6-1-1 ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་གསུང་འབུམ། ༼ཆ༽ 6-1-2 དཀར་ཆག ཐོག་མའི་གླེང་བརྗོད། .................................................................(1) ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་རྣམ་ཐར་མདོར་བསྡུས། ...............................(1) ༄༅། །བདེ་གཤེགས་སྙིང་པོའི་རྒྱན་གྱི་འཁྲུལ་འཇོམས་ ཞེས་པ་ཕྱོགས་ལས་པས་བྱས་པའོ། །...............................................(1) འཁྲུལ་འཇོམས་གཉིས་པ་ཞེས་བྱ་བ་བཞུགས་སོ། །.................................(117) ༄༅། །ཟབ་ལམ་གྱི་སྔོན་འགྲོའི་ཁྲིད་ཡིག་བཞུགས་སོ། །..........................(117) ༄༅། །ཟབ་ལམ་གྱི་ཐོག་མར་དགེ་བའི་ཁྲིད་ཡིག་བཞུགས་སོ། །...................(141) ༄༅། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གསུང་བར་དུ་དགེ་བའི་ ཁྲིད་ཡིག་བཞུགས། .......................................................(179) ༄༅། །ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ཐ་མར་དགེ་བའི་ ཁྲིད་ཡིག་བཞུགས། ..........................................(209) ༄༅། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ངོ་སྤྲོད་གསང་དོན་ རབ་གསལ་ཞེས་བྱ་བ་བཞུགས་སོ། །...........................................(239) ༄༅། །ཆོས་རྗེ་ཕྱོགས་རྒྱལ་བའི་གསུང་སྒྲོས་ཟིན་རིས་བཞུགས་སོ། །.............(317) པར་བྱང་སྨོན་ཚིག.................................................................(411) 6-1-3 ༄༅། །བདེ་གཤེགས་སྙིང་པོའི་རྒྱན་གྱི་འཁྲུལ་འཇོམས་ ཞེས་པ་ཕྱོགས་ལས་པས་ བྱས་པའོ། ། (ཀུན་མཁྱེན་དོལ་པོ་པས་སེམས་ཅན་གྱི་རྒྱུད་ལ་ཆོས་ཉིད་ཡོད་པ་ཙམ་ལ་བདེ་བར་གཤེགས་པ་མཚན་ཉིད་པ་ཡོད་དོ་ ཞེས་དྲང་དོན་གྱི་ལུང་ཐམས་ཅད་ངེས་དོན་དུ་བྱས་མཐའ་བྲལ་དབུ་མ་རྟག་ལྟ་རུ་བྱས་མུ་སྟེགས་བྱེད་ཀྱི་བདག་སངས་རྒྱས་ལ་ ཡོད་དོ་ཞེས་འཁྲུལ་བའི་མེ་ལོང་སྤོངས་བས་སོ། །) ༄༅། །ཤིན་ཏུ་ཟབ་ཅིང་བརྟག་པར་དཀའ་བ་བདེ་གཤེགས་སྙིང་པོའི་རྒྱན་གྱི་འཁྲུལ་ འཇོམས་ཞེས་བྱ་བ། ཐུབ་པའི་དབང་པོ་རྒྱལ་ཚབ་མི་ཕམ་མགོན་པོ་དང་བཅས་པ་ལ་གུས་ པའི་ཕྱག་འཚལ་ལོ། ། སངས་རྒྱས་ཀུན་བདག་རྟག་བརྟན་ཟག་མེད་ཡོན་ཏན་གཏེར། ། ཀུན་མཁྱེན་ཆོས་ཉིད་འགྲོ་བ་ཀུན་ལའང་གནས་གཟིགས་ནས། ། ལུས་ཅན་མ་ལུས་སངས་རྒྱས་སྙིང་པོ་ཅན་ཉིད་དུ། ། ལེགས་པར་སྟོན་མཛད་བདེན་གསུང་སྐྱོབ་ལ་ཕྱག་འཚལ་ཏེ། ། ཤིན་ཏུ་རབ་རྒྱས་ངེས་དོན་གསུང་རབ་སྙིང་པོའི་དོན། ། བདེ་གཤེགས་སྙིང་པོ་མཐའ་བྲལ་ཟབ་མོ་དབུ་མའི་ལམ། ། ཚུལ་མིན་རྣམ་འབྱེད་རྟོག་གེའི་མུན་པས་བསྒྲིབས་གྱུར་པ། ། 6-1-4 བསལ་ནས་བདེ་གཤེགས་སྙིང་པོའི་དོན་རབ་གསལ་བར་བྱ། ། དེ་ཡང་འདི་ལྟར་ཤིན་ཏུ་རྒྱས་པ་ངེས་པའི་དོན་གྱི་མདོ་སྡེ་རྒྱུད་བླ་མའམ་ཕྱི་མར་གྱུར་ པའི་དོན་གྱི་སྙིང་པོ་ཟབ་པ་ལས་ཀྱང་ཆེས་ཟབ་པ་དེ་གཞིན་གཤེགས་པའི་སྙིང་པོ་སངས་ རྒྱས་ཀྱི་ཟག་པ་མེད་པའི་ཡོན་ཏན་གཞལ་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་རང་བཞིན་ཉིད་ ཀྱིས་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་སེམས་ཀྱི་ཆོས་ཉིད་རང་བཞིན་ གྱིས་འོད་གསལ་བའི་བདག་ཉིད་དུ་གནས་པ། བདག་དང༌། རྟག་པ་དང༌། བརྟན་པ་དང༌། ཞི་བ་དང༌། གཡུང་དྲུང་ལ་སོགས་པའི་ངོ་བོ་ཉིད་ཡིན་པ་ལ་ནི། སྒྲ་ཇི་བཞིན་པར་གཟུང་ན་མུ་ སྟེགས་བྱེད་ཀྱི་བདག་ཏུ་ལྟ་བ་དང་ཁྱད་པར་མེད་པར་འགྱུར་རོ་ཞེས་མཁས་པ་མང་པོ་རྣམས་ རྣམ་པར་རྟོག་པར་བྱེད་ཅིང༌། མཁས་པའི་དབང་པོ་མཁན་ཆེན་རིན་པོ་ཆེ་བུ་སྟོན་པས་མཛད་ པ། དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བའི་བསྟན་བཅོས་ལས་ཀྱང༌། དེ་བཞིན་ གཤེགས་པའི་སྙིང་པོ་སྟོན་པའི་མདོ་རྣམས་དྲང་བའི་དོན་ལྡེམ་པོར་དགོངས་པ་སྒྲ་ཇི་བཞིན་ པ་མ་ཡིན་བར་སྟོན་པར་བྱེད་པས། བསྟན་བཅོས་དེ་ཉིད་ལ་རྣམ་པར་བརྟག་པའི་གཞི་བྱས་ ནས། དེ་བཞིན་གཤེགས་པའི་སྙིང་པོའི་དོན་གཏན་ལ་དབབ་པར་བྱའོ། ། དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ལས། དཔེར་ན་སྨན་པ་མཁས་པས་ཐོག་ མར་སྨན་དཔྱད་ཀྱི་རྒྱུད་སྔ་མ་སློབ་པར་བྱེད་ལ། དེ་ནི་སློབ་མ་ཕལ་པ་རྣམས་ལ་ཡང་སློབ། དེ་ལེགས་པར་ལོབས་ནས་རང་གི་བུ་ལ་སྔགས་དང་སྨན་གྲུབ་པའི་ལས། འཁྱུད་དཔྱད་དུག་ བདུད་རྩིར་འགྱུར། བདུད་རྩི་དུག་ཏུ་འགྱུར་པ་ལ་སོགས་པ་སྒྲ་ཇི་བཞིན་པ་མ་ཡིན་པའི་ སྨན་དཔྱད་ཟབ་མོ་རྣམས་སྟོན་པ་བཞིན་དུ། སྟོན་པའི་ཀྱང་དང་པོར་མི་རྟག་པ་ལ་སོགས་ པའི་གཏམ་གྱིས་སྐྱོ་བ་བསྐྱེད་ནས་འདུལ་བ་ལ་འཛུད། དེའི་འོག་ཏུ་རྣམ་ཐར་སྒོ་གསུམ་གྱི་ གཏམ་བསྟན་ནས། དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད། དེ་ནས་ཕྱིར་མི་ལྡོག་ 6-1-5 པའི་འཁོར་ལོ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་བགྲོད་པ་གཅིག་པ་ཐེག་པ་གཅིག་པ་ སྐྱབས་གཅིག་པ་སངས་རྒྱས་གཞན་ནས་མི་ཚོལ་བའི་ཆོས་ཟབ་མོ་ནི་སྨན་དཔྱད་ཀྱི་རྒྱུད་ཕྱི་ མ་དང་འདྲ་བར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཡིན་ཏེ། དེས་ན་རྒྱུད་བླ་མ་ཞེས་བྱ་ བ་ཡང༌། བླ་མ་དང་ཕྱི་མ་སྐད་དོད་གཅིག་སྟེ་ཕྱི་མའི་དོན་ནོ། །ཡང་ན་གོང་མ་སྟེ་ཐེག་པ་ཆེན་ པོའི་རྒྱུད་གོང་མ་ཡིན་པས་དེ་སྐད་དུ་བརྗོད་དོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་(ལྷའི་ ཟླ་བས་བསྒྱུར་བ་)ལས། རིགས་ཀྱི་བུ་དཔེར་ན་སྨན་པ་ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་ ཕྱི་མ་ཤེས་པ་ཞིག་གིས་རང་གི་བུ་ལ། ཐོག་མར་རྒྱུད་ཀྱི་ཡན་ལག ཐང་དང་ཆུ་དང་རི་ལས་ སྐྱེས་པའི་སྨན་རྣམས་སློབ་པར་བྱེད་ཀྱི། ཐོག་མ་ཡན་ལག་སློབ་ཙམ་ན། རྒྱུད་ཕྱི་མར་སློབ་ པ་མི་བྱེད་དེ། གང་གི་ཚེ་ཚེའི་རིག་བྱེད་ཡན་ལག་བརྒྱད་བསླབས་ཟིན་པ་དེའི་ཚེ་ནི། རྒྱུད་ཕྱི་ མ་ལས་སྔགས་དང་སྨན་གྲུབ་པའི་ལས་སློབ་པར་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཉིད་ཀྱི་སྲས་དགེ་སློང་དག་ལ། ཐོག་མའི་ཡན་ལག་ཉོན་མོངས་པའི་རྣམ་པ་སྦྱང་བ་དང་ལུས་སྙིང་པོ་མེད་པར་སྒོམ་པ་དང༌། ཐང་དང་ཆུ་དང་རི་ལས་སྐྱེས་པ་ལྟ་བུ་རྣམ་པ་གསུམ་སྒོམ་པ་སློབ་པར་མཛད་དོ། །དེ་ལ་ཐང་ ཞེས་བྱ་བ་ནི་ལུས་ཀྱི་སྡུག་བསྔལ་རྣམ་པ་དུ་མ་རྣམས་སོ། །ཆུ་ཞེས་བྱ་བ་ནི་ལུས་འདི་ཆུའི་ཆུ་ བུར་ལྟ་བུར་མི་རྟག་པའོ། །རི་ཞེས་བྱ་བ་ནི་ཉོན་མོངས་པའི་རྣམ་པ་རྣམས་ལ་བདག་མེད་པ་ སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ལུས་འདི་ནི་བདག་མེད་པའོ་ཞེས་སློབ་པར་མཛད་དོ། ། གལ་ཏེ་དགེ་སློང་རྣམས་ཀྱིས་གསུང་རབ་ཡན་ལག་དགུའི་དོན་མ་མཐོང་ན་ནི། ཐེག་པ་ཆེན་ པོའི་མཆོག་འདི་སློབ་པར་མི་མཛད་དོ། །ད་ནི་སྨན་པ་ཆེན་པོ་བཞིན་དུ་དེ་བཞིན་གཤེགས་ པས་གསུང་རབ་ཡན་ལག་དགུ་ལ་དོན་གྱི་བྱ་བ་བྱས་ཟིན་པའི་དགེ་སློང་རྣམས་ལ། དེ་བཞིན་ གཤེགས་པའི་སྙིང་པོའི་རྒྱུད་ཕྱི་མ་ལས། དེ་བཞིན་གཤེགས་པའི་སྙིང་པོ་རྟག་གོ་ཞེས་སྟོན་ 6-1-6 པར་མཛད་དོ་ཞེས་གསུངས་སོ་ཞེས་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཡང༌། (སེམས་ཅན་ཡིན་ན་སངས་རྒྱས་ཡིན་པ་བུད། སངས་རྒྱས་ཡིན་ན་སེམས་ཅན་ཡིན་པ་བུད། སེམས་ཅན་ལ་ཆོས་སྐུ་མཚན་ ཉིད་པ་ཡོད་ན་སྒྲིབ་པ་ཐམས་ཅད་སྤྱོད་པ་དང་ཉོན་མོངས་པས་མི་གོས་པར་གསུངས་པའི་ཕྱིར་རོ་)སེམས་ཀྱི་རྒྱུད་ཉོན་ མོངས་པ་སྣ་ཚོགས་ཀྱི་སྦུབས་ཀྱིས་གཏུམ་པའི་ནང་ན་དེ་བཞིན་གཤེགས་པ་ཡོད་པ་སྟེ། ཙན་ དན་གྱི་སྦུབས་ན་སྤྲུལ་ཡོད་པ་ལ་ཙན་དན་སྦྲུལ་གྱི་སྙིང་པོ་ཟེར་བ་ལྟ་བུ་ཡིན་ཞེས་འབྱུང་ལ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལྷའི་ མིག་ཅན་ཞིག་གིས་འདི་ལྟར་ཁ་དོག་ངན་ཅིང་འདི་ལྟར་དྲི་ང་བའི་པདྨ་ཁ་མ་བྱེ་ཞིང་མ་གྱེས་ པ་དག་ལ་བལྟས་ཏེ། དེའི་དབུས་ན་པདྨའི་སྙིང་པོ་ལ་དེ་བཞིན་གཤེགས་པ་དཀྱིལ་མོ་ཀྲུང་ བཅས་ཤིང་འདུག་པར་རིག་ནས། དེ་བཞིན་གཤེགས་པའི་གཟུགས་བལྟ་བར་འདོད་དེ། དེ་ བཞིན་གཤེགས་པའི་གཟུགས་དེ་ཡང་དག་པར་སྦྱང་བའི་ཕྱིར་པདྨའི་འདབ་མ་ཁ་དོག་ངན་ ཅིང་དྲི་ང་ལ་སྨད་པར་འོས་པ་དེ་དག་འབྱེད་ཅིང་སེལ་བ་དེ་བཞིན་དུ་རིགས་ཀྱི་བུ་དག དེ་བཞིན་གཤེགས་པས་ཀྱང་སངས་རྒྱས་ཀྱི་མིག་གིས་སེམས་ཅན་ཐམས་ཅད་དེ་བཞིན་ གཤེགས་པའི་སྙིང་པོར་མཐོང་ནས། སེམས་ཅན་དེ་དག་གི་འདོད་ཆགས་དང་ཞེ་སྡང་དང་ གཏི་མུག་དང་སྲེད་པ་དང་མ་རིག་པའི་ཉོན་མོངས་པའི་སྦུབས་དབྱེ་བའི་ཕྱིར་ཆོས་སྟོན་ཏེ། དེ་ སྒྲུབ་པའི་དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པ་ཉིད་དུ་གནས་སོ། །རིགས་ཀྱི་བུ་དག་ འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་ རུང༌། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་(སངས་རྒྱས་ཀྱི་རྒྱུ་ཡོད་ པ་ལ་དགོངས་)ཡིན་ན། རིགས་ཀྱི་བུ་སྨད་པར་འོས་པའི་ཉོན་མོངས་པའི་སྦུབས་དག་གིས་ གཡོགས་པའི་དེ་དག་གི་ཉོན་མོངས་པའི་སྦུབས་གཞིག་པ་དང༌། དེ་བཞིན་གཤེགས་པའི་ཡེ་ ཤེས་ཀྱང་ཡོངས་སུ་སྦྱང་བའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ 6-1-7 པའི་སངས་རྒྱས་བྱང་ཆུབ་སེམས་པ་རྣམས་ལ་ཆོས་སྟོན་ཏེ་བྱ་བ་འདི་ལ་མོས་པར་བྱེད་དོ། ། ཞེས་སོགས་དཔེ་དགུའི་སྒོ་ནས་རྒྱས་པར་གསུངས་པ་དང༌། མྱ་ངན་ལས་འདས་པ་ཆེན་པོའི་ མདོ་རྒྱ་གར་ལས་བསྒྱུར་བ་ལས། གྱད་ཞིག་གི་དཔྲལ་བར་རྡོ་རྗེ་རིན་པོ་ཆེ་བརྒྱས་པ་ལས་ གྱད་གཞན་ཞིག་གི་མགོ་བོས་བརྡུངས་པས་རྨ་ནང་དུ་ནུབ་པ་སྨན་པས་བསྟན་པ་དཔེར་ མཛད་ནས། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་མོད་ ཀྱི། སེམས་ཅན་རྣམས་ཀྱིས་མི་ཤེས་ཏེ་མི་དགེ་བའི་གྲོགས་པོ་ལ་བརྟེན་པའི་ཉེས་པ་དང་ འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ནོན་པའི་སེམས་ཅན་རྣམས་སེམས་ཅན་དམྱལ་ བ་དང་དུད་འགྲོ་དང་ཡི་དྭགས་དང་ལྷ་མ་ཡིན་དང་གདོལ་པ་དང་བྲམ་ཟེ་དང་རྒྱལ་རིགས་ དང་རྗེ་རིགས་དང་དམངས་རིགས་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་དང༌། བུད་མེད་དབུལ་མོ་ ཞིག་གི་ཁང་ནང་གི་ས་འོག་ན་གཏེར་ཡོད་པ་མི་ཤེས་པ་ལ་སྐྱེས་བུ་ལྷའི་མིག་ཅན་ཞིག་གིས་ བསྟན་པ་དཔེར་མཛད་ནས། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་ ཐམས་ཅད་ལ་ཡོད་པ་མཐོང་བར་མི་ནུས་པ་ཙམ་དུ་ཟད་དེ། བུད་མེད་དབུལ་མོ་དེ་ཉིད་ལ་ གཏེར་ཡོད་པ་དང་འདྲའོ། །རིགས་ཀྱི་བུ་ད་ངས་སེམས་ཅན་ཐམས་ཅད་ལ་དེ་བཞིན་ གཤེགས་པའི་སྙིང་པོ་ཡོད་དོ་ཞེས་ཡང་དག་པར་བསྟན་པར་བྱ་སྟེ། ཇི་ལྟར་དབུལ་མོ་དེས་ གཏེར་ཆེན་པོ་ཡོད་པར་བསྟན་ཀྱང་མི་ཤེས་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དེ་ བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཡང་ཉོན་མོངས་པའི་རྣམ་པས་བསྒྲིབས་པས། སེམས་ ཅན་རྣམས་ཀྱིས་མི་ཤེས་ཤིང་མ་མཐོང་ནས། དེ་དག་ལ་དེ་བཞིན་གཤེགས་པས་བསྟན་ཏེ་ ཞེས་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ ཀྱང་སེམས་ཅན་ཐམས་ཅད་ལ་མངོན་པར་སངས་རྒྱས་པའི་རིན་པོ་ཆེའི་གཏེར་བསྟན་པ་ནི་ འདི་ལྟ་སྟེ། སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་པ་ནས་ཐབས་མཁས་པའི་སྐྱེས་བུ་ཞེས་བྱ་བ་ 6-1-8 ནི་དེ་བཞིན་གཤེགས་པའི་དཔེའོ། །བུད་མེད་དབུལ་མོ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཚད་མེད་ པའི་དཔེའོ། །གསེར་གྱི་གཏེར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་དཔེའོ་ཞེས་ གསུངས་པ་དང༌། རྔ་བོ་ཆེའི་མདོ་ལས། འོད་སྲུང་བཞི་པོ་འདི་དག་ནི་སེམས་ཅན་གྱི་ཁམས་ ན་སྒྲིབ་པའི་རྒྱུ་དང་གཏན་ཚིགས་ཀྱི་དཔེ་ཡིན་ཏེ། བཞི་གང་ཞེ་ན་མིག་ལིང་ཏོག་སེར་པོ་དང་ སྔོན་པོས་རབ་རིབ་ཏུ་གྱུར་པ་ལྟ་བུ་དང༌། ཟླ་བ་སྤྲིན་གྱིས་ཁེབས་པ་ལྟ་བུ་དང༌། ཁྲོན་པ་བརྐོ་ བ་ལྟ་བུ་དང༌། བུམ་པའི་ནང་གི་སྒྲོན་མ་ལྟ་བུའོ། །འོད་སྲུང་གཞི་པོ་འདི་དག་ནི་སྙིང་པོ་ཡོད་ དོ་ཞེས་བྱ་བའི་རྒྱུ་དང་གཏན་ཚིགས་ཡིན་ཏེ། རྒྱུ་དང་གཏན་ཚིགས་དེ་དག་གིས་སེམས་ཅན་ ཐམས་ཅད་དང་སྲོག་ཆགས་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་དེ། མཚན་དང་དཔེ་ བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་ནི་སྣང་བར་འགྱུར་ཞིང་ཁམས་དེས་སེམས་ཅན་ རྣམས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ལ་མིག་རབ་རིབ་ཅན་ཞེས་བྱ་བ་ ནི་ལིང་ཏོག་སེར་པོ་དང་སྔོན་པོས་ཡོག་ནས་རབ་རིབ་ཏུ་གྱུར་པ་བཅོས་སུ་རུང་བ་ནི་ཇི་སྲིད་ དུ་སྨན་པ་མ་རྙེད་པ་དེ་སྲིད་དུ་ལོང་བར་འགྱུར་ཞིང༌། སྨན་པ་རྙེད་ན་ཡང་མྱུར་དུ་མཐོང་བར་ འགྱུར་རོ། །སྔོན་པོས་ཡོག་ནས་རབ་རིབ་ཏུ་གྱུར་པ་དེ་བཞིན་དུ་ཉོན་མོངས་པ་བྱེ་བའི་སྦུབས་ ཀྱིས་ཁེབས་པའི་ཁམས་འདི་ཇི་སྲིད་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་དགའ་བར་ བྱེད་པ་དེ་སྲིད་དུ་བདག་ནི་བདག་མིན་པར་འགྱུར་ཞིང་བདག་གི་བདག་ཏུ་འགྱུར་རོ། །གང་ གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགའ་བར་གྱུར་པ་དེའི་ཚེ་བདག་ཏུ་འགྱུར་ ཞིང་དེའི་འོག་ཏུ་སྒྲུབ་ཏུ་རུང་བའི་མིར་འགྱུར་རོ། །མི་དེའི་མིག་ནད་ལིང་ཏོག་སེར་པོ་དང་ སྔོན་པོའི་རབ་རིབ་གང་ཡིན་པ་ལྟར་ཉོན་མོངས་པ་རྣམས་བལྟ་བར་བྱའོ། །དེ་བཞིན་ གཤེགས་པའི་སྙིང་པོ་ནི་མིག་བཞིན་དུ་ངེས་པར་ཡོད་དོ། །དེ་ལ་ཟླ་བ་སྤྲིན་གྱིས་ཁེབས་པ་ ཞེས་བྱ་བ་ནི་ཇི་ལྟར་སྤྲིན་སྟུག་པོས་ཁེབས་པའི་ཟླ་བའི་དཀྱིལ་འཁོར་མི་སྣང་བ་དེ་བཞིན་དུ། 6-1-9 ཉོན་མོངས་པའི་སྦུབས་ཀྱིས་ཁེབས་པའི་ཁམས་མི་སྣང་ངོ༌། །གང་གི་ཚེ་ཉོན་མོངས་པའི་ ཚོགས་སྤྲིན་བཞིན་དུ་བྲལ་བར་གྱུར་ན་དེའི་འོག་ཏུ་ཟླ་བ་ཉ་བ་བཞིན་དུ་ཁམས་སྣང་བར་ འགྱུར་རོ། །དེ་ལ་ཁྲོན་པ་རྐོ་བ་ཞེས་བྱ་བ་ནི་དཔེར་ན་མི་ཞིག་ཁྲོན་པ་རྐོ་ཞིང་རྐོ་བ་ན་ཇི་ཙམ་ ཇི་ཙམ་དུ་ས་སྐམ་པོ་བྱུང་བ་དེ་ཙམ་དེ་ཙམ་དུ་རྟགས་དེས་ན་འདི་ནས་ཆུ་རིང་ངོ་སྙམ་དུ་ སེམས་ཤིང༌། གང་གི་ཚེ་འཇིམ་པ་བྱུང་བ་དེའི་ཚེ་རྟགས་དེས་ན་འདི་ནས་ཆུ་ཉེའོ་ཞེས་ཤེས་ པར་འགྱུར་རོ། །གང་གི་ཚེ་ཆུ་ལ་ཐུག་པ་དེའི་ཚེ་རྐོ་བའི་མཐར་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་ ཉན་ཐོས་དང་རང་སངས་རྒྱས་རྣམས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་ཅིང་ ལེགས་པར་སྤྱད་པ་སྤྱོད་པ་བསྟེན་པས་ཉོན་མོངས་པ་རྐོ་བར་བྱེད་དེ་བརྐོས་ནས་ཆུ་བཞིན་དུ་ དེ་བཞིན་གཤེགས་པའི་སྙིང་པོ་རྙེད་པར་འགྱུར་རོ། །བུམ་པའི་ནང་གི་སྒྲོན་མ་ཞེས་བྱ་བ་ནི་ ཇི་ལྟར་བུམ་པའི་ནང་ན་སྒྲོན་མ་ཡོད་པའི་འོད་ལམ་མེར་མ་ཡིན་ལྷག་གེར་མ་ཡིན་ཞིང་ སེམས་ཅན་རྣམས་ལ་ཅི་ཡང་མི་བྱེད་པ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་མཚན་ དང་དཔེ་བྱད་མཐའ་ཡས་པ་དང་ལྡན་པར་གསུངས་པ་ཡང་སེམས་ཅན་རྣམས་ཀྱི་དོན་མི་ བྱེད་དོ། །གང་གི་ཚེ་ཡང་བུམ་པ་ཆག་ནས་དེ་ནས་སྒྲོན་མ་རང་སྣང་བས་སྲོག་ཆགས་རྣམས་ ཀྱི་དོན་བྱེད་པར་འགྱུར་བ་དེ་བཞིན་དུ་ཉོན་མོངས་པ་བྱེ་བའི་སྦུབས་ཅན་འཁོར་བའི་བུམ་པ་ ན་དེ་བཞིན་གཤེགས་པའི་སྙིང་པོ་གནས་པ་སྒྲོན་མ་བཞིན་རབ་ཏུ་འབར་ནས་འཁོར་བའི་ ཉོན་མོངས་པ་ཟད་པའི་ཚེ་བུམ་པ་ཆག་པའི་སྒྲོན་མ་བཞིན་དུ་དེ་བཞིན་གཤེགས་པ་སེམས་ ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །གཏན་ཚིགས་བཞི་པོ་འདི་དག་གིས་ཇི་ལྟར་ང་ལ་ སེམས་ཅན་གྱི་ཁམས་ཡོད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་ཡོད་པར་རིག་པར་ བྱའོ་ཞེས་གསུངས་པ་དང༌། སོར་ཕྲེང་གི་མདོ་ལས། སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཏུ་ནན་ ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་རྙེས་ཏེ། སེམས་ཅན་ཐམས་ 6-1-10 ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱེད་བཟང་པོ་མཐའ་ཡས་པས་ བརྒྱན་པའི་དབྱིངས་ཡོད་དེ་ཞེས་སོགས་རྒྱས་པར་གསུངས་ཤིང་དེ་ཉིད་ལས་བཙུན་པ་མོའུ་ འགལ་གྱི་བུ་ཆེན་པོ་གང་དེ་བཞིན་གཤེགས་པའི་སྙིང་པོ་བདེན་པ་ཡང་དག་པ་ཉིད་དོན་དམ་ པའི་སྐུ་རྟག་པའི་སྐུ་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་སྐུ། དོན་དམ་པའི་སྐུ་ ཐེར་ཟུག་གི་སྐུ་རྟག་པའི་སྐུ་དོན་དམ་པའི་སྐུ་སྟེ། ཆོས་ཀྱི་སྐུ་ཞི་བའི་སྐུ་དོན་དམ་པའི་སྐུ་ཆོས་ ཀྱི་སྐུ་དེ་ཁོ་ན་ལས་སྐྱེས་པའི་སྐུ་དེ་ཇི་ལྟར་སྟོན། དེ་བས་ན་མི་བདེན་པའི་ཆོས་ཀྱིས་འབྱུང་ངོ༌། ། བཅོམ་ལྡན་མདས་ཀྱི་བསྟན་པ་ཐམས་ཅད་ནི་མི་བདེན་པ་དང་བྲལ་བ་སྟེ་དེ་བས་ན་སངས་ རྒྱས་ཞེས་བྱའོ་ཞེས་གསུངས་པ་དང༌། དཔལ་ཕྲེང་གི་(སེང་གེ་སྒྲའི་)མདོ་ལས། བཅོམ་ལྡན་ འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་དམ་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ལགས་ སོ། །ཆོས་ཀྱི་སྐུའི་སྙིང་པོ་ལགས་སོ། །འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་ལགས་ སོ། །རིང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོ་ལགས་སོ། །བཅོམ་ལྡན་འདས་དེ་ བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པ་གློ་བུར་གྱི་ཉེ་བའི་ཉོན་མོངས་ པས་ཉེ་བར་ཉོན་མོངས་པ་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ། བསམ་གྱིས་མི་ཁྱབ་པ་ སྙམ་བདག་བགྱིད་དོ་ཞེས་གསུངས་སོ། །དེ་ལྟར་ཤིན་ཏུ་ཟབ་པའི་མདོ་དེ་རྣམས་ལས་དེ་ བཞིན་གཤེགས་པའི་སྙིང་པོའི་དོན་རྒྱ་ཆེར་གསུངས་པ་རྣམས་དགོངས་ཏེ་གསུངས་པ་ཁོ་ན་ ཡིན་པ་དང་དགོངས་ཏེ་གསུངས་པ་ཐམས་ཅད་སྒྲ་ཇི་བཞིན་པའི་དོན་དུ། གཟུང་དུ་མི་རུང་ ཞིང་སྒྲ་ཇི་བཞིན་པའི་དོན་ལ་དྲང་དོན་ཡིན་ནོ་ཞེས་འཆད་པར་བྱེད་ཅིང༌། དགོངས་ཏེ་ གསུངས་པའི་དགོངས་གཞི་ནི་སྤྱིར་ཀུན་གཞི། རྣམ་པར་ཤེས་པ་ལ་དགོངས་པར་འཆད་དེ། ཐོགས་མེད་ཀྱིས། ཆོས་མངོན་པའི་མདོའི་ལུང༌། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་ རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་ཐོབ་པར་ 6-1-11 གྱུར། །ཞེས་པ་འདི་ཐེག་བསྡུས་སུ་ཀུན་གཞི་རྣམ་ཤེས་ཀྱི་སྒྲུབ་བྱེད་དུ་སྦྱར། རྒྱུད་བླའི་འགྲེལ་ པར་དེ་བཞིན་གཤེགས་པའི་སྙིང་པོའི་སྒྲུབ་བྱེད་དུ་སྦྱར་བས། མཛད་པ་པོ། དག་གིས་དེ་ལྟར་ སྦྱར་བའི་ཕྱིར་དང༌། རྒྱན་སྟུག་པོ་བཀོད་པར། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་ གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པ་སྟོན་ པར་མཛད། །ཅེས་དང༌། ཉི་མ་ཟླ་བའི་ནོར་བུ་དག །ཡོངས་སུ་དག་པའི་མཚན་ཉིད་ཅན། །ཉི་ ཟླའི་ཟེར་གྱིས་ཕོག་པ་དང༌། །དེ་དག་རང་གི་ཡོན་ཏན་འབྱིན། །དེ་བཞིན་ཀུན་གཞི་རྣམ་ཤེས་ པ། །དེ་བཞིན་གཤེགས་པའི་དགེ་སྙིང་པོ། །ཟག་མེད་ལེགས་དང་ལྡན་གྱུར་ཏེ། །གཞན་དུ་ གྱུར་ན་རབ་ཏུ་འབྱིན། །ཞེས་དང༌། ལང་གཤེགས་ལས་ཀྱང༌། བློ་གྲོས་ཆེན་པོ་དེ་བཞིན་ གཤེགས་པའི་སྙིང་པོ་དགེ་བ་དང་མི་དགེ་བའི་རྒྱུར་གྱུར་པ། སྐྱེ་བ་དང་འགྲོ་བ་ཐམས་ཅད་ བྱེད་པ། བདག་དང་བདག་གི་སྤངས་པ་ནི་གར་མཁན་དུ་འགྲོ་བ་ཉམ་ང་བར་འཇུག་སྟེ། དེ་ ཁོང་དུ་(མ་ཟེར་)ཆུད་པས་གསུམ་འདུས་པའི་རྐྱེན་གྱིས་བྱ་བ་དང་ལྡན་པར་འཇུག་ན། རྒྱུ་ ལ་མངོན་པར་ཆགས་ཤིང་ཞེན་པའི་མུ་སྟེགས་ཅན་རྣམས་ཀྱིས་ནི་ཁོང་དུ་མི་ཆུད་དོ། །ཐོག་མ་ མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་རྣམ་པ་མང་པོས་བསྒོས་པ་ཀུན་ གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་མ་རིག་པའི་གནས་ཀྱི་ས་ལས་སྐྱེས་པའི་རྣམ་པར་ ཤེས་པ་བདུན་དང་ལྷན་ཅིག་ཏུ་རྒྱ་མཚོ་ཆེན་པོའི་རླབས་བཞིན་དུ་རྟག་ཏུ་ལུས་རྒྱུན་མི་འཆད་ པ་མི་རྟག་པའི་ཉེས་པ་དང་བྲལ་བ། བདག་ཏུ་སྨྲ་བ་ལས་རྣམ་པར་ལོག་པ་ཤིན་ཏུ་རིང་བཞིན་ གྱིས་ཡོངས་སུ་དག་པ་འཇུག་གོ་ཞེས་དང༌། དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཁྱད་པར་འདོད་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་ པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་རྣམ་པར་སྦྱང་བར་བྱའོ། །བློ་གྲོས་ཆེན་པོ་ གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ལ་ 6-1-12 མེད་དུ་ཟིན་ན་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ ཞེས་བསྒྲགས་པ་མེད་པས། འཇུག་པའང་མེད་ལྡོག་པའང་མེད་པར་འགྱུར་ན། བློ་གྲོས་ཆེན་ པོ་བྱིས་པ་དང་འཕགས་པ་རྣམས་ལ་འཇུག་པ་དང་ལྡོག་པའང་ཡོད་དོ། །རྣལ་འབྱོར་ཅན་ བརྩོན་པ་མི་འདོར་བ་རྣམས། བདག་གི་སོ་སོ་རང་གིས་རིག་པ་ཚེ་འདི་ལ་བདེ་བར་སྤྱོད་པས་ གནས་སོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པའི་ སྤྱོད་ཡུལ་དེ་ནི། ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་ཅན་རྣམ་པར་སྤྱོད་པའི་ལྟ་བ་ ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་དཀའོ། །རང་བཞིན་ཡོངས་སུ་དག་པ་ཡིན་མོད་ཀྱི་གློ་བུར་ གྱི་ཉོན་མོངས་པས་ཉེ་བར་ཉོན་མོངས་པའི་ཕྱིར། དེ་རྣམས་ལ་མ་དག་པ་ལྟར་སྣང་སྟེ། དེ་ བཞིན་གཤེགས་པ་རྣམས་ལ་ནི་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ལ་ ནི་ལག་མཐིལ་ན་སྐྱུ་རུ་རའི་འབྲུ་བཞིན་དུ་མངོན་གསུམ་གྱི་སྤྱོད་ཡུལ་དུ་འགྱུར་རོ། །བློ་གྲོས་ ཆེན་པོ་དེ་ཉིད་ལྷ་མོ་དཔལ་གྱི་ཕྲེང་བའི་ཕྱིར་བསྟན་པ་བརྗོད་པ་དང༌། བློ་རྣམ་པར་དག་ཅིང་ ཞིབ་མོ་ཡངས་པ་མཁས་པའི་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་ཆེད་དུ་དེ་བཞིན་ གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པར་བསྒྲགས་པ་རྣམ་པར་ཤེས་པ་བདུན་དང་ བཅས་པ་འཇུག་པ་ལ་མངོན་པར་ཆགས་པའི་ཉན་ཐོས་རྣམས་ལ་ཆོས་བདག་མེད་པ་བསྟན་ པའི་ཕྱིར། ལྷ་མོ་དཔལ་ཕྲེང་གི་ཆེད་དུ་དེ་བཞིན་གཤེགས་པའི་ཡུལ་བཤད་དེ། ཉན་ཐོས་དང་ རང་སངས་རྒྱས་དང་མུ་སྟེགས་བྱེད་གཞན་རྣམས་ཀྱི་རྟོག་པའི་ཡུལ་མ་ཡིན་ནོ། །གཞན་དུ་ན་ བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པའི་ཡུལ་ནི་དེ་ བཞིན་གཤེགས་པའི་ཡུལ་ཏེ། ཁྱོད་ལྟ་བུ་ཞིབ་ཅིང་མཁས་པའི་མོས་པ་དང་བློ་གྲོས་རབ་ཏུ་ འབྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ལ་རྟོན་པ་རྣམས་ཀྱི་ཡང་ཡུལ་ ཏེ། བསྟན་པ་བརྗོད་པ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཆགས་པའི་མུ་སྟེགས་ཅན་གཞན་དང༌། 6-1-13 ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ནོ། །དེ་ལྟ་བས་ན་བློ་གྲོས་ཆེན་པོ་ ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཡུལ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་ ཤེས་པར་བྱ་བ་འདི་ལ་བརྩོན་པར་བྱ་སྟེ། ཐོས་པ་ཙམ་གྱིས་ནི་ཆོག་པར་མི་བྱའོ་ཞེས་དང༌། མདོ་དེ་ཉིད་ལས། བློ་གྲོས་ཆེན་པོ་ཡང་དགེ་བ་དང་མི་དགེ་བ་ནི་འདི་ལྟ་སྟེ། རྣམ་པར་ཤེས་ པ་བརྒྱད་རྣམས་སོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་ རྣམ་པར་ཤེས་པ་ཞེས་བསྒྲགས་པ་དང༌། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་མུ་སྟེགས་ ཅན་གྱིས་བརྗོད་པའི་རྣམ་པར་ཤེས་པ་འདུས་པ་ལྔ་རྣམས་སོ། །བློ་གྲོས་ཆེན་པོ་དེ་ལ་རྣམ་ པར་ཤེས་པ་འདུས་པ་ལྔ་རྣམས་ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་པ་དགེ་བ་དང་མི་དགེ་ བའི་སྐད་ཅིག་མ་གཅིག་ནས་གཅིག་ཏུ་དབྱེ་བས་ཐ་དད་དུ་གྱུར་པ་རྒྱུད་ཀྱི་རྒྱུན་གྱིས་ལུས་ཐ་ མི་དད་པ་འབྱུང་བ་འབྱུང་ངོ༌། །བྱུང་ནས་ཀྱང་འཇིག་པར་འགྱུར་རོ༑ ༑རང་གི་སེམས་སྣང་བ་ མ་རྟོགས་པའི་ཕྱིར། འགགས་མ་ཐག་ཏུ་རྣམ་པར་ཤེས་པ་གཞན་འབྱུང་སྟེ། དབྱིབས་བྱད་ཀྱི་ བྱེ་ཕྲག་འཛིན་པའི་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་ཤེས་པ་འདུས་པ་ལྔ་དང་ལྡན་པར་ འབྱུང་བར་འགྱུར་ཏེ་སྐད་ཅིག་གི་དུས་སུ་མི་གནས་པ་དེ་ནི་སྐད་ཅིག་པའོ་ཞེས་ངས་བཤད་ དོ༑ ༑བློ་གྲོས་ཆེན་པོ་ཀུན་གཞི་རྣམ་པར་ཤེས་པ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ བསྒྲགས་པ་ཡིད་དང་ལྷན་ཅིག་པ་ནི་འཇུག་པའི་རྣམ་པར་ཤེས་པའི་བག་ཆགས་ཀྱིས་སྐད་ ཅིག་པ་ཡིན་ཏེ། ཟག་པ་མེད་པའི་བག་ཆགས་ཀྱིས་ནི་སྐད་ཅིག་པ་མ་ཡིན་ནོ། །བྱིས་པ་སོ་ སོའི་སྐྱེ་བོ་སྐད་ཅིག་མར་སྨྲ་བ་ལ་ཆགས་པ་རྣམས་ཀྱིས་ནི་ཆོས་ཐམས་ཅད་ཀྱི་སྐད་ཅིག་པ་ དང་སྐད་ཅིག་པ་མ་ཡིན་པ་འདི་མི་རྟོགས་སོ། །དེ་མ་རྟོགས་པའི་ཕྱིར་ཆད་པར་ལྟ་བས་འདུས་ མ་བྱས་པའི་ཆོས་རྣམས་ཀྱང་འཇིག་པར་བྱེད་དོ། །བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་འདུས་པ་ 6-1-14 ལྔ་རྣམས་ནི་འཁོར་བ་ཡང་མ་ཡིན་བདེ་བ་དང་སྡུག་བསྔལ་མྱོང་བ་ཡང་མ་ཡིན་མྱ་ངན་ལས་ འདས་པའི་རྒྱུ་ཡང་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ནི་བདེ་བ་ དང་སྡུག་བསྔལ་མི་(མི་འདི་མ་དག་པ་སྙམ་པས་མདོ་གཞན་ལ་ཡང་བལྟ་དགོས་) མྱོང་བའི་རྒྱུ་དང་བཅས་ པས་བག་ཆགས་(དང་བཅས་པས་(འདི་མདོ་ལ་ལ་ན་མེད་)བག་ཆགས་བཞི་དང་ལྡན་བས་འཇུག་ ཅིང་ལྡོག་སྟེ། བྱིས་པ་སྐད་ཅིག་མར་ལྟ་བའི་རྣམ་པར་རྟོག་པས་བསྒོས་པའི་བློ་ཅན་དག་གིས་ ནི་མི་རྟོགས་སོ་ཞེས་སོ། །ལང་གཤེགས་ཀྱི་མདོ་ལས། དཔལ་ཕྲེང་གི་མདོ་རུ་ཁ་འཕངས་པ་ ནི་དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་ མཆིས་ན་ནི་སྡུག་བསྔལ་ལ་སྐྱོ་བ་དང་མྱང་འདས་ལ་འདོད་ཅིང་དོན་དུ་གཉེར་བ་དང་སྨོན་པ་ ཡང་མ་མཆིས་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྣམ་པར་ཤེས་པ་ དྲུག་པོ་གང་ལགས་པ་འདི་དག་དང་རྣམ་པར་ཤེས་པ་གང་ལགས་པ་འདི་དང་བཅོམ་ལྡན་ འདས་འདི་ལྟར་ཆོས་བདུན་པོ་འདི་དག་ནི་མི་གནས་པ་དང་སྐད་ཅིག་པ་དང་སྡུག་བསྔལ་ རྣམས་མི་མྱོང་བ་ལགས་པས། ཆོས་དེ་དག་ནི་སྡུག་བསྔལ་ལ་སྐྱོ་བ་དང་མྱང་འདས་ལ་འདོད་ ཅིང་དོན་དུ་གཉེར་བ་དང་སྨོན་པར་མི་རིགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་ པའི་སྙིང་པོ་ནི་ཐོག་མ་དང་ཐ་མ་མ་མཆིས་པའི་མཐར་མཆིས་པ་དང༌། མི་སྐྱེ་བ་དང་མི་འགག་ པའི་ཆོས་ཅན་སྡུག་བསྔལ་མྱོང་བ་ལགས་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ སྙིང་པོ་དེ་ནི་སྡུག་བསྔལ་ལ་ཡང་སྐྱོ་བ་དང་མྱང་འདས་ལ་འདོད་ཅིང་དོན་དུ་གཉེར་བ་དང་ སྨོན་པར་འོས་སོ་ཞེས་གསུངས་ལ། མདོ་དེ་ཉིད་ཐོགས་མེད་ཀྱིས་རྒྱུད་བླའི་འགྲེལ་པར་དེ་ བཞིན་གཤེགས་པའི་སྙིང་པོའི་སྒྲུབ་བྱེད་དུ་དྲངས་པས་སོ་ཞེས་པ་དང༌། སོར་ཕྲེང་ལས། ཉན་ ཐོས་ཀྱི་ཐེག་པ་ལ་ཡིད་ཅེས་བྱ་བ་བསྟན་པ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་ དོན་ཏེ། ཡིད་རང་བཞིན་གྱིས་དག་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་ 6-1-15 སྙིང་པོའོ། །དེ་ནི་ཆོས་ཐམས་ཅད་ཀྱི་གཙོ་བོ་སྟེ། ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ སྙིང་པོའི་རང་བཞིན་ནོ། །ཡང་ཡིད་རབ་ཏུ་དང་བར་བྱེད་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཉོན་ མོངས་པ་བྱེ་བ་ཐམས་ཅད་དེ། བདག་གི་དབྱིངས་བསྟན་ནས་གང་རབ་ཏུ་དང་བ་ནི་དེ་བཞིན་ གཤེགས་པའི་སྙིང་པོ་ཉིད་དོ། །དེ་ནས་ཕྱིས་སྨྲ་བ་དང་བྱེད་པ་ཞེས་བྱ་བ་ནི་སངས་རྒྱས་ མཐོང་ནས་གང་སྨྲ་བ་དང་གང་བྱེད་པ་དེ་ཐམས་ཅད་ལོ་ཀ་རབ་ཏུ་སྒྲོལ་བ་སྟེ། དེའི་ཚེ་ཇི་ལྟར་ མིས་གྲིབ་མ་མཐོང་བ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་ངོ༌། །དེ་བས་ན་གྲིབ་ མ་བཞིན་དུ་རྗེས་སུ་འབྲང་ཞེས་བྱ་ཞེས་གསུངས་ཏེ། དེ་དག་ཀྱང་སངས་རྒྱས་ཀྱི་རྒྱུ་ཙམ་ཡིན་ པ་ལ་དགོངས་སོ་ཞེས་པ་དང༌། རྒྱན་སྟུག་པོའི་མདོ་དང་ལང་གཤེགས་ཀྱི་མདོར་དེ་བཞིན་ གཤེགས་པའི་སྙིང་པོ་ལ་ཀུན་གཞི་རྣམ་པར་ཤེས་ཞེས་བརྗོད་པ་ཡང་ཀུན་གཞི་རྣམ་པར་ ཤེས་པའི་མིང་གིས་བཏགས་ནས་བརྗོད་པ་ཙམ་ནི་མིན་གྱི། ཚོགས་བརྒྱད་ཀྱི་ཡ་གྱལ་ཀུན་ གཞི་རྣམ་པར་ཤེས་པ་ཉིད་ཡིན་ནོ་ཞེས་འཆད་དོ། ། ད་ནི་དེ་དག་ལ་བརྒལ་ཞིང་བརྟག་པ་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ གཙོ་བོར་སྟོན་པའི་མདོ་རྣམས་སྨན་དཔྱད་ཀྱི་རྒྱུད་ཕྱི་མ་དང་འདྲ་བར་ཐེག་པ་ཆེན་པོའི་རྒྱུད་ བླ་མའམ་གོང་མ་ཡིན་མོད། བཀའ་འཁོར་ལོ་བར་པ་ལ་སོགས་པ་སྟོང་པ་ཉིད་གཙོ་བོར་སྟོན་ པའི་ཐེག་ཆེན་གྱི་མདོ་རྣམས་ཀྱི་ངེས་པའི་དོན་ལས་ལྷག་པའི་ངེས་པའི་དོན་སྟོན་པ་ཡིན་ནམ་ མི་སྟོན་པ་ཡིན་སྟོན་པ་ཡིན་ན། དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཉིད་ལས་སྟོང་པ་ཉིད་ གཙོ་བོར་སྟོན་པའི་མདོ་རྣམས་ཀྱི་ངེས་པའི་དོན་བདག་ཡོད་མེད་གཉི་གའི་སྤྲོས་པ་དང་བྲལ་ བ་བདག་ཡོད་མེད་མཉམ་པ་ཉིད་དུ་གྱུར་པའི་སྟོང་པ་ཉིད་དང༌། རྟག་མི་རྟག་གི་སྤྲོས་བྲལ་ འཁོར་འདས་མཉམ་པ་ཉིད་ལ་མྱང་འདས་ཆེན་པོའི་མདོ་ལ་སོགས་པར་དེ་བཞིན་གཤེགས་ པའི་སྙིང་པོ་བདག་ཡིན་པ་དང་རྟག་པ་ལ་སོགས་པ་ཡིན་པར་བཏགས་ནས་གསུངས་ཀྱི་དེ་ 6-1-16 དག་ལས་ཟབ་པའི་དོན་བསྟན་དུ་མེད་དོ་ཞེས་འཆད་པ་དང་འགལ་ལ། ངེས་པའི་དོན་ལྷག་ པོ་མི་སྟོན་ན་ནི། བདེ་གཤེགས་སྙིང་པོ་སྟོན་པའི་མདོ་རྣམས་སྨན་དཔྱད་ཀྱི་རྒྱུད་ཕྱི་མ་དང་ འདྲ་བར་སྟོང་པ་ཉིད་གཙོ་བོར་སྟོན་པའི་ཐེག་ཆེན་གྱི་མདོ་རྣམས་ལས་བླ་མའམ་གོང་མ་ཡིན་ པར་མི་རིགས་ཏེ། སྨན་དཔྱད་ཀྱི་རྒྱུད་ཕྱི་མས་ནི་སྨན་དཔྱད་ཀྱི་རྒྱུད་སྔ་མ་ལས་མ་བསྟན་པའི་ དོན་ཟབ་མོ་སྔགས་དང་སྨན་གྲུབ་པའི་ལས་འཁྱུད་དཔྱད་དང་དུག་བདུད་རྩིར་འགྱུར་བདུད་ རྩིར་དུག་ཏུ་འགྱུར་བ་ལ་སོགས་པ་སྨན་དཔྱད་ཟབ་མོ་རྣམས་སྟོན་པ་ཡིན་ལ། བདེ་གཤེགས་སྙིང་པོ་སྟོན་པའི་མདོ་རྣམས་ཀྱིས་ནི་ཐེག་ཆེན་གྱི་མདོ་སྔ་མ་སྟོང་ཉིད་ གཙོ་བོར་སྟོན་པ་རྣམས་ཀྱིས་མ་བསྟན་པའི་ངེས་པའི་དོན་ལྷག་པོ་ཅི་ཡང་མི་སྟོན་པའི་ཕྱིར་ རོ། །དེས་ན་བདེ་གཤེགས་སྙིང་པོ་སྟོན་པའི་མདོ་རྣམས་ཀྱིས་འཁོར་ལོ་བར་པ་ལ་སོགས་ པ་སྟོང་པ་ཉིད་གཙོ་བོར་སྟོན་པའི་མདོ་སྔ་མ་རྣམས་ཀྱིས་མ་བསྟན་པའི་ངེས་དོན་དེ་བཞིན་ གཤེགས་པའི་སྙིང་པོ་དོན་དམ་པའི་སངས་རྒྱས་ཀྱི་ཡོན་ཏན་མ་ཚང་བ་མེད་པ་ཅན་དེ་སེམས་ ཅན་ཐམས་ཅད་ལ་གདོད་མ་ནས་ཡོད་པ་དང༌། དེ་ཉིད་བདག་གི་མཆོག་ལོ་ཀ་ལས་འདས་ པའི་བདག་ཡིན་པ་དང་སྐྱེ་འཇིག་མེད་པར་རང་བཞིན་འགྱུར་བ་མེད་པའི་རྟག་པ་དང་བརྟན་ པ་ཡིན་པ་ལ་སོགས་པ་རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པ་དུ་མ་བསྟན་པའི་ཕྱིར། ཐེག་ ཆེན་གྱི་མདོ་ཐམས་ཅད་ལས་ཀྱང་རྒྱུད་བླ་མའམ་གོང་མའམ་ཕྱི་མར་གྱུར་པ་ཡིན་ནོ། ། གཞན་ཡང་ཁྱེད་ཉིད་ཀྱིས་མདོའི་དོན་དྲངས་པ་སྟོན་པའི་ཀྱང་དང་པོར་མི་རྟག་པ་ལ་ སོགས་པའི་གཏམ་གྱིས་སྐྱོ་བ་བསྐྱེད་ནས་འདུལ་བ་ལ་འཛུད། དེའི་འོག་ཏུ་རྣམ་ཐར་སྒོ་ གསུམ་གྱི་གཏམ་བསྟན་ནས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད། དེ་ནས་ཕྱིར་ མི་ལྡོག་པའི་འཁོར་ལོ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་བགྲོད་པ་གཅིག་པ་ཐེག་ པ་གཅིག་པ་སྐྱབས་གཅིག་པ་སངས་རྒྱས་གཞན་ནས་མི་ཚོལ་བའི་ཆོས་ཟབ་མོ་ནི་སྨན་ 6-1-17 དཔྱད་ཀྱི་རྒྱུད་ཕྱི་མ་དང་འདྲ་བར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་ཞེས་པས་ཀྱང་བདེ་ གཤེགས་སྙིང་པོ་སྒྲ་ཇི་བཞིན་པར་གསུངས་པ་ངེས་པའི་དོན་ཡིན་པའི་གཞུང་བཙུགས་པ་ ཡིན་ཏེ་རྒྱས་པར་འོག་ཏུ་བསྟན་པར་བྱའོ། ། ད་ནི་རྒྱན་སྟུག་པོ་དང་ལང་གཤེགས་དང་དཔལ་ཕྲེང་གི་མདོའི་ལུང་གོང་དུ་དྲངས་པ་དེ་ དག་གི་དགོངས་པ་སྤྱིར་ཀུན་གཞི་རྣམ་ཤེས་ལ་དགོངས་ནས་དེ་བཞིན་གཤེགས་པའི་སྙིང་པོ་ གསུངས་སོ་ཞེས་པ་འདི་དཔྱད་པར་བྱ་སྟེ། ལུང་དེ་དག་གིས་ཀུན་གཞི་རྣམ་ཤེས་ལ་དགོངས་ ནས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཡིན་ན་ལུང་དེ་དག་ལས་དེ་བཞིན་གཤེགས་ པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་ཞེས་འབྱུང་བ་དེ་རྣམས། ཀུན་གཞི་ རྣམ་པར་ཤེས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ་ཞེས་པར་འབྱུང་བར་ རིགས་པ་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་ པ་ཞེས་པ་ཉིད་ཡང༌། ཡང་དུ་འབྱུང་གིཀུན་གཞི་རྣམ་པར་ཤེས་པ་དེ་བཞིན་གཤེགས་པའི་ སྙིང་པོ་ཞེས་བསྒྲགས་པ་ཞེས་པ་ནི་ལན་ཅིག་ཙམ་ལས་མི་འབྱུང་ལ། དེ་ཡང་འགྱུར་གྱི་སྐྱོན་ ཡིན་སྲིད་པས་སོ། །དེར་མ་ཟད་ཀྱི། ལུང་དེ་དག་ཉིད་ལ་བརྟེན་ནས་དེ་བཞིན་གཤེགས་ པའི་སྙིང་པོ་ལ་དགོངས་ནས་ཀུན་གཞི་རྣམ་པར་ཤེས་པ་གསུངས་པ་ཡིན་ནོ་ཞེས་བཟློག་སྟེ་ སྨྲས་ན་ཡང་རྣམ་པ་ཐམས་ཅད་དུ་མཚུངས་པར་འགྱུར་བ་ལུང་དང་རིགས་པས་བཟློག་པར་ མི་ནུས་སོ། །སྤྱིར་ཡང་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པའི་དགོངས་གཞི་ཀུན་གཞི་ རྣམ་པར་ཤེས་པ་མ་ཡིན་ཏེ། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ལ་དགོངས་ནས་དེ་བཞིན་ གཤེགས་པའི་སྙིང་པོ་གསུངས་པ་ཡིན་པའི་ཕྱིར་རོ། །ཐོགས་མེད་ཀྱིས། རྒྱུད་བླ་མའི་འགྲེལ་ པར། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་དབང་དུ་མཛད་ནས་སེམས་ཅན་ཐམས་ ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་དོན་གང་གིས་ 6-1-18 ཡིན་ཞེ་ན་ཞེས་མཚམས་སྦྱར་ནས། རྗོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །ཞེས་སོགས་དྲངས་ ཤིང༌། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཉོན་མོངས་པའི་སྦུབས་ལས་མ་གྲོལ་ བའི་ཁམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་གང་ཡིན་པའོ་ཞེས་གསུངས་ ལ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་ དཔལ་དེ་ལ་ཆོས་ཐམས་ཅད་དམ་དེ་ལྟ་བུའི་རང་བཞིན་གྱིས་མངོན་པར་རྫོགས་པར་བྱང་ ཆུབ་ནས་སེམས་ཅན་རྣམས་ལ་ཡང་མ་དག་པ་དྲི་མ་དང་མ་བྲལ་བ་སྐྱོན་དང་བཅས་པའི་ཆོས་ ཀྱི་དབྱིངས་གཟིགས་ནས། སེམས་ཅན་རྣམས་ལ་རྣམ་པར་བརྩེ་བ་ཞེས་བྱ་བའི་དེ་བཞིན་ གཤེགས་པའི་ཐུགས་རྗེ་ཆེན་པོ་རབ་ཏུ་འཇུག་གོ་ཞེས་པའི་དོན། རྒྱུད་བླའི་འགྲེལ་པར། ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་རང་གི་ཆོས་ཉིད་ཀྱི་རང་བཞིན་དང་ཁྱད་པར་མེད་པ་དེ་བཞིན་ གཤེགས་པའི་སྙིང་པོའོ་ཞེས་བཤད་དོ། །ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ ཀྱི་དབྱིངས། །ཞེས་གསུངས་པའི་དབྱིངས་ཀྱི་དོན་ཡང་མདོ་སྔ་མ་དང་དགོངས་པ་མཐུན་པར་ སྤྱིར་སེམས་ཅན་ཐམས་ཅད་ལ་ཐོག་མ་མེད་པའི་དུས་ནས་ཡོད་པའི་སངས་རྒྱས་ཀྱི་ཁམས་ དྲི་བཅས་དེ་བཞིན་ཉིད་བྱེ་བྲག་ཏུ་ཀུན་གཞི་རྣམ་ཤེས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་ དག་པ་ལ་དགོངས་པས། རྒྱུད་བླའི་འགྲེལ་པར་བདེ་གཤེགས་སྙིང་པོའི་སྒྲུབ་བྱེད་དུ་དྲངས་ ཏེ། དེ་ལྟ་བུའི་དྲི་བཅས་དེ་བཞིན་ཉིད་བདེ་གཤེགས་སྙིང་པོ་ཡིན་པར་གསུངས་པའི་ཕྱིར་རོ། ། ཡང་དབྱིངས་ཀྱི་སྒྲས་ཀུན་གཞི་རྣམ་ཤེས་ཀྱི་ཆོས་ཉིད་རང་བཞིན་རྣམ་དག་བསྟན་པ་ཉིད་ ཀྱིས་ཆོས་ཅན་གྱི་ཆ་ཀུན་གཞི་རྣམ་ཤེས་ཀྱང་བསྟན་པའི་ལུང་དེ་ཉིད་ཐེག་བསྡུས་སུ་ཀུན་ གཞི་རྣམ་ཤེས་ཀྱི་སྒྲུབ་བྱེད་དུ་ཡང་དྲངས་པ་ཡིན་གྱི། མདོ་དེའི་དགོངས་པ་ཀུན་གཞི་རྣམ་ ཤེས་ལ་དགོངས་ནས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མ་ཡིན་ནོ། །གལ་ཏེ་དྲི་ བཅས་དེ་བཞིན་ཉིད་ལ་དགོངས་ནས་བདེ་གཤེགས་སྙིང་པོ་གསུངས་པ་དང༌། ཀུན་གཞི་རྣམ་ 6-1-19 ཤེས་ལ་དགོངས་ནས་བདེ་གཤེགས་སྙིང་པོ་གསུངས་པ་དགོངས་པ་གཅིག་སྟེ། དྲི་བཅས་ དེ་བཞིན་ཉིད་དང་ཀུན་གཞི་རྣམ་ཤེས་དོན་གཅིག་པས་སོ་སྙམ་ན་ཡང༌། དྲི་བཅས་དེ་བཞིན་ ཉིད་དང་ཀུན་གཞི་རྣམ་ཤེས་དོན་གཅིག་པ་མ་ཡིན་ཏེ། དྲི་བཅས་དེ་བཞིན་ཉིད་ནི་དགེ་བ་ ཡིན་ལ། ཀུན་གཞི་རྣམ་ཤེས་ནི་དགེ་མི་དགེ་གང་དུ་ཡང་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ རོ། ། མངོན་པ་ཀུན་བཏུས་ལས། དོན་དམ་པས་དགེ་བ་གང་ཞེ་ན་དེ་བཞིན་ཉིད་དོ་ཞེས་དང༌། ཐེག་བསྡུས་ལས། རང་བཞིན་གྱིས་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དང་སྟོང་ པ་ཉིད་དང་ཡང་དག་པའི་མཐའ་དང་མཚན་མ་མེད་པ་དང་དོན་དམ་པ་སྟེ། ཆོས་ཀྱི་དབྱིངས་ ཀྱང་དེ་ཡིན་ནོ་ཞེས་དང༌། རྒྱུད་བླ་ལས། སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། ། ལྤགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང༌། །དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས། ། རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། །ཞེས་དང༌། ལང་གཤེགས་ལས། དེ་ བཞིན་གཤེགས་པའི་སྙིང་པོ་དགེ།རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་དང༌། རྒྱན་སྟུག་ པོ་ལས། བདེ་གཤེགས་སྙིང་པོ་དགེ་བའང་དེ། །ཞེས་གསུངས་ཤིང༌། ཀུན་གཞི་རྣམ་ཤེས་ ནི་ལང་གཤེགས་ལས། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །ངར་སེམས་ཉིད་ནི་ཡིད་ཡིན་ ནོ། །གང་གིས་ཡུལ་རྣམས་འཛིན་པ་ནི། །དེ་ནི་རྣམ་པར་ཤེས་ཞེས་བྱའོ། །སེམས་ནི་རྟག་ཏུ་ ལུང་མ་བསྟན། །ཞེས་དང༌། སུམ་ཅུ་པའི་རབ་ཏུ་བྱེད་པར། དེ་ནི་མ་བསྒྲིབས་ལུང་མ་བསྟན། ། ཞེས་གསུངས་པས་སོ། །གཞན་ཡང་ཀུན་གཞི་རྣམ་ཤེས་ནི་གཞན་དབང་འདུས་བྱས་ཡིན་ ལ། དྲི་བཅས་དེ་བཞིན་ཉིད་ནི་འགྱུར་བ་མེད་པའི་ཡོངས་གྲུབ་འདུས་མ་བྱས་ཡིན་པ་ལ་ སོགས་ཀྱི་སྒོ་ནས། དེ་གཉིས་དོན་གཅིག་པ་མ་ཡིན་ནོ། །དེས་ན་རྒྱན་སྟུག་པོ་ལས། སྙིང་པོ་ དེ་ལ་ཀུན་གཞིའི་སྒྲས། ། 6-1-20 དེ་བཞིན་གཤེགས་པ་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པ་ཡང༌། །བློ་ཞན་ རྣམས་ཀྱིས་མི་ཤེས་སོ། །ཞེས་སོགས་དང༌། ལང་གཤེགས་ལས། དེ་བཞིན་གཤེགས་པའི་ སྙིང་པོ་ཀུན་གཞི་རྣམ་པར་ཤེས་པར་བསྒྲགས་པ་དང་བརྗོད་པར་གསུངས་པའི་དགོངས་པ་ ནི། དེ་བཞིན་ཉིད་བདེ་གཤེགས་སྙིང་པོ་དེ་དྲི་མ་དང་བཅས་པའི་གནས་སྐབས་ན་ཀུན་གཞི་ རྣམ་ཤེས་དང་དེ་ཉིད་གཞན་དུ་བརྗོད་དུ་མེད་པའི་ཚུལ་གྱིས་ཐ་མི་དད་པ་ལྟ་བུར་འདྲེས་པས་ ཀུན་གཞི་རྣམ་ཤེས་ལྟ་བུར་སྣང་བས་ན་ཀུན་གཞི་རྣམ་ཤེས་ཞེས་བརྗོད་པ་ཡིན་ཏེ། རྒྱུད་བླ་ ལས། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་ སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། ། ཞེས་དང༌། ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས། ཉོན་མོངས་དྲ་བས་ གཡོགས་པ་ལ། །སེམས་ཅན་ཞེས་ནི་བརྗོད་པ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། ། སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་དེ་བཞིན་ཉིད་དྲི་མ་དང་བཅས་པའི་གནས་སྐབས་ ལ་སེམས་ཅན་ཞེས་བརྗོད་པ་བཞིན་ནོ༑ ༑དེས་ན་དྲི་བཅས་དེ་བཞིན་ཉིད་ལ་ཀུན་གཞི་རྣམ་ ཤེས་ཞེས་བརྗོད་པ་དང་སེམས་ཅན་ཞེས་བརྗོད་པ་ཚུལ་གཅིག་སྟེ། ཀུན་གཞི་རྣམ་ཤེས་ཉིད་ ལ་སྐྱེས་བུ་ཞེས་ཀྱང་གསུངས་པའི་ཕྱིར་རོ། །རྒྱན་སྟུག་པོ་ལས། རྣམ་ཤེས་བརྒྱད་པོའི་སྐྱེས་ བུ་ནི། །ཀུན་གཞི་ཞེས་ཀྱང་བྱ་བ་སྟེ། །དེས་ནི་སྣ་ཚོགས་འདི་དག་འགྱུར། །རྫ་མའི་འཁྲུལ་ འཁོར་བཞིན་དུ་གནས། །ཞེས་གསུངས་སོ། །མྱང་འདས་(ལྷའི་ཟླ་བས་བསྒྱུར་བ་ཆེན་པོ་)ལས་ཀྱང༌། དེ་ལྟར་རྩྭའི་བྱེ་བྲག་གིས་འོ་མ་མདོག་ངན་པ་དང་མདོག་བཟང་པོར་འགྱུར་བ་དེ་བཞིན་དུ། མ་རིག་པ་དང་རིག་པ་གཉིས་སུ་མེད་མོད་ཀྱི། སེམས་ཅན་རྣམས་ཀྱི་ལས་ཀྱི་ཉེས་པས་རིག་ པ་གང་ཡིན་པ་དེ་ཉིད་མ་རིག་པ་ལྟ་བུར་འགྱུར་ཏེ། དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད་ ཀྱང་གཉིས་སུ་མེད་པ་ཁོ་ནའོ། །དེ་བས་ན་སྔར་བསྟན་པ་ཁོ་ན་བཞིན་དུ་དེ་བཞིན་གཤེགས་ 6-1-21 པའི་སྙིང་པོ་ནི་མར་གྱི་སྙིང་པོ་ལྟ་བུའི་རང་བཞིན་ཅན་ཡིན་མོད་ཀྱི། ཉོན་མོངས་པའི་རྣམ་ པའི་ཉེས་པས་གཞན་དུ་སྣང་བར་འགྱུར་རོ་ཞེས། བདེ་གཤེགས་སྙིང་པོ་འདུས་མ་བྱས་པའི་ རིག་པ་སྔགས་ཀྱི་ཐེག་པར་ནང་གི་རིག་པ་འགྱུར་བ་མེད་པ་ཞེས་གསུངས་པ་དང་དོན་གཅིག་ པ་སྙིང་པོའི་དོན་དེ་མ་རིག་པའམ་སེམས་ཅན་དུ་སྣང་བར་གསུངས་པ་དང་དགོངས་པ་ གཅིག་གོ། གཞན་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་ བསྒྲགས་པའམ་བརྗོད་པ་ནི་ཆོས་ཀྱི་སྒྲས་ཆོས་ཉིད་བརྗོད་པ་ཡིན་ལ། སྐབས་ལ་ལར་ཀུན་ གཞི་རྣམ་པར་ཤེས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ་ཞེས་ཀྱང་འབྱུང་བ་ནི་ ཆོས་ཉིད་ཀྱི་སྒྲས་ཆོས་བརྗོད་པ་ཡིན་ཏེ། ཀུན་གཞི་རྣམ་ཤེས་དང་བདེ་གཤེགས་སྙིང་པོ་ཆོས་ དང་ཆོས་ཉིད་ཡིན་པའི་ཕྱིར་རོ། །རྒྱལ་བའི་ཡུམ་ལས་བཅོམ་ལྡན་འདས་འདི་ལྟར་གཟུགས་ ནི་གཟུགས་ཀྱིས་སྟོང་སྟེ་གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་གཟུགས་མ་ལགས་ལ་ སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མ་མཆིས་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་གཟུགས་ལགས་སོ། །ཞེས་གསུངས་པའི་དགོངས་པ། འབུམ་ཊིཀ་མཛད་ པས། དེ་ནི་འདི་ལྟར་ཆུ་མ་དྭངས་བ་ལ་མ་དྭངས་བའི་གནས་སྐབས་ན་ནི་རྙོག་པ་ཞེས་བྱ་ལ་ དྭངས་བའི་གནས་སྐབས་ན་ནི་ཆུ་ཞེས་བྱ་བ་དང༌། ཇི་ལྟར་ནམ་མཁའ་མ་དྭངས་བའི་གནས་ སྐབས་ན་སྨུག་པ་ཞེས་བྱ་ལ་དྭངས་བའི་གནས་སྐབས་ན་ནམ་མཁའ་གསལ་བ་ཞེས་བྱ་བ་དེ་ བཞིན་དུ། སྟོང་པ་ཉིད་འདི་ཡང་བྱིས་པ་སོ་སོའི་སྐྱཻ་བོ་མ་དག་པའི་གནས་སྐབས་ན་ཐ་དད་ པར་མ་གྱུར་པའི་ཕྱིར་གཟུགས་ལ་སོགས་པའི་ཚིག་ཏུ་བརྗོད་ལ། དག་པའི་གནས་སྐབས་ན་ སྟོང་པ་ཉིད་ཅེས་བྱའོ། །དེ་བས་ན་སྟོང་པ་ཉིད་ལས་གཟུགས་ལ་སོགས་པའི་ཆོས་ཐ་དད་ པར་གྱུར་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་ཆོས་དང་ཆོས་ཉིད་དག་ཐ་དད་པ་མེད་ པར་གྱུར་པས། གང་གི་ཚེ་ཆོས་ཉིད་ཀྱིས་ཆོས་བརྗོད་པ་དེའི་ཚེ་གཟུགས་ཉིད་ཀྱང་སྟོང་པ་ 6-1-22 ཉིད་ཅེས་བྱའོ། །གང་གི་ཚེ་ཆོས་ཀྱིས་ཆོས་ཉིད་བརྗོད་པར་གྱུར་པ་དེའི་ཚེ་སྟོང་པ་ཉིད་ཀྱང་ གཟུགས་སོ། །ཞེས་བྱའོ་ཞེས་བཤད་པ་དང་འདྲ་བ་ཡིན་ནོ། །ཆོས་ནི་ཆོས་ཅན་དང་དོན་ གཅིག་གོ། ཟླ་གྲགས་ཀྱིས་དབུ་མ་ལ་འཇུག་པར། བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ལ་ དགོངས་ནས་ཀུན་གཞི་རྣམ་པར་ཤེས་པ་གསུངས་སོ་ཞེས་བཞེད་པ་ཡང༌། དེ་བཞིན་ གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་ཞེས་མདོ་ལས་འབྱུང་བའི་ དགོངས་པ་བླངས་པར་གསལ་ལོ། །གཞན་ཡང་ལང་གཤེགས་ལས་ཀྱང༌། སྟོང་པ་ཉིད་ཡང་ དག་པའི་མཐའ་ལ་སོགས་པ་ལ་དེ་བཞིན་གཤེགས་པའི་སྙིང་པོར་གསུངས་ཏེ། བློ་གྲོས་ཆེན་ པོ་ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་མྱ་ངན་ལས་ འདས་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་ བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས་ཞེས་གསུངས་ལ། ལུང་འདི་དང་གོང་དུ་ མདོ་འདི་དང་གཞན་གྱི་ལུང་དྲངས་པ་ཡང་དགོངས་པ་གཅིག་པས། གོང་དུ་དྲངས་པའི་ལུང་ རྣམས་ཀྱིས་དྲི་བཅས་དེ་བཞིན་ཉིད་བདེ་གཤེགས་སྙིང་པོ་ཉིད་གཙོ་བོར་བསྟན་གྱི་ཀུན་གཞི་ རྣམ་ཤེས་ལ་དགོངས་ནས་བདེ་གཤེགས་སྙིང་པོ་བསྟན་པ་མ་ཡིན་ཏེ། རྒྱན་སྟུག་པའི་མདོའི་ ལུང༌། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །ཞེས་སོགས་ཀྱི་དོན་ནི། གཟུགས་སོགས་ཡུལ་སྣ་ ཚོགས་ལས་སྣ་ཚོགས་ཞེས་གསུངས་ཏེ། ཀུན་གཞི་རྣམ་ཤེས་ཉིད་ས་སྣ་ཚོགས་སུ་སྣང་བས་ ས་སྣ་ཚོགས་ལ་ཀུན་གཞི་རྣམ་ཤེས་ཞེས་བརྗོད་ལ། བདེ་གཤེགས་སྙིང་པོ་དགེ་བ་ནི་མ་དག་ པའི་གནས་སྐབས་ན་ཀུན་གཞི་རྣམ་ཤེས་སུ་སྣང་བས་ཀུན་གཞི་རྣམ་ཤེས་ཞེས་བརྗོད་དེ། སྙིང་པོ་ཀུན་གཞི་རྣམ་ཤེས་མ་ཡིན་པ་ལ་ཀུན་གཞི་རྣམ་ཤེས་སུ་བསྒྲགས་པའི་དགོངས་པ་ 6-1-23 གོང་དུ་བཤད་པ་ལྟར་བློ་ཞན་རྣམས་ཀྱིས་མི་ཤེས་ཞེས་པ་ཡིན་ལ། ཉི་མ་ཟླ་བའི་ནོར་བུ་དག། ཅེས་སོགས་ཀྱིས་ནི་བདེ་གཤེགས་སྙིང་པོ་ཉིད་བསྟན་ཏེ། དཔེ་གཉིས་པོ་ལྟར་བདེ་གཤེགས་ སྙིང་པོ་དྲི་བཅས་དེ་བཞིན་ཉིད་དོན་དམ་པས་དགེ་བ་ཟག་མེད་ཀྱི་ཡོན་ཏན་བསམ་གྱིས་མི་ ཁྱབ་པ་རང་བཞིན་གྱིས་ལྡན་པ་དེ་དྲི་མ་དང་བྲལ་བར་གནས་གྱུར་པ་ན་རབ་ཏུ་འབྱིན་ཞེས་ པ་ཡོན་ཏན་རང་བཞིན་ཉིད་ཀྱིས་ལྡན་པ་དེ་གསལ་བར་མངོན་དུ་འགྱུར་རོ་ཞེས་པ་ཡིན་གྱི། ཀུན་གཞི་རྣམ་ཤེས་ཞེས་བསྒྲགས་པའམ་བརྗོད་པ་མ་གཏོགས་ཀུན་གཞི་རྣམ་ཤེས་ཉིད་ནི་མ་ ཡིན་ཏེ། དགེ་བ་ཡིན་པ་དང་ཟག་མེད་ལེགས་པ་སྟེ་ཟག་མེད་ཀྱི་ཡོན་ཏན་དང་ལྡན་པར་ བཤད་པའི་ཕྱིར་རོ། །ཡང་ལང་གཤེགས་ལས། དེ་བཞིན་གཤེགས་པའི་སྙིང་པོ་དགེ་བ་དང་ མི་དགེ་བའི་རྒྱུར་གྱུར་པ་སྐྱེ་བ་དང་འགྲོ་བ་ཐམས་ཅད་བྱེད་པ་བདག་དང་བདག་གི་སྤངས་པ་ ནི་གར་མཁན་བཞིན་དུ་འགྲོ་བ་ཉམ་ང་བར་འཇུག་གོ་ཞེས་གསུངས་པ་ཡང་ཀུན་གཞི་རྣམ་ ཤེས་ནི་མ་ཡིན་གྱི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་བདེ་གཤེགས་སྙིང་པོ་ ཉིད་དགེ་མི་དགེ་དང་སྐྱེ་འགྲོ་ཐམས་ཅད་གནས་པའི་གཞི་གྱུར་པ་ལ་དགོངས་ནས་དེ་དག་གི་ རྒྱུར་གསུངས་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་སྦྱང་བར་བྱ་བར་བསྟན་པ་མིན་ཏེ། ཀུན་ གཞི་རྣམ་ཤེས་ནི་གཞན་དབང་ཡིན་པས་སྤང་བྱ་ཡིན་གྱི་སྦྱང་བྱ་མིན་པའི་ཕྱིར་རོ། །མདོ་སྡེ་ རྒྱན་ལས། རྟག་ཏུ་གཉིས་བྲལ་འཁྲུལ་པའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་ པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་ མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ ལས་རྣམ་དག་འདོད། །ཅེས་ཀུན་བརྟགས་གཞན་དབང་འགྱུར་མེད་ཡོངས་གྲུབ་རྣམས་རིམ་ པ་ལྟར་ཤེས་བྱ་སྤང་བྱ་སྦྱང་བྱར་གསུངས་ལ༑ བདེ་གཤེགས་སྙིང་པོ་ནི་ཆོས་ཉིད་འགྱུར་མེད་ ཡོངས་གྲུབ་ཡིན་པའི་ཕྱིར་རོ། །ལང་གཤེགས་ཀྱི་ལུང༌། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་ 6-1-24 པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པའི་སྤྱོད་ཡུལ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ མུ་སྟེགས་ཅན་རྣམ་པར་དཔྱོད་པའི་ལྟ་བ་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་དཀའོ། །རང་ བཞིན་ཡོངས་སུ་དག་པ་ཡིན་མོད་ཀྱི་གློ་བུར་གྱི་ཉོན་མོངས་པས་ཉེ་བར་ཉོན་མོངས་པའི་ཕྱིར་ དེ་རྣམས་ལ་མ་དག་པ་ལྟར་སྣང་སྟེ། ཞེས་སོགས་ཀྱིས་ཀྱང་བདེ་གཤེགས་སྙིང་པོ་ཉིད་ཀུན་ གཞི་རྣམ་ཤེས་སེམས་ཅན་ལྟ་བུར་སྣང་བར་བསྟན་ཏོ། །འོ་ན་རྣམ་ཤེས་ཚོགས་བརྒྱད་དུ་ བགྲང་བའི་ཐོག་མར་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་ བསྒྲགས་པ་དང་ཞེས་པ་དང་རྣམ་པར་ཤེས་པ་བདུན་དང་ལྷན་ཅིག་ཏུ་རྒྱ་མཚོ་ཆེན་པོའི་ རླབས་བཞིན་དུ་རྟག་ཏུ་ལུས་རྒྱུན་མི་འཆད་པ་ཞེས་འབྱུང་བས་ཚོགས་བརྒྱད་ཀྱི་ཡ་གྱལ་ཀུན་ གཞི་རྣམ་ཤེས་ཉིད་བསྟན་པ་མ་ཡིན་ནམ་སྙམ་ན། བདེ་གཤེགས་སྙིང་པོ་ལ་ཚོགས་བརྒྱད་ཀྱི་ ཡ་གྱལ་གྱི་ཀུན་གཞི་རྣམ་ཤེས་སུ་བརྗོད་པ་ཉིད་ཀྱི་རྒྱུ་མཚན་གོང་དུ་བསྟན་པ་ཉིད་ཡིན་ནོ། ། ལང་གཤེགས་ཀྱི་མདོ་གོང་དུ་དྲངས་པ་ལས་ཀྱང༌། བློ་གྲོས་ཆེན་པོ་ཀུན་གཞི་རྣམ་པར་ཤེས་ པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ་ཡིད་དང་ལྷན་ཅིག་པ་ནི་འཇུག་པའི་རྣམ་ པར་ཤེས་པའི་བག་ཆགས་ཀྱིས་སྐད་ཅིག་པ་ཡིན་ཏེ། ཟག་པ་མེད་པའི་བག་ཆགས་ཀྱིས་ནི་ སྐད་ཅིག་པ་མ་ཡིན་ནོ། །བྱིས་པ་སོ་སོས་སྐྱེ་བོ་སྐད་ཅིག་མར་སྨྲར་བ་ལ་ཆགས་པ་རྣམས་ ཀྱིས་ནི་ཆོས་ཐམས་ཅད་ཀྱི་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་འདི་མི་རྟོགས་སོ། །དེ་མ་ རྟོགས་པའི་ཕྱིར་ཆད་པར་ལྟ་བས་འདུས་མ་བྱས་པའི་ཆོས་རྣམས་ཀྱང་འཇིག་པར་བྱེད་དོ་ ཞེས་པའི་དགོངས་པ་ཡང༌། ཀུན་གཞི་རྣམ་པར་ཤེས་པ་ཆོས་ཅན་འདུས་བྱས་ཀྱི་ཆ་ལ་འཇུག་ པའི་རྣམ་པར་ཤེས་པའི་བག་ཆགས་ཞེས་གསུངས་ཏེ་དེ་སྐད་ཅིག་མ་དང་ཟག་པ་མེད་པའི་ བག་ཆགས་ཀྱི་ཀུན་གཞི་རྣམ་ཤེས་ཀྱི་ཆོས་ཉིད་འདུས་མ་བྱས་ཀྱི་ཆ་ཡིན་ཏེ་དེ་སྐད་ཅིག་མ་མ་ ཡིན་པ་དང༌། བྱིས་པ་རྣམས་ཀྱིས་རྣམ་ཤེས་འདུས་བྱས་སྐད་ཅིག་མ་དང་ཆོས་ཉིད་འདུས་མ་ 6-1-25 བྱས་སྐད་ཅིག་མ་མ་ཡིན་པའི་ཁྱད་པར་མ་རྟོགས་པས་ཆོས་ཉིད་འདུས་མ་བྱས་བདེ་ གཤེགས་སྙིང་པོ་འཇིག་པ་སྟེ་མེད་དོ་ཞེས་སྐུར་བ་འདེབས་པར་བྱེད་དོ་ཞེས་བསྟན་པ་ཡིན་ པས་ན་ཆོས་ཉིད་འདུས་མ་བྱས་ཀྱི་ཆ་དེ་བདེ་གཤེགས་སྙིང་པོ་ཡིན་པར་བསྟན་ནོ། །ལང་ གཤེགས་ལས་དཔལ་ཕྲེང་གི་མདོ་རུ་ཁ་འཕངས་པའི་དཔལ་ཕྲེང་གི་མདོའི་ལུང་ལས། དེ་ བཞིན་གཤེགས་པའི་སྙིང་པོས་དུཿཁ་མྱོང་བ་ཡིན་པ་དང༌། དེས་དེ་བཞིན་གཤེགས་པའི་སྙིང་ པོ་དེ་དུཿཁ་ལ་སྐྱོ་བ་དང་མྱང་འདས་ལ་འདོད་ཅིང་དོན་དུ་གཉེར་བ་དང་སྨོན་པར་འོས་པར་ གསུངས་པའི་དགོངས་པ་ནི་རྒྱུད་བླའི་འགྲེལ་པར། སངས་རྒྱས་ཀྱི་ཁམས་རྣམ་པར་དག་པའི་ རིགས་ནི་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་ཡང་ལས་རྣམ་པ་གཉིས་ཉེ་བར་ གནས་པར་བྱེད་དེ་ཞེས་བཤད་པས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པའི་རྒྱུ་མཚན་གྱིས་ བདེ་གཤེགས་སྙིང་པོ་ཅན་གྱི་སེམས་ཅན་གྱི་ཀུན་གཞི་རྣམ་ཤེས་ཀྱིས་སྡུག་བསྔལ་མྱོང་བས་ སེམས་ཅན་ནམ་ཀུན་གཞི་རྣམ་ཤེས་དེ་སྡུག་བསྔལ་ལ་སྐྱོ་བ་དང་མྱང་འདས་ལ་འདོད་པ་ ལགས་སུ་འོས་པ་བདེ་གཤེགས་སྙིང་པོའི་ལས་བསྟན་པ་ཡིན་ལ། བདེ་གཤེགས་སྙིང་པོ་དེ་ ཀུན་གཞི་རྣམ་ཤེས་ལ་དགོངས་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ནི་ཐོག་མ་ དང་ཐ་མ་མ་མཆིས་པའི་མཐར་མཆིས་པ་དང་མི་སྐྱེ་བ་དང་མི་འགག་པའི་ཆོས་ཅན་སྡུག་ བསྔལ་མྱོང་བ་ལགས་པས་ཞེས་འབྱུང་ཞིང༌། མྱང་འདས་ཆེན་པོ་ལས། དེ་བཞིན་གཤེགས་ པའི་སྙིང་པོ་ཐོག་མ་ནས་བཅོས་མ་མ་ཡིན་པའི་ཁམས་ཡིན་ལ། ཉོན་མོངས་པ་རྣམས་ནི་གློ་ བུར་དུ་བྱུང་བ་ཡིན་ཏེ་ཞེས་གསུངས་ལ། ཀུན་གཞི་རྣམ་ཤེས་ནི་ཐ་མ་མེད་པར་གནས་པ་དང་ མི་སྐྱེ་བ་དང་མི་འགག་པ་དང་བཅོས་མ་མ་ཡིན་པ་མ་ཡིན་གྱི་སུམ་ཅུ་པའི་རབ་ཏུ་བྱེད་པར། དགྲ་བཅོམ་ཉིད་ན་དེ་ལྡོག་གོ། ཞེས་འབྱུང་བ་ལྟར་ཕྱི་མཐའ་ཡོད་ཅིང་འདུས་བྱས་བཅོས་མ་ གློ་བུར་བ་ཡིན་པས་སྐྱེ་འགག་བྱེད་པའི་ཕྱིར་རོ༑ ༑དེས་ན་དཔལ་ཕྲེང་གི་མདོའི་ལུང་གོང་དུ་ 6-1-26 དྲངས་པས་ཀྱང་བདེ་གཤེགས་སྙིང་པོ་ཁོ་ན་གཙོ་བོར་བསྟན་ཏེ། ལུང་དེ་རྣམས་ཀྱིས་དེ་ བཞིན་གཤེགས་པའི་སྙིང་པོ་སོ་སོས་སྐྱེ་བོ་དང་ཉན་རང་དང་མུ་སྟེགས་ཅན་རྣམས་ཀྱི་སྤྱོད་ ཡུལ་དུ་མ་གྱུར་པ། དེ་བཞིན་གཤེགས་པའི་སྤྱོད་ཡུལ། བྱང་ཆུབ་སེམས་དཔའ་བློ་རྣམ་པར་ དག་པ་ཞིབ་མོ་སྤངས་པའི་མོས་པ་དང་བློ་གྲོས་རབ་ཏུ་འབྱེད་པ་དོན་ལ་རྟོན་པ་རྣམས་ཀྱི་ འང་སྤྱོད་ཡུལ་དུ་གསུངས་པ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་དོན་དེ་ཀུན་གཞི་རྣམ་ཤེས་ཡིན་ པ་ལྟ་བུར་བསྟན་པ་ལ་སྒྲ་ཇི་བཞིན་པར་མངོན་པར་ཞེན་ནས་ཀུན་གཞི་རྣམ་ཤེས་བསྟན་ནོ་ ཞེས་བརྗོད་ན། ཤིན་ཏུ་ཟབ་པའི་མདོ་སྡེ་ལ་སྐུར་པ་བཏབ་པར་འགྱུར་ཞིང༌། སྙིང་པོ་ཀུན་ གཞིར་བསྒྲགས་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་གསུངས་པ་ལྟར་འགྱུར་རོ། ། སོར་ཕྲེང་གི་མདོ་ལས། ཉན་ཐོས་ཀྱི་ཐེག་པ་ལས་ཡིད་ཅེས་བསྟན་པ་ཡང་དེ་བཞིན་ གཤེགས་པའི་སྙིང་པོ་ཞེས་བྱ་བའི་དོན་ཏེ། ཡིད་རང་བཞིན་གྱིས་དག་པ་ཞེས་བྱ་བ་གང་ཡིན་ པ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོའོ་ཞེས་སོགས་གསུངས་པ་ཡང༌། ཡིད་ལ་དགོངས་ ནས་བདེ་གཤེགས་སྙིང་པོ་གསུངས་པ་ནི་མ་ཡིན་གྱི་ཡིད་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་ པར་དག་པ་དེ་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་དེ་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ ཡིན་པར་གསུངས་སོ། །དེ་སངས་རྒྱས་ཀྱི་རྒྱུ་ཙམ་ལ་དགོངས་པ་མ་ཡིན་པའི་ཚུལ་ནི་འོག་ཏུ་ བརྗོད་པར་བྱའོ། ། ༈ གཞན་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ལས་འདི་ལྟར་འབྱུང་སྟེ། རྒྱུད་བླ་ མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པ་ནི་དགོངས་གཞི་ གསུམ་ལ་དགོངས་ནས་དགོངས་པ་ཉེས་པ་ལྔ་སྤང་བའི་གཉེན་པོ་ལ་ལྡེམ་པོར་དགོངས་པ་ སྟེ། དགོངས་གཞི་གསུམ་ནི་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུས་སེམས་ཅན་ཐམས་ཅད་ལ་ 6-1-27 ཁྱབ་པར་འཕྲོ་བ་དང༌། སེམས་ཀྱི་གནས་ལུགས་རང་བཞིན་གྱིས་འོད་གསལ་བ་ཉིད་ལས་ གཞན་དུ་མི་འགྱུར་བ་ནི་སེམས་ཀྱི་དེ་བཞིན་ཉིད་ཡིན་ལ། དེ་སངས་རྒྱས་དང་སེམས་ཅན་ ཁྱད་མེད་དུ་ཡོད་པ་དང༌། སེམས་ཅན་ལ་སངས་རྒྱས་ཀྱི་སྐུ་གསུམ་བསྐྱེད་པའི་རིགས་ཡོད་ པའི་དབང་དུ་བྱས་ནས་དེ་བཞིན་གཤེགས་པའི་ཁམས་ཡོད་པ་སྟེ་དགོངས་གཞི་གསུམ་པོ་ དེ་ལ་དགོངས་ནས། སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཏུ་སྟོན་ཏེ། དེ་ ཡང་སེམས་ཅན་ལ་སངས་རྒྱས་ཀྱི་ཆོས་ཀྱི་སྐུས་ཁྱབ་པར་འཕྲོ་བ་ནི་ད་ལྟ་བདག་གིས་མ་ཐོབ་ ཀྱང་དུས་ཕྱིས་ཐོབ་པར་འགྱུར་བ་ལ་དགོངས་ནས་གསུངས་པས་དུས་གཞན་ལ་དགོངས་པ་ དང༌། དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་གློ་བུར་གྱི་དྲི་མ་མ་ལུས་པར་དག་ པ་ནི་སངས་རྒྱས་ཡིན་ལ། དེ་བཞིན་ཉིད་དེ་སེམས་ཅན་ལའང་ཁྱད་མེད་དུ་ཡོད་པས་དྲི་མ་ མ་ལུས་པ་དག་པ་དེ་ལམ་བསྒོམས་ན་ཕྱིས་ཐོབ་པར་འགྱུར་བའི་དུས་གཞན་ལ་དགོངས་པ་ དང༌། སངས་རྒྱས་ཀྱི་སྐུ་གསུམ་བསྐྱེད་པའི་རིགས་ནི་སྐུ་གསུམ་གྱི་རྒྱུ་ཡིན་པས་རྒྱུ་ལ་འབྲས་ བུར་བཏགས་ནས་གསུངས་པས་དུས་གཞན་ལ་དགོངས་པ་ཡིན་ནོ་ཞེས་མདོའི་སྒྲུབ་བྱེད་ དང་སྦྱར་ནས་སྟོན་པ་ཡང་དགོངས་པ་མ་ཡིན་ཏེ། ༈ རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །ཞེས་པ་ནི་སེམས་ཅན་ལ་ཆོས་ཀྱི་སྐུས་ཁྱབ་ པར་འཕྲོ་བ་ཞེས་སྦྱར་བར་བྱ་བ་ནི་མ་ཡིན་གྱི་སེམས་ཅན་ལ་ཆོས་ཀྱི་སྐུ་ཁྱབ་པ་ཉིད་ཡིན་ ཏེ། འགྲེལ་པར་རྒྱས་བཤད་ཀྱི་སྐབས་སུ་འཕྲོ་བའི་དོན་ཁྱབ་པ་ལ་བཤད་པས་སོ། །དེས་ན་ སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྐུས་གདོད་མ་ཉིད་ནས་ཁྱབ་པ་ལ་སོགས་པ་གསུམ་ནི་ དེ་བཞིན་གཤེགས་པའི་སྙིང་པོའི་དོན་དངོས་ཉིད་ཡིན་ཅིང༌། སེམས་ཅན་ཐམས་ཅད་སངས་ རྒྱས་ཀྱི་སྙིང་པོ་ཅན་དུ་སྒྲུབ་པའི་རྒྱུ་མཚན་དུ་གསུངས་པའི་ཕྱིར་ན། སེམས་ཅན་སངས་རྒྱས་ ཀྱི་སྙིང་པོ་ཅན་དུ་ལྡེམ་པོར་དགོངས་ཏེ་གསུངས་པའི་དགོངས་གཞི་ཡིན་པར་འཆད་པ་ནི་ 6-1-28 ཤིན་ཏུ་འཁྲུལ་བ་ཡིན་ནོ། ། གསུམ་པོ་དེ་དག་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཡིན་པའི་ཚུལ་ལ། དང་པོ་ སངས་རྒྱས་ཀྱི་ཆོས་ཀྱི་སྐུས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་དེ་བཞིན་གཤེགས་པའི་སྙིང་ པོའི་དོན་ཡིན་པ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་དོན་རྒྱུད་བླ་མར་གསུངས་པ། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་ གཏེར་དང་མྱུག་སོགས་འབྲས་ཆུང་དང༌། ། གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། །ས་ ནང་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་གསུངས་སོ། །དེའི་དཔེ་དང་པོ་གསུམ་ནི་ སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་སྐུས་ཁྱབ་པའི་དོན་གྱི་དབང་དུ་བྱས་པ་ཡིན་ ཏེ། རྒྱུད་བླར། འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དེས་ནི་མི་དམིགས་པས། །དེ་ བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཕྲ་མོ་ཟབ་མོའི་ཚུལ་ བསྟན་ནི། །སྦྲང་རྩི་རོ་ཅིག་པ་བཞིན་ཏེ། །རྣམ་པ་སྣ་ཚོགས་ཚུལ་བསྟན་པ། །སྣ་ཚོགས་སྦུན་ སྙིང་བཞིན་ཤེས་བྱ། །ཞེས་གསུངས་པའི་འགྲེལ་པར། དེ་ལྟར་སངས་རྒྱས་ཀྱི་གཟུགས་དང་ སྦྲང་རྩི་དང་སྙིང་པོའི་དཔེ་འདི་གསུམ་གྱིས་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལུས་པ་ མེད་པའི་སེམས་ཅན་གྱི་ཁམས་ཁྱབ་པའི་དོན་གྱི་དབང་དུ་བྱས་ནས་སེམས་ཅན་འདི་དག་ དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བསྟན་ནོ། །གང་ཞིག་དེ་བཞིན་གཤེགས་ པའི་ཆོས་ཀྱི་སྐུ་ལས་ཕྱི་རོལ་ཏུ་གྱུར་པའི་སེམས་ཅན་དེ་ནི་འགའ་ཡང་སེམས་ཅན་གྱི་ཁམས་ ན་མེད་དེ། ནམ་མཁའི་ཁམས་ཀྱི་གཟུགས་བཞིན་ནོ། །དེ་སྐད་དུ། ཇི་ལྟར་ནམ་མཁའ་རྟག་ ཏུ་ཀུན་སོང་འདོད། །དེ་ནི་འདི་ནི་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་ 6-1-29 རྣམས་ཀུན་སོང་བ། །དེ་བཞིན་འདི་ཡང་སེམས་ཅན་ཀུན་ཏུ་སོང༌། །ཞེས་གསུངས་སོ་ཞེས་ གསུངས་པས། སངས་རྒྱས་ཀྱི་ཆོས་སྐུས་མ་ཁྱབ་པའི་སེམས་ཅན་འགའ་ཡང་མེད་ལ། ཆོས་ སྐུ་ཉིད་དོན་དམ་པའི་སངས་རྒྱས་ཡིན་ཏེ། དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་གཞན་ལ་ཆོས་ཀྱི་སྐུ་གཞན་པ་ནི་མ་ལགས་ཀྱི། བཅོམ་ལྡན་འདས་ཆོས་ ཀྱི་སྐུ་ཉིད་དེ་བཞིན་གཤེགས་པ་ལགས་སོ་ཞེས་གསུངས་པས། སེམས་ཅན་ཐམས་ཅད་ལ་དེ་ བཞིན་གཤེགས་པ་ཆོས་ཀྱི་སྐུས་ཁྱབ་པ་ཉིད་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་ པོ་ཅན་ཡིན་པར་གསུངས་པའི་དོན་ཡིན་པས། དེ་ལྟར་གསུངས་པ་ནི་ལྡེམ་དགོངས་མ་ཡིན་ གྱི་ངེས་པའི་དོན་སྒྲ་ཇི་བཞིན་པ་ཁོ་ན་ཡིན་ནོ། །ཕལ་པོ་ཆེ་ལས་ཀྱང༌། ནམ་མཁའི་དབྱིངས་ ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ་འདོད་པ་དང་གཟུགས་ཡོད་པ་དང་གཟུགས་མེད་པའི་ གནས་ཐམས་ཅད་དུ་ཁྱབ་པ་ཡིན་ཡང་གང་དུ་ཡང་སོང་བ་མེད་ཅིང་རྗེས་སུ་སོང་བ་མེད་པར་ ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ནམ་མཁའ་ལ་གཟུགས་མེད་པའི་ཕྱིར་རོ། ། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པའི་སྐུ་ཡང་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། སེམས་ཅན་ཐམས་ཅད་དང་ཆོས་ཐམས་ཅད་དང་ཞིང་ཐམས་ཅད་ཀུན་ཏུ་ཁྱབ་པར་ཤེས་ པར་བྱའོ་ཞེས་དང༌། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ ཀྱང་ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་གཟུགས་སུ་སྣང་བ་ཐམས་ཅད་དུ་ ཞུགས་པའོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་སེམས་ཅན་དུ་ སྣང་བ་ཐམས་ཅད་དུ་ཞུགས་པའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ནང་ དུ་ནི་གཟུགས་སུ་སྣང་བ་ཐམས་ཅད་འདུས་སོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་ གཤེགས་པའི་སྐུའི་ནང་དུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་འདུས་སོ་ཞེས་གསུངས་ པས་སོ། །ཡང་སངས་རྒྱས་ཀྱི་ཆོས་སྐུའི་སེམས་ཅན་ལ་ཁྱབ་པར་འཕྲོ་བ་དེ་ད་ལྟ་བདག་ 6-1-30 གིས་མ་ཐོབ་ཀྱང་དུས་ཕྱིའི་ཐོབ་པར་འགྱུར་བར་དགོངས་ནས་གསུངས་པ་དུས་གཞན་ལ་ དགོངས་པ་ཡིན་པའི་ཤེས་བྱེད་དུ་ལུང་འདི་ལྟར་སྦྱོར་ཏེ། མྱང་འདས་ལས། རིགས་ཀྱི་བུ་ ཇི་ལྟར་ཏིལ་ཡོད་ན་མར་ཡང་མཐོང་བར་འགྱུར་རོ། །ཐབས་རྣམས་སྤང་ན་མི་མཐོང་བ་ བཞིན་དུ་བུ་རམ་གྱི་ཤིང་ཡང་དེ་དང་འདྲའོ། །རིགས་ཀྱི་བུ་དཔེར་ན་སུམ་ཅུ་རྩ་གསུམ་གྱི་ལྷ་ དང་བྱང་གི་སྒྲ་མི་སྙན་ན་ཡོད་པའི་ཆོས་ཡོད་མོད་ཀྱི་དགེ་བའི་ལས་སམ་རྫུུ་འཕྲུལ་གྱི་མཐུ་ མེད་ན་མི་མཐོང་ངོ༌། །སའི་འོག་ན་རྩའི་རྩ་བ་དང་སའི་འོག་གི་ཆུ་ནི་སས་ཁེབས་པས་ན་མི་ མཐོང་བ་ལྟར། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། འཕགས་པའི་ ལམ་མ་བསྒོམས་ན་མཐོང་བར་མི་འགྱུར་རོ་ཞེས་སོགས་དང༌། རིགས་ཀྱི་བུ་དཔེར་ན་ནམ་ མཁའ་ནི་སེམས་ཅན་ཐམས་ཅད་ཀྱི་ནང་ན་ཡང་མ་ཡིན་ཕྱི་རོལ་ཡང་མ་ཡིན་ཕྱི་ནང་གཉིས་ ག་ཡང་མ་ཡིན་པའི་ཕྱིར་ཐོགས་པ་མེད་དེ། སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཀྱི་རང་ བཞིན་ཡང་དེ་དང་འདྲའོ། །རིགས་ཀྱི་བུ་དཔེར་ན་མི་ཞིག་ལ་ནོར་གནས་གཞན་ཞིག་ན་ཡོད་ ན་དྲུང་ན་མེད་མོད་ཀྱི་ཡིད་བཞིན་དུ་སྤྱོད་པ་ལ་དབང་ངོ༌། །གལ་ཏེ་ལ་ལ་ཞིག་གིས་དྲིས་ན་ ཡང་བདག་དབང་ངོ་ཞེས་ཟེར་རོ། །དེ་ཅིའི་ཕྱིར་ཞེ་ན་ངེས་པར་དབང་པའི་ཕྱིར་ཏེ། སེམས་ ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བར་འདི་ཡང་མ་ཡིན་ཕྱི་རོལ་ཡང་མ་ཡིན་ ཏེ༑ ངེས་པར་ཐོབ་པའི་ཕྱིར་ཐམས་ཅད་ལ་ཡོད་ཅེས་སྨྲའོ། །རིགས་ཀྱི་བུ་དཔེར་ན་སེམས་ ཅན་གྱི་ལས་དགེ་བ་དང་མི་དགེ་བ་བྱས་པ་ཡང་ནང་ན་ཡང་མ་ཡིན་ཕྱི་རོལ་ན་ཡང་མ་ཡིན་ ཏེ། དེ་ལྟར་ལས་ཀྱི་རང་བཞིན་དེ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། ཐོག་མ་མེད་ལ་ ད་ལྟར་ཡོད་པ་ཡང་མ་ཡིན་རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན། འདིས་བྱས་པས་འདིས་མྱོང་ བ་ཡང་མ་ཡིན། འདིས་བྱས་པའི་གཞན་མྱོང་བ་ཡང་མ་ཡིན། གཞན་བྱས་པས་གཞན་མྱོང་ བ་ཡང་མ་ཡིན་ཏེ། བྱས་པ་ཡང་མེད་མྱོང་བ་ཡང་མེད་པ་མ་ཡིན་གྱི། དུས་དང་རྐྱེན་འདུས་ 6-1-31 པས་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ལྟར། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་ དེ་དང་འདྲ་བར་ཐོག་མར་མེད་ལ་ད་ལྟར་ཡོད་པ་ཡང་མ་ཡིན། ནང་ན་མ་ཡིན་ཕྱི་རོལ་ན་མ་ ཡིན་ཡོད་པ་མ་ཡིན་མེད་པ་མ་ཡིན་འདི་ན་མ་ཡིན་ཕྱི་རོལ་ན་མ་ཡིན་གཞན་ནས་འོངས་པ་མ་ ཡིན་རྒྱུ་རྐྱེན་མེད་པ་ཡང་མ་ཡིན། སེམས་ཅན་ཐམས་ཅད་ཀྱིས་མི་མཐོང་བ་ཡང་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་དུས་དང་རྐྱེན་འདུས་པས་མཐོང་བར་འགྱུར་རོ་ཞེས་གསུངས་ སོ་ཞེས་པ་ཡང་ཤེས་བྱེད་དུ་མི་རུང་སྟེ། ལུང་དེ་དག་གི་དགོངས་པ་ནི། དཔེར་ན་ཏིལ་ལ་ མར་ཡོད་ཀྱང་ཐབས་མ་བྱས་ན་མི་མཐོང་བ་ལྟར། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ ཀྱི་རང་བཞིན་བདེ་གཤེགས་སྙིང་པོ་ཡོད་ཀྱང་ལམ་མ་བསྒོམས་ན་མཐོང་བར་མི་འགྱུར་ཞེས་ བསྟན་གྱི་ལམ་མ་བསྒོམས་ན་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་མེད་ཅེས་མི་སྟོན་ པས་སེམས་ཅན་ལ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཐོང་ཡང་དེ་བཞིན་གཤེགས་པའི་ སྙིང་པོ་ཡོད་པ་མི་འགལ་ཏེ་ཏིལ་མ་བཙིར་བ་ན་ཏིལ་མར་མ་མཐོང་ཡང་ཏིལ་མར་ཡོད་པ་ བཞིན་ནོ། །སུམ་ཅུ་རྩ་གསུམ་གྱི་ལྷ་དང་བྱང་གི་སྒྲ་མི་སྙན་ན་ཡོད་པའི་ཆོས་ཡོད་མོད་ཀྱི་དགེ་ བའི་ལས་སམ་རྫུ་འཕྲུལ་གྱི་མཐུ་མེད་ན་མི་མཐོང་བ་ལྟར་སེམས་ཅན་གྱི་སངས་རྒྱས་ཀྱི་རང་ བཞིན་ཡང་ལམ་མ་བསྒོམ་ན་མི་མཐོང་བར་གསུངས་པ་ཡང༌། སེམས་ཅན་ལ་སངས་རྒྱས་ཀྱི་ རང་བཞིན་ཡོད་བཞིན་དུ་མི་མཐོང་བར་བསྟན་པ་ཡིན་གྱི། སེམས་ཅན་ལ་ད་ལྟ་སངས་རྒྱས་ ཀྱི་རང་བཞིན་མེད་པ་ཞིག་ལམ་བསྒོམས་པས་ཡོད་པར་འགྱུར་བར་བསྟན་པ་ནི་མ་ཡིན་ནོ། ། ས་འོག་ན་རྩྭའི་རྩ་བ་དང་ཆུ་ཡོད་པ་སས་ཁེབས་ནས་མ་མཐོང་བ་ཡང་སེམས་ཅན་ལ་སངས་ རྒྱས་ཀྱི་རང་བཞིན་ཡོད་པ་དེ་ལམ་མ་བསྒོམས་པར་མི་མཐོང་ལ་བསྒོམས་པ་ན་མཐོང་བའི་ དཔེར་འགྱུར་གྱི། སྔར་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་མེད་པ་ལ་ལམ་བསྒོམས་ པས་སངས་རྒྱས་ཀྱི་རང་བཞིན་ཡོད་པར་འགྱུར་བའི་དཔེར་མི་རུང་ངོ༌༑ ༑ཡང་མི་ཞིག་ལ་ནོར་ 6-1-32 གནས་གཞན་ཞིག་ན་ཡོད་པ་དེ་དྲུང་ན་མེད་ཀྱང་ཅི་དགར་སྤྱོད་པ་ལ་དབང་བས། མི་དེ་ལ་ ནོར་ཡོད་པའི་གོ་ཆོད་པ་ལྟར། སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་སེམས་ཅན་གྱིས་ མངོན་དུ་གྱུར་པ་མེད་ཀྱང༌། ལམ་བསྒོམས་ན་ངེས་པར་སངས་རྒྱས་ཀྱི་རང་བཞིན་མངོན་དུ་ འགྱུར་ཞིང་ཐོབ་ལ། ཐོབ་པ་དེ་ད་ལྟ་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པས་ཐོབ་ པ་ཡིན་གྱི་མེད་ན་ཐོབ་པ་མི་འཐད་དེ། སངས་རྒྱས་ཀྱི་རང་བཞིན་དེ་སྔར་མེད་གསར་དུ་སྐྱེ་ བའི་འདུས་བྱས་མ་ཡིན་པའི་ཕྱིར་རོ། །སེམས་ཅན་གྱི་ལས་དགེ་མི་དགེ་བྱས་པའི་འབྲས་བུ་ རྣམ་སྨིན་མྱོང་བ་དཔེར་མཛད་ནས་སངས་རྒྱས་ཀྱི་རང་བཞིན་ཡང་ཡོད་མེད་ལ་སོགས་སུ་ མ་གྲུབ་ཀྱང་མཐོང་བར་འགྱུར་བར་གསུངས་པ་ཡང༌། སེམས་ཅན་གྱི་སངས་རྒྱས་ཀྱི་རང་ བཞིན་ཐོག་མ་མེད་པའི་དུས་ནས་གནས་པ་དེ་ལམ་བསྒོམས་པས་མཐོང་བའམ་ཐོབ་པར་ འགྱུར་བ་ལ་དགོངས་པ་ཡིན་གྱི་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཐོག་མར་མེད་ལ་ ད་ལྟ་ཡོད་པ་མ་ཡིན་པ་ལ་སོགས་པ་དེ་ད་ལྟ་མེད་པ་ལ་ལམ་བསྒོམས་པས་སངས་རྒྱས་ཀྱི་ རང་བཞིན་ཅན་དུ་འགྱུར་བར་གསུངས་པ་མ་ཡིན་ནོ། །ཡང་ཆོས་སྐུ་ཐམས་ཅད་ལ་ཁྱབ་པའི་ ཕྱིར་སེམས་ཅན་གྱི་ནང་ན་གནས་པར་འདོད་པ་ལ། མྱང་འདས་ལས། རིགས་ཀྱི་བུ་གལ་ཏེ་ སངས་རྒྱས་ཀྱི་རང་བཞིན་སེམས་ཅན་གྱི་ནང་ན་གནས་ཞེས་བྱ་བ་ནི་རིགས་ཀྱི་བུ་རྟག་པའི་ ཆོས་ནི་གནས་མེད་དེ། གལ་ཏེ་གནས་ཡོད་ན་མི་རྟག་པར་འགྱུར་རོ། ། རིགས་ཀྱི་བུ་རྟེན་ཅིང་འབྲེལ་དེ་འབྱུང་བ་བཅུ་གཉིས་ནི་ངེས་པར་གནས་པའི་གནས་ མེད་དོ། །གལ་ཏེ་གནས་པའི་གནས་ཡོད་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྟག་ པ་ཞེས་མི་བྱའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡང་གནས་པའི་གནས་མེད་ཆོས་ཀྱི་ ཁམས་དང་ཆོས་ཀྱི་སྐྱེ་མཆེད་ཆོས་ཀྱི་ཕུང་པོ་དང་ནམ་མཁའ་ཡང་གནས་པའི་གནས་མེད་དེ། ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བར་གནས་པའི་གནས་མེད་དོ་ཞེས་གསུངས་པ་ 6-1-33 གནོད་བྱེད་དུ་འགོད་པ་ཡང་རིགས་པ་མ་ཡིན་ཏེ། མྱང་འདས་ལས། རིགས་ཀྱི་བུ་ངས་སེམས་ ཅན་མི་ཤེས་པ་ཤེས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་ཡང་མ་ཡིན་ཕྱི་ རོལ་ན་ཡང་མ་ཡིན་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན༑ སེམས་ཅན་མ་རབས་སོ་སོའི་སྐྱེ་ བོར་གྱུར་པ་དག་གིས་ལ་ལ་ནི་སངས་རྒྱས་ཀྱི་རང་བཞིན་ཕུང་པོ་ལྔའི་ནང་ན་གནས་ཏེ། ཇི་ ལྟར་སྣོད་ཀྱི་ནང་ན་ཤིང་ཏོག་ཡོད་པ་དང་མཚུངས་སོ་ཞེས་ཟེར། ལ་ལ་ནི་འདི་སྐད་དུ་ཕུང་པོ་ ལས་གཞན་པ་ན་ཡོད་དེ། དཔེར་ན་ནམ་མཁའ་སྟོང་པ་དང་མཚུངས་སོ་ཞེས་ཟེར་ཏེ། དེ་བས་ ན་དེ་བཞིན་གཤེགས་པས་ལམ་དབུ་མ་གསུངས་སོ། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་ བཞིན་ནི་ནང་གི་སྐྱེ་མཆེད་དྲུག་མ་ཡིན། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་མ་ཡིན་ཏེ། ཕྱི་ནང་འདུས་ པའི་སྐྱེ་མཆེད་དབུ་མ་ཞེས་བྱ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་རང་ བཞིན་ཉིད་ནི་ལམ་དབུ་མའོ་ཞེས་གསུང་སོ། །ནང་ན་མ་ཡིན་ཕྱི་རོལ་ན་མ་ཡིན་པ་དེ་ནི་དབུ་ མ་ཞེས་བྱ་སྟེ། དེ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ་ཞེས་དང༌། དེ་བས་ན་དེ་བཞིན་ གཤེགས་པས་མཐའ་གཉིས་ལས་བཟློག་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་མ་ ཡིན་ཕྱི་རོལ་ན་མ་ཡིན་ལ་ནང་དང་ཕྱི་རོལ་ཀྱང་ཡིན་ནོ་ཞེས་གསུངས་ཏེ་དེ་ནི་ལམ་དབུ་མ་ ཞེས་བྱའོ་ཞེས་དང༌། གཞན་ཡང་རིགས་ཀྱི་བུ་ཁ་ཅིག་འདི་སྐད་དུ་སངས་རྒྱས་ཀྱི་རང་བཞིན་ ནི་ནང་ན་གནས་ཏེ། དཔེར་ན་སྟོབས་པོ་ཆེའི་དཔྲལ་བའི་ནོར་བུ་རིན་པོ་ཆེ་དང་མཚུངས་ སོ། །དེ་ཅིའི་ཕྱིར་ཞེ་ན། རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པ་ནི་ནོར་བུ་དང་ མཚུངས་ཏེ། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་ཡོད་དོ་ཞེས་སྨྲའོ། །ཁ་ཅིག་འདི་ སྐད་དུ་སངས་རྒྱས་ཀྱི་རང་བཞིན་ནི་ཕྱི་རོལ་ན་ཡོད་དེ། དཔེར་ན་དབུལ་པོའི་རིན་པོ་ཆེའི་ གཏེར་ཡོད་པ་དང་མཚུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཐབས་ཀྱིས་མཐོང་བར་འགྱུར་བའི་ཕྱིར་ ཏེ་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བར་སེམས་ཅན་གྱི་ཕྱི་རོལ་ན་ཡོད་དེ། ཐབས་ 6-1-34 ཀྱིས་མཐོང་བར་འགྱུར་བའི་ཕྱིར་རོ་ཞེས་སྨྲའོ། །དེ་བས་དེ་བཞིན་གཤེགས་པས་མཐའ་ གཉིས་ལས་བཟློག་པའི་ཕྱིར། སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་མ་ཡིན་ཕྱི་རོལ་མ་ཡིན་ ལ་ནང་དང་ཕྱི་རོལ་ཀྱང་ཡིན་ནོ་ཞེས་ཀྱང་གསུངས་ཏེ། དེ་ནི་དབུ་མའི་ལམ་ཞེས་བྱའོ་ཞེས་ གསུངས་པ་ལྟར། སངས་རྒྱས་ཀྱི་རང་བཞིན་ཆོས་སྐུ་དེ་སྣོད་ཀྱི་ནང་ན་ཤིང་ཏོག་ཡོད་པའམ། གྱད་སྟོབས་པོ་ཆེའི་དཔྲལ་བའི་རྨ་ནང་ན་ནོར་བུ་ཡོད་པ་ལྟར་སེམས་ཅན་གྱི་ལུས་སམ་ཕུང་ པོའི་ནང་ན་ཡོད་ཀྱི་ཕྱི་རོལ་ན་མེད་པ་ཡུལ་ཡོངས་སུ་ཆད་པའི་རྣམ་པར་ཁས་ལེན་ན་ལུང་དེ་ དག་གིས་གནོད་མོད་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་དང་ཆོས་ཀྱི་སྐུ་སེམས་ཅན་གྱི་ནང་ ན་གནས་ཤེས་པ་དེ་དེ་དག་སེམས་གྱི་ཤེས་རྒྱུད་ཀྱིས་བསྡུས་པའི་ཚུལ་གྱིས་སེམས་ཅན་གྱི་ ནང་ཁོ་ན་ན་གནས་པར་མི་འདོད་ཀྱི་དཔེར་ན་འདུས་མ་བྱས་ནམ་མཁའ་སེམས་ཅན་ལ་ཕྱི་ ནང་ཀུན་ན་ཡོད་པ་ཇི་ལྟ་བ་བཞིན་ཆོས་ཀྱི་སྐུ་སེམས་ཅན་ལ་ཡོད་ཅིང་གནས་པར་འདོད་དེ། ནམ་མཁའ་སེམས་ཅན་གྱི་ནང་དང་ཕྱི་རོལ་དང་ཕྱི་ནང་གཉི་ག་ལ་ཡང་མེད་ཅེས་གསུངས་པ་ ནི་སེམས་ཅན་ལ་གཟུགས་ཅན་གྱི་དངོས་པོ་འགའ་ཞིག་ནང་ངམ་ཕྱི་རོལ་ལམ་ཕྱི་ནང་གཉི་ ག་ན་ཡོད་ན་རྟེན་དང་བརྟེན་པར་འབྲེལ་པའི་ཚུལ་གྱིས་ཡོད་པ་ལྟར། ནམ་མཁའ་ནི་སེམས་ ཅན་ལ་རྟེན་དང་བརྟེན་པར་འབྲེལ་པའི་ཚུལ་གྱིས་ཡོད་པ་མ་ཡིན་པ་ལ་དགོངས་པ་ཡིན་ལ། སྤྱིར་ནི་ནམ་མཁའ་སེམས་ཅན་ལ་ཡོད་པ་ཡིན་ཞིང་ནམ་མཁའ་སེམས་ཅན་ལ་ཡོད་པ་ཇི་ལྟ་ བ་བཞིན་ཆོས་སྐུ་སེམས་ཅན་ལ་ཡོད་པ་ཡིན་ཏེ། མྱང་འདས་ལས། སེམས་ཅན་གྱི་སངས་ རྒྱས་ཀྱི་རང་བཞིན་ནི་མི་འཆག་མི་འཇིག་བཀྲིར་མི་རུང༌། གཟུང་དུ་མི་རུང་བཅིང་དུ་མི་རུང་ གདགས་སུ་མི་རུང་སྟེ་ཇི་ལྟར་སེམས་ཅན་ལ་ནམ་མཁའ་སྟོང་པ་ཡོད་པ་བཞིན་ནོ། །ཐོགས་ པ་མེད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ནམ་མཁའ་སྟོང་པ་ཡོད་ཀྱང་སོ་སོ་ནས་བདག་ ཉིད་ཀྱི་ནམ་མཁའ་སྟོང་པ་མི་མཐོང་ངོ༌། །གལ་དེ་སེམས་ཅན་ལ་ནམ་མཁའ་སྟོང་པ་མེད་ 6-1-35 ན་སོང་བ་དང་འོང་བ་དང་འགྲོ་བ་དང་སྡོད་པ་དང་འདུག་པ་དང་ཉལ་བ་མེད་ལ། མི་སྐྱེ་ མི་འཕེལ་ལོ། །དོན་དེ་ལྟ་བས་ན་ངས་མདོ་སྡེ་ལས་སེམས་ཅན་ཐམས་ཅད་ལ་ནམ་མཁའི་ དབྱིངས་ཡོད་དོ་ཞེས་གསུངས་སོ། །ནམ་མཁའི་དབྱིངས་དེ་ཉིད་ནམ་མཁའ་སྟོང་པ་ཞེས་བྱ་ སྟེ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བའི་ཇི་ལྟར་ནོར་བུ་རིན་པོ་ ཆེ་ལྟར་བྱང་ཆུབ་སེམས་དཔའ་ས་བཅུ་པའི་ཅུང་ཟད་ཅིག་མཐོང་ངོ་ཞེས་གསུངས་པ་བཞིན་ ནོ། །དེས་ན་མྱང་འདས་ལས། སངས་རྒྱས་ཀྱི་རང་བཞིན་སེམས་ཅན་གྱི་ནང་ན་མི་གནས་ པར་གསུང་པ་ནི། མཁར་གཞོང་ལ་རྒྱ་ཤུག་གི་འབྲས་བུ་གནས་པ་ལྟར་རྟེན་དང་བརྟེན་པར་ འབྲེལ་པའི་ཚུལ་གྱིས་མི་གནས་པ་ལ་དགོངས་པ་ཡིན་གྱི། སྤྱིར་མི་གནས་པ་ལ་དགོངས་པ་ མ་ཡིན་ནོ། །དེ་ལྟར་མ་ཡིན་པར་སངས་རྒྱས་ཀྱི་རིང་བཞིན་སེམས་ཅན་གྱི་ནང་ན་མི་གནས་ ན། མྱང་འདས་ལས། སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་མ་ཡིན་ཕྱི་རོལ་མ་ཡིན་ལ། ནང་ དང་ཕྱི་རོལ་ཀྱང་ཡིན་ནོ་ཞེས་པ་དང༌། ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པར། ཇི་ལྟར་མར་ མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་ གནས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཞེས་གསུངས་པ་དང་འགལ་ལོ། །གཞན་ ཡང་སེམས་ཅན་གྱི་ཁམས་དང་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་དོན་ གཅིག་ཏུ་རྒྱུད་བླ་འགྲེལ་པ་དང་བཅས་པར་གསུངས་པས། སེམས་ཅན་གྱི་ཁམས་སེམས་ ཅན་ལ་ཇི་ལྟར་གནས་པ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་དང་ཆོས་ཀྱི་སྐུ་སེམས་ཅན་ལ་ གནས་པ་ཡིན་ཏེ། ཐོགས་མེད་ཀྱིས་རྒྱུད་བླའི་འགྲེལ་པར་འགྲིབ་པ་མེད་པ་དང་འཕེལ་བ་ མེད་པ་ཉིད་བསྟན་པའི་མདོ་དྲངས་པ། ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་ནི་སེམས་ཅན་གྱི་ ཁམས་ཀྱི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དེ་བཞིན་ གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ 6-1-36 བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ་ཞེས་དང༌། ཤཱ་རིའི་བུ་དེའི་ཕྱིར་ན་སེམས་ཅན་གྱི་ ཁམས་གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་ སྐུ། ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱིས་གཉིས་སུ་མེད་དོ་ཡེ་གེ་ཙམ་ ཐ་དད་པ་ཡིན་ནོ་ཞེས་དོན་དམ་པ་དང་སེམས་ཅན་གྱི་ཁམས་དང་དེ་བཞིན་གཤེགས་པའི་ སྙིང་པོ་དང་ཆོས་ཀྱི་སྐུ་རྣམས་དོན་གཅིག་ཏུ་གསུངས་པས། དེ་རྣམས་སེམས་ཅན་ལ་གནས་ ཚུལ་ཡང་གཅིག་པ་ཉིད་དོ། །མདོ་དེ་ཉིད་ལྡེམ་དགོངས་དྲང་བའི་དོན་ཡིན་ཞེས་ནི་མི་རུང་སྟེ། ཐོགས་མེད་ཀྱིས་མདོ་སྔ་མ་དྲངས་ནས། རྡོ་རྗེ་གནས་བཞི་པ་འདི་ནི་འགྲིབ་པ་མེད་པ་དང་ འཕེལ་བ་མེད་པ་ཉིད་བསྟན་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ་ཞེས་མདོ་ལས་ཇི་ལྟར་ གསུངས་པ་ལྟར་རྟོགས་པར་བྱ་བར་གསུངས་པས་སོ། ། ༈ དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ལས། རྒྱུད་བླར། དེ་བཞིན་ཉིད་ དབྱེར་མེད་ཕྱིར་དང༌། །ཞེས་པ་དང༌། རང་བཞིན་འགྱུར་བ་མེད་པ་དང༌། །དགེ་དང་རྣམ་པར་ དག་པའི་ཕྱིར། །དེ་བཞིན་ཉིད་འདི་གསེར་གྱི་ནི། །གཟུགས་དང་མཚུངས་པར་བརྗོད་པ་ཡིན། ། ཞེས་གསུངས་པའི་དོན་དཔེ་བཞི་པ་གསེར་གྱི་དཔེ་གཅིག་གིས་སངས་རྒྱས་དང་སེམས་ཅན་ གྱི་དེ་བཞིན་ཉིད་དབྱེར་མེད་པས་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པ་ཡང་ དུས་གཞན་ལ་དགོངས་པ་ཡིན་པའི་སྒྲུབ་བྱེད་དུ་ལུང་འདི་ལྟར་སྦྱོར་ཏེ། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་དེ་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་ དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་དང༌། མྱང་འདས་ལས། བཅོམ་ལྡན་འདས་ གལ་ཏེ་སེམས་ཅན་ལ་ཐོག་མ་ནས་བྱང་ཆུབ་ཀྱི་སེམས་ཀྱང་མ་མཆིས་ལ། བླ་མེད་རྫོགས་ པའི་བྱང་ཆུབ་ཀྱི་སེམས་ཀྱང་མ་མཆིས་ཏེ། ཕྱིས་གདོད་མཆིས་པ་ཞིག་ལགས་ན་སེམས་ཅན་ གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། ཐོག་མ་མ་མཆིས་པ་ལས་ཕྱིས་མཆིས་པར་ 6-1-37 འགྱུར་རོ། །དོན་དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མ་མཆིས་ སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཁྱོད་ཀྱིས་ སངས་རྒྱས་ཀྱི་རང་བཞིན་གྱི་དོན་ཤེས་ནས་རིང་ཞིག་ལོན་ཏེ། སེམས་ཅན་གྱི་ཕྱིར་དེ་ལྟར་ དྲིས་པ་ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཡང་དག་པར་སངས་རྒྱས་ཀྱི་རང་བཞིན་ཡོད་ དོ། །ཁྱོད་ཀྱིས་འདི་སྐད་དུ་སེམས་ཅན་ལ་གལ་ཏེ་སངས་རྒྱས་ཀྱི་རང་བཞིན་ཡོད་ན། ཐོག་མ་ སེམས་བསྐྱེད་པ་མི་རིགས་སོ་ཞེས་བྱ་བ་ནི་རིགས་ཀྱི་བུ་སེམས་ནི་སངས་རྒྱས་ཀྱི་རང་བཞིན་ མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ནི་རྟག་པ་མ་ཡིན་ལ་སངས་རྒྱས་ཀྱི་རང་བཞིན་ནི་ རྟག་པའི་ཕྱིར་རོ། ཁྱོད་ཀྱིས་འདི་སྐད་དུ། ཅིའི་ཕྱིར། ཕྱིར་ལྡོག་པའི་སེམས་ཡོད་ཅེས་བྱ་བ་ ནི་ཡང་དག་པར་སེམས་ལ་ཕྱིར་ལྡོག་པ་མེད་དོ། །གལ་ཏེ་སེམས་ལ་ཕྱིར་ལྡཽག་པ་ཡོད་ན་ ནམ་ཡང་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། ཐོབ་པ་བུལ་བའི་ཕྱིར་ཕྱིར་ ལྡོག་པ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་དེ་ནི་ཡང་དག་པར་ན་སངས་རྒྱས་ཀྱི་རང་བཞིན་མ་ ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ལོག་སྲེད་ཅན་དག་དགེ་བའི་རྩ་བ་བཅད་པས་སེམས་ཅན་དམྱལ་ བར་ལྟུང་བའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཀྱི་རང་བཞིན་ཡིན་ན་ནི་ ལོག་སྲེད་ཅན་དག་ལོག་སྲེད་ཅན་ཞེས་བྱ་བར་མི་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཀྱང་མི་ རྟག་པ་ཞེས་བྱར་མི་རུང་སྟེ། དེ་བས་ན་ངེས་པར་བྱང་ཆུབ་ཀྱི་སེམས་ནི་ཡང་དག་པར་སངས་ རྒྱས་ཀྱི་རང་བཞིན་མ་ཡིན་པར་ཤེས་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་གལ་ཏེ་ སངས་རྒྱས་ཀྱི་རང་བཞིན་ཡོད་ན། ཇི་ལྟར་འོ་མ་ལས་ཞོར་འགྱུར་བ་ལྟར་རྐྱེན་ལ་རག་ལུས་ སོ་ཞེས་བྱ་བ་དེ་ཡང་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་རྣམ་པ་ལྔས་མར་དུ་འགྱུར་བ་ ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དཔེར་ན་རྡོ་ལ་ནི་གསེར་ཡོད་དངུལ་ཡང་ ཡོད་ཟངས་ཀྱང་ཡོད་ལྕགས་ཀྱང་ཡོད་དེ། དེ་དག་ཆེན་པོ་བཞི་ལ་གནས་པར་འདྲ་ཡང་མིང་ 6-1-38 གཅིག་སྙིང་པོ་གཅིག་ལས་འབྱུང་བ་སོ་སོ་སྟེ། རྒྱུ་དང་རྐྱེན་མང་པོ་དགོས་སོ། །དེ་ཡང་སེམས་ ཅན་གྱི་བསོད་ནམས་དང་མིས་ལས་སུ་བྱས་པ་ལས་གདོད་འབྱུང་བར་འགྱུར་ཏེ། དེ་བས་ ན་ཐོག་མ་ནས་གསེར་གྱི་རང་བཞིན་མེད་པར་རིག་པར་བྱའོ། །སེམས་ཅན་གྱི་སངས་རྒྱས་ ཀྱི་རང་བཞིན་ནི་སངས་རྒྱས་ཞེས་མི་བྱ་སྟེ། བསོད་ནམས་མང་པོའི་རྒྱུ་དང་རྐྱེན་འདུས་པས་ སངས་རྒྱས་ཀྱི་རང་བཞིན་མཐོང་བར་གྱུར་ན་གདོད་སངས་རྒྱས་ཐོབ་པར་འགྱུར་རོ། ཁྱོད་ ཀྱིས་འདི་སྐད་དུ་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ན་ཅིའི་ཕྱིར་མི་མཐོང་ངོ་ཞེས་ བྱ་བ་དེ་ནི་དོན་དེ་ཡང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་རྒྱུ་དང་རྐྱེན་མ་འདུས་པའི་ཕྱིར་ རོ། །རིགས་ཀྱི་བུ་དེ་ལྟ་བས་ན་ངས་བདེན་པའི་རྒྱུ་དང་རྐྱེན་གྱི་རྒྱུ་རྣམ་པ་གཉིས་སུ་གསུངས་ ཏེ། དེ་ལ་བདེན་པའི་རྒྱུ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །རྐྱེན་གྱི་རྒྱུ་ནི་བྱང་ཆུབ་ཏུ་སེམས་ བསྐྱེད་པ་སྟེ། རྒྱུ་དང་རྐྱེན་དེ་གཉིས་ཀྱིས་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པ་ནི། ཇི་ལྟར་ རྡོ་ལ་གསེར་འབྱུང་བ་བཞིན་ནོ། །ཞེས་པ་དང༌། རྒྱུད་བླའི་འགྲེལ་པར་མདོའི་ལུང་དྲངས་པ་ ལས། ཇི་ལྟར་རྡོ་ཡི་ཕྱེ་མ་ལ། །ས་ལེ་སྦྲམ་ནི་མི་མཐོང་ཞིང༌། །ཡོངས་སུ་སྦྱང་པས་དེ་མཐོང་ བཞིན། །འཇིག་རྟེན་ལ་ནི་དེ་བཞིན་གཤེགས། །ཞེས་གསུངས་སོ། ། ༈ ཞེས་པ་ཡང་ལུང་གི་དགོངས་པ་མ་ཡིན་ཏེ། དྲི་མ་མ་ལུས་པར་དག་པའི་དེ་བཞིན་ ཉིད་དེ་སེམས་ཅན་གྱི་རྒྱུད་ལ་ཡོད་དམ་མེད། ཡོད་ན་དེ་ཉིད་དེ་བཞིན་གཤེགས་པ་ཆོས་ ཀྱི་སྐུ་སེམས་ཅན་གྱི་རྒྱུད་ལ་ཡོད་པ་ཡིན་པས་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ གསུངས་པ་དེ་ཇི་ལྟར་དུས་གཞན་ལ་དགོངས་པའི་ལྡེམ་དགོངས་ཡིན། མེད་ན་སངས་རྒྱས་ ཀྱི་ཆོས་ཉིད་སེམས་ཅན་ལ་མེད་པར་འགྱུར་ཏེ། དྲི་མ་མ་ལུས་པར་དག་པའི་དེ་བཞིན་ཉིད་ སེམས་ཅན་ལ་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཉིད་སེམས་ཅན་ལ་མེད་ན། རྒྱུད་ བླར། ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ 6-1-39 ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་དང༌། དེའི་འགྲེལ་ པར། དེ་ལ་ཇི་སྙེད་ཡོད་པ་ཉིད་ནི་ཤེས་བྱའི་དངོས་པོ་མཐའ་དག་མཐར་ཐུག་པར་རྟོགས་པ་ འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་ལ་ཐ་ན་དུད་འགྲོའི་སྐྱེ་ གནས་སུ་གྱུར་པ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཉིད་མཐོང་བ་ལས་ རིག་པར་བྱའོ་ཞེས་དང༌། རང་བཞིན་འགྱུར་བ་མེད་པ་དང་ཞེས་སོགས་ཀྱི་འགྲེལ་པ་ལས། དེ་ཡང་ལོག་པ་ཉིད་དུ་ངེས་པའི་རྒྱུ་ཅན་གྱི་སེམས་ཅན་ཐམས་ཅད་ལ་ཡང་རང་བཞིན་ཁྱད་ པར་མེད་དུ་ཟིན་ཀྱང༌། གློ་བུར་གྱི་ཉོན་མོངས་པ་མཐའ་དག་རྣམ་པར་དག་པ་ལས་གྱུར་པ་ དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ་དེས་ན་འདིར་གསེར་གྱི་དཔེ་གཅིག་ གིས་དེ་བཞིན་ཉིད་ལ་དབྱེར་མེད་པའི་དོན་གྱི་དབང་དུ་བྱས་ནས། དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་སེམས་ཅན་དེ་དག་གི་སྙིང་པོ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ་ཞེས་གསུངས་ པ་དང་འགལ་ལོ། །དེས་ན་སངས་རྒྱས་ཀྱི་ཆོས་ཉིད་སེམས་ཅན་ཐམས་ཅད་ལ་ཁྱད་པར་ ཅུང་ཟད་ཀྱང་མེད་པར་ཡོད་ལ། སངས་རྒྱས་ཀྱི་ཆོས་ཉིད་དེ་ཉིད་ཡང་དག་པའི་སངས་རྒྱས་ ཡིན་པས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་ནི་ངེས་པའི་དོན་ཡིན་ ཏེ། མྱང་འདས་ལས། རིགས་ཀྱི་བུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ནི། སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་སོ་ཞེས་དང༌། སངས་རྒྱས་རྣམས་ཀྱི་ཆོས་ནི་ ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །དེ་བས་ན་དེ་ བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་བའོ་ཞེས་གསུངས་སོ། །གལ་ཏེ་སེམས་ཅན་གྱི་དེ་ བཞིན་ཉིད་དང་སངས་རྒྱས་ཀྱི་དེ་བཞིན་ཉིད་ངོ་བོ་གཅིག་པས་སེམས་ཅན་ལ་སངས་རྒྱས་ ཀྱི་དེ་བཞིན་ཉིད་ཡོད་པར་གསུངས་པ་ཡིན་གྱི། དྲི་མ་ཡོད་མེད་ཁྱད་ཤིན་ཏུ་ཆེ་བས། སེམས་ ཅན་ལ་དེ་བཞིན་གཤེགས་པ་ཉིད་མེད་དོ་སྙམ་ན། མ་ཡིན་ཏེ། སེམས་ཅན་གྱི་དེ་བཞིན་ཉིད་ 6-1-40 དེ་སེམས་ཅན་ལ་ཡོད་ཀྱང་སེམས་ཅན་གྱིས་མ་མཐོང་བའི་དྲི་མ་དང་བཅས་པ་ལྟ་བུར་སྣང་ བ་ཡིན་གྱི། དེ་བཞིན་ཉིད་ཀྱི་རང་གི་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས། དྲི་ མས་གདོད་མ་ཉིད་ནས་མ་གོས་པ་ཡིན་ཏེ། རྒྱུད་བླར། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ ཕྱིར་ཇི་ལྟ་ཉིད་དེ་ཡང༌། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ ཕྱིར་རོ། །ཞེས་དང༌། དའི་འགྲེལ་པར། སེམས་རང་བཞིན་གྱིས་འོད་གསལ་བར་མཐོང་བའི་ ཕྱིར་དང༌། དེའི་ཉེ་བའི་ཉོན་མོངས་པ་གདོད་མ་ནས་ཟད་ཅིང་འགོག་པར་མཐོང་བའི་ཕྱིར་ རོ་ཞེས་གསུངས་ལ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས། ཟད་ པ་གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད་ཅེས་བསྟན། །ཞེས་དང༌། སོར་ཕྲེང་ལས། ངས་སེམས་ཅན་བྱེ་བ་མང་པོ་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ ཤིན་ཏུ་ནན་ཏན་དུ་བཙལ་ཡང་དྲི་མ་མེད་དོ་ཞེས་བསྟན་པས་དེ་ལས་ངའི་ལུས་དབྱིངས་ཀྱི་ སྐུར་གྱུར་ཏོ་ཞེས་གསུངས་པས་སོ། །དེ་ལྟ་མ་ཡིན་པར་དེ་བཞིན་ཉིད་དྲི་མ་དང་བཅས་པའི་ དུས་ན་སངས་རྒྱས་མ་ཡིན་པ་ལ་ཕྱིས་དྲི་མ་དང་བྲལ་བ་ན་སངས་རྒྱས་སུ་འགྱུར་བ་ཡིན་ན། དེ་བཞིན་ཉིད་དེ་ངོ་བོ་འགྱུར་བ་དང་བཅས་པར་འགྱུར་ཏེ། སྔར་དྲི་བཅས་ཀྱི་དུས་ན་སངས་ རྒྱས་མ་ཡིན་པ་ལ་ཕྱིས་དྲི་མས་དག་པ་ན་སངས་རྒྱས་སུ་འགྱུར་བའི་ཕྱིར་རོ། །ཐོགས་མེད་ ཀྱིས་རྒྱུད་བླའི་འགྲེལ་པར། སེམས་གང་ཡིན་པ་དེ་ནི་ཉོན་མོངས་པ་དང་སྡུག་བསྔལ་མཐའ་ ཡས་པ་དང་རྗེས་སུ་འབྲེལ་ཀྱང་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་རྣམ་པར་འགྱུར་བ་ མི་བསྟེན་པ་དེའི་ཕྱིར། གསེར་བཟང་པོ་བཞིན་དུ་གཞན་དུ་མི་འགྱུར་བའི་དོན་གྱིས་དེ་བཞིན་ ཉིད་ཅེས་བརྗོད་དོ་ཞེས་གསུངས་པ་དང་ཡང་འགལ་ལོ། །དེའི་ཕྱིར་ཚུལ་འདི་ནི་འགལ་བ་ ལྟར་སྣང་ཡང་མི་འགལ་བས་རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པ་སྟེ། རྒྱུད་བླར། དག་དང་ ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །ཞེས་སོགས་ཀྱི་འགྲེལ་ 6-1-41 པར། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཅིག་ཅར་དུས་གཅིག་ཏུ་རྣམ་པར་དག་པ་ ཡང་ཡིན་ལ། ཀུན་ནས་ཉོན་མོངས་པ་ཡང་ཡིན་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་ སྟེ་ཞེས་དང། དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་ནི་སྔར་དྲི་མས་ཀུན་ནས་ཉོན་མོངས་པར་ མ་གྱུར་པ་ཕྱིས་རྣམ་པར་དག་པའི་ཕྱིར་གནས་འདི་གསམ་གྱིས་མི་ཁྱབ་པོ་ཞེས་གསུངས་སོ། ། ཡང་གོང་དུ་མྱང་འདས་ཀྱི་ལུང་དྲངས་པ་དེ་དག་གི་དགོངས་པ་ནི། བྱང་ཆུབ་ཀྱི་སེམས་ཞེས་ པ་ཀུན་རྫོབ་སེམས་བསྐྱེད་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཞེས་པ་སངས་ རྒྱས་ཐོབ་པ་ཡིན་ལ། དེ་དག་སེམས་ཅན་ལ་ཐོག་མ་ནས་མེད་ན་སངས་རྒྱས་ཀྱི་རང་བཞིན་ ཡང་སེམས་ཅན་ལ་ཐོག་མ་ནས་མེད་པར་མཚུངས་སོ་ཞེས་ཞུས་པ་ལ། དེ་གཉིས་མི་མཚུངས་ སྟེ་བྱང་ཆུབ་ཀྱི་སེམས་ནི་མི་རྟག་པས་སངས་རྒྱས་ཀྱི་རང་བཞིན་མ་ཡིན་ཏེ་སངས་རྒྱས་ཀྱི་ རང་བཞིན་ནི་རྟག་པས་སོ་ཞེས་པ་དང༌། སེམས་ཅན་ཐམས་ཅད་ལ་ཡང་དག་པར་སངས་ རྒྱས་ཀྱི་རང་བཞིན་ཡོད་པར་བསྟན་པ་ལ། དེ་རྐྱེན་གྱིས་བསྐྱེད་དགོས་པར་འགྱུར་རམ་སྙམ་ ན། བསྐྱེད་མི་དགོས་ཏེ། དཔེར་ན་རྡོ་ལ་གསེར་དངུལ་ལ་སོགས་ཡོད་པ་དེ་རྒྱུ་རྐྱེན་མང་པོ་ལ་ བརྟེན་ནས་མཐོང་བར་འགྱུར་བ་ལྟར། སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ནའང་ ཐོབ་པ་མ་ཡིན་པས་དེ་ཐོབ་པ་ལ་བསོད་ནམས་མང་པོའི་རྒྱུ་རྐྱེན་དགོས་སོ་ཞེས་བསྟན་པ་ ཡིན་ནོ། །ཡང་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ན་ཅིའི་ཕྱིར་མི་མཐོང་སྙམ་ན་རྒྱུ་ རྐྱེན་མ་འདུས་པས་མ་མཐོང་ངོ་ཞེས་བསྟན་ལ། རྒྱུ་ལ་གཉིས་ཡོད་པ་ལས། བདེན་པའི་རྒྱུ་ནི་ སེམས་ཅན་ལ་ཐོག་མ་ནས་ཡོད་པའི་སངས་རྒྱས་ཀྱི་རང་བཞིན་ཉིད་ཡིན་ལ། རྐྱེན་གྱི་རྒྱུ་ནི་ བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ཏེ། རྒྱུ་དེ་དག་ལས་སེམས་ཅན་གྱིས་སངས་རྒྱས་ཐོབ་པར་ འགྱུར་ཞེས་བསྟན་པ་ནི་དགོངས་པ་ཡིན་ཏེ། སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཐོག་ མ་ནས་ཡོད་པར་བསྟན་ལ། སངས་རྒྱས་ཀྱི་རང་བཞིན་ཉིད་སངས་རྒྱས་ཆོས་ཀྱི་སྐུ་ཡིན་པས་ 6-1-42 ལུང་དེ་དག་གིས་ནི་སེམས་ཅན་ཐམས་ཅད་སངས་རྒྱས་དངོས་ཀྱི་སྙིང་པོ་ཅན་ཉིད་དུ་བསྟན་ པ་ཡིན་ནོ། །དཔེར་ན་རྡོ་ལ་གསེར་དངུལ་སོགས་ཡོད་པའང་གསེར་དངུལ་སོགས་དངོས་ ཡོད་པ་ཡིན་པ་དང་མཚུངས་སོ། །སངས་རྒྱས་ཀྱི་རང་བཞིན་སེམས་ཅན་ལ་ཡོད་ནའང་དེ་ སངས་རྒྱས་ཉིད་མ་ཡིན་ཏེ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་སངས་རྒྱས་ཞེས་ མི་བྱ་སྟེ། ཞེས་གསུངས་པས་སོ་སྙམ་ན། དེ་ནི་སེམས་ཅན་སངས་རྒྱས་པ་ཞེས་པ་དེ་མ་ཡིན་ ཞེས་བསྟན་པ་ཡིན་ཏེ། སེམས་ཅན་སངས་རྒྱས་པ་ནི་སེམས་ཅན་གྱིས་སངས་རྒྱས་ཐོབ་པ་ ལ་བྱ་ཞིང་སངས་རྒྱས་ཐོབ་པ་ལ་བསོད་ནམས་མང་པོའི་རྒྱུ་རྐྱེན་འདུས་དགོས་པ་ལ། སེམས་ ཅན་ལ་བསོད་ནམས་མང་པོའི་རྒྱུ་རྐྱེན་འདུས་པ་མེད་པས་སེམས་ཅན་སངས་རྒྱས་པ་མ་ཡིན་ ནོ་ཞེས་པ་ཡིན་གྱི། སངས་རྒྱས་ཀྱི་རང་བཞིན་ནི་སངས་རྒྱས་ཉིད་ཡིན་ཏེ། མྱང་འདས་ལས། སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ ཐམས་ཅད་ཀྱི་རང་བཞིན་དེ་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་བའི་ཕྱིར་རོ། །ཇི་ལྟར་རྡོ་ ཡི་ཕྱེ་མ་ལ། །ས་ལེ་སྦྲམ་ནི་མི་མཐོང་བ། །ཡོངས་སུ་སྦྱངས་པས་དེ་མཐོང་བཞིན། །འཇིག་ རྟེན་ལ་ནི་དེ་བཞིན་གཤེགས། །ཞེས་པས་ཀྱང་སེམས་ཅན་ལ་དེ་བཞིན་གཤེགས་པ་སྙིང་ པོའི་ཚུལ་དུ་ཡོད་པ་ཉིད་གསལ་བར་བསྟན་ཏེ། གསེར་གྱི་ཁམས་འདྲེས་པའི་རྡོའི་ཕྱེ་མ་ལ་ གསེར་ཡོད་ཀྱང་མི་མཐོང་ལ། སྦྱངས་པའི་གསེར་སྔར་ནས་ཡོད་པ་དེ་མཐོང་བ་དཔེར་མཛད་ པ་ཉིད་ཀྱིས་ཤེས་སོ། །དེས་ན་སེམས་ཅན་ལ་སངས་རྒྱས་ཆོས་ཀྱི་སྐུ་ཡོད་ཅེས་པ་ཡིན་གྱི། སེམས་ཅན་གྱིས་སངས་རྒྱས་ཐོབ་ཅེས་པ་མ་ཡིན་བས། སངས་རྒྱས་ཡོད་པ་དང་ཐོབ་པ་ནི་ ཁྱད་པར་ཤིན་ཏུ་ཆེའོ། །དེ་བཞིན་དུ་རྒྱུད་བླར། རིགས་ཡོད་ཕྱིར་ན། །ཞེས་པ་དང༌། གཏེར་ དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་ གནས་པ་དང༌། །ཡང་དག་བླངས་པ་མཆོག་ཡིན་ནོ(ཉིད་དོ་ཟེར་)། །རིགས་འདི་གཉིས་ལས་ 6-1-43 སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པར་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། ། གཉིས་པ་ཡིས་ནི་ཕྱི་མ་གཉིས། །ངོ་བོ་ཉིད་སྐུ་མཛེས་པ་ནི། །རིན་ཆེན་སྐུ་འདྲར་ཤེས་བྱ་ སྟེ། །རང་བཞིན་གྱིས་ནི་བྱས་མིན་དང༌། །ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར། །ཆོས་ཆེན་ རྒྱལ་སྲིད་ཆེ་ལྡན་ཕྱིར། །རྫོགས་ལོངས་འཁོར་ལོ་སྒྱུར་བཞིན་ནོ། །གཟུགས་བརྙན་གྱི་ནི་རང་ བཞིན་ཕྱིར། །སྤྲུལ་པ་གསེར་གྱི་གཟུགས་ལྟ་བུ། །ཞེས་གསུངས་པའི་དོན། ༈ ས་འོག་གི་གཏེར་ལ་སོགས་པ་དཔེ་ལྷག་མ་ལྔས་སེམས་ཅན་ལ་སངས་རྒྱས་ཀྱི་སྐུ་ གསུམ་བསྐྱེད་པའི་རིགས་སངས་རྒྱས་ཀྱི་ཁམས་ཡོད་པའི་དོན་གྱིས་དེ་བཞིན་གཤེགས་པའི་ སྙིང་པོ་ཅན་དུ་གསུངས་པ་ཡང་དུས་གཞན་ལ་དགོངས་པའི་སྒྲུབ་བྱེད་དུ་ལུང་འདི་སྦྱོར་ཏེ། རྒྱུད་བླའི་འགྲེལ་པར། དེ་བཞིན་གཤེགས་པ་ཉིད་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་གྱིས་ རབ་ཏུ་ཕྱེ་བ་ཡིན་ཏེ། དེས་ན་དེ་བཞིན་གཤེགས་པའི་ཁམས་ཐོབ་པའི་རྒྱུ་ཡིན་པས། ཁམས་ ཀྱི་དོན་ནི་འདིར་རྒྱུའི་དོན་ཏོ་ཞེས་དང་རྒྱུད་བླའི་འགྱུར་འགའ་ཞིག་ལ། སེམས་ཅན་ཕུང་པོའི་ ནང་ན་སངས་རྒྱས་ཡེ་ཤེས་གནས། །དེ་ནི་རང་བཞིན་གཉིས་མེད་ཕྱིར་ན་དྲི་མ་མེད། །སངས་ རྒྱས་རིགས་ལ་འབྲས་བུ་བཏགས་ནས་ནི། །ལུས་ཅན་ཐམས་ཅད་སངས་རྒྱས་སྙིང་པོར་ བརྗོད་པ་ཡིན། །ཞེས་འབྱུང་བ་དང༌། མྱང་འདས་ལས། བཅོམ་ལྡན་འདས་གལ་ཏེ་སངས་ རྒྱས་དང་སངས་རྒྱས་ཀྱི་རང་བཞིན་ཁྱད་པར་མ་མཆིས་ན། སེམས་ཅན་ཐམས་ཅད་ལམ་ལ་ ནན་ཏན་བགྱིད་ཀྱང་ཅི་འཚལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ ཀྱིས་དོན་དེ་དྲིས་པ་དེ་ནི་དེ་ལྟར་མ་ཡིན་ནོ། །སངས་རྒྱས་དང་སངས་རྒྱས་ཀྱི་རང་བཞིན་ནི་ ཁྱད་པར་མེད་མོད་ཀྱི་སེམས་ཅན་རྣམས་དེ་དང་མི་ལྡན་ཏེ། རིགས་ཀྱི་བུ་དཔེར་ན་མི་ཞིག་ ངན་སེམས་ཀྱིས་མ་བསད་དེ། བསད་ནས་ཀྱང་འགྱོད་པ་སྐྱེས་པས་ལས་གསུམ་དེ་དག་མོད་ ཀྱི། སེམས་ཅན་དམྱལ་བ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན་མི་དེ་གདོན་མི་ཟ་བར་སེམས་ 6-1-44 ཅན་དམྱལ་བར་ལྟུང་བའི་ཕྱིར་རོ། །མི་དེ་ལ་སེམས་ཅན་དམྱལ་བའི་ཕུང་པོ་དང་ཁམས་དང་ སྐྱེ་མཆེད་མེད་མོད་ཀྱི་འོན་ཀྱང་སེམས་ཅན་དམྱལ་བ་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་བས་ན་ ངས་མདོ་སྡེ་ཀུན་ལས་གང་དགེ་བའི་ཆོས་སྤྱོད་པ་མཐོང་བ་ནི་ལྷ་མཐོང་བ་ཞེས་བྱ། མི་དགེ་ བ་སྤྱོད་པ་མཐོང་བ་ནི་སེམས་ཅན་དམྱལ་བ་མཐོང་བའོ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ ན་ངེས་པར་རྣམ་པར་སྨིན་པ་མྱོང་བའི་ཕྱིར་རོ། །རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱང་ གདོན་མི་ཟ་བར་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ སངས་རྒྱས་ཀྱི། རང་བཞིན་ཡོད་དོ་ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་ཡང་དག་ པར་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱེད་བཟང་པོ་བརྒྱད་ཅུ་མེད་པས་དོན་དེའི་ཕྱིར་ངས་ མདོ་སྡེ་འདི་ལས་ཚིགས་སུ་བཅད་པ་འདི་གསུངས་སོ། །ཐོག་མ་ཡོད་ལ་ད་ལྟར་མེད། །ཐོག་ མ་མེད་ལ་ད་ལྟར་ཡོད། །དུས་གསུམ་སྲིད་པའི་ཆོས་ཐམས་ཅད། །དེ་ལྟ་བུ་ཡི་གནས་མེད་ དོ། །རིགས་ཀྱི་བུ་སྲིད་པ་ཞེས་བྱ་བ་ལ་རྣམ་པ་གསུམ་སྟེ། མ་འོངས་པའི་སྲིད་པ་དང་ད་ལྟར་ གྱི་སྲིད་པ་དང་འདས་པའི་སྲིད་པའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་མ་འོངས་པའི་དུས་ན་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོད་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ ཞེས་བྱའོ། །སེམས་ཅན་ཐམས་ཅད་ལ་ད་ལྟར་ཀུན་ནས་ཉོན་མོངས་པ་རྣམས་ཡོད་པའི་ དེའི་ཕྱིར་ད་ལྟར་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་མེད་དོ་སེམས་ ཅན་གང་འདས་པའི་དུས་ཉོན་མོངས་པ་བཅད་པ་ཡོད་པའི་ཕྱིར། ད་ལྟར་སངས་རྒྱས་ཀྱི་ རང་བཞིན་མཐོང་སྟེ། དོན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ ཀྱི་རང་བཞིན་ཡོད་པ་ནས་ལོག་སྲེད་ཅན་གྱི་བར་དུ་ཡང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ ཞེས་གསུངས་སོ། །ལོག་སྲེད་ཅན་ལ་སོགས་པ་ལ་དགེ་བའི་ཆོས་མེད་ཀྱང་སངས་རྒྱས་ཀྱི་ རང་བཞིན་ཉིད་དགེ་བ་སྟེ། མ་འོངས་པའི་དུས་ན་ཡོད་པར་འགྱུར་བའི་ཕྱིར་ལོག་སྲེད་ཅན་ 6-1-45 ལ་སོགས་པ་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན༑ ལོག་སྲེད་ཅན་དག་ གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བར་འགྱུར་བའི་ཕྱིར་རོ། །རིགས་ཀྱི་བུ་དཔེར་ན་མི་ཞིག་གི་ཁྱིམ་ན་འོ་མ་དང་ཞོ་ ཡོད་པ་ལས། ཡང་མི་གཅིག་གིས་ཁྱོད་ལ་མར་ཡོད་དམ་ཞེས་དྲིས་ན། དེས་སྨྲས་པ་བདག་ ལ་ཡོད་དོ་ཞེས་སྨྲས་ཀྱང་འདི་ལྟར་ཞོ་ནི་ཡང་དག་པར་མར་མ་ཡིན་མོད་ཀྱི། ཐབས་མཁས་ པའི་གདོན་མི་ཟ་བར་འཐོབ་པར་འགྱུར་བའི་ཕྱིར་མར་ཡོད་དོ་ཞེས་སྨྲའོ། །སེམས་ཅན་དག་ ཀྱང་དེ་དང་འདྲ་སྟེ། ཀུན་ལ་སེམས་ཡོད་དོ། །གང་སེམས་ཡོད་པ་ནི་གདོན་མི་ཟ་བར་བླ་ མེད་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །དོན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ་ཞེས་དང༌། ཡང་རིགས་ ཀྱི་བུ་འདས་པ་ནི་ཡོད་པ་ཞེས་བྱ་ཞེས་པ་ནས། གཞན་ཡང་ཇི་ལྟར་ན་མ་འོངས་པ་ལ་ཡོད་པ་ ཞེས་བྱ་ཞེ་ན། དཔེར་ན་མི་ཞིག་རྫ་མ་མཁན་གྱི་དེར་སོང་ནས་རྫ་མ་ཡོད་དམ་ཞེས་དྲིས་པ་ དང༌། རྫ་མ་ཡོད་དོ་ཞེས་སྨྲ་སྟེ། རྫ་མ་མཁན་དེ་ལ་ཡང་དག་པར་ད་ལྟ་མེད་དེ། འཇིམ་པ་ཡོད་ པས་རྫ་མ་ཡོད་ཅེས་བྱས་ཀྱང་དེ་ལྟར་མི་དེ་བརྫུན་ཟེར་བ་མ་ཡིན་བར་རིག་པར་བྱའོ་ཞེས་ གསུངས་སོ་ཞེས་པ་ཡང༌། ༈ རྣམ་པར་དཔྱད་པར་བྱ་སྟེ། སངས་རྒྱས་དང་སངས་རྒྱས་ཀྱི་རང་བཞིན་ཁྱད་པར་མེད་ མོད་ཀྱི་སེམས་ཅན་རྣམས་དེ་དང་མི་ལྡན་ཏེ་ཞེས་པ་དང༌། སེམས་ཅན་ཐམས་ཅད་ལ་ཡང་ དག་པར་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་མེད་ཅེས་གསུངས་པ་དང༌། མ་བསད་པའི་ ལས་བྱས་པའི་མི་ལ་ད་ལྟ་དམྱལ་བ་པའི་ཕུང་པོ་མེད་པ་དང༌། ཞོ་ལ་ད་ལྟར་མར་མེད་པ་དང༌། འཇིམ་པ་ལ་ད་ལྟ་རྫ་མ་མེད་པར་བསྟན་པའི་དཔེས། སེམས་ཅན་ལ་ད་ལྟ་སངས་རྒྱས་ཀྱི་ རང་བཞིན་མེད་པ་ལྟ་བུར་བསྟན་པ་ནི་སེམས་ཅན་ལ་ད་ལྟ་སངས་རྒྱས་ཀྱི་རང་བཞིན་སེམས་ 6-1-46 ཅན་གྱིས་མཐོང་བར་མེད་པ་དང་སངས་རྒྱས་ཐོབ་པའི་ཚུལ་གྱིས་མེད་པ་ལ་དགོངས་ཤིང༌། དཔེ་དེ་དག་ཀྱང་ཕྱོགས་ཙམ་མཐུན་པའི་དཔེ་ཡིན་པས་ད་ལྟར་དམྱལ་བ་པའི་ཕུང་པོ་མངོན་ དུ་གྱུར་པ་མེད་པ་དང༌། མར་དང་རྫ་མ་མངོན་དུ་གྱུར་པ་མེད་པའི་ཆ་དཔེ་བླངས་པ་ཡིན་ཏེ། ཆོས་དབྱིངས་ཀྱི་བསྟོད་པར། ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་ བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌༑ ༑ཇི་ལྟར་འོ་མ་རྣམ་ སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་ དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་གསུངས་པའི་མར་དང་འོ་མའི་དཔེ་ཡང་སེམས་ཅན་ ལ་ཆོས་ཀྱི་དབྱིངས་སྔར་མེད་པ་ཕྱིས་མཐོང་བའི་དཔེ་མ་ཡིན་གྱི། ཆོས་ཀྱི་དབྱིངས་སེམས་ ཅན་ལ་ཐོག་མ་ཉིད་ནས་ཡོད་པ་དེ་ཉོན་མོངས་པ་མ་སྦྱངས་པར་མི་མཐོང་ཞིང་སྦྱངས་པ་ན་ མཐོང་བའི་དཔེ་ཡིན་པ་དང་འདྲའོ། །དེ་ལྟ་མ་ཡིན་པར་སེམས་ཅན་ལ་ད་ལྟར་སངས་རྒྱས་ ཀྱི་རང་བཞིན་མེད་ན་སངས་རྒྱས་ཀྱི་རང་བཞིན་དང་སངས་རྒྱས་ཀྱི་ཁམས་དོན་གཅིག་པ་མ་ ཡིན་པར་འགྱུར་བ་ལས་སངས་རྒྱས་ཀྱི་རང་བཞིན་དང་སངས་རྒྱས་ཀྱི་ཁམས་ནི་དོན་གཅིག་ པ་ཉིད་ཡིན་ཏེ། མྱང་འདས་ཀྱི་ལུང་གོང་དུ་དྲངས་པ་ལས། སངས་རྒྱས་ཐོབ་པའི་རྒྱུ་ལ་བདེན་ པའི་རྒྱུ་དང་རྐྱེན་གྱི་རྒྱུ་གཉིས་སུ་ཡོད་པ་ལས། སངས་རྒྱས་ཀྱི་རང་བཞིན་ནི་བདེན་པའི་རྒྱུ་ ཡིན་པར་གསུངས་པ་དང༌། མདོ་དེ་ཉིད་ལས་རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཞེས་ བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་ལམ་དབུ་མའི་ས་བོན་ ཡིན་ནོ་ཞེས་གསུངས་ལ། རྒྱུད་བླའི་འགྲེལ་པར། དེ་ལ་གནས་གཞི་པོ་འདི་དག་ལས། དང་ པོ་ནི་ལོ་ཀ་ལས་འདས་པའི་ཆོས་ཀྱི་ས་བོན་ཡིན་པའི་ཕྱིར་ཞེས། སངས་རྒྱས་ཀྱི་ཁམས་དང་ ས་བོན་ཡང་དོན་གཅིག་ཏུ་གསུངས་པས་སོ། །དེས་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ ཀྱི་རང་བཞིན་ཡོད་པར་གྲུབ་ལ། སངས་རྒྱས་ཆོས་ཀྱི་སྐུ་དང་སངས་རྒྱས་ཀྱི་རང་བཞིན་ལ་ 6-1-47 ཁྱད་པར་ཅུང་ཟད་ཀྱང་མེད་དེ། མྱང་འདས་ལས། སངས་རྒྱས་ཀྱི་རང་བཞིན་ནི་དོན་དམ་ པའི་སྟོང་པའོ། །དོན་དམ་པའི་སྟོང་པ་ནི་ལམ་དབུ་མའོ། །ལམ་དབུ་མ་ནི་སངས་རྒྱས་སོ༑ ༑སངས་རྒྱས་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །ཞེས་སོགས་ཀྱི་རྗེས་ལ་གོང་དུ་དྲངས་པ་ གལ་ཏེ་སངས་རྒྱས་དང་སངས་རྒྱས་ཀྱི་རང་བཞིན་ཁྱད་པར་མ་མཆིས་ན་ཞེས་སོགས་ལུང་ མང་དུ་བཞུགས་སོ། །དེ་ལྟར་ན་ལུང་དེ་དག་གི་དགོངས་པ་ཡང༌། སེམས་ཅན་གྱིས་མ་འོངས་ པ་ན་ངེས་པར་སངས་རྒྱས་ཀྱི་རང་བཞིན་ནམ་སངས་རྒྱས་ཆོས་ཀྱི་སྐུ་མཐོང་བ་དང་ཐོབ་པའི་ ཕྱིར། སེམས་ཅན་རྣམས་ལ་ཐོག་མ་ཉིད་ནས་སངས་རྒྱས་ཀྱི་རང་བཞིན་ནམ་སངས་རྒྱས་ ཆོས་ཀྱི་སྐུ་ཡོད་དེ། ཐོག་མ་ཉིད་ནས་དེ་དག་མེད་ན་དེ་དག་འདུས་མ་བྱས་པ་ཡིན་པས་ཕྱིས་ གསར་དུ་འབྱུང་བ་མ་ཡིན་པའི་ཕྱིར། སེམས་ཅན་གྱིས་མ་འོངས་པ་ན་དེ་དག་མཐོང་བ་དང་ ཐོབ་པར་མི་འགྱུར་ཞེས་དགོངས་པ་ཡིན་ནོ། །དེ་དག་འདུས་མ་བྱས་པ་ཡིན་པ་ནི། རྒྱུད་བླར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་པ་དང༌། འགྲེལ་པར། དེ་ལ་འདུས་བྱས་ནི་གང་ལ་ སྐྱེ་བ་ཡང་རབ་ཏུ་ཤེས་ཤིང་གནས་པ་དང༌། འཇིག་པ་ཡང་རབ་ཏུ་ཤེས་པ་ནི་འདུས་བྱས་ཞེས་ བརྗོད་ལ། དེ་མེད་པའི་ཕྱིར་སངས་རྒྱས་ཉིད་ཐོག་མ་དང་དབུས་དང་མཐའ་མེད་པ་འདུས་མ་ བྱས་པ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བར་བལྟ་བར་བྱའོ་ཞེས་དང༌། མདོའི་ལུང་དུ་མ་བཞུགས་སོ། ། ཆོས་ཀྱི་སྐུ་སངས་རྒྱས་ཀྱི་རང་བཞིན་སེམས་ཅན་ལ་ཡོད་པ་དེ་ཉིད་རང་བཞིན་གྱི་རིགས་ ཡིན་ལ། རང་བཞིན་གྱི་རིགས་ནི་སེམས་ཅན་གྱིས་སངས་རྒྱས་ཐོབ་པའི་རྒྱུ་དང་ས་བོན་ཡང་ ཡིན་པར་གསུངས་ཀྱི་སངས་རྒྱས་ཆོས་ཀྱི་སྐུ་སྔར་མེད་གསར་དུ་བསྐྱེད་པའི་རྒྱུ་དང་ས་བོན་ ཡིན་པར་མ་གསུངས་ཏེ། རྒྱུད་བླའི་འགྲེལ་པར། དེས་ན་དེ་བཞིན་གཤེགས་པའི་ཁམས་ ཐོབ་པའི་རྒྱུ་ཡིན་པས། ཁམས་ཀྱི་དོན་འདིར་རྒྱུའི་དོན་ཏེ་ཞེས་གསུངས་སོ་ཞེས་འབྱུང་བས་ སོ། །སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་བསྐྱེད་པའི་རིགས་ཞེས་གསུངས་པས་ཁམས་དེ་ 6-1-48 སངས་རྒྱས་གསར་དུ་བསྐྱེད་པའི་རྒྱུ་ཡིན་ནོ་སྙམ་ན། རིགས་ལ་གཉིས་སུ་ཕྱེ་བའི་རྒྱས་པའི་ རིགས་དེ་གཟུགས་སྐུ་གཉིས་སྔར་མེད་གསར་དུ་བསྐྱེད་པའི་རྒྱུ་ཡིན་ཡང༌། རང་བཞིན་གྱི་ རིགས་ནི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་རྒྱུ་ཡིན་པ་ལ་བསྐྱེད་པའི་རིགས་ཞེས་བརྗོད་པ་ཡིན་གྱི། ངོ་བོ་ཉིད་དམ་ཆོས་ཀྱི་སྐུ་བསྐྱེད་པའི་རྒྱུ་ནི་མིན་ཏེ། ངོ་བོ་ཉིད་སྐུ་མཛེས་པ་ནི། །རིན་ཆེན་སྐུ་ འདྲར་ཞེས་བྱ་སྟེ། །རང་བཞིན་གྱིས་ནི་བྱས་མིན་དང༌། །ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར། ། ཞེས་ངོ་བོ་ཉིད་སྐུ་ནི་འདུས་མ་བྱས་པ་དང་སྟོབས་བཅུ་སོགས་བྲལ་བའི་ཡོན་ཏན་རྣམས་ རང་བཞིན་ཉིད་ཀྱིས་ལྡན་པར་གསུངས་པས་སོ། །དེས་ན་རྒྱུ་ལ་འབྲས་བུར་བཏགས་པར་ འགྱུར་བ་ལ་རྒྱུ་དེ་འབྲས་བུ་དངོས་མ་ཡིན་པ་ཅིག་དགོས་ལ། རང་བཞིན་གྱི་རིགས་ནི་ངོ་བོ་ ཉིད་ཀྱི་སྐུུ་འམ་ཆོས་ཀྱི་སྐུ་དངོས་ཡིན་པས། རང་བཞིན་གྱི་རིགས་ཡོད་པའི་དོན་གྱིས་སེམས་ ཅན་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གསུངས་པ་རྒྱུ་ལ་འབྲས་བུ་བཏགས་པ་མ་ཡིན་ ནོ། །དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ ཉིད། ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ་ ཞེས་གསུངས་སོ༑ ༑རྒྱས་པའི་རིགས་ཡོད་པ་ལ་ལོངས་སྐུ་དང་སྤྲུལ་སྐུ་ཡོད་པར་བསྟན་པ་ ནི་རྒྱུ་ལ་འབྲས་བུར་བཏགས་པ་ཉིད་དོ། །དེས་ན་དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུའམ་ ངོ་བོ་ཉིད་ཀྱི་སྐུ་དངོས་ཉིད་སེམས་ཅན་ཐམས་ཅད་ལ་གདོད་ནས་གནས་པ་དེ། སེམས་ཅན་ རྣམས་ཀྱིས་སངས་རྒྱས་ཆོས་ཀྱི་སྐུ་དེ་ཉིད་ཐོབ་པའི་རྒྱུ་ཡིན་པས་རང་བཞིན་གྱི་རིགས་ཞེས་ བྱ་བར་གསུངས་སོ། །སངས་རྒྱས་ཆོས་ཀྱི་སྐུ་དངོས་ཉིད་སེམས་ཅན་ལ་ཐོག་མ་ཉིད་ནས་ མེད་ན། ཆོས་ཀྱི་དེ་སྐུ་རྒྱུ་གང་གིས་ཀྱང་བསྐྱེད་དུ་མེད་པས། སེམས་ཅན་གྱིས་ཐོབ་པ་མི་སྲིད་ པའི་སྐྱོན་དུ་འགྱུར་རོ། །དོན་དེ་དག་ལ་དགོངས་ནས། མྱང་འདས་ལས། རིགས་ཀྱི་བུ་ངས་ མྱ་ངན་ལས་འདས་པའི་རྒྱུ་གསུངས་པ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་རང་བཞིན་ཏེ། སངས་ 6-1-49 རྒྱས་ཀྱི་རང་བཞིན་གྱིས་མྱ་ངན་ལས་འདས་པ་བསྐྱེད་པར་མི་འགྱུར་ཏེ། དེ་བས་ན་མྱ་ངན་ ལས་འདས་པ་རྒྱུ་མེད་དོ་ཞེས་ངས་གསུངས་སོ། །ཉོན་མོངས་པ་གཞོམ་པའི་ཕྱིར་འབྲས་ བུ་ཆེན་པོ་ཞེས་བྱའོ། །ལམ་ལས་མ་སྐྱེས་པའི་ཕྱིར་འབྲས་བུ་མེད་པ་ཞེས་བྱ་སྟེ། དེ་བས་ན་ མྱ་ངན་ལས་འདས་པ་ནི་རྒྱུ་མེད་འབྲས་བུ་མེད་དོ་ཞེས་དང༌། རིགས་ཀྱི་བུ་སེམས་ཅན་གྱི་ སངས་རྒྱས་ཀྱི་རང་བཞིན་ནི་མི་གཅིག་མི་གཉིས་པ་སངས་རྒྱས་རྣམས་ཀྱང་མཉམ་ཞིང་ནམ་ མཁའ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་མཐུན་པར་ཡོད་དོ་ཞེས་དང༌། རིགས་ཀྱི་བུ་ རྒྱུ་ལ་རྣམ་པ་གཉིས་ཏེ། སྐྱེ་བའི་རྒྱུ་དང༌། གསལ་བའི་རྒྱུའོ། །དེ་ལ་ཆོས་སྐྱེ་བར་བྱེད་པ་ནི་སྐྱེ་ བའི་རྒྱུའོ། །སྒྲོན་མས་རྫས་སྣང་བར་བྱེད་པའི་ཕྱིར་གསལ་བའི་རྒྱུ་ཞེས་བྱའོ་ཞེས་དང༌། ཡང་ སྐྱེ་བའི་རྒྱུ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བླ་མེད་རྫོགས་པའི་བྱུང་ཆུབ་ཐོབ་པའོ། ། ཡང་སྣང་བའི་རྒྱུ་ནི་འདི་ལྟར་སངས་རྒྱས་ཀྱི་རིང་བཞིན་གྱིས་བླ་མེད་རྫོགས་པའི་བྱུང་ཆུབ་ ཐོབ་པའོ་ཞེས་དང༌། ཡང་དག་པའི་ལམ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ རང་བཞིན་གྱི་གསལ་བའི་རྒྱུར་འགྱུར་གྱི་སྐྱེ་བའི་རྒྱུར་ནི་མི་འགྱུར་རོ། །དེ་ཡང་ཇི་ལྟར་སྒྲོན་ མའི་སྣང་བའི་རྫས་གསལ་བར་བྱེད་པ་བཞིན་ནོ་ཞེས་དང༌། རིགས་ཀྱི་བུ་གཞན་ཡང་རྒྱུ་རྣམ་ པ་གཉིས་ཡོད་དེ་བྱས་པའི་རྒྱུ་དང་གསལ་བའི་རྒྱུའོ། །ཇི་ལྟར་རྫ་མཁན་གྱི་འཁོར་ལོ་ནི་བྱས་ པའི་རྒྱུ་ཞེས་བྱའོ། །ཇི་ལྟར་སྒྲོན་མེ་ལ་སོགས་པས་མུན་བའི་རྫས་སྣང་བར་བྱེད་པ་ནི་གསལ་ བའི་རྒྱུ་ཞེས་བྱའོ། །རིགས་ཀྱི་བུ་མྱ་ངན་ལས་འདས་པ་ཆེན་པོ་ནི་བྱས་པའི་རྒྱུ་ལས་གྲུབ་པ་མ་ ཡིན་ཏེ། གསལ་བའི་རྒྱུ་འབའ་ཞིག་གོ། གསལ་བའི་རྒྱུ་ཞེས་བྱ་བ་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ ཕྱོགས་སུམ་ཅུ་རྩ་བདུན་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་གསལ་བའི་རྒྱུ་ཞེས་བྱའོ་ཞེས་གསུངས་ སོ། །དེས་ན་སྒྲོན་མེ་སོགས་ཀྱིས་མུན་ཁུང་གི་རྫས་གསལ་བར་བྱེད་པ་ལ་མུན་ཁུང་ན་རྫས་ ཀྱི་དངོས་པོ་ཡོད་དགོས་པ་ལྟར། ཡང་དག་པའི་ལམ་གྱིས་སེམས་ཅན་ལ་མྱ་ངན་ལས་འདས་ 6-1-50 པ་ཆེན་པོ་སངས་རྒྱས་ཀྱི་ཆོས་སྐུ་གསལ་བར་བྱེད་པ་ལ་ཡང༌། སེམས་ཅན་ལ་སངས་རྒྱས་ཀྱི་ ཆོས་སྐུ་དང་པོ་ཉིད་ནས་ཡོད་དགོས་སོ། ། ༈ གཞན་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ལས། ཕལ་པོ་ཆེའི་ལེའུ་བཞི་ བཅུ་རྩ་བཞི་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། སྟོང་གསུམ་ཀྱི་སྟོང་ཆེན་པོའི་ལོ་ཀའི་ ཁམས་ཀྱི་ཚད་དང་མཉམ་པའི་དར་ཡུག་གམ་རི་མོའི་གཞི་ཆེན་པོ་ལ་སྟོང་གསུམ་གྱི་བཀོད་ པ་ཐམས་ཅད་རྫོགས་པར་བྲིས་པ་ཞིག་རྡུལ་ཕྲ་རབ་ཐམས་ཅད་ཀྱི་ནང་དུ་བཅུག་པ་དཔེར་ མཛད་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་ཡང་སེམས་ཅན་ཐམས་ཅད་ཀྱི་ སེམས་རྒྱུད་ལ་རྗེས་སུ་ཞུགས་པར་གསུངས་པ་ཡང་ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱི་ས་བོན་ མ་ཚང་བ་མེད་པ་སེམས་ཅན་ཐམས་ཅད་ལ་ཡོད་པ་དང་དེའི་ཆོས་ཉིད་དེ་བཞིན་ཉིད་སྔ་ ཕྱི་ཁྱད་མེད་དུ་ཡོད་པ་ལ་དགོངས་ཏེ་གསུངས་པའི་དགོངས་པ་ཅན་ཡིན་ཏེ། མདོ་དེ་ཉིད་ ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྐྱེ་ བ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་གཟུང་བ་རྒྱུན་ཆད་མེད་ པས། ཆོས་ཀྱི་དབྱིངས་ཐམས་ཅད་སངས་རྒྱས་ཀྱིས་ཡོངས་སུ་གང་བར་འཇུག་ཅིང༌། སངས་ རྒྱས་སྐྱེ་བ་ཐམས་ཅད་ཀྱང་ཤིན་ཏུ་རྣམ་པར་ཕྱེ་བ་མཐོང་བ་འདི་ནི་དགོངས་ཏེ་བཤད་པ་ལ་ མཁས་པ་བརྒྱད་པའོ་ཞེས་གསུངས་པས་སོ་ཞེས་པ་དང༌། དཔལ་ཕྲེང་གི་མདོ་ལས། འདི་ལྟ་ སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པ་ཐམས་ཅད་ཀྱི་སྦུབས་ དང་ཐ་དད་དུ་གནས་པ་མ་གྲོལ་བས་ཤེས་པ་རྣམས་ཀྱིས་སྟོང་བ་དང༌། བཅོམ་ལྡན་འདས་དེ་ བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་ཆོས་ཐ་དད་དུ་མི་གནས་ཤིང༌། གྲོལ་བས་ཤེས་ པ་བསམ་གྱིས་མི་ཁྱབ་པ་གངྒཱ་ཀླུང་གི་བྱེ་མ་ལས་འདས་པ་སྙེད་དག་གིས་མི་སྟོང་བ་ལགས་ སོ་ཞེས་གསུངས་ཏེ། ཤེས་པས་སྟོང་པ་སྟེ་ཡེ་ཤེས་མེད་པར་བཤད། དེས་ན་ཡེ་ཤེས་ཀྱིས་ 6-1-51 བསྡུས་པའི་ཡོན་ཏན་ཐམས་ཅད་ཀྱང་མེད་དེ། དེ་གཉིས་ཚོགས་གཉིས་ཚད་མེད་པས་སྒྲུབ་དགོས་པའི་ཕྱིར་རོ། ། ༈ ཞེས་འབྱུང་བ་ཡང་རྣམ་པར་དཔྱད་པར་བྱ་སྟེ། ཕལ་པོ་ཆེའི་ལུང་དེས་སངས་རྒྱས་ཀྱི་ གཟུགས་སྐུའི་ཡོན་ཏན་མཚན་དང་དཔེ་བྱེད་ཐམས་ཅད་ཀྱང་སེམས་ཅན་ལ་ཡོད་པར་ནི་མ་ བསྟན་གྱི། ཆོས་ཀྱི་སྐུའི་ཡོན་ཏན་ཡེ་ཤེས་མ་ཚང་བ་མེད་པ་སེམས་ཅན་ཐམས་ཅད་ལ་ཞུགས་ པར་བསྟན་པ་ཡིན་ལ། ལུང་འདི་ཐོགས་མེད་ཀྱིས་རྒྱུད་བླའི། རྣམ་པར་དབྱེ་བ་མེད་ཆོས་ ཕྱིར། །ཞེས་པའི་དོན་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་སྟོན་ པའི་སྐབས་སུ་དྲངས་ཏེ། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི། གཅིག་ཏུ་ཀུན་ ནས་ཉོན་མོངས་པ་སོ་སོས་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱིར་ ཁྱད་མེད་པར་ཡོད་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་གང་ལ་དེ་ བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ ཅན་གྱི་རིས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་ པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་ པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པ་རབ་ཏུ་འབྱུང་ངོ༌། །ཀྱེ་རྒྱལ་བའི་སྲས་འདི་ ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་ཚད་དང་མཉམ་བའི་དར་ ཡུག་ཆེན་པོ་ཅིག་ཡོད་པར་གྱུར་ལ། དར་ཡུག་ཆེན་པོ་དེ་ལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ཐམས་ཅད་རྫོགས་པར་བྲིས་པར་གྱུར་ཏེ་ཞེས་སོགས་དྲངས་སོ། ། མདོར་བསྡུས་པ་ནི། མདོ་དེ་ཉིད་ལས། སྟོང་གསུམ་ཚད་ཀྱི་རི་མོའི་གཞི་ཞིག་ཡོད་གྱུར་ལ། ། རྡུལ་ཕྲན་མ་ལུས་ཀུན་གྱི་སྦུབས་ནའང་དེ་འདྲ་སྟེ། །སྐྱེས་བུ་མཁས་པ་མིག་ལྡན་ལ་ལས་ རྣམ་ཕྱེ་ནས། །རི་མོའི་གཞི་དེས་འགྲོ་ཀུན་ཉེ་བར་འཚོ་བྱས་ན། །བཅོམ་ལྡན་དེ་ཡང་དེ་བཞིན་ 6-1-52 སེམས་ཅན་ཀུན་གྱི་སེམས། །རིལ་གྱིས་བདེ་གཤེགས་མཁྱེན་ཡིན་འདུ་ཤེས་སྒྲིབས་གྱུར་ ཞེས། །རྒྱལ་བའི་ཐུགས་རྗེ་བསྐྱེད་ཅིང་འདུ་ཤེས་སྤོང་བར་སྟོན། །འདུ་ཤེས་ཡོངས་སུ་ཤེས་ ནས་རྒྱལ་སྲས་ཉེ་བར་འཚོ། །ཞེས་གསུངས་སོ། །ལུང་འདི་ཐོགས་མེད་ཀྱིས། དྲི་མ་མེད་པའི་ སངས་རྒྱས་ཆོས་ཀྱི་སྐུའི་ཡོན་ཏན་དབྱེར་མེད་དུ་ལྡན་པའི་སངས་རྒྱས་ཀྱི་ཆོས་ཉིད་དེ་གཅིག་ ཏུ་ཀུན་ནས་ཉོན་མོངས་པ་ཅན་གྱི་སོ་སོའི་སྐྱེ་བོའི་རྒྱུད་ལ་ཡང་ཡོད་པས་དྲི་མ་མེད་པའི་ སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྒྲུབ་བྱེད་དུ་དྲངས་པའི་ཕྱིར་ན་དགོངས་པ་ ཅན་མ་ཡིན་གྱི་སྒྲ་ཇི་བཞིན་པ་ཉིད་ཡིན་ནོ། །སངས་རྒྱས་ཆོས་ཀྱི་སྐུའི་ཡོན་ཏན་དངོས་མ་ ཡིན་པ་དེའི་ས་བོན་ཙམ་ཞིག་སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པ་ལ་དགོངས་པ་ཡིན་ན། དྲི་མ་མེད་ པའི་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་དོན་དུ་མི་འགྱུར་རོ། །དེས་ན་མདོའི་ དགོངས་པ་ཇི་ལྟ་བ་བཞིན། བྱམས་མགོན་གྱིས་རྩ་བར་གསུངས་པ། ཐོགས་མེད་ཀྱིས་ཕྱིན་ ཅི་མ་ལོག་པར་བཤད་པ་ལྟར་ཁས་བླང་བར་བྱའི། རང་གི་ཞེ་འདོད་མདོ་ལ་ནན་གྱིས་སྦྱོར་བ་ ནི་ཤིན་ཏུ་རིགས་པ་མ་ཡིན་ནོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་ལྷུན་གྲུབ་ ཏུ་བཞུགས་པས་ཡེ་ཤེས་དེ་ནི་ཐམས་ཅད་མཁྱེན་པའི་རང་བྱུང་གི་ཡེ་ཤེས་ཞེས་གསུངས་སོ། ། ཕལ་པོ་ཆེའི་ལུང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་སྐྱེ་བ་ནས་གཟུང་སྟེ་ཞེས་པ་ལ་སོགས་པས། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ གཅིག་ཏུ་འདྲེས་པས་ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཁྱབ་ཅིང༌། གཟུགས་ཀྱི་སྐུ་སོ་སོར་མ་ འདྲེས་པར་མཐོང་བ་འདི། མདོ་གཞན་དག་ཏུ་སངས་རྒྱས་ཀྱི་སྐུའི་དོན་དགོངས་པ་ཅན་དུ་ བཤད་པའི་དོན་ལ་མཁས་པ་ཞེས་བྱ་བར་འགྱུར་གྱི་མདོ་འདི་ཉིད་དུ། དར་ཡུག་ཆེན་པོའི་ དཔེས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་ཚང་བར་ཞུགས་པར་བསྟན་པ་ དགོངས་པ་ཅན་དུ་སྟོན་པ་མིན་ཏེ། དར་ཡུག་ཆེན་པོའི་དཔེ་བསྟན་མ་ཐག་ཏུ་དེ་དགོངས་པ་ 6-1-53 ཅན་ཡིན་ནོ་ཞེས་གསུངས་པ་མི་རིགས་པའི་ཕྱིར་རོ། །དཔལ་ཕྲེང་གི་མདོ་ལས། དེ་བཞིན་ གཤེགས་པའི་སྙིང་པོ་ཤེས་པ་རྣམས་ཀྱིས་སྟོང་པ་ཞེས་འབྱུང་བ་དེ་སེམས་ཅན་གྱི་རྒྱུད་ལ་ཡེ་ ཤེས་མེད་པའི་ལུང་ཡིན་ན། ལུང་དེའི་རྗེས་དེ་མ་ཐག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ ཤེས་པ་བསམ་གྱིས་མི་ཁྱབ་པ་གངྒཱ་ཀླུང་གི་བྱེ་མ་ལས་འདས་པ་སྙེད་དག་གིས་མི་སྟོང་བ་ ལགས་སོ་ཞེས་འབྱུང་བ་དེ་སེམས་ཅན་གྱི་རྒྱུད་ལ་ཡེ་ཤེས་ཡོད་པའི་ལུང་དུ་ཅིའི་ཕྱིར་མི་ འགྱུར། རྒྱུད་བླའི་འགྲེལ་པར། དཔལ་ཕྲེང་གི་མདོའི་ལུང་དྲངས་པ་ལས། བཅོམ་ལྡན་འདས་ སྡུག་བསྔལ་འགོག་པ་ཞེས་བགྱི་བ་ནི་ཐོག་མ་མེད་པའི་དུས་ཅན་མ་བྱས་པ་མ་སྐྱེས་པ་མ་བྱུང་ བ་ཟད་པ་མེད་པ། ཟད་པ་དང་བྲལ་བ། རྟག་པ་དང་བརྟན་པ་ཞི་བ་མི་འཇིག་པ་རང་བཞིན་ གྱིས་ཡོངས་སུ་དག་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་གྲོལ་བ་རྣམ་པར་དབྱེར་མེད་ པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱ་ཀླུང་གི་བྱེ་མ་སྙེད་ལས་འདས་པ་དང་ ལྡན་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། བཅོམ་ལྡན་འདས་དེ་བཞིན་ གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་ གཤེགས་པའི་སྙིང་པོ་ཞེས་བགྱིའོ་ཞེས་གསུངས་ཏེ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ ཆོས་དབྱེར་མེད་དུ་ལྡན་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཅེས་པས་ཆོས་ཀྱི་ སྐུ་དངོས་བསྟན་ལ་དེ་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་དེ་ཉིད་བདེ་གཤེགས་སྙིང་པོ་ ཡིན་པར་གསུངས་ཤིང༌། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ ལྡན་པ་དེ་ཉིད་ཐོག་མ་མེད་པའི་དུས་ཅན་དང་མ་བྱས་པ་དང་མ་སྐྱེས་པ་དང་མ་བྱུང་བར་ གསུངས་པས་ཀྱང༌། དེ་ལྟ་བུའི་ཆོས་ཀྱི་སྐུ་དེ་སེམས་ཅན་ཐམས་ཅད་ལ་ཐོག་མ་མེད་པའི་ དུས་ནས་ཡོད་པར་གྲུབ་བོ། །རྒྱུད་བླར། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ༑ ༑ཡང་དག་མཐོང་ནས་རྣམ་པར་གྲོལ། །རྣམ་ 6-1-54 དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། རྣམ་དབྱེར་མེད་པའི་ མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པའི་འགྲེལ་པར། འདིས་ཅི་བསྟན་ ཞེ་ན། གང་གིས་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ ལ་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་འགའ་ཡང་མེད་དེ། གློ་བུར་གྱི་དྲི་ མ་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ ཅན་གཞག་པར་བྱ་བའང་ཅུང་ཟད་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་དག་ པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་ རྣམ་པར་དབྱེ་བ་ཡོད་པ་བྲལ་བ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ ཡིན་ལ། རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ ཆོས་གངྒཱ་ཀླུང་གི་བྱེ་མ་ལས་འདས་པས་ནི་མི་སྟོང་ངོ་ཞེས་གསུངས་སོ། །དེ་ལྟར་ན་གང་ཞིག་ གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་དེར་ལྷག་ མར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་ སུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་དང་བྲལ་ བའི་ཕྱིར་ཕྱིན་ཅི་མ་ལོག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏོ་ཞེས་དཔལ་ཕྲེང་གི་མདོའི་ ལུང་དྲངས་ནས་བཤད་པ་མཛད་དེ། དེ་བཞིན་གཤེགས་པའི་ཁམས་རང་བཞིན་གྱིས་ཡོངས་ སུ་དག་པ་ནི་སེམས་ཅན་གྱི་སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ཡིན་ལ། དེ་ཉིད་དེ་ བཞིན་གཤེགས་པའི་སྙིང་པོ་ཡིན་པར་བསྟན་ཞིང་དེ་ཡང༌། སངས་རྒྱས་ཀྱི་ཡོན་ཏན་བསམ་ གྱིས་མི་ཁྱབ་པ་དབྱེར་མེད་དུ་ལྡན་ཞིང་མི་སྟོང་བར་བཤད་པས་ན། སེམས་ཅན་(དེ་ཀ་དྲང་ བའི་དོན་དེ་སེམས་ཅན་ལ་སངས་རྒྱས་གྱི་ཡོན་ཏན་མཐའ་དག་ཡོད་ན་སེམས་ཅན་ཡིན་པ་ བུད་) ལ་སངས་རྒྱས་ཀྱི་ཡེ་ཤེས་མཐའ་དག་ཡོད་པར་གསུངས་པའི་ཕྱིར་དཔལ་ཕྲེང་གི་ 6-1-55 མདོའི་ལུང་དེ་དག་དང༌། དར་ཡུག་ཆེན་པོའི་དཔེས་གསུངས་པ་དགོངས་པ་གཅིག་པས་ སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་མཐའ་དག་ཡོད་པར་གསུངས་པ་དེ་ཅིའི་ ཕྱིར་སྒྲ་ཇི་བཞིན་པ་མིན་ཏེ་སྒྲ་ཇི་བཞིན་པ་ཉིད་ཡིན་ནོ། །དཔལ་ཕྲེང་གི་མདོའི་ལུང་དེ་དག་ ལ་ཡང་དགོངས་པ་ཅན་དང་དགོངས་པ་ཅན་ཡང་མ་ཡིན་པའི་ཁྱད་པར་ཅུང་ཟད་ཀྱང་མེད་ པར་མཚུངས་སོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སེམས་ཅན་ཐམས་ཅད་ལ་གདོད་མ་ ནས་བཞུགས་པ་དེ་ཉིད་སངས་རྒྱས་ཀྱི་ཡེ་ཤེས་དངོས་ཉིད་སེམས་ཅན་ཐམས་ཅད་ལ་གདོད་ མ་ཉིད་ནས་ཡོད་པ་ཡིན་པ་ནི། ལང་གཤེགས་ལས་ཀྱང༌། དེ་བཞིན་གཤེགས་པ་རྣམས་ནི་ཡེ་ ཤེས་ཀྱི་བདག་ཉིད་ཡེ་ཤེས་ཀྱི་སྐུ་སྟེ་བརྟག་པར་མི་བྱའོ། །གང་གིས་མི་བརྟག་ཅེ་ན་ཡིད་ཀྱི་ བདག་དང་སྲོག་དང་གང་ཟག་ཏུ་མི་བརྟག་གོ་ཞེས་དང༌། མྱང་འདས་ལས། རིགས་ཀྱི་བུ་ སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དོན་དམ་པ་སྟོང་པའོ། །དོན་དམ་པ་སྟོང་པ་ནི་ཡེ་ ཤེས་ཞེས་བྱའོ་ཞེས་དང༌། གོང་དུ་དྲངས་པ། མ་རིག་པ་དང་རིག་པ་གཉིས་སུ་མེད་མོད་ཀྱི་ སེམས་ཅན་རྣམས་ཀྱི་ལས་ཀྱི་ཉེས་པས་རིག་པ་གང་ཡིན་པ་དེ་ཉིད་མ་རིག་པ་ལྟ་བུར་གྱུར་ཏེ་ ཞེས་པའི་རིག་པ་ནི་ཡེ་ཤེས་ཡིན་ལ་དེ་མ་རིག་པ་ལྟ་བུར་གྱུར་ཅེས་པས་སེམས་ཅན་ལ་ཡོད་ པར་བསྟན་པ་ཡིན་ནོ། །ཆོས་དབྱིངས་བསྟོད་པར་ཡང༌། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་ མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། ། ཞེས་གསུངས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་ལུང་སྔར་དྲངས་པ་ དང༌། མི་དབུལ་པོ་ཞིག་གི་ཁང་པའི་མཛོད་ཀྱི་འོག་མི་བདུན་སྲིད་ཀྱི་ས་འོག་ན་རིན་པོ་ཆེའི་ གཏེར་ཆེན་པོ་ཡོད་ཀྱང་མི་དབུལ་པོ་དེས་མི་ཤེས་པ་དཔེར་མཛད་ནས་རིགས་ཀྱི་བུ་དག་དེ་ བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་ པའི་འོག་ན་དེ་བཞིན་གཤེགས་པའི་སྙིང་པོ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་ 6-1-56 སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང༌། སེམས་ཅན་དེ་དག་ གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་ཆགས་པས་སྡུག་བསྔལ་བས་འཁོར་བ་ན་ འཁོར་ཏེ་ཆོས་ཀྱི་གཏེར་ཆེན་པོ་དེ་མ་ཐོས་པས་ཐོབ་པར་མ་གྱུར་ཅིང་ཡོངས་སུ་སྦྱངས་པའི་ ཕྱིར་བརྩོན་པར་ཡང་མི་བྱེད་དོ་ཞེས་སོགས་རྒྱ་ཆེར་གསུངས་པ་དང༌། མྱང་འདས་དང༌། རྔ་བོ་ ཆེའི་མདོ་དང༌། སོར་ཕྲེང་དང༌། དཔལ་ཕྲེང་གི་མདོ་ལ་སོགས་པ་ལས། དེ་བཞིན་གཤེགས་ པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་པ་དགོངས་པ་ཅན་དྲང་དོན་མ་ ཡིན་གྱི། ངེས་པའི་དོན་སྒྲ་ཇི་བཞིན་པ་ཁོ་ན་ཡིན་ཏེ། ཐོགས་མེད་ཀྱིས་རྒྱུད་བླའི་འགྲེལ་པར། ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་བ་དེ་བཞིན་གཤེགས་པ་དང་དབྱེར་མེད་པའི་མཚན་ཉིད་ངེས་པའི་ རིགས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང༌། ཐམས་ཅད་ཀྱི་ཚེ་ཐམས་ཅད་ ལ་ཁྱད་པར་མེད་པའི་ཚུལ་དུ་ཡོད་དོ་ཞེས་བྱ་བ་ནི་ཆོས་ཉིད་ཚད་མར་བྱས་ནས་བལྟ་བར་བྱ་ སྟེ། ཇི་སྐད་དུ་རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་ སྙིང་པོ་ཅན་ཡིན་ནོ་ཞེས་གསུངས་པ་ཡིན་ནོ༑ ༑ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་འདིར་གང་ གིས་དེ་ལྟ་བུ་ཁོ་ནར་འགྱུར་གྱི་དེ་གཞན་དུ་མི་འགྱུར་ཞེས་བྱ་བའི་རིགས་པ་དང་སྦྱོར་བ་དང་ ཐབས་ཡིན་ཏེ། ཐམས་ཅད་དུ་སེམས་ངེས་པར་རྟོགས་པ་དང་སེམས་ཡང་དག་པར་ཤེས་པ་ ལ་ནི་ཆོས་ཉིད་རྟེན་དང་ཆོས་ཉིད་རིགས་པ་ཡིན་ནོ། །དེ་ནི་བསམ་པར་མི་བྱ་རྣམ་པར་བརྟག་ པར་མི་བྱའི་ཞེས་ལྷག་པར་མོས་པར་བྱ་བ་འབའ་ཞིག་ཏུ་ཟད་དོ། །ཞེས་སྔ་འགྲེལ་དུ་ མཚམས་སྦྱར་ནས། རང་བྱུང་ཉིད་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་ མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་གསུངས་པའི་ ཕྱིར་རོ། ། 6-1-57 ༈ དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཐོག་མ་མེད་པའི་ དུས་ནས་ཡོད་པ་ནི་ཆོས་ཉིད་ཀྱི་རིགས་པས་གྲུབ་ཅིང་སངས་རྒྱས་ཁོ་ནའི་ཡུལ་ཡིན་པས་ན་ སྒྲ་ཇི་བཞིན་པ་མ་ཡིན་གྱི། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ས་བོན་ཙམ་ལ་དགོངས་པ་ཡིན་ནོ་ ཞེས་སོགས་སུ་བསམ་པ་དང་བརྟག་པར་མི་བྱ་ཞིང༌། སངས་རྒྱས་ཉིད་ཀྱིས་མདོ་སྡེ་ཟབ་མོ་ ལས་ཇི་ལྟར་གསུངས་པ་ལྟར་ཡིན་ནོ་ཞེས་ལྷག་པར་མོས་པར་བྱ་བ་ཁོ་ན་ཡིན་ནོ། ། ༈ དེས་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ནི་ཚོགས་ གཉིས་ཚད་མེད་པས་བསྒྲུབ་དགོས་པའི་ཕྱིར། །སེམས་ཅན་ཐམས་ཅད་ལ་གདོད་མ་ཉིད་ ནས་ཡོད་པ་མ་ཡིན་པར་འཆད་པ་ཡང་མི་རིགས་པ་ཁོ་ན་སྟེ། སངས་རྒྱས་ཀྱི་གཟུགས་ཀྱི་ སྐུའི་ཡོན་ཏན་རྣམས་ཚོགས་གཉིས་ཀྱིས་གསར་དུ་སྒྲུབ་དགོས་ཀྱི། ཆོས་ཀྱི་སྐུའི་ཡོན་ཏན་ གྱིས་བསྡུས་པའི་ཡེ་ཤེས་རྣམས་ནི་ཚོགས་གཉིས་ཀྱིས་སྔར་ནས་ཡོད་པ་གསལ་བར་བྱེད་པ་ ཙམ་ཡིན་གྱི་གསར་དུ་བསྐྱེད་མི་དགོས་པར་གོང་དུ་བསྟན་པའི་ལུང་རྣམས་ཀྱིས་གྲུབ་པོ། ། ༈ ཡང་རྒྱུད་བླར། སྤྲིན་དང་རྨི་ལམ་རྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་ པོ་ཡོད་ཅེས་ཅི་སྟེ་གསུངས། །སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཡང་དག་ མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་ པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་དེ་བཞིན་གཤེགས་པའི་སྙིང་པོ་ལྡེམ་དགོངས་སུ་ གསུངས་པའི་དགོས་པ་ཉེས་པ་ལྔ་སྤང་བའི་དོན་དུ་གསུངས་པར་འཆད་པ་ནི་ཆེས་འཁྲུལ་པ་ སྟེ། གཞུང་དེ་དག་གི་དགོངས་པ་དེ་བཞིན་གཤེགས་པའི་སྙིང་པོ་ལྡེམ་དགོངས་སུ་གསུངས་ པའི་དགོངས་པ་བསྟན་པ་ནི་མ་ཡིན་གྱི། དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་རྟོགས་ དཀའ་བ་འཕགས་མཆོག་ས་བཅུ་པ་རྣམས་ཀྱི་ཡང་ཡུལ་མ་ཡིན་བ་དེ་བྱིས་པ་སོ་སོའི་སྐྱེ་བོ་ལ་ 6-1-58 བསྟན་པ་ལ་དགོས་པ་ཅི་ཡོད་སྙམ་པ་ལ། སོ་སོའི་སྐྱེ་བོའི་བློའི་ཡུལ་མ་ཡིན་ཡང༌། རྫོགས་ པའི་བྱང་ཆུབ་སྒྲུབ་པ་ལ་སེམས་ཞུམ་པ་ལ་སོགས་པ་ཉེས་པ་ལྔ་སྤང་བའི་དོན་དུ་སོ་སོས་ སྐྱེ་བོ་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་ཁམས་བསྟན་ནོ་ཞེས་སོ་སྐྱེ་ལ་ བསྟན་པའི་དགོས་པ་བསྟན་པ་ཡིན་ཏེ། ཐོགས་མེད་ཀྱིས་གཞུང་དེ་དག་གི་སྔ་འགྲེལ་དུ། དེ་ ལ་ཚུལ་གཅིག་པའི་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཡེ་ཤེས་ཀྱི་སྒོ་རྟོགས་ནས་འཇིག་ རྟེན་ལས་འདས་པའི་ཆོས་ཀྱི་སྐུ་རང་བཞིན་གྱིས་ཡོངས་སུ་དག་པ་ལ་བལྟ་བ་གང་ཡིན་པ་ འདི་ནི། འདིར་གང་གིས་ས་བཅུ་ལ་གནས་པའི་བྱུང་ཆུབ་སེམས་དཔས་དེ་བཞིན་གཤེགས་ པའི་སྙིང་པོ་ཅུང་ཟད་མཐོང་ངོ་ཞེས་གསུངས་པས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ ཀྱིས་ཀུན་མཐོང་བར་འདོད་དོ། །དེ་སྐད་དུ་ནི། སྤྲིན་མཐོངས་མཁའ་ལ་ཉི་བཞིན་འདིར་ ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་ མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་ བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌། །ཞེས་གསུངས་སོ། །སྨྲས་ པ་གལ་ཏེ་དེ་ལྟར་ཆགས་པ་མེད་པའི་མཐར་ཕྱིན་པའི་ས་ལ་གནས་པ་འཕགས་པའི་མཆོག་ རྣམས་ཀྱི་ཡང་ཡུལ་མ་ཡིན་ན། ཁམས་འདི་བལྟ་བར་དཀའ་བ་དེས་ན། བྱིས་པ་སོའི་སོའི་སྐྱེ་ བོ་ལས་བརྩམས་ཏེ་བསྟན་པ་འདིས་ཅི་བྱ་ཞེ་ན། བསྟན་པའི་དགོས་པ་བསྡུས་པའི་ཚིགས་སུ་ བཅད་པ་གཉིས་ཏེ། གཅིག་གིས་ནི་དྲིས་ལ་གཉིས་པས་ནི་ལན་བསྟན་པའཽ། །ཞེས་གསུངས་ པའི་སོ༑ ༑འདིས་ནི་སངས་རྒྱས་ཀྱི་ཁམས་དང་དེ་བཞིན་གཤེགས་པའི་སྙིང་པོ་དང་སངས་ རྒྱས་ཀྱི་ཆོས་ཀྱི་སྐུ་རྣམས་དོན་གཅིག་ཏུ་ཡང་བསྟན་ཏེ། གོང་དུ་བསྟན་པ་རྣམས་ཀྱིས་གཞུང་ བཙུགས་པ་ཡིན་ལ། རྒྱུད་བླའི་དགོངས་པ་བྱམས་པ་ཉིད་ཀྱི་དངོས་སློབ་འཕགས་པ་ཐོགས་ མེད་ཀྱིས་ལེགས་པར་བཤད་པ་ལ་ཡིད་ཆེས་པར་བྱས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ 6-1-59 གསུངས་པ་དྲང་དོན་དགོངས་པ་ཅན་དུ་གཟུང་བར་མི་བྱའོ། །ཡང་དེ་བཞིན་གཤེགས་པའི་ སྙིང་པོའི་རྒྱན་ལས། ལང་ཀར་གཤེགས་པའི་ལུང་དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བློ་གྲོས་ཆེན་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་ཀྱིས་མདོ་བརྗོད་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་བཅོམ་ ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་ དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་གྱི་ལུས་ཀྱི་ནང་ན་མཆིས་པར་ བརྗོད་དེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་ དཀྲིས་པ་ལྟར་ཁམས་དང་སྐྱེ་མཆེད་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་ཞེ་སྡང་དང་ གཏི་མུག་གིས་ཡོངས་སུ་ཟིལ་གྱིས་ནོན་པ་ཡོངས་སུ་རྟོགས་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ་བརྟན་པ་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་ པོར་སྨྲ་བ་འདི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་ འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ་ཡོན་ཏན་མེད་པ་ཁྱབ་པ་མི་འཇིག་པའོ་ཞེས་ བདག་ཏུ་སྨྲ་བ་སྟོན་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་ པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ནི། སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་མྱ་ངན་ལས་ འདས་པ་དང་མ་སྐྱེས་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་ དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས། བྱིས་པ་རྣམས་བདག་ མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ་དེ་བཞིན་གཤེགས་ པའི་སྙིང་པོའི་སྒོ་བསྟན་པའི་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ 6-1-60 ཏེ། འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་ པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །བློ་གྲོས་ཆེན་པོ་དཔེར་ན་རྫ་མཁན་ ནི་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས། ལག་པ་དང་བཟོ་དང་ལག་ཟུང་དང་ཆུ་དང་སྲད་ བུ་དང་ནན་ཏན་དང་ལྡན་པ་ལས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་ དུ་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ལ་བདག་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་ ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང་ཐབས་ལ་མཁས་པ་དང་ལྡན་པ་རྣམ་པ་ སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པའམ་བདག་མེད་པར་བསྟན་པས་ ཀྱང་རུང་སྟེ། རྫ་མཁན་བཞིན་དུ་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ནོ། ། དེ་ལྟར་དེའི་ཕྱིར་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་མུ་སྟེགས་བྱེད་ ཀྱི་བདག་ཏུ་སྨྲ་བ་བསྟན་པ་དང་མི་འདྲའོ། །བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་ རྣམས་ནི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར་དེ་བཞིན་ གཤེགས་པའི་སྙིང་པོ་བསྟན་པས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏོ། །ཡང་དག་པ་མ་ ཡིན་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྷུང་བའི་བསམ་པ་ཅན་དག་རྣམ་པར་ཐར་པ་ གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་བསམ་པ་དང་ལྡན་ཞིང༌། མྱུར་དུ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་ཇི་ལྟར་འགྱུར་ཞེས་ཏེ། བློ་གྲོས་ཆེན་ པོ་དེའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་མཛད་དོ། །དེ་ལྟ་བས་ན་འདི་ནི་མུ་སྟེགས་ བྱེད་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལྟ་བས་ན་མུ་སྟེགས་ བྱེད་ཀྱི་ལྟ་བ་རྣམ་པར་བཟློག་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེས་ སུ་འཇུག་པར་བྱའོ། ། 6-1-61 ༈ ཞེས་པ་འདི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གསུངས་ པ་དྲང་དོན་དགོངས་པ་ཅན་ཡིན་པའི་ཤེས་བྱེད་དུ་འགོད་ཅིང༌། སློབ་དཔོན་ཟླ་བ་གྲགས་ པས་དབུ་མ་ལ་འཇུག་པའི་རང་འགྲེལ་དུ་དེ་ལྟར་བཤད་མོད། འདི་ཡང་ལུང་གི་དགོངས་པ་ ཕྱིན་ཅི་ལོག་ཏུ་བཤད་པ་སྟེ། ལུང་དེས་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་ རྣམས་དྲང་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པར་གསུངས་མོད། དེ་བཞིན་ གཤེགས་པའི་སྙིང་པོ་གསུངས་པ་དགོངས་པ་ཅན་གྱི་དྲང་དོན་དུ་མ་བསྟན་ཏེ། སྟོང་པ་ ཉིད་དང་ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་པ་ལ་སོགས་པ་རྣམས་ལ་དེ་བཞིན་ གཤེགས་པའི་སྙིང་པོར་བསྟན་ཞེས་གསུངས་ལ། སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་ མྱ་ངན་ལས་འདས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་དངོས་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ སྟོང་པ་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པར་ནི་འཕགས་པ་ཐོགས་མེད་ཀྱིས་སྟོང་པ་ ཉིད་སོགས་རང་བཞིན་གྱིས་རྣམ་པར་བྱང་བར་གསུངས་ལ་དེ་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་པས་ སོ། །དེ་བཞིན་དུ་རྒྱུད་བླའི་འགྲེལ་པར། དེ་ལ་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་ པ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་དོན་གྱི་ཚུལ་དེ་ བཞིན་གཤེགས་པའི་སྙིང་པོ་ལས་ཉམས་པ་དག་ལ་བརྗོད་དོ། །ཞེས་དང༌། དེ་ལ་སྟོང་པ་ ཉིད་དུ་བརྗོད་པ་དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན་ཞེས་མཚམས་སྦྱར་ནས། འདི་ལ་ བསལ་བྱ་ཅི་ཡང་མེད། །ཅེས་སོགས་གོང་དུ་དྲངས་པ་འགྲེལ་པ་དང་བཅས་པས་བསྟན་ཏོ། ། འོན་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པའི་སྟོང་པ་ཉིད་ནི་ཆོས་ཐམས་ཅད་རང་རང་ ངོ་བོས་སྟོང་བའི་སྟོང་པ་ཉིད་དེ་མ་ཡིན་གྱི། འགྲེལ་པར་གསལ་བར་བསྟན་པ་སྒྲོ་སྐུར་གྱི་ མཐའ་དང་བྲལ་བའི་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་དེ་ཡིན་ནོ། །དེ་ལ་དོན་དམ་པ་སྟོང་པ་ ཉིད་ཅེས་ཀྱང་བྱ་སྟེ། འགྲེལ་པ་དེ་ཉིད་ལས། དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་མེད་པར་ནི་ 6-1-62 རྣམ་པར་རྟོག་པ་མེད་པའི་དབྱིངས་རྟོགས་ཤིང་མངོན་དུ་བྱ་བར་མི་ནུས་སོ་ཞེས་དང༌། མྱང་ འདས་ཆེན་པོའི་ལུང་གོང་དུ་དྲངས་པ། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་ དོན་དམ་པ་སྟོང་པའོ། །ཞེས་སོགས་དང༌། མདོ་དེ་ཉིད་ལས། གཞན་ཡང་སྟོང་པ་ཞི་བ་ཞེས་ བྱ་བ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། ཆོས་ཀྱི་དབྱིངས་ཇི་ལྟ་བ་ཉིད་ཡང་དག་པར་རྣམ་པར་གྲོལ་ བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ཞེས་དང༌། གཞན་ཡང་ རྣམ་པར་གྲོལ་བ་ནི་མི་སྟོང་པའི་སྟོང་པའོ། །སྟོང་པའི་སྟོང་པ་ཞེས་བྱ་བ་ནི་ཅི་ཡང་མེད་པའོ། ། ཅི་ཡང་མེད་པ་ནི་མུ་སྟེགས་ཅན་གཅེར་བུ་པ་ལ་སོགས་པའི་རྣམ་པར་གྲོལ་བ་ལྟ་བུའོ། ། གཅེར་བུ་པ་ལ་ནི་ཡང་དག་པའི་རྣམ་པར་གྲོལ་བ་མེད་པས་སྟོང་པའི་སྟོང་པ་ཞེས་བྱའོ། ། ཡང་དག་པའི་རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་པས་མི་སྟོང་པའི་སྟོང་པའོ། །མི་སྟོང་པའི་ སྟོང་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་ གཤེགས་པའོ། ཞེས་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐམས་ཅད་སྟོང་པར་མཐོང་ སྟེ། མི་སྟོང་བར་མི་མཐོང་བས་ནས་ཐམས་ཅད་བདག་མེད་པའི་བར་དུ་མཐོང་སྟེ་བདག་ཏུ་ མི་མཐོང་ངོ༌། །དེ་བས་ན་དོན་དམ་པའི་སྟོང་པ་མ་ཐོབ་པོ། །དོན་དམ་པའི་སྟོང་པ་མ་ཐོབ་ པའི་ཕྱིར་ལམ་དབུ་མ་མི་སྤྱོད་དོ། །ལམ་དབུ་མ་མེད་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་མི་ མཐོང་ངོ༌། །ཞེས་གསུངས་སོ། །དེ་བཞིན་དུ་ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་ པ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡིན་ཏེ། རྒྱན་སྟུག་པོའི་མདོ་ལས། དེ་བཞིན་ གཤེགས་པ་ནི་རྟག་པ་བརྟན་པ་ཐེར་ཟུག་མི་འཇིག་པ་སྟེ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་ པའི་རྣལ་འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་ པ་མྱ་ངན་ལས་འདས་པའི་དབྱིངས་དང་ནམ་མཁའ་ལྟ་བུར་མི་འཇིག་པ་སྟེ། མྱ་ངན་ལས་ འདས་པའི། སྒྲ་ཆོས་ཀྱི་དབྱིངས་ཀྱི་ཚིག་གིས། འདས་པ་དང་བྱུང་བ་དང་འབྱུང་བའི་སངས་ 6-1-63 རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ ཡང་རུ་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ཀྱི་ དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་འདི་ནི་དེ་བཞིན་གཤེགས་པའོ་ཞེས་དང༌། གོང་དུ་ལུང་ དྲངས་པ་རྣམས་ན་ཡང་གསལ་ལོ། །ལུང་རྣམ་དག་གཞན་ཡང་དུ་མ་འདིའི་སྒྲུབ་བྱེད་དུ་འགྲོ་ བ་ཡོད་མོད་མང་དུ་དོགས་པས་མ་བྲིས་སོ། །དེ་བཞིན་དུ་བདག་མེད་པ་དེ་བཞིན་གཤེགས་ པའི་སྙིང་པོར་གསུངས་པ་ཡང་བདག་བཀག་ཙམ་གྱི་མེད་དགག་ལ་གསུངས་པ་མ་ཡིན་ གྱི། སྒྲོ་སྐུར་གྱི་མཐའ་དང་བྲལ་བའི་བདག་མེད་པ་མཆོག་གམ་བདག་མེད་པའི་མཐར་ཐུག་ པ། རྒྱུད་བླར། གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས་ནས་ཐམས་ཅད་ ལ། །རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། །ཞེས་ འགྲོ་བ་ཐམས་ཅད་ཀྱི་བདག་གཉིས་མེད་པའི་ཡང་དག་པའི་མཐའ་རྟག་པ་བརྟན་པ་ཞི་བ་དེ་ རྫོགས་པའི་སངས་རྒྱས་ཡིན་པར་གསུངས་ལ་བདག་མེད་པ་དེ་ལྟ་བུ་དེ་ལང་ཀར་གཤེགས་ པ་ལས་དེ་བཞིན་གཤེགས་པའི་སྙིང་པོར་གསུངས་ཏེ། མདོ་དེ་ཉིད་ལས། རྫ་མཁན་གྱིས་ འཇིམ་པ་གཅིག་ལས་སྣོད་སྣ་ཚོགས་བྱེད་པ་དཔེར་མཛད་ནས་སངས་རྒྱས་རྣམས་ཀྱང་ བདག་མེད་མཐར་ཐུག་པ་དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་དང་སྟོང་པ་ཉིད་དང་ཡང་ དག་པའི་མཐའ་དང་མྱ་ངན་ལས་འདས་པ་ལ་སོགས་པ་མིང་གི་རྣམ་གྲངས་མང་པོས་སྟོན་ པར་གསུངས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་དང་ཆོས་ལ་བདག་མེད་པ་རྣམ་པར་རྟོག་ པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དང་སྟོང་པ་ཉིད་དང་མྱ་ངན་ལས་འདས་པ་ལ་ སོགས་པ་རྣམས་མིང་གི་རྣམ་གྲངས་ཙམ་ཡིན་གྱི་དོན་ཐ་མི་དད་པར་གསུངས་པའི་ཕྱིར། དེ་ བཞིན་གཤེགས་པའི་སྙིང་པོ་གསུངས་པ་ངེས་པའི་དོན་སྒྲ་ཇི་བཞིན་པ་ཉིད་དུ། མདོ་དེ་ཉིད་ ཀྱིས་བསྟན་པས་དྲང་བའི་ཕྱིར་ཞེས་པ་ཙམ་ཞིག་བྱུང་བ་ལ་དྲང་དོན་དུ་བསྟན་ཞེས་འཁྲུལ་ 6-1-64 བར་མི་བྱ་བར་མདོའི་དགོངས་པ་མདོ་གཞན་གྱི་ལུང་ལ་བརྟཻན་ནས་ཀྱང་ཞིབ་ཏུ་དཔྱད་པར་ བྱའོ། ། ༈ ཡང་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ལས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ པའི་མདོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པར་དེ་བཞིན་གཤེགས་ པའི་སྙིང་པོ་དང་སངས་རྒྱས་ཀྱི་རང་བཞིན་དང་མྱ་ངན་ལས་འདས་པ་ཆེན་པོ་དང་སངས་ རྒྱས་ཀྱི་ཆོས་ཀྱི་སྐུ་རྣམས། བདག་ཡིན་པ་དང་རྟག་པ་ཡིན་པར་གསུངས་པ་ཐམས་ཅད་ཀྱང་ སྒྲ་ཇི་བཞིན་པ་མ་ཡིན་གྱི་དགོངས་པ་ཅན་དྲང་བའི་དོན་ཁོ་ན་ཡིན་པར་འཆད་པར་བྱེད་པ་ བརྟག་པར་བྱ་སྟེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་གང་སྡུག་ བསྔལ་བ་དང་མི་རྟག་པ་དང་བདག་མ་མཆིས་པའི་འདུ་ཤེས་ལ་སོགས་པ་ལ་ནན་ཏན་མི་ བགྱིད་ན། གང་ཟག་དེ་ནི་འཕགས་པ་ཞེས་མི་བགྱི་སྟེ། བག་མ་མཆིས་པས་འཁོར་བར་ ཡོངས་སུ་འཁོར་རོ། །བཅོམ་ལྡན་འདས་དེ་བས་ན་བདག་ཅག་ནི་འདུ་ཤེས་དེ་དག་ལ་ཤིན་ ཏུ་ནན་ཏན་བགྱིད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག ཁྱེད་ཀྱིས་མི་ར་རོ་བ་ལ་དཔེ་བླངས་པ་ནི་ཚིག་ དང་འབྲུ་ཙམ་ཤེས་པར་ཟད་ཀྱིས་དོན་ནི་མ་རྟོགས་སོ། །དེ་ལ་དོན་ཞེས་བྱ་བ་གང་ཞེ་ན། དཔེར་ན་མི་ར་རོ་བས་ཉི་ཟླ་ལ་སོགས་པ་མི་མཁོར་བ་འཁོར་བར་འདུ་ཤེས་པ་དང་འདྲ་བར་ སོ་སོའི་སྐྱེ་བོ་ཡང་དེ་དང་འདྲ་སྟེ་ཀུན་ནས་ཉོན་མོངས་པའི་མ་རིག་པས་ཡོངས་སུ་ཁེབས་ པས་ན་ཕྱིན་ཅི་ལོག་གི་སེམས་བསྐྱེད་དེ། བདག་ལ་བདག་མེད་པར་འདུ་ཤེས་རྟག་པ་ལ་མི་ རྟག་པར་འདུ་ཤེས་ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་འདུ་ཤེས། བདེ་བ་ལ་སྡུག་ བསྔལ་བར་འདུ་ཤེས་ཏེ། ཀུན་ནས་ཉོན་མོངས་པའི་མ་རིག་པས་ཡོངས་སུ་ཁེབས་པས། དེ་ དང་འདྲ་བར་འདུ་ཤེས་མེད་ཀྱི། དོན་ཁོང་དུ་མ་ཆུད་པས་མི་ར་རོ་བ་དེ་འཁོར་བའི་གནས་མ་ 6-1-65 ཡིན་པ་ལ་འཁོར་བར་འདུ་ཤེས་བསྐྱེད་པ་བཞིན་ནོ། །བདག་ཅེས་བྱ་བ་ནི་སངས་རྒྱས་ཞེས་ བྱ་བའི་དོན་ནོ། །རྟག་པ་ནི་ཆོས་ཀྱི་སྐུ་ཞེས་བྱ་བའི་དོན་ནོ། །བདེ་བ་ནི་མྱ་ངན་ལས་འདས་པ་ ཞེས་བྱ་བའི་དོན་ནོ། །ཡོངས་སུ་དག་པ་ནི་ཆོས་ཞེས་བྱ་བའི་དོན་ཡིན་ན། ཅིའི་ཕྱིར་དགེ་སློང་ ཁྱོད་བདག་ཏུ་འདུ་ཤེས་པ་ནི་ང་རྒྱལ་ཅན་ཡིན་ཏེ། འཁོར་བ་ན་འཁོར་རོ་ཞེས་སྨྲ། ཁྱེད་སྨྲ་བ་ ལྟར་ན། བདག་ཅག་ཀྱང་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་ མེད་པའི་འདུ་ཤེས་ལ་ནན་ཏན་བགྱིད་དོ་ཞེས་བྱ་བ་ནི་ཡང་དག་པར་དོན་མེད་དོ། །ནན་ ཏན་བྱེད་པ་གསུམ་པོ་དེ་དག་ལ་ཡང་དག་པའི་དོན་མེད་པས་དེ་མ་ཡིན་པ་ནན་ཏན་བྱེད་པའི་ ཆོས་གསུམ་པོ་ལས་ལྷག་པ་ངས་བཤད་པར་བྱའོ། །སྡུག་བསྔལ་ལ་བདེ་བར་འཛིན་པ་དང༌། བདེ་བ་ལ་སྡུག་བསྔལ་བར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ། །(མི་རྟག་པ་ལ་རྟག་པར་འཛིན་པ་ དང༌། རྟག་པ་ལ་མི་རྟག་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ། །བདག་མེད་པ་ལ་བདག་ཏུ་འཛིན་པ་དང༌། བདག་ལ་བདག་ མེད་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ) ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པར་འཛིན་པ་དང༌། ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ། །ཕྱིན་ཅི་ ལོག་གི་ཆོས་རྣམ་པ་བཞི་པོ་འདི་ནི་ཡང་དག་པ་ཇི་ལྟ་བར་ནན་ཏན་བྱ་བ་གང་ཟག་གིས་མི་ ཤེས་སོ། །དགེ་སློང་དག་སྡུག་བསྔལ་གྱི་ཆོས་ལ་བདེ་བར་འདུ་ཤེས་བསྐྱེད་ཅིག མི་རྟག་པ་ ལ་རྟག་པར་འདུ་ཤེས་བསྐྱེད་ཅིག བདག་མེད་པ་ལ་བདག་ཏུ་འདུ་ཤེས་བསྐྱེད་ཅིག ཡོངས་ སུ་མ་དག་པ་ལ་ཡོངས་སུ་དག་པར་འདུ་ཤེས་བསྐྱེད་ཅིག འཇིག་རྟེན་ན་ཡང་རྟག་པ་དང་ བདེ་བ་དང་བདག་དང་ཡོངས་སུ་དག་པ་ཡོད་དོ། །འཇིག་རྟེན་ལས་འདས་པ་ལ་ཡང་རྟག་པ་ དང་བདེ་བ་དང་བདག་དང་ཡོངས་སུ་དག་པ་ཡོད་དོ། །འཇིག་རྟེན་གྱི་ཆོས་ནི་བརྗོད་དུ་ཡོད་ ལ་དོན་མེད་པའོ། །འཇིག་རྟེན་ལས་འདས་པ་ནི་བརྗོད་དུ་ཡང་ཡོད་ལ་དོན་ཡང་ཡོད་དོ་ཞེས་ དང༌། དེ་ལ་དོན་ཞེས་བྱ་བ་གང་ཞེ་ན། བདག་མེད་པ་ནི་འཁོར་བ་ཞེས་བྱའོ། །བདག་ཅེས་ 6-1-66 བྱ་བ་ནི་དེ་བཞིན་གཤེགས་པའོ། །མི་རྟག་པ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། །རྟག་ པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའོ། །སྡུག་བསྔལ་བ་ནི་མུ་སྟེགས་ཅན་ཐམས་ཅད་ དོ། །བདེ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །ཡོངས་སུ་མ་དག་པ་ནི་འདུས་བྱས་པའི་ ཆོས་སོ། །ཡོངས་སུ་དག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་ པའི་ཆོས་ཡིན་ཏེ། དེ་བས་ན་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །ཞེས་གསུངས་པ་དང༌། སྨན་ པ་མི་མཁས་པས། ནད་དོ་ཅོག་ལ་འོ་མ་གཏོང་པ་དགག་པའི་ཕྱིར་འོ་མ་དུག་ཡིན་ནོ་ཞེས་ བརྗོད། ཕྱིས་འོ་མའི་བྱེ་བྲག་ཕྱེད་ནས་སྨན་ཡིན་ནོ་ཞེས་བརྗོད་པ་དཔེར་བྱས་ནས། དེ་ནི་ སེམས་ཅན་གདུལ་བའི་ཕྱིར། དུས་མཁྱེན་པའི་ཕྱིར་དེ་ལྟར་བདག་མེད་ཅེས་གསུངས་པ་ཡང་ རྒྱུ་ཡོད་རྐྱེན་ཡོད་པས་ན། བདག་ཡོད་ཅེས་གསུངས་པ་ནི་ཇི་ལྟར་སྨན་པ་མཁས་པས་འོ་མ་ ལ་སྨན་དུ་རུང་བ་དང་མི་རུང་བ་ཤེས་པ་དང་འདྲ་སྟེ། བྱིས་པ་མ་རབས་ཀྱིས་བདག་ཏུ་འཛིན་ པ་ལྟ་བུུ་ནི་མ་ཡིན་ནོ། །བྱིས་པ་མ་རབས་ཀྱིས་བདག་ཏུ་འཛིན་པ་ནི་མཐེ་བོ་ཙམ་ཞེས་སམ་ ཡུངས་དཀར་ཙམ་ཞེས་སམ་རྡུལ་ཕྲ་མོ་ཙམ་དུ་འཛིན་ཏོ། །དེ་བཞིན་གཤེགས་པས་བདག་ ཅེས་བརྗོད་པ་ནི་དེ་ལྟ་བུ་མ་ཡིན་པས་ཆོས་ཐམས་ཅད་ལ་བདག་མེད་དོ་ཞེས་གསུངས་ཀྱང་ ཡང་དག་པར་ན་བདག་མེད་པ་མ་ཡིན་ཏེ་བདག་ཅེས་བྱ་བ་ནི་ཆོས་གང་བདེན་པ་ཡང་དག་ པར། རྟག་པ་གནས་པ་བདག་པོར་གྱུར་པ་མི་འགྱུར་མི་འཕོ་བ་དེ་ནི་བདག་ཅེས་བྱ་སྟེ་ཇི་ ལྟར་སྨན་པ་ཆེན་པོ་དེ་སྨན་འོ་མ་ལ་མཁས་པ་བཞིན་ནོ། །དེ་བཞིན་གཤེགས་པ་ཡང་དེ་དང་ འདྲ་སྟེ་སོ་སོའི་སྐྱེ་བོའི་ཕྱིར་ཆོས་ཐམས་ཅད་ལ་ཡང་དག་པར་བདག་མེད་དོ་ཞེས་གསུངས་ ཀྱིས། ཁྱེད་ལ་སོགས་པ་འཁོར་རྣམ་བཞི་ཡང་དེ་ལྟ་བུའི་ཚུལ་དུ་ཆོས་ཐམས་ཅད་ལ་ནན་ཏན་ དུ་གྱིས་ཤིག ཅེས་གསུངས་པ་དང༌། དེ་བཞིན་དུ་བུ་ཆུང་ལ་སྨན་བཏང་ནས་མ་ཞུ་བར་དུ་ ནུ་མ་མི་སྣུན་པའི་ཕྱིར། ནུ་མ་ལ་དུག་ཡོད་དོ་ཞེས་བརྗོད། ཞུ་ནས་དུག་མེད་དོ་ཞེས་བརྗོད་ 6-1-67 པ་བཞིན་དུ་གདུལ་བྱ་རྒྱུད་མ་སྨིན་པ་ལ་བདག་མེད་དོ་ཞེས་བརྗོད། སྨིན་ནས་བདག་ཡོད་ དོ་ཞེས་བརྗོད་ཅེས་པ་དང༌། བྱང་ཆུབ་སེམས་དཔའ་དེ་ལྟར་བདག་ཅེས་བྱ་བའི་མཚན་ཉིད་ བསྟན་པ་བུས་པ་གླེན་པ་དག་མི་ཤེས་པས་རྣམ་པ་སྣ་ཚོགས་སུ་བྱེ་བྲག་ཕྱེ་སྟེ། བདག་ཅེས་བྱ་ བའི་མཚན་ཉིད་དུ་འཛིན་པ་ནི་རལ་གྲི་དབྱིབས་ཇི་འདྲ་ཞེས་དྲིས་ན། ར་རུ་དང་འདྲའོ་ཞེས་ སྨྲས་པ་དང་མཚུངས་སོ། །དེ་ལྟར་བུས་པ་མ་རབས་དག་ནི་རྒྱུན་མི་ཆད་པར་ངན་པར་ལྟ་བར་ བསྐྱེད་དོ། །དེ་ལྟར་ངན་པར་ལྟ་བ་བཅད་པའི་ཕྱིར། དེ་བཞིན་གཤེགས་པའི་བདག་མེད་པ་ བསྟན་པ་ནི༑ དཔེར་ན་རྒྱལ་བུ་དག་བློན་པོ་རྣམས་ལ་ངའི་མཛོད་ན་དེ་འདྲ་བའི་རལ་གྲི་མེད་ དོ་ཞེས་སྨྲ་བ་དང་མཚུངས་སོ། །རིགས་ཀྱི་བུ་དེ་དེ་བཞིན་གཤེགས་པས་བདག་ཅེས་བྱ་བ་ བསྟན་པ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །དེ་ལྟར་སངས་རྒྱས་ཀྱི་རང་བཞིན་དེ་ནི་ སངས་རྒྱས་ཀྱིས་བསྟན་པའི་ཆོས་ཀྱི་ནང་ན་རལ་གྲི་ཤིན་ཏུ་གསལ་ཞིང་དག་པ་དང་མཚུངས་ སོ། །ཞེས་གསུངས་པ་དང༌། དེ་དག་དང་མཐུན་པར་སྔ་བོ་ཆེ་ཆེན་པོའི་མདོ་དང་སོར་མོའི་ ཕྲེང་བ་ལ་ཕན་པའི་མདོ་དང་དཔལ་ཕྲེང་གི་མདོ་ལ་སོགས་པར་གསུངས་པ་ཐམས་ཅད་ཀྱང་ དྲང་དོན་དགོངས་པ་ཅན་ཡིན་ཏེ། མྱ་ངན་ལས་འདས་པའི་མདོ་ལས། དགོངས་པས་གསུངས་ པའི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ཡང་དང་ཡང་དུ་ལན་མང་དུ་གསུངས་པའི་ཕྱིར་རོ། ། དགོངས་ཏེ་གསུངས་པ་ཐམས་ཅད་ཀྱང་སྒྲ་ཇི་བཞིན་པའི་དོན་དུ་གཟུང་བར་མི་བྱ་སྟེ་དཔེར་ ན། ཕ་དང་མ་ནི་གསད་བྱ་ཞིང༌། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌། །ཡུལ་འཁོར་འཁོར་ དང་བཅས་བཅོམ་ན། །མི་དེ་དག་པར་འགྱུར་ཞེས་བྱ། །ཞེས་པའམ། ལང་ཀར་གཤེགས་པ་ ལས། མཚམས་མེད་པ་ལྔ་པོ་དེ་དག་བྱས་ན་མངོན་པར་རྟོགས་པའི་ཆོས་ཅན་ཏེ། མཚམས་ མེད་པ་བྱེད་པ་ཡིན་ནོ་ཞེས་བཤད་པ་སྒྲ་ཇི་བཞིན་པར་གཟུང་དུ་མི་རུང་གི་དགོངས་གཞི། སྲིད་པ་དག་ནི་མར་བཤད་དེ། །མ་རིག་པ་ནི་ཕ་ཞེས་བྱ། །རྣམ་ཤེས་ཡུལ་རྣམས་རིགས་པས་ 6-1-68 ན། །སངས་རྒྱས་སུ་ནི་དེ་ཡང་བསྟན། །བག་ལ་ཉལ་ནི་དགྲ་བཅོམ་སྟེ། ཕུང་པོ་ལྔ་འདུས་ དགེ་འདུན་ནོ། །མཚམས་མེད་པར་ནི་མཚམས་བཅད་པས། །དེ་ནི་མཚམས་མེད་ལས་ཡིན་ ནོ། །ཞེས་བཤད་པའི་དགོངས་གཞིའི་དོན་ཟབ་མོ་བཙལ་དགོས་ཀྱི་སྒྲ་ཇི་བཞིན་པའི་དོན་དུ་ གཟུང་ན་ནོར་པར་འགྱུར་བ་ལྟར། བདེ་གཤེགས་སྙིང་པོ་བདག་དང་རྟག་པ་ལ་སོགས་པར་ གསུངས་པ་ཡང་དགོངས་ཏེ་གསུངས་པ་ཡིན་ལ། དགོངས་པས་བཤད་པ་རྣམས་དགོངས་ གཞི། དགོངས་པའི་དགོས་པ། དངོས་ལ་གནོད་བྱེད་དང་གསུམ་གྱིས་ངེས་པར་བྱ་བ་ལས། དགོངས་གཞི་ནི་གོང་དུ་བཤད་པ་ལྟར་ཕྱི་ཀུན་གཞིའི་རྣམ་ཤེས་ལ་དགོངས་ལ། བདག་ཏུ་ གསུངས་པའི་དགོངས་གཞི་ནི་བདག་ཡོད་མེད་གཉི་གའི་སྤྲོས་པ་དང་བྲལ་བ་བདག་ཡོད་ མེད་མཉམ་པ་ཉིད་དུ་གྱུར་པའི་སྟོང་པ་ཉིད་ལ་བདག་ཏུ་བཏགས་པ་ཡིན་པར་འཆད་ཅིང༌། དེའི་ཤེས་བྱེད་ནི་མྱ་ངན་ལས་འདས་པའི་མདོ་ལས། གལ་ཏེ་བདག་ཅེས་བྱ་བ་ཐེར་ཟུག་ཏུ་ རྟག་པའི་ཆོས་ཡིན་ན་ནི་སྡུག་བསྔལ་དང་མི་འབྲལ་བར་འགྱུར་རོ། །གལ་ཏེ་བདག་ཅེས་བྱ་ བ་མེད་ན་ནི་ཚངས་པར་སྤྱོད་པ་དག་ཕན་པའི་དོན་མེད་པར་འགྱུར་རོ། །གལ་ཏེ་ཆོས་ཐམས་ ཅད་བདག་མེད་པར་སྨྲ་ན། དེ་ནི་ཆད་པར་ལྟ་བ་ཡིན་ཏེ། ཇི་སྟེ། བདག་ཅེས་བྱ་བ་ཐེར་ཟུག་ ཏུ་སྨྲ་ན་དེ་ནི། རྟག་པར་ལྟ་བ་ཡིན་ནོ། །(ཆོས་ཐམས་ཅད་ཅེས་པ་)གང་(རྒྱ་གར་འགྱུར་ལ་ཡོད་) འདུ་ བྱེད་ཐམས་ཅད་མི་རྟག་པར་ལྟ་ན། དེ་ཡང་ཆད་པར་ལྟ་བར་འགྱུར་རོ། །(ཆོས་ཐམས་ཅད་ཟེར་) འདུ་བྱེད་རྟག་པར་ལྟ་ན་དེ་ཡང་རྟག་པར་ལྟ་བར་འགྱུར་རོ། །གང་(ཆོས་ཐམས་ཅད་ཟེར་) སྡུག་ བསྔལ་བར་སྨྲ་ན་ཆད་པར་ལྟ་བ་ཡིན་ནོ། །(ཆོས་ཐམས་ཅད་ཟེར་) གལ་ཏེ་བདེ་བར་སྨྲ་ན་ཡང་ རྟག་པར་ལྟ་བ་ཡིན་ནོ། །གང་ཆོས་ཐམས་ཅད་རྟག་གོ་བར་ནན་ཏན་བྱེད་ན་ཆད་པར་ལྟ་བར་ ལྟུང་ངོ༌། །ཆོས་ཐམས་ཅད་ཆད་པར་ནན་ཏན་བྱེད་ན་རྟག་པར་ལྟ་བར་ལྟུང་ངོ༌། །དཔེར་ན་ སྲིན་བུ་ཁུང་དུ་འགྲོ་བ་དག རྐང་པ་སྔ་མ་བོར་ནས་རྐང་པ་ཕྱི་མ་འདོར་རོ(དཔེར་ན་སྲིན་བུ་པད་མ་ 6-1-69 རྣམས་མིའི་མགོ་ལ་མྱུར་དུ་ཟ་ཞིང་མྱུར་དུ་གནས་ཅིག་ཤོས་འདོར་བ་དེ་བཞིན་དུ་ཞེས་རྒྱ་གར་ལས་འགྱུར་བ་ལ་ཡོད་)། །རྟག་ པ་དང་ཆད་པ་ལ་ནན་ཏན་བྱེད་པ་ཡང་དེ་དང་འདྲ་སྟེ། ཆད་པ་དང་རྟག་པའི་རྐྱེན་ལ་ལྟོས་ སོ། །ཞེས་པ་ནས་གལ་ཏེ་འདུ་བྱེད་ཐམས་ཅད་མི་རྟག་ཅེས་འམ། དེ་བཞིན་གཤེགས་པའི་ སྙིང་པོ་ཡང་མི་རྟག་ཅེས་སྨྲས་ན། བུས་པ་གླེན་པ་དག་གཉིས་སུ་འཛིན་ཏོ། །མཁས་པ་ཤེས་ རབ་ཅན་ནི་རང་བཞིན་གྱིས་གཉིས་སུ་མེད་པར་རྟོགས་ཏེ། གཉིས་སུ་མེད་པ་ནི་ཡང་དག་ པ་ཉིད་དོ། །ཆོས་ཐམས་ཅད་བདག་མེད་དེ་དེ་བཞིན་གཤེགས་པའི་སྙིང་པོ་ཡང་བདག་མེད་ ཅེས་སྨྲ་ན། བུས་པ་གླེན་པ་དག་གཉིས་སུ་འཛིན་ཏོ། །མཁས་པ་ཤེས་རབ་ཅན་ནི་རང་བཞིན་ གྱིས་གཉིས་སུ་མེད་པར་རྟོགས་ཏེ། གཉིས་སུ་མེད་པ་ཉིད་ཡང་དག་པ་ཉིད་དོ། །བདག་དང་ བདག་མེད་པ་རང་བཞིན་གྱིས་གཉིས་སུ་མེད་པ་ཉིད་དོ། །དེ་བཞིན་གཤེགས་པའི་སྙིང་པོའི་ དོན་ནི། དེ་ལྟར་དཔག་ཏུ་མེད་ཅིང་ཚད་མེད་མཐའ་ཡས་པར་སངས་རྒྱས་བཅོམ་ལྡན་འདས་ ཀྱིས་ཡོངས་སུ་བསྔགས་པའི་ངས་ཀྱང་ཡོན་ཏན་དང་ལྡན་པའི་མདོ་སྡེ་ཐམས་ཅད་ལས་ཀྱང་ རྒྱས་པར་གསུངས་སོ། །རིགས་ཀྱི་བུ། བདག་ཅེས་བྱ་བ་དང་བདག་མེད་པ་རང་བཞིན་གྱིས་ གཉིས་སུ་མེད་པར་ཁྱེད་ཀྱིས་དེ་ལྟར་ཟུངས་སུ་ཟུང་ལ། སྤྱི་བོས་ལོང་ཤིག རིགས་ཀྱི་བུ། ཁྱོད་ཀྱིས་མདོ་སྡེ་འདི་བརྟན་པར་ཟུངས་སུ་དྲན་པར་གྱིས་ཤིག ངས་སྔོན་འཕགས་པ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མདོ་ལས་ཀྱང་བདག་དང་བདག་མེད་པ་མཚན་ཉིད་ཀྱིས་ གཉིས་སུ་མེད་བསྟན་ཏོ། །ཞེས་གསུངས་པས། དགོངས་གཞི་བདག་ཡོད་མེད་ཀྱི་སྤྲོས་པ་ དང་བྲལ་བའི་དོན་ལ་དགོངས་པ་དང༌། དགོས་པ་མུ་སྟེགས་བསྟན་པ་ལ་གཞུག་པའི་དོན་དུ་ ལྡེམ་པོར་དགོངས་པས་བདག་ཅེས་བཏགས་ནས་གསུངས་ཞེས་འཆད་ལ། དེའི་ཤེས་བྱེད་དུ་ གོང་དུ་ལང་ཀར་གཤེགས་པའི་མདོའི་ལུང་དྲངས་པ་དང༌། མྱ་ངན་ལས་འདས་པའི་མདོ་ནས་ ཀྱང༌། རིགས་ཀྱི་བུ་ངས་དུས་གཅིག་ན་ཆུ་བོ་དགའ་སྐྱེད་ཀྱི་འགྲམ་ན་བཞུགས་ཏེ་དགའ་བོ་ 6-1-70 ལ་བཀའ་སྩལ་པ། ང་དེང་ཁྲུས་མཛད་ཀྱིས་ངའི་གོས་ལོང་ལ་སྲན་ཕྱེ་ཡང་ལོང་ཤིག །དེ་ནས་ ཆུར་ཞུགས་པ་དང་ནམ་མཁའ་ལ་འཕུར་བ་དང༌། ཆུ་དང་ས་ལ་འགྲོ་བ་ཐམས་ཅད་འོངས་ ནས་ང་ལ་ལྟའོ། །དེའི་ཚེ་ཀུན་ཏུ་རྒྱུ་ལྔ་བརྒྱ་སྙེད། ཆུ་བོའི་འགྲམ་དུ་ལྷགས་ནས་ངའི་དྲུང་དུ་ ཕྱིན་པ་དང༌། གཅིག་ལ་གཅིག་འདི་སྐད་དུ་ཇི་ལྟར་རྡོ་རྗེ་ལྟ་བུའི་ལུས་ཐོབ་པར་གྱུར། གལ་ ཏེ་གོའུ་ཏ་མ་འདི་ཆད་པར་ལྟ་བ་མི་སྟོན་ན་བདག་ཅག་དེ་ལ་ལུང་དང་ཚུལ་ཁྲིམས་མནོད་དོ་ ཞེས་སྨྲས་སོ། །རིགས་ཀྱི་བུ་ང་དེའི་ཚེ་གཞན་གྱི་སེམས་ཤེས་པའི་ཡེ་ཤེས་ཀྱིས་ཀུན་ཏུ་རྒྱུ་དེ་ དག་གི་བསམ་པ་མཁྱེན་ནས་ཀུན་ཏུ་རྒྱུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཅིའི་ཕྱིར་ ང་ལ་ཆད་པར་ལྟ་བ་སྟོན་པ་ཡིན་ནོ་སྙམ་དུ་སེམས། ཀུན་ཏུ་རྒྱུ་དེ་དག་གིས་གསོལ་པ། གོའུ་ ཏ་མ་ཁྱོད་ཀྱིས་མདོ་སྡེ་ཀུན་ལས་སེམས་ཅན་ཐམས་ཅད་ལ་བདག་མེད་དོ་ཞེས་བཤད་དེ། དེ་ལྟར་བདག་མེད་དེ་ཞེས་བཤད་ན། ཅིའི་ཕྱིར་ཆད་པར་ལྟ་བ་མ་ཡིན། གལ་ཏེ་བདག་མེད་ ན་གང་གིས་ཚུལ་ཁྲིམས་སྡོམ་ཞིང༌། གང་གིས་ཚུལ་ཁྲིམས་བཤིག་པར་འགྱུར། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ངས་ནི་སེམས་ཅན་ཐམས་ཅད་ལ་བདག་མེད་དོ་ཞེས་མ་བཤད་ དོ། ། ངས་ནི་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་བཤད་ ན་སངས་རྒྱས་ཀྱི་རང་བཞིན་དེ་ཉིད་བདག་མ་ཡིན་ནམ། དོན་དེ་ལྟ་བས་ན་ང་ཆད་པར་ལྟ་ བ་མི་སྟོན་ཏེ། སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་རང་བཞིན་མ་མཐོང་བས་རྟག་པ་ མེད་པ་དང༌། བདག་མེད་པ་དང༌། བདེ་བ་མེད་པ་དང༌། ཡོངས་སུ་དག་པ་མེད་པ་དེ། གང་དེ་ སྐད་དུ་སྨྲ་བ་དེ་ནི། ཆད་པར་ལྟ་བ་སྟོན་པ་ཞེས་བྱའོ། །དེའི་ཚེ་ཀུན་ཏུ་རྒྱུ་དེ་དག་སངས་རྒྱས་ ཀྱི་རང་བཞིན་ཉིད་བདག་ཡིན་ནོ། །ཞེས་བཤད་པ་ཐོས་ནས་ཐམས་ཅད་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེའི་མོད་ལ་རབ་ཏུ་བྱུང་ནས་བྱང་ཆུབ་ 6-1-71 ཀྱི་ལམ་ལ་ནན་ཏན་བྱེད་པར་གྱུར་ཏོ། །ནམ་མཁའ་དང་ཆུ་དང་སྐམ་པར་འགྲོ་བ་ཐམས་ཅད་ ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ལྟར་སེམས་ བསྐྱེད་ནས་མོད་ལ་ལུས་དེ་ཉིད་བཏང་བར་གྱུར་ཏོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ དེ་ཡང་དག་པར་ན་བདག་མ་ཡིན་ཏེ་སེམས་ཅན་གྱི་ཕྱིར་བདག་ཅེས་བཤད་དོ། ། རིགས་ཀྱི་བུ་རྒྱུ་དང་རྐྱེན་ཡོད་པའི་ཕྱིར། དེ་བཞིན་གཤེགས་པས་བདག་མེད་པ་ལ་ བདག་ཏུ་བཤད་མོད་ཀྱི། ཡང་དག་པར་ན་བདག་མེད་དོ། །དེ་ལྟར་བཤད་མོད་ཀྱི་བརྫུན་པ་ ཡང་མ་ཡིན་ནོ། །རིགས་ཀྱི་བུ་ཡང་རྒྱུ་དང་རྐྱེན་ཡོད་པས་བདག་ལ་བདག་མེད་པར་འཆད་དེ་ ཡང་དག་པར་ན་བདག་ཡོད་ཀྱང་འཇིག་རྟེན་གྱི་ཕྱིར་བདག་མེད་པར་བཤད་མོད་ཀྱི་བརྫུན་ པ་ཡང་མ་ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་བདག་མེད་དེ། དེ་བཞིན་གཤེགས་པས་ བདག་ཅེས་བཤད་པ་ནི་རྟག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་བདག་ཡིན་ཏེ། བདག་མེད་པར་བཤད་པ་ནི་དབང་ཐོབ་པའི་ཕྱིར་རོ༑ ༑ཞེས་གསུངས་ཞེས་འཆད་ཅིང༌། ཡང་ ཉན་རང་རྣམས་སྟོང་པ་མི་རྟག་སྡུག་བསྔལ་བདག་མེད་སྒོམ་པར་བྱེད་པ་དེ་འཇིག་རྟེན་པའི་ རྟག་འཛིན་ལ་སོགས་པ་ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་མོད་ཀྱི་གང་ཟག་གི་བདག་མེད་ ཀྱི་མཐར་ལྷུང་བས་དེ་བཟློག་པའི་དོན་དུ་གཙང་བ་དང་བདེ་བ་དང་བདག་དང་རྟག་པར་ བསྒོམ་བར་བྱའོ་ཞེས་བསྟན་ནོ་ཞེས་དང༌། བདག་དངོས་ཡིན་བ་ལ་གནོད་བྱེད་ནི་སྔར་མྱ་ ངན་ལས་འདས་པའི་ལུང་དང༌། ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པའི་སྙིང་ པོ་བདག་མེད་པའི་རྗེས་སུ་འབྲང་བར་བྱའོ་ཞེས་དང༌། དཔལ་ཕྲེང་གི་མདོ་ལས། བཅོམ་ ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཡང་བདག་མ་ལགས་སེམས་ཅན་མ་ལགས་སྲོག་ མ་ལགས་གང་ཟག་མ་ལགས་ཏེ། ཞེས་གསུངས་པ་དང༌། མགོན་པོ་བྱམས་པས། གང་དག་ འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས་ནས་ཐམས་ཅད་ལ། །རྫོགས་པའི་སངས་ 6-1-72 རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། །ཞེས་བདག་མེད་པར་གསུངས་ ཤིང༌། འཕགས་པ་ཐོགས་མེད་ཀྱིས་ཀྱང༌། འདི་ལྟར་མུ་སྟེགས་པ་གཞན་ཐམས་ཅད་ནི་ གཟུགས་ལ་སོགས་པ་དེའི་རང་བཞིན་མ་ཡིན་བའི་དངོས་པོ་བདག་ཏུ་ཁས་ལེན་ལ་དེ་དག་ གིས་ཇི་ལྟར་གཟུང་བའི་དངོས་པོ་དེ་ཡང་བདག་གི་མཚན་ཉིད་ཀྱིས་སླུ་བ་དང་ལྡན་པའི་ཕྱིར་ དུས་ཐམས་ཅད་དུ་བདག་མེད་དོ། །དེ་བཞིན་གཤེགས་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་ གྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་བདག་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་ལ། དེ་ ཇི་ལྟར་གཟིགས་པ་བདག་མེད་པ་དེ་ཡང་བདག་ཡོད་པ་མ་ཡིན་པའི་མཚན་ཉིད་ཀྱིས་མི་སླུ་ བ་དང་ལྡན་བའི་ཕྱིར་དུས་ཐམས་ཅད་དུ་བདག་ཏུ་འདོད་དོ། །བདག་མེད་པ་ཉིད་བདག་ཏུ་ བྱས་པ་སྟེ། ཇི་སྐད་དུ་མི་གནས་པའི་ཚུལ་གྱིས་གནས་པ་ཞེས་གསུངས་པ་ལྟ་བུའོ་ཞེས་འཆད་ ཅིང༌། གལ་ཏེ་སྙིང་པོ་བུ་རམ་དང་འདྲ་བའི་བདག་ཡོད་མེད་ཀྱི་སྤྲོས་བྲལ་དོར་ནས་ཤིང་ཤུན་ དང་འདྲ་བའི་སྒྲ་ཇི་བཞིན་པའི་དོན་བདག་ཏུ་འཛིན་ན་མུ་སྟེགས་ཅན་དང་ཁྱད་མེད་པར་ སངས་རྒྱས་ཀྱི་ལམ་ལས་གོལ་བ་ཡིན་ཏེ། རྒྱུད་བླའི་འགྲེལ་པར། དེ་དང་འཐུན་པར་སྤྱོད་པ་ ཆོས་འདི་པ་ཉིད་དད་པ་ཡོད་ཀྱང་ཉེས་པར་གཟུང་བ་འཛིན་པ་སྟེ་དེ་དག་ཀྱང་གང་ཞེ་ན་འདི་ ལྟ་ཏེ། དོན་དམ་པ་ལ་མི་མོས་པ་གང་ཟག་ཏུ་ལྟ་བ་སྟེ། གང་ལ་བཅོམ་ལྡན་འདས་ཀྱིས་སྟོང་ པ་ཉིད་ལ་མོས་པ་མེད་པ་ནི་མུ་སྟེགས་པ་དག་དང་ཁྱད་པར་མེད་པ་ཡིན་ནོ། །ཞེས་གསུངས་ ཞེས་གསུངས་སོ་ཞེས་འཆད་དོ། ། གཞན་ཡང་བདག་དང་བདག་མེད་པ་མཉམ་པ་དེ་བཞིན་དུ་ཡོད་མེད་ཡིན་མིན་གྱི་ཆོས་ ཐམས་ཅད་མཉམ་པ་ཉིད་དེ། སྔར་དགེ་སློང་དག་སྡུག་བསྔལ་གྱི་ཆོས་ལ་བདེ་བར་འདུ་ཤེས་ བསྐྱེད་ཅིགསྡུག་བསྔལ་བ་ནི་མུ་སྟེགས་ཅན་ཐམས་ཅད་དོ། །བདེ་བ་ནི་ཡོངས་སུ་མྱ་ངན་ ལས་འདས་པའོ་ཞེས་པས་མུ་སྟེགས་ཅན་དང་མྱང་འདས་མཉམ་པ་དང༌། མི་རྟག་པ་ལ་རྟག་ 6-1-73 པར་འདུ་ཤེས་བསྐྱེད་ཅིག མི་རྟག་པ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། །རྟག་པ་ནི་དེ་ བཞིན་གཤེགས་པའི་ཆོས་ཀྱི་སྐུའོ། །ཞེས་པས་ཉན་རང་རྣམས་དང་ཆོས་སྐུ་མཉམ་པ་དང༌། བདག་མེད་པ་ལ་བདག་ཏུ་འདུ་ཤེས་བསྐྱེད་ཅིག བདག་མེད་པ་ནི་འཁོར་བའོ། །བདག་ཅེས་ བྱ་བ་ནི་དེ་བཞིན་གཤེགས་པའོ། །ཞེས་པས་འཁོར་བ་དང༌། དེ་བཞིན་གཤེགས་པ་མཉམ་ མོ། །ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པར་འདུ་ཤེས་བསྐྱེད་ཅིག །ཡོངས་སུ་མ་དག་པ་ ནི་འདུས་བྱས་པའི་ཆོས་སོ། །ཡོངས་སུ་དག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཡང་དག་པའི་ཆོས་ཡིན་ཏེ་དེ་བས་ན་ཕྱིན་ཅི་མ་ལོག་པ་ཞེས་བྱའོ་ཞེས་གསུངས་ པས་དག་མ་དག་མཉམ་མོ། །དེ་བཞིན་དུ་སྟོང་མི་སྟོང་ཕྱི་ནང་ཡོད་མེད་མཉམ་པ་ཉིད་དུ་ གྱུར་པ་ཡིན་ཏེ། མྱ་ངན་ལས་འདས་པའི་མདོ་ལས། དེ་བས་ན་དེ་བཞིན་གཤེགས་པས་ མཐའ་གཉིས་ལས་བཟློག་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་མ་ཡིན་ཕྱིར་རོལ་ན་ མ་ཡིན་ལ། ནང་དང་ཕྱི་རོལ་ཀྱང་ཡིན་ནོ་ཞེས་གསུངས་ཏེ། དེ་ནི་དབུ་མའི་ལམ་ཞེས་བྱའོ། ། རིགས་ཀྱི་བུ་སེམས་ཅན་ཀྱི་སངས་རྒྱས་ཀྱི་རང་བཞིན་ནི་ཡོད་པ་མ་ཡིན་མེད་པ་ཡང་མ་ ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་ཡོད་མོད་ཀྱི་ནམ་མཁའ་དང་འདྲ་བ་ནི་མ་ཡིན་ནོ། །དེ་ ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ནམ་མཁའ་སྟོང་པ་ནི་ཐབས་མཁས་པ་ཚད་མེད་པ་བྱས་ཀྱང་ དམིགས་སུ་མེད་དེ། སངས་རྒྱས་ཀྱི་རང་བཞིན་ནི་དམིགས་སུ་ཡོད་པས་དེའི་ཕྱིར་ཡོད་མོད་ ཀྱི་ནམ་མཁའ་སྟོང་པ་དང་མཚུངས་པ་ནི་མ་ཡིན་ནོ། ། སངས་རྒྱས་ཀྱི་རང་བཞིན་མེད་མོད་ཀྱི་རི་བོང་གི་རྭ་དང་མཚུངས་པ་མ་ཡིན་ཏེ། དེ་ཅིའི་ ཕྱིར་ཞེ་ན། རུས་སྦལ་གྱི་སྤུ་དང་རི་བོང་གི་རྭ་ནི་ཐབས་ཚད་མེད་པ་རྣམ་པ་སྣ་ཚོགས་ཀྱིས་ ཀྱང་སྐྱེ་བར་མི་ནུས་ཏེ། སངས་རྒྱས་ཀྱི་རང་བཞིན་ནི་སྐྱེ་བར་ནུས་པས་དེའི་ཕྱིར་མེད་མོད་ ཀྱི་རི་བོང་གི་རྭ་དང་མི་མཚུངས་སོ༑ ༑དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་ཡོད་པ་མ་ཡིན། 6-1-74 མེད་པ་མ་ཡིན་ལ། ཡོད་པ་དང་མེད་པ་ཡང་ཡིན་ནོ། །ཇི་ལྟར་ན་ཡོད་པ་ཞེ་ན། ཐམས་ཅད་ ལ་ཡོད་པའི་ཕྱིར། སེམས་ཅན་རྣམས་ཀྱིས་གཅོད་པའམ་དགག་པར་མི་ནུས་ཏེ། མེ་མར་གྱི་ མེ་ལྕེ་དང་འདྲ་བར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བར་དུ་ཐོབ་པར་འགྱུར་ཏེ། དེ་ བས་ན་ཡོད་པ་ཞེས་བྱའོ། །ཇི་ལྟར་ན་མེད་ཅེ་ན། སེམས་ཅན་ཐམས་ཅད་ལ་ད་ལྟར་སངས་ རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པ་ད་ལྟར་གྱི་ དུས་ན་མེད་པའི་ཕྱིར་མེད་པ་ཞེས་བྱའོ། །ཡོད་པ་དང་མེད་པ་འདུས་པ་ལ་ནི་དབུ་མ་ཞེས་བྱ་ སྟེ། དེ་བས་ན་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ཡོད་པ་མ་ཡིན་མེད་པ་མ་ཡིན་ནོ། ། ཞེས། བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་དང༌། ཡང་རིགས་ཀྱི་བུ་སངས་རྒྱས་ཀྱི་རང་ བཞིན་ཞེས་བྱ་བ་ནི་དོན་དམ་པ་སྟོང་པའོ། །དོན་དམ་པ་སྟོང་པ་ནི་ཡེ་ཤེས་ཞེས་བྱའོ། །དེ་ལ་ སྟོང་པ་ཞེས་བྱ་བ་ནི། སྟོང་པ་དང་མི་སྟོང་པ་གཉིས་ཀ་མི་མཐོང་བའོ། །ཤེས་རབ་ཅན་གྱིས་ ནི་སྟོང་པ་དང༌། མི་སྟོང་བ་དང༌། རྟག་པ་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདེ་ བ་དང༌། བདག་དང༌། བདག་མེད་པ་ཀུན་མཐོང་ངོ༌། །སྟོང་པ་ཞེས་བྱ་བ་ནི་འཁོར་བ་ཐམས་ ཅད་དོ། །མི་སྟོང་པ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །བདག་མེད་པའི་བར་དུ་ ནི་འཁོར་བའོ། །བདག་ཅེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་སྟེ་ཐམས་ཅད་སྟོང་པར་ མཐོང་ལ། སྟོང་པ་མ་ཡིན་པ་མི་མཐོང་བ་ནི་ལམ་དབུ་མ་ཞེས་མི་བྱ། ཐམས་ཅད་བདག་མེད་ པའི་བར་དུ་མཐོང་ལ་བདག་མི་མཐོང་བ་ནི་ལམ་དབུ་མ་ཞེས་མི་བྱའོ། །ལམ་དབུ་མ་ཞེས་བྱ་ བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་གསུངས་སོ་ཞེས་འཆད་པར་བྱེད་དོ། ། ༈ དེ་ལ་རེ་ཤིག་བདེ་གཤེགས་སྙིང་པོ་དང་སངས་རྒྱས་ཀྱི་རང་བཞིན་དང་སངས་རྒྱས་ ཀྱི་ཆོས་སྐུ་ལ་སོགས་པ་བདག་ཡིན་པར་གསུངས་པ་སྒྲ་ཇི་བཞིན་པར་གཟུང་བ་མི་བྱའོ་ ཞེས་པ་འདི་རྣམ་པར་དཔྱད་པར་བྱ་སྟེ། བདག་ཅེས་པ་འཇིག་རྟེན་པ་དང་མུ་སྟེགས་བྱེད་ 6-1-75 ལ་སོགས་པས་བརྟགས་པའི་བདག་ཁོ་ན་ལ་འཇུག་པའི་སྒྲ་ཡིན་ན་བདག་ཅེས་གསུངས་པ་ སྒྲ་ཇི་བཞིན་པར་ཁས་བླང་དུ་མི་རུང་ཞིང་ཁས་བླངས་ན་མུ་སྟེགས་ཅན་དང་ཁྱད་མེད་པར་ འགྱུར་ན་ཡང༌། བདག་ཅེས་པ་མུ་སྟེགས་བྱེད་ལ་སོགས་པས་བརྟགས་པའི་བདག་ཁོ་ན་ལ་ འཇུག་པ་མ་ཡིན་ཏེ། གོང་དུ་མྱང་འདས་ཆེན་པོའི་ལུང་དྲངས་པར་བདག་ཅེས་བྱ་བ་ནི་སངས་ རྒྱས་ཞེས་བྱ་བའི་དོན་ཏོ་ཞེས་དང༌། བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ་ཞེས་དང༌། ཡང་མདོ་དེ་ཉིད་ལས་རིགས་ཀྱི་བུ་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ ཏོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནི་བདག་ཅེས་བྱ་བའི་དོན་ ཏོ། །ཞེས་གསུངས་པས། བདག་ཅེས་པ་སྤྱི་སྒྲ་ཙམ་ཡིན་ལ་དེ་མུ་སྟེགས་པ་ལ་སོགས་པས་ བརྟགས་པའི་བདག་དང༌། མྱང་འདས་ཆེན་པོ་སོགས་ནས་གསུངས་པའི་བདག་གཉིས་ག་ ལ་འཇུག་ཅིང་སངས་རྒྱས་ཀྱིས་གསུངས་པའི་བདག་དེ་ནི་དོན་ལ་གནས་པའི་བདག་ཡིན་ པས་(སོ་སྐྱེ་ལ་བདག་མེད་སངས་རྒྱས་ལ་བདག་ཡོད་པ་དང༌། རྟག་བརྟན་ཐེར་ཟུག་འདོད་པ་མུ་སྟེགས་ལས་ཀྱང་འདོད་དེ་) བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་བདག་ཏུ་གསུངས་པ་སྒྲ་ཇི་བཞིན་པ་ཉིད་ ཡིན་ཏེ། མྱང་འདས་ཀྱི་ལུང་གོང་དུ་དྲངས་པ་ཉིད་ལས། དགེ་སློང་དག་སྡུག་བསྔལ་གྱི་ཆོས་ ལ་བདེ་བར་འདུ་ཤེས་བསྐྱེད་ཅིག མི་རྟག་པ་ལ་རྟག་པར་འདུ་ཤེས་བསྐྱེད་ཅིག བདག་མེད་ པ་ལ་བདག་ཏུ་འདུ་ཤེས་བསྐྱེད་ཅིག ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པར་འདུ་ཤེས་ བསྐྱེད་ཅིག འཇིག་རྟེན་ན་ཡང་རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པ་ཡོད་ དོ། །འཇིག་རྟེན་ལས་འདས་པ་ལ་ཡང་རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པ་ ཡོད་དོ། །འཇིག་རྟེན་གྱི་ཆོས་ནི་བརྗོད་དུ་ཡོད་ལ་དོན་མེད་པའོ། །འཇིག་རྟེན་ལས་འདས་ པ་ནི་བརྗོད་དུ་ཡང་ཡོད་ལ་དོན་ཡང་ཡོད་དོ། །ཞེས་འཇིག་རྟེན་པའི་བདག་ལ་བདག་ཅེས་ བརྗོད་པ་ཡིན་ཡང་བརྗོད་བྱ་བདག་དེ་དོན་ལ་མེད་ལ། འཇིག་རྟེན་ལས་འདས་པའི་བདག་ 6-1-76 ལ་བདག་ཅེས་བརྗོད་པ་ཡང་ཡིན་ལ་བརྗོད་བྱ་བདག་དེ་དོན་ལ་ཡོད་པ་ཡིན་ནོ་ཞེས་བདག་ གི་སྒྲ་འཇིག་རྟེན་ལས་འདས་པའི་བདག་ལ་ཡང་འཇུག་པར་བསྟན་ནོ། ། ཡང་མདོ་དེ་ཉིད་ལས་བདག་མེད་པ་ལ་བདག་ཏུ་འདུ་ཤེས། བདག་ལ་བདག་མེད་པར་ འདུ་ཤེས་པ་ཡང་ཕྱིན་ཅི་ལོག་གོ། འཇིག་རྟེན་པ་ཡང་བདག་ཡོད་པར་སྨྲ། སངས་རྒྱས་ཀྱི་ ཆོས་ལ་ཡང་བདག་ཡོད་པར་སྨྲ་སྟེ། འཇིག་རྟེན་པ་དག་བདག་ཡོད་པར་སྨྲ་མོད་ཀྱི་སངས་ རྒྱས་ཀྱི་རང་བཞིན་ཡོད་པ་མ་ཡིན་པས། དེ་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་སྟེ། ཕྱིན་ཅི་ལོག་ཅེས་བྱའོ། ། སངས་རྒྱས་ཀྱི་ཆོས་ལ་བདག་ཡོད་པ་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་གསུངས་སོ། ། དེར་མ་ཟད་ཀྱི་བདག་ཅེས་པ་ནི་གཙོ་ཆེར་སངས་རྒྱས་ཀྱིས་གསུངས་པའི་འཇིག་རྟེན་ལས་ འདས་པའི་བདག་ཉིད་ལ་འཇུག་པ་ཡིན་ཏེ། མྱང་འདས་ཆེན་པོའི་མདོ་ལས། རིགས་ཀྱི་བུ་མུ་ སྟེགས་ཅན་དེ་དག་ནི་ཞེས་པ་ནས་བདག་དང་བདག་མེད་པ་ཞེས་སོགས་དང༌། ཡོད་པ་དང་ ཡོད་པ་མ་ཡིན་པ་མི་ཤེས་ཏེ། སངས་རྒྱས་ཀྱི་ཆོས་ལས་བདག་དང་ཆ་ཙམ་ཞིག་བླངས་པ་ན་ རྟག་པ་དང༌། བདེ་བ་དང་བདག་དང་ཡོངས་སུ་དག་པ་འཛིན་ཏེ། ཡང་དག་པར་རྟག་པ་དང༌། བདེ་བ་དང༌། བདག་དང་ཡོངས་སུ་དག་པ་མི་ཤེས་སོ་ཞེས་མུ་སྟེགས་བྱེད་རྣམས་ཀྱི་བདག་ ཅེས་པའི་ཆོས་སྐད་ནི། སངས་རྒྱས་ཀྱི་ཆོས་ལས་ཡང་དག་པའི་བདག་གསུངས་པ་ལས་ཆ་ ཤས་ཙམ་ཞིག་(འོ་ན་མུ་སྟེགས་དང་སངས་རྒྱས་པའི་བདག་ཅིག་པར་འགྱུར་བའི་ཕྱིར་རོ་)བརྐུས་ནས་བཀོད་ པར་གསུངས་སོ། །གལ་ཏེ་བདེ་གཤེགས་སྙིང་པོ་དང་སངས་རྒྱས་ཀྱི་རང་བཞིན་སོགས་ ལ་བདག་ཏུ་གསུངས་ཀྱང་ཡང་དག་པར་ན་བདག་མ་ཡིན་ཏེ་སྔར་ལུང་དྲངས་པ་རིགས་ཀྱི་ བུ་སངས་རྒྱས་ཀྱི་རང་བཞིན་དེ་ཡང་དག་པར་ན་བདག་མ་ཡིན་ཏེ་(དེའི་ཕྱིར་དྲང་དོན་རྩོད་མེད་དོ་) སེམས་ཅན་གྱི་ཕྱིར་བདག་ཅེས་བཤད་དོ། །རིགས་ཀྱི་བུ་རྒྱུ་དང་རྐྱེན་ཡོད་པའི་ཕྱིར་དེ་བཞིན་ 6-1-77 གཤེགས་པས་བདག་མེད་པ་ལ་བདག་ཏུ་བཤད་མོད་ཀྱི་ཡང་དག་པར་(དེའི་ཕྱིར་དྲང་དོན་ནོ་)ན་ བདག་མེད་དོ། །དེ་ལྟར་བཤད་མོད་ཀྱི་བརྫུན་པ་ཡང་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་མུ་ སྟེགས་ཅན་ལ་སོགས་པ་དྲང་པའི་དོན་དུ་བདག་མེད་པ་ལ་བདག་ཏུ་བཏགས་ནས་གསུངས་ པ་ཡིན་ནོ་སྙམ་ན། དེ་ནི་མ་ཡིན་ཏེ། ལུང་དེ་ཉིད་ཀྱི་རྗེས་སུ་རིགས་ཀྱི་བུ་ཡང་རྒྱུ་དང་རྐྱེན་ ཡོད་པས་བདག་ལ་བདག་མེད་པར་འཆད་དེ་ཡང་དག་པར་ན་བདག་ཡོད་ཀྱང་འཇིག་རྟེན་ གྱི་ཕྱིར་བདག་མེད་པར་བཤད་མོད་ཀྱི། (མུ་སྟེགས་བྱེད་རྣམས་ཀྱང་ཆོས་ཉིད་ལ་བདག་ཏུ་འདོད་པས། ཇོ་ནང་ པའི་བདག་དང་མུ་སྟེགས་ཀྱི་བདག་དོན་ལ་འདོགས་གཞི་གཅིག་པས་ཁྱད་པར་ཅུང་ཟད་མེད་དོ། །)བརྫུན་པ་ཡང་མ་ ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་བདག་མེད་དེ། དེ་བཞིན་གཤེགས་པས་བདག་མེད་ ཅེས་བཤད་པ་ནི་རྟག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་བདག་ཡིན་ཏེ། བདག་ མེད་པར་བཤད་པ་ནི་དབང་ཐོབ་པའི་ཕྱིར་རོ་ཞེས་པའི་ལུང་འདི་ཁྱེད་ཉིད་ཀྱིས་ཀྱང་ཤེས་ བྱེད་དུ་དྲངས་པས་ཡང་དག་པར་ན་བདག་ཡོད་པར་གསུངས་ཤིང་བདག་དེ་ཡང་སངས་རྒྱས་ ཀྱི་རང་བཞིན་ཉིད་ཡིན་ནོ། །དེས་ན་ཕྱིར་བདག་མེད་པ་དང་བྱེ་བྲག་ཏུ་སངས་རྒྱས་ཀྱི་རང་ བཞིན་བདག་མ་ཡིན་པར་གསུངས་པ་ནི་མུ་སྟེགས་པ་སོགས་ཀྱིས་བརྟགས་པའི་བདག་མེད་ པ་ལ་དགོངས་པ་ཡིན་ལ། སངས་རྒྱས་ཀྱི་རང་བཞིན་བདག་ཡིན་པར་གསུངས་པ་ནི་ཡང་ དག་པའམ་དེ་ཁོ་ན་ཉིད་ཀྱི་བདག་ཡིན་པ་ལ་དགོངས་པར་ཤེས་པར་བྱ་སྟེ། མྱ་ངན་ལས་ འདས་པའི་མདོ་ལྷའི་ཟླ་བས་བསྒྱུར་བ་ལས། མུ་སྟེགས་པ་རྣམས་ཀྱི་བདག་བསྟན་པ་ནི་སྲིན་ བུས་བརྐོས་པའི་ཡི་གེ་དང་འདྲ་སྟེ། དེའི་ཕྱིར་ང་སེམས་ཅན་ཐམས་ཅད་ལ་བདག་མེད་དོ་ ཞེས་བསྟན་པ་སྟོན་པར་མཛད་དེ། བདག་མེད་པ་ནི་སངས་རྒྱས་ཀྱི་ཚིག་ཡིན་ནོ་ཞེས་ཆོས་ ཀྱི་བཀའ་འདོགས་པར་མཛད་ནས། ཡང་གདུལ་བར་བྱ་བ་རྣམས་ཀྱི་དབང་དང༌། སེམས་ ཅན་རྣམས་ལ་ཕན་བའི་ཕྱིར་དུས་མཁྱེན་པར་མཛད་ནས། ཆོས་ཐམས་ཅད་བདག་མེད་པར་ 6-1-78 བསྟན་པའི་སྐབས་དེ་ཉིད་དུ་སྨན་པ་བཟང་པོ་བཞིན་དུ་བདག་ཡོད་དོ་ཞེས་ཡང་དག་པར་ སྟོན་པར་མཛད་དོ། །འཇིག་རྟེན་པ་རྣམས་ཀྱི་བདག་མཐེ་བོ་ཙམ་དང་(ནང་པས་མ་རིག་པ་དང༌། ཀུན་གཞི་དང༌། རླུང་འོད་ཟེར་ལྔ་པ་དང༌། ནཱ་ད་གཞོམ་མེད་དང༌། མི་ཤིགས་པའི་ཐིག་ལེ་ཞེས་པའམ་བདག་ལ་འདོད་པས་ ཇོ་ནང་པ་འཁྲུལ་ལམ་སྙམ་མོ། )ཁྲེ་རྒོད་ཀྱི་འབྲུ་ཙམ་ཞེས་བྱ་བ་དེ་ལྟ་བུ་ནི་མ་ཡིན་ནོ། །འཇིག་རྟེན་ པ་རྣམས་ཀྱིས་བདག་ཏུ་ལྟ་བ་གང་ཡི་པ་དེ་ལྟ་བུ་ཡང་མ་ཡིན་ཏེ། འདིར་ཆོས་ཐམས་ཅད་ནི་ བདག་མེད་པ་ཞེས་བྱའོ། །ཆོས་ཐམས་ཅད་ནི་བདག་མེད་པ་ཡང་མ་ཡིན་ཏེ། བདག་ནི་དེ་ཁོ་ ན་ཉིད་དོ། ། བདག་ནི་རྟག་པ་ཉིད་དོ། །བདག་ནི་ཡོན་ཏན་ཉིད་དོ། །བདག་ནི་ཐེར་ཟུག་པ་ཡིན་ནོ། ། བདག་ནི་བརྟན་པ་ཉིད་དོ། །བདག་ནི་ཞི་བ་ཉིད་དོ་ཞེས་སྨན་པ་བཟང་པོའི་འོ་མ་བཞིན་དུ་ དེ་བཞིན་གཤེགས་པ་ཡང་དེ་ཁོ་ན་ཉིད་དང་ལྡན་པ་སྟོན་པར་མཛད་དེ། དེ་སྒོམ་པ་ལ་འཁོར་ བཞི་པོ་རྣམས་ཀྱིས་བརྩོན་པར་གྱིས་ཤིག་ཅེས་གསུངས་པས་སོ། །ལང་ཀར་གཤེགས་པའི་ མདོ་སྔར་དྲངས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ལ་བདག་ཏུ་མངོན་པར་མི་བྱའོ་ ཞེས་པ་ཡང་འཇིག་རྟེན་པ་དང་མུ་སྟེགས་པ་སོགས་ཀྱིས་བརྟགས་པའི་བདག་ལ་དགོངས་ པ་ཡིན་ནོ། །དེ་ལྟ་མ་ཡིན་པར་བདག་ཅེས་པ་བྱུང་བ་ཙམ་གྱིས་འཇིག་རྟེན་པའམ་མུ་སྟེགས་ པ་སོགས་ཀྱིས་བརྟགས་པའི་བདག་ཁོ་ན་ཡིན་པར་བཟུང་ནས་འཇིག་རྟེན་ལས་འདས་པའི་ བདག་གནས་ལུགས་ལ་ཡོད་པ་དེ་འདྲ་བ་ཡང་མེད་དོ་སྙམ་དུ་འཛིན་ན་ལྟ་བ་ཕྱིན་ཅི་ལོག་ཏུ་ འགྱུར་ཏེ། མདོ་དེ་ཉིད་ལས། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ། ། བདག་ཡོད་པ་ལ་བདག་མེད་པར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །དེ་ལ་འཇིག་རྟེན་པ་ རྣམས་ལ་བདག་ཡོད་ཅེས་ཏེ། འཇིག་རྟེན་པ་བཞིན་དུ་སངས་རྒྱས་ཀྱི་གསུང་ལ་ཡང་བདག་ ཡོད་པ་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་མིང་ཡང་མེད་དོ་ཞེས་བདག་མེད་པ་ 6-1-79 སྒོམ་པ་འདི་ནི་ཕྱིན་ཅི་ལོག་གསུམ་པའོ་ཞེས་དང༌། རྔ་བོ་ཆེ་ཆེན་པོའི་མདོ་ལས། འོད་སྲུང་ གཞན་ཡང་དཔེར་ན་མི་ཞིག་ལམ་པོ་ཆེ་ཞིག་ནས་འབྲོག་དགོན་པར་སོང་བ་ལས། བྱ་རབ་ གནོད་ཅེས་བྱ་བས་སྒྲ་ཕྱུང་བ་དང༌། དེ་ནས་མི་དེ་ལམ་དུ་ཞུགས་ཏེ་འགྲོ་བ་ལས་བྱའི་སྐད་ ཐོས་ནས་བསམས་པ། ཅི་ཆོམ་རྐུན་པ་མ་བྱུང་ངམ་ཞེས་དེ་ཆོམ་རྐུན་པས་འཇིགས་སྐྲག་སྟེ་ བྱོལ་བ་ལས་དགོན་པ་གང་ན་སྟག་ཡོད་པ་དེར་ཆུད་ནས། ཚུལ་མ་ཡིན་པས་སྡུག་བསྔལ་བར་ གྱུར་ཏོ། །འོད་སྲུང་དེ་བཞིན་དུ་མ་འོངས་པའི་དུས་ན་དགེ་སློང་དང་དགེ་སློང་མ་དང་དགེ་ བསྙེན་དང་དགེ་བསྙེན་མ་རྣམས་བདག་དང་བདག་གི་ཞེས་བྱ་བའི་སྒྲ་ཙམ་གྱིས་སྐྲག་ནས་ འཇིག་རྟེན་པའི་འཇིག་ཚོགས་ལ་ལྟ་བའི་བདག་མེད་པར་སེམས་ཤིང༌། སྟོང་པ་ཉིད་ཆེན་ པོ་ཆད་པའི་ལྟ་བ་སྨྲ་བའི་བདག་ཉིད་དུ་གྱུར་པས། དེ་བཞིན་གཤེགས་པ་རྟག་པ། སངས་ རྒྱས་རྟག་པའི་བདག་དང་ཉིད་ལྡན་པའི་མདོ་སྡེ་འདི་ལྟ་བུ་འདི་དག་ལ་དད་པར་མི་འགྱུར་ རོ་ཞེས་གསུངས་པ་བཞིན་ནོ། །དེས་ན་ཁོ་བོ་ཅག་བདེ་གཤེགས་སྙིང་པོ་དང་སངས་རྒྱས་ ཀྱི་རང་བཞིན་དང༌། ཆོས་ཀྱི་སྐུ་བདག་ཡིན་པར་ཁས་ལེན་པའི་དོན་ནི། རྒྱུད་བླར། བདག་ དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག །ཅེས་པའི་འགྲེལ་པར། རྒྱུ་ རྣམ་པ་གཉིས་ཀྱིས་བདག་གི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། མུ་སྟེགས་ཀྱི་མཐའ་དང་ བྲལ་བས་བདག་གི་སྤྲོས་པ་དང་བྲལ་བའི་ཕྱིར་དང༌། ཉན་ཐོས་ཀྱི་མཐའ་སྤངས་པའི་བདག་ མེད་པའི་སྤྲོས་པ་དང་བྲལ་བའི་ཕྱིར་རོ་ཞེས་དང༌། མདོ་སྡེའི་རྒྱན་ལས། སྟོང་པ་ཉིད་ནི་རྣམ་ དག་ན། །བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། ། བདག་ཉིད་ཆེན་པོའི་བདག་ཏུ་འགྱུར། །ཞེས་པའི་འགྲེལ་པར། ཟག་པ་མེད་པའི་དབྱིངས་ དེ་ལས་སངས་རྒྱས་རྣམས་ཀྱི་བདག་གི་མཆོག་སྟོན་ཏོ། ། ཅིའི་ཕྱིར་ཞེ་ན་བདག་མེད་པ་མཆོག་གི་བདག་ཉིད་ཀྱི་ཕྱིར་རོ། །བདག་མེད་པའི་ 6-1-80 མཆོག་ནི་དེ་བཞིན་ཉིད་རྣམ་པར་དག་པའོ། །དེ་ཡང་ངོ་བོ་ཉིད་ཀྱི་དོན་གྱིས་སངས་རྒྱས་ རྣམས་ཀྱི་བདག་ཡིན་ནོ། །དེ་རྣམས་པར་དག་ན་སངས་རྒྱས་རྣམས་ཀྱིས་བདག་མེད་པ་ མཆོག་གི་བདག་དག་པ་འཐོབ་པོ། །དེ་བས་ན་སངས་རྒྱས་རྣམས་ཀྱི་དག་པའི་བདག་ཐོབ་ པའི་ཕྱིར་བདག་ཉིད་ཆེན་པོའི་བདག་ཏུ་གྱུར་པ་ཡིན་ཏེ། དགོངས་པ་འདིས་ནི་ཟག་པ་མེད་ པའི་དབྱིངས་ལ་སངས་རྒྱས་རྣམས་ཀྱི་བདག་གི་མཆོག་རྣམ་པར་འཇོག་གོ་ཞེས་གསུངས་ པ་ལྟར། ཟག་པ་མེད་པའི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དང༌། དེ་གློ་བུར་ གྱི་དྲི་མས་ཀྱང་རྣམ་པར་དག་པ་དེ་ཉིད་མྱང་འདས་ཆེན་པོ་ལས་གསུངས་པ་ལྟར་ཆོས་གང་ བདེན་པ་ཡང་དག་པ་རྟག་པ་གནས་པ་བདག་པོར་གྱུར་པ་མི་འགྱུར་བ་མི་འཕོ་བ་ཡིན་པ་ལ། དམ་པའི་བདག་དང་བདག་མེད་པ་མཆོག་གི་བདག་དང་བདག་ཉིད་ཆེན་པོའི་བདག་ཅེས་ གསུངས་པ་དེ་བདག་གི་དོན་དུ་ཁས་ལེན་གྱི། འཇིག་ཚོགས་ལ་བདག་ཏུ་བརྟགས་པ་ལྟ་བུའི་ བདག་ནི་ནམ་ཡང་ཁས་མི་ལེན་ནོ། །དེ་ལྟ་བུའི་བདག་དེ་ལ་མྱང་འདས་ཆེན་པོ་ལས། བདག་ ཆེན་པོ་ཞེས་ཀྱང་གསུངས་ཏེ། ཇི་སྐད་དུ། ཡང་ཇི་ལྟར་ན་ཆེན་པོ་ཞེས་བྱ་ཞེ་ན། མྱ་ངན་ལས་ འདས་པ་ལ་བདག་ཆེན་པོ་ཡོད་པའི་ཕྱིར། མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །དེ་ལ་ མྱ་ངན་ལས་འདས་པ་བདག་མེད་ཅིང་དབང་ཆེན་པོ་ཐོབ་པའི་ཕྱིར་བདག་ཆེན་པོ་ཞེས་བྱའོ། ། ཇི་ལྟར་ན་དབང་ཆེན་པོ་ཐོབ་པ་ཞེ་ན། དབང་བརྒྱད་པ་ཐོབ་པའི་ཕྱིར་བདག་ཅེས་བྱའོ་ཞེས་ སོགས་རྒྱ་ཆེར་གསུངས་ཏེ། དེ་ལྟར་དབང་ཐོབ་པའི་ཡང་དག་པའི་སྐུ་ནི་ཆོས་ཀྱི་སྐུ་ཡིན་ལ་ ཆོས་སྐུ་དེ་སེམས་ཅན་ལ་བཞུགས་པ་ནི་བདེ་གཤེགས་སྙིང་པོ་ཡིན་པས་བདེ་གཤེགས་སྙིང་ པོ་ཡང་བདག་ཆེན་པོ་ཡིན་ནོ། །བདེ་གཤེགས་སྙིང་པོ་དེ་ལྟ་བུའི་བདག་ཡིན་པར་ཁས་ལེན་ པ་ལ་མུ་སྟེགས་བྱེད་ལ་སོགས་པའི་བརྟགས་པའི་བདག་ལྟ་བུར་ཁེས་ལེན་པར་འཁྲུལ་ནས་ སུན་འབྱིན་པ་སྨྲ་བ་རྣམས་ནི་བབ་ཆོལ་ཏེ། ཕ་རོལ་པོའི་གྲུབ་མཐའ་ལ་དགག་པ་བྱེད་པ་ལ་ 6-1-81 ཐོག་མར་ཕྱོགས་སྔ་ལོངས་པ་ཅིག་འཚལ་ལགས་སོ། ། དེས་ན་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་བདག་ཡིན་པར་གསུངས་པ་ དང༌། ཕ་དང་མ་ནི་གསད་བྱ་ཞིང༌། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌། །ཡུལ་འཁོར་འཁོར་ དང་བཅས་བཅོམ་ན། །མི་དེ་དག་པར་འགྱུར་ཞེས་བྱ། །ཞེས་སོགས་བསྒྱུར་བ་ལ་ལྡེམ་ དགོངས་གསུངས་པ་ནི་ཤིན་ཏུ་མི་འདྲ་སྟེ། སྤྱིར་བདག་ཅེས་པ་ལ་འཇིག་རྟེན་པའི་བདག་ དང་འཇིག་རྟེན་ལས་འདས་པའི་བདག་གཉི་གའི་སྤྱི་སྒྲ་ཡིན་ཞིང་འཇིག་རྟེན་ལས་འདས་ པའི་བདག་ནི་བདག་ཉིད་ཡིན་ལ། ཕ་དང་མ་ནི་གསད་བྱ་ཞིང་ཞེས་པའི་ཕ་དང་མ་ནི་ལས་ དང་ཉོན་མོངས་པ་འམ་སྲེད་པ་དང་མ་རིག་པའི་གབ་ཚིག་ཡིན་གྱི་ལུས་བསྐྱེད་པའི་ཕ་མ་དང་ ལས་དང་ཉོན་མོངས་པའི་སྤྱི་སྒྲ་མ་ཡིན་ལ། ལས་དང་ཉོན་མོངས་པ་ཡང་ཕ་དང་མ་ཉིད་མ་ ཡིན་པའི་ཕྱིར་རོ། །གཞན་ཡང་མྱང་འདས་ཆེན་པོའི་མདོ་ལས། དགོངས་པས་གསུངས་པའི་ དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ཡང་ཡང་གསུངས་པ་ནི་མདོ་དེ་ཉིད་ལས་བདེ་གཤེགས་ སྙིང་པོ་བདག་དང་རྟག་པ་ལ་སོགས་པར་བསྟན་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་པའི་དགོངས་ པ་ཅན་ཡིན་པར་སྟོན་པ་ནི་མ་ཡིན་ཏེ། མདོ་གཅིག་ཉིད་ཀྱི་ནང་དུ་ཆོས་ཀྱི་རྣམ་གྲངས་གཅིག་ ངེས་པའི་དོན་དུ་བཤད་པ་དེ་སླར་ཡང་དེ་མ་ཐག་ཏུ་ཆོས་ཀྱི་རྣམ་གྲངས་གཅིག་པོ་དེ་དྲང་ དོན་དགོངས་པ་ཅན་ཡིན་ནོ་ཞེས་སྟོན་པ་དང༌། ཡང་དེ་མ་ཐག་ཏུ་ཆོས་ཀྱི་རྣམ་གྲངས་དེ་སྒྲ་ ཇི་བཞིན་པ་ངེས་པའི་དོན་ཡིན་ནོ་ཞེས་སྟོན་པར་མི་རིགས་ལ། མདོ་འདིར་ནི་བདེ་གཤེགས་ སྙིང་པོ་དང་སངས་རྒྱས་ཀྱི་རང་བཞིན་སོགས་བདག་དང་རྟག་པ་ཡིན་པ་སོགས་སུ་བསྟན་ པ་སྒྲ་ཇི་བཞིན་པའི་ངེས་དོན་ཡིན་པ་དང༌། དེ་ཉིད་དགོངས་པས་གསུངས་པའམ་དགོངས་ ཏེ་གསུངས་པའི་སྙིང་པོ་ཡིན་པར་བསྟན་པ་ཡང་དང་ཡང་དུ་སྤེལ་མར་གསུངས་པའི་ཕྱིར་ རོ། །དེས་ན་དགོངས་པས་གསུངས་པའི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པ་དང༌། མདོ་ 6-1-82 འདི་ལ་དགོངས་ཏེ་གསུངས་པའི་སྙིང་པོའོ་ཞེས་ཡང་དང་ཡང་དུ་གསུངས་པའི་དགོངས་པ་ནི། བཅོམ་ལྡན་འདས་ཀྱིས་མདོ་སྡེ་སྔ་མ་རྣམས་སུ་བདེ་གཤེགས་སྙིང་པོ་རང་སངས་རྒྱས་ཀྱི་རང་ བཞིན་བདག་ཡིན་པ་སོགས་གསང་བ་ལྟ་བུའི་དགོངས་གཞིར་མཛད་ནས་ཆོས་ཐམས་ཅད་ སྟོང་པ་ཉིད་དང་བདག་མེད་པ་དང་མཉམ་པ་ཉིད་ལ་སོགས་པ་དགོངས་པ་ཅན་གྱི་ཚིག་དུ་མ་ གསུངས་པའི་དགོངས་གཞི་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་བདག་ཡིན་པ་ ལ་སོགས་པ་དེ་མྱང་འདས་ཀྱི་མདོ་འདིར་ཤིན་ཏུ་གསལ་བར་ཡང་དང་ཡང་དུ་གསུངས་པས་ ན་མདོ་སྡེ་འདི་མདོ་གཞན་མང་པོར་དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱ་བར་གསུངས་ པ་ཡིན་ཏེ། མདོ་དེ་ཉིད་ལས། རིགས་ཀྱི་བུ་(ཡོངས་སུ་)མྱང་ངན་ལས་འདས་པ་ཆེན་པོའི་ མདོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཏེ་གསུངས་པའི་སྙིང་པོའོ། །དེ་ ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ལ་མདོ་སྡེ་བཅུ་གཅིག་མངའ་མོད་ཀྱི། དེ་དག་ ལས་སངས་རྒྱས་ཀྱི་རང་བཞིན་དང༌། དེ་བཞིན་གཤེགས་པའི་རྟག་པ་དང༌། བདེ་བ་དང༌། བདག་དང༌། ཡོངས་སུ་དག་པ་མི་འཆད། སངས་རྒྱས་བཅོམ་ལྡན་འདས་རྣམས་མཐའ་ཡུན་ དུ་མྱ་ངན་ལས་མི་འདའ་བས། དེའི་ཕྱིར་མདོ་སྡེ་འདི་ནི་དེ་བཞིན་གཤེགས་པའི་དགོངས་ཏེ་ གསུངས་པའི་སྙིང་པོ་ཞེས་བྱའོ། །མདོ་སྡེ་བཅུ་གཅིག་ལས་མི་འཆད་པས་སྙིང་པོ་ཞེས་བྱ་སྟེ། ཇི་ལྟར་རིན་པོ་ཆེ་སྣ་བདུན་བདག་གིས་ཕ་རོལ་ཏུ་སྤྱད་པའི་ཕྱིར་གཏེར་ཞེས་བྱ་སྟེ། རིགས་ ཀྱི་བུ་མི་དེས་གཏེར་དུ་བརྩགས་ཤིང་སྦས་པ་དེ་ཡང་མ་འོངས་པ་ན་དགོས་པའི་ཕྱིར་ཏེ། ཞེས་ དང༌། རིགས་ཀྱི་བུ་ངའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ནི། སངས་རྒྱས་བཅོམ་ ལྡན་འདས་ཐམས་ཅད་ཀྱི་དགོངས་པའི་དོན་ཟབ་མོའོ། །སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་དགོངས་པའི་དོན་ཟབ་མོ་ཡིན་པས་ན་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་དང༌། མདོ་ སྡེ་གཞན་གྱི་ཏིང་ངེ་འཛིན་ཐམས་ཅད་ཐོས་ཀྱང༌། མདོ་སྡེ་འང་མི་ཐོས་ན་དེ་བཞིན་གཤེགས་ 6-1-83 པའི་སྙིང་པོ་དམ་པ་མི་མཐོང་སྟེ། ཇི་ལྟར་འབྲུག་མ་གྲག་ན་བལ་གླང་གི་མཆེ་བའི་མེ་ཏོག་མི་ མཐོང་བ་བཞིན་ནོ། །མདོ་སྡེ་འདི་ཐོས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཏེ་ གསུངས་པའི་སྙིང་པོ་རྟོགས་པར་འགྱུར་རོ། །སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་སྟེང་ གི་ནམ་མཁའ་ལ་འབྲུག་གྲག་ན། བལ་གླང་གི་མཆེ་བའི་མེ་ཏོག་མཐོང་བའི་དཔེའོ། །མདོ་ སྡེ་འདི་ཐོས་ན་སེམས་ཅན་ཚད་མེད་པ་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ རྟོགས་པར་འགྱུར་རོ། །དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི། དེ་བཞིན་ གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱ་སྟེ། ཆོས་ཀྱི་སྐུ་བསྐྱེད་པར་འགྱུར་བ་ ནི། ཇི་ལྟར་འབྲུག་གྲག་ན་བལ་གླང་གི་མཆེ་བའི་མེ་ཏོག་སྐྱེས་པ་བཞིན་ནོ་ཞེས་དང༌། རིགས་ ཀྱི་བུ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ནི་ཚད་མེད་དཔག་ཏུ་མེད་ བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་ཕུང་པོར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ བཞིན་གཤེགས་པའི་གསང་བའི་སྙིང་པོ་འཆད་པའི་ཕྱིར་རོ་ཞེས་གསུངས་པས་སོ། །དེས་ན་ དགོངས་ཏེ་གསུངས་པ་དང་དགོངས་ཏེ་གསུངས་པའི་སྙིང་པོ་ཡིན་པ་ནི་ཁྱད་ཤིན་ཏུ་ཆེའོ་དེ་ ཡང་བདག་ཏུ་གསུངས་པའི་དགོངས་གཞི་བདག་ཡོད་མེད་གཉིས་གའི་སྤྲོས་པ་དང་བྲལ་བ་ བདག་ཡོད་མེད་མཉམ་པ་ཉིད་དུ་གྱུར་པའི་སྟོང་པ་ཉིད་ཡིན་ཞེས་པ་དང༌། དེ་བཞིན་དུ་ཡོད་ མེད་དང་ཡིན་མིན་དང་སྟོང་མི་སྟོང་དང་ཕྱི་ནང་དང་ཡོད་མེད་ལ་སོགས་པའི་ཆོས་ཐམས་ ཅད་མཉམ་པ་ཉིད་ཡིན་ནོ་ཞེས་པ་འདི་དིང་སང་མཁས་པ་དང་མི་མཁས་པའི་སྐྱེ་བོ་མང་པོ་ དག་མཐུན་པར་སྨྲ་མོད་ཀྱི་རྣམ་པར་དཔྱད་བཟོད་པ་མ་ཡིན་ནོ། །དེ་ལ་བདག་ཡོད་མེད་ཀྱི་ སྤྲོས་པའི་མཐའ་དང་བྲལ་བ་ཞེས་བྱ་བ་ནི། གོང་དུ་བཤད་པ་ལྟར་མུ་སྟེགས་པ་ལ་སོགས་ ཀྱིས་བརྟགས་པའི་བདག་དང༌། ཉན་ཐོས་པ་རྣམས་འདོད་པའི་བདག་མེད་པ་ནི་སྤྲོས་པའི་ མཐའ་ཡིན་ལ་དེ་དག་དང་བྲལ་བའི་དམ་པའི་བདག་ནི་མྱང་འདས་ཆེན་པོ་ལ་སོགས་པར་ 6-1-84 བདག་ཡོད་པ་ལྡེམ་པོ་ངག་ཏུ་གསུངས་པའི་དགོངས་གཞིར་མི་རུང་ཏེ། དེ་དག་ཏུ་བདག་ཅེས་ གསུངས་པའི་སྒྲ་ཇི་བཞིན་པའི་དོན་ཡིན་པའི་ཕྱིར་རོ། །དེ་བས་ལྷག་པའི་བདག་ཡོད་མེད་ཀྱི་ སྤྲོས་པ་དང་བྲལ་བ་ནི་གསུངས་པ་མེད་དོ། །གཞན་ཡང་ཀུན་རྫོབ་ཏུ་ནི་བདག་དང་བདག་ མེད་པ་མཉམ་པ་ཉིད་ཡིན་མི་སྲིད་པས་དོན་དམ་པར་མཉམ་པ་ཉིད་ཡིན་ན། དོན་དམ་པར་ བདག་དང་བདག་མེད་པ་ཁྱད་མེད་པར་འགྱུར་ཏེ། དེ་དག་མཉམ་པ་ཉིད་ཡིན་པའི་ཕྱིར་རོ། ། དེ་འདོད་ན་བདག་དོན་དམ་པར་གྲུབ་པར་འགྱུར་ཏེ། བདག་མེད་དོན་དམ་པར་གྲུབ་པའི་ ཕྱིར་རོ། །དེ་འང་འདོད་ན་བདག་དོན་ལ་མེད་པའི་དམ་བཅའ་ཉམས་སོ། །བདག་མེད་དོན་ དམ་པར་མ་གྲུབ་ན་ནི་བདག་མེད་པ་སྟོན་པའི་ཐེག་ཆེན་གྱི་ལུང་རྣམས་ངེས་པའི་དོན་སྒྲ་ཇི་ བཞིན་པ་ཡིན་པར་འཆད་པ་དང་འགལ་ལོ། །དེ་བཞིན་དུ་འཁོར་བ་དང་དེ་བཞིན་གཤེགས་ པ་ཡང་དོན་དམ་པར་མཉམ་པ་ཉིད་ཡིན་ན། དོན་དམ་པར་དེ་དག་ལ་ཁྱད་པར་མེད་པར་ འགྱུར་ལ། དེ་ཡང་འདོད་ན་འཁོར་བ་དོན་དམ་པར་གྲུབ་པར་འགྱུར་ཏེ། དེ་བཞིན་གཤེགས་ པ་དོན་དམ་པར་གྲུབ་པའི་ཕྱིར་རོ། །དེ་འདོད་ན་འཁོར་བ་སྡུག་བསྔལ་དང་ཀུན་འབྱུང་གིས་ བསྡུས་པའི་ཀུན་རྫོབ་མ་ཡིན་པར་འགྱུར་ཞིང༌། དེ་བཞིན་གཤེགས་པ་དོན་དམ་པར་མ་གྲུབ་ ན་ནི་ཆོས་ཀྱི་སྐུ་ཡང་དོན་དམ་པར་མ་གྲུབ་པར་འགྱུར་ལ། དེ་ལྟ་ན་ནི་སངས་རྒྱས་ཀྱི་དོན་ དམ་པའི་སྐུ་དང་གཏན་གྱི་སྐྱབས་ལ་སོགས་པ་མེད་པར་ཧ་ཅང་ཐལ་ཞིང་ཆད་པ་ཆེན་པོའི་ མཐར་ལྷུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་མ་ཡིན་ན་ནི། དཔལ་ཕྲེང་གི་མདོ་ ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་གཞན་མ་ལགས། ཆོས་ཀྱི་སྐུ་ཡང་གཞན་ མ་ལགས་ཀྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉིད་ཆོས་ཀྱི་སྐུ་ལགས་སོ་ཞེས་དང༌། མྱང་འདས་ཀྱི་མདོ་ལྷའི་ཟླ་བས་བསྒྱུར་བ་ལས་ཀྱང༌། དེ་བཞིན་གཤེགས་པ་ཡང་ཆོས་ཀྱི་སྐུ་ ཡིན་བཞིན་དུ་ཐབས་ཀྱི་སྐུ་དུག་སྨན་གྱི་སྡོང་པོ་དང་འདྲ་བ་འཛིན་ཅིང་སེམས་ཅན་རྣམས་ 6-1-85 མགུ་བར་མཛད་དོ་ཞེས་སོགས་ལུང་དུ་མ་དང་འགལ་ལོ། །འོ་ན་མྱང་འདས་ཆེན་པོའི་ལུང་ གོང་དུ་དྲངས་པ། མཁས་པ་ཤེས་རབ་ཅན་གྱི་རང་བཞིན་གྱིས་གཉིས་སུ་མེད་པར་རྟོགས་ཏེ་ གཉིས་སུ་མེད་པ་ནི་ཡང་དག་པ་ཉིད་དོ་ཞེས་དང༌། བདག་ཅེས་བྱ་བ་དང་བདག་མེད་པ་རང་ བཞིན་གྱིས་གཉིས་སུ་མེད་པར་ཁྱེད་ཀྱིས་དེ་ལྟར་གཟུངས་སུ་ཟུང་ལ་སྤྱི་བོས་ལོང་ཤིག་ཅེས་ སོགས་གསུངས་པ་དང་འགལ་ལོ་སྙམ་ན། མདོ་དེའི་དགོངས་པ་ནི་སྤྱིར་ཆོས་ཐམས་ཅད་ཀྱི་ དེ་བཞིན་ཉིད་གཉིས་སུ་མེད་པ་དང༌། བྱེ་བྲག་ཏུ་བདག་དང་བདག་མེད་པའི་དེ་བཞིན་ཉིད་ གཉིས་སུ་མེད་པ་ལ་དགོངས་པ་ཡིན་ཏེ། རང་བཞིན་གྱིས་གཉིས་སུ་མེད་པ་ཞེས་གསུངས་ པའི་ཕྱིར་ཏེ། རང་བཞིན་ཞེས་པ་ནི་དེ་བཞིན་ཉིད་ཡིན་ནོ། །ཡང་མདོ་དེ་ཉིད་ལས། ངས་ སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མདོ་ལས་ཀྱང་བདག་དང་བདག་མེད་པ་མཚན་ ཉིད་ཀྱིས་གཉིས་སུ་མེད་པར་བསྟན་ཏོ། །ཞེས་གསུངས་པ་ཡང་བདག་དང་བདག་མེད་པའི་ དེ་བཞིན་ཉིད་གཉིས་སུ་མེད་པ་ལ་དགོངས་པ་ཡིན་ཏེ། མཚན་ཉིད་ཀྱིས་གཉིས་སུ་མེད་པར་ བསྟན། ཞེས་གསུངས་པའི་ཕྱིར་ཏེ། མཚན་ཉིད་ནི་སྐབས་འདིར་དེ་བཞིན་ཉིད་ལ་དགོངས་ པ་ཡིན་ནོ། །དེ་བཞིན་དུ་འཁོར་འདས་མཉམ་པ་ཉིད་ལ་ལ་སོགས་པར་གསུངས་པ་ཐམས་ ཅད་འཁོར་འདས་སོགས་ཀྱི་དེ་བཞིན་ཉིད་མཉམ་པ་ཉིད་ལ་དགོངས་པ་ཡིན་ཏེ། རྒྱལ་བའི་ ཡུམ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཀྱི་མཉམ་ པ་ཉིད་གང་ཡིན་པ་དེ་ནི་རྣམ་པར་བྱང་བར་གསུངས་སོ། །གསོལ་པ་བཅོམ་ལྡན་འདས་ཆོས་ ཐམས་ཅད་ཀྱི་མཉམ་པ་ཉིད་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ བཞིན་ཉིད་དང་མ་ནོར་པ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་གང་དེ་བཞིན་ 6-1-86 གཤེགས་པ་རྣམས་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། དེ་ བཞིན་ཉིད་དུ་གནས་པའི་ཆོས་ཀྱི་གནས་ཉིད་དང༌། ཆོས་ཀྱི་དབྱིངས་འདི་ལྟ་སྟེ། ཆོས་ཀྱི་ དབྱིངས་ཞེས་བྱ་བ་འདི་ནི། རབ་འབྱོར་རྣམ་པར་བྱང་བ་སྟེ། ཞེས་གསུངས་སོ། །དེ་བཞིན་ དུ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོར་ཡང་འཇམ་དཔལ་གྱིས་སྨྲས་ པ། དོན་དམ་པར་ན་ཆོས་ཐམས་ཅད་ཤིན་ཏུ་མི་འབྱུང་བར་མཉམ་པ་དང༌། དོན་དམ་པར་ ན་ཆོས་ཐམས་ཅད་ཤིན་ཏུ་མི་སྐྱེ་བར་མཉམ་པ་དང༌། དོན་དམ་པར་ན་ཆོས་ཐམས་ཅད་ཤིན་ ཏུ་དངོས་པོ་མེད་པར་མཉམ་པས། ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་མཉམ་མོ། །དེ་ ཅིའི་ཕྱིར་ཞེ་ན། ལྷའི་བུ་དོན་དམ་པར་ན་ཤིན་ཏུ་མི་འབྱུང་བ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ནི་ ཐ་དད་དུ་བྱ་བ་མེད་དོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན། ཁམ་པའི་སྣོད་ཀྱི་ནང་གི་ནམ་མཁའ་ གང་ཡིན་པ་དང༌། རིན་པོ་ཆེའི་སྣོད་ཀྱི་ནམ་མཁའ་གང་ཡིན་པ་དེ་ནི་ནམ་མཁའི་ཁམས་ཉིད་ ཡིན་ཏེ། དེ་ལ་དོན་དམ་པར་ན་ཅུང་ཟད་ཀྱང་ཐ་དད་དུ་བྱ་བ་མེད་དོ། །ལྷའི་བུ་དེ་བཞིན་ཉིད་ དུ་ཉོན་མོངས་པ་གང་ཡིན་པ་དེ་ནི་དོན་དམ་པར་ན་ཤིན་ཏུ་མི་འབྱུང་བ་ཉིད་དོ། །རྣམ་པར་ བྱང་བ་གང་ཡིན་པ་དེ་ཡང་དོན་དམ་པར་ན་ཤིན་ཏུ་མི་འབྱུང་བ་ཉིད་དོ། །དོན་དམ་པར་ན་ འཁོར་བ་ཡང་ཤིན་ཏུ་མི་འབྱུང་བ་ཉིད་དོ། །དོན་དམ་པར་ན་མྱ་ངན་ལས་འདས་པའི་བར་ དུ་ཡང་ཤིན་ཏུ་མི་འབྱུང་བ་ཉིད་དོ། །འདི་ལ་དོན་དམ་པར་ན་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་ མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ན་ཆོས་ཐམས་ཅད་ཤིན་ཏུ་མི་འབྱུང་བའི་ཕྱིར་རོ། ། ཞེས་གསུངས་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཉམ་པ་ལ་དགོངས་ནས་ཆོས་ཐམས་ ཅད་མཉམ་པ་ཉིད་དུ་གསུངས་པ་ཡིན་ནོ། །དེས་ན་མྱང་འདས་ཆེན་པོའི་ལུང༌། དགེ་སློང་ དག་སྡུག་བསྔལ་གྱི་ཆོས་ལ་བདེ་བར་འདུ་ཤེས་བསྐྱེད་ཅིག །ཅེས་དང༌། སྡུག་བསྔལ་བ་ནི་ མུ་སྟེགས་ཅན་ཐམས་ཅད་དོ། །བདེ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་གསུངས་པ་ 6-1-87 ཡང༌། མུ་སྟེགས་ཅན་དང་མྱང་འདས་མཉམ་པར་སྟོན་པ་མ་ཡིན་གྱི། མུ་སྟེགས་ཅན་དང་མྱ་ ངན་ལས་འདས་པའི་དེ་བཞིན་ཉིད་གཅིག་ཡིན་པས་སྡུག་བསྔལ་གྱི་ཆོས་ཀྱི་དེ་བཞིན་ཉིད་ལ་ བདེ་བར་འདུ་ཤེས་སྐྱེད་ཅིག་ཅེས་དགོངས་པ་ཡིན་ནོ། །དེ་བཞིན་དུ་མི་རྟག་པ་ལ་རྟག་པར་ འདུ་ཤེས་བསྐྱེད་ཅིག་ཅེས་དང༌། མི་རྟག་པ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། ། རྟག་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའོ་ཞེས་གསུངས་པ་ཡང་ཉན་རང་དང་ཆོས་ ཀྱི་སྐུ་མཉམ་པར་སྟོན་པ་མ་ཡིན་གྱི། ཉན་རང་གི་དེ་བཞིན་ཉིད་དང་ཆོས་ཀྱི་སྐུ་ཐ་མི་དད་ པས་མི་རྟག་པ་ཉན་རང་གི་དེ་བཞིན་ཉིད་ལ་རྟག་པར་འདུ་ཤེས་བསྐྱེད་ཅིག་ཅེས་དགོངས་ པ་ཡིན་ནོ། །དེ་བཞིན་དུ་བདག་མེད་པ་ལ་བདག་ཏུ་འདུ་ཤེས་བསྐྱེད་ཅིག་ཅེས་དང༌། བདག་ མེད་པ་ནི་འཁོར་བའོ་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ་ཞེས་གསུངས་པ་དང༌། ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པར་འདུ་ཤེས་བསྐྱེད་ཅིག་ཅེས་དང༌། ཡོངས་སུ་མ་ དག་པ་ནི་འདུས་བྱས་པའི་ཆོས་སོ། །ཡོངས་སུ་དག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་ཡང་དག་པའི་ཆོས་ཡིན་ཏེ། ཞེས་གསུངས་པ་ཡང་འཁོར་བ་དང་དེ་བཞིན་ གཤེགས་པ་དང༌། འདུས་བྱས་དང་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཡང་དག་པའི་ཆོས་ མཉམ་པ་ཉིད་དུ་སྟོན་པ་མ་ཡིན་གྱི། དེ་དག་གི་དེ་བཞིན་ཉིད་ལ་དགོངས་པར་སྔ་མ་བཞིན་དུ་ ཤེས་པར་བྱའོ། ། གཞན་ཡང་ཕྱི་ནང་དང་ཡོད་མེད་མཉམ་པ་ཉིད་ཀྱི་ཤེས་བྱེད་དུ་དྲངས་པའི་མྱང་འདས་ ཆེན་པོའི་ལུང་དེ་དག་གི་དགོངས་པ་ཡང་སངས་རྒྱས་ཀྱི་རང་བཞིན་དེ་ནང་ན་མ་ཡིན་ཕྱི་རོལ་ ན་མ་ཡིན་ཞེས་པ་ནི་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྟོན་པ་ནི་མ་ ཡིན་གྱི། སངས་རྒྱས་ཀྱི་རང་བཞིན་དེ་ནང་ཁོ་ན་ན་ཡོད་པའམ་ཕྱི་ཁོ་ན་ན་ཡོད་པ་མ་ཡིན་ ཞེས་བསྟན་ནས། ནང་དང་ཕྱི་རོལ་ཀྱང་ཡིན་ནོ་ཞེས་པ་ནི་ཕྱི་ནང་གི་ཆོས་རྣམས་ཀྱི་ཆོས་ཉིད་ 6-1-88 དེ་བཞིན་ཉིད་ཡིན་པའི་ཕྱིར། ཕྱི་ནང་ཐམས་ཅད་ལ་ཁྱབ་པར་བསྟན་པས་ཕྱི་ནང་གི་མཐའ་ དང་བྲལ་བའི་དབུ་མའི་ལམ་དུ་གསུངས་པ་ཡིན་ཏེ། མདོ་དེ་ཉིད་ལས། སེམས་ཅན་ཐམས་ ཅད་མི་རྟག་པ་ཡིན་མོད་ཀྱི། སངས་རྒྱས་ཀྱི་རང་བཞིན་ནི་རྟག་པ་མི་འགྱུར་མི་འཕོ་བ་ཡིན་ ཏེ། དེ་བས་ན་ངས་མདོ་སྡེ་འདི་ལས་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་མ་ ཡིན་ཕྱི་རོལ་ན་མ་ཡིན། ནམ་མཁའ་ལྟར་ནང་ན་མ་ཡིན་ཕྱི་རོལ་ན་མ་ཡིན་ནོ། །གལ་ཏེ་ནམ་ མཁའ་ལ་ནང་དང་ཕྱི་རོལ་ཡོད་ན་ནམ་མཁའ་ལ་གཅིག་པའམ་རྟག་པ་ཞེས་བྱར་མི་རུང་སྟེ། གནས་ཐམས་ཅད་ན་ཡོད་དོ་ཞེས་ཀྱང་བྱར་ཡང་མི་རུང་ངོ༌། ནམ་མཁའ་ནི་ནང་ན་མ་ཡིན་ཕྱི་ རོལ་ན་མ་ཡིན་མོད་ཀྱི། འོན་ཀྱང་སེམས་ཅན་ཐམས་ཅད་ལ་ཡོད་དོ། །སེམས་ཅན་གྱི་སངས་ ཀྱི་རང་བཞིན་ཡང་དེ་དང་འདྲའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་ རང་བཞིན་ཡོད་པ་མ་ཡིན་ཞིང་མེད་པ་ཡང་མ་ཡིན་ལ། ཡོད་པ་དང་མེད་པ་ཡང་ཡིན་པར་ གསུངས་པ་ཡང་ཡོད་པ་དང་མེད་པ་མཉམ་པ་ཉིད་ཁྱད་མེད་པར་སྟོན་པ་མ་ཡིན་གྱི་ཡོད་ཀྱང་ ནམ་མཁའ་སྟོང་པ་དང་འདྲ་བ་ཡོད་པ་མ་ཡིན་ལ། མེད་པ་ཡིན་ཡང་རི་བོང་གི་རྭ་དང་འདྲ་བ་ མེད་པ་མ་ཡིན་པ་དང༌། སེམས་ཅན་ཐམས་ཅད་ལ་ཡོད་པས་ན་ཡོད་པ་ཡིན་ཞིང༌། སེམས་ ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་དེ་ད་ལྟར་གྱི་དུས་ན་མཐོང་བའམ་ཐོབ་པའི་ ཚུལ་གྱིས་མེད་པ་ཡིན་ཞེས་ལྟོས་པ་ཐ་དད་ལ་ལྟོས་ནས་ཡོད་མེད་གཉིས་ག་ཡིན་པ་དང༌། ཡོད་མེད་གཉིས་ག་མ་ཡིན་པ་ལེགས་པར་རྣམ་པར་ཕྱེ་སྟེ་བསྟན་པ་ཡིན་ནོ། ། གཞན་ཡང་སྟོང་པ་དང་མི་སྟོང་པ་མཉམ་པ་ཉིད་ཀྱི་སྒྲུབ་བྱེད་དུ་དྲངས་པའི་ལུང༌། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དོན་དམ་པ་སྟོང་པའོ་ཞེས་སོགས་ཀྱི་ དགོངས་པ་ཡང་སྟོང་པ་དང་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་ནི་འཁོར་ བ་ཐམས་ཅད་ཡིན་ལ། དེ་དག་ལས་བཟློག་པ་མི་སྟོང་བ་ནས་བདག་གི་བར་ནི་ཡོངས་སུ་མྱ་ 6-1-89 ངན་ལས་འདས་པ་ཡིན་ནོ་ཞེས་སྟོང་མི་སྟོང་སོགས་ལེགས་པར་རྣམ་པར་ཕྱེ་ནས་ཤེས་རབ་ ཅན་གྱིས་དེ་ལྟར་མཐོང་གིདེ་ལྟ་བུའི་རྣམས་དབྱེ་མེད་པར་འཁོར་འདས་ཐམས་ཅད་ཕྱོགས་ གཅིག་ཏུ་སྟོང་པ་ཉིད་དུ་མཐོང་བ་ནི་ལམ་དབུ་མ་མ་ཡིན་ནོ་ཞེས་པ་ཡིན་པས། ། ༈ ལུང་དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་གྱི་ལྟ་བ་དང་གྲུབ་མཐའ་ ཉིད་སུན་ཕྱུང་བར་ཤེས་པར་བྱའོ། །དེས་ན་འཁོར་འདས་སོགས་ཆོས་ཐམས་ཅད་མཉམ་པ་ ཉིད་དུ་གསུངས་པའི་ལུང་ནི་དུ་མ་ཡོད་མོད་ནའང༌། སྒྲ་ཇི་བཞིན་པ་མ་ཡིན་བའི་དགོངས་པ་ ཅན་ཡིན་ཏེ། དགོངས་གཞི་ནི་འཁོར་འདས་ཀྱི་དེ་བཞིན་ཉིད་གཅིག་པ་ཡིན་པ་ལ་དགོངས་ ཤིང༌། དགོངས་ཏེ་གསུངས་པའི་དགོངས་པ་ནི་ཤེར་ཕྱིན་གྱི་རྣལ་འབྱོར་ཟབ་མོ་སྒོམ་པའི་ སྐབས་སུ་འཁོར་འདས་ཐ་དད་དུ་རྟོགས་པ་ཙམ་ཡང་སྐྱོན་ཡིན་པས། དེ་སྤང་བའི་དོན་དུ་ འཁོར་འདས་སོགས་མཉམ་པ་ཉིད་དུ་གསུངས་པ་ཡིན་ནོ། །ཡང་བདེ་གཤེགས་སྙིང་པོ་དང་ སངས་རྒྱས་ཀྱི་རང་བཞིན་སོགས་བདག་ཡིན་པ་ལྡེམ་དགོངས་སུ་གསུངས་པའི་དགོངས་ པ་མུ་སྟེགས་ཅན་བསྟན་པ་ལ་གཞུག་པའི་དོན་ཡིན་པས་གཙོ་ཆེ་བར་འཆད་པ་ཡང་མདོའི་ དགོངས་པ་མ་ཡིན་ཏེ། མྱང་འདས་ཆེན་པོའི་མདོ་ལས། རིགས་ཀྱི་བུ་ཡོངས་སུ་མྱ་ངན་ལས་ འདས་པ་ཆེན་པོའི་མདོ་སྡེ་འདི་མ་གསུངས་ན། བྱང་ཆུབ་སེམས་དཔའ་ཚད་མེད་པ་ཕ་རོལ་ ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནས་ས་བཅུའི་བར་དུ་གནས་ཀྱང་སངས་རྒྱས་ཀྱི་རང་བཞིན་ མི་མཐོང་བ་ནི་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པས་གསུངས་ནས་ཅུང་ཟད་ཅིག་མཐོང་ བ་འགྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དེ་ལྟར་མཐོང་བར་གྱུར་ ནས་འདི་སྐད་ཅེས་སྨྲའོ། །ཤིན་ཏུ་ངོ་མཚར་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་བསྐལ་པ་ གྲངས་མེད་པའི་བར་དུ་འཁོར་བར་འཁོར་ཏེ། བདག་མེད་པའི་ཡོངས་སུ་བསླུས་པར་གྱུར་ ཏོ། །ཞེས་བྱང་ཆུབ་སེམས་དཔའ་ཚད་མེད་པས་ས་བཅུ་ཐོབ་ཀྱང་མྱང་འདས་ཆེན་པོའི་མདོ་ 6-1-90 མ་གསུངས་ན། སངས་རྒྱས་ཀྱི་རང་བཞིན་མ་མཐོང་བ་ལ། མྱང་འདས་ཆེན་པོའི་མདོར། སངས་རྒྱས་ཀྱི་རང་བཞིན་བདག་ཡིན་པར་གསུངས་པས་སངས་རྒྱས་ཀྱི་རང་བཞིན་བདག་ ཡིན་པ་དེ་ཅུང་ཟད་མཐོང་ནས་ངོ་མཚར་བར་གྱུར་ཅིང་བདག་མེད་པ་ལ་ཡིད་མི་རྟོན་པར་ གྱུར་པར་གསུངས་པའི་ཕྱིར་དང༌། མདོ་དེ་ཉིད་ལས་སྨན་པ་མཁས་པས་རང་གི་བུ་ལ་སྨན་ དཔྱད་ཀྱི་གནས་ཕལ་པ་རྣམས་རིམ་པར་བསྟན་ནས་མཐར་སྨན་སྤྱད་གསང་བའི་མཆོག་ སྟོན་པ་དཔེར་མཛད་ནས། དེ་བཞིན་གཤེགས་པས་དེ་ལྟར་ཉེ་གནས་རྣམས་ལ་བགས་ཀྱིས་ མདོ་སྡེ་དགུ་པོ་བསྟན་ཏེ། རྟོགས་པར་བྱས་ནས་དེའི་འོག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ བསྟན་ཏེ། སྲས་ལྟ་བུའི་ཕྱིར་དེ་བཞིན་གཤེགས་པ་རྟག་གོ་ཞེས་བཤད་དོ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་རྟག་པ་དང་བདག་ཡིན་པ་དོན་གཅིག་པས། སངས་རྒྱས་ཀྱི་རང་བཞིན་ བདག་ཡིན་པ་ནི་གཙོ་ཆེར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་དུ་ཡིན་ནོ། །ཡང་ བདེ་གཤེགས་སྙིང་པོ་དང་སངས་རྒྱས་ཀྱི་རང་བཞིན་དང་ཆོས་ཀྱི་སྐུ་བདག་དངོས་ཡིན་པ་ལ་ གནོད་བྱེད་དུ་དེ་དག་བདག་མ་ཡིན་པ་དང་བདག་མེད་པར་གསུངས་པའི་ལུང་རྣམས་འགོད་ པ་ཡང་རྣམ་པར་དཔྱད་པར་བྱ་སྟེ། ལུང་འགའ་ཞིག་གི་དགོངས་པ་ནི་གོང་དུ་བཤད་ཅིང༌། དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཡང་བདག་མ་ ལགས། ཞེས་སོགས་དང༌། རྒྱུད་བླ་ལས། གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་ རྟོགས་ནས་ཐམས་ཅད་ལ། །ཞེས་དང༌། འཕགས་པ་ཐོགས་མེད་ཀྱིས་རྒྱུད་བླའི་འགྲེལ་པར། འདི་ལྟར་མུ་སྟེགས་པ་གཞན་ཐམས་ཅད་ནི་གཟུགས་ལ་སོགས་པ་དེའི་རང་བཞིན་མ་ཡིན་ པའི་དངོས་པོ་བདག་ཏུ་ཁས་ལེན་ལ་ཞེས་སོགས་གསུངས་པའི་དགོངས་པ་ཡང༌། མུ་སྟེགས་ པས་བརྟགས་པའི་བདག་རྣམས་ཐམས་ཅད་དུ་མེད་པ་ཡིན་ལ། བདག་མེད་པ་ཉིད་བདག་ཏུ་ བྱས་ཤེས་པའི་དོན་ནི་བདག་བཀག་པ་ཙམ་གྱི་མེད་དགག་དེ་བདག་ཏུ་བྱས་པ་མ་ཡིན་གྱི་མུ་ 6-1-91 སྟེགས་པ་སོགས་ཀྱིས་བརྟགས་པའི་བདག་བཀག་པའི་གཞི་སྔར་བཤད་པ་ལྟར་ཟག་པ་མེད་ པའི་དབྱིངས་རང་བཞིན་གྱིས་འོད་གསལ་བ་དེ་བདག་ཏུ་བྱས་པ་སྟེ་དོན་ལ་གནས་པ་དམ་པ་ འམ་འཇིག་རྟེན་ལས་འདས་པའི་བདག་ཡིན་ནོ་ཞེས་པ་མདོ་དང་བསྟན་བཅོས་ཀྱི་དགོངས་ པ་ཡིན་ལ། དེ་ལྟ་བུའི་བདག་སྒྲ་ཇི་བཞིན་པའི་དོན་དུ་ཁས་ལེན་པ་ཡིན་གྱི། མུ་སྟེགས་པ་ སོགས་ཀྱིས་བརྟགས་པའི་བདག་དང་འདྲ་བའི་བདག་ནི་ནམ་ཡང་ཁས་ལེན་པ་མེད་པས། ལུང་དེ་དག་གིས་གནོད་པ་འགའ་ཡང་མེད་ཅིང་སྒྲུབ་བྱེད་དུ་འགྱུར་བ་ཉིད་ཡིན་ནོ། །དེར་མ་ ཟད་ཆོས་ཐམས་ཅད་བདག་མེད་པར་གསུངས་པ་ནི་དགོངས་པའི་ཚིག་ཡིན་པར་གསུངས་ པས་དེའི་དགོངས་པ་ལ་མཁས་དགོས་ཏེ། བདག་མེད་ཅེས་པ་ལ། སྒྲ་ཇི་བཞིན་པར་མངོན་ པར་ཞེན་ན་ཡང་དག་པའི་དོན་མི་ཤེས་པའི་སྐྱོན་ཡོད་དེ། མྱང་འདས་ཆེན་པོའི་མདོ་ལྷའི་ཟླ་ བས་བསྒྱུར་བ་ལས། ཇི་ལྟར་གྱད་དེ་རང་གི་ལུས་ལ་རྡོ་རྗེ་འདུག་ཀྱང་འདུ་ཤེས་ཉམས་པས་ སྟོར་བའི་འདུ་ཤེས་སུ་རྟོགས་པ་དེ་བཞིན་དུ་སེམས་ ཅན་འཇིག་རྟེན་པ་རྣམས་བདག་གི་དེ་ཁོ་ན་ཉིད་མ་རྟོགས་པ་དང༌། མི་དགེ་བའི་གྲོགས་ པོའི་དབང་དུ་གྱུར་པ་དང༌། དགོངས་པའི་ཚིག་མི་ཤེས་པས་བདག་ཡོད་བཞིན་དུ་བདག་ མེད་པར་སྒོམ་པར་བྱེད་དོ། །བདག་མེད་པ་མི་སྒོམ་པ་རྣམས་ནི་འཇིག་རྟེན་པའི་བདག་སྒོམ་ པར་བྱེད་དོ། །ཇི་ལྟར་འཇིག་རྟེན་པའི་བདག་ཡོད་དོ་ཞེས་བདག་གི་དེ་ཁོ་ན་ཉིད་མ་རྟོགས་ པ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡང་དེ་དང་འདྲ་སྟེ་མི་དགེ་བའི་གྲོགས་པོ་ལ་བསྟེན་ པ་དང༌། དགོངས་པའི་ཚིག་གི་མཐའ་མི་ཤེས་པས། བདག་མེད་དོ་བདག་མེད་དོ་ཞེས་སྒོམ་ བཞིན་དུ་བདག་མེད་པའི་དེ་ཁོ་ན་ཉིད་མི་ཤེས་ཏེ། བདག་ག་ལ་ཡོད་གང་ན་གནས། ཅི་རྫ་ མའི་ནང་ན་རྫ་མ་འདུག་པ་ལྟ་བུ་ཞིག་གམ། འོན་ཏེ་རླན་ལྟ་བུར་ཁྱབ་པ་འདུག་གམ། གྱད་ རྨོངས་པའི་སྨིན་མཚམས་ཀྱི་རྒྱན་ལྟ་བུར་འདུག་གམ་སྙམ་པ་ལ། སྨན་པ་བཞིན་དུ་དེ་བཞིན་ 6-1-92 གཤེགས་པས་དེ་དག་ལ་འདི་སྐད་དུ་བདག་ནི་ཐམས་ཅད་དུ་གནས་པ་མ་ཡིན་ལ། རིན་ པོ་ཆེ་རྡོ་རྗེ་ལྟར་འོད་གསལ་ཞིང་ཉོན་མོངས་པའི་རྣམ་པས་བསྒྲིབས་པ་ཡིན་ནོ་ཞེས་བཀའ་ སྩལ་ཏེ། དེ་སྐད་ཅེས་བཀའ་སྩལ་པ་ལ། སེམས་ཅན་རྣམས་ཡིད་ཆེས་པར་འགྱུར་ལ། ཉོན་ མོངས་པ་ཟད་པར་བྱ་དགོས་པ་ཙམ་དུ་ཟད་དོ། །དེ་ནས་རྡོ་རྗེ་བཞིན་དུ་དེ་བཞིན་གཤེགས་ པའི་སྙིང་པོ་མཐོང་བར་འགྱུར་རོ་ཞེས་དང༌། མྱང་འདས་ཆེན་པོའི་མདོ་ལས། འདོད་ཆགས་ དང༌། ཞེ་སྡང་དང༌། གཏི་མུག་གིས་སེམས་བསྒྲིབས་པས་ན། སངས་རྒྱས་ཀྱི་རང་བཞིན་ མི་ཤེས་པ་ནི་ཇི་ལྟར་གྱད་དེས་ནོར་བུ་རིན་པོ་ཆེ་ཤའི་ནང་དུ་ནུབ་པ་མི་ཤེས་ཏེ། སྟོར་སྙམ་ སེམས་པ་ལྟར་སོ་སོའི་སྐྱེ་བོ་ཡང་དེ་དང་འདྲ་སྟེ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་ བྱེད་པ་མི་ཤེས། དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་གསང་བ་མ་ཤེས་པས་བདག་མེད་ པ་ལ་བསྒོམ་ཞིང་ནན་ཏན་བྱེད་དོ། །དཔེར་ན་འཕགས་པ་མ་ཡིན་པ་དག་ནི་བདག་མེད་པ་ སྨྲ་ཡང་བདག་མེད་ཅེས་བྱ་བའི་ཡང་དག་པའི་མཚན་ཉིད་མི་ཤེས་སོ། །ངའི་ཉེ་གནས་ཀྱང་ དེ་དང་འདྲ་སྟེ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པ་ཡང་མི་ཤེས་པས། བདག་ མེད་པ་སྒོམ་པ་ཡང་མི་ཤེས་ཏེ། བདག་མེད་པའི་གནས་ཀྱང་མི་ཤེས་སོ། །བདག་མེད་པའི་ མཚན་ཉིད་མི་ཤེས་ན་བདག་གི་ཡང་དག་པའི་མཚན་ཉིད་ཤེས་པ་ལྟ་ཅི་སྨོས། རིགས་ཀྱི་བུ་ དེ་ལྟར་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ པར་གསུངས་པ་ཡང་ཇི་ལྟར་སྨན་པ་མཁས་པས་གྱད་ཀྱི་རྡོ་རྗེའི་ནོར་བུ་བསྟན་པ་བཞིན་ནོ་ ཞེས་གསུངས་ཏེ། བདག་མེད་པའི་གནས་ཞེས་པ་ནི། གང་ཟག་དང་ཆོས་ཀྱི་བདག་གཉིས་ མེད་པའི་གཞི་ཟག་མེད་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་དེ་ཡིན་ལ། བདག་མེད་ ཅེས་པ་སྒྲ་ཇི་བཞིན་པར་བཟུང་ན་གང་ཟག་དང་ཆོས་ཀྱི་བདག་གཉིས་བཀག་ཙམ་གྱི་མེད་ དགག་ཙམ་དེ་ཤེས་ཀྱི། བཀག་པའི་གཞི་དབྱིངས་རང་བཞིན་གྱིས་འོད་གསལ་བ་དེ་བདག་ 6-1-93 མེད་པའི་གནས་དེ་མི་ཤེས་པས་བདག་མེད་པའི་ཡང་དག་པའི་མཚན་ཉིད་མི་ཤེས་ལ། དེ་མ་ ཤེས་ན་བདག་གི་ཡང་དག་པའི་མཚན་ཉིད་མི་ཤེས་སོ་ཞེས་པ་སྟེ། བདག་གི་ཡང་དག་པའི་ མཚན་ཉིད་དམ་ཡང་དག་པའི་བདག་དེ་ཉིད་བདག་མེད་པའི་མཐའ་ཞི་བ་ཞེས་པ་དེ་ཡིན་ ནོ། །སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས་ཀྱང༌། བཙུན་པ་གང་པོ་གང་སྔོན་གྲམ་ཁྲོད་དུ་ སྐྱེས་པ་ཤིན་ཏུ་དོན་མེད་པའི་གཞུང་གིས་གོས་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ ཆེས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་བདག་མེད་པ་ཞེས་བྱ་བ་དགོངས་པའི་ཚིག་ཏུ་ མི་ཤེས་པས་སེམས་ཅན་གྲམ་ཁྲོད་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་ སོ་ཞེས་གསུངས་སོ། །དེ་ལྟར་ན་ཡང་དག་པའི་བདག་གམ། འཇིག་རྟེན་ལས་འདས་པའི་ བདག་ཁས་མི་ལེན་ན། ཡང་དག་པའི་དོན་ལ་སྐུར་བ་བཏབ་པས་ཆད་པའི་མཐར་ལྷུང་ལ་ གཞན་གྱིས་ཀུན་བརྟགས་པའི་གང་ཟག་དང་ཆོས་ཀྱི་བདག་ཁས་བླངས་ན། རྟག་པའི་མཐར་ ལྷུང་བར་འགྱུར་བས། གང་ཟག་དང་ཆོས་ཀྱི་བདག་མེད་པས་རྟག་པའམ་ཡོད་པའི་མཐའ་ དང་བྲལ་ལ། བདག་གཉིས་མེད་པའི་གཞི་བདེ་གཤེགས་སྙིང་པོ་ཟག་མེད་ཀྱི་དབྱིངས་རང་ བཞིན་གྱིས་འོད་གསལ་བ་ཡང་དག་པའི་བདག་དེ་གནས་ལུགས་ལ་ཡོད་པས་ཆད་པའམ་ མེད་པའི་མཐའ་དང་བྲལ་བ་ཡིན་ཏེ། དེ་ལྟ་བུ་ནི་སྤྲོས་པའི་མཐའ་དང་བྲལ་བའི་དོན་ཡིན་ཏེ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས། འཇམ་དཔལ་དེ་བཞིན་དུ་བདག་གི་དེ་ཁོ་ན་འདི་ འདྲ་དེ་འདྲའོ་ཞེས་ལོག་པར་ལྟ་བ་བཞིན་དུ་འདི་ལྟ་སྟེ། ཐར་པ་དང་བདག་དང་འཇིག་རྟེན་ ལས་འདས་པ་ལའང་ལྡེམ་པོ་ངག་མི་ཤེས་པས། བདག་མེད་པ་སངས་རྒྱས་ཀྱི་ཚིག་གོ་ཞེས་ མུར་འདུག་བྱུང་བ་ལྟར་རྣམ་པར་རྟོག་གོ། རྗེས་སུ་དཔག་པས་ཚུགས་པའི་འཇིག་རྟེན་པ་ལ་ ཡང་གཏི་མུག་གི་ཆོས་ཀྱི་དབང་དུ་སོང་ངོ༌། །འཇིག་རྟེན་ལས་འདས་པ་ལ་ཡང་ལྡེམ་པོ་ངག་ ཏུ་བཤད་པ་མི་ཤེས་པ་ཉམས་ཏེ། དེའི་ཕྱིར་ཕྱོགས་གཉིས་སྤངས་ཏེ༑ བདག་ཏུ་གཏོགས་པའི་ 6-1-94 ཆོས་ཀྱི་དེ་ཁོ་ན་ཉིད་དང་དེ་བཞིན་གཤེགས་པ་དང་དགེ་འདུན་གྱི་དེ་བཞིན་ཉིད་ནི་དེ་བཞིན་ གཤེགས་པའི་ཐེག་པ་དབུ་མའི་ལམ་དུ་བསྟན་ཏོ། །ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་ དེ་བཞིན་གཤེགས་པའི་སྙིང་པོ་དབྱིངས་རང་བཞིན་གྱིས་འོད་གསལ་བ་སངས་རྒྱས་ཀྱི་རང་ བཞིན་དེ་ཡང་དག་པའི་བདག་ཡིན་པས་བདག་ཡིན་ལ་གང་ཟག་དང་ཆོས་ཀྱི་བདག་གཉིས་ ཀྱིས་སྟོང་བས་བདག་མེད་པ་ཡིན་པ་ཡང༌། བདག་དང་བདག་མེད་པ་གཉིས་སུ་མེད་པར་ གསུངས་པའི་དགོངས་པ་ཡིན་ནོ། །བདག་ཀྱང་ཡིན་ལ་བདག་མེད་པ་ཡང་ཡིན་པ་ནི། ཕན་ ཚུན་འགལ་བ་ལྟར་སྣང་ཡང་མི་འགལ་བས། རྟོག་པའི་རྣམ་པར་དཔྱོད་པས་དཔྱད་པར་བྱ་ བ་མ་ཡིན་ནོ། །འཁོར་བ་ནི་བདག་མེད་པ་ཁོ་ན་ཡིན་གྱི་བདག་མ་ཡིན་པས་བདག་མེད་པ་ ནི་འཁོར་བའོ་ཞེས་གསུངས་སོ། །དེས་ན་རྒྱུད་བླ་མའི་འགྲེལ་པར་དེ་དང་མཐུན་བར་སྤྱོད་ པ་ཆོས་འདི་པ་དད་པ་ཡོད་ཀྱང་ཉེས་པར་གཟུང་བ་འཛིན་པ་སྟེ། དེ་དག་ཀྱང་གང་ཞེ་ན་འདི་ ལྟ་སྟེ། དོན་དམ་པ་ལ་མི་མོས་པ་གང་ཟག་ཏུ་ལྟ་བ་སྟེ། གང་ལ་བཅོམ་ལྡན་འདས་ཀྱིས་སྟོང་ པ་ཉིད་ལ་མོས་པ་མེད་པ་ནི་མུ་སྟེགས་པ་དག་དང་ཁྱད་མེད་པ་ཡིན་ནོ་ཞེས་གསུངས་ཞེས་ གསུངས་པ་ཡང༌། བདག་གཉིས་ཀྱིས་སྟོང་པའི་སྟོང་པ་ཉིད་ལ་མི་མོས་པ་ཉན་ཐོས་བྱེ་བྲག་ཏུ་ སྨྲ་བའི་ཁྱད་པར་གནས་མ་བུ་པའི་སྡེ་བ་ལ་སོགས་པ་བརྗོད་དུ་མེད་པའི་གང་ཟག་གི་བདག་ ཁས་ལེན་པ་དེ་ལྟ་བུ་སངས་རྒྱས་པ་ཡིན་ཡང་མུ་སྟེགས་པ་དང་ཁྱད་མེད་པར་གསུངས་པ་ ཡིན་གྱི། བདེ་གཤེགས་སྙིང་པོ་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་བདག་གཉིས་ཀྱིས་ སྟོང་བའི་གཞི་ཡང་དག་པའི་བདག་ཏུ་ཁས་ལེན་པ་ནི་གང་ཟག་ཏུ་ལྟ་བ་དང་ཆེས་ཆེར་མི་ མཚུངས་ཤིང་དོན་དམ་པ་སྟོང་པ་ཉིད་ལ་མོས་པའི་མཆོག་ཉིད་ཡིན་ཏེ། མྱང་འདས་ཆེན་པོའི་ མདོ་ལས་འཇིག་རྟེན་ལས་འདས་པའི་བདག་གི་མཚན་ཉིད་ནི། སངས་རྒྱས་ཀྱི་རང་བཞིན་ ཞེས་བྱ་སྟེ། དེ་ལྟར་བདག་ཏུ་འཛིན་པ་ནི་ཤིན་ཏུ་མཆོག་ཅེས་བྱའོ། །ཞེས་དང༌། རིགས་ཀྱི་བུ་ 6-1-95 ཡང་དག་པའི་བདེན་ པ་ཞེས་བྱ་བ་ནི་རྣམ་པར་དག་པའི་ལམ་གཅིག་སྟེ་གཉིས་སུ་མེད་པའོ། །རིགས་ཀྱི་བུ་ རྟག་པ་དང་བཅས། བདེ་བ་དང་བཅས། བདག་དང་བཅས། ཡོངས་སུ་དག་པ་དང་བཅས་ པ་ནི་ཡང་དག་པའི་བདེན་པའི་དོན་ཞེས་བྱའོ་ཞེས་པ་དང༌། རིགས་ཀྱི་བུ་ངས་སངས་རྒྱས་ བཅོམ་ལྡན་འདས་རྣམས་ལ་ཆོས་རྣམ་པ་གཉིས་མངའ་སྟེ། ཀུན་རྫོབ་དང༌། དོན་དམ་པའོ། ། ཀུན་རྫོབ་ཀྱི་ཆོས་ནི་འགོག་གོ། དོན་དམ་པའི་ཆོས་ནི་མི་འཇིག་མི་འགོག་གོ། དེ་ཡང་རྣམ་ པ་གཉིས་ཏེ། མི་རྟག་པ་བདག་མེད་པ། བདེ་བ་མེད་པ་ཡོངས་སུ་དག་པ་མེད་པ་དང༌། རྟག་ པ་བདེ་བ་བདག་ཡོངས་སུ་དག་པའོ། །དེ་ལ་མི་རྟག་པ་དང༌། བདག་མེད་པ་དང༌། བདེ་བ་ མེད་པ་དང༌། ཡོངས་སུ་དག་པ་མེད་པ་ནི་འཇིག་པ་དང་འགོག་པ་ཡོད་དོ། །རྟག་པ་དང་བདེ་ བ་དང༌། བདག་དང༌། ཡོངས་སུ་དག་པ་ནི་འཇིག་པ་དང་འགོག་པ་མེད་དོ། །ཞེས་གསུངས་ སོ། ། ༈ ད་ནི་དེ་བཞིན་གཤེགས་པའི་སྙིང་པོ་དང་ཐར་པ་དང་མྱ་ངན་ལས་འདས་པ་ལ་སོགས་ པ་སྟོང་པ་ཉིད་ཀྱི་དོན་རྣམ་པར་དཔྱད་པར་བྱ་སྟེ། དེ་ཡང་སོར་མོའི་ཕྲེང་བ་ལ་ཕན་པའི་ མདོ་ལས། ཇི་ལྟར་ཐར་པའི་མཚན་ཉིད་སྟོང་པ་ཞེས་བྱ། དབྱེ་བ་མེད་པའི་འདུ་ཤེས་སུ་མ་ བྱེད་ཅིག །འཇམ་དཔལ། གང་གྲོང་ཁྱེར་བརྩིགས་པའི་ཁྱིམ་སྟོང་པ་ནི་མི་མེད་པས་སྟོང་ངོ༌། ། བུམ་པ་ནི་ཆུ་མེད་པས་སྟོང་ངོ༌། །ཀླུང་ནི་ཆུ་མི་འབབ་པས་སྟོང་ངོ༌། །ཅི་གྲོང་གི་བར་སྐབས་ ཁྱིམ་མེད་པ་ལ་སྟོང་པ་སྟོང་པ་ཞེས་བྱའམ་ཅི་ཁྱིམ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་ སྟོང་པ་མ་ཡིན་གྱི་མི་མེད་པས་སྟོང་པ་ཞེས་བྱའོ། །ཅི་བུམ་པ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི་ཆུ་མེད་པས་སྟོང་པ་ཞེས་བྱའོ། །ཅི་ཀླུང་ཐམས་ཅད་སྟོང་པ་ཡིན་ ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི། ཆུ་མི་འབབ་པའི་ཕྱིར་སྟོང་པ་ཞེས་བྱ་སྟེ། དེ་བཞིན་དུ་ 6-1-96 ཐར་པ་ཐམས་ཅད་ཀྱིས་སྟོང་པ་མ་ཡིན་གྱི། ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐར་པ་ སྟོང་པ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྟོང་པ་མ་ཡིན་ཏེ། ཉེས་པ་ཐམས་ཅད་ དང་བྲལ་ཞིང་ཉོམ་མོངས་པ་བྱེ་བའི་མི་དང་ལྷ་མེད་པའི་ཕྱིར་སྟོང་པ་ཞེས་བྱའོ་ཞེས་གསུངས་ པའི་དགོངས་པ། ཐར་པ་དང་དོམ་དམ་པའི་སངས་རྒྱས་རང་གི་ངོ་བོས་མི་སྟོང་ཞིང་ཉེས་པ་ ཐམས་ཅད་ཀྱིས་སྟོང་པའི་གཞན་སྟོང་ཡིན་པར་གསུངས་པ་ལ། ༈ དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ལས། དེ་ཡང་དགོངས་པ་ཅན་ཡིན་པར་མདོ་ དེ་ཉིད་ལས་བྱང་ཆུབ་སེམས་དཔས་སེང་གེའི་སྒྲ་བསྒྲགས་ཏེ། སེང་གེའི་མཐུ་རྩལ་གྱིས་རྣམ་ པར་གནོན་པ་ན་བྱང་ཆུབ་སེམས་དཔའི་སྒྲ་ཐོས་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ ཅད་ལྡེམ་པོ་ངག་ལ་ཀུན་ཏུ་རྨོངས་སོ། །ངས་ཀྱང་རེ་ཤིག་ཝའི་སྒྲ་ཕྱུང་ན་ཉན་ཐོས་ཐམས་ ཅད་ལན་ལྡོན་མི་ནུས་ན། གལ་ཏེ་སེང་གེའི་སྒྲ་ཕྱུང་ན་ཉན་ཐོས་རྣམས་ཇི་ལྟར་འགྱུར་ཞེས་ ལྡེམ་པོ་ངག་ཡིན་པར་གསུངས་པའི་ཕྱིར་དྲང་དོན་ཡིན་ཏེ། མུ་སྟེགས་པ་དག་བདག་གི་སྟེང་ དུ་ཆོས་གཞན་གྱིས་སྟོང་བའི་སྟོང་པ་ལ་ཞེན་པས་དེ་དག་དྲང་བའི་དོན་དུ་གསུངས་པ་ཡིན་ ཏེ། མྱང་འདས་ཀྱི་མདོ་ལས། སྟོན་པ་དྲུག་གིས་གསོལ་པ། གོའུ་ཏ་མ་གལ་ཏེ་བདག་མེད་ན་ སུས་དགེ་བ་དང་མི་དགེ་བ་བྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ ཏེ་བདག་ཅེས་བྱ་བ་དེས་བྱེད་ན་རྟག་པ་ཞེས་བྱ་བར་རུང་ངམ། དེ་སྟཻ་རྟག་པ་ཡིན་ན། ཅི་སྟེ་ རེས་འགའ་ནི་དགེ་བ་བྱེད་ལ་རེས་འགའ་ནི་མི་དགེ་བ་བྱེད། གལ་ཏེ་དགེ་བ་དང་མི་དགེ་ བ་བྱེད་པའི་དུས་ཡོད་ན་ཇི་སྟེ། བདག་ནི་མཐའ་ཡས་ཤེས་སྨྲ། གལ་ཏེ་བདག་གིས་བྱེད་པ་ ཞིག་ཡིན་ན་ཅིའི་ཕྱིར་མི་དགེ་བའི་ཆོས་སྤྱོད། དེ་ལྟར་བདག་དེ་བྱེད་པ་ཡིན། ཤེས་པ་ཡིན་ན་ ཅིའི་ཕྱིར་སེམས་ཅན་ལ་བདག་མེད་པར་ཐེ་ཚོམ་སྐྱེ་བར་འགྱུར། དེ་ལྟ་བས་ན་མུ་སྟེགས་ཅན་ གྱི་ཆོས་ལ་ནི་ངེས་པར་བདག་མེད་དོ་གང་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡིན་ 6-1-97 ནོ། །དེ་ཅིའི་ཕྱིར་ཞེ་ན། སྐུ་མཐའ་ཡས་པ་ཐེ་ཚོམ་གྱི་དྲ་བ་མེད་པ་མི་བྱེད་པ་མི་ལེན་པའི་ཕྱིར་ རྟག་པ་ཞེས་བྱ། མི་སྐྱེ་མི་འགོག་པའི་ཕྱིར་བདེ་བ་ཞེས་བྱ། ཉོན་མོངས་པའི་དྲི་མ་མེད་པའི་ ཕྱིར་ཡོངས་སུ་དག་པ་ཞེས་བྱ། མཚན་ཉིད་བཅུ་མེད་པའི་ཕྱིར་སྟོང་པ་ཞེས་བྱ་སྟེ། དེ་བས་ན་ དེ་བཞིན་གཤེགས་པ་ནི་རྟག་པ་དང༌། བདེ་བ་དང༌། བདག་དང༌། ཡོངས་སུ་དག་པ་སྟོང་པ་ མཚན་མ་མེད་པའོ། །མུ་སྟེགས་ཅན་གྱིས་གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ་རྟག་པ་ དང་བདེ་བ་དང༌། བདག་དང་ཡོངས་སུ་དག་པ་དང༌། མཚན་མ་མེད་པའི་སྤྱིར་སྟོང་ན་ལྟ། གོའུ་ ཏ་མས་གསུངས་པའི་ཆོས་ཀྱང་སྟོང་པ་མ་ཡིན་བར་རིག་པར་བྱ་སྟེ། དེ་བས་ན་བདག་ཅག་གི་ སྤྱི་བོས་བླངས་ཏེ། གཟུངས་སུ་གཟུང་ངོ་ཞེས་གསོལ་ནས་དེའི་ཚེ་མུ་སྟེགས་ཅན་ཚད་མེད་པ་ རྣམས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་དད་པའི་སེམས་ཀྱིས་རབ་ཏུ་བྱུང་ངོ་ཞེས་བཤད་པས། དགོས་པ་མུ་སྟེགས་གཞུག་པ་ལ་ལྡེམ་དགོངས་ལ་དགོངས། དགོངས་གཞི་སྟོང་མི་སྟོང་གི་ སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་ལ་སྤྲོས་པའི་ཆོས་གཞན་གྱིས་སྟོང་པ་ལ་དགོངས་ནས་ གསུངས་ཏེ། མྱ་ངན་ལས་འདས་པའི་མདོ་ལས། རྣམ་པར་གྲོལ་བ་ནི་མི་སྟོང་པའི་སྟོང་པའོ། ། དཔེར་ན་ཆུ་དང་མར་དང་ཞོ་དང་ཆང་དང་སྦྲང་རྩིའི་སྣོད་རྫེའུ་ལྟ་བུ་ཆུ་དང་མར་དང་ཞོ་དང་ ཆང་དང་སྦྲང་རྩི་མེད་ཀྱང་དེ་ལ་ཆུ་ལ་སོགས་པའི་རྫེའུ་ཞེས་འདོགས་ཏེ། རྫེའུ་དེ་ལ་ནི་སྟོང་ ཞེ་འམ་མི་སྟོང་ཞེས་གདགས་སུ་མེད་དོ། །དེ་ལ་སྟོང་ཞེས་བྱར་ནི་གཟུགས་དང༌། དྲི་དང༌། བྲོ་ བ་དང༌། རེག་བྱ་ཞེས་གདགས་སུ་མི་རུང་ངོ༌། །མི་སྟོང་ཞེས་བྱར་ནི་ཆུ་ལ་སོགས་པ་གང་ཡང་ མེད་དོ། །རྣམ་པར་གྲོལ་བ་ཡང་དེ་དང་འདྲ་སྟེ། གཟུགས་ཞེ་འམ་གཟུགས་མ་ཡིན་ཞེ་འམ་ སྟོང་ཞེ་འམ་མི་སྟོང་ཞེས་གདགས་སུ་མེད་དོ། །གལ་ཏེ་སྟོང་ཞེས་བྱར་ནི། རྟག་པ་དང༌། བདེ་ བ་དང༌། བདག་དང༌། དག་པ་ཞེས་བྱར་མི་རུང་ངོ༌། །མི་སྟོང་ཞེས་བྱར་ནི་རྟག་པ་དང་བདེ་བ་ དང༌། བདག་དང༌། དག་པ་སུས་མྱོང་སྟེ་དོན་དེ་ལྟ་བས་ན་སྟོང་ཞེ་འམ་མི་སྟོང་ཞེས་གདགས་ 6-1-98 སུ་མེད་དོ། །འདི་ལྟ་སྟེ། སྲིད་པ་ཉི་ཤུ་རྩ་ལྔ་པོ་དང༌། ཀུན་ནས་ཉོན་མོངས་པ་དང་སྡུག་བསྔལ་ བ། ཐམས་ཅད་དང༌། མཚན་མ་ཐམས་ཅད་དང༌། འདུས་བྱས་ཀྱི་འདུ་བྱེད་ཐམས་ཅད་མེད་ པའི་ཕྱིར་རྫཻའུ་ན་ཞོ་མེད་པ་དང་འདྲ་སྟེ་སྟོང་པ་ཞེས་བྱའོ། །མི་སྟོང་ཞེས་བྱ་བ་ནི་ཡང་དག་ པའི་གཟུགས་རྟག་པ་བདེ་བ་བདག་དང་དག་པ་ཞེས་བྱ་བ་མི་གཡོ་མི་འཕོ་བ་དཔེར་ན། རྫཻའུ་ གཟུགས་དང་དྲི་དང་བྲོ་བ་དང་རེག་བྱ་ཡོད་པས་མི་སྟོང་ཞེས་བྱ་སྟེ། དེ་བས་ན་རྣམ་པར་གྲོལ་ བ་ནི་རྫཻའུ་དེ་དང་འདྲའོ། །རྫེའུ་དེ་ནི་རྐྱེན་དང་ཕྲད་ན་ཆག་པར་འགྱུར་གྱི་རྣམ་པར་གྲོལ་བ་ནི་ དེ་ལྟ་བུ་མ་ཡིན་ཞེས་གསུངས་པས་རྫཻའུའི་དཔེས་སྟོང་མི་སྟོང་གཉིས་ཀ་མ་ཡིན་བའི་དོན་དམ་ པའི་སྟོང་པ་བསྟན་ལ་ཞོའི་དཔེས་སྤྲོས་པའི་ཆོས་གཞན་གྱིས་སྟོང་པ་ཡིན་པར་གསལ་བར་ གསུངས་འདུག་པས་ཤེས་རབ་ཞིབ་མོས་དཔྱོད་ཅིག་ཅེས་འཆད་པར་བྱེད་པས་འདི་རྣམ་པར་ དཔྱད་པར་བྱ་སྟེ། ༈ སོར་མོའི་ཕྲེང་བ་ལ་ཕན་བའི་མདོའི་ལུང་དེ་དང་མྱང་འདས་ཆེན་པོའི་མདོའི་ལུང་དེ་ གཉིས་ཀྱིས་སྟོང་པ་ཉིད་ཀྱི་དོན་སྟོན་ལུགས་མི་འདྲ་བར་འཆད་པ་ནི་རྣམ་པར་དཔྱོད་པ་རྩིང་ པ་ཡིན་ཏེ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོར། སོར་མོའི་ཕྲེང་བས་འཕགས་པ་འཇམ་ དཔལ་ལ་སྟོང་པ་ཉིད་ཀྱི་དོན་དྲིས་པའི་ལན་དུ། འཇམ་དཔལ་གྱིས། སངས་རྒྱས་ནམ་མཁའ་ ལྟ་བུ་སྟེ། །ནམ་མཁའ་མཚན་ཉིད་མེད་པའོ། །ཞེས་སོགས་དང༌། ཐར་བ་ནམ་མཁའ་ལྟ་བུ་སྟེ། ། ནམ་མཁའ་མཚན་ཉིད་མེད་པའོ། །ཞེས་དང༌། ཆོས་རྣམས་ནམ་མཁའ་ལྟ་བུ་སྟེ། །དེ་བཞིན་ གཤེགས་པ་ཆོས་ཀྱི་སྐུ། །ཞེས་དང༌། ཐར་པ་སངས་རྒྱས་དེ་བཞིན་གཤེགས། །སྟོང་པ་ཅི་ཡང་ མེད་པ་དག །སོར་ཕྲེང་ཁྱོད་ཀྱིས་གང་ལས་ཤེས། །ཞེས་ཆོས་ཐམས་ཅད་ནམ་མཁའ་ལྟར་ རང་གི་ངོ་བོས་སྟོང་པ་དང༌། ཐར་པ་དང༌། སངས་རྒྱས་ཀྱང་ནམ་མཁའ་ལྟར་རང་གི་ངོ་བོས་ སྟོང་ཞིང་ཅིར་ཡང་མ་གྲུབ་པར་བསྟན་པ་ལ་སོར་མོའི་ཕྲེང་བས། བཙུན་པ་འཇམ་དཔལ་ 6-1-99 ཤིན་ཏུ་སྟོང་པ་ཉིད་ལ་བསྒོམ་ཤིང་སྟོང་པར་ཟབ་ཏུ་བསམ་པས་ཆོས་ཐམས་ཅད་ཞིག་པ་མི་ བཟོད་པར་མཐོང་ངོ༌། །ཐར་པ་སྟོང་པ་མ་ཡིན་པ་ཡང་སྟོང་པར་མཐོང་ཞིང་རྟོག་གོ། འདི་ལྟ་ སྟེ་དཔེར་ན་སེར་བའི་རིལ་བུ་ནོར་བུའོ་སྙམ་དུ་བསམ་ནས་ནོར་བུ་ཡང་སྟོང་པར་བསྒོམ་པ་དེ་ བཞིན་དུ་ཁྱོད་ཀྱང་སྟོང་པ་མ་ཡིན་བའི་ཆོས་ལ་སྟོང་པར་སེམས་ཏེ། ཆོས་སྟོང་པ་མཐོང་ནས་ སྟོང་པ་མ་ཡིན་བའི་ཆོས་ལ་ཡང་སྟོང་པར་འཇིག་པར་བྱེད་དོ། །སྟོང་པའི་ཆོས་ཀྱང་གཞན། སྟོང་པ་མ་ཡིན་པའི་ཆོས་རྣམས་ཀྱང་གཞན་ཏེ། སེར་བའི་རིལ་བུ་ལྟ་བུར་ཉོན་མོངས་པ་བྱེ་བ་ ནི་སྟོང་པའོ། །སེར་བའི་རིལ་བུ་ལྟ་བུར་མི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ནི་མྱུར་དུ་འཇིག་ གོ། ནོར་བུ་བཻ་ཌཱུརྱ་བཞིན་དུ་སངས་རྒྱས་ནི་རྟག་པ་སྟེ། ཐར་པའི་མཐའ་ཡང་ནི་ནོར་བུ་བཻ་ ཌཱུརྱ་བཞིན་ནོ། །ཞེས་པ་ནས་ཇི་ལྟར་ཐར་པའི་མཚན་ཉིད་སྟོང་པ་ཞེས་བྱ། དབྱེ་བ་མེད་པའི་ འདུ་ཤེས་སུ་མ་བྱེད་ཅིག་ཅེས་པ་ལ་སོགས་པ་སྨྲས་པ་ཡིན་ཏེ། དེ་ལ་ཐར་པ་སྟོང་པ་མ་ཡིན་ པ་དང་སངས་རྒྱས་རྟག་པ་ནི་མཐར་ཐུག་དོན་དམ་པའི་ཐར་པ་དང་སངས་རྒྱས་ཡིན་ལ། དེ་ དག་ལ་སྟོང་པ་མ་ཡིན་པའི་ཆོས་ཤེས་གསུངས་པ་ནི་རང་གི་ངོ་བོས་མི་སྟོང་པར་བསྟན་ཅིང༌། དེ་དག་ཉེས་པ་ཐམས་ཅད་དང་བྲལ་ཞིང་ཉོན་མོངས་པ་བྱེ་བ་རྣམས་མེད་པར་གསུངས་པས། དོན་དམ་པའི་ཐར་པ་དང་སངས་རྒྱས་དེ་ཆོས་གཞན་གྱིས་སྟོང་པའི་གཞན་སྟོང་དུ་བསྟན་ལ། དེ་ཉིད་མི་སྟོང་པའི་སྟོང་པ་ཞེས་བྱ་བ་ཡིན་ནོ། །མྱང་འདས་ཀྱི་མདོ་ལས། ཆུ་ལ་སོགས་པའི་ སྣོད་སྟོང་པ་དེ་ལ་སྟོང་ཞེའམ་མི་སྟོང་ཞེས་གདགས་སུ་མེད་པ་དཔེར་མཛད་ནས། རྣམ་པར་ གྲོལ་བ་ཐར་པ་ཡང་སྟོང་ཞེས་བྱར་ནི་རྟག་པ་པ་དང༌། བདེ་བ་དང༌། བདག་དང༌། དག་པ་ ཞེས་བྱར་མི་རུང་ངོ༌། །ཞེས་པ་ནི་རྣམ་གྲོལ་ཐར་པ་རང་གི་ངོ་བོས་མི་སྟོང་བ་དང༌། རྣམ་གྲོལ་ ཐར་པ་དེ་སྲིད་པ་ཉི་ཤུ་རྩ་ལྔ་ལ་སོགས་པས་སྟོང་པས་ན་མི་སྟོང་ཞེས་ཀྱང་བྱར་མི་རུང་གི སྲིད་པ་ཉི་ཤུ་རྩ་ལྔ་སོགས་ཆོས་གཞན་གྱིས་སྟོང་པའི་གཞན་སྟོང་ཡིན་པར་བསྟན་ཏེ། སོར་ 6-1-100 མོའི་ཕྲེང་བ་ལ་ཕན་པའི་མདོའི་ལུང་དེས་བུམ་པ་དང་ཀླུང་ལ་སོགས་པ་ཆུ་མེད་པ་དང་ཆུ་མི་ འབབ་པ་ལ་སོགས་པའི་སྒོ་ནས་སྟོང་པ་ཡིན་པ་དཔེར་མཛད་ནས། ཐར་པ་དང་སངས་རྒྱས་ སྟོང་པ་མ་ཡིན་པའི་སྟོང་པ་ཞེས་བྱ་བ་ཡིན་པར་བསྟན་པ་དང༌། མྱང་འདས་ཀྱི་མདོའི་ལུང་ དེས་ཆུ་ལ་སོགས་པའི་སྣོད་རྫཻའུ་ཆུ་ལ་སོགས་པས་སྟོང་པ་དེ་དཔེར་མཛད་ནས། རྣམ་པར་ གྲོལ་བ་ཡང་མི་སྟོང་བའི་སྟོང་བ་ཞེས་བསྟན་པ་དེ་གཉིས་ལ་དཔེ་དོན་གཉི་གའི་སྟོང་མི་སྟོང་ གི་ཚུལ་ལ་ཁྱད་པར་ཅི་ཡང་མེད་པ་གསལ་པོར་གསུངས་པར་སྣང་བའི་ཤེས་རབ་ཞིབ་མོས་ ཤིན་ཏུ་ཡང་དཔྱད་འཚལ་བར་གདའོ། །ཡང་སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས། བྱང་ ཆུབ་སེམས་དཔའི་སྒྲ་ཐོས་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལྡེམ་པོ་ངག་ལ་ཀུན་ ཏུ་རྨོངས་སོ་ཞེས་སོགས་ཀྱི་ལུང་གིས། སྤྱིར་ཐེག་ཆེན་གྱི་མདོ་དུ་མ་ལས་ལྡེམ་དགོངས་བསྟན་ པ་ལ་ཉན་རང་རྣམས་རྨོངས་པར་བསྟན་པ་ཡིན་གྱི། ཐར་པ་དང་སངས་རྒྱས་གཞན་སྟོང་ཡིན་ བར་བསྟན་པའི་ལུང་དེ་ལྡེམ་དགོངས་སུ་བསྟན་པ་ནི་མ་ཡིན་ཏེ། མདོ་དེ་ཉིད་ལས། སངས་ རྒྱས་བཅོམ་ལྡན་འདས་ནི་མདོ་སྡེ་མཐའ་ཡས་པ་ལྡེམ་པོ་ངག་ཏུ་སྟོན་པའོ། །འདི་ནི་ལས་ གཅིག་པ་སྟེ། དེ་བཞིན་གཤེགས་པ་ནི་ཐེག་པ་གཅིག །སྐྱབས་གཅིག །བདེན་པ་གཅིག་གི་ ཕྱིར་འབྲང་བ་ཁམས་གཅིག་པ། འགྲོ་བ་གཅིག་པ། ཁ་དོག་གཅིག་པ་སྟེ། དེ་བས་ན་ཐེག་པ་ གཅིག་ཅེས་བྱའོ། །གཞན་ནི་ཐབས་ཀྱི་བྱ་བའོ། །ཞེས་གསུངས་ཏེ། མདོ་གཞན་དུ་མ་དག་ ལྡེམ་པོ་ངག་ཏུ་སྟོན་ལ། མདོ་འདི་ནི་ལས་གཅིག་པ་ལ་སོགས་པ་ཡིན་པའི་ཕྱིར་མདོ་འདི་ལ་ ལྡེམ་པོ་ངག་ཏུ་སྟོན་པ་མེད་པར་གསུངས་པའི་ཕྱིར་རོ། །མྱང་འདས་ཆེན་པོའི་མདོར་ཡང༌། མུ་སྟེགས་ཀྱི་སྟོན་པ་དྲུག་ལ་མུ་སྟེགས་ཅན་འདོད་པའི་བདག་ལ་དགག་པ་མཛད་དེ། ཡང་ དག་པའི་བདག་དེ་བཞིན་གཤེགས་པ་རྟག་པ་དང༌། བདེ་བ་དང༌། བདག་དང༌། ཡོངས་སུ་ དག་པ་དང༌། མཚན་མ་མེད་པའི་ཕྱིར་སྟོང་པ་ཡིན་པའི་ངེས་པའི་དོན་མཐར་ཐུག་ཟབ་མོ་ 6-1-101 གསུངས་པ་ལ་སྟོན་པ་དྲུག་པོ་དད་པ་ཐོབ་པར་གསུངས་པ་ཡིན་གྱི། ལྡེམ་དགོངས་ཀྱི་ངག་ བསྟན་པ་ལ་དད་པ་སྐྱེས་པ་ནི་མ་ཡིན་ཏེ། སྐབས་དེ་ནི་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་ འཁོར་ལོ་བསྐོར་བའི་སྐབས་ཡིན་བའི་ཕྱིར་ཏེ། མདོ་དེ་ཉིད་ལས། སངས་རྒྱས་ཀྱི་ཡོན་ཏན་ གྱི་རྣམ་གྲངས་དུ་མ་སངས་རྒྱས་ཀྱི་རང་བཞིན་ཡིན་པར་བསྟན་ནས། དེ་ལྟར་སངས་རྒྱས་ ཀྱི་རང་བཞིན་དེ་ནི་དངོས་པོ་རྣམ་པ་བདུན་དང་ལྡན་ཏེ། རྟག་པ་དང༌། བདག་དང༌། བདེ་ བ་དང༌། ཡོངས་སུ་དག་པ་དང༌། ཡང་དག་པ་དང༌། བདེན་པ་དང༌། དགེ་བ་སྟེ། དེ་ནི་རྣམ་ པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཡང་སོར་མོའི་ཕྲེང་བ་ལ་ ཕན་པའི་མདོའི་ལུང་དེ་ལྡེམ་དགོངས་ཡིན་པའི་དགོངས་གཞི་སྟོང་མི་སྟོང་གི་སྤྲོས་པ་དང་ བྲལ་བའི་དེ་བཞིན་ཉིད་ལ་སྤྲོས་པའི་ཆོས་གཞན་གྱིས་སྟོང་པ་ལ་དགོངས་ཞེས་པ་འདི་བརྟག་ པར་བྱ་སྟེ། སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་དེ་རང་གི་ངོ་བོས་སྟོང་པ་ཡིན་ནམ་མ་ཡིན། ཡིན་ན་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་དེ་རྣམ་པར་དཔྱད་ན། སྤྲོས་པ་དང་བྲལ་བའི་དེ་ བཞིན་ཉིད་མ་ཡིན་པར་འགྱུར་ཏེ། སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་དེ་རང་གི་ངོ་བོས་ སྟོང་པ་ཡིན་པའི་ཕྱིར་རོ། །རང་རང་ངོ་བོས་སྟོང་པའི་སྟོང་པ་ཉིད་ཀྱི་དོན་ནི། ཆོས་དེ་རྣམ་ པར་དཔྱད་ན་ཆོས་དེ་ཉིད་མ་ཡིན་པ་ཁོ་ན་ལས་གཞན་པ་ཅི་ཞིག་ཡོད་དེ་མེད་དོ༑ ༑དེ་འདོད་ ན་རྣམ་པར་དཔྱད་ན་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་མ་གྲུབ་པ་འགྱུར་ལ། དེ་ཡང་ འདོད་ན། ལང་ཀར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་ཆོས་ཀྱི་དབྱིངས་གནས་པ་ནི་ དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང༌། དེའི་ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་མི་འགྱུར་བ་ནི་གྲོང་ཁྱེར་རྙིང་པའི་ལམ་ བཞིན་དུ་འདུག་པའོ་ཞེས་དང༌། དེ་བཞིན་དུ་བློ་གྲོས་ཆེན་པོ་གང་ང་དང༌། དེ་བཞིན་གཤེགས་ པ་དེ་དག་གིས། ཐུགས་སུ་ཆུད་པའི་ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་མི་འགྱུར་ 6-1-102 བ་ཉིད་དང༌། དེ་བཞིན་ཉིད་དང༌། ཡང་དག་པ་ཉིད་དང༌། བདེན་པ་ཉིད་དེ་ནི་འདུག་པ་སྟེ། ཞེས་གསུངས་པ་དང་འགལ་ལོ། ། ༈ གཞན་ཡང་ཁྱེད་ཉིད་ཀྱིས། དགོངས་ཏེ་གསུངས་པ་རྣམས་ཀྱི་སྒྲ་ཇི་བཞིན་པ་ནི་ ཡོད་པ་མ་ཡིན་ལ། (བུ་སྟོན་རིན་པོ་ཆེས་རྒྱལ་བའི་དགོངས་པ་མ་ཁྲོལ་ན་ཁྱོད་དཔོན་སློབ་ བླུན་པོ་རྫུན་ཅན། སེམས་ཅན་ལ་སངས་རྒྱས་ཀྱི་རྒྱུ་ཡོད་པ་ཙམ་ལ་སངས་རྒྱས་མཚན་ཉིད་ པ་མཚན་དཔེ་དང་སྟོབས་སོགས་ཡོན་ཏན་ཐམས་ཅད་ཡོད་དོ་རྟག་གོ་བརྟན་ནོ་ཐེར་ཟུག་ གོ་ཟེར་བའི་མངོན་སུམ་ལ་ཧམ་པ། བྱེད་པ་འདི་ཤིན་ཏུ་ནོར་ཞིང་སེམས་ཅན་སླུས་པ་ཡིན་ ནོ། །སྟོབས་སོགས་ཀྱི་ཡོན་ཏན་རྫོགས་ན་གློ་བུར་གྱི་དྲི་མས་སྒྲིབ་མི་ཐུབ་ཅིང་ཉོན་མོངས་པ་ གང་ལ་མངའ། ཁྱོད་ཀྱི་སངས་རྒྱས་མཚན་ཉིད་པ་དེ་སེམས་ཅན་ཐམས་ཅད་སངས་རྒྱས་སུ་ འགྱུར་བས་འདི་ལས་ཧམ་པ་ཆེ་བ་ཅི་ཞིག་བྱེད། ད་ལྟ་སངས་རྒྱས་མི་དགོས་བྱང་སེམས་ཀྱི་ ཡོན་ཏན་ཡང་ཆ་ཙམ་མེད། གང་འགྲོ་ཆ་མེད་སྡུག་བསྔལ་ལ་ལོངས་སྤྱོད་འདི་ལྟ་བུའི་ཁམས་ གསུམ་ཀྱི་སེམས་ཅན་ལ་སངས་རྒྱས་སུ་ལྟ་བ་ཁྱོད་ནོར་རོ་)དགོངས་གཞིའི་དོན་ཟབ་མོ་ནི་ མེད་པ་མ་ཡིན་ཞིང༌། མེད་དོ་ཞེས་སྨ་ནའང་སྐུར་འདེབས་སུ་འགྱུར་བར་འཆད་པ་དང་འགལ་ ལོ། །སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་རང་གི་ངོ་བོས་མི་སྟོང་བ་ཡིན་ན་ནི། དེ་ལ་སྤྲོས་ པའི་ཆོས་གཞན་གྱིས་སྟོང་བ་དེ་གཞན་སྟོང་ཉིད་ཡིན་པས་ཁྱོད་ཉིད་ཀྱིས་ཀྱང་གཞན་སྟོང་ ཁས་བླངས་པ་ཉིད་དུ་འགྱུར་རོ། །དེ་ཡང་འདི་ལྟར་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་ ཡང་དག་པའི་མཐའ་དང་ངོ་བོ་ཉིད་ཀྱི་སྐུའམ་ཆོས་ཀྱི་སྐུ་ལ་སོགས་པ་དོན་དམ་པའི་བདེན་ པར་ཡོངས་སུ་གྲུབ་པ་རྣམས་ནི་རང་གི་ངོ་བོས་མི་སྟོང་ཞིང༌། དེ་དག་ཀུན་རྫོབ་འདུས་བྱས་ ཀྱི་ཆོས་རྣམ་པར་དཔྱད་ན་རང་རང་གི་ངོ་བོས་སྟཽང་པའི་ཆོས་རྣམས་ཀྱིས་གདོད་མ་ཉིད་ནས་ དབེན་པའམ་སྟོང་པ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ཡིན་ཏེ། ཐེག་ 6-1-103 བསྡུས་ཀྱི་བཤད་སྦྱར་ལས། སྤྲོས་པ་ཞེས་བྱ་བ་ནི་ཀུན་རྫོབ་སྟཻ་སྒྲ་དང་འཇིག་རྟེན་པའི་ཤེས་ པས་བསྡུས་པ་སྟེ་ཞེས་སོགས་ནས། དེ་མེད་པའི་ཕྱིར་སྤྲོས་པ་མེད་པ་ཉིད་དེ་ཞེས་བཤད་པ་ ལྟར་རོ། །དེ་ལྟ་བུའི་སྟོང་པ་ཉིད་ལ་གཞན་སྟོང་ཞེས་ཟེར་བ་ཡིན་ཏེ། རྒྱུད་བླ་མའི་ལུང༌། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་འགྲེལ་པ་དང་བཅས་པ་སྔར་དྲངས་པ་ དང༌། མདོ་སྡེའི་རྒྱན་ལས། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །ཞེས་སོགས་ གསུངས་པའི་འགྲེལ་པར། ཀུན་བརྟགས་པ་དང༌། གཞན་གྱི་དབང་གི་མཚན་ཉིད་དག་ གིས་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ་ཞེས་ གསུངས་ཏཻ། དེ་བཞིན་ཉིད་འགྱུར་བ་མེད་པའི་ཡོངས་གྲུབ་རང་གི་ངོ་བོས་མི་སྟོང་པ་དེ་ཆོས་ གཞན་ཀུན་བརྟགས་དང་གཞན་དབང་གིས་སྟོང་པ་དེ་དེ་ཁོ་ན་ཉིད་དུ་གསུངས་པ་བཞིན་ནོ། ། ༈ ཡང་དཔལ་ཕྲེང་སེང་གེའི་སྒྲ་ལས། དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པ་ཉིད་ཡིན་ པར་གསུངས་པ་དེ་གཞན་སྟོང་མ་ཡིན་པར་རང་སྟོང་དུ་འཆད་པ་ཡང་མདོའི་དགོངས་པ་མ་ ཡིན་ཏེ། མདོ་དེ་ཉིད་ལས། དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པ་ཐམས་ཅད་ཀྱིས་ སྟོང་པ་དང༌། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པས་མི་སྟོང་བར་གསུངས་པའི་ལུང་ གོང་དུ་དྲངས་པ་ན་གསལ་བས་སོ། །མྱང་འདས་ཆེན་པོའི་མདོ་ལས་སྟོང་ཉིད་བཅུ་གཅིག་པ་ གསུངས་པའི་ནང་ནས། སངས་རྒྱས་ཀྱི་རང་བཞིན་ནི་དོན་དམ་པའི་སྟོང་པའོ། །དོན་དམ་ པའི་སྟོང་པ་ནི་ལམ་དབུ་མའོ། །ལམ་དབུ་མ་ནི་སངས་རྒྱས་སོ། །སངས་རྒྱས་ནི་མྱ་ངན་ལས་ འདས་པ་ཞེས་བྱའོ་ཞེས་གསུངས་པའི་དོན་དམ་པའི་སྟོང་པ་ཉིད་དེ་རང་གི་ངོ་བོས་སྟོང་པའི་ སྟོང་པ་ཉིད་ཡིན་པའི་སྒྲུབ་བྱེད་དུ། མདོ་དེའི་ལུང༌། རིགས་ཀྱི་བུ་ཆོས་ཐམས་ཅད་ལ་བདག་ གི་མཚན་ཉིད་མེད། གཞན་གྱི་མཚན་ཉིད་མེད། བདག་དང་གཞན་གྱི་མཚན་ཉིད་མེད་ཅེས་ 6-1-104 པ་ནས། བྱང་ཆུབ་ཀྱི་མཚན་ཉིད་མེད། བྱང་ཆུབ་ཐོབ་པར་བྱེད་པའི་མཚན་ཉིད་མེད། ལས་ ཀྱི་མཚན་ཉིད་མེད། ལས་ཀྱི་བདག་པོའི་མཚན་ཉིད་མེད། ཉོན་མོངས་པའི་མཚན་ཉིད་མེད། ཉོན་མོངས་པའི་བདག་པོའི་མཚན་ཉིད་མེད་པའོ། །རིགས་ཀྱི་བུ་མཚན་ཉིད་གང་དུ་འགོག་ པ་དེ་ནི་ཡང་དག་པའི་མཚན་ཉིད་ཅེས་བྱའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་མི་བདེན་པ་ སྟེ། གང་དུ་འགོག་པ་དེ་ནི་ཡང་དག་པ་ཞེས་བྱ། ཡང་དག་པའི་འདུ་ཤེས་ཞེས་བྱ། ཆོས་ཀྱི་ དབྱིངས་ཞེས་བྱ། མཐར་ཕྱིན་པའི་ཡེ་ཤེས་ཞེས་བྱ། དོན་དམ་པ་ཞེས་བྱ། དོན་དམ་པའི་ སྟོང་པ་ཉིད་ཅེས་བྱའོ་ཞེས་གསུངས་པ་འགོད་པ་ཡང་རིགས་པ་མ་ཡིན་ཏེ། འགོག་པ་ཞེས་པ་ ལ། གང་དུ་འགོག་པའི་གཞི་དང༌། གཞི་དེ་ལ་ཆོས་གང་འགོག་པ་གཉིས་ལས། མཚན་ཉིད་ གང་དུ་འགོག་པ་དེ་ནི། ཡང་དག་པའི་མཚན་ཉིད་ཅེས་བྱའོ། །ཞེས་པས་གང་དུ་འགོག་པའི་ གཞི་དེ་ཡང་དག་པར་གྲུབ་པ་རང་གི་ངོ་བོས་མི་སྟོང་བར་བསྟན་ལ། ཆོས་ཐམས་ཅད་ནི་མི་ བདེན་པ་སྟེ་ཞེས་པའི་ཆོས་གང་འགོག་པའི་མཚན་ཉིད་ཀྱི་རྣམ་གྲངས་དེ་རྣམས་མི་བདེན་པ་ རང་རང་ངོ་བོས་སྟོང་པར་བསྟན་ཏེ། གང་དུ་འགོག་པའི་གཞི་ནི་ཡང་དག་པ་དང༌། ཡང་དག་ པའི་འདུ་ཤེས་དང༌། ཆོས་ཀྱི་དབྱིངས་དང༌། མཐར་ཕྱིན་པའི་ཡེ་ཤེས་དང༌། དོན་དམ་པ་དང༌། དོན་དམ་པའི་སྟོང་པ་ཉིད་ཅེས་པའི་རྣམ་གྲངས་སུ་སྨོས་པ་རྣམས་ཡིན་ལ། དེ་དག་ཆོས་ གཞན་མཚན་ཉིད་ཀྱི་རྣམ་གྲངས་དེ་རྣམས་ཀྱིས་སྟོང་བ་ནི་གཞན་སྟོང་པ་ཉིད་ཡིན་པས། ལུང་ དེས་ཀྱང་དོན་དམ་པའི་སྟོང་པ་ཉིད་དེ་གཞན་སྟོང་ཡིན་པ་ཉིད་ཤིན་ཏུ་གསལ་བར་བསྟན་པ་ ཡིན་པའི་ཕྱིར་རོ། །དེས་ན་གཞན་སྟོང་གི་དོན་ནི་མཐར་ཐུག་གི་དོན་དམ་བདེན་པའམ་ཆོས་ ཀྱི་སྐུ་དེ་ཀུན་རྫོབ་ཀྱི་ཆོས་རྣམས་དང་ཉེས་པའི་སྐྱོན་ཐམས་ཅད་ཀྱིས་སྟོང་པ་ནི་གཞན་སྟོང་ ཡིན་ལ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ནི་རྣམ་པར་དཔྱད་ན་ཅིར་ཡང་མ་གྲུབ་པས་རང་གི་ངོ་ བོས་སྟོང་བའི་སྟོང་པ་ཉིད་ཡིན་ནོ། །རང་སྟོང་དང་གཞན་སྟོང་གི་ཁྱད་པར་ཡང༌། མྱང་འདས་ 6-1-105 ཆེན་པོའི་མདོ་ལས། གཞན་ཡང་སྟོང་པ་ཞི་བ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ་ཞེས་ སོགས་སྔར་དྲངས་པ་དང༌། རིགས་ཀྱི་བུ་འདི་ལྟར་མྱ་ངན་ལས་འདའ་བ་ནི་སྔ་ནས་མེད་པ་སྟེ། འཇིམ་པའི་ཚེ་རྫ་མ་མེད་པ་ལྟ་བུ་མ་ཡིན། འགག་སྟེ་མེད་པས་ཏེ། རྫ་མ་ཞིག་ནས་མེད་པ་ལྟ་ བུ་ཡང་མ་ཡིན། གཏན་མེད་པས་ཏེ། རུས་སྦལ་གྱི་སྤུ་དང་རི་བོང་གི་རྭ་ལྟ་བུ་ཡང་མ་ཡིན་ཏེ། གཅིག་ལ་གཅིག་མེད་པ་དང་ནི་མཐུན་ནོ། །རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར། བ་ལང་ལ་རྟ་མེད་ མོད་ཀྱི། བ་ལང་མེད་ཅེས་བྱར་མི་རུང་ངོ༌། །རྟ་ལ་བ་ལང་མེད་མོད་ཀྱི། རྟ་ཡང་མེད་ཅེས་བྱར་ མི་རུང་སྟེ། མྱང་ངན་ལས་འདས་པ་ཡང་དེ་དང་འདྲ་སྟེ། ཉོན་མོངས་པ་ལ་མྱ་ངན་ལས་འདས་ པ་མེད། མྱ་ངན་ལས་འདས་པ་ལ་ཉོན་མོངས་པ་མེད་དེ། དེ་བའི་ན་གཅིག་ལ་གཅིག་མེད་ པ་ཞེས་བྱའོ་ཞེས་གསུངས་པ་དང༌། སོར་མོའི་ཕྲེང་བ་ལ་ཕན་པའི་མདོར། སོར་མོའི་ཕྲེང་ བ་དང་འཕགས་པ་འཇམ་དཔལ་གྱིས་དྲིས་ལན་གྱིས་གཏན་ལ་ཕབ་པ་ལྟར་རོ། །དེ་ལྟ་བུའི་ གཞན་སྟོང་དེ་སྟོང་པ་ཉིད་ཀྱི་མཆོག་ཡིན་པར་འདོད་པ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་ རྒྱན་ལས། གཅིག་ལ་གཅིག་མེད་པའི་སྟོང་པ་ནི་སྟོང་ཉིད་བདུན་གྱི་ནང་ན་ཐ་ཤལ་ཡིན་པར་ ལང་ཀར་གཤེགས་པའི་མདོ་ལས། འདི་ལྟར་མཚན་ཉིད་སྟོང་པ་ཉིད་དང༌། དངོས་པོའི་རང་ བཞིན་སྟོང་པ་ཉིད་དང༌། སྲིད་པའི་སྟོང་པ་ཉིད་དང༌། མི་སྲིད་པའི་སྟོང་པ་ཉིད་དང༌། ཆོས་ ཐམས་ཅད་བརྗོད་དུ་མེད་པའི་སྟོང་པ་ཉིད་དང༌། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ ཆེན་པོ་ཉིད་དང༌། གཅིག་གིས་གཅིག་སྟོང་པ་ཉིད་དང་བདུན་ནོ། །ཞེས་སོགས་རྒྱས་བཤད་ དང་བཅས་ནས། བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་འདི་ནི་བདུན་གྱི་ཐ་ཤལ་ཏེ་དེ་ནི་ ཁྱོད་ཀྱིས་ཡོངས་སུ་སྤང་བར་བྱའོ་ཞེས་གསུངས་པས། གཅིག་ལ་གཅིག་མེད་པའི་སྟོང་པ་ནི་ ཉེ་ཚེ་བའི་སྟོང་པ་ཡིན་པས་དེ་བསྒོམས་ཀྱང་སངས་རྒྱས་ཀྱི་ལམ་དུ་མི་འགྱུར་བས་སྤང་བྱར་ བཤད་པ་ཡིན་ནོ། །ཞེས་འབྱུང་བས་འདི་ཡང་བརྟག་པར་བྱ་སྟེ། ལང་ཀར་གཤེགས་པའི་ 6-1-106 མདོ་ལས། སྟོང་པ་ཉིད་བདུན་གྱི་ནང་ནས་ཐ་ཤལ་དུ་གསུངས་པའི་གཅིག་གིས་གཅིག་སྟོང་ པའི་སྟོང་པ་ཉིད་ནི། བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། གང་ན་གཅིག་མེད་པ་དེ་ནི་དེས་སྟོང་ཞེས་བྱའོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་(རི་དྭགས་འཛིན་གྱི་) མྲི་་ག་ར་མའི་ཁང་ས་ན་གླང་པོ་དང༌། བ་གླང་དང་ལུག་ལ་སོགས་པ་མེད་ཀྱང༌། དགེ་སློང་ དང་དགེ་སློང་མ་ལ་སོགས་པས་ནི་སྟོང་པ་མ་ཡིན་ནོ་ཞེས་ངས་བཤད་དེ། དེ་ནི་དེ་དག་གིས་ སྟོང་ངོ་ཞེས་བྱ་ཡང་བློ་གྲོས་ཆེན་པོ་ཁང་པ་ཁང་པའི་དངོས་པོ་མེད་པ་མ་ཡིན་དགེ་སློང་རྣམས་ ཀྱང་དགེ་སློང་གི་དངོས་པོར་མེད་པ་མ་ཡིན་ཏེ། གླང་པོ་དང༌། བ་ལང་དང༌། ལུག་ལ་སོགས་ པའི་དངོས་པོ་དེ་དག་གུད་ན་མི་འཁོད་པ་ཡང་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་ཆོས་ ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ནི་གཅིག་ལ་གཅིག་མེད་དེ། དེའི་ཕྱིར་གཅིག་གིས་ གཅིག་སྟོང་པ་ཉིད་ཅེས་བྱའོ་ཞེས་པས་ཏེ་གཟུགས་ལ་སོགས་པ་ཀུན་རྫོབ་ཀྱི་ཆོས་རྣམས་ཀྱི་ རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་སོ་སོར་མ་འདྲེས་པར་གནས་པའི་ཆོས་ཐམས་ཅད་ ཀྱི་མཚན་ཉིད་གཅིག་ལ་གཅིག་མེད་པ་ལ་གཅིག་གིས་གཅིག་སྟོང་པའི་སྟོང་པ་ཉིད་ཅེས་ གསུངས་པ་ཡིན་ལ། གཞན་སྟོང་ནི་དོན་དམ་བདེན་པ་རང་བཞིན་གྱིས་བདེན་པར་གྲུབ་ པར་དེ་ཁོ་ན་གྲུབ་བོ། །གློ་བུར་བ་སྤྲོས་པའི་ཆོས་ཐམས་ཅད་ཀྱིས་སྟོང་བའི་དོན་དམ་པའི་ སྟོང་པ་ཉིད་དེ་ཡིན་གྱི། ཀུན་རྫོབ་གློ་བུར་བའི་ཆོས་རྣམས་དོན་དམ་བདེན་པས་སྟོང་པ་ནི་ གཞན་སྟོང་པ་མ་ཡིན་པས། གཅིག་གིས་གཅིག་སྟོང་པའི་སྟོང་པ་ཉིད་དང་ཁྱད་པར་ཤིན་ཏུ་ ཆེའོ། །འོ་ན་གཞན་སྟོང་དེ་སྟོང་ཉིད་བདུན་གྱི་ནང་ནས་གང་ཡིན་སྙམ་ན། མདོ་དེ་ཉིད་ལས། བློ་གྲོས་ཆེན་པོ་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་གང་ཞེ་ན་འདི་སྟ་ སྟེ། བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་དང་ཉེས་པའི་བག་ ཆགས་ཐམས་ཅད་ཀྱིས་སྟོང་སྟེ། དེའི་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ 6-1-107 ཉིད། ཅེས་བྱའོ། །ཞེས་གསུངས་པ། བདག་གི་སོ་སོ་རང་གིས་འཕགས་པའི་ཡེ་ཤེས་ཁོང་དུ་ ཆུད་པ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་རྫོགས་པའི་སངས་རྒྱས་ཀྱི་དོན་དམ་པའི་ཆོས་ ཀྱི་སྐུུ་དེ་ཡིན་ལ། དེ་ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་པ་ནི་གཞན་སྟོང་ ཡིན་ཏེ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས། ཐར་པ་ཐམས་ཅད་ཀྱི་སྟོང་པ་མ་ཡིན་གྱི་ ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐར་པ་སྟོང་པ་ཞེས་བྱའོ། །ཞེས་གསུངས་པ་དང་སྟོང་ པ་ཉིད་གྱི་དོན་གཅིག་གོ། དེས་ན་ཁོ་བོ་ཅག་གི་གཞན་སྟོང་ནི་སྟོང་ཉིད་བདུན་གྱི་ནང་ནས། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་ཡིན་ནོ། ། ༈ ཡང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་བསྒོམ་པ་མེད་ན། སངས་རྒྱས་ཀྱི་ ལམ་ནས་གོལ་བ་ཡིན་ཏེ། མྱ་ངན་འདས་མདོ་ལས། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་རིང་ བཞིན་གྱིས་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་བཞིན་གྱིས་དམིགས་སུ་མེད་ པའི་ཕྱིར་རོ། །ཞེས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དངོས་ལྔ་དང་ལྡན་ པའི་ཕྱིར། ཆོས་ཀྱི་རང་བཞིན་ཐོག་མ་ནས་སྟོང་པ་ཞི་བ་མཐོང་ངོ༌། །རིགས་ཀྱི་བུ་གལ་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་མ་ཡིན་པར་མཐོང་ན་དེ་ནི་ དགེ་སློང་མ་ཡིན་བྲམ་ཟེ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ། ཡོངས་སུ་མྱ་ངན་ ལས་མི་འདའ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་མི་མཐོང་སྟེ་ བདུད་ཀྱི་འཁོར་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ པ་སྟེ། བྱང་ཆུབ་སེམས་དཔས་སྟོང་པར་བསྒོམས་པས་ཆོས་ཐམས་ཅད་སྟོང་པར་མཐོང་ངོ་ ཞེས་གསུངས་པས་སོ་ཞེས་འཆད་པར་བྱེད་པ་ཡང་དཔྱད་པར་བྱ་སྟེ། འདིར་ཆོས་ཐམས་ཅད་ ཅེས་པ་ནི། དབུ་མ་རྩ་བ་ཤེས་རབ་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་ 6-1-108 གསུངས་པ་ལྟར་ཀུན་རྫོབ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཡིན་ལ། རྟེན་འབྲེལ་ གྱི་ཆོས་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པར་བསྟན་པ་ཡིན་གྱི། ཆོས་ཉིད་དོན་དམ་ པའི་བདེན་པ་ནི་རང་བཞིན་ནམ་རང་གི་ངོ་བོས་སྟོང་པར་བསྟན་པ་ཡིན་ཏེ། མདོ་དེ་ཉིད་ ལས་མི་སྟོང་པའི་སྟོང་པར་གསུངས་པའི་ཕྱིར་རོ། ། ༈ ད་ནི་དེ་བཞིན་གཤེགས་པའི་སྙིང་པོ་དང་སངས་རྒྱས་ཆོས་ཀྱི་སྐུ་དང་མྱ་ངན་ལས་ འདས་པ་ལ་སོགས་པའི་རྣམ་གྲངས་མང་པོ་ཅན་གྱི་དོན་དམ་པའི་སྐུ་དེ། རྟག་པ་དང་བརྟན་ པ་དང་ཐེར་ཟུག་པར་གསུངས་པའི་དོན་རྣམ་པར་དཔྱད་པར་བྱས་ཏེ། དེ་ཡང་དཔལ་ཕྲེང་ སེང་གེའི་སྒྲ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད། རྟག་པའི་ ཕ་རོལ་ཏུ་ཕྱིན་པ་དང༌། བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང༌། བདག་གི་ཕ་རོལ་ཏུ་ཕྱིན་པ་དང༌། གཙང་བའི་ཕ་རོལ་ཏུ་ཕྱིན་པའི་སླད་དུའོ། །བཅོམ་ལྡན་འདས་སེམས་ཅན་གང་དག་དེ་བཞིན་ གཤེགས་པའི་ཆོས་ཀྱི་སྐུ་ལ་དེ་ལྟར་མཐོང་བ་དེ་དག་ནི་ཡང་དག་པར་མཐོང་བ་ལགས་སོ། ། ཞེས་གསུངས་ཏེ། དེའི་དོན་རྒྱུད་བླ་མར། དེ་ནི་རང་བཞིན་དག་ཕྱིར་དང༌། །བག་ཆགས་ སྤང་ཕྱིར་གཙང་མ་ཡིན། །བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་ བདག །ཡིད་ཀྱི་རང་བཞིན་ཕུང་པོ་དང༌། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །འཁོར་བ་དང་ནི་མྱ་ ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག །དེའི་འགྲེལ་པར། མདོར་བསྡུ་ན་རྒྱུ་གཉིས་ ཀྱིས་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གཙང་མའི་ཕ་རོལ་ཏུ་ཕྱིན་པར་རིགས་པར་བྱ་སྟེ། སྤྱིའི་མཚན་ཉིད་རང་བཞིན་གྱིས་ཡོངས་སུ་དག་པ་དང༌། ཁྱད་པར་གྱི་མཚན་ཉིད་དྲི་མ་མེད་ པའི་ཡོངས་སུ་དག་པའོ། །རྒྱུ་རྣམ་པ་གཉིས་ཀྱིས་བདག་གི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་ སྟེ། མུ་སྟེགས་ཀྱི་མཐའ་དང་བྲལ་བའི་བདག་གི་སྤྲོས་པ་དང་བྲལ་བའི་ཕྱིར་དང༌། ཉན་ཐོས་ ཀྱི་མཐའ་སྤངས་པས་བདག་མེད་པའི་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །རྒྱུ་རྣམ་པ་གཉིས་ཀྱིས་ 6-1-109 བདེ་བའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། སྡུག་བསྔལ་ཀུན་འབྱུང་བའི་རྣམ་པ་སྤངས་ པས། བག་ཆགས་ཀྱི་མཚམས་སྦྱོར་བ་བཅོམ་པའི་ཕྱིར་དང༌། སྡུག་བསྔལ་འགོག་པའི་རྣམ་ པ་ཐམས་ཅད་མངོན་སུམ་དུ་བྱས་པས་ཡིད་ཀྱི་རང་བཞིན་གྱི་ལུས་འགག་པ་སྔོན་དུ་བྱས་པའི་ ཕྱིར་རོ། །རྒྱུ་རྣམ་པ་གཉིས་ཀྱིས། རྟག་པའི་ཕ་རོལ་ཏུ་ཕྱིན་པ་རིག་པར་བྱ་སྟེ། འཁོར་བ་མི་ རྟག་པ་མི་འབྲིད་པས་ཆད་པའི་མཐར་མ་ལྷུང་བའི་ཕྱིར་དང༌། མྱ་ངན་ལས་འདས་པ་རྟག་པ་ མི་སྣོན་པའི་རྟག་པའི་མཐར་མ་ལྷུང་པའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་ འདུ་བྱེད་མི་རྟག་གོ་ཞེས་བགྱི་བར་ལྟ་ན་དེ་ནི་དེའི་ཆད་པར་ལྟ་བར་འགྱུར་ཏེ་དེ་ནི་དེའི་ཡང་ དག་པ་མ་ལགས་པའི་ལྟ་བར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ། མྱ་ངན་ལས་འདས་ པ། རྟག་པའོ་ཞེས་བགྱི་བར་ལྟ་ན། དེ་ནི་དེའི་རྟག་པར་ལྟ་བར་འགྱུར་ཏེ། དེ་ནི་དེའི་ཡང་ དག་པར་མ་ལགས་པའི་ལྟ་བར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །ཆོས་ཀྱི་དབྱིངས་ ཀྱི་ཚུལ་གྱི་སྒོ་འདི་ནི། དོན་དམ་པར་འཁོར་བ་ཉིད་མྱ་ངན་ལས་འདས་པར་བརྗོད་པ་ཡིན་ཏེ། གཉིས་ཀ་ལྟར་རྣམ་པར་མི་རྟོག་པ་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་ ཕྱིར་རོ། །འདིར་དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་རྣམས་ལ་མི་ རྟག་པར་ལྟ་ན། དེ་ནི་དེའི་ཆད་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་ སོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་ལ་རྟག་པར་ལྟ་ན། དེ་ནི་དེའི་རྟག་པར་ ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ་ཞེས་འབྱུང་བ་ལ། འཕགས་པ་ ཐོག་མེད་ཀྱིས་ལུང་དྲངས་པ་དང་བཤད་པ་བྱས་དང་མ་མཐུན་པའི་ཕྱིར། འདི་འགྱུར་ཉེས་ ཤིང་སྔ་མ་ལེགས་པར་འཆད་ན་ཡང༌། འགྲེལ་པའི་དགོངས་པ་འཁོར་བ་མི་རྟག་པ་མ་ཡིན་ པར་མི་སྟོན་ཞིང་མྱ་ངན་ལས་འདས་པ་རྟག་པ་མ་ཡིན་པར་མི་སྟོན་པའི་ཕྱིར་དང༌། སྤྱིར་མྱ་ ངན་ལས་འདས་པ་རྟག་པར་སྟོན་པའི་ཕྱིར་ལུང་དེའི་འགྱུར་ཡང་ཕྱི་མ་ཉིད་ལེགས་པ་ཡིན་ 6-1-110 ལ་དེའི་དོན་ནི་འོག་ཏུ་བཤད་པར་བྱའོ། །ཡང་མདོ་དེ་ཉིད་ལས། དེ་བཞིན་གཤེགས་པའི་ ཆོས་ཀྱི་སྐུ་ཐོག་མ་མ་མཆིས་པའི་དུས་ནས་མཆིས་པ་མ་བགྱིས་པ་མ་སྐྱེས་པ་མི་བས་པ་བས་ པ་མ་མཆིས་པ་རྟག་པ་བརྟན་པ་རང་བཞིན་གྱིས་ཡོངས་སུ་དག་པ་ཞེས་དང༌། སྤྲིན་ཆེན་པོའི་ མདོ་ལས། སྤྲིན་ཆེན་སྙིང་པོ་དེ་ཁོ་ན་དང༌། རྟག་པ་དང་བདག་དང་སེམས་ཅན་དུ་འདུ་ཤེས་ པ་ཞེས་བྱ་བ་ནི་ཐར་པའི་དོན་གྱི་ཚིག་བླ་དྭགས་སོ་ཞེས་སོགས་རྒྱས་པར་གསུངས་པ་དང༌། མྱ་ངན་ལས་འདས་པའི་མདོ་ལས་ཡང་ནས་ཡང་དུ་སངས་རྒྱས་རྟག་པ་དང་ཆོས་རྟག་པ་ དང་དགེ་འདུན་རྟག་པ་ལ་སོགས་པ་གསུངས་པ་ལ། དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ ལས། དེ་སྐད་གསུངས་པ་ཐམས་ཅད་དྲང་དོན་དགོངས་པ་ཅན་ཡིན་ཏེ། སྤྲིན་ཆེན་པོའི་མདོ་ ཉིད་ལས། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་བདག་ཏུ་འཛིན་ཅིང་བདག་གིར་འཛིན་ ལ། བདག་ཏུ་འཛིན་པ་མེད་ཅིང་བདག་གིར་འཛིན་པ་མེད་པ་ཞེས་པ་ནས་སྟོང་ཞིང་ཤིན་ཏུ་ སྟོང་ལ་སྟོང་པ་མ་ཡིན་པ་ཞེས་བྱ་བ་དང༌། མི་རྟག་ཅིང་ཤིན་ཏུ་མི་རྟག་ལ་ཤིན་ཏུ་རྟག་པ་ཞེས་ བྱ་བ་དང༌། བདག་མེད་པར་གྱུར་ལ་ཤིན་ཏུ་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་དང༌། མི་སྡུག་ ཅིང་ཤིན་ཏུ་མི་སྡུག་ལ་ཤིན་ཏུ་སྡུག་པ་ཞེས་བྱ་བ་ཡོད་དེ། ཉི་ཤུ་རྩ་གསུམ་པོ་དེ་དག་ནི་ལྡེམ་ པོ་ངག་གི་གཞིའི་བྱེ་བྲག་ལ་འཇུག་པ་ལ་རྨོངས་པའི་ཚུལ་ཅན་གྱི་ཆོས་ཀྱི་ཐབས་ཀྱི་རྒྱུན་གྱི་ རྣམ་པར་ཐར་པའི་སྒོ་ཡིན་ནོ། །ཞེས་གསུངས་པས་བདག་དང་རྟག་པར་གསུངས་པ་ལྡེམ་ དགོངས་སུ་བཤད་དོ་ཞེས་འཆད་པ་ནི་མདོའི་དགོངས་པ་མ་ལོངས་པ་ཡིན་ཏེ། མྱང་འདས་ ཆེན་པོའི་མདོ་ལས། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ནི་ཤིན་ཏུ་ཐབས་མཁས་ པ་དང་ལྡན་པས་མི་རྟག་པ་ལ་རྟག་པར་གསུངས། རྟག་པ་ལ་མི་རྟག་པར་གསུངས། བདེ་བ་ ལ་སྡུག་བསྔལ་བར་གསུངས། སྡུག་བསྔལ་བ་ལ་བདེ་བར་གསུངས། ཡོངས་སུ་མ་དག་པ་ ལ་ཡོང་སུ་དག་པར་གསུངས། ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་གསུངས། བདག་ 6-1-111 ལ་བདག་མེད་པར་གསུངས། བདག་མེད་པ་ལ་བདག་ཏུ་གསུངས། ཞེས་པ་ནས། ལམ་མ་ ཡིན་པ་ནི་ལམ་དུ་གསུངས། ལམ་ནི་ལམ་མ་ཡིན་པའི་བར་དུ་གསུངས་སོ། །རིགས་ཀྱི་བུ་ དེ་བཞིན་གཤེགས་པས་ནི་ཚད་མེད་པའི་ཐབས་མཁས་པས་སེམས་ཅན་གདུལ་བའི་ཕྱིར། བརྫུན་པའི་བག་ག་ལ་ཞིག་གསུངས་ཞེས་དང༌། ཡང་དག་པར་མི་རྟག་པ་ཡང་རྟག་གོ་ཞེས་ གསུངས། ཡང་དག་པར་རྟག་པ་ཡང་མི་རྟག་གོ་ཞེས་གསུངས་ཏེ། བདག་དང་བདེ་བ་དང་ ཡོངས་སུ་དག་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར། མདོ་སྡེ་ གཞན་དུ་མ་རྣམས་སུ་བཤད་མ་ཐག་པ་དེ་ལྟ་བུའི་ལྡེམ་དགོངས་མང་པོ་གསུངས་པ་རྣམས་ ཀྱི་དགོངས་པ། སྤྲིན་ཆེན་པོའི་མདོར་གསལ་བ་མཛད་པ་ཡིན་ཏེ། སྟོང་ཤིང་ཤིན་ཏུ་སྟོང་པ་ ལ་སོགས་པ་ལྔ་མ་གཉིས་གཉིས་ཀུན་རྫོབ་ཀྱི་ཆོས་རྣམས་ལ་སྦྱར་བ་དང༌། སྟོང་པ་མ་ཡིན་ པ་ལ་སོགས་པ་ཆོས་ཕྱི་མ་རྣམས་ཆོས་ཀྱི་སྐུ་དང་མྱང་འདས་སོགས་དོན་དམ་བདེན་པའི་ ཆོས་རྣམས་ལ་སྦྱར་བ་མདོའི་གོང་འོག་རྣམས་ན་གསལ་ཏེ། དེ་ལྟར་ལེགས་པར་རྣམ་པར་ ཕྱེ་སྟེ་བསྟན་པ་ནི། མདོ་གཞན་མང་པོར་ལྡེམ་པོའི་གསུངས་པའི་དགོངས་གཞིའི་བྱེ་བྲག་ལ་ འཇུག་པ་ལ་རྨོངས་པའི་ངང་ཚུལ་ཅན་རྣམས་ཀྱི། དགོངས་གཞིའི་ཆོས་དེ་དག་རྟོགས་པའི་ ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ་ཡིན་ཞེས་པའི་དོན་ཡིན་ཏེ། མདོར་ན་ཆོས་ཀྱི། རྣམ་ གྲངས་ཉི་ཤུ་རྩ་གསུམ་པོ་དེ་དག་གིས་མདོ་གཞན་མང་པོར་ལྡེམ་དགོངས་གསུངས་པ་རྣམས་ ཀྱི་དགོངས་པ་ལེགས་པར་སྟོན་པར་བྱེད་པ་ཡིན་གྱི། ཆོས་ཀྱི་རྣམ་གྲངས་ཉི་ཤུ་རྩ་གསུམ་པོ་ དེ་དག་ཉིད་ལྡོམ་པོའི་ངག་ཡིན་པའམ། སྤྲིན་ཆེན་པོའི་མདོ་ལ་ལྡེམ་པོའི་ངག་གཞན་ཡོད་ པར་སྟོན་པ་ནི་མ་ཡིན་ཏེ། དེའི་རྒྱུ་མཚན་ཡང་སྤྲིན་ཆེན་པོའི་མདོའི་ལུང་གོང་དུ་དྲངས་པ་དེའི་ རྗེས་ནས་དེ་བཞིན་གཤེགས་པ་རྟག་པ་དང༌། ཐེར་ཟུག་པ་དང༌། བརྟན་པ་དང༌། ཞི་བའི་ཡོན་ ཏན་ཡང་དག་པར་བཤད་པ་ཐོས་ན་སྐྲག་པར་མི་བྱའོ། །དེ་བཞིན་གཤེགས་པ་རྟག་པ་དང༌། 6-1-112 ཐེར་ཟུག་པ་དང༌། བརྟན་པ་དང༌། ཞི་བ་དང༌། བསིལ་བའི་ཡོན་ཏན་ཡང་དག་པར་གཟུང་ བར་བྱའོ། །གཞན་དག་ལ་ཡང་རྒྱས་པར་བསྟན་པར་བྱ་སྟེ། ཇི་ནས་བསྟན་པ་ནུབ་པར་མི་ འགྱུར་བར་བརྩོན་པར་བྱའོ། །ཞེས་དང༌། སྤྲིན་ཆེན་སྙིང་པོ་དེ་བཞིན་དུ་ཟབ་མོ་བརྟན་པའི་ ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་འདི་ལས་དེ་བཞིན་གཤེགས་པ་རྟག་པ་དང༌། ཐེར་ ཟུག་པ་དང༌། བརྟན་པ་དང༌། ཞི་བ་དང༌། བསྟན་པ་ནུབ་པར་མི་འགྱུར་བའི་འོད་ཟེར་མཐའ་ ཡས་པ་དང་ལྡན་བའི་ཉི་མ་རྟག་པ་ཤར་བ་ན། ལྡེམ་པོ་ངག་གི་ནམ་མཁའ་ལ་ཇི་སྙེད་ཡོད་པ་ ཐམས་ཅད་ཟིལ་གྱིས་མནན་ནས། ལམ་མེ་ལྷན་ནེ་ལྷང་ངེར་གསལ་བར་འགྱུར་རོ། །ཞེས་ དང༌། བཅོམ་ལྡན་འདས་ཇི་ལྟར་ན་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ ཤིན་ཏུ་ཡང་དག་པའི་ལྟ་བ་ཅན་ལགས། བཀའ་བསྩལ་པ། ཏིང་ངེ་འཛིན་འདི་ལ་གནས་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དེ་ཁོ་ན་དང༌། རྟག་པ་དང༌། བདག་ དང༌། སེམས་ཅན་དུ་འདུ་ཤེས་པ་ཡང་དག་པར་མཐོང་བ་དག་ནི་ཤིན་ཏུ་ཡང་དག་པའི་ལྟ་ བ་ཅན་ཡིན་ཞེས་ང་སྨྲའོ། །ཞེས་གསུངས་ཏེ། སྔར་གྱི་ལུང་དེ་སངས་རྒྱས་རྟག་པ་ལ་སོགས་ པར་གསུངས་པ་ལྡོམ་པོར་ངག་ཏུ་སྟོན་པ་ཡིན་ན་ལུང་དེའི་རྗེས་ཐོག་ཉིད་དུ་སངས་རྒྱས་རྟག་ པ་ལ་སོགས་པའི་ཡོན་ཏན་དང་བསྔགས་པ་གསུང་པ་མི་རིགས་ཅིང༌། སངས་རྒྱས་རྟག་པ་ལ་ སོགས་པར་བསྟན་པའི་ཉི་མའི་འོད་ཟེར་གྱིས་ལྡེམ་དགོངས་ཀྱི་ངག་ཐམས་ཅད་ཀྱི་དགོངས་ པ་གསལ་བར་བྱེད་པར་གསུངས་པའི་ཕྱིར་དང༌། སངས་རྒྱས་རྟག་པ་དང་བདག་ཡིན་པར་ མཐོང་བ་དེ་ཤིན་ཏུ་ཡང་དག་པའི་ལྟ་བ་ཅན་ཡིན་པར་གསུངས་པའི་ཕྱིར། སངས་རྒྱས་རྟག་ པ་དང་བདག་ལ་སོགས་པར་གསུངས་པ་ནི་ལྡེམ་པོར་དགོངས་པ་མ་ཡིན་པར་གྲུབ་ལ། མདོ་ འདི་དང་དཔལ་ཕྲེང་གི་མདོ་དང་མྱང་འདས་ཀྱི་མདོ་རྣམས་ནི་དགོངས་པ་གཅིག་པའི་ཕྱིར། དཔལ་ཕྲེང་དང་མྱང་འདས་ཀྱི་མདོ་ལས། བདེ་གཤེགས་སྙིང་པོ་དང་སངས་རྒྱས་རྟག་པར་ 6-1-113 གསུངས་པ་དེ་དག་ཀྱང་ལྡེམ་དགོངས་མ་ཡིན་པར་ལེགས་པར་གྲུབ་པོ། །འཁོར་བ་དང་ནི་མྱ་ ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག །ཅེས་པ་རྩ་འགྲེལ་གྱི་དགོངས་པ་ནི་ཆོས་ཀྱི་ དབྱིངས་ཀྱི་ཚུལ་གྱི་སྒོ་འདིས་ནི་དོན་དམ་པར་འཁོར་བ་ཉིད་མྱ་ངན་ལས་འདས་པར་བརྗོད་ པ་ཡིན་ཏེ་ཞེས་པ་ནི། འཁོར་བའི་ཆོས་ཉིད་དེ་མྱང་འདས་ཡིན་པར་བསྟན་ལ། འཁོར་བའི་ ཆོས་ཉིད་མྱང་འདས་ཡིན་པའི་ཕྱིར་འཁོར་འདས་ཐ་དད་དུ་རྣམ་པར་མི་རྟོག་པས་འཁོར་བ་ མི་རྟག་པ་མི་འབྲིད་པས་དེ་མི་སྤོངས་པས་མྱང་འདས་ཆད་པའི་མཐར་མ་ལྟུང་ཞིང༌། མྱང་ འདས་རྟག་པ་སྔར་མེད་པ་ཞིག་གསར་དུ་བསྣན་ན་མྱང་འདས་རྟག་པ་དངོས་པོར་འགྱུར་ བས་མྱང་འདས་རྟག་པའི་མཐར་ལྟུང་བར་འགྱུར་བ་ལ། འཁོར་བའི་ཆོས་དབྱིངས་ཉིད་མྱང་ འདས་ཡིན་པའི་ཕྱིར་མྱང་འདས། རྟག་པ་གསར་དུ་མི་བསྣོན་པས། རྟག་པའི་མཐར་མ་ལྷུང་ སྟེ། དེ་ལྟར་མི་གནས་པའི་མྱང་འདས་དེ་བཞིན་ཉིད་ཡང་དག་པའི་མཐའ་མངོན་དུ་བྱས་པ་ནི་ དེ་བཞིན་ཉིད་རྟག་པའི་དབྱིངས་དེ་དང་དབྱེར་མེད་པར་གྱུར་པ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ ཆོས་སྐུ་རྟག་པའི་ཕ་རོལ་ཏུ་ཕྱིན་པས་ཏེ་རྟག་པ་མཐར་ཐུག་པ་ཡིན་ནོ། །ཞེས་དགོངས་པ་སྟེ། ཆོས་ཀྱི་སྐུ། རྟག་པའི་མཆོག་ཉིད་དུ་གྲུབ་པ་ཡིན་ནོ། ། ༈ ཡང་དེ་བཞིན་གཤེགས་པ་རྟག་པ་དང་བརྟན་པ་ལ་སོགས་པ་དགོངས་པ་ཅན་དུ་ གསུངས་པའི་དགོངས་གཞི་ནི། རྒྱུད་བླ་མར། མི་བཟད་ཡོན་ཏན་དང་ལྡན་ཕྱིར། །གཞན་ འགྱུར་མེད་བདག་རྟག་པའི་དོན། །མཐའི་མུ་དང་མཚུངས་པའི་ཕྱིར། །སྐྱབས་ཀྱི་བདག་ཉིད་ བརྟན་པའི་དོན། །རྣམ་པར་མི་རྟོག་རང་བཞིན་ཕྱིར། །གཉིས་མེད་ཆོས་ཉིད་ཞི་བའི་དོན། ། མ་བཅོས་ཡོན་ཏན་ཉིད་ཕྱིར་ན། །འཇིག་མེད་དོན་ནི་གཡུང་དྲུང་ཉིད། །ཅེས་དང༌། དེའི་ འགྲེལ་པར་མདོ་དྲངས་པ། ཇི་སྐད་དུ། ཤ་རིའི་བུ་མི་བཟད་པའི་ཆོས་ཉིད་ཀྱིས་ན་གཞན་དུ་ མི་འགྱུར་བའི་ཆོས་ཀྱི་སྐུ་འདི་ནི་རྟག་པའོ། །ཤ་རིའི་བུ་ཕྱི་མའི་མཐའི་མུ་དང་མཚུངས་པ་ཉིད་ 6-1-114 ཀྱིས་བརྟན་པའི་སྐྱབས་སུ་གྱུར་པའི་ཆོས་ཀྱི་སྐུ་འདི་ནི་བརྟན་པའོ། །ཤཱ་རིའི་བུ་རྣམ་པར་མི་ རྟོག་པ་ཉིད་ཀྱིས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་འདི་ནི་ཞི་བའོ། །ཤཱ་རིའི་བུ་མ་བཅོས་པའི་ ཆོས་ཉིད་ཀྱིས་འཇིག་པ་མེད་པའི་ཆོས་ཀྱི་སྐུ་འདི་ནི་གཡུང་དྲུང་ངོ་ཞེས་གསུངས་ཏེ། འཁོར་ འདས་མཉམ་པ་ཉིད་དུ་རྟོགས་པས་ཟད་པའི་དུས་ཀྱི་མཐའ་མེད་པ་ལ་དགོངས་ནས་རྟག་པ། ཕྱི་མའི་མཐའི་མུ་དང་མཚུངས་པས་བརྟན་པ། རྣམ་རྟོག་མེད་པས་གཉིས་སུ་མེད་པའི་ཆོས་ ཉིད་ཞི་བ། མ་བཅོས་པའི་ཆོས་ཉིད་འཇིག་པ་མེད་པའི་དོན་ལ་དགོངས་ནས་གཡུང་དྲུང་ཞེས་ གསུངས་ལ། དགོངས་པ་ནི་སྟོན་པ་འདིའི་གདུལ་བྱ་རྣམས། སྟོན་པའི་སྐུ་ཚེ་ཐུང་ཞིང་མི་རྟག་ གོ། སྙམ་དུ་སེམས་པ་བཟློག་པའི་ཕྱིར་གསུངས་པས། སྒྲ་ཇི་བཞིན་པའི་དོན་དངོས་མ་ཡིན་ ཏེ། མྱ་ངན་ལས་འདས་པའི་མདོ་ལས། དེ་བཞིན་གཤེགས་པ་ནི་ལྷ་མ་ཡིན། ལྷ་མ་ཡིན་པ་མ་ ཡིན། མི་མ་ཡིན། མི་མ་ཡིན་པ་མ་ཡིན། ཞེས་སོགས་ནས། འདུས་བྱས་མ་ཡིན། འདུས་བྱས་ མ་ཡིན་པ་མ་ཡིན། རྟག་པ་མ་ཡིན། མི་རྟག་པ་མ་ཡིན་ཞེས་སོགས་ནས་དེ་བཞིན་གཤེགས་ པ་མ་ཡིན། དེ་བཞིན་གཤེགས་པ་མ་ཡིན་པ་མ་ཡིན་ཏེ། དེ་ལྟ་བའི་ན་དེ་བཞིན་གཤེགས་པ་ ནི་མ་ངེས་པའོ་ཞེས་གསུངས་ཤིང༌། དེ་བཞིན་དུ་མྱང་འདས་རྟག་པར་གསུངས་པའང༌། དགོངས་པ་ཅན་ཡིན་ཞིང་དོན་དམ་པར་རྟག་མི་རྟག་སྤྲོས་བྲལ་ཡིན་ཏེ། མདོ་དེ་ཉིད་ལས་དེ་ བཞིན་གཤེགས་པའི་མྱ་ངན་ལས་འདས་པ་ནི། ཡོད་པ་མ་ཡིན། མེད་པ་མ་ཡིན། འདུས་བྱས་ མ་ཡིན། འདུས་མ་བྱས་མ་ཡིན། ཞེས་སོགས་ནས། རྟག་པ་མ་ཡིན། མི་རྟག་པ་མ་ཡིན། ཞེས་ སོགས་རྒྱས་པར་གསུངས་ལས་དེ་བཞིན་གཤེགས་པ་ནི་དོན་དམ་པར་ཡོད་མེད་རྟག་ཆད་ཀྱི་ མཐའ་བཞི་ལས་གྲོལ་བ་ཡིན་ཏེ། ལང་ཀར་གཤེགས་པ་ལས། གང་ཡོད་པའང་མ་ཡིན། མེད་ པ་འང་མ་ཡིན་པ་དེ་ནི་མཐའ་བཞིའི་ཕྱི་རོལ་ཏོ། །བློ་གྲོས་ཆེན་པོ་མཐའ་བཞི་ནི་འཇིག་རྟེན་ གྱི་སྤྱོད་པ་ཡིན་ཏེ། གང་མཐའ་བཞིའི་ཕྱི་རོལ་དེ་ནི་མོ་གཤམ་གྱི་བུ་ལྟར་ཚིག་ཙམ་དུ་འགྱུར་ 6-1-115 རོ། །བློ་གྲོས་ཆེན་པོ་མོ་གཤམ་གྱི་བུ་ནི་ཚིག་ཙམ་སྟེ་མཐའ་བཞིར་ལྷུང་བ་མ་ཡིན་ནོ། །མ་ ལྷུང་བས་ན་མཁས་པ་རྣམས་ལ་ཚད་མ་(ཚད་མ་མ་ཡིན་ནོ་ཟེར་བ་ཡོད་)ཡིན་ནོ། །མཁས་པ་རྣམས་ ཀྱིས་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚིག་གི་དོན་རིག་པར་བྱའོ་ཞེས་དང༌། དེ་ བཞིན་གཤེགས་པ་ནི་སྤྲོས་པ་ཐམས་ཅད་ལས་འདས་པས་ཏེ། ཞེས་དང༌། བློ་གྲོས་ཆེན་པོ་དེ་ བཞིན་གཤེས་པ་ནི་རྟག་པའང་མ་ཡིན། མི་རྟག་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ ལྟ་སྟེ། གཉི་གར་ཡང་ཉེས་པར་འགྱུར་བའི་ཕྱིར་རོ། །ཞེས་སོགས་རྒྱས་པར་གསུངས་པས་སོ་ ཞེས་འཆད་པ་འདིའང་རྣམ་པར་དཔྱད་པར་བྱ་སྟེ། བདེ་གཤེགས་སྙིང་པོ་དང་སངས་རྒྱས་ ཆོས་ཀྱི་སྐུ་བདག་ཡིན་པར་གསུངས་པ་རྣམས་དགོངས་པ་ཅན་མ་ཡིན་ཞིང་ངེས་པའི་དོན་ ཡིན་པར་སྔར་བསྒྲུབས་པས་རྟག་པ་དང་བརྟན་པ་སོགས་ཡིན་པར་གསུངས་པ་ཡང་ངེས་ པའི་དོན་སྒྲ་ཇི་བཞིན་པ་ཡིན་པར་གྲུབ་ལ། གཞན་ཡང་རྒྱུད་བླར། མི་ཟད་ཡོན་ཏན་དང་ལྡན་ ཕྱིར། །ཞེས་སོགས་ཀྱི་གོང་གིདེ་ལ་ཚིག་གཉིས་དེ་བཞིན་གཉིས། །གཉིས་དང་གཉིས་ཀྱིས་ གོ་རིམ་བཞིན། །འདུས་མ་བྱས་པའི་དབྱིངས་ལ་ནི། །རྟག་པ་ལ་སོགས་དོན་ཤེས་བྱ༑ ༑ཞེས་ གསུངས་ཤིང༌། མདོ་ལས་ཀྱང༌། མི་ཟད་པའི་ཆོས་ཉིད་ཀྱིས་ན་གཞན་དུ་མི་འགྱུར་བའི་ཆོས་ ཀྱི་སྐུ་འདི་རྟག་པའོ། །ཞེས་གསུངས་པས། ཆོས་སྐུ་འདུས་མ་བྱས་ཀྱི་དབྱིངས་ནམ་ཡང་མི་ ཟད་ཅིང་འགྱུར་བ་མེད་པ་ལ་རྟག་པའི་དོན་དུ་བྱས་ལ། གཡུ་དྲུང་གི་དོན་ཡང་རྒྱུ་རྐྱེན་གྱིས་མ་ བཅོས་པའི་ཆོས་ཉིད་འཇིག་པ་མེད་པ་ལ་བྱས་ཏེ། མི་ཟད་པ་དང་མི་འགྱུར་བ་དང་འཇིག་པ་ མེད་པ་ཡང༌། རྒྱུན་མི་ཟད་པ་དང་མི་འགྱུར་བ་དང་འཇིག་པ་མེད་པ་ཙམ་ནི་མ་ཡིན་གྱི། འདུས་མ་བྱས་ཀྱི་དབྱིངས་ཡིན་པས་རྒྱུན་དང་སྐད་ཅིག་གཉི་གའི་ཟད་པ་དང་འགྱུར་བ་དང་ འཇིག་པ་མེད་པ་ཡིན་ལ། དེ་ལྟ་བུའི་འཇིག་མེད་ནི་རྟག་པ་དང་བརྟན་པའི་དོན་དངོས་ཡིན་ པས་རྟག་པ་དང་བརྟན་པ་ཞེས་པ་ལྡེམ་དགོངས་སུ་གསུངས་པའི་དགོངས་གཞི་མ་ཡིན་གྱི། 6-1-116 རྟག་པ་དང་བརྟན་པ་སྒྲ་ཇི་བཞིན་པའི་དོན་ཉིད་ཡིན་ཏེ། རྒྱུད་བླར། བརྫུན་མེད་བསླུ་མེད་ ཆོས་ཉིད་དང༌། །ཞེས་པའི་འགྲེལ་པར། བརྫུན་པ་མེད་པ་དང་སླུ་བ་མེད་པའི་དོན་ནི་གང་གི་ དབང་དུ་མཛད་ནས། དེ་ལ་དོན་དམ་པའི་བདེན་པ་ནི། མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་ འདས་པ་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རིགས་དེ་ནི་གཏན་དུ་བའི་ཆོས་ཉིད་ཀྱིས་ན་ རྟག་པའོ་ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས་ཤིང༌། མྱང་འདས་ཆེན་པོའི་མདོ་ལས། འོད་སྲུང་འདི་ལྟ་སྟེ། རྟག་པའི་ཆོས་ཐམས་ཅད་ཀྱི་ནང་ན་ནམ་མཁའ་ནི་མཆོག་གོ། དེ་བཞིན་ གཤེགས་པ་ཡང་དེ་བཞིན་དུ་རྟག་པའི་ནང་ན་མཆོག་ཏུ་གྱུར་ཕུལ་དུ་གྱུར་རོ། །ཞེས་དང༌། རིགས་ཀྱི་བུ་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ནམ་མཁའ་དང་འདུས་མ་བྱས་པ་ནི་ རྟག་པ་ཞེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་ནི་འདུས་མ་བྱས་པས་ན་རྟག་པ་ཞེས་བྱའོ། ། ནམ་མཁའ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་དེ་ བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་ རྟག་པའོ། །རྟག་པ་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ༑ ༑དགེ་འདུན་ནི་འདུས་མ་བྱས་པའོ། ། འདུས་མ་བྱས་པ་ནི་རྟག་པའོ། །ཞེས་གསུངས་པས། ཆོས་ཀྱི་སྐུ་ནི་རྟག་པ་ནི་འདུས་མ་བྱས་ ནམ་མཁའི་རྟག་པ་ཇི་ལྟ་བ་བཞིན་དུ་རྟག་པ་ཡིན་པར་གསུངས་པས། མི་ཟད་པའི་དོན་རྒྱུན་ རྟག་པའམ་མི་ཟད་པ་མ་ཡིན་གྱི་རང་བཞིན་རྟག་པ་ཉིད་ཡིན་ལ། ཆོས་དང་དགེ་འདུན་འདུས་ མ་བྱས་པ་དང་རྟག་པར་གསུངས་པ་ཡང་སངས་རྒྱས་ཆོས་ཀྱི་སྐུ་ངོ་བོ་ཉིད་དུ་གྱུར་པའི་དོན་ དམ་པ་ཆོས་དང་དགེ་འདུན་ཡིན་ནོ། །ལུང་འདི་ལས་འདུས་བྱས་ཐམས་ཅད་མི་རྟག་པ་དང་ སངས་རྒྱས་ཀྱི་རང་བཞིན་འདུས་མ་བྱས་པས་རྟག་པར་གསུངས་པ་འདིས་གོང་དུ་དྲངས་པའི་ དཔལ་ཕྲེང་གི་མདོའི་ལུང་འདུ་བྱེད་མི་རྟག་པར་ལྟ་ན་ཆད་ལྟ་མ་ཡིན་ཞིང་ཡང་དག་པའི་ལྟ་བ་ ཡིན་པ་དང༌། མྱང་འདས་རྟག་པར་ལྟ་ན་རྟག་ལྟ་མ་ཡིན་ཞིང་ཡང་དག་པའི་ལྟ་བ་ཡིན་པར་ 6-1-117 གསུངས་པ་ཡང་རྣམ་དག་ཡིན་པར་གྲུབ་བོ། །འོ་ན་མྱང་འདས་ཀྱི་མདོའི་ལུང་གོང་དུ་དྲངས་ པར་དེ་བཞིན་གཤེགས་པ་འདུས་བྱས་དང་འདུས་བྱས་མ་ཡིན་པ་ཡང་མ་ཡིན་པ་དང༌། རྟག་ པ་མ་ཡིན་མི་རྟག་པ་ཡང་མ་ཡིན་པར་གསུངས་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ་ སྐབས་དེར་དེ་བཞིན་གཤེགས་པ་རྟག་པ་མ་ཡིན་པར་གསུངས་པ་ནི་སྐུ་ཀུན་རྫོབ་པ་ གཟུགས་ཀྱི་སྐུ་ལ་དགོངས་པ་ཡིན་ཏེ། མདོ་དེ་དག་གི་རྒྱས་བཤད་ཀྱི་སྐབས་སུ་དེ་བཞིན་ གཤེགས་པ་རྟག་པ་མ་ཡིན་པ་ཞེས་བྱ་བ་ནི། སྐུ་ཡན་ལག་དང་བཅས་པའི་ཕྱིར་དེ་བས་ན་ རྟག་པ་མ་ཡིན་ནོ། །རྟག་པ་མ་ཡིན་ཞེས་བྱ་བ་ནི་ཤེས་པ་དང་བཅས་པའི་ཕྱིར་རོ། །རྟག་པའི་ ཆོས་ནི་ཤེས་པ་མེད་པས་ཏེ་ཇི་ལྟར་ནམ་མཁའ་དང་འདྲའོ། །དེ་བཞིན་གཤེགས་པ་ནི་ཤེས་ པ་དང་བཅས་པའི་དེ་བས་ན་རྟག་པ་མ་ཡིན་ནོ། །ཇི་ལྟར་རྟག་པ་མ་ཡིན་ཞེ་ན། ཚིག་ཏུ་སྨྲ་བ་ ཡོད་པའི་ཕྱིར་ཏེ། རྟག་པའི་ཆོས་ནི་ཚིག་ཏུ་སྨྲ་བ་མེད་པས་ནམ་མཁའ་དང་འདྲའོ། །ཞེས་ གསུངས་ཏེ། སྐུ་ཡན་ལག་དང་བཅས་པ་དང༌། འདུས་བྱས་ཀྱི་ཤེས་པ་དང་བཅས་པ་དང༌། ཚིག་ཏུ་སྨྲ་བ་ཡོད་པ་གཟུགས་ཀྱི་སྐུའི་ཆོས་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྟག་ པར་གསུངས་པ་ནི་སངས་རྒྱས་ཆོས་ཀྱི་སྐུའི་དབང་དུ་བྱས་པ་ཡིན་ཏེ། ཆོས་སྐུ་ནི་འདུས་མ་ བྱས་ཡིན་པས་སྐྱེ་འཇིག་མེད་པའི་ཕྱིར་ཏེ། མདོ་དེ་ཉིད་ལས། ཡང་མི་རྟག་པ་མ་ཡིན་ཞེས་བྱ་ བ་ནི་སྐྱེ་བོ་ཡང་ཡོངས་སུ་བཅད་པའི་ཕྱིར་རོ། །ཞེས་གསུངས་པས་ལུང་དེ་དང་འགལ་བ་མེད་ དེ། འོ་ན་ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པ་རྟག་པ་ཡང་མ་ཡིན། མི་རྟག་པ་ ཡང་མ་ཡིན་ཞེས་གསུངས་པ་དང་འགལ་ཞིང༌། དེ་བཞིན་གཤེགས་པ་རྟག་མི་རྟག་གི་སྤྲོས་པ་ དང་བྲལ་བ་མ་ཡིན་པར་འགྱུར་རོ་སྙམ་ན། རྟག་པ་ལ་སྤྲོས་པའི་མཐར་གྱུར་པའི་རྟག་པ་དང་ སྤྲོས་པ་མཐར་མ་གྱུར་པ་གནས་ལུགས་རང་བཞིན་པའི་རྟག་པ་གཉིས་སུ་ཡོད་པ་ལས། དེ་ བཞིན་གཤེགས་པ་རྟག་པ་མ་ཡིན་པར་གསུངས་པ་ནི་སྤྲོས་པའི་མཐར་གྱུར་པའི་རྟག་པ་མ་ 6-1-118 ཡིན་པར་གསུངས་པ་ཡིན་ཏེ། ལང་ཀར་གཤེགས་པའི་ལུང་དེ་ཉིད་ཀྱི་རྗེས་སུ་བློ་གྲོས་ཆེན་ པོ་གཉི་གར་ཡང་ཉེས་པར་འགྱུར་བ་ནི་རྟག་ཏུ་ཟིན་ན་ནི་རྒྱུར་འགྱུར་རོ། །བློ་གྲོས་ཆེན་པོ་མུ་ སྟེགས་བྱེད་ཐམས་ཅད་ཀྱི་རྒྱུ་རྣམས་ནི་མ་བྱས་པ་རྟག་པ་སྟེ། དེ་བས་ན་མ་བྱས་པ་རྟག་པའི་ ཕྱིར་དེ་བཞིན་གཤེགས་པ་ནི་རྟག་པའང་མ་ཡིན་ནོ། །མི་རྟག་པ་ནི་བྱས་པའི་མི་རྟག་པར་ འགྱུར་རོ། །ཕུང་པོ་དང༌། མཚན་དང༌། མཚན་གྱི་གཞི་མེད་པའི་ཕྱིར་ཕུང་པོ་ཞིག་པས་ཆད་ པར་གྱུར་ཏེ། དེ་བཞིན་གཤེགས་པ་ནི་ཆད་པ་མ་ཡིན་ནོ་ཞེས་གསུངས་ཏེ། རྟག་ཏུ་ཟིན་ན་ནི་ རྒྱུར་འགྱུར་རོ་ཞེས་དང༌། མུ་སྟེགས་བྱེད་ཐམས་ཅད་ཀྱི་རྒྱུ་རྣམས་ནི་མ་བྱས་པ་རྟག་པ་སྟེ་ཞེས་ པ་མུ་སྟེགས་བྱེད་རྣམས་བདག་དང་དབང་ཕྱུག་ལ་སོགས་པ་བརྟན་གཡོ་ཐམས་ཅད་ཀྱི་རྒྱུ་ ཡིན་པ་དང་རྟག་པར་ཡང་འདོད་པས་རྟག་པའི་དངོས་པོ་འདོད་ལ། སྤྲོས་པའི་མཐར་གྱུར་ པའི་རྟག་པ་ནི་རྟག་དངོས་ཡིན་པས། དེ་བཞིན་གཤེགས་པ་སྤྲོས་པའི་མཐར་གྱུར་པའི་རྟག་ པ་ཡིན་ན་རྟག་པའི་དངོས་པོར་འགྱུར་བ་ལས་རྟག་པའི་དངོས་པོ་མ་ཡིན་ནོ་ཞེས་དགོངས་པ་ སྟེ། དེ་བཞིན་གཤེགས་པ་རྟག་པ་མ་ཡིན་ཞེས་པ་རྟག་པའི་དངོས་པོ་མ་ཡིན་པ་ལ་དགོངས་ པ་ཡིན་ནོ། །གཞན་ཡང་དེ་བཞིན་གཤེགས་པ་ནི་སྐབས་འདིར་སངས་རྒྱས་གཟུགས་ཀྱི་སྐུ་ ཡིན་པས་དེ་རྟག་པ་ཡིན་ན་རྟག་དངོས་ཡིན་པའི་སྐྱོན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། ། དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་ཡང་རྟག་པ་མ་ཡིན་པར་གསུངས་པ་ནི་མ་ཡིན་ཏེ། མདོ་དེ་ཉིད་ལས། བློ་གྲོས་ཆེན་པོ་ངའི་དོན་དམ་པ་རྟག་པ་དང༌། བསམ་གྱིས་མི་ཁྱབ་པ་ནི་ དོན་དམ་པའི་རྒྱུའི་མཚན་ཉིད་དང་ལྡན་པ་སྟེ། ཡོད་པ་དང་མེད་པ་དང་བྲལ་བ་འཕགས་པ་ སོ་སོ་རང་གི་རིག་པའི་མཚན་ཉིད་ཀྱི་ཕྱིར་མཚན་ཉིད་དང་ལྡན་པའོ། །དོན་དམ་པའི་ཡེ་ཤེས་ རྒྱུར་གྱུར་པ་ན་རྒྱུ་དང་ལྡན་པའོ། །ཡོད་པ་དང་མེད་པ་དང་བྲལ་བས་ན། མ་བྱས་པའི་ནམ་ མཁའ་དང༌། མྱ་ངན་ལས་འདས་པ་དང༌། འགོག་པའི་དཔེ་དང་ཆོས་འདྲ་བས་རྟག་པ་སྟེ། 6-1-119 དེའི་ཕྱིར་བློ་གྲོས་ཆེན་པོ་འདི་ནི་མུ་སྟེགས་བྱེད་པའི་རྟག་པ་དང༌། བསམ་གྱིས་མི་ཁྱབ་པར་ སྨྲ་བ་དང་མཐུན་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་རྟག་པ་དང༌། བསམ་གྱིས་མི་ཁྱབ་པ་འདི་ནི་ དེ་བཞིན་གཤེགས་པ་རྣམས་ཀྱི་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པར་བྱ་ བའི་དེ་བཞིན་ཉིད་དོ། །དེ་བས་ན་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་རྟག་པ་དང༌། བསམ་གྱིས་མི་ཁྱབ་པ། འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་ཁོང་དུ་ ཆུད་པར་བྱ་བའི་ཕྱིར་བརྩོན་པར་བྱའོ། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་ འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པར་བྱ་བའི་དེ་བཞིན་ཉིད་ནི་སངས་ རྒྱས་ཀྱི་ཆོས་ཀྱི་སྐུ་ཡིན་ལ། དེ་བཞིན་ཉིད་ཀྱི་དོན་ཡང་རྒྱུན་དང་སྐད་གཅིག་གང་གིའང་ འགྱུར་བ་མེད་པ་ཡིན་ཞིང་དེ་ཉིད་རྟག་པའི་དོན་ཡིན་ཏེ། དེ་ལྟ་བུའི་རྟག་པ་དང་བསམ་གྱིས་ མི་ཁྱབ་པ་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པར་བྱ་བར་གསུངས་པས་ན། མདོ་འདི་ལས་ཀྱང་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་རྟག་པ་ཡིན་པ་ངེས་པའི་དོན་དུ་ གསུངས་པ་ཁོ་ན་ཡིན་ནོ། །དེས་ན་སངས་རྒྱས་ཆོས་ཀྱི་སྐུ་རྟག་མི་རྟག་གི་སྤྲོས་པའི་མཐའ་ དང་བྲལ་བ་ཤིན་ཏུ་ཡང་ཡིན་མོད་ཀྱི་དོན་དམ་པར་རྟག་པ་ཡང་ཡིན་པས་རྟོག་གེའི་བློས་ བསམ་གྱིས་མི་ཁྱབ་པ་ཉིད་དོ། ། ༈ ཡང་མདོ་དེ་ཉིད་ལས། གཞན་ཡང་བློ་གྲོས་ཆེན་པོ་རྣམ་གྲངས་གང་གིས་དེ་བཞིན་ གཤེགས་པ་རྟག་པ་དེ་ལྟ་བུའི་རྣམ་གྲངས་ཀྱང་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟ་སྟེ། མངོན་ པར་རྟོགས་པ་ཐུགས་སུ་ཆུད་པའི་ཡེ་ཤེས་རྟག་པས་ན་དེ་བཞིན་གཤེགས་པ་ནི་རྟག་པའོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམ་ཀྱི་མངོན་པར་རྟོགས་པ་ཐུགས་སུ་ཆུད་པའི་ཡེ་ཤེས་ནི་རྟག་པ་སྟེ། དེ་བཞིན་གཤེགས་པ་ རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་བྱེད་ 6-1-120 ཐམས་ཅད་ཀྱིས་མངོན་པར་རྟོགས་པ་རྣམས་ལ་ཆོས་ཉིད་དང་ཆོས་མི་འགྱུར་བ་ཉིད་དང༌། ཆོས་གནས་པ་ཉིད་འདི་ནི་འདུག་པ་སྟེ། ནམ་མཁའ་ལ་ནི་ཆོས་གནས་པར་མི་འགྱུར་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་ཁོང་དུ་མི་ཆུད་དོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་ པ་རྣམས་ཀྱི་ཐུགས་སུ་ཆུད་པའི་ཡེ་ཤེས་ནི་ཤེས་རབ་དང་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་སྟེ། ཞེས་ གསུངས་པའི་དགོངས་པ། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་རྣམ་གྲངས་ཀྱི་རྟག་པར་ཐ་ སྙད་བྱས་ཤིང་ཆོས་ཀྱི་སྐུ་རྟག་པར་གསུངས་པ་ཡང་ཀུན་རྫོབ་ཏུ་རྣམ་གྲངས་པའི་རྟག་པ་ཡིན་ པ་ལ་དགོངས་པ་ཡིན་ནོ་ཞེས་འཆད་པ་ཡང་བརྟག་པར་བྱ་སྟེ། དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཞེས་པ་ནི་སངས་རྒྱས་གཟུགས་ཀྱི་ སྐུ་ཡིན་ལ། མངོན་པར་རྟོགས་པ་ཐུགས་སུ་ཆུད་པའི་ཡེ་ཤེས་ནི་ཆོས་སྐུ་འགོག་བདེན་ཡིན་ པར། ཁྱེད་ཉིད་ཀྱིས་ཀྱང་འཆད་ཅིང་དེ་ལྟར་དོན་ལ་ཡང་ཡིན་པས། ལུང་དེའི་དགོངས་པ་ནི་ མངོན་པར་རྟོགས་པ་ཐུགས་སུ་ཆུད་པའི་ཡེ་ཤེས་ཆོས་སྐུ་འགོག་བདེན་དེ་རྟག་པ་ཡང་དག་པ་ ཡིན་པས། ཆོས་ཀྱི་སྐུ་དེ་མངའ་བའི་དེ་བཞིན་གཤེགས་པ་གཟུགས་ཀྱི་སྐུ་ཡང་རྣམ་གྲངས་ ཀྱི་རྟག་པ་ཡིན་པར་བསྟན་གྱི༑ སངས་རྒྱས་ཆོས་ཀྱི་སྐུ་ཀུན་རྫོབ་ཏུ་རྣམ་གྲངས་ཀྱི་རྟག་པར་ མ་བསྟན་པ་མདོ་ཉིད་ལ་གསལ་ལོ། །དེས་ན་སངས་རྒྱས་ཆོས་ཀྱི་སྐུའི་རྟག་པ་ནི་དོན་དམ་ པར་རྟག་པར་ཡིན་ཏེ། མྱང་འདས་ཆེན་པོའི་མདོ་ལས། གང་ཞིག་དཀོན་མཆོག་གསུམ་པོ་ ལ། །དོན་དམ་བདེན་པར་རྟག་འཛིན་ན། །དེ་ནི་སངས་རྒྱས་མང་པོ་ཡི། །སྨོན་ལམ་ཕུལ་གྱི་ མཆོག་ཡིན་ནོ། །ཞེས་དང༌། གང་ཞིག་དེ་ལྟར་དཀོན་མཆོག་གསུམ་ལ་རྟག་པ་ཉིད་དུ་མི་ཤེས་ ན། དེ་ནི་རིགས་ངན་ཡིན་པར་རིག་པར་བྱའོ། །ཞེས་གསུངས་ཤིང་སྔར་དྲངས་པའི་ལུང་ རྣམས་ཀྱི་ནང་ན་ཡང་གསལ་བར་གཞུགས་སོ། །དེ་ལྟར་མ་ཡིན་པར་སངས་རྒྱས་ཆོས་ཀྱི་སྐུ་ ཡང་རྣམ་གྲངས་ཙམ་གྱི་རྟག་པ་འམ་རྒྱུན་མི་འཆད་པ་ཙམ་གྱི་རྟག་པ་ཡིན་ན། སངས་རྒྱས་ཀྱི་ 6-1-121 སྐུ་གསུམ་གྱི་རྟག་པའི་ཚུལ་ལ་ཁྱད་པར་མེད་པར་འགྱུར་ལ། དེ་འདོད་ན་མདོ་སྡེའི་རྒྱན་ལས། རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱི་དེ་དག་རྟག་པ་ཉིད། །ཅེས་དང༌། དེའི་འགྲེལ་ པར། སྐུ་གསུམ་པོ་དེ་དག་ལ་གོ་རིམ་བཞིན་དུ་གང་གིས་ན་དེ་བཞིན་གཤེགས་པ་རྣམས་སྐུ་ རྟག་པའོ་ཞེས་བརྗོད་པ་རྟག་པ་ཉིད་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་བོ་ཉིད་ཀྱི་སྐུ་ནི་ རང་བཞིན་གྱིས་རྟག་པའི་ཕྱིར་རང་བཞིན་གྱིས་རྟག་པ་ཉིད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ ནི་རྒྱུན་མི་འཆད་པས་ཏེ། ཆོས་ལ་ལོངས་སྤྱོད་རྫོགས་པ་རྒྱུན་མི་འཆད་པའི་ཕྱིར་རོ། །སྤྲུལ་ པའི་སྐུ་ནི་རྒྱུན་གྱིས་ཏེ། མི་སྣང་བར་བྱས་ནས་ཡང་དང་ཡང་སྤྲུལ་པ་ཀུན་ཏུ་སྟོན་པའི་ཕྱིར་ རོ་ཞེས་ངོ་བོ་ཉིད་ཀྱི་སྐུའམ་ཆོས་ཀྱི་སྐུ་ནི་རང་བཞིན་གྱིས་རྟག་པར་གསུངས་པ་དང་འགལ་ ལོ། །རང་བཞིན་གྱིས་རྟག་པ་ཞེས་པ་ནི་དོན་དམ་པར་རྟག་པའི་དོན་ཡིན་ནོ། །གཞན་ཡང་ གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་ལ་རྟག་པའི་རྒྱུ་མཚན་ལ་ཡང་ཁྱད་མེད་པར་འགྱུར་ཏེ། ཆོས་ ཀྱི་སྐུ་ཡང་རྣམ་གྲངས་ཀྱིས་རྟག་པའམ་རྒྱུན་ཆད་པ་མེད་པ་ཙམ་གྱི། རྟག་པ་ཡིན་པའི་ཕྱིར་ རོ། །དེ་འདོད་ན་རྒྱུད་བླ་མ་ལས། གཟུགས་སྐུ་རྟག་པའི་རྒྱུ་མཚན་བདུན་དང༌། ཆོས་སྐུ་རྟག་ པའི་རྒྱུ་མཚན་གསུམ་མི་འདྲ་བར་གསུངས་པ་དང་འགལ་ལོ། །རྒྱུ་མཚན་དེ་དག་ཐམས་ཅད་ ཀྱང་རྣམ་གྲངས་ཀྱིས་རྟག་པར་བཤད་པ་རྒྱུན་ཆད་པ་མེད་པ་ལ་དགོངས་པ་ཡིན་ནོ་སྙམ་ན། དེ་ཡང་མི་རིགས་ཏེ། ཆོས་སྐུ་རྟག་པའི་རྒྱུ་མཚན། འཆི་མེད་ཞི་བའི་གནས་ཐོབ་ལ། །འཆི་ བདུད་རྒྱུ་བ་མེད་པའི་ཕྱིར། །འདུས་མ་བྱས་པའི་རང་བཞིན་གྱི། །ཐུབ་པ་གདོད་ནས་རབ་ ཞིའི་ཕྱིར། །རྟག་པ་སྐྱབས་མེད་པ་རྣམས་ཀྱི། །སྐྱབས་ལ་སོགས་པ་འཐད་ཕྱིར་རོ། །ཞེས་ གསུངས་ཏེ། འཆི་མེད་ཞི་བའི་གནས་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཐོབ་པས་འཆི་ བདག་གི་བདུད་མེད་པ་དང༌། འདུས་མ་བྱས་ཀྱི་ཐུབ་པ་ཆོས་ཀྱི་སྐུ་དེ་གདོད་མ་ནས་སྐྱེ་འཇིག་ ལ་སོགས་པའི་སྤྲོས་པ་ཞི་བ་དང༌། མི་རྟག་པ་ནི་སླུ་བའི་ཆོས་ཅན་ཡིན་པས་གཏན་གྱི་སྐྱབས་ 6-1-122 སུ་མི་རུང་བའི་ཕྱིར་རྟག་པ་ཁོ་ན་གཏན་གྱི་སྐྱབས་སུ་འཐད་ལ། ཆོས་སྐུ་ནི་གཏན་གྱི་སྐྱབས་ སོགས་ཡིན་པ་སྟེ་གསུམ་ཅར་ཡང་རང་བཞིན་རྟག་པ་ཉིད་ཀྱི་རྒྱུ་མཚན་ཡིན་པའི་ཕྱིར་རོ། ། རང་བཞིན་གྱིས་རྟག་པ་ཡིན་ན་རྣམ་གྲངས་ཀྱིས་རྟག་པ་ཡིན་པར་འགལ་ཏེ། རང་བཞིན་ གྱིས་རྟག་པ་ནི་རྟག་པ་མཚན་ཉིད་པ་ཡིན་པའི་ཕྱིར་རོ། ། ༈ ཡང་འདི་ལྟར་འཆད་དེ། ཆོས་ཀྱི་སྐུ་རྣམ་གྲངས་ཀྱིས་རྟག་པ་མ་ཡིན་པར་རྣམ་གྲངས་ མེད་པར་རྟག་པ་ཡིན་ན་མི་རྟག་པ་དང་དབྱེར་མེད་པའི་རང་བཞིན་དུ་འགལ་ཏེ། རྟག་པ་དང་ མི་རྟག་པ་བཞིན། རྒྱུད་བླ་མ་ལས། དེ་དག་ཡོན་ཏན་སུམ་ཅུ་ནི། །གཉིས་འདི་ཆོས་སྐུས་རབ་ ཕྱེ་སྟེ། །ནོར་བུ་རིན་ཆེན་འོད་མདོག་དང༌། །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། །ཞེས་ བཤད་ཅིང༌། རྒྱུད་བླ་མའི་འགྲེལ་པ་ལས། སྔར་བཤད་པའི་ཚུལ་གྱིས་སྐྱེ་བ་མེད་པ་དང་ འགག་པ་མེད་པས་རབ་ཏུ་ཕྱེ་བའི་ཐུབ་པ་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང་ཞེས་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ འགོག་བདེན་དང་ལམ་བདེན་གྱི་བདག་ཉིད་དུ་བཤད་ལ། ལམ་བདེན་ནི་མི་རྟག་པ་ཡིན་ཏེ། དཔལ་ཕྲེང་སེང་གེའི་སྒྲས། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་ བདེན་པ་གསུམ་ནི་མི་རྟག་པ་ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ། །དེ་ཅིའི་ སླད་དུ་ཞེ་ན། བཅོམ་ལྡན་འདས་བདེན་པ་གསུམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་ པའི་སླད་དུ་སྟེ། ཞེས་གསུངས་པའི་ཕྱིར་དང༌། མཚན་སོ་གཉིས་དང་སྟོབས་བཅུ་མི་འཇིགས་ པ་བཞི་ལ་སོགས་པའི་ཡེ་ཤེས་རྣམས་ལམ་བདེན་ཡིན་པས་རྣམ་གྲངས་ཀྱི་རྟག་པའི་ཆོས་སྐུ་ དང་དབྱེར་མེད་ཡིན་ཏེ། རྒྱུད་བླ་མའི་འགྲེལ་པ་ལས། གང་དག་དེ་ལ་བརྟེན་པ་ནོར་བུའི་འོད་ དང་མདོག་དང་དབྱིབས་བཞིན་དུ་དབྱེར་མེད་པའི་རང་བཞིན་ཉིད་ཀྱིས་ཞེས་བཤད་ཅིང་ རྣམ་གྲངས་མེད་པར་རྟག་པ་ཡིན་ན་དེ་མི་རུང་བའི་ཕྱིར་རོ། །ཞེས་པ་ཡང་དཔྱད་པར་བྱ་སྟེ། 6-1-123 སངས་རྒྱས་ཀྱི་ཁམས་ཟག་པ་མེད་པའི་དབྱིངས་དེ་ཡང་སྟོབས་བཅུ་དང་མི་འཇིགས་པ་བཞི་ ལ་སོགས་པའི་ཡེ་ཤེས་རྣམས་དང་དབྱེར་མེད་པ་མ་ཡིན་པར་འགྱུར་ཏེ། རྟག་པ་ཡིན་པའི་ ཕྱིར་རོ། །རྟག་པ་ཡིན་པར་ནི་སྔར་བསྒྲུབས་ཤིང༌། ཡེ་ཤེས་རྣམས་དང་དབྱཻར་མེད་ཡིན་པ་ནི། རྒྱུད་བླར། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་ འགྲེལ་པ་དང་བཅས་པ་གོང་དུ་དྲངས་ཏེ་རྣམ་པ་ཐམས་ཅད་དུ་མཚུངས་པ་ཡིན་ནོ། །ཆོས་ཀྱི་ སྐུའི་ཡོན་ཏན་སྟོབས་བཅུ་ལ་སོགས་པ་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་པོ་རྣམས་མི་ རྟག་པ་ཡིན་ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཡང་མི་རྟག་པ་ཡིན་པར་འགྱུར་ཏེ། ཡོན་ཏན་དེ་ རྣམས་ཉིད་རང་བཞིན་གྱིས་དབྱེར་མེད་པར་འདུས་པའི་བདག་ཉིད་ཆོས་ཀྱི་སྐུ་ཡིན་གྱི་དེ་ ལས་གཞན་པའི་ཆོས་ཀྱི་སྐུ་མེད་པའི་ཕྱིར། ཆོས་ཀྱི་སྐུ་ཡང་མི་རྟག་པར་འགྱུར་བའི་རྒྱུ་མཚན་ རྣམ་པ་ཐམས་ཅད་དུ་མཚུངས་པ་ཡིན་ནོ། །ཆོས་ཀྱི་སྐུ་མི་རྟག་པ་ཡིན་ན་ནི་རྟག་མི་རྟག་གི་ སྤྲོས་པ་དང་བྲལ་བར་ཁྱེད་ཉིད་ཀྱིས་རྣམ་པར་གཞག་པ་དང་ཡང་འགལ་ལ། དོན་དམ་པའི་ སྐྱབས་དང་གཏན་གྱི་སྐྱབས་མ་ཡིན་པར་ཡང་འགྱུར་ཏེ་མི་རྟག་པ་ཡིན་པས་ན་བརྫུན་པ་སླུ་ བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་གང་འདུས་ བྱས་ཀྱི་མཚན་ཉིད་དུ་གཏོགས་པ་དེ་ནི་མི་རྟག་པ་ལགས་སོ། །གང་མི་རྟག་པ་དེ་ནི་བརྫུན་པ་ སླུ་བའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་གང་བརྫུན་པ་སླུ་བའི་ཆོས་ཅན་དེ་ནི་མི་ བདེན་པ་དང་མི་རྟག་པ་ལགས་ཏེ་སྐྱབས་མ་ལགས་སོ། །ཞེས་གསུངས་སོ། །གཞན་ཡང་ ཆོས་སྐུའི་ཡོན་ཏན་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པའི་ཆོས་རྣམས་ཆོས་ཀྱི་སྐུ་དང་ དབྱེར་མེད་པའི་མཐར་ཐུག་གི་སྐྱབས་གནས་སུ་གྱུར་པའི་ཆོས་དཀོན་མཆོག་མ་ཡིན་པར་ འགྱུར་ཏེ། མི་རྟག་པ་ཡིན་པས་ན་བརྫུན་པ་སླུ་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེས་ན་རྒྱུད་ བླའི་འགྲེལ་པའི་ལུང་སྔར་བཤད་པའི་ཚུལ་གྱིས་ཞེས་སོགས་གོང་དུ་དྲངས་པ་ལྟར། སྟོབས་ 6-1-124 དང་མི་འཇིགས་པ་དང་མ་འདྲེས་པའི་ཆོས་རྣམས་དོན་དམ་མཐར་ཐུག་གི་ཆོས་དཀོན་མཆོག་ ཡིན་ལ། སངས་རྒྱས་ཆོས་ཀྱི་སྐུ་ཉིད་ལ་མཐར་ཐུག་དོན་དམ་གྱི་དཀོན་མཆོག་གསུམ་ག་ཚང་ བར་དཔལ་ཕྲེང་གི་མདོ་དང་རྒྱུད་བླ་རྩ་འགྲེལ་དུ་གསུངས་ཤིང༌། སོར་མོའི་ཕྲེང་བ་ལ་ཕན་ པའི་མདོར་ཡང༌། ཐེག་པ་འདི་ནི་ཐེག་ཆེན་ཏེ། །ཆགས་མེད་ཡེ་ཤེས་ཞེས་ཀྱང་བགྱི། །ཐེག་པ་ གཅིག་པོ་སྐྱབས་གཅིག་སྟེ། །དེ་བཞིན་གཤེགས་པ་དོན་དམ་སྐྱབས། །ཆོས་དང་སངས་རྒྱས་ དོན་གཅིག་སྟེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །དགེ་འདུན་དེ་བཞིན་གཤེགས་ཀྱི་མིང༌། ། དགེ་འདུན་ཉིད་ནི་དེ་བཞིན་གཤེགས། །ཞེས་གསུངས་ཏེ། དེ་ལྟ་བུའི་དོན་དམ་མཐར་ཐུག་ གི་དཀོན་མཆོག་གསུམ་ག་ཡང་མི་རྟག་གོ་ཞེས་སྨྲས་ན་ཉེས་པ་ཤིན་ཏུ་ཆེ་བར་གསུངས་ཏེ། མྱང་འདས་ཆེན་པོའི་མདོ་ལས། རིགས་ཀྱི་བུ་དཔེར་ན། ཤིང་ཡོད་པའི་རྐྱེན་གྱིས་གྲིབ་མ་ ཡོད་དོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། རྟག་པའི་ཆོས་ཡོད་པས་སྐྱབས་སུ་འགྲོ་ བའི་གནས་ཡོད་མོད་ཀྱི། མི་རྟག་པ་ནི་མ་ཡིན་ནོ། །གང་ཞིག་དེ་བཞིན་གཤེགས་པ་ལ་མི་ རྟག་པའོ་ཞེས་སྨྲ་ན། དེ་བཞིན་གཤེགས་པ་ཡང་ལྷ་དང་འཇིག་རྟེན་དུ་བཅས་པའི་སྐྱབས་སུ་ འགྲོ་བའི་གནས་མ་ཡིན་ནོ་ཞེས་དང༌། ཇི་ཙམ་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མི་ རྟག་གོ་ཞེས་སྨྲ་བ་དེ་ནི་བདག་ཀྱང་བསླུས་ལ། ཕ་རོལ་པོ་གཞན་ཡང་བསླུས་པ་ཡིན་ཏེ། གལ་ ཏེ་རལ་གྲི་རྣོན་པོས་ལྕེ་བཅད་ཀྱང་བླའི། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མི་རྟོག་གོ་ ཞེས་མི་སྨྲའོ། །གཞན་དེ་སྐད་སྨྲ་བ་ལ་ཡང་ཡིད་མི་ཆེས་ཏེ། དེ་སྐད་སྨྲ་བ་དེ་ལ་སྙིང་རྗེའི་ སེམས་བསྐྱེད་དོ། །ཞེས་གསུངས་སོ། །གལ་ཏེ་སྟོབས་སོགས་ཆོས་སྐུའི་ཡོན་ཏན་ཡེ་ཤེས་ ཀྱིས་བསྡུས་པ་རྣམས་སངས་རྒྱས་ཀྱི་ཆོས་སྐུ་རྣམ་བྱང་གི་བདེན་པ་གཉིས་ཀྱི་བདག་ཉིད་དུ་ བཤད་པའི་ལམ་བདེན་ཡིན་ལ། ལམ་བདེན་ནི་མི་རྟག་པ་ཡིན་ཏེ། དཔལ་ཕྲེང་སེང་གེའི་ སྒྲས། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་བདེན་པ་གསུམ་ནི་མི་ 6-1-125 རྟག་པ་ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ། །དེ་ཅེའི་སླད་དུ་ཞེ་ན། བཅོམ་ ལྡན་འདས་བདེན་པ་གསུམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པའི་སླད་དུ་སྟེ། ཞེས་ གསུངས་པའི་ཕྱིར་རོ་སྙམ་ན། ལུང་འདིས་བསྟན་པའི་བདེན་པ་གསུམ་གྱི་ཡ་གྱལ་གྱི་ལམ་ བདེན་ནི་སློབ་ལམ་གྱིས་བསྡུས་པའི་ལམ་བདེན་ཡིན་གྱི་སངས་རྒྱས་ཀྱི་ཆོས་སྐུས་རབ་ཏུ་ཕྱེ་ བའི་ལམ་བདེན་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་སྐུས་རབ་ཏུ་ཕྱེ་བའི་ལམ་བདེན་ནི་མཐར་ ཐུག་གི་སྐྱབས་ཡིན་ལ། འདིར་བསྟན་པའི་ལམ་བདེན་ནི་མི་རྟག་པར་གསུངས་པས་མཐར་ ཐུག་གི་སྐྱབས་མ་ཡིན་པའི་ཕྱིར་རོ། །སྤྱིར་ཡང་བདེན་པ་བཞིར་རྣམ་པར་གཞག་པ་ན་སངས་ རྒྱས་ཀྱི་ཆོས་སྐུའི་ཡོན་ཏན་གྱིས་བསྡུས་པའི་ཡེ་ཤེས་རྣམས་ནི་ལམ་བདེན་བཏགས་པ་ཙམ་ ཡིན་གྱི། ལམ་བདེན་དངོས་ནི་མ་ཡིན་ཏེ། འགོག་པའི་བདེན་པར་བསྡུས་པ་ཡིན་པའི་ཕྱིར་ རོ། །དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ནི་ཆོས་ཆུད་གསོན་ པ་མ་ལགས་སོ་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ ཐོག་མ་མ་མཆིས་པའི་དུས་ནས་མཆིས་པ་མ་བགྱིས་པ། མ་སྐྱེས་པ། མི་བས་པ། བས་པ་མ་ མཆིས་པ། རྟག་པ། བརྟན་པ། རང་བཞིན་གྱིས་ཡོངས་སུ་དག་པ། ཉོན་མོངས་པ་ཐམས་ཅད་ ཀྱི་སྦུབས་ནས་ངེས་པར་གྲོལ་བ། སངས་རྒྱས་ཀྱི་ཆོས་ཐ་དད་དུ་མི་གནས་པ། གྲོལ་བའི་ ཤེས་པ། བསམ་གྱིས་མི་ཁྱབ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་སྙེད་དང་ལྡན་པ་ནི་ སྡུག་བསྔལ་འགོག་པའི་མིང་གིས་བསྟན་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་ཉིད་ལ་དེ་ བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་སྐུ་ཉོན་མོངས་པའི་སྦུབ་ནས་ངེས་པར་གྲོལ་བ་ཞེས་ བགྱིའོ་ཞེས་སངས་རྒྱས་ཀྱི་ཆོས་སྐུ་སངས་རྒྱས་ཀྱི་ཆོས་ཐ་དད་དུ་མི་གནས་པ་གྲོལ་བས་ཤེས་ པ་བསམ་གྱིས་མི་ཁྱབ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་སྙེད་དང་ལྡན་པ་ཞེས་པ་ནི་ ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དབྱེར་མེད་དུ་ལྡན་པར་བསྟན་ལ། དེ་སྡུག་བསྔལ་འགོག་ 6-1-126 པའི་མིང་གིས་བསྟན་ཞེས་གསུངས་པས་ཆོས་སྐུའི་ཡེ་ཤེས་རྣམས་འགོག་བདེན་དུ་བསྡུས་པ་ ཡིན་ནོ། །མདོ་དེ་ཉིད་ལས་བདེན་པ་གསུམ་སྐྱབས་མ་ཡིན་པར་སྔར་ལུང་དྲངས་པ་དེ་དག་ གིས་གསུངས་ནས། དེའི་རྗེས་སུ་བཅོན་ལྡན་འདས་འདི་ལ་བདེན་པ་གཅིག་ནི་འདུས་བྱས་ ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་ལགས་ཏེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་ མཚན་ཉིད་ཀྱི་ཡུལ་ལས་འདས་པ་དེ་ནི་རྟག་པ་ལགས་སོ། །གང་རྟག་པ་དེ་ནི་མི་སླུ་བའི་ཆོས་ ཅན་ལགས་སོ། །བཅོམ་ལྡན་འདས་གང་མི་སླུ་བའི་ཆོས་ཅན་དེ་ནི་བདེན་པ་དང་རྟག་པ་དང་ སྐྱབས་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས། འདི་ལ་སྡུག་བསྔལ་འགོག་པའི་ བདེན་པ་ཉིད་ནི་ཡང་དག་པར་ན་བདེན་པ་དང༌། རྟག་པ་དང༌། སྐྱབས་ལགས་སོ་ཞེས་བདེན་ པ་གསུམ་མི་རྟག་པས་སྐྱབས་མ་ཡིན་པ་དང་འགོག་བདེན་གཅིག་པུ་རྟག་པས་མཐར་ཐུག་གི་ སྐྱབས་ཡིན་པར་གསུངས་ལ། ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ལམ་བདེན་བཏགས་པ་བ་སྟོབས་ དང་མི་འཇིགས་པ་ལ་སོགས་པའི་ཡེ་ཤེས་རྣམས་ནི་གཏན་གྱི་སྐྱབས་ཡིན་པའི་ཕྱིར་འགོག་ བདེན་དུ་འདུ་བ་ཡིན་གྱི། ལམ་བདེན་མཚན་ཉིད་པ་མ་ཡིན་ནོ། །དེར་མ་ཟད་ཆོས་ཀྱི་སྐུ་རྟག་ པ་ཡིན་པ་བཞིན་དུ་ཆོས་སྐུ་དང་དབྱེར་མེད་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པར་ཡེ་ ཤེས་རྣམས་ཀྱང་རྟག་པ་ཡིན་ཏེ། གཏན་གྱི་སྐྱབས་ཡིན་པའི་ཕྱིར་དང་རྒྱུ་རྐྱེན་གྱིས་འདུས་མ་ བྱས་པར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ལ་ གདོད་མ་ཉིད་ནས་དབྱེར་མེད་ལྷུན་གྲུབ་ཏུ་ཚང་བ་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་ སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ཉིད་ཡེ་ཤེས་ཡིན་པའི་ཕྱིར་ཏེ། མྱང་ འདས་ཀྱི་མདོའི་ལུང་སྔར་དྲངས་པ། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་ དོན་དམ་པ་སྟོང་པའོ། །དོན་དམ་པ་སྟོང་པ་ནི་ཡེ་ཤེས་ཞེས་བྱའོ་ཞེས་གསུངས་པས་སོ། ། གཞན་ཡང་མདོ་དེ་ཉིད་ལས། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། སྟོབས་ 6-1-127 བཅུ་དང༌། མི་འཇིགས་པ་གཞི་དང༌། སྙིང་རྗེ་ཆེན་པོ་དང༌། དྲན་པ་ཉེ་བར་གཞག་པ་གསུམ་ སྟེ། སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་པོ་ཡོད་པ་ཡང་ཉོན་མོངས་པ་ཡོངས་སུ་བཅོམ་ ན་གདོད་མཐོང་བར་འགྱུར་རོ། །ཞེས་གསུངས་ཏེ། སེམས་ཅན་ལ་ཡོད་པའི་སྟོབས་བཅུ་ལ་ སོགས་པ་ནི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་ ངོ་བོར་ཡོད་པ་དེ་ཡིན་གྱི་དེ་ལས་གཞན་པ་མ་ཡིན་ནོ། །ཡང་མདོ་དེ་ཉིད་ལས། རིགས་ཀྱི་བུ་ དེ་བཞིན་གཤེགས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱ་ཆུབ་ཐོབ་པས་སངས་རྒྱས་ ཀྱི་རང་བཞིན་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་རྟག་སྟེ། མི་འགྱུར་མི་འཕོ་བའོ། །དེ་ ལྟ་བས་ན་ནམ་མཁའ་དང་འདྲ་བར་དུས་གསུམ་མེད་པའོ། །ཞེས་དང༌། ལང་ཀར་གཤེགས་ པ་ལས་ཀྱང༌། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཞེས་དང༌། སངས་རྒྱས་ རྣམས་ཀྱི་མངོན་པར་རྟོགས་པ་ཐུགས་སུ་ཆུད་པའི་ཡེ་ཤེས་ནི་རྟག་པ་སྟེ། ཞེས་གསུངས་ཏེ། དོན་དམ་པ་འཕགས་པའི་ཡེ་ཤེས་དེ་སྟོང་པ་ཆེན་པོ་ཆོས་ཀྱི་དབྱིངས་ཡིན་པར་གསུངས་པས་ རྟག་པར་གསུངས་ཤིང༌། མངོན་པར་རྟོགས་པ་ཐུགས་སུ་ཆུད་པའི་ཡེ་ཤེས་དང་དོན་གཅིག་གོ། མདོར་ན་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་རང་བཞིན་རྟག་པ་ཡིན་ལ། ཡེ་ཤེས་ཀྱི་བདག་ ཉིད་ཀྱང་ཡིན་ཏེ་ཡེ་ཤེས་མ་ཡིན་པའི་སངས་རྒྱས་ཀྱི་དོན་དམ་པའི་སྐུ་མེད་པའི་ཕྱིར་རོ། ། དེས་ན་ཆོས་སྐུའམ་ངོ་བོ་ཉིད་ཀྱི་སྐུ་དང་དབྱེར་མེད་པའི་ཡེ་ཤེས་རྣམས་ནི་རྟག་པ་ཉིད་ཡིན་ པ་ནི་ངེས་པའི་དོན་གྱི་གསུང་རབ་ཤིན་ཏུ་ཟབ་མོ་རྣམས་ཀྱི་དགོངས་པ་ཡིན་ཏེ། རྟོག་གེ་པ་ རྣམས་ཀྱི་བློས་བསམ་པར་བྱ་བ་ནི་མ་ཡིན་ནོ། །གཟུགས་ཀྱི་སྐུ་ནི་རང་བཞིན་རྟག་པ་མ་ཡིན་ པས་དེས་བསྡུས་པའི་ཡེ་ཤེས་རྣམས་ཀྱང་རང་བཞིན་རྟག་པ་མ་ཡིན་ཏེ། སྐུ་ལ་ཀུན་རྫོབ་དང་ དོན་དམ་གཉིས་སུ་དབྱེར་ཡོད་པ་ལྟར་ཡེ་ཤེས་ལ་ཡང་ཀུན་རྫོབ་དང་དོན་དམ་གཉིས་སུ་ ཡོད་པའི་ཕྱིར་རོ། །འདི་དག་གི་ལུང་གཞན་ཡང་མང་པོ་ཡོད་མོད་ཀྱི་མ་བྲིས་སོ། ། 6-1-128 འོ་ན་མྱ་ངན་ལས་འདས་པའི་མདོ་ལས། ཤེས་རབ་ཅན་རྣམས་ཀྱིས་ནི་རྟག་པ་དང་ བརྟན་པ་དང་ཐེར་ཟུག་པ་དེ་སྒྱུ་མ་ཙམ་དུ་ཡོད་པར་ཤེས་སོ། །ཞེས་དང༌། ཡང་མི་གནས་ པའི་སྒྱུ་མ་ཞེས་བྱ་སྟེ་དེ་བཞིན་གཤེགས་པ་སྒྱུ་མ་དང་མཚུངས་ན་ཅིའི་ཕྱིར་གནས་ཞེས་སྨྲ། ཞེས་རྟག་པ་དང་བརྟན་པ་ལ་སོགས་པ་རྣམས་ཡང་དག་པར་མི་བདེན་པར་གསུངས་པ་དང་ འགལ་ལོ་སྙམ་ན། ལུང་དེའི་དགོངས་པ་ནི་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་ དང་ཆོས་ཀྱི་སྐུ་དོན་དམ་པར་རྟག་པ་ཡིན་ཡང་རྟག་པའི་དངོས་པོ་མ་ཡིན་པ་དང༌། བདེན་པ་ ཡིན་ཡང་བདེན་པའི་དངོས་པོ་མ་ཡིན་པ་ལ་དགོངས་ནས་སྒྱུ་མ་ཙམ་དུ་ཡོད་པར་གསུངས་པ་ ཡིན་གྱི། རྟག་པ་དང་བརྟན་པར་མི་བདེན་ཞིང་བརྫུན་པ་ཡིན་པ་ལ་དགོངས་ནས་སྒྱུ་མ་ཙམ་ དུ་ཡོད་པར་གསུངས་པ་མ་ཡིན་ཏེ། མདོ་དེ་ཉིད་ལས། སངས་རྒྱས་རྣམས་ཀྱིས་ཐོབ་པ་ནི་ རྟག་པ་ཞེས་ཀྱང་བྱ། རང་གིས་རིག་པའི་ཆོས་ཞེས་ཀྱང་བྱ་སྟེ། ཡང་དག་པའི་བདེན་པ་ཞེས་ བྱའོ། །ཞེས་དང༌། རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་ནང་ན་མྱ་ངན་ལས་འདས་པ་མ་གཏོགས་ པར་ཆོས་གཅིག་ཀྱང་རྟག་ཅེས་བྱ་བ་མེད་དེ། ཀུན་རྫོབ་ཏུ་འབྲས་བུ་ནི་རྟག་ཅེས་གསུངས་ སོ། །ཞེས་དང༌། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། ཅི་ཁྱོད་དེ་བཞིན་ གཤེགས་པ་ལ་མྱ་ངན་ལས་འདའ་བར་འདུ་ཤེས་སམ། རིགས་ཀྱི་བུ་དེ་བཞིན་གཤེགས་ པ་ནི་ཡང་དག་པར་ན། རྟག་པ་གནས་པ་མི་འགྱུར་བ་ཡོངས་སུ་མྱ་ངན་ལས་མ་འདས་པའོ། ། རིགས་ཀྱི་བུ་དེ་ལ་གང་ཞིག་བདག་ཏུ་འཛིན་ན་དེ་ནི་སངས་རྒྱས་ཀྱི་བདག་ཅེས་བྱ་སྟེ། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཞེས་དང༌། འཇམ་ དཔལ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཁོར་མང་པོ་འདི་དག་གི་ནང་ན་འོད་འདི་སྣང་བར་གྱུར་ཅེས་ བཀའ་སྩལ་པ་དང༌། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་འོད་འདི་ནི་ཡེ་ཤེས་ ལགས་ཏེ། ཡེ་ཤེས་ཞེས་བགྱི་བ་ནི་རྟག་ཏུ་གནས་པའི་ཆོས་ཅན་ནོ། །རྟག་ཏུ་གནས་པའི་ 6-1-129 ཆོས་ཅན་ལ་ནི་རྒྱུ་དང་རྐྱེན་མ་མཆིས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཅིའི་རྒྱུ་ཅིའི་ རྐྱེན་གྱིས་འོད་འདི་བྱུང་བར་གྱུར་ཅེས་བཀའ་སྩལ། ཞེས་པ་ནས། འོད་འདི་ནི་མྱ་ངན་ལས་ འདས་པ་ཆེན་པོ་ཞེས་དང༌། དེ་བཞིན་གཤེགས་པ་ཞེས་པ་ལ་སྔ་མ་བཞིན་དུ་སྦྱར་ཏེ་ཞུས་པ་ ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཆོས་ཐམས་ཅད་ཀྱི་ཤིན་ཏུ་ ཟབ་མོའི་དོན་དམ་པ་ལ་མ་འཇུག་པར། ཀུན་རྫོབ་ཏུ་བརྗོད་ཅིང་སྨོས་ཤིག་ཅེས། ཡེ་ཤེས་ དང་མྱང་འདས་ཆེན་པོ་དང་དེ་བཞིན་གཤེགས་པ་རྟག་ཏུ་གནས་པའི་ཆོས་ཅན་ཡིན་པར་སྨྲ་ བ་དེ་དོན་དམ་པ་ལ་འཇུག་པ་ཡིན་པར་གསུངས་པའི་ཕྱིར་རོ། །འདིའི་སྒྲུབ་བྱེད་དུ་འགྱུར་ བའི་ལུང་སྔར་དྲངས་པ་རྣམས་ཀྱི་ནང་ན་ཡང་བཞུགས་སོ། །དེ་ལྟ་བུའི་ལུང་དེ་རྣམས་ཀྱང་སྒྲ་ ཇི་བཞིན་པ་མ་ཡིན་པའི་དྲང་དོན་དགོངས་པ་ཅན་ཡིན་ནོ་སྙམ་ན། དེ་ལྟ་བུའི་ལུང་རྣམས་དྲང་ དོན་དགོངས་པ་ཅན་མ་ཡིན་པའི་རྒྱུུ་མཚན་སྔར་ཡང་བསྟན་ཅིང་འོག་ཏུ་ཡང་བསྟན་པར་བྱའོ། ། མདོ་གཅིག་ཉིད་ལས་འབྱུང་བའི་ལུང་རྣམས་ལ། རང་གི་གྲུབ་མཐའི་ཤེས་བྱེད་དུ་དྲང་དུ་ རུང་ཙམ་གྱི་ཚིག་ཟུར་ཡོད་པ་རྣམ་ངེས་དོན་ཁོ་ན་ཡིན་ལ། གཞན་གྱི་གྲུབ་མཐའི་ཤེས་བྱེད་དུ་ གསལ་པོར་འགྱུར་བའི་ལུང་རྣམས་ནི་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་ཁོ་ན་ཡིན་ནོ་ཞེས་ འཆད་པ་ནི་རིགས་པར་སྨྲ་བ་མ་ཡིན་ནོ། ། ༈ ཡང་སངས་རྒྱས་ཀུན་རྫོབ་ཏུ་རྣམ་གྲངས་པའི་རྟག་པ་དང༌། བརྟན་པ་དང༌། མི་ཟད་ པ་ཡིན་ཏེ། དུས་ཀྱི་མཐའ་མེད་པའི་ཕྱིར་རོ། །ཞེས་འཆད་པའང་རིགས་པ་མ་ཡིན་ཏེ། དེ་ལྟ་ ན་སངས་རྒྱས་ཀུན་རྫོབ་ཏུ་རྣམ་གྲངས་པའི་སྐྱབས་གནས་ཡིན་པར་འགྱུར་ལ། དེ་འདོད་ན་ ཁྱེད་ཉིད་ཀྱིས་དོན་དམ་པར་སྐྱབས་གནས་གསུམ་ཐ་དད་པ་མ་ཡིན་གྱི། སངས་རྒྱས་གཅིག་ པུ་ལ་གསུམ་ག་འདུས་པས་དོན་དམ་པར་སྐྱབས་གཅིག་ཡིན་པར་འཆད་ཅིང༌། དེའི་ཤེས་ བྱེད་དུ་མྱ་ངན་ལས་འདས་པའི་མདོར། ཆོས་ཀྱི་དེ་ཁོ་ན་ཉིད་དུ་ནི་གཞི་གསུམ་པོ་ལ་ཐ་དད་ 6-1-130 དུ་དབྱེ་བར་མ་ལྟ་ཞིག་ཅེས་འགོད་པ་དང་འགལ་ཞིང༌། རྒྱུད་བླར། དམ་པའི་དོན་དུ་འགྲོ་བ་ ཡི། །སྐྱབས་ནི་སངས་རྒྱས་ཉག་ཅིག་ཉིད། །ཅེས་པའི་འགྲེལ་པར། སྐྱོབ་པ་མེད་ཅིང་སྐྱབས་ མེད་པའི་འཇིག་རྟེན་ན། ཕྱི་མའི་མཐའི་མུ་དང་མཉམ་པ། མི་ཟད་པའི་སྐྱབས། རྟག་པའི་ སྐྱབས། གཡུང་དྲུང་གི་སྐྱབས། དོན་དམ་པའི་སྐྱབས་ནི་གཅིག་ཉིད་དེ། འདི་ལྟ་སྟེ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་གསུངས་པ་དང་ འགལ་ལོ། །དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་ དུས་ཀྱི་མཐའ་མཆིས་པ་ལ་གནས་པ་མ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཕྱི་མའི་མཐའི་མུར་ཐུག་པར་ གནས་པའི་སླད་དུའོ་ཞེས་པ་ནས། བཅོམ་ལྡན་འདས་དེ་ལྟ་ལགས་པས་འདི་ལྟར་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྐྱབས་མ་མཆིས་ པ་དང༌། སྐྱོབ་པ་མ་མཆིས་པའི་འཇིག་རྟེན་ན་ཕྱི་མའི་མཐར་ཐུག་པར་སྐྱབས་མི་ཟད་པ་དང༌། སྐྱབས་རྟག་པ་དང༌། སྐྱབས་བརྟན་པ་ལགས་སོ། །ཞེས་གསུངས་པའི་དགོངས་པ་ཡང་སངས་ རྒྱས་གཟུགས་ཀྱི་སྐུ་ནི་རྣམ་གྲངས་པའི་རྟག་པ་རྒྱུན་མི་འཆད་པའི་ཚུལ་གྱིས་དུས་ཀྱི་མཐའ་ མེད་པར་གནས་པ་དང༌། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་འདུས་མ་བྱས་ནམ་མཁའ་ལྟར་རང་ བཞིན་རྟག་པས་དུས་ཀྱི་མཐའ་མེད་པ་ཕྱི་མའི་མཐར་ཐུག་པར་སྐྱབས་མི་ཟད་པ་དང༌། རྟག་ པ་དང་བརྟན་པར་གསུངས་པ་ཡིན་ནོ། །དེ་ལྟར་བཀའ་འཁོར་ལོ་གསུམ་པའི་ཤིན་ཏུ་རྒྱས་ པའི་མདོ་རྣམས་ལས། དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་ གསུངས་པའི་དགོངས་པའི་དོན་ཡང་རྒྱུད་བླ་མའི་ལུང་སྔར་དྲངས་པ། སེམས་ཞུམ་སེམས་ ཅན་དམན་ལ་བརྙས་པ་དང༌། །ཞེས་སོགས་ཚིགས་བཅད་གཅིག་གིས་མདོར་བསྟན་པས་ ཏེ། བདག་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ཆོས་ཀྱི་སྐུ་གདོད་མ་ནས་ཡོད་ 6-1-131 པར་མ་ཤེས་ན་བདག་ལྟ་བུས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ག་ལ་ནུས་ཞེས་སེམས་ཞུམ་ པས་བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་ལ། བདག་ཉིད་ལ་སངས་རྒྱས་སྙིང་པོའི་ཚུལ་དུ་ཡོད་པར་ ཤེས་པས་སེམས་ཀྱི་ཞུམ་པ་དང་བྲལ་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་དོན་དང༌། བྱང་ཆུབ་ ཀྱི་སེམས་མ་སྐྱེས་པའི་སེམས་ཅན་རྣམས་ལ་ཡང་སངས་རྒྱས་ཆོས་ཀྱི་སྐུ་ཡོད་པར་མ་ཤེས་ན་ དམན་པ་ཡིན་ནོ་ཞེས་བརྙས་པར་འགྱུར་བས་བརྙས་པ་སྤང་བའི་དོན་དང༌། བདེར་གཤེགས་ སྙིང་པོའི་གནས་ལུགས་མ་ཤེས་ན་སེམས་ཅན་གྱི་སྐྱོན་གླཽ་བུར་གྱི་དྲི་མ་ཡང་དག་པར་ཡོད་ པ་མ་ཡིན་པ་དེ་ཡང་དག་པར་ཡོད་པར་འཛིན་པར་འགྱུར་བའི་དེ་སྤང་བའི་དོན་དང༌། བདེ་ གཤེགས་སྙིང་པོའི་གནས་ལུགས་མ་ཤེས་ན་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་ གསལ་བ་ལ་ཆོས་སྐུའི་ཡང་དག་པའི་ཡོན་ཏན་གྱི་ཆོས་རང་བཞིན་གྱིས་ལྡན་པར་མ་ཤེས་ པས་རང་བཞིན་གྱི་ཡོན་ཏན་མེད་དོ་ཞེས་སྐུར་བ་འདེབས་པ་སྤང་པའི་དོན་དང༌། བདག་ གཞན་བདེར་གཤེགས་སྙིང་པོ་ཅན་དུ་མཚུངས་པར་མ་ཤེས་ན་བདག་ལ་ལྷག་པར་ཆགས་ པར་འགྱུར་བས་ཆགས་པ་དེ་སྤང་པའི་དོན་ཏེ། དགོས་པ་དེ་དག་གི་དོན་དུ་སེམས་ཅན་ ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཏུ་གསུངས་པ་ཡིན་ནོ། །དེ་ཡང་དེ་བཞིན་ གཤེགས་པའི་སྙིང་པོ་ཆོས་ཀྱི་སྐུ་ཟག་པ་མེད་པའི་དབྱིངས་ཡང་དག་པར་བདེན་ཞིང་སླུ་བ་ མེད་པ་བདག་ཁོ་ན་བདག་ཡིན་ལ། དེ་ཉིད་རྣམ་པ་ཐམས་ཅད་དུ་འགྱུར་བ་མེད་ཅིང་འཇིག་ པ་མེད་པ་ནི་རྟག་པའི་དོན་ཡིན་ནོ། །གལ་ཏེ་དབུ་མ་པར་ཁས་འཆེ་བ་འགའ་ཞིག་སྨྲ་བ་ལྟར་ ཡང་དག་པར་བདེན་པའི་ཆོས་གང་ཡང་མེད་པར་སྨྲ་ན་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་ རྩ་བའི་རང་འགྲེལ་དུ་དོན་དམ་པའི་བདེན་པ་ནི་འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པར་ ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ་ཞེས་དང༌། རིགས་པ་ 6-1-132 དྲུག་ཅུ་པར་ཡང༌། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་ པ། །དེ་ཚེ་ལྷག་མ་ལོག་མིན་ཞེས། །མཁས་པ་སུ་ཞིག་རྟོགས་པར་བྱེད། །ཅེས་དང༌། བྱང་ ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོར་ཡང༌། བདེན་པ་ནི་གཅིག་པུ་གཉིས་མ་ཡིན་པ་སྟེ། འདི་ ལྟ་སྟེ་འགོག་པའི་བདེན་པའོ། །ཞེས་དང༌། དཔལ་ཕྲེང་གི་མདོར་ཡང༌། སྡུག་བསྔལ་འགོག་ པའི་བདེན་པ་ཉིད་ནི་ཡང་དག་པར་ན་བདེན་པ་དང༌། རྟག་པ་དང༌། སྐྱབས་ལགས་སོ། ཞེས་ གསུངས་པ་དང་འགལ་ལོ། །སློབ་དཔོན་ཤཱན་ཏི་བའི་དབུ་མ་རྒྱན་གྱི་རང་འགྲེལ་དུ་རང་ བཞིན་གསུམ་དུ་སྨྲ་བས་ནི་དབུ་མ་པའོ། །ཡང་གང་ཞིག་ཐམས་ཅད་བརྫུན་པར་སྨྲ་བ་ནི་དབུ་ མ་པ་ལྟར་སྣང་བ་ཡིན་ནོ་ཞེས་གསུངས་པ་ལྟར་འགྱུར་རོ། །ཡང་དེ་བཞིན་གཤེགས་པའི་སྙིང་ པོ་སྟོན་པའི་མདོ་རྣམས་དགོངས་པ་ཅན་མ་ཡིན་པ་ནི་མྱང་འདས་ཆེན་པོའི་མདོ་ལས། བཅོམ་ ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ཤིན་ཏུ་ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཁྱོད་ ཀྱིས་སྨྲས་པ་བཞིན་ཏེ། དེ་བཞིན་གཤེགས་པ་ལ་ཡང་དག་པར་ནི་དགོངས་ཏེ་གསུངས་པའི་ སྙིང་པོ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་སྟོན་ཀའི་ཟླ་བ་ཉ་བ་ནི་སྟེང་གི་ནམ་མཁའ་ ལ་ཤིན་ཏུ་གསལ་བར་སྣང་བའི་སྒྲིབ་པ་མེད་པའི་ཕྱིར་སྐྱེ་བོ་ཐམས་ཅད་ཀྱིས་མཐོང་ངོ༌། །དེ་ བཞིན་གཤེགས་པའི་བཀའ་ཡང་དེ་དང་འདྲ་བར་ཤིན་ཏུ་གསལ་ཅིང་རྣམ་པར་དག་ཀྱང༌། བྱིས་པ་མ་རབས་ཀྱིས་མི་ཤེས་པའི་ཕྱིར་ན་དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱའི། མཁས་པ་ཤེས་རབ་ཅན་རྣམས་ཀྱིས་ཁོང་དུ་ཆུད་པས་གསང་ཞེས་མི་བྱའོ་ཞེས་དང༌། རིགས་ ཀྱི་བུ་ཁྱིམ་བདག་གི་བུ་ཤེད་རྫོགས་ཏེ་སློབ་པའི་མཐུ་ཡོད་བཞིན་དུ་གཙུག་ལག་ཆེན་པོ་ལ་ མ་བསླབས་ན་གསང་བ་ཞེས་བྱའོ། །ཉན་ཐོས་ཀྱང་གལ་ཏེ་ཐེག་པ་ཆེན་པོའི་གཙུག་ལག་ལ་ སློབ་པའི་མཐུ་ཡོད་པར་གྱུར་ལ། དེ་བཞིན་གཤེགས་པས་སེར་སྣ་མཛད་དེ་མ་བསྟན་ན། དེ་ བཞིན་གཤེགས་པ་ལ་དགོངས་ཏེ་གསུངས་པའི་སྙིང་པོ་ཡོད་ཅེས་བྱར་རུང་ངོ༌། །དེ་བཞིན་ 6-1-133 གཤེགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ལ་དགོངས་ཏེ་གསུངས་ པའི་སྙིང་པོ་མེད་དོ། །ཇི་ལྟར་ཁྱིམ་བདག་དེས་སྔར་བུ་དེ་ལ་ཡི་གེ་ཕྱེད་པོ་བསྟན་ནས། དེའི་ འོག་ཏུ་གཙུག་ལག་ཆེན་པོ་སྟོན་པ་བཞིན་དུ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། ཉེ་ གནས་རྣམས་ལ་སྔར་ཡི་གེ་ཕྱེད་ལྟ་བུ་མདོ་སྡེ་དགུ་པོ་བསྟན་ནས། དེའི་འོག་ཏུ་གཙུག་ལག་ ཆེན་པོ་སྟོན་པ་ནི་འདི་ལྟ་སྟེ་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་ མི་འཕོ་བ་ཞེས་བྱའོ། །ཞེས་གསུངས་ཏེ། བདེ་གཤེགས་སྙིང་པོ་དང་སངས་རྒྱས་བདག་དང་ རྟག་པ་ལ་སོགས་པར་སྟོན་པའི་ཤིན་ཏུ་རྒྱས་པའི་མདོ་སྡེ་འདི་ལྟ་བུ་ཤིན་ཏུ་གསལ་ཞིང་རྣམ་ པར་དག་པས་ཡང་དག་པར་ན་དགོངས་ཏེ་གསུངས་པ་མེད་པས། དགོངས་ཏེ་གསུངས་པའི་ སྙིང་པོ་ཞེས་བྱ་བ་མེད་ཀྱང༌། བྱིས་པ་མ་རབས་རྣམས་ཀྱིས་མ་ཤེས་པས་དགོངས་ཏེ་གསུངས་ པའི་སྙིང་པོ་ཞེས་བྱའི། མཁས་པ་ཤེས་རབ་ཅན་རྣམས་ལ་བདེ་གཤེགས་སྙིང་པོ་བདག་ དང་རྟག་པ་ལ་སོགས་པ་ཟབ་མོ་རྣམས་གསང་བའམ་དགོངས་ཏེ་གསུངས་པའི་ཚུལ་གྱིས་ གསུངས་མི་དགོས་ཏེ། དེ་དག་གི་བློ་ལ་དེ་ལྟ་བུའི་དོན་ཟབ་མོ་མི་འཚམས་པ་མེད་ཅིང་ཇི་ལྟ་ བ་བཞིན་རྟོགས་པར་ནུས་པི་ཕྱིར་རོ། །ཤེས་རབ་དམན་པ་ཉན་ཐོས་ལ་སོགས་ལ་ནི། བདེ་ གཤེགས་སྙིང་པོ་དང༌། སངས་རྒྱས་བདག་དང་རྟག་པ་ལ་སོགས་པ་ཟབ་མོའི་དོན་ཁོང་དུ་ ཆུད་པར་མི་ནུས་ཀྱི་བར་དུ་མི་སྟོན་ཞིང༌། ནམ་ཁོང་དུ་ཆུད་པར་ནུས་པའི་ཚེ་ནི་ཟབ་མོའི་དོན་ དེ་སྒྲ་ཇི་བཞིན་པར་བསྟན་པའི་ཆོག་པས་ན་དགོངས་ཏེ་གསུངས་པའི་ཚུལ་གྱིས་བསྟན་མི་ དགོས་ཏེ། དེ་བཞིན་གཤེགས་པས་ཉེ་གནས་རྣམས་ལ་སྔར་མེད་མདོ་སྡེ་དགུ་པོ་བསྟན་ནས། དེའི་འོག་ཏུ་དེ་བཞིན་གཤེག་པ་རྟག་པ་མི་འགྱུར་བ་མི་འཕོ་བ་ཞེས་བྱ་བ་སྟོན་པར་གསུངས་ པའི་ཕྱིར་རོ། །མྱང་འདས་ཆེན་པོ་ལྷའི་ཟླ་བའི་བསྒྱུར་བ་ལས་ཀྱང༌། གསོལ་པ་བཅོམ་ལྡན་ འདས་ཅི་ལགས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་གསང་བ་མཆིས་སམ། དགོངས་པའི་ 6-1-134 ཚིག་དགོངས་པའི་ཚིག་ཅེས་གསང་བར་མི་མཛད་དུ་གསོལ་བཅོམ་ལྡན་འདས་ཅི་ལགས། སངས་རྒྱས་ཀྱི་གསུང་མིག་འཕྲུལ་མཁན་གྱི་འཁྲུལ་འཁོར་དང༌། སྒྱུ་མ་མཁན་གྱིས་བགྱིས་ པའི་འཁྲུལ་འཁོར་གྱི་སྒྱུ་མའི་བུད་མེད་དང་འདྲ་བ་ལགས་སམ། བཀའ་སྩལ་བ་ངའི་བསྟན་ པ་ལ་ནི་གསང་བ་མེད་དེ་སངས་རྒྱས་ཀྱིགསུང་ནི་སྟོན་གྱི་ཟླ་བ་རྒྱས་པ་བཞིན་དུ་སྐྱོན་མེད་ པ་དང༌། མཚན་མས་མ་བཏབ་པ་དང༌། རྨོངས་པ་མེད་པ་དང༌། གསང་བ་དང༌། གསང་ཆེན་ དང་བྲལ་བ་དང༌། གསལ་བ་ཡིན་ནོ། །ཞེས་གསུངས་སོ། །གལ་ཏེ་བདེ་གཤེགས་སྙིང་པོ་ དང་སངས་རྒྱས་བདག་དང་རྟག་པ་ལ་སོགས་པ་སྟོན་པའི་དགོངས་པ་ཅན་གྱི་ལུང་ཡོད་ན་ ཡང༌། བདག་དང་རྟག་པ་ལ་སོགས་པ་ནི་དགོངས་ཏེ་གསུངས་པའི་སྙིང་པོར་གསུངས་ལ་ སྙིང་པོ་ཞེས་པ་ནི་དགོངས་གཞི་ཟབ་མོ་ཡིན་པའི་ཕྱིར་བདེ་གཤེགས་སྙིང་པོ་དང་སངས་རྒྱས་ བདག་དང་རྟག་པ་ཡིན་པ་དེ་དགོངས་གཞིའི་དོན་ཟབ་མོ་ཉིད་ཡིན་ནོ། །ཡང་སངས་རྒྱས་ཀྱི་ ཆོས་སྐུ་བདག་དང་རྟག་པར་གསུངས་པའི་ལུང་རྣམས་སྒྲ་ཇི་བཞིན་པ་མ་ཡིན་པའི་ལྡེམ་པོར་ དགོངས་པ་ཡིན་ན། སངས་རྒྱས་ཀྱི་ཆོས་སྐུ་བདེ་བ་དང་གཙང་བ་དང་ཡོངས་སུ་དག་པར་ གསུངས་པའི་ལུང་ཡང་སྒྲ་ཇི་བཞིན་པ་མ་ཡིན་པའི་ལྡེམ་དགོངས་ཡིན་པར་འགྱུར་བར་རྒྱུ་ མཚན་མཚུངས་ལ། ལུང་དེ་དག་ཀྱང་སྒྲ་ཇི་བཞིན་མ་ཡིན་ན་ནི། སངས་རྒྱས་རྣམས་ངེས་པའི་ དོན་དུ་བདེ་བར་གཤེགས་པ་དང་ཉེས་པ་མ་ལུས་པས་ཡོངས་སུ་དག་པ་མ་ཡིན་པར་འགྱུར་ ཞིང༌། དེ་ལྟ་ན་ནི་སངས་རྒྱས་རྣམས་ངེས་པའི་དོན་དུ་སངས་རྒྱས་ཉིད་མ་ཡིན་པར་ཧ་ཅང་ ཐལ་བས། ཆད་པ་ཆེན་པོའི་མཐར་ལྷུང་བ་ཡིན་ནོ། ། ༈ ཡང་རྔ་བོ་ཆེ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་དགོངས་པའི་ཚིག་ཅེས་བགྱི་བ་ ཅི་ལགས། འོད་སྲུང་དགོངས་པའི་ཚིག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ ལས་འདས་པ་ཞེས་བྱ་བ་ད་ལྟར་འདི་ལས་དེ་བཞིན་གཤེགས་པ་རྟག་པ་བརྟན་པ་ཞི་བ་ཐེར་ 6-1-135 ཟུག་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་ཉམས་པར་མི་འགྱུར་བ་ཞེས་བྱ་བ་སྟེ། མདོ་འདི་ནི་ དགོངས་པའི་ཚིག་ཅེས་བྱའོ་ཞེས་དང༌། འོད་སྲུང་འདི་ནི་ཇི་ལྟར་སྐྱེས་བུ་བཙས་ནས་ལོ་ཉི་ཤུ་ ལོན་པའི་བུ་ལོ་བརྒྱ་ལོན་པ་དག་ལྟར། རྔ་བོ་ཆེ་ཆེན་པོའི་མདོ་འདི་ཡང་དེ་འདྲའོ། །དེ་ཅིའི་ ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་བཞིན་དུ་ད་དུང་དུ་གནས་ སོ་ཞེས་བྱ་བ་དང༌། བདག་ཡོད་པ་མ་ཡིན་ཞིང༌། བདག་གི་ཡོད་པ་མ་ཡིན་པ་དག་ལ་ཡང་ བདག་ཅེས་བྱ་བའི་སོ། །ཞེས་པའི་ལུང་འདིས་རྔ་བོ་ཆེ་ཆེན་པོའི་མདོ་ཉིད་ལས་སེམས་ཅན་ ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་མིག་ལིང་ཏོག་གིས་རབ་རིབ་ཏུ་གྱུར་པ་ལྟ་བུ་ལ་ སོགས་པ་དཔེ་བཞིའི་སྒོ་ནས་གསུངས་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་བདག་ཡིན་ པ་ལ་སོགས་པར་གསུངས་པ་རྣམས་དྲང་དོན་དགོངས་པ་ཅན་དུ་བསྟན་ནོ་ཞེས་འཆད་པ་ ཡང་དགོངས་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཀྱང་རྟག་པ་ལ་སོགས་ པ་དང་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་བཞིན་དུ་ད་དུང་དུ་གནས་པ་དང་བདག་དང་ བདག་གི་བ་མེད་ཀྱང་བདག་ཡོད་པར་སྟོན་པའི་ཚིག་དེ་དག་གི་དོན་ཉན་རང་སོགས་ཀྱིས་ རྟོགས་པར་དཀའ་བས་ཉན་རང་སོགས་ཤེས་རབ་དམན་པ་ལ་ལྟོས་ནས་དགོངས་པའི་ཚིག་ ཡིན་ཡང༌། མདོའི་ཚིག་དེ་ནི་རྔ་བོ་ཆེ་ཆེན་པོའི་མདོ་སྟོན་པར་མཛད་པ་ལ་སྣོད་དུུ་མ་གྱུར་པའི་ འཁོར་རྣམས་བསལ་བའི་དོན་དུ་དགོངས་པའི་ཚིག་མདོ་ཙམ་ཞིག་གསུངས་པ་ཡིན་ཏེ། ལུང་ དེ་དག་གི་རྗེས་སུ་དེ་ན་རྒྱ་ཆེན་པོ་མ་ཡིན་པའི་སེམས་ཅན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ ཐེག་པ་ཅན་རྣམས་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་གང་ཡིན་ པ་རྣམས་ཀྱང༌། བདག་ཅག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་ འདས་བཞིན་དུ་ང་ནི་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པ་ཡིན་ནོ། །ཞེས་སྟོན་པ་འདི་ནི་རྟོགས་ པར་མི་ནུས་སོ་ཞེས་འདོང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ཡུན་རིང་པོར་སྟོང་པ་ 6-1-136 ཉིད་ཀྱི་ལྟ་བ་ཉམས་པར་བྱེད་པའི་ལྟ་བ་བསྒོམས་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ་དམན་ པའི་སེམས་ཅན་རྣམས་ཀྱིས་མདོ་དག་པ་འདི་ཐོས་ནས་དོང་ངོ་ཞེས་གསུངས་སོ། །དེ་ལྟར་ མདོ་འདི་བསྟན་པའི་སྣོད་དུ་མི་རུང་བ་རྣམས་ཕྱིར་བསལ་ནས། མདོ་མཆོག་ཏུ་ཟབ་པ་འདིའི་ སྣོད་དུ་གྱུར་པའི་འཁོར་ནི་མདོ་དེ་ཉིད་ལས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་པ་ཆེན་ པོ་ཅི་འདྲ་བ་དག་ཅིག་ན་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཆོས་འདོད་པ་ཐམས་ཅད་ ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྡེ་འཛིན་པ་ཐམས་ཅད་ཀྱང་དེ་བཞིན་གཤེགས་ པའི་སྙིང་པོའི་ཕན་པ་སྟོན་པ། ཐམས་ཅད་ཀྱང་སངས་རྒྱས་རྟག་པ་ཉིད་འདོད་པ་ཐམས་ཅད་ ཀྱང་དགོངས་པའི་ཚིག་ལ་བྱང་བ། ཐམས་ཅད་ཀྱང་ངེས་པའི་དོན་གྱི་མདོ་སྟོན་པ། ཞེས་པ་ ནས་འདི་ལྟ་བུའི་མདོ་སྡེ་རྒྱ་ཆེན་པོ་མཆོག་བོར་ནས། མདོ་སྡེ་གཞན་མི་སྒྲོགས་པའི་ཤེས་ རབ་ཅན་གང་དུ་སངས་རྒྱས་རྟག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་བསྟན་པ་ གཞན་ཡང་སྒྲོགས་ཤིང་མི་སྤོང་བ། བརྟན་པ་འཇིག་ཚོགས་ལ་ལྟ་བས་སྟོང་པ་ཉིད་མ་ཡིན་ གྱི། འདུས་བྱས་ཐམས་ཅད་རང་བཞིན་གྱིས་སྟོང་བ། ཐེར་ཟུག་གི་ཆོས་ཀྱི་གཞི་དེ་འདོད་ པ། དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་ལ་བརྟན་པ་དག་སྟེ། ཡོན་ཏན་ལྷག་མ་ནི་བསམ་གྱིས་ མི་ཁྱབ་པའོ། །ཞེས་གསུངས་པ་སྟེ། དེ་ལྟ་བུའི་འཁོར་ཤིན་ཏུ་དག་པ་རྣམས་ལ། མདོ་འདི་ ཉིད་ཀྱི་ལུང་སྔར་དྲངས་པ། རྒྱུ་དང་གཏན་ཚིགས་བཞིས་སེམས་ཅན་ཐམས་ཅད་ལ་དེ་བཞིན་ གཤེགས་པའི་སྙིང་པོ་ཡོད་པར་སྟོན་པ་དང༌། མདོ་དེ་ཉིད་ལས། འཇིག་རྟེན་པ་རྣམས་ཀྱི་ བདག་ཅེས་བྱ་བ་དེ་དག་གཞིག་པའི་ཕྱིར་བདག་མེད་པར་སྟོན་ཏོ། །གལ་ཏེ་དེ་ལྟར་སྟོན་པའི་ བསྟན་པ་ལས་མ་གསུངས་ན་ཇི་ལྟར་གྲོང་པའི་ཡིན་པར་མི་འགྱུར། སངས་རྒྱས་བཅོམ་ལྡན་ འདས་ནི་བདག་མེད་པར་གསུང་བར་གྲག་གོ་ཞེས་ཡ་མཚན་སྐྱེས་པར་གྱུར་པ་དང༌། དེའི་ འོག་ཏུ་རྒྱུ་དང་གཏན་ཚིགས་བརྒྱ་སྟོང་གིས་བསྟན་པ་ལ་འཛུད་དོ། །དེ་ལྟར་བཙུད་པ་ལས་ 6-1-137 གང་གི་ཚེ་ཡང༌། གོང་མ་ལ་དད་པ་སྐྱེས་ཤིང་ཞུགས་པ་ན། སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་སློབ་ པར་བྱེད་བརྩོན་པར་བྱེད་འབད་པར་བྱེད་དོ། །དེ་ནས་དེའི་འོག་ཏུ་དེ་དག་ལ་ཐར་པ་ནི་ཞི་བ་ རྟག་པ་གཟུགས་དང་བཅས་པའོ་ཞེས་སྟོན་ཏོ། །གཞན་ཡང་འཇིག་རྟེན་པ་ཁ་ཅིག་ཐར་པ་ ཡོད་དོ་ཞེས་ཟེར་ཏེ། ངས་དེ་དག་གཞིག་པའི་ཕྱིར་ཐར་པ་ནི་ཅུང་ཟད་མེད་དོ་ཞེས་བྱ་བ་འདི་ གསུངས་སོ། །གལ་ཏེ་དེ་ལྟར་སྟོན་པས་ལྟ་བ་ཆུད་གཟོན་པར་བྱེད་པ་དང་འདྲ་བར་མ་བསྟན་ ན་ནི་ཇི་ལྟར་སྟོན་པའི་བསྟན་པ་ལ་ཡིད་ཆེས་པར་འགྱུར། དེ་ལྟ་བས་ན་རྒྱུ་དང་གཏན་ཚིགས་ བརྒྱ་སྟོང་གིས་ཐར་པ་ཆུད་གཟོན་པ་ཉིད་ཀྱི་བདག་མེད་པ་གསུངས་སོ། །དེ་ནས་དེའི་འོག་ཏུ་ ཐར་པ་ཆུད་གཟོན་པའི་ལྟ་བ་མཐོང་ན། མི་བླུན་པོ་རྣམས་ཉམས་པར་འགྱུར་བས་དེའི་འོག་ ཏུ་ངས་ཡང་རྒྱུ་དང་གཏན་ཚིགས་བརྒྱ་སྟོང་གིས་ཐར་པ་ཡོད་པ་ཉིད་དུ་གསུངས་སོ་ཞེས་དང༌། མདོ་དེ་ཉིད་དུ། གཞོན་ནུའི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ལུང་བསྟན་པའི་ སྐབས་ནས་མདོ་འདི་རྙེད་ནས་ལུས་ལ་བཅངས་ཏེ་དགེ་འདུན་དག་པར་བྱས་ནས། དང་པོ་ རུང་བ་མ་ཡིན་པའི་གཞི་ཆེན་པོ་ཡོངས་སུ་སྤངས་ཏེ་ཆོས་ཆེན་པོ་སྒྲོགས་པར་འགྱུར་ཞེས་པ་ ནས། གཉིས་པ་ཐེག་པ་ཆེན་པོའི་མདོ་སྟོང་པ་ཉིད་ཀྱི་གཏམ་སྨྲ་བར་འགྱུར་རོ། ། གསུམ་པ་སེམས་ཅན་གྱི་ཁམས་རྟག་པའི་གཏམ་དང༌། རྔ་བོ་ཆེ་ཆེན་པོའི་མདོའི་གཏམ་ སྨྲ་བར་འགྱུར་ཞེས་གསུངས་པའི་ཤིན་ཏུ་ཟབ་པའི་མདོ་དེ་ལྟ་བུ་སྒྲ་ཇི་བཞིན་པ་ཉིད་དུ་སྟོན་ པར་མཛད་དེ་ལྡེམ་དགོངས་ཀྱི་ཚུལ་གྱིས་སྟོན་པར་མི་མཛད་དོ། །དེས་ན་མདོ་དེ་དག་ནི་ དགོངས་པ་ཅན་མ་ཡིན་གྱི་སྒྲ་ཇི་བཞིན་པ་ངེས་པའི་དོན་ཡིན་ལ། ཆོས་ཐམས་ཅད་མི་རྟག་ པ་སྡུག་བསྔལ་བ་སྟོང་བ་བདག་མེད་པར་སྟོན་པའི་ཐེག་དམན་གྱི་མདོ་རྣམས་དང་ཐམས་ ཅད་སྟོང་པ་ཉིད་དང་བདག་མེད་པ་ལ་སོགས་པར་སྟོན་པའི་ཐེག་ཆེན་གྱི་མདོ་རྣམས་ཀྱང་ དགོངས་པ་ཅན་དྲང་བའི་དོན་ཡིན་ཏེ། མྱང་འདས་ཆེན་པོའི་མདོ་ལས། བཀྲི་བའི་དོན་ནི་ 6-1-138 མདོ་སྡེ་དག་ལས་ཐམས་ཅད་གདུང་བ་ཅན། ཐམས་ཅད་མི་རྟག་པ། ཐམས་ཅད་སྡུག་བསྔལ་ བ། །ཐམས་ཅད་སྟོང་པ། ཐམས་ཅད་བདག་མེད་པའོ་ཞེས་གསུངས་པ་ནི་བཀྲི་བའི་དོན་ ཞེས་བྱའོ་ཞེས་དང༌། རྔ་བོ་ཆེ་ཆེན་པོའི་མདོ་ལས་སྔར་གྱི་དགོངས་པའི་ཚིག་དེ་དག་གསུངས་ པའི་རྗེས་སུ་འོད་སྲུང་གང་ཞིག་མདོ་སྡེ་འདི་ལྟ་བུ་འདི་དག་མེད་དོ་ཞེས་སྨྲ་ན། དེའི་སྟོན་པ་ ཡང་ང་མ་ཡིན་ལ། དེ་ཡང་ངའི་ཉན་ཐོས་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཐེག་པ་ ཆེན་པོ་ལ་ཡང་སྟོང་པ་ཉིད་ཀྱི་དོན་སྟོན་པའི་མདོ་མང་དུ་མཆིས་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀལ་བསྩལ་པ། སྟོང་པ་ཉིད་སྟོན་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ དགོངས་པ་ཅན་དུ་རིག་པར་བྱ་བ། བླ་ན་མེད་པའི་མདོ་འདི་ལྟ་བུ་འདི་དག་ནི་དགོངས་པ་ ཅན་མ་ཡིན་པར་རིགས་པར་བྱའོ། །ཞེས་དང༌། །འོད་སྲུང་ངེས་སེམས་ཅན་མོས་པ་སྣ་ཚོགས་ རྣམས་ལ། །དགོངས་པ་སྣ་ཚོགས་ཀྱི་མདོ་རྣམས་བསྟན་པ་ན། །དེ་ལ་སྙོམས་ལས་ཅན་ཚུལ་ ཁྲིམས་འཆལ་པ་ལུས་དང་ངག་དང་ཡིད་མ་བསྡམས་པ་རྣམས་དེ་བཞིན་གཤེགས་པའི་སྙིང་ པོ་སངས་རྒྱས་རྟག་པ་ཉིད་ཀྱི་མདོ་འདི་ལྟ་བུ་འདི་དག་བོར་ནས། སྟོང་པ་ཉིད་ཀྱི་ལེའུའི་མདོ་ དག་ལ་སློབ་པར་བྱེད་ཅིང༌། དེ་ལ་ཁ་ཅིག་ནི་ཚིག་དང་ཡི་གེ་འདྲེན་པར་བྱེད༌། ཁ་ཅིག་ནི་ཕན་ ཚུན་ཚིག་དང་ཡི་གེ་དག་སྤོང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་གསུང་ཐམས་ ཅད་ལས་ནི་སྟོང་པ་ཉིད་དང་བདག་མེད་པ་སྟོན་པ་དང༌། སྟོང་པ་ཉིད་དང་བདག་མེད་པའི་ དོན་མ་ཤེས་པའི་མི་བླུན་པོ་རྣམས་ནི་ཉམས་པར་འགྱུར་རོ། །གཞན་ཡང་སྟོང་པ་ཉིད་དང་ བདག་མེད་པ་ཉིད་ནི་སངས་རྒྱས་ཀྱི་གསུང་ལ་ཉོན་མོངས་པ་ཕྲག་བྱེ་བས་རྟག་ཏུ་སྟོང་པ་མྱ་ ངན་ལས་འདས་པ་ཡིན་ལ། མྱ་ངན་ལས་འདས་པ་ཉིད་ཀྱི་ཚིག་གི་གཞི་རྣམས་ནི་དེ་དག་ ཐམས་ཅད་ཀྱི་གཞི་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཞི་བ་ཐེར་ཟུག་ པའི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཆད་པ་དང་རྟག་ 6-1-139 པ་ཇི་ལྟར་འཚལ་བར་འགྱུར་བ་ལགས་བཀའ་སྩལ་པ། ཇི་སྲིད་དུ་སེམས་ཅན་འཁོར་བ་ ན་འཁྱམ་པ་དེ་སྲིད་དུ་བདག་འཇུག་པ་ཡིན་ཏེ། བདག་མེད་པའི་ལྟ་བའི་དོན་ནི་ཐེར་ཟུག་ པ་དང་རྟག་པ་ཡིན་ནོ། །གལ་ཏེ་རྟག་པ་དེ་བཀག་ན་ཐེར་ཟུག་ཉམས་པར་འགྱུར་རོ་ཞེས་ གསུངས་ཏེ། སྟོང་པ་ཉིད་དང་བདག་མེད་པར་སྟོན་པའི་ལུང་རྣམས་ནི་དགོངས་པ་ཅན་ ཡིན་པ་དང་དེ་དག་གི་དགོངས་གཞི་ཉོན་མོངས་པ་བྱེ་བས་སྟོང་པའི་མྱ་ངན་ལས་འདས་པ་ ཆོས་ཀྱི་སྐུ་གཞན་སྟོང་དེ་ཡིན་པ་དང༌། དེ་ཉིད་སྟོང་པ་དང་བདག་མེད་པའི་གཞི་ཡིན་པ་ དང༌། བདག་མེད་པའི་དོན་ནམ་དགོངས་གཞི་ཡང་ཆོས་སྐུ་རྟག་པ་ཉིད་ཡིན་པར་གསུངས་ པ་ཡིན་ནོ། །མྱང་འདས་ཆེན་པོ་ལྷ་ཡི་ཟླ་བའི་བསྒྱུར་བ་ལས་ཀྱང༌། ཆོས་ཁ་ཅིག་ནི་བདག་ མེད་ལ། ཆོས་ཁ་ཅིག་ནི་བདག་ཡོད་པ་ནི་དཔེར་ན། ས་ལ་གདུག་པའི་མི་ལྷའི་མིག་མེད་ པས། ནམ་མཁའ་ལ་བྱ་འཕུར་བའི་རྗེས་མི་མཐོང་བ་དེ་བཞིན་དུ། ཉོན་མོངས་པ་ལ་གནས་ པ་རྣམས་ཀྱིས་བདག་ཉིད་ལ་སྙིང་པོའི་མཆོག་ཡོད་པ་བདག་གིས་མི་མཐོང་སྟེ། དེ་བས་ན་ ངས་དགོངས་པའི་ཚིག་གིས་བདག་མེད་དོ་ཞེས་བསྟན་ཏོ། །ལྷའི་མིག་མེད་པའི་མི་རྣམས་ ཀྱིས་ནི་བདག་ལ་བདག་ཡོད་དུ་ཟིན་ཀྱང་མི་མཐོང་སྟེ། ཉོན་མོངས་པ་ཡིན་ནོ་ཞེས་ང་ཟེར་རོ་ ཞེས་གསུངས་སོ། །དེས་ན་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སུ་ཐོག་ མར་གདུལ་བྱ་རྣམས་ཀྱི་ལྟ་བ་དང་འཛིན་པ་ཐམས་ཅད་སྤང་བའི་དོན་དུ་འཁོར་འདས་ཀྱི་ ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་དང་བདག་མེད་པ་ལ་སོགས་པ་ གསུངས་ནས། དེའི་རྗེས་སུ་མཐར་ཐུག་གི་ཐར་པ་དང་མྱ་ངན་ལས་འདས་པ་དང་དོན་དམ་ པའི་བདེན་པ་ཆོས་ཀྱི་སྐུ་ཡང་ཡང་དག་པར་ན་མ་གྲུབ་པོ་ཞེས་ཆད་པར་ལྟ་བ་བཟློག་པའི་ དོན་དུ་རང་གི་ངོ་བོས་སྟོང་པ་དང་རང་གི་ངོ་བོས་སྟོང་བ་མ་ཡིན་པ་ལ་སོགས་པ་ལེགས་པར་ རྣམ་པར་ཕྱེ་བ་དེ་བཞིན་གཤེགས་པའི་སྙིང་པོ་མཐའ་བྲལ་དབུ་མ་ཆེན་པོའི་གནས་ལུགས། 6-1-140 ངེས་པའི་དོན་ཤིན་ཏུ་ཟབ་མོ་ནི་གདུལ་བྱ་ཆེས་མཆོག་ཏུ་གྱུར་པ་རྣམས་ལ་གསུངས་པ་ཡིན་ ཏེ༑ མྱ་ངན་ལས་འདས་པ་ཆེན་པོ་ལྷའི་ཟླ་བས་བསྒྱུར་བ་ལས། དགེ་བསྙེན་གངྒཱའི་ཀླུང་ གཉིས་ཀྱི་བྱེ་མ་སྙེད་ཐམས་ཅད་ཀྱང་ཟུང་དང་ཟུང་དུ་ཤེས་པར་འདོད་པ་ཤ་སྟག་སྟེ། སྡུག་ བསྔལ་བ་དང་བདེ་བ་དང༌། རྟག་པ་དང་མི་རྟག་པ་དང༌། བདག་ཡོད་པ་དང་བདག་མེད་པ་ དང༌། སྟོང་པ་དང་སྟོང་པ་མ་ཡིན་པ་དང༌། དེ་ཁོ་ན་དང་དེ་ཁོ་ན་མ་ཡིན་པ་དང༌། སྐྱབས་དང་ སྐྱབས་མ་ཡིན་པ་དང༌། སེམས་ཅན་དང་སེམས་ཅན་མེད་པ་དང༌། བརྟན་པ་དང་བརྟན་པ་མ་ ཡིན་པ་དང༌། ཞི་བ་དང་ཞི་བ་མ་ཡིན་པ་དང༌། འདུས་བྱས་དང་འདུས་མ་བྱས་པ་དང༌། ཐེར་ ཟུག་དང་ཐེར་ཟུག་མ་ཡིན་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་དང་ཡོངས་སུ་མྱ་ངན་ལ་ འདས་པ་མ་ཡིན་པ་ལ་སོགས་པའི་ཁྱད་པར་དང༌། ཁྱད་པར་དུ་འཕགས་པ་ཤེས་པར་འདོད་ པ་ཤ་སྟག་སྟེ། ཞེས་གསུངས་ཤིང༌། སྤྲིན་ཆེན་པོའི་མདོ་ལས་ཀྱང༌། སྟོང་པའི་ཆོས་རྣམས་ལ་ སྟོང་པར་སྨྲ་བར་ཡང་འགྱུར་བ་དང༌། སྟོང་པ་མ་ལགས་པའི་ཆོས་རྣམས་ལ་སྟོང་པ་མ་ལགས་ པར་སྨྲ་བར་ཡང་འགྱུར་བ་དང་ཞེས་དང༌། མི་རྟག་པ་དང༌། སྟོང་པ་དང༌། ཡོངས་སུ་མྱ་ངན་ ལས་འདའ་བ་དང༌། བདག་མེད་པའི་བསྔགས་པ་བརྗོད་པའི་སེམས་ཅན་རྣམས་ལ་སངས་ རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་རྟག་པ་དང༌། ཐེར་ཟུག་དང༌། བརྟན་པ་དང༌། ཞི་བའི་རང་བཞིན་གྱི་བདག་ཉིད་དུ་གནས་པར་ཡོངས་སུ་བསྟན་པའི་དོན་ དང་ཞེས་གསུངས་སོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་མདོ་སྡེ་རྣམས་ནི་ ཐེག་ཆེན་གྱི་མདོ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཡིན་པས་རྒྱུད་བླ་མ་འམ་ཕྱི་མ་ཞེས་བྱ་སྟེ། མྱང་འདས་ཆེན་པོ་ལྷའི་ཟླ་བས་བསྒྱུར་པ་ལས། ཨུ་ཞེས་བྱ་བ་ནི་རྒྱུད་ཕྱི་མ་སྟེ། མདོ་སྡེ་འདིས་ མདོ་སྡེ་ཐམས་ཅད་ཀྱི་དོན་གྱི་ཕྱི་མ་བསྟན་ཏེ། ཞེས་དང༌། མྱང་འདས་ཆེན་པོའི་མདོ་ལས། བ་ ལས་འོ་མ་དང༌། 6-1-141 འོ་མས་ལས་ཞོ་དང༌། ཞོ་ལས་མར་དང༌། མར་ལས་ཞུན་མར་དང༌། ཞུན་མར་ལས་མར་ གྱི་སྙིང་པོ་འབྱུང་བ་དཔེར་མཛད་ནས། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་ དང་འདྲ་སྟེ། སངས་རྒྱས་ལས་ནི་མདོ་སྡེ་བཅུ་གཉིས་འབྱུང་ངོ༌། མདོ་སྡེ་བཅུ་གཉིས་ལས་ནི་ མདོའི་སྡེ་འབྱུང་ངོ༌། །མདོའི་སྡེ་ལས་ནི་ཤིན་ཏུ་རྒྱས་པའི་སྡེ་འབྱུང་ངོ༌། །ཤིན་ཏུ་རྒྱས་པའི་ མདོ་སྡེ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མར་གྱི་སྙིང་པོ་ལྟ་བུ་འབྱུང་ངོ༌། །མར་གྱི་སྙིང་ པོ་ཞེས་པ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་དཔེའོ། ། སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །ཞེས་གསུངས་སོ། ། དེ་ལྟར་ན་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ སྟོན་པའི་མདོ་རྣམས་ཀྱིས་ཤིན་ཏུ་རྒྱས་པའི་མདོ་ཟབ་མོ་རྒྱལ་བའི་ཡུམ་གྱི་མདོ་རྣམས་ཀྱིས་ ཀྱང་མ་བསྟན་པའི་དོན་ཤིན་ཏུ་ཟབ་མོ་སྟོན་པར་བྱེད་པས། རྒྱལ་བའི་ཡུམ་གྱི་མདོ་ལས་ཀྱང་ ཁྱད་པར་དུ་འཕགས་པའི་རྒྱུད་བླ་མའམ་ཕྱི་མ་ཞེས་བྱ་བ་ཡིན་ནོ། །དེ་ཡང་རྒྱལ་བའི་ཡུམ་གྱི་ མདོ་ལ་སོགས་པར་ཡོད་མེད་རྟག་ཆད་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ བའི་ཆོས་ཉིད་དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་ཕྱོགས་ཙམ་ཞིག་ལས་མ་བསྟན་ལ། བཀའ་ འཁོར་ལོ་ཐ་མའི་ནང་ཚན་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་མདོ་རྣམས་ཀྱིས་སྤྲོས་པ་ དང་བྲལ་བའི་ཆོས་ཉིད་དེ་བཞིན་ཉིད་དེ་སྤྲོས་པའི་ཆོས་མཐའ་དག་གིས་སྟོང་ཡང་རང་གི་ངོ་ བོས་མི་སྟོང་བར་ཡང་དག་པར་བདེན་པའི་བདག་དང་རྟག་པ་དང་བརྟན་པ་དང་ཐེར་ཟུག་ ཡིན་པ་དང༌། ཟག་པ་མེད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རང་བཞིན་ཉིད་ཀྱིས་ལྡན་ པའི་སངས་རྒྱས་ཀྱི་རང་བཞིན་དང་ཆོས་ཀྱི་སྐུ་ཡིན་པ་དང༌། དེ་ཉིད་སེམས་ཅན་ཐམས་ཅད་ ལ་ཡོད་པའི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པ་ལ་སོགས་པ་རྒྱལ་བའི་ཡུམ་གྱི་མདོ་ 6-1-142 རྣམས་ཀྱིས་ཀྱང་མ་བསྟན་པའི་དོན་གྱི་ཁྱད་པར་ཟབ་པ་ལས་ཀྱང་ཆེས་ཟབ་པ་བསྟན་པའི་སྒོ་ ནས་ཁྱད་པར་དུ་འཕགས་པ་ཡིན་གྱི། རྒྱལ་བའི་ཡུམ་གྱི་མདོ་ལ་སོགས་པར་གཏན་ལ་ཕབ་ པའི་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་སྟོང་པ་ཉིད་ཙམ་དེ་མུ་སྟེགས་བྱེད་ཁ་ཅིག་དྲང་བའི་ དོན་དུ་བདག་དང་རྟག་པ་ལ་སོགས་པའི་མིང་གིས་བཏགས་ནས་བསྟན་པ་ཙམ་གྱིས་ནི། དེ་ བཞིན་གཤེགས་པའི་སྙིང་པོ་སྟོན་པའི་མདོ་རྣམས་རྒྱལ་བའི་ཡུམ་གྱི་མདོ་ལས་ཀྱང་ཁྱད་པར་ དུ་འཕགས་པའི་རྒྱུད་བླ་མའམ་ཕྱི་མར་མི་འགྱུར་རོ། །དེ་ནས་ཐེག་པ་ཆེན་པོ་ལ་དད་པ་རབ་ ཏུ་བསྒོམ་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ ཡིན་པར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་ཐེག་པ་ཆེན་པོ་ལ་དད་པ་སྐྱེ་བའི་གནས་མ་ཡིན་ ནོ། །སྒྲ་ཇི་བཞིན་དུ་མ་ཡིན་གྱི་དགོངས་པ་ལས་བྱུང་བའི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ ནི་ཐེག་པ་ཆེན་པོ་ལ་དད་པ་སྐྱེ་བའི་གནས་མིན་ནོ། །རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་ དཔས་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་ཡང་དག་པ་ མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་འབྱུང་ངོ་ཞེས་སོགས་དང༌། མྱང་འདས་ཆེན་པོའི་མདོ་ལས། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པའི་སྙིང་པོ་ཡང་དག་པའི་དོན་ཤེས་པར་འདོད་དམ། འོད་སྲུང་གིས་གསོལ་པ། བདག་དེ་བཞིན་གཤེགས་པའི་སྙིང་པོའི་དོན་གང་ལགས་པ་ རྟོགས་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ༑ ཁ་ཅིག་བདུད་རྩི་འཐུངས་པ་ལས། །ཚེ་ཐུང་སྔར་ཤི་བ་ཡང་ཡོད། །ཁ་ཅིག་བདུད་རྩི་འཐུངས་ པ་ལས། །ཚེ་རིང་རྟག་ཏུ་འདུག་པའང་ཡོད། །ཁ་ཅིག་དུག་འཐུངས་དབང་གིས་འཚོ། །ཁ་ ཅིག་དུག་གི་རྐྱེན་གྱིས་འཆི། །ཐོགས་མེད་ཡེ་ཤེས་ཟིལ་དངར་ནི། །ཐེག་པ་ཆེན་པོའི་མདོ་སྡེ་ སྟེ། །ཐེག་པ་ཆེན་པོའི་མདོ་སྡེ་ནི། །སྨན་དང་དུག་ཏུ་འདྲེས་པའོ། །ཇི་ལྟར་མར་དང་ཁ་ར་ དང༌། །མར་གྱི་སྙིང་པོ་ལ་སོགས་པ། །འཐུངས་ཏེ་ཞུ་ན་སྨན་དུ་འགྱུར། །མ་ཞུ་བ་ནི་དུག་ཅེས་ 6-1-143 བྱ། །ཤིན་ཏུ་རྒྱས་པའང་དེ་བཞིན་ཏེ༑ ༑མཁས་པ་དག་གི་བདུད་རྩིར་འགྱུར། །གླེན་པའི་ སངས་རྒྱས་རང་བཞིན་དག །མི་ཤེས་པ་ཡི་དུག་ཏུ་འགྱུར། །ཞེས་གསུངས་པ་དང༌། འཕགས་ པ་ཐོགས་མེད་ཀྱིས་ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག་མོས་ཀྱང་ངེས་པར་ འབྱུང་བར་མི་འགྱུར་ཞེ་ན། བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་དང༌། དོན་ལ་ སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་རོ། ཞེས་དང༌། སློབ་དཔོན་རྒྱལ་བའི་སྲས་ཀྱིས་ ཀྱང༌། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ནི། ཐེག་པ་ཆེན་པོ་ལ་ངེས་པར་མི་འབྱུང་ བར་རིག་པར་བྱ་སྟེ། ཐེག་པ་ཆེན་པོ་ནི་དགོངས་པ་སྣ་ཚོགས་ཀྱིས་གསུངས་པའི་ཕྱིར་རོ། ། ཞེས་གསུངས་པ། དགོངས་ཏེ་གསུངས་པའི་དོན་ལ་སྒྲ་ཇི་བཞིན་པར་གཟུང་བའི་ཉེས་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དང་བདག་མེད་པ་དང་ངོ་བོ་ཉིད་མེད་པ་དང་ མཉམ་པ་ཉིད་ལ་སོགས་པ་སྒྲ་ཇི་བཞིན་པ་མ་ཡིན་པའི་དགོངས་པ་ཅན་གསུངས་པ་ལ་སྒྲ་ཇི་ བཞིན་པར་གཟུང་ནས། ཡང་དག་པར་ན་སངས་རྒྱས་ཆོས་ཀྱི་སྐུ་དང་མྱ་ངན་ལས་འདས་པ་ ཆེན་པོ་དང་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་དོན་དམ་བདེ་གཤེགས་སྙིང་པོ་ ཡང་མ་གྲུབ་པར་ལྟ་བ་རྣམས་ལ་ཉེས་པ་དེ་དག་འབྱུང་བ་ཡིན་ཏེ། མྱང་འདས་ཆེན་པོའི་མདོ་ ལས། གང་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པར་སྨྲ་ན། བུས་པ་གླེན་པ་དག་ཐོས་ནས་ ཆད་པའམ་མེད་པར་ལྟ་བ་སྐྱེའོ། །མཁས་པ་ཤེས་རབ་ཅན་དག་ནི་དེ་བཞིན་གཤེགས་པ་རྟག་ པ་མི་འགྱུར་མི་འཕོ་བར་བྱེ་བྲག་དབྱེའོ། །ཞེས་དང༌། མྱང་འདས་ཆེན་པོ་ལྷ་ཡི་ཟླ་བས་བསྒྱུར་ བ་ལས་ཀྱང༌། དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པར་སྒོམས་ཤིག་གཏན་དུ་སྟོང་པ་ ཉིད་བསྒོམས་པས་ནི། སྡུག་བསྔལ་རྣམས་མ་འགགས་པར་ཕྱེ་མ་ལེབ་མར་མེའི་ནང་དུ་སོང་ བ་བཞིན་དུ་འགྱུར་རོ། །ཞེས་དང༌། སོར་མོའི་ཕྲེང་བ་ལ་ཕན་པའི་མདོར་ཡང༌། བྱམས་པའི་ བུ་གང་པོས་ཆོས་ཐམས་ཅད་ལ་བདག་མེད་པར་བསྟན་པ་ལ། སོར་མོའི་ཕྲེང་བས། གང་པོ་ 6-1-144 དེ་བཞིན་གཤེགས་པའི་ལྡེམ་པོའི་ངག་མི་ཤེས་པས་བདག་མེད་པ་ལ་ཆོས་སུ་སེམས་པ་ནི་ གཏི་མུག་གི་ཆོས་ཀྱི་མར་མེའི་ནང་དུ་ཕྱེ་མ་ལེབ་ལྟར་ལྟུང་ངོ༌། །ཞེས་དང༌། ཤེར་ཕྱིན་ལྔ་བརྒྱ་ པ་ལས་ཀྱང༌། རབ་འབྱོར་གང་ཡང་བཅོམ་ལྡན་འདས་ཀྱིས་གཟུགས་རང་བཞིན་མེད་པ་དང་ སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་གདོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ ངན་ལས་འདས་པར་བསྟན་པ་གང་ཡིན་པའི་བསྟན་པ་དེ་ཐམས་ཅད་ནི་ལྡེམ་པོར་དགོངས་ པ་མ་ཡིན་པ་སྟེ་སྒྲ་ཇི་བཞིན་ཉིད་དུ་ཤེས་པར་བྱའོ། ཞེས་དེ་སྐད་སྨྲ་ན། དེ་ནི་ཕྱི་རོལ་བས་ ཀྱང་ཕྱི་རོལ་སོ་སོས་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལེགས་པར་ལྟ་བའོ་ཞེས་ང་སྨྲའོ་ཞེས་ གསུངས་ཤིང༌། དབུ་མ་རྩ་བ་ཤེས་རབ་ལས། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་ པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། ། ཞེས་དང༌། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུངས་བར་འགྱུར། །ཞེས་ གསུངས་ཤིང༌། འཕགས་པ་ཐོགས་མེད་ཀྱིས། ཇི་ལྟར་ན་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ ཡིན་ཞེ་ན། དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་གང་གིས་སྟོང་པ་ཉིད་དེ་ཡང་མི་འདོད་ལ། གང་ གིས་གང་སྟོང་བ་དེ་ཡང་མི་འདོད་པ་དེ་ལྟ་བུ་འདི་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཞེས་ བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོང་པ་དེ་མེད་པ་དང་གང་སྟོང་པ་དེ་ཡོད་པའི་སྟོང་པ་ ཉིད་ནི་རིགས་པའི་ཕྱིར་རོ། །ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་པར་འགྱུར་ ཏེ། དེས་དེ་ཉིད་སྟོང་པ་ཉིད་དུ་འགྱུར་དུ་མི་རུང་ངོ༌། །དེ་བས་ན་དེ་ལྟ་བུ་ནི་སྟོང་པ་ཉིད་ལ་ ལོག་པར་ཟིན་པ་ཡིན་ནོ། ཞེས་གསུངས་པ་བཞིན་ནོ། །བདེ་གཤེགས་སྙིང་པོའི་དོན་གསལ་ བར་གསུངས་པ་སྒྲ་ཇི་བཞིན་པར་ལྟ་བ་ལ་ནི་ཉེས་པ་དེ་དག་ཏུ་མི་འགྱུར་ཏེ། མྱང་འདས་ཆེན་ པོའི་མདོའི་ཚིགས་སུ་བཅད་པ་སྔར་དྲངས་པ་དེའི་མཇུག་ཏུ། འོད་སྲུང་ཁྱོད་དང་སེམས་ཅན་ གང༌། །སངས་རྒྱས་རང་བཞིན་ཤེས་པ་ནི། །བླ་ན་མེད་པའི་ཟིལ་དངར་རོས། །མི་སྐྱེ་མི་འཆི་ 6-1-145 བར་འགྱུར་རོ། །འོད་སྲུང་ཁྱེད་ཀྱིས་ཤེས་པར་གྱིས། །དཀོན་མཆོག་གསུམ་དག་རྟོགས་པར་ གྱིས། །དཀོན་མཆོག་གསུམ་གྱི་མཚན་ཉིད་ནི། །བདག་ཅེས་བྱ་བའི་མཚན་ཉིད་དོ། །བདག་ དང་སངས་རྒྱས་རང་བཞིན་ཉིད། །གང་གིས་མངོན་སུམ་རྟོགས་འགྱུར་ན། །དེ་བཞིན་ གཤེགས་པའི་སྙིང་པོ་ཉིད། །སྐྱེས་བུ་དེས་ནི་རྟོགས་པར་འགྱུར། །བདག་དང་བདག་གིར་ གང་ཤེས་པ། །དེ་ནི་འཇིག་རྟེན་འདས་པའོ། །ཞེས་གསུངས་པས་སོ། །དེས་ན་སྔར་བསྟན་པ་ ལྟར། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སོགས་པར་གསུངས་པའི་དགོངས་པ་ལ་མཁས་པར་ བྱ་དགོས་ཏེ། མདོ་དགོངས་པ་ངེས་འགྲེལ་ལས། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་ སྐྱེས་དང༌། །ཆོས་རྣམས་མ་འགག་ཆོས་རྣམས་གཟོད་ནས་ཞི་བ་དང༌། །ཆོས་རྣམས་རང་ བཞིན་མྱ་ངན་ལས་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། ། མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་ཉིད་མེད་དང༌། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་ བཤད་དེ། །མཁས་པ་གང་ཞིག་དགོངས་པ་དེ་ལྟར་ཤེས་པ་ནི། །ཡོངས་སུ་ཉམས་པར་འགྱུར་ བའི་ལམ་དུ་དེ་མི་འགྲོ། ཞེས་གསུངས་པ་ལྟར་རོ། །དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ སྟོན་པའི་མདོ་རྣམས་ལས་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཟབ་མོ་ཤིན་ཏུ་གསལ་བར་ གསུངས་པ་རྣམས་སྒྲ་ཇི་བཞིན་པ་མ་ཡིན་པའི་དགོངས་པ་ཅན་ཡིན་པར་མདོ་དེ་ཉིད་ལས་མ་ གསུངས་ཤིང༌། ཤིན་ཏུ་རྒྱས་པའི་མདོ་གཞན་ལས་ཀྱང་མ་གསུངས་ལ། དེ་བཞིན་གཤེགས་ པའི་སྙིང་པོ་སྟོན་པའི་མདོ་རྣམས་ཀྱི་དགོངས་འགྲེལ་བླ་ན་མེད་པ་ཐེག་པ་ཆེན་པོ་རྒྱུད་བླ་མ་ འཕགས་པ་ཐོགས་མེད་ཀྱི་འགྲེལ་པ་དང་བཅས་པ་ལས་ཀྱང་ཟུར་ཙམ་ཡང་མ་གསུངས་པའི་ ཕྱིར་རོ། །དེ་བཞིན་གཤེགས་པའི་སྙིང་པོའི་དོན་ནི་མདོ་དེ་རྣམས་ཉིད་དང་བཅོམ་ལྡན་འདས་ རྗེས་བཙུན་བྱམས་པ་ཉིད་དང༌། དེའི་དངོས་སློབ་འཕགས་པ་ཐོགས་མེད་ཀྱིས་ཇི་ལྟར་བཤད་ པ་ལྟར་མཁས་པ་རྣམས་ཀྱིས་ཁས་བླང་བར་རིགས་པ་ཡིན་ནོ། །དེ་ལྟར་མ་ཡིན་པར་རང་གི་ 6-1-146 ལྟ་བ་སྟོང་པ་ཉིད་ཆད་པ་ཆེན་པོའི་མཐར་ལྷུང་བ་ལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ དབུ་མའི་ལྟ་བར་མངོན་པར་ཞེན་པའི་དབང་གིས་དགོངས་པ་ཅན་མ་ཡིན་པའི་མདོ་རྣམས་ ལ་དགོངས་པ་ཅན་ཡིན་པ་དང༌། ངེས་པའི་དོན་གྱི་མདོ་རྣམས་ལ་དྲང་བའི་དོན་ཡིན་ནོ་ཞེས་ སྟོན་པ་ནི་མདོ་སྡེ་ཟབ་མོ་རྣམས་རྣམ་པར་དཀྲུགས་ཏེ་སྟོན་པའི་སྐྱོན་ཅན་ཡིན་པར་ཤེས་པར་ བྱའོ། །དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་གྱི་འཇུག་ཏུ། དཔལ་ཕྲེང་གི་མདོའི་ལུང་དྲངས་ པ། བཅོམ་ལྡན་འདས་གསུམ་པོ་འདི་དག་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཆོས་ཟབ་མོ་ དག་ལ་མ་སྨྲས་མ་ཉམས་པར་བདག་ཉིད་ལ་བསྲུང་བ་དང་བསོད་ནམས་ཀྱང་མང་དུ་བསྐྱེད་ པ་དང༌། ཐེག་པ་ཆེན་པོའི་ལམ་དུ་ཡང་ཞུགས་པར་འགྱུར་བ་ལགས་སོ། །གསུམ་པོ་གང་ཞེ་ ན། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་རང་གིས་རིག་པའི་ཆོས་ ཟབ་མོ་དང་ལྡན་པ་དང་བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཆོས་ དང་མཐུན་པར་སྡུད་པའི་ཤེས་པ་དང་ལྡན་པ་དང༌། བཅོམ་ལྡན་འདས་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་གང་དག་ཆོས་ཟབ་མོ་དག་ལ་བདག་ཉིད་ཀྱི་ཤེས་པ་ཞུམ་པར་འཚལ་ནས་ འདི་ནི་བདག་གིས་མི་ཤེས་ཏེ་དོན་འདི་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་པར་ཟད་ དོ། །ཞེས་བཅོམ་ལྡན་འདས་ལ་སེམས་རྣམ་པར་གཏོད་པར་བགྱིད་དེ་སེམས་རྣམ་པར་ གཏོད་པ་དེ་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་གསུམ་པོ་འདི་དག་ནི། རིགས་ཀྱི་ བུའམ་རིགས་ཀྱི་བུ་མོ་ཆོས་ཟབ་མོ་དག་ལ་མ་སྨྲས་མ་ཉམས་པར་བདག་ཉིད་ལ་བསྲུང་བ་ དང༌། བསོད་ནམས་ཀྱང་མང་དུ་བསྐྱེད་པ་དང༌། ཐེག་པ་ཆེན་པོའི་ལམ་དུ་ཡང་དག་པར་ ཞུགས་པར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ གསུམ་པོ་འདི་དག་ལས་གཞན་པའི་སེམས་ཅན་གང་ལགས་པ་དེ་དག་ནི་ཆོས་ཟབ་མོ་དག་ ལ་ནན་ཏན་གྱིས་མཆོག་ཏུ་གཟུང་ནས་གོབ་ལོབ་ཀྱི་སེམས་འཛིན་ཅིང་མངོན་པར་ཞེན་ཏེ་ 6-1-147 སྟོན་པར་བགྱིད། ཀུན་ཏུ་སྨྲ་བར་བགྱིད་དོ། །བཅོམ་ལྡན་འདས་བདག་ནི་དེ་དག་ལ་དམ་ པའི་ཆོས་ལ་རྒྱབ་ཀྱིས་ཕྱོགས་པ་དང༌། གཞན་མུ་སྟེགས་ཅན་དང་ས་བོན་རུལ་པ་ལགས་ཏེ་ རྒྱལ་པོའི་ཐད་དུ་ཡང་མཆིས་ལ་བརླག་པར་བགྱིའོ་ཞེས་མཆིའོ། །བཅོམ་ལྡན་འདས་ས་བོན་ རུལ་པར་གྱུར་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ལེགས་ པར་ཚར་བཅད་པར་བགྱི་བ་ལགས་སོ་ཞེས་གསུངས་པ་དང༌། རྒྱུད་བླའི་ལུང་དྲངས་པ། གང་ ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་ མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ ཀྱིས་གཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་གཞིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་ གནོད་པ་བྱེད་པར་འགྱུར། །ཞེས་གསུངས་པ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཤིན་ ཏུ་ཟབ་མོ་ནི། དེ་ཉིད་ཤིན་ཏུ་གསལ་བར་སྟོན་པའི་མདོ་སྡེ་རྣམས་ཇི་ལྟར་གསུངས་པ་ལྟར་ གཟུང་བར་སྤྱིའི་ མ་ཡིག་འབྲས་དཔེ་རྙིང་༼ ཕྱི་ལ༤༧༣༽མཇུག་མི་ཚང༌། 6-1-148 ༄༅། །འཁྲུལ་འཇོམས་གཉིས་པ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ཤིན་ཏུ་ཟབ་ཅིང་རྟོགས་པར་དཀའ་བ་བདེ་གཤེགས་སྙིང་པོའི་དོན་ ལ་འཁྲུལ་པ་སེལ་བ་འཁྲུལ་འཇོམས་གཉིས་པ་ཞེས་བྱ་བ་ཐུབ་པའི་དབང་པོ་རྒྱལ་ཚབ་སྲས་ དང་སློབ་མར་བཅས་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། ། བདེན་གཉིས་རྣམ་འབྱེད་ཤེས་རབ་མེ་ལྕེས་ལྟ་ངན་ཚང་ཚིང་ཀུན་བསྲེག་ཅིང༌། །མི་ རྟོག་ཡེ་ཤེས་ནོར་བུའི་རྟོག་ལྡན་དམིགས་མེད་ཐུགས་རྗེའི་རྒྱལ་མཚན་འཛིན། །གསུང་རབ་ དྲང་དང་ངེས་པའི་དོན་གྱི་རྣམ་དབྱེ་སྟོན་མཁས་མཛད་པ་ཅན། །ཀུན་མཁྱེན་རྒྱལ་ཚབ་ཀུན་ མཁྱེན་ཆོས་རྗེའི་གསུང་རབ་གུས་པའི་གཙུག་གིས་མཆོད། །རབ་ཟབ་མདོ་དང་བླ་མེད་རྒྱུད་ རྣམས་ཀྱི། །དགོངས་པ་ངེས་འགྲེལ་བླ་མའི་གསུང་རབ་ལ། །མ་རྟོགས་རྒོལ་བའི་ཀླན་ཀ་ བཟློག་པའི་ཕྱིར། །འཁྲུལ་འཇོམས་གཉིས་པའང་བདག་གིས་འདིར་བརྗོད་བྱ། ། དེ་ཡང་འདི་ལྟར། ངེས་པའི་དོན་གྱི་མདོ་སྡེ་ཟབ་མོ་དགོངས་པ་ངེས་པར་འགལྲེ་བ་ལས། བཀའ་འཁོར་ལོ་དང་པོ་དང༌། བར་བ་གཉིས་ཀ་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་ དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་དང༌། འཁོར་ལོ་གསུམ་པ་ནི་བླ་ན་མ་མཆིས་པ་སྐབས་ མ་མཆིས་པ་ངེས་པའི་དོན་རྩོད་པའི་གཞིའི་གནས་སུ་མ་གྱུར་པ་ཡིན་པ་དང༌། འཁོར་ལོ་ཐ་མ་ ངེས་པའི་དོན་གྱི་མདོ་སྡེ་ཐོས་ནས་མོས་པ་བགྱིད་པ་ལ་སོགས་པའི་བསོད་ནམས་ནི་དྲང་བའི་ དོན་གྱི་མདོ་སྡེ་ལ་མོས་པ་ལ་སོགས་པའི་བསོད་ནམས་ལས་ཆེས་ཆེར་ལྷག་པར་གསུངས་ 6-1-149 ཏེ། གཞན་ཡང༌། འཁོར་ལོ་ཐ་མའི་མདོ་སྡེ་དུ་མ་ལས་འཁོར་ལོ་ཐ་མ་ཉིད་དང་དེའི་ནང་ ནས་ཀྱང་དེ་བཞེན་གཤེགས་པའི་སྙིང་པོ་སྟོན་པའི་མདོ་རྣམས་ངེས་པའི་དོན་ཡིན་པའི་ཚུལ་ ཤིན་ཏུ་གསལ་བར་གསུངས་པ་དང༌། འཁོར་ལོ་ཐ་མའི་དགོངས་འགྲེལ་རྗེ་བཙུན་བྱམས་པ་ མགོན་པོའི་ཐེག་པ་ཆེན་པོ་རྒྱུད་བླ་མ་ལ་སོགས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་ཆོས་ ཀྱི་དབྱིངས་ཀྱི་བསྟོད་པ་ལ་སོགས་པ་དང༌། རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་རྡོ་རྗེའི་ཚིག་རབ་ཏུ་ གསལ་བར་བྱེད་པ་བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་ལ་སོགས་པ་བཀའ་མདོ་ རྒྱུད་བསྟན་བཅོས་དྲི་མ་མེད་པ་རྣམས་ཀྱི་དགོངས་པ་དང་མཐུན་པར། ཆོས་རྗེ་རིན་པོ་ཆེ་ ཐམས་ཅད་མཁྱེན་པས་ངེས་དོན་རྒྱ་མཚོ་ལ་སོགས་པར་དེ་བཞིན་གཤེགས་པའི་སྙིང་པོ་ཟག་ མེད་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་རང་བཞིན་གྱིས་ལྡན་པ་དང༌། དོན་དམ་པའི་ སངས་རྒྱས་ཆོས་ཀྱི་སྐུ་བདག་གི་མཐར་ཐུག་པ་དང༌། རྟག་པ་དང་བརྟན་པ་ལ་སོགས་པ་ངེས་ པའི་དོན་དུ་ལེགས་པར་གཏན་ལ་ཕབ་པ་ལ། མུ་སྟེགས་བྱེད་རྟག་པར་སྨྲ་བ་དང་མཚུངས་པར་ རྟོག་པའི་རྒོལ་བ་རྣམས་བཟློག་པའི་ཕྱིར། ཁོ་བོས་ བདེ་གཤེགས་སྙིང་པོའི་རྒྱན་གྱི་འཁྲུལ་འཇོམས་ཞེས་བྱ་བ་བརྩམས་པ་ལ། རྟོག་གེའི་བསྟན་ བཅོས་ལ་སོགས་པའི་ཐ་སྙད་ཀྱི་ཚུལ་ལ་ཤས་ཆེར་སྦྱངས་པའི་མཁས་པ་སྡེ་སྣོད་འཛིན་པ་ དག་གིས་དགག་པའི་རྣམ་གྲངས་མང་པོ་ཡི་གེར་བཀོད་པ་སྣང་བ་ནི། ངེས་དོན་རྒྱ་མཚོ་དང་ ཁོ་བོས་འཁྲུལ་འཇོམས་སུ་བཀོད་པའི་ལུང་དང༌། རགིས་པ་ལ་ཞབི་མོ་མ་བརྟགས་པའི་སུན་ འབྱིན་ལྟར་སྣང་ཁོ་ནར་སྣང་བས། སླར་ཡང་བརྒལ་ལན་གྱིས་གཏན་ལ་དབབ་པ་མདོར་ བསྡུས་པ་ཞིག་བརྗོད་པར་བྱའོ། ། དེ་ལ་ངེས་དོན་རྒྱ་མཚོར་མཐར་ཐུག་དོན་དམ་གྱི་སྐྱབས་གསུམ་རྟག་པར་སྒྲུབ་པའི་ཤེས་ བྱེད་དུ། ལྷག་པའི་བསམ་པ་བརྟན་པའི་མདོ་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ 6-1-150 བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་ལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་ པ་སྟེ། དེ་ནི་རྣ་བས་མཉན་པར་མི་ནུས་སོ། །ཀུན་དགའ་བོ་དགེ་འདུན་ནི་འདུས་མ་བྱས་པ་ སྟེ། དེ་ནི་ལུས་དང་སེམས་ཀྱིས་བསྙེན་བསྐུར་བྱ་བར་མི་ནུས་སོ། །ཞེས་པ་དང༌། མདོ་རྒྱུད་ཀྱི་ ལུང་གཞན་ཡང་མང་དུ་དྲངས་པ་ལ། དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་ཁ་ཅིག་ན་རེ། ལུང་འདིའི་དགོངས་པ་སྐྱབས་གསུམ་གྱི་དེ་བཞིན་ཉིད་སྨྲ་བསམ་བརྗོད་མེད་སོ་སོ་རང་གིས་ རིག་བྱ་རྡོ་རྗེའི་དོན་དུ་བསྟན་གྱི་མཐར་ཐུག་གི་སྐྱབས་གསུམ་པོ་ཐམས་ཅད་རྟག་པར་གཞུང་ འདིས་བསྟན་པར་འདོད་པ་མི་འཐད་དོ། ། སྐྱབས་གསུམ་རྟག་པར་བསྟན་པའི་མདོ་ཐམས་ཅད་ཀྱི་དགོངས་པ་འདིས་མ་བསྟན་ཏོ། ། ཞེས་ཟེར་བ་ནི་མི་རིགས་ཏེ། རྒྱུད་བླ་མའི་འགྲེལ་པར། རྡོ་རྗེ་གནས་བདུན་པོ་མདོ་སོ་སོ་ དང་སྦྱོར་བའི་སྐབས་སུ་རྡོ་རྗེའི་གནས་སྐྱབས་གསུམ་ནི་ལུང་འདིས་བསྟན་པར་སྦྱར་བ་ཡིན་ པས། མདོ་འདིས་སྐྱབས་གསུམ་བསྟན་པ་ཡིན་ལ། དེ་ཡང་བསྟན་དུ་མེད་པ་དང༌། འདུས་ མ་བྱས་པའི་སྐྱབས་གསུམ་བསྟན་པའི་ཕྱིར། མཐར་ཐུག་དོན་དམ་གྱི་སྐྱབས་གསུམ་བསྟན་ པ་ཡིན་ཞིང༌། དོན་དམ་པའི་སྐྱབས་གསུམ་ནི་འདུས་མ་བྱས་ཡང་དག་པའི་དོན་ཡིན་པའི་ ཕྱིར། རྟག་པར་ཡང་བསྟན་པ་ཡིན་ཏེ། མྱང་འདས་ཆེན་པོའི་མདོར། སངས་རྒྱས་ཀྱི་རང་ བཞིན་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའོ། །འདུས་ མ་བྱས་པ་ནི་རྟག་པའོ། །རྟག་པ་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་འདུས་ མ་བྱས་པའོ། །འདུས་མ་བྱས་པ་ནི་རྟག་པའོ། །ཞེས་དང༌། གང་ཞིག་དཀོན་མཆོག་གསུམ་ པོ་ལ། །དོན་དམ་བདེན་པར་རྟག་འཛིན་ན། །དེ་ནི་སངས་རྒྱས་མང་པོ་ཡི། །སྨོན་ལམ་ཕུལ་ གྱི་མཆོག་ཡིན་ནོ། །ཞེས་པ་དང༌། གང་ཞིག་དེ་ལྟར་དཀོན་མཆོག་གསུམ་ལ་རྟག་པ་ཉིད་དུ་མི་ ཤསེ་ན། དེ་ནི་རགིས་ངན་ཡནི་པར་རིག་པར་བྱའོ། །ཞེས་གསུངས་སོ། །གལ་ཏེ་མཐར་ཐུག་ 6-1-151 དོན་དམ་པའི་སྐྱབས་གསུམ་པོ་ཉིད་མ་གྲུབ་བོ་ཞེ་ན། དེ་ལྟར་ན་དོན་དམ་པའི་སངས་རྒྱས་ ཆོས་ཀྱི་སྐུ་ལ་སྐྱབས་གསུམ་མ་ཚང་བར་འགྱུར་ལ། དེ་འདོད་ན། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། ། ཚོགས་ཀྱང་དེའི་མཐར་ཐུག་ཕྱིར། །ཞེས་པ་དང་འགལ་ལོ། །གཞན་ཡང༌། རྡོ་རྗེ་ཐེག་པར་ གསུངས་པའི་ངེས་པའི་དོན་གྱི་ཀྱེའི་རྡོ་རྗེ་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པ་ལ་སྐྱབས་ གསུམ་མ་ཚང་བར་འགྱུར་བ་ལས། ཀྱེའི་རྡོ་རྗེེར། འཆད་པ་པོ་ང་ཆསོ་ཀྱང་ང་། །རང་གི་ཚགོས་ ལྡན་ཉན་པ་ང༌། །ཞསེ་གསུངས་པ་དང་འགལ་ཏ། ེངེས་པའི་དོན་གྱི་ཀྱེའི་རྡོ་རྗེ་དང་དུས་འཁོར་ སོགས་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། དམིགས་མེད་སྙིང་རྗེ་ཟག་མེད་བདེ་ཆེན་ དབྱེར་མེད་པའི་བདག་ཉིད་ཡིན་པར་གསུངས་ལ། དེ་ལྟ་བུའི་སྟོང་ཉིད་སྙིང་རྗེ་དབྱེར་མེད་དེ་ནི་ མཐར་ཐུག་དོན་དམ་པའི་བདེན་པ་ཡིན་ཏེ། དུས་འཁོར་རྒྱུད་འགྲེལ་དུ། འདིར་གང་གི་སྙིང་རྗེ་ དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང༌། སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་ མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་དུ་འཇུག་པའོ། །ཞེས་ པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ། །ཞེས་གསུངས་ཤིང༌། ཁྱེད་རང་གིས་ཀྱང་ དེ་ལྟར་ཁས་བླངས་སོ། ། ཡང་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་བདེ་གཤེགས་སྙིང་པོ་བཏགས་པ་བ་དང༌། དྲི་མེད་དེ་བཞིན་ཉིད་སོགས་གསུམ་བདེ་གཤེགས་སྙིང་པོ་མཚན་ཉིད་པ་ཡིན་པར་རྔོག་ཆེན་ པོ་བཞེད་ཅིང་དེ་ལྟར་ཁྱེད་ཀྱང་འདོད་ན། རྒྱུད་བླར། དེ་ལྟར་རྒྱལ་བའི་སྙིང་པོ་ནི། །རྣམ་ བཞག་རྣམ་པ་བཅུ་ཞེས་བརྗོད། །ཉོན་མོངས་སྦུགས་ནང་གནས་པ་དེ། །དཔེ་དག་གིས་ནི་ ཤེས་པར་བྱ། །ཞེས་དང་དེའི་འགྲེལ་བར། དཔེ་དགུས་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་ མོངས་པའི་སྦུགས་བྱེ་བ་མཐའ་ཡས་པས་བཏུམས་པ་ནི་མདོ་ཇི་ལྟ་བ་བཞིན་རྟོགས་པར་ བྱའོ། །ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་སུ་དྲི་བཅས་དེ་བཞིན་ 6-1-152 ཉིད་བདེ་གཤེགས་སྙིང་པོ་མིན་པར་བཤད་པ་རྣམས་དོན་ལ་གནས་པ་ཚུལ་བཞིན་དུ་བཤད་ པ་མ་ཡིན་པར་འགྱུར་ཏེ། དྲི་བཅས་དེ་བཞིན་ཉིད་བདེ་གཤེགས་སྙིང་པོ་མ་ཡིན་པ་ལ་བདེ་ གཤེགས་སྙིང་པོ་མིན་པར་བཤད་པའི་ཕྱིར་རོ། །དེ་འདོད་ན་བསྔོ་བའི་སྐབས་སུ་དོན་གནས་ རྣམ་བདུན་ཚུལ་བཞིན་བཤད་ལས་བདག་གིས་དགེ་བ་གང་ཐོབ་པ། ཞེས་གསུངས་པ་ཡང་ བརྫུན་གསུང་ཉིད་དུ་འགྱུར་བས་བྱམས་མགོན་བརྫུན་སྨྲ་བར་སྒྲུབ་པ་ནི་རྔོག་ལོ་ཙྪ་བ་ཆེན་པོ་ ཡིན་ཡང༌། ཧ་ཅང་མ་འོས་སོ། ། ཡང་ཁོ་བོ་ཅག་གི་འཁོར་ལོ་ཐ་མ་བདེ་གཤེགས་སྙིང་པོ་སྟོན་པའི་མདོ་རྣམས་ཀྱིས་འཁོར་ ལོ་བར་བ་ལ་སོགས་པ་སྟོང་ཉིད་གཙོ་བོར་སྟོན་པའི་ཐེག་ཆེན་གྱི་མདོ་རྣམས་ཀྱི་ངེས་པའི་ དོན་ལས་ལྷག་པའི་ངེས་པའི་དོན་མི་སྟོན་ན། སྨན་སྤྱད་ཀྱི་རྒྱུད་ཕྱི་མ་དང་འདྲ་བར་ཐེག་པ་ ཆེན་པོ་སྟོང་པ་ཉིད་གཙོ་བོར་སྟོན་པའི་ཐེག་ཆེན་གྱི་མདོ་རྣམས་ལས་འཁོར་ལོ་ཐ་མ་བདེ་ གཤེགས་སྙིང་པོ་སྟོན་པའི་མདོ་རྣམས་ཐེག་ཆེན་གྱི་རྒྱུད་བླ་མའམ་གོང་མ་ཡིན་པར་མི་རིགས་ སོ་ཞེས་བརྗོད་པ་ལ། ཁྱེད་ན་རེ་དེ་ལྟར་ན་ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་ སྟེ། ཆོས་ཀྱི་སྐུར་གྱུར་པ་ཞེས་སོགས་ཀྱིས་དམ་པ་དང་པོའི་གཞུང་འདི་ཡང༌། འཕགས་པ་ ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ལས་བླ་མའམ་གོང་མ་མིན་པར་འགྱུར་ཏེ། དེ་ལས་ལྷག་པའི་ ངེས་པའི་དོན་མ་བསྟན་པའི་ཕྱིར་རོ། །གལ་ཏེ་མི་འགྱུར་བའི་བདེ་བ་དང་རྣམ་ཀུན་མཆོག་ ལྡན་གྱི་སྟོང་ཉིད་ཟུང་དུ་འཇུག་པ་ལྷན་ཅིག་སྐྱེས་པའི་སྐུ་མ་བསྟན་ནོ་སྙམ་ན། དེའང་མི་རིགས་ ཏེ། དྲི་མེད་འོད་ལས། གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་ པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་སོགས་ནས། ཤེས་རབ་དང་ཐབས་ཀྱི་བདག་ ཉིད་རྡོ་རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་སངས་རྒྱས་རིས་མེད་པ་ 6-1-153 དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་ གྲགས་སོ། །བཅོམ་ལྡན་འདས་དེ་ཉིད་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་སོ། །ཞེས་དང༌། ཀུན་རྫོབ་ བསྐྱེད་པའི་རིམ་པ་ལ་སོགས་པ་ཁོ་ན་སྟོན་པར་བྱེད་པའི་སྔགས་ཀྱི་ཐེག་པ་དེ་ཡང༌། ཤེར་ ཕྱིན་ལས་བླ་མའམ་གོང་མ་མིན་པར་འགྱུར་རོ། །འདོད་པར་མི་ནུས་ཏེ། ཁྱད་པར་བཞི་དང་ བཅུ་གཅིག་ལ་སོགས་པས་ཁྱད་པར་དུ་འཕགས་པར་གསུངས་པའི་ཕྱིར་རོ་ཞེས་དང༌། ཡང་བདེ་གཤེགས་སྙིང་པོ་སྟོན་པའི་མདོ་སྡེ་ཟབ་མོ་རྣམས་ཀྱི་ངེས་དོན་མཐར་ཐུག་པ་ དང༌། སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་ཀྱི་ངེས་པའི་དོན་མཐར་ཐུག་ པ་ཤེར་ཕྱིན་ལས་ཡེ་མ་གསུངས་པར་ཁྱེད་ཀྱིས་ངེས་པར་འཛིན་ན། ཁྱེད་ལ་རྩ་བའི་ལྟུང་བ་ དྲུག་པར་འགྱུར་ཏེ། དྲི་མེད་འོད་ལས། དྲུག་པ་གྲུབ་པའི་མཐའ་ལ་ སྨོད་པ་སྟེ། གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། གསང་སྔགས་ཀྱི་ཚུལ་ལ་དེ་ ཁོ་ན་ཉིད་ཀྱི་ལེའུའོ། །དེ་ལ་སྨོད་པ་གང་ཡིན་པ་དེ་ནི་དྲུག་པའོ། །ཞེས་པ་ལ་སོགས་པའི་རྩོད་ པ་ནི་རྣམ་པར་མ་བརྟགས་པའི་སྨྲ་བ་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསྟན་ པའི་ངེས་དོན་ལས་ལྷག་པའི་ངེས་དོན་དུས་ཀྱི་འཁོར་ལོའི་རྒྱུད་དུ་མ་བསྟན་པ་ཡིན་ན། རྒྱུད་ གཞན་དུ་ཡང་མ་བསྟན་པར་འགྱུར་བ་རྒྱུ་མཚན་མཚུངས་ལ། ཤེར་ཕྱིན་གྱི་མདོར་བསྟན་པའི་ ངེས་དོན་ལས་ལྷག་པའི་ངེས་དོན་ཟབ་མོ་རྒྱུད་སྡེ་རྣམས་སུ་མ་བསྟན་ན་འཇམ་དཔལ་གྱིས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལེགས་ན། །རྒྱུ་འབྲས་ ལྷུན་གྲུབ་ཏུ་སྤྱོད་ཅིང༌། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་ མ་གསུངས། །ཞེས་ཞུས་པ་དང༌། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་ 6-1-154 པའི་དགོངས་པ་སྔགས་ཀྱི་ཐེག་པར་གསུངས་པའི་རྒྱུ་འབྲས་ལྷུན་གྲུབ་ངེས་པའི་ཐེག་པ་ནི་ ངེས་དོན་མཐར་ཐུག་པ་ཡིན་ལ། དེ་ལྟ་བུའི་ངེས་དོན་མཐར་ཐུག་དེ་ཕྱི་མཚན་ཉིད་ཀྱི་ཐེག་པ་ གསུམ་དུ་མ་གསུངས་པར་བཤད་པ་དང་འགལ་ལོ། ། དེ་བཞིན་དུ་དཔལ་བརྟག་པ་གཉིས་པར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེའི་རྗེས་ བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞནི་ནོ། །དེ་ ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། ། དེའི་རྗེས་ཀྱེའི་རྡོ་རྗེ་བསྟན། །ཞེས་དང༌། དེའི་འགྲེལ་བ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་ པོས་མཛད་པར་ཡང༌། དེ་ནས་སོ་སོ་ཐར་ཤེས་ནས། །དེ་ནས་བྱེ་བྲག་སྨྲ་བའི་ལུགས། །དེ་ ནས་མདོ་སྡེ་ཤེས་བྱས་ན། །རྣམ་ཤེས་སྨྲ་བ་རང་ཆོས་ལས། །དེ་ནས་ཤེས་རབ་ཕ་རོལ་ཕྱིན། ། དགོངས་པ་དབུ་མ་ཤེས་བྱ་སྟེ། །དེ་ལྟར་རྒྱུད་གཞན་མཉན་ནས་ནི། །དེ་ནས་ཀྱེའི་རྡོར་ཤེས་ བྱ། །ཞེས་ཕར་ཕྱིན་ཐེག་པར་བསྟན་པའི་དབུ་མ་བསྟན་པ་དང༌། ཤེས་པར་བྱས་པའི་རྗེས་སུ་ ཀྱེའི་རྡོ་རྗེ་བསྟན་པ་དང་ཤེས་པར་བྱ་དགོས་པར་གསུངས་པས། ཕར་ཕྱིན་གྱི་ཐེག་པར་ཀྱེའི་རྡོ་ རྗེ་མ་བསྟན་པར་གསུངས་ལ། ཀྱེའི་རྡོ་རྗེའི་དོན་ཡང༌། ཧེ་ཡིག་གིས་ནི་སྙིང་པོ་ཆེ། །བཛྲ་ཤེས་ རབ་བརྗོད་པར་བྱ། །ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། ། ཞེས་ཐབས་དམིགས་མེད་སྙིང་རྗེ་མི་འགྱུར་བའི་བདེ་བ་དང༌། ཤེས་རབ་རྣམ་ཀུན་མཆོག་ ལྡན་གྱི་སྟོང་ཉིད་ཟུང་དུ་འཇུག་པ་ལྷན་ཅིག་སྐྱེས་པའི་སྐུ་ངེས་དོན་མཐར་ཐུག་ཡིན་པའི་ཕྱིར། དེ་ལྟ་བུའི་ལྷན་ཅིག་སྐྱེས་པའི་སྐུ་ངེས་དོན་མཐར་ཐུག་དེ་ཕར་ཕྱིན་ཐེག་པར་མ་བསྟན་པར་ གསུངས་པ་དང་ཡང་འགལ་ལོ། ། དཔལ་དུས་ཀྱི་འཁོར་ལོ་ཡང༌། སྲིད་གསུམ་ཕྲ་རབ་གཟུགས་མིན་འདིར་ནི་ རྣམ་པར་ཤེས་པའོ་དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་དུའང་ 6-1-155 གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །གང་གིས་འགྱུར་ མེད་དང་བྲལ་མི་རྣམས་ཀྱི་ནི་སྟོང་པ་ཉིད་དེ་གཟུང་ནས་སྟོང་པར་ལྟ་བྱེད་པ། །དེས་ན་གཙོ་ བོས་གང་གི་འཕོ་མེད་ལྷན་སྐྱེས་སྐུ་ཡི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་ གསུངས་ཏེ་ཤོང་འགྱུར་ལ་ལྷན་སྐྱེས་ལུས་ཀྱི་བདེ་བ་ཞེས་པ་ཡོད་ཀྱང༌། ར་འབྲོའི་འགྱུར་ ལ་ལྷན་ཅིག་སྐྱེས་སྐུའི་བདེ་བ་ཞེས་པའི་དོན་དུ་ཡོད་པ་ལྟར་ལེགས་ཏེ། བརྟག་གཉིས་ཀྱི་དེ་ རྗེས་ཀྱེའི་རྡོ་རྗེ་བསྟན་ཞེས་པ་དང་དོན་གཅིག་པའི་ཕྱིར་རོ། །དེའི་དོན་ནི་ཕར་ཕྱིན་ཐེག་པར་ ཆོས་ཐམས་ཅད་རང་སྟོང་ཉིད་དུ་གཙོ་བོར་བསྟན་པ་ལ་བརྟེན་ནས་ཕར་ཕྱིན་ཐེག་པ་ཙམ་ལ་ བརྟེན་པའི་དབུ་མ་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་ཡང་དག་པར་མ་གྲུབ་པོ་ཞེས་ བསྐུར་པ་འདེབས་པའི་ཕྱིར་དེ་ཟློག་པའི་དོན་དུ་སྐུ་བཞི་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་ པོའི་སྐུ་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཐེག་པར་ཁྱད་པར་དུ་བསྟན་ཏོ་ཞེས་པ་སྟེ། དེ་ལྟ་ བུའི་སྐུ་བཞི་པ་ཕར་ཕྱིན་ཐེག་པར་མ་བསྟན་པར་དོན་གྱིས་གསུངས་ཤིང༌། དཔལ་དྲི་མ་མེད་ པའི་འོད་ལས། གང་ཞིག་ཨེ་ཝཾ་གི་ཡི་གེ་སྟེ་སྟོང་པ་ཉིད་ལ་གནས་པ་དེ་ནི་མཆོག་གི་ངེས་པ་ ཅན་རབ་འབྱོར་ལ་སོགས་པ་རྣམས་དང༌། བྱམས་པ་ལ་སོགས་པ་རྣམས་སྐུ་བཞི་པ་བསྟན་ པས། མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ལ་དགོད་པའི་སླད་དུའོ། །ཞེས་ ཕར་ཕྱིན་ཐེག་པའི་དོན་ཐུགས་སུ་ཆུད་ཟིན་པའི་མཆོག་གི་ངེས་པ་ཅན་རྣམས་ལ་སྐུ་བཞི་པ་ ལྷན་ཅིག་སྐྱེས་པའི་སྐུ་བསྟན་པར་གསུངས་པས་ཀྱང་མི་འགྱུར་བའི་བདེ་བ་ཆེན་པོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཟུང་དུ་འཇུག་པའི་སྐུ་བཞི་པ་དེ་ལྟ་བུ་ཤེར་ཕྱིན་གྱི་མདོ་ རྣམས་སུ་མ་བསྟན་པར་གྲུབ་པས་རྣམ་པར་དག་པའི་ལུང་དེ་རྣམས་དང་འགལ་ལོ། ། དེས་ན་ལྷན་ཅིག་སྐྱེས་པའི་སྐུ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་བའི་བདེ་བ་ཆེན་པོ་ནི་ སྔགས་ཀྱི་མཐར་ཐུག་དབང་བཞི་པའི་དོན་ཡིན་ལ། དེ་ཕར་ཕྱིན་ཐེག་པར་མ་བསྟན་པ་ཉིད་ 6-1-156 དོ། །འོ་ན་ལྷན་ཅིག་སྐྱེས་པའི་བདེ་བའི་སྐུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་ཕ་ རོལ་ཏུ་ཕྱིན་པའི་ཚུལ་ལ་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་པའི་ལུང་དང་མི་འགལ་ལམ་སྙམ་ན། འགལ་བ་ཅུང་ཟད་ཀྱང་མེད་དེ། ལུང་དེས་རྡོ་རྗེ་སེམས་དཔའ་ལྷན་སྐྱེས་བདེ་བའི་སྐུ་དང༌། ངོ་ བོ་ཉིད་ཀྱི་སྐུ་དོན་གཅིག་ཡིན་པར་བསྟན་མོད། དེ་དག་དོན་གཅིག་པའི་རྒྱུ་མཚན་གྱིས་ངོ་བོ་ ཉིད་ཀྱི་སྐུ་བསྟན་པས་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་སྐུ་བསྟན་པར་མི་འགྱུར་ཏེ། གལ་ ཏེ་འགྱུར་ན་ཤེར་ཕྱིན་གྱི་མདོར་དབང་བཞི་པའི་དོན་དང༌། དུས་ཀྱི་འཁོར་ལོ་དང༌། ཀྱེའི་རྡོ་ རྗེ་དང༌། འཁོར་ལོ་སྡོམ་པ་དང༌། ཕྱག་རྒྱ་ཆེན་པོ་དང༌། སྟོང་པ་ཆེན་པོ་ཡི་གེ་ལྔ་དང༌། ཐིག་ལེ་ སྟོང་པ་ཡི་གེ་དྲུག་དང༌། བདེན་དོན་རྣམ་པ་བཅུ་གཉིས་དང༌། སྐུ་བཞི་དེ་ཁོ་ན་ཉིད་བཅུ་དྲུག་ ཏུ་ཕྱེ་བ་དང༌། ཡང་དག་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང༌། མངོན་པར་བྱང་ཆུབ་པ་ བཞི་དང༌། རྡོ་རྗེ་བཞི་དང༌། སེམས་དཔའ་བཞི་དང༌། ཧེ་རུ་ཀ་བཞི་ལ་སོགས་པ་གཞུང་འདི་ དང་འདིས་བསྟན་པ་ཡིན་ནོ་ཞེས་བསྟན་དུ་གསོལ་ཞིང༌། དེ་ལྟར་ཁྱེད་ཀྱིས་བསྟན་ནུས་ན་ཤརེ་ ཕྱིན་གྱི་མདོའི་དོན་དེ་ལྟར་སྟོན་ནུས་པའི་མཁས་པ་སྔན་ཆད་མ་བྱུང་བས་ན། ཁྱེད་ནི་སྔོན་མེད་ པའི་མཁས་པ་རྨད་དུ་བྱུང་བའི་མཁས་པ་ཆེན་པོ་ཡིན་ནོ། ། གཞན་ཡང་ཕར་ཕྱིན་དང་སྔགས་ཀྱི་ཐེག་པ་སྟོན་པ་ལ་རྒྱུ་འབྲས་ཀྱི་ཐེག་པའི་ཁྱད་པར་ མེད་པར་འགྱུར་ཏེ། ཕར་ཕྱིན་ཐེག་པར་བསྟན་པའི་ངེས་དོན་ལས་ལྷག་པའི་ངེས་དོན་གྱི་ ཁྱད་པར་ཅི་ཡང་སྔགས་ཀྱི་ཐེག་པ་མི་སྟོན་པའི་ཕྱིར་རོ། །དེས་ན་སྔགས་ཀྱི་ཐེག་པ་ཤེར་ཕྱིན་ གྱི་ཐེག་པ་ལས་རྒྱུད་བླ་མའམ་གོང་མ་ཡིན་པ་ནི་སྤྱིར་སྔགས་དང༌། ཤེར་ཕྱིན་གྱི་ཐེག་པ་དོན་ དང་དགོངས་པ་གཅིག་ཡིན་ཞིང༌། སྔགས་ཀྱི་ཐེག་པར་བསྟན་པའི་ལྷན་སྐྱེས་བདེ་བ་ཆེན་ པོའི་སྐུ་ལ། ཕར་ཕྱིན་ཐེག་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་པ་ཡིན་ཡང༌། ངོ་བོ་ཉིད་ཀྱི་སྐུའི་ ངེས་དོན་གྱི་ཁྱད་པར་ཤེར་ཕྱིན་ཐེག་པར་བསྟན་ཚོད་ལས་ཀྱང་ལྷག་པའི་ངོ་བོ་ཉིད་ཀྱི་སྐུའི་ 6-1-157 ངེས་དོན་གྱི་ཁྱད་པར་དབང་བཞི་པའི་དོན་རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ལ་ སོགས་པ་མང་པོ་ཞིགསྔགས་ཀྱི་ཐེག་པར་སྟོན་པས་སྔགས་ཀྱི་རྒྱུད་སྡེ་རྣམས་ཤེར་ཕྱིན་གྱི་ མདོ་ལ་སོགས་པའི་མདོ་སྡེ་ཟབ་མོ་རྣམས་ལས་ཀྱང༌། རྒྱུད་བླ་མའམ་གོང་མ་ཡིན་ནོ། ། དེ་བཞིན་དུ་བཀའ་འཁོར་ལོ་བར་པ་དང་ཐ་མ་ཡང་དགོངས་པའི་དོན་གཅིག་པ་ཡང༌། འཁོར་ལོ་བར་བར་བསྟན་ཚོད་ཀྱི་ངེས་དོན་ལས་ཀྱང་ལྷག་པའི་ངེས་དོན་གྱི་ཁྱད་པར་དེ་ བཞིན་གཤེགས་པའི་སྙིང་པོ་ལ་སོགས་པ་སྟོན་པའི་སྒོ་ནས་འཁོར་ལོ་གསུམ་པ་ནི་འཁོར་ལོ་ བར་པ་ལས་ཐེག་ཆེན་གྱི་རྒྱུད་བླ་མའམ་གོང་མ་ཡིན་ཏེ། ཐེག་ཆེན་གྱི་རྒྱུད་ཅེས་པའི་དོན་གྱི་ རྒྱུད་ནི། ངེས་པའི་དོན་ཡིན་པས་རྒྱུད་བླ་མའམ་གོང་མ་ཞེས་པ་ངེས་པའི་དོན་ལ་ལྟོས་ནས་ བཞག་པ་ཡིན་ནོ། ། དེས་ན་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དོན་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་ དམིགས་མེད་སྙིང་རྗེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཟུང་དུ་འཇུག་པའི་ སྐུ་ཡིན་ལ། དེ་ལྟ་བུའི་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དོན་དེ་ཕར་ཕྱིན་ཐེག་པའི་མདོ་སྡེ་ཟབ་ མོ་རྣམས་སུ་རྒྱུ་སྟོང་པ་ཉིད་ཀྱི་ཆ་ཙམ་ཞིག་སྟོན་པས་ན། རྒྱུའི་ཐེག་པར་བཞག་ཅིང༌། རྣལ་ འབྱོར་བླ་ན་མེད་པའི་རྒྱུད་རྣམས་སུ་འབྲས་བུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཆ་ཁྱད་པར་དུ་ གསལ་བར་སྟོན་པས་འབྲས་བུའི་ཐེག་པར་རྣམ་པར་བཞག་སྟེ། དེ་ལྟ་བུའི་རྒྱུ་འབྲས་ནི་མེའི་ འདོང་སྲེག་པར་བྱེད་པ་ལྟར། གདོད་མ་ནས་གཅིག་ཏུ་འདྲེས་པར་གྱུར་པ་ནི། སེམས་འགྲེལ་ སྐོར་གསུམ་གྱི་དགོངས་པའོ། ། ཕར་ཕྱིན་ཐེག་པར་སྟོང་པ་ཉིད་ཀྱི་དོན་སྟོན་ཚུལ་ཡང༌། འཁོར་ལོ་བར་བར་འཁོར་ འདས་ཀྱི་ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་པའི་སྟོང་པ་ཉིད་དུ་ཕྱོགས་གཅིག་པར་ བསྟན་ཅིང༌། འཁོར་ལོ་གསུམ་པར་ཀུན་རྫོབ་ཀྱི་ཆོས་ཐམས་ཅདནི་རང་རང་ངོ་བོས་སྟོང་པ་ 6-1-158 དང༌། དོན་དམ་པ་མྱ་ངན་ལས་འདས་པ་ཆེན་པོ་ནི་རང་གི་ངོ་བོས་མི་སྟོང་ཞིང༌། འདུས་བྱས་ ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་པའི་སྟོང་པ་ཉིད་ཆེན་པོར་ལེགས་པར་ཕྱེ་སྟེ་བསྟན་ པས་འཁོར་ལོ་གསུམ་པ་ཁྱད་པར་འཕགས་པ་ཡིན་ལ། སྔགས་ཀྱི་ཐེག་པ་བླ་ན་མེད་པ་ རྣམས་སུ་དེ་དག་གི་སྟེངས་སུ་ཡང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་ཟུང་དུ་འཇུག་ པའི་རང་བཞིན་ལྷན་སྐྱེས་བདེ་བ་ཆེན་པོའི་སྐུའི་ཁྱད་པར་བསྟན་པས། འཁོར་ལོ་གསུམ་པ་ ལས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་པར་འདོད་དོ། ། དེས་ན་ཕ་རོལ་ཏུ་ཕྱིན་པའི་ངེས་དོན་མཐར་ཐུག་དང༌། སྔགས་ཀྱི་ཐེག་པའི་ ངེས་དོན་མཐར་ཐུག་གཉིས་དོན་གཅིག་པ་ཡིན་ཡང༌། སྟོན་ཚུལ་གྱི་སྒོ་ནས་སྔགས་ཀྱི་ཐེག་ པའི་ངེས་དོན་མཐར་ཐུག་མི་འགྱུར་བའི་བདེ་བ་ཆེན་པོའི་ཆ་ལ་སོགས་པ་ཕར་ཕྱིན་ཐེག་པར་ མ་བསྟན་པ་ཁོ་ན་ཡིན་ནོ། ། དེས་ན་བཀའ་འཁོར་ལོ་བར་པ་དང་ཐ་མ་གཉིས་སུ་དབུ་མ་ཆེན་པོའི་གྲུབ་མཐའ་བསྟན་ པ་ཡིན་ཡང་ཡོངས་སུ་རྫོགས་པར་མ་བསྟན་ཞིང༌། རྒྱུད་སྡེ་འོག་མ་རྣམས་སུ་ཡང་རྫོགས་པར་ མ་བསྟན་ལ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་སུ་དབུ་མ་ཆེན་པོའི་གྲུབ་མཐའ་བསྟན་ ཏེ་དེ་ཁོ་ན་ཉིད་ཀྱི་དོན་ཡོངས་སུ་རྫོགས་པར་བསྟན་པ་ཡིན་ནོ། ། དེའི་ཕྱིར་རྡོ་རྗེ་ཐེག་པའི་ངེས་དོན་མཐར་ཐུག་གསང་བ་ལས་ཀྱང་ཆེས་གསང་བའི་དོན་ ཕར་ཕྱིན་ཐེག་པར་མ་བསྟན་པར་འདོད་པ་ལ་རྩ་བའི་ལྟུང་བ་དྲུག་པར་འགྱུར་རོ། །ཞེས་ པ་ནི། རྡོ་རྗེ་འཆང་གི་གསུང་གི་དོན་མི་ཤེས་པར་སྟོན་པ་ཁོ་ན་སྟེ། རྩ་ལྟུང་དྲུག་པ་རང་དང་ གཞན་གྱི་གྲུབ་པའི་མཐའ་ལ་སྨད་པའི་ལྟུང་བ་ནི། སྤྱིར་སངས་རྒྱས་ཀྱི་གསུང་དང་མཐུན་ པའི་ཆོས་མུ་སྟེགས་བྱེད་ལ་འདུག་པ་ལ་སྨད་ན་ཡང་རྩ་བའི་ལྟུང་བར་འགྱུར་ཞིང་། བྱེ་བྲག་ ཏུ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་དེ་ཁོ་ཉིད་ཀྱི་ངེས་དོན་དོན་ཐ་དད་དུ་བཟུང་ནས་ཕ་རོལ་ཏུ་ 6-1-159 ཕྱིན་པའི་ངེས་དོན་ལ་སྨད་ན་རྩ་ལྟུང་དྲུག་པར་འགྱུར་བ་ཡིན་གྱི། སྔགས་ཀྱི་ངེས་དོན་གསང་ ཆེན་མཐར་ཐུག་དེ་ཕར་ཕྱིན་ཐེག་པར་མ་བསྟན་པར་ཁས་བླངས་པ་ལ་རྩ་ལྟུང་དྲུག་པ་འབྱུང་ བར་ག་ལ་ཞིག་འགྱུར། གལ་ཏེ་དེ་ལྟར་ཁས་བླངས་པས་རྩ་ལྟུང་དྲུག་པར་འགྱུར་ན། རྡོ་རྗེ་ འཆང་དང་སྤྱན་རས་གཟིགས་དབང་ཕྱུག་ལ་ཡང་རྩ་བའི་ལྟུང་བ་དྲུག་པ་འབྱུང་བར་འགྱུར་ ཏེ། དེ་དག་གིས་གསང་སྔགས་ཀྱི་ངེས་དོན་མཐར་ཐུག་ཕར་ཕྱིན་ཏུ་མ་བསྟན་པར་ཞལ་གྱིས་ བཞེས་པར་གོང་དུ་དྲངས་པའི་ལུང་དེ་དག་གིས་གསལ་བར་བསྟན་པའི་ཕྱིར་རོ། ། ཡང་ཀུན་རྫོབ་བསྐྱེད་པའི་རིམ་པ་ལ་སོགས་པ་ཁོ་ན་སྟོན་པར་བྱེད་པའི་སྔགས་ཀྱི་ཐེག་ པ་དེ་ཡང་ཤེར་ཕྱིན་ལས་བླ་མའམ་གོང་མ་མ་ཡིན་པར་འགྱུར་ཏེ། ཤེར་ཕྱིན་གྱི་ངེས་དོན་ ལས་ལྷག་པའི་ངེས་དོན་མི་སྟོན་པའི་ཕྱིར་རོ། །ཞེས་སྨྲ་བ་ལ་ཡང་བརྟག་པར་བྱ་སྟེ། ཁོ་བའི་ འདོད་པ་ནི། བདེ་གཤེགས་སྙིང་པོ་སྟོན་པའི་མདོ་རྣམས་ཤེར་ཕྱིན་ལ་སོགས་སྟོང་ཉིད་སྟོན་ པའི་མདོ་རྣམས་ལས་ཐེག་ཆེན་གྱི་རྒྱུད་བླ་མའམ་གོང་མ་མ་ཡིན་པར་འགྱུར་རོ་ཞེས་པ་ཡིན་ པས། འདིར་ཡང་ཤེར་ཕྱིན་ལས་རྒྱུད་བླ་མའམ་གོང་མ་མིན་པར་ཐལ་བར་སྨྲ་བ་ནི་འདོད་ པ་མིན་ཏེ། བསྐྱེད་རིམ་སོགས་དྲང་དོན་ཁོ་ན་སྟོན་པའི་སྔགས་ཀྱི་ཐེག་པ་དེས་ངེས་དོན་ཅུང་ ཟད་ཀྱང་མི་སྟོན་པའི་ཕྱིར་རོ། ། དེ་ལྟ་བུའི་རྒྱུད་དེ་ནི་ཤེར་ཕྱིན་ལས་ཁྱད་པར་བཞི་དང་བཅུ་གཅིག་ལ་སོགས་པས་ཁྱད་ པར་དུ་འཕགས་པ་ཡང་མ་ཡིན་ཏེ། དེའི་སྤྲོས་པ་རེ་ཤིག་བཞག་གོ། །གཞན་ཡང་ཁྱེད་ཀྱི་ འདོད་པས་མདོ་སྡེ་དགོངས་འགྲེལ་ལས། བཀའ་འཁོར་ལོ་དང་པོ་དང་བར་པ་གཉིས་དྲང་ དོན་དང༌། འཁོར་ལོ་གསུམ་པ་ངེས་དོན་དུ་གསུངས་པའི་དོན་ལ། བཀའ་འཁོར་ལོ་ཐ་མ་དྲང་ དོན་ཡིན་ཡང་སྐྱེ་བ་མཆིས་མ་མཆིས་དང༌། འགག་པ་མཆིས་མ་མཆིས་དང༌། གཟོད་མ་ནས་ ཞི་མ་ཞི་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་མ་འདས་ཀྱི་སྤྲོས་པ་དང་བྲལ་ 6-1-160 བའི་ཡོངས་གྲུབ་དེ་དགོངས་གཞིར་གསུངས་པའི་ཆ་ནས་ལེགས་པར་རྣམ་པར་ཕྱེ་བ་དང་ ལྡན་པའི་ཆོས་ཀྱི་འཁོར་ལོ་ངེས་དོན་དུ་གསུངས་ལ། སྟོང་ཉིད་མཚན་མེད་སྨོན་མེད་སོགས་ སྒྲ་ཇི་ལྟ་བའི་དོན་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་བསྟན་པའི་ཆོས་ཀྱི་འཁོར་ལོ་དྲང་དོན་ དུ་གསུངས་པ་སྟེ། སྤྱིར་ནི་སྟོང་པ་ཉིད་སྨོས་པའི་རྣམ་པས་བསྟན་པའི་རྒྱལ་བའི་ཡུམ་ནི་ངེས་ པའི་དོན་ཡིན་ཏེ། སྟོང་ཉིད་མཚན་མེད་སྨོན་མེད་སོགས་བརྗོད་བྱའི་གཙོ་བོར་སྟོན་པའི་སྒོ་ ནས་དོན་དམ་བསྒྲུབ་པར་སྟོན་པའི་གཞུང་ཡིན་པའི་ཕྱིར་རོ། ། བཀའ་ཐ་མ་ནི་དྲང་བའི་དོན་ཡིན་ཏེ། བདག་དང་། རྟག་པ་དང༌། སེམས་ཅན་ལ་སོགས་ པ་ཀུན་རྫོབ་སྒྲུབ་པ་གཙོ་བོར་སྟོན་པའི་ཕྱིར། བློ་གྲོས་མི་བཟད་པས་བསྟན་པའི་མདོ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང༌། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ བདག་དང༌། སེམས་ཅན་དང་སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེས་ ལས་སྐྱེས་དང༌། ཤེད་བདག་དང༌། བྱེད་པ་པོ་དང་། ཚོར་བ་པོ་དང༌། སྒྲ་རྣམ་པ་སྣ་ཚོགས་སུ་ བཤད་པ་དང༌། བདག་པོ་མེད་པ་ལ་བདག་པོ་དང་བཅས་པར་བཤད་པ་དེ་དག་ནི་དྲང་བའི་ དོན་ཅེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་ དང༌། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ་དང༌། མ་བྱུང་བ་དང༌། དངོས་པོ་མེད་པ་ དང༌། བདག་མེད་པ་དང་། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གང་ཟག་མེད་པ་ དང༌། བདག་པོ་མེད་པ་དང༌། རྣམ་པར་ཐར་བའི་སྒོའི་བར་དུ་བསྟན་པ་དེ་དག་ནི་ངེས་པའི་ དོན་ཅེས་བྱ་སྟེ། འདི་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་སྟོན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་མི་སྟོན་ པ་ཞེས་བྱའོ། །ཞེས་གསུངས་པ་དང༌། ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། སྟོང་པ་བདེ་བར་ གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ ཅན་སྐྱེས་བུ་གང་ཟག་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་ 6-1-161 སོ་ཞེས་པ་འདི་རྣམ་པར་དཔྱད་པར་བྱ་སྟེ། རྒྱ་བོད་ཀྱི་དགེ་བའི་བཤེས་གཉེན་མང་པོ་དག བཀའ་འཁོར་ལོ་བར་པ་ངེས་དོན་དང༌། འཁོར་ལོ་ཐ་མ་དྲང་དོན་དུ་འདོད་པ་དབུ་མའི་ ལུགས་དང༌། འཁོར་ལོ་ཐ་མ་ངེས་དོན་དང༌། འཁོར་ལོ་བར་བ་དྲང་དོན་དུ་འདོད་པ་སེམས་ ཙམ་པའི་ལུགས་ཡིན་ཞེས་འཆད་ན་ཡང༌། ཐུབ་པའི་རྒྱལ་ཚབ་དམ་པ་བྱམས་མགོན་དང་། ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་ལ་སོགས་པ་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཀྱང༌། མདོ་སྡེ་དྲང་བ་དང་ངེས་པའི་དོན་དུ་རྣམ་པར་འབྱེད་པ་ནི། བཅོམ་ལྡན་འདས་ཀྱི་ལུང་ཁོ་ན་ ལ་རྟེན་ནས་མཛད་པ་ཡིན་ལ་འཁོར་ལོ་བར་བའི་མདོ་བོད་དུ་ཡོངས་སུ་གྲགས་པ་རྣམས་སུ་ འཁོར་ལོ་ཐ་མ་དྲང་དོན་དགོངས་པ་ཅན་ཡིན་པར་སྟོན་པའི་ལུང་ནི་མེད་ཅིང༌། སྤྱིར་ཡང་དྲང་ དོན་ངེས་དོན་གྱི་རྣམ་དབྱེ་རྣམས་འཁོར་ལོ་གསུམ་པར་གསུངས་པ་ཁོ་ན་ཡིན་ནོ། ། དེ་ལ་འཁོར་ལོ་གསུམ་པའི་མདོ། བདེ་གཤེགས་སྙིང་པོ་གཙོ་བོར་སྟོན་པ་རྣམས་དང༌། མདོ་དགོངས་འགྲེལ་ལ་སོགས་པ་ངོ་བོ་ཉིད་གསུམ་གཙོ་བོར་སྟོན་པའི་མདོ་མང་པོ་ལས། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མེད་སྨོན་མེད་ངོ་བོ་ཉིད་མེད་པ་ ལ་སོགས་པ་རྣམ་པར་མ་ཕྱེ་བར་ཕྱོགས་གཅིག་ཏུ་སྟོན་པའི་མདོ་རྣམས་དྲང་དོན་དགོངས་པ་ ཅན་དུ་བསྟན་ཅིང༌། འཁོར་ལོ་ཐ་མའི་མདོ་བདེ་གཤེགས་སྙིང་པོ་གཙོ་བོར་སྟོན་པ་དང༌། སྟོང་ མི་སྟོང་ལ་སོགས་ལེགས་པར་རྣམ་པར་ཕྱེ་བ་དང༌། ངོ་བོ་ཉིད་གསུམ་ལ་སོགས་པ་སྟོན་པ་ རྣམས་དྲང་དོན་དགོངས་པ་ཅན་ཡིན་པར་བསྟན་པ་མེད་པས། རྗེ་བཙུན་བྱམས་མགོན་གྱིས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་ མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུགས། །ཞེས་གསུངས་པ་ལྟར་མདོ་སྡེ་འདི་དག་ནི་དྲང་ དོན་དགོངས་པ་ཅན་ཡིན་ཞིང༌། འདི་དག་ངེས་པའི་དོན་ཡིན་ནོ་ཞེས་སངས་རྒྱས་བཅོམ་ལྡན་ 6-1-162 འདས་ཐམས་ཅད་མཁྱེན་པ་ཉིད་ཀྱིས་གསུངས་པ་ལྟར་རྣམ་པར་བཞག་པར་བྱ་བ་ཡིན་གྱི། དེ་ ལས་གཞན་དུ་བཅོམ་ལྡན་འདས་ཉིད་ཀྱིས་ངེས་དོན་དུ་གསུངས་པའི་མདོ་ལས། མདོ་རྣམས་ དྲང་དོན་དགོངས་པ་ཅན་ཡིན་ནོ། །ཞེས་པ་དང༌། དྲང་དོན་གྱི་མདོར་གསུངས་པ་རྣམས་ལ་ ངེས་དོན་གྱི་མདོ་ཡིན་ནོ་ཞེས་སྨྲ་བ་ནི་རང་བཟོ་དང་གཟུ་ལུམས་ཀྱིས་མདོ་སྡེ་དཀྲུགས་པར་ བྱེད་པ་ཡིན་ཏེ། དཔའ་ཕྲེང་གི་མདོ་ལས་གསུངས་པ་ལྟར། དམ་པའི་ཆོས་ལ་རྒྱབ་ཀྱིས་ ཕྱོགས་པ་དང༌། ཆོས་ལ་དབང་ཟ་བ་ཡིན་ནོ། ། དེ་ལྟར་བཀའ་འཁོར་ལོ་བར་པ་དྲང་བའི་དོན་དང༌། འཁོར་ལོ་གསུམ་པ་ངེས་པའི་དོན་ དུ་གསུངས་པ་ཡང་གཙོ་ཆེ་བའི་དབང་དུ་བྱས་པ་སྟེ། འཁོར་ལོ་བར་པ་དོན་དམ་པའི་བདེན་ པ་དང༌། མྱ་ངན་ལས་འདས་པ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་སྐུ་ལ་སོགས་པ་མཐར་ཐུག་ དེ་ཁོ་ན་ཉིད་ཀྱི་དོན་རང་གི་ངོ་བོས་སྟོང་པ་མ་ཡིན་པའི་ཆོས་རྣམས་ཀྱང་། དགོས་པའི་དབང་ གིས་རང་གི་ངོ་བོས་སྟོང་པར་བསྟན་པའི་ཆ་རྣམས། དྲང་དོན་དགོངས་པ་ཅན་དུ་གསུངས་པ་ ཡིན་ལ། འཁོར་ལོ་ཐ་མར་ནི་མཐར་ཐུག་གི་མྱང་འདས་ཆེན་པོ་དང་། རྣམ་པར་གྲོལ་བ་ལ་ སོགས་པ་དེ་ཁོ་ན་ཉིད་ཀྱི་དོན་རང་གི་ངོ་བོས་མི་སྟོང་པ་དང༌། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ རང་རང་གི་ངོ་བོས་སྟོང་པ་སྟེ། སྟོང་པ་དང་མི་སྟོང་པའི་རྣམ་དབྱེ་ལེགས་པར་རྣམ་པར་ཕྱེ་སྟེ་ གསུངས་པས་ངེས་པའི་དོན་དུ་གསུངས་པ་ཡིན་ཏེ། སྤྱིར་ནི་འཁོར་ལོ་ཐ་མ་ལ་ཡང་དྲང་དོན་ ཡོད་ཅིང༌། འཁོར་ལོ་བར་པ་ལ་ཡང་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་ སྟོན་པ་དང༌། ཤེར་ཕྱིན་སྒོམ་པའི་རྣལ་འབྱོར་ཟབ་མོ་སྟོན་པ་དང༌། སེམས་ཀྱི་ཆོས་ཉིད་རང་ བཞིན་གྱིས་འོད་གསལ་སྟོན་པ་ལ་སོགས་པ་ངེས་དོན་ཤིན་ཏུ་མང་བར་ཡོད་དོ། ། ཡང་སྐྱེ་བ་མཆིས་མ་མཆིས་དང༌། འགག་པ་མཆིས་མ་མཆིས་དང༌། གཟོད་མ་ནས་ཞི་ མ་ཞི་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་མ་འདས་ཀྱི་སྤསྲོ་པ་དང་བྲལ་བའི་ 6-1-163 ཡོངས་གྲུབ་དེ་དགོངས་གཞིར་གསུངས་པའི་ཆ་ནས་ལེགས་པར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་ འཁོར་ལོ་ངེས་དོན་དུ་གསུངས་པ་ཡིན་ནོ། ། ཞེས་པ་ཡང་མི་འཐད་དེ། དྲང་དོན་དང་ངེས་དོན་དགོངས་པ་ཅན་དང་དགོངས་པ་ཅན་ མ་ཡིན་པ་ལ་སོགས་པའི་མདོའི་རྣམ་པར་དབྱེ་བ་ནི་མདོའི་སྒྲ་ཇི་བཞིན་པའི་དོན་ལ་ལྟོས་ ནས་འཇོག་པ་ཡིན་གྱི་དགོངས་གཞི་ལ་ལྟོས་ནས་འཇོག་པ་ནི་མཁས་པའི་ལུགས་མ་ཡིན་ནོ། ། གཞན་ཡང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དེ་དབུ་མའི་གནས་ལུགས་མ་ ཡིན་པར་འགྱུར་ཏེ། སྤྲོས་པའི་མཐའ་ཡིན་པའི་ཕྱིར་རོ། ། ཡང་སྟོང་ཉིད་མཚན་མེད་སྨོན་མེད་སོགས་སྒྲ་ཇི་ལྟ་བའི་དོན་ལ་སྟོང་པ་ཉིད་སྨོས་པའི་ རྣམ་པས་བསྟན་པའི་ཆོས་ཀྱི་འཁོར་ལོ་དྲང་དོན་དུ་གསུངས་པ་ཡིན་ན། བློ་གྲོས་མི་ཟད་པས་ བསྟན་པའི་མདོ་ལས། མདོ་སྡེ་གང་དག་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་ པ་དང་ཞེས་སོགས་རྣམ་པར་ཐར་བའི་སྒོའི་བར་དུ་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱ་ སྟེ། ཞེས་པའི་ལུང་དེ་ཚད་མ་ཡིན་པར་ཁྱེད་རང་གིས་ཁས་བླངས་པ་དང་འགལ་ལོ། ། ཡང་བཀའ་ཐ་མ་ནི་དྲང་བའི་དོན་ཡིན་ཏེ། བདག་དང༌། རྟག་པ་དང༌། སེམས་ཅན་ལ་ སོགས་པ་ཀུན་རྫོབ་སྒྲུབ་པ་གཙོ་བོར་སྟོན་པའི་ཕྱིར། ཞེས་པའི་གཏན་ཚིགས་མ་གྲུབ་སྟེ། མྱང་འདས་ཆེན་པོའི་མདོ་ལ་སོགས་པར་གསུངས་པའི་བདག་དང༌། རྟག་པ་ལ་སོགས་པ་ནི་ དོན་དམ་པའི་བདེན་པ་སངས་རྒྱས་ཀྱི་རང་བཞིན་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་ པ་དང༌། སངས་རྒྱས་ཀྱི་དོན་དམ་པའི་སྐུ་ཉིད་ཡིན་པར་གསུངས་པའི་ཕྱིར་ཏེ། མྱང་འདས་ ཆེན་པོ་ལས། བདག་མེད་པ་ནི་འཁོར་བའོ། །བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། ། ཞེས་དང༌། མི་རྟག་པ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། །རྟག་པ་ནི་དེ་བཞིན་གཤེགས་ པའི་ཆོས་ཀྱི་སྐུའོ་ཞེས་དང༌། འཇིག་རྟེན་ལས་འདས་པའི་བདག་གི་མཚན་ཉིད་ནི་སངས་ 6-1-164 རྒྱས་ཀྱི་རང་བཞིན་ཞེས་བྱ་སྟེ། དེ་ལྟར་བདག་ཏུ་འཛིན་པ་ནི་ཤིན་ཏུ་མཆོག་ཅེས་བྱའོ། །ཞེས་ དང་རིགས་ཀྱི་བུ་རྟག་པ་དང་བཅས། བདེ་བ་དང་བཅས། བདག་དང་བཅས། ཡོངས་སུ་དག་ པ་དང་བཅས་པ་ནི་ཡང་དག་པའི་བདེན་པའི་དོན་ཅེས་བྱའོ་ཞེས་སོགས་དུ་མ་གསུངས་སོ། ། དེས་ན་གང་ལས་སེམས་ཅན་གང་ཟག་སྐསྱེ་བུ་བསྟན། ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ ཤེས་ཞེས་པའི་དགོངས་པ་ནི། བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་དོན་དུ་ ཕྱི་རོལ་བ་དང༌། འཇིག་རྟེན་པ་ལ་གྲགས་པའི་བདག་དང༌། སེམས་ཅན་དང༌། གང་ཟག་ལ་ སོགས་པ་ཡོད་པ་ལྟ་བུར་སྟོན་པའི་མདོ་རྣམས་དྲང་བའི་དོན་ཡིན་གྱི་འཇིག་རྟེན་ལས་འདས་ པའི་བདག་དང༌། རྟག་པ་དང༌། བདེ་བ་ལ་སོགས་པ་བསྟན་པ་རྣམས་དྲང་བའི་དོན་ཡིན་པར་ མ་གསུངས་སོ། ། གཞན་ཡང་བཀའ་ཐ་མ་ངེས་པའི་དོན་ཡིན་པར་འགྱུར་ཏེ། སྟོང་ཉིད་མཚན་མེད་སྨོན་ མེད་སོགས་ནས་རྣམ་པར་ཐར་པའི་སྒོའི་བར་དུ་བསྟན་པའི་ཕྱིར་རོ། །ལང་ཀར་གཤེགས་པ་ ལས། སྟོང་པ་ཉིད་བདུན་གྱི་དབྱེ་བ་དང༌། མྱང་འདས་ཆེན་པོ་ལས། སྟོང་པ་ཉིད་བཅུ་གཅིག་ གི་དབྱེ་བ་དང༌། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་ནི། དོན་དམ་པ་སྟོང་པའོ་ ཞེས་དང༌། དེ་བཞིན་གཤེགས་པ་ནི་རྟག་པ་དང༌། བདེ་བ་དང༌། བདག་དང༌། ཡོངས་སུ་ དག་པ་སྟོང་པ་མཚན་མ་མེད་པའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །ཁྱབ་པ་ནི་བློ་གྲོས་ མི་ཟད་པས་བསྟན་པའི་མདོ་དང་ཏིང་ངེ་འཛིན་རྒྱལ་པོའི་ལུང་གིས་གྲུབ་པར་ཁྱེད་ཀྱིས་ཁས་ བླངས་སོ། ། ཡང་སྤྱིར་ཤེར་ཕྱིན་གྱི་མདོ་སྡེ་མཚན་ཉིད་ཀྱི་མདོ་སྡེ་གཞན་ལས་ཁྱད་པར་དུ་འཕགས་ པར་གསུངས་པ་ཡང་བདེན་མོད་ཀྱི། དེ་བས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་ འཁོར་ལོ་ཐ་མའི་མདོ་མྱང་འདས་ཆེན་པོ་ལ་སོགས་པ་ཁྱད་པར་དུ་འཕགས་པར་གསུངས་ཏེ། 6-1-165 མྱང་འདས་ཆེན་པོ་ལྷའི་ཟླ་བས་བསྒྱུར་བ་ལས། ཨུ་ཞེས་བྱ་བ་ནི་རྒྱུད་ཕྱི་མ་སྟེ། མདོ་འདིའི་ མདོ་སྡེ་ཐམས་ཅད་ཀྱི་དོན་གྱི་ཕྱི་མའི་ཡང་ཕྱི་མ་བསྟན་ཏོ་ཞེས་དང༌། མྱང་འདས་ཆེན་པོའི་མདོ་ ལས། བ་ལས་འོ་མ་དང༌། འོ་མ་ལས་ཞོ་དང༌། ཞོ་ལས་མར་དང༌། མར་ལས་ཞུན་མར་དང༌། ཞུན་མར་ལས་མར་གྱི་སྙིང་པོ་འབྱུང་བ་དཔེར་མཛད་ནས། རིགས་ཀྱི་བུ་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱང་དེ་དང་འདྲ་སྟེ། སངས་རྒྱས་ལས་ནི་མདོ་སྡེ་བཅུ་གཉིས་འབྱུང༌། མདོ་ སྡེ་བཅུ་གཉིས་ལས་ནི་མདོའི་སྡེ་འབྱུང་ངོ༌། །མདོའི་སྡེ་ལས་ནི་ཤིན་ཏུ་རྒྱས་པའི་སྡེ་འབྱུང་ངོ༌། ། ཤིན་ཏུ་རྒྱས་པའི་མདོ་སྡེ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་ངོ༌། །ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མར་གྱི་སྙིང་པོ་ལྟ་བུ་འབྱུང་ངོ༌། ། ཞེས་གསུངས་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདིས་མདོ་ཐམས་ཅད་ཀྱི་ དོན་གྱི་ཕྱི་མའི་ཡང་ཕྱི་མ་བསྟན་ནོ། །ཞེས་པ་འདིས་ཀྱང་རྒྱལ་བའི་ཡུམ་གྱི་མདོར་གསུངས་ པའི་ངེས་དོན་ལས་ཀྱང་ལྷག་པའི་ངེས་དོན་གྱི་ཁྱད་པར་མྱང་འདས་ཆེན་པོའི་མདོས་བསྟན་ པ་གྲུབ་པ་ཡིན་ནོ། །ཐེག་བསྡུས་ཀྱི་འགྲེལ་པ་དོན་གསང་ལས་ཀྱང༌། བཅོམ་ལྡན་འདས་ ཀྱི་གསུང་ལ། ཚོང་པ་ག་གོན་དང་མཛེས་ལྡན་ལ་བསྟན་པ་ནི་དམན་པ། ལྔ་སྡེ་བཟང་པོ་ལ་ བསྟན་པ་ནི་འབྲིང༌། ཤེར་ཕྱིན་འབུམ་པ་ལ་སོགས་པ་ནི་མཆོག དམ་ཆོས་པདྨ་དཀར་པོ་ལ་ སོགས་པ་ནི་རབ་ཀྱི་མཆོག མྱང་འདས་ཆེན་པོའི་མདོ་ལ་སོགས་པ་ནི་རབ་ཀྱི་ཕུལ། ཞེས་ པའི་རིམ་པ་དང་སངས་རྒྱས་ཕལ་པོ་ཆེའི་མདོ་ནི་རབ་ཀྱི་ཕུལ་གྱི་མཆོག་ཅེས་པར་བཤད་དོ། ། འོ་ན་ཡུམ་གྱི་མདོ་ལས། ཤ་རིའི་བུ་བྱང་ཆུབ་སེམས་དཔའི་རྣལ་འབྱོར་གང་ཇི་སྙེད་པ་དེ་ དག་གི་ནང་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་མཆོག་ཅེས་བྱའོ། །གཙོ་ བོ་དང་མི་མཉམ་པ་དང་མཉམ་པའི་བར་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཤ་རིའི་བུ་འདི་ལྟ་སྟེ། 6-1-166 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ནི་གོང་ན་མེད་པ་ཡིན་པའི་ཕྱིར་རོ་ཞེས་ གསུངས་ལ་ཀུན་དགའ་བོ་ལ་གཏད་པའི་སྐབས་སུ་ཡང་མདོ་སྡེ་ཐམས་ཅད་བོར་ཡང་སྐྱོན་ མི་ཆེ་ཡིས། ཤེར་ཕྱིན་གྱི་ཚིག་གཅིག་བོར་ན་ཡང་སྟོན་པ་དང༌། ཉོས་སུ་མི་རུང་བའི་ལ་དོར་ བའི་ཚིག་གསུངས་པའི་ཕྱིར། མདོ་སྡེ་ཐམས་ཅད་ལས་ཤེར་ཕྱིན་གྱི་མདོ་མཆོག་ཏུ་གྱུར་པ་ ཡིན་ནོ་ཞེ་ན། དེ་ལྟར་གསུངས་པ་ནི་ཐེག་བསྡུས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་ པར་གཡེང་བ་བཅུ་སྤོང་བྱེད་ཀྱི་གཉེན་པོ་མི་རྟོག་པ་ཁོ་ན་བརྗོད་བྱའི་གཙོ་བོར་བསྟན་ཏོ་ཞེས་ གསུངས་པ་ལྟར་རྒྱལ་བའི་ཡུམ་གྱི་མདོར་ཤེར་ཕྱིན་བསྒོམ་པའི་རྣལ་འབྱོར་གཙོ་བོར་བསྟན་པ་ ཡིན་པས་ན། ཤེར་ཕྱིན་བསྒོམ་པའི་རྣལ་འབྱོར་ནི་མདོ་ལས་གསུངས་པའི་རྣལ་འབྱོར་བསྒོམ་ པ་ཇི་སྙེད་གསུངས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་བསྟན་པ་དང༌། མདོའི་ཆེ་བ་སྨོས་པ་ཡིན་ གྱི་རྒྱལ་བའི་ཡུམ་གྱི་མདོ་ལས་ལྷག་པའི་མདོ་གཞན་མེད་པར་གསུངས་པ་ནི་མ་ཡིན་ནོ། ། དེ་ལྟར་ཤེར་ཕྱིན་བསྒོམ་པའི་རྣལ་འབྱོར་དེ་སྔགས་ཀྱི་ཐེག་པར་གསུངས་པའི་རྫོགས་ རིམ་ཟབ་མོ་བསྒོམ་པ་དང་དོན་གཅིག་ཡིན་པར་དྲི་མེད་འོད་དང་བདེ་མཆོག་སྟོད་འགྲེལ་ ལས་གསུངས་ལ། རྒྱལ་བའི་ཡུམ་གྱི་མདོ་རྣམས་སྔགས་ཀྱི་ཐེག་པར་གསུངས་པའི་རྫོགས་ རིམ་ཟབ་མོ་དང་མཐུན་པའི་ཤེར་ཕྱིན་བསྒོམ་པའི་རྣལ་འབྱོར་ཟབ་མོ་སྟོན་པ་ལ་སོགས་ཀྱི་ ཆ་ནས་ངེས་པའི་དོན་གྱི་མདོ་ཡིན་པར་ནི་ཁོ་བོ་ཅག་ཤིན་ཏུ་ཡང་འདོད་དོ། ། དེ་ལྟར་བཀའ་འཁོར་ལོ་བར་པ་དང་གསུམ་པའི་ཁྱད་པར་ནི། གཟུངས་ཀྱི་དབང་ཕྱུག་ རྒྱལ་པའི་མདོར། ནོར་བུ་མཁན་གྱིས་ནོར་བུ་སྦྱོང་པའི་རིམ་པ་དཔེར་མཛད་ནས། རིགས་ ཀྱི་བུ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་ མཁྱེན་ནས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་གཙང་བ་ཡིད་ འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་ 6-1-167 དེ། འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་ པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་ གྱིས་དེ་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་ གྱི་སེམས་ཅན་དག་དེ་པའི་ཡུལ་ལ་འཛུད་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་ གཤེགས་པའི་ཆོས་ཉིད་རྟོགས་ན་ནི། བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །ཞེས་ གསུངས་པས་ཀྱང་ཤིན་ཏུ་གསལ་བར་མཛད་པ་ཡིན་ཏེ། བློ་གྲོས་མི་ཟད་པས་བསྟན་པའི་ མདོ་ལས། མདོ་སྡེ་གང་དག་ལམ་ལ་འཇུག་པར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་ དོན་ཅེས་བྱའོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་ ངེས་པའི་དོན་ཅེས་བྱའོ། །ཞེས་གསུངས་ལ། དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་ མཛད་པ་ནི་འབྲས་བུ་ལ་འཇུག་པར་མཛད་པ་ཡིན་ལ། དེ་བཞིན་གཤེགས་པའི་ཆོས་ཉིད་ རྟོགས་པ་ནི་འབྲས་བུ་ལ་ཞུགས་པ་ཡིན་ཞིང་དེ་ནི་འཁོར་ལོ་ཐ་མར་བསྟན་པར་མཛད་པས་ ན་འཁོར་ལོ་གསུམ་པ་ངེས་དོན་དུ་བསྟན་པ་ཡིན་ནོ། ། ཡང་ངེས་དོན་རྒྱ་མཚོར། མཐར་ཐུག་གི་ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད། མཐར་ཐུག་གི་སངས་རྒྱས་སྐུ་བཞི་དང་ཡེ་ཤེས་ལྔ་དང༌། དུས་འཁོར་བདེ་མཆོག་ལ་སོགས་ པ་ཡིན་པར་བཞེད་པ་ལ། ཁྱེད་ན་རེ། ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་སེམས་ཀྱི་དེ་ བཞིན་ཉིད་དེ། སངས་རྒྱས་མཚན་ཉིད་པ་ཉིད་དུ་མི་འཐད་དེ། དབྱིངས་རང་བཞིན་གྱིས་འོད་ གསལ་བ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་དང་བྲལ་བའི་སྤངས་པ་དང༌། དྲི་མ་ མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ཀུན་དང་ལྡན་པའི་ཡེ་ཤེས་གཉིས་དང་མི་ལྡན་པའི་ཕྱིར། 6-1-168 ཞེས་དང༌། ཡང་ངོ་བོ་ཉིད་ཀྱི་སྐུ་ཡིན་པར་མི་འཐད་དེ། རྒྱུད་བླ་མ་ལས་གསུངས་པའི་མཚན་ ཉིད་ལྔ་དང༌། ཡོན་ཏན་ལྔ་སྟེ། ཆོས་བཅུ་མ་ཚང་བའི་ཕྱིར་ཞེས་དང༌། ཡང་དེ་ལོངས་སྐུ་དང་ སྤྲུལ་སྐུར་མི་འཐད་དེ། རྒྱུད་བླར་གསུངས་པའི་ལོངས་སྐུ་དང་སྤྲུལ་སྐུའི་ཡོན་ཏན་དང་མཚན་ ཉིད་མ་ཚང་བའི་ཕྱིར་ཞེས་དང༌། དེ་བཞིན་དུ་མྱང་འདས་ཆེན་པོ་དང༌། ཆོས་སྐུ་དང༌། ལོངས་ སྐུ་དང༌། སྤྲུལ་སྐུ་མ་ཡིན་པར་འགྱུར་ཏེ། ཐེག་བསྡུས་ལས་བཤད་པའི་མྱང་འདས་དང་སྐུ་ གསུམ་གྱི་མཚན་ཉིད་མ་ཚང་བའི་ཕྱིར་རོ། ། ཞེས་སོགས་ཀྱི་དོན་ལ་རྣམ་པར་དཔྱད་པར་བྱ་སྟེ། ལོག་པ་ཉིད་དུ་ངེས་པའི་སེམས་ཅན་ གྱི་སེམས་ཀྱི་དེ་བཞིན་ཉིད་དེ་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་དེ་ཉིད་ཀྱིས་སྒྲིབ་གཉིས་ སྤངས་པའི་ཚུལ་གྱིས་སྒྲིབ་གཉིས་དང་བྲལ་བའི་སྤངས་པ་དང༌། ལོག་པ་ཉིད་དུ་ངེས་པའི་ སེམས་ཅན་དེ་ཉིད་ཀྱིས་མངོན་དུ་བྱས་པའི་ཡེ་ཤེས་གཉིས་དང་མི་ལྡན་ཡང༌། སྤྱིར་སྒྲིབ་ གཉིས་དང་བྲལ་བའི་སྤངས་པ་དང༌། སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་ཡོན་ཏན་ཀུན་དང་ལྡན་ པའི་ཡེ་ཤེས་གཉིས་དང་མི་ལྡན་པ་མ་ཡིན་ནོ། ། དེ་ལྟ་བུའི་སྤངས་པ་དང༌། ཡེ་ཤེས་གཉིས་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་ཉིད་དྲི་མེད་ དེ་བཞིན་ཉིད་དེ་དང་དབྱེར་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྟགས་ལུང་གིས་གྲུབ་ སྟེ། རྒྱུད་བླར། རང་བཞིན་འགྱུར་བ་མེད་པ་དང་ཞེས་སགོས་ཀ་ྱིའགལྲེ་པར། དེ་ཡང་ལགོ་ པ་ཉིད་དུ་ངེས་པའི་རྒྱུ་མཚན་གྱིས་སེམས་ཅན་ཐམས་ཅད་ལ་ཡང་རང་བཞིན་གྱིས་ཁྱད་པར་ མེད་དུ་ཟིན་ཡང༌། གློ་བུར་གྱི་ཉོན་མོངས་པ་མཐའ་དག་རྣམ་པར་དག་པ་ལས་གྱུར་པ་དེ་ བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དེས་ན་འདིར་གསེར་གྱི་དཔེ་གཅིག་ གིས་དེ་བཞིན་ཉིད་ལ་དབྱེར་མེད་པའི་དོན་གྱི་དབང་དུ་བྱས་ནས་དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་སེམས་ཅད་དེ་དག་གི་སྙིང་པོ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ་ཞེས་གསུངས་ཤིང་ 179། འཕགས་པ་བསྡུད་པར་ཡང༌། འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་ དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་འདི་ཐམས་ཅད་བྱེ་བྲག་མེད་ཅེས་དང༌། །འཇིག་རྟེན་དེ་ བཞིན་ཉིད་དང་དགྲ་བཅོམ་དེ་བཞིན་ཉིད། ། གཅིག་པ་ཉིད་དེ་དངོས་བྲལ་གཞན་མིན་དེ་བཞིན་ཉིད། །ཅེས་གསུངས་སོ། ། གཞན་ཡང་སངས་རྒྱས་ཀྱི་སྤངས་པ་དང་ཡེ་ཤེས་གཉིས་དང་ལྡན་པའི་ཆོས་ཉིད་ནམ་ མཁའ་ལྟ་བུར་ཀུན་ཏུ་ཁྱབ་པར་གསུངས་པའི་ལུང་རྣམ་དག་དུ་མ་ཡོད་པས། ལོག་པ་ཉིད་དུ་ ངེས་པའི་སེམས་ཅན་གྱི་སེམས་ཀྱི་དེ་བཞིན་ཉིད་སྤངས་པ་དང་ཡེ་ཤེས་གཉིས་དང་ལྡན་པར་ ཅིའི་ཕྱིར་མི་འགྱུར། འདི་དག་གི་དགག་སྒྲུབ་འཁྲུལ་འཇོམས་སྔ་མར་ཡང་བཤད་ཟིན་ནོ། ། གཞན་ཡང་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་སེམས་ཀྱི་དེ་བཞིན་ཉིད་སངས་ རྒྱས་མཚན་ཉིད་པ་ཆོས་ཀྱི་སྐུའམ་ངོ་བོ་ཉིད་ཀྱི་སྐུ་ཡིན་པ་ལ་བཀའ་འཁོར་ལོ་ཐ་མ་དགོངས་ འགྲེལ་དང་བཅས་པའི་ལུང་གསལ་པོ་མང་པོ་བཞུགས་ཏེ། འཁྲུལ་འཇོམས་སུ་ཡང་ཅི་རིགས་ པ་དྲངས་པས་གསལ་ལོ། ། དེ་ལྟ་བུའི་དེ་བཞིན་ཉིད་དེ་མཐར་ཐུག་གི་སངས་རྒྱས་ཆོས་ཀྱི་སྐུའམ་ངོ་བོ་ཉིད་ཀྱི་སྐུ་ དུས་འཁོར་ལ་སོགས་པ་མ་ཡིན་ན། རྡོ་རྗེ་ཐེག་པའི་ལུང་དང་ཤིན་ཏུ་འགལ་ཏེ། དཔལ་དུས་ ཀྱི་འཁོར་ལོའི་རྒྱུད་ལས། དེ་དག་དབུས་སུ་རྡོ་རྗེ་ཅན་ནི་རང་བཞིན་མིན་ཞིང་རྣམ་འགྱུར་ མིན་ཏེ་ཁྱབ་བྱེད་རང་བཞིན་མེད། །ཅེས་པའི་འགྲེལ་པར། ས་ལ་སོགས་པ་འདི་དག་གི་ དབུས་སུ་རྡོ་རྗེ་ཅན་ནི་རང་བཞིན་མིན་ཞིང་རྣམ་འགྱུར་མིན་ཏེ་ཁྱབ་བྱེད་རང་བཞིན་མེད་ པའོ། །གང་གི་ཕྱིར་འཁོར་བའི་བག་ཆགས་ལས་གྲོལ་བའི་སེམས་ཀྱི་ཆོས་ཡིན་པ་དེའི་ཕྱིར། གང་སེམས་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ། ། 6-1-169 ཞེས་འཁོར་བའི་སེམས་དང་བྲལ་བ་མྱ་ངན་ལས་འདས་པའི་སེམས་གཞན་ཡོད་པ་ནི་ རྡོ་རྗེ་ཅན་གྱི་མིང་གིས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་དང༌། བུམ་པའི་ནང་དུ་ཆུ་ ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་ རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་གསུངས་པའི་ འགྲེལ་པར། མྱ་ངན་ལས་འདས་པའི་སེམས། འཁོར་བ་ལས་འདས་པ། ཐམས་ཅད་ཀྱི་ ལུས་ལ་གནས་པ་ནི། གང་གིས་ཀྱང་མ་བཅིངས་ཤིང་མ་གྲོལ་བའོ། །བུམ་པའི་ནང་དུ་ཆུ་ནི་ ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ ཅན་ཞེས་པ་སྟེ་སྟོང་པ་ལ་སོགས་པའི་རྣམ་པར་ཐར་པས་རྣམ་པར་དག་པའི་སེམས་ནི་མཁའ་ ཡི་རྡོ་རྗེ་ཅན་ནོ། །ཡུལ་དང་རྣམ་པར་བྲལ་བ་ཞེས་པ་ཡོན་ཏན་མེད་པ་སྟེ་དེ་ཙམ་ལ་སོགས་ པ་དང༌། སྙིང་སྟོབས་དང་རྡུལ་དང་མུན་པ་དང་བྲལ་བ་ནི། སད་པ་དང་རྨི་ལམ་དང་ཤིན་ཏུ་ གཉིད་ལོག་པ་དང་བཞི་པ་དང་བྲལ་བ་ཞེས་པའི་དོན་ཏེ། རང་བཞིན་མེད་པ་ལུས་ཀྱི་དབུས་ སུ་དེ་བཞིན་ནོ། །རྟག་པ་དངོས་པོ་དང་ཆད་པ་དངོས་པོ་མེད་པ་སྟེ། དེ་གང་ལ་མེད་པ་དེ་ནི་ རྡོ་རྗེ་ཅན་ཏེ་རྣམ་པར་དག་པའི་སེམས་སོ། །ཞེས་པའི་དོན་ཏེ་ཞེས་གསུངས་ཏེ། བུམ་པའི་ ནང་ན་ནམ་མཁའ་གནས་པ་ལྟར་ས་ལ་སོགས་པ་རང་བཞིན་དང་རྣམ་འགྱུར་ཉི་ཤུ་རྩ་བཞིའི་ བདག་ཉིད་སེམས་ཅན་གྱི་ཕུང་པོའི་ནང་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དབུས་ན་ འཁོར་བའི་བག་ཆགས་ལས་རང་བཞིན་གྱིས་གྲོལ་ཞིང་། འཁོར་བའི་སེམས་དང་བྲལ་བ་ སྟེ། འཁོར་བའི་སེམས་མ་ཡིན་པ་འཁོར་བ་ལས་འདས་པ་སྟེ་མྱ་ངན་ལས་འདས་པའི་སེམས་ གཞན་ཞེས་པ་ནི། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་གང་གིས་ཀྱང་མ་ བཅིངས་ཤིང་མ་བཀྲོལ་བ། རྟག་ཆད་ཀྱི་མཐའ་ལས་འདས་པར་བཞུགས་པ་དེ་ལ་ར་ྡོར་ྗེཅན་ ཏེ་ར་ྡོར་ྗེསམེས་དཔའ་ཞསེ་གསུངས་ལ། དེ་ཉིད་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་སྐུ་དུས་ 6-1-170 ཀྱི་འཁོར་ལོ་དང་པོའི་སངས་རྒྱས་སྐུ་བཞི་དང༌། ཡེ་ཤེས་ལྔའི་བདག་ཉིད་ཡིན་པར་གསུངས་ པའི་ཕྱིར། ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་སེམས་ཀྱི་དེ་བཞིན་ཉིད་རང་བཞིན་གྱིས་ འོད་གསལ་བ་དེ་དོན་དམ་པའི་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅིའི་ཕྱིར་མ་ ཡིན་ཏེ། ཡིན་པར་ལེགས་པར་གྲུབ་པས་ངེས་དོན་མཐར་ཐུག་སྟོན་པའི་རྣམ་པར་དག་པའི་ ལུང་དེ་དག་དང༌། ཁྱེད་ཀྱི་དམ་བཅའ་བ་ཤིན་ཏུ་འགལ་ལོ། ། གཞན་ཡང་དཔལ་ལྡན་རྒྱུད་ལས། སྲིད་གསུམ་གནས་ན་སེམས་ཅན་དོན་གྱི་བྱེད་པོ་དང་ ནི་ཡིད་བཞིན་ནོར་བུ་ལ་ཡང་བསམ་པ་མེད། །སེམས་ལ་གནས་པ་དེ་ནི་མི་དགེའི་འབྲས་ བུའི་དབང་གིས་སྡིག་པའི་ལས་ཅན་སེམས་ཅན་གྱིས་མི་མཐོང༌། །ཡིད་བཞིན་ནོར་བུའི་ སྐྱོན་མིན་མི་དགེ་བ་དང་དགེ་བའི་འབྲས་བུ་སེམས་ཅན་ཐམས་ཅད་རབ་ཏུ་སྤྱོད། །སེམས་ དེ་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་འགྱུར་དེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་ དང༌། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ ཁམས་ན་ཡོད་མ་ཡིན། །ཞེས་གསུངས་ཏེ། སེམས་ཅན་གྱི་དོན་བྱེད་པ་ནི་ལྷན་ཅིག་སྐྱེས་པའི་ བདེ་བ་ཆེན་པོའི་སྐུ་ཡིན་ལ། དེ་སེམས་ཅན་རྣམས་ཀྱི་སེམས་ལ་གནས་པ་དང༌། སེམས་ཅན་ རྣམས་ནི་སངས་རྒྱས་ཡིན་ཏེ་ཞེས་པ་སེམས་ཅན་གྱི་སེམས་ཀྱི་དེ་བཞིན་ཉིད་རང་བཞིན་གྱིས་ འོད་གསལ་བ་ཉིད་ལྷན་སྐྱེས་བདེ་བ་ཆེན་པོའི་སྐུ་ཡིན་པར་གསལ་བར་གསུངས་པ་ཡིན་ནོ། ། དེ་ལྟ་བུའི་ལྷན་ཅིག་སྐྱེས་པའི་སྐུ་དེ་ཉིད་ཆོས་ཀྱི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་དུ་ བཞུགས་ཤིང༌། ལོངས་སྐུ་དང་སྤྲུལ་སྐུ་ལ་དོན་དམ་པའི་སྐུ་དང༌། ཀུན་རྫོབ་པའི་སྐུ་གཉིས་ སུ་གནས་པ་ལས། ལྷན་ཅིག་སྐྱེས་པའི་སྐུ་དེ་ཀུན་རྫོབ་པའི་ལོངས་སྐུ་དང་སྤྲུལ་སྐུ་གཉིས་མ་ ཡིན་ཡང༌། དོན་དམ་པའི་ལོངས་སྐུ་དང་སྤྲུལ་སྐུའི་བདག་ཉིད་དུ་བཞུགས་ལ། དེ་ལ་དོན་དམ་ པའི་སྐུ་བཞི་ཚང་བ་ཡིན་ནོ། ། 6-1-171 དེ་ལྟར་ལྷན་ཅིག་སྐྱེས་པའི་སྐུ་ཉིད་དོན་དམ་པའི་སྐ་བཞིའི་བདག་ཉིད་ཡིན་པ་ནི། དུས་ འཁོར་རྩ་རྒྱུད་ལས། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ། །ཉི་མའི་སྐུ་གང་མི་ཟད་པ། །དཔལ་ ལྡན་པདྨ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲིར་བཞུགས་པ། །ཞེས་དང༌། དྲི་མེད་འོད་ ལས། ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །ཁྱབ་བདག་ཉི་མ་ལྟ་བུའི་སྐུ། །པདྨའི་འདབ་མ་རྒྱས་ པ་ཅན། །དེ་ཉིད་བཅུ་དྲུག་དབྱེ་བ་ལས། །སྐུ་བཞིའི་བདག་ཉིད་སངས་རྒྱས་ནི། །རྡོ་རྗེ་སེང་ གེའི་གདན་བཞུགས་པ། །ཞེས་གསུངས་པ་ཉིན་མོར་བྱེད་པའི་སྐུ་ལོངས་སྐུ་དང༌། པད་འདབ་ རྒྱས་པའི་ཅན་སྤྲུལ་སྐུ་གཉིས་ཀྱང་རྒྱུད་ཀྱི་བརྗོད་པར་བྱ་བ་ཡེ་ཤེས་ཀྱི་སྐུ་ཡིན་པར་གསུངས་ ལ་རྒྱུད་ཀྱི་བརྗོད་པར་བྱ་བ་དོན་དམ་པའི་སྐུ་ཡིན་པར་རྒྱུད་འགྲེལ་ཆེན་པོ་དྲི་མེད་འོད་དུ་དོན་ དམ་པའི་མཚན་ཡང་དག་པར་བརྗོད་པའི་དོན་ལེགས་པར་བཀྲལ་བ་ལས་ཤིན་ཏུ་གསལ་ བར་མཛད་དོ། ། དོན་དམ་པའི་ལོངས་སྐུ་དང་སྤྲུལ་སྐུའི་ངོ་བོ་ཡང༌། འཕགས་པ་འཇམ་དཔལ་གྱིས་རང་གི་ ལྟ་བའི་འདོད་པ་མདོར་བསྟན་པ་ལས། གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་ བའི་སྐུ་མཆོག་གོ། །སྒྲའི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག། ཅེས་གསུངས་པ་ལས་ཤེས་ཏེ། གཟུགས་ཀྱི་ཕུང་པོ་ནི་སོ་སོ་རང་རིག་ཡེ་ཤེས་ཀྱིས་རིག་པར་ བྱ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་དང༌། སྒྲའི་ཕུང་པོ་ནི་གཞོམ་མེད་ཀྱི་ སྒྲ་བརྙན་རྣམ་པ་ཐམས་ཅད་པ་ཡིན་པ་ནི་རྒྱུད་ཀྱི་གསང་ཆེན་སེམས་འགྲེལ་གྱི་དགོངས་པ་ མཐར་ཐུག་པ་ཡིན་ནོ། ། གཞན་ཡང་ཁྱེད་ཀྱི་བཞེད་པ། ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་སེམས་ཀྱི་ཆོས་ ཉིད་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་སེམས་དཔའ་ལྷན་ཅིག་སྐྱེས་སྐུར་མི་ འཐད་དེ་ཕུང་པོ་ལྔ་དང་ཁམས་ལྔ་ལ་སོགས་ལྔ་ཚན་སྒྲིབ་པ་དང་གཏན་བྲལ་བའི་འགྱུར་མེད་ 6-1-172 ལྔ་དང༌། དབང་པོ་དྲུག་དང་ཡུལ་དྲུག་སོགས་དྲུག་ཚན་སྒྲིབ་པ་དང་བྲལ་བའི་འགྱུར་མེད་ དྲུག་སྟེ། དེ་ལྟ་བུའི་སྒྲིབ་བྲལ་གྱི་ཕུང་ཁམས་སྐྱེ་མཆེད་རོ་མཉམ་གཅིག་ཏུ་གྱུར་པའི་ཐིག་ལེ་ མཆོག་ཏུ་མི་འགྱུར་བའི་ཨ་ཡིག་ལས་མ་བྱུང་ཞིང་སྐྱེ་བ་དང་འགག་པའི་མཚན་ཉིད་འཕོ་བའི་ སྐད་ཅིག་མ་འགགས་ཤིང༌། མཆོག་ཏུ་མི་འགྱུར་བ་འཕོ་བ་མེད་པའི་སྐད་ཅིག་རྡོ་རྗེའི་ཡེ་ཤེས་ དུས་ཞེས་བརྗོད་པ་དེས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྒྲིབ་པ་མེད་པའི་འཁོར་ལོ་སྐྱེད་ པ་དེ་མིན་པའི་ཕྱིར་རོ། །ཞེས་པའི་ཤེས་བྱེད་དུ། དྲི་མེད་འོད་ལས། འདིར་འགྱུར་མེད་རྣམས་ ནི། གཟུགས་དང་ཚོར་བ་དང༌། འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་སྒྲིབ་པ་མེད་ པ་རྣམས་འགྱུར་མེད་ལྔ་སྟེ། སྟོང་པ་ཆེན་པོར་གསུངས་སོ། །དེ་བཞིན་དུ། ས་དང་ཆུ་དང་མེ་ དང་རླུང་དང་ནམ་མཁའི་ཁམས་སྒྲིབ་པ་མེད་པ་རྣམས་འགྱུར་མེད་ལྔར་གསུངས་སོ། ། འགྱུར་མེད་དྲུག་ནི་མིག་དང༌། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་སྒྲིབ་པ་མེད་པ་ རྣམས་ཏེ། སོ་སོ་རང་གི་ཡུལ་འཛིན་པ་སྤངས་པ་རྣམས་སོ། །དེ་བཞིན་དུ་གཟུགས་དང་སྒྲ་ དང་དྲི་དང་རོ་དང་རེག་བྱ་དང༌། ཆོས་ཀྱི་ཁམས་སྒྲིབ་པ་མེད་པ་རྣམས་ཀྱང༌། འགྱུར་མེད་དྲུག་ ཏུ་གསུངས༌ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་རྣམས་གཅིག་ཏུ་རོ་མཉམ་པར་གྱུར་པ་ ནི་ཐིག་ལེ་སྟོང་པར་འགྱུར་རོ། །ཐིག་ལེ་དེ་ཡང་མི་འཕོ་བར་གྱུར་ན་མཆོག་ཏུ་མི་འགྱུར་བར་ བརྗོད་དོ། །མཆོག་ཏུ་མི་འགྱུར་བ་དེ་ཡང་ཨ་ཡིག་སྟེ། ཨ་ཡིག་ལས་བྱུང་བ་ནི་ཡང་དག་པར་ རྫོགས་པའི་སངས་རྒྱས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་ འཕང་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དེ་ཤེས་པ་དང་ཤེས་བྱའི་བདག་ཉིད་རྒྱུ་དང་འབྲས་ བུ་དབྱེར་མེད་པའི་ཕྱིར་རོ་ཞེས་སོགས་གསུངས་པའི་ཕྱིར་རོ། ། ཞེས་སྨྲའོ་དེའི་ལན་ནི། འདི་ལྟར་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཆོས་ཉིད་དེ་ ཕུང་པོ་ཁམས་སོགས་སྒྲིབ་པ་དང་བྲལ་བའི་སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ཐིག་ལེ་སྟོང་ 6-1-173 པ་འགྱུར་མེད་དྲུག་མ་ཡིན་པ་ལ་སོགས་པའི་གཏན་ཚིག་མ་གྲུབ་སྟེ། དྲི་མེད་འོད་ལས། སྟོང་ ཆེན་འགྱུར་མེད་ལྔའི་སྐབས་སུ། ཐམས་ཅད་དངོས་པོ་མེད་པ་ནི་མ་ཡིན་ཏེ། རྣལ་འབྱོར་པས་ རང་རིག་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་དང༌། དེ་ལྟར་ཝཾ་ཡིག་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔ་ པ་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་པྲ་ཕབ་ པའི་རང་བཞིན་དང་མཚུངས་པ་རྣལ་འབྱོར་པས་རྟོགས་པར་བྱའོ་ཞེས་དང༌། ཐིག་ལེ་སྟོང་ པ་འགྱུར་མེད་དྲུག་ནི་ཨེ་ཡིག་ཆོས་འབྱུང་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་སོ་ ཞེས་དང༌། དེ་ལྟར་ན་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ནི་ཆོས་འབྱུང་རྡོ་རྗེ་འཛིན་པ་ཨེ་ཡིག་ སྟེ། སྟོང་པ་ཉིད་དམིགས་པ་དང་བཅས་པ་པྲ་ཕབ་པའི་རང་བཞིན་ཅན་ནོ། །ཞེས་གསུངས་ པས་འགྱུར་མེད་ལྔ་དང༌། འགྱུར་མེད་དྲུག་གི་ངོ་བོ་ནི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ ཀྱི་གཟུགས་ཡིན་ལ། སྟོང་པ་ཉིད་ཀྱི་གཟུགས་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་ ཏེ། དབང་མདོར་བསྟན་པར། སྣ་ཚོགས་གཟུགས་བརྙན་འོད་གསལ་བ་ཞེས་དང༌། དྲི་མེད་ འོད་ལས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སླད་དུ། རང་གི་སེམས་ཀྱིས་ཡོངས་སུ་བརྟགས་ པའི་ཆོས་དང་བྲལ་བ་གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ལ་ཕྲ་ཕབ་པ་བཞིན་དུ་ རྣལ་འབྱོར་པ་རྣམས་ཀྱིས་རང་གི་སེམས་ཀྱི་འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་སྣང་ བ་འདོད་པའི་དོན་གྱི་འབྲས་བུ་སྟེར་བ་སྟེ་ཞེས་གསུངས་པས་སོ། །དེས་ན་ལོག་པ་ཉིད་དུ་ ངེས་པའི་སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་ པའི་ཕྱིར། སྟོང་ཆེན་འགྱུར་མེད་ལྔ་དང་འགྱུར་མེད་དྲུག་གི་ངོ་བོ་ཡིན་པར་གྲུབ་བོ། །གལ་ཏེ་ ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཆོས་ཉིད་དེ་ཕུང་པོ་ཁམས་སོགས་སྒྲིབ་བྲལ་ཏུ་གྱུར་ པ་མ་ཡིན་ནོ་སྙམ་ན། ལོག་པ་ཉིད་དུ་ངེས་པའི་སེམས་ཅན་དེ་ཉིད་ཀྱིས་སྒྲིབ་པ་སྤངས་པའི་ སྒྲིབ་བྲལ་མ་ཡིན་ཀྱང༌། ཆོས་ཉིད་ཀྱི་རང་གི་ངོ་བོ་དེ་གདོད་མ་ཉིད་ནས་སྒྲིབ་པ་དང་བྲལ་ 6-1-174 བའི་ཡེ་ཤེས་ཀྱི་སྐུ་ཡིན་ཏེ། སྔར་དྲངས་པའི་ལུང་དེ་དག་གིས་གྲུབ་ཅིང༌། དྲི་མ་མེད་པའི་འོད་ ལས། རྩ་རྒྱུད་ཀྱི་སྟོན་པ་པོ་ངོས་འཛིན་པའི་སྐབས་སུ། མཆོག་གི་དང་པོའི་སངས་རྒྱས་ཞེས་ པ་ལ་མཆོག་གི་དང་པོའི་སངས་རྒྱས་ནི་སྐད་ཅིག་གཅིག་དང་རྣམ་པ་ལྔ་དང༌། རྣམ་པ་ཉི་ཤུ་ དང་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཅན་འགྱུར་བ་མེད་ པའི་བདེ་བ་ནི་མཆོག་ཡིན་ལ། དེས་དང་པོར་སངས་རྒྱས་པ་ནི་མཆོག་གི་དང་པོའི་སངས་ རྒྱས་ཏེ་མཆོག་གི་དང་པོའི་སངས་རྒྱས་དེ་ཡིས་སོ་ཞེས་དང༌། དང་པོའི་སྒྲ་ནི་ཐོག་མ་དང་ཐ་ མ་མེད་པའི་དོན་ཞེས་གསུངས་ཏེ། དེའི་དགོངས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ རང་བཞིན་འོད་གསལ་དེ་ཉིད་རང་བཞིན་གྱིས་དྲི་མ་ཐམས་ཅད་ཀྱིས་རྣམ་པར་དག་ཅིང༌། རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་བའི་སྐུ་ཡིན་པ་དེ་ཉིད་མངོན་པར་བྱང་ཆུབ་པ་བཞིས་ དང་པོར་རམ་གདོད་མ་ཉིད་ནས་སངས་རྒྱས་པ་ལ་དང་པོའི་སངས་རྒྱས་ཞེས་གསུངས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་མ་རྟོགས་པ་དང་པོའི་སངས་རྒྱས་ཞེས་བྱ་བ་གང་ དུ་ཡང་མི་རྙེད་ལ། སེམས་ཀྱི་རང་བཞིན་འོད་གསལ་བ་ནི་རྡོ་རྗེའི་ཐེག་པ་མཐར་ཐུག་པའི་ ཚུལ་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་གྱིས་གསལ་བར་མཛད་པའི་དོན་རྣམ་པ་ ཐམས་ཅད་པའི་སྟོང་པ་ཉིད་པྲ་ཕབ་པའི་སྣང་བ་དང་མཚུངས་པ་བྱིས་པའི་སྐྱེ་བོ་རྣམས་ལ་སྦ་ ཞིང་གསང་བར་བྱ་བ་དེ་ཁོ་ན་ཡིན་གྱི་སེམས་རང་རིག་རང་གསལ་ཞེས་པ་ཙམ་དང༌། སེམས་ རང་སྟོང་སྐྱེ་མེད་ཞེས་སོགས་ཙམ་གྱིས་ནི་སེམས་ཀྱི་རང་བཞིན་འོད་གསལ་གྱི་གོ་མི་ཆོད་ ཅིང༌། དེ་ནི་བདེ་གཤེགས་སྙིང་པོ་དང་དང་པོའི་སངས་རྒྱས་དང་ངོ་བོ་ཉིད་ཀྱི་སྐུ་དང༌། ལྷན་ ཅིག་སྐྱེས་པའི་བདེ་བའི་སྐུ་ཡང་མ་ཡིན་ནོ། །དང་པོའི་སངས་རྒྱས་དེ་ཉིད་རྣམ་པ་ཐམས་ཅད་ པའི་སྟོང་པ་ཉིད་ཀྱི་སྐུ་ཡིན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པ་པྲ་ཕབ་པའི་སྣང་བ་ལྟ་ བུར་བཞུགས་ཤིང༌། དེ་ལྟ་བུའི་ཕུང་པོ་སོགས་གདོད་མ་ནས་སྒྲིབ་པ་མེད་པ་དང་གཅིག་ཏུ་ 6-1-175 འདྲེས་པ་དང་རོ་མཉམ་པར་གྱུར་པ་ལ་སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང༌། འགྱུར་མེད་དྲུག་ ཏུ་གསུངས་པ་ཡིན་གྱི་མ་དག་པའི་ཕུང་པོ་ཁམས་སོགས་གསར་དུ་སྒྲིབ་བྲལ་དུ་གྱུར་པ་དང་རོ་ མཉམ་པ་དང་གཅིག་ཏུ་འདྲེས་པར་གྱུར་པ་ནི། སྟོང་ཆེན་འགྱུར་མེད་ལྔ་དང༌། འགྱུར་མེད་དྲུག་ དབྱེར་མེད་པ་ཨེ་ཝཾ་གི་དོན་དང་པོའི་སངས་རྒྱས་ཡིན་པར་མི་འགྱུར་ཏེ། དེ་འདྲ་བ་ནི་གསར་ དུ་སངས་རྒྱས་པ་ཐོག་མ་དང་བཅས་པར་འགྱུར་བའི་ཕྱིར་རོ། །དེས་ན་ཕུང་པོ་ཁམས་སོགས་ ལ་སྒྲིབ་པ་དང་བཅས་པའི་ཕུང་པོ་ཁམས་སོགས་གཞན་དང་། སྒྲིབ་པ་མེད་པའི་ཕུང་པོ་ ཁམས་སོགས་པྲ་ཕབ་པའི་སྣང་བ་དང་མཚུངས་པ་ཆ་གཉིས་སུ་སེམས་ཅན་ཐམས་ཅད་ལ་ ཐོག་མ་མེད་པའི་དུས་ནས་ཆོས་ཅན་དང་ཆོས་ཉིད་དུ་གནས་པ་ནི་རྒྱུད་ཀྱི་དགོངས་པ་གསང་ བ་ལས་ཀྱ་ཆེས་ཤིན་ཏུ་གསང་བར་གྱུར་པ་ཡིན་ནོ། ། དེ་ལྟ་བུའི་ལྷན་ཅིག་སྐྱེས་པའི་བདེ་བ་དེ་ཉིད་ཀྱིས་སྒྲིབ་པ་མེད་པའི་ཕུངཔོ་ཁམས་དང་ སྐྱེ་མཆེད་ཀྱི་འཁོར་ལོ་བསྐྱེད་པ་ནི་དུས་ཀྱི་འཁོར་ལོའི་དོན་ཡིན་གྱི། རྣལ་འབྱོར་པའི་ལམ་དུས་ཀྱི་ཐིག་ལེ་མི་འཕོ་བའི་བདེ་བ་དེས། རྣལ་འབྱོར་པའི་ཕུང་པོ་ ཁམས་སོགས་སྒྲིབ་བྲལ་དུ་སྐྱེད་པ་ནི། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དོན་མ་ཡིན་ ཏེ་རྣལ་འབྱོར་པའི་ལམ་དུས་ཀྱི་ཐིག་ལེ་མི་འཕོ་བའི་བདེ་བ་དེས། རྣལ་འབྱོར་པའི་ཕུང་པོ་ ཁམས་སོགས་ཉམས་ཤིང་ཟད་པར་བྱེད་པ་ཡིན་གྱི། ཕུང་པོ་ཁམས་སོགས་སྒྲིབ་བྲལ་དུ་སྐྱེད་ པ་མ་ཡིན་པའི་ཕྱིར་ཏེ། འཁོར་བ་སྙིང་པོ་མེད་དེ་ཟད་གྱུར་པ། །དེ་ལས་སྐྱེས་བུའི་སངས་རྒྱས་ ཉིད་འབྲས་ཏེ། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་རྣམས། །ཆུ་ཤིང་ཉམས་པས་ཡང་དག་འབྱུང་ པ་བཞིན། སྡིག་པ་དང་ནི་ཤིང་སྤྲིན་སེམས་ཅན་རྣམས། །གང་ལས་བྱུང་བ་དེ་དང་དེ་ཉམས་ བྱེད། །དེ་བཞིན་རྣལ་འབྱོར་དག་གི་སེམས་དེ་ནི། །སྒྱུ་མ་རྣམ་པར་ཉམས་པར་བྱེད་པ་ཡིན། ། ཞེས་གསུངས་པའོ། །དེས་ན་དང་པོའི་སངས་རྒྱས་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ 6-1-176 ཀྱི་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བ་གློ་བུར་གྱི་དྲི་མ་རང་བཞིན་གྱིས་རྣམ་པར་ དག་ཅིང་རང་འབྱུང་གི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་སྐུར་གདོད་མ་ཉིད་ནས་ བཞུགས་པ་དེ་ཁོ་ན་ཡིན་ཏེ། མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་ཐོག་མ་ཐ་མ་ མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ ཅན་དེ་བཞིན་གཤེགས། །ཞེས་དང༌། སེམས་ཅན་ཀུན་གྱི་ཡིད་ཀྱི་ཡུལ། །སེམས་ཅན་ཀུན་གྱི་ ཡིད་གནས་པ། །སེམས་ཅན་ཀུན་གྱི་ཡིད་ནང་གནས། །དེ་དག་སེམས་དང་མཉམ་ཉིད་སོན། ། ཞེས་གསུངས་ཏེ། སེམས་ཅན་ཀུན་གྱི་ཡིད་ཀྱི་ནང་ན་གནས་པ་དང་སེམས་དང་མཉམ་པ་ ཉིད་དུ་སོན་པ་ནི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ཁོ་ན་ལ་དགོངས་པ་ ཡིན་ནོ། ། དཔལ་བརྟག་པ་གཉིས་པའི་རྒྱུད་དུ་ཡང་། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་ མིན། །ཞེས་གསུངས་ཤིང༌། དེའི་འགྲེལ་པ་འཕགས་པ་རྗེ་བཙུན་སྙིང་པོས་མཛད་པར། ཨེ་ ཝཾ་གི་ཡི་གེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནི་ལུས་གནས་ཏེ་ལྟེ་བར་གནས་པའོ། ། དེ་ལྟར་ན། ལུས་གནས་ཡེ་ཤེས་ཆེན་པོ་ནི་ཀུན་ཏུ་རྟོག་པ་ཐམས་ཅད་སྤང་པར་གྲུབ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་དང་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྟོག་པ་དང་བྲལ་བ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རྟོག་པའི་དྲ་བ་དང་བྲལ་བ་ཞེས་པ་ངེས་པའོ། །དེ་ཉིད་རྡོ་རྗེ་ སེམས་དཔའ་འཇིག་རྟེན་གསུམ་ཀུན་ཏུ་བསྐྱེད་པའི་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུའོ། ། དངོས་པོ་ཀུན་ལ་ཁྱབ་པ་པོ་ཞེས་པ་ཕུང་པོ་དྲུག་རྣམས་དང༌། ཁམས་དྲུག་རྣམས་དང༌། དབང་པོ་དྲུག་རྣམས་དང༌། ཡུལ་དྲུག་རྣམས་དང༌། ལས་ཀྱི་དབང་པོ་དྲུག་རྣམས་དང༌། ལས་ ཀྱི་དབང་པོའི་བྱ་བ་དྲུག་རྣམས་ཏེ། དངོས་པོ་འདི་རྣམས་ལ་ཁྱབ་པ་པོ་ཡེ་ཤེས་ཀྱི་སྐུའོ། 188། ལུས་ལ་གནས་ཀྱང་ལུས་སྐྱེས་མིན་ཞེས་པ་སྐྱེ་བ་དང་འཇིག་པའི་དངོས་པོ་མེད་པའི་ཕྱིར་རོ་ ཞེས་གསུངས་ཏེ་ལུས་ལ་གནས་པའི་ཡེ་ཤེས་ཆེན་པོ་ནི་སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་ རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ཡིན་ལ། དེ་རྟོག་པའི་དྲ་བ་དང་བྲལ་བ་ཡང་། རང་ བཞིན་གྱིས་དྲི་མ་དང་བྲལ་བ་ཡིན་ཞིང༌། ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུ་ཡིན་པར་གསུངས་པའི་ ཕྱིར། སེམས་ཅན་གྱི་སེམས་ཀྱི་དེ་བཞིན་ཉིད་དེ་རྡོ་རྗེ་སེམས་དཔའ་དང༌། ལྷན་ཅིག་སྐྱེས་ པའི་སྐུ་ཡིན་པར་གྲུབ་བོ། །ཡང་རྒྱུད་དེ་ཉིད་ལས། འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཐམས་ ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་ མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །སྒྱུ་མའི་གཟུགས་ཅན་ཉིད་དུ་ འདོད། །ཅེས་པ་སྟེ་སྒྱུ་མའི་གཟུགས་ཅན་ནི་འོད་གསལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ དོ། ། རྡོར་སྙིང་འགྲེལ་པར་ཡང༌། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང༌། །ནམ་མཁའ་ལ་ནི་འཇིག་ པ་མེད། །དེ་བཞིན་ལུས་འདི་ཞིག་གྱུར་ཀྱང༌། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། བདག་དང་གཞན་དུ་འཛིན་སྤངས་ཤིང༌། །རང་གིས་རིག་ པའི་ཡེ་ཤེས་ཏེ། །དངོས་དང་དངོས་མེད་བདག་ཉིད་མཆོག །མཁའ་མཉམ་སྟོང་པ་རྡུལ་དང་ བྲལ། །འདོད་ཆགས་ཆགས་བྲལ་འདྲེས་པ་སྟེ། །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །དེ་ ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་སྟེ། །དེ་ཉིད་ཀྱིས་ནི་ཐམས་ཅད་ ཁྱབ། །དེ་འདིར་སངས་རྒྱས་ཡེ་ཤེས་ཏེ། །དཔལ་ལྡན་ཧེ་རུ་ཀ་ཞེས་བྱ། །ཞེས་དང་། མངོན་ པར་བརྗོད་པའི་རྒྱུད་བླ་མར་ཡང༌། དེ་ནི་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་ པ་ཡིན། །དེ་ཉིད་ཐམས་ཅད་མཁྱེན་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉདི་ སངས་རྒྱས་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པ་བཤད། །ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ 6-1-177 ཀྱང༌། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང༌། འཕགས་པ་ལྷའི་སྤྱོད་པ་བསྡུས་ པའི་སྒྲོན་མར་ཡང༌། ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་ཏུ་ནི་སྣང་མི་འགྱུར། །བུམ་པ་ དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་པ་རང་ལུས་ཉིད། ། དེ་ཉིད་མར་མེ་ལྟ་བུ་ཉིད། །བླ་མའི་ཁ་ཡིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་ བར་འགྱུར། །ཞེས་གསུངས་ཤིང་། ལུང་རྣམ་དག་གཞན་ཡང་མང་དུ་ཡོད་མོད་ཀྱི། རེ་ཞིག་ བཞག་གོ། ། དེ་ལྟར་རྣམ་པར་དག་པའི་ལུང་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སངས་ རྒྱས་ཀྱི་ཡེ་ཤེས་དཔལ་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུ་དྲི་མ་རང་བཞིན་གྱིས་རྣམ་པར་དག་ཅིང་། ཡེ་ ཤེས་ཀྱི་སྐུའི་བདག་ཉིད་དུ་ཡེ་ནས་བཞུགས་པའི་ཚུལ་ཤིན་ཏུ་གསལ་བར་བསྟན་པའི་ཕྱིར་ རོ། །སྤྱིར་སེམས་ཅན་གྱི་སེམས་ཀྱི་དེ་བཞིན་ཉིད་དང་། བྱེ་བྲག་ཏུ་ལོག་པ་ཉིད་དུ་ངེས་པའི་ སེམས་ཅན་གྱི་སེམས་ཀྱི་དེ་བཞིན་ཉིད་ཀྱང་མཐར་ཐུག་གི་སངས་རྒྱས་སྐུ་བཞི་དང་དོན་དམ་ པའི་ཡེ་ཤེས་ལྔ་དང༌། དུས་འཁོར་བདེ་མཆོག་ལ་སོགས་པ་ཡིན་པར་གྲུབ་བོ། ། དེ་ལྟ་བུའི་ངེས་པའི་དོན་མི་ཤེས་པ་རྣམས་ནི། སྔགས་ཀྱི་ཐེག་པའི་ངེས་པའི་དོན་ལ་རྒྱབ་ ཀྱིས་ཕྱོགས་པ་སྟེ། དཔལ་དྲི་མ་མེད་པའི་འོད་ལས། གང་གིས་མཆོག་གི་དང་པོའི་སངས་ རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་ པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་ འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་ དང་བྲལ་བའོ། །ཞེས་གསུངས་པ་ལྟར་རོ། ། 6-1-178 ཡང་ཁྱེད་ན་རེ། དྲི་མ་གདོད་མ་ནས་ཟད་པ་དང༌། གཉུག་མ་དང༌། ཡང་དག་པར་དང༌། དོན་དམ་པར་གྲོལ་བ་དང༌། བྲལ་བ་རྣམས་ཀྱིས་ཟད་པ་དང་སྤངས་པའི་གོ་མི་ཆོད་དེ། དེ་ ལྟར་ཡིན་ན་མི་གཙང་བའི་ཕུང་པོ་འདི་ཡང་སྤངས་པ་ཕུན་ཚོགས་དང་ལྡན་པར་འགྱུར་རོ། ། དེ་བཞིན་ཉིད་ཙམ་མཐར་ཐུག་གི་འགོག་བདེན་དུ་མི་འགྱུར་ཞིང༌། ངེས་དོན་རྒྱ་མཚོར་ཁས་ བླངས་པ་ཡང་མི་འཐད་དེ། འཕགས་པ་ཐོགས་མེད་ཀྱིས་བདེན་པ་ནི་རྣམ་པ་གཉིས་ཏེ། རྣམ་ པར་བཞག་པ་དང་རྣམ་པར་མ་བཞག་པའོ། ། དེ་ལ་འཕགས་པའི་བདེན་པ་བཞི་ནི་རྣམ་པར་བཞག་པའི་བདེན་པ་ཡིན་ནོ། །དེ་བཞིན་ ཉིད་ནི་རྣམ་པར་མ་བཞག་པའི་བདེན་པ་ཡིན་ནོ། །རྒྱུ་མཚན་བདེན་པ་དུ་དག་གིས་བསྡུས་ཞེ་ ན་སྨྲས་པ། རྣམ་པར་བཞག་པའི་བདེན་པ་བཞིས་སོ། །མིང་ནི་གཅགི་ཏུ་སྡུག་བསྔལ་ག་ྱིབདནེ་ པས་སོ། །རྣམ་པར་རྟོག་པ་ནི་འགགོ་པའི་བདནེ་པ་མ་རྟོགས་པ་གསུམ་གྱིས་སོ། །དེ་བཞིན་ ཉིད་ནི་རྣམ་པར་མ་བཞག་པའི་བདེན་པས་སོ། །ཡང་དག་པའི་ཤེས་པ་ནི་རྣམ་པར་བཞག་པ་ དང་། རྣམ་པར་མ་བཞག་པ་ལ་དམིགས་པའི་ལམ་གྱི་བདེན་པས་བསྡུས་སོ་ཞེས་དང་། ཡང་ དེ་བཞིན་ཉིད་ནི་རྣམ་པར་མ་བཞག་པའི་བདེན་པས་བསྡུས་པ་ཁོ་ན་ཡིན་ནོ། །ཞེས་གསུངས་ པའི་ཕྱིར་རོ། ། ཞེས་སྨྲ་བ་ནི་དང་པོའི་སངས་རྒྱས་ཀྱི་སྤངས་པ་ལ་བསྐུར་པ་འདེབས་པ་དང༌། ངེས་པའི་དོན་གྱི་མདོ་རྒྱུད་དང་བསྟན་བཅོས་དྲི་མ་མེད་པ་མང་པོ་ལ་སུན་འབྱིན་པར་སྨྲ་བ་ཁོ་ ན་ཡིན་ཏེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས། ཟད་པ་གཉེན་ པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད་ཅེས་བསྟན། །ཞེས་པ་དང༌། རྒྱུད་ བླར། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་ 6-1-179 མེད། །དུས་རྣམས་ཀུན་དུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་དང་། རྒྱུད་བླའི་འགྲེལ་པར། སེམས་རང་བཞིན་གྱིས་འོད་གསལ་བར་མཐོང་བའི་ཕྱིར་དང༌། དེའི་ ཉེ་བའི་ཉོན་མོངས་པ་གདོད་མ་ནས་ཟད་ཅིང་འགོག་པར་མཐོང་བའི་ཕྱིར་རོ། །ཞེས་པའི་ ལུང་འདི་དག་དོན་ལྡན་གྱི་ལུང་རྣམ་དག་མ་ཡིན་པར་འགྱུར་ཏེ། ཆོས་ཀྱི་དབྱིངས་ཉོན་མོངས་ པ་གདོད་མ་ནས་ཟད་པ་ཉིད་ལ་ཆོས་དབྱིངས་ཉོན་མོངས་ཟད་མིན་པར་སྟོན་པའི་ཕྱིར་རོ། ། དེ་ལ་ཁྱབ་པ་མེད་ན་ཉོན་མོངས་གདོད་ནས་ཟད་པས་ཉོན་མོངས་པ་ཟད་པའི་གོ་མི་ཆོད་ པའི་དམ་བཅའ་ཉམས་སོ། །ཡང་དཔལ་བརྟག་པ་གཉིས་པར། ལུས་ལ་ཡེ་ཤེས་ཆེན་པོ་ གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་དང༌། རྡོ་རྗེ་གུར་དུ། བདག་དང་གཞན་ དུ་འཛིན་སྤངས་ཤིང༌། །རང་གིས་རིག་པའི་ཡེ་ཤེས་ཏེ། །ཞེས་སོགས་གོང་དུ་དྲངས་པ་དང༌། དྲི་མེད་འོད་ལས། ཆོས་འབྱུང་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། སྣ་ཚོགས་ཡུམ་བཅོམ་ ལྡན་འདས་དུས་ཀྱི་འཁོར་ལོས་འཁྱུད་པ་དུས་ཐམས་ཅད་དུ་སྒྲིབ་པ་ཐམས་ཅད་དང་བྲལ་ བའོ། །ཞེས་དང༌། དཔལ་གསང་བ་འདུས་པར། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་ བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་ བཤད་དུ་གསོལ། །ཞེས་པའི་ལུང་དེ་དག་ཀྱང་དོན་ལྡན་གྱི་ལུང་རྣམ་དག་མ་ཡིན་པ་འགྱུར་ ཏེ། དྲི་མ་གདོད་མ་ནས་ཟད་པ་ལ་དྲི་མ་ཟད་པ་དང་སྤངས་པར་སྟོན་པའི་ཕྱིར་རོ། །གཞན་ དྲི་མ་གདོད་མ་ནས་ཟད་པས་ཟད་པ་དང་སྤངས་པའི་གོ་མི་ཆོད་ན། རང་བཞིན་གྱིས་རྣམ་ པར་དག་པས་དག་པའི་གོ་མི་ཆོད་པར་འགྱུར་ཞིང༌། དེ་འདོད་ན་དག་པ་གཉིས་ལྡན་གྱི་ཆོས་ དབྱིངས་མི་སྲིད་པར་འགྱུར་ཏེ། རང་བཞིན་རྣམ་དག་གིས་དག་པའི་གོ་མི་ཆོད་པའི་ཕྱིར་རོ། ། དེ་བཞིན་དུ་རང་བཞིན་འོད་གསལ་གྱིས་ཀྱང་འོད་གསལ་གྱི་གོ་མི་ཆོད་པ་དང༌། རང་བཞིན་ གྱིས་མྱ་ངན་ལས་འདས་པས་ཀྱང་མྱ་ངན་ལས་འདས་པའི་གོ་མི་ཆོད་པ་དང་། རང་བཞིན་ 6-1-180 གྱིས་སམ་གདོད་མ་ནས་སྟོང་པས་ཀྱང་སྟོང་པ་ཉིད་ཀྱི་གོ་མི་ཆོད་པར་འགྱུར་བ་ལ་སོགས་ པ་རྒྱུ་མཚན་མཚུངས་སོ། །དེ་བཞིན་ཉིད་འགོག་པའི་བདེན་པ་མ་ཡིན་པ་ཡང་མི་རིགས་ཏེ། དེ་བཞིན་ཉིད་རྣམ་པར་བྱང་བའི་བདེན་པ་མ་ཡིན་པར་འགྱུར་ཏེ། འགོག་བདེན་དང་ལམ་ བདེན་གང་ཡང་མ་ཡིན་པའི་ཕྱིར་རོ། །འདོད་ན་ཐེག་བསྡུས་ལས། དེ་བཞིན་ཉིད་རང་བཞིན་ གྱིས་རྣམ་པར་བྱང་བར་བཤད་པ་དང་འགལ་ལོ། །དེས་ན་དེ་བཞིན་ཉིད་རྣམ་པར་མ་བཞག་ པའི་བདེན་པ་ཡིན་པར་བསྟན་པ་ནི། རང་བཞིན་ཉིད་ཀྱིས་འགོག་པའི་བདེན་པ་ཡིན་པའི་སྒོ་ ནས་བསྟན་པ་ཡིན་ནོ། ། ཡང་རྒྱུད་བླར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་ གི། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ ཡིན། །ཞེས་པ་ཆོས་ཉིད་དེ་བཞིན་ཉིད་ལ་ཆོས་སྐུའི་ཡོན་ཏན་ཐམས་ཅད་རང་བཞིན་ཉིད་ཀྱིས་ ལྡན་པར་བཤད་པ་ལ་དྲི་བཅས་ཀྱི་དེ་བཞིན་ཉིད་ལ་ཆོས་སྐུའི་ཟག་པ་མེད་པའི་ཡོན་ཏན་ དབྱེ་བ་མེད་པའི་ཆོས། དག་པའི་ཆོས་ཉིད་ཡོད་པས་བླ་མེད་ཆོས་ཀྱིས་མི་སྟོང་ཞེས་གསུངས་ པ་ཡིན་གྱི། ཆོས་སྐུའི་ཡོན་ཏན་ཐམས་ཅད་ཚང་བར་བསྟན་པ་ནི་མ་ཡིན་ནོ། །ཞེས་སྨྲ་བ་ ཡང༌། སངས་རྒྱས་ཀྱི་བཀའ་དང་བྱམས་མགོན་གྱི་བསྟན་བཅོས་ལ་རང་བཟོ་དང་གཟུ་ལུམ་ གྱི་བཤད་པ་བྱེད་པར་བས་ཏེ། འདིའི་སྐབས་སུ་དཔལ་འཕྲེང་གི་མདོའི་ལུང་། དེས་ན་དེ་ བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་བྲལ་བ་ཤེས་པ་ཉོན་མོངས་པའི་ སྦུབས་ཐམས་ཅད་ཀྱིས་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་བསམ་ གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་ནི་མི་སྟོང་ངོ་། ། ཞེས་གསུངས་སོ། །ཞེས་འབྱུང་བས་དྲི་བཅས་དེ་བཞིན་ཉིད་ལ་སངས་རྒྱས་ ཆོས་ཀྱི་སྐུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཉིད་དབྱེར་མེད་དུ་ལྡན་པར་གསུངས་ཀྱི། ཆོས་ 6-1-181 སྐུའི་ཟག་མེད་ཀྱི་ཡོན་ཏན་གྱི་ཆོས་ཉིད་ཀྱིས་སྟོང་ངོ༌། །ཞེས་མ་གསུངས་པ། འགྲེལ་པར་ ཡང༌། འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན། བཞག་པར་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། ། ཞེས་འབྱུང་བའི་དོན་དམ་དྲི་བཅས་དེ་བཞིན་ཉིད་ལ་ཆོས་སྐུའི་ཡོན་ཏན་སྔར་མེད་པ་གསར་ དུ་བཞག་པའི་བསྣན་དགོས་པ་ཅུང་ཟད་ཀྱང་མེད་དེ་ཆོས་སྐུའི་ཡོན་ཏན་རྣམ་པར་དབྱེར་ མེད་པའི་ཆོས་སུ་ཡོད་པའི་དག་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཞེས་པ་ཡིན་པས། ཆོས་ སྐུའི་ཡོན་ཏན་ཉིད་འདི་ལ་དབྱེར་མེད་དུ་ཡོད་པར་བཤད་ཀྱི། ཡོན་ཏན་གྱི་ཆོས་ཉིད་འདི་ལ་ དབྱེར་མེད་དུ་ཡོད་ཅེས་མ་བཤད་པའི་ཕྱིར་རོ། །གལ་ཏེ་ཆོས་སྐུའི་ཡོན་ཏན་གྱི་ཆོས་ཉིད་ཡོད་ པས་བླ་མེད་ཆོས་ཀྱིས་མི་སྟོང་ཞེས་ནན་གྱིས་སྦྱོར་བ་ཡིན་ན། གློ་བུར་གྱི་དྲི་མས་སྟོང་ཞེས་བྱ་ བ་ཡང༌། གློ་བུར་གྱི་དྲི་མའི་ཆོས་ཉིད་མེད་པས་གློ་བུར་གྱི་དྲི་མས་སྟོང་པར་བཤད་དོ། །ཞེས་ སྦྱར་དགོས་པར་རྒྱུ་མཚན་མཚུངས་སོ། ། དེ་ཡང་ཁྱེད་ཅག་ཆོས་སྐུའི་ཡོན་ཏན་དང་དེའི་ཆོས་ཉིད་མི་གཅིག་པར་འདོད་པའི་ ལུགས་དང་བསྟུན་ནས་དེ་ལྟར་སུན་འབྱིན་པར་སྨྲས་ཀྱིས། ཁོ་བོ་ཅག་གི་ཆོས་སྐུའི་ཡོན་ཏན་ དང་ཡོན་ཏན་གྱི་ཆོས་ཉིད་ལ་ཁྱད་པར་ཅི་ཡང་མེད་པས་ཆོས་སྐུའི་ཡོན་ཏན་གྱི་ཆོས་ཉིད་ ཡོད་པས་ཀྱང་ཆོས་སྐུའི་ཡོན་ཏན་གྱིས་མི་སྟོང་བའི་གོ་ཆོད་དོ། །དེ་བཞིན་དུ་དྲི་མ་མེད་པའི་ སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་སྟོན་པའི་སྐབས་སུ་དེ་ལ་དྲི་མ་མེད་པའི་ སངས་རྒྱས་ཀྱི་ཡོན་ཏན་ནི། གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོའི་སྐྱེ་བོའི་ས་ལ་ཡང་རྣམ་ པར་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པར་ཡོད་པའི་ཕྱིར་གནས་འདི་བསམ་ གྱིས་མི་ཁྱབ་སྟེ། གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིགས་ན་འགའ་ཡང་མེད་དོ། །ཞེས་འབྱུང་བ་ 6-1-182 ལ་ཡང༌། དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་ཉིད་སོ་སོའི་སྐྱེ་བོའི་ས་ལ་ཡོད་པ་ ཡིན་གྱི་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ཉིད་སོ་སོའི་སྐྱེ་བོའི་ས་ལ་ཡོད་པར་མ་བསྟན། ཞེས་སྨྲ་བ་ཡང་། བྱམས་པ་ཡབ་སྲས་ཀྱི་གཞུང་ལ་ཀྱོག་བཤད་བྱེད་པ་ཁོ་ན་ཡིན་ཏེ། གཞུང་ དེའི་དོན་ནི་སོ་སོའི་སྐྱེ་བོའི་ཆོས་ཉིད་ལ་ཡང་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་དབྱེར་ མེད་དུ་ཡོད་ཅིང༌། སངས་རྒྱས་ཀྱི་ཆོས་ཉིད་ལ་ཡང་ཡོན་ཏན་དེ་དབྱེར་མེད་དུ་ཡོད་པས་རྣམ་ པར་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པའི་ཕྱིར། ཞེས་བཤད་པ་སྟེ། དེ་བཞིན་ གཤེགས་པའི་ཡེ་ཤེས་མཐའ་དག་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཞུགས་པ་བཤད་ཅིང༌། སངས་རྒྱས་ཀྱི་ཡེ་ཤེས་མཐའ་དག་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་ མེད་པར་རྗེས་སུ་ཞུགས་པར་དར་ཡུག་ཆེན་པོའི་དཔའེི་ས་ྒོནས་སནྟོ་པའི་ཕལ་པོ་ཆའེི་ལུང་ངསེ་ པའི་ཤེས་བྱེད་དུ་དྲངས་པའི་ཕྱིར་རོ། ། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། བསོད་ནམས་ལྡན་པ་ བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཞེས་གསུངས་པ། བདེ་གཤེགས་ སྙིང་པོ་ལ་ཚོགས་གཉིས་རང་བཞིན་གྱིས་ཚང་བའི་སྒྲུབ་བྱེད་དུ་མི་རིགས་པ་ཡང་མ་ཡིན་ ཏེ། བདེ་གཤེགས་སྙིང་པོ་ལྷན་ཅིག་སྐྱེས་པའི་སྐུའི་ཤེས་རབ་ཀྱི་ཆ་རྣམ་པ་ཐམས་ཅད་པའི་ སྟོང་པ་ཉིད་ནི་དུས་ཀྱི་འཁོར་ལོའི་ཡུམ་ངེས་དོན་གྱི་ནུས་མ་བཅུའི་ངོ་བོ་ཉིད་ཡིན་ཞིང༌། ངེས་ དོན་གྱི་ནུས་མ་བཅུ་ནི། དོན་དམ་པའི་ཕར་ཕྱིན་བཅུ་ཡིན་པར་གསུངས་ལ། དོན་དམ་པའི་ ཕར་ཕྱིན་ནི་དོན་དམ་པའི་ཚོགས་གཉིས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གཞན་ཡང་མཚན་བརྗོད་ ཀ་ྱིདོན་ན། ིདང་པོའི་སངས་རྒྱས་དོན་དམ་པའི་ཡེ་ཤེས་ཀྱི་སྐུ་ཡིན་ལ། དེ་ཉིད་ལ་ཚོགས་ གཉིས་ཚོགས་ནི་བསགས་པ་པོ་ཡིན་པར་གསུངས་ཤིང༌། དེའི་ཡོན་ཏན་ཐམས་རང་བཞིན་ ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར། དང་པོའི་སངས་རྒྱས་བདེ་གཤེགས་སྙིང་པོ་ལ་དོན་དམ་ 6-1-183 གྱི་ཚོགས་གཉིས་རང་བཞིན་གྱིས་ཚང་བ་ལ་འགལ་བ་ཅི་ཞིག་ཡོད། འོ་ན་པདྨ་དཀར་པོས་ ལུང་དེ་ཚོགས་གཉིས་ཀྱིས་དམན་པའི་རྣལ་འབྱོར་པ་ལ་ཚོགས་གཉིས་མེད་པའི་སྒྲུབ་བྱེད་དུ་ དྲངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། པདྨ་དཀར་པོས་ཚོགས་གཉིས་མ་བསགས་པའི་ རྣལ་འབྱོར་པས་སངས་རྒྱས་མི་ཐོབ་སྟེ། ཚོགས་གཉིས་ཚོགས་ནི་བསགས་པ་པོ་ཡིན་པས་དེ་ ཐོབ་པ་ལ་ཚོགས་གཉིས་བསག་དགོས་ཞེས་གསུངས་པས། བདེ་གཤེགས་སྙིང་པོ་ལ་ཚོགས་ གཉིས་ཚང་བ་ལ་གནོད་པ་ཅི་ཡང་མེད་དོ། ། ཡང་ཁྱེད་ན་རེ། གསང་སྔགས་ཀྱི་རྒྱུད་སྡེ་མཐར་ཐུག་རྣམས་ལས་གསུངས་པའི་ཡེ་ ཤེས་ལྔ་པོ་དོན་དམ་འདུས་མ་བྱས་ཀྱི་ཡེ་ཤེས་ཡིན་པ་དང༌། མདོ་སྡེ་རྒྱན་ལ་སོགས་པ་ལས་ གསུངས་པའི་ཡེ་ཤེས་བཞི་པོ་ཀུན་རྫོབ་འདུས་བྱས་ཀྱི་ཡེ་ཤེས་ཡིན་པ་ལ་ཤེས་བྱེད་ཀྱི་ལུང་ གང་ཡང་མེད་དོ། །ཞེས་སྨྲ་བ་ནི། ལུང་ཟབ་མོའི་དགོངས་པ་རྣམ་པར་མ་དཔྱད་པ་སྟེ། མདོ་ སྡེ་རྒྱན་ལ་སོགས་པར་ཡེ་ཤེས་བཞི་པོ་འདུས་བྱས་ཡིན་པ་ནི་ཁྱེད་རང་གིས་ཀྱང་ཁས་ལེན་ ཅིང༌། ཡོངས་སུ་གྲགས་ཟིན་པས་སྒྲུབ་མི་དགོས་ལ། སྔགས་ཀྱི་ཐེག་པ་མཐར་ཐུག་རྣམས་ ལས་གསུངས་པའི་ཡེ་ཤེས་ལྔ་དོན་དམ་འདུས་མ་བྱས་ཀྱི་ཡེ་ཤེས་ཡིན་པར་མཐར་ཐུག་གི་ ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བ་དེ་རྡོ་རྗེ་སེམས་དཔའ་ལྷན་ཅིག་སྐྱེས་པའི་སྐུ་ ཡིན་པ་དེ་ཉིད། རང་འབྱུང་གི་ཡེ་ཤེས་འདུས་མ་བྱས་ཡིན་ལ། དེ་ཉིད་རིགས་ལྔའི་དབྱེ་བས་ ཡེ་ཤེས་ལྔའི་ངོ་བོར་ཡོད་དེ། སྔར་གོང་དུ་དྲངས་པའི་ལུང་རྣམས་ཀྱིས་ཀྱང་གྲུབ་ཅིང་གཞན་ ཡང༌། ཀྱེའི་རྡོ་རྗེ་ལས། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་ མཚོན། རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་ བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །འདོད་ཆགས་ལ་སོགས་སེམས་ལྔ་ཡི། །དབྱེ་ བས་ལྔ་རུ་འགྲོ་བར་འགྱུར། །ཞེས་གསུངས་ཏེ། སེམས་ཆེན་པོ་ཞེས་པ་ནི། གསང་བ་འདུས་ 6-1-184 པར། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཅེས་གསུངས་ པ་དང་དོན་གཅིག་པ་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་འདུས་མ་བྱས་པའི་ དབྱིངས་རང་བཞིན་གྱི་རིགས་ཡིན་ལ། དེ་ཉིད་འདོད་ཆགས་ཆེན་པོ་དང༌། ཞེ་སྡང་ཆེན་པོ་ལ་ སོགས་པ་ལྔའི་སྒོ་ནས་རིགས་ལྔ་དང་ཡེ་ཤེས་ལྔར་ཕྱེ་སྟེ་འདུས་མ་བྱས་རང་བྱུང་གི་ཡེ་ཤེས་ ལྔ་ཡིན་ལ། དཔལ་སཾ་པུ་ཊིའི་རྒྱུད་དུ་ཡང༌། ཆ་མེད་མཆོག་ཏུ་ཕྲ་བ་སྟེ། །ཐིག་ལེའི་གཟུགས་ ཅན་ཡིད་ཀྱི་དངོས། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །རྟག་ཏུ་སྙིང་གི་དབུས་ན་གནས། ། ཞེས་དང༌། དྲི་མེད་ཤེལ་དང་མཚུངས་པའི་འོད། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ ཤེས་ལྔ་ཡི་དངོས་པོ་ཉིད། །ཅེས་གསུངས་པའི་དོན་ཡང་རང་བཞིན་གྱིས་འོད་གསལ་བའི་ ཡེ་ཤེས་ལྔ་སེམས་ཅན་གྱི་སྙིང་གི་དབུས་ན་གནས་པ་དེ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ འདུས་མ་བྱས་ཉིད་ལ་ཡེ་ཤེས་ལྔར་ཕྱེ་བ་ཡིན་ནོ། །དེ་ལྟར་སྔགས་ཀྱི་ཐེག་པ་ལས་འདུས་མ་ བྱས་ཀྱི་ཡེ་ཤེས་གསལ་བར་གསུངས་ལ། ཕར་ཕྱིན་ཐེག་པར་ཡང་དོན་དམ་འདུས་མ་བྱས་ ཀྱི་ཡེ་ཤེས་གསུངས་ཏེ། མྱང་འདས་ཆེན་པོའི་མདོར། ཡང་རིགས་ཀྱི་བུ་སངས་རྒྱས་ཀྱི་རང་ བཞིན་ཞེས་བྱ་བ་ནི་དོན་དམ་པ་སྟོང་པའོ། །དོན་དམ་པ་སྟོང་པ་ནི་ཡེ་ཤེས་ཞེས་བྱའོ། །ཞེས་ དང༌། ཆོས་དབྱིངས་བསྟོད་པར། ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་ གནས། །ཞེས་འབྱུང་བ་ཡང༌། ཆོས་ཀྱི་དབྱིངས་ཉིད་ཡེ་ཤེས་ཡིན་པར་བསྟན་པས་འདུས་མ་ བྱས་ཀྱི་ཡེ་ཤེས་བསྟན་པ་ཡིན་ནོ། ། ཡང་ཁྱེད་ན་རེ། དོན་དམ་འདུས་མ་བྱས་ཀྱི་ཡེ་ཤེས་དེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ ཡིན་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཤེས་པ་ཡིན་པར་འགྱུར་ཏེ། ཡེ་ཤེས་མཚན་ཉིད་ པ་ཡིན་པའི་ཕྱིར་རོ། །འདོད་ན་མི་རྟག་པར་འགྱུར་རོ། །ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་ དེ། དྲི་མེད་འོད་ལས། གལ་ཏེ་ཤེས་པའི་རང་བཞིན་ཡིན་པ་དེ་ལྟ་ན་མི་རྟག་སྟེ། འདིར་བུམ་ 6-1-185 པའི་ཤེས་པ་འགག་པ་ན། སྣམ་བུའི་ཤེས་པ་འབྱུང་བར་འགྱུར་རོ། །དེའི་ཕྱིར་མི་རྟོག་ཇི་ལྟར་ ཤེས་པ་ལས་གཞན་པ་ཡིན་པ་དེ་ལྟ་ན་ནི་མི་ཤེས་པར་འགྱུར་རོ། །ཞེས་སོ། །འཕགས་པ་ཀླུ་ སྒྲུབ་ཀྱིས། ཇི་ལྟ་སྟེ་ཤེས་པའི་རང་བཞིན་ཡིན་པར་སྨྲ་ན་ནི་དེའི་ཚེ་རྟག་པ་མ་ཡིན་པར་འགྱུར་ཏེ། ཤེས་པ་ནི་མི་རྟག་པ་ཡིན་པའི་ཕྱིར་རོ། །འདིར་བུམ་པའི་ཤེས་པ་འགགས་ཏེ་སྣམ་བུའི་ཤེས་ པ་སྐྱེའོ། །ཇི་སྟེ་ཤེས་པ་ལས་གཞན་ཡིན་པ་དེ་ལྟ་ན་ནི་མི་ཤེས་པར་འགྱུར་རོ། །ཞེས་ཞིབ་མོ་ རྣམ་འཐག་ལས་སོ། །ཞེས་དང༌། འཕགས་པ་ཐོགས་མེད་ཀྱིས། དེ་བཞིན་ཉིད་ནི་འདུས་མ་ བྱས་ཡིན་པ་དང༌། དེ་བཞིན་ཉིད་ནི་ཕུང་པོས་མ་བསྡུས་པ་ཡིན་པའི་ལུང་དྲངས་ནས་ཤེས་ པ་རྟག་པར་དམ་བཅས་པ་ཐམས་ཅད་ཉམས་སོ། །ཞེས་སྨྲ་བ་ནི། ཀླུ་སྒྲུབ་ཀྱི་ཞིབ་མོ་རྣམ་ པར་འཐག་པ་ན་ནི་ལུང་དེ་མི་སྣང་ལ། སྤྱན་རས་གཟིགས་ཀྱི་རྗེས་བཟློས་བྱེད་པར་འདོད་ ཀྱང་དགོངས་པ་མ་ཤེས་པ་སྟེ། སྤྱན་རས་གཟིགས་ཀྱི་དགོངས་པ་ནི་བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་ གང་ཟག་གི་ནང་དུ་འདུས་པ་སྐྱེ་བའི་ཆ་ཤས་ཅན་གྱི་གང་ཟག་རྟག་མི་རྟག་གང་ཡང་མ་ཡིན་ པར་འདོད་པ་ལ་གང་ཟག་དེ་ཤེས་པ་ཡིན་ནམ་མི་ཤེས་པ་མིན་ཞེས་བརྟག་པ་མཛད་པ་ནི། སྐབས་འདིར། ཁམས་གསུམ་པའི་ཤེས་པ་ཡིན་མིན་གང་རུང་ལས་འོས་མེད་པས་ཁམས་ གསུམ་པའི་ཤེས་པ་ཡིན་ན་མི་རྟག་པར་འགྱུར་ཏ། ེཁམས་གསུམ་པའི་ཤསེ་པ་ཡནི་པའི་ཕརྱི་ རོ། །ཞསེ་དགངོས་པ་ཡནི་ཏ། ེའདིར་བུམ་པའི་ཤེས་པ་འགགས་པ་ན། སྣམ་བུའི་ཤེས་པ་འབྱུང་ བར་འགྱུར་རོ། །དེའི་ཕྱིར་མི་རྟག་གོ་ཞེས་འབྱུང་བ་ཉིད་ཀྱི་རྟགས་སུ་དགོད་བྱ་ཁམས་གསུམ་ པའི་ཤེས་པ་ཡིན་པ་གྲུབ་བོ། །དེས་ན་ཁམས་གསུམ་པའི་ཤེས་པའི། རྣམ་པར་ཤེས་པ་ཡིན་ པ་ལ་མི་རྟག་པ་ཡིན་པས་ཁྱབ་ཀྱི། སྤྱིར་ཤེས་པ་ཡིན་པ་ཙམ་ལ་མི་རྟག་པ་ཡིན་པས་མ་ཁྱབ་ སྟེ། གལ་ཏེ་ཁྱབ་ན་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་བརྗོད་བྱ་རང་འབྱུང་ཡེ་ ཤེས་ཀྱི་སྐུ་དེ་ཡང་མི་རྟག་པར་འགྱུར་རོ། །ཤེས་པ་ཡིན་པའི་ཕྱིར་རོ། །རྟགས་མ་གྲུབ་ན་དེ་ 6-1-186 ཤེས་པ་ཡིན་པར་འགྱུར་ཏེ། ཡེ་ཤེས་མཚན་ཉིད་པ་ཡིན་པའི་ཕྱིར་རོ། །ཁྱབ་པ་སྔ་ཕྱི་གཉིས་ ཀ་ཁྱེད་ཀྱིས་ཁས་བླངས་ལ། དེ་མི་རྟག་པར་འདོད་ན། རང་འབྱུང་ཡེ་ཤེས་ཀྱི་སྐུ་དེ་འདུས་མ་ བྱས་མ་ཡིན་པར་འགྱུར་ཏེ་མི་རྟག་པ་ཡིན་པའི་ཕྱིར་རོ། །འདོད་ན། གཏན་གྱི་སྐྱབས་མཆོག་ མ་ཡིན་པར་འགྱུར་ཏེ། མི་རྟག་པ་ཡིན་པའི་ཕྱིར་རོ། །དེ་དག་གི་ཁྱབ་པ་ནི་འཕགས་པ་བྱམས་ པ་དང་ཐོགས་མེད་ཀྱིས་འདུས་བྱས་ཀྱིས་མཚན་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ནི་བརྫུན་པ་ སླུ་བའི་ཆོས་ཅན། གང་བརྫུན་པ་སླུ་བའི་ཆོས་ཅན་དེ་ནི་མི་བདེན་པ། གང་མི་བདེན་པ་དེ་ནི་ མི་རྟག་པ། གང་མི་རྟག་པ་དེ་ནི་སྐྱབས་མ་མཆིས་པ་ཞེས་གསུངས་པས་གྲུབ་བོ། ། མཚན་བརྗོད་ཀྱི་དོན་རང་འབྱུང་ཡེ་ཤེས་ཀྱི་སྐུ་དེ་གཏན་གྱི་སྐྱབས་མཆོག་མ་ཡིན་པར་ ཐལ་བ་འདོད་ན། མཚན་ཡང་དག་པར་བརྗོད་པ་ལ། མགོན་སྐྱོབ་འཇིག་རྟེན་གསུམ་ཁྱབ་པ། ། སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་དང་། དེའི་ཕན་ཡོན་གྱི་སྐབས་ནས་སྐྱབས་འདོད་པ་ རྣམས་ཀྱི་སྐྱབས་སོ། །གནས་འདོད་པ་རྣམས་ཀྱི་གནས་སོ། །སྐྱོབ་པ་འདོད་པ་རྣམས་ཀྱི་སྐྱོབ་ པའོ། །དཔུང་གཉེན་འདོད་པ་རྣམས་ཀྱི་དཔུང་གཉེན་ནོ། །ཞེས་གསུངས་པ་དང་འགལ་ལོ། ། ཡང་དྲི་མེད་འོད་ལས། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ ཀྱི་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཞེས་གསུངས་པའི་ཡེ་ཤེས་དེ་ཡང་མི་རྟག་པར་འགྱུར་རོ་ ཤེས་པ་ཡིན་པའི་ཕྱིར་རོ། །འདོད་ན་དེ་སྐད་ཅིག་གཅིག་གིས་འཇིག་པ་ཡིན་པར་འགྱུར་ལ། དེ་ཡང་འདོད་ན། དེ་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བར་གསུངས་པ་དང་འགལ་ལོ། ། དེ་བཞིན་དུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་འགྲེལ་བར་གསུངས་པའི་ནང་གི་རིག་པ་ འགྱུར་མེད་དེ་ཡང་། མི་རྟག་པར་འགྱུར་ཏེ། ཤེས་པ་ཡིན་པའི་ཕྱིར་རོ། །འདོད་ན་དེ་གཏན་ གྱི་སྐྱབས་གནས་མ་ཡིན་པར་འགྱུར་ལ། དེ་ཡང་འདོད་ན། དེ་སངས་རྒྱས་ཀྱི་ལྷན་ཅིག་སྐྱེས་ པའི་སྐུ་མ་ཡིན་པར་ཧ་ཅང་ཐལ་ལོ། །འདོད་པར་མི་ནུས་ཏེ། དཔལ་ལྡན་དྲི་མ་མེད་པའི་ 6-1-187 འོད་ལས། དེ་བཞིན་དུ་གཞན་ནང་གི་རིག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རང་བཞིན་ གྱིས་འོད་གསལ་བ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན་མ་ཆོས་ཀྱི་ དབྱིངས་ཀྱི་རྒྱུ་མཐུན་པར་རྫོགས་པའི་གནས་སྐབས་ཏེ། རྡོ་རྗེ་སེམས་དཔའ་དང་སངས་རྒྱས་ ཀྱི་ཡུམ་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་མཆོག་གི་ དབང་པོའི་སྤྱོད་ཡུལ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ ལས་འདས་པ། མེ་ལོང་གི་པྲ་ཕབ་པ་དང་རྨི་ལམ་དང་མཚུངས་པ་དེ་ནི་རྒྱལ་བ་རྣམས་ཀྱི་ ལྷན་ཅིག་སྐྱེས་པའི་སྐུར་གསུངས་ཏེ། མཆོག་ཏུ་མི་འགྱུར་བའི་རང་བཞིན་གྱི་ཕྱིར་རོ། ། ཞེས་གཞན་ནང་རིག་འགྱུར་མེད་དེ་རྒྱལ་བ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་སྐུར་གསལ་ བར་གསུངས་པའི་ཕྱིར་རོ། །ནང་རིག་འགྱུ་མེད་དེ་ལྷན་ཅིག་སྐྱེས་པའི་སྐུ་ཡིན་པར་གསུངས་ པས་ངོ་བོ་ཉིད་ཀྱི་སྐུ་ཡིན་པར་གྲུབ་ལ། དེའི་ཕྱིར་བརྟག་པར་གྲུབ་སྟེ། རྗེ་བཙུན་བྱམས་པས། རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱི་དེ་དག་རྟག་པ་ཉིད། །ཅེས་དང་། དེའི་འགྲེལ་ པར། ངོ་བོ་ཉིད་ཀྱི་སྐུ་ནི་རང་བཞིན་གྱིས་རྟག་པའི་ཕྱིར། རང་བཞིན་རྟག་པ་ཉིད་དོ། །ཞེས་ གསུངས་སོ། །དེས་ན་ཡེ་ཤེས་གང་ཡིན་ལ་མི་རྟག་པས་ཁྱབ་པར་ཁས་ལེན་པ་རྣམས་ནི། ། དོན་དམ་པའི་སངས་རྒྱས་གཏན་གྱི་སྐྱབས་གནས་ཡེ་ཤེས་ཀྱི་སྐུ་ཡང་མི་རྟག་པ་འདུས་བྱས་ བརྗུན་པ་སླུ་བའི་ཆོས་ཅན་དུ་ཁས་བླངས་པ་ཡིན་པས། མཐར་ཐུག་གཏན་གྱི་སྐྱབས་གནས་ ལ་རྒྱབ་ཀྱིས་ཕྱོགས་ཤིང༌། རང་གཞན་གཉིས་ཀ་བསླུས་པ་ཡིན་ཏེ། མྱང་འདས་ཆེན་པོར། ཇི་ཙམ་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མི་རྟག་གོ། །ཞེས་སྨྲ་བ་དེ་ནི་བདག་ཀྱང་ བསླུས་པ་ཕ་རོལ་པོ་གཞན་ཡང་བསླུས་པ་ཡིན་ཏེ་ཞེས་སོགས་གསུངས་ཏེ། འཁྲུལ་འཇོམས་ སུ་དྲངས་པ་ལས་གསལ་ལོ། ། ཡང་གཞི་དྲི་བཅས་དེ་བཞིན་ཉིད་དང་འབྲས་བུ་དྲི་མེད་དེ་བཞིན་ཉིད་ངོ་བོ་དབྱེར་མེད་ 6-1-188 དུ་བཤད་པ་ལ། ཁྱེད་ན་རེ། དེ་ལྟ་བུའི་གཞི་འབྲས་ངོ་བོ་དབྱེར་མེད་པ་མི་འཐད་དེ། ཟག་པ་ མེད་པའི་དབྱིངས་ན། སྔར་ཚོགས་གཉིས་ཚད་མེད་ལས་འཁྲུངས་པའི་སྐུ་དང༌། ཕསྱི་གསར་དུ་ ཐབོ་པའི་ཆསོ་སྐུ་གཉསི་གཅགི་པ་མ་ཡནི་ཏ། ེརྒྱུད་ཐ་དད་པའི་ལུས་ཀྱི་རྗེས་སུ་འབྲངས་པའི་ ཆོས་སྐུ་ཡིན་པའི་ཕྱིར་རོ། །ལུས་དུ་མ་ཡང་མ་ཡིན་ཏེ། ནམ་མཁའ་ལྟར་ལུས་མེད་པའི་ཕྱིར། མདོ་སྡེ་རྒྱན་ལས། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་ དང༌། །སྔོན་གྱི་ལས་རྗེས་འབྲང་བའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། །ཞེས་གསུངས་ སོ། །ཞེས་པ་ཡང་ལུང་གི་དགོངས་པ་མིན་ཏེ། ཟག་མེད་ཀྱི་དབྱིངས་ན་སངས་རྒྱས་རྣམས་ཀྱི་ ཆོས་ཀྱི་སྐུ་གཅིག་མ་ཡིན་ན་སངས་རྒྱས་རྣམས་ཀྱི་དྲི་མེད་དེ་བཞིན་ཉིད་མ་ཡིན་པར་འགྱུར་ ལ། དེ་འདོད་ན། འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ཅེས་སོགས་དང༌། ཡུམ་རྒྱས་འབྲིང་བསྡུས་གསུམ་ལས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ ཉིད་གཅིག་པ་ཡིན་པ་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་གཅིག་ཡིན་པར་གསུངས་ པའི་ལུང་རྣམ་དག་དང་འགལ་ཏེ། ལུང་གི་ངོ་བོ་ནི་ཡོངས་སུ་གྲགས་ཆེ་བས་མ་བྲིས་སོ། ། སྔར་ཚོགས་གཉིས་ཚད་མེད་ལས་འཁྲུངས་པའི་ཆོས་སྐུ་དང་། ཕྱིས་གསར་དུ་ཐོབ་ པའི་ཆོས་སྐུ་གཅིག་པ་མ་ཡིན་ན། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་དེ་སངས་རྒྱས་ཐམས་ ཅད་འདུས་པའི་སྐུ་མ་ཡིན་པར་འགྱུར་ཏེ། སྔར་གྱི་ཚོགས་གཉིས་ལས་འཁྲུངས་པའི་ཆོས་ སྐུ་དང༌། ཕྱིས་གསར་དུ་ཐོབ་པའི་ཆོས་སྐུ་གཅིག་པ་མ་ཡིན་པའི་ཕྱིར་རོ། །འདོད་ན། དྲི་ མ་མེད་པའི་འོད་ལས། བཅོམ་ལྡན་འདས་ནི་གཟུགས་ཀྱི་སྐུར་མི་འགྱུར་ཏེ། སངས་རྒྱས་ ཐམས་ཅད་འདུས་པའི་ཕྱིར་རོ། །གལ་ཏེ་སངས་རྒྱས་གཟུགས་ཀྱི་སྐུ་ཡིན་ན་དེའི་ཚེ་རྡུལ་ཕྲ་ རབ་ཀྱི་གཟུགས་ཀྱིས་ཀྱང་འདུས་པར་མི་འགྱུར་རོ་ཞེས་དང༌། མཚན་ཡང་དག་པར་བརྗོད་ པ་ལས། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་ 6-1-189 རྒྱས་ཀུན་གྱི་སྐུ་ཆེ་བ། །ཞེས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་ཏུ་འདུས་པར་ གསུངས་པ་དང་འགལ་ལོ། །ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་ མེད་ཕྱིར་དང༌། །ཞེས་སོགས་ཀྱི་ཚིགས་སུ་བཅད་པ་འདིས། སངས་རྒྱས་རྣམས་ཀྱི་གནས་ པ་ཟབ་པར་སྟོན་པ་ཡིན་གྱི། ཟག་མེད་ཀྱི་དབྱིངས་ཟབ་པར་སནྟོ་པ་ཡང་མ་ཡནི་ནོ། །འགལྲེ་ པར། ཟག་པ་མདེ་པའི་དབྱིངས་ན་སངས་རྒྱས་རྣམས་སྔོན་གྱི་ལས་ཀྱི་རྗེས་སུ་འབྲངས་པས་ནི་ གཅིག་པ་ཉིད་མ་ཡིན། ཞེས་པའི་དགོངས་པ་ཡང༌། གཟུགས་སྐུ་གཅིག་མ་ཡིན་པ་ལ་སྦྱར་བ་ ལ་འགལ་བ་མེད་དེ། སྟོན་པ་ཤཱཀྱ་ཐུབ་པས། ང་ཉིད་སྔོན་བྲམ་ཟེའི་ཁྱེའུ་བླ་མར་གྱུར་པའི་ཚེ་ ཞེས་སོགས་གསུངས་པ་རྣམས་ཀྱི། ང་ཞེས་པ་ནི་སྤྲུལ་བའི་སྐུ་ཤཱཀྱ་ཐུབ་པ་ཉིད་ཡིན་པའི་ཕྱིར་ རོ། །བཙུན་པ་ངོ་བོ་ཉིད་མེད་པའི་འགྲེལ་བཤད་དུ། སངས་རྒྱས་བཅོམ་ལྡན་འདས་ཆོས་ ཀྱི་སྐུ་ལ་གནས་པ་རྣམས་ནམ་མཁའ་བཞིན་དུ་ཐ་དད་པར་བྱ་བར་མི་ནུས་སོ། །ཞེས་འབྱུང་ བས་མང་པོ་མིན་པ་ཆོས་ཀྱི་སྐུ་ལ་སྦྱར་ཞིང༌། སངས་རྒྱས་རྣམས་ཞེས་པ་གཟུགས་ཀྱི་སྐུ་ཡིན་ པས་གཅིག་མིན་ཞེས་གཟུགས་སྐུ་ལ་སྦྱར་བར་གསལ་ལོ། །ཡང་ཀུན་གཞིའི་རྣམ་ཤེས་ལ་ དགོངས་ནས་བདེ་གཤེགས་སྙིང་པོ་བསྟན་པ་ཡིན་ན། མདོ་ལས་ཀུན་གཞིའི་རྣམ་པར་ཤེས་ པ་བདེ་གཤེགས་སྙིང་པོ་ཞེས་བསྒྲགས་པ་ཞེས་པ་འབྱུང་བར་རིགས་སོ། ། ཞེས་སྨྲས་པ་ལ། ཁྱེད་ན་རེ། སྒྲ་བརྗོད་འདོད་ཀྱི་དབང་གིས་འཇུག་པས་ཀུན་གཞིའི་རྣམ་ ཤེས་བདེ་གཤེགས་སྙིང་པོ་ཞེས་བརྗོད་པ་ཞེས་པ་དང༌། བདེ་གཤེགས་སྙིང་པོ་ཀུན་གཞིའི་ རྣམ་པར་ཤེས་པ་ཞེས་བརྗོད་པ་ཞེས་གང་བརྗོད་ཀྱང༌། བརྗོད་པར་འདོད་པའི་དོན་གོ་བའི་ ཕྱིར་དེ་ནི་ཚིག་ལ་མ་བྱང་བའི་ཚུལ་ལོ། །ཞེས་སྐྱོན་བརྗོད་པར་བྱེད་པ་ནི། སྒྲ་བརྗོད་འདོད་ཀྱི་ དབང་གིས་འཇུག་ཀྱང༌། བུམ་པ་ཤེས་བྱ་ཡིན་ཞེས་བརྗོད་པ་དང༌། ཤེས་བྱ་བུམ་པ་ཡིན་ཞེས་ བརྗོད་པའི་ཚུལ་ལོག་མ་ལོག་གི་ཁྱད་པར་ཡོད་མེད་ཚིག་ལ་བྱང་བ་དག་གིས་བསམ་པར་བྱོས་ 6-1-190 ཤིག ཡང་ངེད་ཀྱིས་གཟུགས་ཉིད་ཀྱང་སྟོང་པ་ཉིད་ཅེས་པ་ནི་ཆོས་ཉིད་ཀྱིས་ཆོས་བརྗོད་པ་ དང་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བརྗོད་པ་ནི། ཆོས་ཀྱིས་ཆོས་ཉིད་བརྗོད་པར་འབུམ་ ཊིཀ་མཁན་པོས་བཤད་པ་འཐད་ལྡན་དུ་བྱས་པ་ལ། ཁྱེད་ན་རེ། ཁས་བླངས་ནང་འགལ་ ཏེ་སྟོང་པ་ཉིད་ལ་དགོངས་ནས་གཟུགས་གསུངས་ན་གཟུགས་སྟོང་པའོ་ཞེས་པ་མི་འཐད། གཟུགས་ལ་དགོངས་ནས་སྟོང་པ་ཉིད་གསུངས་ན་སྟོང་པ་ཉིད་གཟུགས་སོ་ཞེས་པ་མི་འཐད་ པར་འགྱུར་རོ། །ཞསེ་སྨྲ་བ་ན། ིལེགས་པར་མ་བརྟགས་པ་སྟེ། འབུམ་ཊིཀ་མཁན་པོའི་བཞེད་ པ་ནི། སྟོང་པ་ཉིད་ལ་དགོངས་ནས་གཟུགས་གསུངས་པར་ཡང་མི་འདོད་ལ། གཟུགས་ ལ་དགོངས་ནས་སྟོང་པ་ཉིད་གསུང་བར་ཡང་མི་འདོད་ཀྱི་གཟུགས་དང་གཟུགས་ཀྱི་སྟོང་ པ་ཉིད་ཆོས་དང་ཆོས་ཉིད་དག་ངོ་བོ་ཐ་དད་པ་མེད་པས་ཆོས་ཉིད་ཀྱིས་ཆོས་བརྗོད་པ་དང༌། ཆོས་ཀྱི་ཆོས་ཉིད་བརྗོད་པར་བཞེད་པ་ཡིན་པས་ཁས་བླངས་ནང་འགལ་བར་ག་ལ་འགྱུར། ཡང་ངེད་ཀྱིས་བདེ་གཤེགས་སྙིང་པོའི་གསལ་རྒྱན་གྱི་བཞེད་པ། བདེ་གཤེགས་སྙིང་ པོ་གསུངས་པའི་དགོངས་གཞི་ཀུན་གཞིའི་རྣམ་ཤེས་མ་ཡིན་པར་སྟོན་པ་ལ། སྤྱིར་ཡང་བདེ་ གཤེགས་སྙིང་པོ་གསུངས་པའི་དགོངས་གཞི་ཀུན་གཞི་རྣམ་ཤེས་མ་ཡིན་ཏེ། དྲི་བཅས་དེ་ བཞིན་ཉིད་ལ་དགོངས་ནས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པའི་ཕྱིར་རོ་ཞེས་སྨྲ་བ་ ལ། ཁྱེད་ན་རེ། དེ་ནི་སངས་རྒྱས་དང་བྱམས་མགོན་ལ་གནོད་བྱེ་དུ་བཀོད་པའི་ཐལ་འགྱུར་ ཁྱབ་པ་མེད་པ་སྟེ། སངས་རྒྱས་དང་བྱམས་མགོན་གྱིས་ཀུན་གཞིའི་ས་བོན་གྱི་ཆར་གྱུར་པའི་ རིགས་དང༌། དེ་བཞིན་ཉིད་དང་ཆོས་སྐུས་ཁྱབ་པ་གསུམ་ལ་དགོངས་ནས་བདེ་གཤེགས་སྙིང་ པོ་གསུངས་པའི་ཕྱིར་ཞེས་དང༌། ཡང་ཀུན་གཞི་ལ་དགོངས་ནས་སྐྱེས་བུ་ཞེས་གསུངས་པ་ 6-1-191 ཡིན་པར་འགྱུར། དེ་བཞིན་ཉིད་ལ་དགོངས་ནས་སྐྱེས་བུ་ཞེས་གསུངས་པའི་ཕྱིར། རྟགས་ བསལ་ཁས་བླངས་ཏེ། དེ་བཞིན་ཉིད་དྲི་མ་དང་བཅས་པའི་གནས་སྐབས་ན་སེམས་ཅན་ ཞེས་བརྗོད་པ་ཡིན་ནོ། །ཞེས་དང་། ཀུན་གཞིའི་རྣམ་ཤེས་ཉིད་ལ་སྐྱེས་བུ་ཉིད་ཀྱང་གསུངས་ པའི་ཕྱིར་རོ། །ཞེས་ཁས་ལེན་པའི་ཕྱིར་རོ། །ཁྱབ་པ་ཁས་ལེན་པས་ལན་མེད་དོ། །ཞེས་སྨྲ་བ་ ནི། འབེན་ལྟ་བ་པས་མདའ་འཕེན་པ་རིངས་པ་སྟེ། སྐབས་འདིར་དོན་དེ་ལ་དགོངས་ནས་ གསུངས་ཞེས་པ་ནི། དྲང་དོན་དགོངས་པ་ཅན་ལ་བྱེད་པའི་གནས་སྐབས་ཡིན་པས་དྲི་མ་ བཅས་པའི་དེ་བཞིན་ཉིད་ལ་སེམས་ཅན་ཞེས་བརྗོད་པ་ཡིན་ནོ། །ཞེས་ཁས་བླངས་པས་དྲི་ བཅས་དེ་བཞིན་ཉིད་ལ་དགོངས་ནས་སེམས་ཅན་ཞེས་གསུངས་སོ་ཞེས་ཁས་བླངས་པར་མི་ འགྱུར་ཏེ། གལ་ཏེ་འགྱུར་ན་དེ་བཞིན་ཉིད་དྲི་མ་དང་བྲལ་བའི་གནས་སྐབས་ལ་དགོངས་ནས་ སངས་རྒྱས་ཞེས་གསུངས་པར་འགྱུར་ཏེ། དྲི་མེད་དེ་བཞིན་ཉིད་ཀྱི་གནས་སྐབས་ལ་སངས་ རྒྱས་ཞེས་བརྗོད་པ་ཡིན་པའི་ཕྱིར་རོ། །དེ་འདོད་ན་དྲི་མེད་དེ་བཞིན་ཉིད་ལ་སངས་རྒྱས་ ཞེས་གསུངས་པ་དེ་དགོངས་པ་ཅན་གྱི་གསུངས་ཡིན་པར་འགྱུར་ཏེ། དྲི་མེད་དེ་བཞིན་ཉིད་ ལ་དགོངས་ནས་སངས་རྒྱས་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་འདོད་ན་དྲི་མེད་དེ་བཞིན་ ཉིད་ལ་སངས་རྒྱས་ཞེས་གསུངས་པ་དེ་ངེས་དོན་གྱི་གསུངས་མ་ཡིན་པར་ཧ་ཅང་ཐལ་བས། འདོད་པར་མི་ནུས་ཏེ། རྗེ་བཙུན་བྱམས་པས། དོན་གནས་རྣམ་བདུན་ཚུལ་བཞིན་བཤད་ ཅེས་གསུངས་པས་སོ། །ཁྱེད་ཀྱི་ཐལ་འགྱུར་དེའི་བསལ་པ་ཁས་བླངས་མེད་པ་ཡང་ཚུལ་དེ་དང་ མཚུངས་སོ། ། ཡང་སངས་རྒྱས་དང་བྱམས་མགོན་གྱིས་ཀུན་གཞིའི་རྣམ་ཤེས་ལ་དགོངས་ནས་བདེ་ གཤེགས་སྙིང་པོ་གསུངས་པ་ཡིན་ཞེས་པའི་ལུང་གཅིག་ཡོད་ན་ངེད་ཀྱི་ཐལ་འགྱུར་དེ་སངས་ རྒྱས་དང། བྱམས་མགོན་ལ་གནོད་བྱེད་དུ་བཀོད་པར་འགྱུར་མོད། ཀུན་གཞི་རྣམ་ཤེས་ལ་ 6-1-192 དགོངས་ནས་བདེ་གཤེགས་སྙིང་པོ་གསུངས་སོ་ཞེས་པ་ནི་ཁྱེད་ཀྱི་འདོད་པ་ཙམ་དུ་བས་ སོ། །དེ་ལྟར་སྟོན་པའི་སངས་རྒྱས་དང་བྱམས་མགོན་གྱི་ལུང་ཁོ་བོ་ཅག་གིས་མཐོང་པའི་ མདོ་དང༌། བྱམས་མགོན་གྱིས་བསྟན་བཅོས་རྣམས་ན་མི་སྣང་བས། ལུང་དེའི་ཁུངས་ཤིག་ ཁྱེད་ཀྱིས་བསྟན་དུ་གསོལ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་ཞེས་སོགས་གསུམ་ནི་ལུས་ ཅན་རྣམས་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་སྒྲུབ་པའི་གཏན་ཚིགས་ཡིན་གྱི། སེམས་ཅན་སངས་ རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པའི་དགོངས་གཞི་ཡིན་པར་འཕགས་པ་ཐོགས་མེད་ཀྱིས་མ་ བཤད་ཅིང༌། ཊཱི་ཀ་བྱེད་སྔ་མ་གཞན་དག་གིས་ཀྱང་བཤད་པ་མ་མཐོང་བས་ཆོས་གསུམ་པོ་དེ་ བདེ་གཤེགས་སྙིང་པོའི་དགོངས་གཞི་ཡིན་པར་ཁྱེད་ཀྱིས་སྨྲས་པ་ལ་ཤེས་ལྡན་སུ་ཞིག་ཡིད་ ཆེས་པར་བྱེད། གལ་ཏེ་ཆོས་གསུམ་པོ་དེ་དགོངས་གཞིར་བྱས་པ་ཡིན་དུ་ཆུག་ནའང༌། དེས་ ཀུན་གཞིའི་རྣམ་ཤེས་བདེ་གཤེགས་སྙིང་པོའི་དགོངས་གཞི་ཡིན་པར་ཇི་ལྟར་འགྲུབ་སྟེ་ཅུང་ ཟད་ཀྱང་མི་འགྲུབ་པོ། ། ཡང་སངས་རྒྱས་ཀྱི་ཆོས་སྐུ་སེམས་ཅན་ལ་ཁྱབ་པར་གསུངས་པ་དང༌། གསང་བ་བསམ་ གྱིས་མི་ཁྱབ་པའི་མདོར། སངས་རྒྱས་ཀྱི་སྐུ་དང་འོད་དང་གསུང་དང་ཐུགས་ལ་སོགས་པ་ ནམ་མཁའ་ལྟར་ཀུན་ཏུ་ཁྱབ་པར་གསུངས་པ་ལ། ཁྱེད་ན་རེ། ཁྱབ་པའི་དོན་ཡང་མངོན་ རྟོགས་རྒྱན་ལས། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། སངས་རྒྱས་ཁྱབ་པར་ངེས་པར་བརྗོད། ། ཅེས་གསུངས། འདིར། ཆགས་མེད་ཐོགས་པ་མེད་པའི་ཕྱིར། །ཡེ་ཤེས་ཁྱབ་པ་ཉིད་དུ་བརྗོད། ། ཅེས་དང་། ཐམས་ཅད་རྟོགས་ཕྱིར་ཁྱབ་པ་ཉིད། །ཅེས་གསུངས་པ་ལྟར་ཡིན་ནོ། །ཞེས་ པ་དང་། ཁམས་དག་པ་གཉིས་ལྡན་ཆོས་སྐུའི་ཆོས་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པ་ ལ་དགོངས་ནས་ཆོས་ཀྱི་སྐུས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གསུངས་སོ། །ཞེས་པ་ཡང་ སྤྱད་པར་བྱ་སྟེ། མངོན་རྟོགས་རྒྱན་དུ། དེ་བཞིན་གཤེགས་པའི་སྙིང་པོ་གསལ་བར་མི་སྟོན་ 6-1-193 པས་རེ་ཤིག་མཛད་པ་རྒྱ་ཆེ་བ་ལ་སངས་རྒྱས་ཀྱིས་ཐམས་ཅད་དུ་ཁྱབ་པའི་དོན་དུ་མཛད་ མོད། འོན་ཀྱང་མཛད་པ་ནི་ནམ་མཁའི་ཁམས་ལྟར་ཀུན་ཏུ་ཁྱབ་པ་མཛད་པས་གང་དུ་ཁྱབ་པ་ དེར་ཡེ་ཤེས་དང་ཆོས་སྐུ་ཉིད་ཀྱིས་ཀྱང་ཁྱབ་པས་ན། ཡེ་ཤེས་དང་ཆོས་སྐུ་ཉིད་ཀྱིས་སེམས་ ཅན་ཐམས་ཅད་ལ་ཁྱབ་པར་དོན་གྱིས་བསྟན་པ་ཡིན་ནོ། །བདེ་གཤེགས་སྙིང་པོ་སྟོན་པའི་ མདོ་རྣམས་དང༌། རྒྱུད་བླ་རྩ་འགྲེལ་དུ་ནི། ཆོས་སྐུ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་ པར་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ ལས། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་གཟུགས་སུ་སྣང་བ་ཐམས་ཅད་ དུ་ཞུགས་པའོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་སེམས་ཅན་ དུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །ཞེས་སོགས་གཟུགས་སུ་སྣང་བ་ཐམས་ཅད་ཀྱི་ནང་ དུ་ནམ་མཁའ་ཉིད་ཞུགས་པ་ལྟར། སངས་རྒྱས་ཀྱི་ཆོས་སྐུ་ཉིད་སེམས་ཅན་ཐམས་ཅད་ལ་ བཞུགས་པར་གསུངས་ཤིང༌། སྔར་རྒྱུད་སྡེའི་ལུང་གོང་དུ་དྲངས་པ་རྣམས་ཀྱིས་ཀྱང་ཆོས་ཀྱི་སྐུ་ ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གྲུབ་ པོ། །དེ་ལྟ་མ་ཡིན་པར་སངས་རྒྱས་ཀྱི་ཆོས་སྐུ་དང་ཡེ་ཤེས་གཟུགས་སྐུའི་ནང་ཁོ་ན་ན་གནས་ པ་ཞིག་གིས་ཤེས་བྱ་རྒྱ་ཆེན་པོ་མཁྱེན་པ་ལ་ཆོས་སྐུས་ཐམས་ཅད་དུ་ཁྱབ་པའི་དོན་དུ་སེམས་ དཔའ་ནི། སེམས་ཅན་གྱི་ཤེས་པ་ཉི་ཚེ་བ་འདིས་ཡུལ་མཐོང་བའི་རྒྱ་སངས་རྒྱས་ཀྱི་ཡེ་ཤེས་ ལ་བཀའ་བའི་སྐྱོན་ཡིན་ནོ། ། ཡང་ཁྱེད་ཀྱིས་ཁམས་དག་པ་གཉིས་ལྡན་ཆོས་སྐུའི་ཆོས་ཉིད་སེམས་ཅན་ཐམས་ཅད་ ལ་ཡོད་པ་དང༌། ཆོས་ཀྱི་སྐུ་སེམས་ཅན་ལ་མེད་པར་འདོད་པ་ཡང༌། ལུང་དང་ཁས་བླངས་ གཉིས་ཀ་ཤིན་ཏུ་འགལ་ཏེ། ཆོས་དབྱིངས་དག་པ་གཉིས་ལྡན་ཉིད་ཆོས་སྐུ་ཡིན་པར། ཆོས་ སྐུ་རྣམ་གཉིས་ཤེས་བྱས་ཏེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང༌། །ཞེས་སོགས་ཀྱི་ལུང་དུ་མ་ 6-1-194 ལས་གསུངས་ཤིང༌། བདེ་གཤེགས་སྙིང་པོའི་མཛེས་རྒྱན་དུ་ཡང༌། དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་ བ་དེ་ཉིད། གློ་བུར་གྱི་དྲི་མ་མ་ལུས་པར་དག་པ་ན། སངས་རྒྱས་ཡིན་ཞེས་ཁྱེད་རང་གིས་ ཁས་བླངས་པའི་ཕྱིར་རོ། །ཡང་སེམས་ཅན་ལ་ཆོས་སྐུ་ཉིད་ཀྱིས་མ་ཁྱབ་ན། སྤྱིར་སེམས་ཅན་ ལ་ཀུན་གཞི་ཡོད་ལ། དེ་ལ་དག་པ་གཉིས་ལྡན་གྱིས་ཆོས་སྐུས་ཁྱབ་པ་ལ་དགོངས་ནས། དེ་ བཞིན་གཤེགས་པའི་སྙིང་པོའི་མདོ་ལས། པདྨ་ངན་པའི་དབུས་ན་སངས་རྒྱས་ཀྱི་སྐུ་བཞུགས་ པའི་དཔསེ་གསུངས་པར་ཁྱེད་རང་གིས་ཁས་བླངས་པ་དང་འགལ་ལོ། ། ཡང་ངེད་ཀྱིས་སེམས་ཅན་ལ་བདེ་གཤེགས་སྙིང་པོ་སེམས་ཅན་གྱི་མ་མཐོང་ཡང༌། བདེ་ གཤེགས་སྙིང་པོ་ཡོད་པ་མི་འགལ་ཏེ། ཏིལ་མ་བཙིར་བ་ན་ཏིལ་མར་མ་མཐོང་ཡང་ཏིལ་ མར་ཡོད་པ་བཞིན་ནོ། །ཞེས་སྨྲས་པ་ལ། ཏིལ་མར་གྱི་རྒྱུ་རྩམ་ཡོད་ན་དེར་བས། ཏིལ་མར་ དངོས་ཡོད་ན་གྲངས་ཅན་གྱི་ལུགས་མ་སྤངས་པར་འདུག་པས། གལ་ཏེ་རྒྱུ་ལ་འབྲས་གནས་ ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །ཞེས་པའི་ཚུལ་དུ་འགྱུར་རོ། །ཞེས་པ་ནི། ཇི་ལྟར་ཏིལ་ སོན་ཏིལ་མར་དང༌། ཇི་ལྟར་ཤིང་ལ་གནས་པའི་མེ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། ། ཡང་དག་གནས་ཀྱང་མི་མཐོང་བ། །ཆོས་ཀྱི་དབྱིངས་ནི་བྷ་གར་བཤད། །ཅེས་པའི་ལུང་དེ་ ལ་དྲི་བ་མཛོད་ཅིག ཡང་ངེད་ཀྱིས་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པས་སེམས་ཅན་གྱིས་ལམ་ སྒོམ་པ་ན་སངས་རྒྱས་ཀྱི་རང་བཞིན་ཐོབ་པ་ཡིན་གྱི་མེད་ན་ཐོབ་པ་མི་འཐད་དེ། སངས་རྒྱས་ ཀྱི་རང་བཞིན་དེ་སྔར་མེད་གསར་དུ་སྐྱེས་པའི་འདུས་བྱས་མ་ཡིན་པའི་ཕྱིར་རོ། །ཞེས་སྨྲས་ པ་ལ། ཁྱེད་ན་རེ། སེམས་ཅན་རྣམས་ཟག་མེད་ལམ་གྱིས། རང་གི་དྲི་མ་གློ་བུར་བ་ཟད་པར་ 6-1-195 བྱས་པའི་དེ་བཞིན་ཉིད་དག་པ་ཐོབ་པར་མི་འགྱུར་ཏེ། དེ་ལྟ་བུ་མེད་པའི་ཕྱིར་རོ། །ཞེས་ཟེར་ བ་ལ་ནི་གཏན་ཚིགས་མ་གྲུབ་སྟེ། གལ་ཏེ་གྲུབ་ན་དེ་ལྟ་བུའི་དེ་བཞིན་ཉིད་དག་པ་དེ་སེམས་ ཅན་གྱི་དེ་བཞིན་ཉིད་མ་ཡིན་པར་འགྱུར་རོ། །སེམས་ཅན་ལ་མེད་པའི་ཕྱིར་རོ། །དེ་འདོད་ ན་དེ་ལྟ་བུའི་དེ་བཞིན་ཉིད་དག་པ་དེ་སེམས་ཅན་གྱི་དེ་བཞིན་ཉིད་སྔར་དྲི་མ་དང་བཅས་པ་ ལས། དྲི་མེད་དུ་གནས་གྱུར་པ་ཙམ་དེ་མ་ཡིན་པར་འགྱུར་ཏེ། སེམས་ཅན་གྱི་དེ་དེ་བཞིན་ ཉིད་དེ་འགྱུར་མེད་ཡིན་པ་གང་ཞིག དེ་སེམས་ཅན་གྱི་དེ་བཞིན་ཉིད་མ་ཡིན་པའི་ཕྱིར་རོ། ། ཡང་ཁྱེད་ན་རེ། མྱང་འདས་ཆེན་པོའི་མདོར། སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ ཡོད་པར་གསུངས་པའི་ལུང་བདེ་གཤེགས་སྙིང་པོའི་མཛེས་རྒྱན་དུ་དྲངས་པའི་ལུང་དོན་ལ་ བརྒལ་བརྟག་བྱས་པ་ལ་འདི་རྣམས་ཀྱི་སྐབས་སུ་སངས་རྒྱས་ཀྱི་རང་བཞིན་སེམས་ཅན་ལ་ མེད་པར་བཤད་པར་གོ་ནས་དགག་པ་སྤྲོ་བ་ནི། འབེན་མེད་པའི་མདའ་སྟེ། སངས་རྒྱས་ཀྱི་ རང་བཞིན་ཆོས་ཉིད་སྟོང་པ་ཉིད་སེམས་ཅན་ལ་ཡོད་པར་མཛེས་རྒྱན་སྔ་ཕྱི་བར་གསུམ་དུ་ དམ་བཅས་པ་མ་ཕྱེ་བའི་ཕྱིར་ཞེས་ཟེར་ཏེ། བདེ་གཤེགས་སྙིང་པོའི་མཛེས་རྒྱན་གྱི་སྔ་ཕྱི་ བར་གསུམ་དུ་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་དམ་བཅས་པ་ཡིན་ན། བདེ་གཤེགས་སྙིང་པོ་ཡང་སེམས་ཅན་ལ་ཡོད་པར་དམ་བཅས་པར་འགྱུར་བས་ཤིན་ཏུ་ཡང་ ལེགས་མོད་ཀྱིས། འོན་ཀྱང་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ ཁས་ལེན་ན་མཛེས་རྒྱན་ལས། སངས་རྒྱས་ཀྱི་ཆོས་སྐུས་སེམས་ཅན་ཐམས་ཅད་ལ་ཁྱབ་ པར་འཕྲོ་བ་དེ་ནི། ད་ལྟ་བདག་གིས་མ་ཐོབ་ཀྱང་དུས་ཕྱིས་ཐོབ་པར་འགྱུར་བར་དགོངས་ནས་ གསུངས་པས་དུས་གཞན་ལ་དགོངས་པ་ཡིན་ཏ། ེཞེས་དམ་བཅས་ནས། དེའི་ཤེས་བྱེད་དུ། མྱ་ ངན་ལས་འདས་པའི་མདོ་ལས། སའི་འོག་ན་རྩའི་རྩ་བ་དང་ཆུ་ཡོད་པ་སས་ཁེབས་པས་མི་ མཐོང་བ་ལྟར། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་ལམ་མ་བསྒོམས་ན་མི་མཐོང་ 6-1-196 བ་དང༌། མི་ཞིག་ལ་ནོར་གནས་གཞན་ཞིག་ན་ཡོད་ན་ཡོད་པའི་གོ་ཆོད་པ་ལྟར། སེམས་ ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་སེམས་ཅན་གྱིས་ངེས་པར་ཐོབ་པའི་ཕྱིར་ཐམས་ཅད་ ལ་ཡོད་ཅེས་སྨྲ་བ་དང༌། སེམས་ཅན་གྱིས་ལས་ཀྱི་འབྲས་བུ་རྣམ་སྨིན་མྱོང་བ་ལྟར། སེམས་ ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དུས་ཕྱིས་མཐོང་ བར་གསུངས་པའི་ལུང་འདྲེན་པ་འགལ་ཏེ། ཆོས་སྐུས་ཁྱབ་པ་དུས་གཞན་ལ་དགོངས་པ་ནི། སེམས་ཅན་ལ་ཆོས་སྐུ་དང་ལྟ་བ་མེད་པ་ལ། དུས་ཕྱིས་ཡོད་པར་འགྱུར་བའི་དོན་ལ་དགོངས་ པ་ཡིན་པར་ཁྱེད་ཀྱིས་ཁས་བླང་དགོས་ལ། སངས་རྒྱས་ཀྱི་རང་བཞིན་ནི་སེམས་ཅན་ཐམས་ ཅད་ལ་ད་ལྟ་ཡོད་པ་ཉིད་ཡིན་པའི་ཕྱིར་རོ། །ཡང་མཛེས་རྒྱན་དུ། སེམས་ཅན་དང་སངས་ རྒྱས་ཀྱི་དེ་བཞིན་དབྱེར་མེད་པའི་ཕྱིར། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་རྒྱུད་བླར་ གསུངས་པ་དེ་སེམས་ཀྱི་གནས་ལུགས་རང་བཞིན་གྱིས་འོད་གསལ་བ་ཉིད་ལས་གཞན་ དུ་མི་འགྱུར་བ་ནི་སེམས་ཀྱི་དེ་བཞིན་ཉིད་ཡིན་ལ། དེ་སངས་རྒྱས་དང་སེམས་ཅན་ལ་ཁྱད་ མེད་དུ་ཡོད། དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བ་དེ་ཉིད། གློ་བུར་གྱི་དྲི་མ་མ་ལུས་ པར་དག་པ་ན་སངས་རྒྱས་ཡིན་ལ། དེ་བཞིན་ཉིད་དེ་སེམས་ཅན་ལའང་ཁྱད་མེད་དུ་ཡོད་ པས་དྲི་མ་མ་ལུས་པར་དག་པ་དེ་ལམ་བསྒོམས་ན་ཕྱིས་ཐོབ་པར་འགྱུར་བས་དུས་གཞན་ལ་ དགོངས་ནས་གསུངས་པ་སྟེ། ཞེས་དམ་བཅས་ནས་སངས་རྒྱས་ཀྱི་རང་བཞིན་སྟོན་པའི་མྱང་ འདས་ཀྱི་མདོའི་ལུང་ཤེས་བྱེད་དུ་འདྲེན་པ་ཡང་འགལ་ཏེ། མྱང་འདས་ཀྱི་མདོའི་ལུང་དེ་དག་ གིས་ནི་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ད་ལྟ་ཡོད་པར་སྟོན་པ་ཡིན་ལ། དྲི་མེད་དེ་ བཞིན་ཉིད་སེམས་ཅན་ལ་ཡོད་པར་གསུངས་པ་ནི་དུས་གཞན་ལ་དགོངས་ནས་གསུངས་པ་ ཡིན་པར་ཁྱེད་ཀྱིས་ཁས་ལེན་པའི་ཕྱིར་རོ། །འནོ་ཏེ་སམེས་ཅན་ལ་དེ་བཞནི་ཉདི་ཡོད་པར་ བསྒྲུབ་པའི་ཤསེ་བྱེད་དུ། མྱང་འདས་ཀྱི་མདོའི་ལུང་དྲངས་པ་ཡིན་ནོ་སྙམ་ན། དེ་ནི་དོན་མེད་ 6-1-197 པ་ཁོ་ན་ཡིན་ཏེ། བདེ་གཤེགས་སྙིང་པོ་གསུང་པ་ངེས་དོན་དུ་འདོད་པ་རྣམས་སེམས་ཅན་ལ་ དེ་བཞིན་ཉིད་ཡོད་པར་མི་འདོད་པ་སུ་ཡང་མེད་དོ། ། གཞན་ཡང་ཁྱེད་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཁས་ ལེན་ན། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱང་ཡོད་པར་འགྱུར་ཏེ། སངས་རྒྱས་དང་ སངས་རྒྱས་ཀྱི་རང་བཞིན་ལ་ཁྱད་པར་མེད་པ་གང་ཞིགསེམས་ཅན་ཐམས་ཅད་ལ་སངས་ རྒྱས་ཀྱི་རང་བཞིན་ཡོད་པའི་ཕྱིར་རོ། །སངས་རྒྱས་དང་སངས་རྒྱས་ཀྱི་རང་བཞིན་ཁྱད་ པར་མེད་པའི་རྟགས་མ་གྲུབ་པོ་ཞེ་ན། མྱང་འདས་ཀྱི་མདོ་ལས། བཅོམ་ལྡན་འདས་གལ་ ཏེ་སངས་རྒྱས་དང་སངས་རྒྱས་ཀྱི་རང་བཞིན་ཁྱད་པར་མ་མཆིས་ན། སེམས་ཅན་ཐམས་ཅད་ ལམ་ལ་ནན་ཏན་བགདྱི་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ ཁྱོད་ཀྱིས་དོན་དེ་དྲིས་པ་དེ་ནི་དེ་ལྟ་མ་ཡིན་ནོ། །སངས་རྒྱས་དང་སངས་རྒྱས་ཀྱི་རང་བཞིན་ ཁྱད་པར་མེད་མོད་ཀྱི། སེམས་ཅན་རྣམས་དེ་དང་མི་ལྡན་ཏེ། ཞེས་སངས་རྒྱས་དང་སངས་ རྒྱས་ཀྱི་རང་བཞིན་ཁྱད་པར་མེད་པར་གསུངས་པའི་ལུང་དེ། བདེ་གཤེགས་སྙིང་པོའི་མཛེས་ རྒྱན་དུ། ལུང་ཚད་མར་ཁས་བླངས་པ་དང་འགལ་ལོ། །དེས་ན་སངས་རྒྱས་ཀྱི་རང་བཞིན་ དང་སངས་རྒྱས་ཆོས་སྐུ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དེ། མྱང་འདས་ཆེན་པོ་ལས། ཡང་ དག་པར་དོན་ཤེས་པ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་ པའོ། །སངས་རྒྱས་ཀྱི་རང་བཞིན་གྱི་དོན་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཅེས་བྱའོ། །ཞེས་དང༌། སེམས་ཅན་ཐམས་ཅད་ལ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་ འཛིན་ཡོད་མོད་ཀྱིས་མ་བསྒོམ་པའི་ཕྱིར་མི་མཐོང་སྟེ། དེའི་ཕྱིར་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མ་གྱུར་ཏོ། །རིགས་ཀྱི་བུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་མིང་ རྣམ་པ་ལྔ་ཡོད་དེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ 6-1-198 ཕྱིན་པ་ཞེས་ཀྱང་བྱ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། སེང་གེ་སྒྲ་སྒྲོགས་པའི་ཏིང་ངེ་ འཛིན་ཞེས་ཀྱང་བྱ། སངས་རྒྱས་ཀྱི་རང་བཞིན་ཞེས་ཀྱ་བྱ་སྟེ། ཅི་དང་ཅིར་ལྡན་པ་དེ་དང་དེའི་ སྐབས་སུ་མིང་འདོགས་སོ། །ཞེས་གསུངས་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ནི་ སངས་རྒྱས་ཀྱི་རང་བཞིན་ཡིན་པར་གསུང་ཡོད་དེ། དེའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་དང་ སངས་རྒྱས་ཀྱི་ཆོས་སྐུ་ལ་ཁྱད་པར་མེད་ཅིང༌། སངས་རྒྱས་ཀྱི་རང་བཞིན་སེམས་ཅན་ཐམས་ ཅད་ལ་ཡོད་པར་ལུང་གིས་གྲུབ་ཅིང༌། ཁྱེད་ཉིད་ཀྱང་ཁས་ལེན་པས། སེམས་ཅན་ཐམས་ཅད་ ལ་བདེ་གཤེགས་སྙིང་པོ་ཡོད་པ་ནི་ཁྱེད་ཀྱིས་ཀྱང་གདོན་མི་ཟ་བར་ཁས་བླངས་པར་རིགས་ སོ། །སངས་རྒྱས་ཀྱི་རང་བཞིན་ཡང་ཆོས་ཐམས་ཅད་རྣམ་པར་དཔྱད་ན་ཅིར་ཡང་མ་གྲུབ་པའི་ རང་བཞིན་སྟོང་པ་ཉིད་དེ་ནི་མ་ཡིན་གྱི། སེམས་ཅན་གྱི་སེམས་ཀྱི་རང་བཞིན་འོད་གསལ་ བ། རང་འབྱུང་གི་ཡེ་ཤེས་འདུས་བྱས་ཀྱི་རྣམ་པ་ཀུན་གྱིས་དབེན་ཞིང་སྟོང་པའི་གཞི་ཉིད་ལ་ འདོད་པ་ཡིན་ནོ། ། ཡང་མཛེས་རྒྱན་དུ། དེ་བཞིན་ཉིད་དྲི་མ་དང་བཅས་པའི་དུས་ན་སངས་རྒྱས་མ་ཡིན་པ་ ལ། ཕྱིས་དྲི་མ་བྲལ་ན་སངས་རྒྱས་སུ་འགྱུར་བར་བཞེད་པ་ལ། ཁོ་བོ་ཅག་གིས། དེ་བཞིན་ ཉིད་དེའི་ངོ་བོར་འགྱུར་བ་དང་བཅས་པར་འགྱུར་ཏེ། སྔར་དྲི་བཅས་ཀྱི་དུས་ན་སངས་རྒྱས་མ་ ཡིན་པ་ལ། ཕྱིས་དྲི་མ་དག་པ་ན་སངས་རྒྱས་སུ་འགྱུར་བའི་ཕྱིར་རོ། །ཞེས་སྨྲས་པ་ལ། ཁྱེད་ ན་རེ། རང་གིས་ཁས་བླངས་པའི་གྲུབ་མཐའ་དང་ནང་འགལ་ཏེ། དེ་བཞིན་ཉིད་དེའི་ངོ་བོ་ འགྱུར་བ་དང་བཅས་པར་འགྱུར་ཏེ། སྔར་དྲི་བཅས་ཀྱི་དུས་ན་དག་པ་གཉིས་ལྡན་མ་ཡིན་པ་ ལ། ཕྱིས་དྲི་མ་དག་པ་ན་དག་པ་གཉིས་ལྡན་དུ་འགྱུར་བའི་ཕྱིར་རོ། །རྟགས་བསལ་རང་གི་ གྲུབ་མཐར་ཁས་བླངས་ཏེ། ངེས་དོན་རྒྱ་མཚོར། དེ་བཞིན་ཉིད་དྲི་བཅས་ཀྱི་དུས་སུ་དག་པ་ གཅིག་ལྡན་དུ་བཞུགས་དྲི་མ་དག་པའི་དུས་སུ་དག་པ་གཉིས་ལྡན་དུ་བཞུགས་ཞེས་བཤད་ 6-1-199 པའི་ཕྱིར་རོ། །ཞེས་པ་ནི། ཐལ་བ་དེའི་རྟགས་བསལ་ཁས་བླངས་སུ་བཅུག་ན་ཡང༌། ཁྱབ་པ་ དངོས་སུ་ཁས་བླངས་པ་མེད་ཅིང༌། ཁྱབ་པ་སྟོབས་མཚུངས་པ་ཡང་མ་ཡིན་ཏེ། སྔར་སངས་ རྒྱས་མ་ཡིན་པའི་ཆོས་ཤིག ཕྱིས་སངས་རྒྱས་སུ་འགྱུར་བ་ལ་ནི་ཆོས་དེ་ལ་སྔར་སངས་རྒྱས་ ཀྱི་ཡོན་ཏན་མེད་པ་ལ་ཕྱིས་སངས་རྒྱས་ཀྱི་ཡོན་ཏན་དང་བཅས་པར་འགྱུར་དགོངས་པས། ཆོས་དེའི་སྔ་ཕྱིའི་གནས་སྐབས་གཉིས་ཤིན་ཏུ་ཁྱད་ཆེ་བར་སོང་བ་ཡིན་ལ། སྔར་དག་པ་གཉིས་ ལྡན་མ་ཡིན་པའི་ཆོས་ཤིག་ཕྱིས་དག་པ་གཉིས་ལྡན་དུ་འགྱུར་བ་ལ་ནི། ཆོས་དེ་ལ་སྔར་དག་ པ་གཉིས་ལྡན་མ་ཡིན་པའི་དུས་ན་ཡོན་ཏན་མེད་པ་ལ། ཕྱིས་དག་པ་གཉིས་ལྡན་དུ་གྱུར་པ་ ན། ཡོན་ཏན་དང་བཅས་པར་འགྱུར་མི་དགོས་པའི་ཕྱིར་ཏེ། དཔེར་ན་འདུས་མ་བྱས་ནམ་མཁའ་སྔར་སྤྲིན་དང་བཅས་པ་དག་པ་གཅིག་ལྡན་ཡིན་པའི་ དུས་ན་ཡོན་ཏན་མེད་པ་ལ། ཕྱིས་སྤྲིན་དང་བྲལ་བ་དག་པ་གཉིས་ལྡན་དུ་གྱུར་པའི་ཚེ་ཡོན་ ཏན་དང་བཅས་པར་མི་འགྱུར་བ་བཞིན་ནོ། ། ཡང་ཁྱེད་ན་རེ། ངེས་དོན་རྒྱ་མཚོ་དང༌། བཀའ་བསྡུ་བཞི་པ་ལ་སོགས་པ་རྣམས་སུ་དོན་ དམ་བདེན་པ་མི་རྟོག་ཡེ་ཤེས་ལ་སྣང་ཞིང༌། ལས་དང་པོ་པས་ཤའི་མིག་གིས་མཐོང་བའི་དུ་ སོགས་སྟོང་པ་ཉིད་ཀྱི་གཟུགས་རྣམས་དོན་དམ་བདེན་པ་བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུར་ འདོད་པ་སྔགས་མཚན་ཉིད་ཀྱི་དོན་དུ་མི་སྣང་སྟེ། སོ་སོའི་སྐྱེ་བོ་དང༌། ཉན་ཐོས་དང༌། རང་ སངས་རྒྱས་དང། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པ་མ་ཡིན་པར་འགྱུར་ཏེ། སོ་སྐྱེའི་མི་རྟོག་ ཡེ་ཤེས་ཀྱི་དོན་དམ་བདེན་པ་ཆོས་སྐུ་མཐོང་བའི་ཕྱིར་རོ། ། ཞེས་པ་ལ་སོགས་མང་པོ་སྨྲ་བའི་བརྒལ་བརྟག་ནི་ལོགས་ཤིག་ཏུ་གཏན་ལ་དབབ་པར་ བྱ་སྟེ། བརྒལ་བརྟག་གི་ཡི་གེ་ཐུན་མོང་པ་འདི་ནི། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་མ་སྒོམ་པ་ 6-1-200 རྣམས་ཀྱིས་ཀྱང་ལྟ་བར་བྱ་བ་མིན་ལ། སོ་སོར་བསྡུད་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཉམས་ མྱོང་གི་འཆར་ཚུལ་དང་། དེའི་རང་བཞིན་གཏན་ལ་དབབ་ཚུལ་རྣམས་ནི་ཟབ་ལམ་རྡོ་རྗེའི་ རྣལ་འབྱོར་གྱི་ཁྲིད་ཟབ་མོ་མ་ཐོབ་པ་རྣམས་ལ་ཤིན་ཏུ་སྦ་ཞིང་གསང་དགོས་པ་རྒྱུད་འགྲེལ་ ཆེན་པོ་ལས་གསུངས་ཤིང༌། ཆོས་རྗེ་བླ་མ་གོང་རྣམས་ཀྱི་བཀའ་རྒྱ་དམ་པོ་ཡོད་པའི་ཕྱིར། དེའི་ བརྒལ་བརྟག་འདིར་བྲི་བར་མི་བྱའོ། ། ཁྱེད་ཀྱང་སྤྱིར་རྡོ་རྗེ་ཐེག་པ་ལ་གནས་པ་དང༌། ཁྱད་པར་དུ་དུས་ཀྱི་འཁོར་ལོའི་བསྟན་ པ་འཛིན་པར་བཞེད་པ་མ་ཡིན་ནམ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཆོས་སྐད་གསང་ཆེན་ ཟབ་མོ་རྣམས་སུ་རུང་རུང་གིས་བལྟ་བར་བྱ་བའི་ཡི་གེར་དགོད་པར་ག་ལ་རིགས། ཡང་ཁྱེད་ན་རེ། མྱང་འདས་ཆེན་པོའི་མདོ་དང༌། རྔ་བོ་ཆེ་ཆེན་པོའི་མདོ་དང་། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་དང༌། དཔལ་འཕྲེང་གི་མདོ་ལ་སོགས་པ་ལས། དེ་བཞིན་ གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་པ་དགོངས་པ་ཅན་ དྲང་དོན་མ་ཡིན་གྱི། ངེས་དོན་སྒྲ་ཇི་བཞིན་པ་ཁོ་ན་ཡིན་ཞེས་ཟེར་བ་དང༌། སངས་རྒྱས་ཀྱི་ གཟུགས་སྐུའི་ཡོན་ཏན་རྣམས་ཚོགས་གཉིས་ཀྱིས་གསར་དུ་བསྒྲུབ་དགོས་ཀྱི། ཆོས་སྐུའི་ ཡོན་ཏན་གྱིས་བསྡུས་པའི་ཡེ་ཤེས་རྣམས་ནི་ཚོགས་གཉིས་ཀྱིས་སྔར་ནས་ཡོད་པ་གསལ་ བར་བྱེད་པ་ཙམ་ཡིན་གྱི། གསར་དུ་བསྐྱེད་མི་དགོས་ཞེས་འཆད་པ། ངག་སྔ་མས་བཞག་པ་ ཕྱི་མས་ཉམས་པར་བྱེད་པ་ཡིན་ཏེ། མདོ་དེ་རྣམས་ཀྱིས་ནི་གཟུགས་སྐུས་ཀྱང་སེམས་ཅན་ ཐམས་ཅད་ལ་ཁྱབ་པར་བཤད་པ་ཁྱེད་ཀྱིས་སྒྲ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ གཟུགས་སྐུའི་སྙིང་པོ་ཅན་དུ་ཡང་ཁས་བླངས་ལ། ཡང་ཚོགས་གཉིས་མེད་པའི་སེམས་ཅན་ ལ་གཟུགས་སྐུ་མེད་པར་ངག་འདིས་ཁས་བླངས་པས་སོམས་ཤིག་ཞེས་སྨྲ་བ་ཡང་རྣམ་པར་ དཔྱོད་པ་ཤིན་ཏུ་རྩིང་བ་ཡིན་ནོ། ། 6-1-201 བདེ་གཤེགས་སྙིང་པོ་སྟོན་པའི་མདོ་ལས། སེམས་ཅན་ཐམས་ཅད་ལ་ཆོས་ ཀྱི་སྐུ་དང་ཆོས་ཀྱི་སྐུའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པས་ཁྱབ་ཅིང༌། དེའི་ སྙིང་པོ་ཅན་དུ་ཡང་གསུངས་པ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་གཟུགས་ཀྱི་སྐུས་ཁྱབ་ པ་དང༌། གཟུགས་སྐུའི་སྙིང་པོ་ཅན་དུ་གསུངས་པ་ནི་མེད་དེ། དེ་ཡང༌། དེ་བཞིན་གཤེགས་ པའི་སྙིང་པོའི་མདོ་ལས། སེམས་ཅན་ཉོན་མོངས་པའི་སྦུབས་སུ་གྱུར་པ་རྣམས་ཀྱི་ནང་ན། ཡེ་ཤེས་དང་ལྡན་པའི་དེ་བཞིན་གཤེགས་པ་མང་པོ་དཀྱིལ་ཀྲུང་བཅས་ནས་འཁོད་པ་མཐོང་ ཞེས་འབྱུང་བ་ནི་ཆོས་སྐུ་ཉིད་ཡིན་ཏེ། གསུང་དེ་ཉིད་ཀྱི་རྗེས་སུ་དེ་དག་གི་ནང་ན་དེ་བཞིན་ གཤེགས་པའི་ཆོས་ཉིད་མི་གཡོ་ཞིང་སྲིད་པའི་འགྲོ་བ་ཐམས་ཅད་ཀྱིས་མ་གོས་པ་དག་ མཐོང་ནས། དེ་བཞིན་གཤེགས་པ་དེ་དག་ནི་ང་དང་འདྲའོ་ཞེས་སྨྲའོ་ཞེས་འབྱུང་བས་སོ། ། དེ་བཞིན་དུ་སེམས་ཅན་གྱི་ཉོན་མོངས་པའི་སྦུབས་ཀྱི་ནང་ནས་སངས་རྒྱས་ཀྱི་ས་ཡོད་པ་ དང༌། དེ་བཞིན་གཤེགས་པའི་ཆོས་ཉིད་དང་། དེ་བཞིན་གཤེགས་པའི་སྙིང་པོའི་སྟོབས་དང་ མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཅེས་པ་ དང༌། ཉོན་མོངས་པའི་སྦུབས་ཀྱི་ནང་ན་སྙིང་པོར་གྱུར་པ་དེ་བཞིན་གཤེགས་པའི་ཆོས་ཉིད་ དེ་ནི་སེམས་ཅན་ཞེས་བྱ་བའི་མིང་དུ་བཏགས་སོ། །ཞེས་སོགས་འབྱུང་བ་རྣམས་ནི་སེམས་ ཅན་གྱི་ཉོན་མོངས་པའི་ནང་ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་བཞུགས་པར་གསུང་པ་སྟེ། སེམས་ ཅན་གྱི་ཉོན་མོངས་པའི་ནང་ན་གཟུགས་སྐུའི་མཚན་དཔེ་ཡོད་པར་གསུངས་པའི་ལུང་ཚིག་ གཅིག་ཀྱང་མེད་དོ། ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོར། སེམས་ཅན་ཐམས་ཅད་ལ་མཚན་དང་དཔེ་བྱད་ མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་པར་གསུངས་པ་ནི། སངས་རྒྱས་ཀྱི་དེ་བཞིན་ཉིད་ དེ་མཚན་དང་དཔེ་བྱད་དང་ལྡན་པ་གཟུགས་ཀྱི་སྐུའི་རྟེན་ཡིན་ཞིང༌། སངས་རྒྱས་ཀྱི་དབྱིངས་ 6-1-202 དེ་སེམས་ཅན་ལ་ཡོད་པར་གསུང་པ་ཡིན་གྱི། མཚན་དང་དཔེ་བྱད་ཉིད་སེམས་ཅན་ལ་ཡོད་ པར་གསུང་པའི་ལུང་མེད་དོ། །མཚན་དཔེས་བརྒྱན་པའི་དབྱིངས་ཡོད་པར་གསུང་པས་ནི་ མཚན་དཔེ་ཡོད་པར་མི་འགྲུབ་སྟེ། དཔེར་ན་སངས་རྒྱས་ལ་སེམས་ཅན་གྱི་དབྱིངས་ཡོད་ཀྱང༌། སེམས་ཅན་ཡོད་པར་མི་འགྲུབ་པ་བཞིན་ནོ། ། རྔ་བོ་ཆེ་ཆེན་པོའི་མདོ་ལས་ཀྱང༌། སེམས་ཅན་ཐམས་ཅད་དང་སྲོག་ཆགས་ཐམས་ཅད་ ལ་སངས་རྒྱས་ཀྱི་ཁམས་ཡོད་དོ། །མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་ སྣང་བར་འགྱུར་ཞིང༌། ཁམས་དེས་སེམས་ཅན་རྣམས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་ འགྱུར་རོ། །ཞེས་སོགས་གསུངས་པ་ཡང༌། མཚན་དཔེས་བརྒྱན་པའི་དབྱིངས་སེམས་ཅན་ལ་ ཡོད་པར་གསུངས་པ་ཡིན་གྱི། མཚན་དཔེ་ཉིད་སེམས་ཅན་ལ་ཡོད་པར་གསུངས་པའི་ལུང་ ཚིག་གཅིག་ཀྱང་མེད་དོ། ། དཔལ་འཕྲེང་གི་མདོ་ལས་ཀྱང༌། སེམས་ཅན་ལ་བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ་ཡོད་ པར་གསུངས་ཀྱི། གཟུགས་སྐུ་དང་མཚན་དཔེ་ཡོད་པར་གསུངས་པའི་ལུང་ཚིག་གཅིག་ཀྱང་ མེད་དོ། །མྱང་འདས་ཆེན་པོ་ལས་ཀྱང༌། སེམས་ཅན་རྣམས་ལ་མཚན་དང་དཔེ་བྱད་ཡོད་ པར་གསུངས་པའི་ལུང་མེད་དེ། སེམས་ཅན་ཐམས་ཅད་ལ་ཡང་དག་པར་ན་མཚན་སུམ་ཅུ་ རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་མེད་པས་དོན་དེའི་ཕྱིར་ངས་མདོ་སྡེ་འདི་ལས་ ཚིགས་སུ་བཅད་པ་འདི་གསུངས་སོ། །ཐོག་མ་ཡོད་པ་ད་ལྟ་མེད། །ཐོག་མ་མེད་པ་ད་ལྟ་ཡོད། ། དུས་གསུམ་སྲིད་པའི་ཆོས་ཐམས་ཅད། །དེ་ལྟ་བུའི་གནས་མེད་དོ། །རིགས་ཀྱི་བུ་སྲིད་པ་ ཞེས་བྱ་བ་ལ་རྣམ་པ་གསུམ་སྟེ། མ་འོངས་པའི་སྲིད་པ་དང༌། ད་ལྟར་གྱི་སྲིད་པ་དང༌། འདས་ པའི་སྲིད་པའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཡོད་པའི་ཕྱིར། སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །སེམས་ 6-1-203 ཅན་ཐམས་ཅད་ལ་ད་ལྟར་ཀུན་ནས་ཉོན་མོངས་པ་རྣམས་ཡོད་པས་དེའི་ཕྱིར་ད་ལྟར་མཚན་ སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་མེད་དོ། །ཞེས་གསུངས་སོ། །སངས་རྒྱས་ ཀྱི་རང་བཞིན་ལ་མཚན་དང་དཔེ་བྱད་ཡོད་པ་དང༌། སངས་རྒྱས་ཀྱི་རང་བཞིན་དེ་སེམས་ཅན་ ལ་ཡོད་པར་གསུང་ཡོད། དེས་ནི་མཚན་དང་དཔེ་བྱད་སེམས་ཅན་ལ་ཡོད་པར་གསུངས་པར་ མི་འགྱུར་རོ། ། འོ་ན་ལང་ཀར་གཤེགས་པའི་མདོར། བཅོམ་ལྡན་འདས་ཀྱིས་མདོ་བརྗོད་པ་ལས། དེ་ བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་ གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ ལྡན་པ་སེམས་ཅན་གྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། ཞེས་མཚན་སུམ་ཅུ་རྩ་གཉིས་ སེམས་ཅན་གྱི་ལུས་ཀྱི་ནང་ན་ཡོད་པར་གསུངས་པ་མ་ཡིན་ནམ་སྙམ་ན། ལུང་དེའི་དོན་ཡང་ རང་བཞིན་གྱིས་འོད་གསལ་བ་ཐོག་མ་ནས་རྣམ་པར་དག་པ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཉིད་ ཡིན་ལ། དེ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཡིན་པས། མཚན་སུམ་ཅུ་རྩ་གཉིས་དང་ ལྡན་པའི་དབྱིངས་དེ་སེམས་ཅན་གྱི་ལུས་ཀྱི་ནང་ན་ཡོད་པར་བསྟན་པ་ཡིན་གྱི། ལུང་འདིས་ ཀྱང་མཚན་སུམ་ཅུ་རྩ་གཉིས་ཉིད་སེམས་ཅན་གྱི་ལུས་ཀྱི་ནང་ན་ཡོད་པར་མ་གསུངས་པ་ ལུང་སྔ་མ་དག་དང་མཚུངས་སོ། ། དེས་ན་ཁྱེད་ལྟར་ན་བདེ་གཤེགས་སྙིང་པོའི་མདོ་དང་རྒྱུད་བླ་རྩ་འགྲེལ་ལས། ཆོས་སྐུའི་ཡོན་ཏན་སེམས་ཅན་གྱི་དེ་བཞིན་ཉིད་ལ་ཡོད་པར་གསུངས་པ་རྣམས། ཆོས་སྐུའི་ ཡོན་ཏན་གྱི་ཆོས་ཉིད་སེམས་ཅན་ལ་ཡོད་པ་ལ་དགོངས་པ་ཡིན་ལ་ཡོན་ཏན་གྱི་ཆོས་ཉིད་ སེམས་ཅན་ལ་ཡོད་པས། ཆོས་སྐུའི་ཡོན་ཏན་སེམས་ཅན་ལ་ཡོད་པའི་གོ་མི་ཆོད་པ་ཡིན་པར་ འདོད་པ་ལ། མཚན་དཔེས་བརྒྱན་པའམ་ལྡན་པའི་དབྱིངས་སེམས་ཅན་ལ་ཡོད་པས་མཚན་ 6-1-204 དཔེ་སེམས་ཅན་ལ་ཡོད་པར་འགྱུར་མི་འགྱུར་ཡང་ལེགས་པར་སོམས་ཤིག་དང༌། ཡང་ལང་ ཀར་གཤེགས་པའི་མདོར། བདེ་གཤེགས་སྙིང་པོ་བསྟན་པ་མུ་སྟེགས་བྱེད་དྲངས་པའི་ཕྱིར་ ཞེས་སོགས་གསུངས་པ་དེ། འཕགས་པ་ཀླུ་སྒྲུབ་ཀྱིས། མདོ་ཀུན་ལས་བཏུས་པར་དྲངས་མོད། མདོ་དེ་ལ་བརྟེན་ནས་བདེ་གཤེགས་སྙིང་པོ་བསྟན་པ་དྲང་དོན་དགོངས་པ་ཅན་དུ་བསྟན་ པ་མེད་ཅིང༌། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པར། མདོ་དེ་ལ་བརྟེན་ནས་ བདེ་གཤེགས་སྙིང་པོ་བསྟན་པ་དྲང་དོན་དགོངས་པ་ཅན་དུ་བསྒྲུབས་ཡོད་མོད་ནའང་། དེའི་ བརྒལ་ལན་དག་ཁོ་བོ་ཅག་གིས་འཁྲུལ་འཇོམས་སུ་བཀོད་ཟིན་པ་ཉིད་དོ། །གལ་ཏེ་ཁྱེད་ སློབ་དཔོན་ཟླ་བ་གྲགས་པའི་ལུགས་ཇི་ལྟ་བའི་རྗེས་སུ་འབྲང་བ་ཡིན་ན། དབུ་མ་ལ་འཇུག་ པའི་བཤད་པ། དབང་ཕྱུག་ལ་སོགས་པ་འགྲོ་བའི་བྱེད་པ་པོ་ཉིད་དུ་སྨྲ་བར་བྱེད་པ་དེ་བཞིན་ དུ། ཀུན་གཞིའི་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱང༌། ཀུན་གཞིའི་རྣམ་པར་ཤེས་པ་དངོས་པོ་ མཐའ་དག་གི་དམིགས་པའི་རྟེན་ཉིད་ཀྱི་ས་བོན་ཐམས་ཅད་པ་སྨྲ་བར་བྱེད་དེ། གང་དབང་ ཕྱུག་རྟག་ལ་ཀུན་གཞིའི་རྣམ་པར་ཤེས་པ་ནི་མི་རྟག་གོ་ཞེས་བྱ་བ་འདི་ནི་ཁྱད་པར་རོ། ། ཞེས་སོགས་ཀྱི་གཞུང་གིས་ཀུན་གཞིའི་རྣམ་པར་ཤེས་པ་ཐ་སྙད་ཀྱི་རྣམ་བཞག་བྱེད་ པའི་སྐབས་སུ་ཡང་བཀག་པ་ཡིན་པས། ཁྱེད་ཀྱང་དེའི་རྗེས་སུ་འབྲངས་ནས། རྗེ་བཙུན་སྤྱན་ རས་གཟུགས་དབང་ཕྱུག་གིས་དྲི་མ་མེད་པའི་འོད་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ པར་གསུངས་པ་དང༌། འཕགས་པ་ཐོགས་མེད་སྐུ་མཆེད་ལ་སོགས་པས་ཀུན་གཞིའི་རྣམ་ ཤེས་ཀུན་རྫོབ་ཏུ་ཡོད་པར་གསུངས་པའི་གཞུང་ལུགས་དྲི་མ་མེད་པ་དག་འདོར་བར་བྱེད་པ་ ཡིན་ནམ་ཅི། དེ་ལྟ་ན་ནི་ཁྱེད་དུས་ཀྱི་འཁོར་ལོ་པ་དང་མ་མོའི་སྡེ་སྣོད་འཛིན་པར་མི་རུང་ངོ༌། ། གཞན་ཡང་སློབ་དཔོན་ཟླ་བ་གྲགས་པས་ངོ་བོ་ཉིད་གསུམ་སྟོན་པའི་མདོ་རྣམས་སེམས་ 6-1-205 ཙམ་གྱི་མདོ་ཡིན་པར་བཞེད་པ་ཡང༌། རྗེ་བཙུན་བྱམས་མགོན་ཡབ་སྲས་ཀྱི་གཞུང་ལུགས་དང་ མི་མཐུན་པས། བྱམས་མགོན་དང༌། ཟླ་གྲགས་གཉིས་ག་ཚད་མར་གྱུར་པའི་སྐྱེས་བུ་ཡིན་ སོམས་ཤིག འདི་དག་ལ་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི་རེ་ཤིག་མི་སྤྲོའོ། ། ཡང་ཁོ་བོ་ཅག་གིས། མྱང་འདས་ཆེན་པོའི་མདོ་ལས། དགོངས་པས་གསུངས་པའི་དེ་ བཞིན་གཤེགས་པའི་སྙིང་པོ་ཞེས་ཡང་ཡང་གསུངས་པ་ནི། མདོ་དེ་ཉིད་ལས་བདེ་གཤེགས་ སྙིང་པོ་བདག་དང་རྟག་པ་ལ་སོགས་པར་བསྟན་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་པའི་དགོངས་ པ་ཅན་ཡིན་པར་སྟོན་པ་ནི་མ་ཡིན་ཏེ། མདོ་གཅིག་ཉིད་ཀྱི་ནང་དུ་ཆོས་ཀྱི་རྣམ་གྲངས་གཅིག་ ངེས་པའི་དོན་དུ་བཤད་པ་དེ་སླར་ཡང་དེ་མ་ཐག་ཏུ་ཆོས་ཀྱི་རྣམ་གྲངས་གཅིག་པོ་དེ་དྲང་དོན་ དགོངས་པ་ཅན་ཡིན་ནོ་ཞེས་བསྟན་པ་མི་རིགས་པས་དགོངས་པས་གསུངས་པའི་དེ་བཞིན་ གཤེགས་པའི་སྙིང་པོ་ཞེས་པ་དང༌། མདོ་འདི་ལ་དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱའོ། ། ཞེས་གསུངས་པར་སྨྲ་བས་སོ། །ཞེས་ཡང་དང་ཡང་དུ་གསུངས་པའི་དགོངས་པ་ནི། བཅོམ་ ལྡན་འདས་ཀྱིས་མདོ་སྔ་མ་རྣམས་སུ་བདེ་གཤེགས་སྙིང་པོ་དང༌། སངས་རྒྱས་ཀྱི་རང་བཞིན་ བདག་ཡིན་པ་ལ་སོགས་པ་གསང་བ་ལྟ་བུའི་དགོངས་གཞིར་མཛད་ནས། ཆོས་ཐམས་ ཅད་སྟོང་པ་ཉིད་དང་། བདག་མེད་པ་དང༌། མཉམ་པ་ཉིད་ལ་སོགས་པ། དགོངས་པ་ཅན་ གྱི་ཚིག་དུ་མ་གསུངས་པའི་དགོངས་གཞི་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་ བདག་ཡིན་པ་ལ་སོགས་པ་དེ། མྱང་འདས་ཀྱི་མདོ་འདིར་ཤིན་ཏུ་གསལ་བར་ཡང་དང་ཡང་ དུ་གསུངས་པས་ན། མདོ་སྡེ་འདི་མདོ་གཞན་མང་པོར་དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་ བྱ་བར་གསུངས་པ་ཡིན་ཏེ། མདོ་དེ་ཉིད་ལས། རིགས་ཀྱི་བུ་ཡོངས་སུ་མྱ་ངན་ལས་འདས་ པའི་མདོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཏེ་གསུངས་པའི་སྙིང་པོའོ་ཞེས་ གསུངས་སོ། །ཞེས་བཀོད་པ་ལ། 6-1-206 ཁྱེད་ན་རེ། མྱང་འདས་ཀྱི་མདོ་ལྟ་བུ་དེས་བདེ་གཤེགས་སྙིང་པོ་བདག་དང་རྟག་པ་ལ་ སོགས་པར་སྟོན་པ་སྒྲ་ཇི་ལྟ་བའི་དོན་ལ་ངེས་དོན་ཡིན་པ་ནི། མདོ་དེ་ཉིད་ཀྱིས་ཀྱང་མི་འགྲུབ་ ལ། གཞན་གྱིས་ཀྱང་སྒྲུབ་བྱེད་མེད་ཅིང༌། མདོ་དེས་བདག་དང༌། རྟག་པ་ལ་སོགས་པར་ སྟོན་ཅིང༌། བླ་ན་མེད་པའི་མདོ་འདི་ལྟ་བུ་འདི་དག་དགོངས་པ་ཅན་མ་ཡིན་པར་རིགས་པར་ བྱའོ། །ཞེས་དགོངས་གཞི་ཟབ་མོའི་དོན་ལ་ངེས་དོན་དུ་བཤད་པ་ཙམ་གྱིས་བདག་དང་རྟག་ པ་ལ་སོགས་པ་བསྟན་ནས་དེ་མ་ཐག་ཏུ་དེ་དྲང་དོན་དུ་བསྟན་པ་མི་རིགས་སྙམ་ན། རྩ་རྒྱུད་ བརྟག་པ་གཉིས་པ་ལས། རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། ། དམ་པའི་བདེ་བ་བདེ་ཆེན་ན། །རྫོགས་པ་བསྒོམ་པ་མེད་པ་སྟེ། །བསྐྱེད་པ་ཡི་ནི་དགོངས་ པ་ཅི། །ཞེས་པ་ལ་འདིར་རྫོགས་པའི་རིམ་པ་ཞེས་པ་ནི། རྟོག་པ་དང༌། དབང་པོ་གཉིས་ཀྱི་ བདེ་བ་དང་བྲལ་བ་སྟེ། དེ་ཉིད་སངས་རྒྱས་ཉིད་གཏེར་བར་བྱེད་པ་ཡིན་ན། དེའི་ཕྱིར་རྟོག་ པས་དཀྱིལ་འཁོར་བསྐྱེད་པ་དང༌། ཕྱག་རྒྱ་བསྐྱེད་པས་དགོངས་པ་ཅི་ཡོད་ཅེས་པའོ། །ཚིག་ འདི་གསན་ནས་བཅོམ་ལྡན་འདས་ཀྱེའི་རྡོ་རྗེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་ པོ་འདི། །ཨེ་མ་དད་པའི་ཤུགས་ཀྱིས་ཉམས། །ཞེས་པ་ཀུན་རྫོབ་ཏུ་སྟེ། ལུས་ཀྱི་དངོས་མེད་ གང་ལ་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་བྱ་ཁྱབ་བྱེད་ངོ་བོ་ཡིས། །བདེ་བས་འགྲོ་བ་ ཁྱབ་པ་པོ། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ལས་མི་རྟོགས། །དེ་བཞིན་ གཟུགས་སོགས་དངོས་མེད་པས། །བདེ་བ་དམིགས་པ་ཉིད་མི་འགྱུར། །ཞེས་པ་ཀུན་རྫོབ་ ཀྱིས་སོ། ། དེ་ཉིད་སླར་ཡང་དོན་དམ་པར་འགོག་པ་འདི་ལྟ་སྟེ། དངོས་ང་དངོས་པོ་མེད་པ་ང༌། ། ཞེས་པ་རྣམ་པ་ཐམས་ཅད་པའི་ཤེས་རབ་བོ། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། །ཞེས་ པ་མངོན་པར་ཤེས་པ་དྲུག་ཅན་གྱི་ཐབས་སོ། །རྨོངས་པ་གང་རྣམས་ང་མི་ཤེས། །འདི་ལྟར་ 6-1-207 གྱུར་པའི་གང་ཞིག་ལེ་ལོས་བཅོམ་པས་ཀྱང་སྟེ། དེ་རྣམས་ནི་དབང་པོ་གཉིས་ཀྱི་བདེ་བས་ ཉེ་བར་བཅོམ་པ་རྣམས་སོ། །ཞེས་པ་ལ་སོགས་པས་སྔ་མ་དང་ཕྱི་མ་དྲང་བ་དང་ངེས་པའི་ དོན་ཉིད་དེ། ལེའུ་དེ་ཉིད་དུ་རྒྱ་ཆེར་བཤད་པར་བྱའོ། །ཞེས་རྡོ་རྗེ་སྙིང་པོས་གསུངས་པ་དང༌། ཤེར་ཕྱིན་ལམ་ཤེས་སྟོན་པའི་སྐབས་སུ། གང་དག་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་ དེ་དག་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་ མེད་དེ། དེ་དག་གིས་འཁོར་བའི་རྒྱུད་ཀྱི་མཚམས་བཅད་པའི་ཕྱིར་རོ། །ཞེས་གསུངས་ནས། དེ་མ་ཐག་ཏུ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ ན། དེ་དག་ལ་ངས་རྗེས་སུ་ཡིད་རང་བར་བྱའོ། །ཞེས་སྔ་མ་དགོངས་པ་ཅན་དུ་བཤད་པ་ ལྟ་བུ་རྣམས་གདའ་ལགས་སོ་ཞེས་སྨྲ་བ་ཡང༌། རྣམ་པར་དཔྱད་པར་བྱ་སྟེ། ཁྱེད་ཀྱི་ལུགས་ ཀྱི་ཤེར་ཕྱིན་མདོ་ལས། ཤེར་ཕྱིན་གྱི་རྣལ་འབྱོར་འདི་རྣལ་འབྱོར་ཐམས་ཅད་ཀྱི་ནང་ནས་ མཆོག་ཏུ་གསུངས་པ་ལ་སོགས་པ་ཉིད་ཀྱིས་ཤེར་ཕྱིན་གྱི་མདོ་འདི་མདོ་སྡེ་གཞན་ཐམས་ཅད་ ལས་ཁྱད་པར་དུ་འཕགས་པར་འགྲུབ་པར་འདོད་ན། ངེད་ཀྱིས་ལུགས་ལ་ཡང༌། མྱང་འདས་ ཆེན་པོའི་མདོ་ལྟ་བུ་འདི་བདེ་གཤེགས་སྙིང་པོ་བདག་དང་རྟག་པ་ལ་སོགས་པར་སྟོན་པ་དེ་ ངེས་པའི་དོན་ཡིན་པར་མདོ་དེ་ཉིད་ལས་གསུངས་པ་ཉིད་ཀྱིས། ངེས་པའི་དོན་དུ་ཅིའི་ཕྱིར་མི་ འགྲུབ་སྟེ། འགྲུབ་པར་རྒྱུ་མཚན་མཚུངས་སོ། ། མདོ་གཞན་གྱིས་ཀྱང་སྒྲུབ་བྱེད་མེད་པ་མ་ཡིན་ཏེ། དཔལ་ཕྲེང་གི་མདོ་ལ་ སོགས་པར། བདེ་གཤེགས་སྙིང་པོ་སྟོན་པའི་མདོ་རྣམས་ངེས་པའི་དོན་དུ་གསུངས་པས། མྱང་ འདས་ཀྱི་མདོ་ལྟ་བུ་ཡང་ངེས་དོན་གྱི་མདོ་ཡིན་པར་ཤིན་ཏུ་ཡང་གྲུབ་བོ། །བརྟག་པ་གཉིས་པའི་ ལུང་དེ་དག་དང༌། མདོ་གཅིག་ཉིད་ཀྱི་ནང་དུ་ཆོས་ཀྱི་རྣམ་གྲངས་གཅིག་བསྟན་པ་ངེས་པའི་ དོན་དུ་བཤད་པ་དེ་སླར་ཡང་དེ་མ་ཐག་ཏུ་ཆོས་ཀྱི་རྣམ་གྲངས་གཅིག་པོ་བསྟན་པ་དེ་དྲང་དོན་ 6-1-208 དགོངས་པ་ཅན་ཡིན་ནོ། །ཞེས་སྟོན་པ་དང་མི་མཚུངས་ཏེ། བརྟག་པ་གཉིས་པའི་ལུང་དེ་དག་ གི་དོན་ནི། ལུས་ཀྱི་དངོས་མེད་གང་ལ་བདེ། །ཞེས་སོགས་ཀྱིས་དབང་པོ་གཉིས་ཀྱི་བདེ་བ་ དེ། ཀུན་རྫོབ་དྲང་དོན་དུ་བདེ་བ་ཆེན་པོ་ཡིན་པར་བསྟན་པ་དེ། ལུང་ཕྱི་མ་དངོས་ང་དངོས་པོ་ མེད་པ་ང༌། ཞེས་སོགས་ཀྱིས་དབང་པོ་གཉིས་ཀྱི་བདེ་བ་དེ་དོན་དམ་ངེས་དོན་གྱི་བདེ་བ་ཆེན་ པོ་ཡིན་པ་འགོག་པ་ཡིན་གྱི། ལུང་སྔ་མ་དེས་ལུང་སྔ་མ་དེ་ངེས་དོན་ཡིན་ནོ་ཞེས་བསྟན་ནས་ ལུང་ཕྱི་མ་དེས་ལུང་སྔ་མ་དེ་དྲང་དོན་ཡིན་ནོ་ཞེས་མི་སྟོན་པའི་ཕྱིར་རོ། ། ཡང་ཤེར་ཕྱིན་ལམ་ཤེས་བསྟན་པའི་སྐབས་སུ་ཡང༌། ལུང་སྔ་མ་དེ་སྤྱིར་བཏང་ཡིན་ལ། ལུང་ཕྱི་མ་ནི་དེའི་དམིགས་བསལ་བསྟན་པ་ཡིན་གྱིས། མདོ་སྔ་མ་དེ་མདོ་ཕྱི་མས་འགོག་པ་ ཡིན་མིན་ལེགས་པར་དཔྱོད་མཛོད་ཅིག འདི་འདྲ་བའི་ལན་ནི་གཞན་གྱི་རྩོད་པ་ལ་ལན་ཅི་ སྨྲ་དོན་མེད་པ་ཙམ་དུ་ཟད་དོ། ། ཡང་ངེད་ཀྱིས་མདོ་མྱང་འདས་ལས་མདོ་འདི་དགོངས་ཏེ་གསུངས་པའི་སྙིང་པོའོ་ཞེས་ གསུངས་པའི་དོན། མདོ་སྡེ་སྔ་མ་རྣམས་སུ་བདེ་གཤེགས་སྙིང་པོ་དང་སངས་རྒྱས་ཀྱི་རང་ བཞིན་བདག་ཡིན་པ་སོགས་གསང་བ་ལྟ་བུའི་དགོངས་གཞིར་མཛད་ནས། ཆོས་ཐམས་ཅད་ སྟོང་པ་ཉིད་ལ་སོགས་པ་དགོངས་པ་ཅན་གྱི་ཚིག་དུ་མ་གསུངས་པའི་དགོངས་གཞི་ཟབ་མོ་ བདེ་གཤེགས་སྙིང་པོ་མྱང་འདས་ཀྱི་མདོར་ཤིན་ཏུ་གསལ་བར་གསུངས་པས་ན། མདོ་འདི་ མདོ་གཞན་མང་པོར་དགོངས་ཏེ། གསུངས་པའི་སྙིང་པོ་ཞེས་བྱ་བར་གསུངས་སོ་ཞེས་སྨྲས་ པ་ལ། ཁྱེད་ན་རེ། དེ་ནི་རང་གིས་དྲངས་པའི་མདོ་དང་ནང་འགལ་ཏེ། མྱང་འདས་ཆེན་པོ་ལས། བདེ་གཤེགས་སྙིང་པོ་དང་སངས་རྒྱས་བདག་དང་རྟག་པ་ལ་སོགས་པར་སྟོན་པའི་ཤིན་ཏུ་ རྒྱས་པའི་མདོ་སྡེ་འདི་ལྟ་བུ་ཤིན་ཏུ་གསལ་ཞིང་རྣམ་པར་དག་པས་ཡང་དག་པར་ན་དགོངས་ 6-1-209 ཏེ་གསུངས་པ་མེད་པས། དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱ་བ་མེད་ཀྱང༌། བྱིས་པ་མ་ རབས་རྣམས་ཀྱིས་མ་ཤེས་པས་དགོངས་ཏེ་གསུངས་པའི་སྙིང་པོའོ་ཞེས་བྱའོ། །ཞེས་གསུངས་ པ་སྨྲ་བས་སོ། །ཞེས་ཟེར་བ་ནི་མྱ་ངན་ལས་འདས་པའི་མདོ་ཉིད་ལས། མདོ་འདི་དེ་བཞིན་ གཤགེས་པ་ཐམས་ཅད་ཀྱིས་དགོངས་ཏེ་གསུངས་པའི་སྙིང་པོའོ། །ཞེས་ཀྱང་གསུངས་ལ། དེ་བཞིན་གཤེགས་པ་ལ་ཡང་དག་པར་ནི་དགོངས་ཏེ་གསུངས་པའི་སྙིང་པོ་མེད་དོ། །དེ་ཅིའི་ ཕྱིར་ཞེ་ན། འདི་ལྟ་སྟེ། སྟོན་ཁའི་ཟླ་བ་ཉ་བ་ནི་སྟེང་གི་ནམ་མཁའ་ལ་ཤིན་ཏུ་གསལ་བར་ སྣང་བས་སྒྲིབ་པ་མེད་པའི་ཕྱིར། སྐྱེ་བོ་ཐམས་ཅད་ཀྱིས་མཐོང་ངོ༌། །དེ་བཞིན་གཤེགས་པའི་ བཀའ་ཡང་དེ་དང་འདྲ་བར་ཤིན་ཏུ་གསལ་ཞིང་རྣམ་པར་དག་ཀྱང༌། བྱིས་པ་མ་རབས་ཀྱིས་ མི་ཤེས་པའི་ཕྱིར་ན། དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱ་བའི་མཁས་པ་ཤེས་རབ་ཅན་ རྣམས་ཀྱིས་ཁོང་དུ་ཆུད་པས་གསང་ཞེས་མི་བྱའོ། །ཞེས་གསུངས་པས་སངས་རྒྱས་ཀྱི་བཀའ་ དྲི་མ་མེད་པ་ལ་ནང་འགལ་བསྒྲིག་ཤེས་པ་ནི། སངས་རྒྱས་ལས་ཀྱང་ཤིན་ཏུ་མཁས་པས་ན་ ཤིན་ཏུ་ངོ་མཚར་རོ། ། ལུང་དེ་དག་གི་དགོངས་པ་ནི། བདེ་གཤེགས་སྙིང་པོ་དང་སངས་རྒྱས་བདག་ དང་རྟག་པ་ལ་སོགས་པར་སྟོན་པའི་མདོ་སྡེ་འདི་ལྟ་བུ་ཤིན་ཏུ་གསལ་ཞིང་རྣམ་པར་དག་ པས་ན་དགོངས་ཏེ་གསུངས་པ་མེད་ཅེས་བྱ་བ་ཡང་ཡིན་མོད་ཀྱིས། ཡང་དག་པར་ན་ཐེག་ ཆེན་གྱི་བཀའ་ཐམས་ཅད་མཁས་པ་ཤེས་རབ་ཅན་ལ་ལྟོས་ནས་དགོངས་ཏེ་གསུངས་པ་མེད་ པས་ཡང་དག་པར་ན་མྱང་འདས་ཀྱི་མདོ་འདི་དགོངས་ཏེ་གསུངས་པའི་སྙིང་པོ་མ་ཡིན་ཀྱང༌། གདུལ་བྱ་དམན་པ་ལ་ལྟོས་ནས། མདོ་གཞན་མང་པོ་རྣམས་དགོངས་ཏེ་གསུངས་པ་ཡིན་ལ། དེ་དག་གི་དགོངས་གཞི་ཟབ་མོ་བདེ་གཤེགས་སྙིང་པོ་དང། སངས་རྒྱས་རྟག་པ་ལ་སོགས་ པ་མྱང་འདས་ཀྱི་མདོར་གསལ་བར་སྟོན་པས། མྱང་འདས་ཆེན་པོའི་མདོ་འདི་དགོངས་ཏེ་ 6-1-210 གསུངས་པའི་སྙིང་པོ་ཡིན་ཞེས་བྱ་བ་ཡིན་ནོ། ། ཡང་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཀའ་བསྡུ་བཞི་པར། ཀུན་རྫོབ་གང་ཡིན་ཐམས་ཅད་ རང་སྟོང་དང༌། །དོན་དམ་གང་ཡིན་གཞན་སྟོང་ཉིད་དུ་གསུངས། །ཞེས་དང༌། ཤེས་བྱ་ཐམས་ ཅད་དངོས་པོ་དངོས་མེད་དུ། །འདུས་པར་འདོད་པ་གསུམ་ལྡན་མར་བཅད་ལུགས། །ཆོས་ ཉིད་དབུ་མ་ཤེས་བྱའི་མཆོག་ཡིན་ཡང༌། །དངོས་པོ་དངོས་མེད་གང་ཡང་མ་ཡིན་གྱི། །ཕུང་པོ་ གསུམ་པར་བཞེད་པ་རྫོགས་ལྡན་ལུགས། །ཞེས་གསུངས་ཤིང༌། དེའི་འགྲེལ་པར། ཕུང་པོ་གསུམ་པ་ལ་ཡང་གཉིས་ཏེ། ཀུན་རྫོབ་ཡིན་པའི་ཕུང་པོ་ གསུམ་པ་དང༌། དོན་དམ་ཡིན་པའི་ཕུང་པོ་གསུམ་པའོ། །ཞེས་བཤད་པ་ལ། ཁྱེད་ཀྱི་ཀུན་རྫོབ་ཡིན་པའི་ཕུང་པོ་གསུམ་པ་དེ། ཆོས་ཉིད་དབུ་མ་ཀུན་རྫོབ་ཀྱི་དངོས་པོ་ དངོས་མེད་གང་ཡང་མ་ཡིན་པའི་ཕུང་པོ་གསུམ་པར་བཞེད་ཅེས་ཟེར་བ་ནི། དགོངས་པ་མ་ ལོན་པ་སྟེ། དགོངས་པ་ནི་སྤྱིར་ཀུན་རྫོབ་ཡིན་པའི་ཕུང་པོ་གསུམ་པ་ཡིན་པ་ཞིག་ཡོད་ཅེས་ བསྟན་པ་མ་རྟོགས་པ། དེ་འདི་འདྲ་ཡིན་ཞེས་འདིར་དངོས་སུ་མ་བསྟན་ལ། དོན་དམ་ཡིན་ པའི་ཕུང་པོ་གསུམ་པ་ལ་ གཉིས་ཀ་མ་ཡིན་པའི་ཕུང་པོ་གསུམ་པ་ནི། ཆོས་ཉིད་དབུ་མ་འདུས་བྱས་ཀྱི་དངོས་པོ་ དངོས་མེད་གཉིས་ཀ་མ་ཡིན་པའི་ཕུང་པོ་གསུམ་པ་དང་གཉིས་ཀ་ཡིན་པའི་ཕུང་པོ་གསུམ་པ་ ནི། ཇི་སྐད་དུ། དངོས་པོ་དངོས་པོ་མེད་པ་དང༌། །གདོད་ནས་གྲོལ་བའི་དེ་བཞིན་གཤེགས། ། ཞེས་སོགས་ཀྱིས་གསུངས་པ་ལ། ཆོས་ཉིད་དབུ་མ་དེ་འདུས་བྱས་ཀྱི་དངོས་པོ་མ་ཡིན་ཡང༌། རྣམ་པ་ཐམས་ཅད་པ་ཡིན་པས་དངོས་པོའི་རྣམ་པ་ཅན་དུ་ཡོད་པས། དེ་ཙམ་ལ་དངོས་པོ་ཡིན་ པ་དང༌། འདུས་བྱས་ཀྱི་དངོས་པོ་མེད་པས། དངོས་པོ་མེད་པ་ཡང་ཡིན་པའི་ཕུང་པོ་གསུམ་ པར་བཞེད་པ་ཡིན་གྱི། དངོས་པོ་ཞེས་པ་འདུས་བྱས་ཀྱི་དངོས་པོ་ཁོ་ན་ལ་བསམས་ནས། 6-1-211 ཆོས་ཉིད་དབུ་མ་དེ་དོན་དམ་པའི་དངོས་པོ་དངོས་མེད་གཉིས་ཀ་ཡིན་པའི་ཕུང་པོ་གསུམ་པ་ ཡིན་པར་བཞེད་ཅེས་པ་ནི། ནན་གྱིས་ཁྱོད་འདི་འདོད་ཅེས་པ་གསལ་བར་དབང་ཕྱུག་སྤྱོད་པ་ ཡིན་ཞེས་པའི་ཚུལ་ཁོ་ནར་འགྱུར་རོ། ། དེས་ན་ཆོས་ཉིད་དབུ་མ་ལ་སྤྱིར་དངོས་པོ་དངོས་མེད་གཉིས་ཡིན་གྱི། ཕུང་གསུམ་ཞིག་ མི་འགལ་བར་སྟོན་གྱི་འདུས་བྱས་ཀྱི་དངོས་པོ་དང་དངོས་མེད་གཉིས་ཀ་ཡིན་པའི་ཕུང་ གསུམ་ཡོད་པར་བསྟན་པའི་ཚིག་ཟུར་བཀའ་བསྡུ་བཞི་པ་སོགས་ན་མེད་ཅིང༌། དགོངས་པ་ ཡང་མ་ཡིན་ནོ། ། སྤྱིར་ཡང་ཆོས་ཉིད་དབུ་མ་ལ་དངོས་པོ་ཞེས་སྦྱར་བ་ལ་འགལ་བ་མེད་དེ། མངོན་པ་ཀུན་ ལས་བཏུས་ལས། འདུས་མ་བྱས་ཀྱི་དངོས་པོ་བརྒྱད་གསུངས་པ་ལས། དགེ་མི་དགེ་ལུང་མ་ བསྟན་གསུམ་གྱི་དེ་བཞིན་ཉིད་གསུམ་ལ་འདུས་མ་བྱས་ཀྱི་དངོས་པོ་ཞེས་གསུངས་པའི་ཕྱིར་ རོ། ། འཕགས་པ་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར་ཡང༌། སྐྱེས་པ་ མེད་པ་འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ ཉིད། །ཕུང་པོ་རྣམས་རྣམ་དཔྱད་པ་མིན། །ཞེས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་ དངོས་པོ་ཞེས་གསུངས་སོ། །དེས་ན་ཆོས་ཉིད་དབུ་མ་དངོས་པོར་ཁས་བླངས་ཀྱ་དངོས་པོར་ སྨྲ་བའི་གྲུབ་མཐར་མི་འགྱུར་ཏེ། འདུས་བྱས་ཀྱི་དངོས་པོ་དོན་དམ་པར་ཅུང་ཟད་ཀྱང་ཁས་ མི་ལེན་པའི་ཕྱིར་རོ། ། མདོར་ན། ཆོས་ཉིད་དབུ་མ་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀ་ཡིན་པའི་ཕུང་པོ་ གསུམ་པ་ཡིན་ཞེས་པ་ནི། དངོས་པོ་དང་དངོས་པོ་མེད་པའི་རྣམ་པའམ་ མིང་ཙམ་ལྟ་བུ་ལ་དགོངས་པ་སྟེ། དོན་ལ་ཆོས་ཉིད་དབུ་མ་དེ་དངོས་པོ་དངོས་མེད་གཉིས་ 6-1-212 ཀ་ཡིན་པའི་ཕུང་པོ་གསུམ་པར་མི་བཞེད་དེ། ཆོས་ཉིད་དབུ་མ་ཤེས་བྱའི་མཆོག་ཡིན་ཡང༌། ། དངོས་པོ་དངོས་མེད་གང་ཡང་མ་ཡིན་གྱི། །ཕུང་པོ་གསུམ་པར་བཞེད་པ་རྫོགས་ལྡན་ ལུགས། །ཞེས་བཞེད་ཅིང༌། དུས་འཁོར་རྩ་རྒྱུད་ལས། ཡོད་དང་མེད་ལས་རྣམ་པར་འདས། ། གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེ་རྣལ་འབྱོར་ བདེ་བ་ཆེ། །ཞེས་གསུང་པ་ངེས་དོན་དུ་བཞེད་པའི་ཕྱིར་རོ། ། དེས་ན་ཆོས་ཉིད་དེ་བཞིན་ཉིད་དོན་དམ་པའི་དངོས་པོ་ཡིན་པ་དང༌། དོན་དམ་པར་ དངོས་པོ་མེད་པར་འདོད་པ་བཀའ་བསྡུ་བཞི་པ་དང་ངེས་དོན་རྒྱ་མཚོའི་དགོངས་པར་བྱས་ ནས་དགག་པ་བྱེད་པ་ནི། ནམ་མཁའ་སྟོང་པ་ལ་ཐལ་འགྱུར་འཕེན་པ་དང་མཚུངས་ཏེ། ངལ་ བ་དོན་མེད་པ་ཁོ་ནའོ། ། གཞན་ཡང་ཁོ་བོ་ཅག་ཆོས་ཉིད་དེ་བཞིན་ཉིད་དོན་དམ་བདེན་པ་དང༌། དོན་དམ་པའི་ སངས་རྒྱས་གནས་ལུགས་ལ་བདེན་པར་འདོད་པ་ཡིན་གྱི། བདེན་པའི་དངསོ་པརོ་ནི་ནམ་ དུ་ཡང་ཁས་མི་ལེན་པས། དབུ་མ་རྩ་བ་ཤེས་རབ་རྩ་འགྲེལ་གྱི་བདེན་དངོས་འགོག་པའི་རིམ་ པས། སངས་རྒྱས་ཆོས་ཀྱི་སྐུ་དོན་དམ་པར་བདེན་ཞིང་ཡོད་པར་འདོད་པ་ལ་གནོད་པ་ཅི་ ཡང་མེད་དེ། དབུ་མ་རྩ་ཤེས་རྩ་འགྲེལ་གྱིས། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ འགག་པ་དང་སྐྱེ་བ་ལ་སོགས་པ། སྤྲོས་པའི་མཐའ་བརྒྱད་དུ་བདེན་པ་བཀག་ནས། སྤྲོས་ པའི་མཐའ་བརྒྱད་དང་བྲལ་བར་སྟོན་པ་ཡིན་ལ། སངས་རྒྱས་ཆོས་ཀྱི་སྐུ་རང་བཞིན་གྱིས་མྱ་ ངན་ལས་འདས་ཤིང༌། སྤྲོས་པ་དང་བྲལ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་འདས་པའི་ ཆོས་ཡིན་པའི་ཕྱིར་རོ། །གལ་ཏེ་སངས་རྒྱས་ཆོས་ཀྱི་སྐུ་རང་བཞིན་གྱིས་མྱ་ངན་ལས་འདས་ པ་ཡང་རྟེན་འབྲེལ་ལས་མ་འདས་པ་ཡིན་ཏེ། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་ 6-1-213 གསུངས་པའི་ཕྱིར་རོ་སྙམ་ན། འདིར་ཆོས་ཞེས་པ་ནི། ཕུང་པོ་ལྔ་ལ་སོགས་པ་ཀུན་རྫོབ་ ཀྱིས་ཆོས་རྣམས་ལ་དགོངས་པ་ཡིན་གྱི། དོན་དམ་བདེན་པ་ཆོས་ཀྱི་སྐུ་མྱ་ངན་ལས་འདས་ པ་ནི། འདིར་བཤད་པའི་ཆོས་ཀྱི་ཁོངས་སུ་མ་གཏོགས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ ཆུབ་སེམས་འགྲེལ་ལས། ཆོས་རྣམས་ཀྱི་ནི་སྐྱེ་མེད་པ། །སྟོང་ཉིད་ཡིན་པར་རབ་ཏུ་བཤད། ། མདོར་ན་ཕུང་པོ་ལྔ་པོ་འདི། །ཆོས་ཀུན་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། ། ཡང་ཁྱེད་ན་རེ། འཕགས་པ་ཀླུ་སྒྲུབ་ལ་སོགས་པ་དབུ་མའི་སློབ་དཔོན་རྗེས་འབྲང་དང་ བཅས་པ་དེ་ཐམས་ཅད་དོན་དམ་པར་རང་བཞིན་བདེན་པ་བར་གྲུབ་པའི་ཆོས་གཅིག་ཡོད་ ན་དེ་ལ་ཆོས་ཀྱི་བདག་ཅེས་མཐུན་པར་གསུངས་ཤིང༌། དེ་སྒྲུབ་པར་སྟོན་པའི་མདོ་ཐམས་ ཅད་དྲང་བའི་དོན་དུ་གསལ་བར་བཤད་འདུག་གོ། །ཞེས་སྨྲ་བ་ནི། དབུ་མའི་གཞུང་ཁུངས་མ་ མཐོང་བར་སྟོན་པ་ཁོ་ན་སྟེ། དབུ་མའི་རྩ་བར། ཆོས་གང་སླུ་བ་དེ་བརྫུན་ཞེས། །བཅོམ་ལྡན་ འདས་ཀྱིས་དེ་སྐད་གསུངས། །འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ ཡིན། །ཞེས་པའི་རང་འགྲེ་ལས། འདི་ལ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས། ཆོས་གང་ སླུ་བ་དེ་ནི་བརྫུན་པའོ། །དགེ་སློང་དག་འདི་ལྟ་སྟེ། མི་བསླུ་བའི་ཆོས་མྱ་ངན་ལས་འདས་པ་དེ་ ནི་བདེན་པའི་མཆོག་གོ་ཞེས་གསུངས་ཤིང༌། རིགས་པ་དྲུག་ཅུ་པར་ཡང༌། མྱ་ངན་འདས་པ་བདེན་ གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །ཞེས་གསུངས་པ་སྣང་བས། འཕགས་པ་ ཀླུ་སྒྲུབ་ཀྱང་ཆོས་ཀྱི་བདག་ཞལ་གྱིས་བཞེས་པར་འགྱུར་ཏེ། དོན་དམ་པར་རང་བཞིན་བདེན་ པར་གྲུབ་པའི་ཆོས་ཞལ་གྱིས་བཞེས་པའི་ཕྱིར་རོ། །ཅི་མྱ་ངན་ལས་འདས་པ་བདེན་པར་ བཤད་པ་དེ། ཀུན་རྫོབ་ཏུ་བདེན་པར་བཤད་པ་ཡིན་གྱི། དོན་དམ་པར་བདེན་པར་བཤད་པ་ མ་ཡིན་ནོ་སྙམ་ན། དེ་ལྟ་ན་མྱ་ངན་ལས་འདས་པ་དེ་བདེན་པའི་མཆོག་དང་བདེན་པ་གཅིག་ 6-1-214 པུ་མ་ཡིན་པར་འགྱུར་ཏེ། ཀུན་རྫོབ་ཙམ་དུ་བདེན་པ་ཡིན་གྱི་དོན་དམ་པར་བདེན་པ་མིན་ པའི་ཕྱིར་རོ། །འདོད་ན་བཤད་མ་ཐག་པའི་ལུང་དེ་ཉིད་དང་འགལ་ལོ། ། གཞན་ཡང་དབུ་མའི་རྩ་བར། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། ། བདེན་པ་གཉིས་ལས་ཡང་དག་རྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་ པའི་དོན་གྱི་བདེན་པ་འོ། །ཞེས་སོགས་ཀྱི་རང་འགྲེལ་དུ། འཇིག་རྟེན་པའི་ཀུན་རྫོབ་ཀྱི་ བདེན་པ་ཞེས་བྱ་བ་ནི། ཆོས་རྣམས་ངོ་བོ་ཉིད་སྟོང་པ་དག་ལ་འཇིག་རྟེན་གྱིས་ཕྱིན་ཅི་ལོག་ མ་གཏོགས་པས། ཆོས་ཐམས་ཅད་སྐྱེ་བར་མཐོང་བ་གང་ཡིན་པ་དེ། དེ་ནི་དེ་དག་ཉིད་ལ་ ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི། འཕགས་པ་རྣམས་ཀྱིས་ཕྱིན་ཅི་ལོག་ཐུགས་སུ་ཆུད་པས། ཆོས་ཐམས་ཅད་སྐྱེ་བ་མེད་པར་ གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས། དོན་དམ་པའི་བདེན་པའོ་ཞེས་འབྱུང་བའི་ཕྱིར་རོ། ། འཕགས་པ་ཀླུ་སྒྲུབ་དབུ་མ་པ་མིན་པ་འགྱུར་ཏེ། དོན་དམ་པར་བདེན་པར་གྲུབ་པའི་ ཆོས་ཞལ་གྱིས་བཞེས་པའི་ཕྱིར་རོ། །ཡང་བདེན་པ་གཉིས་ལ་བདེན་པའི་ཁྱད་པར་ཅུང་ཟད་ ཀྱང་མེད་པར་འགྱུར་ཏེ། དོན་དམ་པར་ནི་ཀུན་རྫོབ་དང་དོན་དམ་གཉིས་ཀ་བདེན་པར་མ་ གྲུབ་པ་ལ་ཀུན་རྫོབ་ཏུ་ནི་ཀུན་རྫོབ་ཀྱང་བདེན་པར་གྲུབ་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་ ཀྱི་སྐུ་ལ་ཡང་དོན་དམ་པའི་སྐུ་དང་ཀུན་རྫོབ་པའི་སྐུ་གཉིས་ཀྱི་ཁྱད་པར་མེད་པར་འགྱུར་ཏེ། དོན་དམ་པར་སངས་རྒྱས་ཀྱི་སྐུ་བདེན་པར་གྲུབ་པ་གཅིག་མི་སྲིད་པའི་ཕྱིར་རོ། །རྟགས་མ་ གྲུབ་ན། དབུ་མ་པའི་ལུགས་ལ་དོན་དམ་པར་བདེན་པར་གྲུབ་པའི་ཆོས་གཅིག་མི་སྲིད་པར་ ཁས་བླངས་པ་དང་འགལ་ལོ། །འདོད་ན་རྗེ་བཙུན་བྱམས་པས། རང་དོན་གཞན་དོན་དོན་ དམ་སྐུ་དང་ནི། །དེ་ལ་རྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །ཞེས་གསུངས་པ་དང་འགལ་ལོ། ། 6-1-215 གཞན་ཡང་དོན་དམ་པར་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་བདེན་པར་མ་གྲུབ་ན། རྣམ་པར་མི་ རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་སྐུ་མངོན་སུམ་དུ་མཐོང་བ་མི་སྲིད་པར་འགྱུར་རོ། །འདོད་ན། རྒྱུད་བླ་ལས། ཐེག་པ་འདི་ལ་གནས་པ་རྣམས། །ནང་གི་དམ་པའི་ཆོས་སྐུ་ནི། །ཡེ་ཤེས་མིག་ གིས་མཐོང་བར་འགྱུར། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། ཇི་ལྟར་མར་ངོའི་བཅུ་བཞི་ ལ། །ཟླ་བ་ཅུང་ཟད་མཐོང་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ཀྱིས། །སངས་རྒྱས་ ས་ནི་ཅུང་ཞིག་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་ བར་མཐོང༌། །ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་པར་འགྱུར་བ་ལྟར། །དེ་བཞིན་ གཤེགས་པའི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་གསུངས་པ་དང་ འགལ་ལོ། ། གཞན་ཡང་ཁོ་བོ་ཅག་དོན་དམ་པ་སྟོང་པ་ཉིད་གནས་ལུགས་ལ་ཡོད་པར་འདོད་པ་ལ། རྩ་ཤེས་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་ སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་པ་ལ་རྟེན་ནས། དེ་ བཞིན་ཉིད་ལ་དཔྱད་ན་མི་སྟོང་པ་ཅུང་ཟད་ཡོད་པ་མིན་པར་ཐལ། དཔྱད་ན་སྟོང་པ་ཅུང་ ཟད་ཡོད་པ་མིན་པའི་ཕྱིར། དཔྱད་ན་སྟོང་པའང་ཅུང་ཟད་ཡོད་པ་མིན་པར་ཐལ། དཔྱད་ན་ མི་སྟོང་པ་ཅུང་ཟད་ཡོད་པ་མིན་པའི་ཕྱིར། ཞེས་པ་གནོད་བྱེད་དུ་འགོད་པ་ནི། རྟགས་སྔ་ཕྱི་ གཉིས་ཀ་མ་གྲུབ་སྟེ། གལ་ཏེ་གྲུབ་ན་ཁྱེད་ལྟར་ན་ཡང༌། དེ་བཞིན་ཉིད་ལ་དཔྱད་ན་སྤྲོས་ པའི་ཆོས་གཞན་གྱིས་སྟོང་པ་ཡང་མ་གྲུབ་པར་འགྱུར་ཏེ། དཔྱད་ན་སྟོང་པ་ཅུང་ཟད་ཡོད་པ་ མིན་པའི་ཕྱིར། འདོད་ན། ཁྱེད་རང་གི་བདེ་གཤེགས་སྙིང་པོའི་གསལ་རྒྱན་ལས། སོར་ཕྲེང་ ལ་ཕན་པའི་མདོར། གཞན་སྟོང་གསུངས་པའི་དགོངས་གཞི་སྟོང་མི་སྟོང་གི་སྤྲོས་པ་དང་བྲལ་ བའི་དེ་བཞིན་ཉིད་ལ། སྤྲོས་པའི་ཆོས་གཞན་གྱིས་སྟོང་པ་ལ་དགོངས་ཞེས་པ་རྣམ་པར་དཔྱད་ 6-1-216 པའི་རྣམ་བཞག་ཏུ་ཁས་ལེན་པ་དང་འགལ་ལོ། ། ཡང་དེ་བཞིན་ཉིད་དེ་དཔྱད་ན་མི་སྟོང་པས་སྟོང་པ་ཡིན་པར་འགྱུར་ཏེ། གཞི་གྲུབ་པ་གང་ ཞིག་དཔྱད་ན་མི་སྟོང་པ་ཅུང་ཟད་ཀྱང་ཡོད་པ་མིན་པའི་ཕྱིར་རོ། །འདོད་ན། དེ་བཞིན་ཉིད་ལ་ སྟོང་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པར་གྲུབ་པ་དང་འགལ་ལོ། ། ཁོ་བོ་ཅག་གིས་ལུགས་ལ་ནི། དེ་བཞིན་ཉིད་དོན་དམ་པར་བདེན་ཞིང༌། ཟག་མེད་ཀྱི་ ཡོན་ཏན་གྱིས་ནམ་ཡང་མི་སྟོང་པས་དེ་བཞིན་ཉིད་ལ་དཔྱད་ན་ཡང༌། སྟོང་པ་མིན་པ་ཡོད་ ལ། སྟོང་པ་མིན་པ་ཡོད་པའི་ཕྱིར། དཔྱད་ན་སྟོང་པའང་ཡོད་པར་གྲུབ་བོ། །འོ་ན་མི་སྟོང་ཅུང་ ཟད་ཡོད་མིན་ན། །ཞེས་གསུངས་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ། ལུང་དེའི་དགོངས་ པ་དེ་བཞིན་ཉིད་ལ་མི་སྟོང་པ་ཅུང་ཟད་ཀྱང་ཡོད་པ་མིན་པར་སྟོན་པ་མ་ཡིན་གྱི། རྟེན་འབྲེལ་ གྱིས་དངོས་པོ་ལ་མི་སྟོང་པ་ཅུང་ཟད་ཀྱང་ཡོད་པ་མིན་པར་སྟོན་པ་ཡིན་པའི་ཕྱིར་རོ། །ལུང་ འདི་དངོས་པོ་སྟོང་པར་བདེན་པ་འགོག་པ་ཡིན་པར་རང་འགྲེལ་ན་གསལ་བར་ཡོད་དོ། ། ཡང་ཁྱེད་ན་རེ། ཁྱེད་དོན་དམ་པ་སྟོང་པ་ཉིད་དཔྱད་ན་ཡོད་པར་ལྟ་བ་ཡིན་ན་སྒྲུབ་ཏུ་མི་ རུང་བར་འགྱུར་ཏེ། རྩ་ཤེས་ལས། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་ བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་ གསུངས་པས་སོ། །ཞེས་སྨྲ་བ་ཡང༌། ལུང་གི་དོན་མ་རྟོགས་པ་སྟེ། དེའི་འགྲེལ་པར། གང་ དག་སྟོང་པ་ཉིད་དེ་ལ་ཡང༌། དངོས་པོར་མངོན་པར་ཞེན་པ་དེ་དག་ལ་ནི་ཁོ་བོ་ཅག་གིས་ མི་སྨྲ་སྟེ། ཞེས་དང་། གང་དག་སྟོང་པ་ཉིད་ལ་ཡང༌། དངོས་པོར་མངོན་པར་ཞེན་པ་དེ་དག་ གིས། དེ་ལ་དངོས་པོར་མངོན་པར་ཞེན་པ་དེ་གང་གིས་འགོག་པར་འགྱུར། ཞེས་དཔྱད་པས། སྟོང་པ་ཉིད་ལ་དངོས་པོར་ཞེན་པའམ། ལྟ་བ་དེ་བསྒྲུབ་ཏུ་མེད་པར་གསུངས་ལ། ཁོ་བོ་ཅག་ ནི་དོན་དམ་པ་སྟོང་པ་ཉིད་གནས་ལུགས་ལ་ཡོད་པར་འདོད་ཀྱི་སྟོང་པ་ཉིད་འདུས་བྱས་ཀྱི་ 6-1-217 དངོས་པོར་ནམ་ཡང་ཁས་བླངས་པ་མེད་དོ། ། ཡང་ན་ལུང་དེ་དང༌། དཀོན་མཆོག་བརྩེགས་པའི་ལུང་། མངོན་པའི་ང་རྒྱལ་ ཅན་སྟོང་པ་ཉིད་དུ་ལྟ་བ། གསོར་མི་རུང་བར་གསུངས་པའི་དགོངས་པ་རྣལ་འབྱོར་པ་མི་ རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་སྐབས་སུ། སྟོང་པ་ཉིད་དུ་རྟོག་ཅིང་མངོན་ པར་ཞེན་པ་དེ་སྒྲུབ་ཏུ་མི་རུང་བ་དང་གསོར་མི་རུང་བ་ཡིན་གྱི། རྗེས་ཐོབ་ཏུ་སོ་སོར་རྟོག་ པའི་ཤེས་རབ་ཀྱིས་རྟེན་འབྲེལ་གྱི་ཆོས་རྣམས་སྟོང་པ་ཉིད་དུ་ལྟ་བ་ལ་ཉེས་པ་ཅི་ཡང་མེད་ དེ། མདོ་དེ་ཉིད་ལས། ཆོས་རྣམས་ཉིད་སྟོང་པ་དང་མཚན་མ་མེད་པ་དང༌། སྨོན་པ་མེད་ པར་སོ་སོར་རྟོག་པ་དེ་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཡིན་པར་ གསུངས་པས་སོ། །དེ་ལྟ་མ་ཡིན་པར་དོན་དམ་པར་སྟོང་པ་ཉིད་གཤིས་ཀྱི་གནས་ལུགས་ལ་ མ་གྲུབ་ན། སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་། ཐིག་ལེ་སྟོང་པ་འགྱུར་མེད་དྲུག་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱང་གཤིས་ཀྱི་གནས་ལུགས་ལ་མ་གྲུབ་པར་འགྱུར་ བས། འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་ལུང་གོང་དུ་ཡང་དྲངས་པ། སྟོང་པ་ཉིད་རྣམ་པ་ ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་དུ་ འཇུག་པའོ། །ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ། །ཞེས་དབུ་མའི་གྲུབ་ མཐའ་མཐར་ཐུག་པའི་རྣམ་བཞག་སྟོན་པའི་ལུང་དང་ཤིན་ཏུ་འགལ་ལོ། ། དེས་ན་རྡོ་རྗེ་ཐེག་པའི་གསང་དོན་ཟབ་པ་ལས་ཀྱང་ཆེས་ཟབ་པ་མ་ཤེས་ན་མཚན་ཉིད་ ཐེག་པའི་དབུ་མའི་གཞུང་ལུགས་ཙམ་ལ་བརྟེན་ནས་མཐར་ཐུག་གི་དབུ་མ་རྟོག་པར་མི་ནུས་ སོ། ། ཡང་ཁྱེད་ཀྱིས་ཁོ་བོ་ཅག་ཕྱོགས་སྔ་བླངས་པར་བསྒོམ་པ་ཆོས་རྣམས་རང་གི་ངོ་བོ་བདེན་ པས་སྟོང་པའི་རང་སྟོང་མ་ཡིན་ཏེ། དེ་བཞིན་གཤེགས་པ་དོན་དམ་དུ་ཡོད་པའི་ཕྱིར་སྙམ་ན། 6-1-218 བདེ་གཤེགས་ཆོས་སྐུ་དོན་དམ་པར་ཡོད་པ་མིན་པར་ཐལ། དཔྱད་ན་ཟག་མེད་ཀྱི་ཕུང་པོ་ ཡང་མིན། དེ་ལས་གཞན་མིན་དེ་ལ་ཟག་མེད་ཀྱི་ཕུང་པོ་ཡོད་པ་མིན། ཟག་མེད་ཀྱི་ཕུང་པོ་ ལ་ཡང་དེ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ག་ལ་འཇིགས་མེད་ལས། དངོས་རྣམས་ནི་ངོ་བོ་ཉིད་ ཡོད་པ་ཁོ་ན་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་འཇིག་རྟེན་གྱི་གཙོ་བོ་འཇིག་རྟེན་ཐམས་ཅད་སྣང་བར་མཛད་པ་སྟོན་པ། བསྟན་པ་རབ་ ཏུ་གནས་པར་མཛད་པ་ཡོད་པ་ཡིན་ནོ། ། འདིར་བཤད་པ། སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་ལ་སྐུ་མེད་དེར་དེ་མེད། །དེ་བཞིན་ གཤེགས་པ་སྐུ་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །འདི་ལ་གལ་ཏེ་དེ་བཞིན་ གཤེགས་པ་ཞེས་བྱ་བ་འགའ་ཞིག་ཡོད་པར་གྱུར་ན། དེ་ཕུང་པོ་རྣམས་ཉིད་དམ། ཕུང་པོ་ རྣམས་ལས་གཞན་ནམ། །དེ་ལ་ཕུང་པོ་རྣམས་ཡོད་པའམ། ཕུང་པོ་རྣམས་ལ་དེ་ཡོད་པའམ། དེ་ཕུང་པོ་རྣམས་དང་ལྡན་པ་ཞིག་ཡིན་དྲང་ན། དེ་ལ་རེ་ཤིག་དེ་བཞིན་གཤེགས་པ་ཕུང་པོ་ རྣམས་ཉིད་མ་ཡིན་ཏེ། གལ་ཏེ་དེ་བཞིན་གཤེགས་པ་ཕུང་པོ་རྣམས་ཡིན་པར་གྱུར་ན། འབྱུང་ བ་དང་འཇིག་པའི་ཆོས་ཡིན་པའི་ཕྱིར། མི་རྟག་པ་ཉིད་དང་། ཉེ་བར་ལེན་པ་དང་བཅས་ པ་ཉིད་དུ་ཐལ་བར་འགྱུར་བས། དེ་ལྟ་མ་ཡིན་དེ་དེའི་ཕྱིར། དེ་བཞིན་གཤེགས་པ་ཕུང་པོ་ རྣམས་ཉིད་མ་ཡིན་ནོ། །ཞེས་སོགས་དྲངས་ནས་སུན་འབྱིན་པ་སྨྲ་བ་ནི། ཁོ་བོ་ཅག་གི་ཕྱོགས་ སྔ་ཡང་མ་གོ་ཞིང༌། ལུང་གི་དགོངས་པ་ཡང་མ་ཤེས་ལ། མ་འབྲེལ་བའི་སྨྲ་བ་ཁོ་ན་སྟེ་ཀུན་ རྫོབ་ཀྱི་ཆོས་རྣམས་རང་གི་ངོ་བོ་བདེན་པས་སྟོང་པའི་རང་སྟོང་མ་ཡནི་པར། ཆསོ་ཀ་ྱིར་ྗེརནི་ པོ་ཆེ་ཀུན་མཁནྱེ་པས་མཛད་པའི་བསྟན་བཅོས་གང་དུ་ཡང་གསུངས་པ་མེད་ཅིང༌། ནམ་ཡང་ ཞལ་གྱིས་མི་བཞེས་སོ། ། བདེ་བར་གཤེགས་པའི་ཆོས་ཀྱི་སྐུ་བདེན་པས་སྟོང་པ་མ་ཡིན་པར་བཞེད་པ་ལ་ཐལ་ 6-1-219 བ་དེ་འཕེན་པ་ཡིན་ན། བདེ་བར་གཤེགས་པའི་ཆོས་སྐུ་ནི། དཔྱད་ན་ཟག་མེད་ཀྱི་ཕུང་པོ་ མ་ཡིན་པ་དང༌། ཟག་མེད་ཀྱི་ཕུང་པོ་མེད་པའི་རྟགས་མ་གྲུབ་སྟེ། མཚན་ཉིད་ཐེག་པ་ལྟར་ ན། གསང་བ་བསམ་གྱིས་མི་ཁྱབ་པའི་མདོར། ནམ་མཁའ་འདི་ནི་ཇི་ཙམ་པ། །སངས་རྒྱས་ ཀྱི་ནི་ཚུལ་ཁྲིམས་དང༌། །ཏིང་ངེ་འཛིན་དང་རྣམ་གལྲོ་དང༌། །རྣམ་གལྲོ་ཡེ་ཤསེ་མཐངོ་དེ་ཙམ། ། ཞསེ་གསུངས་པའི་ཕརྱི་ཏ། ེསྐབས་འདིའི་སངས་རྒྱས་ནི། སངས་རྒྱས་ཆོས་ཀྱི་སྐུ་ཉིད་ཡིན་ ནོ། །སྔགས་ཀྱི་ཐེག་པ་ལྟར་ན། ཀྱེའི་རྡོ་རྗེ་འབུམ་ཕྲག་ལྔ་པར། རྒྱུད་དང་འབྲས་བུ་འགག་པ་ ཡིས། །རྒྱལ་བའི་དབང་པོ་སྐུ་གཞན་ཡིན། །སྐུ་གསུང་ཐུགས་དང་བདེ་བ་གཞན། །ཕུང་པོའི་ ཚོགས་ནི་གཞན་ཡིན་ཏེ། །སའི་ཁམས་ལ་སོགས་པ་གཞན། །ཡུལ་དང་དབང་པོ་རྣམས་དང་ ནི། །དེ་བཞིན་ལས་ཀྱི་དབང་པོ་དང༌། །ལས་ཀྱི་དབང་པོའི་བྱ་བ་གཞན། །ཀུན་ནས་ཕྱག་ དང་ཞབས་ལ་སོགས། །ཀུན་ནས་སྤྱན་དང་ཞལ་དང་དབུ། །ཀུན་ནས་ཐོས་ལྡན་འཇིག་རྟེན་ དུ། །ཐམས་ཅད་དུ་ནི་ཁྱབ་པར་བཞུགས། །ཞེས་དང༌། དེ་དང་དགོངས་པ་གཅིག་པ། འགྲེལ་ ཆེན་དྲི་མ་མེད་པའི་འོད་དུ་རྒྱ་ཆེར་གསུངས་པའི་ཕྱིར། རྒྱལ་བའི་དབང་པོ་རྡོ་རྗེ་སེམས་ དཔའ་ཆོས་ཀྱི་སྐུ་དེ། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ཟག་མེད་ཀྱི་ཕུང་པོ་ཁམས་ སོགས་གཞན་གྱི་བདག་ཉིད་དུ་ཡོད་པ་ཡང་དག་པའི་དོན་དུ་གསལ་བར་གསུངས་པའི་ཕྱིར་ རོ། །རྩ་ཤེས་ལུང་དེ་ཡང༌། པ་ཚབ་ཀྱི་འགྱུར་ལ། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །ཞསེ་འབྱུང་བ་རང་འགལྲེ་ག་ྱི བཤད་པ་དང་མཐུན་པས་ལེགས་ཤིང༌། །དེའི་དོན་ནི། ཉན་ཐོས་པ་དག་དེ་བཞིན་གཤེགས་ པ་དངོས་པོའམ་གཟུགས་ཀྱི་སྐུར་བདེན་པར་འདོད་པ་ལ། དེ་བཞིན་གཤེགས་པ་ཉེར་ལེན་ གྱི་ཕུང་པོ་རྣམས་ཉིད་དམ་ཞེས་སོགས་རྣམ་པ་ལྔས་བཙལ་ན་ཡོད་པ་མ་ཡིན་པས། དངོས་ པོའམ་གཟུགས་ཀྱི་སྐུར་བདེན་པ་མ་ཡིན་པ་དང༌། དེ་ལྟར་མི་བདེན་པས་དེ་བཞིན་གཤེགས་ 6-1-220 པ་ཡོད་པའི་ཕྱིར། དངོས་པོ་རྣམས་ཡོད་པ་ཁོ་ན་ཡིན་ནོ་ཞེས་བསྒྲུབ་པར་མི་རིགས་སོ། །ཞེས་ བསྟན་པ་ཡིན་ཏེ། རང་འགྲེལ་དུ། དེ་བཞིན་གཤེགས་པ་ཕུང་པོ་རྣམས་ཉིད་ཡིན་ན། མི་རྟག་ པ་ཉིད་དང་། ཉེ་བར་ལེན་པ་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་བས་ཞེས་སོགས་དང༌། འཇུག་བསྡུད་དུ་ཡང༌། དེ་ལྟར་རྣམ་པ་ལྔས་བཙལ་ན་ཡོད་པ་མ་ཡིན་པ། དེ་བཞིན་གཤེགས་ པ་དེ་གང་ཞིག་ཡིན་ཏེ། དེའི་ཕྱིར་དངོས་པོ་རྣམས་ཡོད་པ་ཁོ་ན་ཡིན་ཏེ། དེ་བཞིན་གཤེགས་ པ་ཡོད་པ་ཡིན་ནོ་ཞེས་གང་ སྨྲས་པ་དེ་རིགས་པ་མ་ཡིན་ནོ། །ཞེས་གསུངས་པས། ལུང་གི་དགོངས་པ་དེ་བཞིན་གཤེགས་ པ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་དང༌། གཅིག་དང་ཐ་དད་ལ་སོགས་རྣམ་པ་ལྔས་བརྟགས་ པར་མཛད་པ་ཡིན་པ་ལ། དེ་བཞིན་གཤེགས་པ་ཟག་མེད་ཀྱི་ཕུང་པོ་དང༌། གཅིག་དང་ཐ་ དད་ལ་སོགས་པ་རྣམ་པ་ལྔས་བརྟག་པར་སྦྱོར་བ་ནི་ཤིན་ཏུ་མ་འབྲེལ་ལོ། ། གཞན་ཡང་ཁྱེད་ཀྱིས་དེ་བཞིན་གཤེགས་པ་རང་གི་ངོ་བོ་བདེན་པས་སྟོང་པའི་རང་སྟོང་ ཡིན་པ་དང༌། དཔྱད་ན་མ་གྲུབ་པར་མི་འགྱུར་བར་ཁས་ལེན་པ་ནི། རང་སྟོང་གི་དོན་མ་ རྟོགས་པར་སྟོན་པ་ཙམ་དུ་ཟད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རང་གི་ངོ་བོ་བདེན་ པས་སྟོང་ཞིང་དཔྱད་ན་དེ་བཞིན་གཤེགས་པ་སྟོང་པ་ཡང་མ་ཡིན་མི་སྟོང་པ་ཡང་མ་ཡིན་ཞེས་ ཁས་ལེན་པ་ནི། རང་གི་ངག་སྔ་མས་བཞག་པ་ཕྱི་མས་ཉམས་པར་བྱེད་པ་ཁོ་ན་སྟེ། དེ་བཞིན་ གཤེགས་པ་རང་གི་ངོ་བོ་བདེན་པས་སྟོང་པ་ནི། དཔྱད་པའི་རྣམ་བཞག་ལས་གཞན་པ་ཅི་ ཞིག་ཡོད། ཡང་ཆོས་སྐུ་རྟག་པར་ཁས་བླངས་པ་ལ། རྩ་ཤེ་ལས། རྟག་དང་མི་རྟག་ལ་སོགས་ བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་པའི་ལུང་གནོད་བྱེད་དུ་འགོད་པ་ནི། གནས་ ལུགས་ཀྱི་རྟག་པ་དང་། སྤྲོས་པའི་མཐར་གྱུར་པའི་རྟག་པ་གཉིས་ཀྱི་ཁྱད་པར་མ་ ཕྱེད་པ་ཁོ་ན་སྟེ། མདོ་སྡེ་ཟབ་མོ་དུ་མ་དང་། བྱམས་མགོན་དང་། ཀླུ་སྒྲུབ་ཀྱི་གཞུང་མང་པོ་ 6-1-221 ལས། ཆོས་སྐུ་རང་བཞིན་རྟག་པར་སྟོན་པས་ན། །ལུང་དེ་དག་ལུང་འདིས་སུན་འབྱིན་པར་ བྱེད་པ་ཡིན་ནམ་ཅི། འདི་དག་གི་བརྒལ་བརྟག་ནི། འཁྲུལ་འཇོམས་སྔ་མ་ཉིད་དུ་བཀོད་ཟིན་ ཏོ། ། ཡང་ཡུམ་གྱི་མདོ་ལས། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་གསུངས་ པའི་དགོངས་པ་ནི། མྱ་ངན་ལས་འདས་པ་བདེན་དངོས་སུ་མ་གྲུབ་པར་སྟོན་པ་ཡིན་གྱིས། མྱང་འདས་ཆེན་པོ་གནས་ལུགས་ལ་མི་བདེན་པ་བརྫུན་པར་སྟོན་པ་ནི་མ་ཡིན་ཏེ། མྱང་ འདས་ཆེན་པོ་གཅིག་པུ་བདེན་པའི་མཆོག་ཡིན་པར་ངེས་དོན་མཐར་ཐུག་གི་མདོ་མང་པོ་ དང༌། འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལས་ཀྱང་གསུངས་པའི་ཕྱིར་ཏེ། འདིའི་བརྒལ་བརྟག་ ཀྱང་སྔར་བརྗོད་ཟིན་ཏོ། ། ཡང་ཁྱེད་ཀྱིས་གལ་ཏེ་ཕྱི་ནང་གི་ཆོས་འདི་རྣམས་རང་གི་ངོ་བོ་བདེན་པས་སྟོང་པའི་རང་ སྟོང་ཡིན་ན། གཤིས་ལ་མེད་པར་འགྱུར་བས། འཕགས་པའི་བདེན་པ་བཞི་མི་འཐད། དེས་ ན་བདེན་བཞི་ཤེས་པ་མི་འཐད་ཞེས་པ་ཕྱོགས་སྔར་བྱས་ནས། དབུ་མ་རྩ་ཤེར། ཉན་ཐོས་སྡེ་ པས་བརྒོལ་བའི་གཞུང་། །གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། ། འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱེད་ལ་མེད་པར་ཐལ་བར་འགྱུར། །ཞེས་སོགས་ བཀོད་པ་དེ་ལ། ལན་ཁོ་བོ་ཅག་ཕྱི་ནང་གི་ཆོས་རྣམས་རང་གི་ངོ་བོ་བདེན་པས་སྟོང་པར་སྨྲ་བ་ན། ཁྱེད་ དེ་ལྟ་ཡིན་ན་དཔྱད་ན་གཏན་མ་གྲུབ་པར་འགྱུར་རོ་སྙམ་ནས་སྐྱོན་བརྗོད་པ་ནི། སྟོང་པ་ཉིད་ ཀྱི་དགོངས་པ་དང་། ངོ་བོ་དང་དོན་མ་ཤེས་པ་ཡིན་ཏེ། ཞེས་དང་། སློབ་དཔོན་ཟླ་གྲགས་ ཀྱི་ལུང་དང་རྩ་ཤེ་ལས། དེ་ལས་བཤད་པ་ཁྱོད་ཀྱིས་ན། ི། སྟོང་ཉདི་དགསོ་དང་སྟོང་ཉདི་དང༌། ། སྟོང་ཉིད་དོན་ནི་མ་རྟོགས་པས། ། 6-1-222 དེ་ཕྱིར་དེ་ལྟར་གནོད་པར་བྱེད། །ཅེས་སོ། ། དེས་ན་ཕྱི་ནང་གི་ཆོས་རྣམས་རང་གི་ངོ་བོ་བདེན་པས་སྟོང་པའི་རང་སྟོང༌། དཔྱད་ན་ ཡོད་མེད་ཡིན་མིན་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང༌། ཐ་སྙད་ཙམ་ དུ་བདེན་སྟོང་སྒྱུ་མ་ལྟ་བུ་འཇིག་རྟེན་པ་རྣམས་ཀྱི་ཤེས་ངོར་བདེན་པ་ཀུན་རྫོབ་ཀྱིས་བདེན་པ་ ཡནི་ཏ། ེཐམས་ཅད་མི་འགལ་ལོ། །ཞསེ་སགོས་ཀྱི་བརྒལ་བརྟག་མང་པོ་ཡི་གེར་བཀོད་པ་ སྣང་མོད། ཉན་ཐོས་སྡེ་པ་དག་ཕྱི་ནང་གི་ཆོས་རྣམས་རང་གི་ངོ་བོ་བདེན་པས་མི་སྟོང་པར་ འདོད་པ་ལ་དགག་པ་བྱེད་པ་ཡིན་ན་ནི། དབུ་མ་རྩ་ཤེ་འགྲེལ་བ་དང་བཅས་པར་དགག་པ་ བརྗོད་པ་ཉིད་ཀྱིས་ཆོག་མོད། གཞུང་དེ་དག་ཁྱེད་ཀྱིས་འདིར་དྲངས་ནས་དགག་པ་བརྗོད་ པ་ལ་དགོས་པ་ཅི་ཞིག་ཡོད། ཁོ་བོ་ཅག་ལ་དགག་པ་བརྗོད་པར་འདོད་པ་ཡིན་ན་ནི། ཁོ་བོ་ ཅག་གིས་ཕྱི་ནང་གི་ཆོས་རྣམས་རང་གི་ངོ་བོ་བདེན་པས་མི་སྟོང་པར་ནམ་གྱི་ཚེ་ཁས་བླངས་ པ་ཡིན། དེའི་ཕྱིར་འདིའང་ནན་གྱིས་ཁྱོད་འདི་འདོད་ཅེས་པ་གསལ་བར་དབང་ཕྱུག་སྤྱོད་པ་ ཡིན། ཞེས་པ་ཁོ་ནར་འགྱུར་རོ། །དེས་ན་ཁོ་བོ་ཅག་ཕྱི་ནང་གི་ཆོས་རྣམས་ལས་འདས་པའི་ དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་མྱ་ངན་ལས་འདས་པ་ཆེན་པོ་དེ་རང་གི་ངོ་བོ་བདེན་ པས་མི་སྟོང་པའི་བདེན་པའི་དོན་དུ་ཁས་ལེན་པ་ཡིན་གྱི། ཕྱི་ནང་གིས་བསྡུས་པའི་ཆོས་ རྣམས་རང་གི་ངོ་བོ་བདེན་པས་མི་སྟོང་པར་ནི་ནམ་ཡང་ཁས་མི་ལེན་པས། ཁས་ལེན་པའི་ ཕྱོགས་སྔ་མ་ལ་དགག་སྒྲུབ་མང་པོ་བྱེད་པ་ནི། ཁྱོད་ཉིད་ངལ་ཞིང་ཉོན་མོངས་པ་ཙམ་དུ་ཟད་ དོ། །དེ་བཞིན་དུ་མྱ་ངན་ལས་འདས་པ་ཆེན་པོ་གནས་ལུགས་ལ་བདེན་པར་གྲུབ་པར་ཁས་ བླངས་པ་ལ་མྱ་ངན་ལས་འདས་པ་དངོས་པོར་བདེན་པར་ཁས་ལེན་པ་ཡིན་ནོ་སྙམ་དུ་བསམ་ ནས། མྱ་ངན་ལས་འདས་པ་དངོས་པོ་དང༌། དངོས་པོ་མེད་པ་དང༌། དེ་གཉི་ག་དང༌། དེ་གཉི་ ག་མ་ཡིན་པའི་ངོ་བོ་ཡིན་པ་ལ། དབུ་མ་རྩ་ཤེ་རྩ་འགྲེལ་གྱི་གཞུང་མང་པོ་དྲངས་ནས་སུན་ 6-1-223 འབྱིན་སྨྲ་བ་ཡང༌། ཁྱོད་ཉིད་ངལ་ཞིང་ཉོན་མོངས་པ་ཙམ་དུ་ཟད་དེ། ཁོ་བོ་ཅག་མྱ་ངན་ལས་ འདས་པ་ཆེན་པོ་ནི་དངོས་པོ་དང་དངོས་པོ་མེད་པ་དང༌། དེ་གཉིས་ཀ་ཡིན་པ་གང་དུ་ཡང་ ཁས་བླངས་པ་མེད་པའི་ཕྱིར་རོ། །དབུ་མ་རྩ་ཤེར། མྱང་འདས་དངོས་པོ་དངོས་མེད་གཉིས་ ཀ་མ་ཡིན་པ་ལ་དགག་པ་མཛད་པ་ནི། མྱང་འདས་དེ་དངོས་པོ་དང་དངོས་མེད་གང་ཡང་མ་ ཡིན་པའི་ཀུན་རྫོབ་ཀྱི་ཆོས་ཞིག་ཡིན་པ་འགོག་པ་ཡིན་གྱི། སྤྱིར་དངོས་པོ་དང་དངོས་མེད་ གང་ཡང་མིན་པ་འགོག་པ་ནི་མ་ཡིན་ཏེ། མྱ་ངན་ལས་འདས་པ་ཆེན་པོ་ནི། དངོས་པོ་དངོས་ མེད་གང་ཡང་མ་ཡིན་པར་དོན་ལ་གནས་པའི་ཕྱིར་རོ། ། རྩ་བའི་རྒྱུད་དང་པོའི་སངས་རྒྱས་ལས། ཡོད་དང་མེད་ལས་རྣམ་པར་འདས། ། གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་ འབྱོར་བདེ་བ་ཆེ། །ཞེས་དང༌། དྲི་མ་མེད་པའི་འོད་ལས། དངོས་དང་དངོས་མེད་ཟད་པའི་ གཙོ། །ཐོག་མ་མེད་ཅིང་ཞི་བ་ཡི། །བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། །ཞེས་དང༌། དངོས་ དང་དངོས་མེད་ཟད་པ་རྡོ་རྗེའི་རྣལ་འབྱོར་གཉིས་སུ་མེད་པ་སྟེ། ཞེས་དང༌། དངོས་དང་དངོས་ པོ་མེད་པ་མེད་པ་དང་། །ཡེ་ཤེས་དང་ནི་སེམས་དཔའ་ཀུན་ཏུ་བཟང༌། །ཞེས་དང་། ཕྱོགས་ ཞེས་པ་ནི། དངོས་པོ་དང་དངོས་པོ་མེད་པ་དང༌། ཡོད་པ་དང་མེད་པ་དང༌། ཞེས་སོགས་ནས། ཕྱོགས་འདི་དག་དང་བྲལ་བ་ནི། སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་ རང་བཞིན་མེད་པ་སྟེ། ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། སྐུ་གསུམ་ལ་བསྟོད་པའི་ཆོས་ སྐུའི་བསྟོད་པར། དངོས་མིན་དངོས་པོ་མེད་པ་མ་ཡིན་མཁའ་ལྟར་རོ་གཅིག་རྟོགས་པར་ དཀའ་བའི་རང་བཞིན་ཅན། །ཞེས་གསུངས་ཏེ། རྡོ་རྗེའི་རྣལ་འབྱོར་དོན་དམ་བྱང་ཆུབ་ཀྱི་ སེམས་ཆོས་ཀྱི་སྐུ་མི་གནས་པའི་མྱ་ངན་ལས་འདས་པ་གནས་ལུགས་ཀ་ྱིདོན་ཏ། ེདངསོ་པོ་དང་ དངསོ་མདེ་གཉི་ག་མ་ཡནི་པར་གསུངས་པའི་ཕྱིར་རོ། །དེས་ན་ཀླུ་སྒྲུབ་ཀྱི་གཞུང་གི་དགོངས་ 6-1-224 པ་ཞིབ་ཏུ་མ་དཔྱད་པར། བབ་ཅོལ་གྱི་བཤད་པ་བྱས་ན། སྤྱིར་གསུང་རབ་ཟབ་མོ་རྣམས་ནང་ འགལ་ཅན་དང༌། བྱེ་བྲག་ཏུ་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམ་པར་དག་པ་རྣམས་ ནང་འགལ་ཅན་དུ་བསྒྲུབ་ན་ཡོངས་སུ་ཉམས་པའི་ལམ་དུ་ལྷུང་བར་འགྱུར་ཞིང༌། རིན་ཆེན་ ཕྲེང་བ་ལས། གཞན་ཡང་འདི་ནི་ལོག་བཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་ བས་མ་རུང་འདི་ཉིད་ཅན། །མནར་མེད་པར་ནི་སྤྱི་ཚུགས་འགྲོ། །ཞེས་གསུངས་པ་ལྟར་འགྱུར་ བར་དགོས་སོ། ། གཞན་ཡང་ཁྱེད་ཀྱི་ལུགས་ལ་རང་གི་ངོ་བོ་བདེན་པས་སྟོང་པ་མ་ཡིན་པའི་ཆོས་གཅིག་ མི་སྲིད་ན་དོན་དམ་པའི་བདེན་པ་མི་སྲིད་པར་འགྱུར་ཞིང་མི་གནས་པའི་མྱ་ངན་ལས་འདས་ པ་ཐོབ་པའང་མི་སྲིད་པར་འགྱུར་བས། རྩ་ཤེ་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་ པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ལ་མ་རྟེན་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། ། ཞེས་གསུངས་པ་ཁྱེད་ཉིད་ཀྱིས་ལུང་ཚད་མར་ཁས་བླངས་པ་དང་འགལ་བར་འགྱུར་བ་གང་ གིས་བཟློག་སྟེ་བཟློག་པར་མི་ནུས་སོ། ། གཞན་ཡང་གནས་ལུགས་ལ་དེ་ཁོ་ན་ཉིད་ཀྱི་དོན་མི་སྲིད་པར་འགྱུར་ཏེ། དཔྱད་ན་ བདེན་པའི་དོན་མི་སྲིད་པའི་ཕྱིར་རོ། །དེ་འདོད་ན། རྩ་བ་ཤེས་རབ་ལས། གཞན་ལ་ཤེས་མིན་ ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་ མཚན་ཉིད་དོ། །ཞེས་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་གསུངས་པ་དང༌། དྲི་མེད་འོད་ལས། སྐད་ ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི། རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་ཅེས་གསུངས་ སོ། །ཞེས་སངས་རྒྱས་ཉིད་ཀྱིས་གཉིས་སུ་མེད་པའི་རང་བྱུང་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་དོན་དུ་ གསུངས་པ་དང་འགལ་ལོ། ། གཞན་ཡང་ཁྱེད་ན་རེ། མྱ་ངན་ལས་འདས་པ་ནི་དཔྱད་ན་བདེན་པར་མི་འཐད་དེ། 6-1-225 བཅོམ་ལྡན་འདས་ཀྱིས་བདེན་པར་ཡོད་དོ་ཞེའམ། དོན་དམ་ལ་མེད་དོ་ཞེའམ། ཡོད་ཀྱང་ ཡོད་ལ་མེད་ཀྱང་མེད་དོ་ཞེའམ། ཡོད་པ་ཡང་མ་ཡིན་མེད་པའང་མ་ཡིན་པའི་རང་བཞིན་ དུ་བདེན་ནོ་ཞེས་མ་རྟོགས་པའི་ཕྱིར། རྩ་ཤེར། བཅོམ་ལྡན་མྱ་ངན་འདས་གྱུར་ནས། །ཡོད་ པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉི་ག་དང༌། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། ། བཅོམ་ལྡན་བཞུགས་པར་གྱུར་ན་ཡང༌། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་ གཉིས་ཀ་དང༌། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །ཞེས་པ་ཤེས་བྱེད་དུ་འགོད་པ་ཡང་ ཤིན་ཏུ་མ་འབྲེལ་ཏེ། ཁྱེད་ཀྱི་འདོད་པ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཆོས་ཀྱི་སྐུ་དཔྱད་ན་ མི་བདེན་པར་སྒྲུབ་པ་ཡིན་ལ་ལུང་གི་དགོངས་པ་ནི། བཅོམ་ལྡན་འདས་སྤྲུལ་པའི་སྐུ་མྱ་ངན་ ལས་འདས་སམ་བཞུགས་ཀྱང་རུང་སྟེ་བདེན་པར་ཡོད་དོ་ཞེའམ། བདེན་པར་མེད་དོ་ཞེའམ། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ་ཞེའམ། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་ བདག་ཉིད་དུ་བདེན་པ་འགོག་པ་ཡིན་ནོ། །རང་འགྲེལ་དུ། དེ་ལྟ་བས་ན་རྣམ་པ་ཐམས་ཅད་ ཀྱིས་ཀྱང་མྱ་ངན་ལས་འདས་པ་མི་འཐད་དོ། །ཞེས་འབྱུང་བ་ཡང༌། བཅོམ་ལྡན་འདས་སྤྲུལ་ པའི་སྐུ་མྱ་ངན་ལས་འདས་པར་བདེན་པར་འགོག་པ་ཡིན་གྱི། མྱ་ངན་ལས་འདས་པ་ཆེན་པོ་ ཆོས་ཀྱི་སྐུ་དཔྱད་ན་བདེན་པར་ཡོད་པ་ཅུང་ཟད་ཀྱང་མི་འགོག་པའི་ཕྱིར་རོ། ། ཡང་རྩ་ཤེར། འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ ངན་འདས་པ་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་པ་ལ་བརྟེན་ ནས། ཁྱོད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ནི་དཔྱད་ན་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་ མ་ཡནི་ཏ། ེརང་གི་ངོ་བོ་བདནེ་པས་སྟོང་པའི་ཕརྱི་ན་དཔྱད་ན་སྐྱེ་འགག་བདེན་པ་མེད་པའི་ ཕྱིར། ཞེས་སྒྲུབ་པ་ཡང་རིགས་པ་མ་ཡིན་ཏེ། མྱ་ངན་ལས་འདས་པ་ནི་རིགས་པས་རྣམ་པར་ དཔྱད་པར་བྱ་བའི་ཡུལ་མ་ཡིན་པའི་ཕྱིར་ཏེ། བསམ་གྱིས་མི་ཁྱབ་ཅིང་བརྟག་པར་བྱ་བ་མ་ཡིན་ 6-1-226 པའི་ཕྱིར་རོ། ། རྒྱུད་བླ་རྩ་འགྲེལ་ལས། དེ་པ་རྣམས་ཀྱི་གནས་ཡོངས་སུ་གྱུར་པས་རབ་ཏུ་ཕྱེ་བ་ཐོབ་ པའི་ཚུལ་དེ་ཡང༌། བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པས། བསམ་ གྱིས་མི་ཁྱབ་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། ངག་ཡུལ་མིན་ཕྱིར་དོན་དམ་ གྱིས་བསྡུས་ཕྱིར། །རྟོག་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ ཞིས་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །དེའི་བསྡུས་ པའི་དོན་ནི་ཚིགས་སུ་བཅད་པ་བཞིས་རིགས་པར་བྱ་སྟེ། བསམ་མེད་བརྗོད་དུ་མེད་ཕྱིར་ ཏེ། །བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །དོན་དམ་བརྟག་བྱ་མིན་ཕྱིར་ཏེ། །བརྟག་མིན་ རྗེས་དཔག་བྱ་མིན་ཕྱིར། །དཔག་མིན་བླ་ན་མེད་ཕྱིར་ཏེ། །བླ་ན་མེད་པ་མ་བསྡུས་ཕྱིར། །མ་ བསྡུས་གནས་པ་མེད་ཕྱིར་ཏེ། །ཡོན་ཏན་སྐྱོན་རྟོག་མེད་ཕྱིར་རོ། །རྒྱུ་ལྔ་དག་གིས་ཕྲ་བའི་ ཕྱིར། །ཆོས་སྐུ་བསམ་མི་ཁྱབ་པ་སྟེ། །དྲུག་པས་དེའི་དངོས་མིན་ཕྱིར། །གཟུགས་སྐུ་བསམ་ མི་ཁྱབ་པའོ། །བླ་མེད་ཡེ་ཤེས་ཐུགས་རྗེ་ཆེ་སོགས་ཡོན་ཏན་གྱིས། །ཡོན་ཏན་ཕ་རོལ་ཕྱིན་ པའི་རྒྱལ་བ་བསམ་མི་ཁྱབ། །དེས་ན་རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི། །དྲང་སྲོང་ཆེན་ པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན། །ཞེས་གསུངས་པ་ལྟར་ཁོང་དུ་ཆུད་པར་བྱ་དགོས་ སོ། ། འོ་ན་འཕགས་པ་ཀླུ་སྒྲུབ་ཀྱིས། འཁོར་འདས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པར་ གསུངས་པའི་ལུང་དེའི་དོན་ཇི་ལྟར་དྲང་ཞེ་ན་ལུང་དེས་ནི་འཁོར་བའི་དེ་བཞིན་ཉིད་དང་། མྱ་ངན་ལས་འདས་པའི་དེ་བཞིན་ཉིད་ཡང་དག་པའི་མཐའ་ལ་ཁྱད་པར་མེད་པར་བསྟན་ པ་ཡིན་ཏེ། ཚིགསསུ་བཅད་པ་དེའི་དོན་ཚིགས་སུ་བཅད་པ་གཉིས་པས་བཤད་པ། མྱ་ངན་ འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ 6-1-227 ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་དང་། དེའི་རང་འགྲེལ་དུ། མྱ་ངན་ལས་འདས་ པ་དང་འཁོར་བའི་ཡང་དག་པའི་མཐའ་དང༌། སྐྱེ་བ་མེད་པའི་མཐའ་དང༌། ཡང་དག་པའི་ མཐར་ཐུག་པ་གང་ཡིན་པ་དེ་དག་ནི་དམིགས་སུ་མེད་པར་མཉམ་པ་ཉིད་ཀྱིས་ཁྱད་པར་ཤིན་ ཏུ་ཕྲ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས་སོ། ། དེས་ན་དཔྱད་ན་འཁོར་འདས་གཉིས་ཁྱད་པར་མེད་པ་དང༌། འཁོར་འདས་ཀྱི་དེ་བཞིན་ ཉིད་ཡང་དག་པའི་མཐའ་ལ་ཁྱད་པར་མེད་པ་ནི། ཁྱད་པར་ཤིན་ཏུ་ཆེའོ་མྱང་འདས་ཆེན་པོ་ ཆོས་ཀྱི་སྐུ་ཡང་དག་པར་བདེན་པ་དང་རྟག་པ་ལ་སོགས་པ་རྣམ་པར་བཞག་པ་ནི། ངེས་པའི་ དོན་གྱིས་ལུང་ལས་ཇི་ལྟར་གསུངས་པ་ལྟར་རྣམ་པར་བཞག་པ་ཡིན་གྱི་རིགས་པས་དཔྱད་ པའི་རྣམ་བཞག་ནི་མ་ཡིན་ནོ། །ཕྱི་ནང་རྟེན་འབྲེལ་གྱི་ཆོས་ཐམས་ཅད་ནི་རིག་པས་དཔྱད་ ན་ཡང་དག་པར་བདེན་པར་མེད་པ་དང༌། སྐྱེ་མེད་འགག་མེད་སོགས་སུ་གཏན་ལ་འབེབས་ པར་ཁོ་བོ་ཅག་འདོད་པ་ཉིད་ཡིན་ནོ། ། ཡང་ཁྱེད་ཀྱི་ལུགས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་སྤྲོས་ པ་ཐམས་ཅད་ཉེ་བར་ཞི་བའི་ངོ་བོ་ལ་མི་གནས་པའི་ཚུལ་གྱིས་གནས་པ་དེའི་ཚེ་མཚན་མ་ ཐམས་ཅད་ལ་དམིགས་པའི་ཕྱིར། གདུལ་བྱ་སུ་ལ་ཡང་ཆོས་འགའ་ཡང་མ་བསྟན་ཏེ། དེ་ པའི་གསང་བའི་མདོ་ལས་ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་པ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། གང་གི་ནུབ་མོ་ལེན་པ་མི་ མངའ་བར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་དེའི་བར་དུ་དེ་པས་ཐ་ན་ཡི་གེ་གཅིག་ ཀྱང་མ་གསུངས་སོ། །རབ་ཏུ་མ་གསུངས་སོ། །གསུང་བར་མི་འགྱུར་རོ། །ཞེས་དང༌། རྩ་ ཤེར། དམིགས་པ་ཐམས་ཅད་ཉེར་ཞི་ཞིང༌། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་ཀྱི་ནི་ གང་དུ་ཡང༌། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་གསུངས་པས་སོ་ཟེར་བ་ཡང་ལུང་ 6-1-228 གི་དགོངས་པ་མ་ཤེས་པ་སྟེ། ལུང་དེ་དག་གི་དགོངས་པ་ནི། གདུལ་བྱ་སེམས་ཅན་རྣམས་ཀྱི་ རང་རང་གི་སྣང་བ་ལ། སངས་རྒྱས་སྤྲུལ་བའི་སྐུས་མགྲིན་པ་དང༌། རྐན་ལ་སོགས་པ་དང་ ཞལ་གྱི་སྒོ་ནས་ཆོས་གསུངས་པ་ལྟར་སྣང་བ་དེ་གནས་ལུགས་ལ་མི་བདེན་ཞིང་། དོན་དམ་ པའི་སངས་རྒྱས་ཆོས་ཀྱི་སྐུས་ཆོས་སྟོན་པའི་ཚུལ་དེ་ལྟ་བུས་ཆོས་གསུངས་པ་འགའ་ཡང་མེད་ དོ། །ཞེས་པ་ཡིན་གྱི་སངས་རྒྱས་ཆོས་ཀྱི་སྐུས་ཡང་དག་པར་ན་ཆོས་འགའ་ཡང་བསྟན་པ་ མེད་ཅེས་པ་ནི་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་རང་སྣང་ལ་ཆོས་སྟོན་པའི་ཚུལ་ བསམ་གྱིས་མི་ཁྱབ་པ་ཡོད་པའོ། །དེའང་ཀྱེའི་རྡོ་རྗེ་ལས། འཆད་པ་པོ་ང་ཆོས་ཀྱང༌ང་། །རང་ གི་ཚོགས་ལྡན་ཉན་པ་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། །འཇིག་རྟེན་འཇིག་རྟེན་འདས་ པ་ང་། །ལྷན་ཅིག་སྐྱེས་དགའི་རང་བཞིན་ང་། །ཞེས་དང༌། ཀྱེའི་རྡོ་རྗེ་ལྷན་ཅིག་སྐྱེས་པའི་ དགའ་བ་ཆོས་ཀྱི་སྐུ་ཉིད་ལ་ཆོས་གསུང་བ་པོ་དང་ཉན་པ་པོ་གཉིས་ཀ་དབྱེར་མེད་དུ་ཡོད་ པར་གསུངས་ཤིང༌། གདུལ་བྱ་སེམས་ཅན་རྣམས་ལ་ཡང་དངོས་སུ་སྤྲུལ་པའི་སྐུས་ཆོས་སྟོན་ པར་སྣང་ཡང་དོན་ལ་ཆོས་སྟོན་པ་པོ་ནི་ཆོས་ཀྱི་སྐུ་ཉིད་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོ་ ལས། དཔལ་ལྡན་ཟླ་བ་དང་ནི་ཟླ་བ་ཆུ་ཤེལ་རྣམ་རྟོག་མེད་པའི་རང་བཞིན་ལས་ནི་ཆུ་འབྱུང་ པ། །དེ་བཞིན་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་པོ་ལ་རྟེན་ཐམས་ཅད་མཁྱེན་པའི་ ཆོས་འཛག་སྟེ། །ཞེས་གསུངས་ཏེ། རྒྱལ་བའི་བདག་པོ་ནི་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུ་ ཡིན་ལ། དེའི་ཕུང་པོ་ནི་ཀུན་རྫོབ་འཇིག་རྟེན་ལས་འདས་པའི་གཟུགས་ཀྱི་ཕུང་པོ་མེ་ལོང་ལྟ་ བུའི་ཡེ་ཤེས་ཞེས་སོགས་གསུངས་པ་རྣམས་ཏེ། དེ་དག་ལ་བརྟེན་ནས་ཆོས་འཛག་པ་ནི་རྡོ་རྗེ་ སེམས་དཔའི་ཆོས་ཀྱི་སྐུ་ཉིད་ཀྱིས་ཆོས་གསུངས་པའི་དོན་ཡིན་ཞིང་དེ་ཉིད་ལས། རྒྱལ་བའི་ སྐུའི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱི་བསྒྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། །གསུང་གི་ རྡོ་རྗེ་སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པའོ། །ཞེས་ 6-1-229 གསུངས་པའི་གསུང་རྡོ་རྗེ་ནི་གདུལ་བྱ་སེམས་ཅན་གྱིས་ཐོས་པའི་གསུང་གི་རྣམ་པ་ནི་མ་ ཡིན་གྱིས། རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུ་ཉིད་དང་དབྱེར་མེད་པའི་གསུང་གཞོམ་མེད་ཀྱི་སྒྲ་ རྣམ་པ་ཐམས་ཅད་པ་སྟེ། དེའི་མཐུ་ལས་སེམས་ཅན་རྣམས་ལ་རང་རང་གི་སྐད་ཀྱིས་ཆོས་ སྟོན་པའི་སྣང་བ་ཤར་བ་ཉིད་དུ་ཤེས་པར་བྱའོ། །དོན་འདི་ནི་གོང་དུ་དོན་དམ་གྱིས་ལོངས་སྐུ་ གཏན་ལ་དབབ་པའི་སྐབས་སུ་ཡང་ཅུང་ཟད་བསྟན་ཟིན་ཏོ། ། གཞན་ཡང་དགྲ་བཅོམ་རྣམས་དང་བྱང་སེམས་དག་པའི་ས་པ་རྣམས་ལ་སངས་རྒྱས་ ཆོས་ཀྱི་སྐུ་ཉིད་དངོས་སུ་ཆོས་སྟོན་པར་ཡང་གསུངས་ཏེ། དཔལ་དུས་ཀྱི་འཁོར་ལོ་ལས། ལོངས་སྤྱོད་རྫོགས་པས་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་ བཅོམ་རྣམས་ལ་ཆོས་སྐུ་ཡིས། །ཞེས་གསུངས་སོ། །དེའི་ཕྱིར་སངས་རྒྱས་ཆོས་སྐུའི་རང་སྣང་ ལ་ཆོས་སྟོན་པའི་གསུང་རྣམ་པ་ཐམས་ཅད་པ་གནས་ལུགས་ལ་ཡོད་པ་ནི་གསུང་གི་གསང་ བ་བསམ་གྱིས་མི་ཁྱབ་པ་སྟེ། ཕྱི་མཚན་ཉིད་ཀྱི་ཐེག་པར་མ་གྲགས་པ་ཡིན་ནོ། ། གཞན་ཡང་ཁྱེད་ཀྱིས་རྩ་ཤེའི་ལུང་། བདག་གོ་ཞེས་ཀྱང་བརྟགས་འགྱུར་ཞིང༌། །བདག་ མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་ ཡང་མེད་པར་བསྟན། །ཞེས་པ་འདི། ཁོ་བོ་ཅག་གིས་འཇིག་རྟེན་ལས་འདས་པའི་བདག་ དང་དམ་པའི་བདག་དང་། བདག་ཉིད་ཆེན་པོའི་བདག་དང༌། དེ་བཞིན་ཉིད་བདག་དག་ པའི་བདག་ཁས་བླངས་པ་ལ་གནོད་བྱེད་དུ་འགོད་པ་ཡིན་ན་ནི་ཅུང་ཟད་ཀྱང་གནོད་པ་མེད་ དེ། ལུང་དེའི་དོན་ནི་རང་འགྲེལ་ཉིད་ལས། འཇིག་རྟེན་ཕ་རོལ་མེད་པར་ལྟ་བ་ལ་སོགས་པ་ ཆད་པར་ལྟ་བ་ཟློག་པའི་ཕྱིར། བདག་གོ་ཞེས་བསྟན་པ་དང༌། བྱེད་པ་པོ་དང༌། ཟ་བ་པོའི་ གང་ཟག་གི་བདག་ཏུ་ལྟ་བ་བཟློག་པའི་ཕྱིར། བདག་མེད་ཅེས་ཀྱང་བསྟན་པ་དང༌། དོན་དམ་ པའི་གཏམ་གྱིས་གནོད་དུ་གྱུར་པ་དག་ལ་བདག་དང་བདག་མེད་པ་འགའ་ཡང་མེད་པར་ 6-1-230 བསྟན་པ་ཡིན་པར་བཤད་ལ། བདག་དང་བདག་མེད་པ་འགའ་ཡང་མེད་པའི་དོན་ནི། རྒྱུད་ བླར། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག །ཅེས་གསུངས་ པའི་དོན། འཕགས་པ་ཐོགས་མེད་ཀྱིས། མུ་སྟེགས་པས་བརྟགས་པའི་བདག་གི་སྤྲོས་པ་ དང༌། ཉན་ཐོས་པས་བརྟགས་པའི་གང་ཟག་གི་བདག་མེད་པའི་སྤྲོས་པ་ཉེ་བར་ཞི་བའི་ཕྱིར། ཆོས་ཀྱི་སྐུ་དམ་པའི་བདག་གམ་བདག་གི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་བཤད་པ་ལྟར། འདིར་ཡང་གང་ཟག་གི་བདག་ཡོད་པའི་སྤྲོས་པ་དང༌། གང་ཟག་གི་བདག་མེད་པའི་སྤྲོས་པ་ འགའ་ཡང་མེད་ཅེས་བསྟན་པ་ཡིན་གྱི། འཇིག་རྟེན་ལས་འདས་པའི་བདག་དང་བདག་མེད་ པ་འགའ་ཡང་མེད་ཅེས་བསྟན་པ་ནི་མ་ཡིན་པར་གཞུང་གི་འབྲེལ་ཉིད་ལས་ཤིན་ཏུ་གསལ་ བར་བསྟན་པའི་ཕྱིར་རོ། །དོན་འདི་ནི་འཁྲུལ་འཇོམས་སྔ་མ་ཉིད་དུ་གཏན་ལ་ཕབ་ཟིན་པས། བཏགས་ཟིན་པ་ལ་སླར་ཡང་ཅི་ཞིག་འཐག་པར་བྱེད། ཡང་ཁྱེད་ན་རེ། མྱ་ངན་ལས་འདས་པ་རང་གི་ངོ་བོ་མི་སྟོང་པ་ནི་འགྲེལ་པ་གནོད་ འཇོམས་ཀྱི་དགོངས་པ་ཡང་མིན་ཏེ། གནོད་འཇོམས་ལས། ཡང་བྱང་ཆུབ་སེམས་དཔའ་ འདི་སྙམ་དུ་སེམས་ཏེ། འདུས་བྱས་རྣམས་ནི་འདུས་བྱས་མིན་པའི་ཕྱིར་སྟོང་པར་འགྱུར་གྱི། འདུས་མ་བྱས་གང་ཡིན་པ་དེ་ནི་འདུས་བྱ་མ་ཡིན་པའི་ཕྱིར་དོན་དམ་པའི་ངོ་བོ་ཉིད་དོ་སྙམ་ ནས་ཡང་འདི་ལྟར་གཏན་ལ་ཕབས་ཏེ། འདུས་མ་བྱས་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་ ནི་གང་ཡང་མེད་དེ། འདུས་མ་བྱས་ཞེས་བྱ་བ་ཡང༌། འདུས་བྱས་ཀྱི་དངོས་པོ་མེད་པའི་ངོ་བོ་ ཉིད་ལ་བྱའི་དོན་དམ་པར་ཡོད་པ་མ་ཡིན་ཏེ། འདི་ལྟར་དཔེར་ན་ནམ་མཁའ་ནི་འདུས་བྱས་ ཀྱི་དངོས་པོ་ཐམས་ཅད་མེད་པའི་མཚན་ཉིད་བྱའི། དེ་ལས་གཞན་ཡང་ཤིན་ཏུ་གྲུབ་པའི་ མཚན་ཉིད་དུ་ཡོད་པ་ནི་མ་ཡིན་ནོ། །སོ་སོར་བརྟགས་པས་འགོག་པ་ཡང༌། འདུས་བྱས་ཀྱི་ ཆོས་ཐམས་ཅད་མེད་པའི་མཚན་ཉིད་ཁོ་ནའོ། །དེ་བཞིན་དུ་སོ་སོར་བརྟགས་པ་མ་ཡིན་པས་ 6-1-231 འགོག་པ་ཡང་འདུ་བྱེད་ཀྱི་ཆོས་ཞིག་པའི་མཚན་ཉིད་དོ། །ཉན་ཐོས་ཀྱི་ཚུལ་གྱིས་ཀྱང༌། འདི་ དག་དོན་དམ་པར་ཡོད་པ་མ་ཡིན་ན། སྟོང་པ་ཉིད་ཀྱི་ཚུལ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ དག་ཀྱང་སྟོང་པ་ཉིད་དུ་རྟོགས་པ་འདི་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །ཞེས་སོ། ། གཞན་ཡང་འཇིག་རྟེན་ལས་འདས་པའི་ལམ་གྱི་མེས་ཉོན་མོངས་པའི་ཤིང་གི་ས་བོན་ བསྲེགས་པའི་ཕྱིར། ཡང་མི་སྐྱེ་བའི་ངོ་བོ་ཉིད་ངོ་བོ་ཉིད་ཀྱིས་མི་སྐྱེ་བ་དེ་ལ་མྱ་ངན་ལས་ འདས་པའོ། །ཞེས་བཏགས་པའོ། །ཉན་ཐོས་ཀྱི་ཚུལ་ལ་ཡང་མྱ་ངན་ལས་འདས་པ་ཞེས་བྱ་ བ་ཆོས་གཞན་དུ་གྱུར་པ་ཅི་ཡང་མེད་ན། །སྟོང་པ་ཉིད་ཀྱི་ཚུལ་དེ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདིར་ནི་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །ཞེས་སོ། ། ཡང་གལ་ཏེ་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཆོས་འགའ་ཞིག་ཡོད་ན་ནི། སྟོང་པ་ཉིད་ ལས་མ་གཏོགས་པ་གཞན་ཞིག་ཡོད་པར་འགྱུར་ཏེ། ཡོད་པས་གོས་པར་ཡང་འགྱུར་རོ། །དེ་ བས་ན་ཚིག་དེ་བཙན་པར་བྱས་ནས་མྱ་ངན་ལས་འདས་པ་ཡང་སྤྲུལ་པ་ཡིན་ནོ། །ཞེས་བརྗོད་ པར་བྱ་བར་འགྱུར་རོ། །ཞེས་གསུངས་སོ། ། སྟོང་པ་ཉིད་ཀྱང་རང་གི་ངོ་བོ་བདེན་པས་སྟོང་པའི་རང་སྟོང་ཡིན་པར་བསྟན་ཏེ། དེ་ཉིད་ ལས། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དུ་གྱུར་པ་འདི་ནི་སྟོང་པ་ ཉིད་སྟོང་པ་ཉིད་ཅེས་བྱ་སྟེ། སྟོང་པ་ཡང་དེ་ཡིན་ལ་སྟོང༌ཉིད་ཀྱང་དེ་ཡིན་པའི་ཕྱིར། སྟོང་པ་ ཉིད་སྟོང་པ་ཉིད་ཅེས་བྱའོ། །གང་གིས་སྟོང་ཞེ་ན། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་ པ་སྟེ། སྟོང་པ་ཉིད་དེས་སྟོང་ངོ་། །ཇི་སྐད་བསྟན་པར་འགྱུར་ཞེ་ན། སྟོང་པ་ཉིད་ལ་སྟོང་པ་ ཉིད་གཉིས་པ་གཞན་ནི་ཡོད་པ་མ་ཡིན་གྱི་ངོ་བོ་ཉིད་ཁོ་ནས་སྟོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། ། ཞེས་སོ། ། ཡང་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཆོས་ཐམས་ 6-1-232 ཅད་དམིགས་སུ་མེད་པ་ཡིན་ན། དེ་ལྟ་ན་ནི་དམིགས་སུ་མེད་པའི་ཆོས་གཞན་དུ་གྱུར་པ་ ཞིག་ཡོད་དོ། །གལ་ཏེ་དམིགས་སུ་མེད་པ་མེད་དུ་ཟིན་ན། ཆོས་རྣམས་དམིགས་སུ་ཡོད་ པར་འགྱུར་ཏེ། དེ་བས་ན་དམིགས་སུ་མེད་པ་ནི། ཡོད་དོ་སྙམ་ནས་ཡང་འདི་ལྟར་གཏན་ལ་ འབེབས་ཏེ། འདི་ལ་དམིགས་སུ་མེད་པ་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་ནི་ཡོད་པར་མི་ རིགས་སོ། །གལ་ཏེ་དམིགས་སུ་མེད་པ་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་ཞིག་ཡོད་ན་ནི། དམིགས་སུ་མེད་པ་དེ་ལས་གུད་ན་དམིགས་པ་ཡང་ཡོད་པར་འགྱུར་རོ། །དེའི་ཕྱིར་དམིགས་ སུ་མེད་པ་ནི་དམིགས་པའི་ངོ་བོ་ཉིད་དུ་འགྱུར་རོ། །དེ་ཡང་བཀག་པའི་ཕྱིར་དེ་ལྟར་མི་རུང་ སྟེ། དེ་ཉིད་དམིགས་པ་ཡིན་ལ་དེ་ཉིད་དམིགས་སུ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་འགལ་ ལོ། །ཅི་སྟེ་ཡང་འདི་སྙམ་དུ་དམིགས་སུ་མེད་པ་ལ་ནི་དམིགས་པ་ཡོད་པ་མ་ཡིན་ནོ། །སྙམ་ དུ་སེམས་ན་ཡང་། དེ་ལྟ་ན་ནི་དམིགས་སུ་མེད་པའི་ཕྱིར། དམིགས་སུ་མེད་པ་ཡང་མེད་པ་ ཉིད་དུ་འགྱུར་རོ། །དེའི་ཕྱིར་དམིགས་སུ་མེད་པ་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་ཡོད་དོ་ ཞེས་བྱ་འདི་མི་རིགས་ཀྱི་ཆོས་རྣམས་ཀྱི་དམིགས་པ་མེད་པ་ཉིད་ལ་དེ་དང་དེར་དམིགས་སུ་ མེད་པ་ཞེས་ཐ་སྙད་བཏགས་པ་འབའ་ཞིག་ཏུ་ཟད་དེ། དེ་བས་ན་འདི་ནི་མི་དམིགས་པ་སྟོང་ པ་ཉིད་ཅེས་བྱའོ། །ཞེས་སོ། །དོན་དམ་པ་ཡང་རང་གི་ངོ་བོ་བདེན་པས་སྟོང་པར་བསྟན་ཏེ། དེ་ ཉིད་ལས། ཡང་འདི་ལྟར་གཏན་ལ་འབེབས་ཏེ། དོན་དམ་པ་ཞེས་བྱ་བའི་ཆོས་ནི་གང་ཡང་ མེད་དེ། དེ་བཞིན་གཤེགས་པའི་སྙིང་པོ་གྲུབ་པའི་གནས་སྐབས་སུ་གྱུར་པ་གང་ཡིན་པ་དེ་ ནི། ཆོས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། དེ་ཡོད་དོ་ཞེས་བྱ་བའམ། མེད་དོ་ཞེས་བྱ་བར་བརྗོད་མི་ ནུས་སོ། །ཡོངས་སུ་གྲུབ་པའི་གནས་སྐབས་དེ་ནི་ཡོད་དོ་ཞེས་བྱ་བར་ཡང་མི་རུང་སྟེ། འདི་ ལྟར་ཀུན་ཏུ་བརྟགས་པའི་བཟུང་བ་དང་འཛིན་པ་གཉིས་མེད་པའི་མཚན་ཉིད་དུ་རྣམ་པར་ བཞག་པའི་ཕྱིར་ཏེ། མེད་པའི་མཚན་ཉིད་ལ་ནི་ཡོད་དོ་ཞེས་བརྗོད་དུ་མི་རུང་ངོ༌། །དེ་མེད་ 6-1-233 དོ་ཞེས་ཀྱང་བརྗོད་དུ་མི་རུང་སྟེ། འདི་ལྟར་གཉིས་དང་བྲལ་བའི་ངོ་བོ་ཉིད་དུ་ནི་ཡོད་དོ། །དེ་ ལྟར་གྱུར་པ་དེ་ལ་གལ་ཏེ་ཡོད་དོ་ཞེས་བརྗོད་ན། དངོས་པོའི་བདག་ཉིད་དུ་[མེད་ན་གཟུགས་ དེ་]སྒྲོ་བཏགས་པའི་མཐར་འགྱུར་རོ། །ཅི་སྟེ་རྫས་སུ་མེད་དོ་ཞེས་བརྗོད་ན་ཡང་རི་བོང་གི་རྭ་ ལ་སོགས་པ་བཞིན་དུ་མེད་པ་ཉིད་དུ་འགྱུར་ཏེ། བསྐུར་བའི་མཐར་འགྱུར་རོ། །དེ་བས་ན་ གཉིས་ཀ་ལྟར་ཡང་བརྗོད་དུ་མི་རུང་བས་དེ་ལྟར་བརྟག་པར་མི་བྱའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་ འཛིན་ལ་དམིགས་སོ། །ཞེས་གང་སྨྲས་པ་དེ་ཡང་མ་བརྟགས་པར་སྨྲས་པ་སྟེ། སངས་རྒྱས་ རྣམས་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ། འཇིག་རྟེན་ལས་འདས་པ་ནི་ཅི་ལ་ཡང་མི་དམིགས་ ཏེ། དེའི་ཚེ་བཟུང་བ་དང་འཛིན་པའི་རྣམ་པ་མེད་པའི་ཕྱིར། ཤིན་ཏུ་རྣམ་པར་དག་པའི་ བདག་ཉིད་དུ་གནས་གྱུར་པས། ཅི་ལ་ཡང་མི་དམིགས་མོད་ཀྱི། འོན་ཀྱང་ཐོག་མ་མེད་པ་ ཅན་གྱི་འཁོར་བ་ན། སྔོན་འཛིན་པའི་བདག་ཉིད་དུ་གོམས་པས། དེའི་ཚེ་རྣམ་པར་ཤེས་པའི་ ངོ་བོ་ཉིད་མ་ཡིན་པའི་ཕྱིར། རང་ཉིད་ཀྱི་གཟུང་བ་མེད་དུ་ཟིན་ཀྱང༌། རང་ཉིད་ཀྱི་འཛིན་པ་ བཞིན་དུ་འཇུག་པ་ལ་ཉེ་བར་གདགས་སོ། །དེ་ནི་དམིགས་པར་བྱ་བ་དང་དམིགས་པར་བྱེད་ པའི་དངོས་པོ་མཉམ་པས་མཉམ་པ་ཞེས་བྱའོ། །དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་ ཡང་དེ་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། ། ཡང་དེ་ཉིད་ལས། རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ རྣམས་ཀྱི་རང་བཞིན་ཆོས་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་ནི། ཉན་ཐོས་སམ། རང་སངས་ རྒྱས་སམ། དེ་པའམ། གང་གིས་ཀྱང་མ་བྱས་མ་མཐོང་སྟེ། དེ་བས་ན་(ཚིག་རྡོག་ཅིག་མི་གསལ་) བཞིན་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ཡང༌། རང་བཞིན་གྱིས་སྟོང་སྟེ། ཆོས་ ཅན་ཐམས་ཅད་ཡོད་ན་ནི་རང་བཞིན་དེ་ཡང་གྲུབ་པ་ཞིག་ན། འདི་ལྟར་ཆོས་ཅན་ཉིད་མེད་ ན་རང་བཞིན་དེ་གང་གིས་ཡིན་པར་བརྗོད་པར་འོས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་རང་ 6-1-234 བཞིན་ནི་རང་བཞིན་གྱིས་སྟོང་ཞེས་བྱ་བར་གསུངས་སོ། ། ཡང་དེ་ཉིད་ལས། དོན་དམ་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ ཡིན་པས་ཡོངས་སུ་མ་གྲུབ་པའི་མཚན་ཉིད་ཡིན་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ རོ། །ཞེས་གསུངས་སོ། །ཞེས་ཟེར་བ་འདི་ལ་ཡང་རྣམ་པར་དཔྱད་པར་བྱ་སྟེ། གནོད་འཇོམས་ ཀྱི་ལུང་དེ་དག་གིས་ནི། མྱ་ངན་ལས་འདས་པ་དང་དོན་དམ་པའི་བདེན་པ་རང་གི་ངོ་བོ་དོན་ དམ་པར་དངོས་པོའི་ངོ་བོ་མ་གྲུབ་པར་བསྟན་པ་ཡིན་གྱི། རང་གི་ངོ་བོ་དོན་དམ་པར་མི་བདེན་ པའི་རང་སྟོང་དུ་བསྟན་པ་ནི་མ་ཡིན་ཏེ། ལུང་དེ་ཉིད་ལས། ཡང་གལ་ཏེ་མྱ་ངན་ལས་འདས་ པ་ཞེས་བྱ་བའི་ཆོས་འགའ་ཞིག་ཡོད་ན་ནི་སྟོང་པ་ཉིད་ལས་མ་གཏོགས་པ་གཞན་ཞིག་ཡོད་ པར་འགྱུར་ཏེ། ཡོད་པས་གོས་པར་ཡང་འགྱུར་རོ། །ཞེས་བཤད་ཅིང༌། སྟོང་པ་ཉིད་ལས་ མ་གཏོགས་པ་གཞན་ཞིག་ཡོད་པར་འགྱུར་ཞེས་པའི་དོན་ནི་འདུས་བྱས་ཀྱི་དངོས་པོར་ཡོད་ པར་འགྱུར་ཞེས་པའི་དོན་དུ་ཤེས་དགོས་པ་ཡིན་ནོ། །དེ་བཞིན་དུ་ལུང་དེ་ཉིད་ལས། དོན་ དམ་ཡོངས་གྲུབ་དེ་ཡོད་དོ་ཞེས་བྱ་བར་མི་རུང་བའི་དོན་དེ་ལྟར་གྱུར་པ་དེ་ལ་གལ་ཏེ་ཡོད་དོ་ ཞེས་བརྗོད་ན་དངོས་པོའི་བདག་ཉིད་དུ་ཡོད་པར་འགྱུར་སྒྲོ་བཏགས་པའི་མཐར་འགྱུར་རོ། ། ཞེས་བཤད་པས་ཀྱང་ཡོད་པའི་དོན་དངོས་པོར་ཡོད་པ་ལ་བྱས་པ་ཡིན་ནོ། ། དེ་ལྟ་མ་ཡིན་པར་དོན་དམ་བདེན་པ་ཡང་རང་གི་ངོ་བོ་བདེན་པས་སྟོང་པར་བསྟན་པ་ ཡིན་ན། གནོད་འཇོམས་ཉིད་ལས། ཡོངས་གྲུབ་དེ་མེད་དོ་ཞེས་ཀྱང་བརྗོད་དུ་མི་རུང་སྟེ། འདི་ལྟར་གཉིས་དང་བྲལ་བའི་ངོ་བོ་ཉིད་དུ་ནི་ཡོད་དོ་ཞེས་དང༌། ཡང་འདི་ལྟར་གཏན་ལ་ འབེབས་ཏེ། མི་རྟག་པ་ཉིད་ཀྱི་ཆོས་དེ་ནི་དོན་དམ་པའི་ཆོས་སུ་མི་རུང་སྟེ། དོན་དམ་པའི་ ཆོས་མི་རྟག་པ་དང༌། སྐྱེ་བ་དང༌། འཇིག་པར་ཇི་ལྟར་འགྱུར། འགྱུར་བ་དང༌། རྣམ་པར་ འགྱུར་བའི་ཆོས་ཅན་ནི་དོན་དམ་པ་ཞེས་བྱར་མི་རུང་གི། བདེན་པ་གང་ཡིན་པ་དང༌། ཕྱིན་ཅི་ 6-1-235 མ་ལོག་པ་གང་ཡིན་པ་དེ་དག་ནི་དོན་དམ་པ་ཉིད་དོ། །ཞེས་དོན་དམ་པའི་བདེན་པ་དེ་བདེན་ པ་ཡིན་དང༌། ཕྱིན་ཅི་མ་ལོག་པར་ཡིན་པར་བཤད་པ་དེ་ཡང༌། དོན་དམ་པར་བདེན་པ་ཉིད་ དུ་བཤད་པ་ཡིན་ཡང་། གནོད་འཇོམས་ལས། དོན་དམ་བདེན་པ་རང་གི་ངོ་བོ་བདེན་པས་ སྟོང་པར་བཤད་དོ། །ཞེས་ཟེར་བ་ནི་གཞུང་ལུགས་ལྟ་བ་ལ་ཅེ་རེ་ལོང་དུ་གྱུར་པར་རིག་པར་ མཛོད་ཅིག གཞན་ཡང་གནོད་འཇོམས་ལས་སྟོང་པ་ཉིད་ཀྱང་རང་གི་ངོ་བོ་བདེན་པས་སྟོང་པའི་ རང་སྟོང་ཡིན་པར་བསྟན་ནོ་ཞེས་པ་དེ། ཅི་ཀུན་རྫོབ་རྟེན་འབྲེལ་གྱི་ཆོས་རྣམས་ཀྱིས་སྟོང་པ་ ཉིད་དེ། རང་གི་ངོ་བོས་སྟོང་པ་མ་ཡིན་པར་ནི་ཁོ་བ་ཅག་ཀྱང་མི་འདོད་ལ། བདེ་གཤེགས་ སྙིང་པོའི་ངོ་བོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་རང་གི་ངོ་བོ་སྟོང་པ་ཡིན་པར་ནི་གནོད་ འཇོམས་ཀྱི་ལུང་དེ་ལས་ཅུང་ཟད་ཀྱང་མ་བཤད་པའི་ཕྱིར་རོ། །ལུང་དེ་ཁོ་བོ་ཅག་ལ་གནོད་ བྱེད་དུ་འགོད་པ་ནི་ངལ་བ་ཙམ་དུ་ཟད་དོ། ། གཞན་ཡང་སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དོན་སྟོན་པའི་ལུང་དེས་སྟོང་པ་ཉིད་ ཀྱི་དོན་རྟེན་འབྲེལ་གྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་ཡིན་གྱི། སྟོང་པ་ཉིད་གཉིས་ པ་གཞན་ཞིག་གིས་ཆོས་རྣམས་སྟོང་པར་བྱས་པ་མ་ཡིན་ཞེས་བཤད་པ་ཡིན་ནོ། །ཡང་མི་ དམིགས་པ་སྟོང་པ་ཉིད་སྟོན་པའི་ལུང་དེས་ཀྱང་ཀུན་རྫོབ་རྟེན་འབྲེལ་གྱི་ཆོས་རྣམས་ཀྱི་ རང་གི་ངོ་བོ་གང་དུ་ཡང་མི་དམིགས་པ་ཉིད་ལ་མི་དམིགས་པ་སྟོང་པ་ཉིད་ཅེས་བརྗོད་ཀྱི། དམིགས་སུ་མེད་པའི་ཆོས་གཞན་གྱིས་ཆོས་རྣམས་མི་དམིགས་པར་བྱས་པ་མ་ཡིན་ནོ་ཞེས་ བསྟན་པ་ཡིན་གྱི། མཐར་ཐུག་གི་སྟོང་པ་ཉིད་དང་། དོན་དམ་བདེན་པ་རང་གི་ངོ་བོ་བདེན་ པས་སྟོང་པར་བསྟན་པ་ཡིན་ནོ་སྙམ་དུ་མ་སེམས་ཤིག ཡང་རང་བཞིན་སྟོང་པ་ཉིད་སྟོན་ པའི་ལུང་དེས་ཀྱང༌། འདུས་བྱས་དང༌། འདུས་མ་བྱས་ཆོས་ཅན་དུ་གྱུར་པ་རྣམས་ཀྱི་ཆོས་ 6-1-236 ཉིད་སྟོང་པ་ཉིད་ཆོས་ཅན་གྱི་ཆོས་རྣམས་དོན་དམ་པར་མ་གྲུབ་པས་ཆོས་ཅན་གྱི་ཆོས་རྣམས་ ཀྱི་རང་བཞིན་ཡིན་པ་འགོག་པ་ཡིན་གྱི། དོན་དམ་བདེན་པ་རང་བཞིན་དུ་གནས་པའི་རིགས་ རང་བཞིན་གྱིས་སྟོང་པར་ཅུང་ཟད་ཀྱང་མ་བསྟན་པའི་ཕྱིར། ཁོ་བོ་ཅག་གི་ལུགས་ལ་གནོད་ པ་ཅུང་ཟད་ཀྱང་མེད་དོ། ། གཞན་ཡང་ཡུམ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་ལས། སྟོང་པ་ཉིད་བཅུ་དྲུག་ པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཏན་ལ་འབེབས་པའི་སྐབས་སུ། ཆོས་ཐམས་ ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཞེས་བྱ་བའི་ཚིག་འདིའི་དོན་གང་ཡིན་ཞེ་ན། ཆོས་ཐམས་ ཅད་ཞེས་བྱ་བ་འདིས་ནི་ཀུན་བརྟགས་པའི་ཆོས་རྣམས་དང༌། ཡོངས་སུ་གྲུབ་པའི་ཆོས་ རྣམས་བསྟན་ཏོ། །དེ་ལ་ཀུན་བརྟགས་པའི་ཆོས་རྣམས་ནི་མེད་པའི་ཕྱིར། ཤིན་ཏུ་དངོས་པོ་ མེད་པའི་ངོ་བོ་ཉིད་ཅེས་བརྗོད་དོ། །ཡོངས་སུ་གྲུབ་པའི་ཆོས་རྣམས་ནི་དེ་བཞིན་ཉིད་དངོས་ པོ་ལས་བཟློག་པའི་རྣམ་པ་སྟེ། དངོས་པོ་མེད་པ་ཞེས་བྱ་བའི་དོན་འདི་གཟུང་ནས་དངོས་པོ་ མེད་པའི་ངོ་བོ་ཉིད་ཅེས་བྱའོ། །བྱུང་བའི་ཕྱིར་དངོས་པོ་ཞེས་བྱ་བས་ན། འདུས་བྱས་ཀྱི་ཆོས་ ལ་དངོས་པོ་ཞེས་བྱའོ། །དེ་ལས་བཟློག་པ་བརྗོད་དུ་མེད་པ་སོ་སོར་རང་རིག་པའི་རྣམ་པ་ གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ་བཞིན་ཉིད་ཅེས་བྱ་བར་བསྟན་ནོ། །དེ་ལྟར་ ན་འདི་ཉིད་ཀྱིས་ཆོས་རྣམས་ཀྱི་ཡོད་པ་དང་མེད་པ་བསྟན་པ་ཡིན་ཏེ། གང་གི་ཕྱིར་བཅོམ་ ལྡན་འདས་ཀྱིས་ཀྱང་གང་ན་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རབ་ཏུ་ཤེས་ཏེ། དེས་ན་ལྷག་མ་ལུས་པ་གང་ཡིན་པ་དེ་ནི་འདིར་ཡོད་པའོ། །ཞེས་ཡང་དག་ པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པས་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་ པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པ་ཡིན་ཏེ། འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ཅེས་བྱའོ། །ཞེས་གསུངས་ཏེ། ཀུན་བརྟགས་པའི་ཆོས་རྣམས་ཞེས་པ་ནི། སྐབས་ 6-1-237 འདིར་ཀུན་བརྟགས་དང་གཞན་དབང་གཉིས་ཀ་ཡིན་ལ། དེ་དག་ནི་དོན་དམ་པར་མེད་པས་ ཤིན་ཏུ་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བརྗོད་ལ། འགྱུར་མེད་ཡོངས་གྲུབ་འདུས་བྱས་ཀྱི་ དངོས་པོ་ལས་བཟློག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སོ་སོ་རང་རིག་པའི་རྣམ་པ་ཆོས་ ཉིད་དེ་བཞིན་ཉིད་དེ་ཀུན་བརྟགས་དང་གཞན་དབང་གི་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་ གནས་ལུགས་ལ་ཡོད་པར་བསྟན་ཏེ། དེ་ལྟར་ན་འདི་ཉིད་ཀྱིས་ཆོས་རྣམས་ཀྱི་ཡོད་པ་དང་མེད་ པ་བསྟན་པ་ཡིན་ཏེ། གང་གི་ཕྱིར་ཞེས་སོགས་ལུང་དང་སྦྱར་ནས་གསུངས་ཏེ། ཀུན་བརྟགས་ གཞན་དབང་ནི་གནས་ལུགས་ལ་མེད་པ་དང༌། ཆོས་ཉིད་འགྱུར་བ་མེད་པའི་ཡོངས་གྲུབ་ གནས་ལུགས་ལ་ཡོད་པར་ཤིན་ཏུ་གསལ་བར་བསྟན་ཞིང༌། ཡང་གནོད་འཇོམས་ལས། དོན་ དམ་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པས་ཡོངས་སུ་མ་གྲུབ་ པའི་མཚན་ཉིད་ཡིན་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར། ཞེས་གསུངས་པས་ཀྱང་ དོན་དམ་པའི་བྱང་ཆུབ་སེམས་དཔའ་དངོས་པོར་མ་གྲུབ་པར་བསྟན་པ་ཡིན་གྱི། དོན་དམ་ གྱི་བྱང་ཆུབ་སེམས་དཔའ་དོན་དམ་པར་མ་གྲུབ་པར་བསྟན་པ་ཡང་མ་ཡིན་ཏེ། དེ་ཉིད་ལས། ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ཡོད་པའི་ཕྱིར་ཏེ། འདིས་ནི་སྐུར་པ་འདེབས་པའི་མཐའ་ སྤོང་ངོ་ཞེས་གསུངས་སོ། ། དེ་ལྟར་ན་གནོད་འཇོམས་ལས་དོན་དམ་པར་མེད་པ་དང་ཡོད་པའི་ཆོས་ཀྱི་རྣམ་པར་ དབྱེ་བ་ཤིན་ཏུ་གསལ་བར་གསུངས་འདུག་པས་གནོད་འཇོམས་ཀྱི་ལུང་ཚད་མར་མི་བྱེད་ན་ ཡང་། གནོད་འཇོམས་ཀྱི་བསྟན་ཚོད་ལ་རང་གི་འདོད་པ་ཞེ་ལ་བཞག་པའི་སྒྲོ་འདོགས་དང༌། སྐུར་འདེབས་ཀྱི་བཤད་པ་མི་བྱེད་པར་གཟུ་བོའི་བློས་རྣམ་པར་དཔྱོད་མཛོད་ཅིག དོན་དམ་ བདེན་པ་དོན་དམ་པར་བདེན་པ་མ་ཡིན་ནོ་ཞེས་པ་དང༌། འགྱུར་མེད་ཡོངས་གྲུབ་དོན་དམ་ པར་མ་གྲུབ་བོ། །ཞེས་སྨྲ་བ་ནི་ཁོ་བོའི་མ། མོ་ཤམ་ཡིན་ནོ་ཞེས་སྨྲ་བ་དང་ཁྱད་པར་ཅི་ཞིག་ 6-1-238 ཡོད་དེ། རང་ཚིག་གིས་བསལ་བ་ཁོ་ན་ཡིན་ནོ། ། གཞན་ཡང་ཁྱེད་ཀྱིས། དོན་དམ་བདེན་པ་རང་གི་ངོ་བོ་བདེན་པས་མི་སྟོང་བ། རྟག་པ་བརྟན་པ། བདག་ཏུ་གྲུབ་པ་དེ། རྡོ་རྗེ་ཐེག་པའི་དགོངས་པ་མ་ཡིན་པར་བསྒྲུབ་པ་ ལ། དཔལ་ལྡན་དྲི་མ་མེད་པའི་འོད་ཀྱི་རྡོ་རྗེའི་རྣལ་འབྱོར་གཏན་ལ་དབབ་པའི་ལུང༌། རྡོ་ རྗེའི་རྣལ་འབྱོར་རིགས་མེད་པ་རྟག་པ་དང་ཆད་པ་སྤང་པ། འཇིག་རྟེན་པའི་དཔེ་ལས་འདས་ པ་ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་པ། གཞོན་ནུ་མའི་མེ་ལོང་ལ་པྲ་ཕབ་པ་བཞིན་ རང་གི་སེམས་ཀྱིས་མ་བརྟགས་པ་མངོན་སུམ་དུ་མཐོང་བ། ཡིད་ཆེས་པའི་དོན་ཅན། རྣམ་པ་ ཐམས་ཅད་པ། ནམ་མཁའ་ལས་བྱུང་བ། ཀུན་ཏུ་བཟང་པོ། དབང་པོ་ཐམས་ཅད་པ། སེམས་ ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ། ལྷན་ཅིག་སྐྱེས་པའི་དགའ་བ། གཏན་ཚིགས་ དང་དཔེ་སྤངས་པ་འདིའི་དཔེར། དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་དུ་འགྱུར་ཏེ། ཆོས་ཅན་མི་མཐུན་པའི་ཕྱིར་རོ། །ཞེས་སོགས་ནས། དེའི་ཕྱིར་རང་བཞིན་མེད་པའི་ཕྱོགས་ ནི་བཅོམ་ལྡན་འདས་ཀྱིས་ཕྱོགས་མེད་པར་གསུངས་སོ། །ཕྱོགས་ཞེས་བྱ་ནི་དངོས་པོ་དང༌། དངོས་པོ་མེད་པ་དང༌། ཡོད་པ་དང་མེད་པ་དང༌། ཡིན་པ་དང་མ་ཡིན་པ་དང༌། གཅིག་པ་དང་ གཅིག་མ་ཡིན་པ་དང༌། རྟག་པ་དང་ཆད་པ་དང༌། སྲིད་པ་དང་མྱ་ངན་ལས་འདས་པ་དང་། གཟུགས་དང་གཟུགས་མ་ཡིན་པ་དང་། སྒྲ་དང་སྒྲ་མ་ཡིན་པ་དང༌། སྐད་ཅིག་དང་སྐད་ཅིག་ མ་ཡིན་པ་དང༌། ཆགས་པ་དང་ཆགས་པ་མ་ཡིན་པ་དང༌། ཞེ་སྡང་དང༌ཞེ་སྡང་མ་ཡིན་པ་དང༌། གཏི་མུག་དང་གཏི་མུག་མ་ཡིན་པ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ནི་ཕྱོགས་ཏེ་ཕན་ཚུན་ ལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །ཕྱོགས་འདི་དག་དང་བྲལ་བ་ནི་སངས་རྒྱས་རྣམས་ ཀྱིས་མི་གནས་པའི་མྱ་ངན་ལས་འདས་པ་རང་བཞིན་མེད་པ་སྟེ། སྐད་ཅིག་གཅིག་དང་དུ་མ་ དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཞེས་སྒྲུབ་བྱེད་ 6-1-239 དུ་འགོད་པ་ནི། རང་ལ་གནོད་པའི་མཚོན་རྣོན་པོ་དགྲ་བོའི་ལག་ཏུ་གཏོད་པར་བྱེད་པ་དང་ མཚུངས་ཏེ། ལུང་དེ་དག་གིས་ནི་ཁྱེད་ཀྱི་གྲུབ་པའི་མཐའ་ལེགས་པར་སུན་ཕྱུང་བར་ཤེས་ པར་བྱའོ། །ཇི་ལྟར་སུན་ཕྱུང་ན། ལུང་དེ་དག་གིས་ནི་རྡོ་རྗེ་རྣལ་འབྱོར་རྣམ་པ་ཐམས་ཅད་ པའི་སྟོང་པ་ཉིད་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ། འཇིག་རྟེན་པའི་དཔེ་ལས་འདས་པ། ཡོད་མེད་རྟག་ཆད་སོགས་ཀྱི་མཐའ་ཐམས་ཅད་དང་བྲལ་བ་ཞིག་གཤིས་ཀྱི་གནས་ལུགས་ དོན་དམ་པའི་བདེན་པར་གྲུབ་པར་བསྟན་པ་ཡིན་པར་གཟུ་བོར་གནས་ཤིང་རབ་ཏུ་གསལ་ བའི་བློའི་མེ་ལོང་ཆེན་པོ་དང་ལྡན་པ་རྣམས་ལ་སྣང་ཞིང༌། ཁྱེད་ཀྱི་གྲུབ་པའི་མཐའ་ལ་ནི་ གནས་ལུགས་དོན་དམ་པར་བདེན་པ་གང་ཡང་ཁས་མི་ལེན་པའི་ཕྱིར། འཇིག་རྟེན་དབང་ ཕྱུག་གི་གསུང་དེ་དག་གིས་ནི། ཕྱོགས་ཐམས་ཅད་དང་བྲལ་བའི་མི་གནས་པའི་མྱ་ངན་ལས་ འདས་པ་དངོས་པོའི་རང་བཞིན་མེད་པ་དེ་ལ། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ ཤེས་དེ་ཁོ་ན་ཉིད་ཀྱི་དོན་དུ་གསུངས་པ་ལ། ཁྱེད་ཀྱི་ལུགས་ལ་ནི། དེ་ཁོ་ན་ཉིད་དུ་བདེན་པ་ གང་ཡང་མེད་པའི་ཕྱིར་རོ། །རྡོ་རྗེ་འཆང་དང་འཇིག་རྟེན་དབང་ཕྱུག་གི་གསུང་དེ་དག་གིས་ དམིགས་བཅས་སྟོང་པ་ཉིད་དང་། དམིགས་མེད་སྙིང་རྗེ་ལྷན་སྐྱེས་མི་འགྱུར་བའི་བདེ་བ་ཆེན་ པོ་རང་བཞིན་ཉིད་ཀྱིས་དབྱེར་མེད་དུ་ཟུང་དུ་འཇུག་པའི་རྡོ་རྗེ་རྣལ་འབྱོར་མི་གནས་པའི་མྱ་ ངན་ལས་འདས་པ་རང་བྱུང་གི་ཡེ་ཤེས་སྐུ་དོན་དམ་པར་མ་གྲུབ་པར་བསྟན་པར་འདོད་ཅིང༌། དུས་ཀྱི་འཁོར་ལོའི་ངེས་པའི་དོན་ཤེས་པར་ཁས་འཆེ་བ་དག་ནི། དམུས་ལོང་གིས་གླང་པོ་ཆེའི་ གཟུགས་ཀྱིས་རང་བཞིན་ཤེས་པར་རློམ་པ་དང་ཅིའི་ཕྱིར་མི་མཚུངས་ཏེ་མཚུངས་སོ། ། དེ་བཞིན་དུ་ཡོད་མེད་རྟག་ཆད་ལ་སོགས་ཀྱི་མཐའི་དོན་མི་ཤེས་པར་མཐའ་དང་བྲལ་ བའི་དབུ་མའི་གནས་ལུགས་ཤེས་པར་རློམ་པའི་དབུ་མ་པ་ཡང་ཤིན་ཏུ་ངོ་མཚར་ཆེའོ། །དེས་ ན་ཡོད་པའི་མཐའ་དང༌། གནས་ལུགས་ལ་ཡོད་པ་དང་། རྟག་པའི་མཐའ་དང། གནས་ 6-1-240 ལུགས་ལ་རྟག་པ་དང། འཇིག་རྟེན་པའི་བདག་དང༌། བདག་ཉིད་ཆེན་པོའི་བདག་གམ། དེ་ བཞིན་ཉིད་བདག་དག་པའི་བདག་ལ་སོགས་པའི་ཁྱད་པར་མཁས་པ་རྣམས་ཀྱིས་མཁྱེན་ པར་མཛད་ནས། སངས་རྒྱས་ཀྱིས་དོན་དམ་པའི་སྐུ་མཐར་ཐུག་གི་དོན་དམ་བདེན་པ་ལ་ བསྐུར་བ་འདེབས་པའི་ལྟ་བ་བཟློག་ཏུ་གསོལ་ལོ། །མཐར་ཐུག་ངེས་པའི་དོན་གཏན་ལ་ འབེབས་པའི་ཚུལ་འདི་ལ། ཤིན་ཏུ་ཟབ་པའི་ལུང་དུ་མ་དང༌། རིགས་པའི་བརྒལ་བརྟག་དུ་ མ་བྱར་ཡོད་ཀྱང༌། ཡི་གེ་མང་དུ་དོགས་པས་དབང་པོ་རྣོན་པོའི་གང་ཟག་རྣམས་ལ་སྐབས་སུ་ བབ་པའི་བརྒལ་ལན་གྱི་དོན། ཡི་གེ་འདི་ཙམ་གྱིས་ཀྱང་གཏན་ལ་དབབ་པར་ནུས་པའི་ཕྱིར། ཡི་གེ་འདི་ཙམ་ལས་མ་བྲིས་སོ། །ཟབ་མོའི་དོན་འདིར་ཕལ་ཆེར་ཡིད་ཆེས་སྐྱེ་དཀའ་ཡང་། ། རྒྱལ་བའི་ལུང་ཟབ་བདེན་པའི་བྱིན་གྱིས་བརླབས་ཀྱི་མཐུས། ། མཁས་མང་བློ་གྲོས་འཁྲལ་པའི་རྒྱ་ལས་རྣམ་གྲོལ་ཞིང་། ། ཆོས་སྤོང་མི་ཟད་ལས་ཀྱི་ཁུར་ཆེན་འདོར་གྱུར་ཅིག ། བློ་དམན་སྐྱེ་བོ་གྲུབ་མཐའི་ཚུལ་ལ་ཞུགས་རྣམས་ཀྱང་། ། བཤེས་གཉེན་སྒྱུ་མཁན་སྔགས་ཀྱིས་བློ་མིག་མ་སླད་པར། ། 6-1-241 དྲང་དང་ངེས་དོན་རྣམ་འབྱེད་བློ་མིག་རབ་རྒྱས་ཏེ། ། ཐུབ་དབང་ཆོས་ཚུལ་མ་ནོར་འགྲོ་ལ་སྟོན་པར་ཤོག ། དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་སྒོ་ནས། དེ་བཞིན་གཤེགས་པའི་ སྙིང་པོའི་དོན་ལ་འཁྲུལ་པ་བཟློག་པ། འཁྲུལ་འཇོམས་གཉིས་པ་ཞེས་བྱ་བ། བླ་མ་མཁས་པ་ རྣམས་ཀྱི་བཀའ་དྲིན་ལས། ལུང་དང་རིགས་པའི་གཞུང་ལུགས་རྣམས་ལ་བློའི་སྣང་བ་སྐྱེས་ ཤིང་། ཁྱད་པར་དུ་རིགས་ལྡན་ས་བཅུའི་དབང་ཕྱུག་དག་གི་སྤྲུལ་པའི་སྐུ། ཆོས་ཀྱི་རྗེ་རིན་ པོ་ཆེ། ཀུན་མཁྱེན་ཆེན་པོའི་བཀའ་དྲིན་ཆེན་པོའི་མཐུ་ལས། མཐར་ཐུག་ངེས་པའི་དོན་གྱི་དེ་ ཁོ་ན་ཉིད་ལ་བློའི་སྣང་བ་ཐོབ་པའི་དགེ་སློང་དུས་ཀྱི་འཁོར་ལོ་པ་ཆོས་ཀྱི་རྒྱལ་པོ་མིང་གཞན་ ཕྱོགས་ལས་རྣམ་རྒྱལ་གྱིས་སྦྱར་བའོ།། །། མཾ་ག་ལཾ། བྷ་ཝནྟུ། ཤུབྷཾ། འདི་བྲིས་པ་ལས་བྱུང་པ་ཡི། །དགེ་རྩའི་མཐུ་ནུས་ལ་བརྟེན་ནས། ། མར་གྱུར་སེམས་ཅན་ཐམས་ཅད་ཀྱིས། །ངེས་དོན་མཐར་ཐུག་རྟོགས་གྱུར་ཅིག འདིའི་མ་ཡིག་ནི་འབྲས་དཔེ་རྙིང་ཕྱི་མ། ༢༠༥ ཡིན། 6-1-242 ༄༅། །ཟབ་ལམ་གྱི་སྔོན་འགྲོའི་ཁྲིད་ཡིག་ བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་མོ་ལ་ ཕྱག་འཚལ་ལོ། །མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་ཕྱག་འཚལ་ལོ། །བླ་མ་དང་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་དང་རྡོ་རྗེ་མཁའ་འགྲོ་ དང་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། ། གང་སྐུ་རྣམ་ཀུན་མཆོག་ལྡན་སྟོང་ཉིད་སྒྲིབ་ཀུན་གདོད་ནས་རྣམ་དག་ཅིང༌། ། མི་འགྱུར་བདེ་ཆེན་མཁྱེན་བཞིའི་ཡེ་ཤེས་ཡོན་ཏན་རང་བཞིན་ཉིད་ལྡན་པ། ། ཐབས་ཤེས་དབྱེར་མེད་རྡོ་རྗེའི་རྣལ་འབྱོར་དོན་དམ་སྐུ་བཞིའི་བདག་ཉིད་ཅན། ། དཔལ་ལྡན་དུས་འཁོར་དང་པོའི་སངས་རྒྱས་བཅོམ་ལྡན་དེ་ཉིད་ལ་ཕྱག་འཚལ། ། རྒྱལ་བ་སྲས་བཅས་ཀུན་གྱི་བགྲོད་བྱ་རྣམ་དག་རྡོ་རྗེའི་རྣལ་འབྱོར་ལམ། ། དྲི་མེད་ལེགས་བཤད་འོད་འཕྲོའི་གསུང་གིས་ཡང་དག་ཇི་བཞིན་ལེགས་སྟོན་པ། ། འགྲོ་བའི་ཉིན་བྱེད་སྐྱབས་གསུམ་ངོ་བོ་བཀའ་དྲིན་མཉམ་མེད་ཆོས་ཀྱི་རྗེ། ། དཔལ་ལྡན་བླ་མ་བཀའ་བརྒྱུད་བཅས་པའི་ཞབས་པད་རྣམ་པ་ཀུན་ཏུ་མཆོད། ། བླ་མེད་རྒྱུད་རྒྱལ་རྣམས་ཀྱི་རྫོགས་རིམ་དོན། ། ཡིད་ཆེས་གསུམ་ལྡན་ཕྱག་རྒྱ་ཆེན་པོའི་ལམ། ། ཡན་ལག་དྲུག་སྦྱོར་སྐལ་ལྡན་ཁྲིད་པའི་རིམ། ། 6-1-243 དམ་པས་བསྐུལ་ཕྱིར་རིམ་བཞིན་བྲི་བར་བྱ། ། བླ་མ་ཡི་དམ་རྡོ་རྗེ་མཁའ་འགྲོའི་ཚོགས། ། བཀའ་སྲུང་རྣམས་ཀྱིས་བདག་ལ་བྱིན་བརླབས་ནས། ། ཡང་དག་རྩོམ་པའི་བྱ་བ་མཐར་ཕྱིན་ཏེ། ། འགྲོ་ལ་ཕན་པའི་དོན་ཆེན་འགྲུབ་གྱུར་ཅིག ། འདིར་ཐེག་པ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་ཞིང་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ བསྡུས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་ གནས། དུས་གསུམ་[གྱི་]སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་ མཐར་ཐུག རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐམས་ཅད་ཀྱི་འཇུག་ངོགས་སམ་གཤེགས་ ཤུལ། ཁམས་དྲུག་ལྡན་པའི་སྐྱེས་བུ་ཆེན་པོའི་གང་ཟག་སྐྱེ་བ་གཅིག་ལ་སངས་རྒྱས་ཉིད་ཀྱི་ འབྲས་བུ་ཐོབ་པར་བྱེད་པའི་ཉེ་ལམ་མྱུར་ལམ་ཁྱད་པར་ཅན། རྒྱུད་ཀྱི་རྒྱལ་པོ་དུ་མ་རྣམས་ སུ་རྡོ་རྗེའི་ཚིག་ཏུ་སྦས་ཤིང་གསང་བའི་དོན། དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་མཆོག་ གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་རབ་ཏུ་གསལ་བར་གསུངས་པ། ཤིན་ ཏུ་རྣམ་པར་དག་པའི་ཕྱག་རྒྱ་ཆེན་པོའི་ལམ་གྱི་རིམ་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ ཡན་ལག་དྲུག་པ་ཞེས་ཡོངས་སུ་གྲགས་པའི་ཁྲིད་ཉམས་སུ་ལེན་པར་བྱེད་པ་ལ། ཁྲིད་ཀྱི་ དོན་རྣམ་པ་བཞིར་ཤེས་པར་བྱ་སྟེ། གང་ཁྲིད་ན་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་སྐལ་བ་དང་ལྡན་ པའི་རྡོ་རྗེ་སློབ་མའི་སེམས་རྒྱུད་ཁྲིད་དོ། །གང་གིས་ཁྲིད་ན། རྒྱུད་ཀྱི་རྒྱལ་པོ་ལས། སངས་ རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་(དེ་དབང་བཞི་པ་ཡེ་ཤེས་ཀྱི་ཞལ་)ལ་གནས་པར་གྱུར་པ་(སྟེ་ རང་གིས་ཉམས་སུ་མྱོང་བ་དང༌། སློམ་མ་ལ་སྟོན་པར་ནུས་པ་)དེ་ནི་དཔལ་ལྡན་བླ་མའོ། །ཞེས་གསུངས་པ་ ལྟར་དབང་བཞི་པའི་དོན་ཟབ་མོ་རང་གིས་བསྒོམས་པས་ཉམས་སུ་མྱོང་ཞིང་སློབ་མ་ལ་སྟོན་ 6-1-244 པར་ནུས་པའི་དཔལ་ལྡན་བླ་མ་རྡོ་རྗེ་སློབ་དཔོན་གྱིས་ཁྲིད། གང་དུ་ཁྲིད་ན། སྐུ་བཞི་ཡེ་ཤེས་ ལྔ་དང་ལྡན་པའི་རྫོགས་པའི་སངས་རྒྱས་ཀྱི་སར་ཁྲིད། ལམ་གང་ནས་ཁྲིད་ན། ཡིད་ཆེས་པ་ རྣམ་པ་གསུམ་དང་ལྡན་པའི་ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་[བསྒོམས་{བསྒོམ་} པའི་ལམ་ནས་ཁྲིད་པ་ཡིན་ཏེ། <གཞན་ཡང་མདོ་རྒྱུད་ན་བཞུགས་པ། བདེ་བར་གཤེགས་པ་རྒྱུད་ལུང་གི་གདམ་ ངགསེམས་འགྲེལ་ན་བཞུགས་པ། བྱང་ཆུབ་སེམས་འགྲེལ་དཀྱུས་ཀྱི་གདམ་ངག སངས་རྒྱས་ནས་དེང་སང་བར་དུ་བརྒྱུད་པ་ མ་ཆད་པ་སྙན་ནས་སྙན་དུ་བརྒྱུད་པའི་གདམ་ངག སངས་རྒྱས་ནས་ཉམས་མྱོང་རྒྱུད་པ་མ་ཆད་པ། བླ་མ་ཉམས་མྱོང་རྒྱུད་པའི་ གདམ་ངག་སྟེ་བཞི་ཀ་ཚང་དགོས་སོ། །>དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མ་མེད་པའི་འོད་ ལས། སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ ཏེ། དང་པོ་རེ་ཤིག་རྒྱུད་ལས་ཡིད་ཆེས་པ་(ནི་བསྒོམ་བྱའི་ལམ་དེ་རྒྱུད་ལས་གསལ་བར་གསུངས་པ)དང༌། དེ་ནས་བླ་མ་ལས་ཡིད་ཆེས་པ་(ནི་བླ་མས་རྒྱུད་ཀྱི་དོན་ལེགས་པར་ཤེས་ཤིང་སྟོན་པ)དང༌། དེ་ནས་བདག་ ཉིད་ལས་ཡིད་ཆེས་པ་(ནི་བླ་མས་གསུངས་པ་ལྟར་བསྒོམ་པས་རྒྱུད་ལས་གསུངས་པ་བཞིན་གྱི་ཉམས་མྱོང་རྒྱུད་ལ་ སྐྱེས་པ་དང་){སྟེ་}འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་ དག་པར་འགྱུར་རོ། །རྣམ་པ་གཞན་དུ་ན་ཡིད་ཆེས་པ་གསུམ་མེད་པར(རྣམ་པར་རྟོག་པའི་བསྒོམས་ པའི་)ལམ་གང་བླ་མས་སློབ་མ་ལ་(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ལམ་དུ་)བསྟན་པ་ནི་ཡང་དག་པར་ རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་པོར་མི་འགྱུར་ཏེ། སློབ་མའི་(ལམ་རྣམ་དག་ ཡིན་མིན་གྱི་རྣམ་དབྱེ་ལ་རྨོངས་པ་)བླུན་པའི་དད་པ་(སྟེ་བསྐྱེད་རིམ་གྱི་བསྒོམ་པ་མཆོག་གི་དངོས་གྲུབ་ཀྱི་ལམ་མ་ ཡིན་པ་ལ་ལམ་དུ་མངོན་པར་ཞེན་ནས་བསྒོམས་པ་)ཉིད་ཀྱི་ཕྱིར་(མཆོག་གི་དངོས་གྲུབ་མི་འཐོབ་ཀྱི)ཀུན་རྫོབ་ཀྱི་ བདེན་པ(ལ་བརྟེན་པ་ཐུན་མོང་གི་དངོས་གྲུབ་ཀྱི་ལམ་བསྒོམ་པ)ས་འཇིག་རྟེན་པའི་འབྲས་བུར་(ཐུན་མོང་གི་ དངོས་གྲུབ་ཐོབ་པ)འགྱུར་རོ། །ཞེས་གསུངས་པའི་རྣམ་དག་ལེགས་པའི་ལམ་ནས་ཁྲིད་དོ། །དེ་ ལྟ་བུའི་ཚུལ་གྱིས་ཁྲིད་པ་ལ་གཉིས་ཏེ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པའི་སྣོད་དུ་རུང་ 6-1-245 བར་བྱེད་པ་སྔོན་དུ་འགྲོ་བའི་ཁྲིད་དང༌། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཇི་ལྟར་བསྒོམ་པའི་ རིམ་པ་དངོས་གཞིའི་ཁྲིད་དོ། ། དང་པོ་ལ་གཉིས། ཐུན་མོང་གི་སྔོན་དུ་འགྲོ་བ་དང༌། ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་ བའི་ཁྲིད་དོ༑ ༑དང་པོ་ལ་གསུམ་སྟེ། ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྐྱབས་འགྲོ་ སེམས་བསྐྱེད་ཀྱི་ཁྲིད་དང༌། སྡིག་སྒྲིབ་ཐམས་ཅད་མྱུར་དུ་[དག་{འདག་}པར་བྱེད་པ་རྡོ་རྗེ་ སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད་དང༌། བསོད་ནམས་ཀྱི་ཚོགས་སོག་ཅིང་བྱིན་བརླབས་ འཇུག་པར་བྱེད་པ་མཎྜལ་དང་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། ། དང་པོ་ནི། རང་ཉིད་གང་ན་འདུག་པའི་གནས་དེ་བདེ་བ་ཅན་ནམ། འོག་མིན་ཆེན་པོ་ལྟ་ བུ་ཞིང་ཁམས་རྣམ་པར་དག་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་ཆེན་ པོར་བསྒོམས་པའི་རང་གི་མདུན་ཕྱོགས་སུ་སངས་རྒྱས་དཀོན་མཆོག་བཞུགས་པར་བསམ་ པར་བྱ་སྟེ། དེ་ཡང་རང་བཞིན་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པའི་ཆོས་ བཅོ་བརྒྱད་ལ་སོགས་པ་ཟག་པ་མེད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དབྱེར་མེད་པར་ འདུས་པ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ནམ་མཁའ་ལྟར་ཀུན་ཁྱབ་ཏུ་བཞུགས་པའི་ དོན་དམ་པའི་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས། རྣམ་པ་རིན་པོ་ཆེའི་ཁྲི་དང༌། པད་མ་ དང་ཉི་ཟླའི་གདན་དུ་མ་ལ་བཞུགས་པའི་ཀུན་རྫོབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའི་སངས་རྒྱས་དཔག་ཏུ་མེད་པ་བཞུགས་པར་བསྒོམ། རང་གི་རྒྱབ་ཕྱོགས་སུ་ ཆོས་དཀོན་མཆོག་བཞུགས་པར་བསམ་པར་བྱ་སྟེ། དེ་ཡང་རང་བཞིན་སངས་རྒྱས་དང་བྱང་ སེམས་འཕགས་པ་རྣམས་[ཀྱིས་{ཀྱི་}མངོན་པར་རྟོགས་པ། གང་ཞིག་འདོད་ཆགས་དང་ བྲལ་བ་འགོག་པའི་བདེན་པ་དང༌། གང་གིས་འདོད་ཆགས་དང་བྲལ་བ་ལམ་གྱི་བདེན་པས་ བསྡུས་པའམ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་སྤྲོས་པ་ཐམས་ཅད་དང་ 6-1-246 བྲལ་བའི་དོན་དམ་པའི་ཆོས། རྣམ་པ་རིན་ཆེན་པོ་ཆེའི་ཁྲི་ལྷའི་གོས་སྣ་ཚོགས་ཀྱིས་བཀབ་ པ་དུ་མའི་སྟེང་ན་མདོ་སྡེ་རིན་པོ་ཆེ་ལ་སོགས་པའི་པོ་ཏི་གླེགས་བམ་དཔག་ཏུ་མེད་པ་བྲག་རི་ ལྟར་གཏམས་པ་བཞུགས་པར་བསྒོམ། སངས་རྒྱས་ཀྱི་གཡས་རང་གི་གཡོན་ཕྱོགས་སུ་བྱང་ ཆུབ་སེམས་དཔའི་དགེ་འདུན། རང་བཞིན་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ ས་ལ་གནས་པ། རྣམ་པ་རིན་པོ་ཆེའི་ཁྲི་དང་པད་མ་དང་ཉི་ཟླའི་གདན་དུ་མའི་སྟེང་ན། ཤེས་ རབ་ཀྱི་སེམས་དཔའ་འཕགས་པ་འཇམ་དཔལ། ཐབས་ཀྱི་སེམས་དཔའ་རྗེ་བཙུན་སྤྱན་ རས་གཟིགས་དབང་ཕྱུག མཐུ་སྟོབས་ཀྱི་སེམས་དཔའ་གསང་བདག་ཕྱག་ན་རྡོ་རྗེ། བསྐལ་ བཟང་གི་སེམས་དཔའ་མགོན་པོ་བྱམས་པ་ལ་སོགས་པ་རིན་པོ་ཆེའི་རྒྱན་དང་ལྷའི་དར་ སྣ་ཚོགས་ཀྱི་ན་བཟའ་ཅན་དཔག་ཏུ་མེད་པ་བཞུགས་པར་བསྒོམ། སངས་རྒྱས་ཀྱི་གཡོན་ [དང་]རང་གི་གཡས་ཕྱོགས་སུ། ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་འདུན། རང་བཞིན་ ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཁོ་ན་ཡིན་པ། རྣམ་པ་གདུལ་བྱ་འདུལ་ བའི་དོན་དུ་ཉན་རང་གི་རྣམ་པར་བསྟན་པ། རིན་པོ་ཆེའི་ཁྲི་དང་པད་མ་དང་ཟླ་བའི་སྟེང་ན་ དབུ་ཟླུམ་དང་ཞབས་རྗེན་པ། ཆོས་གོས་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་དཔག་ཏུ་མེད་ པ་བཞུགས་པར་བསྒོམ། སངས་རྒྱས་དང་བདག་ཉིད་ཀྱི་བར་ན་དགོས་འདོད་ཐམས་ཅད་ འབྱུང་བའི་དཔག་བསམ་གྱི་ཤིང་ལྗོན་པ་ཆེན་པོའི་སྟེང་ན་པད་མ་འདབ་མ་བརྒྱད་པའམ་ བཅུ་དྲུག་པའམ། སྟོང་དང་ལྡན་པས་གཡོགས་པའི་སྟེང་དུ་ཟླ་བ་དང་ཉི་མའི་གདན་ལ་བླ་མ་ དང་ཡི་དམ་གྱི་ལྷ་ཚོགས། རང་བཞིན་མཐར་ཐུག་དོན་དམ་པའི་དཀོན་མཆོག་གསུམ། རྣམ་ པ་རང་གི་བླ་མ་དང་དུས་ཀྱི་འཁོར་ལོ་དང་ཀྱེའི་རྡོ་རྗེ་ལ་སོགས་པའི་ལྷའི་སྐུར་སྣང་བ་དཔག་ ཏུ་མེད་པ་བཞུགས་པར་བསྒོམ་[མོ། །]དཔག་བསམ་གྱི་ཤིང་ལྗོན་པ་དེའི་རྩ་བའི་ཕྱོགས་ རྣམས་སུ་རྡོ་རྗེ་མཁའ་འགྲོ་དང་ཆོས་སྐྱོང་སྲུང་མའི་ཚོགས། རང་བཞིན་སངས་རྒྱས་དང་བྱང་ 6-1-247 ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ། རྣམ་པ་པད་མ་དང་ཉི་མ་ལ་སོགས་པ་སྣ་ཚོགས་པའི་ གདན་གྱི་སྟེང་ན། དཔལ་མགོན་པོ་ལྕམ་དྲལ་དང༌། ཕྱོགས་སྐྱོང་པ་བཅུ་དང༌། རྒྱལ་ཆེན་སྡེ་ བཞི་ལ་སོགས་པ་དང་མཁའ་འགྲོ་སྡེ་ལྔའི་ཚོགས་དྲག་པོ་འཇིགས་སུ་རུང་བའི་ཆ་བྱད་ཅན། བདག་ཉིད་དང་ཆོས་སྒྲུབ་པ་ཐམས་ཅད་ཀྱི་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་མཛད་ པ་དཔག་ཏུ་མེད་པ་བཞུགས་པར་བསྒོམ། བདག་ཉིད་ཀྱང་པད་མ་དང་ཟླ་བའི་གདན་ལ་ འདུག་པར་བསམ་ཞིང༌། དེ་ལྟར་སྐྱབས་སུ་འགྲོ་བའི་ཡུལ་གསལ་བར་དམིགས་ཏེ༑ <མདོ་ཉི་ མའི་སྙིང་པོ་ལས། འགྲོ་གང་སངས་རྒྱས་རྣམས་ལ་སྐྱབས་འགྲོ་བ། །བདུད་རྣམས་བྱེ་བས་གསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ ཉམས་ཤིང་བློ་ངན་འཁྲུལ་གྱུར་ཀྱང༌། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་སོ། །>སྐྱབས་སུ་འགྲོ་བའི་དོན་ ནི། <མདོ་སྡེ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང༌། །འཇིག་ཚོགས་ཐེག་པ་དམན་པ་དང༌། །ཐབས་མ་ཡིན་དང་ངན་ སོང་གནས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པར་བཤད། །ཅེས་སོ། །>འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟའི་ བར་དུ་ལན་གྲངས་དཔག་ཏུ་མེད་པར་བདག་གི་ཕ་དང་མ་ཉིད་དུ་གྱུར་ཅིང་ཕན་གདགས་ པའི་དྲིན་ཅན། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཚད་མེད་ཅིང་མཐའ་ཡས་པ་ སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ལྷུང་བ་རྣམས་སྡུག་བསྔལ་གྱི་འཇིགས་པ་མཐའ་དག་ལས་ བསྐྱབ་པའི་དོན་དང༌། བདག་ཉིད་ཀྱང་འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་མཐའ་དག་ དང་བྲལ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་རྫོགས་པའི་སངས་ རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ་བའི་དོན་དུ། དུས་འདི་ནས་བཟུང་སྟེ་སངས་རྒྱས་མ་ ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པ་དང༌། བླ་མ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ ལ་ལམ་གྱི་འདྲེན་པ་དང༌། ཡི་དམ་ལ་བདག་གི་རྒྱུད་བྱིན་གྱིས་བརློབ་པ་དང༌། སངས་རྒྱས་ ལ་སྟོན་པ་དང༌། དམ་པའི་ཆོས་ལ་ལམ་དང༌། འཕགས་པའི་དགེ་འདུན་ལ་ལམ་སྒྲུབ་པའི་ གྲོགས་དང༌། མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྲུང་མ་ཞུ་ཞིང༌། ཞེ་ཐག་པ་ནས་སྐྱབས་དང་ 6-1-248 མགོན་དང་དཔུང་གཉེན་ཞུ་སྙམ་དུ་བསམས་ཏེ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་ མཆིའོ། །ཕྱོགས་བཅུ་རྣམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་ སུ་མཆིའོ། །ཕྱོགས་བཅུ་རྣམས་ན་བཞུགས་པའི་དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། ། ཕྱོགས་བཅུ་རྣམས་ན་བཞུགས་པའི་འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་བའི་ སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །<ཕན་ཡོན་ནི་སློབ་དཔོན་ནོར་ འཛིན་གྱིས། སྐྱབས་སོང་ཡོན་ཏན་གཟུགས་ཡོད་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང༌། །ཞེས་གསུངས་སོ། །>ཞེས་བླ་ མ་དཀོན་མཆོག་གི་ཡོན་ཏན་ཚད་མེད་པ་དྲན་བཞིན་པས་བརྒྱ་རྩ་ལ་སོགས་པ་མང་དུ་བརྗོད་ དོ། །དེ་ནས་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་ལྷ་ཚོགས་རྣམས་ཀྱིས་ བྱིན་གྱིས་བརླབ་ཏུ་གསོལ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་བྱིན་གྱིས་བརླབ་ ཏུ་གསོལ། མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་བྱིན་ གྱིས་བརླབ་ཏུ་གསོལ། བདག་བསྒྲུབ་པ་སྙིང་པོ་ཉམས་སུ་ལེན་པ་ལ་ཕྱི་དང་ནང་གི་བར་དུ་ གཅོད་པ་ཐམས་ཅད་མེད་ཅིང་མི་འབྱུང་བ་དང༌། བློ་ལ་ཆོས་མིན་གྱི་རྣམ་པར་[མི་]རྟོག་པའི་ རྒྱུ་བ་གང་ཡང་མི་འབྱུང་བ་དང༌། བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཚད་མེད་པ་ རྒྱུད་ལ་སྐྱེ་བ་དང༌། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ཏིང་ངེ་འཛིན་གྱི་སྒོ་བསམ་ གྱིས་མི་ཁྱབ་པ་དུས་གཅིག་ཅར་དུ་མངོན་དུ་འགྱུར་བ་དང༌། གནས་ལུགས་ཡང་དག་པའི་ དོན་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་ གཅིག་ལུས་གཅིག་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་ལ་སོགས་པའི་གསོལ་ འདེབས་དུང་བ་བྱ་ཞིང་བྱིན་རླབས་བྱུང་པར་བསྒོམ་མོ། །ཉལ་བའི་ཚེ་ཡང་དམིགས་པའི་རྟེན་ མ་བཤིག་པར་དེ་ཉིད་ཀྱི་ངང་དུ་ཉལ་ཞིང༌། ཐུན་མཚམས་བྱེད་པའི་ཚེ་རང་བཞིན་གྱི་གནས་ 6-1-249 སུ་རེ་ཤིག་གཤེགས་སུ་གསོལ་ཏེ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། ། གཞན་ཡང་རྗེ་བཙུན་སྤྱན་རས་གཟིགས་ཀྱིས། དྲི་མ་མེད་པའི་འོད་ལས། གང་ཞིག་ སེམས་ཅན་རྣམས་ལ་བརྩེ་བ་ཡིས། །གཞན་དོན་དགེ་ལ་རྟག་ཏུ་བརྩོན་པ་ཡིས། །སློབ་མ་ དག་པ་རྣམས་ལ་ལམ་དག་ནི། །བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། །ཞེས་གསུངས་ པས། ཁམས་གསུམ་འཁོར་བའི་ཉེས་དམིགས་དང་སྡུག་བསྔལ་བསམ་པ་དང༌། དལ་འབྱོར་ གྱི་ལུས་རྙེད་པར་དཀའ་བ་དྲན་པ་དང༌། འཆི་བ་མི་རྟག་པ་རྗེས་སུ་དྲན་པ་དང༌། ཁམས་ གསུམ་གྱི་སེམས་ཅན་མཐའ་ཡས་པ་ཐམས་ཅད་ཀྱིས་རང་གི་ཕ་མ་མ་བྱས་པ་གང་ཡང་མེད་ ཅིང་སེམས་ཅན་རེ་རེས་{ཀྱང་}ཕ་དང་མ་བྱས་པའི་ལན་གྲངས་དཔག་ཏུ་མེད་པ། ཕ་མ་བྱས་ རེས་བཞིན་ཕན་པ་འབའ་ཞིག་བྱས་པས་དྲིན་ཅན་ཡིན་པར་བསམས་ནས། སེམས་ཅན་ ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་དང༌། སྡུག་བསྔལ་དང་བྲལ་བར་ འདོད་པའི་སྙིང་རྗེ་དང༌། བདེ་བ་དང་ལྡན་པ་ལ་དགའ་བ་དང༌། ཆགས་སྡང་མེད་པར་ཐམས་ ཅད་ལ་མཉམ་སྙོམས་པར་ཕན་པར་སེམས་པའི་བཏང་སྙོམས་ཏེ་ཚད་མེད་པ་བཞི་སྒོམ་པ་ དང༌། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་ཐར་པ་བླ་ན་མེད་ པའི་བྱང་ཆུབ་ཀྱི་གོ་འཕང་ལ་དགོད་པར་བྱ། དེའི་དོན་དུ་བདག་གིས་ཕྱག་རྒྱ་ཆེན་པོ་མཆོག་ གི་དངོས་གྲུབ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཆེད་དུ་རྡོ་ རྗེའི་རྣལ་འབྱོར་གྱི་ལམ་ཟབ་མོ་བསྒོམ་པར་བྱའོ། །སྙམ་པའི་བྱང་ཆུབ་ཀྱི་སེམས་ཡང་དང་ ཡང་དུ་བསྒོམ་པར་བྱ་ཞིང༌། སློབ་མ་ལ་དེ་ལྟ་བུའི་ལྷག་པའི་བསམ་པ་སྐྱེ་བར་བྱ་བའི་ཕྱིར། ལུང་ཟབ་མོ་དང་སྦྱར་བའི་ཆོས་བཤད་ཞིབ་ཏུ་བྱའོ། ། གཉིས་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད་ཉམས་སུ་བླང་བ་ནི། ཐོག་མར་ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། སྟན་བདེ་བ་ལ་ལུས་གནད་ལེགས་པར་བཅས་ 6-1-250 ཏེ། རང་གི་སྤྱི་བོའི་སྟེང་དུ་པཾ་ལས་པད་མ་དཀར་པོ་འདབ་མ་བརྒྱད་པ་དང་དེའི་ལྟེ་བར་ཨཱཿ ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་པ་དང༌། དེའི་སྟེང་དུ་<དཔལ་ལྡན་བླ་ མ་མཛད་པའི་ཁྲིད་ཡིག་ན། རྡོ་རྗེ་སེམས་དཔའ་སྔོ་དམར་དཀར་བ། གཡས་པ་རྣམས་ཀྱི་རྡོ་རྗེ་གྲི་གུག དགྲ་སྟ། གཡོན་པ་རྣམས་ ཀྱི་དྲིལ་བུ། ཐོད་པ། ཨུདཔལ་བསྣམས་པ། ཞེས་བཤད།> ཧཱུཾ་དཀར་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དཀར་ པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་མཐའ་ཡས་པ་ཕྱོགས་བཅུར་འཕྲོས་ པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་སྦྱངས་ཏེ། ཚུར་འདུས་པ་རྡོ་རྗེ་ལ་ཐིམ་ ཞིང་དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཟླ་བ་ དྲི་མ་མེད་པ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པ། ཞབས་རྡོ་རྗེ་དཀྱིལ་ཀྲུང་གིས་བཞུགས་ཤིང༌། ཕྱག་ གཡས་པས་རྡོ་རྗེ་དང༌། གཡོན་པས་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རྡོ་རྗེའི་རྒྱན་རྣམས་ དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་ཞལ་གཅིག་ ཕྱག་གཉིས་མ་རིན་པོ་ཆེ་དང་རུས་པའི་རྒྱན་ལྔས་སྤྲས་པ། ཕྱག་གཡས་པས་གྲི་གུག་དང་ གཡོན་ཐོད་པ་བདུད་རྩིས་གང་པ་འཛིན་ཅིང་པད་མའི་འདུག་སྟངས་ཀྱིས་ཡབ་ལ་འཁྱུད་པ་ སྟེ། ཡབ་རྡོ་རྗེ་སེམས་དཔའ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཐབས་བདེ་བ་ཆེན་པོའི་ སྐུ་དང༌། ཡུམ་རྡོ་རྗེ་སྙེམས་མ་ནི་ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དེ་ཐབས་དང་ ཤེས་རབ་དབྱེར་མེད་ཟུང་འཇུག་གི་ངོ་བོར་བསམ་མོ། །དེ་ལྟ་བུའི་ཡབ་ཀྱི་དཔྲལ་བར་ཨོཾ་ དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་མཐིང་ནག ལྟེ་བར་ཧོཿསེར་པོ་བསམས་ ཤིང༌། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་ བླ་མ་ཡི་དམ་གྱི་ལྷ་ཚོགས་རྣམས་སྤྱན་དྲངས་ཏེ། ཛཿཧཱུཾ་བཾ་ཧོཿ ཞེས་པས་དགུག་གཞུག་བཅིང་ མཉེས་པར་བསམ་མོ། །དེ་ནས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ 6-1-251 དུ་ཧཱུཾ་ལས་ཡི་གེ་བརྒྱ་པའི་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ཏེ། ཡབ་ཡུམ་གཉིས་ཀའི་ སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཟླ་བ་ཞུ་བ་ལྟ་བུ་སྦྱོར་མཚམས་ནས་བབས་པ་བདག་གི་ སྤྱི་གཙུག་ཚངས་པའི་བུ་ག་<ལུས་ཀྱི་ཕྱི་ནང་གི་ཆ་ཐམས་ཅད་>ནས་ཞུགས་པས་ལུས་ཐམས་ཅད་ བདུད་རྩིའི་རྒྱུན་གྱིས་རིམ་པ་ལྟར་གང་ཞིང་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་ སྒྲིབ་དང་ཉེས་ལྟུང་གི་<ནད་གདོན་ལ་སོགས་པ་དང་རྣམ་སྨིན་གྱིས་བསྐྱེད་པའི་ཤ་ཁྲག་རུས་པ་ལ་སོགས་ཐམས་ཅད་ ཆུ་སྣ་ལ་སྦུར་མ་དེད་པ་བཞིན་དུ་>དྲི་མ་ཐམས་ཅད་དུད་ཁུ་ནག་པོ་<འམ་སྡོམ་སྡིག་སྦལ་ལྗོང་ལ་སོགས་པ་མི་ སྡུག་པ་འཇིགས་སྐྲག་དག་བཅས་པ་>ལྟ་བུར་གཤང་གཅིའི་ལམ་དང༌། རྐང་མཐིལ་གཉིས་<ཀྱི་སོར་མོ་ དང་ཕྲ་བ་ཐམས་ཅད་བ་སྤུའི་བུ་ག་>ནས་འཐོན་པས་ལུས་ཤེལ་གོང་དག་པ་ལྟར་ཡོངས་སུ་དག་ཅིང་ ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཀར་པོས་གང་པར་བསམ་ཞིང༌། ཨོཾ་ཤྲི་བཛྲ་ཧེ་རུ་ཀ་ས་མ་ཡ(རྡོ་ རྗེ་ཧེ་རུ་ཀའི་དམ་ཚིག)། མ་ནུ་པཱ་ལ་ཡ(རྗེས་སུ་སྐྱོངས)། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྠ་ཌཱི་ཌྷོ་མེ་བྷ་ཝ། (རྡོ་རྗེ་ ཧེ་རུ་ཀ་ཉིད་ཀྱིས་ཉེ་བར་གནས་ནས་བརྟན་པར་བདག་ལ་མཛོད་ཅིག) སུ་ཏོ་ཥྱོ་མེ་བྷ་ཝ། (ཤིན་ཏུ་བརྙེས་པར་བདག་ལ་ མཛོད་ཅིག) ཨ་ནུ་རཀ་ཏོ་མེ་བྷ་ཝ། (རྗེས་སུ་ཆགས་པར་བདག་ལ་མཛོད་ཅིག) སུ་པོ་ཥྱོ་མེ་བྷ་ཝ། (ཤིན་ཏུ་ རྒྱས་པར་བདག་ལ་མཛོད་ཅིག)སརྦ་སིདྷི་མེ་པྲ་ཡཙྪཿ(དངོས་གྲུབ་ཐམས་ཅད་བདག་ལ་སྩོལ་ཅིག) སརྦ་ཀརྨ་སུ་ ཙ་མེ་ཙིཏྟཾ་ཤྲི་ཡཾཿ(ལས་ཐམས་ཅད་ལ་ཡང་བདག་གི་སེམས་དགེ་ལེགས་སུ)ཀུ་རུ་(མཛོད་ཅིག)ཧཱུྃ། ཧ་ཧ་ཧ་ ཧ་ཧོཿ བྷ་ག་ཝན་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་(བཅོམ་ལྡན་འདས་རྡོ་རྗེ་ཧེ་རུ་ཀ་བདག་ལ་འདོར་ཅིག)ཧེ་རུ་(ཧེ་ རུ་ཀར་མཛོད་ཅིག)ཀོ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨ་(ནི་དེ་ཉིད་བསྡུས་པ་ལས་བཤད་)ཧཱུཾ་(དམ་ཚིག་ སེམས་དཔའ་ཆེན་པོའི)ཕཊཿ(ཧཱུྃ་ཕཊ་འདི་ནི་བདེ་མཆོག་གི་བཤད་རྒྱུད་མངོན་བརྗོད་བླ་མ་ནས་བཤད)ཞེས་པ་བརྒྱ་ རྩ་ལ་སོགས་པ་ཅི་རིགས་པ་བཟླས་པར་བྱ་ཞིང༌། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་ པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་ 6-1-252 པ་དང༌། བདག་[གི་{གིས་}ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང་ཉེས་ལྟུང་གི་ དྲི་མ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བརྗོད་པས། <རིགས་ཀྱི་ བུ་ཁྱོད་ཀྱི་སྡིག་སྒྲིབ་ཉིས་སྟོང་གི་དྲི་མ་ཐམས་ཅད་བྱང་ཞིང་དག་གོ་གསུང་ཞིང་>དཔལ་རྡོ་རྗེ་སེམས་དཔའ་ཡབ་ ཡུམ་ཟླ་བ་ཞུ་བ་ལྟ་བུར་གྱུར་པ་བདག་གི་སྤྱི་གཙུག་ནས་ཐིམ་པས་བདག་ཉིད་རྡོ་རྗེ་སེམས་ དཔའི་ངོ་བོར་གྱུར་པར་བསྒོམས་ལ། ཐུན་མཚམས་བྱེད་པའི་ཚེ། དགེ་བ་འདི་ཡིས་མྱུར་དུ་ བདག །ཧེ་རུ་ཀ་དཔལ་གྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་ པར་ཤོག །ཅེས་སོགས་ཀྱིས་བསྔོ་བ་བྱའོ། ། གསུམ་པ་མཎྜལ་དང་བླ་མའི་རྣལ་འབྱོར་གྱི་ཁྲིད་ཉམས་སུ་བླང་བ་ནི། དཔལ་ལྡན་བླ་ མ་དམ་པ་ལ་སངས་རྒྱས་དངོས་ཀྱི་མོས་གུས་བྱས་ནས་གསོལ་བ་དྲག་ཏུ་འདེབས་པ་ནི། བླ་ མའི་རྣལ་འབྱོར་བསྒོམ་པའི་དོན་ཡིན་ལ། བླ་མ་སངས་རྒྱས་དངོས་ཡིན་པར་མོས་པ་བྱེད་པ་ ཡང་བླ་མའི་སྐུ་རང་ལ་སྣང་བཞིན་པ་ལ་སོགས་པ་ཕུངཔོ་ལྔ་པོ་ཉིད་སངས་རྒྱས་དངོས་ཡིན་ པའི་རྒྱུ་མཚན་གྱིས་སངས་རྒྱས་སུ་བསྒོམ་པར་བྱ་བ་ནི་མ་ཡིན་གྱི། རང་ལ་ཆོས་ཟབ་མོ་སྟོན་ པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་ཐམས་ཅད་བླ་མས་སྒྲུབ་པར་མཛད་པས་ བཀའ་དྲིན་ཤིན་ཏུ་ཆེ་བའི་ཆ་ནས་སངས་རྒྱས་དངོས་དང་ཁྱད་པར་མེད་པ་ཡིན་ཏེ། སློབ་མ་ དག་པ་རྣམས་ལ་ལམ་དག་ནི༑ ༑བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། །ཞེས་དང༌། དཔལ་ ཀྱེའི་རྡོ་རྗེའི་རྒྱུད་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་པ། ། བླ་མའི་དུས་ཐབས་བསྟེན་པ་དང༌། བདག་གིས་བསོད་ནམས་ལས་ཤེས་བྱ། ཞེས་པ་དང༌། གསང་བ་འདུས་པའི་རིམ་ལྔ་ལས་ཀྱང༌། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་ བར་མི་བྱ་སྙམ་ཡང་ལྷུང་པར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་ མི་བྱ་སྙམ་ཡང་གྲོལ་བར་འགྱུར། །ཞེས་པ་དང༌། དཔལ་དོན་དམ་པའི་བསྙེན་པ་ལས་ཀྱང༌། 6-1-253 འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་བར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ ཅད་མཁྱེན་པས་གསུངས། །ཞེས་གསུངས་པས། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ སྟོན་པའི་བླ་མ་ལ་སངས་རྒྱས་དངོས་ཡིན་པའི་མོས་པ་བྱ་དགོས་ཤིང༌། སངས་རྒྱས་ཐམས་ ཅད་ཀྱང་ཆོས་ཀྱི་སྐུ་དང་ཕྲིན་ལས་གཅིག་ཏུ་འདྲེས་པའི་བདག་ཉིད་ཡིན་པས། བླ་མ་སངས་ རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཡིན་ངེས་སྙམ་དུ་བསྒོམ་པར་བྱ་སྟེ། དཔལ་དུས་ཀྱི་འཁོར་ ལོའི་རྒྱུད་ལས། (སློབ་མ་ལམ་ལ་འཇུག་པའི)དང་པོར་(སློབ་མས་)ཡང་དག་བསྟེན་(པར)བྱ་(བ་སྟེ་ནོར་ འབུལ་བ་ལྟ་ཅི་སྨོས་ཁྱིམ་པ་ཡིན་ན་བུ་དང་ཆུང་མ་ལ་སོགས་པ་འབུལ་བས་ཀྱང་མཉེས་པར་བྱ་བའི)བླ་མ་དག་ཀྱང་(ལུས་ ངག་ཡིད་ཀྱི་ཐིག་ལེ་བཞི་བསྲུང་བ་སོགས་པ་དམ་ཚིག་བཞི་དང་བཅུ་དྲུག་ལ་སོགས་པའི)དམ་ཚིག་ལྡན་ཞིང་རྡོ་རྗེ་ ཐེག་ལ་ལྷག་པར་གནས(པ་ནི་རྡོ་རྗེ་ཐེག་པའི་ཚུལ་ཁོང་དུ་ཆུད་ཅིང་དོན་ཉམས་སུ་ལེན་པ)། །དེ་ཉིད་(ལ་དེ་ལམ་ རིམ་པ་གཉིས)བསྒོམས་ཤིང་(ལུས་ལོངས་སྤྱོད་ལ་སོགས)མ་ཆགས་(པ་དང་)དྲི་མ་(ནི་འདོད་ཆགས་ཞེ་སྡང་ གཏི་མུག་ང་རྒྱལ་ཕྲག་དོག་སེར་སྣ་ལ་སོགས་པ་སྟེ་དེ་)དག་དང་(གཉེན་པོའི་རྣམ་པ་མང་པོས་)རྣམ་པར་བྲལ་(བ་ སྟེ་ཐ་ན་རགས་པའི་རྣམ་པ་རྣམས་དང་བྲལ་བ)ཞིང་བཟོད་པའི་ངང་ཚུལ་(ནི་རྙེད་བཀུར་ལ་སོགས་པ་ལ་རེ་བ་མེད་ པར་ཆོས་སྟོན་པ་དང་རྫོགས་པའི་སངས་རྒྱས་ཀྱི་ལམ་ཐེག་ཆེན་གྱི་)ལམ་ལ་ཞུགས(པ་སྟེ་དེ་ལྟ་བུའི་བླ་མ་དེ་བསྟེན་པར་ གྱུར་ན)། །སློབ་མ་རྣམས་ལ་(བླ་མ་དེས་སངས་རྒྱས་ཀྱི)ལམ་ནི་སྦྱིན་བྱེད་(ཅིང་དེ་ཉམས་སུ་བླངས་པ་ལས) དམྱལ་བའི་འཇིགས་པ་འཕྲོག་(པར་གྱུར)ཅིང་དེ་ཉིད་ལས་ནི་ཚངས་སྤྱོད་ལྡན(པ་ནི་རྡོ་རྗེའི་་རྣལ་ འབྱོར་བསྒོམས་པས་བྱང་སེམས་ཐིག་ལེ་བརྟན་པའི་བདེ་བ་ཐོབ་པའོ)། །བདུད་(བཞི་པོ)རྣམས་(འཇོམས་པ)ལ་ ནི་རྡོ་རྗེ་དབྱུག་པ་དེ་(དང་འདྲ་བ་སྟེ)ཡང་འཛིན་མའི་(སྟེ་ས)གཞི་ལ་རྡོ་རྗེ་སེམས་དཔ(འི་སྤྲུལ་བའི་སྐུ་ སྔགས་ཀྱི་ཐེག་པ)ར་རབ་(ཏུ་)གྲགས་པའོ། །ཞེས་པ་དང༌། འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི་བཅོམ་ལྡན་འདས་འཇམ་དཔལ་ཇི་ ལྟ་བ་དང་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་ཐར་པ་དོན་དུ་གཉེར་ 6-1-254 བ་རྣམས་ཀྱིས་བལྟ་བར་བྱའོ། །ཞེས་པ་དང༌། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བའི་རྒྱུད་ ལས། སློབ་དཔོན་ཇི་ལྟར་ལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་ རྗེ་འཆང༌། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ནི་ཡེ་ཤེས་རྒྱ་མཚོ་སྟེ། །ཡིད་བཞིན་ནོར་ བུ་རིན་ཆེན་བཞིན། །སློབ་དཔོན་གྱི་ནི་ཡོན་ཏན་བཟུང༌། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ༑ ༑ཡོན་ཏན་བཟུང་བས་དངོས་གྲུབ་ཅིང༌། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཡི་གྲིབ་ མའང་མི་འགོམ་སྟེ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །ཞེས་སོགས་བླ་མ་སངས་ རྒྱས་དངོས་དང་ཁྱད་པར་མེད་པའི་ལུང་དུ་མ་འབྱུང་ངོ༌། །དེའི་ཕྱིར་བླ་མ་སངས་རྒྱས་ཐམས་ ཅད་ཀྱི་ངོ་བོར་མོས་པ་བསྐྱེད་ནས་གུས་པས་བསྟེན་ཅིང་མཉེས་པར་བྱས་ན་ཚོགས་རྫོགས་ ཤིང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གསུངས་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ ལས། གང་ཞིག་མི་ཡི་འཇིག་རྟེན་དག་ན་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་(རྩ་ལྟུང་ལ་སོགས་པའི) སྡིག་(པ་དང་)བྲལ་(བ)དེ་(རྡོ་རྗེ་འཆང་)[བདག་{དག་}(གི་ངོ་བོ)སྟེ། །དེ་(དེའི་ཕྱིར་རྡོ་རྗེ་སློབ་དཔོན)ལ་ གནོད་པ་བྱས་པས་སྲོག་ཆགས་(སློབ་མ)རྣམས་ནི་(དམ་ཚིག་ཉམས་ནས)ངེས་པར་དམྱལ་བ(ལྟུང་ བ)ར་འགྱུར་ཏེ་(རྒྱུ་དེ་ལ་འབྲས་བུ་དེ་ལས་འོས་མེད་པས་ན)འདི་ལ་ངོ་མཚར་(ཆེ་རྒྱུ)མེད། །དེ་(བླ་མ) མཉེས་པ་ཡིས་(སངས་རྒྱས)བདག་ནི་མགུ་སྟེ་དེ་(བླ་མ)ལ་ཁྲོ་བའི་མེ་ནི་(བྱེད་ན་)ཁྲོས་པ་ཞེས་བྱ་ (སྟེ་སངས་རྒྱས་ལ་ཁྲོས་པ་)ཆེན་པོའོ། །དེ་(བླ་མ)ཉིད་སེམས་ཅན་རྣམས་ལ་ཐར་པ(འི་གོ་འཕང)བདེ་ མཉམ་(གྱི)འབྲས་(བུ)སྟེར་(བར་མཛད་པའི་ཡབ་ཡིན་པའི་ཕྱིར)བུ་(སློབ་མ)རྣམས་དག་[གི་{གིས} ཕྱག་འོས་མཆོད་འོས་སོ། །སྡིག་ཅན་(གྱི་མཐར་ཐུག་པ་)གང་ཡིན་(ན་གང་ཟག)གང་ཞིག་དཔལ་ ལྡན་བླ་མའི་ཞབས་པད་བཟང་ལ་དུས་གསུམ་(དུ)ཕྱག་མི་བྱེད་པའོ། །མི་(རྣམ་པར)ཤེས་(མི་ རྨོངས་པའི་མཐར་ཐུག)གང་ཡིན་(ཡིན་ན་གང་ཟག)གང་ཞིག་རྣམ་མང་མེ་ཏོག་རྣམས་ཀྱིས་དུས་(སྔ་དྲོ་ གུང་ཕྱི་དྲོ་སྟེ)གསུམ་དུ་ནི་མཎྜལ་(བླ་མ་དང་འདོད་པའི་ལྷ་ལ་དབུལ་བར)མི་བྱེད་པའོ། །མྱུར་དུ་མནར་ 6-1-255 མེད་(པའི་དམྱལ་བར)འགྲོ་བ(འི་མཐར་ཐུག)གང་ཡིན་(ན་གང་ཟག)གང་ཞིག་བདེ་མཉམ་(འབྲས་བུ) སྟེར་(བར)བྱེད་(པའི)བླ་མ(འི་ཐུགས་སུན་ཕྱུང་ནས)སྐྱོ་བ་བསྐྱེད་པ(མི་དགེ་བ་བཅུ་སྤྱོད་པ་དེ)འོ། །(བཞི་ པ)ཤེས་རབ་ཡེ་ཤེས་ཐོབ་པ(འི་མཐར་ཐུག)གངཡིན་(ན་ལམ་ལས)མ་ཉམས་(པའི་དམ་པ)གང་ཞིག་ མཆོག་གི་བླ་མའི་ཞབས་ནི་མི་སྤོང་བའོ། །ཞེས་པ་དང༌། དཔལ་དོན་དམ་པའི་བསྙེན་པ་ ལས། ཐུན་མཚམས་གསུམ་དུ་ཤིན་ཏུ་རྣམ་པར་དག་པ་ཡིས། །ཁ་དང་ལག་པ་རྐང་པ་དག་ནི་ ཁྲུས་བྱས་ཏེ། །མེ་ཏོག་ཡང་དག་བླངས་ནས་བླ་མའི་སྤྱན་སྔར་ནི། །རྒྱལ་བ་རྣམས་ཀྱི་དཀྱིལ་ འཁོར་ཤིན་ཏུ་ཟླུམ་པར་བྱ། །བླ་མའི་ཞབས་ཀྱི་ཆུ་སྐྱེས་མེ་ཏོག་གིས་མཆོད་ཅིང༌། །ཤིན་ཏུ་ གུས་པས་སྤྱི་བོར་ལག་པས་ཕྱག་བྱའོ། །ཞེས་པ་དང༌། རིམ་ལྔ་ལས། མཆོད་པ་ཐམས་ཅད་ རྣམ་སྤངས་ནས། །བླ་མ་ལ་མཆོད་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་ བྱས་པས། །དེ་ཡི་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་རྟེན་གང་ཞིག་ཡོད། །དེ་ཉིད་མི་ ཟད་འདོད་པ་ཡི། །ཤིན་ཏུ་དགའ་བ་གང་དང་གང༌། །ཤིན་ཏུ་ཁྱད་པར་ཅན་ཉིད་དེ། །དེ་དང་ དེ་ནི་བླ་མར་དབུལ། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་ སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་སེལ། །རྒྱ་མཚོ་ཆེ་ལས་ཕ་རོལ་སྒྲོལ། །ཞེས་གསུངས་ སོ། །དེ་ལྟར་གོ་བར་བྱས་ནས་རང་ཉིད་འདུག་པའི་གནས་དེ་ཉིད་རིན་པོ་ཆེ་སྣ་ཚོགས་ལས་ གྲུབ་པ་ཤིན་ཏུ་རྣམ་པར་དག་ཅིང་འོད་གསལ་བའི་གཞལ་མེད་{ཁང་}ཆེན་པོར་མོས་པ་ བྱས་ཏེ། མདུན་གྱི་ནམ་མཁར་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཁྲི་སེང་གེ་བརྒྱད་ཀྱིས་ བཏེགས་པའི་སྟེང་དུ་སྣ་ཚོགས་པད་མ་འདབ་མ་བརྒྱད་པ་དང༌། དེའི་ལྟེ་བ་ལ་ཟླ་བ་དང་ཉི་ མ་དང་སྒྲ་གཅན་གྱི་གདན་བརྩེགས་པའི་སྟེང་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྟོན་པའི་རང་ གི་བླ་མ་དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་འཆང་གི་བདག་ཉིད་རྡོ་རྗེ་དཀྱིལ་ཀྲུང་དུ་བཞུགས་པ་ 6-1-256 ན་བཟའ་མཛེས་པས་ཀླུབས་ཤིང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ཕྱག་གཡས་པས་རྡོ་རྗེ་དང་ གཡོན་དྲིལ་བུ་འཛིན་པ་ཐུགས་ཀར་བསྣོལ་བ་སྐུ་གཟི་མདངས་ཕུན་སུམ་ཚོགས་པ་མངའ་ བ། ཐུགས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་མཉམ་པར་བཞག་པ་བསྒོམས་ཏེ། དེའི་ཐུགས་ཀ་ ནས་འོད་ཟེར་འཕྲོས་པས། རང་ཉིད་ཀྱིས་དབང་བསྐུར་བ་ཟབ་མོ་ཐོབ་པའི་བླ་མ་རྣམས་ དང་བརྒྱུད་པའི་བླ་མ་ཐམས་ཅད་སྤྱན་དྲངས་ནས་བླ་མ་ལ་གཉིས་སུ་མེད་པར་བསྟིམ། ཡི་ དམ་གྱི་ལྷ་ཚོགས་རྣམས་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་སྤྱན་དྲངས་ནས་བླ་ མ་ལ་བསྟིམ། ཆོས་ཀྱི་འབྲེལ་པ་ཐོབ་པའི་བླ་མ་ཐམས་ཅད་ཀྱང་སྤྱན་དྲངས་ནས་བླ་མ་དེ་ ཉིད་ལ་བསྐོར་བའི་ཚུལ་དུ་བཞུགས་པར་མོས་པ་བྱས་ལ། བླ་མ་དེ་ཉིད་སངས་རྒྱས་ཐམས་ ཅད་འདུས་པའི་ངོ་བོ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། རྣམ་ དག་ལེགས་པའི་ལམ་ལ་འདྲེན་པར་མཛད་པ་པོ་ཡིན་ངེས་སྙམ་དུ་བསམ་ཞིང་མཆི་མ་རང་ དབང་མེད་པར་འབབ་པ་ཙམ་དུ་མོས་གུས་བྱ་ཞིང༌། གང་གི་དྲིན་[གྱིས་{གྱི་}བདེ་ཆེན་ཉིད། ། སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་ འདུད། །ཅེས་པ་དང༌། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི། དེ་ཉིད་རིན་ ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་སྟེ། །མིག་སྐྱོན་མེད་རྣམས་རོལ་པར་བྱས་པས་སྟེང་དུ་ ནི། །ལྟ་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། ཁྱོད་ནི་(སེམས་ཅན་གྱི)མ་དང་ ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང༌། །ཁྱོད་ནི་(སེམས་ ཅན་གྱི)མགོན་པོ་ཁྱོད་ནི་(དགེ་ལེགས་ཀྱི)བྱེད་པོ་ཕན་(པ་སྟེར་བ)དང་སྡིག་(པ)འཕྲོག་(པ་པོ)ཁྱོད་ ནི་(སངས་རྒྱས་ཀྱི)གོ་འཕང་(ཡོན་ཏན)ཕུན་སུམ་ཚོགས་པ་ཡང༌། །ཁྱོད་ནི་འབའ་ཞིག་(སྟེ་ཁོ་ན་ སྐྱབས་ཀྱི)གནས་དང་ཁྱོད་ནི་(བྲལ་བ་དང་སྨིན་པའི)ཡོན་ཏན་མཆོག་གི་གནས་ཏེ་( སྲིད་ཞིའི)སྐྱོན་ རྣམས་(གཏན་ནས)བཅོམ་པ་ཁྱོད་ཉིད་དོ། །ཁྱོད་ནི(སེམས་ཅན)དམན་པ་རྣམས་ཀྱི་མགོན་དང་ 6-1-257 ཡིད་བཞིན་ནོར་བུ(འི་མཆོག་སྟེ)རྒྱལ་བའི་དབང་པོ་(འཇམ་དཔལ་ཡེ་ཤེས་སྐུ)ཁྱོད་ལ་བདག་སྐྱབས་ མཆི། །ཞེས་པས་བསྟོད་ཅིང་ཕྱག་གུས་པའི་ཡིད་ཀྱིས་བྱའོ། །<དེ་ནས། བླ་མའི་དཔྲལ་བ། མགྲིན་པ། ཐུགས་ཀ་ནས་འོད་འཕྲོས་བཅད། བདག་གི་གནས་དེ་དག་ཏུ་ཕོག་པས་སད་རྨི་གཉིད་འཐུག་གི་དྲི་མ་དག བུམ་གསང་ཤེས་རབ་ ཡེ་ཤེས་ཀྱི་དབང་ཐོབ། སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱི་བརླབས། བླ་མའི་སྐུའི་ཆ་ཐམས་ཅད་ལས་འོད་འཕྲོས། བདག་ ལུས་ཐམས་ཅད་གང་བས་འཛག་པའི་དྲི་མའི་བག་ཆགས་ཐམས་ཅད་དག དབང་བཞི་པ་ཐོབ། ཀུན་རྫོབ་ཀྱི་ཡེ་ཤེས་རྡོ་རྗེར་བྱིན་ གྱི་བརླབས། མཐར་བླ་མ་འོད་དུ་ཞུ། རང་ལ་ཐིམ་པས་ངང་ལ་མི་རྟོག་པར་བཞག་གོ།> དེ་ནས་མཎྜལ་དབུལ་བ་ནི། ཨོཾ་བཛྲ་བྷུ་མི་ཧཱུཾ་ཞེས་པས་མཎྜལ་གྱི་གཞི་དེ་ཉིད་དབང་ ཆེན་གསེར་གྱི་ས་གཞི་ཐད་ཀའི་རྒྱར་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་སུམ་སྟོང་ཕྱེད་ དང་ལྔ་བརྒྱ་ཙམ་དུ་བསམ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ་གིས་མཐའ་ལྕགས་རི་ནག་པོས་བསྐོར་བར་ བསམས་པའི་དབུས་སུ་མེ་ཏོག་གི་ཚོམ་བུ་བཀོད་པ་རིའི་རྒྱལ་པོ་རི་རབ། མེ་ཏོག་གི་ཚོམ་ བུ་རིམ་པ་ལྟར་དགོད་ཅིང༌། ཤར་དུ་ལུས་འཕགས་པོ། ལྷོར་རུ་འཛམ་བུ་གླིང༌། བྱང་དུ་སྒྲ་ མི་སྙན། ནུབ་ཏུ་བ་གླང་སྤྱོད་རྣམས་གླིང་ཕྲན་གཉིས་གཉིས་དང་བཅས་པ་དང༌། རི་རབ་ཀྱི་ གཡོན་དུ་ཟླ་བ་དང༌། གཡས་སུ་ཉི་མ། མདུན་དུ་སྒྲ་གཅན། རྒྱབ་ཏུ་དུས་མེ་རྣམས་བསམས་ ཏེ། དེ་དག་གི་རྣམ་པ་ཞིབ་པར་བླ་མས་བཤད་པར་བྱའོ། །གཞན་ཡང་རྒྱལ་སྲིད་རིན་པོ་ཆེ་ སྣ་བདུན་དང༌། གཏེར་ཆེན་པོའི་བུམ་པ་དང༌། དཔག་བསམ་གྱི་ཤིང་དང༌། རིན་པོ་ཆེའི་རི་བོ་ དང༌། འདོད་འཇོའི་བ་དང༌། མ་རྨཽས་པའི་ལོ་ཐོག་ལ་སོགས་པ་ལྷ་དང་མིའི་འདོད་པའི་ཡོན་ ཏན་ལ་མ་ཚང་བ་མེད་པ་དང༌། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་ བའི་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་དང༌། བདག་ཉིད་ཀྱི་ལུས་དང་ལོངས་ སྤྱོད་དགེ་བའི་རྩ་བ་ཐམས་ཅད་ཀྱང༌། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཐམས་ ཅད་འདུས་པའི་ངོ་བོ་ཉིད་ལ་མཆོད་པར་འབུལ་ལོ། །ཞེས་བརྗོད་ཅིང༌། བདག་གཞན་ལུས་ 6-1-258 ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་རྣམས། །རིན་ཆེན་མཎྜལ་{བཟང་པོ་}ཀུན་བཟང་ མཆོད་པའི་ཚོགས་བཅས་པ། །བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ། ། ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་དང༌། ས་གཞི་སྤོས་ ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞིས་ལེགས་པར་བརྒྱན་པ་འདི། །སངས་ རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་དོན་ སེམས་བཞིན་པས་མཎྜལ་ལན་མང་དུ་ཕུལ་ལ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་དོན་ ལ་གདུང་བ་ཆེན་པོས་གསོལ་བ་དྲག་ཏུ་གདབ་པར་བྱ་སྟེ། སངས་རྒྱས་ཀུན་གྱི་ངོ་བོ་ཆོས་རྗེ་ {དཔལ་ལྡན་}བླ་མ་ལ་གསོལ་བ་འདེབས། སྐུ་བཞིའི་བདག་ཉིད༴ སྐྱབས་མཆོག་མཚུངས་ མེད༴ འདྲེན་མཆོག་མཚུངས་མེད༴ དངོས་གྲུབ་འབྱུང་གནས༴ མ་རིག་མུན་སེལ་ཆོས་རྗེ་བླ་ མ་ལ་གསོལ་བ་འདེབས། བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། རྩེ་གཅིག་གི་ སྒྲུབ་པ་ནུས་པར༴ སྒྲུབ་པ་ལ་བར་ཆད་མི་འབྱུང་བ༴ སྒྲུབ་པ་སྙིང་པོ་ཉམས་སུ་ལོངས་པ༴ སྒྲུབ་པ་རབ་ཀྱི་མཐར་ཕྱིན་པ༴ ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ཏིང་ངེ་འཛིན་ ལ་དབང་ཐོབ་པ༴ ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ༴ ཕྱག་རྒྱ་ཆེན་པོ་ མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་ལ་སོགས་ པས་གསོལ་བ་དྲག་ཏུ་གདབ་པོ། །དེ་ནས་བླ་མའི་དཔྲལ་བར་ཨོཾ་ཡིག་ཡིག་དཀར་པོ་སངས་ རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་དང༌། མགྲིན་པར་ཨཱཿཡིག་དམར་པོ་གསུང་རྡོ་རྗེའི་ངོ་ བོ་དང༌། ཐུགས་ཀར་ཧཱུཾ་ཡིག་མཐིང་ནག་ཐུགས་རྡོ་རྗེའི་ངོ་བོ་དང༌། ལྟེ་བར་ཧོཿཡིག་སེར་པོ་ ཡེ་ཤེས་རྡོ་རྗེའི་ངོ་བོ་རྣམས་གསལ་བར་དམིགས་ཏེ། ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས་ པས་རང་གི་དཔྲལ་བ་ནས་ཞུགས་པས་ལུས་ཀྱི་ནང་ཡོངས་སུ་གང་ཞིང༌། ལུས་ཀྱི་སྒྲིབ་པ་ དག བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པར་བསམ། ཨཱཿ ཡིག་ལས་འོད་ཟེར་ 6-1-259 དམར་པོ་འཕྲོས་པ་རང་གི་མགྲིན་པ་ནས་ཞུགས་པས་ལུས་ཀྱི་ནང་ཡོངས་སུ་གང་ཞིང༌། ངག་ གི་སྒྲིབ་པ་དག གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པར་བསམ། ཧཱུཾ་ལས་ འོད་ཟེར་མཐིང་ནག་འཕྲོས་པ་སྙིང་ཁ་ནས་ཞུགས་པས་ལུས་ཀྱི་ནང་ཡོངས་སུ་གང་ཞིང༌། ཡིད་ཀྱི་སྒྲིབ་པ་དགཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པར་ བསམ། ཧོཿ ཡིག་ལས་འོད་ཟེར་སེར་པོ་འཕྲོས་པ་རང་གི་ལྟེ་བ་ནས་ཞུགས་པས། ལུས་ཀྱི་ ནང་ཡོངས་སུ་གང་ཞིང༌། དབང་བཞི་པ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དབང་ཐོབ། ཡེ་ཤེས་ཀྱི་ སྒྲིབ་པ་འཛག་བདེ་འཕོ་བའི་བག་ཆགས་དག ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས་པར་བསམ་ མོ། །དེ་ནས་བླ་མ་དེ་ཉིད་རང་གི་སྤྱི་གཙུག་གི་སྟེང་དུ་བྱོན་པར་བསམས་ལ། གསོལ་བ་དྲག་ ཏུ་བཏབ་པས། རང་གི་སྤྱི་བོ་ནས་ཐིམ་ཞིང༌། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ་ལ། རྐང་པ་དཀྱིལ་དཀྲུང་དང༌། ལག་པ་མཉམ་ བཞག་གི་ཕྱག་རྒྱ་བཅས་ཏེ་སྒལ་ཚིགས་དྲང་པོར་བསྲང་སྟེ། མིག་མདུན་གྱི་བར་སྣང་སྟོང་པ་ ལ་བལྟས་ལ། སེམས་མ་བཅོས་པར་རང་ལུགས་སུ་ལྷོད་ཀྱིས་སློད་ལ་གཞག་ཅིང་རྗེས་བསྔོ་ བའི་རྒྱས་གདབ་པར་བྱའོ། །མཚན་མོ་ཉལ་བའི་ཚེ་རང་གི་སྙིང་པད་མ་འདབ་བརྒྱད་ཀྱི་རྣམ་ པར་དམིགས་ཏེ་དེའི་ལྟེ་བར་བླ་མ་སྤྱན་དྲངས་ནས། བླ་མའི་སྐུ་ཚོན་གང་པ་ཙམ་ཅིག་ལ་མོས་ པའི་སེམས་གཟུང་སྟེ་གཉིད་ལོག་པར་བྱའོ།། ༈ །། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བའི་ཁྲིད་ལ་གཉིས་ཏེ། རྫོགས་རིམ་ཡེ་ཤེས་ ཀྱི་ཚོགས་ཀྱི་སྔོན་འགྲོ་བསྐྱེད་པའི་རིམ་པ་བསྒོམ་པ་དང༌། རྫོགས་རིམ་གྱི་ཉེར་བསྡོགས་ཁྱད་ པར་ཅན་དབེན་པ་གསུམ་བསྟེན་པས་ལུས་ངག་སེམས་གསུམ་སྦྱང་པའོ། ། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོ་ཉིད་ལས། རྫོགས་རིམ་ཡེ་ ཤེས་ཀྱི་ཚོགས་ཀྱི་སྔོན་དུ་བསོད་ནམས་ཀྱི་ཚོགས་བསྐྱེད་པའི་རིམ་པ་བསྒོམ་པར་གསུངས་ 6-1-260 ཤིང༌། མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང༌། ཐ་མལ་རྣམ་རྟོག་གཞོམ་དོན་དུ། །བསྒོམ་པ་ ཡང་དག་རབ་ཏུ་བསྒྲགས། །ཞེས་དང༌། ཀྱེའི་རྡོ་རྗེའི་འགྲེལ་པ་རྡོ་རྗེ་སྙིང་པོས་མཛད་པར་ ཡང༌། རྣམ་རྟོག་རྒྱ་རུ་[ཆུད་{ཚུད་}པ་ཡི༑ ༑འགྲོ་བ་གསུམ་པོ་རྣམ་གཟིགས་ནས། །ཇི་ལྟ་ཇི་ ལྟར་གྲོལ་གྱུར་པའི། །དེ་དང་དེ་ཡིས་ཐབས་བསྟན་ནོ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་ པར་བྱ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། བསྐྱེད་པའི་རིམ་པ་ལེགས་གནས་ནས། ། རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་ རིམ་པ་ལྟ་བུར་གསུངས། །ཞེས་གསུངས་པས། རྫོགས་རིམ་ཟབ་མོ་བསྒོམ་པའི་ཡན་ལག་ ཏུ་ཐོག་མར་བསྐྱེད་པའི་རིམ་པ་བསྒོམ་པར་བྱ་བ་ཡིན་ལ། <རྒྱས་པར་ན། དཀྱིལ་འཁོར་རྫོགས་པའམ་ ཐུགས་དཀྱིལ་ཉེར་སྔ། བཅུ་གསུམ། དགུ། ལྔ། ནུས་མ་སྐོར་བའི་དཀྱིལ་འཁོར་རམ། བསྡུ་ན་ལྷན་སྐྱེས་པའི་དཔའ་བོ་གཅིག་པའི་ བར་སྒོམ་པར་གསུངས་ཀྱང་>དེ་ཡང་འདིར་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་མདོར་བསྡུས་ པ་ཙམ་ཞིག་བསྒོམ་པར་བྱ་སྟེ། སྔར་བཞིན་སྐྱབས་སུ་འགྲོ་བ་སོགས་སྔོན་དུ་འགྲོ་བས། ཨོཾ་ ཤཱུ་ནྱ་ཏཱ་(སྟོང་པ་ཉིད)ཛྙཱ་ན་(ཡེ་ཤེས)བཛྲ་(རྡོ་རྗེ)སྭ་བྷ་ཝ་(རང་བཞིན་གྱི)ཨཱད་མ་ཀོ྅་(བདག་ཉིད་ང) ཧཾ། ཞེས་བརྗོད་པས་བདག་ཉིད་ཀྱི་ཕུང་པོ་ཁམས་སོགས་རང་བཞིན་སྟོང་པ་ཉིད་དུ་དམིགས་ པའི་ངང་ནས། གདན་སྣ་ཚོགས་པད་མ་འདབ་མ་བརྒྱད་པ་དང༌། དེའི་ལྟེ་བར། ཟླ་བ་དང༌། ཉི་མ་དང༌། སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་བརྩེགས་པའི་སྟེང་དུ། བདག་ཉིད་བཅོམ་ལྡན་ འདས་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པ། ཞབས་གཡས་པ་དམར་པོ་བརྐྱང་བས་འདོད་ལྷ་དམར་པོའི་སྙིང་ཁར་གནན་པ། གཡོན་པ་ དཀར་པོ་བསྐུམ་པས་དྲག་པོ་དཀར་པོའི་སྙིང་ཁར་མནན་པ། སྐུ་མདོག་སྔོན་པོ་ཞལ་ནག་པོ་ མཆེ་བ་ཕྱེད་གཙིགས་པ་སྤྱན་གསུམ་ཅུང་ཟད་དམར་ལ་ཟླུམ་པ་དང་ལྡན་པ། རལ་པའི་ཅོད་ 6-1-261 པན་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དང་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་[པོས་སྤྲས་ པ་{པོ}ཕྱག་གཡས་པས་རྡོ་རྗེ་དང༌། གཡོན་པས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། རལ་པའི་ཅོད་པན་གྱི་རྩེ་མོར་རྡོ་རྗེ་ནོར་བུ་དང༌། རྡོ་ རྗེའི་རྣ་རྒྱན་མགུལ་རྒྱན་གདུ་བུ་སྐ་རགས་ཞབས་གདུབ་དར་དཔྱངས་ཕྲེང་བ་སྟེ་རྡོ་རྗེའི་རྒྱན་ རྣམས་ཀྱིས་བརྒྱན་པ། སངས་རྒྱས་ཐམས་ཅད་ཀྱི་དམིགས་པ་མེད་པའི་སྙིང་རྗེ་ཐབས་བདེ་ བ་ཆེན་པོའི་སྐུར་བསམ་པར་བྱའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་ གཅིག་ཕྱག་གཉིས་མ་ཕྱག་གཡས་ཀྱིས་གྲི་གུག་དང༌། གཡོན་པ་ཐོད་པ་ཁྲག་གིས་གང་བ་ འཛིན་པས་ཡབ་ཀྱི་མགུལ་པར་འཁྱུད་པ། སྤྱན་གསུམ་དང་ལྡན་ཞིང༌། རྡོ་རྗེ་སེམས་དཔས་ དབུ་རྒྱན་པ་རུས་པའི་ཕྱག་རྒྱ་ལྔ་དང་ལྡན་ཞིང༌། གཡོན་[རྐྱང་{བརྐྱང་}གི་སྟབས་ཀྱིས་ཡབ་ ཀྱི་ཞབས་དང་མཉམ་པར་གནས་པ། སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་རྣམ་ཀུན་མཆོག་ ལྡན་གྱི་སྟོང་པ་ཉིད་དུ་མོས་པར་བྱའོ། །དེ་ལྟར་བསྒོམས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། སྙིང་ཁར་ཧཱུཾ་ནག་པོ༑ ལྟེ་བར་ཧོཿ སེར་པོ། གསང་གནས་སུ་སྭཱ་ སྔོན་པོ། གཙུག་ཏོར་དུ་ཧཱ་ལྗང་ཁུ་རྣམས་བསམ་ཞིང་བྱིན་གྱིས་བརླབ་པོ། །དེ་ནས་ཡིག་འབྲུ་ རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ ལ་ཕོག་པས་རྣམ་པར་དག་པའི་གཞལ་ཡས་ཁང་དུ་གྱུར་ཞིང༌། ནང་བཅུད་ཀྱི་སེམས་ཅན་ ཐམས་ཅད་ལ་ཕོག་པས་དུས་ཀྱི་འཁོར་ལོའི་ལྷ་ཚོགས་སུ་གྱུར་པར་བསམ། ཡང་འོག་མིན་དུ་ འཕྲོས་པས་དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་ལ་སོགས་པ་ཡི་དམ་གྱི་ལྷ་ཐམས་ཅད་སྤྱན་ དྲངས། <སློབ་དཔོན་རོལ་པའི་རྡོ་རྗེས། དཀྲོང་བསྐྱེད་དུ་སྒོམ་ཞིང༌། དགུག་ཞུགས་མེད་པ་མཛད་ལ༌། བླ་མ་གོང་མ་རྣམས་ ཀྱང་དེར་ལྟར་བྱས་པས་ཆོག་པར་བཞེད་དོ། །>རང་ལ་གཉིས་སུ་མེད་པར་ཐིམ་པས་ཡི་དམ་ཀུན་འདུས་ པའི་བདག་ཉིད་དུ་གྱུར་པར་བསམ། སླར་ཡང་འོད་འཕྲོས་པས་རྩ་བའི་བླ་མ་སྤྱན་དྲངས་ཏེ་ 6-1-262 བདག་ཉིད་ལ་དབང་བསྐུར་ནས་རལ་པའི་ཅོད་པན་ལ་གནས་པའི་རྡོ་རྗེ་སེམས་དཔའ་དང་ དབྱེར་མེད་དུ་བཞུགས་པར་བསམ། དེ་བཞིན་དུ་ཆོས་འབྲེལ་ཐོབ་པའི་བླ་མ་བརྒྱུད་པ་དང་ བཅས་པ་ཐམས་ཅད་ཀྱང་སྤྱན་དྲངས་ཏེ། རྩ་བའི་བླ་མ་ལ་གཉིས་སུ་མེད་པར་ཐིམ་པས་བླ་མ་ ཀུན་འདུས་པའི་བདག་ཉིད་དུ་གྱུར་ཞིང་བྱིན་གྱིས་བརླབ་པར་མོས་པ་བྱའོ། །འདི་ནི་ཞག་རེ་ ལ་ཐུན་གསུམ་མམ་བཞིའི་མགོར་གསལ་ལ་ཡུན་ཐུང་པར་བསྒོམ་པར་བྱའོ། ། གཉིས་པ་རྫོགས་རིམ་གྱི་ཉེར་བསྡོགས་ཁྱད་པར་ཅན་དབེན་པ་གསུམ་བསྟེན་པས་ལུས་ ངག་སེམས་གསུམ་སྦྱང་བ་ལ། <མདོ་རྒྱུད་ནས་ཏིང་ངེ་འཛིན་གྱི་དབྱེ་བ་བདུན་གསུངས་ཏེ། ལམ་ཏིང་ངེ་འཛིན་ སྐྱེ་བའི་རྒྱུའི་སྒོ་ནས་དབྱེ་བ། རང་གི་ངོ་བོའི། དཔེའི་སྒོ་ནས། ལྟ་སྟངས། སྣང་བ། བྱེད་ལས། འབྲས་བུའི་སྒོ་ནས་དབྱེ་བའོ། །དང་ པོ་ནི། རབ་ཏུ་དབེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་མྱུར་དུ་བླ་ན་མེད་པར་ཡག་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱའོ། །ཞེས་སོ། །གཉིས་པ་ནི་རྣམ་པར་མི་གཡོ་བ་ ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། དེ་ནས་རིམ་བཞིན། རི་བོ་ལྟ་བུ། གཙུག་ཏོར་རྣམ་པར་བལྟ་བ། རྒྱལ་མཚན་རྩེ་མོ། དཔའ་ བར་འགྲོ་བ། ལུས་ཀྱི་སྒྲིབ་པ་ཟད་པར་བྱེད་པ་ཞེས་སོགས། སྡུད་པར། གང་ཞིག་འདིར་སྤྱོད་སངས་རྒྱས་ཆོས་རྣམས་མི་རྟོག་ སྟེ། །ཞེས་སོགས་ཤོ་ལོ་གཅིག་གོ།> དབེན་པ་བསྟེན་པའི་གནས་དང༌། དབེན་པ་ཇི་ལྟར་བསྟེན་པའི་ ཚུལ་ལ་གཉིས་ལས། དང་པོ་སྤྱིར་དབེན་པ་བསྟེན་པའི་གནས་ནི། དུས་ཀྱི་འཁོར་ལོའི་རྩ་ བའི་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང༌། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་ གནས་ས་འཛིན་རྩོད་མེད་པ། །དེར་ནི་རྣལ་འབྱོར་བརྩམ་པར་བྱ། །ཞེས་པ་ལྟར། ཤིན་ཏུ་ དབེན་ཞིང་ཉམས་དགའ་བ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བསྒོམ་ཞིང༌། བྱེ་བྲག་ཏུ་ བསམ་གཏན་གྱི་ཁང་བུ་ནི་འབྱོར་ལྡན་གྱི་སྒྲུབ་གནས་འོག་ནས་བརླན་མི་འབྱུང་བའི་ས་མཐོ་ སར་བྱས་པ་ཐོག་མཐོ་བ་ཕྱོགས་ཐམས་ཅད་དུ་ཞལ་བ་ལེགས་པར་བྱས་ལ། སྒོ་འཁྱོག་རིམ་ པ་གསུམ་པའམ་འཛུལ་སྒོ་ཅན་ཡང་ན་སྒོ་གླེགས་དང་བཅས་ཤིང་ཕྱི་ནང་གཉིས་ནས་ཡོལ་ 6-1-263 བ་དང་བཅས་པ། གསལ་དཀར་ཕྱི་རུབ་ལ་ནང་ཡངས་པ་སྣང་བ་དགག་སླ་བ་དང་ལྡན་པ། སྒོམ་དུས་སྣང་བ་འབྱུང་བའི་བུག་པ་རྟ་རྔའི་ཉག་མ་ཤོང་བ་ཙམ་ཡང་མེད་པ། ནང་དུ་ས་དུག་ དང་དྲི་ང་བ་ལ་སོགས་པ་མེད་ཅིང་ཁམས་བདེ་བའི་མུན་ཁང་སྒོ་ཚགས་ལེགས་པར་བསྡམས་ པའི་ནང་དུ་བསྒོམ་མོ། །དེ་ལྟ་བུ་མ་འབྱོར་བའི་ཀུན་སྤངས་ཀྱི་གནས་ནི་ས་ཕུག་གམ་བྲག་ ཕུག་རང་བཞིན་གྱིས་མུན་པ་ནག་པ་ས་རླན་མེད་ཅིང་སྒོའི་ཚགས་ལེགས་པར་བྱས་པའི་ནང་ དུ་བསྒོམ་མོ། ། གཉིས་པ་དབེན་པ་ཇི་ལྟར་བསྟེན་པའི་ཚུལ་ནི། འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། འདིར་ལས་དང་པོ་པས་དང་པོར་སྒྲུབ་ཐབས་ཀྱི་ཆོ་གས་བསྙེན་པ་བྱ་སྟེ་བདུད་རྩི་ལྔ་ལ་ སོགས་པས་བསྙེན་པ་ཞེས་པ་ལ་ཕྱི་རོལ་དུ་བདུད་རྩི་ལྔ་ནི་གཤང་བ་(དང་)ལ་སོགས་པ་(གཅི་ བ་དང་ཁུ་བ་དང་རྡུལ་དང་རྐང་)དང་སོགས་པའི་སྒྲས་གོ་ཀུ་ལ་སོགས་པ་(ད་ཧ་ན་ཤ་ལྔ)སྟེ་ལྷ་མཉེས་ པའི་དོན་དུ་དེ་རྣམས(བདུད་རྩིར་བྱིན་གྱིས་བརླབས་པ)ཟོས་པས་བསྙེན་པའོ། །ནང་དུ་བདུད་རྩི་ལྔ་ ནི་ཕུང་པོ་ལྔ་སྟེ་སོགས་པའི་སྒྲས་དབང་པོ་ལྔ་པོ་སྒྲོན་མ་ལྔའོ། །དེ་རྣམས་ལ་ལྟོས་པ་མེད་པ་ ནི་བསྙེན་པ་སྟེ་ལུས་དང་རྫས་ལ་སྲེད་པ་ཡོངས་སུ་སྤངས་པའོ། །བསྙེན་པ་དེས་ལྷ་རྣམས་ མཆོག་སྟེར་བར་འགྱུར་གྱི། བཤང་བ་ལ་སོགས་པ་ཟོས་པས་ནི་མ་ཡིན་ནོ། །ཆུ་གཏེར་རྡོ་རྗེ་ རྣམས་དང་ཞེས་པ་ནི་ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་(ལུས་དབེན)དང༌། ངག་གི་ལོངས་ སྤྱོད་ལ་ལྟོས་པ་མེད་པ་(ངག་དབེན་པ)དང་སེམས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་(སེམས་དབེན་ པ)དང་འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་ངག་དང་སེམས་དང་ ཚངས་པར་སྤྱོད་པའི་སྡོམ་པའོ་ཞེས་པའི་དོན་ཏོ། །འདིས་ལྷ་རྣམས་མཆོག་སྟེར་བར་འགྱུར་ གྱི་སྲིད་པའི་ལོངས་སྤྱོད་ལ་ཞེན་པས་ནི་མ་ཡིན་ནོ། །ཞེས་གསུངས་ཤིང༌། དཔལ་གསང་ བ་འདུས་པ་ལས། ལུས་ངག་སེམས་རྣམས་བསྒོམ་པ་ནི། །རྣམ་པར་མི་རྟོག་མི་དམིགས་པ། 276། གང་ནའང་མི་གནས་མཉམ་པ་ཉིད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ། །ཞེས་དང༌། ཐེག་ ཆེན་ལམ་གྱི་སྒྲུབ་ཐབས་ལས། <ར་ལིའི་རྒྱུད་ལས། སེམས་གྱི་གླང་ཆེན་མི་འདུལ་བར། །གཡེངས་བས་སེམས་ན་ འདུག་ན་འཁྲུལ། །ཞེས་གསུངས་པས་གཡེངས་པ་སྤང་དགོས་ཤིང༌།> ལས་དང་པོ་ཡི་གང་ཟག་གིས། །ལུས་ དབེན་པ་ལ་མ་བརྟེན་པར། །སེམས་དབེན་རྙེད་པར་དཀའ་བའི་ཕྱིར། །འདྲེས་སྤང་དབེན་ པར་གནས་པར་བྱ། །འདྲེས་པས་འདྲེས་ཤིང་ཆགས་པར་བྱེད། །དེ་ཡིས་འཁོར་བའི་འཁོར་ ལོ་བསྐོར། །དེ་བས་འདྲེས་པ་སྤངས་པ་ལ༑ ༑རྟག་ཏུ་བག་དང་ལྡན་པར་བྱ། །ཞེས་གསུངས་ པས། <འདི་བསྐྱེད་རིམ་ལོ་ཕྱེད་ལ་སོགས་པའི་བར་དུ་སྒོམ་པས་སེམས་བརྟན་པར་གྱུར་པས་སྒོམ་པ་ཡི་ནི>དང་པོ་ ལུས་དབེན་པར་གནས་པས་ལུས་སྦྱང་བ་ནི། འོ་སྐོལ་རྣམས་ཀྱིས་གནས་ཁམས་གསུམ་ འཁོར་བ་འདིར། དུས་ཐོག་མ་མེད་པའི་དུས་ནས་ལུས་སྣ་ཚོགས་པ་གཅིག་བླངས་ནས་བྱ་ བྱེད་སྣ་ཚོགས་པ་གཅིག་བྱས་ཏེ་དེ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ཏུ་སོང་བས། ད་ནི་མཉམ་བཞག་གི་དུས་སུ་ལུས་ཀྱི་ཉམས་ལེན་དུ་ལུས་དབེན་པར་གནས་པ་ལ་བསླབ་ པར་བྱ་སྟེ། དེ་ཡང་ལུས་མི་དགེ་བའི་བྱ་བ་གསུམ་གྱིས་དབེན་པར་བྱ་ཞིང་དེར་མ་ཟད་ལུང་ མ་བསྟན་གྱི་བྱ་བ་ཚོང་སོ་ནམ་འགྲོ་འཆག་ལ་སོགས་ངལ་དུབ་ཀྱི་བྱ་བ་ཐམས་ཅད་ཀྱིས་ དབེན་པ་དང༌། ཏིང་ངེ་འཛིན་སྐྱེས་ཤིང་བརྟན་པར་མ་གྱུར་གྱི་བར་དུ་དགེ་བའི་བྱ་བ་ཕྱག་ དང་བསྐོར་བ་དང་ཡི་གེ་འདྲི་མཆོད་སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱིས་དབེན་པར་བྱེད་པ་ གལ་ཆེ་སྟེ། ལུས་བྱ་བྱེད་ཀྱིས་འཁྲུགས་པ་ན་རྩ་འཁྲུགས། རྩ་འཁྲུགས་པ་ན་རྩ་ནང་ན་གཡོ་ བའི་རླུང་འཁྲུགས།རླུང་འཁྲུགས་པ་ན་རླུང་སེམས་འཇུག་པ་གཅིག་པས་སེམས་འཁྲུགས་ ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མི་སྐྱེ་བར་འགྱུར་བས་སོ། །དེ་བཞིན་དུ། ངག་དབེན་ པར་གནས་པས་རླུང་སྦྱང་བ་ནི། ཐོག་མ་མེད་པའི་དུས་ནས་ངག་གི་སྨྲ་བརྗོད་སྣ་ཚོགས་བྱས་ པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ཏུ་སོང་བས། ད་ནི་མཉམ་བཞག་གི་དུས་སུ་ 6-1-264 ངག་དབེན་པར་གནས་པ་ལ་བསླབ་པར་བྱ་སྟེ། དེ་ཡང་ངག་མི་དགེ་བའི་བྱ་བ་བཞིས་དབེན་ པར་བྱ་ཞིང༌། དེར་མ་ཟད་ལུང་མ་བསྟན་གྱི་སྨྲ་བརྗོད་རྒྱལ་པོ་དམག་རིན་པོ་ཆེ་འབྲུ་ཚོང་སོ་ ནམ་སྐྱེས་པ་བུད་མེད་དགྲ་གཉེན་ལ་སོགས་པའི་གཏམ་གྱི་སྨྲ་བ་ཐམས་ཅད་ཀྱིས་དབེན་པ་ དང༌། ཏིང་ངེ་འཛིན་སྐྱེས་ཤིང་མ་བརྟན་གྱི་བར་དུ་ངག་དགེ་བའི་སྨྲ་བརྗོད་མདོ་འདོན་དང་ སྔགས་བཟླས་གསོལ་འདེབས་རླུང་འཛིན་འདྲེན་རྣམས་ཀྱིས་ཀྱང་དབེན་པ་གལ་ཆེ་སྟེ། ངག་ སྨྲ་བརྗོད་བྱས་པ་ན་རླུང་ཤོར་ནས་རྩ་ནང་དུ་རང་གནས་སུ་མི་གནས། རླུང་རང་གནས་སུ་མི་ གནས་པ་ན་སེམས་མི་གནས་ཤིང་སེམས་མི་གནས་པ་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ མི་སྐྱེ་བས་སོ། །དེ་བཞིན་དུ་སེམས་དབེན་པར་གནས་པས་སེམས་སྦྱང་བ་ནི་ཐོག་མ་མེད་ པའི་དུས་ནས་སེམས་རྣམ་པར་རྟོག་པའི་སྤྲོ་བསྡུ་སྣ་ཚོགས་པ་ཅིག་རྟག་ཏུ་བྱས་པ་ཐམས་ཅད་ སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ཏུ་སོང་བས། ད་ནི་མཉམ་བཞག་གི་དུས་སུ་སེམས་དབེན་པར་ གནས་པ་ལ་བསླབ་པར་བྱ་སྟེ། དེ་ཡང་སེམས་མི་དགེ་བའི་རྣམ་རྟོག་གསུམ་གྱིས་དབེན་པར་ བྱ་ཞིང་དེར་མ་ཟད་ལུང་མ་བསྟན་གྱི་རྣམ་རྟོག་ཡིད་ལ་བྱེད་པ་འདས་པའི་རྗེས་གཅོད། མ་ འོངས་པའི་སྔུན་བསུ། ད་ལྟར་གྱི་དོན་ལ་བརྩི་བགྲང་བྱེད་པ། རྒྱལ་པོ་ཡུལ་འཁོར་དགྲ་གཉེན་ འཁོར་འདབ་ལོངས་སྤྱོད་ཡིད་ལ་བྱེད་པ་ཐམས་ཅད་ཀྱིས་དབེན་པ་དང༌། ཏིང་ངེ་འཛིན་སྐྱེས་ ཤིང་མ་བརྟན་གྱི་བར་དུ་སེམས་དགེ་བའི་རྣམ་རྟོག་ཐུན་མགོའི་སྐྱབས་འགྲོ་སེམས་བསྐྱེད་ལྷ་ དང་བླ་མ་དྲན་པ་ཙམ་མ་གཏོགས་པ་སྔར་བྱས་[ཤེས་]ཀྱི་ཆོས་དྲན་པ་དང༌། གྲུབ་མཐའ་དང་ ཐོས་བསམ་གྱི་རྟོག་དཔྱོད་དང་འཁོར་བའི་ཉེས་དམིགས་བསམ་པ་བྱམས་སྙིང་རྗེ་བསྒོམ་པ་ ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་དབེན་པར་གནས་པས་སེམས་ལྷོད་གློད་ལ་ངལ་བསོ་བ་ གལ་ཆེ་སྟེ། སེམས་ངལ་མ་སོས་པར་རྣམ་རྟོག་གི་འཕྲོ་འདུར་ཤོར་ན་རྣམ་པར་མི་རྟོག་པའི་ ཏིང་ངེ་འཛིན་མི་སྐྱེ་བས་སོ། ། 6-1-265 དེ་ལྟར་དབེན་པར་གནས་པའི་སྒོ་ནས་ལུས་སྦྱང་བ་ནི། འབོལ་བའི་སྟན་ལ་འདུག་ཅིང་ བསྙེས་འབོལ་ལ་སོགས་ཀྱིས་འགབ་སྟེགས་ཅུང་ཟད་མཐོ་བར་བཅུག་སྟེ་སྨད་ཀྱི་རྩ་དང་རླུང་ འཆིང་པའི་ཐབས་རྐང་པ་རྡོ་རྗེ་དཀྱིལ་དཀྲུང་[བཅའ་སྟེ{བཅས་ཏེ}། དྲི་མེད་འོད་ལས། བླ་ མའི་ངེས་པའི་དབང་གིས་བསྒོམ་པའི་དུས་དང་འདོད་པའི་ལྷ་ལ་བསྟོད་པའི་དུས་སུ་གྲངས་ བཞིན་དུ་སངས་རྒྱས་པ་རྣམས་ལ་རྡོ་རྗེའི་གདན་སྔགས་ཤིང༌། ཞེས་གསུངས་སོ། །གལ་ ཏེ་དེ་བཅའ་བར་མི་ནུས་ན་དཀྱིལ་དཀྲུང་ཕལ་པ་བཅས་ཏེ་ལག་པའི་{བདེ་བར་}ཕྱག་རྒྱ་ ནི་དཀྱིལ་དཀྲུང་གི་སྟེང་དུ་གཡོན་པ་གན་རྐྱལ་དུ་བྱས་པའི་སྟེང་དུ་གཡས་པ་གན་རྐྱལ་དུ་ བཞག་ནས་མཐེ་བོང་ལྟོ་སྤྲད་པ་མཉམ་བཞག་གི་ཕྱག་རྒྱའམ། ལག་པ་གཉིས་པུས་མོ་ལ་ བཀབ་པའམ། རླུང་དབུ་མར་འཇུག་པའི་ཕྱག་རྒྱ་མཐེ་བོང་གཉིས་ཀྱིས་སྲིན་ལག་གི་རྩ་བ་ མནན་ལ་ཁུ་ཚུར་བསྡམས་ཏེ་ལྟེ་བའི་འོག་ཏུ་བརླའི་རྩ་བ་མནན་པའམ། ལག་པ་གཉིས་ཀས་ རྡོ་རྗེ་ཁུར་ཚུར་བཅིངས་ནས་བརླ་གཉིས་ཀྱི་སྟེང་དུ་མནན་པ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྱ་ བར་ཡང་འདོད་དེ། དེ་རྣམས་ལས་སྔ་མ་དག་ནི་འཆུན་ཆུང་པས་ཕྱི་མ་རྡོ་རྗེ་ཁུར་ཚུར་མཐེ་ བོ་བསྡམས་པ་བརླའི་སྟེང་དུ་མནན་པ་ལ་ལག་པའི་གྲུ་མོ་གཉིས་དྲང་པོར་བརྐྱང་པ་རྩིབས་ ལོགས་ལ་སྦྱར་བའམ། ལག་པའི་མཐིལ་བརླའི་སྟེང་དུ་མནན་པ་ལ་གྲུ་མོ་དྲང་པོར་བསྲང་ ནས་རྩིབས་ལོགས་ལ་སྦྱར་ཏེ་དཔུང་མགོ་གཉིས་རྒྱབ་ཏུ་ཅུང་ཟད་དགྱེ་བར་བྱའོ། །སྟོད་ཀྱི་ རྩ་དང་རླུང་འཆིང་བའི་ཐབས་སྒལ་ཚིགས་དྲང་པོར་བསྲང་སྟེ་གཡས་གཡོན་མདུན་རྒྱབ་ཏུ་མ་ ཡོ་བར་དགྱེ་དགུ་མེད་པར་བྱ། མགྲིན་པ་དྲང་ལ་ཅུང་ཟད་རྒུ་བས་མགོ་བོ་མདུན་དུ་ཅུང་ཟད་ དུད་པ་དང༌། ཀོས་སྐོ་ཨོལ་མདུད་པ་ནོན་པ་ཙམ་དུ་བྱ་ཞིང༌། ལྕེ་རྩེ་རྐན་ཕུགས་སུ་ཅུང་ཟད་ བཟློག་ཅིང༌། དབུགས་ཁ་ནས་མི་འཆོར་ཙམ་དུ་མཆུ་སྦྱར་རོ། ། ངག་སྦྱང་བ་ནི། རླུང་གི་དུག་གམ་རླུང་རོ་སྣ་བུག་གཡས་གཡོན་དབུས་གསུམ་ནས་དལ་ 6-1-266 བུས་བུས་ཏེ་ཕྱུང་ལ། རྣམ་པར་རྟོག་པའི་གཉེན་པོར་དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་ པའི་རྡོ་རྗེའི་བཟླས་པ་ཅི་རིགས་པ་བྱས་ཏེ་དབུགས་ཀྱི་འགྱུ་བ་མ་བཅོས་པར་རང་ལུགས་སུ་ གློད་ལ་བཞག་གོ། སེམས་སྦྱང་བ་ནི། ལྟ་སྟངས་མུན་ནག་གི་ནམ་མཁའ་ལ་སྨིན་མཚམས་ཀྱི་ཐད་<ཀྱི་ནམ་ མཁའ་ལ་སྤ་བ། འདི་ལ་གཙུག་ཏོར་ཅན་གྱི་ལྟ་སྟངས། ཁྲོ་བོའི། ནམ་མཁའི། དེངས་པའི་ལྟ་སྟངས་སོ། །ཞེས་སོ། །>སོ་ནས་ མདུན་དུ་སོར་བཅུ་དྲུག་ཙམ་གྱི་བར་སོང་བའི་སྟེང་གི་ཕྱོགས་སུ་མིག་འབྱེད་འཛུམ་དང་གཡོ་ བ་མེད་པར་ས་གཅིག་ཏུ་ཧྲིག་གེ་བལྟ་ཞིང༌། སེམས་རིག་པ་ཡང་ལྟ་སྟངས་ཀྱི་ལམ་ནས་ཐོན་ པར་བྱས་ཏེ། མིག་གི་བལྟ་ས་དེ་ཉིད་དུ་ཅིར་ཡང་མི་རྟོག་ཅིང་ཡིད་ལ་མི་བྱེད་པའི་ཚུལ་གྱིས་ ས་ལེ་ཧྲིག་གེ་བ་ལ་བཞག་གོ། སྙན་བརྒྱུད་ལས། བྱིས་པ་གཞུག་དང་བུམ་པ་དང༌། །གསང་ བ་ཡེ་ཤེས་སྔོན་སོང་བས། །བཞི་པ་ཡི་ནི་དབང་བྱ་སྟེ། །དམ་ཚིག་རྩ་བ་ཡན་ལག་ཅན། །དེ་ ཡིས་དབེན་པར་གནས་བྱས་ལ། །སོ་སོར་བསྡུད་པ་འདི་ལྟར་བསྒོམ། །ཞེས་གསུངས་སོ། ། དེའི་ངང་ལ་རྣམ་རྟོག་གང་སྐྱེས་པ་ཐམས་ཅད་ཐོལ་སྐྱེས་རྦད་ཆོད་དུ་བྱ་ཞིང༌། རྗེས་མི་བཅད། མི་བསྔོ་མི་བགྲང་པར་ལྟ་སྟངས་ཀྱིས་རིག་པ་གཅུན་ནས་རེ་དོགས་དང་དགག་སྒྲུབ་ཐམས་ ཅད་དང་བྲལ་བའི་ངང་དུ་ཡེངས་པ་སྐད་གཅིག་ཀྱང་མེད་པར་འཇོག་པ་ལ་བསླབ་པར་བྱ་ སྟེ། རི་ཁྲོད་དབང་ཕྱུག་གི་གསུང་ལས་ཀྱང༌། གང་ལའང་སྐྱོན་དུ་མི་ལྟ་ཞིང༌། །ཅི་ཡང་མ་ཡིན་ ཉམས་སུ་བླང༌། །དྲོད་རྟགས་ལ་སོགས་འདོད་མི་བྱ། །བསྒོམ་དུ་མེད་པར་བསྟན་མོད་ཀྱང༌། ལེ་ལོ་བཏང་སྙོམས་དབང་མི་བཏང༌། །རྒྱུན་དུ་དྲན་པས་བསྒྲུབ་པར་བྱ། །ཞེས་འབྱུང་བ་ལྟར་ བསྒོམ་མོ། །དེ་ལྟར་སྦྱངས་པ་རྣམ་པ་གསུམ་ཞག་གྲངས་བདུན་ཙམ་ལ་སོགས་པར་འབྱོང་ པའི་ཉམས་རྟགས་མ་བྱུང་གི་བར་དུ་མཚམས་ཤིན་ཏུ་དམ་པར་བཅད་ནས་བསྒོམ་དུ་གཞུག་ གོ། <རྟོག་པ་འཕྲོ་ན། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུཾཿལས་འོད་འཕྲོས། སྣོད་བཅུད་ལ་ཕོག དེ་རྣམས་འོད་དུ་ 6-1-267 ཞུ། ཡུམ་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་ཧཱུཾ་ལ་ཐིམ། དེ་ཡང༌། རིམ་བཞིན། ཞབས་དཀྱུ། ཁོག་པ། འགོ་བོ། ཟླ་ཚེས། ཐིག་ ལེ། ན་ད་རྣམས་ལ་ཐིམ། དེ་ནམ་མཁའ་ལ། མེ་ལོང་ལ་ཧས་བཏབ་པ་བཞིན་མི་དམིགས་པར་སྒོམ་ནས་འོད་གསལ་གྱི་ངང་ལ་ འཛིན་པ་དང་བྲལ་བར་བཞག་གོ།> དེ་ལ་འབྱོངས་པའི་རྟགས་ནི་ལུས་ངག་སེམས་གསུམ་ལ་འཆར་ ཏེ། ལུས་ཅུང་ཟད་ངལ་ཞིང་དུབ་པའི་རྣམ་པ་འབྱུང་ཡང༌། ལུས་གནད་བཅས་པ་ལ་མི་བདེ་བ་ མེད་པར་ཇི་ལྟར་འདོད་པ་བཞིན་གནས་པ་དང༌། ལུས་རང་བཞིན་གྱི་གཡོ་བ་དང་འཕར་བ་ དང་འདར་བ་དང༌། རེས་འགའ་ལུས་ཤིན་ཏུ་ཡང་བ་སྙམ་བྱེད་པ་དང༌། རེ་འགའ་ལུས་ཤིན་ ཏུ་ལྕི་བ་སྙམ་བྱེད་པ་དང༌། ལུས་མེད་པ་སྙམ་བྱེད་པ་དང༌། རེས་འགའ་དྲོ་ཞིང་རྔུལ་བ་དང༌། ཤིན་ཏུ་གྲང་བ་སྙམ་བྱེད་པ་ལ་སོགས་པ་ལུས་ཉམས་ཀྱི་རྣམ་པ་ཅི་རིགས་པ་འབྱུང་ཞིང༌། ངག་སྨྲ་སྙིང་མི་འདོད་པ་དང༌། སྨྲ་བ་ལ་ཚེགས་ཆེན་པོ་དགོས་ཤིང༌། རྔམ་པ་འདར་བ་དང༌། ཤུགས་རིང་ནར་བ་འབྱུང་བ་དང༌། དབུགས་ཤིན་ཏུ་དལ་བར་རྒྱུ་ཞིང་རྒྱུ་བ་མི་ཚོར་བ་སྙམ་ བྱེད་པ་དང༌། རེས་འགའ་སྐད་ཀྱི་ང་རོ་རང་དབང་མེད་པར་འཆོར་བ་དང༌། རྒོད་པ་དང༌། ངུ་ བ་དང། གླུ་དབྱངས་ལེན་པ་དང༌། རང་དབང་མེད་པར་སྨྲ་བ་ལ་སོགས་པ་ངག་ཉམས་ཀྱི་རྣམ་ པ་ཡང་ཅི་རིགས་པ་འབྱུང་ངོ༌། །སེམས་སྔར་རྟོག་པ་མང་པོ་འཕྲོ་བ་དེ་ད་མི་འཕྲོ་བ་ལྷན་ནེ་ གནས་པ་དང༌། རེས་འགའ་སེམས་སྤུན་ཞིང་ཚིག་པ་ཟ་བ་སྙམ་བྱེད་པ་དང༌། རང་དབང་མེད་ པར་འཕྲོ་རྒོད་དུ་འཆོར་བ་དང༌། དགའ་སྣང་ཆེན་པོ་འཆར་བ་ལ་སོགས་པ་སེམས་ཉམས་ཀྱི་ རྣམ་པ་ཅི་རིགས་པ་འབྱུང་ཞིང༌། གཞན་ཡང་བསྒོམ་ཁང་གི་ནང་མུན་པའི་རྣམ་པ་མེད་པར་ ནམ་ལངས་པའི་རྣམ་པ་ལྟ་བུར་སྐྱ་འོད་པར་སྣང་བ་དང༌། དུ་བ་དང་སྤྲིན་ལ་སོགས་པ་ལྟ་ བུ་དང༌། སྨིག་རྒྱུ་དང༌། མཚོ་དང༌། འབབ་ཆུ་ལ་སོགས་པ་དང༌། སྲིན་བུ་མེ་ཁྱེར་ལྟ་བུ་དང༌། མར་མེའམ་མར་མེའི་འོད་ལྟ་བུ་དང༌། ནམ་མཁའ་སྤྲིན་མེད་ཀྱི་རྣམ་པ་དང༌། གཟའ་སྐར་དང་ འཇའ་འོད་ལ་སོགས་པ་མཐོང་སྣང་གི་རྣམ་པ་ཅི་རིགས་པ་ཡང་འཆར་བར་འགྱུར་ཏེ། ལུས་ 6-1-268 ངག་སེམས་གསུམ་འབྱོངས་པའི་རྟགས་ཡིན་ནོ། ། དེའི་དུས་སུ་གཉིད་དང་ལུས་ཤེད་ཆུང་དུ་སོང་ནས་ཁམས་ལྡོག་པ་སྲིད་པས་ཁམས་མི་ ལྡོག་པར་གསོ་བར་བྱ་སྟེ། ཁམས་གྱི་ཟས་ཚོད་མ་རྡོར་ཅན་ཚོས་པ་གསུམ་ཡར་དུ་བསྟེན་ པ་དང༌། ཐབས་དང་ཤེས་རབ་ཀྱི་རྫས་འཛོམས་པའི་བཟའ་བཏུང་འགྲངས་ལ་ཚོད་ཟིན་པ་ ཁམས་ལ་གང་འཕྲོད་པ་རྣམས་བསྟེན་པར་བྱའོ། །རེག་པའི་ཟས་གོས་ཡང་ལ་དྲོ་བ་གྱོན་ ནས། བསིལ་དྲོད་སྙོམས་པར་བྱ་ཞིང་སྐབས་སུ་སྐུ་མཉེ་ལེགས་པར་བྱའོ། །གཉིད་ཀྱི་ཟས་ ཉིན་མཚན་གོ་མ་ལོག་པར་ཉིན་མོ་གཉིད་སྤངས་ལ། མཚན་མོ་གཉིད་ཆགས་པའི་སྐྱོན་མེད་ པ་ཙམ་དུ་ཚིམས་པར་ལོག་ཅིང༌། བླ་མའི་རྣལ་འབྱོར་གྱི་སྐབས་སུ་བསྟན་པའི་དམིགས་པ་ བྱས་ནས་སེམས་མ་བཅོས་པ་རང་ལུགས་སུ་གཞག་པའི་ངང་[ལས་{ལ་}གཉིད་ལོག་པར་ བྱའོ། །ཚངས་པར་སྤྱོད་པའི་ཟས་བྱང་སེམས་ཐིག་ལེ་འཛག་བཅས་ཀྱི་བདེ་བ་སྤངས་ནས་ ཚངས་སྤྱོད་ཀྱི་སྡོམ་པ་ལ་གནས་པར་བྱའོ། །དེའི་དུས་སུ་བླ་མ་ཉིད་དམ་ཁྲིད་སྐོར་བ་ཉམས་ ཅན་ཤེས་རབ་དང་ལྡན་པས་གནངས་དུས་བཞིནབསྐོར་ཞིང༌། ཁམས་ལོག་མ་ལོག་དྲི་བ་ དང༌། ལུས་གནད་ལྟ་སྟངས་འཆུན་མ་འཆུན་བལྟས་ནས་མ་འཆུན་ན་ལེགས་པར་འཆོས་པ་ དང༌། ཉམས་རྟོགས་ཇི་ལྟར་བྱུང་གི་འདྲི་ཚུལ་བྱ་མ་ཤོར་བས་ཐབས་མཁས་པོས་འདྲི་བ་དང༌། ཁ་ཅིག་ལ་ཉམས་མྱོང་འུར་ལངས་པ་སྐྱེས་ནས་བློ་ལས་སུ་[སོང་{རུང་}བ་བྱུང་ན་སྐྱོན་མེད་དུ་ ངོ་སྤྲད་པ་ཙམ་ལ་སོགས་པ་བྱས་ནས་ལེགས་པར་བསྐྱང་བར་བྱའོ། །ཟབ་ལམ་གྱི་ཐུན་མོང་ མ་ཡིན་པའི་སྔོན་འགྲོའི་ཁྲིད། ཆོས་ཀྱི་རྗེ་ཀུན་སྤངས་ཆེན་པོའི་ཁྲིད་ཡིག་གཞིར་བྱས་ནས། ཆོས་རྗེ་ཡབ་སྲས་རྣམས་ཀྱི་ཕྱག་ལེན་དང་མན་ངག་ཇི་ལྟ་བ་བཞིན་བྲིས་པའོ།། །། མངྒལཾ། ཤུ་བྷཾ། གཅིག་ཞུས། དཔེ་དཔང་དག་པ་གཅིག་ལ་གཏུགས་ཏེ་ཉིས་ཞུས་ཀྱང་གྲུབ། གསུམ་ཞུས་ 6-1-269 གྲུབ་པོ། ། མ་ཡིག་ནི་འབྲས་དཔེ་རྙིང་ཕྱི་ཀ༢༠༤ དང་ཕྱི་ཀ༡༤༨ གཉིས་ཡིན། གོར་རྟགས་འདི་ཕྱི་ཀ༢༠༤ཁོ་ན་ལ་ཡོད། [ ] གོར་རྟགས་འདི་ཕྱི་ཀ༡༤༨ཅན་ཁོ་ན་ལ་ཡོད། { } གཞུང་ཚིག་ཕན་ཚུན་མི་འདྲ་བས་སྔོན་མ་ཕྱི་ཀ༢༠༤ དང་ཕྱི་མ་ཕྱི་ཀ༡༤༨ ཡིན་པས་འདེམས་དགོས། [ { } མཆན་ནི་ཕྱི་ཀ༢༠༤གཞིར་བཞག་དང་ཕྱི་ཀ༡༤༨གཉིས་ཀ་ཕན་ཚུན་མཉམ་པ་ལ་རྟགས་འདི་ཡིན། ( ) མཆན་ནི་ཕྱི་ཀ༡༤༨ཁོ་ན་ལ་ཡོད་པའི་རྟགས་འདི་ཡིན། < > 6-1-270 ༄༅། །ཟབ་ལམ་གྱི་ཐོག་མར་དགེ་བའི་ཁྲིད་ཡིག་ བཞུགས་སོ། ། ༄༅། །ཨོཾ་གུ་རུ་བུད་དྷ་བོ་དྷི་སཏྭ་བྷྱོ་ན་མོ་ན་མཿ གཉིས་པ་ཟབ་ལམ་རྡོ་རྗེའི་རྣལ་ འབྱོར་ཇི་ལྟར་བསྒོམ་པའི་རིམ་པ་དངོས་གཞིའི་ཁྲིད་ནི་དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་ རྒྱུད་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་དང༌། དཔལ་གསང་པ་འདུས་ པའི་རྒྱུད་ཕྱི་མ་ལས། སོ་སོར་སྡུད་དང་བསམ་གཏན་དང༌། །དེ་བཞིན་སྲོག་རྩོལ་འཛིན་པ་ དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་ ཤིང༌། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལས། སྔགས་བཟླས་པ་(ནི་འཛིན་པའི་ཡན་ལག་སྟེ་སྲོག་ རྩོལ་ཤུགས་ལ་བསྟན་པ) དང་བསམ་གཏན་(གྱི་ཡན་ལག་སྟེ་སོ་སོར་སྡུད་པ་ཤུགས་ལ་བསྟན་པ)དང༌། བདེ་བ་ (ནི་ཏིང་ངེ་འཛིན་ཏེ་རྗེས་དྲན་ཤུགས་ལ་བསྟན་པ་)ཡིས་ཀྱང་འགྲུབ་པར་འགྱུར། །ཞེས་པ་དང༌། དཔལ་ ཀྱེའི་རྡོ་རྗེའི་རྒྱུད་ལས་ཀྱང༌། འདིས་ནི་འཁོར་ལོ་རྣམ་བསྒོམས་ན༑ ༑དངོས་གྲུབ་མྱུར་དུ་ཐོབ་ པར་འགྱུར། །ཞེས་པ་ནས། ཡན་ལག་དྲུག་བསྒོམས་རྣལ་འབྱོར་པས། །དགའ་བྲལ་མཐར་ ཡང་དེ་བཞིན་ནོ། །ཞེས་པ་<མ་ཧ་མ་ཡ། གདན་བཞི་>ལ་སོགས་པ་གསུངས་པ་ལྟར། །རྣལ་ འབྱོར་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་ངེས་པའི་དོན་རྫོགས་པའི་རིམ་པ་ཕྱག་ རྒྱ་ཆེན་པོ་བསྒོམ་པའི་ལམ་ཐུན་མོང་མ་ཡིན་པ་ཟབ་པ་ལས་ཀྱང་ཆེས་ཟབ་པ་ནི་སྦྱོར་བ་ཡན་ ལག་དྲུག་ཉིད་ཁོ་ན་ཡིན་ལ། དེ་ཡང་བསྙེན་སྒྲུབ་ཡན་ལག་རྣམ་པ་བཞི་དང༌། ལམ་རྡོ་རྗེའི་ རྣལ་འབྱོར་རྣམ་པ་བཞིར་བསྡུས་ནས། ཐོག་མ་དང་བར་དང་ཐ་མར་དགེ་བའི་ཁྲིད་རིམ་པ་ 6-1-271 གསུམ་གྱིས་ཉམས་སུ་བླང་པར་བྱའོ། ། དེ་ལ་འདིར་དོན་རྣམ་པ་གསུམ་སྟེ། སོ་སོར་སྡུད་དང་བསམ་གཏན་བསྙེན་པའི་ཡན་ ལག་སྐུ་རྡོ་རྗེའི་རྣལ་འབྱོར་ཐོག་མར་དགེ་བའི་ཁྲིད་དང༌། སྲོག་རྩོལ་དང་འཛིན་པ་ཉེ་བར་ སྒྲུབ་པའི་ཡན་ལག་གསུང་རྡོ་རྗེའི་རྣལ་འབྱོར་བར་དུ་དགེ་བའི་ཁྲིད་དང༌། རྗེས་དྲན་སྒྲུབ་ པའི་ཡན་ལག་ཐུགས་རྡོ་རྗེའི་རྣལ་འབྱོར་དང༌། ཏིང་ངེ་འཛིན་ནི་སྒྲུབ་པ་ཆེན་པོའི་ཡན་ལག་ ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་མཐའ་མར་དགེ་བའི་ཁྲིད་དོ། ། དང་པོ་ལ་གཉིས་ཏེ། བསྙེན་པའི་ཡན་ལག་དང་པོ་སོ་སོར་སྡུད་པའི་ཡན་ལག་དང༌། གཉིས་པ་བསམ་གཏན་གྱི་ཡན་ལག་དང༌། ལམ་གྱི་རིམ་པ་མི་ཉམས་ཤིང་ཁྱད་པར་དུ་འགྱུར་ བའི་ཡན་ལག་གོ། དང་པོ་ལ། དཔལ་དུས་འཁོར་ཞབས་ཆེན་པོས་གསུངས་པའི་སྙན་བརྒྱུད་ལས། ཀུན་ལ་ འང་དྲུག་ཏུ་ཤེས་བྱ་སྟེ། །རབ་ཀྱིས་དང་པོས་རྟོགས་པའོ། །འབྲིང་གིས་སྲོག་རྩོལ་ལ་སོགས་ ཡིན། །ཐ་མས་དྲུག་པོ་རིམ་པས་བསྒོམ། །ཞེས་གསུངས་པའི་རྗེས་སུ་འབྲང་ནས། འབྲོ་པའི་ བླ་མ་གོང་མ་རྣམས་དང༌། ཁྱད་པར་དུ་ཆོས་ཀྱི་རྗེ་ཀུན་སྤངས་པ་ཆེན་པོའི་ཞལ་སྔ་ནས། ཡན་ ལག་དྲུག་པོ་རེ་རེ་ལ་བསྡུས་པའི་དོན་དྲུག་དྲུག་ཏུ་མཛད་པས། སོ་སོར་སྡུད་པའི་མཚན་དོན། བསྒོམ་པའི་དུས་མཚམས། །བསྒོམ་ཚུལ་གྱི་ཡན་ལག བསྒོམ་པའི་རྟགས་ཚད། དག་བྱ་དང་ དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུའོ། ། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་བོ་ལས། སོ་སོར་སྡུད་ པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་གསུངས་ ཤིང༌། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གིས། རྒྱ་ཆེར་འགྲེལ་པ་དཔལ་ལྡན་དྲི་མ་ མེད་པའི་འོད་ལས། འདིར་སོ་སོར་བསྡུད་པ་ཞེས་བྱ་བ་ནི་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་ 6-1-272 པོ་རྣམས་[ཀྱིས་{ཀྱི་}འགྲེལ་པས་རྣམ་པར་ཤེས་པ་རབ་ཏུ་འཇུག་པ་མེད་པ་སྟེ། སྟོང་པའི་ གཟུགས་ཀྱི་ཡུལ་རྣམས་ལ་མིག་གཞན་ལ་སོགས་པ་རྣམ་པ་ལྔ་པོ་རྣམས་ཀྱིས་རབ་ཏུ་འཇུག་ པའོ། །ཞེས་དང༌། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མར་ཡང༌། དབང་བོ་བཅུ་པོ་(མིག་སོགས་ ལྔ་དང་གཟུགས་སོགས་ཡུལ་ལྔ་སྟེ་)རྣམས་ཀྱི་ནི། །རང་(རང་གི་ཡུལ་)ལ་འཇུག་གནས་(གཟུགས་སོགས་ ཡུལ་ལྔ་པོ་)ཐམས་ཅད་ལ། །འདོད་པ་(སྡེ་ཡུལ་ལྔ་ལ་འཇུག་པ་) ཕྱི་ཕྱིར་སྡུད་པ་ནི༑ སོ་སོར་སྡུད་པ་ ཞེས་བརྗོད་དོ། །ཞེས་གསུངས་ཏེ། མིག་ལ་སོགས་པ་དབང་པོའི་རྣམ་པར་ཤེས་པ་ལྔ། མིག་ སོགས་དབང་པོ་ལྔའི་སྒོ་ནས་གཟུགས་སོགས་ཡུལ་ལྔ་ལ་[རབ་ཏུ་]འཇུག་པ་སོ་སོར་[སྡུས་ {བསྡུས་}ནས་མིག་གཞན་ཤའི་སྤྱན་ལ་སོགས་པ་དབང་པོ་གཞན་ལྔ་རྣམས་སྟོང་པ་ཉིད་ཀྱི་ གཟུགས་ལ་སོགས་པ་ཡུལ་གཞན་ལྔ་ལ་རབ་ཏུ་འཇུག་པར་བྱེད་པས་ན་སོ་སོར་སྡུད་པ་ཞེས་ [བྱས་ཏེ{བྱ་སྟེ}། དེ་བཞིན་དུ། སོ་སོར་སྤོང་བ་ཞེས་ཀྱང་གསུངས་ཤིང༌། ཤ་བ་རི་དབང་ཕྱུག་ གི་གཞུང་ལས། སོ་སོར་གཅོད་པ་ཞེས་ཀྱང་འབྱུང་ངོ༌། །གསང་འདུས་སུ། དབང་པོ་བཅུ་ཞེས་ འབྱུང་བ་ནི། གཟུགས་སོགས་ཡུལ་ལྔ་ལ་ཡང་དབང་པོ་ཞེས་བརྗོད་པའོ། །འདི་རྒྱུད་འགྲེལ་ ཆེན་པོར་སོ་སོར་བསྡུད་པའི་མཚན་ཉིད་དུ་གསུངས་སོ། །དེ་ལྟར་སོ་སོར་བསྡུད་དགོས་པའི་ རྒྱུ་མཚན་ནི། །རྒྱས་འགྲེལ་དྲི་མ་མེད་པའི་འོད་ལས། འདིར་སོ་སོར་བསྡུད་པ་ཞེས་པ་ལ། ། འཁོར་བ་[པ་]རྣམས་ཀྱི་བསྡུད་པ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་གཟུགས་ལ་ སོགས་པའི་ཡུལ་འཛིན་པའོ། །ཞེས་གསུངས་པས། གཞན་རིག་དབང་ཤེས་ལྔས་གཟུགས་ སོགས་ཡུལ་ལྔ་འཛིན་པ་ནི་འཁོར་བའི་རྒྱུ་ཡིན་པས་དེ་སྤང་དགོས་པའོ། །རྒྱས་པར་ངོ་སྤྲོད་ ཀྱི་སྐབས་སུ་བཤད་པར་བྱའོ། ། གཉིས་པ་དུས་མཚམས་ནི། སྙན་བརྒྱུད་ལས། གཡས་པ་ས་ཡི་རླུང་དུས་བསྒོམ། །ཞེས་ དང༌། དྲི་མེད་འོད་ལས། གང་གི་ཚེ་གཡས་སུ་ས་རབ་ཏུ་འབབ་པའི་དུས་སུ་རྣལ་འབྱོར་པས་ 6-1-273 སྒོམ་པར་བྱེད་པ་དེའི་ཚེ་ཆོ་ག་འདིའོ་ཞེས་གསུངས་པས། ཐོག་མར་བསྒོམ་པའི་དུས་ན་ལུས་ སེམས་ཕྱམ་ལ་ཕབ་ལ༑ ༑རླུང་སྣ་སྒོ་གང་ནས་རྒྱུ་བརྟགས་ཏེ། གཡོན་ནས་རྒྱུ་བའམ་མཉམ་ རྒྱུར་འདུག་ན་རེ་ཞིག་བྱ་བྱེད་དང་བྲལ་བའི་ངང་ལ་གློད་ཅིང་ངལ་གསོས་ནས་རླུང་སྣ་བུག་ གཡས་སུ་འཕོས་མ་ཐག་བསྒོམ་པར་བྱ་སྟེ། གཡས་ལ་རླུང་སྡུད་རིམ་གྱིས་རྒྱུ་ཞིང་མི་རྟོག་ པའི་ཏིང་ངེ་འཛིན་སྐྱེ་བ་ལ་རླུང་འགག་དགོས་པས་སོ། །དེ་ཡང་དེའི་དུས་སུ་བསྒོམས་ན་ བསྒོམ་འཕེལ་བའི་ཡོན་ཏན་ཡོད་པས་བསྒོམ་པར་གསུངས་པ་ཡིན་གྱི་རྣམ་པ་ཐམས་ཅད་དུ་ དུས་དེ་ཁོ་ནར་བསྒོམ་པའི་ངེས་པ་མི་དགོས་སོ། །འདི་ལ་འབྲོ་བའི་བླ་མ་གོང་མ་དག་རྩ་དང་ སྣ་བུག་གཡས་ལ་ས་ཆུ་མེ་རླུང་ནམ་མཁའི་རླུང་སྡུད་རིམ་གྱིས་རྒྱུ་ཞིང༌། དེའི་ཐོག་མ་ས་རླུང་ རྒྱུ་དུས་བསྒོམ་པ་ནི་ལུགས་བཟློག་སྡུད་རིམ་འཆི་བ་སྦྱོང་བ་ཡིན་ཞེས་གསུང་ངོ༌། དེ་ཡང་ཁྲིད་ གསར་བས་ཇི་ཙམ་ནུས་པར་བར་མ་ཆད་པར་བསྒོམ་པར་བྱ་ཞིང༌། དུས་ཕྱིས་ཐུན་མཚམས་ སུ་[བཅད་{གཅད་}ཅིང་བསྒོམ་པ་ན་སྲོད་དང་ཐོ་རངས་སྔ་དྲོ་དང་ཕྱི་དྲོ་གསལ་ལ་རྟོག་མེད་ དུ་གནས་པའི་ཡེ་ཤེས་སྐྱེ་བའི་དུས་ཡིན་པས་བསྒོམ་ཞིང༌། ནམ་གུང་དང་ཉིན་གུང་བྱིང་ནས་ གསལ་བའི་ཡེ་ཤེས་འཇིག་ཅིང༌། དྲོ་བར་དང་དགོངས་ཇའི་དུས་སུ་རྒོད་ནས་རྟོག་མེད་ཀྱི་ཡེ་ ཤེས་འཇིག་པའི་དུས་ཡིན་པས་མི་སྒོམ་པར་ཐུན་མཚམས་བྱ་ཞེས་གསུང་ངོ༌། ། གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ་གསུམ་སྟེ། སོ་སོར་སྡུད་པའི་ངོ་བོ་ཉིན་མཚན་གྱི་ རྣལ་འབྱོར་བསྒོམ་པ་དང༌། སོ་སོར་སྡུད་པའི་སྤོགས་པའི་ཆོ་ག་དང༌། བསྒོམ་འཕྲོ་ལ་ཤི་ཡང་ རྣལ་འབྱོར་གོམས་སྟོབས་འཇུག་པར་བསྟན་པའོ། ། དང་པོ་ནི། འགྲེལ་ཆེན་དྲི་མེད་འོད་ལས། འདིར་སྔགས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་ པའི་ཐེག་པ་ལ་རྣལ་འབྱོར་གོམས་པ་རྣམ་པ་གཉིས་ཏེ། ནམ་མཁའ་དང་བླ་ཁབ་མེད་པ་ ལ་རྣལ་འབྱོར་གོམས་པའོ་ཞེས་དང༌། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ་ཕྱི་མ་ལས། སོ་ 6-1-274 སོར་སྡུད་པ་ལ་སོགས་དྲུག་པོ་རྣམས་ཀྱིས་སྟོང་པ་ཉིད་ནི་བསྒོམས་པ་སྟོབས་བཅུ་ལྡན་པས་ གསུངས། །མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་ནམ་མཁའ་ལ་ནི་འབར་ བ་ལ་སོགས་ཀྱང༌། །ཞེས་དང༌། རྗེ་བཙུན་ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་སྟོད་འགྲེལ་ ལས་ཀྱང༌། བསྒོམ་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་ གསུངས་པ་འདི་ལྟ་སྟེ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་ འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་རྣལ་འབྱོར་དུ་བྱེད་པ་དེས་གང་ལ་རྣལ་འབྱོར་དུ་བྱ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་ གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེས་ནམ་མཁའ་ལ་རྣལ་འབྱོར་ དུ་བྱའོ། །ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེས་བླ་གབ་ མེད་པ་ལ་རྣལ་འབྱོར་དུ་བསླབ་པར་བྱའོ། །ཞེས་གསུངས་པས། མཚན་མོ་གསེང་མེད་ནམ་ མཁའི་རྣལ་འབྱོར་བསྒོམ་པ་དང༌། ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་བསྒོམ་པ་གཉིས་ སོ། ། དང་པོ་ལ། གང་དུ་བསྒོམ་པའི་གནས་དང༌། ཇི་ལྟར་བསྒོམ་པའི་ཚུལ་གཉིས་ལས། གནས་ནི་སྔར་བསྟན་པའི་དབེན་གསུམ་བསྒོམ་པའི་གནས་ཉིད་དུའོ། །བསྒོམ་པའི་ཚུལ་ནི། རྣལ་འབྱོར་གྱི་དབང་ཕྱུག་ཤ་བ་རི་པའི་གཞུང་ལས། མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷཱ་ ཏཱིར་རླུང་བཅུ་ཆུད་གྱུར་པས། །ཕྱི་ནང་རྟོག་འགགས་རྟགས་འབྱུང་བ། །སོ་སོར་གཅོད་པའི་ ཡན་ལག་ཡིན། །ཞེས་འབྱུང་པ་ལྟར། ལུས་རྩ་མི་གཡོ་བར་བཞག་པ་དང༌། ངག་རླུང་མི་གཡོ་ བར་བཞག་པ་དང༌། སེམས་རིག་པ་མི་གཡོ་བར་བཞག་པ་སྟེ། མི་གཡོ་བ་གསུམ་དང་ལྡན་ པར་བསྒོམ་པར་བྱའོ། །དེ་ཡང་ཐུན་རེའི་མགོ་ལ་སྐྱབས་འགྲོ་སེམས་བསྐྱེད་དང་བླ་མའི་རྣལ་ འབྱོར་དང་ཡི་དམ་{གྱི་}ལྷའི་དམིགས་པ་གསལ་ལ་ཡུན་མི་རིང་བ་ཙམ་སྔོན་དུ་བཏང་ནས། 6-1-275 ལུས་རྩ་མི་གཡོ་བར་བཞག་པ་ནི། ལུས་ཀྱི་གནད་དབེན་གསུམ་གྱི་སྐབས་སུ་བསྟན་པ་ཇི་ ལྟ་བ་བཞིན་བཅའ་བར་བྱའོ། །འདིར་བསྙེན་སྒྲུབ་པའི་ལུགས་ཀྱིས་ཁ་སྣ་གཉིས་ཅུང་ཟད་ གཉེར། རྣ་བ་ཀྲོང་ཙམ་བྱ་ཞེས་འབྱུང་ཞིང༌། ཡང་ཁ་ཅིག་<བུ་རིན། སྔ་མ་དམ་པ་སོགས་>སོ་དང་ མཆུ་གཉིས་མ་འབྱར་ཙམ་དུ་བྱ། འབྱར་ན་ཁ་ནས་རྒྱུ་པའི་རླུང་འཐུམས་ནས་ལུས་ཡོམ་ཡོམ་ བྱེད་པའི་སྐྱོན་འབྱུང༌། ཞེས་འདོད་པ་ནི་ལུས་ཉམས་ངོ་མ་ཤེས་པ་ཡིན་པས། རླུང་སྣ་བུག་ ནས་ཅི་བདེར་རྒྱུར་བཅུག་པ་ལ་སྐྱོན་མེད་དོ། །ལྟ་སྟངས་ཀྱང་སྔར་གྱི་དེ་ཉིད་ལས་མ་འགྱུར་ བར་མིག་ཧ་ཅང་གདངས་པ་ཡང་མ་ཡིན། བཙུམ་པའི་རྣམ་པར་ཡང་མ་སོང་པ་ཕྱེད་འོག་མ་ དཀར་པོས་བཀབ་པ་ལྟ་བུ་དང་ཕྱེད་སྟེང་མ་ནག་ཧྲིག་གེ་བའི་རྣམ་པས་ཅུང་ཟད་སྟེང་ཕྱོགས་ ཀྱི་ནམ་མཁའ་ལ་གཡོ་བ་མེད་པར་བལྟ་བར་བྱ་སྟེ། དབང་མདོར་བསྟན་པ་ལས་བཀབ་ དང་མ་བཀབ་མིག་དག་གིས། །ཞེས་པའམ། མིག་གཉིས་མ་ཕྱེ་མ་བཙུམ་པས། །ཞེས་དང༌། དཔལ་ས་ར་ཧ་པས་ཀྱང༌། མང་པོ་སྨྲ་བས་ཅི་ཞིག་བྱ། །ཆོས་ཀྱི་ཚད་ནི་འདི་ཡིས་ཆོག །མིག་ ཕྱེད་གྱེན་དུ་བལྟ་བ་ན། །མཐོང་བ་བསྟན་པ་ཉིད་ཀྱིས་ཤེས། །ཞེས་གསུངས་པས། ལྟ་སྟངས་ ཀྱི་གནད་ཤིན་དུ་གལ་ཆེའོ། །འདི་ནི་གཙུག་ཏོར་འཁོར་ལོས་བསྒྱུར་བའི་ཁྲོ་བོའི་ལྟ་སྟངས་ ཞེས་ཀྱང་བྱ། །ནམ་མཁའི་ལྟ་སྟངས་ཞེས་ཀྱང་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ལས། བསྙེན་པ་ལ་ནི་ དང་པོ(སོར་སོར་སྡུད་པ)འི་རྣལ་འབྱོར་རྣམ་བཅུ་(ནི་དུ་བ་ལ་སོགས་པ་རྟགས་བཅུ་)མཁའ་ལ་འཁོར་ལོ་ ཅན་གྱི་ཁྲོ་བོའི་ལྟ་བས་སོ། །ཞེས་དང༌། དྲི་མེད་འོད་ལས། འཁོར་ལོ་ཅན་གྱི་ཞེས་པ་གཙུག་ ཏོར་གྱི་ཁྲོ་བོའི་བལྟ་བས་ཞེས་པ་མིག་མི་འཛུམ་པར་སྟེང་དུ་ལྟ་བས་མཚན་མར་འགྱུར་ཏེ། ཞེས་གསུངས་སོ། ། གཉིས་པ་ངག་རླུང་མི་གཡོ་བར་བཞག་པ་ནི། དབེན་གསུམ་གྱི་སྐབས་བཞིན་རླུང་གི་ དུག་དབྱུང་བྱས་ནས་དབུགས་ཆེད་དུ་ནང་དུ་མི་བཟུང༌། ཆེད་དུ་ཕྱིར་མི་བཏང་བར་དབུགས་ 6-1-276 ཀྱི་འབྱུང་འཇུག་རང་སོར་བཞག་སྟེ། དེས་རླུང་ནང་དུ་ཟིན་གྲགས་པའི་གེགས་ཚད་ནད་དང༌། ཕྱིར་བཏང་གྲགས་པའི་གེགས་གྲང་ནད་མི་འབྱུང་ངོ༌། །གལ་ཏེ་མགོ་བོ་ན་བའམ་ཁོང་པར་ ཤིང་བཅུག་པ་ལྟ་བུ་བྱུང་ན༑ ༑འོག་སྒོ་དྲག་ཏུ་བསྡམ་པར་བྱ་ཞིང༌། སྟེང་སྒོ་རང་ལུགས་སུ་ བཞག་ཅིང་འོག་གི་བྱེད་པ་བཅིང་ངོ༌། ། གསུམ་པ་སེམས་རིག་པ་མི་གཡོ་བར་བཞག་པ་ནི། གནས་ལུགས་ཡང་དག་པའི་དོན་ སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པས་རྣལ་འབྱོར་པའི་སེམས་རིག་པ་ཡང་རྣམ་ རྟོག་གི་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ངང་དུ་མཉམ་པར་བཞག་པར་བྱ་སྟེ། <ར་ལི་ལས། གདོད་ནས་སྤྲོས་བྲལ་ལྷུན་གྲུབ་ལ། །སྒོམ་དང་མི་སྒོམ་བྱེད་ན་འཁྲུལ། །ཞེས་དང༌། བི་བྷུ་ཏའི་མན་ངག་རྒྱུད་ པ་ལས་འབྱུང་བ་བཞིན། ཀུན་སྤངས་ཆེན་པོའི་ཁྲིད་ཡིག་ནའང་སྣང་ངོ༌། །>དེ་ལ་སེམས་ཀྱི་བཞག་ཐབས་རྣམ་ པ་བཞི་ལས། དང་པོ་སེམས་རིག་པ་ཅི་ཡང་མི་བསམ་པར་བཞག་པ་ནི། སེམས་མ་བཅོས་ པ་གཉུག་མའི་ངང་དུ་བཞག་ནས་ཆོས་གང་ལ་ཡང་ཡོད་པ་དང་མེད་པ་དང་སྟོང་པ་དང་མི་ སྟོང་པ་ལ་སོགས་པ་ཅིར་ཡང་མི་སེམས་ཤིང་ཡིད་ལ་མི་བྱེད་པར་མཉམ་པར་བཞག་པར་བྱ་ སྟེ། ཕྱག་ན་རྡོ་རྗེས་བདེ་མཆོག་སྟོད་འགྲེལ་དུ། འདིར་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ ནི། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་ཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་ ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་<རྟགས་གསུམ་དང་པོ་བར་ཐ་ཡང༌། །དང་པོ་དུ་སོགས་ལྔ་ཐོབ་པ། །གཉིས་ པ་སྟོང་དང་བརྒྱད་བརྒྱ་འགགས། །ཐ་མ་ཉི་ཁྲི་ཆིག་སྟོང་དང༌། །དྲུག་བརྒྱ་འགགས་པས་རྫོགས་སངས་རྒྱས། །ཞེས་ཨ་ནི་པ་མ་ རཀྵི་ཏས་སོ། །>ཡིན། །ཞེས་པའོ། །ཞེས་དང༌། <ལུང་འོག་མ་འདི་རྩ་རྒྱུད་ལས་བཤད་ཅེས་ཀུན་སྤངས་ཆེན་ པོ་གསུང༌།> གསང་བ་འདུས་པར། (ལས་སྣང་གི་)དངོས་(པོ་)མིན་(པའི་སྟོང་གཟུགས་)དངོས་པོར་ བསྟེན་(པ་སྟེ་རྩེ་གཅིག་ཏུ་བལྟ་)ནས་སུ། །དངོས་པོ་(ལས་སྣང་གི་)དངོས་པོ་མིན་པར་(ཏེ་མི་སྣང་པར་) བྱ༑ ༑ (གཟུང་འཛིན་གྱི་) སེམས་ནི་སེམས་མིན་(པ་སྟེ་མི་རྒྱུ་བར་)བྱས་ནས་སུ། །(ཡིད་ལ་)ཅི་ཡང་ 6-1-277 སེམས་པར་མི་བྱའོ། །ཞེས་དང༌། དྲི་མེད་འོད་ལས། འདིར་དང་པོར་སྟོང་ཉིད་བྱང་ཆུབ་ ཅེས་པ་ནི་མུན་པ་ལ་ཅུང་ཟད་ཀྱང་བསམ་པར་མི་བྱའོ། །ཞེས་དང༌། སམ་བུ་ཊི་ལས། སྟོང་པ་ བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་ མིན་ཡོངས་སུ་མི་སྤང་ངོ༌། །སྟོང་དང་སྟོང་མིན་བཟུང་བ་ལ། །རྟོག་པ་གཉུག་མིན་སྐྱེ་བར་ འགྱུར། །ཡོངས་སུ་སྤང་ན་ཀུན་རྟོག་སྟེ། །དེ་ཕྱིར་དེ་གཉིས་ཡོངས་སུ་སྤངས། །ཞེས་དང༌། ས་ ར་ཧ་པས་ཀྱང༌། མིག་མི་འཛུམ་པར་བལྟ་དང་མི་བསམ་[དང་{པར}། རླུང་འགོག་པ་ནི་བླ་ མ་དམ་པའི་གསུང༌། ཞེས་གསུངས་སོ། །དེ་ནི་ཤེས་པ་ཅི་ཡང་མི་བསམ་པར་བཞག་པ་ལྷ་ ཁང་གི་ལྡེར་སོ་ལྟ་བུའི་མན་ངག་གོ། གཉིས་པ། སེམས་རིག་པ་རྩེ་གཅིག་ཏུ་བཞག་པ་ནི། ལུས་ངག་མི་གཡོ་བར་སྔར་ བཞིན་བཞག་ནས། གོང་དུ་བསྟན་པའི་ལྟ་སྟངས་ཀྱིས་རིག་པ་གཅུན་ཏེ་བར་སྣང་སྟོང་པ་ལ་ སེམས་རྩེ་གཅིག་ཏུ་མི་གཡོ་བར་གཞག་པར་བྱ་སྟེ། དབང་མདོར་བསྟན་གྱི་འགྲེལ་པར་རྣལ་ འབྱོར་གྱི་དབང་ཕྱུག་ཁ་ཅིག་གི་གསུང་ལུང་དུ་དྲངས་པ། བར་སྣང་ལ་ནི་ཡིད་དང་རླུང་དང་ མིག །དུས་གཅིག་ཏུ་ནི་གལ་ཏེ་ལེགས་སྦྱར་ན། །རིན་ཆེན་རྒྱལ་པའི་ཡོན་ཏན་ངེས་པར་སྐྱེ། ། འདི་རྣམས་མཐའ་དག་དེ་བཞིན་གཤེགས་པའི་གསུངས། །སྣ་ཚོགས་རྣམ་རྟོག་བྲལ་ཞིང་ མི་སེམས་པར། །གལ་ཏེ་བར་སྣང་ལ་ནི་མིག་གཏད་ན། །ཕྱོགས་བཅུའི་འཇིག་རྟེན་དག་ནི་ ཡིན་ནམ་སྙམ། །རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ལས་ཐོབ། །ཅེས་དང༌། <རྩ་རྒྱུད་ ལས་>ཡིད་མིག་རླུང་གསུམ་བར་སྣང་དུ། །རྣལ་འབྱོར་མཁས་པས་དུས་མཉམ་བྱ། །རྒྱལ་ བའི་ཡོན་ཏན་ངེས་པར་འབྱུང༌། །ཀུན་མཁྱེན་ཀུན་གྱི་གསུང་འདི་ཉིད། །ཅེས་ཀྱང་འབྱུང་ངོ༌། ། རྒྱུད་ཀྱི་རྒྱལ་པོ་ལས། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ ལམ་དུ་རབ་ཏུ་ཞུགས་པ་ཡིས། །ཞེས་གསུངས་སོ། །དེ་ནི་རྣམ་ཤེས་སྒོ་ཅིག་ཏུ་བཏོན་ནས་ 6-1-278 བཞག་པ་སྤྲེའུ་སྒོ་ཅིག་ཏུ་བཏགས་ནས་བཞག་པ་ལྟ་བུའི་མན་ངག་གོ། གསུམ་པ་སེམས་རིག་པ་ད་ལྟར་བ་འཛིན་མེད་དུ་བཞག་པ་ནི། སེམས་འདས་པའི་རྗེས་ མི་བཅད། མ་འོངས་པའི་སྔུན་མི་བསུ། ད་ལྟར་བ་ལ་བརྩི་བགྲང་མི་བྱ་བར་ཤེས་པ་ད་ལྟར་ བ་གསལ་ལ་མི་རྟོག་པ་མ་བཅོས་[པ་]གཉུག་མའི་ངང་དུ་མ་ཡེངས་པར་ཏིང་ངེ་འཛིན་པ་ སྟེ། དབང་མདོར་བསྟན་གྱི་འགྲེལ་པར་ལུང་{དུ་}དྲངས་པ། <རྩ་རྒྱུད་ལས་>དང་པོར་ཐོག་ (མ་འདས་པ་དང་)མཐའ་(མ་འོངས་པ་དང་ད་ལྟར་གྱི་དོན་ལ་རྟོགས་པ་)ལས་གྲོལ་བའི། །(ད་ལྟར་གྱི་རིག་པ་) དབུ་མ་(སྟེ་བར་མ་)ཙམ་ལ་(ཅིར་ཡང་མི་རྟོག་པའི་ཚུལ་གྱིས་)ཡང་དག་གནས(པའི་)། །(རྣལ་འབྱོར་པ་) གང་ཞིག་(དུས་གསུམ་གྱི་དོན་)དེར་གནས་(པ་སྟེ་འཛིན་པའི་རྣམ་རྟོག་སྒོམ་པ་)འདོར་བ་སྟེ། །(རྣལ་འབྱོར་ བ་)འདི་ཡི་(སེམས་ཀྱི་)སྣང་བ་(དུ་བ་ལ་སོགས་པ་རྣམས་)བཅུ(འི་)བདག་ཉིད། །(གསལ་བར་སྣང་ངོ༌། །) ཅེས་(པ་)དང༌། མན་ངག་ལས་ཀྱང༌། སྔར་རྗེས་མི་བཅད་སྔུན་མི་བསུ། ལྟར་འཛིན་མེད་པས་ ནམ་མཁར་བཞག །དུས་གསུམ་རྟོག་པའི་རྒྱུ་འདྲུལ་[གཅོད{བཅད}། །དེ་ལྟར་རྟོག་མེད་ ཏིང་འཛིན་གནས། །ཞེས་གསུངས་སོ། །དེ་ནི་དུས་གསུམ་བར་མ་རྟོག་མེད་དུ་བཞག་པ་སྤུན་ གསུམ་གྱི་བར་མ་དང་འགྲོགས་པ་ལྟ་བུའི་མན་ངག་གོ། བཞི་པ་སེམས་རིག་པ་གློད་ནས་རང་གྲོལ་དུ་བཞག་པ་ནི། དེ་ལྟར་སེམས་ཀྱི་བཞག་ ཐབས་བར་[མ་{པ་}གཉིས་པོ་ལ་བསྒྲིམས་པས་ཅུང་ཟད་གྲིམས་གྲགས་[ནས་{པས་} ཤེས་པ་གཡེར་ཞིང་རྩེ་གཅིག་ཏུ་མ་གནས་ན། ཁོག་གྲིམས་པ་ལ་ཅུང་ཟད་ལྷོད་ཀྱིས་གློད་ [ན་{ནས་}མ་ཡེངས་དྲན་པའི་བྱ་ར་དང་ལྡན་པས་མཉམ་པར་བཞག་སྟེ། བྲམ་ཟེ་ཆེན་པོ་ ས་ར་ཧ་པའི་དོ་ཧ་(ལྷུག་པ)ལས། བཅིངས་ན་ཕྱོགས་བཅུར་བརྒྱུགས་ནས་འགྲོ། །བཀྲོལ་ན་ གཡོ་མེད་གནས་པ་བཞིན། །མཛའ་མོ་(ཞེས་བདག་ཉིད་དམ་ཕྱག་རྒྱ་ལ་བོད་པའོ། །)བདག་གིས་རྔ་མོ་ མཐོང༌། །བདག་ལ་ཕྱིན་ཅི་ལོག་པར་སྣང༌། །ཞེས་དང༌། འཇུར་བུས་བཅིང་པའི་སེམས་ 6-1-279 ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །བྲམ་ཟེ་(ཞེས་པ་རང་ཉིད་ལ་བོད་པའོ། །)སྐུད་པ་འཁལ་ བ་བཞིན། །རྣལ་འབྱོར་ཤེས་པ་གློད་ན་བདེ། །ཞེས་གསུངས་སོ། །དེ་ནི་སེམས་གློད་ན་རང་ གྲོལ་དུ་གནས་པ་རྔ་མོ་བཀྲོལ་བ་ལྟ་བུའི་མན་ངག་གོ། དེ་ལྟར་རྟོག་པ་གཅོད་པའི་མན་ངག་ སེམས་ཀྱི་བཞག་ཐབས་བཞི་ག་ཡང་འཇོག་ཚུལ་གཅིག་ཉིད་ལ་ཚང་བར་བྱས་ནས་སྐད་ཅིག་ ཀྱང་མ་གཡེང་པར་མཉམ་པར་བཞག་པར་བྱ་སྟེ། མདོ་ལས། སེམས་ཡེངས་པས་ནི་བདག་ གི་དོན་ཀྱང་མི་ནུས་ན་གཞན་གྱི་དོན་ལྟ་སྨོས་ཀྱང་ཅི་དགོས། སེམས་མ་ཡེངས་པའི་ཏིང་ངེ་ འཛིན་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ལམ་མོ། །ཞེས་གསུངས་སོ། །དེ་ལྟར་ བསྒོམ་པའི་ཚེ་བྱིང་བ་དང་རྒོད་པའི་གེགས་བྱུང་ན་བསལ་བའི་ཐབས་ནི། །བཀྲེས་པ་དང་ནི་ གཉིད་དང་ངལ་བ་དང༌། །དབང་ཕྱུག་དང་ནི་ལོངས་སྤྱོད་ཡིད་ཆགས་དང༌། །ནོར་དང་བསྟོད་ སྒྲ་[ཆོས་དད་{ཆོ་དང་}རིགས་རྣམས་ཀུན། །མི་(ལ་ཡིད་གཡེང་བ་ནི་མཉམ་པར་བཞག་པའི་)དེས་ སྐྱོན་བཅུར་ཤེས་པར་བྱས་ལ་སྤང༌། ཞེས་གསུངས་པས་བྱིང་རྒོད་ཀྱི་རྒྱུ་མ་ལུས་པ་སྤངས་ལ་ བསྒོམ་མོ། །གལ་ཏེ་བྱིང་ན་སྟན་བདེ་བ་ལ་འདུག་སྟེ་སྐྱིལ་ཀྲུང་བཅས་ལ། ལག་པ་གཉིས་ པུས་མོ་ལ་འཇུས་ནས་རླུང་ཁ་སྣ་གསུམ་ཀ་ནས་ཡར་དྲངས་ཏེ་ཐུབ་ཚད་བཟུང༌། མི་ཐུབ་པ་ དང་ཁ་སྣ་གསུམ་ཀ་ནས་དྲག་ཏུ་བུའོ། །དེ་ལྟར་ཡང་དང་ཡང་དུ་བྱས་ཏེ་ལྟ་སྟངས་[གཏོད་ {བསྟོད་}ལ་བསྒོམ་མོ། །གལ་ཏེ་རྒོད་ན་རང་སྐད་ཅིག་གིས་ཡི་དམ་གྱི་ལྷར་བསྐྱེད་ལ། །དེའི་ ཐུགས་ཁའི་ས་བོན་ལས་འོད་ཟེར་འཕྲོས་ནས་སྣོད་{བཅུད་}མ་ལུས་པ་ལ་ཕོག་པས་འོད་དུ་ གྱུར། འོད་ཚུར་འདུས་རང་ལ་ཐིམ་པས་རང་ཡང་འོད་དུ་གྱུར་ཏེ་ཇེ་ཆུང་ཇེ་ཆུང་ལ་རིམ་གྱིས་ བསྡུས་ནས་སྟོང་པར་བསམ་སྟེ་ལྟ་སྟངས་ཅུང་ཟད་སྨད་ལ་བསྒོམ་མོ། །དེ་ལྟར་ཡང་དང་ཡང་ དུ་བྱས་པས་བྱིང་རྒོད་ངེས་པར་སེལ་ལོ། །<སྟོང་གཟུགས་མཐོང་ཡང་མི་གསལ་མི་བརྟན་ན་གྲིམས་དྲགས་ པའི་སྐྱོན་ཡིན། གཟུགས་མི་མཐོང་བར་རྟོག་པ་འཕྲོ་ན་གློད་པའི་སྐྱོན།> དེ་ལྟར་རྩེ་གཅིག་ཏུ་བསྒོམས་པས་རང་ 6-1-280 གི་སེམས་ཀྱི་རང་བཞིན་འོད་གསལ་གྱི་སྣང་བ་དུ་བ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་ལ་སོགས་ པ་སྟོང་གཟུགས་ཀྱི་རྣམ་པ་དུ་མ་ནམ་མཁའ་ལ་སྣང་བར་འགྱུར་ཞིང༌། གཞོམ་མེད་ཀྱི་སྒྲ་ དང་དྲི་དང་རོ་དང་རེག་བྱའི་རྣམ་པ་དུ་མ་ཉམས་མྱོང་ལ་འཆར་བར་འགྱུར་ཏེ་དེ་རྣམས་ལ་དྲི་ བརྟགས་ལེགས་པར་བྱས་ལ་ཉམས་མྱོང་རིམ་ཅན་དང་རིམ་མེད་གང་སྐྱེས་ཐམས་ཅད་ལ་ དངོས་པོའི་མཚན་མར་མི་འཛིན་པ་དང་སྐྱོན་མེད་དུ་ངོ་སྤྲད་ནས་སྣང་བ་གང་ཤར་ལ་དགག་ སྒྲུབ་མེད་པར་ལྟར་བཞུག་པར་བྱ་སྟེ། <འདི་ཕྱག་ཆེན་པའི་ལུགས་ཀྱི་སྣང་བ་གང་ཤར་ཆོས་སྐུའི་ཡོ་ལང་ཡིན་ ཞེས་གྲགས་པ་དང༌། དོན་གཅིག་སྟེ་པར་འདུག་ཅིང༌། ཀུན་སྒོའི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དེ་བཞིན་དུ། སྒྲ། དྲི། རོ། རེག་བྱ། སྐྱེས་པ། བུད་མེད། ལྷ། ཀླུ། གནོད་ སྦྱིན་གྱི་གཟུགས་ཡོངས་སུ། འདུས་བྱས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེས་པའི་བར་གྱི་མདོ་དང༌། གསང་བའི་མཛོད་ ཀྱི་མདོ་ལས། ཆུ་རྣམས་ཐམས་ཅད་རྒྱ་མཚོར་ཅིག །ཏིང་འཛིན་སྣ་ཚོགས་ཐམས་ཅད་ལ། །ཆོས་ཀྱི་དབྱིངས་སུ་རོ་ཅིག་གོ། ཏིང་ འཛིན་དེ་ལྟར་ཤེས་པར་བྱ། །ཞེས་གསུངས་པ་རྣམས་ཀྱི་བསྟན་པ་ཡིན་ནོ། །>དང་པོ་སྒོམ་འདེབས་པ་ལ་མཁས་ པ། །བར་དུ་སྒོམ་གྱི་ཉམས་སྐྱོང་པ་ལ་མཁས་པ། །མཐར་ཉམས་མྱོང་ཡོན་ཏན་[མྱུར་]དུ་ བསྒྱུར་བ་ལ་མཁས་པར་བྱ་སྟེ་སློབ་མའི་རྒྱུད་ལེགས་པར་འཁྲིད་པར་བྱའོ། །<ར་ལི་ལས། རབ་ ཀྱི་མཉམ་བཞག་རྗེས་ཐོབ་སྤང༌། །འབྲིང་གི་རྗེས་ཐོབ་སྟོང་པར་བལྟ། །ཐ་མས་རྗེས་ཐོབ་སྒྱུ་མར་བལྟ། །ཞེས་གསུངས་པ་ ལྟར།> རྗེས་ཐོབ་ཐུན་མཚམས་ཀྱི་དུས་སུ་དགེ་བ་སེམས་ཅན་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ དུ་བསྔོ་བས་རྒྱས་བཏབ་ནས། ལུས་བྱ་བྱེད་ཀྱིས་དབེན་པ་དང༌། ངག་སྨྲ་བརྗོད་ཀྱིས་དབེན་ པ་དང༌། སེམས་རྣམ་རྟོག་གི་སྤྲོ་བསྡུས་དབེན་པར་གནས་ཏེ། སྒོ་གསུམ་རང་ལུགས་སུ་ལྷོད་ ཀྱིས་གློད་ལ་ངལ་གསོ་ཞིང་འདོད་ཡོན་བརྟེན་ནས་ཁམས་ཀྱང་གསོ་བར་བྱ་སྟེ། མགོན་པོ་ ཀླུ་སྒྲུབ་ཀྱིས། སེམས་ཀྱི་འཇུར་པ་གློད་ལ་ཞོག །བླ་མ་ཉིད་ཀྱང་མཉམ་བཞག་ལ། །སློབ་མ་ བྱིན་གྱིས་བརླབ་པར་བྱ༑ ༑ཐུན་གྱི་ངེས་པ་ཡོད་མ་ཡིན། །ཇི་ཙམ་གནས་པའི་བར་ལ་བཞག 294། འདོད་པའི་ཡོན་ཏན་ཀུན་བསྟེན་ཅིང༌། །ལུས་ཀྱི་འབྱུང་གཞི་རོ་ཡང་[མཉམ{སྙམ}། །ཞེས་ གསུངས་པ་ལྟར་བྱའོ། ། གཉིས་པ་ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་བསྒོམ་པ་ལའང༌། གང་དུ་བསྒོམ་ པའི་གནས་དང༌། ཇི་ལྟར་བསྒོམ་པའི་ཚུལ་གཉིས་ལས། གནས་ནི། ནམ་མཁའ་རྒྱ་ཆེན་ པོ་མཐོང་བའི་ས། རིའི་རྩེ་མོའམ་ཐང་ཡངས་པོ་མིག་སྔར་གངས་དང་ཆུ་ལ་སོགས་པ་འོད་ འཚེར་བ་མེད་པའི་གནས་སུ་རང་གི་ལུས་ཕྱི་ནས་མི་མཐོང་ཙམ་དུ་རྩིག་པས་སྐྱོར་བར་བྱས་ པར་རམ། ཁང་པའི་ཡང་ཐོག་གི་གཡབ་འོག་ལྟ་བུར་སྤྲིན་དང་སེར་བུ་མེད་པའི་དུས་སུ་ བསྒོམ། བསྒོམ་པའི་ཚུལ་ནི། མཚན་མོའི་རྣལ་འབྱོར་གྱི་རྟགས་རྣམས་རྫོགས་པར་མཐོང་ ནས་བསྒོམ་པར་བྱ་སྟེ། དེ་ཡང་མིག་ལ་ཉི་ཟེར་གྱི་གནོད་པ་སྤང་བའི་ཕྱིར་སྔ་དྲོ་ཉི་མ་ལ་རྒྱབ་ ཀྱིས་ཕྱོགས་ནས་ཁ་ནུབ་དུ་བལྟ། ཕྱི་དྲོ་ཉི་མ་ལ་རྒྱབ་ཀྱིས་ཕྱོགས་ནས་ཁ་ཤར་དུ་བལྟ། །ཉིན་ གུང་མིག་ལ་ཉི་ཟེར་གྱིས་གནོད་པས་མི་སྒོམ་གསུང༌། འོན་ཀྱང་བྱང་ཕྱོགས་སུ་ནམ་མཁའ་རྒྱ་ ཆེན་པོ་མཐོང་བའི་སར་ཁ་བྱང་དུ་བལྟས་ཏེ་བསྒོམ་དུ་རུང་ངོ༌༑ ༑སྙན་བརྒྱུད་ལས། ཉིན་མོ་བླ་ ཁབ་མེད་པ་སྟེ། ནམ་མཁའ་ལ་ལྟ་སྔ་དྲོ་ཕྱི། །ཉི་ཟེར་ཉི་མའི་གུང་ལ་མིན། ཞེས་དང༌། སྙིང་ པོ་གསལ་བ་ལས་ཀྱང༌། ཆུ་འཛིན་དང་ནི་བྲལ་བ་ཡི། །ནམ་མཁའ་དྭངས་པར་གྱུར་པ་ལ། ། སྔ་དྲོ་ཉི་མར་རྒྱབ་ཕྱོགས་ཏེ། ཕྱི་དྲོ་ཡང་ནི་དེ་བཞིན་ནོ། །ཉིན་ཕྱེད་མིག་ལ་གནོད་ཕྱིར་སྤང༌། ། ཞེས་སོ། །ལུས་གནད་དང་ལྟ་སྟངས་ཀྱི་ཚུལ་ནི་གོང་དུ་བསྟན་པ་ཇི་ལྟ་བ་བཞིན་དུ་བཅས་ ནས། སེམས་ཀྱི་འཇོག་ཚུལ་ཡང༌། རང་འདི་ན་ཡོད་པ་ལ་མི་བལྟ། ཡུལ་ཕ་རོལ་ན་ཡོད་པ་ ལ་མི་ལྟ་བར། སྤྲིན་མེད་པའི་ནམ་མཁའ་ཤིན་དུ་དྭངས་པའི་དབྱིངས་སུ་རིག་པ་བཞག་ལ། མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ལས། ནམ་མཁའ་ཆུ་འཛིན་ བྲལ་བ་དག་ནི་རྣལ་འབྱོར་པ་ཡིས་བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། རེ་ཁཱ་ནག་པོ་ 6-1-281 (སྦོམ་ཕྲ་སྐྲའི་ཚད་ཙམ་)དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་(ཨ་བ་དྷཱུ་ཏིར་)ལ་མཐོང་བར་གྱུར་གྱི་བར་ དུ་(ཞེས་པ་ནམ་མཁའ་ལ་སྣང་པ་ཉིད་ཨ་བ་དྷཱུ་ཏི་ལ་མཐོང་པ)འོ། །ཞེས་གསུངས་སོ། །དེའི་ཚེ་ཡང་ནམ་ མཁའ་སྟོང་པ་ལ་སེར་པོ་འབར་བ་དང་དཀར་པོ་འབར་བ་ཟླ་བ་ལྟ་བུ་ལ་སོགས་འོད་གསལ་ སྟོང་གཟུགས་ཀྱི་རྣམ་པ་དུ་མ་འཆར་བ་རྣམས་ལ་དངོས་པོའི་མཚན་མ་དང་དགའ་བ་དང་མི་ དགའ་བ་ལ་སོགས་ཀྱི་རྣམ་རྟོག་མི་བྱ་བར། གང་སྣང་གི་རྣམ་པ་ལ་རྩེ་གཅིག་པའི་སེམས་ ཀྱིས་ལྟ་བར་བྱའོ། ། གཉིས་པ་སོ་སོར་སྡུད་པའི་སྤོགས་པའི་ཆོ་ག་ནི། སྙན་བརྒྱུད་ལས། སོ་སོར་སྡུད་པའི་ སྤོགས་པ་ནི༑ ༑བྱེད་ཅིང་དྲག་ཏུ་བརྩམ་པར་བྱ། །ཞེས་དང༌། འབོལ་བའི་སྟན་ལ་བྱེད་པ་ནི། ། ལུས་བསྲང་རྡོ་རྗེ་སྐྱིལ་ཀྲུང་བཅའ། །ལག་གཉིས་རྡོ་རྗེ་བསྡམ་པར་བྱ། །ལྕེ་བཟློག་གསུས་ སྦྱར་མིག་གྱེན་བཟློག །གཙུག་ཏོར་སྒྱུར་བའི་ལྟ་སྟངས་སོ། །དེས་ནི་རླུང་རྣམས་འཆིང་ བྱེད་པའོ། །ཞེས་དང༌། སྙིང་པོ་གསལ་བ་ལས། མཚན་མོ་གསེང་མེད་ཁྱིམ་དུ་ནི། །ཤིན་ཏུ་ མཉམ་བཞག་སྒྲུབ་པ་པོས། །(དབང་པོ་ལྔ་ཡུལ་ལྔ་ལ་འཇུག་པའི་)བྱེད་པ་(འཆིང་བ་)ལྔ་ལ་བཅིངས་པ་ གཉིས། (ནི་རོ་རྐྱང་གི་རྩ་གཉིས་འཆིང་བ་སྟེ་ལུས་གནད་ལེགས་པར་སྒྲིམ་པའོ) །བླ་མའི་ཞལ་ལས་ཤེས་པར་བྱ། ། ཞེས་གསུངས་པ་ལྟར། །ལུས་གནད་ལེགས་པར་[སྒྲིམ་{བསྒྲིལ་}ཞིང་དབང་པོ་སྒོ་ལྔའི་བྱེད་ པ་བཅིང་བ་ནི། ལྟ་སྟངས་སྔར་བས་ཀྱང་ཅུང་ཟད་[གཏོད་{བསྟོད་}ནས་[ལྟ་{བལྟ}ས་རྒྱ་ ཆེན་པོ་མ་ཡིན་པ་ལ་ཕུར་ཚུགས་སུ་བལྟས་པས་ལས་ཀྱི་རླུང་རྒྱུ་བའི་རྩ་རོ་རྐྱང་གཉིས་འཆིང་ ལ། དེ་འཆིང་པས་སེམས་འཆིང་ཤིང་དབང་པོ་གཞན་རྣམས་ཀྱང་འཆིང་པར་བྱེད་དོ། །བླ་ མ་རྩ་མི་ལོ་ཙྪ་བའི་གསུང་གིས་ཀྱང༌། ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་སྲང་དང་འདྲ། རླུང་ རྟ་དང་འདྲ། རྣམ་ཤེས་མི་དང་འདྲ། བྱེད་པ་མ་འཆིང་ན་མི་ཞོན་པའི་རྟ་སྲང་ནས་ཕྱིར་ཤོར་ བ་དང་འདྲ། ལུས་གནད་དང་ལྟ་སྟངས་ཀྱིས་བྱེད་པ་འཆིང་ནས་སྲང་སྒོ་ཁེགས་པ་དང་འདྲ་ 6-1-282 བས་ལུས་གནད་དང་ལྟ་སྟངས་དྲག་ཏུ་བཅས་ཏེ་ནམ་མཁའི་དབྱིངས་སུ་མི་རྟོག་པ་ལ་སེམས་ བཟུང་བར་བྱ་སྟེ། འདྲ་བའི་དཔེ་དྲུག ཅེས་གསུང་ངོ༌། །(འདི་ཆོས་རྗེ་ཀུན་སྤངས་པའི་ཁྲིད་ཡིག་ན་ཞལ་ ཤེས་སུ་མཛད་ཡོད་དོ། །)དུས་ཕྱིས་རྒྱུན་ལྡན་དུ་བསྒོམས་པའི་དུས་ན་སྐབས་འགར་སྟོང་གཟུགས་ མི་གསལ་བ་བྱུང་ན། སྣོད་གཙང་མ་ཆུ་གཙང་གིས་བཀང་ལ་ལྟ་སྟངས་གཡོ་བ་མེད་པར་ཡུན་ རིང་དུ་བལྟས་པས་འོད་ཟེར་སྣ་ཚོགས་ཆུ་ནང་དུ་མཐོང་ཞིང༌། དེ་ནས་ནམ་མཁའ་ལ་བལྟས་ པས་སྟོང་གཟུགས་གསལ་བར་འགྱུར་རོ༑ ༑ཡང་ན་མུན་ཁང་དུ་རང་གི་མདུན་གྱི་ཐད་ཀར་ གྱེན་ལ་བུག་པ་ཟླུམ་པོ་ལྷུང་བཟེད་ལྟ་བུ་ཞིག་[བྲུས་{དྲུས་}ཏེ། རྩི་ནག་པོ་བྱུགས་པ་ལ་ལྟ་ སྟངས་གཟིར་ནས་བལྟས་པས་སྟོང་གཟུགས་གསལ་ལོ། །ཞེས་ཁམ་པ་རྒ་ལོའི་མན་ངག་གོ། འདི་དག་ཁྲིད་གསར་པ་ལ་བྱ་མི་དགོས་སོ། ། གསུམ་པ་སྒོམ་འཕྲོ་ལ་ཤི་ཡང་རྣལ་འབྱོར་གོམས་སྟོབས་འཇུག་པར་བསྟན་པ་ནི་རྒྱུད་ ཀྱི་རྒྱལ་པོ་ལས། རྣལ་འབྱོར་དབང་པོ་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱི་གལ་ ཏེ་ཤི་བར་གྱུར་པ་ན༑ ༑དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་ རྣལ་འབྱོར་ལྡན་པ་སྐྱེ་བར་འགྱུར། །སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས་རྣལ་འབྱོར་ ཡངས་པ་དག་ནི་ཀུན་ཏུ་འཛིན་པར་འགྱུར། །ཡེ་ཤེས་ཐོབ་ནས་མི་ཟད་མཆོག་གི་གནས་ (སྟོང་གཟུགས་འོད་གསལ་གྱི་དབྱིངས་)སུ་(རྣལ་འབྱོར་པའི་སེམས་ནམ་མཁའ་ལ་སྤྲིན་ཡལ་བ་ལྟར་) རབ་འགྲོ་སླར་ ཡང་གང་དུའང་(ལས་ཀྱི་དབང་གིས་)སྐྱེ་བ་ལྡན་པ་མིན། །ཞེས་གསུངས་ཏེ། རྒྱས་པར་ངོ་སྤྲོད་ཀྱི་ སྐབས་སུ་བཤད་པར་བྱའོ། ། བཞི་བ་བསྒོམས་པའི་རྟགས་ཚད་ལ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་ཡིད་ཆེས་པའི་ རྟགས་འཆར་ཚུལ་དང༌། རྟགས་བཅུ་སོགས་སྟོང་གཟུགས་མཐོང་པའི་བློ་ཚད་མ་གང་ཡིན་ པའི་ཚུལ་གཉིས་སོ། ། 6-1-283 དང་པོ་ལ། དུས་ཀྱི་འཁོར་ལོ་ལས་གསུངས་པའི་ཚུལ་དང༌། རྒྱུད་གཞན་ལས་གསུངས་ པའི་ཚུལ་གཉིས་སོ། ། དང་པོ་ལ་མཚན་མོའི་རྣལ་འབྱོར་གྱི་དུས་སུ་རྟགས་འཆར་བའི་ཚུལ་ནི། རྒྱུད་ཀྱི་རྒྱལ་ པོ་ལས། ནམ་མཁར་ཀུན་ནས་ཞེན་པའི་(ནི་སེམས་ཀྱི་བཞག་ཐབས་)སེམས་དང་མིག་ནི་མི་འཛུམ་ (པ་ལྟ་སྟངས་ཁྱད་པར་ཅན་དང་ལུས་གནད་ཁྱད་པར་ཅན་ཤུགས་ལ་བསྟན་དེ་ལས་རླུང་སེམས་)རྡོ་རྗེའི་ལམ་(དབུ་མ་ ཨ་བ་དྷཱུ་ཏིའི་ནང་)དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལ་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་ པའི་མཁའ་སྣང་ཉིད་དང་མར་མེ་(མཚན་མོའི་རྣལ་འབྱོར་གྱི་རྟགས་བཞི་)དང༌། ཞེས་གསུངས་ཏེ། ལུས་གནད་ལྟ་སྟངས་སེམས་ཀྱི་བཞག་ཐབས་ཏེ་བྱེད་པ་བཅིང་བའི་ཐབས་ཁྱད་པར་ཅན་ ལ་བརྟེན་ནས་རླུང་སེམས་རྡོ་རྗེའི་ལམ་སྟེ་རྩ་དབུ་མའི་ནང་དུ་ཆུད་པ་ལས་སེམས་ཀྱི་འོད་ གསལ་ཕྱག་རྒྱ་ཆེན་པོ་མངོན་སུམ་[དུ་]མཐོང་པར་འགྱུར་ཏེ། མཐོང་པའི་ཚུལ་ནི་དང་པོ་དུ་ བའི་རྣམ་པ་དང༌། དེ་ནས་སྨིག་རྒྱུའི་རྣམ་པ་དང༌། དེ་ནས་རབ་གསལ་དྲི་མ་མེད་པའི་མཁའ་ སྣང་སྟེ་སྲིན་བུ་མེ་ཁྱེར་གྱི་རྣམ་པ་དང༌། དེ་ནས་མར་མེའི་རྣམ་པ་མཐོང་བར་འགྱུར་ཏེ༑ དེ་ དག་[ནི་]མཚན་མོའི་རྣལ་འབྱོར་གྱི་རྟགས་རྣམ་པ་བཞི་ཡིན་ནོ། །དེ་ནས་ཉིན་མོའི་རྣལ་ འབྱོར་གྱི་དུས་སུ་རྟགས་འཆར་བའི་ཚུལ་ནི། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་ མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །ཞེས་གསུངས་ཏེ། དང་པོ་མེ་འབར་བའི་རྣམ་ པ་སེར་པོ་འབར་བ་དང༌། དེ་ནས་ཟླ་བའི་རྣམ་པ་དཀར་པོ་འབར་བ་དང༌། ཉི་མའི་རྣམ་པ་ དམར་པོ་འབར་བ་དང༌། རྡོ་རྗེ་སྟེ་སྒྲ་གཅན་གྱི་རྣམ་པ་ནག་པོ་འབར་བ་དང༌། མཆོག་གི་ཆ་སྟེ་ གློག་འགྱུ་བའི་རྣམ་པ་དང༌། ཁ་དོག་སྔོན་པོ་དབྱིབས་ཟླ་བའི་དཀྱིལ་འཁོར་ལྟ་བུའི་ཐིག་ལེ་ མཐོང་པར་འགྱུར་ཏེ། དེ་རྣམས་ནི་ཉིན་མོའི་རྣལ་འབྱོར་གྱི་རྟགས་རྣམ་པ་དྲུག་ཡིན་ནོ། །དེ་ ནས་ཉིན་མཚན་གྱི་རྣལ་འབྱོར་གཉི་ག་ཡུན་རིང་དུ་བསྒོམས་པ་ལས་རྣམ་པ་ཐམས་ཅད་ཀྱི་ 6-1-284 མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་མཐོང་པར་འགྱུར་ཏེ། རྒྱུད་ཀྱི་རྒྱལ་པོ་ལས། (ཉིན་རྟགས་དྲུག་ལ་ཐིག་ལེ་)དེ་ཡི་དབུས་སུ་སངས་རྒྱས་(ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་)གཟུགས་ <ཀྱི་>ནི་(གཟུགས་སོགས་རྡུལ་ཕྲ་རབ་འདུས་པའི)ཡུལ་དང་(བསྐྱེད་རིམ་རྟོག་པས་བཏགས་པའི་)རྣམ་པར་ བྲལ་བ་(དུས་གསུམ་གྱི་རྣམ་པ་)དུ་མ་(བདེ་བ་ཆེན་པོའི་སྐུ་ཡིན་པས་)ལོངས་སྤྱོད་རྫོགས་པའི་སྐུ། །ནམ་ མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡིས་བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། ། རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་པར་[འགྱུར་{གྱུར་}གྱི་བར་དུུ་འོ། ། དེ་ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། །རྣམ་ པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་གཞན་གྱི་སེམས་ནི་མིན་པ་ཉིད། ། ཅེས་གསུངས་ཏེ། ཐིག་ལེ་དེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་རྡུལ་ཕྲ་རབ་ཀྱི་རྫས་མེད་ པས་ཡུལ་དང་བྲལ་ཞིང་བློས་[བཏགས་{བརྟགས་}པ་མེད་པས་རྣམ་པ་དང་བྲལ་བ་དུ་མ་སྟེ། <སྐུ་ནི་དང་པོར་རྫོགས་པར་མཐོང༌། མཐར་ཡན་ལག་རེ་ཙམ། དབུ་ཙམ་མཐོང་བ་ཡོང་སྟེ། རྣམ་པ་ངན་དུ་སོང་བ་ནི་མིན་ཏེ། སྦྱོར་བ་དྲུག་པོ་རེ་རེ་ལ་སྐུ་མཐོང་བའི་རིམ་པ་མི་འདྲ་བ་རེ་ཡོང་བ་འདྲ་གསུང༌།> སྲིད་པ་གསུམ་དང་དུས་གསུམ་ གྱི་དངོས་པོའི་རྣམ་པ་སྣ་ཚོགས་པ་མཐོང་པར་འགྱུར་ལ་དེ་ལྟ་བུའི་སྟོང་གཟུགས་དེ་ནི་ལྷན་ ཅིག་སྐྱེས་པའི་བདེ་བ་ཆེན་པོའི་སྐུ་ཡིན་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་སྟེ། དེ་ཡང་ དོན་དམ་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་གྱི། <འགའ་ཞིག་མཐོང་སྣང་ཉུང་དུ་སོང་བ་ནི། སྒོམ་ཤོར་ བར་སྟོན་པ་ཡོད་དེ། དེ་ནི་ནང་དུ་བདེ་སྟོང་དུ་གནས་གྱུར་པ་ཡིན་ཏེ།> ཀུན་རྫོབ་ཀྱི་ལོངས་སྐུ་ནི་མ་ཡིན་ནོ། །དེ་ བཞིན་དུ་རེ་ཁཱ་སྟེ་རི་མོ་ནག་པོ་སྦོམ་ཕྲ་སྐྲའི་ཚད་ཙམ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་ཞིག་ དུས་ཀྱི་རྩ་ཞེས་པ་ཨ་བ་དྷཱུ་ཏཱིའི་ནང་དུ་མཐོང་པར་འགྱུར་ཞིང༌། རེ་ཁཱ་ནག་པོ་དེའི་ནང་དུ་ཡང་ ཀུན་མཁྱེན་གཟུགས་ཞེས་པ་དོན་དམ་ཆོས་སྐུའི་གཟུགས་བརྙན་ཁམས་གསུམ་དང་དུས་ གསུམ་གྱི་རྣམ་པ་ཅན་ཆུ་ནང་དུ་ཉི་མའི་གཟུགས་བརྙན་ཤར་བ་ལྟ་བུ་དྲི་མས་གོས་པ་མེད་པ་ 6-1-285 ཤིན་ཏུ་འོད་གསལ་བའི་ཁ་དོག་སྣ་ཚོགས་པ་ཅན་མཐོང་པར་འགྱུར་རོ། །གཞན་ཡང་གཞོམ་ མེད་ཀྱི་སྒྲ་དང་དྲི་དང་རོ་དང་རེག་བྱའི་རྣམ་པ་དུ་མ་ཡང་ཉམས་སུ་མྱོང་བར་འགྱུར་ཏེ། དེ་ནི་ རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་ཀྱང་བྱ། རང་གི་སེམས་ཀྱི་རང་བཞིན་འོད་གསལ་ བ་ཆོས་ཀྱི་སྐུ་ཞེས་ཀྱང་བྱ། རྡོ་རྗེའི་འཛིན་པའི་ཕྱག་རྒྱ་ཆེན་མོ་ཞེས་ཀྱང་བྱའོ། །དེ་གང་ཟག་ གཞན་གྱི་སེམས་ཀྱི་དངོས་པོ་ནི་མ་ཡིན་ཏེ་དེ་མངོན་སུམ་དུ་མཐོང་བའི་རྣལ་འབྱོར་པ་དེ་ ལས་དང་པོ་པ་ཡིན་པས་ན་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་མེད་པའི་ཕྱིར་རོ། ། གང་ཟག་གཞན་གྱི་སེམས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་མངོན་སུམ་དུ་མཐོང་བ་ནི་ ཡིན་ཏེ། རང་གཞན་གྱི་སེམས་ཀྱི་ཆོས་ཉིད་ལ་ཐ་དད་མེད་པའི་ཕྱིར་རོ། །དུས་ཞབས་སྙན་ བརྒྱུད་ལས། མཚན་རྟགས་ལྔའི་ཐ་མ་ནམ་མཁའ་སྤྲིན་མེད་རྟགས་དང༌། ཉིན་རྟགས་དྲུག་གི་ མཐར་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་མཐོང་བ་རྟགས་ཅན་དུ་བཤད་དེ། །རྟགས་དང་ རྟགས་ཅན་ཞེས་བྱ་བའི་ཐ་སྙད། འབྲོ་བའི་ཆོས་རྗེ་གོང་མ་རྣམས་མཛད་དོ། །<གྲུབ་ཆེན་མན་ ལུང་པ་དང༌། བུ་སྟོན་ཀྱི་བཞེད་པ་ལྟར་ན། རྟགས་བཅུ་པོ་ལམ་རྟགས་ཡིན་ཏེ། བདེ་མཆོག་སྟོད་འགྲེལ་ལས། ཁ་ཅིག་གྲུབ་པའི་ དུས་སུ་སྨྲ་སྟེ། དེ་ལྟ་ན། བཅོམ་ལྡན་འདས་ཀྱི་དམ་བཅའ་བ་སུན་འབྱིན་པར་བྱེད་པ་ཡིན་ཏེ། བསམ་པ་ཐམས་ཅད་ཡོངས་སྤངས་ ནས། །ཞེས་སོགས་གསུངས་པའི་ཕྱིར་ཞེས་གསུང་ངོ། །འབར་ར་བའང་འདི་བཞིན་བཞེད་དོ། །ཡང་མན་ལུང་པའི་གསུང་ནས། འོད་གསལ་རྟགས་བཅུ་པོ་སྔ་མ་སྔ་མ་ཡལ་བ་ལས་ཕྱི་མ་ཕྱི་མ་འབྱུང་བ་ཡིན་ཞེས་གསུང་ངོ༌༑ ༑དེ་ཡང༌། རྒྱུད་ལས། ས་ནི་ཆུ་ལ་ འཇུག་འགྱུར་ཆུ་ཡང་མེ་ལ་མེ་ནི་རླུང་ལ་འཇུག་པར་འགྱུར་བའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་མཚན་མ་བཅུ་འགྱུར་མཚན་མ་རྣམ་ པ་ཀུན་ལྡན་དུ། །རྣམ་པ་ཀུན་ལྡན་མི་འགྱུར་བདེ་བ་དམ་པ་གཞོམ་དུ་མེད་པའི་ཡེ་ཤེས་སྐུ་རུ་འགྱུར། །ཞེས་པ་ལ་དགོངས་པ་སྙམ་ མོ། །>འདིར་དུ་བ་ལྟ་བུ་ལ་སོགས་པའི་སྟོང་གཟུགས་ལ་རྟགས་སམ་མཚན་མ་ཞེས་གསུངས་ པ་ཡང༌། སྟོང་གཟུགས་མཐོང་བ་དེ་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ་མངོན་སུམ་དུ་མཐོང་བ་ཡིན་ པས། ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ་རང་ཉིད་ལ་ཡེ་ནས་བཞུགས་པ་ལ་ཡིད་ཆེས་པའི་རྒྱུ་མཚན་ 6-1-286 དུ་གྱུར་པའི་སྒོ་ནས་རྟགས་ཞེས་གསུངས་པ་ཡིན་གྱི་ལམ་རྟགས་ཙམ་ལ་སོགས་པར་གོ་བར་ མི་བྱ་སྟེ། སྟོང་གཟུགས་ཀྱི་གནས་ལུགས་གཏན་ལ་དབབ་པ་ནི། རྒྱས་པར་ངོ་སྤྲོད་ཀྱི་སྐབས་ སུ་བཤད་པར་བྱའོ། ། གཉིས་པ་རྒྱུད་གཞན་ལས་གསུངས་པའི་ཚུལ་ནི། དཔལ་གསང་པ་འདུས་པའི་རྒྱུད་ཕྱི་ མ་ལས(རོ་རྐྱང་ནས་རྒྱུ་བའི་རླུང་)འགོག་པ་(སྟེ་བཀག་ནས་)རྡོ་རྗེར་(དེ་རྩ་དབུ་མའི་ནང་དུ་)བགྲོད་(པའི་ རྣམ་པར་མི་རྟོག་པའི་)སེམས་ལ༑ ༑མཚན་མ་ཉེར་འཛིན་འབྱུང་འགྱུར་ཏེ། །མཚན་མ་དེ་ནི་རྣམ་པ་ ལྔར། །བྱང་ཆུབ་རྡོ་རྗེས་བཤད་པ་ཡིན། །དང་པོ་སྨིག་རྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བའི་རྣམ་ པ་ཡིན། །གསུམ་པ་མཁའ་སྣང་རྣམ་པ་སྟེ། །བཞི་པ་སྒྲོན་མ་འབར་བ་བའོ། །ལྔ་པ་རྟག་ཏུ་ སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །<དེ་ཡང་དྲ་བ་སྡོམ་པ་ལས། དང་པོ་རི་དགས་སྲེད་དུ་སྣང་བ་སྟེ། ། མཚན་མ་གཉིས་པ་དུད་ཁའི་རྣམ་པ་ཅན། །གསུམ་པ་མེ་ཁྱེར་དང་འདྲ་བཞི་པ་ནི། །སྤྲིན་མེད་ནམ་མཁའི་མཚན་མ་ལྔ་པ་ནི། ། ཤིན་ཏུ་འོད་གསལ་རང་གི་སྣང་བ་འཆར། །ཞེས་གསུངས་སོ། །>ཞེས་གསུངས་ཏེ༑ འདིར་དུ་བ་ལྟ་བུ་མཚན་ མ་གཉིས་པ་དང༌། སྨིག་རྒྱུ་ལྟ་བུ་མཚན་མ་དང་པོར་གསུངས་པ་ནི་བླ་མའི་ཞལ་ལ་རག་ལས་ པར་བྱ་བའི་ཕྱིར་དུ་དཀྲུགས་ཏེ་གསུངས་པ་ཡིན་པར་དཔལ་ནཱ་རོ་པས་བཤད་ཅིང༌། བདེ་ མཆོག་སྟོད་འགྲེལ་དུ་ཡང༌། འདིར་བླ་མའི་མན་ངག་[གི་{གིས}ནམ་མཁའ་ལ་རྣལ་འབྱོར་ པས་དང་པོ་དུ་བ་མཐོང་སྟེ། སྨིག་རྒྱུ་ནི་མ་ཡིན་ནོ། །ཞེས་རང་གིས་ཉམས་སུ་མྱོང་པས་ཤེས་ པར་བྱའོ། །ཞེས་གསུངས་སོ། །རྡོ་རྗེ་གུར་ལས་ཀྱང༌། <ལམ་འབྲས་པ་འང༌། དྲོད་རྟགས་ནི། འབྱུང་ པ་ལྔའི་རླུང་རྣམས་ནི་ཡེ་ཤེས་ཀྱི་རླུང་དུ་འདུས་པའི་རྟགས་སུ། དུ་བ་ལ་སོགས་པའི་རྟགས་ཡང་འབྱུང་སྟེ། བྱང་ཆུབ་ཆེན་པོའི་ ལམ་ཞེས་པ་འདི་དང་མཐུན།> ཡན་ལག་དྲུག་བསྒོམ་ཏེ་ལས་ནི། །སླར་ཡང་རང་བྱིན་བརླབ་པ་སྟེ། ། རྗེས་འཐུན་ཆོ་གའི་རིམ་པ་ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། །དང་པོ་སྤྲིན་དང་འདྲ་ བ་སྟེ། །གཉིས་པ་དུ་བ་ལྟ་བུའོ། ། 6-1-287 གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་འབར་བ་སྟེ། །ལྔ་པ་རྟག་ཏུ་སྣང་པ་ནི། ། སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཕྱི་ནས་སྒྱུ་<སྐབས་འདིར། བླ་མ་དམ་པའི་ཁྲིད་ཡིག་ལས། སྒྱུ་མ་སོགས། སྣང་ལ་རང་བཞིན་མེད་པའམ། སྟོང་པར་གནས་པ་བཞིན། སྦྱང་གཞི་སེམས་ཅན་གྱི་ལས་སྣང་དང་སྦྱོང་ལམ་རྣལ་འབྱོར་པའི་ ཉམས་སྣང་དུ་བ་སོགས་དང༌། སྦྱངས་འབྲས་དག་སྣང་སྐུ་དང་ཡེ་ཤེས་རྣམས། སྣང་ལ་རང་བཞིན་མེད་པའམ། སྟོང་པ་ཉིད་ཀྱི་ གཟུགས་སུ་ཉམས་སུ་མྱོང་བར་ཤེས་པར་བྱའོ། །ཞེས་གསུང་ངོ༌། །>མའི་རྣམ་པ་སྟེ། །<ཨརྱ་དེ་བའི་ཞལ་ནས། སྒྱུ་ མ་སྨིག་རྒྱུ་དྲི་ཟའི་གྲོང༌། །དབང་པོ་ཡི་ནི་གཞུ་དག་དང༌། །ཆུ་ཡི་ཟླ་བ་བྲག་ཆ་དང༌། །མེ་ལོང་དང་ནི་གཟུགས་བརྙན་དང༌། །རྨི་ ལམ་གྲིབ་མ་སྤྲིན་དག་དང༌། །གློག་དང་ཆུ་བུར་ཞེས་བྱ་བ། །སྒྱུ་མའི་དཔེ་ནི་བཅུ་གཉིས་སོ། །ཞེས་སོ། །>རྨི་ལམ་རྣམ་ པ་སྐད་ཅིག་ལས། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་གྱུར་བའོ། །ཞེས་ གསུངས་ཏེ། འདིར་ཡང་དུ་བ་ལྟ་བུ་རྟགས་གཉིས་པ་དང་སྨིག་རྒྱུ་ལྟ་བུ་དངོས་སུ་མ་གསུངས་ པ་ཡང་བླ་མའི་ཞལ་ལས་རག་ལུས་པར་བྱ་བའི་དོན་ནོ། །སྒྱུ་མའི་རྣམ་པ་དང་རྨི་ལམ་གྱི་རྣམ་ པ་ཞེས་པས་ནི་རྣམ་པ་ཐམས་ཅད་ཀྱི་སྟོང་གཟུགས་བསྟན་ལ། དངོས་གྲུབ་ཉེ་བར་གྱུར་བ་ནི་ འོད་གསལ་ཆོས་ཀྱི་སྐུ་མངོན་སུམ་དུ་མཐོང་བའི་དོན་ནོ། །དེ་ལྟར་གསང་བ་འདུས་པ་སོགས་ ལས་མཚན་མོའི་རྣལ་འབྱོར་གྱི་རྟགས་རྣམས་གསུངས་ལ། །མཚན་ཡང་དག་པར་བརྗོད་ པ་ལས། ཉིན་མོའི་རྣལ་འབྱོར་གྱི་རྟགས་ལ་སོགས་པ་གསུངས་ཏེ། འགྲེལ་ཆེན་དྲི་མ་མེད་ པའི་འོད་དུ། མཚན་བརྗོད་ཀྱི་ལུང་དྲངས་ནས་རྣམ་པར་བཤད་པ་མཛད་པ། དེ་ནས་སྤྲིན་ མེད་པའི་ནམ་མཁའ་ལ་ལྟ་སྟེ་ནམ་མཁའ་དེ་ལས་ཀྱང༌། །ཉིན་མོའི་རྣལ་འབྱོར་གྱིས། ནམ་ མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་འབར་བ་མཐོང་སྟེ་སྤྲིན་ མེད་པའི་ནམ་མཁའ་ལའོ། །དེ་བཞིན་དུ། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་ བ་ལམ་མེ་བ་ནི་ཟླ་བ་སྣང་པའོ། །འགྲོ་བའི་མར་མེ་ནི་ཉི་མའོ། །ཡེ་ཤེས་སྒྲོན་ནི་རྡོ་རྗེ་སྟེ་སྒྲ་ གཅན་ནོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་སྟེ་མཆོག་གི་ཆའོ། །སྔགས་མཆོག་ 6-1-288 མངའ་བདག་རིགས་སྔགས་རྒྱལ་ནི་ཐིག་ལེའོ། །དེ་ལྟར་མཚན་མ་རྣམ་པ་བཅུ་སྟེ་འདུས་ པ་ལ་སོགས་པ་ལས་མཚན་མོའི་རྣལ་འབྱོར་དང་མཚན་ཡང་དག་པར་བརྗོད་པ་ལས་ཉིན་ མོའི་རྣལ་འབྱོར་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས་གསང་སྔགས་རྒྱལ་པོ་ དོན་ཆེན་བྱེད། །ཅེས་པ་ནི། <ན་རོ་པས། སངས་རྒྱས་ཞིང་དང་དམྱལ་བའི་གནས། །མཐོང་སྣང་དཔག་ཏུ་མེད་པ་ འབྱུང༌། །ཅེས་ཚད་མེད་གྲངས་མེད་འབྱུང་ཞེས་སོ། །ཞེས་པ་བླ་མ་དམ་པའི་ངོ་སྤྲོད་ལས་བཤད་དོ། །ལྕེ་སྒོམ་པས་ཀྱང་སྣ་ཚོགས་ ཐབས་ཀྱི་རིག་པ་འཆུན་རྩ་ན༑ ༑ཉམས་ཀྱི་མཐོང་སྣང་བསམ་གྱི་མི་ཁྱབ་འཆར། །ཞེས་སོ། །>བུམ་པ་དང་སྣམ་བུ་ལ་ སོགས་པ་རྣམ་པ་ཐམས་ཅད་པའི་གཟུགས་མཐོང་བ(དེ་ལྟར་མཚན་བརྗོད་ཀྱི་བརྗོད་བྱའི་དོན་རྡོ་རྗེ་འཛིན་ པའི་ཡེ་ཤེས་ཀྱི་སྐུ་ཡིན་ལ། ཡེ་ཤེས་ཀྱི་སྐུ་དེ་སེར་པོ་འབར་བ་ལ་སོགས་པ་ཉིན་རྟགས་དྲུག་གི་རྣམ་པར་བཞུགས་པར་གསུངས་ པའི་ཕྱིར། །ཉིན་རྟགས་དྲུག་ཡེ་ཤེས་ཀྱི་སྐུའི་ངོ་བོ་ཡིན་ཞིང་མཚན་རྟགས་བཞི་ཡང་དེ་དང་མཚུངས་པས་དུ་སོགས་རྟགས་བཅུ་ ཡང་ཆོས་ཀྱི་སྐུ་དངོས་ཡིན་པར་ཤེས་པར་བྱ)འོ། །དེའི་དབུས་སུ་སྟེ་ཐིག་ལེའི་དབུས་སུ་སངས་རྒྱས་ གཟུགས་ནི་རྫས་མེད་པའི་ཕྱིར་དང་བརྟགས་པ་མེད་པའི་ཕྱིར་ཡུལ་དང་རྣམ་པར་བྲལ་བ་དུ་ མ་ལོངས་སྤྱོད་རྫོགས་པའི་སྐུའོ། །<ཆོས་ཅན་མེད་པ་ལས་ནི་ཆོས། །སྐྱེ་བ་འདིར་ནི་མཐོངས་བས་ན། །ཡིད་ བཞིན་ནོར་བུར་ལྟ་བུ་ནི། །མཐའ་ཡས་སེམས་ཅན་རེ་བ་སྐོངས། །ཞེས་རྟགས་བཅུ་མཐོང་བ་ལ། ཕན་ཡོན་དཔག་མེད་ཡོད་པར་ གསུངས་སོ། །>དེ་ནས་གཟུགས་ཀྱི་རྣལ་འབྱོར་གྱིས་གཞོམ་དུ་མེད་པའི་སྒྲ་གང་ཡིན་པ་དེ་ཉིད་ ཐོས་ཏེ་དེ་ལྟར་གཟུགས་སྣང་པ་ལས་སྤྲུལ་པའི་སྐུ་དང་སྒྲར་སྣང་པ་ལས་ལོངས་སྤྱོད་རྫོགས་ པའི་སྐུའོ་ཞེས་པའི་དོན་ནོ། །ཞེས་གསུངས་སོ། ། གཉིས་པ་རྟགས་བཅུ་སོགས་སྟོང་གཟུགས་མཐོང་བའི་བློ་ཚད་མ་གང་ཡིན་པའི་ཚུལ་ ནི། །རྒྱུད་ཀྱི་རྒྱལ་པོ་ལས། ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་ རྣམ་པ་གཉིས་སུ་འགྱུར་པ་སྟེ། མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་ དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་གསུངས་ལ། དེའི་འགྲེལ་བར་འཕགས་པ་འཇིག་ 6-1-289 རྟེན་དབང་ཕྱུག་གིས། འདིར་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་རྣལ་འབྱོར་པ་ རྣམས་ཀྱི་ལྷའི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ། རྣམ་པ་གཉིས་སུ་ འགྱུར་བ་སྟེ་མངོན་སུམ་དང་རྗེས་སུ་དཔག་པ་དེ་དག་ལས་མངོན་སུམ་གང་ཡིན་པ་དག་ནི་ དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་འགྱུར་ཏེ་སྐར་མའི་ཚོགས་བཞིན་དུ་དུ་མ་ལོངས་ སྤྱོད་རྫོགས་པའི་སྐུ་ཞེས་པ་ནི་ཤ་ལ་སོགས་པའི་མིག་གིས་གཟུང་བར་བྱ་བ་སྲིད་པ་གསུམ་ དང་དུས་གསུམ་རྨི་ལམ་དང་སྒྱུ་མ་དང་མཚུངས་པའོ། །འདིར་དང་བོར་ལས་དང་བོ་པའི་རྣལ་ འབྱོར་པས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ༌། །ཞེས་གསུངས་ ཏེ། སྟོང་པ་ཉིད་ཀྱི་གཟུགས་ལ་ལྟ་བའི་སྤྱན་ལྔ་གསུངས་པ་ལས། སོ་སོར་སྡུད་པའི་རྣལ་ འབྱོར་བས་དུ་བ་ལྟ་བུ་ལ་སོགས་པའི་སྟོང་གཟུགས་མངོན་སུམ་དུ་མཐོང་བའི་མིག་ནི་མིག་ ཕལ་པ་འདི་མ་ཡིན་གྱི་ཤའི་སྤྱན་ཡིན་ལ། དེ་ཡང་དོན་དམ་ཆོས་ཉིད་ཀྱི་ཡི་དམ་གྱི་ལྷ་དོན་ དམ་པའི་ལོངས་སྤྱོད་རྫོགས་པའི་སྐུ་མངོན་གསུམ་དུ་མཐོང་བ་ཡིན་པས། རྣལ་འབྱོར་མངོན་ སུམ་གྱི་ཚད་མ་ཡིན་ནོ། །དུས་ཞབས་སྙན་བརྒྱུད་ལས་དབང་པོའི་མངོན་སུམ་དག་ཏུ་བཞེད། ཅེས་གསུངས་པའི་རྗེས་སུ་འབྲངས་ནས། དབང་པོའི་མངོན་སུམ་ཚད་མ་གཙོ་ཆེ་བ་ཡིན་པར་ ཆོས་རྗེ་[བླ་མ་]གོང་མ་དག་བཞེད་ཀྱང༌། ཤའི་སྤྱན་དུ་གསུངས་པས། དབང་པོའི་མངོན་སུམ་ ཡང་ཡིན་ལ། སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཡིན་པས་ རྣལ་འབྱོར་མངོན་སུམ་ཉིད་ཡིན་ནོ། །ཡིད་ཀྱི་མངོན་སུམ་དང་རང་རིག་མངོན་སུམ་ཡང་ཡིན་ པས་མངོན་སུམ་བཞི་ག་སོ་སོར་སྡུད་ཀྱི་ཏིང་ངེ་འཛིན་འདི་ལ་ཚང་བ་ཡིན་ཏེ། དཔལ་ཀྱེའི་རྡོ་ རྗེར། དངོས་པོ་སྒོམ་གྱུར་ཤེས་རབ་ཅན། །དངོས་པོ་མེད་པར་ཡོངས་ཤེས་པས། །དེ་ལྟར་ཧེ་ རུ་ཀ་བསྒོམ་བྱ། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་གསུངས་པའི་དོན། འཕགས་པ་ རྡོ་རྗེ་སྙིང་པོའི་འགྲེལ་པར་ད་ནི་སྔར་བཤད་པའི་ཤེས་རབ་དང་ཐབས་དག་གི་དོན་དམ་པའི་ 6-1-290 བསྒོམ་པ་བརྗོད་པར་བྱ་སྟེ། དངོས་པོ་བསྒོམ་བྱ། ཞེས་པ་ལ་སོགས་པས་སོ། །འདིར་ནམ་ མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུའི་སྟེ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། ། དེ་ཡོངས་སུ་ཤེས་པ་ནི་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྣམ་པར་རྟོག་པ་དང་བྲལ་བའི་ སེམས་ཀྱི་(འདི་འགྱུར་རྙིང་ན་གཟུགས་ཞེས་ཡོད་པ་ལེགས་) སྣང་བརྙན་མཐོང་པའོ། །རྟོག་པ་དང་བྲལ་ ཞིང་མ་འཁྲུལ་བ་ནི་མངོན་སུམ་ཞེས་བརྗོད་པར་བྱའོ། །དེ་ཉིད་རྣམ་པ་བཞི་སྟེ། དབང་པོའི་ མངོན་སུམ་དང་ཡིད་ཀྱི་མངོན་སུམ་དང༌། རྣལ་འབྱོར་[གྱི་]མངོན་སུམ་དང་རང་རིག་པའི་ མངོན་སུམ་ཞེས་པ་སྟེ། ཤེས་པ་དེ་ཉིད་ནི་ཉེ་བར་སྟོན་པར་བྱེད་པ་དང༌། འཇུག་པར་བྱེད་པ་ དང་ཐོབ་པར་བྱེད་པ་དང་ཉམས་སུ་མྱོང་པའི་མཚན་ཉིད་ཅན་ནོ། །ཞེས་པའོ་ཞེས་གསུངས་ སོ། །དེ་ཡང་རྟོག་གེ་པ་ལ་གྲགས་པའི་དབང་པོའི་མངོན་སུམ་དང་ཡིད་ཀྱི་མངོན་སུམ་ དང༌། རང་རིག་མངོན་སུམ་དང་མི་མཚུངས་ཏེ། འདིར་བཤད་པའི་མངོན་སུམ་བཞི་ག་ཆོས་ དབྱིངས་སྟོང་པ་ཉིད་མཐོང་བའི་མངོན་སུམ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་སོ་སོར་སྡུད་ཀྱི་རྣལ་ འབྱོར་པ་མཐོང་ལམ་པ་ཡིན་པར་མི་འགྱུར་རམ་སྙམ་ན། འདིར་ཆོས་ཉིད་མངོན་སུམ་གྱིས་ མཐོང་ཡང་མཐོང་ལམ་པར་མི་འགྱུར་བའི་རྒྱུ་མཚན་ལ་སོགས་ནི་ངོ་སྤྲོད་རྒྱས་པ་དང་བླ་མའི་ གསུང་ལས་ཤེས་པར་བྱའོ། ། ལྔ་པ་དག་བྱ་དང་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི། སེམས་ཅན་ཐམས་ ཅད་ལ་གདོད་མ་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་ཡེ་ཤེས་ཀྱི་ཕུང་པོ་ གཞན་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་ བྱ་ནི། མ་དག་པ་འཁོར་བ་པའི་ཡེ་ཤེས་ཀྱི་ཕུང་པོ་ལ་སོགས་པ་དྲུག་ཚན་ཅིག་ཡིན་ཞིང༌། དག་བྱེད་ནི། རྒྱལ་བའི་དབང་པོ་རྡོ་རྗེ་སེམས་དཔའི་རིགས་ཀྱི་ཏིང་ངེ་འཛིན་སོ་སོར་སྡུད་ པའི་ཡན་ལག་སྟེ། འདི་ལ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཞེས་འབྲོ་པའི་བླ་མ་གོང་ 6-1-291 མ་རྣམས་བཞེད་དོ། །དག་བྱེད་ལ་དབྱེ་ན་དུ་བ་ལྟ་བུ་ལ་སོགས་པ་རྟགས་བཅུའི་སྒོ་ནས་ཕྱེ་བ་ རྣམ་པ་བཅུ་སྟེ། རྒྱུད་ཀྱི་རྒྱལ་པོ་ལས། སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཞིང་རྣམ་ པ་བཅུ་སྟེ་བསམ་གཏན་མི་བསྐྱོད་པ་ཉིད་དོ། །<དེ་ལྟ་བུའི་དག་པའི་སྣང་བ་འཆར་བ་ལ། སྒོམ་དགོས་ཏེ། མདོ་ལས། ཆོས་ནི་ཡོངས་སུ་མ་སྒོམ་ན། །ཆོས་ཉིད་མཐོང་བར་མི་འགྱུར་ཏེ། །ཆུ་ནི་མཐོང་དང་ཐོས་པ་ཡི། །མ་འཐུང་སྐོམ་པ་ ཇི་ལྟར་སེལ། །ཞེས་དང༌། ཕལ་ཆེན་ལས། དཔེར་ན་བུ་རམ་དངར་བའི་རོ། །རྗོད་པས་རོ་ནི་མི་མྱོང་སྟེ། །མྱངས་པས་རོ་ནི་མྱོང་ བར་འགྱུར། །དེ་བཞིན་སྟོང་པ་ཉིད་ཀྱི་རོ། །རྗོད་པས་རོ་ནི་མི་མྱོང་སྟེ། །སྒོམས་པས་རོ་ནི་མྱོང་བར་འགྱུར། །ཞེས་སོ། །>ཞེས་ དང༌། དྲི་མེད་འོད་ལས། འདིར་དང་པོའི་ལས་ལ་སོ་སོར་སྡུད་པ་ནི་རྒྱལ་བའི་དབང་པོ་ཞེས་ པ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་ཡང་མཚན་མའི་དབྱེ་བས་རྣམ་པ་བཅུ་སྟེ་དུ་བ་དང་སྨིག་རྒྱུ་དང་ མེ་ཁྱེར་དང་མར་མེ་དང་འབར་བ་དང་ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་ཆ་ཤས་དང་ཐིག་ ལེ་མཐོང་བའི་དབྱེ་བས་མ་བརྟགས་པའི་ཡེ་ཤེས་ཀྱི་ཕུང་པོའོ། །ཞེས་གསུངས་སོ། །རྡོ་རྗེ་ སེམས་དཔའ་རིགས་ལྔ་བོ་རྣམས་ཀྱི་ཁྱབ་བྱེད་ཡིན་པ་བཞིན་དུ། སོ་སོར་སྡུད་འདི་བསམ་ གཏན་སོགས་ཡན་ལག་ཕྱི་མ་ལྔའི་ཁྱབ་བྱེད་ཡིན་ནོ། ། དྲུག་པ་བསྒོམས་པས་ཐོབ་པའི་འབྲས་བུ་ནི། རྒྱུད་ཀྱི་རྒྱལ་པོ་ལས། སོ་སོར་སྡུད་པས་ རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབས། ཞེས་ གསུངས་པའི་འགྲེལ་པར། འདིར་གང་གི་ཚེ་སོ་སོར་སྡུད་པས་གཟུགས་བརྟན་པར་གྱུར་ པའི་རྣལ་འབྱོར་པ་རྣམ་པར་དག་པར་གྱུར་པ་དེའི་ཚེ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ་ པར་འགྱུར་ཏེ་ཚིག་གིས་མཆོག་སྦྱིན་པ་ལ་སོགས་པ་སྦྱིན་པར་འགྱུར་རོ། །ཞེས་གསུངས་ཏེ། གནས་སྐབས་ཀྱི་འབྲས་བུ་དུག་ཞི་བར་གྱུར་ཅིག <ལྕེ་སྒོམ་པའི། ངག་གི་བདེན་པའི་ལས་རྣམས་འགྲུབ་པ་ ནི། །ཉམས་མྱོང་གོམས་པའི་ཕུལ་དུ་གྱུར་པའི་རྟགས། །ཞེས་སོ། །>ཅེས་བརྗོད་པས་དུག་ཞི་བར་འགྱུར་བ་ལ་ སོགས་པ་བདེན་པའི་སྟོབས་བརྗོད་པ་འགྲུབ་ཅིང༌། མཐར་ཐུག་གི་འབྲས་བུ་རྣལ་འབྱོར་བའི་ 6-1-292 སྒྲིབ་བཅས་ཀྱི་ཡེ་ཤེས་ཀྱི་ཕུང་པོ་དང༌། ཁམས་ལ་སོགས་པ་འགགས་ནས་གཞི་ལ་གདོད་མ་ ནས་བཞུགས་པའི་ཡེ་ཤེས་ཀྱི་ཕུང་པོ་གཞན་རྒྱལ་བ་རྡོ་རྗེ་སེམས་དཔའ་ལ་སོགས་པ་(ཡེ་ཤེས་ ཀྱི་ཁམས་གཞན་སྣ་ཚོགས་ཡུམ། ཡིད་དབང་གཞན་ཀུན་དུ་བཟང་པོ་ཡུལ་གཞན་སྒྲ་རྡོ་རྗེ་མ༑ ལས་དབང་ཁུ་བ་འཕོ་བའི་དབང་ པོ་གཞན་ཁྲོ་བོ་གནོད་མཛེས་སོ། །ལས་དབང་གི་བྱ་བ་དྲི་ཆུ་འཛག་པ་གཞན་ཁྲོ་མོ་ཤིན་ཏུ་སྔོན་མོ་སྟེ་) དྲུག་ཚན་གཅིག་ སྒྲིབ་པ་དང་བྲལ་བར་གནས་གྱུར་པའི་འབྲས་བུ་ཐོབ་པར་འགྱུར་རོ།། །། གཉིས་པ་བསྙེན་པའི་ཡན་ལག་གཉིས་པ་བསམ་གཏན་གྱི་ཡན་ལག་ལ་ཡང༌། བསམ་ གཏན་གྱི་མཚན་དོན། བསྒོམ་པའི་དུས་མཚམས། བསྒོམ་ཚུལ་གྱི་ཡན་ལག བསྒོམ་པའི་ རྟགས་ཚད། དག་བྱ་དང་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུ་དང་དྲུག་ ལས། དང་པོ་ནི། སོ་སོར་སྡུད་པས་མཐོང་པའི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ གཟུགས་ལ་ཡིད་གཡོ་བ་མེད་པར་རྩེ་གཅིག་ཏུ་གནས་པས་ན་བསམ་གཏན་ཞེས་བྱ་སྟེ། དྲི་ མ་མེད་པའི་འོད་ལས། ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ ལ་བསམ་གཏན་པའོ། །ཞེས་གསུངས་སོ། །གཉིས་པ་དུས་མཚམས་ནི། །སྙན་བརྒྱུད་ལས། དུས་ནི་ནམ་མཁའ་རྒྱུ་དུས་སོ། །ཞེས་རྩ་དང༌། སྣ་བུག་གཡོན་ལ་ནམ་མཁའི་རླུང་རྒྱུ་བའི་དུས་ སུ། བསྒོམ་པར་བཞེད་པ་ནི་གཡོན་ལ་<ནམ་མཁའི་རླུང་སྔོན་པོ་སྣ་བུག་དབུས་ནས་>ནམ་མཁའ་རླུང་ <གི་རླུང་ནག་པོ་གྱེན་ནས་>མེ་<རླུང་དམར་པོ་སྣ་གཞོ་ཞོགས་ནས་>ཆུ་<རླུང་དཀར་པོ་ཀ་བ་ནས་>སའི་ རླུང་<སེར་པོ་སྣབས་གདན་ནས་རྒྱུའོ>བསྐྱེད་རིམ་གྱིས་རྒྱུ་ཞིང་དེའི་ཐོག་མ་ནམ་མཁའི་རླུང་རྒྱུ་ དུས་བསྒོམ་པ་ནི་ལུགས་འབྱུང་སྐྱེ་བ་སྦྱོང་པ་ཡིན་ཞེས་གསུངས་སོ། །དབང་མདོར་བསྟན་པ་ ལས། (ལྟ་སྟངས་མིག་གི་ཕྱེད་འོག་མ་དཀར་པོའི་ཆས་)བཀབ་(པ་)དང་(ཕྱེད་གོང་མ་དཀར་པོས་)མ་བཀབ་(པ་ ནག་ཧྲིག་གེ་བ་གནས་པ་)མིག་དག་གིས། །(ནམ་མཁའ་)སྟོང་པར་(སྟོང་གཟུགས་)འདི་ནི་(རྣལ་འབྱོར་པའི་ 6-1-293 བློས་)རྗེས་(སུ་)་བརྟགས་(པ་) མིན་(པ་)རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །རྟག་ཏུ་ (རྣམ་པ་ཐམས་ཅད་པའི་སྟོང་)གཟུགས་དེ་བསྒོམ་པར་བྱ། །ཞེས་གསུངས་པས། སོ་སོར་སྡུད་ཀྱིས་ རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་མཐོང་པ་ནས་བསམ་གཏན་གྱི་ཡན་ལག་ རྟག་ཏུ་བསྒོམ་པར་བྱའོ། ། གསུམ་པ་བསྒོམ་ཚུལ་གྱི་ཡན་ལག་ལ་གསུམ་སྟེ། བསམ་གཏན་གྱི་ངོ་བོ་ཡན་ལག་ལྔ་ ལྡན་དུ་བསྒོམ་པ་དང༌། བོགས་འདོན་སྤོགས་པའི་ཆོ་ག་དང༌། ཉམས་མྱོང་དང་རྟོགས་པ་ཇི་ ལྟར་སྐྱེ་བའི་ཚུལ་ལོ། ། དང་པོ་ནི། སོ་སོར་སྡུད་ཀྱིས་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་མཐོང་བ་དེ་བསྟན་ པར་བྱ་བའི་ཕྱིར་བསམ་གཏན་བསྒོམ་པར་བྱ་བ་ཡིན་ཏེ། དབང་མདོར་བསྟན་པ་ལས། རྟག་ ཏུ་གཟུགས་དེ་བསྒོམ་པར་བྱ། ཞེས་པའི་འགྲེལ་པ་ནཱ་རོ་པས་མཛད་པ་ལས། གཟུགས་ནི་ སྣ་ཚོགས་གཟུགས་ཏེ་བསྒོམ་པར་བྱ་བ་ནི་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། ། ཞེས་དང༌། ཡང་དེ་ཉིད་ལས། བསྙེན་པའི་དུས་སུ་གཙུག་ཏོར་ཆེའི། །གཟུགས་བརྙན་འབད་ པས་རྣམ་བསྒོམ་བྱ། །ཞེས་པའི་དོན་འཆད་པ་ན། བསྙེན་པའི་དུས་སུ་སྟེ་དུས་དང་པོར་སོ་ སོར་སྡུད་པ་ཡིས་བསྒོམ་པར་བྱ་ཞིང་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། །ཞེས་ གསུངས་ཤིང༌། སྙན་བརྒྱུད་ལས། གཉིས་པ་བསམ་གཏན་ཡན་ལག་ནི། །སྟོང་གཟུགས་ བརྟན་ཕྱིར་བྱེད་པའོ། །ཞེས་གསུངས་སོ། །བསྒོམ་པའི་ཚུལ་ནི། <སྟོང་གཟུགས་འདི་ལ་ཕ་རྒྱུད་པ་ རྒྱུའི་འོད་གསལ་ཟེར། མ་རྒྱུད་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟེར། གཉིས་མེད་ཀྱི་རྒྱུད་འདིར། གཞོམ་དུ་མེད་པའི་ སྟོང་གཟུགས་ཤེར་ཕྱིན་སྣ་ཚོགས་ཡུམ་ཞེས་བྱའོ། །ཆོས་ཅན་ཡང་དམིགས་བཅས་ཀྱི་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་ཀྱི་སྒོ་ ཞེས་བྱ་སྟེ། རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཞེས་སོ། །>སོ་སོར་བསྡུད་གྱི་དུས་སུ་མཐོང་བའི་སྟོང་ གཟུགས་རྣམ་པ་ཐམས་ཅད་པ་དེ་ཉིད་ལ་མི་གཡོ་བ་གསུམ་ལྡན་གྱིས་ནམ་མཁའི་དབྱིངས་ 6-1-294 སུ་རྩེ་གཅིག་ཏུ་བལྟ་ཞིང་བསྒོམ་པར་བྱ་སྟེ། སྙན་བརྒྱུད་ལས། ངོ་བོ་ཡུལ་ནི་སྟོང་གཟུགས་ ཏེ༑ ༑ཞེས་དང༌། བསྒོམ་པ་སྔར་གྱི་སྟོང་གཟུགས་ལ། །སེམས་བཞག་ནམ་མཁར་ལྟ་བ་ཡིན། ། ཞེས་སོ། །འདིར་ཡང་ལྟ་སྟངས་ནི་གཙུག་ཏོར་འཁོར་ལོ་བསྒྱུར་བའི་ལྟ་སྟངས་ཉིད་བྱ་ཞིང༌། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱ་བར་སྙན་བརྒྱུད་ལས་འབྱུང་ངོ༌། །དེ་ཡང་བསམ་གཏན་ གྱི་ཡན་ལག་ལྔ་དང་ལྡན་པའི་ཚུལ་གྱིས་བསྒོམ་པར་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ལས། བསམ་ གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་ པའོ། །ཞེས་གསུངས་ཤིང༌། དེའི་འགྲེལ་པར། དེ་བཞིན་དུ་<བསམ་གཏན་གྱི་ཡན་ལག་ཆོས་ཉིད་སྟོང་ པའི་>གཟུགས་དེ་ཉིད་ལ་ཤེས་རབ་ཅེས་པ་ནི་<ཡུལ་གཞན་ལ་>ལྟ་བའོ<ཞེས་པ་སྟོང་གཟུགས་ ཆོས་ཉིད་ཡིན་པའི་ཕྱིར་དེ་ཉིད་མངོན་སུམ་དུ་བལྟ་བ་ནི་ཤེས་རབ་ཡིན་ཞེས་པའོ>། །རྟོགས་པ་ཞེས་པ་ནི་<ཡུལ་ གཞན་གྱི་>དངོས་པོ་འཛིན་པའོ། །དཔྱོད་པ་ཞེས་པ་ནི་དེའི་དོན་<ཕྲ་མོ་ཞིབ་ཏུ་>ངེས་པར་བྱེད་ པའོ། །དགའ་བ་ཞེས་པ་ནི་གཟུགས་ལ་ཆགས་<སྟོང་གཟུགས་ལ་>པའོ། །གཡོ་མེད་བདེ་བ་ ཞེས་པ་ནི་<སྟོང་པའི་>གཟུགས་<དེ་ཡུལ་གཞན་>དང་ལྷན་ཅིག་<སྟེ་>སེམས་<རོ་མཉམ་དུ་> གཅིག་ཏུ་<འདྲེས་པར་>བྱེད་པའོ། །{དེ་ལྟར་<ཤེས་རབ་ལ་སོགས་ཡུལ་གྱི་ཆ་>གཟུང་<བ་ལྔ་> དང་<ཤེས་རབ་སོགས་ཡུན་>འཛིན་པ<ལྔ>འི་དབྱེ་བས་བསམ་གཏན་རྣམ་པ་བཅུའོ། །} ཞེས་གསུངས་ཏེ། དེའི་དོན་ནི། སྟོང་གཟུགས་ལ་རྩེ་ཅིག་ཏུ་གནས་པའི་བསམ་གཏན་དེ་ནི་ སྟོང་གཟུགས་དེ་ཉིད་ལ་ལྟ་བ་སྟེ་མངོན་སུམ་དུ་མཐོང་བ་ནི་ཆོས་ཉིད་ཇི་ལྟ་བ་མངོན་སུམ་ དུ་མཐོང་བ་ཡིན་པས་ན་ཤེས་རབ་དང་སྟོང་གཟུགས་ཀྱི་དངོས་པོ་རགས་པའི་རྣམ་པ་ཙམ་ གསལ་བར་འཛིན་པས་ན་རྟོག་པ། སྟོང་གཟུགས་ཀྱི་དོན་བརྟན་གཡོའི་རྣམ་པའི་ཁྱད་པར་ རྣམས་ཞིབ་ཏུ་ངེས་པར་བྱེད་པས་ན་དཔྱོད་པ། སྟོང་གཟུགས་ལ་སེམས་ཆགས་ཤིང་གནས་ པ་ལས་ཡིད་བདེ་བ་ནི་དགའ་བ། སེམས་སྟོང་གཟུགས་དང་གཅིག་དུ་བྱེད་པ་[སྟེ་{ནི་} 6-1-295 འདྲེས་པ་ལྟ་བུར་གྱུར་པས་ལུས་ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ་པ་ནི་བདེ་བ་སྟེ། དེ་ལྟ་བུའི་ ཉམས་སུ་མྱོང་བ་དང་པོ་རིམ་ཅན་དུ་འབྱུང་ཞིང༌། ཅུང་ཟད་བརྟན་པར་གྱུར་ནས་ཅིག་ཅར་དུ་ འབྱུང་ངོ༌། །ཡན་ལག་ལྔ་པོ་འདི་ལ་བསྒོམ་ཚུལ་མི་འདྲ་བའི་ཁྱད་པར་ནི་མེད་དེ། ལྔ་ཅར་ཡང་ རྣམ་པ་ཐམས་ཅད་པའི་སྟོང་གཟུགས་ལ་རྣམ་པར་མི་རྟོག་པའི་སེམས་རྩེ་གཅིག་ཏུ་བརྟན་ པར་གནས་པའི་ཡན་ལག་ཡིན་པའི་ཕྱིར་རོ། །སྙན་བརྒྱུད་ལས་{ཀྱང་}། སྟོང་ཉིད་སེམས་ འཇུག་ཤེས་རབ་སྟེ། །དངོས་རྣམས་སེམས་འཛིན་རྟོག་པའོ། །དེ་འཛིན་འཇུག་པ་དཔྱོད་པ་ སྟེ། །སེམས་ཀྱི་ཀུན་གཞག་དགའ་བའོ། །བདེ་བ་ཕུན་ཚོགས་མི་གཡོ་བདེ། །སེམས་ནི་རྩེ་ གཅིག་བརྟན་པར་གནས། །ཞེས་སོ། །གསང་བ་འདུས་པ་ལས། བསམ་གཏན་རྣམ་པ་ལྔ་ རུ་འགྱུར། །རྟོག་པ་དང་ནི་དཔྱོད་པ་དང༌། དགའ་བ་དང་ནི་བདེ་བ་དང༌། །སེམས་རྩེ་གཅིག་ པ་ཉིད་དང་ལྔ། །ཞེས་གསུངས་ཏེ། སེམས་རྩེ་གཅིག་པ་ནི། རྒྱུད་འདིར་གསུངས་པའི་ཤེས་ རབ་དང་དོན་གཅིག་པའམ། ཡང་ན་རྒྱུད་སོ་སོའི་དགོངས་པ་ཐ་དད་པར་མངོན་ནོ། །དེ་ལྟར་ རྣལ་འབྱོར་པའི་སེམས་སྟོང་གཟུགས་ལ་འདྲེས་པ་ལྟ་བུར་གྱུར་ནས་རྩེ་གཅིག་ཏུ་གནས་པ་ ན་སེམས་ཀྱི་ངོ་བོ་གསལ་ལ་རྣམ་པར་མི་རྟོག་པ་བློས་བཟོ་མ་བྱས་པ་སྟོན་ཁའི་ནམ་མཁའ་ དྭངས་པ་ལྟ་བུ་ཞིག་སོ་སོ་རང་རིག་པའི་ཚུལ་གྱིས་རྟོགས་པར་ཡང་འགྱུར་རོ། ། གཉིས་པ་བོགས་འདོན་སྤོགས་པའི་ཆོ་ག་ལ། །ཉིན་མོ་བསྒོམ་ཚུལ་གྱི་ཡན་ལག་སྣ་ ཚོགས་ལ་བསླབ་པ་དང༌། །མཚན་མོ་གཉིད་ཀྱི་འོད་གསལ་བཟུང་བ་དང་ཐུན་བསྒོམ་གྱིས་ མཉམ་རྗེས་བསྲེ་བ་དང་གསུམ་མོ། ། དང་པོ་ནི། སྙན་བརྒྱུད་ལས། བསམ་གཏན་སྟོང་གཟུགས་དྲག་ཏུ་བསྒོམ། །ཞེས་པས། སྔར་སོར་སྡུད་ཀྱི་སྤོགས་པའི་ཆོ་ག་ལྟར་བྱེད་པ་བཅིང་བའི་གནད་རྣམས་དྲག་ཏུ་བྱས་ལ་སྟོང་ གཟུགས་ཀྱི་སྣང་པ་སྣ་ཚོགས་ལ་རིག་པ་ངར་བསྐྱེད་ནས་རྩེ་གཅིག་ཏུ་བལྟ་ཞིང་བསྒོམ་པར་ 6-1-296 བྱའོ། །གཞན་ཡང་བསྒོམ་པའི་ཚུལ་སྣ་ཚོགས་ཀྱིས་བསམ་གཏན་གྱི་བོགས་དབྱུང་པར་བྱ་སྟེ། ཡེ་ཤེས་སྤྱན་བསྒྲུབ་ལས། དྷཱུ་ཏཱིའི་ནང་དུ་འོད་གསལ་[གཟུང་{བཟུང་}། །རྟོག་མེད་སེམས་ ཀྱི་དེ་ཉིད་ཤེས། །རྡོ་རྗེ་ལུས་ཀྱི་དེ་ཉིད་མཐོང༌། །གསང་སྔགས་ཆོས་ལ་མཁས་པར་འགྱུར། ། ཞེས་དང༌། སྲོག་རྩོལ་སྒོ་རུ་འོད་གསལ་[གཟུང་{བཟུང་}། །རྒྱུ་བ་རླུང་གི་དེ་ཉིད་ཤེས། །རླུང་ ལྔའི་ཁ་དོག་མཐོང་པར་འགྱུར། །ཞི་རྒྱས་ལ་སོགས་དབང་དུ་འདུ། །ཞེས་དང༌། སྣང་བའི་ སྟེང་དུ་འོད་གསལ་བཟུང༌། །ཕྲ་བའི་འོད་ལ་བརྟེན་ནས་ནི༑ ༑རགས་པའི་འོད་ཆེན་ངོ་སྤྲད་ པས། །རྟོག་མེད་འོད་ལས་སྲིད་འདས་སྣང༌། ཞེས་གསུངས་པའི་དོན་ནི། མིག་བཙུམ་ན་སྟོང་ གཟུགས་མི་གསལ་ལ། མ་བཙུམ་ན་གསལ་ན། ཉིན་མོའི་རྣལ་འབྱོར་གྱིས་ཕྱི་རོལ་ལས་ཀྱི་ སྣང་བའི་སྟེང་དུ་འོད་གསལ་ལ་སེམས་[གཟུང་{བཟུང་}སྟེ། དེ་ཡང་ནམ་མཁའ་ལ་ལྟ་སྟངས་ [གཏོད་{བསྟོད་}དེ་བསྒོམས་པས་སྟོང་གཟུགས་དང་པོ་གང་གསལ་བ་ནས་ཇེ་དམའ་དང་ཇེ་ ཉེར་ཕབ་སྟེ་ལས་སྣང་གང་ཡང་རུང་བ་ཅིག་གི་སྟེང་དུ་སྟོང་གཟུགས་ལ་སེམས་གཟུང་པས་ཕྲ་ བའི་འོད་སྟོང་གཟུགས་ལ་བརྟེན་ནས། རགས་པའི་འོད་ཆེན་ལས་སྣང་དེ་སྟོང་གཟུགས་སུ་ངོ་ སྤྲད་པས། རྟོག་མེད་ཀྱི་འོད་{གསལ་}སྟོང་གཟུགས་ལ་སེམས་བཟུང་བ་ལས་སྲིད་པ་ལས་ སྣང་ཐམས་ཅད་ལས་འདས་པ་སྟོང་གཟུགས་སུ་སྣང་ངོ༌། །ཞེས་གསུངས་སོ། །འོན་ཀྱང་འོད་ གསལ་ལ་སེམས་གཟུང་པས་ལས་སྣང་དེ་འགགས་པ་ཡིན་གྱི་ལས་སྣང་དེ་ཉིད་འོད་གསལ་ དུ་ཤར་བ་ནི་མ་ཡིན་ནོ། །ཡང་མིག་བཙུམ་པ་ཉིད་ལ་སྟོང་གཟུགས་གསལ་ན་རྩ་གསུམ་ཁོག་ གཅིག་ཏུ་འབྲེལ་བའི་གནས་ལྟེ་བའི་གནས་སུ་ཨ་བ་དྷཱུ་ཏཱིའི་ནང་དུ་སེམས་གཏད་དེ་འོད་ གསལ་བཟུང་བས་སེམས་རྟོག་མེད་གསལ་སྟོང་གི་དེ་ཉིད་ཤེས་ཤིང༌། རྡོ་རྗེ་ལུས་ཀྱི་རྩའི་ འཁོར་ལོ་གནས་ཚུལ་གྱི་དེ་ཉིད་མཐོང་བས་གསང་སྔགས་ཀྱི་ཆོས་ལ་མཁས་པར་འགྱུར་རོ། ། མིག་བཙུམ་མ་བཙུམ་གཉིས་ཀ་ལ་སྟོང་གཟུགས་གསལ་ན། སྲོག་རྩོལ་གྱི་སྒོ་སྟེ་སྣ་སྒོ་ནས་ 6-1-297 སོར་བཅུ་དྲུག་སོང་བའི་ཐད་ཀའི་བར་སྣང་སྟོང་པར་འོད་གསལ་བཟུང་པས་རྒྱུ་བ་རླུང་གི་དེ་ ཉིད་ཤེས་ཏེ་རླུང་ལྔའི་ཁ་དོག་{ལྔ་}མཐོང་པར་འགྱུར་ཞིང་ཞི་རྒྱས་ལ་སོགས་དབང་དུ་འདུ་སྟེ་ ལས་རབ་འབྱམ་འགྲུབ་པར་འགྱུར་རོ། །གཞན་ཡང༌། རྒྱུད་ཀྱི་རྒྱལ་པོ་ལས། (གྲིབ་གཟུགས་ལ་ གཏེར་རྟོག་ན་)ཉི་མ་ལས་ནི་(གདོང་)གཞན་དུ་ཕྱོགས་ཏེ་(མདུན་དུ་) ཉི་འོད་ལ་གནས་(པའི་)རང་ གི་གྲིབ་མ་བརྟན་(ཅིང་མི་འགྱུར་པ་)པའི་མིག་གིས་(ཡུན་རིང་དུ་)བལྟ་(བར་བྱ་སྟེ། ) ཕྱི་ནས་(སྤྲིན་མེད་ པའི་)ནམ་མཁའ་དག་ལ་མངོན་པར་(ལྟ་བས་)བརྟགས་ན་(སྟོང་པར་)རོ་མཉམ་(པའི་)སྐྱེས་བུ(འི་ གཟུགས་བརྙན་)དུ་བའི་མདོག་ཅན་(ལྟ་བུ་)མཐོང་པར་འགྱུར། །(དེ་ལྟར་)ཟླ་བ་དྲུག་ཏུ་གོམས་ པའི་སྦྱོར་བ་དག་ལས་ས་ལ་གནས་པའི་གཏེར་ནི་ས་ཡི་བུ་གར་མཐོང་(པར་འགྱུར་རོ་)ཡང་ན་ ཤིང་གི་(དྲུང་དུ་བསྡད་ནས་ཤིང་གི་)གྲིབ་མར་(མིག་མི་འགྱུར་བར་རྩེ་གཅིག་ཏུ་)རབ་ཏུ་ཞུགས་ཏེ་(བལྟས་ན་ ཕྱི་ནས་)ནམ་མཁའི་མཐིལ་དུ་(གྲིབ་མའི་གཟུགས་བརྙན་གྱི་བར་བར་གྱི་)ཐིག་ལེའི་ཕྲེང་པ་(ལྟ་བུར་སྣང་པ་ ཟླ་དྲུག་ཏུ་གོམས་པ)ར་གྱུར་པས་སོ(ས་ལ་གནས་པའི་གཏེར་མཐོང་ངོ་)། །ཞེས་གསུངས་པའི་མན་ངག་ ཤིན་ཏུ་དབེན་པའི་གནས་སུ་ཉི་མ་ལ་རྒྱབ་བསྟན་ཏེ་ལུས་གནད་ལེགས་པར་བཅས་ནས་ རང་གི་གྲིབ་མ་ལ་ལྟ་སྟངས་གཡོ་བ་མེད་པར་བསམ་གཏན་གྱི་འཇོག་ཚུལ་གྱིས་ཡུན་རིང་དུ་ ལྟ་ཞིང༌། <མིག་ཅུང་ཟད་སྦྲིད་པ་དང་> དེ་ནས་སྤྲིན་མེད་པའི་ནམ་མཁའ་ལ་<མགོ་དལ་བུས་གཏེག་ སྟེེ་>[ལྟས་{བལྟས་}པ་ན་རང་གི་གྲིབ་གཟུགས་དུ་བའི་མདོག་ཅན་མཐོང་པ་ལ་རྩེ་གཅིག་ ཏུ་བལྟ་ཞིང་བསམ་གཏན་བསྒོམ་མོ། །<དེ་ལ་རྩེ་གཅིག་ཏུ་གཏད་པས་སྟོང་གཟུགས་འཆར་ཏེ། དེ་དུས་གྲིབ་ གཟུགས་སྟོང་གཟུགས་དང་བཅས་པ་ལ་ཡིད་མིག་རླུང་གསུམ་དྲིལ་སྟེ་བསྒོམས་པས་བསམ་གཏན་དག་ནས་གཟུགས་བརྟན་ དེ་གོམས་པས་ཟླ་བ་དྲུག་ན་ས་འོག་གི་གཏེར་མཐོང་ངོ༌། །ཡང་ན་དབེན་པའི་གནས་སུ་གོས་ཡོད་ཙམ་བྱས་ལ་ལངས་ཏེ་གྲིབ་ གཟུགས་ལ་མིག་གཏད་ན་མཐོང་བ་མྱུར་གསུང་ངོ༌། །>ཡང་ན་ལྗོན་ཤིང་གི་དྲུང་དུ་བསྡད་ནས་ཤིང་གི་གྲིབ་ མ་ལ་ལྟ་སྟངས་གཡོ་བ་མེད་པར་བལྟ་ཞིང་བསམ་གཏན་ཡུན་རིང་དུ་བསྒོམ་མོ། །དེ་ནས་ 6-1-298 སྤྲིན་མེད་པའི་ནམ་མཁའ་ལ་བལྟས་པ་ན་གྲིབ་མའི་གཟུགས་བརྙན་གྱི་བར་བར་གྱི་སྣང་བ་ ཐིག་ལེའི་ཕྲེང་བ་ལྟ་བུ་མཐོང་བ་ལ་བསམ་གཏན་རྩེ་གཅིག་ཏུ་བསྒོམ་མོ། །དེ་ལྟ་བུ་ཟླ་བ་ དྲུག་གི་བར་དུ་བསྒོམས་ནས་ས་འོག་ན་ཡོད་པའི་གཏེར་མཐོང་པར་འགྱུར་རོ། །ཡང་རྒྱུད་ ཀྱི་རྒྱལ་པོ་ལས། (གཞོམ་དུ་མེད་པའི་)སྒྲ་ནི་གང་ཞིག་(སེམས་ཅན་ཀུན་ཀྱི་) སྙིང་ཁའི་ཕྱོགས་ན་(རྟག་ ཏུ་)ཡོད་པ་(རྡོ་རྗེའི་རྣལ་འབྱོར་དང་ལྡན་པའི་)མི་མཆོག་རྣམས་ཀྱི་(ལྷའི་)རྣ་བའི་བུ་གས་ཐོས་གྱུར་པ༑ ༑(ཆོས་ཉིད་འོད་གསལ་གྱི་སྒྲ་)དེ་ལ་(རྣལ་འབྱོར་ལྡན་པའི་)མི་ཡི་སེམས་ནི་(རྩེ་)གཅིག་ཏུ་གྱུར་པར་སྦྱར་ (ཞིང་སྒོམ་)པ་དག་ཀྱང་(ཡུལ་དང་ཡུལ་ཅན་)རོ་ནི་[སྙམ{མཉམ་}པ(འི་བདེ་བ་ཆེན་པོ)ར་འགྱུར་བ་ སྟེ། (དེའི་དབང་གིས་)འཇིག་རྟེན་ཀུན་ཏུ་སྒྲ་ནི་གང་ཞིག་སྲིད་པར་སྐྱེས་པ(འི་སེམས་ཅན་རྣམས་ཀྱི)ས་ བརྗོད་པ་(ཆུང་ངུ་དང་རིང་དུ་གནས་པ་དང་ཀློག་ཏུ་འགྱུར་བ་ལ་སོགས་པ་)དེ་དང་དེ་ནི་(ཇི་ལྟ་བ་)དེ་བཞིན་(དུ་)ཐོས། །(དེ་བས་ན)ཁྱབ་བདག་གི་ནི་(གཞན་གྱི་སེམས་)རྣམ་<པར་>ཤེས་(པའི་མངོན་ཤེས་)ཉིད་ དང་རིང་དུ་(གནས་པའི་སྒྲ་ཡང་) ཐོས་པ་(ལྷའི་རྣ་བའི་མངོན་ཤེས་)དག་ཀྱང་(ཐོབ་པའི་ཐབས་ཡན་ལག་དྲུག་གི་ རྣལ་འབྱོར་ནི་)རྣལ་འབྱོར་པ་ཡིས་བསྒོམ་པར་བྱ(འོ)། །ཞེས་གསུངས་པའི་མན་ངག་གཞོམ་དུ་ མེད་པའི་སྒྲ་རྣམ་པ་ཐམས་ཅད་པ་སེམས་ཅན་ཀུན་ཀྱི་སྙིང་ལ་རྟག་ཏུ་གནས་[པའི་{པ}སོར་ སྡུད་བསམ་གཏན་གྱི་རྣལ་འབྱོར་པའི་ལྷའི་རྣ་བའི་(ཐོས་པའི་ཐབས་ཡན་ལག་དྲུག་གི་རྣལ་འབྱོར་ནི་) དབང་པོས་ཐོས་པ་དེ་ལ་རྣལ་འབྱོར་པའི་རྣམ་པར་མི་རྟོག་པའི་སེམས་རྩེ་གཅིག་ཏུ་གཏད་དེ་ བསྒོམས་པས་སེམས་གཞོམ་མེད་ཀྱི་སྒྲ་དང་རོ་མཉམ་ཏུ་འགྱུར་ཞིང༌། དེ་ལས་སེམས་ཅན་སྣ་ ཚོགས་ཀྱི་བརྗོད་པའི་སྒྲ་ཤིན་ཏུ་ཆུང་ངུ་དང་ཐག་ཤིན་ཏུ་རིང་བར་གནས་པ་དང་ཤིན་ཏུ་ལྐོག་ ཏུ་གྱུར་པ་ལ་སོགས་པ་སྐྱེ་བོ་ཕལ་པས་ཐོས་པར་མི་ནུས་པའི་སྒྲ་ཐམས་ཅད་ཐོས་པའི་ལྷའི་རྣ་ བའི་མངོན་པར་ཤེས་པ་ཐོབ་པར་འགྱུར་རོ། །དེ་རྣམས་ཀྱི་མན་ངན་ཞིབ་པར་བླ་མའི་ཞལ་ ལས་ཤེས་པར་བྱའོ། ། 6-1-299 གཉིས་པ། མཚན་མོ་གཉིད་ཀྱི་འོད་གསལ་བཟུང་བ་ནི། མལ་བདེ་བ་ལ་རྔས་མཐོ་བ་ བྱས་ཏེ། ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས། སེམས་མི་གཡོ་བ་ནི། གཉིད་ལོག་ ཁར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་ སྤངས་ནས་འོད་གསལ་མི་རྟོག་པའི་ངང་དུ་བཞག་པས་གཉིད་མཐུག་ན་རྨི་ལམ་མེད་པའི་ སེམས་གསལ་སྟོང་དུ་གནས་པ་འབྱུང་སྟེ། འོད་གསལ་ཟིན་མ་ཟིན་གཉིད་སད་རྗེས་སུ་ནམ་ མཁར་བལྟས་པས་ཤེས་ཏེ། སེམས་གསལ་ལ་རྟོག་མེད་དུ་གནས་པ་དང༌། སྣང་པ་ཡང་སྟོན་ ཁའི་ནམ་མཁའ་དྭངས་པ་ལ་ཟླ་བའི་འོད་ཤར་བ་ལྟ་བུ་གསལ་སྟོང་གི་ཉམས་ཤས་ཆེ་བ་ལ་ སྔར་མཐོང་བའི་སྟོང་གཟུགས་རྣམས་ཀྱང་སལ་ལེ་སྣང་བ་འབྱུང༌། གཉིད་སྲབ་ན་གཉིད་སྲབ་ མོའི་འོད་གསལ་ཟིན་པའི་རྟགས་བསྒོམ་ཁང་སྐྱ་སེང་ངེ་བ་འོད་[གསལ་]ལམ་མེ་བ་གཉིད་ དུ་མ་སོང་ངམ་སྙམ་པ་ལ་གཉིད་སད་རྒྱུ་ཡང་ཡོད་པ་གཉིད་དུས་སུ་མཐོང་བའི་སྟོང་གཟུགས་ རྣམས་ཀྱང་སྔར་བས་ཀྱང་གསལ་བར་སྣང་བ་འབྱུང་ངོ༌། །དེ་ལྟར་གཉིད་དུས་ཐམས་ཅད་ དུ་སྦྱང་བར་བྱ་སྟེ། ཀྱེའི་རྡོ་རྗེ་ལས། གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་ དགག་གོ། ཞེས་གསུངས་སོ། །དེ་ལ་བསྟེན་ནས་འཆི་ཁར་འོད་གསལ་བསྒོམས་པས་རྣལ་ འབྱོར་པའི་རིག་པ་འོད་གསལ་གྱི་དབྱིངས་སུ་འཕོ་བའི་མན་ངག་ནི། འཆི་བ་རིམ་གྱིས་ས་ ལ་འཆི་ཁའི་ཞག་འགའ་ཡར་གྱི་གོང་ནས་མ་བསྒོམས་ཀྱང་ཇི་ཞིག་ལྟར་{ལ་}འོད་གསལ་གྱི་ སྣང་པ་འཆར་བར་འགྱུར་ཏེ། དེ་ཡང་རྣལ་འབྱོར་པ་སྔར་ཡུན་རིང་དུ་བསྒོམས་ཤིང་ཉམས་ མྱོང་བཟང་པོ་དང་ལྡན་པ་ལ་འོད་གསལ་གྱི་སྣང་པ་རབ་འབྱམ་ཚད་མེད་པ་འཆར་བར་ འགྱུར་ཞིང༌། གང་ཟག་དེ་ལྟ་བུ་མ་ཡིན་ཡང་སྔར་ཅི་རིགས་པ་བསྒོམས་ཤིང་ཉམས་སུ་མྱོང་ པ་ཅི་རིགས་གཅིག་རྒྱུད་ལ་སྐྱེས་པ་ཞིག་ལ་ཡང་འོད་གསལ་གྱི་སྣང་བ་ཅི་རིགས་པ་འཆར་ པར་འགྱུར་བས་མྱུར་དུ་འཆི་བའི་རྟགས་སུ་ཤེས་པར་བྱས་ནས། ཆགས་ཞེན་སྐྱེ་བའི་དངོས་ 6-1-300 པོ་རྣམས་སྦྱིན་པར་བཏང་ཞིང་རྣམ་པར་གཡེང་པ་ཐམས་ཅད་སྤངས་ནས། གནས་དཔེན་ པར་ཉམས་རྟོགས་དང་ལྡན་པའི་གྲོགས་མཆེད་དམ་པ་དང་བཅས་པའམ། ཡང་ན་རང་ཉིད་ གཅིག་པུར་གནས་ནས་འཆི་ཁར་སྒྱུ་ལུས་ཚོགས་སུ་དབུལ་བའི་དམིགས་པ་(ས་སྐྱ་པའི་བླ་མའི་ རྣལ་འབྱོར་ལས་འབྱུང་པ་ལྟར་རམ། ཁྲོ་ཕུ་ལོཙྪ་བའི་མན་ངག་བརྒྱ་རྩའི་ནང་ནས་འབྱུང་བ་ལྟ་བུའི་)བླ་མའི་ཞལ་ལས་ འབྱུང་པ་ལྟར་བྱའོ། ཁྱད་པར་དུ། འཆི་བའི་ཉིན་ཞག་དེ་ལ་རོ་རྐྱང་གི་རླུང་ཐམས་ཅད་དབུ་ མ་ཨ་བ་དྷཱུ་ཏཱིའི་ནང་དུ་ངང་གིས་འཇུག་ཅིང༌། ཞག་གཅིག་གི་བར་དུ་དབུ་མ་འབའ་ཞིག་ ནས་རྒྱུ་ལ། དེའི་དུས་སུ་བསམ་གཏན་གྱི་སེམས་ཀྱི་བཞག་ཐབས་དྲན་པར་བྱས་པས་སྔར་ བསྒོམས་པའི་ཤུགས་ཀྱིས་འོད་གསལ་གྱི་སྣང་བ་རབ་འབྱམ་ཚད་མེད་པ་འཆར་བར་འགྱུར་ ཞིང༌། དེ་ལ་སྔར་བླ་མ་དམ་པ་ལས་ཐོས་པའི་ངོ་སྤྲོད་ཟབ་མོ་དྲན་པར་བྱས་ནས། སངས་ རྒྱས་ཀྱི་སྐུ་དང་ཞིང་ཁམས་རྣམ་པར་དག་པ་ལ་སོགས་པ་བཟང་པོའི་རྣམ་པར་སྣང་བ་དང་ འགྲོ་བ་རིགས་དྲུག་དང་མ་དག་པའི་ཞིང་ལ་སོགས་པ་ངན་པའི་རྣམ་པར་སྣང་བ་[གང་ཡིན་] པ་ཐམས་ཅད་རང་གི་སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་དབྱིངས་རྣམ་པ་ཐམས་ཅད་ པ་ཕྱག་རྒྱ་ཆེན་པོའི་ངོ་བོ་དང༌། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོ་ཆོས་ཀྱི་ སྐུའི་ངོ་བོ་ཉིད་དུ་ངོ་ཤེས་ཤིང་ཡིད་ཆེས་པར་བྱས་ནས། རེ་དོགས་དང་དགག་སྒྲུབ་ལ་སོགས་ པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ནས་གང་ཤར་ལ་རྩེ་གཅིག་ཏུ་ལྟ་ཞིང་བསམ་ གཏན་གྱི་ཡན་ལག་གིས་བརྟན་པའི་ངང་ལ་ལྷན་གྱིས་བཞག་པས་ཉིན་ཞག་གསུམ་བཞིའམ་ དྲུག་བདུན་ཙམ་གྱི་བར་དུ་རིག་པ་འོད་གསལ་གྱི་དབྱིངས་སུ་བརྒྱལ་བ་བཞིན་དུ་གནས་ ཤིང༌། སྔར་བསོད་ནམས་ཀྱི་ཚོགས་ཆེར་བསགས་ཤིང་ཡུན་རིང་དུ་བསྒོམས་པ་ཉམས་མྱོང་ བཟང་པོ་རྒྱུད་ལ་སྐྱེས་ཤིང་ངོ་ལེགས་པར་འཕྲོད་ན་རིག་པ་འོད་གསལ་གྱི་དབྱིངས་སུ་ཐིམ་ ཞིང་ཆོས་ཀྱི་སྐུར་སངས་རྒྱས་པ་ལས་གཟུགས་སྐུ་རྣམ་གཉིས་ཀྱི་སྣང་པ་བསྟན་ནས་གདུལ་ 6-1-301 བྱའི་དོན་བྱེད་པར་འགྱུར་ཏེ། ཨཱརྱ་དེ་བས་བདག་བྱིན་གྱིས་བརླབས་པ་ལས། ས་ཡི་ཁམས་ ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པ་སྟེ། །མེ་ནི་རླུང་ཕྲའི་ཁམས་ལ་འོ། །རླུང་ནི་སེམས་ལ་ ཐིམ་པར་འགྱུར། །སེམས་ནི་སེམས་ལས་བྱུང་ལ་ཐིམ། །སེམས་ལས་བྱུང་པ་མ་རིག་པར། ། དེ་ཡང་འོད་གསལ་བར་འགྲོ་འོ། །སྲིད་པ་གསུམ་པོ་འདི་ལྟར་འགག །ཅེས་དང༌། རིམ་ ལྔ་ལས། ཇི་ལྟར་དྭངས་པའི་ཆུ་ཀློང་ལ། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་སྟོང་པ་ འོད་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་པར་འགྱུར། །ཅེས་གསུངས་སོ། །གལ་ཏེ་སྐལ་ བ་དམན་པས་མཆོག་གི་དངོས་གྲུབ་མ་ཐོབ་ན་རིག་པ་འཛིན་པའི་གོ་འཕང་ཐོབ་པར་འགྱུར་ ཏེ། འཇམ་དཔལ་ཞལ་ལུང་ལས། གལ་ཏེ་སྐུ་གསུམ་མ་ཐོབ་ན། །རིག་པ་འཛིན་པའི་གཙོར་ གྱུར་ཏེ། །རིམ་གྱིས་ཕྱག་རྒྱ་ཆེན་པོར་འགྱུར། །ཞེས་གསུངས་ཤིང༌། ཡང་ན་སྔར་རྣལ་འབྱོར་ གོམས་སྟོབས་འཇུག་པར་བསྟན་པ་ལྟར་འགྱུར་རོ། །ཡང་རིག་པ་འོད་གསལ་གྱི་དབྱིངས་སུ་ བརྒྱལ་བ་ལས་སངས་ཏེ་བར་དོའི་སྣང་བ་ཤར་བ་ན་བར་དོའི་མན་ངག་དྲན་པར་བྱ་དགོས་ [པས་{ཏེ་}ཚེ་འདིར་ད་ལྟ་བར་དོའི་གནས་སྐབས་ཡིན་ནོ་སྙམ་དུ་ཡང་ཡང་གོམས་པར་བྱ་ ཞིང༌། བར་དོ་ཡིན་མིན་བརྟག་པའི་ཐབས་ལུས་ལ་གྲིབ་མ་ཡོད་མེད་དང་སྔར་འདྲིས་པའི་ མི་རྣམས་ཀྱིས་ངོ་ཤེས་སམ་མི་ཤེས་དང༌། བྲག་རི་ལ་སོགས་[པ་]ལ་ཐོགས་པ་ཡོད་མེད་ [རྟག་{བརྟག་}པ་ལའང་གོམས་པར་བྱས་པས། །བར་དོའི་གནས་སྐབས་སུ་བར་དོ་ཉིད་དུ་ ངོ་ཤེས་པ་འབྱུང་ལ་དེའི་ཚེ་བསྒོམ་གྱི་དྲན་འཛིན་འབྱུང་ཞིང་འོད་གསལ་གྱི་སྣང་བ་ཚད་མེད་ པ་ཤར་ནས་རིག་པ་འོད་གསལ་གྱི་དབྱིངས་སུ་ཐིམ་པའམ། །སྐྱེ་བ་བླངས་[ནས་{ན}ཡང་ གོང་དུ་བཤད་པ་ལྟར་འགྱུར་རོ། །འདི་དག་གི་མན་ངག་གི་གནད་ཀྱང་ཞིབ་པར་བླ་མའི་ཞལ་ ལས་ཤེས་པར་བྱའོ། ། གསུམ་པ་ཐུན་བསྒོམ་གྱིས་མཉམ་རྗེས་བསྲེ་བ་ནི། བསམ་གཏན་ལ་བརྟན་པ་མ་ཐོབ་ཀྱི་ 6-1-302 བར་དུ་རྣམ་གཡེང་ཅན་གྱི་གནས་སུ་མུན་ཁང་བར་བ་(མགོ་བོ་གོས་ཀྱིས་གཡོག་པ་)བསྒྲུབས་ནས་ བྱ་བ་གཞན་གྱི་བར་སྐབས་རྣམས་སུ་ཡང་{ཡང་}བསྒོམ། མུན་ཁང་བར་པ་མ་གྲུབ་ན་ཡང་ མུན་ཁང་ཆུང་ངུ་(མིག་ཅུང་ཟད་བཙུམ་)པར་བསྒྲུབས་ཏེ་བསྒོམ་པ་དང༌། འགྲོ་འཆག་ལ་སོགས་ པ་སྤྱོད་ལམ་ཐམས་ཅད་ལ་ཡང་བསྒོམ་གྱི་དྲན་འཛིན་གྱིས་ཟིན་པར་བྱེད་པ་དང༌། ཤུགས་ ཆད་པའི་ཉམས་ལ་སོགས་པ་ལ་[སྦྱར་{སྦྱང་}ཞིང་བསྒོམ་མོ། །བསམ་གཏན་ལ་བརྟན་པ་ ཐོབ་ནས་མུན་ཁང་མ་གྲུབ་ན་ཡང་ཕྱི་རོལ་ལས་སྣང་སྣ་ཚོགས་པ་ཉིད་ཀྱི་སྟེང་དུ་གཏད་ཅིང་ བསྒོམས་པས་འོད་གསལ་གྱི་ངང་དུ་ཕྱམ་གྱིས་འགྲོ། ནང་དུ་ལུས་སེམས་ལ་བདེ་སྡུག་གི་སྣང་ བ་ལ་སོགས་རྐྱེན་གང་བྱུང་ཡང་དེ་ཉིད་ཀྱི་སྟེང་དུ། །སེམས་མི་གཡོ་བར་བཞག་ཅིང་བསྒོམས་ པས་རྐྱེན་ངན་ལམ་དུ་སློང་པར་འགྱུར་ཏེ། རྗེས་ཐོབ་ཐམས་ཅད་དུ་མཉམ་བཞག་གིས་ཟིན་ པར་བསྒོམས་པས་རིམ་གྱིས་མཉམ་རྗེས་འདྲེས་པར་འགྱུར་རོ། །ཀྱེའི་རྡོ་རྗེའི་ལས། བཟའ་ དང་བཏུང་པ་བླུགས་པ་དང༌། །ཉལ་དང་ལོག་དང་སེམས་པ་ན། །ཕྱག་རྒྱ་ཆེན་པོ་མངོན་ འདོད་པས། །དེ་ནས་སྔོན་དུ་འགྲོ་བར་འགྱུར། །ཞེས་དང༌། རྐང་པ་འཁྲུད་དང་ཟ་བ་དང༌། ། འཐོར་འཐུང་སོ་རྩི་ཟ་བ་དང༌། །ཙན་དན་གྱི་ནི་ལག་[རྙེད་{ཉེད་}དང༌། །སྨད་གཡོགས་ཀྱིས་ ནི་རྐེད་འགེབས་དང༌། །འབྱུང་དང་སྨྲ་དང་འགྲོ་བ་དང༌། །འདུག་དང་ཁྲོ་དང་རྒོད་པ་དང༌། ། བཅོམ་ལྡན་འདས་མ་བསྟེན་པ་དང༌། ཤེས་རབ་བརྟུལ་ཞུགས་ཅན་གྱིས་ནི། །རྣལ་འབྱོར་མ་ ནི་རྣམ་པར་བསྒོམ། །ཞེས་དང༌། སམ་བུ་ཊི་ལས། གཟུགས་རྣམས་སྣ་ཚོགས་ལྟ་བ་དང༌། །སྒྲ་ ནི་རྒྱས་པར་ཉན་པ་དང༌། །སྣ་ཚོགས་རོ་ནི་ཟ་བ་དང༌། །སྨྲ་བ་དང་ནི་རྒོད་པ་དང༌། །ལས་དེ་ རྣམས་ནི་བྱེད་པ་ན། །སེམས་ནི་གཞན་དུ་མི་འགྲོ་བར། །དེ་ཉིད་རིག་པའི་རྣལ་འབྱོར་པས། ། རྣལ་འབྱོར་རྒྱུན་དུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། ། གསུམ་པ་ཉམས་མྱོང་དང་རྟོག་པ་ཇི་ལྟར་སྐྱེ་བའི་ཚུལ་ནི། མཉམ་པར་བཞག་པའི་དུས་ 6-1-303 སུ་སྟོང་གཟུགས་ཀྱི་སྣང་བ་རྣམས་ཤིན་ཏུ་བརྟན་པ་དང་སྔར་སོར་སྡུད་ཀྱི་དུས་ལས་ཆེས་ དྭངས་པ་དང་གསལ་བ་དང་རྒྱ་ཆེ་བར་སྣང་ཞིང་ཆོས་ཉིད་འོད་གསལ་གྱི་ངོ་བོར་གྱུར་པའི་ སངས་རྒྱས་ཀྱི་ཞིང་ཁམས་དུ་མ་དང་འགྲོ་བ་རིགས་དྲུག་གི་སྣང་བ་ལ་སོགས་པ་རབ་འབྱམ་ ཚད་མེད་པ་སྣང་ཞིང༌། གཞོམ་མེད་ཀྱི་སྒྲ་དང་དྲི་དང་རོ་དང་རེག་བྱ་སྣ་ཚོགས་པའི་འོད་ གསལ་གྱི་སྣང་བ་འཆར་ལ་ཐིག་ལེའི་རྣམ་པ་ཡང་ཁ་དོག་སྣ་ཚོགས་པ་འོད་ཟེར་འཕྲོ་བ་ཆ་ཕྲ་ བ་འཚེར་བ་འདར་བ་གཞིག་པར་དཀའ་བ་སྟེ་ཆོས་ལྔ་ལྡན་མཐོང་བ་དང༌། ངེས་པ་གསུམ་ ལྡན་གྱི་ལོངས་སྐུ་དང་སྤྲུལ་སྐུ་དཔག་ཏུ་མེད་པ་ཡང་མཐོང་སྟེ་ཡུལ་ངེས་པ་ཐིག་ལེ་དུ་མའི་ དབུས་དང༌། དུས་ངེས་པ་མཉམ་རྗེས་ཀུན་ཏུ་དང༌། རང་བཞིན་ངེས་པ་མཚན་དང་དཔེ་བྱད་ ཡོངས་སུ་རྫོགས་པ་མཐོང་པར་འགྱུར་ལ། ནང་དུ་རེ་ཁཱ་ནག་པོ་སྐྲའི་ཚད་ཙམ་དྲི་མེད་འོད་ ཟེར་འཕྲོ་བའི་ནང་དུ་བཤད་མ་ཐག་པ་དེ་རྣམས་ཤིན་ཏུ་གསལ་བར་མཐོང་བར་འགྱུར་ཏེ། ཆོས་ཉིད་ཇི་ལྟ་བ་མངོན་སུམ་དུ་མཐོང་བ་ཡིན་ནོ། །དེ་ལྟར་མཐོང་ཡང་རྣལ་འབྱོར་པ་དེ་ས་ ཐོབ་ཀྱི་མཐོང་ལམ་པ་མ་ཡིན་པའི་ཚུལ་ནི་ངོ་སྤྲོད་ཀྱི་སྐབས་སུ་ཤེས་པར་བྱའོ། །རྗེས་ཐོབ་ ཏུ་ཡང་ཀུན་རྫོབ་ལས་སྣང་ཐམས་ཅད་བདེན་མེད་སྒྱ་མ་ལྟ་བུར་མཐོང་ཞིང༌། དེ་ལ་སེམས་ ཅུང་ཟད་མཉམ་པར་བཞག་པ་ན་ལས་སྣང་ཐམས་ཅད་འགག་པར་འགྱུར་ཏེ། དུས་ཀྱི་འཁོར་ ལོའི་རྒྱུད་ཕྱི་མ་ལས། (སྟོང་གཟུགས་)དེ་ལ་སེམས་ནི་བརྟན་པའི་བསམ་གཏན་གྱིས་ཀྱང་ཕྱི་ རོལ་ཀྱི་ནི་དངོས་པོ་རྣམ་པར་སྤོང་བ<སྟེ་མི་སྣང་བར་འགག་པ>ར་བྱེད། །ཅེས་དང༌། རིམ་ལྔ་ ལས་{ཀྱང་}། རྡོ་རྗེ་ཐེག་པ་འདི་ཉིད་དུ། །འདི་ནི་མང་དུ་བཤད་མི་དགོས། །རྣལ་འབྱོར་ པས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་[རྟག{བརྟག}། །མེ་ལོང་ནང་གི་གཟུགས་ བརྙན་དང༌། །རྨི་ལམ་སྒྱུ་མ་ཆུ་བུར་དང༌། །མིག་འཕྲུལ་མཚུངས་པར་གང་གིས་མཐོང༌། །དེ་ ནི་གཙོ་བོ་ཡིན་པར་བཤད། །མཐོང་བ་དང་ནི་རེག་པ་ཉིད། །འགྲོ་བ་སྒྱུ་མ་ཇི་བཞིན་ཏེ། 318། དམིགས་མེད་ཀུན་རྫོབ་དག་ཏུ་ནི། །སྒྱུ་མ་ལྟ་བུར་རབ་ཏུ་བཤད། །ཅེས་དང༌། སྙན་བརྒྱུད་ ལས། འབྱུང་པ་རིམ་པས་གོང་ཐིམ་པས། །ས་སོགས་གང་མཐོང་སྒྱུ་མ་ལྟར། །མཉམ་བཞག་ རྗེས་ཐོབ་མེད་པར་མཐོང༌། །བསམ་གཏན་ཆགས་པའི་བདེ་བ་འབྱུང༌། །ལྷ་མོས་བསྐུལ་ལ་ ལུང་བསྟན་ཐོབ། །ཅེས་གསུངས་སོ། ། བཞི་པ་བསྒོམས་པའི་རྟགས་ཚད་ལ། རྟགས་ནི་བཤད་མ་ཐག་པའི་ཉམས་རྟོགས་ཀྱི་སྐྱེ་ ཚུལ་ཉིད་ཡིན་ལ། བསམ་གཏན་གྱི་ཡན་ལག་ཚད་མ་གང་ཡིན་པའི་ཚུལ་ཡང་སོ་སོར་སྡུད་ པའི་ཡན་ལག་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། ། ལྔ་པ་དག་བྱ་དང་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི་སེམས་ཅན་ཐམས་ ཅད་ལ་གདོད་མ་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་རྣམ་པར་ཤེས་པའི་ ཕུང་པོ་གཞན་རྒྱལ་བ་མི་བསྐྱོད་པ་ལ་སོགས་པ་ནམ་མཁའི་ཁམས་པ་དྲུག་ཚན་ཅིག་ཡིན་ ལ། དག་བྱ་ནི། མ་དག་པ་འཁོར་བ་པའི་རྣམ་པར་ཤེས་པའི་ཕུངཔོ་ལ་སོགས་པ་དྲུག་ཚན་ ཅིག་ཡིན་ཞིང༌། དག་བྱེད་ནི། རྒྱལ་བ་མི་བསྐྱོད་པའི་རིགས་ཀྱི་ཏིང་ངེ་འཛིན་བསམ་གཏན་ གྱི་ཡན་ལག་སྟེ། འདི་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཞེས་འབྲོ་པའི་བླ་མ་གོང་ མ་རྣམས་བཞེད་དོ། །དག་བྱེད་ལ་དབྱེ་ན་ཤེས་རབ་ལ་སོགས་པ་བསམ་གཏན་གྱི་ཡན་ལག་ ལྔ་པོ་རང་རང་གི་ཡུལ་ལྔ་དང་བཅས་པ་རྣམ་པ་བཅུ་སྟེ། དྲི་མེད་འོད་ལས། དེ་ལྟར་གཟུང་པ་ དང་འཛིན་པའི་དབྱེ་བས་བསམ་གཏན་རྣམ་པ་བཅུའོ་ཞེས་གསུངས་སོ། ། དྲུག་པ་བསྒོམས་པས་ཐོས་པའི་འབྲས་བུ་ནི། རྒྱུད་ཀྱི་རྒྱལ་པོ་ལས། མངོན་པར་ཤེས་པ་ ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །ཞེས་གསུངས་ ཏེ། གནས་སྐབས་ཀྱི་འབྲས་བུ་བསམ་གཏན་གྱི་སྦྱོར་བས་སེམས་རྣམ་པར་དག་པར་གྱུར་པ་ ན་མིག་མི་འཛུམ་པར་འགྱུར་ཞིང་དེའི་ཚེ་ལྷ་ཡི་མིག་གི་མངོན་པར་ཤེས་པ་དང་ལྷའི་རྣ་བའི་ 6-1-304 མངོན་པར་ཤེས་པ་དང༌། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་གཞན་གྱི་སེམས་ཤེས་པའི་ མངོན་པར་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་སྟེ་མངོན་པར་ ཤེས་པ་ལྔ་འཐོབ་ཅིང༌། མཐར་ཐུག་གི་འབྲས་བུ་རྣལ་འབྱོར་བའི་སྒྲིབ་བཅས་ཀྱི་རྣམ་པར་ ཤེས་པའི་ཕུང་པོ་དང༌། ནམ་མཁའི་ཁམས་ལ་སོགས་པ་འགགས་ནས་གཞི་ལ་གདོད་མ་ནས་ བཞུགས་པའི་རྣམ་ཤེས་ཀྱི་ཕུང་པོ་གཞན་རྒྱལ་བ་མི་བསྐྱོད་པ་(དང་)ལ་སོགས་པ་(ནམ་མཁའི་ ཁམས་གཞན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་རྣ་བའི་བང་པོ་གཞན་ཕྱག་ན་རྡོ་རྗེའི། ཆོས་ཀྱི་ཁམས་གཞན་ཆོས་ཁམས་རྡོ་ རྗེ་མ། ལས་དབང་དྲི་ཆུ་འཛག་པའི་དབང་པོ་གཞན་ཁྲོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བ་ལས་དབང་གི་བྱ་བ་ཁུ་བ་ཕོ་བ་གཞན་ ཁྲོ་མོ་དྲག་ཅན་མ་སྟེ་)དྲུག་ཚན་གཅིག་སྒྲིབ་པ་དང་བྲལ་བར་གནས་གྱུར་བའི་འབྲས་བུ་ཐོབ་པར་ འགྱུར་རོ། ། གསུམ་པ་ལམ་གྱི་རིམ་པ་མི་ཉམས་ཤིང་ཁྱད་པར་དུ་འགྱུར་བའི་ཡན་ལག་ལ་བཞི་ སྟེ། དམ་ཚིག་དང་སྡོམ་པའི་ཡན་ལག བར་ཆད་སྤངས་པའི་ཡན་ལག སྤྱོད་པ་བརྐྱང་པའི་ ཡན་ལག བཀའ་བརྒྱ་བཞིའི་རྒྱས་གདབ་པའོ། །དང་པོ་ལ། རྡོ་རྗེའི་རྣལ་འབྱོར་བསྒོམ་པའི་ རྣལ་འབྱོར་པས་བསྲུང་བར་བྱ་བའི་དམ་ཚི་ནི། ཕྱག་ན་རྡོ་རྗེའི་བདེ་མཆོག་སྟོད་འགྲེལ་ལས་ གསུངས་པ་ལྟར་སྐུའི་ཐིག་ལེའི་དམ་ཚིག་དང་གསུང་གི་ཐིག་ལེའི་དམ་ཚིག་དང༌། ཐུགས་ ཀྱི་ཐིག་ལེའི་དམ་ཚིག་དང་ཡེ་ཤེས་{ཀྱི་}ཐིག་ལེའི་དམ་ཚིག་སྟེ་དམ་ཚིག་བཞི་པོ་རེ་རེ་ཡང་ དགའ་བ་དང་མཆོག་དགའ་དང་ཁྱད་པར་གྱི་དགའ་བ་དང་ལྷན་ཅིག་སྐྱེས་པའི་དགའ་བ་ སྟེ་བཞི་བཞིས་ཕྱེ་པའི་ངེས་དོན་གྱི་དམ་ཚིག་བཅུ་དྲུག་བསྲུང་བར་བྱ་སྟེ། བྱང་སེམས་ཐིག་ ལེ་འཛག་མེད་དུ་བསྲུང་བར་བྱའོ། །དྲང་དོན་དུ་ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་སྔགས་ དང་ཕྱག་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས་སྦས་པའི་ཚུལ་གྱིས་བསྟེན་པར་ གསུངས་སོ། །དེ་བཞིན་དུ་དམ་ཚིག་བརྒྱད་ཀྱང་དེ་ཉིད་ལས་གསུངས་པ་ལྟར་{བསྲུང་བར་} 6-1-305 བྱ་སྟེ། དེ་དག་ཀྱང་བྱང་སེམས་ཐིག་ལེ་འཛག་མེད་དུ་བསྟེན་པ་ཉིད་དུ་འདུའོ། །སྡོམ་པ་ནི་ རྩ་བའི་ལྟུང་བ་བཅུ་བཞི་(དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་ འགྱུར། །དེ་ཡི་བཀའ་ལ་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་ པས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་རི་ བོ་དག་ཀྱང་མ་སྨིན་མི་ལ་གསང་པ་བྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་ མ་དད་གང༌། །རྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོ་འོ། །དག་པའི་སེམས་ཅན་ དག་ལ་སྐྱོན་བརྗོད་པ་ལས་ཉི་མའི་དམ་ཚིག་ཐོབ་པ་གཏོང་པ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་ འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །) སྤང་བ་དང༌། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་གནས་པ་སྟེ་ བླ་མས་ཞིབ་ཏུ་བཤད་པར་བྱའོ། །(འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་ བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་རྣམས་སོ། །གང་ཞིག་ གང་གི་དུས་སུ་འབྱུང་པ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་ འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བརྐྱང་པར་བྱ། །ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་ དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ ལྷ་མིའི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང༌། །དབང་བོ་རྣམས་ནི་ཀུན་ནས་ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་ བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། །) གཉིས་པ་བར་ཆད་སྤངས་པའི་ཡན་ལག་{ལ། } ལམ་བཟང་རིན་པོ་ཆེ་འཕྲོག་པའི་ཆོམ་ རྐུན་བསྲུང་བ་དང༌། ལམ་བཟང་འདོར་བའི་རྒྱུ་གཡོན་ཅན་གྱི་སྟོན་པ་སྤང་པ་དང༌། ལམ་ བཟང་ལ་གེགས་བྱེད་པའི་བདུད་ཀྱི་བར་ཆད་ཤེས་པར་བྱ་བ་དང་གསུམ་མོ། །དང་པོ་ནི། རིན་པོ་ཆེ་འཛིན་པ་ལ་དགྲ་མང་པ་ལྟར་ལམ་བཟང་རིན་པོ་ཆེ་འདི་འཛིན་པ་ལ་བར་ཆད་མང་ པོ་འབྱུང་པས་དེ་དག་ངོ་ཤེས་པར་བྱས་ཏེ་མ་ཤོར་བར་བྱའོ། །དེ་ཡང་འཕགས་པ་འཇིག་རྟེན་ 6-1-306 དབང་ཕྱུག་གིས་གསུང་པ། ལམ་བཟང་རིན་ཆེན་འདི་ནི་བག་མེད་པའི། །སེམས་ཅན་གཞན་ པ་རྣམས་ལ་བྱིན་པ་ན། །རང་ཁྱིམ་དགོན་པ་དག་ཏུ་རབ་ཞུགས་ལ། །ཡུལ་ངན་(འདོད་ཡོན་ལ་ ཆགས་པའི་)ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད། །ཐེ་ཚོམ་འགྱོད་པ་དག་དང་གཉིད་དང་ ནི། །ལེ་ལོ་རྒོད་པ(དེ་སྒྲིབ་པ་ལྔ)འི་ཆོམ་རྐུན་རྣམས་ཀྱིས་ཀྱང༌། །གཉེན་འདུན་ཐིབ་པོའི་ནང་ དུ་ཞུགས་པ་ཡི། །ལམ་བཟང་རིན་པོ་ཆེ་ནི་འཕྲོག་པར་བྱེད། །སྲོག་གཅོད་མ་བྱིན་གཞན་གྱི་ བུད་མེད་དང༌། །བརྫུན་དང་ཚིག་རྩུབ་རྣམས་དང་ཕྲ་མ་དང༌། །འཁྱལ་པར་གྱུར་པའི་ཚིག་ དང་བརྣབ་སེམས་དང༌། །གནོད་སེམས་ལྟ་བ་ངན་པ(སྟེ་མི་དགེ་བ་བཅུ)འི་ཆོམ་རྐུན་དང༌། །ཡོད་ པའི་སྡིག་(དགེ་བསྙེན་གྱི་བསླབ་པའི་གནས་ལྔའི་མི་མཐུན་ཕྱོགས་སྤྱོད་པ་སོགས་ལྔ་)དང་ཉེ་བའི་སྡིག་པ་(ཆོ་ལོ་ཁ་ ན་མ་ཐོ་བའི་ཟས་སོགས་)དང༌། །(བ་གླང་གསོད་པ་སོགས་)གསོད་(པ་དང་གྲོགས་པོ་ལ་འཁུ་བ་སོགས་<གསོད་ པ་ལྔ་དང་གྲོགས་པོ་སོགས་ལ་>འཁུ་(བ་ལྔ་དང་)དབང་པོ་(ལྔ་ཡུལ་ལྔ་ལ་) མངོན་པར་ཞེན་པ་སྟེ༑ ༑ཆོམ་ རྐུན་ལྔ་པ་ལྔ་པོ་འདི་རྣམས་ཀྱིས། །རིན་པོ་ཆེ་ནི་རྟག་ཏུ་འཕྲོག་བར་བྱེད། །ཤིན་ཏུ་བཟའ་དང་ བཏུང་བ་སྣ་ཚོགས་དང༌། །ལོངས་སྤྱོད་དུ་མའི་ཆོམ་རྐུན་དེ་རྣམས་ཀྱིས། །བརྩོན་འགྲུས་ལྡན་ དུ་ཟིན་ཀྱང་བག་མེད་ཅིང༌། །བརྒྱལ་བར་གྱུར་པ་ཉིད་ལ་འཕྲོག་པར་བྱེད། །ཅེས་སོ། ། གཉིས་པ་ནི། རང་ཉིད་(ལམ་རྣམ་དག་)ཡོངས་སུ་རྟོགས་པ་པོ་མིན་ཕྱིར། །(ཡན་ལག་དྲུག་གི་ ལམ་འདི་)རིན་ཐང་ཆེན་པོར་འགྱུར་རམ་ཤེས་ཆེད་དུ། །(ལམ་རྣམ་དག་མི་ཤེས་ཀྱང་ཤེས་པར་འཆོས་པའི་) གཡོན་ཅན་(བླ་མ་དམ་པ་ལས་དེ)གཞན་(དམ་པ་མ་ཡིན་པའི་བླ་མ་)ལ་སྟོན་ཏེ་(ཡན་ལག་དྲུག་གི་ལམ་འདི་ལམ་ རྣམ་དག་ཏུ་)མི་འགྱུར་ཞེས། །དེ་ཡི་ཚིག་གིས་(ཡན་ལག་དྲུག་གི་ལམ་བཟང་)རིན་ཆེན་འདོར་བར་བྱེད། ། གང་དག་རིན་ཆེན་བཟང་པོ་རིག་པ་རྣམས། །རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་བཞུགས། ། དེ་དག་རྣམས་ཀྱི་རྣམ་དག་ཚིག་གིས་ནི། །རང་གི་རིན་ཆེན་རྣམ་པར་ཤེས་པར་བྱ། །ཞེས་ གསུངས་པ་ལྟར་ཤེས་པར་བྱའོ། ། 6-1-307 གསུམ་པ་ནི། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། །ཕ་དང་མ་དང་བུ་མོ་ སྲིང་མོ་དང༌། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ཡི། །གཟུགས་རྣམས་ཀྱིས་ནི་བདུད་རྣམས་ གེགས་བྱེད་དོ༑ ༑ཞེས་འཇིག་རྟེན་དབང་ཕྱུག་གིས་གསུངས་པ་ལྟར་བདུད་ཀྱི་བར་ཆད་བྱུང་ བ་ན་ངོ་ཤེས་པར་བྱས་ནས། ལམ་བཟང་རིན་པོ་ཆེ་འདི་མ་ཤོར་བར་བརྐྱང་བར་བྱ་སྟེ། དེ་ ཕྱིར་བླ་མ་དམ་པས་གནང་པ་ཡི། །ལམ་བཟང་རིན་པོ་ཆེ་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ ཡོངས་སུ་སྤང་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །ཞེས་འཇིག་རྟེན་དབང་ ཕྱུག་གིས་གསུངས་པ་ལྟར་ཤེས་པར་བྱས་ནས། ཉམས་སུ་བླང་བར་བྱའོ། ། གསུམ་པ་སྤྱོད་པ་བརྐྱང་པའི་ཡན་ལག་ལ། རིགས་དྲུག་གི་དམ་ཚིག་གི་སྤྱོད་པ། དམ་ ཚིག་བཞིའི་སྤྱོད་པ། ཕར་ཕྱིན་བཅུའི་སྤྱོད་པ་དང་གསུམ་མོ། ། དང་པོ་ནི། རྒྱུད་ཀྱི་རྒྱལ་པོ་ལས། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་ རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པད་ མའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་ བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། །གཡུང་མོ་ལ་སོགས་ མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པད་མར་སྨད་མི་བྱ། །སེམས་ཅན་ དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །རིགས་ ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་[སྐལ་{བསྐལ་}པས་མིན་པར་ རྒྱལ་བས་གསུངས། །ཞེས་གསུངས་ཏེ། འདི་དག་གི་ངེས་པའི་དོན་ནི་རྡོ་རྗེའི་རིགས་ཏེ་མི་ བསྐྱོད་པའི་རིགས་ཀྱི་དམ་ཚིག་སྲོག་གཅོད་པ་ནི། རྣལ་འབྱོར་པའི་རང་གི་ལུས་ལ་དབུགས་ ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུ་བ་འགོག་པ་དང༌། རལ་གྲི་སྟེ་དོན་ཡོད་གྲུབ་པའི་རིགས་ཀྱི་ དམ་ཚིག་རྫུན་དུ་སྨྲ་བ་ནི་མཐའ་གཅིག་ཏུ་མི་གནས་པ་སེམས་ཅན་དུ་མའི་སྐད་ཀྱིས་དྲང་ 6-1-308 པ་དང་ངེས་པའི་དོན་གྱི་ཆོས་སྣ་ཚོགས་སྟོན་པ་དང༌། དེ་བཞིན་དུ་སྦྱར་ཏེ། གཞན་གྱི་ནོར་ དབྲོག་པ་ནི་གཞན་ནི་རྡོ་རྗེ་སེམས་དཔའ་ཡིན་ལ་དེའི་ནོར་འགྱུར་མེད་བདེ་བའི་རིན་པོ་ཆེ་ རང་གིས་ཐོབ་པར་བྱེད་པ་དང༌། གཞན་གྱི་བུད་མེད་ནི་ཕྱག་རྒྱ་ཆེན་མོ་སྟེ་དེ་འཕྲོག་པ་དང༌། ཆང་ནི་བྱང་སེམས་ཐིག་ལེ་སྒྲོན་མ་ཤ་ལྔ་ནི་དབང་པོ་ལྔ་སངས་རྒྱས་ནི་བདུད་རྩི་ལྔ་སྟེ། དེ་ དག་བསྟེན་པ་ནི་དབང་པོ་ལྔ་ཡུལ་ལ་མི་འཇུག་ཅིང་བདུད་རྩི་རྣམས་ཕྱི་རོལ་ཏུ་མི་འཛག་པར་ བྱེད་པ་དང༌། མཁའ་ཡི་པད་མར་མི་སྨད་པ་ནི་ལས་རྒྱ་དང་འགྲོགས་ཀྱང་བྱང་སེམས་མི་འཕོ་ བའི་ཚངས་པར་སྤྱོད་པ་ལ་གནས་པ་སྟེ། དེ་དག་ནི་ཚུལ་ཁྲིམས་ཀྱི་ཚོགས་ཡིན་ལ། ལུས་དང་ བདོག་པ་ཐམས་ཅད་ཡོངས་སུ་གཏོང་པ་ནི་བསོད་ནམས་ཀྱི་ཚོགས་ཏེ། དེ་དག་ལས་ཡེ་ཤེས་ ཀྱི་ཚོགས་འགྲུབ་པས་ན། དེ་ལྟར་ཚོགས་གསུམ་གྱིས་སངས་རྒྱས་ཐོབ་ཀྱི་དེ་ལས་གཞན་ གྱིས་སངས་རྒྱས་མི་ཐོབ་པས་ན་ཚོགས་གསུམ་པོ་དེ་དག་ལ་དཔྱད་པར་བྱའོ། །ཞེས་པའོ་ དོན་ནོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་<གསང་བ་རྣམ་པ་ལྔ་ཡིན་ཏེ་>དུ་ཡང༌། །ཁྱོད་ཀྱིས་སྲོག་<རླུང་ རྒྱུ་བ་འགོག་པ་>ཆགས་གསད་པ་དང༌། །<སེམས་ཅན་ཐམས་ཅད་བསྒྲལ་ལོ་ཞེས་>བརྫུན་གྱི་ཚིག་ཀྱང་ <གྲངས་ངེས་ཀྱི་ཚིགས་སྣ་ཚོགས་>སྨྲ་བ་དང༌། །ཁྱོད་ཀྱིས་མ་བྱིན་པར་ཡང་<ཧཾ་ལས་ཐིག་ལེ་>ལོང༌། ། ཕ་རོལ་<རྡོ་རྗེ་སེམས་དཔའི་>བུད་མེད་<ཕྱག་རྒྱ་ཆེན་མོ་>བསྟེན་པར་གྱིས། །<ཨ་ནི་མ་ས་རཀྵི་ ཏས་སོ། །>ཞེས་གསུངས་པའི་དོན་ཡང་འདི་ཉིད་ཡིན་ནོ། ། གཉིས་པ་ནི། རྒྱུད་ཀྱི་རྒྱལ་པོར། (ངེས་དོན་གྱི་དམ་ཚིག་བཞི་ལས་ཆང་སྟེན་པ་ནི་)ཉིན་དང་མཚན་ མོར་(གཏུམ་མོའི་མེས་ཕྱི་བོའི་)ཐིག་ལེ་(བཞུ་བ་)དག་ལས་(ཟླ་བ་)དཀར་པོའི་རྒྱུན་འབབ་(པ་)གང་ ཞིག་(བདེ་བས་མྱོས་པར་བྱེད་པའི་ཕྱིར་)མཱ་མ་ཀཱི་དེ་(ཆང་ཡིན་གྱི་མྱོས་བྱེད་ཕྱི་རོལ་གྱི་)ཆང་(འཐུང་པ་ནི་)མ་ ཡིན། (ན་)། གོ་ཀུ་ལ་སོགས་(ཤ་ལྔ་བསྟེན་པ་ནི་)མིག་ལ་(དབང་པོ་ལྔ་ཡུལ་སོགས་ལས་བཟློག་སྟེ་)སོགས་ པ་ཉིན་ཞག་སོ་སོར་(ཆོས་ཉིད་ཀྱི་ཡུལ་ལྔ་ལ་ཤའི་མིག་སོགས་)སྤྲོ་སྟེ་(གསད་པའི་)ཤ་གཞན་རེས་འགའ་ 6-1-309 དག་ཀྱང་(བཟའ་བར་བྱ་བ་)མིན<ནོ>། །(བདུད་རྩི་བསྟེན་པ་ནི)རང་(རང་གི་)རིགས་(ཀྱི་) ས་ལ་ (འཛག་མེད་དུ)གནས་པའི་ལྷ་(རྣམ་སྣང་ལ་སོགས་པ་)རྣམས་དག་གིས་དག་པའི་ལུས་ལ་བདུད་རྩི་ ལྔ་རྣམས་བསྙེན་པ་སྟེ(མི་གཙང་པ་ཟ་བ་ནི་མ་ཡིན་ཏེ)། །(འཁྲིག་པ་བསྟེན་པ་ནི་)སྟོང་པར་(དེའི་གཟུགས་ལ་ རྣལ་འབྱོར་བའི་)སེམས་(རྟོག་མེད་)ནི་རབ་ཏུ་ཞུགས་པས་(བདེ་བ་ཆེན་པོར་དངོས་ཀུན་)རོ་མཉམ་བྱེད་ པ་འཁྲིག་པ་(ཡིན་གྱི་)དེ་ནི་(བུད་མེད་ཀྱི་)སྐྱེ་གནས་ལ་(སྲུབ་པ་ནི་)མ་ཡིན(ནོ)། །ཞེས་གསུངས་པ་ ལྟར་དཔྱད་པར་བྱའོ། ། གསུམ་པ་ནི། རྒྱུད་ཀྱི་རྒྱལ་པོར། (ངེས་དོན་གྱི་ཕར་ཕྱིན་བཅུ་ལས་སྤྲོས་པ་དང་) ནོར་རྣམས་སྤངས་ པ་སྦྱིན་པ་(སྟེ)ཡིད་དང་བུད་མེད་འགྲོགས་པ་ལས་ཀྱང་(ཐིག་ལེ་)འཕོ་བ་མེད་པ་ཚུལ་ཁྲིམས་ ཏེ། །བཟོད་པ་(ནི་)སྒྲ་ལ་སོགས་(ཡུལ་དྲུག་)ལ་(དབང་པོ་རྣམས་)མི་འཇུག་པ་(བཟོད་པ་)སྟེ་རླུང་གི་ (གཡས་གཡོན་)གཉི་གའི་བགྲོད་པ་འཇིག་པ་(ལ་བརྩོན་ན་)བརྩོན་འགྲུས་ཉིད། །བསམ་གཏན་ (དང་)ཤེས་རབ་དག་ཀྱང་(རིམ་པ་ལྟར་)ལྷན་སྐྱེས་བདེ་བ་(རྩེ་གཅིག་པར་)གནས་པའི་སེམས་དང་ ཀུན་ཏུ་འགྲོ་བ་ཀུན་ཀྱི་སྐད། །<ཤེས་རབ་>དེ་ལས་སེམས་ཅན་<ཀྱི་>དོན་<བྱེད་པའི་ཐབས་> དང་རྫུ་འཕྲུལ་ཀྱིས་<སེམས་ཅན་འདུལ་བའི་སྨོན་ལམ་དང་>སྲིད་པ་མཐར་བྱེད་<པའི་སྟོབས་དང་> མི་སྐྱེ་<བའི་ཡེ་ཤེས་རྣམས་>འཐོབ་སྟེ་གཞན་པ་<ཕར་ཕྱིན་ཕྱི་མ་>བཞི་རྣམས་སོ། །ཞེས་ གསུངས་པའི་རྐང་པ་དང་པོ་གསུམ་གྱིས་ངེས་དོན་རྫོགས་རིམ་གྱི་ཕར་ཕྱིན་དྲུག་བསྟན་ ཏེ། ཀུན་ཏུ་འགྲོ་བ་ཀུན་ཀྱི་སྐད། །ཅེས་པ་ནི། ཀུན་ཏུ་འགྲོ་བ་ཆོས་ཀྱི་དབྱིངས་རྟོགས་ཤིང་ ཀུན་ཀྱི་སྐད་དུ་ཆོས་སྟོན་པ་ནི་ཤེས་རབ་ཀྱི་དོན་ཏོ། །ཤེས་རབ་དེ་ལས་སེམས་ཅན་གྱི་དོན་ བྱེད་པའི་ཐབས་དང་རྫུ་འཕྲུལ་གྱིས་སེམས་ཅན་འདུལ་བའི་སྨོན་ལམ་དང༌། སྲིད་པ་མཐར་ བྱེད་པའི་སྟོབས་དང༌། མི་སྐྱེ་བའི་ཡེ་ཤེས་རྣམས་འཐོབ་སྟེ། དེ་ལྟར་ཕར་ཕྱིན་གཞན་པ་བཞི་ རྣམས་སོ། །ཞེས་པ་ཕར་ཕྱིན་བཅུ་ལ་དཔྱད་པར་བྱའོ། །དེ་དག་ནི་ཐུན་མོང་མ་ཡིན་པ་རྣལ་ 6-1-310 འབྱོར་བའི་སྤྱོད་པ་ཡིན་ལ། ཐེག་པ་ཆེན་པོ་ཐུན་མོང་གི་སྤྱོད་པ་ནི་རྗེས་ཐོབ་ཏུ་ཐེག་པ་ཆེན་ པོའི་ལམ་ཐམས་ཅད་ཀྱི་གཞི་སྨོན་པ་དང༌། འཇུག་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ རིན་པོ་ཆེ་རྣམ་པ་གཉིས་ལེགས་པར་བསྐྱེད་ནས་དེ་དག་གི་བསླབ་བྱ་ཚད་མེད་པ་རྣམས་ལ་ རིམ་པ་ལྟར་སློབ་པར་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར། བྱང་ ཆུབ་སེམས་དཔའི་སྤྱོད་པ་དག །ཚད་མེད་པར་ནི་གསུངས་པ་ལས། །སེམས་སྦྱང་པ་ཡི་སྤྱོད་ པ་ནི། །ངེས་པར་དེ་སྲིད་དཔྱད་པར་བྱ། །ཞེས་དང༌། <ཡང་དགོན་པའི་ཞལ་ནས་ཀྱང༌། བྱང་ཆུབ་སེམས་ སྦྱོང་མ་རྟོགས་པའི། །སྒྲུབ་པ་བྱ་རྒྱུ་ལོག་ན་མེད༌། །ཅེས་སོ། །>དངོས་སམ་ཡང་ན་རྒྱུད་ཀྱང་རུང༌། །སེམས་ ཅན་དོན་ལས་གཞན་མི་དཔྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ ཕྱིར་བསྔོའོ། །ཞེས་མདོར་བསྡུས་ནས་གསུངས་པ་ལྟར་ཏེ། རྒྱ་ཆེར་བྱང་ཆུབ་སེམས་དཔའི་ སྡེ་སྣོད་རྣམས་ཉིད་ལས་ཁོང་དུ་ཆུད་པར་བྱ་དགོས་པས་འདིར་མ་བྲིས་སོ། །གཞན་ཡང་ཤིན་ ཏུ་རྣམ་པར་དག་པའི་ལམ་མཆོག་[མཐར་ཐུག་]འདི་བསྒོམ་པ་ལ་བརྩོན་པའི་ཡན་ལག་ཏུ། རྒྱུད་ཀྱི་རྒྱལ་པོར། མངལ་དུ་མངལ་ན་གནས་པའི་སྡུག་བསྔལ་བཙའ་བའི་དུས་དང་བྱིས་ པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་ལང་ཚོ་དག་ལ་བུད་མེད་དང་བྲལ་ནོར་དང་ འབྱོར་ཉམས་ཉོན་མོངས་སྡུག་བསྔལ་ཆེན་པོས་གང༌། །རྒན་པོ་ཉིད་ལ་འཆི་བའི་སྡུག་བསྔལ་ སླར་ཡང་འགྲོ་བ་དྲུག་ཏུ་འཇིགས་སྟེར་ངུ་འབོད་ལ་སོགས་ཏེ། །སྒྱུ་མས་རྨོངས་པར་བྱས་ པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད། །ཅེས་ དང༌། གསུང་རབ་གཞན་ལས་ཀྱང་རྒྱ་ཆེར་གསུངས་པ་ལྟར་འཁོར་པའི་ཉེས་དམིགས་དྲན་ པར་བྱ་ཞིང༌། འཁོར་བ་ལ་ཡིད་ངེས་པར་སྐྱོ་བ་ཞེས་བྱ་བའི་གླུ་ལས། འཇིག་རྟེན་སྤྱོད་པ་དག་ ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམ་ཀྱང་ཕན་ པར་མི་འགྱུར་བས། །རང་གི་སེམས་ལ་བལྟ་བ་གོམས་པར་གྱིས། །ཞེས་དང༌། ཇོ་བོ་ཆེན་པོ་ 6-1-311 དཔལ་མར་མེ་མཛད་ཡེ་ཤེས་ཀྱིས། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་ ཇི་ཙམ་མི་ཤེས་པས། །ངང་པ་མཚོ་ལ་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་པར་ རིགས། །ཞེས་དང༌། ཡེ་ཤེས་ཕྱག་རྒྱ་ལས། ཚོགས་ལས་བསྲིང་ཞིང་རབ་ཏུ་ཞི་ལ་མོས། །རི་ དྭགས་ལྟ་བུར་འཇིགས་ཤིང་གནས་མེད་རྒྱུ། །མཁའ་ལ་རླུང་བཞིན་རྙེད་ལ་མི་ཆགས་པ། །དེ་ འདྲ་དེ་ནི་རྒྱལ་བའི་ཆོས་འཛིན་ཡིན། །ཞེས་གསུངས་པ་ལྟར། འཇིག་རྟེན་གྱི་བྱ་བ་སྣ་ཚོགས་ ལ་སྐྱོ་བའི་བློ་ངེས་པར་བསྐྱེད་ཅིང༌། རྒྱུད་ཀྱི་རྒྱལ་པོར། འཁོར་བར་མི་ཉིད་དུ་ནི་འགྱུར་བ་ དག་ཀྱང་བརྒྱ་ལམ་ན་སྟེ་ཆོས་ཀྱི་བློ་ནི་རེས་འགའ་ན། །དེ་ལས་དགེ་བའི་དབང་གིས་སངས་ རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པར་རབ་ཏུ་འཇུག །དེ་ལས་དཔལ་ལྡན་རྡོ་རྗེ་ ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་དག་ན་{རབ་ཏུ་}འཇུག །དེ་ལས་སངས་ རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། །ཞེས་ གསུངས་པ་ལྟར་དལ་འབྱོར་རྙེད་པར་དཀའ་བ་བསམ་པ་ལ་སོགས་པ་དང༌། ཁྱད་པར་དུ་ རྣམ་དག་ལེགས་པའི་ལམ་བཟང་རིན་པོ་ཆེ་ཤིན་ཏུ་རྙེད་དཀའ་བར་བསམ་ནས་རྡོ་རྗེའི་རྣལ་ འབྱོར་གྱི་བསྒྲུབ་པ་སྙིང་པོ་ཉམས་སུ་བླང་པ་ལ་རྩེ་གཅིག་ཏུ་འབད་པར་བྱའོ། ། བཞི་པ་བཀའ་རྒྱ་བཞིའི་རྒྱས་གདབ་པ་ནི། ཆོས་རྗེ་ཀུན་སྤངས་པ་ཆེན་པོའི་ཞལ་སྔ་ནས། ཐོག་མར་དགེ་བའི་ཁྲིད་རིམ་གྱི་འཇུག་ཏུ། སྐབས་འདིར་བཀའ་བརྒྱ་བཞི་ཡིས་རྒྱས་གདབ་ པར་བྱའོ། །ཞེས་གསུངས་པས། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དབེན་པ་གསུམ་བསྟེན་ པ་དང༌། ལུས་གནད་ལྟ་སྟངས་སེམས་ཀྱི་འཇོག་ཚུལ་དང༌། ཉམས་སུ་མྱོང་པ་འོད་གསལ་ གྱི་སྣང་བ་འཆར་ཚུལ་དང༌། ངོ་སྤྲོད་ཟབ་མོའི་ཚུལ་ཐུན་མོང་མ་ཡིན་པ་ཐམས་ཅད་གསང་ བ་ལས་ཀྱང་ཆེས་གསང་བར་བྱ་སྟེ། དཔལ་ལྡན་རྒྱུད་རྒྱལ་ལས། དུ་བ་ལ་སོགས་རྣམས་ཀྱི་ མཚན་མ་འཛིན་པ་དག་ཀྱང་གང་ཞིག་འདི་རྣམས་ཐམས་ཅད་གསང་བར་བྱ། །ཞེས་གསུངས་ 6-1-312 པའི་འགྲེལ་པར། དུ་བ་ལ་སོགས་པ་རྣམ་པ་རྣམས་ཀྱི་མཚན་མ་འཛིན་པ་ནི་ཨ་བ་དྷཱུ་ཏཱིའི་སྒོ་ ནས་ཏེ་ཀྱང་གི་སྒྲས་ལྟེ་བ་དེ་ཉིད་ལའོ། །འདི་རྣམས་ཐམས་ཅད་གསང་བར་བྱ་སྟེ་བྱིས་པའི་ སྐྱེ་བོ་རྣམས་ལ་སྦ་བར་བྱའོ། །ཞེས་པ་ངེས་པའོ། །ཞེས་གསུངས་ཤིང༌། རྗེ་བཙུན་སྤྱན་རས་ གཟིགས་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། དེ་ཕྱིར་བླ་མ་དམ་པས་གནང་བ་ཡི། །ལམ་བཟང་ རིན་པོ་ཆེ་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ཡོངས་སུ་སྤངས་བྱས་ཏེ༑ ༑འབད་པས་ཤིན་ཏུ་ ལེགས་པར་སྦ་བར་བྱ། །ཞེས་གསུངས་པ་དང༌། རྒྱུད་ཀྱི་རྒྱལ་པོ་གཞན་ལས་ཀྱང༌། དེང་ཁྱོད་ ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརློབ་པར་འགྱུར་གྱིས། །ཁྱོད་ཀྱིས་ཀྱང་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་ དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པར་ཡང་མི་བྱའོ། །ཞེས་དང༌། དེང་ཁྱོད་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བས་ན་ངས་ཁྱོད་ལ་རྡོ་རྗེའི་ ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་ གྲུབ་རྣམས་ཀྱང་ཐོབ་བར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ ཀྱིས་འདི་དཀྱིལ་འཁོར་མ་མཐོང་པ་རྣམས་ཀྱི་མདུན་དུ་སྨྲ་པར་མི་བྱ་སྟེ་ཁྱོད་དམ་ཚིག་ཉམས་ པར་གྱུར་ཏ་རེ། ཞེས་གསུངས་ཏེ། འོད་གསལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ སྟོང་པ་ཉིད་འདི་ཡང་དག་པའི་དཀྱིལ་འཁོར་ཡང་ཡིན་ལ། རྡོ་རྗེའི་ཡེ་ཤེས་བླ་ན་མེད་པ་ཡང་ ཡིན་པའི་ཕྱིར། ཟབ་ལམ་གྱི་ཁྲིད་མ་ཐོབ་ཅིང་ཉམས་སུ་མྱོང་བ་འདི་རྒྱུད་ལ་སྐྱེས་ངེས་མ་ཡིན་ པའི་སྐྱེ་བོ་རྣམས་ལ་སྨྲས་ན་དམ་ཚིག་དང་འགལ་བར་འགྱུར་བས། ཤིན་ཏུ་སྦ་ཞིང་གསང་ པར་བྱའོ། །རང་བཞིན་འོད་གསལ་ཆོས་དབྱིངས་ཕྱག་རྒྱ་ཆེ། །དོན་དམ་སྐུ་བཞི་མངོན་སུམ་ བསྒོམ་པའི་ལམ། །རྡོ་རྗེའི་རྣལ་འབྱོར་མདོ་རྒྱུད་སྙིང་པོའི་དོན། །ལེགས་དོན་ཐོག་མར་དགེ་ བའི་ཁྲིད་ཡིག་འདི། །དོན་གཉེར་དམ་པ་འགའ་ཡིས་བསྐུལ་བའི་ངོར། །རྒྱུད་དོན་ཇི་བཞིན་ 6-1-313 བླ་མའི་མན་ངག་བཞིན། །དགེ་སློང་དུས་ཀྱི་འཁོར་ལོའི་རྣལ་འབྱོར་བ། །ཕྱོགས་ལས་རྣལ་ རྒྱལ་ཆོས་ཀྱི་རྒྱལ་པོས་སྦྱར། །དགེ་བ་གང་དེས་མཁའ་མཉམ་འགྲོ་བ་རྣམས། །མ་དག་ལོག་ པའི་ལམ་ནས་སེམས་རླན་ཏེ། །རྣམ་དག་ལེགས་པའི་ལམ་འདིར་རབ་ཞུགས་ནས། །འགྱུར་ མེད་བདེ་ཆེན་རོལ་པའི་གནས་ཐོབ་ཤོག །སོ་སོར་བསྡུད་དང་བསམ་གཏན་བསྙེན་པའི་ཡན་ ལག་རིག་པ་མཁའ་ལྡིང་གི་མན་ངག་གིས་རིག་པ་འོད་གསལ་གྱི་དབྱིངས་སུ་བསྲེ་བ་སྐུ་རྡོ་ རྗེའི་རྣལ་འབྱོར་ཐོག་མ་དགེ་བའི་ཁྲིད་ཡིག་རྫོགས་སོ།། ༈ །། སྙན་བརྒྱུད་གསང་ཆེན་རབ་ཟབ་ཆོས། ། སྐལ་མེད་དམན་པའི་ཡུལ་མིན་ཕྱིར། ། ཁྲིད་མ་ཐོབ་ལ་མི་བསྟན་ཞིང༌། ། དཔེ་ཡིག་མི་འཕྱམ་སྦ་བར་བྱོས། ། ཤིན་ཏུ་གསང་བ་ལས་ཀྱང་གསང་བའི་རྒྱས་གདབ་པོ། །ཨོཾ་ཨཱཿཧུཾ་ཧོཿཧཾ་ཀྵཿ དང་ཞུས། སྭདྷུཿ དཔེ་དཔང་དག་པ་གཅིག་ལ་གཏུགས་ཏེ་ཉིས་ཞུས་ཀྱང་གྲུབ་བོ། །གསུམ་ཞུས་གྲུབ་བོ། ། <རྡོ་རྗེའི་རྣལ་འབྱོར་འདི་ཉིད། གཙོ་ཆེར་འགྲེལ་པ་སྐོར་གསུམ་ནས་གསལ་བར་གསུངས་ལ། དེའི་མན་ངག་རྒྱ་གར་ནས་ འབྱུང་བ། ཕྱག་ན་རྡོ་རྗེ། ཤ་བ་རི་པ། ན་རོ་པ། སངས་རྒྱས་ཡེ་ཤེས་ཞབས། དཔེ་མེད་བསྲུང་བ། ཉི་མ་དཔལ་ཡེ་ཤེས། ཨ་བ་དྷཱུ་ ཏི་པ། ཇོ་བོ་རྗེ། པཎ་ཆེན་ཤག་ཤྲི་རྣམས་ཀྱི་མཛད་པ་དང༌། བོད་དུ་བྱུང་བ། གྱི་ཇོ། ཙ་མི། རྒ་ལོ། ས་སྐྱ་པ་ནས་རྒྱུད་པ་ལུགས་ གསུམ་དང༌། འབྲོ་ལུགས། ར་ལུགས། པཎ་ཆེན་ཤག་ཤྲི་ནས་རྒྱུད་པ་དེ་ལུགས་གསུམ། འབི་བྷུ་ཏ་ཙན་ཏྲ་ནས་རྒྱུད་པ་ལུགས་ བདུན། མན་ལུངས་འགུ་རུ། ཡུ་མོ། ཨུ་རྒྱན་པ། མཁན་ཆེན་ཐར་ལོ་པ། བུ་སྟོན་པ། ཆོས་དཔལ་ནས་རྒྱུད་པའི་མན་ངགསྲོག་ རྩོལ་ལ་སོགས་པ་བོད་ན་ཉམས་ལེན་ཡོད་པའི་མན་ངག་ཕལ་ཆེ་བ་ཐམས་ཅད། བླ་མ་རིན་ཆེན་དཔལ་བཟང་པོ། བླ་མ་གྲགས་ ཁ་བ་གྲགས་པ་དེ་དག བླ་མ་བ་མོ་ཞུ་བ་གཞོན་ནུ་དཔལ་བ། བུ་སྟོན་ཞབས་ལ་ལེགས་པར་ཐོས། ཞེས་པ་བླ་མ་དམ་པའི་ཁྲིད་ ཡིག་ན་སྣང་ངོ༌། །> 6-1-314 མ་ཡིག་ནི་འབྲས་དཔེ་རྙིང་ཕྱི་ཀ༢༠༤ དང་ཕྱི་ཀ༡༤༨ གཉིས་ཡིན། གོར་རྟགས་འདི་ཕྱི་ཀ༢༠༤ཁོ་ན་ལ་ཡོད། [ ] གོར་རྟགས་འདི་ཕྱི་ཀ༡༤༨ཅན་ཁོ་ན་ལ་ཡོད། { } གཞུང་ཚིག་ཕན་ཚུན་མི་འདྲ་བས་སྔོན་མ་ཕྱི་ཀ༢༠༤ དང་ཕྱི་མ་ཕྱི་ཀ༡༤༨ ཡིན་པས་འདེམས་དགོས། [ { } མཆན་ནི་ཕྱི་ཀ༢༠༤གཞིར་བཞག་དང་ཕྱི་ཀ༡༤༨གཉིས་ཀ་ཕན་ཚུན་མཉམ་པ་ལ་རྟགས་འདི་ཡིན། ( ) མཆན་ནི་ཕྱི་ཀ༡༤༨ཁོ་ན་ལ་ཡོད་པའི་རྟགས་འདི་དམར་པོ་ཡིན། མཆན་ཚིག་ཕན་ཚུན་ཚིག་མི་འདྲ་བས་ཕྱི་ཀ༢༠༤ དང་ཕྱི་ཀ༡༤༨ ཡིན་པས་རིམ་བཞིན་འདེམས་དགོས། ( < > 6-1-315 ༄༅། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གསུང་བར་དུ་ དགེ་བའི་ཁྲིད་ཡིག་ བཞུགས། ༄༅། །ཨོཾ་ཨཱཿ་ཧཱུྃ་ཧོ། ན་མོ་གུ་རུ་ཝེ། ན་མ་ཤྲཱི་ཀ་ལ་ཙཀྲཱ་ཡེ། མཐར་ལྷུང་ཉི་ཟླ་རྒྱུ་བའི་ ལམ་བསྒྱེལ་ནས། །དགྲ་གཅན་གཡོ་མེད་དབུ་མའི་ལམ་གནས་པས། །མི་འགྱུར་མཆོག་ བདེའི་དཔལ་འབྲས་མྱུར་སྒྲུབ་ཐབས། །ལེགས་སྟོན་བླ་མ་དུས་འཁོར་ལ་བཏུད་དེ། །ཉེ་བར་ སྒྲུབ་པ་གསུང་གི་རྡོ་རྗེ་ཡི། །རྣལ་འབྱོར་རབ་ཟབ་སྲོག་འཛིན་ཡན་ལག་དག །རྒྱུད་འགྲེལ་ དགོངས་དོན་མན་ངག་གིས་བརྒྱན་ཏེ། །བར་དུ་དགེ་བའི་ཁྲིད་རིམ་གསལ་བར་བྱ། ། གཉིས་པ་སྲོག་རྩོལ་དང་འཛིན་པ་ཉེ་བར་སྒྲུབ་པའི་ཡན་ལག་གསུང་རྡོ་རྗེའི་རྣལ་འབྱོར་ བར་དུ་དགེ་བའི་ཁྲིད་ལ་གཉིས་ཏེ། སྲོག་རླུང་དབུ་མར་འཇུག་བྱེད་སྲོག་རྩོལ་གྱི་ཡན་ལག་ དང༌། སྲོག་རླུང་དབུ་མར་[བརྟེན་{བརྟན་}བྱེད་འཛིན་པའི་ཡན་ལག་གོ། དང་པོ་ལ་དྲུག་སྟེ། སྲོག་རྩོལ་གྱི་མཚན་དོན། བསྒོམ་པའི་དུས་མཚམས། བསྒོམ་ཚུལ་ གྱི་ཡན་ལག བསྒོམ་པའི་རྟགས་ཚད། དག་བྱ་དང་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་ པའི་འབྲས་བུའོ། ། དང་པོ་ནི། མ་རྒྱུད་ཀྱེའི་རྡོ་རྗེའི་གདམས་ངག་ལམ་འབྲས་པའི་ལུགས་ལ། སྣ་བུག་ གཡོན་ནས་རྒྱུ་བའི་རླུང་ལ་སྲོག་དང༌། གཡས་ནས་རྒྱུ་བའི་རླུང་ལ་རྩོལ་བ་ཞེས་འདོད་ཅིང༌། 6-1-316 ཕ་རྒྱུད་གསང་པ་འདུས་པའི་གདམས་ངག རིམ་ལྔ་བའི་ལུགས་ལ། རླུང་སྣ་བུག་ནས་ནང་ དུ་འཇུག་པ་ལ་སྲོག་དང་ཕྱིར་འབྱུང་པ་ལ་རྩོལ་བ་ཞེས་འདོད་པ་ཡོད་ཀྱང༌། འདིར་ནི་དེ་ལྟར་ མི་འདོད་དེ། དཔལ་དུས་ཀྱི་འཁོར་ལོའི་{རྒྱུད་ཀྱི་}སྒྲུབ་ཐབས་ཀྱི་ལེའུ་ལས། སྲོག་རྩོལ་ དག་ཀྱང་ལམ་ནི་གཉིས་པོ་དག་ནི་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། ། ཞེས་པའི་འགྲེལ་པར། འདིར་སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་ཞེས་པ་གཡོན་དང་ གཡས་པའི་ལམ་བསྒྱེལ་བ་སྟེ་འགོག་ཅིང་དབུ་མའི་ལམ་དུ་རབ་ཏུ་ཞུགས་པའོ། །དེ་ཡང་ དཀྱིལ་འཁོར་བཅུ་འགོག་པ་ལ་རྣམ་པ་བཅུའོ། །ཞེས་པ་སྟེ། འདི་སྲོག་རྩོལ་གྱི་མཚན་ཉིད་ དུ་གསུངས་སོ། །རྒྱུད་ཕྱི་མར་སྲོག་[ནི{གི་}རྩོལ་བས་རི་བོང་ཅན་དང་ཉི་མ་དང་བྲལ་མུན་ པར་སྲོག་གི་རླུང་ནི་འབབ་པར་བྱ། །ཞེས་གསུངས་པའི་དོན། སྲོག་[གི{ནི་}ལྟེ་བའི་སྟེང་དུ་ གཡོན་དང་གཡས་ཀྱི་རྩ་གཉིས་ནས་རྒྱུ་བའི་རླུང་ཡིན་ལ། རླུང་དེ་དག་གཡོན་དང་གཡས་ཀྱི་ རྩ་ལ་རྒྱུ་བ་བཀག་ནས། དབུ་མ་ཨ་བ་དྷུ་ཏིའི་ནང་དུ་ལྟེ་བའི་དབུས་ནས་འཇུག་པར་བྱེད་པ་ ནི། རྩོལ་བ་ཞེས་པའི་དོན་ནོ། །ལྟེ་བའི་སྟེང་དུ། སྲོག་རླུང་དབུ་མར་ཆུད་པར་གྱུར་པ་ལས་ འོག་ཏུ་གཡོན་དང་གཡས་སུ་བཤང་པ་དང་གཅི་བའི་རྩ་ལ་རྒྱུ་བའི་ཐུར་སེལ་གྱི་རླུང་ཡང་ གསང་གནས་ཀྱི་འཁོར་ལོའི་དབུས་ནས་རྩ་དབུ་མའི་སྨད་ཀྱི་ཆ་དུང་ཅན་མའི་ནང་དུ་འཇུག་ པར་འགྱུར་རོ། །དེ་ལྟར་དབུ་མར་ཞུགས་པའི་ཡེ་ཤེས་ཀྱི་རླུང་སྣ་བུག་ནས་འབྱུང་འཇུག་ གནས་གསུམ་ལ་ཡིད་མ་ཡེངས་པར་དམིགས་པ་ནི། ཐུགས་རྡོ་རྗེའི་སྔགས་བཟླས་བགྲང་པ་ ཞེས་བྱའོ། ། གཉིས་པ་བསྒོམ་པའི་དུས་མཚམས་ལ། རྩ་མི་ལུགས་པ་དང་པཎ་ཆེན་ཤཱཀྱ་ཤྲིའི་སློབ་ མ་དཔྱལ་པ་ལ་སོགས་པ་ཐོག་མ་ཉིད་དུ་སྲོག་རྩོལ་གྱི་རླུང་སྦྱོར་བསྒོམས་པ་ཡོད་ཀྱང༌། <ཞིང་ལ་ཆུ་དགོས་པ་ལ་འོལ་ཀ་དང་ཡུར་བ་གསལ་བར་ཆུ་འབེབས་པ་ལྟར། རྩ་སྟོང་ཕྲག་བདུན་ཅུ་གཉིས་ལས་རྐ་དང་འདྲ་ 6-1-317 བའི། ཞེས་ཀུན་སྤངས་སོ། །>རྩ་དབུ་མ་མ་སྦྱངས་པར་བུམ་པ་ཅན་གྱི་སྦྱོར་བ་བྱས་ཀྱང་གནད་དུ་མི་ འགྲོ་ཞིང༌། གེགས་ཅི་རིགས་པ་འབྱུང་བའི་སྐྱོན་ཡོད་དོ། །དེས་ན་དཔལ་དུས་ཀྱི་འཁོར་ལོའི་ ནང་གི་ལེའུ་ལས། སྟོང་པ་ལ་ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གིས་གཟུགས་ བརྙན་མཚམས་སུ་བསྒོམ་པར་བྱ། དེ་ནས་རྩའི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ ནི་བརྟན་པ་དག་ཀྱང་བྱེད་པ་སྟེ། ཕྱི་ནས་ཟླ་བ་<ཐིག་ལེ་>ངེས་པར་འགོག་[པར་བཟའ་{པ་ གཟའ་}<སྒྲ་གཅན་གྱིས་ཟླ་བ་འཛིན་པ་>བཞིན་བྱེད་དེ། བྱང་ཆུབ་སེམས་ནི་རྣལ་འབྱོར་པ་ཡིས་ སོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་དག་ནི་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལ་འཐོབ་ པར་འགྱུར། །ཞེས་པའི་འགྲེལ་པར། གཟུགས་བརྙན་ནི་རྣམ་པ་ཐམས་ཅད་པའི་གཟུགས་ བརྙན་ཏེ་དེའི་མཐར་ཐུག་པར་བསམ་མོ། །མཚམས་དེ་ནས་རྩའི་འཁོར་རྣམས་སུ་སྲོག་དང་ ཐུར་སེལ་རླུང་[ནི་]བརྟན་པ་དག་ཀྱང་བྱེད་པ་སྟེ་ལྟེ་བའི་འཁོར་ལོ་ལ་རྣལ་འབྱོར་པས་སོ། ། ཞེས་གསུངས་པས། སོ་སོར་སྡུད་དང་བསམ་གཏན་[གྱི་{གྱིས་}རྟགས་བཅུ་རྫོགས་པར་ མཐོང་ཞིང༌། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་ཀྱང་མཐོང་བ་བརྟན་པོར་གྱུར་ པ་ན། རྩ་དབུ་མའི་ལམ་སྦྱངས་པ་ཡིན་པས་མཚམས་དེ་ནས་སྲོག་རྩོལ་བསྒོམ་པར་བྱ་སྟེ། དཔེར་ན་ཆུ་འདྲེན་པའི་ཡུར་བའི་ནང་ལེགས་པར་བསལ་ནས་ཆུ་འདྲེན་པར་བྱེད་པ་ལྟ་བུའོ། ། སྙན་བརྒྱུད་ལས། འདུ་བྱེད་ཕུང་པོའི་རླུང་རྒྱུའི་དུས། །ཞེས་རྩ་དང་སྣ་བུག་གཡོན་ལ་རླུང་གི་ རླུང་རྒྱུ་བའི་དུས་སུ་བསྒོམ་པར་བཞེད་ཀྱང་རླུང་གི་རིགས་མཐུན་སྦྱར་བ་ཙམ་ཡིན་གྱི་ལས་ དང་པོ་པས་ངོས་ཟིན་[པ་{པར་}དཀའོ། ། གསུམ་པ་བསྒོམ་ཚུལ་གྱི་ཡན་ལག་ལ། སྲོག་རྩོལ་བྱ་བའི་ཡུལ་དང༌། སྲོག་རྩོལ་ བསྒོམས་པའི་དགོས་པ་དང༌། སྲོག་རྩོལ་དུས་ཇི་ཙམ་བར་དུ་བསྒོམ་པ་དང༌། སྲོག་རྩོལ་ཇི་ ལྟར་བསྒོམ་པའི་ཚུལ་དང་བཞིའོ། ། 6-1-318 དང་པོ་ནི། ལྟེ་བའི་འཁོར་ལོའི་སྟེང་དུ་གཡོན་ན་ལ་ལ་ནཱའི་རྩ་རྐྱང་མ་དང༌། གཡས་ན་ ར་ས་ནཱའི་རྩ་རོ་མ་དང༌། དབུས་ན་རྩ་དབུ་མ་ཨ་བ་དྷུ་ཏི་སྟེ་རྩའི་གཙོ་བོ་གསུམ་དང༌། ལྟེ་བའི་ འོག་ཏུ་གཡོན་ན་གཤང་བའི་རྩ་དང༌། གཡས་ན་གཅི་བའི་རྩ་དང༌། དབུས་ན་དུང་ཅན་མ་སྟེ། རྩའི་གཙོ་བོ་གསུམ་གསང་གནས་ཀྱི་འཁོར་ལོའི་བར་དུ་གནས་ཤིང༌། གསང་པའི་པད་མའི་ འོག་ཏུ་གཤང་བའི་རྩ་དབུས་དང་གཅི་བའི་རྩ་གཡོན་དང་ཁུ་བའི་རྩ་དུང་ཅན་མ་གཡས་ནས་ འགྲོ་སྟེ། དེ་ལྟར་སྟེང་འོག་གི་རྩ་རིགས་དྲུག་དང༌། དེ་རྣམས་ལ་རྒྱུ་བའི་སྲོག་དང་ཐུར་སེལ་གྱི་ རླུང་ནི་ཡུལ་ཡིན་ཏེ། སྙན་བརྒྱུད་ལས། ཡུལ་ནི་རྩ་གསུམ་རླུང་ཡིན་ནོ། །ཞེས་སོ། ། གཉིས་པ་དགོས་པ་ནི། སྙན་བརྒྱུད་ལས། དེ་ནས་སྟོང་གཟུགས་མཐོང་ནས་ནི། །མི་ འགྱུར་བདེ་བ་སྐྱེ་བའི་ཕྱིར། །སྲོག་རྩོལ་ཡན་ལག་བསྒོམ་པར་བྱ། །ཞེས་དང༌། ནང་གི་ལེའུ་ ལས། དང་པོར་མཐའ་དག་རྒྱལ་བའི་ལུས་ནི་དངོས་གྲུབ་རྒྱུ་རུ་སྔགས་པ་དག་གིས་ཡང་དག་ བསྲུང་བར་བྱ། །ལུས་མེད་ན་ནི་དངོས་གྲུབ་མེད་ཅིང་སྐྱེ་བ་འདི་ལ་མཆོག་གི་བདེ་བ་ཐོབ་ པར་འགྱུར་བའང་མེད། །དེ་ཕྱིར་ལུས་ཀྱི་དོན་གྱི་རྒྱུར་ནི། ཉིན་ཞག་སོ་སོའི་དུས་སུ་རྩའི་ སྦྱོར་བ་བསྒོམ་པར་བྱ། ལུས་ནི་གྲུབ་ན་གཞན་པའི་དངོས་གྲུབ་སྲིད་པ་གསུམ་གྱི་གནས་སུ་ མངག་གཞུག་ཉིད་དུ་རབ་ཏུ་འགྱུར། །ཞེས་གསུངས་ཏེ། སྲོག་དང་ཐུར་སེལ་གྱི་རླུང་ཕྱི་རོལ་ ཏུ་རྒྱུ་བ་ནི། སྡུད་རིམ་ཡིན་པས་འཆི་བའི་རྒྱུ་ཡིན་ལ། རླུང་ནང་དུ་དྲངས་ནས་གཡོ་མེད་དུ་ གནས་པ་ནི། བསྐྱེད་རིམ་ཡིན་པས་ལུས་ཡུན་རིང་དུ་འཚོ་བའི་རྒྱུ་ཡིན་ཏེ། དེའི་ཕྱིར་འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་དོན་དུ་ལུས་བསྲུང་བར་བྱ་སྟེ། འགྲེལ་ ཆེན་ལས། དེའི་ཕྱིར་ལུས་ཀྱི་དོན་གྱི་རྒྱུར་ནི། ཞེས་པ་ལུས་ཀྱི་དོན་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་བསྲུང་བའི་རྒྱུར་ནི་ཉིན་ཞག་སོ་སོའི་དུས་སུ་རྩའི་སྦྱོར་བ་བསྒོམ་པར་བྱའོ། །ལ་ལ་ནཱ་དང་ ར་ས་ནཱ་དག་སྦྱོར་བ་ནི་རྩའི་སྦྱོར་བ་སྟེ་སྲོག་གི་རླུང་དབུ་མར་བསྒོམ་པར་བྱ་ཞིང༌། གཤང་པ་ 6-1-319 དང་གཅི་བའི་རྩ་སྦྱོར་བ་ཐུར་སེལ་ནི་དུང་ཅན་མར་རོ། །ཉིན་དང་མཚན་མོའི་དུས་སུ་དུས་ སྦྱོར་བཅུ་གཉིས་སུ་རྩའི་སྦྱོར་བ་འདི་བསྒོམ་པར་བྱའོ། །འདི་བསྒོམས་པས་ལུས་འགྲུབ་སྟེ་ ལུས་གྲུབ་པར་གྱུར་ན། གཞན་པའི་དངོས་གྲུབ་འཇིག་རྟེན་པ་རྣམས་མངག་གཞུག་ཉིད་དུ་ རབ་ཏུ་འགྱུར་རོ། །ཞེས་པ་སྟེ། འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་ངེས་པའོ། །ཞེས་དང༌། གོང་དུ་ལུང་དྲངས་པ། དེ་ནས་གང་ཞིག་ཅུང་ཟད་འདོད་པ་ཞེས་སོགས་ཀྱི་འགྲེལ་པ་ལས་དེ་ ནས་གང་ཞིག་ཅུང་ཟད་འདོད་པ་དག །ཅེས་པ་ནི་རྒྱུ་འཐུན་པ་དེ་ལས་རྣམ་པར་སྨིན་པ་དང་ སྐྱེས་བུ་བྱེད་པ་དང༌། དྲི་མ་མེད་པ་གང་ཅུང་ཟད་བརྗོད་དུ་མེད་པའི་འདོད་པ་དེ་ནི་ཉིན་ཞག་ འགའ་ཡིས་སྐྱེ་བ་འདི་ལ་འཐོབ་པར་འགྱུར་རོ། །ཉིན་ཞག་འགའ་ནི་ལོ་གསུམ་དང་ཕྱོགས་ གསུམ་གྱི་དུས་ཀྱི་འཁོར་ལོའི་ཉིན་ཞག་རྣམས་ཏེ། དེ་རྣམས་ཀྱིས་སོ། །སྟོང་པ་ལ་སོགས་ པའི་རྣམ་པར་ཐར་པས་སྦྱངས་པའི་ཕུང་པོ་འདི་དག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ པར་འགྱུར་རོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ལམ་གྱི་ངེས་པའོ། །ཞེས་གསུངས་ ཏེ། སྲོག་རྩོལ་གྱི་སྦྱོར་བས་སྲོག་དང་ཐུར་སེལ་གྱི་རླུང་གཡོ་མེད་དུ་བཅིངས་པས་བྱང་སེམས་ མི་འཕོ་བའི་བདེ་བ་ཆེན་པོའི་སྐད་ཅིག་མ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མྱུར་དུ་རྫོགས་ཏེ། ལྟེ་བ་ ལ་སོགས་པ་འཁོར་ལོ་བཞིར་(ལྟེ་བར་བྱང་སེམས་ཐིག་ལེ་བརྟན་པ་)རྒྱུ་འཐུན་པ་ལ་སོགས་པའི་(སྒྲས་ <རྫས>སྙིང་ཁར་བྱང་སེམས་ཐིག་ལེ་བརྟན་པ་རྣམ་པར་སྨིན་པ་དང༌། མགྲིན་པར་བརྟན་པ་སྐྱེས་བུ་བྱེད་པ་དང༌། དཔྲལ་བར་ བརྟན་པ་དྲི་མ་དང་བྲལ་བ་སྟེ། )འབྲས་བུ་བཞི་རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པས་ལོ་གསུམ་ ཕྱོགས་གསུམ་ན་ཐོབ་པར་འགྱུར་བའོ། ། གསུམ་པ་སྲོག་རྩོལ་དུས་ཇི་ཙམ་བར་དུ་སྒོམ་པ་ནི། རླུང་གཡོན་དང་གཡས་ཀྱི་རྩ་ལ་རྒྱུ་ བ་མེད་པར་དུས་རྟག་ཏུ་རྩ་དབུ་མ་འབའ་ཞིག་ནས་རྒྱུ་ཞིང་འཛག་མེད་ཀྱི་བདེ་མཉམ་ནམ་ ཐོབ་ཀྱི་བར་དུ་བསྒོམ་པར་བྱ་སྟེ། དེ་ཡང་རྣལ་འབྱོར་པ་ཉིན་དང་མཚན་དུ་བར་མ་ཆད་པར་ 6-1-320 སྒོམ་ནུས་པའི་བརྩོན་འགྲུས་ཆེན་པོ་དང་ལྡན་པས་ནི། ཟླ་བ་དྲུག་གིས་སྲོག་རྩོལ་འགྲུབ་པར་ འགྱུར་ཏེ། ཡེ་ཤེས་ཀྱི་ལེའུ་ལས། ཟླ་བ་དྲུག་གིས་སྡོམ་བརྩོན་རྣམས་ལ་རེག་བྱས་དམན་པའི་ བདེ་བ་མཉམ་པ་ལམ་གྱི་སེམས་སུ་འགྱུར། །ཞེས་དང༌། ཀྱེའི་རྡོ་རྗེ་ལ་སོགས་པ་ལས། ཟླ་ དྲུག་གོམས་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང༌། སྙན་བརྒྱུད་ ལས། ཟླ་བ་དྲུག་ཏུ་བརྩོན་བྱས་པས། །ཞག་རེར་རླུང་བཅུ་འགག་འགྱུར་ཏེ། །ཉི་ཁྲི་ཆིག་སྟོང་ དྲུག་བརྒྱ་འགག །དེ་ཡིས་ལྟེ་བར་རླུང་གཉིས་འདོམ། །ཡེ་ཤེས་གཏུམ་མོ་འབར་བ་ཡིས། ། སངས་རྒྱས་ལྷ་མོ་བཅུ་[བསད་{གསད་}ནས། །ཁུ་བ་བབས་པའི་བདེ་བ་འབྱུང༌། །སྟེང་དང་ འོག་ཏུ་གནས་གཉིས་འདོད། །ཅེས་གསུངས་སོ། ། བཞི་པ་སྲོག་རྩོལ་ཇི་ལྟར་བསྒོམ་པའི་ཚུལ་ལ། བསྒོམ་པའི་གནས་ཀྱི་ངེས་པ་དང༌། ལུས་ གནད་འདུག་སྟངས་ཀྱི་ངེས་པ་དང༌། ལྟ་སྟངས་ཀྱི་ངེས་པ་དང༌། བསྒོམ་ཚུལ་གྱི་དབྱེ་བའི་ངེས་ པ་དང༌། བསྒོམ་པའི་ཚད་ངེས་པ་དང༌། སྲོག་རྩོལ་ཉིད་ཀྱི་སྒོ་ནས་གེགས་བསལ་བ་དང་དྲུག་ ལས་དང་པོ་ནི། སྔར་གྱི་ཉིན་མོ་དང་མཚན་མོའི་རྣལ་འབྱོར་གྱི་གནས་གང་ཡང་རུང་བའམ། གཙོ་ཆེར་མཚན་མོའི་རྣལ་འབྱོར་གྱི་གནས་སུ་བསྒོམ་པར་བྱའོ། ། གཉིས་པ་ནི། སྲོག་རྩོལ་གྱི་ཡན་ལག་སོ་སོའི་སྐབས་སུ་བཤད་པར་བྱའོ། །གསུམ་པ་ ནི། སྲོག་རྩོལ་གྱི་གནས་སྐབས་རྣམས་སུ། བདུད་རྩི་འཁྱིལ་པའི་ལྟ་སྟངས་སྨིན་མཚམས་ ཀྱི་ཐད་ཀའི་ནམ་མཁའ་ལ་བལྟ་བར་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ལས། བགེགས་མཐར་བྱེད་ པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བའི་སྒྲུབ་ལ་ཡན་ལག་དྲུག །ཅེས་དང༌། དེའི་འགྲེལ་པར་བགེགས་མཐར་བྱེད་པའི་ལྟ་བ་ཞེས་པ་ལ། བགེགས་མཐར་བྱེད་[པ་]ནི་ བདུད་རྩི་འཁྱིལ་པའོ། །དེའི་ལྟ་བ་ནི་བདུད་རྩིའི་གནས་སུ་སོན་པ་སྟེ། དཔྲལ་བར་སོན་པའོ། ། བགེགས་མཐར་བྱེད་དེའི་ལྟ་བ་ནི། བདུད་རྩིའི་ལམ་དུ་སོན་པ་ཡང་ཡན་ལག་དྲུག་གི་ཉེ་ 6-1-321 བར་སྒྲུབ་པའོ། །ཞེས་གསུངས་ཤིང༌། གསང་བ་འདུས་པར་ཡང༌། ཉེ་བར་སྒྲུབ་པའི་དུས་སུ་ ནི། །བདུད་རྩི་འཁྱིལ་པའི་གཟུགས་བརྙན་ནོ། །ཞེས་གསུངས་ཏེ༑ འདིའི་དགོངས་པ་སྨིན་ མཚམས་སུ་ལྟ། ཞེས་གསུང་ཡང་སྨིན་མཚམས་ཀྱི་ཐད་ཀ་ནས་སོར་བཅུ་དྲུག་ཙམ་འཕགས་ པའི་ནམ་མཁའ་ལ་ལྟ་བ་ཉིད་དགོངས་པ་ཡིན་ནོ། ། བཞི་པ་བསྒོམ་ཚུལ་གྱི་དབྱེ་བའི་ངེས་པ་ལ། སྲོག་རྩོལ་གྱི་ལུགས་གཞན་ལ། རྡོ་རྗེ་ བཟླས་པ་དང༌། རྔུབ་པ་དང༌། དགང་བ་དང་གཞིལ་བ་དང༌། བུམ་པ་ཅན་དང༌། རྡུལ་མཐའ་ ཅན་དང་དྲུག་ཏུ་བཞེད་པ་ཡོད་ཀྱང་འདིར་པཎ་ཆེན་ཤཱཀྱ་ཤྲཱིའི་གདམས་པ་སྙན་བརྒྱུད་རྡོ་ རྗེའི་ཚིག་རྣམ་པ་དྲུག་ཏུ་བཞེད་ཅིང། དེ་ལ། ཚིག་ཟིན་པ་ཚིག་གི་ཁྲིད། དོན་ཤེས་པ་དོན་གྱི་ ཁྲིད། ཉམས་མྱོང་ཤར་བ་ཉམས་མྱོང་གི་ཁྲིད། ཡོན་ཏན་སྐྱེས་པ་འབྲས་བུའི་ཁྲིད་དེ་བཞི་ བཞིས་སྐྱོང་བ་ལ<བླ་མ་དམ་པའི་འཁྲིད་ཡིག་ན་ཟིན་རིས་ཆན་བུར། འདིར་རླུང་སྦྱོར་བཞི་ལས་མེད་ནའང་ཇོ་ནང་པ་ སོགས་ཀྱི་སྣ་མང་པོ་འདིར་འདུས་ཏེ། འཇམ་རླུང་དགང་སྟོང་ནི་གཡས་གཡོན་གྱི་རྡོར་ཟླས་ཀ་ཡིན་ལ། སྟོབས་ཀྱི་རྣལ་འབྱོར་ནི་ འདིར་སྤོགས་ཆོག་ཏུ་ཡོད་ཅིང༌། བུམ་ཅན་ནི་འཛིན་པའི་ཐོབ་སྐལ་ཡིན་པས། དེར་སྟོན། རྔུབ་དགང་གཞིལ་བ་སོགས་ཀྱང་རྡོར་ སྐབས་སུ་>། རྡོ་རྗེའི་ཚིག་དང་པོ་སྔོན་འགྲོ་དང༌། གེགས་སེལ་གྱི་རླུང་སྦྱོར་རྡོ་རྗེའི་བཟླས་པས་ རྩ་ལམ་སྦྱང་བ་ལ་གཉིས་{ལས}། དང་པོ་རྩ་ལམ་ཇི་ལྟར་སྦྱོང་ཚུལ་ལ། ལུས་རྩའི་འདུག་ སྟངས་ནི། སྟན་བདེ་བ་ལ་སེམས་དཔའི་དཀྱིལ་ཀྲུང་ངམ། ཙོག་དཀྲུང་བཅས་པའམ། ཡང་ ན་ཐམས་ཅད་དཀྱིལ་དཀྲུང་གི་སྟེང་ནས་བྱས་ཀྱང་རུང་ཞེས་གསུང་མོད་ཀྱང་སྔར་བཤད་པ་ ལྟར་སངས་རྒྱས་པའི་བསྒོམ་པའི་འདུག་སྟངས་ལ་རྡོ་རྗེའི་དཀྱིལ་དཀྲུང་ཉིད་བསྔགས་པར་ གསུངས་པས། ལུས་བདེ་ན་རྡོ་རྗེ་དཀྱིལ་དཀྲུང་ངམ། མི་བདེ་ན་དཀྱིལ་དཀྲུང་ཕལ་པ་བདེ་ བར་བཅའ། ཧ་ཅང་གྲང་བའི་ཚེ་ཙོག་དཀྲུང་ཡང་བྱ་བར་རུང་ངོ༌། །སྒལ་ཚིགས་དྲང་པོར་ བསྲང་ཞིང་མགྲིན་པ་དྲང་སྒུར་བྱའོ། །ལུགས་གཞན་ལ་རྐང་པ་གཡས་གཡོན་གང་རུང་གི་ 6-1-322 གཏིང་པས་གཤང་སྒོའམ་རྡོ་རྗེའི་རྩ་བ་མནན་པ་ཡང་བྱེད་དོ། །ངག་རླུང་གི་སྦྱོར་བ་ནི། གསང་ འདུས་རིམ་ལྔ་སོགས་ལས། བརྗོད་དང་དམིགས་པར་བཅས་པ་དང༌། །བརྡར་གྱུར་དང་ནི་ དོན་དམ་མོ། །ཞེས་རྡོ་རྗེའི་བཟླས་པ་བཞི་གསུངས་པ་ལས། དང་པོ་བརྗོད་པ་རྡོ་རྗེའི་བཟླས་ པ་ནི། རྟོག་བཅས་ཡིན་པས་འདིར་མི་བྱེད་ལ། དམིགས་པ་རྡོ་རྗེའི་བཟླས་པ་ནི། དང་པོར་ རླུང་རོ་འབུད་པ་ཅི་རིགས་པ་བྱས་ལ། རླུང་སྣ་བུག་གཡས་ནས་རྒྱུ་བ་ན་རླུང་ཁ་དོག་དམར་ པོ་དང༌། གཡོན་ནས་རྒྱུ་བ་རླུང་ཁ་དོག་དཀར་པོ་དང༌། [རླུང་]སྣ་བུག་གཉིས་ལ་མཉམ་པར་ རྒྱུ་བ་ན་རླུང་ཁ་དོག་ལྗང་ཁུ་ལ་དམིགས་ཏེ། རླུང་ནང་དུ་འཇུག་པ་དང་ལྟེ་བར་གནས་པ་དང་ ཕྱིར་ལྡང་པ་ལ་དམིགས་པ་དང༌། ཡང་ན་རླུང་སྣ་བུག་གང་ནས་རྒྱུ་ཡང་རུང་སྟེ་འཇུག་པ་ནི། རླུང་ཨོཾ་དཀར་པོ་དང༌། གནས་པ་ན་ཧཱུཾ་སྔོན་པོ་དང༌། ལྡང་བ་ན་ཨཱཿདམར་པོར་རྗེས་སུ་དྲན་ པ། སྣ་བུག་ཡོན་དང་གཡས་དང་གཉིས་ཀ་ལ་མཉམ་པར་རྒྱུ་བའི་སྒོ་ནས་སྐུ་གསུང་ཐུགས་ རྡོ་རྗེའི་བཟླས་པ་སྟེ་དེ་རེ་རེ་ལ་ཡང་འཇུག་པ་སྐུ་དང༌། གནས་པ་ཐུགས་དང༌། ལྡང་བ་གསུང་ སྟེ། གསུམ་གསུམ་དུ་ཕྱེ་བས་དགུའོ། །ཡང་ན་འདི་རླུང་འགག་པའི་ཐབས་ཡིན་པས། སྡུད་ རིམ་ལྡང་བ་ནས་མགོ་རྩོམ་པ་འཐད་ཅེས་ཀྱང་གསུང་ངོ༌། །བརྡར་གྱུར་རྡོ་རྗེའི་བཟླས་པ་ ནི། རླུང་གི་ཁ་དོག་དང་ཡིག་འབྲུ་གཉིས་ག་ལ་མི་དམིགས་པ་རླུང་སེམས་གཉིས་མེད་འཇུག་ ནས་འབྱུང་{ལྡང་}གསུམ་ལ་སེམས་གཏོད་པ་སྟེ། རླུང་སྣ་བུག་ཡོན་ནས་འཇུག་གནས་ལྡང་ གསུམ་རྗེས་སུ་དྲན་པ་སྐུ་དང༌། གཡས་ནས་གསུམ་གསུང་དང༌། མཉམ་པར་རྒྱུ་བའི་གསུམ་ ཐུགས་རྡོ་རྗེའི་བཟླས་པ་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ལས། (གཡོན་གྱི་རྩ་)ཟླ་{བ་}<དང་>ཉི་མ་ <གཡས་ཀྱི་རྩ་སྟེ་གཡོན་གྱི་རྩ་ལ་རྒྱ་བའི་རླུང་>ཨ་སོགས་(དབྱངས་ཀྱི་བདག་ཉིད་གཡས་ཀྱི་རྩ་ལ་རྒྱུ་བའི་རླུང་)ཀ་ སོགས་(གསལ་བྱེད་ཀྱི་བདག་ཉིད་)རྣམས་ཀྱིས་(གཡོན་དང་གཡས་དང་དབུས་ཀྱི་རྩ་)རྣམ་གསུམ་བགྲོད་ (པར་)གནས་(པའི་རླུང་འཇུག་གནས་ལྡང་གསུམ་ལ་ཡིད་འཛིན་པ་)སྐུ་ཡི་རྡོ་རྗེ་<དང་>སོགས་(པ་ཐུགས་ 6-1-323 དང་གསུང་གི་རྡོ་རྗེ་) བཟླས་པ་ཞེས་དང༌། བདེ་མཆོག་སྡོམ་འབྱུང་ལས། རྣལ་འབྱོར་པ་ནི་མཉམ་ བཞག་པས། །འཇུག་པའི་རླུང་ནི་བགྲང་བར་བྱ། །ཇི་སྲིད་འབུམ་ལ་སོགས་པའི་གྲངས། ། སྒྲ་དང་བྲལ་བས་རྟག་ཏུ་བཟླ། །སྒྲུབ་པོས་སྒྲ་དང་བྲལ་བར་ནི། །འབུམ་བཟླས་ཡོངས་སུ་ རྫོགས་པས་ནི། །ཚེ་ཉམས་པ་ཡང་ལོ་ལྔ་རུ། །འཚོ་བ་འདི་ལ་ཐེ་ཚོམ་མེད། །རྟག་ཏུ་ནང་པར་ ལངས་ནས་རླུང༌། །སྟོང་ཕྲག་གཅིག་ཏུ་བགྲང་བྱ་སྟེ། །དེ་བས་རླུང་གི་རྣལ་འབྱོར་ལ། །རྟག་ ཏུ་མཉམ་གཞག་གནས་པར་བྱ། །ཞེས་དང༌། ཉི་ཟླ་སྒྲུབ་པ་ལས། འཇུག་དང་གནས་དང་ འབྱུང་པ་གསུམ། །ཡི་གེ་གསུམ་གྱི་རྩ་ལམ་སྦྱངས། །རྡོ་རྗེ་དཀྱིལ་དཀྲུང་གཙོས་གནས་པའི། ། རྡོ་རྗེ་བཟླས་པའི་རིམ་པ་ཡིས། །རླུང་ནི་ལམ་དུ་བྱེད་པར་འགྱུར། །ཞེས་གསུངས་པའོ། །དེ་ ཡང་ཐུགས་རྡོ་རྗེའི་བཟླས་པའི་དུས་སུ་ལྟེ་བར་གནས་པ་ཧཱུཾ་ཇེ་རིང་བྱ་ཞིང༌། ནང་དུ་འཇུག་པ་ ཨོཾ་དང་ཕྱིར་ལྡང་བ་ཨཱཿ། ཇེ་ཐུང་བྱ་བར་སྤས་པ་མིག་འབྱེད་ལས་བཤད་པ་ལྟར་བྱའོ། །རྡོ་ རྗེའི་བཟླས་པ་འདི་ནི། རླུང་སྦྱོར་ཐམས་ཅད་ཀྱི་སྔོན་འགྲོ་དང་ཐུན་མཚམས་སུ་བྱས་པས་ རྩ་ལམ་འབྱོང་སྟེ་ཁམས་སྙོམས་ནས། རླུང་གི་གེགས་མི་འབྱུང་ཞིང༌། ཞི་གནས་ཀྱི་ཏིང་ངེ་ འཛིན་སྐྱེ་བ་ལ་སོགས་ཀྱི་ཕན་ཡོན་དཔག་མེད། རྒྱུད་དུ་མ་ལས་གསུངས་པས་རྒྱུན་དུ་བྱའོ། ། གསང་པ་འདུས་པ་ལས། གནས་པ་ཨཱ་དང་འབྱུང་པ་ཧཱུཾ་དུ་གསུངས་ཤིང༌། མ་ཧཱ་མ་ཡ་ལས། ཕྱིར་འབྱུང་པ་ཨོཾ་དང་ནང་དུ་གནས་པ་ཧཱུཾ་དུ་གསུངས་པ་ནི་དགོངས་པ་ཅན་དུ་ཤེས་པར་བྱའོ། ། སེམས་ཀྱི་བཞག་ཐབས་ནི། དེ་ལྟར་རླུང་[འབྱུང་]འཇུག་ནས་ལྡང་གསུམ་ལ་དམིགས་པ་ ན་སྟོང་གཟུགས་ལ་{ཡང་}རྩེ་གཅིག་གཡེང་མེད་དུ་ལྟ་བ་མ་ཤོར་བར་བྱའོ། །རྒྱུད་འགྲེལ་ ཆེན་པོའི་ཡེ་ཤེས་ཀྱི་ལེའུ་ལས། ཞག་རེའི་འཕོ་བ་བཅུ་གཉིས་ཀྱི་རླུང་འཕོ་བ་རེ་ལ་[ཡང་]ཡེ་ ཤེས་ཀྱི་རླུང་རྐང་བཅས་ལྔ་བཅུ་རྩ་དྲུག་གིས་དམན་པའི་དཀྱིལ་འཁོར་ལྔ་ལྔ་དང༌། འཕོ་བའི་ མཚམས་སུ་ཡེ་ཤེས་ཀྱི་རླུང་རྐང་བཅས་ལྔ་བཅུ་རྩ་དྲུག་རྒྱུ་བ་ལ། དུས་ཀྱི་འཁོར་ལོའི་ཕྲེང་ 6-1-324 བའི་སྔགས་རྐང་པ་བདུན་ཅུ་རྩ་གཉིས་པའི་རྐང་པ་རེ་རེ་ལ་འཁོར་ལོ་སྡོམ་པ་ཆེན་པོའི་ལྷ་ དང་ལྷ་མོ་བདུན་ཅུ་རྩ་གཉིས་ཀྱི་མིང་རེ་རེ་སྦྱར་བའི་སྔགས་ཀྱི་ཡི་གེ་རྣམས་དབུགས་འཇུག་ པ་དང་འབྱུང་བ་དང་ལྷན་ཅིག་མེ་ཏོག་གི་ཕྲེང་བ་བཞིན་དུ་ལུགས་འབྱུང་དང་ལུགས་བཟློག་ ཏུ་ཡིད་ཀྱི་བཟླས་པ་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྲོ་ཞིང༌། དེ་ལྟ་བུའི་བཟླས་པ་ ཞག་ལྔ་བརྒྱས་ལུས་དག་པ་དང༌། དེ་ནས་ཞག་ལྔ་བརྒྱས་ངག་དག་པ་དང༌། དེ་ནས་ཞག་ལྔ་ བརྒྱས་སེམས་དག་ཅིང་རླུང་གཡོ་བ་མེད་པ་བུམ་པ་ཅན་གྱི་གནས་སྐབས་ཐོབ་པར་འགྱུར་ པའི་རྡོ་རྗེའི་བཟླས་པ་དང༌། མ་ནིང་གི་[བཟླས་པའི་]རིམ་པ་གསུངས་པ་ནི་རྣལ་འབྱོར་པ་ ཁྱད་པར་ཅན་ཤིན་ཏུ་བརྩོན་པ་ཆེན་པོ་དང་ལྡན་པ་འགའ་ཞིག་གི་དབང་དུ་བྱས་པ་སྟེ། རྣལ་ འབྱོར་པ་ཕལ་པ་རྣམས་ཀྱི་ཡུལ་མ་ཡིན་ནོ། །དོན་དམ་རྡོ་རྗེའི་བཟླས་པ་ནི། །མཚན་ཡང་ དག་པར་བརྗོད་པ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་ རྒྱས་ཨ་ལས་བྱུང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་ དང༌། གསང་འདུས་རིམ་ལྔ་ལས། ཨ་ཡིས་བཤད་པའི་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱི་སྙིང་ པོར་འགྱུར། །<ཅེས་དང་དོན་དམ་པའི་སྔགས་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་ དང་བྲལ་བ་ལ་སྤྲོས་པ་དང་བྲལ་བར་ཤེས་པ་ཉིད་སྔགས་ཡིན་ཏེ། སཾ་བྷུ་ཊི་ལས། རང་བཞིན་ གྱིས་ནི་མ་སྐྱེས་པ། །སྔགས་ནི་ཡིག་འབྲུའི་དབང་ཕྱུག་གོ།> ཞེས་གསུངས་པ་ལྟར། ཆོས་ཀྱི་ དབྱིངས་གདོད་མ་ནས་སྐྱེ་བ་མེད་ཅིང་རང་བཞིན་གྱིས་འོད་གསལ་[སྟོང་གཟུགས་ཉིད་ཀྱི་ {བས་སྟོང་པ་ཉིད་ཀྱི་གཟུགས་}མངོན་སུམ་དུ་མཐོང་བ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ སྒོམ་པ་ཉིད་ཡིན་ནོ། ། གཉིས་པ་སྦྱོང་དུས་ཀྱི་ཉམས་རྟགས་ནི་ལྔ་ལས། ལུས་ཉམས་རྩ་གསུམ་གྱི་(དབུ་མའི་)སྒོ་ གྲོལ་(བ་དང་རོ་རྐྱང་གི་སྒོ་) འགགས་(པའི་སྟོབས་)[ཀྱི་{ཀྱིས}(ལུས་ཉམས་)བདེ་མི་བདེ་ངེས་པ་དང༌། 6-1-325 རླུང་ཉམས་རླུང་སྣ་སྒོ་ས་རླུང་ཁ་དོག་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་ རླུང་ནག་པོ། ནམ་མཁའི་རླུང་ལྗང་ཁུ། ཡེ་ཤེས་ཀྱི་རླུང་སྔོན་པོ་རྣམས་གང་ནས་ཇི་ལྟར་རྒྱུ་བ་ ངེས་པ་དང༌། སེམས་ཉམས་རིག་པ་གསལ་སྟོང་རྟོག་མེད་ཀྱི་བྱེ་བྲག་ངེས་པ་དང༌། <འདིར་ མཐོང་ཉམས་ཀྱི་སྐབས་སུ། ཕྱི་ནང་གི་དངོས་པོ་རྣམས་གསལ་བར་འཆར་ལ། དེ་མངོན་ཤེས་ནི་མིན། གསལ་སྣང་མངོན་ནས་ལྟ་ བུར་འཆར་གསུང་ངོ༌། །>མཐོང་ཉམས་རླུང་རྟགས་ཀྱི་རྣམ་པའི་བྱེ་བྲག་(ས་རླུང་ཁ་དོག་སེར་པོ་ཆུ་རླུང་དཀར་ པོ། མེ་རླུང་དམར་པོ། རླུང་གི་རླུང་ནག་པོ། ནམ་མཁའི་རླུང་ལྗང་ཁུ། ཡེ་ཤེས་ཀྱི་རླུང་སྔོན་པོ་རྣམས་)གསལ་བར་ངེས་ པ་(སྟེ་མཐོང་བ་)དང༌། རྨི་ཉམས་རྡོ་རྗེའི་བཟླས་པ་མང་ཉུང་གིས་རྨི་ལམ་འཇམ་རྩུབ་ལ་སོགས་ པར་ངེས་པའོ། །འདིར་སྲོག་རྩོལ་གྱི་མན་ངག་གཞན་གྱི་ལུགས་ལ། རྡོར་བཟླས་ཡུན་རིང་དུ་ བྱས་པ་ལ་རླུང་རྒྱུ་བ་མི་ཚོར་བ་ལྟ་བུ་དང། རླུང་འགག་པ་ལ་ཕྱོགས་པའམ་འགག་པར་འགྱུར་ ཏེ། དེ་ལ་རང་གཞན་སྐྲག་པར་མི་བྱ་[སྟེ། འགག་{ཞིང༌། འགོག་}པ་ལས་སློང་བའི་གདམས་ ངག་དགོས་ཞེས་བཞེད་པ་ཡོད་མོད། འགོག་པ་ལས་སློང་བའི་ཐབས་ཡོད་ཀྱང༌། དེ་ནི་རྡོར་ བཟླས་ལ་བརྟེན་ནས་བུམ་པ་ཅན་གྱི་གནས་སྐབས་ཅུང་ཟད་ཐོབ་པ་ཡིན་པས་[བླང་{སླང་}མི་དགོས་ཤིང༌། རེ་ཤིག་ན། རང་གི་ངང་གིས་ལྡང་པར་འགྱུར་རོ། །རྡོ་རྗེའི་ཚིག་གཉིས་ པ་འབྱོངས་ནས་འཇམ་རླུང་དགང་སྟོང་གི་སྦྱོར་བས་སྲོག་དབུ་མའི་ཐིག་ལེར་གཞུག་པ་ལ་ གཉིས་ལས། དང་པོ་སྲོག་དབུ་མར་ཇི་ལྟར་གཞུག་པའི་ཚུལ་ལ། ལུས་རྩའི་འདུག་སྟངས་ནི། སྣ་བུག་གཡོན་ནས་རླུང་རྒྱུ་ན། རྐང་པ་གཡས་སྐུམ་གཡོན་བརྐྱང་བཅའ། རླུང་སྣ་བུག་གཡས་ ནས་རྒྱུ་ན་རྐང་པ་གཡོན་བསྐུམ་གཡས་བརྐྱང་བཅའ། ཞེས་གསུང་ཡང་དཀྱིལ་དཀྲུང་ཉིད་ འཐད་པར་མངོན་ནོ། །ངག་རླུང་གི་སྦྱོར་བ་ནི། རྒྱུད་ཀྱི་རྒྱལ་པོ་ལས། མཆན་ཁུང་གཡས་དང་ གཡས་མིན་ལས་ནི་ནུ་མ་དག་ཀྱང་སྟོབས་ལྡན་མནན་ཏེ་སྲོག་ནི་བཀག་པ་ལས་གཡས་ནས་ གཡོན་པའི་རྩར་ནི་འཕྲལ་ལ་རབ་ཏུ་འབབ་སྟེ་གཡོན་པའི་མཆན་ཁུང་ལས་ཀྱང་གཡས་སུའོ། 341། ཟླ་བ་ཕྱེད་ཀྱིས་ཀྱང་ནི་འཆི་སྟེར་འཆི་ལྟས་འཕྲོག་སྟེ་རྣལ་འབྱོར་ལྡན་པའི་རྣལ་འབྱོར་པ་ ཡིས་སོ། །ཞེས་གསུངས་པ་ལྟར། སྔ་དྲོ་ལ་སོགས་པ་ལྟོ་སྟོང་གི་དུས་སུ་རླུང་རོ་བུས་ལ། རླུང་ སྣ་བུག་གང་ནས་རྒྱུ་[བ་]བརྟགས་[ནས་{ལ་} གཡོན་ནས་རྒྱུ་ན་ལག་པ་གཡས་པས་ནུ་མ་ གཡོན་པ་མནན་པའི་སྟེང་ནས་དཔུང་པ་གཡོན་པས་མནན་ལ། གདོང་དང་མིག་གཡས་སུ་ བལྟས་ཏེ། འོག་སྒོ་ཅུང་ཟད་བསྡམས་ནས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོས་སྣ་བུག་ གཡས་པ་ཅུང་ཟད་མནན་ལ་སྟེང་རླུང་སྣ་བུག་གཡོན་ནས་དལ་བུས་ནང་དུ་རྔུབ་པས་དབང་ དུ་བསྡུས་ཏེ། དེ་ནས་གཡོན་དུ་བལྟས་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོས་སྣ་བུག་ གཡོན་པ་མནན་ཏེ། རླུང་བཟུང་ལ་ཁེངས་ཙམ་ལས་རྩོལ་བས་མི་དགག་པར་མི་བདེ་བ་མེད་ ཙམ་ན་སྣ་བུག་གཡས་ནས་རླུང་དལ་བུས་བུས་ལ་བཏང་ངོ༌། །རླུང་སྣ་བུག་གཡས་ནས་རྒྱུ་ ན་ལག་པ་གཡོན་པས་ནུ་མ་གཡས་པ་མནན་པའི་སྟེང་ནས་དཔུང་པ་གཡས་པས་མནན་ལ་ གདོང་དང་མིག་གཡོན་དུ་བལྟས་ཏེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོས་སྣ་བུག་གཡོན་ པ་ཅུང་ཟད་མནན་ལ། སྣ་བུག་གཡས་ནས་རླུང་{མྱུར་དུ་ཕྱིར་བུས་ཏེ་}ནང་དུ་དལ་བུས་ རྔུབ་པས་བཀུག་ནས་ལྟེ་བར་ཅུང་ཟད་མནན་ཞིང་འོག་སྒོར་ཅུང་ཟད་འཐེན་པས་བསྡམས་ ཏེ་གཡས་སུ་བལྟས་ནས། གཡས་པའི་མཛུབ་མོས་སྣ་བུག་གཡས་པ་མནན་ཞིང༌། རླུང་ བཟུང་ལ། ཁེངས་ཙམ་ལས་རྩོལ་བས་མི་དགག་པར་མི་བདེ་བ་མེད་ཙམ་ན། སྣ་བུ་གཡོན་ ནས་རླུང་དལ་བུས་བུས་ཏེ་བཏང་ངོ༌། །དེ་ལྟར་ཐོག་མར་རླུང་གཡོན་ནས་གཡས་སུ་བསྒྱུར་ བ་དང་གཡས་ནས་གཡོན་དུ་བསྒྱུར་བ་རེས་འཇོག་ཏུ་བྱས་པའི་བསྒྱུར་ཐེངས་བདུན་ཙམ་ལ་ ཐུན་རེར་བྱས་པའི་ཐུན་མ་ཆག་པར་ཟླ་བ་གཅིག་གི་བར་དུ་ནང་རེ་བཞིན་བྱ་ཞིང༌། དེ་ནས་ ཐུན་གཉིས་དང་གསུམ་ལ་སོགས་པ་ཅི་རིགས་པར་བསྣན་ཏེ། རླུང་དབུ་མར་རྟག་ཏུ་རྒྱུ་བར་ འགྱུར་གྱི་བར་དུ་བྱའོ། །འདིའི་གནད་ཞིབ་པར་བླ་མའི་ཞལ་དང་ཕྱག་ལེན་ལས་ཤེས་པར་ 6-1-326 བྱའོ། །འདི་ནི་འཆི་བ་སླུ་བའི་མན་ངག་ཏུ་ཡང་གསུངས་སོ། སེམས་ཀྱི་བཞག་ཐབས་ནི། སྟོང་ གཟུགས་ཀྱི་སྣང་བ་གང་ཤར་ལ་ལྟ་ཞིང་བསྒོམ་པའོ། །འདིར་སྲོག་རྩོལ་གྱི་མན་ངག་གཞན་ གྱི་ལུགས་ལ། རྔུབ་པའི་རླུང་སྦྱོར་ནི་སྣ་སྒོ་གཉིས་ནས་རླུང་དྲག་པོར་ནང་དུ་དྲངས་ཤིང༌། ཕྱིར་སྟོང་པ་ན། ཅུང་ཟད་སྤྲི་ཞིང་བཏང་པ་ལ་ཡང་དང་ཡང་དུ་བསླབས་པ་དང༌། དགང་པ་ ནི་སྟེང་རླུང་མནན་ལ་དལ་གྱིས་གསུས་པ་ཐེར་གྱིས་དགང་པ་ལ་ཡང་དང་ཡང་དུ་བསླབ་པ་ དང༌། གཞིལ་བ་{ལ་}ནི། གསུས་པ་སྒལ་ཚིགས་ལ་དལ་གྱིས་སྦྱར་ཞིང་རླུང་སྣ་བུག་ནས་ དལ་བུས་ཕྱིར་འབྱིན་པ་ལ་ཡང་དང་ཡང་དུ་བསླབ་པར་བྱ་སྟེ། དྲི་མེད་འོད་དུ། དབྱུང་པ་དང་ དགང་པ་དང་བུམ་པ་ཅན་གྱི་སྦྱོར་བས་ནི་རྟག་ཏུ་བསྙེན་པའོ། །ཞེས་དང༌། མན་ངག་སྙེ་མར། དབུགས་ཕྱིར་[དབྱུང་{འབྱུང་}བ་ནི་དབྱུང་བའོ། །རབ་ཏུ་གཞུག་པ་ནི་དགང་པའོ། །ནང་གང་ པ་ནི་བུམ་པ་ཅན་ནོ། །ཞུགས་ནས་གཡོ་མེད་དུ་གྱུར་པ་ནི་ཞི་བ་ཅན་ནོ། །ཞེས་བཤད་པའི་ ཕྱག་ལེན་ཡིན་ཞེས་བཞེད་ཀྱང་གཞུང་འདི་དག་གིས་བུམ་པ་ཅན་གྱི་རླུང་སྦྱོར་ཉིད་བསྟན་ པར་གསལ་ལོ། ། གཉིས་པ་སྲོག་རླུང་དབུ་མར་ཆུད་པའི་རྟགས་ནི། ལུས་རྟགས་སྨིན་མཚམས་སུ་འདུས་ ཤིང་གཙུག་ཏོར་དུ་ཟ་བ་དང༌། འཁྲིག་པ་ལ་སོགས་པ་དང་རླུང་རྟགས་དབུགས་རྒྱུ་བ་མི་ཚོར་ ཞིང༌། [བརྟགས་{རྟགས་}ན་{སྣ་}སྒོ་གཉིས་ཀ་ནས་ཤིན་ཏུ་དལ་བར་རྒྱུ་བ་དང༌། སེམས་ རྟགས་ཤེས་པ་གསལ་སྟོང་རྟོག་པ་མེད་པར་གནས་པ་དང༌། མཐོང་རྟགས་དུ་བ་ལྟ་བུ་ལ་ སོགས་པ་རྟགས་བཅུ་དང༌། སྣ་ཚོགས་སྟོང་གཟུགས་གསལ་ལ་བསྟན་པར་སྣང་བ་དང༌། རྨི་ རྟགས་འཕུར་བ་དང་རྟ་རྒྱུག་པ་ལ་སོགས་པ་རྨི་བ་དང་དག་པའི་སྣང་བ་ཡང་འཆར་གསུང་ངོ༌། ། རྡོ་རྗེའི་ཚིགས་གསུམ་པ་ཆུད་ནས་རྩུབ་རླུང་བུམ་པ་ཅན་གྱི་སྦྱོར་བས། སྲོག་དབུ་མའི་ཐིག་ ལེར་བཅིངས་པ་ལ། བུམ་པ་ཅན་ཇི་ལྟར་སྒྲུབ་པ་དང༌། བུམ་པ་ཅན་གྲུབ་པའི་ཚད། ཉམས་ 6-1-327 [རྟོགས་{རྟགས་}ཇི་ལྟར་འཆར་བའི་ཚུལ་དང་གསུམ་མོ། །དང་པོ་ལ་ལུས་རྩའི་འདུག་ སྟངས་ནི། ཟླུམ་པོའི་འདུག་སྟངས་བཅའ། ཞེས་གསུང་ཡང༌། རྡོ་རྗེ་དཀྱིལ་དཀྲུང་ངམ་དཀྱིལ་ དཀྲུང་ཕལ་པ་བདེ་བར་བཅའ་ཞིང༌། སྒལ་ཚིགས་ལེགས་པར་བསྲང༌། མགྲིན་པ་དྲང་དགུར་ བྱ། ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་སྙིང་ཁར་བསྣོལ་ཏེ། སྙན་བརྒྱུད་ལས། རྐང་པ་གཅིག་གིས་གཅིག་ མནན་ཞིང༌། །མཐེ་བོང་ནང་བཅུག་ཁུ་ཚུར་བསྡམ། །ཞེས་སོ། །འདི་ཡི་དགོངས་པ་ཙོག་ཀྲུང་ བྱས་ནས་རྐང་པ་གཅིག་གིས་གཅིག་གནོན་པར་གསལ་ལོ། །ངག་རླུང་གི་སྦྱོར་བ་ནི། ཁམས་ མི་བདེ་ན། [ཐོག་མར་]རླུང་རོ་ཅི་རིགས་པར་བུས་ཏེ། རླུང་རང་བཞིན་གྱིས་མཉམ་པར་རྒྱུ་ ན། ཡོན་པོ་སྲང་མི་དགོས་ཤིང་མི་རྒྱུ་ན་འཇམ་རླུང་དགང་སྟོང་གི་སྦྱོར་བས་རླུང་ཡོན་པོར་ རྒྱུ་བ་བསྲང་ནས་སྣ་བུག་གཉིས་ལ་མཉམ་པར་རྒྱུ་བའི་ཚེ་བུམ་པ་ཅན་བྱའོ། །དེ་ཡང༌། རྒྱུད་ ཀྱི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ལེའུ་ལས། ཁ་ཡང་བཙུམས་ཏེ་སྣའི་བུག་པ་གཉིས་ག་དག་ནས་ ཕྱི་རོལ་དག་གི་རླུང་ནི་མ་ལུས་པ། །སྲོག་གི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་གློག་དང་ མཚུངས་པ་ཐུར་སེལ་རླུང་དང་སྦྱར་བྱས་པ། །དུས་(བརྩོན་པ་ཆེན་པོ་ཟླ་བ་དྲུག་གི་)ཀྱི་གོམས་པའི་ སྦྱོར་བ་དག་ལས་ཟླ་(གཡོན་གྱི་རྩ་དང་)བ་ཉི་མ་མེ་(གཡས་ཀྱི་རྩ་གཉིས་ལ་རླུང་རྒྱུ་བ་འགགས་ནས་དུས་)ཡི་ (ཨ་བ་དྷུ་ཏིའི་)དབུས་སུ་(སྲོག་ཐུར་སེལ་གྱི་རླུང་)རོ་ནི་མཉམ་པར་འགྱུར། (ལ་དེའི་སྟོབས་ཀྱིས་) །ལུས་ ལ་ཟས་ལ་སོགས་[པ་{པས་}བཀྲེས་པ་དང་ནི་སྐོམ་པ་འཕྲོག་སྟེ་འཆི་བ་མེད་པ་ཉིད་ཀྱང་ [སྟེ{སྟེར}། (འཆི་བ་བསླུ་བའི་མཆོག་ཡིན་ནོ། །) ཞེས་དང༌། ཀྱེའི་རྡོ་རྗེ་ལས། དབྱུང་པ་ཉིད་ཀྱིས་ལྟུང་ བར་བྱེད། །རྔུབ་པ་ཡིས་ནི་དབང་དུ་བྱེད། །དགང་པ་ཡིས་ནི་དགུག་པར་བྱེད། །ཞི་བ་ཡིས་ ནི་རེངས་པར་བྱེད། །ཅེས་དང༌། གསང་འདུས་རིམ་ལྔ་ལས། མྱུར་བ་དང་ནི་རྣམ་སྡུད་དང༌། ། རེངས་པ་དང་ནི་སྔགས་སྦྱོར་བ། །བླ་མས་སློབ་མའི་སྣ་དྲུང་དུ། །རབ་ཏུ་འབེད་དེ་བརྗོད་ པར་བྱ། །ཞེས་དང༌། སྙན་བརྒྱུད་ལས། ཕྱི་རུ་དང་པོ་རླུང་གཏོར་ནས། ནང་དུ་མྱུར་དང་རྣམ་ 6-1-328 སྡུད་དང༌། །རེངས་དང་སྔགས་སྦྱོར་བརྡ་ཡིས་ནི། །བུམ་པ་ཅན་དང་རྡུལ་མཐའ་ཡིས། །རླུང་ གཉིས་དབུས་སུ་བཅུག་བཅིངས་པས། །རླུང་བཅུ་རབ་ཏུ་ཞི་བར་བྱ། །རྡོ་རྗེ་མེ་ལ་སྲོག་ཞུགས་ པས། །བདེ་བ་ངེས་པར་སྐྱེ་བར་འགྱུར། །ཞེས་གསུང་པ་ལྟར་མིག་དབུས་སུ་བལྟས་ནས་ དང་པོ་སྟེང་རླུང་ཕྱིར་དྲག་ཏུ་བུས་ཏེ། དེ་ནས་ནང་དུ་མྱུར་བར་རྔུབ་ཅིང༌། ལྟེ་བའི་འོག་ཙམ་ དུ་མནན་པ་དང༌། ཁ་བཙུམ་ནས་འོག་སྒོ་དྲག་ཏུ་རྣམ་པར་[སྟང་བས་{བསྡུད་པས་}བསྡམས་ ཏེ། ལྟེ་བར་ཁ་སྦྱོར་དུ་གནས་པས་ཇི་ཙམ་ཐུབ་ཀྱི་བར་དུ་རེངས་སུ་བཅུག་ལ། མི་ཐུབ་པ་འདྲ་ བ་དང་སླར་ཡང་རྔུབ་ཅིང་ནམ་མི་ཐུབ་པའི་དུས་ན། སྣ་བུག་གཉིས་ནས་དལ་བུས་བཏང་སྟེ། སྣ་སྒོར་རྡུལ་བཞག་པ་ལྡེག་མི་ལྡེག་གི་ཚོད་ཙམ་མམ་ཡང་ན་སུད་ཙམ་སུད་ཙམ་བཅད་ཅིང་ བཏང་པ་ལ་བསླབ་སྟེ་རྡུལ་མཐའ་ཅན་གྱི་དགོངས་པའོ། །དེ་ལྟར་མ་བྱས་པར་དུས་གཅིག་ལ་ བཏང་ན་རླུང་འབྱོང་པ་ཤིན་ཏུ་དཀའོ། །དེས་ན་ཐུན་རེའི་བར་ལ་ཐོག་མའི་རླུང་འབུད་ཐེངས་ གཅིག་[པུ་དེ་མིན་པ་{པོ་དེ་མ་གཏོགས་པ་}ཡང་ཡང་མི་འབུད་དོ༑ ༑འདིར་རླུང་[སྟེ་{ལྟེ་} འོག་ཏུ་གནོན་པའི་དུས་སུ་མྱོས་བྱེད་[སླུད་{བླུད་}པ་མཆིལ་མ་མིད་པ་ཡང་བྱེད་དོ། །འབྲོ་ པའི་ཆོས་རྗེ་གོང་མ་དག་རྡུལ་མཐའ་ཞེས་པ་མགྲིན་པའི་མཐའ། ལོངས་སྤྱོད་ཀྱིས་བརླབས་ ཏེ། བཙན་ཐབས་བསྟན་པར་ཡང་བཞེད་དོ། །སེམས་ཀྱི་བཞག་ཐབས་ནི། བདུད་རྩི་འཁྱིལ་ པའི་ལྟ་སྟངས་ཀྱིས་སྣ་ཚོགས་སྟོང་{པ་ཉིད་ཀྱི་}གཟུགས་ལ་རྩེ་གཅིག་ཏུ་བལྟ་བའོ། །དེ་ལྟར་ ཐུན་བཞིའམ་བརྒྱད་ལ་སོགས་པར་བསྒོམ་པར་བྱ་ཞིང་དེ་དག་གི་བར་བར་དུ་རྡོ་རྗེའི་བཟླས་ པ་དང༌། སོར་སྡུད་བསམ་གཏན་བསྒོམ་པར་བྱའོ། །བུམ་པ་ཅན་འདི་ཉིན་ཞག་གཅིག་འཆིང་ བར་ནུས་ན། འཆི་བ་སླུ་བའི་མཆོག་ཀྱང་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་ལས། ཉི་མ་ཟླ་བ་འགོག་ པ་མཉམ་དང་མི་མཉམ་བགྲོད་པ་ལ་སྟེ་དབུ་མ་མེ་ལ་རབ་ཏུ་ཞུགས། །སྲོག་དང་ཐུར་སེལ་ གཉིས་པོ་དག་ཀྱང་ཉིན་ཞག་དང་པོ་(སྟེ་གཅིག་གི་བར་དུ་རྩ་དབུ་མའི་ནང་དུ་)སོང་(ཞིང་གཡོ་མེད་དུ་གནས་ 345)ན་དུས་མིན་འཆི་བ་སླུ་བ་སྟེ། །ལག་པ་དང་བཅས་རྐང་པའི་མཐེ་བོའི་ཚིགས་དང་སེན་མོའི་ མཐར་ནི་སྲོག་གིས་ཀུན་ཏུ་གང་བྱས་ནས། (གཙུག་ཏོར་ནས་གསང་བའི་བར་དུ་)འཁོར་ལོ་དྲུག་ལ་(མི་ བསྐྱོད་པ་ལ་སོགས་པ་དྲུག་དང་)སངས་རྒྱས་ལྷ་མོ་(རྡོ་རྗེ་དབྱིངས་ཕྱུག་མ་ལ་སོགས་པ་) འཇིགས་མེད་ཕྱག་ གི་པད་མ་(རང་རང་གི་ཕྱག་མཚན་འཛིན་པ་)རྣལ་འབྱོར་པས་ནི་བསྒོམ་པར་བྱ། ཞེས་གསུངས་སོ། ། སྲོག་རྩོལ་གྱི་མན་ངག་གཞན་གྱི་ལུགས་ཀྱིས། བུམ་པ་ཅན་{ལ་}འོག་སྒོ་དྲག་ཏུ་བསྡམས་ ལ། རྒྱུ་མ་ཚང་ར་ལ་སྦྱར་ཏེ། ཀོངས་བྱས་[ནས་{ལ་}ཐུར་སེལ་གྱེན་དུ་དྲངས་[ལ་{ཏེ་}ལྟེ་ བར་བཞག ལྟེ་བ་ལས་ཡར་མི་དྲང༌། དེ་ནས་ཁ་བཙུམས་ཏེ། སྣ་ནས་རླུང་ཤུགས་ཆེན་པོས་ དལ་བུས་བཀུག་སྟེ། ལྟེ་བར་ཐུར་སེལ་གྱི་རླུང་དང་སྤྲད་ཅིང་རྒྱུ་ཞབས་[ཐུག་{ཐུབ་}མནན། དེ་ནས་ཡར་ལྟེ་བར་དྲངས་ཏེ། ལྟེ་བ་ཁྱིལ་བྱས་ལ་བཟུང༌། དེ་ལ་རྩ་འདྲངས་པའི་གེགས་ བྱུང་ན། སྐབས་སུ་བག་རེ་སྒལ་ཚིགས་ལ་སྦྱོར་ཡང་ལྟེ་འོག་ཏུ་མནན་ལ་སྦྱར་གྱི༑ ཡར་ལ་ དྲང་དུ་མི་བཏུབ། དེ་ལྟར་སྲོག་ཐུར་བསྲེས་ལ་ལྟེ་བར་བཟུང་ཞིང༌། ཅུང་ཞིག་ན་མྱོས་བྱེད་ཀྱི་ བདུད་རྩི་སྒྲ་མེད་དུ་བླུད་ལ་ཁ་སྦྱར་ཏེ། སྒོམ་མི་བདེ་བ་མེད་ཙམ་ན། ལྟེ་འོག་ཇི་ལྟར་མནན་ ལ་དལ་བུས་བཏང་ངོ༌། །ཞེས་འབྱུང་ངོ༌། །ཡང་བླ་མ་མན་ལུངས་པ་པུ་ཎྱ་ཤྲིའི་བཞེད་པ་ནི། དང་པོ་དབྱུང་པ་དང༌། དེ་ནས་དགང་པ་དང༌། དེ་ནས་བུམ་པ་ཅན་གྱི་རྣལ་འབྱོར་[དུ་]བྱའོ། ། འདིའི་བླ་མའི་མན་ངག་གི་བཤད་པ་ནི། དགུག་པ་དང་དགང་པ་དང་རེངས་པ་དང་གསུམ་ ལས། དང་པོ་ནི། གཡས་ནས་དགུག་པ་ཡིན། གཡས་ཀྱི་ཆ་ལ་[ལྟ་{བལྟ་བ་}དང༌། རླུང་ ནར་འཐེན་ནས་ཐུབ་ཚད་སྡོམ་པ་ཡིན། མ་ཐུབ་ན་སུད་ཙམ་སུད་ཙམ་གཏོང་བ་ཡིན། དུས་ གཅིག་ལ་བཏང་ན་འབྱོངས་བའི་དུས་མི་ཡོང་གསུང༌། པུས་མོ་ལ་ཐལ་མོ་ལན་གསུམ་བསྐོར་ སེ་གོལ་གཅིག་རྟོག་པའི་ཚད། རབ་བརྒྱ་རྩ་བརྒྱད། འབྲིང་བདུན་ཅུ་དོན་གཉིས། ཐ་མ་སུམ་ ཅུ་སོ་དྲུག དེ་འབྱོངས་ཙ་ན། ད་དགང་པ་ནི། གཡོན་གྱི་ཆ་ལ་ལྟ་བ་ཡིན། རླུང་མེར་འགེངས་ 6-1-329 པ་ཡིན། མ་ཐུབ་ན་གཏོང་པ་གོང་དང་འདྲའོ། །དེ་འབྱོངས་ན་རེངས་པ་[ཡིན་{ནི}། [རྟིང་ {གཏིང་}པ་གཡས་པས་གསེར་གླིང་དགག བརླ་གཡས་པ་དང་བྱིན་པའི་བར་དུ་རྡོ་རྗེ་གཞུག ལག་པ་གཡས་པ་འབོལ་ལ་རྟེན་གཡོན་པ་མཐེ་བོང་དང་མཛུབ་མོ་སྤྲད་ལ་གཉིད་ལོག་ཆུང་ ངུར་བཞག ལྟ་སྟངས་བདུད་རྩི་འཁྱིལ་པའི་ལྟ་སྟངས་སུ་བྱ༑ དབུགས་ཕྱིར་བཏང་ནས་ནང་ དུ་འཐེན་པ་བདེའམ༌། ནང་དུ་དྲངས་ནས་ཕྱི་རུ་སུད་ཙམ་བཏང་ན་བདེའམ། དེ་གཉིས་གང་ རུང་གཅིག་ལ་ཐུབ་ཚད་སྡོམ་པ་ཡིན། མ་ཐུབ་ན་གཏོང་བ་གོང་དང་མཐུན་ནོ༑ ༑ཞེས་འབྱུང༌། <སྡོམ་འབྱུང་ལས། ཡང་ན་བུམ་པའི་རྣལ་འབྱོར་གྱི། །རྟག་ཏུ་འཆི་བདག་ལས་རྒྱལ་འགྱུར། །ཞེས་གསུངས་པ་ལྟར།> གཉིས་པ་བུམ་པ་ཅན་གྲུབ་པའི་ཚད་ནི། པུས་མོ་ལ་ཐལ་མོ་རེ་བསྐོར་ནས་སེ་གོལ་རེ་ ཏོག་པའི་ཡུན་ཙམ་སུམ་ཅུ་རྩ་དྲུག་དང༌། བདུན་ཅུ་རྩ་གཉིས་དང་བརྒྱ་དང་རྩ་བརྒྱད་ཐུབ་པ་ བུམ་པ་ཅན་ཆུང་འབྲིང་རབ་ཀྱི་ཚད་ཡིན་ལ། འབྱོངས་ནས་ཡུན་ཚད་ངེས་པ་མེད་ཅིང༌། བུམ་ པ་ཅན་དང་པོ་གསང་གནས་དང༌། བར་པ་ལྟེ་བ་དང༌། གོང་མ་སྙིང་ཁ་གསུམ་དུ་(རླུང་གཡོ་མེད་ དུ་ཟིན་པ་) བུམ་པ་ཅན་ཆུང་འབྲིང་ཆེན་པོ་གསུམ་བསྒྲུབ། ཅེས་གསུང་ངོ། །ཡང་ལུགས་གཞན་ ལ། པུས་མོ་ལ་ལག་[པ་{པས་}ལན་གསུམ་བརྙེས་ནས་སེ་གོལ་ལན་དྲུག་བརྡབས་ལ་ལན་ སུམ་ཅུ་རྩ་དྲུག་ནི་བུམ་པ་ཅན་ཆུང་ངུ༌། དེ་ཉིས་འགྱུར་འབྲིང་པོ། སུམ་འགྱུར་ཆེན་པོ་སྟེ། སྡོམ་ འབྱུང་ལས། ཡང་ན་བུམ་པ་ཅན་སྦྱོར་བས། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། །བདག་ཉིད་ རིག་པས་རྐང་མཐིལ་བར། །ཐམས་ཅད་རླུང་གིས་ཀུན་བཀང་སྟེ། །བུམ་པ་ཅན་ལ་བརྟན་ བྱས་ནས། །དབྱེ་བ་གསུམ་གྱིས་གཞོམ་པར་བཤད། །ཐ་མ་སུམ་ཅུ་རྩ་དྲུག་ཙམ། །དེ་ལས་ ཉིས་འགྱུར་འབྲིང་ཡིན་ཏེ། །སུམ་འགྱུར་མཆོག་ཏུ་ཤེས་པར་བྱ། །བུམ་པ་ཅན་དེ་རྒྱལ་བར་ འགྱུར། །བུམ་པ་ཅན་སྔར་ཤེས་བྱས་ནས། །བདག་ཉིད་དཀྱིལ་མོ་དཀྲུང་བཅས་ཏེ། །ལག་པ་ ལན་གསུམ་མཉེས་ནས་ནི། །དེ་ནས་ལན་དྲུག་སེ་གོལ་བརྡབ། །ཇི་སྲིད་སུམ་ཅུ་རྩ་དྲུག་ཙམ། 347། དེ་སྲིད་བུམ་པ་ཅན་བྱས་ཏེ། །སུམ་འགྱུར་མཆོག་གི་གཞོམ་པར་ནི། །བརྒྱད་ལྷག་པ་ཡི་བརྒྱ་ ཙམ་མོ། །ཞེས་གསུངས་སོ་ཞེས་འབྱུང་ངོ༌། ། གསུམ་པ་ཉམས་རྟགས་ཇི་ལྟར་འཆར་བའི་ཚུལ་ནི། ཉམས་རྟགས་ལྔ་པོ་ཐམས་ཅད་ དང་པོ་རྩུབ་ཉམས་ཟུག་ཟེར་དང་བཅས་པ་སྐྱོན་ཅན་དུ་འཆར། བར་དུ་ཅི་རིགས་པ་འཆར། མཐར་འཇམ་ཉམས་བདེ་སྟོང་དང་བཅས་པ་ཡོན་ཏན་དུ་སྐྱེ་ཞེས་གསུངས་ཏེ། མན་ངག་ གཞན་དང་སྒོ་བསྟུན་དུ་མཛད་པའོ། །ཁྱད་པར་དུ་རླུང་ཉམས་གཡས་གཡོན་གྱི་རྒྱུ་བ་དང་ བྲལ་ཏེ། རྟག་ཏུ་དབུ་མ་ནས་འབབ་པ་དང༌། ལུས་ཀྱི་རྩ་གནས་སུ་ཐིག་ལེ་དང་རླུང་རྒྱུ་བ་ མཐོང་བ་དང༌། མངོན་ཤེས་འཆར་བ་ལ་སོགས་པ་འབྱུང་ལ། བུམ་པ་ཅན་འདི་[ཉིད་]ཉིན་ ཞག་གཅིག་ཏུ་འཆིང་ནུས་ན་ཐིག་ལེ་དཔྲལ་བར་འཛིན་ནུས། ཟླ་བ་ཕྱེད་ནུས་ན་མགྲིན་པ། ཟླ་བ་གཅིག་ནུས་ན་སྙིང་ཁ། ཟླ་བ་དྲུག་ནུས་ན་ལྟེ་བ། ལོ་གཅིག་ནུས་ན་གསང་གནས། རྟག་ ཏུ་ནུས་ན་རྡོ་རྗེའི་རྩེ་མོར་འགོག་ནུས་ཞེས་ཀྱང་འགའ་ཞིག་བཞེད་དོ། །མན་ངག་གཞན་གྱི་ ལུགས་ལ་རྡུལ་མཐའ་ཅན་གྱི་དོན། སྣ་སྒོ་གཉིས་ནས་རླུང་ཅུང་ཟད་ཕྱི་རོལ་ཏུ་འབྱིན་པས། སྒྲ་རིང་རྩོལ་བས་བྱས་ལ་སྣ་སྒོར་རྡུལ་ཕྲན་བཞག་ཀྱང་མི་ལྡེག་པའི་ཚོད་དུ་སྒྲ་ང་ར་རར་ བཏང་ཞིང༌། རྫོགས་པ་དང༌། ནང་དུ་རྔུབ་པའི་ཚེ་དྲག་ཏུ་རྔུབ་ཅིང་རྔུབ་པ་རྫོགས་པ་དང་ཕྱི་ རོལ་ཏུ་གཏོང་བ་སྔར་བཞིན་ལ་ཡང་ཡང་བསླབ་པར་བྱ་སྟེ། རྡོ་རྗེ་མཁའ་འགྲོའི་རྒྱུད་འགྲེལ་ ལས་བྱུང་པའི་མན་ངག་ཏུ་བཞེད་དོ། །རྡོ་རྗེའི་ཚིག་བཞི་པ་མ་ཆུད་ཅིང་མ་འཆིང་ན། དྲག་རླུང་ བཙན་ཐབས་ཀྱི་སྦྱོར་བས་ཉི་ཟླའི་ལམ་དགག་པ་ལ། ཉི་ཟླའི་རྩ་ལམ་ཇི་ལྟར་དགག་པ་དང༌། དེ་ལ་བརྟེན་[པ་{པའི་}འཕོ་བའི་མན་ངག་གཉིས་ལས། <འདིར་སོར་སྤོང༌། སོགས་ཀྱིས་སྣ་ཚོགས་ སྟོང་གཟུགས་མཐོང་ཡང་རྣལ་འབྱོར་པས་སྲོག་མ་བསྡམས་པ་ཟག་པ་མེད་པའི་བདེ་སྟོང་མི་སྐྱེ་ན་>དང་པོ་ལ་ལུས་ རྩའི་འདུག་སྟངས་ནི། ཀྱེའི་རྡོ་རྗེ་ལས། ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། །རང་གི་གཡས་ 6-1-330 དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། ། ཞེས་དང༌། དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །དེ་ལས་ཅི་ཞིག་སྐྱེ་ཞེ་ན། (ཉམས་སུ་མྱོང་ཞིང་བརྗོད་དུ་ མེད་པ་)གཞོན་ནུའི་དགའ་བ་ཇི་ལྟ་བའམ། ལྐུགས་པའི་རྨི་ལམ་ཇི་ལྟ་བུའོ། །མཆོག་གི་དགའ་ བ་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་གསུངས་པའི་དོན་ལུས་དཀྱིལ་ དཀྲུང་བདེ་བར་བཅས་ནས་སྒལ་ཚིགས་བསྲང་ངོ༌། །ངག་རླུང་གི་སྦྱོར་བ་ནི། དབུགས་རང་ སོར་བཞག་[སྟེ{ནས་}། རྩ་ལོངས་སྤྱོད་ཀྱི་རྦ་རླབས་གཉིད་ལོག་ཆུང་འབྲིང་ཆེན་པོ་གསུམ་ [ལ་{ལས་}ཆུང་ངུ་མནན་ལ་བཙིར་བས། བདེ་བའི་ཉམས་དང་སྣ་ཚོགས་སྟོང་གཟུགས་དང་ གཞོམ་མེད་ཀྱི་སྒྲ་གསལ་ལ་མི་རྟོག་པའི་ཡེ་ཤེས་སྐྱེས་ཏེ། དེ་ཉིད་སེམས་ཀྱི་བཞག་ཐབས་ སོ། །དེའི་ལག་ལེན་ལ་མདུན་གྱི་ཕྱོགས་ནས་རྩེ་ཆུང་གི་ཐད་ཀྱི་འཕར་རྩ་གཉིས་སྲིན་ལག་ དང་གུང་མོ་བརྩེགས་ལ་མནན། དེས་མ་ནོན་ན་ལག་པ་གཡས་གཡོན་སོ་སོའི་མཐེ་བོ་གཉིས་ ཀྱིས་འཕར་རྩ་གཉིས་མནན་སོར་མོ་གཞན་གྱིས་འཇིང་པའི་རྒྱབ་ནས་མནན་ནོ། །སྲིན་ལག་ དང་གུང་མོ་བརྩེགས་པས་རྒྱབ་ནས་མནན་ཡང་གསུང་ངོ༌། །དེ་ཡང་ཧ་ཅང་དྲག་པོ་མ་ཡིན་པ་ གྲངས་མང་པར་བྱ་སྟེ། །སྙན་བརྒྱུད་ལས། བཙན་ཐབས་སྦྱོར་བས་རླུང་བཟུང་བ། །སྤྱི་བོ་མི་ ནའི་བར་དུ་བྱ། །ཞེས་དང༌། སྦས་པ་མིག་འབྱེད་ལས་ཀྱང་དེ་ལ་རྣལ་འབྱོར་པས་ལུས་བསྲང་ སྟེ་དཀྱིལ་མོ་དཀྲུང་བཅས་ལ་དབུགས་སོར་བཞག་ཅིང་སེམས་མ་ཡེངས་པར་གནས་ཤིང༌། ལག་པ་གཡས་པས་རྩེ་ཆུང་ངམ་གཉིད་ལོག་རྩ་གཉིས་བགས་ཀྱིས་མནན་ཞིང་མི་གཡོ་བར་ གནས་པར་བྱའོ། །དེ་ལྟར་ཡང་ནས་ཡང་དུ་མི་དྲག་པ། གྲངས་མང་པར་བྱས་ལ། རོ་སྟོད་དང་ སྤྱི་བོ་མི་ན་བ་དེ་ཙམ་དུ་བྱས་ནས། རྩ་དབུ་མར་སྲོག་གི་རླུང་རྒྱུ་བ་ཉིད་ཀྱིས། ཞེས་སོགས་མི་ འགྱུར་བའི་བདེ་བ་ཆེན་པོ་སྐྱེ་བར་བཤད་དོ། །འདི་ནི་སྲོག་རྩོལ་གྱི་སྤོགས་པའི་ཆོ་གའོ། ། གཉིས་པ་དེ་ལ་བརྟེན་པའི་འཕོ་བའི་མན་ངག་ནི། རྒྱུད་ཀྱི་རྒྱལ་པོ་ལས། ནུས་མ་གང་ 6-1-331 ཞིག་ལྟེ་བའི་དབུས་ནས་གཞན་གྱི་གནས་སུ་བཅུ་གཉིས་མཐའ་དང་ཆ་ཡི་མཐར་འགྲོ་བ། །དེ་ ནི་ལྟེ་བར་འགོག་པ་དང་བཅས་དྲི་མེད་གློག་དང་མཚུངས་པ་དབྱུག་པའི་གཟུགས་ཅན་ལངས་ པ་ཡང༌། །འཁོར་ལོ་ནས་ནི་འཁོར་ལོའི་བར་དུ་ངེས་པར་དམན་ཞིང་རོལ་པའི་བགྲོད་པས་ དབུ་མའི་རྩ་ལ་བསྐྱོད། །ཇི་སྲིད་གཙུག་ཏོར་བུག་པར་བཙན་ཐབས་ཉིད་ཀྱིས་ཕྱི་རོལ་ཀྱི་ནི་ ལྤགས་པ་དག་ལ་ཁབ་བཞིན་རེག །དེ་ཡི་དུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ༑ ༑ཟུང་གི་རླུང་དག་འགག་པ་ན་ནི་གཙུག་ཏོར་ཕུག་ ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །སླར་ཡང་འདིས་ནི་རྣལ་འབྱོར་པ་ རྣམས་མངོན་ཤེས་ལྔ་ཡི་རང་བཞིན་སྣ་ཚོགས་ཡུམ་དུ་འགྱུར་བ་ཡིན། །ཞེས་པ་འདིས་འཕོ་ བའི་མན་ངག་བསྟན་པར་འགྲེལ་ཆུང་པད་མ་ཅན་ལས་བཤད་ཅིང༌། འབྲོ་པའི་ཆོས་རྗེ་གོང་ མ་རྣམས་ཀྱང་བཞེད་དེ། དེ་ཡང་ནུས་མ་སྟེ་སྲོག་རླུང་གང་ཞིག་ལྟེ་བའི་འཁོར་ལོའི་དབུས་ ནས་གཞན་དམིགས་པ་མེད་པའི་གནས་སུ་རྒྱུ་སྟེ། སྣ་སྒོ་ནས་ས་རླུང་སོར་བཅུ་གཉིས་ཀྱི་ མཐའ་དང༌། ཆུ་མེ་ལུང་རྣམས་སོར་རེ་རེས་འཕེལ་ཞིང་ནམ་མཁའི་རླུང་ཆ་སྟེ། སོར་བཅུ་དྲུག་ གི་མཐར་འགྲོ་བའི་གཡས་གཡོན་གྱི་རླུང་དེ་ནི་ལྟེ་བར་གཡས་གཡོན་ལ་རྒྱུ་བ་འགོག་པ་དང་ བཅས་པས་དབུ་མར་ཞུགས་པ་མེའི་རིང་བཞིན་དྲི་མེད་གློག་དང་མཚུངས་པ་དང༌། དབུ་མ་ ལ་རྩ་འདབ་ཀྱི་ཡལ་ག་མེད་ཅིང་ནང་སྲོག་གིས་གང་བས་དབྱུག་པའི་གཟུགས་ཅན་གྱེན་ལ་ ལངས་པ་ཡང་ལྟེ་བ་ལ་སོགས་པའི་འཁོར་ལོ་ནས་ནི་འཁོར་ལོ་གོང་མ་གོང་མའི་བར་དུ་ངེས་ པར་གཡོན་དང་གཡས་ཀྱི་རྩ་འདབ་ལ་རྒྱུ་བས་དམན་ཞིང་འཁོར་ལོ་[རིན་པོ་ཆེ་]རྣམས་ཀྱི་ དབུས་སུ་རོལ་པའི་བགྲོད་པས་རླུང་དབུ་མའི་རྩ་ལ་བསྐྱོད་ཅིང་ཇི་སྲིད་གཙུག་ཏོར་ཚངས་ པའི་བུག་པར་བཙན་ཐབས་སྟེང་རླུང་སྟོབས་དྲག་པོ་ཉིད་ཀྱིས་གཙུག་ཏོར་གྱི་ཕྱི་རོལ་ཀྱི་ནི་ 6-1-332 ལྤགས་པ་དག་ལ་ཁབ་ཀྱིས་འབུགས་པ་བཞིན་དུ་ཡེ་ཤེས་ཀྱི་རླུང་གིས་རེག་ནས་ཤིན་ཏུ་ཚ་ བར་འགྱུར་རོ། །དེ་ཡི་དུས་སུ་ཐུར་སེལ་གྱི་རླུང་མཆོག་གི་བཙན་ཐབས་སྟེ་སྟེང་དུ་དྲག་ཏུ་ འཐེན་པ་ཉིད་ཀྱིས་ལྟེ་བའི་སྟེང་གི་དབུ་མའི་ལམ་ལ་བསྐུལ་བར་བྱའོ། །དེ་ལྟར་བསྐུལ་བས་ གཡས་གཡོན་ཟུང་གི་རླུང་དག་འགག་པ་ན་ནི་དབུ་མའི་རླུང་སྟོབས་ལྡན་དེས་གཙུག་ཏོར་གྱི་ ལྤགས་པ་ཕུག་ནས་མཆོག་གི་གྲོང་ཁྱེར་ཏེ་ལྷན་སྐྱེས་བདེ་བ་ཆེན་པོའི་གནས་འོད་གསལ་གྱི་ དབྱིངས་སུ་རྣལ་འབྱོར་པའི་སེམས་འགྲོ་བ་སྟེ། ཐིམ་པར་འགྱུར་ཞིང༌། དེ་ལྟར་རྣལ་འབྱོར་ པའི་ཡིད་ལ་གདོད་མ་ནས་གནས་པའི་རྡོ་རྗེ་སྟེ་དང་པོའི་སངས་རྒྱས་རང་བྱུང་གི་ཡེ་ཤེས་ རབ་ཏུ་སད་པ་སྟེ་མངོན་དུ་བྱས་པས་དབང་པོ་ཡུལ་དང་བཅས་པ་འགགས་ནས་རྣལ་འབྱོར་ པའི་སེམས་ཆོས་ཉིད་ཀྱི་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་རོ། །སླར་ཡང་སྦྱོར་བ་འདིས་ནི་ རྣལ་འབྱོར་པ་རྣམས་རྫུ་འཕྲུལ་ལ་སོགས་པ་མངོན་ཤེས་ལྔའི་རང་བཞིན་སྣ་ཚོགས་ཡུམ་སྟེ། ཕྱག་རྒྱ་ཆེན་མོའི་བདག་ཉིད་དུ་འགྱུར་བ་ཡིན་ཞེས་པ་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་དང་པོར་ ཐོབ་པ་ས་དང་པོ་པར་འགྱུར་བ་ཙམ་ལ་དགོངས་པར་གསལ་ཞིང༌། རྣལ་འབྱོར་པ་ཡང་སྲོག་ འཛིན་གྱི་ཡན་ལག་ལེགས་པར་གྲུབ་པ་ཙམ་གྱི་དབང་དུ་བྱས་པར་གསལ་ལོ། །འདི་ལ་སློབ་ དཔོན་ཉི་མ་དཔལ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ནས་འཕོ་བས་ས་སྤྱོད་སྒྲུབ་པ་དང་མཁའ་སྤྱོད་ སྒྲུབ་པ་དང༌། ཕྱག་རྒྱ་ཆེན་མོའི་དངོས་གྲུབ་སྒྲུབ་པ་གསུམ་ལ་རིམ་པ་ལྟར་སྦྱོར་བ་ནི་རྒྱུད་ཀྱི་ དགོངས་པ་མ་ཡིན་ནོ། །འདིར་རྣལ་འབྱོར་པ་ལས་དང་པོ་པས་འཕོ་བའི་མན་ངག་ཉམས་སུ་ བླང་པའི་ཚུལ་ནི། སྙན་བརྒྱུད་ལས། བར་དོར་སངས་རྒྱ་བའི་གདམས་ངག་ནི། འོག་རླུང་ སྟེང་གི་བུ་གར་[འདོན{གདོན}། །ཞེས་པའི་དོན་ནི། ཆོས་རྗེ་ཀུན་སྤངས་པ་ཆེན་པོའི་ཞལ་ གྱི་གདམས་པ་དབུས་ནང་ཕ་མ་རང་སེམས་ས་བོན་ཧཾ་ཨཱཿཧཱུྃ། །ཟླ་ཉི་ནམ་མཁའི་མདོག་ཅན་ གཙུག་གསང་སྙིང་གནས་བཞུགས། །སྲོག་རྩོལ་བསུ་སྐྱེལ་བཙན་ཐབས་གཅིག་ཏུ་བསྡུས་ 6-1-333 བྱས་ལ། །འདུན་པ་རྩེ་གཅིག་གངའདོད་གནས་སུ་འཕོ་བས་འཐོབ། །ཅེས་པ་སྟེ། འཁོར་བ་ རྣམ་རྟོག་གི་རྩ་སྒོ་དགག མྱང་འདས་མི་རྟོག་ཡེ་ཤེས་ཀྱི་རྩ་སྒོ་དབྱེ། ཐར་ལམ་བདེ་བ་ཆེན་ པོའི་སྒོ་ནས་འཕོ་བའོ། །འདི་ཡི་ཕྱག་ལེན་དང་པོ་འཕོ་བ་སྦྱོང་བའི་ཚུལ་དང༌། མཐར་ལས་ ལ་སྦྱར་བའི་ཚུལ་གཉིས་སུ་ཡོད་དེ་བླ་མའི་ཞལ་ལས་ཤེས་པར་བྱའོ། །རྡོ་རྗེའི་ཚིག་ལྔ་པ་ བཀག་པས་འོག་སྒོ་བཙན་ཐབས་སུ་འགགས་ན་སྟེང་སྲོག་བཏང་པའི་སྦྱོར་བས་དགྲོལ་བ་ནི། རྡོ་རྗེའི་བཟླས་པ་[དང་]ནང་དུ་སྟེང་སྲོག་གི་རླུང་འོག་ཐུར་སེལ་དང་འབྲེལ་བར་རྔུབ་ནས། སྣ་སྒོ་ནས་ཕྱིར་རིང་དུ་བཏང་བ་དང༌། ཁ་ནས་ཧ་ཐུང་དང་ཧ་རིང་ལ་སོགས་པ་བཏོན་པས་ དགྲོལ་ལོ། །དེ་ཡང་གཡོན་ནས་བུས་པས་དྲི་ཆེན་འགགས་པ་གྲོལ། གཡས་ནས་བུས་པས་དྲི་ ཆུ་འགགས་པ་གྲོལ་གསུང་ངོ༌། །འདི་གེགས་སེལ་དང་འབྲེལ་བ་ཡིན་ནོ། །རྡོ་རྗེའི་ཚིག་དྲུག་ པ་ལྕེ་གསུམ་བསྐྱོད་པའི་སྦྱོར་བས་ནང་གི་བདུད་རྩིའི་བཅུད་མྱང་ཞིང་བཏུང་པ་ལ་གཉིས་ ལས། དང་པོ་བདུད་རྩི་ལྕེ་སྦྱོར་གྱིས་ཇི་ལྟར་བཏུང་བ་ནི། རྒྱུད་ཀྱི་རྒྱལ་པོ་ལས། དཀྱིལ་ དཀྲུང་བཅིང་བ་བྱས་ནས་ཕན་ཚུན་སོ་དག་རེག་པ་མིན་པར་ཁ་ནི་རྣམ་པར་ཕྱེ་བ་ཡིས། །ཕྱི་ རོལ་རླུང་དག་བཀུག་སྟེ་དེ་དང་བདུད་རྩིར་བཅས་པ་ལྟེ་བའི་དབུས་སུ་རབ་ཏུ་བཅུག་པ་ཡིས། ། ཞེས་གསུངས་པའི་དོན་ལུས་གནད་དཀྱིལ་དཀྲུང་ལེགས་པར་བཅས་ནས་རླུང་རོ་བུས་ཏེ་ ཕྱི་རོལ་ཀྱི་རླུང་ཁ་རྣམ་པར་ཕྱེ་བའི་ལྕེའི་ཐོག་ནས་ཤཱི་ཏ་ཀྱི་སྒྲ་དང་བཅས་པས་དྲག་ཏུ་རྔུབ་སྟེ་ མཆིལ་མ་མིད་པ་དང་བཅས་པས་ལྟེ་བའི་དབུས་སུ་རླུང་བཟུང་ཞིང་ཐུར་སེལ་གྱི་རླུང་དང་ སྦྱར་ལ་ལྕེའི་རྩེ་མོའི་ལྕེའུ་ཆུང་ལ་སྦྱར་ཏེ་ལྕེའུ་ཆུང་ལས་འབབ་པའི་བདུད་རྩི་མཆིལ་མ་དང་ བཅས་པ་བཏུང་བར་བྱའོ། ། གཉིས་པ་བདུད་རྩི་མྱངས་ཤིང་འཐུངས་པའི་ཡོན་ཏན་ནི། ཀུན་ཏུ་གདུང་བ་དང་ནི་ བཀྲེས་དང་སྐོམ་པ་འཕྲོག་ཅིང་མཆོག་གི་ལུས་ལ་དུག་ཀྱང་ཡང་དག་འགོག །དཔྲལ་བར་ 6-1-334 ཐིག་ལེ་དཀར་པོ་དབྱངས་ཀྱིས་ཡོངས་སུ་བསྐོར་བ་བདུད་རྩི་སྤྲོ་བར་བྱེད་པ་ཡིས་ཀྱང་ངོ༌། ། ཞེས་གསུངས་ཏེ་དཔྲལ་བའི་འཁོར་ལོར་ཐིག་ལེ་དཀར་པོའི་ས་བོན་ཧཾ་ཡིག་དཀར་པོ་ལ་ དབྱངས་ཡིག་བཅུ་དྲུག་གིས་བསྐོར་བ་ལས་བདུད་རྩིའི་རྒྱུན་ཐིག་ལེ་དཀར་པོ་ལྕེའུ་ཆུང་དུ་ སྤྲོ་བ་སྟེ་འཛག་པར་བསྒོམས་པ་ཡིས་ཀྱང་ངོ༌། །ཞེས་པ་བདུད་རྩིའི་ལྕེ་སྦྱོར་གྱི་སྐབས་སུ་ དམིགས་པ་འདི་བྱའོ། །ཕན་ཡོན་ནི། ཀུན་ཏུ་གདུང་བ་སྟེ་ཚ་བའི་རིམས་དང་བཀྲེས་སྐོམ་ དང༌། དུག་ནད་སེལ་ཞིང་དུས་མིན་འཆི་བ་ཡང་འགོག་གོ༑རྡོ་རྗེའི་ཚིག་དྲུག་པ་འདི་ཆོས་རྗེ་ ཀུན་སྤངས་པ་ཆེན་པོས་འཛིན་པའི་ཡན་ལག་དང་འབྲེལ་པར་ཡང་བཞེད་དོ། ། ལྔ་པ་བསྒོམ་པའི་ཚད་ངེས་པ་ལ་གཉིས་ལས། དང་པོ་ལུས་ཉམས་ཀྱི་ཚད་ངེས་པ་ ནི། རྒྱུད་ཀྱི་རྒྱལ་པོའི་ནང་ལེར། སྲོག་རྩོལ་རབ་ཏུ་[བྱས་ཏེ་{བྱ་སྟེ་}སྙིང་ཁ་དེ་བཞིན་[དུ་] མགོ་བོ་དག་ནི་ཇི་སྲིད་མེ་ཡིས་གདུང་འགྱུར་བ། །དེ་ལས་སྟེང་དག་ཏུ་ནི་བཟང་པོའི་པད་ མར་བརྒྱལ་བར་འགྱུར་ཏེ་མ་བསྡམས་པའམ་སྟོབས་དག་གིས། །གཙུག་ཏོར་ཕུག་ཅིང་ ཕུང་པོ་དག་དང་ཁམས་རྣམས་རྣམ་པར་སྤངས་ནས་འཆི་བ་ཉིད་དུ་འགྲོ་འགྱུར་ཏེ། །ཕྱག་ རྒྱ་འགྲོགས་པ་རབ་ཉམས་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལ་ནི་བདེ་འབྲས་སྟེར་བ་མེད། ། ཅེས་དང༌། དེའི་འགྲེལ་པར། འདིར་སྔགས་པས་ལུས་ལ་སྲོག་རྩོལ་བུམ་པ་ཅན་བྱ་སྟེ། སྙིང་ ཁ་དེ་བཞིན་མགོ་བོ་དག་ནི་ཇི་སྲིད་མེ་ཡིས་གདུང་བར་འགྱུར་བ་སྟེ། སྙིང་ཁ་བསྲེགས་ཤིང་ མགོ་བོ་ཡང་གདུང་བར་འགྱུར་བ་དེ་སྲིད་དུའོ། །དེ་ལས་སྟེང་དུ་མི་བྱའོ་ཞེས་པ་ངེས་པའོ། ། གལ་ཏེ་དེ་ལས་སྟེང་དག་ཏུ་ནི་བྱེད་ན་བཟང་པོའི་པད་མར་བརྒྱལ་བར་འགྱུར་ཏེ། ཞེས་པ་ལྟེ་ བའི་པད་མར་སྲོག་བརྒྱལ་བར་འགྱུར་རོ། །མ་བསྡམས་པའམ་སྟོབས་དག་གིས་གཙུག་ཏོར་ ཕུག་ཅིང་ཕུང་པོ་དག་དང་ཁམས་རྣམས་རྣམ་པར་སྤངས་ནས་འཆི་བ་ཉིད་དུ་འགྲོ་བ་འགྱུར་ བ་གང་ཡིན་པ་དེའི་ཕྱིར་ཕྱག་རྒྱ་འགྲོགས་པ་རབ་ཉམས་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ 6-1-335 ལ་ནི་སྲོག་རྩོལ་བདེ་འབྲས་སྟེར་བ་མེད་དོ། །སྲོག་རྩོལ་གྱི་ངེས་པའོ། །ཞེས་དང༌། སྒྲུབ་ལེ་ ལས། སྲོག་རྩོལ་དག་ནི་ཀུན་ནས་བདེ་མཉམ་འབྲས་བུ་སྟེར་བ་ཇི་སྲིད་མགོ་ཡི་བར་དུ་འདོད་ པ་སྟེ། །དེ་ལས་སྟེང་དུ་འདོད་པ་མིན་པ་འཆི་བའི་འཇིགས་པ་བྱེད་དེ་ཕུང་པོ་ངེས་པར་འཇིག་ པའི་རྒྱུ། །གཙུག་ཏོར་སྒོ་ནི་ཕུག་ནས་འགྲོ་ན་མཆོག་གི་བདེ་བའི་གོ་འཕང་དག་ལ་ངེས་པར་ སྦྱར་བར་བྱ། །ཕུང་པོ་མེད་ཀྱང་རྣལ་འབྱོར་པ་ནི་བདེ་མཉམ་འཇུག་སྟེ་འོན་ཀྱང་འཇིག་རྟེན་ དུ་ནི་གྲགས་པ་མིན། །ཞེས་དང༌། དེའི་འགྲེལ་པར། འདིར་སྟོང་པ་ཉིད་ཀྱི་གཟུགས་མཐོང་ པར་གྱུར་པ་ན། རྣལ་འབྱོར་པས་སྲོག་རྩོལ་བྱ་བ་གང་ཡིན་པ་དེ་ནི་ཇི་སྲིད་མགོ་བོའི་བར་ དུ། ཞེས་པ། མགོ་བོ་ན་བར་མི་བྱེད་ཀྱི་བར་དུའོ། །དེ་ཡང་བདེ་མཉམ་འབྲས་བུ་སྟེར་བར་ འགྱུར་རོ། །དེ་ལས་སྟེང་དུ་ཞེས་པ་ནི་མགོ་བོ་ན་བའི་མཐའ་ལས་འདོད་པ་མིན་པ་འཆི་བའི་ འཇིགས་པ་བྱེད་པར་འགྱུར་ཏེ། ཕུང་པོ་རྣམ་པར་ཉམས་པའི་རྒྱུར་འགྱུར་རོ། །ཅི་སྟེ་རྣལ་ འབྱོར་གྱི་སྟོབས་ཀྱིས་གཙུག་ཏོར་ཕུག་ནས་སྲོག་འགྲོ་ན་རྣལ་འབྱོར་པས་མཆོག་གི་བདེ་བའི་ གོ་འཕང་དག་ལ་ཞེས་པ་སྟོང་པ་ཉིད་ཀྱི་གཟུགས་ལ་ངེས་པར་སྦྱར་བར་བྱ་སྟེ། ངེས་པར་ནི་ མཐའ་ཅིག་ཏུ(འདིར་མཆོག་གི་གོ་འཕང་ཞེས་པ་སྟོང་གཟུགས་ཡིན་པར་གསུངས་པའི་ཕྱིར་རྟགས་བཅུ་སོགས་སྟོང་པ་ཉིད་ ཀྱི་གཟུགས་ནི་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ་ཉིད་ཡིན་པར་ཤེས་པར་བྱ)འོ། །དེ་ལྟར་ཕུང་པོ་མེད་ཀྱང་རྣལ་འབྱོར་ པ་ནི་བདེ་མཉམ་ཞེས་པ་སངས་རྒྱས་ཀྱི་(བདེ་བ་ཆེན་པོ་ཡེ་ཤེས་ཀྱི་སྐུ་ཉིད་ཀྱི་)གཟུགས་(སྟོང་གཟུགས་) ལ་འཇུག་སྟེ་རྣལ་འབྱོར་པ་ཞེས་པ་ནི་རྣལ་འབྱོར་གྱི་སེམས་འགྲོ་བའོ། །འོན་ཀྱང་འཇིག་རྟེན་ དུ་ནི་གྲགས་པ་མིན་པ་རྣལ་འབྱོར་པ་འདི་ཤིའོ། །ཞེས་པ་སྟེ། སྲོག་རྩོལ་གྱི་ངེས་པའོ་ཞེས་ གསུངས་པས་ལུས་ཉམས་སྙིང་ཁ་ཤིན་ཏུ་ཚ་བ་དང་མགོ་བོ་ཤིན་དུ་ན་བ་བྱུང་[བ་]ན་རེ་ཤིག་ བུམ་པ་ཅན་དང་བཙན་ཐབས་ཀྱི་རླུང་སྦྱོར་བཞག་ནས་རྡོ་རྗེའི་བཟླས་པ་དང་གེགས་སེལ་གྱི་ རླུང་སྦྱོར་དང་འཁྲུལ་འཁོར་ཅི་རིགས་པ་བྱ་ཞིང་སོར་སྡུད་བསམ་གཏན་གྱི་ཏིང་ངེ་འཛིན་ནི་ 6-1-336 བསྒོམ་མོ། །སླར་ཡང་ལུས་ཉམས་དེ་ཡལ་བ་ན། བུམ་པ་ཅན་དང་བཙན་ཐབས་བསྒོམ་པར་ བྱ་སྟེ་སྲ་རྩི་[འཚེད་{འཚོད་}པའི་དཔེ་བཞིན་ནོ། །ལུས་ཉམས་དེ་ལྟ་བུ་བྱུང་བཞིན་དུ་ཡང་ བུམ་པ་ཅན་བར་མ་ཆད་པར་བསྒོམས་ན་དབུ་མའི་རླུང་སྟོབས་ལྡན་གྱིས་གཙུག་ཏོར་ཕུག་ ཅིང་རྣམ་ཤེས་འཕོ་བར་འགྱུར་ཏེ་དེའི་དུས་སུ་རིག་པ་འོད་གསལ་གྱི་དབྱིངས་སུ་འཕོ་བའི་ མན་ངག་དྲན་པར་བྱ་སྟེ་རབ་ཀྱིས་མཆོག་ཐོབ་པའམ་མ་ཐོབ་ཀྱང་མཆོག་མྱུར་དུ་ཐོབ་པའི་ ལམ་[སྤྱོད་པ་{གཅོད་}ཆེན་པོར་འགྱུར་རོ། །དེ་ལྟ་ན་ཡང་རྣལ་འབྱོར་པ་བསྒོམ་གྱི་གེགས་ ཀྱིས་ཤིའོ་ཞེས་པའི་གྲགས་ངན་འབྱུང་བས་བུམ་པ་ཅན་བར་མ་{ཆད་པར་}བསྒོམ་པར་མི་ བྱའོ། ། གཉིས་པ་མཐོང་སྣང་གི་ཚད་ངེས་པ་ནི། ཡེ་ཤེས་ལེའུ་ལས། གཟུགས་ནི་མཐོང་པར་ གྱུར་ན་ཉིན་ཞག་སོ་སོའི་དུས་སུ་སྲོག་གི་རླུང་ནི་འགོག་པར་རབ་བྱ་སྟེ། །འོད་ཟེར་འཁོར་ ལོ་རང་གི་ལུས་ལ་ཡོངས་སུ་བསྐོར་ཞིང་འཁོར་བར་བྱེད་པ་མཐོང་གི་བར་དུའོ། །ཟླ་བ་དྲུག་ གིས་སྡོམ་བཙོན་རྣམས་(འཛག་བདེ་)ལ་རེག་བྱས་དམན་པ(སྟེ་མི་འགྱུར་པ)འི་བདེ་བ་མཉམ་པ་ ལམ་གྱི་སེམས་སུ་འགྱུར། །ཞེས་དང༌། དེའི་འགྲེལ་བར། དེ་ནས་གཟུགས་ནི་མཐོང་བར་ གྱུར་ན་ཉིན་ཞག་སོ་སོའི་དུས་སུ་སྲོག་གི་རླུང་ནི་འགོག་པ་ཞེས་{པ་}བུམ་པ་ཅན་རབ་ཏུ་བྱ་ སྟེ། འོད་ཟེར་འཁོར་ལོ་རང་གི་ལུས་ལ་ཡོངས་སུ་བསྐོར་ཞིང་འཁོར་བར་བྱེད་པ་མཐོང་གི་ བར་དུའོ། །ཞེས་པ་སྔར་བརྗོད་པའི་གཟུགས་ལས་ནང་དུའོ། །དེ་ནས་ཟླ་བ་དྲུག་གིས་སྡོམ་ བརྩོན་ཏེ་ལས་དང་བོ་པའི་ཚངས་པར་སྤྱོད་པ་རྣམས་ལ་རེག་བྱས་དམན་པ་ཞེས་པ་དབང་ པོ་གཉིས་ཀྱིས་འཁྲིག་པ་དང་བྲལ་བའི་བདེ་བ་མཉམ་པ་སྟེ་མི་འགྱུར་བའི་བདེ་བ་ལམ་གྱི་ སེམས་ཞེས་པ་སྟོང་པ་ཉིད་ཀྱི་གཟུགས་ཀྱི་སེམས་སུ་འགྱུར་རོ། །ཞེས་གསུངས་པས་རྣལ་ འབྱོར་པ་རང་གི་ལུས་ལ་འོད་ཀྱི་འཁོར་ལོ་ཨ་ལོང་བཅུག་པ་ལྟར་བསྐོར་ཞིང་འཁོར་བ་ཇེ་ 6-1-337 མཐོ་ཇེ་མཐོར་འགྲོ་བ་མཐོང་བ་ན་ཡང་གོང་བཞིན་དུ་རེ་ཤིག་བུམ་པ་ཅན་ནམ་བཙན་ཐབས་ བཞག་གོ༑ཉི་ཟླ་སྒྲུབ་པ་ལས། བུམ་པ་ཅན་དང་བཙན་ཐབས་ཀྱིས། །བཅིང་དང་ཞི་བར་ བྱས་པ་ཡིས། །ནོར་བུའི་མེ་ལ་སྲོག་ཞུགས་པའི། །བདེ་བ་སྐྱེ་བར་ངེས་པ་སྟེ། །འོད་ཀྱི་འཁོར་ ལོ་མཐོང་བ་དང༌། །མགོ་བོ་ན་ན་བཞག་པར་བཤད། །ཅེས་འབྱུང་སྟེ། དེ་ཡང་རེ་ཤིག་བཞག་ པར་བཤད་པ་ཡིན་གྱིས་གཏན་དུ་འཇོག་པ་ནི་མ་ཡིན་ནོ། ། དྲུག་པ་སྲོག་རྩོལ་ཉིད་ཀྱི་སྒོ་ནས་གེགས་བསལ་བ་ནི། །ནང་གི་ལེའུ་ལས། ཐུར་སེལ་ བསྐུམ་ན་འདོད་པར་འགྱུར་ཏེ་ལུས་མཆོག་དག་ལ་རླུང་གི་ནད་ནི་མ་ལུས་དག་ལའོ། །སྲོག་ རྩོལ་དག་ནི་བད་ཀན་ལས་གྱུར་སླར་ཡང་དེ་དག་གཏོང་བ་འཁྲིས་པ་དག་གི་སྐྱོན་ལའོ། ། སྟེང་དང་འོག་ནི་ཡང་དག་འགོག་པ་བདེ་བ་བྱེད་པར་འགྱུར་ཏེ་འདུས་པ་དག་དང་རིམས་ ལ་ཡང༌། །ལྟེ་བའི་སྟེང་དུ་སྲོག་གི་རླུང་ནི་མཐའ་དག་ནད་འཕྲོག་ལྟེ་བའི་རྩ་བར་[བཞག་ {བཞན་}པ་དག་ཀྱང་ངོ༌། །ཞེས་གསུངས་ཏེ༑ འདིའི་མན་ངག་གི་ལག་ལེན་ནི། རྣལ་འབྱོར་ པ་ལ་རླུང་གི་ནད་རླུང་སྟོད་དུ་འཚང་བ་དང་གཟེར་བ་ལ་སོགས་པ་བྱུང་ན། ལྟེ་བའི་འཁོར་ལོ་ ལ་རྩ་འདབ་དྲུག་ཅུ་རྩ་བཞི་དང༌། གསང་གནས་ཀྱི་འཁོར་ལོའི་ཕྱི་བསྐོར་ལ་རྩ་འདབ་བཅུ་ དྲུག་སྟེ་རླུང་གི་སྐྱོན་བྱེད་པའི་རྩ་བརྒྱད་ཅུ་ཡོད་པས་དེ་རྣམས་ཁམས་མཉམ་པར་བྱ་བའི་དོན་ དུ་ལུས་དཀྱིལ་དཀྲུང་ངམ་ཙོག་དཀྲུང་བྱ་ཞིང༌། སྒལ་ཚིགས་བསྲང་སྟེ། ལག་པ་དཀྱིལ་དཀྲུང་ གི་པུས་མོ་ལ་དགབ་པ་དང༌། ཙོག་དཀྲུང་ལ་པུས་འཁྱུད་ལྟར་བྱ་སྟེ། ཐོག་མར་རླུང་རོ་བུས་ ནས་སྟེང་སྲོག་བཏང་སྙོམས་སུ་བཞག་ཅིང་འོག་སྒོ་དྲག་ཏུ་བསྡམས་པས་ཐུར་སེལ་གྱི་རླུང་ ལུས་ཀྱི་དབུས་ནས་སྟེང་དུ་དྲག་ཏུ་འཐེན་པ་ཐུབ་ཚད་དུ་[བྱས་ཤིང་{བྱ་ཞིང་}ནམ་མི་ཐུབ་པ་ ན་རླུང་དལ་བུས་གློད་ལ་གཞག དེ་ལྟ་བུ་ཡང་དང་ཡང་དུ་བྱ་ཞིང་སེམས་འོད་གསལ་གྱི་སྟེང་ དུ་མི་རྟོག་པ་ལ་གཞག་གོ། དེས་རླུང་གི་ནད་མ་ལུས་པ་སེལ་ལོ། །བད་ཀན་ལས་གྱུར་པའི་ 6-1-338 ནད་བྱུང་བ་ན། དཔྲལ་བའི་འཁོར་ལོ་ལ་རྩ་འདབ་བཅུ་དྲུག་དང༌། གཙུག་ཏོར་གྱི་འཁོར་ལོ་ ལ་རྩ་འདབ་བཞི་སྟེ་བད་ཀན་གྱི་སྐྱོན་བྱེད་པའི་རྩ་ཉི་ཤུ་ཡོད་པས་དེ་རྣམས་ཁམས་མཉམ་ པར་བྱ་བའི་དོན་དུ། ལུས་གནད་གོང་བཞིན་བཅས་ལ་རླུང་རོ་བུས་ཏེ། རླུང་སྣ་སྒོ་གཉིས་ནས་ དྲག་ཏུ་རྔུབ་ནས་ལྟེ་བའི་འོག་ཏུ་ཐུབ་ཚད་མནན་ཞིང་ཐུར་སེལ་བཏང་སྙོམས་སུ་བཞག་པར་ བྱའོ། །དེ་ལྟར་ཡང་ཡང་བྱས་པས་བད་ཀན་ལས་གྱུར་པའི་ནད་སེལ་ལོ། །མཁྲིས་པ་ལས་ གྱུར་པའི་ནད་བྱུང་བར་གྱུར་ན། མགྲིན་པའི་འཁོར་ལོ་ལ་རྩ་འདབ་སུམ་ཅུ་རྩ་གཉིས་དང་ སྙིང་ཁའི་འཁོར་ལོ་ལ་རྩ་འདབ་བརྒྱད་དེ་མཁྲིས་པའི་སྐྱོན་བྱེད་པའི་རྩ་བཞི་བཅུ་ཡོད་པས་དེ་ རྣམས་ཁམས་ཉམས་པར་བྱ་བའི་དོན་དུ། ལུས་གནད་གོང་བཞིན་བཅས་ནས་རླུང་རོ་བུས་ཏེ་ ཕྱི་རོལ་ཀྱི་རླུང་ནང་དུ་རྔུབ་ཚུལ་ལ་སོགས་པ་བདུད་རྩི་ལྕེ་སྦྱོར་གྱི་མན་ངག་བཞིན་བྱས་ནས། དེ་ནས་སྲོག་{དང་}ཐུར་སེལ་གྱི་རླུང་ཕྱི་རོལ་{ཏུ་}དྲག་ཏུ་བཏང་བར་བྱ་སྟེ། དེས་མཁྲིས་པའི་ ནད་མཐའ་དག་སེལ་ལོ། །འདུས་པ་དང་རིམས་ཀྱི་ནད་ལ་ནི། གསང་གནས་ཀྱི་འཁོར་ལོའི་ བར་སྐོར་ལ་འདུས་པའི་སྐྱོན་བྱེད་པའི་རྩ་འདབ་བཅུ་ཡོད་པས། དེ་རྣམས་ཁམས་མཉམ་པར་ བྱ་བའི་དོན་དུ་སྔར་གྱི་བུམ་པ་ཅན་ཉིད་དྲག་ཏུ་བསྒོམ་པར་བྱ་ཞིང༌། དམུ་ཆུ་དང་སྐྲན་དང་ གཞང་འབྲུམ་དང༌། བརྟན་གཡོ་བཅོས་མའི་དུག་དང༌། མིག་ནད་དང་མགོ་བོའི་ནད་རྣམས་ ལ་ཡང་བུམ་པ་ཅན་གྱི་སྦྱོར་བས་སྲོག་དང་ཐུར་སེལ་གྱི་རླུང་ལྟེ་བར་ཕྲད་ཅིང་ལྟེ་བའི་མེ་ སྟོབས་དང་ལྡན་པ་ལུས་ཐམས་ཅད་ལ་ཁྱབ་པར་གྱུར་པ་ཟླ་བ་གཅིག་ཏུ་བསྒོམས་པས་ནད་ དེ་རྣམས་སེལ་བར་འགྱུར་ཏེ། སྲོག་རྩོལ་ལེགས་པར་འབྱོངས་པའི་རྣལ་འབྱོར་པའི་དབང་དུ་ བྱས་པའོ། །རྣལ་འབྱོར་པ་ལས་དང་པོ་པ་ལ་ཡང་ཅུང་ཟད་ཕན་པར་འགྱུར་རོ། །གཞན་ཡང་ བར་རླུང་འཛིན་པའམ་མ་ནིང་གི་རླུང་སྦྱོར་ཞེས་པ། ལུས་གནད་གོང་བཞིན་བཅས་ནས་སྟེང་ སྲོག་གི་རླུང་མི་རྔུབ་ཅིང་འོག་ཐུར་སེལ་གྱི་རླུང་ཡང་མི་བསྐུམ་པར་ལྟེ་བ་ཕྱིར་དྲག་ཏུ་འཕུལ་ 6-1-339 ཞིང་གསུས་པ་ལྡིར་བྱས་པ་ལ་རླུང་ཐུབ་ཚད་དུ་གཟུང་བར་བྱའོ། །འདི་ལ་བསྙེན་བསྒྲུབ་ པའི་ལུགས་ཀྱིས་བུམ་པ་ཅན་གྱི་རླུང་ཞེས་{པར་}འདོད་ཅིང༌། །གཏམ་སྨྲ་བ་དང་མི་འགལ་ བའི་བུམ་པ་ཅན་ཟབ་པོ་ཡོད་ཟེར་ཞིང༌། རླུང་སྟེང་འོག་བར་གསུམ་ཡན་ལག་ཐམས་ཅད་ལ་ འདྲོངས་པར་བྱེད་ཅིང་ནད་གཞི་ཐམས་ཅད་ལ་འཆགས་པ་མེད་པར་བྱེད་པ་དང༌། བྱང་ཆུབ་ ཀྱི་སེམས་ཀྱི་འདྲེན་དང་འགྲེམས་ལ་སོགས་པའི་གནད་དང་ཡོན་ཏན་ཐམས་ཅད་འདི་ལ་ ཡོད་པ་ཡིན་ཞེས་འདོད་དོ། །དེ་ལྟ་བུའི་གེགས་སེལ་གྱི་རླུང་སྦྱོར་རྣམས་[འབྱེད་{བྱེད་}པ་ ན། སེམས་རིག་པ་འོད་གསལ་གྱི་སྣང་བ་ལ་རྩེ་གཅིག་ཏུ་ལྟ་བའི་ཏིང་ངེ་འཛིན་མ་ཤོར་བར་ བྱ་སྟེ། ཐམས་ཅད་ཀྱང་སྲོག་རྩོལ་བསྒོམས་པའི་ཡན་ལག་ཁོ་ནར་ཤེས་པར་བྱའོ། །གཞན་ ཡང་བསྙེན་སྒྲུབ་པའི་ལུགས་ཀྱིས། སྲོག་རྩོལ་ལ་འོག་ཐུར་སེལ་སྐུམ་པ་དང་སྟེང་སྲོག་འཛིན་ པ་དང་བར་རླུང་འཛིན་པ་གསུམ་སྦྱར་ནས། རླུང་ཁ་སྦྱོར་འཛིན་པའི་ཡན་ལག་ལ་སྦྱོར་རོ། ། དེ་དག་ལས་གཞན་པ་དམིགས་པ་དང་འཁྲུལ་འཁོར་གྱི་སྒོ་ནས་གེགས་བསལ་བའི་ཚུལ་ནི་ ལོགས་སུ་ཤེས་པར་བྱའོ། ། བཞི་པ་བསྒོམ་པའི་རྟགས་ཚད་ལ་ཉམས་རྟགས་ཇི་ལྟར་འཆར་བའི་ཚུལ་ནི། གོང་དུ་ བཤད་ཟིན་ལ། སྲོག་རྩོལ་གྱིས་ཏིང་ངེ་འཛིན་འདི་ཚད་མ་གང་ཡིན་པའི་ཚུལ་ནི། སྙན་བརྒྱུད་ ལས། ཡིད་ཀྱི་མངོན་སུམ་ཞེས་བྱའོ། །ཞེས་གསུངས་པ་ལ་བརྟེན་ནས། ཡིད་དབུ་མའི་ནང་དུ་ ཆུད་པའི་ཤེས་པ་རྟོག་བྲལ་མ་འཁྲུལ་བ་ཡིད་ཀྱི་མངོན་སུམ་གཙོ་ཆེ་བ་ཡིན་པར་བཞེད་ཀྱང༌། སོར་སྡུད་བསམ་གཏན་གྱི་ཏིང་ངེ་འཛིན་བཞིན་དུ་རྣལ་འབྱོར་མངོན་སུམ་ཡང་ཡིན་པར་རིག་ པར་བྱའོ། ། ལྔ་པ་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི། སེམས་ཅན་ཐམས་ཅད་ ལ་གདོད་མ་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་འདུ་བྱེད་ཀྱི་ཕུང་པོ་ 6-1-340 གཞན་རྒྱལ་བ་དོན་ཡོད་གྲུབ་པ་ལ་སོགས་པ་རླུང་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་ བྱ་ནི། མ་དག་པ་འཁོར་བ་པའི་འདུ་བྱེད་ཀྱི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག་ཡིན་ཞིང༌། དག་བྱེད་ནི། རྒྱལ་བ་དོན་ཡོད་གྲུབ་པའི་རིགས་ཀྱི་ཏིང་ངེ་འཛིན་སྲོག་རྩོལ་གྱི་ཡན་ལག་ སྟེ། འདི་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཞེས་བཞེད་དོ། །དག་བྱེད་ལ་དབྱེ་ན། གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་པོ་དབུ་མ་ཨ་བ་དྷུ་ཏཱིར་གཅིག་ཏུ་འདྲེས་པར་གྱུར་ པའི་དབྱེ་བས་སྲོག་རྩོལ་རྣམ་པ་བཅུ་སྟེ། རྒྱུད་ཀྱི་རྒྱལ་[པོའི་{པོ་དང་}འགྲེལ་པར། སྲོག་ རྩོལ་དག་ཀྱང་རལ་གྲི་ཅན་ནོ། །ཞེས་པ་འདུ་བྱེད་ཀྱི་ཕུང་པོ་སྟེ། རྣམ་པ་བཅུ་ནི་གཡོན་དང་ གཡས་ཀྱི་དཀྱིལ་འཁོར་བཅུ་པོ་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་ སོ། ། དྲུག་པ་བསྒོམ་པས་ཐོབ་པའི་འབྲས་བུ་ནི། །རྒྱུད་ཀྱི་རྒྱལ་པོ་ལས་སྲོག་རྩོལ་གྱིས་ནི་ དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །ཅེས་ གསུངས་ཏེ། གནས་སྐབས་ཀྱི་འབྲས་བུ་རླུང་གཡས་དང་གཡོན་ལ་ཡོན་པོར་རྒྱུ་བ་དང་བྲལ་ ནས་དབུ་མ་འབའ་ཞིག་ནས་རྒྱུ་བའི་མཐུ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་ ཅིང་སངས་རྒྱས་རྣམས་ཀྱིས་ལུང་བསྟན་པ་ལ་སོགས་པ་ཐོབ་ཅིང༌། མཐར་ཐུག་གི་འབྲས་ བུ་རྣལ་འབྱོར་པའི་སྒྲིབ་བཅས་ཀྱི་འདུ་བྱེད་ཀྱི་ཕུང་པོ་དང༌། རླུང་[གི་ཁམས་]ལ་སོགས་པ་ འགགས་ནས། གཞི་ལ་གདོད་མ་ནས་བཞུགས་པའི་འདུ་བྱེད་ཀྱི་ཕུང་པོ་གཞན་རྒྱལ་བ་དོན་ ཡོད་གྲུབ་པ་<དང་>ལ་སོགས་པ་(རླུང་ནི་ཁམས་གཞན་སྒྲོལ་མ་དང༌། སྣའི་དབང་པོ་གཞན་ནམ་མཁའི་སྙིང་པོ། ཡུལ་རེག་བྱ། གཞན་རེག་བྱ་གཞན་རྡོ་རྗེ་མ་ལས་ཀྱི་དབང་བོ་ངག་གི་དབང་བོ་གཞན་ཁྲོ་བོ་བགེགས་མཐར་བྱེད། ལས་དབང་ གི་བྱ་བ་བཤང་པ་འཛག་པ་གཞན་ཁྲོ་མོ་ཤིན་ཏུ་བརྩོན་འགྲུས་མ་སྟེ། )དྲུག་ཚན་གཅིག་སྒྲིབ་པ་དང་བྲལ་བར་ གནས་གྱུར་པའི་འབྲས་བུ་ཐོབ་པར་འགྱུར་རོ།། །། 6-1-341 གཉིས་པ་སྲོག་རླུང་དབུ་མར་བརྟན་བྱེད་འཛིན་པའི་ཡན་ལག་ལ་དྲུག་སྟེ། འཛིན་པའི་ མཚན་དོན། བསྒོམ་པའི་དུས་མཚམས། སྒོམ་ཚུལ་{གྱི་}ཡན་ལག བསྒོམ་པའི་རྟགས་ཚད། དག་བྱ་དང་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུའོ། ། དང་པོ་ནི། སྲོག་རྩོལ་གྱིས་གཡོན་དང་གཡས་ཀྱི་རྩ་ལ་རྒྱུ་བའི་རླུང་ལྟེ་བའི་འཁོར་ལོ་ ལ་སོགས་པ་འཁོར་ལོ་ལྔའི་ལྟེ་བ་དབུ་མ་ཨ་བ་དྷུ་ཏིར་རྟག་ཏུ་འབབ་པར་གྱུར་པ་དེ་འགྲོ་ འོང་མེད་པར་དབུ་མའི་ཡར་སྣ་གཙུག་ཏོར་ནས་དཔྲལ་བའི་བར་དུ་སོན་པའི་གནས་སུ་རླུང་ འཛིན་པས་ན་འཛིན་པ་ཞེས་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ལས། ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ ཤིང་གཉིས་གའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་པའོ། །ཞེས་པའི་འགྲེལ་པར། འདིར་ཐིག་ལེར་ཞེས་པ་དཔྲལ་བར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་གའི་བགྲོད་པ་བཅོམ་ པ་ཞེས་པ་འགྲོ་བ་དང་འོང་བ་དང་བྲལ་བ་ནི་རྩེ་གཅིག་སེམས་པ་ཞེས་བྱ་བ་{ནི་}དཔྲལ་བར་ སྲོག་འཛིན་པའོ། །ཞེས་པ་སྟེ། འདི་{ཡང་}འཛིན་པའི་མཚན་ཉིད་དུ་གསུངས་སོ། །རྒྱུད་ཕྱི་ མར་ཡང༌། འབྱུང་བ་དང་ནི་འཇུག་པས་དམན་པར་སླར་ཡང་བྱེད་དེ་འཛིན་པའི་ཡན་ལག་ གིས་ནི་ཐིག་ལེར་རོ། །ཞེས་དང༌། བདེ་མཆོག་སྟོད་འགྲེལ་ལས་ཀྱང༌། དེ་ནས་འཛིན་པ་ཞེས་ བྱ་བ་ནི་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་སྟེ་དབང་ཆེན་དང་ཆུ་དང་མེ་དང་རླུང་ གི་དཀྱིལ་འཁོར་རྣམས་སུ་སྲོག་ཞུགས་པ་ཕྱི་རོལ་ཏུ་འགྲོ་བ་མེད་པར་ཐིག་ལེ་ལ་སྲོག་གནས་ པ་ཞེས་པ་འཛིན་པའི་ཡན་ལག་{ཏུ་}བརྗོད་དོ། །ཞེས་གསུངས་སོ། ། གཉིས་པ་བསྒོམ་པའི་དུས་མཚམས་ནི། །ལྟེ་བའི་སྟེང་དུ་སྲོག་གི་རླུང་དབུ་མར་རྟག་ཏུ་ འབབ་པར་གྱུར་པ་དང༌། འོག་ཏུ་ཐུར་སེལ་གྱི་རླུང་དུང་ཅན་མར་རྟག་ཏུ་འབབ་པར་གྱུར་པ་ ན་ལྟེ་བའི་འཁོར་ལོར་སྲོག་ཐུར་སེལ་གཅིག་ཏུ་སྦྱོར་ཞིང་བསྲེ་བར་ནུས་པས་ན་འཛིན་པའི་ ཡན་ལག་བསྒོམ་པར་བྱའོ། །སྙན་བརྒྱུད་ལས། ཚོར་བའི་ཕུང་པོ་དབུ་མར་གནས། །ཞེས་ 6-1-342 གསུངས་པ་ནི། གཡས་གཡོན་གཉིས་གའི་མེ་རླུང་རྒྱུ་བའི་དུས་སུ་བསྒོམ་པ་ཡིན་གསུང་ཡང༌། འདིར་རླུང་དབུ་མ་ནས་རྟག་ཏུ་རྒྱུ་བའི་དུས་ཡིན་པས་མི་འགྲིག་པར་སྣང་ངོ༌། །དེ་བཞིན་དུ་མེ་ རླུང་དབུ་མར་གནས་པའི་དུས་ལ་སྦྱར་ཡང་མི་འགྲིག་གོ། གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ། འཛིན་པ་བྱ་བའི་ཡུལ་དང༌། འཛིན་པ་སྒོམ་པའི་ དགོས་པ་དང༌། འཛིན་པ་དུས་ཇི་ཙམ་བར་དུ་སྒོམ་པ་དང། །འཛིན་པ་ཇི་ལྟར་སྒོམ་པའི་ཚུལ་ དང་བཞིའོ། ། དང་པོ་ནི། སྙན་བརྒྱུད་ལས། ཡུལ་ནི་བདེ་བའི་རླུང་ཉིད་དེ། །བརྟན་པར་འཛིན་པའི་ འཛིན་པའོ། །ཞེས་གསུངས་པས་སྟེང་སྲོག་དང་འོག་ཐུར་སེལ་གྱི་རླུང་ལྟེ་བར་གཅིག་ཏུ་སྦྱོར་ བས་ཐིག་ལེ་མི་འཕོ་བའི་བདེ་བའི་རླུང་ནི་བསྒོམ་པར་བྱ་བའི་ཡུལ་ལོ། ། གཉིས་པ་ནི། བྱང་སེམས་ཐིག་ལེ་མི་འཕོ་ཞིང་བདེ་བ་ཆེན་པོ་གོང་ནས་གོང་དུ་འཕེལ་ བའི་དོན་དུ་བསྒོམ་པ་སྟེ། སྲོག་རྩོལ་གྱི་དགོས་པ་དང་དོན་གཅིག་གོ། སྙན་བརྒྱུད་ལས་ཀྱང༌། རླུང་སེམས་རབ་ཏུ་བརྟན་བྱའི་ཕྱིར། །འཛིན་པའི་ཡན་ལག་བསྒོམ་པར་བྱ། །ཞེས་གསུངས་ པའོ། ། གསུམ་པ་ནི། རླུང་ཕྱི་ནང་དུ་འགྲོ་བ་དང་འོང་བ་མེད་པ་བུམ་པ་ཅན་གྱི་གནས་སྐབས་ དུས་ཇི་ཙམ་བར་དུ་འཆིང་བར་འདོད་པ་དེ་སྲིད་དུ་འཆིང་ནུས་ཤིང༌། རླུང་ཕྱི་ནང་དུ་འགྲོ་འོང་ བྱེད་པར་འདོད་ན་ཡང་བྱས་པས་ཆོག་པ་རླུང་ལ་དབང་ཐོབ་ཐོབ་ཀྱི་བར་དུ་བསྒོམ་པར་བྱ་སྟེ། གོང་དུ་དྲངས་པ། དེ་ནས་རྩའི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པ་དག་ ཀྱང་བྱེད་པ་སྟེ། །ཕྱི་ནས་ཟླ་བ་ངེས་པར་འགོག་པ་བཟའ་བཞིན་བྱེད་དེ་བྱང་ཆུབ་སེམས་ནི་ རྣལ་འབྱོར་པ་ཡིས་སོ། །ཞེས་གསུངས་པ་ལྟ་བུར་གྱུར་གྱི་བར་དུ་བསྒོམ་པར་བྱའོ། ། བཞི་པ་འཛིན་པ་ཇི་ལྟར་སྒོམ་པའི་ཚུལ་ལ། སྒོམ་པའི་གནས་ཀྱི་ངེས་པ་དང༌། ལུས་ 6-1-343 གནད་འདུག་སྟངས་ཀྱི་ངེས་པ་དང༌། ལྟ་སྟངས་ཀྱི་ངེས་པ་དང༌། སྒོམ་ཚུལ་གྱི་ངེས་པ་དང་ བཞི་ལས། དང་པོ་གསུམ་ནི། སྲོག་རྩོལ་གྱི་སྐབས་ཇི་ལྟ་བ་བཞིན་དུ་བྱ་ཞིང༌། སྒོམ་ཚུལ་གྱི་ ངེས་པ་ལ་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བྱེད་དྲག་རླུང་སྲོག་ཐུར་བསྲེ་བའི་སྦྱོར་བས་བདུད་ དང་ཉོན་མོངས་བཅོམ་པའི་འཆི་མེད་སྒྲུབ་པ་དང༌། འཆི་མེད་སྒྲུབ་པའི་ཡན་ལག་ཏུ། ལྕེ་ གསུམ་བསྐྱོད་པའི་སྦྱོར་བས་ནང་བདུད་རྩིའི་བཅུད་མྱང་ཞིང་བཏུང་བས་ནད་མེད་སྒྲུབ་པ་ གཉིས་ལས། དང་པོ་ལ། སྲོག་དང་ཐུར་སེལ་ཇི་ལྟར་བསྲེ་བའི་ཚུལ་ནི། ལུས་རྩའི་འདུག་སྟངས་ གཡོན་རླུང་རྒྱུ་ན་གཡོན་རོལ་ཀྱི་འདུག་སྟངས་བཅས་ནས། [རྟིང་{གཏིང་}པ་གཡས་པས་ འོག་སྒོ་དགག བརླ་གཡས་པ་དང་བྱིན་པའི་བར་དུ་རྡོ་རྗེ་བཅུག་པ་བསྡམས། གཡས་རླུང་ རྒྱུ་ན་དེ་ལས་བཟློག་པ་བྱ་ཞེས་གསུང་ཡང༌། འདིར་རླུང་དབུ་མ་ནས་རྟག་པར་རྒྱུ་བའི་དུས་ ཡིན་པས་ཕྱིར་ལུས་གནད་དེ་ལྟ་བུ་གང་ཡང་རུང་བ་བྱ་ཡི། རླུང་གཡས་གཡོན་དུ་རྒྱུ་བ་དང་ སྦྱར་མི་དགོས་སོ། །ཡང་ན་ལུས་གནད་དང་ཕྱག་རྒྱ་ལྟ་སྟངས་བུམ་པ་ཅན་གྱི་སྐབས་ཇི་ལྟ་བ་ བཞིན་བྱའོ། །ངག་རླུང་གི་སྦྱོར་བ་ནི། སྟེང་དུ་སྲོག་རླུང་རྒྱུན་དུ་མ་བཅིངས་ན། འོག་ཏུ་ཐུར་ སེལ་མི་འགག་པས་འཛིན་པ་མི་ཐོབ་ལ། སྟེང་དུ་སྲོག་རླུང་རྒྱུན་དུ་འཆིང་ན་འོག་ཏུ་ཐུར་སེལ་ འགགས་པས་རིལ་བ་ཞབས་ཚགས་ཅན་བཞིན་དུ་བྱང་སེམས་འཛིན་འདྲེན་གྱི་ནུས་པ་ཐོབ་ པར་འགྱུར་བས་སྟེང་དུ་སྲོག་རླུང་བཅིང་པའི་སྒོ་ནས་སྲོག་ཐུར་སེལ་བསྲེ་བའི་སྦྱོར་བ་བྱ་བ་ ནི། འོག་སྒོ་དྲག་ཏུ་སྟེང་དུ་འཐེན་ཏེ་ཕྱི་རླུང་ཧཱུཾ་རིང་གིས་རིང་དུ་བུས་ནས་ནང་རླུང་ཧཱུཾ་ཐུང་གིས་ སྲོག་ཐུར་སེལ་འདྲེས་པར་གསང་གནས་སུ་ནོན་པར་མནན། གསང་རླུང་ཧཱུཾ་གིས་(ངག་ཏུ་མི་ བརྗོད་པར་ཡིད་ལ་དྲན་པ་ཙམ་བྱས་ནས་)དྲག་ཏུ་འཐེན་ཏེ་མིག་དང་ལྕེ་དང་ལྟེ་བ་གྱེན་དུ་བཟློག ཕཊ་ ཀྱིས་འོག་ཏུ་དྲག་ཏུ་མནན་ནས་ལྟེ་བ་ཕྱིར་འཕུལ་བ་ལན་འགའ་བྱས་ནས་སླར་ཡང་ཕྱི་རླུང་ཧཱུཾ་ 6-1-344 རིང་གིས་འབུད་དོ། །རྩ་རྒྱུད་ལས་རྣལ་འབྱོར་པ་དེས་ཧཱུཾ་ཕཊ་བྱ། ཞེས་གསུངས་པའི་དགོངས་ པར་བཞེད་དོ། །<སྟེང་རླུང་འོག་ཏུ་མནོན་པ་འོག་རླུང་སྟེང་དུ་འགྲོངས་པ། བར་རླུང་ཕྱིར་འཐོན་པ་ལྟོ་བ་ལྡིར་བ་ཡིན་ ནམ་སྙམ་པར་བྱས་པས་ལྟེ་བར་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་རོ། །ཀུན་སྤངས་ཀྱིས་སོ། །>དེ་ལྟར་སྲོག་དང་ཐུར་ སེལ་བསྲེས་ནས་འཛིན་པའི་ཡན་ལག་བསྒོམ་པ་དངོས་ནི་བདེ་མཆོག་སྟོད་འགྲེལ་དུ་ འདུས་པ་ཕྱི་མའི་ལུང་དྲངས་ནས་བཤད་པ་མཛད་པ། དེ་སྐད་འདུས་པ་ཕྱི་མར་བཅོམ་ལྡན་ འདས་ཀྱིས་གསུངས་པ༑ རིན་ཆེན་ལྔ་ཡི་རང་བཞིན་དབུགས། །སངས་རྒྱས་ལྔ་ཡིས་བྱིན་ བརླབས་པ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ། །ཞེས་པ་ སྟེ། འདིར་རིན་ཆེན་ལྔ་ཡི་སྒྲས་ར་ས་ནཱ་དཀྱིལ་འཁོར་ལྔའི་ཆོས་ཅན་པ་ལ་སོགས་པ་ཁམས་ ལྔ་པོ་རྣམས་སོ། །དེའི་རང་བཞིན་གྱི་དབུགས་ནི་རིན་ཆེན་ལྔའི་དབུགས་ཏེ་སྣ་བུག་གཡས་ པ་ལའོ། །དེ་བཞིན་དུ་སངས་རྒྱས་ལྔ་ནི་ལ་ལ་ནཱ་དཀྱིལ་འཁོར་ལྔའི་ཆོས་ཅན་རྣམ་པར་ཤེས་ པ་ལ་སོགས་པའི་ཕུང་པོ་ལྔ་བོ་རྣམས་སོ། །དེས་བྱིན་གྱི་བརླབས་པའི་དབུགས་ནི་སྣ་བུག་ གཡོན་པ་ལའོ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི་ཞེས་པ་འདིར་གོང་བུ་ནི་གཡས་པ་ དང་གཅིག་ཤོས་ཀྱི་དཀྱིལ་འཁོར་རྣམས་ཀྱི་སྲོག་གི་རླུང་དབུ་མ་ཨ་བ་དྷུ་ཏིར་གཅིག་པ་ཉིད་ དོ། །དེ་ཡང་སྲོག་གི་རླུང་གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་ བྱ། །ཞེས་པ་འདིར་སྣའི་སྒྲས་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་ གྱི་པད་མའི་ལྟེ་བ་བརྗོད་དེ། དེའི་རྩེ་མོར་བསྒོམས་པ་ནི་སྣའི་རྩེ་མོར་བསྒོམ་པ་སྟེ། ལྟེ་བ་ རྣམས་ཀྱི་དབུས་གཡས་པ་དང༌། གཅིག་ཤོས་ཀྱི་པད་མའི་འདབ་མ་གནས་པ་ལའོ། །དེ་ལྟར་ དེ་རྣམས་ཉིད་ཀྱིས་ཐིག་ལེའི་གནས་སུ་གོང་བུའི་གཟུགས་ཀྱིས་སྲོག་འགགས་པ་དེ་ནི་འཛིན་ པར་བརྗོད་དོ། །ཞེས་དང༌། རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་པ་ལས། འཆི་ལྟས་མཚན་ ཉིད་ཤེས་བྱས་ནས། །སྲོག་ནི་ཐིག་ལེར་གཞུག་པར་བྱ། །ཞེས་པའི་འགྲེལ་པ་བླ་མ་ནཱ་རོ་ 6-1-345 པས་མཛད་པར། དེ་བཞིན་དུ་དཀྱིལ་དཀྲུང་བཅས་ནས་ཐིག་ལེར་ཏཻ་དཔྲལ་བར་གནས་པའི་ པད་མ་འདབ་མ་བཅུ་དྲུག་པ་དཀར་པོའི་དབུས་སུ་སྲོག་རྩོལ་སྔོན་དུ་འགྲོ་བས་སེམས་གཞུག་ པར་བྱའོ། །སྲོག་ནི་ཐིག་ལེར་གཞུག་པར་བྱ། །ཞེས་པ་འདི་ནི་གཙོ་བོར་འཛིན་པའི་མཚན་ ཉིད་དེ། དེ་ཉིད་ཀྱང་གཙོ་བོར་འཆི་ལྟས་སླུ་བའི་ཐབས་སོ། །ཞེས་དང༌། སློབ་དཔོན་ཉི་མ་ དཔལ་ཡེ་ཤེས་ཀྱིས་ཀྱང༌། འཛིན་པ་ནི་གསང་པ་དང་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་ དཔྲལ་བར་འགྲོ་བ་དང་འོང་བའི་སྒོ་ཡིས་ཐིག་ལེ་ལ་དབུགས་འགོག་པའི་མཚན་ཉིད་ཅན་ ནོ༑ ༑ཞེས་གསུངས་པས་སྲོག་ཐུར་སེལ་གཅིག་ཏུ་འདྲེས་པར་གྱུར་པའི་རླུང་ལྟེ་བའི་དབུས་ ནས་འཁོར་ལོ་ལྔའི་ལྟེ་བ་དབུ་མའི་ནང་དུ་ཞུགས་ཏེ་གཙུག་ཏོར་གྱི་བར་དང༌། དེ་ནས་རྩ་དབུ་ མ་དཔྲལ་བའི་{འཁོར་ལོའི་}བར་དུ་མར་གུག་པ་བཞིན་རླུང་ཡང་དཔྲལ་བའི་འཁོར་ལོའི་ བར་དུ་སོན་ནས། དེ་ནས་ཕྱིར་འགྲོ་བ་མེད་པར་སླར་ལོག་སྟེ་ལྟེ་བའི་བར་དུ་འོང་ཞིང་ལྟེ་བ་ ནས་སྟེང་དང་འོག་ཏུ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་གང་བར་བྱས་ཏེ་རླུང་ འགྲོ་འོང་མེད་ཅིང་སེམས་སྟོང་པ་ཉིད་ཀྱི་གཟུགས་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ བསྒོམ་པ་ནི་འཛིན་པའི་ཡན་ལག་སྟེ་སྔར་གྱི་བུམ་པ་ཅན་ཤིན་ཏུ་བརྟན་པར་གྱུར་པ་ཉིད་ འཛིན་པའི་ཡན་ལག་ཡིན་ནོ། །སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ཀྱིས། རིམ་པས་རླུང་རྣམས་ མེད་པ་ལས་ཐིག་ལེ་རྣམས་ལ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལ་སེམས་ཀྱི་གཞོན་པ་སྲོག་ གི་རླུང་སྟོང་པ་ཉིད་དུ་རོ་གཅིག་པ་ཉིད་ནི་འཛིན་པའོ་ཞེས་གསུང་བར་འགྱུར་རོ། །ཞེས་པ་ འཛིན་པའི་ཡན་ལག་གི་དོན་དུ་བཞེད་དོ། །སྲོག་དང་ཐུར་སེལ་མ་འདྲེས་ན་སྤོགས་པའི་ཆོ་ ག་ནི། སྔར་གྱི་དེ་ཉིད་གཞིར་གཞག་པ་ལ། ཁུ་ཚུར་སྙིང་ཁར་བསྣོལ། རྐང་པ་གཉིས་མདུན་ དུ་བསྣོལ་བའི་མཐིལ་[གཏན་{བསྟན་}ལ་ཕབ་པ། ཙོག་པུར་བསྡད་པ་ལས་གསང་རླུང་ཧཱུཾ་ གིས་སྟེང་དུ་འཐེན་པའི་ཚེ་ལྡང་ཞིང་ཕཊ་ཀྱིས་མནན་ཏེ་འཕུལ་བའི་ཚེ་བསྡད་དོ། །ཧཱུཾ་ཕཊ་ 6-1-346 ཀྱང་ངག་ཏུ་མི་བརྗོད་པར་ཡིད་ཀྱིས་སྒོམ་པ་ཙམ་བྱེད་པ་གསང་རླུང་གི་དོན་ནོ། ། གཉིས་པ་བདུད་རྩིའི་བཅུད་མྱང་ཞིང་བཏུང་བས་ནད་མེད་སྒྲུབ་པ་ནི། གོང་གི་སྙན་ བརྒྱུད་རྡོ་རྗེའི་ཚིག་དྲུག་པ་སྟེ། འདིར་ཡང་དེ་ཉིད་བྱས་པས་ཆོག་གོ། བཞི་པ་བསྒོམས་པའི་རྟགས་ཚད་ལ། ཉམས་རྟགས་ཇི་ལྟར་འཆར་བའི་ཚུལ་ནི། སྟོང་ གཟུགས་དང་གཞོམ་མེད་ཀྱི་སྒྲའི་སྣང་བ་འུར་ལངས་པ་དང༌། རེས་འགའ་སྟོང་པའི་ཉམས་ ཤས་ཆེན་པོ་འབྱུང་སྟེ་དེ་དག་གང་ལ་ཡང་སྐྲག་པ་མི་བྱ་བར་ཉམས་བྱུང་རྒྱལ་དུ། བརྐྱང་པའི་ གནད་ལ་མཁས་པར་བྱ་ཞིང༌། སྲོག་དང་ཐུར་སེལ་གྱི་རླུང་ལྟེ་བར་འཐབ་པས་གཏུམ་མོའི་ མེ་འབར་ནས་ཟོས་འཐུང་ཇི་ཙམ་བྱས་པ་ཐམས་ཅད་ཀྱི་སྙིགས་མ་གཏུམ་མོའི་མེས་བསྲེགས་ པས་དྲི་ཆེན་དྲི་ཆུ་མི་འཛག་ཅིང་ནད་དུ་མི་འགྱུར་བ་དང་དྭངས་མ་མི་འཛག་པས་ལུས་ཀྱི་ སྟོབས་དང་མདངས་འཕེལ་ཞིང་དུས་མ་ཡིན་པར་འཆི་བའི་འཇིག་པ་ལས་ཀྱང་གྲོལ་ཏེ། སྙན་ བརྒྱུད་ལས། མ་ཟོས་བཀྲེས་མེད་ཟོས་ཀྱང་འཇུ། །ཐུར་སེལ་མི་འཛག་བདེ་བ་འཛག །སྒྱུ་ འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ལུས་ཡང་ལ་སོགས་མི་རྟོག་བདེ། །ཞེས་དང༌། ཚེ་རིང་ནད་མེད་ ཁམས་ཆ་སྙོམས། །ཞེས་གསུངས་སོ། །འཛིན་པའི་ཡན་ལག་འདི་ཚད་མ་གང་ཡིན་པའི་ཚུལ་ ནི། སྲོག་རྩོལ་དང་འདྲ་སྟེ། སྙན་བརྒྱུད་ལས། དེ་ཡང་ཡིད་ཀྱི་མངོན་སུམ་མོ། །ཞེས་སོ། ། ལྔ་པ་དག་བྱ་དང་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི། སེམས་ཅན་ཐམས་ ཅད་ལ་གདོད་མ་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་ཚོར་བའི་ཕུང་པོ་ གཞན་རྒྱལ་བ་རིན་ཆེན་འབྱུང་ལྡན་ལ་སོགས་པ་མེ་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་ བྱ་ནི། མ་དག་པ་འཁོར་བ་པའི་ཚོར་བའི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག་ཡིན་ཞིང༌། དག་བྱེད་ནི། རྒྱལ་བ་རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་ཏིང་ངེ་འཛིན་ནི་འཛིན་པའི་ཡན་ལག་ སྟེ་འདི་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་ཞེས་བཞེད་དོ། །དག་བྱེད་ལ་དབྱེ་ན་སྲོག་གི་ 6-1-347 འཛིན་པ་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་པད་མ་རྣམས་ཀྱི་ ལྟེ་བ་དབུ་མ་ལ་ལྟེ་བའི་དབུས་ནས་གཙུག་ཏོར་གྱི་པད་མའི་དབུས་དང༌། དེ་ལས་ཀྱང་མཛོད་ སྤུའི་བར་དུ་འགྲོ་བ་དང་སླར་ཡང་ལྟེ་བའི་བར་དུ་འོང་བའི་དབྱེ་བས་རྣམ་པ་བཅུ་སྟེ། རྒྱུད་ཀྱི་ རྒྱལ་པོ་དང་འགྲེལ་པ་ལས། སླ་ཡང་རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ། །ཞེས་པ་ ནི་ཚོར་བའི་ཕུང་པོ་སྟེ་སྲོག་གི་འཛིན་པ་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་ གཙུག་ཏོར་གྱི་པད་མ་ལ་འགྲོ་བ་དང་འོང་བའི་དབྱེ་བས་རྣམ་པ་བཅུའོ། །ཞེས་གསུངས་སོ། ། དྲུག་པ་སྒོམ་པས་ཐོབ་པའི་འབྲས་བུ་ནི། །རྒྱུད་ཀྱི་རྒྱལ་པོ་ལས། བདུད་དང་ཉོན་མོངས་ ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། ། ཞེས་དང༌། དེའི་འགྲེལ་པར། སྟོང་པ་ཉིད་ཀྱི་གཟུགས་གཟུང་བའི་སེམས་ལ་འཇུག་པར་ འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། ཞེས་པ་ནི། སྲོག་འགྲོ་བ་དང་འོང་བ་ཟད་པས་གཅིག་ ཏུ་འདྲེས་པར་གྱུར་པས་སོ། །ཞེས་གསུངས་ཏེ། གནས་སྐབས་ཀྱི་འབྲས་བུ་ནི་དབུགས་འགྲོ་ འོང་ཟད་པའི་སྟོབས་ཀྱིས་རྣལ་འབྱོར་པའི་སེམས་སྟོབས་བཅུའི་བདག་ཉིད་སྟོང་གཟུགས་ དང་གཅིག་ཏུ་འདྲེས་པ་ལྟ་བུར་འགྱུར་ཞིང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཏུ་ མ་ཐོབ་ཅིང༌། མཐར་ཐུག་གི་འབྲས་བུ་རྣལ་འབྱོར་པའི་སྒྲིབ་བཅས་ཀྱི་ཚོར་བའི་ཕུང་པོ་དང་ མེའི་ཁམས་ལ་སོགས་པ་འགགས་ནས། གཞི་ལ་གདོད་མ་ནས་བཞུགས་པའི་ཚོར་བའི་ཕུང་ པོ་གཞན་རྒྱལ་བ་རིན་ཆེན་འབྱུང་ལྡན་<དང་>ལ་སོགས་པ་(མི་ཡི་ཁམས་གཞན་གོས་དཀར་མོ་དང༌། མིག་གི་དབང་པོ་གཞན་བྱང་སེམས་པའི་སྙིང་པོ་དང༌། ཡུལ་གཞན་སེམས་མ་རོ་རྡོ་རྗེ་མ་དང༌། ལས་དབང་ལག་པའི་དབང་པོ་ གཞན་ཁྲོ་བོ་ཤེས་རབ་མཐར་བྱེད། ལས་དབང་གི་བྱ་བ་འགྲོ་བ་གཞན་ཁྲོ་མོ་རྨུགས་བྱེད་མ་སྟེ་)དྲུག་ཚན་གཅིག་སྒྲིབ་ པ་དང་བྲལ་བར་གནས་གྱུར་པའི་འབྲས་བུ་ཐོབ་པར་འགྱུར་རོ། །འདིར་སྲོག་འཛིན་གྱི་ཡན་ ལག་ལ། མན་ངག་གཞན་གྱི་ལུགས་ཅི་རིགས་པའང་ཡི་གེར་བཀོད་ཡོད་མོད་ཀྱི་གཙོ་བོར་ 6-1-348 པཎ་ཆེན་ཤཱཀྱ་ཤྲི་ནས་བརྒྱུད་པའི་མན་ངག ཆོས་རྗེ་ཀུན་སྤངས་ཆེན་པོ་ཡབ་སྲས་རྣམས་ ཀྱི་ཕྱག་ལེན་གྱི་མན་ངག་བཞིན་ཉམས་སུ་བླང་བར་བྱའོ། །དེ་དག་ནི་སྙན་བརྒྱུད་ལས། ཉེ་ བར་སྒྲུབ་པ་ཞེས་བཤད་དེ། །དེ་གཉིས་བར་དུ་དགེ་བའོ། །ཞེས་གསུངས་པའོ། །སྲོག་རྩོལ་ དང་འཛིན་པ་ཉེ་བར་སྒྲུབ་པའི་ཡན་ལག་སྲོག་རླུང་དབུ་མར་གཡོ་མེད་དུ་དབང་དུ་བྱེད་པའི་ མན་ངག་གིས་རིག་པ་[བདེ་{འོད་}གསལ་རྣམ་པར་མི་རྟོག་པའི་ཏིང་འཛིན་ལ་དབང་བསྒྱུར་ བ་གསུང་རྡོ་རྗེའི་རྣལ་འབྱོར་བར་དུ་དགེ་བའི་ཁྲིད་ཡིག་ཆོས་རྗེ་ཡབ་སྲས་གོང་མ་རྣམས་ཀྱི་ ཞལ་གྱི་གདམས་པ་རྒྱུད་འགྲེལ་ཆེན་པོའི་ལུང་རྣམ་པར་དག་པ་དང་ཉེ་བར་སྦྱར་ཞིང་ཞལ་ ཤེས་སུ་མཛད་པ་རྣམས་ཀྱང་ཅུང་ཟད་གསལ་བར་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ་དགེ་ སློང་ཆོས་ཀྱི་རྒྱལ་བོ་མིང་གཞན་ཕྱོགས་ལས་རྣམ་རྒྱལ་གྱིས་རྣམ་པར་སྦྱར་བ་རྫོགས་སོ།། །། དགེ་འདིས་འགྲོ་བ་ཀུན་གྱི་ཉི་ཟླ་ཡི། །རྒྱུ་བ་རྣམ་ཉམས་ལས་སྣང་འགགས་གྱུར་ནས། །རྡོ་ རྗེ་ཉི་ཟླའི་སྣང་བ་རབ་གསལ་བས། །སྟོང་གཟུགས་ཆོས་སྐུ་མཁའ་ཁྱབ་མངོན་གྱུར་ཤོག། སྙན་བརྒྱུད་བཀའ་རྒྱ་ཅན་ཞལ་ཤེས་ཀྱི་གནད་ཟབ་མོ་དང་བཅས་པ་ཅུང་ཟད་གསལ་བར་ ཡི་གེར་བཀོད་པ་ཡིན་པས། དཔལ་ལྡན་བླ་མ་དམ་པའི་ཞལ་གྱི་བདུད་རྩི་ལེགས་པར་མནོས་ པའི་རྣལ་འབྱོར་པ་མ་ཡིན་པའི་གང་ཟག་གི་ལག་ཏུ་འཁྲིད་ཡིག་མི་འཕྱན་པར་ལེགས་པར་ སྦ་བར་བྱ་ཞིང་ཤིན་ཏུ་གསང་བ་ལས་ཀྱང་གསང་བའི་རྒྱས་གདབ་པོ། །ཨོཾ་ཨཱཿ་ཧཱུྃ་ཧོཿ ཧཾ་ཀྵཿ། མཾ་ག་ལཾ་བྷ་ཝ་ཏུ། ཤུབྷཾ། མ་ཡིག་ནི་འབྲས་དཔེ་རྙིང་ཕྱི་ཀ༢༨༨ དང༌། ཕྱི་ཀ༡༤༨ གཉིས་ཡིན། གོར་རྟགས་འདི་ཕྱི་ཀ༢༨༨ཁོ་ན་ལ་ཡོད། [ ] གོར་རྟགས་འདི་ཕྱི་ཀ༡༤༨ཅན་ཁོ་ན་ལ་ཡོད། { } གཞུང་ཚིག་ཕན་ཚུན་མི་འདྲ་བས་སྔོན་མ་ཕྱི་ཀ༢༨༨ དང་ཕྱི་མ་ཕྱི་ཀ༡༤༨ ཡིན་པས་འདེམས་དགོས། [ { } མཆན་ནི་ཕྱི་ཀ༢༨༨གཞིར་བཞག་དང་ཕྱི་ཀ༡༤༨གཉིས་ཀ་ཕན་ཚུན་མཉམ་པ་ལ་རྟགས་འདི་ཡིན། ( ) 6-1-349 མཆན་ནི་ཕྱི་ཀ༡༤༨ཁོ་ན་ལ་ཡོད་པའི་རྟགས་དམར་པོ་འདི་ཡིན། 6-1-350 ༄༅། །ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ཐ་མར་ དགེ་བའི་ཁྲིད་ཡིག་ བཞུགས། ༄༅། །ཨོཾ་ཨཱཿཧཱུྃ་ཧོཿ ན་མོ་གུ་ར་ཝེ། ན་མཿཤྲཱི་ཀ་ལ་ཙཀྲཱ་ཡ། ཆགས་དང་ཆགས་བྲལ་ ཕྱོགས་གཉིས་དང་བྲལ་ཞིང༌། །ཡོད་དང་མེད་སོགས་མཐའ་བཞི་ལས་འདས་པ། །སྐུ་གསུང་ ཐུགས་དང་ཡེ་ཤེས་ཐིག་ལེ་རྣམས། །འཕོ་མེད་བདེ་ཆེན་སྐུ་ལ་ཕྱག་འཚལ་ཏེ། །སྒྲུབ་པ་དང་ ནི་སྒྲུབ་པ་ཆེན་པོ་ཡི། །ཡན་ལག་རྗེས་སུ་དྲན་དང་ཏིང་ངེ་འཛིན། །ཐུགས་དང་ཡེ་ཤེས་རྡོ་རྗེའི་ རྣལ་འབྱོར་དག །རབ་གསལ་ཐ་མར་དགེ་བའི་ཁྲིད་རིམ་བྲི། ། གསུམ་པ་རྗེས་དྲན་སྒྲུབ་པའི་ཡན་ལག་ཐུགས་རྡོ་རྗེའི་རྣལ་འབྱོར་དང༌། ཏིང་ངེ་འཛིན་ སྒྲུབ་པ་ཆེན་པོའི་ཡན་ལག་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཐ་མར་དགེ་བའི་ཁྲིད་ལ་གཉིས་ཏེ། རྗེས་སུ་དྲན་པ་སྒྲུབ་པའི་ཡན་ལག་གཏུམ་མོ་དང་ཐིག་ལེའི་རྣལ་འབྱོར་ཐུགས་རྡོ་རྗེའི་རྣལ་ འབྱོར་དང༌། ཏིང་ངེ་འཛིན་སྒྲུབ་པ་ཆེན་པོའི་ཡན་ལག་བྱང་སེམས་ཐིག་ལེ་ཇི་ལྟར་བྱོན་པ་དེ་ བཞིན་སྟེང་དུ་གཤེགས་པར་བྱེད་པ་ཡེ་ཤེས་རྡོ་རྗེ་ཕྲ་མོའི་རྣལ་འབྱོར་རོ། ། དང་པོ་ལ་དྲུག་སྟེ། རྗེས་དྲན་གྱི་མཚན་དོན། བསྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ ཡན་ལག སྒོམ་པའི་རྟགས་ཚད། དག་བྱ་དང་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་ འབྲས་བུའོ། ། 6-1-351 དང་པོ་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྒྲུབ་ཐབས་ཀྱི་ལེའུ་ལས། གཏུམ་མོའི་ སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། ཞེས་པའི་འགྲེལ་བར། གཏུམ་མོའི་སྣང་བ་གང་ཞིག་སྲིད་པ་གསུམ་གྱི་ནམ་མཁའ་ལ་གྱུར་ བ་དེ་ནི་རྗེས་སུ་དྲན་པ་སྟེ་རྣམ་པ་བཅུར་སྔར་གསུངས་སོ། །ཞེས་པའི་དོན་སྲོག་ཐུར་སེལ་ལྟེ་ བར་གཅིག་ཏུ་སྦྱོར་ཞིང་དབུ་མར་ཡེ་ཤེས་ཀྱི་རླུང་གཡོ་མེད་དུ་གནས་པའི་གཏུམ་མོའི་སྣང་བ་ ཞེས་པ་རང་གི་ལུས་སྟོང་གཟུགས་འོད་ཀྱི་དཀྱིལ་འཁོར་གྱི་རྣམ་པར་སྣང་ཞིང་བ་སྤུའི་ཁུང་བུ་ རྣམས་ནས་འོད་ཟེར་ལྔ་སྲིད་གསུམ་ཀུན་ནས་དྭངས་བའི་རྣམ་པ་ཅན་གྱི་ནམ་མཁའ་ལ་འཕྲོ་ བར་སྣང་ཞིང་ལྟེ་བའི་གཏུམ་མོའི་མེས་སྤྱི་བོའི་ཧཾ་ཡིག་ཟླ་བའི་ཐིག་ལེ་[ཞུ་{བཞུ་}བ་ལས་ དབུ་མའི་རྩ་ལ་ཐིག་ལེ་འབབ་པའི་བདེ་བ་རྗེས་སུ་དྲན་པའམ་རང་གི་འདོད་པའི་ལྷ་སྟོང་ གཟུགས་ལ་རྗེས་སུ་ཆགས་པས་ན་རྗེས་སུ་དྲན་པ་ཞེས་བྱ་སྟེ། འདོད་པའི་གནས་སྐབས་རྣམ་ པ་བཅུ་ཉམས་སུ་མྱོང་བའོ། །རྒྱུད་ཕྱི་མ་ལས་ཀྱང༌། རྗེས་སུ་དྲན་པས་མཁའ་ལ་རི་བོང་ཅན་ བཞིན་རང་གི་གཟུགས་ལས་འོད་ཟེར་ཆེན་པོ་ངེས་པར་རྒྱུ། །ཞེས་དང༌། བདེ་མཆོག་སྟོད་ འགྲེལ་ལས་ཀྱང༌། དེ་ནས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་མཐོང་བ་སྟེ་ གཟུགས་བརྙན་གྱི་རྣམ་པ་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ལས་འོད་ཟེར་དུ་མ་འཕྲོ་བའི་ རང་བཞིན་འོད་ཀྱི་དཀྱིལ་འཁོར་ཏེ་དེ་ལས་རྣམ་པ་དུ་མ་འཕྲོ་བའི་གཟུགས་ཁམས་གསུམ་པ་ འཕྲོ་བ་ཞེས་པ་རྗེས་སུ་དྲན་པའི་ཡན་ལག་ཏུ་བརྗོད་དོ། །ཞེས་གསུངས་སོ། །འབྲོ་བའི་ཆོས་ རྗེ་གོང་མ་དག་ནི་དཔེར་ན། ལྟོགས་ན་ཟས་དང་སྐོམ་ན་བཏུང་བ་ལ་སོགས་པ་དྲན་པ་ལྟར་ དུས་མེར་སྲོག་རླུང་ཞུགས་པའི་སྟོབས་ཀྱིས་ལྟེ་བར་གཏུམ་མོའི་མེ་འབར་བས་སྤྱི་གཙུག་གི་ ཧཾ་[བཞུ་{ཞུ་}བའི་བྱང་སེམས་དུས་མེར་འཛག་པའི་བདེ་བ་སྐྱེས་པའི་རྗེས་སུ་ཕྱག་རྒྱ་དྲན་ པས་ན་རྗེས་དྲན་ཞེས་གསུང་ངོ༌། ། 6-1-352 གཉིས་པ་བསྒོམ་པའི་དུས་འཚམས་ནི། ལྟེ་བའི་སྟེང་དུ་སྲོག་གི་རླུང་དབུ་མར་གཡོ་མེད་ དུ་གནས་ཤིང་འོག་ཏུ་ཐུར་སེལ་གྱི་རླུང་དུང་ཅན་མར་གཡོ་མེད་དུ་གནས་པས་ལྟེ་བར་སྲོག་ ཐུར་སེལ་གཅིག་ཏུ་སྦྱོར་བའི་ཡེ་ཤེས་ཀྱི་རླུང་རྩའི་འཁོར་ལོ་ཐམས་ཅད་དུ་ཁྱབ་ཅིང་རླུང་ཕྱི་ ནང་དུ་འགྲོ་འོང་མེད་པ་བུམ་པ་ཅན་གྱི་གནས་སྐབས་དུས་ཇི་ཙམ་དུ་འཆིང་བར་འདོད་པ་ དེ་སྲིད་དུ་འཆིང་བར་ནུས་པ་རླུང་ལ་དབང་ཐོབ་ཅིང་དེའི་སྟོབས་ཀྱིས་བྱང་སེམས་ཐིག་ལེ་ འཛིན་འདྲེན་ཇི་ལྟར་འདོད་པ་བཞིན་བྱེད་ནུས་པ་རླུང་སེམས་ལ་དབང་ཐོབ་པ་འཛིན་པའི་ ཡན་ལག་ཤིན་ཏུ་བརྟན་པར་གྱུར་བ་ན་རྗེས་དྲན་གྱི་ཡན་ལག་བསྒོམ་མོ། །སྙན་བརྒྱུད་ལས། འདུ་ཤེས་ཡེ་ཤེས་རླུང་རྒྱུའི་དུས། །ཞེས་གསུངས་པའི་དགོངས་པ་ཡང་འདི་ཡིན་པར་གསལ་ ལོ། ། གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ། རྗེས་དྲན་བསྒོམ་པའི་གནས་དང༌། རྗེས་དྲན་བྱ་ བའི་ཡུལ་དང༌། རྗེས་དྲན་བསྒོམ་པའི་དགོས་པ་དང༌། རྗེས་དྲན་དུས་ཇི་ཙམ་བར་དུ་བསྒོམ་ པ་དང༌། རྗེས་དྲན་ཇི་ལྟར་བསྒོམ་པའི་ཚུལ་དང་ལྔའོ། ། དང་པོ་ནི། རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ལེའུ་ལས། འགྱུར་བ་མེད་པའི་བདེ་བའི་འབྲས་ སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང༌། །མི་གཙང་བ་དང་ གཙང་བའི་གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་ཐམས་ཅད་དུ་ནི་དུས་ཀུན་ཏུ། །ཤིན་ཏུ་དགའ་ བའི་དགའ་བ་ལ་གནས་འཇིག་རྟེན་ལམ་ལས་རབ་གྲོལ་རིགས་དང་རིགས་མིན་མངོན་སྤྱོད་ ཅིང༌། །ལུས་སྟོབས་བདེ་སྟེར་བཟའ་བ་བཏུང་པ་ལ་སོགས་ལོངས་སྤྱོད་དང་ལྡན་རྣལ་འབྱོར་ རྣམས་ཀྱིས་བསྒོམ་པར་བྱ། །ཞེས་གསུངས་ཏེ། འདིས་ནི་རྗེས་དྲན་བསྒོམ་པའི་གནས་དང་ གང་ཟག་གཉིས་ཀ་བསྟན་ནོ། །དེ་ལ་ཕྱག་རྒྱ་བཞི་ནི། སྒྲུབ་ཐབས་ཀྱི་ལེའུ་(སྦྱིན་བྱའི་ཕྱག་རྒྱ་བཞི་) ལས། སྨད་འཚོང་དམ་པ་(ནི་སྐྱེས་པ་ཀུན་ལ་བསྙེན་བཀུར་གྱི་ལས་བྱེད་པ་)ལས་ཀྱི་ཕྱག་རྒྱར་འགྱུར་ཞིང་ 6-1-353 གསང་(དགོས་)བའི་མི་མོ་(སྐྱེས་པ་)གཞན་གྱི་བུད་མེད་(ནི་གསང་དགོས་པ་)དམ་ཚིག་(གི་ཕྱག་རྒྱ་) སྟེ། །རང་དབང་(བ་རང་གི་བུ་མོ་ནི་གཞན་གྱི་དབང་མ་བྱས་པས་)ཆོས་ཀྱི་ཕྱག་རྒྱ་<སྟེ་>ཡུལ་ནི་མང་པོ་ ལ་དགའ་རང་གི་ཆུང་མ་(ནི་རང་གི་སེམས་དང་འདྲ་བས་)ཡེ་ཤེས་ཕྱག་རྒྱའོ། །(དེ་རྣམས་ཀྱི་ལོ་གྲངས་སྦྱར་ ན་)སྨད་འཚོང་དམ་པ་(ལས་ཀྱི་ཕྱག་རྒྱ་ནི་)བཅུ་གཉིས་ལོ་ལོན་(མ་སྟེ་)མཆོག་གི་བདེ་བ་ལ་དགའ་ གཞན་གྱི་བུད་མེད་(དམ་ཚིག་གི་ཕྱག་རྒྱ་ནི་)བཅུ་དྲུག་(ལོན་མའི་)ལོ། །རང་དབང་མཛེས་པའི་བུ་མོ་ (ཆོས་ཀྱི་ཕྱག་རྒྱ་ནི་)ཉི་ཤུའི་ལོ་ལོན་<མ་>དང་ནི་རང་གི་ཆུང་མ་(ཡེ་ཤེས་ཀྱི་ཕྱག་རྒྱ་ནི་)སུམ་ཅུའི་ལོ་ རུ་འགྱུར། །ཞེས་གསུངས་པའོ། ། གཉིས་པ་ནི། སྙན་བརྒྱུད་ལས། ཡུལ་ནི་བདེ་བ་ཉིད་ཡིན་ཏེ། །བདེ་བ་རྒྱུད་ལ་དྲན་པའོ། ། ཞེས་གསུངས་ཏེ། ལྟེ་བར་གཏུམ་མོའི་མེ་འབར་བས་སྤྱི་བོའི་བྱང་སེམས་ཐིག་ལེ་ཞུ་བའི་ རྒྱུན་འཁོར་ལོ་བཞིའི་ལྟེ་བར་འབབ་པའི་བདེ་བ་དགའ་བ་བཞི་ནི་རྗེས་དྲན་བྱ་བའི་ཡུལ་ལོ། ། གསུམ་པ་ནི། སྙན་བརྒྱུད་ལས། དེ་ནས་བདེ་བ་སྤེལ་སྦྱང་ཕྱིར། །རྗེས་སུ་དྲན་པའི་ཡན་ ལག་བསྒོམ། །ཞེས་གསུངས་པས། བྱང་སེམས་ཐིག་ལེའི་རྒྱུན་དཔྲལ་བ་ནས་རྡོ་རྗེ་ནོར་བུའི་ བར་དུ་བྱོན་པ་དེ་ཕྱིར་རོལ་ཏུ་མི་འཕོ་ཞིང༌། ཇི་ལྟར་བྱོན་པ་དེ་བཞིན་དུ་སྟེང་དུ་གཤེགས་པར་ བྱེད་པའི་དོན་{དུ་}བསྒོམ་པའོ། ། བཞི་པ་ནི། རྗེས་དྲན་གྱི་སྐབས་འདིར་བདེ་བ་སྐྱེ་བ་ལས་ཀྱི་ཕྱག་རྒྱ་ལ་བསྟེན་པར་ གསུངས་པས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་གཏུམ་མོའི་མེ་དཔྲལ་བའི་ཧཾ་ཡིག་བྱང་ཆུབ་ ཀྱི་སེམས་ཀྱི་ཐིག་ལེ་བཞུ་བ་ན། དང་པོ་ཐིག་ལེ་སླ་བའི་ངོ་བོ་རྡོ་རྗེ་ནོར་བུའི་བར་དུ་འཛག་ པའི་བགྲོད་པར་གནས་པ་ལས་ཐིག་ལེ་ཅུང་ཟད་བསྐ་བའི་ངོ་བོར་གྱུར་པ་གཡོ་བའི་བགྲོད་ པར་མ་གྱུར་གྱི་བར་དུ་རྗེས་དྲན་བསྒོམ་མོ། །དེ་ནས་ཐིག་ལེ་ཅུང་ཟད་བསྐ་བའི་ངོ་བོར་གྱུར་ 6-1-354 པ་གཡོ་བའི་[བསྒྲོད་{བགྲོད་}པ་དང༌། དེ་ལས་ཀྱང་ཐིག་ལེ་ཤིན་ཏུ་བསྐ་བའི་ངོ་བོར་གྱུར་ པའི་ཐིག་ལེ་མི་གཡོ་བའི་[བསྒྲོད་{བགྲོད་}པར་གྱུར་པ་ན། ལས་ཀྱི་ཕྱག་རྒྱ་དང་སྦྱོར་བའི་ རྗེས་དྲན་གྱི་རྣལ་འབྱོར་ངེས་པར་བསྒོམ་མི་དགོས་ཤིང༌། བདེ་བ་ཆེན་པོ་མྱུར་དུ་རྫོགས་པར་ བྱ་བའི་དོན་དུ་བསྒོམས་ཀྱང་འགལ་བ་མེད་དོ། །དེ་བཞིན་དུ་རྗེས་དྲན་གྱི་སྐབས་སུ་འདོད་ པའི་གནས་སྐབས་རྣམ་པ་བཅུ་འབྱུང་བར་འགྱུར་ཞིང༌། གནས་སྐབས་བཅུ་པོ་དེ་དག་པར་ གྱུར་གྱི་བར་དུ་རྗེས་དྲན་བསྒོམ་པར་བྱ་སྟེ། འདོད་པའི་གནས་སྐབས་བཅུ་ནི། རྒྱུད་ཀྱི་རྒྱལ་ པོ་ལས། (འདོད་པའི་གནས་སྐབས་བཅུ་ནི་དང་པོ་ཆགས་ཡུལ་ལ་)བསམ་(པ་)དང་(དེ་ནས་དེ་ལ་)འདོད་(པ་ དེ་)དང་(དེའི་དབང་གིས་)ལུས་ལ་རིམས་(ཏེ་དྲོད་སྐྱེ་བ་)དང་(དེའི་དབང་གིས་)ཁ་མཆོག་པད་མ་སྐམ་ (པས་སྐོམ་པ་)དང་ཟས་ལ་རབ་ཏུ་མི་འཇུག་(པ་སྟེ་མི་འདོད་པ་)དང༌། །(ལུས་)འདར་དང་(སེམས་རང་ བཞིན་དུ་མི་གནས་པས་)སྨྱོ་དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་(འཛག་ བདེས་)དྲག་ཏུ་བརྒྱལ་བ་དག །(རིམ་གྱིས་འབྱུང་བས་བདེ་བ་རབ་ཏུ་གསལ་བ་དེ་བཞིན་དུ་)རྡོ་རྗེ་ཅན་གྱི་ དུ་བ་ལ་སོགས་(རྟགས་བཅུ་རིམ་པར་)རབ་གསལ་(བྱས་པའི་རྗེས་དྲན་)རྣམ་པ་བཅུ་སྟེ་སྲོག་ཆགས་ ལུས་ལ་འཇིག་རྟེན་དུ། །རབ་ཏུ་གསལ་ཞིང་ངེས་པ(འི་གནས་སྐབས་བཅུ་པོ་)དེ་རྣམས་ཡིད་[སྲུབ་ {བསྲུབས་}(ཀྱི་)གནས་སྐབས་(བཅུ་སྟེ་གང་ཟག་)སུ་ཞིག་(འདོད་པའི་གནས་སྐབས་བཅུ་པོ་དེ་ལ་)རྒྱལ་བ་ འདོད་པ་དེ་ནི་(རྡོ་རྗེ་རྣལ་འབྱོར་པ་ལས་གཞན་པ་)སུ། །ཞེས་གསུངས་པའོ། ། ལྔ་པ་རྗེས་དྲན་ཇི་ལྟར་བསྒོམ་པའི་ཚུལ་ལ་གསུམ་སྟེ། སྤྱིར་ཕྱག་རྒྱ་གསུམ་ལ་བརྟེན་ ནས་བདེ་བ་ཆེན་པོ་བསྒྲུབ་པའི་ཚུལ་དང༌། བྱེ་བྲག་ཏུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྗེས་ དྲན་བསྒོམ་པའི་ཚུལ་དང༌། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་བསྒྲུབ་པ་གསང་ཆེན་གྱི་ ལམ་དུ་བསྟན་པའོ། ། དང་པོ་ནི། རྒྱུད་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ལེའུ་ལས། འདི་རྣམས་དམན་པ་ལ་སོགས་ 6-1-355 དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་གསུམ་ དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་ རྣམས་སོ། །ཞེས་གསུངས་པའི་དོན། འགྲེལ་ཆེན་ལས། འདི་རྣམས་དམན་པ་ལ་སོགས་དབྱེ་ བ་རྣམས་ཀྱིས་སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ཞེས་པ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ཞེས་ པ་སྟེ། འདིར་བྱང་ཆུབ་ཀྱི་སེམས་འཛག་པའི་བགྲོད་པ་ནི་དམན་པའི་གནས་སྐབས་དང་ གཡོ་བའི་བགྲོད་པ་ནི་འབྲིང་པོའི་གནས་སྐབས་དང་མི་གཡོ་བའི་བགྲོད་པ་ནི་མཆོག་གི་ གནས་སྐབས་སོ། །འདི་རྣམས་ལས་ལས་ཀྱི་ཕྱག་རྒྱ་ནི་འཛག་པའི་བདེ་བ་སྦྱིན་པ་མོ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ནི་གཡོ་བའི་བདེ་བ་སྦྱིན་པ་མོ་དང༌། ཕྱག་རྒྱ་ཆེན་མོ་ནི་མི་གཡོ་བའི་བདེ་ བ་སྦྱིན་པ་མོའོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་ལ་ཕྱག་རྒྱ་གསུམ་བསྒོམ་པར་བཅོམ་ལྡན་ འདས་ཀྱིས་གསུངས་པའི་ཕྱིར་རྣལ་འབྱོར་པས་སངས་རྒྱས་ཉིད་ཀྱི་སླད་དུ་སྦྱོར་བ་ཡན་ལག་ དྲུག་བསྒོམ་པར་བྱའོ། །ཞེས་དང༌། བྱིས་པའི་སྐྱེ་བོ་རྣམས་ལ་ལས་ཀྱི་ཕྱག་རྒྱ་དེས་བདེ་བ་ སྒྲུབ་པར་བྱེད་པར་གསུངས་སོ། །འབྲིང་པོ་རྣམས་ལ་ཡེ་ཤེས་ཀྱི་ཕྱག་རྒྱས་སོ། །མཆོག་གི་ རྣལ་འབྱོར་པ་རྣམས་ལ་ཕྱག་རྒྱ་ཆེན་མོས་སོ། །ཞེས་གསུངས་ཏེ། འདི་དག་གི་དགོངས་པ་ ལ། འབྲོ་བའི་ཆོས་རྗེ་གོང་མ་དག་གི་བཞེད་པས། དབང་པོ་རྟུལ་[པོས་{པོ་}ལས་ཀྱི་ཕྱག་རྒྱ་ མཚན་ལྡན་ཇི་ལྟར་རིགས་པ་བསྟེན་པ་ཕྱག་རྒྱ་བཞི་སྦྱོར་སྤྲོས་བཅས་ཀྱི་སྤྱོད་པ་དང༌། དབང་ པོ་འབྲིང་པོས་ཡེ་ཤེས་ཀྱི་ཕྱག་རྒྱ་དཀྱིལ་འཁོར་གྱི་ལྷ་ཡབ་གྲངས་དང་མཉམ་པ་བསྟེན་པ་ ཕྱག་རྒྱ་གསུམ་སྦྱོར་སྤྲོས་པ་མེད་པའི་སྤྱོད་པ་དང༌། དབང་པོ་རྣོན་པོས་ཕྱག་རྒྱ་ཆེན་མོ་སྟོང་ གཟུགས་རི་རབ་ཀྱི་རྡུལ་དང་མཉམ་པ་བསྟེན་པ་ཕྱག་རྒྱ་གཅིག་སྦྱོར་ཤིན་ཏུ་སྤྲོས་པ་མེད་ པའི་སྤྱོད་པ་བྱ་བ་སྟེ། དོན་གསུམ་དུ་མཛད་ནས་གང་ཟག་དབང་པོ་རྟུལ་པོ་དང་འབྲིང་པོ་ 6-1-356 དང་རྣོན་པོ་རྒྱུད་ཐ་དད་པ་གསུམ་ལ། དབང་པོ་རྟུལ་པོས་མི་འཕོ་བའི་བདེ་བ་ཆེན་པོ་སྒྲུབ་ པ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་དགོས་ཤིང༌། དབང་པོ་འབྲིང་པོས་ལས་རྒྱ་ལ་མི་ལྟོས་པར་ཡེ་ ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་མི་འཕོ་བའི་བདེ་བ་ཆེན་པོ་འགྲུབ་ལ་དབང་པོ་རྣོན་པོས་ཕྱག་ རྒྱ་གཉིས་པོ་དེ་ལ་མ་ལྟོས་པར་ཕྱག་རྒྱ་ཆེན་མོ་ཁོ་ན་ལས་མི་འཕོ་བའི་བདེ་བ་ཆེན་པོ་[འགྲུབ་ {བསྒྲུབ་}པ་དང༌། ཕྱག་རྒྱ་བཞི་སྦྱོར་ནི། གཞི་འཛག་མེད་དམ་ཚིག་གི་ཕྱག་རྒྱ་དང༌། དཔེ་ ལས་ཀྱི་ཕྱག་རྒྱ་དང༌། ལམ་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། འབྲས་བུ་ཕྱག་རྒྱ་ཆེན་མོ་སྟེ་བཞི་པོ་སྦྱོར་ བ་དང༌། ཕྱག་རྒྱ་གསུམ་སྦྱོར་ནི། ལས་ཕྱག་མ་[རྟོགས་པ་{གཏོགས་}གསུམ་པོ་སྦྱོར་བ་དང༌། ཕྱག་རྒྱ་གཅིག་སྦྱོར་ནི། ཕྱག་ཆེན་དང་འཛག་མེད་རོ་གཅིག་པ་ལ་བཞེད་ནའང༌། རྒྱུད་དང་ འགྲེལ་པའི་དགོངས་པ། རྣལ་འབྱོར་པ་དབང་པོ་རྟུལ་འབྲིང་རྣོན་པོ་རྒྱུད་ཐ་དད་པ་གསུམ་ གྱིས་མི་འཕོ་བའི་བདེ་བ་[སྒྲུབ་{བསྒྲུབ་}པའི་དོན་དུ་ལས་ཀྱི་ཕྱག་རྒྱ་སོགས་གསུམ་རིམ་པ་ ལྟར་བསྟེན་པ་ལ་སྦྱོར་བ་མ་ཡིན་གྱི། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ཞེས་གསུངས་ པའི་ཕྱིར་རྣལ་འབྱོར་པ་གཅིག་ཉིད་ཀྱི་གནས་སྐབས་གསུམ་ལ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ དགོས་པ་དང་མི་དགོས་པ་རིམ་པ་ལྟར་སྦྱར་དགོས་ཏེ། འདི་ལྟར་འཛིན་པའི་ཡན་ལག་ཐོབ་ ནས་རྗེས་དྲན་ལ་འཇུག་པའི་དུས་སུ་རྣལ་འབྱོར་པ་དམན་པའི་གནས་སྐབས་ཏེ། དེས་རྗེས་ དྲན་གྱི་རྣལ་འབྱོར་བསྒོམ་པ་དང༌། བྱང་སེམས་ཐིག་ལེ་མི་འཕོ་བར་འཆིང་ཞིང་འཕེལ་བར་ བྱེད་པ་ལས་ཀྱི་ཕྱག་རྒྱ་ལ་ངེས་པར་བརྟེན་དགོས་ཏེ། རྒྱུད་ཀྱི་རྒྱལ་པོ་ལས། རྒྱལ་བ(རྡོ་རྗེ་ སེམས་དཔ)འི་(འོད་གསལ་སྟོང་གཟུགས་དང་)ལྷན་(ཅིག་)སྐྱེས་(པའི་)བདེ་བ་འདི་(གཞི་འབྲས་ཀྱི་ངོ་བོ་)ནི་ འཕེལ་བ(སྟེ་ཐོབ་པ)འི་དོན་སླད་(རྣལ་འབྱོར་པའི་ལུས་ལ་བྱང་སེམས་ཐིག་ལེ་བརྟན་ཞིང་འཕེལ་བའི་དོན་དུ་)དང་ པོར་(རྗེས་དྲན་གྱི་དུས་སུ་)ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །ཞེས་དང༌། མེ་ནི་དངུལ་ཆུའི་དགྲ་ཉིད་ ཡིན་ཏེ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མེད། །མ་བཅིངས་ན་ནི་གསེར་ 6-1-357 བྱེད་མེད་དེ་གསེར་དང་བྲལ་ན་སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་(རྗེས་དྲན་ གྱི་དུས་སུ་)བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་དག་གི་(བྱང་)སེམས་(ཐིག་ལེ་) ནི་འཆི་མི་འགྱུར། །བཅིངས་པ་མེད་ན་(རྣལ་འབྱོར་པའི་)ལུས་(བདེ་བ་ཆེན་པོས་)འབིགས་(པ་)མེད་ དེ་མ་ཕུག་<ན་>ལུས་ཀྱིས་(རྡོ་རྗེ་ཐེག་པའི་ཉེ་ལམ་གྱི་གནས་སྐབས་)འདིར་ནི་(རྒྱལ་བའི་)ལྷན་སྐྱེས་ བདེ་བ་སྟེར་བ་(སྟེ་ཐོབ་པ་)མིན། །ཞེས་དང༌། འགྲེལ་ཆེན་ལས། ཇི་ལྟར་རྡོ་[དྲེག་{དྲེགས་} སྐུད་པའི་གོས་དག་ནི། །མེ་ཡིས་བསྲེག་པ་ཉིད་ཀྱིས་དག་འགྱུར་བ། །དེ་བཞིན་སྐྱེས་བུ་(མཆོག་ རྣལ་འབྱོར་པ་)རྣམས་ཀྱི་(བདེ་བ་)དམ་པ་ཡི། །སེམས་ནི་(ལས་ཀྱི་ཕྱག་རྒྱ་ལ་བསྟེན་པའི་)ཤེས་རབ་ཡེ་ ཤེས་དག་གིས་སོ། །ཇི་ལྟར་དངུལ་ཆུ་མེ་ཡིས་རེག་པ་ལས། འབྲོས་པར་བྱེད་ཀྱི་གཡོ་བ་མེད་ མི་འགྱུར། །དེ་བཞིན་(སྦྱོར་བ་ཡན་ལག་དྲུག་གི་)ཐབས་དང་བྲལ་བའི་ཁུ་བ་ནི། །རྟག་ཏུ་(ལས་ཀྱི་ ཕྱག་རྒྱའི་)སྐྱེ་གནས་(ལ་)རེག་པ་དག་ལས་(ཉམས་)སོ། །ཇི་ལྟར་གཡོ་བ་དེ་ཡང་སྨན་སོགས་ཀྱི། ། སྟོབས་ཀྱིས་མེ་དང་ཕྲད་པས་ཡང་དག་འཆིང༌། །དེ་བཞིན་(རྣལ་འབྱོར་པའི་)ཁུ་བ་ཤིན་ཏུ་རྣལ་ འབྱོར་(ཡན་ལག་དྲུག་གི་ཐབས་)གྱིས། །ཤེས་རབ་(ལ་)དག་དང་ཡང་དག་ཕྲད་པས་(འཆིངས་)སོ། ། ཞེས་དང༌། དཔལ་དོན་དམ་པའི་བསྙེན་པ་ལས། བུད་མེད་སྦྱོར་བས་དམན་པས་ཐར་པའི་ བདེ་བ་མེད། །བུད་མེད་སྦྱོར་བས་དམན་ན་སྲིད་མེའི་སྡུག་བསྔལ་མེད། །དེ་བས་རང་གི་བློ་ ཡིས་ལེགས་པར་དཔྱད་ནས་ནི། །སྔགས་པས་གང་ལ་མོས་པ་ཡང་ནི་བླང་བར་གྱིས། །ཞེས་ དང༌། སྦྱོར་བ་མ་གཏོགས་གཡོ་བའི་སེམས་ནི་མི་འཆིང་སྟེ། །སེམས་མ་བཅིངས་པ་ཡིས་ནི་ ལུས་ལ་འབིགས་པ་མེད། །མ་ཕུག་པ་ཡི་ལུས་ལ་དག་པའི་སྤྱོད་པ་མེད། །མ་དག་པ་ཡི་སྤྱོད་ པ་ཡིས་ནི་བདེ་བ་མི་སྟེར་རོ། །ཞེས་གསུངས་སོ། །དེས་ན་རྗེས་དྲན་གྱི་སྐབས་འདིར་ལས་ཀྱི་ ཕྱག་རྒྱ་ལ་སྙོམས་པར་ཞུགས་ཤིང་ལྟེ་བའི་གཏུམ་མོའི་མེས་དཔྲལ་བའི་ཧཾ་ཡིག་བྱང་སེམས་ ཐིག་ལེ་བཞུ་བ་བྱང་སེམས་སླ་བའི་ངོ་བོ་རྡོ་རྗེ་ནོར་བུའི་བར་དུ་ཡང་དང་ཡང་དུ་འཛག་པར་ 6-1-358 བྱེད་ཅིང་རྡོ་རྗེ་ནོར་བུ་ལས་ཕྱིར་མི་འཕོ་བར་འཛིན་པའི་གནས་སྐབས་ལ་རྣལ་འབྱོར་པ་ དམན་པའི་གནས་སྐབས་ཞེས་བྱ་ཞིང༌། ལས་ཀྱི་ཕྱག་རྒྱ་ནི་འཛག་པའི་བདེ་བ་སྦྱིན་པ་མོ་ ཞེས་གསུངས་སོ། །དེ་ནས་བྱང་སེམས་ཐིག་ལེ་ཅུང་ཟད་བསྐ་བའི་ངོ་བོར་གྱུར་པའི་ཚེ་ལས་ ཕྱག་རྒྱ་ལ་མ་སྦྱར་ཡང་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པར་བསྒོམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་ བརྟེན་ནས་བྱང་སེམས་ཐིག་ལེ་གཡོ་བའི་གནས་སྐབས་སུ་གྱུར་པ་ན། རྣལ་འབྱོར་པ་འབྲིང་ [པོའི་{གི་}གནས་སྐབས་ཞེས་བྱ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་ནི་གཡོ་བའི་བདེ་བ་སྦྱིན་པ་མོ་ཞེས་ གསུངས་སོ། །དེ་ནས་བྱང་སེམས་ཐིག་ལེ་ཤིན་ཏུ་བསྐ་བའི་ངོ་བོར་གྱུར་པ་ན་ལས་རྒྱ་དང་ ཡེ་ཤེས་ཀྱི་ཕྱག་རྒྱ་མ་བསྒོམས་ཀྱང་ཕྱག་རྒྱ་ཆེན་མོ་ཁོ་ན་བསྒོམས་པས་ཐིག་ལེ་གཡོ་བ་མེད་ པའི་ཚུལ་གྱིས་བདེ་བ་ཆེན་པོ་རྫོགས་པར་བྱེད་པ་ན་རྣལ་འབྱོར་པ་མཆོག་གི་གནས་སྐབས་ སུ་གྱུར་པ་ཞེས་བྱ་སྟེ། ཕྱག་རྒྱ་ཆེན་པོ་ནི་མི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །ཞེས་གསུངས་ སོ། །དེ་ཡང་གནས་སྐབས་གསུམ་པོ་རྣམས་སུ་ཕྱག་རྒྱ་ཆེན་མོ་ངེས་པར་བསྒོམ་དགོས་ཤིང༌། འབྲིང་པོ་དང་མཆོག་གི་གནས་སྐབས་སུ་ཡང་བདེ་བ་ཆེན་པོ་མྱུར་དུ་རྫོགས་པར་བྱ་བའི་དོན་ དུ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པར་བྱ་བ་ཡང་ཡིན་ལ་ངེས་པར་བསྒོམ་དགོས་པ་ཡང་ མ་ཡིན་ནོ། ། གཉིས་པ་བྱེ་བྲག་ཏུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྗེས་དྲན་བསྒོམ་པའི་ཚུལ་ལ་གསུམ་ སྟེ། སྔོན་དུ་བྱང་སེམས་ཐིག་ལེ་འཛིན་འདྲེན་ནུས་པར་བསྒྲུབ་པ་དང༌། གྲུབ་ནས་ཕྱག་རྒྱའི་ རྣལ་འབྱོར་བསྒོམ་པ་དང༌། སྤོགས་པའི་ཆོ་གའོ། ། དང་པོ་ལ། ལུས་རྩའི་འདུག་སྟངས་དང་ལྟ་སྟངས། ངག་རླུང་གིས་འཁྲུལ་འཁོར། སེམས་ཀྱི་གཞག་ཐབས་དང་གསུམ་ལས། དང་པོ་ལ། ཆོས་སྐུ་ཁྲོ་བོ་སེང་གེའི་འདུག་སྟངས་ ནི། སྒལ་ཚིགས་བསྲང་རྐང་པ་གཉིས་བཤང་སྒོར་བསྣོལ་ནས་པུས་མོ་བསླང་བའི་སྟེང་དུ་ 6-1-359 ལག་པ་གཉིས་བསྣོལ་བའི་གྲུ་མོ་བཞག་ནས་ལག་པས་དཔུང་པ་གཉིས་དམ་དུ་བསྡམས་ པའོ། །དེ་བརྐྱང་བ་ནི་པུས་མོ་གཉིས་བཀུག་པ་གདན་ལ་བཙུགས་ཏེ་ཅུང་ཟད་འགྱེལ་ནས་ སྒལ་ཚིགས་འཕྲེད་ལ་བསྲང་བའོ། །ལོངས་སྐུ་ཞི་མ་ཁྲོ་གླང་པོའི་འདུག་སྟངས་ནི། པུས་མོ་ གཉིས་བཀུག་ཅིང་གཤིབས་པ་སྟན་ལ་བཙུགས་ནས་མདུན་དུ་ཅོག་ཙེ་ལ་སོགས་པའི་སྟེགས་ མཐོ་བ་ཅིག་གི་སྟེང་དུ་གྲུ་མོ་གཉིས་བཙུགས་ཏེ་ལག་པ་བསླང་བའི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ བར་དུ་[སྐོས་སྒོ་{ཀོ་སྐོ་}བཞགསྒལ་ཚིགས་དྲང་བོར་བསྲང་བའོ། །དེ་བརྐྱང་བ་ནི་པུས་ མོ་སྟན་ལ་བཙུགས་པ་བགྲད་ནས་ལག་པ་གཉིས་རྡོ་རྗེ་ཁུར་ཚུར་བཅས་པས་རྐེད་པའི་རྒྱབ་ ནས་བརྟེན་ཏེ། ཅུང་ཟད་འགྱེལ་ཏེ་སྒལ་ཚིགས་དྲང་པོར་བསྲང་བའོ། །སྤྲུལ་སྐུ་ཞི་བ་དྲང་སྲོང་ གི་འདུག་སྟངས་ནི། སེང་གེའི་འདུག་སྟངས་གཞིར་བཞག་པ་ལ་ལག་{པ་}གཉིས་རྡོ་རྗེ་ཁུ་ ཚུར་བཅས་པ་སྙིང་ཁར་བསྣོལ་བའོ། །དེ་བརྐྱང་པའང་ཆོས་སྐུ་དང་འདྲ་བ་ལ་ལག་པ་གཉིས་ རྡོ་རྗེ་ཁུ་ཚུར་བསྣོལ་བའོ། །ལྟ་སྟངས་ཀྱང་མིག་བགྲད་པ་སྟེང་དུ་ལྟ་བ་ཁྲོ་བོ་དང༌། ཐད་ཀ་ ལས་ཅུང་ཟད་མཐོ་བར་ལྟ་བ་ཞི་མ་ཁྲོ་དང༌། ཐད་ཀ་ལས་ཅུང་ཟད་དམའ་བར་བལྟ་བ་ཞི་བའི་ ལྟ་སྟངས་སོ། །ལུས་གནད་འདི་དག་མན་ངག་གཞན་དང་སྒོ་བསྟུན་དུ་མཛད་པ་སྟེ། འདིར་ འཛིན་པ་གྲུབ་པའི་སྐབས་ཡིན་པས་འདི་དག་མ་བྱས་ཀྱང་འགལ་བ་མེད་ལ། དཀྱིལ་དཀྲུང་ བཅས་ནས་རྡོ་རྗེ་ཁུ་ཚུར་སྙིང་ཁར་བསྣོལ་བའི་སྟེང་ནས་འཛིན་འདྲེན་བྱས་པས་ཆོག ཅེས་ ཆོས་རྗེ་ཀུན་སྤངས་ཆེན་པོ་ཉིད་བཞེད་པ་ཡིན་ཞེས་གསུངས་སོ། །ངག་རླུང་གི་འཁྲུལ་འཁོར་ ནི་འཛིན་པའི་སྐབས་ཀྱི་དེ་ཉིད་གཞིར་བཞག་པ་སྟེ་གོང་གི་ལུས་གནད་བཅས་ནས། རླུང་ མཉམ་རྒྱུའམ་བུམ་པ་ཅན་གྱི་རྗེས་སུ་འོག་སྒོ་དྲག་ཏུ་ཡར་འཐེན་ཏེ། ཕྱི་རླུང་ཧཱུཾ་རིངས་ཀྱིས་ རླུང་ཕྱིར་རིང་དུ་གཏོར་ནས་ནང་རླུང་ཛཿཧཱུཾ་བཾ་ཧོཿ ཧིས་ཡེ་ཤེས་པ་ཐིག་ལེ་དགུག་གཞུག་ བཅིང་མཉེས་རོ་མཉམ་པར་བྱས་ལ། གསང་རླུང་ལཱི་ཨཱུ་རཱི་ཨཱིའི་གླུས་ལྟེ་བ་དང་སྙིང་ཁ་དང་ 6-1-360 མགྲིན་པ་དང་དཔྲལ་བར་དྲངས་ཏེ། འོག་ཏུ་སྔར་བཞིན་མནན་ནས་ཕྱི་རླུང་འདྲའོ། །གཞན་ ཡང་ཕྱི་ནང་གི་རླུང་སྦྱོར་སྔར་བཞིན་བྱས་ནས། གསང་རླུང་ལི་ལུ་ལྼི་ལི་ལ་ལཾ་ལཿ ལཾ་ལ་ཞེས་ པས་ལྟེ་བར་དང༌། ཨུ་ཝླི་ཝླི་ཝི་ཝ་ཝཾ་ཝཿ ཝཾ་ཝ་ཞེས་པས་སྙིང་ཁར་དང༌། ར་རླ་རུ་ར་ར་རཾ་རཿ རཾ་ར་ཞེས་པས་མགྲིན་པར་དང༌། ཨི་ཡླ་ཡུ་ཡྼ་ཡ་ཡཾ་ཡཿ ཡཱཾ་ཡ་ཞེས་པས་དཔྲལ་བར་དང༌། ཨ་ཨལ་ཨོ་ཨར་ཨེ་ཨཾ་ཨཿ ཨཱཾ་ཧ་ཞེས་པས་གཙུག་ཏོར་གྱི་བར་དུ་དྲངས་ཏེ། འོག་ཏུ་སྔར་ བཞིན་མནན་པས་རོ་མཉམ་དུ་བསྲེས་ནས་ཕྱི་རླུང་འདྲའོ། །ཡང་ན་རླུང་འོག་ཏུ་ཛཿཧཱུཾ་བཾ་ཧོཿ ཧིས་སྔར་བཞིན་མནན་པས་རོ་མཉམ་དུ་བསྲེས་ནས་ཨཾ་མླི་མུ་མྼི་མི་མཾ་མཿ མཱཾ་མ་ཞེས་པས་ ལྟེ་སྙིང་དང༌། ཨཿ རླ་རུ་རྼི་རི་རཾ་རཿ རཱཾ་ར་ཞེས་པས་མགྲིན་པར་དྲངས་ཏེ། ཧ་ཧླ་ཧུ་ཧྼི་ཧ་ཧཾ་ ཧཿ ཧཱཾ་ཧ་ཞེས་པས་ཕྱིར་རིང་དུ་བཏང་ངོ༌། །རླུང་སྦྱོར་འདི་གསུམ་རླུང་རིང་ཁུག་པ་རེ་ལ་བྱེད་ པ་ཡིན། གནད་འཆོལ་ན་གེགས་འོང་བས་འདི་བཞིན་མཁས་པ་གལ་ཆེ་ཞིང༌། འདི་རྩ་སྦྱོང་ ཡིན་པས་ཉིན་མཚན་རེ་ལ་རླུང་ཁུག་པ་ཐུན་ཆུང་རེ་རེ་གཉིས་གཉིས་པས་མང་པ་མི་བྱ་གསུང་ ངོ༌། །[སྔགས་ཀྱི་ཡི་གེ་འདི་རྣམས་རླུང་འཛིན་འདྲེན་དང་ལྷན་ཅིག་ཡིད་ལ་དྲན་པ་ཙམ་བྱའོ། ། ངག་ཏུ་བརྗོད་པར་བྱ་བ་ནི་མ་ཡིན་ནོ། །]གཞན་ཡང་ཡི་གེ་འདི་རྣམས་རིང་པོ་དང་ཤིན་ཏུ་ རིང་པོ་རྣམས་ཀྱིས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོར་ བསྡུ་བར་བྱ་སྟེ། དེ་ལྟར་ཡི་གེ་ཐུང་ངུ་རྐང་བཅས་ལྔ་བཅུ་རྩ་དྲུག་(བྱིས་པམ་སྐྱེས་པའི་དུས་ཀྱི་)དབུ་ མའི་དབུགས་ཀྱི་ས་བོན་རྣམས་ཀྱིས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གསང་གནས་བདེ་ སྐྱོང་གི་འཁོར་ལོར་བསྐྱེད་ཅིང༌། དེ་དག་གི་གནད་རྣམས་དཔལ་ལྡན་བླ་མ་མཉེས་པར་བྱས་ པའི་ཞལ་ལས་ཤེས་པར་བྱའོ། །འདིར་ཉམས་རྟགས་ལྔ་སྐྱེ་ཚུལ་ཡང་བླ་མའི་ཞལ་དང་རང་ གི་ཉམས་སུ་མྱོང་བ་ལས་ཤེས་པར་བྱའོ། །འདི་ནི་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ཀྱི་ལེའུ་ལས། ཡེ་ ཤེས་དགུག་པར་བྱེད་པ་འདི་ནི་སླར་ཡང་ཤིན་ཏུ་སྟོབས་ཏེ་དེ་ནི་གཞུག་པ་རྨུགས་བྱེད་ཀྱིས། 379། དེ་ནི་བཅིངས་པ་རེངས་བྱེད་ཀྱིས་ཏེ་ངེས་པར་མཆོག་བདེའི་དབང་གིས་ཁེངས་བྱེད་ཀྱིས་ ནི་མཉེས་པ་ཡང༌། །ཡེ་ཤེས་འཁོར་ལོ་དག་ལ་འཁོར་ལོར་རོ་ནི་མཉམ་པར་བྱེད་པ་རྡོ་རྗེ་ ཤུགས་ཀྱིས་བྱེད་པ་སྟེ། །དེ་བཞིན་ཁྲོ་བོའི་ལྷ་མོ་རྣམས་ནི་རབ་གསལ་ངེས་པར་རྣལ་འབྱོར་ མ་ཡི་རྒྱུད་ཀྱི་སྐུ་ལ་འོ། །ཞེས་གསུངས་པའི་དོན། ནང་དུ་རྫོགས་རིམ་ལ་སྦྱར་བའི་དགོངས་ པ་ཡིན་པར་ཆོས་རྗེ་གོང་མ་དག་བཞེད་དོ། །ཡི་གེ་འདི་རྣམས་ནི། ཡེ་ཤེས་ལེའུར། ལ་སོགས་ དབྱངས་བརྒྱད་གང་དག་ཡུལ་དང་ཡོན་ཏན་དུ་གྱུར་དབྱངས་ཕྱེད་ཀྱིས་ནི་རྣམ་པར་དམན་པ་ རྣམས། །ཕན་ཚུན་དབྱེ་བས་ཕྱེ་བ་རྐང་པ་དང་བཅས་རོ་དང་མདའ་རྣམས་དབུ་མའི་དབུགས་ ནི་འབབ་པ་སྟེ། །ཞེས་གསུངས་པའི་དོན། བྱིས་པ་སྐྱེས་མ་ཐག་པའི་དབུ་མའི་དབུགས་རྐང་ བཅས་ལྔ་བཅུ་རྩ་དྲུག་གི་ས་བོན་གྱི་ཡི་གེ་རྣམས་སོ༑ ༑སྙན་བརྒྱུད་ལས་ཀྱང༌། དྷཱུ་ཏཱིར་རླུང་ ནི་[ཆུད་{ཚུད་}པ་ནི། །ལམ་དུ་མི་འགྱུར་ཐིག་ལེར་གཞུག །ལུས་སོགས་ཐིག་ལེ་བཞི་པོ་ལ། ། རིམ་དང་གཅིག་ཅར་རླུང་སེམས་ནི། །ངེས་པར་བཙུད་ནས་མི་གཡོར་བྱ། །དེ་ལ་མི་གཡོ་ བརྟན་གྱུར་པས། །ཐིག་ལེར་ཆགས་པའི་བདེ་བ་སྐྱེ། །བུད་མེད་ཀུན་ལ་སྙོམས་ཞུགས་ཀྱང༌། ། ཐིག་ལེ་ལྟུང་བར་མི་འགྱུར་རོ། །ལུང་སྟོན་བདེ་སྐྱེ་ལུས་བརྟན་འགྱུར། །ཞེས་དང༌། རླུང་ སེམས་དྲག་ཏུ་ཐིག་ལེར་གཞུག །ཅེས་གསུངས་པའི་དགོངས་པར་བཞེད་དོ། ། གཉིས་པ་གྲུབ་ནས་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ། སྙོམས་འཇུག་བྱ་བའི་ཡུལ་ལས་ ཀྱི་ཕྱག་རྒྱ་དང༌། སྙོམས་འཇུག་གི་རྣལ་འབྱོར་ཇི་ལྟར་བསྒོམ་པའི་ཚུལ་དང༌། སྒོམ་ཐབས་ ཤེས་མ་ཤེས་ཀྱི་སྐྱོན་ཡོན་དང༌། ཀུན་སྤངས་ཀྱི་རྣལ་འབྱོར་པའི་བྱ་བ་དང་བཞི་ལས། དང་པོ་ནི། ཀྱེའི་རྡོ་རྗེ་ལས། དལ་ཞིང་མི་གཡོ་བ་ཉིད་དང༌། །སྙན་པར་སྨྲ་ཞིང་ཡིད་འོང་ མ། །སྐྲ་བཟང་དབུས་ན་གཉེར་མ་གསུམ། །ཕལ་པས་པད་མ་ཅན་དུ་བརྗོད། །ལྷན་ཅིག་སྐྱེས་ པའི་གཟུགས་ཅན་མ། །དེ་རྙེད་ནས་ནི་དངོས་གྲུབ་འགྱུར། །ཞེས་དང༌། ཤིན་ཏུ་བཞིན་བཟང་ 6-1-361 མིག་ཡངས་མ། །རང་གིས་དབང་བསྐུར་སྙིང་རྗེ་ཅན། །རྡོ་རྗེ་བུ་མོ་འདི་ཁྱེར་ནས། །སྤྱོད་པ་ བྱ་བ་རྟོགས་པར་གྱིས། །ཞེས་གསུངས་ཤིང་རྒྱུད་འགྲེལ་ཆེན་པོ་ལས། ཕོ་ཉ་མོའི་དབྱེ་བ་ལྔ་ གསུངས་ཏེ། གླ་རྩིའི་དྲི་དང༌། པད་མའི་དྲི་དང༌། གཅི་བའི་དྲི་དང༌། ཉའི་དྲི་དང༌། རྣག་གི་ དྲི་དང་ལྡན་པ་དང༌། སྐྱེ་བའི་གནས་ལྔ་རྣམས་སུ་ཁ་དོག་ལས་རྡོ་རྗེ་དང༌། རལ་གྲི་དང་མདའ་ འམ་རིན་པོ་ཆེ་དང་པད་མ་འདབ་མ་བརྒྱད་པ་{དང་}འཁོར་ལོའི་མཚན་མ་དང་ལྡན་པ་དང༌། ལག་པ་དང་རྐང་པའི་མཐིལ་ལ་མཚན་མ་དེ་དག་གི་རི་མོ་ཡོད་པ་ནི་རིམ་པ་ལྟར། དཔལ་ ལྡན་བཟང་མོ་དང༌། པད་མ་ཅན་དང༌། དུང་ཅན་མ་དང༌། སྣ་ཚོགས་མ་དང༌། གླང་ཆེན་མ་ ཞེས་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། སྒྲོལ་མ་དང༌། གོས་དཀར་མོ་དང༌། མཱ་མ་ ཀཱི་དང༌། སངས་རྒྱས་སྤྱན་མའི་རིགས་ཅན་དུ་ཤེས་པར་བྱ་ཞིང༌། རྒྱུད་འགྲེལ་ལས། གང་ གི་གནས་སུ་མེ་ཏོག་བཟང་པོ་ཡི་གེ་གསུམ་གྱིས་མངོན་པར་བསྔགས་པ་ལྟུང་བ་དེར་གནས་ པའི་ལྷ་ནི་དེའི་རིགས་ཀྱི་ལྷར་འགྱུར་ཏེ་དེའི་ལས་ཀྱི་ཕྱག་རྒྱས་འགྲུབ་པོ་ཞེས་པ་ནི་ངེས་པའོ། ། ཞེས་གསུངས་པ་ལྟར། དབང་བསྐུར་བའི་དུས་སུ་མེ་ཏོག་གང་ལ་ཕོག་པའི་ལྷ་དེའི་ཡུམ་གྱི་ རིགས་ཅན་དེ་བསྟེན་པར་བྱ་བའི་ཕྱག་རྒྱ་ཡིན་ལ། དེ་ལྟ་བུ་མ་རྙེད་ན་དགེ་བསྙེན་མའི་བསླབ་ པ་དང༌། དབང་གིས་སྨིན་པར་བྱས་པའི་ལས་རྒྱ་ཅིག་ལ་བརྟེན་ནོ། ། གཉིས་པ་ནི། རྩ་བའི་རྒྱུད་ལས། བཅུ་དྲུག་ལོ་ལོན་རིགས་ཅན་མ། །གཟུགས་དང་ལང་ ཚོས་བརྒྱན་པ་ལ། །དང་པོར་ལེགས་པར་བསླབ་བྱས་ནས། །དབང་བསྐུར་ནས་ནི་བསྒྲུབ་པ་ བརྩམ། །སྐུ་གསུངས་ཐུགས་དང་ཆགས་པ་ནི། །དཔྲལ་བ་ལ་སོགས་རྣམས་ལ་དགོད། །སྭཱ་ ཧཱ་གསང་བ་གཙུག་ཏོར་ཆེ། །དེ་ནས་པད་མ་རྣམ་པར་སྦྱངས། །ཨཱཿཡིས་པད་མ་འདབ་བརྒྱད་ པ། །ཧཱུཾ་ཡིག་གི་ནི་རྡོ་རྗེར་ལྡན། །དེ་ལྟར་རྡོ་རྗེ་དང་བཅས་པའི། །ཤེས་རབ་པད་མ་བསྐྱོད་ རྒྱུ་ལས། །ཧཱུཾ་གིས་རང་གི་རྡོ་རྗེ་ནི༑ ༑རྩེ་མོ་ལྔ་པ་རྣམ་པར་བསྒོམ། །དེ་དབུས་པད་མ་འདབ་ 6-1-362 བརྒྱད་པ། །ཨཱཿཡིག་གིས་ནི་རབ་ཏུ་བརྟག །དེ་ལྟར་རྡོ་རྗེ་པད་མ་དང༌། བཅས་པ་བྱས་ནས་ པད་མར་གཞུག །དེ་ནས་རྡོ་རྗེ་འཛིན་པའི་སྙེམས། །འཛིན་ཞིང་རྣལ་འབྱོར་ཧཱུཾ་ཕཊ་བྱ། །བྷ་ གར་ལིང་[ག་{ཁ་}རབ་བཀོད་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་ མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །ལྟེ་བར་གཏུམ་མོ་འབར་བ་ཡིས། ། དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང༌། །སྤྱན་མ་མིག་ལ་སོགས་པ་ཡང༌། །བསྲེགས་ནས་ རི་བོང་ཅན་ཧཾ་འཛག །བདུད་རྩི་ཁུ་བའི་ཆོས་ཅན་ནི། ཐིག་ལེའི་གཟུགས་ཀྱིས་འཛག་པར་ བྱེད། །ཐིག་ལེའི་རྣལ་འབྱོར་ཞེས་པར་གྲགས། །ཞེས་གསུངས་པ་ལྟར་ཉམས་སུ་བླང་བ་ ནི། རིག་མ་མཚན་ཉིད་དང་ལྡན་པ་དགེ་བསྙེན་མའི་བསླབ་པ་དང་ལྡན་ཞིང་སློབ་དཔོན་རང་ ཉིད་ཀྱིས་དབང་བསྐུར་བས་རྒྱུད་སྨིན་པར་བྱས་པ་དང་ལྷན་ཅིག་ཏུ་རྗེས་དྲན་གྱི་རྣལ་འབྱོར་ བསྒོམ་པར་བྱ་སྟེ། དང་པོར་ཐབས་རང་ཉིད་ཡབ་དུས་ཀྱི་འཁོར་ལོ་དང༌། ཤེས་རབ་སྣ་ ཚོགས་ཡུམ་དུ་བསྐྱེད་པའི་དཔྲལ་བ་མགྲིན་པ་སྙིང་ཁ་ལྟེ་བ་གསང་གནས་གཙུག་ཏོར་རྣམས་ སུ་ཨོཾ་ཨཱཿཧཱུྃ་ཧོཿསྭཱཧཱ་རྣམས་བསྒོམས་ཤིང༌། ཤེས་རབ་ཀྱི་པད་མ་སྭ་བྷ་བས་སྟོང་པར་སྦྱངས་ པའི་ངང་ལས་ཨཱཿ་ལས་པད་མ་འདབ་མ་བརྒྱད་པ་ཟེ་འབྲུ་ལ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་རྩེ་ ལྔ་པས་མཚན་པ་དང༌། ཐབས་ཀྱི་རྡོ་རྗེ་སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པའི་དབུས་སུ་ ཨཱཿལས་བྱུང་པའི་པད་མ་འདབ་མ་བརྒྱད་པས་མཚན་པར་བསྒོམས་ནས་སྙོམས་པར་ཞུགས་ ཤིང༌། རྡོ་རྗེ་འཛིན་པའི་ང་རྒྱལ་དང་བཅས་པའི་ངང་ནས། ངག་རླུང་གི་འཁྲུལ་འཁོར་ཧཱུཾ་ཕཊ་ གོང་དུ་བསྟན་པ་བཞིན་བྱ་ཞིང༌། སྦས་པ་མིག་འབྱེད་ལས། ཡང་བཙན་ཐབས་ཀྱི་སྦྱོར་བ་ གཉིས་པ་བརྗོད་པར་བྱ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ཤེས་རབ་མ་དང་སྙོམས་པར་ཞུགས་ ཤིང་མཉམ་པར་འཇོག་པའི་དུས་སུ་སྙིང་རྗེའི་བདག་ཉིད་ཀྱི་གསང་བའི་གནས་ཐུར་སེལ་ གྱི་སྒོ་གཡའ་བའམ། ལུས་བེར་བ་ལངས་པའི་དུས་ཉིད་དུ། རྡོ་རྗེ་ནོར་བུའི་རྩ་བར་ལག་པ་ 6-1-363 གཡས་པའི་འཐེབ་སོར་སྦྱར་བས་མནན་ཅིང༌། ལུས་མི་གཡོ་བར་སེམས་བདེ་བ་ལ་གཏད་ ཅིང་ཡར་དྲང་བ་དང་རྒྱུ་ཞབས་ཀྱི་ཤ་ཚིགས་པ་ལ་སྦྱར་བ་དང་མིག་བགྲད་པ་དང་རྐང་པའི་ མཐེ་བོང་ནང་དུ་བསྐུམ་པ་དང༌། རྟིང་པ་ཕྱིར་བརྐྱང་པས་ཤེས་རབ་མ་དང་ཐབས་གཉིས་ཅར་ ཡང་མི་འགུལ་མི་གཡོ་བར་བདེ་བ་ལ་སེམས་གཏད་ཅིང་གནས་པ་ནི་བཙན་ཐབས་ཀྱི་སྦྱོར་ བ་གཉིས་པའོ། །ཞེས་བཤད་པ་ལྟར་བྱ་ཞིང༌། བྱང་སེམས་ཐིག་ལེ་མི་[སྤྲོ་{འཕོ་}ཞིང་བརྟན་ པར་བཟུང་སྟེ། སེམས་སྟོང་པ་ཉིད་ཀྱི་གཟུགས་ལ་རྩེ་གཅིག་ཏུ་ལྟ་བའི་ཏིང་ངེ་འཛིན་བསྒོམ་ པར་བྱའོ། །དེ་ལྟར་བསྒོམས་པ་ལས་ལྟེ་བར་སྟེང་སྲོག་དང་འོག་ཐུར་སེལ་གྱི་རླུང་གཅིག་ཏུ་ སྦྱོར་ཞིང་རྩ་དབུ་མར་ཡེ་ཤེས་ཀྱི་རླུང་གཡོ་བ་མེད་ཅིང༌། སྟོབས་དང་ལྡན་པའི་གཏུམ་མོའི་མེ་ འབར་བ་ཡིས་དེ་བཞིན་གཤེགས་པ་ལྔའི་མིང་ཅན་རྩ་གཡོན་གྱི་ཕུང་པོ་ལྔའི་རླུང་བསྲེགས་པ་ སྟེ་འགག་ཅིང༌། སྤྱན་མ་སོགས་དེ་བཞིན་གཤེགས་མ་ལྔའི་མིང་ཅན་རྩ་གཡས་ཀྱི་ཁམས་ལྔའི་ རླུང་དང༌། མིག་ལ་སོགས་པའི་དབང་པོ་ལྔ་ཡུལ་ལ་འཇུག་པ་ཡང་བསྲེགས་པ་སྟེ། འགགས་ ནས་སྤྱི་བོའི་ཧཾ་གི་ས་བོན་ཅན་གྱི་རི་བོང་ཅན་ཞེས་པ་བྱང་སེམས་ཐིག་ལེ་ཞུ་བ་ལས་བདུད་རྩི་ ཁུ་བའི་ཐིག་ལེ་དཔྲལ་བ་ནས་མགྲིན་པར་བྱོན་པ་དགའ་བའི་དགའ་བ་དང༌། མགྲིན་པ་ནས་ སྙིང་ཁར་བྱོན་པ་མཆོག་དགའ་དང༌། སྙིང་ཁ་ནས་ལྟེ་བར་བྱོན་པ་ཁྱད་པར་གྱི་དགའ་བ་དང༌། ལྟེ་བ་ནས་གསང་གནས་དང་རྡོ་རྗེ་ནོར་བུའི་བར་དུ་བྱོན་པ་ལྷན་ཅིག་སྐྱེས་པའི་དགའ་བ་ སྟེ། བྱང་སེམས་ཕྱི་རོལ་ཏུ་མི་འཕོ་བའི་དགའ་བ་བཞི་ཉམས་སུ་མྱོང་བ་ནི་རྗེས་དྲན་གྱི་རྣལ་ འབྱོར་ཏེ་འདི་ལ་གཏུམ་མོའི་རྣལ་འབྱོར་དང༌། ཐིག་ལེའི་རྣལ་འབྱོར་ཞེས་ཀྱང་བྱའོ། །དེ་ལྟ་ བུའི་སྙོམས་འཇུག་གི་རྣལ་འབྱོར་བྱེད་པ་ན། བྱང་སེམས་ཐིག་ལེ་འཛིན་པའི་ཐབས་ནི། སྙན་ བརྒྱུད་ལས། ཆགས་ཅན་སྦྱོར་དྲུག་མན་ངག་ནི། །དབབ་དང་གཟུང་དང་བཟློག་པ་དང༌། ། གནས་སུ་རྐྱལ་དང་རྩ་མིག་གདབ། །རླུང་བསྲེ་སྦྱོར་བ་དྲུག་པོས་བྱ། །ཞེས་པ་སྟེ། འདིར་ 6-1-364 སྦྱོར་བ་དྲུག་ནི། སྲིན་ཞལ་(འོག་སྒོ་)བཙུམ་པ(དྲག་ཏུ་བསྡམས་པ)། རྒྱ་མཚོ་(ལྟོ་བ་)རི་(སྒལ་ཚིགས་) ལ་སྦྱར་བ། གླིང་(རྐང་ལག་བཞི་)གཞི་བཅུད་པ(ལག་པ་ཁུ་ཚུར་དང་རྐང་སོར་ནང་དུ་བསྐུམ་པ)། དར་པོ་ཆེ་ (ལྕེ་)འཕྱར་བ་(རྐན་ཕུགས་སུ་བཟློག་པ་)བྱ་རྒོད་ཟུང་(མིག་གཉིས་)གཅིག་གནམ་དུ་སྤུར་བ(ལྟ་སྟངས་ གྱེན་དུ་བཟློག་པ)། ཤེས་པ་དཔྲལ་བ(འི་ཧཾ་ལ)ར་གཏད་པ་དང་དྲུག་གོ། ཉི་ཟླ་སྒྲུབ་པ་ལས་ཀྱང༌། ཆགས་ཅན་བདེ་སྟོང་[སེལ་{སྤེལ་}འདོད་ཀྱིས། །ཁ་སྦྱོར་རླུང་བཅིངས་འཛིན་བསྒྲུབས་ ཏེ། །རྡོ་རྗེ་ཆུ་འཐུངས་བསླབ་སྦྱངས་ནས། །མཚན་ཉིད་ལྡན་པའི་བུད་མོ་ལ། །སྐྱབས་འགྲོ་ དབང་བསྐུར་སྣོད་དུ་བྱ། །གཟུགས་སྒྲས་ཆགས་པ་རྒྱས་པར་བྱ། །སྤྱོད་དེས་དྭངས་མ་གཡོ་ བར་བྱ༑ ༑སྔོན་འགྲོ་གསུམ་གྱིས་སྦྱང་བྱས་ནས། །འདུ་ཤེས་གསུམ་ལྡན་བསྒོམ་པ་ཡིས། ། ལུས་ལ་རིགས་དྲུག་ས་བོན་དགོད། །བསྐྱེད་དང་སྡུད་པའི་རིམ་པ་ཡིས། །རྡོ་རྗེ་པད་མ་བྱིན་ གྱིས་བརླབ། །དངོས་གཞི་སྙོམས་འཇུག་སྦྱོར་བ་ཡིས། །དབབ་གཟུང་བདེ་སྟོང་རོ་མཉམ་བྱ། ། རྗེས་སུ་བཟློག་ཅིང་གནས་སུ་བསྡུ། །དགྲམ་བྱས་གཉིས་མེད་བསྲེས་ལ་བསྒོམ། །རུས་སྦལ་ འགྲོས་སུ་དལ་བུས་དབབ། །དགོས་པ་ཉིས་ལ་མཁས་པར་བྱ། །ཐུར་སེལ་རླུང་ནི་གསུམ་དུ་ འགྱུར། །བདེ་འཕེལ་རྒྱུན་འགྲོགས་རབ་འཇུག་དང༌། །ཁྱབ་བྱེད་རྒྱས་པའི་རླུང་གིས་གཟུང༌། ། རྒྱུན་འགྲོགས་བསྐྱོད་པའི་སྦྱོར་བ་ཡིས། །ཟླ་བ་འཛིན་ལ་མཁས་པ་ཡིན། །ཐུར་སེལ་དབང་ དུ་འདུས་པ་ན། །བདེ་འཕེལ་ཆོས་འབྱུང་གཉིས་མེད་བསྲེས། །རབ་འཇུག་རླུང་གིས་གནད་ དུ་གཟུང༌། །རྒྱུན་འགྲོགས་ཀྱིས་ནི་ཉི་འོད་འདྲེན། །ཟླ་བ་རྒྱུན་འགྲོགས་གྱིས་འདྲེན་ནི། །ཡི་ གེ་གསུམ་གྱིས་གྱེན་ལ་ཟློག །ཚངས་པར་ལྷན་སྐྱེས་མྱོང་བསྡུས་པས། །མགོ་བོ་ན་ན་དགྲམ་ པར་བྱ། །སེམས་དང་རླུང་གཉིས་རིམ་གྱིས་དགྲམ། །ཉི་ཤུ་རྩ་གཅིག་རིམ་པས་སོ། །རླུང་ སེམས་གཉིས་སུ་མེད་བསྲེས་ལ། །ཞེན་པ་ཡེ་ཤེས་གཉིས་མེད་བྱ། །བདེ་སྟོང་ཟུང་འཇུག་ ཏིང་འཛིན་བསྒོམ། །དྭངས་མའི་དྭངས་མ་འདྲེན་པ་དང༌། །དྭངས་མས་བདེ་བ་བསྐྱེད་པ་དང༌། 384། བདེ་བ་རྩལ་སྦྱངས་ཐབས་ལ་མཁས། །དེ་ནི་རྣལ་འབྱོར་ཆེན་པོར་འགྱུར། །ཞེས་འབྱུང་བ་ ལྟར་ཉམས་སུ་བླང་བར་བྱ་སྟེ། རྗེས་སུ་བཟློག་པ་དང༌། གནས་སུ་བསྡུ་བ་དང༌། དགྲམ་པ་ དང༌། རླུང་དང་བསྲེ་བའི་གནད་ནི། སྟག་མོའི་སྐྱུགས་སྟངས། གླང་པོའི་འགྱིང་སྟངས། ཝའི་ སྣོམ་ཚུལ་གྱིས་སྤྱི་བོའི་ཧཾ་དུ་བསྐྱལ། སེང་གེའི་རྣམ་གྲོལ། གཡང་མོའི་ཁོང་སྤྲུགས། པྲེ་ཏ་ཀ་ ཡི་དྭགས་ཀྱི་འདུག་སྟངས་ཀྱིས་དགྲམ། རླུང་བུམ་པ་ཅན་བཟུང་ལ་རླུང་དང་བསྲེ་བའོ། །དེ་ ལྟ་བུ་ལ་སོགས་པ་འདི་དག་གི་གནད་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། ། གསུམ་པ་སྒོམ་ཐབས་ཤེས་མ་ཤེས་ཀྱི་སྐྱོན་ཡོན་ནི། མདོ་ལས། ཐབས་ཆེན་རྣམས་དང་ ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །སྔགས་ཀྱིས་བསད་པའི་དུག་བཞིན་དུ། ། འཁོར་བ་ཞི་བའི་བདག་ཉིད་དོ། །ཞེས་དང༌། འདུལ་བ་དོན་ཡོད་པར་གྲུབ་པའི་རྒྱུད་ལས། གང་གིས་བླུན་པོ་འཆིང་འགྱུར་བ། །དེ་ཡིས་མཁས་པ་ཡོངས་སུ་གྲོལ། །ཞེས་དང༌། དཔལ་ དོན་དམ་པའི་བསྙེན་པ་ལས། འདོད་ཆགས་གང་ཉིད་ཀྱིས་ནི་སེམས་ཅན་ལྷུང་བྱེད་པ། །དེ་ ཉིད་ཀྱིས་ནི་རྣལ་འབྱོར་ཕ་རོལ་འགྲོ་བར་འགྱུར། །གང་ཞིག་དུག་ཉིད་ཀྱིས་ནི་སེམས་ཅན་ འཆི་བྱེད་དེ། །དུག་སྔགས་ཤེས་པ་དེ་ཉིད་ཀྱིས་ནི་ནད་འཇོམས་བྱེད། །ཅེས་སོགས་གསུངས་ པ་དང༌། རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། ། ཡེ་ཤེས་གསུམ་གྱི་དབྱེ་བ་ནི། གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་དང༌། ཀྱེའི་ རྡོ་རྗེ་ལས། སྐྱེ་བོ་མི་ཟད་པ་ཡི་ལས(བུད་མེད་ལས་སྦྱར་བ)། །གང་དང་གང་གིས་(སྐྱེས་བོ་ཕལ་པ་ འཁོར་བར་)འཆིང་འགྱུར་བ(ཡིན་ལ་རྡོ་རྗེ་རྣལ་འབྱོར་གྱི)། །ཐབས་དང་བཅས་ན་(ལས་ཕྱག་ལ་སྦྱོར་བ་) དེ་ཉིད་ཀྱིས། །(རྣལ་འབྱོར་པ་)སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་ འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །བཟློག་པའི་བསྒོམ་པ་འདི་ ཉིད་ནི༑ ༑སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་འཆིང་ 6-1-365 བའི་ཐབས་ཀྱིས་མ་ཟིན་པའི་ལས་ཀྱི་ཕྱག་རྒྱ་ལ་སྦྱོར་བ་ནི། འཁོར་བ་དང་ངན་སོང་གི་རྒྱུ་ ཉིད་ཡིན་ལ། བྱང་ཆུབ་ཀྱི་སེམས་འཆིང་བའི་ཐབས་ཀྱིས་ཟིན་པའི་ལས་ཀྱི་ཕྱག་རྒྱ་ལ་སྦྱོར་ བ་ནི་ཐར་པའི་མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་ཐབས་དམ་པ་ཉིད་དུ་ཤེས་པར་ བྱའོ། ། བཞི་པ་ཀུན་སྤངས་ཀྱི་རྣལ་འབྱོར་པའི་བྱ་བ་ནི། ཀུན་སྤངས་ཀྱི་རྣལ་འབྱོར་པ་ལྟ་བུས་ ལས་ཀྱི་ཕྱག་རྒྱ་མ་རྙེད་པའམ། སོ་སོ་ཐར་པའི་སྡོམ་པའི་ངེས་པ་ལ་གནས་པའི་རབ་བྱུང་གི་ རྣལ་འབྱོར་པས་བྱང་སེམས་བརྟན་པར་བྱ་བའི་དོན་དུ། རང་ལུས་ཐབས་ལྡན་གྱི་རྣལ་འབྱོར་ ལ་བརྟེན་པའི་ཚུལ་ནི། རྒྱུད་ཀྱི་རྒྱལ་པོ་ལས། བསྟེན་པའི་དོན་དུ་ལག་པའི་ཕྱག་རྒྱ་རང་གི་ སྙིང་གི་དབང་སོན་སྐྱོན་རྣམས་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས་པའི་འགྲེལ་བར། དེ་ལ་བརྟེན་པའི་དོན་དུ་ལས་ཀྱི་ཕྱག་རྒྱ་མེད་པར་གྱུར་ན་ལག་པའི་ཕྱག་རྒྱ་སྦྱིན་པར་བྱ་སྟེ། རང་གི་སྙིང་གི་དབང་སོན་ལག་པའི་ཕྱག་རྒྱ་ནི་སྐྱོན་རྣམས་ཀུན་ལས་རྣམ་པར་གྲོལ་བ་སྟེ། བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་ཆེད་དུའོ། །ཞེས་པ་ངེས་པའོ། །ཞེས་དང༌། ཡེ་ཤེས་ ཀྱི་ལེའུ་ལས། པད་མར་རྡོ་རྗེའི་སྒྲའམ་རང་གི་ལག་པའི་ཆུ་སྐྱེས་དག་གིས་གསོར་བ་བདེ་བའི་ སླད་དུ་སྟེ། །ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་འདི་ནི་དཔལ་ ལྡན་བླ་མའི་ཞལ། །ཞེས་པའི་འགྲེལ་པར། ཅི་སྟེ་གཟུགས་ཀྱི་སྒོ་ནས་དགའ་བར་མ་གྱུར་ ན་དེའི་ཚེ་པད་མར་རྡོ་རྗེའི་སྒྲའམ་ཞེས་པ་དལ་བུ་དག་གིས་བྱའོ། །ཅི་སྟེ་བུད་མེད་མ་རྙེད་ན་ དེའི་ཚེ་རང་གི་ལག་པའི་པད་མས་གསོར་བར་བྱའོ། །བདེ་བ་འཕེལ་བའི་སླད་དུ་སྟེ་ལྟུང་བའི་ སླད་དུ་ནི་མ་ཡིན་ནོ། །དེ་ལྟར་ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས་ འཕྲོག་ཏུ་འགྱུར་ཞིང༌། འདི་ནི་དཔལ་ལྡན་བླ་མའི་ཞལ་བཞི་པ་སྟེ་ཡེ་ཤེས་རྡོ་རྗེའོ། །ཞེས་པ་ རྣལ་འབྱོར་གོམས་པའི་ངེས་པའོ། །ཞེས་གསུངས་པ་ལྟར་ཉམས་སུ་བླང་བར་བྱ་སྟེ། དེ་ཡང་ 6-1-366 རང་ཉིད་ལྷག་པའི་ལྷ་ཡབ་ཡུམ་དུ་བསྒོམས་ཏེ། ལུས་ཀྱི་གནས་དྲུག་ཏུ་སྔར་བསྟན་པའི་ཡི་ གེ་རྣམས་བཀོད་ཅིང་མཁའ་གསང་བྱིན་གྱིས་བརླབ་པ་གོང་བཞིན་བྱས་ནས། ལུས་ནི་པད་ མའི་འདུག་སྟངས་སམ། །བརྐྱང་བསྐུམ་གྱི་ནི་འདུག་སྟངས་བཅའ། །ལྟ་སྟངས་གསང་འདུས་ ལས། སྔགས་པ་ཆོ་ག་ཤེས་པ་ཡིས། །སྒྲུབ་པ་ལྷ་ཡི་སྦྱོར་བས་བལྟ། །ཞེས་དང༌། སྙན་བརྒྱུད་ ལས། ལྟ་སྟངས་རང་ལྷའི་ལྟ་བ་སྟེ། །འདུ་ཤེས་ཕུང་པོ་མཐེ་ཆུང་གཞུག །ཅེས་པས། འདིར་ ལྟ་སྟངས་ཅུང་ཟད་དམའ་བར་བྱ་ཞེས་གསུངས། ངག་རླུང་གི་[འཁོར་ལོ་{འཁྲུལ་འཁོར་} ནི། བདེ་སྟོང་དབྱེར་མེད་བྱང་སེམས་ཐིག་ལེ་ཡེ་ཤེས་པ་དགུག་གཞུག བཅིང༌། མཉེས། རོ་ མཉམ་པ་དང༌། གླུ་ཡིས་སྟེང་དུ་བསྐུལ་བ་སྔར་བཞིན་བྱའོ། །སམ་པུ་ཊི་ལས་ཀྱང༌། བསྟན་ པ་ལ་སྨོད་པའི་འཇིགས་པ་དང༌། སྐྱེ་བོ་གདུག་པ་ཅན་གྱི་ནང་དུ་རྣལ་འབྱོར་པ་རང་གི་སེམས་ འབའ་ཞིག་དེར་བསམ་ལ། དེ་ལ་ལྷག་པར་མོས་པ་སྔོན་དུ་བྱའོ། །ཞེས་གསུངས་པའི་དོན་ ཡང་ཡིན་ནོ། །སྙན་བརྒྱུད་ལས། དབྱེ་བ་གསུམ་སྟེ་བསྒོམ་སྟོབས་དང༌། །ལག་པ་བུད་མེད་ སྦྱོར་བ་ཡིས། །འཁོར་གསུམ་དཔྲལ་གནས་བྱང་སེམས་དབབ། །རྡོ་རྗེ་ནོར་བུ་རབ་གཟུང་བ། ། དངུལ་ཆུའི་དཔེ་ཡིས་ཤེས་བྱས་ལ། །སྟེང་ནས་འོག་ཏུ་རྡོ་རྗེ་གཅིག །དེ་འདྲར་རླུང་སེམས་ གཏད་པས་ནི༑ ༑དགའ་བ་བཞི་ལས་བཅུ་དྲུག་སྐྱེ། །ཡར་ངོ་ཆགས་ཅན་མཚན་ཉིད་དོ། །ཞེས་ འབྱུང་ངོ༌། ། གསུམ་པ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་སྒྲུབ་པ་གསང་ཆེན་གྱི་ལམ་དུ་བསྟན་པ་ ནི། རྒྱུད་ཀྱི་རྒྱལ་པོ་ལས། (བྱེད་པ་བཅིངས་པའི་ཐབས་ཀྱིས་)དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་(ན་)ཡུལ་དང་རྣམ་པར་བྲལ་བ(ཡང་ཡུལ་དུ་ཡེ་ཤེས་ལ་སྣང་བ)འི་སྣ་ཚོགས་ཡུམ་(སྟོང་གཟུགས་)ལ་འཁྱུད་ པ་སྟེ། །(རྩ་འཁོར་ལོ་དྲུག་གི་)པད་མར་ཞུགས་པའི་རང་གི་རྡོ་རྗེ་(བྱང་ཆུབ་སེམས་ཀྱི་ཐིག་ལེ་)སྤྲོ་བ་དག་ ཀྱང་དེ་བཞིན་ཟླ་ཉིའི་(རླུང་)དབུས་སུ་རབ་ཞུགས་པའོ། །(ཕྱག་རྒྱ་དང་འགྲོགས་ཀྱང་)བདེ་བའི་ 6-1-367 ས་བོན་མ་ལྷུང་པ་ལ་རབ་དགའི་དགའ་བར་གནས་པ་རྣལ་འབྱོར་པ་ཡི་(རྡོ་རྗེའི་)རྣལ་འབྱོར་ འདི(ནི)། །ཕྱག་རྒྱ(ཆེན་པོ)འི་དངོས་གྲུབ་(ཀྱི་)དོན་(གྱི་)སླད་(དུ་)ཁྱབ་བདག་གི་(སངས་རྒྱས་ཀྱི་) ནི་དཔལ་ལྡན་གསང་བ་ལས་ཀྱང་མཆོག་ཏུ་གསང་(ཆེན་དུ་འགྱུར་)བའོ། །ཞེས་གསུངས་པའོ། ། གསུམ་པ་སྤོགས་པའི་ཆོ་ག་ནི། སྙན་བརྒྱུད་ལས། རླུང་སེམས་དྲག་ཏུ་ཐིག་ལེར་ [གཞུག{བཟུད}ཆགས་པས་ལས་རྒྱ་མང་ལ་སྦྱར། །བདེ་ཆེན་རོ་མཉམ་དག་ཏུ་བྱ། །ཞེས་ དང༌། ལུས་གཟིར་འཕགས་(གྲགས་ཟེར)ལ་ཕྱག་རྒྱས་གསལ། །དེ་ནས་<གསང་སྤྱོད་རིགས་སྤྱོད་ ཕྱོགས་ལས་རྣམ་པར་རྒྱལ་བ་>སྤྱོད་པ་(ནི་སྤྲོས་བཅས་ཀྱི་སྤྱོད་པ་དང༌། སྤྲོས་མེད་ཀྱི་སྤྱོད་པ་དང༌། ཤིན་ཏུ་སྤྲོས་མེད་ཀྱི་ སྤྱོད་པ་དེ་དེ་དག་)གསུམ་བྱས་པས། །དག་པའི་སྐུ་བཞི་ཡེ་ཤེས་དྲུག །སྟོབས་སོགས་ཡོན་ཏན་ ཀུན་རྫོགས་པ། །ཚེ་འདིར་ངེས་པར་ཐོབ་འགྱུར་བའོ། །ཞེས་འབྱུང་བ་ལྟར་བྱའོ། །དེ་ལྟར་ རྗེས་དྲན་གྱི་སྐབས་སུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ལྟེ་བར་གཏུམ་མོའི་མེ་འབར་བས་སྤྱི་ བོའི་ཧཾ་ཡིག་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཞུ་ནས་འཁོར་ལོ་རྣམས་སུ་འབབ་པའི་དགའ་བ་ བཞི་ཉམས་སུ་མྱོང་པ་ལ་ཡེ་ཤེས་ཀྱི་ཕྱག་རྒྱའི་དམིགས་པ་དང་འབྲེལ་དགོས་ཤིང༌། ཕྱག་རྒྱ་ ཆེན་མོ་འོད་གསལ་སྟོང་གཟུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་མཚུངས་ལྡན་དུ་ བསྒོམ་པ་ནི་ཤིན་ཏུ་ཡང་གནད་ཆེའོ། ། བཞི་པ་བསྒོམས་པའི་རྟགས་ཚད་ལ་གཉིས་ལས། རྗེས་དྲན་གྱི་ཉམས་རྟགས་ཇི་ལྟར་ འཆར་བའི་ཚུལ་ནི། གཏུམ་མོའི་མེ་འབར་བས་བྱང་སེམས་བདེ་བ་ཆེན་པོ་ཇི་ཙམ་ཕབ་ཀྱང་ རྡོ་རྗེ་ནོར་བུ་ལས་ཕྱིར་མི་འཕོ་བའི་བདེ་བ་ཁྱད་པར་ཅན་ཉམས་སུ་མྱོང་ཞིང༌། རང་གི་ལུས་ ཀྱང་སྟོང་གཟུགས་འོད་ཀྱི་དཀྱིལ་འཁོར་དུ་སྣང་ཞིང༌། བ་སྤུའི་ཁུང་བུ་རྣམས་ནས་ཡེ་ཤེས་ཀྱི་ འོད་ཟེར་ལྔ་ནམ་མཁའ་ཁྱབ་པ་ལྟ་བུར་འོད་གསལ་སྣང་བ་དང༌། ཡོངས་སུ་དག་པ་དང་མ་ དག་པའི་སངས་རྒྱས་ཀྱི་ཞིང་གི་རྣམ་པ་ལྟ་བུའི་འོད་གསལ་གྱི་སྣང་བ་དང༌། དག་མ་དག་ཀྱི་ 6-1-368 ཞིང་དངོས་ཀྱི་རྣམ་པ་དུ་མ་ཡང་མཐོང་བ་འབྱུང་ངོ༌། །རྗེས་དྲན་གྱི་ཏིང་ངེ་འཛིན་འདི་ཚད་མ་ གང་ཡིན་པའི་ཚུལ་ནི། །སྙན་བརྒྱུད་ལས། རང་རིག་མངོན་སུམ་དུ་ནི་འདོད། །ཅེས་གསུངས་ པས་རྣལ་འབྱོར་པའི་རང་རིག་མངོན་སུམ་ཚད་མས་ཉམས་སུ་མྱོང་བ་གཙོ་ཆེ་བར་བལྟའོ། ། ཞེས་གསུང་ཡང་མངོན་སུམ་བཞི་ཆར་ཚང་བར་ཤེས་པར་བྱའོ། ། ལྔ་པ་དག་བྱ་དང་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི་སེམས་ཅན་ཐམས་ ཅད་ལ་གདོད་མ་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་འདུ་ཤེས་ཀྱི་ཕུང་ པོ་གཞན་རྒྱལ་བ་སྣང་བ་མཐའ་ཡས་<དང་>ལ་སོགས་པ་<ཆུའི་ཁམས་གཞན་མཱ་མ་ཀི་དང༌། ལྕེའི་ དབང་པོ་གཞན་འཇིག་རྟེན་དབང་ཕྱུག་དང༌། གཟུགས་གཞན་གཟུགས་རྡོ་རྗེ་མ། ལས་དབང་རྐང་པའི་དབང་པོ་གཞན་ཁྲོ་བོ་ པད་མ་མཐར་བྱེད། ལས་དབང་གི་བྱ་བ་ལེན་པ་གཞན་ཁྲོ་མོ་ཁེངས་བྱེད་མ་སྟེ་>ཆུ་ཁམས་པ་དྲུག་ཚན་གཅིག་ ཡིན་ལ་དག་བྱ་ནི་མ་དག་པ་འཁོར་བ་བའི་འདུ་ཤེས་ཀྱི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག་ ཡིན་ཞིང༌། དག་བྱེད་ནི་རྒྱལ་བ་འོད་དཔག་མེད་ཀྱི་རིགས་ཀྱི་ཏིང་ངེ་འཛིན་རྗེས་སུ་དྲན་པའི་ ཡན་ལག་སྟེ། འདི་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཞེས་བཞེད་དོ། །དག་བྱེད་ལ་ དབྱེ་ན། རྩ་དབུ་མར་རླུང་སེམས་འདུས་པ་འདོད་པའི་གནས་སྐབས་བཅུ་དག་བྱེད་ཀྱི་དབྱེ་ བས་རྣམ་པ་བཅུའོ། ། དྲུག་པ་བསྒོམས་པས་ཐོབ་པའི་འབྲས་བུ་ནི། རྒྱུད་ཀྱི་རྒྱལ་པོ་ལས། རྗེས་སུ་དྲན་པས་ ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །ཞེས་ དང༌། དེའི་འགྲེལ་པར། རྗེས་སུ་དྲན་པས་ལེགས་པར་དག་པ་ཞེས་པ་ལ་འདིར་རྗེས་སུ་དྲན་ པ་ནི་གཟུགས་ལ་འཁྱུད་པའི་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེའི་ཕྱིར་ གང་གི་ཚེ་དག་པར་གྱུར་པ་དེའི་ཚེ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །ཀྱང་གི་སྒྲ་ ལས་བ་སྤུའི་ཁུང་བུ་ནས་འོད་ཟེར་ལྔ་འཕྲོ་ཞིང་ངེས་པར་རྒྱུའོ། །ཡེ་ཤེས་གཟུགས་ལས་སོ་ 6-1-369 ཞེས་པ་སྟོང་པའི་གཟུགས་ལས་སོ་ཞེས་གསུངས་ཏེ། གནས་སྐབས་ཀྱི་འབྲས་བུ་ནི། གོང་དུ་ བསྟན་པའི་ཉམས་རྟགས་དང་དོན་གཅིག་ཅིང་རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་སོགས་ པའི་ཡོན་ཏན་དུ་མ་ཐོབ་ཅིང༌། མཐར་ཐུག་གི་འབྲས་བུ་རྣལ་འབྱོར་པའི་སྒྲིབ་བཅས་ཀྱི་འདུ་ ཤེས་ཀྱི་ཕུང་པོ་དང་ཆུའི་ཁམས་ལ་སོགས་པ་འགགས་ནས། གཞི་ལ་གདོད་མ་ནས་བཞུགས་ པའི་འདུ་ཤེས་ཀྱི་ཕུང་པོ་གཞན་རྒྱལ་བ་སྣང་བ་མཐའ་ཡས་(དང་)ལ་སོགས་པ་(ཆུའི་ཁམས་ གཞན་མཱ་མ་ཀི་དང༌། ལྕེའི་དབང་པོ་གཞན་འཇིག་རྟེན་དབང་ཕྱུག་དང༌། གཟུགས་གཞན་གཟུགས་རྡོ་རྗེ་མ། ལས་དབང་ རྐང་པའི་དབང་པོ་གཞན་ཁྲོ་བོ་པད་མ་མཐར་བྱེད། ལས་དབང་གི་བྱ་བ་ལེན་པ་གཞན་ཁྲོ་མོ་ཁེངས་བྱེད་མ་སྟེ་)དྲུག་ཚན་ གཅིག་སྒྲིབ་པ་དང་བྲལ་བར་གནས་གྱུར་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ནི་སྙན་ བརྒྱུད་ལས། སྒྲུབ་པ་ཞེས་ནི་གསུངས་པའོ། །ཞེས་གསུངས་པའོ།། ༈ །། གཉིས་པ་ཏིང་ངེ་འཛིན་སྒྲུབ་པ་ཆེན་པོའི་ཡན་ལག་བྱང་སེམས་ཐིག་ལེ་ཇི་ལྟར་བྱོན་པ་ དེ་བཞིན་སྟེང་དུ་གཤེགས་པར་བྱེད་པ་ཡེ་ཤེས་རྡོ་རྗེ་ཕྲ་མོའི་རྣལ་འབྱོར་ལ་དྲུག་སྟེ། ཏིང་ངེ་ འཛིན་གྱི་མཚན་དོན། བསྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ཡན་ལགསྒོམ་པའི་རྟགས་ ཚད། དག་བྱ་དང་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུའོ། །དང་པོ་ནི། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེའུ་ལས། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ཞེས་པའི་འགྲེལ་ བར། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་ཞེས་པ་ཤེས་བྱ་དང་ཤེས་པ་གཅིག་ཏུ་འདྲེས་ པར་གྱུར་པ་སྟེ་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ནོ། །དེ་ ཡང་སྲོག་ལ་སོགས་པ་རྣམས་མེད་པ་ལས་རྣམ་པ་བཅུའོ། །ཞེས་པའི་དོན་ཤེས་བྱའི་རྣམ་པ་ སྟོང་གཟུགས་དང་ཤེས་པ་རྣལ་འབྱོར་པའི་བདེ་བའི་སེམས་གཅིག་ཏུ་འདྲེས་པར་གྱུར་པས་ ཐིག་ལེ་འགྱུར་བ་སྟེ་འཕོ་བ་མེད་པའི་བདེ་བ་ཐོབ་པའི་དབང་གིས་བདེ་བ་ཆེན་པོའི་ལམ་གྱི་ 6-1-370 སེམས་ཡེ་ཤེས་ཀྱི་གཟུགས་འོད་གསལ་སྟོང་གཟུགས་ལ་རྩེ་གཅིག་ཏུ་གནས་པས་ན་ཏིང་ངེ་ འཛིན་ཞེས་བྱ་སྟེ། (ལྟེ་བ་ནས་སྟེང་དུ་རྒྱུ་བའི་)དེ་ཡང་སྲོག་(འོག་ཏུ་རྒྱུ་བའི་)ཐུར་སེལ་(སྙིང་ཁའི་རྩ་འདབ་ བརྒྱད་ལ་རྒྱུ་བའི་)མཉམ་གནས་གྱེན་རྒྱུ་ཁྱབ་བྱེད་ཀླུ་རུས་སྦལ་རྩངས་པ་ལྷས་སྦྱིན་ནོར་ལས་ རྒྱལ་བ་སྟེ་རླུང་བཅུ་འགགས་པའི་སྒོ་ནས་དབྱེ་བ་རྣམ་པ་བཅུ་ཡིན་ནོ། །འདི་ཏིང་ངེ་འཛིན་གྱི་ མཚན་ཉིད་ཡིན་པར་རྒྱུད་འགྲེལ་ལས་གསུངས་སོ། །རྒྱུད་ཕྱི་མ་ལས་ཀྱང༌། ཏིང་ངེ་འཛིན་ གྱིས་ཁུ་བ་རྡོ་རྗེ་ལས་ནི་མགོ་བོར་བགྲོད་བྱེད་དྲི་མེད་བདེ་བ་རབ་ཏུ་རྫོགས། །ཞེས་དང༌། བདེ་མཆོག་སྟོད་འགྲེལ་ལས་ཀྱང༌། དེ་ནས་ཏིང་ངེ་འཛིན་ཞེས་བྱ་བ་ནི་འདོད་པའི་ལྷ་ལ་ རྗེས་སུ་ཆགས་པ་ལས་གང་ཞིག་འགྱུར་བ་མེད་པའི་བདེ་བ་ཐོབ་པ་སྟེ། དེ་ལ་གཅིག་ཏུ་གྱུར་ པའི་སེམས་གཟུང་བ་དང་འཛིན་པ་དང་བྲལ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཏིང་ངེ་ འཛིན་གྱི་ཡན་ལག་ཏུ་བརྗོད་དོ། །ཞེས་གསུངས་སོ། ། གཉིས་པ་བསྒོམ་པའི་དུས་མཚམས་ནི། སྙན་བརྒྱུད་ལས། ཡེ་ཤེས་ལུང་རྒྱུའི་དུས་སུའོ། ། ཞེས་གསུངས་ཤིང༌། རྗེས་དྲན་གྱི་ཡན་ལག་གིས་ལྟེ་བར་གཏུམ་མོའི་མེ་འབར་བས་སྤྱི་བོའི་ བྱང་སེམས་ཐིག་ལེ་ཞུ་བའི་རྒྱུན་འཁོར་ལོ་བཞིའི་ལྟེ་བར་འབབ་པའི་བདེ་བ་དགའ་བ་བཞི་ རྫོགས་པའི་དུས་ནས་བསྒོམ་མོ། ། གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ། ཏིང་ངེ་འཛིན་བསྒོམ་པའི་གནས་དང་བསྒོམ་པར་ བྱ་བའི་ཡུལ་དང༌། བསྒོམ་པའི་དགོས་པ་དང༌། དུས་ཇི་ཙམ་བར་དུ་བསྒོམ་པ་དང༌། ཏིང་ངེ་ འཛིན་ཇི་ལྟར་བསྒོམ་པའི་ཚུལ་དང་ལྔའོ། ། དང་པོ་ནི། སྔར་གྱི་ཉིན་མཚན་གྱི་རྣལ་འབྱོར་བསྒོམ་པའི་གནས་དང་རྗེས་དྲན་བསྒོམ་ པའི་གནས་སུའོ། ། གཉིས་པ་ཡུལ་ནི། སྙན་བརྒྱུད་ལས། ངོ་བོ་བདེ་སྟོང་གཉིས་མེད་དེ། །དེ་ལ་རྩེ་གཅིག་ 6-1-371 གནས་པའོ། །ཞེས་གསུངས་པས། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། བྱང་སེམས་ ཐིག་ལེ་བརྟན་པའི་བདེ་བ་ཟུང་དུ་འཇུག་པའོ། ། གསུམ་པ་དགོས་པ་ནི། སྙན་བརྒྱུད་ལས། དེ་ནས་མི་འགྱུར་བདེ་སྒྲུབ་ཕྱིར། །ཏིང་ངེ་ འཛིན་ནི་ངེས་པར་བསྒོམ། །ཞེས་གསུངས་པས། བྱང་སེམས་ཐིག་ལེ་རྡོ་རྗེ་ནོར་བུའི་རྩེ་མོར་ བརྟན་པའི་བདེ་བ་ཆེན་པོའི་སྐད་ཅིག་མ་གཅིག་ནས་བརྩམས་ཏེ་གཙུག་ཏོར་དུ་བྱང་སེམས་ ཐིག་ལེ་བརྟན་པའི་བར་མི་འགྱུར་བའི་བདེ་བ་ཆེན་པོའི་གོང་ནས་གོང་དུ་འཕེལ་བར་བྱ་བའི་ དོན་དུ་བསྒོམ་པའོ། ། བཞི་བ་དུས་ཇི་ཙམ་བར་དུ་བསྒོམ་པ་ནི། ཏིང་ངེ་འཛིན་གྱི་ཐོག་མ་མི་འགྱུར་བའི་བདེ་ བའི་སྐད་ཅིག་མ་གཅིག་ཐོབ་པ་ནས་བདེ་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོངས་སུ་ རྫོགས་པར་ཐོབ་པའི་བར་དུ་བསྒོམ་མོ། ། ལྔ་པ་ཏིང་ངེ་འཛིན་ཇི་ལྟར་བསྒོམ་པའི་ཚུལ་ལ། སྒོམ་ཚུལ་དངོས་དང་དང༌། སྤོགས་པའི་ ཆོ་ག་དང༌། ས་རྣམས་ཇི་ལྟར་ཐོབ་ཅིང་ཡོན་ཏན་ཇི་ལྟར་སྐྱེ་བའི་ཚུལ་དང་གསུམ་མོ། ། དང་པོ་ལ། ལུས་རྩའི་འདུག་སྟངས་དང༌། ལྟ་སྟངས། ངག་རླུང་གི་འཁྲུལ་འཁོར། སེམས་ ཀྱི་བཞག་ཐབས་དང་གསུམ་ལས། དང་པོ་ནི། རྐང་པ་རྣམ་སྣང་གི་འདུག་སྟངས་སམ། མཉམ་པའི་འདུག་སྟངས་བཅའ་ ཞེས་གསུངས་ཡང༌། གཙོ་བོ་རྡོ་རྗེ་དཀྱིལ་དཀྲུང་ངམ་དཀྱིལ་དཀྲུང་ཕལ་པ་གང་བདེ་བཅའ། སྒལ་ཚིགས་དྲང་པོར་བསྲང་ཞིང་ལག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅའ[ཞིང་]། ལྟ་སྟངས་ མིག་སྣ་རྩེར་ཕབ་པའི་ཚུལ་གྱིས་བལྟ་སྟེ། གསང་འདུས་ལས། སྒྲུབ་པ་ཆེན་པོའི་དུས་སུ་ནི། ། སངས་རྒྱས་གཙོ་བདག་གཟུགས་སུ་བལྟ། །ཞེས་དང༌། སྙན་བརྒྱུད་ལས། སངས་རྒྱས་ཞི་ བའི་ལྟ་སྟངས་[བདེ{ཏེ}། །ལག་པ་ཏིང་འཛིན་ཕྱག་རྒྱའོ། །ཞེས་གསུངས་པའི་དགོངས་པར་ 6-1-372 བཞེད་ན་ཡང༌། སྲོག་རྩོལ་གྱི་སྐབས་ལྟར་བདུད་རྩི་འཁྱིལ་པའི་ལྟ་སྟངས་ཉིད་བྱ་དགོས་པར་ སེམས་སོ། ། གཉིས་པ་ནི། རྡོ་རྗེའི་བཟླས་པ་དང་ལྕེ་གསུམ་གྱི་རླུང་སྦྱོར་དང༌། སྟེང་འོག་གི་རླུང་ དབང་དུ་བསྡུ་བའི་རླུང་སྦྱོར་བར་རླུང་འཛིན་པ་མ་ནིང་གི་རླུང་སྦྱོར་ཙམ་ལས་རླུང་སྦྱོར་གཞན་ མི་བྱ་ཞེས་གསུང་ངོ༌། ། གསུམ་པ་ནི། སོར་སྡུད་དུས་སུ་མཐོང་བའི་ཡུལ་འོད་གསལ་སྣང་སྟོང་དང༌། སྲོག་རྩོལ་ དུས་སུ་ཤར་བའི་ཤེས་པ་གསལ་སྟོང་དང༌། རྗེས་དྲན་དུས་སུ་མྱོང་བའི་ཉམས་མྱོང་བདེ་ སྟོང་དབྱེར་མེད་ཟུང་འཇུག་རྟོག་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཉིན་དང་མཚན་དུ་ མཉམ་བཞག་རྗེས་ཐོབ་མེད་པར་སེམས་མི་གཡོ་ཞིང་བརྟན་པར་གནས་པས་བསྒོམ་པར་བྱ་ སྟེ། རྒྱུད་ཀྱི་རྒྱལ་པོ་ལས། བདེ་བ་མ་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་ འདིར་ནི་སྒྲུབ་པ་ཆེན་པོ་ལ། །ཞེས་པའི་འགྲེལ་བར། བདེ་བ་མ་ཉམས་གཅིག་པུ་ཞི་བ་ཞེས་ པ་ལ་འདིར་བདེ་བ་མ་ཉམས་པའི་བྱང་ཆུབ་ཀྱི་སེམས་སྐད་ཅིག་གཅིག་པུ་གང་ཡིན་པ་དེ་ནི་ ཞི་བ་ཞེས་གསུངས་ཏེ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་སྒྲུབ་པ་ཆེན་པོ་ལ། ཞེས་པ་ནི་ སེམས་འགྱུར་བ་མེད་པའི་བདེ་བ་དང་ལྷན་ཅིག་གཅིག་པ་ཉིད་དོ། །ཞེས་སྒྲུབ་པ་ཆེན་པོའི་ ཡན་ལག་བཞི་པའོ། །ཞེས་དང༌། སྙན་བརྒྱུད་ལས། བསྒོམ་པ་དམིགས་བཅས་སྟོང་གཟུགས་ དང༌། །དམིགས་མེད་བདེ་བ་རོ་མཉམ་ལ། །སེམས་ནི་མི་གཡོ་བརྟན་པར་གནས། །དངོས་ པོ་ཐམས་ཅད་བདེར་འཆར་རོ། །ཞེས་དང༌། དབང་མདོར་བསྟན་པ་ལས། ཆགས་བྲལ་ལས་ གཞན་སྡིག་པ་མེད། །བདེ་བ་ལས་གཞན་བསོད་ནམས་མེད། །དེ་ཕྱིར་འགྱུར་མེད་བདེ་བར་ སེམས། །མི་བདག་རྟག་ཏུ་གནས་པར་བྱ། །གཞོན་ནུ་མ་ཡི་དགའ་བ་ནི། །མེད་པར་བདེ་ བ་སྨྲ་མི་ནུས། །ལང་ཚོའི་དགའ་བ་ཐོབ་པ་ན། །བདེ་བ་ཆེན་པོ་རང་གིས་རིག །དེ་བཞིན་ 6-1-373 ཏིང་འཛིན་དང་བྲལ་བའི། །བདེ་བ་སྨྲ་བར་ནུས་མ་ཡིན། །འགྱུར་མེད་ཏིང་འཛིན་ཐོབ་པ་ ན། །རྣལ་འབྱོར་པ་ཡིས་རང་རིག་འགྱུར། །འགྱུར་མེད་ལས་སྐྱེས་བདེ་རིག་པ། །ཐམས་ཅད་ མཁྱེན་ལའང་(འདི་ལྟ་བུའི་ཡོད་དམ་མེད་སྙམ་དུ་)ཐེ་ཚོམ་ཟ། །དེ་ལྟ་ན་ཡང་(རྣལ་འབྱོར་པའི་ལུས་ལ་ཁམས་ དངས་མ་བརྟན་པའི་བདེ་བ་ཡིན་གྱི་ལུས་ལ་བསྟེན་པའི་)ཡིད་(ཀྱི་)བདེ་(བ་ཙམ་)མིན། །(དེས་ན་ཐིག་ལེ་ཉམས་ པའི་)ཆགས་བྲལ་ཉིད་དུ་མི་བྱའོ། །འཕོས་པ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ལ་ ཡང་སྡུག་བསྔལ་འབྱུང༌། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། །ཟད་པ་ལས་ནི་འཆི་བར་ བརྗོད། །ཤི་ལས་སླར་ཡང་དེ་རྣམས་ཀྱི། །སྲིད་པ་སྲིད་ལས་སླར་འཆི་འཕོ། །དེ་ལྟར་སེམས་ ཅན་གྱི་སྲིད་པ། །ཆགས་བྲལ་ལས་བྱུང་གཞན་དུ་མིན། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། ། འཕོ་བའི་ཆགས་པ་རྣམ་པར་སྤངས༌། །ཞེས་དང༌། རྒྱུད་ཀྱི་རྒྱལ་པོ་ལས། སད་པ(འི་གནས་ སྐབས་)དང་ནི་རྨི་ལམ་གྱི་(གནས་སྐབས་)རང་བཞིན་(དང་)སླར་ཡང་གཞན་པ་འདི་ནི་གཉིད་ (མཐུག་པོའི་གནས་སྐབས་)དང་བཞི་པའི་རང་བཞིན་རྣམས(ལས་སད་པའི་གནས་སྐབས)། །ལུས་ལ་ གནས་(པ་སྟེ་དཔྲལ་བར་གནས་པའི་ལུས་ཀྱི་ཐིག་ལེ་སྐྱེད་པ་)དང་(རྨི་ལམ་གྱི་གནས་སྐབས་ནི་)དབུགས་ལ་ཞེན་ པ་(སྟེ་མགྲིན་པར་གནས་པའི་ངག་གི་ཐིག་ལེས་བསྐྱེད་ལ་གནས་སྐབས་དེ་གཉིས་ཀ་འང་སྣང་པའི་)ཡུལ་རྣམས་(ལ་)རྣམ་པར་དཔྱོད་ཅིང་(གཉིད་མཐུག་པའི་གནས་སྐབས་ནི་)གཡོ་མེད་སེམས་ལ་ཞེན་པ་(སྙིང་ཁ་གནས་ པའི་ལྷན་ཅིག་གི་)སྟེ། །ཡེ་ཤེས་ལ་གནས་(ནི་ལྟེ་བར་གནས་པའི་ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་གནས་སྐབས་)བུད་ མེད་རབ་ཏུ་འགྲོགས་ལས་བྱང་ཆུབ་སེམས་ནི་ཞུ་བ་ལ་ཡང་(ཐིག་ལེ་འཕོ་བའི་)སྐད་ཅིག་(དེ་ལྟར་ འཁོར་བ་པའི་སེམས་ཀྱི་གནས་སྐབས་བཞི་པོ་དེ་འགགས་པ་ལས་ལུས་རྣམས་ཀྱི་)འགྱུར། །སྤྲུལ་པ་ལ་སོགས་(སྐུ་ བཞི་པོ་)དག་གི་སེམས་ཀྱི་རྡོ་རྗེ་(ཞེས་པ་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་བའི་འབྲས་བུ་སྟེར་བ་བདེ་བ་ཆེན་པོའི་) རྣམ་པ་བཞིར་ནི་རིམ་པས་ངེས་པར་རབ་ཏུ་(ཐོབ་པར་)འགྱུར། །དེ་ལྟར་(འཁོར་བ་པའི་)སེམས་ ནི་རྣམ་བཞི་(ནི་)སྲིད་པ་གསུམ་ལ་གནས་པའི་སྲོག་ཆགས་རྣམས་ཀྱི་ཐིག་ལེ(བཞི)འི་དབུས་ 6-1-374 སུ་(གནས་ཤིང་ཐིག་ལེ་བཞི་ལས་སྐྱེས་པ་)སྟེ། །རྣལ་འབྱོར་དབང་པོ་རྣམས་ཡན་ལག་དྲུག་གི་རྣལ་ འབྱོར་ཀྱིས་བདེ་མཉམ་འབྲས་སྟེར་ཁྱབ་བྱེད་(དེ་རྒྱུ་ཐིག་ལེ་)དག་ནི་ཐར་པའི་སླད་དུ་བསྲུང་ བར་བྱ། །ཐིག་ལེ་བཏང་ན་(དེ་བདེ་བའི་རྟེན་ལྷུང་བར་གྱུར་ན་)རྣལ་འབྱོར་(པ་)རྣམས་ཀྱི་མཆོག་གི་ བདེ་བ་སྐྱེ་བའི་ས་བོན་(རྟེན་)སོང་ལ་(རྟེན་པ་)ཐར་པ་གང༌། །དེ་ཕྱིར་འཁོར་བའི་(འཛག་པའི་) བདེ་བའི་སྐད་ཅིག་འདི་ནི་སྡོམ་བརྩོན་རྣམས་ཀྱིས་ཐམས་ཅད་དུས་སུ་སྤངས་བར་བྱ། །ཞེས་ གསུངས་པ་ལྟར་བསྒོམ་པར་བྱའོ། ། གཉིས་པ་སྤོགས་པའི་ཆོ་ག་ནི། སྙན་བརྒྱུད་ལས། རླུང་སེམས་དྲག་ཏུ་ཐིག་ལེ་གཟུད། ། ཆགས་པས་ལས་རྒྱ་མང་ལ་སྦྱར། །བདེ་ཆེན་རོ་མཉམ་དག་ཏུ་བྱ། །ཞེས་གསུངས་པས་རྗེས་ དྲན་གྱི་སྐབས་སུ་བཤད་པ་ལྟར་ཕྱག་རྒྱ་བཞི་སྦྱོར་སྤྲོས་བཅས་ཀྱི་སྤྱོད་པ་བྱ་བའི་སྒོ་ནས་བྱང་ སེམས་ཐིག་ལེ་སྤྱི་བོ་ནས་རྡོ་རྗེ་ནོར་བུའི་བར་དུ་ཇི་ལྟར་བྱོན་པ་དེ་བཞིན་དུ་སྟེང་དུ་གཤེགས་ པར་བྱེད་པས་མི་འགྱུར་བའི་བདེ་བ་ཆེན་པོ་མྱུར་དུ་འཕེལ་བར་བྱའོ། ། གསུམ་པ་ས་རྣམས་ཇི་ལྟར་ཐོབ་ཅིང་ཡོན་ཏན་ཇི་ལྟར་སྐྱེ་བའི་ཚུལ་ལ། བདེ་བ་ཆེན་ པོའི་སྐད་ཅིག་མ་འཕེལ་བས་ས་རྣམས་ཐོབ་པའི་ཚུལ་དང༌། ས་རྣམས་ཀྱི་ཡོན་ཏན་གྱི་ཁྱད་ པར་{དང་}གཉིས་ལས། དང་པོ་ནི། རྒྱུད་ཀྱི་རྒྱལ་པོ་ལས། ཆགས་དང་ཆགས་བྲལ་མཐའ་ ཐོག་ལ་གནས་སྐད་ཅིག་མ་ཡང་ཁྱབ་བདག་གི་ནི་དབུགས་ཀྱི་གྲངས་འཕེལ་ལོ། །ཞེས་པའི་ འགྲེལ་པར། དེ་ནས་སྐད་ཅིག་{གཅིག་}གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ ཉིད་ནི། ཆགས་དང་ཆགས་བྲལ་མཐའ་ཐོག་ལ་གནས་སྐད་ཅིག་མ་ཞེས་པ་ལ། ཆགས་པ་ ཞེས་པ་ནི་དཀར་པོའི་ཕྱོགས་ཏེ། དེའི་མཐར་གནས་པ་ནི་ཆ་བཅུ་དྲུག་པའི་[མཚན་{ཆ་}ཉིད་ དོ། །ཆགས་བྲལ་ནི་ནག་པོའོ། །དེའི་དང་པོ་ལ་གནས་པ་ནི་ནག་པོའི་ཕྱོགས་ལ་མ་ཞུགས་ པ་སྟེ་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ཀྱི་མཚན་ཉིད་དོ། །སྐད་ཅིག་མ་དེ་ཉིད་ཀྱང་ 6-1-375 དབུགས་ཀྱི་གྲངས་ཞེས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་འཕེལ་ལོ། །གསང་བར་རྡོ་རྗེ་ ནོར་བུའི་རྩེ་མོ་ལས་སྐད་ཅིག་མ་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གིས་འཕེལ་ཏེ་དེའི་གྲངས་ཀྱི་སྲོག་ རྣམས་བསད་ནས་གསང་བའི་པད་མར་ཕྱིན་པ་དེས་ས་གཉིས་སུ་འགྱུར་རོ། །དེ་བཞིན་དུ་ ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བར་བཞི་དང་དྲུག་དང་བརྒྱད་དང་ས་བཅུ་རྣམས་ སུ་འགྱུར་ཞིང་གཙུག་ཏོར་དུ་སྲོག་ཐམས་ཅད་ཟད་པས་ས་བཅུ་གཉིས་སོ༑ ༑ཞེས་གསུངས་ ཏེ། ལྟེ་བའི་གཏུམ་མོའི་མེས་སྦྱི་བོའི་ཧཾ་ཡིག་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཞུ་བར་གྱུར་པ་རྡོ་རྗེ་ ནོར་བུའི་བར་དུ་བྱོན་པ་ནི་ཆགས་པ་དཀར་པོའི་ཕྱོགས་ཏེ་དཀར་ཕྱོགས་རྫོགས་པའི་མཐའ་ ནི། ཆ་བཅུ་དྲུག་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ལ། ཆགས་བྲལ་ནི་བྱང་སེམས་རྡོ་རྗེ་ ནོར་བུ་ལས་ཕྱིར་འཕོས་པ་ནག་པོའི་ཕྱོགས་ཏེ། དེ་ལ་མ་ཞུགས་པ་བྱང་སེམས་ཐིག་ལེ་རྡོ་ རྗེ་ནོར་བུའི་རྩེ་མོར་བརྟན་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་མ་དང་པོ་ཡིན་ ལ། དེ་ཐོབ་པ་ན་ཏིང་ངེ་འཛིན་གྱི་ཐོག་མ་ཐོབ་པ་ཡིན་ཏེ། དེའི་དུས་སུ་དབུགས་འབྱུང་བ་ དང་འཇུག་པ་གཅིག་འགག་ཅིང༌། དེ་ལྟ་བུའི་དབུགས་སྟོང་དང་བརྒྱད་བརྒྱ་དུས་སྦྱོར་གཅིག་ གི་རླུང་འགགས་པ་ན་བདེ་བ་ཆེན་པོའི་སྐད་ཅིག་མ་སྟོང་བརྒྱད་བརྒྱ་འཕེལ་ཞིང༌། གསང་ གནས་ཀྱི་འཁོར་ལོའི་ཕྱེད་དུ་བྱང་སེམས་ཐིག་ལེ་བརྟན་ཞིང་ས་དང་པོ་ཐོབ་པོ། །དེ་ནས་དུས་ སྦྱོར་གཉིས་ཀྱི་རླུང་འགགས་ཤིང༌། མི་འགྱུར་བའི་བདེ་བའི་སྐད་ཅིག་མ་སྟོང་བརྒྱད་བརྒྱ་པ་ གཉིས་འཕེལ་ཏེ། བྱང་སེམས་ཐིག་ལེ་གསང་གནས་ཀྱི་འཁོར་ལོར་བརྟན་པས་ས་གཉིས་པ་ ཐོབ་ལ། དེ་ལྟ་བུའི་ཚུལ་གྱིས་ལྟེ་བར་ས་བཞི་པ་དང༌། སྙིང་ཁར་དྲུག་པ་དང༌། མགྲིན་པར་ བརྒྱད་པ་དང༌། དཔྲལ་བར་བཅུ་པ་དང༌། དེ་ནས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དུས་ སྦྱོར་བཅུ་གཉིས་ཀྱི་རླུང་ཐམས་ཅད་འགགས་ཤིང༌། མི་འགྱུར་བའི་བདེ་བའི་སྐད་ཅིག་མ་ཉི་ ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་ཏེ་བྱང་སེམས་ཐིག་ལེ་གཙུག་ཏོར་གྱི་འཁོར་ལོ་བརྟན་པ་ཐོབ་ 6-1-376 པ་ན་ཏིང་ངེ་འཛིན་གྱི་ཡན་ལག་མཐར་ཕྱིན་ནས། ས་བཅུ་གཉིས་ཀྱི་དབང་ཕྱུག་ཐོབ་པར་ འགྱུར་རོ། །འདིར་ས་བཅུ་གཉིས་ཀྱི་མིང་ནི་ཀུན་ཏུ་འོད་ཉི་མའི་དཀྱིལ་འཁོར་ཆེན་པོ་མཛེས་ པའི་ས་དང༌། བདུད་རྩིའི་འོད་ཟླ་བ་ཆེན་པོ་འོད་གསལ་བའི་ས་དང༌། ནམ་མཁའི་འོད་ནམ་ མཁའ་ལྟར་རབ་ཏུ་གནས་པའི་ས་དང༌། རྡོ་རྗེའི་འོད་ཡིད་དགའ་བའི་ས་དང༌། རིན་ཆེན་འོད་ མངོན་པར་དབང་བསྐུར་བ་ལ་གནས་པའི་ས་དང༌། པད་མའི་འོད་རང་བཞིན་གྱིས་དག་པའི་ ཆོས་དྲི་མ་མེད་པ་ཡོངས་སུ་འཛིན་པའི་ས་དང༌། སངས་རྒྱས་ཀྱི་ལས་བྱེད་པའི་ས་དང༌། དཔེ་ མེད་པའི་ས་དང༌། དཔེ་ཐམས་ཅད་ཀྱི་དཔེ་རབ་ཏུ་རྟོགས་པར་བྱེད་པའི་ས་དང༌། ཤེས་རབ་ ཀྱི་འོད་བླ་ན་མེད་པའི་ས་དང༌། ཐམས་ཅད་མཁྱེན་པ་ཉིད་འོད་གསལ་བ་ཆེན་པོའི་ས་དང༌། སོ་སོའི་བདག་ཉིད་རིག་པ་རྣལ་འབྱོར་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་སའོ། ། ཞེས་གསུངས་ཤིང༌། དེ་རྣམས་ལ་གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། ཚན་ དོ་ཧ་དང་ཉེ་བའི་ཚན་དོ་ཧ། འདུས་པ་དང་ཉེ་བའི་འདུས་པ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། འཐུང་གཅོད་དང་ཉེ་བའི་འཐུང་གཅོད་ཅེས་བྱ་སྟེ། མཆོག་གི་དང་པོའི་སངས་རྒྱས་ལས། (སྦྱོར་བ་ཡན་ལག་དྲུག་གི་ལམ་བསྒོམ་པས་རྟེན་འབྲེལ་)ཡན་ལག་བཅུ་གཉིས་འགགས་པ་ཡིས། །(ལུས་ ལ་རླུང་)དུས་སྦྱོར་(བཅུ་གཉིས་པོ་)རྣམས་ནི་མི་འབབ་(སྟེ་འགགས་པའི་)ཕྱིར། །(གོང་དུ་བཤད་པའི་)ས་ རྣམས་བཅུ་གཉིས་ཞེས་གྲགས་པ། །གནས་(དང་ཉེ་བའི་གནས་)ལ་སོགས་པ་དོན་དམ་(བདེན་པས་ བསྡུས་པ་རྣམས་ཐོབ་པོ། །)མོ། །ཞེས་གསུངས་སོ། །བདེ་བ་ཆེན་པོའི་ཏིང་ངེ་འཛིན་བསྒོམ་པའི་ཚུལ་ འདི། རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། (དང་པོ་སོ་སོ་སྡུད་པའི་ཡན་ལག་གིས་)དུ་བ་ ལ་སོགས་(མཚན་མ་བཅུའི་མཐར་སྣ་ཚོགས་སྟོང་གཟུགས་)བསྒོམ་བྱས་ཤིང༌། །(བསམ་གཏན་གྱིས་)སེམས་ ནི་གཡོ་བ་མེད་བྱས་ཏེ། །(སྲོག་རྩོལ་གྱི་)དབུ་མ(འི་ལམ་)སྦྱང་བ་བྱས་ནས་ནི། །(འཛིན་པས་རླུང་གཡོ་ བ་མེད་པར་བྱས་ནས་ཕྱག་རྒྱ་ཆེན་པོ་)མཆོག་ཏུ་མི་འགྱུར་(བའི་ཡེ་ཤེས་)བསྒོམ་པར་བྱ(འོ)། །(རྗེས་དྲན་གྱི་ 6-1-377 དུས་སུ་ཤེས་རབ་ཀྱི་)པད་མ་རྡོ་རྗེ་རབ་(ཏུ་)བཀོད་ནས། །(གཏུམ་མོའི་མེ་འབར་བའི་ཕྱིར་)སྲོག་(དང་ཐུར་ སེལ་གཅིག་ཏུ་སྦྱར་བ་)ནི་(སྤྱི་བོའི་ཧཾ་ཡིག་)ཐིག་ལེར་(ཟིན་པའི་ཚུལ་གྱིས་ཨ་བ་དྷཱུ་ཏིར་)གཞུག་པར་བྱ། །(དེ་ ལྟར་གཏུམ་མོའི་མེས་སྤྱི་བོའི་བྱང་སེམས་ཧཾ་གིས་ཐིག་ལེ་ཞུ་བ་བྱས་ནས་)འཁོར་ལོ་ཐིག་ལེ་(རྣམས་ཀྱི་ལྟེ་བར་ཐིག་ལེ་ བྱོན་པའི་)ཐིག་ལེ་ཡི། །གཡོ་བ་རྡོ་རྗེ(ནོར་བུ)ར་དགག་པར་བྱ། །(དེ་ལ་བརྟེན་ནས་)རྟག་ཏུ་རྟགས་ རེངས་(པའི་)རྣལ་འབྱོར་པས། །(ཏིང་ངེ་འཛིན་གྱི་)རྟག་ཏུ་(རྡོ་རྗེ་ནོར་བུ་ནས་གསང་གནས་ལ་སོགས་པ་) སྟེང་དུ་ཁུ་བར་(གཤེགས་པ་)འགྱུར(བར་བྱའི)། །(དེ་ལྟ་བུའི་)ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །(བདེ་ བ་ཆེན་པོའི་ཡེ་ཤེས་)རྡོ་རྗེ་འབེབས་པས་(རྣལ་འབྱོར་པ་རང་ཉིད་)བྱིན་གྱིས་བརླབས(ནས་དབུགས་ཉི་ཁྲི་ཅིག་ སྟོང་བརྒྱ་རིམ་གྱིས་ཟད་པར་བྱས་ནས)། །མཆོག་ཏུ་མི་འགྱུར་(བའི་བདེ་བའི་)སྐད་ཅིག་ནི། །སྟོང་ཕྲག་ཉི་ ཤུ་རྩ་གཅིག་དང༌། །དྲུག་རྒྱ་(གཙུག་ཏོར་གྱི་འཁོར་ལོར་)རྫོགས་པས་རྒྱལ་པོ་ཆེ(ཞེས་པ་བོད་པ་སྟེ)། །རྡོ་ རྗེ་སེམས་དཔ(རྣལ་འབྱོར་པ་སྟེ)ར་རང་ཉིད་འགྱུར(རོ)། །ཞེས་གསུངས་ཤིང༌། སྙན་རྒྱུད་ལས། དཔལ་ལྡན་མི་འགྱུར་བདེ་བ་སྐྱེ། །སངས་རྒྱས་དངོས་སུ་ཡང་དག་མཐོང༌། །དེ་ལ་བརྟན་ པར་གྱུར་པ་དེས། །ཐིག་ལེ་གྱེན་ལོག་སྤྱི་བོར་འགྲོ། རྡོ་རྗེ་ནོར་བུར་ངོ་བོ་ཉིད། །ཐོབ་ནས་ ཆོས་དང་ལོངས་སྐུ་དང༌། །སྤྲུལ་སྐུ་གནས་བཞིར་ཐོབ་པར་འགྱུར། །རྡོ་རྗེ་བཞི་དང་རྣམ་ཐར་ དང༌། །བྱང་ཆུབ་བཞི་ཡང་རྟོགས་པར་འགྱུར། །གསང་གནས་སྤྱི་བོར་རླུང་དག་ནི། །སྟོང་དང་ བརྒྱད་བརྒྱ་འགགས་པ་ཡིས། །ས་ནི་བཅུ་གཉིས་རིམ་པས་ཐོབ། །སྐུ་ནི་བཅུ་དྲུག་དག་པར་ འགྱུར། །ཐིག་ལེ་སྤྱི་བོ་རྡུལ་ནོར་བུ། །མི་གནས་མྱ་ངན་འདས་པར་བརྗོད། །ཡོན་ཏན་ཐམས་ ཅད་རྫོགས་པར་འགྱུར། །ཏིང་འཛིན་དབང་བསྐུར་ཙམ་གྱིས་ནི། །སྒྲིབ་པ་ཐམས་ཅད་བྲལ་ གྱུར་ནས། །དྲི་མ་མེད་པར་སངས་རྒྱས་འགྱུར། །ཞེས་གསུངས་སོ། ། གཉིས་པ་ས་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ནི། ས་དང་བོ་ཐོབ་པ་ལས་ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་གཅིག་གི་མཐར་ཐུག་པར་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་ 6-1-378 དང༌། དེ་བཞིན་དུ་ས་གཉིས་པ་ནས་ས་བཅུ་གཅིག་པའི་བར་དུ་ས་འོག་མ་ལས་ཉིས་འགྱུར་ གྱི་འཇིག་རྟེན་ཁམས་ཀྱི་གྲངས་མཐོང་སྟེ། ས་བཅུ་གཅིག་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་ཉི་ཤུ་རྩ་བཞི་ལྷག་པའི་སྟོང་ཕྲག་གཅིག་གི་མཐར་ཐུག་པར་ལྐོག་ཏུ་གྱུར་པའི་དོན་ ཡང་དག་པར་མཐོང་བར། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པའི་མདོར་བསྡུས་ལས་ གསུངས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ དབུས་སུ་བཞག་པའི་སྟེང་འོག་{སོགས་}ཕྱོགས་བཅུར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ ལྟ་བུ་སྟོང་ཕྲག་རེ་རེ་བགྲངས་པ་ལ་བྱ་སྟེ། དེ་ལ་སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་ཞེས་ གསུངས་སོ། །སངས་རྒྱས་ཀྱི་ས་བཅུ་གཉིས་པ་ཐོབ་པ་ལས་སྟོང་ཆེན་པོ་ཞེས་བྱ་བ་ཕྱོགས་ བཅུར་གྲངས་མེད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྔར་མ་མཐོང་པའི་དོན་ཡང་ དག་པར་མཐོང་བ་ཡིན་ནོ། །ཡོན་ཏན་གྱི་ཁྱད་པར་གཞན་ནི། ཡི་གེ་མངས་ཀྱིས་དོགས་ ནས་མ་བྲིས་སོ། །ལམ་དང་འབྲས་བུའི་རྣམ་པར་བཞག་པ་ཅུང་ཟད་རྒྱས་པར་ནི། ཁོ་བོས་ རྣམ་པར་སྦྱར་བའི་རྡོ་རྗེའི་རྣལ་འབྱོར་གྱི་ངོ་སྤྲོད་ཡང་དག་དོན་གསལ་དང་གསང་དོན་རབ་ གསལ་གཉིས་སུ་བལྟ་བར་བྱའོ། ། བཞི་པ་བསྒོམ་པའི་རྟགས་ཚད་ལ་གཉིས་ལས། ཉམས་རྟགས་ཇི་ལྟར་འཆར་བའི་ཚུལ་ ནི། རྣལ་འབྱོར་པའི་ལུས་སེམས་དང་སྣང་བ་ཐམས་ཅད་བདེ་སྟོང་གཉིས་མེད་དུ་འཆར་བ་ ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པ་ཐོབ་པར་དཔལ་དུས་ཀྱི་འཁོར་ལོ་ལ་ སོགས་པ་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་དུ་མ་ལས་གསུངས་སོ། །ཏིང་ངེ་འཛིན་གྱི་ཡན་ལག་ འདི། ཚད་མ་གང་ཡིན་པའི་ཚུལ་ནི། སྙན་བརྒྱུད་ལས། སྒྲུབ་པ་ཆེན་པོ་ཞེས་བཤད་དཻ། །རྣལ་ འབྱོར་མངོན་སུམ་ཡིན་པར་འདོད། །ཅེས་གསུངས་པས། རྣལ་འབྱོར་འཕགས་པའི་མངོན་ སུམ་ཚད་མས་མཁྱེན་པ་གཙོ་ཆེ་བར་བལྟའོ། །ཞེས་གསུངས་ཡང༌། ས་མ་ཐོབ་བར་གྱི་ཏིང་ 6-1-379 ངེ་འཛིན་གྱི་ཡན་ལག་ནི། རྣལ་འབྱོར་མངོན་སུམ་ཡིན་ཡང་འཕགས་པའི་རྣལ་འབྱོར་མངོན་ སུམ་མ་ཡིན་ལ། སྤྱིར་ནི་སོར་སྡུད་བསམ་གཏན་གྱི་ཡན་ལག་དང་འདྲ་བར་མངོན་སུམ་བཞི་ ཆར་ཚང་བར་ཤེས་པར་བྱའོ། ། ལྔ་པ་དག་བྱ་དང་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི། སེམས་ཅན་ཐམས་ ཅད་ལ་གདོད་མ་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་གཟུགས་ཀྱི་ཕུང་ པོ་གཞན་རྒྱལ་བ་རྣམ་པར་སྣང་མཛད་ལ་སོགས་པ་སའི་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱ་ནི། མ་དག་པ་འཁོར་བ་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག་ཡིན་ ཞིང༌། དག་བྱེད་ནི། རྒྱལ་བ་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། འདི་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་ཞེས་བཞེད་དོ། །དག་བྱེད་ལ་དབྱེ་ན་སྲོག་དང་ཐུར་ སེལ་ལ་སོགས་པ་རླུང་བཅུ་འགོག་པའི་དབྱེ་བས་རྣམ་པ་བཅུ་སྟེ། རྒྱུད་ཀྱི་རྒྱལ་པོ་དང་འགྲེལ་ བར། དཔལ་ལྡན་ཏིང་ངེ་འཛིན་གྱི་འཁོར་ལོ་ཅན་ཞེས་པ་རྣམ་པར་སྣང་མཛད་དེ། ཏིང་ངེ་ འཛིན་རྣམ་པ་བཅུ་ནི་རླུང་བཅུ་པོ་རྣམས་འགོག་པའི་ཕྱིར་རོ། །ཞེས་གསུངས་སོ། ། དྲུག་པ་བསྒོམས་པས་ཐོབ་པའི་འབྲས་བུ་ནི། རྒྱུད་ཀྱི་རྒྱལ་པོ་ལས། དེ་ནས་ཏིང་ངེ་ འཛིན་གྱིས་དག་པ་ཉིད་ཞག་འགའ་ཞིག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །ཞེས་ གསུངས་ཏེ། གནས་སྐབས་ཀྱི་འབྲས་བུ། ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ ཀྱིས་ཡེ་ཤེས་སྐུ་ཞེས་པ་དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔར་འགྱུར་ ཞིང༌། མཐར་ཐུག་གི་འབྲས་བུ་རྣལ་འབྱོར་པའི་སྒྲིབ་བཅས་ཀྱི་གཟུགས་ཀྱི་ཕུང་པོ་དང་སའི་ ཁམས་ལ་སོགས་པ་འགགས་ནས། གཞི་ལ་གདོད་མ་ནས་བཞུགས་པའི་གཟུགས་ཀྱི་ཕུང་པོ་ གཞན་རྒྱལ་བ་རྣམ་པར་སྣང་མཛད་(དང་)ལ་སོགས་(སའི་ཁམས་གཞན་སངས་རྒྱས་སྤྱན་མ་དང༌། ལས་ཀྱི་ དབང་པོ་གཞན་སྒྲིབ་པ་རྣམ་སེལ་དང༌། དྲི་གཞན་དྲི་རྡོ་རྗེ་མ། ལས་དབང་བཤང་ལམ་གྱི་དབང་པོ་གཞན་ཁྲོ་བོ་གཤིན་རྗེ་མཐར་ 6-1-380 བྱེད། ལས་དབང་གི་བྱ་བ་བརྗོད་པ་གཞན་ཁྲོ་མོ་རེངས་བྱེད་མ་སྟེ་)པ་དྲུག་ཚན་གཅིག་སྒྲིབ་པ་དང་བྲལ་བར་ གནས་གྱུར་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་དག་ནི་སྙན་བརྒྱུད་ལས། སྒྲུབ་པ་ཆེན་པོ་ ཞེས་བཤད་དེ། །དེ་གཉིས་ཐ་མར་དགེ་བའོ། །ཞེས་གསུངས་པའོ། །རྗེས་དྲན་གཏུམ་མོ་དང༌། ཐིག་ལེའི་རྣལ་འབྱོར་གྱི་མན་ངག་གིས་རྣལ་འབྱོར་པའི་སེམས་ཉམས་མྱོང་བྱང་སེམས་ཐིག་ ལེ་ཡས་བབས་ཀྱི་དགའ་བ་བཞིའི་བདག་ཉིད་ལ་རྩེ་གཅིག་ཏུ་གནས་པའི་རྟོག་པ་མེད་པའི་ ཏིང་ངེ་འཛིན་གྱི་རྒྱལ་པོ་བསྒོམ་པ་སྒྲུབ་པའི་ཡན་ལག་ཐུགས་རྡོ་རྗེའི་རྣལ་འབྱོར་དང༌། ཏིང་ ངེ་འཛིན་ཕྲ་མོའི་རྣལ་འབྱོར་གྱིས་རྣལ་འབྱོར་པའི་སེམས་བྱང་སེམས་ཐིག་ལེ་ཇི་ལྟར་བྱོན་པ་ དེ་བཞིན་དུ་སྟེང་དུ་གཤེགས་པས་འགྱུར་མེད་ཀྱི་བདེ་བ་ཆེན་པོ་ལ་རྩེ་གཅིག་ཏུ་གནས་པའི་ རྟོག་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལྷུན་འགྲུབ་རྩོལ་མེད་དུ་བསྒོམ་པ་སྒྲུབ་པ་ཆེན་ པོའི་ཡན་ལག་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཐ་མར་དགེ་བའི་ཁྲིད་ཡིག་ཆོས་རྗེ་ཡབ་སྲས་གོང་ མ་རྣམས་ཀྱི་ཞལ་གྱི་གདམས་པ་རྒྱུད་འགྲེལ་ཆེན་པོའི་ལུང་རྣམ་པར་དག་པ་དང་ཉེ་བར་སྦྱར་ ཞིང་ཞལ་ཤེས་སུ་མཛད་པ་རྣམས་ཀྱང་ཅུང་ཟད་གསལ་བར་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ པ་དགེ་སློང་ཆོས་ཀྱི་རྒྱལ་པོ་མིང་གཞན་ཕྱོགས་ལས་རྣམ་རྒྱལ་གྱིས་རྣམ་པར་སྦྱར་བ་རྫོགས་ སོ།། ༈ །། (ཆོས་རྗེ་ཀུན་སྤངས་ཆེན་པོའི་གསུང་གིས་)འདིར་སྦྱོར་བ་ཡན་ལག་དྲུག་པོ་རེ་རེ་ལའང༌། མཚན་ དོན། ཡན་ལག དག་དབྱེ། འབྲས་བུ་སྟེ། དོན་བཞི་བཞིས་ཁྲིད་ནས། སྦྱོར་བ་རེ་རེ་ལའང་ ཡན་ལག་དྲུག་དྲུག་ཚང་བར་བསྒོམ་ཞིང༌། རེས་འགའ་སྟན་ཐོག་གཅིག་གི་སྟེང་དུ་ཡང་སྦྱོར་ བ་ཡན་ལག་དྲུག་ག་ཐུན་གཅིག་ལ་ཡང་ཚང་བར་བསྒོམས་ཏེ། སྙན་བརྒྱུད་ལས། དེ་ལྟར་ ཡན་ལག་དྲུག་པོ་ལ། །ལོ་གསུམ་ཟླ་ཕྱེད་གསུམ་གྱིས་ནི། །སངས་རྒྱས་འདྲ་བར་འགྱུར་བ་སྟེ། ། ས་དང་ཐོབ་པ་ཞེས་ཀྱང་འདོད། །ཁམས་དྲུག་སྦྱངས་པས་ཡེ་ཤེས་དྲུག །རིགས་དྲུག་ཕ་རོལ་ 6-1-381 ཕྱིན་པ་དྲུག །མངོན་ཤེས་དྲུག་དང་རྗེས་དྲན་དྲུག །རླུང་དྲུག་ཡེ་ཤེས་བླ་མ་གསུང༌། །ཞེས་ དང༌། འདི་མིན་མཆོག་ནི་མི་འགྲུབ་ཅེས། །གསུངས་པས་ངེས་པར་འདི་བསྒྲུབ་བྱ། །རྟོག་ ལམ་འཇིག་རྟེན་འཁོར་གསུངས་པས། །བསྐྱེད་རིམ་ལས་སོགས་ཅི་ཞིག་བྱ། །ཞེས་དང༌། སྦྱོར་དྲུག་མན་ངག་ཡོད་པ་དག །མ་བསྒོམས་ན་ཡང་སྐྱེ་བདུན་འགྲུབ། །ཅེས་པའི་དོན་འདི་ ནི། བརྗོད་མི་དགོས་པར་ཤེས་པར་བྱའོ། །ཞེས་གསུང་ངོ༌། །(སྐབས་འདིར་ཡང་ཆོས་རྗེ་ཀུན་སྤངས་ པ་ཆེན་པོའི་གསུང་གིས་)ཁྲིད་ཡིག་འདི་ནི། སངས་རྒྱས་རྡོ་རྗེ་འཆང་ནས་ཆོས་རྒྱལ་རིགས་ལྡན་ དང༌། དཔལ་དུས་འཁོར་ཞབས་ཡབ་སྲས་ནས། པཎ་ཆེན་ཟླ་བ་མགོན་པོ་ལ་སྙན་དུ་བརྒྱུད་ པའི་སྔོན་ཆད་ཡི་གེ་མེད་པའི་བཀའ་རྒྱ་ཅན་ལ་གཞི་བྱས། ཐོག་མར་དགེ་བའི་ཁྲིད་དཔལ་ ཤ་བ་རི་དབང་ཕྱུག་ནས་པཎ་ཆེན་བི་བྷུ་ཏ་ཙན་ཏྲ་ལ་སྙན་དུ་བརྒྱུད་པ་བཞིན་བྲིས། བར་དུ་ དགེ་བའི་ཁྲིད་པཎ་ཆེན་ཤཱཀྱ་ཤྲི་ནས་ཆོས་རྗེ་ས་སྐྱ་པཎ་ཆེན་ལ་སྙན་དུ་བརྒྱུད་པ་བཞིན་བྲིས། ཐ་མར་དགེ་བའི་ཁྲིད་རྒྱུད་འགྲེལ་མན་ངག་ནས་ཇི་ལྟར་གསུངས་པ་བཞིན་དུ་བྲིས་པ་ཡིན་ ནོ་ཞེས་གསུངས་པ་རིགས་ལྡན་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་སྤྲུལ་པའི་སྐུ་ཆོས་ཀྱི་ རྗེ་ཀུན་སྤངས་[པ་]ཆེན་པོའི་ཞལ་སྔ་ནས་མཛད་པའི་ཁྲིད་ཡིག་གཞིར་བཞག་ནས། ཆོས་ རྗེ་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པའི་ཞལ་གྱི་གདམས་པ་ཅི་རིགས་པ་རྣམ་ པར་སྦྱར་ཞིང༌། རྒྱུད་འགྲེལ་ཆེན་པོའི་དགོངས་པ་ཟབ་མོ་རྣམས་ཀྱང་ལེགས་པར་སྦྱར་དེ། རྒྱུད་འགྲེལ་ཆེན་པོའི་ལུང་སྦྱོར་རྣམས་ཀྱང་སྔར་འགྱུར་གྱི་མ་བདེ་བ་རྣམས་སྤངས་ནས་ཤོང་ འགྱུར་གཞིར་བཞག་པའི་སྟེང་དུ་སླར་ཡང་(དཔལ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ། ཆོས་ཀྱི་རྗེ་རིན་པོ་ ཆེ་ཀུན་མཁྱེན་ཆེན་པོའི་ཞལ་སྔ་ནས་དོན་གྱི་ཆ་ལ་དཔྱད་པ་མཛད་ཅིང༌། དཔལ་ལྡན་བླ་མ་དམ་པ་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་ དཔལ་བཟང་པོ་པ་དང་དཔལ་ལྡན་བླ་མ་དམ་པ་ལོ་ཙཱ་བ་བློ་གྲོས་དཔལ་བཟང་པོས་ཞལ་སྔ་ནས་རྒྱ་དཔེ་དག་པ་ལ་གཏུགས་ནས་) དག་པར་བྱས་པ་ལྟར་བྲིས་པ་ཡིན་ནོ། ། 6-1-382 རྒྱལ་དང་རྒྱལ་བའི་སྲས་རྣམས་ཀུན་གྱིས་རྣམ་པ་ཀུན་ཏུ་ཉེར་བསྟེན་ཞིང༌། ། རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ཉམས་བླངས་གྲུབ་པའི་མཆོག་བརྙེས་པ། ། ཟབ་ཡངས་རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་ལམ་བཟང་རིན་ཆེན་དབང་གི་རྒྱལ། ། གུས་པས་ཉེར་བསྟེན་སྲིད་དང་ཞི་བའི་རྒུད་པ་ཀུན་ཏུ་རྣམ་སེལ་བ། ། གང་དེ་ཉམས་སུ་བླང་བའི་རིམ་པ་ཐོག་མཐའ་བར་དུ་དགེ་བ་ཡི། ། ཁྲིད་རིམ་ཐར་ལམ་གསལ་བྱེད་གང་འདི་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ། ། དགེ་སློང་ཆོས་ཀྱི་རྒྱལ་པོ་ཞེས་བྱ་དཔལ་ལྡན་མི་བསྐྱོད་རྡོ་རྗེ་ཡིས། ། ཟབ་ལམ་དོན་གཉེར་སྐལ་ལྡན་སློབ་མ་བློ་ལྡན་དུ་མས་བསྐུལ་བའི་ངོར། ། རྒྱུད་དང་རྒྱས་འགྲེལ་དགོངས་པ་ཇི་བཞིན་རྗེ་བཙུན་བླ་མ་བརྒྱུད་པ་ཡི། ། རབ་ཟབ་མན་ངག་རྣམ་མང་རྟོགས་པའི་བློ་ཡིས་གཞན་ལ་ཕན་སླད་དུ། ། རྣམ་དག་ལུང་གི་ཤེས་བྱེད་དང་ལྡན་ཆོས་ལ་དཔེ་མཁྱུད་དང་བྲལ་ཞིང༌། ། ཚིག་འབྲུ་ལ་རྟོན་རྣམ་པར་སྤངས་ཏེ་དོན་ལ་རྟོན་པས་གསལ་བར་སྦྱར། ། དེས་བསྐྲུན་དགེ་བ་རྣམ་པར་དཀར་བའི་མཐུས། ། སྐྱེ་བ་དང་ནི་ཚེ་རབས་ཀུན་ཏུ་བདག ། རིགས་ལྡན་དཔལ་ལྡན་བླ་མས་རྗེས་བཟུང་སྟེ། ། འགྲོ་ལ་རྣམ་དག་ལམ་བཟང་སྟོན་གྱུར་ཅིག ། སྙན་བརྒྱུད་ཞལ་ལས་ཞེས་པའི་ཟབ་དོན་གང༌། ། བདག་གི་དགེ་བའི་བསམ་པས་ཡི་གེ་ཡི། ། རིས་སུ་བྲིས་ལ་ཉེས་པ་གང་མཆིས་རྣམས། ། བཀའ་སྲུང་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། ། 6-1-383 རྒྱལ་བའི་དབང་པོས་སེམས་ཅན་བསམ་པ་ཡི། ། དབང་གིས་རྒྱུད་གཞན་རྣམས་སུ་རབ་སྦས་པ། ། འཇིག་རྟེན་ལས་འདས་དབང་མཆོག་བཞི་པའི་དོན། ། དུས་འཁོར་རྒྱུད་དང་འགྲེལ་པར་གསལ་མཛད་པའི། ། རྡོ་རྗེའི་རྣལ་འབྱོར་ལམ་གྱི་ཡན་ལག་དྲུག ། ཉམས་ལེན་རིམ་པ་གསལ་བའི་ཁྲིད་ཡིག་འདི། ། ཟབ་ལམ་ཁྲིད་མ་ཐོབ་ལ་མི་བསྟན་ཞིང༌། ། འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། ། གཞན་ཡང་གང་དག་ཉམས་མྱོང་སྐྱེས་ཁྲིད་དུ། ། ཉམས་སུ་མི་ལེན་ལུང་ཐོབ་ཙམ་བྱེད་ན། ། ལེན་དང་ཀློག་པ་པོ་དག་གཉི་ག་ཡང༌། ། སྲུང་མ་མཁའ་འགྲོའི་ཚོགས་ཀྱིས་ཚར་གཅོད་གསོལ། ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་རྫོགས་པའི་རིམ་པ། དཔལ་ དུས་ཀྱི་འཁོར་ལོའི་གདམས་ངག་ཕྱག་རྒྱ་ཆེན་པོ་ཤིན་ཏུ་རྣམ་པར་དག་པའི་ལམ་གྱི་རིམ་ པ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཟབ་པ་ལས་ཀྱང་ཆེས་ཟབ་པ། སྦྱོར་བ་ཡན་ལག་དྲུག་གི་ ཁྲིད་ཡིག་ཐར་ལམ་གསལ་བྱེད་ཅེས་བྱ་བ་རིགས་ལྡན་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་ སྐུ་ཆེན་པོ་ཆོས་ཀྱི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པའི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་ཅིང༌། གསུང་གི་བདུད་རྩི་དྲི་མ་མེད་པའི་རོ་མྱངས་པ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ་དགེ་སློང་རྡོ་ རྗེ་འཛིན་པ་ཆོས་ཀྱི་རྒྱལ་པོ་མིང་གཞན་ཕྱོགས་ལས་རྣམ་རྒྱལ་གྱིས། དཔལ་ཇོ་ནང་གི་དབེན་ གནས་རི་ཁྲོད་ཆེན་པོར་རྫོགས་པར་སྦྱར་བའོ།། །། 6-1-384 འདིའི་མཐུས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཕྱག་རྒྱ་ ཆེན་པོ་མཆོག་གི་དངོས་གྲུབ་སྐུ་བཞིའི་བདག་ཉིད་དཔལ་དུས་ཀྱི་འཁོར་ལོའི་གོ་འཕང་མྱུར་ དུ་ཐོབ་པར་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿ ཨོཾ་བྷཱུར་བྷུ་ཝ་སྭ་ཧཱ<ས་འོག་དང་ས་སྟེངས་སུ་གཞི་ཚུགས་ ཤིག>། ན་མོ་དེ་བེ་བྷྱ<མཆོད་པ་ལྷ་རྣམས> སྭ་སྟི་པྲ་ཛཱ་བྷྱ<བདེ་ལེགས་སྐྱེ་དགུ་རྣམས་ལ> སཱཧཱ་ རཱ་ཛ་བྷྱ<གཞི་ཚུགས་པའི་རྒྱལ་པོ་རྣམས> སྭཱ་དྷཱ་པི་ཏྲི་བྷྱ<གཞི་བསྲུང་བ་མ་མོ་རྣམས་ལ> ཨ་ལཾ་ <ཚིམ་པ་>བྷཱུ་ཏེ་བྷྱ<འབྱུང་པོ་རྣམས> བ་ཥ་ཌིཎ་ཏྲཱ་ཡ<གཞི་མི་འགྲུབ་པ་དབང་པོ་རྣམས་ལ>། མཾ་ ག་ལཾ་བྷ་ཝན་ཏུ། ཤུབྷཾ། (དཔེ་དཔང་དག་པ་གཅིག་ལ་གཏུགས་ནས་དག་པར་ཞུས། གསུམ་ཞུས་གྲུབ། ) མ་ཡིག་ནི་འབྲས་དཔེ་རྙིང་ཕྱི་ཀ༢༠༤ དང༌། ཕྱི་ཀ༡༤༨ གཉིས་ཡིན། གོར་རྟགས་འདི་ཕྱི་ཀ༢༠༤ཁོ་ན་ལ་ཡོད། [ ] གོར་རྟགས་འདི་ཕྱི་ཀ༡༤༨ཅན་ཁོ་ན་ལ་ཡོད། { } གཞུང་ཚིག་ཕན་ཚུན་མི་འདྲ་བས་སྔོན་མ་ཕྱི་ཀ༢༠༤ དང་ཕྱི་མ་ཕྱི་ཀ༡༤༨ ཡིན་པས་འདེམས་དགོས། [ { } མཆན་ནི་ཕྱི་ཀ༢༠༤གཞིར་བཞག་དང་ཕྱི་ཀ༡༤༨གཉིས་ཀ་ཕན་ཚུན་མཉམ་པ་ལ་རྟགས་འདི་ཡིན། ( ) མཆན་ཕྱི་ཀ༡༤༨ཁོ་ན་ལ་ཡོད་པའི་རྟགས་འདི་ཡིན། < > མཆན་ཚིག་ཕན་ཚུན་ཚིག་མི་འདྲ་བས་ཕྱི་ཀ༢༠༤ དང་ཕྱི་ཀ༡༤༨ ཡིན་པས་རིམ་བཞིན་འདེམས་དགོས། ( < > 6-1-385 ༄༅། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ངོ་སྤྲོད་ གསང་དོན་རབ་གསལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །དཔལ་དུས་ཀྱི་འཁོར་ལོའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ངོ་སྤྲོད་གསང་དོན་ རབ་གསལ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་དང་གཉིས་སུ་མ་མཆིས་པའི་དཔལ་ལྡན་ བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། ། སེམས་ཀྱི་རང་བཞིན་བུམ་ནང་མར་མེ་ལྟར། ། གདོད་ནས་འོད་གསལ་བདག་ཉིད་ལ་གནས་པ། ། གང་གི་དྲིན་གྱིས་མེ་ལོང་གཟུགས་བརྙན་བཞིན། ། གསལ་མཛད་བླ་མའི་ཞབས་པད་ལ་བཏུད་དེ། ། རྣམ་པར་མི་རྟོག་ཏིང་འཛིན་དམིགས་པའི་ཡུལ། ། རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཕྱག་རྒྱ་ཆེ། ། རྡོ་རྗེའི་རྣལ་འབྱོར་གསང་ཆེན་ལེགས་པའི་ལམ། ། ངོ་སྤྲོད་གསང་དོན་རབ་གསལ་མདོར་བསྡུས་བྲི། ། འདིར་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་བླ་ན་མེད་པའི་{ཐེག་པའི་}ཚུལ། བསྟན་པ་ རབ་འབྱམས་རྒྱ་མཚོ་ལྟ་བུའི་སྙིང་པོ། དུས་གསུམ་[གྱི་]སངས་རྒྱས་ཐམས་ཅད་ཀྱི་བགྲོད་ 6-1-386 པ་གཅིག་པའི་ལམ་མཆོག །རྣལ་འབྱོར་བ་སྐལ་པ་བཟང་པོ་ཅན་རྣམས་ཀྱིས་སྐྱེ་བ་འདི་ལ། རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པའི་ཉེ་ལམ་ཡིད་ཆེས་{པ་}གསུམ་ལྡན་གྱི་ ཕྱག་རྒྱ་ཆེན་པོ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར། རྒྱུད་སྡེ་ཐམས་ཅད་ཀྱི་རྫོགས་པའི་རིམ་པ་རྣམ་ པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་རྒྱལ་པོས་ཉམས་སུ་མྱོང་པའི་དོན་ངོ་སྤྲོད་པ་ལ། བསྡུས་ པའི་དོན་རྣམ་པ་བཞི་སྟེ། སྟོན་པ་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་རྣལ་འབྱོར་ཇི་ལྟར་གསུངས་ པའི་ཚུལ། དེ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་{བརྗོད་བྱའི་}སྙིང་པོ་ཡིན་པའི་ཚུལ། དེ་བསྒོམ་ པའི་ལམ་འབྲས་བུ་དང་བཅས་པའི་གནས་ལུགས་ངོ་[སྤྲོད་{སྤྲད}པ། བཀའ་རྒྱ་[བཞིའི་ རྒྱས་གདབ་{བཞི་ཡིས་རྒྱས་བཏབ}ཅིང་བླ་མ་རིམ་པར་བརྒྱུད་པའི་ཚུལ{ལོ}། ། དང་པོ་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་འདིས། སྔོན་བསྐལ་སྐལ་པ་གྲངས་ མེད་པའི་སྔ་རོལ་ཏུ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ཉིད་ཀྱི་ལམ་ལ་ བརྟེན་ནས། དུས་སྦྱོར་བཅུ་གཉིས་ཀྱི་རླུང་འགགས་པར་མཛད་ཅིང༌། གནས་འོག་མིན་ནམ། ཆོས་ཀྱི་དབྱིངས་བདེ་བ་ཆེན་པའི་གནས་སུ། ས་བཅུ་གཉིས་ཀྱི་དབང་ཕྱུག་སྐུ་བཞིའི་བདག་ ཉིད་[ཀྱིས་{ཀྱི}སངས་རྒྱས་མཉེས་པར་མཛད་ནས། ལས་ཀྱི་ས་འཛམ་བུའི་གླིང་ཆེན་པོ་ འདིར། སྤྲུལ་པའི་སྐུས་འགྲོ་བའི་དོན་མཛད་པ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ རྒྱལ་པོར། འདི་རྣམས་དགྲོལ་བའི་སླད་དུ་སྲས་དང་བཅས་པ་རྒྱལ་བའི་བདག་པོ་ལས་ཀྱི་ སར་ནི་རབ་བཞུགས་ཏེ། །མངལ་ནི་རབ་ཏུ་བཟུང་བ་མཛད་ཅིང་མཆོག་གི་ཐུགས་རྗེ་དག་ གིས་བྱང་ཆུབ་བསྐྱེད་པ་མཛད་ནས་ནི། །ཉོན་མོངས་དང་ནི་བདུད་རྣམས་བཅོམ་ནས་ས་ ཡི་སྟེང་གི་གནས་སུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་ བཅོམ་ལྡན་འདས་ནི་དག་པའི་སྐུ་ཅན་དེ་ཉིད་ཁོ་ནའོ། །ཞེས་གསུངས་ཤིང༌། འགྲེལ་ཆེན་ དྲི་མ་མེད་པའི་འོད་ལས། སངས་རྒྱས་བཅོམ་ལྡན་འདས་སྔར་ས་བཅུ་གཉིས་ཀྱི་དབང་ཕྱུག་ 6-1-387 ཏུ་གྱུར་པ། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་བ། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་དང་ལྡན་ པ། འཕགས་པའི་ཡུལ་ལུམ་བི་ནིར། ཤཱཀྱའི་རིགས་མིའི་དབང་པོ་ཟས་གཙང་མའི་ལྷ་མོ་སྒྱུ་ འཕྲུལ་ཆེན་མོའི་ལྷུམས་ནས་བལྟམས་པ་ནི། གཞོན་ནུ་དོན་གྲུབ་ཡིན་ལ། ཞེས་གསུངས་པ་ ལྟར་རོ། །དེ་ཡང་བཅོམ་ལྡན་འདས་ས་ག་ཟླ་བའི་ཉའི་སྐྱ་རེངས་འཆར་བའི་ཚེ་མངོན་པར་ རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ཅིང༌། དེ་ནས་ལོ་གཅིག་གི་བར་དུ་བྱ་རྒོད་ཕུང་པོར་ ཆོས་ཀྱི་འཁོར་ལོ་བསྐོར་[ཏེ་]ཐེག་པ་གསུམ་བསྟན་ནས། ཟླ་བ་བཅུ་གཉིས་པ་ནག་[པའི་ {པ་}ཟླ་བའི་ཉ་ནས་བཟུང་སྟེ། བྱ་རྒོད་ཕུང་པོའི་རི་ལ་བཞུགས་[ཏེ། {ནས་}ཕ་རོལ་ཏུ་ཕྱིན་ པའི་ཐེག་པ་སྟོན་པ་དང༌། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་ པོར་བྱོན་ནས་སྔགས་ཀྱི་ཐེག་པ་སྟོན་པའི་ཚུལ་གཉིས་སུ་མཛད་དེ། མཆོད་རྟེན་ཆེན་པོའི་ ནང་སྟེང་འོག་ཏུ་དཔག་ཚད་དྲུག་དང་རྒྱང་གྲགས་གཅིག་ཡོད་པར། འོག་ཏུ་ཆོས་ཀྱི་དབྱིངས་ གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང༌། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ ཆེན་པོ་སྤྲོས་ཏེ། སྟོན་པ་ཤཱཀྱ་ཐུབ་པ་བདེ་བ་ཆེན་པོའི་གནས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་ འཁོར་ཆེན་པོར་རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་ནས། དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་པས། དཀྱིལ་འཁོར་ལ་བཀོད་པའི་འཁོར་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་དང༌། ཁྲོ་བོ་དང༌། ལྷ་དང༌། ཀླུ་དང༌། ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ ལ། ཞུ་བ་པོའི་འཁོར་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཤམ་བྷ་ལའི་ཡུལ་གྱི་རྒྱལ་པོ་ཟླ་བ་བཟང་ པོས་ཤམ་བྷ་ལ་ནས་རྫུ་འཕྲུལ་གྱིས་བྱོན་ཏེ། གསོལ་བ་བཏབ་པ་ལ་བརྟེན་ནས། ཉན་པ་པོའི་ འཁོར་ཤམ་བྷ་ལའི་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་གི་སྤྲུལ་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་དང༌། ལྷ་དང་ལྷ་མ་ཡིན་ལ་སོགས་པའི་ཚོགས་དཔག་ཏུ་མེད་པ་ལ། འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་དབང་བསྐུར་བ་གནང་ནས། དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་མཆོག་གི་དང་ 6-1-388 པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལ་སོགས་པ་སྔགས་ཀྱི་ཐེག་པ་གསུངས་པ་ཡིན་ཏེ། རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་ རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ ཚུལ་རབ་གསུངས། །ཞེས་དང༌། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར། དཔལ་ལྡན་འབྲས་སྤུངས་ ཆོས་ཀྱི་དབྱིངས་སུ་སྟོབས་བཅུ་པ་ཡིས་སངས་རྒྱས་པའི་རྒྱུད་རྣམས་མཐའ་དག་བསྟན། ཞེས་ གསུངས་ཏེ། སྔགས་ཀྱི་ཐེག་པ་བསྟན་པར་གསུངས་པས། རྡོ་རྗེའི་རྣལ་འབྱོར་བསྟན་པར་ གྲུབ་སྟེ། རྡོ་རྗེའི་རྣལ་འབྱོར་ནི་གསང་སྔགས་ཀྱི་དོན་མཐར་ཐུག་པ་ཡིན་པའི་ཕྱིར་རོ། ། གཉིས་པ་དེ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་བརྗོད་བྱའི་སྙིང་པོ་ཡིན་པའི་ཚུལ་ནི། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་ དྲི་མ་མེད་པའི་འོད་དུ། རྡོ་རྗེའི་རྣལ་འབྱོར་ལ་མཆོད་པར་བརྗོད་ནས། བརྩམ་པར་དམ་ བཅའ་བའི་སྐབས་སུ། དེ་ལྟར་རྡོ་རྗེའི་རྣལ་འབྱོར་གང་ཞིག་དཔག་མེད་བདེ་གཤེགས་རྣམས་ ཀྱིས་བསྟེན་ཅིང་བསྟན་པ་དང༌། །བྱང་ཆུབ་སེམས་དཔའ་རྡོ་རྗེ་མཆོག་འཛིན་གསང་སྔགས་ རིག་པ་ཀུན་གྱིས་ཡང་དག་བརྗོད་གྱུར་པའི། །འགྱུར་མེད་མཆོག་གི་བདེ་བ་རྣལ་འབྱོར་དེ་ནི་ དུས་ཀྱི་འཁོར་ལོར་བླུན་པོ་བདག་བརྗོད་འདོད། །མཁའ་ལ་མྱུར་འགྲོ་མཁའ་འགྲོའི་བདག་ པོ་འགྲོ་ཡི་འདབ་ཆགས་གཞན་པ་འགྲོ་བ་མིན་ནམ་ཅི། །ཞེས་པ་དང༌། ཡང་དེ་ཉིད་ལས། རྡོ་ རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་སངས་རྒྱས་རིས་མེད་པ་དུས་ཀྱི་ འཁོར་ལོ་བཅོམ་ལྡན་འདས། རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་གྲགས་ སོ། །ཞེས་པ་དང༌། དེ་བཞིན་དུ། རྒྱུད་གཞན་དག་ཏུ་ཡང་དེ་བཞིན་གཤེགས་པས་རྡོ་རྗེའི་རྣལ་ འབྱོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་པོ་གསུངས་སོ། །ཞེས་པ་དང༌། མཆོག་ གི་དང་པོའི་སངས་རྒྱས་ཀྱི་རྣལ་འབྱོར་འདི་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་བསྟན་ཏོ། ། 6-1-389 ད་ལྟར་བྱུང་པ་རྣམས་ཀྱིས་སྟོན་ཏོ། །མ་འོངས་པ་རྣམས་ཀྱིས་ཀྱང་སྟོན་པར་འགྱུར་[རོ{ཏེ}། ། འདས་པ་དང་ད་ལྟར་བྱུང་བ་དང༌། མ་འོངས་པའི་དུས་དང༌། འདས་པ་དང་ད་ལྟར་བྱུང་བ་ དང༌། མ་འོངས་པའི་དུས་ཀྱི་འཁོར་རྣམས་ལ། མཐའ་ཡས་པ་མཐའ་ཡས་པའི་སངས་རྒྱས་ཀྱི་ ཞིང་རྣམས་སུ། མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་རྣམས་ལ། མཐའ་ཡས་པ་མཐའ་ ཡས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཉིད་ཀྱི་སླད་དུ། ཡང་དག་པར་ བསྟན་ཏོ། །སྟོན་ཏོ། །སྟོན་པར་འགྱུར་རོ། །ཞེས་གསུངས་ཤིང༌། མཚན་ཡང་དག་པར་བརྗོད་ པ་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་ཡང་གསུང་པ་གང་ཡིན་པ། །རྒྱུད་ཆེན་སྒྱུ་ འཕྲུལ་དྲ་བ་འདིར། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང༌། །དཔག་མེད་རྣམས་ཀྱིས་དགྱེས་ པ་ཡིས། །གང་ཡང་ཡང་དག་གླུར་བླངས་པ། །ཞེས་གསུངས་པའི་དགོངས་པ་ཡང༌། རྡོ་རྗེའི་ རྣལ་འབྱོར་དང་པོའི་སངས་རྒྱས་འདི་ཉིད་སངས་རྒྱས་ཐམས་ཅད་ཀྱིས་སྔགས་ཀྱི་ཐེག་པར་ བསྟན་པ་ཡིན་པར། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་གསུངས་སོ། །དེ་ལྟར་ན་རྡོ་ རྗེའི་རྣལ་འབྱོར་འདི་སངས་རྒྱས་ཐམས་ཅད་ཀྱིས་སྔགས་ཀྱི་ཐེག་པར་གསུངས་པའི་དོན་ དམ་པའི་བདེན་པ་ཕྱག་རྒྱ་ཆེན་པོ་རང་བཞིན་གྱིས་འོད་གསལ་བ་དང་པོའི་སངས་རྒྱས་དུས་ ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་ཡིན་པར་གསུངས་པའི་ཕྱིར། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་ བརྗོད་བྱའི་སྙིང་པོ་ཡིན་པར། རྣལ་འབྱོར་པ་རྣམས་ཀྱིས་ཤེས་པར་བྱའོ། ། གསུམ་པ་དེ་བསྒོམ་པའི་ལམ་འབྲས་བུ་དང་བཅས་པའི་གནས་ལུགས་ངོ་སྤྲད་པ་ལ་ བཞི་སྟེ། སྒོམ་པ་པོ་རྣལ་འབྱོར་པའི་ངང་ཚུལ། བསྒོམ་བྱ་རྡོ་རྗེའི་རྣལ་འབྱོར་འོད་གསལ་གྱི་ རང་བཞིན་ངོ་སྤྲད་པ། འོད་གསལ་བསྒོམ་པའི་ཏིང་ངེ་འཛིན་ནི་ལམ་མཆོག་མཐར་ཐུག་ཡིན་ པར་ངོ་སྤྲད་པ། བསྒོམ་པའི་ལམ་གྱིས་འབྲས་བུ་ཐོབ་ཚུལ་རྣམ་པར་བཞག་པའོ། ། 6-1-390 དང་པོ་ནི། དེ་ལྟ་བུའི་རྡོ་རྗེའི་རྣལ་འབྱོར་དེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་ དུ་ཐོབ་པར་འདོད་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་བྱའམ། ཐོབ་བྱ་མཐར་ཐུག་པ་ཡིན་ ལ། དེ་བསྒོམ་པར་བྱེད་པའི་གང་ཟག་གི་མཚན་ཉིད་ཀྱང༌། དཔལ་ལྡན་རྒྱུད་ཀྱི་རྒྱལ་པོ་ལས། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་སྟོང་པའི་ངང་ཚུལ་དང་ལྡན་ཡོན་ཏན་ ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་[མེད་{མིན་}པའི་སེམས་ལྡན་དེ་ཉིད་ ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན་ཏུ་མཁས་ པ་རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་གཞན་ཞེས་བྱ་བ་སླར་ ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར། །ཞེས་གསུངས་ཏེ། ཕྱིར་སྔགས་ཀྱི་ཐེག་པའི་ཚུལ་ ལ། རྣལ་འབྱོར་བསྒོམ་པའི་སློབ་མ་གཉིས་སུ་ཡོད་དེ། ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ དོན་དུ། བསྐྱེད་པའི་རིམ་པ་བསྒོམ་པ་ལ་མོས་པ་དང༌། མཆོག་གི་དངོས་གྲུབ་བསྒྲུབ་པའི་ དོན་དུ། རྫོགས་པའི་རིམ་པ་བསྒོམ་པ་ལ་མོས་པའི་གང་ཟག་[གོ{གཉིས་སོ}། ། དེ་ལ་འདིར་རྡོ་རྗེའི་རྣལ་འབྱོར་བསྒོམ་པ་པོ་ནི། མཆོག་དོན་དུ་གཉེར་བའི་གང་ཟག་ སྟེ། དེའི་མཚན་ཉིད་ནི། ཟབ་ཅིང་རྒྱ་ཆེའི་ཆོས་དམིགས་བཅས་སྟོང་པ་ཉིད་དང༌། དམིགས་ མེད་སྙིང་རྗེ་བདེ་བ་ཆེན་པོ་དབྱེར་མེད་པའི་བདག་ཉིད་ལ་སེམས་[པ་སྟེ་{དེ་}མོས་པ་དང༌། བླ་མའི་ངེས་པ་ལ་དགའ་ཞེས་པ་རྩ་བའི་ལྟུང་པ་བཅུ་བཞི་དང་བྲལ་ཞིང་དགེ་བ་བཅུའི་ཆོས་ ལ་དགའ་བ་དང༌། [སྟོང་{གཏོང་}པའི་ངང་ཚུལ་དང་ལྡན་ཞེས་པ། འཇིག་རྟེན་གྱི་འདུ་འཛི་ ཐམས་ཅད་སྤངས་ཤིང་ནོར་རྫས་དང༌། གཉེན་བཤེས་གང་ལ་ཡང་ལྟོས་ཆགས་མེད་པ་དང། ཡོན་ཏན་ཤེས་པ་ནི། དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་ཐོབ་པ་དང༌། ཐར་པ་དོན་ གཉེར་ནི། ཐུན་མོང་འཇིག་རྟེན་པའི་དངོས་གྲུབ་དོན་དུ་མི་གཉེར་བར་མཆོག་ཁོ་ན་དོན་དུ་ གཉེར་བ་དང༌། རྒྱུད་ལ་གུས་པ་ནི། རྒྱུད་ལས་གསུངས་པའི་དམ་ཚིག་དང་སྡོམ་པ་རྣམས་ 6-1-391 ལེགས་པར་བསྲུང་བ་དང༌། གཡོ་བ་མིན་པའི་སེམས་ལྡན་ནི། བསྐྱེད་རིམ་ལ་སོགས་པ་ འཇིག་རྟེན་པའི་ལམ་ལ་སེམས་མི་གཡོ་ཞིང་མི་འཇུག་པ་དང༌། དེ་ཉིད་ཐོབ་པ་ཤིན་ཏུ་སྦེད། ཅེས་པ་ནི། དེ་ཁོ་ན་ཉིད་ཀྱི་གདམས་ངག་ཐོབ་པ་འདི་ལྟ་བུ་དེ་རང་གིས་ལེགས་པར་ཉམས་ སུ་མ་མྱོང་གི་བར་དུ་གཞན་ལ་ཤིན་ཏུ་སྦེད་ཅིང་གསོང་བ་དང༌། གདུག་པ་རྣམས་ཀྱི་གྲོགས་ ཉམས་ཞེས་པ་ནི། ནོར་དོན་དུ་གཉེར་བའི་ཁྱིམ་པའི་སློབ་དཔོན་རྣམས་དང༌། དཀའ་ཐུབ་ པ་ཡིན་ཡང་གང་ཟག་ཅིག་གིས་དགེ་འདུན་གྱི་བསྟི་གནས་དང༌། གཙུག་ལག་ཁང་གི་རྫས་ ལ་ལོངས་སྤྱོད་པ་ནི་གདུག་པ་ཡིན་ལ། དེ་རྣམས་ཀྱི་གྲོགས་ནི་མི་དགེ་བ་བཅུ་ལ་བྱ་སྟེ། དེ་ ཉམས་པ་སྟེ། མི་དགེ་བ་བཅུ་སྤོང་པའོ། །དེ་ལྟ་བུའི་སློབ་མ་མཆོག་ལ་དབང་གོང་མ་རྣམས་ བསྐུར་ནས། དབང་བཞི་པའི་དོན་རྡོ་རྗེའི་རྣལ་འབྱོར་བསྒོམ་དུ་གཞུག་པར་བྱ། ཞེས་པ་སྟེ། སྒོམ་པ་པོའི་གང་ཟག་ནི་དེ་ལྟ་བུའོ། །དེ་ལས་གཞན་[པ་]སློབ་མ་འབྲིང་པོ་ནི། དབང་འོག་ མ་བདུན་གྱི་བསྡུ་བྱ་དང༌། བསྐྱེད་རིམ་བསྒོམ་པའི་སྐལ་བ་དང་ལྡན་པ་ཙམ་ཡིན་ཞིང༌། སློབ་ མ་ཐ་མ་ནི། དབང་གི་བསྡུ་བྱ་མ་ཡིན་གྱི། དེ་ལ་དགེ་བསྙེན་གྱི་སྡོམ་པ་ཙམ་སྦྱིན་པར་བྱ་བ་ ཡིན་ནོ། །ཞེས་དགོངས་[པའོ{སོ}། །དེ་བཞིན་དུ། དཔལ་དྲི་མ་མེད་པའི་འོད་ལས། གང་ ཞིག་སེམས་ཅན་རྣམས་ལ་བརྩེ་བ་ཡིས། །གཞན་དོན་དགེ་ལ་རྟག་ཏུ་བརྩོན་པ་ཡིས། །སློབ་ མ་དག་པ་རྣམས་ལ་ལམ་དག་ནི། །བླ་མ་དམ་པའི་དྲིན་ལས་འབྱུང་པ་ཡིན། །ཞེས་[པ་]དང༌། དེ་ཉིད་ཀྱི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར། དེའི་ཕྱིར་འགྱུར་བ་མེད་པ་ལས་སྐྱེས་ པ་རྣམ་པ་ཐམས་ཅད་པའི་ཐིག་ལེ་ལྷན་ཅིག་སྐྱེས་པའི་སྐུ་མཐའ་དག་རྒྱལ་བའི་བདག་པོ་སྣ་ ཚོགས་སྒྱུ་མ་འཛིན་པ་འདི་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ། རྟེན་དང་བརྟེན་པའི་ འབྲེལ་པ་མི་འདོད་དེ། ཇི་ལྟར་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ། རྟེན་དང་ བརྟེན་པའི་འབྲེལ་པ་འདོད་པ་དེ་བཞིན་དུ། རྣལ་འབྱོར་{པ}མཆོག་ཏུ་མི་འགྱུར་བའི་བདེ་བ་ 6-1-392 བསྒྲུབ་པ་ལ་མངོན་པར་དགའ་བ། བླ་མ་དམ་པའི་མན་ངག་ཐོབ་པ། [གདུག་པའི་གྲོགས་ པོ་{སྡུག་པའི་གྲོགས་ཏེ་མི་དགེ་བ་བཅུ}ཡོངས་སུ་སྤངས་པ། དུ་བ་ལ་སོགས་པའི་མཚན་ མ་བསྒོམས་པ། ལས་དང་པོ་པ་དབུ་མ་རྣམ་པར་སྦྱངས་པ། སེམས་ཅན་ཐམས་ཅད་ལ་བུ་ གཅིག་པ་ལྟ་བུར་མཆོག་ཏུ་བརྩེ་བའི་སེམས་རྗེས་སུ་བཅིངས་པ། འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་བདེན་པ་ལ་བརྟེན་པ། བུ་དང་ཆུང་མ་ལ་སོགས་པ་དང་རང་གི་ལུས་ལ་ཡང་ ལྟོས་པ་མེད་པ། ཚོགས་ཁང་དང་གཙུག་ལག་ཁང་དང་བླ་མའི་རྫས་ཉེ་བར་ལོངས་སྤྱོད་པ་ ལས་ཕྱི་རོལ་ཏུ་གྱུར་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་ལ་[བསྟེན་{རྟེན་}པ། བྱམས་པ་དང་སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཏེ་ཚངས་པའི་གནས་བཞིས་རྣམ་ པར་གནས་པ། ཞི་བའི་ལས་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་ལ་མངོན་ པར་དགའ་བ་སྤངས་པ། ཐམས་ཅད་མཁྱེན་པའི་རྐང་སྟེགས་ལ་འཛེག་པར་འདོད་པ། དཀྱིལ་འཁོར་ཀྱི་འཁོར་ལོ་ལ་སོགས་པ། རྣམ་པར་རྟོག་པའི་སྒོམ་པ་ཡོངས་སུ་སྤངས་ པ། ནམ་མཁའི་ཁམས་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མེ་ལོང་ལ་པྲ་ཕབ་པ་བཞིན་ དུ་སྐྱེ་བ་མེད་པའི་ཆོས་ངེས་པར་[མཐོང་བ{ཐོབ་པ}། རང་གི་སེམས་[ཀྱིས་{ཀྱི}སྤྲོས་པའི་ རབ་ཏུ་སྣང་བ་རྨི་ལམ་དང་མཚུངས་པའི་[ཚུལ་{དོན་}དུ་སེམས་པ། རྡུལ་ཕྲ་རབ་ཚོགས་པའི་ བདག་ཉིད་ཀྱི་ཆོས་རྣམ་པར་[སྤྱད་{དཔྱད}པའི་སྟོང་པ་ཆད་པའི་སྟོང་པ་ཉིད་ལས་རིང་དུ་ [གྱུར་{བྱས་}པ། ནང་གི་བདེ་བ་རང་རིག་པར་བྱ་བའི་ཆོས་ལ་རྗེས་སུ་ཆགས་པ། ཕྱི་རོལ་གྱི་ དབང་པོས་རང་རིག་པར་བྱ་བའི་བདེ་བའི་ཆོས་ཡོངས་སུ་སྤངས་པ། ཤེས་རབ་དང་ཐབས་ ཀྱི་བདག་ཉིད་ཅན། བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པ་ལ་གཅིག་ཏུ་མཁས་པ། མཆོག་ཏུ་ མི་འགྱུར་བའི་བདེ་བ་ཆེན་པོའི་ཤེས་རབ་ཡེ་ཤེས་ཀྱི་ལམ་གྱི་མན་ངག་ཐོབ་པས། རྟེན་དང་ བརྟེན་པ་མཚན་མ་དང་ཁ་དོག་དང༌། ཕྱག་[རྒྱ་]དང༌། དབྱིབས་དང༌། དཀྱིལ་འཁོར་གྱི་ལྷ་ 6-1-393 ཡོངས་སུ་[བརྟགས་{བཏགས་}པའི་ཆོས་མི་འདོད་དོ། །ཞེས་གསུངས་ཤིང༌། ཡང་དེ་ཉིད་ཀྱི་ སྒྲུབ་ལེའི་འགྲེལ་པར། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། ངག་གི་ལོངས་སྤྱོད་ལ་ ལྟོས་པ་མེད་པ་དང༌། [ཡིད་{སེམས་}ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། འཕོ་བའི་བདེ་ བ་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་ངག་དང་སེམས་དང་ཚངས་པར་སྤྱོད་པའི་ སྡོམ་པའོ་ཞེས་པའི་དོན་ཏོ། །[འདིར་{འདིས་}ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི། སྲིད་ པའི་ལོངས་སྤྱོད་ལ་ཞེན་པས་ནི་མ་ཡིན་ནོ། །ཞེས་གསུངས་པ་དེ་ལྟ་བུའི་གང་ཟག་སྟེ། མདོར་ ན་འཁོར་བའི་ཕུན་སུམ་ཚོགས་པ་གང་ལ་ཡང་མ་ཆགས་ཤིང༌། འཇིག་རྟེན་པའི་དངོས་གྲུབ་ རྣམས་ལ་ཡང་རེ་བ་མེད་པར། འདུ་འཛི་དང་རྣམ་པར་གཡེང་བ་ཐམས་ཅད་སྤངས་པའི་ལྟོས་ པ་མེད་རྣམ་པ་བཞི་རྟག་ཏུ་ལྷུར་ལེན་པའི་སྒོ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ ཆེན་པོའི་དངོས་གྲུབ་འབའ་ཞིག་དོན་དུ་གཉེར་བའི་གང་ཟག་ནི་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ པོ་གང་ཟག་གི་ངང་ཚུལ་ལོ། །འོ་ན་གང་ཟག་དེ་ལྟ་བུ་མ་ཡིན་པ་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ པོར་མི་རུང་ངམ་སྙམ་ན། མི་རུང་སྟེ། སྐལ་བ་དང་མི་ལྡན་པ་ལ་རྡོ་རྗེའི་རྣལ་འབྱོར་གྱི་ལམ་ ཟབ་མོ་བྱིན་ཡང་བར་དུ་གཅོད་པའི་དབང་གིས་ལམ་ལས་ཉམས་ཤིང༌། ཆོས་ཟབ་མོ་ཆུད་ གསན་པར་འགྱུར་བའི་ཕྱིར་རོ། ། དེ་ཡང༌། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་གསུངས་པ། ལམ་བཟང་རིན་ཆེན་ འདི་ནི་བག་མེད་པའི། །སེམས་ཅན་གཞན་པ་རྣམས་ལ་སྦྱིན་པ་ན། །རང་ཁྱིམ་དགོན་པ་ དག་ཏུ་རབ་ཞུགས་ལ། །ཡུལ་ངན་ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད༌། །ཅེས་གསུངས་ ཏེ། ཡུལ་ངན་ནི་འདོད་ཡོན་ལྔ་ལ་ཆགས་པའོ། །དེ་བཞིན་དུ། ཐེ་ཚོམ་འགྱོད་པ་དག་དང་ གཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང༌། །གཉེན་འདུན་ཐིབས་པོའི་ནང་ དུ་ཞུགས་པ་ཡི། །ལམ་བཟང་རིན་པོ་ཆེན་ནི་འཕྲོག་པར་བྱེད། །ཅེས་གསུངས་ཏེ། འདི་ལམ་ 6-1-394 རྣམ་དག་ཡིན་ནམ་མ་ཡིན་ནམ་སྙམ་པའི་ཐེ་ཚོམ་དང༌། བདག་གིས་ལས་ངན་པ་བྱས་པས་ ལམ་[མངོན་{སྔོན་}དུ་བྱ་མི་ནུས་སོ་སྙམ་པའི་འགྱོད་པ་དང༌། ལུས་དང་ཡིད་ལས་སུ་མི་ རུང་བར་འགྱུར་བའི་གཉིད་དང༌། ཏིང་ངེ་འཛིན་བསྒོམ་པ་ལ་མི་སྤྲོ་བའི་ལེ་ལོ་དང༌། གྲོང་ལ་ སོགས་པར་འཁྱམ་ཞིང༌། སེམས་རྣམ་པར་གཡེང་བ་རྒོད་པ་སྟེ། སྒྲིབ་པ་ལྔའི་ཆོམ་རྐུན་གྱིས་ ལམ་བཟང་རིན་པོ་ཆེ་[ནི་]འཕྲོག་པར་བྱེད། ཅེས་པའོ། །དེ་བཞིན་དུ། (མཛོད་ལས། སྲོག་གཅོད་ པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་བསད་པའོ། །ཞེས་དང་)སྲོག་གཅོད་(མ་བྱིན་པར་ནི་གཞན་གྱི་ནོར། །མཐུ་ དང་འཇབ་བུས་བདག་གི་བྱེད། །)མ་བྱིན་གཞན་གྱི་(བགྲོད་མིན་འགྲོ་བར་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་ བཞི། །ཞེས་པ། )བུད་མེད་དང༌། །བརྫུན་(རྫུན་ཚིག་འདུ་ཤེས་གཞན་སྒྱུར་བའི། །ཚིག་དོན་སྔོན་པར་གོ་བའོ། །ཞེས་ པའོ)དང་ཚིག་རྩུབ་(ཚིག་ནི་མ་སྙན་པ་ཞེས)རྣམས་དང་ཕྲ་མ་(ཕྲ་མ་ཕྱི་རོལ་དབྱེ་བའི་ཕྱིར། །)དང༌། །འཁྱལ་ (ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། །གཞན་ནི་དེ་ལས་གཞན་ཉོན་མོངས། །ཁ་བསགས་གླུ་དང་ཟློས་གར་དང༌། །བསྟན་བཅོས་ ངན་བཞིན་ཞེས་སོ། །)པར་གྱུར་པའི་ཚིག་དང་(ལག་པས་གཞན་གྱི་ནོར་ལ་ཆགས་ཞེས་སོ། །)བརྣབ་སེམས་ དང༌། །(གནོད་སེམས་སེམས་ཅན་ལ་སྡང་བ། ཞེས་)གནོད་སེམས་ལྟ་(དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་ བ་ཡིན་འདི་ལ། །གསུམ་མམ་བདུན་ནི་ལས་ཀྱང་ཡིན། །ཞེས་འབྱུང་བ)བ་ངན་པའི་ཆོམ་རྐུན་དང༌། །ཡོད་པའི་ སྡིག་དང་(ནི་ཚེ་གདང་བརྫུན་དང་འདོད་ལོག་དང༌། མ་བྱིན་ལེན་དང་ཁ་ན་མ་ཐོ་བ་དང་བཅས་པའི་ཆང་འཐུང་བ)ཉེ་བའི་ སྡིག་པ་(ནི་ཆོ་ལོའི་རྒྱན་སོགས་འགྱེད་པ་དང་ཁ་ན་མ་ཐོ་བ་དང་བཅས་པའི་ཤ་ཟ་བ་དང༌། སྐྱེས་པ་དང༌། བུད་མེད་དང་རྒྱལ་ པོ་དང་ཀུན་པོ་དང༌། དམགས་ལ་སོགས་པའི་གཏམ་བརྗོད་པའི་ཚིག་ངན་ཀློག་པ་དང༌། ཕ་མེས་ཀྱི་ཆེད་དང༌། མཆོད་སྦྱིན་གྱི་ ཆེད་དུ་མཚུན་འཐོར་བ་ལ་སོགས་པ་བྱེད་པས་གྲོལ་བར་ལྟ་བ་རིག་བྱེད་ལས་བསྡད་པ་འབྱུང་པོའམ་ཡི་དྭགས་ཀྱི་ཆོས་དང་ཀླ་ཀློ་ སོགས་པའི་ཆོས་ལུགས་ལྷ་མིན་དབང་པོའི་ཆོས་སོ། །)དང༌། །གསོད་(པ་ནི་བ་གླང་དང་བྱིས་པ་དང༌། བུད་མེད་དང་སྐྱེས་ པ་གསོད་པ་སྟེ་དང༌། སྐུ་གཟུགས་དང་མཆོད་རྟེན་འཇིག་པར་བྱེད་པ་ལྷ་མའི་བླ་མ་གསོད་པ་དང་)འཁུ་(བ་ནི་གྲོགས་དང་པོ་ རྗེ་བོ་དང༌། སངས་རྒྱས་དང༌། དགེ་འདུན་དང༌། དབུགས་འབྱིན་པའམ་ཡིད་བརྟན་པ་ལ་འཁུ་བ་དང་)དབང་པོ་མངོན་ 6-1-395 པར་ཞེན་པ་(ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་མངོན་པ་ཞེན་པ)སྟེ། །ཆོམ་རྐུན་ལྔ་པ་ལྔ་པོ་འདི་ རྣམས་ཀྱིས། །རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། །ཅེས་གསུངས་ཏེ་མི་དགེ་བ་བཅུ་དང༌། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ཉམས་པའི་ཆོམ་རྐུན་གྱིས་ལམ་བཟང་རིན་པོ་ཆེ་འཕྲོག་པར་བྱེད། ཅེས་པའོ། །གཞན་ཡང༌། (ཤ་ལ་སོགས་པ)ཤིན་ཏུ་བཟའ་དང་བཏུང་བ་(ཆང་ལ་སོགས་པ)སྣ་ཚོགས་ དང༌། །(ཕྲེང་བ་ཙན་དན། བུད་མེད་གོས་མལ་སྟན་སོགས)ལོངས་སྤྱོད་དུ་མ(ལ་ཆགས་པ)འི་ཆོམ་རྐུན་དེ་ རྣམས་ཀྱིས། །(ལམ་སྒོམ་པའི)བརྩོན་འགྲུས་ལྡན་དུ་ཟིན་ཀྱང་(མི་དགེ་བ་དང་འགྲོགས་པའི་དབང་གིས) བག་མེད་ཅིང༌། །བརྒྱལ་བ(སྟེ་དྲན་ཤེས་མེད་པ)ར་གྱུར་པ(འི་གང་ཟག)ཉིད་ལ་འཕྲོག་པར་(ན་མི་ ལྡན་ན་ལྟ་སྨོས་ཀྱང་ཅི་དགོས། ཞེས་དང་)བྱེད། །རང་ཉིད་(དོར་བའི་རྒྱུ)ཡོངས་སུ་(ལམ་རྣམ་དག་ཡིན་མིན) རྟོག་པ་(མཁས་པ)པོ་མིན་(པའི)ཕྱིར། །(ལམ་འདི་བསྒོམས་ན)རིན་ཐང་ཆེན་པོར་འགྱུར་རམ་(མི་ འགྱུར)ཤེས་(པའི)ཆེད་དུ༑ ༑ (མཁས་པ་ལྟར་བཅོས་པའི)གཡོན་ཅན་གཞན་ལ་(ལམ་རྣམ་དག་བསྒོམ་ཚུལ་ དང་བསྒོམ་པའི་ཉམས)སྟོན་(ཅི་འདྲི་བར་བྱེད)ཏེ་(གཡོན་ཅན་དེ)མི་འགྱུར་ཞེས(བརྗོད་པར)། །དེ་ཡི་ཚིག་ གིས་(ལམ་བཟང་)རིན་ཆེན་འདོར་བར་བྱེད། །(ཐོས་བསམ་སྒོམ་གསུམ་གྱིས་ཕྱུག་པའི་གང་ཟག་ལམ)གང་ དག་རིན་ཆེན་བཟང་པོ་རིག་པ(འི་མཁས་སུ)རྣམས། །(ལམ་འདི་འམ་བཟང་)རིན་ཆེན་ཆེན་པོ་(རྣམ་ དག་ཡིན་མིན)ཡོངས་སུ་རྟོག་ཏུ་གཞུག(ཅིང་མཁས་པའི་གང་ཟག) །དེ་དག་རྣམས་ཀྱི་(ལམ)རྣམ་དག་ (ཡིན་ཅེས་པའི)ཚིག་གིས་ནི། །རང་(རྙེད་པའི་ལམ་བཟང་)གི་རིན་ཆེན་(འདིར་ནི་མཐར་ཐུག་གི་ལམ་ཡིན་ པར)རྣམ་པར་ཤེས་པར་བྱ(ཅེས་གདམས་སོ)། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ དང༌། །ཕ་དང་མ་དང་བུ་མོ་སྲིང་མོ་དང༌། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་(ལ་སོགས་པ་བསླུ་ ཞིང་ཕན་འདོགས་པ་ལྟ་བུ)ཡི། །གཟུགས་རྣམས་ཀྱིས་(ཏེ་དེ་རྣམས་སུ་སྤྲུལ་པའམ་སྙིང་དུ་ཞུགས་ནས)ནི་བདུད་ རྣམས་གེགས་བྱེད་དོ། །དེ་ཕྱིར་བླ་མ་དམ་པས་གནང་པ་ཡི། །ལམ་བཟང་རིན་པོ་ཆེ་ནི་སློབ་ མ་ཡིས། །ཆོམ་རྐུན་རྩ་ལག་ཡོངས་སུ་སྤངས་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་ 6-1-396 བར་བྱ། །ཞེས་གསུངས་སོ། ། གཉིས་པ་བསྒོམ་བྱ་རྡོ་རྗེའི་རྣལ་འབྱོར་འོད་གསལ་གྱི་རང་བཞིན་ངོ་སྤྲད་པ་ལ་གཉིས་ ཏེ། ངོ་བོ་ངོས་བཟུང་པ་དང༌། དེའི་རང་བཞིན་གཏན་ལ་དབབ་པའོ། ། དང་པོ་ནི། འདིར་རྡོ་རྗེའི་རྣལ་འབྱོར་ལ་གཞི་ལམ་འབྲས་བུ་གསུམ་དུ་ཡོད་པ་ལས། ཐོག་མར་གཞིའི་ངོ་བོར་གྱུར་པའི་རྡོ་རྗེའི་རྣལ་འབྱོར་ངོས་བཟུང་པར་བྱ་སྟེ། དེ་ཡང༌། རྩ་བའི་ རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་ དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ ལས་རྣམ་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིས་མེད་པ། །ཞེས་གསུངས་ཤིང༌། འཕགས་པ་ འཇིག་རྟེན་དབང་ཕྱུག་གི་དྲི་མ་མེད་པའི་འོད་ལས། གང་དོན་དམ་པའི་བདེན་པས་བསྟན་ པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་བསྒྲུབ་པའི་སླད་དུ། རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་ བ། གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ལ་པྲ་ཕབ་པ་བཞིན་དུ། རྣལ་འབྱོར་པ་ རྣམས་ཀྱིས་རང་གི་སེམས་ཀྱི་འོད་གསལ་བ་མངོན་སུམ་དུ་ནམ་མཁའ་ལ་སྣང་བ་འདོད་པའི་ དོན་གྱི་འབྲས་བུ་སྟེར་བ་སྟེ། འབྲས་བུ་ནི་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་སེམས་སོ། ། སེམས་འདི་གཉིས་[ནི་]གཅིག་པ་ཉིད་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་ འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་སངས་རྒྱས་རིས་མེད་པ། དུས་ཀྱི་འཁོར་ ལོ་བཅོམ་ལྡན་འདས། རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་གྲགས་སོ། ། ཞེས་གསུངས་[ལ{ཏེ}། དེའི་དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཐེག་ པར་བརྗོད་བྱ་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་གཉིས་བསྟན་པ་ཡིན་ 6-1-397 ལ། དོན་དམ་པའི་བདེན་པ་ནི་རྡོ་རྗེའི་རྣལ་འབྱོར་ལ་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཞིག་ཡིན་ན༑ རྒྱུ་ སེམས་ཀྱི་རང་བཞིན་འོད་གསལ་བ་སྟོང་པ་ཆེན་པོའི་སེམས་དང༌། འབྲས་བུ་འགྱུར་བ་མེད་ པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སེམས་ཏེ། དེ་གཉིས་ཤེས་རབ་དང་ཐབས་ཀྱི་ངོ་བོར་ཡོད་ ལ། ཐབས་ཤེས་དེ་དག་དབྱེར་མེད་ཟུང་དུ་འཇུག་པ་ལ་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་ཞིང༌། སྟོང་ པ་ཆེན་པོ་དེ་ཡང༌། ཅིར་ཡང་མ་གྲུབ་ཙམ་གྱི་ཆད་སྟོང་སྣང་མེད་ནི་མ་ཡིན་[གྱི{ཏེ}། མེ་ལོང་ ལ་སོགས་པ་ལ་པྲ་ཕབ་པའི་སྣང་བ་བཞིན་དུ། [སོ་]སོར་བསྡུད་ཀྱི་ཏིང་ངེ་འཛིན་ལ་མཉམ་ པར་བཞག་པའི་རྣལ་འབྱོར་པས། མུན་ནག་གི་ནམ་མཁའ་དང་སྤྲིན་མེད་པའི་ནམ་མཁའ་ ལ་མངོན་སུམ་དུ་མཐོང་བའི་དུ་བ་དང༌། སྨིག་རྒྱུ་ལ་སོགས་པ་སྣ་ཚོགས་པའི་རྣམ་པ་སྟེ། དེ་ ཉིད་ལ་[སྟོང་པ་ཆེན་པོའམ། ]སྟོང་པ་ཉིད་ཀྱི་གཟུགས་ཞེས་ཀྱང་བྱ། རྣམ་པ་ཐམས་ཅད་པའི་ མཆོག་དང་ལྡན་པ་ཞེས་པ་དང༌། ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བརྗོད་དེ། སེམས་ཀྱི་རང་བཞིན་ འོད་གསལ་བ་ཉིད་ཡིན་ནོ། །དེ་ཉིད་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་ཡིན་ལ། བདེ་སྟོང་དབྱེར་མེད་ཟུང་དུ་འཇུག་པ་དེ་ཉིད་ལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་རྡོ་རྗེ་ སེམས་དཔའ་ཞེས་པ་ལ་སོགས་པ་རྣམ་གྲངས་དུ་མར་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་གསུངས་ སོ། །ཞེས་ཤེས་པར་བྱ་ཞིང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་ པའི་དོན་ཡང་དེ་ཉིད་ཡིན་པར་ཤེས་པར་བྱའོ། ། ཡང་དེ་ཉིད་ལས། འདིར་རྣལ་འབྱོར་པ་རྣམས་ཀྱི་ཕྱོགས་སུ་འཛིན་པ་ཐམས་ཅད་ཉམས་ པར་བྱ་བའི་སླད་དུ་རྡོ་རྗེ་རྣལ་འབྱོར་རིས་མེད་པ། རྟག་པ་དང་ཆད་པ་སྤངས་པ། འཇིག་རྟེན་ པའི་དཔེ་ལས་འདས་པ། ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་པ། གཞོན་ནུ་མས་མེ་ ལོང་ལ་པྲ་ཕབ་པ་བཞིན། རང་གི་སེམས་ཀྱིས་མ་བརྟགས་པ། མངོན་སུམ་དུ་མཐོང་བ་ཡིད་ ཆེས་པའི་དོན་ཅན། རྣམ་པ་ཐམས་ཅད་པ་ནམ་མཁའ་ལས་བྱུང་བ། ཀུན་ཏུ་བཟང་པོ་དབང་ 6-1-398 པོ་ཐམས་ཅད་པ། སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ་ལྷན་ཅིག་སྐྱེས་པའི་ དགའ་བ་གཏན་ཚིགས་དང་དཔེ་སྤངས་པ་ཞེས་གསུངས་ཏེ། དེ་དག་དོན་ནི། རྩ་བའི་རྒྱུད་ཀྱི་ དབང་མདོར་བསྟན་པར། དུ་བ་སྨིག་རྒྱུ་མཁའ་སྣང་དང༌། །སྒྲོན་མ་འབར་བ་ཟླ་ཉི་མ། །མུན་ ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །ཞེས་གསུངས་ཏེ། མཚན་ མོའི་རྣལ་འབྱོར་[གྱིས་]མུན་ནག་གི་ནམ་མཁའ་ལ་ཁ་དོག་དཀར་པོ་དུ་བ་དང་སྤྲིན་ལ་ སོགས་པའི་རྣམ་པ་དང༌། སྨིག་རྒྱུ་དང་ཆུ་ལ་སོགས་པའི་རྣམ་པ་དང༌། མཁའ་སྣང་ཞེས་པ་ སྲིན་བུ་མེ་ཁྱེར་གྱི་རྣམ་པ་དང༌། སྒྲོན་མ་སྟེ། མར་མེ་འབར་བའི་རྣམ་པ་མཐོང་བ་དང༌། ཉིན་ མོའི་རྣལ་འབྱོར་གྱིས་སྤྲིན་མེད་པའི་ནམ་མཁའ་ལ། འབར་བ་ཞེས་པ་ཁ་དོག་དམར་པོའམ་ སེར་པོ་མེ་འབར་བའི་རྣམ་པ་དང༌། ཟླ་བའི་རྣམ་པ་དང་ཉི་མའི་རྣམ་པ་དང༌། མུན་ཅན་ཞེས་ པ་སྒྲ་གཅན་ཏེ། རིན་པོ་ནག་པོ་ལྟར་སྣང་བ་དང༌། ཆ་ཞེས་པ་གློག་ལྟ་བུ་དང༌། ཐིག་ལེ་ཆེ་ ཞེས་པ་ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་མཐོང་བ་དང༌། སྣ་ཚོགས་གཟུགས་ བརྙན་ནི། ཤིན་ཏུ་དྭངས་ཤིང་གསལ་བ། བུམ་པ་དང་སྣམ་བུ་དང་བྲག་རི་དང༌། ལྗོན་ཤིང་ ལ་སོགས་པའི་རྣམ་པར་སྣང་པ་དང༌། མི་དང་དུད་འགྲོ་ལ་སོགས་པའི་རྣམ་པར་སྣང་བ་སྟེ། མདོར་ན་ཏིང་ངེ་འཛིན་ཁྱད་པར་ཅན་འདིའི་ཉམས་ཀྱི་སྣང་པ་འཁོར་འདས་ཀྱི་རྣམ་པ་བརྗོད་ ཀྱིས་མི་ལང་[པ་{པར་སྣང་}སྟེ། དེ་ཡང་རང་གི་སེམས་ཀྱིས་[བརྟགས་{བཏགས} པ་དང་ འཁྲུལ་པ་ལ་སོགས་པ་མ་ཡིན་གྱི། རྣལ་འབྱོར་པའི་མངོན་སུམ་ལ་སྣང་བའི་སྟོང་གཟུགས་ དང༌། གཞོམ་མེད་ཀྱི་སྒྲ་བརྙན་ལ་སོགས་པ་འདི་ཉིད་རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོ་ཡིན་ནོ། ། གཉིས་པ་དེའི་རང་བཞིན་གཏན་ལ་དབབ་པ་ལ་གསུམ་[སྟེ{ལས}། འོད་གསལ་རྡོ་ རྗེའི་རྣལ་འབྱོར་ཕྱོགས་ཐམས་ཅད་དང་བྲལ་བར་བསྟན། རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོ་སེམས་ ཀྱི་རང་བཞིན་འོད་གསལ་གཏན་ལ་དབབ་པ། སེམས་[ཀྱི་{ཉིད་}རང་བཞིན་འོད་གསལ་ 6-1-399 ཉིད་གཞི་བདེ་གཤེགས་སྙིང་པོ་ཡིན་པའི་ཚུལ་ལོ། །དང་པོ་ལ། ཡོད་མེད་ཀྱི་ཕྱོགས་དང་བྲལ་ བ་དང༌། འཁོར་འདས་རྟག་ཆད་ཀྱི་[ཕྱོགས་{མཐའ་}དང་བྲལ་བ་གཉིས་ལས། དང་པོ་ནི། འདིར་རྣལ་འབྱོར་པ་རྣམས་ཀྱི་ཕྱོགས་སུ་འཛིན་པ་ཐམས་ཅད་ཉམས་པར་བྱ་ བའི་སླད་དུ་ཞེས་གསུངས་པས། ཕྱོགས་འཛིན་ནམ། མཐར་འཛིན་པ་ནི། གཟུང་འཛིན་གྱི་ རྣམ་པར་རྟོག་པ་ཐམས་ཅད་ཡིན་ལ། དེ་ནི་འཁོར་བའི་རྒྱུ་ཡིན་པས་ཉམས་པར་བྱ་དགོས་ ཤིང༌། དེ་ལ་མཐའ་བྲལ་དབུ་མའི་གནས་ལུགས་ཤེས་དགོས་ལ། མཐའ་བྲལ་གྱི་དོན་ལ་ ཡང་ཀུན་རྫོབ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་[རྣམས་{ལ་}ཡོད་མེད་རྟག་ཆད་སོགས་ ཀྱི་མཐའ་དང་བྲལ་བའི་ཚུལ་ནི། ཕྱི་མཚན་ཉིད་ཐེག་པ་དབུ་མ་པའི་གཞུང་ལུགས་རྣམས་ སུ་གཏན་ལ་ཕབ་པ་ལྟར་ཤེས་པར་བྱ་ཞིང༌། འདིར་ནང་སྔགས་ཀྱི་ཐེག་པའི་ཚུལ་ལ་རྣལ་ འབྱོར་པའི་བསྒོམ་བྱ་རྡོ་རྗེའི་རྣལ་འབྱོར་[རམ་]ཕྱག་རྒྱ་ཆེན་པོའི་གནས་ལུགས་མཐའ་དང་ བྲལ་བའི་དོན་བསྟན་པར་བྱ་སྟེ། དེ་ཡང༌། དཔལ་ལྡན་དྲི་མ་མེད་པའི་འོད་ལས། འདིར་ ཡང་སྟོང་པ་ཉིད་དང༌། སྙིང་རྗེའི་བདག་ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས། གཞོན་ ནུ་མའི་པྲ་ཕབ་པ་ལྟ་བུ་ནི་གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ། རྡུལ་ཕྲ་རབ་མེད་པའི་ཕྱིར་རོ། ། གཟུགས་མེད་པའི་མཚན་ཉིད་མ་ཡིན་ཏེ། སྟོང་པའི་གཟུགས་ཡོད་པའི་ཕྱིར་རོ༑ ༑ཞེས་ གསུངས་ཏེ། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་རྣམ་པར་དག་པའི་སེམས་ཞེས་པ་ནི་ རྡོ་རྗེའི་རྣལ་འབྱོར་ཡིན་ལ། གཟུགས་ཞེས་པ་དང་པྲ་ཕབ་པ་ལྟ་བུ་ཞེས་པས། དེ་ཡང་དུ་བ་ [ལྟ་བུ་]ལ་སོགས་པ་སྟོང་གཟུགས་འདི་ཉིད་ཡིན་པར་ངོས་བཟུང་ནས། འོད་གསལ་སྟོང་ གཟུགས་དེ་དུ་བ་ལ་སོགས་པ་གཟུགས་ཀྱི་རྣམ་པར་སྣང་ཡང༌། དུ་བ་ལ་སོགས་པ་གཟུགས་ ཀྱི་རྡུལ་ཕྲ་རབ་ཏུ་གྲུབ་པ་མེད་པས་ན་གཟུགས་ཀྱི་དངོས་པོ་མ་ཡིན་ཞིང༌། དེ་བཞིན་དུ་སྒྲ་ལ་ སོགས་པ་ལ་ཡང་སྦྱར་ཏེ༑ དེ་ལྟར་ན་དངོས་པོའམ། ཡོད་པའི་ཕྱོགས་སམ། མཐའ་དང་བྲལ་ 6-1-400 ཞིང༌། སྟོང་པའི་གཟུགས་དང་སྒྲ་ལ་སོགས་པའི་རྣམ་པར་རྣལ་འབྱོར་པའི་སོ་སོ་རང་རིག་ལ་ གསལ་བར་སྣང་བས་ན་དངོས་པོ་མེད་པའམ། མེད་པའི་ཕྱོགས་སམ། མཐའ་དང་བྲལ་བ་ ཡིན་ནོ། །གཞན་ཡང༌། དཔལ་ལྡན་རྒྱུད་ཀྱི་རྒྱལ་པོར། ས་ཡི་རྣམ་པ་སྲ་བ་མིན་ཞིང་ཞུ་བ་ ཆུ་ལུས་ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེ་ཡི་རྣམ་པ་མེ་མིན་གཡོ་བ་རླུང་གི་ལུས་ནི་ གང་ཞིག་གཡོ་བ་མིན་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ཡང་བལྟ་བྱ་དཀར་དང་ལྗང་ དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། །རྣམ་པ་ཀུན་ལྡན་ཡིན་ཡང་མཐོང་པ་མིན་ཏེ་རང་ སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །ཞེས་གསུངས་ཏེ། རྣལ་འབྱོར་པ་རྟོག་པ་དང་ བྲལ་ཞིང་མ་འཁྲུལ་བའི་ཤེས་པས། ས་དང་ཆུ་དང་མེ་དང་རླུང་གི་རྣམ་པར་མཐོང་ཡང༌། སྲ་ བ་ལ་སོགས་པའི་མཚན་ཉིད་[དང་]རྡུལ་ཕྲ་རབ་ཀྱི་རྫས་སུ་མ་གྲུབ་པའི་ཕྱིར། ས་ལ་སོགས་ པའི་དངོས་པོ་མ་ཡིན་ལ། རྫས་སུ་གྲུབ་པ་མེད་པས་སྟོང་པའི་རྣམ་པ་ཡིན་ཡང༌། རྣལ་འབྱོར་ པའི་མངོན་སུམ་གྱིས་བལྟ་བར་བྱ་བ་སྟེ། མཐོང་པ་ཡང་ཡིན་ཞིང༌། དེ་བཞིན་དུ། དཀར་པོ་ ལ་སོགས་པའི་ཁ་དོག་[དངོས་པོ་]སྣ་ཚོགས་པའི་རྣམ་པར་སྣང་ཡང༌། དངོས་པོའི་རྫས་སུ་ མ་གྲུབ་པའི་ཕྱིར། ཁ་དོག་གི་དངོས་པོ་ཉིད་མ་ཡིན་ནོ། །རྣམ་པ་ཐམས་ཅད་དང་ལྡན་ཞིང་ སེམས་ཅན་ཐམས་ཅད་ལ་གདོད་{མ་}ནས་རྟག་ཏུ་གནས་པ་ཡིན་ཡང༌། སྤྱན་ལྔ་དང་མི་ལྡན་ པའི་བྱིས་པ་རྣམས་ཀྱིས་མི་མཐོང་སྟེ། དེའི་རྒྱུ་མཚན། རང་གི་སེམས་ཀྱི་གློ་བུར་གྱི་དྲི་མ་ཉོན་ མོངས་པ་ཞེས་པ་རྩ་གཡོན་ནས་རྒྱུ་བའི་རླུང་དང༌། བདུད་ཅེས་པ་རྩ་གཡས་ནས་རྒྱུ་བའི་རླུང་ མ་འགགས་པའི་སྟོབས་ཀྱིས་སོ། །དེས་ན་གཡོན་དང་གཡས་ཀྱི་རླུང་དབུ་མའི་ནང་དུ་ཞུགས་ པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་གཟུགས་མངོན་སུམ་དུ་མཐོང་པར་འགྱུར་རོ། །ཞེས་ དགོངས་པ་སྟེ། སྲ་བ་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་རྫས་སུ་མ་གྲུབ། ཅེས་[པ་{པས}ནི། དངོས་པོའི་མཐའ་དང་བྲལ་བར་བསྟན་ལ། བལྟ་བྱ་དང་ཁ་དོག་སྣ་ཚོགས་ཆེན་པོ་དང་རྣམ་ 6-1-401 པ་ཀུན་ལྡན་ཡིན་པས་[ན{ནི}། དངོས་པོ་མེད་པའི་མཐའ་དང་བྲལ་བར་བསྟན་པ་ཡིན་ནོ། ། གཉིས་པ་ནི། རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་པར། སྟོང་པ་ལས་བྱུང་གཟུགས་ བརྙན་རྒྱུ། །མི་འགྱུར་ལས་སྐྱེས་བདེ་བ་འབྲས། །རྒྱུ་ནི་འབྲས་[བུས་རྒྱས་བཏབ་པ{བུ་རྒྱས་ གདབ་པོ}། །འབྲས་བུ་རྒྱུ་ཡིས་རྒྱས་བཏབ་པོ། །སྟོང་ཉིད་གཟུགས་བརྙན་[རྒྱུ་ཡིན་ཏེ{འཛིན་ པ་རྒྱུ}། །སྙིང་རྗེ་འགྱུར་མེད་འཛིན་པ་འབྲས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་ སེམས་ནི་མི་འཕོ་བའོ། །མྱ་ངན་འདས་པ་བྲལ་བའི་གཟུགས། །འཁོར་བ་ལས་འདས་མི་ འགྱུར་བ། །དེ་དག་སྦྱོར་བ་གཉིས་མེད་མཆོག །རྟག་དང་ཆད་ལས་ངེས་པར་གྲོལ། །དངོས་ མེད་ལས་བྱུང་མཚན་ཉིད་ཕྱིར། །གཟུགས་ནི་དངོས་པོ་མེད་པ་མིན། །དངོས་པོ་ལས་བྱུང་ མཚན་ཉིད་ཕྱིར། །འགྱུར་བ་མེད་པ་དངོས་པོ་མིན། །དངོས་པོ་དངོས་མེད་ཡང་དག་སྦྱོར། ། རྡོ་རྗེའི་རྣལ་འབྱོར་གཉིས་མེད་མཆོག །གཟུགས་དང་གཟུགས་མིན་རྣམ་པར་གྲོལ། །པྲ་ ཕབ་མེ་ལོང་ལ་བཞིན་ནོ། །གཟུགས་ནི་སྲིད་པར་མི་འོང་སྟེ། །འགྱུར་མེད་མྱ་ངན་འདས་མི་ འགྲོ། །ཕན་ཚུན་འཁྱུད་པ་ཞི་བ་སྟེ། །མ་ནིང་གི་ནི་གོ་འཕང་མཆོག །ཅེས་གསུངས་ཏེ། དེའི་ དོན་ནི། སྟོང་པ་ནི་ནམ་མཁའ་ཡིན་ལ། དེ་ལས་བྱུང་བ་ནི་རང་བྱུང་བ་སྟེ། ནམ་མཁའ་ལས་ བྱུང་རང་བྱུང་པ། །ཞེས་གསུངས་པའོ། །གཟུགས་བརྙན་ནི་དུ་བ་ལ་སོགས་པ་སྟོང་{པའི་} གཟུགས་རྣམ་པ་ཐམས་ཅད་པ་སྟེ་རྒྱུ་ཡིན་ལ། ཐིག་ལེ་མི་འགྱུར་བ་ལས་སྐྱེས་པའི་ལྷན་ཅིག་ སྐྱེས་པའི་བདེ་བ་ནི་འབྲས་བུའོ། །རྒྱུ་སྟོང་གཟུགས་དེ་ཉིད་{འབྲས་བུ་ལྷན་སྐྱེས་བདེ་བའི་ངོ་ བོ་ཡིན་ཞིང་}འབྲས་བུ་ལྷན་སྐྱེས་བདེ་བ་ཡང་རྒྱུ་སྟོང་གཟུགས་ཀྱི་ངོ་བོ་ཡིན་པས་རྒྱུ་འབྲས་ དེ་དག་མེའི་འོད་དང་སྲེག་པར་བྱེད་པ་ལྟར། དབྱེར་མེད་གཅིག་ཏུ་གྱུར་པ་ནི་ཕན་ཚུན་རྒྱས་ བཏབ་པའི་དོན་ནོ། །དེ་གཉིས་ཀྱི་མཚན་ཉིད་ནི། དམིགས་པ་དང་བཅས་པའི་སྟོང་པ་ཉིད་ གཟུགས་བརྙན་གྱི་ཚུལ་འཛིན་པ་ནི་རྒྱུ་དང༌། དམིགས་པ་མེད་པའི་སྙིང་རྗེ་འགྱུར་མེད་བདེ་ 6-1-402 བའི་ཚུལ་འཛིན་པ་ནི་འབྲས་བུ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དེ་དག་དབྱེར་མེད་ཟུང་དུ་འཇུག་ པ་དོན་དམ་བྱང་ཆུབ་ཀྱི་སེམས་གདོད་མ་ཉིད་ནས་ཐིག་ལེ་མི་འཕོ་བ་སྟེ། དེ་ཉིད་རྡོ་རྗེའི་ རྣལ་འབྱོར་རོ། །དེ་ཡང་འཁོར་འདས་རྟག་ཆད་ཀྱི་ཕྱོགས་དང་བྲལ་བར་སྟོན་པ་མྱ་ངན་ལས་ འདས་པ་ཞེས་པ་ལ་སོགས་[པ་སྟེ{ཏེ}། རྡོ་རྗེའི་རྣལ་འབྱོར་ནི་མྱང་འདས་ཅི་ཡང་མེད་པའི་ སྟོང་པ་དང་བྲལ་བ། དུ་བ་ལ་སོགས་པ་རྣམ་པ་ཐམས་ཅད་པའི་གཟུགས་སུ་ཡོད་པ་དང༌། འཁོར་བའི་ཐིག་ལེ་འགྱུར་བའི་བདེ་བ་ལས་འདས་པ་མི་འགྱུར་བའི་བདེ་བ་ཆེན་པོའི་བདག་ ཉིད་དུ་ཡོད་པ་ཡིན་ལ། དེ་དག་དབྱེར་མེད་པར་སྦྱོར་བ་ནི་གཉིས་སུ་མེད་པའི་དོན་དང༌། མཆོག་གམ་ཕུལ་དུ་བྱུང་པ། རྟག་པ་དང་ཆད་པ་ལས་ངེས་པར་གྲོལ་བ་ཞེས་བྱའོ། །དེའི་རྒྱུ་ མཚན་ནི། དངོས་མེད་ལས་བྱུང་ཞེས་[པ་ལ་]སོགས་[པ་སྟེ{ཏེ}། རང་གི་སེམས་ཀྱི་རང་ བཞིན་འོད་གསལ་གྱི་སྣང་བ་སྟོང་གཟུགས་རྣམ་པ་ཐམས་ཅད་པ་འདི་ནི། དངོས་མེད་ཅེས་ པ་ནམ་མཁའ་དྲི་མ་མེད་པའི་མཐིལ་ཁོ་ན་ལས། དུས་གསུམ་དང་ཁམས་གསུམ་པའི་རྣམ་པ་ ཤིན་ཏུ་གསལ་བར། སོ་སོ་རང་རིག་པ་ཡིན་པའི་ཕྱིར། དངོས་པོ་མེད་པ་ཆད་པའི་ཕྱོགས་སུ་ ལྷུང་བ་མ་ཡིན་ཏེ། དེ་ཉིད་ལས། མོ་གཤམ་བུ་མོ་དང་འགྲོགས་པས། །རྨི་ལམ་དུ་ནི་བདེ་ འགྱུར་ལྟར། །ནམ་མཁའ་ལས་བྱུང་གཟུགས་བརྙན་ནི། །[རྟེན་{བསྟེན་}པས་བདག་ལ་དེ་ བཞིན་ནོ། །ཞེས་རྣལ་འབྱོར་པས་གསལ་བར་ཉམས་སུ་མྱོང་བར་གསུངས་སོ། །དེ་བཞིན་དུ། དངོས་པོ་ལས་བྱུང་མཚན་ཉིད་ཕྱིར། །ཞེས་པ་འགྱུར་བ་མེད་པའི་བདེ་བ་ནི་རབ་ཏུ་གསལ་ བར་གྱུར་པའི་སྟོང་གཟུགས་ཀྱི་དངོས་པོ་ལས་བྱུང་བའི་ཕྱིར། འདུས་བྱས་ཀྱི་དངོས་པོ་ཡོད་ པའི་ཕྱོགས་སུ་ལྷུང་པ་ཡང་མ་ཡིན་ནོ། །དེ་ལྟར་ན་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ལ་དངོས་ པོ་དང་དངོས་པོ་མེད་པ་ཞེས་བརྗོད་པ་ཡིན་ལ། དེ་དག་ཡང་དག་པར་སྦྱོར་བ་སྟེ་དབྱེར་མེད་ དུ་འདུས་པ་ལས་རྡོ་རྗེའི་རྣལ་འབྱོར་ཞེས་བརྗོད་དེ། དེ་ཉིད་གཉིས་སུ་མེད་པ་དང༌། ཟུང་[དུ་] 6-1-403 འཇུག་པ་དང་དེ་ཁོ་{ན་}ཉིད་ཀྱི་དོན་ནོ། །ཞེས་པའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེའི་རྣལ་འབྱོར་ ནི་མེ་ལོང་ལ་པྲ་ཕབ་པའི་སྣང་བ་བཞིན་དུ། རྡུལ་ཕྲ་རབ་ཀྱི་རྫས་འདུས་པ་མེད་པའི་ཕྱིར། གཟུགས་ལས་རྣམ་པར་གྲོལ་ཞིང༌། མེད་དོ་ཞེས་[བསྙོན་{བསྙེན་}པར་དཀའ་བ་མངོན་སུམ་ དུ་དམིགས་པ་[མིན་{ཡིན་}པའི་ཕྱིར། གཟུགས་མེད་པ་ལས་ཀྱང་རྣམ་པར་གྲོལ་བ་ཡིན་ནོ། ། དེའི་ཕྱིར་སྟོང་གཟུགས་ནི་སྲིད་པ་འཁོར་བར་མི་འོང་སྟེ། འཁོར་བ་རྟག་པའི་མཐའ་ལ་མི་ གནས་ཤིང༌། འགྱུར་བ་མེད་པའི་བདེ་བ་ནི་མྱ་ངན་ལས་འདས་པར་མི་[འགྲོ་སྟེ་{འགྱུར་ཏེ། } མྱང་འདས་ཆད་པའི་མཐའ་ལ་མི་གནས་[ལ་{པ་སྟེ}དེ་ཉིད་ཕན་ཚུན་འཁྱུད་པ་{དབྱེར་མེད་ པ་}སྟེ། [དབྱེར་མེད་པ་དང་]དབང་པོའི་རྣམ་འགྱུར་དང་བྲལ་བའི་ཕྱིར་ཞི་བ་དང༌། ཐབས་ འབའ་ཞིག་ཀྱང་མ་ཡིན། ཤེས་རབ་[འབའ་ཞིག]ཀྱང་མ་ཡིན་པ། ཐབས་ཤེས་གཉིས་ཀའི་ བདག་ཉིད་ཡིན་པས་མ་ནིང་གི་གོ་འཕང་རྡོ་རྗེའི་རྣལ་འབྱོར་རིས་མེད་པ་ཞེས་བྱ་ཞིང༌། འགྲོ་ བ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཕུལ་དུ་བྱུང་བས་ན། མཆོག་ཅེས་བྱ་སྟེ། ན་རོ་པཎ་ ཆེན་གྱི་བཞེད་པ་དང་མཐུན་པར་བཤད་པ་ཡིན་ནོ། །དེ་བཞིན་དུ། དཔལ་ལྡན་དྲི་མ་མེད་ པའི་འོད་ལས། དེའི་ཕྱིར་ཀུན་རྫོབ་སྟོང་པ་ཉིད་ཀྱི་གཟུགས་ཅན་དང༌། སྟོང་པ་ཉིད་ཀྱི་ཀུན་ རྫོབ་ཀྱི་གཟུགས་ཅན་ཏེ་འཇིག་རྟེན་པའི་དཔེ་ལས་འདས་པ་ཉིད་ཀྱི་ཕྱིར་སེམས་གང་ཡོད་ པའི་སེམས་དེ་ནི་སེམས་མེད་པ། རྟག་པ་དང་ཆད་པའི་ཆོས་ཀྱི་མཚན་ཉིད་དང་བྲལ་བ། སྟོང་ པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །ཞེས་གསུངས་ཏེ། དེའི་དོན་ནི་དུ་བ་ལྟ་བུ་ལ་སོགས་པ་ ཀུན་རྫོབ་ཀྱི་རྣམ་པར་གནས་ཀྱང་སྟོང་པ་ཉིད་ཀྱི་གཟུགས་ཅན་ཏེ། སྟོང་པ་ཉིད་ཀྱི་ངོ་བོ་ཡིན་ ལ། སྟོང་པ་ཉིད་ཡིན་ཡང་རྣམ་པ་ཀུན་རྫོབ་ཀྱི་གཟུགས་ཅན་ཏེ། གཟུགས་བརྙན་དུ་ཡོད་པས་ འཇིག་རྟེན་པའི་དཔེ་ལས་འདས་ཤིང་འོད་གསལ་བའི་སེམས་གང་ཞིག་དོན་དམ་པར་ཡོད་ པའི་སེམས་དེ་ནི་ཁམས་གསུམ་པའི་སེམས་ཀྱི་དངོས་པོར་མེད་པ་སྟེ། དེ་ཡང་ཁམས་གསུམ་ 6-1-404 པའི་སེམས་ཀྱི་དངོས་པོ་མ་ཡིན་པས། རྟག་པའི་མཚན་ཉིད་དང་བྲལ་[བ{ལ}། དོན་དམ་ པར་ཡོད་པས་ཆད་པའི་མཚན་ཉིད་དང་བྲལ་བ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ རྡོ་རྗེའི་[རྣལ་འབྱོར་གྱི་]གནས་ལུགས་ཡིན་ནོ་ཞེས་པའི་དོན་ནོ། །དེ་བཞིན་དུ། རྡོ་རྗེའི་རྣལ་ འབྱོར་རྣམ་པར་དག་པ་སྐད་ཅིག་[གཅིག་]གིས་མངོན་པར་རྫོགས་པ་སངས་རྒྱས་པ་དམ་ པའི་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་ལྷན་ཅིག་སྐྱེས་པའི་དགའ་བ་འདི་ནི། འདོད་པའི་ སྲིད་པ་ལ་མི་གནས་ཞེས་པ་ལ་སོགས་[པས་{པ}། སྲིད་ཞིའི་མཐའ་གཉིས་ལ་མི་གནས་ པར་གསུངས་སོ། །དེ་ལྟར་ན་རྡོ་རྗེའི་རྣལ་འབྱོར་མཐའ་ཐམས་ཅད་དང་བྲལ་བར་གྲུབ་སྟེ། ཡང་དེ་ཉིད་ལས། ཕྱོགས་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་དང༌། ཞེས་སོགས་ རྣམ་གྲངས་མང་པོ་བསྟན་ནས། ཕྱོགས་འདི་དག་དང་བྲལ་བ་ནི། སངས་རྒྱས་རྣམས་ཀྱིས་ མི་གནས་པའི་མྱ་ངན་ལས་འདས་པ། རང་བཞིན་མེད་པ་སྟེ། སྐད་ཅིག་{གཅིག་}དང་དུ་མ་ དང་བྲལ་བའི་ཡེ་ཤེས་ནི། རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་[སོ{ཏེ}། །ཞེས་ གསུངས་པ་ལྟར་ཤེས་པར་བྱའོ། ། གཉིས་པ་རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོ་སེམས་ཀྱི་རང་བཞིན་འོད་གསལ་{བ་}གཏན་ལ་ ཕབ་པ་ནི། [རྒྱུད་ཀྱི་རྒྱལ་པོ་ཆེན་པོ་]བརྟག་པ་གཉིས་པ་ལས། རང་དང་རང་གི་རྟོག་པ་ལས། ། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །དམྱལ་བ་ཡི་དྭགས་ བྱོལ་སོང་དང༌། །ལྷ་དང་ལྷ་མིན་མི་རྣམས་དང༌། །བཤང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ ལྷ་མ་ཡིན་གྱི་ཡང༌། །བདེ་བ་གང་ཕྱིར་མི་ཤེས་པས། །རྟག་ཏུ་རང་བཞིན་བདེ་བ་ཅན། ། འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་ པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་གསུངས་ཤིང༌། དཔལ་ [ལྡན་]ས་ར་ཧ་པས་ཀྱང༌། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ 6-1-405 ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པས་ཏེ། །ཡིད་བཞིན་ནོར་འདྲའི་ སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ གཞིའམ་རྩ་བ་སེམས་ཉིད་ཡིན་པས། ཐར་པའི་མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ པར་འདོད་པའི་རྣལ་འབྱོར་པ་རྣམས་ཀྱིས་རང་གི་སེམས་ཀྱི་གནས་ལུགས་ངོ་ཤེས་པར་བྱ་ དགོས་ཤིང༌། དེ་ལ་བླ་མ་དམ་པའི་གདམས་ངག་ཐུན་མོང་མ་ཡིན་པ་ལ་བརྟེན་ནས་ཉམས་སུ་ མྱོང་པའི་དོན། བཀའ་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་རྣམས་ཀྱི་ལུང་ལ་བརྟེན་པའི་ རིགས་པས་གཏན་ལ་དབབ་དགོས་པས། འདི་ལ་དོན་རྣམ་པ་གསུམ་སྟེ། རང་བཞིན་དང་བློ་ བུར་གྱི་སེམས་{རྣམ་པ་}གཉིས་སུ་དབྱེ་བ། རང་བཞིན་གྱིས་འོད་གསལ་བའི་དོན་ངོས་བཟུང་ བ༑ འོད་གསལ་གྱི་སྣང་བ་ལ་མི་འཐད་པའི་རྩོད་པ་སྤང་པའོ། །དང་པོ་ནི། འདིར་སེམས་ནི་ དབྱེ་གཞི་ལྟ་བུ་ཡིན་ལ། དེ་ལ་དབྱེ་བ་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། བློ་བུར་གྱི་དྲི་མས་ བསྡུས་པའི་སེམས་དང་སེམས་ཀྱི་རང་བཞིན་འོད་གསལ་བའམ་རང་བཞིན་གྱིས་འོད་ གསལ་བའི་སེམས་སོ། །དེ་ཡང༌། {འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། } དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མ་མེད་པའི་འོད་དུ། དེ་ལྟར་འཁོར་བའི་སེམས་ཀྱི་ རང་བཞིན་གྱིས་སད་པ་ལ་སོགས་པའི་དབྱེ་བས་རྣམ་པ་བཞིར་ངེས་པའོ། །ཞེས་སེམས་ཅན་ རྣམས་ཀྱི་སད་པ་དང་རྨི་ལམ་དང་གཉིད་མཐུག་པོའི་སེམས་དང་བཞི་པའི་གནས་སྐབས་ འཛག་བདེའི་སེམས་ཏེ༑ བཞི་པོ་འཁོར་བའི་སེམས་སུ་གསུངས་ཤིང༌། [རྒྱུད་ལས། ] དེ་དག་ དབུས་སུ་རྡོ་རྗེ་[སྤྱན་{ཅན་}ནི་རང་བཞིན་མིན་ཞིང་རྣམ་འགྱུར་མིན་ཏེ་ཁྱབ་བྱེད་རང་བཞིན་ མེད[པའོ]། །ཅེས་པའི་འགྲེལ་པར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ ནས། ས་ལ་སོགས་པ་འདི་དག་གི་དབུས་སུ། རྡོ་རྗེ་[སྤྱན་{ཅན་}ནི་རང་བཞིན་མིན་ཞིང་རྣམ་ འགྱུར་མིན་ཏེ་ཁྱབ་བྱེད་རང་བཞིན་མེད་པའོ། །གང་གི་ཕྱིར་འཁོར་བའི་བག་ཆགས་ལས་ 6-1-406 གྲོལ་བའི་སེམས་ཀྱི་{རང་བཞིན་}ཆོས་ཡིན་པ་དེའི་ཕྱིར་གང་སེམས་ཡོད་པའི་སེམས་དེ་ནི་ སེམས་མ་ཡིན་ནོ་ཞེས་འཁོར་བ་པའི་སེམས་དང་བྲལ་བ་མྱ་ངན་ལས་འདས་པའི་སེམས་ གཞན་ཡོད་པ་ནི་རྡོ་རྗེ་ཅན་གྱི་མིང་གིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་གསུངས་ ཏེ༑ ས་ལ་སོགས་པ་ནི་རང་བཞིན་དང་རྣམ་འགྱུར་ཞེས་བྱ་བ། མ་དག་པ་འཁོར་བ་པའི་ཕུང་ པོ་ལ་སོགས་པ་ཡིན་ནོ། །འདིས་ནི་འཁོར་བའི་སེམས་འདི་ལ་རང་བཞིན་འོད་གསལ་མྱང་ འདས་ཀྱི་སེམས་སྙིང་པོའི་ཚུལ་དུ་གནས་ཤིང༌། མྱང་འདས་ཀྱི་སེམས་དེ་འཁོར་བའི་སེམས་ དང་བྲལ་བར་བསྟན་པའི་ཕྱིར་གདོད་མ་ཉིད་ནས་རང་བཞིན་དང་གློ་བུར་གྱི་སེམས་ཆ་ གཉིས་སུ་གནས་པར་ཤེས་པར་བྱའོ། །གཞན་ཡང་དཔལ་དུས་ཀྱི་འཁོར་ལོ། བུམ་པའི་ནང་ དུ་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟར་བར། །མཁའ་ཁྱབ་ མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་ གསུངས་པའི་འགྲེལ་པར་མྱ་ངན་ལས་འདས་པའི་སེམས་འཁོར་བ་ལས་འདས་པ་ཐམས་ ཅད་ཀྱི་ལུས་ལ་གནས་པ་ནི་གང་གིས་ཀྱང་མ་བཅིངས་ཤིང་མ་བཀྲོལ་བའོ། །བུམ་པའི་ནང་ དུ་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། མཁའ་ཁྱབ་མཁའི་རྡོ་ རྗེ་ཅན་ཞེས་པ་ནི་སྟོང་པ་ལ་སོགས་པའི་རྣམ་པར་ཐར་པས་རྣམ་པར་དག་པའི་སེམས་ནི་ མཁའི་རྡོ་རྗེ་ཅན་ནོ། །ཡུལ་དང་རྣམ་པར་བྲལ་བ་ཞེས་པ་ཡོན་ཏན་མེད་པ་སྟེ་དེ་ཙམ་ལ་ སོགས་པ་དང་སྙིང་སྟོབས་དང་རྡུལ་དང་མུན་པ་དང་བྲལ་བ་ནི་སད་པ་དང་རྨི་ལམ་དང་ཤིན་ ཏུ་གཉིད་ལོག་པ་དང་བཞི་པ་དང་བྲལ་བ་ཞེས་པའི་དོན་ཏེ། རང་བཞིན་མེད་པ་ལུས་ཀྱི་ དབུས་སུ་དེ་བཞིན་ནོ། །རྟག་པ་དངོས་པོ་དང་ཆད་པ་དངོས་པོ་མེད་པ་སྟེ། དེ་དག་གང་ལ་ མེད་པ་དེ་ནི་རྡོ་རྗེ་ཅན་ཏེ༑ རྣམ་པར་དག་པའི་སེམས་སོ་ཞེས་པའི་དོན་ཏོ། །འཁོར་བ་དང་མྱ་ ངན་ལས་འདས་པའི་སེམས་ངེས་པའོ། །ཞེས་གསུངས་ཏེ། སྟོང་པ་ལ་སོགས་པའི་རྣམ་པར་ 6-1-407 ཐར་བས་རྣམ་པར་དག་པ། ཞེས་པ་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་ པ་དང་མངོན་པར་འདུ་མི་བྱེད་པའི་རྣམ་པར་ཐར་པ་སྟེ་རྣམ་[པར་]ཐར་[པ་]བཞི་ལ། གཞི་ འབྲས་ཀྱི་རྣམ་ཐར་དང་ལམ་གྱི་རྣམ་ཐར་གཉིས་སུ་ཡོད་པ་ལས། ལམ་གྱི་རྣམ་ཐར་རྣམས་ཀྱི་ སྔར་མ་དག་པ་གསར་དུ་དག་པར་བྱས་པ་ནི་མ་ཡིན་གྱི༑ སེམས་ཀྱི་རང་བཞིན་འོད་གསལ་ ལ་ཡེ་ནས་གནས་པའི་རྣམ་པར་ཐར་པ་རྣམས་ཀྱིས་འོད་གསལ་གྱི་སེམས་ཉིད་གདོད་{མ་} ནས་རྣམ་པར་དག་པར་གྱུར་པའོ། །དེ་ཙམ་ལ་སོགས་པ་དང་སྙིང་སྟོབས་དང་རྡུལ་དང་མུན་ པ་དང་བྲལ་བ་ཞེས་པ་ནི། ཟླ་བའི་ཡོན་ཏན་སྒྲ་དེ་ཙམ་ལ་སོགས་པ་ཡུལ་ལྔ་དང༌། ཉི་མའི་ ཡོན་ཏན་སྙིང་སྟོབས་ཏེ་སད་པའི་གནས་སྐབས་དང༌། རྡུལ་ཏེ་རྨི་ལམ་གྱི་གནས་སྐབས་དང༌། མུན་[པས་ཏེ་{པ་སྟེ་}ཤིན་ཏུ་གཉིད་ལོག་པའི་གནས་སྐབས་གསུམ་དང་བྲལ་ཞིང༌། བཞི་ པའི་གནས་སྐབས་དང་{ཡང་}བྲལ་བའི་དོན་ནོ། །དེ་ལྟར་ན་མྱ་ངན་ལས་འདས་པའི་སེམས་ ནི་རང་བཞིན་གཉུག་མར་གནས་[པའི་{པ་}དོན་དམ་པའི་བདེན་པ་ཡིན་ལ། མྱ་ངན་ལས་ འདས་པ་ཞེས་པ་[ནི་{ཡང་}རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ནོ། །འཁོར་བའི་ སེམས་ནི། མདོ་ལས། ཁམས་གསུམ་[པ་{པོ་}འདི་དག་ནི་སེམས་ཙམ་མོ། །ཞེས་པ་དང༌། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་ སེམས་བྱུང་ཁམས་གསུམ་པ༑ ༑ཞེས་གསུངས་པ་ལྟར། ཁམས་གསུམ་པའི་སེམས་དང༌། སེམས་ལས་བྱུང་པ་སེམས་ཀྱི་[ཆོས་ཉིད་དམ་རང་བཞིན་{རང་བཞིན་ནམ་ཆོས་ཉིད་}དང་ འབྲལ་དུ་རུང་ཞིང༌། རྒྱུ་རྐྱེན་གྱིས་སྔར་མེད་གསར་དུ་བསྐྱེད་པའི་བཅོས་མ་གློ་བུར་བ་སྟེ། རང་བཞིན་དང་གློ་བུར་གྱི་སེམས་གཉིས་སུ་གནས་པ་ཡིན་ནོ། །དེ་ལྟར་སེམས་ལ་གཉིས་སུ་ ཕྱེ་ཡང་རང་བཞིན་པའི་སེམས་ནི་ཆོས་ཉིད་དོན་དམ་པའི་བདེན་པ་དང༌། གློ་བུར་བའི་སེམས་ [ཀྱི་{ནི་}ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཡིན་པས་ངོ་བོ་གཅིག་པ་དང་ངོ་བོ་ཐ་དད་པ་གང་ 6-1-408 ཡང་མ་ཡིན་གྱི། མདོ་དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ ཉིད་[དག{ནི} །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་ གང་རྟོགས་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་གསུངས་པ་ལྟར། ངོ་བོ་དེ་ ཉིད་གཞན་དུ་བརྗོད་དུ་མེད་པ་ཡིན་ལ། སྤྱིར་ནི་གཅིག་པ་ཐ་དད་བཀག་ཙམ་གྱི་ཐ་དད་ཡིན་ ནོ༑ ༑གཉིས་པ་རང་བཞིན་གྱིས་འོད་གསལ་བའི་དོན་ངོས་བཟུང་པ་ལ། ཕྱག་རྒྱ་ཆེན་པོ་པར་ ཁས་འཆེ་བ་མང་པོ་དག་རང་གི་སེམས་ལ་བལྟས་པ་ན་ཉམས་སུ་མྱོང་བའི་སེམས་ཉིད་ གཟུང་འཛིན་དང་བྲལ་བ་མ་བཅོས་པ་རིག་ཙམ་ས་ལེ་བ་འདི་ཉིད་སེམས་ཀྱི་རང་བཞིན་འོད་ གསལ་བ་ཡིན་ནོ། །ཞེས་སྨྲ་མོད། འདི་ནི་སེམས་ཙམ་པའི་གྲུབ་མཐའ་དང་རྗེས་སུ་མཐུན་པ་ སྟེ། རེ་ཤིག་ཁམས་གསུམ་པའི་སེམས་ཀྱི་གནས་ལུགས་དེ་ལྟར་ཡིན་ཡང༌། ཡང་དག་པར་ན་ སེམས་ཀྱི་གནས་ལུགས་རིག་ཙམ་དུ་ཡང་མ་གྲུབ་སྟེ། བཅོམ་ལྡན་འདས་ཀྱིས་དཀོན་མཆོག་ བརྩེགས་པའི་མདོར། འོད་སྲུངས་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ། །གང་མ་རྙེད་པ་དེ་ ནི་མི་དམིགས་པའོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ ཡིན་ད་ལྟར་བྱུང་པ་ཡང་མ་ཡིན་ནོ། །གང་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ ལྟར་བྱུང་པ་ཡང་མ་ཡིན་པ་དེ་ལ་ངོ་བོ་ཉིད་མེད་དོ། །གང་ངོ་བོ་ཉིད་མེད་པ་དེ་ལ་འབྱུང་པ་ མེད་དོ། །གང་འབྱུང་པ་མེད་པ་དེ་ལ་འགག་པ་མེད་དོ། །ཞེས་དང༌། ལང་ཀར་གཤེགས་པའི་ མདོར། བཟུང་དང་འཛིན་པའི་དངོས་པོར་ནི། །གལ་ཏེ་སེམས་ནི་འཇུག་འགྱུར་ན། །དེ་ནི་ འཇིག་རྟེན་པ་ཡི་སེམས། །སེམས་ཙམ་དུ་ཡང་མི་རུང་ངོ༌། །ལུས་དང་ལོངས་སྤྱོད་གནས་འདྲ་ བ། །གལ་ཏེ་རྨི་ལམ་འདྲར་སྐྱེས་ན། །སེམས་ནི་རྣམ་པ་གཉིས་སུ་འགྱུར། །སེམས་ལ་གཉིས་ ཀྱི་མཚན་ཉིད་མེད། །ཇི་ལྟར་རལ་གྲི་རང་སོ་དང༌། །ཇི་ལྟར་མཛུབ་མོ་རང་རྩེ་ལ། །མི་གཅོད་ རེག་པར་མི་འགྱུར་བ། །དེ་བཞིན་སེམས་ཀྱིས་སེམས་མི་མཐོང༌། །ཞེས་གསུངས་པ་ལྟར་ 6-1-409 ཅིར་ཡང་མ་གྲུབ་ཅིང་གང་དུ་ཡང་[མ་{མི་}དམིགས་པའི་ཕྱིར་རོ། །འོ་ན་འཕགས་པ་བརྒྱད་ སྟོང་པར། སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་ གསུངས་པ་ལྟར། སེམས་འདིའི་ངོ་བོ་གང་དུ་ཡང་མ་གྲུབ་ཙམ་ཉིད་སེམས་ཀྱི་རང་བཞིན་ འོད་གསལ་བའི་དོན་{མ་}ཡིན་[ནོ་{ནམ}སྙམ་ན། དེ་ནི་དགོངས་པ་མ་ཡིན་ཏེ། མཆོག་ཏུ་ མི་འགྱུར་བའི་ཡེ་ཤེས་གྲུབ་པར། འདིར་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་ ཀྱིས་རང་བཞིན་མེད་པ་ཉིད་རྟོགས་པར་བྱེད་པ་ཞེས་བྱ་[བ་]སྟེ། དངོས་པོ་ཐམས་ཅད་མེད་ པའི་མཚན་ཉིད་ཤིན་ཏུ་གཉིད་ལོག་པའི་སེམས་ནི་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ ལས་གསུངས་པ་ཡང༌། སེམས་གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ཞེས་པ་སྟེ། སེམས་[དེ་]ནི་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །ཞེས་པ་དང༌། གོང་དུ་དྲངས་པའི་ གང་སེམས་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ་ཞེས་འཁོར་བའི་སེམས་དང་བྲལ་བ་མྱ་ ངན་ལས་འདས་པའི་སེམས་གཞན་ཡོད་པ་ནི་ཞེས་སོགས་ཀྱིས་གནས་ལུགས་ལ་ཡོད་པའི་ སེམས་དེ་སེམས་ཀྱི་རང་བཞིན་འོད་གསལ་ཡིན་པར་གསུངས་པའི་ཕྱིར་རོ། །དེས་ན་འོད་ གསལ་བའི་དོན་ནི། སྣ་ཚོགས་གཟུགས་བརྙན་འོད་གསལ་བ་ཞེས་པ་དང༌། རང་གི་སེམས་ ཀྱི་འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་སྣང་བ་ཞེས་གསུངས་པ་ལྟར་སྟོང་པ་ཉིད་ཀྱི་ གཟུགས་ཁ་དོག་སྣ་ཚོགས་པའི་རྣམ་པར་གསལ་བ་དང༌། འོད་འཕྲོ་བར་སྣང་པ་[འདི་{དེ་} ཉིད་སེམས་ཀྱི་རང་བཞིན་འོད་གསལ་བའི་དོན་ཡིན་ལ། སེམས་ཀྱི་རང་བཞིན་ནམ་ཆོས་ ཉིད་གདོད་མ་ནས་ཉེས་པའི་དྲི་མས་མ་གོས་པ་ཡང་འོད་གསལ་བའི་དོན་ཡིན་ཏེ། ཐེག་པ་ ཆེན་པོ་རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་ བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་ མས་དེ་ཉོན་མོངས་མི་འགྱུར། །ཞེས་པ་དང༌། མཆོག་གི་དང་པོའི་སངས་རྒྱས་ལས། ཆགས་ 6-1-410 སོགས་དྲི་མ་ལྡན་པའི་སེམས། །འགྱུར་བ་འཁོར་བའི་རྒྱུ་ཡིན་ཏེ། །དེ་དང་བྲལ་བས་རྣམ་པར་ དག །རང་བཞིན་དྲི་མེད་དག་པའོ། །ཞེས་དང༌། འཕགས་པ་ལྷས་ཀྱང༌། དེ་བཞིན་རིན་ཆེན་ སེམས་འདི་ཡང༌། །རྟོག་པའི་ཚོན་གྱིས་བསྒྱུར་བ་ཉིད། །ཐ་མལ་རྟོག་པའི་ཚོན་གྱིས་ནི། །རིན་ ཆེན་སེམས་འདི་དབེན་གྱུར་ན། །ཐོག་མ་ནས་དག་མ་སྐྱེས་པ། །གཉུག་མའི་རང་བཞིན་དྲི་མ་ མེད། །ཅེས་གསུངས་པ་ལྟར་རོ། །འོ་ན་སེམས་ཀྱི་རང་བཞིན་གདོད་མ་ནས་དྲི་མས་རྣམ་པར་ དག་པ་ཡིན་ན། གློབུར་གྱི་དྲི་མ་དང་བཅས་པ་མ་ཡིན་པར་འགྱུར་ལ། དེ་ལྟ་ན་ནི་ལམ་གྱིས་ གློ་བུར་གྱི་དྲི་མ་དང་བྲལ་བར་བྱ་མི་དགོས་པར་ཡང་འགྱུར་རོ་སྙམ་ན། སྐྱོན་མེད་དེ། དྲི་མ་ སེམས་ཀྱི་རང་བཞིན་དུ་མ་གྲུབ་ཅིང༌། སེམས་ཀྱི་རང་བཞིན་དེ་དྲི་མ་དང་འབྲལ་དུ་རུང་བ་ ཡིན་པའི་ཕྱིར། སེམས་ཅན་གྱི་སེམས་ཀྱི་རང་བཞིན་གདོད་མ་ནས་རྣམ་པར་དག་ཅིང་འོད་ གསལ་བ་ཡིན་ ཡང༌། ནམ་མཁའ་རྣམ་པར་དག་པ་ལ་སྤྲིན་གནས་པའམ་ཉི་ཟླ་ཤིན་ཏུ་གསལ་བ་ ཡིན་ཡང་སྤྲིན་གྱིས་སྒྲིབ་པ་བཞིན་དུ་གློ་བུར་གྱི་དྲི་མ་དང་བཅས་པ་ཡང་ཡིན་ཏེ། ལང་ཀར་ གཤེགས་པའི་མདོ་ལས། སེམས་ནི་རང་བཞིན་འོད་གསལ་བ། །ཡིད་ལ་སོགས་པའི་ཉོན་ མོངས་དང༌། །བདག་དང་ལྷན་ཅིག་ལྡན་པར་ནི། །སྨྲ་བའི་མཆོག་གིས་རབ་ཏུ་བསྟན། །ཞེས་ {པ་}དང༌། རྒྱུད་བླར། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཞེས་པའི་འགྲེལ་པར། དེ་ལ་ དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཅིག་ཆར་དུས་གཅིག་ཏུ་རྣམ་པར་དག་པ་ཡང་ཡིན་ལ། ཀུན་ནས་ཉོན་མོངས་པ་ཡང་ཡིན་པའི་ཕྱིར། གནས་འདི་བསམ་གྱིས་མི་ཁྱབ་སྟེ། ཞེས་{པ་} དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པར། དྲི་མེད་ཉི་མ་ཟླ་བ་དག །སྤྲིན་དང་ ཁུག་སྣ་དུ་བ་དང༌། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་ འགྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་ 6-1-411 པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར། །ཇི་ལྟར་མེ་ཡིས་དག་པའི་གོས། ། སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་གྱུར་གོས་མིན་ལྟར། ། དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་ དྲི་མ་བསྲེག །དེ་ཉིད་འོད་གསལ་མ་ཡིན་ནོ། །ཞེས་དང༌། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་ མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་ གནས། །ཞེས་{པ་}དང༌། དཔལ་བརྟག་པ་གཉིས་པར། སེམས་ཅན་རྣམས་ནི་སངས་རྒྱས་ ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་ པ་བཞིན་ནོ། །སེམས་ལ་གློ་བུར་གྱི་དྲི་མ་གནས་པའི་ཚུལ་དང༌། སེམས་གློ་བུར་གྱི་དྲི་མ་དང་ བྲལ་བར་འགྱུར་བའི་ཚུལ་ནི། དབང་མདོར་བསྟན་པ་ལས། སེམས་ལ་གློ་བུར་དྲི་མ་མེད། ། སེམས་ལས་ཡུན་རིང་དུས་ཅན་མིན། །སེམས་མེད་པར་ནི་སྐྱེ་བ་མེད། །སེམས་ལ་མི་བཟད་ གནས་པ་མིན། །གལ་ཏེ་འདི་ཉིད་གློ་བུར་བ། །དེ་ཚེ་སྔོན་དུ་སེམས་དྲི་མེད། །གལ་ཏེ་སེམས་ ལས་དུས་རིང་ཅན། །དེ་ཚེ་དེ་ནི་ཅི་ལས་སྐྱེ། །གལ་ཏེ་སེམས་མེད་པར་སྐྱེ་ན། །དེ་ཚེ་ནམ་ མཁའི་མེ་ཏོག་མཚུངས། །གལ་ཏེ་སེམས་ལ་རྟག་ཏུ་གནས། དེ་ཚེ་ཀུན་ཏུ་ཐར་པ་མིན། །ཇི་ ལྟར་ཟངས་ཀྱི་དྲི་མ་ནི། །རོ་ཡི་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡོད་ཉིད་ཉམས་པ་མེད། ། དྲི་མེད་ཉིད་ཀྱིས་ཡང་དག་གནས། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་རྣམ་ ཉམས་འགྱུར། །དེ་ཡི་ཡེ་ཤེས་ཉིད་ཉམས་མེད། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །ཞེས་ གསུངས་ཏེ། རྐང་པ་[ལྔ་{སྔ་}མ་བཞི་ནི་དམ་བཅའི་དོན་ཡིན་ལ། དེ་ནས་བརྒྱད་ནི་འཐད་ པ་རྒྱུ་མཚན་གྱི་དོན་དུ་སྦྱར་ཏེ། སེམས་ལ་འདོད་ཆགས་ལ་སོགས་པའི་དྲི་མ་སྔར་མེད་པ་གློ་ བུར་དུ་གསར་དུ་བྱུང་པ་ཡིན་ཏེ། གལ་ཏེ་ཡིན་ན་ཕྱིས་དྲི་མ་དང་བྲལ་བར་གནས་གྱུར་པ་ན་ ཡང་དྲི་མ་འབྱུང་བར་འགྱུར་ཏེ། སྔོན་དྲི་མ་མེད་པ་ལ་དྲི་མ་གསར་དུ་བྱུང་པ་དང་རྒྱུ་མཚན་ 6-1-412 མཚུངས་པའི་ཕྱིར་རོ། །ཆགས་སོགས་ཀྱི་དྲི་མ་དེ་སེམས་ལས་[དུས་{ཡུན་}རིང་པ་སྟེ་སྔ་མ་ ཡང་མ་ཡིན་ཏེ། གལ་ཏེ་ཡིན་ན་དྲི་མ་དེ་རྒྱུ་མེད་པ་ལས་སྐྱེ་བའི་སྐྱོན་དུ་འགྱུར་རོ། །དྲི་མ་དེ་ སེམས་མེད་པར་སྐྱེ་བ་ཡང་མ་ཡིན་ཏེ། གལ་ཏེ་ཡིན་ན་ནམ་མཁའི་མེ་ཏོག་ཀྱང་སྐྱེ་བའི་སྐྱོན་ དུ་འགྱུར་རོ། །དྲི་མ་དེ་སེམས་ལ་རྟག་ཏུ་གནས་ན་སེམས་དང་འབྲལ་དུ་མི་རུང་བ་ཡང་མ་ ཡིན་ཏེ། གལ་ཏེ་ཡིན་ན་སེམས་{དེ་}དྲི་མ་དང་བྲལ་བའི་ཐར་པ་མི་སྲིད་པའི་སྐྱོན་དུ་འགྱུར་ རོ། །དེས་ན་སེམས་དང་སེམས་ཀྱི་དྲི་མ་ཐོག་མ་མེད་པའི་དུས་ནས་ལྷན་ཅིག་ཏུ་ནི་གནས་པ་ ཡིན་ལ། དྲི་མ་དེ་སེམས་ཀྱི་རང་བཞིན་མ་ཡིན་པར་སེམས་དང་འབྲལ་དུ་རུང་པ་ཡིན་པས་ ན་གཉེན་པོ་ལམ་བསྒོམས་པས་སེམས་དྲི་མ་དང་བྲལ་བར་ཡང་འགྱུར་བ་ཡིན་ནོ། །འདིར་ སེམས་ཞེས་པ་ནི་སེམས་གཞན་སེམས་ཀྱི་རང་བཞིན་ཡིན་ལ། དེ་གཉེན་པོས་དྲི་མ་དང་བྲལ་ བར་བྱེད་པའི་ཚུལ་དཔེའི་སྒོ་ནས་སྟོན་པ་ནི། ཇི་ལྟར་ཟངས་དང་ཟངས་ཀྱི་དྲི་མ་ལྷན་ཅིག་ཏུ་ སྐྱེས་པ་ཡིན་ཡང༌། རོ་སྟེ་གསེར་འགྱུར་གྱི་རྩིའི་སྦྱོར་བས་ཟངས་ཀྱི་དྲི་མ་ཉམས་པར་འགྱུར་ གྱི། དེའི་ཡོད་ཉིད་ཉམས་པ་སྟེ་དངོས་པོ་ཅི་ཡང་མེད་པར་མི་འགྱུར་བར་གསེར་གྱི་དངོས་ པོ་དྲི་མ་མེད་པ་ཉིད་དུ་གནས་པ་བཞིན་དུ། སེམས་ཀྱི་དྲི་མ་ནི་སྟོང་ཉིད་སྦྱོར་བ་སྟེ། དུ་བ་ལ་ སོགས་པ་མངོན་སུམ་དུ་མཐོང་བའི་སྦྱོར་བ་ཡན་ལག་དྲུག་གི་ལམ་གྱིས་[ཉེས་{ཉམས་}པ་ སྟེ་སྤོང་པར་བྱེད་ཀྱང༌། སེམས་དེའི་ཡེ་ཤེས་ཉིད་ཅེས་པ་རང་བཞིན་འོད་གསལ་ཉམས་པ་ མེད་པར་དྲི་མ་མེད་པ་ཉིད་ཀྱིས་ཡང་དག་པར་གནས་སོ། །ཞེས་ཤེས་པར་བྱའོ། ། གསུམ་པ་འོད་གསལ་གྱི་སྣང་བ་ལ་མི་འཐད་པའི་རྩོད་པ་སྤང་བ་ནི། རྨི་ལམ་གྱི་གནས་ སྐབས་སུ་བག་ཆགས་ཀྱི་དབང་གིས་བེམས་པོ་མ་ཡིན་པའི་སྣང་ཡུལ་མཐོང་པ་ཡོད་མོད། སད་པའི་གནས་སྐབས་སུ་བེམས་པོའི་དངོས་པོ་མེད་པར་བེམས་པོ་མ་ཡིན་པའི་སྣང་ཡུལ་ མཐོང་བ་མི་སྲིད་པས་སོ་སོར་སྡུད་ཀྱི་རྣལ་འབྱོར་པས་ནམ་མཁའ་སྟོང་པ་ལ་དུ་བ་དང་སྨིག་ 6-1-413 རྒྱུ་ལྟ་བུ་ལ་སོགས་པའི་སྟོང་གཟུགས་རྨི་ལམ་གྱི་སྣང་པ་དང་འདྲ་བ་བེམས་པོ་མ་ཡིན་པ་བློས་ བརྟགས་ནས་བསྒོམས་པ་ཡང་མ་ཡིན་པ། རྒྱུ་རྐྱེན་ལས་སྐྱེས་པ་[ཡང་]མ་ཡིན་པ། [སེམས་ ཀྱི་དངོས་པོ་]ཅིར་ཡང་མ་གྲུབ་པའི་ཆད་སྟོང་མ་ཡིན་པ། སེམས་ཀྱི་དངོས་པོ་ཡང་མ་ཡིན་པ་ མངོན་སུམ་དུ་མཐོང་པ་ག་ལ་སྲིད། ཏིང་ངེ་འཛིན་གྱིས་སྒྱུ་མ་ལྟ་བུ་མཐོང་བར་གསུངས་པ་ ནི། གཟུགས་ལ་སོགས་པ་བེམས་པོའི་དངོས་པོ་རྣམས་སྒྱུ་མ་{དང་རྨི་ལམ་}ལྟ་བུར་མཐོང་པ་ ལ་དགོངས་པ་མ་ཡིན་ནམ་སྙམ་ན་དེ་ལྟ་བུའི་དོགས་པ་སྤང་པའི་དོན་དུ། བཅོམ་ལྡན་འདས་ ཀྱིས་པྲ་ཕབ་པའི་སྣང་པ་དཔེར་མཛད་པ་ཡིན་ཏེ། པྲ་འབེབས་པ་ལ་འཇུག་པའི་རྒྱུད་ལས། མེ་ལོང་མཐེ་བོང་སྒྲོན་མེ་ཟླ། །ཉི་མ་ཆུ་དང་རལ་གྲི་མིག །པྲ་འབེབས་འཇུག་པ་བརྒྱད་རྣམས་ ནི། །རྒྱལ་བ་རྣམས་ཀྱིས་པྲ་འབེབས་གསུངས། །ཞེས་གསུངས་ཏེ། སློབ་དཔོན་གྱི་སྔགས་ དང་ལྷའི་བྱིན་བརླབས་ཀྱི་སྟོབས་ཀྱིས་པྲ་འབེབས་པའི་མེ་ལོང་ལ་གྲོང་པའི་ཆོས་ཀྱིས་མ་ གོས་པའི་གཞོན་ནུ་མས་རྐུན་པོ་ལ་སོགས་པ་དུས་གསུམ་གྱི་དངོས་པོའི་རྣམ་པ་བེམས་པོ་མ་ ཡིན་པའི་སྣང་ཡུལ་དུ་མ་མཐོང་པ་ཡིན་ལ། སྣང་པ་དེ་ལྟ་བུ་དེ་བེམས་པོའི་གཟུགས་བརྙན་མེ་ ལོང་གི་ནང་དུ་ཤར་བའི་སྣང་བ་ཡང་མ་ཡིན་ཞིང་གཞོན་ནུ་མས་བསམས་པ་ཡང་མ་ཡིན་པ་ བཞིན་དུ༑ རྣལ་འབྱོར་པས་ཀྱང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་རང་གི་སེམས་བྱིན་ གྱིས་བརླབས་པའི་སྟོབས་ཀྱིས་ནམ་མཁའ་རྣམ་པར་དག་པ་ལ་བེམས་པོ་ཁམས་གསུམ་པའི་ དངོས་པོ་མེད་བཞིན་དུ་བེམས་པོ་མ་ཡིན་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་མངོན་སུམ་དུ་ མཐོང་བ་ཡིན་ཞིང་ཏིང་ངེ་འཛིན་གྱིས་སྒྱུ་མ་ལྟ་བུ་མཐོང་བར་གསུངས་པའི་དགོངས་པ་ཡང་ དེ་ཉིད་ཡིན་ཏེ། ཕྱི་ནས་སྒྱུ་མའི་རྣམ་པ་སྟེ། །རྨི་ལམ་རྣམ་པ་སྐད་ཅིག་ལས། །ཞེས་གསུངས་ པ་ལྟར་ཤེས་པར་བྱའོ། །འདི་དག་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་གིས། མཆོག་ཏུ་མི་ འགྱུར་བའི་ཡེ་ཤེས་གྲུབ་པར་རྩོད་ལན་དུ་བཀོད་པའི་དོན་བསྡུས་པ་ཡིན་ནོ། ། 6-1-414 གསུམ་པ་སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་གཞི་བདེ་གཤེགས་སྙིང་པོ་ཡིན་པའི་ ཚུལ་ལ་གསུམ་སྟེ། བདེ་གཤེགས་སྙིང་པོ་ཡིན་པར་བསྟན་པ། དང་པོའི་སངས་རྒྱས་ཡིན་ པར་བསྟན་པ། གཞིའི་གནས་ལུགས་ཡིན་པར་བསྟན་པའོ། ། དང་པོ་ནི་དེ་ལྟ་བུའི་སེམས་ཀྱི་རང་བཞིན་འོད་གསལ་བ་རྡོ་རྗེའི་རྣལ་འབྱོར་བཅོམ་ ལྡན་འདས་རྡོ་རྗེ་སེམས་དཔའ་ངོ་བོ་ཉིད་ཀྱི་སྐུ་སེམས་ཅན་ཐམས་ཅད་ལ་ཡེ་གདོད་མ་ཉིད་ ནས་བཞུགས་པ་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བར་གསུངས་པ་ཡིན་ཏེ། ལང་ ཀར་གཤེགས་པའི་མདོར། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་ སྙིང་པོ་དགེ།ཞེས་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་དག་ འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་ རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་ དང༌། རྒྱུད་བླ་མར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་ དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །དེའི་ དོན་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་སྐུ་འཕྲོ་བ་སྟེ། ཁྱབ་པར་ཡོད་པའི་ཕྱིར་ དང༌། སངས་རྒྱས་དང་སེམས་ཅན་གྱི་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་ཕྱིར་དང༌། སངས་ རྒྱས་ཀྱི་སྟོབས་བཅུ་ལ་སོགས་པའི་རང་བཞིན་གྱི་རིགས་སེམས་ཅན་ཐམས་ཅད་ལ་ཡོད་ པའི་ཕྱིར་སེམས་ཅན་ཐམས་ཅད་རྟག་ཏུ་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ནོ་ཞེས་ པའོ། །དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་ཡང༌། ཞི་བའི་བློ་ གྲོས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཟུགས་སུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །ཞི་ བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་དུ་ ཞུགས་པའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ནང་དུ་ནི་གཟུགས་སུ་སྣང་པ་ 6-1-415 ཐམས་ཅད་འདུས་སོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུའི་ནང་དུ་ཡང་ [སེམས་ཅན་]སེམས་ཅན་དུ་སྣང་བ་ཐམས་ཅད་འདུས་སོ་ཞེས་དང༌། ཡུམ་མཆོག་དང་པོར་ ཡང༌། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་ པའི་སྙིང་པོ་ཅན་{ཡིན་}ནོ། །ཞེས་དང༌། རྡོ་རྗེ་རྩེ་མོའི་རྒྱུད་དུའང༌། དེ་བཞིན་གཤེགས་པའི་ སྙིང་པོ་དགེ། །ཆོས་ཀྱི་དབྱིངས་ཀྱི་ཚུལ་[ཅན་{ཆེན་}ཏེ། །ཉོན་མོངས་འདམ་གྱིས་མ་གོས་ པ། །རྡོ་རྗེ་པད་མའི་དབང་བསྐུར་ཡིན། །ཞེས་དང༌། དག་པ་དེ་བཞིན་གཤེགས་སྙིང་པོ། ། སེམས་དཔའ་སྙིང་པོ་ཞེས་པར་བཤད། །ང་ནི་དེ་བཞིན་གཤེགས་སྙིང་པོ། །སེམས་ཅན་ ཐམས་ཅད་བདག་དང་མཚུངས། །ཞེས་གསུངས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་དེ་ བཞིན་གཤེགས་པའི་སྙིང་པོའི་ཚུལ་དུ་བཞུགས་པར་གསུངས་པ་དེ། སེམས་ཅན་ལ་སངས་ རྒྱས་ཀྱི་ས་བོན་ཙམ་ཞིག་ཡོད་པ་ལ། དགོངས་པ་མ་ཡིན་ནམ་སྙམ་ན་དེ་ནི་མ་ཡིན་ཏེ། ཡོན་ ཏན་མཐའ་དག་དང་ལྡན་པའི་ཆོས་ཀྱི་སྐུ་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པར་ བྱ་སྟེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། སྟོང་གསུམ་དར་ཡུག་ཆེན་པོའི་དཔེས་སེམས་ ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མ་ཚང་བ་མེད་པར་བཞུགས་པའི་ཚུལ་ རྒྱ་ཆེར་བསྟན་པའི་རྗེས་སུ། སྟོང་གསུམ་ཚད་ཀྱི་རི་མོའི་གཞི་ཞིག་ཡོད་གྱུར་ལ། །རྡུལ་ཕྲན་ མ་ལུས་ཀུན་གྱི་སྦུབས་ནའང་དེ་འདྲ་སྟེ། །སྐྱེས་བུ་མཁས་པ་མིག་ལྡན་ལ་ལས་རྣམ་ཕྱེ་ནས། ། རི་མོའི་གཞི་དེས་འགྲོ་ཀུན་ཉེ་བར་འཚོ་བྱས་ན། །བཅོམ་ལྡན་དེ་ཡང་དེ་བཞིན་སེམས་ཅན་ ཀུན་གྱི་སེམས། །[རིལ་གྱིས་{རིམས་ཀྱི་}བདེ་གཤེགས་མཁྱེན་ཡིན་འདུ་ཤེས་བསྒྲིབས་གྱུར་ ཅེས། །རྒྱལ་བའི་ཐུགས་རྗེ་བསྐྱེད་ཅིང་འདུ་ཤེས་སྤོང་བར་སྟོན། །འདུ་ཤེས་ཡོངས་སུ་ཤེས་ ནས་རྒྱལ་སྲས་ཉེ་བར་འཚོ། །ཞེས་དང༌། རྒྱུད་བླར། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ 6-1-416 ཆོས་ཉིད་དོ། །ཞེས་བདེ་གཤེགས་སྙིང་པོ་སྔར་གློ་བུར་གྱི་དྲི་མ་དང་བཅས་པའི་དུས་དང༌། ཕྱིས་དྲི་མ་དང་བྲལ་བར་གནས་གྱུར་པའི་དུས་ཀྱི་ཡོན་ཏན་ལ་ཁྱད་པར་ཅུང་ཟད་ཀྱང་མེད་ པར་གསུངས་སོ། ། གཉིས་པ་ནི་རྡོ་རྗེའི་རྣལ་འབྱོར་སེམས་ཀྱི་རང་བཞིན་འོད་གསལ་བ་འདི་ཉིད་ལ་རྒྱུད་ སྡེ་རིན་པོ་ཆེ་རྣམས་སུ་དང་པོའི་སངས་རྒྱས་ཞེས་པ་དང་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ ཞེས་བྱ་བར་གསུངས་ཏེ། སྔར་གྲངས་མེད་པའི་ལུང་རྣམས་ནའང་ཅི་རིགས་པར་གསལ་ ཞིང༌། མཚན་ཡང་དག་པར་བརྗོད་པ་ལས། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་ སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་[རིས་{རྒྱུ་} མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་ དང༌། དཔལ་སམ་བུ་ཊི་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ ནའང་སངས་རྒྱས་མེད། །མི་ཤེས་མུན་པས་སྒྲིབ་པ་རྣམས། །ལུས་ལས་གཞན་དུུ་སངས་ རྒྱས་འདོད། །རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་ཆེན་པོ་ལུས་ལ་གནས། །དངོས་ པོ་ཀུན་ལ་ཁྱབ་པ་སྟེ། །ལུས་ལ་གནས་ཀྱང་ལུས་མི་སྐྱེ། །ཞེས་གསུངས་ཏེ༑ དེའི་དོན་ནི་རང་ གི་ལུས་ཁོ་ན་ལ་སངས་རྒྱས་བཞུགས་ཀྱི་གཞན་གང་ནའང་མེད་ཅེས་པ་ནི་མ་ཡིན་གྱི་ལུས་ ལ་[ཞུགས་{བཞུགས་}པ་དེ་མ་ཡིན་པའི་སངས་རྒྱས་ཞིག་གཞན་ན་མེད་ཅེས་པ་སྟེ། སངས་ རྒྱས་ཆོས་ཀྱི་སྐུ་ནི་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་འདུས་མ་བྱས་པའོ། །དཔལ་བརྟག་པ་ གཉིས་[པ་ལས་ཀྱང་{པའི་རྒྱུད་དུ་ཡང}། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། ། ཞེས་གསུངས་ཏེ། ལུས་ལ་གནས་པའི་ཡེ་ཤེས་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ ཤེས་རྟོག་པའི་དྲ་བ་དང་བྲལ་བ་ཡིན་པ་དང༌། དེ་ཉིད་རྡོ་རྗེ་སེམས་དཔའ་འཇིག་རྟེན་གསུམ་ 6-1-417 ཀུན་ཏུ་བསྐྱོད་པའི་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུ་ཡིན་པར། འཕགས་པ་རྡོ་རྗེ་སྙིང་པོའི་འགྲེལ་བར་ གསུངས་སོ། །ཡང་དེ་ཉིད་ལས་སེམས་ཆེན་པོ་ཀུན་ཏུ་བཟང་པོའི་ཐུགས་ཞེས་ཀྱང་གསུངས་ ཏེ། དཔལ་གསང་བ་འདུས་པར། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་ དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ། ཞེས་{པ་}དང༌། དཔལ་བརྟག་པ་གཉིས་པར་ཡང༌། སེམས་ནི་ཆེན་པོ་ཉིད་གཅིག་ལ། །ལྔ་ ཡི་གཟུགས་ཀྱིས་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་བསྐྱེད་པ་ ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆཻན་མཆོག་ཏུ་ཕན་པ་ཉིད། །འདོད་ཆགས་ ལ་སོགས་སེམས་ལྔ་ཡི། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །ཞེས་གསུངས་ཏེ། སེམས་ཀྱི་ རང་བཞིན་འོད་གསལ་བ་སེམས་ཆེན་པོ་གཅིག་ཉིད་རིགས་ལྔ་ལ་སོགས་པ་ལྷའི་དབྱེ་བ་དུ་ མར་འགྱུར་ལ། ལྷ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཡིན་པས་ན་རང་བཞིན་གཅིག་ པ་དང་བདེ་ཆེན་མཆོག་ཏུ་ཕན་པའི་སྐུ་དང་འདོད་ཆགས་ཆེན་པོ་ལ་སོགས་པ་ཉོན་མོངས་པ་ གཞན་ལྔའི་དབྱེ་བས་རིགས་ལྔའི་ངོ་བོར་བཞུགས་ཞེས་པའོ། ། གསུམ་པ་ནི། བདེ་གཤེགས་སྙིང་པོ་དང་པོའི་སངས་རྒྱས་དེ་གཞི་ལམ་འབྲས་བུ་གསུམ་ ལས་གཞིའི་དོན་དུ་ཤེས་པར་བྱའོ། །དེ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་བྱེད་ པས་ན་གཞི་ཞེས་བྱའོ། །ཆོས་མངོན་པའི་མདོ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས། ། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ ཐོབ་པ་ཡིན། །ཞེས་གསུངས་ཏེ༑ གནས་ཀྱི་དོན་ནི། འཕགས་པ་དཔལ་འཕྲེང་གི་མདོར། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འབྲེལ་པ་རྣམ་པར་དབྱེ་བ་ མེད་པ་བྲལ་མི་ཤེས་པ་འདུས་མ་བྱས་པའི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་འབྲེལ་བ་རྣམ་པར་དབྱེ་བ་དང་ 6-1-418 བཅས་པའི་ཆོས་བྲལ་བ་ཤེས་པ། འདུས་བྱས་ཀྱི་ཆོས་རྣམས་ཀྱིའང་གཞི་དང་གནས་དང་རྟེན་ ལགས་སོ། །ཞེས་གསུངས་སོ། །རྒྱན་སྟུག་[པོའི་{པོ་བཀོད་པའི་}མདོར་ཡང༌། ས་རྣམས་སྣ་ ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། ། དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པ་[ཡི{ཡང་}། ། བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་གསུངས་ཏེ། འདིར་གསུངས་པའི་ས་ནི་ཆོས་ཀྱི་ དབྱིངས་ལ་གདོད་མ་ནས་ཚང་པའི་དོན་དམ་པའི་ས་ཡིན་ཞེས་གསུངས་སོ། །བདེ་གཤེགས་ སྙིང་པོ་ལ་ཀུན་གཞིའི་རྣམ་པར་ཤེས་[པ་ཞེས་{པར་}བཏགས་པ་ཡང་ཀུན་གཞིའི་རྣམ་ཤེས་ ཀྱི་ཆོས་ཉིད་ཡིན་པ་དང༌། འཁོར་འདས་ཀུན་ཀྱི་གཞི་ཡིན་པ་ལ་དགོངས་པ་ཡིན་ནོ། །རྒྱུད་ བླར་ཡང༌། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་ དག་དང༌། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་ དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་ རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ ཀྱི་རང་བཞིན་ཆོས་རྣམས་ནི། ཐམས་ཅད་ལ་ཡང་གནས་པ་མེད། །ཅེས་གསུངས་ཏེ། སེམས་ ཀྱི་དག་པ་དང་སེམས་ཀྱི་རང་བཞིན་ནི་བདེ་{བར་}གཤེགས་{པའི་}སྙིང་པོ་ཡིན་ལ། ཚུལ་ བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་བདག་དང་བདག་གིར་མངོན་པར་ཞེན་པ་ལ་སོགས་པ་ ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ། །དཔལ་བརྟག་པ་གཉིས་པར་ཡང༌། ང་ལས་འགྲོ་ བ་ཐམས་ཅད་འབྱུང༌། །ང་ལས་གནས་གསུམ་པོ་ཡང་འབྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། ། འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་{གསུངས་}ཏེ། ང་ཞེས་པ་ནི་སེམས་ཅན་ལ་ གདོད་མ་ནས་བཞུགས་པའི་ཆོས་[ཀྱི་]སྐུ་ཀྱེའི་རྡོ་རྗེ་ཡིན་ལ། དེ་ལ་འགྲོ་བ་ཐམས་ཅད་བྱུང་ ཞེས་པས་འགྲོ་བ་ཐམས་ཅད་ཀྱི་གནས་སམ་གཞིར་བསྟན་པ་ཡིན་ནོ། །འོ་ན་བདེ་གཤེགས་ 6-1-419 སྙིང་པོ་འདི་ཀུན་གཞིའི་རྣམ་པར་ཤེས་པ་དང༌། དོན་གཅིག་གམ་སྙམ་ན། མི་གཅིག་སྟེ། བདེ་ གཤེགས་སྙིང་པོ་ནི་འདུས་མ་བྱས་པའི་དགེ་བ་ཡིན་པར་གསུངས་ལ། ཀུན་གཞིའི་རྣམ་ཤེས་ ནི། སུམ་ཅུ་[པའི་རབ་བྱེད་དུ{པ་ལས}། དེ་ནི་མ་(ཞེས་པ་ཡིད་ཀྱི་ས་པའི་ཉོན་མོངས་གློ་བུར་བས་ཚུར་ མ་བསྒྲིབས་ཞེས་བློ་བརྟན་གྱི་འགྲེལ་བྱུང༌། ) བསྒྲིབས་ལུང་མ་བསྟན། ཞེས་ཐར་པ་ལ་མི་སྒྲིབ་པ་ངོ་བོ་ ལུང་མ་(དགེ་མི་དགེ་གང་དུ་ཡང་ལུང་དུ་མ་བསྟན་པ་དང་ཟེར་བ་ཡང་འདུག་)བསྟན་དང༌། དགྲ་བཅོམ་ཉིད་ ན་དེ་ལྡོག་གོ། ཞེས་འགག་པར་གསུངས་པའི་ཕྱིར་རོ། །དེས་ན་ཀུན་གཞིའི་རྣམ་ཤེས་ནི། ཀུན་རྫོབ་ཆོས་ཅན་གྱི་ཆ་ཡིན་ལ། བདེ་གཤེགས་སྙིང་པོ་ནི་{ཀུན་རྫོབ་}དེའི་ཆོས་ཉིད་དམ་ བདེན་པ་ཡིན་པས་ཁྱད་པར་ཆེན་པོ་ཡོད་དོ། །ཐོག་མ་མེད་པའི་དུས་ནས་རྟག་ཏུ་གཉུག་མར་ གནས་པའི་དོན་ཡིན་པས་ན་ཡང་གཞི་ཞེས་བྱ་སྟེ། རྒྱལ་བའི་ཡུམ་ལས། དེ་བཞིན་གཤེགས་ པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ དང་ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དེ་ནི་དེ་བཞིན་དུ་ གནས་པ་ཡིན་ཏེ། ཞེས་དང༌། འཕགས་པ་བསྡུད་པར། ཤེས་རབ་ཕ་རོལ་ཕྱིན་པ་དེ་བཞིན་ གཤེགས་པས་མཁྱེན། །མཁས་པ་འཇིག་རྟེན་གནས་སམ་མྱ་ངན་འདས་ཀྱང་རུང༌། །ཆོས་ ཉིད་སྐྱོན་མེད་ཆོས་རྣམས་སྟོང་པ་འདི་གནས་ཏེ། །བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་འདི་ རྗེས་སུ་རྟོགས། །ཞེས་གསུངས་ཤིང༌། ཐོག་མ་ནས་དག་མ་སྐྱེས་པ། །གཉུག་མའི་རང་བཞིན་ དྲི་མ་མེད། །ཞེས་གསུངས་པ་ལྟར་རོ། །རིགས་ཡིན་པས་ན་ཡང་གཞི་ཞེས་བྱ་སྟེ། བྱང་ཆུབ་ སེམས་དཔའི་ས་ལས་[འདི་ལྟར། ]རིགས་[འདི་{དེ་}ནི་གཞི་ཞེས་ཀྱང་བྱ། [རྟོན་{སྟོན་} པ་དང་རྒྱུ་དང་རྟེན་དང་ཉེར་གནས་དང༌། སྔོན་དུ་འགྲོ་བ་དང་གནས་ཞེས་ཀྱང་བྱའོ། །ཞེས་ གསུངས་སོ། །རིགས་ལ་ཡང་རང་བཞིན་དུ་གནས་པའི་རིགས་དང༌། རྒྱས་{པ་ལས་གྱུར་} པའི་རིགས་གཉིས་[ཏེ{སོ}། རྒྱུད་བླར། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་ 6-1-420 རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། ། ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་གསུངས་པ་ལས། འདི་ནི་རང་བཞིན་གྱི་རིགས་ སོ། །གློ་བུར་གྱི་དྲི་མ་སྦྱང་པར་བྱས་པའི་གཞི་ཡིན་པས་ན་ཡང་གཞི་ཞེས་བྱ་སྟེ། འཕགས་པ་ ཀླུ་སྒྲུབ་ཀྱིས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །གང་ཞིག་འཁོར་བའི་ རྒྱུར་གྱུར་པ། །དེ་ཉིད་སྦྱང་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་ དེ་ཉིད་དོ། །ཇི་ལྟར་འོ་མ་དང་འདྲེས་པས། མར་གྱི་སྙིང་པོ་མི་སྣང་པ། །དེ་བཞིན་ཉོན་མོངས་ དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་ གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་ དྲི་མེད་འགྱུར། །ཞེས་ཆོས་ཀྱི་དབྱིངས་དྲི་མ་སྦྱང་པའི་གཞི་དང་ཉོན་མོངས་པ་སྦྱང་བྱའི་དྲི་ མ་ཡིན་པར་གསུངས་ཤིང༌། དཔལ་ཀྱེའི་རྡོ་རྗེ་{རྒྱུད་}ལས། ཕུང་པོ་ལྔ་དང་དབང་པོ་དྲུག། སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །ཉོན་མོངས་ཤེས་ བྱའི་སྒྲིབ་སྦྱང་བྱ། །ཞེས་གསུངས་ཏེ། ཕུང་པོ་ལ་སོགས་པའི་རང་བཞིན་རྣམ་དག་ཆོས་ཀྱི་ དབྱིངས་སྦྱང་བའི་གཞི་དང་ཉོན་སྒྲིབ་དང་ཤེས་སྒྲིབ་སྦྱང་བྱའི་དྲི་མ་ཡིན་པར་བསྟན་ཏོ། །དེ་ ལྟར་ན་དེ་བཞིན་གཤེགས་པའི་སྙིང་པོ་དང་པོའི་སངས་རྒྱས་རྡོ་རྗེའི་རྣལ་འབྱོར་འོད་གསལ་ ཆོས་ཀྱི་དབྱིངས་དེ་སེམས་ཅན་ལ་བཞུགས་པའི་གནས་སྐབས་ན་ནི་དྲི་མ་དང་བཅས་ཤིང༌། སྦྱང་གཞི་ཡིན་ལ། སངས་རྒྱས་ཐོབ་པའི་གནས་སྐབས་ན་ནི་དྲི་མ་མ་ལུས་པས་དག་པའི་ སྦྱང་འབྲས་ཡིན་ཞིང༌། གཞི་འབྲས་གཉིས་ངོ་བོ་གཅིག་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ གཞི་འབྲས་ཀྱི་ངོ་བོར་གྱུར་པའི་རྡོ་རྗེའི་རྣལ་འབྱོར་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ དང་པོའི་སངས་རྒྱས་ཉིད་ཡིན་ལ། དེ་ཡང་སྐུ་བཞི་དང་རྡོ་རྗེ་བཞིའི་སྒོ་ནས་ཕྱེ་བས་རྡོ་རྗེའི་ 6-1-421 རྣལ་འབྱོར་རྣམ་པ་བཞིར་འགྱུར་ཏེ། འཕགས་པ་འཇིག་རྟེན་དབང་ཕྱུག་གིས། དག་དང་ཡེ་ ཤེས་གཅིག་སྦྱོར་རྒྱལ་བ་མཆོག་གི་འདུས་པ་ཐུགས་དང་ཆོས་ནི་གཅིག་ཏུ་སྦྱོར། །གསུང་དང་ ལོངས་སྤྱོད་རྫོགས་པ་གཅིག་སྦྱོར་སྲིད་གསུམ་གྱིས་མཆོད་སྐུ་དང་སྤྲུལ་པ་སྦྱོར་བ་སྟེ། །ཤེས་ དང་ཤེས་བྱ་གཉིས་མེད་སྲིད་བྲལ་སྲིད་གནས་འདི་ནི་རྡོ་རྗེ་སེམས་དཔའ་རྣམ་པ་བཞི། །རྡོ་ རྗེའི་རྣལ་འབྱོར་ཐབས་དང་ཤེས་རབ་བདག་ཉིད་ལྷ་མི་ལྷ་མིན་གྱིས་བསྟོད་དེ་ལ་འདུད། ། ཅེས་གསུངས་ཏེ། ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་སྐུ་བཞི་དང་ཡེ་ཤེས་རྡོ་རྗེ་ལ་ སོགས་པ་རྡོ་རྗེ་བཞི་དབྱེར་མེད་གཅིག་ཏུ་སྦྱོར་བ་ལ་རིམ་པ་ལྟར་དག་པའི་རྣལ་འབྱོར་ དང་ཆོས་ཀྱི་རྣལ་འབྱོར་དང་ཇགས་ཀྱི་རྣལ་འབྱོར་དང་དབྱིབས་ཀྱི་རྣལ་འབྱོར་ཞེས་གསུངས་ སོ། །དེ་ལྟར་ན་དང་པོའི་སངས་རྒྱས་རྡོ་རྗེའི་རྣལ་འབྱོར་འདི་ཐོབ་པར་བྱེད་པའི་ཐབས་[ལམ་ {སམ}རྡོ་རྗེའི་རྣལ་འབྱོར་དང་བཅས་པ་ནི་གསང་སྔགས་རྡོ་རྗེའི་ཐེག་པའི་ངེས་པའི་དོན་ མཐར་ཐུག་པ་ཡིན་པའི་ཕྱིར། ཐར་པའི་མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དོན་དུ་གཉེར་ བའི་རྣལ་འབྱོར་པ་རྣམས་ཀྱིས་ཐོས་པ་དང་བསམ་པ་དང་བསྒོམ་པའི་སྒོ་ནས་ལེགས་པར་ ཤེས་པར་བྱ་དགོས་ཏེ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། གང་གིས་མཆོག་ གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་ གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་ སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། ། གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ། བཅོམ་ལྡན་འདས་ རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་ དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང༌། ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ ཀྱིས་མཉན་པར་བྱའོ། །ཞེས་གསུངས་སོ། ། 6-1-422 གསུམ་པ་འོད་གསལ་བསྒོམ་པའི་ཏིང་ངེ་འཛིན་ལམ་མཆོག་མཐར་ཐུག་ཡིན་པར་ངོ་ སྤྲད་པ་ལ་བཞི་སྟེ། ལམ་གྱི་རིམ་པ་བསྟན་པ། ལམ་རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོ་ངོ་སྤྲད་པ། དེ་ལམ་མཆོག་མཐར་ཐུག་ཡིན་པའི་ཤེས་བྱེད་དགོད་པ། སྲོག་རྩོལ་ལ་སོགས་ལ་ཡན་ལག་ གཞན་བསྟན་པའོ། །དང་པོ་ནི་འདིར་ལམ་ཐམས་ཅད་ཀྱི་མཐར་ཐུག་འོད་གསལ་ཕྱག་རྒྱ་ ཆེན་པོ་ཤིན་ཏུ་རྣམ་པར་དག་པའི་ལམ་གྱི་རིམ་པ་བསྒོམ་པ་ནི་ཐེག་པ་གསུམ་[ཅར་]གྱི་ལམ་ ལ་མཁས་པ་དང༌། ཐེག་པ་འོག་མ་རྣམས་ཀྱི་ལམ་ཅི་རིགས་པར་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དཔལ་བརྟག་པ་གཉིས་པར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་ བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་ སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེའི་ རྡོ་རྗེ་བསྟན། །ཞེས་གསུངས་ཏེ། ཀྱེའི་རྡོ་རྗེ་ནི་གོང་དུ་བསྟན་པའི་རྡོ་རྗེའི་རྣལ་འབྱོར་ཡིན་ལ། དེ་ཐོབ་པར་བྱེད་པའི་ཐབས་ལམ་རྡོ་རྗེའི་རྣལ་འབྱོར་དང་བཅས་པ་བསྟན་པར་བྱའོ། །ཞེས་ པའི་དོན་[ཏོ། །]འཕགས་པ་རྡོ་རྗེ་སྙིང་པོས་[དཔལ་]ཀྱེའི་རྡོ་རྗེའི་རྒྱུད་ཀྱི་འགྲེལ་པར་[ཡང་]། དང་པོར་བསླབ་པའི་གཞི་ལྔ་རྣམས༌། །གསོ་སྦྱོང་སོགས་དང་ཡན་[ལག{དག}་ལྡན། ། མི་དགེ་བཅུ་པོ་ཡོངས་སྤོང་བ། །བྱིན་ནས་དགེ་བསྙེན་ཉིད་དུ་བྱ། །དེ་ནས་བསླབ་པའི་གཞི་ རྣམས་ནི། །བཅུ་བོ་བྱིན་ནས་དགེ་ཚུལ་བྱ། །དེ་ནས་བསླབ་གཞི་དབྱེ་བ་ནི། །བྱིན་ནས་དགེ་ སློང་བརྟུལ་ཞུགས་བྱ། །དེ་ནས་སོ་སོར་ཐར་ཤེས་ནས། །དེ་ནས་བྱེ་བྲག་སྨྲ་བའི་ལུགས། །དེ་ ནས་མདོ་སྡེ་ཤེས་བྱས་ནས། །རྣམ་ཤེས་སྨྲ་བ་རང་ཆོས་ལས། །དེ་ནས་ཤེས་རབ་ཕ་རོལ་ ཕྱིན། །དགོངས་པ་དབུ་མ་ཤེས་བྱ་སྟེ། །དེ་ལྟར་རྒྱུད་གཞན་[མཉན་{བསྟན་}ནས་ནི། །དེ་ ནས་ཀྱེ་ཡི་རྡོ་རྗེ་བྱ། །ཞེས་གསུངས་ཏེ༑ རྒྱུད་གཞན་ནི་རྒྱུད་སྡེ་འོག་མ་རྣམས་ལ་དགོངས་ པའོ། །དཔལ་{ལྡན་}དྲི་མ་མེད་པའི་འོད་ལས། སྔགས་ཀྱི་ཚུལ་འདི་ལ་སྔགས་པ་ནི། ཐེག་ 6-1-423 པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས་པར་བཅོམ་ལྡན་འདས་ ཀྱིས་གསུངས་ཏེ། གང་ཐེག་པ་གསུམ་གྱི་དགོངས་པ་མི་ཤེས་པ་དེ་ནི་{དུས་ལས་}ཐམས་ ཅད་མཁྱེན་པའི་ལམ་ལས་ཉམས་པར་འགྱུར་རོ། །ཞེས་གསུངས་[སོ{ཏེ}། །ཐེག་པ་གསུམ་ ནི། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱི་ཐེག་པ་སྟེ་གསུམ་མོ། །དེ་ཉིད་{ཀྱི་}མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ ལས་ཀྱང༌། རྒྱུ་འདིས་སངས་རྒྱས་པ་བཞི་པོ་རྣམས་ཀྱི་བག་ཆགས་ཀྱི་སྟོབས་ཀྱིས་བཅོམ་ ལྡན་འདས་ཀྱིས་གང་ཟག་ཏུ་སྨྲ་བ་རྣམས་ལ་གང་ཟག་མི་རྟག་པར་བསྒོམ་པ་གསུངས་སོ། ། དོན་དུ་སྨྲ་བ་རྣམས་ལ་ས་ལ་སོགས་པའི་ཟད་པར་བསྒོམ་པ་དང༌། རྣམ་པར་ཤེས་པར་སྨྲ་བ་ རྣམས་ལ་རྣམ་པར་རིག་པ་ཙམ་གྱི་ཏིང་ངེ་འཛིན་དང༌། དབུ་མ་པ་རྣམས་ལ་རྨི་ལམ་ལྟ་བུར་ འགྱུར་བ་མེད་ཅིང་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་སྟེ། དེ་ལྟར་གང་ཟག་ལ་བདག་མེད་ པ་དང༌། ཆོས་ལ་བདག་མེད་པའོ། །ཞེས་གསུངས་པ་ལྟར། ལམ་གྱི་རིམ་པ་འོག་མ་འོག་མ་ རྣམས་བསྒོམ་པ་སྔོན་དུ་བཏང་ནས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བྱ་བ་ཡིན་ནོ། ། གཉིས་པ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོ་ངོ་སྤྲད་པ་ནི། སྤྱིར་སྔགས་ཀྱི་ཐེག་པའི་ ཚུལ་ལ་ལམ་རིམ་པ་གཉིས་གསུངས་ཏེ། དྲི་མ་མེད་པའི་འོད་དུ་ལུང་དྲངས་པ། རྡོ་རྗེ་ཅན་ བདག་བསྟན་པ་ནི། །རིམ་པ་གཉིས་ལ་ཡང་དག་བརྟེན༌། །གཅིག་ནི་བསྐྱེད་པའི་རིམ་པ་ སྟེ། །གཞན་ནི་རྫོགས་པའི་རིམ་པའོ། །ཞེས་གསུངས་པ་ལས། རྫོགས་པའི་རིམ་པའི་རྣལ་ འབྱོར་ཐུན་མོང་མ་ཡིན་པ་ངོ་སྤྲད་པར་བྱའོ། །དེ་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ ལས། སོ་སོར་བསྡུད་དང་བསམ་གཏན་དང༌། །དེ་བཞིན་སྲོག་རྩོལ་འཛིན་པ་དང༌། །རྗེས་སུ་ དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་ཤིང༌། དཔལ་ལྡན་ རྒྱུད་ལས། སོ་སོར་བསྡུད་པ་རྒྱལ་བའི་དབང་པོར་འགྱུར་ཞིང་རྣམ་པ་བཅུ་སྟེ་བསམ་གཏན་ 6-1-424 མི་བསྐྱོད་པ་ཉིད་དོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ ཕྱག་ན་རིན་ཆེན་ནོ། །གཡུང་མོ་ལ་ནི་རྗེས་སུ་དྲན་པ་པད་མ་འཛིན་པར་འགྱུར་ཏེ་དཔལ་ལྡན་ ཏིང་འཛིན་འཁོར་ལོ་ཅན། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་སླར་ཡང་གང་ལས་ཨ་སོགས་ཀ་ སོགས་རྣམས་ཀྱིས་ཕྱེ་བའོ། །ཞེས་སངས་རྒྱས་དྲུག་གི་མིང་ཅན་ཕུང་པོ་གཞན་དྲུག་གིས་ཕྱེ་ བ་སྦྱོར་བ་ཡན་ལག་དྲུག་པོ་རེ་རེ་ཡང་ཨ་སོགས་ཀ་སོགས་ཏེ་གཡོན་དང་གཡས་ཀྱི་དཀྱིལ་ འཁོར་ལྔ་ལྔའི་སྒོ་ནས་ཕྱེ་བ་བཅུ་བཅུར་འགྱུར་བར་གསུངས་ཤིང༌། དཔལ་འཁོར་ལོ་སྡོམ་ པའི་རྒྱུད་ལས། སྔགས་བཟླས་པ་དང་བསམ་གཏན་དང༌། །བདེ་བ་ཡིས་ཀྱང་འགྲུབ་པར་ འགྱུར། །ཞེས་ཡན་ལག་རེ་རེ་ཤུགས་ལ་བསྟན་པ་རིམ་པ་མིན་པས་གསུངས་ལ། དཔལ་ ཀྱེའི་རྡོ་རྗེའི་རྒྱུད་ལས་ཀྱང༌། [འདིས་{འདིར་}ནི་འཁོར་ལོ་རྣམས་བསྒོམས་ན། །དངོས་གྲུབ་ མྱུར་དུ་ཐོབ་པར་འགྱུར། །ཞེས་པ་ནས། ཡན་ལག་དྲུག་བསྒོམས་རྣལ་འབྱོར་པས། དགའ་ བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་པ་ལ་སོགས་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་ པོ་རྣམས་སུ་ལམ་གྱི་མཐར་ཐུག་རྫོགས་རིམ་ཐུན་མོང་མ་ཡིན་པ་ནི་ཐོག་མཐའ་བར་གསུམ་ དུ་དགེ་བ་སྦྱོར་བ་ཡན་ལག་དྲུག་གི་ལམ་ཉིད་ཡིན་པར་གསུངས་པ་ལས། འདིར་རེ་ཞིག་ ཐོག་མར་དགེ་བ་སོ་སོར་བསྡུད་དང་བསམ་གཏན་གྱི་ཡན་ལག་རྣམ་པ་གཉིས་ངོ་སྤྲད་པར་ བྱ་ཞིང༌། དེ་ཡང༌། དང་པོར་སོ་སོར་བསྡུད་པའི་ཡན་ལག་ངོ་སྤྲད་པ་ལ་གཉིས་ཏེ། སོ་སོར་ བསྡུད་པའི་མཚན་ཉིད་མདོར་བསྟན་པ་དང༌། སོ་སོར་བསྡུད་པའི་ཡན་ལག་རྒྱས་པར་བཤད་ པའོ། ། དང་པོ་ནི། དཔལ་ལྡན་རྒྱུད་ལས། སོ་སོར་སྡུད་པ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་གསུངས་ཏེ། དེའི་དོན་ནི། དྲི་མ་མེད་པའི་འོད་ལས། འདིར་སོ་སོར་བསྡུད་པ་ཞེས་བྱ་བ་ནི། ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་འབྲེལ་ 6-1-425 པའི་རྣམ་པར་ཤེས་པ་རབ་ཏུུ་འཇུག་པ་མེད་པ་སྟེ། །སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ལ་ མིག་གཞན་ལ་སོགས་པ་རྣམ་པ་ལྔ་པོ་རྣམས་ཀྱིས་རབ་ཏུ་འཇུག་པའོ། །ཞེས་གསུངས་ཏེ། དབང་པོའི་རྣམ་པར་ཤེས་པ་ལྔ། གཟུགས་སོགས་ཡུལ་ལྔ་ལ་འཇུག་པ་སོ་སོར་བསྡུས་ནས་ མིག་གཞན་ལ་སོགས་པ་དབང་པོ་གཞན་རྣམས་སྟོང་པ་ཉིད་ཀྱི་གཟུགས་སོགས་ཡུལ་གཞན་ ལྔ་ལ་འཇུག་པར་བྱེད་པས་ན་སོ་སོར་བསྡུད་པ་ཞེས་བྱ་སྟེ། དེ་བཞིན་དུ་སོ་སོར་སྤོང་བ་ཞེས་ ཀྱང་བྱ་[སྟེ{འོ}། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མར་ཡང༌། དབང་པོ་བཅུ་པོ་རྣམས་ ཀྱིས་ནི། །རང་ལ་འཇུག་གནས་ཐམས་ཅད་ལ། །འདོད་པ་ཕྱི་ཕྱིར་སྡུད་པ་ནི། །སོ་སོར་བསྡུད་ པ་ཞེས་བརྗོད་དོ། །ཞེས་གསུངས་ཏེ་དབང་པོ་བཅུ་ཞེས་པ་ནི་མིག་ལ་སོགས་པའི་དབང་པོ་ ལྔ་དང༌། གཟུགས་སོགས་ཡུལ་ལྔ་ལ་ཡང་དབང་པོ་ཞེས་བརྗོད་པའོ། །རྗེ་བཙུན་ཕྱག་ན་རྡོ་ རྗེས་བདེ་མཆོག་སྟོད་འགྲེལ་དུ་ཡང༌། འདིར་སོ་སོར་བསྡུད་པ་ཞེས་བྱ་བ་ནི་གཟུགས་ལ་ སོགས་པ་ཕྱི་རོལ་ཀྱི་ཡུལ་རྣམས་ལ་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་མིག་གི་རྣམ་ པར་ཤེས་པ་ལ་སོགས་པ་རྣམས་མི་འཇུག་པར། ནང་གི་ཡུལ་རྣམས་ལ་ལྷའི་མིག་གི་དབང་ པོ་ལ་སོགས་པ་རྣམས་ཀྱིས་ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་འཇུག་པ་སྟེ། ནང་དུ་སྟོང་པ་ཉིད་ལ་དམིགས་པས། སྟོང་པ་ལ་མ་[རྟགས་{བཏགས་}པའི་དངོས་པོ་ཐམས་ ཅད་མཐོང་བ་ནི། པྲ་ཕབ་པའི་མེ་ལོང་ལ་གཞོན་ནུ་མས་མཐོང་བ་ལྟར། ཁམས་གསུམ་པའི་ སངས་རྒྱས་ཀྱི་གཟུགས་བརྙན་མཐོང་པ་ལས་སོ་སོར་བསྡུད་པའི་ཡན་ལག་ཏུ་མཛད་དོ། ། ཞེས་གསུངས་སོ། །དེ་ལྟར་ན། གཟུགས་སོགས་ཕྱི་རོལ་ཀྱི་ཡུལ་རྣམས་ལ། རྣམ་པར་ཤེས་ པ་རྣམས་མི་འཇུག་པར་ནང་དུ་བསྡུས་ནས་སྟོང་པ་ཉིད་ཀྱི་ཡུལ་སྣ་ཚོགས་ལ་ཅིར་ཡང་རྣམ་ པར་མི་རྟོག་པའི་ཚུལ་གྱིས་དམིགས་པ་ནི་སོ་སོར་བསྡུད་པའི་མཚན་ཉིད་ཡིན་ལ། དེ་ཉིད་ སྒྲ་དོན་ཡང་ཡིན་[ཞེས་]གསུང་ངོ༌། །དེ་ཡང་ལྟ་སྟངས་ཁྱད་པར་ཅན་ལ་རག་ལུས་པར་ཤེས་ 6-1-426 པར་བྱ་སྟེ། དཔལ་ལྡན་རྒྱུད་ལས། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །ཞེས་པ་དང༌། དཔལ་གསང་བ་འདུས་པར་ཡང༌། བསྙེན་པའི་དུས་སུ་གཙུག་ཏོར་ཆེའི། །གཟུགས་བརྙན་འབད་པས་རྣམ་བསྒོམ་བྱ། །ཞེས་ གསུངས་ཏེ། བསྙེན་པ་ནི། སོ་སོར་བསྡུད་པའི་ཡན་ལག་ཡིན་ལ། གཙུག་ཏོར་འཁོར་ལོས་ བསྒྱུར་བའི་ལྟ་སྟངས་ནི། མིག་མི་འཛུམས་པར་སྟེང་གི་ཕྱོགས་སུ་བལྟ་བ་ལ་གསུངས་སོ། ། གཉིས་པ་སོ་སོར་བསྡུད་པའི་ཡན་ལག་རྒྱས་པར་བཤད་པ་ལ། དཔལ་དུས་ཀྱི་འཁོར་ ལོ་གསུངས་པའི་ཚུལ་དང༌། རྒྱུད་གཞན་ལས་གསུངས་པའི་ཚུལ་གཉིས་སོ། ། དང་པོ་ནི། རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་པ་ལས། རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི། ། དུས་ཀྱི་འཁོར་ལོ་[འདིར་{འདི་}བཤད་པ། །རྣལ་འབྱོར་པ་ཡི་ཐར་སྟེར་བྱེད། །འདི་ཉིད་ ཀྱིས་ནི་བསྒྲུབ་པ་བྱ། །རབ་གསལ་བསམ་གྱིས་མི་ཁྱབ་པའི། །དུ་སོགས་མཚན་མ་དེ་རྣམས་ ཀྱིས། །ཤེས་རབ་གཟུགས་བརྙན་ནམ་མཁའ་མཉམ། །ཡོད་དང་མེད་ལས་རྣམ་པར་འདས། ། རང་གི་སེམས་ཀྱི་རྐྱེན་ཀྱི་དོན། །རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས། །ཀུན་ནས་ཡོངས་ སུ་དོར་བ་ཡིས། །དུ་བ་སྨིག་རྒྱུ་མཁའ་སྣང་དང༌། །སྒྲོན་མ་འབར་བ་ཟླ་ཉི་མ། །མུན་ཅན་ཆ་ དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །ཞེས་གསུངས་ཏེ། རྡོ་རྗེའི་རྣལ་ འབྱོར་རྣམ་པ་བཞི་ནི་གོང་དུ་བཤད་པའི་རྣམ་པར་དག་པའི་རྣལ་འབྱོར་ལ་སོགས་པ་རྣམ་ པ་བཞི་ཡིན་ལ། བཞི་པོ་དེ་རྣལ་འབྱོར་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་སྟེ་ཐོབ་པར་བྱའོ། ། ཐབས་གང་གིས་ཐོབ་པར་བྱ་ན། དུ་བ་ལ་སོགས་པ་རྟགས་བཅུ་དང་རྣམ་པ་ཐམས་ཅད་པའི་ སྟོང་གཟུགས་འོད་གསལ་བའི་ལམ་གྱིས་ཐོབ་པར་བྱ་{བ་}སྟེ། དུ་བ་ལ་སོགས་པའི་སྟོང་ གཟུགས་ཀྱི་མཚན་ཉིད་ནི། ནམ་མཁའ་སྟོང་པ་ལ་རབ་ཏུ་གསལ་ལ། རྟོག་པའི་བློས་བསམ་ གྱིས་མི་ཁྱབ་པ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་མཚན་[མ་སྟེ་{མས་ཏེ་}སྔ་ལྟས་ཡིན་ 6-1-427 [པ{ལ}། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གཟུགས་བརྙན་ཡིན་པ། དྲི་མ་ཐམས་ཅད་ ཀྱིས་མ་གོས་པ་ནམ་མཁའ་དང་མཉམ་པ་སྟེ་མཚུངས་པ། ཡོད་མེད་ལ་སོགས་པ་རྣམ་པར་ རྟོག་པའི་ཡུལ་ལས་འདས་པ། རྣལ་འབྱོར་པས་སོ་སོར་རང་གིས་རིག་པར་བྱ་བ། རྡུལ་ཕྲ་ རབ་ཀྱི་ཆོས་ལས་འདས་པའོ། །དེ་བཞིན་དུ། དཔལ་ལྡན་རྒྱུད་ལས། ནམ་མཁར་ཀུན་ནས་ ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལ་ནི་ དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང༌། །འབར་བ་དང་ ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་ སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་ མཁའ་ཆུ་འཛིན་བྲལ་བ་དག་[ནི{ལ་} རྣལ་འབྱོར་པ་ཡིས་བགྲད་པའི་མིག་གིས་བལྟ་བར་ བྱ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་[གྱུར་{འགྱུར་}གྱི་ བར་དུའོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུར་གོས་པ་མེད་པ་ཁ་དོག་སྣ་ཚོགས་ ཏེ། །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་གཞན་གྱི་སེམས་ནི་ མིན་པ་ཉིད། །ཞེས་གསུངས་ཏེ། ནམ་མཁར་ཀུན་ནས་ཞེན་པའི་སེམས་ཞེས་པས་སེམས་ ཀྱི་འཇོག་ཚུལ་བསྟན་ལ། མིག་ནི་མི་འཛུམས་ཞེས་པས་ལྟ་སྟངས་བསྟན་ཞིང༌། ལུས་གནད་ ཁྱད་པར་ཅན་ཡང་ཤུགས་ལ་བསྟན་ཏེ། དེ་དག་ལ་བརྟེན་ནས་རླུང་སེམས་རྡོ་རྗེའི་ལམ་ཏེ་རྩ་ དབུ་མའི་ནང་དུ་ཆུད་པ་ལས་སེམས་ཀྱི་འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་མཐོང་བར་ འགྱུར་ཏེ། མཐོང་པའི་ཚུལ་ནི། དང་པོ་དུ་བའི་རྣམ་པ་དང༌། དེ་ནས་སྨིག་རྒྱུའི་རྣམ་པ་ དང༌། དེ་ནས་རབ་གསལ་དྲི་མ་མེད་པའི་མཁའ་སྣང་སྟེ། སྲིན་བུ་མེ་ཁྱེར་གྱི་རྣམ་པ་དང༌། དེ་ ནས་མར་མེའི་རྣམ་པ་མཐོང་བར་འགྱུར་ཏེ། དེ་དག་ནི་མཚན་མོའི་རྣལ་འབྱོར་གྱི་རྟགས་རྣམ་ པ་བཞི་ཡིན་ནོ། །དེ་ནས་ནམ་མཁའ་ཆུ་འཛིན་བྲལ་བ་ཞེས་སོགས་རྐང་པ་གཅིག་གིས་ཉིན་ 6-1-428 མོའི་རྣལ་འབྱོར་བསྒོམ་པའི་ཚུལ་བསྟན་ཏེ། དེ་ལ་དང་[པོ་{པོར་}མེ་འབར་བའི་རྣམ་པ་སེར་ པོ་འབར་བ་དང༌། དེ་ནས་ཟླ་བའི་རྣམ་པ་དཀར་པོ་འབར་བ་དང༌། ཉི་མའི་རྣམ་པ་དམར་པོ་ འབར་བ་དང༌། རྡོ་རྗེ་སྟེ་སྒྲ་གཅན་གྱི་རྣམ་པ་ནག་པོ་འབར་བ་རྣམས་མཐོང་བ་ནི་ཉིན་མོའི་ རྣལ་འབྱོར་གྱི་རྟགས་རྣམ་པ་བཞིའོ། །དེ་ནས་མཆོག་གི་ཆ་སྟེ། གློག་འགྱུ་བའི་རྣམ་པ་དང༌། ཁ་དོག་སྔོན་པོ་དབྱིབས་ཟླ་བའི་དཀྱིལ་འཁོར་ལྟ་བུ་ནི་ཐིག་ལེ་སྟེ། རྟགས་གཉིས་མཐོང་པར་ འགྱུར་རོ། །དེ་ལ་རྟགས་སྔ་མ་བརྒྱད་ནི་ཁྱབ་བྱ་ཡིན་ཞིང༌། ཕྱི་མ་གཉིས་ནི་ཁྱེབ་བྱེད་ཡིན་ ཞེས་བཞེད་ལ། ནཱ་རོ་པའི་ཞབས་ཀྱིས་ནི། ཕྱི་མ་གཉིས་པོ་ཉིན་མོའི་རྣལ་འབྱོར་གྱི་རྟགས་ ཡིན་པར་བཞེད་དོ། །དེ་ནས་ཐིག་ལེ་དེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་རྡུལ་ཕྲ་རབ་ཀྱི་ རྫས་མེད་པ་ཡུལ་དང་བྲལ་ཞིང་བློས་བཏགས་པ་མེད་པས་རྣམ་པ་དང་བྲལ་བ་དུ་མ་སྟེ། སྣ་ ཚོགས་པ་ལོངས་སྤྱོད་རྫོགས་པའི་སྐུ་མཐོང་བར་འགྱུར་རོ། །དེ་ནས་སྟོང་གཟུགས་ཀྱི་རྣལ་ འབྱོར་གྱིས་གཞོམ་དུ་མེད་པའི་སྒྲ་བརྙན་ཡང་ཐོས་ཏེ། དེ་ལྟར་གཟུགས་སྣང་པ་ལས་སྤྲུལ་ པའི་སྐུ་དང༌། སྒྲ་སྣང་པ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་[གསུངས་ཏེ{སོ}། དེ་ལྟ་ བུའི་རྣལ་འབྱོར་གྱིས་ཉི་མ་སོ་སོར་བལྟ་བར་བྱ་སྟེ། ཇི་སྲིད་དུ་བལྟ་ན་རེ་ཁཱ་སྟེ་རི་མོ་ནག་པོ་ ཕྲ་མོ་སྐྲའི་ཚད་ཙམ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་ཞིག་དུས་ཀྱི་རྩ་སྟེ་ཨ་ཝ་དྷུ་ཏི་ལ་མཐོང་ བར་[གྱུར་{འགྱུར་}གྱི་བར་དུ་བལྟ་བར་བྱའོ། །རེ་ཁཱ་ནག་པོ་དེའི་ནང་དུ་ཡང་ཀུན་མཁྱེན་ གཟུགས་ཞེས་པ་ཁམས་གསུམ་པོ་མ་ལུས་པའི་རྣམ་པ་ཅན་གྱི་སྟོང་པ་ཉིད་ཀྱི་གཟུགས་ཆུའི་ ནང་དུ་ཉི་མའི་གཟུགས་བརྙན་ཤར་བ་ལྟ་བུ་དྲི་མས་གོས་པ་མེད་པ་ཤིན་ཏུ་འོད་གསར་བའི་ ཁ་དོག་སྣ་ཚོགས་པ་ཅན་མངོན་སུམ་དུ་མཐོང་པར་འགྱུར་ལ། རྣམ་པ་ཐམས་ཅད་པའི་སྟོང་ གཟུགས་དེ་ནི་རང་གི་སེམས་རང་བཞིན་[གྱིས་]འོད་གསལ་བ་ཡུལ་དང་རྣམ་པར་བྲལ་བའི་ ངོ་བོ་ཡིན་གྱི་གང་ཟག་གཞན་གྱི་སེམས་ནི་མ་ཡིན་ཏེ། དེ་མངོན་སུམ་དུ་མཐོང་བའི་རྣལ་ 6-1-429 འབྱོར་པ་དེ། ལས་དང་པོ་པ་ཡིན་པས་ན་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་ མེད་པའི་ཕྱིར་རོ། །དེ་ལྟར་རླུང་སེམས་རྩ་དབུ་མའི་ནང་དུ་[ཆུད་{ཚུད་}པ་ལས་འོད་གསལ་ མཐོང་བར་འགྱུར་ལ། རླུང་དབུ་མའི་ནང་དུ་འཇུག་པའི་ཚུལ་ནི། གཡོན་བརྐྱང་མའི་རྩ་དང༌། སྣ་བུག་གཡོན་ནས་ནམ་མཁའ་རླུང་མེ་ཆུ་སའི་རླུང་ལྔ་རྣམས་སྐྱེ་རིམ་གྱིས་རྒྱུ་ཞིང༌། གཡས་ རོ་མའི་རྩ་དང་སྣ་བུག་གཡས་ནས་ས་ཆུ་མེ་རླུང་ནམ་མཁའི་རླུང་ལྔ་རྣམས་སྡུད་རིམ་གྱིས་རྒྱུ་ བ་ཡིན་ལ། རླུང་བཅུ་པོ་དེ་དག་བྱེད་པ་བཅིང་བའི་ཐབས་ཀྱིས་གཡས་གཡོན་རོ་རྐྱང་གི་ལམ་ ནས་རྒྱུ་བ་འགོག་ཅིང༌། སའི་རླུང་ལ་སོགས་པ་ནས་{ནང་དུ་}སྡུད་རིམ་གྱིས་དབུ་མའི་ནང་ དུ་ངང་གིས་རྒྱུ་བར་བྱེད་ལ་དེ་ལ་བརྟེན་ནས་འོད་གསལ་མངོན་དུ་འགྱུར་བ་ཡིན་ཏེ། དཔལ་ ལྡན་རྒྱུད་ལས། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་ རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་ མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་བཟད་མཆོག་གི་བདེ་བ་གཞོམ་དུ་མེད་པ་ཡེ་ ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱིས་སྐྱེ་ བ་འདི་ཉིད་ལའོ། །ཞེས་གསུངས་ཏེ། དེའི་དགོངས་པ་ནི་ཐོག་མར་སའི་རླུང་དབུ་མའི་ནང་ དུ་ཆུད་ཅིང་གཡས་གཡོན་གྱི་རྩ་ལ་རྒྱུ་བ་མེད་པར་[གྱུར་པ་ལ་ས་ལ་{འགྱུར་བ་ལས། }ཆུ་ལ་ འཇུག་པ་ཞེས་གསུངས་ཤིང༌། དེ་བཞིན་དུ་{ཆུ་}མེ་ལ་འཇུག་པ་ལ་སོགས་པ་ཡང་ཤེས་པར་ བྱ་སྟེ། མཐར་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞེས་པ་ཡང་ནམ་མཁའི་རླུང་ ཉིད་དུ་བ་ལ་སོགས་པའི་རྟགས་བཅུར་འགྱུར་བ་ནི་མ་ཡིན་གྱི། སའི་རླུང་ལ་སོགས་པ་རིམ་ པ་ལྟར་དབུ་མའི་ནང་དུ་ཆུད་ཅིང་འགགས་པ་ལས་དུ་བ་ལ་སོགས་པའི་རྟགས་རྣམས་རིམ་པ་ ལྟར་མཐོང་ནས་ནམ་མཁའི་རླུང་དབུ་མར་ཆུད་པ་ན་རྟགས་བཅུ་པོ་རྫོགས་པར་མཐོང་པར་ འགྱུར་ཞེས་པའི་དོན་ནོ། །མཚན་མ་ནི་རྣམ་པ་ཐམས་ཅད་པ་རུ་འགྱུར་ཞེས་པ་ཡང་རྟགས་ 6-1-430 བཅུ་པོ་ཉིད་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་སུ་ཡོངས་སུ་འགྱུར་བ་འདུས་བྱས་ཀྱི་ དངོས་པོར་འགྱུར་བ་ལྟ་བུ་ནི་མ་ཡིན་གྱི། རྟགས་བཅུ་རྫོགས་པར་མཐོང་བའི་རྗེས་སུ་ རྣམ་པ་ཐམས་ཅད་པའི་སྟོང་གཟུགས་མཐོང་བར་འགྱུར་བ་ཡིན་ཏེ། དེས་ན་འདི་དག་རྣལ་ འབྱོར་པས་མཐོང་བ་དང་ཉམས་སུ་མྱོང་བའི་རིམ་པ་ཡིན་གྱི། དུ་བ་ལ་སོགས་པ་འོད་ གསལ་གྱི་རང་གི་ངོ་བོ་འགྱུར་བ་དང་བཅས་པ་མ་ཡིན་ཏེ། ནམ་མཁའ་ལས་བྱུང་ཞིང་རང་ བྱུང་པ་ཡིན་པར་གསུངས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་དེ་ ནི། རྣམ་པར་མི་རྟོག་དབྱིངས་མི་ཟད་ཅེས་གསུངས་པ་ལྟར་མི་ཟད་པའི་དབྱིངས་བདེ་བ་ཆེན་ པོ་གཞོམ་དུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཡིན་ལ། རྣལ་འབྱོར་པས་ཡེ་ཤེས་ཀྱི་སྐུ་དེ་ཐོབ་པ་ལས་ རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ ཏེ། དུས་ཇི་ཙམ་ན་ཐོབ་ན་སྐྱེས་བུ་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་སྐྱེ་བ་འདི་ཉིད་ལ་ ཐོབ་པར་འགྱུར་ཞེས་པའི་དོན་ནོ། ། ཆོས་རྗེ་བླ་མ་གོང་མ་རྣམས་ཀྱིས་རྟགས་བཅུ་པོ་འདི་རྣམས་ངེས་པའི་མཐོང་ཉམས་ཞེས་ བྱ་བར་བཞེད་ཅིང༌། མ་ངེས་པའི་ཉམས་ལ་ས་རླུང་དབུ་མར་ཆུད་པའི་མཐོང་ཉམས་ནི་རི་ [དང་]ཁང་ཁྱིམ་ལ་སོགས་པའི་རྣམ་པར་སྣང་བ་དང་ལུས་ཉམས་ནི་ལུས་ལྕི་བ་ལ་སོགས་ པར་འགྱུར་བ་དང༌། སེམས་ཉམས་སམ་ཏིང་ངེ་འཛིན་གྱི་ཉམས་ནི་སེམས་གསལ་ཆ་དང་ འཕྲོ་ཤས་ཆུང་ཞིང་གནས་ཆ་ཆེ་བ་དང༌། རྨི་ཉམས་ནི་ཐག་རིང་པོ་ལ་འགྲོ་མི་ནུས་[བཞིན་ {ཞིང་}འགྲོ་བ་ལ་སོགས་པ་རྨི་བའོ། །ཆུ་རླུང་དབུ་མར་ཆུད་པའི་མཐོང་ཉམས་ནི་མཚོ་དང་ འབབ་ཆུ་ལ་སོགས་པ་ཆུ་སྣ་ཚོགས་སུ་སྣང་བ་དང༌། ལུས་ཉམས་ནི་ལུས་གྲང་ཞིང་འཇམ་ པ་དང་ཤེད་ཆུང་པ་ལ་སོགས་པ་དང༌། སེམས་ཉམས་ནི་རིག་པ་ངར་ཆུང་ཞིང་རྟོག་མེད་དུ་ གནས་པ་[ལ་སོགས་པ་]དང༌། རྨི་ཉམས་ནི་ཆུ་སྣ་ཚོགས་པ་རྒལ་བ་དང་གྲུར་ཞུགས་པ་ 6-1-431 དང༌། ཆུས་ཁྱེར་བ་ལ་སོགས་པ་རྨི་བའོ། །མེ་རླུང་དབུ་མར་ཞུགས་པའི་མཐོང་ཉམས་ནི་མེ་ འབར་བ་ལ་སོགས་པ་སྣང་བ་དང༌། སེམས་ཉམས་ནི་སེམས་ཅུང་ཟད་སྤུན་ཞིང་ཚིག་པ་ཟ་བ་ ལ་སོགས་པ་དང༌། ལུས་ཉམས་ནི་དྲོད་ཆེ་ཞིང་རྔུལ་བ་དང༌། རྨི་ཉམས་ནི་མེ་འབར་བ་དང༌། ཁང་པ་མེས་ཚིག་པ་རྨི་བ་ལ་སོགས་པའོ། །རླུང་གི་རླུང་དབུ་མར་ཆུད་པའི་མཐོང་ཉམས་ནི་ རླུང་ཚུབ་ལངས་པ་ལ་སོགས་པའི་སྣང་བ་དང༌། ལུས་ཉམས་ནི་ལུས་ཡང་ཞིང་མགྱོགས་པར་ འགྲོ་བ་ལ་སོགས་པ་དང༌། སེམས་ཉམས་ནི་སེམས་གསལ་ཞིང་འཕྲོ་རྒོད་དུ་འཆོར་བ་དང༌། རྨི་ཉམས་ནི་རྟ་ཞོན་ནས་རྒྱུག་པ་[ལ་སོགས་པ་]དང༌། འཕུར་བ་ལ་སོགས་པ་རྨི་བའོ། །ནམ་ མཁའི་རླུང་དབུ་མར་ཆུད་པའི་མཐོང་ཉམས་ནི། ནམ་མཁའི་བྱེ་བྲག་ཅི་རིགས་པ་དང༌། རས་ ཡུག་ཇོན་པོ་བརྐྱང་པ་ལྟ་བུ་ལ་སོགས་པ་[མཐོང་པ་]དང༌། ལུས་ཉམས་ནི་ལུས་ཡོད་པ་མི་ ཚོར་ཞིང་མེད་པ་སྙམ་བྱེད་པ་དང༌། སེམས་ཉམས་ནི་སེམས་གསལ་ལ་མི་རྟོག་པར་གནས་ པ་དང༌། རྨི་ཉམས་ནི་མཐོང་ཉམས་དང་མཐུན་པར་རྨི་བའོ། །སྤྱིར་རྨི་{ལམ་གྱི་}ཉམས་ལ་ མཐོང་ཉམས་དང་འབྲེལ་བའི་རྨི་ཉམས་དང༌། སེམས་ཀྱི་བག་ཆགས་དང་འབྲེལ་པའི་རྨི་ ཉམས་དང༌། ལུས་ཉམས་དང་འབྲེལ་པའི་རྨི་ཉམས་ཏེ་གསུམ་ཡོད་པ་ཡིན་གསུང་ངོ༌། །དེ་ རྣམས་ནི་མཚན་མོའི་རྣལ་འབྱོར་གྱི་ཉམས་ཡིན་ནོ། །ཉིན་མོའི་རྣལ་འབྱོར་གྱི་མཐོང་ཉམས་ ལ་འབར་བ་ནི་སྦྲང་གཤོག་ལ་ཉི་ཟེར་ཕོག་པ་ལྟ་བུ་སྐྱ་ཁྱེམས་ཁྱེམས་པར་སྣང་བ་དང༌། ཟླ་ བ་ནི་ཟླ་གམ་ལྕགས་སྒྲོག་ལྟ་བུའམ་ཟླ་བའི་འོད་ལྟ་བུ་དང༌། ཉི་མ་ནི་གསོར་{གྱིས་ཕུག་པའི་}མིག་ལྟ་བུ་ཇོན་པོ་ཁོང་སྟོང་འཁོར་བ་ལྟ་བུའམ་ཉི་མའི་འོད་ལྟ་བུ་དང༌། སྒྲ་གཅན་ནི་ཤིང་ སྡོང་གི་གྲིབ་མ་ལྟ་བུ་དང་རི་མོ་ཕྲ་ནག་གི་རྣམ་པ་ཐུང་རིང་དུ་སྣང་བ་དང༌། ཁ་དོག་ནག་པོ་ ཁྲོ་བོའི་གསུས་པ་དང་སླང་ངའི་རྒྱབ་ལྟ་བུའམ་ར་ཧུ་ལའི་དཀྱིལ་འཁོར་ལྟ་བུ་དང༌། གློག་[གི་ རྣམ་པ་{ནི་}སྐྱ་ཁྱེམས་ཁྱེམས་པ་བྱུང་ཞིང་མེད་པར་འགྲོ་བ་དང༌། སོག་མདའ་འཕངས་པ་ལྟ་ 6-1-432 བུ་ལས་དང་བོ་པ་ལ་སྙིང་དངངས་པ་ལྟ་བུ་འབྱུང་ངོ༌། །ཐིག་ལེ་ནི་དང་པོ་ཁ་རླངས་ལྟ་བུ་འམ། བྱ་རྒོད་གཟན་ལ་འབབ་པ་ལྟ་བུའམ། མིག་ལ་བསྐོར་བ་བྱེད་པ་ལྟ་བུ་ཁ་དོག་ལྗང་ཁུ་དང༌། སེར་པོ་དང༌། དམར་པོ་དང༌། ནག་པོ་དང༌། དཀར་པོ་དང༌། སྔོན་པོ་རིམ་གྱིས་མཐོང་བའམ། གཅིག་ཅར་དུ་མཐོང་བ་སྟེ། དེ་ཡང་དང་པོ་མི་གསལ་ཞིང་རགས་པའི་རྣམ་པ་ལྟ་བུ་མཐོང་ ཞིང༌། ཕྱི་ནས་གསལ་བའི་རྣམ་པར་མཐོང་[ངོ་{ལ}། །རགས་པའི་རྣམ་པ་དུ་བ་ལ་སོགས་ {རྣམ་}པ་ཡང་དང་ཡང་དུ་བསྒོམས་པས་ཕྲ་སིལ་འགྲོ་སྟེ། དེའི་དུས་སུ་རགས་པའི་སྣང་པ་ ཡལ་ཕྲ་བའི་སྣང་པ་ངོས་མ་ཟིན་པའི་དུས་ན་བསྒོམ་འཆོར་སྲིད་པས། ངོ་སྤྲོད་གལ་ཆེ་གསུང་ ཞིང༌། དེ་ནས་ཐིག་ལེ་འོད་ཟེར་འཕྲོ་བ་དང༌། ཆ་ཕྲ་བ་དང༌། འཚེར་བ་དང༌། འདར་བ་དང༌། གཞིག་པར་དཀའ་བ་སྟེ། ཆོས་ལྔ་ལྡན་མཐོང་བ་ན། བསམ་གཏན་མི་འགྲིབ་པའི་ཚད་དུ་ཕྱིན་ པ་ཡིན་ཞེས་གསུང་ངོ༌། །དེ་ནས་ཐིག་ལེ་ངུར་དམར་རམ་ངུར་སེར་གྱི་རྣམ་པ་མཐོང་ནས་དེ་ བཞིན་གཤེགས་པའི་སྐུ་ཡང་རིམ་གྱིས་མཐོང་སྟེ། དེ་ཡང་དང་པོར་གཙུག་ཏོར་དང་ཞལ་ལ་ སོགས་པ་ནས་རིམ་གྱིས་ཕྱག་མཚན་དང་རྒྱན་ལ་སོགས་པ་ཡོངས་སུ་རྫོགས་པ་མཐོང་ངོ༌། ། དེ་ནས་ངེས་པ་གསུམ་ལྡན་གྱི་སྐུ་མཐོང་སྟེ་ཡུལ་ངེས་པ་ཐིག་ལེའི་དབུས་དང༌། དུས་ངེས་པ་ མཉམ་རྗེས་ཀུན་ཏུ་དང༌། རང་བཞིན་ངེས་པ་མཚན་དཔེ་ལ་སོགས་པ་ཡོངས་སུ་རྫོགས་པ་ མཐོང་པར་འགྱུར་རོ། །དེ་ནས་རེ་ཁཱ་ནག་པོ་སྔར་བཤད་པ་ལྟར་མཐོང་བར་འགྱུར་{རོ། །} ཞེས་གསུང་ངོ༌། །དེ་ལ་འགྲོ་བ་རིགས་དྲུག་བརྟན་གཡོའི་རྣམ་པ་སྣ་ཚོགས་པར་སྣང་བ་ནི་ རྣམ་པ་ཀུན་ལྡན་གྱི་སྟོང་གཟུགས་དང་སངས་རྒྱས་ཀྱི་སྤྲུལ་སྐུ་དང༌། ལོངས་སྐུའི་རྣམ་པར་ སྣང་བ་ནི། རྣམ་པ་མཆོག་ལྡན་གྱི་སྟོང་གཟུགས་ཞེས་བྱ་བ་ཡིན་ནོ། །ཞེས་བཞེད་མོད་ཀྱི། རྩ་ བའི་རྒྱུད་[དུ{ལས}། ཁམས་གསུམ་པ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་ པར་བྱ། །ཞེས་དང༌། སེམས་འགྲེལ་རྣམས་སུ་ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་ 6-1-433 ཞེས་གསུངས་པས་སྟོང་གཟུགས་ཀྱི་རྣམ་པ་ཐམས་ཅད་འོད་གསལ་ཆོས་ཀྱི་དབྱིངས་སུ་རོ་ གཅིག་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དུ་ཁྱད་{པར་}མེད་དོ། །ཞེས་དཔལ་ལྡན་བླ་ མ་{དམ་པ་}ཆོས་རྗེ་བཞེད་དོ། །ལས་དང་པོ་པའི་རྣལ་འབྱོར་པ་ལ་ཏིང་ངེ་འཛིན་སྐྱེ་བའི་ ཚུལ་ནི། སྙན་བརྒྱུད་ལས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་འཛིན། །ཏིང་འཛིན་ལམ་གྱི་ སྐྱེ་ཚུལ་ཡིན། །ཞེས་འབྱུང་སྟེ། དང་པོ་བསྒོམས་པའི་དུས་ན། སེམས་ཅུང་ཟད་ཀྱང་མི་གནས་ པར་འཕྲོ་བ་རི་གཟར་ལ་ཆུ་འབབ་པ་ལྟ་བུའམ། བྱ་ཙི་ཙི་[མོ་{མ་}ལྟ་བུ་འམ། དུ་བ་ལྟར་ འགྱུ་བ་འབྱུང་སྟེ། དེའི་དུས་སུ་བདག་ལ་ནི་ཏིང་ངེ་འཛིན་མི་སྐྱེ་བར་འདུག་སྙམ་ནས་ཚིག་པ་ ཟ་བའམ། ཡི་ཆད་པའི་རྣམ་པ་འབྱུང་སྟེ། དེ་ནི་སེམས་བྱ་ར་ཆུད་པའམ། རྣམ་རྟོག་ངོས་ཟིན་ པའི་དུས་གཡོ་བའི་ཏིང་ངེ་འཛིན་སྐྱེ་བའི་དུས་ཡིན། དེ་ནས་སེམས་ཅུང་ཟད་རེ་གནས་ཀྱང་ དེ་མ་ཐག་ཏུ་རྟོག་པ་འཕྲོ་བ་ལྕགས་སྦུབས་སུ་ཆུ་ཚུད་པ་ལྟ་བུའམ། སེམས་ཆགས་སྡང་མི་སྐྱེ་ བའི་དུས་དེ་ཐོབ་པའི་ཏིང་ངེ་འཛིན་སྐྱེ་བའི་དུས་ཡིན། དེ་ནས་སེམས་ཅུང་ཟད་འཕྲོ་ཡང་དེ་ མ་ཐག་ཏུ་རྟོག་མེད་ལ་ལྷན་གྱིས་འཇོག་ནུས་པ་སྦུར་མའི་མེ་སྟག་གནམ་དུ་ཡར་བའམ་སྦལ་ བ་མཆོང་པ་ལྟ་བུ་འབྱུང་སྟེ། དེ་ནི་ཐོལ་སྐྱེས་རྦད་ཆོད་ཀྱི་དུས་ཏེ་གོམས་པའི་ཏིང་ངེ་འཛིན་སྐྱེ་ བའི་དུས་ཡིན། དེ་ནས་སེམས་འཕྲོ་བའམ་འགྱུ་བ་འདྲ་ཡང་རྟོག་མེད་དུ་ལྷན་གནས་པ་རུས་ སྦལ་འཁར་གཞོང་དུ་བཞག་པའམ་རྒན་པོ་ལྟ་བུ་འབྱུང་སྟེ་དེ་ནི་བརྟན་པའི་ཏིང་ངེ་འཛིན་སྐྱེ་ བའི་དུས་ཡིན། དེ་ནས་སེམས་བཞག་ན་སྡོད་ཅིང་བཏང་ན་འགྲོ་བ་འབྱུང་སྟེ། ཏིང་ངེ་འཛིན་ ལས་སུ་རུང་ཞིང་དགོས་དུས་སུ་སླེབ་པ་མཐར་ཕྱིན་པའི་ཏིང་ངེ་འཛིན་སྐྱེ་བའི་དུས་ཡིན་ཞེས་ གསུངས་ཏེ། དེ་ཕྱིན་ཆད་གཡང་ལ་ལྷུང་བ་ལ་སོགས་པའི་རྐྱེན་བྱུང་སྲིད་ན་ཡང་ཏིང་ངེ་འཛིན་ དང་འདུ་འབྲལ་མི་འབྱུང་སྟེ་འབྲས་བུ་འོད་གསལ་ལ་[འབྱོར་{སྦྱོར་}བ་ཡིན་གསུང་ངོ༌༑ ༑དེ་ ལྟར་རྣལ་འབྱོར་པ་ལ། ཉམས་མྱོང་གི་རྣམ་པ་དུ་[མར་{མ་}ཤར་བ་རྣམས་དང་ཡོན་ཏན་ 6-1-434 གྱི་[རྣམ་པ་སྐྱེས་པ་{ཁྱད་པར་སྐྱེ་བ་}གང་ཡིན་པ་ཐམས་ཅད་ཡེ་ཤེས་སམ་རྡོ་རྗེ་ཕེབས་པ་ ཡིན་པར་ཤེས་པར་བྱ་སྟེ། རྩ་བའི་རྒྱུད་ལས། ཕྱག་རྒྱ་ཆེན་པོ་སྦྱོར་བ་ཡིས། །རྡོ་རྗེ་འབེབས་ པས་བྱིན་གྱིས་བརླབས། །ཞེས་དང༌། མཚན་ཡང་དག་པར་བརྗོད་[པ་ལས{པར}། རྡོ་རྗེ་ འབེབས་པ་འབེབས་པ་ཆེ༑ ༑ཞེས་གསུངས་པ་བཞིན་ནོ། །ཁྱད་པར་དུ་ལུས་ཉམས་དྲག་པོ་ འདར་བ་དང༌། གཡོ་བ་དང་འཕར་བ་དང༌། རྒྱུག་པ་དང་གར་བྱེད་པ་ལ་སོགས་པ་དང༌། ངག་ ཉམས་དྲག་པོ་སྨྲ་བ་དང༌། རྒོད་པ་དང༌། ངུ་བ་དང༌། གླུ་དང༌། སྔགས་ཀྱི་ཚིག་ལྟ་བུ་འདོན་པ་ ལ་སོགས་པ་དུ་མ་འབྱུང་སྟེ། འདི་དག་ལ་སྐྱེ་བོ་མང་པོ་འཁྲུལ་ཞིང་ལོག་པར་རྟོག་པར་བྱེད་ མོད་ཀྱང༌། བླ་མ་དམ་པའི་གདམས་པ་ལ་བསྟེན་ནས་གནད་ལེགས་པར་ཤེས་པར་བྱ་སྟེ་རླུང་ སེམས་དབུ་མར་ཆུད་པའི་ཡོན་ཏན་ཡེ་ཤེས་ཀྱི་སྐུ་དང༌། གསུང་ཅུང་ཟད་ཕེབས་པའི་རྣམ་ འགྱུར་ཡིན་ནོ། །སྐྱེ་བོ་ལ་ལ་དག་ལ་གདོན་གྱིས་བརླབས་པར་བྱས་པ་ལས་འདི་དང་ཕྱོགས་ ཙམ་འདྲ་བའི་ལུས་ངག་གི་རྣམ་འགྱུར་འབྱུང་བ་ཡང་ཡོད་དེ། དེ་དང་འདི་གཅིག་ཏུ་འཁྲུལ་ པར་མི་བྱ་ཞིང་ཉམས་མྱོང་དང་ལྡན་པས་བརྟགས་ན་མི་འདྲ་བའི་ཁྱད་པར་ཤིན་ཏུ་ཆེ་བར་ ཡོད་དོ། །ཡེ་ཤེས་ཕེབས་པའི་ཚུལ་ནི་དཔལ་ལྡན་རྒྱུད་དང༌། རྒྱས་འགྲེལ་ལས་ཤེས་པར་ བྱའོ། ། གཉིས་པ་རྒྱུད་གཞན་ལས་གསུངས་པའི་ཚུལ་ནི། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་ མ་ལས། འགོག་པ་རྡོ་རྗེ་བགྲོད་སེམས་ལ། །མཚན་མ་ཉེར་འཛིན་འབྱུང་འགྱུར་ཏེ། །མཚན་ མ་དེ་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་བཤད་པ་ཡིན། །དང་པོ་སྨིག་རྒྱུའི་རྣམ་པ་སྟེ། ། གཉིས་པ་དུ་བའི་རྣམ་པ་ཡིན། །གསུམ་པ་མཁའ་སྣང་རྣམ་པ་སྟེ། །བཞི་པ་སྒྲོན་མ་འབར་ བའོ། །ལྔ་པ་རྟག་ཏུ་སྣང་པ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་གསུངས་ཏེ། འགོག་ པ་རྡོ་རྗེ་ཞེས་པ་ནི། ཨ་ཝ་དྷཱུ་ཏཱིའི་རྩ་སྟེ། འདིར་རླུང་ཞུགས་པས་གཡོན་དང་གཡས་ཀྱི་རླུང་ 6-1-435 འགོག་པས་ན་འགོག་པའོ། །དེར་བགྲོད་པའི་སེམས་ནི་རླུང་སེམས་དབུ་མའི་ནང་དུ་ཞུགས་ པ་སྟེ། དེ་ལ་མཚན་མ་ཉེར་འཛིན་ཞེས་པ་དུ་བ་ལ་སོགས་པའི་མཚན་མ་མངོན་སུམ་ལ་རབ་ ཏུ་གསལ་བ་འབྱུང་བར་འགྱུར་ཏེ། འདིར་ནི་མཚན་མ་ཡང་རྣམ་པ་ལྔར་བཅོམ་ལྡན་འདས་ ཀྱིས་གསུངས་{པ་}ལ། འདིར་དུ་བ་ལྟ་བུ་མཚན་མ་གཉིས་པ་དང་སྨིག་རྒྱུ་ལྟ་བུ་མཚན་མ་ དང་པོར་གསུངས་པ་ནི། བླ་མའི་ཞལ་ལ་རག་ལུས་པར་བྱ་བའི་ཕྱིར་དུ་དཀྲུགས་ཏེ་གསུངས་ པ་ཡིན་པར། དཔལ་ན་རོ་པས་བཤད་པ་ལྟར་ཤེས་པར་བྱ་ཞིང༌། ནམ་མཁའ་སྤྲིན་མེད་པའི་ རྣམ་པ་ནི་མཚན་མ་ལྔ་པ་ཡིན་པར་གསུངས་སོ། །དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་ལས་ ཀྱང༌། ཡན་ལག་དྲུག་བསྒོམས་དེ་ལས་ནི། སླར་ཡང་རང་བྱིན་བརླབ་པ་སྟེ། །རྗེས་མཐུན་ཆོ་ གའི་རིམ་པ་ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། །དང་པོ་སྤྲིན་དང་འདྲ་བ་སྟེ། །གཉིས་ པ་དུ་བ་ལྟ་བུའོ། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་འབར་བ་སྟེ། ལྔ་པ་རྟག་ ཏུ་སྣང་པ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཕྱིས་ནས་སྒྱུ་མའི་རྣམ་པ་སྟེ། །རྨི་ལམ་རྣམ་ པ་སྐད་ཅིག་ལས། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་གྱུར་པའོ། །ཞེས་ གསུངས་ཏེ། འདིར་རང་བྱིན་གྱིས་བརླབ་པ་ནི། སོ་སོར་སྡུད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ཡིན་ པར་དཔལ་ནཱ་རོ་བའི་ཞབས་ཀྱིས་གསུངས་ལ། དངོས་གྲུབ་ཉེ་བར་[གྱུར་{འགྲུབ་}པའི་དོན་ ནི། ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ་རྣལ་འབྱོར་པའི་མངོན་སུམ་ལ་གསལ་བར་སྣང་བ་ལ་ཉེ་བར་ [གྱུར་{འགྱུར་}བ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དཔལ་གསང་བ་འདུས་པ་དང་མཁའ་ འགྲོ་མ་རྡོ་རྗེ་གུར་ལས། མཚན་མོའི་རྣལ་འབྱོར་གསལ་བར་གསུངས་ཤིང༌། མཚན་ཡང་དག་ པར་བརྗོད་པ་ལས། ཉིན་མོའི་རྣལ་འབྱོར་གསལ་བར་གསུངས་ཏེ། ཇི་སྐད་དུ། ནམ་མཁའ་ ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པའི་འབར་བའི་རྣམ་[པར་སྣང་ པ་{པ་}བསྟན་ཞིང༌། འོད་ཆེན་རྣམ་པར་སྣང་པར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་ 6-1-436 {པས་}ཟླ་བ་དང༌། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་པས་ཉི་མ་དང་སྒྲ་གཅན་གཉིས་ རིམ་པ་ལྟར་བསྟན་ལ། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པས་གློག་དང༌། སྔགས་ མཆོག་མངའ་བདག་རིག་སྔགས་རྒྱལ། །ཞེས་པས་ཐིག་ལེའི་རྣམ་པ་བསྟན་ཞིང༌། དེ་ནས། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པས་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་ བསྟན་པར་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་གསུངས་སོ། །དེ་ལྟར་ཉིན་མཚན་གྱི་ རྣལ་འབྱོར་རྒྱུད་སོ་སོ་ལས་གསུངས་པའི་ཚུལ་ནི། དུས་འཁོར་ཞབས་ཀྱི་སྙན་བརྒྱུད་[ལས་ ཀྱང་{དུ་ཡང་}། དེ་ལྟར་བསྒོམས་པས་ཡུལ་སོགས་འགག། ནང་དུ་ཤའི་མིག་སོགས་ཀྱིས། ། སྟོང་ཉིད་གཟུགས་ཏེ་དམིགས་བཅས་མཐོང༌། །ཆོས་ལ་ཕར་ཕྱིན་བཅུ་གནས་པ། །ལྷ་དང་ ལྷ་མོ་བཅུ་ཤེས་བྱ། །རྟགས་སུ་ལམ་ལ་བཅུ་མཐོང་འགྱུར། །དུ་བ་སྨིག་རྒྱུ་མཁའ་སྣང་དང༌། ། མར་མེ་འབྱུང་སྟེ་འབྱུང་རླུང་ཐིམ། །ཐ་མ་སྤྲིན་མེད་ནམ་མཁའ་ནི། །རྟགས་ཅན་ཤེས་རབ་ ཕ་རོལ་ཕྱིན། །འབར་བ་ཟླ་ཉི་གློག་སྒྲ་གཅན། །ཐིག་ལེ་དྲུག་སྟེ་ཐ་མ་ནི། །ཐམས་ཅད་བསྒྱུར་ མཐོང་རྟགས་ཅན་ཏེ། །འབྱུང་ལྔ་ཡེ་ཤེས་ཕུང་པོ་དྲུག །གསང་འདུས་མཚན་བརྗོད་ནས་ཕྱེད་ ཕྱེད། །ཅེས་གསུངས་སོ། ། གཉིས་པ་བསམ་གཏན་གྱི་ཡན་ལག་ངོ་སྤྲད་པ་ནི་འོག་ཏུ་བཤད་པར་བྱའོ། །གསུམ་པ་ དེ་ལམ་མཆོག་མཐར་ཐུག་ཡིན་པའི་ཤེས་བྱེད་དགོད་པ་ལ་བཞི་སྟེ། སེམས་ཀྱི་བཞག་ཐབས་ གཏན་ལ་ཕབ་པའི་སྒོ་ནས། དབང་བཞིའི་ལམ་ཡིན་པའི་སྒོ་ནས། ཡིད་ཆེས་པ་གསུམ་ལྡན་ གྱི་ལམ་ཡིན་པའི་སྒོ་ནས། ལམ་གྱི་རྣམ་པ་ཡོངས་སུ་རྫོགས་པའི་ལམ་ཡིན་པའི་སྒོ་ནས་ལམ་ མཆོག་མཐར་ཐུག་ཡིན་པར་བསྒྲུབ་པའོ། ། དང་པོ་ནི། དེ་ལྟར་རྟགས་བཅུ་ལ་སོགས་པ་འོད་གསལ་བསྒོམ་པའི་ལམ། སོ་སོར་སྡུད་ པའི་ཏིང་ངེ་འཛིན་འདི་ནི་ཅིར་ཡང་རྣམ་པར་མི་རྟོག་ཅིང་སེམས་ཀྱི་རང་བཞིན་འོད་གསལ་ 