ཅད་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་རྣམ་པར་ནམ་མཁའ་ལ་གསལ་བར་དམིགས་ནས་ འོད་ཟེར་རྣམས་རང་གི་སྙིང་ཁའི་རྡོ་རྗེ་ལ་ཐིམ་པར་བསམ་མོ། ། དེ་ནས་ཐལ་མོ་སྦྱར་ཏེ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་ གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་འཆང་ཞབས་པད་ལ་འདུད། །ཅེས་པ་དང་། སྟོང་ ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་ གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཞེས་པས་ཕྱག་འཚལ་ཏེ། དེ་ནས་ རང་གི་སྙིང་ཁའི་ཟླ་བ་ལ་མཆོད་པའི་ལྷ་མོ་བཅུ་གཉིས་ཀྱི་ས་བོན་གྱི་ཡི་གེའི་གོང་བུ་རྣམས་ བསམས་ཏེ། དེ་དག་ལས་བྱུང་བའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་པ་རྣམས་ཀྱིས་ ཡིད་ཀྱི་རང་བཞིན་གྱིས་མཆོད་པར་བྱ་སྟེ། ༀ་ཙྪྫྫྙྙ་བཛྲ་(རྡོ་རྗེ་)གྷནྡྷེ་(དྲི་མ་)གན་དྷ་(དྲི་མའི་)ཨར་ཙ་ (མཆོད་པ་)ནཾ་ཀུ་རུ་(མཛོད་)ཀུ་རུ་(མཛོད་) སྭཱཧཱ། ༀ་ཙྪ་བཛྲ་(རྡོ་རྗེ་)མཱ་ལེ་(ཕྲེང་བ་མ་)མཱ་ལ་(ཕྲེང་བའི་) ཨར་ཙྪྫྫྙྙཱ་ནཾ་(མཆོད་པ་)ཀུ་རུ་(མཛོད་)ཀུ་རུ་(མཛོད་)སྭཱཧཱ། ༀ་ཊྛྜྜྷྞ་བཛྲ་(རྡོ་རྗེ་)དྷུ་པེ་(བདུག་སྤོས་མ་) དྷཱུ་པ་ (བདུག་སྤོས་ཀྱི་)ཨར་ཙྪ་ནཾ་(མཆོད་པ་)ཀུ་རུ་(མཛོད་)ཀུ་རུ་(མཛོད་)སྭཱཧཱ། ༀ་ཊྛྜྜྷྞཱ་བཛྲ་(རྡོ་རྗེ་)པྲ་དཱི་པེ་པྲ་དཱི་པ་ (སྒྲོན་མེའི་)ཨར་ཙྪ་(མཆོད་པ་)ནཾ་ཀུ་རུ་(མཛོད་)ཀུ་རུ་(མཛོད་) སྭཱཧཱ། ༀ་པྥྦྦྷྨ་བཛྲ་ཨ་མྲི་ཏེ་(རྡོ་རྗེ་བདུད་རྩི་ མ་)ནེ་ཝེ་ཏྱ་(ཞལ་ཟས་ཀྱི་མཆོད་པ་)པཱུ་ཛཱཾ་ཀུ་རུ་(མཛོད་)ཀུ་རུ་(མཛོད་)སྭཱཧཱ། ༀ་པྥྦྦྷྨཱ་བཛྲ་(རྡོ་རྗེ་)ཨཀྵ་ཏེ་ (མ་ཉམས་པ་)ཨཀྵ་ཏ་(མ་ཉམས་པའི་)ཕཱ་ལ་(འབྲས་བུའི་)ཨར་ཙྪ་ནཾ་(མཆོད་པ་)ཀུ་རུ་(མཛོད་)ཀུ་རུ་ (མཛོད་)སྭཱཧཱ། ༀ་ཏྠྡྡྷྣ་བཛྲ་ལཱ་སྱཾ་(རྡོ་རྗེ་སྒེག་མོ་)ཝསྟྲ་(གོས་)ཨ་བྷ་ར་ཎ་(རྒྱན་གྱིས་མཆོད་པ་)པཱུ་ཛཾ་ཀུ་རུ་ (མཛོད་) ཀུ་རུ་(མཛོད་)སྭཱཧཱ། ༀ་ཏྠ་བཛྲ་(རྡོ་རྗེ་)ཧཱ་སྱཾ་(བཞད་མ་)གྷཎྚ་(དྲིལ་བུ་)ཨཱ་དར་ཤ་པཱུ་ཛཾ་(མེ་ ལོང་གི་མཆོད་པ་)ཀུ་རུ་ཀུ་རུ་(མཛོད་གཉིས་)སྭཱཧཱ། ༀ་ཀྑྒྒྷྔ་བཛྲ་(རྡོ་རྗེ་)བཱ་ཏྱེ་པཱུ་ཛཱཾ་(སིལ་སྙན་སིལ་སྙན་གྱི་མཆོད་པ་) ཀུ་རུ་(མཛོད་)ཀུ་རུ་(མཛོད་)སྭཱཧཱ། ༀ་ཀྑྒྒྷྔཱ་བཛྲ་(རྡོ་རྗེ་)ནིར་ཏྱེ་ནྲྀ་ཏྱ་པཱུ་ཛཾ་(གར་མ་གར་གྱི་མཆོད་པ་)ཀུ་རུ་ (མཛོད་)ཀུ་རུ་(མཛོད་)སྭཱཧཱ། ༀ་སྉྤ ཥཤྈྐ་བཛྲ་(རྡོ་རྗེ་)གཱི་ཏི་གཱི་ཏ་པཱུ་ཛཾ་(གླུ་མ་གླུའི་མཆོད་པ་)ཀུ་རུ་(མཛོད་)ཀུ་རུ་ 7-1-432 (མཛོད་)སྭཱཧཱ། ༀ་སྉྤྵྴྈྐཱ་བཛྲ་(རྡོ་རྗེ་)ཀཱ་མེ་(འདོད་མ་)སརྦ་(ཐམས་ཅད་)བུད་དྷ་བོ་དྷི་(སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་དང་)སཏྭཱ་ནཱཾ་ཀྲོ་དྷ་(ཁྲོ་བོ་)ཨཱ་དྷཱི་ནཾ་(ལ་སོགས་པ་རྣམས་དང་)བཛྲ་སཱུ་ར་ཏ་པཱུ་ཛཱཾ་(རྡོ་རྗེ་ ཤིན་ཏུ་དགའ་བའི་མཆོད་པ་)ཀུ་རུ་(མཛོད་)ཀུ་རུ་(མཛོད་)སྭཱཧཱ། ཞེས་པས་སོ། ། དེ་ནས་སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་ པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་ བགྱི། །ཞེས་པ་དང་། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་ པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་རྣམས་མཐའ་དག་ལ་ནི་སྡིག་པ་རྣམ་ བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡིད་རང་། །སངས་རྒྱས་ཆོས་དང་དགེ་ འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །དག་པ་ གསུམ་གྱི་བདག་གིས་དངོས་འབུལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མྱ་ངན་མི་འདའ་བཞུགས་ སུ་གསོལ། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་ གྱི་སླད་དུ་བདག་བགྱིད་དོ། །ཞེས་པ་མཆོད་པ་རྣམ་པ་བདུན་བྱས་ནས། བྱང་ཆུབ་མཆོག་ཏུ་ སེམས་བསྐྱེད་ཅིང་། །བསམ་པ་རྣམ་པར་དག་པ་དང་། །བདག་དང་བདག་གརི་འཛནི་སྤོང་ བའི། ། རྩ་བ་གསུམ་དང་ཕར་ཕནྱི་བཅུ། །ཚད་མེད་བསྡུ་དངོས་བཞི་བསྟེན་བགྱི། །མི་དགེ་བཅུ་ དང་སྒྲིབ་པ་(འགྱོད། གཉིད། སྨུགས། རྒོད། ཐེ་ཚོམ། )ལྔ། །ཉོན་མོངས་(འདོད་ཆགས། ཞེ་སྡང་། གཏི་མུག ང་ རྒྱལ། )བཞི་དང་ཟག་པ་བཞི(འདོད། སྲིད་པ། མ་རིག ལྟ་བ་ཡིས)། །དིང་ནས་བརྩམས་ཏེ་སྤང་བར་བགྱི། ། ཞེས་ལམ་བསྟེན་པར་དམ་བཅའ་འོ། ། དེ་ནས། དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པ་བསྒོམ་པ་ཉིད་མ་ཡིན། །དེ་ལྟར་ དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པས་ཁམས་གསུམ་པོ་ ཐམས་ཅད་གདོད་མ་ནས་ཅིར་ཡང་མི་དམིགས་པ་དང་། ༀ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨད་ 7-1-433 མ་(སྟོང་པ་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ང་ཡིན་)ཀོ་ཧཾ། ༀ་ཨ་ནི་མིཏ་ཏ་(མཚན་མ་མེད་པ་)ཛྙཱ་ན་ བཛྲ་སྭ་བྷཱ་ཝ་ཨད་མ་ཀོ་ཧཾ། ༀ་ཨ་པྲ་ནི་ཧི་ཏ་(སྨོན་པ་མེད་པ་)ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨད་མ་ཀོ་ཧཾ། ༀ་ཨ་ནི་བྷི་སཾ་སྐཱ་ར་ཛྙཱ་ན་(མངོན་པར་འདུས་མ་བྱས་པ་)བཛྲ་སྭ་བྷཱ་ཝ་ཨད་མ་ཀོ་ཧཾ་ཞེས་བརྗོད་ཅིང་ བདག་ཉིད་རྣམ་པར་ཐར་པའི་སྒོ་བཞིའི་ངོ་བོར་བསྒོམ་པར་བྱའོ། ། དེ་ནས་སྟོང་པའི་ངང་ལས་རྡོ་རྗེའི་རང་བཞིན་གྱི་འཁོར་ལོ་རྩིབས་བཅུ་པ་ཟླུམ་པོ་སྟོང་ པའི་རྣམ་པ་ཤིན་ཏུ་ཡངས་པའི་ནང་དུ་ཆོས་འབྱུང་ནམ་མཁའི་ཁམས་གྲུ་གསུམ་རབ་ཏུ་ ཡངས་པའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཁ་དོག་ནག་པོ་གཞུའི་རྣམ་པ་རྒྱལ་མཚན་ གྱིས་མཚན་པ་དང་། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་བཀྲ་ ཤིས་ཀྱིས་མཚན་པ་དང་། དེའི་སྟེང་དུ་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་པད་མས་ མཚན་པ་དང་། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ། དེ་ ཐམས་ཅད་ཀྱི་སྟེང་དང་འོག་ཏུ་ཡང་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གཉིས་གཉིས་དང་ལྡན་ པ། དེ་རྣམས་ཀྱི་སྟེང་དུ་མཾ་ལས་རི་རབ་ལྷུན་པོ་ཟླུམ་པོའི་རྣམ་པ་འོག་གི་རྒྱར་དཔག་ཚད་ སྟོང་ཕྲག་བཅུ་དྲུག་དང་སྟེང་གི་རྒྱ་ལ་སྟོང་ཕྲག་ལྔ་བཅུ་ཡོད་པ། དེའི་དབུས་སུ་ཀྵཾ་ལས་པད་ མ་འདབ་བརྒྱད་ལྗང་ཁུ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ། དེའི་སྟེང་དུ་ཧཾ་ལས་ཟླ་བའི་དཀྱིལ་འཁོར་ པད་མའི་ལྟེ་བ་དང་མཉམ་པ་དེའི་སྟེང་དུ་ཨཱཿལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཨཾ་ ལས་སྒྲ་གཅན་གྱི་དཀྱིལ་འཁོར་མཐོན་མཐིང་བསམ་མོ། །དེ་རྣམས་གཅིག་ཏུ་འདྲེས་པར་ གྱུར་པ་ལས་ཧྐྵྨླྺྼྻྃ་ཞེས་པར་གྱུར་ཞིང་། དེ་ཡོངས་སུ་གྱུར་པ་ལས་ཡང་རླུང་གི་དཀྱིལ་འཁོར་ལ་ སོགས་པ་སྔར་བཞིན་གྲུབ་པར་བསམ་མོ། །དེ་ལྟ་བུའི་པད་མ་ཟླ་ཉི་སྒྲ་གཅན་གྱི་གདན་ གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེའི་གུར་རབ་ཏུ་ཡངས་པའི་ནང་དུ་གཞལ་ཡས་ཁང་པ་གྲུ་ 7-1-434 བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་སྐད་ཅིག་གིས་ བསྐྱེད་པའི་དབུས་སུ་ཧཱུཾ་ཡིག་སྔོན་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་སྔོན་པོ། དེ་ཡོངས་ སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ ཟེར་རྣམ་པ་ལྔ་འཕྲོ་བ། ཞབས་གཉིས་པ། མགྲིན་པ་གསུམ་པ། ཞལ་བཞི་པ། ཕྲག་པ་དྲུག་ པ། དཔུང་པ་བཅུ་གཉིས་པ། ཕྱག་ཉི་ཤུ་རྩ་བཞི་པ། ཞབས་གཡས་པ་དམར་པོ་བརྐྱང་བས་ འདོད་ལྷ་དམར་པོ་གདོང་གཅིག་པ་ལག་པ་བཞི་ཡི་གཡས་གཉིས་ཀྱིས་མེ་ཏོག་གི་མདའ་ལྔ་ ལྕགས་ཀྱུ་འཛིན་པ། གཡོན་གཉིས་ཀྱིས་གཞུ་དང་ཞགས་པ་འཛིན་པའི་སྙིང་ཁར་མནན་པ། གཡོན་དཀར་པོ་བསྐུམ་པས་དྲག་པོ་དཀར་པོ་གདོང་གཅིག་པ་མིག་གསུམ་པ་ལག་པ་བཞིའི་ གཡས་གཉིས་ཀྱིས་རྩེ་གསུམ་དང་ཌ་མ་རུ་དང་གཡོན་གཉིས་ཀྱིས་ཁ་ཊྭཱཾ་དང་ཐོད་པ་འཛིན་ པའི་སྙིང་ཁར་མནན་པ་ལ་བདུད་ཀྱི་དགའ་མ་དང་དྲག་པོའི་དབུ་མ་དག་དམན་པའི་གདོང་ གིས་ཞབས་ཀྱི་མཐིལ་ལ་འཛིན་པར་བྱེད་ཀྱང་གཡོ་བ་མེད་པར་གནས་པ། སྐུ་མདོག་སྔོན་པོ་ གཡས་དང་གཡོན་དང་དབུས་ཀྱི་མགྲིན་པ་ཉི་མ་དང་ཟླ་བ་དང་བུང་བའི་མདོག་ཅན། མདུན་ ཞལ་ནག་པོ་མཆེ་བ་གཙིགས་པ། གཡས་ཞལ་དམར་པོ་ཆགས་པ་དང་བཅས་པ། གཡོན་ཞལ་ དཀར་པོ་རབ་ཏུ་ཞི་བ། རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པ། རལ་པའི་ཅོད་པཎ་ལ་ སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དང་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་རྡོ་རྗེ་ནོར་བུ་དང་རྡོ་ རྗེ་རྣ་རྒྱན་དང་རྡོ་རྗེ་གདུབ་བུ་དང་རྡོ་རྗེའི་སྐ་རགས་དང་རྡོ་རྗེའི་རྐང་གདུབ་དང་རྡོ་རྗེའི་དར་ དཔྱངས་དང་རྡོ་རྗེའི་ཕྲེང་བ་དང་། རྐེད་པར་སྟག་གི་ལྤགས་པའི་ཤམ་ཐབས་ཅན། གཡས་ དང་གཡོན་གྱི་ཕྲག་པ་དང་པོ་ནག་པོ་དང་། གཉིས་པ་དམར་པོ་དང་། གསུམ་པ་དཀར་པོ། དཔུང་པ་གཉིས་ནག་པོ་དང་གཉིས་དམར་པོ་དང་གཉིས་དཀར་པོ་དང་། ཕྱག་བཞི་ནག་པོ་ དང་བཞི་དམར་པོ་དང་བཞི་དཀར་པོ་དང་། ཕྱག་རེ་རེ་ལ་ཡང་སོར་གདུབ་རྣམས་ཀྱིས་སྤྲས་ 7-1-435 པའི་མཐེ་བོ་སེར་པོ་འཛུབ་མོ་དཀར་པོ་གུང་མོ་དམར་པོ་སྲིན་ལག་ནག་པོ་མཐེའུ་ཆུང་ལྗང་ ཁུ་དང་། སོར་མོ་རེ་རེ་ལ་ཡང་རྩ་བ་ནས་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ་གཉིས་པ་དམར་ པོ་གསུམ་པ་དཀར་པའོ། །དེ་ལྟ་བུའི་ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་། རལ་གྲི་དང་རྩེ་ གསུམ་དང་གྲི་ཁུག་དང་། མདའ་དང་རྡོ་རྗེ་ལྕགས་ཀྱུ་དང་། ཌ་མ་རུ་དང་ཐོ་བ་དང་། འཁོར་ ལོ་དང་མདུང་དང་དབྱུག་པ་དང་དགྲ་སྟ་རྣམས་འཛིན་ཅིང་། གཡོན་པ་རྣམས་ཀྱིས་རྡོ་རྗེ་དྲིལ་ བུ་དང་ཕུབ་དང་ཁ་ཊྭཱཾ་ཁ་ཁ་བྱེ་བ་དང་ཁྲག་གི་གང་པའི་ཐོད་པ་དང་། གཞུ་དང་ཞགས་པ་དང་ རིན་པོ་ཆེ་དང་པད་མ་དཀར་པོ་དང་། དུང་དང་མེ་ལོང་དང་རྡོ་རྗེ་ལྕགས་སྒྲོག་དང་ཚངས་པ་ གདོང་བཞི་པའི་མགོ་བོ་རྣམས་འཛིན་པ་ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པ་སྟེ། དམིགས་ པ་མེད་པའི་སྙིང་རྗེ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ དོན་དམ་པའི་བདེ་བའོ། ། དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ་ཞལ་བཞི་མ་ཕྱག་བརྒྱད་མ་སྤྱན་བཅུ་གཉིས་ མ་སྟེ་བཅོམ་ལྡན་འདས་ཀྱི་ནུབ་ཞལ་གཙོ་བོར་བཞག་པ་ལྟ་བུར་མདུན་ཞལ་སེར་པོ་དང་ གཡས་ཞལ་དཀར་པོ་དང་རྒྱབ་ཞལ་ནག་པོ་དང་གཡོན་ཞལ་དམར་པོའོ། །ཕྱག་གཡས་པ་ རྣམས་ཀྱིས་གྲི་གུག་དང་ལྕགས་ཀྱུ་དང་སྒྲ་དང་བཅས་པའི་ཌ་མ་རུ་དང་བགྲང་ཕྲེང་རྣམས་ དང་། གཡོན་པ་རྣམས་ཀྱིས་ཐོད་པ་དང་ཞགས་པ་དང་འདབ་མ་བརྒྱ་པའི་པད་མ་དཀར་པོ་ དང་རིན་པོ་ཆེ་འཛིན་པ། རྡོ་རྗེ་སེམས་དཔའི་ཅོད་པཎ་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། གཡོན་ བརྐྱང་གིས་བཅོམ་ལྡན་འདས་ལ་འཁྲིལ་ཞིང་དེས་ཀྱང་སྙོམས་པར་ཞུགས་པ་སྟེ། ཤེས་ རབ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ་རང་བཞིན་གྱིས་འོད་གསལ་བ་རྣམ་པ་ཐམས་ཅད་ཀྱི་ མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །རེས་འགའ་མདོར་བསྡུས་ཏེ་བསྒོམ་པར་འདོད་པས་ཧཱུཾ་ ཡིག་ཡོངས་སུ་གྱུར་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བསྒོམས་ནས་དེ་ཡོངས་སུ་གྱུར་པའི་སྐུ་གསལ་ 7-1-436 གདབ་པ། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། ། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །རླུང་མེ་ཆུ་དང་ ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་བདུད་ཀྱི་ མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་ བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། ། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་ མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པདྨ་སྟོང་པ་དྲུག་དང་མེ་ཡི་ ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་ སྐྲག་བཞིན་པ། །རོལ་པས་མནན་པའི་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་འཁོར་ལོ་གཅིག་ པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ཌཱ་མ་རུ། །ཐོ་ བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་པ་ཡང༌། །དྲིལ་བུ་ཕུབ་དང་ ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ལྕགས་སྒྲོག་ཚངས་ མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེའི་སྐུ་ཆེན་བདེ་ བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། ། ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌཱ་མ་རུ་དང་བགྲང་ཕྲེང་དང༌། །ཐོད་པ་ཞགས་པ་ པདྨ་དཀར་དང་རིན་ཆེན་འཛིན་མར་བཅས་ལ་འདུད། །ཅེས་པའི་ཚིགས་སུ་བཅད་པས་བྱའོ། ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གཞན་བརྒྱད་ནི་འདབ་མ་བརྒྱད་ལ་གནས་པ་སྟེ། ཤར་དང་ནུབ་ཏུ་ཨ་ཨཱ། བྱང་དང་ལྷོར་ཨཾ་ཨཿ རྣམས་ཡོངས་སུ་གྱུར་པ་ལས། རིམ་པ་བཞིན་ དུ་བདུག་སྤོས་ཀྱི་སྣོད་དང་དྲིའི་དུང་དང་ལྷ་བཤོས་དང་མར་མེ་ཕྱོགས་ཀྱི་མདོག་ཅན་རྣམས་ 7-1-437 དང་། མེ་དང་རླུང་དུ་ཧ་ཧཱ། དབང་ལྡན་དང་བདེན་བྲལ་དུ་ཧཾ་ཧཿརྣམས་ཡོངས་སུ་གྱུར་པ་ ལས་རྔ་ཡབ་ཕྱོགས་ཀྱི་མདོག་ཅན་རྣམས་སོ། །དེ་རྣམས་ཡོངས་སུ་གྱུར་པ་ལས་ཤར་དུ་ནག་ མོ་འབར་མ་ལྷོར་དམར་མོ་འབར་མ་བྱང་དུ་དཀར་མོ་འབར་མ་ནུབ་ཏུ་སེར་མོ་འབར་མ། མེར་དུ་བ་མ་བདེན་བྲལ་དུ་སྨིག་རྒྱུ་མ་དབང་ལྡན་དུ་མེ་ཁྱེར་མ་རླུང་དུ་མར་མེ་མའོ། །ཐམས་ ཅད་ཞལ་བཞི་ཕྱག་བརྒྱད་སྤྱན་བཅུ་གཉིས་མ་ཞལ་གྱི་མདོག་ནི་རང་རང་གི་ཕྱོགས་ཀྱི་གཙོ་ བོའི་ཞལ་རྩ་ཞལ་དུ་གྱུར་པ་ལྟ་བུར་བསྒོམ་ཞིང་། ནག་མོ་འབར་མ་བདུག་སྤོས་ཙན་དན་གུར་ གུམ་དང་ནི་ག་པུར་སྣོད། །དྲིལ་བུ་པདྨ་ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་ཕྲེང་ལྡན་མ། ། དམར་མོའི་གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ནི་གདུབ་བུ་སྟེ། །གཡོན་ན་གོས་དང་ སྐ་རགས་དང་ནི་རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། །དཀར་མོའི་གཡས་ན་འོ་མ་ཆུ་དང་ སྨན་མཆོག་ཆང་གི་སྣོད་བསྣམས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་ འབྲས་བུ་འབྲས་ཆན་སྣོད། །སེར་མོ་འབར་མ་དུང་དང་གླིང་བུ་ནོར་བུ་དང་ནི་ཌཱ་མ་རུ། །པི་ ཝང་རྔ་དང་འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའི་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་ བ་སྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ ཡིས་རྣམ་རྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའ་རབ་མཆོད་མ། ། མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་འགགས་ལ་འདུད། །ཅེས་ དོན་དྲན་བཞིན་པས་མཆོད་ཅིང་། འཚམས་ཀྱི་ལྷ་མོ་བཞིའི་རྒྱབ་ཏུ་ཡང་། དབང་ལྡན་དུ་ༀ་ དང་བདེན་བྲལ་དུ་ཨཱཿ དང་མེར་ཧཱུཾ་དང་རླུང་དུ་ཧོཿརྣམས་ཡོངས་སུ་གྱུར་པ་ལས། ཚད་མེད་ རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་བསྙེན་བསྒྲུབ་དགའ་བ་བཞིས། །ལུས་ངག་སེམས་ དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་བཞི་རྣམ་དག་པ། །སྐད་ཅིག་མཁྱེན་པ་སྐུ་དང་རྡོ་ རྗེ་བྱང་ཆུབ་རྣམ་བཞི་སེམས་དཔའ་བཞི། །ཆོས་ཀྱི་དུང་དང་གཎྜི་ནོར་བུ་དཔག་བསམ་ཤིང་ 7-1-438 ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་དོན་བསམ་པར་བྱའོ། །དེ་ལྟར་ཡེ་ཤེས་ལྔའི་བདག་ ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལྷ་དགུའི་བདག་ཉིད་གསལ་བར་དམིགས་ནས་ༀ་ སུ་བི་ཤུད་དྷ་དྷརྨྨ་དྷཱ་ཏུ་སྭ་བྷཱ་ཝ་ཨད་མ་ཀོ་ཧཾ་(ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བདག་ ཉིད་ང་)ཞེས་བརྗོད་པར་བྱའོ། ། དེ་ནས་བདག་ཉིད་ཀྱི་ཐུགས་ཁར་ཧཱུཾ་སྔོན་པོ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ ཟེར་འཕྲོ་བ་སྤྲོས་ཏེ། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་དང་ཛཿཞེས་བརྗོད་པས་རང་བཞིན་གྱི་གནས་ ནས་དུས་ཀྱི་འཁོར་ལོ་ཡེ་ཤེས་སེམས་དཔའ་ལྷ་དགུའི་བདག་ཉིད་ཀྱི་གཙོ་བོའི་ལྟེ་བར་རྡོ་རྗེ་ ལྕགས་ཀྱུས་བཏབ་ནས་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་སྔར་བསྟན་པའི་མཆོད་པ་བཅུ་ གཉིས་ཀྱིས་ཡང་དག་པར་མཆོད་ནས། རྡོ་རྗེའི་ཕྱག་རྒྱ་དང་ཧཱུཾ་ཞེས་བརྗོད་པས་ཡེ་ཤེས་པ་དེ་ རྣམས་དམ་ཚིག་གི་འཁོར་ལོ་བདག་ཉིད་ལ་རབ་ཏུ་གཞུག་ཅིང་། རྡོ་རྗེ་ཞགས་པའི་ཕྱག་རྒྱ་ དང་ཝཾ་ཞེས་བརྗོད་པས་བཅིང་བ་དང་། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་ཧོཿཞེས་བརྗོད་པས་མཉེས་ པ་དང་། རྡོ་རྗེ་དབྱུག་པའི་ཕྱག་རྒྱ་དང་ཧི་ཞེས་བརྗོད་པས་རོ་མཉམ་དུ་གྱུར་པར་བསམ་མོ། ། དེ་ནས་ལྷ་རྣམས་ཀྱི་དཔྲལ་བར་ༀ་མགྲིན་པར་ཨཱཿསྙིང་ཁར་ཧཱུཾ་ལྟེ་བར་ཧོཿགསང་བར་སྭཱ་ གཙུག་ཏོར་དུ་ཧཱ་རྣམས་བཀོད་ནས་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་སུ་དཔྲལ་བར་ཨ་ ལས་ཟླ་བའི་དཀྱིལ་འཁོར་ལ་ༀ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཡོངས་ སུ་གྱུར་པ་ལས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་ཕྱག་གཡས་ཀྱིས་འཁོར་ལོ་དང་གཡོན་པས་རལ་ གྲི་འཛིན་པ་ཡུམ་དང་བཅས་པ་དང་། མགྲིན་པར་རཾ་ལས་ཉི་མའི་དཀྱིལ་འཁོར་ལ་ཨཱཿལས་ བྱུང་བའི་པད་མ་དམར་པོ་འདབ་མ་བརྒྱད་པ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་སྐུ་མདོག་ དམར་པོ་ཕྱག་གཡས་པས་པད་མ་དང་གཡོན་པས་ནོར་བུ་འཛིན་པ་ཡུམ་དང་བཅས་པ་དང་། སྙིང་ཁར་ཨཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་ལྔ་པ་ 7-1-439 ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་སྐུ་མདོག་ནག་པོ་ཕྱག་གཡས་པས་རྡོ་རྗེ་དང་གཡོན་པས་ དྲིལ་བུ་འཛིན་པ་ཡུམ་དང་བཅས་པ་(འདི་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མདོར་བསྡུས་པ་སྟེ་རྒྱས་པར་ན་ཞལ་གསུམ་ ཕྱག་དྲུག་པ་ཡིན་ནོ། །)རྣམས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་སྤྲོས་ཏེ་སྐུ་དང་ གསུང་དང་ཐུགས་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་ནས་སླར་མདུན་གྱི་ ནམ་མཁར་བཞུགས་པ་ལ། སྐུའི་རྡོ་རྗེ་འཛིན་པ་དང་གསུང་གི་རྡོ་རྗེ་འཛིན་པ་དང་ཐུགས་ཀྱི་ རྡོ་རྗེ་འཛིན་པ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། སྐུ་ རྡོ་རྗེ་དང་། གསུང་རྡོ་རྗེ་དང་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་ རྩིའི་བུམ་པའི་བདག་ཉིད་ལ་དབང་བསྐུར་ཞིང་དྲི་མ་ཐམས་ཅད་དག་པར་བསམ་མོ། །དེ་ ནས་དཔྲལ་བའི་ཟླ་བ་ལ་སྐུ་རྡོ་རྗེ་དང་། མགྲིན་པའི་ཉི་མ་ལ་གསུང་རྡོ་རྗེ་དང་། སྙིང་ཁའི་སྒྲ་ གཅན་ལ་ཐུགས་རྡོ་རྗེ་བཀོད་ནས། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་ གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱི་ནི། །བྱིན་རླབས་གནས་སུ་ དེང་བདག་མཛོད། །དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། ། གསུང་གི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་ བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །གསུང་གི་རྡོ་རྗེ་ཅན་ གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། ། མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །ཐུགས་ཀྱི་རྡོ་རྗེ་ཅན་གྱི་ནི། །བྱིན་རླབས་གནས་སུ་ དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་ བསྒོམས་པས། །ཐུགས་ཀྱི་རྡོ་རྗེ་ཅན་གྱི་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་ 7-1-440 གསོལ་བ་བཏབ་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབས་ ཤིང་བདག་ཉིད་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀ་ ཙིཏ་ཏ་སྭ་བྷཱ་ཝ་ཨདྨ་ཀོ(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་བདག་ཉིད་ང་ཡིན་)ཧཾ་ ཞེས་ང་རྒྱལ་བཟུང་པར་བྱའོ། །ཡུམ་གྱི་ཡང་ལྟེ་བར་ཧོ་ལས་སྐུ་རྡོ་རྗེ་གསང་བར་སྭ་ལས་ གསུང་རྡོ་རྗེ། གཙུག་ཏོར་དུ་ཧཱ་ལས་ཐུགས་རྡོ་རྗེ་རྣམས་བཀོད་ནས་བྱིན་གྱིས་བརླབ་པོ། །དེ་ ནས་བཅོམ་ལྡན་འདས་ཀྱི་སྤྱི་བོར་མི་བསྐྱོད་པ་ཆོས་གོས་དང་གཙུག་ཏོར་འཛིན་པ་རྡོ་རྗེ་དཀྱིལ་ ཀྲུང་གིས་གནས་ཤིང་ས་ལ་རེག་པའི་ཕྱག་རྒྱས་དེ་བཞིན་གཤེགས་པ་ལ་དབུགས་འབྱིན་ པར་རྒྱས་གདབ་པོ། །དེ་བཞིན་དུ་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ༀ་དཀར་པོ། མགྲིན་ པར་ཉི་མའི་དཀྱིལ་འཁོར་ལ་ཨ་དམར་པོ། སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ནག་ པོ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿསེར་པོ་རྣམས་ཀྱིས་རྒྱས་གདབ་པར་བྱའོ། ། དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་ལྟེ་བའི་ཧོ་ཡིག་གློག་དང་མཚུངས་པའི་ གཏུམ་མོ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བར་གྱུར་པས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ གཡོན་གྱི་དཀྱིལ་འཁོར་ཕུང་པོ་ལྔའི་རླུང་དང་། སྤྱན་མ་ལ་སོགས་པའི་རང་བཞིན་གཡས་ ཀྱི་དཀྱིལ་འཁོར་ཁམས་ལྔའི་རླུང་རྣམས་བསྲེགས་ཤིང་མིག་ལ་སོགས་པའི་དབང་པོ་རྣམས་ ཀྱང་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་འཇུག་པ་བསྲེགས་ནས་སྤྱི་བོའི་ཧཾ་ཡིག་ཞུ་བ་ ལས་གློ་བུར་གྱི་ཐིག་ལེའི་རྒྱུན་བབས་པས། མགྲིན་པར་སླེབ་པ་དགའ་བ། སྙིང་ཁར་མཆོག་ དགའ། ལྟེ་བར་ཁྱད་པར་གྱི་དགའ་བ། གསང་བར་ལྷན་ཅིག་སྐྱེས་པའི་དགའ་བ་མངོན་དུ་བྱ་ སྟེ། ༀ་ཛྙཱ་ན་(ཡེ་ཤེས་)པཱུ་ཛ་(མཆོད་པ་)ཨ་ནུ་(རྗེས་སུ་ཆགས་པ་)རཀྟ་སྭ་བྷཱ་ཝ་ཨཱད་མ་ཀོ་ཧཾ་ཞེས་བརྗོད་ པར་བྱའོ། །སླར་ཡང་ཇི་ལྟར་བྱོན་པ་དེ་བཞིན་དུ་སྟེང་དུ་གཤེགས་པས་ལྟེ་བར་རྒྱུ་མཐུན་པའི་ འབྲས་བུ་ལྷན་ཅིག་སྐྱེས་པའི་སྐུ་དང་། སྙིང་ཁར་རྣམ་པར་སྨིན་པའི་འབྲས་བུ་ཆོས་ཀྱི་སྐུ་དང་། ། 7-1-441 མགྲིན་པར་སྐྱེས་བུ་བྱེད་པའི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དཔྲལ་བར་དྲི་མ་ དང་བྲལ་བའི་འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱས་པར་བལྟས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ དྷི་པ་ཏེ་བཛྲ་ས་ཏྭ་ཧཾ་དུར་དཱན་ཏ་ད་མ་ཀ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངའ་བདག་རྡོ་རྗེ་སེམས་དཔའ་ གདུལ་དཀའ་འདུལ་བ་པོ། )ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ང་རྒྱལ་བཟུང་པར་བྱའོ། ། དེ་ནས་སྔགས་ཀྱི་བཟླས་པ་བྱ་བ་ནི་རྒྱུད་ལ་ལྷག་པར་མོས་པའི་དབང་གིས་ལྷ་རྣམས་ གསལ་འདེབས་བཞིན་པའི་ཏིང་ངེ་འཛིན་གསལ་པོ་དང་ལྡན་པས་ༀ་ཧྐྵྨླྺྼྻྃ་ཞེས་པ་རྩ་སྔགས་ དང་། ༀ་ཨཱཿཧཱུཾ་ཧོཿཧྐྵྨླྺྼྻྃ་ཞསེ་པ་སངྙི་པོ་དང་། ༀ་ཧྲཱཾ་ཧྲཱིཾ་ཧྼྼྀཾ་ཧྲཱུཾ་ཧྲླྀཾ་ཧྲཿ ཞེས་པ་ཉེ་བའི་སྙིང་པོ་རྣམས་ ཀྱི་མཐར་ཞི་བ་ལ་ན་མཿ རྒྱས་པ་ལ་སྭཱཧཱ་ཞེས་པ་སྦྱར་ཞིང་བཟླས་པ་བྱའོ། །འདིར་བཟླས་ པའི་དངོས་གཞི་དེ་ཙམ་གྱིས་ཀྱང་ཆོག་ལ་ཞར་ལ་རྒྱས་པར་བྱེད་ན་བདག་ཉིད་སངས་རྒྱས་ ཡབ་ཡུམ་རྣམས་དང་སེམས་དཔའ་ཡབ་ཡུམ་རྣམས། ཁྲོ་བོ་ཡབ་ཡུམ་རྣམས་ཀྱི་བདག་ཉིད་ ཀྱང་ཡིན་པའི་ང་རྒྱལ་བཟུང་ནས། ༀ་ཨ་ཨཱ་ཨི་ཨཱི་ར་རཱ་ཨུ་ཨཱུ་ལ་ལཱ་ཨཾ་ཨཿཞེས་པ་དང་། ༀ་ ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ ཞེས་པ་དང་། ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ ཧཾ་ཧཱཿ ཞེས་པ་རྣམས་ཀྱི་མཐར་ན་མཿའམ་སྭཱཧཱ་སྦྱར་ཏེ་ཅི་རིགས་པ་བཟླས་པར་བྱའོ། ། དེ་ནས་མཆོད་པའི་ཡོ་བྱད་རྣམས་ལ་མཆོད་ཡོན་གྱི་སྣོད་ནས་ཀུ་ཤའི་རྩེ་མོས་བླངས་ པའི་དྲིའི་ཆུས་བསང་གཏོར་བྱ་བའམ། ཡང་ན་རྡོ་རྗེའི་རྩེ་མོས་བླངས་པའི་ནང་མཆོད་ཀྱིས་ གཏོར་ཏེ། ༀ་ཨཱཿཧཱུཾ་ཧྲཿཕཊ་ཅེས་པ་དང་། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ་ཧཾ་ཞེས་ བརྗོད་པས་རང་བཞིན་གྱིས་རྣམ་པར་དག་པར་བལྟས་ལ། ༀ་ཨཱཿཧཱུཾ་ཧོཿརྣམས་ལས་བྱུང་བའི་ མཆོད་ཡོན་དང་དྲི་དང་མེ་ཏོག་དང་བདུག་པ་ལ་སོགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་ པ་ལས་བྱུང་པའི་མཆོད་པའི་སྤྲིན་ཕུང་ལྟ་བུ་དཔག་ཏུ་མེད་ཅིང་དྲི་མ་དང་བྲལ་བར་ཏིང་ངེ་ འཛིན་གྱིས་སྤྲུལ་བར་བྱའོ། །དེ་ནས་མཐེ་བོ་དང་མིང་མེད་དག་གིས་ཙན་དན་ལ་སོགས་པ་དྲི་ 7-1-442 བཟང་པོ་བཟུང་ནས་མཎྜལ་བྱ་སྟེ་དེར་ཡེ་ཤེས་ཀྱི་འཁོར་ལོ་གཟུགས་བརྙན་ལྟར་དྭངས་ཤིང་ གསལ་བ་རྫོགས་པར་བསྒོམས་པ་ལ་མཆོད་པ་འབུལ་བའམ་དེ་ལྟ་བུ་མ་གྲུབ་ན་རྡོ་རྗེ་བསྡུ་ བའི་ཕྱག་རྒྱ་དང་། ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས་ནམ་མཁའི་ཁམས་ཐམས་ ཅད་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་གང་པར་བསམ་ཏེ་ འཁོར་གསུམ་ཡོངས་སུ་དག་པའི་སྒོ་ནས་མཆོད་པ་འབུལ་བར་བྱ་སྟེ། དང་པོར། ༀ་ཨཱཿཧཱུཾ་ཧོཿ ཏྲཻ་དྷཱ་ཏུ་ཀེ་ཤྭ་ར་(ཁམས་གསུམ་གྱི་དབང་ཕྱུག་)ཀཱ་ལ་ཙཀྲ་(དུས་ཀྱི་འཁོར་ལོ་)ཨརྒྷཾ་པྲ་ཏཱིཙྪ་(མཆོད་ཡོན་སོ་སོར་ བཞེས་)ས་པ་རི་ཝཱ་རཿ(འཁོར་དང་བཅས་པ་རྣམས་)ཏྭཾ་(བྱེད་)བྷ་ག་ཝཱན་(བཅོམ་ལྡན་འདས་)མེ་ཝ་ར་དོ་བྷ་བ་ (མཆོག་སྩལ་དུ་གསོལ་)ཤི་ཥྱ་ནཾ་ཙ། (སློབ་མ་རྣམས་ལ)ཞེས་པས་མཆོད་ཡོན་དང་། ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པ་ རི་ཝཱ་རེ་བྷྱཿ ཞེས་ཀུན་ལ་སྦྱར་ཏེ། པཱདྱཾ་པྲ་ཏཱིཙྪ་ན་མཿ ཞེས་པས་ཞབས་བསིལ་དང་། ཨཉྩ་མ་ ནཾ་པྲ་ཏིཙྪ་ན་མཿ ཞེས་པས་ཞལ་བསིལ་དང་། པྲོཀྵ་ཎཾ་པྲ་ཏཱིཙྪ་ན་མཿ ཞེས་པས་བསང་གཏོར་ དབུལ་བར་བྱའོ། །དེ་ནས། ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས། །དུས་ཀྱི་འཁོར་ ལོ་འཁོར་བཅས་རྣམས། །རྣམ་དག་རྡོ་རྗེའི་དྲི་མཆོག་འདི། །བཞེས་ནས་བདག་ལ་མཆོག་ སྩོལ་མཛོད། །ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ ཞེས་ཀུན་ལ་སྦྱར་ཏེ། བཛྲ་(རྡོ་རྗེ་)གནྡྷཾ་(དྲི་མ་)པྲ་ཏཱིཙྪ་ན་(སོ་སོར་བཞེས་)མཿ རྐང་པ་གསུམ་པ་སྔ་མ་བཞིན་དུ་ཀུན་ལ་སྦྱར་ཞིང་། རྡོ་རྗེ་མེ་ཏོག་ རྣམ་བཀྲའི་ཚོགས། །ༀ་བཛྲ་(རྡོ་རྗེ་)པུཥྤཾ་(མེ་ཏོག་མ་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་བདུག་སྤོས་བླ་ན་མེད། ། བཛྲ་དྷཱུ་པཾ་(རྡོ་རྗེ་བདུག་སྤོས་མ་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་སྒྲོན་མེ་འོད་རབ་གསལ། །བཛྲ་དཱི་པཾ་(རྡོ་རྗེ་སྒྲོན་ མེ་མ་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་ཞལ་ཟས་རོ་མཆོག་ལྡན། །བཛྲ་ནཻ་ཝི་ཏྱེ་(རྡོ་རྗེ་ཞལ་ཟས་མ་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་མ་ཉམས་འབྲས་བུའི་ཚོགས། །བཛྲ་(རྡོ་རྗེ་)ཨཀྵ་ཏཾ་(མ་ཉམས་མ་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་སྒེག་ མོའི་མཆོད་པ་འདི། །བཛྲ་ལཱ་སྱཾ་(རྡོ་རྗེ་སྒེག་མོ་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་བཞད་མའི་མཆོད་པ་འདི། ། བཛྲ་ཧཱ་སྱཾ་(རྡོ་རྗེ་གཞད་མ་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་སིལ་སྙན་རྣམ་མང་པོ། །བཛྲ་བཱ་ཏྱཱཾ་(རྡོ་རྗེ་སིལ་སྙན་མ་) 7-1-443 པྲ་ཏཱིཙྪ་ན་མཿ རྡོ་རྗེ་གར་གྱི་མཆོད་སྤྲིན་འདི། །བཛྲ་(རྡོ་རྗེ་)ནིར་ཏྱཱཾ་(གར་མ་)པྲ་ཏཱིཙྪ་ན་མཿ རྡོ་རྗེགླུ་ དབྱངས་ཡདི་འཕགྲོ་ལྡན། །བཛྲ་གཱི་ཏཾ་(རྡོ་རྗེགླུ་མ་)པྲ་ཏཱིཙྪ་ན་མཿ རྡོ་རྗེའདདོ་མའི་མཆོད་པ་འདི། ། བཛྲ་ཀཱ་མཾ་(རྡོ་རྗེ་འདོད་མ་)པྲ་ཏཱིཙྪ་ན་མཿ ཞེས་པའམ་ཡང་ན་སྔགས་རྐྱང་པས་མཆོད་པར་བྱའོ། ། དེ་ནས་ནང་མཆོད་འོག་ནས་འབྱུང་བའི་གཏོར་མ་བྱིན་གྱིས་བརླབ་པའི་ཆོ་གས་སྦྱང་བ་ དང་སྤེལ་བ་དང་སྦར་བ་དང་བདུད་རྩིར་བྱིན་གྱིས་བརླབས་ཏེ་མཎྜལ་གཡོན་པའི་མཐེ་བོ་ དང་མིང་མེད་དག་གིས་ཆོས་འབྱུང་གྲུ་གསུམ་པ་དབུས་སུ་ཐིག་ལེས་བརྒྱན་པ་བྲིས་ནས་དེར་ ཡེ་ཤེས་ཀྱི་འཁོར་ལོ་དྭངས་ཤིང་གསལ་བ་དམིགས་ཏེ། ཐོག་མར་རྩ་བའི་བླ་མ་དང་། དེ་ནས་ བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་ནས་བརྗོད་ཅིང་མཆོད་དོ། །ༀ་ཨཱཿཧཱུཾ་ཞེས་པ་དང་། དཀྱིལ་ འཁོར་གྱི་ལྷ་ཚོགས་རྣམས་ལ་སྔགས་ཀྱི་ཚིག་རྣམས་ཀྱིས་མཆོད་པར་བྱ་སྟེ། དེ་ལ་སྔགས་ཀྱི་ ཚིག་རྣམས་ནི། ༀ་བུདྡྷཱ་ཡ་ན་མཿ(སངས་རྒྱས་ལ་མཆོད་དོ། །) ༀ་དྷརྨཱ་ཡ་ན་མཿ(ཆོས་ལ་མཆོད་དོ། །) ༀ་སཾ་ གྷཱ་ཡ་ན་མཿ(དགེ་འདུན་ལ་མཆོད་དོ། །) ༀ་བཛྲ་སཏྭཱ་ཡ་ན་མཿ(རྡོ་རྗེ་སེམས་དཔལ་ལ) ༀ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ ན་མཿ(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ) ༀ་སྭ་བྷཱ་བི་ཀ་ཀཱ་ཡཱ་ཡ་ན་མཿ(རང་བཞིན་གྱི་ངོ་བོ་ཉིད་ཀྱི་སྐུ་ལ) ༀ་ དྷརྨཱ་ཀཱ་ཡཱ་ཡ་ན་མཿ(ཆོས་ཀྱི་སྐུ་ལ) ༀ་སཾ་བྷོ་ག་ཀཱ་ཡཱ་ཡ་ན་མཿ(ལོངས་སྤྱོད་རྫོགས་པའི་སྐུ་ལ) ༀ་ནིརྨཱ་ཎ་ ཀཱ་ཡཱ་ཡ་ན་མཿ(སྤྲུལ་པའི་སྐུ་ལ) ༀ་ཛྙཱ་ན་བཛྲཱ་ཡ་ན་མཿ(ཡེ་ཤེས་རྡོ་རྗེ་ལ) ༀ་ཙིཏྟ་བཛྲཱ་ཡ་ན་མཿ(ཐུགས་རྡོ་ རྗེ་ལ) ༀ་ཝཱཀ་བཛྲ་ཡ་ན་མཿ(གསུང་རྡོ་རྗེ་ལ) ༀ་ཀཱ་ཡ་བཛྲཱ་ཡ་ན་མཿ(སྐུ་རྡོ་རྗེ་ལ) ༀ་ཙ་ཏུར་བི་མོ་ཀྵེ་ བྷྱོ་ན་མཿ(རྣམ་པར་ཐར་པ་བཞི་རྣམས་ལ) ༀ་ཙ་ཏུར་པྲཧྨ་བི་ཧཱ་རེ་བྷྱོ་ན་མཿ(ཚངས་པའི་གནས་བཞི་རྣམས་ལ) ༀ་སཔྟ་(བདུན་དང་)ཏྲིཾ་ཤད་(སུམ་ཅུའི་)བོ་དྷཱི་པཱ་ཀྵཱི་ཀ་དྷརྨེ་བྷྱོ་ན་མཿ(བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ) ༀ་ ཙ་ཏུར་ཤཱི་ཏཱི་སཱ་ཧ་སྲ་དྷརྨ་སྐན་དྷེ་བྷྱོ་ན་མཿ(བཞི་དང་བརྒྱད་ཅུའི་སྟོང་ཕྲག་ཆོས་ཀྱི་ཕུང་པོ་རྣམས་ལ) ༀ་སརྦ་ དྷརྨཱ་དེ་ཤ་ཀེ་བྷྱོ་ན་མཿ(ཐམས་ཅད་ཆོས་སྟོན་པ་པོ་རྣམས་ལ) ༀ་རཏྣ་ཏྲ་ཡཱ་ཡ་ན་མཿ(དཀོན་མཆོག་གསུམ་རྣམས་ ལ) ༀ་ཤཱཀྱ་མུ་ནེ་ཡེ་ན་མཿ(ཤཱཀྱ་ཐུབ་པ་ལ) ༀ་ཀཱ་ལ་ཙཀྲཱ་ཡ་ན་མཿ(དུས་ཀྱི་འཁོར་ལོ་ལ) ༀ་དཱ་ནཱ་པཱ་ར་ 7-1-444 མི་ཏཱ་ཡཻ་ན་མཿ(སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ) ༀ་ཤཱི་ལ་པཱ་ར་མི་ཏཱ་ཡཻ་ན་མཿ(ཚུལ་ཁྲིམས་ཀྱི) ༀ་ཀྵཱནྟི་པཱ་ ར་མི་ཏཱ་ཡཻ་ན་མཿ(བཟོད་པའི་) ༀ་བཱིརྱ་པཱ་ར་མི་ཏཱ་ཡཻ་ན་མཿ(བརྩོན་འགྲུས་ཀྱི) ༀ་དྷྱཱ་ན་པཱ་མི་ཏཱ་ཡཻ་ན་ མཿ(བསམ་གཏན་གྱི) ༀ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿ(ཤེས་རབ་ཀྱི) ༀ་ཨུ་པཱ་ཡ་པཱ་ར་མི་ཏཱ་ཡཻ་ན་མཿ(ཐབས་ ཀྱི) ༀ་པྲ་ནི་དྷཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ(སྨོན་ལམ་གྱི) ༀ་བ་ལ་པཱ་ར་མི་ཏཱ་ཡཻ་ན་མཿ(སྟོབས་ཀྱི) ༀ་ཛྙཱ་ ན་པཱ་ར་མི་ཏཱ་ཡེ་ན་མཿ(ཡེ་ཤེས་ཀྱི) ༀ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ(བླ་མ་དང་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་རྣམས་ལ་མཆོད་ཅིང་ཕྱག་འཚལ་ལོ། །) ཞེས་པས་མཆོད་ཅིང་དེ་བཞིན་དུ་ཆོས་སྐྱོང་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པ་ལ་ཡང་མཆོད་པར་བྱ་ཞིང་། གཞི་བདག་དང་རིགས་དྲུག་གི་ འབྱུང་པོ་ཐམས་ཅད་ཀྱང་མཆོད་པས་ཚིམ་པར་བྱའོ། །བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ ཁྱོད་འདུད། །ཅེས་སོགས་འདུད་ཉི་ཤུའམ། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་པ་ལ་ སོགས་པ་སྔར་བརྗོད་པ་རྣམས་ཀྱིས་ཅི་རིགས་པར་བསྟོད་པར་བྱའོ། ། དེ་ནས་གཙུག་ཏོར་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམས་ཏེ། དེའི་ལྟེ་བར་གཙོ་བོ་ཡབ་ཡུམ་དང་ཆོས་ ཀྱི་དུང་ལ་སོགས་པ་གཤེགས་སུ་གསོལ་ཞིང་། སྙིང་ཁར་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ནུས་མ་ བརྒྱད་གཤེགས་སུ་གསོལ་ནས། གཏོར་མ་འབུལ་བར་བྱ་སྟེ་ཇི་ལྟར་འབྱོར་བའི་གཏོར་མ་ཉེ་ བར་སྤྱོད་པ་རྣམས་ཀྱིས་བརྒྱན་ཏེ་རྡོ་རྗེ་རྩེ་མོས་བླངས་པའི་ནང་མཆོད་ཀྱིས་གཏོར་ཞིང་། ༀ་ ཨཱཿབིགྷྣན་ཨན་ཏ་ཀྲིད་ཧཱུཾ་ཕཊ་ཅེས་པས་བགེགས་བསལ་ཞིང་། ༀ་ཨཱཿཧཱུཾ་ཧྲཿཕཊ་ཅེས་པས་མ་ དག་པ་བསངས་ཏེ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་ཝ་ཤུདྡྷོ་ཧཾ་ཞེས་བརྗོད་ཅིང་གཏོར་མའི་ སྣོད་ཨཱཿལས་བྱུང་བའི་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བར་དམིགས་པའི་ནང་དུ་བཅུད་ ཀྱི་དངོས་པོ། གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང་། བི་མུ་ཤུ་མ་ར་ལས་བདུད་རྩི་ལྔའི་རང་བཞིན་ དུ་དམིགས་པ་ལ་ལག་པ་གཡོན་པ་བསྟན་ཅིང་། དེར་ཟླ་བ་ལ་གནས་པའི་ༀ་ཡིག་སྐུ་རྡོ་རྗེའི་ འོད་ཟེར་དང་། ༀ་ༀ་བཛྲ་(རྡོ་རྗེ་)ཙནྡྲ་(ཟླ་བ་)སརྦ་དྷརྨྨཱ་སུ་བི་ཤུདྡྷཿསྭ་བྷཱ་ཝ་སརྦ་(ཆོས་ཐམས་ཅད་ཤིན་ 7-1-445 ཏུ་རྣམ་པར་དག་པའི་རང་བཞིན་)དྷརྨྨཱན་བི་ཤོ་དྷ་ཡ་(ཆོས་ཐམས་ཅད་རྣམ་པར་སྦྱོངས་)སྭཱཧཱ་ཞེས་པ་འདིས་སྦྱང་ བར་བྱའོ། །ལག་པ་གཡས་པ་བསྟན་ཅིང་དེར་ཉི་མ་ལ་གནས་པའི་ཨཱཿཡིག་གསུང་རྡོ་རྗེའི་ འོད་ཟེར་དང་། ༀ་ཨཱཿབཛྲ་སཱུརྱ་(རྡོ་རྗེ་ཉི་མ་ཆོས་ཐམས་ཅད་རབ་ཏུ་སད་པར་བྱེད་པ་)སརྦ་དྷརྨྨཱ་(ཆོས་རྣམས་ ཐམས་ཅད་རབ་ཏུ་སད་པར་མཛོད་)པྲ་བོ་དྷ་ཀཱ་སརྦ་དྷརྨྨཱན་པྲ་བོ་དྷ་ཡ་སྭཱཧཱ། ཞེས་པ་འདིས་སྤེལ་བར་ བྱའོ། །ཡང་དག་པར་རེག་ནས་སྙིམ་པས་བཀབ་ཅིང་དེར་སྒྲ་གཅན་ལ་གནས་པའི་ཧཱུཾ་ཡིག་ ཐུགས་རྡོ་རྗེའི་འོད་ཟེར་དང་། ༀ་ཧཱུཾ་(རྡོ་རྗེ་མེ་)བཛྲ་ཨ་ན་ལ་སརྦ་དྷརྨྨཱ་པྲ་དཱི་པ་ཀ་སརྦ་དྷརྨྨཱན་པྲ་ དཱི་པ་ཀ་སརྦ་དྷརྨྨཱ་པྲ་དཱི་(ཆོས་རྣམས་ཐམས་ཅད་རབ་ཏུ་འབར་བར་མཛོད་)པ་ཡ་སྭཱཧཱ། ཞེས་པ་འདིས་སྦར་ བར་བྱའོ། །ནམ་མཁའ་ལྡིང་གི་ཕྱག་རྒྱ་བསྟན་ཅིང་དེར་དུས་མེ་ལ་གནས་པའི་ཧོ་ཡིག་ཡེ་ ཤེས་རྡོ་རྗེའི་འོད་ཟེར་དང་། ༀ་ཧོཿསརྦ་དྷརྨྨཱ་(ཆོས་རྣམས་ཐམས་ཅད་རྡོརྗེ་བདུད་རྩི་བྱེད་པ་)བཛྲ་ཨ་མྲི་ཏ་ ཀ་ར་སརྦ་དྷརྨྨཱན་བཛྲ་ཨ་མྲི་ཏཾ་(ཆོས་རྣམས་ཐམས་ཅད་རྡོ་རྗེ་བདུད་རྩིར་མཛོད་གཉིས་)ཀུ་རུ་ཀུ་རུ་སྭཱཧཱ་ཞེས་ པ་འདིས་བདུད་རྩིར་བྱིན་གྱིས་བརླབས་པར་བྱའོ། ། དེ་ནས་སངས་རྒྱས་ཡབ་ཡུམ་སྲས་བཅས་གཡོག་འཁོར་དང༌། །གྲོགས་བཅས་གཉེན་ རྣམས་དག་གིས་སྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་ དང༌། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །ཞེས་པ་འདིས་སངས་ རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་རང་གི་ལུས་ཀྱི་རང་རང་གི་ཁམས་རྣམས་ ལ་བཞུགས་པར་གསོལ་ཞིང་། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་དང་། ༀ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་ཝ(རྡོ་ རྗེ་འཇིགས་བྱེད)། ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ(དགུག་པར་མཛོད་གཉིས)། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ(རབ་ཏུ་གཞུག་ པར་མཛོད་གཉིས)། བྷནྡྷ་ཡ་བྷནྡྷ་ཡ(བཅིང་བར་མཛོད་གཉིས)། ཏོ་ཥ་ཡ་ཏོ་ཥ་ཡ(མཉེས་པར་མཛོད་གཉིས)། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་(རྡོ་རྗེ་མཁའ་འགྲོ་རྣམས་ཀྱི་ཐུགས་)ཧྲི་ད་ཡཾ་ཧུཾ་ཧཱུཾ་ཕྲེཾ་ཕྲེཾ་ཕཊ་ཕཊ། ཅེས་པ་ འདིས་རྡོ་རྗེ་མཁའ་འགྲོ་མ་རྣམས་སྤྱན་དྲངས་ནས་རྡོ་རྗེའི་ཕྱག་རྒྱས་གཏོར་མ་འབུལ་བར་བྱ་ 7-1-446 སྟེ། ༀ་ཨཱཿཧཱུཾ་(རྡོ་རྗེ་བཞིའི་ས་བོན་)ཧོཿཤྲཱི་ཀཱ་ལ་ཙཀྲ་(དཔལ་དུས་ཀྱི་འཁོར་ལོ་)བཛྲ་བྷཻ་ར་ཝ་(རྡོ་རྗེ་འཇིགས་ བྱེད་འཇིགས་པར་བྱེད་པ་)བྷཱི་ཀ་ར་ཡ་ས་པ་རི་ཝཱ་རེ་(འཁོར་དང་བཅས་པ་རྣམས་)བྷྱཿ ༀ་ཨཱཿཧཱུཾ་ཧོཿབཛྲ་ཌཱ་ ཀི་ནཱི་(རྡོ་རྗེ་མཁའ་འགྲོ་མ་རྣམས་)བྷྱཿ ས་པ་རི་ཝཱ་རེ་(འཁོར་དང་བཅས་པ་རྣམས་)བྷྱཿ ཨི་དཾ་(འདི་)བ་ལིཾ(གཏོར་ མ)། གནྡྷཾ(དྲི)། པུཥྤཾ(མེ་ཏོག)། དྷཱུ་པཾ(བདུག་པ)། དཱི་པཾ(སྒྲོན་མེ)། ཨཀྵ་ཏཾ(མ་ཉམས་པ)། ད་དཱ་མ་ཧེ(བདག་ གིས་འབུལ་གྱིས)། ཏེ་ཙ་ཨ་ག་ཏྱ(དེ་རྣམས་བྱོན་ནས)། ས་པ་རི་ཝཱ་རཱ(འཁོར་དང་བཅས་པ)། ཤཱིགྷྲཾ(མྱུར་དུ)། ཨི་ དཾ(འདི)། བ་ལིཾ(གཏོར་མ)། གྲིཧྣ་ཏུ(གཟུང་བར་མཛོད)། ཁཱ་དཱན་ཏུ(གསོལ་བར་མཛོད)། བི་ཝན་ཏུ(བཏུང་པར་ མཛོད)། ཛཿཧཱུཾ་བཾ་ཧོཿ སཾ་ཏྲིབ་(ཡང་དག་པ་མཉེས་ནས་)ཏཱཿ སརྦ་སཏྭཱ་(སེམས་ཅན་ཐམས་ཅད་ལ་)ནཱཾ། ཤཱིན་ ཏིཾ(ཞི་བ)། པུཥྚིཾ(རྒྱས་པ)། རཀྵ(བསྲུང་བ)། ཨཱ་ཝ་ར་(བསྐྱབ་པ)ཎ། གུབྟིཾ(སྦ་བ)། ཀུརྦཱནྟུ་(མཛད་དུ་གསོལ་) ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་(རྡོ་རྗེ་འཛིན་པའི་བཀའ་བཞིན་མཛོད། )ཏི་ཀུ་རུ་སྭཱཧཱ། ཞེས་པས་སོ། །དེ་ བཞིན་དུ་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱས་ཁྲོ་བོ་རྣམས་སྤྱན་དྲངས་ནས། ༀ་ཨཱཿཧཱུཾ་ཧོཿ ཨུཥྞི་ཥ(གཙུག་ཏོར)། སུམྦྷ་ནི་སུམྦྷ(གནོད་མཛེས་ངེས་པར་གནོད་མཛེས)། བིགྷྣ་ཨནྟ་ཀ(བགེགས་མཐར་བྱེད)ནཱི་ལ་དཱཎྜ(དབྱུག་པ་སྔོན་ པོ)། པྲཛྙཱ་ཨནྟ་ཀ(ཤེས་རབ་མཐར་བྱེད) ཊཱཀྐི་རཱ་ཛ(འདོད་པའི་རྒྱལ་པོ)། པདྨ་ཨནྟ་ཀ(པད་མ་མཐར་བྱེད) ཨ་ ཙ་ལ(མི་གཡོ་བ)། ཡ་མ་ཨནྟ་ཀ(གཤིན་རྗེ་མཐར་བྱེད) མཧཱ་བཱ་ལེ་(སྟོབས་པོ་ཆེ་རྣམས)བྷྱཿ ཨི་དཾ་བ་ལིཾ། ཞེས་སོགས་ལན་གསུམ་གྱིས་གཏོར་མ་འབུལ་བར་བྱའོ། ། དེ་ནས་མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པ་དང་། རྡོ་རྗེ་འཇིགས་ བྱེད་འཇིགས་པར་མཛད། །དཔའ་བོ་འདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ ཅན། ཁམས་གསུམ་རྣམ་རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། ཁྲོ་བོའི་རྒྱལ་པོ་ རྣམས་ཀྱི་གཙོ། །དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ལོ། །ཞེས་ པས་བསྟོད་ལ་འདོད་པའི་དོན་ལ་གསོལ་བ་གདབ་པོ། །གཞན་ཡང་དཔལ་མགོན་ལྕམ་དྲལ་ ལ་སོགས་པ་ཆོས་སྐྱོང་རྣམས་ལ་མཁའ་འགྲོ་སྤྱིའི་གཏོར་མ་ཡང་རང་རང་གི་ཆོ་གས་འབུལ་ 7-1-447 ཞིང་། ཞིང་སྐྱོང་དང་གྲོང་གི་བདག་པོ་རྣམས་ལ་གཏོར་མ་སྦྱིན་པ་ནི་སྔར་བསྟན་པའི་ཆོ་གས་ ཏེ། །འོན་ཀྱང་ཨ་པ་རསྠ་(གཞན་གྱི་གནས་སུ་)ནཾ་ཞེས་པའི་གནས་སུ་འདིར་(རང་གི་གནས་སུ་)སྭཱསྠ་ ནཾ་ཞེས་པ་གཞུག་པར་བྱའོ། །དེ་ནས་ཁ་ཟས་ཀྱི་རྣལ་འབྱོར་ནི་བདུད་རྩི་ལྔ་ལ་སོགས་པའི་ བཟའ་བ་རྣམས་སྔར་བསྟན་པའི་ཆོ་གས་སྦྱང་བ་དང་སྤེལ་བ་དང་སྦར་བ་དང་བདུད་རྩིར་ བྱིན་གྱིས་བརླབས་ཏེ། ཕུད་ཀྱིས་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ ལ་ༀ་ཨཱཿགུ་རུ་བུད་དྷ་བོ་དྷི་སཏྭེ་(བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ)བྷྱོ་བཛྲ་ནཻ་ཝེ་ཏྱེ་(ཞལ་ ཟས་བཞེས་)ཧཱུཾ་ཞེས་པ་དང་སྔར་བསྟན་པའི་སྔགས་ཀྱིས་མཆོད་ཅིང་། ༀ་ཧཱ་རི་ཏི་པིཎ་ཌ་(འཕྲོག་ མ་ཆང་བུ་སོ་སོར་བཞེས་)ཀེ་པྲ་ཏཱི་ཙྪ་སྭཱཧཱ། ཞེས་པ་འདིས་འཕྲོག་མ་རྣམས་ལ་ཆང་བུ་གཉིས་དང་། (ཕོ་ཉ་མོ་ཐམས་ཅད་)སརྦ་དྷུ་ཏཱི་ཀེ་ཨ་གྲ་གྲ་སཾ་པྲ་ཏིཙྪ་(ཕུད་ཀྱི་རྩེ་མོ་ཡང་དག་པར་སོ་སོར་བཞེས་)སྭཱཧཱ་ཞེས་པ་ འདིས་ཕོ་ཉ་རྣམས་ལ་ཆང་བུ་བྱིན་ནས་དེ་དག་ཚིམ་པར་བྱའོ། ། དེ་ནས་གཤེགས་གསོལ་གྱི་སྐབས་སུ་བསྟན་པ་ལྟར་གནས་དེ་དག་ཏུ་ལྷ་དེ་དག་ དམིགས་པའམ་ཡང་ན་རང་ལ་གདོད་མ་ནས་བཞུགས་པའི་དྲུག་དྲུག་སུམ་ཅུ་རྩ་དྲུག་ལ་ སོགས་པ་ལྷ་མཆོད་པའི་བསམ་པས་ནང་གི་སྦྱིན་བསྲེག་གི་ཚུལ་དུ་བླང་དོར་གྱི་རྟོག་པ་ སྤངས་ནས་བདག་ཉིད་རན་པ་ཙམ་དུ་ལོངས་སྤྱད་པར་བྱ་ཞིང་། མཐར་ཡང་ༀ་ཁ་ཁ་(ཟོ་ཟོ་) ཁཱ་ཧི་ཁཱ་ཧི་(བཟའ་བར་གྱིས་གཉིས་)ཨུ་ཙྪི་ཥྚ་བྷ་ལིཾ་(ལྷག་མའི་གཏོར་མ་)ཨཱུ་ཙྪི་ཥྚ་བྷཀྵ་བྷཀྵ་ཀ་(ལྷག་མ་བཟའ་ ཡིས་བཟའ་བར་གྱིས་)སྭཱཧཱ། ཞེས་པ་འདིས་ལྷག་མ་ལ་དབང་པའི་འབྱུང་པོ་རྣམས་ཀྱང་ཚིམ་པར་ བྱ་ཞིང་། རྡོ་རྗེའི་གླུ་བླང་། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང༌། །མིའི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་ བྲལ་དུ་གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་རྣམས་དང༌། །ས་འོག་དག་ན་གདེངས་ཅན་ དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་ཏུ་ནི་འཆིང་བྱེད་པ། །དེ་རྣམས་ཐམས་ཅད་ 7-1-448 ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །ཅེས་པ་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གཞན་ཡང་བརྗོད་ཅིང་། བསྔོ་བ་དང་སྨོན་ལམ་རྣམ་པར་དག་ པས་རྒྱས་གདབ་པར་བྱའོ། ། དེ་ནས་ལུས་ཀྱི་གནས་དྲུག་ཏུ་སྔར་བསྟན་པའི་རྡོ་རྗེ་དྲུག་དང་། ཡན་ལག་དྲུག་བཀོད་དེ་ བསྲུང་བར་བྱའོ། ། དོན་དམ་ཕ་རོལ་ཕྱིན་བཅུས་ཡོངས་བསྐོར་བ། ། དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་མདོར་བསྡུས་པའི། ། དགེ་བ་འདི་ཡིས་འགྲོ་རྣམས་མྱུར་བར་ནི། ། ཕ་རོལ་ཕྱིན་བཅུ་རྫོགས་པའི་སར་གནས་ཤོག ། དཔལ་དུས་ཀྱི་འཁོར་ལོ་ལྷ་དགུའི་སྒྲུབ་ཐབས་མདོར་བྱས་པ། དགེ་སློང་རྡོ་རྗེ་འཛིན་པ་ ཆོས་ཀྱི་རྒྱལ་པོ་མིང་གཞན་ཕྱོགས་ལས་རྣམ་རྒྱལ་གྱིས་རྣམ་པར་སྦྱར་བའི་ཡི་གེ་པ་ནི་བློ་གྲོས་ འཕེལ་བའོ། །འདིས་འགྲོ་བ་མང་པོ་ལ་ཕན་པར་གྱུར་ཅིག། མཾགལབྷཝཏུ། མ་ཡིག་ནི། པོ་ཏ་ལ་ནས་གསར་རྙེད་བྲིས་མ་སྤས་ལེགས་ཤིག་ཡིན། 7-1-449 ༄༅། །དཔལ་དུས་ཀྱི་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་ རྡོ་རྗེ་མེ་འོད་ཅེས་བྱ་བ་ བཞུགས་སོ། ། ༄༅། །ༀ་ན་མོ་བཛྲ་སཏྭ་ཡ། །རྡོ་རྗེ་མཆོག་འཛིན་དཔལ་ལྡན་བླ་མ་དང༌། །ཕུང་པོ་ སོགས་ཀྱི་ཡམ་ཤིང་ལ་སོགས་པ། །བསྲེགས་པ་ཀུན་གསོལ་ཡེ་ཤེས་མེ་འོད་ལ། །བཏུད་དེ་ སྦྱིན་སྲེག་དག་གི་ཆོ་ག་བསྡུ། །དེ་ལ་འདིར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་རྒྱས་འགྲེལ་ ཆེན་པོར་ལས་བརྒྱད་དམ་བཅུ་གཉིས་རབ་ཏུ་བསྒྲུབ་པའི་ཕྱིར། ཞི་བ་ལ་སོགས་པ་ལས་སོ་ སོ་བའི་སྦྱིན་སྲེག་གི་ཆོ་ག་རྣམ་པ་བརྒྱད་དང་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཆོ་ག་རྣམ་པ་ གཉིས་གསུངས་པ་ལས། འདིར་རེ་ཞིག་ལས་ཐམས་ཅད་པའི་ཞི་བ་དང་རྒྱས་པ་དང༌། ལས་ སོ་སོ་བའི་ཞི་བ་དང་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་རྣམ་པ་བཞི་བསྟན་པར་བྱའོ། །དེ་ལ་སྒྲུབ་ པ་པོ་ནི་རང་གི་དོན་ལ་ལྟོས་པ་མེད་པའི་རྡོ་རྗེ་སློབ་དཔོན་སློབ་མ་ལས་ཀྱི་རྡོ་རྗེ་ཅན་ལས་ ཐམས་ཅད་ལ་མཁས་ཤིང༌། དེ་ཉིད་བཅུ་ཡོངས་སུ་ཤེས་པ་ལྷག་པའི་བསམ་པས་གཞན་གྱི་ དོན་ལ་མངོན་པར་བརྩོན་པ་རྣམས་ཀྱིས་སོ། །དེ་བསྒྲུབ་པར་བྱ་བའི་ཆོ་ག་ནི། །སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ཀྱི་ཆོ་གའོ། ། དང་པོ་ལ། ཕྱོགས་དང་ས་དང་དུས་དང་ནི། །ཐབ་དང་མཆོད་ཡོན་མཆོད་རྫས་དང༌། ། ཡམ་ཤིང་བུད་ཤིང་སྲེག་རྫས་དང༌། །མེ་དང་ཕུར་བུའི་ངེས་པའོ། །དེ་ལ་ཕྱོགས་ཀྱི་ངེས་པ་ 7-1-450 ནི། གྲོང་ལ་སོགས་པའི་དབུས་སུ་ལས་ཐམས་ཅད་པའི་སྦྱིན་སྲེག་བྱ་སྟེ། རྡུལ་ཚོན་གྱི་དཀྱིལ་ འཁོར་དང་འབྲེལ་བའི་ཚེ་དཀྱིལ་འཁོར་བྲི་བའི་སྔོན་ནམ་དཀྱིལ་འཁོར་གཤེགས་སུ་གསོལ་ བའི་རྗེས་སུ་དཀྱིལ་འཁོར་གྱི་ས་གཞི་ཉིད་ལ་སྦྱིན་སྲེག་བསྒྲུབ་པར་བྱའོ། །ལས་སོ་སོ་བའི་ཞི་ བ་དང་རྒྱས་པའི་སྦྱིན་སྲེག་ནི་རིམ་པ་ལྟར་གྲོང་ལ་སོགས་པའི་དབང་ལྡན་དང་བྱང་དུ་བསྒྲུབ་ པའམ་ཅི་སྟེ་རྒྱལ་པོ་ཆེན་པོ་གནས་པའི་གྲོང་ཁྱེར་ཆེ་བ་ཉིད་ཀྱི་ཕྱོགས་བརྒྱད་པོར། དུར་ཁྲོད་ ཡོད་ན་དེར་ཞི་བ་དང་རྒྱས་པ་མི་འགྲུབ་པའི་ཕྱིར། འདི་གཉིས་ནི། རྒྱལ་པོའི་ཁང་པའམ་ དབུས་ཀྱི་ཕོ་བྲང་ཉིད་ཀྱི་དབང་ལྡན་དང་བྱང་དུ་བསྒྲུབ་པར་བྱ་སྟེ། །རྡུལ་ཚོན་གྱི་དཀྱིལ་ འཁོར་དང་འབྲེལ་པའི་ཚེ་ནི་དཀྱིལ་འཁོར་གྱི་རྡོ་རྗེ་མེ་འོད་ཀྱི་ཕྲེང་བ་ལས་ཁྲུ་དོ་སྤངས་པར་ དབང་ལྡན་དུ་ཞི་བའི་སྦྱིན་སྲེག་དང༌། བྱང་དུ་རྒྱས་པའི་སྦྱིན་སྲེག་བསྒྲུབ་པར་བྱའོ། ། སའི་ངེས་པ་ནི། ཞི་བ་དང༌། རྒྱས་པ་ལ་དཀར་པོའི་དྲི་བཟང་པོ་དང༌། ཁ་བ་དང་སྐ་བའི་ རོ་དང་ལྡན་པར་ཞི་བ་ལ་ཤེལ་དང༌། རྒྱས་པ་ལ་དུང་དང༌། རིམས་འཕྲོག་པ་ལ་མུ་ཏིག་གི་ གཏེར་བཅུག་པ་གཟུང་བར་བྱ་ཞིང༌། ལས་ཐམས་ཅད་པ་ནི་ལྗང་ཁུའི་ས་ལས་ཏེ་དེར་གཏེར་ གཞུག་པར་མི་བྱ་བའམ་ཅི་སྟེ་ཐུན་མོང་གི་ལས་ཐམས་ཅད་པ་ཡིན་ན་རིན་པོ་ཆེ་ལྔའི་གཏེར་ གཞུགས་པར་བྱའོ། །དེ་ལྟ་བུའི་ངེས་པ་དང་ལྡན་པའི་ས་རྙེད་པར་མ་གྱུར་ན་གང་དུ་སྦྱིན་སྲེག་ བྱ་བའི་ས་དེར་ཆུ་ལ་ཐུགས་པའམ་རྡོ་ལ་ཐུག་པར་བརྐོས་ནས། ལས་དང་རྗེས་སུ་མཐུན་པའི་ ས་གཞན་གྱི་དགང་བར་བྱ་སྟེ། །ཞི་བ་དང་རྒྱས་པ་ལ་ཙན་དན་དཀར་པོའི་ཆུས་བྲན་པའི་ས་ དཀར་པོ་ཁ་བའམ་སྐ་བའི་རོ་དང་ལྡན་པས་སོ། །ས་ལྗང་ཁུ་ལ་ནི་ཅི་ཡང་བསྲེ་བར་མི་བྱའོ། ། དུས་ཀྱི་ངེས་པ་ནི། སྤྱིར་ཞི་བ་དང་རྒྱས་པའི་ལས་ལ་ཤིས་པར་བསྟན་པའི་གཟའ་སྐར་ལ་ སོགས་པ་བཟང་པོ་དང་ལྡན་པའི་ཚེ་བསྒྲུབ་པར་བྱ་ཞིང༌། ཁྱད་པར་དུ་ཞག་ཅིག་གི་ཐུན་ཚོད་ བརྒྱད་ལ་སྔ་དྲོའི་ཐུན་ཚོད་ལ་ཞི་བ་དང༌། དེ་ནས་ཐུན་ཚོད་གཉིས་པ་ལ་རྒྱས་པའི་སྦྱིན་སྲེག་ 7-1-451 བྱ་བའམ། ཡང་ན་ཉིན་མོའི་ཐུན་ཕྱེད་པ་བརྒྱད་ཀྱི་ཐུན་ཕྱེད་དང་པོ་ལ་ཞི་བ་དང་གཉིས་པ་ལ་ རྒྱས་པ་བྱ་སྟེ། མཚན་མོའི་ཐུན་ཕྱེད་པ་བརྒྱད་ཀྱི་དང་པོ་དང་གཉིས་པ་ལ་ཡང་དེ་བཞིན་ནོ། ། ཐབ་ཀྱི་ངེས་པ་ནི། ལས་ཐམས་ཅད་པ་ལ། ཞི་བའི་ལས་ཐམས་ཅད་པའི་ཐབ་ཁུང་ནི་ རྒྱར་ཁྲུ་དོ་པ་ཟླུམ་པོ་སྟེ་ཟབ་སུ་ཁྲུ་གང་པའོ། །དེའི་སྟེང་དུ་མཆུ་ཁོ་ར་ཡུག་ཏུ་སྟེ། རྒྱར་སོར་ གསུམ་དང་དཔངས་སུ་དེའི་ཕྱེད་དོ། །དེའི་སྟེང་དུ་རེ་ཁཱའི་དཀྱིལ་འཁོར་ཏེ་རྒྱ་དང་དཔངས་ ནི་མཆུའི་ཕྱེད་ཀྱི་ཚད་ཀྱིས་སོ། །དེའི་སྟེང་དུ་རྒྱ་དང་དཔངས་ནི་མཆུ་ལས་ཉིས་འགྱུར་རོ། ། དེའི་སྟེང་དུ་རེ་ཁཱའི་དཀྱིལ་འཁོར་སྔ་མ་ལྟ་བུའོ། །རྒྱས་པའི་ལས་ཐམས་ཅད་པའི་ཐབ་ཁུང་ ནི། མཆུ་ལ་སོགས་པ་རྣམས་ཀྱང་སྔ་མ་ལས་ཉིས་འགྱུར་གྱི་ཚད་དུ་བྱའོ། །ཐབ་གཉིས་ཀའི་ ཕྱི་ལོགས་སུ་སྟེང་ནས་བརྩམས་ཏེ་ས་གཞིའི་མཐར་ཐུག་པར་པད་མའི་འདབ་མ་རྩེ་མོ་འོག་ ཏུ་ཕྱོགས་པ་རང་རང་གི་མཆུའི་ཚད་ཅན་རྣམས་ཀྱིས་ཁྱབ་པར་སྤྲས་པ་སྟེ། ཐབ་གཉིས་ཀའི་ ནང་གི་ཁ་དོག་དང་ཕྱི་ལོགས་ཀྱི་པད་མ་རྣམས་ཀྱི་ཁ་དོག་ནི་ཐམས་ཅད་དུ་ལྗང་ཁུའོ། །ཐབ་ ཀྱི་ནང་དུ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་ར་བའི་མཐར་ཐུག་པ་ཇི་ལྟ་བ་བཞིན་དུ་བྱ་སྟེ། །ཐབ་ ཁུང་གི་ཕྱེད་དུ་ཡེ་ཤེས་ཀྱི་འཁོར་ལོ་དང་དེའི་ཕྱེད་དུ་དབུས་ཀྱི་པད་མ་དང༌། །ཡེ་ཤེས་ཀྱི་ འཁོར་ལོའི་ཕྱི་རོལ་ཏུ་བར་བ་དང་ལྷ་སྣམ་དང༌། སྤངས་ཆུང་དང༌། ལྷ་སྣམ་གྱི་གདན་དང་ མཚན་མ་རྣམས་བགོད་པར་བྱ་སྟེ། སྒོ་སྐྱོང་བཞིའི་མཚན་མ་ནི་ལྷའི་སྣམ་བུ་ལ་རང་རང་གི་ ཕྱོགས་སུའོ། །ཞི་བ་ལ་ནི་ཡེ་ཤེས་འཁོར་ལོ་ལ་སོགས་པ་ཟླུམ་པོའོ། །དེ་ལྟར་དབུས་ཀྱི་པད་ མ་ནི་རྒྱས་པ་ལ་ཁྲུ་གང་བ་དང༌། ཞི་བ་ལ་དེའི་ཕྱེད་དུ་འགྱུར་ཞིང༌། །པད་མ་གཞན་རྣམས་ནི། དེ་དང་དེའི་སུམ་ཆར་འགྱུར་ལ། བུམ་པ་དང་ཀ་བ་ལ་སོགས་པ་རྣམས་ཀྱི་ཚད་ཀྱང་རང་རང་ གིས་ཆས་སོ་སོར་རྟོགས་པར་བྱའོ། ། ཐབ་གཉིས་ཀའི་ཁ་ཁྱེར་ནི་ཆ་ལྔར་ཕྱེ་བའི་དབུས་ཀྱི་ཆ་གསུམ་ལ་མཚན་མ་རྡོ་རྗེ་ཕྲེང་བ་ 7-1-452 བྲི་བར་བྱ་ཞིང༌། ཐབ་ཀྱི་ཕྱི་རོལ་ཏུ་ཀུ་ཤ་རྣམས་ཀྱིས་ཁྱབ་པའོ། །ལས་སོ་སོ་བ་ལ་ཞི་བའི་ ཐབ་ཁུང་ནི་ཟླུམ་པོ་རྒྱར་ཁྲུ་གང་བ་དང༌། རྒྱས་པའི་ཐབ་ཁུང་ནི་གྲུ་བཞི་བ་རྒྱར་ཁྲུ་གཉིས་ སོ། །འདི་དག་རང་རང་གི་བཅུ་གཉིས་ཀྱི་མཆུ་དང༌། དྲུག་གི་ཆས་ཁ་ཁྱེར་ཏེ། རེ་ཁཱའི་དཀྱིལ་ འཁོར་མེད་ཅིང་དཔངས་སུ་རང་རང་གི་རྒྱའི་ཕྱེད་དང༌། ཐབ་ཀྱི་ཕྱི་ལོག་སུ་རང་རང་གི་ མཆུའི་ཚད་ཀྱི་པད་མ་དཀར་པོ་རྩེ་མོ་འོག་ཏུ་ཕྱོགས་པ་རྣམས་ཀྱི་ཁྱབ་པར་སྤྲས་པ་སྟེ་ཕྱི་རོལ་ ཀྱི་ས་གཞི་ལ་དུར་བ་བགྲམ་པར་བྱའོ། །བྲིས་པའི་ཐབ་ལ་ནི་དཔངས་ཀྱི་ངེས་པ་མེད་ལ། ཕྱི་ ལོགས་སུ་པད་མའི་འདབ་མས་སྤྲས་པ་ཡང་མེད་ཅིང་ཐབ་ཁུང་བྲིས་པའི་ཕྱི་རོལ་ཏུ་མཆུ་དང་ དེའི་ཕྱི་རོལ་ཏུ་རེ་ཁཱའི་དཀྱིལ་འཁོར་དང༌། དེའི་ཕྱི་རོལ་ཏུ་ཁ་ཁྱེར་དང༌། དེའི་ཕྱི་རོལ་ཏུ་རེ་ ཁཱའི་དཀྱིལ་འཁོར་ཕྱི་མ་བྲི་བར་བྱ་སྟེ། ལས་སོ་སོ་བ་གཉིས་ལ་རེ་ཁཱའི་དཀྱིལ་འཁོར་དག་བྲི་ བར་མི་བྱ་སྟེ། ཐམས་ཅད་ལ་ཐིག་གདབ་པའི་ཚོན་གྱི་ཁུ་བ་ནི་ཤྲཱི་ཁཎ་ད་དང་ས་ལི་བཏགས་ པས་བྱའོ། །ཐབ་བཞི་པོ་ལ་མཚུངས་པར་ཁ་ཁྱེར་གྱི་ཕྱི་རོལ་ཏུ་ཁྲུ་དོ་སྤངས་པར་ནང་ནས་ རིམ་པ་བཞིན་ནག་པོ་དང་དམར་པོ་དང་དཀར་པོའི་ར་བ་གྲུ་བཞི་པར་བསྐོར་བར་བྱ་ཞིང༌། རང་རང་གི་ར་བའི་བརྒྱད་ཆའི་ཚད་དང་ལྡན་པའི་སྒོ་གཅིག་པ་རྟ་བབས་བཅས་པ་སྟེ། ར་ བ་གསུམ་གྱི་གཞིའི་ཚད་ནི་སྒོའི་བཞི་ཆ་དང༌། ར་བ་གསུམ་གྱི་བར་ནི་ར་བ་རེ་རེའི་ཚད་ཅན་ ནོ། །དེ་ཡང་ལས་ཐམས་ཅད་པ་གཉིས་ཀྱི་སྒོ་ནི་ནུབ་ཏུ་མངོན་པར་ཕྱོགས་པ་དང༌། རྒྱས་པ་ ལ་སྒོ་དབང་ལྡན་དུ་ཕྱོགས་པའོ། །ཁ་ཁྱེར་གྱི་ཕྱི་རོལ་ར་བ་གསུམ་གྱི་བར་གྱི་གཞི་ནི་ཕྱོགས་ ཀྱི་མདོག་ཅན་ཏེ། ཐབ་ཀྱི་དབུས་སུ་གནས་པའི་མེ་ལྷ་སྒོ་ལ་རྒྱབ་ཀྱིས་ཕྱོགས་པ་ལ་ལྟོས་ཏེ། མདུན་གྱི་ཕྱོགས་ནག་པོ་དང༌། གཡས་ཀྱི་ཕྱོགས་དམར་པོ་དང༌། རྒྱབ་ཀྱི་ཕྱོགས་སེར་པོ་དང༌། གཡོན་གྱི་ཕྱོགས་དཀར་བོའོ། །མེ་ལྷ་ལ་ལྟོས་པའི་ཤར་གྱི་ཕྱོགས་སུ་ནག་པོའི་གཞི་ལ་དབུས་ སུ་སློབ་དཔོན་གྱི་གདན་དང༌། སློབ་དཔོན་གྱི་གཡོན་དུ་མཆོད་ཡོན་གྱི་གདན་དང༌། གཡས་ 7-1-453 སུ་སྲེག་རྫས་ཀྱི་གདན་བགོད་པར་བྱ་སྟེ། ལས་ཐམས་ཅད་པའི་ཞི་བ་ལ་ཁྲུ་གང་བའི་པད་མ་ འདབ་མ་བརྒྱད་པ་དང༌། རྒྱས་པ་ལ་ཁྲུ་གཉིས་པའི་པད་མ་འདབ་མ་བརྒྱད་པ་རང་རང་གི་ ཐབ་ཀྱི་རྣམ་པས་བསྐོར་ཞིང་ཐབ་ཀྱི་ཁ་དོག་ཅན་གྱི་ལྟེ་བར་སྣ་ཚོགས་རྡོ་རྗེའམ་ཆོས་འབྱུང་ གིས་སྤྲས་པ་དང༌། ལས་སོ་སོ་བ་གཉིས་ལ་ཁྲུ་གང་བའི་པད་མ་འདབ་མ་བརྒྱད་པ་རང་གི་ ཐབ་ཀྱི་དབྱིབས་ཅན་གྱིས་བསྐོར་བ་ཐབ་ཀྱི་མདོག་དང་མཚུངས་པའོ། །ལས་སོ་སོ་བའི་ཐབ་ གཉིས་ཀྱི་དབུས་སུ་ནི་པད་མ་དཀར་པོ་འདབ་མ་བརྒྱད་པ་ཐབ་ཁུང་གི་རྒྱ་དང་མཉམ་པའི་ ལྟེ་བར་པད་མ་དཀར་པོ་དང་རྒྱས་པ་ལ་འཁོར་ལོ་དཀར་པོའི་མཚན་མ་བགོད་པར་བྱ་ཞིང༌། ཡང་ན་འདི་དག་ལ་ཡང་རྡོ་རྗེ་དཀར་པོ་བགོད་པར་བྱའོ། །འདབ་མ་བརྒྱད་པ་ནི་ཞི་བ་ལ་ ཕྱོགས་བཞིར་སངས་རྒྱས་བཞིའི་མཚན་མ་སྟེ། རལ་གྲི་དང་རིན་པོ་ཆེ་དང༌། པད་མ་དང༌། འཁོར་ལོ་ཕྱོགས་ཀྱི་མདོག་ཅན་རྣམས་ཤར་དང༌། ལྷོ་དང༌། བྱང་དང༌། ནུབ་ཏུའོ། །མཚམས་ བཞིར་ཡུམ་བཞིའི་མཚན་མ་སྟེ། མེར་རལ་གྲི་དང་བདེན་བྲལ་དུ་རིན་པོ་ཆེ་དང༌། རླུང་དུ་ འཁོར་ལོ་དང༌། དབང་ལྡན་དུ་དབུས་ཀྱི་རྡོ་རྗེ་སྔོན་པོ་བགོད་པར་བྱ་ཞིང༌། རྒྱས་པ་ལ་ནི་བྱང་ གི་འདབ་མ་ལ་ནི་རྡོ་རྗེ་སྔོན་པོ་དང༌། དབང་ལྡན་གྱི་འདབ་མ་ལ་པད་མ་དཀར་པོ་བགོད་པར་ བྱ་སྟེ་གཞན་རྣམས་ནི་སྔ་མ་བཞིན་ནོ། །ལྷའི་མཚན་མ་བགོད་པའི་ཚུལ་འདི་ནི་(དབུས་ཀྱི་ཕྱོགས་ མཚམས་སུ་མི་འཕོ་བར་ཕྱིས་བཞེད་)ཆོས་རྗེ་བླ་མའི་བཞེད་པ་སྟེ། ཡང་ན་ཞི་རྒྱས་གཉིས་ཀའི་མེ་ལྷ་ སྣང་བ་མཐའ་ཡས་ཀྱི་ཅོད་པན་ཅན་ཡིན་པའི་ཕྱིར་དབུས་ཀྱི་རྡོ་རྗེ་སྔོན་པོ་བྱང་གི་འདབ་མ་ ལ་འཕོ་བ་ཞི་རྒྱས་གཉིས་ཀ་ལ་མཚུངས་པར་རིགས་སོ། །འདི་དག་གི་ཐབ་ཀྱི་ཡང་ཁ་ཁྱེར་ཆ་ ལྔར་ཕྱེ་བའི་དབུས་ཀྱི་ཆ་གསུམ་ལ་རང་རང་གིས་ཐབ་ཀྱི་དབུས་ཀྱི་པད་མའི་ལྟེ་བ་ལ་གནས་ པའི་མཚན་མའི་ཕྲེང་བ་བགོད་པར་བྱ་ཞིང༌། གདན་རྣམས་ཀྱི་དབུས་སུ་ཡང་མཚན་མ་མེད་ པ་དེ་དག་ཉིད་བགོད་པར་བྱའོ། །འདིར་ཐམས་ཅད་དུ་ཐབ་ཁུང་ཉིད་ནི་དཀྱིལ་འཁོར་དང༌། 7-1-454 མཆུ་ཕན་ཆད་ནི་རྩ་བའི་ཐིག་ནས་ཀྲ་མ་ཤྲཱིར་བའི་མཐར་ཐུག་པ་དང་མཚུངས་ཏེ། ཐབ་དང་ དཀྱིལ་འཁོར་གཉིས་ཀའི་ཕྱི་ནང་ལ་སུམ་ཆ་སུམ་གཉིས་ནི་ཐམས་ཅད་དུ་ངེས་པའོ། ། དེ་བཞིན་དུ་ལས་ཐམས་ཅད་པའི་ཐབ་གཉིས་ལ་སྤྱིའི་ཕྱོགས་དང་མེ་ལྷ་གཉིས་ཀ་ལ་ ལྟོས་ཏེ། སློབ་དཔོན་གྱི་གདན་ཤར་དང་སྒོ་ནུབ་ཏུ་གནས་པ་དང༌། ལས་སོ་སོ་བ་ལ་ནི་ཞི་ བའི་ཐབ་ལ་ཕྱོགས་སྤྱི་ལ་ལྟོས་ཏེ་སློབ་དཔོན་གྱི་གདན་ལྷོ་དང་སྒོ་བྱང་དུ་གནས་པ་དང༌། རྒྱས་པའི་ཐབ་ལ་ཕྱོགས་སྤྱི་ལ་ལྟོས་ཏེ་སློབ་དཔོན་གྱི་གདན་བདེན་བྲལ་དང་སྒོ་དབང་ལྡན་ དུ་གནས་པ་དང༌། མེ་ལྷ་སོ་སོ་བ་ལ་ལྟོས་ཏེ་སློབ་དཔོན་གྱི་གདན་ཤར་དང་སྒོ་ནུབ་ཏུ་གནས་ པ་དང༌། འདི་གཉིས་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ཞི་བའི་སྦྱིན་སྲེག་བསྒྲུབ་པ་ན། སློབ་ དཔོན་དཀྱིལ་འཁོར་ལ་གཡོན་གྱི་ཕྱོགས་པ་དང༌། རྒྱས་པའི་སྦྱིན་སྲེག་བསྒྲུབ་པ་ན་སློབ་ དཔོན་དཀྱིལ་འཁོར་ལ་གཡས་ཀྱི་ཕྱོགས་པའི་ངེས་པ་རྣམ་པ་ཐམས་ཅད་དུ་རིག་པར་བྱའོ། ། མཆོད་ཡོན་གྱི་ངེས་པ་ནི། ཞི་བ་ལ་ཤེལ་དང་རྒྱས་པ་ལ་དབུས་ཀྱི་སྣོད་སོར་བཅུ་གཉིས་པ་ པད་མ་འདབ་མ་བརྒྱད་པའི་རྣམ་པ་སུམ་ཆའི་ཚད་ཀྱི་ལྟེ་བ་དང་བཅས་པ་སྟེ། དེའི་ནང་དུ་ མཆོད་ཡོན་མེ་ཏོག་དཀར་པོ་དང་བཅས་པའི་དྲི་བཟང་པོའི་ཆུ་གཙང་མ་གཞག་པར་བྱ་ཞིང༌། སྣོད་དེ་ལྟ་བུ་ཉིད་དུ་ཞབས་བསིལ་གྱི་ཆུ་ཡང་སྔ་མ་བཞིན་དུ་གཞག་པར་བྱའོ། །མཆོད་རྫས་ ཀྱི་ངེས་པ་ནི། ཙན་དན་དཀར་པོའི་དྲི་ཆབ་དང༌། དྲི་ཞིམ་པོ་དང་ལྡན་པའི་མེ་ཏོག་དཀར་པོ་ དང༌། ཙན་དན་དཀར་པོ་དང༌། ཙན་དན་དང༌། ཨ་ཀ་རུ་དང༌། སིཧླ་ཀ་དང་ག་བུར་སྟེ་བསིལ་ བའི་སྤོས་སྦྲང་རྩི་དང་ཤ་ཀ་ན་ལ་སོགས་པས་སྦྱར་བ་དང༌། མར་དཀར་པོའི་སྣང་གསལ་ དང༌། ཞི་བ་ལ་འོ་མ་དང་འབྲས་ཆེན་དང༌། རྒྱས་པ་ལ་ཞོ་དང་འབྲས་ཆེན་ཏེ་ཞལ་ཟས་དང༌། སཱ་ལི་མ་ཆག་པ་སྟེ་འབྲས་བུ་མ་ཉམས་པ་དང༌། དེ་བཞིན་དུ་ལས་སོ་སོ་བ་དག་ལ་དཀར་པོའི་ ཁ་དོག་ཅན་གྱི་གོས་ཟུང་ལ་སོགས་པ་མཆོད་རྫས་རྣམས་སློབ་དཔོན་གྱི་གཡོན་གྱི་ཕྱོགས་སུ་ 7-1-455 གཞག་པར་བྱ་སྟེ། མཆོད་ཡོན་ནི་མཆོད་ཡོན་གྱི་གདན་གྱི་སྟེང་དུའོ། །ལས་ཐམས་ཅད་པ་ གཉིས་པ་ན་གོས་ལ་སོགས་པའི་མཆོད་རྫས་ཁ་གཅིག་ཁ་དོག་ལྗང་ཁུའོ། །ཡཾ་ཤིང་གི་ངེས་པ་ ནི། ལས་ཐམས་ཅད་པ་དང་ལས་སོ་སོ་བ་གཉིས་ལ་མཚུངས་པར། ཨུ་དུམ་ཝ་ར་དང༌། ཨ་ཤྭ་ ཐ་དང༌། ནྱ་གྲོ་དྷ་དང༌། པར་ཀ་ཊི་དང་རྒུན་འབྲུམ་གྱི་ཤིང་ཏེ་འོ་མ་ཅན་གྱི་ཤིང༌། སྲིད་དུ་སོར་ བཅུ་གཉིས་པ་དང༌། སྦོམ་དུ་མཐེའུ་ཆུང་ལས་མི་ཕྲ་ཞིང༌། མཐེ་བོ་ལས་མི་སྦོམ་པ་ལྔ་བརྒྱ་ དང་བཞི་བཅུ་ལ་བརྒྱ་རྩ་བརྒྱད་བརྒྱད་སྡོམ་པའི་མཚན་མ་ལྔ་གཟུང་བར་བྱའོ(རྙི་ལྕི་བྲ་དང་སྒྱོག་ པ་དང༌། །རིང་ཐུང་ལོ་མ་མེད་པ་དང༌། །སྲོག་ཆགས་ཀྱིས་ཟོས་རུལ་པ་དང༌། །ཤུན་བྲལ་ཚིགས་དང་བུ་ག་ཅན། །རྩེ་མོ་གཉིས་ ལྡན་སྦོམ་པ་སྤངས། །ཞེས་འབྱུང་བ་ལྟར་སྐྱོན་དང་ལྡན་པ་སྤང་བར་བྱའོ)། །བུད་ཤིང་གི་ངེས་པ་ནི། ལས་སོ་སོ་ བ་གཉིས་ལ་འོ་མ་ཅན་གྱི་ཤིང་དང༌། །ལས་ཐམས་ཅད་པ་གཉིས་ལ་ཙན་དན་དང༌། ཨ་ཀ་རུ་ དང༌། ཐང་ཤིང་ལ་སོགས་པ་དྲི་བཟང་པོའི་ཤིང་རྣམས་སམ་འོ་མ་ཅན་གྱི་ཤིང་རྣམས་ཐབ་ཀྱི་ ནང་དུ་བརྩིག་པར་བྱའོ། །སྲེག་རྫས་ཀྱི་ངེས་པ་ནི། ཞི་བའི་ལས་ཀུན་ས་དང་ལས་སོ་སོ་བ་ གཉིས་ལ་འོ་མ་དང་དུར་བ་དང་ཏིལ་དང༌། རྒྱས་པའི་ལས་ཀུན་ས་དང་ལས་སོ་སོ་བ་གཉིས་ ལ་མར་དང་འབྲུ་ལྔ་(འབྲུ་ལྔ་ནི་རྒྱུད་འགྲེལ་ཉིད་ལས་གསུངས་པའི་ལྔ་ཚན་ལྔ་ལས་ཚན་པ་གང་ཡང་རུང་བའམ་དེ་མ་ རྙེད་ན་ལུགས་གཞན་དུ་བཤད་པ་ལྟར་ཏིལ་དང་འབྲས་སོ་བ་དང་གྲོ་དང་སྲན་མ་མ་ཤ་ཀའམ་དེ་མ་རྙེད་ན་བོད་ཀྱི་སྲན་མའང་རུང་ སྟེ་ཞུན་མར་དང་བསྲེས་པ)འོ། །ཡཾ་ཤིང་དང་སྲེག་རྫས་འདི་རྣམས་སློབ་དཔོན་གྱི་གཡས་སུ་སྲེག་ རྫས་ཀྱི་གདན་ལ་གཞག་པར་བྱའོ། །མེའི་ངེས་པ་ནི་ལས་ཐམས་ཅད་པ་དག་ལ་ལྷ་ཁང་ནས་ བླང་བའི་མེ་དང༌། ལས་སོ་སོ་བ་དག་ལ་བྲམ་ཟེའི་ཁྱིམ་ནས་བླང་པའི་མེ་ཙན་དན་ལ་སོགས་ པའི་བུད་ཤིང་རྣམས་ཀྱིས་སྦར་བར་བྱའོ། །ཕུར་བུའི་ངེས་པ་ནི། ཞི་བ་ལ་ནྱ་གྲོ་ཏའི་ཕུར་བུ་ དང༌། རྒྱས་པ་ལ་ལ་ཨ་ཤྭད་ཐའི་ཕུར་བུ་དང༌། ལས་ཐམས་ཅད་པ་དག་ལ་ཨུ་དུམ་ཝ་ར་ལ་ བྱས་པའི་ཕུར་བུ་རྣམས་སོ། །གཞན་ཡང་རྡོ་རྗེ་དང་དྲིལ་བུ་དང་དགང་གཟར་བླུགས་གཟར་ 7-1-456 དང་བཀྲ་ཤིས་ཀྱི་ཆུ་ཟན་དང་བསང་གཏོར་བྱེད་པའི་ཀུ་ཤ་ལ་སོགས་པ་ཉེ་བར་མཁོ་བ་ མཐའ་དག་ཚོགས་པར་བྱའོ། ། གཉིས་པ་དངོས་གཞིའི་ཆོ་ག་ནི། དང་པོ་སྒྲུབ་ཐབས་སུ་གསུངས་པའི་ཆོ་གས་ཁ་དག་པ་ ལ་སོགས་པ་དང་བདུད་བསྲེག་པ་དང་བསྲུང་བའི་འཁོར་ལོ་བསྒོམ་པ་སྔོན་དུ་འགྲོ་བའི་ལྷའི་ རྣལ་འབྱོར་ཡོངས་སུ་རྫོགས་པར་བསྒོམས་ཏེ་སྔགས་ཀྱི་བཟླས་པ་དང་མཆོད་པ་དང་བསྟོད་ པ་རྣམས་བྱའོ། །ཁྱད་པར་དུ་ལས་སོ་སོ་བའི་སྦྱིན་སྲེག་ནི་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་ འབྲེལ་བའི་ཚེ་དཀྱིལ་འཁོར་ལ་རབ་ཏུ་གནས་པ་བྱ་སྟེ་མཆོད་པ་དང་བསྟོད་པའི་རྗེས་ཐོགས་ ཉིད་དུ་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེ་ཅན་རྒྱན་ཐམས་ཅད་ཀྱིས་ཉེ་བར་ བརྒྱན་ཅིང༌། ལས་ཐམས་ཅད་པ་དག་ལ་ལྗང་ཁུའོ། །ཁ་དོག་ཅན་གྱི་གོས་དང་ལས་སོ་སོ་ བའི་ཞི་རྒྱས་དག་ལ་གོས་དཀར་པོ་དང་ལྡན་པས་སྔར་བཀོད་པའི་སྦྱིན་སྲེག་གི་གདན་ལ་ཉེ་ བར་འདུག་ཅིང་གྲོགས་ཤིན་ཏུ་ཡིད་གཞུངས་པ་དང་ལྷན་གཅིག་ཏུ་གནས་པས་བདག་ཉིད་ ཁྲོ་བོའི་དབང་པོ་ཡང་དག་པར་བསྒོམ་པར་བྱའོ། །དེ་ནས་ཐབ་ཀྱི་ཕྱོགས་བཅུ་རྣམས་སུ་ཁྲོ་ བོ་བཅུ་ལྷ་མོ་དང་བཅས་པ་སྤྲོས་ཏེ་བསྲུང་བ་བྱས་ནས་རྡོ་རྗེ་ཕུར་བུ་རྣོ་ཞིང་འབར་བ་རྣམས་ ཁྲོ་བོའི་རྒྱལ་པོར་ཡང་དག་པར་བསྒོམས་ཏེ། ཐབ་ཀྱི་ཕྱོགས་བཅུ་རྣམས་སུ་གདུག་པའི་ སྟེང་དུ་སྔགས་དང་བཅས་པས་གདབ་པར་བྱ་ཞིང༌། བརྡུང་བའི་སྔགས་དང་རྡོ་རྗེ་ཐོབ་པས་ བརྡུང་བར་བྱ་སྟེ། རྒྱས་པར་བྱེད་ན་རྡོ་རྗེའི་གར་སྔོན་དུ་འགྲོ་བ་དང་བཅས་པས་སོ། །སླར་ ཡང་ཕྱོགས་བཅུའི་ཕུར་བུ་རྣམས་ལ་ཁྲོ་བོའི་རྒྱལ་པོ་བཙུན་མོ་དང་བཅས་པ་རྣམས་སྔགས་ཀྱི་ ཚིག་གི་བཀོད་ནས་བསྲུང་བར་བྱའོ། །དེ་ནས་བདག་ཉིད་སྔར་བཀོད་པའི་སྦྱིན་སྲེག་བྱ་བའི་ གདན་ལ་ལས་དང་རྗེས་སུ་མཐུན་པའི་འདུག་སྟངས་ཀྱི་གནས་པར་བྱ་སྟེ། ཞི་བ་ལ་པུས་མོ་ གཡོན་པའི་སྟེང་དུ་གཡས་པ་གན་རྐྱལ་དུ་གཞག་པའི་སྐྱིལ་ཀྲུང་དང༌། །རྒྱས་པ་ལ་རྡོ་རྗེའི་ 7-1-457 གདན་གྱིས་སོ། ། དེར་བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའི་སྐུར་གསལ་ བར་དམིགས་ལ་སྔགས་ཀྱི་བཟླས་པ་ཅུང་ཟད་བྱས་ལ། ཞི་བ་ལ་བསྒྲུབ་བྱས་གཙོ་བྱས་པ་ སེམས་ཅན་ཐམས་ཅད་ཀྱི་ནད་དང་བར་དུ་གཅོད་པ་དང༌། བསྐལ་བ་ངན་པ་དང༌། ལྟུང་བ་ལ་ སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བར་འདོད་པའི་བསམ་པ་དང༌། རྒྱས་ པ་ལ་ཚེ་དང་དཔལ་དང་དབང་ཕྱུག་དང་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་ལ་སོགས་ པ་མཐུན་པའི་ཕྱོགས་མཐའ་དག་རྒྱས་པར་འདོད་པའི་བསམ་པ་དང༌། ལྷའི་ཏིང་ངེ་འཛིན་ བརྟན་པོ་དང་ལྡན་པས། ལས་དང་རྗེས་སུ་མཐུན་པའི་མེ་ལས་དང་རྗེས་སུ་མཐུན་པའི་བུད་ ཤིང་རྣམས་ཀྱིས་སྦར་བར་བྱ་སྟེ། ༀ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་པའི་སྔགས་དང་བཅས་པས་སོ། ། འདིར་མེ་སྦར་བ་ཡང་རླུང་གཡབ་ལ་སོགས་པས་བྱའི་ཁའི་རླུང་གིས་ནི་མ་ཡིན་ནོ། །དེ་ནས། ༀ་བཛྲ་སཏྭ་ཨཱཿ ཞེས་པ་འདི་བརྗོད་ནས་ཀུ་ཤ་རྩེ་མོ་མཉམ་པར་བཤིབས་པ་དྲི་མ་མེད་པ་ མ་གས་པ་འདབ་མ་མ་གྲུགས་པ་ཧ་ཅང་ཡང་རིང་བ་མ་ཡིན་པ་རྣམས་ཐབ་ཀྱི་ཕྱི་རོལ་ཕྱོགས་ མདོག་གི་གཞི་ལ་རྩེ་མོ་གཡས་བསྐོར་དུ་བསྟན་ཏེ་ཁྱབ་པར་བཀྲམ་པར་བྱའོ། །དེ་ནས་ༀ་ ཨཱཿཧཱུཾ་ཧྲ༔ཕཊ། ཅེས་པ་འདི་བརྗོད་ཅིང་མཆོད་ཡོན་གྱི་སྣོད་ནས་ཀུ་ཤིའི་རྩེ་མོས་བླངས་པའི་ དྲིའི་ཆུས་ཐབ་ཀྱི་ཕྱོགས་བཅུར་བསང་གཏོར་བྱ་སྟེ་མཆོད་རྫས་དང་སྲེག་རྫས་དང་ཡཾ་ཤིང་ ལ་སོགས་པ་ཐམས་ཅད་ལའོ། །དེ་བཞིན་དུ་སྔགས་གཞན་གྱིས་ཀྱང་ཡཾ་ཤིང་ལ་སོགས་པ་ སྦྱང་བར་བྱ་སྟེ། ༀ་ཨཱཿསྭཧཱ་ཞེས་པས་ཡཾ་ཤིང་སྦྱང་བའི་སྔགས་སོ། །ༀ་ཤྲཱི་སྭ་ཧཱ་ཞེས་པས་ ཞུན་མར་སྦྱང་བའི་སྔགས་སོ། །ༀ་བཛྲིཾ་སྭཱཧཱ། འབྲུ་དག་པར་བྱ་བའི་འོ། །ༀ་ཀུ་རུ་ཀུ་རུ་སྭཧཱ། ཞེས་པས་རྫས་གཞན་རྣམས་སྦྱང་བའི་འོ། །དེ་ནས་ༀ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷྱ་ཝ་ཤུདྡྷོ་ཧཾ། ཞེས་པ་ཐབ་རང་བཞིན་གྱིས་རྣམ་པར་དག་པར་བསམ་སྟེ། ༀ་ཡིག་ཡོངས་སུ་གྱུར་པ་ལས། 7-1-458 ལས་དང་རྗེས་སུ་མཐུན་པའི་དབྱིབས་དང་ཁ་དོག་ཅན་གྱི་ཐབ་བསྐྱེད་ནས་དེའི་དབུས་སུ་ༀ་ ལས་བྱུང་བའི་པད་མ་འདབ་མ་བརྒྱད་པ་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཅན་བསྒོམ་ པར་བྱའོ། ། དེ་ནས་རང་གི་སྙིང་ཁར་དེ་ལྟ་བུའི་པད་མའི་ལྟེ་བར་མ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་ བའི་དཀྱིལ་འཁོར་གྱི་སྟེང་དུ་ལས་ཐམས་ཅད་པ་ལ་ཧཱུཾ་ཡིག་ལྗང་ཁུ་ཡོངས་སུ་གྱུར་པ་ལས་ རྡོ་རྗེ་རྩེ་ལྔ་པ་དང༌། དེ་ཡོངས་སུ་གྱུར་པ་ལས་མེ་ལྷ་སྐུ་མདོག་ལྗང་ཁུ། རེས་གཟའ་རྣམ་པར་ དག་པས་ཞལ་གཅིག་པ་བཞད་པའི་ཞལ། ཐུན་མཚམས་བཞི་རྣམ་པར་དག་པས་ཕྱག་བཞི་ པ། ཉིན་མོ་དང་མཚན་མོ་གཉིས་རྣམ་པར་དག་པས་ཞབས་གཉིས་པ། ལྟོ་བ་འཕྱང་བ། ཤ་ རྒྱས་པ། སྐུ་བོངས་ཐུང་བ། ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་དང་གཉིས་པ་བགྲང་ཕྲེང་འཛིན་པ། གཡོན་གྱི་དང་པོ་རྡོ་རྗེ་དྲིལ་བུ་དང༌། གཉིས་པས་པད་མ་འཛིན་ཅིང༌། ཞི་བའི་ལས་ཀུན་ས་ ལ་སྐྱིལ་ཀྲུང་དང༌། རྒྱས་པའི་ལས་ཀུན་ས་ལ་རྡོ་རྗེའི་གདན་གྱིས་བཞུགས་པ་རལ་པ་ཤིན་ཏུ་ སེར་སྐྱ་དང༌། ཁ་དོག་དམར་སེར་ཅན་གྱི་སྤྱན་གསུམ་གསུམ་དང་ལྡན་པ། གོས་དམར་སེར་ ཅན་མི་བསྐྱོད་པས་དབུ་རྒྱན་པ་དང༌། ལས་སོ་སོ་བ་གཉིས་ལ་ནི་ཨུ་ཡིག་ཡོངས་སུ་གྱུར་པ་ ལས་པད་མ་དཀར་པོ་དང༌། དེ་ཡོངས་སུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གཅིག་ ཕྱག་བཞི་པ་ལྟོ་བ་འཕྱང་བ། ཤ་རྒྱས་པ། སྐུ་བོངས་ཐུང་བ། ཞི་བ་ལ་ཕྱག་གཡས་ཀྱི་དང་པོས་ པད་མ་དཀར་པོ་དང༌། གཉིས་པས་ཤེལ་གྱི་བགྲང་ཕྲེང་འཛིན་ཅིང༌། གཡོན་གྱི་དང་པོས་ རིལ་བ་དང༌། གཉིས་པས་དུང་འཛིན་པ། ཞི་བའི་འདུག་སྟངས་ཀྱི་བཞུགས་པ་དང༌། རྒྱས་ པ་ལ་ཕྱག་གཡས་ཀྱི་དང་པོས་འཁོར་ལོ་དང་གཉིས་པས་མུ་ཏིག་གི་བགྲང་ཕྲེང་འཛིན་ཅིང༌། གཡོན་གྱི་དང་པོས་པད་མ་དང༌། གཉིས་པས་སྤྱི་བླུགས་འཛིན་པ་རྡོ་རྗེའི་གདན་གྱི་བཞུགས་ པ་སྟེ། གཉིས་ཀའང་རལ་པ་ཤིན་ཏུ་སེར་སྐྱ་དང་སྤྱན་གསུམ་ཁ་དོག་དམར་སེར་ཅན་གོས་ 7-1-459 དམར་སེར་དང་ལྡན་ཞིང་སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་པར་ཡང་དག་པར་བསྒོམས་ནས་ དེ་དང་དེའི་ཐུགས་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛཿཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་བསྒོམས་ཏེ། དེ་ཉིད་རྣམ་པར་སྤྲོས་པས་དམ་ཚིག་ སེམས་དཔའ་ཇི་ལྟ་བའི་རྣམ་པ་ཅན་གྱིས་ཡེ་ཤེས་སེམས་དཔའ་བཀུག་པར་བསམ་ཞིང༌། རྡོ་ རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ་དང་བཅས་པས། ༀ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་ དྲང་སྲོང་གཉིས་སྐྱེས་མཆོག །འོད་ཟེར་ཆེན་པོ་མཚོན་ཆ་འཛིན། །འདིར་ནི་ཡང་དག་མཉེས་ པར་མཛོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་ སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་པ་དང༌། སྔགས་ཀྱི་ ཚིག་འདིས་མཆོད་སྦྱིན་གྱི་མེ་སྤྱན་དྲང་བར་བྱ་སྟེ། ༀ་ཨེ་ཧི་ཨེ་ཧི་མ་ཧཱ་བྷཱུ་ཏ་དེ་ཝ་རི་ཥི་དྭེ་ཛ་ སཏ་ཏ་མ་གྲ་ཧཱི་ཏྭཱ་ཡུ་དྷཾ་མ་ཧཱ་ར་སྨིན་སཾ་ནི་ཧི་ཏྭ་བྷ་ཝ་བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། །ཞེས་པ་ དང༌། ཛཿཞེས་བརྗོད་ཅིང༌། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་དགུག་པར་བྱའོ། །དེ་ནས་ཧཱུཾ་ཡིག་ དང་རྡོ་རྗེའི་ཕྱག་རྒྱས་གཞུགས་པར་བྱ་ཞིང༌། ཝཾ་ཡིག་དང་ཞགས་པའི་ཕྱག་རྒྱས་བཅིང་བར་ བྱ་སྟེ། ཧོཿཡིག་དང་དྲིལ་བུ་ཕྱག་རྒྱས་མཉེས་པར་བྱའོ། །ཁྱིམ་བདག་གི་མེ་ཡང་ༀ་བཛྲ་ཨ་ན་ ལ་སརྦ་བྷུ་ཏཱན་ཛྭ་ལ་ཡ་ས་རྦན་བྷ་སྨི་ཀུ་རུ་སརྦ་ཛ་ན་དུཥནྟ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་འདིས་ཀྱང་ སྤྱན་དྲང་བར་བྱ་སྟེ། སླར་ཡང་ཛཿཡིག་ལ་སོགས་པའི་སྔགས་དང་ཕྱག་རྒྱས་དམ་ཚིག་པ་དེ་ ཉིད་ལ་དགུག་པ་ལ་སོགས་པ་བྱའོ། ། དེ་ལྟར་དམ་ཚིག་པ་དང་ཡེ་ཤེས་པ་རོ་གཅིག་ཏུ་བྱས་ནས་རྡོ་རྗེ་དྲིལ་བུ་དཀྲོལ་ཏེ་དབང་ དུ་བྱའོ། །དེ་བཞིན་དུ་ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཨག་ནི་བཛྲ་སཏྭ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱཧཱ། ཞེས་པ་འདིས་འདོད་པའི་མེ་སྤྱན་དྲང་བར་བྱ་སྟེ། ཛཿ་ཡིག་ལ་སོགས་པས་དམ་ཚིག་པ་ལ་ཡེ་ ཤེས་པ་དགུག་པ་སོགས་སྔ་མ་བཞིན་དུ་བྱའོ། །དེ་ནས་སྙིང་ཁའི་མེ་ལྷ་དེ་ཉིད་རང་གི་སྙིང་ཁ་ 7-1-460 ལས་ཕྱིར་འབྱུང་བའི་དབུགས་དང་ལྕགས་ཀྱུའི་ཕྱག་རྒྱས་ཕྱི་རོལ་ཏུ་སྤྱན་དྲང་བར་བྱས་ནས་ རྡོ་རྗེ་ཁུ་ཚུར་སྟེང་དུ་མཐེ་བོས་མནན་པའི་ཕྱག་རྒྱས་ཐབ་ཁུང་དུ་པད་མའི་ལྟེ་བ་ལ་གཞག་ པར་བྱའོ། །དེ་ལ་འདིར་མཆོད་སྦྱིན་གྱི་མེ་ནི་ཀུན་རྫོབ་ཀྱི་མེ་ལྷ་ཉིད་ཡིན་ཞིང༌། ཁྱིམ་བདག་ གི་མེ་དེ་ཡང་གཟའ་བདུན་གྱི་བདག་པོ་རྟ་བདུན་པའི་ཤིང་རྟ་ཅན་ཉི་མའོ། །ལྷོ་ནི་མེ་ནི་ཀློག་ སྟཻ་དེ་ལྟར་མེ་གསུམ་གྱི་ཁྱད་པར་བྱ་བས་འཇིག་རྟེན་ཀུན་རྫོབ་ཀྱི་མེའོ། །དེ་དག་ཁྱབ་པར་ བྱེད་པ་འཇིག་རྟེན་ལས་འདས་པ་དོན་དམ་པ་ཡེ་ཤེས་ཀྱི་མེ་ནི་འདོད་པའི་མེ་སྟེ་ཡེ་ཤེས་ཀྱི་ སྐུ་སྒྲིབ་པ་མེད་པའི་ཕུང་པོ་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཉིད་ཡིན་ པས་དེ་ཐོབ་པར་བྱ་བའི་དོན་དུ་སྦྱིན་སྲེག་བྱ་བའོ། ། དེ་ཡང་ཁྱིམ་བདག་གི་མེ་ནི་གཟའ་བདུན་གྱི་དབྱེ་བས་ལྕེ་བདུན་དང་ལྡན་པ་ཡིན་ལ། འདིར་ཞི་བ་ལ་ཟླ་བའི་ལྕེ་དང༌། རྒྱས་པ་ལ་ཉི་མའི་ལྕེ་ལ་བསྲེག་བྱ་དབུལ་བའི་དམིགས་པ་ བྱའོ། །དེ་ནས་མཆོད་ཡོན་དང་ཞབས་བསིལ་དབུལ་བར་བྱ་སྟེ། མདུན་དུ་བཟེད་ཞལ་གྱི་ སྣོད་གསུམ་གཞག་ནས། མཆོད་ཡོན་གྱི་ཆུ་མེ་ཏོག་དང་བཅས་པ་སྙིམ་པས་བླངས་ཏེ། ༀ་ པྲ་ཝ་ར་སད་ཀཱ་རཾ་མ་ཧཱ་རསྨཱིན་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་འདི་བརྗོད་ཅིང་ཐལ་མོ་ཁ་གྱེན་དུ་ཕྱེ་ བས་བཟེད་ཞལ་གྱི་སྣོད་དང་པོར་མཆོད་ཡོན་ལན་གསུམ་དབུལ་བར་བྱའོ། །དེ་བཞིན་དུ་ཁུ་ ཚུར་གཡས་པ་འགྱིང་བ་དང་བཅས་པས་མཐེ་བོ་དང་མཛུབ་མོའི་སྐམ་པས་ཞབ་བསིལ་གྱི་ཆུ་ མེ་ཏོག་དང་བཅས་པ་གཡས་སུ་བསྐོར་ཞིང་བླངས་ནས། ༀ་མ་ཧཱ་རསྨཱིན་པཱ་ཏྱཾ་པྲ་ཏྲིཙྪ་ན་མཿ ཞེས་བརྗོད་ཅིང་ཁུ་ཚུར་སྟེང་དུ་ཕྱོགས་པའི་འཛུབ་མོ་ནས་མཐེའུ་ཆུང་གི་བར་རིམ་གྱི་འགྲོལ་ བཞིན་པས་བཟེད་ཞལ་གྱི་སྣོད་གཉིས་པར་ཞབས་བསིལ་ལན་གསུམ་དབུལ་བར་བྱའོ། །དེ་ བཞིན་དུ། མཐེ་བོ་དང་མཛུབ་མོའི་སྐམ་པས་ཞལ་བསིལ་གྱི་ཆུ་མེ་ཏོག་དང་བཅས་པ་གཡོན་ དུ་བསྐོར་ཞིང་བླངས་ནས། ༀ་མ་ཧཱ་རསྨཱིན་ཨཉྩ་མ་ནཱཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་བརྗོད་ཅིང་བཟེད་ 7-1-461 ཞལ་གྱི་སྣོད་གསུམ་པར་ཞལ་བསིལ་ལན་གསུམ་དབུལ་བར་བྱའོ། །ཁུ་ཚུར་འོག་ཏུ་ཕྱོགས་ པའི་མཐེའུ་ཆུང་ལ་སོགས་པ་རིམ་གྱིས་འགྲོལ་བཞིན་པས་སོ། །དེ་ནས་འགྱིང་བ་དང་བཅས་ པས་བསང་གཏོར་གྱི་ཆུ་ཀུ་ཤའི་རྩེ་མོས་བླངས་ཏེ། ༀ་མ་ཧཱ་རསྨཱིན་པྲོཾ་ཀྵ་ནཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་ བརྗོད་ཅིང་སྣོད་གསུམ་པར་རཾ་མེ་ཉིད་ལ་བསང་གཏོར་ལན་གསུམ་དུ་དབུལ་བར་བྱའོ། །དེ་ ནས་མཆོད་པ་མཐའ་དག་དབུལ་བར་བྱ་སྟེ། ༀ་མ་ཧཱ་རསྨཱིན་ཞེས་པ་ཀུན་ལ་སྦྱར་ནས། ༀ་ བཛྲ་གན་དྷཾ་པྲ་ཏཱིཙྪ་སྭཱཧཱ། བཛྲ་དྷུ་པཾ་པྲ་ཏཱིཙྪ་སྭཱཧཱ། བཛྲ་དཱི་པཾ་པྲ་ཏཱིཙྪ་སྭཱཧཱ། བཛྲ་ནཻ་ཝེ་ཏྱཾ་པྲ་ཏྣིཙྪ་ སྭཱཧཱ། བཛྲ་ཨཱཀྵ་ཏཾ་པྲ་ཏཱིཙྪ་སྭཱཧཱ། བཛྲ་ལཱ་སྱཾ་པྲ་ཏྟིཙྪ་སྭཱཧཱ། བཛྲ་ཧཱ་སྱཱཾ་པྲ་ཏཱིཙྪ་སྭཱཧཱ། བཛྲ་ཝཱཏྱཾ་པྲ་ ཏཱིཙྪ་སཱཧཱ། བཛྲ་ནྲ་ཏྱཾ་པྲ་ཏཱིཙྪ་སྭཱཧཱ། བཛྲ་གཱི་ཏྱཾ་པྲ་ཏཱིཙྪ་སྭཱཧཱ། བཛྲ་ཀཱ་མཾ་པྲ་ཏི་ཙྪ་སྭཱཧཱ། ཞེས་པ་ རྣམས་ཀྱིས་མཆོད་པ་བཅུ་གཉིས་ཕུལ་ནས། གཞན་ཡང་གོས་ལ་སོགས་པ་རྣམས་དང་ནང་ གི་མཆོད་པ་དང་དམ་ཚིག་གིས་རྫས་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། ། དེ་ནས་རྒྱས་པར་བསྟོད་ན། གང་ལ་ཐོག་མཐའ་དབུས་མེད་ཅེས་པ་ལ་སོགས་པ་དང༌། བསྡུས་ཏེ་བསྟོད་ན། མཆོད་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་དང༌། ཕུང་པ་སོགས་ཀྱི་ ཡམ་ཤིང་སོགས། །བསྲེགས་པ་ཐམས་ཅད་གསོལ་བ་གང༌། ཡེ་ཤེས་མེ་ལྕེ་འོད་རབ་གསལ། ། འདོད་པའི་དོན་སྒྲུབ་ལ་ཕྱག་འཚལ། །ཞེས་པ་དང༌། སྤྲོ་བྱེད་ནུས་མའི་གཟུགས་ཅན་གློག་གི་ མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗོད་ཅན། །ཡེ་ཤེས་རྡོ་རྗེ་སྣང་བ་མཆོག་ གི་གོ་འཕང་བགྲོད་བྱེད་རྣམ་པར་གཅད་པ་ཏེ་ལ་ཕྱག་འཚལ་ལོ། །ཞེས་པས་ཡེ་ཤེས་ཀྱི་མེ་ལ་ བསྟོད་ཅིང༌། འཇིག་རྟེན་པའི་མེ་ལ་ཡང་བསྡུས་པ་ན། འཇིག་རྟེན་དབང་ཕྱུག་ཚངས་དབང་ མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་འདོད་པའི་དབང་བསྐུར་བ། །ཤེས་རབ་མཆོག་གི་ཉོན་ མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པ་དང༌། རྒྱས་ པར་ན། ཧཱུཾ་འཇིགས་བྱེད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྦྱིན་མཛད་པ། །བདག་ 7-1-462 གཞན་དོན་དུ་ཞུགས་ལ་བཞུགས། །དྲང་སྲོང་ཆེན་པོ་ཉིད་ལ་འདུད། །ཚངས་པ་འཇིག་རྟེན་ མགོན་གྱི་སྲས། །མེ་ཡི་རྒྱལ་པོ་དག་བྱེད་མཆོག །བགེགས་རྣམས་མ་ལུས་སེལ་མཛད་པ། ། གཟི་བརྗིད་ཆེན་པོ་ཉིད་ལ་འདུད། །ཉོན་མོངས་བསྲེག་པའི་ཡེ་ཤེས་འོད། །མངོན་ཤེས་རྫུ་ འཕྲུལ་ཞབས་དང་ལྡན། ཉེས་པའི་སྐྱོན་རྣམས་ཚངས་པར་མཛད། །ཐུགས་རྗེ་ཆེན་པོ་ཉིད་ལ་ འདུད། །བདེན་པའི་ཚིགས་གིས་མི་བསླུ་བར། །འཇིག་རྟེན་སྐྱོང་བ་རྣམས་ཀྱིས་གཙོ། །ཚངས་ པར་གྱུར་པའི་ངག་དང་ལྡན། །རྣམ་པར་འདྲེན་པ་ཁྱོད་ལ་འདུད། །ཅེས་པ་དང༌། ཡང་ན། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་འདུ་ སྐྱབས་པའི་ཕྱིར། །ཐུགས་རྗེའི་དབང་གི་སྐུ་སྤྲུལ་པ། །རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ། ། ཉོན་མོངས་བསྲེག་པའི་ཤེས་རབ་འོད། །བསྐལ་བའི་མེ་ལྟར་གཟི་བརྗིད་འབར། །མངོན་ ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་ ཞིང་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གནྚི་བསྣམས། །ཆོས་ཀྱི་བདུད་རྩིས་ཡོངས་ ལ་བསིལ། །ཉེས་བའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། ། ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། དེ་ ནས་ལས་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་བརྟན་པོ་དང་ལྡན་པ་དང༌། ཁྱད་པར་བྱ་བ་ ཀུན་རྫོབ་ཀྱི་མེ་ལ། དོན་དམ་ཡེ་ཤེས་ཀྱི་མེ་ཀུན་ཏུ་དགའ་བའི་ཆོས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ འཁོར་ཆེན་པོ་རྟག་ཏུ་ཁྱབ་པར་བཞུགས་པའི་མོས་པ་བརྟན་པོ་དང་ལྡན་པས་ཡཾ་ཤིང་མར་གྱི་ སྦགས་པ་རྣམས་དང༌། བླུགས་གཟར་གྱི་སྦྱིན་སྲེག་གི་རྫས་རྣམས་དང༌། དགང་གཟར་གྱིས་ སྲེག་བླུགས་རྣམས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མེའི་ཞལ་ཕྱེ་བ་ལ་དབུལ་ བར་བྱ་ཞིང༌། དེ་དག་གིས་ཀྱང་གསོལ་བར་བསམ་པར་བྱའོ། །གོང་དུ་སྨོས་པའི་ཡམ་ཤིང་ དེ་ལྟ་བུ་མ་རྙེད་ན་ཡང༌། །ཚེར་མ་ཅན་གྱི་ཤིང་ལ་སོགས་པ་མ་ཡིན་པ་ཐང་ཤི་ལ་སོགས་པ་ 7-1-463 ཉིད་ལ། ༀ་བོདྷི་བྲིཀྵ་སྱེ་སྭཱཧཱ། ཀལ་པ་བྲིཀྵ་སྱ་སྭཱཧཱ། ཞེས་བརྗོད་ཅིང་དེ་དང་དེར་མོས་པ་ བྱ་སྟེ། གོང་དུ་བསྟན་པའི་ཡཾ་ཤིང་ལ་སོགས་པའི་སྔགས་ཀྱང་ཡང་ན་འདིར་བརྗོད་པར་བྱའོ། ། གང་གི་ཚེ་བླུགས་གཟར་མེད་ན་དེའི་ལག་པ་གཡོན་པ་གན་རྐྱལ་དུ་གནས་པ་དང༌། གཡས་ པ་མཆོག་སྦྱིན་གྱི་མཐེ་བོས་རྫས་རྣམས་བསྐྱོད་ཏེ་དབུལ་བར་བྱའོ། །དེ་ཡང༌། དང་པོར། ༀ་ ཨཱཿཧཱུཾ་ཧོཿཧཾ་ཀྵཿསཱཧཱ། ཞེས་པ་རྡོ་རྗེ་དྲུག་གི་སྔགས་བརྒྱ་རྩ་བརྒྱད་ཀྱི་ཡཾ་ཤིང་བརྒྱ་རྩ་བརྒྱད་ དབུལ་བར་བྱ་ཞིང༌། དེ་བཞིན་དུ། དུར་བ་འོ་མས་སྦགས་པ་རྣམས་དང༌། ཏིལ་ཡང་སྔགས་ བརྒྱ་རྩ་བརྒྱད་ཀྱི་ལན་བརྒྱ་རྩ་བརྒྱད་དབུལ་ལོ། །དེ་ནས་སྙིང་པོའི་སྔགས་ༀ་ཧྐྵྨླྺྼྻྃ་སྭཱཧཱ་ཞེས་པ་ འདི་དགང་གཟར་མར་གྱི་བཀང་བའི་སྲེག་བླུགས་དབུལ་བར་བྱ་ཞིང༌། བརྒྱ་རྩ་བརྒྱད་དམ་ ཇི་ལྟར་རྙེད་པའོ། །དེ་བཞིན་དུ། ༀ་ཧྲཱཾ་ཧྲཱིཾ་ཧྼྀཾ་ཧྲུཾ་ཧྲླྀཾ་ཧྲཱཿསྭཱཧཱ། ཞེས་པ་ཡན་ལག་དྲུག་ གི་སྔགས་དང༌། ༀ་ཨ་ཨཱ་ཨི་ཨཱི་ར་རཱ་ཨུ་ཨཱུ་ལ་ལཱ་ཨཾ་ཨཱཿསྭཱཧཱ། ཞེས་པས་ཕུང་པོ་དང་ཁམས་ གཞན་རྣམས་ཀྱི་སྔགས་དང༌། ༀ་ཨ་ཨཱ་ཨཻ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿསྭཱཧཱ་ཞེས་ པས་སྐྱེ་མཆེད་གཞན་བཅུ་གཉིས་ཀྱི་སྔགས་དང༌། ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧི་ཧཱ་སྭཱཧཱ། ཞེས་པས་ལས་ཀྱི་དབང་པོ་ཡུལ་དང་བཅས་པ་གཞན་གྱི་སྔགས་ཀྱིས་སོ་སོར་ཡམ་ཤིང་དང་ སྲེག་རྫས་དབུལ་བར་བྱ་སྟེ། སྔགས་དང་སྲེག་རྫས་སོ་སོར་བརྒྱ་རྩ་བརྒྱད་ཀྱིས་སོ། ། གཞན་ཡང་ཡཾ་ཤིང་འབུལ་བ་རྫོགས་པའི་རྗེས་སུ། ཁྱིམ་བདག་གི་མེའི་སྔགས་ལན་རེ་ དང༌། ཏིལ་འབུལ་བ་ན། ༀ་སརྦ་པཱ་པ་ད་ཧ་ནཱ་བཛྲ་ཡ་སྭཱཧཱ། ཞེས་པའམ། འདོད་པའི་མེའི་ སྔགས་ཅི་རིགས་པ་བརྗོད་པར་བྱ་ཞིང༌། དུར་བ་འབུལ་བ་ན། ཚེ་རིང་བའི་དོན་དུ། ༀ་བཛྲ་ ཨ་ཡུ་ཤེ་སྭཱཧཱ། ཞེས་པའང་ཅི་རིགས་པ་བརྗོད་པར་བྱ་སྟེ་མན་ངག་གོ། སྲེག་བླུགས་ནི་ཐམས་ ཅད་དུ་སྙིང་པོའི་སྔགས་ཀྱི་དབུལ་བར་བྱའོ། །སྔགས་ཀྱི་ཚིག་འདི་དག་ལས་སོ་སོ་བའི་ཞི་བ་ ལ་སྭཧཱའི་གནས་སུ་ན་མཿ ཞེས་པ་སྦྱར་བར་བྱའོ། །འདི་དག་གི་མཚམས་རྣམས་སུ། ཞི་བ་ 7-1-464 ལ་ཆེ་གེ་མོའི་ནད་དང་གནོད་པ་དང༌། བར་དུ་གཅོད་པ་དང༌། བཀྲ་མི་ཤིས་པ་དང༌། བསྐལ་ པ་ངན་པ་དང༌། སྡིག་པ་དང༌། སྒྲིབ་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱན་ཏིཾ་ ཀུ་རུ་སྭཱཧཱ། ཞེས་པ་དང༌། རྒྱས་པ་ལ་ཆེ་གེ་མོའི་ཚེ་དང་དཔལ་དང་འབྱོར་པ་དང་དབང་ཕྱུག་ དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་མཐུན་པའི་ཕྱོགས་ཐམས་ཅད་པུཥྟིཾ་ ཀུ་རུ་སྭཱཧཱ། ཞེས་པའི་སྤེལ་ཚིག་ཀྱང་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །རྒྱས་པར་བྱེད་ན། ། ཡཾ་ཤིང་དང་སྲེག་རྫས་དང་སྲེག་བླུགས་འབུལ་བ་སྡེ་ཚན་རེ་རེའི་རྗེས་སུ་ཡང་མཆོད་པ་དང་ བསྟོད་པ་ཅི་རིགས་པ་བྱ་སྟེ་དངོས་གཞིའི་ཆོ་གའོ། ། གསུམ་པ་རྗེས་ཀྱི་ཆོ་ག་ནི། དེ་ནས་ཟན་དང་ཆུ་གཟུང་ནས་ཐབ་ཀྱི་ཕྱི་རོལ་ཏུ་ཕྱིན་ནས། ༀ་བྷུར་བཱུ་ཝ་སྭཱཧཱ། ན་མོ་དེ་ཝི་བྷྱ་སྭ་སྟི་པྲ་ཛཱ་བྷྱཿ སྭཱ་ཧཱ་ར་ཛ་བྷྱཿ སྭདྷཾ་པི་ཏྲི་བྷྱཿ ཨ་ལཾ་བྷཱུ་སྟེ་ བྷྱ༔ ཝ་ཥ་ཊཱིཎ་ཏྲ་ཡ། ཞེས་པའི་བཀྲ་ཤིས་བརྗོད་ཅིང༌། ཟན་དང་ཆུ་ཕྱི་རོལ་ཏུ་གཏོར་ནས་ དེར་བསང་གཏོར་བྱ་སྟེ་སླར་ཡང་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས། ༀ་ཨཱཿཧཱུཾ་ཀཱ་ཡ་ ཝཱཀ་ཙིཏྟ་སྭབྷ་ཝ་ཤུདྷ་སྭཱཧཱ། ཞེས་པ་འདིས་མེ་ལ་ཡང་ཀུ་ཤའི་ཆུའི་བསང་གཏོར་བྱའོ། །དེ་ ནས་སླར་ཡང་དྲི་དང་སྤོས་ལ་སོགས་པས་མཆོད་ཅིང་བསྟོད་ཏེ་དངོས་གྲུབ་ཞུའོ། །དེ་ནས་མ་ ཚང་བ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་ཁར་ སྦྱར་ལ་བཟོད་པར་གསོལ་བར་བྱའོ། །གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་ མཛོད། །གང་ཡང་ནུས་པ་མ་མཆིས་པས། །མ་རྙེད་ཡོངས་སུ་མ་ཤེས་དང༌། །འདིར་ནི་བྱ་བ་ གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། །ཞེས་བརྗོད་ཅིང་ལྷག་པ་དང་ཆད་ པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །དེ་ནས། ༀ་ཁྱོད་ཀྱི་སེམས་ ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ 7-1-465 ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པ་དང༌། ༀ་ཛཿ གཙྪ་གཙྪ་མ་ཧཱ་ རསྨཱིན་སྭཱ་སྠཱ་ནཾ་སཾ་ཏྲིས་ཏྭ་ཧོཿ སུ་ནཱ་རཱ་ག་མི་ཥེ་སི་དེ་ཝཱ་སྱ་ཡ་ད་ཨཱ་ཧྲཱ་ན་ཡཱ་མི་སྭཱཧཱ། ཞེས་པ་ འདིས་དབུགས་ནང་དུ་འཇུག་པ་དང་ལྷན་གཅིག་ཡེ་ཤེས་ཀྱི་མེ་རང་གི་སྙིང་ཁའི་པད་མར་ གཤེགས་སུ་གསོལ་བར་བྱའོ། །དེ་བཞིན་དུ། བདག་གི་དོན་དང་གཞན་གྱི་དོན། །བྱོན་ཟ་ ཁྱོད་ཀྱི་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ ཐམས་ཅད་བསྒྲུབས། །ཞེས་པ་དང༌། ༀ་ཨག་ནེ་ཡེ་སྭ་སྠཱ་ན་གཙྪ་གཙྪ་ཞེས་པ་འདིས་མཆོད་ སྦྱིན་གྱི་མེ་དང་ཁྱིམ་བདག་གི་མེ་ཡང་རང་རང་གི་གནས་སུ་གཤེགས་སུ་གསོལ་བར་བྱ་སྟེ། སླར་ཡང་རྡོ་རྗེ་དང་དྲིལ་བུ་འཛིན་པས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པར་བྱ་སྟེ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་ཀྱི་སྙིང་ལ་གནས། །ཀུན་ཀྱི་བདག་ཉིད་རིགས་ ཀུན་ཀྱིས་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེ་ཡི་དེང་ ཁྱོད་སྦྱིན་སྲེག་མཆོག་ལ་བཀྲ་ཤིས་ཤོག །ཅེས་པ་དང༌། སྟེང་ན་བྱང་ཆུབ་སེམས་དཔའ་གང་ དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང༌། །མི་ཡི་འཇིག་ རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་རྣམས་ དང༌། །ས་འོག་དག་ན་གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་ཏུ་ ནི་འཆིང་བྱེད་པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ ནས་སྐྱོང་བར་བྱེད་གྱུར་ཅིག །ཅེས་པ་ལ་སོགས་པ་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །དེ་ ལྟར་ན་འདིར་ནི་ཞི་བ་དང་རྒྱས་པའི་ལས་ཐམས་ཅད་པ་དང་ལས་སོ་སོ་བའི་སྦྱིན་སྲེག་གི་ཆོ་ གའི་ངེས་པ་ཙམ་ཞིག་མདོར་བསྡུས་པ་ལུགས་གཞན་ལས་འབྱུང་བའི་ཆོ་གའི་ཡན་ལག་ཁ་ བསྐང་དུ་མི་རུང་བ་མ་ཡིན་པ་རྣམས་ཀྱིས་ཅུང་ཟད་ཁ་བསྐང་ནས་བསྟན་པ་སྟེ། ལས་གཞན་ དང་གཞན་བསྒྲུབ་པའི་ངེས་པ་དང་སྦྱིན་སྲེག་གི་ཆོ་ག་རྒྱ་ཆེར་ནི། དཔལ་ལྡན་རྒྱུད་དང་རྒྱས་ 7-1-466 འགྲེལ་གྱི་དགོངས་པ་ཇི་ལྟ་བ་བཞིན་དུ་བཀོད་པ་ཆོས་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་ཞལ་སྔ་ནས་རྣམ་པར་སྦྱར་བའི་སྦྱིན་སྲེག་གི་ཆོ་ག་ནང་གི་མུན་སེལ་ལས་ཁོང་དུ་ཆུད་ པར་བྱའོ། །དེ་ལྟར་བསྟན་པ་དེ་དག་ཀྱང༌། བསོད་ནམས་ཀྱི་ཚོགས་དང་དྲང་བའི་དོན་ཙམ་ ཏེ། ངེས་པའི་དོན་ནི། མཆོག་གི་དང་པོའི་སངས་རྒྱས་ལས། ལྟེ་བར་གཏུམ་མོ་བར་བ་ཡིས། ། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌། །སྤྱན་མ་མིག་ལ་སོགས་པ་ཡང༌། །བསྲེག་ནས་རི་ བོང་ཅན་ཧཾ་འཛག །ཅེས་པ་དང༌། དཔལ་དགྱེས་པ་རྡོ་རྗེ་བསྡུས་པའི་རྒྱུད་ལས་ཀྱང༌། སྔགས་ བཟླས་མེད་དཀའ་ཐུབ་མེད་ལ་བསྲེག་བླུགས་མེད། །དཀྱིལ་འཁོར་བ་ཡང་ཡོད་མིན་དཀྱིལ་ འཁོར་ཡང་ནི་མེད། །དེ་ཉིད་སྔགས་བཟླས་དཀའ་ཐུབ་དང་ནི་སྦྱིན་སྲེག་ཏེ། །དེ་ཉིད་དཀྱིལ་ འཁོར་པ་ཡིན་དེ་ཉིད་དཀྱིལ་འཁོར་ཉིད། །མདོ་རུ་བསྡུས་ན་སེམས་ནི་བསྡུས་པའི་ཚུལ་ཅན་ ནོ། །ཞེས་པ་དང༌། རྩ་བའི་རྒྱུད་འབུམ་ཕྲག་ལྔ་པ་ལས་ཀྱང༌། ཡེ་ཤེས་སྨྲ་བ་པོ་རྣམས་ལ། །ཡེ་ ཤེས་གཅིག་པུས་ལས་ཀུན་བྱེད། །བཟླས་མིན་ཕྲེང་བ་མེད་པ་དང༌། །སྦྱིན་སྲེག་སྔགས་དང་ མཆོད་པ་མེད། །བསམ་གཏན་ཙམ་གྱིས་ལས་ཀུན་ནི། །རྣལ་འབྱོར་རྣམས་ལ་འགྲུབ་པར་ འགྱུར། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར། ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེ་རབ་ ཏུ་འབར་བས་གཡས་དང་གཡོན་གྱི་རླུང་དང་དཀྱིལ་འཁོར་བཅུ་དང་གཟུང་བ་དང་འཛིན་ པའི་རྣམ་པར་རྟོག་པ་ཐམས་ཅད་བསྲེག་ནས་འགྱུར་བ་མེད་པའི་བདེ་བ་ཆེན་པོ་ཕྱག་རྒྱ་ཆེན་ པོའི་དངོས་གྲུབ་བསྒྲུབ་པའི་ཐབས་བླ་ན་མེད་པའི་སྦྱིན་ཡན་ལག་དྲུག་གི་རྣལ་འབྱོར་ལ་ཆེས་ ཤིན་ཏུ་བརྩོན་པར་བྱའོ། །ཇི་སྲིད་མངོན་ཤེས་ལྔ་དང་མི་ལྡན་དེ་སྲིད་ཞི་དང་རྒྱས་པ་དང༌། ། དབང་དགུག་ལས་ནི་སྔགས་པས་རབ་བསྒྲུབ་མངོན་སྤྱོད་ལས་རྣམས་མི་བྱ་བར། །དཔལ་ ལྡན་རྒྱུད་ཆེན་ཀུན་ཀྱི་གསལ་བྱེད་དྲི་མེད་འོད་ལས་གསུངས་པའི་ཕྱིར། །དང་པོའི་ལས་ ཅན་སྔགས་པས་བསྒྲུབ་བྱ་སྦྱིན་སྲེག་ཆོ་གའི་ཚུལ་འདི་ནི། །བླ་མེད་རྒྱུད་དང་རྒྱས་འགྲེལ་ 7-1-467 དོན་བཞིན་བླ་མའི་གདམས་པས་རབ་བརྒྱན་ཏེ། །དགེ་སློང་རྡོ་རྗེ་འཛིན་པའི་ཆར་གཏོགས་ ཕྱོགས་ལས་རྣམ་རྒྱལ་བདག་གིས་སྦྱར། །ཉེས་པ་ཅི་མཆིས་བླ་མ་དང་ནི་རྡོ་རྗེ་མཁའ་འགྲོའི་ ཚོགས་རྣམས་དང༌། །མཁས་པའི་སྤྱན་སྔར་བཟོད་པར་གསོལ་བགྱི་བདག་གི་ཚངས་པའི་ གནས་ཐོབ་ཤོག །འདི་བཀོད་དགེ་བས་ཕུང་པོ་ཁམས་དབང་རྣམས། །ལྟེ་བའི་གཏུམ་མོ་ འབར་བས་རབ་བསྲེགས་པའི། །སྦྱིན་སྲེག་མཆོག་ལ་བདག་ཉིད་མྱུར་ཞུགས་ཏེ། །བདེ་ཆེན་ ལམ་གྱི་འགྲོ་རྣམས་སྒྲོལ་གྱུར་ཅིག །སྦྱིན་སྲེག་གི་ཆོ་ག་རྡོ་རྗེ་མེ་འོད་ཀྱི་ཕྲེང་བ་ཞེས་བྱ་བ་འདི་ ཆོས་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པའི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་ཅིང་གསུང་གིས་བདུད་ རྩིས་ཉེ་བར་བསྐྱངས་པའི་དགེ་སློང་མངའ་རིས་པ་ཕྱོགས་ལས་རྣམ་རྒྱལ་གྱིས་དཔལ་ངམ་ རིང་གིས་གཙུག་ལག་ཁང་དུ་ཉེ་བར་སྦྱར་བའོ།། །། སྭ་སྟི་པྲ་ཛཱ་བྷྱཿསྭཱཧཱ། །མངྒལཾ་བྷ་ཝ་ཏུ། མ་ཡིག་འབྲ་དཔེ་རྙིང། ༼ཕྱི་ཀ༡༤༨༽ 7-1-468 ༄༅། །ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐང་བ་རྡོ་རྗེ་འབར་བ་ཆུང་ངུའི་ དབུ་ལ་གཟིགས། ༄༅། །ཧཱུྃ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་། །རྡོ་རྗེ་རོ་ལངས་སྟོང་ཆེན་ཡུམ། བསྟན་ འཛིན་བླ་མར་བརྒྱུད་པར་བཅས། །སུ་མ་པུ་རི་གཤེགས་སུ་གསོལ། །ཨུ་རྒྱན་གནས་ནས་ གཤེགས་སུ་གསོལ། །མཁའ་སྤྱོད་གནས་ནས༴ གནས་ཁང་འདི་ལ༴ པདྨའི་གདན་ལ་ བཞུགས་སུ་གསོལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུད་སྤོས་སྣང་གསལ་ དྲི་མཆོག་དང་། །ཞལ་ཟས་སྒྲ་སྙན་རོལ་མོ་རྣམས། །ཡི་དམ་འཁོར་དང་བཅས་ལ་འབུལ། ། སྔགས་དང་ཕྱག་རྒྱས་བྱིན་རླབས་པའི། །རྒྱ་ཆེན་གཏོར་མའི་མཆོད་པ་འདི། །ཡི་དམ་རྡོ་ རྗེ་འཇིགས་བྱེད་དང་། །རྡོ་རྗེ་ཡུམ་ཆེན་ཐུགས་དམ་བསྐང་། །བདེ་སྟོང་དབྱེར་མེད་ཧེ་རུ་ཀ ། བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ནི། །སྐུ་མདོག་ནག་པོ་རབ་ཏུ་འབར། །དྲག་པོ་ཆེན་པོ་དྲག་ ཤུལ་ཆེ། །འཇིག་པ་དག་ཀྱང་འཇིག་པར་བྱེད། །རྐང་པའི་སྟབས་ཀྱི་ས་གཞི་གནོན། །ལྷ་དང་ ལྷ་མིན་མི་རྣམས་ལ། །བསྡིག་པའི་ཕྱག་རྒྱ་བསྡིག་མཛད་པ། །ཞལ་དགུ་པ་ལ་ཞབས་བཅུ་ དྲུག །ཕྱག་རྒྱ་སུམ་བཅུ་སོ་བཞི་པ། །མ་ཧེའི་འཇིགས་པའི་གདོང་པ་ཅན། །བསྐལ་པའི་མེ་ འབར་ལྟ་བུའི། །ལྷ་མཆོག་རྣམ་པར་གཙིགས་པའི། །ལྕེ་ནི་རབ་ཏུ་འདྲིལ་ཞིང་འདབེས། །ལྷ་ དང་ལྷ་མ་ཡིན་རྣམས་དང་། །གདུག་པ་ཅན་རྣམས་གསོལ་བར་མཛོད། །དབུ་སྐྲ་ཁམ་པ་གྱེན་ དུ་བརྫེས། །དྲག་པོ་ཆེན་པོ་གཡོན་བརྐྱངས་པའི། །སྟབས་སུ་གནས་པའི་མཚན་བསྒྲིང་བའི། ། 7-1-469 གསུས་ཁྱིམས་ཆེ་ཞིང་ལྕེ་འཇིབ་པའི། །མི་མགོ་ལྔ་བཅུའི་ཕྲེང་བ་བརྒྱན། །ཕྱག་རྒྱ་ལྔའི་རྣམ་ པར་མཛེས། །མི་མགོ་སྐམ་པོ་དབུ་རྒྱན་ཅན། །འཇིགས་བྱེད་ཁྱེད་ལ་ཕྱག་འཚལ་ལོ། །བསྐང་ ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཡུམ་ཆེན་རོ་ལངས་ཐུགས་དམ་བསྐང་། །བཀའ་དང་བསྟན་ པ་སྐྱོངས་མཛད་པ། །བརྒྱ་བྱིན་གཤིན་རྗེའི་ཆུ་ལྷ་དང་། །གནོད་སྦྱིན་དབང་ལྡན་མེ་ལྷ་དང་། ། སྲིན་པོ་རླུང་ལྷ་ཚངས་པ་དང་། །ཕྱོགས་སྐྱོང་བཅུའི༴ མི་མཐུན་ཕྱོགས་རྣམས་ཞི་བར་མཛོད། ། ཧཱུྃ་འཁོར་ལོ་འབར་བའི་གཞལ་ཡས་དབུས། །ཁྲོ་རྒྱལ་རྡོ་རྗེ་འཇིགས་བྱེད་ཀྱིས། །བཀའ་ ཉན་ཆོས་ཀྱི་རྒྱལ་པོའི་ཚོགས། །ལྷོ་ཕྱོགས་འཆི་བདག་གྲོང་ཁྱེར་དུ། །དམ་བཅས་ཐུགས་རྗེ་ དབང་གི་བསྐུལ། །བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས། །རྣལ་འབྱོར་སྐྱོང་ཕྱིར་ གཤེགས་སུ་གསོལ། །ཡ་བ་ཏི་དང་ཆོས་ཀྱི་རྒྱལ། །རྡེལ་པ་དང་ནི་གླང་མགོ་ཅན། །མིག་ མར་ཕྱ་སངས་རྨིགས་པ་དང་། །ཚར་དགུ་ཅན་གྱི་ཐུགས་དམ་བསྐང་། །བདག་དང་བདག་ གི་འཁོར་རྣམས་བསྲུང་། །དམ་ལ་མ་འདའ་དམ་ཚིག་ཅན། །སྲིད་གསུམ་སེམས་ཅན་བདེ་ བར་མཛོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །གཞན་ཡང་ཐུགས་དམ་བསྐང་བ་ནི། ། གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་ལ། །ཤ་སྣ་སྟོང་དང་སྙིང་སྣ་སྟོང་། །དོན་སྣ་སྟོང་དང་ཁྲག་སྣ་ སྟོང་། །འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་དང་། །ལྷ་དང་མི་ཡི་འདོད་ཡོན་ཀུན། །མཆོད་པའི་ཡོ་ བྱད་ཅི་སྙེད་ཀུན། །བསྐང་ངོ་ཁྱེད་ཀྱི༴ འཇམ་དབྱངས་འཁྲོས་པའི་གཤིན་རྗེ་གཤེད། །ལས་ མཁན་འཁོར་དང་བཅས་པ་ལ། །མཉེས་པའི་མཆོད་རྫས་བདག་གི་འབུལ། །ཁྱེད་རྣམས་ ཐུགས་དམ་བསྐང་གྱུར་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །གནོད་ཅིང་འཚེ་བར་བྱེད་ པ་ཡི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ རྨི་ལམ་ལྟས་སྡིག་ངན་པ༴ ཕ་རོལ་བྱད་ཁ་ཕུར་ཁ༴ གཞན་གྱི་ བསམ་སྦྱོར་ངན་པ༴ བདག་ཅག་གནས་པའི་ས་ཀུན་ཏུ། །རིམས་ནད་ཡམས་ནད་ངན་པ༴ 7-1-470 མདོར་ན་མི་མཐུན་ཕྱོགས་རྣམས་ཀུན། །རྐྱེན་ངན་ཐམས་ཅད་བཟློག་ཏུ་གསོལ། །ཚེ་བསྲིང་ དཔལ་བསྐྱེད་འབྱོར་པ་ཀུན། །ཕུན་ཚོགས་པར་མཛད་དུ་གསོལ། །མདོར་ན་གང་དང་གང་ བཅོལ་པའི། །ཞི་རྒྱས་དབང་དང་མངོན་སྤྱོད་ལས། །བདག་གི་ཅི་ལྟར་འདོད་པ་ཡི། །ལས་ རྣམས་ཐམས་ཅད་འགྲུབ་པར་མཛོད། །ཅེས་པ་འདི་ཡང་ཕྱོགས་རྒྱལ་གྱིས་མཛད་པ་ལེགས་སོ། །བཀྲ་ཤིས་བདེ་ ལེགས་ཕུན་སུམ་འཚོགས་པར་མཛད་པར་ཤོག །དགེའོ། །སརྦ་མངྒ་ལཾ། བསྐང་བ་འདིའི་མ་ཡིག་དགོན་པ་ལ་ཁའི་དམར་ཆེན་ནང་དུ་ཡོད།