4-1-1 ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་ གསུང་འབུམ། ༼ང་༽ 4-1-2 ༄༅། །ཕྱོགས་ལས་རྣམ་རྒྱལ་གྱིས་མཆན་གྱིས་གསལ་བར་མཛད་པའི་ རྒྱུད་འགྲེལ་ལས་སྒྲུབ་ཐབས་ལེའུའི་རྒྱས་འགྲེལ་ བཞུགས། ༄༅༅། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །(སེམས་ཅན་རྣམས་ལ་ཕན་པའི་)བསོད་ནམས་(མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒོམ་པ་)ཡེ་ཤེས་ཀྱིས་སྤྲུལ་(པ་སྟེ་ཚོགས་གཉིས་ལས་འཁྲུངས་ པའི་)བཅོམ་ལྡན་འདས་(ཤཱཀྱ་ཐུབ་པའི་ཡེ་ཤེས་ཀྱི་སྐུ་)ནི་གདུལ་དཀའི་སེམས་ཅན་རྣམས་ཀྱིས་རྟག་ཏུ་ ནི། །འཇིགས་བྱེད་(ཀྱང་)འཇིགས་སུ་རུང་བ(ཤིན་ཏུ་དྲག་པོ་ཧེ་རུ་ཀ་ལ་སོགས་པ)འི་གཟུགས་(དེ་ཉིད་)དང་ སྐྱེ་བོ་མཁས་པ་རྣམས་ཀྱིས་(ཞི་ཞིང་དུལ་བ་)དྲེགས་དང་བྲལ་བ(རབ་ཏུ་ཞི་བ་ཤཱཀྱ་ཐུབ་པའི་སྐུ་ལ་སོགས་པའི་ སྐུ)ར་མཐོང༌། །(བཅོམ་ལྡན་འདས་)གང་ཞིག་ཁོ་ནའི་གསུང་(གཞོམ་མེད་ཀྱི་སྒྲ་རྣམ་པ་ཐམས་ཅད་པ་)ནི་(གདུལ་ བྱའི་)སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་(སེམས་ཅན་)ཀུན་གྱི་སྒྲ(སྐད་ཀྱི་རྣམ་པར་ གདུལ་བྱ)། །གཞན་གྱི་རྣ་བར་སོན་པས་དམ་པ(སྟེ་རྣམ་དག་ལེགས་པ)འི་ལམ་ནི་ཡང་དག་སྟོན་པར་ མཛད་པ་དེ་ལ་འདུད། །རྣམ་པ་ཀུན་གྱི་མཆོག་(དང་)ལྡན་པའི། །(ཡེ་ཤེས་ཀྱི་)སྐུ་ནི་(གདུལ་བྱའི་)མོས་པ་སྣ་ཚོགས་ལས། །རང་རང་བསམ་པས་(ཏེ་བསམ་པ་དང་མཐུན་པར་)སེམས་ཅན་ གྱིས། །(སྣ་ཚོགས་སུ་)མཐོང་བ་(ནི་དོན་དམ་པའི་)སྤྲུལ་བའི་མཚན་ཉིད་(སྐུའི་མཚན་ཉིད་)དོ། །(དེ་ལྟ་བུའི་ སྐུ་དེ་ཉིད་གདུལ་བྱ་གཞན་སྣང་ལ་ཤར་བའི་སྤྲུལ་སྐུའི་རྣམ་པ་ནི་ཀུན་རྫོབ་པའི་སྤྲུལ་བའི་སྐུའོ། །སངས་རྒྱས་ཀྱི་དོན་དམ་པའི་ 4-1-3 གསུང་གཞོམ་མེད་ཀྱི་སྒྲ་)གང་ཞིག་སེམས་ཅན་ཀུན་གྱི་སྒྲས(གསུང་རྗེས་སུ་བསྟན་པའི་སྒྲ)། །རྫུ་འཕྲུལ་ (གྱི་)བདག་ཉིད་(དུ་)རབ་(ཏུ་)གསལ་(བར་)བྱེད(ལ་དེ་ཡང་)། །སེམས་ཅན་(གྱི་)བསམ་པའི་དབང་ གིས་(ཆོས་བསྟན་པའི་གཞོམ་མེད་ཀྱི་སྒྲ་)འདི(ནི་དོན་དམ་པའི)། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ〔དེ་ ལྟ་བུ་སྐུ་དེ་ཉིད་གདུལ་བྱ་ལ་ལོངས་སྐུར་སྣང་བའི་རྣམ་པ་ནི་ཀུན་རྫོབ་ཀྱི་ལོངས་སྐུའོ〕། །(མི་ རྟག་དོན་ནི་མེད་དོན་དང་ཞེས་གསུངས་པ་ལྟར་)མི་རྟག་པ་(སྟེ་ཅིར་ཡང་མ་གྲུབ་པའི་ཆད་པ་)མིན་〔ཞིང་འདུས་བྱས་ ཀྱི་དངོས་པར་བདེན་པའི་〕རྟག་པའང་མིན(པ་སྟེ་རྟག་ཆད་ཀྱི་མཐའ་གཉིས་ལས་གྲོལ་ཞིང་)། །〔སྐད་ཅིག་ གི་དངོས་པོ་〕གཅིག་(པ་)མིན་(ཞིང་སྐད་ཅིག་གི་དངོས་པོ་)དུ་མའི་མཚན་ཉིད་(ཀྱང་)མིན(ལ)། །(རྡུལ་ཕྲན་ དང་སྐད་ཅིག་ལས་འདས་པ་)དངོས་(པོ་)མིན་(ཞིང་རྣལ་འབྱོར་པས་སོ་སོ་རང་རིག་པའི་ཕྱིར་)དངོས་པོ་མེད་པ་འང་ མིན། །འདི་ནི་(དངོས་པོའི་)རྟེན་(དང་)བྲལ་(བ་)ཆོས་སྐུའོ། །(དམིགས་བཅས་)སྟོང་ཉིད་(དང་དམིགས་ མེད་)སྙིང་རྗེ་(གདོད་མ་ཉིད་ནས་)དབྱེར་མེད་ཅིང༌། །ཆགས་(པ་དཀར་ཕྱོགས་ཡོད་པའི་མཐའ་)དང་ཆགས་ བྲལ་(ནག་ཕྱོགས་མེད་པའི་མཐའ་)རྣམ་པར་སྤངས(པའི་ཆ་བཅུ་དྲུག་པ་ལྷན་སྐྱེས་དགའ་བའི་བདག་ཉིད)། །ཤེས་ རབ་(གཅིག་པུ་)མ་ཡིན་ཐབས་(གཅིག་པུ་ཉིད་)ཀྱང་མིན(པ་ཐབས་ཤེས་དབྱེར་མེད་མ་ནིང་གི་གོ་འཕང་སྐུ་བཞི་པ)། ། འདི་ནི་ངོ་བོ་ཉིད་སྐུ་གཞན〚སྐུ་བཞི་པ་སྟེ་དེ་ལྟར〛། །དུས་ཀྱི་འཁོར་ལོ་ཞེས་གྲགས་པ(དོན་ དམ་པའི)། །སྐུ་བཞིའི་བདག་ཉིད་(དབང་པོ་རྣམ་པར་འགྱུར་བ་དང་བྲལ་བས་)ཞི་བ་ལ། །(ལུས་ངག་ཡིད་ཀྱི་) དངོས་པོ་ཀུན་གྱིས་ཕྱག་འཚལ་ཏེ། །སྒྲུབ་ཐབས་ལེའུའི་རྒྱ་ཆེར་འགྲེལ། །འཇམ་པའི་དཔལ་ གྱིས་བསྐུལ་གྱུར་པས། །འཇིག་རྟེན་དབང་པོ་ཆུ་སྐྱེས་འཛིན། །སྤྲུལ་པའི་སྐུར་ནི་གྱུར་པ་ བདག །པད་མ་དཀར་པོས་བྲི་བར་བྱ། ། ༈ འདིར་(གནས་ཕུན་སུམ་ཚོགས་པ་ཤམྦྷ་ལའི་ཡུལ་གྱི་གཙོ་བོ་)དཔལ་ལྡན་ཀ་ལཱ་པའི་གྲོང་གི་ལྷོ་ མ་ལ་ཡི་སྐྱེད་མོས་ཚལ་གྱི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་ མཐར་རིན་པོ་ཆེའི་སྒོ་ཁྱམས་ན་(རིན་པོ་ཆེ་ཆེན་པོའི་)སེང་གེའི་ཁྲི་ལ་བཞུགས་པ་(སྟོན་པ་པོ་)བཅོམ་ 4-1-4 ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ་མིའི་དབང་པོ་གྲགས་པ་ལ་(ཞུ་བ་པོ་)ཉི་མའི་ཤིང་ རྟས་གསོལ་བ་བཏབ་པར་གྱུར་པས་(ཆོས་ཕུན་ཚོགས་པ་)མཆོག་གི་དང་པོའི་སངས་རྒྱས་ལས་ སྒྲུབ་ཐབས་ཀྱི་ལེའུར་ཟླ་བ་བཟང་པོས་གསོལ་བ་བཏབ་པ་དང་སངས་རྒྱས་བཅོམ་ལྡན་ འདས་ཀྱི་ལན་གྱི་གསུང་ཚིགས་སུ་བཅད་པ་དང་པོས་(བྱང་སེམས་ལྷ་དང་ལྷ་མིན་ལ་སོགས་པའི་)འཁོར་ ཆེན་པོ་〔ཕུན་ཚོགས་〕ལ་རབ་ཏུ་བསྟན་པར་གྱུར་པ་རྒྱལ་བ་བསྐྱེད་མཛད་〔ཅེས་པ་སྟེ་བོད་པ་ ཟླ་བཟང་〕བདག་གིས་དབང་བསྐུར་བདུན་པོ་རྣམས་དང་བུམ་པ་དང་ནི་གསང་བའི་དབང་ བསྐུར་དང༌། །ཤེས་རབ་ཡེ་ཤེས་དབང་བསྐུར་(ཏེ་འཇིག་རྟེན་པ་བཅུ་དང་)སྲིད་པའི་འཇིགས་པ་ འཇོམས་པ་(འཇིག་རྟེན་ལས་འདས་ཤིང་)རྣལ་འབྱོར་རྣམས་ཀྱིས་བགྲོད་བྱ་(སྟེ་ཐོབ་བྱ་དབང་བསྐུར་)བཞི་ པ་ཐོབ(པས)། །སླར་ཡང་རྒྱལ་བ་མཆོག་དང་བཅས་པ་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་ཡང་ དག་པར་ནི་བདག་ཞུའོ། །ཟླ་བ་བཟང་པོའི་ཚིག་གསན་ནས་ནི་རྒྱལ་བའི་བདག་པོས་རྡོ་རྗེ་ ཅན་དག་གི་ཡང་སྒྲུབ་ཐབས་གསུངས་ཞེས་པ་སྟེ་འདིར་ཚིགས་སུ་བཅད་པའི་རྐང་པ་གསུམ་ གྱིས་སྒྲུབ་ཐབས་ཀྱི་ལེའུ་བསྟན་པའི་སླད་དུ་ཟླ་བ་བཟང་པོས་གསོལ་བ་བཏབ་པའོ། །དེ་ ནས་རྐང་པ་བཞི་པ་ནས་བརྩམས་ཏེ་ཇི་སྲིད་ལེའུ་ཡོངས་སུ་རྫོགས་པ་དེ་སྲིད་ནི་བཅོམ་ལྡན་ འདས་ཀྱི་ལན་གྱི་གསུང་ངོ༌། །ད་ནི་ཟླ་བ་བཟང་པོའི་ཚིག་གསན་ནས་ནི་རྒྱལ་བའི་བདག་ པོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ པས་རྡོ་རྗེ་ཅན་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་གསུངས་ཏེ་ཡང་ ཡིག་གིས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་(ལྔ་)རྣམས་དང་རྡོ་རྗེ་དབྱིངས་ཀྱི་ དབང་ཕྱུག་མ་ལ་སོགས་པ་ལྷ་མོ་(ལྔ་)རྣམས་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་ དཔའ་(དྲུག་)རྣམས་དང་སྒྲ་རྡོ་རྗེ་མ་ལ་སོགས་པ་ཡུལ་གྱི་ལྷ་མོ་(དྲུག་)རྣམས་དང་གཙུག་ཏོར་ལ་ སོགས་པ་ཁྲོ་བོའི་རྒྱལ་བོ་ཆེན་པོ་(བཅུ་པོ་)རྣམས་དང་ཤིན་ཏུ་སྔོན་མོ་ལ་སོགས་པའི་ཁྲོ་བོའི་ལྷ་ 4-1-5 མོ་(བཅུ་པོ་)རྣམས་དང་ཙར་ཙི་ཀཱ་ལ་སོགས་པ་མ་མོ་(བརྒྱད་)རྣམས་དང་ཁྱབ་འཇུག་ལ་སོགས་ པ་(བཅུ་གཉིས་)ལྷ་རྣམས་དང་རྒྱལ་བ་ལ་སོགས་པ་ཀླུའི་རྒྱལ་པོ་(བཅུ་)རྣམས་དང་ཁྱི་གདོང་མ་ལ་ སོགས་པ་རབ་གཏུམ་མ་(བཅུ་)རྣམས་(དེ་དག་ལས་)དང་གཞན་རྣམས་ཀྱི་ཡང་སོ་སོའི་སྒྲུབ་ཐབས་ རྒྱལ་བའི་བདག་པོས་གསུངས་ཏེ་(གང་གི་ཆེད་དུ་ཞེ་ན་བརྟགས་པའི་)གཟུགས་ཀྱི་སྒོམ་པས་འོག་མིན་ གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཆེད་དུའོ། །ཞེས་པ་ནི་ བཅོམ་ལྡན་འདས་ཀྱི་ངེས་པའོ། ༡ ། ༈ (ཉིན་མཚན་གྱི་)ད་ནིདུས་རྣམ་པར་དག་པས་བཅོམ་ལྡན་འདས་ཀྱི་(དོན་དམ་པའི་ཡེ་ཤེས་ཀྱི་སྐུ་ ལ་མོས་པ་ཡིད་ལ་བྱེད་པའི་སླད་དུ་)གཟུགས་བརྟགས་པ་(རྟོག་པའི་བསྒོམ་པ་)མདོར་བསྟན་པ་གསུངས་པ་ ཟླ་བའི་སྐུ་ཞེས་པ་ལ་སོགས་པ་སྟེ། འདིར་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་ (དུས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་སྐུའི་རྣམ་དག་)གསུངས་པ་ཉིན་མོ་(དང་)ཉི་མ་(དང་)རྡུལ་(རྣམ་པར་དག་པའམ་འགག་ པ་ནི་)རྡོ་རྗེ་(སྟེ་དུས་སོ)བསམ་པའི་དབྱེ་བས་མཚན་མོ་(དང་)ཟླ(བ་དང་)། །ཁུ་བ་(ཤེས་རབ་)པད་མ་ (སྟེ་འཁོར་ལོའི་)དེ་དག་(དབྱེར་མེད་དུ་)གཅིག །དུས་ཀྱི་འཁོར་ལོ་བདེ་ཆེན་པོ། །ཞེས་པ་དང༌། དེ་ བཞིན་དུ་(འཁོར་ལོ་སྡོམ་པ་ལ་སོགས་པ་)རྒྱུད་གཞན་དང་གཞན་དག་ལས་ཀྱང་བཅོམ་ལྡན་འདས་ཀྱི་ 〔རྒྱུད་ཀུན་གྱི་ལྷའི་རྣམ་དག་〕སྤྱིར་(ཏེ་ཐུན་མོང་དུ་)གསུངས་པ། ཉིན་མོ་(རྣམ་པར་དག་པའམ་འགགས་པ་ནི་བསམ་ པའི་དབྱེ་བས་)བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་(ཏུ་རྒྱུད་ཀུན་ལས་)རབ་ཏུ་གྲགས(ཏེ)། ། (དཔེ་)ཇི་ལྟར་(ཕྱི་རོལ་བ་དག་)ཉི་མ་(ནི་)དྲག་པོ་(ཐབས་)དང༌། །དེ་བཞིན་(དུ་)ཟླ་བ་(ནི་){ཨུ་{དབུ་} མར་(དེའི་ཤེས་རབ་མ་)འདོད(པ་བཞིན་ནོ)། །ཅེས་པའོ། །དེ་ལྟར་ཉི་མ་དང་ཟླ་བ་དང་ཉིན་མོ་དང་ མཚན་མོའི་དབྱེ་བས་ཉིན་མཚན་ནི་དུས་ཞེས་གསུངས་ཏེ་(དུས་)དེའི་འཁོར་ལོ་ནི་(ཉིན་མཚན་ གཅིག་གི་)དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་བདག་ཉིད་རྟེན་འབྲེལ་ ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཁྱིམ་གྱི་(ལམ་དུས་སྦྱོར་བཅུ་གཉིསཀྱི་)འཁོར་ལོ་སྟེ་སེམས་ཅན་ 4-1-6 ཐམས་ཅད་ཀྱི་(ཕུང་པོ་)སྐྱེ་བ་དང་འཇིག་པའི་རྒྱུར་གྱུར་པ་(དོན་དམ་པར་མ་གྲུབ་ཀྱང་)འཇིག་རྟེན་ཀུན་ རྫོབ་ཀྱིས་སོ(དེ་ལྟར་ཀུན་རྫོབ་ཀྱི་དུས་དང་འཁོར་ལོ་དེ་དག་གདོད་མ་ནས་རྣམ་པར་དག་པའམ་འགག་པ་ནི་བཅོམ་ལྡན་ འདས་དུས་ཀྱི་འཁོར་ལོའ)ོ། །དེ་བཞིན་དུ་ཡང་གསུངས་པ། (ཀུན་རྫོབ་དུས་གསུམ་གྱིས་བསྡུས་པའི་)དུས་ཀྱི་ འབྱུང་པོ་(སེམས་ཅན་)རྣམས་སྤྲོ་(བ་སྟེ་བསྐྱེད་པ་ཡིན་)ཞིང༌། །〔ཀུན་རྫོབ་དུས་གསུམ་གྱིས་བསྡུས་པའི་〕 དུས་ཀྱིས་〔སེམས་ཅན་རྣམས་ཀྱི་ཕུང་པོ་〕རྟག་ཏུ་སྡུད་པ〔སྟེ་འཇིག་པ་〕ར་བྱེད(དོ)། །(དེ་ལྟ་བུའི་)དུས་(རྣམ་ པར་དག་པའམ་འགགས་པས་)ནི་བཅོམ་ལྡན་རྡོ་རྗེ་ཅན(གྱི་སྐུ་སྟེ)། །ཉིན་མཚན་〚རྣམ་པར་དག་པའམ་ འགགས་པའི་〛རང་བཞིན་ཅན་ཡིན་ནོ་ཞེས་པའོ(དེ་ལྟར་ཉིན་མོ་དང་མཚན་མོ་ཉིད་རྡོ་རྗེ་ཅན་ལྟ་བུར་གསུང་པ་ ནི་དགོངས་པ་ཅན་ཏེ་དགོངས་པའི་དོན་ནི་ཉིན་མཚན་གྱི་དུས་རྣམ་པར་དག་པ་ཉིད་རྡོ་རྗེ་ཅན་ཡིན་ཏེ། དུས་རྣམ་པར་དག་པས་ ཞེས་དང་དེ་དག་གཅིག་པ་དུས་འཁོར་ཡིན་པར་གསུངས་པའི་ཕྱིར་རོ། །རྣམ་དག་གི་དོན་ཡང་ཉིན་མཚན་གྱི་དུས་འགགས་པ་ ཉིད་ཡིན་ཏེ། རྒྱལ་བའི་དབང་པོའི་སྐུ་གཞན་ཡིན། །ཞེས་གསུངས་པ་ལྟར་རོ)། །དེ་ལྟར་(དུས་རྣམ་པར་དག་པ་)དུས་ཀྱི་ འཁོར་ལོ་འདིའི་སྒྲུབ་ཐབས་ནི་(རྣལ་འབྱོར་བའི་ཕུང་པོ་)སྐྱེ་བ་དང་འཇིག་པ་རྣམ་པར་ཉམས་པའི་ དོན་་་དུ་རྣལ་འབྱོར་པ་རྣམས་ཀྱིས་(འོག་ནས་)འཆད་པར་འགྱུར་བའི་རིམ་པས་བྱའོ། །(དུས་ ཀྱི་འཁོར་ལོའི་)གཟུགས་བརྟགས་པའི་(རྣམ་དག་གི་)ངེས་པ་ནི་ཟླ་བའི་སྐུ་ཞེས་པ་ལ་སོགས་པ་སྟེ་ དུས་སྦྱོར་(དང་ཟླ་བ་)བཅུ་གཉིས་ཀྱི་བདག་ཉིད་ཀྱི་ཉིན་མཚན་(རྣམ་པར་དག་པ་)ནི་སྐུ་གཅིག་གོ། དེའི་(ཉིན་མཚན་)དུས་སྦྱོར་(དང་ཟླ་བ་)དྲུག་དྲུག་གི་བདག་ཉིད་(ཀྱི་དུས་རྣམ་པར་དག་པ་)ནི་གཡོན་དང་ གཡས་པའི་ཞབས་ཏེ་ཟུང་གི་ཞབས་ཞེས་སོ། །དུས་སྦྱོར་(དང་ཟླ་བ་)བཞི་བཞིའི་བདག་ཉིད་(ཀྱི་ དུས་གསུམ་རྣམ་པར་དག་པ་)ནི་གཡོན་དང་གཡས་དང་དབུས་ཀྱི་མགྲིན་པ་སྟེ་མེ་ཡི་མགྲིན་པ་ཞེས་ པ་མགྲིན་པ་གསུམ་མོ། །དེ་བཞིན་དུ་དུས་སྦྱོར་(དང་ཟླ་བ་)གསུམ་གསུམ་གྱི་བདག་ཉིད་(ཀྱི་ དུས་བཞི་རྣམ་པར་དག་པ་)ནི་ཤར་དང་ལྷོ་དང་ནུབ་དང་བྱང་གི་ཞལ་བཞི་སྟེ་ཆུ་གཏེར་ཞེས་པ་ཞལ་ བཞིའོ། །〔ཞལ་གྱི་〕སྣ་ཚོགས་མདོག་ནི་འཆད་པར་འགྱུར་རོ། །དེ་བཞིན་དུ་དུས་སྦྱོར་〔དང་ཟླ་ 4-1-7 བ་〕གཉིས་གཉིས་ཀྱི་(དུས་དྲུག་རྣམ་པར་དག་པ་)བདག་ཉིད་ནི་གཡོན་དང་གཡས་སུ་ཡང་ཤར་དང་ ནུབ་དང་དབུས་ཀྱི་ཕྲག་པ་སྟེ་ཕྲག་པ་དྲུག་ཅེས་སོ། །དེ་བཞིན་དུ་(དུས་སྦྱོར་དང་)ཟླ་བ་སོ་སོའི་ བདག་ཉིད་(རྣམ་པར་དག་པ་)ནི་དཔུང་པ་རྣམས་ཏེ་དཔུང་པ་དེ་རྣམས་ཀྱིས་ཉི་མའི་དཔུང་པ་ཞེས་ སོ། །དུས་སྦྱོར་ཕྱེད་པ་སོ་སོར་(དང་ཟླ་བའི་)ཕྱོགས་ཀྱི་དབྱེ་བས་ཕྱག་ཉི་ཤུ་རྩ་བཞི་སྟེ་རྒྱལ་བའི་ ཕྱག་གི་པད་མ་ཞེས་སོ། །དེ་བཞིན་དུ་〔ནང་དང་〕དབུགས་དྲུག་ཅུ་དྲུག་ཅུའི་བདག་ཉིད་དང་ (ཕྱི་རོལ་ཏུ་ལོའི་)ཉིན་ཞག་སོ་སོའི་དབྱེ་བས་སོར་མོའི་ཚིགས་སུམ་བརྒྱ་དྲུག་ཅུ་སྟེ་ཕྱག་རེ་རེ་ལ་ སོར་མོ་ལྔ་ལྔའོ། །ཚིགས་གསུམ་གྱི་དབྱེ་བས་ཚིགས་བཅོ་ལྔ་སྟེ་ཕྱག་ཉི་ཤུ་རྩ་བཞི་པོ་རྣམས་ ལ་སུམ་བརྒྱ་དྲུག་ཅུར་འགྱུར་རོ། །དེ་ལྟར་སྟོང་པ་དྲུག་དང་མེ་ཡི་ཚིགས་ཞེས་སོ། །ཞབས་ དག་གིས་ནི་ཟླ་བ་(དུས་མེ་སྟེ་སྒྲ་གཅན་གྱི་)ཉི་མ་བསྲེག་ཟའི་དཀྱིལ་འཁོར་རྣམས་ལ་བདུད་དང་ དྲག་པོ་ཞེས་པ་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུ་ནི་བདུད་དོ། །འདོད་ ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་གྱི་བདག་ཉིད་ནི་དྲག་པོ་སྟེ་(དེ་དག་རྣམ་པར་དག་ པའམ་འགགས་པ་མཚོན་པས་)སྐྲག་བཞིན་པ་(སྟེ་)དུས་ཀྱི་འཁོར་ལོ་གང་གིས་(ཞབས་གཡས་བརྐྱང་གི་)རོལ་ པས་མནན་ཅིང་སྲིད་མེད་སྲིད་པ་མཉམ་པ་ནི་སྒྲིབ་པ་(གདོད་ནས་)མེད་པས་(སྲིད་མེད་)མྱ་ངན་ ལས་འདས་པ་དང་(སྲིད་པ་)འཁོར་བ(འི་དེ་བཞིན་ཉིད་)གཅིག་ཏུ་(གདོད་ནས་)འདྲེས་པར་གྱུར་པ་སྟེ་དེ་ ལྟར་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ནི་(ལམ་རིམ་པ་གཉིས་ཀྱིས་)བསྒྲུབ་པར་བྱའོ། །ཞེས་པ་བཅོམ་ ལྡན་འདས་ཀྱི་ངེས་པའོ། ༢ ། ༈ ད་ནི་འདི་སྒྲུབ་པའི་དོན་དུ་གནས་རྣམས་གསུངས་པ་སྐྱེད་མོས་ཚལ་ཞེས་པ་ལ་ སོགས་པ་སྟེ་འདིར་འཇིག་རྟེན་པ(དངོས་གྲུབ་ཞི་བ་ལ་སོགས་པ)འི་ལས་སྒྲུབ་པའི་རྗེས་སུ་མཐུན་ པ(སྟེ་གནས་གང་དུ་གནས་ན་སྒྲུབ་པ་པོ་ཡིད་ཞི་བ་དང་གནས་དྲག་པོ་ལ་སོགས་པར་འགྱུར་བ)ས་〔ཞེས་སོགས་ཀྱི་ལས་ སྒྲུབ་པའི་〕གནས་སུ་འགྱུར་རོ། །སྐྱེད་མོས་ཚལ་དུ་དབང་དང་དགུག་པའི་དོན་དུ་སྔགས་པས་ 4-1-8 བསྒྲུབ་པར་བྱའོ། །རི་བོར་རེངས་པ་དང་རྨོངས་པ་དང་ཕུར་བུས་གདབ་པའི་དོན་དུའོ། །རྒྱལ་ བ་མཆོག་གི་གནས་ཏེ་བྱིན་རླབས་དང་བཅས་པའི་མཆོད་རྟེན་(རལ་གྲིའི་རིགས་འཛིན་པ་ལ་སོགས་པ་)ཆེན་པོར་དངོས་གྲུབ་ཆེན་པོ་བརྒྱད་ཀྱི་དོན་དུའོ། །ལྷའི་གནས་སྟོང་པར་བསྐྲད་པ་དང་དབྱེ་ བའི་དོན་དུའོ། །དང་གི་ཡི་གེས་རྒྱ་མཚོ་ཆེན་པོའི་ངོགས་སུ་ཡང་ངོ༌། །(སྔོན་རྣལ་འབྱོར་པ་གཞན་གྱིས་)གྲུབ་པ(ཐོབ་པ)འི་གནས་སུ་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུའོ། །དུར་ཁྲོད་དུ་བསད་ པའི་དོན་དུའོ། །མཚོ་དང་བཟང་པོའི་གནས་(ཏེ་ཕྱུག་ཅིང་རྒྱས་པར་འགྱུར་བའི་གནས་)སུ་ཞི་བ་དང་རྒྱས་ པའི་དོན་དུའོ། །སྦས་པའི་ས་ཞེས་པ་ཕུག་གི་གནས་སམ་སའི་ཁང་པར་(དེ་ཁོ་ན་ཉིད་བསྒོམས་པས) འཇིག་རྟེན་གསུམ་གྱི་རྒྱལ་སྲིད་(མཆོག་གི་དངོས་གྲུབ་)བསྒྲུབ་པའི་དོན་དུའོ། །དེ་ལྟར་ལས་ཀྱི་ རྗེས་སུ་མཐུན་པས་ཡུལ་གང་དུ་(སྒྲུབ་པ་པོས་)སེམས་ནི་རབ་ཏུ་ཚིམ་པ(སྟེ་ལས་དང་རྗེས་སུ་མཐུན་པར་ ཉམས་སྐྱེ་བ)ར་འགྱུར་བ་དེར་ནི་བསྒྲུབ་པར་བྱའོ། །མི་ཡི་བདག་པོ་ཀྱེ་ཞེས་པའོ། །དེ་བཞིན་དུ་ ཡང་(རྩ་བའི་རྒྱུད་ལས་)གསུངས་པ་(ཡུལ་)གང་ན་ས་སྐྱོང་(རྒྱལ་པོ་)ཆོས་ལྡན་ཞིང༌། །(ཡུལ)གང་ཞིག་ ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་(ཏེ་ས་ཕྱོགས་རྒྱལ་པོ་སོགས་ཀྱི་)རྩོད་མེད་པ། །དེར་ ནི་རྣལ་འབྱོར་བརྩམས་པར་བྱ་ཞེས་པའོ། །(གནས་དེ་དང་དེར་)ངེས་པར་འཇམ་པའི་མལ་ཆ་དག་ དང་གདན་ལ་ཉེ་བར་འདུག་ནས་སྔར་བརྗོད་བསྲུང་བ་བྱས་ནས་ནི་ཞེས་པ་ནི་དབང་གི་ལེའུ་ ལས་གསུངས་པའི་བསྲུང་བ་བྱས་ནས་ཞེས་པ་སྟེ་གནས་ཀྱི་ངེས་པའོ། ༣ ། ༈ 〔སྒྲུབ་ལེ་ལ་གནས་པ་བདུན་ལས་དང་པོར་སྲུང་བའི་འཁོར་ལོ་ལ་སོགས་པ་དང་ གདོང་དག་པ་དང་རང་གི་སྙིང་ཁའི་ཟླ་བའི་ས་བོན་གྱི་འོད་ཟེར་རྣམས་ལས་དེ་བཞིན་ གཤེགས་པ་སྤྲོ་བའི་ངོ་བོ་ཉིད་〕ད་ནི་ཁ་དག་པ་ལ་སོགས་པ་གསུངས་པ་དང་པོར་ཞེས་པ་ ལ་སོགས་པ་སྟེ་འདི་རྣལ་འབྱོར་པས་སྔར་〔དབང་ལེར་〕གསུངས་པའི་བསྲུང་བ་དང་བདུད་ བསྐྲད་པར་བྱས་ཏེ་དེ་ནས་སྒྲུབ་ཐབས་ཀྱི་ལེའུ་ལས་གསུངས་པའི་ཆོ་གས་བདག་ཉིད་སྐ་ 4-1-9 ཅིག་གིས་ལྷ(དུས་ཀྱི་འཁོར་ལོ)འི་གཟུགས་ཀྱི་རྣམ་པ(བསྒོམ་པ)ར་བྱས་ནས་རང་གི་སྙིང་ཁར་པཾ་ ཡིག་ཡོངས་སུ་གྱུར་པ་ལས་པད་མ་དམར་པོ་འདབ་མ་བརྒྱད་པའོ〔འདིར་ལྷ་དབང་དུ་བྱེད་ པ་ལ་པད་མ་དམར་པོའི་སྟེ་སྔར་ལྗང་ཁུར་གསུངས་པ་ནི་ལས་སྣ་ཚོགས་བསྒྲུབ་པའི་དབང་ དུ་བྱས་པའོ〕། །དེའི་སྟེང་དུ་ལྟེ་བ་ལ་ཨཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། ། དེའི་དབུས་སུ་དེ་ཉིད་ཅེས་པ་ཀུན་རྫོབ་ཏུ་ཧཱུཾ་ཡིག་ལས་སྐྱེས་པ་རྡོ་རྗེ་རྩེ་ལྔ་པའོ། །དེའི་འོད་ ཟེར་སྣ་ཚོགས་རྣམས་ཏེ་ཁ་དོག་ལྔ་རྣམས་(ནམ་མཁའ་ལ་འཕྲོ་བར་)རྣལ་འབྱོར་པས་བསྒོམ་པར་ བྱའོ། །(དེ་ཡང་)སྔོན་དུ་ཁ་ལ་སོགས་པ་དག་པར་བྱས་ནས། དེ་བདུད་རྩི་ལྔའི་རི་ལུ་ཁར་བཅུག་ པས་ཁ་དག་པར་འགྱུར་རོ། །དེ་བཞིན་དུ་སྔར་གསུངས་པའི་མཆོག་གི་ཕྱག་རྒྱས་(རྡོ་རྗེ་རྩེ་ལྔ་ པས་)མགོ་བོ་ནས་བརྩམས་ཏེ་ཇི་སྲིད་རྐང་པའི་མཐའ་དེ་སྲིད་དུ་བདག་ཉིད་ལ་ཡང་དག་པར་ རེག་པར་བྱ་སྟེ་དེ་ལྟར་ན་ལུས་དག་པའོ། ། ༈ དེ་ལྟར་ཁ་ལ་སོགས་པ་དག་པར་བྱས་ནས་དེ་ནས་(སྙིང་ཁའི་པད་མའི་སྟེང་གི་)ཟླ་ བའི་དཀྱིལ་འཁོར་ལ་(གནས་པའི་)རྡོ་རྗེའི་འོད་ཟེར་〔ཁ་དོག་ལྔ་སྤྲོས་པ་རྣམས་〕གྱིས་ནམ་མཁའི་ མཐིལ་དུ་དེ་བཞིན་གཤེགས་པ་རྣམས་(ལ་འགྲོ་འོང་མེད་པས་གནས་གཞན་པ་སྦྱན་དྲངས་མི་དགོས་ཀྱི་དེར་རྟག་ ཏུ་བཞུགས་པ་དེ་ཉིད་)རབ་ཏུ་རྟོགས་པར་བྱ་སྟེ་〔སེམས་ཀྱིས་〕སྤྲོས་པ(སྟེ་རྟོགས་པར་བྱས་པ)འི་རྒྱལ་བ་དེ་ རྣམས་ལ་མཆོད་པའི་དོན་དུ་འོད་ཟེར་དེ་རྣམས་ཀྱང་བཀུག་ནས་རང་གི་སྙིང་ཁར་ཟླ་བའི་རྡོ་ རྗེ་ལ་རབ་ཏུ་ཞུགས་པར་བསྒོམ་པར་བྱའོ(གཉིས་པ་བླ་ན་མེད་པའི་མཆོད་པ་དང་སྡིག་པ་བཤགས་པ་དང་བསོད་ ནམས་ལ་རྗེས་སུ་ཡིད་རང་བ་དང་གསུམ་ལ་སྐྱབས་སུ་འགྲོ་བ་གསུམ་དང་བདག་ཉིད་དབུལ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་ པ་དང་ལམ་བསྟེན་པ་དང་སྟོང་པ་ཉིད་ལ་དམིགས་པ་ལ་སོགས་པའི་ངོ་བོ་ཉིད་དོ)། །དེ་ནས་ཟླ་བའི་དཀྱིལ་འཁོར་ ལ་མཆོད་པའི་ལྷ་མོ་བཅུ་གཉིས་པོ་རྣམས་ཀྱི་ས་བོན་ཡི་གེའི་གོང་བུ་རྣམས་བསམ་པར་བྱ་སྟེ། ཀྑྒྒྷྔ་ཀྑྒྒྷྔཱ་ཙྪྫྫྷྙཊྛྜྜྷྞ་ཊྛྜྜྷྞཱ་པྥྦྦྷྨ་པྥྦྦྷྨཱ་ཏྠྡྡྷྣ་ཏྠྡྡྷྣཱ་ཞེས་པ་ས་བོན་གྱི་ཡི་གེ་འདི་རྣམས་ལས་གྲུབ་ 4-1-10 པ་ནི་གྲངས་བཞིན་དུ་རོལ་མོ་མ་དང་གར་མ་དང་ དྲི་མ་དང་ཕྲེང་བ་མ་དང་སྤོས་མ་དང་མར་མེ་མ་དང་ལྷ་བཤོས་མ་དང་མ་ཉམས་མ་དང་སྒེག་ མོ་དང་བཞད་མ་དང་གླུ་མ་དང་འདོད་མ་སྟེ་(ལྷ་མོ་འདི་དག་གི་ས་བོན་དབང་ལེར་མཆོད་པའི་སྐབས་སུ་ཀ་སྡེ་ ཐུང་རིང་གཉིས་སིལ་སྙན་མ་དང་གར་མའི་ས་བོན་དང༌། ས་སྡེ་ཐུང་རིང་གཉིས་གླུ་མ་དང་འདོད་མའི་ས་བོན་དུ་གསུངས་ཤིང༌། ས་བོན་འགོད་པའི་སྐབས་སུ་ཀ་སྡེ་ཐུང་ངུ་གར་མ་དང་རིང་པོ་སིལ་སྙན་མའི་ས་བོན་དུ་གསུངས་པ་ལ་འདིར་ཤོང་འགྱུར་ལ་ཀ་ སྡེ་ཐུང་རིང་གཉིས་རོལ་མོ་མ་དང་གར་མའི་ས་བོན་དང་ས་སྡེ་ཐུང་རིང་གཉིས་གླུ་མ་དང་འདོད་མའི་ས་བོན་དུ་འབྱུང་ཞིང་འགྱུར་ འདིར་དེ་དག་དང་མི་འདྲ་བར་བྱུང་བ་ནི་རྒྱ་དཔེའི་སྐྱོན་རྣམས་ཅི་ཞེས་དཔྱད་པར་བྱ་ཞིང་ལག་ལེན་ལ་ནི་དབང་ལེའི་མཆོད་པའི་ སྐབས་ལས་འབྱུང་བ་བཞིན་སྦྱར་བ་འཐད་དོ། །རྭ་འགྱུར་དུ་ཡང་འདི་དང་སྔར་གྱི་གོ་རིམ་མཐུན་པར་འབྱུང་ངོ་)དེ་དག་ལ་ སོགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་དབང་གི་ལེའུ་ལས་གསུངས་པའི་ཆོ་ གས་མཆོད་པ་བྱས་ནས། །དེ་ནས་འཆད་པར་འགྱུར་བའི་རིམ་པས་སྡིག་པ་རྣམ་པ་མང་པོ་ བསགས་པ་དག་ནི་དང་པོར་བཤགས་པར་བྱ་སྟེ་དེ་ནས་སྒྲུབ་པ་པོ་ཡིས་ལུས་དང་ངག་དང་ སེམས་རྣམས་དག་པ་ཡིས་ནི་གསུམ་ལ་སྐྱབས་སུ་འགྲོ་བ་བྱ་ཞེས་པ་ནི་ངེས་པའོ། ༤ ། ད་ནི་སྡིག་པ་བཤགས་པའི་མཇུག་ཐོགས་སུ་བསོད་ནམས་ལ་རྗེས་སུ་ཡིད་རང་བར་ བྱ་སྟེ་རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་ རྣམ་མང་དགེ་བ་གང་མཛད་པ། །དེ་རྣམས་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་ སྤྱོད་ལ་རྗེས་སུ་གནས་པའི་སྔགས་པ་རྗེས་ཡི་རང༌། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་ སྐྱབས་སུ་མཆི། །དེ་ལྟར་གསུམ་ལ་སྐྱབས་སུ་སོང་སྟེ་བདག་ཉིད་ཀྱི་དངོས་པོ་དབུལ་བ་བྱས་ ནས་དེ་ནས་སེམས་ཅན་གྱི་དོན་གྱི་སླད་དུ་སྨོན་ལམ་བྱ་སྟེ། རྫོགས་སངས་རྒྱས་སུ་བདག་ གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ་ཞེས་པའོ། །དེ་ 4-1-11 ལྟར་ཕྱག་འཚལ་བ་དང་མཆོད་པ་དང་སྡིག་པ་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡིད་ རང་བ་དང་དེ་བཞིན་གཤེགས་པ་རྣམས་ལ་བསྐུལ་བ་དང་གསོལ་བ་གདབ་པ་དང༌། བསོད་ ནམས་ཡོངས་སུ་བསྔོ་བ་སྟེ་དེ་ལྟར་མཆོད་པ་རྣམ་པ་བདུན་བྱའོ། ། ༈ དེ་ནས་རྩ་བ་གསུམ་དྲན་པར་བྱ་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་(ལྷག་པའི་)བསམ་ པ་རྣམ་པར་དག་པ་དང་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ཡོངས་སུ་སྤོང་བའོ། །དེ་ ནས་བསོད་ནམས་དང་ཡེ་ཤེས་དང་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་ བསམ་པར་བྱ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་དེ་བཞིན་དུ་ཚུལ་ཁྲིམས་དང་བཟོད་པ་དང་ བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ཐབས་དང་སྨོན་ལམ་དང་སྟོབས་དང་ ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་(རྣམས་ཡོངས་སུ་རྫོགས་པར་བྱའོ་ཞེས་)རྣམ་པར་བསམ་པར་བྱའོ། །དེ་ ནས་ཚངས་པའི་གནས་རྣམས་དྲན་པར་བྱ་སྟེ་(སེམས་ཅན་རྣམས་བདེ་བ་དང་ཕྲད་པར་འདོད་པའི་)བྱམས་ པ་དང་(སྡུག་བསྔལ་དང་བྲལ་བར་འདོད་པའི་)སྙིང་རྗེ་དང་(བདེ་བ་དང་མི་འབྲལ་བར་འདོད་པའི)དགའ་བ་དང་ (བདག་གི་ཆགས་སྡང་དང་བྲལ་བའི་)བཏང་སྙོམས་སོ། །དེ་ནས་བསྡུ་བའི་དངོས་པོ་བཞི་བསམ་པར་ བྱ་སྟེ་(འཁོར་དུ་བསྡུ་བ་)སྦྱིན་པ་དང་(ཆོས་ཀྱི་གཏམ་)སྙན་པར་སྨྲ་བ་དང་(ཆོས་ཀྱི་)དོན་སྤྱོད་(དུ་འཇུག་)པ་ དང་(བདག་ཉིད་ཀྱང་ཆོས་ཀྱི་)དོན་(སྤྱོད་པས)མཐུན་པའོ(དེ་ཡང་འདིར་ནི་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་ལས་ གསུངས་སོ)། །དེ་ནས་མི་དགེ་བ་བཅུ་ཡོངས་སུ་སྤང་བ་བསྒོམ་པར་བྱ་སྟེ་སྲོག་གཅོད་པ་དང་མ་ བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་བརྫུན་དུ་སྨྲ་བ་དང་ཚིག་རྩུབ་དང་ ཕྲ་མ་དང་ཚིག་འཁྱལ་བ་དང་བརྣབ་སེམས་དང་གནོད་སེམས་དང་ལོག་ལྟའོ། །དེ་བཞིན་དུ་ འགྱོད་པ་དང་རྨུགས་པ་དང་གཉིད་དང་རྒོད་པ་དང་ཐེ་ཚོམ་སྟེ་སྒྲིབ་པ་ལྔ་ཡོངས་སུ་སྤང་བར་ བྱའོ། །དེ་བཞིན་དུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་ཏེ་ཉོན་མོངས་པ་ རྣམས་ཡོངས་སུ་སྤང་བར་བྱའོ། །དེ་བཞིན་དུ་(འདོད་ཁམས་ཀྱི་ཉོན་མོངས་)འདོད་པའི་ཟག་པ་དང་ 4-1-12 (ཁམས་གོང་མའི་ཉོན་མོངས་)སྲིད་པའི་ཟག་པ་དང་(ཟག་པ་དེ་གཉིས་ཀའི་གནས་)མ་རིག་པའི་ཟག་པ་དང་ (ལྟ་ངན་དྲུག་ཅུ་རྩ་གཉིས་ལ་སོགས་པ་)ལྟ་བའི་ཟག་པ་སྤང་བར་བྱའོ། ། ༈ དེ་ནས་རྣམ་པར་ཐར་བ་བཞི་བསྒོམ་པར་བྱ་སྟེ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་ སྨོན་པ་མེད་པ་དང་མངོན་པར་འདུས་མ་བྱས་པ་བསྒོམ་པར་བྱའོ། །རྒྱུ་བ་དང་མི་རྒྱུ་བ་དང་ བཅས་པའི་ཁམས་གསུམ་པོ་ཚིགས་སུ་བཅད་པ་འདིས་རྣམ་པར་དཔྱད་པར་བྱ་སྟེ། དངོས་ པོ་མེད་ལ་བསྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མིན་པས། ། སྒོམ་པ་དམིགས་སུ་མེད་པའོ། །ཞེས་པའོ། །འདི་ཡི་དོན་ནི་འཆད་པར་འགྱུར་བ་ལས་བརྗོད་ པར་བྱའོ། ༥ ། ༈ ད་ནི་སྟོང་པ་ཞེས་པ་ལ་སོགས་པས་སྲིད་པ་གཟུང་བའི་སླད་དུ་སྟོང་པ་ཉིད་ཀྱི་མཚན་ ཉིད་གསུངས་ཏེ་སྟོང་པ་(ཉིད་དོན་ནི་བརྟན་པ་དང་གཡོ་བའི་)དངོས་པོའི་ངོ་བོའི་རང་བཞིན་(དུ་ཡང་དག་ པ་མ་ཡིན་པའི་ཀུན་རྟོག་པ་ལ་སྣང་བའི་)འགྲོ་བ་(སྟེ་བརྟན་གཡོ་)མཐའ་དག་(རྣམ་པར་དཔྱད་ན་)འདི་ནི་དངོས་ པོ་དག་གིས་རྣམ་པར་དམན་པ་(སྟེ་དངོས་པོའི་ངོ་བོ་གང་དུ་ཡང་མ་གྲུབ་པ)གང་ཡིན་པའི་ སྟོང་བ་ཆེན་པོ་(འོ་མཚན་མ་མེད་པ་ནི་སྟོང་པ་ཉིད)དེ་ལས་ཀྱང་(སྟེ་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དཔྱད་ན་)སངས་ རྒྱས་(དང་)བྱང་ཆུབ་(བདེན་པའི་དངོས་པོར་)མེད་ཅིང་འཁོར་བ་པ་ཡང་(བདེན་པར་མ་གྲུབ་པས་)གཞན་ ( ལ་)ཕན་( པའི་)སྙིང་རྗེ་དག་ཀྱང་མེད་དོ(〔དེའི་ཕྱིར་འཁོར་འདས་ཀྱི་དངོས་པོར་རྣམ་པར་རྟོག་ པའི་སེམས་རྒྱུ་བའི་མཚན་མ་མེད་པ་སྟེ་རྣམ་པར་རྟོག་པ་ནི་འཁོར་བའི་རྒྱུ་མཚན་མ་ཡིན་ ནོ〕། །(རྒྱུའི་མཚན་མ་མེད་པ་)དེ་བཞིན་དུ་(སྟེ་དེའི་ཕྱིར་)འགྲོ་བ་ལ་ཕན་པའི་ཕྱིར་སངས་རྒྱས་སུ་བྱའོ་ ཞེས་པ་〔ལ་སོགས་པ་འབྲས་བུ་གང་ལ་ཡང་སྨོན་པའི་〕མཚན་མའི་དམ་བཅའ་མེད་(པ་ནི་སྨོན་པ་ མེད་)པ་སྟེ་(འཁོར་བ་མངོན་པར་འདུ་མི་བྱེད་པའི་མངོན་པར་འདུས་མ་བྱས་པ་ཡང་དོན་གྱིས་བསྟན་ཏེ་ཆོས་)མཐའ་དག་ དེ་ལྟར་ཤེས་(པ་ནི་རྣམ་ཐར་སྒོ་བཞི་སྟེ་དེ་རྣམས་བསྒོམ་པ་)ནས་སངས་རྒྱས་ཉིད་ཀྱི་སླད་དུ་དེ་ལྟ་ན་ཡང་ 4-1-13 (ཀྱེ་)མི་ཡི་བདག་པོ་(གཙོ་བོ་)སྐུ་གསུང་ཐུགས་ཀྱི་རྡོ་རྗེ་(གསུམ་)ནི། དཔག་མེད་ཡོན་ཏན་(ཅན་) དཀྱིལ་འཁོར་དབང་(གསུམ་)པོ་དཀྱིལ་འཁོར་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་(མོས་པ་ ཡིད་ལ་བྱེད་པས་)བསྒོམ་པར་བྱ་ཞེས་པ་སྟེ་(དེ་དག་གི་དངོས་པོ་ནི་)འཇིག་རྟེན་པའི་(དངོས་གྲུབ་ཀྱི་)འབྲས་ བུ་སྒྲུབ་པ་དང་སེམས་ཅན་ཐམས་ཅད་ལ་ཡང་དག་པར་བསྟན་པའི་སླད་དུ་སྐུ་གསུང་ཐུགས་ ཀྱི་དཀྱིལ་འཁོར་ལ་གཙོ་བོ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ་པར་བྱའོ་ཞེས་པ་ནི་བཅོམ་ལྡན་ འདས་ཀྱི་ངེས་པའོ། ༦ ། ༈ ད་ནི་(ཕུང་པོ་གཞན་)འཇིག་རྟེན་ལས་འདས་པའི་ཕུང་པོ་〔ལྷའི་རྣམ་པ་ཡོངས་སུ་〕གཟུང་ བ་དང་འཁོར་བ་པའི་ཕུང་པོ་(འཛིན་པ་)ཡོངས་སུ་སྤང་པའི་སླད་དུ་ཏིང་ངེ་འཛིན་གསུངས་པ་ ཆུ་ཡིས་ཞེས་པ་ལ་སོགས་པ་སྟེ་མིའི་འཇིག་རྟེན་འདིར་མངལ་ནས་སྐྱེས་པ་རྣམས་འཆི་བའི་ དུས་སུ་(ནང་གི་འབྱུང་པ་)ཆུ་ཡིས་མེ་རྣམ་པར་ཉམས་པར་བྱེད་དོ། །དེའི་ཕྱིར་(དེ་དང་མཐུན་པར་)ཏིང་ ངེ་འཛིན་དེ་ཉིད་ཀྱིས་ཆུ་ཡིས་མེ་ནི་རྣམ་པར་ཉམས་པ་དང་པོར་འདིར་ནི་ལུས་ཀྱི་དབུས་སུ་ སྡོམ་བརྩོན་རྣམས་ཀྱིས་བྱ། ཕྱི་ནས་(སའི་སྙིང་པོ་)མེ་མེད་པའི་ཕྱིར་འཛིན་མ〔ས〕་དག་ནི་སྲ་བ་ ཉིད་སྤངས་ཏེ་ལན་ཚྭ་བཞིན་དུ་ཞི་བར་གྱུར་ནས་ཆུར་གྱུར་ཏེ་ཆུའི་དབུས་སུ་རབ་ཏུ་ཞུགས་སོ། ། དེ་ནས་རླུང་ནི་ཆུ་དེ་རྣམས་མཐའ་དག་བསྐམས་ནས་ནམ་མཁའ་ལ་མི་སྣང་བར་འགྱུར་རོ། ། དེ་ལྟར་(བདག་ཉིད་ཀྱི་)ཁམས་ཀྱི་ཚོགས་མྱུར་དུ་རྣམ་པར་ཉམས་ཏེ་དེ་ནས་སེམས་(རང་བཞིན་གྱིས་ འོད་གསལ་བ་)ནི་མེ་དང་མུན་པའི་མཐའ་སྟེ་ཞེས་པ་ནམ་མཁའི་ཁམས་རྣམ་པ་ཐམས་ཅད་པའི་ གཟུགས་ཡུལ་དང་རྣམ་པར་བྲལ་བར་དབུས་ཀྱི་ས་〔མཐའ་དང་བྲལ་བ་〕ལ་ཀུན་གཞིའི་རྣམ་ པར་ཤེས་པ་གཞག་པར་བྱའོ། ། ༈ དེ་ནས་སྔགས་འདི་བརྗོད་པར་བྱ་སྟེ། ༀ་ཤུ་ནྱ་ཏཱའ་(སྟོང་པ་ཉིད་)ཛྙཱ་ན་བཛྲ་(ཡེ་ཤེས་རྡོ་རྗེ་)སྭ་ བྷཱ་བ་(རང་བཞིན་གྱི་)ཨཱད་མ་(བདག་ཉིད་)ཀོ་ཧྃ། ༀ་ཨ་ནི་མིཏ་ཏ་(མཚན་མ་མེད་པ་)ཛྙཱ་ན་བཛྲ་སྭ་བྷཱ་ 4-1-14 བ་ཨཱད་མ་ཀོ་ཧྃ〔ཡེ་ཤེས་རྡོ་རྗེའི་རང་བཞིན་གྱིས་བདག་ཉིད་ང་〕། ༀ་ཨ་པྲ་ཎི་ཧྀ་ཏ་(སྨོན་པ་ མེད་པ་)ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧྃ〔ཡེ་ཤེས་རྡོ་རྗེའི་རང་བཞིན་གྱིས་བདག་ཉིད་ང་〕། ༀ་ཨ་ ནི་བྷི་སྃ་སྐཱའ་ར་(མངོན་པར་འདུ་བྱ་བ་མེད་པ་)ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧྃ〔ཡེ་ཤེས་རྡོ་རྗེའི་རང་ བཞིན་གྱིས་བདག་ཉིད་ང་〕། ཞེས་པ་བརྗོད་ནས་ཁམས་གསུམ་པོ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ ལས་འདས་པའི་སྟོང་པ་ཉིད་རྣམ་པར་བསྒོམ་པར་བྱའོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་ ངེས་པའོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་ སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་གནས་བསྲུང་བ་དང་སྡིག་པ་ བཤགས་པ་ལ་སོགས་པའི་མདོར་བསྡུས་ཆེན་པོ་སྟེ་དང་པོའོ།། ༧ །། ༈ (གསུམ་པ་བསྐྱེད་པའི་རིམ་པ་ལ་དཀྱིལ་འཁོར་རྒྱལ་མཆོག་དང་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་ལ་ སོགས་པའི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་)ད་ནི་〔བཅོམ་ལྡན་འདས་ཀྱིས་〕སྔོན་(སློབ་ལམ་གྱི་དུས་)ཀྱི་སྨོན་ལམ་ ཡོངས་སུ་རྫོགས་པར་བྱ་བ་དང་〔སངས་རྒྱས་ནས་〕ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་〔ཡུམ་ སྒྱུ་འཕྲུལ་ཆེན་མོའི་〕མངལ་དུ་འཇུག་པའི་ཚུལ་གྱིས་(ཏེ་དེ་དང་འདྲ་བར་)བསྐྱེད་པའི་རིམ་པས་ བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་གསུངས་པ་སྟོང་པ་ཞེས་པ་ལ་སོགས་པ་སྟེ་འདིར་ཕྱི་(འཇིག་ རྟེན་ཁམས་ཀྱི་དཀྱིལ་འཁོར་)དང་ནང་དུ་(མིའི་མངལ་སྐྱེས་ལ་)སྐྱེད་པའི་མཚན་མ་(སྟེ་རྟེན་)ནི་(རིམ་པ་ ལྟར་)ནམ་མཁའི་ཁམས་མཐའ་ཡས་པ་དང་ཤེས་རབ་(མ་ཉིད་)ཀྱི་ཆོས་འབྱུང་གྲུ་གསུམ་མོ། ། ཕྱི་རོལ་(འཇིག་རྟེན་ཁམས་ཀྱི་དཀྱིལ་འཁོར་)ཏུ་མི་ཡུལ་ལ་རྡོ་རྗེའི་རང་བཞིན་རྩིབས་བཅུ་ཟླུམ་པོ་སྟེ་ ནང་དུ་མིའི་ལུས་སོ(དེ་ནས་རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་དབུས་སུ་ཆོས་འབྱུང་ནམ་མཁའི་ཁམས་ལ་བརྟེན་ པའི་འབྱུང་བ་རིམ་བརྩེགས་དང་གཞལ་མེད་ཁང་བསྒོམ་པར་བྱ་བ་ཡིན་ནོ)། །དེ་ལ་ཕྱི་རོལ་ཏུ་ཡྃ་ཡིག་ཡོངས་སུ་ གྱུར་པ་ལས་རླུང་གི་དཀྱིལ་འཁོར་ནག་པོ་(ཟླུམ་པོའི་)དབུས་སུ་(རླུང་གི་མཚན་མ་)གཞུའི་རྣམ་པ་ 4-1-15 (ཅན་ཟླུམ་པོའི་)ཐད་ཀར་དཔག་ཚད་འབུམ་ཕྲག་བཞི་པ་འོག་དང་སྟེང་དུ་ཧཱུྃ་ཡིག་ཡོངས་སུ་གྱུར་ པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་རྒྱལ་མཚན་གྱིས་མཚན་པའོ། །དེའི་སྟེང་དུ་རྃ་ཡིག་ ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་དམར་པོ་(ཟླུམ་པོའི་དབུས་སུ་མེའི་མཚན་མ་)གྲུ་གསུམ་(གྱི་ རྣམ་པ་ཅན་ཟླུམ་པོའི་)རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ་འོག་དང་སྟེང་དུ་ཧཱུྃ་ཡིག་ཡོངས་སུ་ གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་བཀྲ་ཤིས་ཀྱིས་མཚན་པའོ། །དེའི་སྟེང་ དུ་ཝྃ་ཡིག་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་དཀར་པོ་〔ཟླུམ་པོའི་དབུས་སུ་ཡང་ཆུའི་ མཚན་མ་〕ཟླུམ་པོ〔འི་རྣམ་པ་ཅན་ཟླུམ་པོའི་རྒྱར་〕་དཔག་ཚད་འབུམ་ཕྲག་གཉིས་པ་སྟེང་དང་ འོག་ཏུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་པད་མས་མཚན་ པའོ། །དེའི་སྟེང་དུ་ལཾ་ཡིག་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་ཁ་དོག་སེར་པོ་〔ཟླུམ་ པོའི་དབུས་སུ་སའི་མཚན་མ་〕གྲུ་བཞི་པ་དཔག་ཚད་འབུམ་ཡོད་པ་འོག་དང་སྟེང་དུ་ཧཱུྃ་ཡིག་ ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་རྡོ་རྗེས་མཚན་པའོ། །དེའི་སྟེང་དུ་ མྃ་ཡིག་ཡོངས་སུ་གྱུར་པ་ལས་ལྷུན་པོ་ཆེན་པོ་〔དབྱིབས་ཟླུམ་པོ་ཤར་ཨིན་དྲ་ནི་ལ་ལྷོ་པད་མ་ ར་ག་ནུབ་ཀ ར་ཀེ་ཏ་ན་བྱང་ཟླ་བ་ཆུ་ཤེལ་ཏེ་ནག་པོ་དང་དམར་པོ་དང་སེར་པོ་དང་དཀར་ པོ་དང་དབུས་མ་རཱ་ག་ལྗང་ཁུ་ལས་གྲུབ་པ〕རྡོ་རྗེའི་རང་བཞིན་འོག་གི་རྒྱར་{དཔག་ཚད་} སྟོང་ཕྲག་བཅུ་དྲུག་དང་སྟེང་ལ་སྟོང་ཕྲག་ལྔ་བཅུ་པའོ། །དེའི་དབུས་སུ་ཀྵྃ་ཡིག་ཡོངས་སུ་ གྱུར་པ་ལས་ལྷུན་པོའི་ཚད་(དཔག་ཚད་ཉི་ཁྲི་ལྔ་སྟོང་པའི་)ཕྱེད་ཀྱིས་སྣ་ཚོགས་ཆུ་སྐྱེས་སོ། །དེའི་སུམ་ ཆ་ནི་ལྟེ་བའོ། །དེའི་སྟེང་དུ་ཧྃ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ལྟེ་བ་དང་ མཉམ་པའོ། །དེའི་སྟེང་དུ་རྣམ་པར་བཅད་པ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ རོ། །དེའི་སྟེང་དུ་ཐིག་ལེ་ཡོངས་སུ་གྱུར་པ་ལས་མེ་ཞེས་པ་སྒྲ་གཅན་གྱི་དཀྱིལ་འཁོར་ཁ་དོག་ མཐོན་མཐིང་སྟེ་དེ་ལྟར་མཐའ་དག་གཅིག་ཏུ་འདྲེས་པར་གྱུར་པ་ནི་ཧྐྵྨླྺྼྻྃ་ཞེས་པ་ས་བོན་གྱི་ཡི་ 4-1-16 གེར་རྣམ་པར་བསྒོམ་པར་བྱ་སྟེ་དེ་〔ཡོངས་སུ་གྱུར་པ་〕ལས་འཇིག་རྟེན་ཀྱི་ཁམས་(རླུང་གི་དཀྱིལ་ འཁོར་ནས་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་བར་སྔ་མ་ཁོ་ན་བཞིན་)གྲུབ་པར་བསམ་པར་བྱའོ་ཞེས་པ་ནི་ཕྱི་རོལ་ ཏུའོ(དེ་ལ་འཇིག་རྟེན་གྱི་ཁམས་སྔ་མ་ནི་ཀུན་རྫོབ་པའི་འཇིག་རྟེན་གྱི་ཁམས་བསྐྱེད་པ་སྟེ། དེ་རྣམས་གཅིག་ཏུ་འདྲེས་པར་ གྱུར་པ་ནི་འཇིག་རྟེན་གྱི་ཁམས་དེ་རྣམ་པར་དག་པ་མཚོན་པ་ཡིན་ལ་དེ་ནས་རྣམ་བཅུ་དབང་ལྡན་གྱི་ས་བོན་ལས་བསྐྱེད་པའི་ འཇིག་རྟེན་གྱི་ཁམས་ནི་དོན་དམ་ཆོས་ཉིད་འོད་གསལ་གྱི་འཇིག་རྟེན་གྱི་ཁམས་སུ་ཤེས་པར་བྱའོ)། །ནང་(ནང་གི་ལེའུ་ལས་)དུ་ནི་སྔར་གསུངས་པའི་རྣམ་པས་མའི་ལུས་ལ་དཔྲལ་བར་རླུང་གི་དཀྱིལ་འཁོར་དང་མགྲིན་ པར་མེའི་དཀྱིལ་འཁོར་དང་སྙིང་ཁར་ཆུའི་དཀྱིལ་འཁོར་དང་ལྟེ་བར་སའི་དཀྱིལ་འཁོར་དང་ ལྟེ་བ་ནས་གསང་བའི་པད་མའི་མཐར་ཐུག་པ་ལྷུན་པོ་ཆེན་པོའོ། །(མའི་)གསང་བའི་པད་མ་ ནི་བཅོམ་ལྡན་འདས་ཀྱི་པད་མ་བཞིན་ནོ〔 འདིར་རྣམ་བཅུ་དབང་ལྡན་ལས་འཇིག་རྟེན་གྱི་ ཁམས་སྔ་མ་བཞིན་དུ་བསྐྱེད་པ་དེ་མིའི་ལུས་དང་སྦྱར་བ་ལ་མའི་གསང་བའི་པད་མ་དང་སྣ་ ཚོགས་པད་མ་ཐད་ཀར་སྦྱོར་ལ་སྣ་ཚོགས་པདྨ་ལ་བཅོམ་ལྡན་འདས་ཀྱི་པད་མ་ཞེས་གསུངས་ པས་གཙོ་བོའི་གདན་གྱི་པད་མ་ནི་ལྷུན་པོའི་སྟེང་གི་པད་མ་འདི་ཉིད་ཡིན་པར་ཤེས་པར་ བྱ་སྟེ། བདེ་མཆོག་བསྟོད་འགྲེལ་དུ་ཡང་དེ་ལྟར་གསུངས་པ་དང་དོན་གཅིག་གོ། དེས་ན་ པད་མ་འདི་དང་ཟླ་ཉི་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་གཞལ་མེད་ཁང་གི་གདན་དུ་བྱས་ ནས་གཙོ་བོའི་གདན་གྱི་པད་མ་ལ་སོགས་པར་སླར་ཡང་བསྐྱེད་པ་ནི་དགོངས་པ་མ་ཡིན་ནོ། ། སྔར་མཆོད་བརྗོད་ཀྱི་སྐབས་སུ་ཡང་རླུང་མེ་ཆུ་དང་སའི་དཀྱིལ་འཁོར་ལྷུན་པོ་པད་མ་དང་ ཞེས་སོགས་ཀྱིས་ཀྱང་དོན་འདི་གསལ་བར་བསྟན་ཞིང་སྐབས་འདི་ཉིད་དུ་གཞུང་གོང་འོག་ གི་འབྲེལ་བསྒྲིགས་པས་གསལ་ལོ〕། །(མའི་ལུས་ལ་)བཤང་བ་དང༌། གཅི་བ་དང༌། ཁུ་བ་འབབ་ པའི་རྩ་གསུམ་ནི་〔གཙོ་བོའི་གདན་〕ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་ཏེ〔མའི་〕། གསང་བའི་པད་མའི་ལྟེ་བར་དེ་རྣམས་འདུས་པའོ། །དེ་བཞིན་(དེ་ལྟར་རྩ་མི་དང་ར་ཟེར་)དུ་(འཇིག་ 4-1-17 རྟེན་གྱི་ཁམས་)དེའི་སྟེང་དུ་ཁང་པ་བརྩེགས་པ་ཀུན་ནས་དྲི་མེད་འོད་ཟེར་འཕྲོ་བའམ་རྡོ་རྗེ་ལས་ སྐྱེས་ཏེ་ཧུྃ་ཡིག་ལས་སྐྱེས་པའི་རྡོ་རྗེ་གུར་(རོ་དེ་)ནི་(བཅོམ་ལྡན་འདས་མངལ་དུ་འཇུག་པའི་དུས་ཀྱི་)ཡུམ་གྱི་ སྐྱེ་གནས་སུ་(ཡབ་ཀྱི་)སྟེ་རྡོ་རྗེ་དང་བཅས་པའི་(ཡུམ་གྱི་)པད་མ་ཞེས་པའི་ཤེས་པར་བྱེད་པ་ལས་ སོ། །དེ་ཉིད་ཀྱིས་ན་ཡང་ན་རྡོ་རྗེའི་རང་བཞིན་གྱི་གུར་རོ། །〔ཁང་པ་བརྩེགས་པའམ་རྡོ་རྗེའི་ གུར་〕དེའི་དབུས་སུ་〔སྣ་ཚོགས་པད་མའི་འོག་ལྷུན་པོའི་སྟེང་དུ་〕རྡོ་རྗེའི་ས་ལ་(ཕྱོགས་ཀྱི་མདོག་ཅན་ སའི་འཁོར་ཡུག་གི་བར་དུ་ཁྱབ་པ་)བྷྲུྃ་ཡིག་ཡོངས་སུ་གྱུར་པའམ་ༀ་ཡིག་ཡོངས་སུ་གྱུར་པ་ལས་(ཡེ་ཤེས་ ཀྱི་)ནོར་བུ(རིན་པོ་ཆེ)འི་ཚོགས་ཀྱི་(རྒྱུ་ལས་གྲུབ་པའི་)དཀྱིལ་འཁོར་(ཆེན་པོ་)འོད་ཟེར་〔རྣམ་པ་ལྔ〕རྣམ་ པར་འཕྲོ་བ་སྟེ། 〔ཐུགས་ཀྱི་དཀྱིལ་འཁོར་དུ་འཁོར་རྣམས་ཀྱི་གདན་〕ༀ་ཡིག་ཡེ་ཤེས་ལས་ སྐྱེས་རྒྱལ་བ་མཆོག་གི་(སྟེ་ཉེར་བཞིའི་)པད་མ་ཟླ་བ་(བཅུ་གཉིས་)དང་ནི་ཉི་མ་(བཅུ་གཉིས་)དག་གིས་ གདན་ཞེས་པ་(འོག་གི་)སའི་དཀྱིལ་འཁོར་གྱི་མཐར་ཐུག་པར་ཐུགས་ཀྱི་དཀྱིལ་འཁོར་རོ། ༨ ། དེའི་ཕྱི་རོལ་ཏུ་ནི་གསུང་གི་དཀྱིལ་འཁོར་(འོག་གི་)རྒྱ་མཚོའི་དཀྱིལ་འཁོར་གྱི་མཐར་ཐུག་ པ་སྟེ་ནོར་གྱི་པད་མ་(གསུང་དཀྱིལ་གྱི་)ཞེས་པ་པད་མ་བརྒྱད་པོ་འདི་ནི་ཟླ་བ་ཉི་མས་རྣམ་པར་ དམན་(པ་སྟེ་དེའི་ཚབ་ཏུ་རང་རང་གི་བཞོན་)པའོ། །དེ་ཉིད་ཀྱི་ཕྱི་རོལ་ཏུ་སྐུའི་དཀྱིལ་འཁོར་རླུང་གི་ དཀྱིལ་འཁོར་གྱི་མཐར་ཐུག་པ་སྟེ་ཉིན་མོར་བྱེད་པའི་པད་མ་ཞེས་པ་པད་མ་བཅུ་གཉིས་ཟླ་ བ་ཉི་མས་རྣམ་པར་དམན་པ་(སྟེ་དེའི་ཚབ་ཏུ་རང་རང་གི་གཞོན་པ་)དང་དེ་བཞིན་དུ་སྒོ་བཞིར་ཤིང་རྟ་ (བཞི་པོ་)རྣམས་སོ། །དེ་ལྟར་སྐུའི་དཀྱིལ་འཁོར་ནི་ཞིང་དུ་དཔག་ཚད་བཞི་འབུམ་མོ། །དེའི་ ཕྱེད་ནི་གསུང་གི་དཀྱིལ་འཁོར་དང་དེའི་ཡང་ཕྱེད་ནི་ཐུགས་ཀྱི་དཀྱིལ་འཁོར་དང་དེའི་ཡང་ ཕྱེད་ནི་བདེ་བ་ཆེན་པོའི་འཁོར་ལོ་དང་དེའི་ཡང་ཕྱེད་ནི་〔སྔར་གྱི་ལྷུན་པོའི་སྟེང་གི་〕བཅོམ་ ལྡན་འདས་ཀྱི་པད་མའོ། །པད་མའི་སུམ་ཆ་ནི་ལྟེ་བ་སྟེ་དེ་བཞིན་དུ་ཟླ་བ་དང་ཉི་མ་དང་ སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་སོ〔དེ་ལྟར་འབྱུང་བ་རིམ་བརྩེགས་ལྷུན་པོ་ལ་སོགས་པ་ 4-1-18 དང་བཅས་པ་བསྐྱེད་པའི་ལྷུན་པོ་དང་སྟེང་གི་པད་མ་དེ་ཉིད་གཙོ་བོའི་གདན་གྱི་པད་མར་ གསུངས་པའི་ཕྱིར་དང་དཀྱིལ་འཁོར་གསུམ་པོ་ཕྱི་ནང་དུ་རིམ་པ་ལྟར་གནས་པར་གསུངས་ པ་དང་མ་ལ་ཡའི་ཚལ་གྱི་དཀྱིལ་འཁོར་གྱི་ཁང་པ་ལ་ཡང་དཀྱིལ་འཁོར་ཕྱི་མའི་དབུས་ ན་དཀྱིལ་འཁོར་ནང་མ་ནང་མ་ཡོད་པར་གསུངས་པའི་ཕྱིར། དཀྱིལ་འཁོར་ཕྱི་མ་ཕྱི་མའི་ དབུས་གར་བུ་བརྩེགས་པའི་སྟེང་དུ་དཀྱིལ་འཁོར་ནང་མ་རྣམས་རིམ་པ་ལྟར་སྟེང་ནས་སྟེང་ དུ་བརྩེགས་པའི་རྣམ་པར་བཞེད་པ་ནི་མི་འཐད་པར་མངོན་ཏེ་གཙོ་བོའི་པད་མ་དང་ལྷུན་ པོའི་བར་དུ་གར་བུ་མཐོན་པོ་དང་དེ་དེ་ལྟ་བུས་ཆོད་པ་མི་རིགས་པའི་ཕྱིར་རོ། །དེ་ནས་འོག་ རྡོ་རྗེའི་ས་གཞི་ཕྱོགས་མདོག་མཉམ་པ་ཉིད་ཀྱི་སྟེང་དུ་དཀྱིལ་འཁོར་གསུམ་བདེ་ཆེན་འཁོར་ ལོ་དང་བཅས་པ་ཕྱི་ནང་གི་རིམ་པས་གནས་པར་གསལ་ཞིང་ཕྱི་མ་ཕྱི་མ་ལས་ནང་མ་ནང་མ་ དམའ་བར་འགྱུར་བ་ཡང་ཐག་རིང་པོ་ཡོད་པའི་ཕྱིར་མི་མཛེས་པའི་སྐྱོན་ཡང་མེད་དོ། །ཅི་ སྟེ་མི་མཛེས་པར་མངོན་ན་ཡང་ལུང་བཞིན་བྱ་བར་རིགས་པ་ཉིད་དོ། །རྒྱུ་མཚན་རྒྱས་པར་ ནི་གཞུང་གི་སྐབས་རྣམས་སུ་འཆད་པ་པོའི་བཤད་པ་ལས་ཤེས་པར་བྱའོ)། །དེ་བཞིན་དུ་ ནང་དུ་ནི་(མའི་ལུས་ལ་)སྙིང་ཁ་ནས་འོག་དང་སྟེང་དུ་(ལྟེ་བ་ནས་མགྲིན་པ་ནས་ཇི་སྲིད་པར་གསུང་དཀྱིལ་དང་དེ་ ནས་)གསང་བའི་པད་མ་དང་སྤྱི་བོ་ཇི་སྲིད་པར་(སྐུའི་དཀྱིལ་འཁོར་)རོ། །〔ལུས་ཀྱི་དཔངས་ལ་སྦྱར་ བ་ལས་〕ཡང་ན་(རྒྱ་ལ་སྦྱར་ན་)སྙིང་ཁ་ནས་(གཡས་གཡོན་དུ་)དཔུང་བ་དང་ཉེ་བའི་(གསུང་དཀྱིལ་) དཔུང་པ་དང་སེན་མོའི་མཐའ་(སྐུའི་དཀྱིལ་འཁོར་)ཇི་སྲིད་པར་ཏེ་མའི་ལུས་ལ་(དཀྱིལ་འཁོར་དུ་)རྣམ་ པར་བརྟགས་པ་སྒོམ་པའི་ཕྱིར་རོ། །ཞེས་པ་ནི་ངེས་པའོ། །དེ་ལྟར་དཀྱིལ་འཁོར་རེ་རེ་ལ་སྒོ་ བཞི་བཞི་སྟེ་དེ་ལྟར་སྒོ་བཅུ་གཉིས་རྣམས་ནི་ཉི་མའི་སྒོ་རྣམས་ཏེ་རྒྱལ་པོ་ཞེས་པ་བོད་པའོ། ། ནོར་བུ་གསེར་གྱི་རང་བཞིན་རྟ་བབས་རྣམས་དང་(རྟ་བབས་རྣམས་གསེར་གྱི་རང་བཞིན་དུ་གསུང་པ་འདི་ བྲི་བྱ་ལ་ཡང་རྟ་བབས་ཀ་གདུང་མྱོས་བསྲུང་དང་བཅས་པ་ཁ་དོག་སེར་པོ་ཐོབ་པར་གསལ་ལོསྐུའི་དཀྱིལ་འཁོར་གྱི་ 4-1-19 ཕྱི་རོལ་ཏུ་དུར་ཁྲོད་བརྒྱད་དང་སྙིང་པོར་བརྒྱད་གཉིས་ཀ་བ་རྣམས་ཏེ་(ཟླ་བའི་)ཆ་བཅུ་དྲུག་ གི་དབྱེ་བས་ཀ་བ་བཅུ་དྲུག་གོ(བདེ་ཆེན་འཁོར་ལོའི་དཀྱིལ་འཁོར་གྱི་སྙིང་པོར་གསུངས་པ་འདིས་ཀྱང་བདེ་ཆེན་ འཁོར་ལོ་དཀྱིལ་འཁོར་གསུམ་པོ་རིམ་པར་བརྩེགས་པའི་སྟེང་གི་བརྩེགས་མ་མ་ཡིན་པ་གསལ་ཞིང་སྐབས་གཞན་དུ་ཐུགས་ དཀྱིལ་ལ་ཡང་སྙིང་པོའི་དཀྱིལ་འཁོར་ཞེས་གསུངས་པས་ཀྱང་བརྩེགས་མ་མ་ཡིན་པར་གསལ་ལོ)རྡོ་རྗེའི་རང་བཞིན་ནི་ བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །རྒྱལ་བའི་ཤིན་ཏུ་ལོངས་སྤྱོད་རྫོགས་པའི་(དཀྱིལ་འཁོར་གྱི་) འཁོར་ལོའོ། ། ༈ (དཀྱིལ་འཁོར་)འདི་ལ་ལུས་ཀྱི་ཁམས་རྣམས་ཀྱི་རྣམ་པར་དག་པ་ནི་ཡེ་ཤེས་ཀྱི་ལེའུ་ ལས་བརྗོད་པར་བྱའོ། །འདིར་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་(ཆོས་ཀྱིས་སྐུའི་ཡོན་ཏན་གྱི་)ཆོས་ཀྱི་ཕུང་པོ་(དཀྱིལ་འཁོར་དུ་)རྣམ་པར་དག་པ་བརྗོད་པར་བྱ་སྟེ་འདིར་བཅོམ་ལྡན་འདས་ ཀྱིས་གསུངས་པ་(དོན་དམ་པའི་)སངས་རྒྱས་ཆོས་དང་དགེ་འདུན་ཆེས(རྣམ་པར་དག་པ)། ། ཐུགས་གསུང་སྐུའི་དཀྱིལ་འཁོར་རོ། །(དོན་དམ་པའི་ཆོས་སྐུའི་ཡོན་ཏན་)ཚངས་པའི་གནས་བཞི་ རྣམས་ཀྱི་ནི། །(ཚངས་ཟུར་གྱི་)རྡོ་རྗེའི་ཐིག་ནི་བཞི་པོ་སྟེ(འདིས་ནི་དཀྱིལ་འཁོར་གསུམ་བདེ་ཆེན་འཁོར་ལོ་དང་ བཅས་པ་འོག་གཞི་མཉམ་པ་ཉིད་དུ་གསལ་ལོ)། །དྲན་པ་ཉེར་བཞག་བཞི་རྣམས་ཀྱིས། །ཀུན་ནས་(ར་བའི་ ཕྱོགས་བཞི་པོ་)གྲུ་བཞི་པ་ཉིད་དོ། །(རྟེན་འབྲེལ་)ཡན་ལག་བཅུ་གཉིས་(གདོད་ནས་)འགགས་པ་ཡིས། ། སྒོ་ནི་བཅུ་གཉིས་པོ་རྣམས་ཏེ། །དེ་བཞིན་(དོན་དམ་པའི་)ས་ནི་བཅུ་གཉིས་ཀྱིས། །རྟ་བབས་ རྣམས་ནི་མཛེས་པ་རྣམས། །འཕགས་ལམ་ཡན་ལག་བརྒྱད་རྣམས་ཀྱིས། །ཕྱོགས་བརྒྱད་ དུ་ནི་དུར་ཁྲོད་རྣམས། །(དམིགས་པ་དང་བཅས་པའི་)སྟོང་ཉིད་བཅུ་དྲུག་ཀ་བ་རྣམས། །ཁམས་ (ལྔ་)རྣམས་ཀྱིས་ཀྱང་(དཀྱིལ་འཁོར་གྱི་ཕྱི་རོལ་གྱི་)ཁང་པ་(ལྔ་)བརྩེགས(འདི་ཡིས་དཀྱིལ་འཁོར་ལྔ་བརྩེགས་ སུ་བསྟན་པ་མ་ཡིན་ནམ་སྙམ་ན་འགྱུར་འདིར་བརྩེགས་ཞེས་འབྱུང་བ་ལྟར་ནི་རྡོ་རྗེའི་གུར་དང་གདམ་ཀ་ཅན་དུ་གསུངས་པའི་ དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཁང་བརྩེགས་ཡིན་ལ། རྩ་མའི་འགྱུར་ལ་གཞལ་ཡས་ཁང་ནི་ཁམས་རྣམས་སོ། །ཞེས་དང་ར་འགྱུར་ 4-1-20 ལ། ཁམས་རྣམས་གཞལ་ཡས་ཁང་དུ་བརྗོད། །ཅེས་འབྱུང་ཞིང་ཕྱོགས་མདོག་ལ་སྦྱར་ནས་འཆད་པར་བྱེད་དོ། །རྩ་མའི་འགྱུར་ ནི་རྡོ་རྗེའི་གུར་དང་གདམ་ཀ་ཅན་གྱི་ཁང་བརྩེགས་ལ་གཞལ་ཡས་ཁང་དུ་བྱས་ཡོད་དོ)། །རྣམ་ཐར་བརྒྱད་ཀྱིས་(དཀྱིལ་ འཁོར་རེ་རེ་ལ་)སྒོ་ཁྱུད་(བརྒྱད་བརྒྱད་)རྣམས(སོ)། །(དོན་དམ་པའི་འབྱུང་བ་བཞི་དྲི་རོ་རེག་བྱ་གཟུགས་ཏེ་)གཟུགས་ ཅན་〔བརྒྱད་དང་ཟླ་ཉིའི་〕ཡོན་ཏན་བརྒྱད་(དག་པ་)རྣམས་ཀྱིས(རིམ་པ་ལྟར)། །འགྲམ་(བརྒྱད་བརྒྱད་)རྣམས་དང་ནི་ལོགས་(བརྒྱད་བརྒྱད་)རྣམས་ཉིད(དེ)། །ཐུགས་གསུང་སྐུ་ཡི་དབྱེ་བས་སོ(སྟེ་དཀྱིལ་ འཁོར་རེ་རེ་ལ་སྦྱར་བའོ)། །ཚུལ་ཁྲིམས་(དང་)ལ་སོགས་〔པའི་ཏིང་ངེ་འཛིན་ཤེས་རབ་རྣམ་གྲོལ་ གཉིས་ཏེ་〕ཕུང་པོ་ལྔས། །ཁ་དོག་ལྔ་ནི་རྣམ་པར་དག(པའོ)། 〔དོན་དམ་ཆོས་སྐུའི་ཡོན་ཏན་གྱི་〕 ཐེག་པ་གསུམ་གྱིས་(ཐུགས་དཀྱིལ་ལ་)ར་བ་གསུམ། །〔དོན་དམ་ཆོས་སྐུའི་ཡོན་ཏན་གྱི་〕དད་པའི་ དབང་པོ་སོགས་ཀྱིས་(གསུང་དཀྱིལ་ལ་ར་བ་)ལྔ། །〔དོན་དམ་ཆོས་སྐུའི་ཡོན་ཏན་གྱི་〕དད་སོགས་ སྟོབས་རྣམས་དག་གིས་(སྐུ་དཀྱིལ་ལ་ར་བ་)ལྔ(སྟེ་དེ་ལྟར་)། །ཐུགས་གསུང་སྐུའི་དཀྱིལ་འཁོར་ལའོ། ། 〔དོན་དམ་ཆོས་སྐུའི་ཡོན་ཏན་གྱི་〕ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱིས། །དཀྱིལ་འཁོར་ གསུམ་ལ་སྟེགས་བུ་སྟེ། །〔དོན་དམ་ཆོས་སྐུའི་ཡོན་ཏན་གྱི་〕ཕ་རོལ་ཕྱིན་བཅུ་རྫོགས་པ་ཡིས། ། རིན་ཆེན་སྣམ་བུ་རྣམ་པར་བཀྲ།མ་འདྲེས་ཆོས་ནི་བཅོ་བརྒྱད་ཀྱིས། །དོ་ཤལ་(དང་)དོ་ཤལ་ ཕྱེད་པ་རྣམས། །དབང་(བཅུ་པོ་)རྣམས་ཀྱིས་ཀྱང་བ་ཀུ་ལཱི། །དགེ་བ(བཅུ)ས་ཀྲ་མ་ཤཱིར་ཥའོ། ། སྟོང་ཉིད་ལ་སོགས་རྣམ་ཐར་(སྒོ་བཞི་རྣམས་)ཀྱིས། །དྲིལ་བུའི་〔གཉིས་ཏེ་〕སྒྲས་ནི་གང་བ་སྟེ། ། 〔དོན་དམ་ཆོས་སྐུའི་ཡོན་ཏན་གྱི་〕རྫུ་འཕྲུལ་རྐང་པ(བཞི)ས་རྒྱལ་མཚན་གཏམས། །(ཡང་དག་པར་)སྤོང་བ(བཞི)ས་མེ་ལོང་རབ་ཏུ་འབར། །བྱང་ཆུབ་ཡན་ལག་(བདུན་གྱིས་)རྔ་ཡབ་གཡོ། །(དོན་དམ་ པའི་གསུང་རབ་)ཡན་ལག་དགུ་ཡིས་ཕྲེང་བས་བརྒྱན། །(དོན་དམ་པའི་)བསྡུ་བ་བཞི་པོ་རྣམས་ཀྱིས་ ནི། །ཟུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན། །〔དོན་དམ་པའི་〕བདེན་བཞིས་རིན་པོ་ཆེ་རྣམས་ཀྱིས། ། སྒོ་དང་སྒོ་ཁྱུད་མཚམས་(རྣམས)སུ་སྤྲས། །མངོན་ཤེས་ལྔ་ཡིས་རྟག་ཏུ་ནི། །(ས་སོགས་)ཁོར་ཡུག་ 4-1-21 ཆེན་པོ་ལྔ་ཡིས་བསྐོར། །རྣམ་པ་ཀུན་མཁྱེན་བྱང་ཆུབ་པས། །རྡོ་རྗེ་ཕྲེང་བས་(མཐའ་)ལེགས་ པར་བསྐོར། །བདེ་བ་གཅིག་པུའི་ཁོར་ཡུག་གིས། །དེ་བཞིན་ཡེ་ཤེས་རྡོ་རྗེ(འི་འོད་ཟེར་ཕྱོགས་ཀུན་ ཏུ་)འབར(རོ)། །(དོན་དམ་པའི་)ཐབས་དང་ཤེས་རབ་ཆ་ཡིས་ནི། །(སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ནམ་ མཁའ་ལས་)ཟླ་བ་ཉི་མ་རྟག་ཏུ་འཆར། །ཐུགས་གསུང་སྐུ་དང་དག་པ་ཡིས(ཡེ་ཤེས་རྡོ་རྗེ)། །(སྐུའི་རྟ་ བབས་ལ་)ཆོས་ཀྱི་འཁོར་ལོ་བུམ་པ་ཆེ། །རྔ་བོ་ཆེ་དང་བྱང་ཆུབ་ཤིང་(ངོ་)། །དེ་བཞིན་(དུ་བཞི་པོ་ དེ་སྙིང་པོའི་པད་མའི་གྲ་བཞིར་)ཡིད་བཞིན་ནོར་བུ་སོགས(ཀྱང་ངོ་)། །འདི་ནི་དཔལ་ལྡན་དུས་འཁོར་ གྱི། ། དཀྱིལ་འཁོར་ཆོས་ཀྱི་དབྱིངས་(རང་བཞིན་གྱིས་འོད་གསལ་བ་ཟག་མེད་ཀྱི་ཡོན་ཏན་དུ་མ་དབྱེར་མེད་དུ་ལྡན་ པ་)ཉིད་དོ། །(དེ་ལྟ་བུའི་དཀྱིལ་འཁོར་)ཕུན་ཚོགས་ཀུན་བྱེད་བསྒོམས་ནས་ནི། །དེ་ནས་(གཙོ་བོའི་གདན་ གྱི་སྟེང་དུ་)ཨ་སོགས་ཀ་སོགས་དགོད། །ཅེས་པ་སྟེ། བཅོམ་ལྡན་འདས་(ཡུམ་གྱི་)མངལ་དུ་འཇུག་ པའི་དུས་སུ་མངལ་སྦྱང་བའི་ཆོ་ག(སྟེ་དེ་དང་མཐུན་པར་བསྒོམ་པ)འོ། ༩ ། ༈ ད་ནི་ཟླ་བ་ཞེས་པ་ལ་སོགས་པས་ཕྱི་རོལ་ཏུ་ལྷ་རྫོགས་པ་(འདྲ་བར་སྦྱར་བ་)དང་ནང་དུ་ མངལ་རྫོགས་པ་གསུངས་ཏེ་འདིར་དཀྱིལ་འཁོར་གྱི་(དབུས་ཀྱི་པད་མའི་)ལྟེ་བའི་སྟེང་གི་ཟླ་བ་ དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ་(དབུས་ཀྱི་པད་མའི་)ཟླ་བའི་དཀྱིལ་འཁོར་ ལ་(གཞིར་བྱས་པ་)ཨ་སོགས་དབྱངས་སུམ་ཅུ་དང་ཐིག་ལེ་དང་རྣམ་པར་བཅད་པ་སྟེ་སུམ་ཅུ་རྩ་ གཉིས་པོ་རྣམས་མཚན་སུམ་ཅུ་རྩ་གཉིས་ཀྱི་དོན་དུ་གཡོན་དང་གཡས་སུ་བསྐོར་བས་དགོད་ པར་བྱའོ(འདིར་ཟླ་བའི་དཀྱིལ་འཁོར་ལ་དབྱངས་དགོད་པར་གསུངས་པའི་ཕྱིར་དབྱངས་ཡིག་ཡོངས་སུ་གྱུར་པ་ལས། ཟླ་ བའི་དཀྱིལ་འཁོར་བསྐྱེད་པ་ནི་དགོངས་པ་མ་ཡིན་ནོ)། ། དེ་ལ་ཨ་ཨི་རྀ་ཨུ་ལྀ་ཞེས་པ་ནི་དང་པོའི་ཆ་ལྔའོ། །དེ་ནས་ཡོན་ཏན་གྱི་དབྱེ་ བས་ཨ་ཨེ་ཨར་ཨོ་ཨལ་ཞེས་པ་ནི་གཉིས་པའི་ཆ་ལྔའོ། །དེ་ནས་ཡ་ཎར་བསྒྱུར་བས་ཧ་ཡ་ 4-1-22 ར་ཝ་ལ་ཞེས་པ་ནི་གསུམ་པའི་ཆ་ལྔའོ། །ཆ་བཅོ་ལྔའི་མཐར་ཐིག་ལེ་ཨཾ་ཞེས་པ་སྟེ་བཅུ་ དྲུག་ནི་གཡོན་བསྐོར་གྱིས་སོ། །དེ་ནས་གཡས་བསྐོར་གྱིས་ནག་པོའི་ཚེས་གཅིག་ལ་སོགས་ པའི་ཆ་རྣམས་དགོད་པར་བྱ་སྟེ། ལཱ་ཝཱ་རཱ་ཡཱ་ཧཱ་ཨཱལ་ཨཽ་ཨཱར་ཨཻ་ཨཱ་ལཱྀ་ཨཱུ་རཱྀ་ ཨཱི་ཨཱ་ཞེས་པ་སྟེ་བཅོ་ལྔ་པ་གནམ་སྟོང་གི་མཐར་རྣམ་པར་བཅད་པ་ཨཿཞེས་པ་སྟེ་དབྱངས་ བཅུ་དྲུག་གོ། འདི་རྣམས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་རྣམས་ཏེ་(ཕྱི་རོལ་ ཏུ་)ཟླ་བའི་(དཀྱིལ་འཁོར་ལ་དགོད་བྱ་ཡིན་པས་དེའི་)ཡན་ལག་དང་(ནང་དུ་)མངལ་འཛིན་པའི་ཁུ་བའི་ ཁམས་ལ་(དགོད་པར་བྱ)འོ། །དེ་ནས་ཉི་མའི་དཀྱིལ་འཁོར་(གཞིར་བྱས་པ་)ལ་ཀ་སོགས་གསལ་ བྱེད་གཅིག་གི་བདག་ཉིད་བཞི་བཅུ་དང་བརྩེགས་པ་བཞི་བཅུ་རྣམས་ཏེ་དེ་ལ་ཧ་ཡ་ར་ཝ་ལ་ དང་བཅས་པའི་སྡེ་བ་དྲུག་པོ་རྣམས་ནི་སུམ་ཅུ་རྩ་ལྔར་འགྱུར་རོ། །དེ་བཞིན་དུ་ལན་གཉིས་ བརྗོད་པའི་དབང་གིས་ལ་ཝ་ཡ་ཌ་ཌྷ་རྣམས་གཟུང་བར་བྱ་སྟེ་ལླ་ཝྺ་ཡྻ་ཌྜ་ཌྷྜྷ། ལླ་ཝྺ་ར༹ྼ་ཡྻ་ཧྷ། སྶ་ྉྤ་ཥྵ་ཤྴ་ྈྐ། ཏྟ་ཐྠ་དྡ་དཧྷྡ་ནྣ། པྤ་ཕྥ་བྦ་བཧྷྦ་མྨ། ཊྚ་ཋྛ་ཌྜ་ཌྷྜྷ་ཎྞ། ཙྩ་ཚྪ་ཛྫ་ཛྷྫྷ་ཉྙ། ཀྐ་ཁྑ་གྒ་གྷྒྷ་ངྔ༌། ཞེས་པ་ནི་བཞི་བཅུ་སྟེ་གཡས་བསྐོར་དུ་ས་ལ་སོགས་པའི་དབྱེ་བས་བརྩེགས་པ་རྣམས་སོ། ། དེ་ནས་གཡོན་བསྐོར་གྱིས་ང་གྷ་ག་ཁ་ཀ ཉ་ཛྙ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ ད་ཐ་ཏ། ྈྐ་ཤ་ཥ་ྉྤ་ས། ཧ་ཡ་ར་ཝ་ལ། ཌྷ་ཌ་ཡ་ཝ་ལ། ཞེས་པ་གསལ་བྱེད་གཅིག་གི་བདག་ ཉིད་བཞི་བཅུའོ〔འདིར་ཡང་ཉི་མའི་དཀྱིལ་འཁོར་གཞིར་བྱས་པ་ལ་གསལ་བྱེད་རྣམས་དགོད་ པར་གསུངས་པའི་ཕྱིར་གསལ་བྱེད་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་པ་ ནི་དགོངས་པ་མ་ཡིན་ནོ། །རྡོར་སྙིང་འགྲེལ་བར་ཀྱེའི་རྡོ་རྗེ་རྩ་རྒྱུད་ཀྱི་ལུང་དྲངས་པར་ཡང་ ཟླ་ཉིའི་དཀྱིལ་འཁོར་ལ་དབྱངས་དང་གསལ་བྱེད་འགོད་པ་འདི་དང་མཐུན་པར་གསུངས་སོ〕། །དེ་ལྟར་〔ཕྱི་རོལ་ཏུ་〕ཉི་མ་དང་(ནང་དུ་)མངལ་འཛིན་པའི་རྡུལ་ལ་དཔེ་བྱད་བརྒྱད་ཅུ་རྣམས་ སོ〔དགོད་པར་བྱའོ〕། །ཞེས་པ་ནི་ངེས་པའོ། །དེ་ལྟར་ཟླ་བ་ཉི་མ་ལ་ཡང་ཨ་སོགས་ཀ་སོགས་ 4-1-23 རྡོ་རྗེ་དང་བཅས་ཞེས་པ་ནི་དེ་དག་ལས་འོག་ཏུ་ཉི་མའོ། །ཉི་མའི་སྟེང་དུ་ཟླ་བའོ། །ཟླ་བའི་ དབུས་སུ་ཧཱུྃ་ཡིག་ཟླ་བའི་མཚན་མ་〔རི་བོང་གི་གཟུགས་〕ལྟ་བུའོ། །དེ་བཞིན་དུ་〔མངལ་དུ་〕 རྡུལ་གྱི་སྟེང་དུ་ཁུ་བའོ། །ཁུ་བའི་དབུས་སུ་ཀུན་གཞིའི་རྣམ་པར་ཤེས་པ་དྲི་ཟའི་སེམས་ཅན་ ནོ། །དེ་ནས་མེ་ལོང་ལ་སོགས་ལྔ་རྣམས་ཀྱིས་ཞེས་པ་ནི་དེ་ལ་〔ཕྱི་རོལ་ཏུ་〕ཟླ་བ་དང་(ནང་དུ་) ཁུ་བ་དབྱངས་དང་ལྡན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་གཟུགས་ཀྱི་ཕུང་པོ་བསྐྱེད་པར་བྱེད་ པ་རྣམ་པར་སྣང་མཛད་དོ། །ཉི་མ་དང་རྡུལ་གསལ་བྱེད་དང་ལྡན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ ཤེས་ཏེ་ཚོར་བའི་ཕུང་པོ་སྐྱེད་པར་བྱེད་པ་རིན་ཆེན་འབྱུང་ལྡན་ནོ། །དྲི་ཟའི་སེམས་ཅན་ཧུྂ་ ཡིག་དང་ལྡན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་འདུ་ཤེས་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་སྣང་བ་ མཐའ་ཡས་སོ། །དེ་རྣམས་གཅིག་པ་ཉིད་དང་སྲོག་གི་རླུང་ཧི་ཡིག་དང་ལྡན་པ་ནི་བྱ་བ་གྲུབ་ པའི་ཡེ་ཤེས་ཏེ་འདུ་བྱེད་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་དོན་ཡོད་གྲུབ་པའོ། །དེ་ནས་(དཀྱིལ་འཁོར་ ལ་ལྷ་དང་མངལ་དུ་བྱིས་པའི་)ཡན་ལག་ཐམས་ཅད་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་དང་རྣམ་པར་ ཤེས་པ་ཧྃ་ཡིག་དང་ལྡན་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ་རྣམ་ པར་ཤེས་པའི་ཕུང་པོ་སྐྱེད་པར་བྱེད་པ་མི་བསྐྱོད་པ་སྟེ་ཕྱི་(རོལ་བརྟགས་པའི་དཀྱིལ་འཁོར་ལ་ལྷ་བསྐྱེད་ པ་)དང་ནང་དུ་〔མངལ་གྱི་བྱིས་པའི་ལུས་བསྐྱེད་པ་ལ་〕ཡེ་ཤེས་ལྔའི་བདག་ཉིད་དོ། །(སྔ་མ་བཞི་པོ་)འདི་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ནི་ས་བོན་(ཧཾ་ཡིག་ཏུ་འགྱུར་)ཏེ་དབྱངས་རྣམས་ཀྱི་ཐིག་ ལེ་དང་〔ཀུན་གཞིའི་〕གསལ་བྱེད་རྣམས་ཀྱི་རྣམ་པར་བཅད་པ་(ཟླ་ཚེས་སུ་འགྱུར་བ་)དང་(ཀུན་གཞིའི་) རྣམ་པར་ཤེས་པ་ནི་གཞོམ་དུ་མེད་པ་(ཧཾ་ཡིག་སྲོག་མེད་)དང་སྲོག་(རླུང་)གི་(ཧཾ་ཡིག་གི་སྲོག་)ཨ་ཡིག་གོ། དེ་ལྟར་གསུངས་པའི་རིམ་པས་བཅོམ་ལྡན་འདས་(ཡེ་ཤེས་ཀྱི་)འོད་ཟེར་ལྔ་རྣམས་འགྱེད་པར་ བྱེད་ཅིང་དྲི་མ་མེད་པའི་འོད་འཕྲོ་བ་དུས་ཀྱི་འཁོར་ལོ་བསྒོམ་པར་བྱ་ཞེས་པ་སྟེ་ཕྱི་རོལ་(བརྟག་ པའི་དཀྱིལ་འཁོར་)དང་མངལ་དུ་(ལྷ་དང་བྱིས་པའི་)སྐུ་རྫོགས་པའི་ངེས་པ(སྟེ་མངལ་དུ་བྱིས་པའི་ལུས་རྫོགས་པ་ 4-1-24 ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་ལ་ལྷའི་སྐུ་རྫོགས་པ)འོ། ། ༈ ད་ནི་ལྷའི་སྐུ་ལ་(སྔར་བསྟན་པའི་)དུས་ཀྱི་ཆ་(རྣམ་པར་དག་པ་)ཡིས་དབྱིབས་གསུངས་པ་རྡོ་ རྗེ་ཞེས་པ་ལ་སོགས་པ་སྟེ་འདིར་(འཇིག་རྟེན་ཀུན་རྫོབ་འདོད་པ་དང་གཟུགས་ཀྱི་)ལྷ་རྣམས་སྐྱེ་བའི་དུས་ སུ་རྒྱན་ཐམས་ཅད་དང་བཅས་པར་སྐྱེ་སྟེ་དེ་རྣམས་ཀྱང་ལུས་ཀྱི་ཆ་ཤས་སྣ་ཚོགས་དང་ཁ་ དོག་སྣ་ཚོགས་དང་དབྱིབས་སྣ་ཚོགས་ཉིད་དུ་སྐྱེའོ། །དེའི་ཕྱིར་(དཀྱིལ་འཁོར་གྱི་ལྷ་ཡང་དེ་དང་འདྲ་བར་ བསྐྱེད་པ་སྟེ་)རྡོ་རྗེའི་རྒྱན་དང་ལྡན་པའི་སྐུ་དང་རྒྱལ་བའི་ཕྱག་གི་པད་མ་ནི་ཕྱག་ཉི་ཤུ་རྩ་བཞིའོ། ། ཉི་མ་ཞེས་པ་དཔུང་བ་བཅུ་གཉིས་སོ། །དུས་ཀྱི་ཞལ་ནི་ཞལ་བཞིའོ། །མགྲིན་པ་གསུམ་ དང་སྤྱན་བཅུ་གཉིས་ཏེ་རྣམ་པར་རྒྱས་པའི་ཞལ་ཡང་མཆེ་བ་ཕྱེད་ནི་གཙིགས་པའོ་ཞེས་པའོ། ། ནང་དུ་(སྟེ་མངལ་དུ་བྱིས་པའི་)ལུས་རྫོགས་པ་ལ་རྣམ་པར་ཤེས་པ་ལུས་ཀྱི་བདག་པོའི་མཚན་ ཉིད་(ཀྱི་ཕྱི་རོལ་ཏུ་)ནི་དཀྱིལ་འཁོར་ལ་པད་མའི་ལྟེ་བར་〔གཙོ་བོ〕དང་〔བྱིས་པ་〕རང་གི་ལུས་(ཆ་ཤས་ རྣམས་)མཐར་གྱིས་འབྱུང་བ་(སྟེ་སྐྱེ་བ་)ནི་དཀྱིལ་འཁོར་གྱི་རྣམ་པས་(འཁོར་གྱི་)ལྷ་རྣམས་རྣམ་པར་ དགོད་པ་གསུངས་པ། ༡༠ དཔལ་ལྡན་ༀ་ཡིག་ལས་སྐྱེས་རྒྱལ་བའི་བདག་པོའི་པད་མར་ཞེས་པ་(འདིར་གཙོ་བོའི་པད་ མའི་ས་བོན་ༀ་ཡིག་ཏུ་གསུངས་ལ་སྔར་གྱི་ལྷུན་པོའི་སྟེང་གི་པད་མའི་ས་བོན་ཀྵ་ཡིག་ཡིན་པའི་ཕྱིར། ལྷུན་པོའི་སྟེང་གི་པད་མ་ གཙོ་བོའི་གདན་གྱི་པད་མ་མ་ཡིན་ནོ་སྙམ་ན་གཙོ་བོའི་གདན་གྱི་པད་མ་གཅིག་ལ་ས་བོན་གྱི་ཡི་གེ་གཉིས་ཡོད་པ་ལ་འགལ་བ་ མེད་དེ་དཀྱིལ་འཁོར་ལ་ཡང་ས་བོན་གྱི་ཡི་གེ་བདམ་ཀ་ཅན་གཉིས་གསུངས་ཤིང་གཙོ་བོའི་པད་མའི་ས་བོན་དབང་ལེར་པ་སྡེ་ ཤིན་ཏུ་རིང་བོར་གསུངས་པ་དང་འདིར་ༀ་ཡིག་ཏུ་གསུངས་པ་མི་འགལ་བ་བཞིན་ནོ)སྙིང་པོའི་པད་མར་〔སྔར་བསྐྱེད་ པའི་〕ཟླ་བ་ཉི་མ་མེ་ཡི་སྟེང་དུ་ནི། ཞེས་པ་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་བ་དྷཱུ་ཏཱིའི་(རྣམ་པར་དག་ པའི་)སྟེང་དུ་དྲག་པོ་〔དང་〕ལུས་〔འདོད་པའི་མེས་བསྲེག་ནས་〕མེད་〔པའི་འདོད་ལྷ་〕གཉིས་ཀྱི་ ཞེས་པ་བདུད་དང༌། ཉོན་མོངས་པའི་ཕྱོགས་ཏེ་〔རྩ་〕གཡོན་དང་གཡས་པར་(དབུགས་)རབ་ 4-1-25 ཏུ་འབབ་པ་དག་གི་སྙིང་ཁར་རྒྱལ་བའི་དབང་པོ་ཤིན་ཏུ་རོལ་པའི་ཞབས་ནི་གཡས་བརྐྱང་ སྟབས་ཞེས་པ་(དྲག་པོ་དང་བདུད་ཀྱི་སྙིང་ཁར་ཞབས་ཀྱིས་མནན་པ་ནི་གཡོན་དང་གཡས་ཀྱི་རྩ་ལ་རླུང་རྒྱུ་བ་འགགས་པ་ མཚོན་པ)འོ། །དེ་ལ་བདུད་ནི་འདོད་པའི་ལྷ་ཁ་དོག་དམར་པོ་གདོང་གཅིག་པ་ལག་པ་བཞི་པ་ ལག་ན་(གཡས་དང་པོ་ན་)མེ་ཏོག་གི་མདའ་ལྔ་(ནི་སློབ་དཔོན་དཔལ་འཛིན་གྱིས། མྱོས་བྱེད། རྨོངས་བྱེད། འདར་ བྱེད། ལྟུང་བྱེད། བརྒྱལ་བྱེད་ལ་བཤད་ཅིང༌། ཀཱ་མ་རྡེ་ནུར། དགའ་བྱེད། སྲོག་བྱེད། རྨོངས་བྱེད། སྐེམ་བྱེད། འཆིང་བྱེད་ལ་ བཤད་པ་)དང་(གཡོན་དང་པོ་ན་)གཞུ་དང་(གཡོན་གཉིས་པ་ན་)ཞགས་པ་དང་(གཡས་གཉིས་པ་ན་)ལྕགས་ཀྱུ་ འཛིན་པ་སྟེ་ཞབས་གཡས་པ་ཁ་དོག་དམར་པོའི་འོག་ཏུའོ། །དེ་བཞིན་དུ་དྲག་པོ་དཀར་པོ་ མིག་གསུམ་པ་གདོང་གཅིག་པ་ལག་པ་བཞི་པ་(གཡས་དང་པོ་ན་)རྩེ་གསུམ་དང་(གཡས་གཉིས་པ་ན་) ཌ་མ་རུ་དང་〔གཡོན་གཉིས་པ་ན་〕ཐོད་པ་དང་〔གཡོན་དང་པོ་ན་〕ཁ་ཊྭཱྃ་ག་འཛིན་པ་སྟེ་ཞབས་ གཡོན་པ་དཀར་པོའི་འོག་ཏུའོ། །འདི་ལྟར་སྐུ་སྔོན་པོ་སྟེ་དེ་བཞིན་དུ་དབུས་ཀྱི་མགྲིན་པ་ མཐོན་མཐིང་དང་གཡས་པ་ཉི་མ་དང་མཚུངས་པ་དམར་པོ་དང་གཡས་མིན་ཏེ་གཡོན་པ་ ནི་ཟླ་བའི་མདོག་ཅན་དཀར་པོ་སྟེ་དེ་ལྟར་མགྲིན་པ་གསུམ་མོ། །སྔར་གསུངས་པའི་〔སྣ་ ཚོགས་མདོག་གི་〕རྣམ་པས་ཤར་གྱི་ཞལ་ནི་ནག་པོ་མཆེ་བ་གཙིགས་པ་དྲག་པོ་དང་གཡས་པ་ ནི་ཆགས་པ་དང་བཅས་པ་དམར་པོ་དང་གཡོན་པ་ནི་རབ་ཏུ་ཞི་བ་དཀར་པོ་དང་ནུབ་ནི་ཏིང་ ངེ་འཛིན་ལ་གནས་པ་སེར་པོའོ། །རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་ དང་རྡོ་རྗེ་སེམས་དཔའི་(བདག་ཉིད་དུ་མཚོན་པས་དེ་ཉིད་ཀྱི་)དབུ་རྒྱན་ཅན་རྡོ་རྗེ་ནོར་བུ་དང༌། རྡོ་རྗེ་རྣ་ རྒྱན་དང༌། རྡོ་རྗེ་མགུལ་རྒྱན་དང༌། རྡོ་རྗེ་གདུ་བུ་དང༌། རྡོ་རྗེ་སྐེ་རགས་དང༌། རྡོ་རྗེ་རྐང་གདུབ་ དང༌། རྡོ་རྗེ་དར་དཔྱངས་དང༌། རྡོ་རྗེ་ཕྲེང་བ་དང༌། སྟག་གི་ལྤགས་པའི་གོས་འཛིན་པའོ། ༡༡། དེ་བཞིན་དུ་གཡས་ཀྱི་ཕྲག་པ་དང་པོ་〔མདུན་མ་〕མཐོན་མཐིང་དང་གཉིས་པ་(བར་མ་ན་ 27)དམར་པོ་དང་གསུམ་པ་(རྒྱབ་མ་)དཀར་བོ་སྟེ་དེ་བཞིན་དུ་གཡོན་དུ་ཡང་ངོ༌། །དེ་བཞིན་དུ་ གཡས་དང་གཡོན་དུ་ཡང་དཔུང་བ་གཉིས་མཐོན་མཐིང་དང་གཉིས་དམར་པོ་དང་གཉིས་ དཀར་པོའོ། །དེ་བཞིན་དུ་གཡས་དང་གཡོན་དུ་ཡང་ཕྱག་བཞི་ནག་པོ་དང་བཞི་དམར་པོ་དང་ བཞི་དཀར་པོ་སྟེ་(འདིར་ཕྱག་གི་གྱེས་མཚམས་ནི་གྲུ་མོའི་ཚིགས་ནས་གྱེས་པ་སྟེ་ཕྱག་མགོ་སོ་སོར་གྱེས་པ་ནི་མ་ཡིན་ནོ) དེ་རྣམས་ཀྱང་འཆད་པར་འགྱུར་བའི་མཚོན་ཆ་དང་བཅས་པའོ། །དེ་བཞིན་དུ་ཕྱག་རེ་རེ་ལ་ སོར་མོ་ལྔ་སྟེ་མཐེ་བོ་སེར་པོ་དང་མཛུབ་མོ་དཀར་པོ་དང་གུང་མོ་དམར་མོ་དང་མིང་མེད་ནག་ པོ་དང་མཐེ་ཆུང་ལྗང་ཁུའོ། །དེ་རྣམས་རེ་རེ་ལ་ཚིགས་གསུམ་སྟེ་ཕྱག་གི་མཐིལ་ནས་སོར་མོ་ ཐམས་ཅད་ཀྱི་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ་དང་གཉིས་པ་དམར་པོ་དང་གསུམ་པ་དཀར་ པོའོ(འདིར་ཚིགས་མཚམས་ཀྱི་བར་གྱི་ཁ་དོག་ཡིན་གྱི་ཚིགས་ནས་ཚིགས་ཀྱི་བར་གྱི་ཁ་དོག་ནི་མ་ཡིན་ན)ོ། །དེ་ལྟར་ཕྱག་ གི་པད་མ་རི་བོང་ཅན་(ཞེས་པ་གཅིག་སྟེ་དེ་)སོ་སོ་〔རེ་རེ་〕ལ་(སོར་མོ་)ཁ་དོག་ལྔ་(ལྔ་)སྟེ་དེ་དག་སོར་ གདུབ་རྣམས་ཀྱིས་(འོད་)འཕྲོ་བའོ། །དེ་ལྟར་(མངལ་དུ་)མ་རིག་པ་དང་འདུ་བྱེད་དང་རྣམ་པར་ ཤེས་པ་རྣམས་རབ་ཏུ་ཞུགས་པའི་ངེས་པ་སྟེ་མངལ་གྱི་ཟླ་བ་གསུམ་པ་དང་(སྐུ་རྡོ་རྗེའི་)གནས་ སྐབས་དང་པོའོ། ༡༢ ། ད་ནི་ནག་ཅེས་པ་ལ་སོགས་པས་མཚོན་ཆའི་ཚོགས་གསུངས་ཏེ་ནག་པོའི་ཕྱག་གི་ མཐིལ་བཞི་ལ་〔མདུན་ནས་བརྩམས་ཏེ་〕དང་པོར་རྡོ་རྗེ་དང་གཉིས་པར་རལ་གྲིལ་དང་ གསུམ་པར་རྩེ་གསུམ་དང་བཞི་པར་གྲི་གུག་གོ། དེ་བཞིན་དུ་དམར་པོའི་ཕྱག་གི་མཐིལ་བཞི་ ལ་(མདུན་ནས་བརྩམས་ཏེ་)དང་པོར་མེའི་མདའ་དང་གཉིས་པར་རྡོ་རྗེ་ལྕགས་ཀྱུ་དང་གསུམ་པར་ སྒྲ་དང་བཅས་པའི་ཌ་མ་རུ་དང་བཞི་པར་ཐོ་བའོ། །གསུམ་པ་དཀར་པོའི་ཕྱག་གི་མཐིལ་བཞི་ ལ་དང་པོའི་ཕྱག་གི་མཐིལ་དུ་འཁོར་ལོ་དང་གཉིས་པར་མདུང་དང་གསུམ་པར་དབྱུག་པ་ དང་བཞི་པར་དགྲ་སྟའོ་ཞེས་པ་ནི་གཡས་པའི་མཚོན་ཆའི་ཚོགས་ཏེ་རྡོ་རྗེ་ཅན་གྱི་ཉི་མའི་ཕྱག་ 4-1-26 གི་པད་མ་གཡས་ལའོ་ཞེས་སོ། ༡༣ ། ད་ནི་གཡོན་པའི་ནག་པོའི་ཕྱག་གི་མཐིལ་བཞི་ལ་མཚན་མ་གསུངས་ཏེ་(མདུན་ནས་བརྩམས་ ཏེ་)དང་པོར་རྡོ་རྗེ་དྲིལ་བུ་དང་གཉིས་པར་ཕུབ་དང་གསུམ་པར་ཁ་ཊྭཱྃ་ག་རྣམ་པར་རྒྱས་པ(སྟེ་ གྱེས་པ)འི་ཁ་ཅན་དང་བཞི་པར་ཁྲག་གིས་གང་བའི་ཐོད་པའོ། །དེ་བཞིན་དུ་དམར་པོའི་ཕྱག་ གི་མཐིལ་བཞི་ལ་དང་པོར་གཞུ་དང་གཉིས་པར་ཞགས་པ་དང་གསུམ་པར་ནོར་བུ་རིན་ ཆེན་དང་བཞི་པར་པད་མ་དཀར་པོའོ། །དེ་བཞིན་དུ་དཀར་པོའི་ཕྱག་གི་མཐིལ་བཞི་ལ་དང་ པོའི་ཕྱག་གི་མཐིལ་དུ་ཆུ་ན་རྒྱུ་བ་ཞེས་པ་དུང་དང་གཉིས་པར་མེ་ལོང་དང་གསུམ་པར་རྡོ་རྗེ་ ལྕགས་སྒྲོག་དང་བཞི་པར་ཚངས་པའི་མགོ་བོ་ཞེས་པ་འདི་ལྟར་རིག་བྱེད་གདོང་ལྡན་ཚངས་ པའི་མགོ་བོ་གང་ཡིན་པ་པད་མས་བརྒྱན་པ་སྟེ་སྤྲས་པ་རྒྱལ་བའི་གཡོན་པའི་ཕྱག་ནའོ། ། {ཞེས་སོ། །}དེར་བདུད་དང་དྲག་པོ་ལ་ཡང་དག་པར་ཉེ་བ་ན་བདུད་དང་དྲག་པོ་དག་གི་ རང་གི་ལྷ་མོ་དག་ནི་(མ་བཟོད་པ་ནི་གཙོ་བོའི་)ཞབས་ཀྱི་མཐིལ་ལ་འཛིན་ཅིང་(མྱ་ངན་གྱིས་)གདོང་ནི་ དམན་པ་དག་ཏུ་བྱེད་དེ་བདུད་ཀྱི་དགའ་མ་དང་དྲག་པོའི་ཨུ་མཱའོ། །(འདིར་)མི་བསྐྱོད་པ་རབ་ ཏུ་ཞུགས་པ(འི་རྡོ་རྗེ་སེམས་དཔའ་གཙོ་བོར་གྱུར་པ)འོ། ༡༤ ། ད་ནི་སྣ་ཚོགས་ཡུམ་གྱི་མཚན་ཉིད་གསུངས་པ་གསེར་མདོག་ཅེས་པ་ལ་སོགས་པ་སྟེ་ དེ་ལ་〔ཐབས་ཤེས་〕རོ་མཉམ་པ་གཅིག་ལས་ཟླ་བ་དང་ཁུ་བའི་རང་བཞིན་གྱིས་བཅོམ་ལྡན་ འདས་བསྐྱེད་ཅིང་ཉི་མ་དང་རྡུལ་གྱི་རང་བཞིན་གྱིས་ལྷ་མོ་བསྐྱེད་དོ། །དེ་ལ་(ཐབས་ཀྱི་ཡན་ལག་)དཀར་པོ་དང་ནག་པོའི་ཆོས་ཅན་ནི་ཟླ་བ་སྟེ་(དེས་ན་གཙོ་བོ་སྐུ་མདོག་སྔོན་པོ་དང་ཤེས་རབ་ཀྱི་ཡན་ལག་) དམར་པོ་དང་སེར་པོའི་ཆོས་ཅན་ནི་ཉི་མའོ། །དེས་ན་〔འདིར་གཙོ་མོ་ཤེས་རབ་ཀྱི་ཡན་ལག་ ཀྱང་ཡིན་ཞིང་ཡེ་ཤེས་རྡོ་རྗེ་ཡང་ཡིན་པས་ན་〕གསེར་མདོག་(སྟེ་སེར་མོའོ་གང་དག་དམར་སེར་དུ་འདོད་ པ་ལ་ནི་ལྷ་མོ་སེར་མོ་གཞན་རྣམས་ཀྱང་སྣ་ཚོགས་ཡུམ་དང་འདྲ་བར་གསུངས་པས་གནོད་དོ)གོ། རིག་བྱེད་ཞལ་ལྡན་ 4-1-27 ནི་ཞལ་བཞིའོ། །ནོར་གྱི་ཕྱག་གི་པད་མ་ནི་ཕྱག་བརྒྱད་དེ་(གཙོ་བོའི་)མདུན་ནས་འཁྱུད་པ་དག་ ནི་སྣ་ཚོགས་ཡུམ་མོ། །དེའི་གཡས་ཀྱི་ཕྱག་དང་པོ་ན་གྲི་གུག་དང་གཉིས་པ་ན་ལྕགས་ཀྱུ་དང་ གསུམ་པ་ན་སྒྲ་དང་བཅས་པའི་ཌ་མ་རུ་དང་བཞི་པ་ན་བགྲང་ཕྲེང་ངོ༌། །གཡོན་གྱི་ཕྱག་དང་ པོ་ན་ཐོད་པ་དང་གཉིས་པ་ན་ཞགས་པ་དང་གསུམ་པ་ན་འདབ་མ་བརྒྱ་པའི་པད་མ་དཀར་ པོ་དང་བཞི་པ་ན་མཆོག་གི་རིན་ཆེན་དེ་བཞིན་ཉིད་དུའོ། །དེ་བཞིན་དུ་བཅོམ་ལྡན་འདས་ནི་ གཡས་བརྐྱང་སྟེ་སྣ་ཚོགས་ཡུམ་ནི་གཡོན་བརྐྱང་ངོ༌། །ཉི་མའི་སྤྱན་ནི་སྤྱན་བཅུ་གཉིས་སོ། ། རྒྱལ་བའི་བདག་པོའི་ཅོད་པན་ནི་རྡོ་རྗེ་སེམས་དཔའི་ཅོད་པན་ནོ། །〔རུས་པའི་〕ཕྱག་རྒྱ་ལྔ་པོ་ རྣམས་ཀྱིས་རྒྱ་ཡིས་བཏབ་པ་(གཙོ་བོ་དང་)སྙོམས་པར་ཞུགས་པས་གནས་པའོ། ༡༥ ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་〔ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་〕སྣ་ཚོགས་ཡུམ་དེའི་ ནང་དུ་འདུས་ཤིང་ཕ་རོལ་ཏུ་ཕྱིན་པ་གཞན་སྦྱིན་པ་ལ་སོགས་པ་རྣམས་ཏེ་ཕ་རོལ་ཏུ་ཕྱིན་པ་ བརྒྱད་ནི་འདབ་མ་རྣམས་ལ་ལྷ་མོ་བརྒྱད་དེ་དེ་རྣམས་ནོར་གྱི་ཕྱག་གི་པད་མ་ནི་ཕྱག་བརྒྱད་ དོ། །རིག་བྱེད་ཞལ་ནི་ཞལ་བཞིའོ། །ཉི་མའི་སྤྱན་ནི་སྤྱན་བཅུ་གཉིས་སོ། །དེ་དག་རྣམས་ཀྱི་ ནང་ནས་བཞི་ནི་ཀླུ་ཡི་རྔ་ཡབ་འཛིན་ཏེ་ཕྱག་བརྒྱད་ཀྱིས་རྔ་ཡབ་བརྒྱད་འཛིན་པའོ། །ཟུར་ བཞིར་རྒྱལ་བའི་ཞལ་གྱི་དབྱེ་བས་སོ་ཞེས་པ་ནི་མེར་ནག་མོ་དང་བདེན་བྲལ་དུ་དམར་མོ་ དང་རླུང་དུ་སེར་མོ་དང་དབང་ལྡན་དུ་དཀར་མོའོ། །དེ་བཞིན་དུ་དེ་རྣམས་ཀྱི་རྒྱབ་ཏུ་དབང་ ལྡན་དུ་ཆོས་ཀྱི་དུང་དཀར་པོ་དང་བདེན་བྲལ་དུ་ཆོས་ཀྱི་གཎ་ཌཱི་དམར་པོ་དང་མེར་ཡིད་ བཞིན་གྱི་ནོར་བུ་ནག་པོ་དང་རླུང་དུ་དཔག་བསམ་གྱི་ཤིང་སེར་པོའོ། །དེ་བཞིན་དུ་ཤར་ གྱི་འདབ་མ་ལ་ནག་མོ་དང་ལྷོར་དམར་མོ་དང་བྱང་དུ་དཀར་མོ་དང་ནུབ་ཏུ་སེར་མོ་འབར་ མའོ། །ཕྱོགས་བཞིའི་དབྱེ་བས་བཅོམ་ལྡན་འདས་ཀྱི་ཞལ་གྱི་དབྱེ་བ་ཇི་ལྟ་བ་དེ་བཞིན་དུ་ ལྷ་མོ་རྣམས་ཀྱི་སྟེ་(རང་རང་གི་ཕྱོགས་ཀྱི་བཅོམ་ལྡན་འདས་ཀྱི་ཞལ་དང་འདྲ་བ་རྩ་ཞལ་དུ་བྱས་པའི་ཞལ་གྱི་འཁོར་ 4-1-28 ལུགས་ཀྱི་མདོག་)སྣ་ཚོགས་ཡུམ་གྱི་དང་པོའི་ཞལ་གསེར་གྱི་མདོག་དང་གཡས་པ་དཀར་པོ་དང་ གཡོན་པ་དམར་པོ་དང་རྒྱབ་མཐོན་མཐིང་སྟེ་དེ་བཞིན་དུ་ལྷ་མོ་སེར་མོ་རྣམས་ཀྱིའོ། །དཀར་ མོ་རྣམས་ཀྱི་མདུན་དཀར་པོ་དང་གཡས་ནག་པོ་དང་རྒྱབ་དམར་པོ་དང་གཡོན་སེར་པོའོ། ། དམར་མོ་རྣམས་ཀྱི་དང་པོ་དམར་པོ་དང་གཡས་སེར་པོ་དང་གཡོན་མཐོན་མཐིང་དང་རྒྱབ་ དཀར་པོའོ། །ནག་མོ་རྣམས་ཀྱི་མདུན་ནག་པོ་དང་གཡས་དམར་པོ་དང་གཡོན་དཀར་པོ་དང་ རྒྱབ་སེར་པོའོ། །སྙིང་པོའི་པད་མའི་ལྷ་མོ་རྣམས་ཀྱི་རྒྱན་དང་ཕྱག་རྒྱ་ལྔ་པོ་རྣམས་ནི་བཅོམ་ ལྡན་འདས་མའི་ཇི་ལྟ་བ་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་པ་ངེས་པའོ། ༡༦ །ད་ནི་ནག་མོ་ འབར་མ་ལ་སོགས་པ་རྣམས་ཀྱི་གཡས་དང་གཡོན་གྱི་ཕྱག་གི་མཚན་མ་རྣམས་གསུངས་པ་ ནག་མོ་ཞེས་པ་ལ་སོགས་པ་སྟེ་ནག་མོ་ཡི་ནི་དང་པོའི་ཕྱག་གི་མཐིལ་ན་སྤོས་ཀྱི་སྣོད་〔སྤོས་ ཀྱིས་གང་བ་〕དང༌། གཉིས་པ་དག་ན་བསིལ་བའི་སྣོད〔ཙན་དན་གྱི་དྷེ་གུས་གང་བ་〕། དེ་ ཙན་དན་གྱི་སྣོད་དང་དམར་པོ་སྦྱར་བ་གུར་ཀུམ་གྱི་སྣོད་(གུར་ཀུམ་གྱི་ཆུས་གང་བ་)ནི་གསུམ་པ་ ནའོ། །མྱོས་བྱེད་དང་བཅས་རི་བོང་འཛིན་པ་ཞེས་པ་གླ་རྩི་དང་བཅས་པའི་ག་བུར་གྱི་སྣོད་ (ག་བུར་དང་གླ་རྩིས་གང་བ་)ནི་བཞི་པ་ན་སྟེ་གཡས་ཀྱི་ཕྱག་རྣམས་ནའོ། །གཡོན་པའི་དང་པོ་ན་དྲིལ་ བུ་དང་གཉིས་པ་ན་པད་མ་དང་གསུམ་པ་ན་ལྷའིཤིང་གི་མེ་ཏོག་དང་བཞི་པ་ན་མེ་ཏོག་སྣ་ ཚོགས་ཀྱི་ཕྲེང་བ་རིམ་པས་སོ། །ཞེས་པ་སྟེ་ཤར་གྱི་འདབ་མ་ལའོ། །དམར་མོ་འབར་མའི་ གཡས་ཀྱི་ཕྱག་དང་པོ་ན་མར་མེ་དང་གཉིས་པ་ན་དོ་ཤལ་(རིན་པོ་ཆེའི་ཕྲེང་བའི་)དང་གསུམ་པ་ན་ ཅོད་པན་(དབུ་རྒྱན་)དང་བཞི་པ་ན་(རིན་པོ་ཆེའི་)གདུ་བུའོ། །དེ་བཞིན་དུ་གཡོན་པའི་ཕྱག་དང་པོ་ ན་(ལྷའི་)༡༧ གོས་དང་གཉིས་པ་ན་སྐེ་རགས་དང་གསུམ་པ་ནི་རིན་པོ་ཆེའི་རྣ་རྒྱན་དང་བཞི་པ་ ན་(རིན་པོ་ཆེའི)་རྐང་གདུབ་པོ། །དེ་བཞིན་དུ་སེར་མོ་འབར་མའི་གཡས་ཀྱི་དང་པོ་ན་(དྲིའི་) དུང་(ཆོས་)དང་གཉིས་པ་ནི་གླིང་བུ་དང་གསུམ་པ་ན་ནོར་བུ་དང་བཞི་པ་ན་ཌ་མ་རུའོ། །གཡོན་ 4-1-29 གྱི་དང་པོ་ན་རྒྱུད་མངས་དང་གཉིས་པ་ན་རྔ་དང་གསུམ་པ་ན་སྒྲ་སྒྲོགས་པའི་འཁར་རྔ་དང་ བཞི་པ་ན་ཟངས་དུང་ངོ༌། །དེ་བཞིན་དུ་དཀར་མོ་འབར་མའི་གཡས་ཀྱི་དང་པོ་ན་འོ་མའི་སྣོད་ དང་གཉིས་པ་ན་ཆུའི་སྣོད་དང་གསུམ་པ་ན་མཆོག་གི་སྨན་དང་བཞི་པ་ན་ཆང་གི་སྣོད་(རང་ རང་གི་བཅུད་སོ་སོས་གང་བ་ཉིད་)དོ། །གཡོན་གྱི་དང་པོ་ན་བདུད་རྩིའི་སྣོད་དང་གཉིས་པ་ན་(རེག་པས་ ལྕགས་སོགས་གསེར་དུ་བྱེད་ཅིང་ཟོས་པས་ལྷའི་ལུས་སུ་བྱེད་པ་)གྲུབ་པའི་རོའི་སྣོད་དང་གསུམ་པ་ན་བདུད་ རྩིའི་འབྲས་བུ་(དཔག་བསམ་ཤིང་གི་འབྲས་བུ་ཡིན་ཟེར་བ་)དང་བཞི་པ་ན་ཟས་ཀྱི་སྣོད་དེ་དཀར་མོ་ཡིའོ། ། རང་གི་ཕྱག་རྒྱ་དང་བཅས་པ་སྟེ་རྡོ་རྗེ་སེམས་དཔའ་རྫོགས་པའོ(ཞེས་པ་འདིས་ནི་སྐུ་རྫོགས་པའམ་རྒྱུ་ རྡོ་རྗེ་འཛིན་པ་མི་བསྐྱོད་པར་འདོད་པ་བསལ་བ་ཡིན་ནོ)། ༡༨ ། ༈ ད་ནི་(མངལ་དུ་)མིང་དང་གཟུགས་ལ་སོགས་པ་བསྐྱེད་པ(ཇི་ལྟ་བ་བཞིན་དུ་ཕུང་པོ་ཁམས་སོགས་ ཀྱི་ལྷ་བསྐྱེད་པ)འི་སླད་དུ་(བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་དེ་ཁོ་ན་ཉིད་)འདོད་ཆགས་ཆེན་པོ〔འི་ཆོས་ བབསྟན་པ〕ས་གདུལ་བར་བྱ་བའི་སེམས་ཅན་གྱི་འཇིག་རྟེན་དང་པོའི་སངས་རྒྱས་(རང་བྱུང་ལྷན་ ཅིག་སྐྱེས་པའི་བདེ་བ་ཆེན་པོའི་སྐུ་)བསྟན་པར་བྱ་བའི་སྣོད་དུ་མངོན་པར་གཟིགས་ནས་(ཡུམ་ལ་སྙོམས་ པར་ཞུགས་པའི་)ཤིན་ཏུ་དགའ་བའི་སྒྲས་རང་གི་ལུས་ལ་(ནམ་མཁའི་ཁམས་གང་བར་བཞུགས་ པའི་)མི་བསྐྱོད་པ་ལ་སོགས་པའི་རྒྱལ་བའི་ཚོགས་རྣམས་(གཞན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་)དང་ ནམ་མཁའ་ལ་སོགས་པའི་ཁམས་ཀྱི་〔ལྷ་མོའི་〕ཚོགས་རྣམས་ཏེ་སྐྱེས་བུ་〔ཐབས་〕དང་རིག་མ་ (ཤེས་རབ་)དང་མིག་(གཞན་པའི་སྙིང་པོ་)ལ་སོགས་པ་དང་གཟུགས་(གཞན་གཟུགས་རྡོ་རྗེ་མ་)ལ་སོགས་ པ་(ཆོས་ཉིད་འོད་གསལ་གྱི་)ཡུལ་གྱི་རང་བཞིན་གྱིས་ལྷའི་རང་གི་ངོ་བོར་གྱུར་པ་(དང་ལས་དབང་དང་ དེའི་བྱ་བ་གཞན་ཁྲོ་བོ་དང་ཁྲོ་མོའི་རང་བཞིན་དུ་གྱུར་བ་)རྣམས་གཞུག་པར་བྱ་སྟེ་སླར་ཡང་དེ་རྣམས་རང་གི་ ལུས་ལས་སྤྲོས་ནས་སྣ་ཚོགས་ཡུམ་གྱི་ནང་དུ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་ དེ་བཞིན་ཉིད་དུ་སྤྲོས་ནས་སླར་ཡང་ཁམས་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ 4-1-30 དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་རང་གི་ལུས་ལ་གཞུག་པར་བྱ་སྟེ་(སོ་སོར་)ཞུ་བ་ཟླ་ བ(ཐིག་ལེ)ར་གྱུར་པ་རྣམས་རང་གི་རྡོ་རྗེ་ནས་སྤྲོས་ཏེ་རང་གི་རིག་མའི་པད་མར་(ཐིག་ལེ་སོ་སོར་)དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་རྟེན་(གཞལ་ཡས་ཁང་)དང་བརྟེན་པ(ལྷ)འི་མཚན་ཉིད་ཅན་ནོ(ཕྱི་རོལ་ཏུ་བསྒོམ་པར་བྱ་བ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ)། །(དེ་ ནས་གཙོ་བོ་)མི་བསྐྱོད་པ་(རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ་ནམ་མཁའི་ཁམས་སུ་སྤྲོས་ཏེ་སེམས་ཅན་གྱི་དོན་ བྱས་ནས་རྡོ་རྗེ་སེམས་དཔའི་)ལྷག་པའི་བདག་པོར་བསྒོམས་ནས་〔ལྷར་ལོག་སྟེ་〕དང་པོར་བཅོམ་ལྡན་ འདས་ཀྱི་སྐུ་ལ་གཞུག་པར་བྱའོ། །དེ་ནས་ཕྱོགས་ཀྱི་པད་མར་ཆུ་གཏེར་སངས་རྒྱས་བཞི་ རྣམས་ནི་ངེས་པར་སྤྱན་དགུ་པ་མེའི་ཞལ་ཞེས་པ་ཞལ་གསུམ་པ་དུས་ཀྱི་ཕྱག་ཅེས་པ་ཕྱག་ དྲུག་པ་(ཡུམ་གྱི་པད་མར་བསྐྱེད་པ་)རྣམས་སྤྲོ་བར་བྱའོ། །དེ་ལ་ཤར་གྱི་པད་མར་ཉི་མའི་སྟེང་དུ་དོན་ ཡོད་གྲུབ་པ་ནག་པོ་སྟེ་གཡས་བསྐོར་གྱིས་〔རྩ་ཞལ་〕ནག་པོ་དང་(གཡས་)དམར་པོ་དང་(གཡོན་)དཀར་པོའི་ཞལ་ཅན་ནོ། །ལྷོར་རིན་ཆེན་འབྱུང་ལྡན་ཁ་དོག་དམར་པོ་སྟེ་གཡས་སྐོར་གྱིས་ 〔རྩ་ཞལ་〕དམར་པོ་དང་(གཡས་)དཀར་པོ་དང་(གཡོན་)ནག་པོའི་ཞལ་ཅན་ནོ། །བྱང་དུ་སྣང་བ་ མཐའ་ཡས་དཀར་པོ་སྟེ་གཡས་སྐོར་གྱིས་〔རྩ་ཞལ་〕དཀར་པོ་དང་(གཡས་)ནག་པོ་དང་(གཡོན་) དམར་པོའི་ཞལ་ཅན་ནོ། ནུབ་ཏུ་རྣམ་པར་སྣང་མཛད་〔རྩ་ཞལ་〕སེར་པོ་སྟེ་གཡས་སྐོར་གྱིས་ 〔རྩ་ཞལ་〕སེར་པོ་དང་(གཡས་)དཀར་པོ་དང་(གཡོན་)ནག་པོའི་ཞལ་ཅན་ནོ། །དེ་ལྟར་བཞི་ནི་(སོ་ སོར་ཡུམ་དང་བཅས་པ་)ཉི་མའི་དཀྱིལ་འཁོར་ལ་(ཡབ་རྡོ་རྗེའི་གདན་གྱིས་བཞུགས་པ་ལ་ཡུམ་པད་མའི་འདུག་སྟངས་ ཅན་གྱིས་འཁྱུད་པ་)སྟེ་〔བསམ་པའི་དབྱེ་བའི་〕ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན་ཞེས་པའི་ཤེས་པར་ བྱེད་པ་ལས་(བསམ་པ་ཉི་མའི་གདན་ལ་ལུས་ཟླ་བ་བཞུགས་)སོ། །མེར་སྒྲོལ་མ་དོན་ཡོད་གྲུབ་པ་ལྟ་བུའོ། ། བདེན་བྲལ་དུ་གོས་དཀར་མོ་རིན་ཆེན་འབྱུང་ལྡན་ལྟ་བུའོ། །དབང་ལྡན་དུ་མཱ་མ་ཀཱི་སྣང་བ་ མཐའ་ཡས་ལྟ་བུའོ། །རླུང་དུ་སྤྱན་མ་རྣམ་པར་སྣང་མཛད་ལྟ་བུའོ། །དེ་ལྟར་བཞི་ནི་(ཡབ་དང་ 4-1-31 བཅས་པ་)ཟླ་བའི་དཀྱིལ་འཁོར་ལ་(ཡུམ་པད་མའི་འདུག་སྟངས་ལ་ཡབ་རྡོ་རྗེའི་གདན་གྱིས་འཁྱུད་པ་)སྟེ་〔བསམ་ པའི་དབྱེ་བའི་〕མཚན་མོ་ཤེས་རབ་རབ་ཏུ་གྲགས་ཞེས་པའི་ཤེས་པར་བྱེད་པ་ལས་(བསམ་པ་ ཟླ་བའི་གདན་ལ་ལུས་ཉི་མ་བཞུགས་)སོ། །སླར་ཡང་ལྷ་དང་ལྷ་མོ་དེ་དག་གི་བར་གྱི་མཚམས་བརྒྱད་ དུ་བདུད་རྩིའི་བུམ་པ་བརྒྱད་དོ། །དེ་ལྟར་ལྷ་དང་ལྷ་མོ་ནག་དང་དམར་དང་སེར་བ་དང་ནི་ རི་བོང་འཛིན་པ་ལྟ་བུར་དཀར་བ་སྟེ་ཞེས་སོ། །ཤར་གྱི་སྒོར་ཁྲོ་བོ་ཤིན་ཏུ་སྟོབས་ཏེ་ཁ་དོག་ དང་ཞལ་དང་ཕྱག་ནི་དོན་ཡོད་གྲུབ་པ་ལྟ་བུ་ནག་པོའོ། །ལྷོའི་སྒོར་རྨུགས་བྱེད་དེ་ཁ་དོག་དང་ ཞལ་དང་ཕྱག་ནི་རིན་ཆེན་འབྱུང་ལྡན་ལྟ་བུ་དམར་པོའོ། །ནུབ་ཀྱི་སྒོར་རེངས་བྱེད་དེ་ཁ་དོག་ དང་ཞལ་དང་ཕྱག་ནི་རྣམ་པར་སྣང་མཛད་ལྟ་བུ་སེར་པོའོ། །བྱང་དུ་ཁེངས་བྱེད་དེ་ཁ་དོག་ དང་ཞལ་དང་ཕྱག་ནི་སྣང་བ་མཐའ་ཡས་ལྟ་བུ་དཀར་པོའོ། །སྟེང་དུ་གཙུག་ཏོར་ཏེ་ཁ་དོག་ དང་ཞལ་དང་ཕྱག་ནི་མི་བསྐྱོད་པ་ལྟ་བུ་ལྗང་ཁུའོ། །འོན་ཀྱང་ཁྲོ་བོ་འདི་རྣམས་གཡས་བརྐྱང་ བ་སྟེ་(དེ་དག་ལ་འཁྱུད་པ་སྟེ་)ཁྲོ་བོའི་ལྷ་མོ་རྣམས་ནི་གཡོན་བརྐྱང་ངོ༌། །(དེ་ལྟར་མངལ་དུ་)ཟླ་བ་བཞི་ པ་ལ་མིང་དང་(བྱིས་པའི་)གཟུགས་སྐྱེ་བའི་དུས་སུ་གཟུགས་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ དང་རླུང་དང་མེ་དང་ས་དང་ཆུའི་ཁམས་ཀྱི་བདག་ཉིད་(མངོན་པར་གྲུབ་པ་ཉིད་)དེ། དེས་ན་〔དེ་ཇི་ ལྟ་བ་བཞིན་དུ་〕ཁམས་〔གཞན་ནམ་〕དང་ཕུང་པོ་དང་ཁྲོ་བོ་རྣམས་སྤྲོ་བའོ། ༡༩ ། དེ་ནས་〔མངལ་དུ་〕ཟླ་བ་ལྔ་པ་ལ་(བྱིས་པའི་)སྐྱེ་མཆེད་དྲུག་སྐྱེ་བའི་དུས་སུ་(ཇི་ལྟ་བ་བཞིན་དུ་བྱང་ ཆུབ་སེམས་དཔའ་)ནམ་མཁའི་སྙིང་པོ་ལ་སོགས་པ་སྤྲོ་བར་བྱ་སྟེ་མཁའ་སྙིང་ལ་སོགས་ཞེས་པ་ ནི་འདིར་རླུང་ལས་སྐྱེས་པ་སྣ་ནི་ནམ་མཁའི་སྙིང་པོ་དབྱིབས་ལ་སོགས་པ་དོན་ཡོད་གྲུབ་པ་ ལྟ་བུ་སྟེ་ཤར་གྱི་སྒོའི་གཡས་སུ་ར་བའི་རྩིག་པ་ལ་〔ཉེ་བར་ལྷ་སྣམ་〕སྟེ་ཕྱོགས་སུའོ། །ཕྱོགས་ བྲལ་དུ་གནས་ནི་མེའི་ཟུར་དུ་རླུང་ལས་སྐྱེས་པ་རེག་བྱ་རྡོ་རྗེ་མ་སྟེ་དབྱིབས་ལ་སོགས་པ་ སྒྲོལ་མ་ལྟ་བུའོ། །དེ་བཞིན་དུ་ལྷོའི་སྒོའི་གཡས་སུ་མེ་ལས་སྐྱེས་པའི་མིག་ནི་སའི་སྙིང་པོ་ 4-1-32 སྟེ་དབྱིབས་ལ་སོགས་པ་ནི་རིན་ཆེན་འབྱུང་ལྡན་ལྟ་བུའོ། །དེ་བཞིན་དུ་བདེན་བྲལ་གྱི་ཟུར་ དུ་མེའི་ཁམས་ལས་སྐྱེས་པ་རོ་རྡོ་རྗེ་མ་ནི་གོས་དཀར་མོ་ལྟ་བུའོ། །ནུབ་ཀྱི་སྒོའི་གཡས་སུ་ ས་ལས་སྐྱེས་པ་ལུས་ཀྱི་དབང་པོ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ་རྣམ་པར་སྣང་ མཛད་ལྟ་བུའོ། །དེ་བཞིན་དུ་རླུང་གི་ཟུར་དུ་སའི་ཁམས་ལས་སྐྱེས་པ་དྲི་རྡོ་རྗེ་མ་ནི་སྤྱན་མ་ལྟ་ བུའོ། །བྱང་གི་སྒོའི་གཡས་སུ་ཆུ་ལས་སྐྱེས་པ་ལྕེ་ནི་འཇིག་རྟེན་དབང་ཕྱུག་སྟེ་སྣང་བ་མཐའ་ ཡས་ལྟ་བུའོ། །དབང་ལྡན་དུ་ཆུ་ལས་སྐྱེས་པ་གཟུགས་རྡོ་རྗེ་མ་ནི་མཱ་མ་ཀཱི་ལྟ་བུའོ། །འོག་ ཏུ་ཡེ་ཤེས་ཀྱི་ཁམས་ལས་སྐྱེས་པའི་ཡིད་ནི་ཀུན་ཏུ་བཟང་པོ་ཁ་དོག་སྔོན་པོ་ཞལ་གསུམ་པ་ ཕྱག་དྲུག་པ་ཁ་དོག་དུས་ཀྱི་འཁོར་ལོ་ལྟ་བུ་སྟེ་ཤར་གྱི་སྒོའི་གཡོན་དུ་ར་བའི་རྩིག་པ་ལ་(ཉེ་ བར་ལྷ་སྣམ་ལ)འོ། །དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ལས་སྐྱེས་པ་སྒྲ་རྡོ་རྗེ་མ་ནི་ཀུན་ཏུ་བཟང་པོ་ ལྟ་བུ་སྟེ་བྱང་གི་སྒོའི་གཡོན་དུའོ། །སྟེང་དུ་ནམ་མཁའི་ཁམས་ལས་སྐྱེས་པ་རྣ་བ་ནི་ཕྱག་ན་ རྡོ་རྗེ་ལྗང་ཁུ་མི་བསྐྱོད་པ་ལྟ་བུ་སྟེ་ལྷོའི་སྒོའི་གཡོན་དུའོ། །དེ་བཞིན་དུ་ནམ་མཁའི་ཁམས་ ལས་སྐྱེས་པ་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་ནི་ཕྱག་ན་རྡོ་རྗེ་ལྟ་བུ་སྟེ་ནུབ་ཀྱི་སྒོའི་གཡོན་དུའོ། །དེ་ ལྟར་〔མངལ་དུ་〕ཟླ་བ་ལྔ་པ་ལ་〔བྱིས་པའི་〕སྐྱེ་མཆེད་དྲུག་དང་དྲུག་པ་ལ་རེག་པ་ཞེས་པའི་ཤེས་ པར་བྱེད་པ་ལས་〔ཏེ་དེ་ཇི་ལྟ་བ་བཞིན་དུ་〕རེག་བྱ་ལ་སོགས་པའི་ཡུལ་རྣམས་ཏེ་དེ་ལྟར་སྐྱེ་ མཆེད་བཅུ་གཉིས་སྤྲོ་བའོ(དེ་ཡང་སེམས་དཔའ་རྣམས་རྡོ་རྗེའི་གདན་དང་སེམས་མ་རྣམས་པད་མའི་འདུག་སྟངས་དང་ སེམས་དཔའ་རྣམས་རྡོ་རྗེའི་གདན་གྱིས་ཕན་ཚུན་འཁྱུད་པའོ)། །(མངལ་དུ་བྱིས་པ་དང་ལྷ་)སྐུ་རྡོ་རྗེའི་གནས་སྐབས་ གཉིས་པའོ། ། ༈ འདིར་ཤར་དང་བྱང་དང་སྟེང་ན་གནས་པའི་ལྷ་དང་ལྷ་མོ་ནག་པ་དང་དཀར་བ་(དང་ ལྗང་ཁུ་)རྣམས་ནི་ཟླ་བའི་དཀྱིལ་འཁོར་ལ་དགོད་པར་བྱ་སྟེ་〔ཐབས་ཀྱི་རིགས་〕ནམ་མཁའ་དང་ རླུང་དང་ཆུའི་ཁམས་རྣམས་ཁུ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །ཡང་ན་ཕྱོགས་བྲལ་དུ་གནས་ 4-1-33 པ་ཟུར་གྱི་ལྷ་མོ་རྣམས་ཟླ་བ་ལ་སྟེ་མཚན་མོ་ཤེས་རབ་རབ་ཏུ་གྲགས་ཞེས་གསུངས་པའི་ཕྱིར་ རོ། །དེ་བཞིན་དུ་ལྷོ་དང་ནུབ་དང་འོག་ན་གནས་པའི་ལྷ་དང་ལྷ་མོ་དམར་བ་དང་སེར་བ་(དང་ སྔོ་བ་)རྣམས་ནི་ཉི་མའི་དཀྱིལ་འཁོར་ལ་སྟེ་(ཤེས་རབ་ཀྱི་རིགས་)ཡེ་ཤེས་དང་མེ་དང་སའི་ཁམས་ རྣམས་རྡུལ་གྱི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །ཡང་ན་ཕྱོགས་ན་གནས་པའི་ལྷ་རྣམས་ཉི་མ་ལ་ སྟེ་ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་གང་ཞིག་བཅོམ་ལྡན་ འདས་ལ་མངོན་དུ་ཕྱོགས་པ་དེ་ནི་གཙོ་བོ་སྟེ་ཕྱོགས་རྣམས་སུའོ། །བཅོམ་ལྡན་འདས་ལ་ མངོན་དུ་ཕྱོགས་པའི་ལྷ་མོ་ནི་གཙོ་མོ་སྟེ་ཕྱོགས་བྲལ་རྣམས་སུའོ། །གཞན་དུ་(སྟེ་ཕྱོགས་སུ་ཡབ་ལ་ དང་མཚམས་སུ་ཡུམ་ལ་)ཕྱོགས་པ་ནི་གཙོ་བོ་མ་ཡིན་པའོ། ༢༠ ། དེའི་ཕྱིར་ཤེས་རབ་ཕང་པར་ཐབས་ནི་གཙོ་བོ་མ་ཡིན་པ་སྟེ་པད་མ་དང་ཟླ་བ་ལ་ཟུར་གྱི་ ཆར་ཕྱོགས་བྲལ་རྣམས་སུའོ། །དེ་བཞིན་དུ་ཐབས་ཀྱི་ལྷ་རྣམས་ཀྱི་ཕང་པར་ཡང་ལྷ་མོ་གཙོ་ མོ་མ་ཡིན་པ་སྟེ་ཉི་མའི་དཀྱིལ་འཁོར་ལ་ཕྱོགས་རྣམས་སུའོ། །གཉིས་པོ་དག་ནི་རང་གི་ཕྱག་ གི་ཆུ་སྐྱེས་འཆད་པར་འགྱུར་བའི་རང་རང་མཚན་མས་མཚན་པ་དག་གིས་ཕན་ཚུན་འཁྱུད། མཚན་མ་གང་ཞིག་〔ལྷ་〕གང་གི་གཡས་ཀྱི་དང་པོའི་ཕྱག་མཐིལ་ན་(ཡོད་པ་)དེ་(ལྷ་)དེ་ཡི་ཕྱག་ རྒྱ་〔སྟེ་ཞེས་པ་གདན་ལ་དགོད་པར་བྱ་བའི་ཕྱག་མཚན་ཏེ་འོན་ཀྱང་〕ཆུ་སྐྱེས་( ནི་དེའི་ངེས་པའི་) དམན〔ནོ་ཞེས་པ〕། ཆུ་སྐྱེས་ཀྱི་མཚན་མ་དང་རིན་པོ་ཆེ་དང་རལ་གྲི་ནི་གཡོན་དང་གཡས་སུ་ ཐུན་མོང་ངོ་(ཞེས་པ་དེ་དག་གཡོན་གྱི་ཕྱག་མཚན་དུ་བྱུང་ཡང་གདན་ལ་དགོད་པའི་ཕྱག་མཚན་དུ་བྱའོ)། །དེ་ལྟར་ཤར་ དང་ནུབ་དང་གཡོན་དང་གཡས་དང་འོག་དང་སྟེང་དུ་ཤེས་རབ་ཐབས་ཀྱི་འཁོར་ལོ་མཆོག་ གི་བདེ་བར་གནས་པའི་〔ལྷ་རྣམས་ལས་〕རྡོ་རྗེའི་འདུག་སྟངས་དག་གིས་བཞུགས་པ་ནི་ཐབས་ འདྲེན་པ་(གཙོ་བོ་)སྟེ་(ཕྱོགས་སུ་)པད་མའི་འདུག་སྟངས་ཀྱིས་བཞུགས་པ་ནི་ལྷ་མོའི་ཚོགས་འདྲེན་ མ(གཙོ་མོ་སྟེ་ཕྱོགས་བྲལ་དུ་དེས་ནི་ཡབ་ལ་འཁྱུད་པའི་ལྷ་མོ་ཡང་པད་མའི་འདུག་སྟངས་ཅན་དང་ཡུམ་ལ་འཁྱུད་པའི་ཡབ་ཡང་ 4-1-34 རྡོ་རྗེའི་འདུག་སྟངས་ཅན་ནོ)འོ། །ཞེས་པ་ངེས་པའོ། ༢༡ ། ༈ ད་ནི་ནག་པོ་རྣམས་ཀྱི་ཞེས་པ་ལ་སོགས་པས་མཚན་མ་རྣམས་གསུངས་ཏེ་འདིར་ 〔ཕུང་པོ་གཞན་〕རིགས་དྲུག་གི་ཕུང་པོ་རྣམ་པར་དག་པས་(དེ་བཞིན་གཤེགས་པ་དྲུག་གི་)མཚན་མ་ དྲུག་རྣམས་སོ། །དེ་ལ་འདུ་བྱེད་ཀྱི་རིགས་ལས་སྐྱེས་པ་དོན་ཡོད་གྲུབ་པ་དང་སྒྲོལ་མ་དང་ ཤིན་ཏུ་སྟོབས་དང་ནམ་མཁའི་སྙིང་པོ་དང་རེག་བྱ་རྡོ་རྗེ་མ་སྟེ་ནག་པོ་རྣམས་ཀྱི་གཡས་ཀྱི་ ཕྱག་དང་པོ་ན་རལ་གྲི་དང་གཉིས་པ་ན་གྲི་གུག་དང་གསུམ་པ་ན་རྩེ་གསུམ་མོ། །གཡོན་གྱི་ དང་པོ་ན་ཕུབ་དང་གཉིས་པ་ན་ཐོད་པ་དང་གསུམ་པའི་ཕྱག་གི་མཐིལ་ན་ཁ་ཊྭཱྃ་ག་དཀར་ པོའོ། །དེ་བཞིན་དུ་ཚོར་བའི་རིགས་ལས་སྐྱེས་པ་རིན་ཆེན་འབྱུང་ལྡན་དང་གོས་དཀར་མོ་ དང་རྨུགས་བྱེད་དང་སའི་སྙིང་པོ་དང་རོ་རྡོ་རྗེ་མ་སྟེ་དམར་པོ་རྣམས་ཀྱི་གཡས་ཀྱི་ཕྱག་དང་པོ་ ན་མེའི་མདའ་(ལྕགས་ཀྱི་སྦུབས་སུ་མདའ་ཐུང་བཅུག་ནས་ཚ་རག་གི་རྫས་ཀྱིས་མེའི་ཤུགས་ཀྱིས་འཕེན་པའི་མདའ་)དང་ གཉིས་པ་ན་རྡོ་རྗེ་ལྕགས་ཀྱུ་དང་གསུམ་པ་ན་སྒྲ་དང་བཅས་པའི་ཌ་མ་རུ་སྟེ་རིམ་པ་ཡིས་སོ། ། གཡོན་གྱི་དང་པོ་ན་གཞུ་དང་གཉིས་པ་ན་རྡོ་རྗེ་ཞགས་པ་དང་གསུམ་པ་ན་དྲི་མེད་(འོད་ཟེར་) འཕྲོ་བའི་ནོར་བུ་རིན་པོ་ཆེ་རྩེ་མོ་དགུ་པའོ། ༢༢ ། དེ་བཞིན་དུ་གཟུགས་ཀྱི་རིགས་ལས་སྐྱེས་པ་རྣམ་པར་སྣང་མཛད་དང་སྤྱན་མ་དང་ རེངས་བྱེད་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་དྲི་རྡོ་རྗེ་མ་སྟེ་སེར་པོ་རྣམས་ཀྱི་ གཡས་ཀྱི་ཕྱག་དང་པོ་ན་འཁོར་ལོ་དང་གཉིས་པ་ན་དབྱུག་པ་དང་གསུམ་པ་ན་འཇིགས་བྱེད་ 〔ཁྲོ་བོའི་〕རྡོ་རྗེ(རྭ་རྩེ་མོ་རྣམས་གྱེས་པ)འོ། །གཡོན་གྱི་དང་པོ་ན་དུང་དང་གཉིས་པ་ན་རྡོ་རྗེ་ལྕགས་ སྒྲོག་དང་གསུམ་པ་ན་སྒྲ་དང་བཅས་པའི་རྡོ་རྗེ་དྲིལ་བུའོ། །དེ་བཞིན་དུ་(གཞན་བདེ་གཤེགས་སྙིང་ པོའི་)འདུ་ཤེས་ཀྱི་རིགས་ལས་སྐྱེས་པ་སྣང་བ་མཐའ་ཡས་དང་མཱ་མ་ཀཱི་དང་པད་མ་མཐར་བྱེད་ དང་འཇིག་རྟེན་དབང་ཕྱུག་དང་གཟུགས་རྡོ་རྗེ་མ་སྟེ་དཀར་པོ་རྣམས་ཀྱི་གཡས་ཀྱི་ཕྱག་དང་ 4-1-35 པོ་ན་ཐོ་བ་དང་གཉིས་པ་ན་མདུང་དང་གསུམ་པ་ན་རྩེ་གསུམ་མོ། །གཡོན་པའི་དང་པོ་ན་ པད་མ་དཀར་པོ་འདབ་མ་བརྒྱད་པ་དང་གཉིས་པ་ན་མེ་ལོང་དང་གསུམ་པ་ན་བགྲང་ཕྲེང་ངོ༌། ༢༣ ། དེ་བཞིན་དུ་རྣམ་པར་ཤེས་པའི་རིགས་ལས་སྐྱེས་པ་ནི་མི་བསྐྱོད་པ་དང་རྡོ་རྗེ་དབྱིངས་ ཀྱི་དབང་ཕྱུག་མ་དང་གཙུག་ཏོར་དང་ཕྱག་ན་རྡོ་རྗེ་དང་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་སྟེ་ལྗང་ ཁུ་རྣམས་ཀྱི་གཡས་ཀྱི་དང་པོ་ན་རྡོ་རྗེ་དང་གཉིས་པ་ན་གྲི་གུག་དང་གསུམ་པ་ན་དགྲ་སྟའོ། ། གཡོན་གྱི་དང་པོ་ན་དྲིལ་བུ་དང་གཉིས་པ་ན་ཐོད་པ་དང་གསུམ་པ་ན་ཚངས་པའི་མགོ་ བོ(གདོང་བཞི་པ)འོ། །དེ་བཞིན་དུ་ཡེ་ཤེས་ཀྱི་རིགས་ལས་སྐྱེས་པ་རྡོ་རྗེ་སེམས་དཔའ་དང་སྣ་ ཚོགས་ཡུམ་དང་གནོད་མཛེས་རྒྱལ་པོ་དང་ཀུན་ཏུ་བཟང་པོ་དང་སྒྲ་རྡོ་རྗེ་མ་སྟེ། སྔོན་པོ་ རྣམས་ཀྱི་ཡང་ངོ༌། །མཚན་མའི་ངེས་པའོ། །ཡང་ན་སྒྲོལ་མ་དང་ཀུན་ཏུ་བཟང་པོའི་ཁ་ཊྭཱྃ་གའི་ གནས་དང་ཚངས་པའི་མགོ་བོའི་གནས་སུ་ཨུད་པ་ལའོ། ༢༤། ༈ གང་གི་ཚེ་དུ་བ་ལ་སོགས་པ་ལྷ་མོ་བརྒྱད་པོ་དང་བུམ་པ་བརྒྱད་དང་ཆོས་ཀྱི་དུང་ལ་ སོགས་པ་(བསྒོམ་པ་ནི་)རེས་འགའ་དོར་ནས་རྒྱལ་བའི་བདག་པོ(དུས་ཀྱི་འཁོར་ལོ་འཁོར་དང་བཅས་ པ)འི་པད་མ་〔ཉེར་ལྔ་པོ་〕དག་ལ་དཔལ་ལྡན་འཁོར་ལོ་སྟེ་ཐུགས་ཀྱི་དཀྱིལ་འཁོར་ནི་(སྐུ་དང་ གསུང་གི་དཀྱིལ་འཁོར་གྱི་)སྙིང་པོའི་དབུས་སུ་མི་ཡི་བདག་པོ་(ཞེས་པ་བོད་པ་སྟེ་ལྷ་)ཉི་ཤུ་རྩ་ལྔའི་བདག་ ཉིད་དུ་ཡང་འགྱུར་ཏེ་དེའི་ཚེ་བཅོམ་ལྡན་འདས་(དུས་ཀྱི་འཁོར་ལོ་འཁོར་གྱིས་)ཉེ་བར་[བསྐོར་བ་ [བཞུགས་པ་] (ཤོང་འགྱུར་ལས་འབྱུང་བ་ལེགས་སོ)ཡང་དཔལ་འདུས་པ་(ལྷ་ཉེར་ལྔ་མ་)ལྟ་བུར་(ལྷ་ཉི་ ཤུ་རྩ་ལྔ་མར་)འགྱུར་རོ། །(དུས་ཀྱི་འཁོར་ལོ་ལྷ་ཉེར་ལྔ་མ་)འདི་ལ་(ཐབས་ཀྱི་རྒྱུད་དུ་འགྱུར་བའི་)སྐྱོན་མེད་དེ་ (འདུས་པ་ཡང་)རིས་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་སྒྲུབ་པ་པོ་རྣམས་ཀྱིས་རང་གི་སེམས་ ཀྱི་ནུས་པ་ཤེས་ནས་བཅོམ་ལྡན་འདས་(ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་)འདི་ཡང་རྣལ་འབྱོར་པ་རྣམས་ 4-1-36 དག་གིས་བསྒོམ་པར་བྱའོ། །དབང་གི་དོན་དུ་(རེས་འགའ་)ཡང་ན་དཀྱིལ་འཁོར་(བྲི་བའི་ཚུལ་ནི་ ཐུགས་དཀྱིལ་གྱི་ལྷ་རྣམས་གསུང་དང་སྐུའི་ལྷའི་)རིགས་ཀྱི་དབང་གིས་〔ཐུགས་དཀྱིལ་དུ་གསུང་དང་སྐུའི་ ལྷ་རྣམས་འདུས་པའི་ཕྱིར་〕ཕྱིའི་འཁོར་ལོ〔གཉིས་ཀྱི〕ས་རབ་ཏུ་དམན་པར་འགྱུར་རོ(ཞེས་པ་ཐུགས་ དཀྱིལ་ཙམ་ཞིག་བཞེངས་ནས་སློབ་མ་ལ་དབང་བསྐུར་བར་རུང་ངོ་)། །འདིར་〔འཇིག་རྟེན་ཀུན་རྫོབ་〕ལྷན་ཅིག་ སྐྱེས་པའི་བདེ་བ་རྡོ་རྗེ་སེམས་དཔའ་〔བཏགས་པ་བ་〕ཁུ་བ་མངལ་དུ་ཞུགས་པ་ནི་ཟླ་བ་དང་ པོ་ལ་མ་རིག་པ་དང་གཉིས་པ་ལ་འདུ་བྱེད་དང་གསུམ་པ་ལ་རྣམ་པར་ཤེས་པ་དང་བཞི་པ་ ལ་མིང་དང་གཟུགས་སོ། །གཟུགས་དང་འབྲེལ་བ་སྐྱེ་མཆེད་དྲུག་དང་རེག་པ་ལ་སོགས་ པ་ནི་ཟླ་བ་དྲུག་པ་ཇི་སྲིད་པར་ཏེ་རིགས་ཀྱི་དབང་གིས་སོ། །ཞེས་པ་བཅོམ་ལྡན་འདས་ཀྱི་ ངེས་པའོ། །དེ་བཞིན་དུ་〔ལུས་ལ་〕སྙིང་ཁ(ནས་མགྲིན་པའི་བར་གྱི་ཕྱེད་དང་ལྟེ་བའི་བར་གྱི་ཕྱེད་ཚུན་ཆད་ནི)ར་ ཐུགས་ཀྱི་དཀྱིལ་འཁོར་〔ལ་ག ཙོ་བོ་ཡབ་ཡུམ་དང་དེ་བཞིན་གཤེགས་པ་ཡབ་ཡུམ་〕ཁམས་ལྔ་ ལྔའི་བདག་ཉིད་དོ། །དེ་ནས་ཟླ་བ་བདུན་པ་ལ་ཚོར་བ(འི་ཡན་ལག)་སྐྱེ་བའི་དུས་སུ་(སྐུ་རྡོ་ རྗེ་)གནས་སྐབས་གསུམ་པ་ནི་གསུང་གི་དཀྱིལ་འཁོར་ལ་རྩ(རྣམ་པར་དག་པ)འི་ལྷ་མོ་རྣམས་སྤྲོ་ བར་བྱ་སྟེ་དེ་ལ་གསུང་གི་དཀྱིལ་འཁོར་ནི་(ལུས་ལ་)མགྲིན་པ་ནས་(ལྟེ་བ་)སྤྲུལ་པའི་འཁོར་ལོའི་ མཐར་ཐུག་པ་གྲུ་བཞིར་གཟུང་པར་བྱའོ། །(ལྟེ་བ་)སྤྲུལ་པའི་འཁོར་ལོ་དེ་ལ་རྩ་རྣམས་པ་བཞི་ སྟེ་སྙིང་པོའི་ཟླུམ་སྐོར་དང་པོ་ལ་བཞི་དང་གཉིས་པ་ལ་བརྒྱད་དང་གསུམ་པ་ལ་བཅུ་གཉིས་ ཏེ་〔རིམ་པ་ལྟར〕ཐུགས་དང་གསུང་དང་སྐུའི་རང་བཞིན་གྱིས་སོ། །དེ་ནས་ཟླུམ་སྐོར་བཞི་པ་ ལ་〔སྐུ་དང་གསུང་དང་ཐུགས་ཀྱི་〕རྡོ་རྗེ་གསུམ་ཐུན་མོང་གི་རྩ་དྲུག་ཅུ་རྩ་བཞི་སྟེ་དེ་ལ་དྲུག་ཅུ་ ནི་དཀྱིལ་འཁོར་འབབ་པ་ཡིན་ལ་བཞི་ནི་སྟོང་པའོ། །དེ་བཞིན་དུ་མགྲིན་པར་སུམ་ཅུ་ནི་ཡུད་ ཙམ་འབབ་པ་སྟེ་གཉིས་ནི་སྟོང་པའོ། །དེ་ལྟར་སྤྲུལ་བའི་འཁོར་ལོ་ལས་གསུང་གི་རྩ་(དཀྱིལ་ འཁོར་གྱི་གཙོ་མོ་བརྒྱད་ཀྱི་)ཐུན་ཚོད་བརྒྱད་ཀྱི་དབྱེ་བས་(ལྟེ་བ་སྤྲུལ་བའི་)འབབ་པ་ཟླུམ་སྐོར་གཉིས་ 4-1-37 པ་ལ་གནས་པ་རྣམས་དྲུག་ཅུ་རྩ་བཞི་པོ་རྣམས་དང་ལྷན་ཅིག་ཏུ་མགྲིན་པའི་བར་དུ་སྤྲོ་བར་ བྱའོ། །ཞེས་པ་ནི་ངེས་པའོ། ༢༥ ། ད་ནི་ཕྱི་རོལ་ཞེས་པ་ལ་སོགས་པས་གསུང་གི་དཀྱིལ་འཁོར་གྱི་ལྷ་སྤྲོ་བ་གསུངས་པ་ འདིར་ཐུགས་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ནི་གསུང་གི་དཀྱིལ་འཁོར་སྟེ་ཕྱི་རོལ་དེར་ནི་ བརྒྱད་པ་བརྒྱད་ཀྱིས་པད་འདབ་བརྒྱད་པོ་རྣམས་ལ་ཕྱོགས་བརྒྱད་ཀྱི་ལྷ་མོ་རྣམས་དང་ལྷན་ ཅིག་ཏུ་ཙར་ཙི་ཀཱ་སོགས་རྣལ་འབྱོར་མ་རྣམས་ཟླ་བ་ཉི་མ〔འི་གདན་〕་དང་བྲལ་ཞིང་རང་ རང་གི་བཞོན་པ་ལ་གནས་པ་རིག་བྱེད་ཕྱག་ཅེས་པ་ཕྱག་བཞི་དང་སྤྱན་གསུམ་མ་གདོང་སྣ་ ཚོགས་པ་(སྟེ་ཚངས་མ་འཁོར་བཅས་གདོང་བཞི་མ་གཞོན་ནུ་འཁོར་བཅས་གདོང་དྲུག་མ། གཞན་ཐམས་ཅད་གདོང་གཅིག་ མ)འོ། །དེ་ལ་ཤར་གྱི་པད་མར་ཙར་ཙི་ཀཱ་ཞལ་གཅིག་མ་ནག་མོའོ། །མེར་ནི་མཁའ་འགྲོའི་ བདག་པོ་(མཁའ་ལྡིང་གི་)འགྲོ་མ་ཁྱབ་འཇུག་མའོ། །ཕག་མོ་དང་གདོང་དྲུག་མ་ནི་ཁ་དོག་དམར་ མོ་སྟེ། གཤིན་རྗེ་དང་བདེན་བྲལ་དུའོ། །ཆུར་དབང་མོ་སེར་མོའོ། །རླུང་དུ་ཆུ་གཏེར་གདོང་ མ་སྟེ་ཚངས་མ་སེར་མོའོ། ༢༦ ། བྱང་དུ་དྲག་མོ་དཀར་མོ་ཞལ་གཅིག་མའོ། །དབང་ལྡན་དུ་དཔལ་མོ་དཀར་མོའོ། །དེ་ ལྟར་ལྟེ་བ་ལ་གནས་པའི་གཙོ་མོའི་ཁ་དོག་དང་དབྱིབས་ཇི་ལྟ་བ་བཞིན་དུ་དེ་རྣམས་ཀྱི་ འདབ་མ་ལ་གནས་པའི་ལྷ་མོ་རྣམས་སོ། །དེ་ལྟར་བརྒྱད་པ་བརྒྱད་ཀྱི་རྣལ་འབྱོར་མ་གང་ པད་མའི་འདབ་མ་ལ་གནས་གཙོ་མོའི་ཁ་དོག་ཞལ་རྣམས་སོ། །ད་ནི་ཤར་ལ་སོགས་པར་ ཞེས་པ་ལ་སོགས་པས་ཙར་ཙི་ཀཱ་ལ་སོགས་པ་རྣམས་ཀྱི་གཡས་ཀྱི་ཕྱག་གཉིས་ལ་མཚན་མ་ རྣམས་རིམ་པ་བཞིན་དུ་གསུངས་ཏེ་འདིར་ཤར་དུ་ཙར་ཙི་ཀཱའི་ཕྱག་དང་པོ་ན་གྲི་གུག་དང་ གཉིས་པ་ན་རྩེ་གསུམ་མོ། །ཁྱབ་འཇུག་མའི་འཁོར་ལོ་དང་བེ་ཅོན་ནོ། །ཕག་མོའི་དབྱུག་པ་ དང་རལ་གྲིའོ། །གཞོན་ནུ་མའི་ཤག་ཏི་དང་ལྕགས་ཀྱུའོ། ༢༧ ། 4-1-38 དབང་མོའི་རྡོ་རྗེ་དང་མདའ་འོ། །ཚངས་མའི་པད་མ་དང་ཚངས་པའི་དབྱུག་པ〔སྣ་གཉིས་ ལ་སྤྱི་བླུགས་ཀྱི་རྩེ་མོ་ལྟ་བུ་ཡོད་པ〕འོ། །དྲག་མོའི་རྩེ་གསུམ་དང་ཌ་མ་རུའོ། །དཔལ་ཆེན་མའི་ པད་མ་དང་བགྲང་ཕྲེང་ངོ༌། །ཞེས་པ་སྟེ་གཡས་ཀྱི་ཕྱག་གཉིས་ལའོ། །དེ་བཞིན་དུ་འདབ་ མའི་ལྷ་མོ་རྣམས་ཀྱི་ཡང་ངོ༌། །དེ་ནས་གཡོན་གྱི་ཕྱག་གཉིས་ལ་ཤར་ལ་སོགས་པ་རིམ་པ་ བཞིན་དུ་སྟེ་ཙར་ཙི་ཀཱའི་གཡོན་གྱི་ཕྱག་དང་པོ་ན་ཐོད་པ་དང་གཉིས་པ་ན་ཁ་ཊྭཱྃ་གའོ། །ཁྱབ་ འཇུག་མའི་པད་མ་དང་དུང་ངོ༌། །ཕག་མོའི་ལྕགས་སྒྲོག་དང་ཕུབ་བོ། །གཞོན་ནུ་མའི་རིན་པོ་ ཆེ་དང་ཞགས་པའོ། །དབང་མོའི་དྲིལ་བུ་དང་གཞུའོ། ༢༨ ། ཚངས་མའི་སྤྱི་བླུགས་དང་སྣོད་དོ(བར་བུའོ)། །དྲག་མོའི་ཁ་ཊྭཱྃ་ག་དང་སྦྲུལ་ལོ། །དཔལ་ ཆེན་མོའི་པད་མ་དང་རིན་པོ་ཆེ་ཉིད་དོ། །དེ་བཞིན་དུ་པད་མ་ནོར་འདབ་ལ་ནི་བརྒྱད་པ་ བརྒྱད་ཀྱི་རྣལ་འབྱོར་མ་ཡི་ཕྱག་གི་མཚོན་ཆ་དེ་བཞིན་ནོ་གཙོ་མོའི་ཇི་ལྟ་བ་དེ་བཞིན་ནོ་ཞེས་ པ་ངེས་པའོ། །ད་ནི་དེ་རྣམས་ཀྱི་མིང་དུ་འགྱུར་ཏེ་དེ་ལ་ཙར་ཙི་ཀཱ་ལ་སོགས་པའི་པད་མའི་ འདབ་མ་རྣམས་ལ་ཤར་ལ་སོགས་པ་གཡས་སྐོར་གྱིས་ཙར་ཙི་ཀཱ་ལ་སོགས་པ་རྣམས་ཀྱི་ འདབ་མའི་ལྷ་མོ་རྣམས་རིག་པར་བྱའོ། །དེ་ལ་འདབ་མ་དང་པོ་ལ་འཇིགས་མ་སྟེ་གཉིས་པ་ ལ་སོགས་པ་ལ་དྲག་མོ་དང་དུས་ཀྱི་མཆེ་བ་མ་དང་མེ་འབར་གདོང་མ་དང་རླུང་གི་ཤུགས་མ་ དང་རབ་གཏུམ་མ་དང་དྲག་སྤྱན་མ་དང་སྣ་ཆེན་མ་སྟེ་ཙར་ཙི་ཀཱའི་ནོར་འདབ་པད་མ་ལ་རང་ གི་ཕྱོགས་རྣམས་སུའོ། ༢༩ ། ཁྱབ་འཇུག་མའི་འདབ་མ་དང་པོ་ལ་སོགས་པ་ལ་གཡུང་མོ་དང་རྒྱུ་མ་དང་གྲགས་མ་ དང་དཔལ་མོ་དང་རྣམ་པར་རྒྱལ་མ་དང་དཔལ་ལྡན་རྒྱལ་མ་དང་དཔལ་ལྡན་རྒྱལ་བྱེད་མ་ དང་བརྒྱད་པ་དཔལ་ལྡན་འཁོར་ལོ་ཅན་མ་སྟེ་ནོར་འདབ་པད་མ་ལ་ནི་ཁྱབ་འཇུག་མའི་ ཕྱོགས་ཀྱི་ཆར་ཞེས་པ་མེར་རོ། །དེ་ནས་ཕག་མོའི་འདབ་མ་དང་པོ་ལ་སོགས་པ་ལ་ཀེང་རུས་ 4-1-39 མ་དང་དུས་མཚན་མ་དང་རབ་ཏུ་ཁྲོས་པའི་གདོང་མ་དང་དུས་ཀྱི་ལྕེ་མ་དང་གཙིགས་མ་དང་ ནག་མོ་དང་འཇིགས་རུང་མ་དང་གཟུགས་ངན་མ་རྣམས་ནོར་འདབ་པད་མ་ལ་སྟེ་ཕག་མོའི་ འདབ་མའི་ལྷ་མོའོ། །ཞེས་པ་ལྷོར་རོ། ༣༠ ། དེ་བཞིན་དུ་གཞོན་ནུ་མའི་མདུན་གྱི་འདབ་མ་ལ་སོགས་པ་ལ་པད་མ་དང་ལུས་མེད་མ་ དང་གཞོན་ནུ་མ་དང་རི་དྭགས་བདག་པོས་འགྲོ་མ་དང་རིན་ཆེན་ཕྲེང་བ་མ་དང་མིག་བཟང་ མ་དང་རུལ་མ་དང་བཟང་མོ་སྟེ་གང་ན་གཙོ་མོ་མཆོག་གི་རྨ་བྱས་འགྲོ་མའི་ཆུ་སྐྱེས་འདབ་མ་ ལའོ་རྒྱལ་པོ་ཀྱེ་ཞེས་པ་སྟེ་བདེན་བྲལ་དུའོ། །དེ་བཞིན་དུ་དབང་མོའི་མདུན་གྱི་འདབ་མ་ལ་ སོགས་པ་ལ་རྡོ་རྗེ་འོད་དང་རྡོ་རྗེ་ལུས་དང་གསེར་ལྡན་མ་དང་ཨཱུར་བ་སཱི་དང་བཀྲ་བའི་རི་ མོ་དང་རམ་བྷཱ་དང་ཟུག་རྔུ་མེད་དང་ཤིན་ཏུ་སྒྲོལ་མ་སྟེ་པད་མ་ནོར་འདབ་རྡོ་རྗེ་ལག་མ་ལྷག་ པའི་ལྷ་ཅན་ལའོ་ཞེས་པ་ནུབ་ཏུའོ། ༣༡ ། དེ་ནས་ཚངས་མའི་མདུན་གྱི་འདབ་མ་ལ་སོགས་པ་ལ་(མཆོག་སྦྱིན་)སཱ་བི་ཏྲཱི་(འདོན་མ་)དང་ པད་མའི་སྤྱན་མ་དང་ཆུ་སྐྱེས་ཅན་མ་དང་བློ་གྲོས་མ་དང་ངག་གི་དབང་ཕྱུག་མ་དང་གཱ་ཡ་ཏྲཱི་ 〔གླུ་ལེན་མ་〕དང་གློག་མ་དང་དྲན་མ་རྣམས་ཀྱང་པད་མ་རིག་བྱེད་གདོང་མ་ལྷག་པའི་ལྷ་ཅན་ ལའོ། །ཞེས་པ་རླུང་དུའོ། །དེ་ནས་དྲག་མོའི་མདུན་གྱི་འདབ་མ་ལ་སོགས་པ་ལ་གོ་རཱི་དང་ གང་གཱ་དང་རྟག་མ་དང་མྱུར་མ་དང་ཏོ་ཏ་ལཱ་〔འདེགས་མ་〕དང་མཚོན་བྱེད་མ་དང་དམར་སེར་ མ་དང་ནག་མོ་སྟེ་དེ་བཞིན་གང་ན་དྲག་མོ་གཙོ་མོའི་པད་མ་ནོར་གྱི་འདབ་མ་ལའོ་ཞེས་པ་ བྱང་དུའོ། ༣༢ ། དེ་ནས་དཔལ་མོའི་མདུན་གྱི་འདབ་མ་ལ་སོགས་པ་ལ་དཔལ་ལྡན་དཀར་མོ་དང་ཟླ་ བའི་རི་མོ་དང་རི་བོང་འཛིན་པའི་གདོང་མ་དང་ངང་པའི་མདོག་མ་དང་འཛིན་མ་དང་པད་ མའི་དབང་མོ་དང་སྐར་མིག་མ་དང་དྲི་མེད་རིང་བོང་འཛིན་མ་སྟེ་དབང་ལྡན་པད་མ་དག་ལ་ 4-1-40 མཚན་མར་བཅས་པའོ། །དེ་ལྟར་གསུང་གི་དཀྱིལ་འཁོར་གྱི་གཙོ་མོ་ཙར་ཙི་ཀཱ་ལ་སོགས་པ་ རྣམས་ཀྱི་པད་མའི་འདབ་མ་རྣམས་ལ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་པོ་རྣམས་ཏེ་ཚོར་བའི་ ཡན་ལག་ལ(དེ་ལྟར་རྣལ་འབྱོར་མ་བདུན་ཅུ་རྩ་གཉིས་པཽ་རྣམས་ནི་འཇིག་རྟེན་ཀུན་རྫོབ་ཀྱི་རྣལ་འབྱོར་མ་ནི་མ་ཡིན་གྱི་དོན་ དམ་ཆོས་ཉིད་འོད་གསལ་གྱི་རྣལ་འབྱོར་མར་རིག་པར་བྱ)འོ། ། ༈ སྲེད་པའི་ཡན་ལག་ལ་སྐུ་རྡོ་རྗེ(འི་གནས་སྐབས་)ཐམས་ཅད་རྫོགས་པ་སྟེ་སྐུ་རྫོགས་པ་ (སྐུའི་དཀྱིལ་འཁོར་)ལ་དཔྲལ་བ་ནས་གསང་བའི་པད་མའི་མཐར་གྲུ་བཞིར་རིག་པར་བྱའོ། །དེ་ ལ་ལག་པ་དང་རྐང་པའི་ལས་ཀྱི་འཁོར་ལོ་དང་བྱ་བའི་འཁོར་ལོའི་ཚིགས་བཅུ་གཉིས་ལ་ འདབ་མ་ཉི་ཤུ་རྩ་བརྒྱད་པའི་པད་མ་བཅུ་གཉིས་པོ་གང་ཡིན་པ་དེ་རྣམས་ནི་ཟླ་བ་བརྒྱད་ པ་ལ་(ནང་ལུས་ལ་)རྩ་དང་(དཀྱིལ་འཁོར་ལ་)ལྷའི་གཟུགས་ཀྱིས་སྤྲོ་བར་བྱའོ། །དེ་ཡི་ཕྱི་རོལ་ཉི་ མའི་པད་མ་ལ་ཞེས་པ་ནི་དེའི་ཕྱི་རོལ་ཏུ་སྐུའི་དཀྱིལ་འཁོར་གྱི་པད་མ་བཅུ་གཉིས་པོ་རྣམས་ ལ་ཤར་གྱི་སྒོའི་གཡས་ཀྱི་ཆ་ལ་སོགས་པར་ར་བའི་རྩིག་པ་(ལ་ཉེ་བར་ལྷ་སྣམ་)ལ་ནམ་མཁའི་ སྙིང་པོ་ལ་སོགས་པ་བཞིན་དུ་བདེན་བྲལ་ལ་སོགས་པ་རྣམས་གྲངས་བཞིན་དུ་གསུངས་ཏེ་ ལྷ་མིན་ཞེས་པ་བདེན་བྲལ་ཏེ་ཤར་གྱི་སྒོའི་གཡས་སུའོ། །གཡོ་བ་ཞེས་པ་རླུང་སྟེ་མེར་རོ། ། གཤིན་རྗེ་ཞེས་པ་ལྷོའི་སྒོའི་གཡོན་དུའོ། །གཡས་སུ་མེ་དང་བདེན་བྲལ་དུ་གདོང་དྲུག་གོ། ནུབ་ཀྱི་སྒོའི་གཡོན་དུ་གནོད་སྦྱིན་དང་གཡས་སུ་བརྒྱ་བྱིན་དང་རླུང་དུ་ཚངས་པའོ། །བྱང་ གི་སྒོའི་གཡོན་དུ་དྲག་པོ་དང་གཡས་སུ་རྒྱ་མཚོ་དང་དབང་ལྡན་དུ་ཚོགས་ཀྱི་བདག་པོའོ། ། ཤར་གྱི་སྒོའི་གཡོན་དུ་ཁྱབ་འཇུག་སྟེ་ཐམས་ཅད་ཕྱག་བཞི་པའོ〔འདི་རྣམས་ཀྱང་འཇིག་རྟེན་ ཀུན་རྫོབ་ཀྱི་ལྷ་བཅུ་གཉིས་མ་ཡིན་གྱི་གཞན་དོན་དམ་ཆོས་ཉིད་འོད་གསལ་གྱི་ལྷ་ཆེན་བཅུ་ གཉིས་སུ་རིག་པར་བྱའོ〕། ༣༣ ། བཅུ་གཉིས་པོ་འདི་རྣམས་ཀྱི་གཡས་ཀྱི་ཕྱག་གཉིས་ལ་རིམ་པ་བཞིན་མཚན་མ་རྣམས་ 4-1-41 སུ་འགྱུར་ཏེ་བདེན་བྲལ་གྱི་དང་པོ་ན་རལ་གྲི་དང་གཉིས་པ་ན་གྲི་གུག་གོ། རླུང་གི་དང་པོ་ ན་ལྗོན་ཤིང་དབང་པོ་སྟེ་དཔག་བསམ་གྱི་ཤིང་དང་གཉིས་པ་ན་ཡོངས་འདུའི་མེ་ཏོག་གོ། གཤིན་རྗེའི་དང་པོ་ན་དབྱུག་པ་དང་གཉིས་པ་ན་རལ་གྲིའོ། །མེའི་དང་པོ་ན་ཤག་ཏི་དང་ གཉིས་པ་ན་དབྱུག་པའོ། །གདོང་དྲུག་གི་དང་པོ་ན་ཤག་ཏི་དང་གཉིས་པ་ན་མདུང་ངོ༌། །ནོར་ སྦྱིན་གྱི་དང་པོ་ན་ནོར་བུ་རིན་པོ་ཆེ་དང་གཉིས་པ་ན་བེ་ཅོན་ནོ། །དབང་པོའི་དང་པོ་ན་རྡོ་རྗེ་ དང་གཉིས་པ་ན་མེའི་མདའོ། །ཚངས་པའི་དང་པོ་ན་ཁབ་དང་གཉིས་པ་ན་བགྲང་ཕྲེང་ངོ༌། ། དྲག་པོའི་དང་པོ་ན་རྩེ་གསུམ་དང་གཉིས་པ་ན་མདའ་འོ། །ཆུ་ལྷའི་དང་པོ་ན་ཞགས་པ་དང་ གཉིས་པ་ན་རིན་པོ་ཆེའོ། །ལོག་འདྲེན་གྱི་དང་པོ་ན་དགྲ་སྟ་དང་གཉིས་པ་ན་རྡོ་རྗེའོ། །ཁྱབ་ འཇུག་གི་དང་པོ་ན་འཁོར་ལོ་དང་གཉིས་པ་ན་དབྱུག་ཐོའོ། ༣༤ ། དེ་ནས་གཡོན་དུ་བདེན་བྲལ་གྱི་ཕྱག་དང་པོ་ན་ཕུབ་དང་གཉིས་པ་ན་ཐོད་པའོ། །རླུང་གི་ དང་པོ་ན་ཨིན་ཏྲ་ནཱི་ལ་དང་གཉིས་པ་ན་ཨུད་པ་ལ་སྔོན་པོའོ། །གཤིན་རྗེའི་དང་པོ་ན་ལྕགས་ སྒྲོག་དང་གཉིས་པ་ན་ཞགས་པའོ། །མེའི་དང་པོ་ན་པད་མ་དང་གཉིས་པ་ན་རིལ་བ་སྤྱི་ བླུགས་སོ། །གདོང་དྲུག་པའི་དང་པོ་ན་རིན་པོ་ཆེ་དང་གཉིས་པ་ན་མེ་ལོང་ངོ༌། །གནོད་སྦྱིན་ གྱི་དང་པོ་ན་ནེ་ལེ་དང་གཉིས་པ་ན་པད་མའོ། །དབང་པོའི་དང་པོ་ན་དྲིལ་བུ་དང་གཉིས་པ་ ན་གཞུའོ། །ཚངས་པའི་དང་པོ་ན་པད་མ་དང་གཉིས་པ་ན་སྤྱི་བླུགས་སོ། །དྲག་པོའི་དང་པོ་ན་ སྦྲུལ་དང་བཅས་པའི་ཁ་ཊྭཱྃ་ག་དང་གཉིས་པ་ན་གཞུའོ། །རྒྱ་མཚོའི་དང་པོ་ན་སྦྲུལ་གྱི་ཞགས་ པ་དང་གཉིས་པ་ན་ཟླ་བ་ཆུ་ཤེལ་གྱི་ནོར་བུ་རིན་པོ་ཆེའོ། ༣༥ ། ལོག་འདྲེན་གྱི་དང་པོ་ན་ཞགས་པ་དང་གཉིས་པ་ན་རིན་པོ་ཆེའོ། །ནོར་ལྷའི་བུའི་དང་ པོ་ན་པད་མ་དང་གཉིས་པ་ན་(ཏི་མའི་གཟུགས་འཛིན་པའི་ལྷ་མིན་)སྐྱེ་བ་ལྔ་པའི་(རུས་པ་ལས་བྱུང་བའི་) དུང་སྟེ་(ཏི་མི་ནི་ཆུ་སྲིན་གྱི་བྱེ་བྲག་དཔག་ཚད་བརྒྱད་པའོ་)ཐམས་ཅད་ཀྱི་ཕྱག་གཡོན་པ་གཉིས་ལ་རིམ་ 4-1-42 པ་བཞིན་དུ་མཚན་མ་རྣམས་སོ། །བདེན་བྲལ་ལ་སོགས་པ་པད་མའི་ལྟེ་བ་ལ་གནས་པ་དེ་ རྣམས་ཀྱི་པད་མའི་འདབ་མ་ནི་འདབ་མ་ཉི་ཤུ་རྩ་བརྒྱད་དེ་གཡས་སྐོར་གྱིས་འདབ་མའི་ཟླུམ་ སྐོར་གསུམ་ལས་ཟླུམ་སྐོར་དང་པོ་ལ་འདབ་མ་བཞི་དང་གཉིས་པ་ལ་བརྒྱད་དང་གསུམ་པ་ ལ་བཅུ་དྲུག་གོ། དེ་ལྟར་འདབ་མ་ཉི་ཤུ་རྩ་བརྒྱད་པོ་རྣམས་ལ་ནག་པ་ལ་སོགས་པའི་ཟླ་བའི་ ཚེས་རྣམས་ཏེ་དཀར་པོ་དང་ནག་པོའི་ཕྱོགས་རྣམས་ཀྱི་ཉ་དང་གནམ་སྟོང་ནི་གཙོ་བོ་ཉིད་ ཀྱིས་ལྟེ་བ་ལ་གནས་སོ(འདིར་ཡང་ཟླ་བ་བཅུ་གཉིས་དང་ཚེས་སུམ་བརྒྱ་དྲུག་ཅུ་པོ་རྣམས་ནི་ཀུན་རྫོབ་ཀྱི་ཟླ་བའི་ཚེས་ རྣམ་པར་དག་པ་གཞན་དོན་དམ་འོད་གསལ་གྱི་རྡོ་རྗེ་ཟླ་བ་དང་དེའི་ཚེས་རྣམས་སུ་རིག་པར་བྱའོ)། །དེ་ལྟར་ནག་པའི་ ཟླ་བའི་ཚེས་རྣམས་བདེན་བྲལ་གྱི་པད་མའི་འདབ་མ་ལའོ། ས་གའི་ཟླ་བའི་ཚེས་རྣམས་རླུང་ གི་ལའོ། །སྣྲོན་གྱི་ཟླ་བའི་ཚེས་རྣམས་མེའི་ལའོ། །ཆུ་སྟོད་ཀྱི་ཟླ་བའི་ཚེས་རྣམས་གདོང་དྲུག་ གི་ལའོ། །གྲོ་བཞིན་གྱི་ཟླ་བའི་ཚེས་རྣམས་རྒྱ་མཚོའི་ལའོ། །ཁྲུམས་སྟོད་ཀྱི་ཟླ་བའི་ཚེས་ རྣམས་ལོག་འདྲེན་གྱི་ལའོ། །ཐ་སྐར་གྱི་ཟླ་བའི་ཚེས་རྣམས་དབང་པོའི་ལའོ། །སྨིན་དྲུག་གི་ ཟླ་བའི་ཚེས་རྣམས་ཚངས་པའི་ལའོ། །མགོའི་ཟླ་བའི་ཚེས་རྣམས་དྲག་པོའི་ལའོ། །རྒྱལ་གྱི་ ཟླ་བའི་ཚེས་རྣམས་གནོད་སྦྱིན་གྱི་ལའོ། །མཆུའི་ཟླ་བའི་ཚེས་རྣམས་ཁྱབ་འཇུག་གི་ལའོ། ། དབོའི་ཟླ་བའི་ཚེས་རྣམས་གཤིན་རྗེའི་ལའོ། །ལྷ་མོ་རྣམས་ཀྱི་ཁ་དོག་དང་མཚོན་ཆ་དང་ དབྱིབས་ནི་དེ་བཞིན་ནོ། །དེ་ལྟར་པད་མའི་འདབ་མ་རྣམས་ལ་ནག་པ་སོགས་ཀྱི་ནོར་ལག་ ཚེས་རྣམས་དང་ནི་ལྟེ་བར་རྫོགས་པ་གཉིས། མཆོག་གི་ཟླ་བའི་ཆ་རྣམས་ཐམས་ཅད་སྟོང་ པ་དུས་དང་འཇིག་རྟེན་ཞེས་པ་སུམ་བརྒྱ་དྲུག་ཅུ་སྟེ་དེ་རྣམས་ལོ་ཡི་སྦྱོར་བས་རིག་པར་བྱའོ། ། འཆད་པར་འགྱུར་བའི་ས་བོན་དང་པོར་གྱུར་པ་རྡོ་རྗེའི་མཐའ་ཅན་ནི་འདི་རྣམས་ཀྱི་མིང་དུ་ འགྱུར་རོ། །ཞེས་པ་ངེས་པའོ། ། ༈ ད་ནི་〔ནང་བྱིས་པའི་ལུས་ལ་〕ལག་པ་དང་རྐང་པའི་མཐིལ་དང་གཙུག་ཏོར་དང་བཤང་ 4-1-43 ལམ་གྱི་རྩ་སྤྲོ་བའི་དག་པས་སྒོར་ནི་ལྷ་མོ་ཤིང་རྟ་ལ་གནས་འོད་ཟེར་ཅན་ལ་སོགས་པ་ཞལ་ གཅིག་ཕྱག་བཞི་མ་རྣམས་ཏེ་འདི་རྣམས་ནི་གཞན་གྱི་གནས་སུ་འགྲོ་བའི་ཕྱིར་གཙོ་མོ་མ་ ཡིན་པ་ཉིད་དོ། །དབྱུག་པ་སྔོན་པོ་ལ་སོགས་པ་རྣམས་ནི་རང་གི་གནས་ཀྱི་ཕྱིར་གཙོ་བོ་ཉིད་ དོ། །དེའི་ཕྱིར་རྡོ་རྗེ་ལྕགས་སྒྲོག་མ་ལ་སོགས་པ་འདི་རྣམས་མངོན་དུ་ཕྱོགས་པའི་གནས་སུ་ འགྲོ་བ་ནི་ཤར་ལ་སོགས་པའི་རིགས་སོ། །རིགས་ཀྱི་དབང་དེས་ན་ལྕགས་སྒྲོག་མའི་གཡས་ ཀྱི་ཕྱག་དང་པོ་ན་རལ་གྲི་དང་གཉིས་པ་ན་རྡོ་རྗེ་སྟེ་དོན་ཡོད་གྲུབ་པའི་རིགས་ཀྱི་དབང་གིས་ སོ། །དེ་བཞིན་དུ་རིན་ཆེན་རིགས་ཀྱི་དབང་གིས་ཁྲོ་གཉེར་ཅན་གྱི་ཕྱག་དང་པོ་ན་མདའ་དང་ གཉིས་པ་ན་ལྕགས་ཀྱུ་དང་བཅས་པའོ། ༣༦ ། རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་དབང་གིས་འོད་ཟེར་ཅན་གྱི་གཡས་ཀྱི་ཕྱག་དང་པོ་ན་ འཁོར་ལོ་དང་གཉིས་པ་ན་དབྱུག་པའོ། །རང་བཞིན་ཡོན་ཏན་དབང་གིས་ཞེས་པ་པད་མའི་ རིགས་ཀྱི་དབང་གིས་ཙུན་དཱའི་ཕྱག་དང་པོ་ན་ཐོ་བ་དང་གཉིས་པ་ན་མདུང་ངོ༌། །ཡེ་ཤེས་ཀྱི་ རིགས་ཀྱི་དབང་གིས་ཤིན་ཏུ་སྔོན་མོའི་དང་པོ་ན་གྲི་གུག་དང་གཉིས་པ་ན་རྡོ་རྗེའོ། །ནམ་ མཁའི་རིགས་ཀྱི་དབང་གིས་དྲག་སྤྱན་མའི་དང་པོ་ན་དགྲ་སྟ་དང་གཉིས་པ་ན་རྩེ་གསུམ་མོ། ། དེ་བཞིན་དུ་ལྕགས་སྒྲོག་མའི་གཡོན་གྱི་ཕྱག་ན་ཕུབ་དང་སྦྲུལ་ལོ། །ཁྲོ་གཉེར་ཅན་གྱི་དང་པོ་ ན་གཞུ་དང་གཉིས་པ་ན་ཞགས་པའོ། །འོད་ཟེར་ཅན་གྱི་དུང་དང་རིན་ཆེན་ནོ། །ཙུན་དཱའི་པད་ མ་དང་མེ་ལོང་ངོ༌། ༣༧ ། ཤིན་ཏུ་སྔོན་མོའི་ཐོད་པ་དང་དྲིལ་བུའོ། །དྲག་སྤྱན་མའི་སྦྲུལ་གྱི་ཞགས་པ་དང་ཁ་ཊྭཱྃ་ གའོ། །དེ་བཞིན་དུ་ཤར་དང་ལྷོ་དང་ནུབ་དང་བྱང་གི་སྒོར་གནས་པ་དབྱུག་པ་སྔོན་པོ་དང་ འདོད་པའི་རྒྱལ་པོ་དང༌། སྟོབས་པོ་ཆེ་དང་མི་གཡོ་བའི་འོ། །ཞེས་པ་ནི་ངེས་པའོ(འདིར་གཙུག་ ཏོར་འཁོར་ལོ་བསྒྱུར་བ་ནི་ཐུགས་དཀྱིལ་གྱི་ཁྲོ་བོའི་ཚན་པར་གཏོགས་པའི་ཕྱིར་ཞལ་གསུམ་ཕྱག་དྲུག་པ་དང་ཕྱག་མཚན་ཡང་ 4-1-44 མི་བསྐྱོད་པ་དང་འདྲ་བར་ཡིན་ལ་འོག་གི་གནོད་མཛེས་ནི་སྐུ་དཀྱིལ་གྱི་ཁྲོ་བོར་གཏོགས་ཤིང་ཤིན་ཏུ་སྔོན་མོ་དང་མཚུངས་པར་ རིག་པར་བྱའོ)། ། ༈ དེ་ནས་ཟླ་བ་དགུ་པ་ལེན་པ(འི་ཡན་ལག་)་ལ་བྱ་བའི་འཁོར་ལོའི་སོར་མོ་ཉི་ཤུའི་ རྩ་རྣམ་པར་དག་པས་(གཞན་ཡེ་ཤེས་ཀྱི་སྐུའི་)ཀླུ་བཅུ་དང་རབ་གཏུམ་མ་བཅུ་སྤྲོ་བར་བྱ་སྟེ། སྐུའི་ དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་རྟ་བབ་བཞིའི་ཀ་བ་བརྒྱད་ཀྱི་འོག་ཏུ་(སྟེང་དང་འོག་ཏུ་དོན་ལ་གནས་ཀྱང་) ཀླུ་བརྒྱད་དང་འོག་དང་སྟེང་དུ་(ཞེས་པ་འདི་ཡང་རྒྱ་དཔེ་མ་དག་པའི་སྐྱོན་ཏེ་གཞན་འདི་འདྲ་བ་མང་པོས་གཞུང་ནང་ འགལ་མེད་པ་ལ་ནང་འགལ་ཅན་དུ་བཏང་བས་མི་མང་པོ་ཆོས་སྤོང་གི་ལས་ལ་སྦྱར་བ་སྣང་ངོ་)རྒྱལ་བ་དང་རྣམ་པར་ རྒྱལ་བ་དག་གོ། ཐམས་ཅད་ཕྱག་བཞི་པ་སྟེ་གཡས་ཀྱི་དང་པོ་ན་བདུད་རྩིའི་བུམ་པ་དང་ གཉིས་པ་ན་རྡོ་རྗེའོ། །གཡོན་གྱི་དང་པོ་ན་པད་མ་དང་གཉིས་པ་ན་རིན་པོ་ཆེའོ། །དེའི་ཕྱིར་ བུམ་པ་རྡོ་རྗེའི་ཕྱག་དང་པད་མ་ནོར་བུ་དག་གི་ཕྱག་རླུང་ལ་སོགས་པའི་དཀྱིལ་འཁོར་ལ་ནི་ ཞེས་པ་སྟེ་ཤར་གྱི་རླུང་གི་དཀྱིལ་འཁོར་གཉིས་ལ་པད་མ་དང་སྟོབས་ཀྱི་རྒྱུ་དག་གོ། ལྷོར་ མེའི་དཀྱིལ་འཁོར་ལ་ནོར་རྒྱས་གྱི་བུ་དང་དུང་སྐྱོང་ངོ༌། །ནུབ་ཏུ་སའི་དཀྱིལ་འཁོར་ལ་འཇོག་ པོ་དང་པད་མ་ཆེན་པོའོ། །བྱང་དུ་ཆུའི་དཀྱིལ་འཁོར་ལ་མཐའ་ཡས་དང་རིགས་ལྡན་ནོ། །(སྟེང་ གི་ཕྱོགས་སུ་)ནམ་མཁའ་ལ་རྒྱལ་བའོ། །(འོག་གི་ཕྱོགས་སུ་)ཡེ་ཤེས་ལ་རྣམ་པར་རྒྱལ་བའོ། །ཞེས་པ་ སྟེ་རྐང་པའི་སོར་མོ་བཅུ་(རྣམ་པར་དག་པ)འོ། ༣༨ ། ༈ དེ་ནས་〔ནང་དུ་བྱིས་པའི་〕ལག་པའི་སོར་མོ་རྣམ་པར་དག་པས་ཤར་དུ་ཁྱི་གདོང་མ་ དང་ལྷོར་ཕག་གདོང་མ་དང་ནུབ་ཏུ་ལྕེ་སྤྱང་གདོང་མ་དང་བྱང་དུ་སྟག་གདོང་མ་སྟེ་རླུང་དང་ མེའི་འཁོར་ཡུག་གི་དབུས་སུ་དུར་ཁྲོད་ཆེན་པོ་ལ་ཞལ་གཅིག་ཕྱག་གཉིས་མ་ཕྱག་ན་གྲི་གུག་ དང་ཐོད་པ་ཅན་ནོ། །དེ་བཞིན་དུ་མེར་བྱ་རོག་གདོང་མ་དང་བདེན་བྲལ་དུ་བྱ་རྒོད་གདོང་མ་ དང་རླུང་དུ་མཁའ་ལྡིང་གདོང་མ་དང་དབང་ལྡན་དུ་འུག་གདོང་མ་དང་ས་འོག་ཏུ་རྡོ་རྗེའི་མིག་ 4-1-45 དང་ནམ་མཁར་སྔོན་མོ་སྟེ་འདི་རྣམས་ཐམས་ཅད་ཕྱག་ན་གྲི་གུག་དང་ཐོད་པ་ཅན་གཅེར་བུ་ ཕྱག་རྒྱ་ལྔས་བརྒྱན་པ་མགོ་བོའི་ཕྲེང་བ་འཕྱང་བའོ(དེ་ལྟར་རབ་གཏུམ་མ་བཅུ་པོ་རྣམས་ཀྱང་འཇིག་རྟེན་པ་ ནི་མ་ཡིན་གྱི་གཞན་ཡེ་ཤེས་ཀྱི་སྐུའི་རང་བཞིན་དུ་རིག་པར་བྱའོ)། །དེ་བཞིན་དུ་(ནང་དུ་བྱིས་པའི་)བ་སྤུ་དང་སྐྲ་(སྤྲོ་ བ་)རྣམས་པར་དག་པ(གཞན་ཡེ་ཤེས་ཀྱི་སྐུའི་བ་སྤུ་དང་སྐྲ)ས་ཕྱེད་དང་བཅས་པ་བྱེ་བ་ཁྲག་ཁྲིག་གསུམ་ གྱི་འབྱུང་པོའི་སྐྱེ་གནས་གཡོ་བའི་མཐར་ཞེས་པ་རླུང་གི་དཀྱིལ་འཁོར་གྱི་མཐར་ཏེ་ལྤགས་ པའི་མཐར་བ་སྤུ་རྣམས་སོ། །ཞེས་པ་སྔགས་པས་ཕྱི་རོལ་ཏུ་སྤྲོ་བར་བྱ་སྟེ། དེ་ལྟར་ཟླ་བ་ དགུ་པའི་མཐར་(མངལ་དུ་བྱིས་པ་)ལུས་དང་(ཕྱི་རོལ་དཀྱིལ་འཁོར་དུ་)ལྷའི་ཚོགས་རྫོགས་པའོ། ༣༩ ། ༈ ད་ནི་ཡི་དྭགས་དམར་དང་ཞེས་པ་ལ་སོགས་པས་ཙཱ་མུཎ་ཌཱ་ལ་སོགས་པ་རྣམས་ཀྱི་ པད་མར་གདན་རྣམས་གསུངས་ཏེ་འདིར་ཤར་གྱི་པད་མའི་ལྟེ་བ་ལ་ཙཱ་མུཎ་ཌཱའི་གདན་ཡི་ དྭ གས་ཆེན་པོ་དམར་པོའ〔ོའདིར་ཤོང་འགྱུར་ལ་རྣལ་འབྱོར་མ་བརྒྱད་ཀྱི་བཞོན་པ་པད་མའི་ འོག་ཏུ་བཞ ག་པ་ནི་མི་འཐད་དེ་པད་མའི་ལྟེ་བ་ལ་ཟླ་ཉིའི་གདན་མེད་དེ་དེའི་ཚབ་མར་ གཙོ་མོ་བརྒྱད་ཀྱི་རང་རང་གི་བཞོན་པ་འོས་པའི་ཕྱིར་རོ། །འགྱུར་རྙིང་བ་འགའ་ཞིག་ཏུ་ ཡང་པད་མའི་ལྟེ་བ་ལ་བཞོན་པ་བཞག་པ་ཡོད་དོ〕། །ལྟེ་བ་དང་འདབ་མ་བརྒྱད་ལ་ཙཱ་མུཎ་ ཌཱ་ལ་སོགས་པའི་ལྷ་མོ་རྣམས་སོ། །དེ་བཞིན་དུ་ཁྱབ་འཇུག་མའི་མཁའ་ལྡིང་དང་ཕག་མོའི་ མ་ཧེ་དང་གཞོན་ནུ་མའི་རྨ་བྱ་དང་དབང་མོའི་གླང་པོ་དང་ཚངས་མའི་ངང་པ་དང་དྲག་མོའི་ཁྱུ་ མཆོག་དང་དཔལ་ཆེན་མོའི་སེང་གེ་ནི་རིམ་པས་གདན་ཏེ་ཕྱོགས་དང་ཕྱོགས་བྲལ་གྱི་པད་མ་ རྣམས་སུའོ། །ལྷ་མིན་ལ་སོགས་རྣམས་ཀྱི་དེ་བཞིན་ཞེས་གསུངས་པའི་ཕྱིར་བདེན་བྲལ་གྱི་ པད་མར་གདན་ནི་ཡི་དྭགས་དམར་པོའོ(འདིར་ཤོང་འགྱུར་ལ་བཞོན་པ་རྣམས་པད་མའི་འོག་དུ་བཞག་པ་ནི་མི་ འཐད་དོ)། །ཁྱབ་འཇུག་གི་མཁའ་ལྡིང་དང་གཤིན་རྗེའི་མ་ཧེ་དང་གཞོན་ནུའི་རྨ་བྱ་དང་དབང་ པོའི་གླང་པོ་དང་ཚངས་པའི་ངང་པ་དང་དྲག་པོའི་ཁྱུ་མཆོག་གོ། ཞེས་པ་ནི་བདེན་བྲལ་ལ་ 4-1-46 སོགས་པ་རྣམས་ཀྱི་ངེས་པའོ། །དེ་བཞིན་དུ་ནོར་བདག་རྩེ་མོ་ཅན་དང་ཆུ་གཏེར་རླུང་དང་ ཚོགས་ཀྱི་ནི་ཞེས་པ་ལྔ་པོ་རྣམས་ཀྱི་གྲངས་བཞིན་དུ་སྟེ་ནོར་བདག་གི་གླང་པོ་ཆེ་དང་མེའི་ ལུག་དང་རྒྱ་མཚོའི་ཆུ་སྲིན་དང་རླུང་གི་རི་དྭགས་དང་ཚོགས་ཀྱི་བདག་པོའི་བྱི་བའོ། ༤༠ ། ༈ དེ་བཞིན་དུ་བྱ་རོག་གདོང་མའི་འཁོར་ལོའི་འོག་ཏུ་བྷེ་རུཎ་ཌ་དང་བྱ་རྒོད་གདོང་ མའི་ཁྲུང་ཁྲུང་དང་མཁའ་ལྡིང་གདོང་མའི་མིག་སྔོན་〔འདྲེ་བྱ་མོ་〕དང་འུག་གདོང་མའི་བྱ་མ་བྱི་ སྟེ་ཟུར་དུའོ། དེ་བཞིན་དུ་ཕྱོགས་རྣམས་སུ་ཁྱི་གདོང་མའི་འཁོར་ལོའི་འོག་ཏུ་བསེ་དང་ཕག་ གདོང་མའི་དོམ་དང་ལྕེ་སྤྱང་གདོང་མའི་སེང་གེ་དང་སྟག་གདོང་མའི་འབྲིའོ་ཞེས་པ་ཁྱི་གདོང་ མ་ལ་སོགས་པའི་སྟེ་ཕྱོགས་རྣམས་སུའོ། །རྡོ་རྗེའི་མིག་མའི་〔སེང་གེ་〕རྐང་པ་བརྒྱད་པ་ས་ འོག་ཤིང་རྟ་ལ་གནས་པའོ། །མཁའ་ལ་སྔོན་མོའི་ཤིང་རྟའི་མཁར་བགྲོད་ཁྲོ་བ་དང་བཅས་ (རྐང་པ་ནས་དཔྱིའི་བར་སེར་པོ་དེ་ནས་ལྟེ་བའི་བར་དཀར་པོ་མགྲིན་པའི་བར་དམར་པོ། སྨིན་པའི་བར་ནག་པོ། དེ་ནས་སྤྱི་བོའི་ བར་ལྗང་ཁུ་སྟེ་)ཁ་དོག་ལྔ་པ་ལུས་རྒྱས་མིག་གསུམ་ལྡན་པ་〔མིང་〕ཨ་ནི་ལ་ཞེས་པའོ། ༤༡ ། ༈ དེ་བཞིན་དུ་ཤར་གྱི་སྒོར་འོད་ཟེར་ཅན་གྱི་ཤིང་རྟ་ལ་ཕག་བདུན་དང་ལྷོར་ཙུན་དཱའི་ ཤིང་རྟ་ལ་རྟ་བདུན་དང་ནུབ་ཏུ་ལྕགས་སྒྲོག་མའི་ཤིང་རྟ་ལ་གླང་པོ་བདུན་དང་བྱང་དུ་ཁྲོ་ གཉེར་ཅན་གྱི་ཤིང་རྟ་ལ་སེང་གེ་བདུན་ནོ། །དེ་བཞིན་དུ་དེ་ནས་(འདིར་)སྙིང་ཁའི་རྩ་བཅུའི་ རང་བཞིན་(གཞན་)གྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་བཞིའི་གཡས་དང་གཡོན་གྱི་སྟེགས་བུ་ ལ་མཆོད་པའི་ལྷ་མོ་སྤྲོ་བར་བྱ་སྟེ་ཤར་དུ་དྲི་མ་དང་ཕྲེང་བ་མ་དང་ལྷོར་བདུག་སྤོས་མ་དང་ མར་མེ་མ་དང་ནུབ་ཏུ་སྒེག་མོ་དང་བཞད་མ་དང་བྱང་དུ་རོལ་མོ་མ་དང་གར་མཁན་མ་དང་ ནམ་མཁར་གླུ་མ་དང་འདོད་མ་དང་འོག་ཏུ་བཤང་བ་དང་གཅི་བའི་རྩའི་རང་བཞིན་གྱིས་ལྷ་ བཤོས་མ་དང་བདུད་རྩིའི་འབྲས་བུ་མའོ(དེས་ན་འདིར་དབང་ལེར་གསུངས་པ་དང་མི་མཐུན་ཡང་སྐྱོན་མེད་དེ་ སྔར་ཡི་གེའི་ཁམས་ཀྱི་རིགས་ལས་བཞག་ཅིང་འདིར་རྩའི་ཁམས་ཀྱི་རིགས་ལས་བཞག་པའི་ཕྱིར་རོ)། ༤༢ ། 4-1-47 རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཁའ་དང་འོག་ན་གནས་པའི་ལྷ་མོ་གང་སུ་ཡང་རུང་བ་ དེ་རྣམས་ནི་ཤར་དང་ནུབ་ཀྱི་རྟ་བབས་ཀྱི་འོག་ཏུ་བལྟ་བར་བྱ་སྟེ། ཕྱོགས་སྐྱོང་ལ་སོགས་པ་ རྣམས་བསྒོམ་པ་ནི་(བྲི་བྱ་ལ་)ཇི་ལྟར་གསུངས་པའི་གནས་(ཏེ་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་པ་བཞི་ཡང་ སྒོ་བཞིའི་གཡོན་དུ་བསྒོམ་པ་)ཉིད་དུའོ། །(ཐུགས་དཀྱིལ་གྱི་)སྒོའི་གཡས་ཀྱི་ཀུན་ཏུ་བཟང་པོ་ལ་སོགས་པ་ བཞི་(ཇི་ལྟར་གསུངས་པའི་གནས་ཉིད་དུ་བསྒོམ་པ་)ཡང་དེ་བཞིན་ནོ། །ཞེས་པ་ངེས་པའོ། །དེ་ལྟར་མཆོད་ པའི་ལྷ་མོ་རྣམས་ཇི་ལྟ་བ་དེ་བཞིན་དུ་མཐའ་ཡས་པའི་གཟུངས་མ་རྣམས་ནི་སྣམ་བུ་ལ་སྟེ་ སྟེགས་བུ་ལའོ། །དེ་བཞིན་དུ་གདེངས་ཅན་རིགས་དང་བཅས་པའི་ཕྱིར་འདོད་མ་རྣམས་སྐུའི་ དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་སྟེགས་བུ་ལའོ། །དེའི་ཕྱིར་གསུང་གི་དཀྱིལ་འཁོར་གྱི་སྟེགས་བུ་ ལ་འདོད་མ་རྣམས་སོ། །དེ་ལ་ཤར་དུ་(གཡས་སུ་)སྒྲོལ་མ་ལས་སྐྱེས་པ་དབྱེ་བར་འདོད་མ་དང་ ལྷོར་(གཡས་སུ་)གོས་དཀར་མོ་ལས་སྐྱེས་པ་བསྐྱོད་པར་འདོད་མ་དང༌། བྱང་དུ་(གཡས་སུ་)མཱ་ མ་ཀཱི་ལས་སྐྱེས་པ་རྒྱས་པར་འདོད་མ་དང་ནུབ་ཏུ་(གཡས་སུ་)སྤྱན་མ་ལས་སྐྱེས་པ་རེངས་པར་ འདོད་མ་སྟེ་དེ་ལྟར་ལྷ་མོ་སྒྲོལ་མ་ལ་སོགས་པ་དག་པ་ཡིས་སོ། །རྡོ་རྗེ་དབྱིངས་ཀྱི་དབང་ ཕྱུག་མ་ལས་སྐྱེས་པ་ནི་སྲིད་གསུམ་སྐྱེད་མ་གསོད་པར་འདོད་མའོ། །སྣ་ཚོགས་ཡུམ་ལས་ སྐྱེས་པ་ནི་སྐྱེད་པར་འདོད་མ(སྟེ་འདི་གཉིས་ནི་སོ་དྲུག་པོ་ལ་ཁྱབ་པར་བྱེད་པ)འོ། ༤༣ །དེ་བཞིན་དུ་〔བྱང་ གི་གཡོན་དུ་〕སྒྲ་ལས་སྐྱེས་པ་རོལ་མོ་འདོད་མ་དང་(བྱང་གི་གཡས་སུ་)གཟུགས་ལས་སྐྱེས་པ་རྒྱན་ འདོད་མ་དང་(ལྷོའི་གཡས་སུ་)རོ་ལས་སྐྱེས་པ་ཟས་འདོད་མ་དང་(ནུབ་ཀྱི་གཡས་སུ་)དྲི་ལས་སྐྱེས་པ་ དྲི་འདོད་མ་དང་(ཤར་གྱི་གཡས་སུ་)རེག་བྱ་ལས་སྐྱེས་པ་གོས་འདོད་མ་དང་(ནུབ་གྱི་གཡོན་དུ་)ཆོས་ ཀྱི་ཁམས་ལས་སྐྱེས་པ་འཁྲིག་པ་འདོད་མ་སྟེ། ཤར་ལ་སོགས་པའི་སྟེགས་བུ་རྣམས་ལ་ རིགས་ཀྱི་དབྱེ་བ(སྟེ་སྒོ་ཁྱུད་ཀྱི་འགྲམ་ནས་བརྩམས་ཏེ་གཡས་དང་གཡོན་དུ་རིམ་པ)ས་སོ། །(ཤར་གྱི་གཡོན་དུ་)རྩཱ་ མུན་ཌཱ་ལས་སྐྱེས་པ་ལུས་ལ་འཕྲུག་པར་འདོད་མ་དང༌། (ཤར་གྱི་གཡས་སུ་)ཁྱབ་འཇུག་མ་ལས་ 4-1-48 སྐྱེས་པ་ཁ་ན་གནས་པའི་མཆིལ་མ་འདོར་བར་འདོད་མ་དང༌། (ལྷོའི་གཡོན་དུ་)ཕག་མོ་ལས་ སྐྱེས་པ་ལུས་ཀྱི་དྲི་མ་འདོད་མ་དང༌། (ལྷོའི་གཡས་སུ་)གཞོན་ནུ་མ་ལས་སྐྱེས་པ་གར་འདོད་མ་ དང༌། (བྱང་གི་གཡོན་དུ་)དྲག་མོ་ལས་སྐྱེས་པ་སྟན་འདོད་མ་དང༌། (ནུབ་ཀྱི་གཡས་སུ་)ཚངས་མ་ལས་ སྐྱེས་པ་ཆུ་ལ་རྐྱལ་བར་འདོད་མ་དང༌། (ནུབ་ཀྱི་གཡོན་དུ་)དབང་མོ་ལས་སྐྱེས་པ་མལ་སྟན་ལ་ བསྙེས་པར་འདོད་མ་དང༌། ༤༤ (བྱང་གི་གཡས་སུ་)དཔལ་མོ་ལས་སྐྱེས་པ་རྒྱལ་སྲིད་འདོད་མ་སྟེ་ ཙཱ་མུཎཌཱ་ལ་སོགས་པ་བརྒྱད་ཀྱི་བྱ་བ་རྣམས་སོ། །དེ་བཞིན་ས་ལས་ཁྲོ་སྐྱེས་རྣམས་ཀྱི་འདོད་ མ་སྟེ། འདིར་〔ཤར་གྱི་གཡོན་དུ་〕ཤིན་ཏུ་སྔོན་མོ་ལས་སྐྱེས་པ་ཀུན་ཏུ་གདུང་བ་འདོད་མ་དང་ (ནུབ་ཀྱི་གཡོན་དུ་)རེངས་བྱེད་མ་ལས་སྐྱེས་པ་གཉེན་འདོད་མ་དང་(བྱང་གི་གཡོན་དུ་)ང་རྒྱལ་མ་ལས་ སྐྱེས་པ་འཇམ་པར་སྨྲ་བ་འདོད་མ་དང་(ལྷོའི་གཡོན་དུ་)རྨུགས་བྱེད་མ་ལས་སྐྱེས་པ་སྐེམས་འདོད་ མ་དང༌། 〔 ཤར་གྱི་གཡོན་དུ་〕ཤིན་ཏུ་སྟོབས་མ་ལས་སྐྱེས་པ་སྤྲོད་འདོད་མ་དང་དེ་བཞིན་དུ་ (ཤར་གྱི་གཡས་སུ་)རྡོ་རྗེ་ལྕགས་སྒྲོག་མ་ལས་སྐྱེས་པ་རེག་བྱ་འདོད་མ་དང་(ལྷོའི་གཡས་སུ་)ཁྲོ་གཉེར་ ཅན་ལས་སྐྱེས་པ་དགུག་པ་འདོད་མ་དང་(བྱང་གི་གཡས་སུ་)ཙུན་དཱ་ལས་སྐྱེས་པ་འཆིང་འདོད་མ་ དང་(ནུབ་ཀྱི་གཡས་སུ་)འོད་ཟེར་ཅན་ལས་སྐྱེས་པ་ཕུར་བུས་འདེབས་པར་འདོད་མ་དང་(ལྷོའི་སྒོ་ ཁྱུད་ཀྱི་འགྲམ་གྱི་གཡོན་དུ་)དྲག་སྤྱན་མ་ལས་སྐྱེས་པ་རྒྱུག་པར་འདོད་མའོ། །དེ་བཞིན་དུ་ལྷ་མིན་ རིགས་ལས་སྐྱེས་པ་རྣམས་ཀྱི་འདོད་མ་རྣམས་ནི་〔ཤར་གྱི་གཡོན་དུ་〕ཁྱི་གདོང་མ་ལས་སྐྱེས་ པ་ཡན་ལག་ཐམས་ཅད་བསྐྱོད་པར་འདོད་མ་དང་〔ལྷོའི་གཡོན་དུ་〕ཕག་གདོང་མ་ལས་སྐྱེས་ པ་བཤང་གཅི་ཟག་པར་འདོད་མ་དང་༤༥ 〔ནུབ་ཀྱི་གཡོན་དུ་〕 ལྕེ་སྤྱང་གདོང་མ་ལས་སྐྱེས་པ་ སེམས་ཅན་རྣམས་ལ་སླུ་བར་འདོད་མ་དང་(བྱང་གི་གཡོན་དུ་)སྟག་གདོང་མ་ལས་སྐྱེས་པ་རྩོད་པ་ མང་པོ་འདོད་མ་དང་〔ཤར་གྱི་གཡས་སུ་〕བྱ་རོག་གདོང་མ་ལས་སྐྱེས་པ་ལྷག་མ་ཟ་བར་འདོད་ མ་དང་(ལྷོའི་གཡས་སུ་)བྱ་རྒོད་གདོང་མ་ལས་སྐྱེས་པ་གཡུལ་འདོད་མ་དང་(ནུབ་ཀྱི་གཡས་སུ་)མཁའ་ 4-1-49 ལྡིང་གདོང་མ་ལས་སྐྱེས་པ་སྦྲུལ་འཆིང་བར་འདོད་མ་དང་(བྱང་གི་གཡས་སུ་)འུག་གདོང་མ་ལས་ སྐྱེས་པ་བྱིས་པ་ཁྲོ་བར་འདོད་མ་སྟེ་(ཁྱབ་བྱ་དང་ཁྱབ་བྱེད་ཀྱི་)འདོད་མ་སུམ་ཅུ་རྩ་བདུན་རྣམས་ནི་ གསུང་གི་དཀྱིལ་འཁོར་ལ་རང་གི་རིགས་(གང་ལས་བྱུང་བ་ཉིད་)ཀྱི་དབྱེ་བས་རང་རང་གི་ཕྱོགས་ རྣམས་སུ(དགུ་དགུ)འོ(སུམ་ཅུ་རྩ་བདུན་པ་ནི་ཁྱབ་བྱེད་ཡིན་པས་ཕྱོགས་སོ་སོར་དགོད་པར་མི་བྱའོ)། །དེ་བཞིན་དུ་ སུམ་ཅུ་རྩ་བདུན་ཕྱིར་འདོད་མ་རྣམས་ཞེས་པ་འདོད་མ་རྣམས་ལས་བཟློག་པ་ནི་ཕྱིར་འདོད་ མ་ཞེས་བརྗོད་དེ་དེ་རྣམས་སྐུའི་དཀྱིལ་འཁོར་གྱི་སྟེགས་བུ་ལ་རང་གི་རིགས་ཀྱི་(གང་ལས་བྱུང་ བ་ཉིད་ཀྱི་)དབང་གིས་[དབྱེ་བས]རང་རང་གི་ཕྱོགས་རྣམས་སུའོ་ཞེས་པ་ནི་ཐམས་ཅད་དུ་ངེས་ པའོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་(གསུང་དང་སྐུ་གཉིས་)གྱི་ཕྱི་རོལ་གྱི་སྣམ་བུ་ལ་གཞན་ཡང་ཉིན་ ཞག་སོ་སོའི་དུས་སུ་གང་ཞིག་ཅུང་ཟད་སེམས་ཅན་གྱི་བྱ་བ་(གང་དང་གང་)འདོད་པ་དེ་ཐམས་ ཅད་(དང་རྣམ་པ་འདྲ་བར་)འདིར་(གཞན་དོན་དམ་ཡེ་ཤེས་ཀྱི་སྐུའི་)ཁམས་ཀྱི་དབང་གིས་〔གཞན་དོན་དམ་ ཡེ་ཤེས་ཀྱི་སྐུའི་〕རྣལ་འབྱོར་མའི་བྱ་བ(རྣམ་པ་མཐའ་ཡས་པ)འོ་ཞེས་པ་ནི་ངེས་པའོ། ༤༦ ། ༈ ད་ནི་(ཀུན་རྫོབ་ཀྱི་ཆོས་ལ་)རྟག་པ་དང་མི་རྟག་པ(འི་དབྱེ་བ་)གསུངས་པ་ཞེས་པ་དེ་ལྟར་ཞེས་ པ་ལ་སོགས་པ་སྟེ་ཞེས་པ་དེ་ལྟར་〔མངལ་དུ་བྱིས་པའི་ལུས་〕སྐྱེ་བའི་ཟླ་བ་བདུན་པ་ལ་སོགས་ པ་རྣམས་ཀྱིས་ཕྱི་རོལ་ཏུ་{རྡོ་རྗེ་{སྙིང་རྗེ་}ཅན་གྱིས་སྲིད་པ་གསུམ་པོ་མཐའ་དག་རྣམས་ ཀྱང་ཞེས་པ་(ཀུན་རྫོབ་སེམས་ཅན་གྱི་)ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་(ཡང་དག་པའི་ དཀྱིལ་འཁོར་མ་ཡིན་ཡང་)དཀྱིལ་འཁོར་གྱི་རྣམ་པར་(བརྟགས་ནས་)གསུངས་ཏེ་(དགོས་པ་)བྱིས་པའི་སྐྱེ་ བོ་རྣམས་ཀྱི་སེམས་བརྟན་པར་བྱ་བའི་དོན་དུའོ། །འདིར་ཕྱི་འཇིག་རྟེན་གྱི་ཁམས་དང་ནང་ ལུས་དང་གཞན་〔དུ་〕བརྟགས་པའི་དཀྱིལ་འཁོར་(ལ་གཞན་གྱི་དཀྱིལ་འཁོར་ལ་ཉེ་བར་བརྟགས་ཏེ་དེ་རྣམས་ འདིར་བརྟགས་པའི་དཀྱིལ་འཁོར་ལ་གཞན་ཞེས་བརྗོད་པ་ནི་གཞན་ཡེ་ཤེས་ཀྱི་སྐུ་ལ་མོས་པ་ཡིད་ལ་བྱེད་པའི་རྣམ་པ་ལ་གཞན་ དུ་ཉེ་བར་བརྟགས་པ་ཡིན་ནོ)ལ་སྤྲོ་བ་དང་བསྡུ་བ་ནི་སྤྲོ་བ་དང་བསྡུ་བ་དག་ལ་དངོས་པོའི་སྐྱེ་བ་ཡང་ 4-1-50 དག་གནས་ཞེས་པ་ལ་འདིར་(འདུས་བྱས་ཀྱི་)དངོས་པོ་ནི་རྡུལ་ཕྲ་རབ་ཀྱི་རྫས་ས་དང་ཆུ་དང་ མེ་དང་རླུང་སྟེ་འབྱུང་བ་བཞི་པོ་རྣམས་དང་〔འདུས་བྱས་ཀྱི་〕ནམ་མཁའི་ཁམས་ནི་ཟླ་བ་དང་ རྗེས་སུ་ང་རོ(ཐིག་ལེ)འམ་ཁུ་བའམ་དེ་བཞིན་དུ་རྡུལ་(རྣམ་པར་དག་པ་)ལམ་ཐིག་ལེ་གཉིས་དང་ཉི་ མ་ཡང་ནམ་མཁའི་ཁམས་དང་དེ་བཞིན་དུ་སྒྲ་གཅན་རྣམ་པར་ཤེས་པའི་ཁམས་ཏེ་དེ་ལྟར་ ཁམས་དྲུག་གི་བདག་ཉིད་ཅན་(འཇིག་རྟེན་ཀུན་རྫོབ་ཀྱི་)སྐྱེས་བུ་ཆེན་པོའི་གང་ཟག་(འདུས་བྱས་)ནི་ དངོས་པོའི་སྐྱེ་བའོ། །དངོས་པོའི་སྐྱེ་བ་(རྡུལ་ལས་)དེའི་འབྱུང་བ་ནི་སྤྲོ་བའོ། །ཉམས་པ(འམ་འཇིག་ པ་)ནི་སྡུད་པ་〔སྤྲོ་བ་དང་བསྡུ་བ་〕 སྟེ་དེ་གཉིས་ལས་(ས་ལ་སོགས་པ་)འབྱུང་བ་ལས་སྐྱེས་པ་རྣམས་ ཡང་དག་པར་གནས་སོ། །དེ་ལྟར་སའི་སྐྱེ་བ་(ལྷུན་པོ་དང་)ནི་ལྗོན་ཤིང་ལ་སོགས་པ་(བརྫུས་སྐྱེས་ཏེ་)བརྟན་པ་རྣམས་དང་ཆུའི་སྐྱེ་བ་ནི་དྲོད་གཤེར་ལས་སྐྱེས་པ་རྣམས་དང་མེའི་སྐྱེ་བ་ནི་མངལ་ སྐྱེས་རྣམས་དང་རླུང་གི་སྐྱེ་བ་ནི་སྒོང་སྐྱེས་(དེ་ནས་བརྫུས་སྐྱེས་ཆེན་པོ་ལ་བཞི་སྟེ་)རྣམས་དང་ཟླ་བའི་ སྐྱེ་བ་ནི་ཀླུ་དང་ལྷ་མ་ཡིན་རྣམས་དང་ཉི་མའི་སྐྱེ་བ་ནི་འབྱུང་པོ་(ཡི་དྭགས་)དང་ལྷ་རྣམས་དང་སྒྲ་ གཅན་གྱི་སྐྱེ་བ་ནི་གཟུགས་མེད་རྣམས་དང་དུས་མེའི་སྐྱེ་བ་ནི་དམྱལ་བ་རྣམས་སོ། །དེ་ལྟར་ སྐྱེ་བ་རྣམ་པ་བརྒྱད་ནི་(འདུས་བྱས་ཀྱི་)དངོས་པོའི་རང་བཞིན་ཅན་ཏེ་དངོས་པོའི་〔རྒྱུ་ལས་〕སྐྱེ་བ(མི་ རྟག་པ)འོ། །དེ་ལ་རྟག་པ་མཁའ་ཡི་རྡོ་རྗེ་ཞེས་པ་ལ་འདིར་མཁའ་ཞེས་པ་ནི་དགུ་པ་(འདུས་མ་ བྱས་)ནམ་མཁའི་ཁམས་རྡུལ་ཕྲ་རབ་ཀྱི་རྫས་དང་བྲལ་བ་མི་ཆོད་པ་སྟེ་〔ཤིང་གི་དངོས་པོ་ལྟར་〕གཅད་དུ་མེད་པ་དང་དབྱེར་མེད་པ་ཉིད་ཀྱི་ཕྱིར་དང་(རྡུལ་ཕྲ་རབ་ཀྱི་)རྫས་མེད་པའི་ཕྱིར་མཁའ་ ཡི་རྡོ་རྗེ་〔ཞེས་པ་རྡོ་རྗེ་ནི་བཏགས་པ་བ་སྟེ་འདུས་མ་བྱས་〕ནམ་མཁའི་ཁམས་ནི་རྟག་པ་སྟེ་ནམ་མཁའི་ ཁམས་(བརྟན་གཡོ་)ཏེ་ཐམས་ཅད་ན་གནས་པ་ཉིད་ཀྱི་ཕྱིར་རྣམ་གསུམ་སྲིད་པ་ལ་གནས་ ཀྱང་མི་རྟག་པ་ཉིད་དུ་འགྱུར་བ་མ་ཡིན་ནོ། །〔ལེའུ་དང་པོ་གཉིས་སུ་〕སྔར་བརྗོད་པའི་འབྱུང་ པོ(བརྟན་པ་དང་གཡོ་བ)འི་ཚོགས་ནི་རྟག་པ་མིན་པར་འགྱུར་ཏེ་མི་ཡི་བདག་པོ་(ཞེས་པ་བོད་པ་སྟེ་)མིག་ 4-1-51 འཕྲུལ་(དང་སྒྱུ་མ)ཇི་བཞིན་ཉིད་དུ་(མཐར་ཐུག་དཔྱོད་པའི་རིགས་པས་)བརྟགས་ན་མེད་པ་ཞེས་པའི་ རིགས་པ་ལས་སོ། ༤༧ ། ༈ དེ་ལྟར་རྣམ་པར་དཔྱད་ཀྱང་རྟག་པ་(ནམ་མཁའ་)སྟོང་པ་ཆེན་པོ་མཐོང་ཞིང་མི་རྟག་པ་(སྐྱེ་ བའི་ཚེ་)རྡུལ་ཕྲ་རབ་(སྐྱེ་བའི་ཚེ)་ཕྲད་པ་(སྡུད་པའི་ཚེ་རྡུལ་ཕྲ་རབ་སོ་སོར་)དང་འབྲལ་བ〔འི་དངོས་པོ་〕་ཡང་ 〔འཇིག་རྟེན་ཀུན་རྫོབ་ཏུ་〕མཐོང་སྟེ། གཉི་ག་(དང་འདྲ་བའི་བསྐྱེད་རིམ་བརྟགས་པའི་བསྒོམ་པ་ནི་)སངས་ རྒྱས་ཉིད་ཀྱི་སྒྲུབ་ཐབས་སུ་མི་འགྱུར་རོ། །དེ་ལྟ་ན་ཡང་〔དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་བ〕 བླུན་པོའི་བློ་ཅན་བྱིས་པ་རྣམས་(ལམ་ལ་)གཞུག་པ་དང་སེམས་ནི་〔ཐ་མལ་གྱི་རྟོག་པས་〕དག་ པའི་དོན་སླད་དུ་ཀྱེ་མིའི་བདག་པོ་ཟླ་བ་བཟང་པོ་(ཞེས་པ་བོད་པ་སྟེ་)ཁྱོད་ཀྱིས་(བསྐྱེད་རིམ་གྱི་) སྒྲུབས་ཐབས་དག་ནི་བརྗོད་པར་བྱ་སྟེ་དོན་དམ་པར་ནི་རྟག་པ་(འདུས་མ་བྱས་ནམ་མཁའ་ལྟུ་བུ་)དང་ མི་རྟག་པ〔བརྟན་པ་དང་གཡོ་བ〕འི་དངོས་པོ་〔དེ་ཁོ་ན་ཉིད་〕སྙིང་པོར་གྱུར་པ་འགའ་ཡང་(ཡང་ དག་པའི་དོན་)འདིར་ནི་སྒྲུབ་པར་བྱ་བ་མེད་དོ། །དེའི་ཕྱིར་སངས་རྒྱས་ཉིད་ཀྱི་སླད་དུ་གང་ཞིག་ བསྒྲུབ་པར་བྱ་བ་སྒྲུབ་པ་དེ་ཉིད་ནི་ཞེས་པ་ངེས་པ་སྟེ་འདིར་གང་ཞིག་བརྟགས་པའི་སྒྲུབ་ ཐབས་དེ་ནི་འཁྲུལ་པ་(རྣམ་པར་རྟོག་པའི་ངོ་བོ་)ཞེས་པ་རྡོ་རྗེ་ཅན་གྱི་སྒྲུབ་ཐབས་(བསྐྱེད་རིམ་)མཐའ་ དག་གང་ཡིན་པའོ། ། ༈ དེ་ཕྱིར་(བསྐྱེད་རིམ་རྟོག་བསྒོམ་འཁྲུལ་པ་ཡིན་པ་)རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་ སྟེ་〔རྟོག་པས་〕བརྟགས་པ་དང་བྲལ་བ་(ཆོས་དབྱིངས་རང་བཞིན་གྱི་འོད་གསལ་བ་སྟོང་གཟུགས་པྲ་ཕབ་བ་ལྟ་བུ་)དག་ནི་〔མངོན་སུམ་དུ་བསྒོམ་པར་བྱ་བའི་〕དཀྱིལ་འཁོར་གྱི་དབང་པོར་བྱའོ་ཞེས་པ་(དེ་ཁོ་ན་ ཉིད་བསྒོམ་པའི་)ངེས་པའོ། ༤༨ ། ༈ ད་ནི་དཔལ་ལྡན་ཞེས་པ་ལ་སོགས་པས་རྟེན་དང་བརྟེན་པ(འི་རྡོ་རྗེ་བཞི་)གསུངས་ཏེ་སྐུ་ གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་དཔལ་ལྡན་རྡོ་རྗེ་ཅན་གཙོ་བོ་(དུས་ཀྱི་འཁོར་ལོ་)ནི་(སངས་རྒྱས་ 4-1-52 ཐམས་ཅད་ཀྱི་)ཐུགས་རྡོ་རྗེར་འགྱུར་ཏེ་མི་བདག་(ཅེས་པ་ནི་བོད་པ་སྟེ་)སྐུ་གསུང་ཐུགས་ཀྱི་མཚན་ཉིད་ (རྟེན་)ཀྱི་དཀྱིལ་འཁོར་〔གཞལ་མེད་ཁང་〕ནི་〔སངས་རྒྱས་ཐམས་ཅད་ཀྱི་〕སྐུའི་རྡོ་རྗེའོ། །(འཁོར་ གྱི་)ལྷ་རྣམས་འཁོར་ལོ་ཨཱ་ལི་ཀཱ་ལིའི་རིགས་(ལས་)སྐྱེས་(པ་ནི་)གསུང་གི་རྡོ་རྗེ་(སྟེ་ཐུགས་དཀྱིལ་དུ་ གདན་)ཟླ་བ་ཉི་མའི་སྟེང་དུའོ། །དེ་ལྟར་གསུང་དང་སྐུའི་དཀྱིལ་འཁོར་ལ་ཡང་ལྷའི་ཚོགས་ནི་ གསུང་རྡོ་རྗེའོ། །(དཀྱིལ་འཁོར་གསུམ་གྱི་གཙོ་བོ་)དེ་ལྟར་སྐུའི་རྣམ་པས་ཐུགས་(རྡོ་རྗེ་)རྣམ་པ་གསུམ་ དང་དཀྱིལ་འཁོར་(གསུམ་)གྱི་རྣམ་པས་སྐུ་(རྡོ་རྗེ་)རྣམ་པ་གསུམ་དང་〔དཀྱིལ་འཁོར་གསུམ་གྱི་ ལྷའི་ས་བོན་ཨཱ་ལི་ཀཱ་ལིའི་〕སོ་སོར་བརྗོད་པས་གསུང་〔རྡོ་རྗེ་〕ཡང་རྣམ་པ་གསུམ་མོ་ཞེས་པ་ནི་ རྣམ་པ་ཐམས་ཅད་དུ་ངེས་པའོ། ། ༈ 〔དེ་ནས་སྙིང་པོའི་དཀྱིལ་འཁོར་གྱི་དབང་ལེར་ཐུགས་ཀྱི་པད་མ་རྣམས་རྒྱས་པར་ཡི་ གེ་ལྔ་ལྔ་ལས་སྐྱེ་བར་བསྟན་ནས་〕འདིར་〔བསྡུས་པར་ནི་ཐུགས་དཀྱིལ་གྱི་〕པད་མ་རྣམས་ཀྱི་ རྩ་བ་དང་སྡོང་བུ་ནི་ཨ་ཡིག་ལས་བྱུང་བའོ། །འདབ་མ་རྣམས་དང་གེ་སར་རྣམས་ནི་ཨུ་ཡིག་ ལས་ཡང་དག་པར་བྱུང་བའོ། །དབུས་ཀྱི་ལྟེ་བ་དང་ཟླ་བའི་གདན་ནི་མ་ཡིག་ལས་སོ། །ཉི་ མའི་གདན་ནི་ཡང་ན་〔རྣམ་པར་བཅད་པ་〕ར་ཡིག་ལས་(ཏེ་དེ་ནི་ཟླ་ཚེས་)སོ། །དེ་ལྟར་(ཨ་ཨུམ་ཞེས་ པ་)ༀ་ཡིག་(སྟེ་དེ་ན་ཡང་)པྲ་ཎ་བ་(ཞེས་པ་)ནི་(འདིར་)སྙིང་པོ〔འི་དོན་དུ〕ར་གསུངས་ཏེ་(དེས་ན་སྙིང་པོའི་ དཀྱིལ་འཁོར་གྱི་)པད་མ〔ཞེས་པ་སྟེ་ༀ་ཡིག་ཡེ་ཤེས་ལས་སྐྱེས་རྒྱལ་བ་མཆོག་གི་པད་མ་ཟླ་བ་དང་ ནི་ཉི་མ་དག་གི་གདན་ཞེས་སྔར་གསུངས་པ〕འོ། །མངལ་ནས་སྐྱེས་པ་རྣམས་ཀྱི་སྐྱེ་བ་འདི་ ལ་དང་པོ་〔མངལ་དུ་བྱིས་པའི་ལུས་རྫོགས་པ་དང་འདྲ་བར〕ལྷའི་སྐུའི་དབྱིབས་རྫོགས་པའོ། ། ཞེས་པ་སྟེ་ངེས་པའོ། ། ༈ དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་ དཔས་དབུ་བརྒྱན་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ 4-1-53 བསྒོམས་ཏེ་དེ་ནས་འགྲོ་བ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་(གཙོ་བོའི་ཐུགས་ཀའི་འོད་ ཟེར་གྱིས་)བཀུག་ནས་དཀྱིལ་འཁོར་དེ་ཉིད་དུ་བཅུག་པར་བསྒོམ་པར་བྱའོ། །(སླར་ཡང་ཐུགས་ཀའི་ འོད་ཟེར་གྱིས་ནམ་མཁའ་གང་བར་བཞུགས་པ་)རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་ པ་ཁམས་དང་བཅས་པ་རྣམས་རང་གི་སྙིང་ཁར་བཅུག་ནས་བྱང་ཆུབ་ཀྱི་སེམས་སུ་(ཐིག་ལེ་)ཞུ་ བར་གྱུར་པ་རྣམས་རང་གི་གསང་བའི་རྡོ་རྗེ་ནས་སྤྲོས་ཏེ་བྱང་ཆུབ་ཀྱི་སེམས་〔ཀྱི་ཐིག་ལེ་〕དེས་ སེམས་ཅན་དེ་རྣམས་ཐམས་ཅད་ལ་དབང་བསྐུར་བར་བསྒོམ་པར་བྱའོ། །དེ་ནས་བྱང་ཆུབ་ སེམས་ཀྱི་(ཐིག་ལེའི་)འོད་ཟེར་གྱིས་རེག་པའི་སེམས་ཅན་དེ་རྣམས་ཐམས་ཅད་ཞལ་གསུམ་པ་ དང་ཞལ་སྣ་ཚོགས་པ་དང་ཁ་དོག་སྣ་ཚོགས་པའི་ལྷའི་རང་བཞིན་ཤེས་རབ་དང་ཐབས་ཀྱི་ བདག་ཉིད་ཅན་མཆོག་གི་དགའ་བའི་བདེ་བས་གང་བར་བསྒོམ་པར་བྱའོ། །དེ་ནས་〔སེམས་ ཅན་〕དེ་རྣམས་ཀྱི་རང་གི་ལུས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ(ལྷ་སུམ་ཅུ་རྩ་གཉིས་པ)འི་རང་བཞིན་ དུ་གྱུར་པ་སྐ་ཅིག་གིས་བལྟ་བར་བྱའོ། །དེ་ལ་སྔགས་ཀྱི་ས་བོན་རྣམས་ནི་གསལ་བྱེད་སྣ་ ཚོགས་བརྩེགས་པ་དབྱངས་དང་བཅས་པ་རྣམས་སོ། །འདིར་གསལ་བྱེད་ཐམས་ཅད་ཀྱི་ ཚོགས་ནི་(དང་པོ་དང་མཐའ་བཀླགས་པ་ལ་ཀ་དང་པ་བསྡུས་པ་)ཀྵ་ཡིག་སྟེ་ཤེས་པར་བྱེད་པ་དེས་གང་ གི་མིང་གསལ་བྱེད་དང་པོ་(སེམས་ཅན་)གང་ཡིན་པ〔འི་ས་བོན་〕་དེས་〔སེམས་ཅན་〕དེ་ཐམས་ ཅད་(ལྷར་བསྐྱེད་པར་)བྱའོ། །འདིར་ཀྵ་ཀྵི་ཀྵྼྀ་ཀྵུ་ཀྵླྀ་ཞེས་པ་ནི་རྣམ་པར་ཤེས་པ་ལ་ སོགས་པ་དེ་བཞིན་གཤེགས་པ་ལྔའོ། །དེ་བཞིན་དུ་ཀྵཱ་ཀྵཱྀ་ཀྵྼཱྀ་ཀྵཱུ་ཀྵླཱྀ་ ཞེས་པ་ནི་ནམ་མཁའ་ལ་སོགས་པ་ཁམས་(གཤེགས་མ་)ལྔའོ། །དེ་བཞིན་དུ་ཀྵ་ཀྵེ་ཀྵར་ཀྵོ་ཀྵལ་ ཀྵྃ་ཞེས་པ་ནི་རྣ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་གོ། དེ་བཞིན་དུ་ཀྵཱ་ཀྵཻ་ཀྵཱར་ཀྵཽ་ ཀྵཱལ་ཀྵཿཞེས་པ་ནི་ཡུལ་དྲུག་〔དེ་སེམས་མ་〕གོ། ཀ་ྵྷཀྵ་ྻཀྵ་ྼཀྵ་ྺཀྵླ་ཞེས་པ་ནི་ལས་ཀྱི་དབང་པོ་ 〔ཁྲོ་བོ་〕ལྔའོ། །དེ་བཞིན་དུ་ཁྲོ་མོ་རྣམས་ནི་ཀྵྷཱ་ཀྵྻཱ་ཀྵྼཱ་ཀྵྺཱ་ཀྵླཱ་ཞེས་པ་ནི་ལས་ཀྱི་དབང་པོའི་ 4-1-54 ཡུལ་(ཁྲོ་མོ་)ལྔའོ། །དེ་ལྟར་ཕུང་པོ་(གཞན་)ལྔ་དང་ཁམས་(གཞན་)ལྔ་དང་སྐྱེ་མཆེད་(གཞན་)བཅུ་ གཉིས་དང་ལས་ཀྱི་དབང་པོ་〔གཞན་〕ལྔ་དང་ལས་ཀྱི་དབང་པོའི་ཡུལ་〔གཞན་〕ལྔ་སྟེ་དེ་ལྟར་ 〔སུམ་ཅུ་རྩ་གཉིས་ནི་དོན་དམ་ཡེ་ཤེས་ཀྱི་སྐུའི་〕སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སུ་ གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སེམས་ཅན་ཐམས་ཅད་སྐ་ཅིག་གིས་བསྒོམ་ པར་བྱ(ཞིང་རང་རང་གི་ཞིང་དུ་གཞུག་པར་བྱ)འོ། །ཡང་ན་རྒྱས་པར་ཏེ་〔སེམས་ཅན་ཐམས་ཅད་རང་གི་ སྙིང་གར་བཅུག་ནས་བྱང་ཆུབ་སེམས་སུ་ཞུ་བ་〕ལྷ་མོའི་གསང་བར་ས་བོན་སོ་སོ་རེ་རེས་ལྷ་ དེ་རྣམས་སོ་སོར་རྫོགས་པར་བྱས་ནས་〔སྔར་བཞིན་〕སྤྲོ་བར་བྱའོ། །དེ་བཞིན་དུ་བཅོམ་ལྡན་ འདས་ཀྱིས་རྩ་བའི་རྒྱུད་ལས་གསུངས་པ། སངས་རྒྱས་ཞིང་ན་སེམས་ཅད་གང་(ཇི་སྙེད་ཡོད་ པ)། །〔དཀྱིལ་འཁོར་དུ་བཅུག་ནས་〕སྐུ་གསུམ་དམ་ཚིག་བདུད་རྩི་ཡིས། །བསྐྱེད་ཅིང་རྡོ་རྗེ་(བྱང་ སེམས་ཀྱི་)དཔལ་གྱིས་རེག(པ་ལས)། །ཐམས་ཅད་དེར་ནི་དེ་བཞིན་གཤེགས(པར་གྱུར་པའི་སྐུ་གསུང་ ཐུགས་ཀྱི)། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ཐོབ〔ནས〕། །འདིར་ནི་རྫོགས་སངས་རྒྱས་〔སུ་〕གྱུར་པར། ། བསྒོམས་ཏེ་དེ་ནས་དེ་དག་རྣམས། །རང་རང་ཞིང་དུ་རབ་ཏུ་གཞུག །ཅེས་པའོ། །སེམས་ ཅན་རྣམས་ལ་བརྩེ་བའི་དོན་དུ་དབང་བསྐུར་སྦྱིན་པའོ་ཞེས་པ་ངེས་པའོ། ༤༩ ། ༈ ད་ནི་ཟླ་བ་བཅུ་པ་སྲིད་པའི་ཡན་ལག་ལ་སྲོག་སྤྲོ་བ་དང་གསུང་གི་རྡོ་རྗེ་བསྐྱེད་པའི་ སླད་དུ་བཙའ་བ་གསུངས་ཏེ་ཕྱི་རོལ་ཏུ་ཡང་〔ལས་དང་ལྷ་སྤྲོ་བ་〕བསྐྱེད་པ་གཉིས་པའོ། །དེ་ ལ་ལྟེ་བ་དང་གཙུག་ཏོར་དུ་ཡང་ཧོཿཡིག་སྟེ་འདི་གཉིས་ཀྱི་དབུས་སུ་ཆུད་པའི་དཔྲལ་བར་ སྐུ་རྡོ་རྗེ་ༀ་མགྲིན་པར་གསུངས་རྡོ་རྗེ་ཨཱཿསྙིང་ཁར་ཐུགས་རྡོ་རྗེ་ཧཱུྃ་ཞེས་པ་ཡི་གེ་གསུམ་པོ་ འདི་ནི་སྐུ་གསུང་ཐུགས་ཀྱི་མཚན་ཉིད་རྩ་གསུམ་བསྐྱེད་པར་བྱེད་པའོ། །ལྟེ་བར་ཧོཿཡིག་ཡེ་ ཤེས་ཀྱི་འོད་ཟེར་གྱིས་ཞུ་བ་བདེ་མཉམ་(དཔྲལ་བ་དང་མགྲིན་པ་དང་སྙིང་ཁའི་)པད་མ་ལ་ནི་སྐུ་གསུང་ ཐུགས་ཀྱི་རྡོ་རྗེ་སྟེ་(གསུམ་པོ་)དེ་ནི་ཤེས་རབ་(གཏུམ་མོའི་མེ་)ཆགས་པས་ཞུ་བ་ཁྱབ་བདག་རྡོ་རྗེ་ 4-1-55 ཅན་ཡང་ཞེས་པ་ཡང་ཡིག་གིས་ཤེས་རབ་དང་ལྷན་ཅིག་རིང་བོང་འཛིན་པ་(ཞི་བ་)བཞིན་དུ་ རྣམས་པར་བལྟས་ནས་ནང་དུ་(བྱིས་པའི་གཡོན་དང་གཡས་ཀྱི་རྩ་ལ་)དཀྱིལ་འཁོར་ལྔ་འབབ་པའི་ དོན་དང་〔གཟུགས་སོགས་〕ཕྱི་རོལ་ཏུ་ཡུལ་ཐམས་ཅད་ཉེ་བར་ལོངས་སྤྱོད་པའི་དོན་དང་ཕྱི་ རོལ་ཏུ་(དཀྱིལ་འཁོར་ལ་)ལྷ་(སྐུུ་)རྫོགས་པ་ན་འགྲོ་བ་མཐའ་དག་གི་དོན་བྱེད་པའི་སླད་དུ་བྱམས་ པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་ཅན་སྒྲོལ་མ་དང་མཱ་མ་ཀཱི་དང་ གོས་དཀར་མོ་དང་སྤྱན་མ་སྟེ། ལྷ་མོ་རྣམས་ཀྱི་གླུ་དག་མཛད་པ། བཅོམ་ལྡན་ཁྱོད་ནི་སེམས་ ཅན་ཀུན་ལ་ཕན་པར་མཛད་པ་པོ། །བདག་ཅག་བསྲུངས་ཤིག་ལྷ་མིའི་བླ་མ་རྡོ་རྗེ་ལྡན་པ་ འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། །ཅེས་པ་སྟེ་བྱམས་པའི་རང་བཞིན་སྒྲོལ་ མས་ཐུགས་རྡོ་རྗེ་དང་སྙིང་རྗེའི་རང་བཞིན་མཱ་མ་ཀཱིས་སྐུ་རྡོ་རྗེ་དང་དགའ་བའི་རང་བཞིན་ གོས་དཀར་མོས་གསུང་རྡོ་རྗེ་དང་བཏང་སྙོམས་ཀྱི་རང་བཞིན་སྤྱན་མས་ཡེ་ཤེས་རྡོ་རྗེ་བསྐུལ་ བར་བྱེད་དོ། །དེ་ལྟར་ཐུགས་དང་སྐུ་དང་གསུང་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་བཅོམ་ལྡན་ འདས་རྡོ་རྗེ་ཅན་དེས་དེ་རྣམས་ཀྱི་གླུ་དག་གསན་ནས་འདོད་པ་དང་གཟུགས་དང་གཟུགས་ མེད་པའི་མཚན་ཉིད་སྲིད་པ་གསུམ་པོ་མཐའ་དག་རྣམས་ཀྱང་མིག་འཕྲུལ་ལྟ་བུར་(ཡབ་ཡུམ་)གཟིགས་ནས་ཟླ་བ་ཞུ་བ་(ལྟ་བུར་གྱུར་པ་)དེ་ལས་ཧུྃ་ཡིག་ཁ་དོག་སྔོན་པོ་དྲི་མ་མེད་པའི་འོད་ ཟེར་འཕྲོ་བ་བལྟས་ཏེ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ། །དེ་ལས་སྤྲོས་པ་ཞེས་པ་ནི་རྣལ་ འབྱོར་བ་བདག་ཉིད་བཅོམ་ལྡན་འདས་(དུས་ཀྱི་འཁོར་ལོ་)རྡོ་རྗེའི་རྒྱན་དང་ལྡན་ཞིང་རྒྱལ་བའི་ བདག་པོ(མི་བསྐྱོད་པ)འི་ཅོད་པན་ཅན་ཤེས་རབ་ཀྱིས་འཁྱུད་པར་གྱུར་པ་ཡང་(འབྲས་བུ་རྡོ་རྗེ་འཛིན་ པ་)རྫོགས་པའོ། །(དཀྱིལ་འཁོར་རྒྱལ་མཆོག་ལ་ལྷ་སྤྲོ་བ་)སྔར་བཞིན་དུ་སླར་ཡང་ཤེས་རབ་ཐབས་ཀྱི་ བདག་ཉིད་ཐུགས་དང་གསུང་དང་སྐུའི་ཆོས་ཀྱིས་དཀྱིལ་འཁོར་རབ་ཏུ་སྤྲོ་བར་བྱ་སྟེ་སྐྱེས་ པའི་བྱིས་པ་〔མངལ་གྱི་རྨི་ལམ་གྱི་གནས་སྐབས་ལྟ་བུ་ལས་〕རབ་ཏུ་སད་པ་ངུ་བར་བྱེད་པ(དང་ 4-1-56 འདྲ་བ)འི་ཕྱིར་རོ། །འདིར་སྔགས་ཀྱི་ཚུལ་ལ་མངལ་ནས་སྐྱེས་པ་〔ལུས་ཀྱི་ཆ་ཤས་རྣམས་〕སྐྱེ་ བའི་རིམ་པས་ཟླ་བ་དགུས་བྱིས་པའི་ལུས་རྫོགས་ཤིང་(དེ་དང་འདྲ་བར་དཀྱིལ་འཁོར་ལ་ཡེ་ཤེས་)རྣམ་ པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ནི་ལྷ་རྣམས་ཀྱི་སྐུ་རྫོགས་པ་སྟེ་ བསྙེན་པའི་ཡན་ལག་དང་པོ(དཀྱིལ་འཁོར་རྒྱལ་མཆོག་གོ)འོ། །འདིར་ལྷའི་ང་རྒྱལ་གྱི་སླད་དུ་སྔགས་ ཀྱི་ཚིག་ནི་ༀ་སུ་བི་ཤུད་དྷ་(ཤིན་ཏུ་རྣམ་པར་དག་པ་)དྷརྨྨ་དྷཱ་ཏུ་〔ཆོས་ཀྱི་དབྱིངས་ཀྱི་〕སྭ་བྷཱ་བ་ཨཱད་མ་ ཀོ་ཧྃ〔གཉིས་རང་བཞིན་གྱི་བདག་ཉིད་ཅན་ང་〕། ཞེས་བརྗོད་དེ་དེ་ནས་གསུང་རྡོ་རྗེ་བསྐྱེད་ པའི་སླད་དུ་རྣལ་འབྱོར་པས་བསྙེན་པའི་ཡན་ལག་གཉིས་པ་(ལས་རྒྱལ་མཆོག་)བསྒོམ་པར་བྱའོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་བསྐྱེད་པའི་རིམ་པས་སྐུ་རྫོགས་ པའི་མདོར་བསྡུས་ཆེན་པོ་སྟེ་གཉིས་པའོ།། །། ༈ (ལས་རྒྱལ་མཆོག་གི་སྐབས་)འདིར་ནི་སྲོག་(རླུང་)གི་ཀུན་སྤྱོད་དག་ལས་གསུང་གི་རྡོ་རྗེ་(གཡོན་ དང་གཡས་ཀྱི་)དཀྱིལ་འཁོར་བཅུའི་བདག་ཉིད་དེ། །(དེ་ཡང་)སྟོང་པ་(དང་པ་)ལ་སོགས་〔པའི་〕དབྱེ་ བ་(ཨ་ལ་སོགས་པ་དང་ཨི་ལ་སོགས་པ་དེ་གཡས་དང་གཡོན་གྱི་)དབྱངས་ཀྱི་རང་བཞིན་ཅན་ལས་རྟག་ཏུ་(རྩ་ སོ་སོ་དང་སྣ་བུག་གི་)གནས་ལྔ་ལ་གནས་ཤིང༌། །སྲིད་པའི་འཇིག་ལས་(བསྐྱབ་པའི་ཕྱིར་)སེམས་ཅན་ རྣམས་ཀྱི་ལྷག་པར་མོས་པས་དམ་པའི་ལམ་ནི་སྟོན་བྱེད་པ〔འདིའི་དོན་ནི་སངས་རྒྱས་ཀྱི་ གདུལ་བྱ་གཞན་སྣང་ལ་ཆོས་སྟོན་པ་ན་གཡོན་དང་གཡས་ཀྱི་དཀྱིལ་འཁོར་ལྔ་རྒྱུ་བའི་ཚུལ་ གྱིས་ཆོས་སྟོན་པའི་སྣང་བའི་སྟོན་པར་མཛད་པའི་དོན་ནོ〕། །(ངག་རྫོགས་པ་ལས་རྒྱལ་མཆོག་)འདི་ ཡི་སྐྱེད་པ་འཇམ་པའི་དཔལ་གྱིས་གསུངས་པ་རྒྱས་འགྲེལ་གྱིས་ནི་རྣམ་པར་རྒྱས་པར་བྱ། ། ༈ ཧོཿ ཡིག་ཅེས་པ་ལ་སོགས་པ་ནི་འདིར་མིའི་འཇིག་རྟེན་དུ་མངལ་ནས་སྐྱེས་པ་ 4-1-57 རྣམས་ཀྱི་(མངལ་བཟུང་བའི་ཟླ་བ་བདུན་པ་ནས་མངལ་དུ་གནས་པའི་བར་རླུང་དབུ་མར་གཡོ་མེད་ཀྱི་གནས་པ་ལས་མངལ་ ལས་འཐོན་པའི་ཚེ་)སྲོག་གི་རླུང་བསྐྱེད་པའི་སླད་དུ་(བྱིས་པ་)རང་གི་〔གཡས་དང་གཡོན་གྱི་〕དཀྱིལ་ འཁོར་འབབ་པས་ས་ལ་སོགས་པའི་ཁམས་རྣམས་ཀྱིས་(མངལ་གྱི་ཟླ་བ་བདུན་པ་ནས་བཙའ་བའི་དུས་ ཀྱི་བར་དུ་མངོན་པར་ཤེས་པ་དང་བཅས་པ་)རྨི་ལམ་གྱི་གནས་སྐབས་སུ་ཞུགས་པའི་རྣམ་པར་ཤེས་པ་ལ་ སད་པའི་(ཕྱི་རོལ་ཏུ་བཙས་པ་དེ་ཤེས་པ་ཕྱི་རོལ་གྱི་ཡུལ་ལ་འཇུག་པ་)གནས་སྐབས་ཀྱི་དོན་དུ་སྐུལ་བར་བྱེད་ པ་ཇི་ལྟ་བ་དེ་བཞིན་དུ་(བཅོམ་ལྡན་འདས་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པ་ལ་)སེམས་ཅན་གྱི་དོན་གྱི་སླད་ དུ་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་(ཀྱིས་གླུས་བསྐུལ་བར་)རིག་པར་བྱའོ། །འདིར་(རྣལ་འབྱོར་ པ་བདག་ཉིད་)ལྷ(འི་གཟུགས་སུ་བསྐྱེད་པ་)ལ་ལྟེ་བ་དང་གཙུག་ཏོར་གྱི་ཨ་བ་དྷཱུ་ཏིའི་ལམ་དུ་ཧོ་ཡིག་ ཐོག་མ་ཐ་མར་བཀོད་དེ་དེ་ནས་དཔྲལ་བར་སྐུ་རྡོ་རྗེ་ༀ་དང་མགྲིན་པར་གསུང་རྡོ་རྗེ་ཨཱཿདང་ སྙིང་ཁར་ཐུགས་རྡོ་རྗེ་ཧཱུྃ་སྟེ་དེ་ལྟར་སྐུ་གསུང་ཐུགས་ལས་ཡང་དག་པར་བྱུང་བ་ཟླ་བ་དང་ ཉི་མ་དང་སྒྲ་གཅན་གྱི་མཚན་ཉིད་དོ། །དུས་ཀྱི་མེ(ཧོ་ཡིག་གི)ས་འོག་དང་སྟེང་ནས་ཤེས་རབ་ ཀྱི་འོད་ཟེར་གྱིས་ཞུ་བ་སྟེ་ཤེས་རབ་ཆགས་པས་ཞུ་བ་ཞེས་པ་ལ་ཤེས་རབ་ནི་(ལྟེ་བའི་)གཏུམ་ མོ་(ཧོ་ཡིག་)སྟེ་དེ(འི་འོད་ཟེར་གྱི)ས་ཞུ་བའོ(ཆགས་པ་ནི་ཡུམ་ལ་སྙོམས་པར་ཞུགས་པ་སྟེ་དེས་གཏུམ་མོ་འབར་བའོ)། ། འདིར་(བྱིས་པའི་ལུས་ལ་ས་ལ་སོགས་པའི་ཁམས་ཀྱིས་)བསྐུལ་བ་རྣམ་པ་གཉིས་ཏེ་གཅིག་ནི་(མངལ་ ནས་བཙའ་བའི་དུས་)སྲོག་རྫོགས་པའི་སླད་དུ་ཡིད་ལ་གཉིས་པ་ནི་ལོ་བཅུ་དྲུག་གི་མཐར་(ཁུ་ བ་འཕོ་བའི་)བདེ་བ་རྫོགས་པའི་སླད་དུའོ། །དེས་ན་(དེ་དང་འདྲ་བར་)རྡོ་རྗེ་ཅན་ཡང་རི་བོང་འཛིན་ པ་ཞུ་བ་བཞིན་བལྟས་ནས་ཡང་ཡིག་གིས་ཤེས་རབ་ཀྱང་(ཞུ་བ་)སྟེ་ཤེས་རབ་དང་བཅས་པའི་ ཐུགས་དང་ཡེ་ཤེས་རྡོ་རྗེ་(དག་ནི་རིམ་པ་ལྟར་དུ་སྟེང་དུ་)ཨ་བ་དྷཱུ་ཏཱི་དང་(འོག་ཏུ་)དུང་ཅན་མ་ལ་བརྟེན་ པ(སྟེ་དེ་དག་གི་ནང་དུ་གཡོ་བ་མེད་པར་གནས་པ)འོ། །(དེ་ལ་)ལྷ་མོ་རྣམས་ཀྱིས་གླུ་དག་(གིས་བསྐུལ་བ་)མཛད་ དེ་བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ། །བདག་ཅག་བསྲུངས་ཤིག་ 4-1-58 ལྷ་མའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། །འདིར་བྱམས་ པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་ཅན་སྒྲོལ་མ་དང་མཱ་མ་ཀཱི་དང་ གོས་དཀར་མོ་དང་སྤྱན་མ་སྟེ་ལྷ་མོ(འི་མིང་ཅན་གྱི་ཁམས་རྣམས་དང་ལྷ་མོ་དངོས་)རྣམས་ཀྱིས་(རིམ་པ་ལྟར་)བྱིས་པ་རྣམས་ལ་དཀྱིལ་འཁོར་འབབ་པའི་དོན་དང་བཅོམ་ལྡན་འདས་ལ་འགྲོ་བའི་དོན་ གྱི་སླད་དུ་བསྐུལ་བར་བྱེད་དོ། །ལྷ་མོའི་རྡོ་རྗེའི་གླུས་བསྐུལ་བའི་ངེས་པའོ། །དེ་བཞིན་དུ་ རྩ་བའི་རྒྱུད་(བྱམས་པའི་རང་བཞིན་ཅན་)ལས། སྤྱན་མ་བདག་ནི་འགྲོ་བའི་(དོན་མཛད་པ་པོ་རྡོ་རྗེ་ཅན་གྱི་)ཡུམ(སྟེ)། །རྣལ་འབྱོར་པ་ཡི་རྒྱུ་མཐུན་(གྱི་འབྲས་བུའི་)གནས། །བདག་གི་〔སའི་〕དཀྱིལ་འཁོར་ (གྱི་)རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་(ལ་)འདོད་(པ་)མཛོད། །(སྙིང་རྗེའི་རང་བཞིན་ ཅན་)མཱ་མ་ཀཱི་བདག་(རྡོ་རྗེ་ཅན་གྱི་)སྲིང་མོ་སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་(གྱི་འབྲས་བུའི་)གནས། ། བདག་གི་〔ཆུའི་〕དཀྱིལ་འཁོར་〔གྱི་〕རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་(ལ་) འདོད་(པ་)མཛོད། །གོས་དཀར་མོ་(དགའ་བའི་རང་བཞིན་ཅན་)བདག་(རྡོ་རྗེ་ཅན་གྱི་)བུ་མོ་སྟེ། །རྣལ་ འབྱོར་པ་ཡི་སྐྱེས་བུར་(བྱེད་པའི་འབྲས་བུའི་)གནས། །བདག་གི་(མེའི་)དཀྱིལ་འཁོར་(གྱི་)རང་ བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་(ལ་)འདོད་(པ་)མཛོད། །སྒྲོལ་མ་(བཏང་སྙོམས་ཀྱི་རང་ བཞིན་)བདག་ནི་(རྡོ་རྗེ་ཅན་གྱི་)ཚ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་བྲལ་(གྱི་འབྲས་བུས་)གནས། །བདག་ གི་(རླུང་གི་)དཀྱིལ་འཁོར་(གྱི་)རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་(ལ་)འདོད་(པ་)མཛོད། །(རྡོ་རྗེ་ཅན་གྱི་)སྟོང་པའི་(ནམ་མཁའི་)དཀྱིལ་འཁོར་ཉམས་མྱོང་ནས། །སྐུ་གསུང་ཐུགས་ ཀྱི་དཀྱིལ་འཁོར་ནི། །འགྲོ་བ་གདོན་པའི་བསམ་པ་ཡིས། །འགྲོ་བའི་མགོན་པོའི་སྤྲོ་བར་ མཛོད། །ཅེས་པ་སྟེ་དེ་ལྟར་བདེ་མཉམ་འབྲས་བུ་སྟེར་བ་(འདིར་རྩ་མི་དང་རྨའི་འགྱུར་ལ་)ལྟེ་བ་〔མེད་〕དང་གསང་བ་ལ་སོགས་པའི་པད་མ་ལ་(སྟེ་ཨ་བ་དྷཱུའི་ནང་དུ་)བྱིས་པ་རྣམས་ཀྱི་རྣམ་པར་ཤེས་པ་ བརྒྱལ་བར་གྱུར་པ་སད་པར་བྱེད་པ་བཞིན་དུ་ལྷའི་སྐུ་〔སྟོང་པ་ཉིད་ལ་ཞུགས་པ་ལས་སད་ 4-1-59 པར་བྱེད་པའི་ཚུལ་དུ་〕གནས་སོ་ཞེས་པ་ནི་ངེས་པའི་དོན་ཏོ། ༥༠ ། ༈ ད་ནི་རྡོ་རྗེ་ཅན་དེས་གླུ་ཞེས་པ་ལ་སོགས་པས་ལྷ་བཞེངས་པ་གསུངས་ཏེ་འདིར་སྟོང་ པ་ཉིད་ལ་རབ་ཏུ་ཞུགས་པའི་བཅོམ་ལྡན་འདས་གླུ་རྣམས་ཀྱིས་རབ་ཏུ་སད་པར་གྱུར་པ་ན་ འགྲོ་བ་མཐའ་དག་སྒྱུ་མ་ལྟ་བུར་གཟིགས་ནས་སེམས་ཅན་གྱི་དོན་གྱི་སླད་དུ་སླར་ཡང་སྐྱེད་ པར་མཛད་དེ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་རང་གི་མཚན་མ་ཧུྃ་ཡིག་ཡོངས་སུ་གྱུར་པའི་ རྡོ་རྗེ་རྩེ་ལྔ་པ་སྤྲོས་བྱས་ནས་དེས་རྡོ་རྗེའི་རྒྱན་དང་ལྡན་ཞིང་རྒྱལ་བའི་བདག་པོའི་ཅོད་པན་ ཞེས་པ་〔འདིར་ག ཙོ་བོ་མི་བསྐྱོད་པའི་བདག་ཉིད་དུ་མཚོན་པས་〕མི་བསྐྱོད་པའི་ཅོད་པན་ ཅན་ནོ〔འོ་ན་ལེའུ་ལྔ་པར་ཡེ་ཤེས་ལ་རྣམ་ཤེས་དང་རྣམ་ཤེས་ལ་ཡེ་ཤེས་ཀྱིས་རྒྱས་གདབ་པར་ གསུངས་པ་དང་འགལ་ལོ་ཞེ་ན་དེ་དག་ནི་རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་གཟུགས་ཐ་ དད་པའི་དབང་དུ་བྱས་པ་ཡིན་ལ་འདིར་ནི་དུས་ཀྱི་འཁོར་ལོའི་གཟུགས་གཅིག་ཉིད་སྔ་མ་ ཕྱི་མར་རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པའི་ངོ་བོར་མཚོན་པར་བྱེད་པའི་ཕྱིར་ཡིན་པས་ སྐྱོན་མེད་དོ། །དེ་བཞིན་དུ་སྣ་ཚོགས་ཡུམ་གྱི་གཟུགས་གཅིག་ཉིད་སྔར་ཡེ་ཤེས་ཀྱི་ཁམས་ དང་འདིར་ནམ་མཁའི་ཁམས་སུ་གསུངས་པའི་དགོངས་པ་ཡང་དེ་ཉིད་ཀྱིས་རིག་པར་བྱའོ〕། ། ཤེས་རབ་ཀྱིས་ནི་འཁྱུད་པར་གྱུར་པ་ཞེས་པ་ནི་སྟོང་པའི་དཀྱིལ་འཁོར་འབབ་པ་རྡོ་རྗེ་ དབྱིངས་ཀྱི་དབང་ཕྱུག་མ་སྣ་ཚོགས་ཡུམ་གྱིས་(འཁྱུད་པ་)ཏེ་(གཙོ་བོ་)དེའི་(བདེ་བའི་སྙིང་པོར་རོ)སྙིང་ ཁར་བྱིས་པ་རྣམས་ཀྱི་(ཐབས་ཤེས་འཁྱུད་པ་)བཞིན་ནོ(བྱིས་པ་བཞིན་དུ་དེ་རྣམས་ཐབས་དང་ཤེས་རབ་པོ་རྩ་ མི་ཟེར་)། །རྒྱལ་པོ་ཞེས་པ་བོད་པ་སྟེ་ཤེས་རབ་ཐབས་ཀྱིས་ནི་ཤེས་རབ་དང་ཐབས་སྙོམས་ པར་ཞུགས་པ(འི་ཤིན་ཏུ་དགའ་བའི་སྒྲ)ས་དཀྱིལ་འཁོར་(ཁམས་)ལྔའི་རང་བཞིན་གྱིས་སངས་རྒྱས་ ནམ་མཁར་གནས་པ་རྣམས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་བཞིན་ གྱིས་དམ་ཚིག་གི་དཀྱིལ་འཁོར་གྱི་(ལྷ་སྤྲོ་བའི་)དོན་དུ་རང་གི་ལུས་ལ་བཅུག་(ཅིང་སྔར་སྤྲོས་པའི་ 4-1-60 དཀྱིལ་འཁོར་པའི་ལྷ་རྣམས་ཀྱང་རང་གི་ལུས་ལ་བཅུག་)སྟེ་〔བྱང་སེམས་ཐིག་ལེར་ཞུགས་པར་གྱུར་པ་〕ཤེས་ རབ་ཀྱི་པད་མར་(ས་བོན་གྱི་)སྔགས་ཀྱི་རང་བཞིན་ཡི་གེ་སོ་སོ་རྣམས་〔ལས་ལྷ་སོ་སོར་རྣམས་ བསྐྱེད་དོ〕སོ། །དེ་ནས་(ཤེས་རབ་ཀྱི་)པད་མ་ལས་སྔོན་བཞིན་དུ་ཞལ་དང་ཕྱག་དང་མཚན་མ་དང་ དབྱིབས་ཀྱི་མཚན་ཉིད་ཅན་རྣམས་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་ རྣམས་ལ་སྤྲོ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་རབ་ཏུ་སྤྲོ་བ་དག་ཀྱང་ངོ༌། །ཀྱང་ཡིག་གིས་ སྔོན་〔སྤྲོ་〕བཞིན་ཞེས་པའོ། །བྱིས་པ་མངལ་ནས་འབྱུང་བའི་དུས་སུ་〔སད་པའི་གནས་སྐབས་ ཀྱི་དོན་དུ་〕སྲོག་ལ་སོགས་པའི་རླུང་བཅུ་སྐྱེའོ། །སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་པའི་ དུས་སུ་〔རིགས་སད་པའི་དོན་དུ་〕མེ་ཏོག་འཐོར་རོ། །(བྱིས་པ་བཙའ་བའི་དུས་སུ་)གཅེར་བུ་མངལ་ གྱི་ཁྲུ་མའི་གོས་འཛིན་པ་བྱིས་པ་(སྐྱེས་པ་)ཞེས་པའི་རྣམ་པར་དག་པས་(ཏེ་དེ་ཇི་ལྟ་བ་བཞིན་དུ་)ལྷའི་ དམ་ཚིག་གི་དཀྱིལ་འཁོར་རྫོགས་པའོ། །དེ་ནས་(བྱིས་པ་)དབང་པོ་རབ་ཏུ་སད་པ་(དང་འདྲ་བ་)ནི་(དཀྱིལ་འཁོར་)ཡེ་ཤེས་སེམས་དཔའ་གཞུག་པ་སྟེ་བྱིས་པ་ལ་ཇི་ལྟ་བ་དེ་བཞིན་དུ་(སྲོག་གི་ དཀྱིལ་འཁོར་བཅུ་གཡོན་དང་གཡས་ཀྱི་དཀྱིལ་འཁོར་གྱི་གནས་ལྔ་ལྔ་སྟེ་བཅུ་དང་བཅས་པ་ རྣམ་པར་དག་པའི་)ལྷ་ལ་རྣམ་པ་ཉི་ཤུས་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་རྣལ་འབྱོར་པ་ རྣམས་ཀྱིས་བསྒོམ་པར་བྱའོ། ། ༈ དེ་ལྟར་(ཡེ་ཤེས་)རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པས་སྐུ་རྫོགས་པ་ནི་ བསྙེན་པའི་ཡན་ལག་སྟེ། རྣམ་པ་ཉི་ཤུས་རྫོགས་པར་བྱང་ཆུབ་པས་གསུང་རྫོགས་པ་ནི་ཉེ་ བར་སྒྲུབ་པའོ། །དེ་ལྟར་བསྐྱེད་པའི་རིམ་པ་(ལ་དབྱེ་ན་སྤྱིར་)རྣམ་པ་གཉིས་ཏེ་གཅིག་ནི་མངལ་ ནས་སྐྱེས་པ་དང་(འདྲ་བ་དང་)གཉིས་པ་སྒོ་ང་ལས་སྐྱེས་པ(འདྲ་བ)འོ། །གང་སྒོ་ང་ལས་སྐྱེས་པ་(དང་ འདྲ་བར་)དེ་ནི་(སྣོད་བཅུད་)འཇིག་རྟེན་གྱི་ཁམས་བསྐྱེད་པ་(ཞེས་པ་འཆགས་པ་དང་འདྲ་བ་)སྟེ་ཚངས་པའི་ སྒོ་ང་ཞེས་པའི་ཚིག་གི་ཕྱིར་རོ〔ཞེས་པའི་དོན་ནི་ཚངས་པའི་འཇིག་རྟེན་ལ་སོགས་པ་སྣོད་ཀྱི་ 4-1-61 འཇིག་རྟེན་སྒོ་ང་དང་འདྲ་བ་ཆགས་པའི་ནང་དུ་ཚངས་པ་ལ་སོགས་པ་བཅུད་ཀྱི་སེམས་ ཅན་གྲུབ་པ་དང་འདྲ་བར་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་ནང་དུ་ས་ བོན་གྱི་ཡི་གེ་ལ་ཕྱག་མཚན་དང་དེ་ལས་ལྷའི་སྐུ་བསྐྱེད་པའོ〕། །གང་མངལ་ནས་སྐྱེས་པ་(དང་ འདྲ་བ་)དེ་ནི་(མའི་མངལ་དུ་)མི་རྣམས་བསྐྱེད་པ〔དང་འདྲ་བར་མའི་མངལ་དང་འདྲ་བར་གཞལ་ ཡས་ཁང་བསྐྱེད་པའི་ནང་དུ་ལྷ་མངོན་བྱང་ལྔ་ལས་བསྐྱེད་པ〕འོ། །(དཀྱིལ་འཁོར་དང་ལྷ་)གང་སྐ་ ཅིག་གིས་(བསྐྱེད་པ་)ཡིན་པ་དེ་ནི་སེམས་ཅན་རྣམས་བརྫུས་སྐྱེས་ལས་སྐྱེད་པ(དང་འདྲ་བ)འོ། །དེ་ ནི་བསྐྱེད་པའི་རིམ་པ་གཅིག་སྟེ་〔དཀྱིལ་འཁོར་དང་ལྷ་〕སྐ་ཅིག་གི་རྣམ་པ་(གྲོང་བསྐྱེད་ཀྱིས་བསྒོམ་པ་) སེམས་ཅན་གྱི་(མོས་པའི་)བསམ་པས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རྫོགས་པའི་རིམ་ པ་ནི་རྟོག་པ་དང་བྲལ་བ(འི་བསྒོམ་པ་)སྟེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པ་ལ་ སོགས་པ་(ཡེ་ཤེས་ཀྱི་སྐུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་མངོན་སུམ་དུ་བསྒོམ་པ་ཡེ་ཤེས་)རྣམ་པ་ལྔས་མངོན་ པར་རྫོགས་པར་བྱང་ཆུབ་པས་རྟོགས་པར་བྱའོ། ༥༡ ། ༈ ད་ནི་འོད་ཟེར་སྔོན་པོ་ཞེས་པ་ལ་སོགས་པས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་གསུངས་ ཏེ་འདིར་བྱིས་པ་སྐྱེས་པའི་དབུ་མའི་སྲོག་འབྱུང་བ་ནི་(ཡེ་ཤེས་ཀྱི་རླུང་ཡིན་པས་)འོད་ཟེར་སྔོན་པོ་སྟེ་ དེའི་འབྱུང་བས་(བྱིས་པའི་)དབང་པོ་རྣམས་རབ་ཏུ་སད་ཅིང་ཕྱི་རོལ་གྱི་ཡུལ་རྣམས་ལ་རྣམ་པར་ ཤེས་པ་དྲུག་པོ་རྣམས་འཇུག་པ་ནི་ནང་དུ〔སེམས་ཅན་ལ〕འོ། །དེའི་ཕྱིར་ཕྱི་རོལ་གྱི་ལྷ་རྫོགས་ པ་ལ་དབུ་མའི་སྲོག་(ཡེ་ཤེས་ཀྱི་དཀྱིལ་འཁོར་)རྣམ་པར་དག་པས་རྡོ་རྗེ་ཤུགས་(ཁ་དོག་)འོད་ཟེར་ སྔོན་པོ་འཇིགས་པའི་སྐུ་རབ་ཏུ་བཞད་པའི་ཞལ་མཆེ་བ་ཕྱེད་(དུ་བསྣོལ་བའི་རྣམ་པར་)གཙིགས་ པ་(ཧ་ཧའི་)སྒྲ་དྲག་པོ་སྒྲོགས་པ་སྤྱན་བཅུ་གཉིས་པ་གཉིས་ལྷག་རྒྱལ་པའི་ཕྱག་སྟེ་ཕྱག་ཉི་ཤུ་ རྩ་དྲུག་པ་ཞལ་བཞི་པ་ཞབས་གཉིས་པ་ཤེས་རབ་དང་ཐབས་ལས་རབ་ཏུ་བྱུང་བའི་གཙོ་བོ་ 4-1-62 བཞིན་དུ་མཚོན་ཆ་རྣམས་དང་བཅས་པ་〔ཕྱག་ལྷག་མ་གཉིས་〕གླང་པོ་ཆེའི་ལྤགས་པའི་གོས་ འཛིན་པ་(རུས་པའི་)ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ་(དཔྲལ་བར་)མི་བསྐྱོད་པས་དབུ་བརྒྱན་པ་ ཐོད་པ་དང་(དོ་ཤལ་དུ་)མགོ་བོའི་ཕྲེང་བ་འཛིན་པ་(ཀླུའི་དབང་པོ་བཅུའི་)སྦྲུལ་གྱིས་བརྒྱན་པ་ཧཱུྃ་ཡིག་ 〔དང་〕རྡོ་རྗེའི་སྤྲུལ་པ་〔སྟེ་དེ་ལས་བྱུང་བ་ཤ་རམ་བྷའི་ཁྱད་པར་〕རྐ ང་པ་བརྒྱད་པ( ས་དྲངས་པ) འི་ཤིང་རྟ་དག་ལ་གནས་ཞེས་པ་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་དང་སྙིང་སྟོབས་ དང་རྡུལ་དང་མུན་པའི་ཡོན་ཏན་(རྣམ་པར་དག་པ་)ལ་གནས་པ་རྒྱལ་བའི་དགྲ་ནི་འཇོམས་པར་ བྱེད་པ་སྟེ་བདུད་དང་ཉོན་མོངས་པ་འཇོམས་པར་བྱེད་པ་རྡོ་རྗེ་ཤུགས་དེ་ནི་ཡེ་ཤེས་འཁོར་ ལོའི་སླད་དུ་ཞེས་པ་(ནང་དུ་བྱིས་པ་ལ་)ཡུལ་ལྔའི་ཤེས་པ་འཇུག་པ(དང་འདྲ་བ)འི་སླད་དུ་བསྐུལ་ བར་བྱ་སྟཻ་ཀུན་གཞིའི་རྣམ་པར་ཤེས་པ་ལས་(ཡུལ་ལྔ་ལ་)འཇུག་པའི་རྣམ་པར་ཤེས་པ〔འབྱུང་ བ་དང་འདྲ་བ〕འོ། ༥༢ ། ༈ དེ་ནས་ལྟེ་བའི་པད་མ་ལས་ཕྱི་རོལ་ཏུ་འབྱུང་བའི་སྲོག་གིས་ཕྱི་རོལ་(གཟུགས་སོགས་) གྱི་དངོས་པོ་རྣམས་(འཇུག་པའི་རྣམ་ཤེས་ལྔའི་ཡུལ་དུ་)བཀུག་ནས་སླར་ཡང་ལྡོག་གོ། དེའི་ཕྱིར་རྣམ་ པར་དག་པས་དྲི་མེད་འོད་ཟེར་འཕྲོ་བ་ཡེ་ཤེས་འཁོར་ལོའི་དབང་ཕྱུག་ངེས་པར་ལྟེ་བར་(ངེས་ པར་རྡོ་རྗེ་ཤུགས་ཀྱིས་)རྡོ་རྗེ་ལྕགས་ཀྱུས་བསྣུན་བྱས་ཤིང༌། །(འཁོར་ལོའི་དབང་ཕྱུག་)ཕྱག་ཉི་ཤུ་རྩ་བཞི་ པོ་རྣམས་(རྡོ་རྗེ་ཤུགས་)རང་གི་རྡོ་རྗེ་(འདིར་སྦྲུལ་གྱི་ཞགས་པ་ཞེས་པ་ནི་སྦྲུལ་གྱིས་འཆིང་བ་ལྟར་འཆིང་བྱེད་ཀྱི་ཞགས་ པ་ཡིན་པས་སྦྲུལ་ཞེས་ཉེ་བར་བཏགས་པའོ)སྦྲུལ་གྱི་ཞགས་པ་དག་གིས་བཅིངས་ནས་རང་གི་མཚོན་ཆ་ རྣམས་ཀྱིས་འཇིགས་པར་བྱས་ཏེ། དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་བསྒྲུབ་པར་བྱས་ཤིང་(དཀྱིལ་ འཁོར་པའི་)དངོས་པོའི་མཚན་ཉིད་སྣ་ཚོགས་པའི་འཁོར་ལོ་མཐའ་དག་བསྐྱོད་པར་བྱས་ནས་(རྡོ་ རྗེ་ཤུགས་)སླར་ཡང་རང་གི་གནས་སུ་འགྲོའོ〔ཞེས་པ་རང་ཉིད་ལ་ཞུགས་པར་བསམ་མོ〕། །དེ་ནས་ གཞུག་པ་ནི་〔འདི་ར་འགྱུར་ལ་མེད་〕ཀུན་གཞི་རྣམ་པར་ཤེས་པ་(རྡོ་རྗེ་ཤུགས་)དང་〔འདི་ཀུན་ 4-1-63 གཞིའི་རྣམ་ཤེས་བྱུང་བ་ལྟར་ན་མིག་གི་རྣམ་ཤེས་ཀྱི་རྒྱུ་ཡིན་པར་སྦྱར་རོ〕མིག་གི་དབང་པོ་ 〔སའི་སྙིང་པོ་〕ལས་སྐྱེས་པ་མིག་གི་རྣམ་པར་ཤེས་པ་རྨུགས་བྱེད་ཀྱིས་བྱེད་དོ། །བཅིང་བ་ནི་ ལུས་ཀྱི་དབང་པོ་〔སྒྲིབ་པ་་རྣམ་སེལ་〕ལས་སྐྱེས་པ་ལུས་ཀྱི་རྣམ་པར་ཤེས་པ་རེངས་བྱེད་ཀྱིས་ བྱེད་དོ། །མཉེས་པ་ནི་ལྕེའི་དབང་པོ་〔འཇིག་རྟེན་དབང་ཕྱུག་〕ལས་སྐྱེས་པ་ལྕེའི་རྣམ་པར་ ཤེས་པ་ཁེངས་བྱེད་ཀྱིས་བྱེད་དོ། །རོ་མཉམ་པར་བྱེད་པ་ནི་སྣའི་དབང་པོ་〔ནམ་མཁའི་སྙིང་ པོ་〕ལས་སྐྱེས་པ་སྣའི་རྣམ་པར་ཤེས་པ་ཤིན་ཏུ་སྟོབས་ཀྱིས་བྱེད་དོ〔འདིར་ཁྲོ་བོ་བཞི་པོ་དབང་ པོའི་རྣམ་པར་ཤེས་པ་ལ་སྦྱར་བ་ནི་མངལ་ནས་སྐྱེས་པའི་བྱིས་པའི་དབང་པོ་རབ་ཏུ་སད་ ནས་རྣམ་པར་ཤེས་པ་ཡུལ་ལ་འཇུག་པ་དང་འདྲ་བར་ཡེ་ཤེས་པ་གཞུག་པ་ལ་སོགས་པའི་བྱ་ བ་ལ་སྦྱོར་བའི་ཕྱིར་རོ། །ཁྲོ་བོ་བཞི་པོ་ལས་དབང་ཡིན་པ་དང་ཡང་མི་འགལ་ཏེ་ཡེ་ཤེས་ཀྱི་ སྐུའི་རྣམ་ཤེས་གཞན་དང་ལས་དབང་གཞན་རོ་གཅིག་པའི་ཕྱིར་རོ〕། །དེ་ལྟར་རྣམ་པ་ལྔ་ནི་ ཛཿ ཡིག་གིས་དགུག་པ་དང་ཧུྃ་ཡིག་གིས་གཞུག་པ་དང་ཝྃ་ཡིག་གིས་བཅིང་བ་དང་ཧོཿཡིག་ གིས་མཉེས་པ་དང་ཧཱི་ཡིག་གིས་རོ་མཉམ་པར་བྱ་སྟེ། རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་དང་རྡོ་རྗེ་ ཞགས་པ་དང༌། རྡོ་རྗེ་དྲིལ་བུ་དང་རྡོ་རྗེ་དབྱུག་པ〔འི་ཕྱག་རྒྱ〕འོ། །དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་ (མདུན་གྱི་ནམ་མཁར་བཀུག་པ་ལ་མཆོད་པ་བཅུ་གཉིས་ཀྱིས་)ཡང་དག་པར་མཆོད་དེ་སྔར་བཞིན་དམ་ཚིག་ གི་འཁོར་ལོ་ལ་རོ་མཉམ་པ་ཉིད་དུ་གྱུར་པར་བསྒོམ་པར་བྱའོ་ཞེས་པ་ནི་ངེས་པའོ། ༥༣ ། ༈ ད་ནི་བསྐྱེད་པའི་ཞེས་པ་ལ་སོགས་པས་བསྐྱེད་པའི་རིམ་པས་(ལྷའི་)གནས་སོ་སོར་ ཡེ་ཤེས་ཀྱི་ལྷ་རྣམས་དམ་ཚིག་གི་ལྷ་རྣམས་དང་ལྷན་ཅིག་ཏུ་གཅིག་པ་ཉིད་གསུངས་ཏེ་འདིར་ བསྐྱེད་པའི་རྣལ་འབྱོར་གྱི་བསྐྱེད་པའི་རིམ་པ་དག་ལ་རྣམ་པར་ཤེས་པ་ནི་(མི་བསྐྱོད་པ་)ནམ་ མཁའ་དང་བཅས་ཞེས་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་ཏུ་སྙིང་པོའི་པད་ མར་ཞེས་པ་བདེ་བ་ཆེན་པོ(འི་པད་མ་)ལ་(དུས་)མེ་ཡི་སྟེང་དུ་སྟེ་ཟླ་བ་དང་ཉི་མ་དང་སྒྲ་གཅན་ 4-1-64 དུས་མེའི་དཀྱིལ་འཁོར་གྱི་སྟེང་དུ་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་རོ་ མཉམ་པ་ཉིད་དུ་འགྱུར་རོ〔འདི་དང་དབང་ལེ་དང་ནང་ལེར། རྣམ་ཤེས་དང་ནམ་མཁའ་ འཁྱུད་པ་དང་རྒྱུ་རྡོ་རྗེ་འཛིན་པའི་སྐབས་སུ་ཡེ་ཤེས་དང་ཡེ་ཤེས་འཁྱུད་པར་གསུངས་པ་ནི་ ཁྱབ་བྱེད་འདྲེས་པའི་རིགས་ཡིན་པས་ཁྱབ་བྱ་རིགས་སོ་སོའི་ཁམས་རིགས་མི་མཐུན་འཁྱུད་ པར་གསུངས་པ་དང་འགལ་བ་མེད་དོ། །ཞེས་གསུངས་སོ〕། །དེ་བཞིན་དུ་ཤར་གྱི་འདབ་མ་ ལ་ནག་མོ་འབར་མ་〔དམ་ཚིག་པ་དང་ཡེ་ཤེས་པ་〕རོ་མཉམ་པའོ། །མཆོག་གི་པད་འདབ་ལ་ ནི་ལྷོ་རུ་དམར་མོ་འབར་མ་དང་བྱང་དུ་དཀར་མོ་འབར་མ་དང་ནུབ་ཏུ་སེར་མོ་འབར་མ་(དམ་ ཚིག་པ་དང་ཡེ་ཤེས་པ་རོ་མཉམ་པར་)འགྱུར་ཏེ་རིགས་ཀྱི་དབང་གིས་ཞེས་པ་ཡེ་ཤེས་ཀྱི་ཞལ་གྱི་དབང་ གིས་སོ། །དེ་བཞིན་དུ་མེར་དུ་བ་མ་དང་བདེན་བྲལ་དུ་སྨིག་རྒྱུ་མ་དང་དབང་ལྡན་དུ་མཁའ་ སྣང་མ་དང༌། ༥༤ རླུང་དུ་མར་མེ་མ་(དམ་ཚིག་པ་དང་ཡེ་ཤེས་པ་)རོ་མཉམ་པའོ། །དེ་བཞིན་དུ་མེའི་ ཟུར་དུ་ཡིད་བཞིན་གྱི་ནོར་བུ་དང༌། བདེན་བྲལ་དུ་ཆོས་ཀྱི་གཎ་ཌཱི་དང༌། དབང་ལྡན་དུ་ ཆོས་ཀྱི་དུང་དང་རླུང་དུ་དཔག་བསམ་གྱི་ཤིང་སྟེ་རྡོ་རྗེ་ཕྲེང་བ་དང་〔གཙོ་བོའི་〕པད་མའི་འདབ་ མ་དག་གི་བར་དུ་ཟུར་གྱི་ཆ་ལའོ། །དེ་བཞིན་དུ་ཤར་གྱི་པད་མའི་གདན་གྱི་ལྟེ་བར་ཉི་མ་ ལ་འདུ་བྱེད་དང་ས་གཉིས་པོ་དམ་ཚིག་སེམས་དཔའ་དག་དང་ལྷན་ཅིག་〔དམ་ཚིག་པ་དང་ ཡེ་ཤེས་པ་〕རོ་མཉམ་པའོ། །ལྷོར་ཚོར་བ་དང་ཆུའི་ཁམས་དང་བྱང་དུ་འདུ་ཤེས་དང་མེའི་ ཁམས་དང་ནུབ་ཏུ་རླུང་དང་བཅས་པའི་གཟུགས་(དམ་ཚིག་པ་དང་ཡེ་ཤེས་པ་)རོ་མཉམ་པར་འགྱུར་ རོ། །འདིར་ཐབས་རྣམས་གཙོ་བོའོ། ༥༥ །དེ་བཞིན་དུ་མེའི་ཕྱོགས་སུ་རླུང་དང་གཟུགས་དག་ (དམ་ཚིག་པ་དང་ཡེ་ཤེས་པ་)རོ་མཉམ་པར་འགྱུར་རོ། །བདེན་བྲལ་དུ་མེའི་ཁམས་དང་འདུ་ཤེས་ དང་དབང་ལྡན་དུ་ཆུའི་ཁམས་དང་ཚོར་བ་དང་རླུང་དུ་སའི་ཁམས་དང་འདུ་བྱེད་(དམ་ཚིག་པ་དང་ ཡེ་ཤེས་པ་)དག་རོ་མཉམ་པ་སྟེ་ཟུར་དུ་ལྷ་མོ་རྣམས་གཙོ་མོའོ། །དེ་བཞིན་དུ་ལྷ་མོ་སངས་རྒྱས་ 4-1-65 པར་རྣམས་སུ་ནི་ལེ་ཚེ་བརྒྱད་ཀྱི་གནས་སུ་བདུད་རྩིའི་རོ་ཡི་བུམ་པ་རྣམས་(དམ་ཚིག་པ་དང་ཡེ་ ཤེས་པ་)རོ་མཉམ་པར་འགྱུར་རོ་ཞེས་པ་ངེས་པ་སྟེ་དེ་བཞིན་གཤེགས་པའི་འཕར་མ་ལའོ། །དེ་ ནས་བྱང་ཆུབ་སེམས་དཔའི་འཕར་མའི་ཤར་གྱི་པད་མ་ལ་སྣ་དང་དྲི་རོ་མཉམ་པའོ། །ལྷོར་ མིག་དང་ཡུལ་གཟུགས་དང༌། ༥༦ བྱང་དུ་ལྕེ་དང་རོ་དང་ཆུར་ལུས་ཀྱི་དབང་པོ་དང་རེག་བྱ་ དང་ནམ་མཁར་རྣ་བ་དང་སྒྲ་དག་སྟེ་ལྷོའི་སྒོའི་གཡོན་དུའོ། །ས་འོག་ཏུ་ནི་ངེས་པར་ཡིད་ དང་ཆོས་ཀྱི་ཁམས་སུ་འགྱུར་ཏེ་ཤར་གྱི་སྒོའི་གཡོན་དུའོ། །དེ་ལྟར་དང་པོར་ཐབས་ནི་དྲུག་ པོ་དག་ཀྱང་དེ་བཞིན་གཤེགས་པའི་རིགས་ཀྱི་དབང་གིས་དཀྱིལ་འཁོར་གྱི་ལྷག་པའི་ལྷ་རུ་ འགྱུར་རོ། ༥༧ ། ཕྱི་ནས་ཤེས་རབ་ལ་སོགས་དྲུག་ཅེས་པ་ནི་ཆོས་ཀྱི་ཁམས་ལ་སོགས་པ་སྟེ་འདིར་མེར་ རེག་བྱ་རྡོ་རྗེ་མ་དང་ལུས་ཀྱི་དབང་པོའོ། །བདེན་བྲལ་དུ་རོ་རྡོ་རྗེ་མ་དང་ལྕེའོ། །དབང་ལྡན་ དུ་གཟུགས་རྡོ་རྗེ་མ་དང་མིག་གོ། རླུང་དུ་དྲི་རྡོ་རྗེ་མ་དང་སྣའོ། །ས་འོག་ཏུ་སྒྲ་རྡོ་རྗེ་མ་དང་ རྣ་བ་སྟེ་བྱང་སྒོའི་གཡོན་དུའོ། །ནམ་མཁའ་ལ་ཆོས་ཀྱི་ཁམས་དང་ཡིད་དེ། ནུབ་ཀྱི་སྒོའི་ གཡོན་དུ་རང་རང་གི་པད་མའི་གདན་ལ་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་དང་〔དམ་ ཚིག་པ〕རོ་མཉམ་དུ་བྱེད་པའོ། །དེ་ལྟར་སྐྱེ་མཆེད་བཅུ་གཉིས་པོ་རྣམས་ནི་བྱང་ཆུབ་སེམས་ དཔའི་འཕར་མ་ལའོ། །ད་ནི་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་རོ་མཉམ་པ་ཉིད་གསུངས་ཏེ་ཤར་གྱི་ སྒོར་(ངག་གི་དབང་པོ་)ནི་རབ་གཏུམ་རལ་གྲི་འཛིན་པ་ཤིན་ཏུ་སྟོབས་ཏེ་དེ་ཡི་ཕྱག་རྒྱ་〔བརྗོད་པ་〕རེངས་བྱེད་མའོ། །ལྷོའི་སྒོར་(ལག་པའི་དབང་པོར་)རྨུགས་བྱེད་དང་ཕྱག་རྒྱ་(ལེན་པ་)ང་རྒྱལ་མའོ། ། བྱང་གི་སྒོར་(རྐང་པའི་དབང་པོ་)ཁེངས་བྱེད་དང་ཕྱག་རྒྱ་〔འགྲོ་བ་〕རྨུགས་བྱེད་མའོ། །ནུབ་ཀྱི་ སྒོར་(བཤང་ལམ་གྱི་དབང་པོ་)རེངས་བྱེད་དང་དེའི་ཕྱག་རྒྱ་〔བཤང་བ་འཛག་པ་〕མཐའ་ཡས་བརྩོན་ འགྲུས་མར་འགྱུར་ཏེ་སྒོའི་དབུས་ན་གནས་པའི་པད་མ་〔རྣམས་〕ལ་རོ་མཉམ་པའོ། །ཐུགས་ 4-1-66 ཀྱི་དཀྱིལ་འཁོར་ལ་རོ་མཉམ་པར་བྱེད་པ་སྟེ་སྐྱེ་བ་ཅན་གྱི་ལྟེ་བའི་འཁོར་ལོ་དང་སྙིང་ཁའི་ པད་མ་ལའོ། །ཞེས་པ་ནི་ངེས་པའོ། ༥༨ ། དེ་བཞིན་དུ་ཁྲོ་བོའི་ཞར་ལས་བྱུང་བ་ཕྱི་རོལ་ཏུ་སྐུའི་དཀྱིལ་འཁོར་གྱི་སྒོ་སྐྱོང་སྟེ་ཤར་ དུ་དབྱུག་པ་སྔོན་པོ་དང་འོད་ཟེར་ཅན་རོ་མཉམ་པའོ། །ལྷོར་འདོད་པ་དང་ཙུན་དཱ་ཤིང་རྟ་ལ་ གནས་པའོ། །བྱང་དུ་མི་གཡོ་བ་དང་ཁྲོ་གཉེར་ཅན་མའོ། །ནུབ་ཏུ་བརྩོན་འགྲུས་མཐའ་ཡས་ ཏེ་སྟོབས་པོ་ཆེ་དང་ལྕགས་སྒྲོག་མ་རོ་མཉམ་པའོ། །ས་འོག་ཏུ་(མཆོག་གི་དབང་པོ་)གནོད་མཛེས་ རྒྱལ་པོ་དང་〔ས་བོན་འབབ་མ་〕དྲག་སྤྱན་མའོ། །སྟེང་དུ་(གསང་བའི་དབང་པོ་)གཙུག་ཏོར་དང་〔དྲི་ ཆུ་འབབ་མ་〕ཤིན་ཏུ་སྔོན་མོའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཤར་གྱི་སྒོ་ཡི་〔རྟ་བབས་ཀྱི་〕 སྟེང་དུ་གཙུག་ཏོར་དང་ནུབ་(རྟ་བབས་ཀྱི་སྟེང་)ཏུ་གནོད་མཛེས་ཏེ་གཉིས་པོ་དག་གིས་ཤིང་རྟ་(ཆུའི་ འཁོར་ཡུག་གི་ཕྱེད་ཕྱི་མ་ལ་)ཡང་ངོ་ཞེས་པ་ངེས་པའོ། །བསྒོམ་པ་ལ་ནི་འོག་དང་སྟེང་དུ་ཤིང་རྟའོ། ། ༈ སྙིང་པོའི་དཀྱིལ་འཁོར་ལ་ཁ་དང་དབང་པོ་དང་བཤང་ལམ་དང་གཙུག་ཏོར་ནི་སྒོ་ རྣམས་ཏེ་དབང་པོ་ཞེས་པ་ནི་གཅི་བ་དང་ཁུ་བའི་སྒོ(གཉིས་སུ་ཕྱེ་བའི་ལྔ)འོ། །ཕྱི་རོལ་ཏུ་སྐུའི་ དཀྱིལ་འཁོར་ལ་(སྒོ་ལྔ་ནི་)སྣ་དང་མིག་དང་ལྕེ་དང་ལུས་(དབང་པོ་རྣམས་གནས་པ་)དང་རྣ་བ་རྣམས་ ཏེ་བྱིས་པའི་ལུས་ལ་ཇི་ལྟ་བ་དེ་བཞིན་དུ་(དེ་རྣམས་རྣམ་པར་དག་པ་)དཀྱིལ་འཁོར་ལ་(སྒོ་ལྔ་ལྔ) འོ། །ཞེས་པ་ངེས་པའོ། །དེ་བཞིན་དུ་(བྱིས་པ་ལ་སྒྲ་སྐྱེ་བའི་)གནས་ལྔ་ནས་བརྗོད་པའི་དབང་གིས་ གསུང་གི་དཀྱིལ་འཁོར་གྱི་སྒོ་ལྔ་སྟེ་དེ་ལྟར་〔སྒོ་བཅོ་ལྔ་ལས་〕འོག་དང་སྟེང་དུ་(ཁྱབ་བྱེད་)སྟོང་ པའི་སྒོ་གསུམ་པོ་(ཐུགས་ལ་)ཁུ་བའི་སྒོ་(སྐུ་ལ་)དང་ལུས་(དབང་)དང་(གསུང་ལ་)མགྲིན་པའི་གནས་ ཀྱི་མཚན་ཉིད་སྤངས་ནས་〔ཁྱབ་བྱ་ལྷག་མ་བཅུ་གཉིས་པོ་〕དཀྱིལ་འཁོར་གསུམ་པོ་རྣམས་ལ་ སྒོ་བཅུ་གཉིས་སོ། །དེ་ལྟར་ཉི་མའི་དུས་སྦྱོར་གྱི་(རྣམ་པར་དག་པའི་)དབྱེ་བས་སྒོ་བཅུ་གཉིས་དང་ ཟླ་བའི་ཆ(རྣམ་པར་དག་པ)འི་དབྱེ་བས་(སྒོ་)བཅོ་ལྔ་སྟེ་སེམས་ཅན་ཐམས་ཅད་ཀྱི་སྐུ་དང་གསུང་ 4-1-67 དང་ཐུགས་ཀྱི་ཆོས་(རྣམ་པར་དག་པ་ཉིད་)ཀྱིས་སོ། །ཞེས་པ་ནི་ངེས་པའོ། ། ༈ འདིར་གསུང་གི་དཀྱིལ་འཁོར་ལ་སོགས་པར་རོ་མཉམ་པ་ཉིད་དང་གཡོན་བརྐྱང་ལ་ སོགས་པའི་སྟབས་རྣམས་ནི་གོ་སླ་སྟེ། ༥༩ གསུང་ལས་སྐྱེས་པའི་དཀྱིལ་འཁོར་དུ་ནི་ཞེས་པ་ ནས་བརྩམས་ཏེ་རྡོ་རྗེ་གར་གྱི་སླད་དུའོ། །ཞེས་པའི་མཐར་ཐུག་པ་ཚིགས་སུ་བཅད་པ་ཕྱེད་ དང་བཅས་པ་དགུ་ནི་གོ་སླའོ། ། ༈ ད་ནི་ཅོད་པན་ཞེས་པ་ལ་སོགས་པས་ལྷ་རྣམས་ཀྱི་རིགས་ཀྱི་རྒྱས་གདབ་པ་གསུངས་ པ་འདིར་མཆོག་གི་དང་པོའི་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་ཅོད་པན་དག་ལ་ཕན་ཚུན་རྡོ་ རྗེ་ཡི་ནི་རྡོ་རྗེར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན་ཡེ་ཤེས་(ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ་)དང་རྣམ་པར་ ཤེས་པ(འི་ཕུང་པོ་མི་བསྐྱོད་པ་)ཕན་ཚུན་ཡང་དག་པར་སྦྱོར་བའི་ཕྱིར་རོ། །དེ་བས་ན་ཡེ་ཤེས་ཀྱིས་ རྣམ་པར་ཤེས་པ་དང་རྣམ་པར་ཤེས་པས་ཡེ་ཤེས་ལ་སྟེ་(རྒྱས་གདབ་པ་)གཉི་གའི་སྤྱི་བོ་ལ་(ཡེ་ཤེས་ དང་རྣམ་ཤེས་འདྲེས་པ་)ཐུགས་རྡོ་རྗེ་〔ནག་པོ་སྤྲུལ་བའི་སྐུའི་རྣམ་པ་〕ཆོས་གོས་དང༌། གཙུག་ཏོར་ འཛིན་པ་རྡོ་རྗེ་དཀྱིལ་ཀྲུང་གིས་གནས་པ་ས་ལ་རེག་པའི་ཕྱག་རྒྱས་དེ་བཞིན་གཤེགས་པའི་ དབུགས་དབྱུང་བས་(འདི་གཙོ་བོའི་རྒྱས་གདབ་ཏུ་བྱེད་པ་ནི་མི་འཐད་དེ་སོ་སོའི་རྒྱས་འདེབས་ཡིན་པའི་ཕྱིར་དང་གཙོ་བོ་ ལ་མི་བསྐྱོད་པའི་ཅོད་པན་རང་ཆས་སུ་ཡོད་པའི་ཕྱིར་)སོ། །(རིགས་འདྲེས་པ་)ངོ་བོ་ཉིད་ཀྱི་རིགས་ལ་(རྡོ་རྗེ་སེམས་ དཔའ་གཙོ་བོ་)ནི་རིགས་ལྔས་རྒྱས་གདབ་པ་བཀག་སྟེ་སངས་རྒྱས་〔རིགས་ལྔ་〕རྣམས་ཀྱི་བསྐྱེད་ པར་བྱེད་པ་པོ་ཡིན་(ལ་སངས་རྒྱས་རིགས་ལྔས་དེ་བསྐྱེད་པ་མ་ཡིན་)པའི་ཕྱིར་རོ(དེ་ལྟར་ན་གཙོ་བོ་ལ་མི་བསྐྱོད་ པའི་ཅོད་པན་དུ་བྱེད་པ་མི་འཐད་དོ་སྙམ་ན་དེ་ནི་དེའི་བདག་ཉིད་དུ་མཚོན་པའི་ཅོད་པན་ཡིན་གྱི་རྒྱས་འདེབས་ཀྱི་ཅོད་པན་མ་ ཡིན་པའི་ཕྱིར་རོ་སྐྱོན་མེད་དོ)། །ཡང་ན་ཡེ་ཤེས་དང་རྣམ་པར་ཤེས་པ〔གཟུགས་སོ་སོ་བ〕འི་ཆོས་ཀྱིས་ (རྡོ་རྗེ་སེམས་དཔའ་ལ་ཡང་)སངས་རྒྱས་ལྔའི་བདག་ཉིད་ཀྱི་(ནང་ནས་མི་བསྐྱོད་པའི་)ཅོད་པན་ནི་རེས་ འགའ་ན་(སྟེ་རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་གཟུགས་ཐ་དད་དུ་བྱ་པའི་ཚེ་ཕན་ཚུན་རྒྱས་བཏབ་པ་ལྟ་བུ)འོ་ཞེས་པ་ 4-1-68 ངེས་པའོ། །གཟུགས་ཀྱི་སྟེང་དུ་མི་བསྐྱོད་པ་སྟེ་སྐུའི་རྣམ་པ་ཐུགས་ཀྱིས་(གསལ་བར་བྱེད་)ཞེས་ གསུངས་པའི་ཕྱིར་རོ། །གསལ་བར་པད་མར་འཛིན་པ(རྒྱས་འདེབས་པ)འི་རྣམ་པར་སྣང་མཛད་ ཉིད་དུ་འགྱུར་ཏེ་ལུས་ཀྱིས་གསུང་སོ་སོར་བརྗོད་པས་ཞེས་གསུངས་པའི་ཕྱིར་རོ། ༦༩ ། རིན་ཆེན་དབང་པོའི་ཆུ་སྐྱེས་འཛིན་(རིན་ཆེན་འབྱུང་ལྡན་)ཏེ་རྡུལ་གྱི་ཆོས་ཅན་〔ནི་གཤེར་བ་ལས་ བྱུང་བ་〕ཉིད་ཀྱི་ཕྱིར་རོ། །དོན་ཡོད་གྲུབ་པའི་ཅོད་པན་ལ་ནི་རབ་མཆོག་ནོར་བུའི་ཕྱག་སྟེ་ ཁྲག་ལས་ཤ་འབྱུང་བའི་ཕྱིར་རོ། །(རྒྱས་གདབ་བྱ་རྒྱལ་བ་རིགས་)དྲུག་ནི་རལ་པའི་ཅོད་པན་ཅན་དུ་ འགྱུར་ཏེ་ཡོན་ཏན་དབང་གིས་ཞེས་པ་ལ་ཡོན་ཏན་ནི་མུ་སྟེགས་པ་རྣམས་གཞུག་པར་བྱ་བའི་ སླད་དུ་དབང་ཕྱུག་གི་ཞལ་རྣམ་པར་དག་པས་(རིགས་དྲུག་གི་)ཞལ་དྲུག་གམ་ཚངས་པའི་མཚན་ ཉིད་(རིགས་)ལྔའི་ཞལ་ལྔ་ནི་རལ་བའི་ཅོད་པན་འཛིན་པ(སྟེ་མིང་མཐུན་པར་བསྟན་པས་འཇུག་པའི་དགོས་ པ་ཡོད་ཅིང་དོན་ནི་དབང་ཕྱུག་དང་ཚངས་པ་གཞན་ཡེ་ཤེས་ཀྱི་སྐུའི་རིགས་དྲུག་དང་རིགས་ལྔའི་རྣམ་པ)འོ། །འདིར་(དབང་ ཕྱུག་གི་ཞལ་ལམ་རང་བཞིན་དྲུག་གི་དང་པོ་ནི་)དེ་མ་ཐག་པ་སྟེ་〔རང་གི་ལུགས་ལ་〕རྣམ་པར་སྣང་མཛད་ དང་(གཉིས་པ་ནི་)གཡོན་གྱི་ལྷ་སྟེ་སྣང་བ་མཐའ་ཡས་དང་(གསུམ་པ་ནི་)མི་འཇིགས་པ་སྟེ་རིན་ ཆེན་འབྱུང་ལྡན་དང་(བཞི་པ་ནི་)དེའི་སྐྱེས་བུ་སྟེ་དོན་ཡོད་གྲུབ་པ་དང་(ལྔ་པ་ནི་)དབང་ལྡན་ཏེ་མི་ བསྐྱོད་པ་དང་(དྲུག་པ་ནི་)དུས་ཀྱི་མེ་སྟེ་རྡོ་རྗེ་སེམས་དཔའ་རྣམས་ནི་ས་དང་ཆུ་དང་མེ་དང་རླུང་ དང་ནམ་མཁའ་དང་ཡེ་ཤེས་ཀྱི་རང་བཞིན་ཐ་མལ་པ(ཁྱིམ་པའི་རྣམ་པ)འི་ཕུང་པོ་རྣམས་(མཚོན་བྱེད་)ཏེ་(དེ་རྣམས་)དག་པའི་ཕུང་པོ་གཙུག་ཏོར་དང་ཆོས་གོས་འཛིན་པ་(མཚོན་བྱེད་)རྣམས་ཀྱིས་རྒྱས་ བཏབ་པའོ། །(ཆོས་གོས་ཅན་དྲུག་གི་རྒྱས་གདབ་བྱ་)དེ་ལྟར་དྲུག་ནི་རལ་པའི་ཅོད་པན་ཅན་ཞེས་བྱའོ། ། 〔རྒྱལ་བ་རིགས་དྲུག་པོའི་〕ལྷག་མའི་འཁོར་ལོ་ཡི་ལྷ་དང་ལྷ་མོ་རྣམས་ཀྱི་ཅོད་པན་ནི་རིན་ པོ་ཆེ་སྣ་ཚོགས་པའི་རང་བཞིན་དང་རང་རང་གི་རིགས་ཀྱིས་རྒྱས་བཏབ་པ་སྟེ་(དེ་ཡང་)འཆད་ པར་འགྱུར་བ་ལས་(རིགས་ཅན་)གང་ཞིག་(རིགས་)གང་གིས་བསྐྱེད་པ་དེ་ནི་(རིགས་)དེས་རྒྱས་ 4-1-69 གདབ་པོ། ། ༈ (རྩ་རྒྱུད་ཀྱི་ནང་ལེར་གནས་པ་བཅུ་གཅིག་པ། ཁམས་རྣམས་ལྷའི་མཚན་མ་འབྱུང་ བའི་ངོ་བོ་ཉིད་ཀྱི་གནས་པ་ཞེས་གང་གསུངས་པ་དེར་བསྡུས་རྒྱུད་ཀྱི་ནང་ལེ་ན་མི་བཞུགས་ ཤིང་འདིར་འཇམ་དཔལ་གྱིས་ལྷའི་མཚན་མ་རྣམས་ལྷའི་སྐབས་སུ་འབྲེལ་པར་དགོངས་ ནས་གསུངས་པ)ད་ནི་འཁོར་ལོ་ལ་སོགས་པའི་མཚན་མ་རྣམས་ཀྱི་རབ་ཏུ་སྐྱེ་བ་གསུངས་པ་ ས་ལས་ཞེས་པ་ལ་སོགས་པ་སྟེ་འདིར་སའི་ས་བོན་ལྀ་ཡིག་(གཟུགས་)ལས་འཁོར་ལོ་ རབ་ཏུ་སྐྱེའོ། །ཆུ་ལས་ཏེ་ཨུ་ཡིག་ལས་(འདུ་ཤེས་ཀྱི་)པད་མ་དང་མེ་ལས་ཏེ་རྀ་ཡིག་ལས་ 〔ཚོར་བའི་〕ནོར་བུ་དང་རླུང་ལས་ཏེ་ཨི་ཡིག་ལས་(འདུ་བྱེད་ཀྱི་)རལ་གྲི་དང་སྟོང་པ་ལས་ཏེ་ཨ་ ཡིག་ལས་(རྣམས་ཤེས་ཀྱི་)རྡོ་རྗེ་དང་ཡེ་ཤེས་ལས་ཏེ་ཨཾ་ཡིག་ལས་(ཡེ་ཤེས་ཀྱི་)གྲི་གུག་ཏུ་འགྱུར་ ཞེས་བྱ་བ་དང་འབྲེལ་ལོ། ༧༠ ། དེ་བཞིན་དུ་ལྀ་ཡིག་ལས་〔རེག་བྱའི་〕གོས་སུ་འགྱུར་རོ། །ཨཱུ་ཡིག་ལས་(རོའི་)བདུད་ རྩིའི་སྣོད་དང་རཱྀ་ཡིག་ལས་〔གཟུགས་ཀྱི་〕མེ་ལོང་དང་ཨཱི་ཡིག་ལས་〔དྲྀ་རྡོ་རྗེ་མ་〕དྲི(འི་དུང་)དང༌། ཨཱ་ཡིག་ལས་〔སྒྲའི་〕རྒྱུད་མངས་དང་རྣམ་པར་བཅད་པ་ཅན། ཨཱཿཡིག་ལས་ 〔ཆོས་ཀྱི་ཁམས་ཀྱི་〕ཆོས་འབྱུང་སྟེ་ས་ལ་སོགས་པའི་ཡོན་ཏན་གྱི་〔ཡུལ་རྣམས་ཀྱི་〕དབྱེ་བས་ མཚན་མ་རྣམས་སོ〔འདི་རྣམས་ཀྱི་ས་བོན་གྱི་ཁམས་དང་ལྷའི་ཁམས་མི་མཐུན་ཡང་བསམ་ པའི་དབྱེ་བའི་དབང་དུ་བྱས་པ་ཡིན་པས་སྐྱོན་མེད་དོ་〕། །དེ་བཞིན་དུ་ཨལ་ཡིག་ལས་〔འདུ་ བྱེད་ཀྱི་〕ཕུབ་དང་ཨོ་ཡིག་ལས་〔འདུ་ཤེས་〕མདུང་དང་ཨར་ཡིག་ལས་〔ཚོར་བའི་〕མདའ་དང་ ཨེ་ཡིག་ལས་〔སྟོང་པའི་རིགས་ཀྱི་〕དགྲ་སྟ་དང་ཨ་ཡིག་ལས་(ཚོར་བའི་)ཌ་མ་རུ་སྟེ་ཡོན་ཏན་གྱི་ དབྱེ་བས་མཚན་མ་ལྔའོ། །དེ་བཞིན་དུ་ཨཱལ་ཡིག་ལས་〔གཟུགས་ཀྱི་〕དབྱུག་པ་དང་ཨཽ་ཡིག་ ལས་〔ཚོར་བའི་〕ཞགས་པ་དང་ཨཱར་ཡིག་ལས་〔ཚོར་བའི་〕ལྕགས་ཀྱུ་དང་ཨཻ་ཡིག་ལས་〔འདུ་ 4-1-70 ཤེས་ཀྱི་〕ཐོ་བ་དང༌། ཨཱ་ཡིག་ལས་〔འདུ་ཤེས་འདུ་བྱེད་ཀྱི་〕རྩེ་གསུམ་སྟེ་འཕེལ་བའི་དབྱངས་ ཀྱིས་མཚན་མ་ལྔའོ། ༧༡ ། དེ་བཞིན་དུ་ལ་ཡིག་ལས་〔ཚོར་བའི་〕གཞུ་དང་ཝ་ཡིག་ལས་(ཡང་ན་སྒྲོལ་མ་དང་ཀུན་ཏུ་བཟང་པོའི་ ཁ་ཊྭཱྃ་ག་དང་ཚངས་མགོའི་གནས་སུ་)ཨུད་པ་ལ་དང་ར་ཡིག་ལས་〔སྟོང་པའི་རིགས་ཀྱི་ཚངས་པའི་〕མགོ་ བོ་དང་ཡ་ཡིག་ལས་〔འདུ་བྱེད་ཀྱི་〕ཁ་ཊྭཱྃ་ག་དང་ཧ་ཡིག་ལས་〔སྟོང་པ་དང་གཟུགས་ཀྱི་〕དྲིལ་ བུའོ། །དེ་བཞིན་དུ་ལཱ་ཡིག་ལས་〔གཟུགས་ཀྱི་〕ལྕགས་སྒྲོག་དང༌། ཝཱ་ཡིག་ལས་〔གཟུགས་ཀྱི་〕 དུང་དང༌། རཱ་ཡིག་ལས་〔འདུ་བྱེད་དང་སྟོང་པའི་རིགས་ཀྱི་〕ཐོད་པ་དང་〔དེ་དང་དེའི་རིགས་ ཅན་རྣམས་ཀྱི་ཡང་སྟེ་ག ཙོ་བོའི་ཕྱག་མཚན་རྣམ་ཀྱང་ངོ་〕ཡཱ་ཡིག་ལས་〔ག ཙོ་བོ་དང་ཁྲོ་བོ་ རྣམས་ཀྱི་〕སྟག་གི་ལྤགས་པ་དང༌། ཧཱ་ཡིག་ལས་(རྡོ་རྗེ་ཤུགས་ཀྱི་)གླང་པོ་ཆེའི་ལྤགས་པ་སྟེ་ཡ་ཎར་ བསྒྱུར་བ་རིང་པོ་རྣམས་ཀྱིས་སོ། །མཚན་མ་སུམ་ཅུ་རྩ་གཉིས་ཀྱི་དབྱངས་ཀྱི་ངེས་པའོ། ། ༈ འདིར་ནི་(དེ་རྣམས་ཀྱི་)ལྷག་མ་ཉེ་བའི་མཚན་མ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་ མཁའ་ལས་སྐྱེས་པ། །དེ་རྣམས་(རང་རང་གི་ཁམས་ཀྱི་)རང་བཞིན་ཡོན་ཏན་དབང་གིས་ཤེས་ པར་བྱ་བ་ཉིད་དེ་(གསུང་དང་སྐུའི་)ལྷ་དང་ལྷ་མོ་རྣམས་ཀྱིའོ། །(དོན་དམ་པའི་)ཞེས་པ་ཙར་ཙི་ཀཱ་ལ་ སོགས་པ་(དང་བདེན་བྲལ་ལ་སོགས་པ་དང་སྟོབས་ཀྱི་རྒྱུ་དང་ཁྱི་གདོང་མ་ལ་སོགས་པ་)ཐམས་ཅད་ཀྱི་མཚན་མ་ རྣམས་རླུང་〔དང་མེ་〕ལ་སོགས་པའི་དབྱེ་བས་རིགས་པར་བྱའོ། ༧༢ ། 〔དེ་ལྟར་བཤད་པ་རྣམས་ནི་ཉིད་རྒྱུད་〕འདིར་གསུངས་པ་〔མཚན་མ་སུམ་ཅུ་རྩ་གཉིས་པོ་〕 གང་ཞིག་ལྀ་ལ་སོགས་པ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའ་ལས་སྐྱེས་(པའི་ ལྔ་ཚན་གསུམ་པོ་)ཐུང་ངུ་དང༌། རིང་པོའི་རབ་དབྱེས་རིམ་པར་ཡོངས་བཀོད་སུམ་ཅུའི་དབྱངས་ ནི་ངེས་པར་པད་མ་ལ་གནས་ཟླ་བ་དང༌། །ཉི་མའི་གདན་ལ་གནས་པ་འཁོར་ལོ་ལ་སོགས་ མཚན་མ་(སུམ་ཅུ་པོ་)དེ་རྣམས་མཐའ་དག་རྣམས་ཀྱི་རང་གི་སྔགས(ཀྱི་ས་བོན་དུ་འགྱུར་ལ་)། །གང་ 4-1-71 ཞིག་ཁོ་ནར་མཚན་མ་དྲུག་པ〔གྲི་གུག་དང་ཆོས་འབྱུང་གསལ་བ〕ར་གྱུར་པ་དེར་ནི་(ཡེ་ཤེས་ཀྱི་) ཡོན་ཏན་དབང་གིས་གཞོམ་དུ་མེད་པ〔ཐིག་ལེ་དང་རྣམ་པར་བཅད་པ〕ར་འགྱུར〔ཏེ་སྔར་ བསྟན་པ་ཨྃ་དང་ཨཿ་དེ་དག་ཉིད་དོ〕། (ཡང་ན་ཡོན་ཏན་དང་འཕེལ་བ་དང་ཡ་ཎར་བསྒྱུར་བ་ལ་ཡང་མཚན་མ་ དྲུག་པར་གྱུར་ན་གཞོམ་དུ་མེད་པ་ཐིག་ལེ་དང་ཚེག་དྲག་ལས་འགྱུར་ཞེས་སྦྱོར་)། དེ་ལྟར་ས་བོན་གྱིས་མཚན་མ་ བསྐྱེད་པ་དང་མཚན་མས་ལྷ་བསྐྱེད་པ་ནི་རྣལ་འབྱོར་པས་ཐམས་ཅད་དུ་རྟོགས་པར་བྱའོ་ ཞེས་པ་རྒྱུད་ཀྱི་ངེས་པའོ། ༧༣ ། ༈ ད་ནི་ནཱ་ད་ཞེས་པ་ལ་སོགས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་སྐྱེ་ བའི་ས་བོན་གྱི་ཡི་གེ་གསུངས་ཏེ་ནཱ་ད་ནི་གཞོམ་དུ་མེད་པ(ཡེ་ཤེས་ཀྱི་སྐུ)འོ། །དཔལ་ལྡན་རྡོ་རྗེ་ སེམས་དཔའ་ནི་ཡེ་ཤེས་ཀྱི་ཕུང་པོ〔ཨཾ〕འོ། །དེ་ལྟར་ཐམས་ཅད་དུ་མིང་དང་མིང་ཅན་གྱི་འབྲེལ་ བ་སྟེ་འདི་ལྟར་ཨ་ནི་མི་བསྐྱོད་པ་དང་ཨི་ནི་དོན་ཡོད་གྲུབ་པ་དང༌། རྀ་ནི་རིན་ཆེན་འབྱུང་ ལྡན་དང་ཨུ་ནི་སྣང་བ་མཐའ་ཡས་དང་ལྀ་ནི་རྣམ་པར་སྣང་མཛད་དང་ལཱྀ་ནི་ སྤྱན་མ་དང་ཨཱུ་ནི་མཱ་མ་ཀཱི་དང་རཱྀ་ནི་གོས་དཀར་མོ་དང་ཨཱི་ནི་སྒྲོལ་མ་དང་ཨཱ་ནི་རྡོ་ རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། ༧༤ གཞོམ་དུ་མེད་པ་ཨཱཿཞེས་པ་ནི་དཔལ་ལྡན་(སྣ་ཚོགས་) ཡུམ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །དེ་ལྟར་ལུས་དང་བསམ་པའི་དབྱེ་བས་ཐུང་ངུ་ དང་རིང་པོའི་དབྱངས་རྣམས་ཀྱི་སྐྱེ་བའོ། །དེ་བཞིན་དུ་མཆོག་གི་རྒྱལ་བའི་བདག་པོ་(རྡོ་རྗེ་ སེམས་དཔའ་དུས་ཀྱི་འཁོར་ལོ་)ཡེ་ཤེས་ཀྱི་ཕུང་པོ་དང་སྣ་ཚོགས་ཡུམ་ཡེ་ཤེས་ཀྱི་ཁམས་ནི་ཕན་ཚུན་ ལུས་དང་བསམ་པ(ཐབས་དང་ཤེས་རབ་པོ)འོ། །〔དུས་ཀྱི་འཁོར་ལོ་མི་བསྐྱོད་པ་〕རྣམ་པར་ཤེས་པ་ དང་ནམ་མཁའི་ཁམས་〔རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཐབས་དང་ཤེས་རབ་པོ〕སོ། །(འདིར་ ཐབས་དང་ཤེས་རབ་རིགས་མཐུན་འཁྱུད་པ་ནི་དུས་ཀྱི་འཁོར་ལོ་ཁྱབ་བྱེད་འདྲེས་པའི་རིགས་སུ་མཚོན་པ་ཡིན་པས་ཁྱབ་བྱ་ རིགས་སུམ་ཅུ་རྩ་དྲུག་གི་སྐབས་ཀྱི་ཐབས་ཤེས་རིགས་མི་མཐུན་འཁྱུད་པ་དང་འགལ་བ་མེད་དོ་ཞེས་གསུངས་སོ)འདུ་བྱེད་ 4-1-72 དང་སའི་ཁམས་དང་༧༥ ཚོར་བ་དང་ཆུའི་ཁམས་དང་འདུ་ཤེས་དང་མེའི་ཁམས་དང་གཟུགས་ དང་རླུང་གི་ཁམས་སོ། །དེ་བཞིན་དུ་ཨཾ་ཡིག་ནི་ཀུན་ཏུ་བཟང་པོ་དང་ཨ་ཡིག་ནི་ཕྱག་ན་རྡོ་རྗེ་ དང་ཨེ་ཡིག་ནི་ནམ་མཁའི་སྙིང་པོ་དང་ཨར་ཡིག་ནི་སའི་སྙིང་པོ་དང་༧༦ ཨོ་ནི་འཇིག་རྟེན་ དབང་ཕྱུག་དང༌། ཨལ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །དེ་བཞིན་དུ་ཨཱ་ནི་ཆོས་ ཀྱི་ཁམས་དང་ཨཿནི་སྒྲ་རྡོ་རྗེ་མ་དང་ཨཻ་ནི་རེག་བྱ་རྡོ་རྗེ་མ་དང་ཨཱར་ནི་རོ་རྡོ་རྗེ་མ་དང་ཨཽ་ནི་ གཟུགས་རྡོ་རྗེ་མ་དང་ཨལ་ནི་དྲི་རྡོ་རྗེ་མའོ། ༧༧ ། ཀུན་ཏུ་བཟང་པོ་དང་ཆོས་ཀྱི་ཁམས་ནི་ཕན་ཚུན་ལུས་དང་བསམ་པའོ། །ཕྱག་ན་རྡོ་རྗེ་ དང་སྒྲ་རྡོ་རྗེ་མ་ཟུང་སྟེ་ལུས་དང་བསམ་པའོ། །ནམ་མཁའི་སྙིང་པོ་དང་དྲི་རྡོ་རྗེ་མའོ། །འཇིག་ རྟེན་དབང་ཕྱུག་དང་རོ་རྡོ་རྗེ་མའོ། །སའི་སྙིང་པོ་དང་གཟུགས་རྡོ་རྗེ་མའོ། །སྒྲིབ་པ་ཐམས་ ཅད་རྣམ་པར་སེལ་བ་དང་རེག་བྱ་རྡོ་རྗེ་མའོ། །དེ་ལྟར་རིགས་ནི་དྲུག་པོ་ངེས་པར་རང་བཞིན་ ཡོན་ཏན་དབང་གིས་〔ཐབས་ཤེས་སུ་〕ཡང་དག་པར་ནི་རྣལ་འབྱོར་པས་རིག་པར་བྱ་ཞེས་པ་ ནི་ངེས་པའོ། ༧༨ ། ད་ནི་ཧྃ་ཞེས་པ་ལ་སོགས་པས་ཁྲོ་བོ་རྣམས་ཀྱི་རིགས་ལྔའི་ས་བོན་གསུངས་པ་འདིར་ཧྃ་ ཡིག་ནི་གཙུག་ཏོར་འཁོར་ལོས་སྒྱུར་བར་འགྱུར་ཏེ་ལུས་ཀྱི་དབང་གིས་ཞེས་པ་ལུས་ཀྱི་དབྱེ་ བ་ལས་སོ། །དེ་ལྟར་གཞན་རྣམས་ཀྱང་ངོ༌། །ཧཿནི་ཤིན་ཏུ་སྔོན་མོའོ། །ཧ་ནི་གནོད་མཛེས་ དང་ཧཱ་ནི་དྲག་སྤྱན་མའོ། །ཡཾ་ནི་ཤིན་ཏུ་སྟོབས་དང་ལཱཿནི་རེངས་བྱེད་མའོ། །རྃ་ནི་རྨུགས་ བྱེད་དང་ཝཿནི་ང་རྒྱལ་མའོ། །ཝྃ་ནི་ཁེངས་བྱེད་དང་རཱཿནི་རྨུགས་བྱེད་མའོ། ༧༩ ། ལྃ་ནི་རེངས་བྱེད་དང་ཡཱཿནི་ཤིན་ཏུ་བརྩོན་འགྲུས་མའོ། །དེ་བཞིན་དུ་ཡ་ཝ་ར་ལ་ནི་ གྲངས་བཞིན་དུ་དབྱུག་པ་སྔོན་པོ་དང་མི་གཡོ་བ་དང་འདོད་པ་དང་སྟོབས་པོ་ཆེར་འགྱུར་རོ། ། ལུས་ཀྱི་དབང་གིས་ལྷ་མོ་རྣམས་ཀྱི་རིང་པོ་སྟེ་གླང་པོ་ཆེའི་ཤིང་རྟ་ལ་ཡཱ་ནི་རྡོ་རྗེ་ལྕགས་ 4-1-73 སྒྲོག་མ་དང་རྟའི་ཤིང་རྟ་ལ་ཝཱ་ནི་ཙུན་དཱ་དང་སེང་གེའི་ཤིང་རྟ་ལ་རཱ་ནི་ཁྲོ་གཉེར་ཅན་མ་དང་ ཕག་གི་ཤིང་རྟ་ལ་ལཱ་ནི་འོད་ཟེར་ཅན་མའོ། །དེ་བཞིན་དུ་དབྱུག་སྔོན་དང་འོད་ཟེར་ཅན་ནི་ ཟུང་སྟེ་ཕན་ཚུན་ལུས་དང་བསམ་པའོ། །མི་གཡོ་བ་དང་ཁྲོ་གཉེར་ཅན་མའོ། །ཤིན་ཏུ་སྟོབས་ དང་རྡོ་རྗེ་ལྕགས་སྒྲོག་མའོ། ༨༠ ། འདོད་པའི་རྒྱལ་པོ་དང་ཙཱུན་དཱ་ནི་ཟུང་སྟེ་དཀྱིལ་འཁོར་ལ་ནི་བདེ་བ་དམ་པའི་དོན་ དུའོ། །ཞེས་པ་ནི་གཞན་གྱི་རིགས་ལ་འཁྱུད་པས་སོ། །དེ་བཞིན་དུ་ནུས་མའི་ས་བོན་རྣམས་ ཏེ་ནུས་མ་ནི་དུ་བ་ལ་སོགས་པ་མཚན་མ〔བརྒྱད་དམ་བཅུ་〕འི་རྣལ་འབྱོར་མ་རྣམས་སོ། །དེ་ ལ་ཨ་ཡིག་དག་དང་ཨཾ་དང་རྣམ་པར་བཅད་པ་ནི་ཨ་ཨཱ་ཨཾ་ཨཿསྟེ་རིམ་པ་བཞིན་དུ་ནག་མོ་ འབར་མ་དང་སེར་མོ་འབར་མ་དང་དཀར་མོ་འབར་མ་དང་དམར་མོ་འབར་མའོ། །དེ་བཞིན་ དུ་ཧཾ་དང་ཧཿདང་ཧ་ཧཱ་སྟེ་ཧཾ་ནི་མཁའ་གསལ་མ་དང་ཧཱཿནི་སྨིག་རྒྱུ་མ་དང་ཧ་ནི་དུ་བ་མ་དང་ ཧཱ་ནི་མར་མེ་མ་སྟེ་དེ་ལྟར་ཡི་གེ་བརྒྱད་ལས་སྐྱེས་པ་(ཁྱབ་བྱའི་)ནུས་མ་བརྒྱད་(ཁྱབ་བྱེད་ཆ་དང་ཐིག་ ལེ་ནི་ཕྲེཾ་ཧོཿཞེས་པའོ)དོ། །བུམ་པ་རྣམས་ལ་དེ་བཞིན་ཧ་ཡིག་(ལ་)རླུང་(ཨི་ཨཱི་)དང་མེ་(རི་རཱི་)དང་ཆུ་(ཨུ་ ཨཱུ་)དང་ས་(ལི་ལཱི་)ཡི་དབྱངས་ཀྱིས་ཕྱེ་བར་འགྱུར་ཞེས་པ་ནི་ཤར་གྱི་བུམ་པ་དག་ལ་ཧི་ཧཱི་དང་ ལྷོའི་བུམ་པ་དག་ལ་ཧྼྀ་ཧྼཱྀ་དང་བྱང་གི་བུམ་པ་དག་ལ་ཧུ་ཧཱུ་དང་ནུབ་ཀྱི་བུམ་ པ་དག་ལ་ཧླྀ་ཧླཱྀ་སྟེ་རླུང་ལ་སོགས་པའི་དབྱེ་བ་(ཁྱབ་བྱེད་གཉིས་ནི་ཧཾ་ཧཱ)འོ། །དེ་བཞིན་ དུ་ༀ་ནི་〔སྐུ་རྡོ་རྗེ་〕ཆོས་ཀྱི་དུང་(སྟེ་སྒྲ་ཆེན་ལྡན་)དང་ཧུྃ་ནི་〔ཐུགས་རྡོ་རྗེ་〕ཡིད་བཞིན་གྱི་ནོར་བུ་(ཆེན་ པོ་འཆང་)དང་ཧོ་ནི་(ཡེ་ཤེས་རྡོ་རྗེ་)དཔག་བསམ་གྱི་ཤིང་(ཆེན་རྒྱས་པ་སྟེ་)དང་ཨཱཿནི་(གསུང་རྡོ་རྗེ་)ཆོས་ཀྱི་ གན་ཌཱི་(སྒྲ་བོ་ཆེ་)སྟེ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷའི་ས་བོན་གྱི་ཡི་གེའོ། ༨༡ ། ༈ ད་ནི་གསུང་གི་དཀྱིལ་འཁོར་ལ་ཙར་ཙི་ཀཱ་ལ་སོགས་པའི་ས་བོན་གྱི་ཡི་གེ་རྣམས་ གསུངས་ཏེ་ཧ་ཡིག་ནི་ཙཱ་མུན་ཌཱའོ། །ཧྃ་ནི་དབང་ཕྱུག་ཆེན་མོ་དང་ཧཿནི་ཕག་མོ་དང་ཧཱ་ནི་ 4-1-74 དབང་མོ་དང་ཀྵ་ནི་ཁྱབ་འཇུག་མ་དང་ཀྵཱ་ནི་ཚངས་མ་དང་ཀྵཾ་ནི་དཔལ་ཆེན་མོ་དང་ཀྵཿ ནི་ གཞོན་ནུ་མ་སྟེ་གཙོ་མོ་རྣམས་ཀྱི་ས་བོན་ནོ། །དེ་བཞིན་དུ་འདབ་མའི་ལྷ་མོ་རྣམས་ཀྱི་ནི་ རིམ་པ་བཞིན་དུ་ཤར་ལ་སོགས་པ་ཕྱོགས་བརྒྱད་ཀྱི་རྒྱབ་ཀྱི་པད་མའི་འདབ་མ་རྣམས་ལ་ཧཱི་ ཧྼཱྀ་ཧཱུ་ཧ??ཹ་ཀྵཱི་ཀྵྼཱྀ་ཀྵཱུ་ཀྵཹའོ། །ཐུང་ངུའི་དབྱངས་རྣམས་མདུན་དུའོ་ཞེས་པ་〔མདུན་ གྱི་〕འདབ་མ་བརྒྱད་པོ་རྣམས་ལ་ཧི་ཧྼྀ་ཧུ་ཧླྀ་ཀྵྀ་ཀྵྼྀ་ཀྵུ་ཀྵླྀ་ཞེས་པ་སྟེ། ༨༢ 〔དེ་ལྟར་〕ཤར་གྱི་པད་མའི་འདབ་མ་(རྒྱབ་མདུན་)དག་དང་(དེ་བཞིན་དུ་)ལྷོའི་དག་དང་བྱང་གི་དག་ དང་ནུབ་ཀྱི་དག་དང་མེའི་དག་དང་བདེན་བྲལ་གྱི་དག་དང༌། དབང་ལྡན་གྱི་དག་དང་རླུང་ གི་དག་ལའོ(རིང་ཐུང་བཅུ་དྲུག་པའོ)། །ལྷག་མའི་འདབ་མ་དྲུག་པོ་རྣམས་ལ་ནི་འདབ་མ་དྲུག་ལ་ ཡ་ལ་སོགས་དབྱངས་དྲུག་གིས་ཕྱེ་ཐུང་ངུ་རིང་པོ་རྣམས་ནི་རིམ་པར་ཡོངས་བཀོད་པ་ཞེས་པ་ སྟེ་ཕྱོགས་དང་ཕྱོགས་བྲལ་གྱི་པད་མའི་འདབ་མ་རྣམས་ལའོ། །དེ་ལ་ཙཱ་མུན་ཌཱའི་པད་མའི་ འདབ་མ་ལ་མདུན་དུ་ཧི་ཡིག་སྔར་བཀོད་པ་སྟེ་དེ་ནས་གཡས་སྐོར་གྱིས་འདབ་མ་གཉིས་པ་ ལ་ཡ་དང་གསུམ་པ་ལ་ཡི་དང་བཞི་པ་ལ་ཡྼྀ་དང་ལྔ་པ་ལ་སྔར་བཀོད་པའི་ཧཱི་དང་ དྲུག་པ་ལ་ཡུ་དང་བདུན་པ་ལ་ཡླྀ་དང་བརྒྱད་པ་ལ་ཡྃ་ངོ༌། །དེ་བཞིན་དུ་ཁྱབ་འཇུག་ མའི་ཀྵི་ཡཱ་ཡཱི་ཡཱྀ་ཀྵཱི་ཡཱུ་ཡླཱྀ་ཡཿའོ། །དེ་བཞིན་དུ་ཕག་མོའི་མདུན་གྱི་འདབ་ མ་ལ་ཧྼྀ་སྟེ་དེ་ནས་ར་རི་ར༹ྼྀ་ཧྼཱྀ་རུ་རླྀ་རཾ་ངོ༌། །གཞོན་ནུ་མའི་ ཀྵྼྀ་རཱ་རཱི་ར༹ྼྀ་ཀྵྼཱྀ་རཱུ་རླཱྀ་རཿའོ། །དྲག་མོའི་ཧུ་ཝ་ཝི་ཝྼྀ་ ཧུ་ཝུ་ཝླྀ་ཝཾ་ངོ༌། །དེ་བཞིན་དུ་དཔལ་ཆེན་མོའི་ཀྵུ་ཝཱ་ཝཱི་ཝྼཱྀ་ཀྵཱུ་ཝཱུ་ཝླཱྀ་ ཝཿའོ། །དབང་མོའི་ཧླྀ་ལ་ལི་ལྼྀ་ཧླཱྀ་ལུ་ལླཱྀ་ལྃ་ངོ༌། །ཚངས་མའི་ ཀྵླྀ་ལཱ་ལཱི་ལྼཱྀ་ཀྵླཱྀ་ལཱུ་ལླཱྀ་ལཿའོ། །དེ་ལྟར་ཧི་ཀྵི་ལ་སོགས་(པའི་)ལ་ མཐ(ར་ཐུག་པ)འ་ཐམས་ཅད་ནོར་ནི་གདེངས་ཅན་གྱིས་བསྒྱུར་ཞེས་པ་བརྒྱད་ལ་བརྒྱད་ཀྱིས་ 4-1-75 བསྒྱུར་བ་འཇིགས་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་འདབ་མ་ལ་གོ་རིམ་བཞིན་དུའོ་ཞེས་པ་ ངེས་པ་སྟེ་ཕྱོགས་རྣམས་སུ་ཧི་ལ་སོགས་པའོ། །ཀྵི་ལ་སོགས་པ་ནི་ཕྱོགས་བྲལ་གྱི་པད་མའི་ དང་པོ་རྣམས་ལའོ། །འདིར་(ཙ་མུཎ་ཌ་ལ་སོགས་པ་འདུ་བྱེད་ལ་སོགས་པའི་)རིགས་ཀྱི་དབང་གིས་〔དེ་ རྣམས་ལ་〕མངོན་(དུ་)ཕྱོགས་(པ་དབང་ལ་སོགས་པའི་བརྒྱད་པོ་གཟུགས་ལ་སོགས་པའི་རིགས་ཅན་རྣམས་ནི་)ཙཱ་ མུཎ་ཌཱ་ལ་སོགས་པའི་ཐབས་སུ་འགྱུར་ཏེ་སྔགས་ཀྱི་དབྱེ་བས་སོ་ཞེས་པ་ནི་འདི་ཙཱ་མུཎ་ཌཱ་ དང་ཁྱབ་འཇུག་མ་ནི་འདུ་བྱེད་ཀྱི་(བདེན་བྲལ་དང་ཁྱབ་འཇུག་གི་)རིགས་ཅན་མའོ། །དེ་དག་ལ་ མངོན་དུ་ཕྱོགས་པ་གཟུགས་ཀྱི་རིགས་ཅན་(དབང་པོ་དང་ཚངས་པ་དག་)ནི་ཐབས་ཏེ་སྔགས་ཀྱི་ དབྱེ་བས་ཞེས་པ་ལྀ་ཡིག་གི་རིགས་ཅན་ཉིད་དོ། །ཕག་མོ་དང་གཞོན་ནུ་མའི་ཚོར་བའི་ རིགས་ཅན་མའོ། །དེ་དག་ལ་མངོན་དུ་ཕྱོགས་པའི་འདུ་ཤེས་ཀྱི་རིགས་ཅན་མ་〔དྲག་པོ་དང་ ཚོགས་བདག་〕ཐབས་ཏེ་ཨུ་ཡིག་(གི་རིགས་)ལས་སྐྱེས་པའོ། །དབང་མོ་དང་ཚངས་མ་ལ་ནི་ གཟུགས་ཀྱི་རིགས་ཅན་མའོ། །དེ་དག་ལ་མངོན་དུ་ཕྱོགས་པ་འདུ་བྱེད་ཀྱི་རིགས་ཅན་〔བདེན་ བྲལ་དང་ཁྱབ་འཇུག་〕ནི་ཐབས་ཏེ་ཨི་ཡིག་〔གི་རིགས་〕ལས་སྐྱེས་པའོ། །དྲག་མོ་དང་དཔལ་ ཆེན་མོ་ནི་འདུ་ཤེས་ཀྱི་རིགས་ཅན་མའོ། །དེ་དག་ལ་མངོན་དུ་ཕྱོགས་པའི་ཚོར་བའི་རིགས་ ཅན་(གཤིན་རྗེ་དང་གདོང་དྲུག་)ནི་ཐབས་ཏེ་རི་ཡིག་〔གི་རིགས་〕ལས་སྐྱེས་པའོ། །དེ་ལྟར་གསུང་ གི་དཀྱིལ་འཁོར་ལ་〔འདུ་བྱེད་ལ་སོགས་པ་དང་གཟུགས་ལ་སོགས་པ་ཕན་ཚུན་འཁྱུད་པ་〕 རིགས་བཞིའི་རྣམ་པར་གཞག་པའོ། ༨༣ ། ༈ ད་ནི་སྐུའི་དཀྱིལ་འཁོར་ལ་བརྒྱ་བྱིན་ལ་སོགས་པ་རྣམས་ཀྱིས་ས་བོན་གསུངས་ཏེ་ ཏཾ་ནི་བརྒྱ་བྱིན་དང་ནཿནི་ཚངས་པ་དང་བྃ་ནི་རྒྱ་མཚོ་དང་མཿནི་ཚོགས་ཀྱི་དབང་པོ་དང་ཊྃ་ནི་ མེ་དང་ཎཿནི་གཞོན་ནུ་དང་ཙཾ་ནི་སྲིན་པོའི་དབང་པོ་དང་ཉཿནི་རླུང་དང་ཀ་ནི་ཁྱབ་འཇུག་དང་ ངཿནི་གཤིན་རྗེ་དང་སཾ་ནི་དྲག་པོ་དང་ྈྐཿནི་གནོད་སྦྱིན་(ཞེས་པ་གཙོ་བོ་བཅུ་གཉིས་ཀྱི་ས་བོན་)ནོ། །དེ་ 4-1-76 ལྟར་ཙ་ལ་སོགས་པ་སྡེ་བ་ལ་སོགས་དྲུག་པོ་རྣམས་ཀྱི་ཐུང་ངུ་དང་རིང་པོའི་དབྱེ་བས་ནག་ པའི་ཟླ་བ་ལ་སོགས་པ་(ས་བོན་ཡིན་ལ་སྡེ་པ་དྲུག་པོའི་ཐོག་མཐའི་ཡི་གེ་གཉིས་གཉིས་ནི་)རྣམས་ཀྱི་གནམ་ སྟོང་གི་ས་བོན་ཏེ་ཙཾ་ཉཿཞེས་པ་ལ་སོགས་པས་ནག་པའི་ཟླ་བའི་གནམ་སྟོང་དང་ས་གའི་ ཟླ་བའི་གནམ་སྟོང་ལ་གཟུང་བར་བྱའོ། །དེ་བཞིན་དུ་ཙ་སོགས་སྡེ་པ་དབྱངས་དང་བཅས་ པ་རྣམས་ལྷ〔བཅུ་གཉིས་པོ〕འི་པད་མའི་འདབ་མར་ལྷ་མོ་རྣམས་ཀྱི〔ཡི་གེ〕ར་འགྱུར། ༨༤ ནག་ པའི་ཟླ་བ་སོགས་ཀྱི་ཚེས་རྣམས་དུས་ཀྱི་ངེས་པའི་དབང་གིས་སྟོང་པ་དྲུག་དང་མེ་ཡི་གྲངས་ ཞེས་པ་སུམ་བརྒྱ་དྲུག་ཅུའི་གྲངས་ཏེ་ལོའི་ཚེས་རྣམས་སོ། །འདིར་ནག་པའི་ཟླ་བའི་ལྷ་མོ་ (ལས་དཀར་ཕྱོགས་ཀྱི་ལྷ་མོ་བཅུ་བཞི་)རྣམས་ནི་དང་པོའི་ཟླུམ་སྐོར་གྱི་འདབ་མ་བཅུ་བཞི་པོ་རྣམས་ ལའོ། །དེ་ལ་དང་པོའི་འདབ་མ་ལ་ཉ་རྡོ་རྗེ་མ་དང་གཉིས་པ་ཉི་རྡོ་རྗེ་མ་དང་དེ་བཞིན་དུ་ ཉྼྀ་རྡོ་རྗེ་མ་དང་ཉུ་རྡོ་རྗེ་མ་དང་ཉླྀ་རྡོ་རྗེ་མ་དང་ཉྂ་རྡོ་རྗེ་མ་དང་དེ་བཞིན་དུ་ཛྷ་རྡོ་རྗེ་ མ་དང་ཛྷི་རྡོ་རྗེ་མ་དང་ཛྷྼྀ་རྡོ་རྗེ་མ་དང་ཛྷུ་རྡོ་རྗེ་མ་དང་ཛ??ླྀ་ྷརྡོ་རྗེ་མ་དང་ཛྷཾ་རྡོ་རྗེ་མ་དང་ ཛ་རྡོ་རྗེ་མ་དང་ཛི་རྡོ་རྗེ་མ་སྟེ་ལྷ་མོ་བཅུ་བཞི་པོ་རྣམས་ནི་བདེན་བྲལ་གྱི་པད་མའི་འདབ་མ་ 〔བཅུ་བཞི་〕རྣམས་ལའོ། །ཛྼྀ་རྡོ་རྗེ་མ་ནི་〔གཙོ་བོ་བདེན་བྲལ་ལ་〕མངོན་དུ་ཕྱོགས་ པའི་ཤེས་རབ་སྟེ་ཉའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་གཉིས་པའི་ཟླུམ་སྐོར་ལ་ནག་ པོའི་ཚེས་གཅིག་ལ་སོགས་པ་སྟེ་དང་པོའི་འདབ་མ་ལ་ཛུ་རྡོ་རྗེ་མའོ། །དེ་བཞིན་དུ་ཛླྀ་རྡོ་རྗེ་མ་ དང་ཛཾ་རྡོ་རྗེ་མ་དང༌། ཚ་རྡོ་རྗེ་མ་དང་ཚི་རྡོ་རྗེ་མ་དང་ཚྼྀ་རྡོ་རྗེ་མ་དང་ཚུ་རྡོ་རྗེ་མ་དང་ ཚླྀ་རྡོ་རྗེ་མ་དང༌། ཙ་རྡོ་རྗེ་མ་དང་ཙི་རྡོ་རྗེ་མ་དང་ཙྼྀ་རྡོ་རྗེ་མ་དང་ཙུ་རྡོ་རྗེ་མ་དང་ ཙླྀ་རྡོ་རྗེ་མའོ། །ཙྂ་རྡོ་རྗེ་མ་ནི་གནམ་སྟོང་གི་(གཙོ་བོའི་)ས་བོན་ཏེ་འདིར་(དབྱངས་གསལ་བྱེད་གཉིས་ ཀ་)བསྐྱེད་པའི་རིམ་པས་སོ། །(ས་གའི་ཟླ་བའི་ལྷ་མོ་རྣམས་ནི་)ཉཿཞེས་པ་(ལ་སོགས་པ་གསལ་བྱེད་ཡི་གེའི་) ལུགས་ལས་བཟློག་པས་〔དབྱངས་〕བསྐྱེད་པའི་རིམ་པས་ཏེ་རླུང་གི་〔ལྷའི་〕འདབ་མ་ལ་ཙཱ་རྡོ་ 4-1-77 རྗེ་མའོ། །དེ་བཞིན་དུ་སྔགས་ཐམས་ཅད་རྡོ་རྗེའི་མཐའ་ཅན་ཏེ་ཙཱ་ཙཱི་ཙྼཱྀ་ཙཱུ་ཙ་ླཱིཙཿ ཚཱ་ ཚཱི་ཚྼཱྀ་ཚཱུ་ཚྼཱྀ་ཚཿ ཛཱ་ཛཱི་སྟེ་(ཞེས་པ་དཀར་ཕྱོགས་ཀྱི་ལྷ་མོ་བཅུ་བཞི་པོ་རྣམས་འདབ་མ་དང་པོ་ བཅུ་བཞི་པོ་)ཛྼཱྀ་ཉའི་གནས་〔དབུས་〕སུ་སྔར་བཞིན་ནོ། །〔གཙོ་བོ་ལ་མངོན་དུ་ཕྱོགས་ པ་〕གཉིས་པའི་ཟླུམ་སྐོར་ལ་ནག་པོའི་ཚེས་གཅིག་ལ་སོགས་པ་སྟེ་ཛཱུ་ཛླཱྀ་ཛཿཛྷཱ་ཛྷཱི་ ཛྷྼཱྀ་ཛྷཱུ་ཛྷླཱྀ་ཛྷཿ ཉཱ་ཉཱི་ཉྼཱྀ་ཉཱུ་ཉླཱྀ འོ། །ཉཿཞེས་པ་ནི་གནམ་སྟོང་ གི་〔གཙོ་བོའི་〕ས་བོན་ཏེ་རླུང་གི་(པད་མའི་)ལྟེ་བ་ལའོ། །དེ་བཞིན་དུ་སྣྲོན་གྱི་ཟླ་བ་དང་ཆུ་སྟོད་ ཀྱི་ཟླ་བ་དག་ལ་ཊ་སྡེའོ〔ལུགས་འབྱུང་དང་ལུགས་བཟློག་གོ〕། །〔དེ་བཞིན་དུ་〕གྲོ་བཞིན་གྱི་ཟླ་ བ་དང་ཁྲུམས་སྟོད་ཀྱི་ཟླ་བ་དག་ལ་པ་སྡེའོ། །ཐ་སྐར་གྱི་ཟླ་བ་དང་སྨིན་དྲུག་གི་ཟླ་བ་དག་ལ་ ཏ་སྡེའོ། །མགོའི་ཟླ་བ་དང་རྒྱལ་གྱི་ཟླ་བ་ལ་ས་སྡེའོ། །མཆུའི་ཟླ་བ་དང་དབོའི་ཟླ་བ་དག་ལ་ ཀ་སྡེ་〔སྟེ་དབྱངས་ནི་ཐམས་ཅད་དུ་སྤྲོ་བའི་རིམ་པ་ཁོ་ན〕འོ། །དེ་ལྟར་ལོའི་ཚེས་ཀྱི་ལྷ་རྣམས་ ཀྱི་ས་བོན་གྱི་ངེས་པའོ། །ད་ནི་དེ་ཉིད་ལ་གནས་ཧ་ཡིག་ཅེས་པ་ལ་སོགས་པས་ཀླུའི་རྒྱལ་པོ་ རྣམས་ཀྱི་ས་བོན་གསུངས་པ་འདིར་དེ་ཉིད་ནི་ཡ་ར་ཝ་ལ་སྟེ་དེ་རྣམས་ལ་གནས་པ་ནི་དེ་ཉིད་ ལ་གནས་པའོ། །རླུང་གི་(སྐུའི་སྟེགས་བུ་ལ་ཤར་དུ་)དཀྱིལ་འཁོར་〔གཉིས་〕ལ་སྟོབས་ཀྱི་རྒྱུ་དང་པད་ མ་དག་གི་ཧྻ་ཧྻཱའོ། །(ནུབ་ཏུ་)སའི་དཀྱིལ་འཁོར་〔གཉིས་〕ལ་འཇོག་པོ་དང་པད་མ་ཆེན་པོ་དག་ གི་གྲངས་བཞིན་དུ་ཧླ་ཧླཱའོ། །(ལྷོར་)མེའི་དཀྱིལ་འཁོར་〔གཉིས་〕ལ་ནོར་རྒྱས་གྱི་བུ་དང་དུང་ སྐྱོང་དག་གི་ཧྼ་ཧྼཱའོ། །(བྱང་དུ་)ཆུའི་དཀྱིལ་འཁོར་〔གཉིས་〕ལ་མཐའ་ཡས་དང་རིགས་ལྡན་དག་ ལ་ཧྺ་ཧྺཱའོ། །དེ་ལྟར་རླུང་མེ་ཆུ་དང་ས་རྣམས་ཀྱི་དཀྱིལ་འཁོར་རྣམས་ལ་ཤར་ལ་སོགས་པའི་ ཀླུ་རྣམས་ཀྱི་ཞེས་སོ། །ད་ནི་ཁྱི་གདོང་མ་ལ་སོགས་པ་རྣམས་ཀྱི་ས་བོན་གསུངས་ཏེ་བརྩེགས་ པ་ཞེས་པ་ནི་ཡི་གེ་སོ་སོར་ཡི་གེ་ལྔའི་བདག་ཉིད་བརྩེགས་པའོ། །སྡེ་བདུན་བརྩེགས་པ་ལ་ གནས་དེ་རྣམས་ཀྵ་ཡ་ར་ཝ་ལར་ལྡན་པ་ནི་བརྒྱད་དེ་དུར་ཁྲོད་བརྒྱད་དུ་ལྷ་མིན་མོ་རྣམས་ 4-1-78 ཀྱིའོ། །དེ་ལ་ཕྱོགས་(བཞི་རྣམས་)སུ་ཤར་གྱི་དུར་ཁྲོད་ལ་ཀྑྒྒ ཧྔ་དང་ལྷོར་ཀྵྻྼྺླ་དང་ནུབ་ཏུ་དང་བྱང་དུ་ཧྻྼྺླ་དང་མཚམས་སུ་མེར་ཉྫྷྫྪྩ་དང་བདེན་བྲལ་དུ་ཎྜྷྜྛྚ་དང་རླུང་དུ་ནྡྷ ྡྠྟ་དང་དབང་ལྡན་དུ་མྦྷྦྥྤ འོ〚དབང་ལེའི་རྒྱུད་དུ། རྩ་སོགས་གཞན་ལ་ལུགས་མཐུན་སྟེ་ཞེས་གསུངས་པའི་ དགོངས་པ་ནི་གཉིས་ཏེ་ཡི་གེའི་ལུགས་མཐུན་དང་འབྱུང་བའི་ལུགས་མཐུན་ནོ། །དེ་ལ་ དབང་ལེར་དང་པོ་བསྟན་ནས་འདིར་གཉིས་པ་གསུངས་ཏེ་གདམ་ཀ་ཅན་ནོ། །ཀ་སྡེ་ལ་ནི་ གདམ་ཀ་གསུངས་པ་མེད་པའི་ཕྱིར་ལུགས་གཉིས་མེད་དོ〛། །དེ་ལྟར་ཐམས་ཅད་དུ་ཤེས་རབ་ དང་ཐབས་ཀྱི་ལུས་དང་བསམ་པས་རིགས་ཀྱི་དབང་ལས་འདིར་ནི་(གདན་གྱི་ལྟེ་བ་ལ་གནས་པའི་ལྷ་)གང་ཞིག་〔གཙོ་བོ་ཡིན་པ་དེ་〕དབུས་སུ་〔ཀུན་གྱི་གཙོ་བོ་ལ་〕མངོན་ཕྱོགས་སུ་འགྱུར་ཏེ་རྣལ་ འབྱོར་པས་(ཀུན་གྱི་)་གཙོ་བོ་དང་ཉེ་བ(སྟེ་སྒོ་སོ་སོ)འི་གཙོ་བོའི་དབྱེ་བས་(ཐབས་ཤེས་ཀྱི་ལུས་གང་ཡིན་པ་ དེ་དབུས་ཀྱི་གཙོ་བོ་ལ་མངོན་དུ་ཕྱོགས་པ་དང་བསམ་པ་གང་ཡིན་པ་དེ་ཉེ་བའི་གཙོ་བོ་ལ་མངོན་དུ་ཕྱོགས་པར་)རྟོགས་པར་ བྱའོ་ཞེས་པ་ནི་རྒྱུད་ཀྱི་ངེས་པའོ། ༨༥ ། ༈ ད་ནི་བསྐྱེད་བྱ་སྐྱེད་བྱེད་ལ་སོགས་པའི་འབྲེལ་པ་དཔལ་ལྡན་རྡོ་རྗེ་ཅན་དང་ཀུན་ བཟང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་བཅས་པའི་དགུ་ནི་གོ་སླ་སྟེ་སྣ་ ཚོགས་ཡུམ་གྱི་ལྷག་མའོ། །ཞེས་པའི་མཐར་ཐུག་པ་རིགས་དང་རིགས་ཅན་དག་གིས་འབྲེལ་ བའོ། ། ༈ ད་ནི་〔བྱིས་པའི་མངལ་དང་ཕྱི་རོལ་གྱི་〕སྐུ་བཞི〔བཏགས་པ་བ〕འི་རྣམས་པར་དག་པས་ (ལྷ་རྣམས་སྐུ་བཞི་མཚན་ཉིད་པར་རྣམ་པར་)དག་པ་གསུངས་པ་ལྷ་མོ་ཞེས་པ་ལ་སོགས་པ་སྟེ་འདིར་ནང་ གི་ལེའུ་ལས་མངལ་ནས་སྐྱེས་པའི་བྱིས་པའི་གནས་སྐབས་རྣམ་པ་བཞིའི་དབྱེ་བས་མངལ་ དང་ཕྱི་རོལ་ཏུ་སྐུ་བཞི〔བཏགས་པ་བ〕ར་གསུངས་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་སྒོམ་པ་ལ་རྣལ་ འབྱོར་པས་〔ལྷ་རྣམས་སངས་རྒྱས་ཀྱི་སྐུ་བཞི་〕རྣམ་པར་སྦྱང་བར་བྱའོ། །དེ་ལ་ལྷ་མོ་ནི་དུ་བ་མ་ 4-1-79 དང་སྨིག་རྒྱུ་མ་དང་མཁའ་སྣང་མ་དང་མར་མེ་མ་དང་སེར་མོ་འབར་མ་དང་དཀར་མོ་འབར་ མ་དང་དམར་མོ་འབར་མ་དང་ནག་མོ་འབར་མ་དང་〔སྣ་ཚོགས་ཡུམ་ལ་འདུས་པའི་〕ཆ་དང་ ཐིག་ལེའི་གཟུགས་ཅན་མ་སྟེ་བདེ་བ་ཆེན་པོའི་འཁོར་ལོའི་བདེ་བ་ཆེན་པོའི་པད་མའི་འདབ་ མ་རྣམས་ལའོ། །འཕར་མ་གཉིས་པ་ལ་སངས་རྒྱས་རིགས་མ་ཞེས་པ་སྟེ་འདིར་སངས་ རྒྱས་ནི་དོན་ཡོད་གྲུབ་པ་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་རྣམ་པར་སྣང་ མཛད་དོ། །རིག་མ་ནི་སྒྲོལ་མ་དང་གོས་དཀར་མོ་དང་མཱ་མ་ཀཱི་དང་སྤྱན་མའོ། །ཤིང་དང་ བཅས་ཤིང་བུམ་པ་དང་བཅས་ཞེས་པ་ལ་ཤིང་ནི་དཔག་བསམ་གྱི་ཤིང་སྟེ་དེ་བཞིན་དུ་ཡིད་ བཞིན་གྱི་ནོར་བུ་དང་ཆོས་ཀྱི་གཎ་ཌཱི་དང་ཆོས་ཀྱི་དུང་ངོ༌། །བུམ་པ་(ཁྱབ་བྱེད་)ནི་རྡུལ་དང་ཁུ་ བ་དག་གིས་〔དབྱེ་བ་〕སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེའི་དབྱེ་བས་(ཁྱབ་བྱ་) བཤང་པ་དང་གཅི་བ་དང་ཁྲག་དང་རྐང་གི་བུམ་པ་(གཉིས་གཉིས་ཏེ་)བརྒྱད་དོ། །(དེ་ལྟར་དེ་རྣམས་)རྒྱལ་བ་དཀྱིལ་འཁོར་གྱི་བདག་པོ་ཡི་ནི་དག་པའི་སྐུའོ། །དེ་ནས་ཕྱི་རོལ་གྱི་འཕར་མ་ལ་ ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་རྣམས་སུ་ཁྲོ་བོའི་དབང་པོ་ནི་བགེགས་མཐར་བྱེད་དང་ཤེས་ རབ་མཐར་བྱེད་དང་པད་མ་མཐར་བྱེད་དང་གཤིན་རྗེ་མཐར་བྱེད་དང་གཙུག་ཏོར་རོ། །བྱང་ ཆུབ་སེམས་དཔའ་ནི་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དང་སའི་སྙིང་པོ་དང་འཇིག་རྟེན་ དབང་ཕྱུག་དང་སྒྲིབ་པ་རྣམ་པར་སེལ་བ་དང་ཀུན་ཏུ་བཟང་པོའོ། །ངེས་པར་རོ་རྡོ་རྗེ་མ་ཞེས་ པ་ནི་སྒྲ་རྡོ་རྗེ་མ་དང་རེག་བྱ་རྡོ་རྗེ་མ་དང་གཟུགས་རྡོ་རྗེ་མ་དང་རོ་རྡོ་རྗེ་མ་དང་དྲི་རྡོ་རྗེ་མ་དང་ ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་སྟེ་འདི་རྣམས་ནི་ཆོས་ཀྱི་སྐུ་(གཙོ་བོ་དུས་ཀྱི་འཁོར་ལོའི་)དེ་ཉིད་དོ། ༩༥ ། དེ་ནས་གསུང་གི་དཀྱིལ་འཁོར་ལ་རྣལ་འབྱོར་མ་རྣམས་ལོངས་སྤྱོད་སྐུ་སྟེ་ཙར་ཙི་ཀཱ་ལ་ སོགས་པ་འདབ་མའི་ལྷ་མོ་རྣམས་དང་ལྷན་ཅིག་པའོ། །དེ་ནས་སྐུའི་དཀྱིལ་འཁོར་ལ་རབ་ མཆོག་ཤིང་རྟ་ལ་གནས་འོད་ཟེར་ཅན་ལ་སོགས་པ་དང་ཧ་ནི་ཉི་མར་རབ་གྲགས་པ་བདེན་ 4-1-80 བྲལ་ལ་སོགས་པ་བཅུ་གཉིས་དང་སྟོབས་ཀྱི་རྒྱུ་ལ་སོགས་པ་ཀླུ་ནི་བརྒྱད་པོ་རྣམས་དང་ཁྱི་ གདོང་མ་ལ་སོགས་པ་རབ་གཏུམ་མ་རྣམས་ཏེ་ལྷ་ལ་སོགས་པ་འདི་རྣམས་འཁོར་དང་བཅས་ པ་ཞེས་པ་པད་མའི་འདབ་མའི་ལྷ་དང་བཅས་པ་ནི་སངས་རྒྱས་ཀྱི་སྤྲུལ་བའི་སྐུ(དཀྱིལ་འཁོར་གྱི་ གཙོ་བོ)འོ། ། ༈ དེ་བཞིན་སླར་ཡང་རྒྱལ་བའི་སྐུ་ནི་དབྱེ་བ་གཉིས་སུ་འགྱུར་ཏེ་ཕྱི་རོལ་དག་དང་ནང་ ལ་ཡང༌། །མངལ་ནས་སྐྱེས་པ་ཇི་ལྟ་བ་ཉིད་དེ་བཞིན་ཁོ་ན་དཀྱིལ་འཁོར་ལ་ནི་ངེས་པ་རབ་ཏུ་ འགྱུར། ༩༦ ། ཞེས་པ་ནི་འདིར་(མའི་)མངལ་དུ་བྱིས་པའི་(ཀུན་གཞིའི་)རྣམ་པར་ཤེས་པ་དང་(ཀུན་རྫོབ་ཀྱི་)ཡེ་ ཤེས་(བདེ་བའི་ཆ་)དང་(ཕའི་)ཁུ་བ་དང་(མའི་)རྡུལ་(གཅིག་ཏུ་འདྲེས་པ་)མངལ་དུ་དག་པའི་སྐུ་ཡིན་པ་ ཇི་ལྟ་བ་དེ་བཞིན་དུ་སྟོན་པ་བཅོམ་ལྡན་འདས་(དུས་ཀྱི་འཁོར་ལོ་)དང་ལྷ་མོ་དུ་བ་མ་ལ་སོགས་པ་ དང་སོགས་པའི་སྒྲས་ཆོས་ཀྱི་དུང་ལ་སོགས་པ་དང་བུམ་པ་བརྒྱད་དེ་འདི་རྣམས་ནི་དཀྱིལ་ འཁོར་གྱི་སྙིང་པོར་(ཏེ་ཐུགས་དཀྱིལ་ལ་)ལྷན་ཅིག་སྐྱེས་པའི་སྐུའོ། །དེ་ནས་(མངལ་དུ་)བྱིས་པའི་ཕུང་ པོ་དང་ཁམས་འབྱུང་བ་ཆོས་ཀྱི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་སངས་རྒྱས་ ལ་སོགས་པའོ། །དེ་ནས་〔མངལ་དུ་〕བྱིས་པའི་སྐྱེ་མཆེད་འབྱུང་བ་ལོངས་སྤྱོད་རྫོགས་པའི་སྐུ་ ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་ཡང་ངེས་པར་སྒྲ་རྡོ་རྗེ་མ་ལ་སོགས་པའོ། །དེ་ ནས་〔མངལ་དུ་〕བྱིས་པའི་ལག་པ་དང་རྐང་པ་ལ་སོགས་པ་དང་སྐྲ་ལ་སོགས་པ་འབྱུང་བ་དང་ བཙའ་བའི་དུས་སྤྲུལ་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་གཤིན་རྗེ་མཐར་བྱེད་ལ་སོགས་ པ་ཁྲོ་བོ་བཞི་སྟེ་རིགས་ཀྱི་དབང་གིས་དཀྱིལ་འཁོར་གྱི་ནི་སྙིང་པོར་ཡང་དག་གནས་ཞེས་པ་ ཐུགས་ཀྱི་དཀྱིལ་འཁོར་ལ་ཐུགས་ཀྱི་རིགས་ཀྱི་དབང་གིས་ཏེ་མངལ་དུ་(སྐུ་)རྣམ་པ་བཞི་(རྣམ་ པར་དག་པ་སྦྱར་བའི་)ངེས་པའོ། །ད་ནི་ཕྱི་རོལ་ཏུ་(སྐུ་)རྣམ་པ་བཞི་གསུངས་པ་ཕྱི་རོལ་ཞེས་པ་ལ་ 4-1-81 སོགས་པ་སྟེ་འདིར་བྱིས་པ་སྐྱེས་པའི་(འཁོར་ལོ་རྣམས་ཀྱི་)ལྟེ་བ་(དབུ་མ་)ནས་སྲོག་འབྱུང་བ་ལྷན་ ཅིག་སྐྱེས་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ཕྱི་རོལ་ཏུ་གསུང་གི་དཀྱིལ་འཁོར་ལ་ཙཱ་མུཎ་ ཌཱ་ལ་སོགས་པ་ལྷ་མོ་བརྒྱད་པོ་འཁོར་དང་བཅས་པ་ཞེས་པ་ལྷ་མོ་དྲུག་ཅུ་རྩ་བཞི་དང་བཅས་ པའོ། ༩༧ ། འདིར་བྱིས་པའི་ལག་པ་དང་རྐང་པ་ལ་སོགས་པ་བསྐུམ་པ་དང་ཚིག་མི་གསལ་བ་ ཆོས་ཀྱི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་བཅུ་གཉིས་ཏེ་སོགས་པའི་སྒྲས་ཤིང་རྟ་ལ་གནས་ པའི་ལྷ་མོ་དྲུག་གོ། འདིར་བྱིས་པའི་སོ་སྐྱེས་པ་དང་ཚིག་གསལ་བར་གྱུར་པ་ན་ལོངས་སྤྱོད་ རྫོགས་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་མཐའ་དག་གདེངས་ཅན་རིགས་ སོ། །འདིར་བྱིས་པའི་སོ་ལྷུང་སྟེ་སླར་ཡང་སྐྱེ་བ་ནས་འཆི་བའི་བར་དུ་སྤྲུལ་པའི་སྐུ་ཡིན་པ་ཇི་ ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་གཏུམ་མོ་ཁྱི་གདོང་མ་ལ་སོགས་པ་འཁོར་དང་བཅས་པ་ སྟེ་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་དང་བཅས་པ་ནི་སྤྲུལ་པའི་སྐུར་འགྱུར་མི་ ཡི་བདག་པོ་(ཞེས་པ་བོད་པ་སྟེ་དེ་ལྟར་ལྷ་རྣམས་སྤྲོ་བ་ནི་)སེམས་ཅན་ཀུན་གྱི་དོན་གྱི་སླད་དུའོ། །ཞེས་པ་ (མངལ་ནས་)ཕྱི་རོལ་ཏུ་སྐུ་བཞི་རྣམ་པར་དག་པ(སྦྱར་བ)འི་ངེས་པའོ། ། ༈ ད་ནི་(ཕྱི་ནང་ཐུན་མོང་གི་)སྐུ་བཞི་དང་རྡོ་རྗེ་བཞི་ཕན་ཚུན་སྦྱར་བ་གསུངས་པ་སྐུ་ཡི་ ཞེས་པ་ལ་སོགས་པ་སྟེ་འདིར་བྱིས་པའི་གཟུགས་རྫོགས་པའི་སླད་དུ་〔མངལ་ན་གནས་པའི་ བར་〕ལྷན་ཅིག་སྐྱེས་པའི་སྐུ་དང་〔མངལ་དུ་〕འབྱུང་བ་བཞིའི་བདག་ཉིད་ཀྱི་སྐུའི་རྡོ་རྗེ་ཟུང་དུ་ 〔འབྲེལ་པར་〕འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་ཡང་ངོ་(ལྷན་སྐྱེས་སྐུ་དང་སྐུ་རྡོ་རྗེ་ཟུང་དུ་ འབྲེལ་པའོ)། །དེ་བཞིན་དུ་〔མངལ་ནས་སྐྱེས་པའི་〕བྱིས་པའི་བརྗོད་པའི་དོན་དུ་(སྲོག་འབབ་པ་དང་) གསུང་རྡོ་རྗེ་དང་〔བཙ ས་ནས་སོ་སྐྱེ་བའི་བར་མཚན་འཛིན་ཤས་ཆུང་བ་〕ཆོས་ཀྱི་སྐུ་ཟུང་དུ་ འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་པའི་དོན་དུ་དཀྱིལ་འཁོར་ལ་ཡང་〔གསུང་རྡོ་རྗེ་དང་ 4-1-82 ཆོས་ཀྱི་སྐུ་ཟུང་དུ་འབྲེལ་ལོ〕 ངོ༌། ༩༨ ། (ཀུན་རྫོབ་ཀྱི་སྐབས་)འདིར་བྱིས་པའི་〔སེམས་དགེ་བས་〕བྱང་ཆུབ་སེམས་〔ཏེ་འདུ་ཤེས་ཐུགས་ རྡོ་རྗེ་〕དང་(སོ་སྐྱེས་ནས་སོ་ལྷུང་བའི་བར་ལ་ངག་གསལ་པོར་བརྗོད་པ་)ལོངས་སྤྱོད་རྫོགས་པའི་སྐུ་(ཀུན་གྱི་ཡིད་ དུ་འོང་བས་)སེམས་ཅན་ཀུན་གྱི་དོན་བྱེད་པ་པོ་ཟུང་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ ལ་ཡང་ངོ༌། །འདིར་བྱིས་པའི་ཡེ་ཤེས་(རྡོ་རྗེ་)ཞེས་པ་ནི་(ཐིག་ལེ་)འཕོ་བའི་དུས་སུ་བདེ་བའོ། ། སྤྲུལ་པའི་སྐུ་ཞེས་པ་ནི་ལོ་བཅུ་དྲུག་གི་མཚམས་སུ་ཁམས་(དྭངས་མ་ཐིག་ལེ་)ཡོངས་སུ་རྫོགས་ པ་〔ན་ལུས་ཀྱི་བྱ་བ་དུ་མ་སྤྲོ་ནུས་པ་〕ཉིད་དོ(འོ་ན་ནང་ལེར་སོ་ལྷུང་བ་ནས་འཆི་བའི་མཚམས་ཀྱི་བར་སྤྲུལ་བའི་ སྐུ་ཡིན་པར་བཤད་པ་དང་འགལ་ལོ་ཞེ་ན་སྤྱིར་དེ་ལྟར་ཡིན་ཡང་འདིར་བྱིས་པའི་ཁུ་བ་འཕོ་བའི་ཐོག་མ་ཡེ་ཤེས་རྡོ་རྗེ་དང་ཟུང་ དུ་གྱུར་པའི་སྤྲུལ་སྐུ་བྱེ་བྲག་ཏུ་བཤད་པ་ཡིན་པས་འགལ་བ་མེད་དོ)། །ཟུང་དུ་འགྱུར་ཏེ་སྲོག་ཆགས་རྣམས་ལ་ ཐར་པ་སྟེར་བ་ཉིད་དོ། །ཞེས་པ་ལ་ཐར་པ་ནི་འདིར་(འཁོར་བའི་སྐབས་)བྱང་ཆུབ་ཀྱི་སེམས་ཀྱི་ ཐིག་ལེ་རྣམས་འཕོ་བའི་སྐ་ཅིག་སྟེར་བའི་ཕྱིར་ཐར་པ་སྟེར་བའོ། །སྲོག་ཆགས་རྣམས་ཀྱི་ ཡེ་ཤེས་དང་(འཕོ་བའི་བདེ་བ་)སྤྲུལ་བའི་སྐུའི་མཚན་ཉིད་ཟུང་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དེའི་ ཆོས་མི་མཐུན་པས་(ཏེ་དེ་ལས་བཟློག་པས་)རྒྱུ་(ལས་དང་ཉོན་མོངས་པ་)དང་འབྲས་བུ(སྡུག་བསྔལ་བདེན་པ)འི་ (བདག་ཉིད་མ་རིག་པ་ལ་སོགས་པ་)ཡན་ལག་བཅུ་གཉིས་འགགས་པ་ནི་(ཡེ་ཤེས་རྡོ་རྗེ་དང་སྤྲུལ་བའི་སྐུ་ཟུང་དུ་ འབྲེལ་བའི་)ཐར་པ་སྟེར་བའོ། །ཞེས་པ་སངས་རྒྱས་ཀྱི་ངེས་པའོ། ། ༈ སླར་(མངལ་ནས་སྐྱེས་པའི་བྱིས་པ་)ཡང་སྐུ་བཞི་དང་རྡོ་རྗེ་བཞི་པོ་འདི་རྣམས་ཀྱི་ཤེས་རབ་ ཐབས་ཀྱི་ལུས་དང་བསམ་པ་མཉམ་དང་མི་མཉམ་རིགས་ཞེས་པ་ལ་མཉམ་པའི་རིགས་ནི་ རྡུལ་ལས་བྱུང་བའི་ཁམས་(ས་མེ་ཡེ་ཤེས་)ཀྱི་རིགས་དང་མི་མཉམ་པའི་རིགས་ནི་ཁུ་བ་ལས་ བྱུང་བའི་ཁམས་(ཆུ་རླུང་ནམ་མཁའ་རྣམས་)ཀྱི་རིགས་ཏེ་(རིམ་པ་ལྟར་)ཉི་〔མ་ཤེས་རབ་དང་ཡི་གེ་〕ཟླ་ 〔བ་ཐབས་ཀྱི་རིགས་དང་ཡི་གེ་〕ཀ་སོགས་〔ཀྱི་རིགས་〕ཨ་སོགས་དང་རྣམ་གསུམ་སྲིད་པ་ལ་ 4-1-83 གནས་(པ་མངལ་སྐྱེས་རྣམས་ཀྱི་མངལ་དུ་)ཡེ་ཤེས་ཀྱི་དབྱེ་བས་(ཐིག་ལེ་འཕོ་བའི་)དགའ་བ་ལ་སོགས་པ་ 〔བཞི་སྐུ་བཞིར་སྦྱར་བ་〕དང་〔ཕྱི་རོལ་ཏུ་〕རྣམ་ཤེས་ཀྱི་དབྱེ་བས་སྐྱེ་མཆེད་བཅུ་གཉིས་ཀྱི་དབྱེ་ བ་དག་གིས་(སད་པ་ལ་སོགས་པའི་གནས་སྐབས་བཞི་སྐུ་བཞིར་སྣང་བ་ལ་སྦྱར་བ་ལྟར་)རྣལ་འབྱོར་པ་ཡིས་ 〔དོན་དམ་པའི་དག འ་བ་བཞི་དང་སད་པ་ལ་སོགས་པའི་གནས་སྐབས་བཞི་པ་གཞན་དོན་ དམ་པའི་སྐུ་བཞི་ཡིན་པའི་ཚུལ་ལ་སོགས་པའི་〕མཐའ་དག་རིག་པར་བྱ་སྟེ་ནང་གི་ལེའུ་ལས་ བྱིས་པ་ལ་ཇི་ལྟ་བ་དེ་བཞིན་དུ་ལྷའི་སྒྲུབ་ཐབས་ཀྱི་བསྐྱེད་པའི་རིམ་པ་ལ〔བདེ་གཤེགས་ ཡབ་ཡུམ་ལ་སོགས་པ་ཡབ་དང་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་རིགས་དང་ལྷ་ཐམས་ཅད་ལ་སྐུ་ བཞིའི་སྦྱོར་ཚུལ་སྔ་མ་ལྟར་ཤེས་པར་བྱ〕འོ། །དེ་ལྟར་ལྷའི་གཟུགས་རྫོགས་པའོ། ༩༩ ། ༈ (ལྷའི་སྐུ་རྫོགས་པ་ལ་)ད་ནི་སྐུ་དང་གསུང་དང་ཐུགས་ཀྱི་བྱིན་གྱིས་བརླབ་པ་གསུངས་པ་རྡོ་ རྗེ་ཞེས་པ་ལ་སོགས་པ་སྟེ་འདིར་བྱིས་པའི་ལུས་དང་ངག་དང་སེམས་བྱིན་གྱིས་བརླབས་པ་ སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པའི་མཚན་ཉིད་དུ་འགྱུར་པ་ཇི་ལྟ་བ་དེ་བཞིན་དུ་ དཔྲལ་བ་དང་མགྲིན་པ་དང་སྙིང་ཁ་དང་ལྟེ་བ་དང་གསང་བ་དང་གཙུག་ཏོར་ལ་ༀ་ཨཱཿཧཱུྃ་ཧོ་ སྭཱཧཱ་སྟེ་འདི་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཡན་ལག་ནི་བྱིས་པ་(སྐྱེས་མ་ཐག་པ་)མས་འཁྲུ་ བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་(ལྷའི་སྐུ་རྫོགས་པ་ཡང་)རབ་མཆོག་རྒྱལ་བའི་བདག་པོ་ཡི་ལྷ་མོ་ རྣམས་ཀྱིས་ཞེས་པ་རྣལ་འབྱོར་མ་རྣམས་ཀྱིས་བཀྲུ་བར་བྱའོ། །འདིར་བྱིན་གྱིས་བརླབ་པ་ནི་ (བདག་ཉིད་གཙོ་བོར་བསྒོམ་པའི་)དཔྲལ་བར་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་ འཁོར་རོ། །དེའི་སྟེང་དུ་ༀ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པའོ། །དེ་ ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་ཁ་དོག་དཀར་པོ་ཞལ་གསུམ་པ་རྩ་བ་དཀར་པོ་གཡོན་དམར་ པོ་གཡས་ནག་པོ་ཕྱག་དྲུག་པ་གཡས་པ་ན་འཁོར་ལོ་དང་རྡོ་རྗེ་དང་པད་མ་འཛིན་པ་གཡོན་ ན་རལ་གྲི་དང་དྲིལ་བུ་དང་ནོར་བུ་འཛིན་པ་〚རང་དང་འདྲ་བའི་〛ཤེས་རབ་དང་བཅས་པ་ 4-1-84 རྫོགས་པར་བྱ་སྟེ་དེ་ནས་དཔྲལ་བ་ལས་སྤྲོས་ནས་དེས་ནམ་མཁའི་ཁམས་ཀུན་ནས་ཡོངས་ སུ་གང་བ་བསྒོམ་པར་བྱའོ། །སྐུ་རྡོ་རྗེས་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཆོས་ བསྟན་པ་མཛད་ནས་སླར་ལོག་སྟེ་བདག་ཉིད་ཀྱི་མདུན་དུ་ཡང་དག་པར་བཀོད་ལ་སྐུའི་རྡོ་ རྗེ་འཛིན་པ་བདག་ལ་དབང་བསྐུར་དུ་གསོལ་ཞེས་དབང་བསྐུར་བར་གསོལ་བ་གདབ་པར་ བྱ་སྟེ་དེ་ནས་སྐུའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་མངོན་པར་དབང་བསྐུར་ བར་བསྒོམ་པར་བྱའོ། །དེ་ནས་དབང་བསྐུར་བར་གྱུར་པ་ལ་བྱིན་གྱིས་བརླབས་པར་བྱ་སྟེ་ 〚རང་གི་〛དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་རབ་ཏུ་བཅུག་ནས་འདི་བརྗོད་པར་ བྱའོ། །དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུུ་ཡི་རྡོ་རྗེ་ཅན་ གྱི་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་བརླབས་གནས་ སུ་དེང་བདག་མཛོད། །ཅེས་པ་སྟེ་སྐུ་བྱིན་གྱིས་བརླབས་པའོ། །དེ་བཞིན་དུ་མགྲིན་པར་ར་ ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཨཱཿཡིག་ཡོངས་སུ་གྱུར་པ་ ལས་པད་མ་དམར་པོ་འདབ་མ་བརྒྱད་པའོ། །དེ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་(རང་དང་ འདྲ་བའི་)ཤེས་རབ་དང་བཅས་པ་{དམར་པོ་}ཞལ་དམར་པོ་དང་དཀར་པོ་དང་ནག་པོ་གཡས་ ན་པད་མ་དང་རྡོ་རྗེ་དང་འཁོར་ལོ་འཛིན་པ་གཡོན་ན་ནོར་བུ་དང་དྲིལ་བུ་དང་རལ་གྲི་འཛིན་ པ་སྤྲོས་ཏེ་དེས་ནམ་མཁའི་ཁམས་ཡོངས་སུ་གང་བར་བསྒོམ་པར་བྱའོ། །གསུང་རྡོ་རྗེས་ གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པ་མཛད་ནས་སླར་ཡང་བདག་ཉིད་ཀྱི་ མདུན་དུ་ཡང་དག་པར་བཀོད་ལ་གསུང་གི་རྡོ་རྗེ་ཅན་གྱིས་བདག་ལ་དབང་བསྐུར་དུ་གསོལ་ ཞེས་དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ་དེ་ནས་གསུང་གི་རིགས་ཀྱི་ལྷ་མོ་རྣམས་ ཀྱིས་བདུད་རྩིའི་བུམ་པས་བདག་ཉིད་ལ་དབང་བསྐུར་བར་བསྒོམ་པར་བྱའོ། །དེ་ནས་ 4-1-85 གསུང་གི་བྱིན་གྱིས་བརླབས་པར་བྱ་སྟེ་གསུང་རྡོ་རྗེ་(རང་གི་མགྲིན་པར་)ཉི་མའི་དཀྱིལ་འཁོར་ལ་ རྣམ་པར་བཀོད་ནས་འདི་བརྗོད་པར་བྱའོ། །དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་ རྗེ་གསུམ་བསྒོམས་པས། །གསུང་གི་རྡོ་རྗེ་ཅན་གྱི་ནི། །བྱིན་བརླབས་གནས་སུ་དེང་བདག་ མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ པས། །གསུང་གི་རྡོ་རྗེ་ཅན་གྱི་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་པ་སྟེ་ གསུང་བྱིན་གྱིས་བརླབ་པའོ། །ཐུགས་བྱིན་གྱིས་བརླབ་པ་ནི་སྙིང་ཁར་ཐིག་ལེ་ཡོངས་སུ་གྱུར་ པ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ཁ་དོག་མཐོན་མཐིང་རྣམ་པར་བསྒོམ་པར་བྱའོ། །དེའི་ སྟེང་དུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པའོ། །དེ་ཡོངས་སུ་གྱུར་པ་ལས་ཐུགས་ རྡོ་རྗེ་(རང་དང་འདྲ་བའི་)ཤེས་རབ་དང་བཅས་པ་{ནག་པོ་}ཞལ་ནག་པོ་དང་དམར་པོ་དང་དཀར་ པོ་གཡས་ན་རྡོ་རྗེ་དང་འཁོར་ལོ་དང་པད་མ་འཛིན་པ་གཡོན་ན་དྲིལ་བུ་དང་རལ་གྲི་དང་ནོར་ བུ་འཛིན་པ་སྤྲོས་ཏེ་དེས་ནམ་མཁའི་ཁམས་ཡོངས་སུ་གང་བར་བསྒོམ་པར་བྱའོ། །ཐུགས་ རྡོ་རྗེས་གདུལ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པ་མཛད་ནས་སླར་ལོག་སྟེ་བདག་ ཉིད་ཀྱི་མདུན་དུ་ཡང་དག་པར་བཀོད་ལ་ཐུགས་རྡོ་རྗེ་ཅན་གྱིས་བདག་ལ་དབང་བསྐུར་དུ་ གསོལ་ཞེས་དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ་དེ་ནས་ཐུགས་རྡོ་རྗེའི་རིགས་ཀྱི་ ལྷ་མོ་རྣམས་ཀྱིས་བདག་ཉིད་ལ་དབང་བསྐུར་བར་བསྒོམས་ནས་བྱིན་གྱིས་བརླབ་པར་བྱ་ སྟེ་ཐུགས་རྡོ་རྗེ་(རང་གི་སྙིང་ཁར་)སྒྲ་གཅན་གྱི་དཀྱིལ་འཁོར་ལ་བཀོད་ནས་འདི་བརྗོད་པར་བྱའོ། ། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཐུགས་ཀྱི་རྡོ་རྗེ་ ཅན་གྱི་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་ རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཐུགས་ཀྱི་རྡོ་རྗེ་ཅན་གྱི་ནི། །བྱིན་བརླབས་ གནས་སུ་དེང་བདག་མཛོད། །ཅེས་པའོ། །དེ་ལྟར་ཐུགས་ཀྱི་བྱིན་གྱིས་བརླབ་པ་བྱས་ཏེ་དེ་ 4-1-86 ནས་〔རྡོ་རྗེ་གསུམ་བདག་ལ་〕གཅིག་〔ཏུ་གྱུར་〕པ་ཉིད་ཀྱིས་ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏ་ ཏ་སྭ་བྷཱ་བ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་བདག་ཉིད་)ཨཱད་མ་ཀོ་ཧཾ། ཞེས་ པའི་ང་རྒྱལ་རྣལ་འབྱོར་པས་གཟུང་བར་བྱའོ་ཞེས་པ་ངེས་པའོ〔འདིར་རྡོ་རྗེ་གསུམ་གྱི་ཡུམ་ ནི་སྐུ་མདོག་ཕྱག་མཚན་ཡབ་དང་འདྲ་བ་ཡིན་ཏེ་དབང་བསྐུར་བའི་ལྷ་མོ་རྣམས་སོ་སོའི་ ཡུམ་རྣམས་ལས་སྤྲོས་པ་ཡིན་ལ་ལྷོ་མོ་དེ་རྣམས་སྐུ་གསུང་ཐུགས་ཀྱི་རིགས་ཀྱི་ལྷ་མོ་ཡིན་པའི་ ཕྱིར་དང༌། དཔྲལ་བ་ནས་ལྷ་མོ་དཀར་པོ་དང་མགྲིན་པ་ལས་ལྷ་མོ་དམར་པོ་དང༌། སྙིང་ཁ་ ནས་ལྷ་མོ་ནག་པོ་སྤྲོ་བར་རིགས་ཀྱི་ཁ་དོག་གཞན་གྱི་ལྷ་སྤྲོ་བར་མི་རིགས་པའི་ཕྱིར་རོ)། །དེ་ བཞིན་དུ་ཤེས་རབ་〔ཡུམ་〕ཀྱི་ལྟེ་བར་ཧོཿཡིག་གིས་སོ། །གསང་བར་སྭཱ་ཡིག་གིས་སོ། །གཙུག་ ཏོར་ལ་ཧཱ་ཡིག་གིས་སོ〔རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ〕། །ཁུ་བའི་ཆོས་ལས་(ཡབ་ལ་)ཐབས་ (ཀྱི་སྐུ་གསུང་ཐུགས་ཀྱི་དེའི་ཉིས་འགྱུར་)རིགས་གསུམ་(གྱིས་བྱིན་གྱིས་བརླབ་པ་)དང་རྡུལ་དང་ཁུ་བའི་ ཆོས་ལས་ཤེས་རབ་(ལ་ཐབས་ཤེས་གཉིས་ཀའི་སྐུ་གསུང་ཐུགས་ཀྱི་)རིགས་དྲུག་〔གིས་བྱིན་གྱིས་བརླབ་པོ〕 གོ(དེ་ལྟར་ན་ཡུམ་ལ་རྡོ་རྗེ་སྔ་མ་གསུམ་གྱིས་བྱིན་གྱིས་བརླབ་པ་ཡང་དགོངས་པར་གསལ་ལོ)། གསོལ་བ་གདབ་པ་ གཞན་ནི་དབང་གི་ལེའུ་ལས་གསུངས་པའི་ཆོ་གས་བྱའོ། །དེར་མ་གསུངས་པ་གང་ཡིན་པ་དེ་ ཐམས་ཅད་ཆོ་ག་འདིས་བྱའོ་ཞེས་པ་ནི་ངེས་པའོ། ། ༈ ད་ནི་སྟོང་པ་ལ་སོགས་པའི་ང་རྒྱལ་གྱི་གནས་རྣམས་གསུངས་པ་སྟོང་པ་ཞེས་པ་ ལ་སོགས་པ་སྟེ་འདིར་སེམས་ཅན་ཐམས་ཅད་ཤི་བའི་མཐར་ཤི་བའི་མཐའི་ཕུང་པོ་རྣམས་ (འགགས་ནས་)སྟོང་པ་ཉིད་དུ་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་མིའི་ཕུང་ པོའི་ང་རྒྱལ་ཡོངས་སུ་སྤང་པའི་དོན་དང་ལྷའི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་ ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱད་མ་ཀོ་ཧཾ་(སྟོང་པ་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ང་)ཞེས་པ་ ནི་ངེས་པའོ། །〔མངལ་དུ་ལུས་སྐྱེ་བའི་ཆར་གཏོགས་པ་ན་〕འདིར་ཉེ་བར་བསྐྱེད་པའི་ཆ་ཤས་ 4-1-87 ཅན་གྱི་ཕུང་པོ་ལྔས་མངལ་དུ་བྱིས་པའི་ལུས་རྫོགས་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ ལ་མེ་ལོང་ལྟ་བུ་ལ་སོགས་པ་རྣམ་པ་ལྔས་ལྷའི་སྐུ་རྫོགས་པའོ། །དེ་ལ་ང་རྒྱལ་ནི་ༀ་སུ་བི་ ཤུད་དྷ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱད་མ་ཀོ་ཧཾ་(ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བདག་ཉིད་ ང་)ཞེས་པ་ངེས་པ་སྟེ་དེ་ལྟར་སྟོང་པ་(ཉིད་ལ་དམིགས་པའི་དུས་)དང་(སྐུ་རྫོགས་པ་)ཆོས་ཀྱི་དབྱིངས་ཀྱི་ དུས་དང་རྡོ་རྗེ་གསུམ་གྱི་(བྱིན་རླབས་བསྒོམ་པའི་)དུས་དང་དེ་བཞིན་དུ་འཆད་པར་འགྱུར་བའི་ཡེ་ ཤེས་མཆོད་པ་རྗེས་སུ་ཆགས་པ་ལ་(ང་རྒྱལ་བྱ་)སྟེ་འདིར་(ཡེ་ཤེས་མཆོད་པའི་རྗེས་ཆགས་ནི་)བྱིས་པའི་རྣ་ བ་འབིགས་པ་ལ་སོགས་པས་ལོ་བཅུ་དྲུག་གི་མཚམས་སུ་བག་མ་ལེན་པ་ན་ལག་པ་འཛིན་ པ་དང་ཡེ་ཤེས་མཆོད་པའི་རྗེས་སུ་ཆགས་པ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་(ན་བཞི་པོ་དེ་དང་)དེའི་ དུས་སུ་ཏཏ་སྭ་བྷཱ་བ་ཨཱད་མ་ཀོ་ཧཾ་(དེའི་རང་བཞིན་གྱི་བདག་ཉིད་ང་)ཞེས་བརྗོད་པར་བྱ་སྟེ་འདིར་ བསྐྱེད་པའི་རིམ་པ་ལ་བཅོམ་ལྡན་འདས་ཀྱི་ངེས་པའོ། ༡༠༠ ། ༈ ད་ནི་ལྷའི་རྣམ་པར་དག་པས་འཁོར་ལོ་ཐམས་ཅད་ཀྱི་རྩ་རྣམས་གསུངས་པ་བུམ་པ་ ཞེས་པ་ལ་སོགས་པ་སྟེ་འདིར་〔བདུད་རྩིའི་〕བུམ་པ་〔བརྒྱད་པོ་〕རྣམས་དང་ལྷན་ཅིག་དུ་བ་ལ་ སོགས་པ་〔ནུས་མ་〕བརྒྱད་པོ་རྣམས་ཀྱིས་སྙིང་ཁའི་འཁོར་ལོ་རྩིབས་བརྒྱད་པ་(ལྷའི་གྲངས་དང་རྩ་ འདབ་ཀྱི་གྲངས་དང་མཐུན་པ་)དག་པ་སྟེ་དེ་ཉིད་ཆོས་ཀྱི་འཁོར་ལོའོ། །རིགས་མ་སྤྱན་མ་ལ་སོགས་ པ་བཞི་དང་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་བཞི་སྟེ་བརྒྱད་པོ་འདི་རྣམས་ལུས་ དང་བསམ་པའི་དབྱེ་བས་བཅུ་དྲུག་པོ་རྣམས་ཀྱིས་མགོ་བོར་འཁོར་ལོ་རྩིབས་བཅུ་དྲུག་པ་ དག་པ་སྟེ་དེ་ཉིད་ལྷན་ཅིག་སྐྱེས་པར་རབ་ཏུ་གྲགས་སོ། །(དངོས་སུ་)མ་གསུངས་པ་ཉིད་(དོན་ གྱིས་ཤེས་དགོས་པ་)ལས་ཆོས་ཀྱི་དུང་དང་ཡིད་བཞིན་གྱི་ནོར་བུ་དང་ཆོས་ཀྱི་གཎ་ཌཱི་དང་དཔག་ བསམ་གྱི་ཤིང་སྟེ་བཞི་པོ་རྣམས་ཀྱིས་གཙུག་ཏོར་གྱི་འཁོར་ལོ་དག་པའོ། །བྱང་ཆུབ་སེམས་ དཔའ་ལ་སོགས་ཞེས་པ་སྐྱེ་མཆེད་བཅུ་གཉིས་དང་ཁྲོ་བོ་བཞི་སྟེ་བཅུ་དྲུག་པོ་རྣམས་ཤེས་ 4-1-88 རབ་དང་ཐབས་ཀྱི་དབྱེ་བས་སུམ་ཅུ་རྩ་གཉིས་ཏེ་ཉིས་འགྱུར་མི་བདག་ཅེས་པ་སུམ་ཅུ་རྩ་ གཉིས་རྣམས་ཀྱིས་མགྲིན་པར་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་ པ་དག་པའོ། །འཇིགས་མ་ལ་སོགས་ནོར་ལ་གདེངས་ཅན་གྱིས་ནི་བསྒྱུར་བ་ཞེས་པ་(རྣལ་འབྱོར་ མ་)དྲུག་ཅུ་རྩ་བཞི་པོ་རྣམས་ཀྱིས་ལྟེ་བར་སྤྲུལ་པའི་འཁོར་རྩིབས་དྲུག་ཅུ་རྩ་བཞི་པོ་དག་པའོ། ། དེ་བཞིན་དུ་ཙཱ་མུཎ་ཌཱ་ལ་སོགས་པ་(གཙོ་མོ་)བརྒྱད་དང་སྒེག་མོ་ལ་སོགས་པ་(ཕྱོགས་བཞིའི་ གཟུངས་མ་)བརྒྱད་〔དེ་བཅུ་དྲུག་པོ་རྣམས་〕ཀྱིས་གསང་བའི་འཁོར་ལོ(འི་ཕྱི་སྐོར་གྱི་རྩ་འདབ་བཅུ་ དྲུག་)དག་པའོ(ཡང་ན་ལྷ་བཅུ་དྲུག་པོ་ཐབས་ཤེས་ཀྱིས་ཕྱེ་བ་སོ་གཉིས་ཀྱིས་གསང་བའི་འཁོར་ལོ་དག་པའོ་ཞེས་གསུངས་སོ། ། དེ་ལྟར་དྲུག་ནི་རྩ་བའི་འཁོར་ལོའ)ོ། ༡༠༡ ། ལག་པ་དང་རྐང་པའི་ཚིགས་བཅུ་གཉིས་པོ་རྣམས་ལ་〔སྐུ་དཀྱིལ་གྱི་〕ལྷ་སུམ་བརྒྱ་དྲུག་ཅུ་ པོ་རྣམས་ཀྱིས་ལས་ཀྱི་འཁོར་ལོ་(བཅུ་གཉིས་པོའི་རྩ་སུམ་བརྒྱ་དྲུག་ཅུ་)དག་པ་(སྟེ་བཅུ་གཉིས་ནི་ཡན་ལག་གི་ འཁོར་ལོ)འོ། །ཀླུ་(བརྒྱད་)དང་གཏུམ་མོ་(བརྒྱད་དེ་)བཅུ་དྲུག་པོ་འདི་རྣམས་ཀྱི་ལུས་དང་བསམ་པའི་ དབྱེ་བས་〔ཕྱེ་བ་སུམ་ཅུ་སོ་གཉིས་ལས་གཉིས་ཁྱབ་བྱེད་དུ་སྦྱར་ནས་ལྷག་མ་སུམ་ཅུ་པོ་ལག་ པ་དང་རྐང་པའི་〕སོར་མོའི་ཚིགས་ཀྱི་མཚམས་〔སུམ་ཅུ་སུམ་ཅུ་〕རྣམས་ལ་བྱ་བ་ཞེས་བྱ་བའི་ འཁོར་ལོ་དག་པ་སྟེ་〔དོན་དམ་ཡེ་ཤེས་ཀྱི་སྐུ་ལ་ལྷའི་གྲངས་དེ་ལྟར་ཡོད་པའི་རྒྱུ་མཚན་གྱིས་ ཀུན་རྫོབ་སེམས་ཅན་གྱི་ལུས་ལ་རྩའི་འཁོར་ལོ་ངེས་པ་དེ་ལྟར་འབྱུང་བ་ནི་〕འཁོར་ལོ་དག་ པའི་ངེས་པ〔ཡང་ན་རྩའི་འཁོར་ལོ་རྣམ་པར་དག་པ་ལྷ་ཡིན་པ་ལ་ལྷ་རྣམས་ཀྱི་རྩའི་འཁོར་ལོ་ དག་པ་ཞེས་གསུངས་པ་ལྟར་ཤེས་པར་བྱ〕འོ། ། ༈ (ཀྱེའི་རྡོ་རྗེ་འབུམ་ལྔར། རྒྱུད་དང་འབྲས་བུ་འགགས་པ་ཡིས། །རྒྱལ་བའི་དབང་པོའི་སྐུ་གཞན་ཡིན། །ཞེས་སོགས་ གསུངས་པ་ལྟར)ད་ནི་གཙོ་བོ་ལ་སོགས་པ་རྣམས་ཀྱི་རྣམ་པར་དག་པ་གཞན་གསུངས་པ་དུས་ཀྱི་ ཞེས་པ་ལ་སོགས་པ་སྟེ་འདིར་ཕྱི་རོལ་ཏུ་(ལོ་དང་ཟླ་བ་ལ་སོགས་པའི་)དུས་དང་ནང་དུ་〔ལྟེ་བར་〕ཆུ་ 4-1-89 སྲིན་ལ་སོགས་པ་ཁྱིམ་གྱི་འཁོར་ལོ་ཡན་ལག་བཅུ་གཉིས་ཀྱི་བདག་ཉིད་ནི་རྒྱུ་(ཀུན་འབྱུང་)དང་ འབྲས་བུ(སྡུག་བསྔལ་གྱི་བདེན་པ)འི་བདག་ཉིད་〔རྟེན་འབྲེལ་ཡན་ལག་བཅུ་གཉིས་〕དེ་དེ་ལ་〔ལས་ དང་ཉོན་མོངས་ཀྱིས་བསྡུས་པ་〕ལྔ་ནི་རྒྱུའི་ཆོས་སོ། །(སྡུག་བསྔལ་གྱིས་བསྡུས་པ་)བདུན་ནི་འབྲས་ བུའི་ཆོས་སོ། །རྒྱུའི་ཆོས་〔མ་རིག་པ་སྲེད་པ་ལེན་པ་སྟེ་ཉོན་མོངས་པའི་ཀུན་ནས་〕ནི་ཉོན་ མོངས་པ་(འདུ་བྱེད་སྲིད་པ་སྟེ་)དང་ལས་ཀྱི་(ཀུན་ནས་ཉོན་མོངས་པའི་)བདག་ཉིད་དོ། །འབྲས་བུའི་ཆོས་ ནི་〔 སྐྱེ་བའི་ཀུན་ནས་ཉོན་མོངས་པ་〕སྡུག་བསྔལ་གྱི་བདག་ཉིད་དེ་འཇིག་རྟེན་གྱི་ཁམས་ཀྱི་ ལེའུར་(སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་གྱི་གནས་ཚུལ་རྒྱས་པར་)གསུངས་སོ། །རྒྱུ་དང་འབྲས་བུའི་ ཆོས་དེ་རྣམས་ཀྱི་དག་པ་(སྟེ་གདོད་ནས་རང་བཞིན་གྱིས་འགགས་པ་)ནི་དུས་ཀྱི་དག་པ་སྟེ་རྒྱུ་དང་འབྲས་ བུ་འགགས་པའི་དག་པས་རྡོ་རྗེ་ཅན་ཏེ་དཀྱིལ་འཁོར་གྱི་དབང་པོ་དུས་ཀྱི་འཁོར་ལོ་(དང་པོའི་ སངས་རྒྱས་སམ་)རྣམ་པར་དག་པའོ། །ལོ་དང་ཟླ་བ་ལ་སོགས་དབྱེ་བས་སོ། །ཞེས་པ་ནི་འཆད་ པར་འགྱུར་བ་ལས་བརྗོད་པར་བྱའོ། །(རྟེན་འབྲེལ་)སེམས་ཀྱི་རྣམ་པ་(ཞེས་པ་)ནི་〔རང་བཞིན་གྱི་〕 རྣམ་པར་དག་པའི་སེམས་(ཏེ་སེམས་ཅན་ཀུན་གྱི་སེམས་ཅན་ཆེན་པོའ)ོསོ། །ཉི་མ་སྟེ་འཁོར་བའི་སེམས་ ཀྱི་མཚན་ཉིད་སྲོག་ལ་ཞོན་པའི་རྣམ་པར་ཤེས་པའི་ཕུང་པོ་ནི་མ་ཡིན་ནོ། །ཉིན་ཞག་སོ་ སོ(དུས་སྦྱོར་འགགས་པ)འི་དབང་གིས་སྣ་ཚོགས་ཡུམ་ཤེས་རབ་མ་རྣམ་པར་དག་པ་སྟེ་འདིར་ལོ་ ལ་ཟླ་བའི་དབྱེ་བས་དུས་སྦྱོར་བཅུ་གཉིས་(སུ་འགྱུར་བ་)ཇི་ལྟ་བ་དེ་བཞིན་དུ་ཉིན་ཞག་སོ་སོ་ ལ་(ཁྱིམ་གྱི་འཁོར་ལོ་)འཆར་བའི་དབྱེ་བས་དུས་སྦྱོར་བཅུ་གཉིས་(སུ་གནས་)སོ། །(དུས་སྦྱོར་བཅུ་གཉིས་ འགགས་པ་)དེ་བཞིན་དུ་〔རྟེན་འབྲེལ་〕ཡན་ལག་བཅུ་གཉིས་(གདོད་མ་ནས་)འགགས་པས་ཤེས་རབ་ མའང་དག་པའོ། །འདིར་ཐེག་པ་གསུམ་ལ་རྒྱས་གདབ་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་ སྟོང་གི་( ཁྱབ་བྱེད་) ཡེ་དྷརྨཱ ཿ〔ཞེས་སོ་སོར་ཐར་པ་ལས་གསུངས་པའི་བདེན་བཞི་སྟོན་པའི་ཚིགས་ སུ་བཅད་པ〕འོ། །(དཀྱིལ་འཁོར་གྱི་)ལྷ་རྣམས་ཀྱི་རྒྱས་གདབ་པ་(ཀུན་གྱི་གཙོ་བོ་)ནི་སངས་རྒྱས་སོ། ། 4-1-90 དགེ་འདུན་〔ཞེས་པ་དགེ་སློང་〕རྣམ་པ་བཞིའི་(ཚོགས་པ་སྟེ་དེ་)རྒྱས་གདབ་པ་ནི་དགེ་སློང་ངོ༌། ། དེ་བཞིན་དུ་དགེ་སློང་སྔོན་དུ་འགྲོ་བ་ནི་དགེ་འདུན་ནོ། །ཡེ་དྷཱརྨཱཿསྔོན་དུ་འགྲོ་བ་ནི་ཆོས་སོ། ། སངས་རྒྱས་སྔོན་དུ་འགྲོ་བ་ནི་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་ལྷའི་ཚོགས་སོ〔ཞེས་པ་ ཁྱབ་བྱ་འབྲས་བུ་ལ་ཁྱབ་བྱེད་རྒྱུ་སྔོན་དུ་འགྲོ་བས་ཁྱབ་པ་འདིར་རྒྱས་གདབ་པའི་དོན་ཏེ་ རྒྱུ་འབྲས་ཀྱང་ངོ་བོ་ཉིད་ཐ་དད་པ་ནི་མ་ཡིན་ནོ〕། །དེ་བཞིན་དུ་དཀྱིལ་འཁོར་ལ་གཙོ་བོ་ནི་ བསམ་དུ་མེད་པ〔སྟེ་རྣམ་པར་རྟོག་པ་དང་བྲལ་བ〕འི་ཐུགས་རྡོ་རྗེ་སྟེ་གཙོ་མོ་ནི་(རྣམ་པ་ཐམས་ཅད་ པའི་)སྟོང་པ་ཉིད་དང་(རང་བྱུང་)ཡེ་ཤེས་ཀྱི་ཆོས་ཅན་མ་སྣ་ཚོགས་ཡུམ་མོ་ཞེས་པ་(དོན་དམ་པའི་) རིག་པའོ། ༡༠༢ ། ༈ ད་ནི་(ལྷ་མོ་)དུ་བ་(མ་)ལ་སོགས་པ་རྣམས་ཀྱི་རྣམ་པར་དག་པ་གསུངས་པ་རླུང་ ཞེས་པ་ལ་སོགས་པ་སྟེ་འདིར་སྙིང་ཁའི་པད་མར་མཉམ་གནས་ལ་སོགས་པའི་རླུང་རྣམས་ ཀྱི་རྟེན་དུ་གྱུར་པའི་རྩ་བརྒྱད་དེ་(གདོད་ནས་འགགས་པ་ཉིད་)དེ་རྣམས་ཀྱིས་(ཆོས་ཉིད་འོད་གསལ་གྱི་)དུ་ བ་ལ་སོགས་པའི་ལྷ་མོ་ནག་མོ་འབར་མའི་མཐར་ཐུག་པ་(བརྒྱད་)རྣམས་དག་པའོ། །ཨ་བ་ དྷཱུ་ཏི་དང་དུང་ཅན་མ་དག་གིས་(འགགས་པའི་རྣམ་པར་དག་པ)ཆ་དང་(ཆོས་ཉིད་འོད་གསལ་གྱི་)ཐིག་ལེའི་ གཟུགས་ཅན་མ་དག་(སྣ་ཚོགས་ཡུམ་ལ་འདུས་པ་)སྟེ་རླུང་བཅུ(གདོད་ནས་)འགགས་པས་(རྣམ་པར་)དག་ པའོ། །ཉོན་མོངས་པ་(འདོད་ཆགས་ལ་སོགས་པ་)བཞི་(གདོད་ནས་)ཟད་པས་(གཙོ་བོའི་)ཞབས་གཡོན་ པའི་འོག་ཏུ་དྲག་པོ་དག་པའོ། །བདུད་(བཞི་ཉིད་)ཀྱི་ཚོགས་(གདོད་ནས་)ཟད་པས་ཞབས་གཡས་ པའི་འོག་ཏུ་བདུད་དག་པའོ། །ལུས་ཀྱི་སྒྲིབ་པ་(གདོད་ནས་)ཟད་པས་〔ཆོས་ཀྱི་〕དུང་དག་པའོ། ། ངག་གི་སྒྲིབ་པ་(གདོད་ནས་)ཟད་པས་གཎ་ཌཱི་དག་པའོ། སེམས་ཀྱི་སྒྲིབ་པ་(གདོད་ནས་)ཟད་པས་ (ཡིད་བཞིན་གྱི་)ནོར་བུ་དག་པའོ། །ཡེ་ཤེས་ཀྱི་སྒྲིབ་པ་(གདོད་ནས་)ཟད་པས་དཔག་བསམ་གྱི་ཤིང་ དག་པ་སྟེ་(གཙོ་བོའི་)སྐུ་ཡི་རྡོ་རྗེ་ལ་སོགས་ཀྱིས་སོ། །བུམ་པ་བརྒྱད་ནི་བདུད་རྩིའི་ཡན་ལག་ 4-1-91 གིས་ཞེས་པ་ནི་འདིར་རྐང་(གདོད་ནས་)འགགས་པས་(ཤར་གྱི་)བུམ་པ་གཉིས་དག་པ་སྟེ་(དེའི་ཐབས་ དང་ཤེས་རབ་ནི་)གཡོན་དང་གཡས་ཀྱི་དབྱེ་བས་སོ། །དེ་ལྟར་(ཕྱོགས་)ཐམས་ཅད་དུ་གཡོན་དང་ གཡས་ཀྱི་དབྱེ་བས་(ཐབས་ཤེས་)རིག་པར་བྱ(ཞིང་འགགས་པས་ཞེས་པ་དག་པ་ཞེས་པ་རྣམས་ཀྱང་འགགས་པའི་ གཞི་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་གོ་བར་བྱ)འོ། །དེ་བཞིན་དུ་ཁྲག་〔གདོད་ནས་〕འགགས་པས་(ལྷོའི་) བུམ་པ་གཉིས་དང་དེ་བཞིན་དུ་གཅི་བ་〔གདོད་ནས་〕མི་འཛག་〔སྟེ་འགགས་〕པས་(བྱང་གི་)བུམ་ པ་གཉིས་དང་དེ་བཞིན་དུ་བཤང་པ་〔གདོད་ནས་〕མི་འཛག་པས་(ནུབ་ཀྱི་)བུམ་པ་གཉིས་དང་དེ་ བཞིན་དུ་ཁུ་བ་〔གདོད་ནས་〕མི་འཛགས་པས་(སྟེང་དུ་)རྒྱལ་བའི་བུམ་པ་དང་རྡུལ་〔གདོད་ནས་〕 མི་འཛགས་པས་(འོག་ཏུ་)རྣམས་པར་རྒྱལ་བའི་བུམ་པ་སྟེ་〔དེ་གཉིས་ཁྱབ་བྱེད་དུ་སྦྱར་བས་〕 བུམ་པ་བརྒྱད་དམ་(ཡང་ན་)ཐོད་པ་(བརྒྱད་)རྣམས་དག་པའོ། ༡༠༣ ། ད་ནི་སངས་རྒྱས་རྣམས་ཀྱི་དག་པ་གསུངས་ཏེ་འདིར་(ཕྱི་ནང་)ཀུན་རྫོབ་ཀྱི་ཆོས་(གློ་བུར་གྱི་དྲི་ མས་བསྡུས་པ་རྣམས་གདོད་ནས་)འགགས་པར་གྱུར་པ་ན་〔ཀུན་རྫོབ་གློ་བུར་བའི་འདུ་བྱེད་འདི་ལས་〕 འདུ་བྱེད་གཞན་〔དོན་དམ་ཡེ་ཤེས་ཀྱི་སྐུའི་འདུ་བྱེད་〕ལ་སོགས་པ་དེ་རྣམས་〔ཉིད་དུ་རང་ བཞིན་གྱི་གནས་〕སོ(དེ་ཡང་ཡུམ་ལས་ཆོས་ཉིད་ཀྱི་འདུ་བྱེད་ལ་སོགས་གསུངས་པ་དང་དོན་གཅིག་གོ)། །དེས་ན་ (གདོད་ནས་)རྣམ་པར་དག་པའི་འདུ་བྱེད་ནི་དོན་ཡོད་གྲུབ་པ་སྟེ་འདུ་བྱེད་ཀྱི་སྒྲིབ་པ་ཟད་པས་ སོ། །(དེ་བཞིན་དུ་)ཚོར་བ་ནི་དྲི་མེད་ནོར་བུའི་ཕྱག་ཅེས་པའི་རིན་ཆེན་འབྱུང་ལྡན་ཏེ་དང་ཡིག་ ནི་སྡུད་པའི་དོན་ཏོ། །དེ་བཞིན་དུ་འདུ་ཤེས་ནི་སྣང་བ་མཐའ་ཡས་སོ། །གཟུགས་ཀྱི་ཕུང་པོ་ ནི་འཁོར་ལོ་ཅན་ཞེས་པ་རྣམ་པར་སྣང་མཛད་དོ། །སླར་ཡང་མི་བསྐྱོད་པ་ལ་སོགས་པ་འདི་ རྣམས་ནི་རི་བོང་ཅན་ཞེས་པ་ཁུ་བ་དང་སྟོབས་ཞེས་པ་ཤ་དང་ཁྲག་དང་གཅི་བ་དང་བཤང་ བ་སྟེ་འདི་རྣམས་(གདོད་ནས་འགགས་པས་)རྣམ་པར་དག་ཅིང་(འདི་རྣམས་ཀྱི་)སྒྲིབ་པ་མེད་པས་རྣམ་ པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་རྣམ་པ་དག་པར་(རང་བཞིན་གྱིས་གྲུབ་པར་)འགྱུར་རོ། །དེ་ 4-1-92 བཞིན་དུ་ལྷ་མོ་དྲུག་ཅེས་པ་སྣ་ཚོགས་ཡུམ་དང་རྡོ་རྗེས་དབྱིངས་ཀྱི་དབང་ཕྱུག་མ་དང་སྒྲོལ་ མ་དང་གོས་དཀར་མོ་དང་མཱ་མ་ཀཱི་དང་སྤྱན་མ་སྟེ་ཁམས་རྣམས་ཀྱིས་ཞེས་པ་ཡེ་ཤེས་དང་ ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཁམས་རྣམས་འགགས་པས་ཁམས་གཞན་དེ་ རྣམས་རྣམ་པར་དག་པར་〔རང་བཞིན་གྱིས་གྲུབ་པར་〕འགྱུར་རོ། །ཡུལ་དང་ཡུལ་ཅན་རྣམས་ ཀྱིས་ཞེས་པ་གཟུགས་ལ་སོགས་པ་ཡུལ་དྲུག་དང་མིག་ལ་སོགས་པ་ཡུལ་ཅན་(རྣམས་གདོད་ ནས་འགགས་པས་)རྣམ་པར་དག་པ་རྣམས་ཀྱི་གཟུགས་གཞན་ལ་སོགས་པ་དེ་རྣམས་དང་གཞན་ ལ་སོགས་པ་དེ་རྣམས་རྣམ་པར་དག་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་དང་ལྷན་ ཅིག་ཏུ་སའི་སྙིང་པོ་ལ་སོགས་པ་སྟེ་བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས་པ་〔བཅུ་གཉིས་ པ〕དག་པའོ། །ཁྲོ་བོ་ལྔ་ནི་སྟོབས་རྣམས་ཀྱིས་ཏེ་ཞེས་པ་〔དང་པོའི་སངས་རྒྱས་ཆོས་ཀྱི་སྐུ་ ལ་རང་བཞིན་གྱིས་ལྡན་པའི་ཡོན་ཏན་〕དད་པའི་སྟོབས་དང་བརྩོན་འགྲུས་ཀྱི་སྟོབས་དང་ དྲན་པའི་སྟོབས་དང་ཏིང་ངེ་འཛིན་གྱི་སྟོབས་དང་ཤེས་རབ་ཀྱི་སྟོབས་ཏེ་དད་པ་མེད་པ་དང་ བརྩོན་འགྲུས་མེད་པ་དང་དྲན་པ་མེད་པ་དང་ཏིང་ངེ་འཛིན་མེད་པ་དང་ཤེས་རབ་མེད་པའི་ སྒྲིབ་པ་(གདོད་ནས་)ཟད་པས་དད་པ་ལ་སོགས་པའི་སྟོབས་རྣམས་སུ་〔རང་བཞིན་གྱིས་གྲུབ་ པར་〕འགྱུར་རོ། །སྟོབས་དེ་རྣམས་རྣམ་པར་དག་པ་ནི་གཙུག་ཏོར་དང་བགེགས་དང་མཐར་ བྱེད་ཤེས་རབ་མཐར་བྱེད་དང་པད་མ་མཐར་བྱེད་དང་གཤིན་རྗེ་མཐར་བྱེད་དེ་ཁྲོ་བོ་རྒྱལ་ པོ་རྣམས་དག་པའོ། །ངེས་པར་སླར་ཡང་གཞན་པ་ཞེས་པ་གནོད་མཛེས་རྒྱལ་པོ་དང་དབྱུག་ པ་སྔོན་པོ་དང་འདོད་པའི་རྒྱལ་པོ་དང་མི་གཡོ་བ་སྟོབས་པོ་ཆེ་ནི་བྷ་ག་དང་ངག་དང་ལག་པ་ དང་རྐང་པ་དང་བཤང་ལམ་གྱི་ལས་ཀྱི་དབང་པོ་ལྔ་པོ་རྣམས་ཀྱིས་ཏེ་ལས་ཀྱི་དབང་པོའི་བྱ་ བ་རྣམས་ཀྱིས་དྲག་སྤྱན་མ་ལ་སོགས་པ་དང་ལྷན་ཅིག་ཡོངས་སུ་དག་པའོ། ༡༠༤ ། ཙཱ་མུཎ་ཌཱ་སོགས་ཐུན་བརྒྱད་ཀྱིས་ཏེ་པད་མའི་འདབ་མར་གནས་པ་འཇིགས་མ་ལ་ 4-1-93 སོགས་པ་རྣམས་ཉི་མ〔བཅུ་གཉིས་〕འི་དུས་སྦྱོར་〔ཀྱི་〕ཆུ་ཚོད་དྲུག་ཅུ་རྣམས་ཀྱིས་སོ། །བཞི་ནི་ སྟོང་པའི་འདབ་མ་རྣམ་པར་དག་པས་སོ། །སྤྲུལ་པའི་འཁོར་ལོའི་སྒྲིབ་པ་(གདོད་ནས་)ཟད་པས་ ཙར་ཙི་ཀཱ་གཞན་ལ་སོགས་པ་དང་འཇིགས་མ་གཞན་ལ་སོགས་པའོ་ཞེས་པ་དག་པའོ། །ལྷ་ མིན་ལ་སོགས་ཞེས་པ་བདེན་བྲལ་དང་རླུང་དང་མེ་དང་གདོང་དྲུག་དང་རྒྱ་མཚོ་དང་ཚོགས་ ཀྱི་དབང་པོ་དང་བརྒྱ་བྱིན་དང་ཚངས་པ་དང་དྲག་པོ་དང་གནོད་སྦྱིན་དང་ཁྱབ་འཇུག་དང་ གཤིན་རྗེ་རྣམས་ནི་ནག་པའི་ཟླ་བ་དང་ས་གའི་ཟླ་བ་དང་སྣྲོན་གྱི་ཟླ་བ་དང་ཆུ་སྟོད་ཀྱི་ཟླ་ བ་དང་གྲོ་བཞིན་གྱི་ཟླ་བ་དང་ཁྲུམས་ཀྱི་ཟླ་བ་དང་ཐ་སྐར་གྱི་ཟླ་བ་དང་སྨིན་དྲུག་གི་ཟླ་བ་ དང་མགོའི་ཟླ་བ་དང་རྒྱལ་གྱི་ཟླ་བ་དང༌། མཆུའི་ཟླ་བ་དང༌། དབོའི་ཟླ་བ་སྟེ་བཅུ་གཉིས་པོ་ རྣམས་ཀྱི་སྒྲིབ་པ་(གདོད་ནས་)ཟད་པས་དག་པའོ། །དེ་རྣམས་ཀྱི་པད་མའི་འདབ་མར་གནས་ རྣམས་(གནས་སུམ་བརྒྱ་སུམ་ཅུ་རྩ་དྲུག་གཙོ་མོ་བཅུ་གཉིས་དང་བཅས་པ་བཞི་བཅུ་རྩ་བརྒྱད་པོ་)སྒེག་མོ་ལ་སོགས་པ་ དང་ལྡན་པ་སུམ་བརྒྱ་དྲུག་ཅུ་ནི་ཆུ་ཚོད་(གཅིག་གི་)དབུགས་ཀྱི་གྲངས་ཀྱི་ཉིན་ཞག་རྣམས་ཀྱིས་ ཏེ་ཉིན་ཞག་སུམ་བརྒྱ་དྲུག་ཅུའི་སྒྲིབ་པ་(གདོད་ནས་)ཟད་པས་དག་པ་ལྷ་〔བཅུ་གཉིས་པོ་ཤེས་ རབ་དང་བཅས་པ་〕གཞན་དེ་རྣམས་དང་འདབ་མའི་ལྷ་མོ་གཞན་དེ་རྣམས་སོ། །ཞེས་པ་དག་ པའོ〔གསུང་དང་སྐུའི་ལྷ་འདི་རྣམས་གཞན་ཡིན་པར་གསུངས་པའི་ཕྱིར་འདི་རྣམས་འཇིག་ རྟེན་པའི་ལྷར་འདོད་པ་ནི་ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་ལ་ཤིན་ཏུ་རྒྱབ་ཀྱིས་ཕྱོགས་ པ་ཡིན་ནོ〕། །གསང་བར་མི་བདག་ཉིས་འགྱུར་རྩ་རྣམས་ཀྱིས་ཀྱང་ཀླུ་རྣམས་དང་ནི་གཏུམ་མོ་ རྣམས་ཀྱང་རྣམ་པར་དག་ཅེས་པ་ཤེས་རབ་དང་ཐབས་ཀྱི་དབྱེ་བས་ཉིས་འགྱུར་ཉིད་དོ། །དེ་ བཞིན་འདོད་མ་ལ་སོགས་ཞེས་པ་ནི་འདིར་འདོད་མ་སུམ་ཅུ་རྩ་དྲུག་དང་ཕྱིར་འདོད་མ་སུམ་ ཅུ་རྩ་དྲུག་སྔར་གསུངས་པ་རྣམས་རང་བཞིན་ཡོན་ཏན་དབང་གིས་ལུས་ཀྱི་བྱ་བས་རྣམ་པར་ དག་སྟེ་(སེམས་ཅན་གྱི་)ལུས་ཀྱི་བྱ་བའི་སྒྲིབ་པ་(གདོད་ནས་)ཟད་པས་འདོད་མ་གཞན་ལ་སོགས་པ་ 4-1-94 དེ་རྣམས་དག་པའོ། ༡༠༥ ། སྤུ་རྣམས་ཀྱིས་ནི་གྲུབ་པ་མཐའ་དག་གོ་སྒྲིབ་པ་མེད་པ(བ་སྤུ་གཞན་པ)འི་བ་སྤུ་བྱེ་བ་ཕྲག་ ཕྱེད་དང་བཅས་པའི་གསུམ་པོ་རྣམས་ཀྱིས་དུར་ཁྲོད་དུ་འབྱུང་པོའི་ཚོགས་རྣམ་པར་དག་པ་ སྟེ་(ལུས་ནི་རྡོ་རྗེའི་བ་སྤུ་ཅན་ཞེས་པའོ)དེ་ལྟར་གྲུབ་པ་གཞན་དེ་རྣམས་དང་འབྱུང་པོ་གཞན་དེ་རྣམས་ སོ་ཞེས་པ་དག་པའོ(འདི་རྣམས་འཇིག་རྟེན་པར་ཡིན་པར་འདོད་པ་ཡང་སྔ་མ་དང་མཚུངས་སོ)། ། ༈ དེ་ཉིད་ཉི་ཤུ་རྩ་བཞི་(གཞན་)སྒྲིབ་པ་(གདོད་ནས་)མེད་པ་རྣམས་ཀྱིས་གཙོ་བོའི་མཚོན་ཆ་ རྡོ་རྗེ་ལ་སོགས་པ་རྣམས་དག་པ་སྟེ་〔ཀུན་རྫོབ་ཀྱི་དེ་ཉིད་ཉི་ཤུ་རྩ་བཞི་〕རང་བཞིན་མེད་པ(དོན་ དམ་པ)འི་(དེ་ཉིད་)རྣམ་པ་ཉི་ཤུ་རྩ་བཞིའི་ཕྱིར་རོ(རྩ་བའི་ནམ་མཁའི་ཁམས་ནི་རྡོ་རྗེ། ས་འཁོར་ལོ། ཆུ་པད་མ། མེ་ནོར་བུ། རླུང་རལ་གྲི་རྣ་ཌ་མ་རུ། སྣ་དགྲ་སྟ། མིག་མདའ། ལྕེ་མདུང༌། ལུས་ཕུབ། སྒྲ་རྩེ་གསུམ། རེག་བྱ་ཐོ་བ། རོ་ལྕགས་ ཀྱུ། གཟུགས་ཞགས་པ། དྲི་དབྱུག་པ། བཤང་ལམ་གཞུ། རྐང་པ་ནི་ཐབས་ཀྱི་དབང་གིས་ཨུད་པ་ལ་ཡིན་ཡང་འདིར་མེད་པས་ ཤེས་རབ་ཀྱི་དུང་ངོ༌། །ལག་པ་ཚངས་པ་མགོ་བོ། ཁ་ཁ་ཊྭཱཾ་ག དྲི་ཆུའི་དབང་བོ་དྲིལ་བུ། དབང་པོ་མཆོག་གྲི་གུག ཕྱིར་སྒྲ་གཅན་ ཉི་མ་ཟླ་བ་ནང་དུ་ཡིད་བློ་ང་རྒྱལ་གསུམ་ནི་དངོས་སུ་མ་གསུངས་ཀྱང་མེ་ལོང་ལྕགས་སྒྲོག་ཐོད་པ་གསུམ་དོན་གྱིས་འཐོབ་པོ་ ཞེས་པ་ཁ་ཅིག་འདོད་དོ)། །རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ལ་རང་བཞིན་ནི་ས་ལ་སོགས་ པའི་ཁམས་ཀྱི་ཚོགས་སོ། །དེ་རྣམས་ཀྱི་ཡོན་ཏན་ནི་ཡུལ་དྲུག་སྟེ་དེ་རྣམས་ཀྱི་སྒྲིབ་པ་ཟད་པ་ ལས་(དོན་དམ་པའི་)དྲི་གཞན་ལ་སོགས་པའི་ཁམས་(དྲུག་)རྣམས་ཀྱིས་(གཙོ་བོའི་འཁོར་ལོ་དང་རྣ་ཆ་ལ་ སོགས་པ་)ཕྱི་ཡི་ཕྱག་རྒྱ་དྲུག་རྣམ་པར་དག་པའོ། །རྡོ་རྗེས་ཞེས་པ་སྐུ་དང་གསུང་དང་ཐུགས་དང་ ཡེ་ཤེས་ཀྱི་རྡོ་རྗེ་སྟེ་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་མཚན་ཉིད་ རྣམ་པར་དག་པ་རྣམས་ཀྱིས་སྒྲིབ་པ་མེད་པའི་ཕྱིར་ནང་གི་ཕྱག་རྒྱ་རྣམས་དག་པ་(ཕྱིའི་ཕྱག་རྒྱ་ ལས་)སྟེ་གཞན་(དུས་ཀྱི་འཁོར་ལོའི་)སྐུའི་ཕྱག་རྒྱ་(རྡོ་རྗེ་)བཞི་པོ་དེ་རྣམས་རྣམ་པར་དག་པའོ། །རྡོ་རྗེ་ (དེའི་མཚོན་བྱེད་)འཛིན་པའི་ཐུགས་ཀར་ཞེས་པ་དཀྱིལ་འཁོར་གྱི་གཙོ་པོའི་ཐུགས་ཀར་ཟླ་བའི་ 4-1-95 སྟེང་དུ་ཡང་དག་པར་གནས་པའོ། །དཔལ་ལྡན་རྡོ་རྗེ་ཅན་〔དོན་དམ་པའི་སྐུ་〕ནི་ལྷན་ཅིག་ སྐྱེས་པའི་དགའ་བ་མཆོག་ཏུ་འགྱུར་པ་མེད་པ་(ཝཾ་ཡིག་རྡོ་རྗེ)འོ། །སྣ་ཚོགས་ཡུམ་ནི་〔ཆོས་ཉིད་ འོད་གསལ་བར་〕རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་(ངོ་བོ་རང་གིས་རང་རིག་པའི)ཡེ་ཤེས་དུས་ གསུམ་གཟིགས་པ་(ཨེ་ཡིག་པད་མ་)སྟེ་(རིམ་པ་ལྟར་)འཕོ་བའི་བདེ་བ་དང་(དབྱིབས་དང་ཁ་དོག་ལ་སོགས་ པར་)བརྟགས་པའི་སྒྲིབ་པ་(གདོད་ནས་)ཟད་པའི་ཕྱིར་རོ་ཞེས་པ་(གཙོ་བོ་ཡབ་ཡུམ་)དག་པའོ〔འདིར་ སྒྲིབ་པ་རྣམས་ཟད་པ་དང་འགགས་པ་ནི་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ལ་གདོད་ མ་ནས་ཟད་པ་དང་འགགས་པ་ཡིན་ལ་རྣལ་འབྱོར་པས་སངས་རྒྱས་ཐོབ་པའི་དབང་དུ་བྱས་ པ་ལ་སྒྲིབ་པ་རྣམས་གསར་དུ་ཟད་པ་ལ་སྦྱར་བར་བྱའོ〕། ། རྣམ་གསུམ་སྲིད་གནས་ཞེས་པ་ནི་〔ཆོས་དབྱིངས་བསྟོད་པར། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་ བར་མཐའ་དྲི་མ་བྲལ། །ཞེས་གསུངས་པ་ལྟར་〕ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་ཕུང་པོ་(གཞན་) ལ་སོགས་པ་ཐམས་ཅད་(དྲི་མས་)རྣམ་པར་དག་པ་སྟེ་སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར་རོ་ཞེས་ པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ལྟར་སྲིད་པ་〔གསུམ་གྱི་ཆོས་ཉིད་འོད་གསལ་པྲ་ཕབ་ པ་ལྟ་བུའི་སྲིད་གསུམ་གཞན་རྣམ་པ་ཐམས་ཅད་རང་གིས་རིག་པས་〕ཡོངས་སུ་ཤེས་པ་ནི་མྱ་ ངན་ལས་འདས་པ་(མངོན་དུ་བྱས་པ་)ཞེས་བརྗོད་དོ(དེ་ཉིད་སྲིད་ཞི་མཉམ་ཉིད་དུ་རྟོགས་པ་ཞེས་བྱ་སྟེ། ཀྱེའི་རྡོ་ རྗེར་ཡང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རྡོ་རྗེ་འཛིན་པ་རྣམས་ཀྱི་གནས། །འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་དང༌། རིགས་པ་དྲུག་ ཅུ་པར་ཡང༌། སྲིད་པ་ཡོངས་སུ་ཤེས་པ་ཉིད། །མྱ་ངན་འདས་ཞེས་བྱ་བར་བརྗོད། །ཅེས་གསུངས་པ་དང་དགོངས་པ་གཅིག་གོ)། ། 〔སངས་རྒྱས་ཀྱི་འབྲས་བུ་ཐོབ་པའི་སྐབས་〕 འདིར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་ བ་སྟེ་དུས་གསུམ་གྱི་སྲིད་པ་གསུམ་(གྱི་ཆོས་ཉིད་)ཇི་ལྟ་བར་གྱུར་པ་(འོད་གསལ་པྲ་ཕབ་པ་ལྟ་བུའི་དུས་ 4-1-96 གསུམ་དང་སྲིད་གསུམ་གཞན་གྱི་རྣམ་པ་ཐམས་ཅད་པ་)གཟིགས་པ་ནི་〔སྲེད་པ་〕ཡོངས་སུ་ཤེས་པ་སྟེ་དེ་ཉིད་ སྲིད་པ་གསུམ་(གྱི་)སྒྲིབ་པ་(གཉེན་པོས་)ཟད་པ་དང་རྒྱུ་(ལྔ་)དང་འབྲས་བུ་(བདུན་ལམ་གྱིས་)འགགས་ (པར་བྱས་)པས་རྫོགས་པའི་སངས་རྒྱས་(ཐོབ་པ་)རྣམས་ལ་ཅིག་ཅར་དུ་〔མངོན་སུམ་དུ་〕འགྱུར་ཏེ་ (ཡེ་ཤེས་ཀྱི་མཁྱེན་པ་)ཐམས་ཅད་མཁྱེན་པ་ཉིད་དང་(སྐུའི་མཁྱེན་པ་)རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དང་(གསུང་གི་མཁྱེན་པ་)ལམ་མཁྱེན་པ་ཉིད་དང་(ཐུགས་ཀྱི་མཁྱེན་པ་)ལམ་གྱི་རྣམ་པ་མཁྱེན་པ་ཉིད་ ཀྱི་སྟོབས་ཀྱིས་སོ། །ཉནཐོས་དང་རང་སངས་རྒྱས་(དགྲ་བཅོམ་པ་)རྣམས་དང་བྱང་ཆུབ་སེམས་ དཔའ་(ས་བཅུ་པ་)རྣམས་ལ་(ཡང་)དུས་གསུམ་གྱི་(ཆོས་ཉིད་)སྲིད་པ་གསུམ་གྱི་ཇི་ལྟ་བར་གྱུར་པ་ ཅིག་ཅར་(ཡང་མངོན་དུ་གྱུར་པ་)ཡོངས་སུ་ཤེས་པར་མི་འགྱུར་ཏེ་(ཉན་རང་དགྲ་བཅོམ་པ་རྣམས་)ཕུང་པོ་ ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་(ལ་གནས་པ་ཉིད་)ཀྱི་ཕྱིར་དང་དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་རྣམས་ལ་(ཤེས་བྱའི་)སྒྲིབ་པ་ཅུང་ཟད་ཙམ་གྱི་ཕྱིར་རོ། །དེ་བཞིན་དུ་ ཁྲོ་བོའི་དབང་པོ་རྣམས་ཀྱང་〔སྒྲིབ་པ་ཅུང་ཟད་དང་བཅས་པ་〕 ས་བཅུའི་དབང་ཕྱུག་ཉིད་དུ་ གྲུབ་པོ། ༡༠༦ ། ༈ ད་ནི་དག་པ་ལས་ཆོས་ཀྱི་སྐུ་ལ་སོགས་པ་འབྱུང་བ་གསུངས་པ་དཔལ་ལྡན་དག་ པ་ལས་ཞེས་པ་ལ་སོགས་པ་སྟེ་འདིར་ཀུན་རྫོབ་ཀྱི་བདེན་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་ བའི་ཆོས་སྐ་ཅྀག་མ་(འཁོར་པའི་སེམས་)རྣམས་(ནི་)སྐྱེ་བ་དང་འཇིག་པའི་ཆོས་ཅན་ཏེ་སྲིད་པ་ (གསུམ་ཀྱི་ཆོས་ཉིད་སྲིད་གསུམ་གཞན་)ཡོངས་སུ་མི་ཤེས་པའི་ཕྱིར་རོ། །འཁོར་བ་པ་རྣམས་ཀྱི་(སྲིད་པ་ གསུམ་གྱི་ཆོས་ཉིད་མི་ཤེས་པའི་)མ་རིག་པའི་བག་ཆགས་ལས་བཞི་པ་ལ་སོགས་པའི་གནས་སྐབས་ བཞིར་འགྱུར་ཏེ་(བཞི་པོ་)དེ་རྣམས་ལས་སྐུའི་རབ་ཏུ་དབྱེ་བས་ཡིད་ནི་རྣམ་པ་བཞི་རུ་གནས་ སོ། །སྲོགས་ཆགས་རྣམས་ཀྱི་ལུས་ལ་(ཡིད་ནི་)རྣམ་པ་བཞི་ནི་འདིར་(མངལ)སྐྱེ་བ་འཛིན་པ་དུས་ སུ་(མའི་)མངལ་དུ་(དྲི་ཟའི་སེམས་ཅན་གྱི་)འཇུག་པ་ན་ཁུ་བ་འཕོ་བའི་གནས་སྐབས་ནི་བཞི་པ་སྟེ་དེ་ 4-1-97 ཡང་(དེ་ཉིད་)ཀུན་རྫོབ་ཏུ་(ལྷན་ཅིག་སྐྱེས་པའི་)བདེ་བ་ཆེན་པོ་ཞེས་བརྗོད་དོ། །(བདེ་བ་)དེ་ཉིད་(ཀུན་ རྫོབ་ཏུ་)ནི་ཤྲཱི་ཡིག་ལས་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཀུན་རྫོབ་ཏུ་〔དེ་ཉིད་〕དག་པའི་སྐུ་སྟེ་ ལྷན་ཅིག་སྐྱེས་པའི་སྐུའོ་ཞེས་པའི་དོན་ཏོ། །དེ་ལས་(ཀུན་རྫོབ་ཀྱི་)ཆོས་ཀྱི་སྐུ་(ཕུང་པོ་དང་ཁམས་རྫོགས་ པ་སྟེ་)ཤིན་ཏུ་གཉིད་ལོག་པའི་མཚན་ཉིད་དང་དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་(དབང་པོ་དང་ཡུལ་ རྫོགས་པ་སྟེ་)རྨི་ལམ་གྱི་མཚན་ཉིད་དང་དེ་ལས་སྤྲུལ་བའི་སྐུ་(སེན་མོ་དང་སྐྲ་སྤུ་ལ་སོགས་པ་རྫོགས་ནས་ཕྱིར་ འབྱུང་བ་སྟེ་)སད་པའི་མཚན་ཉིད་དང་(མངལ་དུ་)ལུས་རྫོགས་ཏེ་(བཙའ་བ་ན་དབུ་མར་)སྲོག་འབྱུང་བའི་ དུས་ནས་(བརྩམས་ཏེ་)ཕྱི་རོལ་ཏུ་སླར་ཡང་(ཀུན་རྫོབ་ཀྱི་སྐུ་)རྣམ་པ་བཞིར་(སྔར་ཉིད་དུ་)གསུངས་སོ། ། (ནང་ལ་ཇི་ལྟ་བ་)དེ་བཞིན་དུ་དཀྱིལ་འཁོར་ལ་རྒྱལ་བའི་བདག་པོའི་སེམས་ཅན་ཀུན་དོན་བྱེད་ པ་པོ་སྐུ(བཞི)འི་དབྱེ་བར་འགྱུར་ཏེ་ཀུན་རྫོབ་ཀྱི་སྒྲིབ་པ་(སད་པ་ལ་སོགས་པའི་གནས་སྐབས་བཞི་)ཟད་ པའི་ཕྱིར་རོ། །ཁམས་གསུམ་པ(འི་ཆོས་དབྱིངས་དང་)གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་(རང་དང་ གཞན་གྱི་)གནས་རྗེས་སུ་དྲན་པ་ལ་སངས་རྒྱས་རྣམས་ཀྱི་ཐུགས་བཞུགས་ཏེ་སྲིད་པ་(གསུམ་ཆོས་ ཉིད་རང་བཞིན་མེད་པའི་སྲིད་པ་ཇི་ལྟ་བ་)ཡོངས་སུ་ཤེས་པའི་ཕྱིར་རོ། ༡༠༧ ། ༈ ད་ནི་སྐུ་བཞིའི་བྱ་བ་གསུངས་པ་སྤྲུལ་པར་ཞེས་པ་ལ་སོགས་པ་སྟེ་འདིར་འཁོར་བ་ པ་རྣམས་ཀྱི་སྤྲུལ་པར་ཞེས་པ་སད་པའི་གནས་སྐབས་སུ་ཡིད་ནི་(ཡུལ་རྣམས་ལ་)ལོངས་སྤྱོད་ བྱེད་པ་པོར་རབ་ཏུ་འགྱུར་ཏེ་ལུས་དང་ངག་དང་དབང་པོས་ཡུལ་རྣམས་(ལ་སྤྱོད་པར་)བྱེད་པར་ གྱུར་པས་སོ། །ལོངས་སྤྱོད་རྫོགས་ལ་ཞེས་པ་རྨི་ལམ་གྱི་གནས་སྐབས་སུ་(དབང་པོ་གཟུགས་ཅན་ གྱིས་)མ་མཐོང་བའི་ཡུལ་བེམ་པོ་མ་ཡིན་པ་(སེམས་ཀྱི་བག་ཆགས་ཀྱིས་སྣང་བ་)རྣམས་ལ་〔ཡིད་〕སེམས་ པར་འགྱུར་ཏེ་ཡོན་ཏན་དབང་གིས་ཞེས་པ་〔ཀུན་གཞིའི་རྣམ་ཤེས་ལ་ཡོད་པའི་〕ཡུལ་གྱི་བག་ ཆགས་ཀྱི་དབང་གིས་སོ། །ཆོས་ཀྱི་སྐུ་ལ་ཞེས་པ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་སུ་ གཉིད་〔འཐུག་པོ་ཉིད་〕དུ་འགྱུར་ཏེ་ཡིད་(སྣང་བ་དང་བཅས་པ་)ནི་དབང་པོ་མེད་པར་འགྱུར་རོ་ཞེས་ 4-1-98 བའི་དོན་ཏོ། །དག་པ་ལ་ནི་ཞེས་པ་བཞི་པའི་གནས་སྐབས་སུ་〔འཕོ་བའི་〕བདེ་བར་རབ་ཏུ་ འགྱུར་ཏེ་འདིར་ནི་ཉིན་མོའི་དུས་སམ་མཚན་མོའི་དུས་སུ་སྟེ་དུས་ནི་དུས་ཚོད་དོ། །དེའི་ དུས་སུ་འཁྲིག་པ་བྱས་ན་(ལུས་ངག་ཡིད་ཀྱི་)ཐིག་ལེ་གྲོལ་བ་〔སྟེ་འཕོ་བ་〕གསུམ་གྱི་མཐར་ལྷན་ ཅིག་སྐྱེས་པ(ཡེ་ཤེས་ཀྱི་ཐིག་ལེ་འཕོ་བ)འི་སྐ་ཅིག་གི་དུས་གཅིག་ན་བདེ་བ་ཆེན་པོར་རབ་ཏུ་འགྱུར་ རོ་ཞེས་པ་ཀུན་རྫོབ་ཀྱི་དེ་(ཁོ་ན་)ཉིད་གང་ཡིན་པ་དེའི་ཕྱིར་(བདེ་བ་ཆེན་པོ་)དེ་ནི་ཉིན་མཚན་དུས་ སུ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱའོ། །འགྱུར་མེད་དོན་དུའོ། །ཞེས་པ་(ཐིག་ལེ་བཞི་)མི་འཕོ་ བའི་(བདེ་བའི་)སྐ་ཅིག་གི་དོན་དུ་སྟེ་འཆད་པར་འགྱུར་བའི་(སྦྱོར་བ་)ཡན་ལག་དྲུག་གིས་སོ་ཞེས་ པ་ངེས་པའོ། །དེ་ལྟར་(ལམ་བསྒོམས་པས་)སྒྲིབ་པ་དང་བཅས་པའི་ཆོས་(རྟེན་འབྲེལ་ཡན་ལག་ བཅུ་གཉིས་དང་དུས་སྦྱོར་བཅུ་གཉིས་ཀྱི་རླུང་ཕྱི་ནང་ཀུན་རྫོབ་)འགགས་〔པ་〕ན་(གདོད་ནས་) སྒྲིབ་པ་མེད་པའི་ཆོས་སུ་(སྟེ་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་བཞི་ཐོབ་པར་)འགྱུར་ཏེ་(སྐད་ཅིག་གཅིག་དང་དུ་ མ་དང་བྲལ་བའི་ཡེ་ཤེས་)སྐྱེ་བ་དང་འཇིག་པ་དང་བྲལ་བའོ། །ཞེས་པ་(དོན་དམ་པའི་)རིགས་པའོ། ༡༠༨། ༈ ད་ནི་གཡོན་བརྐྱང་གི་སྟབས་ལ་སོགས་པའི་རྣམ་པར་དག་པ་གསུངས་པ་གཡོན་ ཞེས་པ་ལ་སོགས་པ་སྟེ་འདིར་གང་གི་ཚེ་འཁོར་བ་པ་རྣམས་ཀྱི་གཡོན་གྱི་རྩ་ལ་སྲོག་རབ་ཏུ་ རྒྱུ་བར་འགྱུར་བ་དེའི་ཚེ་(རྩ་)གཡས་ལ་བསྐུམ་པར་འགྱུར་ཏེ་སྲོག་ཀྱང་(ཀུན་རྫོབ་ཏུ་)སྔགས་ཀྱི་ ལྷའོ། །དེས་ན་གཡོན་བརྐྱང་བ་དང་གཡས་བསྐུམ་པས་(རྩ་)གཡོན་ལ་སྲོག་རབ་ཏུ་རྒྱུ་བ་གང་ ཡིན་པ་དེར་འགྱུར་ཏེ་(ནང་ཇི་ལྟ་བ་)དེ་བཞིན་དུ་(དེ་རྣམ་པར་དག་པས་གཞན་གྱི་དཀྱིལ་འཁོར་ལ་)སྔགས་ཀྱི་ ལྷའི་(ཞབས་)གཡས་བསྐུམ་པ་གང་ཡིན་པ་དེ་ནི་གཡོན་བརྐྱང་གི་སྟབས་སུ་བརྗོད་དོ། །མཉམ་ པའི་སྟབས་དང་གཞན་པ་གཡས་བརྐྱང་གི་སྟབས་ནི་གྲངས་བཞིན་དུ་སྟེ་མེའི་རྒྱུ་བ་ལས་ཞེས་ པ་ཅིག་ཅར་རྩ་གཉིས་ལ་(རྒྱུ་བའི་རླུང་)དབུ་མར་རྒྱུ་བས་(དེ་རྣམ་པར་དག་པས་ལྷའི་ཞབས་)མཉམ་པའི་ 4-1-99 སྟབས་སུ་འགྱུར་རོ། །ཉི་མའི་རྒྱུ་བ་ལས་ཞེས་པ་གཡས་ལ་རྒྱུ་བ་དང་གཡོན་བསྐུམ་པ་(རྣམ་པར་ དག་པ་)ལས་གཡས་བརྐྱང་གི་སྟབས་སུ་འགྱུར་རོ། །དེ་བཞིན་དུུ་ས་གའི་སྟབས་དང་ཟླུམ་པོ(འི་ སྟབས)་དང་རོལ་པའི་སྟབས་དང་པད་མའི་འདུག་སྟངས་དང་རྡོ་རྗེའི་འདུག་སྟངས་གང་ཡིན་ པ་དེ་རྣམས་རིམ་པ་བཞིན་དུ་གཡོན་གྱི་རྩའམ་གཡས་ཀྱི་རྩ་ལ་ནམ་མཁའ་སོགས་ལ་ཞེས་པ་ སྟེ་ནམ་མཁའི་དཀྱིལ་འཁོར་ལ་སྲོག་རབ་ཏུ་རྒྱུ་བ་(རྣམ་པར་དག་པ་)ནི་ས་གའི་སྟབས་དང་རླུང་ གི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་(རྣམ་པར་དག་པ་)ནི་ཟླུམ་པོའི་སྟབས་དང་མེའི་དཀྱིལ་འཁོར་ ལ་རབ་ཏུ་རྒྱུ་བ་(རྣམ་པར་དག་པ་)ནི་རོལ་བའི་སྟབས་དང་ཆུའི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་(རྣམ་ པར་དག་པ་)ནི་པད་མའི་འདུག་སྟངས་དང་སའི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་(རྣམ་པར་དག་པ་)ནི་ རྡོ་རྗེའི་འདུག་སྟངས་ཏེ་དེ་ལྟར་མཉམ་དང་མི་མཉམ་བགྲོད་པ་དག་ལ་སྲོག་རླུང་རབ་ཏུ་རྒྱུ་བ་ (རྣམ་པར་དག་པ་)གང་ཡིན་པ་རྣམ་པ་ལྔའོ། །རྣམས་པར་དག་པ་དེས་ལྷ་རྣམས་ཀྱི་(སྟངས་)སྟབས་ དང་འདུག་སྟངས་རྣམ་པར་དག་པར་འགྱུར་ཏེ་(རླུངས་འགགས་པས་)གཡོ་བ་མེད་པ་ལས་སོ་ཞེས་ པ་ངེས་པའོ། །དེ་(ལས་རྒྱལ་མཆོག་བྱིས་པའི་ངག་རྫོགས་པ་དང་འདྲ་བ་)བཞིན་དུ་(མངལ་ནས་ལོ་བཅུ་དྲུག་གི་ མཚམས་སུ་འཇོག་པ་དང་འདྲ་བར་ཐིག་ལེ་ཕྲ་བའི་རྣལ་འབྱོར་བསྟན་པས་)སྐྱེས་པའི་ངག་རྫོགས་པ་གཉིས་པའོ། ། ༈ བསྡུས་པའི་རྒྱུད་གྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་སྲོག་དང་ལྷ་བསྐྱེད་པའི་མདོར་ བསྡུས་ཆེན་པོ་སྟེ་གསུམ་པའོ།། ༡༠༩ །། ༈ བཅུ་དྲུག་(གི་)ཕྱེད་(བརྒྱད་ཡིན་པ་དེའི་)ཕྱེད་(ནི་བཞི་སྟེ་)ཐིག་ལེ་(བཞི་)འཆང་(བ)། །(གདོད་མ་ ནས་ཐིག་ལེ་)འཕོ་〔བ་〕མེད་(པ་ལྷན་སྐྱེས་)བདེ་ལ་རབ་བཏུད་ནས། །(རྣལ་འབྱོར་པའི་ཐིག་ལེ་འཕོ་བ་མེད་པ་)གང་〔ཡིན་པ་〕དེའི་ཐབས་ནི་ཡང་དག་པ། །(རྫོགས་རིམ་)ཐིག་ལེའི་རྣལ་འབྱོར་རབ་བརྗོད་བྱ། 102། གཏུམ་མོ་ཞེས་པ་ལ་སོགས་པས་སོ། ། ༈ འདིར་བསྐྱེད་པའི་རིམ་པ་ཐམས་ཅད་ལ་〔མངལ་དུ་བྱིས་པའི་ལུས་རྫོགས་པ་དང་ འདྲ་བར་དཀྱིལ་འཁོར་ལ་ལྷའི་〕སྐུ་〔དང་པོར་〕རྫོགས་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ། 〔མངལ་ནས་སྐྱེས་པ་ན་སྲོག་འབྱུང་བ་དང་འདྲ་བར་ཡེ་ཤེས་དགུག་གཞུག་ལ་སོགས་པ་ལྷའི་〕 གསུང་རྫོགས་པ་ནི་ལས་རྒྱལ་མཆོག་(བྱིས་པའི་)སྟེ་ལས་ཀྱི་དབང་པོ་བྱ་བ་ལ་འཇུག་པ(དང་ འདྲ་བར་ཡེ་ཤེས་པ་དགུག་པ་ལ་སོགས་པའི་བྱ་བ་ལ་འཇུག་པ)འི་ཕྱིར་རོ། །(ལོ་བཅུ་དྲུག་གི་མཐར་)བྱང་ཆུབ་ཀྱི་ སེམས་ཀྱི་ཐིག་ལེ་རྫོགས་པ་(དང་འདྲ་བར་གཏུམ་མོའི་མེས་བྱང་ཆུབ་ཀྱི་སེམས་ཐིག་ལེ་སྤྱི་བོ་ནས་འཛག་པར་བྱེད་ པ་)ནི་ཐིག་ལེའི་རྣལ་འབྱོར་རོ། །(ཤེས་རབ་དང་འདུས་ཏེ་)ཁུ་བ་འཕོ་བ་ལས་བདེ་བ་ལས་དམིགས་ པ་(དང་འདྲ་བར་བྱང་སེམས་ཐིག་ལེ་རྡོ་རྗེ་ནོར་བུ་ལས་སྟེང་དུ་གཤེགས་པའི་བདེ་བ་)ནི་ཕྲ་མོའི་རྣལ་འབྱོར་(བདེ་བ་ ལ་དམིགས་པ་)ཏེ་དེ་ཡང་མི་རྣམས་ཀྱི་ལོ་བཅུ་དྲུག་གི་མཚམས་སུ་འགྱུར་རོ། །དེས་ན་(བདེ་བ་)དེ་ ཉེ་བར་ལོངས་སྤྱོད་པའི་སླད་དུ་(མི་རྣམས་ཀྱི་ལོ་བཅུ་དྲུག་པ་ལ་)བག་མ་ལེན་པ་དང་ལག་པ་འཛིན་པ་ ལ་སོགས་པའི་བྱ་བ་དང་〔དབང་གསུམ་པའི་དུས་སུ་〕སློབ་མ་ལ་སློབ་དཔོན་གྱིས་ཤེས་རབ་ མ་གཏོད་པར་བྱེད་དོ། །(བསྒྲུབ་པའི་དུས་སུ་རྣལ་འབྱོར་པ་)བྱིས་པའི་སྐྱེ་བོ་(སྟེ་དམན་པ་འཛིན་པ་ཐོབ་པ་) རྣམས་ལ་〔རྗེས་དྲན་གྱི་དུས་སུ་〕ལས་ཀྱི་ཕྱག་རྒྱ་དེས་〚ལྟེ་བར་གཏུམ་མོ་འབར་བས་སྤྱི་བོ་ནས་ ཐིག་ལེ་འཛིན་པའི་〛བདེ་བ་དེ་བསྒྲུབ་པར་བྱེད་པར་གསུངས་སོ། །(རྣལ་འབྱོར་པ་དེ་)འབྲིང་པོ 〔འི་གནས་སྐབས་སུ་གྱུར་པའི་ཐིག་ལེ་དཔྲལ་བ་ནས་འཛ ག་པའི་བདེ་བ་ཐོབ་པ་〕རྣམས་ལ་ཡེ་ ཤེས་ཀྱི་ཕྱག་རྒྱས་(ཐིག་ལེ་གཡོ་བའི་བདེ་བའི་བསྒྲུབ་པར་གསུངས་)སོ། །〔རྣལ་འབྱོར་པ་དེ་ཉིད་〕མཆོག་ གི་རྣལ་འབྱོར་པ〔ར་གྱུར་པ་ཐིག་ལེ་སྐ་བར་གྱུར་ཅིང་གཡོ་བའི་བདེ་བ་ཐོབ་པ་〕་རྣམས་ལ་ ཕྱག་རྒྱ་ཆེན་མོས་(ཐིག་ལེ་གཡོ་བ་ཡང་མེད་པའི་བདེ་བ་བསྒྲུབ་པར་གསུངས་)སོ(དམན་པ་དང་འབྲིང་དང་མཆོག་གི་ གནས་སྐབས་གསུམ་པོ་འདི་རྣལ་འབྱོར་པ་གཅིག་ཉིད་ཀྱི་གནས་སྐབས་གསུམ་ཡིན་གྱི་རྣལ་འབྱོར་པ་རྒྱུད་ཐ་དད་གསུམ་ལ་ 4-1-100 སྦྱོར་བ་ནི་དགོངས་པ་མ་ཡིན་ནོ)། ། ༈ དེས་ན་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་〔རྗེས་དྲན་གྱི་སྐབས་སུ་ཐིག་ལེའི་ རྣལ་འབྱོར་དང་ཏིང་ངེ་འཛིན་གྱི་སྐབས་སུ་ཕྲ་མོའི་རྣལ་འབྱོར་〕གསུངས་པ། 〔རྗེས་དྲན་གྱི་ སྐབས་སུ་ལས་ཀྱི་ཕྱག་རྒྱ་〕བཅུ་དྲུག་ལོ་ལོན་(དང་པོར་མེ་ཏོག་གང་ལ་ཕོག་པའི་ལྷ་དེའི་)རིགས་ཅན་མ། ། གཟུགས་དང་ལང་ཚོས་བརྒྱན་པ་(སྟེ་དེ་)ལ། །དང་པོར་〔དགེ་བསྙེན་མའི་བསླབ་པའི་གནས་ ལ་〕ལེགས་པར་བསླབ་(པ་)བྱས་ནས། །(སློབ་དཔོན་རང་གིས་)དབང་བསྐུར་ནས་ནི་(བདེ་བ་)བསྒྲུབ་ པ་བརྩམ། །〔སྙོམས་འཇུག་གི་དུས་སུ་〕སྐུ་(ༀ་)གསུང་(ཨཱཿ)ཐུགས་(ཧཱུྃ)་དང་ཆགས་པ་〔ཧོཿཡིག་〕ནི། ། (གཙོ་བོ་ཡབ་ཡུམ་དུ་བསྒོམ་པའི་)དཔྲལ་བ་(དང་)ལ་སོགས་(པའི་སྒྲས་མགྲིན་པ་དང་སྙིང་ཁ་དང་ལྟེ་བ་)རྣམས་ལ་ དགོད། །སྭཱ་(དང་)ཧཱ་(ནི་)གསང་བ་(དང་)གཙུག་ཏོར་ཆེར(དགོད་དོ)། །དེ་ནས་(ཤེས་རབ་ཀྱི་)པད་ མ་(སྭ་བྷ་ཝས་)རྣམ་པར་སྦྱང་(སྟེ་སྟོང་པའི་ངང་ལས)། །ཨཱཿ་ཡིས་པད་མ་འདབ་བརྒྱད་པ། །〔ཟེ་འབྲུ་ ལས་〕ཧཱུྃ་ཡིག་གིས་ནི་རྡོ་རྗེར་ལྡན(ཏེ་མཚན་མ་བསྒོམས)། །དེ་ལྟར་རྡོ་རྗེ་དང་བཅས་པའི། །ཤེས་ རབ་པད་མ་བསྐྱོད་(པའི་)རྒྱུ་ལས། །ཧུྃ་གིས་རང་གི་རྡོ་རྗེ་ནི། །རྩེ་མོ་ལྔ་པ་རྣམ་པར་བསྒོམ། ། (རྡོ་རྗེ་)དེ(འི་)དབུས་(སུ་)པད་མ་འདབ་བརྒྱད་པ། །ཨཱཿཡིག་(བསྐྱེད་པས་མཚན་པ་)གིས་ནི་རབ་ཏུ་ བརྟག(པ་སྟེ་བསྒོམ་མོ)། དེ་ལྟར་(རང་གི་)རྡོ་རྗེ་པད་མ་དང༌། །བཅས་པ་(སྟེ་མཚན་པར་)བྱས་ནས་(ཤེས་ རབ་ཀྱི་)པད་མར་གཞུག །དེ་ནས་རྡོ་རྗེ་འཛིན་པའི་སྙེམས(ཏེ་ང་རྒྱལ)། །འཛིན་ཅིང་རྣལ་འབྱོར་ (པས་)ཧུྃ་ཕཊ་བྱ། །(ཤེས་རབ་ཀྱི་)བྷ་གར་(ཐབས་ཀྱི་)ལིང་ག་རབ་བཀོད་ནས། །བྱང་ཆུབ་སེམས་(ཀྱི་ ཐིག་ལེ་)ནི་སྤྲོ་མི་བྱ(སྟེ་དེའི་ཐབས་སུ་འོད་གསལ་ཕྱག་རྒྱ་ཆེན་པོ)། །ཁམས་གསུམ་པོ་ནི་མ་ལུས་པའི(རྣམ་པ་ ཅན)། །སངས་རྒྱས་(ཆོས་སྐུའི་)གཟུགས་ནི་(རྣལ་འབྱོར་པའི་མངོན་སུམ་གྱིས་)བསྒོམ་པར་བྱ། ། ༈ 〔དེ་ལྟར་བསྒོམ་པ་ལས་རྗེས་དྲན་གྱི་དུས་སུ་〕ལྟེ་བར་〔སྲོག་དང་ཐུར་སེར་གྱི་རླུང་ གཅིག་ཏུ་སྦྱོར་ཞིང་གཡོ་བ་མེད་པའི་རླུང་〕གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ 4-1-101 ལྔ(འི་མིང་ཅན་རྩ་གཡོན་གྱི་ཕུང་པོ་ལྔའི་རླུང་)བསྲེགས་(པ་སྟེ་འགག་)ཅིང༌། །སྤྱན་མ་〔ལ་སོགས་པ་དེ་བཞིན་ གཤེགས་མ་ལྔའི་མིང་ཅན་རྩ་གཡས་ཀྱི་ཁམས་ལྔའི་རླུང་དང་〕མིག་ལ་སོགས་པ་〔དབང་ པོ་ཡུལ་དང་བཅས་པ་〕ཡང༌། །བསྲེགས་(པ་སྟེ་དབང་པོ་ཡུལ་ལ་འཇུག་པ་མེད་པར་བྱས་)ནས་ 〔ཐིག་ལེ་〕རི་བོང་ཅན་〔སྤྱི་བོའི་〕ཧྃ་(བཞུ་བ་ལས་)འཛག(སྟེ)། །བདུད་རྩི་ཁུ་བའི་ཆོས་ཅན་ནི། །ཐིག་ལེའི་ གཟུགས་ཀྱིས་(སྤྱི་བོ་ནས་གསང་བའི་བར་གྱི་པད་མ་རྣམས་སུ་)འཛག་པར་བྱེད(པ་ལ)། །ཐིག་ལེའི་རྣལ་ འབྱོར་ཞེས་པར་གྲགས། ། ༈ བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་(བཞི་འཛིན་པ་ནི་དཀར་པོ་)འཆང༌། །ཆ་〔ལ་གནས་པ་〕མེད་(ཅིང་ ནག་པོའི་)ཆ་ལས་འདས་པ་(ཆ་བཅུ་དྲུག་པ་ལྷན་ཅིག་སྐྱེས་དགའ་)སྟེ། །བསམ་གཏན་(ཏེ་དགའ་བ་)བཞི་པའི་ རྩེ་མོ་འཆང་(བའང་དེ་ཉིད་ཡིན་ཞིང་དེ་ལ)། །ཕྲ་མོའི་རྣལ་འབྱོར་ཞེས་པར་གྲགས། ། ༈ (དེ་ཡང་རྡོ་རྗེ་ནོར་བུ་ནས་ལྟེ་བར་གཤེགས་པ་)རྒྱུ་མཐུན་(པ་དང་)ལ་སོགས་(པའི་སྒྲས་སྙིང་ཁར་རྣམ་སྨིན་ མགྲིན་པར་སྐྱེས་བུ་བྱེད་པ་དཔྲལ་བར་དྲི་མ་མེད་པའི་ཚུལ་གྱིས་ཇི་ལྟར་བྱོན་པ་དེ་བཞིན་དུ་སླར་ཡང་)སྟེང་དུ་འགྲོ། (ལྟེ་ བའི་འོག་ཏུ་)དུང་ཅན་མ་འདི་ཕྱག་རྒྱ་ཆེ(སྟེ་ཤེས་རབ་ཡིན་ལ་དེར་ཐུར་སེལ་གྱི་རླུང་ཞུགས་པ་ན་གཏུམ་མོའི་མེ་འབར་ བས)། །དེ་ནི་གཏུམ་མོར་རབ་ཏུ་བརྗོད། །ལྟེ་བའི་སྟེང་དུ་གཡུང་མོ་གང་(ཡིན་པ་དེ་ནི)། །ཨ་བ་ དྷཱུ་ཏི་(སྟེ་དེར་སྲོག་ཞུགས་པ་ན་རིགས་འདྲེས་པར་འགྱུར་བའོ། །དེ་ཉིད་འཁོར་ལོ་རྣམས་ཀྱི་ལྟེ་བ་ཡིན་ལ་སྣའི་རྩེ་མོ་མཛོད་ སྤུའི་བར་དུ་སོང་བས)མི་ཡི་སྣ(ཞེས་ཐ་སྙད་མཛད་དོ་ཁ་དོག་སེར་པོ)། །འོད་ཟེར་ལྔ་ཡི་རང་བཞིན་སྲོག །(ས་ ལ་སོགས་པའི་)དཀྱིལ་འཁོར་ལྔ་(གཡས་དང་གཡོན་གྱི་རྩ་ལ་)ནི་འབབ་(པར་)བྱེད་པ(དེ་དག་འཁོར་ལོ་ལྔའི་ལྟེ་བ་ དབུ་མ་ལ)། །(ཞེས་བརྗོད་པ་)སྣ་རྩེར་(གཅིག་ཏུ་གྱུར་པ་ལས་)ཡུངས་དཀར་དུ་(རྒྱུད་དང་རྒྱུད་གཞན་དུ་)གྲགས་ པ(སྟེ་དེ་ལྟར་རླུང་བཅུ་དབུ་མར་གཅིག་ཏུ་བྱེད་པ)། །དེ་ཡང་སྲོག་རྩོལ་ཉིད་དུ་བཤད། །ཁམས་གསུམ་པོ་ ནི་མ་ལུས་པའི(རྣམ་པ་ཅན་གྱི་སངས་རྒྱས་ཀྱི་གཟུགས)། །སྲིད་པ་གསུམ་〔གྱི་ཆོས་ཉིད་འོད་གསལ་པྲ་ ཕབ་པ་ལྟ་བུའི་སྲིད་པ་གསུམ〕ནི་ཡོངས་(སུ་)ཤེས་པ(འི་ཐབས་གཡས་གཡོན་གྱི)། །སྲོག་འགོག་པ་ནི་ 4-1-102 ཡུངས་དཀར་(གྱི་དོན་ཡིན་)ཏེ། །དེ་ཡང་(སྲོག་རྩོལ་གྱི་དུས་སུ་དབུ་མ་ནས་)རྒྱུ་(བ་སྟེ་འགྲོ་འོང་དང་)བཅས་〔པ་ དང་རྗེས་དྲན་གྱི་དུས་སུ་〕རྒྱུ་〔བ་〕མེད་(པ་ཉིད་)དུ་(གྱུར་པ)འོ། །〔དེ་དག་གི་སྔོན་འགྲོ་〕སོ་སོར་སྡུད་ པ་(ནི་)ཕྱག་རྒྱ་ཆེ། །ནམ་མཁའ་(དང་ཨེ་ཡིག་ལ་སོགས་པའི་མིང་ཅན་)སྟོང་པ(ཉིད་རྣམ་པ་ཐམས་ཅད་པ)འི་ མཚན་〔མ་དེ་མཐོང་བ་〕ཉིད་དོ། །(མིའི་)སྣ་〔ཞེས་པ་ཨ་ཝ་དྷཱུ་ཏཱི་〕དེ་ཡི་ནི་ཕྱོགས་སུ་ཡང་(སྟེ་ནང་དུ་ རླུང་སེམས་ཞུགས་ཤིང་)། །〔ནམ་མཁའ་〕གང་ཞིག་ཁོ་ནར་ཡིད་(རྩེ་གཅིག་ཏུ་)བཀོད་པ(ལས)། །མཚན་ མ〔བཅུ་〕འི་མཐར་ནི་རེ་ཁཱ་(ནག་པོ་སྐྲའི་ཚད་ཙམ་)གང་(ཡིན་པ)། །དེ་ལ་(ཁམས་གསུམ་གྱི་རྣམ་པ་)སྣ་ཚོགས་ རྒྱུ་(བ་སེམས་ཅན་དང་)མི་རྒྱུ(བ་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པ)། །མ་ལུས་〔པ་ཤིན་ཏུ་གསལ་བ་དེ་〕བསྒོམ་ པར་བྱ་〔ཞིང་〕དེ་ལ། །རྣལ་འབྱོར་(དུ་བྱེད་པ་ནི་)བསམ་གཏན་སོགས་(ཡིན་ལ་)དེ་ཡང་〔ཐིག་ཕྲའི་ རྣལ་འབྱོར་གྱི་སྔོན་དུ་འགྲོ་བའོ〕། །ཞེས་པ་རྩ་བའི་རྒྱུད་ལས་ངེས་པ་སྟེ་〔བསྡུས་རྒྱུད་〕འདིར་ མདོར་བསྡུས་ནས་གསུངས་སོ། །དེས་ན་རྩ་བའི་རྒྱུད་ཀྱི་རྗེས་སུུ་འབྲངས་ནས་〔རྒྱ་ཆེར་〕 རྟོགས་པར་བྱའོ་ཞེས་པ་བཅོམ་ལྡན་འདས་འཇམ་དཔལ་གྱི་ངེས་པའོ། ། ༈ གཏུམ་མོ་ལྟེ་བའི་འཁོར་ལོ་དགུ་ཡིས་བསྣུན་པའི་ལག་འགྲོ་ཞེས་པ་ནི་འདིར་ལྟེ་བ་ ལ་རྩའི་འཁོར་ལོ་དགུ་ཡིས་བསྣུན་པའི་ལག་འགྲོ་སྟེ་རྩ་བདུན་ཅུ་རྩ་གཉིས་ཀྱི་བདག་ཉིད་ནི་ ཁྱིམ་བཅུ་གཉིས་ཀྱི་རྩའི་བདག་ཉིད་དང་དཀྱིལ་འཁོར་དྲུག་ཅུའི་རྩའི་བདག་ཉིད་དོ། །དགུ་ ཡིས་བསྣུན་པའི་ལག་འགྲོ་ཙར་ཙི་ཀཱ་ལ་སོགས་〔བདུན་ཅུ་རྩ་གཉིས་〕ལྷག་པའི་ལྷ་དང་ལྡན་ པ་ཧོ་ཡིག་ཡེ་ཤེས་སྙིང་པོ་སྟེ་〔རྡོ་རྗེ་བཞི་ལས་〕ཡེ་ཤེས་རྡོ་རྗེས་བྱིན་གྱིས་བརླབས་པ་དེ་ལ་ (སྲོག་ཐུར་སེལ་གཅིག་ལ་སྦྱོར་ཞིང་དབུ་མར་གཡོ་བ་མེད་པ་)དྲི་མེད་གློག་དང་མཚུངས་པ་(ནི་)གཏུམ་མོའི་(མེ་ ཡིན་ལ་དེ་ནི་)ཡེ་ཤེས་མེ་ནི་རབ་རྒྱས་པ། ཞེས་པ་ཀུན་རྫོབ་ཀྱི་ཡེ་ཤེས་(ལས་ཀྱི་ཕྱག་རྒྱ་དང་སྦྱོར་བའི་) འདོད་པ་སྟེ་དེའི་མེ་ནི་འདོད་པའི་མེའོ། །འདོད་པའི་མེ་དེས་རབ་ཏུ་རྒྱས་པར་གྱུར་པ་ན་ལྟེ་ བར་སྤྲུལ་པའི་འཁོར་ལོར་རྣམ་པར་སྣང་མཛད་ལ་སོགས་པ(འི་མིང་ཅན་རྩ)གཡོན་ལ་(ནམ་མཁའ་ 4-1-103 ལ་སོགས་པའི་)དཀྱིལ་འཁོར་ལྔར་གྱུར་པ་དང་(རྩ་)གཡས་ལ་སྤྱན་མ་ལ་སོགས་པ(འི་མིང་ཅན་པ་ལ་ སོགས་པའི་དཀྱིལ་འཁོར་)རྣམས་བསྲེག་ཅིང་མིག་ལ་སོགས་པའི་དབང་པོ་རྣམས་(ཡུལ་ལ་འཇུག་པ་) དང་གཟུགས་ལ་སོགས་པའི་ཡུལ་(གྱི་སྣང་བ་)རྣམས་ཀྱང་བསྲེགས་ཏེ་(རྣལ་འབྱོར་པའི་)ཡིད་ནི་(རྣམ་ པར་མི་རྟོག་པའི་)ཆོས་ཀྱི་དབྱིངས་(འོད་གསལ་སྟོང་གཟུགས་)འཛིན་པའི་ཕྱིར་རོ། །(བསྲེགས་པའི་དོན་ནི་དབང་ པོ་དང་རླུང་)ཐམས་ཅད་(ཡུལ་དང་རྒྱུ་བ་ལ་)མི་འཇུག་པའི་ཕྱིར་བསྲེགས་པའོ། །དེ་ལྟར་〔རླུང་དང་དབང་ པོ་ཡུལ་ལ་འཇུག་པ〕ཐམས་ཅད་བསྲེགས་ནས་མགོ་བོར་ཟླ་བ་བཟང་ལས་ཞེས་པ་(སེམས་ཅན་)སྐྱེ་བ་ དང་(རྫོགས་པའི་)བྱང་ཆུབ་ཀྱི་ས་བོན་ཧྃ་ཡིག་ལས་ཐིག་ལེའི་གཟུགས་ཁུ་བ་གློ་བུར་བ་འཛག་ པ་གང་ཡིན་པ་དེ་ནི་(དགོངས་པའི་སྐད་ཀྱིས་)རྡོ་རྗེ་ཅན་ཏེ་(ཀུན་རྫོབ་)བྱང་ཆུབ་ཀྱི་སེམས་སོ་ཞེས་པའི་ དོན་ཏོ། །མགོ་བོ་(སྟེ་དཔྲལ་བ་)ནས་མགྲིན་པ་(བར་དུ་བྱོན་པ་དགའ་བ་)དང་མགྲིན་པ་ནས་སྙིང་ཁ(འི་ བར་དུ་བྱོན་པ་མཆོག་དགའ་)དང་སྙིང་ཁ་ནས་ལྟེ་བ(འི་བར་དུ་བྱོན་པ་ཁྱད་པར་དགའ་བ)དང་ལྟེ་བ་ནས་གསང་ བའི་པད་མར་(བྱོན་པ་ལྷན་ཅིག་སྐྱེས་དགའ་བའོ)རོ། ༡༡༠ ། 〔གསང་བའི་〕པད་མ་དེ་ཉིད་ནི་ཤེས་རབ་ཀྱི་ཆོས་འབྱུང་དུ་གསུངས་ཤིང་དེ་བཞིན་དུ་ལྟེ་ བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་པད་མ་རྣམས་ཤེས་རབ་ཀྱི་ ཆོས་འབྱུང་དུ་གསུངས་སོ། །དེ་ལྟར་(གཏུམ་མོའི་མེས་དཔྲལ་བའི་ཐིག་ལེ་)ཞུ་བར་གྱུར་པ་ན་གསང་ བར་སྐུའི་ཐིག་ལེ་དང་ལྟེ་བར་གསུང་གི་ཐིག་ལེ་དང་སྙིང་ཁར་ཐུགས་ཀྱི་ཐིག་ལེ་དང་མགྲིན་ པར་ཡེ་ཤེས་ཀྱི་ཐིག་ལེ(གནས་པ)འོ། ། ༈ དེ་ལྟར་ཤེས་རབ་ཆོས་འབྱུང་(གསང་བ་ལ་སོགས་པའི་པད་མ་)དག་ལ་གནས་པ་བྱང་ཆུབ་ཀྱི་ སེམས་ནི་སླར་ཡང་ཞེས་པ་ཇི་ལྟར་བྱོན་པ་དེ་བཞིན་གཤེགས་པ་སྟེ་(སྟེང་དུ་)སྤྲོ་བ་བྱས་ཞེས་ གསུངས་སོ། ། ཇི་ལྟར་དཔྲལ་བ་ནས་དགའ་བ་ལ་སོགས་པའི་དབྱེ་བའམ་རྣམ་པ་སྣ་ཚོགས་(པ་)ལ་ 4-1-104 སོགས་པ(རྣམ་པར་སྨིན་པ་དང་རྣམ་པར་ཉེད་པ་དང་མཚན་ཉིད་བྲལ་བ་སྟེ་སྐད་ཅིག་མ་བཞི)འི་དབྱེ་བས་བྱོན་པ་ དང༌། ཟླ་བའི་ཆ་བཅོ་ལྔ་ཡོངས་སུ་གང་བ་སྟེ་དཔྲལ་བ་ནས་མགྲིན་པར་ཚེས་ལྔ་དང་མགྲིན་ པ་ནས་སྙིང་ཁའི་ཚེས་ལྔ་དང་ལྟེ་བ་ནས་གསང་བའི་རྡོ་རྗེ་ནོར་བུའི་བར་དུ་ཆ་བཅུ་དྲུག་པ་ རྫོགས་པ་〕དེ་བཞིན་དུ་〔ལྟེ་བར་〕རྒྱུ་མཐུན་པ་(དང་)ལ་སོགས་པ〔སྙིང་ཁར་རྣམ་པར་སྨིན་པ་ དང་མགྲིན་པར་སྐྱེས་བུ་བྱེད་པ་དང་དཔྲལ་བར་དྲི་མ་དང་བྲལ་བ〕འི་དབྱེ་བས་སྟེང་དུ་ དཔྲལ་བར་གཤེགས་ཏེ་(འཕོ་བའི་བག་ཆགས་ཀྱི་)དྲི་མ་མེད་པ་སྤྲོ་བར་བྱས་པར་འགྱུར་རོ། །དེས་ ན་དྲི་མ་མེད་པའི་ཐིག་ལེ་སྣ་ཚོགས་རྒྱན་དང་ལྡན་ཞིང་མེ་ལོང་དག་ལ་གནས་པ་ལྟ་བུ་ཞེས་ པ་པྲ་ཕབ་པ་དང་མཚུངས་པ་(སྟོང་པ་ཉིད་ཀྱི་གཟུགས་)དུས་གསུམ་དུ་(རྒྱུན་ཆད་མེད་པར་)གནས་པའི་ ཡེ་ཤེས་འཁོར་ལོ་རང་བྱུང་བ་(མངོན་སུམ་དུ་བྱས་པ་)ཞེས་པ་ནི་ཐིག་ལེའི་རྣལ་འབྱོར་ལས་ཕྲ་མོའི་ 〚རྡོ་རྗེ་ནོར་བུ་ལས་འཛག་མེད་དུ་〛རྣལ་འབྱོར་དུ་གྱུར་པའོ། །དེ་བཞིན་དུ་འདོད་པ་དང་ནི་ གཟུགས་དང་གཟུགས་མེད་སྲིད་པ་རྣམ་པ་གསུམ་པོ་རྣམས་ཀྱང་རིམ་པས་ཞེས་པ་(སྲིད་པ་ གསུམ་ནི་འདིར་)སྐུ་དང་གསུང་དང་ཐུགས་ཀྱི་ཐིག་ལེ་(སྟེ་ཇི་ལྟར་བྱོན་པ་དེ་བཞིན་དུ་སྟེང་དུ་)བསྐྱེད་པ(སྟེ་སྤྲོ་ བ)འི་རིམ་པས་(རྡོ་རྗེ་ནོར་བུ་ལས་འཛག་མེད་དུ་)སྦྱངས་བྱས་ཏེ། ཕྱི་ནས་ཡེ་ཤེས་མེ་ལྕེ་དག་གིས་ཞེས་ པ་(ཐིག་ལེ་)མི་འཕོ་བའི་བདེ་བའི་(ཡེ་ཤེས་ཀྱི་)འོད་ཟེར་རྣམས་ཀྱིས་སྲིད་པ་གསུམ་པོ་མཐའ་དག་ སྟེ་ཁམས་གསུམ་པོ་དུས་གཅིག་ཏུ་ནི་དགུག་པར་བྱ་ཞེས་པ་(དུས་)ཅིག་ཅར་(གྱི་དུས་མེད་པའི་)དུས་ གསུམ་(གྱི་རྣམ་པ་པྲ་ཕབ་པ་ལྟ་བུ་)ཤེས་པ་སྟེ་(ཕྲ་མོའི་རྣལ་འབྱོར་མཐར་ཕྱིན་པ་ན་)ལྷའི་རྣལ་འབྱོར་དཀྱིལ་ འཁོར་གྱི་འཁོར་ལོའི་རྣམ་པ་(མངོན་སུམ་དུ་)སྤྲོ་བ་དང་འཁོར་བ་པ་རྣམས་ཀྱི་བུ་དང་བུ་མོ་སྤྲོ་ བ་ནི་བྱང་ཆུབ་ཀྱི་སེམས་(ཐིག་ལེ་)ལས་སོ། །དེ་ལྟར་ལོ་བཅུ་དྲུག་གི་མཚམས་སུ་མངལ་ནས་ སྐྱེས་པ་རྣམས་ཀྱི་ལུས་དང་ངག་དང་སེམས་དང་ཡེ་ཤེས་རྫོགས་པ་སྟེ་(ཕྲ་མོའི་རྣལ་འབྱོར་རྫོགས་པ་ ན་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་སྤྲོ་བའི་)ལྷ་རྣམས་ཀྱི་(རྡོ་རྗེ་བཞི་རྫོགས་པ་)ནི་སྒོམ་པའི་སྟོབས་ཀྱིས་ 4-1-105 སོ〔གཞུང་འདི་དག་གི་དགོངས་པ་ནི་བྱང་སེམས་ཐིག་ལེ་རྡོ་རྗེ་ནོར་བུ་ལས་དཔྲལ་བའི་བར་ དུ་སྟེང་དུ་གཤེགས་པར་བྱས་པས་རྣལ་འབྱོར་པས་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་ སྤྲོ་བ་ལ་སྦྱར་བར་ཤེས་པར་བྱའོ〕། །སངས་རྒྱས་རྣམས་ཀྱི་〔རྡོ་རྗེ་བཞི་རྫོགས་པ་〕ནི་རྣམ་པར་ ཐར་བ་བཞིའི་སྟོབས་ཀྱིས་སོ་ཞེས་པ་〔འཁོར་བ་པའི་ལུས་ངག་སེམས་ཡེ་ཤེས་རྫོགས་པ་དང་ ལྷའི་རྣམ་པ་སྤྲོ་བའི་རྡོ་རྗེ་བཞི་རྫོགས་པ་ནི་〕ཀུན་རྫོབ་(ཀྱི་སྒོ་ནས་)དང་དོན་དམ་པའི་(རྣམ་པར་ཐར་ བ་བཞིའི་སངས་རྒྱས་ཀྱི་རྡོ་རྗེ་བཞི་རྫོགས་པ་ནི་)བདེན་པ〔འི་སྒོ་ན〕ས་སོ། ༡༡༡ ། ༈ ད་ནི་ཟླ་བ་ཞེས་པ་ལ་སོགས་པས་ནང་དུ་སྔགས་ཀྱི་བཟླས་པ་ལ་སོགས་པ་གསུངས་ ཏེ་འདིར་ལུས་ལ་ཟླ་བ་ཞེས་པ་ནི་གཡོན་གྱི་རྩ་དང་ཉི་མ་ཞེས་པ་ནི་གཡས་ཀྱི་རྩའོ། །ཨ་ སོགས་ཞེས་པ་ནི་ཨ་ལ་སོགས་པ་དབྱངས་ཀྱི་ཚོགས་(ཐབས་ཀྱི་ཆ་)ཏེ་གཡོན་དུ་(བསྐྱེད་པའི་རིམ་པ་) སྲོག་ཡང་དག་པར་རྒྱུའོ། །ཀ་སོགས་ཞེས་པ་ནི་གསལ་བྱེད་ཀྱི་ཚོགས་(ཤེས་རབ་ཀྱི་ཆ་)ཏེ་གཡས་ སུ་〔སྡུད་པའི་རིམ་པས་〕སྲོག་ཡང་དག་པར་རྒྱུའོ། །རྣམ་གསུམ་བགྲོད་གནས་ཞེས་པ་གཡོན་ གྱི་བགྲོད་པ་(སྟེ་ལམ་)ལ་གནས་པའི་སྲོག་(འབྱུང་བ་དང་འཇུག་པ་)ནི་སྐུ་རྡོ་རྗེའི་བཟླས་པ་ཞེས་ བརྗོད་དོ། །གཡས་ཀྱི་བགྲོད་པ་〔སྟེ་ལམ་〕ལ་གནས་པའི་སྲོག་(འབྱུང་བ་དང་འཇུག་པ་)ནི་གསུང་གི་ བཟླས་པ་ཞེས་བརྗོད་དོ། །དབུ་མའི་བགྲོད་པ་〔སྟེ་ལམ་〕ལ་གནས་པའི་(ཐབས་ཤེས་དབྱེར་མེད་པའི་) སྲོག་ནི་(འབྱུང་བ་དང་འཇུག་པ་)ཐུགས་ཀྱི་བཟླས་པ་ཞེས་བརྗོད་དེ་འདི་རྣམས་འགགས་པ་ལས་ གཞོམ་དུ་མེད་པ(འི་སྒྲ་སྙན་)ཐམས་ཅད་མཁྱེན་པའི་གསུང་དུ་(ཐོབ་པ་ཉིད་དུ་)འགྱུར་རོ། །དེས་ ན་(རླུང་དེ་འགོག་པའི་ཐབས་སུ་)སོ་སོར་སྡུད་པ་ལ་སོགས་པ་དྲུག་གིས་སྦྱོར་བ་ཡན་ལག་དྲུག་པོ་ འདི་བསྒོམ་པར་བྱ་སྟེ། (རྩ་བའི་རྒྱུད་དང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་)སོ་སོར་སྡུད་དང་བསམ་ གཏན་དང༌། །དེ་བཞིན་སྲོག་རྩོལ་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་ བ་ཡན་ལག་དྲུག་ཏུ་འདོད། །ཅེས་པ་སྟེ་འཆད་པར་འགྱུར་བ་འདི་རྣམས་གོམས་པས་གསེར་ 4-1-106 བཟང་པད་མ་ལ་ནི་ཞེས་པ་(སའི་ཁམས་དང་)ལྟེ་བའི་པད་མ་ལ་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ ཏེ་ཞེས་པ་ནི་(ལྟེ་བའི་པད་མའི་དབུས་སུ་རྩ་གསུམ་ཁོག་འབྲེལ་བའི་རྣམ་པར་གནས་པས་)རྣམ་གསུམ་བགྲོད་པ་ གནས་པའི་སྲོག་(དབུ་མའི་ནང་དུ་བཅུག་ནས་འབྱུང་བ་དང་འཇུག་པ་)འགོགས་པའོ། །ཞེས་པའི་དོན་ཏོ། ། འགོག་པ་དེ་ནས་དགའ་བ་ལ་སོགས་རྣམས་ཀྱིས་ཞེས་པ་〔གཏུམ་མོའི་མེས་སྤྱི་བོའི་ཧྃ་ཡིག་ བཞུ་བ་ལས་〕དགའ་བ་དང་མཆོག་དགའ་དང་ཁྱད་པར་དགའ་བ་དང་ལྷན་ཅིག་སྐྱེས་པའི་ དགའ་བ་རྣམས་ཀྱིས་(ཐིག་ལེ་བཞི་)རྡོ་རྗེ་ཆུ་སྐྱེས་(གསང་བའི་པད་མ་ལ་སོགས་པ་)དག་ལ་རོ་ མཉམ་(སྟེ་གནས་པར)གྱུར་པས་〔ཐིག་ལེ་བཞི་〕མི་འཕོ་བ་(བདེ་བ་ཆེན་པོ་)ཉིད་ཀྱི་ཕྱིར་སྒོམ་པ་འདི་ནི་ རྡོ་རྗེ་གསུམ་(ཐུགས་རྡོ་རྗེ་)སྟེ་ཁུ་བ་དང་(སྐུ་རྡོ་རྗེ་)དང་བཤང་བ་དང་(གསུང་རྡོ་རྗེ་)དང་གཅི་བ་(འཛག་པ་)འགོག་པའོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས། (རྣལ་འབྱོར་གྱི་སྟོབས་ཀྱིས་དབུ་མ་ལ་ ཞུགས་པ་མཆོག་ཏུ་མི་འགྱུར་བའི་བདེ་བའི་དབུགས་ནི་)དབུ་མ་མཆོག་གི་དབུགས་〔ཏེ་དེ་〕དང་ནི། །དྲི་(ཞེས་པ་ རྩ་གཡོན་གྱི་སྟེང་འོག་)དང་ཆུ་〔ཞེས་པ་གཡས་ཀྱི་སྟེང་འོག་〕དང་ལྡན་པས་(ཏེ་ཁུ་རྡུལ་སྒྲ་གཅན་དུས་མེའི་རྩ་རོ་ མཉམ་དུ་གྱུར་པའི་ཐིག་ལེ་བཞི་འཛིན་པ་ཡིས་)ཀྱང༌། །རྟག་ཏུ་རིགས་ལྡན་མ་〔དབུ་མ་ཨ་ཝ་དྷཱུ་ཏཱི་〕མཆོད་ 〔པར་〕བྱ། །ཁྱད་པར་(གྱི་)དུས་(སོ་སོ་)ལ་ཕོ་ཉ་མོ་〔རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་དང་ལྷན་ ཅིག་སྐྱེས་གྲུབ་རྣམས་གོ་གུ་ལ་སོགས་པས་མཆོད་པར་བྱ་〕ཞེས་( རྒྱས་པར་བདེ་མཆོག་བསྟོད་འགྲེལ་དུ་ གསུངས་)སོ། །དེ་ནས་ཤེས་རབ་པད་མར་ཞེས་པ་གསང་བའི་པད་མར་〔བྱང་ཆུབ་〕སེམས་ཀྱི་ ཐིག་ལེ་(བརྟན་པར་)གནས་པར་གྱུར་པ་དག་ལ་ལྷན་ཅིག་སྐྱེས་པའི་དབང་གིས་ཞེས་པ་(ཐིག་ལེ་) མི་འགྱུར་བའི་བདེ་བའི་དབང་གིས་བསྒོམ་པ་ནི་(རྣལ་འབྱོར་པའི་ལུས་རྡོ་རྗེའི་སྐུ་དང་རྗེས་མཐུན་པ་ཙམ་གྱི་) གཞོམ་དུ་མེད་པར་འགྱུར་ཏེ་〔རྡོ་རྗེ་ནོར་བུ་ལས་〕སྟེང་དུ་〔དཔྲལ་བ་དང་གཙུག་ཏོར་གྱི་བར་དུ་〕ཁུ་བ(གཤེགས་པ)འོ། ༡༡༢ ། ༈ ད་ནི་བསྙེན་པ་ལ་སོགས་གསུངས་པ་བདུད་རྩི་ཞེས་པ་ལ་སོགས་པ་སྟེ་འདིར་ལས་ 4-1-107 དང་པོ་པས་དང་པོར་〔ལམ་རིམ་པ་གཉིས་ཀྱིས་〕སྒྲུབས་ཐབས་ཀྱི་ཆོ་གས་བསྙེན་པར་བྱ་ སྟེ་བདུད་རྩི་ལྔ་ལ་སོགས་པས་བསྙེན་པ་ཞེས་པ་ལ་ཕྱི་རོལ་ཏུ་བདུད་རྩི་ལྔ་ནི་བཤང་བ་ལ་ སོགས་པ་(གཅི་བ་དང་ཁུ་རྡུལ་དང་རྐང་)དང་སོགས་པའི་སྒྲས་གོ་ཀུ་(བ་ལང་དང་ཁྱི་)ལ་སོགས་པ་(རྟ་གླང་ པོ་ཆེ་མི་རྣམས་ཀྱི་ཤ་)སྟེ་〔ཀུན་རྫོབ་〕ལྷ་མཉེས་པའི་དོན་དུ་དེ་རྣམས་(ཀྱི་བདུད་རྩི་རིལ་བུའམ་བདུད་རྩིར་བྱིན་ གྱིས་བརླབས་པར་)ཟོས་པས་བསྙེན་པའོ། །ནང་དུ་བདུད་རྩི་ལྔ་ནི་ཕུང་པོ་ལྔ་སྟེ་སོགས་པའི་སྒྲས་ དབང་པོ་ལྔ་སྒྲོན་མ་(སྟེ་ཤ་)ལྔའོ། །དེ་རྣམས་(བདེ་བ་)ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ་ལུས་དང་ རྫས་ལ་སྲེད་པ་ཡོངས་སུ་སྤངས་པའོ། །བསྙེན་པ་དེས་(ཀུན་རྫོབ་དང་དོན་དམ་པའི་)ལྷ་རྣམས་མཆོག་ སྟེར་བར་འགྱུར་གྱི་བཤང་བ་ལ་སོགས་པ་ཟོས་པ་ནི་མ་ཡིན་ནོ། །ཆུ་གཏེར་རྡོ་རྗེ་རྣམས་དང་ ཞེས་པ་ནི་ལུས་ཀྱི་ལོངས་སྤྱོད་ལ་(བཟའ་བ་དང་བཏུང་བ་དང་བྱ་བྱེད་ལ་སོགས་པ་)ལྟོས་པ་མེད་པ་དང་ ངག་གི་ལོངས་སྤྱོད་ལ་(སྨྲ་བརྗོད་)ལྟོས་པ་མེད་པ་དང༌། སེམས་ཀྱི་ལོངས་སྤྱོད་(རྟོག་པའི་འཕྲོ་འདུ་ལ་ སོགས་པ་)ལ་ལྟོས་པ་མེད་པ་དང༌། (ཐིག་ལེ་)འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ་ ལུས་དང་ངག་དང་སེམས་དང་ཚངས་པར་སྤྱོད་པའི་སྡོམ་པ་ཞེས་པའི་དོན་ཏོ། །འདིས་〔ཀུན་ རྫོབ་དང་དོན་དམ་པའི་〕ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི་སྲིད་པའི་ལོངས་སྤྱོད་ལ་ཞེན་ པས་ནི་མ་ཡིན་ནོ། །སྔགས་ཀྱི་བཟླས་པ་སོགས་ཀྱིས་ཞེས་པ་ལ་འདིར་སྔགས་ཀྱི་བཟླས་པ་ ཞེས་པ་ནི་སྲོག་སྡོམ་པ་སྟེ་སོགས་པའི་སྒྲས་(ཕྱིར་)དབྱུང་བ་དང་(ནང་དུ་)དགང་པ་དང་(གཅིག་ཏུ་ འགོག་པར་)བུམ་པ་ཅན་གྱི་སྦྱོར་བ་ནི་རྟག་ཏུ་བསྙེན་པའོ(མན་ངག་སྙེ་མར། དབུགས་ཕྱིར་འབྱུང་བ་ནི་དབྱུང་ བའོ། །རབ་ཏུ་འཇུག་པ་ནི་དགང་བའོ། །ནང་གང་བ་ནི་བུམ་པ་ཅན་ནོ། །ཞུགས་ནས་གཡོ་མེད་དུ་གྱུར་པ་ནི་ཞི་བ་ཅན་ནོ་ཞེས་ འབྱུང་ངོ་)། །〔སྲོག་འགོག་པ་〕དེས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི་སྲོག་〔གཡོ་བ་མེད་པར་〕མ་བསྡམས་པར་ངག་ཏུ་བརྗོད་པས་ནི་མ་ཡིན་ནོ་ཞེས་པ་ངེས་པའི་དོན་ཏོ། །དྲང་བའི་དོན་ གྱིས་ནི་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བགྲང་ཕྲེང་ལ་སོགས་པས་བཟླས་པ་ལ་སོགས་པ་ 4-1-108 བྱའོ། །ད་ནི་ཉེ་བའི་སྒྲུབ་པ་གསུངས་པ་སོ་སོར་ཞེས་པ་ལ་སོགས་པ་སྟེ་(སྦྱོར་བ་ཡན་ལག་དྲུག་ལས་) འདིར་སོ་སོར་སྡུད་པ་ཞེས་པ་ལ་འཁོར་བ་པ་རྣམས་ཀྱི་(སོ་སོར་)སྡུད་པ་ནི་མིག་ལ་སོགས་པའི་ དབང་པོ་རྣམས་ཀྱིས་(ཐ་མལ་པའི་དབང་པོ་ལས་དབང་པོ་)གཟུགས་ལ་སོགས་པའི་ཡུལ་འཛིན་པའོ། ། དེ་ཡོངས་སུ་སྤོང་བ་ནི་སོ་སོར་སྡུད་པ་ཞེས་བརྗོད་དེ་སྟོང་པ་ཉིད་ཀྱི་གཟུགས་ལ་(ལས་དང་པོ་ པ་ནས་སངས་རྒྱས་ཀྱི་སའི་བར་)གཞན་ཤ་ལ་སོགས་པའི་མིག་ལ་སོགས་པ་〔སྤྱན་ལྔ་པོ་〕རྣམས་ཀྱིས་ (ཕྱི་རོལ་གྱི་གཟུགས་ལ་སོགས་གཟུགས་སོགས་)གཞན་(སྟོང་ཉིད་དོན་དམ་པའི་)གཟུགས་ལ་སོགས་པའི་ཡུལ་ འཛིན་པ་ནི་〔སོ་སོར་སྡུད་པའི་སྐབས་འདིས་〕ཉེ་བའི་སྒྲུབ་པའོ། །དེ་བཞིན་དུ་བསམ་གཏན་ དང་སྲོག་རྩོལ་དང་འཛིན་པ་〔རྣམས་ཀྱང་སྐབས་འདིར་ཉེར་བསྒྲུབ་ཏུ་བྱ་〕སྟེ་རྡོ་རྗེ་(དང་)པད་མ་ (སྦྱོར་བ་)ལས་སྐྱེས་(པའི)་བདུད་རྩི་འཕོ་བ་མེད་པ་ཡིས་ནི་ཉེ་བའི་སྒྲུབ་པ་སྟེ་ངེས་པའི་དོན་གྱིས་ སོ། །དྲང་བའི་དོན་གྱིས་ནི་(བསྐྱེད་རིམ་ལ་)ཕྱི་རོལ་ཏུ་སྤྲོས་པས་སོ་ཞེས་པ་ཉེ་བའི་སྒྲུབ་པ་གྲུབ་ པའོ། །ད་ནི་སྒྲུབ་པ་གསུངས་པ་དགའ་བ་ཞེས་པ་ལ་སོགས་པ་སྟེ་འདིར་དགའ་བ་ལ་སོགས་ རྣམས་ཀྱི་རྡོ་རྗེ་གསུམ་ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱི་ཐིག་ལེ་རྣམས་དང་(གསང་བའི་པད་ མ་ལ་སོགས་པའི་)ཆུ་སྐྱེས་རོ་མཉམ་གྱུར་པ་བསྒོམ་པ་བསྒྲུབ་པར་འགྱུར་ཏེ་སྙིང་ཁ་དང་ལྟེ་བ་དང་ གསང་བར་ཐིག་ལེ་རྣམས་(འཕོ་མེད་དུ་)གནས་པའོ་ཞེས་པའི་དོན་ཏེ་དེ་ལྟར་ན་(རྗེས་དྲན་ནི་)སྒྲུབ་ པའོ། །དེ་ནས་སྒྲུབ་པ་ཆེན་པོ་ནི་ཤེས་རབ་སྦྱར་ལ་གང་གི་ཚེ་འཕོ་བ་མེད་པའི་བདེ་བར་གྱུར་ པ་དེའི་ཚེ་ངེས་པར་སྒྲུབ་པ་ཆེན་པོ་སྟེ་ཕྲ་མོའི་རྣལ་འབྱོར་དག་ལས་ཞེས་པ་ངེས་པའི་དོན་ གྱིས་(ཨ་བ་དྷཱུ་ཏཱི་)ཤིན་ཏུ་ཡིད་བཟང་མའི་རྩའི་སྟེང་དུ་ཁུ་བ་ཡང་དག་པར་སྦྱོར་བ་ལས་སྒྲུབ་པ་ ཆེན་པོར་གསུངས་ཏེ་དྲང་བའི་དོན་དུ་ནི་ཤེས་རབ་ཀྱི་ཆོས་འབྱུང་གི་སྣའི་རྩེ་མོ་ཡུངས་དཀར་ (སྒོམ་པ་)ལ་སོགས་པའོ་ཞེས་པ་ངེས་པའོ་དེ་ལྟར་〔ཏིང་ངེ་འཛིན་〕སྒྲུབ་པ་ཆེན་པོར་འགྱུར་རོ 〔འདིར་ཡན་ལག་སྔ་མ་བཞི་ག་ཉེར་སྒྲུབ་ཏུ་གསུངས་པ་དང་འོག་ནས་སོར་སྡུད་བསམ་གཏན་ 4-1-109 བསྙེན་པ་དང་སྲོག་རྩོལ་འཛིན་པ་ཉེར་སྒྲུབ་ཏུ་གསུངས་པ་མི་འགལ་ཏེ་འདིར་ནི་བསྐྱེད་ རྫོགས་ཐུན་མོང་གི་དབང་དུ་བྱས་ཤིང་འོག་ཏུ་ནི་རྫོགས་རིམ་ཁོ་ནའི་དབང་དུ་བྱའོ〕། ༡༡༣ ། ༈ ད་ནི་དམན་པ་དང་མཆོག་གི་དབྱེ་བས་བསྙེན་པ་ལ་སོགས་པ་གསུངས་པ་དང་ པོར་ཞེས་པ་ལ་སོགས་པ་སྟེ་འདིར་བསྐྱེད་པའི་རིམ་པ་ལ་དང་པོར་སྟོང་ཉིད་བྱང་ཆུབ་ཅེས་ པ་ནི་སྲོག་ཆགས་རྣམས་ཤི་བའི་མཐར་(ཚེ་འདིའི་)ཕུང་པོ་ཡོངས་སུ་དོར་ནས་(ཚེ་ཕྱི་མའི་)སྐྱེ་བའི་ ཆ་ཤས་ཅན་གྱི་ཕུང་པོ་འཛིན་པ་ལས་བར་གང་ཡིན་པ་སྟོང་པ་ཉིད་ཀྱི་སྐད་ཅིག་མ་གཅིག་ པོ་སྲིད་པ་གསུམ་མཐོང་བ་ནི་སྟོང་པ་ཞེས་གསུངས་ཏེ་ངེས་པར་ནི་གདོན་མི་ཟ་བར་རོ། །སྐ་ ཅིག་དེའི་ཕྱི་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན་ཞེས་པ་འདིར་(བར་དོའི་སེམས་ཅན་གྱི་) ཀུན་གཞིའི་རྣམ་པར་ཤེས་པས་མའི་མངལ་དུ་ཁུ་བའི་ཐིག་ལེ་རྣམས་འཛིན་པ་ཞེས་བྱ་བ་ནི་ ཡང་དག་འཛིན་པའོ། །དེའི་འོག་ཏུ་ཁུ་བ་ལ་སོགས་པ་བཟུང་བ་དེ་ནས་གཟུགས་ནི་བསྐྱེད་ པ་ཞེས་བྱ་བ་ནི་ཟླ་བ་བདུན་གྱིས་མངལ་རྫོགས་པ་སྟེ་〔ཐུན་མོང་པ་མངའ་སྐྱེས་དང་བསྐྱེད་ རིམ་གཉིས་ཀ་སྦྱར་བས་〕ལུས་རྫོགས་པའོ་ཞེས་པའི་དོན་ཏོ། །དེ་ནས་(མངལ་ནས་སྐྱེས་པ་ན་)རབ་ མཆོག་རོ་ཡི་རིགས་རྣམས་དག་གིས་ཞེས་པ་ཕུང་པོ་དྲུག་པོ་རྣམས་ཀྱིས་མིག་ལ་སོགས་པ་ རྣམས་ཀྱི་ཡི་གེ་དགོད་པ་སྟེ་(ཚོར་བའི་ཕུང་པོའི་ནུས་པས་མིག་གིས་གཟུགས་འཛིན་པ་ལ་སོགས་པ་དབང་པོ་རྣམས་) གཟུགས་ལ་སོགས་པའི་ཡུལ་ལ་རབ་ཏུ་འཇུག་པའོ། །དེ་བཞིན་དུ་ལྷའི་སྒྲུབ་ཐབས་ལ་ཡང་ ལས་དང་པོ་པས་(གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་ཡིན། ། གསུམ་པ་གཟུགས་ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །ཞེས་གསུངས་པ་ལྟར་དང་པོ་སྟོང་པ་ཉིད་ལ་དམིགས་པ་དང༌། གཉིས་པ་དབྱངས་གསལ་བྱེད་དང་ལྡན་པའི་ཟླ་ཉི་སྦྱར་བའི་ཟླ་བའི་དབུས་སུ་ས་བོན་གྱི་ཡི་གེ་བསྡུ་བ་དང༌། གསུམ་པ་མངོན་ བྱང་ལྔ་ལ་ལྷའི་གཟུགས་རྫོགས་པ་དང༌། བཞི་པ་སྐྱེ་མཆེད་བྱིན་གྱིས་རླབས་པའི་ཚུལ་གྱིས་)བརྟགས་པའི་བདག་ཉིད་ བསྒོམ་པར་བྱའོ། །འདི་ནི་སྤྱིའི་བསྙེན་པའོ། །[ཆུ་ཡི་གཏེར་གྱི་རྡོ་རྗེ་རྣམས་ཀྱིས་〔ཞེས་ཤོང་ 4-1-110 ལས་ཡོད་པ་ལྟར་བཤད་དོ〕]ཆུ་ཡི་གཏེར་གྱི་རྡོ་རྗེ་འདི་ནི་སྤྱི་ཡི་བསྙེན་པར་འགྱུར་ཏེ་ཞེས་པ་ (རྣམས་ཀྱི་)སྐུ་(ལུས་)དང་(ངག་)གསུང་དང་ཐུགས་(སེམས་ཏེ་རྩ་མི་ཟེར་)〔ཀྱི་ཐིག་ལེ་རྫོགས་པ་ཐིག་ལེའི་ རྣལ་འབྱོར་〕དང་ཡེ་ཤེས་ཀྱི་རྡོ་རྗེ་རྫོགས་པ་རྣམས་ཀྱིས་(ལྷའི་སྒྲུབ་ཐབས་ལ་བསྙེན་སྒྲུབ་ཡན་ལག་བཞིར་ འགྱུར་བ་ལས་)སྒྲུབ་〔སྟེ་ཉེ་བའི་བསྒྲུབ་〕པ་〔སྒྲུབ་པ་〕འབྲིང་པོ་(ཤོང་ཟེར་བ་ལེགས་)དག་ནི་དབུ་མ་ཡང་ སྟེ་སྲོག་རྫོགས་པ(དང་འདྲ་བ)འོ། །(ལྷའི་སྒྲུབ་ཐབས་)འདི་ལ་ཐབས་ནི་རྣམ་བཞིར་འགྱུར་ཏེ་ཞེས་ པ་ནི་བསྙེན་པའི་ཡན་ལག་(སྐུ་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག་)དང་ཉེ་བའི་སྒྲུབ་པའི་ཡན་ལག་ 〔གསུང་རྫོགས་པ་ལས་རྒྱལ་མཆོག་〕ལ་〔སྒྲུབ་པ་〕དམན་པ་དང་བརྟན་པ་(སྟེ་འབྲིང་པོ)འོ། །སྒྲུབ་ པའི་ཡན་ལག་དག་(སྟེ་སྒྲུབ་པ་ཆེན་པོ་ཐིག་ལེ་རྫོགས་པ་ཐིག་ལེའི་རྣལ་འབྱོར་དང་བདེ་བ་རྫོགས་པ་ཕྲ་མོའི་རྣལ་འབྱོར་ གཉིས་)ལ་〔སྔ་མའི་རིམ་པ་〕དེ་བཞིན་ཉིད་(དུ་བསྒྲུབ་པ་མཆོག་ཡིན་)ཏེ་(མིའི་)ལོ་བཅུ་དྲུག་གི་མཚམས་ སུ་(དམན་པ་དང་འབྲིང་དང་མཆོག་གི་གནས་སྐབས་རྫོགས་པ་དང་འདྲ་)ཞེས་པ་(བསྙེན་བསྒྲུབ་ཡན་ལག་བཞིའི་)ངེས་ པའོ། །(མི་རྣམས་ལ་)འདིར་དམན་པ་ནི་སྐྱེས་པའི་བྱིས་པ་དང་སོ་སྐྱེས་ནས་འབྲིང་པོའི་བྱིས་པ་ དང་སོ་ལྷུང་ནས་གཞོན་ནུའོ། །སླར་ཡང་སོ་སྐྱེས་ཤིང་ལོ་བཅུ་དྲུག་གི་རྗེས་ལ་དར་མ་སྟེ་བུ་ དང་བུ་མོ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ལྷ་ཐམས་ཅད་ཡན་ལག་རྣམ་པ་ བཞིར་རྣལ་འབྱོར་པས་བསྒོམ་པར་བྱ་(སྟེ་བསྙེན་པའི་ཡན་ལག་ནི་སྐྱེས་པའི་བྱིས་པ་དང་ཉེ་བར་སྒྲུབ་པའི་ཡན་ ལག་ནི་འབྲིང་པོའི་བྱིས་པ་དང་སྒྲུབ་པ་ཆེན་པོ་ནི་དར་མ་དང་འདྲ་བར་ཤེས་པར་བྱ)འོ། །ཞེས་པ་ནི་འཇིག་རྟེན་པའི་ བདེན་པའི་ངེས་པའོ། །(སྒྲུབ་པ་ནི་གཞོན་ནུ་དང་)དེ་ནི་དོན་དམ་པའི་བདེན་པས་སངས་རྒྱས་(ཡེ་ཤེས་)ཀྱི་སྐུ་རྫོགས་པ(འི་ཚུལ་)བརྗོད་པར་བྱ་སྟེ་འདིར་དང་པོར་སྟོང་ཉིད་བྱང་ཆུབ་ཅེས་པ་ནི་〔རྣལ་ འབྱོར་པས་〕མུན་པ་ལ་ཅུང་ཟད་ཀྱང་བསམ་པར་མི་བྱ་བའོ། །དེ་ནས་ཟླ་བའི་ཐིག་ལེ་དག་ནི་ ཡང་དག་འཛིན་ཞེས་པ་ནི་དུ་བ་ལ་སོགས་པའི་མཚན་མ་ཐིག་ལེའི་མཐར་ཐུག་པ་(རྟགས་བཅུ་ རྣལ་འབྱོར་པ་ཡིས་མངོན་སུམ་དུ་)འཛིན་པའོ། །དེ་ནས་གཟུགས་དག་བསྐྱེད་ཅིང་ཞེས་པ་ནི་ཐིག་ལེ་ 4-1-111 (མཐོང་བ་)དེ་ནས་(རྣམ་པ་)སྣ་ཚོགས་(པའི་འོད་གསལ་)མཐོང་བ་ནི་གཟུགས་སྐྱེད་པ(འི་དགོངས་པ)འོ། ། རབ་མཆོག་རོ་ཡི་རིགས་རྣམས་དག་གིས་ཞེས་པ་སྒྲིབ་པ་མེད་པའི་ཕུང་པོ་〔རྒྱལ་བ་རིགས་〕 དྲུག་རྣམས་ཀྱིས་སོ། །ཡི་གེ་དགོད་པ་ཞེས་པ་ནི་(ཀུན་རྫོབ་)ཉི་ཚེ་བའི་ཕུང་པོ་དང་ཁམས་དང་ སྐྱེ་མཆེད་ལ་སོགས་པ་རྣམས་(ལས་དབང་ཡུལ་དང་བཅས་པ་)འགོག་པའོ། །(དོན་དམ་ཆོས་ཉིད་ཀྱི་ཕུང་པོ་ དྲུག་མངོན་དུ་བྱས་པས་ཀུན་རྫོབ་ཉི་ཚེ་བའི་ཕུང་པོ་སོགས་རིམ་གྱིས་ཉམས་པར་བྱེད་པ་)དེའི་ཕྱིར་〔བྱང་ཆུབ་སེམས་ དཔའ་〕ས་ཐོབ་པས་(སྐྱེས་པའི་བྱིས་པ་དང་འདྲ་བར་ས་དང་པོ་ཐོབ་པ་ནི་བྱང་སེམས་འཕགས་པ་)དམན་པ་〔དང་〕ལ་སོགས་པ(མ་དག་པའི་ས་བདུན་གྱི་བར་ནི་འབྲིང་པོ་དང༌། ས་བརྒྱད་པ་དགུ་པ་བཅུ་པ་གསུམ་ལ་གཞོན་ནུ་དང་སངས་ རྒྱས་ཀྱི་ས་ལ་དར་མ)འི་དབྱེ་བར་འགྱུར་ཏེ་ཇི་སྲིད་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་མ་གྱུར་ཀྱི་བར་ དུའོ། །དེའི་ཕྱིར་བདེན་དོན་(ལ་ས་བཅུ་གཉིས་ཐོབ་པ་ནི་)རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་ བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག །ཅེས་པ་ ངེས་པའོ། ༡༡༤ ། ༈ ད་ནི་སྦྱོར་བ་ཡན་ལག་དྲུག་གསུངས་པ། སོ་སོར་སྡུད་པ་ཞེས་པ་ལ་སོགས་པ་སྟེ་ འདིར་(རྣལ་འབྱོར་པ་ཡན་ལག་དྲུག་བསྒོམ་པའི་)དང་པོའི་ལས་ལ་སོ་སོར་སྡུད་པ་ནི་རྒྱལ་བའི་དབང་པོ་ ཞེས་པ་ཡེ་ཤེས་ཀྱི་ཕུང་པོ(རྡོ་རྗེ་སེམས་དཔའ་རིགས་ཀྱི་ཏིང་ངེ་འཛིན་ནོ)འོ། །དེ་ཡང་མཚན་མའི་དབྱེ་ བས་རྣམ་པ་བཅུ་སྟེ་དུ་བ་(ལྟ་བུ་)དང་སྨིག་རྒྱུ་དང་མེ་ཁྱེར་དང༌། མར་མེ་དང་འབར་བ་དང་ཟླ་ བ་དང་ཉི་མ་དང་སྒྲ་གཅན་དང་ཆ་ཤས་དང་ཐིག་ལེ་(མངོན་སུམ་དུ་)མཐོང་བའི་དབྱེ་བས་ (རྟོག་པས་)མ་བརྟགས་པ་ཡེ་ཤེས་ཀྱི་ཕུང་པོའོ〔ཞེས་པ་འདིས་ནི་རྟགས་བཅུ་པོ་རྡོ་རྗེ་སེམས་དཔའ་ངོ་བོ་ ཉིད་ཀྱི་སྐུ་ཡིན་པར་བསྟན་པར་ཤེས་པར་བྱའོ〕། །བསམ་གཏན་མི་བསྐྱོད་པ་ཉིད་དོ། །ཞེས་ པ་རྣམ་པར་ཤེས་པའི་ཕུང་པོ་སྟེ་(མི་བསྐྱོད་པའི་རིགས་ཀྱི་ཏིང་ངེ་འཛིན་)རྣམ་པ་བཅུ་ནི་(བསམ་གཏན་གྱི་ཡན་ ལག་ཤེས་རབ་ལ་སོགས་པའི་)ཡུལ་དང་(ཡུལ་གྱི་ཆ་ལྔ་)ཡུལ་ཅན་(ཤེས་རབ་ལ་སོགས་པ་ལྔ་སྟེ་)བཅུ་པོ་རྣམས་ 4-1-112 གཅིག་ཉིད་དུ་(འདྲེས་པའི་ཚུལ་གྱིས་)སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། །སྲོག་རྩོལ་དག་ ཀྱང་རལ་གྲི་ཅན་ནོ། །ཞེས་པ་འདུ་བྱེད་ཀྱི་ཕུང་པོ་〔དོན་ཡོད་གྲུབ་པའི་རིགས་ཀྱི་ཏིང་ངེ་ འཛིན་〕སྟེ་རྣམ་པ་བཅུ་ནི་གཡོན་དང་གཡས་ཀྱི་〔སྲོག་〕དཀྱིལ་འཁོར་བཅུ་པོ་(དབུ་མར་)གཅིག་ ཏུ་འདྲེས་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ ནོ། །ཞེས་པ་ནི་(རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་ནི་)ཚོར་བའི་ཕུང་པོ་སྟེ་སྲོག་གི་འཛིན་པ་(སྟེ་ལྟེ་བ་ ནས་དབུ་མར་ཞུགས་ཏེ་)ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་པད་མ(འི་ ལྟེ་བ་དབུས་མ་)ལ་(མཛོད་སྤུའི་བར་དུ་ཡང་)འགྲོ་བ་དང་འོང་བའི་(སླར་ཡང་ལྟེ་བའི་བར་དུ་མར་)དབྱེ་བས་རྣམ་ པ་བཅུའོ། །གཡུང་མོ་ལ་ནི་རྗེས་སུ་དྲན་པ་པད་མ་འཛིན་པར་འགྱུར་ཞེས་པ་(སྣང་བ་མཐའ་ཡས་ ཀྱི་རིགས་ཀྱི་ཏིང་ངེ་འཛིན་)འདུ་ཤེས་ཀྱི་ཕུང་པོ་སྟེ་གཡུང་མོ་(ཞེས་པ་)དབུ་མའི་རྩ་(ཐིག་ལེ་གདབ་པའི་ལྟེ་བ་) ལ་རྗེས་སུ་དྲན་པ་དེ་ཡང་རྣམ་པ་བཅུ་སྟེ་(བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པད་མ་སྐམ་དང་ ཟས་ལ་རབ་ཏུ་མི་འཇུག་དང༌། །འདར་དང་བསྙོ་དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་བརྒྱལ་ བ་དག །ཅེས་པ་)འདོད་པའི་གནས་སྐབས་བཅུའི་དབྱེ་བ་ལས་སོ། །དཔལ་ལྡན་ཏིང་ངེ་འཛིན་ འཁོར་ལོ་ཅན་ཞེས་པ་རྣམ་པར་སྣང་མཛད་〔ཀྱི་རིགས་ཀྱི་ཏིང་ངེ་འཛིན་〕དེ་ཏིང་ངེ་འཛིན་རྣམ་ པ་བཅུ་ནི་(སྲོག་ལ་སོགས་པའི་)རླུང་བཅུ་པོ་རྣམས་འགོག་པའི་ཕྱིར་རོ(ཡང་ན་ཡན་ལག་དྲུག་ལ་སངས་རྒྱས་ དྲུག་གི་མིང་གིས་བཏགས་པ་ནི་སངས་རྒྱས་དྲུག་དང་ཆོས་མཐུན་པའམ་སངས་རྒྱས་དྲུག་ཐོབ་པའི་རྒྱུ་ཡིན་པའི་སྒོ་ནས་བཏགས་ པར་ཤེས་པར་བྱའོ)། །དེ་ལྟར་བཅོམ་ལྡན་འདས་ནི་〔སྲིད་ཞིའི་མཐའ་ལ་〕རབ་ཏུ་མི་གནས་པའི་མྱ་ ངན་ལས་འདས་པ་སྟེ་(གཡོན་དང་གཡས་ཀྱི་)རླུང་རྣམས་མི་འབབ་པ་གང་གི་ཕྱིར་རོ་ཞེས་པའི་དོན་ ཏོ། །(ཡང་)རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་ཞེས་པ་ནི་འདིར་སྦྱོར་བ་(ཡན་ལག་དྲུག་པོར་)རེ་རེ་ནི་(སྤང་ བྱ་གཡོན་དང་གཡས་ཀྱི་)དཀྱིལ་འཁོར་ལྔ་འབབ་པའོ། །(དེ་ཡང་)ཨ་སོགས་ཀ་སོགས་རྣམས་ཀྱི་ཞེས་ པ་ནི་དབྱངས་དང་གསལ་བྱེད་(ཀྱི་རིགས་)གཡོན་(ཐབས་)དང་གཡས་(ཤེས་རབ་)ཀྱི་སྲོག་ཡང་དག་ 4-1-113 པར་རྒྱུ་བ་འགོག་(པའི་དབྱེ་)པས་སོ(ཡན་ལག་རེ་རེའང་བཅུ་བཅུར་ཕྱེའོ)། ༡༡༥ ། ༈ ད་ནི་སོ་སོར་སྡུད་པ་ལ་སོགས་པའི་མཚན་ཉིད་གསུངས་པ་སོ་སོར་ཞེས་པ་ལ་ སོགས་པ་སྟེ་འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་(རྣལ་འབྱོར་པའི་)ལུས་ལ་〔སྒྲ་ལ་སོགས་པའི་〕ཡུལ་ (ལྔ་)དང་(རྣམ་པ་ལ་སོགས་པ་)ཡུལ་ཅན་(ལྔ་སྟེ་)བཅུ་པོ་རྣམས་ཀྱི་འབྲེལ་བས་(རྣ་བ་ལ་སོགས་པའི་)རྣམ་ པར་ཤེས་པ་(ཡུལ་ལ་)རབ་ཏུ་འཇུག་པ་མེད་པ་(བསྡུས་པ་)སྟེ་(ཡུལ་གཞན་ཆོས་ཉིད་)སྟོང་པའི་གཟུགས་ ཀྱི་ཡུལ་རྣམས་ལ་མིག་གཞན་(ཤའི་སྤྱན་)ལ་སོགས་པ་རྣམ་པ་ལྔ་པོ་རྣམས་ཀྱིས་(དམིགས་པ་)རབ་ ཏུ་འཇུག་པའོ། །དེ་བཞིན་དུ་(བསམ་གཏན་ཡན་ལག་ཆོས་ཉིད་སྟོང་པའི་)གཟུགས་དེ་ཉིད་ལ་ཤེས་རབ་ ཅེས་པ་ནི་ལྟ་བའོ(ཞེས་པ་སྟོང་གཟུགས་ཆོས་ཉིད་ཡིན་པའི་ཕྱིར་དེ་མངོན་སུམ་དུ་ལྟ་བ་ནི་ཤེས་རབ་ཡིན་ཞེས་པའི་དོན་ ཏོ)། །རྟོག་པ་ཞེས་པ་ནི་〔སྟོང་གཟུགས་ཀྱི་〕དངོས་པོ་〔རགས་པ་〕འཛིན་པའོ། །དཔྱོད་པ་ཞེས་ པ་ནི་(སྟོང་གཟུགས་)དེའི་དོན་(ཕྲ་མོ་ཞིབ་ཏུ)ངེས་པར་བྱེད་པའོ། །དགའ་བ་ཞེས་པ་ནི་(སྟོང་པའི་) གཟུགས་ལ་ཆགས་པ〔སྟེ་སེམས་འབྲལ་མི་ཕོད་པར་གནས་པ)འོ། །གཡོ་མེད་བདེ་བ་ཞེས་ པ་ནི་(སྟོང་པའི་)གཟུགས་དང་ལྷན་ཅིག་(སྟེ་རོ་མཉམ་དུ་)སེམས་གཅིག་ཏུ་(འདྲེས་པར་)བྱེད་པའོ། །དེ་ ལྟར་(ཤེས་རབ་ལ་སོགས་པའི་ཡུལ་གྱི་ཆ་)གཟུང་བ་དང་〔ཤེས་རབ་ལ་སོགས་ཡུལ་ཅན་〕འཛིན་པ(ལྔ)འི་ དབྱེ་བས་བསམ་གཏན་རྣམ་པ་བཅུའོ། །འདིར་སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་ཞེས་ པ་གཡོན་དང་གཡས་པའི་(རྩའི་)ལམ་བསྒྱེལ་བ་(དེ་དག་ལ་རླུང་རྒྱུ་བ་)སྟེ་འགོག་ཅིང་(རླུང་བཅུ་པོ་)དབུ་ མའི་ལམ་དུ་〔རབ་ཏུ་〕ཞུགས་པའོ། །(སྲོག་རྩོལ་)དེ་ཡང་དཀྱིལ་འཁོར་(གཡོན་དང་གཡས་ཀྱི་རྩ་ལ་རྒྱུ་བ་)བཅུ་འགོག་པ་ལས་རྣམ་པ་བཅུའོ། །འདིར་ཐིག་ལེ་ཞེས་པ་(ཐིག་ལེ་སྐྱེ་བའི་གནས་)དཔྲལ་བར་ 〔ཏེ་མཛོད་སྤུའི་གནས་ཀྱི་བར་དུ་དབུ་མར་〕སྲོག་ནི་རབ་ཏུ་ཞུགས་ཤིང་གཉི་གའི་བགྲོད་པ་ བཅོམ་པ་ཞེས་པ་(སྲོག་གི་རླུང་)འགྲོ་བ་དང་འོང་བ་(སྟེ་འབྱུང་འཇུག་གཉིས་)དང་བྲལ་བ་ནི་རྩེ་གཅིག་ སེམས་པ་ཞེས་བྱ་བ་དཔྲལ་བར་〔ཏེ་མཛོད་སྤུའི་གནས་དབུ་མའི་ཡས་སྣ〕སྲོག་འཛིན་པའོ། ༡༡༦ ། 4-1-114 (སྲོག་དང་ཐུར་སེལ་དབུ་མར་གཅིག་ཏུ་སྦྱོར་ཞིང་མི་གཡོ་བར་གནས་པའི་)གཏུམ་མོའི་སྣང་བ་(རང་གི་ལུས་སྟོང་ གཟུགས་འོད་ཀྱི་དཀྱིལ་འཁོར་དུ་སྣང་བ་)གང་ཞིག་〔བ་སྤུའི་ཁོང་བུ་རྣམས་ནས་འོད་ཟེར་ལྔ་〕སྲིད་པ་ གསུམ་གྱི་ནམ་མཁའ་ལ་〔འཕྲོ་བར་〕གྱུར་པ་དེ་ནི་〔རྟོག་པ་ཐམས་ཅད་དང་བྲལ་བའི་སེམས་ སྟོང་གཟུགས་ལ་རོ་མཉམ་དུ་འཁྱུད་པའི་〕རྗེས་སུ་དྲན་པ་(རང་གི་འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་)སྟེ་ 〔འདོད་པའི་གནས་སྐབས་〕 རྣམ་པ་བཅུར་སྔར་གསུངས་སོ། །ཤེས་རབ་ཐབས་ཀྱི་བདག་ཉིད་ ཀྱིས་ནི་ཞེས་པ་ཤེས་བྱ(འི་རྣམ་པ་སྟོང་གཟུགས་)དང་ཤེས་པ་(རྣལ་འབྱོར་བདེ་བའི་སེམས་)གཅིག་ཏུ་འདྲེས་ པར་གྱུར་པས་ཏེ་〔ཐིག་ལེ〕འགྱུར་མེད་བདེ་བའི་དབང་གིས་(བདེ་བ་ཆེན་པོའི་ལམ་གྱི་སེམས་)ཡེ་ཤེས་ (འོད་གསལ་སྟོང་)གཟུགས་ལ་(རྩེ་གཅིག་ཏུ་གནས་པ་ནི་)ཏིང་ངེ་འཛིན་ནོ། །དེ་ཡང་སྲོག་ལ་སོགས་པ་ (རླུང་བཅུ་པོ་)རྣམས་མེད་པ་(སྟེ་འགགས་པ་)ལས་རྣམ་པ་བཅུའོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་གི་ (ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་)སྒྲུབ་ཐབས་སོ། །(ཡན་ལག་དྲུག་པོ་)འདི་རྣམས་དམན་པ་ལ་སོགས་དབྱེ་ བ་རྣམས་ཀྱིས་སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། ། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ཞེས་པ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ ཞེས་པ་སྟེ་(སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་ཐབས་ཀྱི་སྐབས་)འདིར་(ལྟེ་བའི་གཏུམ་མོའི་མེས་སྤྱི་བོ་ནས་)བྱང་ཆུབ་ཀྱི་ སེམས་〔ཐིག་ལེ་སླ་བ་〕འཛག་པའི་བགྲོད་པ་(རྗེས་དྲན་གྱི་གནས་སྐབས་)ནི་(རྣལ་འབྱོར་པ་)དམན་པའི་ གནས་སྐབས་(དེ་ནས་ཐིག་ལེ་ཅུང་ཟད་སྐ་བའི་ངོ་བོར་གྱུར་པ་)དང་གཡོ་བའི་བགྲོད་པ་(རྣལ་འབྱོར་པ་)ནི་ འབྲིང་པོའི་གནས་སྐབས་དང་(དེ་ནས་ཐིག་ལེ་ཤིན་ཏུ་སྐ་བའི་ངོ་བོར་གྱུར་པ་)མི་གཡོ་བའི་བགྲོད་པ་(རྣལ་ འབྱོར་པ་)ནི་མཆོག་གི་གནས་སྐབས་སོ། །འདི་རྣམས་ལ་(རྗེས་དྲན་གྱི་སྐབས་སུ་བསྟེན་པར་བྱ་བའི་)ལས་ ཀྱི་ཕྱག་རྒྱ་ནི་(བྱང་སེམས་ཐིག་ལེ་སླ་བ་སྤྱི་བོ་ལས་)འཛག་པའི་བདེ་བ་སྦྱིན་པ་མོ་དང་ཡེ་ཤེས་ཀྱི་ཕྱག་ རྒྱ་ནི་〔བྱང་སེམས་ཀྱི་ཐིག་ལེ་ཅུང་ཟད་སྐ་བའི་ངོ་བོ་〕གཡོ་བའི་བདེ་བ་སྦྱིན་པ་མོ་དང་ཕྱག་རྒྱ་ 4-1-115 ཆེན་མོ་ནི་(བྱང་སེམས་ཐིག་ལེ་ཤིན་ཏུ་སྐ་བའི་ངོ་བོར་གྱུར་པ་)མི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །དེ་ལྟར་ སྦྱོར་བ་ཡན་ལག་དྲུག་ལ་(ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་མོ་སྟེ་)ཕྱག་རྒྱ་གསུམ་(དམན་པ་ལ་སོགས་པའི་ གནས་སྐབས་གསུམ་དུ་)བསྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རྣལ་འབྱོར་པས་ སངས་རྒྱས་ཉིད་ཀྱི་སླད་དུ་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱའོ། ༡༡༧ ། ༈ ད་ནི་སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་གསུངས་པ་སོ་སོར་ཞེས་པ་ལ་སོགས་ པ་སྟེ་འདིར་གང་གི་ཚེ་སོ་སོར་སྡུད་པས་(སྟོང་པ་ཉིད་ཀྱི་)གཟུགས་(ལ་སེམས་)བརྟན་པར་གྱུར་པའི་ རྣལ་འབྱོར་པ་(སེམས་རྟོག་པའི་དྲི་མས་)རྣམ་པར་དག་པར་གྱུར་པའི་དེའི་ཚེ་སྔགས་རྣམས་ཀུན་ གྱིས་བྱིན་གྱིས་རློབས་པར་འགྱུར་ཏེ་(དུག་ཞི་བར་གྱུར་ཅིག་ལ་སོགས་པའི་)ཚིག་གིས་(དུག་ཞི་བ་ལ་སོགས་ པ་)མཆོག་སྦྱིན་པ་ལ་སོགས་པ་སྦྱིན་པ〔སྟེ་བདེན་ཚིག་འགྲུབ་པ〕ར་འགྱུར་རོ། །མངོན་པར་ ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མིའི་བདག་པོ་(ཞེས་པ་བོད་པ་སྟེ)བསམ་གཏན་སྦྱོར་བས་དག་ པའོ། །ཞེས་པ་ནི་འདིར་གང་གི་ཚེ་(རྣལ་འབྱོར་པ་དུས་ཀུན་ཏུ་)མིག་མི་འཛུམ་པར་གྱུར་པ་དེའི་ཚེ་(ལྷ་ རྣམས་ཀྱི་མིག་འབྱེད་འཛུམ་མི་བྱེད་པ་འདྲ་བར་)ལྷའི་མིག་ཏུ་འགྱུར་རོ། །དེ་བཞིན་དུ་ལྷའི་རྣ་བ་ལ་སོགས་ པ་སྟེ་བསམ་གཏན་གྱིས་དག་པར་འགྱུར་རོ། །སྲོག་རྩོལ་གྱིས་ནི་དག་པ་ཞེས་པ་ནི་འདིར་ གང་གི་ཚེ་རྣལ་འབྱོར་པ་ཉི་མ་དང་རི་བོང་ཅན་གྱི་ལམ་(ལ་སྲོག་རྒྱུ་བ་)དང་བྲལ་ཏེ་རྟག་ཏུ་དབུ་ མར་(སྲོག་)འབབ་པར་གྱུར་པ་དེའི་ཚེ་སྲོག་རྩོལ་གྱིས་(སེམས་)དག་པར་གྱུར་པས་ན། བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་མཆོད་དེ་བསྔགས་པར་བྱེད་དོ་ཞེས་པའི་དོན་ཏོ། །བདུད་དང་ཉོན་ མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་ཞེས་པ་ནི་(ཆོས་དབྱིངས་འོད་ གསལ་)སྟོང་པ་ཉིད་ཀྱི་གཟུགས་〔བདེ་བ་ཆེན་པོའི་སེམས་ཀྱིས་〕བཟུང་བ〔ར་བྱ་བ་〕འི་སེམས་ལ་ འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ་ཞེས་པ་ནི་སྲོག་འགྲོ་བ་དང་འོང་བ་ཟད་པས་ (རྣལ་འབྱོར་པའི་སེམས་སྟོང་གཟུགས་དང་)གཅིག་ཏུ་འདྲེས་པ(ལྟ་བུ)ར་གྱུར་པས་སོ(འདིར་སྟོབས་བཅུ་དང་སྟོང་ 4-1-116 གཟུགས་གཅིག་ཏུ་གསུངས་པའི་ཕྱིར་རྟགས་བཅུ་སོགས་སྟོང་གཟུགས་ཆོས་སྐུ་ཡིན་པར་ཤེས་པར་བྱའོ)། ༡༡༨ ། རྗེས་སུ་དྲན་པ་ལེགས་པར་དག་པ་ཞེས་པ་ལ་འདིར་རྗེས་སུ་དྲན་པ་ནི་(སྟོང་པ་ཉིད་ཀྱི་) གཟུགས་ལ་འཁྱུད་པའི་(ལམ་གྱི་)སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེའི་ ཕྱིར་(རྣལ་འབྱོར་པའི་ལུས་དང་སེམས་)གང་གི་ཚེ་དག་པར་གྱུར་པ་(རྣལ་འབྱོར་པའི་ལུས་སྟོང་གཟུགས་)དེའི་ཚེ་ དྲི་མེད་འོད་ཀྱི་དཀྱིལ་འཁོར་དུ་(སྣང་བར་)འགྱུར་རོ། །ཀྱང་གི་སྒྲ་ལས་བ་སྤུའི་ཁུང་བུ་ནས་འོད་ ཟེར་ལྔ་འཕྲོ་ཞིང་ངེས་པར་རྒྱུའོ། །(གང་ལས་རྒྱུ་ན་)ཡེ་ཤེས་གཟུགས་ལས་སོ་ཞེས་པ་(རྣལ་འབྱོར་ པའི་ལུས་)སྟོང་པའི་གཟུགས་(སུ་སྣང་བ་)ལས་སོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཞེས་པ་ནི་ འདིར་གཟུང་བ་དང་(གཞན་སྟོང་གཟུགས་རྣལ་འབྱོར་པའི་ལམ་གྱི་)འཛིན་པའི་སེམས་དག་གཅིག་པ་(སྟེ་ འདྲེས་པ་ལྟ་བུར་གྱུར་པ་)ཉིད་ཀྱིས་གང་ཞིག་(ཐིག་ལེ་)འགྱུར་བ་མེད་པའི་བདེ་བར་གྱུར་པའི་བདེ་བ་ དེ་ནི་ཏིང་ངེ་འཛིན་དུ་གསུངས་སོ། །དེའི་ཕྱིར་ཏིང་ངེ་འཛིན་གྱིས་དག་པ་(འཛག་བདེ་)དྲི་མ་མེད་ པར་གྱུར་པ་ནི་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཏེ་(ཏིང་ངེ་འཛིན་གྱི་སྣ་ཟིན་ནས་)ལོ་གསུམ་དང་ ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར་ཞེས་པ་(དག་པའི་ས་ལ་ གནས་པ་)དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔར་འགྱུར་རོ་སོ་སོར་སྡུད་པ་ ལ་སོགས་པའི་(གནས་སྐབས་ཀྱི་འབྲས་བུའི་)ངེས་པའོ། ། ༈ ད་ནི་བཙན་ཐབས་ཀྱི་རྣལ་འབྱོར་གསུངས་ཏེ་འདིར་གང་གི་ཚེ་སོ་སོར་སྡུད་པ་ ལ་སོགས་པས་(སྟོང་)གཟུགས་(རྣམ་པ་ཐམས་ཅད་པ་)མཐོང་བར་གྱུར་པ་ལ་སྲོག་(གཡོ་མེད་དུ་)མ་ བཅིངས་པ་ཉིད་ཀྱིས་(ཐིག་ལེ་)འགྱུར་བ་མེད་པ(བདེ་བ)འི་སྐ་ཅིག་མ་མ་སྐྱེས་ན་(ཐུར་སེལ་གྱི་རླུང་སྟེང་ གི་ལམ་དུ་བཙན་ཐབས་སུ་བསྐུལ་བའི་)དེའི་ཚེ་ནཱ་ད་གོམས་པར་(འདི་ཉིད་ཀྱི་ཚིགས་བཅད་བརྒྱ་དགུ་བཅུ་རྩ་དྲུག་པ་ ལ་སོགས་པ་)འཆད་པར་འགྱུར་བས་(སྲོག་ཐུར་སེལ་གྱི་རླུང་)བཙན་ཐབས་སུ་དབུ་མར་འབབ་པར་ བྱས་ནས་(ལས་ཀྱི་ཕྱག་རྒྱ་)ཤེས་རབ་ཀྱི་ཆུ་སྐྱེས་སུ་གནས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྡོ་རྗེ་ 4-1-117 ནོར་བུར་བཀག་ནས་མི་གཡོ་བས་འགྱུར་བ་མེད་པ(བདེ་བ)འི་སྐ་ཅིག་བསྒྲུབ་པར་བྱའོ་ཞེས་པ་ ནི་བཙན་ཐབས་ཀྱི་རྣལ་འབྱོར་རོ། ༡༡༩ ། ༈ ད་ནི་སྟོང་པ་ཉིད་ཀྱི་གཟུགས་བསྒྲུབ་པ(སྟེ་མངོན་དུ་བྱེད་པ)འི་སླད་དུ་ལྟ་སྟངས་གསུངས་ པ་བསྙེན་པ་ཞེས་པ་ལ་སོགས་པ་སྟེ་འདིར་བསྙེན་པ་ཞེས་པ་ནི་དང་པོར་(སོ་སོར་སྡུད་པས་)དུ་བ་ ལ་སོགས་པའི་མཚན་མ་སྒོམ་པའོ(འདིར་བསྙེན་པ་ནི་ཐར་པ་འདོད་པ་རྣམས་ཀྱིས་བསྟེན་པར་བྱ་བ་དང་གོམས་ པར་བྱ་བའི་ཕྱིར་བསྙེན་པའོ)། །བསྙེན་པ་དེ་ལས་དང་པོའི་རྣལ་འབྱོར་ནི་(རྣལ་འབྱོར་པ་རྟོག་པ་མེད་པའི་)སེམས་ཀྱི་དུ་བ་ལ་སོགས་པའི་མཚན་མ་འཛིན་པའོ། །དེ་ཡང་(དུ་བ་ལྟ་བུ་)དུ་བ་ལ་སོགས་པ་ དང་ལྷན་ཅིག་(ཕྱག་རྒྱ་ཆེན་མོའི་དངོས་གྲུབ་རང་ཉིད་ལ་རང་བཞིན་གྱིས་ཡོད་པ་ལ་)ཡིད་ཆེས་པར་འགྱུར་པ〔འི་ རྒྱུ་མཚན་དང་རྟགས་〕རྣམ་པ་བཅུ་སྟེ་དེས་ན་(སོ་སོར་སྡུད་)དེ་ཡང་རྣམ་པ་བཅུའོ་འཁོར་ལོ་ཅན་ གྱི་ཞེས་པ་གཙུག་ཏོར་གྱི་ཁྲོ་བོའི་ལྟ་བས་ཞེས་པ་མིག་མི་འཛུམ་པར་སྟེང་དུ་ལྟ་བས་མཚན་ མ〔རྣམས་མཐོང་བ〕ར་འགྱུར་ཏེ་མཚན་མོའི་རྣལ་འབྱོར་གྱིས་〔དུ་བ་ནས་མར་མེའི་འབར་བའི་ བར་〕རྣམ་པ་བཞི་དང་ཉིན་མོའི་རྣལ་འབྱོར་གྱིས་〔སེར་པོ་འབར་བ་ལ་སོགས་པ་〕རྣམ་པ་དྲུག་ སྟེ་(རྟགས་བཅུ་རྫོགས་པ་) དེ་ནས་〔སྣ་ཚོགས་〕གཟུགས་〔ཁམས་གསུམ་པ་དུས་གསུམ་པའི་ རྣམ་པ་ཐམས་ཅད་པ་རྣམས་〕སོ། །དེ་ལྟར་(སྣ་ཚོགས་)གཟུགས་ཀྱི་མཐར་ཐུག་པ(མཐོང་བ)ར་སོ་ སོར་སྡུད་པ་དང་བསམ་གཏན་གྱི(གཟུགས་བརྟན་པར་བྱས་པ་ལ)ས་བསྙེན་པའི་ཡན་ལག་ཏུ་འགྱུར་ རོ(དཔལ་འདུས་པར། བསྙེན་དུས་གཙུག་ཏོར་ཆེན་པོ་ཡིས། །གཟུགས་བརྙན་འབད་པས་རྣམ་བསྒོམ་བྱ། །ཞེས་པའི་དོན་བདེ་ མཆོག་བསྟོད་འགྲེལ་དུ། འདིར་དགོངས་པའི་སྐད་གཞན་གྱིས་གཙུག་ཏོར་ཆེན་པོའི་གཟུགས་བརྙན་ནི་ཁམས་གསུམ་མ་ལུས་ པའི་སངས་རྒྱས་ཀྱི་གཟུགས་ཏེ་ནམ་མཁའ་ཆོས་འབྱུང་ལ་ཐུགས་རྡོ་རྗེ་རབ་ཏུ་བཞག་ནས་ཞེས་གསུངས་སོ)། །བགེགས་ མཐར་བྱེད་པའི་ལྟ་བ་ཞེས་པ་ལ་བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་པའོ། །དེའི་ལྟ་བ་ ནི་བདུད་རྩིའི་གནས་སུ་སོན་པ་སྟེ་དཔྲལ་བར་སོན་པ〔མཛོད་སྤུའི་ཐད་སོའི་ནམ་མཁའ་ལ་ 4-1-118 ལྟ་བ〕འོ(དཔལ་འདུས་པར། ཉེ་བར་བསྒྲུབ་པའི་དུས་སུ་ནི། །བདུད་རྩི་འཁྱིལ་པའི་གཟུགས་བརྙན་ནོ། །ཞེས་པའི་དོན་ཡང་ བསྟོད་འགྲེལ་དུ། དེ་ནས་བདུད་རྩི་འཁྱིལ་བའི་གཟུགས་བརྙན་ནི་མིང་ཅན་དགོངས་པའི་སྐད་གཞན་གྱི་རླུང་གསུངས་སོ། །ཞེས་ འབྱུང་སྟེ། གཡོན་དང་གཡས་ཀྱི་རླུང་བཅུ་དབུ་མའི་ནང་དུ་གཅིག་ཏུ་གྱུར་པ་ལ་གསུངས་སོ)། །བགེགས་མཐར་བྱེད་ དེའི་ལྟ་བ་ནི་བདུད་རྩིའི་ལམ་དུ་སོན་པ་ལ་ཡང་ཡན་ལག་དྲུག་གི་〔ནང་ནས་〕ཉེ་བར་བསྒྲུབ་ པ(ལ)འོ། །ཀྱང་ཡིག་གིས་(བསྙེན་པའི་ཡན་ལག་ཏུ་མ་ཟད་)སྲོག་རྩོལ་དང་འཛིན་པ་(ཉེ་བར་བསྒྲུབ་པའི་ ཡན་ལག་)བྱ་སྟེ་སྲོག་གཟུགས་(རྣམ་པ་ཐམས་ཅད་པ)མཐོང་ནས་སོ་ཞེས་པ་ཉེ་བའི་སྒྲུབ་པའོ(འདི་ལ་ རྡོ་རྗེའི་བཟླས་པ་དབུ་མ་དབྱེར་མེད་པའི་ཡན་ལག་གི་བཟླས་པ་ཞེས་གསུངས་སོ)། །ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ ལེ་ཞེས་པ་ལ་〔རྗེས་དྲན་གྱི་སྐབས་〕འདིར་ཤེས་རབ་(ལས་ཀྱི་ཕྱག་རྒྱ་)ལ་ཆགས་པས་སྤྲོས་པ་འདི་ ཟླ་བ་ཐིག་ལེ་ཡིན་པ་ནི་ལ་སྤྲོས་ཟླ་བ་ཐིག་ལེ་སྟེ་ཤེས་རབ་ལ་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ ཀྱི་ཐིག་ལེ་ཡང་རྡོ་རྗེ་ནོར་བུར་གནས་པ་(སྟེ་རྡོ་རྗེ་ནོར་བུ་ལས་ཕྱིར་མི་འཕོ་བ་)དེའི་གསང་བ་དང་ལྟེ་བ་ དང་སྙིང་ཁར་(རིམ་པ་ལྟར་སྐུ་གསུང་ཐུགས་ཀྱི་ཐིག་ལེ་)འགྱུར་མེད་(དེ་མི་འཕོ་བ་)གསུམ་དུ་གྱུར་པ་གང་ ཡིན་པ་དེ་ནི་སྒྲུབ་པ་ལ་ཞེས་པ་(རྗེས་དྲན་)གསུམ་པ་སྒྲུབ་པའི་ཡན་ལག་ལ་འགྱུར་རོ། །དེ་ལྟར་ སྒྲུབ་པའི་ཡན་ལག་བྱའོ། །བདེ་བ་མ་ཉམས་གཅིག་པུ་ཞི་བ་ཞེས་པ་ལ་(ཏིང་ངེ་འཛིན་གྱི་སྐབས་) འདིར་བདེ་བ(འི་རྟེན་ཐིག་ལེ་)མ་ཉམས་པའི་བྱང་ཆུབ་ཀྱི་སེམས་(བརྟན་ཞིང་འཕེལ་བའི་བདེ་བ་)སྐ་ཅིག་ གཅིག་པུ་གང་ཡིན་པ་དེ་ནི་ཞི་བ་ཞེས་གསུངས་ཏེ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་ སྒྲུབ་པ་ཆེན་པོ་ལ་ཞེས་པ་ནི་〔རྣལ་འབྱོར་པའི་〕སེམས་(མི་རྟོག་པའི་ཐིག་ལེ་)འགྱུར་བ་མེད་ པའི་བདེ་བ་དང་ལྷན་ཅིག་གཅིག་པ་ཉིད་དོ་ཞེས་པ་〔ཏིང་ངེ་འཛིན་〕སྒྲུབ་པ་ཆེན་པོའི་ཡན་ ལག་བཞི་པའོ། །(ཕྱག་རྒྱ་ཆེན་པོ་)དེ་ལྟར་ཡེ་ཤེས་ཀྱི་སྒྲུབ་ཐབས་ལ་(བསྙེན་བསྒྲུབ་)ཡན་ལག་བཞིའོ། ། (དྲང་དོན་གྱི་)ལྷའི་སྒྲུབ་ཐབས་ལ་བསྐྱེད་པའི་རིམ་པས་(ཡན་ལག་བཞི་)སྔར་གསུངས་ཏེ་འཇིག་ རྟེན་པའོ། །འཇིག་རྟེན་ལས་འདས་པ་ནི་དེ་ཁོ་ན་ཉིད་ཀྱི་〔ཕྱག་རྒྱ་ཆེན་པོའི་དངོས་གྲུབ་〕 སྒྲུབ་ 4-1-119 ཐབས་རྫོགས་པའི་རིམ་པས་སོ། །དེ་བཞིན་དུ་(རྩ་བའི་རྒྱུད་ལས་)གསུངས་པ། 〔ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་〕 སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །〔བརྗོད་བྱ་〕བདེན་པ་གཉིས་ལ་ཡང་ དག་བརྟེན(ཏེ)། །འཇིག་རྟེན་ཀུན་རྫོབ་བདེན་པ་(བསྒོམ་པའི་ངེས་པ་)དང༌། །དམ་པའི་དོན་གྱི་ བདེན་པའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །སླར་ཡང་རྡོ་རྗེ་ཅན་བདག་〔གི་〕 བསྟན་པ་ནི། །རིམ་པ་(བརྗོད་བྱ་)གཉིས་ལ་ཡང་དག་བརྟེན〔ཏེ〕། །གཅིག་ནི་བསྐྱེད་པའི་རིམ་པ་ སྟེ། །གཞན་ནི་རྫོགས་པའི་རིམ་པའོ་ཞེས་སོ། །དེ་ལྟར་(ཀུན་རྫོབ་དྲང་དོན་གྱི་)ལྷའི་སྒྲུབ་པ་ལ་རྣམ་ པར་རྟོག་པའི་སྒོམ་པ་(བསྐྱེད་རིམ་)དང་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་ལ་རྣམ་པར་རྟོག་པ་དང་བྲལ་བ་ (རྫོགས་རིམ་བསྙེན་བསྒྲུབ་)ཡན་ལག་བཞི་པོ་རྣམས་ཀྱིས་སོ་ཞེས་པ་(ཀུན་རྫོབ་དང་དོན་དམ་པའི་)རིགས་ པའོ། ༡༢༠ ། ༈ ད་ནི་སྲོག་རྩོལ་གྱི་〔བསྒོམ་པའི་ངེས་པའི་〕མཚན་ཉིད་གསུངས་པ་ཞེས་པ་ལ་སོགས་ པ་སྟེ་འདིར་(རྟགས་བཅུ་རྫོགས་པའི་རྗེས་ལ་)སྟོང་པ་ཉིད་ཀྱི་གཟུགས་〔རྣམ་པ་ཐམས་ཅད་པ་〕མཐོང་ བར་གྱུར་པ་ན་རྣལ་འབྱོར་པས་སྲོག་རྩོལ་བྱ་བ་གང་ཡིན་པ་དེ་ནི་ཇི་སྲིད་མགོའི་བར་དུ་ཞེས་ པ་མགོ་བོ་ན་བར་མི་བྱེད་ཀྱི་བར་དུའོ། །དེ་ཡང་བདེ་མཉམ་འབྲས་བུ་〔སྐྱེ་བ་འདི་ལ་〕སྟེར་བར་ འགྱུར་རོ། །དེ་ལས་སྟེང་དུ་ཞེས་པ་ནི་མགོ་བོ་ན་བའི་མཐའ་ལས་(ཀྱང་ངལ་མི་བསོ་བར་སྲོག་རྩོལ་ བྱེད་ན་འཇིག་རྟེན་ན་)འདོད་པ་མིན་པ〔ར་གྲགས་པ〕འི་འཆི་བའི་འཇིགས་པ་བྱེད་པར་འགྱུར་ཏེ་(ཚེ་ འདིའི་)ཕུང་པོ་རྣམ་པར་ཉམས་པའི་རྒྱུར་འགྱུར་རོ། །ཅི་སྟེ་(སྲོག་རྩོལ་གྱི་)རྣལ་འབྱོར་གྱི་སྟོབས་ ཀྱིས་གཙུག་ཏོར་ཕུག་ནས་སྲོག་འགྲོ་ན་རྣལ་འབྱོར་བས་མཆོག་གི་བདེ་བའི་གོ་འཕང་དག་ ལ་ཞེས་པ་(འོད་གསལ་ཆོས་སྐུ་)སྟོང་པ་ཉིད་ཀྱི་གཟུགས་(རྣལ་འབྱོར་པའི་སེམས་)ལ་ངེས་པར་སྦྱར་བར་ བྱ་སྟེ་ངེས་པར་ནི་མཐའ་གཅིག་ཏུའོ། །དེ་ལྟར་ཕུང་པོ་མེད་ཀྱང་རྣལ་འབྱོར་པ་ནི་བདེ་མཉམ་ ཞེས་པ་(དོན་དམ་པའི་)སངས་རྒྱས་ཀྱི་གཟུགས་(འོད་གསལ་སྟོང་གཟུགས་)ལ་འཇུག་སྟེ་རྣལ་འབྱོར་པ་ 4-1-120 ཞེས་པ་ནི་རྣལ་འབྱོར་གྱི་སེམས་འགྲོ་བའོ། །(རྣལ་འབྱོར་པས་མཆོག་ཐོབ་པ་)འོན་ཀྱང་འཇིག་རྟེན་ དུ་ནི་གྲགས་པ་མིན་པ་(འབྱུང་སྟེ་)རྣལ་འབྱོར་པ་འདི་〔བསྒོམས་པའི་སྟོབས་ཀྱིས་〕ཤིའོ། །ཞེས་པ་ (གཞན་དག་ལམ་ཟབ་མོ་ལ་མི་མོས་ཤིང་བསྒོམ་པ་ལ་འཇུག་པའི་གེགས་སུ་འགྱུར་བས་སྲོག་རྩོལ་བར་མ་ཆད་པར་མི་བསྒོམ་གྱི་ ངལ་གསོ་ཞིང་བསྒོམ་པར་བྱའོ་ཞེས་པ་)སྟེ་སྲོག་རྩོལ་གྱི་〔བསྒོམ་པའི་ཚད་〕ངེས་པའོ། ༡༢༡ ། ༈ ད་ནི་ལྷ་གཤེགས་སུ་གསོལ་བ་གསུངས་པ་གཙུག་ཏོར་ཞེས་པ་ལ་སོགས་པ་སྟེ་འདིར་ དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་དང་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་ འབྱོར་བསྒོམས་ནས་(བདག་བསྐྱེད་ལ་མཆོད་པ་བཅུ་གཉིས་དང་ནང་མཆོད་ལ་སོགས་པ་)མཆོད་པ་དང་མཆོག་ སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་ཅེས་པ་ལ་སོགས་པས་བསྟོད་པ་བྱས་ཏེ་〚གསོལ་བ་བཏབ་ཅིང་ དངོས་གྲུབ་ཞུས་ནས་〛དེ་ནས་(བདག་བསྐྱེད་ཀྱི་)དཀྱིལ་འཁོར་གྱི་ལྷ་རྣམས་གཤེགས་སུ་གསོལ་ བའི་སླད་དུ་གཙུག་ཏོར་དུ་(རྩ་གྲངས་དང་མཐུན་པའི་)ནི་རྡོ་རྗེ་རྩེ་མོ་ལྔ་པ་བསྒོམ་པར་བྱའོ། །དེའི་ལྟེ་ བ་ལ་བདེ་བ་ཆེན་པོའི་འཁོར་ལོ་(གཙོ་བོ་ཡབ་ཡུམ་)གཤེགས་སུ་གསོལ་ལོ། །(གཙུག་ཏོར་གྱི་རྩ་འདབ་)དེའི་ཕྱི་རོལ་གྱི་རྩེ་མོ་དག་ནི་ཉིས་འགྱུར་ཞེས་པ་ནི་རྩེ་མོ་བརྒྱད་པ་སྟེ་དབུས་ཀྱི་རྩེ་མོ་དང་ ལྷན་ཅིག་རྩེ་མོ་དགུ་པའི་རྡོ་རྗེ་ཆོས་ཀྱི་འཁོར་ལོར་ཞེས་པ་སྙིང་ཁར་འགྱུར་ཏེ་དེའི་ལྟེ་བར་དུ་ བ་མ་ལ་སོགས་པ་(ནུས་མ་བརྒྱད་)གཤེགས་སུ་གསོལ་ལོ། །ཉིས་འགྱུར་གཞན་མ་ཞེས་པ་རྩེ་མོ་ བཅུ་དྲུག་པ་དབུས་ཀྱི་རྩེ་མོ་དང་བཅུ་བདུན་པ་སྟེ་ལྷན་སྐྱེས་ཞེས་པ་དཔྲལ་བར་རོ། །དེའི་ལྟེ་ བར་ཕུང་པོ་དང་ཁམས་ཀྱི་ལྷ་(བདེ་གཤེགས་ཡབ་ཡུམ་རྣམས་)གཤེགས་སུ་གསོལ་ལོ། །དེའི་ཉིས་ འགྱུར་དག་ཀྱང་གཞན་ཞེས་པ་རྩེ་མོ་སུམ་ཅུ་རྩ་གཉིས་པ་དབུས་མའི་རྩེ་མོ་དང་ལྷན་ཅིག་རྩེ་ མོ་སུམ་ཅུ་རྩ་གསུམ་པ་སྟེ་ལོངས་སྤྱོད་རྫོགས་ཞེས་པ་མགྲིན་པར་རོ། །དེའི་ལྟེ་བར་སྐྱེ་མཆེད་ (སེམས་དཔའ་ཡབ་ཡུམ་)བཅུ་གཉིས་དང་(སྒོ་སྐྱོང་དང་)ཁྲོ་བོ་བཞིའི་ལྷ་གཤེགས་སུ་གསོལ་ལོ་དེ་ཡི་ ཡང་ནི་ཉིས་འགྱུར་གཞན་ཞེས་པ་རྩེ་མོ་དྲུག་ཅུ་རྩ་བཞི་པ་དབུས་མའི་རྩེ་མོ་དང་ལྷན་ཅིག་རྩེ་ 4-1-121 མོ་དྲུག་ཅུ་རྩ་ལྔ་པའི་རྡོ་རྗེ་སྟེ་སྤྲུལ་པ་ཞེས་པ་ལྟེ་བའི་འཁོར་ལོར་རོ། །དེའི་ལྟེ་བར་ཙར་ཙི་ ཀཱ་ལ་སོགས་པ་དང་འཇིགས་མ་ལ་སོགས་པ་དཀྱིལ་འཁོར་དྲུག་ཅུ་འབབ་པ་རྣམས་ཏེ་བཞི་ ནི་སྟོང་པ་ཉིད་ཀྱི་རིགས་ཅན་མའོ། །དེ་ལྟར་བདུན་ཅུ་རྩ་གཉིས་པོ་དེ་རྣམས་གཤེགས་སུ་ གསོལ་ལོ། །དེའི་སྙིང་པོ་རྩེ་མོ་གཅིག་པ་ཞེས་པ་〔འཁོར་ལོ་〕ནི་དེ་རྣམས་ཀྱི་སྙིང་པོར་(ཏེ་དབུས་ སུ་)སྔར་གསུངས་པའི་རྩེ་མོ་གཅིག་པ་〔ཨ་བ་དྷཱུ་ཏི་〕སྟེ་〔ཐིག་ལེ་བཀག་ན་〕བདེ་མཉམ་འབྲས་ སྟེར་གསང་བའི་པད་མའི་ཁོངས་སུ་གནས་པའོ། །〔གསང་བའི་པད་མ་〕དེ་ལ་ཡང་རྩེ་མོ་སུམ་ ཅུ་རྩ་གཉིས་ཏེ་འདབ་མའི་གྲངས་སོ། །དེའི་ལྟེ་བར་འོད་ཟེར་ཅན་ལ་སོགས་པ་(སྐུའི་དཀྱིལ་གྱི་ ཁྲོ་བོ་དང་ཁྲོ་མོ་)གང་ཡིན་པ་དེ་རྣམས་གཤེགས་སུ་གསོལ་ལོ། །དེ་བཞིན་དུ་ལྷ་བཅུ་གཉིས་ པོ་འཁོར་དང་བཅས་པ་རྣམས་ནི་ལས་ཀྱི་འཁོར་ལོ་རྣམས་〔ཀྱི་རྩ་འདབ་སུམ་ཅུ་དབུས་ཀྱི་ སྙིང་པོ་དང་བཅས་པ་〕རྡོ་རྗེ(རྩེ་མོ་སུམ་ཅུ་རྩ་གཅིག་པ)ར་བྱས་ནས་དེ་རྣམས་ཀྱི་ལྟེ་བར་དེ་རྣམས་ གཤེགས་སུ་གསོལ་ལོ། །ཀླུ་རྣམས་དང་ཁྱི་གདོང་མ་ལ་སོགས་པ་རྣམས་ནི་བྱ་བའི་འཁོར་ ལོ་རྣམས་(རྡོ་རྗེ་རྩེ་མོ་བདུན་པར་བྱས་པའི་ལྟེ་བ་)ལའོ། །དེ་ལྟར་གཤེགས་སུ་གསོལ་བར་བྱ་སྟེ་དེ་ནས་ ཐུན་མཚམས་གསུམ་ལ་སྔར་གསུངས་པའི་ཆོ་གས་གཏོར་མ་སྦྱིན་པར་བྱའོ། །སྔར་གྱི་ཆོ་ གས་བདུད་རྩི་ལྔ་སྦྱང་བ་བྱས་ནས་དེས་བདག་ཉིད་ཚིམ་པར་བྱའོ། །དེ་ལྟར་བསྐྱེད་པའི་རིམ་ པ་དང་རྫོགས་པའི་རིམ་པས་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་(དྲང་བ་དང་ངེས་པའི་དོན་)བཅོམ་ལྡན་ འདས་འཇམ་དཔལ་གྱིས་(རྩ་བའི་རྒྱུད་ལས་བྱུང་སྟེ་)གསུངས་སོ། ༡༢༣ ། ༈ ད་ནི་རྣལ་འབྱོར་གྱི་སྤྱོད་པ་གསུངས་པ་རྣལ་འབྱོར་པ་ཞེས་པ་ལ་སོགས་པ་སྟེ་འདིར་ རྣལ་འབྱོར་པ་རྣམས་ཀྱིས་རྣལ་འབྱོར་གྱི་སྤྱོད་པ་རྣམ་པ་གཉིས་ཏེ་གཅིག་ནི་ཕྱིའི་དང་གཉིས་ པ་ནི་ནང་གིའོ། །དེ་ལ་ཕྱིའི་གང་ཡིན་པ་དེ་འཇིག་རྟེན་པའི་〔དངོས་གྲུབ་ཀྱི་〕འབྲས་བུའི་རྒྱུ་ དང་ནང་གི་གང་ཡིན་པ་དེ་འཇིག་རྟེན་ལས་འདས་པའི་〔དངོས་གྲུབ་ཀྱི་〕འབྲས་བུའི་རྒྱུར་རྣལ་ 4-1-122 འབྱོར་པས་བྱའོ། །འདིར་རྣལ་འབྱོར་པ་ཡིས་ཉིན་དང་མཚན་མོར་སྲོག་གཅོད་པ་དག་བྱ་ བ་དེ་ནི་ཐམས་ཅད་མཁྱེན་པའི་འབྲས་བུ་ཐོབ་པའི་སླད་དུ་〔རྣལ་འབྱོར་པ་〕རང་གི་ལུས་ལ་ (ཡན་ལག་དྲུག་གི་རྣལ་འབྱོར་གྱིས་)སྲོག་ཉམས་པ་(སྟེ་སྲོག་འགོག་པ་)ལ་གསུངས་ཀྱི་ཕྱི་རོལ་ཏུ་(སེམས་ཅན་ གཞན་གྱི་)སྲོག་གཅོད་པ་ནི་མ་ཡིན་ནོ། །འདིར་ཕྱི་རོལ་ཏུ་གདུལ་དཀའ་འདུལ་བའི་སླད་དུ་ སྲོག་གཅོད་པར་གསུངས་པ་གང་ཡིན་པ་〔བདུད་ཀྱི་ཕྱོགས་གདུལ་དཀའ་བ་〕དེ་ནི་དེ་རྣམས་ ཀྱི་སྲོག་རྣལ་འབྱོར་གྱི་སྟོབས་ཀྱིས་བཀུག་པ་〔ཚར་ཆོད་ནས་〕སླར་ཡང་ལུས་དེ་ཉིད་ལ་(སྲོག་) རྣལ་འབྱོར་པས་གཞུག་པར་བྱའོ། །དེ་ལྟར་ན་གདུལ་དཀའ་འདུལ་བ་པོར་འགྱུར་ཏེ། གདུལ་ དཀའ་〔འི་སྲོག〕མཐར་བྱེད་པ་ནི་མ་ཡིན་ནོ་ཞེས་གྲུབ་པོ། །སྒྲ་ནི་གང་ཞིག་ཞལ་གྱིས་དམན་པ་ དག་ཅེས་པ་ནི་འདིར་ཐམས་ཅད་མཁྱེན་པའི་གསུངས་(སེམས་ཅན་)ཐམས་ཅད་ཀྱི་སྐད་(ཀྱི་རྣམ་པ་)སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་རང་རང་གི་སྐད་གཞན་(དང་གཞན་)གྱི〔རྣམ་པ〕ས་(གནས་པར་)འགྱུར་བ་(གཞོམ་མེད་ཀྱི་སྒྲ)གང་ཡིན་པ་དེ་ཉིད་ནི་(མཐའ་གཅིག་གི་)རབ་ཏུ་མི་གནས་པ་སྟེ་སེམས་ ཅན་ཐམས་ཅད་ཀྱི་སྐད་(ཀྱི་རྣམ་པ་)ཡིན་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་མི་གནས་པ་ཉིད་ཀྱི་ཕྱིར་ རྫུན་དུ་སྨྲ་བར་གསུངས་(ལ་རྣལ་འབྱོར་བས་ཀྱང་དེ་མངོན་དུ་བྱས་ནས་ཆོས་སྟོན་པ་ནི་བརྫུན་དུ་སྨྲ་བའོ)སོ། །ཕྱི་ རོལ་ཏུ་ཡང་སེམས་ཅན་གྱི་དོན་གྱི་སླད་དུ་(དྲང་དོན་དུ་ཆོས་བསྟན་པ་སྟེ་)སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་ མོ། །འབྱུང་དང་སྡུད་པར་བྱེད་པ་མོ་ཞེས་པ་ལ་སོགས་པ〔བྱེད་པ་པོ་ཡོད་པར་སྟོན་པ་ལྟ་བུ〕 འི་གསུང་ནི་གདུལ་བྱའི་དོན་དུ་(དགོངས་པའི་སྐད་གཞན་གྱིས་གསུངས་པ)འོ〔དེའི་དགོངས་པ་ནི་འོད་ གསལ་ཕྱག་རྒྱ་ཆེན་མོ་རྣམ་པ་ཐམས་ཅད་པ་དང་ལུས་ལ་སྲོག་འགག་པར་བྱེད་པ་དང་ བརྟན་གཡོ་འབྱུང་བ་དང་བསྡུད་པའི་གཞི་བྱེད་པ་ལ་དགོངས་པའོ〕། །དེ་བཞིན་དུ། དབང་ པོ་གཉིས་(ལས་)སྐྱེས་(པའི་)བདེ་དེ་ཉིད། །སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར། །སྐྱེས་པ་(ནི་)རྡོ་རྗེ་ འཛིན་(པའི་)རྣམ་པ(ཡིན་ལ)། །བུད་མེད་རྡོ་རྗེ་(ནི་)བཙུན་མོའོ། །ཞེས་པ་ལ་སོགས་པའི་གསུང་ 4-1-123 ནི་(བྱིས་པ་རྣམས་སྔགས་ལ་གཞུག་པའི་དོན་དུ་)རྫུན་དུ་སྨྲ་བ་སྟེ་སེམས་ཅན་རྣམས་སླུ་བའི་སླད་དུ་སངས་ རྒྱས་པའི་རྣལ་འབྱོར་པ་རྣམས་ཀྱིས་སླུ་བ་ཅན་གྱི་ཚིག་ནི་མ་ཡིན་ནོ་ཞེས་གྲུབ་པོ། །འདིར་ (རྣལ་འབྱོར་པའི་)ལུས་〔ལམ་དུས་ཀྱི་〕སྒྲིབ་པ་མེད་པར་སྐྱེས་པར་གྱུར་པ་ན་གང་ཞིག་ཐམས་ཅད་ མཁྱེན་པ〔ལམ་དང་འབྲས་བུ〕འི་ས་བཅུ་གཉིས་པོ་རྣམས་འཛིན་པ་དེ་ནི་(གཞན་གྱིས་བྱིན་པ་ཐོབ་པ་ མ་ཡིན་གྱི་རང་གིས་བསྒོམས་པར་བྱ་དགོས་པས་ན་)རྣལ་འབྱོར་པ་ཡི་བརྐུས་ཏེ་འཛིན་པར་གསུངས་སོ། ། ཕྱི་རོལ་ཏུ་ཡང་སེམས་ཅན་ལ་ཕན་པའི་སླད་དུ་གཏེར་ལ་སོགས་པ་དབྱུང་བར་བྱ་སྟེ་གཏེར་ བསྲུང་པ་པོ་རྣམས་ངན་འགྲོ་ལས་གྲོལ་བར་བྱ་བའི་དོན་དུའོ། །ཁུ་བའི་ཐིག་ལེ་མ་ལྷུང་བ་ ལས་བདེ་བར་འགྱུར་བ་གང་ཡིན་པ་དེ་གཞན་གྱི་བུད་མེད་བསྟེན་པའོ། །གཞན་(ནམ་ཕ་རོལ་) གྱི་བུད་མེད་(འོད་གསལ་ཆོས་ཀྱི་དབྱིངས་)ནི་ཤེས་རབ་ཀྱི་ཕ་རོལ་ཏུ་〔གདོད་ནས་རང་བཞིན་གྱིས་〕 ཕྱིན་མ་སྟེ་འཁོར་བའི་ཕ་རོལ་ཏུ་〔གདོད་ནས་རང་བཞིན་གྱིས་〕སོན་མའོ། །གཞན་〔ནམ་ ཕ་རོལ་〕ནི་རྡོ་རྗེ་སེམས་དཔའ་〔དང་པོའི་སངས་རྒྱས་ལྷན་ཅིག་སྐྱེས་པའི་བདེ་བ་〕སྟེ་འཁོར་ བའི་ཕ་རོལ་ཏུ་སོན་པའོ། །དེའི་བུད་མེད་ནི་གཞན་གྱི་བུད་མེད་དེ་རྣལ་འབྱོར་པ་རྣམས་ཀྱི་ ཆགས་བྲལ་མིན་པ་ལས་ཞེས་པ་〔ཐིག་ལེ་〕མི་འགྱུར་བའི་བདེ་བ་ལས་དེ་བསྟེན་པའོ། །ཕྱི་ རོལ་ཏུ་ཡང་དབང་བསྐུར་བ་ལ་སོགས་པའི་དུས་སུ་སྦྱིན་པ་པོ〔སློབ་མ〕ས་རང་གི་ཆུང་མ་(དང་ བུ་མོ་)ལ་སོགས་པ་བྱིན་པ་གང་ཡིན་པ་དེ་བསྟེན་པ་ནི་གཞན་གྱི་བུད་མེད་བསྟེན་པ་སྟེ་ཆགས་ བྲལ་མིན་པ་ལས་ཞེས་པ་ནི་ཇི་ལྟར་〔འཛག་མེད་ཀྱི་ཚངས་སྤྱོད་ལ་གནས་པའི་〕དམ་ཚིག་ཅན་ རྣམས་བདག་ཉིད་ཆགས་པ་དང་བྲལ་བས་དམ་ཚིག་དྲལ་བར་མི་འགྱུར་བ(འི་ཚུལ་ཀྱིས་བསྟེན་པར་ བྱ)འོ་ཞེས་པའི་དོན་ཏོ། ༡༢༤། སྲོག་རྩོལ་བའི་མེ་ཡིས་ཞེས་པ་ནི་འདིར་(ཕྱི་རོལ་ཏུ་འབྱུང་བ་)སྲོག་འགོག་པས་(དབུ་མར་ སྲོག་གཡོ་མེད་དུ་གནས་པའི་)གཏུམ་མོ་འབར་བ་གང་ཡིན་པ་དེ་སྲོག་རྩོལ་བའི་མེ་ཞེས་གསུངས་ཏེ་ 4-1-124 སྲོག་རྩོལ་པའི་མེ་དེ་ཡིས་(སྤྱི་བོའི་)རི་བོང་ཅན་ནི་ཞུ་བ་དག་ཀྱང་ཞེས་པ་བྱང་ཆུབ་ཀྱི་སེམས་ ཞུ་བའི་ཁུ་བ་ཐིག་ལེའི་གཟུགས་རྡོ་རྗེའི་ཁས་སྟེང་དུ་བཏུང་བ་ལྷན་ཅིག་སྐྱེས་པའི་བདེ་བ་ སྐྱེད་པ་གང་ཡིན་པ་དེ་ནི་རྣལ་འབྱོར་པ་རྣམས་ཀྱི་ཆང་བཏུང་བར་གསུངས་སོ། །ཕྱི་རོལ་ཏུ་ ཡང་དབང་བསྐུར་བ་ལ་སོགས་པའི་དུས་སུ་ཕྱིའི་ལྷ་རྣམས་ཀྱི་གཏོར་མའི་དོན་དུ་གསུངས་ སོ། །མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་ཞེས་པ་ནི་འདིར་འདོད་པའི་བསྟན་བཅོས་ ལས་(བྱང་སེམས་ཐིག་ལེའི་འགྲོས་ཀྱི་ཚུལ་)ཐོས་ཏེ་དཀར་པོའི་ཕྱོགས་ལ་རྐང་པ་གཡོན་པའི་མཐེ་བོ་ ནས་ཚེས་གཅིག་ལ་སོགས་པ་འཕེལ་བ་དང་ཟླ་བའི་ཆ་འཕེལ་བས་ཉའི་མཐར་གཙུག་ཏོར་ དུ་རང་སེམས་ཞེས་པ་བྱང་ཆུབ་ཀྱི་སེམས་འགྲོ་སྟེ་ཚེས་ཀྱི་དབང་གིས་སོ། །སླར་ཡང་གཙུག་ ཏོར་ནས་ནི་རྐང་པ་གཡས་པའི་སོར་མོ་རྣམས་སུ་སླར་ཡང་འདི་ནི་འགྲོ་སྟེ་ནག་པོའི་ཕྱོགས་ ཀྱི་ཚེས་ཀྱི་དབང་གིས་ཇི་སྲིད་ནག་པོའི་ཕྱོགས་ཀྱི་མཐའ་རུ་ཞེས་པ་གནམ་སྟོང་གི་མཐར་རོ། ། དེ་ལྟར་ནག་པོའི་ཕྱོགས་ཀྱི་མཐར་ནི་བྱང་ཆུབ་ཀྱི་སེམས་རྐང་པ(གཡས་པ)འི་མཐེ་བོ་ལ་རིག་ པར་བྱའོ། །སླར་ཡང་ཟླ་བ་གཞན་གྱི་དཀར་པོའི་ཕྱོགས་ལ་གཡོན་གྱི་མཐེ་བོ་ལ་སྔར་བཞིན་ ནོ། །དེ་ལ་སྨྲས་པ་ཚེས་དང་པོ་(རྐང་པ་གཡོན་པ་)ལ་ནི་སོར་མོའི་ཚིགས་དང་པོར་རོ། །གཉིས་ པ་ལ་ནི་གཉིས་པར་རོ། །གསུམ་པ་ལ་ནི་གསུམ་པར་རོ། །བཞི་པ་ལ་ནི་གཡོན་གྱི་ལོང་བུའི་ མཚམས་སུའོ། །ལྔ་པ་ལ་ནི་པུས་མོའི་མཚམས་སུའོ། །དྲུག་པ་ལ་ནི་བརླ་དང་དཔྱིའི་མཚམས་ སུའོ། །བདུན་པ་ལ་ནི་གཡོན་གྱི་ལག་པའི་སོར་མོའི་ཚིགས་དང་པོའི་མཚམས་སུའོ། །བརྒྱད་ པ་ལ་ནི་བར་མའི་མཚམས་སུའོ། །དགུ་པ་ལ་ནི་གསུམ་པའི་མཚམས་སུའོ། །བཅུ་པ་ལ་ནི་ འཁྲིག་མའི་མཚམས་སུའོ། །བཅུ་གཅིག་པ་ལ་ནི་གྲུ་མོའི་མཚམས་སུའོ། །བཅུ་གཉིས་པ་ལ་ ནི་ཕྲག་པ་དང་དཔུང་བའི་མཚམས་སུའོ། །བཅུ་གསུམ་པ་ལ་ནི་སྙིང་ཁར་རོ། །བཅུ་བཞི་པ་ ལ་ནི་མགྲིན་པར་རོ། །ཉ་ལ་ནི་དཔྲལ་བར་རོ། །ཉའི་མཐར་ནི་ཁུ་བ་གཙུག་ཏོར་དུ་འགྱུར་ 4-1-125 རོ། །སླར་ཡང་ནག་པོའི་ཚེས་དང་པོ་ལ་ནི་དཔྲལ་བར་རོ། །གཉིས་པ་ལ་ནི་མགྲིན་པར་རོ། ། གསུམ་པ་ལ་ནི་སྙིང་ཁར་རོ། །བཞི་པ་ལ་ནི་གཡས་པའི་ཕྲག་པ་དང་དཔུང་པའི་མཚམས་ སུའོ། །ལྷག་མ་ནི་གཡོན་པ་བཞིན་ལུགས་ལས་བཟློག་པ་སྟེ་རྐང་པ་གཡས་པའི་སོར་མོའི་ སེན་མོའི་མཐའ་གནམ་སྟོང་གི་མཐའ་ཇི་སྲིད་པར་བྱང་ཆུབ་ཀྱི་སེམས་སོ། །རྣལ་འབྱོར་པ་ རྣམས་སྤྱོད་པ་གང་དེ་ཉིན་ཞག་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་རབ་སྟེར་བ་ཞེས་པ་ནི་ འདིར་གཡོན་དང་གཡས་ཀྱི་རྩ་(རླུང་)ལ་རབ་ཏུ་འབབ་(པར་གནས)པའི་དབང་གིས་གཡོན་དང་ གཡས་སུ་བགྲོད་པའི་བྱང་ཆུབ་ཀྱི་སེམས་སུ་དུས་ཐམས་ཅད་དུ་དབུ་མར་རབ་ཏུ་འབབ་པས་ གསང་བ་ལ་སོགས་པའི་པད་མ་དྲུག་པོ་རྣམས་སུ་འོག་ཏུ་འགྲོ་བ་ལས་སྟེང་དུ་འགྲོ་བ་ཞེས་ བྱ་བའི་སྤྱོད་པ་དེ་ནི་འདོད་པའི་དངོས་གྲུབ་ཅེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ་དེ་རབ་ ཏུ་སྟེར་བ་པོའོ། །ཕྱི་རོལ་ཏུ་ཡང་(དབང་གི་དུས་སུ་མེ་ཏོག་གང་ལ་ཕོག་པའི་)དེ་བཞིན་གཤེགས་པ་ལྔའི་ རིགས་ཅན་གྱི་བུད་མེད་རྣམས་འཛིན་པ་ནི་བུད་མེད་ཀྱི་སྤྱོད་པ་སྟེ་བུད་མེད་ཀྱི་སྤྱོད་པ་དེ་ རྣམས་ལ་(སྐྱེ་གནས་སུ་)སྲུབ་པ་(ལས་ཐིག་ལེ་མི་འཕོ་བ་)ནི་ཚངས་པར་སྤྱོད་པའོ། །དེ་བཞིན་དུ་(རྡོ་རྗེའི་)ཞལ་(གྱི་ཐིག་ལེ་སྟེང་དུ་བཏུང་བ་)ནི་རྣལ་འབྱོར་པས་བྱའོ་ཞེས་དང༌། དེ་བཞིན་དུ་བྱང་ཆུབ་སེམས་ ཀྱི་〔འགྲོས་ཡས་མར་འབབ་པ་དང་གྱེན་དུ་ལྡོག་པ་འཕྲད་པའི་〕འཐབ་མོ་ནི་རྩ ( ལ་ལཱ་ནཱ་དང་ར་ས་ནཱ་ དང་དབུས་མ)འི་ཀུན་ཏུ་སྤྱོད་པ་ཞེས་པ་(རྡོ་རྗེ་ནོར་བུ་ལས་)སྟེང་དུ་ཁུ་བ་འགྲོ་བར་བྱའོ་ཞེས་པ་རྩ་བའི་ རྒྱུད་ལས་ངེས་པ་སྟེ་རྩའི་〔ཀུན་ཏུ་〕སྤྱོད་པའི་ངེས་པའོ(འཁོར་ལོ་སྡོམ་པར། ངེས་པར་དངོས་གྲུབ་རྣམས་ཀྱི་ རྒྱུད། །དམ་ཚིག་རྣམས་ནི་བསྐྱང་བ་དང༌། །རིགས་གཞན་ལས་བྱུང་ཕོ་ཉ་མོ། །འདོད་ལ་ཆགས་པས་བགྲོད་མི་བྱ། །གཉིས་མེད་ ཐོགས་པ་མེད་པ་དང༌། །དམ་ཚིག་རྣམས་ནི་སྤྱོད་པ་དང༌། །མི་མོའི་སྤྱོད་པ་ལེགས་པར་སྲུབ། །ཚངས་པར་སྤྱོད་པ་དེ་བཞིན་ཞལ། ། འདྲེན་པ་རྩ་ཡི་ཀུན་བྱེད་དོ། །ཞེས་པ་དམ་ཚིག་བརྒྱད་དུ་དྲན། །རྣལ་འབྱོར་དབང་པོ་གང་སྲུང་བ། །མྱུར་དུ་དངོས་གྲུབ་ཐོབ་པར་ འགྱུར། །ཞེས་པ་བསྟོད་འགྲེལ་དུ་རྒྱས་པར་བཀྲལ་ལོ)། ༡༢༥ ། 4-1-126 ༈ འདིར་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཡི་རྗེས་ལ་ཚིགས་སུ་བཅད་པ་བཞི་ནི་གོ་སླའོ། ༡༢༩ ། ༈ ད་ནི་ཞི་བ་ལ་སོགས་པའི་དོན་དུ་ལྷ་བསྒོམ་པ་གསུངས་པ་དཀར་པོ་ཞེས་པ་ལ་ སོགས་པ་སྟེ་འདིར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པ〔ཡབ་རྐྱང་པ〕 འམ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་(ཡུམ་དང་བཅས་པ་ཉིད་)དམ་(ལྷ་)ལྔའི་བདག་ཉིད་ལ་ སོགས་པར་གསུངས་པ་ནི་ཞལ་(དང་གདན་དང་གནས་)ལ་སོགས་པའི་དབྱེ་བ་རྣམས་ཀྱིས་ཞི་བ་ ལ་སོགས་པ་(འགྲུབ་པར་)འགྱུར་རོ། །གང་གི་ཚེ་ཞི་བ་བྱེད་པ་དེའི་ཚེ་རྣལ་འབྱོར་པས་སྐུའི་ཞལ་ གཙོ་བོར་བྱས་ནས་ཟླ་བའི་དཀྱིལ་འཁོར་ལ་ཁ་དོག་དཀར་པོ་(རང་གི་)དཔྲལ་བར་གནས་པ་ བསྒོམ་པར་བྱ་སྟེ། དཀར་པོ་ཡིས་ནི་ཞི་དང་རྒྱས་པར་བྱེད་དོ། །གསུང་གི་ཞལ་གཙོ་བོ་ཉི་མའི་ དཀྱིལ་འཁོར་ལ་〔རང་གི་〕མགྲིན་པར་གནས་པ་ཡིད་ལ་བསྒོམ་པར་གྱུར་ན་དམར་པོ་ཡིས་ ནི་དགུག་པ་དང་དབང་དུ་བྱ་བ་བྱེད་དོ། །ཡེ་ཤེས་ཀྱི་ཞལ་གཙོ་བོ་དུས་མེའི་དཀྱིལ་འཁོར་ལ་ 〔རང་གི་〕ལྟེ་བར་གནས་པ་བསྒོམ་པས་སེར་པོ་རེངས་པ་དང་རྨོངས་པར་བྱེད་དོ། །〔རང་གི་〕སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཐུགས་ཀྱི་ཞལ་གཙོ་བོ་སྟེ་ནག་པོས་བསད་པ་དང་ བསྐྲད་པ་དང་དབྱེ་བ་ཡང་བྱེད་དོ། །དེ་བཞིན་དུ་འབྱུང་བ་རྣམས་ཀྱི་དཀྱིལ་འཁོར་ལ་གནས་ ལྷ་མིན་ལག་འགྲོའི་རིགས་འདི་བསྒོམས་པ་ཡིས་ནི་བསྒྲུབ་པར་བྱ་ཞེས་པ་ལ་ལྷ་དང་ལྷ་མིན་ དང་ལག་འགྲོ་རྣམས་ཀྱི་རིགས་རྣམ་པ་བརྒྱད་དེ་རིགས་དེ་ཉིད་བསྒྲུབ་པར་བྱའོ། །མཁའ་ ལྡིང་དུ་འཆད་པར་འགྱུར་བ་ནི་འདིར་རྒྱས་པར་མ་བྱས་སོ། །བསྒོམ་དང་བཟླས་པ་དེ་བཞིན་ ཉིད་དུ་རང་གི་ཡིད་ལ་བྱེད་ཅེས་པ་ནི་ཞལ་གཅིག་ཕྱག་གཉིས་པའི་ལྷའི་སྐུ་ལ་སོགས་པའི་ ཁ་དོག་གི་དབྱེ་བས་བསྒོམ་པ་ནི་འཆད་པར་འགྱུར་བའི་རིམ་པས་ཞི་བ་ལ་སོགས་པ་བྱེད་དོ། ། དེ་ལྟར་འབྱུང་བ་རྣམས་ཀྱི་དཀྱིལ་འཁོར་ལ་གནས་ཞེས་པ་ཆུ་ལ་སོགས་པའི་དཀྱིལ་འཁོར་ 4-1-127 ལ་གནས་པའི་(སྐུ་གསུང་ཐུགས་ཡེ་ཤེས་ཀྱི་)རྡོ་རྗེ་བཞི་སྲིད་པ་གསུམ་གྱི་གནས་སུ་བསྒྲུབ་པར་བྱ་སྟེ་ ལས་ཀྱི་དབྱེ་བས་དུ་མ་རྣམས་ཀྱིས་ཞེས་པ་ཆོ་ག་སྣ་ཚོགས་པ་རྣམས་ཀྱིས་ཞེས་པའི་དོན་ཏོ། ༡༣༠ ། ༈ ད་ནི་གདུལ་དཀའ་འདུལ་བར་བྱེད་པའི་སླད་དུ་གླང་པོ་ཆེའི་ལྤགས་པ་རློན་པའི་གོས་ འཛིན་པར་བསྒོམ་པ་གསུངས་པ་(འདིར་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དང་དུས་ཀྱི་འཁོར་ལོ་ཤིན་ཏུ་འཁྲོས་པ་རྡོ་ རྗེ་འཇིགས་བྱེད་གཉིས་ཀ་ཐུན་མོང་དུ་སྟོན་པ་ནི་)ཕྱོགས་ཞེས་པ་ལ་སོགས་པ་སྟེ་འདིར་(ཕྱི་རོལ་གྱི་)དུས་ རྣམ་པར་དག་པས་(ཏེ་འགགས་པ་)ལོའི་ཕྱོགས་ཉི་ཤུ་རྩ་བཞི་པོ་རྣམས་(འགགས་པ་ཉིད་)ཀྱིས་ཕྱག་ ཉི་ཤུ་རྩ་བཞི་པ་སྟེ། (མཚན་བརྗོད་དུ་)རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན་(རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ་) ཞེས་པ་གྲུབ་པོ། །གླང་པོ་ཆེའི་ལྤགས་པ་རློན་པའི་གོས་འཛིན་པ་འདི་ནི་ལྷག་པའི་ཟླ་བ་དང་ བཅས་པ་སྟེ་ལོ་གང་ཞིག་ཟླ་བ་བཅུ་གསུམ་གྱི་བདག་ཉིད་དོ(ཞེས་པ་ལོ་གཅིག་པོ་དེ་ཉིད་ལ་ཟླ་བ་བཅུ་ གསུམ་ཡོད་པ་ནི་མ་ཡིན་གྱི་ཁྱིམ་ཞག་ལས་ཚེས་ཞག་ལྷག་པའི་ཆ་བསགས་པས་ཟླ་བར་ལོངས་པའི་ལོ་དེ་ལ་ཟླ་བ་བཅུ་གསུམ་ གྱི་བདག་ཉིད་དུ་བྱས་པའོ)། །དེའི་ཕྱོགས་ཉི་ཤུ་རྩ་དྲུག་རྣམས་〔འགགས་པ་ཉིད་〕ཀྱིས་ཕྱག་རྣམ་པར་ དག་པའོ། །དེའི་ཕྱིར་ཕྱོགས་ལྷག་པ་(རྣམ་པར་དག་པ་)ལས་བྱུང་བ་ནི་ཕྱག་(ལྷག་པོ་)གཉིས་སོ། ། ཕྱག་དེ་དག་བུང་བ་དང་ནི་གསེར་དང་མཚུངས་པ་ཞེས་པ་ནག་པོ་དང་སེར་པོ་གཡས་དང་ གཅིག་ཤོས་དག་གིས་ཕུང་པོའི་བདུད་ཉིད་གླང་ཆེན་ཞེས་པ་ནི་ཕུང་པོའི་བདུད་ནི་གླང་པོ་ ཆེ་སྟེ་དེ་ཟད་པ་ལས་〔ཕུང་པོའི་ལྷག་མ་〕ཆ་ཙམ་ཉིད་ནི་ལྤགས་པའོ། །དེ་ཉིད་རབ་ཏུ་འབྱིན་ པ་(སྟེ་སྟོན་པ)ནི་ཕུང་པོའི་བདུད་ཉིད་གླང་ཆེན(གྱི་ལྤགས་པ་)མ་ལུས་བཤུས་ནས་རྐང་པ་ཟུང་ཞིག་ དག་ནས་འཛིན་ཞིང་རྐང་པ་ཟུང་ཞིག་འཕྱང་བ་གླང་ཆེན་ལྤགས་པའི་གོས་ཞེས་པ་འཛིན་པ་ སྟེ་གཡས་སུ་མགོ་བོ་དང་གཡོན་གྱི་ཆར་མཇུག་མའོ། །ལྷ་མིན་དབང་པོ་ཅེས་པ་ནི་ལྷའི་བུའི་ བདུད་དེ་དེའི་མ་རིག་པ་འཇུག་པ་(མཚོན་པ)ནི་ཁྲག་གོ། དེ་ཟད་པ་ལས་(མ་རིག་པ་འཇུག་པའི་ལྷག་ 4-1-128 མ་)ཆ་ཙམ་ནི་ཐོད་པའི་ཁྲག་སྟེ་ཁྲག་གི་ཐོད་པ་དེ་གང་གི་རབ་མཆོག་ཕྱག་གི་(གཡོན་པ་སེར་པོའི་)མཐིལ་ན་ཡོད་པ་དེ་ནི་ལྷ་མིན་དབང་པོའི་ཁྲག་གི་ཐོད་པ་ཕྱག་མཐིལ་ན་ཞེས་པའོ། །འཆི་ བདག་བདུད་ཀྱི་གདོང་གི་ཕྱག་ཅེས་པ་ནི་འཆི་བདག་གི་བདུད་ཟད་པ་(ལྷག་མ་)ལས་ཆ་ཙམ་ གྱི་སྒྲིབ་པ་མགོ་བོ་གང་གི་ཕྱག་(གཡས་པ་ནག་པོ་)ན་ཡོད་པ་དེ་ནི་འཆི་བདག་བདུད་ཀྱི་གདོང་གི་ ཕྱག་གོ། ཉོན་མོངས་བདུད་ནི་ཞབས་ཀྱིས་བསྒྱེལ་ཞེས་པ་ནི་ཉོན་མོངས་པའི་བདུད་ཟད་པ་ ལས་(ལྷག་མ་)ཆ་ཙམ་གྱི་ཉོན་མོངས་པའི་སྒྲིབ་པ་ངེས་པར་མ་བསྲེགས་པ་གང་ཡིན་པ་དེ་ནི་ཡི་ དྭགས་ཏེ་གང་གི་ཞབས་(གཡས་བརྐྱང་གཡོན་བསྐུམ་གཉིས་)ཀྱི་འོག་ཏུ་བསྒྱེལ་བའོ(ཡི་དྭགས་ཀྱི་གདན་འདི་ ནི་རྡོ་རྗེ་ཤུགས་ཀྱི་དབང་དུ་བྱས་པ་སྟེ་རྡོ་རྗེ་འཇིགས་བྱེད་ལ་ནི་བདུད་དང་དྲག་པོའི་གདན་གསུངས་པ་ནི་ཁྱད་པར་རོ)། །དེ་ ནས་ཉོན་མོངས་〔པའི་〕བདུད་ནི་ཞབས་ཀྱིས་བསྒྱེལ་བ་སྟེ་དེ་ལྟར་(བདུད་བཞི་བཅོམ་པའི་ལྷག་མ་)ཆ་ ཙམ་གྱི་སྒྲིབ་པ་རྣམས་ཀྱིས་སོ(ཞེས་པ་ཁྲོ་བོ་ཆེན་པོ་ལ་སྒྲིབ་པ་ཆ་ཙམ་ཡོད་པ་ལྟ་བུར་སྟོན་པ་སྟེ། རྡོར་སྙིང་འགྲེལ་ བའི་མཆོད་བརྗོད་དུ། ཉོན་མོངས་ཤེས་བྱ་བསྡུས་དང་སྦྱོར་བ་བྲང་འགྲོ་ཕྱག་རྒྱ་སྟག་གི་ལྤགས་པ་ཡིས། །གང་ལ་བདུད་སོགས་ སྒྲིབ་རྣམས་ཆ་ཙམ་ལྟ་བུར་སེམས་ཅན་དོན་དུ་བརྒྱན་དེ་ལ་བཏུད་ནས་ཞེས་དང༌། ཀྱེ་རྡོ་རྗེ་འབུམ་ལྔ་ལས། ཉོན་མོངས་བདུད་དང་ སྙོམས་འཇུག་དང༌། །ཤེས་བྱའི་སྒྲིབ་པ་ཉིད་ཀྱང་ནི། །ཁྲོ་བོ་ཆེན་པོ་ངེས་བསྲེགས་ཀྱང༌། །ཆ་ཤས་ཙམ་ནི་བསྲུང་བར་མཛད། ། ཅེས་གསུངས་པ་བཞིན་ནོ)། །གཉིས་ལྷག་རྒྱལ་བའི་ཕྱག་ཅེས་པ་ཕྱག་ཉི་ཤུ་རྩ་དྲུག་པ་སྟེ་ལྷག་མའི་ ཕྱག་ལ་ནི་མཚོན་ཆ་དུས་ཀྱི་འཁོར་ལོ་བཞིན་ནོ། །(ཕྲག་པ་ལ་བདུད་རིགས་བརྒྱས་)མགོ་བོ་དང་ (དབུ་ལ་)ཐོད་པ(ཁ་དོག་ལྔ)འི་ཕྲེང་བ་འཛིན་པ་སྟག་གི་ལྤགས་པའི་ཤམ་ཐབས་ཅན་རུས་པའི་ ཕྱག་རྒྱ་〔ལྔ་〕དང་ཀླུའི་དབང་པོས་བརྒྱན་པ་སྟེ(རུས་པའི་ཕྱག་རྒྱ་འདི་ཡང་རྡོ་རྗེ་ཤུགས་ཀྱི་དབང་དུ་བྱས་པ་རྡོ་རྗེ་ འཇིགས་བྱེད་ལ་ནི་རྡོ་རྗེའི་རྒྱན་དང་ཕྱག་རྒྱ་དྲུག་གསུངས་པ་ཡང་ཁྱད་པར་རོ)། གཞན་གྱི་དོན་དུ་བསྒོམ་པར་ བྱ། །ཞེས་པ་ནི་གདུལ་དཀའ་བའི་གདུལ་བྱའི་དོན་དུའོ་ཞེས་པ་ངེས་པའོ(དེ་ལྟར་རྡོ་རྗེ་ཤུགས་ དང་རྡོ་རྗེ་འཇིགས་བྱེད་གཉིས་ཕལ་ཆེར་འདྲ་བས་ཐུན་མོང་དུ་བསྟན་པ་ལ་དེ་དང་དེ་གཉིས་གཅིག་ཏུ་འཁྲུལ་བར་མི་བྱ་སྟེ་རྡོ་ 4-1-129 རྗེ་ཤུགས་ནི་རྡོ་རྗེ་སེམས་དཔའ་དང་བྱང་སེམས་ཀུན་བཟང་གཉིས་ཀའི་སྲས་ཁྲོ་བོའི་སྡེ་ཚན་དུ་གཏོགས་པར་གསུངས་ལ། རྡོ་ རྗེ་འཇིགས་བྱེད་ནི་གཙོ་བོའི་དུས་ཀྱི་འཁོར་ལོ་དངོས་ཉིད་ཡིན་པར་གསུངས་པའི་ཕྱིར་རོ། །འདི་གཉིས་ཀྱི་ཁྱད་པར་ནི་མཆོད་ བརྗོད་ཀྱི་ཚིགས་བཅད་གཉིས་ལས་ཀྱང་ཆེས་གསལ་ཞིང་ཞིབ་པར་འཆད་པ་པོའི་ངག་ལས་ཤེས་པར་བྱའོ། །གཞུང་འདི་དག་ གིས་དེ་གཉིས་ཐུན་མོངས་དུ་བསྟན་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཤུགས་དང་རྡོ་རྗེ་འཇིགས་བྱེད་གང་ཡིན་གྱི་གསལ་ཀ་ཡང་མ་ མཛད་པ་ཡིན་ནོ། །དེ་ལྟར་ཐུན་མོང་དུ་བསྟན་པ་ལས་ཀྱང་དུས་འཁོར་འཁྲོས་པ་རྡོ་རྗེ་འཇིགས་བྱེད་ཀྱི་ཡུམ་བྱེ་བྲག་དུ་སྟོན་པ་ ཡུམ་སྒྲ་རྡོ་རྗེ་མ་གཉིས་ཀའི་སྲས་མོ་ཡིན་པར་གསུངས་པའི་ཕྱིར་རོ། །འདི་དག་གི་ཁྱད་པར་ནི་འོག་ཏུ་གཙོ་བོ་འཁོར་ལོ་དྲུག་ལས་ ལྷ་རྣམས་སྤྲོ་བའི་སྐབས་སུ་ཡང་གསལ་བར་བསྟན་པར་རིག་པར་བྱའོ)། ༡༣༡ ། ད་ནི་(དུས་འཁོར་འཁྲོས་པ་རྡོ་རྗེ་འཇིགས་བྱེད་)དེའི་ཤེས་རབ་ཀྱི་མཚན་ཉིད་གསུངས་པ་དེ་ལ་ཞེས་ པ་ལ་སོགས་པ་སྟེ་འདིར་(ཤེས་རབ་གཙོ་ཆེ་བའི་)ལུས་ཀྱི་དབྱེ་བས་(ཕྱི་རོལ་ཏུ་)ཉི་མ་ནི་ཤེས་རབ་སྟེ་ ཟླ་བ་(ཁྱིམ་ལ་སྤྱོད་པའི་)ནི་ཐབས་སོ། །(ཁྱིམ་ལ་སྤྱོད་པའི་)ཟླ་བ་དེས་ཉི་མ་ལས་(ཁྱིམ་)བཅུ་གཉིས་ ལྷག་པའི་〔ཁྱིམ་〕གཅིག་གི་རྒྱུ་བ་ཇི་སྲིད་པར་(ཁྱིམ་ལ་)རྒྱུ་སྟེ་(ཁྱིམ་ཞག་གི་)ཟླ་བ་སོ་སོར་ཁྱིམ་བཅུ་ གསུམ་རྒྱུ་ཞིང་ཉི་མས་ཁྱིམ་གཅིག་རྒྱུའོ། །དེས་ན་ཉི་མའི་(ཁྱིམ་གཅིག་)རྒྱུ་བ(དག་པ)འི་དབང་ གིས་(རྡོ་རྗེ་འཇིགས་བྱེད་)དེ་ལ་ཡུམ་ནི་ཞལ་གཅིག་མ་སྟེ་ཟླ་བ་(ཁྱིམ་གྱི་)དག་པ(སྟེ་འགགས་པ)ས་སོ། ། ཟུང་གི་ཕྱག་གི་པད་མ་ནི་གཉིས་ཏེ་ཕྱག་གི་པད་མ་གཡས་དང་གཡས་མིན་དེ་དག་ལ་(རིམ་ པ་ལྟར་ཕྱག་མཚན་)གྲི་གུག་དང་དཔལ་ལྡན་ཞེས་པ་མིའི་ཐོད་པའོ། །དེ་ཕྱིར་ལུས་ཀྱི་རབ་ཏུ་དབྱེ་ བས་ཞེས་པ་(ཟླ་བ་རེ་ལ་)ཟླ་བའི་ཁྱིམ་(བཅུ་གསུམ་རྒྱུ་བའི་)གྱི་ཕྱོགས་ཀྱི་(ཁྱིམ་ཕྱེད་)དབྱེ་བ་ཉི་ཤུ་རྩ་ དྲུག་〔རྣམ་པར་དག་པའི་དབང་〕གིས་རྒྱལ་བའི་བདག་པོ་(རྡོ་རྗེ་འཇིགས་བྱེད་)ཕྱག་ཉི་ཤུ་རྩ་དྲུག་ པར་འགྱུར་ཏེ་སྣ་ཚོགས་ཡུམ་ནི་དེ་བཞིན་ཉིད་དུ་(ཤེས་རབ་ཀྱི་)ལུས་ཀྱི་〔ཟླ་བ་རེ་ལ་〕དབྱེ་བས་ ཉི་མའི་ཁྱིམ་གཅིག་〔རྒྱུ་བ་〕སྟེ་〔ཁྱིམ་དེའི་〕ཕྱོགས་(ཁྱིམ་ཕྱེད་)ཀྱི་དབྱེ་བ〔རྣམ་པར་དག་པ〕ས་སྣ་ ཚོགས་ཡུམ་ཕྱག་གཉིས་མའོ། །གཅེར་བུ་སྐྲ་གྲོལ་མ་སྟེ་ལྷག་མ་ནི་བཅོམ་ལྡན་འདས་བཞིན་ 4-1-130 དུ་རྒྱན་གྱིས་བརྒྱན་པའོ〔འདིར་ཡབ་རྒྱལ་བའི་བདག་པོ་དང་ཤེས་རབ་སྣ་ཚོགས་ཡུམ་ཡིན་ པར་གསུངས་པའི་ཕྱིར་ཤེས་རབ་སྟོན་པའི་གཞུང་འདི་དག་གིས་རྡོ་རྗེ་ཤུགས་ཡབ་ཡུམ་ནི་ བསྟན་པ་མ་ཡིན་གྱི་དུས་འཁོར་འཁྲོས་པ་རྡོ་རྗེ་འཇིགས་བྱེད་ཤེས་རབ་དང་བཅས་པ་བསྟན་ པ་ཡིན་ཏེ་རྡོ་རྗེ་ཤུགས་ཀྱི་ཡུམ་ནི་སྣ་ཚོགས་ཡུམ་དང་སྒྲ་རྡོ་རྗེ་མ་གཉིས་ཀའི་སྲས་མོ་ཡིན་ པར་གསུངས་པའི་ཕྱིར་རོ། །འདི་དག་གི་ཁྱད་པར་ནི་འོག་ཏུ་གཙོ་བོའི་འཁོར་ལོ་དྲུག་ལས་ ལྷ་རྣམས་སྤྲོ་བའི་སྐབས་སུ་ཡང་གསལ་བར་བསྟན་པར་རིག་པར་བྱའོ〕། །ཤེས་རབ་ཐབས་ ཀྱི་ལུས་དང་བསམ་པ་བདེ་མཉམ་འབྲས་སྟེར་ཞེས་པ་དེ་ལྟར་གསུངས་པ་〔རྣམ་པར་དག་ པ་〕རྣམས་ཀྱིས་མི་འགྱུར་བའི་བདེ་བའི་འབྲས་བུ་(དེ་ཐོབ་པའི་ཐབས་སུ་)སྟེར་བ་སྟེ་ཟླ་བ་ཉི་མའི་ རབ་ཏུ་རྒྱུ་བ་(ཟླ་བ་སྤྲོ་བའི་རིམ་པ་)དབུགས་(ནང་དུ་)འཇུག་པ་དང་(ཉི་མ་སྡུད་པའི་རིམ་པས་ཕྱིར་)འབྱུང་བ་ འགོག་པས་(དུས་འཁོར་ཁྲོས་པ་ཤེས་རབ་དང་བཅས་པ་)བསྒོམ་པར་བྱའོ་ཞེས་པ་ནི་ངེས་པའོ། ༡༣༢ ། ༈ ད་ནི་(ལྷ་)སྣ་ཚོགས་གཟུགས་〔རྣམ་པ་ཐམས་ཅད་པའི་སྐུ་〕བསྒོམ་པ་གསུངས་པ་ གཅིག་ཅེས་པ་ལ་སོགས་པ་སྟེ་འདིར་(ལྷ་)ཞལ་གཅིག་པའམ་སོགས་པའི་སྒྲས་ཞལ་གཉིས་ པའམ་ཞལ་བཞི་དང་ལྔ་དང་མཐའ་ཡས་པའམ་ཕྱག་དང་ཞབས་མང་ཞེས་པ་ཕྱག་དང་ ཞབས་དུ་མ་ཅན་མཚོན་ཆ་དུ་མ་འཛིན་པ་དུ་མའི་ཁ་དོག་དང་དུ་མའི་དབྱིབས་(དོན་དམ་པ་ཡེ་ཤེས་ ཀྱི་སྐུ་)ཏེ། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་(བ་སྟེ་རྣམ་པ་ཐམས་ཅད་པ་དང་)། །ཆེ་བ་སངས་རྒྱས་ རིགས་སྔགས་འཛིན་པ་(ལྷན་སྐྱེས་བདེ་བ་ཆེན་པོ་)སྟེ་(ཤེས་རབ་)སྟོང་པ་ཉིད་(ཐབས་)དང་མི་འགྱུར་བ(འི་ བདེ་བ་)འཛིན་པའི་བཅོམ་ལྡན་འདས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་(བསྒོམ་པར་བྱ་བ་ཉིད་) དོ། །(བསྒོམ་པའི་ཚུལ་རྣམ་ཤེས་ཀྱི་)མུན་པ་དག་གི་མཐར་(གྱུར་པ་ཡེ་ཤེས་ཀྱི་སྣང་བ་བསྒོམ་)ཞེས་པ་ནི་མཚན་ མོའི་དུས་སུ་མཚན་མོའི་རྣལ་འབྱོར་དང་ཉིན་མོའི་དུས་སུ་ཉིན་མོའི་རྣལ་འབྱོར་གྱིས་(བསྒོམ་བྱ་ དོན་དམ་པའི་)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་(ཆོས་ཉིད་འོད་གསལ་སྟོང་གཟུགས་)རྣལ་འབྱོར་(རྣམ་པར་ 4-1-131 མི་རྟོག་པའི་སེམས་ཀྱིས་)ལྟ་བ་གང་ཡིན་པ་དེ་ནི་མཚན་མོ་(མུན་པའི་)ནམ་མཁའ་ལ་ལྟ་ཞིང་ཉིན་མོ་ བླ་གབ་མེད་པ་(སྤྲིན་མེད་པའི་ནམ་མཁའ་)ལ་བལྟ་བའོ། །དེ་ལྟར་〔སོར་སྡུད་བསམ་གཏན་གྱི་ རྟགས་བཅུ་ནས་སྣ་ཚོགས་〕གཟུགས་ཀྱི་མཐར་ཐུག་པ་བསྒོམས་ཏེ་རྩ་ནི་ཟླ་བ་ཉི་མ་འགོགས་ པ་ལས་ཞེས་པ་(སྲོག་རྩོལ་དང་འཛིན་པ་)གཡོན་དང་གཡས་ཀྱི་སྲོག་འགོག་པ་ལས་བདེ་མཉམ་ སྟེར་ཏེ་ཞེས་པ་(བྱང་སེམས་ཐིག་ལེ་)མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེར་རོ། །ས་ལ་སོགས་པ་ རྣམས་ནི་ཞེས་པ་ལ་སོགས་པའི་〔རྣལ་འབྱོར་པའི་ལུས་ཀྱི་〕ཁམས་རྣམས་སོ། །འབིགས་བྱེད་ དྲི་མེད་ནོར་བུ་དང་མཚུངས་ཞེས་པ་ནི་ཇི་ལྟར་དྲི་མེད་ནོར་བུ་ཆེན་པོ་རེག་པ་ཙམ་གྱིས་རྡོ་ལ་ སོགས་པའི་ཁམས་རིན་པོ་ཆེར་བྱེད་དེ་འབིགས་པར་བྱེད་ཅེས་པ་〔ཅི་ཡང་མེད་པ་〕འཇོམས་ པར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་(རྣམ་པ་ཐམས་ཅད་པ་)སྟོང་པ་གཅིག་པུ་(གདོད་ནས་)དྲི་མ་ དང་བྲལ་བ་〔དེས་〕ནི་(རྣལ་འབྱོར་པའི་)ས་ལ་སོགས་པའི་ལུས་ཀྱི་ཁམས་རྣམས་(ལམ་གྱི་བདེ་བ་ཆེན་ པོའི་)ཀུན་ནས་འབིགས་པ〔སྟེ་བདེ་བའི་སྐ་ཅིག་མ〕ར་བྱེད་(ཅིང་ཇི་སྲིད་སངས་རྒྱས་མ་ཐོབ་བར་དུ་ལུས་མེད་ པར་ནི་མི་བྱེད་)དོ། །(སངས་རྒྱས་པ་ན་ནི་རྣལ་འབྱོར་པའི་འདུས་བྱས་ཀྱི་ལུས་འགགས་ནས་དོན་དམ་ཡེ་ཤེས་ཀྱི་སྐུ་འབའ་ ཞིག་མངོན་དུ་མཛད་དོ་དེ་ལྟར་)སྟོང་པ་ཉིད་ཀྱི་གཟུགས་(ལྷན་སྐྱེས་བདེ་བའི་སྐུ་)ཅན་དེ་ནི་(དང་པོའི་སངས་རྒྱས་)ཐོག་མ་མེད་ཅིང་(ནམ་ཡང་མི་ཟད་པས་)མཐའ་མེད་དབུས་ཀྱང་མེད་ལ་ཡུལ་མེད་ཡུལ་ཞེས་པ་ནི་ (གཟུགས་ལ་སོགས་པའི་)ཡུལ་རྣམས་མེད་པར་(རྣལ་འབྱོར་པའི་མངོན་སུམ་ལ་)ཡུལ་དུ་སྣང་བ་སྒྱུ་མ་དང་རྨི་ ལམ་དང་པྲ་ཕབ་པ་ལྟ་བུ་བསྒྲུབས་པ་ནི་དུས་ཀྱི་འཁོར་ལོ(འི་གོ་འཕང་ཐོབ་པ་)སྟེ་(དེས་ན་སྟོང་པ་ཉིད་ཀྱི་ གཟུགས་དེས་རྣལ་འབྱོར་པ་ལ་)བདེ་མཉམ་སྟེར་བའོ་ཞེས་པ་ངེས་པའོ། །དེ་ལྟར་དཔལ་ལྡན་(དུས་ཀྱི་ འཁོར་ལོ་)དང་པོའི་སངས་རྒྱས་ཀྱི་སྒྲུབ་ཐབས་རྫོགས་པའི་(ཡན་ལག་དྲུག་གི་)རིམ་པས་གསུངས་པ་ སྟེ་འདིའི་རྒྱས་པ་ནི་ཡེ་ཤེས་ཀྱི་ལེའུ་ལས་བརྗོད་པར་བྱའོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ 4-1-132 འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་བསྐྱེད་པའི་རིམ་པ་དང་རྫོགས་ པའི་རིམ་པའི་སྒྲུབ་ཐབས་ཀྱི་མདོར་བསྡུས་ཆེན་པོ་སྟེ་བཞི་པའོ།། ༡༣༣ །། ༈ 〔བཞི་པ་ཕྱི་རོལ་འཇིག་རྟེན་པའི་དངོས་གྲུབ་ཀྱི་སྒྲུབ་ཐབས་ངོ་བོ་ཉིད་ཀྱིས་གནས་ པ། ཁྲོ་བོ་རྣམས་ཀྱི་〕རྗེ་བོ་(ཞལ་བཞི་)སྣ་ཚོགས་(ཀྱི་མདོག་ཅན་ཕྱག་ན་)རྡོ་རྗེ་(སོགས་མཚོན་ཆ་སྣ་ཚོགས་) འཛིན〔པ〕། །ཁྲོ་བོའི་རྒྱལ་པོ་(བཅུ་པོ་)རྣམས་ཀྱི་གཙོ(བོ)། །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ནས་(འདིར་ རྡོ་རྗེ་ཤུགས་ལ་ཁྲོ་བོ་རྣམས་ཀྱི་རྗེ་བོ་དང་གཙོ་བོ་ཙམ་གྱི་སྒོ་ནས་བསྟོད་ལ། སྔར་གོང་དུ་རྡོ་རྗེ་འཇིགས་བྱེད་ལ་དུས་ཀྱི་འཁོར་ལོ་ ཉིད་ཡིན་པའི་སྒོ་ནས་བསྟོད་པའི་ཕྱིར་རྡོ་རྗེ་འཇིགས་བྱེད་དང་རྡོ་རྗེ་ཤུགས་གཉིས་ལ་ཁྱད་པར་ཡོད་པར་ཤེས་པར་བྱའོ)སྒྲུབ་ ཐབས་སྣ་ཚོགས་བཤད་པར་བྱ། །ཁྲོ་བོའི་དབང་པོ་ཞེས་པ་ལ་སོགས་པས་སོ། ། ༈ འདིར་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ནི་(ཞེས་པ་འདིས་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་དམིགས་སུ་བཀར་ ནས་བསྟན་པའི་ཕྱིར་ཡང་གོང་དུ་བསྟན་པའི་ཕྱག་ཉི་ཤུ་རྩ་དྲུག་པོའི་སྒྲུབ་ཐབས་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་གཙོ་ཆེ་བ་མ་ཡིན་ པར་ཤེས་པར་བྱའོ)སྔར་གསུངས་པའི་སྒྲུབ་ཐབས་ཀྱི་ཆོ་གས་ཧུྃ་ཡིག་དང་རྡོ་རྗེ་ལས་རྫོགས་པ་སྟེ་ གཉིས་ལྷག་རྒྱལ་བའི་ཕྱག་ཅེས་པ་ཕྱག་ཉི་ཤུ་རྩ་དྲུག་པ་གླང་པོ་ཆེའི་ལྤགས་པའི་གོས་འཛིན་ པ་རིག་བྱེད་ཞལ་ཞེས་པ་ཞལ་བཞི་པ་ཞབས་གཉིས་པ་དམར་སེར་སྤྱན་དང་དབུ་སྐྲ་དམར་ སེར་རྒྱལ་བའི་བདག་པོའི་ཅོད་པན་ཅན་ཞེས་པ་མི་བསྐྱོད་པའི་ཅོད་པན་ཅན་མཆེ་བ་རྣོན་པོ་ གཙིགས་པ་སྦྲུལ་གྱི་རྒྱན་དང་ཞེས་སྦྲུལ་གྱིས་བརྒྱན་པ་རབ་མཆོག་སྟག་གི་ལྤགས་པའི་ཤམ་ ཐབས་ཅན་གཙོ་བོའི་བཞིན་དུ་མཚོན་ཆའི་ཕྱག་སྟེ་དུས་ཀྱི་འཁོར་ལོ་ལྟ་བུ་དང༌། སྤྱི་བོར་ མཐའ་དག་རྒྱལ་བའི་རིགས་〔ལྔ་〕རྣམ་པར་དག་པའི་ཐོད་པ་ཁ་དོག་ལྔ་རྣམས་དག་གིས་ཕྲེང་ བ་ངེས་པར་བཅིངས་པའོ། ༡༣༤ ། དེ་ལྟར་གྱུར་པ་དྲི་མེད་〔འོད་ཟེར་〕འཕྲོ་བ་སྟེ་དང་བ་ནི་དཀྱིལ་འཁོར་གྱི་ཁང་པ་〔ར་བ་གསུམ་ པ་འོག་གཞི་〕སྣ་ཚོགས་〔ཕྱོགས་ཀྱི་〕མདོག་ལ་དབུས་སུ་སྣ་ཚོགས་ཆུ་སྐྱེས་(ཕྱོགས་ཀྱི་མདོག་ཅན་)དང་ 4-1-133 ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དཔའ་བོ་གཅིག་པ་སྟེ་སྒོ་བཞི་རྣམས་སུ་(ཤར་དུ་)རྡོ་རྗེ་ལྕགས་ ཀྱུ་དང་(ལྷོར་)རྡོ་རྗེ་དང་ཞགས་པ་དང་(ནུབ་ཏུ་)རྡོ་རྗེ་ལྕགས་སྒྲོག་དང་(བྱང་དུ)་རྡོ་རྗེ་དྲིལ་བུ་རྣམས་ གོ་རིམ་ཇི་ལྟ་བ་བཞིན་དུ་བཀོད་ནས་ཞབས་གཉིས་དག་གིས་འབྱུང་པོའི་མགོན་པོ་སྟེ་ཡི་ དྭགས་ཀྱི་མགོན་པོ་གཞན་གྱིས་མི་ཐུབ་པ་ལྷག་པའི་སྟོབས་ཀྱིས་མནན་ཞིང་གཡས་བརྐྱང་ སྟབས་ཀྱིས་ཡང་དག་གནས་པ་འབྱུང་པོ་ལ་སོགས་པ་རྣམས་སྐྲག་པར་བྱེད་པའི་གླང་པོ་ཆེའི་ ལྤགས་པ་འཛིན་པའི་ལག་པའི་སྡིགས་མཛུབ་དག་གིས་ལྷ་མིན་〔དང་〕གདེངས་ཅན་〔དང་〕 ལྷ་རྣམས་སྐྲག་པར་བྱེད་པ་སྟེ་ཛཿཧཱུཾ་བྃ་ཧོཿསྔགས་ཀྱི་ཚིགས་འདི་རྣམས་ཀྱིས་ཡེ་ཤེས་སེམས་ དཔའ་དང་གཅིག་ཏུ་གྱུར་པ་རྣལ་འབྱོར་པས་བསྒོམ་ནས་ཟླ་བ་གཅིག་ཉིད་ཁོ་ནས་དུར་ཁྲོད་ ས་ལ་གནས་པ་ཞེས་པ་དུར་ཁྲོད་ཀྱི་སར་གནས་པའི་འབྱུང་པོའི་ཚོགས་ནི་བསྒྲུབ་པར་བྱ་ ཞེས་པ་འབྱུང་པོ་ལ་སོགས་པ་རྣམས་ཀྱི་གཙོ་བོ་གང་ཡིན་པ་དེ་གཟུགས་དེས་ཞབས་ཀྱི་འོག་ ཏུ་བསྒྱེལ་བར་གྱུར་པ་ན་འཁོར་དང་བཅས་པ་འགྲུབ་པར་འགྱུར་ཏེ་ཡི་དྭགས་སམ་སྲིན་པོ་ལ་ སོགས་པའོ། །འབྱུང་པོ་ལ་སོགས་པའི་སྒྲུབ་ཐབས་ཀྱི་ངེས་པའོ། ༡༣༥ ། ༈ ད་ནི་སྤྲིན་གྱི་ཆར་དབབ་པའི་དོན་དུ་ཀླུའི་རྒྱལ་པོའི་སྒྲུབ་ཐབས་གསུངས་པ་ཀླུ་ རྣམས་ཞེས་པ་ལ་སོགས་པ་སྟེ་འདིར་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དེ་ཉིད་བསྒོམས་པར་ གྱུར་བས་ཉིན་ཞག་ཉུང་ཟད་རྣམས་ཀྱིས་ཞེས་པ་ཟླ་བའི་ཉིན་ཞག་རྣམས་ཀྱིས་སྤྲིན་གྱི་ཚོགས་ ནི་བསྒྲུབ་པར་བྱ་སྟེ་དེ་ལྟར་ཞེས་པ་ཆོ་ག་འདིས་སོ། །ཀླུ་རྣམས་ཆུ་སྐྱེས་འདབ་བརྒྱད་ལ་སྟེ་ ཞེས་པ་ནི་ཆུ་སྐྱེས་ཀྱི་ཤར་གྱི་འདབ་མ་ལ་སྟོབས་ཀྱི་རྒྱུ་དང་མེར་པད་མ་དང་ལྷོར་ནོར་རྒྱས་ ཀྱི་བུ་དང་བདེན་བྲལ་དུ་དུང་སྐྱོང་དང་བྱང་དུ་མཐའ་ཡས་དང་དབང་ལྡན་དུ་རིགས་ལྡན་དང་ ནུབ་ཏུ་འཇོག་པོ་དང་རླུང་དུ་པད་མ་ཆེན་པོ་སྟེ་(དེ་རྣམས་ཀྱི་ཁ་དོག་ནི་)ཤར་དང་མེར་ནག་པོ་དག་ དང་ལྷོ་དང་བདེན་བྲལ་དུ་དམར་པོ་དག་དང་བྱང་དང་དབང་ལྡན་དུ་དཀར་པོ་དག་དང་ནུབ་ 4-1-134 དང་རླུང་ཏུ་སེར་པོ་དག་གོ། ཀླུའི་རྒྱལ་པོ་རྒྱལ་དང་རྣམ་རྒྱལ་ལྗང་ཁུ་དང་སྔོན་པོ་དག་ནི་ཉི་ མའི་སྟེང་དུ་བསྒྱེལ་བྱས་ནས། ཞེས་པ་ཉི་མའི་དཀྱིལ་འཁོར་ལ་གཡོན་པ་དང་གཡས་པའི་ ཞབས་ཀྱི་འོག་ཏུ་ལྟེ་བ་ཡན་ཆད་སྐྱེས་བུའི་རྣམ་པ་མན་ཆད་སྦྲུལ་གྱི་རྣམ་པ་མགོ་བོའི་སྟེང་ན་ (སྦྲུལ་མགོའི་)གདེངས་ཀ་བདུན་གྱི་ཁོར་ཡུག་ཅན་(སྤྱི་གཙུག་ན་)ནོར་བུ་རིན་པོ་ཆེ་འཕྲོ་བ་དག་གན་ རྐྱལ་དུ་བསྒྱེལ་ཞིང་ཀླུའི་རྒྱལ་པོ་གཞན་རྣམས་བསྒྱེལ་ནས་དེ་རྣམས་ཀྱི་མཇུག་མའི་རྩེ་མོ་ནི་ སོ་སོར་རྒྱལ་བའི་སྟེང་དུ་ཤར་དང་བྱང་གི་〔ཀླུ་〕རྣམས་དང་རྣམ་པར་རྒྱལ་བའི་སྟེང་དུ་ལྷོ་དང་ ནུབ་ཀྱི་ཀླུ་རྣམས་ཀྱི་མཇུག་མའི་རྩེ་མོ་ཐམས་ཅད་དོ། །དེ་ལྟར་ཞབས་དག་གིས་ནི་གདེངས་ ཅན་བདག་པོ་〔རྒྱལ་རྣམ་རྒྱལ་〕ཟུང་དང་པད་མའི་འདབ་མར་གནས་པ་〔བརྒྱད་པོ་〕རྣམས་ཀྱི་ མཇུག་མའི་རྩེ་མོ་ཐམས་ཅད་མནན་ནས་ཞེས་སོ། །དེ་ལྟར་ཀླུའི་རྒྱལ་པོ་བརྒྱད་ནི་(སྦྲུལ་མགོའི་) གདེངས་ཀ་ལྔ་དང་ལྡན་པ་སྤྲིན་གྱི་རིགས་ཏེ་སྤྲིན་ཚོགས་ལྟོ་བ་དག་ནས་ངེས་པར་ཀུན་ཏུ་སྤྲོ་ བྱེད་པའོ། །དེ་ལྟར་དུར་ཁྲོད་ཀྱི་སར་ཁྲོ་བོའི་དབང་པོ་བསྒོམ་པས་ཟླ་བའི་ཉིན་ཞག་རྣམས་ ཀྱིས་སྤྲིན་གྱི་ཚོགས་ནི་བསྒྲུབ་པར་བྱ་སྟེ་དེ་ནས་ཇི་ལྟར་མངོན་པར་འདོད་པའི་དུས་སུ་ཆར་ འབེབས་པར་བྱེད་ཅིང་གཤེགས་སུ་གསོལ་བས་བཟློག་པར་བྱེད་དོ། །ཀླུའི་རྒྱལ་པོའི་སྒྲུབ་ ཐབས་ཀྱི་ངེས་པའོ། ༡༣༦ ། ༈ ད་ནི་ལས་ཀྱི་དབྱེ་བ་རྣམས་ཀྱིས་ལྷའི་སྒྲུབ་ཐབས་གསུངས་པ་ཞེས་པ་ལ་སོགས་ཞེས་ པ་ལ་སོགས་པ་སྟེ་འདིར་དཀྱིལ་འཁོར་དུ་གསུངས་པ་ལ་སོགས་པ་(སྟེ་དཀྱིལ་འཁོར་གྱི་ལྷ་སོ་སོ་) དང་མིའི་བདག་པོ་(ཞེས་པ་བོད་པ་སྟེ་དཀྱིལ་འཁོར་དུ་གསུངས་པ་ལས་)གཞན་ལྷ་དང་ལྷ་མོ་རྣམས་ཀྱི་སྒྲུབ་ ཐབས་སོ་སོ་རུ་དཀྱིལ་འཁོར་འདིར་ནི་དཔའ་བོ་གཅིག་པ་རྣམས་ཀྱིས་(སྒྲུབ་པར་)འགྱུར་ཏེ་རང་ གི་རྒྱལ་བའི་རིགས་ཀྱི་(རེངས་པ་ལ་སོགས་པའི་)དབང་གིས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ རིགས་ཀྱི་དབང་གིས་ལས་ཀྱི་དབྱེ་བ་མཐའ་དག་རྣམས་ཀྱི་སྒྲུབ་ཐབས་(སྣ་ཚོགས་)སུ་འགྱུར་ 4-1-135 རོ། །རེངས་དང་ཞི་བ་དག་དང་དབང་དང་གཞན་ནོར་འཕྲོག་དང་བསད་པ་དང་ནི་བསྐྲད་པ་ ལ་སོགས་པ་དག་ལ་ཡང་སུམ་ཅུ་རྩ་དྲུག་རྣལ་འབྱོར་མ་རྣམས་དང་གཞན་དུར་ཁྲོད་གྱི་མཐར་ ཐུག་པ་རྣམས་ཀྱི་འཆད་པར་འགྱུར་བའི་སྒྲུབ་ཐབས་སུ་འགྱུར་ཏེ་སླར་ཡང་བཟླས་པ་དང་ སྦྱིན་སྲེག་ནི་རང་རང་གི་སྔགས་ཀྱི་ས་བོན་རྣམས་ཀྱིས་འགྱུར་རོ། ༡༣༧ ། ༈ ད་ནི་ཞི་བ་ལ་སོགས་པའི་བསམ་གཏན་གསུངས་པ་ཞི་བ་ལ་ནི་ཞེས་པ་ལ་སོགས་ པ་སྟེ་འདིར་ཞི་བ་ལ་བསམ་གཏན་ཞི་བ་དང་རི་བོང་འཛིན་པ་ལྟར་དཀར་བའི་ལྷ་ཞི་བའི་ གཟུགས་བསྒོམ་པར་བྱའོ། །དྲག་པོ་བསད་པ་ལ་སོགས་པ་ལ་བསམ་གཏན་དྲག་པོ་〔ཁྲོས་པ་〕དང་ལྷ་ཁ་དོག་ནག་པོའོ། །དབང་ལ་བསམ་གཏན་ཆགས་པ་དང་བཅས་པ་དང་ལྷ་ཁ་དོག་ དམར་པོ་ཆགས་པའི་གཟུགས་སོ། །རེངས་པ་ལ་བསམ་གཏན་རྨོངས་པ་དང་ལྷ་ཁ་དོག་སེར་ པོ་རེངས་པའི་གཟུགས་སོ། །ཞི་བ་ལ་ཇི་ལྟ་བ་དེ་བཞིན་དུ་རྒྱས་པ་དང་རིམས་ཉེ་བར་ཞི་བ་ དང་དུག་གཞིལ་བ་ལ་འགྱུར་རོ། །བསད་པ་ལ་ཇི་ལྟ་བ་དེ་བཞིན་དུ་བསྐྲད་པ་དང་དབྱེ་བ་ དང་རིམས་གཞུག་པ་ལ་ཡང་ངོ༌། །དབང་ལ་ཇི་ལྟ་བ་དེ་བཞིན་དུ་དགུག་པ་དང་བསྐྱོད་པ་ དང་རིམས་བསྐྱེད་པ་ལ་ཡང་ངོ༌། །རེངས་པ་ལ་ཇི་ལྟ་བ་དེ་བཞིན་དུ་རྨོངས་པ་དང་ཕུར་བུས་ གདབ་པ་ལ་ཡང་ངོ༌། །ཞེས་པ་ངེས་པའོ། ༡༣༨ ། ༈ ད་ནི་〔ལྷའི་〕ཚོགས་ཀྱི་རིགས་རྣམས་ཀྱིས་ཞི་བ་ལ་སོགས་པ་འགྲུབ་པར་གསུངས་པ་ ཞི་དང་ཞེས་པ་ལ་སོགས་པ་སྟེ་འདིར་ཞི་དང་རྒྱས་པ་དག་ཀྱང་སྲས་བཅས་རྒྱལ་བའི་རིགས་ དང་ཞེས་པ་ནི་འདིར་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དེ་བཞི་པོ་འདི་རྣམས་ ནི་རྒྱལ་བའི་རིགས་སོ། །སྲས་བཅས་ཞེས་པ་ནི་རྣམ་པར་སེལ་བ་དང་སའི་སྙིང་པོ་དང་འཇིག་ རྟེན་དབང་ཕྱུག་དང་ནམ་མཁའི་སྙིང་པོ་སྟེ་འདི་རྣམས་ནི་བྱང་ཆུབ་སེམས་དཔའི་རིགས་སོ། ། དེ་བཞིན་དུ་སྤྱན་མ་དང་གོས་དཀར་མོ་དང་མཱ་མ་ཀཱི་དང་སྒྲོལ་མ་རྣམས་ནི་རྒྱལ་བའི་རིགས་ 4-1-136 སོ། །(དེ་བཞིན་དུ་)དྲི་རྡོ་རྗེ་མ་དང་རོ་རྡོ་རྗེ་མ་དང་གཟུགས་རྡོ་རྗེ་མ་དང་རེག་བྱ་རྡོ་རྗེ་མ་རྣམས་ ནི་བྱང་ཆུབ་སེམས་དཔའི་རིགས་ཏེ་རིགས་འདི་རྣམས་ཁ་དོག་(རང་དུས་ཀྱི་འཁོར་ལོ་རྩ་ཞལ་དང་སྐུ་ མདོག་དཀར་པོ་བསྒོམ་པའི་)དཀར་པོ་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་པད་མའི་འདུག་སྟངས་ ཀྱིས་གནས་པ་ཐབས་རྣམས་〔ཕྱག་གཡོན་〕པད་མ་དཀར་པོ་དང་〔གཡས་〕མཆོག་སྦྱིན་གྱི་ཕྱག་ རྒྱ་དང་ཤེས་རབ་རྣམས་〔ཕྱག་གཡོན་〕ཨུད་པ་ལ་དཀར་པོ་དང་〔གཡས་〕མི་འཇིགས་པའི་ཕྱག་ རྒྱ་ཅན་དུ་བསྒོམས་པ་སོ་སོ་རེ་རེས་ཞི་དང་རྒྱས་པ་དག་ཀྱང་འགྲུབ་པར་འགྱུར་ཏེ་རྒྱལ་པོ་ ཞེས་པ་ནི་བོད་པའོ། །ཀྱང་ཡིག་གིས་དུག་མེད་པ་ཉིད་དང་རིམས་ཉེ་བར་ཞི་བར་ཡང་ངོ༌། ། དབྱེ་བ་དང་བསྐྲད་པ་དག་དང་ཀྱང་ཡིག་གིས་བསད་པ་དང་དུག་གཞུག་པ་དག་ཀྱང་རང་ བཞིན་ཡོན་ཏན་དབང་གིས་ཞེས་པ་ཁྲོ་བོའི་རང་བཞིན་གྱི་དབང་གིས་ཁྲོ་བོ་ལས་སྐྱེས་རྣམས་ ཀྱིས་འགྲུབ་པར་འགྱུར་རོ། །ཁྲོ་བོ་ལས་སྐྱེས་ནི་ཧུྃ་ཡིག་དང་རྡོ་རྗེ་ལས་སྐྱེས་པ་ཁྲོ་བོ་བཅུ་པོ་ རྣམས་དང་ཕྲེཾ་ཡིག་དང་གྲི་གུག་ལས་སྐྱེས་པ་ཁྲོ་བོ་བཅུའི་བཙུན་མོ་རྣམས་ཏེ་(རང་དུས་ཀྱི་འཁོར་ ལོ་རྩ་ཞལ་སྐུུ་མདོག་ནག་པོར་བསྒོམ་པའི་)སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཁྲོ་བོ་གཡས་བརྐྱང་ གི་སྟབས་ཕྱག་〔གཡས་〕ན་རྡོ་རྗེ་དང་〔གཡོན་〕ཞགས་པ་ཅན་རྣམས་ཀྱིས་བསད་པ་འགྲུབ་པར་ འགྱུར་རོ། །ཕྱག་(གཡས་)ན་རལ་གྲི་དང་(གཡོན་ན་)ལྕགས་སྒྲོག་སྡིགས་མཛུབ་དང་བཅས་པ་ རྣམས་ཀྱིས་དབྱེ་བ་ལ་སོགས་པ་འགྲུབ་པར་འགྱུར་ཏེ་ཁ་དོག་ནག་པོ་དྲག་པོ་རྣམས་ཀྱིས་སོ། ། ལྷ་མོ་གཡོན་བརྐྱང་བ་ཕྱག་(གཡས་)ན་གྲི་གུག་དང་(གཡོན་ན་)ཐོད་པ་ཅན་རྣམས་〔གཡས་〕དང་ ཕྱག་ན་རལ་གྲི་དང་〔གཡོན་〕ཞགས་པ་ཅན་རྣམས་ཀྱིས་སོ། །དབང་སོགས་འབྱུང་སྐྱེས་རྣམས་ ཀྱིས་ཞེས་པ་ནི་འདིར་ཙར་ཙི་ཀཱ་ལ་སོགས་པའི་ལྷ་མོ་བརྒྱད་པོ་(རང་དུས་ཀྱི་འཁོར་ལོ་རྩ་ཞལ་དང་སྐུ་ མདོག་དམར་པོར་བསྒོམ་པའི་)མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ས་གའི་སྟབས་ཁ་དོག་དམར་ པོ་ཕྱག་ན་མདའ་གཞུ་ཅན་རྣམས་ཀྱིས་དབང་དུ་བྱ་བ་འགྲུབ་པར་འགྱུར་ཏེ་ཕྱག་〔གཡོན་〕ན་ 4-1-137 ཞགས་པ་དང་(གཡོན་ན་)ལྕགས་ཀྱུ་ཅན་རྣམས་ཀྱིས་དགུག་པ་ལ་སོགས་པ་འགྲུབ་པར་འགྱུར་ རོ། །རབ་གསལ་ལྷ་མིན་རིགས་ལ་ཕུར་བུས་གདབ་པའང་ལྷ་མིན་མོ་རྣམས་ཀྱིས་ཞེས་པ་ ནི་འདིར་ཁྱི་གདོང་མ་ལ་སོགས་པའི་ལྷ་མོ་བརྒྱད་པོ་(རང་དུས་ཀྱི་འཁོར་ལོ་རྩ་ཞལ་དང་སྐུ་མདོག་སེར་པོར་ བསྒོམ་པའི་)ལྟེ་བར་དུས་མེའི་དཀྱིལ་འཁོར་སེར་པོ་ལ་ཟླུམ་པོའི་སྟབས་ཕྱག་ན་འཁོར་ལོ་དང་ རི་བོང་ཅན་རྣམས་ཀྱིས་རེངས་པ་འགྲུབ་པར་འགྱུར་རོ། །ཕྱག་(གཡས་)ན་ཐོ་བ་དང་(གཡོན་ན་)ཕུར་བུ་ཅན་རྣམས་ཀྱིས་ཕུར་བུས་གདབ་པ་འགྲུབ་པར་འགྱུར་རོ། །ཕྱག་(གཡས་)ན་རྩེ་གསུམ་ དང་(གཡོན་ན་)སྦྲུལ་རྣམས་ཀྱིས་རྨོངས་པ་འགྲུབ་པར་འགྱུར་རོ། ཡུམ་དག་གིས་ནི་ཞེས་པ་རྡོ་ རྗེ་དབྱིངས་ཀྱི་དབང་ཕྱུག་མའམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་(རང་དུས་འཁོར་རྩ་ཞལ་དང་སྐུ་ མདོག་སྔོན་པོར་བསྒོམ་པའི་)གསང་བའི་པད་མ་ལ་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ་(དེ་ཡང་)ཆུ་ ལ་སོགས་པའི་དཀྱིལ་འཁོར་གྱི་དབྱེ་བས་དཀར་པོ་ལ་སོགས་པའི་ཁ་དོག་དང་སྔར་བརྗོད་ པའི་མཚན་མ་དང་འདུག་སྟངས་སོ་སོ་རེ་རེས་སོ། །(དེས་ན་)བསད་པ་དང་གསོ་བ་ཡང་འགྲུབ་ པར་འགྱུར་ཏེ་(དེ་ལ་)རྡོ་རྗེའི་འདུག་སྟངས་ཀྱིས་(བྱང་སེམས་)ཐིག་ལེའི་དབུས་སུ་དགའ་བ་དང་ བཅས་པའི་ལྷ་མོས་གསོ་བར་བྱེད་དོ། །རྣལ་འབྱོར་གྱི་སྟོབས་ཀྱིས་(བསྒྲུབ་བྱའི་)སྲོག་བཀུག་ སྟེ་ཐིག་ལེ་འཕོས་པས་ནི་ཆགས་པ་དང་བྲལ་བས་འཆི་བར་བྱེད་དེ་སླར་ཡང་བསྒྲུབ་བྱ་རབ་ ཏུ་འཚོ་བ་མེད་དོ། །དེས་ན་〔བསད་པ་〕དེ་ནི་སངས་རྒྱས་པའི་རྣལ་འབྱོར་པས་བསྒྲུབ་པར་མི་ བྱ་སྟེ་གང་དུ་བསྒྲུབ་བྱའི་སྲོག་བཀུག་པ་ན་ཁུ་བ་ཕྱིར་འབྱུང་བར་འགྱུར་པའོ་ཞེས་པ་སྟེ་ལས་ ཐམས་ཅད་ལ་ངེས་པའོ། ༡༣༩ ། ༈ ད་ནི་ལས་ཐམས་ཅད་ཀྱི་སྒྲུབས་ཐབས་རྣམས་ཀྱི་དང་པོའི་རྒྱུ་གསུངས་པ་དང་པོར་ ཞེས་པ་ལ་སོགས་པ་སྟེ་འདིར་དང་པོར་རྣལ་འབྱོར་པས་འབད་པ་ཡིས་ནི་བླ་མའི་མན་ངག་ (སྦྱོར་བ་ཡན་ལག་དྲུག་)ལས་བསྒྲུབ་པར་བྱ་སྟེ། 〔གང་བསྒྲུབ་ན་〕དུས་ཀྱི་འཁོར་ལོ་ཞེས་པ་ནི་སྲོག་གི་ 4-1-138 རླུང་(ལ་ཉེ་བར་བཏགས་པ་)སྟེ་རྟག་ཏུ་དབུ་མར་རབ་ཏུ་གཞུག་པར་བྱའོ། །སྲིད་གསུམ་སྐྱེད་མ་ཞེས་ པ་(སྣ་ཚོགས་ཡུམ་དངོས་)ནི་སྟོང་པ་ཉིད་ཀྱི་གཟུགས་ཏེ་གཟུགས་དང་སྲོག་གཉིས་པོ་དེ་དག་འབད་ པ་ཡིས་ནི་བསྒྲུབ་པར་བྱ། ཕྱི་ནས་ས་གཞིའི་གནས་དག་ཏུ་ནི་གང་ཞིག་གསུངས་པ་ཞི་བ་ལ་ སོགས་པའི་ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ་བར་འགྱུར་རོ། །འདིར་དཔེ་ནི། ཕ་དང་ མ་ཡིས་རྣམ་པར་དམན་པའི་བུ་ནི་ཡོད་པ་མིན་པར་དུས་ཀུན་ཏུ་ནི་འཇིག་རྟེན་གྲགས། །དེ་ ཕྱིར་བདེ་མཉམ་འབྲས་སྟེར་གཟུགས་དང་སྲོག་གཉིས་པོ་བསྒྲུབ་པར་བྱ་སྟེ་རྣམ་པ་གཞན་དུ་ གཟུགས་དང་སྲོག་མ་བསྒྲུབས་པ་ལས་ནི་འགྲུབ་པ་ཡོད་པ་མིན་ནོ་ཞེས་པ་ངེས་པའོ། ༡༤༠ ། ༈ ད་ནི་ཞི་བ་ལ་སོགས་པ་བསྒྲུབ་པའི་སླད་དུ་དང་པོའི་བསྒོམ་པ་གསུངས་པ་གཙོ་ བོའི་ཞེས་པ་ལ་སོགས་པ་སྟེ་འདིར་གང་གི་ཚེ་རྣལ་འབྱོར་པས་ཨ་བ་དྷཱུ་ཏཱི་ལ་སྲོག་(གཡོ་མེད་ དུ་)གནས་པ་(སྟོང་པ་ཉིད་ཀྱི་)གཟུགས་རྣམ་པར་གསལ་བ་མཐོང་བ་དེའི་ཚེ་(སྟོང་)གཟུགས་དེ་ 〔ལྷ་དང་བསྒྲུབ་བྱ་ལ་སོགས་པའི་གཟུགས་སུ་〕ཇི་ལྟར་རྣམ་པར་བརྟགས་པ་དེ་ལྟར་〔སྟོང་〕 གཟུགས་དེ་〔ལྷ་དང་བསྒྲུབ་བྱ་ལ་སོགས་པའི་གཟུགས་སུ་〕མཐོང་བར་འགྱུར་རོ། །གཙོ་བོ་ ཞེས་པ་ནི་སྔར་གསུངས་པའི་དུས་ཀྱི་འཁོར་ལོ་རྫོགས་པར་བྱས་ཏེ་དེ་ནས་དེའི་ཐུགས་ཀར་ པད་མའི་དབུས་ཀྱི་ལྟེ་བ་ལ་རི་བོང་ཅན་དང་ཉི་མ་མེ་ཞེས་པ་ཟླ་བ་དང་ཉི་མ་དང་སྒྲ་གཅན་ཏེ་ གསུམ་གྱི་བདག་ཉིད་སྦྱོར་བའི་གཟའི་དཀྱིལ་འཁོར་དང་ནང་དུ་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ བ་དྷཱུ་ཏཱི་གཅིག་ཏུ་འདྲེས་པར་གྱུར་པ་(སྟེ་དབུ་མ་ལ་གཡོན་དང་གཡས་ཀྱི་རྩ་གཉིས་ལུ་གུ་རྒྱུད་དུ་བཅིངས་པ་)སྙིང་ ཁའི་པད་མ་སྟེ་དེ་ཡི་སྟེང་དུ་རྡོ་རྗེ་ནི་ཧུྃ་ཡིག་ཡོངས་སུ་གྱུར་པ་ལས་བྱུང་བ་འཇིག་དུས་སྤྲིན་ དང་མཚུངས་པ་ཞེས་པ་ཁ་དོག་ནག་པོ་རྩེ་མོ་ལྔ་པ་འོད་ཟེར་དང་བཅས་ཞེས་པ་འོད་ཟེར་ལྔ་ འཕྲོ་བ་དགོད་པར་བྱའོ། །དེ་ཡིས་དབུས་སུ་ཞེས་པ་ནི་རྡོ་རྗེ་དེའི་དབུས་ཏེ་ལྟེ་བར་ཛཿཡིག་ ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལྕགས་ཀྱུ་བསྒོམ་པར་བྱའོ། །དེ་ནས་ཛཿཡིག་ལྕགས་ཀྱུ་དེའི་འོད་ 4-1-139 ཟེར་རྡོ་རྗེ་ལྕགས་ཀྱུའི་རྣམ་པ་རྣམས་ཀྱིས་སྲིད་པ་གསུམ་པོ་ཞེས་པ་ཁམས་གསུམ་པོ་མཐའ་ དག་བཀང་བྱས་ནས་རྡོ་རྗེ་ལྕགས་ཀྱུ་དེ་རྣམས་ཀྱིས་(རང་བྱུང་ཡེ་ཤེས་)སྲིད་པ་གསུམ་གྱི་རྣམ་པ་ ཅན་〔ཤིན་ཏུ་〕དང་བ་(བརྟན་གཡོ་ཀུན་ལ་ཤིན་ཏུ་)ཁྱབ་བྱེད་ཉིད་ཀྱིས་རྣམས་གསུམ་སྲིད་པར་གནས་ པའི་ཡེ་ཤེས་འཁོར་ལོ་གང་ཡིན་པ་དེ་ཐམས་ཅད་བཀུག་ནས་ཨ་བ་དྷཱུ་ཏཱིའི་(ཡ་སྣའི་)སྒོ་ནས་ གཙུག་ཏོར་དང་དཔྲལ་བ་དང་མགྲིན་པ་དང་སྙིང་ཁ་དང་ལྟེ་བ་དང་གསང་བའི་ལམ་(གྱི་བར་) དུ་(དབུ་མར་)རབ་ཏུ་གཞུག་པར་བྱའོ། ༡༤༡ ། རྣམ་པ་ཐམས་ཅད་པ་ཟླ་བ་(ཡེ་ཤེས་འཁོར་ལོ་དེ་)ཞུ་བ་དང་མཚུངས་(པར་ཞུ་བ་)ཞེས་པ་བྱང་ ཆུབ་ཀྱི་སེམས་ཀྱི་(ཐིག་ལེའི་)མཚན་ཉིད་(དེ་རྣམ་)གང་ཡིན་པ་དེ་རང་གི་རྡོ་རྗེའི་ཁ་ནས་ཡུམ་གྱི་ པད་མར་སྤྲོ་བར་བྱ་ཞེས་པ་ནི་སྐྱེས་བུར་རང་གི་རྡོ་རྗེའི་སྒོ་ནས་བུད་མེད་ཀྱི་པད་མར་བྱང་ ཆུབ་ཀྱི་སེམས་དགའ་བ་དང་ལྡན་པར་སྤྲོ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ལྷའི་རྣལ་འབྱོར་ གྱིས་ལྷ་མོའི་པད་མར་སྤྲོ་བ(བསྒོམ་པ)ར་བྱའོ། །ཡུམ་ཞེས་པ་ནི་འཆད་པར་འགྱུར་བ་རྣམས་ཀྱི་ སྐྱེད་མཛད་མ་(སྣ་ཚོགས་ཡུམ་)སྟེ་མངལ་ནས་སྐྱེས་པ་རྣམས་ཀྱི་(སྐྱེད་བྱེད་མ་)ཇི་ལྟ་བ་དེ་བཞིན་ཉིད་ དོ། །དེར་ནི་ཉི་མར་རབ་ཏུ་ཞུགས་པ་ཞེས་པ་འདིར་བུད་མེད་ཀྱི་སྐྱེ་གནས་སུ་ཁྲག་ལ་རབ་ཏུ་ ཞུགས་པའི་བྱང་ཆུབ་ཀྱི་སེམས་〔དཀར་པོ་〕ཁྲག་དང་ལྷན་ཅིག་རོ་མཉམ་པར་འགྱུར་བ་ཇི་ལྟ་ བ་དེ་བཞིན་དུ་ཡུམ་གྱི་པད་མར་ཉི་མའི་དབུས་སུ་རབ་ཏུ་ཞུགས་པའི་ཟླ་བ་ནི་རོ་མཉམ་པར་ འགྱུར་རོ། །ཨ་སོགས་དང་ལྡན་པ་ཟླ་བ་ཁུ་བ་དང་ཀ་སོགས་དང་ལྡན་པ་ཉི་མ་རྡུལ་ཏེ་སྲོག་ དང་ཐུར་སེལ་དང་ལྡན་པའོ། །དེའི་དབུས་སུ་སྟེ་སྲོག་དང་ཐུར་སེལ་གྱི་དབུས་སུ་ཡེ་ཤེས་ས་ བོན་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་དུ་འགྱུར་ཏེ། རིགས་ཀྱི་དབང་གིས་སོ་ཞེས་ པ་ནི་ཕུང་པོ་ལྔའི་བག་ཆགས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པར་འགྱུར་ བ་དེ་བཞིན་དུ་ཞི་བ་ལ་སོགས་པའི་ལས་ཀྱི་〔ལྷ་རྣམས་ཀྱི་〕ཡེ་ཤེས་ཀྱི་ས་བོན་དུ་(འོག་ནས་འཆད་ 4-1-140 པ་རྣམས་སུ་)འགྱུར་རོ། །ས་བོན་དེ་ཡིས་རྫོགས་པའི་གཞོན་ནུ་མའམ་གཞོན་ནུ་ལོ་བཅུ་གཉིས་ ཀྱི་མཐའ་དང་ལོ་བཅུ་དྲུག་གི་མཐར་(བུ་དང་བུ་མོའི་)འབྲས་བུ་སྟེར་བར་འགྱུར་བ་ཇི་ལྟ་བ་དེ་ བཞིན་དུ་(ཤེས་རབ་ཀྱི་)ལྷ་མོའམ་ཐབས་ཀྱི་ལྷ་རྣལ་འབྱོར་པས་(ལོ་དེ་སྙེད་)བསྒོམས་པ〔ལ〕འོ། ཞེས་ པ་ནི་ངེས་པའོ། །དེའི་ཕྱིར་ལོ་བཅུ་གཉིས་རྣམས་སུ་ལྷ་མོ་བསྒོམས་པར་མཆོག་སྟེར་བར་ འགྱུར་ཞིང་ལྷ་ནི་ལོ་བཅུ་དྲུག་རྣམས་ཀྱིས་མཆོག་སྟེར་བར་འགྱུར་ཏེ་དེ་ནས་ལས་ཐམས་ཅད་ དང་དངོས་གྲུབ་ཐམས་ཅད་དང་བདེ་བ་ཐམས་ཅད་རྣལ་འབྱོར་པས་འགྲུབ་པར་འགྱུར་རོ། ། རྣམ་པ་གཞན་དུ་ན་(ངལ་ཞིང་)ཉོན་མོངས་པ་འབའ་ཞིག་སྟེ་རྒྱུད་གཞན་ཐམས་ཅད་(ཟླ་བ་དྲུག་ལ་ སོགས་པའི་)ལས་དུས་ངེས་པ་〔གསུངས་པ་〕ནི་བརྩོན་འགྲུས་དང་ལྡན་པ་ཉིན་དང་མཚན་མོར་ 〔བར་མ་ཆད་པར་〕བསྒོམས་པའི་བདག་ཉིད་ཅན་རྣམས་ཀྱི་ཡིན་གྱི་གཞན་རྣམས་ཀྱི་ནི་ལོ་ བརྒྱའི་མཐར་ཡང་མ་ཡིན་ནོ། །ཞེས་པ་དངོས་གྲུབ་ངེས་པའོ། ༡༤༢ ། ༈ ད་ནི་མཚན་མ་བསྐྱེད་པའི་སླད་དུ་ཡེ་ཤེས་ཀྱི་ས་བོན་རྣམས་གསུངས་པ་ཛཿཞེས་ པ་ལ་སོགས་པ་སྟེ་འདིར་ཛཿཧཱུྃ་བཾ་ཧོཿརིམ་པས་ཞེས་པ་ན་ཛཿཡིག་ལས་རྡོ་རྗེ་ལྕགས་ཀྱུར་ འགྱུར་ཏེ་དེ་ཡོངས་སུ་གྱུར་པ་ལས་ལྷའམ་ལྷ་མོ་ཕྱག་ན་རྡོ་རྗེ་ལྕགས་ཀྱུ་ཅན་དུ་འགྱུར་རོ། །དེ་ བཞིན་དུ་ཧཱུྃ་ཡིག་ལས་རྡོ་རྗེ་སྟེ་དེ་ལས་ཕྱག་ན་རྡོ་རྗེར་འགྱུར་རོ། །བྃ་ཡིག་ལས་ཞགས་པ་སྟེ་ དེ་ལས་ཕྱག་ན་ཞགས་པར་འགྱུར་རོ། །ཧོཿཡིག་ལས་དྲིལ་བུ་སྟེ། དེ་ལས་ཕྱག་ན་དྲིལ་བུར་ འགྱུར་རོ། །ༀ་ཨཱཿཧཱུྃ་ཧོ་དེ་བཞིན་དུ་གསུངས་ཞེས་པ་ལ་དེ་བཞིན་དུ་ཞེས་པ་ནི་སྔར་བཞིན་དུ་ རིམ་པ་སྟེ་ༀ་ཡིག་ལས་ཟླ་བ་ཞེས་པ་ཟླ་བའི་དཀྱིལ་འཁོར་དང་ཨཱཿ་ཡིག་ལས་ཉི་མ་ཞེས་པ་ ཉི་མའི་དཀྱིལ་འཁོར་དང་ཧཱུྃ་ཡིག་ལས་རྡོ་རྗེ་ཞེས་པ་སྒྲ་གཅན་གྱི་དཀྱིལ་འཁོར་དང་ཧོ་ཡིག་ ལས་དེ་བཞིན་ཉིད་དུ་འགྱུར་མེད་ཅེས་པ་དུས་མེའི་དཀྱིལ་འཁོར་རོ། །ཨཱི་རཱྀ་ ཨཱུ་ལཱྀ་དེ་བཞིན་ཉིད་དུ་ཞེས་པ་སྟེ་རིམ་པ་བཞིན་དུ་ཨཱི་ཡིག་ཡོངས་སུ་གྱུར་པ་ལས་ 4-1-141 རལ་གྲི་སྟེ་དེ་ཡོངས་སུ་གྱུར་པ་ལས་ལྷའམ་ལྷ་མོ་ཕྱག་ན་རལ་གྲིར་འགྱུར་རོ། །དེ་བཞིན་ དུ་རཱྀ་ཡིག་ལས་ནོར་བུའམ་མདའ་སྟེ་དེ་ལས་མེ〔ཁམས་པ་〕འི་ལྷ་ཕྱག་ན་ནོར་བུའམ་ ཕྱག་ན་མདའོ། །ཨཱུ་ཡིག་ལས་པད་མ་སྟེ་དེ་ལས་ཆུ〔ཁམས་པ་〕འི་ལྷ་ཕྱག་ན་པད་མ་དང་ཕྱག་ན་ ཨུད་པ་ལའོ། །ལཱྀ་ཡིག་ལས་འཁོར་ལོ་སྟེ་དེ་ལས་ས〔ཁམས་པ་〕འི་ལྷ་ཕྱག་ན་འཁོར་ ལོའོ། །དེ་བཞིན་དུ་ཡ་ར་ཝ་ལ་རྣམས་ཀྱང་རིམ་པ་བཞིན་དུ་རླུང་དང་མེ་དང་ཆུ་དང་སའི་ལྷ་ རྣམས་སོ། །དེ་བཞིན་དུ་ཧཿཞེས་པ་ནི་ཉི་མའི་དཀྱིལ་འཁོར་རོ། །ཧཱུྃ་ཞེས་པ་ནི་ཉི་མའི་སྟེང་དུ་ གཙོ་བོའི་རྡོ་རྗེའོ་ཧཾ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་རོ། །ཕྲེཾ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ གྱི་སྟེང་དུ་གཙོ་མོའི་གྲི་གུག་གོ། མཚན་མའི་ངེས་པ་སྟེ་དེ་བཞིན་གསུངས་ཞེས་སོ། ༡༤༣ ། ༈ ད་ནི་ལྷ་བསྒྲུབས་པའི་རྗེས་ལ་ཞི་བ་ལ་སོགས་པའི་ལས་བྱ་བའི་སླད་དུ་ལྷའི་ཏིང་ངེ་ འཛིན་གསུངས་པ་ཟླ་བ་ཞེས་པ་ལ་སོགས་པ་སྟེ་འདིར་སྔར་བརྗོད་པའི་ཡུམ་གྱི་གསང་བའི་ པད་མར་ཟླ་བ་〔དང་〕ཉི་མའི་དབུས་སུ་(སྟེ་ཟླ་བ་)ཨ་སོགས་(དང་ཉི་མ་)ཀ་སོགས་དང་བཅས་པར་ ཆུ་ཡི་ས་བོན་བདག་ཉིད་ཆུ་སྐྱེས་ཏེ་ཞེས་པ་ནི་ཝཾ་ཡིག་ཡོངས་སུ་གྱུར་པ་ལས་པད་མ་དཀར་ པོའོ། །དེ་ལས་རྫོགས་པའི་ལྷ་མོ་ཟླ་བའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ་གླང་ཆེན་ དཀར་པོ་ལ་ཞོན་ཞེས་པ་ས་སྲུངས་ལ་ཞོན་པ་ཕྱག་ན་ཆུ་སྐྱེས་དཀར་དང་ཞེས་པ་ནི་ལྷ་ཕྱག་ (གཡས་)ན་པད་མ་དཀར་པོ་དང་ལྷ་མོ་ཕྱག་〔གཡོན་〕ན་ཨུད་པ་ལ་དཀར་པོ་སྟེ་མི་འཇིགས་པ་ནི་ གཡས་པ་མི་འཇིགས་པའི་ཕྱག་གོ། གོས་ནི་དཀར་པོ་དང་དཀར་པོའི་རྒྱན་དང་ལྡན་པ་སྟེ་མུ་ ཏིག་གི་འབྲས་བུས་བརྒྱན་པ་རབ་ཏུ་བཞད་པའི་ཞལ་ནི་བསྒོམ་པར་བྱ་སྟེ་དེ་ཡང་བསྒྲུབ་བྱའི་ ཁྱིམ་དུ་བསྐུལ་བར་བྱའོ། ༡༤༤ ། དེ་ནས་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཞན་གཉིས་ཀྱིས་གསུངས་པ་ནི་གོ་སླ་ སྟེ། དེ་ལྟར་བསྒྲུབ་བྱ་ཡི་ནི་མཆོག་གི་བདེ་བ་བྱེད་པ་ཐམས་ཅད་རྣལ་འབྱོར་པ་ཡིས་བསྒོམ་ 4-1-142 པར་བྱ་ཞེས་པའི་མཐར་ཐུག་པར་རོ། ༡༤༦ ། ༈ དེ་བཞིན་དུ་ཟླ་བ་ཉི་མིའི་དབུས་སུ་ཧྲཱིཿསྟེ་ཞེས་པ་ལ་སོགས་པ་ནས་དེ་བཞིན་ཞགས་ པ་ལྕགས་ཀྱུ་དག་གིས་ཁམས་གསུམ་པོ་ནས་དགུག་པའི་ལས་ནི་རྣམ་པ་མང་པོར་འགྱུར་ ཞེས་པའི་མཐར་ཐུག་པ་དབང་དང་དགུག་པའི་ཚིགས་སུ་བཅད་པ་གསུམ་ནི་གོ་སླའོ། ༡༤༩། ༈ དེ་བཞིན་དུ་དབྱེ་བ་དང་བསྐྲད་པ་ལ་ནི་ཉི་མ་ཟླ་བའི་དབུས་སུ་སྤྲིན་ནག་དང་མཚུངས་ ཧཱུྃ་ཡིག་རིང་པོ་ལས་སྐྱེས་རལ་གྲི་བསྒོམས་བྱས་ནས་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་ པ་གཉིས་ནི་གོ་སླའོ། ༡༥༡ ། ༈ ཉི་ཟླའི་དབུས་སུ་ལཿ ཞེས་བྱ་བ་ཡོངས་གྱུར་འཁོར་ལོ་བཟང་པོ་ཁ་དོག་སེར་པོ་ བསྒོམ་བྱས་ནས་ཞེས་པ་ལ་སོགས་པའི་རེངས་པ་དང་ཕུར་བུས་གདབ་པ་དང་རྨོངས་པའི་ ཚིགས་སུ་བཅད་པ་གཉིས་ནི་གོ་སླའོ། ༡༥༣ ། ༈ སླར་ཡང་བསད་པ་ལ་ཉི་མ་ཟླ་བའི་དབུས་སུ་དྲི་མེད་གློག་དང་མཚུངས་པའི་གྲི་གུག་ ཕྲེཾ་གྱི་རང་བཞིན་བསྒོམས་བྱས་ནས། ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ནི་གོ་ སླའོ། །དེ་ལྟར་དབང་ལ་སོགས་པའི་ཚིགས་སུ་བཅད་པ་དགུ་ནི་གོ་སླ་སྟེ་དེས་ན་མ་བྲིས་སོ། ༡༥༥ ། ༈ ད་ནི་ཞི་བ་ལ་བསམ་གཏན་གཞན་གསུངས་པ་ཞི་དང་ཞེས་པ་ལ་སོགས་པ་སྟེ་དང་ པོར་རེ་ཞིག་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའི་བདག་ཉིད་བསྒོམས་པར་བྱ་སྟེ་ཞི་བ་ལ་ སོགས་པ་དང་དབང་ལ་སོགས་པའི་ལས་ལ་ཕྱག་ཉི་ཤུ་རྩ་བཞི་པ་དང་བསད་པ་ལ་སོགས་ པ་དང་རེངས་པ་ལ་སོགས་པའི་ལས་ལ་ཕྱག་ཉི་ཤུ་རྩ་དྲུག་པ(རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་པ) འོ། །དེ་ནས་སྐད་ཅིག་གི་རྣམ་པས་ཞི་དང་རྒྱས་པ་ལ་ཞེས་པ་ནི་འདིར་དུས་ཀྱི་འཁོར་ལོ(རྩ་བའི་ 4-1-143 ཞལ་དང་སྐུ་མདོག་དཀར་བོ)འི་ཐུགས་ཀར་ཆུའི་དཀྱིལ་འཁོར་ལ་ཆུའི་ས་བོན་གྱིས་བསྐྱེད་པའི་ལྷ་ ཆུའི་བདག་ཉིད་ཅན་དཀར་པོ་སྟེ་རིགས་ཀྱི་དབང་གིས་ཞེས་པ་ཨུ་ཡིག་གི་རིགས་ཀྱི་དབང་ གིས་ཆུ་ཡི་ས་བོན་ལ་ནི་ཞི་དང་རྒྱས་པ་ལ་ཡང་དེའི་བསམ་གཏན་ནི་བསམ་གཏན་དཀར་ པོར་འགྱུར་རོ། །དེ་བཞིན་དུ་དབང་དང་དགུག་པ་ལ་ཡང་དམར་པོ་ལས་ནི་སྲེག་པར་བྱེད་པ་ མེ་ཡི་ས་བོན་བདག་ཉིད་(དུས་འཁོར་རྩ་ཞལ་དང་སྐུ་མདོག་དམར་པོ་)དེ་མགྲིན་པར་མེའི་དཀྱིལ་འཁོར་ ལ་རྀ་ཡིག་གི་རིགས་ཀྱི་དབང་གིས་སོ། །དབྱེ་བ་དང་ནི་བསྐྲད་པ་ལ་ཡང་ནག་པོ་རླུང་ གི་ས་བོན་གྱི་རང་བཞིན་ཏེ་〔དུས་འཁོར་རྩ་ཞལ་དང་སྐུ་མདོག་ནག་པོའི་〕དཔྲལ་བར་རླུང་ གི་དཀྱིལ་འཁོར་ལ་སྲོག་གི་ཨི་ཡིག་གི་རིགས་ཀྱི་དབང་གིས་སོ། །རེངས་པ་དང་ཕུར་བུས་ གདབ་པ་ལ་སོགས་པ་ལ་སེར་པོ་ས་ཡི་ས་བོན་གྱི་བདག་ཉིད་དེ་(དུས་འཁོར་རྩ་ཞལ་དང་སྐུ་མདོག་སེར་ པོའི་)ལྟེ་བར་སའི་དཀྱིལ་འཁོར་ལ་ལྀ་ཡིག་གི་རིགས་ཀྱི་དབང་གིས་སོ། ༡༥༦ ། བསད་པ་ལ་སྟོང་པའི་ས་བོན་ལས་སྔོན་པོའི་མདོག་སྟེ་〔དུས་འཁོར་རྩ་ཞལ་དང་སྐུ་ མདོག་སྔོན་པོའི་〕གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཨཾ་ཡིག་གི་རིགས་ཀྱི་དབང་གིས་ སོ། །གསོ་བ་ལ་ལྗང་ཁུ་(དུས་འཁོར་རྩ་ཞལ་དང་སྐུ་མདོག་ལྗང་ཁུ་)སྟེ་གཙུག་ཏོར་དུ་སྟོང་པའི་དཀྱིལ་ འཁོར་ལ་ཨ་ཡིག་གི་རིགས་ཀྱི་དབང་གིས་སོ། །དེ་ལྟར་གནས་དྲུག་པོ་རྣམས་སུ་རིགས་དྲུག་ གི་དབང་གིས་སྲོག་ཡང་དག་པར་སྡོམ་པ་ལས་(ལས་རྣམས)འགྲུབ་པར་བཅོམ་ལྡན་འདས་ཀྱིས་ གསུངས་སོ། ། ༈ ད་ནི་ས་ལ་སོགས་པའི་ཟད་པར་བསྒོམ་པ་གསུངས་པ་ས་ཞེས་པ་ལ་སོགས་པ་སྟེ་ འདིར་གང་གི་ཚེ་རྣལ་འབྱོར་བ་རྣམས་ཀྱིས་ལྷ་གྲུབ་པར་གྱུར་པ་དེའི་ཚེ་ལྟེ་བའི་(པད་མའི་)སའི་ དཀྱིལ་འཁོར་ལས་སའི་ཟད་པར་རྒྱ་མཚོའི་སྟེང་དུ་ཟམ་སྟེགས་བརྩིགས་པ་བཞིན་དུ་སྤྲོས་ ནས་བསྒོམ་པར་བྱ་སྟེ་ཆུ་ཡི་གཏེར་དུ་འགྲོ་བ་ལ་ཞེས་པ་ཟད་པར་སའི་བསམ་གཏན་གྱིས་ 4-1-144 ཐང་ལ་ཇི་ལྟ་བ་དེ་བཞིན་དུ་ཆུ་ལ་རྒྱ་མཚོའི་སྟེང་དུ་རྣལ་འབྱོར་བ་འགྲོའོ། །དེ་བཞིན་དུ་རླུང་ གི་ཟད་པར་ཆར་པ་ནི་ཉམས་པའི་དོན་ཏོ། །ཞེས་པ་ནི་དཔྲལ་བའི་རླུང་གི་དཀྱིལ་འཁོར་ ལ་སྤྲིན་གྱི་སྟེང་དུ་རླུང་གི་ཟད་པར་སྤྲོས་ནས་བསྒོམ་པར་བྱ་སྟེ་དེས་སྤྲིན་དང་ཆར་རྣམ་པར་ ཉམས་པར་བྱེད་དོ། །གཞན་ཡང་ཁམས་ལྔའི་བདག་ཉིད་ཀྱི་ཁང་པ་བརྩེགས་པ་བདག་ཉིད་ ཀྱི་སྟེང་དུ་བསྒོམ་པར་བྱ་སྟེ་བསམ་གཏན་དེས་ནི་ཆར་འབབ་ཀྱང་རྣལ་འབྱོར་པ་ལ་ཆུས་མི་ རེག་ཅིང་ཁང་པ་བརྩེགས་པའི་མཚམས་ཀྱི་མཐར་ཐུག་པར་སྤྲིན་གྱི་ཆར་རབ་ཏུ་འཇུག་པར་ མི་འགྱུར་རོ། །ཞེས་རྩ་བའི་རྒྱུད་ལས་རབ་ཏུ་གསུངས་སོ། །དེ་ལྟར་རླུང་གི་ཟད་པར་ཆར་ པ་ནི་ཉམས་པའི་དོན་ཏོ་ཞེས་སོ། །མེ་ཡི་ཟད་པ་ཞེས་པ་ནི་འདིར་མགྲིན་པར་མེའི་དཀྱིལ་ འཁོར་ལས་མེའི་ས་བོན་ཡོངས་སུ་གྱུར་པའི་འབར་བ་རྣམས་སའི་སྟེང་དུ་སྤྲོས་ནས་བསྒོམ་ པར་བྱ་སྟེ་འབར་བ་དེ་རྣམས་ཀྱིས་སའི་དཀྱིལ་འཁོར་གསེར་བཞུ་བ་དེ་བཞིན་དུ་བཞུ་བར་ བྱེད་དོ། །དེ་ལྟར་ས་ཞུ་བར་བྱེད་པའི་དོན་དུ་མེའི་ཟད་པར་བསྒོམ་པར་བྱའོ། །དེ་བཞིན་དུ་ མེ་དག་ཀྱང་ཉམས་པའི་དོན་དུ་ཆུའི་ཟད་པར་ཞེས་པ་ནི་འདིར་ལྷའི་ཐུགས་ཀའི་ཆུའི་དཀྱིལ་ འཁོར་ལས་ཆུའི་ས་བོན་གྱིས་བསྐྱེད་པའི་ཆུའི་ཟད་པར་མེའི་སྟེང་དུ་སྤྲོས་ནས་བསྒོམ་པར་བྱ་ སྟེ་དེས་མེ་བསིལ་བར་འགྱུར་ཞིང་སྲེག་པར་བྱེད་པའི་ནུས་པ་མེད་དོ། །སྟོང་པའི་ཟད་པར་ མཁའ་ལ་འགྲོ་དང་ཞེས་པ་ནི་གཙུག་ཏོར་གྱི་ནམ་མཁའི་དཀྱིལ་འཁོར་ལ་ནམ་མཁའི་ཟད་ པར་རྫས་དང་བྲལ་བ་བསྒོམ་པར་བྱ་སྟེ་དེས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དེ་བཞིན་ དུ་ཆོམ་རྐུན་ལ་སོགས་པའི་ཉེ་བར་འཚེ་བ་ལ་བསམ་གཏན་དེ་ཉིད་ཀྱིས་མི་སྣང་བར་འགྱུར་ རོ་ཞེས་པ་ནི་ངེས་པའོ། ༡༥༧ ། ༈ ད་ནི་དུད་འགྲོའི་ཉེ་བར་འཚེ་བ་ཞི་བའི་སླད་དུ་བསམ་གཏན་གསུངས་པ་གླང་པོའི་ ཞེས་པ་ལ་སོགས་པ་སྟེ་འདིར་གང་གི་ཚེ་གླང་པོའི་བདག་པོས་འཇིགས་པར་གྱུར་པ་དེའི་ཚེ་ 4-1-145 མགྲིན་པའི་མེའི་ས་བོན་ཞེས་པ་ར་ཡིག་ལས་བྱུང་བའི་ཁ་ལྔ་པ་(སྟེ་སེང་གེ་)བསྒོམ་པར་བྱ་སྟེ་ གླང་པོའི་བདག་པོ་གཞོམ་པའི་ཡུལ་ལ་(སྡེར་མོ་བཞི་ནི་ཁ་དང་འདྲ་བས་)དེ་ནི་ཁ་ལྔ་པ་ཡི་(ཞེས་པ་སེང་ གེའི་མངོན་བརྗོད་དེ་)བསམ་གཏན་དུ་འགྱུར་རོ། །དེ་བཞིན་དུ་ཀླུའི་དབང་པོ་གཞོམ་པ་ལ་ནི་ནམ་ མཁའ་ལྡིང་སྙིང་ཁའི་ཆུའི་དཀྱིལ་འཁོར་ལས་ཆུའི་ས་བོན་གྱི་བདག་ཉིད་ཅན་ཏེ་དེ་ནི་དཀར་ པོར་འགྱུར་རོ། །བསེའི་འཇིགས་པ་དང་སེང་གེའི་འཇིགས་པ་ལ་རྐང་བརྒྱད་ཅེས་པ་〔ཤ་རཾ་ བྷའི་རིགས་ཀྱི་ཁྱད་པར་〕རྐང་པ་བརྒྱད་པ་ནག་པོ་སྟེ་དཔྲལ་བའི་རླུང་གི་དཀྱིལ་འཁོར་ལས་ རླུང་གི་ས་བོན་གྱི་བདག་ཉིད་ཅན་ནོ། །རྟ་ཡི་དགྲ་ལ་ཞེས་པ་མ་ཧེའི་འཇིགས་པ་ལ་བསེ་ ཞེས་གྲགས་པ་ས་ཡི་རིགས་ཀྱི་དབང་གིས་ཞེས་པ་སེར་པོ་སྟེ་ལྟེ་བའི་སའི་དཀྱིལ་འཁོར་ལ་ ལ་ཡིག་གི་ས་བོན་ལས་སོ། །ལྷ་མིན་གཞོམ་ལ་ཁྲོ་བོ་སྐྱེས་གཙུག་ཏོར་གྱི་སྟོང་པའི་དཀྱིལ་ འཁོར་ལྗང་ཁུའམ་གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ་ལས་ཧཱུྃ་ཡིག་གི་ས་བོན་གྱི་ བདག་ཉིད་དམ་ཀྵུྃ་ཡིག་གི་ས་བོན་གྱི་བདག་ཉིད་ཁྲོ་བོ་ལས་སྐྱེས་པ་(སྟེང་ངམ་འོག་གི་རབ་གཏུམ་མ་)ནི་ལྷ་མིན་ལ་སོགས་པ་རྣམས་གཞོམ་པའི་ཡུལ་ལ་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་བྱེད་པར་ འགྱུར་རོ་ཞེས་པ་སྟེ་དུད་འགྲོ་གཞོམ་པའི་སླད་དུ་བསམ་གཏན་གྱི་ངེས་པའོ། ༡༥༨ ། ༈ ད་ནི་ལས་བསྒྲུབ་པའི་སླད་དུ་དང་པོའི་ངེས་པ་གསུངས་པ་ཁྱབ་བདག་ཅེས་པ་ལ་ སོགས་པ་སྟེ་འདིར་རྣལ་འབྱོར་པས་ལས་འགྲུབ་པའི་སླད་དུ་དང་པོར་བསྒྲུབ་པར་བྱ་སྟེ་ སྔགས་གཞན་འགྲུབ་པའི་སླད་དུ་འཆད་པར་འགྱུར་བའི་བཟླས་པ་དང་སྦྱིན་སྲེག་གི་ཆོ་ གས་དཔལ་ལྡན་སྔགས་ཞེས་པ་སྟེ་ༀ་ཨཱཿཧཱུྃ་ཞེས་པ་སྟེ་〔རྡོ་རྗེ་གསུམ་〕བསྒྲུབ་པར་བྱའོ། །དེ་ བཞིན་དུ་བསམ་གཏན་གཞན་འགྲུབ་པའི་སླད་དུ་སངས་རྒྱས་གཟུགས་ཞེས་པ་(འོད་གསལ་རྣམ་ པ་ཐམས་ཅད་པའི་)སྟོང་པ་ཉིད་ཀྱི་གཟུགས་མངོན་སུམ་དུ་བྱ་སྟེ་དེ་ལྟར་ཁྱབ་བདག་གི་ནི་དཔལ་ ལྡན་སྔགས་(སྟེ་སྲོག་)དང་(དོན་དམ་པའི་)སངས་རྒྱས་(བདེ་བ་ཆེན་པོའི་)གཟུགས་ཀྱང་(སྟོང་གཟུགས་)རྣལ་ 4-1-146 འབྱོར་པ་ཡིས་དང་པོར་བསྒྲུབ་པར་བྱའོ། །ཕྱི་ནས་ཉི་མའི་དབྱེ་བ་རྣམས་ཀྱིས་ཞེས་པ་(ཞི་བ་ལ་ སོགས་པའི་)དབྱེ་བ་བཅུ་གཉིས་ཀྱིས་གནས་པ་ཡོན་ཏན་དཔག་ཏུ་མེད་པའི་ལས་རྣམས་འགྲུབ་ པར་འགྱུར་རོ། །སྔགས་(ཏེ་སྲོག་)དང་(སངས་རྒྱས་ཀྱི་)གཟུགས་བརྙན་〔སྟོང་གཟུགས་〕མ་གྲུབ་པར་ ནི་སྲིད་གསུམ་གནས་སུ་ཅི་ཡང་འགྲུབ་པར་འགྱུར་བ་ཉིད་མ་ཡིན། དེ་ཕྱིར་རྒྱལ་པོ་རང་ སེམས་〔རྟོགས་པའི་〕དྲི་མ་རྣམ་པར་བྲལ་བ་དག་ལས་དང་པོར་ཁྱབ་བདག་གི་སྔགས་དང་ གཟུགས་ནི་བསྒྲུབ་པར་བྱའོ་ཞེས་པ་ངེས་པའོ། ༡༥༩ ། ༈ ད་ནི་རལ་གྲི་ལ་སོགས་པའི་དངོས་གྲུབ་ཀྱི་དོན་དུ་ལྷ་མིན་དབང་པོའི་སྒྲུབ་པ་ གསུངས་པ་དཔའ་བོ་ཞེས་པ་ལ་སོགས་པ་སྟེ་འདིར་གཡུལ་གྱི་སར་དཔའ་བོ་ཞེས་པ་རྒྱལ་ པོའི་བུའམ་འཐབ་མོ་པ་གཞན་ལྕགས་མདའ་གཅིག་བསྣུན་པས་ལྷུང་བར་གྱུར་པའམ་དེ་ བཞིན་དུ་ཆོམ་རྐུན་ནམ་དཔའ་བོ་ཤིང་ལ་དཔྱངས་པ་ནི་ནག་པོའི་ཕྱོགས་ཀྱི་བརྒྱད་དམ་ འབྱུང་པོའི་མཚན་མོ་ཞེས་པ་བཅུ་བཞི་ལ་སྟེ་མི་ཡི་བདག་པོ་ཞེས་པ་ནི་བོད་པའོ། །རོ་བསྲེག་ སར་ནི་ཞེས་པ་དུར་ཁྲོད་དུ་དབང་གི་ལས་ལ་གསུངས་པའི་བུམ་པ་བརྒྱད་དང་རྒྱལ་བ་དང་ རྣམ་པར་རྒྱལ་བའི་བུམ་པ་དག་གིས་ཀྱང་རོ་དེ་བཀྲུ་བར་བྱའོ། །དེ་ནས་དྲི་དང་སྤོས་དང་ མར་མེ་དང་ནི་རྣམ་མང་ཁ་ཟས་མེ་ཏོག་དམར་པོ་རྣམས་ཀྱིས་རབ་མཆོད་ནས་གོས་དམར་ པོ་བསྐོན་པར་བྱ་སྟེ། མགོ་དང་སྙིང་ཁ་དང་ནི་སྤྱི་བོ་ལྟེ་བ་ལ་སོགས་སུ་ཡང་རྡོ་རྗེ་དགོད་པར་ རབ་བྱས་ཏེ་ཞེས་པ་ནི་དཔྲལ་བར་ༀ་སྙིང་ཁར་ཧཱུྃ། གཙུག་ཏོར་དུ་(ཞེས་པ་ཆུ་རླུང་ནམ་མཁའ་ཐབས་ ཀྱི་རིགས་གསུམ་སྟེ་ཐིག་ལེས་བརྒྱན་པ་གསུམ་དང་)ཧཾ་ལྟེ་བར་ཧོཿ མགྲིན་པར་ཨཱཿ གསང་བར་ཀྵཿ〔ཞེས་ པ་ས་མེ་ཡེ་ཤེས་ལ་ཤེས་རབ་ཀྱི་རིགས་གསུམ་རྣམ་པར་བཅད་པའི་བརྒྱན་པ〕འོ། །དེ་བཞིན་ དུ་སྔར་གསུངས་པའི་སྙིང་ཁ་དང་མགོ་བོ་དང་གཙུག་ཏོར་དང་གོ་ཆ་དང་མིག་དང་མཚོན་ཆ་ སྟེ་ཡན་ལག་དྲུག་དགོད་པར་བྱས་ནས་རོ་དང་བདག་ཉིད་ཀྱི་ལུས་ཀྱང་ལྷའི་རྣལ་འབྱོར་གྱིས་ 4-1-147 བསྲུང་བར་བྱའོ། ༡༦༠ ། དེ་ནས་སྔར་གསུངས་པའི་ཐབ་ཁུང་ཟུར་གསུམ་དུ་རྡུལ་ཚོན་དམར་པོས་སྙིང་པོའི་པད་ མ་དམར་པོ་གང་ཡིན་པ་དེ་ནི་མཚན་མར་བཅས་པ་ཞེས་པ་སྟེ་ལྟེ་བ་ལ་མདའི་མཚན་མའོ། ། ཡང་ན་ལས་ཐམས་ཅད་ལ་རྡོ་རྗེ་ཞེས་གསུངས་པའི་ཕྱིར་རྡོ་རྗེ་དམར་པོའོ། །འདབ་མར་ རྒྱལ་རྣམས་མཚན་མ་ཞེས་པ་ནི་ཤར་གྱི་འདབ་མར་རལ་གྲི་དང་ལྷོར་རིན་པོ་ཆེ་དང་བྱང་དུ་ པད་མ་དང་ནུབ་ཏུ་འཁོར་ལོ་སྟེ་ཕྱོགས་སུའོ། །ཕྱོགས་བྲལ་དུ་ནི་དེ་བཞིན་ལྷ་མོ་རྣམས་ཀྱི་ རང་མཚན་མ་ཞེས་པ་ནི་སྔར་གསུངས་པའི་མ་མོའི་སྐྱོན་ས་བོན་ལ་ཇི་ལྟ་བ་བཞིན་དུ་མེར་གྲི་ གུག་དང་བདེན་བྲལ་གྱི་འདབ་མར་རྡོ་རྗེ་ལྕགས་ཀྱུ་དང༌། རླུང་དུ་རྡོ་རྗེ་ཞགས་པ་དང་དབང་ ལྡན་དུ་རྩེ་གསུམ་མོ། །ཕྱི་རོལ་རེ་ཁཱ་གསུམ་ལ་ཕྱོགས་བཅུའི་དཀྱིལ་འཁོར་དུ་ནི་དེ་བཞིན་ཁྲོ་ བོའི་མཚན་མ་རྣམས་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་ རྣམས་སུའོ། །ལྷ་མོ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བྲལ་རྣམས་སུའོ། །སྟེང་དུ་གཙུག་ ཏོར་གྱི་རྡོ་རྗེ་དང་འོག་ཏུ་གནོད་མཛེས་རྒྱལ་པོའི་དགྲ་སྟ་སྟེ་ར་བ་གསུམ་པོ་རྣམས་བསྲུང་ བའི་སླད་དུའོ། །དེ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྔར་གསུངས་པའི་ཆོ་གས་མཚན་ མ་རྣམས་བཀོད་ཅིང་དུར་ཁྲོད་ཀྱི་ས་གཞི་ལ་དཀྱིལ་འཁོར་གྱི་〔མཐར་〕བུམ་པ་ལ་སོགས་པ་ ཡང་དག་པར་བཞག་སྟེ་རབ་ཏུ་གནས་པ་བྱས་ལ་དྲི་ལ་སོགས་པ་རྣམས་ཀྱིས་འདོད་པའི་ལྷ་ རྣམས་ལ་མཆོད་པ་བྱས་ནས་ཞིང་སྐྱོང་ལ་སོགས་པ་རྣམས་ལ་གཏོར་མ་སྦྱིན་ཞིང༌། དེ་ནས་རོ་ ནི་དེའི་གཡས་མིན་དུ་སྟེ་ཞེས་པ་ཐབ་ཁུང་གི་〔ཕྱི་རོལ་རེ་ཁཱ་གསུམ་གྱི་ཤར་ལ་ཉེ་བའི་རེ་ཁཱའི་〕བྱང་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་སྒོའི་ལྷོར་ཏེ་དེ་ལྟར་དཀྱིལ་འཁོར་ཀྱི་ཐབ་ཁུང་དག་གི་ དབུས་སུ་རོའོ(འདིར་བསྟན་པའི་ཐབ་གྲུ་གསུམ་འདི་ནི་སྔར་བསྟན་པའི་དབང་གི་ཐབ་གྲུ་གསུམ་དཀྱིལ་འཁོར་གྱི་བདེན་ བྲལ་དུ་བྱ་བར་གསུངས་པ་དང་མི་འདྲ་སྟེ་ཐབ་འདི་ནི་དཀྱིལ་འཁོར་གྱི་ལྷོར་བྱ་དགོས་ཤིང་ཐབ་ཀྱི་སྒོ་ཡང་དཀྱིལ་འཁོར་ལ་ 4-1-148 བསྟན་དགོས་ཏེ་ལྷ་མིན་དབང་པོ་བསྒྲུབ་པའི་དབང་དུ་བྱས་པའོ)། །གཡས་སུ་རྐང་པའོ། །ཞེས་པ་ནི་(རོའི་)ལྷོར་ རྐང་པ་(ཐབ་ཀྱི་ཕྱོགས་སུ་བསྟན་པ་)དང་བྱང་དུ་མགོ་བོ〔དཀྱིལ་འཁོར་གྱི་ལྷོ་སྒོའི་ཕྱོགས་ལ་ཉེ་བར་ བསྟན་པ〕འོ〔དེས་ན་ཐབ་འདིའི་རྟ་བབས་ཀྱི་རྩེ་མོ་དང་དཀྱིལ་འཁོར་གྱི་འོད་ཟེར་ཕྲེང་བའི་ བར་དུ་ཡང་ཁྲུ་བཞི་ཙམ་ཡོད་པར་བྱ་དགོས་ཏེ་སྔར་གྱི་དང་མི་འདྲ་བའི་ཁྱད་པར་རོ〕། །ལག་ པར་རལ་གྲི་ཞེས་པ་ནི་ལག་ན་རལ་གྲི་ཅན་གན་རྐྱལ་ཏེ་རི་མོ་(སྟེ་རེ་ཁཱ་ནག་པོ་དང་དམར་པོ་དང་དཀར་ པོ་)གསུམ་གྱིས་ཡོངས་སུ་བསྐོར་བའོ། ༡༦༡ ། དེ་ལྟར་སྔར་〔ནང་ལེར་〕བརྗོད་〔པའི་〕མ་མོའི་སྐྱོན་〔ས་བོན་〕ལས་དཀྱིལ་འཁོར་དུ་རྒྱལ་ བའི་བདག་པོའི་རྡོ་རྗེ་སྔར་གསུངས་པ་རྣམས་ཀྱིས་བདག་ཉིད་བསྲུང་བ་རབ་བྱས་ནས་ སྔགས་པས་ཐབས་ཀྱི་གཡས་སུ་〔སྟེ་ལྷོར་སློབ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་〕ཁྲག་ དང་བཅས་པའི་ཤ་རྣམ་དག་གིས་སྦྱིན་སྲེག་ཉིད་ནི་རབ་བྱེད་པ་ཅེས་པ་ནི་འདིར་ཐབ་ཁུང་ དུ་རྒྱལ་རིགས་ཀྱི་ཁྱིམ་ནས་བླངས་པའི་མེ་སེང་ལྡེང་གི་ཤིང་གིས་རབ་ཏུ་སྦར་ཏེ་དེ་ནས་སྔར་ གསུངས་པའི་ཆོ་གས་མེ་ལྷ་སྤྱན་དྲང་བ་ལ་སོགས་པ་བྱས་ནས་ལྷའི་རྣལ་འབྱོར་གྱིས་ཤ་ཆེན་ པོ་ཁྲག་དང་བཅས་པ་བཅུ་ཡིས་བསྒྱུར་བའི་བརྒྱར་ནི་ཞེས་པ་སྟོང་ཕྲག་གཅིག་འདིའི་སྔགས་ ཀྱིས་སྦྱིན་བསྲེག་བྱའོ། །དེ་ཡི་སྔགས་ཞེས་པ་ༀ་ཧྲཱྃ་ཕྲེཾ་ཧཱུྃ་ཕཊ་ཅེས་པ་འདི་ནི་དེའི་སྔགས་སོ། ། འདིས་〔རོ་〕དེ་ལ་དགོད་པ་ཡང་བྱ་སྟེ། དཔྲལ་བར་ༀ། མགྲིན་པར་ཧྲཱིཾ། སྙིང་ཁར་ཕྲེཾ། ལྟེ་བར་ ཧཱུཾ། གསང་བར་ཕཊ་ཅེས་བཀོད་དོ། །〔སློབ་དཔོན་〕རྡོ་རྗེ་དཀྱིལ་དཀྲུང་བཅས་ནས་འཆི་མེད་ རི་བོ་(ལྷུན་པོ་)བཞིན་དུ་གཡོ་བ་མེད་པ་ཉིད་ཀྱིས་མཚན་མོ་ཕྱེད་ན་ཐུན་〔ཚོད་〕ཅིག་ཇི་སྲིད་པར་ སྦྱིན་སྲེག་བྱའོ། ༡༦༢ ། དེས་སྦྱིན་སྲེག་སྟོང་ཕྲག་རྫོགས་པར་གྱུར་པ་ན་རོ་འཛིན་〔ལྕེ་〕རལ་གྲི་ལྟ་བུར་འཁྱུག་ ཅིང་འབར་ལ་མཆེ་བ་རྣོན་པོ་མིག་གསུམ་པ། གང་ཞིག་〔མགོ་བོ་〕རྣམ་པར་འགེམས་པའི་སྒྲ་ 4-1-149 སྒྲོགས་ས་ལ་རྐང་པ་རྡེབས་ཤིང་སྒྲུབ་པ་པོ་ནི་འཇིགས་བྱེད་པ། རོ་ཡི་ལུས་ལ་ལྷ་མིན་དབང་ པོ་ཞུགས་པ་སྟེ་དེ་ལྟར་གྱུར་པ་ཐབས་ཀྱི་མཐའ་རུ་གནས་ནས་ཀ་ཧ་ཀ་ཧ་རྒོད་པར་བྱེད་ ཅིང་འཇིགས་པའི་ལུས་ཀྱིས་གར་བྱེད་དེ། དེ་མཐོང་ནས་ནི་འཇིགས་པའི་སྔགས་པ་སེམས་ ཉམས་སྐད་ཅིག་གིས་ནི་གཤིན་རྗེའི་གྲོང་ཁྱེར་འགྲོ་བར་འགྱུར〔འདིར་ཐབ་དཀྱིལ་འཁོར་གྱི་ ལྷོར་བྱས་ཏེ་སྒོ་དཀྱིལ་འཁོར་ལ་སྟོན་པ་དང་ར་བ་གསུམ་བསྲུང་བ་ལ་ཁྲོ་བཅུའི་མཚན་མ་ དགོད་པ་དང་མིའི་ཤ་ཁྲག་གི་སྲེག་རྫས་དང་སྔགས་ཧཱུྃ་ཕཊ་ཀྱི་མཐའ་ཅན་དང་མཚན་ཕྱེད་ ན་དུར་ཁྲོད་དུ་སྦྱིན་སྲེག་སྟོང་ཕྲག་བྱེད་པ་རྣམས་ནི་དབང་དུ་བྱ་བ་ཕལ་པ་ལས་འདིར་ཁྱད་ པར་དུ་གྱུར་པའི་ཆོ་གར་ཤེས་པར་བྱ་བའི་སྔར་གསུངས་པ་དང་ནང་འགལ་བའི་སྐྱོན་ཅན་ དུ་ནི་བསམ་པར་མི་བྱ་བའོ〕། ༡༦༣ ། ༈ འདིའི་རྗེས་ལ་རོ་བསྲེག་གནས་སུ་སྔགས་པས་ཞེས་པ་ལ་སོགས་པ་ནས་བརྩམས་ ཏེ་ལྷ་མིན་དབང་པོ་བསྒྲུབ་པར་བྱ་ཞེས་པའི་མཐར་ཐུག་པ་ཚིགས་སུ་བཅད་པ་གསུམ་ནི་གོ་ སླའོ། །དེ་ལྟར་ལྷ་མིན་དབང་པོ་བསྒྲུབ་པའི་ངེས་པའོ། ༡༦༦ ། ༈ ད་ནི་སྔགས་ཀྱི་མཚན་ཉིད་གསུངས་པ་མིང་གི་དང་པོ་ཞེས་པ་ལ་སོགས་པ་སྟེ་ཁམས་ གསུམ་པོ་འདིར་བརྟན་པ་དང་གཡོ་བའི་ཆོས་རྣམས་ཀྱི་གང་གི་མིང་གང་ཡིན་པ་དེའི་མིང་གི་ དང་པོའི་ཡི་གེ་ནི་མིང་གི་དང་པོའོ། །དེ་ཉིད་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་མི་ཡི་བདག་པོ་(ཞེས་ པ་བོད་པ་སྟེ་)ལྷ་དང་ལྷ་མོ་རྣམས་ཀྱིའོ། །གསུང་གི་རྡོ་རྗེ་མིང་ཐམས་ཅད་དེ་འདིར་དཔེར་ན་ཏཱ་ རཱ་(སྒྲོལ་མ་)པཱཎ་ཌ་རཱ་(གོས་དཀར་མོ་)མཱ་མ་ཀཱི་(བདག་གི་མ་)ལོ་ཙ་ནཱ་(སྤྱན་མ་)ཞེས་པ་མིང་དེ་ཉིད་གསུང་ གི་རྡོ་རྗེའོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་མིང་ཡང་ངོ༌། །དེ་ལྟར་ཐམས་ཅད་ཀྱི་མིང་ གི་ཡི་གེ་དེ་ལས་ལྷག་པ་དག་ཀྱང་སྐུའི་རྡོ་རྗེ་སྟེ། ཞེས་པ་ནི་འདིར་དཔེར་ན་ༀ་ཏཱ་རེ་(སྒྲོལ་མ་) ཏུཏ་ཏཱའ་རེ་(ཕོངས་པ་ལས་སྒྲོལ་མ་)ཏུ་རེ་(མྱུར་མ་)སྭཱ་ཧཱ། ༀ་པཱཎ་ཌ་རཱ་(གོས་དཀར་མོ་)བཱ་སི་(གནས་)ནི་བ་ 4-1-150 ར་དེ་(མཆོག་སྩོལ་མ་)སྭཱཧཱ། ༀ་མཱ་མ་ཀཱི་(བདག་གི་མ་)ཀི་རི་ཀི་རི་(ཐོར་ཐོར་ཟེར་)སྭཱ་ཧཱ། ༀ་ལོ་ཙ་ནི་(སྤྱན་ མ་)བ་སུ་དེ་(ནོར་སྦྱིན་མ་)སྭཱ་ཧཱ། ཞེས་པ་ལ་སོགས་པ་མིང་གི་ཡི་གེ་ལས་ལྷག་པའི་ཡི་གེ་ཐུགས་ དང་གསུང་གི་ཡི་གེ་དང་བཅས་པ་རྣམས་ནི་སྐུ་རྡོ་རྗེའོ། །སྐུ་རྡོ་རྗེ་དེ་ལས་གཞན་པ་ཕྲེང་བའི་ སྔགས་གང་ཡིན་པ་དེ་ནི་ཡན་ལག་སོ་སོའི་སྔགས་ཞེས་གསུངས་ཏེ་ཇི་ལྟར་ལག་པ་དང་རྐང་ པ་ལ་སོགས་པ་ལུས་ཀྱི་ཆ་ཤས་ཡིན་པ་དེ་བཞིན་དུ་མིང་གི་ཆ་ཤས་ནི་སྔགས་ཀྱི་མིང་གིའོ། ། དེ་ཡང་རྣམ་པ་མང་པོར་འགྱུར་ཞིང་ཀླགས་པས་འགྲུབ་པ་རྒྱ་ལམ་ན་སྟེ་འདིར་ཇི་ལྟར་དབང་ གི་ལེའུ་ལས་ཡན་ལག་སོ་སོའི་སྔགས་ༀ་ཨཱཿཧཱུྃ་ཧོཿཧྃ་ཀྵཿཧྐྵྨླྺྼྻྃ་ཀཱ་ལ་ཙཀྲ་(དུས་ཀྱི་ལོ་)དུར་དཱན་ཏ་ (གདུལ་དཀའ་བ་)ད་མ་ཀ་(འདུལ་བ་པོ་)༡ ཛཱ་ཏི་(སྐྱེ་བའི་)ཛ་རཱ་(རྒ་བ་)མ་ར་ཎཱན་ཏ་ཀ་(འཆི་བ་མཐར་བྱེད་པ་)༢ ཏྲཻ་ལོ་ཀྱ་བི་ཛ་ཡ(འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་)༣ མ་ཧཱ་(ཆེན་པོ་)བཱི་རེ་ཤྭ་ར(དཔའ་བོའི་དབང་ཕྱུག)༤ བཛྲ་བྷཻ་ར་བ་(རྡོ་རྗེ་འཇིགས་བྱེད་)༥ བཛྲ་ཀཱ་ཡ་(རྡོ་རྗེའི་སྐུ་) ༦ བཛྲ་གཱའ་ཏྲ་(རྡོ་རྗེའི་ལུས་)བཛྲ་ནཻཏྲ་(རྡོ་རྗེའི་ སྤྱན་)ཞེས་པ་ལ་སོགས་པ་ཡན་ལག་སོ་སོའི་སྔགས་དེ་རྒྱ་ལམ་ན་སྔོན་གྱི་སྐྱེ་བ་ལ་བསྒྲུབ་ན་ བཀླགས་པས་འགྲུབ་པོ། །སྐྱེ་བ་འདི་ལ་བསྒྲུབས་ན་ཡང་འགྲུབ་པར་འགྱུར་ཏེ་དེ་ནས་ལས་ བྱེད་དོ། །འདིར་ཐུགས་ལ་སོགས་པ་རྣམས་ཀྱི་སྔགས་བསྒོམ་པར་བྱ་བ་ནི་མིང་གི་ཡི་གེ་དང་ པོའོ། །མཆོད་པར་བྱ་བ་ནི་མིང་གི་སྔགས་སོ། །བཟླས་པར་བྱ་བ་ནི་མིང་ལས་ལྷག་པའོ། ། རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ཞེས་པ་བགྲང་ཕྲེང་ལ་སོགས་པའི་དབྱེ་བ་རྣམས་ ཀྱིས་སོ། །ཐུགས་ཀྱི་དབྱེ་བས་བསྒོམ་པར་བྱའོ། །གསུང་གི་དབྱེ་བས་མཆོད་པར་བྱ་བའོ། ། སྐུ་ཡི་དབྱེ་བས་བཟླས་པར་བྱ་བའོ། །ཞེས་པ་ངེས་པའོ། །འདིར་ༀ་ཡིག་མ་གཏོགས་པའི་ མིང་གི་ཡི་གེ་དང་པོ་ལྷའི་རྣམ་པར་བསྒོམ་པར་བྱའོ། །ༀ་ཡིག་དང་པོ(ར་འགྱུར་པ)འི་མིང་གིས་ ཐམས་ཅད་ལ་མཆོད་པར་བྱ་སྟེ་སྐུ་རྡོ་རྗེ〔ༀ་ཡིག་གི〕ས་སོ། །དེ་བཞིན་དུ་ཡན་ལག་སོ་སོ་ལ་ དང་པོར་སྐུ་རྡོ་རྗེ་〔ༀ་〕དང་མཐར་ཐུགས་རྡོ་རྗེ་ཧཱུྃ་ཕཊ་ཅེས་པ་བྱིན་ནས་བཟླས་པར་བྱའོ། །དེ་ 4-1-151 བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཀྱི་དབྱེ་བའོ། ༡༦༧ ། ༈ ད་ནི་ཐུན་མོང་གི་སྔགས་བསྒྲུབ་པ་ལ་བཟླས་པའི་གྲངས་གསུངས་པ་སོ་སོར་ཞེས་ པ་ལ་སོགས་པ་སྟེ་འདིར་སོ་སོར་སྐུ་རྡོ་རྗེའི་སྔགས་ཀྱི་རིགས་ནི་བྱེ་བ་བཟླས་པར་འགྱུར་ཏེ་ རབ་ཏུ་གྲགས་པའོ། །སྦྱིན་སྲེག་ནི་བྱེ་བ་བཟླས་པ་དེ་ལས་བཅུའི་ཆ་ཤས་ཞེས་པ་གསུང་རྡོ་ རྗེའི་སྦྱིན་སྲེག་འབུམ་ཕྲག་བཅུར་འགྱུར་རོ། །རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ནི་ཞི་ བ་ལ་སོགས་པའི་ཡོན་ཏན་གྱི་དབང་གིས་དབང་གི་ལེའུ་ལས་གསུངས་པའི་རྫས་རྣམས་དང་ ཐབ་དང་འདུག་སྟངས་ལ་སོགས་པའི་ཆོ་གས་(བསྒྲུབས་ཏེ་)གྲུབ་པར་འགྱུར་བ་ཇི་སྲིད་ཉིད་དུའོ། ། 〔དེའི་〕ཕྱི་ནས་ཞི་བ་ལ་སོགས་རྣམས་ལ་འབྲས་བུ་སྟེར་བར་རབ་འགྱུར་རྣམ་པ་གཞན་དུ་ འགྲུབ་མི་འགྱུར་དེ་ལྟར་གསུངས་པའི་བསམ་གཏན་དང་བཅས་བཟླས་དང་སྦྱིན་སྲེག་བརྟུལ་ བཞུགས་ངེས་ལྡན་རྣམས་ཀྱིས་སྔགས་ཀྱི་སྐྱེ་གནས་བསྒྲུབ་པར་བྱ། །འདིར་ལྷ་གང་དག་ གི་དམ་ཚིག་གང་དང་གང་ཡིན་པའི་ལྷ་དེ་ནི་དམ་ཚིག་དང་བརྟུལ་ཞུགས་དང་ངེས་པ་དེས་ བསྒྲུབ་པར་བྱ་བར་འགྱུར་ཏེ་རྣམ་པ་གཞན་དུ་ན་འགྲུབ་པར་མི་འགྱུར་རོ། ། ༈ དེ་བཞིན་དུ་བསྒྲུབ་བྱ(ལྷ)འི་མིང་གི་ཡི་གེ་(དང་པོ་གང་ཡིན་པ་དེ་)གལ་ཏེ་སྒྲུབ་པ་པོའི་མིང་ གི་ཡི་གེ་དང་པོའི་དགྲར་གྱུར་ན་དེའི་ཚེ་སྒྲུབ་པ་པོ་འཆི་བར་འགྱུར་ཞིང་ཅི་སྟེ་(དེ་ལས་བཟློག་པ་)ཐ་མལ་པར་གྱུར་པ་དེའི་ཚེ་ཉོན་མོངས་པར་འགྱུར་ལ་ཅི་སྟེ་གྲོགས་པོར་གྱུར་ན་དེའི་ཚེ་ལྷ་ འགྲུབ་པར་འགྱུར་རོ། །དབྱངས་ཀྱི་དགྲ་ཡིས་འཆི་བ་སྟེ། །གསལ་བྱེད་དགྲ་ཡིས་ན་བའོ། ། གཞན་པ་རླུང་གི་ཡི་གེ་ཐམས་ཅད་ཆུའི་ཡི་གེ་རྣམས་ཀྱི་དགྲ་སྟེ་དབྱངས་རྣམས་ཀྱི་(དགྲ་) དབྱངས་རྣམས་དང་གསལ་བྱེད་རྣམས་ཀྱི་གསལ་བྱེད་རྣམས་སོ། །དེ་བཞིན་དུ་ཆུའི་ཡི་གེ་ རྣམས་མེའི་ཡི་གེ་རྣམས་ཀྱི(དགྲ)འོ། །མེའི་ཡི་གེ་རྣམས་སའི་ཡི་གེ་རྣམས་ཀྱི་(དགྲ)འོ། །སའི་ ཡི་གེ་རྣམས་རླུང་གི་ཡི་གེ་རྣམས་ཀྱིའོ། །ནམ་མཁའི་ཡི་གེ་རྣམས་ཐམས་ཅད་ཀྱི་གྲོགས་པོ་ 4-1-152 སྟེ་ཐམས་ཅད་ཀྱི་ཡི་གེ་རྣམས་ནམ་མཁའི་གྲོགས་པོའོ། །དེ་བཞིན་དུ་སའི་གྲོགས་པོ་ཆུ་དང་ མེའི་གྲོགས་པོ་རླུང་དང་རླུང་གི་མེ་དང་ཆུའི་ས་སྟེ་དེ་ལྟར་ན་གྲོགས་པོའི་སྡེ་ཚན་ནོ། །རླུང་ གི་ཐ་མལ་པ་ནི་ཆུ་དང་མེའི་ཐ་མལ་པ་ནི་ས་དང་ཆུའི་ཐ་མལ་པ་ནི་མེ་དང་སའི་ཐ་མལ་པ་ནི་ རླུང་(བསྒྲུབ་བྱའི་མིང་གི་ཡི་གེ་དང་པོའི་གནོད་བྱར་གྱུར་པ་ནི་ཐ་མལ་པ་ཞེས་བྱའོ)ངོ༌། །དེ་ལྟར་ཐམས་ཅད་ཤེས་ པར་བྱ་སྟེ་དེ་ནས་སྔགས་ཀྱི་ལྷ་བསྒྲུབ་པར་བྱའོ། །ཞེས་པ་ནི་རྩ་བའི་རྒྱུད་ལས་ངེས་པའོ། །དེ་ སྐད་དུ་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཨ་ཀུ་ཧ་ྈྐ་མགྲིན་བྱུང་ གང༌། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །སྟོང་པ(འི་ཁམས་ལས་བྱུང་བའི་ཧ་ཡིག་གིས་ ཤེས་པར་བྱ་བ་སྟེ་)རླུང་སོགས་ཁམས་རྣམས་〔ཀུན་〕ཀྱི། །གྲོགས་པོ་ཉིད་ཀྱིས་རྟག་ཏུ་གནས། །ཨི་ ཙུ་ཡ་ཤ་རྐན་ལས་བྱུང༌། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །རླུང་གི་ཁམས་ལས་ ཡང་དག་བྱུང་(ཞིང་ལ་ཡིག་གིས་ཤེས་པར་བྱ་བ་སྟེ)། །ཆུ་ལས་སྐྱེས་པ་རྣམས་ཀྱི་དགྲ། །རྀ་ཊུ་ར་ཥ་ སྤྱི་བོ་སྐྱེས། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །མེ་ཡི་ཁམས་ལས་ཡང་དག་བྱུང་ 〔ཞིང་ར་ཡིག་གིས་ཤེས་པར་བྱ་བ་སྟེ〕། །ས་ལས་སྐྱེས་པ་རྣམས་ཀྱི་དགྲ། །ཨུ་པུུ་ཝ་ྉྤ་མཆུ་སྐྱེས་ གང༌། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །ཆུ་ཡི་ཁམས་ལས་ཡང་དག་བྱུང་〔ཞིང་ ཝ་ཡིག་གིས་ཤེས་པར་བྱ་བ་སྟེ〕། །མེ་ལས་སྐྱེས་པ་རྣམས་ཀྱི་དགྲ། །ལི་ཏུ་ལ་ས་སོ་སྐྱེས་གང༌། ། དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །ས་ཡི་ཁམས་ལས་ཡང་དག་བྱུང་〔ཞིང་ལ་ཡིག་ གིས་ཤེས་པར་བྱ་བ་སྟེ〕། །རླུང་ལས་སྐྱེས་པ་རྣམས་ཀྱི་དགྲ〔འོ〕〔དབྱངས་གསལ་བྱེད་དང་བྲལ་ བའི་ཐིག་ལེ་ཚེག་དྲག་ནི་ཡེ་ཤེས་ཀྱི་ཁམས་ལས་བྱུང་ཞེས་རྡོརསྙིང་འགྲེལ་པར་གསུངས་སོ〕། ། རྟག་ཏུ་རླུང་གི་གྲོགས་པོ་མེ(རླུང་གི)། །ཐ་མལ་པ་ཆུ་〔ཏེ་རླུང་གི་གཞོམ་བྱ་ཡིན་པས་དེ་ལ་〕 ནུས་མེད་ཕྱིར། །མེ་ཡི་གྲོགས་པོ་རླུང་ཡིན་ཏེ། །ཐ་མལ་པ་ས་ནུས་མེད་ཕྱིར། །〔དེ་བཞིན་དུ་〕 ཆུ་ཡི་གྲོགས་པོ་ས་ཡིན་ཏེ། །ཐ་མལ་པ་མེ་ནུས་མེད་ཕྱིར། །ས་ཡི་གྲོགས་པོ་ཆུ་ཡིན་ཏཻ། །ཐ་ 4-1-153 མལ་པ་ནི་རླུང་ཉིད་དོ། །ༀ་གྱི་ཡིག་གེ་སྤངས་ནས་ཀྱང༌། (ལྷའི་མིང་གི་)སྔགས་ཀྱི་དང་པོའི་ཡི་ གེའི་རིགས། །དེ་ཉིད་སྔགས་རྣམས་དག་གི་ཐུགས(ཏེ)། །(ལྷའི་)གཟུགས་ནི་རྫོགས་པའི་རྒྱུ་(ས་ བོན་)ཡིན་ནོ། །གང་ཚེ་(ལྷའི་མིང་གི་)སྔགས་ཀྱི་དང་པོ་ཡི། །ཡི་གེ་གསལ་བྱེད་གཞན་བརྩེགས་ ན། །དེ་ཚེ་ཐོག་མར་བརྗོད་པའི་སླད། །དེ་དག་ལས་ནི་དང་པོ་གཟུང༌། །དབྱངས་དང་གསལ་ བྱེད་དབྱེ་བ་ཡིས། །དེ་ཉིད་རྣམ་པ་གཉིས་སུ་འགྱུར། །སྲོག་གི་དགྲ་དང་གྲོགས་པོ་དང༌། ། ལུས་(དགྲ་དང་གྲོགས་)ཀྱི་ཡང་ནི་བརྗོད་པར་བྱ། །སྲོག་གི་དགྲ་དང་གྲོགས་པོའམ། །ཐ་ མལ་བ་ནི་དབྱངས་སུ་བརྗོད། །ལུས་ཀྱི་དགྲ་གྲོགས་ཐ་མལ་པ། །གསལ་བྱེད་རྣམས་ཀྱི་ བདག་ཉིད་དོ། །དབྱངས་ཀྱི་དགྲ་ཡིས་སྒྲུབ་པ་པོའི། །སྲོག་འཕྲོག་པར་ནི་ཐེ་ཚོམ་མེད། ། གསལ་བྱེད་མཚན་ཉིད་དགྲ་ཡིས་ནི། །ལུས་ལ་ནད་ལ་སོགས་པ་བྱེད། །སྡེ་བ་གཅིག་ལ་འང་ ཀ་ལ་སོགས། །གསལ་བྱེད་ཆོས་ཅན་ལྔ་རྣམས་གང༌། །དེ་རྣམས་ས་ལ་སོགས་པའི་རིགས། ། སྔགས་བསྒྲུབ་པ་ལ་ཤེས་པར་བྱ། །ང་ཉ་ཎ་མ་ནན་འདི་རྣམས། །རླུང་སོགས་ལས་སྐྱེས་ རྣམས་ཀྱི་གྲོགས། །གྷ་ཛྷ་ཌྷ་བྷ་དྷདྷ་འདི་རྣམས(མེ་སྐྱེས་རྣམས་ཀྱི་གྲོགས་ཡིན་ཡང་)། །ཆུ་ལས་སྐྱེས་ པ་རྣམས་ཀྱི་དགྲ། །ག་ཛ་ཌ་བ་དད་འདི་རྣམས(རླུང་སྐྱེས་རྣམས་ཀྱི་གྲོགས་ཡིན་ཡང་)། །ས་ལས་སྐྱེས་ པ་རྣམས་ཀྱི་དགྲ། །ཁ་ཚ་ཋ་ཕ་ཐཐ་འདི་རྣམས(ས་སྐྱེས་རྣམས་ཀྱི་གྲོགས་ཡིན་ཡང་)། །མེ་ལས་སྐྱེས་པ་ རྣམས་ཀྱི་དགྲ།ཀ་ཙ་ཊ་པ་ཏཏ་འདི་རྣམས(ཆུ་སྐྱེས་རྣམས་ཀྱི་གྲོགས་ཡིན་ཡང་)། །རླུང་ལས་སྐྱེས་པ་ རྣམས་ཀྱི་དགྲ།སྔགས་ཀྱི་དང་པོར་གནས་ཡི་གེ། རང་གི་སྡེ་པའམ་གཞན་ལ་ཡང་(དབྱངས་དང་ གཞན་མའི་སྡེ་ཚན་གྱི་རྨ་ཟེར་)། །བསྒྲུབ་པ་པོ་ཡི་ཡི་གེ་(ཡང་)གཉིས་(ཏེ)། །སྐྱེ་བ་(འི་ཡུད་ཙམ་དཀྱིལ་འཁོར་ གང་)ལས་སྐྱེས་〔པའི་ཡི་གེ་དང་〕མིང་སྐྱེས་(ཏེ་མིང་གི་ཡི་གེ་དང་པོའི་ཡི་གེ་གཉིས་སུ་)འགྱུར་ཞེས་པ་ལ་ སོགས་པ་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱི་ངེས་པའོ། ། ༈ སླར་ཡང་(རྩ་རྒྱུད་)དེ་ཉིད་ལས་(ལྷའི་མིང་གི་)དང་པོའི་ཡི་གེའི་རྣམ་པ་དྲུག་གསུངས་པ་ 4-1-154 འདི་ལྟ་སྟེ། (ལྷའི་མིང་གི་)སྔགས་ཀྱི་དང་པོར་གསལ་བྱེད་དམ། །དབྱངས་རྣམས་བསྒྲུབ་པར་བྱ་ བའི་སླད། །བསྙེན་དང་བཟླས་པ་བྱེད་རྣམས་ལ། །འདི་ཡི་ལས་ནི་རྣམ་དྲུག་གསུངས། །དང་ པོ་བསྣུན་པར་བྱ་བ་སྟེ། །དེ་ནས་དབབ་དང་བསྲེག་པ་དང༌། །དེ་ནས་སྔགས་པས་བསླང་བ་ དང༌། །དེ་ནས་རྒྱས་དང་མཉེས་པའོ། ། ༈ རྣམ་པར་བཅད་〔པ་དང་〕བཅས་〔པའི་〕སྟོང་པ〔འི་ཡི་གེ〕་ཡིས། །〔ལྷའི་མིང་གི་〕སྔགས་ ཀྱི་སྔོན་འགྲོ་〔སྟེ་ཡི་གདེ་དང་པོ་〕མནན་པ་〔བཟླས་ན་〕ནི། །〔ལྷ་དེ་ལ་〕མཚོན་ཆའི་རྒྱལ་པོས་ བསྣུན་པ་སྟེ། །〔ལྷ་དེ་〕རྒྱལ་བའི་གནས་སྐབས་ཐོབ་པར་འགྱུར། །〔མིང་ཡིག་དང་པོ་〕ཐུགས་ ཀྱི་བཟླས་པ་འབུམ་གྱིས་ནི། །རྒྱལ་བར་གྱུར་པའི་སྔགས་ཀྱི་ལྷ། །ང་རྒྱལ་ཡོངས་སུ་སྤངས་ པ་ནི། །སྒྲུབ་པ་པོ་ཡི་དབང་དུ་འགྱུར། །དེ་བཞིན་(དུ་རྣམ་བཅད་དང་བཅས་པའི་)རླུང་གིས་མནན་ (པ་བཟླས་)ན་(ལྷ་)དེ། །རྣལ་འབྱོར་པ་ལ་ཕེབས་པར་འགྱུར། །(རྣམ་བཅད་དང་བཅས་པའི་)མེ་ཡིས་ མནན་ན་(ལྷ་དེ་)བསྲེགས་པར་འགྱུར། །དེ་བཞིན་(རྣམ་བཅད་དང་བཅས་པའི་)ཆུ་ཡིས་(ལྷ་དེ་)བསླང་ པར་འགྱུར། །(རྣམ་བཅད་དང་བཅས་པའི་)ས་ནི་(མིང་ཡིག་དང་པོའི་)སྤྱི་བོར་གནས་པ་དག །བཟླས་ན་ ལྷ་ནི་རྒྱས་པར་འགྱུར། །〔མིང་ཡིག་དང་པོའི་〕སྤྱི་བོར་ཐིག་ལེའི་ཆས་མནན་ན། །མཉེས་པས་ མཆོག་ནི་སྟེར་བར་འགྱུར། །དེ་ལྟར་དྲུག་འབུམ་བཟླས་པ་ནི། །དང་པོའི་སངས་རྒྱས་རྒྱུད་ ཆེན་ལས། །འདོད་པ་གྲུབ་སླད་བདེར་གཤེགས་ཀྱིས། །སྔོན་དུ་བསྙེན་པ་རྣམས་སུ་གསུངས། ། ༈ (དེ་རྣམས་ལ་ཡང་)ཕཊ་ཡིག་〔དང་〕དེ་བཞིན་ཧུྃ་〔དང་〕བཽ་ཥཊ(དང་)། །ན་མཿ(དང་)སྭཱ་ཧཱ་(དང་)བ་ཥཊ་རྣམས། །(བསྣུན་པ་ལ་སོགས་པའི་)ལས་དྲུག་ལ་ནི་གྲངས་བཞིན་དུ། །སྔགས་མཐར་ བརྟུལ་ཞུགས་ཅན་གྱིས་(སྦྱར་ལ་བཟླས་པར་)བྱ། ། ༈ (ཀུན་གྱི་)དང་པོར་རྣམ་སྣང་མཛད་(ༀ་ཡིག་)བྱིན་ནས། །སླར་ཡང་བཟླས་པ་ཡང་ 4-1-155 དག་བརྩམ། །དེ་ནས་བྱེ་བ་བཟླས་བྱས་ནས། །སྦྱིན་སྲེག་བཅུ་ཡི་ཆ་ཤས་ཀུན། །རྒྱུད་ལས་ གསུངས་པའི་ཆོ་གས་བྱ། །དེ་ནས་ལྷ་ནི་འགྲུབ་འགྱུར་ཏེ། །སྔགས་པ་རྣམས་ལ་གྲུབ་པ(འི་ལྷ་) དེས། །(འཇིག་རྟེན་པའི་)མཆོག་(དངོས་གྲུབ་)དང་གང་ཞིག་དོན་གཉེར་སྟེར། ། ༈ 〔ལྷའི་〕རིགས་གཞན་དང་ནི་(ཆོ་གའི་)བྱ་བ་གཞན་(དང་)། །དུས་(ཚོད་གཞན་)དང་དེ་བཞིན་ སྔགས་ཀྱི་〔ས་བོན་དང་ཁམས་ཀྱི་〕རིགས(དང་མཐའ་རྟེན་གཞན་དང་)། །གནས་དང་(གཞན་དང་)ཕྱོགས་ (གཞན་)དང་གདན་གཞན་(དང་གཞན་དུ་གྱུར་ནས་འཁྲུགས་པའི་)གྱི། །ལས་རྣམས་ཀུན་ལ་འབྲས་བུ་ མེད(ཏེ་རྒྱས་པ་ལས་རབ་འབྱམས་སུ་གསུངས་པ་ལྟར་རོ། །སྦས་རྒྱུད་ཀྱི)། །གླེགས་བམ་དག་ལས་ཀླགས་པའི་ སྔགས། །(བྱང་ཆུབ་སེམས་འགྲེལ་གྱི་)མན་ངག་རྣམ་པར་སྤངས་རྣམས་ཀྱིས། །སྒྲུབ་པ་རབ་ཏུ་བྱེད་ པའི་མི། །གང་དེ་ས་ལ་ཉོན་མོངས་འགྱུར། །གལ་ཏེ་〔རྒྱུད་དོན་〕གླེགས་བམ་(ཀླགས་པ་ཙམ་)ལས་ རྙེད་ན། །(བྱང་ཆུབ་སེམས་འགྲེལ་གྱི་)མན་ངག་〔ངེས་པར་དགོས་པ་〕ཅེས་བྱ་(བ་)དེ་ནི་ཅི(ཞིག་ཡིན)། །ཇི་ ལྟར་བྲིས་པ་ཀླགས་པ་ནི། །དྲང་བའི་དོན་གྱིས་རབ་བསྟན་ནོ། །སྔགས་ཀྱི་དམ་པའི་(མན་ངག་ གི་)དངོས་(པོ་)སྤངས་(པ)རྣམས། །(བསྡུས་རྒྱུད་ཀྱི་)གླེགས་བམ་ཀླགས་པའི་སྔགས་རྣམས་ཀྱིས། ། ལྷ་ལ་སོགས་རྣམས་སྒྲུབ་པ་པོ། །ནམ་མཁའ་དག་ནི་ཟ་བར་འདོད། ། ༈ རང་སེམས་བརྟན་པའི་བརྩོན་འགྲུས་ཀྱིས། །སྔགས་ཀྱི་བཟླས་པས་སྒྲུབ་པ་པོ། ། གཞན་དོན་གཉེར་བ་རྣམས་ཀྱིས་ནི། །འདོད་པའི་འཇིག་རྟེན་དངོས་གྲུབ་འགྱུར། །སྔགས་ བཟླས་(པ་དང་)དེ་བཞིན་སྦྱིན་སྲེག་དང༌། །མཆོད་རྟེན་(བཞེངས་ཤིང་)མཆོད་པའི་ཆོག་རིམ་གྱིས། ། (དངོས་གྲུབ་ཀྱི་)ཚིག་འདི་ཇི་ལྟར་གྱུར་པ་བཞིན(དུ་འགྲུབ་ལ)། །(དེ་ཡང་)བརྩེ་བས་དམན་ན་འགྲུབ་ མི་འགྱུར། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །སྟོན་པ་བྱང་ཆུབ་སེམས་དཔའ་དང༌། །ལྷ་ རྣམས་བསྒྲུབ་པའི་སླད་དུ་ནི། །〔སྟོང་ཉིད་སྙིང་རྗེའི་〕 དེ་ཉིད་(དང་ཆོ་གའི་ཐབས་རྣམས་མ་འཁྲུགས་ པ་)མཁས་པས་གཟུང་བར་བྱ་ཞེས་པ་སྟེ་དེ་ལྟར་སྔོན་དུ་བསྙེན་པ་བྱས་ནས་ཐུགས་ཀྱི་ཡི་གེ་ 4-1-156 བསྒྲུབ་པར་བྱའོ། ། ༈ འདིར་སྔགས་ལ་བསྣུན་པ་ལ་སོགས་པ་ནི་འདི་ལྟ་སྟེ། །དང་པོར་སྒྲོལ་མའི་སྔགས་ བསྟན་པར་བྱ་སྟེ་རྣམ་པ་དེས་གཞན་ལ་ཡང་ཤེས་པར་བྱའོ། །ༀ་(རྣམ་པར་བཅད་བཅས་སྟོང་པས་ མནན་པ་)ཧཿྟཱ ཕཊ་ཅེས་པའི་སྔགས་ཀྱིས་བསྣུན་པ་སྟེ་འབུམ་བཟླས་སོ། །ༀ་(དེ་བཞིན་རླུང་གིས་མནན་ པའི་)ཡཏཱཿཧུྃ་ཞེས་པ་ནི་དབབ་པའོ། །ༀ་(དེ་བཞིན་མེ་ཡིས་མནན་པ་)རྟཱཿབཽ་ཥཊ་ཅེས་པ་ནི་བསྲེག་ པའོ། །ༀ་(དེ་བཞིན་ཆུ་ཡིས་མནན་པ་)ཝཏཱཿན་མ་ཞེས་པ་ནི་བསླང་པའོ། །ༀ་(དེ་བཞིན་ས་ཡིས་མནན་པ་)ལྟཱཿསྭཱཧཱ་ཞེས་པ་ནི་རྒྱས་པའོ། །ༀ་(སྤྱི་བོར་ཐིག་ལེས་མནན་པ་)ཏཱྃ་ཝ་ཥཊ་ཅེས་པ་ནི་མཉེས་པའོ། ། བཟླས་པ་དྲུག་འབུམ་དང་སྦྱིན་སྲེག་དྲུག་ཁྲི་བྱས་ཏེ་དེ་ནས་ༀ་ཏཱ་རེ་སྭཱཧཱ། ཞེས་པ་གསུང་ རྡོ་རྗེའི་བཟླས་པ་འབུམ་ཕྲག་བཅུ་དང་སྦྱིན་སྲེག་བཅུ་ཆའོ། །དེ་ནས་ༀ་ཏཱ་རེ་ཏུཏ་ཏཱ་རེ་ཏུ་རེ་ སྭཱཧཱ། སྐུ་རྡོ་རྗེའི་བཟླས་པ་བྱེ་བའི་མཐར་ཐུག་པ་དང་འབུམ་ཕྲག་བཅུའི་སྦྱིན་སྲེག་བྱས་ཏེ་དེ་ ལྟར་ན་རྣལ་འབྱོར་པ་རྣམས་ལ་སྔགས་ཀྱི་ལྷ་མཆོག་སྟེར་བར་འགྱུར་གྱི་རྣམ་པ་གཞན་དུ་ནི་ མ་ཡིན་ནོ། །ཐུགས་དང་གསུང་དང་སྐུའི་དབྱེ་བ་རྣམས་ཀྱིས་བསྒོམ་པར་བྱ་བ་དང་མཆོད་ པར་བྱ་བ་དང་བཟླས་པར་བྱ་བའི་སྔགས་སོ་སོར་འབུམ་ཕྲག་དྲུག་དང་འབུམ་ཕྲག་བཅུ་དང་ འབུམ་ཕྲག་བརྒྱའོ་ཞེས་པ་ནི་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱི་ངེས་པའོ། ༡༦༨ ། ༈ ད་ནི་རི་ལུའི་སྒྲུབ་པ་གསུངས་པ་གྲུབ་པ་ཞེས་པ་ལ་སོགས་པ་སྟེ་འདིར་དང་པོར་རི་ ལུ་བསྒྲུབ་པའི་སྔགས་སྔར་གསུངས་པའི་ཆོ་གས་བསྒྲུབས་ནས་ༀ་ཀཱ་ལ་ཙཀྲ་ཨཱཛྙཱ་〔དུས་ཀྱི་ འཁོར་ལོའི་བཀས་〕སིད་དྷ་〔གྲུབ་པའི་〕གུ་ལི་ཀཱྃ་(རིལ་བུ་)སཱའ་དྷ་ཡ་(གྲུབ་པར་མཛོད་)སྭཱཧཱ། དེ་ནས་ རི་ལུ་བསྒྲུབ་པའི་སླད་དུ་ལྷས་རབ་ཏུ་གནང་བར་འགྱུར་ཏེ་དེ་ལ་འདི་ནི་ཆོ་གའོ། །གྲུབ་པ་ ཞེས་པ་ནི་དབང་གི་ལེའུ་ལས་(ཚིགས་བཅད་བརྒྱ་ལྔ་པའི་རྐང་པ་གཉིས་ལ་སོགས་)གསུངས་པ་མཁའ་ལ་ སྤྱོད་པ་སུམ་ཅུ་རྩ་དྲུག་པོ་(ཁྱབ་བྱེད་དང་བཅས་པ་)རྣམས་(ལས་ཡུམ་)ལྔ་དང་(སེམས་མ་)དྲུག་དང་(ཁྲོ་བོ་) 4-1-157 བཅུ་དང་(འབྱུང་པོ་)བརྒྱད་དང་(གཏུམ་མོ་)བརྒྱད་(ཀྱི་རིགས་)ནི་སྡེ་ཚན་(ལྔ་ཡིན་)ཏེ་དེ་རྣམས་ལས་སྡེ་ ཚན་(གང་རུང་)ཅིག་གི་ཤ་བསྒྲུབས་ནས་གྲིབ་མ་ལ་བསྐམས་པ་བདུད་རྩི་ལྔ་དང་ལྷན་ཅིག་ཏུ་ ཕྱེ་མར་བྱས་ཏེ་དེ་ནས་མི་བསྐྱོད་པས་སྦྲུས་ནས་ཙ་ཎ་ཀའི་ཚད་ཀྱི་རི་ལུ་བྱས་ཏེ་དེ་ལྟར་ན་(དེ་ ལ་)གྲུབ་པ་ཞེས་(གསུངས་)པའོ། །ལྕགས་གསུམ་གྱིས་བཅིངས་ཞེས་པ་ནི་འདིར་སྐུ་དང་གསུང་ དང་ཐུགས་ཀྱི་དག་པས་(རིམ་པ་ལྟར་)ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དབྱེ་བས་〔རིམ་པ་ལྟར་〕དངུལ་དང་ཟངས་དང་ཁབ་ལེན་གྱི་ལྕགས་ཏེ་སོ་སོར་བཅིངས་པ་ནི་ལྕགས་གསུམ་གྱིས་ བཅིངས་པའོ། །མཁའ་ལ་འགྲོ་བའི་ཤ་ཡི་རི་ལུ་འཆད་པར་འགྱུར་བའི་རིམ་པས་བསྒྲུབ་པས་ ནི་མཁའ་ལ་སྤྱོད་པ་ཉིད་དག་སྟེར་རོ། །དེ་བཞིན་དུ་〔དབང་ལེའི་ཚིགས་བཅད་བརྒྱ་ཞེ་དགུ་ པ་ལ་སོགས་ཀྱིས་གསུངས་པའི་〕ཁྱི་དང་རྟ་ལ་སོགས་པ་ས་ལ་སྤྱོད་པ་དང་ཆུ་ལ་སྤྱོད་པ་〔སུམ་ ཅུ་རྩ་དྲུག་〕རྣམས་ཀྱི་〔ནང་ན་སྡེ་ཚན་རེ་རེའི་〕ལུས་ཀྱི་ཤ་རྣམས་ཀྱི་རིལ་བུ་གྲུབ་པ་ལྕགས་ གསུམ་གྱིས་བཅིངས་〔པ་བསྒྲུབས་〕པས་ལུས་ལ་བཀྲེས་སྐོམ་སོགས་དང་ནད་རྣམས་འཕྲོག་ པར་བྱེད་དོ། །ཞེས་པ་རི་ལུ་བསྒྲུབ་པའི་ངེས་པའོ། ། ད་ནི་མིག་སྨན་སྒྲུབ་པ་གསུངས་པ་དེ་དག་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ་འདིར་མིག་ སྨན་བསྒྲུབ་པའི་སྔགས་སྔར་བཞིན་བསྒྲུབས་ནས་དེ་ནས་མིག་སྨན་བསྒྲུབ་པར་བྱའོ། །ༀ་ ཀཱ་ལ་ཙཀྲ་ཨཱཛྙཱ་(དུས་ཀྱི་འཁོར་ལོའི་བཀས་)སིད་དྷཱ་(གྲུབ་པའི་)ཉྫ་ནྃ་(མིག་སྨན་)སཱ་དྷ་ཡ་(གྲུབ་པར་མཛོད་)སྭཱ་ ཧཱ། དེ་ནས་མཁའ་ལ་འགྲོ་བ་〔སུམ་ཅུ་རྩ་དྲུག་〕རྣམས་ཀྱི་〔ནང་ན་སྡེ་ཚན་རེ་རེའི་〕མིག་རྣམས་ བླངས་ནས་ཕྱེ་མ་ཞིབ་མོར་བྱས་ཏེ་〔ཀུན་ད་〕བྱང་ཆུབ་ཀྱི་སེམས་ཀྱིས་སྦྲུ་བར་བྱའོ། །མིག་ སྨན་དེ་ཉིད་ནི་གཏེར་བསྒྲུབ་པའི་སླད་དུ་ས་རབ་ཏུ་འབྱེད་པར་འགྱུར་རོ། །མཁྲིས་པ་རྣམས་ ཀྱིས་ཞེས་པ་ནི་〔སྔར་གསུངས་པའི་〕ཁྱི་དང་རྟ་ལ་སོགས་པ་〔སུམ་ཅུ་རྩ་དྲུག་〕རྣམས་ཀྱི་〔ནང་ན་ སྡེ་ཚན་རེ་རེའི་〕མཁྲིས་པ་རྣམས་ཀྱིས་མིག་སྨན་བྱས་ནས་བུད་མེད་ཀྱི་མེ་ཏོག་གིས་སྦྲུ་བར་ 4-1-158 བྱའོ། །མིག་སྨན་དེ་ཉིད་ནི་མི་སྣང་བའི་ཡུལ་ལ་མི་སྣང་བར་བྱེད་ཅིང་དབང་དུ་བྱ་བའི་ཡུལ་ ལ་ན་ཆུང་གི་ཡིད་འཕྲོག་པར་འགྱུར་ཏེ་དཔལ་ལྡན་དུར་ཁྲོད་དུ་ནི་བསྒྲུབས་པའོ། ༡༦༩ ། ༈ དེ་ལ་འདི་ནི་ཆོ་ག་སྟེ་ནག་པོའི་〔ཚེའི་〕བརྒྱད་ཀྱི་མཚན་མོའམ་ཡང་ན་མ་ནུའི་ཉིན་ ཞག་ལ་ཞེས་པ་ནག་པོའི་བཅུ་བཞིའི་མཚན་མོ་དཀྱིལ་འཁོར་བཞེངས་བྱས་ནས། སྔར་ གསུངས་པའི་ལྷ་མིན་དབང་པོའི་བསྒྲུབ་པ་ལས་བསྲུང་བ་སྔར་གསུངས་པ་གང་ཡིན་པ་དག་ ཀྱང་ཀུན་ནས་བྱ་སྟེ། དེ་ནས་དེའི་དབུས་སུ་དཀྱིལ་འཁོར་གྱི་ལྟེ་བ་ལ་རི་ལུའམ་མིག་སྨན་ ཐོད་པར་གནས་པ་གཞག་པར་བྱའོ། །དེ་ལྟར་དེ་ཡིས་དབུས་སུ་ཤ་ཡི་རི་ལུ་རྣམས་སམ་མིག་ སྨན་ནི་བྱས་ནས་ཤིན་ཏུ་དྲི་བཟང་མེ་ཏོག་རྣམས་ཀྱིས་ཡང་དག་མཆོད་ཅིང་དེ་བཞིན་དུ་སྔར་ གསུངས་པའི་གཏོར་མ་ལ་སོགས་པ་བྱིན་ལ་དེ་ནས་སྔར་གསུངས་པའི་སྔགས་ཀྱི་བཟླས་པ་ ཆོ་ག་འདིས་རབ་ཏུ་བྱའོ། །དུས་ཀྱི་འཁོར་ལོའི་བཀས་ཇི་སྲིད་རི་ལུའམ་མིག་སྨན་རྣམས་འོད་ ཟེར་འཕྲོ་བའི་བར་དེ་སྲིད་དུ་སྔགས་བཟླས་པར་བྱའོ། །དེ་ནས་དེའི་(འོད་ཟེར་འཕྲོ་བ་)མཚམས་ སུ་བླངས་ལ་གཟུང་བར་བྱའོ། །གལ་ཏེ་འོད་ཟེར་མི་འཕྲོ་ན་དེའི་ཚེ་ཡང་ཇི་སྲིད་ལྷས་རབ་ཏུ་ གནང་བར་གྱུར་གྱི་བར་དུ་སྔགས་བསྒྲུབ་པར་བྱའོ། །དེ་ནས་རི་ལུ་བཟུང་བའི་གྲངས་ཀྱི་མི་ རྣམས་རི་ལུའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་མིག་སྨན་གྱི་རིག་པ་འཛིན་པའོ། ། ༈ རལ་གྲིས་རལ་གྲིའི་རིག་པ་འཛིན་པ་སྟེ་དེ་བཞིན་དུ་རིན་པོ་ཆེ་ལ་སོགས་པས་ཀྱང་ ངོ༌། །དེ་ལ་སྔགས་ནི་ༀ་ཀཱ་ལ་ཙཀྲ་ཨཱའ་ཛྙཱ་སིད་དྷ་ཁ་ཊ་གྃ་སཱའ་དྷ་ཡ་(གྲུབ་པའི་རལ་གྲི་བསྒྲུབ་པར་ མཛོད་)སྭཱཧཱ། དེ་བཞིན་དུ་རིན་པོ་ཆེ་ལ་སོགས་པ་རྣམས་ལ་དང་པོར་ཀཱ་ལ་ཙཀྲ་ཞེས་པ་ངེས་ པའོ། །དེ་ལ་ལྕགས་ཀྱི་རལ་གྲི་བྱས་ནས་ལྷའི་ངེས་པས་བསྒྲུབ་པར་བྱའོ། །ཤེལ་གྱི་རིན་པོ་ ཆེ་དང་དངུལ་གྱི་པད་མ་དང་གསེར་གྱི་འཁོར་ལོ་དང་ལྕགས་ཐམས་ཅད་ཀྱི་རང་བཞིན་གྱི་ རྡོ་རྗེ་དང་དེ་བཞིན་དུ་དྲིལ་བུ་དང་ལྕགས་ཀྱི་གྲི་གུག་བྱས་ནས་སོ། །མཚན་མ་བསྒྲུབ་པའི་ 4-1-159 ངེས་པ་སྟེ་དེ་བཞིན་དུ་རྩེ་གསུམ་དང་དགྲ་སྟ་ལ་སོགས་པའི་མཚོན་ཆ་ཐམས་ཅད་བསྒྲུབ་ པར་བྱའོ། །དུས་ཀྱི་འཁོར་ལོའི་བཀས་མཚོན་ཆ་གང་དང་གང་བསྒྲུབས་པ་དེ་མཚན་མ་དེས་ དེའི་རིགས་ཀྱི་རིག་པ་འཛིན་པར་འགྱུར་རོ། །ཅི་སྟེ་ལྷའི་ངེས་པས་གྲུབ་པའི་བཅུད་བཞིན་དུ་ (མིའི་)སྐྱེ་བ་〔ལན་〕བདུན་དུ་(བར་མ་ཆད་པར་)འཁོར་བ(འི་ཤ་)དང་ཕྲད་ན་བསྒྲུབ་པ་མེད་པར་ཡང་ མཁའ་ལ་སྤྱོད་པ་རྣམས་སྒྲུབ་པར་འགྱུར་རོ། །ཞེས་པ་ནི་རྩ་བའི་རྒྱུད་ལས་ངེས་པ་སྟེ་རི་ལུ་ལ་ སོགས་པ་བསྒྲུབ་པའི་ཆོ་གའོ། ༡༧༠ ། ༈ དེ་ནས་ཚིགས་སུ་བཅད་པ་བདུན་ཅུ་ལྷག་པའི་བརྒྱ་པ་ནས་མཁའ་ལྡིང་གི་ཚིགས་སུ་ བཅད་པ་བཅུ་བཞི་ནི་གོ་སླ་སྟེ་དེས་ན་འདིར་མ་བྲིས་སོ། ༡༨༤ ། ༈ ད་ནི་ཞི་བ་ལ་སོགས་པ་ལ་འཁྲུལ་འཁོར་གསུངས་པ་རིག་བྱེད་ཅེས་པ་ལ་སོགས་ པ་སྟེ་འདིར་དབང་གི་ལེའུ་ལས་གསུངས་པའི་ནྱ་གྲོ་དྷའི་འདབ་མ་ལ་སོགས་པ་ལ་ཤྲཱི་ཁཎ་ ཊ་ལ་སོགས་པ་དང་ཙན་དན་ལ་སོགས་པའི་སྨྱུ་གུས་ཞི་བ་ལ་སོགས་པའི་འཁྲུལ་འཁོར་བྲི་ བར་བྱའོ། །དེ་ལ་འདི་ནི་རིམ་པ་སྟེ་དང་པོའི་ཟླུམ་སྐོར་ལ་〔པད་མ་〕འདབ་མ་བཞི་དང་གཉིས་ པ་ལ་བརྒྱད་དང་གསུམ་པ་ལ་བཅུ་དྲུག་དང་བཞི་པ་ལ་སུམ་ཅུ་རྩ་གཉིས་དང་ལྔ་པ་ལ་དྲུག་ ཅུ་རྩ་བཞི་དང་དྲུག་པ་ལ་སུམ་ཅུ་རྩ་གཉིས་སོ། །ཇི་ལྟར་ལུས་ལ་གཙུག་ཏོར་དང་སྙིང་ཁ་ དང་དཔྲལ་བ་དང་མགྲིན་པ་དང་ལྟེ་བ་དང་གསང་བ་ན་འཁོར་ལོ་དྲུག་ཡོད་པ་དེ་བཞིན་དུ་ འཁྲུལ་འཁོར་བྲི་བ་ལ་ཟླུམ་སྐོར་དྲུག་གོ། དེ་ལ་〔པད་མ་〕འདབ་མ་བཞིའི་དབུས་སུ་བསྒྲུབ་ བྱའི་མིང་(གི་ཡི་གེ་དང་པོའི་)ངོ༌། །རིག་བྱེད་ཅེས་པ་(པད་མའི་)འདབ་མ་བཞི་ལ་ཕྱོགས་སུ་དང་པོར་ ཨ་ཨཾ་ཟུང་ཞེས་པ་ནི་ཤར་དུ་ཨ། བྱང་དུ་ཨཾ། ནུབ་ཏུ་ཨཱ། ལྷོར་ཨཿཅེས་པ་ནི་ཟླུམ་སྐོར་དང་ པོ་ལའོ། །ཆུ་སྐྱེས་འདབ་བརྒྱད་ཅེས་པ་ནི་ཨི་ལ་སོགས་པ་འདབ་བརྒྱད་ལ་ཞེས་པ་སྟེ་ཤར་ དང་མེར་ཨི་ཨཱི། གཤིན་རྗེ་དང་བདེན་བྲལ་དུ་རྀ་རཱྀ། བྱང་དུ་དབང་ལྡན་དུ་ཨུ་ 4-1-160 ཨཱུ། ནུབ་དུ་རླུང་དུ་ལྀ་ལཱྀ་ཞེས་པ་ནི་ཟླུམ་སྐོར་གཉིས་པ་ལའོ། །དེ་བཞིན་དུ་ མི་ཡི་བདག་པོ་ཞེས་པ་ནི་ཟླུམ་སྐོར་གསུམ་པའི་འདབ་མ་བཅུ་དྲུག་ལ་ཨེ་ཡ་ལ་སོགས་ཞེས་ པ་སྟེ་ཤར་ལ་སོགས་པའི་འདབ་མ་བཞི་ལ་ཨེ་ཨཻ་ཡ་ཡཱའོ། །ལྷོའི་འདབ་མ་རྣམས་ལ་ཨར་ ཨཱར་ར་རཱའོ། །བྱང་གི་འདབ་མ་རྣམས་ལ་ཨོ་ཨཽ་ཝ་ཝཱའོ། །ནུབ་ཀྱི་འདབ་མ་རྣམས་ལ་ཨལ་ ཨཱལ་ལ་ལཱ་ཞེས་པ་ནི་ཟླུམ་སྐོར་གསུམ་པ་ལའོ། །སོ་ཞེས་པ་(ཟླུམ་སྐོར་བཞི་པའི་པད་མ་)འདབ་མ་ སུམ་ཅུ་རྩ་གཉིས་རྣམས་ལ་ཀ་སོགས་གསུམ་གྱིས་བསྒྱུར་བའི་བཅུ་ཞེས་པ་སུམ་ཅུ་དང་ཧ་ཀྵ་ ཞེས་པ་གཉིས་སྐྱེས་(སོ་གཉིས་)ལའོ། །དེ་ལ་〔དབང་ལྡན་དུ་ཉེ་བ་གསུམ་དོར་ནས་〕ཤར་གྱི་དང་ པོའི་འདབ་མ་ལྔ་པོ་རྣམས་ལ་ཙ་ཚ་ཛ་ཛྷ་ཉ་(མེ་མཚམས་སུ་ཉེ་བ་གསུམ་དོར་ནས་)དང་ལྷོའི་འདབ་མ་ལྔ་ རྣམས་ལ་ཊ་ཋ་ཌ་ཌྷ་ཎ་དང་(རླུང་མཚམས་སུ་ཉེ་བ་གསུམ་དོར་ནས་)བྱང་གི་འདབ་མ་ལྔ་རྣམས་ལ་པ་ཕ་ བ་བྷ་མ་དང་(བདེན་བྲལ་དུ་ཉེ་བ་གསུམ་དོར་ནས་)ནུབ་ཀྱི་འདབ་མ་〔ལྔ་〕རྣམས་ལ་ཏ་ཐ་ད་དྷ་ནའོ། །དེ་ བཞིན་དུ་དབང་ལྡན་ནས་བརྩམས་ནས་ཤར་དུ་འདབ་མ་〔སྔར་དོར་བ་〕གསུམ་ལ་〔བྱང་གི་〕མ་ ཡིག་(གི་རྗེས་ལ་)ནས་བརྩམས་ཏེ་ཀ་ཁ་གའོ། མེ་ནས་བརྩམས་ནས་ལྷོར་འདབ་མ་〔སྔར་དོར་བ་〕གསུམ་ལ་(ཤར་གྱི་)ཉ་ཡིག་ནས་བརྩམས་ཏེ་གྷ་ང་ཀྵའོ། །བདེན་བྲལ་ནས་བརྩམས་ནས་ནུབ་ ཏུ་འདབ་མ་གསུམ་ལ་(ལྷོའི་)ཎ་ཡིག་ནས་བརྩམས་ཏེ་ས་ྉྤ་ཥའོ། །རླུང་ནས་བརྩམས་ནས་བྱང་ དུ་འདབ་མ་〔སྔར་དོར་བ་〕གསུམ་ལ་(ནུབ་ཀྱི་)ན་ཡིག་ནས་བརྩམས་ཏེ་ཤཱ་ྈྐ་ཧའོ། །དེ་ལྟར་འདབ་ མ་སུམ་ཅུ་རྩ་གཉིས་པོ་རྣམས་ལ་སྟེ་ཟླུམ་སྐོར་བཞི་པའོ། །ཆུ་གཏེར་དྲུག་ཅེས་པ་འདབ་མ་ དྲུག་ཅུ་རྩ་བཞི་ལ་སྟེ་ཐུན་མཚམས་བཞི་པོ་རྣམས་ལ་ཤར་དང་ལྷོ་དང་བྱང་དང་ནུབ་ཏུ་(ཟུར་ བཞི་ནས་གསུམ་གསུམ་སྤངས་ནས་)བསྒྲུབ་བྱའི་མིང་(གི་ཡི་གེ་དང་པོ་)སྟེ་དབུས་སུ་ཇི་ལྟ་བ་བཞིན་ནོ། །དེ་ ལྟར་〔ཕྱོགས་བཞི་དབུས་ཏེ་〕གནས་ལྔར་བསྒྲུབ་བྱའི་མིང་〔གི་ཡི་གེ་དང་པོ〕ངོ༌། །ཚེས་ཀྱིས་ བསྒྱུར་བའི་དུས་ལ་ཞེས་པ་འདབ་མ་དྲུག་ཅུ་པོ་རྣམས་ལ་གྲངས་བཞིན་དུ་ལ་མཐའ་དབྱངས་ 4-1-161 དང་བཅས་པ་རྣམས་ཞེས་པ་ནི་ཧ་ཡ་ར་ཝ་ལ་རྣམས་དབྱངས་དང་བཅས་པ་ཞེས་པ་དབྱངས་ བཅུ་གཉིས་དང་བཅས་པ་སྟེ་འདབ་མ་དྲུག་ཅུ་པོ་རྣམས་ལའོ། །དེ་ནས་ཤར་ལ་སོགས་པའི་ བསྒྲུབ་བྱའི་མིང་〔གི་ཡི་གེ་དང་པོ〕ལས་གཡས་བསྐོར་གྱིས་ཡ་ཡཱ་ཡི་ཡཱི་ཡྼྀ་ཡྼཱྀ་ ཡུ་ཡཱུ་ཡླྀ་ཡླཱྀ་ཡྃ་ཡཿ ཞེས་པ་འདབ་མ་བཅུ་གཉིས་ལའོ། །དེ་ནས་ལྷོར་བསྒྲུབ་ བྱའི་མིང་ལས་ར་རཱ་རི་རཱི་ར༹ྼྀ་ར༹ྼྀ་རུ་རཱུ་རླྀ་རླཱྀ་རཾ་རཿཞེས་པ་འདབ་ མ་བཅུ་གཉིས་ལའོ། །བྱང་དུ་བསྒྲུབ་བྱའི་མིང་ལས་ཝ་ཝཱ་ཝི་ཝཱི་ཝྼྀ་ཝྼཱྀ་ཝུ་ཝཱུ་ ཝླྀ་ཝླཱྀ་ཝཾ་ཝཿཞེས་པ་འདབ་མ་བཅུ་གཉིས་ལའོ། །ནུབ་ཏུ་བསྒྲུབ་བྱའི་མིང་ལས་ ལ་ལཱ་ལི་ལཱི་ལྼྀ་ལྼཱྀ་ལུ་ལཱུ་ལླྀ་ལླཱྀ་ལཾ་ལཿཞེས་པ་འདབ་མ་བཅུ་ གཉིས་ལའོ། །དེ་ནས་ཤར་དུ་བསྒྲུབ་བྱའི་ཕ་རོལ་གྱི་འདབ་མ་〔དབང་ལྡན་གྱི་ཕྱོགས་〕ལ་ཧའོ། ། 〔བསྒྲུབ་བྱའི་ཕ་རོལ་བདེན་བྲལ་གྱི་ཕྱོགས་ལ་〕ནུབ་ཏུ་ཧཱ་ལྷོར་〔བསྒྲུབ་བྱའི་ཕ་རོལ་མེའི་ཕྱོགས་ ལ་〕ཧཿབྱང་དུ་〔བསྒྲུབ་བྱའི་ཕ་རོལ་རླུང་གི་ཕྱོགས་ལ་〕ཧྃ་སྟེ་དེ་བཞིན་དུ་གཡོན་བསྐོར་གྱིས་ཧི་ ཧཱི་〔ཧ་ནས་བརྩམས་ཏེ་〕དབང་ལྡན་གྱི་མཐར་(ཐུག་པར)རོ། །ཧྼྀ་ཧྼཱྀ་〔ཧཿནས〕 མེའི་མཐར་རོ། །ཧུ་ཧཱུ་〔ཧྃ་ནས་〕རླུང་གི་མཐར་རོ། །ཧླྀ་ཧླཱྀ་〔ཧཿནས〕བདེན་བྲལ་ གྱི་མཐར་རོ། །བསྒྲུབ་བྱའི་མིང་གི་ཡི་གེ་དང་པོ་ནི་ལྟེ་བ་ལའོ། །གཉིས་པ་ནི་ཤར་གྱི་ཐུན་ མཚམས་ཀྱི་འདབ་མ་ལའོ། །གསུམ་པ་ནི་ལྷོར་དང་བཞི་པ་ནི་བྱང་དུ་དང་ལྔ་པ་ནི་ནུབ་ཏུ་སྟེ། དེ་རྣམས་ཧུཾ་ཨཱཿༀ་ཧོཿཞེས་པ་ཐུགས་དང་གསུང་དང་སྐུ་དང་ཡེ་ཤེས་ཀྱི་ཡི་གེ་མིང་གི་ཡི་གེ་ དང་པོ་དང་བཅས་པ་རྣམས་བྲི་བར་བྱའོ། ༡༨༥ ། ཡང་ན་〔ཟུར་བཞི་ནས་ལྔ་ལྔ་དོར་བར་བསྒྲུབ་བྱའི་མིང་ཡིག་བཀོད་དེ་〕ཨ་སོགས་ དབྱངས་ནི་རེ་རེ་དག་གིས་ཆུ་སྲིན་བུམ་པའི་དབང་ལས་རིང་པོ་ཐུང་ངུ་དག་ཀྱང་ལྔ་ཞེས་པ་ སྟེ་འདིར་ཆུ་སྲིན་ལ་སོགས་པའི་དུས་སྦྱོར་རྣམས་ཀྱི་ལྷག་པའི་ལྷ་ནི་ཀཱ་ཁཱ་གཱ་གྷཱ་ངཱ་ཞེས་པ་ 4-1-162 ལ་སོགས་པའོ། །ཤར་དུ་བསྒྲུབ་བྱའི་ཐུགས་ཀྱི་ཡི་གེ་ནས་གཡས་སྐོར་གྱིས་ཉ་ལ་ཙཱ་ཚཱ་ཛཱ་ཛྙཱ་ ཉཱའོ། །དེ་བཞིན་དུ་ལུག་ལ་ཉ་ཛྷ་ཛ་ཚ་ཙ་སྟེ་དེ་ལྟར་འདབ་མ་བཅུ་ལའོ། །དེ་བཞིན་དུ་ལྷོར་ གསུང་རྡོ་རྗེ་ནས་ཊཱ་ལ་སོགས་པ་〔གླང་དང་འཁྲིག་པའི་〕བཅུ་དང་བྱང་དུ་སྐུ་རྡོ་རྗེ་ནས་པཱ་ལ་ སོགས་པ་〔ཀར་ཀ་ཊ་དང་སེང་གེ་〕བཅུ་དང་ནུབ་ཏུ་ཡེ་ཤེས་རྡོ་རྗེ་ནས་ཏཱ་ལ་སོགས་པ་(བུ་མོ་དང་ སྲང་གི་)བཅུའོ། །ལྷག་མའི་འདབ་མ་ཉི་ཤུ་པོ་རྣམས་ཀྱི་ནུབ་ཀྱི་〔བསྒྲུབ་བྱའི་ཕ་རོལ་གྱི་〕འདབ་ མ་ལྔ་ལ་ཀཱ་ལ་སོགས་པ་〔སྡིག་པའི་〕རིང་པོ་ལྔའོ། །ཤར་དུ་ང་ལ་སོགས་པ་〔གཞུའི་〕ཐུང་ངུ་ལྔ་ དང་ལྷོར་སཱ་ལ་སོགས་པ་〔ཆུ་སྲིན་གྱི་〕རིང་པོ་ལྔ་དང་བྱང་དུ་ྈྐ་་ལ་སོགས་པ་(བུམ་པའི་)ཐུང་ངུ་ལྔ་ སྟེ་དེ་ལྟར་ཡིག་གེ་དྲུག་ཅུ་རྣམས་ཟླུམ་སྐོར་ལྔ་པ་ལའོ། །ཕྱི་རོལ་འདབ་མ་སུམ་ཅུ་གཉིས་ ལ་ཞེས་པ་ནི་འདིར་གསང་བའི་པད་མའི་འདབ་མ་སུམ་ཅུ་རྩ་གཉིས་རྣམ་པར་དག་པས་ཟླུམ་ སྐོར་དྲུག་པའི་འདབ་མ་སུམ་ཅུ་རྩ་གཉིས་པོ་རྣམས་ལ་བདག་གི་སྙིང་པོ་བཛྲ་ཏཱིཀྵྞ་ལ་སོགས་ ཡི་གེ་རྣམས་ཞེས་པ་ནི་འདི་ལྟ་སྟེ། བཛྲ་ཏཱིཀྵྞ་དུཿ(རྡོ་རྗེ་རྣོན་པོ་)ཁཙྪེ་ད་(སྡུག་བསྔལ་གཅོད་པ་)ཞེས་པ་ ནི་དབང་ལྡན་ནས་བརྩམས་ནས་མེའི་མཐར་ཐུག་པར་རོ། །དེ་ནས་ལྷོར་པྲ་ཛྙཱ་ཛྙཱ་ན་(ཤེས་རབ་ཡེ་ ཤེས་ཀྱི་)མུརྟྟ་ཡེ་(སྐུ་ལ་)ཛྙཱ་ཞེས་པའོ། །དེ་བཞིན་དུ་ནུབ་ཏུ་ན་(ཡེ་ཤེས་)ཀཱ་ཡ་(སྐུ་)བཱ་གཱི་ཤྭ་ར་ཨ་(གསུང་ གི་དབང་ཕྱུག་)ཞེས་པའོ། །དེ་བཞིན་དུ་བྱང་དུ་ར་པ་ཙ་ན་ཡ་ཏེ་ན་མཿ (ཁྱོད་ལ་མཆོད་)ཞེས་པ་སྟེ་བཛྲ་ ཏཱིཀྵྞ་ལ་སོགས་པ་ཡི་གེ་རྣམས་སོ། ། ༈ དེ་ལྟར་འཁོར་ལོ་དྲུག་གི་བདག་ཉིད་ཀྱི་འཁྲུལ་འཁོར་དབང་གི་ལེའུ་ལས་གསུངས་ པའི་ཆོ་གས་བྲིས་ནས་དེ་དག་རྣམས་ཀྱི་ཕྱོ་རོལ་ཏུ་ཡང་ཞི་སོགས་ལས་ལ་ཝ་ཡ་ར་ལ་དཀྱིལ་ འཁོར་རྣམས་ཉིད་དོ། །ཞེས་པ་ནི་འཁྲུལ་འཁོར་འདིས་ཞི་བ་དང་རྒྱས་པ་དང་རིམས་འཕྲོག་ པ་དང་དུག་མེད་པར་བྱེད་པ་ལ་འཁྲུལ་འཁོར་ཆུའི་དཀྱིལ་འཁོར་རམ་ཝ་ཡིག་གིས་བསྐོར་ བར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སམ་གླང་པོ་ཆེའི་དབུས་སུ་གཞུག་པར་ 4-1-163 བྱའོ། །དེ་བཞིན་དུ་བསད་པ་ལ་སོགས་པ་ལ་རླུང་གི་དཀྱིལ་འཁོར་དང་དབང་ལ་སོགས་པ་ ལ་མེའི་དཀྱིལ་འཁོར་དང་རེངས་པ་ལ་སོགས་པ་ལ་སའི་དཀྱིལ་འཁོར་གྱིས་བསྐོར་བར་ བྱའོ། །ལྷག་མ་དབང་གི་ལེའུ་ལས་གསུངས་པ་དག་བྱའོ། །འདིར་འཁྲུལ་འཁོར་ལ་སྙིང་པོར་ ཡི་གེའི་ཡན་ལག་མཆོག་ཅེས་པ་ནི་སྙིང་པོར་(ལྟེ་བ་ཡི་གེ་)མགོ་བོ་〔བསྟན་པ་〕བྲི་བར་བྱའོ་རྩེ་ མོར་ལྡན་པར་རྐང་པ་དག་ནི་ཞེས་པ་ལྷུན་པོ་(གླིང་)ཐམས་ཅད་ཀྱི་བྱང་ན་གནས་པ་སྙིང་པོའི་ ལྟེ་བ་ཡིན་པའི་ཕྱིར་(དེར་མགོ་བོ་བསྟན་པས་)ལྷོར་རྐང་པ་སྟེ་དབང་དང་དགུག་པ་ལའོ། ༡༨༦ ། དེ་བཞིན་དུ་ཞི་བ་ལ་སོགས་ལ་སྙིང་པོར་རྐང་པ་ཞེས་པ་ནི་བྱང་དུ་རྐང་པ་སྟེ་ལྷུན་པོ་ ལ་མངོན་པར་ཕྱོགས་པའོ། །རྩེ་མོ་ལྡན་པ་མགོ་བོ་ཞེས་པ་ནི་ལྷོར་མགོ་བོའོ། །དེ་བཞིན་དུ་ བསད་པ་ལ་སོགས་པ་ལ་ཤར་དུ་རྐང་པ་དང་ནུབ་ཏུ་མགོ་བོའོ། །རེངས་པ་ལ་སོགས་པ་ལ་ ཤར་དུ་མགོ་དང་ནུབ་ཏུ་རྐང་པ་སྟེ་དེ་ལྟར་འཁྲུལ་འཁོར་སོ་སོ་ལ་སྔགས་པས་བྲི་བར་བྱའོ། ། ༈ ཞི་བ་ཞེས་པ་ལ་སོགས་པ་ནི་གོ་སླའོ། ༡༨༧ །འཁོར་ལོ་དྲུག་གི་འཁྲུལ་འཁོར་གྱི་ངེས་ པའོ། ། ༈ ད་ནི་གཤིན་རྗེ་མཐར་བྱེད་ཀྱི་འཁྲུལ་འཁོར་གསུངས་པ་རྩིབས་བརྒྱད་ཅེས་པ་ལ་ སོགས་པ་སྟེ་འདིར་ནྱ་གྲོ་དྷའི་འདབ་མ་ལ་སོགས་པ་ལ་འཁྲུལ་འཁོར་བྲི་བར་བྱ་སྟེ་ཟླུམ་སྐོར་ དང་པོ་ནི་(འཁོར་ལོ་)རྩིབས་བརྒྱད་པའོ། །གཉིས་པ་ནི་རྩིབས་བཅུ་གཉིས་པའོ། །གསུམ་པ་ནི་ རྩིབས་བཅུ་དྲུག་པའོ། །དེ་ལ་རྩིབས་བརྒྱད་པོ་རྣམས་ལ་ཕྱོགས་དང་ཕྱོགས་བྲལ་དུ་གནས་ ཞེས་པ་ནི་ཕྱོགས་སུ་ཡ་མ་ལ་སོགས་པའི་ཡི་གེ་གནས་པ་དང་ཕྱོགས་བྲལ་གྱི་འདབ་མ་ལ་ བསྒྲུབ་བྱའི་མིང་གི་ཡི་གེ་(དང་པོ་)གནས་ཤིང་བཅུ་དྲུག་རྩིབས་ལ་ཡང་བར་བར་གྱི་འདབ་མ་ བརྒྱད་པོ་རྣམས་ལའོ། །དེ་ལྟར་ཟླུམ་སྐོར་དང་པོ་ལ་བསྒྲུབ་བྱ་ཟུར་རྣམས་སུ་སྟེ་དབུས་སུ་ལྟེ་ བར་རབ་ཏུ་འགྱུར་བ་ཡ་དང་ཤར་དུ་མ་དང་རྩིབས་བཅུ་གཉིས་པའི་ཤར་དུ་རཱ་དང་གཉིས་ 4-1-164 པར་ཛཱ་དང་གསུམ་པར་སཱ་དང་འདབ་མ་བཞི་པར་དོའོ། །དང་པོའི་རྩིབས་བརྒྱད་པའི་ལྷོར་ མེའོ། །སླར་ཡང་རྩིབས་བཅུ་གཉིས་པའི་འདབ་མ་ལྔ་པར་རུ་དང་དྲུག་པར་ཎ་དང་བདུན་པར་ ཡོའོ། །སླར་ཡང་རྩིབས་བརྒྱད་པའི་ནུབ་ཀྱི་འདབ་མར་དའོ། །སླར་ཡང་རྩིབས་བཅུ་གཉིས་ པའི་བརྒྱད་པར་ནི་དང་དགུ་པར་ར་དང་བཅུ་པར་ཡའོ། །སླར་ཡང་རྩིབས་བརྒྱད་པའི་བྱང་དུ་ ཀྵེའོ། །སླར་ཡང་རྩིབས་བཅུ་གཉིས་པའི་བཅུ་གཅིག་པར་ཙྩ་དང་བཅུ་གཉིས་པར་ནིའོ། །དེ་ བཞིན་དུ་རྩ་བའི་རྒྱུད་ལས་གསུངས་པ། ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་ར་མ་ཡ་ཞེས་(པ་འདི་མན་ངག་བཞིན་དུ་འཁྲུལ་འཁོར་ཀླགས་པ་ལ་ཤེས་) སོ། །གཅིག་བདག་པོ་ཡིས་(དབུས་སུ་ཏེ་ལྷག་མ་)ཡི་གེ་བཅུ་དྲུག་པོ་རྣམས་འདབ་མ་བཅུ་དྲུག་ལའོ། ། དེ་ལྟར་དབུས་སུ་རབ་འགྱུར་ཡ་མ་རཱ་ཛཱ་ས་དོ་མེ་རུ་ཎ་ལས་ཡོའོ། །དེ་ནས་སྙིང་པ་ནི་རྩིབས་ ཀྱི་དབུས་ནས་ད་ནི་ར་ཡ་ཀྵེ་ཙྪ་དེ་ནས་མཐར་ནི་ནི་རུ་འགྱུར་ཞེས་པ་རྩིབས་བརྒྱད་པ་དང་ རྩིབས་བཅུ་གཉིས་པ་ལ་ངེས་པའོ། །དེ་ནས་རྩིབས་བཅུ་དྲུག་པ་ལ་བསྒྲུབ་བྱའི་མིང་གི་བར་ བར་གྱི་འདབ་མ་ལ་སྔགས་འདི་བྲི་བར་བྱའོ། །ༀ་(རྟོག་པ་བདུན་པ་ནས་འབྱུང་བ་ལྟར་སྔགས་བཏུས་པ་ལ་ ཧྲཱིཿཥྟཱིཿ ཞེས་པ་དང་ཧཱུྃ་གཅིག་ལས་མི་ཐོབ་ནའང་འདིར་རྒྱ་དཔེ་ལ་ཧྲཱིཿཥྟཱིཿ ལ་ཐིག་ལེ་དང་ཧཱུཾ་གཉིས་སྣང་)ཧྲཱིཿཥྟཱིཿ བི་ཀྲི་ཏཱ་ན་ན་ (རྣམ་པར་རྒྱལ་བའི་ཞལ་ཅན་)ཧུྃ་ཧཱུྃ་ཕཊ་ཅེས་པའོ། ༡༨༨ ། དེ་ལྟར་རེ་མིག་ནས་ནི་རེ་མིག་བར་ལ་འགྱུར་ཏེ་མི་ཡི་བདག་པོ་བསྒྲུབ་བྱའི་མིང་དང་ སྔགས་འདིའོ། །དབྱེ་དང་བསད་དང་དབང་ལ་ཞེས་པ་ནི་འདིར་དབྱེ་བ་ལ་དབུས་སུ་ལྷག་ པའི་ལྷ་ཡ་དང་བསད་པ་ལ་མ་དང་དབང་ལ་རཱ་〔དབུས་སུ་〕རབ་ཏུ་འགྱུར་རོ། །དེ་བཞིན་དུ་ ཀྵེ་ད་མེ་དོ་སཙྩ་སོགས་ཞེས་པ་ནི་འདིར་རེངས་པ་ལ་〔དབུས་སུ་〕ཀྵེ་དང་དགུག་པ་ལ་ད་དང་ རྨོངས་པ་ལ་མེ་དང་སྟོབས་བྱེད་པ་ལ་དོ་དང་ཞི་བ་ལ་ས་དང་བསྐྲད་པ་ལ་ཙྩ་དང་རིམས་བྱེད་ པ་ལ་ཎ་དང་བསྐྱོད་པ་ལ་རུ་དང་བརྒྱལ་བ་ལ་ཛཱ་དང་གདུང་བ་ཞི་བར་བྱེད་པ་ལ་ཡོ་དང་དགྲ་ 4-1-165 བཟློག་པ་ལ་ནིའོ། །དེར་ནི་སྙིང་པོ་དག་ནས་ཡ་ཡིག་འགྲོ་སྟེ་ཡོན་ཏན་དབང་གིས་ཞེས་པ་ནི་ འདིར་ལས་ཀྱི་རང་བཞིན་གྱིས་ཡི་གེ་གང་ཞིག་སྙིང་པོར་བདག་པོར་གྱུར་པ་དེའི་གནས་སུ་ ཡ་ཡིག་བྲི་བར་བྱའོ། །ཕྱི་རོལ་ཐམས་ཅད་སྔ་མ་བཞིན་ཏེ། གཤིན་རྗེ་མཐར་བྱེད་ཀྱི་འཁྲུལ་ འཁོར་གྱི་ངེས་པའོ། ༡༨༩ ། ༈ དེ་ནི་འཇམ་དཔལ་གྱི་འཁྲུལ་འཁོར་གསུངས་པ་ཡི་གེ་རྣམས་ཀྱི་ཞེས་པ་ལ་སོགས་ པ་སྟེ་འདིར་ཡི་གེ་རྣམས་ཀྱི་ཡན་ལག་མཆོག་ལས་ཞེས་པ་ནི་ཡི་གེ་རྣམས་ཀྱི་མགོ་བོ་ལ་ཐིག་ ལེའོ། །ཡན་ལག་མཆོག་དེ་ལས་མདུན་དུ་དབྱངས་ཀྱིས་(རྗེས་སུ་ང་རོ་ལ་)འཁྱུད་པ་དག་མ་རུ་ རབ་ཏུ་འགྱུར་ཏེ། རྗེས་སུ་ང་རོ་དབྱངས་ཨ་ཡིག་གིས་འཁྱུད་པ་ནི་མ་རུ་འགྱུར་རོ། །གཞན་ ཡང་ཀ་ཡིག་ལ་སོགས་པའི་ཡི་གེ་རྣམས་ཀྱིས་འཁྱུད་པ་ནི་སྡེ་མཐའ་ཞེས་པ་ང་ཉ་ཎ་མ་ནན་ རྣམས་སུ་འགྱུར་ཏེ་རྡོ་རྗེ་རིགས་ཀྱི་དབང་གིས་ལྔ་པ་ཧཾ་དང་སཾ་དུ་གསུངས་སོ། །དེའི་ཕྱིར་ ཐིག་ལེ་ནི་བདག་གོ་རྣམ་པར་བཅད་པ་ཐིག་ལེ་གཉིས་ཀྱིས་དབྱངས་མཆོག་སྦྱར་བ་ལ་ནི་ ཞེས་པ་ཨ་ཡིག་གཉིས་ཀྱི་དབུས་སུ་(རྣམ་པར་བཅད་པ་)འདི་ཡང་བདག་གི་ཤེས་རབ་ཡི་གེ་ཨུ་རུ་ འགྱུར་རོ། །དེ་ལྟར་མཾ་ཞེས་པ་ནི་ཐབས་ཏེ་མུཿཞེས་པ་ནི་ཤེས་རབ་པོ། །དེ་བཞིན་དུ་ཧཾ་ཧུཿསཾ་ སུཿམཾ་ཛུཿཞེས་པ་ཡི་གེ་བརྒྱད་པོ་རྣམས་(པད་མའི་)འདབ་མ་བརྒྱད་ལའོ། །ཉི་མའི་འདབ་མ་ལ་ ཞེས་པ་རྩིབས་(པད་མའི་)བཅུ་གཉིས་པའི་ཟླུམ་སྐོར་གཉིས་པ་ལ། ༡༩༠ ཕྱི་རོལ་ཏུ་འདབ་མ་དང་པོ་ལ་ཤྲཱི་(དཔལ་)དང་གཉིས་པ་ལ་བའོ། །དེ་བཞིན་དུ་རིམ་ པས་ཛྲ་གྷོ་ཥ་(རྡོ་རྗེ་དབྱིངས་)ས་མན་ཏ་བྷ་ཏྲ་〔ཀུན་ཏུ་བཟང་པོ་〕ཧཱུྃ་ཕཊ་ཅེས་པ་ཡི་གེ་བཅུ་གཉིས་ པོ་རྣམས་ཏེ། ལྷག་མ་ཐམས་ཅད་སྔར་བཞིན་ནོ། །བསྒྲུབ་བྱ་འདིར་ནི་ལྟེ་བ་ལ་སྟེ་ཞེས་པ་ ནི་བསྒྲུབ་བྱའི་མིང་གི་ཡི་གེ་དང་པོ་ལྟེ་བ་ལའོ། །དེ་ནས་བཟླས་པའི་དུས་སུ་དཔལ་ལྡན་ཞི་བ་ ལ་སོགས་ལ་བསྐུལ་ཞེས་པ་ནི་ༀ་ཤྲཱི་〔དཔལ་〕བཛྲ་〔རྡོ་རྗེ་〕གྷོ་ཥ〔དབྱངས་〕ས་མན་ཏ་(ཀུན་ཏུ་)བྷ་ 4-1-166 ཏྲ(བཟང་པོ་)ཆེ་གེ་མོའི་ཤཱན་ཏིཾ་〔ཞི་བར་〕ཀུ་རུ་ཀུ་རུ་(མཛོད་མཛོད་)ན་མཿདེ་བཞིན་དུ་རྒྱས་པ་〔དང་〕 ལ་སོགས་པ〔འི་སྒྲས་བསད་པ་དང་དབྱེ་བ་དང་དབང་དུ་བྱ་བ་དང་དགུག་པ་〕་ལ་( གྲངས་བཞིན་ དུ་)སྭཱཧཱ〔དང་〕། ཕཊ་(དང་)ཧཱུྃ་(དང་)བ་ཥཊ་(དང་)བཽ་ཥཊ་(དང་)ཅེས་པ་མཐར་སྦྱིན་པར་བྱ་སྟེ་འཁྲུལ་ འཁོར་བྲི་བ་ལ་ཡང་མཐའི་འདབ་མ་ལའོ། །དེ་བཞིན་དུ་སྔར་བརྗོད་འཁོར་ལོ་རྣམ་དག་ལ་ ཡང་རྟག་ཏུ་བསྒྲུབ་བྱའི་མིང་ནི་བྲི་བར་བྱ་བར་འགྱུར། །འདི་རྣམས་ཐམས་ཅད་〔སྒྲུབ་པ་པོ་〕 བདག་གི་(དད་བརྩོན་དང་སྙིང་སྟོབས་ལ་སོགས་པའི་)དྲིན་ལས་རྒྱལ་བའི་བདག་པོའི་བཀའ་ཡིས་མི་ རྣམས་ཀྱིས་ནི་བསྒྲུབ་པར་འགྱུར། །ཞེས་པ་སྟེ་འཁྲུལ་འཁོར་བྲི་བའི་ཆོ་གའོ། ༡༩༡ ། དེ་ནས་ཚིགས་སུ་བཅད་པ་བརྒྱ་དགུ་བཅུ་རྩ་གཅིག་པའི་རྗེས་ལ་ཚིགས་སུ་བཅད་པ་ བཞི་བཅུ་ནི་གོ་སླ་སྟེ། སྒྲ་ནི་གང་ཞིག་ཅེས་པ་ལ་སོགས་པ་ནས་ཕོ་ཉ་མོ་རྣམས་དག་ལ་ཟས་ ཕུད་ཅེས་པའི་ཚིགས་སུ་བཅད་པའི་མཐར་ཐུག་པ་ཚིགས་སུ་བཅད་པ་འགའ་ཞིག་ནི་གོ་སླ་ ཞིང་(འདིར་འཁོར་ལོ་དྲུག་ལ་ཡན་ལག་དྲུག་དགོད་པར་གསུངས་པ་དགོངས་པ་ཅན་དུ་སྟོན་པ་དང་བླ་མ་དམ་པ་མཉེས་པར་ བྱ་བ་དང་གཏོར་མ་དང་རིགས་དྲུག་དགོད་པ་ལ་སོགས་པ་)ཚིགས་སུ་བཅད་པ་འགའ་ཞིག་ནི་དགོས་པའི་ དབང་གིས་དབང་གི་ལེའུར་ཁ་བསྐངས་ཏེ་བརྗོད་ཟིན་ཏོ〔འགའ་ཞིག་ནི་ཡེ་ཤེས་ལེའུ་ལས་ འཆད་པར་འགྱུར་རོ〕། ༢༣༡ ། ༈ (བདུན་པ་མངོན་སུམ་དང་ལྐོག་ཏུ་གྱུར་པའི་སེམས་བསྒོམ་པའི་ངོ་བོ་ཉིད་ཀྱིས་གནས་པ་)ད་ནི་འཇིག་རྟེན་ དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་སླད་དུ་ལྷའི་དམིགས་པ་གསུངས་པ་ལྷའི་ ཞེས་པ་ལ་སོགས་པ་སྟེ་འདིར་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་རྣལ་འབྱོར་པ་ རྣམས་ཀྱི་ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་ འགྱུར་བ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དེ་དག་ལས་མངོན་སུམ་གང་ཡིན་པ་དག་ ནི་དེ་(ཁོ་ན་)ཉིད་(ཀྱི་)སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་འགྱུར་ཏེ་སྐར་མའི་ཚོགས་བཞིན་ 4-1-167 དུ་(རྣམ་པ་)དུ་མ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པ་ནི་〔དོན་དམ་པའི་ལོངས་སྐུ་སྟེ་རྟེན་ཅིང་ འབྲེལ་འབྱུང་གི་དབང་པོའི་ཡུལ་ལས་འདས་ཤིང་〕ཤ་ལ་སོགས་པའི་མིག་གིས་བཟུང་བར་ བྱ་བ་〔འོད་གསལ་ཆོས་ཀྱི་དབྱིངས་〕སྲིད་པ་གསུམ་དང་དུས་གསུམ་(གྱི་རྣམ་པ་པྲ་ཕབ་པ་དང་)རྨི་ ལམ་དང་སྒྱུ་མ་དང་མཚུངས་པ(ས་དང་ཆུ་ལ་སོགས་པའི་རྣམ་པར་སྣང་ཡང་དེ་དང་དེའི་དངོས་པོར་མ་གྲུབ་པ) འོ། །འདིར་〔སྦྱོར་བ་ཡན་ལག་དྲུག་བསྒོམ་པའི་དུས་〕དང་པོ་ལས་དང་པོ་(སོ་སོར་སྡུད་)པའི་རྣལ་ འབྱོར་པས་མངོན་པར་ཤེས་པ་མེད་པ(རྣལ་འབྱོར་པའི་ལམ་གྱིས་བསྡུས་པ)ར་ཤའི་མིག་གིས་(ཆོས་ཉིད་ འོད་གསལ་)སྣ་ཚོགས་(སྟོང་གཟུགས་ཀྱི་རྣམ་པ་)མཐོང་ངོ༌། །དེ་ནས་(བསམ་གཏན་གྱི་འབྲས་བུ་རྣལ་འབྱོར་པས་) མངོན་པར་ཤེས་པ(ཐོབ་པ)འི་མཚམས་ཀྱི་དབང་གིས་〔མིག་གི་འབྱེད་འཛུམ་མེད་པར་འགྱུར་ ཏེ་དེའི་ཚེ་〕ལྷའི་མིག་གིས་(སྣ་ཚོགས་སྟོང་གཟུགས་)མཐོང་ངོ༌། །དེ་ནས་〔བླང་དང་དོར་བྱ་སྤངས་ པའི་ཕྱིར། །ཐམས་ཅད་ལ་སྙོམས་སྙོམས་པའི་ཕྱིར། །ཙན་དན་སྟེང་དུ་མཚུངས་པ་ལ། །ཆགས་ བྲལ་ཞེས་ནི་བརྗོད་པ་ཡིན། །ཞེས་ཚད་མ་རྣམ་འགྲེལ་དུ་གསུངས་པ་ལྟར། བདག་ལ་〕ཆགས་ པ་དང་བྲལ་བའི་(ས་དང་པོ་ཐོབ་ནས་བདུན་པའི་བར་གྱི་)མཚམས་ཀྱི་དབང་གིས་(སངས་རྒྱས་དང་འདྲ་བས་ སངས་རྒྱས་སུ་བཏགས་པའི་)སངས་རྒྱས་ཀྱི་སྤྱན་གྱིས་(སྟོང་པ་ཉིད་ཀྱི་གཟུགས་)གཟིགས་སོ། །དེ་ནས་ 〔དག་པའི་ས་གསུམ་ལ་གནས་པའི་〕བྱང་ཆུབ་སེམས་དཔའི་མཚམས་ཀྱི་དབང་གིས་(རྣམ་པར་མི་ རྟོག་པ་ལ་དབང་ཐོབ་པའི་)ཤེས་རབ་ཀྱི་སྤྱན་གྱིས་〔སྟོང་པ་ཉིད་ཀྱི་གཟུགས་〕གཟིགས་སོ། །དེ་ནས་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་(ས་བཅུ་གཉིས་པ་ཐོབ་པའི་)མཚམས་ཀྱི་ཐུགས་ཀྱི་དབང་ གིས་(ཡེ་ཤེས་མིག་གཅིག་དྲི་མ་མེད་ཞེས་གསུངས་པའི་)ཡེ་ཤེས་ཀྱི་སྤྱན་གྱིས་〔སྟོང་པ་ཉིད་ཀྱི་གཟུགས་〕 གཟིགས་(ཤིང་ཐམས་ཅད་མཁྱེན་པས་སྤྱན་གྱིས་མ་གཟིགས་པ་ཅུང་ཟད་ཀྱང་མེད་)ཏེ་(ཕུང་པོ་)ལྷག་མ་ཀུན་ལས་ རྣམ་གྲོལ་ཞིང་(ནམ་མཁའི་ལམ་ལ་རབ་གནས་པ་)ཞེས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་(ལམ་ དང་འབྲས་བུའི་)ཤ་ལ་སོགས་པའི་སྤྱན་ལྔ་པོ་རྣམས་ནི་སྟོང་པ་ཉིད་(རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་རང་ 4-1-168 བཞིན་འོད་གསལ་ཆོས་ཀྱི་དབྱིངས་)གཟིགས་པའི་སླད་དུ་སྟེ་(སྤྱན་ལྔ་དང་མི་ལྡན་པའི་)སེམས་ཅན་གཞན་ རྣམས་ནི་སྟོང་པ་ཉིད་ལྟ་བའི་ཡུལ་ལ་དམུས་ལོང་ངོ༌། །འདི་རྣམས་ཀྱི་རྒྱས་པ་ནི་མཆོག་ཏུ་མི་ འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱ་སྟེ་དེ་ཁོ་ན་ཉིད་(དོན་དམ་པའི་བདེན་པའི་ལྷ་)བསྒོམ་ པའི་ངེས་པའོ། །དེ་ཁོ་ན་ཉིད་མ་ཡིན་པ(ཀུན་རྫོབ་ཀྱི་ལྷ)འི་སྒྲུབ་པ་(བསྐྱེད་རིམ་)ལ་〔དོན་དམ་པའི་ ལྷ་〕མངོན་སུམ་(དུ་སྣང་བ་)མིན་ན་རྗེས་སུ་དཔག་པ་(སྟེ་ལྐོག་གྱུར་གྱི་ཚུལ་གྱིས་བསྒོམ་པ་ནི་)ཤི་བའི་ལུས་ བཞིན་〔ལྷའི་རྣམ་པ་ཙམ་〕དེ་〔ཁོ་ན་〕ཉིད་མིན་པ་(རྟོག་པ་)ཡིས་ནི་བརྟག་པ་གང་(ཡིན་པ་བསྒོམ་པའི་ ཚུལ)། །དེ་ནི་རི་མོ་སོགས་ལ་བལྟ་བྱ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་སྐུ་གཟུགས་རི་མོར་བྱས་པ་དང་ལུགས་མའམ་དཀྱིལ་འཁོར་གྱི་འཁོར་ལོ་བྲིས་ནས་〔དེ་ཇི་ ལྟ་བ་བཞིན་དུ་〕ངེས་པའི་རྣམ་པར་བལྟ་བར་བྱ་སྟེ་(ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ ཉིད་ལ་མི་མོས་པ་)བྱིས་པའི་རྣལ་འབྱོར་བ་(དབང་བ་དང་སྐལ་བ་)དམན་པ་རྣམས་ཀྱི་བསྒོམ་པའི་དོན་ དུའོ་ཞེས་པ་〔བསྐྱེད་རིམ་〕རྣམ་པར་རྟོག་པའི་བསྒོམ་པའི་ངེས་པའོ། ༢༣༢ ། ༈ ད་ནི་རྣམ་པར་རྟོག་པའི་བསྒོམ་པའི་ཐབས་གསུངས་པ་གཟུགས་ཞེས་པ་ལ་ སོགས་པ་སྟེ་འདིར་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་ཀྱི་ནུས་པས་གཟུགས་ ཞེས་པ་ལྷ་གཅིག་གམ་དཀྱིལ་འཁོར་བྲིས་སྐུར་བྲིས་པ་བསྒོམ་པར་བྱ་སྟེ་དང་པོར་བྲིས་སྐུ་ལ་ ནི་དེ་〔ཁོ་ན་〕ཉིད་མིན་པས་རང་(གི་)སེམས་(ཀྱིས་ལྷའི་རྣམ་པ་བརྟགས་པ་)བསྒོམས་པར་བྱ་ཞེས་སོ། ། དེ་ཁོ་ན་ཉིད་ཀྱིས་ཀྱང་ནམ་མཁའ་ལ་ནི་དེ་〔ཁོ་ན་ཉིད་〕ཉིད་(ཀྱི་)སྦྱོར་བ་དག་གིས་ཞེས་པ་ (དོན་དམ་དམིགས་བཅས་)སྟོང་པ་ཉིད་དང་(དམིགས་མེད་)སྙིང་རྗེ(མངོན་སུམ་དུ་བྱེད་པའི་སྦྱོར་བ)འི་(ཐབས་རོ་རྐྱང་ གི་རླུང་དབུ་མར་གཅིག་ཏུ་)སྦྱོར་བས་རང་(གི་)སེམས་(ཀྱི་འོད་གསལ་)མ་ཚང་མེད་པ་མཐའ་དག་(པྲ་ཕབ་ པ་ལྟར་མངོན་སུམ་དུ་)མཐོང་གྱུར་པ་ཞེས་པ་རྣམ་པ་ཐམས་ཅད་པ་སྟེ་〔ལྷའི་〕གཟུགས་དང་དཀྱིལ་ འཁོར་གྱི་འཁོར་ལོར་(རྟོག་པས་)བརྟགས་པ་མེད་པའི་ཕྱིར་རོ། །དེ་ལྟར་གཟུགས་ལ་སོགས་པ་ 4-1-169 བྲིས་སྐུར་བྲིས་པ་བརྟགས་པའམ་སྟོང་པ་ཉིད་ཀྱི་གཟུགས་མ་བརྟགས་པ་ལོ་ཡི་ཕྱེད་དམ་ལོ་ གཅིག་བླ་མའི་ངེས་པའི་དབང་གིས་ཇི་སྲིད་ཉིད་དུ་(རྣལ་འབྱོར་པ་)རང་(གི་)སེམས་(ཏིང་ངེ་འཛིན་ལ་མི་ གཡོ་བར་)བརྟན་པར་གྱུར་གྱི་བར་དུའོ། །དེ་ནས་ཕྱག་རྒྱས་སྦྱོར་བས་ཞེས་པ་ནི་འདིར་སོ་སོར་ སྡུད་པ་དང༌། བསམ་གཏན་དང་སྲོག་རྩོལ་དང་འཛིན་པའི་སྟོབས་ཀྱིས་རང་(གི་)སེམས་(ཏིང་ངེ་ འཛིན་ལ་མི་གཡོ་བར)བརྟན་པ་སྐྱེས་〔སྟེ་ཐོབ་〕པར་གྱུར་པ་ན། དེ་ནས་(རྗེས་དྲན་གྱི་སྐབས་སུ་ལས་ཀྱི་)ཕྱག་ རྒྱའི་སྦྱོར་བས་(འགྱུར་མེད་བདེ་བའི་སྐད་ཅིག་འཕེལ་བར་བྱེད་པ་ལ་)ཉིན་ཞག་འགའ་ཞིག་རྣམས་ཀྱིས་ ཞེས་པ་ནི་དུས་ཀྱི་འཁོར་ལོའི་(ལོ་གསུམ་ཕྱོགས་གསུམ་གྱི་)ཉིན་ཞག་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་ བཅུ་གཅིག་གིས་སོ་ཞེས་པ་ངེས་པ་སྟེ་ཉིན་ཞག་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་〔ཐིག་ལེ་〕 འགྱུར་བ་མེད་པ་ཉིད་དུ་རབ་ཏུ་འགྱུར་ཏེ་(འཕོ་བའི་)དྲི་མ་མེད་པ་ཉིད་དུ་འགྱུར་(ཞིང་བདེ་བའི་སྐད་ ཅིག་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་རྫོགས་ཏེ་ས་བཅུ་གཉིས་ཐོབ་པར་འགྱུར་)རོ་ཞེས་འབྲེལ་ལོ། ། ༈ འདིར་བྲིས་སྐུ་དང་སྐུ་གཟུགས་དང་གླེགས་བམ་བྲི་བའི་སླད་དུ་ཉེ་གནས་ཆོས་སྨྲ་བ་ བཙལ་བར་བྱ་སྟེ་དེས་བྲིས་སྐུ་དང་སྐུ་གཟུགས་དང་གླེགས་བམ་ལ་སོགས་པ་(ལྷ་སྐུུ་)བྱ་སྟེ་དྲག་ པོ་དང་ཞི་བའི་(རྣམ་པའི་)བྱ་བས་སོ། །སྔར་(རབ་གནས་ཀྱི་སྐབས་སུ་)གསུངས་པའི་(ཆོ་ག་རབ་གནས་བྱ་ སྟེ་)མཆོད་ཡོན་ལ་སོགས་པ་ཕུལ་ནས་(རྡོ་རྗེ་)སློབ་དཔོན་ལ་མཆོད་པ་བྱའོ། །དགེ་འདུན་(སྡེ་ གཉིས་)ལ་མཆོད་སྟོན་དང་ཚོགས་ཀྱི་འཁོར་ལོ་དབུལ་བར་བྱའོ། །(ཕྱིས་)རབ་གནས་ཀྱི་དུས་ ཀྱི་ཆོ་ག་ཇི་ལྟ་བ་དེ་བཞིན་དུ་(སྔོན་དུ་)མཆོད་ཡོན་དབུལ་བའི་དུས་སུ་ཡང་ཇི་ལྟར་ནུས་པས་ (མཆོད་སྟོན་དང་ཚོགས་ཀྱི་འཁོར་ལོ་)བྱའོ་ཞེས་པ་ནི་ངེས་པའོ། ༢༣༣ ། ༈ ད་ནི་〔རྒྱུད་གཞན་རྣམས་སུ་དབང་བཞི་པའི་དོན་སྦས་པའི་〕རྡོ་རྗེའི་ཚིག་གི་ངེས་པ་ གསུངས་པ་རྒྱུད་ཀྱི་རྒྱལ་པོ་ཞེས་པ་ལ་སོགས་པ་སྟེ་འདིར་རྒྱུད་ཀྱི་རྒྱལ་བོ་ཐམས་ཅད་ལས་ནི་ ཞེས་པ་(དཔལ་གསང་བ་)འདུས་པ་ལ་སོགས་པ་ཐབས་ཀྱི་རྒྱུད་དང་འཁོར་ལོ་སྡོམ་པ་ལ་སོགས་ 4-1-170 པ་ཤེས་རབ་ཀྱི་རྒྱུད་ལས་ངེས་པར་རྡོ་རྗེའི་ཚིག་(གི་དོན་)སྔར་(ལེའུ་འདི་ཉིད་ཀྱི་ཚིགས་བཅད་བརྒྱ་གོ་ དགུ་པ་ལ་སོགས་ཀྱིས་)གསུངས་པ〔ཕྱག་རྒྱ་ཆེན་པོ〕འི་མི་འགྱུར་བའི་བདེ་བ་དེ་བཅོམ་ལྡན་འདས་ ཀྱིས་རྣལ་འབྱོར་པ་རྣམས་དག་ལ་གསུངས་ཏེ་དེ་བཞིན་དུ་གསུངས་པ། འདི་ལྟར་སངས་ རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་ མཆོག །དོན་ཆེན་འགྱུར་མེད་དམ་པ་ཡིན། །སྲོག་ཆེན་པོ་ནི་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་ སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཚིགས་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་ པ་ལ་སོགས་པ་ནས་ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་ཅེས་པའི་མཐར་ཐུག་པ་ཚིགས་སུ་བཅད་ པ་དྲུག་ཅུ་རྩ་གཉིས་ལྷག་པའི་བརྒྱས་མཚན་ཡང་དག་པར་བརྗོད་པ་ལས་(སངས་རྒྱས་ཐམས་ ཅད་ཀྱི་དོན་དམ་པའི་)ཡེ་ཤེས་ཀྱི་སྐུ་གསུངས་པ་དེ་ཉིད་ནི་(དཔལ་འདུས་པ་ལ་སོགས་པའི་)རྡོ་རྗེའི་ཚིག་ ཏུ་གསུངས་ཏེ། དེ་ཉིད་ནི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་བྱིས་པ་རྣམས་ནི་〔དབང་སྐུར་མེད་ པར་རྒྱུད་འཆད་པ་དང་རྫས་ཀྱི་དོན་དུ་ཆོས་འཚོང་བ་ལ་སོགས་པའི་འཇུག་པ་བཀག་ནས་ བླ་མའི་སྲི་ཞུ་ནོད་པ་ལ་སོགས་པས་〕སྨིན་པར་བྱེད་པའི་དོན་དུ་མཆོག་གི་ཐུགས་རྗེ་དག་གིས་ སྣ་ཚོགས་གཙོ་བོ(རྡོ་རྗེ་སེམས་དཔའ་ཤཱཀྱ་ཐུབ་པ)ས་སྦས་ཏེ་བྱིས་པ་རྣམས་ལ་〔དབང་བཞི་པའི་དཔེ་ དབང་གསུམ་པའི་ཡེ་ཤེས་〕དབང་པོ་གཉིས་ཀྱི་བདེ་བ་རབ་ཏུ་བསྟན་ཏོ། ། ༈ དེའི་ཕྱིར་(རྒྱུད་གཞན་རྣམས་སུ་གསུངས་པའི་)རྡོ་རྗེའི་ཚིག་དེ་ནི་〔རྒྱུད་འདིས་〕དབྱེ་བ་བྱས་ནས་ ཉིན་ཞག་སོ་སོའི་དུས་སུ་སྟེ་ཉིན་དང་མཚན་མོར་(ནམ་མཁའ་ལ་ལྟ་བའི་)རྣལ་འབྱོར་པ་ཡིས་སྔར་ གསུངས་པ(ཤ་ལ་སོགས་པ)འི་མིག་གིས་བསྒོམ་པར་བྱ་སྟེ། 〔དགོས་པ་ཅིའི་དོན་དུ་ན་〕ཕྱག་རྒྱའི་ དངོས་གྲུབ་དོན་སླད་ཅེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སླད་དུའོ། །(ཕྱག་རྒྱ་ཆེན་པོ་)དེ་ཅི་ ཞིག་ཅེ་ན་དེ་ནི་རྒྱལ་བ་མཆོག་(མི་བསྐྱོད་པ་ལ་སོགས་པ་དག་)གི་སྐྱེད་མཛད་གཞོམ་དུ་མེད་པ་(རྡོ་རྗེ་ སེམས་དཔའ་དང་པོའི་སངས་རྒྱས་)དུས་ཀྱི་འཁོར་ལོའོ། །ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ་ 4-1-171 རྫོགས་པའི་སངས་རྒྱས་ཀྱི་གནས་ཐོབ་པའི་སླད་དུ་(རྒྱུད་འདིར་གསལ་བར་གསུངས་པ་ལ་བརྟེན་ནས་) རྒྱུད་གཞན་ཐམས་ཅད་ལས་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱའོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་སྣ་ཚོགས་པའི་སྒྲུབ་ཐབས་ཀྱི་ མདོར་བསྡུས་ཆེན་པོ་སྟེ་ལྔ་པའོ(དང་པོའི་སངས་རྒྱས་ཡེ་ཤེས་ལྔའི་བདག་ཉིད་སྟོང་པ་ཆེན་པོ་འགྱུར་མེད་ལྔ་མཚོན་ པའི་མདོར་བསྡུས་ཆེན་པོ་ལྔའི་ངོ་བོ་ཉིད་ཀྱིས་གནས་པའོ)།། ༢༣༤ །།སྒྲུབ་ཐབས་ལེའུ་ཡི་རྒྱས་འགྲེལ་རྫོགས་ སོ།། ༒ །། 4-1-172 ༄༅། །ཕྱོགས་ལས་རྣམ་རྒྱལ་གྱིས་མཆན་གྱིས་གསལ་བར་ མཛད་པའི་རྒྱུད་འགྲེལ་ལས་ཡེ་ཤེས་ལེའུ་ ཞེས་བྱ་བ་བཞུགས་སོ། ། ༄༅༅། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཤཱཀྱ་ཐུབ་པ་གང་གིས་ 〔སྔོན་ལམ་དུས་སུ་〕ཡིད་ལས་བྱུང་(བ་བྱང་སེམས་ཐིག་ལེ་)རྣམས་(བཞི་པའི་)ཤེས་རབ་ཡེ་ཤེས་(བསྒོམ་ པའི་)སྟོབས་ཀྱིས་(དུས་སྦྱོར་བཅུ་གཉིས་ཀྱི་རླུང་རྣམས་རིམ་གྱིས་འགགས་ནས་)རང་ཉིད་ཀྱི། །རྡོ་རྗེ་(ནོར་བུ་) ནས་བཀུག་(སྟེ་)རང་གི་དཔྲལ་བ(འི་བར་)དང་ནི་(དེ་ནས་)རྡོ་རྗེ་གཙུག་ཏོར་ཆེན་པོར་དྲངས་གྱུར་ པ(མི་འགྱུར་བའི་བདེ་བའི་སྐད་ཅིག་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་རྫོགས་པས)། །གང་གིས་(སོ་སོ་རང་རིག་ཡེ་ཤེས་ཀྱིས་) དམིགས་(པ་དང་)བཅས་(ཤིང་གཟུགས་སོགས་ཀྱི་རྣམ་པར་སྣང་ཡང་གཟུགས་སོགས་ཀྱི་)རྡུལ་མེད་(པ་རྣམ་ཀུན་ མཆོག་ལྡན་གྱི་)སྟོང་པ་ཉིད་དང་(རྟོག་པ་དང་བྲལ་ཞིང་)དམིགས་པ་མེད་པའི་སྙིང་རྗེ་བཟང་པོ་(དབྱེར་མེད་ པའི་སྐུ་བརྙེས་པ་)ཡིས། །ལྷ་(དང་)མི་(དང་)ལྷ་མིན་(དང་)ཀླུ་(ལ་སོགས་པ་འགྲོ་བ་)ཡི་བླ་མ་(ཁམས་གསུམ་) ཀུན་གྱི་སྟོན་པ་(ཟླ་མེད་པ་)གཅིག་པོ་དེ་ལ་ཕྱག་འཚལ་ལོ། །(དང་པོའི་སངས་རྒྱས་)གང་ལ་(སད་པའི་ གནས་སྐབས་)རྒྱུ་(ལུས་ཀྱི་ཐིག་ལེ་)དང་(རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པ་ངག་གི་ཐིག་ལེ་དང་སྲོག་གི་)མཚན་ ཉིད་མེད〔ཅིང་〕། །(སེམས་)གཡོ་(བ་)དང་དེ་བཞིན་(དུ་ཐིག་ལེ་བཞི་)རིམ་(པར་འཕོ་བ་)མེད་པས། །(ཀཱ་ ཡིག་ལས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་ལས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པ་བཅིང་ལས་སོ། །ཞེས་ པ་ལྟར་)ཀཱ་ལ་ཙ་ཀྲར་མངོན་བརྗོད་པ། །གཉིས་མེད་(ཡེ་ཤེས་ཀྱི་སྐུ་)དེ་ལ་བཏུད་བྱས་ཤིང༌། །གང་ 4-1-173 ཞིག་ཀཱ་སོགས་ཡི་གེ་(བཞི་པོ་)རྣམས་ཀྱིས་(གྲངས་བཞིན་དུ་དོན་དམ་པའི་)སྤྲུལ་པ(འི་སྐུ་སྟོང་གཟུགས་)དང༌། ། (དོན་དམ་པའི་)ལོངས་སྤྱོད་རྫོགས་(སྐུ་གཞོམ་མེད་ཀྱི་སྒྲ་བརྙན་)དང་(དོན་དམ་ཟག་མེད་ཀྱི་ཆོས་ཀྱི་ཕུང་པོ་)བཟང་ པོའི་ཆོས་(སྐུ་)དང་(འཕོ་བའི་བག་ཆགས་ཀྱིས་)དག་པ་(ལྷན་ཅིག་སྐྱེས་པ་)ཡི། །སྐུ་བཞི་(སེམས་ཅན་གྱིས་ཐོབ་ པར་བྱ་བའི་ཕྱིར་དུ་)གསུངས་པ(ར་མཛད་པ་)དང་པོའི་སངས་རྒྱས་རིས་མེད་པ། །དེ་བཞིན་གཤེགས་ པ་དེ་ལ་སྤྱི་བོས་རབ་བཏུད་ནས། །བདེ་བར་གཤེགས་པས་ལུང་བསྟན་ཅིང༌། །འཇམ་དཔལ་ གྱིས་ནི་བསྐུལ་གྱུར་པས། །དྲང་སྲོང་རྣམས་དང་འགྲོ་ཀུན་གྱིས། །བསོད་ནམས་ཡེ་ཤེས་ འབྲས་ཐོབ་སླད། །དཔལ་ལྡན་ཡེ་ཤེས་ལེའུ་ཡི། །རྒྱས་འགྲེལ་འཇིག་རྟེན་དབང་པོ་ནི། །ཆུ་ སྐྱེས་འཛིན་པའི་སྤྲུལ་པའི་སྐུ། །པད་མ་དཀར་པོ་བདག་གིས་བྲི(བར་བྱའོ)། ། ༈ འདིར་(ཀཻ་ལ་ཤའི་སྟེང་དུ་ཤམ་བྷ་ལའི་ཡུལ་གྱི་གཙོ་བོ་)དཔལ་ལྡན་ཀཱ་ལ་པའི་གྲོང་གི་ལྷོ་མ་ལ་ ཡི་སྐྱེད་མོས་ཚལ་གྱི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་(གནས་ སུ་ཡང་ཟེར་)མཐར་(གནས་ཕུན་སུམ་ཚོགས་པ་)རིན་པོ་ཆེའི་སྒོ་ཁྱམས་ན་ནོར་བུ་རིན་པོ་ཆེ་ཆེན་པོའི་ སེང་གེའི་ཁྲི་ལ་བཞུགས་པ(འི་སྟོན་པ་པོ་)འཇམ་དཔལ་གྱི་སྤྲུལ་བའི་སྐུ་མི་ཡི་དབང་པོ་གྲགས་པ་ ལ་(ཞུ་བ་པོ་)ཚངས་པའི་དྲང་སྲོང་ཉི་མའི་ཤིང་རྟས་གསོལ་བ་བཏབ་པར་གྱུར་པས་(ཆོས་ཕུན་སུམ་ ཚོགས་པ་)མཆོག་གི་དང་པོའི་སངས་རྒྱས་ལས་ཡེ་ཤེས་ཀྱི་ལེའུ་ལ་ཟླ་བ་བཟང་པོས་གསོལ་བ་ བཏབ་པ་དང་དེ་བཞིན་གཤེགས་པའི་ལན་གྱི་གསུང་ཚིགས་སུ་བཅད་པ་དང་པོས་གསུངས་ པ། གཙོ་བོའི་སྒྲུབ་ཐབས་རྒྱལ་བ་མཆོག་དང་བཅས་པ་གང་ཞིག་ཁྱོད་ཀྱིས་གསུངས་པ་དག་ ནི་ཅུང་ཟད་ཤེས། །སླར་ཡང་བདག་ནི་ཉན་པར་འཚལ་ལོ་ལྷ་མིའི་བླ་མ་ཁམས་ཀྱི་དབྱེ་བ་ རྣམས་ཀྱིས་དཀྱིལ་འཁོར་དང༌། །སངས་རྒྱས་རྣམས་དང་རྣལ་འབྱོར་མ་རྣམས་དག་གི་རིགས་ དྲུག་ཨ་ལི་ཀ་ལི་དག་ལ་གནས་པ་ཉིད། །ཟླ་བ་བཟང་པོའི་ཚིག་གསན་ནས་ནི་རྒྱལ་བའི་ བདག་པོས་ཁམས་ཀྱི་དབྱེ་བས་དཀྱིལ་འཁོར་ལ་སོགས་གསུངས་ཞེས་པའོ། །འདིར་ཚིགས་ 4-1-174 སུ་བཅད་པ་དང་པོས་དང་པོའི་སངས་རྒྱས་ལས་ཟླ་བ་བཟང་པོས་གསོལ་བ་བཏབ་པ་དང་དེ་ བཞིན་གཤེགས་པས་ལན་གསུངས་པ་འཇམ་དཔལ་གྱིས་དོན་ལ་རྟོན་པ་ཉིད་ཀྱིས་ཡང་དག་ པར་བསྡུས་པ་དེ་ཉིད་རྒྱས་འགྲེལ་གྱིས་དགྲོལ་བར་བྱ་སྟེ་གཙོ་བོའི་ཞེས་པ་ལ་འདིར་སྒྲུབ་ ཐབས་ཀྱི་ལེའུ་ལས་གང་ཞིག་(དཀྱིལ་འཁོར་པ་རྣམས་ཀྱི་)གཙོ་བོ་〔གང་ཞིག་〕དུས་ཀྱི་འཁོར་ལོའི་ སྒྲུབ་ཐབས་དེ་བཞིན་གཤེགས་པ་〔ལྔ་ལ་སོགས་པའི་སྒྲུབ་ཐབས་〕དང་བཅས་པ་གང་ཞིག་ ཁྱོད་ཀྱིས་གསུངས་པ་དེ་ནི་བདག་གི་ཅུང་ཟད་ཤེས་ཏེ་དེའི་ཕྱིར་སླར་ཡང་བདག་ནི་ཉན་པར་ འཚལ་ལོ་ཀྱེ་ལྷ་མིའི་བླ་མ་ཤཱཀྱ་ཐུབ་པ་(ཞེས་བོད་པ་སྟེ་)ལུས་ལ་ཁམས་ཀྱི་དབྱེ་བ་རྣམས་ཀྱིས་ ཞེས་པ་(འཁོར་བ་པའི་)རུས་པ་ལ་སོགས་པའི་ཁམས་(འགོག་པའི་སྒོ་ནས་)རྣམ་པར་དག་པ་རྣམས་ ཀྱིས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དང་གཞན་ཡང་སངས་རྒྱས་རྣམས་ཀྱི་རིགས་དྲུག་ ཉན་པར་འཚལ་ཏེ་གང་ཞིག་ཨ་ལི་ཀ་ལི་དག་ལ་གནས་པ་ཞེས་པ་ནི་〔རྗོད་བྱེད་〕ཨ་ཡིག་ ལ་སོགས་པའི་དབྱངས་ལ་གནས་པ་དང་〔རྗོད་བྱེད་〕ཀ་ཡིག་ལ་སོགས་པའི་གསལ་བྱེད་ལ་ གནས་པ་(སྟེ་དབྱངས་གསལ་བྱེད་མཚུངས་པར་ལྡན་པ་རྣམས་ཀྱིས་བརྗོད་པ་)འཆད་པར་འགྱུར་བ་རྣམས་སོ། ། དེ་བཞིན་དུ་རྣལ་འབྱོར་མ་རྣམས་དག་གི་(རིགས་དྲུག་པོ་)དེ་དག་སྟེ་ཕུང་པོ་དྲུག་པོ་རྣམས་ཀྱི་ རིགས་དྲུག་ཇི་ལྟ་བ་དེ་བཞིན་དུ་ཁམས་དྲུག་པོ་རྣམས་ཀྱི་ཡང་(རྗོད་བྱེད་)ཨ་ལ་སོགས་པ་དང་ (རྗོད་བྱེད་)ཀ་ལ་སོགས་པ་ལ་གནས་པ་(སྟེ་དབྱངས་དང་གསལ་བྱེད་མཚུང་ལྡན་བརྗོད་པ)འོ། །ཟླ་བ་བཟང་ པོའི་ཚིག་འདི་གསན་ནས་ཏེ་དེ་ནས་རྒྱལ་པའི་བདག་པོ་ཞེས་པ་ལྷན་ཅིག་སྐྱེས་པ་ལ་སོགས་ པ་སྐུ་བཞིའི་བདག་ཉིད་(སྒྲིབ་བཅས་ཀྱི་ཕུང་པོ་སོགས་ལས་གཞན་)སྒྲིབ་པ་མེད་པའི་ཕུང་པོ་(དང་ཁམས་) ལ་སོགས་པ(དོན་དམ་གྱི་ལྷ་ཚོགས་པྲ་ཕབ་པ་ལྟ་བུ)འོ། །དེ་རྣམས་ཀྱི་བདག་པོ་ནི་〔བསྐྱེད་བྱ་སྐྱེད་བྱེད་ ངོ་བོ་དབྱེར་མེད་པའི་〕སྐྱེད་པར་བྱེད་པ་རྫོགས་པའི་སངས་རྒྱས་ཏེ་དང་པོའི་སངས་རྒྱས་སོ། ། 〔དེས་གང་གསུངས་ན་ཆོས་ཉིད་དོན་དམ་〕ཁམས་ཀྱི་དབྱེ་བས་དཀྱིལ་འཁོར་ལ་སོགས་ཞེས་ 4-1-175 པ་(དོན་དམ་ཆོས་ཉིད་ཀྱི་)རིགས་དྲུག་ལ་སོགས་པ་འཆད་པར་འགྱུར་པ་རྣམས་གསུངས་ཏེ་སྟོན་ པ་པོ་དང་གསོལ་བ་འདེབས་པ་པོའི་འབྲེལ་བ(བསྟན་པ)འོ། །ཚིགས་སུ་བཅད་པ་འདི་ལ་རྐང་ པ་གསུམ་གྱིས་ཟླ་བ་བཟང་པོས་གསོལ་བ་བཏབ་པའོ། །རྐང་པ་བཞི་པ་ནས་བརྩམས་ཏེ་ཇི་ སྲིད་ལེའུ་ཡོངས་སུ་རྫོགས་པ་དེ་སྲིད་ནི་དེ་བཞིན་གཤེགས་པའི་ལན་གྱི་གསུང་སྟེ་རྒྱུད་འདི་ ལ་སླར་ཡང་གསོལ་བ་གདབ་པ་མེད་དོ། །ཞེས་པ་ནི་ངེས་པའོ། ༡ ། ༈ (ཡེ་ཤེས་ལེའུ་ལས་གནས་པ་ཉི་ཤུ་ལས་དང་པོ་ལུས་ཀྱི་རུས་པ་ལ་སོགས་པའི་ཁམས་རྣམ་པར་དག་པའི་དཀྱིལ་ འཁོར་ངོ་བོ་ཉིད་ཀྱིས་གནས་པ་)ད་ནི་(ལུས་ཀྱི་)ཁམས་རྣམ་པར་དག་པས་དཀྱིལ་འཁོར་གྱི་རྣམ་པར་ དག་པ་གསུངས་པ་ཀ་བ་རྣམས་ཞེས་པ་ལ་སོགས་པ་སྟེ་འདིར་ལུས་ཀྱི་རུས་པ་རྣམས་(འགགས་ པའི་ཚུལ་གྱིས་རྣམ་པར་དག་པ་)ཀྱིས་ལུས་(ཀྱི་དཀྱིལ་འཁོར་)ལ་སྐུའི་དཀྱིལ་འཁོར་ལ་ཀ་བ་རྣམས་མཛོད་ ཅིག་ཅེས་པ་〔བསྐྱེད་རིམ་ལ་རྟོག་པས་〕བརྟགས་པས་སོ། །དེ་བཞིན་དུ་〔དཀྱིལ་འཁོར་ལ་〕རྡོ་རྗེ་ འཕྲེང་བ་དང་སའི་འཁོར་ཡུག་དང་རྩིག་པ་ཡང་རུས་པ་(རྣམ་པར་དག་པ་)རྣམས་ཀྱིས་ཏེ་མཛོད་ ཅེས་པ་ཚིགས་སུ་བཅད་པ་གསུམ་དུ་འབྲེལ་ལོ། །(རུས་པའི་ཁམས་འགགས་པའི་)རྣམ་པར་དག་ པར་འདིས་(སྲོག་ཆགས་རྣམས་ཀྱི་རུས་པའི་ཁམས་རྣམ་པར་དག་པར་བྱ་བའི་དོན་དུ་)རུས་པའི་ཕྱེ་མ་(དང་ཤ་ཁྲག་) ལ་སོགས་པ(འི་ཕྱེ་མ་)རྡུལ་ཚོན་གྱི་ནང་དུ་བླུགས་པར་བྱའོ། །ཤ་ཁྲག་ཆུ་དང་བཤང་པ་རྣམས་ ཀྱིས་ཞེས་པ་ནི་ཤ་རྣམ་པར་དག་པ〔སྟེ་འགགས་པ་མཚོན་པ〕ས་ལྷ་སྟེ་ཤར་དུ་རྡུལ་ཚོན་(ནག་པོ་)གདབ་པའོ། །ཁྲག་རྣམ་པར་དག་པ〔སྟེ་འགགས་པ་མཚོན་པ〕ས་གཤིན་རྗེ་སྟེ་ལྷོར་རྡུལ་ཚོན་ (དམར་པོ་)གདབ་པའོ། །ཆུ་རྣམ་པར་དག་པ〔སྟེ་འགགས་པ་མཚོན་པ〕ས་ནོར་སྦྱིན་ཏེ་བྱང་དུ་ རྡུལ་ཚོན་(དཀར་པོ་)གདབ་པའོ། །བཤང་པ་རྣམ་པར་དག་པ〔སྟེ་འགགས་པ་མཚོན་པ〕ས་གཞན་ ཏེ་ནུབ་ཏུ་རྡུལ་ཚོན་(སེར་པོ་)གདབ་པའོ། །དབུས་སུ་ཁུ་བ་རྣམ་པར་དག་པ〔སྟེ་འགགས་པ་ མཚོན་པ〕ས་(གཙོ་བོའི་པདྨ་ལ་)རྡུལ་ཚོན་(ལྗང་ཁུ་)གདབ་པའོ། །གང་དུ་རྡུལ་ཚོན་དྲུག་པ་(སྔོན་པོ་གདབ་ 4-1-176 པ་)ཡིན་པ་དེར་ནི་རྡུལ་རྣམ་པར་དག་པས་རྡུལ་ཚོན་(སྔོན་པོ་)གདབ་པའོ། །དེ་ལྟར་དེ་བཞིན་ གཤེགས་པ་ཤ་ལ་སོགས་པ་རྣམ་པར་དག་པ(སྟེ་འགགས་པ)ས་རིམ་པ་བཞིན་དུ་(ཤ་གཞན་)དོན་ ཡོད་གྲུབ་པ་དང་(ཁྲག་གཞན་)རིན་ཆེན་དབང་པོ་དང་(གཅི་བ་གཞན་)འོད་དཔག་མེད་དང་(བཤང་པ་ གཞན་)རྣམ་པར་སྣང་མཛད་དང་(ཁུ་བ་གཞན་)མི་བསྐྱོད་པ་དང་〔རྡུལ་གཞན་〕རྡོ་རྗེ་སེམས་དཔའ་ སྟེ་དྲུག་གོ། མཁྲིས་པ་ཞེས་པ་མཁྲིས་པའི་ཁམས་(རྣམ་པར་དག་པ་ཉིད་)ཀྱིས་ཉི་མའི་གདན་རྣམས་ དང་བད་ཀན་གྱི་ཁམས་〔རྣམ་པར་དག་པ་ཉིད་〕ཀྱིས་ཟླ་བའི་གདན་རྣམས་ཏེ་ཉི་མ་རི་བོང་ ཅན་ཡང་ཞེས་སོ། །ཆུ་རྒྱུས་རྣམས་〔རྣམ་པར་དག་པ་ཉིད་〕ཀྱིས་ཆུ་སྐྱེས་རྣམས་ཏེ་ཟླ་བ་དང་ ཉི་མའི་གདན་གྱི་འོག་ཏུའོ། །ར་བ་ལྔའི་རེ་ཁཱ་ཞེས་པ་ལ་རེ་ཁཱ་དང་པོ་ནི་ས་ལས་སྐྱེས་པའི་ མཐེ་བོང་རྣམ་པར་དག་པ(སྟེ་འགགས་པ)ས་སོ། །གཉིས་པ་ནི་ཆུ་ལས་སྐྱེས་པའི་མཛུབ་མོ་རྣམ་ པར་དག་པས་སོ། །གསུམ་པ་ནི་མེ་ལས་སྐྱེས་པའི་གུང་མོ་རྣམ་པར་དག་པ〔སྟེ་འགགས་པ〕ས་ སོ། །བཞི་པ་ནི་རླུང་ལས་སྐྱེས་པའི་མིང་མེད་རྣམ་པར་དག་པ〔སྟེ་འགགས་པ〕ས་སོ། །ལྔ་པ་ནི་ ནམ་མཁའ་ལས་སྐྱེས་པའི་མཐེ་ཆུང་རྣམ་པར་དག་པ〔སྟེ་འགགས་པ〕ས་སོ། །དེ་ལྟར་རྡུལ་ཚོན་ གྱིས་དཀྱིལ་འཁོར་ལ་ར་བ་ལྔའི་རེ་ཁཱ་མཛོད་ཅེས་པའོ། ༢ ། དུས་ཀྱི་རྩ་ཡིས་གཙོ་བོའི་ཆུ་སྐྱེས་ཞེས་པ་ནི་ཨ་བ་དྷཱུ་ཏཱི་རྣམ་པར་དག་པ(སྟེ་འགགས་པ) ས་གཙོ་བོའི་པད་མ(འི་ངོ་བོ)འོ། །ལྷག་མ་(འཁོར་རྣམས་ཀྱི་པད་མ་)རྣམས་ནི་ལ་ལ་ནཱ་ལ་སོགས་པ་ རྣམས་ཀྱིས་ཞེས་པ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་མཐར་ཐུག་པ་རྣམས་(འགགས་པ་ཉིད་) ཀྱིས་ཏེ་ཆུ་རྒྱུས་རྣམས་ཀྱིས་ཞེས་པ་ངེས་པའོ། །གཡོ་བ་མེའི་འཁོར་ཡུག་ལ་སོགས་ལྤགས་ པ་ལ་སོགས་ཀྱིས་ཞེས་པ་འདིར་རླུང་གི་ཁོར་ཡུག་ནི་ལྤགས་པ(འགགས་པ)ས་སོ། །མེའི་ འཁོར་ཡུག་ནི་ཁྲག་དང་དྲོད་ཀྱི་ཁམས་〔འགགས་པ་ཉིད་〕ཀྱིས་སོ། །ཆུའི་འཁོར་ཡུག་ནི་རྡུལ་ 〔འགགས་པ་ཉིད་〕གྱིས་སོ། །ཉི་མའི་སྒོ་རྣམས་ཞེས་པ་སྒོ་བཅུ་གཉིས་པོ་རྣམས་བུག་པ་བཅུ་ 4-1-177 གཉིས་པོ་རྣམས་ཀྱིས་ཏེ་རྣ་བ་ལ་(བུག་པ་)གཉིས་དང་སྣ་ལ་གཉིས་དང་མིག་ལ་གཉིས་དང་ཁ་ ལ་གཅིག་དང་གཅི་བ་དང་བཤང་པ་དང་ཁུ་བའི་བུག་པ་གསུམ་དང་ནུ་མ་གཉིས་ལ་གཉིས་ སོ། །དེ་ལྟར་བུག་པ་བཅུ་གཉིས་ཏེ་བུག་པ་བཅུ་གཉིས་རྣམ་པར་དག་པ(སྟེ་འགགས་པ)ས་རྡུལ་ ཚོན་གྱི་དཀྱིལ་འཁོར་ལ་(སྒོ་བཅུ་གཉིས་)མཛོད་ཅིག་ཅེས་པའོ། །དཀྱིལ་འཁོར་ལ་ནོར་བུའི་རང་ བཞིན་བཀོད་པ་དོ་ཤལ་ལ་སོགས་པ་གང་ཡིན་པ་དེ་སོ་ཡི་འཕྲེང་བ(འགགས་པ)ས་མཛོད་ཅིག་ དུར་ཁྲོད་བརྒྱད་དུ་འཁོར་ལོ་གང་ཡིན་པ་དེ་རྣམས་ནི་སོར་མོ་རྣམས་ཀྱི་སེན་མོ་ཡིས་ཞེས་པ་ ལག་པ་དང་རྐང་པའི་སེན་མོ་རྣམས་པར་དག་པ(སྟེ་འགགས་པ)ས་མཛོད་ཅིག་བ་སྤུ་(འགགས་པ་ རྣམས་)རྣམས་ཀྱི་རྡོ་རྗེ་མེ་ལྕེ་ཞེས་པ་ནི་ཕྱི་རོལ་གྱི་རྡོ་རྗེ་ཕྲེང་བ་དང་རྡོ་རྗེ་འབར་བ་བ་སྤུ་རྣམས་ (འགགས་པ་ཉིད་)ཀྱིས་མཛོད་ཅིག་སྟེ་དཀྱིལ་འཁོར་གྱི་ནི་མཐའ་རུ་ཕྱོགས་དང་ཕྱོགས་བྲལ་དག་ ལ་གནས་པའི་རྡོ་རྗེའི་མེ་ལྕེ་བ་སྤུ་རྣམས་(འགགས་པ་ཉིད་)ཀྱིས་སོ། ༣ ། དེ་ལྟར་ངེས་པར་སྐུ་ཡི་རྡོ་རྗེ་(གདོད་ནས་རྣམ་པར་དག་པའི་)ཁམས་དྲུག་གི་བདག་ཉིད་ས་(གཞན་)ལ་སོགས་པའི་དབྱེ་བས་མཆོག་གི་ཡོན་ཏན་རྣམས་མང་དཀྱིལ་འཁོར་གྱིས་ནི་རྣམ་པར་ གསུངས་ཞེས་པ་ནི་དཀྱིལ་འཁོར་གྱི་〔རྣམ་པར་དག་པའི་〕ངེས་པའོ〔འདིར་རུས་པ་ལ་སོགས་ པ་རྣམ་པར་དག་པ་ནི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ལ་རུས་པ་ལ་སོགས་གདོད་ནས་ འགགས་པ་སྟེ་དེ་དག་འགགས་པའི་གཞི་ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་པའི་རུས་པ་ལ་ སོགས་པ་ནི་རུས་པ་གཞན་ལ་སོགས་པ་སྟེ་དེ་དག་སྐུ་རྡོ་རྗེའི་དཀྱིལ་འཁོར་གྱི་རྣམ་པར་ཤེས་ པར་བྱའོ〕། ། ༈ (གཉིས་པ་སྐུ་དང་གསུང་དང་ཐུགས་དང་རིགས་དྲུག་གི་ལྷའི་ངོ་བོ་ཉིད་)ད་ནི་(གསུང་རྡོ་རྗེ་)ལྷའི་ཚོགས་ ཀྱི་རྣམ་པར་དག་པ་གསུངས་པ་གསུང་གི་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ་འདིར་ཨ་སོགས་ ཀ་སོགས་དབྱངས་དང་གསལ་བྱེད་ཀྱི་བདག་ཉིད་ནི་གསུང་རྡོ་རྗེ་སྟེ་དབྱངས་དང་གསལ་ 4-1-178 བྱེད་ཡོངས་སུ་གྱུར་པའི་ལྷའི་ཚོགས་མཐའ་དག་རྒྱལ་བའི་རིགས་དང་བཅས་པའོ། །དེས་ ན་གསུང་གི་རྡོ་རྗེ་(དབྱངས་གསལ་བྱེད་ཀྱི་ཚོགས་)ནི་〔དེ་རྣམས་ཡོངས་སུ་གྱུར་པ་〕ལྷའི་རྣམ་པ་ཉིད་ དུ་གསུངས་〔དབྱངས་གསལ་བྱེད་ཀྱི་ཚོགས་〕ཏེ་དེ་ཉིད་(མོས་པ་ཡིད་ལ་བྱ་བའི་དོན་དུ་)རྡུལ་ཚོན་གྱི་ དཀྱིལ་འཁོར་ལ་ལྷའི་རྣམ་པར་མཛོད་ཅིག་ཅེས་པའོ། ། ༈ སྟོང་པ་དྲུག་གིས་ཐུགས་ཀྱི་རྡོ་རྗེ་ཞེས་པ་ནི་མིག་གི་རྣམ་པར་ཤེས་པ་དང་རྣ་བའི་ རྣམ་པར་ཤེས་པ་དང་སྣའི་རྣམ་པར་ཤེས་པ་དང་ལྕེའི་རྣམ་པར་ཤེས་པ་དང་ལུས་ཀྱི་རྣམ་པར་ ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པ་(གདོད་ནས་)རྣམ་པར་དག་པ(སྟེ་འགགས་པ)ས་རྣམ་པ་དྲུག་ སྟེ་སྟོང་པ་དྲུག་དང་གཟུགས་ལ་སོགས་པའི་ཡུལ་རྣམས་〔གདོད་ནས་འགགས་པས་〕སྒྲིབ་པ་ མེད་པ་(ཉིད་)ཐུགས་རྡོ་རྗེར་འགྱུར་རོ། །(དེ་ལྟར་)རྣམ་གསུམ་སྲིད་པར་(ནམ་མཁའ་ལྟར་ཁྱབ་བྱེད་དུ་) གནས་པས་(དཀྱིལ་འཁོར་)ཀུན་ལ་ཁྱབ་པ་གཙོ་བོ(ཐུགས་རྡོ་རྗེ)འི་རྣམ་པ་(དཔེ་ཟླ་མེད་པས་)གཅིག་པུར་ མཛོད་ཅིག་ཅེས་པའོ། ། ༈ དེ་བཞིན་དུ་ནི་ཡེ་ཤེས་རྡོ་རྗེ་〚ནི་ཡབ་བདེ་བ་ཆེན་པ་ཡིས་〛གཟུང་བར་བྱ་བའི་སེམས་ (གཞན་)རྣམ་པ་གསུམ་གྱི་སྲིད་པ་ལ་(ནམ་མཁའ་ལྟར་ཁྱབ་བྱེད་དུ་)གནས་པ་(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་) སྣ་ཚོགས་ཡུམ་གྱི་རང་བཞིན་(རྟགས་བཅུ་ལ་སོགས་པའི་)སྟོང་པ་ཉིད་ཀྱི་གཟུགས་(བསྒོམ་པས་)སྲིད་ པའི་འཇིགས་འཇོམས་(རང་བཞིན་གྱིས་)རྟོག་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཤེས་རབ་ གཙོ་མོར་དཀྱིལ་འཁོར་ལ་མཛོད་ཅིག་ཅེས་པའོ། ། ༈ དེ་ལྟར་(ནང་)ལུས་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཁམས་རྣམས་(རྣམ་པར་ དག་པ་)ནི་ཕྱི་རོལ་ཏུ་〔བརྟག་བསྒོམ་གྱི་ཡུལ་〕དཀྱིལ་འཁོར་(སྐུ་)དང་ལྷའི་ཚོགས་(གསུང་)དང་གཙོ་ བོ་(ཐུགས་)དང་གཙོ་མོ(ཡེ་ཤེས་རྡོ་རྗེ)འོ་ཞེས་པ་ནི་(རྣམ་པར་བརྟགས་པའི་བསྒོམ་པའི་ཡུལ་)ཀུན་ རྫོབ་ཏུ་སྟེ། དོན་དམ་པ(འི་བདེན་པ)ས་ནི་(རྡོ་རྗེ་བཞི་པོ་)སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ 4-1-179 ཆོས་དང་ལྷན་ཅིག་སྐྱེས་པ(སྟེ་སྐུ་བཞི་མ་བརྟགས་པ་པྲ་ཕབ་པ་ལྟ་བུ)འོ་ཞེས་གྲུབ་པོ། ༤ ། ༈ (གསུམ་པ་ཨ་ལ་སོགས་པ་དང་ཀ་ལ་སོགས་པའི་སྔགས་ཀྱི་རིགས་དྲུག་གི་ངོ་བོ་ཉིད་)ད་ནི་(གསལ་བྱེད་ཀྱི་) སྔགས་(སྡེ་བ་)དྲུག་གི་རིགས་རྣམས་གསུངས་པ་སྡེ་བ་ལ་སོགས་པ་སྟེ། (རིགས་དྲུག་གི་སྐབས་) འདིར་ཀ་ལ་སོགས་པའི་སྡེ་བ་དྲུག་ནི་ཀ་ཙ་ཊ་ཏ་པ་ས་ཞེས་པའོ། །སྡེ་བ་ཀ་ལ་སོགས་པ་རིམ་ པས་ཡོངས་སུ་བཀོད་པ་དེ་རྣམས་ཀྱི་རིགས་དྲུག་ནི་རྒྱལ་བ་རྣམས་ཀྱི་རྡོ་རྗེ་ལ་སོགས་པའི་ མཚན་མ་རྣམས་ཏེ་དེ་ལ་(མི་བསྐྱོད་པའི་)རྡོ་རྗེ་ནི་ཀ་སྡེའི་རིགས་དང་(དོན་གྲུབ་ཀྱི་)རལ་གྲི་ནི་ཙ་སྡེའི་ རིགས་དང་(རིན་འབྱུང་གི་)རིན་པོ་ཆེ་ནི་ཊ་སྡེའི་རིགས་དང་(རྣམ་སྣང་གི་)འཁོར་ལོ་ནི་ཏ་སྡེའི་རིགས་ དང་(སྣང་མཐའི་)ཆུ་སྐྱེས་ནི་པ་སྡེའི་རིགས་སོ། །དེ་བཞིན་དུ་(རྡོར་སེམས་ཀྱི་)གྲི་གུག་ནི་ས་སྡེའི་ རིགས་ཏེ་ཉིད་ཅེས་པ་མཐའ་གཅིག་ཏུའོ། །སྡེ་བའི་རིགས་(ཀྱི་ལྷའི་མཚན་མའི་)ངེས་པའོ། ། ༈ སླར་ཡང་སྡེ་བ་རེ་རེ་ལ་ཡང་མཐའ་དག་རྒྱལ་བ་མཆོག་གི་དབྱེ་བ་ལྔ་རྣམས་དག་གི་ དབྱེ་བ་ཞེས་པ་ནི་(ལྷའི་ཁམས་དང་རིགས་ཀྱི་དབྱེ་བ་སྟོན་བའི་སྐབས་)འདིར་གང་དུ་(ཁམས་ཀྱི་རིགས་)གཅིག་ (ཡོད་པ་)ཡིན་པ་〔ཁམས་ཀྱི་རིགས་〕དེར་ཀུན་འབྱུང་(བ་སྟེ་ཁམས་ཀྱི་རིགས་ཀུན་ཚང་བའི་)གི་བདེན་པས་ (སྡེ་བ་རེ་རེ་ཡང་)རིགས་ལྔ་རྣམས་སུ་འགྱུར་ཏེ་དེས་ན་〔བསྐྱེད་རིམ་གྱི་འབྲས་བུ་〕འཇིག་རྟེན་པའི་ དངོས་གྲུབ་ཀྱི་སླད་དུ་(ཁམས་ཀྱི་རིགས་གཅིག་ཉིད་ལ་ཡང་རིགས་ལྔ་པོ་)དེ་རྣམས་ཀྱི་ཐ་སྙད་(མཛད་)དོ། ། དེའི་ཕྱིར་སྡེ་བ་རེ་རེ་ལ་ཡང་སོ་སོར་ཡི་གེའི་དབྱེ་བ་སའི་དངོས་པོ་དང་ཆུའི་དངོས་པོ་དང་ མེའི་དངོས་པོ་དང་རླུང་གི་དངོས་པོ་དང་ནམ་མཁའི་དངོས་པོ་ལས་སོ་སོར་སྡེ་བ་རྣམ་པ་ལྔར་ དབྱེ་སྟེ་ཀ་ཁ་ག་གྷ་ང་ཞེས་པ་དང་དེ་བཞིན་དུ་ཙ་ལ་སོགས་པ་སྟེ་(སའི་ཁམས་སོགས་)བསྡུ་བའི་ རིམ་པས་ཀློག་པའོ། ༥ ། ༈ (བསྐྱེད་རིམ་གྱི་འབྲས་བུས་)སོ་སོར་སྡུད་པའི་རིམ་པས་ཀློག་པས་ནི་སླར་ཡང་ང་ལ་སོགས་ པ་རྣམས་ནམ་མཁའ་ལ་སོགས་པ་བསྐྱེད་པའི་རིམ་པས་བཀླགས་པ་སྟེ་དེ་རྣམས་ཀྱང་ 4-1-180 གསུངས་པ་དང་པོར་ཞེས་པ་ལ་སོགས་པ་སྟེ་འདིར་དང་པོར་རེ་ཞིག་སྟོང་པ་ནི་(ནམ་མཁའི་ཁམས་ པ་)ང་ཉ་ཎ་མ་ན་དང་དེ་བཞིན་དུ་ྈྐ་དང་དང་པོའི་དབྱངས་ཞེས་པ་ཨ་ཡིག་དང་(ཁམས་ཀྱི་རིགས་) དེའི་དབུས་སུ་〔འདིར་ཨ་ཡིག་ནམ་མཁའི་ཁམས་ཡིན་པ་དེ་བཞིན་དུ་དབུས་སུ་ལྷུང་བ་ཞེས་ པ་ཡོན་ཏན་གྱི་དང་པོའི་ཨ་ཡིག་ཡང་ནམ་མཁའི་ཁམས་དང་ཡ་ཎར་བསྒྱུར་བའི་〕ལྷུང་བ་( སྟེ་ འདུས་པ་)ནི་དེ་སྨོས་པས་གཟུང་བའི་ཕྱིར་རོ་ཞེས་པའི་བརྡ་སྐད་ཀྱིས་ཧ་ཡིག་ཀྱང་ནམ་མཁའི་ དབྱེ་བའོ་ཞེས་གྲུབ་པོ། །དེ་བཞིན་དུ་རླུང་གི་དབྱེ་བ་ཨི་ཡིག་དང་གྷ་ཛྷ་ཌྷ་བྷ་དྷ་ཤ་རྣམས་དང་ ཡ་ཡིག་གོ། མེ་ཡི་རི་(ཡིག་)དང་ག་ཛ་ཌ་བ་ད་ཥ་རྣམས་དང་རའོ། །ཆུ་ཡི་ཨུ་(ཡིག་)དང་ཁ་ཚ་ཋ་ ཕ་ཐ་ྉྤ་རྣམས་དང་ཝའོ། །ས་ཡི་ལི་(ཡིག་)དང་ཀ་ཙ་ཊ་པ་ཏ་ས་རྣམས་དང་ལའོ(འདི་རྣམས་ཉིད་ཀྱིས་ ཡོན་ཏན་དང་འཕེལ་བའི་རིགས་ཀྱང་དོན་གྱི་གོ་བར་བྱའོ་)། །དེ་ལྟར་མཆོག་གི་རྒྱལ་བའི་རིགས་རྣམས་ནི་ རྣམ་པ་ལྔ་ཡིས་ཀ་ལ་སོགས་པའི་སྡེ་རྣམས་རྣམ་པར་ཕྱེ་ཞེས་པ་སྟེ་རྡོ་རྗེ་དང་རལ་གྲི་དང་རིན་ པོ་ཆེ་དང་པད་མ་དང་འཁོར་ལོའི་རིགས་རྣམས་ཀྱིས་གསུངས་པའི་(སྡེ་བ་རེ་རེ་ལ་ཡང་ཁམས་ཀྱི་ནང་ ཚན་གྱི་)ཡི་གེ་ང་ལ་སོགས་པ་(ལྔ་ལྔ་)རྣམས་རིག་པར་བྱའོ། །ཞེས་པ་ནི་ངེས་པའོ། ༦ ། ༈ ད་ནི་གཙུག་ཏོར་གྱི་རིགས་རྣམས་གསུངས་པ་གཙུག་ཏོར་ཞེས་པ་ལ་སོགས་པ་སྟེ་ འདིར་གཙུག་ཏོར་ཆེན་པོའི་རིགས་ཆེན་(གཟིགས་ཞེས་པ་)གང་ཡིན་པ་དེ་ནི་སྟོང་པ་(ཆེན་པོ་འགྱུར་ མེད་)ལྔ་སྟེ་(དེ་ཡང་)འཇིག་རྟེན་ཁམས་ཀྱི་ལེའུར་བརྗོད་ཟིན་ཏོ། །རིགས་གསུམ་ལ་ནི་(རྣམ་པར་ གཟིགས་ཞེས་པ་)སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་སྟེ་ༀ་ཨཱཿཧཱུཾ་ཞེས་པའོ། །ཨ་སོགས་ཞེས་པ་ནི་ (སྔ་མ་བཞིན་དུ་)ཨ་ཨི་རྀ་ཨུ་ལྀ་སྟེ་ལྷའི་ཚོགས་〔ལ་〕རྒྱས་གདབ་པའི་སླད་དུ་ཕྱག་རྒྱ(ཆེན་པོ) འི་རིགས་(མཆོག་དང་ཅེས་པ་)མི་བསྐྱོད་པ་ལ་སོགས་པ(ལྔ)འོ། །(དེ་དག་གི་རྒྱས་གདབ་པར་བྱ་བ་)འཇིག་ རྟེན་སྣང་བྱེད་རིགས་ཆེན་དང་ཞེས་པ་ནི་ཧ་ཡ་ར་ཝ་ལ་ཀྵ་དང་ལྡན་པའི་ཀ་སོགས་སྡེ་བ་ མཐའ་དག་རྣམས་ཏེ་གསལ་བྱེད་སུམ་ཅུ་རྩ་དྲུག་(གི་ལྷའམ་རྒྱུད་སུམ་ཅུ་རྩ་དྲུག་)གོ། ཧ་ཡ་ར་ཝ་ལར་ 4-1-181 ལྡན་དབྱངས་དང་བཅས་པའི་སྡེ་བ་རྣམས་ཏེ་ཧ་ལ་སོགས་པ་(ལྔ་)དབྱངས་(བཅུ་གཉིས་)དང་ བཅས་པ་(ཞག་རེའི་ཆུ་ཚོད་)དྲུག་ཅུ་སྔར་གསུངས་པ་(རྣམ་པར་དག་པ་)རྣམས་དང༌། ཀ་ལ་སོགས་པ་ དབྱངས་དང་བཅས་པ་སུམ་བརྒྱ་དྲུག་ཅུ་དང་སླར་ཡང་ཡོན་ཏན་དང་འཕེལ་བ་དང་ཡ་ཎར་ བསྒྱུར་བས་ཕྱེ་བ་(ལོ་གསུམ་གྱི་ཞག་)སྟོང་བརྒྱད་ཅུུ་ནི་(རྣམ་པར་དག་པ་)འཇིག་རྟེན་འཇིག་རྟེན་ལས་ འདས་པའི་རིགས་སུ་(ཞེས་པ་རྣམས་)འགྱུར་རོ། །(སྔགས་ཀྱི་རིགས་འཆང་བའི་རིགས་ཞེས་པ)གསལ་བྱེད་ བརྩེགས་པ་ནི་རིགས་སྔགས་འཆང་གི་དབང་པོར་འགྱུར་ཏེ་ཀ་སོགས་མཐའ་དག་བརྩེགས་ པར་གནས་པའི་སྡེ་བ་བརྒྱད་རྣམས་ཞེས་པ་ནི་ཀྑྒྒྷྔ་ཙྪྫྫྷྙ་ཊྛྜྜྷྞ་པྥྦྦྷྨ་ཏྠྡྡྷྣ་ལྺྼྻྷ་ལྺྼྻྐྵ་ཞེས་པའོ(མཚན་བརྗོད་ཀྱི་རིགས་ དྲུག་ལ་གཟིགས་པའི་སྐབས་འདི་ལ་སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ལ་སོགས་པས་བཤད་པར་བྱས་པ་ནི་རྒྱུད་ཀྱི་དགོངས་པ་ཇི་ བཞིན་པར་མ་བཀྲལ་བར་སྣང་ངོ)། ༧ ། ༈ (བཞི་པ་ཐབས་དང་ཤེས་རབ་ཀྱི་རྒྱུད་སུམ་ཅུ་རྩ་དྲུག་གི་ངོ་བོ་ཉིད་ཀྱིས་གནས་པ་)ད་ནི་ཀ་ལ་སོགས་པའི་ཡི་ གེ་སོ་སོ་རེ་རེ་ལ་རྒྱུད་སོ་སོ་རེ་རེ་གསུངས་པ་ཀ་སོགས་ཞེས་པ་ལ་སོགས་པ་སྟེ་འདིར་ཀ་ལ་ སོགས་པའི་གསལ་བྱེད་སུམ་ཅུ་ཧ་ཡ་ར་ཝ་ལ་ཀྵ་དང་བཅས་པ་ནི་སུམ་ཅུ་རྩ་དྲུག་ཉིད་དེ་དེ་ རྣམས་ནི་ཡི་གེ་ཞེས་བྱའོ། །ཡི་གེ་དེ་རྣམས་དབྱངས་ཀྱི་རྣམ་པར་འགྱུར་བས་ཕྱེ་བ་ཞེས་པ་ལ་ དབྱངས་ནི་ཨ་ཡིག་ལ་སོགས་པ་ཐུང་ངུ་དང༌། རིང་པོ་བཅུ་གཉིས་དང་ཡོན་ཏན་དང་འཕེལ་ བར་གཞག་པར་བྱ་བ་བཅུ་གཉིས་དང་ཡ་ཎར་བསྒྱུར་བ་ཐུང་ངུ་དང་རིང་པོ་བཅུ་གཉིས་ཏེ་ དབྱངས་ཀྱི་རྣམ་པར་འགྱུར་བ་(སུམ་ཅུ་རྩ་དྲུག་)འདི་རྣམས་ཀྱིས་དྲུག་དྲུག་གིས་(ཀ་ཡིག་ལ་སོགས་པ་རེ་ རེ་ཡང་)ཕྱེ་བར་གྱུར་པ་ན་རོ་ཡིས་བསྒྱུར་བའི་རོ་ཞེས་པ་སུམ་ཅུ་རྩ་དྲུག་ནི་འཁོར་ལོའི་མགོན་ པོ་རྣམས་སུ་འགྱུར་རོ། །ཡི་གེ་སོ་སོ་རེ་རེ་ལ་སུམ་རྩ་ཅུ་དྲུག་གི་དབྱེ་བས་ཕྱེ་བར་འགྱུར་ཏེ་དེ་ ལྟར་ན་(གསལ་བྱེད་)ཐམས་ཅད་ལ་སུམ་ཅུ་རྩ་དྲུག་གོ། རྒྱུད་སུམ་ཅུ་རྩ་དྲུག་པོ་རྣམས་ལ་གསལ་ བྱེད་སུམ་ཅུ་རྩ་དྲུག་གི་རང་བཞིན་གྱིས་འཁོར་ལོའི་མགོན་པོར་ཡང་འགྱུར་རོ(ཞེས་པ་ཀ་ཡིག་ཀ་རྡོ་ 4-1-182 རྗེའི་རྒྱུད་ཀྱི་གཙོ་བོར་གྱུར་པ་ལ་སོགས་པའོ)། ། ༈ དང་པོར་གསལ་བྱེད་ཀ་གཙོ་བོས་ཀ་རྡོ་རྗེའི་རྒྱུད་གསུངས་ཏེ་དེ་ལ་དཀྱིལ་འཁོར་ དུ་གཙོ་བོ་སྐུ་ནི་གཅིག་པ་དབྱངས་གཅིག་གིས་ཕྱེ་བ་སྟེ་དཔའ་བོ་གཅིག་པ་ནི་ཨ་ཡིག་དང་ བཅས་པའི་གསལ་བྱེད་ཀའོ། །འཁོར་དང་བཅས་པ་གཉིས་ཞེས་པ་ཨ་ཡིག་གཉིས་དང་ལྡན་ པ་(སྟེ་ཨ་ཡིག་གཉིས་ཀྱི་སྔ་མ་ཕྱི་མ་དང་མཚམས་སྦྱར་བས་ཨ་ཡིག་སྔ་མ་རིང་པོར་གྱུར་པ་ཀ་ལ་སྲོག་ཏུ་སྦྱར་བ་)ནི་གཙོ་བོ་ ཤེས་རབ་མ་ཡིས་འཁྱུད་པར་འགྱུར་ཏེ་ཀཱའོ། །(ལྷ་)ལྔ་ཡི་བདག་ཉིད་ལྔ་ཡིས་(ནི་ཡི་གེ་)འགྱུར་ ཏེ་ཞེས་པ་ནི་ཀ་ཀཱི་ཀྼྀ་ཀུ་ཀླྀ་ཞེས་པའོ། །(གཙོ་བོ་)འཁོར་དང་བཅས་པ་(ལྷ་)དགུ་ ནི་འཁོར་ལོའི་མགོན་པོ་དགུ་བདག་ཉིད་ཅེས་པ་ནི་ཀཱ་ཀི་ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱུ་ ཀླྀ་ཀླཱྀ་ཞེས་པའོ། ༨ ། དབྱངས་ཀྱི་གྲངས་ཀྱི་བདག་ཉིད་བཅུ་གསུམ་དགུ་དང་ཕྱོགས་རྣམས་ཀྱིས་ཀྱང་ཞེས་པ་ ནི་(ཡི་གེ་)བཅུ་གསུམ་གྱིས་(ལྷ་)བཅུ་གསུམ་གྱི་བདག་ཉིད་དེ་སྔར་བརྗོད་པ་རྣམས་ཀ་ྻ ཀ་ྼཀ་ྺཀླ་ ཡ་ཎར་བསྒྱུར་བ་འདི་རྣམས་དང་ལྡན་པ་ནི་སྒོ་སྐྱོང་རྣམས་དང་བཅས་པ་(ལྷ་)བཅུ་གསུམ་གྱི་ བདག་ཉིད་དོ། །འདི་ཡང་ཡོན་ཏན་རྣམས་ཀྱིས་ཕྱེ་བ་〔ལྷ་〕བཅུ་དགུའི་བདག་ཉིད་དུ་འགྱུར་ཏེ་ ཀ་ཀེ་ཀར་ཀོ་ཀལ་ཀཾ་ཞེས་པ་འདི་རྣམས་དང་བཅས་པའོ། །དེ་ནས་〔ལྷ་〕ཉི་ཤུ་རྩ་ལྔའི་བདག་ ཉིད་ནི་ཡོན་ཏན་དང་འཕེལ་བ་རྣམས་དང་བཅས་པ་སྟེ་ཀཱ་ཀཻ་ཀཱར་ཀཽ་ཀཱལ་ཀཿཞེས་པའོ། །དེ་ ནས་〔ལྷ་〕སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ནི་ཀྷ་ཀྻཱ་ཀྼཱ་ཀྺཱ་ཀླཱ་ཀྷཱ་ཞེས་པ་སྟེ་སྙིང་པོའི་ཤེས་རབ་ མ་དང་བཅས་པ〔སྟེ་འདིར་གཙོ་བོ་ཡབ་ཡུམ་སོ་སོར་བགྲངས་པ〕འོ། །དེ་ནས་〔ལྷ་〕སུམ་ཅུ་རྩ་ བཞིའི་བདག་ཉིད་ནི་ཀཾ་ཀཿདང་བཅས་པའོ། །དེ་བཞིན་དུ་〔ལྷ་〕སུམ་ཅུ་རྩ་དྲུག་གི་བདག་ཉིད་ ནི་ཀྷཾ་ཀྷཿདང་བཅས་པ་སྟེ་ཐམས་ཅད་དུ་〔ལྷ་〕སུམ་ཅུ་རྩ་བདུན་གྱི་བདག་ཉིད་ནི་དབུས་སུ་ཧུཾ་ ཡིག་གཙོ་བོ་དང་〔ལྷ་〕སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་པ་རྣམས་སོ། །ཀ་ཀཱ་ཀི་ཀཱི་ཀྼྀ་ 4-1-183 ཀྼཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཀཾ་ཀཿཞེས་པ་ནི་ཐུང་ངུ་དང་རིང་པོའི་དབྱངས་ཀྱིས་ཕྱེ་ བའི་ཡི་གེའོ། །དེ་བཞིན་དུ་(ལྷ་)ཀ་ཀཱ་ཀེ་ཀཻ་ཀར་ཀཱར་ཀོ་ཀཽ་ཀལ་ཀཱལ་ཀཾ་ཀཿཞེས་པ་ནི་ཡོན་ ཏན་དང་འཕེལ་བ་རྣམས་ཀྱིས་ཕྱེ་བའི་ཡི་གེའོ། །ཀྷ་ཀྷཱ་ཀྻ་ཀྻཱ་ཀྼ་ཀྼཱ་ཀྺ་ཀྺཱ་ཀླ་ཀླཱ་ཀྷཾ་ཀྷཱཿཞེས་ པ་ནི་ཐུང་ངུ་དང་རིང་པོའི་ཡ་ཎར་བསྒྱུར་བས་ཕྱེ་བའི་ཡི་གེ་སྟེ་ཀ་ཡིག་གོ། (སྔ་མ་བཞིན་དུ་)ཁ་ ལ་སོགས་པ་རྣམས་ཀྱང་སོ་སོར་སུམ་ཅུ་རྩ་དྲུག་གོ། དེ་ལྟར་ན་ཁ་རྡོ་རྗེ་ལ་སོགས་པའི་རྒྱུད་ གསུངས་ཏེ་གསལ་བྱེད་(ཁ་ལ་སོགས་པ་)གཅིག་གི་བདག་ཉིད་དབྱངས་སུམ་ཅུ་རྩ་དྲུག་གིས་ཕྱེ་ བའོ། །དེ་ལྟར་(ཀ་དང་ཁ་ལ་སོགས་པ་གསལ་བྱེད་)སུམ་ཅུ་རྩ་དྲུག་གི་བདག་ཉིད་ནི་དཀྱིལ་ འཁོར་(སུམ་ཅུ་རྩ་དྲུག་)གྱི་དབང་པོ(གཙོ་བོ)འོ། ། (དེ་རྣམས་གང་དུ་གནས་པ་ལ་སོགས་པའི་ངེས་པ་སྟོན་ཏེ་)ཡ་ལ་སོགས་པ་རྣམས་ཀྱི་སྒོ་སྐྱོང་ཞེས་པ་ནི་ ཡ་ཎར་བསྒྱུར་བ་དང་བཅས་པའི་གསལ་བྱེད་ཀ་ྻ ཀ་ྼཀ་ྺཀླ་ཞེས་པ་འདི་རྣམས་ཀྱིས་(སྔར་བསྟན་ པ་བཞིན་དུ་)སྒོ་སྐྱོང་རྣམས་སོ། །(སྒོ་སྐྱོང་ལས་གཞན་པ་)མཐའ་དག་(འཁོར་གྱིས་)ཚོགས་ཀྱི་རིགས་ཕུང་ པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་(ལྷག་མ་རྣམས་)ནི་ལྷག་མའི་དབྱངས་ཐུང་ངུ་དང་རིང་ པོ་དང་ཡོན་ཏན་དང་འཕེལ་བར་གཞག་པར་བྱ་བ་རྣམས་ཀྱིས་ཏེ་(ཡ་ཎར་བསྒྱུར་བའི་)ལྷག་མའི་ དབྱངས་(སུམ་ཅུ་རྩ་དྲུག་)རྣམས་ཉིད་ཀྱིས་སོ། །ཁྲོ་བོ་དྲུག་ཏུ་ཧ་སོགས་ཀྱིས་འགྱུར་ཞེས་པ་ནི་ (དཀྱིལ་འཁོར་)གང་དུ་ཕྱོགས་བཅུ་རྣམས་སུ་ཁྲོ་བོ་རྣམས་བཅུར་འགྱུར་བ་དེར་(སྒོ་སྐྱོང་ཁྲོ་བོ་བཞི་ལས་)གཞན་ཁྲོ་བོ་དྲུག་པོ་དེ་རྣམས་སུ་ཧ་ལ་སོགས་པ་ཡ་ཎར་བསྒྱུར་བ་རིང་པོ་རྣམས་ཀྱིས་འགྱུར་ ཏེ་ཀྷ་ཀྷཱ་ཀྻཱ་ཀྼཱ་ཀྺཱ་ཀླཱ་ཞེས་པའོ། །(དཀྱིལ་འཁོར་)གང་དུ་(ཁྲོ་བོ་བཅུའི་གཙོ་བོ་)ཁྲོ་བོའི་དབང་པོ་ཡིན་ པ་དེར་ཀྷཾ་ཀྷཿཞེས་པ་(རྡོ་རྗེ་ཧཱུཾ་མཛད་རྡོ་རྗེ་ཤུག་དང་བཅས་པ་)ཁྲོ་བོ་བཅུ་གཉིས་ནི་རིགས་དྲུག་གི་རྒྱུད་ དེ་(རང་བཞིན་གྱིས་)རིགས་གཅིག་གི་རྒྱུད་ལ་ཡང་(ཧ་སོགས་)དབྱངས་དྲུག་(ནམ་མཁའ་ལ་སོགས་པའི་) རིགས་ཀྱི་དབྱེ་བ་(ཐུང་ངུ་དང་རིང་པོ་)རྣམས་ཀྱིས་(བཅུ་གཉིས་)སོ་ཞེས་པ་ནི་ངེས་པའོ། །རང་རིགས་ 4-1-184 ཕྱོགས་སུ་གནས་པ་ནི་ནམ་མཁའི་ཁམས་ཏེ་སྟེང་དང་ཡེ་ཤེས་ཀྱི་ཁམས་འོག་ཏུ་གནས་པ་སྟེ་ ལྷ་གཞན་རྣམས་ནི་རླུང་གི་དབྱངས་ལ་སོགས་པའི་དབྱེ་བ་ཡིས་ཤར་དང་ལྷོ་དང་བྱང་དང་ ནུབ་ཏུ་གནས་སོ། ། ༈ དེ་ལྟར་སོ་སོར་ཀ་ཡིག་ལ་སོགས་པའི་གསལ་བྱེད་ནི་〔རེ་རེ་ཡང་〕ཡི་གེའི་དབྱེ་བ་ རྣམས་ཀྱིས་ཏེ་དབྱངས་ཀྱི་དབྱེ་བ་རྣམས་ཀྱིས་རོ་ཡིས་བསྒྱུར་བའི་རོ་ཞེས་པ་སུམ་ཅུ་རྩ་ དྲུག་གི་དབྱེ་བས་ཕྱེ་བ་ནི་(ཤེས་རབ་)རྣལ་འབྱོར་མ་དང་(ཐབས་)རྣལ་འབྱོར་(གྱི་)རྒྱུད་ཅེས་པ་སྟེ་ (ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་གཉིས་སུ་འབྱེད་པའི་རྒྱུ་མཚན་ནི་)ཀུན་རྫོབ་(ཏུ་སེམས་ ཅན་གྱི་བསམ་པའི་དབང་ཉིད་)ཀྱིས་(རྒྱུད་)གང་དུ་(དཀྱིལ་འཁོར་ལ་)རྣལ་འབྱོར་མ་རྣམས་(ཐབས་སོ་སོ་ལས་ འཁྱུད་པ་གཞན་རྣམས་སུ་)ཡང་དག་པར་རྒྱུ་ཞིང་(ཐབས་)གཙོ་བོ་(རང་གི་གནས་ལས་)མི་གཡོ་བ་〔སྟེ་མི་ འཕོ་བ་〕དེ་ནི་རྣལ་འབྱོར་མའི་རྒྱུད་དོ(རྩ་རྒྱུད་འབུམ་ལྔར་ཡང༌། རྣལ་འབྱོར་མ་རྣམས་ཀུན་སྤྱོད་པ། །གང་དེར་ ཐབས་ནི་རབ་ཏུ་གནས། །བྱིས་པ་རྣམས་ལ་རྣལ་འབྱོར་མ། །རྒྱུད་ཆེན་ང་ཡིས་མིང་དུ་བཏགས། །ཞེས་པའོ)། །གང་དུ་ ཐབས་(རྣམ་ཤེས་སོ་སོ་ལ་འཁྱུད་པ་ལ་གནས་གཞན་རྣམས་སུ་)ཡང་དག་པར་རྒྱུ་ཞིང་ཤེས་རབ་(རང་གི་ གནས་ལ་)མི་གཡོ་བ་(སྟེ་མི་འཕོ་བ་)དེ་ནི་ཐབས་ཀྱི་རྒྱུད་དོ(རྩ་རྒྱུད་འབུམ་ལྔར་ཡང༌། གང་དུ་ཐབས་ནི་ ཀུན་སྤྱོད་པ། །ཤེས་རབ་ཀྱང་ནི་གནས་འགྱུར་པ། །ཐབས་ཀྱི་རྒྱུད་ཆེན་བཤད་པ་ཡང༌། །དེ་བཞིན་ཐ་སྙད་ཇི་ལྟ་པའོ། །ཞེས་ སོ)། །(སེམས་ཅན་གྱི་བསམ་པ་ལ་མ་ལྟོས་པར་དོན་དམ་པའི་)རང་གི་ངོ་བོས་ནི་(རྒྱུད་)ཐམས་ཅད་ཤེས་རབ་ དང་ཐབས་ཀྱིས་བདག་ཉིད་(གཉིས་སུ་མེད་པར་)སྦྱོར་བའི་རྒྱུད་ཉིད་དེ་དེ་སྐད་དུ་ཀྱེའི་རྡོ་རྗེ་ལས་ གསུངས་པ། ཧེ་ཡིག་གིས་ནི་(དམིགས་མེད་ཀྱི་)སྙིང་རྗེ་(བདེ་བ་)ཆེ(ན་པོ་ཐབས་དང་)། །བཛྲ་ཤེས་རབ་ (སྟོང་གཟུགས་)ཅེས་བརྗོད་དེ། །(དེ་ལྟར་)ཐབས་དང་ཤེས་རབ་བདག་ཉིད་(གཉིས་སུ་མེད་པར་སྦྱོར་བའི་)རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་གསུངས་པའི་ཕྱིར་ཀྱེའི་རྡོ་རྗེ་ནི་ཤེས་རབ་ཀྱི་ རྒྱུད་དུ་མི་འགྱུར་ཏེ་ཤེས་རབ་ཀྱི་རྒྱུད་ཉོན་ཞེས་གསུངས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ 4-1-185 འདུས་པ་ལས། ཐབས་དང་ཤེས་རབ་(གཉིས་སུ་མེད་པར་)སྙོམས་འཇུག་པ། །རྣལ་འབྱོར་ཞེས་ པར་མངོན་པར་བརྗོད། །འདུས་པར་(ནི་ཐབས་ཤེས་གཅིག་ཏུ་)སྦྱོར་བར་རབ་གསུངས་ཏེ། །(དེས་)སངས་རྒྱས་ཐམས་ཅད་མངོན་བརྗོད་བྱེད། །ཅེས་གསུངས་པའི་ཕྱིར་(དཔལ་འདུས་པ་)འདི་ནི་ ཐབས་ཀྱི་རྒྱུད་དུ་མི་འགྱུར་རོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ལས། ཐབས་ཀྱི་ལུས་(ཉིད་)ཀྱིས་རྣལ་འབྱོར(དུ་འགྱུར་བ་)མིན། །ཤེས་རབ་གཅིག་པུས་〔ཀྱང་རྣལ་འབྱོར་དུ་〕འགྱུར་མ་ཡིན། ། ཐབས་དང་ཤེས་རབ་(གཉིས་སུ་མེད་པར་)སྙོམས་འཇུག་པ། །(དེ་ལ་)དེ་བཞིན་གཤེགས་པས་རྣལ་ འབྱོར་〔གྱི་དོན་དུ་〕གསུངས། །ཞེས་སོ(འདི་དག་དང་མཐུན་པ་ཀྱེའི་རྡོ་རྗེའི་འགྲེལ་པར་ཡང་རྒྱ་ཆེར་འབྱུང་ངོ་)། ༩། དེ་བཞིན་(དུ་ཀ་ཡིག་སོགས་)ཡི་གེ་སོ་སོ་ནི་རོ་ཡི་བསྒྱུར་བའི་རོ་ཞེས་པ་རྣལ་འབྱོར་མ་དང་ རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་གྱི་དབང་པོ(གཙོ་བོ) འོ། །〔དོན་དམ་པར་རྒྱུད་ཐམས་ཅད་〕རིགས་གཅིག་གི་རྒྱུད་དུ་(ཡོངས་སུ་)གྲུབ་པ་གང་ཡིན་ པ་(དང་པོའི་སངས་རྒྱས་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་)དེ་ཉིད་(རྣམ་པ་ཐམས་ཅད་པའི་བདག་ཉིད་ཡིན་པའི་ ཕྱིར་)རིགས་གསུམ་དང་རིགས་ལྔ་དང་སྟོང་དང་འབུམ་དང་བྱེ་བའི་དབྱེ་བས་ཐ་དད་པ་ནི་ འདུས་པ་ལ་སོགས་པ་དང་ཀྱེའི་རྡོ་རྗེ་ལ་སོགས་པའི་རྒྱུད་རྣམས་ལ་གྲངས་མེད་དེ་སེམས་ ཅན་མཐའ་ཡས་པའི་(ལྷག་པར་མོས་པའི་)བསམ་པའི་དབང་གིས་(ཐ་དད་པ་ལྟ་བུར་གནས་)སོ་ཞེས་པ་ ནི་རྒྱུད་ཀྱི་〔དབྱེ་བསྡུས་〕ངེས་པའོ(བརྟགས་པ་གཉིས་པའི་ཕྱི་མར་ཡང༌། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་ གཟུགས་ཀྱི་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག། ཞེས་སོགས་དང༌། གང་གཱའི་ཀླུང་ནི་བཅུའི་བྱེ་སྙེད་ཉིད། །རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ ཚོགས་ལ་རིགས་ནི་དུ་མ་རྣམས། །དེ་རྣམས་རིགས་ལ་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་ལ་ཡང་འབུམ་ཕྲག་རིགས་ཆེན་རྣམས། ། དབྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །དེ་ལ་རིགས་ལ་གྲངས་མེད་རིགས་རྣམས་ཉིད། །མཆོག་དུ་དགའ་བའི་རིགས་ 4-1-186 ལས་བྱུང་བ་རྣམས། །ཞེས་འབྱུང་བའོ)། ། ༈ ད་ནི་སྔགས་ཀྱི་ལྷ་རྣམས་ཀྱི་〔སེམས་ཅན་གྱི་ཕུང་པོ་ལ་སོགས་པ་དག་〕ནང་གི་དག་ པ་གསུངས་པ་ཕུང་པོ་ཞེས་པ་ལ་སོགས་པ་སྟེ་འདིར་ཕུང་པོ་(འགགས་པའི་རྣམ་པར་དག་པ་)ལྔས་(ལྷ་)ལྔའི་བདག་ཉིད་དག་པར་འགྱུར་རོ། །ཕུང་པོ་ལྔ་དང་་འབྱུང་བ་(བཞི་)རྣམས་(དག་པ་ཉིད་)ཀྱིས་ (ལྷ་)དགུའི་བདག་ཉིད་དག་པར་འགྱུར་རོ། །ལས་ཀྱི་དབང་པོ་བཞི(འམ་ནང་ལེ་ལྟར་ན་འཁོར་ལོ་བཞི་)དང་བཅས་པ(དག་པ)ས་(ལྷ་)བཅུ་གསུམ་གྱི་བདག་ཉིད་དག་པར་འགྱུར་རོ། །ཡུལ་དྲུག་དང་ བཅས་པ(དག་པ)ས་(ལྷ་)བཅུ་དགུའི་བདག་ཉིད་དག་པར་འགྱུར་རོ། །དབང་པོ་དྲུག་དང་བཅས་ པ(དག་པ)ས་(ལྷ་)ཉི་ཤུ་རྩ་ལྔའི་བདག་ཉིད་དག་པར་འགྱུར་རོ། །ལས་ཀྱི་དབང་པོའི་བྱ་བ་ལྔ་ དང་བཅས་ཤིང་ལས་ཀྱི་དབང་པོ་ལྔ་པ་〔གསང་བའི་དབང་པོ་〕རབ་ཏུ་ཞུགས་པ(འམ་ནང་ལེ་ ལྟར་ན་ལས་དབང་བཞི་གསང་བ་དང་གཙུག་ཏོར་གྱི་པད་མ་རྫོགས་པ་རྣམ་པར་དག་པ་)ན་ (གཙོ་བོའི་)རང་འོད་ཀྱི་ཤེས་རབ་དང་བཅས་པ་〔སོ་སོར་བགྲངས་པས་ལྷ་〕སུམ་ཅུ་རྩ་གཉིས་ཀྱི་ བདག་ཉིད་དོ། །ལས་ཀྱི་དབང་པོ་དྲུག་པ་(ཁུ་བའི་དབང་པོ་)དང་ལས་ཀྱི་དབང་པོའི་བྱ་བ་དྲུག་ པ་(དྲི་ཆུ་འཛག་པ་)དང་ལྡན་པ་(རྣམ་པར་དག་པས་)ནི་(ལྷ་)སུམ་ཅུ་རྩ་བཞིའི་བདག་ཉིད་དོ། །ཕུང་པོ་ (དྲུག་པ་)དང་ཁམས་དྲུག་པ་དག་དང་ལྡན་པ་(རྣམ་པར་དག་པ་)ནི་(ལྷ་)སུམ་ཅུ་རྩ་དྲུག་གི་བདག་ཉིད་ དོ། །དེ་ལྟར་ཕུང་པོ་དྲུག་དང་ཁམས་དྲུག་དང་དབང་པོ་དྲུག་དང་ཡུལ་དྲུག་དང་ལས་ཀྱི་དབང་ པོ་དྲུག་དང་ལས་ཀྱི་དབང་པོའི་བྱ་བ་དྲུག་སྟེ་ཁམས་རྣམས་(འགགས་པ་རྣམ་པར་དག་པ་)ནི་(ཁྱབ་བྱ་)དཀྱིལ་འཁོར་པ་(འཁོར་)རྣམས་སོ། །དེ་རྣམས་ལ་ཁྱབ་པར་བྱེད་པ་(བསམ་དུ་མེད་པ་)ཐུགས་(རྡོ་ རྗེ་ཡབ་ཡུམ་)དང་ཡེ་ཤེས་(རྡོ་རྗེ་དབྱེར་མེད་པ་)ནི་ཐམས་ཅད་དུ་གཙོ་བོ་སྟེ་དེ་ལྟར་དབྱངས་ཀྱི་དབྱེ་ བས་(ཕྱེ་བའི་གསལ་བྱེད་རྣམས་)མཐའ་དག་ཚོགས་ཀྱི་རིགས་ནི་སྦྱང་བ(སྟེ་རྣམ་པར་དག་པ)ར་བྱ་ཞེས་ སོ། །སྟོང་པ་གཞོམ་མེད་ལ་སོགས་ཞེས་པ་ནི་འདིར་ཡེ་ཤེས་(ཀྱི་ཕུང་པོ་)ལ་སོགས་པ་སྟོང་པ་ 4-1-187 དྲུག་སྟེ་མཐའ་དག་རྒྱལ་བའི་རིགས་ཕུང་པོ་དྲུག་(གདོད་ནས་)རྣམ་པར་དག་པ་རྣམས་ཀྱིས་ལྷ་ རྣམས་(ལ་)རྒྱའི་གདབ་པ་སྟེ། (དེ་ཡང་)གཙུག་ཏོར་ནས་ནི་(གསང་བའི་)ཆུ་སྐྱེས་མཐའ་རུ་〔ཐུག་པ་〕 མི་མཉམ་མཉམ་པའི་རིགས་ལ་འཁོར་ལོའི་དབུས་ཀྱི་གདན་ལའོ། །ཞེས་པ་ནི་འདིར་གཙུག་ ཏོར་གྱི་འཁོར་ལོར་(ནམ་མཁའི་དཀྱིལ་འཁོར་)ཐིག་ལེ་(ལྗང་ཁུ་)ལ་མི་བསྐྱོད་པ་ཨའོ། །དེ་བཞིན་དུ་ སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་(ཐིག་ལེ་ནག་པོ་)ལ་དོན་ཡོད་གྲུབ་པ་ཨིའོ། །དཔྲལ་བར་ཟླ་ བའི་དཀྱིལ་འཁོར་ལ་སྣང་བ་མཐའ་ཡས་ཨུ་སྟེ་(ཐབས་ཀྱི་རིགས་)མི་མཉམ་པའི་འཁོར་ལོ་(གསུམ་) ལ་མི་མཉམ་པ(ཡབ་ཀྱི་ཐུགས་གསུང་སྐུ)འི་རིགས་(གསུམ་རྣམས་)སོ། །དེ་བཞིན་དུ་(ཤེས་རབ་ཀྱི་རིགས་ མཉམ་པའི་འཁོར་ལོ་གསུམ་མཉམ་པའི་རིགས་གསུམ་ནི་)ལྟེ་བར་དུས་ཀྱི་མེ(ཐིག་ལེ་སེར་པོ་)ལ་རྣམ་པར་སྣང་ མཛད་ལིའོ། །མགྲིན་པར་ཉི་མ་〔ཐིག་ལེ་དམར་པོ་〕ལ་རིན་ཆེན་དབང་པོ་རིའོ། །གསང་ བར་ཡེ་ཤེས་ཀྱི་འཁོར་ལོ་ལ་(ཐིག་ལེ་སྔོན་པོ་)རྡོ་རྗེ་སེམས་དཔའ་ཨཾ་ཞེས་པ་(ཡུམ་གྱི་སྐུ་གསུང་ཐུགས་ རིགས་གསུམ་)སྟེ་སྐུའི་རྒྱས་གདབ་པ་ལ་ལྷ་རྣམས་ཀྱི་རྒྱས་གདབ་པའོ་ཞེས་པ་ངེས་པའོ། །(གསུང་)སྲོག་གི་(རྒྱུ་བ་འགགས་པ་སྲོག་ཆེན་པོའི་)རྒྱས་གདབ་པ་ལ་ནི་ལྟེ་བར་(སའི་དཀྱིལ་འཁོར་ལ་)ལྀ་དང་སྙིང་ ཁར་(ཆུའི་དཀྱིལ་འཁོར་ལ་)ཨུ་དང་མགྲིན་པར་(མེའི་དཀྱིལ་འཁོར་ལ་)རྀ་དང་དཔྲལ་བར་(རླུང་གི་དཀྱིལ་ འཁོར་ལ་)ཨི་དང་གཙུག་ཏོར་དུ་(སྟོང་པའི་དཀྱིལ་འཁོར་ལ་)ཨ་སྟེ་ས་ལ་སོགས་པའི་དཀྱིལ་འཁོར་ལ་ དགོད་པར་བྱའོ། །དེ་བཞིན་དུ་ཐུགས་ཀྱི་ཐིག་ལེའི་རྒྱས་གདབ་པ་ལ་ནི་དཔྲལ་བར་ཟླ་བའི་ དཀྱིལ་འཁོར་ལ་ༀ་དང་མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདང་སྙིང་གར་སྒྲ་གཅན་གྱི་ དཀྱིལ་འཁོར་ལ་ཧུཾ་དང་ལྟེ་བར་མེའི་དཀྱིལ་འཁོར་ལ་ཧོའོ། །དེ་བཞིན་དུ་ཡེ་ཤེས་ཀྱི་རྒྱས་ གདབ་པ་ལ(ཨ་ཀཱ་རོ་མཱུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུད་པན་ན་ཏྭད་)ཨ་ཡིག་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པས་རྡོ་རྗེ་ནོར་བུ་ལ་ཨ་(ནི་ཡིག་འབྲུ་ཀུན་གྱི་མཆོག་)ཞེས་པ་གྲུབ་ པོ། །(དེ་ལྟར་)སྐུུ་(རིགས་དྲུག་)དང་གསུང་(རིགས་ལྔ་)དང་ཐུགས་(རིགས་བཞི་)དང་ཡེ་ཤེས་(རིགས་གཅིག་) 4-1-188 རྣམས་ཀྱིས་རྒྱས་གདབ་པའོ། ༡༠ ། ༈ ད་ནི་ཞལ་གྱི་དབྱེ་བ་གསུངས་པ་རྡོ་རྗེ་རྣམས་ཀྱིས་ཞེས་པ་ལ་སོགས་པ་སྟེ་འདིར་ (རྒྱུ་དང་འབྲས་བུའི་རྒྱུད་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ཉིད་རང་བཞིན་གྱི་)རིགས་གཅིག་དང་(སྐུ་གསུང་ ཐུགས་ཀྱིས་)རིགས་གསུམ་དང་(ཕུང་པོ་གཞན་ལྔའི་)རིགས་ལྔ་དང་(ཕུང་པོ་གཞན་དྲུག་གི་)རིགས་དྲུག་ གིས་(རྣམ་རྟོག་གིས་མི་ཤིགས་ཤིང་མི་ཕྱེད་པའི་)རྡོ་རྗེར་གསུངས་ཤིང་རྡོ་རྗེ་དེ་རྣམས་ཀྱིས་ཞལ་གྱི་དབྱེ་ བར་འགྱུར་ཏེ་རིགས་གཅིག་གིས་(དག་པ་)ཞལ་གཅིག་དང་རིགས་གསུམ་གྱིས་དག་པར་ཞལ་ གསུམ་དང་རིགས་ལྔས་དག་པ་ཞལ་ལྔར་འགྱུར་རོ། །རིགས་དྲུག་གིས་དག་པ་(ལྷའི་)ཞལ་ དྲུག་ཏུ་འགྱུར་ཏེ་(ཁྲོ་བོའི་རྒྱལ་པོ་གདོང་དྲུག་)འཇིགས་ཞེས་སོ། །དེ་བཞིན་དུ་ཞལ་བརྒྱད་(རྣམ་པར་ ཐར་པ་བརྒྱད་ཅེས་)པ་ལ་སོགས་པ་ནས་(རིགས་བརྒྱ་དག་པ་ཁྲོ་བོའི་)ཧ་ལཱ་ཧ་ལ་གདོང་བརྒྱ་པའི་བར་དུ་ (ཞལ་གྱི་དབྱེ་བ་)ཁམས་རྣམས་ཀྱི་དག་པ་གཙོ་བོར་འགྱུར་རོ་ཞེས་པ་རྒྱུད་གཞན་དུ་ངེས་པ་སྟེ་ རྒྱལ་བའི་བདག་པོ་(རྡོ་རྗེ་སེམས་དཔའི་)འོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོ་ལ་དཀྱིལ་འཁོར་གྱི་ བདག་པོ་ཡང་(ཞལ་)གཅིག་ལ་སོགས་པ་མཐའ་ཡས་ཞལ་དང་ཕྱག་དང་ཞབས་མང་དུ་མའི་ ཁ་དོག་དང་ནི་(རྣམ་རྟོག་མ་རིག་ཆེན་པོའི་)མུན་པའི་མཐར་(གྱུར་པ་མི་རྟོག་ཡེ་ཤེས་ཀྱི་སྐུ་)ཞེས་པ་ལ་སོགས་ པ་སྒྲུབ་ཐབས་ཀྱི་ལེའུ་ལས་གསུངས་སོ། །(དུས་ཀྱི་འཁོར་ལོ་)འདིར་ཕྱག་ཉི་ཤུ་རྩ་བཞི་པའི་ཕྱག་ རྣམས་ཀྱི་དབྱེ་བ་ནི་དབྱངས་ཀྱི་དབྱེ་བ་ཡིས་ཞེས་པ་ལ་ཧ་ཧཱ་ཧི་ཧཱི་ཧྼྀ་ཧྼཱི་ཧུ་ཧཱུ་ཞེས་པ་ ནི་(གཡོན་དང་གཡས་སུ་ཕྱག་)ནག་པོ་བརྒྱད་དེ་མུན་པའི་ཡོན་ཏན་(རྣམ་པར་དག་པའི་ཐུགས་ཀྱི་རང་བཞིན་)ལས་སོ། །ཧ་ཧཱ་ཧེ་ཧཱཻ་ཧར་ཧཱར་ཧོ་ཧཱཽ་ཞེས་པ་ནི་དམར་པོ་བརྒྱད་དེ་རྡུལ་གྱི་ཡོན་ཏན་(རྣམ་པར་ དག་པའི་གསུང་གི་རང་བཞིན་)ལས་སོ། །ཧ་ཧཱ་ཧྻ་ཧྻཱ་ཧྼ་ཧྼཱ་ཧྺ་ཧྺཱ་ཞེས་པ་ནི་དཀར་པོ་བརྒྱད་དེ་སྙིང་ སྟོབས་ཀྱི་ཡོན་ཏན་(རྣམ་པར་དག་པ་སྐུའི་རང་བཞིན་)ལས་སོ། །ཞེས་པ་(གཙོ་བོར་)དུས་ཀྱི་འཁོར་ལོའི་ འོ། །དེ་བཞིན་དུ་(གཙོ་མོ་)སྣ་ཚོགས་ཡུམ་གྱི་(ཕྱག་)ནི་(ཡོན་ཏན་གསུམ་དང་ཡུལ་ལྔའི་)ཡོན་ཏན་(བརྒྱད་པོ་) 4-1-189 ཐམས་ཅད་(རྣམ་པར་དག་པ་)ལས་ཧཾ་ཧཿཧླྀ་ཧླཱྀ་ཧལ་ཧཱལ་ཧླ་ཧླཱ་ཞེས་པ་སེར་པོ་བརྒྱད་ (ཁ་དོག་སེར་པོའི་ངེས་པ་)དེ་ཡེ་ཤེས་ཀྱི་ཞལ་གྱི་རང་བཞིན་ལས་སོ་ཞེས་པ་ངེས་པའོ(འདིས་ཀྱང་སྣ་ ཚོགས་ཡུམ་དམར་སེར་ལ་སོགས་པར་འདོད་པ་བསལ་པ་ཡིན་ནོ)། །དེ་ཉིད་རྣམས་ཀྱིས་ཕྱག་བརྒྱའི་རབ་ཏུ་ དབྱེ་བ་ཞེས་པ་ནི་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་ཨཿཞེས་པ་ནམ་མཁའ་དང་རླུང་དང་མེ་ དང་ཆུ་དང་ས་དང་ཡེ་ཤེས་ཀྱི་(ཁམས་ཀྱི་)དབྱེ་བ་སྟེ་ལྷའི་ཚོགས་ཐམས་ཅད་ཀྱིས་རྒྱས་གདབ་ པའོ། །གཞན་ཡང་དེ་བཞིན་དུ་སྐུའི་རྒྱས་གདབ་པ་(དཔྲལ་བར་)ༀ་དང་གསུང་གི་རྒྱས་གདབ་ པ་(མགྲིན་པར་)ཨཱཿདང་ཐུགས་ཀྱིས་རྒྱས་གདབ་པ་(ཐུགས་ཁར་)ཧུཾ་དང་ཡེ་ཤེས་ཀྱིས་རྒྱས་གདབ་ པ་(ལྟེ་བར་)ཧོའོ། །རིགས་གཅིག་གི་རྒྱས་གདབ་པ་(རྡོ་རྗེ་ནོར་བུ་ལ་)གཞོམ་དུ་མེད་པའི་ཨ་ཡིག་གོ་ ཞེས་པ་སྟེ་དེ་ལྟར་རིགས་དྲུག་དང་རིགས་ལྔ་དང་རིགས་བཞི་དང་རིགས་གསུམ་དང་རིགས་ གཅིག་གིས་རྒྱས་གདབ་པ་ནི་(སྔར་བསྟན་པའི་)སུམ་ཅུ་རྩ་དྲུག་(ཐབས་ཤེས་དབྱེར་མེད་པར་)སྦྱོར་བའི་ རྒྱུད་རྣམས་ལའོ། །དཔག་མེད་ཡོན་ཏན་ཡི་གེ་དུ་མའི་རབ་ཏུ་དབྱེ་བ་ཅན་རྒྱུད་སྣ་ཚོགས་པ་ ཡི་གེ་སོ་སོའི་མིང་ཅན་ཞེས་པ་ཀ་རྡོ་རྗེ་དང་ཁ་རྡོ་རྗེ་དང་ག་རྡོ་རྗེ་དང་གྷ་རྡོ་རྗེ་དང་ང་རྡོ་རྗེའོ། ། དེ་བཞིན་དུ་ཡི་གེ་སུམ་ཅུ་རྩ་དྲུག་གི་བར་དུ་ཙ་ཡིག་ལ་སོགས་པའི་མིང་ཅན་〔དེ་ཙ་སྡེའི་རྒྱུད་ ལ་སོགས་པའི་〕མཉམ་པའི་རིགས་ཞེས་པ་ཤེས་རབ་ཀྱི་རྒྱུད་དང་མི་མཉམ་པའི་རིགས་ཞེས་ པ་ཐབས་ཀྱི་རྒྱུད་ལ་ལྷ་དང་ལྷ་མོ་རྣམས་ཀྱིས་རྒྱུས་གདབ་པའི་ངེས་པ་སྟེ་ཕྱི་རོལ་ཏུ་(ལྷའི་སྐུ་ལ་) ལག་གདུབ་ལ་སོགས་པ་དང་ནང་དུ(ཡེ་ཤེས་ཀྱི་སྐུ་ལ་)སངས་རྒྱས་(དྲུག་རྣམས་)ཀྱི་བདག་ཉིད་དོ། ༡༡། ༈ ད་ནི་སྔགས་ཀྱི་ལྷ་རྣམས་ཀྱི་བསྐྱེད་པའི་རིམ་པ་ལ་〔བྱིས་པ་ལུས་ལ་〕སྐྱེ་བའི་རྣམ་པར་ དག་པ་གསུངས་པ་ས་བོན་ཞེས་པ་ལ་སོགས་པ་སྟེ་འདིར་ཇི་ལྟར་མངལ་འཛིན་པ་ན་བྱང་ ཆུབ་སེམས་ཀྱི་རྟེན་དང་ཀུན་བཞིའི་རྣམ་པར་ཤེས་པ་གཅིག་པུ་ཡུལ་གྱི་ཆོས་ཀྱི་ཁམས་དང་ 4-1-190 གཅིག་ཏུ་འདྲེས་པར་གྱུར་པ་ནི་(མངལ་སྐྱེས་ཀྱི་ལྷ་)དཔའ་བོ་གཅིག་པར་གསུངས་ཏེ་(དེའི་)རང་ འོད་ཀྱི་ཤེས་རབ་ནི་(མངལ་དུ་)སྐྱེ་བ་པོའི་ཁོངས་སུ་གཏོགས་སོ། །(དེ་ལྟར་ནང་སེམས་ཅན་ལ་ཇི་ལྟ་ བ་)དེ་བཞིན་དུ་(གཞན་དཀྱིལ་འཁོར་གྱི་)ལྷ་(ལ་)ནི་ཀ་ཡིག་གཅིག་པུས་དཔའ་བོ་གཅིག་པར་གྲུབ་ པོ། །ཕྱི་ནས་ས་བོན་དེ་རྡུལ་ལ་རོ་མཉམ་པ་ནི་(མངལ་སྐྱེས་ཀྱི་ལྷ་དེ་)ཤེས་རབ་མ་ཡིས་འཁྱུད་ པར་འགྱུར་ཞེས་པ་ནི་(མངལ་སྐྱེས་)དེའི་བག་ཆགས་ལས་(མངལ་སྐྱེས་ཀྱི་)རྣམ་པར་ཤེས་པའི་ཕུང་ པོ་(དེ་)ཤེས་རབ་(ནམ་མཁའི་ཁམས་)ཀྱིས་འཁྱུད་པ་(ཇི་ལྟ་བ་དེ་བཞིན་དུ་གཞན་དཀྱིལ་འཁོར་གྱི་ལྷ་མི་བསྐྱོད་ པ་ཡབ་ཡུམ་དང་བཅས་པ་)ཀཱ་ཞེས་པར་འགྱུར་ཏེ་(མངལ་སྐྱེས་ཀྱི་)བཞི་པའི་སྦྱོར་བ་(དང་འདྲ་བ་)ལས་སོ་ ཞེས་པ་ངེས་པའོ། །དེ་བཞིན་དུ་ཕུང་པོ་ལྔ་རྫོགས་པ་ནི་མངལ་དུ་(མངལ་སྐྱེས་ཀྱི་ལྷ་)ལྔའི་བདག་ ཉིད་དེ་དེ་བཞིན་དུ་(གཞན་)ལྷ་(ལ་)ཡང་(སངས་རྒྱས་)ལྔའི་བདག་ཉིད་ཅན་ཀཱ་ཀི་ཀྼྀ་ཀུ་ ཀླྀ་ཞེས་པའོ། །དེ་བཞིན་དུ་〔མངལ་སྐྱེས་ཀྱི་〕རུས་པ་(ས་)དང་གཤེར་བ་(ཆུ་)དང་དྲོ་བ་(མེ་) དང་གཡོ་བ(རླུང་གི་)འི་ཆོས་སྐྱེས་པ་ན་ཕུང་པོ་(ལྔ་)དང་ཁམས་(བཞི་ཉིད་)ཀྱིས་བྱིན་གྱི་བརླབས་ པ་མངལ་དུ་〔མངལ་སྐྱེས་ཀྱི་ལྷ་〕དགུའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་〔གཞན་〕ལྷ་〔ལ་〕ཡང་ཀཱ་ ཀི་ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཞེས་པ་(རིགས་ལྔ་ཡུམ་བཞིར་)གྲུབ་ པོ། །དེ་བཞིན་དུ་〔མངལ་སྐྱེས་ཀྱི་〕ངག་དང་ལག་པ་དང་རྐང་པ་དང་བཤང་ལམ་རྫོགས་པ་ ན་སྔར་གྱི་ཕུང་པོ་དང་ཁམས་དང་བཅས་པ་〔མངལ་སྐྱེས་ཀྱི་ལྷ་〕བཅུ་གསུམ་གྱི་བདག་ཉིད་དེ་ ལས་ཀྱི་དབང་པོ་(བཞི་)རྫོགས་པ་ན(འང)་བྱིས་པ་ཇི་ལྟ་བ་དེ་བཞིན་དུ་(གཞན་)ལྷ་(ལ)ཡང་ཀཱ་ཀི་ ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱ་ཀླྀ་ཀླཱྀ་ཀ་ྻ ཀ་ྼཀ་ྺ ཀླ་ཞེས་པ(རིགས་ལྔ་ཡུམ་བཞི་སྒོ་སྐྱོང་ བཞི་སྟེ་ལྷ་བཅུ་གསུམ་པ)འོ། །ནང་དུ་ཡུལ་(དྲུག་)སྐྱེས་པ་ན་ལྔར་གྱི་ཕུང་པོ་ལ་སོགས་པ་དང་ལྷན་ ཅིག་མངལ་དུ་〔མངལ་སྐྱེས་ཀྱི་ལྷ་〕བཅུ་དགུའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་(གཞན)ལྷ་(ལ་) ཡང་ཀཱ་ཀི་ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཀ་ྻཀ་ྼཀ་ྺཀླ་ཀཱ་ཀཻ་ཀཱར་ཀཽ་ཀཱལ་ 4-1-191 ཀཿབཅས་པ(ལྔ་པ་ལ་སེམས་མ་དྲུག་བསྣན་པས་བཅུ་དགུ)འོ། །དེ་ནས་མིག་ལ་སོགས་པ་(དབང་པོ་དྲུག་)སྐྱེས་པ་ན་བྱིས་པ་སྐྱེས་པ་ཉི་ཤུ་རྩ་ལྔའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་(གཞན་)ལྷ་(ལ་)ཡང་ ཀཱ་ཀི་ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱུ་ཀླྀ་ཀླཱྀྀ་ཀ་ྻ ཀ་ྼཀ་ྺཀླ་ཀཱ་ཀཻ་ཀར་ཀཽ་ ཀཱལ་ཀ་ཀ་ཀེ་ཀར་ཀོ་ཀལ་ཀཾཿ ཞེས་པ(སྔ་མ་ལ་སེམས་དཔའ་དྲུག་བསྣན་པས་ལྷ་ཉེར་ལྔ)འོ། །དེ་ནས་ ལས་ཀྱི་དབང་པོ་ལྔ(པ་སྐྱེས་པ་ན་དེ)འི་(སྦྱོར་བས་དེ་རྣམས་ཀྱི་སྦྱོར་བ་བྱ་བ་)བརྗོད་པ་དང་ལེན་པ་དང་ འགྲོ་བ་དང་བཤང་བ(འི་བྱ་བ)་དང་གཅི་བའི་བྱ་བ་སྐྱེས་པ་ན་བྱིས་པ་སུམ་ཅུ་རྩ་གཉིས་ཀྱི་ བདག་ཉིད་དེ་དེ་བཞིན་དུ་(གཞན་)ལྷ་(ལ་)ཡང་ཀཱ་ཀི་ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱུ་ཀྷ་ཀྷཱ་ཀྻ་ ཀྻཱ་ཀྼ་ཀྼཱ་ཀྺ་ཀྺཱ་ཀླ་ཀླཱ་ཀ་ཀཱ་ཀེ་ཀཻ་ཀར་ཀཱར་ཀོ་ཀཽ་ཀཱལ་ཀལ་ཀྃ་ཀཿ ཞེས་པ་(སྔ་མ་ལ་ཁྲོ་བོ་གཅིག་ དང་ཁྲོ་མོ་ལྔ་བསྣན་པའམ་ཡང་ན་ཁྲོ་བོ་དྲུག་བསྣན་པས་སོ་གཉིས)སྟེ་(འདིར་གཙོ་བོ་ཡབ་ཡུམ་སོ་སོར་བགྲང་ངོ་དེ་ལྟར་ ནང་དུ་བྱིས་པའི་)ལོ་བཅུ་གཉིས་ཀྱི་མཚམས་རྫོགས་(པ་དང་མཐུན)པའོ། །དེ་ནས་ལོ་བཅུ་དྲུག་གི་ མཚམས་སུ་ཇི་ལྟར་བྱིས་པའི་ཁུ་བ་འཕོ་ན་བཞི་པའི་གནས་སྐབས་སུ་འགྱུར་ཞིང་བཞི་པ(འི་ གནས་སྐབས)་དེ་ཉིད་(མངལ་སྐྱེས་རྣམས་གྱི་)སྐུ་བཞི་པ་དང་ཕུང་པོ་དྲུག་པ་དང་ཁམས་དྲུག་པ་དང་ དབང་པོ་དྲུག་པ་དང་ཡུལ་དྲུག་པ་དང་ལས་ཀྱི་དབང་པོ་དྲུག་པ་དང་ལས་ཀྱི་དབང་པོའི་བྱ་བ་ དྲུག་པར་འགྱུར་ཏེ་(སྔར་གྱི་སོ་གཉིས་པ་ལས་དབང་དྲུག་པ་དང་བྱ་བ་དྲུག་པ་བསྣན་པས་མངལ་སྐྱེས་ཀྱི་ལྷ་སུམ་ཅུ་རྩ་ བཞིའི་བདག་ཉིད་དུ་འགྱུར་ལ་ཕུང་པོ་དྲུག་པ་དང་ཁམས་དྲུག་པ་བསྣན་པས་སུམ་ཅུ་རྩ་དྲུག་གི་བདག་ཉིད་དུའང་འགྱུར་ཏེ་)དེ་ ལྟར་ཕུང་པོ་དྲུག་དང༌། ཁམས་དྲུག་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ལུས་ཀྱི་དབང་པོ་དྲུག་ དང༌། ལས་ཀྱི་དབང་པོའི་བྱ་བ་དྲུག་སྟེ། དེ་ལྟར་(མངལ་སྐྱེས་ཀྱི་)ཁམས་(ཀྱི་ལྷ་)སུམ་ཅུ་རྩ་དྲུག་ནི་ སུམ་ཅུ་རྩ་བདུན་པ་(མངལ་སྐྱེས་ཀྱི་ལྷའི་གཙོ་བོ་བདེ་བའི་)ཡེ་ཤེས་དང་(རྣམ་ཤེས་)སེམས་ཀྱི་རྟེན་དུ་གྱུར་ པའོ། །(དེ་ལྟར་ནང་སེམས་གྱི་ཕུང་པོ་ལ་སོགས་པ་རྫོགས་པ་ཇི་ལྟ་བ་)དེ་བཞིན་དུ་(གཞན་གྱི་དཀྱིལ་འཁོར་གྱི་)ལྷ་(སོ་ དྲུག་པོ་)རྫོགས་པ་ལ་ཀ་ཀཱ་ཀི་ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཀྂ་ཀཿ ཞེས་ 4-1-192 པ་ནི་ཕུང་པོ་དང་ཁམས་(གཞན་ལྷ་)བཅུ་གཉིས་སོ། །ཀྷ་ཀྷཱ་ཀྻ་ཀྻཱ་ཀྼ་ཀྼཱ་ཀྺ་ཀྺཱ་ཀླ་ཀླཱ་ཀྷཾ་ཀྷཿ ཞེས་ པ་ནི་ལས་ཀྱི་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བ་〔གཞན་ལྷ་〕བཅུ་གཉིས་སོ། །དེ་བཞིན་ དུ་ཀ་ཀཱ་ཀེ་ཀཻ་ཀར་ཀཱར་ཀོ་ཀཽ་ཀལ་ཀཱལ་ཀྂ་ཀཿ ཞེས་པ་ནི་སྐྱེ་མཆེད་〔གཞན་ལྷ་〕བཅུ་གཉིས་ གྲུབ་པའོ། །ཁམས་(གཞན་ལྷ་སོ་དྲུག་པོ་)འདི་རྣམས་(ལ་ཁྱབ་བྱེད་)ཀྱི་གཙོ་བོ་ནི་ཐབས་སྟོང་པ་ཆེན་པོ་ འགྱུར་མེད་ལྔ་དང་ཤེས་རབ་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་སྟེ་ཝཾ་ཡིག་དང་ཨེ་ཡིག་གོ། ཨེ་ ཝྂ་གི་ཡི་གེ་ནི་གཙོ་བོ་(ལྷན་ཅིག་སྐྱེས་པའི་)བདེ་བ་ཆེན་པོ་སྟེ་(དོན་དམ་ཡང་དག་པའི་)དཀྱིལ་འཁོར་གྱི་ བདག་པོའོ། །ཀ་རྡོ་རྗེའི་རྒྱུད་ལ་ཇི་ལྟ་བ་དེ་བཞིན་དུ་ཁ་རྡོ་རྗེ་ལ་སོགས་པ་ལ་(ཡོངས་སུ་)གྲུབ་ པོ། །དེ་ལྟར་(ལྷ་དེ་རྣམས་དཀྱིལ་འཁོར་གྱི་གནས་གང་དུ་གང་བཞུགས་པ་ནི་)སྙིང་པོའི་འཕར་མ་ལ་ཕུང་པོ་ དང་ཁམས་རྣམས་སོ། །ཕྱིའི་འཕར་མ་(ལྷ་སྣམ་)ལ་སྐྱེ་མཆེད་བཅུ་གཉིས་དང་(སྒོ་བཞིར་)སྒོ་སྐྱོང་ རྣམས་དང་(ལྷག་མ་སྟེགས་བུ་ལ་)ལས་ཀྱི་དབང་པོ་ཡུལ་དང་བཅས་པ་རྣམས་སོ། །འདིར་(ནང་སེམས་ ཅན་ལ་)གཞོན་ནུ་ལོ་བཅུ་དྲུག་གི་རྗེས་ལ་བུ་དང་བུ་མོའི་ཕུང་པོ་རྣམས་སྐྱེད་པར་བྱེད་པ་ཉིད་ཀྱི་ ཕྱིར་དབང་ཕྱུག་མཐའ་ཡས་འཁོར་ལོ་ཅན་ཞེས་པ་ཇི་ལྟ་བ་དེ་བཞིན་དུ་(གཞན་དཀྱིལ་འཁོར་ལ་)དེ་ བཞིན་གཤེགས་པ་ལྔ་ལ་སོགས་པའི་བཀོད་པ་སྤྲོ་བའི་ཕྱིར་ལྷའི་ཚོགས་ཀྱི་གཙོ་བོ་ནི་དབང་ ཕྱུག་མཐའ་ཡས་འཁོར་ལོ་ཅན་དུ་འགྱུར་རོ་ཞེས་པ་(མངལ་སྐྱེས་དང་ཆོས་མཐུན་པར་ལྷ་སྤྲོ་བ་)ངེས་པའོ། ། འདིར་མངལ་གྱི་ལུས་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་(བསྐྱེད་པའི་རིམ་པའི་)ལྷ་སྐྱེད་པ་ལ་དཀྱིལ་ འཁོར་རྒྱལ་མཆོག་དང་བསྙེན་པའི་ཡན་ལག་གོ། ངག་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་〔བསྐྱེད་ པའི་རིམ་པའི་〕ལས་རྒྱལ་མཆོག་དང་ཉེ་བར་སྒྲུབ་པའོ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་བསྐྱེད་ པ་ཇི་ལྟ་བ་དེ་བཞིན་དུ་(བསྐྱེད་པའི་རིམ་པའི་)ཐིག་ལེའི་རྣལ་འབྱོར་དང་སྒྲུབ་པའོ། །ཁུ་བ་འཕོ་བ་ ན་བདེ་བ་སྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཕྲ་མོའི་རྣལ་འབྱོར་དང་སྒྲུབ་པ་ཆེན་པོ་སྟེ་དེ་ལྟར་(བསྙེན་ སྒྲུབ་)ཡན་ལག་བཞིའི་སྒྲུབ་པ་ནང་གི་ལེའུ་ལས་(མངལ་སྐྱེས་ཀྱི་སྐུ་བཞི་དང་རྡོ་རྗེ་བཞི་)སྔར་གསུང་པ་དེ་ 4-1-193 རྒྱ་ཆེར་སྦྱང་བ(སྟེ་རྣམ་དག་དང་ཆོས་མཐུན་སྦྱར་བ་)ར་བྱའོ་ཞེས་པ་ནི་ངེས་པའོ། ༡༢ ། ༈ (བདུན་པ་ཡེ་ཤེས་ཀྱི་དཀྱིར་འཁོར་སྤྲོ་བའི་ངོ་བོ་ཉིད་ཀྱིས་གནས་པ་)ད་ནི་འཁོར་ལོ་དྲུག་པོ་རྣམས་སུ་ (རྣམ་པར་དག་པའི་)ཁམས་དྲུག་ལས་(ཁམས་སོ་སོའི་)རིགས་ཀྱི་ལྷ་རྣམས་སྤྲོ་བ་གསུངས་པ་དག་པར་ ཞེས་པ་ལ་སོགས་པ་སྟེ་འདིར་མི་རྣམས་ཀྱི་ལོ་བཅུ་དྲུག་གི་རྗེས་ལ་ཁམས་དྲུག་གི་རང་བཞིན་ གྱི་(བྱང་ཆུབ་)སེམས་ཀྱིས་(བུ་དང་བུ་མོ་ཚ་བོ་ཡང་ཚ་ལ་སོགས་པ་)སྣ་ཚོགས་པ་སྤྲོ་བར་བྱེད་པ་ཇི་ལྟ་བ་དེ་ བཞིན་དུ་གཙོ་བོའི་(དུས་ཀྱི་འཁོར་ལོ་)ཡང་ཁམས་དྲུག་གི་དབྱེ་བ(སྤྲོ་བར་བྱེད་པ)འོ། །དག་པར་ཞེས་ པ་(དུས་ཀྱི་འཁོར་ལོའི་)དཔྲལ་བའི་འཁོར་ལོར་ཡང་དག་པའི་ཆུ་ལས་ཞེས་པ་(〔ཡང་〔མ་〕དག་ པའི་ཆུ་ཁམས་དང་འདུ་ཤེས་ཀྱི་ཕུང་པོ་ལས་གཞན་གདོད་ནས་)སྒྲིབ་པ་མེད་པའི་ཆུའི་ཁམས་དང་འདུ་ཤེས་ཀྱི་ ཕུང་པོ་ལས་ལྷའི་ཚོགས་རི་བོང་འཛིན་པ་ལྟར་དཀར་པད་མའི་མཚན་མ་ཅན་(རྣམས་)སྤྲོ་བ་ནི་ འདི་ལྟ་སྟེ་འོད་དཔག་མེད་དང་མཱ་མ་ཀཱི་དང་པད་མ་མཐར་བྱེད་དང་མི་གཡོ་བ་དང་ང་རྒྱལ་མ་ དང་ཙུན་དཱ་དང་འཇིག་རྟེན་དབང་ཕྱུག་དང་གཟུགས་རྡོ་རྗེ་མ་དང་དྲག་མོ་དང་དཔལ་མོ་དང་ རྒྱ་མཚོ་དང་ཚོགས་ཀྱི་དབང་པོ་དང་ཀླུ་མཐའ་ཡས་དང་རིགས་ལྡན་དང་སྟག་གདོང་མ་དང་ འུག་གདོང་མ་སྟེ་དེ་ལྟར་ལྷ་འདི་རྣམས་གཡོན་གྱི་ཞལ་ནས་ཞེས་པ་(དུས་ཀྱི་འཁོར་ལོའི་)སྐུའི་ཞལ་ དཀར་པོ་(འདུ་མི་བྱེད་པའི་རྣམ་པར་ཐར་བའི་སྒོ་)ནས་མཆོག་གི་སྙིང་རྗེ(ཚད་མེད་པའི་)ཡིས་ནི་སྤྲོས་ པའོ་ཞེས་པ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ངེས་པའོ། །འདིར་སྣང་བ་མཐའ་ཡས་ ལ་རྣམ་པར་ཤེས་པ་(གཞན་མི་བསྐྱོད་པ་)དང་ལྷའི་ཚོགས་ལ་(ལྷག་མ་རྣམས་)སྣང་བ་མཐའ་ཡས་ཀྱིས་ རྒྱས་གདབ་པ་པད་མའི་མཚན་མ་ཅན་ཞི་བ་དང་རྒྱས་པའི་ལས་ཀྱི་དངོས་གྲུབ་སྟེར་བ་ཆུའི་ ཁ་དོག་ལས་དཀར་པོ་སྟེ་དེ་ལྟར་སྣང་བ་མཐའ་ཡས་ཀྱི་རིགས་ཀྱི་ལྷ་སྤྲོ་བ་དང་བསྡུ་བ་ནི་སོ་ སོར་རྟོག་པ་ལས་སོ། ༡༣ ། ༈ ད་ནི་དོན་ཡོད་གྲུབ་པའི་རིགས་སྤྲོ་བ་གསུངས་པ་ཆོས་ལ་ཞེས་པ་ལ་སོགས་པ་སྟེ་ 4-1-194 འདིར་སྙིང་ཁ་ཆོས་ཀྱི་འཁོར་ལོར་〔མ་དག་པའི་རླུང་དང་འདུ་བྱེད་ལས་གཞན་〕ཡང་དག་ པའི་རླུང་གི་ཁམས་དང་དག་པའི་འདུ་བྱེད་ལས་རལ་གྲིའི་མཚན་མ་ཅན་ལྷའི་ཚོགས་ཁ་ དོག་ནག་པོ་ནི་འདི་ལྟ་སྟེ་དོན་ཡོད་གྲུབ་པ་དང་སྒྲོལ་མ་དང་བགེགས་མཐར་བྱེད་དང་དབྱིག་ སྔོན་ཅན་དང་ཤུན་ཏུ་སྟོབས་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་ནམ་མཁའི་སྙིང་པོ་དང་རེག་ བྱ་རྡོ་རྗེ་མ་དང་ཙར་ཙི་ཀཱ་དང་ཁྱབ་འཇུག་མ་དང་རླུང་ལྷ་དང་བདེན་བྲལ་དང་པད་མ་སྟོབས་ ཀྱི་རྒྱུ་དང་བྱ་རོག་གདོང་མ་དང་ཁྱི་གདོང་མ་སྟེ་འདི་རྣམས་ནི་བྱམས་པ(ཚད་མེད་པ)འི་ཐུགས་ ཀྱིས་སྲིད་པ་གསུམ་(གཞན་)གྱི་བདག་པོ་ཤར་གྱི་ཞལ་(མཚན་མ་མེད་པའི་རྣམ་ཐར་གྱི་སྒོ་)ནས་ཞེས་ པ་ཐུགས་ཀྱི་ཞལ་ནས་སྤྲོས་པའོ། །འདིར་དོན་ཡོད་གྲུབ་པ་ལ་རྣམ་པར་ཤེས་པ་(གཞན་)དང་ ལྷའི་ཚོགས་(ལྷག་མ་རྣམས་)ལ་དོན་ཡོད་གྲུབ་པའི་རྒྱས་གདབ་པ་རལ་གྲིའི་མཚན་མ་ཅན་བསྐྲད་ པ་དང་དབྱེ་བའི་ལས་ཀྱི་དངོས་གྲུབ་སྟེར་བ་རླུང་གི་ཁ་དོག་ལས་ནག་པོ་སྟེ་དེ་ལྟར་དོན་ཡོད་ གྲུབ་པའི་རིགས་ཀྱི་ལྷ་རྣམས་སྤྲོ་བ་དང་བསྡུ་བ་ནི་བྱ་བ་ནན་ཏན་ལས་སོ། ༡༤ ། ༈ ད་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་སྤྲོ་བ་གསུངས་པ་ལོངས་སྤྱོད་རྫོགས་པར་དག་ པའི་མེ་ལས་ཞེས་པ་སྟེ་འདིར་མགྲིན་པའི་འཁོར་ལོར་(མ་དག་པའི་མེ་དང་ཚོར་བ་ལས་གཞན་)དག་ པའི་མེ་དང་དག་པའི་ཚོར་བ་ལས་ཉི་མ་འཆར་དཀའ་དང་མཚུངས་ཞེས་པ་ཁ་དོག་དམར་ པོ་སྟེ་རིན་ཆེན་འཛིན་ཞེས་པ་རིན་ཆེན་འབྱུང་ལྡན་དང་དེ་བཞིན་དུ་གོས་དཀར་མོ་དང་ཤེས་ རབ་མཐར་བྱེད་དང་འདོད་པའི་རྒྱལ་པོ་དང་རྨུགས་བྱེད་མ་དང་ཁྲོ་གཉེར་ཅན་དང་སའི་སྙིང་ པོ་དང་རུས་རྡོ་རྗེ་མ་དང་ཕག་མོ་དང་གཞོན་ནུ་མ་དང་མེ་ལྷ་དང་སྨིན་དྲུག་གི་བུ་དང་ཕག་ གདོང་མ་དང་བྱ་རྒོད་གདོང་མ་དང་ནོར་རྒྱས་ཀྱི་བུ་དང་དུང་སྐྱོང་སྟེ་འདི་རྣམས་དཔལ་ལྡན་ གཡས་ཀྱི་ཞལ་(སྨོན་མེད་རྣམ་ཐར་གྱི་སྒོ་)ནས་མཆོག་གི་དགའ་བ་(ཚད་མེད་པ་)ཡིས་ནི་སྣ་ཚོགས་གཙོ་ བོས་སྤྲོས་པའོ། །ཞེས་པ་གསུང་གི་ཞལ་གྱི་རང་བཞིན་ལས་ཐམས་ཅད་ཁ་དོག་དམར་པོ་ 4-1-195 རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པ་དབང་དང་དགུག་པའི་དངོས་གྲུབ་སྟེར་བའོ། །དེ་ ལྟར་རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་ལྷ་རྣམས་སྤྲོ་བ་ལ་སོགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ ཤེས་ལས་ཏེ་འདིར་ཡང་རིན་ཆེན་འབྱུང་ལྡན་ནི་རྣམ་པར་ཤེས་པ〔མི་བསྐྱོད་པ〕འི་རྒྱས་བཏབ་ པའོ། ༡༥ ། ༈ ད་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ལྷ་སྤྲོ་བ་གསུངས་པ་ལྟེ་བར་ཡང་དག་པའི་ ས་ལས་ཞེས་པ་ལ་སོགས་པ་སྟེ་འདིར་ལྟེ་བར་ཞེས་པ་སྤྲུལ་བའི་འཁོར་ལོར་(མ་དག་པའི་གཟུགས་ དང་སའི་ཁམས་ལས་གཞན་)དག་པའི་གཟུགས་ཀྱི་ཕུང་པོ་དང་དག་པའི་སའི་ཁམས་ལས་མཆོག་ གི་གསེར་དང་མཚུངས་པ་ཁ་དོག་སེར་པོའི་ཐུབ་པ་ཕྱག་ན་འཁོར་ལོ་ཞེས་པ་རྣམ་པར་སྣང་ མཛད་དེ་དེ་བཞིན་དུ་སྤྱན་མ་དང་གཤིན་རྗེ་མཐར་བྱེད་དང་སྟོབས་པོ་ཆེ་དང་རེངས་བྱེད་མ་ དང་འོད་ཟེར་ཅན་དང་རྣམ་པར་སེལ་བ་དང་དྲི་རྡོ་རྗེ་མ་དང་དབང་མོ་དང་ཚངས་མ་དང་བརྒྱ་ བྱིན་དང་ཚངས་པ་དང་འཇོག་པོ་དང་པད་མ་ཆེན་པོ་དང་ལྕེ་སྤྱང་གདོང་མ་དང་མཁའ་ལྡིང་ གདོང་མ་སྟེ་འདི་རྣམས་གཙོ་བོ་ཡིས་ནི་བཏང་སྙོམས་(ཚད་མེད་པ་)དག་གིས་ནུབ་ཀྱི་ཞལ་(སྟོང་ ཉིད་རྣམ་ཐར་གྱི་སྒོ་)ནས་ཞེས་པ་ཡེ་ཤེས་ཀྱི་ཞལ་ནས་སྐྱེ་བོ་ཀུན་ལ་ཕན་རྣམས་སྤྲོས་པ་སྟེ། ཁ་ དོག་སེར་པོ་རེངས་པ་དང་རྨོངས་པ་ལ་སོགས་པའི་ལས་ཀྱིས་དངོས་གྲུབ་སྟེར་བ་རྣམ་པར་ སྣང་མཛད་ཀྱིས་རྒྱས་གདབ་ཅིང་རྣམ་པར་སྣང་མཛད་ལ་ཡང་རྣམ་པར་ཤེས་པ(མི་བསྐྱོད་པ)ས་ རྒྱས་བཏབ་པའོ། །དེ་ལྟར་རྣམ་པར་སྣང་མཛད་ཀྱི་རིགས་སྤྲོ་བ་ལ་སོགས་པ་ནི་མེ་ལོང་ལྟ་ བུའི་ཡེ་ཤེས་ལས་སོ། ༡༦ ། ༈ ད་ནི་མི་བསྐྱོད་པའི་རིགས་སྤྲོ་བ་གསུངས་པ་གཙུག་ཏོར་དག་པའི་སྟོང་པ་ལས་ནི་ ཞེས་པ་སྟེ་གཙུག་ཏོར་གྱི་འཁོར་ལོར་(མ་དག་པའི་རྣམ་ཤེས་དང་ནམ་མཁའ་ལས་གཞན་)དག་པའི་རྣམ་ པར་ཤེས་པ་ཕུང་པོ་དང་དག་པའི་ནམ་མཁའི་ཁམས་ལས་མཆོག་གི་རྡོ་རྗེ་འཛིན་པ་མི་བསྐྱོད་ 4-1-196 པ་ཡེ་ཤེས་(རྡོར་སེམས་)ཀྱིས་རྒྱས་བཏབ་པ་ཁ་དོག་ལྗང་ཁུ་དང་དེ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་ དབང་ཕྱུག་མ་དང་གཙུག་ཏོར་དང་རྡོ་རྗེ་ཧཱུྂ་མཛད་དང་དྲག་སྤྱན་མ་དང་ཁྲོ་མོའི་རྒྱལ་མོ་དང་ ཕྱག་ན་རྡོ་རྗེ་དང་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་དང་ཁྱབ་འཇུག་དང་གཤིན་རྗེ་དང་ཀླུ་རྒྱལ་བ་སྟེ་ འདི་རྣམས་སྟེང་གི་ཞལ་ནས་སྟོང་པ་ལས་སྤྲོས་པ་ཡོན་ཏན་མང་པོའི་གནས་ཏེ་ལས་ཐམས་ ཅད་ཀྱི་དངོས་གྲུབ་སྟེར་བ་རྡོ་རྗེ་མཚན་མ་ཅན་(ཏེ་དེ་རྣམས་ལ་ཡང་)མི་བསྐྱོད་པས་རྒྱས་བཏབ་པ་ ནམ་མཁའི་ཁ་དོག་ལས་ལྗང་ཁུའོ། །དེ་ལྟར་མི་བསྐྱོད་པའི་རིགས་ཀྱི་ལྷ་སྤྲོ་བ་ལ་སོགས་པ་ ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་སོ། ། ༈ ད་ནི་རྡོ་རྗེ་སེམས་དཔའི་རིགས་སྤྲོ་བ་གསུངས་པ་གསང་བར་དག་པ་ལས་ནི་ཞེས་པ་ ལ་སོགས་པ་སྟེ་འདིར་གསང་བའི་འཁོར་ལོར་(མ་དག་པའི་ཡེ་ཤེས་ལས་གཞན་)དག་པའི་ཡེ་ཤེས་ཀྱི་ ཕུང་པོ་དང་དག་པའི་ཡེ་ཤེས་ཀྱི་ཁམས་ལས་རྡོ་རྗེ་སེམས་དཔའ་སྔོན་པོ་རྡོ་རྗེ་རྩེ་གསུམ་པའི་ མཚན་མ་ཅན་རྣམ་པར་ཤེས་པ(མི་བསྐྱོད་པ)ས་རྒྱས་བཏབ་པ་དང་དེ་བཞིན་ཡེ་ཤེས་ཀྱི་ཁམས་ ཤེས་རབ་(ཕ་རོལ་ཏུ་ཕྱིན་མ་ཁ་དོག་)སྔོན་མོ་དང་གནོད་མཛེས་རྒྱལ་པོ་དང་རྡོ་རྗེ་ཤུགས་དང་ཤིན་ ཏུ་སྔོན་མོ་དང་ཁྲོ་མོའི་དབང་ཕྱུག་མ་དང་དྲག་པོ་དང་ཛམ་བྷ་ལ་དང་ཀུན་ཏུ་བཟང་པོ་དང་སྒྲ་ རྡོ་རྗེ་མ་དང་ཀླུ་རྣམ་པར་རྒྱལ་བ་སྟེ་སྐྱེ་བོ་ཀུན་ལ་ཕན་པ་འདི་རྣམས་ནི་སྲོག་ཆགས་རྣམས་ཀྱི་ ཐར་བའི་རྒྱུར་ནི་འོག་གི་ཞལ་ཡེ་ཤེས་ཀྱི་ཆོས་ལས་སྤྲོས་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་ཁ་དོག་སྔོན་པོ་སྟེ་(དབྱིབས་ལ་སོགས་)མི་བསྐྱོད་པ་སྔོན་པོའི་ཆ་བྱད་ ཅན་གྱི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་ནི་ལས་ཐམས་ཅད་སྒྲུབ་པར་བྱེད་པའོ། །དེ་ལྟར་ (དུས་ཀྱི་འཁོར་ལོའི་)འཁོར་ལོ་དྲུག་ཏུ་རིགས་དྲུག་གི་ལྷ་རྣམས་སྤྲོ་བ་དང་འགྲོ་བའི་དོན་བྱེད་པ་སྟེ་ (མི་རྣམས་)ལོ་བཅུ་དྲུག་གི་རྗེས་ལ་〔བུ་དངབུ་མོ་སྤྲོ་བ་ཇི་ལྟ་བ་བཞིན་〕དུས་ཀྱི་འཁོར་ལོ་〔ཡང་ ལྷ་དང་ལྷ་མོའི་ཚོགས་〕སྐྱེད་པར་བྱེད་པ་ཉིད་ཀྱིས་(ལྷ་རྣམས་ཀྱི་བདག་པོར་)གྲུབ་པའོ་ཞེས་པ་ངེས་ 4-1-197 པའོ། ། ༈ འདིར་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ་ལྗང་ཁུ་ལ་(རྡོ་རྗེ་སེམས་དཔའ་)མི་བསྐྱོད་ པའི་གཟུགས་(ཅན་)སྔོན་པོ་〔ཡིས་རྒྱས་བཏབ་པ་〕དང་ཡེ་ཤེས་ཀྱི་ཕུང་པོ་(རྡོ་རྗེ་སེམས་དཔའ་)སྔོན་ པོ་ལ་(མི་བསྐྱོད་པའི་གཟུགས་ཅན་)མི་བསྐྱོད་པ་ལྗང་ཁུས་རྒྱས་བཏབ་པའོ། །ཡང་ན་སྐུ་དང་གསུང་ དང་ཐུགས་དང་ཡེ་ཤེས་ཀྱི་རིགས་བཞིའི་དབྱེ་བས་གང་དུ་རྒྱས་གདབ་པ་དེར་(རྡོ་རྗེ་)ཟླ་བའི་ ཆོས་ལས་རྣམ་པར་སྣང་མཛད་དཀར་པོ་དང་(རྡོ་རྗེ་)ཉི་མའི་ཆོས་ལས་སྣང་བ་མཐའ་ཡས་ དམར་པོ་དང་(རྡོ་རྗེ་)སྒྲ་གཅན་གྱི་ཆོས་ལས་མི་བསྐྱོད་པ་ནག་པོ་དང་(རྡོ་རྗེ་)དུས་མེའི་ཆོས་ལས་ རྡོ་རྗེ་སེམས་དཔའ་སེར་པོའོ། །ཡང་ན་སྒྲུབ་ཐབས་ཀྱི་ལེའུ་ལས་གསུངས་པའི་ཆོ་གས་རྟེན་ དང་བརྟེན་པའི་འབྲེལ་པས་རྒྱས་གདབ་སྟེ། དེ་ལྟར་ན་མི་བསྐྱོད་པས་རྣམ་པར་སྣང་མཛད་ ལ་རྒྱས་གདབ་པའོ། །རྣམ་པར་སྣང་མཛད་ཀྱིས་སྣང་བ་མཐའ་ཡས་ལའོ། །སྣང་བ་མཐའ་ ཡས་ཀྱིས་རིན་ཆེན་འབྱུང་ལྡན་ལའོ། །རིན་ཆེན་འབྱུང་ལྡན་གྱིས་དོན་ཡོད་གྲུབ་པ་ལའོ། ། ཞེས་པ་རྒྱས་གདབ་པའི་ངེས་པའོ། །དེ་ལྟར་ཁམས་གསུམ་པའི་དབང་ཕྱུག་ཆེན་པོ་མཐའ་ ཡས་འཁོར་ལོ་ཅན་ནི་རྒྱུད་གཞན་ཐམས་ཅད་ལ་རིག་པར་བྱ་སྟེ། རིགས་གསུམ་(གྱི་རྒྱུད་)དང་ རིགས་ལྔ(འི་རྒྱུད་)་ལ་ཡང་ངོ༌། ༡༧ ། ༈ (ལྔ་པ་ཐབས་དང་ཤེས་རབ་དང་བྱ་བ་དང་རྣལ་འབྱོར་རྗེས་སུ་རིག་པ་དང་སྡོམ་པ་ཆེན་པོ་དང་འཁོར་ལོ་བསྒྱུར་བ་ དྲུག་སྤྲོ་བའི་ངོ་བོ་ཉིད་)ད་ནི་ཤེས་རབ་ཀྱི་རྒྱུད་སྤྲོ་བ་གསུངས་པ་ཕྱོགས་ཀྱི་འདབ་མར་ཞེས་པ་ལ་ སོགས་པ་སྟེ་འདིར་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཞི་ནི་སྤྱན་མ་ལ་སོགས་པ་དང་ས་ལ་ སོགས་པའི་རང་བཞིན་ཞི་བ་ལ་སོགས་པའི་དངོས་གྲུབ་སྟེར་བར་འཁོར་ལོ་སྡོམ་པ་ལས་ (བསྡུས་པའི་རྒྱུད་རྣམས་)གྲགས་མོད་ཀྱི་དེ་རྣམས་ཀྱང་(བདེན་ནམ་སྙམ་ན་)བདེན་པར་ས་ལ་སོགས་པའི་ ལས་ཀྱི་དངོས་གྲུབ་སྟེར་བར་མི་འགྱུར་ཏེ་(དེ་ཅིའི་ཕྱིར་ཞེ་ན་)ཐུགས་ཀྱི་ཞལ་ལ་སོགས་པའི་(དབང་ 4-1-198 གིས་)ཁ་དོག་ནག་པོ་ལ་སོགས་པའི་དབྱེ་བས་སོ། །དེ་སྐད་དུ་(རྩ་བའི་རྒྱུད་ལས་)གསུངས་པ་སེར་ པོས་(རྨོངས་པ་དང་)རེངས་པའི་བྱ་བ་དང་དཀར་པོས་(དང་)ས་ལ་ཞི་བ(དང་རྒྱས་པ)འོ། །དམར་པོས་ དབང་དང་དགུག་པ་སྟེ། ནག་པོས་(བསད་པ་དང་)བསྐྲད་པ་ལ་སོགས་སོ་ཞེས་སོ། །(ཞལ་གྱི་ཁ་ དོག་ལས་ལས་སོ་སོར་ངེས་ཚུལ་དེ་ལྟར་ཡིན་པ་)དེའི་ཕྱིར་(ཐུགས་ཀྱི་ཞལ་)ཁ་དོག་ནག་པོའི་དབང་གིས་རྡོ་རྗེ་ མཁའ་འགྲོ་མ་ནི་རླུང་གི་ཁམས་(གཞན་སྒྲོལ་མ་ཡིན་གྱི་སའི་ཁམས་གཞན་སྤྱན་མ་མ་ཡིན་ཞིང་བསད་སོགས་བྱེད་ པ་ཡིན་གྱི་ཞིང་སོགས་བྱེད་པ་མ་ཡིན་པ་)དང་(དེ་བཞིན་དུ་གསུང་གི་ཞལ་)ཁ་དོག་དམར་པོ་ལས་ལཱ་མཱ་ནི་མེའི་ ཁམས་(གཞན་གོས་དཀར་མོ་)དང་(ཡེ་ཤེས་ཀྱི་ཞལ་)ཁ་དོག་སེར་པོ་ལས་དུམ་སྐྱེས་མ་ནི་སའི་ཁམས་ (གཞན་སྤྱན་མ་)དང་〔སྐུའི་〕ཞལ་གྱི་ཁ་དོག་དཀར་པོ་ལས་གཟུགས་ཅན་མ་ནི་ཆུའི་ཁམས(གཞན་མ་ མཱ་ཀི་སྟེ་རིམ་པ་ལྟར་དབང་དགུག་དང་རྨོངས་རེངས་དང་ཞི་རྒྱས་ཀྱི་ལས་བསྒྲུབ་པར་གསུངས་པས)སོ། །དེ་ལྟར་ཐུགས་ དང་གསུང་དང་ཡེ་ཤེས་དང་སྐུའི་ཞལ་རྣམས་རིམ་པ་བཞིན་དུ་ནག་པོ་དང་དམར་པོ་དང་ སེར་པོ་དང་དཀར་པོའི་ཁ་དོག་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དེའི་ཕྱོགས་ཀྱི་ཆར་གནས་པ་ རབ་གཏུམ་མོ་ལ་སོགས་པ་ལྷ་མོ་དགུ་དགུ་པོ་རྣམས་ཀྱི་ཁ་དོག་ཀྱང་རིག་པར་བྱ་སྟེ་(འཁོར་ལོ་ སྡོམ་པའི་རྩ་བའི་རྒྱུད་)མངོན་བརྗོད་འབུམ་པ་ཆེན་པོ་ལས་སོ་ཞེས་པ་བཅོམ་ལྡན་འདས་ཀྱིས་ངེས་ པ(སྟེ་བསྡུས་རྒྱུད་རྣམས་སུ་དེ་དག་དང་མི་མཐུན་པ་དུ་མ་གསུངས་པ་ནི་དགོངས་པ་ཅན་ནོ)འོ། །(ངེས་པའི་དོན་གྱི་རྩ་རྒྱུད་ དུ་གསུངས་པ་དེ་ཉིད་ཡིན་པ་)དེས་ན་བརྩོན་འགྲུས་ཆུང་བ་དང་ལྡན་པ་རྣམས་ལ་འཇམ་དཔལ་གྱིས་ དུས་ཀྱི་འཁོར་ལོ་བསྡུས་པ་འདིར་དེ་ཉིད་མན་ངག་གིས་སྤྲོས་ནས་རབ་ཏུ་བསྟན་ནོ། །ཕྱོགས་ ཀྱི་འདབ་མར་སྤྱན་མ་ལ་སོགས་ཞེས་པ་ནི་ནུབ་ཀྱི་འདབ་མར་སྤྱན་མའི་ཁ་དོག་ལས་དུམ་ སྐྱེས་མ་སེར་མོའོ། །དུས་ཀྱི་འཁོར་ལོ་ཧེ་རུ་ཀའི་ཡེ་ཤེས་ཀྱི་ཞལ་ནུབ་མ་སེར་པོ་སྟེ་སའི་ཁ་ དོག་དང་བཤང་པའི་རྩའི་རང་བཞིན་(རྣམ་པར་དག་པ་)ལས་སོ། །བྱང་གི་འདབ་མར་ཆུའི་ཁ་ དོག་ལས་གཟུགས་ཅན་མ་དཀར་མོ་དང་བྱང་གི་སྐུའི་ཞལ་དཀར་པོ་སྟེ་ལ་ལ་ནཱའི་རང་བཞིན་ 4-1-199 〔རྣམ་པར་དག་པ་〕ལས་སོ། །ལྷོར་མེའི་ཁ་དོག་ལས་ལཱ་མཱ་དམར་མོ་དང་གསུང་གི་ཞལ་ དམར་མོ་སྟེ་ར་ས་ནཱའི་རང་བཞིན་ལས་སོ། །ཤར་གྱི་འདབ་མར་རླུང་གི་ཁ་དོག་ལས་རྡོ་རྗེ་ མཁའ་འགྲོ་མ་ནག་མོ་དང་ཐུགས་ཀྱི་ཞལ་ནག་པོ་སྟེ་གཅི་བའི་རྩའི་རང་བཞིན་ལས་སོ། །དེ་ བཞིན་དུ་ཨ་བ་དྷཱུ་ཏཱིའི་རང་བཞིན་(རྣམ་པར་དག་པ་ཉིད་)གྱིས་རྡོ་རྗེ་ཕག་མོ་ལྗང་ཁུའོ། །དུང་ཅན་ མའི་རང་བཞིན་ལས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཧེ་རུ་ཀ་ཁ་དོག་སྔོན་པོ། དེ་བཞིན་ དུ་ཐུགས་དང་གསུང་དང་སྐུའི་འཁོར་ལོའི་རྩིབས་རྣམས་ལ་ཤར་དང་མེར་མཁའ་འགྲོ་མ་ ནག་མོ་(དྲུག་)རྣམས་དང་ལྷོ་དང་བདེན་བྲལ་དུ་དམར་མོ་(དྲུག་)རྣམས་དང་ནུབ་དང་རླུང་དུ་ སེར་མོ་(དྲུག་)རྣམས་དང་བྱང་དང་དབང་ལྡན་དུ་དཀར་མོ་(དྲུག་)རྣམས་ཏེ་དེ་བཞིན་དུ་དུར་ ཁྲོད་བརྒྱད་ཀྱི་ལྷ་མོ་(བརྒྱད་པོ་)རྣམས་(ཀྱི་ཁ་དོག་ཀྱང་སྔ་མ་བཞིན་དུ་)རིག་པར་བྱའོ། །འདི་རྣམས་ཀྱི་ ལས་རབ་འབྱམས་ལ་སོགས་པ་རྒྱ་ཆེར་རྒྱུད་ལས་གསུངས་པ་ནི་ཕྱག་ན་རྡོ་རྗེ(ཟླ་བ་བཟང་པོ)ས་ མཛད་པའི་རྒྱས་འགྲེལ་སྟོང་ཕྲག་དྲུག་ཅུ་པ་ལས་རྟོགས་པར་བྱ་སྟེ་དེས་ན་བསྡུས་པའི་རྒྱུད་ འདིར་མ་བྲིས་སོ། །ཕྱོགས་བྲལ་འདབ་མ་ལ་གནས་ཞེས་པ་ལ་སོགས་པ་ནི་གོ་སླའོ། ༢༠ ། དེ་བཞིན་དུ་འདུས་པ་དང་སྒྱུ་འཕྲུལ་དྲ་བ་ཡང་རབ་ཏུ་གྲགས་པས་༢༢ གོ་སླ་སྟེ་དེས་ན་ འདིར་(ཐུགས་དང་གསུང་དང་སྐུའི་རྡོ་རྗེ་སྤྲོ་བ་ཙམ་ལས་)མ་བྲིས་སོ། ། ༈ ཐུགས་དང་གསུང་དང་སྐུ་ཡི་རྡོ་རྗེ་སྤྲོ་བ་ཙམ་ཞེས་པ་ལ་(ཤོང་ཟེར་བ་{མ་}འཐད་)འདིར་ རྩ་བའི་རྒྱུད་ལས་(སྒྱུ་འཕྲུལ་དྲ་བའི་ནང་)ཐིག་གི་མཚན་ཉིད་(གསུངས་པ་)ནི། (གཙོ་བོའི་གནས་ལ་ཚངས་པའི་ ལྟེ་བ་ལས་ཆ་ཆུང་)གཉིས་དང་(རྡོ་རྗེ་ཕྲེང་བ་ལ་)གཅིག་དང་(བདེ་གཤེགས་འཕར་མ་ལ་)གསུམ་ཕྱེད་བཅས། ། ཕྱེད་(ཅེས་པ་བཞི་)དང་(ཡང་རྡོ་རྗེ་ཕྲེང་བ་ལ་)གཅིག་(དང་ལྷ་མོ་བརྒྱད་ཀྱི་གནས་ལ་)དུས་(ཞེས་པ་བཞི་དང་ཡང་རྡོ་ རྗེའི་ཕྲེང་བ་ལ་)རི་བོང་ཅན(ཞེས་པ་གཅིག་པ་དང་)། །(བར་པ་ལ་)དུས་(ཞེས་པ་བཞི་)དང་〔རྡོ་རྗེ་ཕྲེང་བ་ལ་〕གཅིག་དང་〔ལྷ་སྣམ་ལ་〕དུས་(ཞེས་པ་བཞི་)དང་〔རྡོ་རྗེ་ཕྲེང་བ་ལ་〕གཅིག(དང་ལྷག་མ་གཅིག་ནི་སྤང་ཆུང་ 4-1-200 དུ་གྲགས་པ་སྟེ་དེ་ལྟར་སྙིང་པོའི་འཁོར་ལོའི་ཕྱི་རོལ་ལ་གཡས་གཡོན་དུ)། ཆ་ནི་སུམ་ཅུ་གཉིས་〔དང་〕སོགས་(པའི་ སྒྲས་སྙིང་པོའི་འཁོར་ལོ་)ལ་(དེའི་བྱེད་དེ་དེ་ལྟར་ཆ་བཞི་ཅུ་རྩ་བརྒྱད་དོ་)ཞེས་པ་སྟེ་ལྷག་མ་ར་བ་ལ་སོགས་པ་ནི་ དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞིན་ནོ། ༢༤ ། ༈ ད་ནི་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གསུངས་པ་ཐིག་ནི་ཞེས་པ་ལ་སོགས་པ་སྟེ་ འདིར་(དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའི་)ནུབ་ཀྱི་ཞལ་ཡེ་ཤེས་ཀྱི་ཞལ་ནས་(སྤྲོས་པ་)འཁོར་ལོ་ སྡོམ་པ་ཆེན་པོ་ནི་འཁོར་ལོ་གསུམ་གྱི་སྡོམ་པ་གཉིས་འགྱུར་ཏེ་གང་གི་ཕྱིར་འཁོར་ལོ་དྲུག་ དང་དུར་ཁྲོད་བཅུ་དྲུག་པོ་རྣམས་ཀྱིས་སོ། །(ཉིས་འགྱུར་ཡིན་པ་)དེས་ན་སྒོ་བརྒྱད་རྣམ་པར་སྦྱང་ བའི་སླད་དུ་འདིའི་དཀྱིལ་འཁོར་ནི་ཟླུམ་པོའོ། །དེའི་ཕྱིར་དཀྱིལ་འཁོར་འདིའི་མཚན་ཉིད་ གསུངས་པ་(རྩ་ཐིག་གི་ནང་ལ་)ཐིག་ནི་དྲུག་དང་བུག་པའི་ཆ་ཤས་ཞེས་པ་ནི་དགུ་བཅུ་རྩ་དྲུག་གི་ ཆ་ཤས་སོ། །གཡོ་བའི་དཀྱིལ་འཁོར་ལ་གནས་རྣམས་ཀྱིས་ཞེས་པ་འཇིག་རྟེན་གྱི་ཁམས་ལ་ རླུང་གི་དཀྱིལ་འཁོར་གྱི་མཐར་(ནམ་མཁའ་)དཔག་ཚད་འབུམ་ཕྲག་བཞིར་གནས་པ་དང་ལུས་ ལ་ཁྲུ་བཞིར་གནས་པ་རྣམས་ཀྱིས་ཏེ་ཐིག་དགུ་བཅུ་རྩ་དྲུག་རྣམས་ཀྱིས་དཀྱིལ་འཁོར་〔གྱི་ རྩ་ཐིག་གི་ནང་ཁྲུ་བཞིའི་དབང་དུ་བྱས་པ་〕ལ་ཐིག་བཏབ་ནས་〔ཐིག་〕དེ་རྣམས་ཀྱི་དབུས་སུ་ (སོར་)དྲུག་དྲུག་ཆ་རྣམས་ཀྱིས་སོ་སོར་འཁོར་ལོ་(དྲུག་པོ་)བྱ་སྟེ་དེ་ལྟར་འཁོར་ལོ་(དྲུག་པོ་)ནི་(སོར་ གྱི་)ཆ་དྲུག་དྲུག་རྣམས་ཀྱིས་སོ། །(གཙོ་བོའི་)པད་མའི་འདབ་མ་ལྟེ་བར་ལྡན་པའི་ཕྱེད་(ཕྱོགས་ནི་)ལ་ཡང་དྲུག་གི་ཆ་རྣམས་ཀྱིས་ཏེ་དེ་བདུན་པོ་རྣམས་ལ་ཤར་དུ་ཆ་བཞི་བཅུ་རྩ་གཉིས་སོ། ། དེ་བཞིན་དུ་ནུབ་དང་ལྷོ་དང་བྱང་དུ་སྟེ་ཐམས་ཅད་གཅིག་ཏུ་བསྡུས་པ་ཆ་བརྒྱད་ཅུ་རྩ་བཞི་ (དབུས་སུ་)སོང་སྟེ་(སྤྱིར་སོར་གྱི་ཆ་)དགུ་བཅུ་རྩ་དྲུག་(ཡོད་པ་)ལས་སོ། །ལྷག་མ་(ཕྱོགས་གཉིས་ཀྱི་)ཆ་བཅུ་ གཉིས་པོ་རྣམས་ལ་ཆ་དྲུག་གིས་ཤར་གྱི་(ཚོན་གྱི་)སའོ། །ནུབ་དུ་ཡང་དེ་བཞིན་ཏེ་བྱང་དང་ལྷོ་ རུ་ཡང་དེ་བཞིན་ནོ། །〔རྩ་ཐིག་གི་ནང་གི་〕ཕྱོགས་ཐམས་ཅད་དུ་ཐིག་རྣམས་དག་པའོ། །དེ་ 4-1-201 ལ་སྔར་གསུངས་པའི་དབུས་ཀྱི་ཆ་དྲུག་རྣམས་ཀྱི་(ནང་ནས་ཕྱི་མ་)བཞིས་པད་མའི་འདབ་མ་དང་ (ནང་མ་)གཉིས་ཀྱི་ལྟེ་བ་ཕྱེད་དོ། །དེ་བཞིན་དུ་〔འཁོར་ལོ་དྲུག་ལ་ཡང་ཕྱི་མ་〕བཞིས་འཁོར་ལོའི་ རྩིབས་དང་(ནང་མ་)གཉིས་ཀྱིས་(ལྟེ་བ་ལ་)གྲི་གུག་ལ་སོགས་པ་རྣམས་ཀྱི་མཚན་མའི་ཕྲེང་བའོ། ། དབུས་སུ་(གཙོ་བོའི་གདན་)པད་མ་འདབ་མ་བཅུ་དྲུག་པའོ་པད་མའི་འདབ་མའི་ཕྱི་རོལ་ཏུ་(ཡེ་ ཤེས་ཀྱི་འཁོར་ལོའི་ལྟེ་བ་ལ་)གྲི་གུག་གི་ཕྲེང་བ་སྔོན་པོ་སྟེ་དེའི་འོག་ཏུ་ས་ལྗང་ཁུའོ། །དེ་བཞིན་དུ་ཡེ་ ཤེས་ཀྱི་ཁམས་ཀྱི་འཁོར་ལོ་ལ་(ལྟེ་བ་ལ་)འཁོར་ལོའི་རྩིབས་ཀྱང་སྔོན་པོའོ། ། དེ་ནས་སའི་ཁམས་ཀྱི་འཁོར་ལོ་ལ་(ལྟེ་བ་ལ་)འཁོར་ལོའི་ཕྲེང་བ་སེར་པོ་དང་དེ་བཞིན་དུ་ འཁོར་ལོའི་རྩིབས་ཏེ་འོག་ཏུ་ས་ནག་པོའོ། །ཆུའི་ཁམས་ཀྱི་འཁོར་ལོ་ལ་〔ལྟེ་བ་ལ་〕པད་མའི་ ཕྲེང་བ་དང་འཁོར་ལོའི་རྩིབས་དཀར་པོ་སྟེ་འོག་ཏུ་ས་དམར་པོའོ། །མེའི་ཁམས་ཀྱི་འཁོར་ལོ་ ལ་〔ལྟེ་བ་ལ་〕རིན་པོ་ཆེའི་ཕྲེང་བ་དང་འཁོར་ལོའི་རྩིབས་དམར་པོ་སྟེ་འོག་ཏུ་ས་དཀར་པོའོ། ། རླུང་གི་ཁམས་ཀྱི་འཁོར་ལོ་ལ་〔ལྟེ་བ་ལ་〕རལ་གྲིའི་ཕྲེང་བ་དང་འཁོར་ལོའི་རྩིབས་ནག་པོ་སྟེ་ འོག་ཏུ་ས་སེར་པོའོ། །ནམ་མཁའི་ཁམས་ཀྱི་འཁོར་ལོ་ལ་〔ལྟེ་བ་ལ་〕རྡོ་རྗེ་ཕྲེང་བ་དང་འཁོར་ ལོའི་རྩིབས་ལྗང་ཁུ་སྟེ་འོག་ཏུ་ས་སྔོན་པོའོ། །དེ་ནས་ཆ་དྲུག་གིས་ནི་ཚོན་གྱི་ས་སྟེ་སྐྱེད་བྱེད་ (གཙོ་བོའི་)ཞལ་གྱི་དབང་གིས་ཞེས་པ་ནི་(ཚོན་གྱི་ས་ལ་)ཤར་དང་མེར་ནག་པོ་དང་ལྷོ་དང་བདེན་ བྲལ་དུ་དམར་པོ་དང་ནུབ་དང་རླུང་དུ་སེར་པོ་དང་བྱང་དང་དབང་ལྡན་དུ་དཀར་པོའོ། །སྒོའི་ འཁོར་ལོ་དེ་བཞིན་ནོ་༢༧ ཞེས་པ་སྒོ་བརྒྱད་ཀྱི་མཐར་(སྒོ་ཁྱུད་དག་གི་དབུས་སུ་)དུར་ཁྲོད་ཆེན་ པོ་བརྒྱད་ཀྱི་འཁོར་ལོ་རྣམས་དང་སྒོ་བརྒྱད་ཀྱི་བར་(བར་)རྣམས་སུ་〔སྟེགས་བུ་ལ་〕དུར་ཁྲོད་ བརྒྱད་ཀྱི་འཁོར་ལོ་རྣམས་ཏེ་དེ་ལྟར་ན་དུར་ཁྲོད་ཀྱི་འཁོར་ལོ་རྩིབས་བརྒྱད་པ་བཅུ་དྲུག་གོ། ༈ སྙིང་པོའི་པད་མའི་འདབ་མ་བརྒྱད་ལ་ལྷ་མོ་(ནུས་མ་)བརྒྱད་དང་ལྷ་མོ་བརྒྱད་ཀྱི་བར་ བར་གྱི་འདབ་མ་རྣམས་ལ་ཐོད་པ་བདུད་རྩིས་གང་བ་བརྒྱད་དོ། །འཁོར་ལོ་དྲུག་གི་རྩིབས་ 4-1-202 བརྒྱད་པོ་རྣམས་ལ་གནས་དང་ཉེ་བའི་གནས་ལ་སོགས་པའི་ལྷ་མོ་(དབུས་ཀྱི་གཙོ་བོ་ལ་མངོན་དུ་ ཕྱོགས་པ་)བཞི་བཅུ་རྩ་བརྒྱད་དང་དེ་བཞིན་དུ་(རང་རང་གི་ལྷ་མོ་རྣམས་ལ་མངོན་དུ་ཕྱོགས་པའི་)དཔའ་བོ་ 