6-1-437 བ་མངོན་སུམ་དུ་མཐོང་བའི་ལམ་ཡིན་པའི་ཕྱིར། ལམ་གྱི་མཆོག་མཐར་ཐུག་པའི་ལམ་ཡིན་ པར་ཤེས་པར་བྱ་སྟེ། དཔལ་ཀྱེའི་རྡོ་རྗེའི་རྩ་རྒྱུད་ལས། ཀུན་མཁྱེན་གོ་འཕང་འདོད་པ་ཡིས། ། རྟོག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་གང་ལ་མེད་གྱུར་པ། །དེ་ལ་རྟག་ཏུ་བརྩོན་པར་བྱ། ། ཞེས་{པ་}དང༌། དཔལ་སམ་བུ་ཊི་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། ། ཞེས་གསུངས་པས་སོ། །དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས། རྣམ་པར་རྟོག་ལས་མ་ རྟོགས་པའི། །འཁོར་བ་ཞེས་བྱ་ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་ མྱ་ངན་འདས། །ཞེས་གསུངས་པ་ལྟར་འཁོར་བ་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ ཅད་མ་རིག་པ་ལས་བྱུང་བ་ཡིན་ཞིང༌། མ་རིག་པ་ཡང་རྣམ་པར་རྟོག་པ་ལས་གཞན་པ་མེད་ ལ། རྣམ་པར་རྟོག་པའི་གཉེན་པོ་ཡང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མ་རྟོགས་པ་གཞན་ གང་ཡང་མེད་པའི་ཕྱིར་རོ། །དེ་ལ་དགོངས་ནས་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་ སྔ་ནས། བསྐྱེད་པའི་རིམ་པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་ བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །དེ་ཉིད་ཀྱི་ནི་སྒྲུབ་ཐབས་གཞན་ཡོད་ མིན། །ཞེས་པ་དང༌། སེམས་རྣམ་པར་རྟོག་པ་དང་བྲལ་བར་བྱས་ནས་ཉི་མ་གཅིག་མཚན་མ་ ཡོངས་སུ་བརྟག་པར་བྱའོ། །ཞེས་གསུངས་སོ། །འོ་ན་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་ པོ་རྣམས་སུ་རྣམ་རྟོག་གི་བསྒོམ་པ་བསྐྱེད་རིམ་གྱི་རྣམ་རྟོག་ལམ་དུ་འགྱུར་བར་གསུངས་པ་ དང་འགལ་ལོ་སྙམ་ན། རྒྱུད་ཀྱི་རྒྱལ་པོ་རྣམས་སུ་བསྐྱེད་རིམ་གྱི་བསྒོམ་པ་གསུངས་པ་ནི་ རྫོགས་རིམ་གྱི་ལམ་གྱི་རྟེན་དང༌། བསོད་ནམས་ཀྱི་ཚོགས་ཀྱི་དོན་དང༌། ཐུན་མོང་བ་འཇིག་ རྟེན་པའི་དངོས་གྲུབ་ཀྱི་སྒྲུབ་ཐབས་སུ་གསུངས་པ་ཡིན་གྱི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་ གྲུབ་རྫོགས་པའི་བྱང་ཆུབ་ཀྱི་ལམ་གྱི་ངོ་བོ་ཡིན་པར་མ་གསུངས་ཏེ། རྣམ་རྟོག་གི་བསྒོམ་པ་ 6-1-438 གང་གིས་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་མཐོང་བར་མི་ནུས་པའི་ཕྱིར་རོ། །ཇི་སྐད་དུ། འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །བཅད་ དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །རྩུབ་ཤིང་རྩུབ་བསྟན་ལག་པས་བསྲུབས་པ་ལས། ། དེ་ལ་གནས་པ་[དག་ཀྱང་{ཡང་ནི་}མཐོང་འགྱུར་བ། །དེ་བཞིན་སེམས་ཀྱིས་འོད་གསལ་ རྟོག་པ་ཡི། །བསྒོམ་པའི་ཐབས་རྣམས་དག་གིས་ནི་མི་མཐོང་སྟེ། །དེ་ཉིད་དྷུ་ཏི་རྐྱང་མ་དག་ དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་དང༌། སྣ་ཚོགས་རྣམ་རྟོག་ལ་ སོགས་ལམ་གྱིས་ནི། །དེ་ཉིད་དེ་བཞིན་གཤེགས་པ་གང་གསུངས་པ། །བཅུ་དྲུག་བཞི་ཡི་ རབ་ཏུ་དབྱེ་བ་ཅན། །ལམ་དང་བྲལ་པས་འཐོབ་པ་མ་ཡིན་ནོ། །ཞེས་པ་དང༌། གཟུགས་ལ་ སོགས་པར་རྟོག་པ་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་གོམས་པར་གྱུར་[པ་{པས་} ནི། །གྲུབ་པ་འཇིག་རྟེན་པ་རྣམས་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ ཞིག །ཅེས་སོགས་རྒྱ་ཆེར་གསུངས་ཤིང༌། (འཇམ་དཔལ་གྱི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕྱག་ རྒྱ་དཀྱིལ་འཁོར་སྔགས་ལ་སོགས། །བསྒོམ་དང་བཟླས་པ་བསམ་གཏན་གྱིས། །བསྐལ་པ་བྱེ་བ་དུ་མས་ཀྱང༌། །དངོས་གྲུབ་ ནམ་ཡང་ཐོབ་པ་མེད། །རྟོག་པ་ཐམས་ཅད་སྤངས་ནས་ནི། །གང་གིས་དེ་ཉིད་ལ་གནས་ནས། །སྐྱེ་བ་འདིར་ཡང་སྒྲུབ་པ་པོ། ། དེ་ལ་བྱང་ཆུབ་མཆོག་རེག་པའོ། །དགེ་བ་དང་ནི་མི་དགེ་བའི། །རྣམ་པར་རྟོག་པ་དབྱེ་བ་མེད། །དོན་མཆོག་རྣམ་པར་རྟོག་པ་ ཡང༌། །མཁས་པ་རྣམས་ཀྱིས་མི་བྱའོ། །མེ་ཡིས་རབ་ཏུ་སྲེག་བྱེད་ཀྱང༌། །རྟེན་གྱི་དབྱེ་བས་དབྱེ་བ་མེད། །ཙན་དན་ལ་ནི་འབར་ བས་ཀྱང༌། །རེག་པར་གྱུར་ན་བསྲེགས་པའོ། །ཞེས་དང༌། འདི་དཔེ་ལ་ལར་དཀྱུས་སུ་སྣང་) བདེ་མཆོག་གི་རྩ་རྒྱུད་ མངོན་པར་བརྗོད་པ་འབུམ་པའི་ལུང་བདེ་མཆོག་སྟོད་འགྲེལ་དུ་དྲངས་པར་ཡང༌། སྟོང་ཉིད་ སྙིང་རྗེ་གཅིག་གྱུར་པ། །རྒྱུད་གང་དུ་ནི་རབ་བསྟན་ཞིང༌། །འཇིག་རྟེན་མགོན་པོ་སྒྲུབ་བྱེད་ པ། །རྒྱུད་དེ་སངས་རྒྱས་ཀྱིས་བསྟན་པའོ། །འཇིག་རྟེན་ཀུན་རྫོབ་བདེན་པ་ཡིས། །འཇིག་ རྟེན་དངོས་གྲུབ་བསྒྲུབ་པའི་ཕྱིར། །སྔགས་བཟླས་དེ་བཞིན་ཆོ་ག་དང༌། རྣམ་རྟོག་བསྒོམ་པ་ 6-1-439 རབ་ཏུ་གསུངས། །དོན་དམ་བདེན་པ་གསུང་པ་ནི། །ཡེ་ཤེས་སྐུ་ནི་རབ་བསྒྲུབ་ཕྱིར། །ཀུན་ རྟོག་ཐམས་ཅད་སྤངས་པ་ཡི། །བསྒོམ་པ་དེ་བཞིན་གཤེགས་པས་གསུངས། །ཞེས་གསུངས་ སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པར་ཡང༌། ཕུང་འདི་སྟོང་ཞེས་ རྟོག་ན་[འང་]བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་[མ་{པ} ཡིན། །ཞེས་དང༌། སྐྱེ་བ་མེད་དང་སྐྱེ་བ་གཉི་གར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་ མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ ངང་[ལ་{ལས། }ཅུང་ཟད་ཀྱང་ཡེངས་པ་མེད་པ་ནི་བསྒོམ་པའི་མཆོག་ཉིན་ཡིན་ཏེ། དཔལ་ གསང་བ་འདུས་པར། དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ ལྟར་དངོས་པོ་དངོས་མིན་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་ཏེ། དངོས་ པོ་མེད་པ་ནམ་མཁའ་ལ་ལྟ་བའི་ཚུལ་གྱིས་སྒོམ་པ་ནི་སོ་སོར་སྡུད་པ་སྟེ། དེ་ལ་རྣམ་པར་[མི་] རྟོག་པའི་སྒོམ་པ་དམིགས་སུ་མེད་པའོ། །ཞེས་པའི་དོན་ནོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལས་ ཀྱང༌། གང་དུ་ཡིད་ཀྱིས་མ་བསྒོམས་ན༑ ༑འགྲོ་བ་ཐམས་ཅད་བསྒོམ་འགྱུར་སྟེ། བསྒོམ་པ་ མེད་པའི་སྒོམ་ཉིད་ཀྱིས། །ཆོས་རྣམས་ཐམས་ཅད་ཡོངས་ཤེས་བྱ། །ཞེས་[པ་]དང༌། སྒོམ་ པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་ བཞིན་ལ། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་[སོགས་]གསུངས་སོ། །གཞན་ཡང་ སོ་སོར་སྡུད་པའི་ཏིང་ངེ་འཛིན་ཅིར་ཡང་རྣམ་པར་མི་རྟོག་ཅིང་ཡིད་ལ་མི་བྱེད་པ་ནམ་མཁའི་ རྣལ་འབྱོར་འདི་ཉིད་ལམ་མཆོག་མཐར་ཐུག་ཡིན་པར། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ རྣམས་ཀྱིས་ཀྱང༌། རབ་ཏུ་གསལ་བར་གསུངས་ཏེ། དཔལ་ནཱ་རོའི་ཞབས་ཀྱིས་དབང་མདོར་ བསྟན་པའི་འགྲེལ་པར་ལུང་དྲངས་པ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། གང་རྣམས་ཀྱི་བློ་ [རྟེན་{བརྟེན་}དང་བྲལ། །ཡོད་དང་མེད་ལས་རྣམ་པར་འདས། །ཟབ་མོ་དམིགས་མེད་དེ་ 6-1-440 རྣམས་ཀྱིས། །མཚན་[མོའི་{མའི་}དོན་ནི་རྣམ་པར་བསྒོམ། །ཞེས་དང༌། དཔལ་ལྡན་དཔའ་ བོ་ས་ར་ཧ་ཡིས་གསུངས་པ། རྨོངས་པ་ནམ་མཁའི་ཚད་མ་ནི། །གལ་ཏེ་ཤེས་ན་རྨོངས་ཚོགས་ གཅོད། །དང་པོར་རྣམ་དག་ནམ་མཁའ་ལ། །ལྟ་ཞིང་བལྟ་བས་མཐོང་པ་འགག །དེ་བཞིན་ དུ། མང་པོ་སྨྲ་བས་ཅི་ཞིག་བྱ༑ ༑ཆོས་ཀྱི་ཚད་ནི་འདི་ཡིས་མཆོག །མིག་ཕྱེད་གྱེན་དུ་བལྟ་བ་ ན། །མཐོང་བ་[བསྟན་{བརྟན་}པ་ཉིད་ཀྱིས་ཤེས། །རྨད་བྱུང་ནམ་མཁའི་དཀྱིལ་ཤར་བྷུ་ སུ་ཀུ། །སྟོང་པའི་གཟུགས་མཛེས་ལྟོས་ཤིག་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་རྒྱས་སོ་བྷུ་སུ་ཀུ། ། རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོང༌། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །མེ་ཏོག་ འདི་ནི་སྟོང་པའི་དགོན་པར་རྒྱས། །ཞེས་དང༌། རྟོག་པ་ཉམས་པས་བློ་ཉམས་ཞེས། །བློ་ངན་ རྗེས་སུ་རྟོག་བྱེད་ལོ། །འདི་ཉིད་ལས་ནི་བློ་བཟང་ལ། །ནམ་མཁའ་ལས་ལྷག་ཅི་ཡང་འབྱུང༌། ། དངོས་མེད་དཔྱིད་འབྱུང་ནམ་མཁའི་མེ་ཏོག་འབྲས། །ལག་པས་ཐོགས་རེག་བྱར་མེད་ས་བ་ རི། །མིག་མི་འཛུམ་པ་བལྟ་དང་མི་བསམ་[པར་{དང་}། །རླུང་འགོག་པ་ནི་བླ་མ་དམ་པའི་ གསུངས། །ཞེས་པ་དང༌། གཞན་རྣམས་ཀྱིས་ཀྱང་གསུངས་པ། བར་སྣང་ལ་ནི་ཡིད་དང་རླུང་ དང་མིག །དུས་གཅིག་དུ་ནི་གལ་ཏེ་ལེགས་སྦྱར་ན། །རིན་ཆེན་རྒྱལ་བའི་ཡོན་ཏན་ངེས་པར་ སྐྱེ། །འདི་རྣམས་མཐའ་དག་དེ་བཞིན་གཤེགས་པའི་གསུང༌། །སྣ་ཚོགས་རྣམ་རྟོག་བྲལ་ཞིང་ མི་སེམས་པར། །གལ་ཏེ་བར་སྣང་ལ་ནི་མིག་གཏད་ནས། །ཕྱོགས་བཅུའི་འཇིག་རྟེན་དག་ནི་ ཡིན་ནམ་སྙམ། །རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ལས་ཐོབ། །དེ་བཞིན་དུ། རང་ཡིད་ མཚན་ཉིད་མཐའ་དག་བྲལ་བ་ཡིས། །མིག་ཕྱེད་གྱེན་དུ་བལྟ་བ་དང་བཅས་པས། །གང་ཚེ་ དབུ་མར་རླུང་ནི་བུས་གྱུར་པ། །དེ་ཚེ་རྡོ་རྗེའི་མེ་དང་དུ་བ་འབྱུང༌། །ཞེས་པ་དང༌། འཕགས་པ་ ལྷའི་ཞབས་ཀྱིས་ཀྱང་གསུངས་པ། བཅོམ་ལྡན་སྲོག་གི་ལྷག་པའི་བདག་པོ་རྗེ་བོ་བདག་ཉིད་ ལ་ནི་ཐིམ་འགྱུར་ཞིང༌། །འཚོ་བའི་རླུང་ནི་རྒྱུ་བ་འབྱུང་དང་འཇུག་པའི་ཚོགས་རབ་ཞི་བར་ 6-1-441 གྱུར་པ་[ནི{ན}། །གང་ཞིག་རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་འོད་གསལ་སྐར་མའི་སྣང་བ་ རབ་འབྱམས་འདི། །རང་ལུས་ཉིད་ལས་[སེམས་འཐུན་{ངེས་འཐོན་}མུན་པ་བཅོམ་ནས་ འཇིག་རྟེན་གསུམ་པོ་[ནོན་{གནོན་}པར་བྱེད། །ཅེས་པ་དང༌། ལ་བའི་གོས་ཅན་གྱི་ཞབས་ ཀྱིས་ཀྱང༌། སྣང་བ་ཐོབ་པའི་རྣལ་འབྱོར་པས། །གཞན་དུ་རྟགས་ནི་ཤེས་[བྱ་སྟེ{བྱས་ཏེ}། ། གྲུབ་པའི་འཁྲུལ་པ་མེད་པ་རྣམས། །ལམ་[ནག་{དག་}གི་ནི་དུ་བ་བཞིན། །མིག་[དག་ {དང་}རེངས་པར་བྱེད་པ་དང༌། །མགོ་བོ་དུད་པ་ཉིད་དང་ནི། །སེམས་དང་སེམས་བྱུང་ནུབ་ པ་དང༌། །སྟོང་ཉིད་མཐོང་བའི་སྟོང་པ་ཉིད། །ཅེས་པ་ལ་སོགས་པའོ། །གཞན་གྱིས་ཀྱང༌། གང་དུ་དྲི་མ་མེད་པའི་མཁའ་ལ་མིག་ཕྱེད་སྤྲུལ་བ་ན། །[འཕོ་{འཕྲོ་}བ་ཆེན་པོའི་ཐུགས་རྗེ་ བརླན་པ་བསམ་པའི་རྟེན་ཟ་ལས། །ཡོད་དང་མེད་དང་གཉི་ག་དངོས་པོ་དངོས་མེད་འབྱེད་ པ་བྲལ། །སྟོང་པ་ཉིད་ཀྱི་རྗེས་འགྲོ་དུ་སོགས་མཐའ་དག་གློ་བུར་འཆར། །ཞེས་སོགས་དྲངས་ ནས་དེའི་ཕྱིར་སངས་རྒྱས་ཉིད་དོན་དུ་གཉེར་བས་ཐེ་ཚོམ་མེད་པར་དུ་བ་ལ་སོགས་པའི་ལམ་ བསྒོམ་པར་བྱའོ་ཞེས་གསུངས་སོ། ། གཉིས་པ་དབང་བཞི་པའི་ལམ་ཡིན་པའི་སྒོ་ནས་ལམ་མཆོག་མཐར་ཐུག་ཡིན་པར་ བསྒྲུབ་པ་ནི༑ དཔལ་དུས་ཀྱི་འཁོར་ལོར། ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེའི་སྣང་བ་ དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། །དབང་བསྐུར་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་ གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། །དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་ མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་འདི་ཉིད་བཞི་པ་སྟེ། །སངས་རྒྱས་ཞལ་ནི་གང་གི་ཐུགས་ དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་གསུངས་ཏེ། ཤེས་རབ་ཡེ་ ཤེས་ལ་དབང་གསུམ་པའི་ཤེས་རབ་ཡེ་ཤེས་དང་དབང་བཞི་པའི་ཤེས་རབ་ཡེ་ཤེས་གཉིས་ སུ་ཡོད་པ་ལས། ཕྱི་མ་ནི་འཛིན་པར་བྱེད་པའི་སེམས་གཞན་བདེ་བ་ཆེན་པོ་དང༌། ཡེ་ཤེས་ 6-1-442 ནི་དེའི་སྣང་བ་སྟེ། བཟུང་བར་བྱ་བ་གཞན་དུ་བ་ལ་སོགས་པ་རྣམ་པ་བཅུ་པོས་ཉེ་བར་མཚོན་ པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་མེ་ལོང་ལ་པྲ་ཕབ་པའི་གཟུགས་བརྙན་གྱི་ སྣང་བ་ལྟ་བུ་སྟེ་དེ་ཉིད་དབང་བསྐུར་དྲི་མེད་རི་བོང་ཅན་དང་མཚུངས་པའི་དོན་ཡིན་ལ། སོ་ སོར་སྡུད་དང་བསམ་གཏན་དང་སྲོག་རྩོལ་དང་འཛིན་པ་བཞི་ནི་དབང་བཞི་པ་ལ་ཞུགས་པ་ ཞེས་བྱ་བར་གསུངས་ཤིང༌། དེ་ལྟར་ཞུགས་པ་ལས་མྱ་ངན་ལས་འདས་པའི་བདེ་བ་བྱང་ཆུབ་ ཀྱི་སེམས་འཕོ་བ་མེད་ཅིང་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ཐོབ་པ་ནི་དབང་བཞི་པ་ཐོབ་ པ་ཞེས་བྱ་བར་གསུངས་[ཏེ{ཤིང་}། དེ་ཡང་རྗེས་དྲན་གྱི་དུས་སུ་ཐོག་མ་ཐོབ་ནས་ཏིང་ངེ་ འཛིན་མཐར་ཕྱིན་པ་ས་བཅུ་གཉིས་ཀྱི་དབང་ཕྱུག་ཐོབ་པ་ན་བཞི་པ་ཡོངས་སུ་རྫོགས་པར་ ཐོབ་པ་ཡིན་པར་གསུངས་སོ། །རྒྱུད་གཞན་རྣམས་སུ་[ནི་{ཡང་}དབང་བཞི་པའི་དོན་རྡོ་རྗེའི་ ཚིག་ཏུ་སྦས་པར་གསུངས་ཏེ། དཔལ་ཀྱེའི་རྡོ་རྗེ། སློབ་དཔོན་གསང་བ་ཤེས་རབ་དང༌། །བཞི་ པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་ཤིང༌། དཔལ་ལྡན་དྲི་མ་མེད་པའི་འོད་ལས། རྡོ་རྗེའི་ ཐེག་པ་འདིར་སེམས་ཅན་གྱི་བསམ་པའི་དབང་གིས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་རྡོ་རྗེའི་ ཚིག་ཏུ་སྦས་ཏེ་བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ རོ། །བཞི་པ་ནི་གསུམ་པ་མ་ཡིན་ཏེ། བཞི་པ་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་དེ་བཞིན་ ནོ་ཞེས་གསུངས་པའི་ཕྱིར་བཞི་པ་དེ་ཉིད་ཤེས་རབ་ཡེ་ཤེས་སོ། །བཅོམ་ལྡན་འདས་ཀྱི་ གསུང་འདིའི་ཕྱིར་རྡོ་རྗེའི་ཚིག་ཏུ་སྦས་པ་ཡིན་ནོ། །ཞེས་གསུངས་ཤིང༌། དུས་ཀྱི་འཁོར་ལོའི་ རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས་དབང་བཞི་པ་ཤིན་ཏུ་གསལ་བར་གསུངས་ ཏེ། དྲི་མ་མེད་པའི་འོད་ལས། འདི་ཉིད་བསྒྲུབ་པ་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་ པ་མཚན་མའི་ལམ་རབ་ཏུ་གསལ་བར་མཛད་དེ། སྟོང་པར་རྩེ་གཅིག་ཡིད་བྱས་ཏེ། །ཉི་མ་ གཅིག་ནི་ཡོངས་སུ་རྟག །ཅེས་པས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་མཆོག་གི་ 6-1-443 དང་པོའི་སངས་རྒྱས་སུ་རྡོ་རྗེའི་ཚིག་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ལམ་དུ་བ་ལ་སོགས་པ་རབ་ ཏུ་གསལ་བ་ཡིན་གྱི་བླ་མ་རྒྱུད་པའི་རིམ་པས་འོངས་པ་མ་ཡིན་ལ་བླ་མའི་བཀས་བྱིན་གྱིས་ བརླབས་པ་ཡང་མ་ཡིན་ནོ། །ལམ་འདི་ལ་ཡིད་ཆེས་པ་ཡོད་དེ་ཉི་མ་གཅིག་ཡོངས་སུ་[བརྟག་ {རྟག་}ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ༑ ༑ གསུམ་པ་ཡིད་ཆེས་པ་གསུམ་ལྡན་གྱི་ལམ་ཡིན་པའི་སྒོ་ནས་ལམ་མཆོག་མཐར་ཐུག་ ཡིན་པར་བསྒྲུབ་པ་ནི། ལམ་རྡོ་རྗེའི་རྣལ་འབྱོར་སོ་སོར་སྡུད་པའི་ཏིང་ངེ་འཛིན་འདི་ནི་ཡིད་ ཆེས་པ་རྣམ་པ་གསུམ་ཚང་བའི་ལམ་ཡིན་པའི་ཕྱིར། ལམ་གྱི་མཆོག་མཐར་ཐུག་པའི་ལམ་ ཡིན་པར་ཤེས་པར་བྱ་སྟེ། དཔལ་ལྡན་དྲི་མ་མེད་པའི་འོད་ལས། སྔགས་ཀྱི་ཐེག་པ་འདི་ལ་ ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོར་རེ་ཤིག་རྒྱུད་ལ་ ཡིད་ཆེས་པ་དང༌། དེ་ནས་བླ་མ་ལ་ཡིད་ཆེས་པ་དང༌། དེ་ནས་བདག་ཉིད་ལ་ཡིད་ཆེས་པ་སྟེ་ ཡིད་ཆེས་པ་འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་ པར་འགྱུར་རོ། །རྣམ་པ་གཞན་དུ་ན་ཡིད་ཆེས་པ་གསུམ་མེད་པར་ལམ་གང་བླ་མས་སློབ་མ་ ལ་བསྟན་པ་ནི། རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་པོར་མི་འགྱུར་ཏེ། སློབ་ མའི་བླུན་པའི་དད་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་པའི་འབྲས་བུར་ འགྱུར་རོ། །འདིར་རྒྱུད་དང་རྒྱུད་གཞན་དུ་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་མཛད་དེ། སེམས་རྣམ་པར་རྟོག་པ་དང་བྲལ་བར་བྱས་ནས་ཉི་མ་གཅིག་མཚན་མ་ཡོངས་སུ་[བརྟག་ {རྟག་}པར་བྱའོ། །གལ་ཏེ་རྒྱུད་ལས་གསུངས་པའི་ཆོ་ག་དང་བླ་མའི་མན་ངག་གིས་སློབ་མ་ ཡིད་ཆེས་པར་མ་གྱུར་པ་དེ་[ལྟ་{ལྟར་}ན་བཅོམ་ལྡན་འདས་རྫུན་གསུང་བར་འགྱུར་ཏེ། ཅི་ སྟེ་བླ་མས་རྒྱུད་ནས་གསུངས་པའི་ཆོ་གས་སློབ་མ་ལ་ལམ་སྟེར་བ་པོར་མ་གྱུར་པ་སྟེ་དེ་[ལྟ་ {ལྟར་}ན་བཅོམ་ལྡན་འདས་ཀྱིས་དམ་བཅས་པ་རྫུན་དུ་མི་འགྱུར་ཏེ། བླ་མས་ལམ་ཡོངས་སུ་ 6-1-444 མི་ཤེས་པའི་ཕྱིར་དང༌། ཕྱིན་ཅི་ལོག་དང་རྣམ་པར་མ་དག་པའི་ལམ་བསྒོམ་པ་སྟོན་པར་བྱེད་ པ་ཉིད་ཀྱི་ཕྱིར་རོ། །འདིར་དུ་བ་ལ་སོགས་པའི་མཚན་མ་བོར་ནས། གཞན་དཀྱིལ་འཁོར་ གྱི་འཁོར་ལོ་བསྒྲུབ་པ་ནི་ཉི་མ་གཅིག་གིས་མཚན་མ་ཡོངས་སུ་བརྟག་པར་བྱ་བ་མ་ཡིན་པར་ བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་གསུངས་ཏེ། དེའི་དོན་མདོར་བསྡུས་ན་མཆོག་ དོན་དུ་གཉེར་བའི་རྣལ་འབྱོར་པས་བསྒོམ་པར་བྱ་བའི་ལམ་མཐར་ཐུག་པ་ཡིན་པ་དེ་ལ། དང་པོར་ལམ་གྱི་རིམ་པ་དེ་བཅོམ་ལྡན་འདས་ཀྱིས་ཇ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་ སུ་གསུངས་པ་ཞིག་དགོས་ཏེ། དེ་[ནི་]རྒྱུད་ལས་ཡིད་ཆེས་པའོ། །དེ་ནས་བླ་མས་ཀྱང་རྒྱུད་ ལས་གསུངས་པའི་ངེས་པའི་དོན་གྱི་ཚུལ་ཇི་ལྟ་བ་བཞིན་[དུ་ཐུགས་སུ་ཆུད་ཅིང༌། ] རང་གིས་ ཐུགས་སུ་ཆུད་{ཅིང༌། རྒྱུད་ཀྱི་དགོངས་}པ་ལྟར་སློབ་མ་ལ་ལེགས་པར་སྟོན་པར་མཛད་པ་ གཅིག་དགོས་ཏེ་དེ་ནི་བླ་མ་ལ་ཡིད་ཆེས་པའོ། །དེ་ནས་སློབ་མ་རང་ཉིད་ཀྱིས་བླ་མ་དམ་པའི་ ཞལ་གྱི་གདམས་པ་ཇི་ལྟ་བ་བཞིན་དུ་ཉམས་སུ་བླང་དགོས་ཤིང་ཉམས་སུ་བླངས་པས་མདོ་ རྒྱུད་ཟབ་མོ་རྣམས་སུ་ཇི་ལྟར་གསུངས་པ་བཞིན་གྱི་ཉམས་སུ་མྱོང་བ་ཁྱད་པར་[ཅན་]རྒྱུད་ ལ་སྐྱེ་བར་འགྱུར་ཏེ། དེ་ནི་བདག་ཉིད་ལ་ཡིད་ཆེས་པ་སྟེ། དེ་ནི་སངས་རྒྱས་ཀྱི་ལམ་མཐར་ ཐུག་པའོ། །ཞེས་པའི་དོན་ནོ། །བདག་ཉིད་ལ་ཡིད་ཆེས་པའི་ཚུལ་ཡང་དུས་ཡུན་རིང་པོར་ བསྒོམ་པ་ལ་ལྟོས་པ་མ་ཡིན་གྱི། སོ་སོར་སྡུད་པའི་ཏིང་ངེ་འཛིན་འདི་ཉི་མ་གཅིག་བསྒོམས་ པ་ཉིད་ལས་ཡིད་ཆེས་པའི་རྟགས་མཐོང་པར་འགྱུར་བ་ཡིན་ཏེ། རྩ་བའི་རྒྱུད་མཆོག་གི་ དང་པོའི་སངས་རྒྱས་ལས། སྟོང་པར་རྩེ་གཅིག་ཡིད་བྱས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་ [བརྟག{རྟག}། ཅེས་དང༌། བདེ་མཆོག་སྟོད་འགྲེལ་དུ་ཡང༌། འདིར་བཅོམ་ལྡན་འདས་ [ཀྱིས་{ཀྱི་}དམ་བཅའ་བ་[མཛད་པ་]ནི། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་ གཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། །ཞེས་ 6-1-445 པའོ། །འདིར་རྟགས་ནི་དུ་བ་ལ་སོགས་པའི་མཚན་མ་སྟེ། གཞན་སྔགས་ལ་སོགས་པ་ནི་མ་ ཡིན་ནོ། །གང་གིས་ཉི་མ་གཅིག་ཏུ་བསྒྲུབས་ན་སྔགས་པ་རྣམས་ལ་རྟགས་འབྱུང་པར་འགྱུར་ བ་དེའི་ཕྱིར། ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་ཏེ། ཞེན་པ་མེད་པར་བྱས་ནས་ཟབ་ མོ་སྟོང་པ་{ཉིད་}དམིགས་པ་མེད་པ་བསྒོམ་པར་བྱ་སྟེ། རྣལ་འབྱོར་པས་དུ་བ་ལ་སོགས་པའི་ རྟགས་འབྱུང་བ་མཐོང་བར་འགྱུར་རོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །[ཞེས་ སོ། །]དེ་བཞིན་དུ། དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་ཡང༌། བསམ་གཏན་ཉོན་མོངས་འཇིག་བྱེད་ པ། །རྡོ་རྗེ་སྙིང་པོ་ང་ཡིས་བཤད། །བརྩེ་བས་དངོས་གྲུབ་དོན་དུ་ཡང༌། །ཟླ་བ་ཕྱེད་དུ་ཡོངས་ སུ་རྟོགས། །བསམ་པ་ཐམས་ཅད་ཡོངས་སྤངས་[ནས{ཏེ}། །ལྷ་ཡི་གཟུགས་སུ་སེམས་པ་ ཡིས། །ཉི་མ་གཅིག་ཏུ་མ་ཆད་པར། །བསྒོམ་པ་ཡོངས་སུ་བརྟག་པར་གྱིས། །རང་གཞན་དོན་ ནི་རབ་བསྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་ ཡིད་ཆེས་པ་རྣམ་པ་གསུམ་ལས་ཀྱང་བདག་ཉིད་ལ་ཡིད་ཆེས་པའི་ཚུལ་ནི། ངེས་པའི་དོན་ གྱི་མདོ་སྡེ་རིན་པོ་ཆེ་རྣམས་དང་ཁྱད་པར་དུ་རྒྱུད་སྡེ་ཟབ་མོ་རྣམས་ལས་འོད་གསལ་ཆོས་ཀྱི་ སྐུ་སེམས་ཐམས་ཅད་ལ་གདོད་མ་ནས་རང་ཆས་སུ་བཞུགས་པར་གསུངས་པ་ཡིན་ལ། སོ་ སོར་སྡུད་ཀྱི་ཏིང་ངེ་འཛིན་{འདི་}བསྒོམ་པའི་རྣལ་འབྱོར་པས། རྒྱུད་སྡེ་ཟབ་མོ་ལས་ཇི་ལྟར་ གསུངས་པ་ལྟར་འོད་གསལ་ཆོས་ཀྱི་སྐུ་དུ་བ་ལ་སོགས་པ་སྟོང་གཟུགས་ཀྱི་རྣམ་པ་ཅན་ཏེ་ མངོན་སུམ་གྱིས་གསལ་བར་དམིགས་པའི་སྒོ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འོད་གསལ་ ཆོས་ཀྱི་སྐུ་རང་ལ་རང་ཆས་སུ་བཞུགས་པ་ལ། ཡིད་ཆེས་པར་འགྱུར་པ་ཡིན་ཞིང༌། དེ་ཉིད་ ཀྱིས་ན་སྦྱོར་བ་ཡན་ལག་དྲུག་གི་ཏིང་ངེ་འཛིན་འདི་དག་ནི་ཡི་དམ་གྱི་ལྷ་མངོན་སུམ་གྱིས་ བསྒོམ་པ་ཞེས་བྱ་བ་ཡིན་ཏེ། དཔལ་ལྡན་རྒྱུད་ལས། ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་ དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་ 6-1-446 བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་ སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང༌། །དེ་ནི་རི་མོ་སོགས་ ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱིས་བསྒོམ་པའི་དོན། །ཞེས་གསུངས་ ཏེ། དེའི་དོན་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་གིས། འདིར་སེམས་ཅན་རྣམས་ཀྱི་བསམ་ པའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱི་ལྷའི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་ སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དེ་དག་ལས་ མངོན་སུམ་གང་ཡིན་པ་{དེ་}དག་ནི། དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་འགྱུར་ཏེ། སྐར་མའི་ཚོགས་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པ་ནི་ཤ་ལ་སོགས་པའི་མིག་ གིས་གཟུང་བར་བྱ་བ་སྲིད་པ་གསུམ་དང་དུས་གསུམ་རྨི་ལམ་དང༌། སྒྱུ་མ་དང་མཚུངས་པའོ། ། འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པས། མངོན་པར་ཤེས་པ་མེད་པར་ཤའི་མིག་ གིས་སྣ་ཚོགས་མཐོང་ངོ༌། །དེ་ནས་མངོན་པར་ཤེས་པའི་འཚམས་[ཀྱིས་{ཀྱི་}དབང་གིས་ ལྷའི་མིག་གིས་མཐོང་ངོ༌། །དེ་ནས་ཆགས་པ་དང་བྲལ་བའི་འཚམས་ཀྱི་དབང་གིས་སངས་ རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་འཚམས་ཀྱི་དབང་གིས་ཤེས་ རབ་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཚམས་ ཀྱི་ཐུགས་ཀྱི་དབང་གིས། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། ལྷག་མ་ཀུན་ལས་རྣམ་[པར་] གྲོལ་ཞིང་ཞེས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་ཤ་ལ་སོགས་པའི་སྤྱན་ལྔ་པོ་འདི་རྣམས་ ནི་སྟོང་པ་ཉིད་གཟིགས་པའི་སླད་དུ་སྟེ་སེམས་གཞན་རྣམས་ནི་སྟོང་པ་ཉིད་ལྟ་བའི་ཡུལ་ལ་ [དམུས་{དམུ་}ལོང་ངོ༌། །ཞེས་དང༌། དེ་ཁོ་ན་ཉིད་བསྒོམ་པའི་ངེས་པའོ། །ཞེས་གསུངས་ ཏེ། བསྐྱེད་རིམ་གྱི་བསྒོམ་པ་ནི་རྗེས་སུ་དཔག་པ་སྟེ། རྟོག་པས་[བརྟགས་{བཏགས་}པའི་ བསྒོམ་པ་ཡིན་ནོ། །དཔལ་ཀྱེའི་རྡོ་[རྗེའི་རྒྱུད་ལས་ཀྱང་{རྗེར་ཡང་}། དངོས་པོ་བསྒོམ་འགྱུར་ 6-1-447 ཤེས་རབ་ཅན། །དངོས་པོ་མེད་པ་ཡོངས་ཤེས་པས། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ལུས་ལ་ཡེ་ ཤེས་ཆེན་པོ་གནས། །ཞེས་གསུངས་ཏེ། དེའི་དོན་ནི་འཕགས་པ་རྡོ་རྗེ་སྙིང་པོས། འདིར་ནམ་ མཁའ་ལ་དངོས་པོ་བསྒོམ་བྱ་བ་ནི་རྨི་ལམ་ལྟ་བུ་སྟེ། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་ པའོ། །དེ་ཡོངས་[སུ་]ཤེས་པ་ནི་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྣམ་པར་རྟོག་པ་དང་ བྲལ་བའི་སེམས་ཀྱིས་སྣང་བརྙན་མཐོང་པའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ནི་མངོན་ སུམ་ཞེས་བརྗོད་པར་བྱའོ། །ཞེས་གསུངས་ཤིང༌། དཔལ་ཕྱག་ན་རྡོ་རྗེས། བདེ་མཆོག་སྟོད་ འགྲེལ་དུ་ཡང༌། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པ་ལ་སོགས་པ་རྡོ་རྗེའི་ཚིག་གི་ངེས་ པའི་དོན་འདིར་རྣམ་པ་ཀུན་ལྡན་རྣམ་པ་མེད་[པ་]ནི། རྒྱུ་སྟེ་སོ་སོར་སྡུད་པས་གང་ཞིག་ མཐོང་བ༑ དངོས་པོ་བུམ་པ་དང༌། སྣམ་བུ་ལ་སོགས་པ་པྲ་ཕབ་པ་དང་མཚུངས་པར་སྣང་ པའོ། །རྣམ་པ་ཀུན་ལྡན་ཞེས་པ་རྟོག་པ་དང་བྲལ་བ་མ་འཁྲུལ་བའི་མངོན་སུམ་[གྱི་{གྱིས་} མཐོང་པ་ལས་ཞེས་པའོ། །རྣམ་པ་མེད་ཅེས་པ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་རྟོག་ པ་དང་བྲལ་བ་ཉིད་ལས་སོ། །གང་གི་ཕྱིར་བཀབ་པ་དང་མ་བཀབ་པའི་མིག་གིས་རྟོགས་པ་ དེའི་ཕྱིར་གཟུགས་མ་ཡིན་ཞིང༌། གཟུགས་ལས་གཞན་ཡང་མ་ཡིན་ལ། མིག་གིས་རྟོགས་པ་ མ་ཡིན་ཞིང༌། མིག་མེད་པར་ཡང་རྟོགས་པ་མ་ཡིན་ནོ༑ ༑ཞེས་གསུངས་སོ། །དེས་ན་རྡོ་རྗེའི་ རྣལ་འབྱོར་གྱི་ཏིང་ངེ་འཛིན་འདི་ནི་རྣལ་འབྱོར་མངོན་སུམ་ཡིན་པར་ཤེས་པར་བྱའོ། ། བཞི་པ་ལམ་གྱི་རྣམ་པ་ཡོངས་སུ་རྫོགས་པའི་ལམ་ཡིན་པའི་སྒོ་ནས་ལམ་མཆོག་མཐར་ ཐུག་ཡིན་པར་བསྒྲུབ་པ་ནི། རྒྱལ་བའི་ཡུམ་གྱི་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ལམ་ཁོ་ན་ལམ་གྱི་མཆོག་ཡིན་པར་གསུངས་ཏེ། འཕགས་པ་སྡུད་པ་ལས། རྒྱལ་བ་འདས་ དང་མ་བྱོན་ད་ལྟར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། ། ཞེས་སོགས་གསུངས་པའི་ཕྱིར། དུ་བ་ལ་སོགས་པའི་གཟུགས་བརྙན་བསྒོམ་པའི་ལམ་འདི་ 6-1-448 ལམ་གྱི་མཆོག་[ཏུ་ཇི་ལྟར་འགྱུར་སྙམ་ན་{པར་གསུངས་ཏེ། } དུ་བ་ལ་སོགས་པའི་གཟུགས་ བརྙན་བསྒོམ་པ་སོ་སོར་སྡུད་པའི་ཏིང་ངེ་འཛིན་འདི་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ལམ་མཆོག་ཡིན་ཏེ། རྒྱལ་བའི་ཡུམ་ལས། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་ དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་འདིར་གང་ཞིག་ གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ཡིན། རབ་འབྱོར་ཀྱིས་སྨྲས་པ། ཀོའུ་ཤི་ཀ་གང་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་ འབྱོར་དུ་བྱེད་དོ། །ཀོའུ་ཤི་ཀ་གང་བླ་ཁབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པ་དེ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བར་སེམས་པའོ། །ཞེས་གསུངས་ཏེ། ནམ་མཁའ་ལ་རྣལ་ འབྱོར་དུ་བྱེད་པ་ནི། མཚན་མོའི་རྣལ་འབྱོར་ཡིན་[ཞིང་{པ་དང་}། བླ་ཁབ་མེད་པ་ལ་རྣལ་ འབྱོར་དུ་བྱེད་པ་ནི་ཉིན་མོའི་རྣལ་འབྱོར་ཡིན་པར། འཕགས་པ་འཇིག་རྟེན་དབང་ཕྱུག་དང༌། དཔལ་ཕྱག་ན་རྡོ་རྗེ་དང༌། ཕྱག་རྒྱ་ཆེན་པོ་གྲུབ་པའི་[སློབ་དཔོན་]དཔལ་ནཱ་རོའི་ཞབས་ ཀྱིས་གསུངས་ཤིང༌། དེ་བཞིན་དུ། [རྒྱལ་བའི་ཡུམ་ལས། ] རིན་ཆེན་སྣང་བ་ཞེས་བྱ་བའི་ཏིང་ ངེ་འཛིན་དང༌། རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟླ་བ་སྣང་བ་ཞེས་བྱ་བའི་ ཏིང་ངེ་འཛིན་དང༌། སྤྱི་གཙུག་རྣམ་པར་ལྟ་བ་[ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འོད་ཟེར་རྣམ་ པར་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་{འོད་ཟེར་རབ་ཏུ་འགྱེད་པ་}དང༌། [བལྟ་{ལྟ་}བས་ ཆོག་མི་ཤེས་པ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་>། ཕྱོགས་རྣམ་པར་བལྟ་བ་<ཞེས་བྱ་བའི་ཏིང་ངེ་འཛིན་ དང་>། ནམ་མཁའ་རྒྱས་པར་འགེངས་པ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་>། རྒྱལ་མཚན་རྩེ་མོའི་ དཔུང་རྒྱན་<ཞེས་བྱ་བའི་ཏིང་ངེ་འཛིན་དང་>། དྲི་མ་མེད་པའི་སྒྲོན་མ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་> ། འོད་མཐའ་ཡས་པ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་>། འོད་བྱེད་པ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་> ། འོད་དྲི་མ་མེད་པ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་>། ཉི་མའི་སྒྲོན་མ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་> 6-1-449 ། ཟླ་བ་དྲི་མ་མེད་པ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་>། སྣང་བ་གསལ་བ་<ཞེས་བྱ་བའི་ཏིང་ངེ་འཛིན་ དང་>། སྣང་བ་བྱེད་པ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་>། །དགེ་བའི་ལོ་ཐོག་རྒྱས་ཤིང་གསལ་ བ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་>། བརྡ་དང་སྒྲ་ལ་འཇུག་པ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་>། སྒྲ་ དབྱངས་དང་ལྡན་པ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་>། སྒྲོན་མ་འབར་བ་<ཞེས་བྱ་བའི་ཏིང་ངེ་འཛིན་ དང་>། རྣམ་པའི་མཆོག་ཐམས་ཅད་ལྡན་པ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་>། ནམ་མཁའ་[དང་] འདྲ་བ་<ཞེས་བྱ་བའི་ཏིང་ངེ་འཛིན་དང་>། གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་[དེ་{དེས་}རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་{སེམས་དཔའ་}ཆེན་པོ་ ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ རྒྱའོ། །ཞེས་གསུངས་ཏེ། ཏིང་ངེ་འཛིན་འདི་རྣམས་སོར་སྡུད་བསམ་གཏན་གྱི་ཏིང་ངེ་འཛིན་ དང་དོན་གཅིག་པར། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་སོགས་པས་གསུངས་པའི་ཕྱིར་ ཡིད་ཆེས་པར་བྱའོ། །དེ་བཞིན་དུ། རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། ལས་ ཀྱི་ཕྱག་རྒྱ་བརྟགས་པ་ཡི། །ཡེ་ཤེས་ཕྱག་རྒྱ་ཡོངས་སྤངས་ནས། །མཆོག་ཏུ་མི་འགྱུར་སྦྱོར་ བ་ཡིས། །ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ། །ཞེས་གསུངས་ཤིང༌། གཞན་ཡང་རྒྱུད་ཀྱི་རྒྱལ་ པོ་དུ་མ་རྣམས་ལས་ཕྱག་རྒྱ་ཆེན་པོ་བསྒོམ་པར་གསུངས་པའི་དོན་ཡང་སྟོང་གཟུགས་བསྒོམ་ པའི་ཏིང་ངེ་འཛིན་འདི་ཉིད་ཡིན་ཏེ། བསྒོམ་བྱ་སྟོང་གཟུགས་འདི་ཉིད་ཕྱག་རྒྱ་ཆེན་པོ་དངོས་ ཡིན་པའི་ཕྱིར་རོ། །དེ་ཡང་དཔལ་ལྡན་རྒྱུད་ལས། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་པོ་སྣང་པར་བྱེད་ ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་ མེད་ཡུལ་དང་རྣམ་པར་བྲལ་བ་སྣང་བ་ཙམ་ནི་མཁའ་ལ་གནས་པ་ཡིས། །སེམས་ལ་སེམས་ དག་གིས་ནི་བདག་གིས་མཁྱུད་དེ་འགྲོ་བ་དུ་མའི་གཟུགས་ཅན་དེ་ནི་གཅིག་པུའོ། །ཞེས་པ་ 6-1-450 དང༌། སེམས་ནི་རྙོག་པ་དང་བཅས་ལས་ཀྱི་ཕྱག་རྒྱ་འདི་དང་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་ སྤང་བྱ་སྟེ། །ཡང་དག་རྫོགས་པའི་བྱང་ཆུབ་ཆེད་དུ་རྒྱལ་བ་མཆོག་གི་བསྐྱེད་མ་མཆོག་གི་ ཕྱག་རྒྱ་གོས་པ་མེད། །རྣམ་པར་འགྱུར་བ་མེད་ཅིང་མཁའ་མཉམ་མུན་བཅོམ་ཁྱབ་བྱེད་རྣལ་ འབྱོར་དག་གིས་བགྲོད་བྱ་ཐེར་ཟུག་གནས། །ཡེ་ཤེས་གཟི་བརྗིད་སྲིད་པའི་དྲི་མ་འཕྲོག་ ཅིང་དུས་ཀྱི་འཁོར་ལོས་རྗེས་སུ་རིག་པ་བསྒོམ་པར་བྱ། །ཞེས་པ་དང༌། སེམས་ཀྱི་སྣང་བ་ ཙམ་ཏེ་རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །གང་ཞིག་མཐའ་ དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བརྟེན་པ་རྣལ་འབྱོར་དབང་པོས་[བསྟེན་ {བརྟེན་}བྱ་སྟེ། །ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་བདུད་དཔུང་ཡུལ་དང་བཅས་པ་མཐའ་ དག་སྲེག་བྱེད་ཅིང༌། །ལུས་ལ་ཆགས་པ་ལ་སོགས་ཀྱང་ཏེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་ བས་བདེ་མཉམ་སྟེར་བར་བྱེད། །ཅེས་པ་དང༌། དཔལ་ལྡན་དྲི་མ་མེད་པའི་འོད་ལས། ཕྲ་ རབ་རྡུལ་ཀྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་ [མ{པ}། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་པ་དང༌། གང་ཞིག་ཕུང་པོ་ལ་སོགས་སྒྲིབ་པ་ རབ་བཅོམ་ཡུལ་ནི་པྲ་ཕབ་བརྒྱད་ལྟ་བུ། །ཀུན་མཁྱེན་བདེ་སྟེར་དེ་ཉིད་གཅིག་པུ་རྡོ་རྗེ་འཛིན་ པའི་ཕྱག་རྒྱ་ཆེན་མོ་སྟེ། །ཞེས་པ་དང༌། དེ་ཉིད་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར། སེམས་ཀྱི་སྣང་བ་ཙམ་ཏེ་ཞེས་སོགས་ལུང་དྲངས་པའི་རྗེས་སུ། བཅོམ་ལྡན་འདས་ཀྱི་ངེས་པ་ འདིའི་ཕྱིར་དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པས་ཀྱང་ཕྱི་རོལ་ཀྱི་དབང་པོ་ལས་སྐྱེས་ [པ་{པར་}འགྱུར་བའི་བདེ་བ་རྣམ་པ་སྤངས་ནས་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་ཕྱག་ རྒྱ་ཆེན་པོ་རང་གི་སེམས་ཀྱི་སྣང་བ་ཙམ་འདི་རྣལ་འབྱོར་[པས་]<པ་རྣམས་ཀྱིས་>བསྒོམ་པར་ བྱའོ། །ཞེས་གསུངས་པའི་ཕྱིར། ཕྱག་རྒྱ་ཆེན་པོའི་ངོ་བོ་ནི་རྣལ་འབྱོར་པའི་རང་གི་སེམས་ཀྱི་ འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་སྣང་བའི་དུ་བ་ལ་སོགས་པ་འདི་ཉིད་ཡིན་ལ། དེ་ 6-1-451 ཡང༌། དབང་མདོར་བསྟན་པར། སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ། །ཞེས་སོགས་གསུངས་ པའི་དོན་གོང་དུ་བཤད་པ་ལྟར། སྟོང་གཟུགས་དང་ལྷན་སྐྱེས་བདེ་བ་ཕན་ཚུན་རྒྱས་བཏབ་པ་ ལ་ཕྱག་རྒྱ་ཆེན་[པོ་{མོ་}ཞེས་བྱའོ། །དེ་སྒྱུ་མ་དང་རྗེས་སུ་མཐུན་པའི་ཚུལ་ནི། འཕགས་པ་རྡོ་ རྗེ་སྙིང་པོས་སྣང་བརྙན་དེ་ཉིད་དཔེ་དགུ་རྣམས་ཀྱིས་བསྒྲུབསཏེ། འདི་ལྟ་སྟེ། མིག་ཡོར་དང༌། སྤྲུལ་པའི་གྲོང་ཁྱེར་དང༌། སྒྲ་བརྙན་དང༌། རྨི་ལམ་དང༌། སྒྱུ་མའི་འཁྲུལ་འཁོར་དང༌། སྨིག་རྒྱུ་ དང༌། མེ་ལོང་གི་གཟུགས་བརྙན་དང༌། ཆུ་ཟླ་དང༌། ནམ་མཁའ་ཞེས་པའོ། །ཞེས་གསུངས་པ་ ལྟར་རོ། །དེ་ཡང་འོད་གསལ་འདི་གཟུགས་སོགས་ཀྱི་རྣམ་པར་སྣང་ཡང་གཟུགས་སོགས་ཀྱི་ དངོས་པོར་མ་གྲུབ་པས་སྒྱུ་མ་ལྟ་བུ་ལ་སོགས་པ་ཡིན་གྱི། རྫུན་པ་ཡིན་པའི་རྒྱུ་མཚན་གྱིས་ནི་ སྒྱུ་མ་ལྟ་བུ་ལ་སོགས་པ་མ་ཡིན་ཏེ། རྣལ་འབྱོར་པའི་མངོན་སུམ་གྱི་དམིགས་ཡུལ་ཡིན་པའི་ ཕྱིར་རོ། །དེ་ལྟར་ན། འོད་གསལ་སྟོང་གཟུགས་འདི་[ཉིད་{ནི་}ཡུམ་ཤེར་ཕྱིན་དང་ཕྱག་རྒྱ་ ཆེན་པོ་ཡིན་པར་གྲུབ་ལ། འདི་ཉིད་ནང་གི་རིག་པ་འགྱུར་བ་མེད་པ་ཞེས་བྱ་བ་ཡང་ཡིན་ཏེ། དཔལ་ལྡན་རྒྱུད་ལས། རིག་པ་ཞེས་པ་ནང་རིག་འགྱུར་མེད་ཀྱང་སྟེ་འཇིག་རྟེན་འདིར་ནི་ཐུབ་ པ་རྣམས་ཀྱིས་རབ་གསུངས་ཉིད། །ཅེས་གསུངས་པའི་དོན། དཔལ་ལྡན་དྲི་མ་མེད་པའི་འོད་ ལས། རིག་པ་ཞེས་པ་རྣམ་པར་མི་རྟོག་པ་ནང་གི་རིག་པ་སྟེ། རྣམ་པ་ཐམས་ཅད་དང་ལྡན་ པའི་སྟོང་པ་ཉིད་དོ། །གཞན་ཡང་འགྱུར་མེད་ཀྱང་རིག་པ་སྟེ་དམིགས་པ་མེད་པ་ཟག་པ་མེད་ པའི་བདེ་བའི་བདག་ཉིད་ཅན་ནོ། །རིག་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཅན། རྒྱུ་དང་ འབྲས་བུ་གཅིག་ཏུ་འདྲེས་པར་གྱུར་པ་སྟེ། མེའི་འོད་དང་སྲེག་པར་བྱེད་པ་གཅིག་ཏུ་འདྲེས་ པར་གྱུར་པ་བཞིན་ནོ། །འཇིག་རྟེན་འདིར་ནི་འདས་པ་དང་ད་ལྟར་བྱུང་པའི་ཐུབ་པ་ཆོས་ཀྱི་ འཁོར་ལོ་ལ་གནས་པ་རྣམས་ཀྱིས་རབ་ཏུ་གསུངས་པ་ཉིད་དོ། །ཞེས་པ་དང༌། དེ་ཉིད་ཀྱི་ མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར། དེ་བཞིན་དུ་གཞན་ནང་གི་རིག་པ་ཤེས་རབ་ཀྱི་ 6-1-452 ཕ་རོལ་ཏུ་ཕྱིན་མ་རང་བཞིན་གྱིས་འོད་གསལ་བ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་ བའི་གཟུགས་ཅན་མ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པར་རྫོགས་པའི་གནས་སྐབས་ཏེ། རྡོ་རྗེ་ སེམས་དཔའ་དང་སངས་རྒྱས་ཀྱི་ཡུམ་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་པོ་རྣམས་ཀྱི་ སྤྱོད་ཡུལ་མ་ཡིན་པ་མཆོག་གི་དབང་པོའི་སྤྱོད་ཡུལ། མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་ བཞིན་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་མེ་ལོང་གི་པྲ་ཕབ་པ་དང༌། རྨི་ལམ་དང་མཚུངས་པ་ དེ་ནི་རྒྱལ་བ་རྣམས་ཀྱིས་ལྷན་ཅིག་སྐྱེས་པའི་སྐུར་གསུངས་ཏེ། མཆོག་ཏུ་མི་འགྱུར་བའི་ རང་བཞིན་གྱི་ཕྱིར་རོ། །ཞེས་[པ་]དང༌། ཕྱག་རྒྱ་ཆེན་མོ་ནི་རང་བཞིན་མེད་པའི་ཆོས་ཐམས་ ཅད་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ མ། སངས་རྒྱས་<ཐམས་ཅད་>བསྐྱེད་པར་མཛད་མའོ། །ཆོས་འབྱུང་གི་སྒྲས་ཀྱང་དེ་བརྗོད་ དེ་ཆོས་འབྱུང་གང་ལས་རང་བཞིན་མེད་པའི་ཆོས་ཐམས་ཅད་འབྱུང་པར་འགྱུར་བའོ། །རང་ བཞིན་མེད་པའི་ཆོས་རྣམས་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་ བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་པར་གྱུར་པ་ནི་ཆོས་འབྱུང་སྟེ། སངས་རྒྱས་ ཀྱི་ཞིང་ངོ༌། །ཞེས་{པ་}དང༌། དེའི་ཕྱིར་ཆོས་འབྱུང་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ སྣ་ཚོགས་ཡུམ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་འཁྱུད་པ། དུས་ཐམས་ཅད་དུ་སྒྲིབ་པ་ ཐམས་ཅད་དང་བྲལ་བའོ། །ཞེས་གསུངས་སོ། །དེ་ལྟར་ན་དུ་བ་ལ་སོགས་པ་འོད་གསལ་རྣམ་ ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་འདི་ཉིད་ལ་རྒྱལ་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ ཞེས་ཀྱང་བྱ། ཕྱག་རྒྱ་ཆེན་མོ་ཞེས་ཀྱང་བྱ། ནང་རིག་འགྱུར་བ་མེད་པ་ཞེས་ཀྱང་བྱ། ཆོས་ཀྱི་ དབྱིངས་ཞེས་ཀྱང་བྱ། ལྷན་ཅིག་སྐྱེས་པའི་སྐུ་ཞེས་ཀྱང་བྱ་སྟེ། དེ་[ལྟ་བུ་{ལྟར་} མངོན་སུམ་ དུ་བསྒོམ་པའི་ལམ་རྡོ་རྗེའི་རྣལ་འབྱོར་འདི་ནི་ལམ་གྱི་མཆོག་མཐར་ཐུག་པ་ཡིན་པར་ཡིད་ ཆེས་པར་བྱའོ། །དེ་བཞིན་དུ་རྒྱལ་བའི་ཡུམ་གྱི་མདོ་ལ་སོགས་པ་ངེས་པའི་དོན་གྱི་{མདོ་སྡེ་ 6-1-453 པ་ངེས་པའི་དོན་གྱི་}མདོ་སྡེ་རྣམས་དང༌། རྒྱུད་སྡེ་རིན་པོ་ཆེ་{རྣམ་པ་}ཐམས་ཅད་ལས་ཟབ་ མོ་སྟོང་པ་ཉིད་བསྒོམ་པ་ལམ་གྱི་མཆོག་ཏུ་གསུངས་པའི་དགོངས་པ་ཡང༌། དམིགས་བཅས་ སྟོང་པ་ཉིད་བསྒོམ་[པའི་ལམ་{པ་}འདི་ཉིད་ཡིན་པར་ཤེས་པར་བྱ་སྟེ། རྗེ་བཙུན་འཇམ་ པའི་དབྱངས་ཀྱིས། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར། སོ་སོར་བསྡུད་སོགས་དྲུག་པོ་རྣམས་ ཀྱིས་སྟོབས་བཅུའི་སྟོབས་དང་ལྡན་པས་སྟོང་པ་ཉིད་ནི་བསྒོམ་པར་གསུངས། །མཚན་མོ་དུ་ བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་མཁའ་ལ་འབར་བ་ལ་སོགས་རྣམས་ཀྱང་ངོ༌། །སོ་ སོར་སྡུད་པས་རྣལ་འབྱོར་པ་ནི་ནམ་མཁའི་མཐིལ་དུ་སོན་པ་དུས་གསུམ་གཟུགས་རྣམས་ མཐོང་བར་འགྱུར། །དེ་ལ་བསམ་གཏན་གྱིས་སེམས་བརྟན་པར་ཡང་ནི་བྱེད་དེ་ཕྱི་རོལ་ དངོས་པོ་རྣམས་ནི་རྣམ་པར་སྤོང༌། །ཞེས་སོགས་གསུངས་སོ། །དེ་ལ་སྟོང་པ་ཉིད་ནི། དབུ་མ་ བདེན་གཉིས་ལ་སོགས་པར། འདི་ལྟར་སྣང་བའི་དངོས་པོ་ལ། །རིགས་པས་བརྟགས་ནས་ འགའ་མི་རྙེད། །མ་རྙེད་པ་ནི་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་གསུངས་ པ་ལྟར། ཆོས་རྣམས་རིགས་པས་[རྣམ་པར་]དཔྱད་ན་ཅིར་ཡང་མ་གྲུབ་པ་ཙམ་ཉིད་མ་ཡིན་ ནམ། དུ་བ་ལ་སོགས་པའི་གཟུགས་བརྙན་བསྒོམ་པ་འདི་སྟོང་པ་ཉིད་བསྒོམ་པ་ཡིན་[པར་ {པ་}ཇི་ལྟར་འགྱུར་སྙམ་ན། དེ་ནི་རེ་ཞིག་ཕྱི་མཚན་ཉིད་<ཀྱི་>ཐེག་པའི་དབུ་མའི་གཞུང་ ལུགས་[རྣམས་]སུ་གྲགས་པའི་སྟོང་པ་ཉིད་དེ། ཀུན་རྫོབ་ཀྱི་བདེན་པའི་གནས་ལུགས་ཡིན་ ལ། འདིར་སྔགས་ཀྱི་ཐེག་པའི་ཚུལ་ལ་ནི། སྟོང་པ་ཉིད་ཀྱི་མཐར་ཐུག་དོན་དམ་སྟོང་པ་ཉིད་ རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་འདི་ཉིད་གསལ་བར་གསུངས་པ་ཡིན་ཏེ། འཕགས་པ་ འཇམ་དཔལ་གྱིས། རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། ཕུང་པོ་རྣམ་དཔྱད་སྟོང་པ་ རྣམས། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་ དེ་ལྟར་འགྱུར་མ་ཡིན། །སྐྱེ་བ་མེད་པ་འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། 474། སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་པོ་རྣམས་རྣམ་དཔྱད་པ་མིན། །ཞེས་གསུངས་ཤིང༌། དཔལ་ལྡན་དྲི་མ་མེད་པའི་འོད་ལས། སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང༌། ཐིག་ལེ་སྟོང་པ་ འགྱུར་མེད་དྲུག་བསྟན་པའི་སྐབས་སུ། ཡེ་ཤེས་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་ པོ་ལ་སོགས་པ་དྲུག་ཚན་རྣམས་བསྟན་ནས། འདི་རྣམས་སྒྲིབ་པ་མེད་པ་ཉིད་དང་རོ་མཉམ་ པ་ཉིད་དང་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ལ་སྟོང་པ་ཞེས་བརྗོད་དོ། །ཐམས་ཅད་དངོས་ པོ་མེད་པ་ནི་མ་ཡིན་ཏེ་རྣལ་འབྱོར་པས་རང་རིག་པ་ཉིད་ཀྱི་ཕྱིར་རོ། །ཞེས་དང༌། དེ་ལྟར་ཝཾ་ ཡིག་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔ་པ་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་རྡུལ་ཕྲ་ རབ་ཀྱི་ཆོས་ཉིད་ལས་འདས་པ་པྲ་ཕབ་པའི་རང་བཞིན་དང་མཚུངས་པ། རྣལ་འབྱོར་པས་ རྟོགས་པར་བྱ་བའོ། །ཞེས་དང༌། སྟོང་པ་ཆེན་པོ་འགྱུར་མེད་ལྔ་ནི་སུམ་ཅུ་རྩ་དྲུག་གི་བདག་ ཉིད་དེ་དེ་ཉིད་རྒྱལ་བ་རྣམས་ཀྱིས་རྡོ་རྗེར་གསུངས་སོ། །དེ་འཛིན་པའི་ཕྱིར་རྡོ་རྗེ་འཛིན་པའོ། ། ཞེས་དང༌། དེ་ལྟར་ན་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ནི་ཆོས་འབྱུང་རྡོ་རྗེ་འཛིན་པ་ཨེ་ཡིག་ སྟེ། སྟོང་པ་ཉིད་དམིགས་པ་དང་བཅས་པ་པྲ་ཕབ་པའི་རང་བཞིན་ཅན་ནོ། །ཞེས་པ་དང༌། བདེ་མཆོག་སྟོད་འགྲེལ་དུ་ཡང༌། དེ་ལྟར་རྣམ་པ་ཀུན་ལྡན་རྣམ་པ་མེད་ནི་རྒྱུ་སྟེ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །ཡང་ན་ སངས་རྒྱས་ཀྱི་གཟུགས་བརྙན་ཁམས་གསུམ་པ་མ་ལུས་པ་ཞེས་པ་རྒྱུའོ། །དེ་ལས་སྐྱེས་པའི་ འབྲས་བུ་མི་འགྱུར་བའི་བདེ་བ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་བ་སྟེ། དེ་བཞིན་གཤེགས་ པ་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཆེན་པོའོ། །ཞེས་བརྗོད་དོ༑ ༑ཞེས་གསུངས་པ་ལྟར་ཤེས་པར་ བྱའོ། །དེ་ལྟར་དམིགས་བཅས་སྟོང་པ་ཉིད་དང་དམིགས་མེད་སྙིང་རྗེ་མི་འགྱུར་བའི་བདེ་བ་ ཟུང་དུ་འཇུག་པའི་དེ་ཁོ་ན་ཉིད་འདི་ནི་དབུ་མ་ཆེན་པོའི་ལྟ་བ་དང་གྲུབ་མཐའ་མཐར་ཐུག་པ་ ཡིན་པར་ཤེས་པར་བྱ་སྟེ། དཔལ་ལྡན་རྒྱུད་ལས། གང་ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་ 6-1-454 པར་སྨྲ་པོ་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། །ཞེས་པའི་དགོངས་པ་འཕགས་པ་ འཇིག་རྟེན་དབང་ཕྱུག་[གི་འགྲེལ་པ་ན{གིས}། ཡོད་མིན་མེད་མིན་ཡོད་མེད་མིན། ། གཉིས་ཀའི་བདག་ཉིད་མེད་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་ དབུ་མ་པ་ཡིས་རིག །ཅེས་སོ། །གང་ཞིག་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། །དེ་ གང་ཞེ་ན། གང་ཞིག་སྙིང་རྗེ་{དང་}སྟོང་ཉིད་གཉིས་སུ་མེད་པར་སྨྲ་བ་པོ་སྟེ་འདིར་གང་གིས་ <སྟོང་ཉིད་>སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང༌། སྟོང་པ་ཉིད་ རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་ དུ་འཇུག་པའོ། །ཞེས་པ་ནི། སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ། །ཞེས་གསུངས་པ་ ལྟར་རོ། །དེས་ན་ཕྱི་མཚན་ཉིད་ཐེག་པའི་དབུ་མའི་གཞུང་ལུགས་ཙམ་ལ་བརྟེན་ནས་དབུ་ མ་ཆེན་པོའི་ལྟ་བ་དང༌། གྲུབ་མཐའ་མཐར་ཐུག་[པ་]ཁོང་དུ་ཆུད་པར་མི་འགྱུར་བས། [ལྟ་ གྲུབ་{ལྟ་བ་གྲུབ་མཐའ་}མཐར་ཐུག་[པ་]རྟོགས་ཤིང་ཁོང་དུ་ཆུད་པ་ལ་གསང་སྔགས་རྡོ་རྗེ་ ཐེག་པའི་ལམ་ཟབ་མོ་འདི་བསྒོམས་ཤིང་ཉམས་སུ་མྱོང་པ་དང༌། རྒྱུད་སྡེ་ཟབ་མོའི་དགོངས་ པ་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ལེགས་པར་བཀྲལ་བ་རྣམས་མང་དུ་ཐོས་པར་བྱ་ དགོས་ཏེ། དཔལ་ལྡན་རྒྱུད་ལས། སྲིད་གསུམ་ཕྲ་རབ་གཟུགས་མིན་འདིར་ནི་རྣམ་པར་ཤེས་ པའོ་དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་དུའང་གནས་པ་ མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་རྣམས་ཀྱིས་སྟོན་པར་འགྱུར། །གང་གི་འགྱུར་མེད་དང་ བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་[གཟུགས་{བཟུང་}ནས་སྟོང་པར་ལྟ་བྱེད་པ། །དེས་ ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་སྐུ་ཡི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། ། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་སོ་སོར་སྡུད་པའི་ཡན་ལག་གཙོ་བོར་ངོ་སྤྲད་ནས། སྐབས་འདིར་བསམ་གཏན་གྱི་ཡན་ལག་ངོ་སྤྲད་པ་མདོར་བསྡུས་[པ་]ཙམ་ཞིག་བཤད་པར་ 6-1-455 བྱ་སྟེ། དེ་ལ་བསམ་གཏན་གྱི་མཚན་ཉིད་ནི། དབང་མདོར་བསྟན་པ་ལས། བཀབ་དང་མ་ བཀབ་མིག་དག་གིས། །སྟོང་པར་འདི་ནི་རྗེས་བརྟགས་མིན། །རྨི་ལམ་བཞིན་དུ་གཟུགས་ མཐོང་འགྱུར། །རྟག་ཏུ་གཟུགས་དེ་བསྒོམ་པར་བྱ། །ཞེས་གསུངས་ཤིང༌། དེའི་དོན་ནི་དཔལ་ ནཱ་རོའི་ཞབས་ཀྱི་འགྲེལ་པར། བཀབ་དང་མ་བཀབ་མིག་དག་གིས། །ཞེས་པ་བར་སྣང་ལ་ དམིགས་པ་ཉིད་ཀྱིས་མིག་ཕྱེད་བཙུམ་པ་དག་གིས་སྟོང་པར་ཏེ། ནམ་མཁའ་ལ་གཟུང་བ་ དང་འཛིན་པ་དང་བྲལ་[བ་]འདི་ནི་རྗེས་<སུ་>བརྟགས་<པ་>མིན་པར་རྨི་ལམ་བཞིན་ དུ་གཟུགས་རྣལ་འབྱོར་པས་མངོན་སུམ་དུ་མཐོང་པར་འགྱུར་རོ། །གཟུགས་ནི་སྣ་ཚོགས་ གཟུགས་ཏེ་བསྒོམ་པར་བྱ་བ་ནི་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱ་{བ}འོ། ། [ཞེས་པ་དང༌། ] དཔལ་ལྡན་དྲི་མ་མེད་པའི་འོད་ལས། ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། །ཞེས་<པ་>དང༌། དཔལ་ནཱ་ རོའི་ཞབས་ཀྱིས་དབང་མདོར་བསྟན་པའི་འགྲེལ་པར། བསྙེན་པའི་དུས་སུ་གཙུག་ཏོར་ཆེའི། ། གཟུགས་བརྙན་འབད་པས་རྣམ་བསྒོམ་བྱ། །ཞེས་པའི་དོན་འཆད་པ་ན་འདིར་དགོངས་ པའི་སྐད་གཞན་གྱིས་གཙུག་ཏོར་ཆེན་པོའི་གཟུགས་བརྙན་ནི་སངས་རྒྱས་ཀྱི་གཟུགས་བརྙན་ ཏེ་ཁམས་གསུམ་པ་མ་ལུས་པ་ནམ་མཁའི་ཆོས་འབྱུང་ལ་ཐུགས་རྡོ་རྗེ་རབ་ཏུ་བཞག་ནས་ བསྙེན་པའི་དུས་སུ་སྟེ་དུས་དང་པོར་སོ་སོར་སྡུད་པ་ཡིས་བསྒོམ་པར་བྱ་ཞིང་བསམ་གཏན་ གྱི་ཡན་ལག་གིས་བརྟན་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །བསམ་གཏན་གྱི་ཡན་ལག་ ནི། དཔལ་ལྡན་རྒྱུད་ལས། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་ གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། །ཞེས་གསུངས་ཤིང༌། དེའི་འགྲེལ་པར། དེ་བཞིན་ དུ་གཟུགས་དེ་ཉིད་ལ་ཤེས་རབ་ཅེས་པ་ནི་ལྟ་བའོ། །རྟོག་པ་ཞེས་པ་ནི་དངོས་པོ་འཛིན་པའོ། ། དཔྱོད་པ་ཞེས་པ་ནི་དེའི་དོན་ངེས་པར་བྱེད་པའོ། །དགའ་བ་ཞེས་པ་ནི་གཟུགས་ལ་ཆགས་ 6-1-456 པའོ། །གཡོ་མེད་བདེ་བ་ཞེས་པ་ནི་གཟུགས་དང་ལྷན་ཅིག་སེམས་རྩེ་གཅིག་ཏུ་བྱེད་པའོ། ། དེ་ལྟར་གཟུང་བ་དང་འཛིན་པའི་དབྱེ་བས་བསམ་གཏན་རྣམ་པ་བཅུའོ། །ཞེས་གསུངས་ ཏེ། དེའི་དོན་ནི། སྟོང་གཟུགས་ལ་རྩེ་གཅིག་ཏུ་གནས་པའི་བསམ་གཏན་དེ་ནི་སྟོང་གཟུགས་ དེ་ཉིད་ལ་ལྟ་བ་སྟེ་མངོན་སུམ་དུ་མཐོང་བའི་ཆོས་ཉིད་ཇི་ལྟ་བ་མངོན་སུམ་དུ་མཐོང་བ་ཡིན་ པས་ན་ཤེས་རབ་དང༌། སྟོང་གཟུགས་ཀྱི་དངོས་པོར་རགས་པའི་རྣམ་པ་ཙམ་གསལ་བར་ འཛིན་པས་[ན་]རྟོག་པ་<དང་>། སྟོང་གཟུགས་ཀྱི་དོན་བརྟན་གཡོའི་རྣམ་པའི་ཁྱད་པར་ རྣམས་ཞིབ་ཏུ་ངེས་པར་འབྱེད་པ་ན་དཔྱོད་པ། སྟོང་གཟུགས་ལ་སེམས་ཆགས་ཤིང་གནས་པ་ ལས་ཡིད་བདེ་བ་ནི་དགའ་བ། སེམས་སྟོང་གཟུགས་དང་{ལྷན་}གཅིག་ཏུ་བྱེད་པ་སྟེ་འདྲེས་ པ་ལྟ་བུར་[གྱུར་{བྱེད་}པས་ལུས་ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ་པ་ནི་བདེ་བ་སྟེ། དེ་ལྟར་ན་ བསམ་གཏན་ནི་ཡན་ལག་ལྔ་དང་ལྡན་པ་ཡིན་ལ། ཡན་ལག་ལྔ་པོ་དེ་དག་རང་རང་གི་ཡུལ་ ལྔ་དང་བཅས་པས་བསམ་གཏན་གྱི་དབྱེ་བ་བཅུར་ཤེས་པར་བྱའོ། ། བཞི་པ་སྲོག་རྩོལ་ལ་སོགས་པ་ཡན་ལག་གཞན་[བསྟན་]པ་ནི། དཔལ་ལྡན་རྒྱུད་ ལས། སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་དག་ནི་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་ པ་དག་ཏུ་འགྱུར། །ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉི་གའི་བགྲོད་པ་བཅོམ་སྟེ་རྩེ་ གཅིག་སེམས་པ་འཛིན་པའོ། །གཏུམ་མོའི་སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་དང་ ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་ མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །ཞེས་{པ་}དང༌། རྒྱུད་ཕྱི་མར། སྲོག་གི་རྩོལ་བས་རི་བོང་ཅན་དང་ཉི་མ་དང་བྲལ་མུན་པར་སྲོག་གི་རླུང་ནི་འབབ་པར་བྱ། ། འབྱུང་པ་དང་ནི་འཇུག་པས་དམན་པར་སླར་ཡང་བྱེད་དེ་འཛིན་པའི་ཡན་ལག་གིས་ནི་ཐིག་ ལེར་རོ། །རྗེས་སུ་དྲན་པས་མཁའ་ལ་རི་བོང་ཅན་བཞིན་[རང་གི་{སྔར་གྱི་}གཟུགས་ལས་ 6-1-457 འོད་ཟེར་ཆེན་པོ་ངེས་པར་རྒྱུ། །ཏིང་ངེ་འཛིན་གྱིས་ཁུ་བ་རྡོ་རྗེ་ལས་ནི་མགོ་བོར་བགྲོད་བྱེད་ དྲི་མེད་བདེ་བ་རབ་ཏུ་རྫོགས། །ཞེས་གསུངས་ཏེ། གཡོན་གྱི་རྩ་ལ་ལ་ནཱ་དང༌། གཡས་ཀྱི་རྩ་ ར་ས་ནཱ་གཉིས་ལས་ཀྱི་རླུང་རྒྱུ་བའི་ལམ་ཡིན་ལ་དེ་དག་བསྒྱེལ་བ་སྟེ་དེ་དག་ཏུ་སྲོག་གི་རླུང་ རྒྱུ་བ་བཀག་ནས་དབུ་མ་ཨ་བ་དྷཱུ་ཏཱིའི་ལམ་དུ་སྲོག་གི་རླུང་རྩོལ་བ་སྟེ། འབབ་པར་བྱེད་ཅིང་ རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་བསྒོམ་པ་ནི་སྲོག་རྩོལ་གྱི་རྣལ་འབྱོར་རོ། །དེ་ལྟར་སྲོག་ རྩོལ་གྱི་རྣལ་འབྱོར་གྱིས་རླུང་ཐམས་ཅད་དབུ་མ་ཨ་བ་དྷཱུ་ཏཱིའི་ནང་དུ་ཞུགས་པར་བྱས་ནས། ལྟེ་བ་ནས་དཔྲལ་བའི་བར་དུ་དབུ་མར་ཞུགས་པའི་རླུང་དེ་ཉིད་གཉི་གའི་བགྲོད་པ་བཅོམ་ པ་སྟེ། ཕྱི་ནང་དུ་འགྲོ་འོང་མེད་པར་འཛིན་པའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོ་སྟོང་པ་ཉིད་ཀྱི་ གཟུགས་རྩེ་གཅིག་ཏུ་བསྒོམ་པ་ནི་འཛིན་པའི་ཡན་ལག་གོ། དེ་ནས་རྣལ་འབྱོར་པའི་སེམས་ རྣམ་རྟོག་ཐམས་ཅད་དང་བྲལ་བ་སྟོང་གཟུགས་ལ་དབྱེར་མེད་པ་ལྟ་བུར་འཁྱུད་པར་གྱུར་ པ་ལས་གཏུམ་མོའི་སྣང་བ་སྟེ་རང་གི་ལུས་ཀྱང་སྟོང་གཟུགས་འོད་ཀྱི་དཀྱིལ་འཁོར་གྱི་རྣམ་ པར་སྣང་ཞིང་བ་སྤུའི་ཁུང་བུ་རྣམས་ནས་འོད་ཟེར་ལྔ་སྲིད་གསུམ་ཀུན་ནས་དྭངས་བའི་རྣམ་ པ་ཅན་གྱི་ནམ་མཁའ་ལ་འཕྲོ་བར་སྣང་བ་དང༌། ལྟེ་བའི་གཏུམ་མོའི་ཨ་བ་དྷཱུ་ཏཱིའི་ཡེ་ཤེས་ ཀྱི་རླུང་གི་མེས། སྤྱི་བོའི་ཧཾ་ཡིག་ཟླ་བའི་ཐིག་ལེར་བཞུ་བ་ལས། ཐིག་ལེའི་རྒྱུན་འབབ་ཅིང་ རྡོ་རྗེ་ནོར་བུ་ལས་ཕྱི་རོལ་ཏུ་མི་འཕོ་བའི་དགའ་བ་བཞི་ཉམས་སུ་མྱོང་བ་ནི། རྗེས་དྲན་གྱི་ ཡན་ལག་གོ། འདི་ལ་གཏུམ་མོའི་རྣལ་འབྱོར་རམ་ཐིག་ལེའི་རྣལ་འབྱོར་ཞེས་ཀྱང་བྱ་སྟེ། རྩ་ བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་ གཤེགས་པ་ལྔ་བསྲེག་ཅིང༌། །སྤྱན་མ་མིག་ལ་སོགས་པ་ཡང༌། །བསྲེགས་པས་རི་བོང་ཅན་ ཧཾ་འཛག །བདུད་རྩི་[ཞུ་{ཁུ་}བའི་ཆོས་ཅན་ནི། །ཐིག་ལེའི་གཟུགས་ཀྱིས་འཛག་པར་བྱེད། ། ཐིག་ལེའི་རྣལ་འབྱོར་ཞེས་པར་གྲགས། །ཞེས་གསུངས་སོ། །དེ་ནས་བྱང་སེམས་ཐིག་ལེ་དེ་ 6-1-458 ཇི་ལྟར་བྱོན་པ་དེ་བཞིན་དུ་སླར་སྟེང་དུ་གཤེགས་པར་བྱེད་ཅིང་དེ་ལས་ཤེས་རབ་ཤེས་བྱའི་ རྣམ་པ་སྟོང་གཟུགས་དང༌། ཐབས་ཤེས་པའི་རྣམ་པ་རྣལ་འབྱོར་པའི་བདེ་བའི་སེམས་{རྩེ་} གཅིག་ཏུ་འདྲེས་པར་གྱུར་པའི་འགྱུར་མེད་ཀྱི་བདེ་བ་ཐོབ་པའི་དབང་གིས་བདེ་སྟོང་གཉིས་ སུ་མེད་པའི་ཡེ་ཤེས་ཀྱི་གཟུགས་ལ་སེམས་རྩེ་གཅིག་ཏུ་གནས་པ་ནི་ཏིང་ངེ་འཛིན་གྱི་ཡན་ ལག་གོ། འདི་ནི་ཕྲ་མོའི་རྣལ་འབྱོར་ཞེས་ཀྱང་བྱ་སྟེ། རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་ རྒྱས་སུ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་ བཞི་ཡི་རྩེ་མོ་འཆང༌། །ཕྲ་མོའི་རྣལ་འབྱོར་ཞེས་པར་གྲགས། །རྒྱུ་མཐུན་ལ་སོགས་སྟེང་དུ་ འགྲོ། ཞེས་གསུངས་སོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་ལས། སོ་སོར་སྡུད་དང་བསམ་ གཏན་གྱི་ཡན་ལག་གཉིས་ནི་བསྙེན་པའི་ཡན་ལག་དང༌། སྲོག་རྩོལ་དང་འཛིན་པའི་ཡན་ ལག་གཉིས་ནི། ཉེ་བར་སྒྲུབ་པའི་ཡན་ལག་དང༌། རྗེས་དྲན་གྱི་ཡན་ལག་ནི༑ སྒྲུབ་པའི་ཡན་ ལག་དང༌། ཏིང་ངེ་འཛིན་གྱི་ཡན་ལག་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། བསྙེན་སྒྲུབ་རྣམ་ པ་བཞིར་འགྱུར་རོ། །དེ་ཡང་དཔལ་གསང་བ་འདུས་པར། མི་སྣང་ལ་སོགས་དངོས་གྲུབ་ རྣམས། །ཐུན་མོང་བ་ཞེས་གྲགས་པ་སྟེ། །སངས་རྒྱས་ཉིད་སྒྲུབ་སངས་རྒྱས་ཀྱི། །དངོས་གྲུབ་ མཆོག་ཅེས་གསུང་པ་ཡིན། །ཐབས་ནི་རྣམ་པ་བཞི་པོ་དག །བྱང་ཆུབ་རྡོ་རྗེའི་གསུངས་པ་སྟེ། ། རྣལ་འབྱོར་རྒྱུད་རྣམས་ཐམས་ཅད་དུ། །རྣལ་འབྱོར་པ་ཡིས་རྟག་ཏུ་སྔགས། །བསྙེན་པའི་ཆོ་ ག་དང་པོ་སྟེ། །ཉེ་བར་སྒྲུབ་པ་གཉིས་པ་ཡིན། །སྒྲུབ་པ་ངེས་པར་གསུམ་པ་སྟེ། །སྒྲུབ་པ་ཆེན་ པོ་བཞི་པའོ། །ཞེས་གསུངས་སོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་ཁོ་ན། ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་ཀྱི་སྒྲུབ་ཐབས་སམ་ལམ་[ཐུན་མོང་མ་]ཡིན་པར་ཤེས་པར་བྱ་སྟེ། དཔལ་གསང་ བ་འདུས་པར། ཡན་ལག་དྲུག་གི་རྣལ་འབྱོར་གྱིས། །བསྙེན་པ་བྱས་ནས་མཆོག་སྒྲུབ་སྟེ། ། གཞན་དུ་བསྒྲུབ་བྱ་དངོས་གྲུབ་མཆོག །འབྱུང་པར་འགྱུར་བ་མེད་པ་ཉིད། །ཅེས་གསུངས་ 6-1-459 སོ། །དེ་ལྟར་ན་རྣལ་འབྱོར་པས་མཉམ་བཞག་ཏུ། རྫོགས་རིམ་རྣམ་པར་མི་རྟོག་པའི་ཏིང་ངེ་ འཛིན་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པ་སྟེ། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་ ལ་འབད་པར་བྱའོ། །དེའི་རྣམ་པ་ཡང་དཔག་ཏུུ་མེད་མོད་ཀྱི། མདོར་བསྡུ་ན་དངོས་དང་རྒྱུད་ པའི་སེམས་ཅན་ལ་ཕན་པར་བྱེད་པ་ཁོ་ན་ཡིན་ཏེ། དཔལ་ལྡན་རྒྱུད་ལས། སེམས་ཅན་རྣམས་ ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། ། དེ་རྣམས་མཉེས་པར་བྱས་པས་དཔག་མེད་སྲིད་པ་གཅོད་པར་བྱེད་དེ་རྣམ་པར་མི་རྟོག་པ་ ལས་སོ། །རྣལ་འབྱོར་པ་ནི་འཁུ་བར་བྱེད་ན་དམྱལ་བ་ངུ་འབོད་ལ་སོགས་ཆེན་པོའི་མཐའ་ རུ་འགྲོ་བར་འགྱུར། །དེ་ཕྱིར་སེམས་ནི་དག་པ་ན་ཡང་མཁས་དང་མི་མཁས་སྐྱེ་བོ་རྣམས་ལ་ འགལ་བ་མི་བྱའོ། །ཞེས་གསུངས་ཤིང༌། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་མཆོག་ཏུ་ མི་འགྱུར་བའི་ཡེ་ཤེས་གྲུབ་པར་དེ་ལུང་དྲངས་ནས། དེའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱི་ དོན་དུ་སེམས་{ཅན}ལ་ཕན་པར་བྱའོ། །ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་མཆོག་ཏུ་མི་འགྱུར་ བའི་ཡེ་ཤེས་བསྒོམ་པར་བྱའོ། །སེམས་ཅན་གྱི་དོན་མ་གཏོགས་པར་བསོད་ནམས་ཀྱི་ཚོགས་ དང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སྒོམ་པ་མ་གཏོགས་པར་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་ མ་ཡིན་ནོ། །ཞེས་པ་དེ་བཞིན་གཤེགས་པའི་[ངེས་པའོ{ཐུགས་སོ}། །ཞེས་གསུངས་སོ། ། བཞི་པ་སྒོམ་པའི་ལམ་གྱི་འབྲས་བུ་ཐོབ་ཚུལ་རྣམ་པར་བཞག་པ་ལ་གཉིས་ཏེ། གནས་ སྐབས་ཀྱི་འབྲས་བུ་ཇི་ལྟར་ཐོབ་པའི་ཚུལ་[དང་]། མཐར་ཐུག་གི་འབྲས་བུ་ཇི་ལྟར་ཐོབ་ པའི་ཚུལ་[ལོ། །]དང་པོ་ནི། དཔལ་ལྡན་རྒྱུད་ལས། སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་ དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབས། །མངོན་པར་ཤེས་པ་ལྔ་ ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་[པའོ{པས་སོ}། །སྲོག་ རྩོལ་གྱི་ནི་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། ། 6-1-460 བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་ པའི་སྟོབས་ཀྱིས་སོ། །རྗེས་སུ་དྲན་པས་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་ དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉིན་ཞག་འགའ་ ཞིག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། སོ་སོར་སྡུད་ཀྱི་ཡན་ ལག་གིས་སྟོང་གཟུགས་བརྟན་པར་གྱུར་ཅིང༌། སེམས་རྣམ་པར་དག་པར་གྱུར་པའི་རྣལ་ འབྱོར་པ་ལ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརློབ་པ་སྟེ། ཚིག་གི་མཆོག་སྦྱིན་པར་ནུས་པ་ ལ་སོགས་པ་འཐོབ་པོ། །བསམ་གཏན་གྱི་སྦྱོར་བས་དག་པར་གྱུར་པ་ན་མིག་མི་འཛུམ་པར་ འགྱུར་ཞིང་དེའི་ཚེ་ལྷའི་མིག་གིས་མངོན་པར་ཤེས་པ་དང༌། ལྷའི་རྣ་བའི་མངོན་པར་ཤེས་པ་ དང༌། རྫ་འཕྲུལ་གྱི་མངོན་པར་ཤེས་པ་དང༌། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་ པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་སྟེ་མངོན་པར་ཤེས་པ་ལྔ་འཐོབ་ པོ༑ ༑སྲོག་རྩོལ་གྱིས་དག་པར་གྱུར་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་ཅིང་ བསྔགས་པ་འཐོབ་པོ། །འཛིན་པའི་ཡན་ལག་གིས་དག་པ་ལས། སྟོབས་བཅུའི་རང་བཞིན་ སྟོང་པ་ཉིད་ཀྱི་གཟུགས་ལ་སེམས་འཇུག་པར་འགྱུར་རོ། །རྗེས་དྲན་གྱི་ཡན་ལག་གིས་དག་ པ་ལས། རང་གི་ལུས་ཡེ་ཤེས་ཀྱི་སྐུ་འོད་ཀྱི་དཀྱིལ་འཁོར་དུ་སྣང་ཞིང༌། བ་སྤུའི་ཁུང་བུ་ ནས་ཡེ་ཤེས་ལྔའི་འོད་ཟེར་ནམ་མཁའི་ཁམས་ཁྱབ་པར་[འཕྲོ་{སྤྲོ་}བར་འགྱུར་རོ། །ཏིང་ ངེ་འཛིན་གྱི་ཡན་ལག་གིས་དག་པ་ལས། བདེ་སྟོང་གཉིས་སུ་མེད་པའི་ཏིང་ངེ་འཛིན་འཐོབ་ ཅིང༌། ལོ་གསུམ་དང་ཕྱོགས་གསུམ་གྱིས་ཡེ་ཤེས་སྐུ་ཞེས་པ་དབང་བཅུ་ལ་སོགས་པ་ཐོབ་ པའི་བྱང་ཆུབ་སེམས་དཔའ་ཆེན་པོར་འགྱུར་རོ། ། གཉིས་པ་ལ་བཞི་སྟེ། འཁོར་བ་གློ་བུར་གྱི་དྲི་མ་ཟད་པས་འབྲས་བུ་འཐོབ་པའི་ཚུལ། བདེ་བ་ཆེན་པོའི་སྐ་ཅིག་མ་རྫོགས་པས་འབྲས་བུ་འཐོབ་པའི་ཚུལ། འབྲས་བུ་ཕྱག་རྒྱ་ཆེན་ 6-1-461 པོའི་དངོས་གྲུབ་ཐོབ་པའི་དུས་ཀྱི་ངེས་པ་བསྟན་པ། ཐོབ་པའི་འབྲས་བུ་ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་ཀྱི་ངོ་བོ་ངོས་བཟུང་པའོ། །དང་པོ་ནི་དཔལ་ལྡན་དྲི་མ་མེད་པའི་འོད་ལས། འཁོར་བ་སྙིང་པོ་མེད་དེ་ཟད་གྱུར་པ། །དེ་ལས་སྐྱེས་བུའི་སངས་རྒྱས་ཉིད་འབྲས་ཏེ། །ཆུ་ ཤིང་གི་ནི་འབྲས་བུ་སྨིན་པ་རྣམས། །ཆུ་ཤིང་ཉམས་པས་ཡང་དག་འབྱུང་བ་བཞིན། །སྡིག་ པ་དང་ནི་ཤིང་སྲིན་སེམས་ཅན་རྣམས། །གང་ལས་བྱུང་བ་དེ་དང་དེ་ཉམས་བྱེད། །དེ་བཞིན་ རྣལ་འབྱོར་རྣམས་ཀྱི་སེམས་དེ་ནི། །སྒྱུ་མ་རྣམ་པར་ཉམས་པར་བྱེད་པ་ཡིན། །ཞེས་གསུངས་ ཤིང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་ཀྱི་དབྱིངས་ཀྱི་བསྟོད་པར། ཇི་ལྟར་སྦུན་པ་ལས་གྲོལ་ ན། །འབྲས་ཉིད་སྣང་བར་གྱུར་པ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ ནི་རབ་ཏུ་གསལ། །ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ན་ནི་དཔེར་བྱེད་ཀྱང༌། །དེ་ ཡི་འབྲས་བུ་སྙིང་པོ་ཉིད། །དངར་པོ་ཟ་བ་བྱེད་པ་ལྟར། །སྙིང་པོ་མེད་པའི་འཁོར་བ་ལས། ། ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་བུ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་ བདུད་རྩིར་འགྱུར། །ཞེས་གསུངས་པ་ལྟར། རྣལ་འབྱོར་པ་བདག་ཉིད་ཀྱི་མ་དག་པའི་ཕུང་ པོ་དང༌། ཁམས་དང་སྐྱེ་མཆེད་[དང༌། ]རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་ འཁོར་བ་སྒྱུ་མ་ལྟ་བུ་འདི་ཟད་ཅིང༌། གློ་བུར་གྱི་{དྲི་མ་}སྒྲིབ་པ་མ་ལུས་པ་དང་བྲལ་བར་ གྱུར་པ་ལས། རང་ལ་གདོད་མ་ནས་བཞུགས་པའི་སངས་རྒྱས་ཆོས་ཀྱི་སྐུ་དེ་ཐོབ་པར་འགྱུར་ བ་ཡིན་ནོ། །དེ་ལ་སྒྲིབ་པའི་ངོ་བོ་ནི། འཁོར་བ་པའི་རྣམ་པར་རྟོག་པ་མཐའ་དག་ཡིན་ཏེ། [སམྤུ་ཊི་ལས། ] རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་ {པ་}དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོས། འཇམ་པའི་དབྱངས་ལ་བསྟོད་པར། རྣམ་པར་ རྟོག་ལས་མ་གཏོགས་པའི། །འཁོར་བ་ཞེས་བྱ་ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདས། །ཞེས་གསུངས་པ་བཞིན་ནོ། །དེ་ལ་དབྱེ་ན། རྗེ་བཙུན་ 6-1-462 བྱམས་པ་མགོན་པོས། དབུས་དང་མཐའ་རྣམ་པར་འབྱེད་པར། ཉོན་མོངས་པ་ཡི་སྒྲིབ་པ་ དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་ གྲོལ་བར་འདོད། །ཅེས་དང༌། རྒྱུད་བླ་མར། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་སྒྲིབ་པར་ འདོད། །ཅེས་གསུངས་པ་ལྟར། ལས་དང་བྱ་བ་དང་བྱེད་པ་པོ་སྟེ་འཁོར་གསུམ་[དུ་]རྣམ་ པར་རྟོག་པ་ནི་ཐམས་ཅད་མཁྱེན་པ་ལ་སྒྲིབ་པ་ཤེས་བྱའི་སྒྲིབ་པ་དང༌། ཕར་ཕྱིན་དང་པོ་ལྔའི་ མི་མཐུན་ཕྱོགས་སེར་སྣ་ལ་སོགས་པའི་རྣམ་རྟོག་ནི། ཐར་པ་ལ་སྒྲིབ་བྱེད། ཉོན་མོངས་པའི་ སྒྲིབ་པ་སྟེ་གཉིས་སོ། །དཔལ་དུས་ཀྱི་འཁོར་ལོར་ནི། འཁོར་བ་པ་རྣམས་ཀྱི་དཔྲལ་བར་ གནས་པའི་ལུས་ཀྱི་ཐིག་ལེས་བསྐྱེད་པ། རྣམ་རྟོག་སྣ་ཚོགས་པའི་འདུ་ཤེས་སད་པའི་གནས་ སྐབས་ཀྱི་སེམས་ནི་ལུས་ཀྱི་སྒྲིབ་པ་དང༌། མགྲིན་པར་གནས་པའི་ངག་གི་ཐིག་ལེ་དང་སྲོག་ གིས་བསྐྱེད་པ་བག་ཆགས་སྣ་ཚོགས་ཀྱི་སྣང་བ་རྨི་ལམ་གྱི་གནས་སྐབས་ཀྱི་སེམས་ནི། ངག་ གི་སྒྲིབ་པ་དང༌། སྙིང་ཁར་གནས་པའི་ཡིད་ཀྱི་ཐིག་ལེས་བསྐྱེད་པ། མུན་པས་ཟིལ་གྱིས་ མནན་པ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཀྱི་{སེམས་ནི་}སེམས་ཀྱི་སྒྲིབ་པ་དང༌། ལྟེ་ བར་གནས་པའི་ཡེ་ཤེས་ཀྱི་ཐིག་ལེས་བསྐྱེད་པ་བཟློག་པར་དཀའ་བའི་འདོད་ཆགས་ཀྱི་ དྲི་མ་བྱང་སེམས་ཀྱི་ཐིག་ལེ་འཕོ་བ། བཞི་པའི་གནས་སྐབས་ཀྱི་སེམས་ནི་ཡེ་ཤེས་ཀྱི་སྒྲིབ་ པ་སྟེ། དེ་དག་རིམ་པ་[ལྟ་བུར་{ལྟར་}ཕུང་པོའི་བདུད་དང༌། ཉོན་མོངས་པའི་བདུད་དང༌། འཆི་བདག་གི་བདུད་དང༌། ལྷའི་བུའི་བདུད་ཡིན་པར་གསུངས་ལ། དེ་དག་ལས་ཀྱང་སྒྲིབ་ པའི་རྩ་བ་ནི། འཛག་བདེ་འཕོ་བའི་བག་ཆགས་བཞི་པའི་གནས་སྐབས་ཉིད་ཡིན་པར་ཤེས་ པར་བྱ་སྟེ། དབང་མདོར་བསྟན་པ་ལས། འཕོ་བ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ ལ་ཡང་སྡུག་བཇལ་འབྱུང༌། །སྡུག་བཇལ་སྐྱེས་བུའི་ཁམས་ཟད་བྱེད། །ཟད་པ་ལས་ནི་འཆི་ 6-1-463 བར་བརྗོད། །ཤི་ལས་སླར་ཡང་དེ་{རྣམས་ཀྱི}<ལས་ནི>། །སྲིད་པའོ་སྲིད་ལས་སླར་འཆི་ འཕོ། །དེ་ལྟར་སེམས་ཅན་གྱི་སྲིད་པ། །ཆགས་བྲལ་ལས་བྱུང་གཞན་དུ་མིན། །དེ་ཕྱིར་འབད་ པ་ཐམས་ཅད་ཀྱིས། །འཕོ་བའི་ཆགས་པ་རྣམ་པར་སྤང༌། །ཞེས་དང༌། དཔལ་ལྡན་རྒྱུད་ལས། དེ་ལྟར་སེམས་ནི་རྣམ་བཞི་སྲིད་པ་གསུམ་ལ་གནས་པའི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་ དབུས་སུ་སྟེ། །རྣལ་འབྱོར་དབང་པོ་རྣམས་ཀྱིས་བདེ་མཉམ་འབྲས་སྟེར་ཁྱབ་བྱེད་དག་ནི་ ཐར་པའི་སླད་དུ་བསྲུང་བར་བྱ། །ཐིག་ལེ་བཏང་ན་རྣལ་འབྱོར་རྣམས་ཀྱི་མཆོག་གི་བདེ་བ་སྐྱེ་ བའི་ས་བོན་སོང་ལ་ཐར་པ་གང༌། །དེ་ཕྱིར་འཁོར་བའི་བདེ་བའི་སྐ་ཅིག་འདི་ནི་སྡོམ་བརྩོན་ རྣམས་ཀྱིས་ཐམས་ཅད་དུས་སུ་སྤང་བར་བྱ། །ཞེས་གསུངས་སོ། །སྒྲིབ་པའི་རྩ་བ་ནི་མ་རིག་ པ་ཡིན་གྱི་འཕོ་བའི་ཆགས་པ་ཡིན་པར་མི་རིགས་སོ་སྙམ་ན། དེ་ལ་མ་རིག་པའི་དོན་ནི་སྤྱིར་ ཁམས་གསུམ་པའི་མི་ཤེས་པ། ལས་འབྲས་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་ཕྱིན་ཅི་ལོག་གི་ ཇོ་ཡིན་པར་བཤད་ཀྱང༌། འདིར་ནི། དྲི་མ་མེད་པའི་འོད་ལས། མ་རིག་པ་ནི་འདིར་སེམས་ ཅན་ཐམས་ཅད་ཀྱི་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་སོ། །དེ་འདོད་ཆགས་ལ་ རབ་ཏུ་འཇུག་སྟེ་འདོད་ཆགས་ཀྱང་འགྱུར་བའོ། །འགྱུར་བ་ལས་ཆགས་པ་དང་བྲལ་བ་སྟེ། ཆགས་པ་དང་བྲལ་བ་ཞེས་བྱ་བ་ནི་ཞེ་སྡང་ངོ༌། །ཞེ་སྡང་གི་བདག་ཉིད་ནི་བརྒྱལ་བ་སྟེ་བརྒྱལ་ བ་ཞེས་བྱ་བ་ནི་གཏི་མུག་གོ། དེ་ལྟར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་ ནི་མ་རིག་པ་སྟེ། ནམ་མཁའི་མེ་ཏོག་གི་ཕྲེང་བ་ནི་མ་ཡིན་ནོ། །ཞེས་དང༌། འཕོ་བའི་བག་ ཆགས་འདི་ནི་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་གློ་བུར་གྱི་དྲི་མའི་རང་བཞིན་ ཏེ། དེས་འཁོར་བའོ། །ཞེས་གསུངས་པས། འཕོ་བའི་ཆགས་པ་ཉིད་འགྱུར་བའི་མ་རིག་པ་ ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་ཡང་སེམས་ཅན་རྣམས་ཀྱི་རང་ རང་གི་ལུས་ལ་སྲོག་དང་ཐུར་སེལ་གྱི་རླུང་རྒྱུ་བ་འདི་{ཉིད་}ཡིན་ཏེ། དེ་ཡང་ལུས་ལ་ལྟེ་བའི་ 6-1-464 སྟེང་དུ་གཡོན་ན་ཟླ་བའི་རྩ་རྐྱང་མའམ། ལ་ལ་ནཱ་དང༌། གཡས་ན་ཉི་མའི་རྩ་རོ་མའམ། ར་ ས་ནཱ་དང༌། དབུས་ན་སྒྲ་གཅན་གྱི་རྩ་དབུ་མ་ཨ་བ་དྷཱུ་ཏཱི་སྟེ་གསུམ་གནས་ལ། ལྟེ་བའི་འོག་ ཏུ་གསང་གནས་ཀྱི་བར་དུ་གཡོན་ན་བཤང་བའི་རྩ་དང་གཡས་ན་གཅི་བའི་རྩ་དང་དབུས་སུ་ དུང་ཅན་མ་གསུམ་གནས་ཏེ། ལྟེ་བའི་འཁོར་ལོའི་གནས་སུ་ནི་རྩ་གསུམ་པོ་ཁོག་འབྲེལ་བས་ རྣམ་པར་གནས་ཤིང༌། གཡོན་དང་གཡས་ཀྱི་རྩ་ལ་རྒྱུ་བའི་རླུང་དབུ་མར་འཇུག་པ་ནི་ལྟེ་བའི་ འཁོར་ལོའི་དབུས་ནས་འཇུག་གོ། དེ་ཡང་དབུ་མ་ལ་རྩ་འདབ་གྱེས་པ་མེད་ཅིང༌། རོ་རྐྱང་ གཉིས་ལས་རྩ་འདབ་གྱེས་པ་[ལས་{ལ་}ལྟེ་བའི་འཁོར་ལོ་ལ་རྩ་འདབ་དྲུག་ཅུ་རྩ་བཞི་དང༌། སྙིང་ཁའི་འཁོར་ལོ་ལ་རྩ་འདབ་བརྒྱད་དང༌། མགྲིན་པའི་འཁོར་ལོ་ལ་རྩ་འདབ་སུམ་ཅུ་རྩ་ གཉིས་དང༌། དཔྲལ་བའི་འཁོར་ལོ་ལ་རྩ་འདབ་བཅུ་དྲུག་དང༌། གཙུག་ཏོར་གྱི་འཁོར་ལོ་ ལ་རྩ་འདབ་བཞི་དང༌། གསང་གནས་ཀྱི་འཁོར་ལོ་ལ་རྩ་འདབ་སུམ་ཅུ་རྩ་གཉིས་ཡོད་པར་ གསུངས་ལ། འདི་རྣམས་ལས་ཀྱང་རྩ་འདབ་ཕྲ་མོ་དུ་མར་གྱེས་པ་ལས་རྩ་སྟོང་ཕྲག་བདུན་རྩ་ གཉིས་སུ་འགྱུར་བར་གསུངས་སོ། །དེ་ལ་ལྟེ་བའི་སྟེང་དུ་སྲོག་གི་རླུང་དང༌། འོག་ཏུ་ཐུར་སེལ་ གྱི་རླུང་རྒྱུ་ཞིང༌། སྤྱིར་ཞག་རེ་ལ་དབུགས་འབྱུང་བ་དང་འཇུག་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ དང་དུས་སྦྱོར་བཅུ་གཉིས་དང༌། དུས་སྦྱོར་རེ་རེ་ལ་དབུགས་སྟོང་བརྒྱད་བརྒྱར་འགྱུར་ལ། དེ་ཡང་གཡོན་གྱི་རྩ་དང་སྣ་བུག་ནས་དུས་སྦྱོར་དྲུག་དང༌། གཡས་ཀྱི་རྩ་དང༌། སྣ་བུག་ནས་ དུས་སྦྱོར་དྲུག་རྒྱུ་སྟེ། གཡོན་ནས་གཡས་དང་གཡས་ནས་གཡོན་དུ་འཕོ་བ་དུས་སྦྱོར་རེ་རེའི་ འཚམས་སུ་དབུགས་ལྔ་བཅུ་རྩ་དྲུག བཞི་ཆ་གཅིག་དང་བཅས་པ་དབུ་མའི་ནང་དུ་འབབ་ ཅིང༌། དབུ་མ་ནས་རྒྱུ་བའི་ཚེ་སྣ་བུག་གཉིས་ལ་མཉམ་དུ་རྒྱུའོ། །དེ་ལྟར་ན་སྒྲིབ་པ་ཟད་པར་ བྱེད་པ་ལ་འཕོ་བ་བཅུ་གཉིས་ཀྱི་རླུང་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགག་པར་བྱ་དགོས་ ཏེ། དཔལ་ལྡན་རྒྱུད་ལས། དབུགས་ནི་གཅད་པའི་མཐའ་རུ་རྣམ་གསུམ་བགྲོད་པ་འདི་དང་ 6-1-465 རྣམ་པ་དྲུག་ཀྱང་ཡོད་པ་མ་ཡིན་ཏེ། །ཐིག་ལེ་བཀག་པར་གྱུར་ན་ཀུན་ནས་མཆོག་གི་ཁྱབ་ བདག་བདེ་བ་མཐའ་ཡས་དུས་སུ་འཇུག་པར་འགྱུར། །འཁོར་བ་དག་[གི་{ནི་}བདེ་བ་ སྤངས་ནས་མཆོག་གི་བླ་མའི་ཞལ་ནི་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །སྤྱོད་པ་སྒེག་པའི་ གཟུགས་དང་མཆོག་ཏུ་འཇིགས་པ་བྱེད་ལ་རྣལ་འབྱོར་མ་རྣམས་དགྱེས་པ་མ་ཡིན་ནོ། །ཞེས་ གསུངས་ཏེ། རྣམ་གསུམ་བགྲོད་པ་ཞེས་པ་ནི་གཡས་གཡོན་དབུས་ཀྱི་རྩ་གསུམ་ལ་རླུང་རྒྱུ་ བ་སྟེ། དེ་མེད་པར་གྱུར་པ་ན། འགྲོ་བ་རྣམ་པ་དྲུག་ཀྱང་ཡོད་པ་མ་ཡིན་ཞེས་པའི་དོན་ཏོ། ། དཔལ་གསང་བ་འདུས་པར་ཡང༌། རླུང་ནི་ཐམས་ཅད་འགོག་པར་ཡང༌། །ཡང་དག་རིག་པ་ བདག་གིས་བཤད། །ཅེས་དང༌། རྣམ་པར་རྟོག་པའི་རླུང་གཉིས་ནི། །དེ་ནས་རྣམ་པར་བཅད་ ནས་འགྲོ། །རྣམ་རྟོག་མེད་པའི་རླུང་ཆེན་པོ། །སྐུ་གསུང་རྡོ་རྗེ་བཅད་ནས་ནི། །རྣམ་རྟོག་མེད་ པའི་བདེ་བ་སྟེ། །སྔགས་ཀྱི་དེ་ཉིད་ཀྱིས་ནི་ཐོབ། །ཅེས་གསུངས་སོ། ། གཉིས་པ་བདེ་བ་ཆེན་པོའི་སྐད་ཅིག་མ་རྫོགས་པས་འབྲས་བུ་ཐོབ་པའི་ཚུལ་ནི། དེ་ ལྟར་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་སྦྱོར་བ་ཡན་ལག་ དྲུག་གི་ལམ་གྱིས་འགགས་པར་བྱས་པ་འཕོ་བའི་བག་ཆགས་ཟད་པར་བྱེད་ཅིང་ལམ་གྱིས་ བསྡུས་པའི་འགྱུར་མེད་ཀྱི་བདེ་བ་ཆེན་པོའི་སྐ་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིམ་གྱིས་ རྫོགས་པར་[བྱའོ{བྱེད་དོ}། །དེ་ཡང་རླུང་དུས་སྦྱོར་རེ་རེ་འགགས་པས་རྟེན་འབྲེལ་ཡན་ ལག་རེ་རེ་འགག་ཅིང་བདེ་བ་ཆེན་པོའི་སྐ་ཅིག་མ་སྟོང་བརྒྱད་བརྒྱ་བ་རེ་རེ་རྫོགས་པས། ས་ བཅུ་གཉིས་ཀྱི་ས་རེ་རེ་འཐོབ་པོ། །བདེ་བ་ཆེན་པོའི་སྐ་ཅིག་ནི་[རྗེས་དྲན་གྱི་སྐབས་ནས་ མགོ་རྩོམ་ཏེ་ཏིང་ངེ་འཛིན་གྱི་བར་ལ་རླུང་དུས་སྦྱོར་གཅིག་འགག་ཅིང་{ཏིང་ངེ་འཛིན་གྱི་ཐོག་ མ་ནས་མགོ་བརྩམས་ཏེ། རླུང་དུས་སྦྱོར་གཅིག་འགག་པས་གསང་གནས་ཀྱི་འཁོར་ལོའི་ ཕྱེད་དུ་<རྗེས་དྲན་ཟུང་འཇུག་ཏིང་ངེ་འཛིན་གྱི་ཐོག་མ་ནས་མགོ་བརྩམས་ཏེ། གསང་གནས་ཀྱི་འཁོར་ལོའི་ཕྱེད་དུ་རླུང་ 6-1-466 དུས་སྦྱོར་གཅིག་འགག་ཅིང་>བདེ་བ་ཆེན་པོའི་སྐ་ཅིག་མ་སྟོང་བརྒྱད་བརྒྱ་རྫོགས་ནས་ས་དང་པོ་ འཐོབ་པར་འགྱུར་ལ། གསང་གནས་ཀྱི་འཁོར་ལོའི་རླུང་དུས་སྦྱོར་གཉིས་འགགས་ཤིང༌། {གསང་གནས་ཀྱི་འཁོར་ལོ་}བདེ་བའི་སྐ་ཅིག་མ་སྟོང་བརྒྱད་བརྒྱ་བ་གཉིས་རྫོགས་པས་ས་ གཉིས་པ་འཐོབ་[སྟེ{ཅིང་}། དེ་ལྟ་བུའི་ཚུལ་གྱིས་ལྟེ་བར་ས་བཞི་པ་དང༌། སྙིང་ཁར་དྲུག་པ་ དང༌། མགྲིན་པར་བརྒྱད་པ་དང༌། དཔྲལ་བར་བཅུ་པ་དང༌། གཙུག་ཏོར་དུ་དབུགས་ཐམས་ ཅད་འགགས་ཤིང་བདེ་བའི་སྐ་ཅིག་<མ་>ཐམས་ཅད་རྫོགས་ཏེ་ཏིང་ངེ་འཛིན་གྱི་ཡན་ལག་ མཐར་ཕྱིན་ནས་ས་བཅུ་གཉིས་པ་ཐོབ་པར་གསུངས་སོ། །འདིར་ས་བཅུ་གཉིས་ཀྱི་མིང་ནི། ཀུན་ཏུ་འོད་ཉི་མའི་དཀྱིལ་འཁོར་ཆེན་པོ་མཛེས་པའི་ས་དང༌། བདུད་རྩིའི་འོད་ཟླ་བ་ཆེན་པོ་ འོད་གསལ་བའི་ས་དང༌། ནམ་མཁའི་འོད་ནམ་མཁའ་ལྟར་རབ་ཏུ་གནས་པའི་ས་དང༌། རྡོ་ རྗེའི་འོད་ཡིད་དགའ་བའི་ས་དང༌། རིན་ཆེན་འོད་མངོན་པར་དབང་བསྐུར་བ་ལ་གནས་པའི་ ས་དང༌། པད་མའི་འོད་རང་བཞིན་གྱིས་དག་པའི་ཆོས་དྲི་མ་མེད་པ་ཡོངས་སུ་འཛིན་པའི་ ས་དང༌། སངས་རྒྱས་ཀྱི་ལས་བྱེད་པའི་ས་དང༌། དཔེ་མེད་པའི་ས་དང༌། དཔེ་ཐམས་ཅད་ཀྱི་ དཔེ་རབ་ཏུ་རྟོགས་པར་བྱེད་པའི་ས་དང༌། ཤེས་རབ་ཀྱི་འོད་བླ་ན་མེད་པའི་ས་དང༌། ཐམས་ ཅད་མཁྱེན་པ་ཉིད་འོད་གསལ་བ་ཆེན་པོའི་ས་དང༌། སོ་སོའི་བདག་ཉིད་རིག་པ་རྣལ་འབྱོར་ པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་སའོ། །ཞེས་གསུངས་ཤིང༌། དེ་རྣམས་ལ་གནས་ དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། ཚན་དོ་ཧ་དང་ཉེ་བའི་ཚན་དོ་ཧ། འདུས་པ་དང་ཉེ་ བའི་འདུས་པ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། འཐུང་གཅོད་དང་ཉེ་བའི་འཐུང་གཅོད་ཅེས་ བྱ་སྟེ། མཆོག་གི་དང་པོའི་སངས་རྒྱས་ལས། ཡན་ལག་བཅུ་གཉིས་འགགས་པ་ཡིས། །དུས་ སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཞེས་གྲགས་པ། །གནས་ལ་སོགས་ པ་དོན་དམ་མོ། །ཞེས་གསུངས་ཤིང༌། དཔལ་ཀྱེའི་རྡོ་རྗེའི་[རྩ་]རྒྱུད་འབུམ་ཕྲག་ལྔ་པར་ 6-1-467 [ལས{ཡང་}། འགྱུར་བའི་མ་རིག་འགོག་པ་ཡིས། །འདུ་བྱེད་ངེས་པར་འགག་པའོ། །ཞེས་ པ་ནས། སྐྱེ་བ་འགོག་པ་ཡིས་ཀྱང་ནི། །རྒ་ཤི་ངེས་པར་འགོག་པའོ། །ཕུང་པོ་ཁམས་རྣམས་ ངེས་འགོག་པས། །དེ་ཉིད་ཉེ་བར་ཞི་བར་བཤད། །དེ་ལྟར་ལུས་ནི་འགོག་པ་ཡིས། །སྲོག་ རླུང་ཡང་ནི་འགོག་པའོ། །སྲོག་རླུང་ངེས་པར་འགོག་པ་ཡིས། །བྱང་ཆུབ་སེམས་ནི་འགོག་ པའོ། །བྱང་ཆུབ་སེམས་ནི་འགོག་པ་ཡིས། །འཛག་པ་ངེས་པར་འགོག་པའོ། །འཛག་པའི་སྐ་ ཅིག་འགོག་པ་ཡིས། །རྣལ་འབྱོར་པ་ཀུན་སངས་རྒྱས་ཉིད། །ཅེས་གསུངས་སོ། ། གསུམ་པ་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་དུས་ཀྱི་ངེས་པ་བསྟན་པ་ ནི། སྦྱོར་བ་ཡན་ལག་དྲུག་གི་འབྲས་བུ་ས་བཅུ་གཉིས་པོ་དེ་དག་དུས་ཇི་ཙམ་ན་[ཡོངས་སུ་] རྫོགས་ཤིང་ཐོབ་པར་འགྱུར་ན། རྣལ་འབྱོར་པ་བརྩོན་པ་ཆེན་པོ་དང་ལྡན་པས་ནི། མིའི་སྐྱེ་ བ་གཅིག་ཉིད་ལ་ཐོབ་ཅིང༌། བརྩོན་པ་དང་མི་ལྡན་དུ་ཟིན་ཡང༌། ལམ་རྣམ་{པར་}དག་{པ་} འདིའི་ཉམས་སུ་མྱོང་བ་རྒྱུད་ལ་སྐྱེས་ཤིང་ལེགས་པར་ངོ་འཕྲོད་ནས་མི་དགེ་བ་བཅུ་དང་བྲལ་ ན། མིའི་སྐྱེ་བདུན་ལས་མི་འདའ་བར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ངེས་པར་འཐོབ་པར་ ཡིད་ཆེས་པར་བྱ་སྟེ། དཔལ་ལྡན་རྒྱུད་ལས། རྣལ་འབྱོར་དབང་པོ་རྣལ་འབྱོར་མ་ཐོབ་རབ་ ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་པ་ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་ མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ་བར་འགྱུར། །སྔོན་གྱི་གོམས་པ་དེ་ཡིས་ སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ཀུན་ཏུ་འཛིན་པར་འགྱུར། །ཡེ་ཤེས་ཐོབ་ནས་ མི་ཟད་མཆོག་གི་གནས་སུ་རབ་འགྲོ་སླར་ཡང་གང་དུའང་སྐྱེ་བ་ལྡན་པ་མིན། །ཞེས་དང༌། རྫུ་ འཕྲུལ་ཀུན་མཁྱེན་པ་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱིས་སྐྱེ་བ་འདི་ལ་སྟེ། ། གལ་ཏེ་ལམ་དུ་རབ་ཞུགས་ཤི་བར་གྱུར་ན་དེ་ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་ལའོ། །ཞེས་ གསུངས་ཤིང༌། དེའི་འགྲེལ་པར། རྫུ་འཕྲུལ་དང་ཀུན་མཁྱེན་གྱི་ས་བཅུ་གཉིས་འཆད་པར་ 6-1-468 འགྱུར་བ་རྣམས་དང༌། སྲིད་གསུམ་བླ་མ་ཉིད་ཅེས་པ་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་མཁྱེན་པ་ཉིད་དང༌། ལམ་གྱི་རྣམ་པ་{ཐམས་ཅད་} མཁྱེན་པ་ཉིད་ལ་སོགས་པའི་འབྱོར་པ་ནི། རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པ་རྣམས་ ཀྱིས་སྐྱེ་བ་འདི་ལ་སྟེར་བར་བྱེད་དོ། །ཅི་སྟེ་གང་གི་ཚེ་ལམ་དུ་[རབ་ཏུ་]ཞུགས་པར་གྱུར་ པ་རྣལ་འབྱོར་མ་ཐོབ་པར་ཤི་བར་གྱུར་{པ་}ན། དེའི་ཚེ་དེའི་འཛིན་པ་སྟེ། བག་ཆགས་ཀྱི་ སྟོབས་ཀྱིས་སླར་ཡང་མིའི་སྐྱེ་བ་གཞན་ལ་ཐམས་ཅད་ཐོབ་པར་འགྱུར་ཏེ། བརྩོན་འགྲུས་ དང་མི་ལྡན་པར་གྱུར་ཅིང་ཡེ་ཤེས་མ་བསྒོམས་ཀྱང༌། སྐྱེ་བ་བདུན་གྱི་མཐར་ཐུག་[པའོ] {པས་སོ}། །ཞེས་པ་ངེས་པའོ། །ཞེས་གསུངས་སོ། །(མིའི་སྐྱེ་བ་གཅིག་པོའི་ནང་ནས་ཀྱང་སྐལ་བ་མཆོག་ ཏུ་གྱུར་པའི་རྣལ་འབྱོར་པས་ལོ་བདུན་དང་ཟླ་བ་གསུམ་ན་འགྲུབ་སྟེ། དྲི་མེད་འོད་དུ། སྟོང་གཟུགས་མ་རྟགས་པ་ལོ་ཕྱེད་དམ་ལོ་ གཅིག་བླ་མའི་ངེས་པའི་དབང་གིས་སོར་སྡུད་བསམ་གཏན་སོགས་སྲོག་རྩོལ་འཛིན་པ་བཞིས་རང་སེམས་བརྟན་པར་གྱུར་པ་དེ་ ནས་ཕྱག་རྒྱའི་སྦྱོར་བས་ལོ་གསུམ་དང་ཕྱོགས་གསུམ་གྱིས་སེམས་འགྱུར་བ་མེད་པར་འགྱུར། ཞེས་དང༌། ཏིང་ངེ་འཛིན་གྱི་དག་ པ་ལོ་གསུམ་དང་ཕྱོགས་གསུམ་གྱིས་ཉིན་ཞག་རྣམས་ཀྱིས་ཡེ་ཤེས་སྐུ་འགྲུབ་པར་འགྱུར་ཞེས་པ་དབང་བཅུ་ལ་སོགས་པ་ཐོབ་ པའི་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་སོ། །འདི་དཔེ་ལ་ལ་ན་དཀྱུས་ལ་འདུག) བཞི་པ་ཐོབ་པའི་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ངོ་བོ་ངོས་བཟུང་པ་ནི། དཔལ་ལྡན་རྒྱུད་ལས། ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ ས་ཡི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་[རྣམས་{ཀྱིས་}རྣལ་འབྱོར་པ་ལ་གྲུབ་ པའི་དུས་སུ་ནམ་མཁའ་ལ་ནི་མངོན་སུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་ གྱི་ཞག་གི་ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། །རིན་པོ་ཆེ་འམ་མེ་ཏོག་ཆར་ནི་མཆོག་ གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར། །ལུས་ནི་དྭངས་ཤིང་རྡུལ་ཕྲན་ཉམས་ པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་ 6-1-469 འཇིག་རྟེན་གསུམ་པོ་ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང༌། ། སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་ སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་ མཁྱུད་པའོ། །ཞེས་གསུངས་ཏེ། རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་དུས་ ནི་སྔོན་བཅོམ་ལྡན་འདས་ས་ག་ཟླ་བའི་ཉའི་སྐྱ་རེངས་འཆར་ཁའི་ཚེ་མངོན་པར་རྫོགས་པར་ སངས་རྒྱས་པ་བཞིན་དུ། རི་བོང་ཅན་ཉ་གང་བའི་ཞག་གི་ཐོ་རངས་ཀྱི་ཆའམ་མཚན་ཕྱེད་ཀྱི་ དུས་སུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་ལ། ཐོབ་པའི་རྟགས་ནི་རྟག་ཏུ་ནམ་མཁའ་གང་ བར་བཞུགས་པའི་སངས་རྒྱས་སྲས་དང་བཙུན་མོར་བཅས་པའི་ཚོགས་ཐམས་ཅད་མངོན་ སུམ་དུ་མཐོང་ཞིང་རིན་པོ་ཆེ་དང༌། གུར་གུམ་དང་མེ་ཏོག་གི་ཆར་ལ་སོགས་པའི་སྟེང་དུ་ འབབ་པར་འགྱུར་བ་དང༌། རྣལ་འབྱོར་པ་དེའི་སྐུ་ནི་དོན་དམ་པའི་མཚན་དང་དཔེ་བྱད་ མཐའ་ཡས་པས་བརྒྱན་པ། རྡུལ་མེད་རྡུལ་བྲལ་དྲི་མ་མེད་པ་ནམ་མཁའ་ལྟར་ཀུན་ཏུ་ཁྱབ་ [པ་{པར་}སྒྲིབ་པ་དང་བྲལ་ཞིང་རྨི་ལམ་གྱི་སྣང་བ་དང་མཚུངས་པ་སྲིད་[པ་]གསུམ་ཀུན་ ནས་དྭངས་བའི་རྣམ་པར་འགྱུར་ལ། གསུང་ནི་སེམས་ཅན་ཐམས་ཅད་ཀྱི་སྐད་[ཀྱི་{ཀྱིས་} རྣམ་པ་ཅན་གཞོམ་མེད་ཀྱི་སྒྲ་རྒྱུན་མི་འཆད་པ་སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་རྟག་ཏུ་ བཞུགས་པའི་ངོ་བོ་ཉིད་དུ་འགྱུར་ཞིང༌། ཐུགས་ནི་དུས་ཐམས་ཅད་དུ་ལྷན་ཅིག་སྐྱེས་པའི་ བདེ་བ་ཆེན་པོས། དབྱེར་མེད་པར་འཁྱུད་ཅིང་གཡོ་བ་མེད་པ་སྐ་ཅིག་ལས་འདས་པའི་ངོ་ བོ་ཉིད་དུ་འགྱུར་ཏེ། དེ་ལྟ་བུའི་ངོ་བོ་རྣལ་འབྱོར་པ་བདག་ཉིད་ལ་གདོད་མ་ནས་དེ་བཞིན་ གཤེགས་པའི་སྙིང་པོའི་ཚུལ་དུ་བཞུགས་པ་དེ་མངོན་དུ་གྱུར་པ་ཡིན་པར་ཤེས་པར་བྱ་སྟེ། དེའི་ཚེ་ས་བཅུ་གཉིས་ཀྱི་དབང་ཕྱུག་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་གོ་འཕང་ ཐོབ་པ་ཞེས་བྱ་བ་ཡིན་ནོ། །དེ་ལ་དཔལ་དུས་ཀྱི་འཁོར་ལོའི་གོ་འཕང་ནི། དཔལ་ལྡན་ 6-1-470 [རྒྱུད་{དྲི་མ་མེད་པའི་འོད་}ལས། དུ་བ་ལ་སོགས་ལམ་གྱིས་ལྷན་ཅིག་སྐྱེས་པའི་བདེ་བའི་ གོ་འཕང་བསྒོམ་ན་དེ་ནི་འདིར། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་འདི་ཆོས་ ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱི་ ཞབས་ཀྱི་པད་མ་ལ་གཏུགས་ཤིང༌། །དམ་པའི་ལམ་ནི་སྟོན་མཛད་ཉིན་ཕྱེད་བཞིན་དུ་མུན་ པ་ཀུན་འཇོམས་དུས་ཀྱི་འཁོར་ལོར་འགྱུར། །ཞེས་གསུངས་ལ། དེ་ཡང་སྔར་བསྟན་པའི་རྡོ་ རྗེའི་རྣལ་འབྱོར་རྣམ་པ་བཞི་དང་སྐུ་བཞིའི་བདག་ཉིད་དོ། །དེ་ལ་སྤྱིར་སྐུ་ཡི་རབ་ཏུ་དབྱེ་བ་ ནི། འཕགས་པ་འཇམ་དཔལ་གྱིས། རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། སངས་རྒྱས་ ཤཱཀྱ་སེང་གེ་ཡིས། །སེམས་ཅན་བསམ་པའི་དབང་དག་གིས། །སྐུ་ནི་གཅིག་གཉིས་གསུམ་ དང་ནི། །བཞི་དང་ལྔ་རུ་གསུངས་པ་སྟེ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་ རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །ཇི་ ལྟར་གཟུགས་ཀྱི་སྐུ་དང་ནི། །དེ་ལྟར་སངས་རྒྱས་ཆོས་སྐུ་སྟེ། །སེམས་ཅན་བསམ་པའི་དབང་ གི་ཕྱིར། །བསྟན་བཅོས་སྐྱབས་གནས་གསུམ་པོས་གསུངས། །ཐུགས་གསུང་སྐུ་ཡི་དབྱེ་བ་ ཡིས། །སྐུ་གསུམ་དུ་ནི་རབ་ཏུ་བསྒྲགས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་རྣམས། །སྔགས་ཀྱི་ ཚུལ་ལ་མི་ཡིས་སྒྲུབ། །ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ དང༌། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བཤད། །སངས་རྒྱས་ སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་མངའ་བདག་ཅོད་ པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང༌། །གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་ གི་སྤྲུལ་བའི་སྐུ་མཆོག་གོ། སྒྲ་ཡི་ཕུང་པོ་མཐའ་ཡས་པ། བདག་གི་ལོངས་སྤྱོད་རྫོགས་སྐུ་ མཆོག །ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་ཀྱི་སྐུ་རབ་བསྒྲགས། །ཡེ་ཤེས་ཕུང་ པོ་མཐའ་ཡས་པ། །བདག་གི་ཡེ་ཤེས་སྐུ་རབ་བསྒྲགས། བདེ་བའི་ཕུང་པོ་མཐའ་ཡས་པ། ། 6-1-471 བདག་གི་བདེ་སྐུ་འགྱུར་མེད་མཆོག །བསྡུས་པ་ཕུང་པོ་དེ་བཞིན་སྐུ། །ཡང་དག་བསགས་ པར་ཡོངས་སུ་བསྒྲགས། །ཞེས་གསུངས་ཏེ། གཟུགས་ཀྱི་ཕུང་པོ་ནི་རྣམས་པ་ཐམས་ཅད་ པའི་སྟོང་གཟུགས་དང༌། སྒྲའི་ཕུང་པོ་ནི་གཞོམ་དུ་མེད་པའི་སྒྲ་སྙན་དང༌། ཆོས་ཀྱི་ཕུང་པོ་ ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པ་ ཡིན་ལ། ཡེ་ཤེས་ཀྱི་ཕུང་པོ་ནི་འཇིག་རྟེན་ལས་འདས་པའི་གཟུགས་ཀྱི་ཕུང་པོ་མེ་ལོང་ལྟ་ བུའི་ཡེ་ཤེས་དང༌། ཚོར་བའི་ཕུང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། འདུ་ཤེས་ཀྱི་ཕུང་པོ་སོ་ སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་བྱ་བ་གྲུབ་པའི་ཡེ་ཤེས་དང༌། རྣམ་ པར་ཤེས་པའི་ཕུང་པོ་ཆོས་[ཀྱི་]དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། ཡེ་ཤེས་ ལྔ་ལ་སོགས་[པའོ{པ་རྣམས་སོ}། །དེ་ལྟ་བུའི་གཟུགས་ལ་སོགས་པ་ཡང༌། དཔལ་ལྡན་ རྒྱུད་ལས། གང་དུ་ངེས་པར་རིགས་ཀྱི་གཟུགས་ནི་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཆེན་པོའི་ གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཚོར་བ་ ཆེན་པོར་གསུངས་པ་སྟེ། །གང་དུ་འཁོར་བའི་འདུ་ཤེས་ཉམས་པ་ཉིད་དུ་གྱུར་པ་དེ་ནི་རྡོ་རྗེའི་ འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བའི་འཕེལ་བ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་རྡོ་རྗེའི་འདུ་ བྱེད་ཁོ་ནའོ། །གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམས་པ་ཉིད་དུ་གྱུར་པ་དེ་ཡང་ རྣམ་པར་ཤེས་པར་གསུངས། །གང་དུ་ཤེས་པ་མིན་པའི་དངོས་པོ་ཉམས་པ་ཉིད་དུ་གྱུར་པ་ དེ་ནི་ཐུབ་པའི་ཡེ་ཤེས་ཉིད། །འདི་རྣམས་རྣམ་པར་སྣང་མཛད་ལ་སོགས་དམ་པའི་རྒྱལ་བ་ མཆོག་ནི་རྣམ་པ་དྲུག་སྟེ་རིགས་དྲུག་རྣམས། །གཞན་ནི་ཁམས་དྲུག་དབྱེ་བ་རྣམས་ཏེ་ས་དང་ ཆུ་དང་མེ་དང་རླུང་དང་ནམ་མཁའ་ཞི་བ་རྣམས། །ཞེས་གསུངས་པ་ལྟར་རོ། །བདེ་བའི་ཕུང་ པོ་ནི། བདེ་མཆོག་ཉུང་ངུའི་རྒྱུད་ལས། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་ པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟར་རོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་ 6-1-472 པ་ལས་ནི། རྒྱུད་བླར། བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། ། དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་དང༌། འཕགས་ པ་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་ འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་ གསུངས་པ་ལྟར། རང་དོན་ཕུན་སུམ་ཚོགས་པ་ནི་དོན་དམ་པ་ཆོས་ཀྱི་སྐུ་དང༌། གཞན་དོན་ ཕུན་སུམ་ཚོགས་པ་ཀུན་རྫོབ་གཟུགས་ཀྱི་སྐུ་སྟེ་སྐུ་གཉིས་དང༌། མདོ་སྡེ་རྒྱན་ལས། སངས་ རྒྱས་རྣམས་ཀྱི་སྐུ་དབྱེ་བ༑ ༑རང་བཞིན་ལོངས་སྤྱོད་རྫོགས་པ་དང༌། །གཞན་ནི་སྤྲུལ་བའི་སྐུ་ ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་གསུངས་པ་ལྟར། སྐུ་གསུམ་དང་དབྱེ་བ་ གཉིས་འབྱུང་ངོ༌། །དེ་ལྟ་བུའི་སྐུ་དང་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཚུལ་ནི། དཔལ་ལྡན་རྒྱུད་ལས། དཔལ་ལྡན་ཟླ་བ་དང་ནི་ཟླ་བ་ཆུ་ཤེལ་རྣམ་རྟོག་མེད་པའི་རང་བཞིན་ ལས་ནི་ཆུ་འབྱུང་བ། །དེ་བཞིན་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་པོ་ལ་རྟེན་ཐམས་ ཅད་མཁྱེན་པའི་ཆོས་འཛག་སྟེ། །ཆུ་ནི་ས་བོན་ཁམས་ལ་ཀུན་ཏུ་བརྟེན་ནས་རོ་མཉམ་འགྱུར་ བ་ཇི་བཞིན་ཉིད་དུ་ཆོས་དག་ནི། །སེམས་ཅན་རྣམས་ཀྱི་དག་པའི་སེམས་ཀྱིས་རྣམ་པ་མང་ པོར་འགྱུར་ཏེ་སྔོན་གྱི་ལས་ཀྱི་མཐུ་ལས་སོ། །ཞེས་གསུངས་ཏེ། ཟླ་བའི་འོད་དང་ཟླ་བ་ཆུ་ ཤེལ་{དང་}ཕྲད་པ་ལས་ཆུ་འབྱུང་པ་བཞིན་དུ་སངས་རྒྱས་ལ་ཀུན་སློང་གི་རྟོག་པ་གང་ཡང་ མི་མངའ་བཞིན་དུ་ཆོས་སྟོན་པར་མཛད་དེ། དཔེར་ན་ཆུའི་དངོས་པོ་འདི་ས་བོན་སྣ་ཚོགས་ དང་ཕྲད་ཅིང་འདྲེས་པ་ལས་མྱུ་གུ་སྣ་ཚོགས་པ་འབྱུང་པ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཀྱང་ གདུལ་བྱ་སྣ་ཚོགས་[ཀྱི་{པའི་}སྔོན་གྱི་ལས་ཀྱིས་བསྐྱེད་པའི་མོས་པའི་དབང་གིས་ཐེག་ པའི་རྣམ་པ་མང་པོར་འགྱུར་རོ་ཞེས་པའི་དོན་ནོ། །དེ་བཞིན་དུ་གསང་བ་བསམ་གྱིས་མི་ཁྱབ་ པའི་མདོར་ཡང༌། འཁྲུལ་འཁོར་ལས་བྱུང་སིལ་སྙན་ནི། །རླུང་གིས་བསྐྱོད་ན་སྒྲ་འབྱུང་བ། 494། དེ་ལ་འཁྲོལ་བྱེད་མེད་མོད་ཀྱི༑ ༑འོན་ཀྱང་སྒྲ་དག་འབྱུང་འགྱུར་བ། །དེ་བཞིན་ལེགས་པར་ སྔར་སྦྱངས་ཕྱིར། །སེམས་ཅན་བསམ་པས་བསྐུལ་བས་ནི། །འོན་ཀྱང་སྒྲ་དག་འབྱུང་མོད་ཀྱི། ། འདི་ལ་རྟོག་པ་ཡོང་མི་མངའ། །ཞེས་དང༌། རྒྱུད་བླ་མར་ཡང༌། དེ་བཞིན་ཁྱབ་བདག་འབད་ སོགས་དང༌། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། སྐལ་ ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་གསུངས་སོ། །གཞན་ཡང་སངས་རྒྱས་ཀྱི་མཛད་པ་ཕྲིན་ ལས་ཀྱི་ཚུལ་བརྗོད་ན་དཔག་ཏུ་མེད་མོད་ཀྱི། བསྡུ་ན་ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་འཆད་ པ་གཉིས་སུ་འགྱུར་ཏེ། རྒྱུད་བླ་མ་ལས། གདུལ་བྱའི་ཁམས་དང་གདུལ་བའི་ཐབས་དང་ ནི། །གདུལ་བྱའི་ཁམས་ཀྱི་གདུལ་བའི་བྱ་བ་དང༌། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ༑ ༑ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་དང༌། གཞན་གྱི་དབང་གིས་ངེས་འབྱུང་ དང༌། །བདག་དང་སེམས་ཅན་མཚུངས་གཟིགས་དང༌། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། ། འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་གསུངས་པ་བཞིན་ནོ། ། བཞི་པ་བཀའ་རྒྱ་བཞི་ཡིས་རྒྱས་གདབ་ཅིང་བླ་མ་རིམ་པར་བརྒྱུད་པའི་ཚུལ་ལ་གཉིས་ ལས། དང་པོ་གསང་བའི་བཀའ་རྒྱས་གདབ་པ་ནི། ཆོས་རྗེ་ཀུན་སྤངས་ཆེན་པོའི་ཞལ་སྔ་ ནས། ཐོག་མར་དགེ་བའི་ཁྲིད་རིམ་གྱི་མཇུག་ཏུ། སྐབས་འདིར་བཀའ་རྒྱ་བཞི་ཡིས་རྒྱས་ གདབ་པར་བྱའོ། །ཞེས་གསུངས་པས། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དབེན་པ་གསུམ་ བསྟེན་པ་དང༌། ལུས་གནད་ལྟ་སྟངས་སེམས་ཀྱི་འཇོག་ཚུལ་དང༌། ཉམས་སུ་མྱོང་བའི་འོད་ གསལ་གྱི་སྣང་བ་འཆར་ཚུལ་དང༌། ངོ་སྤྲོད་ཟབ་མོའི་ཚུལ། ཐུན་མོང་མ་ཡིན་པ་ཐམས་ཅད་ གསང་བ་ལས་ཀྱང་ཆེས་གསང་བར་བྱ་སྟེ། དཔལ་ལྡན་རྒྱུད་ལས། དུ་བ་ལ་སོགས་རྣམས་ ཀྱི་མཚན་མ་འཛིན་པ་དག་ཀྱང་གང་ཞིག་འདི་རྣམས་ཐམས་ཅད་གསང་བར་བྱ། །ཞེས་ གསུངས་པའི་འགྲེལ་པར། དུ་བ་ལ་སོགས་པ་རྣམས་ཀྱི་མཚན་མ་ཞེས་སོགས་ནས། འདི་ 6-1-473 རྣམས་ཐམས་ཅད་གསང་བར་[བྱས་ཏེ་{བྱ་སྟེ་}བྱིས་པའི་སྐྱེ་བོ་རྣམས་ལ་སྦ་བར་བྱའོ། །ཞེས་ པ་ངེས་པའོ། །ཞེས་གསུངས་ཤིང༌། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། དེ་ཕྱིར་བླ་མ་དམ་པས་གནང་བ་ཡི། །ལམ་བཟང་རིན་པོ་ཆེ་འདི་སློབ་མ་ཡིས། །ཆོམ་རྐུན་ རྩ་ལག་ཡོངས་སུ་སྤང་བྱ་སྟེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །ཞེས་གསུངས་པ་ དང༌། རྒྱུད་ཀྱི་རྒྱལ་པོ་གཞན་ལས་ཀྱང༌། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ བྱིན་གྱིས་རློབ་པར་འགྱུར་གྱིས་ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པར་ཡང་མི་བྱའོ། །ཞེས་དང༌། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ སུ་ཞུགས་ཀྱིས། དེ་བས་ན་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་ གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་འདི་མ་མཐོང་བ་རྣམས་ ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་གསུངས་ཏེ། འོད་ གསལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་འདི་ཡང་དག་པའི་དཀྱིལ་ འཁོར་ཡང་ཡིན་ལ་རྡོ་རྗེའི་ཡེ་ཤེས་བླ་ན་མེད་པ་ཡང་ཡིན་པའི་ཕྱིར། ཟབ་ལམ་གྱི་འཁྲིད་ ཐོབ་ཅིང་ཉམས་སུ་མྱོང་བ་འདི་རྒྱུད་ལ་སྐྱེས་ངེས་མ་ཡིན་པའི་སྐྱེ་བོ་རྣམས་ལ་སྨྲས་ན་དམ་ ཚིག་དང་འགལ་བར་འགྱུར་བས་ཤིན་ཏུ་སྦ་ཞིང་གསང་བར་བྱའོ། ། གཉིས་པ་རྗེ་བཙུན་བླ་མ་རིམ་པར་བརྒྱུད་པའི་ཚུལ་ནི། ཡང་དག་པར་རྫོགས་པའི་ སངས་རྒྱས་ཤཱཀྱ་ཐུབ་པ། རྡོ་རྗེ་འཆང་ཆེན་པོ་ལ། ཕྱག་ན་རྡོ་རྗེ་རྒྱལ་པོ་ཟླ་བ་བཟང་པོས་རྡོ་ རྗེའི་རྣལ་འབྱོར་ཞུས་ཏེ༑ དེ་ནས་ཤམ་བྷ་ལའི་ཡུལ་དུ་ཆོས་རྒྱལ་རིགས་ལྡན་རྒྱུད་མར་བྱོན་ པའི་ཚུལ་ནི། རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། རྒྱུད་འདིར་དྲང་སྲོང་རིགས་ 6-1-474 སོགས་ལ། །སངས་རྒྱས་ལམ་ནི་གསལ་བྱེད་པ། །ཟླ་བ་(༡ བཟང་པོ་)ལྷ་དབང་༢གཟི་བརྗིད་ ༣ཅན(དང་)། །ཟླ་བས་བྱིན་༤དང་ལྷ་དབང་ཕྱུག༥། སྣ་ཚོགས་གཟུགས་༦དང་ལྷ་དབང་ ལྡན༧ (དང་)། །གྲགས་པ་༨(དང་)པད་དཀར་༩(དང་)རིམ་པས་(དེ་དག་གི་གོང་དུ་)སོ། །འདས་ པའི་རྒྱལ་པོ་ཉི་མའི་(ཅེས་རྒྱལ་པོ་ཟླ་བཟང་གི་ཡབ་)འོད། །དེ་ནི་བགེགས་དགྲའི་སྤྲུལ་པ་སྟེ། །ཕྱག་ ན་རྡོ་རྗེ་ཟླ་བཟང་༡ཁྱོད། །༢ས་སྙིང་༣གཤིན་རྗེ་མཐར་བྱེད་དང༌། །༤སྒྲིབ་པ་ཐམས་ཅད་ རྣམ་སེལ་དང༌། །༥རྨུགས་བྱེད་༦ཁེངས་བྱེད་རིམ་[པར་ཏེ{པས་སོ}། །ནམ་མཁའི་སྙིང་པོ་ ༨འཇམ་དབྱངས་དང༌། །འཇིག་རྟེན་མགོན་པོ་གོ་རིམ་བཞིན། །གཤིན་རྗེ་གཤེད་སོགས་ ཁྲོ་བོ་བཅུ། །དེ་བར་བྱང་ཆུབ་སེམས་(ཁྲོ་བོ་བཅུ་ལས་)དཔའ་གཞན། །བཅུ་གསུམ་དེ་རྣམས་ རིམ་པ་ཡིས། །རིགས་ལྡན་རིགས་ལས་འབྱུང་བར་འགྱུར། །(རིགས་ལྡན་གང་ཞེ་ན་)༡གྲགས་པ་ རིགས་ལྡན་རིགས་ཀྱང་སྟེ། །དེ་ནས་རིགས་ལྡན་༢པད་མ་དཀར། །བཟང་པོ་རིགས་ལྡན་ གསུམ་པ་སྟེ། །དེ་བཞིན་བཞི་པ་རྣམ་རྒྱལ་ལོ། །༥བཤེས་གཉེན་བཟང་(དང་)པོ་རིན་ཆེན་ ༦ཕྱག །བདུན་པ་ཁྱབ་འཇུག་སྦས་པའོ། །༨ཉི་མ་གྲགས་དང་ཤིན་ཏུ་༩བཟང༌། །རྒྱ་མཚོ་རྣམ་ རྒྱལ་(དང་)༡༡རྒྱལ་དཀའ་དང༌། །རིགས་ལྡན་ཉི་མ་བཅུ་གཉིས་པ། །༡༣སྣ་ཚོགས་གཟུགས་ དང་༡༤ཟླ་བའི་འོད། །༡༥མཐའ་ཡས་དང་ནི་༡༦ས་སྐྱོང་དང༌། །༡༧དཔལ་སྐྱོང་(དང་)སེང་ གེ་༡༨(དང་)རྣམ་པར་གནོན༡༩(དང་)། །སྟོབས་པོ་ཆེ་དང་མ་འགགས་༢༡པ(དང་)། །མི་ཡི་ སེང་གེ་༢༢(དང་)དབང་ཕྱུག་༢༣ཆེ། །༢༤མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང༌། །(སྔར་གྱི་) གྲགས་པ་རིགས་ལྡན་(ནི་)དེ་ནས་སླར། །(མཐའ་ཡས་རྣམ་རྒྱལ་)དེ(འི)སྲས་(སུ་)འཁོར་ལོ་ཆེན་ པོ་ཅན། །༢༥རིགས་ལྡན་དྲག་པོ་(ཅེས་པར་)འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་ གྱིས(སྤྲུལ་པའི་དམག་གིས་)། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཉི་མའི་ཤིང་རྟ་ལ་སོགས་ཀྱི། ། སྟོན་པ་(ནི་)སྨྲ་མཁས་(གྲགས་པ་)འབྱུང་འགྱུར་གང་(ཡིན་པས་)། །ཟླ་བཟང་ཁྱོད་ནི་རྩ་བའི་ 6-1-475 རྒྱུད། །དེ་ནི་སྡུད་པར་བྱེད་པ་སྟེ། །(རྩ་རྒྱུད་སྡེའི་)རྒྱས་འགྲེལ་བྱེད་པ་པོ་ཡང་ཁྱོད། (ཡིན་ཞིང་དེ་ དག་གིས་) །འདིར་ནི་སེམས་ཅན་ཡོངས་སྨིན་བྱེད། །འཇམ་པའི་རྡོ་རྗེ་བསྡུས་རྒྱུད་ལ། །རྒྱས་ འགྲེལ་བྱེད་པ་པད་འཛིན་རང༌། །ཞེས་(དེ་ལྟར་སུམ་ཅུ་རྩ་གསུམ་ལ། འཁོར་ལོ་ཕྱེད་ཅན་ཚངས་པ་དང་ལྷ་དབང་ གཉིས་མནན་ནས་ཆོས་རྒྱལ་སུམ་ཅུ་རྩ་ལྔ་ཟེར་རོ། །)གསུངས་སོ། ། དེ་ནས་རྒྱ་གར་འཕགས་པའི་ཡུལ་དང༌། བོད་ཡུལ་དུ་བརྒྱུད་པའི་ཚུལ་ནི། འཇམ་ དབྱངས་ཀྱི་སྤྲུལ་པར་གྲགས་པ་གྲུབ་ཆེན་དུས་འཁོར་ཞབས་ཆེན་པོས། རིགས་ལྡན་ དཔལ་སྐྱོང་ཚུར་བྱོན་པ་ལ་གསན་པར་ཡང་འདོད། སྤྱན་རས་གཟིགས་ལ་གསན་པར་ཡང་ འཆད[དོ]། །ར་པའི་ལུགས་ཀྱིས་ཙི་ལུ་པཎྜི་ཏས་འཇམ་དབྱངས་ལ་གསན། དེ་ལ་པི་ཏོ་བས་ གསན། དེའི་སློབ་མ་དུས་འཁོར་ཞབས་ཆེན་པོ་ཡིན་པར་འདོད་ལ། འབྲོ་བའི་ལུགས་ཀྱིས་ ཙི་ལུ་པ་དང་དུས་འཁོར་ཞབས་ཆེན་པོ་གཅིག་པར་བཞེད་དོ། །དེ་ནས་དུས་འཁོར་ཞབས་ གཉིས་པ་རྒྱལ་སྲས་ན་ལེན་དྲ་པ་ཞེས་ཀྱང་གྲགས་པ། ཁ་ཆེའི་ པཎྜི་ཏ་ཟླ་བ་མགོན་པོ། འཕན་ཡུལ་གྲབ་ཏུ་སྐུ་འཁྲུངས་པ་བླ་མ་ལྷ་རྗེ་བསྒོམ་པ་དཀོན་ མཆོག་བསྲུངས། འཕན་ཡུལ་སྣོར་བཟང་ཀྱི་བླ་མ་སྒྲོ་སྟོན་གནམ་ལ་བརྩེགས། གངས་ཏེ་སེའི་རྩ་བར་སྐུ་འཁྲུངས་པ་བླ་མ་གྲུབ་ཆེན་ཡུ་མོ། དེས་རིགས་ཀྱི་སྲས་བསྐྲུན་ པའི་ཆོ་ག་མཛད་པ་ལས་འཁྲུངས་པ་མཁས་པ་ཆེན་པོ་སྲས་མཆོག་དྷརྨེ་ཤྭ་ར། བླ་མ་མཁས་པ་ ནམ་མཁའ་འོད་ཟེར། དྷརྨེ་ཤྭ་རས་རིགས་ཀྱི་སྲས་བསྐྲུན་པའི་ཆོ་ག་མཛད་པ་ལས་འཁྲུངས་ པ་བླ་མ་གྲུབ་ཐོབ་ནམ་མཁའ་རྒྱལ་མཚན་སེ་མོ་ཆེ་བ་ཞེས་ཀྱང་གྲགས་པ། ཆོས་རྗེ་འཇམ་ དབྱངས་གསར་མ། བླ་མ་ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཆོས་ཀྱི་རྗེ་ཀུན་སྤངས་ཆེན་པོ། ཆོས་ རྗེ་བྱང་སེམས་ཆེན་པོ་རྒྱལ་བ་ཡེ་ཤེས། བླ་མ་མཁས་བཙུན་ཡོན་ཏན་རྒྱ་མཚོ། རིགས་ལྡན་ རྒྱལ་བའི་སྤྲུལ་པ་ཆོས་རྗེ་ཀུན་མཁྱེན་ཆེན་པོའོ། །བླ་མ་ཁ་ཆེ་ཟླ་མགོན་གྱི་རྗེས་སུ༑ འབྲོ་ 6-1-476 སྟོན་ལོ་ཙཱ་བ་ཤེས་རབ་གྲགས་འཇུག་པ་ནི་བཀའ་དྲིན་ཆེ་བའི་སྒོ་ནས་ཡིན་གྱི། བརྒྱུད་པ་ལ་ མ་བགྲངས་ཀྱང་ཆོག་ལ། སྲས་དྷརྨེ་ཤྭ་རའི་རྗེས་སུ་མ་ཅིག་སྤྲུལ་སྐུ་འཇུག་པ་ནི་ངོ་མཚར་ཆེ་ བའི་སྒོ་ནས་སྨོས་པ་ཡིན་པས་བརྒྱུད་པ་ལ་མ་བགྲངས་ཀྱང་ཆོག་གོ། ཆོས་རྗེ་ཀུན་མཁྱེན་ ཆེན་པོའི་ཞབས་ཀྱི་པད་མོ་དྲི་མ་མེད་པ་ལ། དུས་ཀྱི་འཁོར་ལོའི་<རྣལ་འབྱོར་>པ་ཤཱཀྱའི་ དགེ་སློང་མངའ་རིས་པ་ཆོས་ཀྱི་རྒྱལ་པོ་བདག་གིས་གུས་པས་གཏུགས་ནས། དཔལ་དུས་ ཀྱི་འཁོར་ལོའི་རྒྱུད་འགྲེལ་པ། དབང་གདམས་པ་ཡན་ལག་དྲུག་ཆ་ལག་དང་བཅས་པའི་ བཀའ་དྲིན་མནོས་པ་ཡིན་ཏེ། བཤད་སྒྲུབ་ལ་ལྷད་མ་ཞུགས་པར་ལུང་དང་མན་ངག་དང་དམ་ ཚིག་རྣམ་པར་དག་པའི་རིམ་པས་ལེགས་པར་བརྒྱུད་པ་ཡིན་ནོ། ། སྤྲིན་མེད་མཁའ་ལ་གཟའ་སྐར་གསལ་བའི་གཟུགས། ། རིང་པོར་གནས་ཀྱང་མཛུབ་མོས་སྟོན་པ་ལྟར། ། གསང་ཆེན་འོད་གསལ་ཕྱག་རྒྱ་ཆེན་པོའི་ལམ། ། བློ་ལས་འདས་ཀྱང་ཆ་ཙམ་གསལ་བར་བཤད། ། བླ་མའི་གདམས་པ་འདོད་དགུའི་རིན་ཆེན་མཛོད། ། རྣམ་དག་ལུང་རིགས་སྒྲོན་མེས་གསལ་བྱས་པའི། ། དགེ་འདིས་འགྲོ་ཀུན་རེ་བ་ཀུན་རྫོགས་ཏེ། ། ཟག་མེད་བདེ་ཆེན་དཔལ་ལ་སྤྱོད་གྱུར་ཅིག ། དཔལ་དུས་ཀྱི་འཁོར་ལོའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ངོ་སྤྲོད་གསང་དོན་རབ་ གསལ་ཞེས་བྱ་བ་འདི། ཤཱཀྱའི་དགེ་སློང་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ། ཆོས་ཀྱི་རྒྱལ་ པོ་མིང་གཞན་ཕྱོགས་ལས་རྣམ་རྒྱལ་གྱིས་དབེན་གནས་དམ་པ་སེ་མཁར་ཆུང་དུ་སྦྱར་བའོ། ། འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་[མངོན་དུ་བྱེད་པར་{མཆོག་ 6-1-477 གི་དངོས་གྲུབ་མྱུར་དུ་ཐོབ་པར་}གྱུར་ཅིག །{ཟབ་ལམ་གྱི་ཁྲིད་ཐོབ་ངེས་པ་མ་ཡིན་པ་ལ་ དཔེ་ཆ་མི་སྟོན་པའི་བཀའ་རྒྱ་ཤིན་ཏུ་དམ་པོ་ཡོད་པས་ཅི་ནས་ཀྱང་སྦ་བར་བྱའོ། །དཔེ་དཔང་ གཉིས་དང་བསྟུན་ནས་ཞུས་དག་ཚར་ཅིག་དག་པར་སྒྲུབ་པོ། སླར་ཡང་ དཔེ་དཔང་དག་པ་གཅིག་ལ་གཏུགས་ནས་ཉིས་ཞུས་ཀྱང་གྲུབ་པོ། །}མཾ་ག་ལཾ་བྷ་ཝནྟུ། མ་ཡིག་ནི་འབྲས་དཔེ་རྙིང་ཕྱི་ཀ༡༦༧ ཕྱི་ཀ༢༠༤ ཕྱི་ཀ༢༩༢བཅས་ཡིན། གོར་རྟགས་འདི་ཕྱི་ཀ༡༦༧ཁོ་ན་ལ་ཡོད། [ ] གོར་རྟགས་འདི་ཕྱི་ཀ༢༠༤ཅན་ཁོ་ན་ལ་ཡོད། { } གོར་རྟགས་འདི་ཕྱི་ཀ༢༩༢ཅན་ཁོ་ན་ལ་ཡོད། < > གོར་རྟགས་འདི་ཕན་ཚུན་ཚིག་མི་འདྲ་བས་སྔོན་མ་ཕྱི་ཀ༡༦༧ དང་ཕྱི་མ་ཕྱི་ཀ༢༠༤ ཡིན་པས་འདེམས་དགོས། [ { } གོར་རྟགས་འདི་ཕན་ཚུན་ཚིག་མི་འདྲ་བས་རིམ་བཞིན་ཕྱི་ཀ༡༦༧ དང་ཕྱི་ཀ༢༠༤ ཕྱི་ཀ༢༩༢ ཡིན་པས་འདེམས་དགོས། [ { < > མཆན་ནི་ཕྱི་ཀ༡༧༩ཁོ་ན་ལས་གཞན་ལ་མེད། ( ) ཇོ་ནང་དཔེ་ཚོགས་བསྐྱར་ཞུ་གཉིས་པ། ཐུབ་དབང༌། ཁམས་པོ། དཔེ་གཟུགས་ཇུས་འགོད་པ། ངག་དབང་གསུང་སྙན། 6-1-478 ༄༅། །ཆོས་རྗེ་ཕྱོགས་རྒྱལ་བའི་གསུང་སྒྲོས་ཟིན་རིས་ བཞུགས་སོ། ། ༄༅། །ཨོཾ་སྭཱ་སྟི་སིདྷིཾ། མཚུངས་པ་མེད་པ་ཆོས་ཀྱིས་རྗེ་དཔལ་ལྡན་བླ་མ་དམ་པ་ཕྱོགས་ ལས་རྣམ་རྒྱལ་ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་པད་མོ་དྲི་མ་མེད་པ་ལ། ལུས་ངག་ཡིད་གསུམ་ གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་ རྗེས་སུ་བཟུང་དུ་གསོལ། འདིར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཆོས་རྗེ་ པའི་ཞལ་སྔ་ནས་ཐོས་པ་རྣམས་ཀྱི་ཟིན་རིས་རང་དང་གཞན་ལ་ཕན་པའི་ཕྱིར་བྲི་བར་བྱའོ། ། དེ་ཡང་ཐོག་མར་ཐུན་མོང་གི་སྔོན་འགྲོ། སྐྱབས་འགྲོ་སེམས་བསྐྱེད། རྡོ་རྗེ་སེམས་དཔའི་ སྒོམ་བཟླས། མཎྜལ་དང་བླ་མའི་རྣལ་འབྱོར་གྱི་ཁྲིད་རྣམས་སྔ་མ་སྔ་མ་(སྐྱབས་འགྲོ་སོགས་ཚང་བར་ ཅུང་ཟད་རེ་) སྔོན་དུ་འགྲོ་བས་ཕྱི་མ་ཕྱི་མ་གཙོ་བོར་ཉམས་སུ་བླངས་ནས་བླ་མ་དམ་པ་ལ་དབང་གོང་ མའི་ཆོ་ག་མོས་གུས་རྩེ་གཅིག་པས་ཞུས་ཏེ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། རྫོགས་ རིམ་གྱི་སྔོན་འགྲོ་བསྐྱེད་རིམ་སྒོམ་པ་ནི། སྒོམ་ཁང་མུན་ཚགས་དམ་པོ་བཅས་པར་འབོལ་ བའི་སྟན་(གྱི་སྟེང་དུ་ཡང་)སྒོམ་སྟེགས་(འབོལ་པོ་བཅུག་པ་)དང་བཅས་པ་ལ་འདུག་ནས་ཐུན་མོང་ གི་སྔོན་འགྲོ་ལྟར་སྐྱབས་འགྲོ་ནས་བླ་མའི་རྣལ་འབྱོར་གྱི་བར་ཅུང་ཟད་རེ་སྔོན་དུ་འགྲོ་བས། ཨོཾ་ཤུ་ནྱ་ཏ་ཛྙ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧཾ། ཞེས་བརྗོད་པས་བདག་ཉིད་ཀྱི་ཕུང་པོ་ཁམས་ སོགས་རང་བཞིན་གྱིས་སྟོང་པ་ཉིད་དུ་དམིགས་པའི་ངང་ནས། གདན་སྣ་ཚོགས་པད་མ་ 6-1-479 འདབ་མ་བརྒྱད་པ་དང༌། དེའི་ལྟེ་བར། ཟླ་བ་ཉི་མ་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་བརྩེགས་ པའི་སྟེང་དུ། བདག་ཉིད་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། ཞལ་གཅིག་ ཕྱག་གཉིས་པ། ཞབས་གཡས་པ་དམར་པོ་བརྐྱང་བས་འདོད་ལྷ་དམར་པོ་དང༌། གཡོན་ དཀར་པོ་བསྐུམ་པས་དྲག་པོ་དཀར་པོའི་སྙིང་ཁར་མནན་པ། སྐུ་མདོག་སྔོན་པོ་ཞལ་ནག་པོ་ མཆེ་བ་ཕྱེད་གཙིགས་པ་སྤྱན་གསུམ་ཅུང་ཟད་དམར་ལ་ཟླུམ་པ་དང་ལྡན་པ། རལ་བའི་ཅོད་ པན་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དང་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོས་སྤྲས་པ། ཕྱག་གཡས་པས་རྡོ་རྗེ་དང༌། གཡོན་པས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྟག་ གི་ལྤགས་པའི་ཤམ་ཐབས་ཅན། རལ་བའི་ཅོད་པན་གྱི་རྩེ་མོར་རྡོ་རྗེ་ནོར་བུ་དང༌། རྡོ་རྗེའི་རྣ་ རྒྱན་མགུལ་རྒྱན་གདུ་བུ་སྐ་རགས་ཞབས་གདུབ་དར་དཔྱངས་ཕྲེང་བ་སྟེ་རྡོ་རྗེའི་རྒྱན་རྣམས་ ཀྱིས་བརྒྱན་པ། དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་ མ། ཕྱག་གཡས་གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ཀྱི་མགུལ་ ནས་འཁྱུད་ཅིང་ཞལ་དུ་སྟོབ་པ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་རུས་པའི་རྒྱན་ཆ་ལྔ་དང་ ལྡན་པ། གཡོན་བརྐྱང་གི་སྟབས་ཀྱིས་ཡབ་ཀྱི་ཞབས་དང་མཉམ་པར་གནས་པའོ། །དེ་ལྟར་ བསྒོམ་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་ནག་པོ། ལྟེ་ བར་ཧོཿསེར་པོ། གསང་གནས་སུ་སྭཱ་སྔོན་པོ། གཙུག་ཏོར་དུ་ཧཱ་ལྗང་ཁུ་རྣམས་བསམ་ཞིང་ བྱིན་གྱིས་བརླབ་པོ། །དེ་ནས་ཡིག་འབྲུ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་རྣམ་པར་དག་པའི་གཞལ་ཡས་ཁང་དུ་གྱུར་ཅིང༌། ནང་བཅུད་ ཀྱི་སེམས་ཅན་ལ་ཕོག་པས་དུས་ཀྱི་འཁོར་ལོའི་ལྷ་ཚོགས་སུ་གྱུར་པ་བསམ། ཡང་འོག་མིན་ དུ་འཕྲོས་པས་དུས་ཀྱི་འཁོར་ལོའི་ལྷ་ཚོགས་ལ་སོགས་པ་ཡི་དམ་གྱི་ལྷ་ཐམས་ཅད་སྤྱན་ དྲངས་ནས་རང་དང་གཉིས་སུ་མེད་པར་ཐིམ་པས་ཡི་དམ་ཀུན་འདུས་ཀྱི་བདག་ཉིད་དུ་གྱུར། 6-1-480 ཡང་འོད་འཕྲོས་པས་རྩ་བའི་བླ་མ་སྤྱན་དྲངས་ཏེ་བདག་ཉིད་ལ་དབང་བསྐུར་ནས་རལ་པའི་ ཅོད་པན་ལ་གནས་པའི་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་དུ་བཞུགས་པར་བསམས། དེ་ བཞིན་དུ་ཆོས་འབྲེལ་ཡོད་པའི་བླ་མ་ཐམས་ཅད་ཀྱང་སྤྱན་དྲངས་ཏེ་རྩ་བའི་བླ་མ་ལ་གཉིས་ སུ་མེད་པར་ཐིམ་པས་བླ་མ་ཀུན་འདུས་པའི་བདག་ཉིད་དུ་གྱུར་ཅིང་བྱིན་གྱིས་རློབ་པར་ བསམ། སྔར་མདུན་དུ་བསྒོམས་པའི་བླ་མ་རྡོ་རྗེ་འཆང་ཡང་དེ་ཉིད་ལ་ཐིམ་པར་བསམ་མོ། ། འདི་ནི་ཞག་རེ་ལ་ཐུན་གསུམ་མམ་བཞིའི་མགོར་གསལ་ལ་ཡུན་ཐུང་བར་བསྒོམ་པར་བྱའོ། ། ཐུན་མོང་མ་ཡིན་པའི་སྔོ་འགྲོ་མན་ཆད་ཀྱི་ཐུན་མགོ་ལ་སྒོམ་པའི་ལྷ་རྣམས་ས་བོན་དང་ཕྱག་ མཚན་ལས་མི་སྐྱེད་ཅིང་དཀྲོང་བསྐྱེད་ཀྱིས་ཆོག་སྟེ་སྤྲོས་པ་ཉུང་དུ་བཏང་ནས་རྫོགས་རིམ་ལ་ གནས་པའི་དོན་ཡིན་ཞེས་གསུང་ངོ༌། ། ད་རྫོགས་རིམ་གྱི་ཉེར་བསྡོགས་དབེན་པ་གསུམ་བསྟེན་པས་ལུས་ངག་སེམས་གསུམ་ སྦྱང་བ་ལ༑ ལུས་དབེན་པ་ནི་བྱ་བྱེད་གཞན་གྱིས་དབེན་པར་མ་ཟད། ཕྱག་དང་སྐོར་བ་ སོགས་ཀྱང་མི་བྱེད་པར་གནས་པས་རྡོ་རྗེ་དཀྱིལ་ཀྲུང་ངམ་དེ་མ་གྲུབ་ན་དཀྱིལ་ཀྲུང་རྒྱ་ ཆེ་ཆུང་རན་པ་པུས་མོ་གཉིས་སྟན་ལ་ཕེབས་པར་བྱས་ཏེ། ལག་པ་གཉིས་ཀྱི་མཐིལ་བརླ་ གཉིས་ཀྱི་སྟེང་ནས་བཀབ་སྟེ་མནན་ནས་གྲི་མོ་གཉིས་ལུས་ལ་སྦྱར་ཞིང་དྲང་པོར་བསྲང་བས་ གཡས་གཡོན་ནས་བརྟེན་པས་ལུས་བསྲང་ཞིང་དཔུང་པ་དང་རོ་སྟོད་ཅུང་ཟད་དགེ་བར་བྱས་ ཏེ། སྒལ་ཚིགས་བསྲང་མགྲིན་པ་དགུག མཆུ་རང་ཤུགས་སུ་བཙུམ། ལྕེ་རྩེ་ཡ་རྐན་གྱི་རྐན་ ཕུགས་སུ་བཟློག གདོང་གཡོན་གཡས་དབུས་དང་གསུམ་དུ་བསྡུད་པས་རླུང་ལན་གསུམ་ མམ་དགུ་དལ་བུས་བུས་ནས། མིག་སྣ་བུག་ནས་ཐད་ཀར་སོར་བཅུ་གཉིས་སམ་བཅུ་དྲུག་ རླུང་རྒྱུ་བ་ཐུང་རིང་གི་ཚད་ཡིན་པས། དེའི་ཐད་ཀའི་སྟེང་གི་ནམ་མཁའ་ལ་ཁྲོ་བོའི་མིག་ བཞིན་བགྲད་པའི་ཕྱེད་འོག་མ་དཀར་པོ་དང་གོང་མ་ནག་པོར་ཡོད་པ་ཙམ་དུ་གྱེན་ལ་བཟློག་ 6-1-481 པའི་ལྟ་སྟངས་བྱས་ཏེ། ངག་དབེན་པ་ནི་སྨྲ་བརྗོད་གཞན་གྱིས་དབེན་པར་མ་ཟད། ཐུན་ མགོའི་སྐྱབས་འགྲོ་དང་ཡིག་བརྒྱའི་བཟླས་པ་སོགས་ཐུན་ཙམ་མ་གཏོགས། མདོ་འདོན་ སྔགས་བཟླས་ལ་སོགས་པ་ཡང་མི་བྱེད་པར་གནས་པས། རླུང་རང་སོར་བཞག་པས། ནང་ དུ་བཟུང་དྲགས་པའི་སྐྱོན་ཚ་ནད་དང༌། ཕྱིར་བཏང་དྲགས་པའི་སྐྱོན་གྲང་ནད་མི་འབྱུང་བའོ། ། སེམས་དབེན་པ་ནི་རྣམ་རྟོག་གཞན་གྱིས་དབེན་པར་མ་ཟད། ཐུན་མགོའི་ལྷ་དང་བླ་མ་ དྲན་ཙམ་མ་རྟོགས་[གཏོགས]གྲུབ་མཐའི་རྟོག་དཔྱོད་དང༌། འཁོར་བའི་ཉེས་དམིགས་དང་ བྱམས་སྙིང་རྗེ་སྒོམ་པ་སོགས་ཀྱིས་ཀྱང་དབེན་པར་གནས་པས། ལྟ་སྟངས་ཀྱི་ངང་དུ་མིག་ འབྱེད་འཛུམས་མེད་པར་ཧྲིག་གེ་བལྟ་ཞིང༌། སེམས་རིག་པ་ཡང་མིག་གི་ལྟ་ས་དེ་ཉིད་ཅིར་ ཡང་མི་རྟོག་ཅིང་ཡིད་ལ་མི་བྱེད་པའི་ཚུལ་གྱིས། ས་ལེ་ཧྲིག་གེ་བ་ལ་གཞག་གོ། དེ་ལྟར་ཞག་དགུ་ལ་སོགས་པ་བསྒོམས་པས། ཉམས་རྟགས་འབྱུང་བ་ཅུང་ཟད་ངོ་སྤྲད་ པར་བྱ་སྟེ༑ ལུས་ཉམས་འཕར་བ་དང༌། གཡོ་བ་དང༌། ན་བ་དང༌། སྐྱི་བུང་བ་དང༌། གཞོགས་ ཕྱེད་ཞ་བ་སྙམ་བྱེད་པ་དང༌། ལུས་ཆེན་པོ་འམ་ཆུང་ངུར་སོང་བ་སྙམ་བྱེད་པ་འབྱུང་ཞིང༌། ངག་ ཉམས་ཀྱང་སྨྲ་འདོད་པ་དང་མི་འདོད་པ་ལ་སོགས་པ་རྒོད་ཞན་སྣ་ཚོགས་འབྱུང་ལ། སེམས་ ཉམས་ཀྱང་ཚིགས་པ་ཟ་བ་དང༌། ཁམས་འཚུབ་པ་དང༌། དགའ་བ་ལ་སོགས་སྣ་ཚོགས་འབྱུང་ ངོ༌། །མཐོང་ཉམས་སུ། དུ་བ་ལྟ་བུ་དང༌། སྤྲིན་ལྟ་བུ་དང༌། ལྗོན་ཤིང་ལྟ་བུ་ཁ་དོག་སྣ་ཚོགས་ དང༌། བྲག་ཕུག་ལྟ་བུ་དང༌། སྲིན་བུ་མེ་ཁྱེར་ལྟ་བུ་དང༌། སྐར་ཆེན་ཤར་བ་ལྟ་བུ་དང༌། མར་ མེ་ལྟ་བུ་དང༌། སྣང་བ་སེར་ལམ་མེ་བ༑ སྐྱ་ལམ་མེ་བ་དང༌། རི་ལྟ་བུ་དང༌། ཐིག་ལེ་སྣ་ཚོགས་ དང༌། ལྷ་སྐུ་དང་སྲོག་ཆགས་ལ་སོགས་པ་སྣ་ཚོགས་མཐོང་བ་རྣམས་རླུང་དབུ་མར་ཅུང་ཟད་ ཚུད་པའི་སེམས་ཀྱི་སྣང་བ་ཡིན་ཞིང༌། ལུས་གནད་ཀྱི་ཟུག་གཟེར་མི་འབྱུང་བར་བདེ་ཕྱམ་པ་ དང༌། རླུང་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་སེམས་རྟོག་མེད་དུ་ལྷན་སྐྱེས་གནས་པ་རྣམས་ཀྱང༌། 6-1-482 ལུས་ངག་སེམས་གསུམ་ཅུང་ཟད་འབྱོངས་པའི་རྟགས་ཡིན་ནོ་ཞེས་ངོ་སྤྲད་དོ། ། འདིར་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་མཐོང་བ་ཡིན་ཞེས་ངོ་སྤྲོད་རྗེན་ཆེར་དུ་ ཡང་མཛད་དེ། དེ་ལྟར་བྱས་ན་ལས་དང་པོ་ལ་བྱ་ཤོར་དུ་སོང་ནས་དངོས་གཞི་ལ་འཇུར་པོ་ མི་སྒོམ་པའི་སྐྱོན་དུ་འགྱུར་དོགས་ཡོད་པས་ཅུང་ཟད་ངོ་སྤྲད་པ་འདི་འཐད་དམ་སེམས་སོ། ། འདི་ལ་ཡང་ལུས་གནད་དང་སེམས་ཀྱི་གཞག་ཐབས་དངོས་གཞི་(མི་གཡོ་བ་གསུམ་དང་དབེན་ པ་གསུམ་གནད་)དང་མཚུངས་ཀྱང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོར་མིང་བཏགས་པ་སྒོམ་ ཉམས་མི་སྒུགས་པར་སྒོམ་སྐྱེ་སླ་བའི་དགོས་པ་ཡོད་ཅིང༌། དངོས་གཞི་ངོ་ཅུང་ཟད་སྤྲད་ནས་ འབོགས་པའི་ཁྱད་པར་ཀྱང་ཡོད་ལ། དངོས་གཞི་ལ་སེམས་འཇོམ་ཐབས་བཞི་འཇོག་ཚུལ་གཅིག་ལ་ཚང་བར་བྱེད་པའི་ཁྱད་ པར་ཡང་ཡོད་དོ་གསུང་ངོ༌། །ལུས་གནད་གཞན་ཀྱང་ཡོད་ཀྱང་ལག་པ་བརླ་སྟེང་དུ་འཇོག་པ་ འདི་ཅིས་ཀྱང་དགོས་པ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསུང་སྒྲོས་ཡིན་ཞེས་གསུང་ངོ༌། །ཐུན་ མོང་མ་ཡིན་པའི་སྔོན་འགྲོའི་སྐོར་རོ། ། དངོས་གཞི་མི་གཡོ་བ་གསུམ་ལྡན་གྱིས་མཚན་མོའི་རྣལ་འབྱོར་སྒོམ་པ་ནི། མུན་ཁང་ དུ་མགོ་རླུང་སྣ་བུག་གཡས་ནས་རྒྱུ་དུས་བརྩམ་(པ་ལན་གཅིག་ལས་རྒྱུན་དུ་མི་དགོས་)ཏེ་སྐྱབས་འགྲོ་ སོགས་སྔོན་དུ་འགྲོ་བས་ལུས་མི་གཡོ་ངག་མི་གཡོ་བ་ནི། སྔར་གྱི་ལུས་དབེན་ངག་དབེན་པ་ དང་ཁྱད་པར་མེད་ལ། སེམས་མི་གཡོ་བ་ལ། སེམས་འཇོག་ཐབས་གཅིག་ལ་འཇོག་ཚུལ་ བཞི་ཚང་བར་ཉམས་སུ་ལེན་པ་ནི༑ ཡིད་ལ་ཅི་ཡང་མི་བསམ་པ་ལྟ་བུ་དང༌། དེའི་ངང་དུ་མ་ ཡེངས་པར་ལྟ་སྟངས་དང་བསྟུན་ནས་རྩེ་གཅིག་ཏུ་འཇོག་པ་སྤྲེའུ་སྒོ་གཅིག་ཏུ་བཏགས་པ་ ལྟ་བུ་དང༌། འདས་པའི་རྗེས་མི་གཅོད་མ་འོངས་པའི་སྔུན་མི་བསུ་ད་ལྟར་གྱི་ཤེས་པ་ལ་རྩི་ བཏབ་མི་བྱེད་པར་འཇོག་པ་སྤུན་གསུམ་གྱི་བར་མ་དང་འགྲོགས་པ་ལྟ་བུ་དང༌། ཕུགས་རྩེ་ 6-1-483 གཅིག་ཏུ་བསྒྲིམས་པའི་ངང་དུ་འཕྲལ་བློད་པ་རྔ་མོ་ཁལ་བཀྲོལ་བ་ལྟ་བུ་རྣམས་ཚང་བའི་ངང་ དུ་མཉམ་པར་གཞག་གོ། དེ་ལྟར་ཞག་ལྔ་ལ་སོགས་པ་སྔ་དགོངས་དང༌། སྲོད་ཐོ་རངས་ཏེ་(ཉིན་མཚན་གྱི་གུང་ལ་མི་སྒོམ་ ལ་ལས་དང་པོས་ནུས་ཚད་སྒོམ་པ་)ཐུན་བཞིར་བསྒོམས་པས། དུ་བ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། མཁའ་སྣང་སྟེ་མེ་ཁྱེར་ལྟ་བུ་དང༌། མར་མེ་ལྟ་བུ་དང་བཞི་འབྱུང་བ་ནི་དུས་འཁོར་བའི་ལུགས་ ཀྱི་མཚན་རྟགས་ངེས་པ་ཅན་བཞི་ཡིན་ཏེ། དེ་དག་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་ ཆོས་ཀྱི་སྐུ་མངོན་སུམ་དུ་མཐོང་བ་ཡིན་ནོ། ། ཞེས་ངོ་སྤྲོད་རྗེན་ཆེར་དུ་བྱས་ནས། ཉིན་མོའི་རྣལ་འབྱོར་སྒོམ་པ་ནི། ནམ་མཁའ་རྒྱ་ཆེན་ པོ་མཐོང་བའི་ས་རི་རྩེ་འམ་ཐང་གི་དཀྱིལ་ལ་སོགས་པར་རང་གི་ལུས་གཞན་གྱིས་མི་མཐོང་ ཙམ་གྱི་རྩིག་པས་བསྐྱོར་བར། སྔ་དྲོ་དང་དགོངས་མོ་ཉི་མ་ལ་རྒྱབ་བསྟན་ཏེ། (ཁ་བྱང་ལྟས་སམ་ གཡབ་འོག་ལྟ་བུ་མིག་ལ་ཉི་ཟེར་མི་འཕོག་པར། ཉིན་གུང་ཡང་སྒོམ་དུ་རུང་ངོ༌། །) སྐྱབས་འགྲོ་སོགས་སྔོན་དུ་ འགྲོ་བས་མི་གཡོ་བ་གསུམ་ལྡན་གྱི་ངང་ནས་སེམས་འཇོག་ཚུལ་བཞི་ཚང་བ་མཚན་མོ་རྣལ་ འབྱོར་དང་ཁྱད་པར་མེད་པར་འདོམ་གང་ཙམ་གྱི་ཐད་ཁའི་ནམ་མཁའ་ལ་ལྟ་སྟངས་གཟིར་ ཞིང་བསྒོམས་པས། ཤེས་རབ་ཡེ་ཤེས་མེའོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཅེས་ པ་སེར་པོ་འབར་བ་དང༌། ཡེ་ཤེས་སྣང་བ་ལམ་མེ་བ༑ ༑ཞེས་པ་ཟླ་བ་སྟེ་དཀར་པོ་འབར་བ་ དང༌། འགྲོ་བའི་མར་མེ་ནི་ཉི་མ་སྟེ་དམར་པོ་འབར་བ་དང༌། ཡེ་ཤེས་སྒྲོན་མེ་ནི་སྒྲ་གཅན་ཏེ་ ཐིག་ལེ་ནག་པོ་འབར་བ་དང༌། གཟི་བརྗིད་ཆེན་པོ་འོད་གསལ་བ། །ནི་ཀློག་དང༌། སྔགས་ མཆོག་མངའ་བདག་རིག་སྔགས་རྒྱལ། །ནི་ཐིག་ལེར་སངས་རྒྱས་བཞུགས་པ་རྣམས་ནི། དོན་དམ་ངོ་བོ་ཉིད་སྐུའི་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས་གསུངས་པའི་ ཉིན་རྟགས་དྲུག་སྟེ། དུས་འཁོར་བའི་རྟགས་བཅུའོ། ། 6-1-484 ལྔ་པ་ཀུན་ཏུ་སྣང་བ་ནི། ཞེས་མཚན་རྟགས་ལྔར་བྱེད་པ་ནི་གསང་འདུས་ལ་སོགས་རྒྱུད་ གཞན་གྱི་ལུགས་སོ། །རྒྱུད་གཞན་ནས་དུ་བའི་སྔོན་ལ་སྨིག་རྒྱུ་ངོས་ཡོང་བ་ལྟ་བུ་རྣམས་ནི་ དཀྲུགས་ནས་གསུངས་པ། གསལ་པོར་མི་གསུང་བའི་དགོངས་པ་ཅན་ཡིན་པས་དུ་སོགས་ རིམ་པ་ལྟར་བཤད་པར་བྱའོ་ཞེས་རྗེ་བཙུན་གོང་མ་རྣམས་ཀྱི་གསུང་ངོ༌། །ཞེས་གསུང་ངོ༌། ། འདི་རྣམས་ལ་རྟགས་ཞེས་བརྗོད་པ་ནི་ལམ་རྟགས་མ་ཡིན་གྱི། བདེ་གཤེགས་སྙིང་པོ་འོད་ གསལ་ཆོས་སྐུ་རང་རྒྱུད་ལ་ཡོད་པ་མངོན་སུམ་དུ་མཐོང་བས་ཡིད་ཆེས་པའི་དོན་གྱིས་ན་ རྟགས་ཞེས་བརྗོད་པ་ཡིན་ནོ། ། རྟགས་བཅུ་ལ་རྟགས་དང་དེ་ལས་ལྷག་པ་རྣམས་ལ་རྟགས་ཅན་ཞེས་པར་འབྲོ་པའི་བླ་ མ་གོང་མ་རྣམས་ཀྱིས་ཐ་སྙད་མཛད་ཅེས་གསུང་ངོ༌། ། དེ་ཡང་ལས་དང་པོ་པའི་སོར་སྡུད་ལ་སོགས་པའི་ལམ་གྱིས་རླུང་དབུ་མར་ཅུང་ཟད་ཚུད་ པ་ལ་བརྟེན་ནས་དོན་དམ་པའི་སངས་རྒྱས། རང་གི་སེམས་ཀྱི་རང་བཞིན་འོད་གསལ་བུམ་ ནང་གི་མར་མེ་བཞིན་སེམས་ཀྱི་སྙིང་པོར་བཞུགས་པ་དེ་ཉིད་བུམ་པའི་བུ་ག་ནས་ཅུང་ཟད་ མཐོང་བ་ལྟ་བུ་ཡིན་ལ༑ མཐར་ཕྱིན་པའི་རྣལ་འབྱོར་པས་བུམ་པ་བཅག་ན་མར་མེ་ཐམས་ ཅད་མཐོང་བ་ལྟར་འོད་གསལ་མཐའ་ཡས་པ་གཟིགས་ཏེ། རླུང་ཉི་ཁྲི་ཅིག་སྟོང་དྲུག་བརྒྱའི་ འགྱུ་བ་འགགས་ནས་ས་བཅུ་གཉིས་པ་དུས་ཀྱི་འཁོར་ལོའི་གོ་འཕང་འཐོབ་པོ། །འོད་གསལ་ ལ་སྟོང་གཟུགས་ཞེས་ཟེར་བ་ནི་གཞན་རྡུལ་ཕྲ་རབ་ལ་སོགས་པ་ཀུན་རྫོབ་པའི་ཆོས་ཀྱིས་ སྟོང་བའི་དོན་ཏོ། །གཞན་སྟོང་ཞེས་པ་ཡང་དེ་ཉིད་དོ། །(ཞེས་ངོ་སྤྲད་དོ་) སོར་སྡུད་ཀྱི་སྤོགས་ཆོག་བྱེད་པ་བཅིང་བ་ནི། རྣལ་འབྱོར་རྙིང་པ་ལུས་གནད་མ་འཆུན་ པས་ཉམས་ལྟེངས་པ་དང༌། ལས་དང་པོ་པས་ཀྱང་ལུས་གནད་མ་འཆུན་པར་ཉམས་མ་སྐྱེས་ པ་རྣམས་ལ་བྱེད་པ་སྟེ། དེ་ཡང་བྱེད་པ་ཞེས་བྱ་བ་ནི་རྩ་རླུང་ཡིན་ལ་དེ་ལུས་གནད་ལྟ་སྟངས་ 6-1-485 གཅུན་པས་འཆིངས་པར་འགྱུར་ཏེ། དཔེ་ཅི་དང་འདྲ་ན། ལུས་གྲོང་ཁྱེར་དང་འདྲ། རྩ་རྒྱ་སྲང་ དང་འདྲ། རླུང་རྟ་དང་འདྲ། རྣམ་ཤེས་རྟ་ལ་ཞོན་པའི་མི་དང་འདྲ། ལུས་གནད་ལྟ་སྟངས་ཀྱིས་ མ་འཆིངས་ན་མི་རྟ་རྒྱ་སྲང་ནས་ཕྱིར་ཤོར་བ་དང་འདྲ། འཆིངས་ན་སྲང་སྒོ་ཁྱེགས་པ་དང་འདྲ་ སྟེ། ཀུན་སྤངས་ཆེན་པོའི་ཁྲིད་ཡིག་ཏུ་འདྲ་བའི་དཔེ་དྲུག་བླ་མའི་ཞལ་ལས་ཤེས་པ་ཡང་འདི་ ཉིད་དོ། །ལུས་གནད་ལྟ་སྟངས་མ་བྱས་ཀྱང་ཉམས་སྐྱེ་བ་ལྟར་སྣང་ཡང༌། ཕུགས་སུ་བོགས་ མི་འབྱུང་བས་ལུས་གནད་ལྟ་སྟངས་ཀྱིས་འཆུན་པ་གལ་ཆེ་ཞེས་གསུང་ངོ་(ཀ)། །སོ་སོར་ (ང་)སྡུད་པའི་དམིགས་སྐོར་གྱི་གསུང་སྒྲོས་སོ༑ ༑(ཁ་)རྟགས་ཚད་ནི་ཉིན་མཚན་གྱི་རྟགས་ བཅུ་སོགས་རྟགས་ཡིན་ལ། ཚད་མ་མངོན་སུམ་བཞི་ནི་ཡན་ལག་དྲུག་ཀ་མཚུངས་པར་རྣལ་ འབྱོར་པས་རང་གི་སེམས་ཀྱི་རང་བཞིན་འོད་གསལ་ཆོས་སྐུ་མངོན་སུམ་དུ་མཐོང་བའི་རྣལ་ འབྱོར་མངོན་སུམ་གཅིག་ཉིད་ལ། མངོན་སུམ་གཞན་གསུམ་ཡང་ཚང་སྟེ། འོད་གསལ་ མཐོང་བ་ནང་རིག་འགྱུར་མེད་ཡིན་པས་རང་རིག་མངོན་སུམ་དང༌། ཤའི་མིག་གིས་མཐོང་ བས་དབང་པོའི་མངོན་སུམ་དང༌། རྟོག་མེད་མ་འཁྲུལ་བའི་ཡིད་ཅན་གྱིས་མཐོང་བས་ཡིད་ ཀྱི་མངོན་སུམ་ཚང་བ་ཡིན་ལ། རྟོག་གེ་བའི་མངོན་སུམ་བཞི་དང་མི་གཅིག་གོ། དག་བྱ་དག་བྱེད་འབྲས་བུ་དང་བྱས་པ་ནི། དག་བྱ་ངོས་ཡེ་ཤེས་ཀྱི་ཕུང་པོ་སོགས་ ཡིན་ལ། དག་རྒྱུ་རང་རྒྱུད་ལ་ཡོད་པའི་ཉོན་མོངས་རྣམས་ཡིན་ཅིང༌། དག་བྱེད་སོར་སྡུད་ སོགས་ལམ་ཟབ་མོ་ཡན་ལག་དྲུག་གིས། དག་པར་བྱས་པའི་འབྲས་བུ་རྡོ་རྗེ་སེམས་དཔའ་ ལ་སོགས་པ་རྒྱལ་བ་རིགས་དྲུག་གི་གོ་འཕང་ཐོབ་པར་འགྱུར་པ་ཡིན་གྱི། དག་བྱ་དག་བྱེད་ གཞན་དང་མི་མཚུངས་སོ(ག)། ། དེ་(ཅ)ནས་བསམ་གཏན་གྱི་རྣལ་འབྱོར་སྒོམ་པ་ནི། སྔར་བཤད་པའི་ཉིན་མཚན་ གཉིས་ཀྱི་གནས་སུ། མགོ་སྣ་བུག་གཡོན་ནས་རླུང་རྒྱུ་དུས་ནས་བརྩམས་(པ་རྒྱུན་དུ་མི་དགོས་) 6-1-486 ཏེ། སྐྱབས་འགྲོ་སོགས་སྔོན་དུ་འགྲོ་བས་མི་གཡོ་བ་གསུམ་ལྡན་གྱི་ངང་ནས་རྣམ་ཀུན་མཆོག་ ལྡན་གྱི་སྟོང་པ་ཉིད་(ཐུན་འཚམས་མེད་པར་)རྒྱུན་དུ་སྒོམ་པའི་ཡན་ལག་ལྔ་ནི། རྒྱུད་ལས། བསམ་ གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་ པའོ། །ཞེས་པ་ལྟར། སྟོང་གཟུགས་མངོན་སུམ་དུ་མཐོང་བ་ཤེས་རབ་དང༌། སྟོང་གཟུགས་ཀྱི་ དངོས་པོ་རགས་པ་འཛིན་པ་རྟོག་པ་དང༌། སྟོང་གཟུགས་གྱི་ཁྱད་པར་བརྟན་གཡོ་སོགས་ཀྱི་ ཁྱད་པར་ཞིབ་ཏུ་འབྱེད་པ་དཔྱོད་པ་དང༌། སྟོང་གཟུགས་ལ་སེམས་ཆགས་ཤིང་གནས་པའི་ ཡིད་བདེ་བ་དགའ་བ་དང༌། སེམས་དང་སྟོང་གཟུགས་གཅིག་ཏུ་འདྲེས་པས་ལུས་སྦྱངས་པའི་ བདེ་བ་ཐོབ་པ་ནི་བདེ་བ་སྟེ། དེ་ལྟར་ཡན་ལག་ལྔ་ལྡན་དུ་བསྒོམས་པས་འོད་གསལ་མཉམ་ བཞག་རྗེས་ཐོབ་མེད་པར་མཐོང་བར་འགྱུར་རོ། ། བསམ་གཏན་གྱི་སྤོག་ཆོག་ནི་བོགས་འདོན་ཏེ། དེ་ཡང་སོར་སྡུད་ཀྱི་སྤོགས་པ་ལྟར་བྱེད་ པ་བཅིང་ནས། མིག་བཙུམ་ན་འོད་གསལ་གྱི་སྣང་བ་འཆར་བ་རྣམས་ལ་ལྟེ་བ་ནས་སྤྱི་བོའི་ བར་ལུས་ཀྱི་ནང་ན་རྩ་དབུ་མ་ཁོང་སྟོང་དུ་ཡོད་པའི་ལྟེ་བའི་ཐད་དུ་ཐིག་ལེ་སྒོམ་པས། ལུས་ ཀྱི་ནང་མཐོང་བའི་སྣང་བ་འབྱུང་སྟེ། ལུས་འདིའི་ནང་མ་ཡིན་ཅིང་འོད་གསལ་གྱི་སྣང་བ་ ཡིན་ཏེ། དྷུ་ཏིའི་ནང་དུ་འོད་གསལ་གཟུང་བའོ། །མིག་ཕྱེ་ན་འོད་གསལ་འཆར་བ་ཤས་ཆེ་བ་ ལ་ནི། ཉིན་མོའི་གནས་སུ། མདུན་དུ་རྩིགས་ལོགས་ལྟ་བུ་ལ་མིག་གཏོད་པའི་མཚན་མ་(ཐིག་ ལེ་ལྟ་བུ་)ཆུང་ཆུང་བྱས་ཏེ། ཐོག་མར་ནམ་མཁར་འོད་གསལ་ལ་ལྟ་ཞིང་དེ་ཉིད་རིམ་གྱིས་ཕབ་ ནས་མདུན་གྱི་མཚན་མའི་སྟེང་དུ་བསྲེས་ཤིང་བསྒོམས་པས། འོད་གསལ་འཕེལ་བར་འགྱུར་ ཏེ་ལས་སྣང་(མི་གཏོད་པ་དེ་)འོད་གསལ་དུ་སོང་བ་མིན་ཅིང་དེ་འགགས་པའི་རྗེས་ནས་སྣང་བ་ ཡིན་ཏེ། སྟེང་སྣང་བའི་སྟེང་དུ་འོད་གསལ་གཟུང་བའོ། ། མིག་ཕྱེ་བཙུམ་ཁྱད་པར་མེད་པ་རྣམས་ལ། སྣ་བུག་གི་ཐད་ཀར་སེམས་བཟུང་བས་རླུང་ 6-1-487 ལྔའི་ཁ་དོག་མཐོང་ཞིང༌། གང་ཞི་བར་འདོད་པ་ལ་སོགས་ལས་བཞི་ལ་སྒྲུབ་བྱ་དེ་ཞི་བ་ལ་ སོགས་པར་ཏིང་ངེ་འཛིན་གྱིས་བསྒོམས་པས་གང་བསྒོམས་པ་དེ་དེ་དང་དེར་འགྱུར་བ་ནི། ཞི་རྒྱས་ལ་སོགས་དབང་དུ་འགྱུར། །ཞེས་པ་སྲོག་རྩོལ་སྒོ་རུ་འོད་གསལ་གཟུང་བའོ། །འདི་ རྣམས་ཀུན་སྤངས་ཆེན་པོས་ཁྲིད་ཡིག་ཏུ། ཡེ་ཤེས་སྤྱན་སྒྲུབ་ནས་འབྱུང་བའི། དྷུ་ཏིའི་ནང་དུ་ འོད་གསལ་གཟུང༌། །ཞེས་སོགས་ལུང་དྲངས་ནས་སྒོམ་ཐབས་ཞལ་ཤེས་སུ་མཛད་པའི་ཞལ་ ཤེས་སོ། །ཞལ་ཤེས་གཞན་དང་མི་མཐུན་ཡང་འདི་ཉིད་ཤེས་བྱེད་གཟིགས་པའི་ངེས་པ་ཅན་ ཡིན་ཞེས་གསུང་ངོ༌། ། བར་དོ་སྦྱོང་བའི་གནས་སྐབས་སུ་ཚེ་འདིར་སྦྱང་བ་ཞལ་ལས་ཤེས་ཞེས་པ། བར་དོའི་ འཆར་ཚུལ་མངོན་པ་(དང་དུས་འཁོར་)ལ་སོགས་པ་ནས་གསུངས་པ་རྣམས་ཚེ་འདིར་ཡིད་ལ་ འདྲིས་པར་བྱེད་པའོ། །དེ་ལྟར་བྱས་པས་བར་དོའི་གནས་སྐབས་སུ་བར་དོ་ཡིན་པར་ཤེས་ ཤིང་དེ་དུས་འོད་གསལ་གྱི་ངང་དུ་མཉམ་པར་འཇོག་པ་ནི་བར་དོ་སྦྱོང་བའོ། ། གཉིད་ལོག་དུས་འོད་གསལ་བཟུང་ནས་ལོག་པས་གཉིད་སད་པ་དང་འོད་གསལ་ ཤར་འདུག་ན་རྨི་ལམ་དུ་འོད་གསལ་ཟིན་པ་ཡིན་ཏེ། ཀུན་སྤངས་ཆེན་པོའི་ཁྲིད་ཡིག་ཏུ་ འོད་གསལ་ཟིན་མ་ཟིན་གཉིད་སད་པ་ན་ཤེས་ཏེ་ཞལ་ལས་ཤེས་ཞེས་པའང་འདི་ཉིད་དོ། ། བསམ་གཏན་གྱི་དམིགས་སྐོར་རོ། ། ཐུན་མོང་མ་ཡིན་པའི་སྔོ་འགྲོ་མན་ཆད་གནངས་དུས་ཀྱིས་ཁྲིད་སྐོར་བྱས་ནས་ལུས་ གནད་ལྟ་སྟངས་དང་སེམས་འཇོག་ཐབས་མི་ཤེས་པ་རྣམས་ལེགས་པར་སློབ་པ་ཁྲིད་ འདེབས་པ་ལ་མཁས་པ་དང་སྐྱོང་བ་ལ་མཁས་པས་ཉམས་མྱོང་རྣམས་ལེགས་པར་བསྐྱངས་ ཏེ། ལུས་འདར་སྤྲུག་ན་བ་ལ་སོགས་པ་དང༌། སེམས་མཐོ་དམན། ངག་སྨྲ་བ་དགོད་ཞན་ ལ་སོགས་རྩུབ་ཉམས་སྐྱེས་པ་རྣམས་སྐྱོན་མིན་ཅིང་ཡེ་ཤེས་ཕེབས་པ་ཡིན་པར་ཤེས་པར་ 6-1-488 བྱེད་པ་སྐྱོན་ཡོན་ཏན་དུ་བསྒྱུར་བ་ལ་མཁས་པར་བྱས་ནས། ཐུན་མགོ་ཐམས་ཅད་དུ་སྐྱབས་ འགྲོ་སེམས་སྐྱེད་ཡིག་བརྒྱ་མཎྜལ་དང་བླ་མའི་རྣལ་འབྱོར་དུས་འཁོར་དཀྲོང་བསྐྱེད་རྣམས་ གསལ་ལ་ཡུན་མི་རིང་བར་བྱས་ནས། ལས་དང་པོ་པས་ནུས་ཚད་བསྒོམ་ཞིང་ཅུང་ཟད་ཉིན་ གུང་ཐུན་མཚམས་བྱེད་པ་དང༌། མཚན་གུང་གཉིད་རན་པར་ལོག་པའི་དུས་སུ་དགེ་བའི་རྩ་ བ་བྱང་ཆུབ་ཏུ་བསྔོས་ཤིང་ཉམས་སུ་བླང་བར་བྱའོ། ། དམིགས་སྐོར་(སྔ་མ་རྣམས་ཞག་གྲངས་མང་ཉུང་སྐབས་དང་སྦྱར་བ་བསྒོམས་ནས་)སྔ་མ་རྣམས་ཀྱི་ཉམས་ མྱོང་ངོ་སྤྲད་ཅིང་ཕྱི་མ་རྣམསའབོགས་ལ། བསམ་གཏན་སྒོམ་གྱིན། ངོ་སྤྲོད་བྱིན་པོ་གསུང་བ་ དང༌། ཞག་འགའ་ཡར་བསྒོམས་ནས་གསུང་གང་འཐད་མཛད་དོ། །ངོ་སྤྲོད་ཀྱིས་ཆོས་འབྱུང་ གི་སྐབས་སུ། འོག་མིན་ལ་གཉིས་ཡོད་པའི་ལོངས་སྐུ་ངེས་པ་ལྔ་ལྡན་བཞུགས་པའི་འོག་ མིན་དེ་མ་ཡིན་པར། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ངམ། འོག་མིན་སྟུག་པོ་བཀོད་པ་ གཉིས་གཅིག་པས་དེ་ཉིད་དུ། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་གདོད་མ་ནས་སངས་ རྒྱས་པ་ཡིན་ན་ཡང༌། ཡུམ་སྒྱུ་འཕྲུལ་གྱི་ལྷུམས་སུ་འཇུག་པའི་ཚུལ་བསྟན་ནས་ཤཱཀྱ་ཐུབ་པ་ མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་སངས་རྒྱས་ནས། རྒྱ་གར་ལྷོ་ཕྱོགས་དང་དཔལ་ལྡན་འབྲས་ ཕུང་གི་མཆོད་རྟེན་དུ། ཤམ་བྷ་ལ་ནས་རྒྱལ་པོ་ཟླ་བཟང་བྱོན་ཏེ་ཞུ་བ་པོ་མཛད་ནས་དུས་ཀྱི་ འཁོར་ལོ་རྩ་རྒྱུད་གསུངས་ཤིང་ཕྱིས་རྒྱལ་པོ་འཇམ་དཔལ་གྲགས་པས་ཤམ་བྷ་ལར་བསྡུས་ རྒྱུད་མཛད་པ། རྒྱ་གར་དུ་དུས་ཞབས་པ་ཆེན་པོས་དར་བར་མཛད་པ་ཡིན་ལ། དེར་མ་ཟད་ བྱ་སྤྱོད་ཀྱི་རྒྱུད་རྣམས་གཞན་དུ་གསུངས་པ་ཡོད་ནའང༌། རྣལ་འབྱོར་དང་རྣལ་འབྱོར་བླ་མེད་ ཀྱི་རྒྱུད་ཐམས་ཅད་འབྲས་ཕུང་གི་མཆོད་རྟེན་དུ་ཤག་ཐུབ་ཀྱིས་གསུངས་པར་དུས་འཁོར་ ནས་གསུངས་ཤིང༌། དེ་དག་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པར་ མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་སོགས་གསུངས་ 6-1-489 པ་ལྟར་ཡིན་ལ། གསང་འདུས་ནས། གསང་སྔགས་འདས་པ་དང་མ་འོངས་པའི་སངས་རྒྱས་ ཐམས་ཅད་ཀྱིས་མ་གསུངས་ཤིང་ཤག་ཐུབ་ཁོ་ནས་གསུངས་ཞེས་པ་ནི་དགོངས་པ་ཅན་ཞིང༌། དུས་འཁོར་དེ་ཉིད་ཀྱི་སྙིང་པོ་ཟབ་ལམ་རྡོ་རྗེ་རྣལ་འབྱོར་ཡིན་ལ། རྒྱུད་དེ་ཉིད་དང་རྒྱུད་ གཞན་རྣམས་སུ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཞེས་པ་ལྟ་བུ་སེམས་ཅན་སངས་ རྒྱས་སུ་གསུངས་པ་རྣམས་ནི་ཉོན་མོངས་པ་ཅན་གྱི་འདི་རྣམས་མ་ཡིན་ཞིང༌། སེམས་ཀྱི་རང་ བཞིན་འོད་གསལ་ངོ་བོ་ཉིད་ཀྱི་སྐུ་གདོད་མ་ནས་དྲི་མ་དང་བྲལ་བ་སེམས་ཅན་ཐམས་ཅད་ ཀྱི་སྙིང་པོར་བཞུགས་པ་དེ་ཡིན་ལ༑ དེ་བཞིན་དུ། ཕུང་པོ་ལྔ་ནི་སངས་རྒྱས་ལྔ། །ཞེས་པ་ ལྟ་བུ་ཡང་ཉོན་མོངས་ཅན་གྱི་ཕུང་པོ་འདི་མ་ཡིན་ཞིང༌། འདི་དང་བྲལ་བའི་ཕུང་པོ་གཞན། ། སེམས་ཀྱི་རང་བཞིན་འོད་གསལ་རྡོ་རྗེའི་རྣལ་འབྱོར་གྱི་རིགས་རྣམ་པ་ལྔ་ཡིན་ཞིང༌། དེ་ཉིད་ ལ་ཡང་སྒྲིབ་བྲལ་གྱི་ཕུང་ཁམས་སོགས་ཚང་བ་ཡིན་ལ༑ མདོར་ན་སེམས་ཅན་གྱི་རང་རྒྱུད་ ངན་པ་འདིའི་སྙིང་པོར་བདེ་གཤེགས་སྙིང་པོ་འོད་གསལ་ཆོས་ཀྱི་སྐུ་བཞུགས་པ་དེ་མངོན་ དུ་འགྱུར་བར་བྱེད་པའི་ཐབས། སོར་སྡུད་སོགས་ཉམས་སུ་བླངས་པས། ཉོན་མོངས་པ་དང་ བཅས་པའི་སེམས་འདི་དང་བྲལ་ནས་སེམས་གཞན་རྣམ་ཀུན་མཆོག་ལྡན་མངོན་དུ་གྱུར་ ནས་དོན་དམ་པའི་སྐུ་བཞི་ཐོབ་པའོ། ། གནས་གྱུར་ལ་ཡང་ངོ་བོ་གནས་གྱུར་དང་བྲལ་བའི་གནས་གྱུར་གཉིས་ལ། སེམས་ཅན་ གྱིས་སངས་རྒྱས་ཐོབ་པའི་སྐབས་འདིར་ཉོན་མོངས་ཅན་གྱི་ཕུང་པོ་ཁམས་སོགས་འགགས་ ཤིང་དེ་དང་བྲལ་ནས་སེམས་ཀྱི་རང་བཞིན་འོད་གསལ་རྣམ་པ་ཀུན་ལྡན་མངོན་དུ་གྱུར་ན་ སངས་རྒྱས་ཐོབ་པ་ནི་བྲལ་བའི་གནས་གྱུར་རོ། ། རིམ་གཉིས་སྒོམ་པ་ལ་ཡང༌། རྫོགས་པའི་རིམ་པ་མི་རྟོག་པའི་ཏིང་ངེ་འཛིན་གྱིས་རྣམ་ ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་སྒོམ་པ་ནི་དོན་དམ་པའི་དཀྱིལ་འཁོར་དང་ལྷ་སྒོམ་པ་སྟེ། དེ་ 6-1-490 དུས་སྟོང་པ་ཉིད་ཀྱི་གཟུགས་བརྙན་དུ་བ་ལ་སོགས་པ་མཐོང་བ་ཡང༌། དོན་དམ་པའི་ལྷ་དུ་ བ་ལ་སོགས་པའི་ཞལ་མཐོང་བ་ཡིན་ཞིང༌། བསྐྱེད་རིམ་གྱིས་དཀྱིལ་འཁོར་དང་ལྷ་སྒོམ་པ་ ནི། དོན་དམ་པའི་དཀྱིལ་འཁོར་དང་ལྷ་དེ་ཉིད་སྐུ་མདོག་དང་ཞལ་ཕྱག་ཏུ་(རྣམ་རྟོག་གིས་) བརྟགས་ན་སྒོམ་པ་ཡིན་ལ། དེ་ཡང་བསྐྱེད་རིམ་ནི་རྫོགས་རིམ་གྱི་རྟེན་དང་བསོད་ནམས་ཀྱི་ ཚོགས་ཀྱི་དོན་དུ། བསྐྱེད་རྫོགས་ཟུང་འཇུག་ཏུ་སྒོམ་པ་ཡིན་ལ། གཙོ་ཆེར་ཡེ་ཤེས་ཀྱི་ཚོགས་ ཀྱི་དོན་དུ་རྫོགས་པའི་རིམ་པ་བསྒོམས་པས་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་བའོ། ། ཕྱག་རྒྱ་ཆེན་པོའི་དོན་ནི། རྒྱལ་པོ་ལ་སོགས་པའི་ལག་རྟགས་ཀྱིས་བཏབ་པ་ལ་ཞེ་ས་ བཅུག་ནས་ཕྱག་རྟགས་ཀྱིས་རྒྱས་བཏབ་ཟེར་བ་ལྟར། མི་འགྱུར་བའི་བདེ་བ་ཆེན་པོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཕན་ཚུན་གཅིག་ལ་གཅིག་གི་རྒྱས་བཏབ་པས་ན་ཕྱག་ རྒྱ། དེ་ལས་ལྷག་པའི་མཐར་ཐུག་མེད་པས་ན་ཆེན་པོའོ། །ལས་དང་པོ་པས་སྟོང་པ་ཉིད་ཀྱི་ གཟུགས་མཐོང་བ་ནི། བསྒོམས་པའི་སྟོབས་ཀྱི་ཤའི་མིག་གིས་མཐོང་ལ་དེ་ནས་རིམ་གྱིས་ ལྷའི་མིག་སོགས་ཀྱིས་མཐོང་ཞིང༌། མཐར་ཕྱིན་པ་ན་ས་རྣམས་རིམ་གྱིས་བགྲོད་ནས་དུས་ སྦྱོར་བཅུ་གཉིས་ཀྱི་རླུང་འགགས་པས་ས་བཅུ་གཉིས་པའི་དབང་ཕྱུག་ཏུ་གྱུར་ཅིང༌། ཡེ་ཤེས་ མིག་གཅིག་དྲི་མ་མེད། །ཅེས་པ་དང༌། སྤྱན་ལྔ་ཆགས་པ་མེད་པ་འཆང༌། །ཞེས་པ་ལྟར། ཡེ་ ཤེས་ཀྱི་སྤྱན་ཐོབ་ནས་གཟིགས་སོ། ། གཟུགས་སྐུ་ལ་ཕྱག་ཞབས་འཁོར་ལོས་བརྒྱན་པ་སོགས་མཚན་དཔེས་བརྒྱན་པ་ལྟར། ངོ་བོ་ཉིད་ཀྱི་སྐུ་ལ་དྲི་བྲལ་དེ་བཞིན་ཉིད་ཀྱི་མཚན་དཔེས་བརྒྱན་པས་ན། མཚན་དཔེ་ལ་ ཡང་ཆོས་སྐུ་དང་གཟུགས་སྐུའི་མཚན་དཔེ་གཉིས་སུ་བྱེད་དོ། ། ཡེ་ཤེས་ལ་ཡང་གཉིས་ཏེ། ཀུན་རྫོབ་ཀྱི་ཡེ་ཤེས་ནི་བཞི་པའི་གནས་སྐབས་ཞེས་ཀྱང་ ཟེར་ཏེ་བྱང་སེམས་དཀར་པོ་འཕོ་བའི་བདེ་བ་ཡིན་ལ། འཕོས་པ་ལས་ནི་ཆགས་བྲལ་འགྱུར། ། 6-1-491 ཞེས་པ་ཁམས་དཀར་པོ་དང་བྲལ་བས་ཆགས་བྲལ་དུ་བཏགས་པ་ཡིན་གྱི་ཆགས་ཞེན་དང་ བྲལ་བ་ནི་མ་ཡིན་ལ། དོན་དམ་གྱི་ཡེ་ཤེས་ནི་བྱང་སེམས་འཕོ་བ་མེད་པ་མཆོག་ཏུ་མི་འགྱུར་ བའི་བདེ་བ་ཆེན་པོའོ། ། དབང་གསུམ་པའི་ཤེས་རབ་ཡེ་ཤེས་ནི། ལས་ཀྱི་ཕྱག་རྒྱ་ཤེས་རབ་ཡིན་ལ། འཛག་པའི་ བདེ་བ་ཡེ་ཤེས་ཡིན་པས། ཀུན་རྫོབ་ཀྱི་ཤེས་རབ་ཡེ་ཤེས་ཡིན་ལ། དབང་བཞི་པའི་ཤེས་ རབ་ཡེ་ཤེས་ཆེན་པོ་ནི། ཕྱག་རྒྱ་ཆེན་མོ་ཤེས་རབ་ཡིན་ལ་ཁམས་འཕོ་བ་མེད་ཅིང་མཆོག་ ཏུ་མི་འགྱུར་བའི་བདེ་བ་ཡེ་ཤེས་ཡིན་པས། དོན་དམ་གྱི་ཤེས་རབ་ཡེ་ཤེས་ཆེན་པོ་ཡིན་ཏེ། ཤེས་རབ་ཡེ་ཤེས་ཀྱི་དོན་ཏོ། ། གནས་སྐབས་བཞི་ནི། སད་པ་དང་རྨི་ལམ་དང་གཉིད་འཐུག་དང་བཞི་པའི་གནས་ སྐབས་ཏེ་བཞི་ཡིན་ལ། དེ་ཉིད་ཀྱི་སད་རྨི་གཉིད་སྟུག་གསུམ་པོ་རིམ་པ་ལྟར་རྡུལ་མུན་སྙིང་ སྟོབས་གསུམ་ཡང་ཡིན་ནོ། །ཆོས་རྗེ་(ཆོས་ཀྱི་རྒྱལ་པོ་)པ་རང་གིས་མཛད་པའི་ངོ་སྤྲོད་ཆུང་ བ་གསུང་བའི་སྐབས་སུ་འབྱུང་བའི་གསུང་སྒྲོས་སོ།། །། དེ་ལྟར་སོར་སྡུད་བསམ་གཏན་གྱི་ཉམས་བཟང་པོ་སྐྱེས་ཤིང་ངོ་ལེགས་པར་འཕྲོད་པ་ ཡང༌། དང་པོར་བསྒོམ་ཀྱང་སྐབས་སུ་མ་བསྒོམས་པ་ཡིན་ན། ཞིང་འཆུ་བའི་ཡུར་ཆས་བྱེད་ པ་དང་འདྲ་བས། ཐོག་མར་སོར་སྡུད་སོགས་ཁྲིད་གསར་བ་དང་འདྲ་བར་བསྒོམས་ཤིང༌། སྟོང་པ་ཉིད་ཀྱི་གཟུགས་བརྙན་ལེགས་པར་མཐོང་བའི་རྗེས་ནས། སྲོག་རྩོལ་སྒོམ་པའི་མན་ ངག་ལ་དམིགས་པ་རྡོ་རྗེའི་བཟླས་པ་ནི། ལུས་གནད་རྡོ་རྗེའི་དཀྱིལ་ཀྲུང་ངམ་དཀྱིལ་ཀྲུང་ རང་བཞིན་པ་ལེགས་པར་བཅས་ནས་ལག་པ་སོར་སྡུད་ལྟར་བརླ་སྟེང་ནས་བཀབ་མི་དགོས་ ལ། མཉམ་བཞག་གམ་པུས་མོ་ལ་ལག་མཐིལ་བཀབ་པ་གང་བདེ་བྱ་ཞིང༌། ལྟ་སྟངས་ཀྱང་ བགྲད་པའི་མིག་གིས་མཐོན་པོར་མི་ལྟ་བར། བདུད་རྩི་འཁྱིལ་པའི་ལྟ་སྟངས་ཞེས་པ་ཐད་ 6-1-492 ཀ་ལས་ཅུང་ཟད་མཐོ་བར་(སྨིན་མཚམས་སུ་)ལྟ་ཞིང༌། ངག་གནད་རླུང་རོ་(སྣ་ནས་)ཕྱིར་བུས་ ལ། སེམས་གནད་རླུང་སྣ་བུག་གཡོན་ནས་རྒྱུ་ན་ཁ་དོག་དཀར་པོ། གཡས་ནས་རྒྱུ་ན་དམར་ པོ་མཉམ་དུ་རྒྱུ་ན་ལྗང་ཁུར་དམིགས་ནས། གཡས་གཡོན་མི་ཡོད་[གཡོ་]པར་གང་རྒྱུ་བ་ཁོ་ ནའི་རླུང་ཕྱིར་འབྱུང་ནང་དུ་འཇུག་ནང་དུ་གནས་སྙམ་པ་ལ་སེམས་གཏད་དེ་ནམ་མཁར་འོད་ གསལ་ལྟ་བར་བྱའོ། ། སྐུ་གསུང་ཐུགས་རྡོ་རྗེའི་བཟླས་པ་ནི་(ཐོག་མར་རླུང་རོ་བུས་ནས་)རླུང་ནང་དུ་འསྔུག་པ་ཨོཾ་ དཀར་པོ་མགོ་ནང་བསྟན་དང༌། ནང་དུ་གནས་པ་ཧཱུཾ་མཐིང་ཁ་མགོ་གྱེན་བསྟན་དང༌། ཕྱིར་ འབྱུང་བ་ཨཱཿདམར་པོ་མགོ་ཕྱིར་བསྟན་ལ་སེམས་གཏད་དེ་འོད་གསལ་བལྟ་བར་བྱའོ། །འདི་ རྣམས་སྲོག་རྩོལ་གྱི་སྔོན་འགྲོ་དང་གེགས་སེལ་ཡིན་པས་ཞག་འགའ་ཡེར་བསྒོམས་པའི་ རྗེས་སུ། འཇམ་རླུང་དགང་གཏོང་གི་སྦྱོར་བ་ནི། དཀྱིལ་དཀྲུང་སྔར་དང་འདྲ་ལ། རླུང་རོ་བུས་ ཏེ་རླུང་སྣ་བུག་གཡོན་ནས་རྒྱུ་ན་ལག་པ་གཡས་པས་ནུ་མ་གཡོན་པ་བཀབ་པ་གཡོན་གྱི་བར་ ལྷུ་བས་བསྡམ་ཞིང༌། འོག་སྒོ་འང་བསྡམས་ནས། མགོ་གཡས་སུ་བསྒྱུར་ཏེ་ལག་པ་གཡོན་རྡོ་ རྗེ་ཁུ་ཚུར་མཛུབ་མོ་སྦྲེང་བའི་མཛུབ་མོས་སྣ་བུག་གཡས་པའི་ཕྱི་བཤོག་མནན་པས་བཀག་ སྟེ། མགོ་གཡོན་ཕྱོགས་སུ་རླུང་དལ་བུས་རྔུབ་ཅིང་དལ་བུས་བསྒྱུར་ལ། མཛུབ་མོ་སྤོས་ཏེ་ སྣ་བུག་གཡོན་པ་སྔར་བཞིན་བཀག་ཅིང་ལྟ་སྟངས་གཡོན་དུ་ལྟ་བས་ཁེངས་ཙམ་མི་བདེ་བ་ མེད་ཙམ་དུ་རླུང་སེམས་གཟུང་ཅིང་མི་ཐུབ་པ་ན་སྣ་གཡས་ནས་དལ་བུས་བཏང་ངོ༌། །གཡས་ ནས་རྒྱུ་ན་ལག་པ་གཡོན་གྱིས་ནུ་མ་གཡས་པ་བཀབ་སྟེ་བསྡམ་མགོ་གཡོན་དུ་བསྒྱུར་ཞིང༌། གཡས་པ་སྔར་བཞིན་བྱས་པའི་འཛུབ་མོས་སྣ་བུག་གཡོན་པའི་ཕྱི་བཤོག་མནན་པས་བཀག་ སྟེ། གཡས་ནས་རླུང་ཕྱིར་བུས་ལ་དེ་མ་ཐག་ནང་དུ་དལ་བུས་རྔུབ་ཅིང་མགོ་གཡས་སུ་བསྒྱུར་ ནས་བཀང་སྟེ་འཛུབ་མོ་སྤོས་ཤིང་སྣ་བུག་གཡས་པ་བགག་འོག་སྒོ་བསྡམ་ལྟ་སྟངས་གཡས་ 6-1-493 སུ་ལྟ་སྔར་བཞིན་མི་བདེ་བ་མེད་ཙམ་དུ་རླུང་སེམས་བཟུང་སྟེ་མི་ཐུབ་པ་ན་གཡོན་ནས་དལ་ བུས་གཏང་ངོ༌༑ ༑འདི་གཉིས་ལ་གཡོན་ནས་རྒྱུ་ན་རླུང་ཕྱིར་མི་འབུད་པར་འགེངས་ཤིང་འོག་ སྒོ་སྔུན་ལ་སྡེམས་པ་དང༌། གཡས་ནས་རྒྱུ་ན་ཕྱིར་བུས་ནས་འགེངས་པ་དང་འོག་སྒོ་གཏིང་ལ་ སྡེམས་པའི་ཁྱད་པར་ཡོད་ཅིང་གཞན་རྣམས་འདྲ་ལ་ཐུན་མཚམས་སུ་སོར་སྡུད་བསམ་གཏན་ སྒོམ་མོ(རྒྱུ་ཕྱོགས་ནས་མགོ་བརྩམས་ཏེ་གཡས་གཡོན་རེ་མོས་ཀྱིས་བསྒྱུར་བ་བསྒྱུར་ཐེངས་བདུན་ལ་ལས་དང་པོ་པའི་ཐུན་ གཅིག་ཏུ་བྱས་ཤིང་གོམས་ནས་ཡུན་ཇེ་རིང་ཐུན་ཇེ་མང་གཏོང་ངོ་)། །འདི་ཡང་སྔོན་འགྲོ་ཡིན་ཅིང་དངོས་གཞི་ རྩུབ་རླུང་བུམ་པ་ཅན་གྱི་སྦྱོར་བ་ནི། སྤྱིར་འཇམ་རླུང་དགང་གཏོང་གིས་རླུང་མཉམ་རྒྱུར་སོང་ བའི་དབང་དུ་བྱས་པ་ཡིན་ཞིང༌། དེ་ལྟ་མིན་ནས་དགང་གཏོང་གིས་མཉམ་རྒྱུར་བསྒྱུར་ལ། དཀྱིལ་ཀྲུང་འདྲ་ཞིང་ལག་པ་རྡོ་རྗེ་ཁུ་ཚུར་གཡས་པས་ཕྱི་ནས་བརྟེན་པ་ཐུགས་ཁར་བསྣོལ་ ཏེ། གདོང་དབུས་སུ་བལྟས་ལ་རླུང་(སྣ་ནས་)ཕྱིར་བུ་ཞིང་དེ་མ་ཐག་ནང་དུ་བཀུག་ཅིང་སྣ་ནས་ རྔུབས་ཏེ་མཆིལ་མ་དང་སྟབས་ཅིག་ལྟེ་འོག་ཏུ་མནན། འོག་རླུང་བསྡམ་ཞིང་ལྟོ་བར་རླུང་ཁ་ སྦྱོར་ཐུབ་ཙད་བཟུང༌། མི་ཐུབ་པ་ན་བདེ་བའི་མྱོས་ཆུ་བླུད་པ་ཞེས་བྱ་བ་དུམ་ཙམ་བཏང་ཞིང་ དེ་མ་ཐག་གང་ལྟར་རྔུབས་ཏེ་གོང་ལྟར་གཟུང་ངོ༌། །ཡེ་མི་ཐུབ་པ་ན་འོག་སྒོ་འཐེན་ཏེ་སྣ་བུག་ གཉིས་ཀ་ནས་སྣ་སྒོ་ན་རྡུལ་ཡོད་ཀྱང་མི་འཁྱེར་བ་ཙམ་དུ་དལ་བུས་བཏང་ངོ་(སྲོག་རྩོལ་གྱི་སྐབས་ འདིར་ཤུགས་ཆེས་ན་རླུང་ཟིན་པའི་དུས་མི་ཡོང་ཞིང༌། རླུང་རོ་འབུད་པ་སོགས་ཕྱིར་འབུད་པ་ཡང་ཐུན་མགོ་ལ་ཡིན་གྱི་རྒྱུན་དུ་མི་ འབུད་དོ)། །དེ་ཡང་(གཞིལ་བ་ལན་རེ་ལས་མི་བྱེད་པར་བཏང་ནས་)བསྐྱར་ཞིང་(རླུང་སེམས་)འཛིན་པ་དང༌། དུམ་ཙམ་ཤོར་བ་དེ་མ་ཐག་རྔུབས་ཀྱིན་མི་གཏོང་བར་ཡུན་རིང་དུ་བྱས་ནས་འཇུག་ཏུ་གོང་ ལྟར་གཏོང་བ་ལུགས་གཉིས་སོ། ། ཐུན་མཚམས་སུ་གེགས་སེལ་ཡིན་པས་རྡོར་བཟླས་དང༌། སོར་སྡུད་བསམ་གཏན་ བསྒོམ་ཞིང༌། ཐུན་མགོ་ཐམས་ཅད་དུ་སྐྱབས་འགྲོ་སོགས་དང་སོར་སྡུད་ཅུང་ཟད་རེས་མགོ་ 6-1-494 དྲངས་ཤིང་སྒོམ་མོ། ། འདི་རྣམས་ལ་སྒལ་ཚིགས་བསྲང༌། མགྲིན་པ་དགུག ལུས་གྲིམ་ཤ་ཐོན་པར་བྱས་ནས་ ལྟ་སྟངས་སྨིན་མཚམས་སུ་(འོད་གསལ་)ལྟ་བ་རྣམས་རྡོར་བཟླས་དང་ཁྱད་པར་མེད་དོ། །ཐུན་ ནི་དང་པོ་ཐུན་བཞི་སོགས་ཉུང་དུ་བྱེད། དེ་ནས་གོམས་ཀྱིན་དྲུག་གམ་བརྒྱད་དུ་བཏང་ནས་ ཁམས་དང་བསྟུན་ཅིང༌། ཡུན་ཇེ་རིང་གཏོང་ངོ༌། ། གནས་ནི་(ཉིན་མོ་དང་མཚན་མོ་རིམ་པ་བཞིན་)ཉིན་མཚན་གྱི་རྣལ་འབྱོར་གནས་སུའོ། །རླུང་ བཙན་ཐབས་ཀྱི་སྦྱོར་བ་ནི། དཀྱིལ་ཀྲུང་དང་ལྟ་སྟངས་སྔར་བཞིན་བཅའ། སྒལ་ཚིགས་ བསྲང་སྟེ། རང་གིས་འདེབས་སམ་གཞན་གྱིས་ཀྱང་རུང་སྟེ་ལག་པ་གཉིས་ཀྱི་སོར་མོ་རྣམས་ ལྟག་པར་བསྣོལ་ལ་མཐེ་བོ་གཉིས་ཀྱིས་རྩེ་ཆུང་གཉིས་བཙིར་ཞིང་སེམས་རྟོག་མེད་དུ་ བཞག་གོ(འདི་བུམ་པ་ཅན་གྱི་བོགས་འདོན་ཡིན་པས། བུམ་པ་ཅན་གྱིས་རླུང་དབུ་མར་མ་འཆིངས་པའམ་འཆིངས་ཀྱང་ སྐྱབས་སུ་མི་དྲག་པ་ལན་མང་དུ་བྱས་ན་སྦྱོང་ངོ་)། དེ་ལ་བརྟེན་པའི་འཕོ་བའི་མན་ངག་ནི། བུ་ག་དགུའི་ རྩ་སྒོ་རྣམས་ཧཱུཾ་ཡིག་གིས་བཀག་པར་བསྒོམས་ཤིང༌། ལྟེ་བ་ནས་སྤྱི་བོའི་བར། དབུ་མ་ལྗང་ ཁུ་ཡ་ལྕག་ཙམ་ཁ་ཚངས་བུག་ལ་གཏད་པ་དང༌། ལྟེ་བ་ནས་གསང་གནས་ཀྱི་བར་དུང་ཅན་ མ་སྔོན་མོ་སྟེ་དེ་གཉིས་ཁོག་གཅིག་ཏུ་འབྲེལ་པའི་ཚངས་བུག་གི་དབུ་མའི་ནང་དུ་ཚུད་ཙམ་དུ་ ཕའི་ས་བོན་ཧཾ་དཀར་པོ་དང༌། གསང་གནས་སུ་དུང་ཅན་མའི་ནང་དུ་མའི་ས་བོན་ཨ་དམར་ པོ་དང༌། སྙིང་ཁར་དབུ་མའི་ནང་དུ་རྣམ་ཤེས་ཀྱི་ས་བོན་ཧཱུཾ་མཐིང་ནག་སྟེ་ཡི་གེ་རྣམས་མགོ་ གྱེན་བསྟན་བསྒོམས་ནས། ཐོག་མར་རླུང་ལན་གཅིག་ཕྱིར་བུས་ཏེ་དེ་མ་ཐག་བུམ་པ་ཅན་ ལྟར་རྔུབས་ཏེ་མནན་པས་ཧཾ་ཡིག་ཧཱུཾ་ལ་ཐིམ་ཞིང༌། འོག་སྒོ་འཐེན་ཞིང་བསྡམས་པས་ཨ་ཡིག་ ཀྱང་ཧཱུཾ་ལ་བསྟིམས་ཏེ། རླུང་ཁ་སྦྱོར་བུམ་པ་ཅན་ལྟར་གཟུང་ངོ༌། །བདེ་ཐུབ་ཙམ་ན་ཀ༽རླུང་ག༽ དལ་བུས་ཕྱིར་བུས་ཏེ་བཏང་ངོ་ཁ༽ཡི་གེ་འདྲེས་པ་ཚངས་བུག་ནས་དྲག་པོར་འཐོན་པ་སྤྱི་བོར་ 6-1-495 བླ་མ་དང་ཡི་དམ་དབྱེར་མེད་བཞུགས་པའི་ཐུགས་ཁར་ཐིམ་པར་བསམ་ཞིང༌། ང༽སླར་ཡང་ ཡི་གེ་རྣམས་(འདྲེས་པ་)ལོག་པ་(ལས་བྱེ་བ་)རང་གནས་སུ་བཀོད་ཅིང་རླུང་སྦྱོར་དང་དམིགས་པ་ སྔ་མ་ལྟར་(ཡི་གེ་རྣམས་བསྐྱར་ཞིང་རང་གནས་སུ་བསྒོམས་ཀྱང་ཆོག་སྙམ་མོ། །)ཚངས་བུག་བྱེ་བ་ལ་སོགས་པ་ འབྱོངས་པའི་ངེས་པ་ཐོབ་ཀྱི་བར་དུ་བསྐྱར་ཞིང་སྦྱངས་ནས། ལས་ལ་སྦྱར་བ་ནི། འཆི་བའི་ དུས་སུ་ས་ཆུ་ལ་ཐིམ་པས་ལུས་ལྕི་ཞིང་འཐིབས་པ་དང༌། ཆུ་མེ་ལ་ཐིམ་པས་ཁ་སྣ་སོགས་ སྐམ་པ་དང༌། མེ་རླུང་ལ་ཐིམ་པས་དྲོད་ཡལ་བ་དང༌། རླུང་ནམ་མཁའ་ལ་ཐིམ་པས་རླུང་རྒྱུ་ བ་ཆད་པ་དང༌། ནམ་མཁའ་རྣམས་ཤེས་ལ་ཐིམ་པས་འོད་གསལ་གྱི་སྣང་བ་འཆར་བ་འབྱུང་ སྟེ། དེའི་དུས་སུ་རླུང་སྦྱོར་དང་དམིགས་པ་གཞན་སྔར་དང་འདྲ་ལ། རང་ངམ་གཞན་གྱིས་ རླུང་བཙན་ཐབས་ཀྱི་སྦྱོར་བ་བྱས་ཏེ་རླུང་ཕྱིར་གཏོང་བ་དང་ཡི་གེ་སླར་ལྡོག་མེད་པར་ཡི་གེ་ འདྲེས་པ་ཧཱུཾ་ཡིག་རྣམ་ཤེས་ཚངས་བུག་ནས་བཏོན་ཏེ་བླ་མའི་ཐུགས་ཀ་ཡང་འོག་མིན་སོགས་ གང་འདོད་གནས་སུ་འཕོ་བར་བྱའོ། །འདི་དུས་འོད་གསལ་གྱི་ངང་དུ་ཞོགས་ན་འཕོ་བའི་ མཆོག་ཡིན་ནོ། །ཡང་རླུང་སྟོད་དུ་འཚངས་པ་འབེབས་པ་ལ་ཡང་རྩ་དང་ཡི་གེ་སྔར་བཞིན་ བསྒོམས་ནས་རླུང་ནང་དུ་སྣ་ནས་རྔུབས་པ་ལྟེ་འོག་ཏུ་མནན་ཏེ་གསང་གནས་ཀྱི་ཨ་ཡིག་ལ་ སེམས་གཏད་པས་ཕེབས་པར་འགྱུར་རོ། །ཡང་རྩ་ཁོག་འབྲེལ་བའི་སྣ་བཤང་ལམ་གྱི་སྒོ་ ནས་གསེར་གྱི་ས་གཞི་ལ་ཐུག་པར་བུག་པ་ཟང་ཐལ་དུ་ཡོད་པའི་གསེར་གྱི་ས་གཞིའི་སྟེང་དུ་ གསེར་གྱི་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བར་ཉི་མའི་དཀྱིལ་འཁོར་བསྒོམས་ནས། དབུ་མའི་ ཚངས་བུག་གི་ནང་དུ་ཚུད་ཙམ་ནས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འཁོར་ཞིང་བབས་པ་སྔར་གྱི་ཉི་ མའི་དཀྱིལ་འཁོར་ལ་ཟུག་པ་སྒོམ་མོ། །དེ་དག་ཁོར་གཅིག་གིས་མ་ཕེབས་ཀྱང་བསྐྱར་ཞིང་ བསྒོམས་པས་ཕེབས་པར་འགྱུར་རོ། །འོག་སྒོ་འགགས་ན་སྟེང་སྲོག་བཏང་བའི་སྦྱོར་བས་ དགྲོལ་བ་ནི། ལུས་གནད་བུམ་པ་ཅན་ལྟར་བཅས་ཏེ་རླུང་རོ་ཕྱིར་བུས་ནས། སྲོག་དང་ཐུར་ 6-1-496 སེལ་བུམ་པ་ཅན་ལྟར་བསྲེས་ཏེ་གཞིལ་བ་མི་དགོས་ལ་ཕྱིར་གཏོང་བ་ན་སྣ་བུག་གཉིས་ནས་ བུམ་པ་ཅན་པས་ཤུགས་ཆེ་བར་རླུང་རོ་འབུད་པ་ཙམ་གྱི་ཤུགས་གཏོང་བ་དང༌། ཁ་ནས་ཧཱ་ ཞེས་པ་རིང་དུ་གཏོང་བ་དང༌། ཧ་ཧ་ཧ་ཞེས་ཐུངས་ཐུངས་པས་གཏོང་བ་སྟེ། སྣ་ནས་གཏོང་ བ་དང་ཁ་ནས་གཏོང་བ་སྤེལ་མར་བྱེད་ལ། ཁ་ནས་གཏོང་བ་ལ་ཡང་ཧཱ་རིང་ཧ་ཐུང་གཉིས་པོ་ སྤེལ་མར་བྱའོ། ། བདུད་རྩི་ལྕེ་སྦྱོར་ནི། (ལུས་གནད་འདྲ་)ཁ་ཅུང་ཟད་ཕྱེ་བའི་སོ་བར་དང་ལྕེ་སྟེང་ནས་སྟེང་ རླུང་(ཤིད་ཀྱི་སྒྲ་དང་བཅས་པས་)རྔུབས་པ་མཆིལ་མ་དང་སྟབས་ཅིག་མིད་དེ་ལྟེ་བར་མནན་པ་དང༌། འོག་རླུང་བསྡམས་ཤིང་ལྟེ་བར་དྲངས་པ་ཁ་སྦྱར་གཟུང་ལ་ལྕེའི་རྩེ་མོ་ལྕེའུ་ཆང་ལ་སྦྱར་ཏེ་ ལྕེའུ་ཆུང་ལས་བབས་པའི་བདུད་རྩི་མཆིལ་མ་དང་བཅས་པ་བཏུང་པར་བྱ་ཞིང༌། དཔྲལ་བར་ ཧཾ་ལ་ཨ་ལིས་སྐོར་བའམ་མ་བསྐོར་ཀྱང་རུང་སྟེ་དེ་ཉིད་ལས་ཀྱང་བྱང་སེམས་བདུད་རྩི་ལྕེའུ་ ཆུང་ནས་བབས་པས་ལུས་གང་བར་མོས་ཤིང་གཏོང་བ་ན་དལ་བུས་རང་ཤུགས་སུ་བཞག་ པར་བྱ་སྟེ་བཀྲེས་སྐོམ་དང་ཚད་ནད་སེལ་ལོ། །སྟེང་རླུང་སྣ་ནས་རྔུབས་པ་ལྟེ་བར་མནན་ནས་ གཟུང་ཞིང་འོག་རླུང་རང་སོར་བཞག་པས་འཁྲིས་ནད་སེལ་ལོ། །འོག་རླུང་བསྡམས་ཤིང་ སྟེང་རླུང་རང་སོར་བཞག་པས་རླུང་ནད་སེལ་ལོ། ། (སྲོག་ནི་རོ་རྐྱང་གི་རླུང་ཡིན་ལ་དེ་དབུ་མར་འགོག་པ་རྩོལ་བ་སྟེ་)སྲོག་རྩོལ་གྱི་དམིགས་སྐོར་རོ། ། འཛིན་པའི་རླུང་སྦྱོར་ལ་འབར་བྱེད་སྲོག་ཐུར་བསྲེ་བའི་སྦྱོར་བ་ནི། (ཉིན་མཚན་གྱི་གནས་སུ་) ལུས་གནད་ཕྱག་རྒྱ་ལྟ་སྟངས་བུམ་པ་ཅན་གྱི་སྐབས་ཇི་ལྟ་བ་བཞིན་བྱ་ཞིང༌། ངག་རླུང་གི་ སྦྱོར་བ་ནི། འོག་སྒོ་དྲག་ཏུ་སྟེང་དུ་འཐེན་ཏེ་ཕྱི་རླུང་ཧཱུཾ་(ཡི་གེ་རྣམས་ངག་ཏུ་མི་བརྗོད་པར་དྲན་ཙམ་བྱེད་དོ། ། ཆོས་རྗེ་པན་ཆེན་པ་ནི་ཁོང་ནས་བརྗོད་དོ། །)རིངས་ཀྱིས་རིང་དུ་བུས་ནས་(འབུད་ཅིང་རྔུབ་པ་སྣ་བུག་ཉི་ཀ་ནས་) ནང་དུ་ཧཱུཾ་ཐུང་གིས་རྔུབས་ཅིང་སྲོག་ཐུར་སེལ་འདྲེས་པ་གསང་གནས་སུ་ནོན་པར་མནན། དེ་ 6-1-497 མ་ཐག་གསང་གནས་ནས་ཧཱུཾ་རིངས་ཀྱིས་དྲག་ཏུ་འཐེན་ཏེ། མིག་དང་ལྕེ་དང་ལྟེ་བ་གྱེན་དུ་ བཟློག་ཉ་བཞི་བསྒྲིམ་(རྐང་པའི་)མཐེ་བོང་བཀུམ་(གསང་གནས་གྱེན་ལ་འཐེན་)འོག་སྒོ་སྟན་ཐོག་ ནས་བཏེགས་པས་དུང་ཅན་མ་དང་དབུ་མ་ཁོག་འབྲེལ་བའི་ནང་ནས་སྤྱི་གཙུག་གི་འཁོར་ ལོ་ཐུག་དྲངས་ཤིང༌། དེ་མ་ཐག་སྤྱི་གཙུག་ནས་མར་ལོག་པ་ཕཊ་ཀྱིས་འོག་སྒོ་རྡེབས་གསང་ གནས་སུ་དྲག་ཏུ་མནན་ནས་ལྟེ་བ་ཕྱིར་འཕུལ་བ་ལན་འགར་བྱས་ནས་སླར་ཡང་ཕྱིར་ཧཱུཾ་ རིངས་ཀྱིས་བུད་དོ(གསང་གནས་ནས་དྲངས་པ། ལྟེ་བ། སྙིང་ཁ། མགྲིན་པ། དཔྲལ་བ། སྤྱི་གཙུག་གི་འཁོར་ལོ་ལྔའི་ལྟེ་ བ། དབུ་མ་ནས་དྲངས། དེ་ལས་ཀྱང་རྩའི་རྩེ་མཛོད་སྤུར་གུག་པ་ལྟར་སོང་ནས། དེ་ནས་ཕྱིར་མི་འགྲོ་བར་ལྡོག་ཅིང་ལྟེ་བ་ནས་ ལས་ཐོབ་་་་་སྟེ། འཁོར་ལོ་ལྔའི་ལྟེ་བ་ལ་མར་འགྲོ་བ་དང༌། མར་ལྡོག་པ་ལ་འཛིན་པའི་གནས་སྐབས་བཅུ་ཟེར་རོ)། ། གཉིས་པ་བདུད་རྩིའི་བཅུད་མྱང་ཞིང་ནད་མེད་སྒྲུབ་པ་ནི། གོང་གི་བདུད་རྩི་ལྕེ་སྦྱོར་དང་ ཁྱད་པར་མེད་དོ། །འཛིན་པའི་དམིགས་སྐོར་རོ། །རྗེས་དྲན་གྱི་རླུང་སྦྱར་ནི། རླུང་འབུད་པ་ དང་འཛིན་འདྲེན་རྣམས་ལ་ཁྲིད་ཡིག་ན་གསལ་བའི་ཡི་གེ་མང་ཉུང་གི་ཁྱད་པར་མ་རྟོགས་ [གཏོགས་]རླུང་སྦྱོར་གཞན་འཛིན་པ་དང་ཁྱད་པར་མེད་དོ། །རྗེས་དྲན་གྱི་དམིགས་སྐོར་རོ། ། བསམ་གཏན་ལ་རླུང་སྦྱོར་ལ་སོགས་ མ་ཡིག་འབྲས་དཔེ་རྙིང༌། ཕྱི་མ། ༦༩༧ ཡིན། འདིའི་མཇུག་མི་ཚང་བས་དགོངས་དག་ཞུ།