〔ཞེ་བརྒྱད་པོ་〕རྣམས་ཀྱང་རིག་པར་བྱའོ། །ཕྱི་རོལ་ཏུ་སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་རྩ་ བར་ཀླུ་རྒྱལ་ཆེན་པོ་བརྒྱད་དང་སྒོའི་རྟ་བབས་ལ་སྒེག་མོ་ལ་སོགས་པ(མཆོད་པའི་ལྷ་མོ་བཅུ་གཉིས་ པ)འོ། །ལྷག་མ་སྒོ་ལ་སོགས་པའི་མཚན་ཉིད་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞིན་དུ་ རིག་པར་བྱའོ། ༢༨ ། ད་ནི་འཁོར་ལོ་དྲུག་གི་རྩིབས་ལ་སོགས་པ་རྣམས་ལ་ལྷ་མོའི་ས་བོན་རྣམས་གསུངས་པ་ རིང་པོ་ཞེས་པ་ལ་སོགས་པ་སྟེ་རིང་པོའི་དབྱངས་ལྔ་ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཞེས་པ་དང་ཐུང་ངུ་ཨ་ཨི་ རྀ་ཨུ་ལྀ་ཞེས་པ་འདི་རྣམས་ཀྱིས་ཕྱེ་བ་ས་ཏ་པ་ཊ་ཙ་ཀའི་སྡེ་བ་དྲུག་པོ་རྣམས་ཀྱི་ས་སོགས་ (བསྡུ་བའི་རིམ་པ་དང་)སྟོང་སོགས་(སྤྲོ་བའི་རིམ་པ་)ཡི་གེ་རྣམས་སོ། །རླུང་〔མཚམས་〕སོགས་(མཚམས་ཀྱི་)རྩིབས་རྣམས་ལ་རིང་པོ་ཞེས་པ་ནི་འདིར་ཡེ་ཤེས་ཀྱི་འཁོར་ལོ་ལ་སའི་སྡེ་བ་ལྷག་པའི་ལྷ་སྟཻ་ དེའི་〔ནང་ནས་〕སླཱྀ་རླུང་གི་རྩིབས་ལའོ། །དབང་ལྡན་དུ་ྉྤུ་དང་བདེན་བྲལ་ཥྼཱྀ་ དང་མེར་ཤཱི་དང་ས་འོག་ཏུ་(ཞེས་པ་ནམ་མཁའི་ཤེས་རབ་ཀྱི་ཆ་)ྈྐཱ་སྟེ་(བྲི་བྱ་དང་བསྒོམ་བྱ་ལ་)རླུང་དང་བྱང་ གི་(སྒོའི་)དུར་ཁྲོད་ཀྱི་འཁོར་ལོ(གཉིས་པོ)འི་དབུས་སུའོ། །མཁའ་འགྲོ་མ་ལྔ་པོ་འདི་རྣམས་ནི་ སྡིག་པའི་དུས་སྦྱོར་གྱི་དཀྱིལ་འཁོར་ལྔ(ལ་དབང་བྱེད་པ)འི་གཙོ་མོ་(ཆོས་ཉིད་འོད་གསལ་བ་)སྟེ་སེམས་ ཅན་ཐམས་ཅད་ཀྱི་སྣ་བུག་གཡས་པ་ལས་སྡུད་པའི་རིམ་པས་སྲོག་འབབ་པ(རྣམ་པར་དག་པ)འི་ ཕྱིར་རོ། །དེ་ནས་གཞུའི་དུས་སྦྱོར་ལ་སྟེང་དུ་ྈྐ་སྟེ་རླུང་དང་ནུབ་ཀྱི་དུར་ཁྲོད་ཀྱི་འཁོར་ལོའི་ དབུས་སུའོ། །ཡེ་ཤེས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ལ་ཤི་དང་ལྷོར་ཥྀར་དང་བྱང་དུ་ྉྤ་ ནུབ་དུ་སླྀའོ་ཞེས་པ་ནི་གཞུའི་དུས་སྦྱོར་ལ་གཡོན་པའི་རྩ་ནས་སྲོག་འབབ་པ〔རྣམ་པར་དག་ པ〕འོ། །དེ་ནས་སའི་འཁོར་ལོ་ལ་ཏའི་སྡེ་བ་ལྷག་པའི་ལྷ་སྟེ་དེའི་དླྀ་རླུང་དུའོ། །དབང་ལྡན་དུ་ 4-1-203 ཐཱུ་དང་བདེན་བྲལ་དུ་དླཱྀ་དང་མེར་དྷཱྀ་དང་ས་འོག་ཏུ་ནཱ་སྟེ་རླུང་གི་སྒོའི་དུར་ཁྲོད་ཀྱི་འཁོར་ལོ་ དབུས་སུའོ་ཞེས་པ་ནི་བུ་མོའི་དུས་སྦྱོར་ལའོ། །དེ་བཞིན་དུ་སྲང་ལ་སྟེང་དུ་ན་སྟེ་ནུབ་ཀྱི་སྒོར་ རོ། །ཤར་དུ་དྷི་དང་ལྷོར་ཌྀ་ྼདང་བྱང་དུ་ཐུ་དང་ནུབ་ཏུ་ཏླའྀ ོ། །དེ་ནས་ཆུའི་ཁམས་ཀྱི་འཁོར་ ལོ་ལ་པའི་སྡེ་བ་ལྷག་པའི་ལྷ་སྟེ་དེའི་པྀ་ླཱརླུང་དུའོ། །དབང་ལྡན་དུ་ཕཱུ་དང་བདེན་བྲལ་དུ་ བྼཱྀ་དང་མེར་བྷི་དང་ས་འོག་ཏུ་མཱ་སྟེ་དབང་ལྡན་གྱི་སྒོ་རུའོ། །དེ་ལྟར་ཀར་ཀ་ཊའི་དུས་ སྦྱོར་ལ་ལྷག་པའི་ལྷ་རྣམས་སོ། །དེ་བཞིན་དུ་སེང་གེའི་དུས་སྦྱོར་ལ་ནམ་མཁར་མ་སྟེ་བྱང་ གི་སྒོ་རུའོ། །ཤར་གྱི་རྩིབས་ལ་བྷི་དང་ལྷོར་བྼྀ་དང་བྱང་དུ་ཕུ་དང་ནུབ་དུ་པླྀའོ། ། དེ་ནས་མེའི་འཁོར་ལོ་ལ་ཊའི་སྡེ་བ་ལྷག་པའི་ལྷ་སྟེ་དེའི་ཊླཱྀ་རླུང་གི་རྩིབས་ལའོ། ། དབང་ལྡན་དུ་ཐཱུ་དང་བདེན་བྲལ་དུ་ཊྼཱྀ་དང་མེར་ཌྷཱྀ་དང་ས་འོག་ཏུ་ཎཱ་སྟེ་ བདེན་བྲལ་གྱི་སྒོ་རུ་ཞེས་པ་གླང་གི་དུས་སྦྱོར་ལའོ། །དེ་ནས་འཁྲིག་པ་ལ་སྟེང་དུ་ཎ་སྟེ་ལྷོའི་ སྒོའི་དུར་ཁྲོད་དུའོ། །ཤར་གྱི་རྩིབས་ལ་ཌྷྀ་དང་ལྷོར་ཌྼྀ་དང་བྱང་དུ་ཋུ་དང་ནུབ་ ཏུ་ཊླྀའོ། །དེ་ནས་རླུང་གི་འཁོར་ལོ་ལ་ཙའི་སྡེ་བ་ལྷག་པའི་ལྷ་སྟེ་དེའི་ཙླཱྀ་རླུང་གི་ རྩིབས་ལའོ། །དབང་ལྡན་དུ་ཚུ་དང་བདེན་བྲལ་དུ་ཛྼཱྀ་དང་མེར་ཛྷཱྀ་དང་ས་ འོག་ཏུ་ཉཱ་སྟེ་མེའི་སྒོ་རུའོ་ཞེས་པ་ཉའི་དུས་སྦྱོར་ལའོ། །དེ་ནས་ལུག་གི་དུས་སྦྱོར་ལ་སྟེང་དུ་ ཉ་སྟེ་ཤར་གྱི་སྒོའི་དུར་ཁྲོད་ཀྱི་འཁོར་ལོ་ལའོ། །ཤར་གྱི་རྩིབས་ལ་ཛྷི་དང་ལྷོར་ཛྼྀ་ དང་བྱང་དུ་ཚུ་དང་ནུབ་དུ་ཙླྀའོ། །དེ་ནས་ནམ་མཁའི་ཁམས་ཀྱི་འཁོར་ལོ་ལ་ཀའི་སྡེ་བ་ ལྷག་པའི་ལྷ་སྟེ་དེའི་ཀླཱྀ་རླུང་གི་རྩིབས་ལའོ། །དབང་ལྡན་དུ་ཁཱུ་དང་བདེན་བྲལ་ གྼཱྀ་དང་མེར་གྷཱི་དང་འོག་ཏུ་དཱ་སྡེ་མེ་དང་ལྷོའི་སྒོའི་དབུས་ཀྱི་དུར་ཁྲོད་ཀྱི་འཁོར་ ལོའི་སྟེང་དུའོ་ཞེས་པ་ཆུ་སྲིན་གྱི་དུས་སྦྱོར་ལའོ། །དེ་ནས་བུམ་པའི་དུས་སྦྱོར་ལ་སྟེང་དུ་ང་ སྟེ་མེ་དང་ཤར་གྱི་སྒོའི་དབུས་སུའོ། །ཤར་གྱི་རྩིབས་ལ་གྷི་དང་ལྷོའི་རྩིབས་ལ་ཁུ་དང་ནུབ་ 4-1-204 ཀྱི་རྩིབས་ལ་གྼྀ་དང་བྱང་གི་རྩིབས་ལ་ཁཱུ་དང་ནུབ་ཀྱི་རྩིབས་ལ་ཀླྀའོ། །སྒོ་དང་ སྒོའི་བར་དུ་ཧ་ཀྵ་དང་ལྡན་ནམ་མཁའི་མཐིལ་ན་གནས་པའི་སྡེ་བར་བཅས་པ་རྣམས་ཞེས་ པ་ནི་འདིར་སྡེ་བ་དྲུག་པོ་རྣམས་ཀྱི་སྟོང་པའི་དཀྱིལ་འཁོར་འབབ་པར་བྱེད་པའི་ཡི་གེ་རིང་ པོ་དང་ཐུང་ངུ་བཅུ་གཉིས་པོ་རྣམས་ཏེ་ྈྐ་ཱྈྐ་་ནཱ་ན་མཱ་མ་ཎཱ་ཎ་ཉཱ་ཉ་ངཱ་ང་ཞེས་པ་ནི་དུར་ཁྲོད་ བཅུ་གཉིས་ཀྱི་ལྷ་མོ་རྣམས་ཀྱིའོ། །གཞན་(བཞི་)ནི་ཐུན་མཚམས་བཞིའི་དབྱེ་བས་དུས་སྦྱོར་ གསུམ་གསུམ་གྱི་མཐར་ཧ་ཧཱ་ཀྵ་ཀྵཱ་ཞེས་པ་ཡི་གེ་བཞི་སྟེ་(རིམ་པ་ལྟར་)བྱང་དང་དབང་ལྡན་དང་ ལྷོ་དང་བདེན་བྲལ་གྱི་དུར་ཁྲོད་བཞི(འི་གཡས་བཞི་)རྣམས་སུའོ། །དེ་ལྟར་དུར་ཁྲོད་བཅུ་དྲུག་པོ་ རྣམས་ལ་ལྷ་མོ་བཅུ་དྲུག་དང་འཁོར་ལོ་དྲུག་པོ་རྣམས་ལ་བཞི་བཅུ་རྩ་བརྒྱད་དོ། །སྙིང་པོའི་ པད་མའི་འདབ་མ་ལ་ལྷ་མོ་བརྒྱད་དེ་དེ་རྣམས་ཀྱི་ས་བོན་ནི་ཤར་གྱི་འདབ་མ་ལ་ཨ་དང་ལྷོའི་ འདབ་མ་ལ་ཨཱཿདང་བྱང་གི་འདབ་མ་ལ་ཨཾ་དང་ནུབ་ཀྱི་འདབ་མ་ལ་ཨཱ་དང་མེའི་འདབ་མ་ ལ་ཧ་དང་བདེན་བྲལ་གྱི་འདབ་མ་ལ་ཧཿདང་དབང་ལྡན་གྱི་འདབ་མ་ལ་ཧཾ་དང་རླུང་གི་འདབ་ མ་ལ་ཧཱའོ། །དེ་རྣམས་ཀྱི་བར་བར་གྱི་འདབ་མ་བརྒྱད་པོ་རྣམས་ལ་ཐོད་པ་བརྒྱད་དོ། །དབུས་ སུ་རྡོ་རྗེ་མཁའ་འགྲོ་མ་དང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཧེ་རུ་ཀ་གཙོ་བོ་སྟེ་ཧུཾ་ཕྲེཾ་མོ། ། ༈ མཁའ་འགྲོ་མ་དང་མཁའ་འགྲོ་འདི་རྣམས་ཀྱི་ས་བོན་གྱི་མཐར་རྡོ་རྗེ་སྟེ་དེ་དང་ བཅས་པའི་མིང་སླཱྀ་རྡོ་རྗེ་མ་དང་ྉྤ་ཱུརྡོ་རྗེ་མ་ཞེས་པ་ལ་སོགས་པ་ལ་ཀླཱྀ་རྡོ་རྗེ་ མའི་མཐར་ཐུག་པ་རྣམས་སོ། །འདི་རྣམས་ཀྱི་མཁའ་འགྲོ་བཞི་བཅུ་རྩ་བརྒྱད་ནི་བསམ་པའི་ དབྱེ་བས་ཤི་རྡོ་རྗེ་དང་ཥྼྀ་རྡོ་རྗེའོ། །གང་དུ་མཁའ་འགྲོ་མའི་ས་བོན་རིང་པོ་ཡིན་པ་ དེར་མཁའ་འགྲོའི་ས་བོན་ཐུང་ངུ་དང་གང་དུ་ཐུང་ངུ་ཡིན་པ་དེར་རིང་པོ་སྟེ་སླཱྀ་རྡོ་རྗེ་ མ་དང་ཤི་རྡོ་རྗེ་ཞེས་པ་ནི་ཤེས་རབ་དང་ཐབས་སོ། །ུྉ་ྤརྡོ་རྗེ་མ་དང་ཥྼྀ་རྡོ་རྗེ་ཞེས་པ་སྟེ་ དེ་བཞིན་དུ་འཆད་པར་འགྱུར་བ་ཐམས་ཅད་ལའོ། །དེ་ལྟར་ན་དཀྱིལ་འཁོར་ལ་མཁའ་འགྲོ་ 4-1-205 མའི་དྲ་བ་སྡོམ་པ་(འཁོར་ལོ་གསུམ་གྱི་སྡོམ་པ་ལས་)ཉིས་འགྱུར་མཆོད་པར་བྱའོ་ཞེས་པ་ངེས་པའོ། ། ༈ འདིར་སྡིག་པ་དང་གཞུ་(བུ་མོ་དང་སྲང་ཞེས་པ་)ལ་སོགས་པ་(དུས་སྦྱོར་བཅུ་གཉིས་བསྡེབས་པ་) ལུགས་ལས་བཟློག་པས་(དབུས་ནས་ཉེ་བའི་གནས་དང་གནས་ཞེསཔ་ལ་སོགས་ཐོག་མར་མཚམས་བཞི་དང་དེ་ནས་ ཕྱོགས་བཞིར་)དགོད་པ་གང་ཡིན་པ་(གོ་རིམ་ཅུང་ཟད་དཀྲུགས་པ་)དེ་སྤྲོས་པས་གསུངས་ཏེ་འདིར་(རྟེན་ འབྲེལ་)ཡན་ལག་བཅུ་གཉིས་འགགས་པ་ཀུན་རྫོབ་མ་ཡིན་པས་དོན་དམ་པའི་བདེན་པར་ གཞུ་དང་སྡིག་པ་ལ་སོགས་པ་(རྣམ་པ་ཐམས་ཅད་དུ་དུས་སྦྱོར་གྱི་)ལུགས་ལས་བཟློག་པས་གནས་ དང་ཉེ་བའི་གནས་(ཞིང་དང་ཉེ་བའི་ཞིང་ཞེས་པ་)ལ་སོགས་པ་(དབུས་ནས་ཐོག་མར་ཕྱོགས་བཞི་དང་དེ་ནས་ མཚམས་བཞིར་སྦྲོས་པ་མེད་པ་)དགོད་པའོ། །ཀུན་རྫོབ་ཀྱིས་ཆུ་སྲིན་དང་བུམ་པ་ལ་སོགས་པ་(དུས་ སྦྱོར་རྣམས་སྤྲོ་བའི་)རིམ་པས་ཉེ་བའི་འཐུང་གཅོད་(དང་འཐུང་གཅོད་)ལ་སོགས་པ་(ནམ་མཁའི་འཁོར་ལོའི་ མཐའ་ནས་)དགོད་པ་སྟེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་(ལུགས་འབྱུང་)ལས་སོ〔གནས་ལ་སོགས་ པའི་དོན་ནི་ས་བཅུ་གཉིས་ལ་གནས་ལ་སོགས་པར་གསུངས་པ་སྟེ་དེ་ལ་གནས་ནི་ས་དང་ པོའི་རང་གཞན་གྱི་དོན་གྱི་ཡོན་ཏན་གྱི་རྟེན་ཡིན་པས་ན་གནས་དང་ས་གཉིས་པར་དགེ་ བཅུ་རྣམ་པར་དག་ཅིང་ཏིང་ངེ་འཛིན་དང་མངོན་ཤེས་སོགས་དབང་དུ་བྱེད་པའི་རྟེན་ཡིན་ པས་ཉེ་བའི་གནས་ཏེ་ཉེ་བའི་དོན་ནི་གནས་དང་ཕན་བདག་བྱ་དང་འདོག་བྱེད་དུ་འབྲེལ་ བའོ། །ས་གསུམ་པར་ཟག་མེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཆོས་ཀྱི་སྣང་བ་ཆེན་པོ་ལོ་ ཏོག་ལྟ་བུ་སྐྱེ་བས་ན་ཞིང་དང་ས་བཞི་པར་སྔར་བས་ཡོན་ཏན་ལྷག་པར་སྐྱེ་བས་ན་ཉེ་བའི་ ཞིང་ཚན་དོ་ནི་འདུན་པ་དང་ཨུ་ཧ་ནི་གོ་གྱོན་པ་སྟེ་སེམས་ཅན་སྨིན་པ་ནི་སངས་རྒྱས་ཀྱི་ ཆོས་ལ་སྦྱོར་ཞིང་རྫོགས་པར་བྱེད་པས་ས་ལྔ་པ་ཚན་དོ་ཧ་དང་ས་དྲུག་པར་སྔར་གྱི་ཡོན་ ཏན་ལ་ཤིན་ཏུ་སྦྱོར་བས་ཉེ་བའི་ཚན་དོ་ཧ་དང་ས་བདུན་པར་བསམ་གཏན་དང་རྣམ་ཐར་ སོགས་ཀྱི་ཡོན་ཏན་མཚན་མ་མེད་ཅིང་རྩོལ་བས་འདུས་པར་བྱེད་པས་འདུས་པ་དང་ས་ 4-1-206 བརྒྱད་པར་ཞིང་དག་པ་འབད་མེད་ལྷུན་གྲུབ་ཏུ་འདུས་པར་བྱེད་པས་ཉེ་བས་འདུས་པ་དང་ ས་དགུ་པར་བདག་མེད་པར་རྟོགས་ནས་སྟོན་པས་རང་གཞན་གྱི་དོན་རྫོགས་པས་དུར་ཁྲོད་ དེ་བདག་མེད་པ་དུར་ཁྲོད་འདྲ་བས་སོ། །ས་བཅུ་པར་དོན་གཉིས་མཐར་ཕྱིན་པ་དང་མཐར་ ཐུག་བའི་དབང་པོ་རྫོགས་པར་བྱེད་པས་ཉེ་བའི་དུར་ཁྲོད་དང་ས་བཅུ་གཅིག་པར་ཉོན་ མོངས་འཐུངས་པ་དང་དགེ་བ་ལ་སྤྱོད་པས་ཉོན་མོངས་པའི་ཕུང་པོ་གཅོད་པར་བྱེད་པས་ འཐུང་གཅོད་དེ་ས་བཅུ་པའི་ཁྱད་པར་གྱི་ལམ་དུ་བྱེད་དོ། །ས་བཅུ་གཉིས་པར་སྒྲིབ་པའི་བག་ ཆགས་མ་ལུས་པར་སྤངས་བས་ཉེ་བའི་འཐུང་གཅོད་དོ། །དེ་རྣམས་ལ་ཕར་ཕྱིན་བཅུ་ལ་རིམ་ པ་ལྟར་བརྟེན་ནས་ཞེས་སྦྱོར་ཏེ་སྔ་མ་བཅུ་མན་ངག་སྙེ་མར་བཤད་ཅིང་ཕྱི་མ་གཉིས་ཀྱེའི་ རྡོ་རྗེའི་འགྲེལ་བ་ཀུ་མུ་ཏྲའི་ལུགས་བསྒོམ་ཞེས་འཆད་དོ〕། །ཇི་ལྟར་འཁོར་ལོ་གསུམ་གྱི་སྡོམ་ པ་ལས་(ལྷའི་འགོད་ཚུལ་)གཅིག་ནི་རབ་གཏུམ་མ་དང་གཏུམ་པས་མིག་ཅན་མ་ལ་སོགས་པ་(རྟེན་ འབྲེལ་དང་དུས་སྦྱོར་)ལུགས་ལས་བཟློག་པས་གནས་ལ་སོགས་པ་(དབུས་ནས་)དགོད་པ་སྟེ་(འགོད་ ཚུལ་)གཉིས་པ་ནི་བརྩོན་འགྲུས་ཆེན་མོ་ལ་སོགས་པ་(ལུགས་འབྱུང་གི་)རིམ་པས་ཉེ་བའི་དུར་ཁྲོད་ ལ་སོགས་པས་(མཐའ་ནས་)སོ། །(ལུགས་འབྱུང་མཐའ་ནས་འགོད་པའི་སྐབས་)འདིར་ནི་འཇིག་རྟེན་པའི་ ཐ་སྙད་ལ་ཀུན་རྫོབ་གང་ཡིན་པ་དེ་དོན་དམ་པ་ཞེས་པ་ལས་(གྲགས་པ་དང་བསྟུན་པར་)ཤེས་པར་ བྱའོ། །དེ་ལྟར་རླུང་སོགས་(མཚམས་ཀྱི་)རྩིབས་རྣམས་(དང་འོག་)ལ་ནི་ཉི་མའི་རྒྱུ་བ(རྣམ་པར་དག་པ) འི་དབང་གིས་ཞེས་པ་གཡས་ཀྱི་རྩ་ལ་སྲོག་རྒྱུ་བའི་དབང་གིས་རིང་པོ་(ལྔ་པོ་)རྣམས་སོ། །སྟེང་ (དང་ཤར་)སོགས་(ཕྱོགས་ཀྱི་)རྩིབས་ལ་ཟླ་བ་རྒྱུ་བའི་དབང་གིས་ཞེས་པ་གཡོན་གྱི་རྩ་ལ་སྲོག་རྒྱུ་ བ〔རྣམ་པར་དག་པ〕འི་དབང་གིས་ཐུང་ངུ་(ལྔ་)རྣམས་སོ་ཞེས་པ་ནི་དགོད་པ་གསུངས་པ་སྟེ་ རིམ་པ་ཡིས་ཀྱང་ཀུན་རྫོབ་ཀྱིས་ཉེ་བས་འཐུང་གཅོད་ལ་སོགས་པའི་ཆུ་སྲིན་ལ་སོགས་པའི་ དཀྱིལ་འཁོར་རྣམས་ལ་ཀ་ཙ་ཊ་པ་ཏ་སའི་སྡེ་བ་རྣམས་ཀྱི་ཡི་གེ་ཀ་ཡིག་ལ་སོགས་པ་རྣམས་ 4-1-207 ལཱྀ་ཡིག་ལ་སོགས་པའི་དབྱངས་ཀྱི་ཕྱེ་བ་རིང་པོ་དང་ཐུང་ངུ་རྣམས་(དུས་སྦྱོར་དང་རྟེན་ འབྲེལ་ལུགས་འབྱུང་དང་མཐུན་པར་)དགོད་པར་བྱའོ། །དོན་དམ་པས་ྈྐ་ལ་སོགས་པ་ཐུང་ངུ་ཨ་ཡིག་ ལ་སོགས་པའི་དབྱངས་ཀྱིས་ཕྱེ་བ་རྣམས་གཞུ་དང་སྡིག་པ་ལ་སོགས་པའི་(དུས་སྦྱོར་རྟེན་འབྲེལ་ ལུགས་ལས་བཟློག་པ་དང་མཐུན་པའི་)དབྱེ་བས་(དགོད་པ་བྱས་)སོ། །དེ་ལྟར་རླུང་(མཚམས་)ལ་སོགས་པའི་ རྩིབས་རྣམས་ལས་ས(འི་ཁམས་)ལ་སོགས་པ་སྟེ་གཡས་ཀྱི་དཀྱིལ་འཁོར་འབབ་པ་(རྣམ་པར་དག་ པ་)ལས་སོ། །སྟེང་ལ་སོགས་པའི་རྩིབས་རྣམས་ལ་ནམ་མཁའ་ལ་སོགས་པ་སྟེ་གཡོན་གྱི་ དཀྱིལ་འཁོར་རབ་ཏུ་འབབ་པ་(རྣམ་པར་དག་པ་)ལས་སོ་ཞེས་པ་ནི་ནང་གི་(དུས་སྦྱོར་དང་མཐུན་པར་ལྷ་ དགོད་པའི་)ངེས་པའོ། ༢༩ ། ༈ འདིར་ལྷག་མ་ཚིགས་སུ་བཅད་པ་ལྔ་ནི་གོ་སླའོ། ༣༤ ། ༈ ད་ནི་ལྷ་མོ་རྣམས་ཀྱི་གནས་(ཉེ་བའི་གནས་)ལ་སོགས་པ(ས་བཅུ་གཉིས་པོ)འི་གནས་ གསུངས་པ་ལྷུན་པོ་ཞེས་བྱ་བ་ལ་སོགས་པ་སྟེ་འདིར་ལྷུན་པོའི་ཕྱོགས་བརྒྱད་རྣམས་ལ་སྟེང་ དུ་(ནམ་མཁའ་ལ་)རྣལ་འབྱོར་མའི་འཁོར་ལོ་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་པ་སྟེ་འོག་ ཏུ་ས་ལ་སེམས་ཅན་གྱི་དོན་གྱི་སླད་དུ་ཡང་དག་པར་རྒྱུའོ། །དེ་བཞིན་དུ་རྒྱ་མཚོའི་དཀྱིལ་ འཁོར་དང་མེའི་དཀྱིལ་འཁོར་དང་རླུང་གི་དཀྱིལ་འཁོར་དང་ནམ་མཁའི་མཐར་རོ་ཞེས་པ་ སྟེ་(བསྒོམ་བྱ་)འཇིག་རྟེན་ཁམས་ཀྱི་དཀྱིལ་འཁོར་ལ་དཔག་ཚད་འབུམ་ཕྲག་ལྔ་ཇི་སྲིད་པར་རོ། ། སེམས་ཅན་རྣམས་ཀྱི་ལུས་ལ་སྐྲའི་མཐར་ཐུག་པར་(ཁྲུ་ལྔ་ལ་)ཁྱབ་པར་བྱེད་པ་ཉིད་དེ་བཅོམ་ ལྡན་འདས་དང་རྣལ་འབྱོར་མ་ཡང་དག་པར་རྒྱུ་བ་ལས་སོ། ། འདིར་ལྷུན་པོའི་སྟེང་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་ པད་མ་འདབ་མ་བཅུ་དྲུག་པའོ། །དེའི་སུམ་ཆ་ནི་ལྟེ་བ་སྟེ་ལྟེ་བའི་སྟེང་དུ་ཉི་མའི་དཀྱིལ་ འཁོར་རོ། །ཉི་མའི་སྟེང་དུ་དུས་ཀྱི་འཁོར་ལོའི་ཞབས་གཡས་པའི་འོག་ཏུ་བདུད་དང་ཞབས་ 4-1-208 གཡོན་པའི་འོག་ཏུ་ཉོན་མོངས་པ་སྟེ་དེ་ཡང་དྲག་པོ(དབང་ཕྱུག་ཆེན་པོ)འོ། །འདབ་མ་བརྒྱད་ ལ་དུ་བ་མ་ལ་སོགས་པའི་རྡོ་རྗེ་མཁའ་འགྲོ་མ་བརྒྱད་དང་དེ་རྣམས་ཀྱི་བར་བར་གྱི་འདབ་ མ་རྣམས་ལ་བདུད་རྩིས་གང་བའི་ཐོད་པ་བརྒྱད་དོ། །དེ་ལྟར་འདབ་མ་བཅུ་དྲུག་ནི་དགའ་ བ〔བདེ་བ་ཆེན་པོ〕འི་འཁོར་ལོ་སྟེ་དགའ་བ་བཅུ་དྲུག་གི་དབྱེ་བས་ལྷ་མོ་རྣམས་དང་ཐོད་པ་ རྣམས་སོ། །བཅོམ་ལྡན་འདས་ནི་ཐིག་ལེ་བཞི་འཛིན་པ(མཐར་ཐུག་དོན་དམ་གྱི་ཚངས་པའི་གནས་བཞི་ ཡིན་པ)འི་ཕྱིར་(དེ་མཚོན་པའི་)ཞལ་བཞི་པ་སྟེ་(ལོ་གཅིག་གི་ཟླ་བའི་)ཕྱོགས་ཉི་ཤུ་རྩ་བཞི་(གདོད་ནས་)འགགས་པའི་ཕྱིར་ཕྱག་ཉི་ཤུ་རྩ་བཞི་པའོ། །ལྷག་པའི་ཟླ་བའི་ཕྱོགས་གཉིས་〔གདོད་ནས་〕 འགག་པའི་ཕྱིར་གཉིས་ལྷག་རྒྱལ་བ(སྟེ་ཉེར་བཞི)འི་ཕྱག་སྟེ་སྔར་གསུངས་པ(ཕྱག་ཉེར་དྲུག་པ)འི་རྡོ་ རྗེ་ཤུགས་སོ(འདི་ནི་རྡོ་རྗེ་ཤུགས་དང་འདྲ་བ་ལ་རྡོ་རྗེ་ཤུགས་སོ་ཞེས་གསུངས་པ་ཡིན་གྱི་རྡོ་རྗེ་ཤུགས་དང་དུས་འཁོར་ཧེ་རུ་ ཀ་གཅིག་ཏུ་འཁྲུལ་པར་མི་བྱ་སྟེ་དེའི་རྒྱུ་མཚན་སྔར་བསྟན་ཞིང་འཆད་པ་པོའི་ངག་ལས་ཀྱང་ཞིབ་ཏུུ་རྟོགས་པར་བྱའོ)། །(མཐར་ ཐུག་པ་དོན་གྱི་རྣམ་ཐར་སྒོ་བཞིའི་རང་བཞིན་)བཅོམ་ལྡན་འདས་མའི་ཞལ་གཅིག་ནི་སྟོང་པ་ཉིད་དེ་ཕྱག་ གཉིས་ནི་མཚན་མ་མེད་པ་དང་སྨོན་པ་མེད་པ་དག་གོ། གྲི་གུག་དང་ཕྱག་རྒྱ་དང་ཐོད་པ་ལ་ སོགས་པ་(རྣམས་)ནི་མངོན་པར་འདུས་མ་བྱས་པ〔འི་རྣམ་པར་ཐར་པ〕འོ། །དེ་ནས་པད་མའི་ ཕྱི་རོལ་ཏུ་ལྷུན་པོའི་ཕྱོགས་བརྒྱད་རྣམས་སུ་(ནམ་མཁའ་ལ་)ཐད་ཀའི་ཆར་སའི་དཀྱིལ་འཁོར་ གྱི་ཚད་ཀྱིས་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་འཁོར་ལོ་སྟེ་དེའི་སུམ་ ཆ(ལྟེ་བ)འི་ས་ལ་གྲི་གུག་གི་འཕྲེང་བའོ(འདིས་ནི་མཚན་མའི་ཕྲེང་བ་རྩིབས་ཀྱི་ཕྱི་རོལ་ཏུ་མུ་ཁྱུད་བྱས་པ་ལ་འགོད་ པར་འདོད་པ་བསལ་བ་ཡིན་ཏེ་འཁོར་ལོ་སོ་སོའི་པད་མ་ལྟར་ཆ་གསུམ་དུ་བྱས་ནས་ཆ་རེ་རེ་ལྟེ་བ་དང་གཉིས་གཉིས་ཀྱི་རྩིབས་ བྱ་བར་གསུངས་པའི་ལྟེ་བ་ཉིད་མུ་ཁྱུད་དུ་དབང་ལེར་ཡང་གསུངས་པའི་ཕྱིར་རོ)། །ཆ་གཉིས་ཀྱིས་རྩིབས་བརྒྱད་ དོ། །དེ་བཞིན་དུ་རྒྱ་མཚོའི་ཕྱེད་(ནང་མའི་སྟེང་གི་ནམ་མཁའ་)ལ་སའི་འཁོར་ལོ་སྟེ་ཕྱེད་ཕྱི་མ་ལ་ཆུའི་ འཁོར་ལོའོ། །དེ་བཞིན་དུ་མེའི་དཀྱིལ་འཁོར་གྱི་ལ་〔ནང་མའི་སྟེང་གི་ནམ་མཁའ་〕ཕྱེད་མེའི་ 4-1-209 འཁོར་ལོ་སྟེ་ཕྱེད་ཕྱི་མ་ལ་རླུང་གི་འཁོར་ལོའོ། །དེ་བཞིན་དུ་རླུང་གི་དཀྱིལ་འཁོར་གྱི་ཕྱེད་ 〔ནང་མའི་སྟེང་གི་ནམ་མཁའ་〕ལ་ནམ་མཁའི་འཁོར་ལོ་སྟེ་ཕྱེད་ཕྱི་མ་ལ་རྡུལ་ཚོན་གྱི་སའོ། ། ནམ་མཁའི་དཀྱིལ་འཁོར་(གྱི་སྟེང་གི་ནམ་མཁའ་)ལ་དུར་ཁྲོད་(ཆེན་པོ་)བཅུ་དྲུག་རྣམས་སོ་ཞེས་པ་ ནི་ངེས་པའོ། །འདིར་སྐྲའི་མཐར་ཁྲུ་ལྔ་ནི་ལུས་སོ། །དེས་ན་ནམ་མཁའི་དཀྱིལ་འཁོར་ལ་ཕྱི་ རོལ་གྱི་དུར་ཁྲོད་རྣམས་ཏེ་དེའི་རྣམས་པར་དག་པས་འཇིག་རྟེན་གྱི་ཁམས་ཀྱང་དཔག་ཚད་ འབུམ་ཕྲག་ལྔའོ་ཞེས་པ་འཁོར་ལོ་སྡོམ་པ་ཆེན་པོ་(ངེས་པ)འོ། ། ༈ དེ་ལྟར་རིམ་པ་བཞིན་དུ་ལྷུན་པོའི་ཕྱོགས་བརྒྱད་རྣམས་སུ་ཡེ་ཤེས་ཀྱི་ཁམས་ཀྱི་ འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་གནས་རྣམས་(ནི་ས་དང་པོ་ཀུན་ཏུ་འོད་ཀྱི་ཉི་མའི་དཀྱིལ་འཁོར་ ཆེན་པོ་མཛེས་པའི་ས་ཡིན་)ཏེ་གཞུ་འགག་པས་རྒ་ཤི་འགག་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་ རྣམས་ལ་ཉེ་བའི་གནས་རྣམས་(ནི་ས་གཉིས་པ་བདུད་རྩིའི་འོད་ཟླ་བ་ཆེན་པོ་འོད་གསལ་བའི་ས་ཡིན་)ཏེ་སྡིག་ པ་འགག་པས་སྐྱེ་བ་འགག་པའི་ཕྱིར་རོ། །(དེ་ལྟར་རྩིབས་བརྒྱད་ལ་ཇི་ལྟ་བ་)དེ་བཞིན་དུ་(རླུང་གི་སྒོའི་ གཡས་གཡོན་གྱི་)དུར་ཁྲོད་གཉིས་སོ། །དེ་ནས་སའི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་ རྣམས་ལ་ཞིང་བཞི་(ནི་ས་གསུམ་པ་ནམ་མཁའི་འོད་ནམ་མཁའ་ལྟར་རབ་ཏུ་གནས་པའི་ས་)སྟེ་སྲང་འགག་པས་ སྲིད་པ་འགག་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་ཞིང་རྣམས་(ནི་ས་བཞི་པ་རྡོ་ རྗེའི་འོད་ཡིད་དགའ་བའི་ས་ཡིན་)ཏེ་བུ་མོ་འགག་པས་ལེན་པ་འགག་པའི་ཕྱིར་རོ། །(དེ་ལྟར་རྩིབས་བརྒྱད་ ལ་ཇི་ལྟ་བ་)དེ་བཞིན་དུ་(ནུབ་དང་རླུང་གི་སྒོའི་)དུར་ཁྲོད་གཉིས་སོ། ། དེ་ནས་ཆུའི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་ཚན་དོ་ཧ་བཞི་(ནི་ས་ལྔ་པ་ རིན་ཆེན་འོད་མངོན་པར་དབང་བསྐུར་བ་ལ་གནས་པའི་ས་)སྟེ་སེང་གེ་འགག་པས་སྲེད་པ་འགག་པའི་ཕྱིར་ རོ། །ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་ཚན་དོ་ཧ་རྣམས་(ནི་ས་དྲུག་པ་པད་མའི་འོད་རང་བཞིན་ གྱིས་དག་པའི་ཆོས་དྲི་མ་མེད་པ་ཡོངས་སུ་འཛིན་པའི་ས་ཡིན་)སྟེ་ཀར་ཀ་ཊ་འགག་པས་ཚོར་བ་འགག་པའི་ 4-1-210 ཕྱིར་རོ། །དེ་བཞིན་དུ་(བྱང་དང་དབང་ལྡན་གྱི་སྒོའི་)དུར་ཁྲོད་གཉིས་སོ། །དེ་ནས་མེའི་ཁམས་ཀྱི་ འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་འདུས་པ་བཞི་(ནི་ས་བདུན་པ་སངས་རྒྱས་ཀྱི་འཕྲིན་ལས་བྱེད་ པའི་ས་)སྟེ་འཁྲིག་པ་འགགས་པས་རེག་པ་འགགས་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་ རྣམས་ལ་ཉེ་བའི་འདུས་པ་རྣམས་(ནི་ས་བརྒྱད་པ་དཔེ་མེད་པའི་ས་ཡིན་)ཏེ་གླང་འགག་པས་སྐྱེ་མཆེད་ དྲུག་འགག་པའི་ཕྱིར་རོ། །དེ་བཞིན་དུ་(ལྷོ་དང་བདེན་བྲལ་གྱི་སྒོའི་)དུར་ཁྲོད་གཉིས་སོ། །དེ་ནས་ རླུང་གི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་དུར་ཁྲོད་བཞི་(ནི་ས་དགུ་བ་དཔེ་ཐམས་ ཅད་ཀྱི་དཔེ་རབ་ཏུ་རྟོགས་པར་བྱེད་པའི་ས་)སྟེ་ལུག་འགག་པས་མིང་དང་གཟུགས་འགག་པའི་ཕྱིར་རོ། ། ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་དུར་ཁྲོད་རྣམས་(ནི་ས་བཅུ་པ་ཤེས་རབ་ཀྱི་འོད་བླ་ན་མེད་པའི་ ས་ཡིན་)ཏེ་ཉ་འགག་པས་རྣམ་པར་ཤེས་པ་འགག་པའི་ཕྱིར་རོ། །དེ་བཞིན་དུ་(ཤར་དང་ཤར་ལྷོའི་ སྒོའི་)དུར་ཁྲོད་གཉིས་སོ། །དེ་ནས་ནམ་མཁའི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ ལ་འཐུང་གཅོད་དམ་ཁྱིམ་བཞི་(ནི་ས་བཅུ་གཅིག་པ་ཐམས་ཅད་མཁྱེན་པ་ཉིད་འོད་གསལ་བ་ཆེན་པོའི་ས་)སྟེ་ བུམ་པ་འགག་པས་འདུ་བྱེད་འགག་པའི་ཕྱིར་རོ། །ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་ འཐུང་གཅོད་རྣམས་(ནི་ས་བཅུ་གཉིས་པ་སོ་སོའི་བདག་ཉིད་རིག་པ་རྣལ་འབྱོར་པའི་ཡེ་ཤེས་རྫོགས་པར་བྱེད་པའི་ས་ ཡིན་པའི་ཕྱིར་)ཏེ་ཆུ་སྲིན་འགག་པས་མ་རིག་པ་འགག་པའི་ཕྱིར་རོ། །དེ་བཞིན་དུ་(མེ་མཚམས་ཀྱི་ སྒོའི་གཡས་གཡོན་གྱི་)དུར་ཁྲོད་གཉིས་སོ(དེ་ལྟར་དུས་སྦྱོར་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགག་པའི་གཞི་དུས་ སྦྱོར་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་གཞན་རྣམས་ནི་དོན་དམ་པའི་ས་བཅུ་གཉིས་སུ་རིག་པར་བྱའོ)། །དུས་སྦྱོར་ (གསུམ་གསུམ་)གྱི་(མཐར་)ཐུན་མཚམས་བཞི་འགག་པས་(དེ་རྣམས་འགག་པའི་གཞི་དོན་དམ་པའི་ལྷ་མོ་བཞི་ ནི་)གཞན་(དབང་ལྡན་དང་བདེན་བྲལ་གྱི་སྒོའི་གཡོན་དང་གཡས་གྱི་)དུར་ཁྲོད་བཞིའོ། །ཡང་ན་ཟླ་བའི་ཆ་ བཅུ་དྲུག་འགག་པས་(དེ་རྣམས་འགགས་པའི་གཞི་རྡོ་རྗེ་ཟླ་བའི་ཆ་བཅུ་དྲུག་ནི་)དུར་ཁྲོད་བཅུ་དྲུག་རྣམས་ ཏེ། དེ་སྐད་དུ〔དུས་སྦྱོར་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས་པས་དང་པོའི་སངས་ 4-1-211 རྒྱས་ཡེ་ཤེས་ཀྱི་སྐུ་ནི་ཡན་ལག་བཅུ་གཉིས་ཀྱི་ཆོས་ཉིད་འོད་གསལ་བའི་གནས་ལ་སོགས་པ་〕། བདེན་ 〔པའི་〕དོན་རྣམ་པ་བཅུ་གཉིས་〔དང་〕ལྡན〔ཞིང་〕། །〔ཕྱི་ནང་གི་ཟླ་བའི་ཆ་བཅུ་དྲུག་ འགགས་པས་〕དེ་〔ཁོ་ན་〕ཉིད་〔དོན་དམ་པའི་སྙིང་རྗེ་〕རྣམ་པ་བཅུ་དྲུག་རིག །ཅེས་སོ། །ཐུན་ ཚོད་བརྒྱད་འགག་པས་ལྷ་མོ་(ནུས་མ་)བརྒྱད་དེ་ཡང་ན་གཟའ་(བརྒྱད་)རྣམས་འགགས་པའི་ཕྱིར་ རོ། །དོན་དམ་པའི་(བདེན་པའི་)རྟེན་(སྟོང་པ་ཆེན་པོའི་ངོ་བོ་གནས་ལ་སོགས་པ་རྣམས་)ལ་(གདོད་ནས་)སྒྲིབ་ པ་མེད་པའི་ལྷ་མོ་(བདེ་ཆེན་གྱི་ངོ་བོ་)རྣམས་རྟེན་པའི་རང་བཞིན་ནོ་ཞེས་པ་དོན་དམ་པའི་བདེན་ པར་རོ། ། ༈ འཇིག་རྟེན་ཀུན་རྫོབ་ཀྱིས་ཀྱང་གནས་ལ་སོགས་པར་སྔགས་ཀྱི་ལྷ་རྣམས་སྐྱེ་བ་ བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ལས་གསུངས་པ་འདི་ལྟ་སྟེ། ཀཱ་མ་རཱུ་པ་(འདོད་པའི་ གཟུགས་ཏེ་རྒྱ་གར་ཤར་ཕྱོགས་གཉའ་དང་ལྷོ་བྱང་ཐད་ཀ་ན་ཆུ་བོ་ལོ་ཧི་ཏ་དཀྱིལ་དུ་འབབ་པ་གཅིག་ཡོད་གསུངས་)ཛཱ་ལར་ (ན་དྷ་ར་ཆེན་པོ་དྲ་བ་འཛིན་པ་ལྕམ་པ་རྒྱལ་ཁམས་ཀྱི་རྩ་ན་ཡོད་པ་)གྲགས། །པཱུར་ཎ་གི་རི་(གང་བའི་རི་སྟེ་ཨུ་རྒྱན་ གྱི་བྱང་ན་ཡོད་གསུངས་)དེ་བཞིན་གནས། །ཨོ་ཌི་ཡཱ་ཎ་(ཨུ་རྒྱན་དུ་གྲགས་པ་)བཞི་བར་འགྱུར། །ཤི་ ཥྼྀུ་ྉ་ྤསླྀ་དེར་གཙོ་མོ། །གོ་དཱ་བ་(སའི་མཆོད་རྟེན་རྡོ་རྗེ་གདན་ནས་ལྷོར་ཟླ་བ་ཕྱེད་གཉིས་ཙམ་ཕྱིན་པ་ ན་གྲུབ་ཆུ་ཅན་གཅིག་ཡོད་གསུངས་)རཱི་རཱ་མེ་ཤྭ་(ར་དགའ་བའི་དབང་ཕྱུག་སྟེ་ལང་གའི་གླིང་གི་འགྲམ་ན་གསུངས)། །དེ་ བི་ཀོ་ཊ་(ལྷ་མོའི་རྫོང་སྟེ་ཤར་ཕྱོགས་བྷ་ལེན་དྲ་ན་ཡོད་གསུངས་)མཱ་ལ་བ(ཕྲེང་བ་ཅན་གྱི་རྒྱ་གར་ནུབ་ཕྱོགས་ ན་ཡོད་གསུངས)། །ཉེ་བའི་གནས་བཞི་འདི་རྣམས་སུ། །སླཱྀ་ྉྤཱུ་ཥྼཱྀ་ཤཱི་གཙོ་ མོའོ། །ཨར་བུ་ད་མུམྨུ་ནི་ཞིང༌། །(རྒྱ་གར་ཤར་ཕྱོགས་ཏེ་)ཨོ་དྲཾ་(དང་)ཀཱ་རྀཾ་ཎྱ་པཱ་ཊ། །(རྒྱལ་པོའི་ཁབ་ ཀྱི་བྱང་གང་གཱའི་ལྷོ་འགྲམ་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་ཡུལ་ཏེ་གྲོང་ཁྱེར་སྐྱེ་བོའི་བུའོ་)དྷི་དླི་ཐུ་ཏླྀ་ཞེས་ལྷ་མོ། །རྣམ་(ཀྱི་) རྟེན་(ཏེ་)ནོར་འཛིན་གཞི་ལའོ། །ཏྲི་ཤ་ཀུ་ནི་(དགེ་མཚན་གསུམ་པའམ་གནས་གསུམ་པ་སྟེ་)ཉེ་བའི་ཞིང༌། ། དེ་བཞིན་གར་མཱ་རེ་པཱ་ཏྲ(ཤར་ཕྱོགས་བྷ་ག་ལའི་བྱེ་བྲག་འགར་བའི་ཡུལ)། །(དགེ་བ་ཅན་ཞེས་བྱ་)ཀོ་ཤ་ལ་ 4-1-212 (རྒྱལ་པོ་གསལ་གྱི་ཡུལ་ཏེ་ཀུ་ལ་ཤ་ཞེས་བྱ་བས་བརྩེགས་པ་)དང་ལཱ་ཌའི་ཡུལ། །(ཏེ་རུ་རུ་ཀའི་ཡུལ་རྒྱ་གར་ནུབ་ཕྱོགས་ ན་ཡོད་)ཏླཱྀ་ཐཱུ་དྼཱྀ་དྷཱི་དེར་གཙོ་མོ། །ཀ་ལིང་ཀ་(རྡོ་རྗེ་གདན་ནས་དཔག་ཚད་དྲུག་ཅུ་ལྷོ་ནུབ་ཏུུ་ཕྱིན་པ་ ན་ཡོད་ཐམས་ཅད་སྒྲོལ་གྱི་ཡུལ་ཡིན་གསུངས་)ཧ་རི་གེ་ལ(བྷཾ་ག་ལའི་བྱེ་བྲག་དང་)། །ཙན་དྲ་དྭི་པ་(ཟླ་བའི་གླིང་སྟེ་ བྷཾ་ག་ལའི་མཚོ་གླིང་ངོ་)ལཾ་པཱ་ཀཾ(རྒྱ་གར་ནུབ་ཕྱོགས་ན་ཡོད)། །ཚན་དོ་ཧ་ནི་རྣམ་པ་བཞི། །བྷི་བྼི་ཕུ་པླྀ་ དེར་གཙོ་མོ། །ཀཱན་ཙཱི་(གྲོང་ཁྱེར་གྱི་མཆོག་ཞེས་གྲགས་པ་ཆོས་ཀྱི་གྲགས་པའི་ཡུལ་)ཀོང་ཀ་ཎ་ཀ་དང༌། །(ལྷོ་ ནུབ་ནས་མཐའ་ཆུས་འཁོར་བ་སྐུ་མཆོག་བཞིའི་ཡ་གྱལ་གྲིབ་མའི་སྐུ་བཞུགས་པ་དང་)ཧི་མཱ་ ལ་ཡ་(གངས་ཅན་ཏེ་འདི་བོད་ཡིན་པར་མི་འཐད་དེ་བོད་ལ་གནས་འདི་དག་གིས་མ་ཁྱབ་པར་འོག་ནས་བཤད་པའི་ཕྱིར་རོ་) ཉེ་བ་ཡི། །ཚན་དོ་ཧ་བཞི་པ་ནཻ་པཱ་ལ་(བལ་ཡུལ་)ཉིད། །པླཱྀ་ཕཱུ་བྼཱྀ་བྷཱི་དེར་གཙོ་ མོ། །མཱ་ཏྲི་གྲི་ཧ་(མ་མོའི་ཁྱིམ་དང་)པྲ་ཡཱ་གཾ །ཀོ་ལླ་གི་རི(དང་)གྲི་ཧའི་(ཁྱིམ་གྱི་)ལྷ(སྟེ་བཞི་ནི)། །འདུས་ པ་རྣམས་པ་བཞིར་འགྱུར་ཏེ། །ཌྷི་ཌྼཱྀ་ཋུ་ཊླྀ་དེར་གཙོ་མོ། །སཽ་རཱཥྚཱ་(གྲོང་ཁྱེར་བཟང་བོ་ ཅན་ཏེ་ནུབ་ཕྱོགས་ན་སོ་མ་ནེ་ཐ་ཞེས་བྱ་བ་ཕྱི་བའི་རྟེན་ཡོད་པ་)དང་ཀཱ་སྨི་ར། །(ཁ་ཆེ་དང་)སུ་(གསེར་)ཝར་ཎ་གླིང་ (དང་)སིང་ཧ་ལ(སིང་གྷ་ལའི་གླིང་སྟེ་སྔོན་སྲིན་མོ་རྣམས་དེད་དཔོན་སེང་གེས་བཏུལ་ནས་བཟུང་ བས་སེང་གེ་འཛིན་ཅེས་པ་)། །ཉེ་བའི་འདུས་པ་འདི་རྣམས་སུ། །ཊླཱྀ་ཋཱུ་ཌྀརཱ་ཌྷཱི་གཙོ་མོའོ། །ན་ག་ར(འི་གྲོང་ ཞེས་པ་ཡི་གེ་ན་ག་ར་འདི་བྱུང་བའི་གྲོང་དེ་དང་)མ་ཧེན་དྲ་རི(དབང་ཆེན་རི་སྟེ་འབྲས་ཕུང་ཕྱོགས་ན་ཡོད་པ་དང་)། ། (ཆུ་བོ་)སིན་དྷུ(འབབ་པ)འི་ཡུལ་(རྒྱ་གར་ལྷོ་ཕྱོགས་ན་ཡོད་པ་དང་)ཀི་རཱ་ཏ་ཀ(མོན་ཡུལ་དང་)། །དུར་ཁྲོད་རྣམ་པ་ བཞིར་འགྱུར་ཏེ། །ཛྷི་ཛྼྀ་ཚུ་ཙླྀ་དེར་གཙོ་མོ། །མ་རུའི་(མྱ་ངམ་)ཡུལ་དང་(མར་ཡུལ་ན་ ཡོད་པའི་)ག་ཧཱར་ཉིད། །ཀུ་ལ་(རིགས་ཉིད་)ཏཱ་(རིགས་ངན་གྱི་ཡུལ་)དང་(མར་ཡུལ་ན་པའི་)ས་མ་ལ(སྟེ)། །དེ་ བཞིན་ཉེ་བའི་དུར་ཁྲོད་གསུངས། །ཙླཱྀ་ཚཱུ་ཛྼཱྀ་ཛྷཱི་དེར་གཙོ་མོ། །ཙ་རི་ཏྲ་(དང་)ཀེ་ར་ན་ཉིད། །བིན་དྷྱ་ (རི་འབིག་བྱེད་དེ་སློབ་དཔོན་ཕྱོགས་གླང་གི་བསྒྲུབ་གནས་དང་)ཀཽ་མཱ་རི་ཀ(གཞོན་ནུ་མ)འི་ གྲོང་(སྟེ་བུད་མེད་འབའ་ཞིག་ཡོད་པ་དང་)། །རྣམ་བཞི་འཐུང་གཅོད་ཞེས་པར་གྲགས། །གྷི་གྼྀ་ 4-1-213 ཁུ་ཀླྀ་དེར་གཙོ་མོ། །ཉེ་ཁྱིམ་བི་ར་ཛཱཿ(དང་)ཀོང་ཀ(དང་)། །ཏྲི་པུ་རཱི་(གྲོང་གསུམ་པ་སྟེ་ལང་གའི་ གླིང་ན་ཡོད་གསུངས་)ཤྲཱི་ཧཊྚ་ཀ (རྒྱ་གར་ལྷོ་ཕྱོགས་ན་ཨ་ག་རུ་སྐྱེ་བའི་ཡུལ་ཏེ་དེ་རྣམས་ཕྱི་ལ་ཡང་ངོ་དེ་བཞིན་དུ་ནང་དང་ གཞན་ལ་ཡང་ཤེས་པར་བྱ་སྟེ)། །རྣམ་པ་འདི་བཞིར་གྲགས་པ་སྟེ། །ཀླཱྀ་ཁཱུ་གྼཱྀ་གྷཱི་ དེར་གཙོ་མོ། །ྈྐ་་སོགས་བཅུ་གཉིས་(ས་བོན་ཅན་གྱི་)ཕོ་ཉ་མོ(བཅུ་གཉིས་ནི་གཡོན་དང་གཡས་ཀྱི)། །སྟོང་ པའི་དཀྱིལ་འཁོར་(བཅུ་གཉིས་ཀྱི་)གཙོ་མོ་སྟེ། །ཧ་སོགས་བཞི་ནི་(ར་བའི་)ཕྱི་རོལ་གྱི། །དུར་ཁྲོད་ (བཞི་)ལ་〔ཕོ་ཉ་མོའི་ས་བོན་སྟེ་〕སྟེ་(དེ་ལྟར་དུར་ཁྲོད་ཀྱི་ཕོ་ཉ་མོ་)བཅུ་དྲུག་〔གོ་〕ཨ། །ཨཱ་ཨཾ་ཨཿཧ་ཧཱ་ ཧཾ་ཧཿ(འི་ས་བོན་ཅན་གྱི)། །ཕོ་ཉ་མོ་(བརྒྱད་པོ་)དེ་པད་འདབ་(བརྒྱད་)ལ(གནས་ཤིང་ལྷག་པའི་པད་ འདབ། །བརྒྱད་ཉིད་ལ་ནི་ཐོད་པ་རྣམས(གནས་སོ)། །ལྟེ་བའི་(གེ་སར་གྱི་)རྩེ་མོར་གཙོ་མོ་སྟེ། ། (རྟེན་འབྲེལ་)ཡན་ལག་བཅུ་གཉིས་འགགས་པ་ཡིས། །དུས་སྦྱོར་〔བཅུ་གཉིས་〕རྣམས་ནི་མི་ འབབ་ཕྱིར། །(དང་པོའི་སངས་རྒྱས་ཆོས་དབྱིངས་འོད་གསལ་ལ་རང་བཞིན་གྱིས་ཚང་པ)ས་རྣམས་བཅུ་གཉིས་ ཞེས་(རྡོ་རྗེ་ཐེག་པའི་ཚུལ་ལ་)གྲགས་པ(སྟེ་མིང་གཞན་)། །གནས་(དང་ཉེ་བའི་གནས་)ལ་སོགས་པ་(བཅུ་གཉིས་ ནི་)དོན་དམ་(གྱི་ས་བཅུ་གཉིས་པོ་)མོ(རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། །ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་ འཁོར་འདྲ། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ ཇི་བཞིན་རབ་ཏུ་གནས། །རྡོ་རྗེ་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའ་བའོ། །ལྷག་པའི་བསམ་པ་བསྟན་སྦྱོར་བས། །རྡོ་ རྗེ་ཞེས་ནི་ཡོངས་སུ་བརྟགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པད་མའི་འོད་ནི་དྲུག་པ་སྟེ། ། པད་མ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པ་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་ ཅེས་པ། །སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་པ་སྟེ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་ པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་རྟོགས་པར་བྱེད། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་པ་ནི་བླ་ན་མེད། །བཅུ་གཅིག་ ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོའི་བདག་ཉིད་རིག། །རྣལ་འབྱོར་ཡེ་ཤེས་རབ་ཏུ་ རྫོགས། །ཞེས་པ་དང་མཆོག་མི་འགྱུར་དུ་གསུངས་པ་འགྱུར་བའི་ས་བཅུ་གཉིས་ནི་གཞན་དག་འདོད་པ་ལྟར་སྔར་མེད་གསར་དུ་ 4-1-214 སྐྱེད་པ་མ་ཡིན་གྱི་ཆོས་ཉིད་ལ་གདོད་ནས་ཚང་པའི་བདེན་དོན་བཅུ་གཉིས་ཡིན་ལ་དེ་དག་མངོན་དུ་བྱེད་པའི་ཐབས་ལམ་བདེན་ གྱིས་བསྡུས་པའི་ས་བཅུ་གཉིས་ཀྱང་ཡོད་པར་ཤེས་པར་བྱའོ། །གནས་ལ་སོགས་པ་དེ་དག་ལ་ལྷ་འགོད་ཚུལ་གྱི་རྟེན་འབྲེལ་བཅུ་ གཉིས)། །མ་རིག་ལ་སོགས་ལུགས་མཐུན་ཀྱིས། །(དུས་སྦྱོར་)ཆུ་སྲིན་སོགས་(ལུགས་མཐུན་)ལ་(ཉེ་ བའི་འཐུང་གཅོད་ལ་སོགས་པ་མཐའ་ནས་དགོད་པ་ནི་)ཀུན་རྫོབ་ཏུའོ། །(དོན་དམ་དུ་)གཞུ་ལ་སོགས་པ་(དུས་ སྦྱོར་)ལུགས་བཟློག་གིས། །(རྟེན་འབྲེལ་)རྒ་ཤི་ལ་སོགས་(ཡན་ལག་བཅུ་གཉིས་འགག་པའི་རིམ་པ་ལྟར་གནས་ པ་དང་ཉེ་བའི་གནས་ལ་སོགས་པ་)དེ་དག་རྣམས། །སྒྲིབ་པ་མེད་པའི་ཆོས་ཀྱིས་ནི། །(རྣམ་པར་)དག་ པའི་ཆོས་(དོན་དམ་པའི་ས་བཅུ་གཉིས་)ཀྱི་རབ་དབྱེ་ལས། །(དོན་དམ་གྱི་)མཁའ་འགྲོ་མ་(བདུན་ཅུ་རྩ་གཉིས་)རྣམས་ལུས་ཀྱི་ཁམས། །རྣམས་པ་བདུན་བཅུ་གཉིས་(རྣམ་པར་དག་པ་སྟེ་དཀྱིལ་འཁོར་གྱི་དབུས་ཡེ་ཤེས་ ཀྱི་འཁོར་ལོ་ནས་འགོད་པར་)རབ་〔ཏུ་〕གསུངས(སོ)། །ཀུན་རྫོབ་(ཀྱི)སྔགས་གྲུབ་(པའི་ཕོ་ཉ་མོ་)གང་ དེ་དག །(སྔར་བསྟན་པའི་)ཁྱིམ་སོགས་རྣམས་སུ་གཙོ་མོ་སྟེ། ། ༈ དེ་ནས་(ཁྱིམ་སོགས་)དེ་རྣམས་(ཀྱི་)ས་བོན་(གྱི་)ཡིག(གེ་ནི)། གནས་སོགས་(ཀྱི་ཡུལ་གྱི་མིང་ཚིག་ ཡི་གེ་)དང་པོར་གྱུར་པའོ། །ཞེས་པ་ནི་འདི་ལྟ་སྟེ་ཀཱ་ཛཱ་པཱུ་ཨོ་ཞེས་པ་ནི་གནས་རྣམས་ལའོ། །ཀོ་ རཱ་དེ་མ་ཞེས་པ་ནི་ཉེ་བའི་གནས་རྣམས་ལའོ། །ཨ་མུ་ཨོ་ཀ་ཞེས་པ་ནི་ཞིང་རྣམས་ལའོ། །ཏྲི་ ཀ་ཀོ་ལཱ་ཞེས་པ་ནི་ཉེ་བའི་ཞིང་རྣམས་ལའོ། །ཀ་ཧ་ཙ་ལ་ཞེས་པ་ནི་ཚན་དོ་ཧ་རྣམས་ལའོ། ། ཀཱ་ཀོ་ཧི་ནེ་ཞེས་པ་ནི་ཉེ་བའི་ཚན་དོ་ཧ་རྣམས་ལའོ། །མཱ་པྲ་ཀོ་གྲི་ཞེས་པ་ནི་འདུས་པ་རྣམས་ ལའོ། །སཽ་ཀ་སུ་སིཾ་ཞེས་པ་ནི་ཉེ་བའི་འདུས་པ་རྣམས་ལའོ། །ན་མ་སི་ཀི་ཞེས་པ་ནི་དུར་ ཁྲོད་རྣམས་ལའོ། །མ་ག་གུ་ས་ཞེས་པ་ནི་ཉེ་བའི་དུར་ཁྲོད་རྣམས་ལའོ། །ཙ་ཀེ་བིཾ་ཀོ་ཞེས་པ་ ནི་འཐུང་གཅོད་རྣམས་ལའོ། །བི་ཀོ་ཏྲི་ཤྲཱི་ཞེས་པ་ནི་ཉེ་བའི་འཐུང་གཅོད་རྣམས་ལའོ། །དེ་ བཞིན་དུ་དུར་ཁྲོད་བཅུ་དྲུག་རྣམས་ལ་སྟེ། རླུང་གི་སྒོའི་གཡོན་དང་གཡས་དག་ཏུ། ཀཾ་ཀ་ལ་ (ཀེང་རུས་ཅན་)ལ་ཀཾ་དང་ཀོ་ལ་ཧ་ལ་ལ་གོ་སྟེ་ཡང་ན་ྈྐ་་ྈྐའཱ ོ། །དེ་བཞིན་དུ་ནུབ་དང་རླུང་གི་སྒོར་ 4-1-215 པཱུ་ཏི་གན་དྷ་(རྣག་གི་དྲི་)ལ་པཱུ་དང་སརྤ་དཾ་ཤ་(སྦྲུལ་གྱིས་ཟོས་པ་)ལ་ས་སྟེ་ཡང་ན་ན་ནཱའོ། །བྱང་གི་ སྒོར་(རུས་པ་)ཀ??ཹ་ན་ལ་ཀ??ཹ་དང་དབང་ལྡན་དུ་བཱ་ལ་མྲི་ཏྱུ་(བྱིས་པ་ཤི་བ་)ལ་བཱ་སྟེ་ཡང་ན་མ་མཱའོ། །ལྷོ་ དང་བདེན་བྲལ་གྱི་སྒོར་ཤ་བ་ད་ཧ་ན་(རོ་བསྲེགས་)ལ་ཤ་དང་གྷོ་ར་ཡུད་དྷ་(དྲག་པོའི་ཡུལ་)ལ་གྷོ་སྟེ་ ཡང་ན་ཎ་ཎཱའོ། །ཤར་དང་མེའི་སྒོར་ཤཱུ་ལ་བྷེ་ད་(རྩེ་མོས་འབིགས་པ་)ལ་ཤཱུ་དང་ཨུ་ཙྪིཥྚ་(ལྷག་མ་ཟ་བ་)བྷ་ཀྵ་ལ་ཨུ་སྟེ་ཡང་ན་ཉ་ཉཱའོ། །མེའི་སྒོའི་གཡོན་དང་གཡས་དག་ཏུ་བྷཱི་མ་ལ་བྷཱི་(འཇིགས་པ་) དང་བྷ་ཡཾ་ཀ་ར་(འཇིགས་བྱེད་)ལ་བྷ་སྟེ་ཡང་ན་ང་ངཱའོ། །དབང་ལྡན་གྱི་སྒོའི་གཡོན་དང་གཡས་ དག་ཏུ་ཧ་ཧཱ་ཀཱ་ར་(ཧ་ཧ་སྒྲོགས་པ་)ལ་ཧ་དང་ཨཊྚ་ཊྚ་ཧཱ་ས་(དྲག་ཏུ་རྒོད་པ་)ལ་ཨ་སྟེ་ཡང་ན་ཧ་ཧཱའོ། ། བདེན་བྲལ་གྱི་སྒོའི་གཡོན་དང་གཡས་དག་ཏུ་རཽ་ཏྲ་ན་ད་(དྲག་པོའི་སྒྲ་)ལ་རཽ་དང་ཕེཊ་ཀཱའ་ར་ (ཕཊ་སྒྲོགས་)ལ་ཕེ་སྟེ་ཡང་ན་ཀྵ་ཀྵཱའོ་ཞེས་པ་ནི་དུར་ཁྲོད་བཅུ་དྲུག་གི་ལྷ་མོ་རྣམས་ཀྱིས་ས་བོན་ ནོ། །དེ་ལྟར་མཁའ་འགྲོ་མའི་དྲ་བ་(འཁོར་ལོ་གསུམ་གྱི་)སྡོམ་པ་གཉིས་འགྱུར་ནི་(དབྱིངས་དང་ཡེ་ཤེས་ དབྱེར་མེད་པར་བརྗོད་ཅིང་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ཡང་)འཇིག་རྟེན་པའི་ཡུལ་གྱི་ཐ་སྙད་(ཀ་མ་རུ་པ་ལ་ སོགས་)ཀྱིས་བྱིས་པའི་སྐྱེས་བུ་རྣམས་བསྒྲལ་བ(སྟེ་དྲང་བ)འི་སླད་དུ་གསུངས་སོ། ། ༈ (དོན་དམ་པའི་རིགས་པས་)རྣམ་པར་དཔྱད་ན་(ཕྱི་རོལ་གྱི་)ཀཱ་མ་རཱུ་པ་དང་ཛྭ་ལ་དྷ་ར་ལ་སོགས་ པ་གནས་ལ་སོགས་པ་ཡིན་པ་ནི་རྫུན་ཏེ་(སྤྱིར་ཤམ་བྷ་ལའི་ཡུལ་གྱི་)གྲོང་བྱེ་བའི་ལྷག་པའི་ལྷ་(ཆོས་ ཉིད་དེ་བཞིན་ཉིད་)དང་ལྡན་པའི་ཡུལ་གཅིག་ལ་ཡང་(ཆོས་ཉིད་དོན་དམ་པའི་)གནས་ལ་སོགས་པ་ རྣམས་(ཚང་བར་)གསུངས་པའི་ཕྱིར་དང་དེ་བཞིན་དུ་(སྔར་བསྟན་པའི་གནས་ལ་སོགས་པ་དེ་རྣམས་)བོད་ དང་རྒྱ་ནག་དང་རྒྱ་ནག་ཆེན་པོ་(དམན་ཙེ་)ལ་སོགས་པའི་ཡུལ་རྣམས་དང་(ཤམ་བྷ་ལའི་ཡུལ་གྱི་) གྲོང་བྱེ་བ་བྱེ་བའི་ལྷག་པའི་ལྷ་དང་ལྡན་པའི་ཡུལ་དགུ་ཅུ་རྩ་དྲུག་རྣམས་སུ་(སྔར་བསྟན་པའི་གནས་ ལ་སོགས་པ་ཡོད་པར་)མ་གསུངས་པ་ཉིད་ཀྱི་ཕྱིར་(རྡོ་རྗེ་)ཕོ་ཉ་མོ་〔ཆོས་ཉིད་འོད་གསལ་གྱི་ངོ་བོ་〕 རྣམས་(ཡུལ་ཐམས་ཅད་དུ་ནམ་མཁའ་ལྟར་)ཁྱབ་པར་བྱེད་པ་མ་ཡིན་པ་ཉིད་དུ་(ཧ་ཅང་ཐལ་བར་)འགྱུར་ 4-1-216 རོ། །(དོན་དམ་པའི་གནས་སོགས་ཡུལ་ཐམས་ཅད་ལ་ཁྱབ་པར་ཡོད་པ་)དེས་ན་རྩ་བའི་རྒྱུད་ལས་བཅོམ་ལྡན་ འདས་ཀྱིས་གསུངས་པ་འདི་ལྟ་སྟེ། གནས་ནི་ཤར་དུ་ལུས་འཕགས་དང༌། །ལྷོ་རུ་འཛམ་བུའི་ གླིང་དང་ནི། །ནུབ་ཏུ་ནུབ་ཀྱི་བ་ལང་སྤྱོད། །བྱང་དུ་བྱང་གི་སྒྲ་མི་སྙན(རྣམས་སོ)། །ཕྱོགས་ བྲལ་ཉེ་བའི་གླིང་རྣམས་ནི། །ཉེ་བའི་གནས་(སུ་)འགྱུར་(ཏེ་)ས(འི་དཀྱིལ་འཁོར་གྱི་)གཞི་ལའོ། །དེ་ བཞིན་(དུ་)ཞིང་(དང་ཉེ་བའི་ཞིང་འདུན་པ་ཉེ་འདུན་)ལ་སོགས་པ་ཀུན། །རྒྱ་མཚོའི་དཀྱིལ་འཁོར་(གྱི་ཕྱེད་ ནང་མ་དང་ཕྱེད་ཕྱི་མ་)སོགས་རྣམས་ལ(སྟེ)། །ཞེས་(སངས་རྒྱས་པ་ལས་སྔར་བསྟན་པ་ལས་ཤེས་)སོ། ། ༈ དེའི་ཕྱིར་འཁོར་ལོ་གསུམ་གྱི་སྡོམ་པ་དང་ཀྱེའི་རྡོ་རྗེ་ལས་བཅོམ་ལྡན་འདས་ཀྱིས་སྔ་ མ་དང་ཕྱི་མའི་གསུང་འགལ་བ་གང་ཡིན་པ་དེ་ནི་དབང་པོ་རྣོན་པོའི་སེམས་ཅན་རྣམས་ཀྱི་ (གནས་སོགས་འདི་ཁོ་ན་ཡིན་ནོ་ཞེས་མཐའ་གཅིག་ཏུ་ཞེན་པའི་)འཛིན་པ་དགྲོལ་བའི་སླད་དུ་(ངེས་མེད་དུ་གསུངས་ པ་)སྟེ་འདིར་འཁོར་ལོ་སྡོམ་པ་ལས་གནས་དང་ཉེ་བའི་གནས་ལ་སོགས་པ་གསུངས་པ་གང་ ཡིན་པ་དེ་དག་ནི་ཀྱེའི་རྡོ་རྗེ་ལས་ཞིང་དང་ཉེ་བའི་ཞིང་ལ་སོགས་པ་འཁྲགས་འཁྲུགས་སུ་ གསུངས་སོ། །རྣལ་འབྱོར་པ་རྣམས་ཀྱིས་འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱང་ཕྱི་རོལ་གྱི་ གནས་〔ཀ་མ་རུ་པ་〕ལ་སོགས་པ(ར་ཕྱིན་པས་)ཇི་ལྟ་བ་བཞིན་དུ་(ཐོབ་པར་)མི་འགྱུར་རོ(མངོན་པར་ བརྗོད་པའི་རྒྱུད་བླ་མའི་བླ་མར་ཡང༌། གལ་ཏེ་དེ་ཉིད་མེད་གྱུར་ན། །དེ་རྣམས་སྐོར་བས་ཅུང་ཟད་མིན། །གལ་ཏེ་དེ་ཉིད་ལྡན་གྱུར་ ན། །དེ་རྣམས་སྐོར་བས་ཅི་ཞིག་དགོས། །ཕྱི་རོལ་རྣལ་འབྱོར་པ་དེ་རྣམས། །བསྐོར་བས་ཁམས་རྣམས་ཟད་པར་འགྱུར། །དེ་ བས་ཕྱི་རོལ་སྤངས་ནས་ནི། །རྣལ་འབྱོར་རོལ་པས་གནས་པར་བྱ། །ཞེས་སོགས་རྒྱས་པར་འབྱུང་ངོ་)། ། ༈ (དོན་དམ་པར་བདེན་པ་)ནང་དུ་མ་རིག་པ་ལ་སོགས་པ་〔རྟེན་འབྲེལ་〕ཡན་ལག་བཅུ་གཉིས་ འགག་པའི་དུས་སྦྱོར་བཅུ་གཉིས་(རྣམ་པར་དག་པ་)རྣམས་ཏེ་རྒ་ཤི་ལ་སོགས་པ་འགགས་པའི་ གཞུ་ལ་སོགས་པའི་(རྣམ་པར་དག་པ་)གནས་ལ་སོགས་པ་(ས་བཅུ་གཉིས་པོ་)རྣམས་རྟོགས་པར་བྱའོ། ། (དོན་དམ་པའི་)གནས་ལ་སོགས་པ་(ས་བཅུ་གཉིས་པོ་)དེ་རྣམས་སུ་དེ་བཞིན་གཤེགས་པ(ཆོས་ཀྱི་སྐུ)འི་ 4-1-217 (གདོད་ནས་)རྣམ་པར་དག་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་(གཞན་)ལ་སོགས་པའི་དབྱིངས་ རྣམས་(ལྷ་ཞེས་བྱ་བ་བྱང་ཆུབ་སེམས་ཞེས་གསུངས་པ་ལྟར་བདེ་བ་ཆེན་པོའི་)ལྷའི་གཟུགས་(རྣམ་པ་ཐམས་ཅད་པའི་ སྟོང་གཟུགས་ཉིད་)ཀྱིས་(དོན་དམ་པའི་ཀུན་སྤྱོད་ལ་)བྱོན་པའམ་གཤེགས་པ་(ནི་)འདས་པའི་དུས་ན་བྱུང་ བར་གྱུར་པ་དང་ད་ལྟར་བྱུང་བ་ན་ཡོད་པ་དང་མ་འོངས་པ་ན་འབྱུང་བར་འགྱུར་ཏེ་(འདས་པ་ལ་) དབང་བྱེད་པ་(སྟེ་དབང་བྱས་པ་)དང་(ད་ལྟར་བ་ལ་)ལོངས་སྤྱོད་(བཞིན་)པ་དང་(མ་འོངས་པ་ན་)ཐིམ་པ(ར་ འགྱུར་བ)འི་དབྱེ་བས་སོ(འདིར་བདག་པོ་ནི་ཐམས་ཅད་ལ་ཁྱབ་པར་བྱེད་པའི་དབང་བྱེད་པ་ཉིད་དུ་འདུས་པའོ)། །(དེ་ ལྟར་ན་ཕོ་ཉ་མོའི་ཀུན་ཏུ་སྤྱོད་པ་ལ་དབང་བྱེད་པ་དང༌། ལོངས་སྤྱོད་པ་དང༌། བདག་པོ་དང༌། ཐིམ་པ་བཞི་ཡོད་པ་བཞིན་དུ་ཕྱི་ རོལ་ལ་སྦྱར་ན་ཉི་མ་འཆར་བ་ན་ལོངས་སྤྱོད་པ། ཕྱེད་པ་ན་བདག་པོ། ནུབ་པ་ན་ཐིམ་པ། མཚན་ཕྱེད་ན་དབང་བྱེད་པ་སྟེ། ནང་ ལ་སྦྱར་ན་བྱིས་པའི་དུས་ན་དབང་བྱེད་པ། ལང་ཚོའི་དུས་ན་ལོངས་སྤྱོད་པ། རྒན་པོའི་ཚེ་ན་བདག་པོ། ཤི་བའི་ཚེ་ན་ཐིམ་པ། དུས་ ལ་སྦྱར་ན། ད་ལྟར་བ་ལ་ལོངས་སྤྱོད། མ་འོངས་པའི་དུས་ན་ཐིམ་པ་སྟེ། བདག་པོ་ལྔ་དེར་བསྡུའོ། །འདས་པའི་དུས་ན་དབང་ བྱེད་པའོ། །ཕྱི་རོལ་གྱི་རྣལ་འབྱོར་མའི་ཀུན་སྤྱོད་ལ་སྦྱར་ན། ཀ་མ་རུ་པ་ལ་སོགས་པའི་གནས་བཞིར་མཁའ་འགྲོ་མ་བཞི་རྣམས་ བསྐོར་བའི་བཞི་པོའི་ནང་ནས་གནས་པ་དེར་ལོངས་སྤྱོད། ཕྱིན་མ་ཐག་དེ་ལས་དབང་བྱེད། གང་དེར་འགྲོ་བའི་གནས་དེར་ཐིམ་ པའོ། །རླུང་ལ་སྦྱར་ན། རྒྱུ་བཞིན་པ་ལོངས་སྤྱོད་པ། སྤྱད་ཚར་ཟིན་མ་ཐག་དེ་ལ་དབང་བྱེད་པ། དེ་མ་ཐག་ཏུ་རྒྱུ་བ་དེ་ལ་བདག་ པོ། དེས་རྗེས་སུ་རྒྱུ་བ་དེར་ཐིམ་པའོ། །དེ་ལྟར་ཕྱི་རོལ་ཏུ་ལོངས་སྤྱོད་པའི་ཉིན་ཞག་དང་ནང་དུ་ལོངས་སྤྱོད་པའི་དུས་ལ་མཆོད་ པར་བྱའོ་)ཀུན་རྫོབ་ཏུ་ནི་འཁོར་ལོ་གསུམ་གྱི་སྡོམ་པ་ལས་(རྡོ་རྗེ་ཕག་མོ་དང་སྙིང་པོའི་རྣལ་འབྱོར་མ་བཞི་ པོ་རིམ་པ་ལྟར་གཙོ་བོའི་གདན་གྱི་མདུན་གྱི་འདབ་མ་ལ་བདག་གི་གདན་མཚན་ཕྱེད་ཀྱི་ཐུན་མཚམས་ལ་)ལོངས་སྤྱོད་པ་ (ལ་ཞུགས་པ་)དང་(གཞན་གྱི་གདན་ལྷོའི་འདབ་མ་ལ་)ཐིམ་པ(ར་འགྱུར་བ་)དང་དབང་བྱེད་པ་དང་〔སྔགས་གྱི་ གདན་བྱང་གི་འདབ་མ་ལ་〕བདག་པོ་ཉིད་དུ་(གྱུར་ཏེ་ཕོ་ཉ་མོའི་ཀུན་སྤྱོད་བཞི་པོ་)ཐུན་མཚམས་(བཞི་) དང་(དུར་ཁྲོད་ཀྱི་ཕོ་ཉ་མོ་བརྒྱད་)ཐུན་ཚོད་(བརྒྱད་)དང་〔འཁོར་ལོ་གསུམ་གྱི་ཕོ་ཉ་མོ་རྣམས་〕དུས་སྦྱོར་ ཕྱེད་ཀྱི་དབྱེ་བས་ལྷ་མོ་བཞི་དང་བརྒྱད་དང་ཉི་ཤུ་རྩ་བཞི་རྣམས་(ཀྱི་ཀུན་སྤྱོད་)གསུངས་སོ(ཞེས་ 4-1-218 པ་བདེ་མཆོག་བསྟོད་འགྲེལ་ལས་ཤེས་པར་བྱའོ)། ། ༈ འདིར་འཁོར་ལོ་དྲུག་གི་སྡོམ་པ་ཆེན་པོ་ལས་(ནི་)དུས་སྦྱོར་གྱི་དཀྱིལ་འཁོར་རབ་ཏུ་ འབབ་པས་དབང་བྱེད་པ་དང་ཐིམ་པའོ་ཞེས་པ་སྟེ་འདིར་དབང་བྱེད་པ་ཞེས་བྱ་བ་ནི་སྲོག་ གི་(ནུས་པའི་ལྷ་མོ་སྲོག་གི་དཀྱིལ་འཁོར་ལ་)བྱིན་གྱིས་བརླབས་པའོ། །དེ་ཉིད་ནི་〔སྲོག་གི་དཀྱིལ་ འཁོར་ལ་〕ལོངས་སྤྱོད་པ་སྟེ་བདག་པོ་ཉིད་དོ(དེས་ན་དེ་ཉིད་དབང་བྱེད་པ་ལ་འདུས་སོ)། །ཐིམ་པ་ཞེས་ བྱ་བ་ནི་འགྲོ་བར་བྱ་བའི་གནས་སོ། ༣༥ ། དེས་ན་རྒྱབ་ཏུ་ལྷ་མོ་དབང་བྱེད་ཐིམ་པ་ཞེས་པ་འདིར་ནི་མདུན་དུ་(ལྷ་མོ་)དེ་ཉིད་(དཀྱིལ་ འཁོར་)ལྔའི་རང་བཞིན་རྣམས་ཀྱིས་ཏེ་ཞེས་པ་ལ་སོགས་པ་རྒྱས་པར་མཛད་དེ་འདིར་གཡས་ ཀྱི་རྩ་ལ་ཆུ་སྲིན་གྱི་དུས་སྦྱོར་ཆུ་ཚོད་ལྔའི་བདག་ཉིད་ཀྱི་ཆུ་ཚོ་དང་པོ་ལ་སའི་དཀྱིལ་འཁོར་ རོ། །(དེ་ཉིད་)ལྟེ་བར་འདབ་མ་བཅུ་གཉིས་ལས་ཆུ་སྲིན་གྱི་འདབ་མའི་ནུབ་ཕྱོགས་ཀྱི་ཆ་ལ་ སྲོག་རབ་ཏུ་འབབ་སྟེ་(དཀྱིལ་འཁོར་དུ་ནམ་མཁའི་འཁོར་ལོ་)རླུང་གི་རྩིབས་ལ་ཞེས་པ་ནི་བརྟགས་ པ(འི་བསྒོམ་པ་ལ)འོ། །འདིར་གང་གི་ཚེ་སྲོག་གི་ནུས་པའི་ལྷ་མོ་སའི་དཀྱིལ་འཁོར་ལ་དབང་ བྱེད་པས་གནས་པ་དེའི་ཚེ་འགྲོ་བར་བྱ་བ་ཆུའི་དཀྱིལ་འཁོར་ལ་ཐིམ་པའོ། །སླར་ཡང་སྐྱེ་བ་ འཛིན་པ་ནི་〔སྐྱེ་བ་〕སྔ་མ་འགགས་ཤིང་ཕྱི་མ་སྐྱེ་བ་སྟེ་ཁ་ཐོན་དང་མར་མེ་ལ་སོགས་པའི་དཔེ་ བཞིན་དུ་འདིར་ཡང་འཆི་བ(སྟེ་འགག་པ)འི་ཐ་མ་དང་སྐྱེ་བའི་ཆ་ཅན་གྱི་ཆོས་དག་ལ(དབང་བྱེད་པ་ དང་ཐིམ་པ)འོ། །དེས་ན་(ནམ་མཁའི་འཁོར་ལོའི་རླུང་གི་རྩིབས་ལ་གནས་པའི་ཀཹ་རྡོ་རྗེ་མ་སྟེ་)སའི་དཀྱིལ་འཁོར་ ལ་དབང་བྱེད་པ་དང་ཆུའི་དཀྱིལ་འཁོར་ལ་ཐིམ་པ(སྟེ་འགྲོ་བ)འོ། །(དེ་ནས་ལྷ་མོ་དེ་ཉིད་)ཆུའི་དཀྱིལ་ འཁོར་ལ་དབང་བྱེད་པ་དང་མེའི་དཀྱིལ་འཁོར་ལ་ཐིམ་པའོ། །(དེ་བཞིན་དུ་)མེའི་དཀྱིལ་འཁོར་ ལ་དབང་བྱེད་པ་དང་རླུང་གི་དཀྱིལ་འཁོར་ལ་ཐིམ་པའོ། །རླུང་གི་དཀྱིལ་འཁོར་ལ་དབང་ བྱེད་པ་དང་སྟོང་པའི་དཀྱིལ་འཁོར་ལ་ཐིམ་པའོ། །སྟོང་པའི་དཀྱིལ་འཁོར་ལ་དབང་བྱེད་ 4-1-219 པ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཐིམ་ལའོ། །ཞེས་པ་ནི་ཆུ་སྲིན་ལའོ། །(ཆུ་སྲིན་ནས་)དེ་ནས་ བུམ་པའི་འདབ་མ་ལ་(འཕོ་བའི་མཚམས་སུ་)དབུ་མར་ཡང་དག་པར་རྒྱུ་བ་གང་ཡིན་པ་(སྔར་གྱི་ལྷ་ མོ་)དེ་ནི་(སྙིང་པོའི་)འཁོར་ལོ(སྟེ་པད་མ)འི་སྟེང་དུ་(ནུས་མར་)གསུངས་ཏེ་འདིར་གང་གི་ཚེ་(ལྷ་མོ་)ཨ་ བ་དྷཱུ་ཏཱིར་ཡེ་ཤེས་ཀྱི་འཁོར་ལོ་ལ་དབང་བྱེད་པ་དེའི་ཚེ་གཡོན་གྱི་རྩར་ནམ་མཁའི་དཀྱིལ་ འཁོར་ལ་ཐིམ་པའོ། །གང་གི་ཚེ་ནམ་མཁའི་དཀྱིལ་འཁོར་ལ་དབང་བྱེད་པ་དེའི་ཚེ་རླུང་ལ་ ཐིམ་པའོ། །དེ་བཞིན་དུ་རླུང་ལ་དབང་བྱེད་པ་དང་མེ་ལ་ཐིམ་པའོ། །མེ་ལ་དབང་བྱེད་པ་དང་ ཆུ་ལ་ཐིམ་པའོ། །ཆུ་ལ་དབང་བྱེད་པ་དང་ས་ལ་ཐིམ་པའོ། །ས་ལ་དབང་བྱེད་པ་དང་ཨ་བ་ དྷཱུ་ཏཱིར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཐིམ་པའོ(དེ་ལྟར་དབང་བྱེད་པ་དང་ཐིམ་པའི་དོན་ནི་ནམ་མཁའི་འཁོར་ ལོའི་ཀླཱྀ་རྡོ་རྗེ་མས་དུས་སྦྱོར་གཉིས་ཀྱི་དཀྱིལ་འཁོར་བཅུ་པོ་ཐམས་ཅད་དང་ཡེ་ཤེས་ཀྱི་རླུང་ལ་རིམ་པ་ལྟར་དབང་བྱེད་ ཅིང་དཀྱིལ་འཁོར་ལ་འཁོར་ལོའི་རྩིབས་རྣམས་དང་དུར་ཁྲོད་ཀྱི་འཁོར་ལོ་དང་གཙོ་བོའི་པད་མའི་འདབ་མ་ལ་རིམ་པ་ལྟར་རྒྱུ་ ཞིང་ལྷ་མོ་གཞན་རྣམས་ཀྱང་རིམ་པ་ལྟར་རྒྱུ་བར་ཤེས་པར་བྱའོ)། །དེ་བཞིན་དུ་ཉ་དང་ལུག་གི་དཀྱིལ་འཁོར་ རྣམས་ལ་〔རླུང་གི་འཁོར་ལོའི་རྩིབས་ཀྱི་ལྷ་མོ་རྣམས་སྦྱར་བར་བྱ་〕སྟེ་དེ་བཞིན་དུ་ཁྱུ་མཆོག་ དང་འཁྲིག་པ་དག་དང་ཀར་ཀ་ཊ་དང་སེང་གེ་དག་དང་བུ་མོ་དང་སྲང་དག་དང་སྡིག་པ་དང་ གཞུ་དག་ལ(མེ་དང་ཆུ་དང་ས་དང་ཡེ་ཤེས་ཀྱི་འཁོར་ལོའི་ལྷ་མོ་རྣམས་སྦྱར་བར་བྱ)འོ། །(དེ་ལྟར་)དཀྱིལ་འཁོར་ དྲུག་ཅུ་པོ་རྣམས་ལ་ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པ་རྣམས་ཏེ་དུས་སྦྱོར་གསུམ་ གྱི་མཐར་(སྲོག་གི་ནུས་པ་ལ་དབང་བྱེད་པའི་ལྷ་མོ་ཞེས་པ་དེ་ལྟར་ནུས་མ་བརྒྱད་དུར་ཁྲོད་ཀྱི་ལྷ་མོ་)བཞི་ནི་(དུར་ཁྲོད་ ཀྱི་ལྷ་མོ་སྟེ་)དབུ་མ(འི་རླུང་)ལ་(དབང་བྱེད་པ་)རིག་པར་བྱའོ། །(དེ་ལྟར་ནམ་མཁའི་འཁོར་ལོའི་རྩིབས་ལ་བདེན་ བྲལ་དང་)རླུང་དང་དབང་ལྡན་(དང་)ལྷ་མིན་〔བདེན་བྲལ་དང་〕མི་དང་འོག་དང་〔ནམ་〕 མཁའ་(སྟེང་)དང་ལྷ་(ཤར་)དང་གཤིན་རྗེའི་(ལྷོ་དང་)གནོད་སྦྱིན་(བྱང་དང་)ནུབ་ཏུ་(གནས་པའི་ལྷ་མོ་རྣམས་ནི་སྲོག་གི་) དཀྱིལ་འཁོར་བཅུ་པོ་རྣམས་ལ་(དབང་བྱེད་པ་)སྟེ་ཡང་ཡིག་གིས་(དབུ་མར་)ཡེ་ཤེས་ཀྱི་དཀྱིལ་ 4-1-220 འཁོར་ལ་ཡང་ངོ༌། །(ལྷ་མོ་བཅུ་པོ་དེ་ནི་)ཆུ་སྲིན་དང་བུམ་པ་ལ་སྟེ་དེ་བཞིན་དུ་(ཉ་དང་ལུག་ལ་སོགས་པ་) གཞན་ལ་ཡང་ངོ༌། ། ༈ ད་ནི་ཆུ་སྲིན་ལ་སོགས་པ་རྣམས་ཀྱི་རྟེན་གྱི་འཁོར་ལོའི་རྩ་རྣམས་གསུངས་པ་གཙུག་ ཏོར་ཞེས་པ་ལ་སོགས་པ་སྟེ་འདིར་(ལུས་ལ་)གཙུག་ཏོར་གྱི་འཁོར་ལོའི་ཟླུམ་སྐོར་དང་པོ་ལ་ རྩ་བཞི་དང་དབུས་སུ་གཅིག་གོ། དེ་བཞིན་དུ་སྙིང་ཁ་ལ་སོགས་པའི་འཁོར་ལོ་རྣམས་ལའོ། ། དེས་ན་ཆུ་སྲིན་དང་བུམ་པ་དག་ལ་(ནང་དུ་)གཙུག་ཏོར་གྱི་(པད་མ་དང་གཞན་དུ་བརྟགས་པའི་དཀྱིལ་ འཁོར་ལ་ནམ་མཁའི་)འཁོར་ལོར་རླུང་གི་རྩིབས་ལ་སོགས་པ་ཡང་དག་པར་རྒྱུ་སྟེ་ནམ་མཁའ་དག་ པས་འཁོར་ལོའི་དང་པོ་(ནང་གི་མུ་ཁྱུད་ལྟེ་བ་)ལ་རྡོ་རྗེའི་མཚན་མའོ། །དེས་ན་དཀྱིལ་འཁོར་དུ་ ནམ་མཁའི་འཁོར་ལོ་ལ་རྡོ་རྗེའི་ཕྲེང་བའོ། །དེ་བཞིན་དུ་ཉ་དང་ལུག་དག་ལ་སྙིང་ཁའི་(འཁོར་ ལོ་རླུང་གི་)རང་བཞིན་(དག་པ་)ལས་རླུང་གི་འཁོར་ལོ་ལ་རལ་གྲིའི་ཕྲེང་བའོ། །དེ་བཞིན་དུ་གླང་ དང་འཁྲིག་པ་དག་ལ་མགྲིན་པ(འི་འཁོར་ལོ)ར་གནས་པ་ལ་སྟེ་མེའི་རང་བཞིན་(དག་པ་)ལས་ མེའི་འཁོར་ལོ་ལ་རིན་པོ་ཆེའི་ཕྲེང་བའོ། །ཀར་ཀ་ཊ་དང་སེང་གེ་དག་ལ་མགོ་བོ(འི་འཁོར་ལོ་) ལ་གནས་པ་ལ་སྟེ་ཆུའི་རང་བཞིན་(དག་པ་)ལས་ཆུའི་འཁོར་ལོ་ལ་པད་མའི་ཕྲེང་བའོ། །བུ་མོ་ དང་སྲང་དག་ལ་ལྟེ་བའི་འཁོར་ལོ་ལ་སྟེ་སའི་རང་བཞིན་(དག་པ་)ལས་འཁོར་ལོའི་ཕྲེང་བའོ། ། སྡིག་པ་དང་གཞུ་དག་ལ་གསང་བའི་འཁོར་ལོར་ཏེ་ཡེ་ཤེས་ཀྱི་རང་བཞིན་(དག་པ་)ལས་གྲི་ གུག་གི་ཕྲེང་བའོ། །(དཀྱིལ་འཁོར་དུ་)འཁོར་ལོ་རྩིབས་བརྒྱད་བརྒྱད་པ་(དྲུག་པོ་)འདི་རྣམས་ལ་ (གནས་པའི་ལྷ་མོ་རྣམས་ནང་ལུས་ལ་ལྟེ་བའི་)འོག་དང་(ལྟེ་བ་ལ་)སྟེང་དུ་(འཁོར་ལོ་དྲུག་ལ་)ཉིན་ཞག་སོ་སོར་ཆུ་ སྲིན་གྱི་དུས་སྦྱོར་ནས་བརྩམས་ཏེ་(དུས་སྦྱོར་བཅུ་གཉིས་ཀྱི་)སྲོག་གི་ཡང་དག་པར་རྒྱུ་བ་འདི་(འོག་ ནས་འཆད་པའི་སྲོག་གི་བཟླས་པའི་དོན་དུ་)རྣལ་འབྱོར་པས་རིག་པར་བྱའོ། ། ༈ འདིར་(དཀྱིལ་འཁོར་གྱི་ལྷ་མོ་)གང་དང་གང་དུ་སྲོག་(ལ་)དབང་བྱེད་པ(འི་སྲོག་རྒྱུ་བ་)དེ་དང་ 4-1-221 དེར་དཀྱིལ་འཁོར་གྱི་གཙོ་མོའི་མིང་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་(སྔགས་རྐང་བ་བདུན་ཅུ་ རྩ་གཉིས་པ་ལས་)རྐང་བ་བཞི་བཅུ་རྩ་བརྒྱད་ཀྱི་རྐང་པ་གཅིག་བཟུང་ནས་སྲོག་གི་རབ་ཏུ་འབབ་ པས་(མན་ངག་བཞིན་དུ་)བཟླས་པར་བྱ་སྟེ་བགྲང་ཕྲེང་གིས་ནི་མ་ཡིན་ནོ། །ད་བཞིན་དུ་རྐང་པ་ (བདུན་ཅུ་རྩ་གཉིས་པ་ལ་)བཅུ་དྲུག་གི་རྐང་པ་རེ་རེ་བཟུང་ནས་དུར་ཁྲོད་ཀྱི་ལྷ་མོའི་མིང་དང་བཅས་ པ་(སྟེ་ལྷན་ཅིག་)བཟླས་པར་བྱའོ། །རྐང་པ་བརྒྱད་ནི་པད་མའི་འདབ་མའི་ལྷ་མོ་བརྒྱད་དང་ ལྷན་ཅིག་ཏུ་ཞེས་པ་འཆད་པར་འགྱུར་རོ། །དེ་ལྟར་ཆུ་སྲིན་ལ་སོགས་པ་དུས་སྦྱོར་གཉིས་ གཉིས་ཀྱི་བར་དུ་དབྱུག་གུ་བཅུ་བཅུ་རྣམས་ལ་ཕོ་ཉ་མོ་རྣམས་ཀྱི་(ནམ་མཁའི་དཀྱིར་འཁོར་ལ་སོགས་ པ་)འཁོར་ལོ་(རེ་རེ་)ཡང་དག་པར་རྒྱུའོ། །དེ་ལྟར་(འཁོར་ལོ་དྲུག་ལ་)ཉིན་ཞག་(གཅིག་)གི་དབྱུག་གུ་ དྲུག་ཅུ་པོ་རྣམས་ཀྱི་དཀྱིལ་འཁོར་དྲུག་ཅུ་པོ་རྣམས་ལ་སྲོག་ཡང་དག་པར་རྒྱུ་བའོ། །དེ་ལྟར་ ལུས་ལས་སྐྱེས་པའི་(སྲིན་བུ་)ཕྲ་མོ་དང་མི་དང་འབྱུང་བོ་དང་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་རང་ རང་གི་ཉིན་ཞག་དང་རང་རང་གི་དཀྱིལ་འཁོར་རྣམས་ལ་རྣལ་འབྱོར་མ་ཡང་དག་པར་རྒྱུ་བ་ ནི་(ལུས་)སྐྱེ་བ་དང་འཇིག་པའི་རྒྱུར་གྱུར་པ་སྟེ། (འདིར་རང་རང་གི་རླུང་ཉིད་)རྒྱུ་འཕྲུལ་ཆེན་མོ་དྲག་ ཆེན་མོ། །(ཡིན་པས་རང་རང་གི་ལུས)ཇི་ལྟར་འབྱུང་དང་སྡུད་བྱེད་པས། །(རླུང་)རང་ཉིད་(ལུས་)བྱེད་ པོ་(དང་)འཕྲོག་པོ་(ཡིན་པ་)ལྟར། །རྡོ་རྗེ་འཆང་དང་སངས་རྒྱས་དང༌། །ཤེས་རབ་ཕ་རོལ་ཕྱིན་ མ་རྣམས། །ལུས་ཅན་རྣམས་ཀྱི་བྱེད་པོ་མིན། །སངས་རྒྱས་པ་ལ་བདེན་གསུང་གིས། །བྱེད་ པོ་འཕྲོག་པོ་བསྟན་པ་མིན། །ལུས་དང་ངག་དང་ཡིད་ཀྱི་ལས། དགེ་དང་མི་དགེ་གང་བྱེད་པ། ། དེ་ཡི་འབྲས་བུ་(སོ་སོར་)སེམས་ཅན་(ཀྱིས་)སྤྱོད(ཀྱི)། །བྱེད་པོ་གཞན་ནི་འགའ་ཡང་མེད་(པས་སོ་) ཅེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། ༣༦ ། ༈ ད་ནི་གཙོ་བོའི་གདན་གསུངས་པ་གཙོ་བོའི་ཞེས་པ་ལ་སོགས་པ་སྟེ་འདིར་གཙུག་ ཏོར་ལ་སོགས་པའི་འཁོར་ལོ་དྲུག་པོ་རྣམས་ལ་(སྔར་བཤད་པ་ལྟར་)ཀ་ཡིག་ལ་སོགས་པའི་ཡི་གེ་ 4-1-222 རྣམས་ཀྱིས་(ནམ་མཁའི་འཁོར་ལོ་ལ་སོགས་པ་འཁོར་ལོ་དྲུག་པོ་རྣམས་ལ་)རྣལ་འབྱོར་མ་རྣམས་ཀྱི་ཡང་དག་ པར་རྒྱུ་བའོ། །དེས་ན་གཙོ་བོའི་ཆུ་སྐྱེས་ཏེ་དཀྱིལ་འཁོར་གྱི་དབུས་སུ་པད་མ་གང་ཡིན་པ་དེ་ རྡོ་རྗེ་ཀུན་གྱིས་ཞེས་པ་ནི་(ལུས་ངག་སེམས་ཡེ་ཤེས་ཀྱི་)ཐིག་ལེ་བཞི་པོ་རྣམས་འགྱུར་མེད་ཅེས་པ་ (གདོད་མ་ནས་)མི་འཕོ་བའི་རྡོ་རྗེ་ནོར་བུར་གནས་པ་རྣམས་ཀྱིས་(ལྷན་ཅིག་སྐྱེས་པའི་སྐུའི་)རྡོ་རྗེ་ནོར་ བུར་གནས་པ་ནི་(གཙོ་བོའི་གདན་)པད་མ་སྟེ་ཀུན་ནས་དགའ་བ་ཐམས་ཅད་པ་བདེ་བ་མཉམ་ པ(གཙོ་བོ)འི་གནས་(ཐིག་ལེ་བཞི་)འཕོ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །(རྟེན་པད་མ་དེ་ལ་བརྟེན་པ་)རྡོ་རྗེ་ཅན་ ནི་དུས་ཐམས་ཅད་པ་〔བཅོམ་ལྡན་རྡོ་རྗེ་ཅན་ཞེས་པ་〕སྟེ་རྣལ་འབྱོར་མ་(ནུས་མ་)རྣམས་ཀྱིས་ (སྦྱོར་བ་ལས་)དགའ་བ་བསྐྱེད་པའོ། །(ཐོབ་པར་བྱ་བ་)དེའི་ཕྱིར་(སྤྱི་བོའི་)ཟླ་བ་(གཏུམ་མོའི་མེས་)ཞུ་བ་(རྡོ་ རྗེ་ནོར་བུ་ལས་)མི་འཕོ་བའི་བདེ་བ་བླ་མའི་ཞལ་ཏེ་(བཞི་པ་)ཡེ་ཤེས་ཀྱི་ཞལ་(ཞེས་པ་ལམ་དུས་ཀྱི་ཡེ་ཤེས་ ཀྱི་ཞལ་ཏེ་)དེ་ལ་ནི་གང་ཞིག་(ལྷན་སྐྱེས་བདེ་བའི་དབྱིངས་ལ་)ཞུགས་པ་དུས་ཀྱི་འཁོར་ལོ་དེ་ཉིད་དེ་(དུས་ ཀྱི་འཁོར་ལོ་དང་འདྲ་བའི་)རྣལ་འབྱོར་པར་འགྱུར་རོ་ཞེས་པ་ངེས་པའོ། །དེ་ལྟར་(ཏེ་རྡོ་རྗེ་མཁའ་འགྲོ་ མ་)འདིའི་འཁོར་ལོ་ནི་དུས་སུ་གསུངས་ཞེས་པ་མ་རིག་པ(འི་འཇུག་པ་)ལ་སོགས་པ(སྒྲིབ་པ་བཞི) འི་ཆོས་སུ་བརྗོད་པ་(རྣལ་འབྱོར་པའི་)ཕུང་པོའི་བདུད་ལ་སོགས་པ་བཞི་པོ་རྣམས་གསོད་པ་(སྟེ་ འཇོམས་པ་)དང་འཇིགས་པར་བྱེད་པ་མཁའ་འགྲོ་མའི་འཁོར་ལོ་འདི་དག་གོ། ཞེས་པ་ནི་སྒྲིབ་ པ་ཐམས་ཅད་ལས་ངེས་པར་གྲོལ་བ་(རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་རྣམ་པར་དག་པའི་ཁམས་དྲུག་)སྟེ་ (བསྐྱེད་རིམ་གྱི་)ལྷའི་ཚོགས་〔རྟོག་པས་〕བརྟགས་པ་གཞན་ནི་མ་ཡིན་ནོ། ༣༧ ། ༈ ད་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་སླད་དུ་སྔགས་ཀྱི་བཟླས་པ་གསུངས་པ་ ཤེས་རབ་ཐབས་ཞེས་པ་ལ་སོགས་པ་སྟེ་འདིར་དུས་ཀྱི་འཁོར་ལོ་ལ་ཤེས་རབ་ཐབས་ཀྱི་ཡི་ གེ་དག་གིས་ཞེས་པ་ནི་འདིར་(ཕྱོགས་ཀྱི་རྩིབས་བཞི་པོ་)གང་དུ་ཤེས་རབ་ཀྱི་ས་བོན་ཐུང་ངུ་ཡིན་ པ་དེའི་ཐབས་ཀྱི(ས་བོན་)ནི་(ཐུང་ངུ་ལ་)མངོན་དུ་ཕྱོགས་པའི་རིགས་ཀྱི་དབང་གིས་རིང་པོར་ 4-1-223 འགྱུར་རོ། །གང་གི་ཚེ་(མཚམས་ཀྱི་རྩིབས་བཞིར་)ཤེས་རབ་ཀྱི་རིང་པོ་ཡིན་པ་དེའི་ཚེ་ཐབས་ཀྱི་ ཐུང་ངུའོ། །དེ་ལྟར་གཉིས་ཀའི་རིགས་ཀྱི་དབང་ལས་མཁའ་འགྲོ་མ་དང་མཁའ་འགྲོའི་མིང་ ཞེས་པ་ནི་ཤི་རྡོ་རྗེ་མ་དང་སླཱྀ་རྡོ་རྗེ་ཞེས་པ་ལ་སོགས་པ་དང་དེ་བཞིན་དུ་སླཱྀ་ རྡོ་རྗེ་མ་དང་ཤི་རྡོ་རྗེ་སྟེ་ས་དང་རླུང་ཕན་ཚུན་དུ་ཤེས་རབ་དང་ཐབས་ཀྱི་དབྱེ་བ་ལས་སོ། །དེ་ བཞིན་དུ་ཆུ་དང་མེ་དག་གི་ཥྼྀ་རྡོ་རྗེ་མ་དང་ྉྤཱུ་རྡོ་རྗེ་ཞེས་པ་དང་དེ་བཞིན་དུ་ྉྤཱུ་རྡོ་རྗེ་མ་ དང་ཥྼྀ་རྡོ་རྗེ་ཞེས་པ་མཁའ་འགྲོ་མ་དང་མཁའ་འགྲོ་ཐམས་ཅད་ཀྱི་མིང་རྡོ་རྗེ་གསུམ་ པོ་རྐང་བ་གཞན་དང་བཅས་པས་ཐོག་མ་དབུས་དང་ཐ་མར་ཕྱེ་བའི་འདི་ནི་བཟླས་བྱས་ཏེ་ ཞེས་པ་ནི་ཐོག་མར་ༀ་ཡིག་གོ། དབུས་སུ་ཕྲེང་བའི་སྔགས་ཀྱི་རྐང་པ་དང་པོ་ལ་སོགས་པ་ དང་དེ་ནས་རྡོ་རྗེ་ཕོ་ཉ་མོའི་ས་བོན་རྡོ་རྗེ་མཁའ་འགྲོ་དང་བཅས་པ་དང་དེ་ནས་ཐུགས་རྡོ་རྗེ་ ཧུཾ་ཡིག་ཐུང་ངུ་དང་གསུང་རྡོ་རྗེ་རིང་པོ་སྟེ་མཐར་ཕཊ་ཡིག་གོ། དེ་ལ་ཕྲེང་བའི་སྔགས་ནི་རྐང་ བ་བདུན་ཅུ་རྩ་གཉིས་པ་སྟེ་བདུན་ཅུ་རྩ་གཉིས་པོ་དེ་རྣམས་ལས་དང་པོ་རྐང་པ་བརྒྱད་ནི་པད་ མའི་འདབ་མའི་ལྷ་མོ་〔བརྒྱད་པོ་〕རྣམས་དང་ལྷན་ཅིག་གོ། རྐང་པ་བཅུ་དྲུག་ནི་དུར་ཁྲོད་ཀྱི་ལྷ་ མོ་(བཅུ་དྲུག་པོ་)རྣམས་(ཀྱངམིང་)དང་ལྷན་ཅིག་གོ། རྐང་པ་བཞི་བཅུ་རྩ་བརྒྱད་ནི་འཁོར་ལོ་དྲུག་ གི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མའི་མིང་དང་ལྷན་ཅིག་ཏུ་བཟླས་པར་བྱའོ། །འདིར་ རྐང་པ་བརྒྱད་དང་དུར་ཁྲོད་བཞིའི་རྐང་པ་(སྟེ་བཅུ་གཉིས་)སྲོག་གིས་བྱིན་གྱིས་བརླབས་པ་ རྣམས་ནི་ཆུ་སྲིན་ལ་སོགས་པ་ལ་(དུས་སྦྱོར་བཅུ་གཉིས་)འཕོ་བའི་དུས་སུ་དབུ་མར་རབ་ཏུ་ཞུགས་ པ་བཅུ་གཉིས་རྣམས་ལ་བཟླས་པར་བྱའོ། །ལྷག་མ་རྐང་པ་དྲུག་ཅུ་ནི་དཀྱིལ་འཁོར་ལྔའི་བྱིན་ གྱི་བརླབས་ཀྱིས་སྲོག་བྱིན་གྱིས་བརླབས་པ་གང་གི་དཀྱིལ་འཁོར་ཡིན་པ་དེའི་ལྷག་པའི་ལྷ་ དང་བཅས་པའི་འཕྲེང་བའི་སྔགས་རྣལ་འབྱོར་པ་རྣམས་ཀྱིས་འགྲུབ་པར་འགྱུར་ཏེ་རྒྱུ་བའི་ དབྱེ་བས་སོ། །མྱུར་དུ་དངོས་གྲུབ་དུ་ནི་འགྱུར་ཏེ་རོའི་འགྲོ་བ་རྣམས་ལ་གནས་པ་ཞེས་པ་ 4-1-224 འགྲོ་བ་རིགས་དྲུག་(གི་སྲོག་གི་དཀྱིལ་འཁོར་)ལ་(ཁྱབ་བྱེད་དུ་)གནས་པ་ནི་རྡོ་རྗེ་མཁའ་འགྲོ་དང་རྡོ་རྗེ་ མཁའ་འགྲོ་མ་ཐམས་ཅད་དོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། ། ༈ འདིར་ཀུན་རྫོབ་ཏུ་ལྷ་མོའི་ཕྲེང་བའི་སྔགས་ལ་ཆུ་སྲིན་ལ་སོགས་པ(འི་དུས་སྦྱོར་)དང་ ཀའི་སྡེ་བ་ལ་སོགས་པས་ཉེ་བའི་འཐུང་གཅོད་ལ་སོགས་པ་(ནམ་མཁའི་ཁམས་ཀྱི་འཁོར་ལོ་སོགས་) དགོད་པ་སྟེ་དེ་ལ་འཕོ་བ་བཅུ་གཉིས་ཀྱི་རྐང་པ་རྣམས་ནི་འདི་ལྟ་སྟེ་ༀ་ཨཱཿཧུཾ་ཧོཿཧཾ་ཀྵཿཧྐྵྨླྺྼྻྃ་ཀཱ་ ལ་ཙཀྲ་(དུས་ཀྱི་འཁོར་ལོ་)ཧཱ་བཛྲེ་(ཧ་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་སྲིན་གྱི་(དུས་སྦྱོར་ནས་བུམ་པའི་དུས་སྦྱོར་ དུ་)འཕོ་བ(འི་མཚམས་)ལ་རྐང་པ་དང་བཅས་པའི་དབུགས་ལྔ་བཅུ་རྩ་དྲུག་བཟླས་སོ། །དེ་བཞིན་ དུ་ༀ་དུར་དཱན་ཏ་ད་མ་ཀཿ(གདུལ་དཀའ་འདུལ་བ་བོ་)ཛཱ་ཏི་(སྐྱེ་བ་)ཛ་ར་(རྒ་བ་)མ་ར་ཎཱན་ཏ་ཀ་(འཆི་བ་ མཐར་བྱེད་པ་)ཧ་བཛྲེ་(ཧ་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་བུམ་པའི་འཕོ་བ་ལའོ། །ༀ་ཏྲཻ་ལོ་ཀྱ་བི་ཛ་ཡ་ (འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་)ཨཱ་བཛྲེ་(ཨ་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་ཉ་ལའོ། །ༀ་མ་ཧཱ་བཱི་རེ་ཤྭ་ ར་(དཔའ་བོ་ཆེན་པོའི་དབང་ཕྱུག་)ཨ་བཛྲེ་(ཨ་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་ལུག་ལའོ། །ༀ་བཛྲེ་བཻ་ར་བ་(རྡོ་ རྗེ་འཇིགས་བྱེད་)ཧཿབཛྲེ་(ཧ་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་གླང་ལའོ། །ༀ་བཛྲ་ཀཱ་ཡ་(སྐུ་རྡོ་རྗེའི་)ཨཱཿབཛྲེ་ (ཨ་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་འཁྲིག་པ་ལའོ། །ༀ་བཛྲ་གཱ་ཏྲ་〔རྡོ་རྗེའི་ལུས་〕ཧཾ་བཛྲེ་(ཧཾ་རྡོ་རྗེ་མ་)ཧུཾ་ཧཱུཾ་ ཕཊ་ཅེས་པ་ཀར་ཀ་ཊ་ལའོ། །ༀ་བཛྲ་ནེ་ཏྲ་(རྡོ་རྗེའི་སྤྱན་)ཨཾ་བཛྲེ་(ཨཾ་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་སེང་ གེ་ལའོ། །ༀ་བཛྲ་ཤྲོ་ཏྲ་(རྡོ་རྗེའི་སྙན་)ཧཱ་བཛྲེ་(ཧ་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་བུ་མོའི་འཕོ་བ་ལའོ། ། ༀ་བཛྲ་གྷྲཱ་ཎ་(རྡོ་རྗེའི་ཤངས་)ཧ་བཛྲེ་(ཧ་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་སྲང་ལའོ། །ༀ་བཛྲ་ཛི་ཧྭ་(རྡོ་རྗེའི་ལྕེ་)ཀྵ་བཛྲེ་(ཀྵ་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་སྡིག་པ་ལའོ། །ༀ་བཛྲ་དན་ཏ་(རྡོ་རྗེའི་ཚེམས་)ཀྵ་བཛྲེ་(ཀྵ་རྡོ་རྗེ་ མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་གཞུའི་(དུས་སྦྱོར་ནས་ཆུ་སྲིན་གྱི་དུས་སྦྱོར་དུ་)འཕོ་བ(འི་མཚམས་)ལ་དབུགས་དང་ ལྷན་ཅིག་བཟླས་པར་བྱའོ། །ཞེས་པ་སྟེ་འཕོ་བ་བཅུ་གཉིས་ལ་ཡེ་ཤེས་ཀྱི་དཀྱིར་འཁོར་གྱི་ བཟླས་པའོ། །ༀ་བཛྲ་ན་ཁ་(རྡོ་རྗེའི་སེན་མོ་)ཀླཱྀ་བཛྲེ་གྷི་བཛྲ་(གྷི་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་ 4-1-225 ཆུ་སྲིན་གྱི་སའི་དཀྱིར་འཁོར་ལ་(ཡེ་ཤེས་ཀྱི་རླུང་)རྐང་པ་དང་བཅས་པའི་བཅུ་གཅིག་གིས་དམན་ པའི་སུམ་བརྒྱ་དྲུག་ཅུ་བཟླས་ཏེ་དེ་ལྟར་ཐམས་ཅད་དུ་(ཡེ་ཤེས་ཀྱི་རླུང་དེས་དམན་པ་)དཀྱིལ་འཁོར་ དྲུག་ཅུ་པོ་རྣམས་ལ(བཟླས་པ་བྱ)འོ། །ༀ་བཛྲ་ཀེ་ཤ་(རྡོ་རྗེའི་སྐྲ་)ཁཱུ་བཛྲེ་(ཁུ་རྡོ་རྗེ་མ་)གྼྀ་བཛྲ་ (གྼི་རྡོ་རྗེ་མ)ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ༀ་བཛྲ་ལོ་མ་(རྡོ་རྗེའི་བ་སྤུ་)གྼཱྀ་བཛྲེ་(གྼཱི་རྡོ་རྗེ་)ཁུ་བཛྲ་ (ཁུ་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ༀ་བཛྲཱ་བྷ་ར་(རྡོ་རྗེའི་རྒྱན་)གྷཱི་བཛྲ་(གྷཱི་རྡོ་རྗེ་མ་)བཛྲེ་ཀླྀ་(ཀླྀ་རྡོ་ རྗེ་)ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ༀ་བཛྲ་ཧཱ་ས་(རྡོ་རྗེ་བཞད་པ་)ང་བཛྲེ་(ང་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་ ནམ་མཁའི་དཀྱིལ་འཁོར་ལ་(སྟེ་འགོད་པ་ནི་)དུར་ཁྲོད་དུའོ། །(ནུས་མ་དང་དུར་ཁྲོད་ཀྱི་ལྷ་མོ་རྣམས་ཀྱི་) ཐབས་ནི་བཅོམ་ལྡན་འདས་ཏེ་དེས་ན་(དེ་རྣམས་ལ་)ས་བོན་གཉིས་པ་མེད་དོ། །དེ་ལྟར་ནམ་ མཁའི་དཀྱིལ་འཁོར་ལ་ཐམས་ཅད་ལ་ཤེས་པར་བྱའོ། །ༀ་བཛྲ་གཱི་ཏ་(རྡོ་རྗེའི་གླུ་)ང་བཛྲེ་(ང་རྡོ་རྗེ་ མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་བུམ་པའི་ནམ་མཁའི་དཀྱིལ་འཁོར་ལ་དབུགས་ཀྱིས་བཟླས་པའོ། །ༀ་ བཛྲ་ནྲྀ་ཏྱ་(རྡོ་རྗེའི་གར་)གྷི་བཛྲེ་(གྷི་རྡོ་རྗེ་མ་)ཀ??ཹ་བཛྲ་(ཀླྀ་རྡོ་རྗེ་མ་)ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ༀ་ བཛྲ་ཨ་ཡུ་དྷ་ཀ་ར་(རྡོ་རྗེའི་མཚོན་ཆའི་ཕྱག་)གྲྀ་བཛྲེ་(གྲྀ་རྡོ་རྗེ་མ་)ཁཱུ་བཛྲ་(ཁཱུ་རྡོ་རྗེ་)ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ ལའོ། །ༀ་བཛྲ་ཀྲོ་དྷཱ་དྷི་པ་ཏི་(རྡོ་རྗེ་ཁྲོ་བོའི་མངའ་བདག་)ཁུ་བཛྲེ་(ཁུ་རྡོ་རྗེ་མ་)གཷ་བཛྲ་(གྲཱྀ་རྡོ་རྗེ་)ཧུཾ་ཧཱུཾ་ ཕཊ་ཅེས་པ་ཆུ་ལའོ། །ༀ་བཛྲ་ཌཱ་ཀ་(རྡོ་རྗེ་མཁའ་འགྲོས་)ཀླྀ་བཛྲེ་(ཀླྀ་རྡོ་རྗེ་མ་)གྷཱི་བཛྲ་(གྷཱི་རྡོ་རྗེ་)ཧུཾ་ཧཱུཾ་ ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱིས་བཟླས་པའོ། །དེ་ལྟར་ཀཱི་སྡེ་ལ་གནས་པ་ རྣམས་སོ། །དེ་ནས་ཉ་ལ་ༀ་བཛྲ་ཌཱ་ཀི་ནཱི་ཛཱ་ལ་པ་རི་བྲྀ་ཏ་ཙཹ་བཛྲེ་ཛྷི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །ༀ་ཤཱི་གྷྲ་མཱའ་གཙྪཱ་གཙྪ་ཚཱུ་བཛྲེ་ཛྲྀ་བཛྲ་ཧུཾ་ཧཱུཾ་ ཕཊ་ཅེས་པ་ཆུ་ལའོ། །ༀ་བཛྲ་སཏྭཱ་ཛྙཱ་ཡཱ་(རྡོ་རྗེ་སེམས་དཔའི་བཀའ་ཡིས་)སརྦ་(ཐམས་ཅད་)མཱ་ར་(བདུད་) བིགྷྣ་(བགེགས་)བི་ནཱ་ཡ་ཀ་(ལོག་འདྲེན་)ཀིན་ན་ར་(མིའམ་ཅི་)ཀིཾ་པུ་རུ་ཥ་(སྐྱེས་བུའམ་ཅི་)ག་རུ་ཌ་〔ནམ་ མཁའ་ལྡིང་〕གན་དྷརྦ་(དྲི་ཟ་)ཡཀྵ་(གནོད་སྦྱིན་)རཱཀྵ་(སྲིན་པོ)ས་བྷཱུ་ཏ་(འབྱུང་པོ་)མཧཱ་(ཆེན་པོ་)པྲེ་ཏ་(ཡི་ 4-1-226 དྭགས་)ཀུམ་བྷཱཎ་ཌཱའ་པ་སྨཱར་(གྲིལ་བུམ་དང་བརྗེད་བྱེད་)ཀྵེ་ཊ་པཱ་ལ་(ཞིང་སྐྱོང་)བེ་ཏཱ་ཌ་(རོ་ལངས་)བུ་ཏ་ན་ དུཥྚ་ནཱ་ག་(གཏུམ་པའི་ཀླུ་དང་)གྲ་ཧཱ་ད་(གཟའ་ལ་སོགས་པ་)ཡོ་ཡེ་(གང་ཞིག་)སརྦ་ཛྭ་ར་(རིམས་ཐམས་ཅད་) སརྦ་བྱཱ་དྷི་བྷིཿ〔ཐམས་ཅད་ནད་རྣམས་ཀྱི་〕ཀྵུ་དྲོ་བ་ཏྲ་བ་ཀཱ་(ཕྲ་མོའི་ཉེ་བར་འཚེ་བར་བྱེད་པ་)རི་ཎཿསརྦ་ སཏྭཱ་པ་(ཐམས་ཅད་སེམས་ཅན་ལ་གནོད་པ་)ཀཱ་ར་ར་ཏཱཿ(བྱེད་པར་དགའ་བ་)ཏཱན་སརྦཱན་ཇཿ(དེ་རྣམས་ཐམས་ཅད་) ཤཱི་གྷྲཾ་(མྱུར་དུ་)བཛཱཾ་ཀུ་ཤེ་ནཱ་(རྡོ་རྗེ་ལྕགས་ཀྱུས་)ཀྲྀ་ཥྱཱ་(ཁུག་ཅིག་)ཀྲྀ་ཥྱ་(ཁུག་ཅིག་)ཙྼཱྀ་བཛྲེ་ཚུ་ བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེའི་དཀྱིལ་འཁོར་ལའོ། །ༀ་ཨཱུར་དྷ་(སྟེང་)དི་ཤི་(ཕྱོགས་)ག་ཏཱ་ནཱའ་(གནས་ པ་རྣམས་)ཀྲྀ་ཥྱཱ་ཀྲྀ་ཥྱ་ཛྷཱི་བཛྲེ་ཙིལ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ༀ་པཱུརྦ་དི་ཤི་(ཤར་ཕྱོགས་)ག་ ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཉཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུའོ། །དེ་ ནས་ལུག་ལ་ༀ་དཀྵི་ཎ་དི་ཤི་(ལྷོ་ཕྱོགས་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཉ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་ མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུའོ། །ༀ་ཨུད་ཏ་ར་(བྱང་)དི་ཤི་ག་ཏཱ་ནཱའ་ཥྱཱ་ཀྲྀ་ཥྱ་ཛྷི་བཛྲེ་ཙ??ཹ་ བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ༀ་པཤྩི་མ་(ནུབ་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཛྲྀ་བཛྲེ་ཚཱུ་བཛྲ་ཧུཾ་ ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ༀ་བཱ་ཡ་བྱ་(རླུང་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཚུ་བཛྲེ་ཛཷ་བཛྲ་ཧུཾ་ཧཱུཾ་ཕཊ་ ཅེས་པ་ཆུ་ལའོ། །ༀ་ཨཱི་ཤ་ན་(དབང་ལྡན་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཙླྀ་བཛྲེ་ཛྷཱི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་ པ་སའི་དཀྱིལ་འཁོར་ལ་དབུགས་ཀྱིས་བཟླས་པའོ། །དེ་ནས་གླང་གི་དུས་སྦྱོར་ལ་ༀ་ནཻ་ ཪྼྀ་ཏྱ་(བདེན་བྲལ་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཊཹ་བཛྲེ་ཌྷི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་ འཁོར་ལ་དབུགས་ཀྱིས་བཟླས་པའོ། །ༀ་ཨཱག་ནེ་(མེ་)ཡ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཋཱུ་བཛྲེ་ ཌྼྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ༀ་ཨ་དྷོ་(འོག་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ ཊྼཱྀ་བཛྲེ་ཋུ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། ༀ་ཨཱ་ཀཱ་ཤ་(ནམ་མཁའི་དཀྱིལ་འཁོར་)མཎ་ཌ་ ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཌྷཱི་བཛྲེ་ཊླྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ༀ་བཱ་ཡུུ་(རླུང་གི་)མཎ་ཌ་ལ་ ག་ཏཱ་ནཱ་ཀྲི་ཥྱཱ་ཀྲྀ་ཥྱ་ཎཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་ 4-1-227 དབུགས་ཀྱི་བཟླས་པའོ། །དེ་ནས་འཁྲིག་པ་ལ་ༀ་ཏེ་ཛོ་(མེའི་)མཎ་ཌ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཎ་ བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱིས་བཟླས་པའོ། ། ༀ་ཨུ་ད་ཀ་(ཆུའི་)མཎ་ཌ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཌྷི་བཛྲེ་ཊླཱི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ༀ་ བྲི་ཐྦཱི་(སའི་)མན་ཌ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཌྼཱྀ་བཛྲེ་ཋཱུ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། ། ༀ་ཀཱ་མ་དྷཱ་ཏུ་(འདོད་པའི་ཁམས་)ག་ཏཱའ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཋུ་བཛྲེ་ཌྼཱྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ ཆུ་ལའོ། །ༀ་རཱུ་པ་(གཟུགས་ཀྱི་)དྷཱ་ཏུ་(ཁམས་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཊླྀ་བཛྲེ་ཌྷཱི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །དེ་ནས་ཀར་ཀ་ཊའི་དུས་སྦྱོར་ལ་ༀ་ཨ་རཱུ་པ་ དྷཱ་ཏུ་(གཟུགས་མེད་པའི་ཁམས་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་པ??ཹ་བཛྲེ་བྷི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་ འཁོར་ལ་དབུགས་ཀྱིས་བཟླས་པའོ། །ༀ་ཀཱ་ཡ་(ལུས་ཀྱི་)དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཕཱུ་བཛྲེ་ བྼྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ༀ་བཱཀ་(ངག་གི་)དྷཱ་དུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བྼི་ཱབཛྲེ་ཕུ་ བཛྲ་ཧུྃ་ཧཱུྃ་ཕཊ་ཅེས་པ་མེ་ལའོ། །ༀ་ཙིཏ་ཏ་(སེམས་ཀྱི་)དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བྷི་བཛྲེ་པླྀ་བཛྲ་ཧུཾ་ ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ༀ་པཉྩ་(ཕུང་པོ་ལ་)སྐན་དྷ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་མཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་ པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱིས་བཟླས་པའོ། །སེང་གེ་ལ་ༀ་པཉྩ་ དྷ་ཏུ་(ཁམས་ལྔ་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་མ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་ དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ། །ༀ་པཉྩེན་(དབང་པོ་ལྔ་ལ་)ཏྲི་ཡ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་བྷི་ བཛྲེ་པ??ཹ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ༀ་པཉྩ་བི་ཥ་ཡ་(ཡུལ་ལྔ་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ བྼྀ་བཛྲེ་ཕཱུ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ༀ་པཉྩ་ཀར་མེན་དྲ་ཡ་(ལས་ཀྱི་དབང་པོ་ལྔ་ལ་) ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་ཕུ་བཛྲེ་བྼཱྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ༀ་པཉྩ་ཀར་མིན་དྲི་ཡ་ བི་ཥ་ཡ་(ལས་ཀྱི་དབང་པོའི་ཡུལ་ལྔ་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ་པླྀ་བཛྲེ་བྷཱི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་ དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །དེ་ནས་བུ་མོའི་དུས་སྦྱོར་ལ་ༀ་སརྦ་(ཐམས་ཅད་ན་) 4-1-228 ཏྭ་ཡ་ཏྲ་(གང་དུ་)ཀུ་ཏྲ་ཙིཏ་(སུ་ཡང་རུང་)ག་ཏཱ་ནཱ་(གནས་པ་རྣམས་)ཀྲྀ་ཥྱཱ་ཀྲྀ་ཥྱ་ཏ??ཹ་བཛྲེ་དྷི་བཛྲ་ཧུཾ་ཧཱུཾ་ཕཊ་ ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ། །ༀ་མ་ཧཱའ་(ཆེན་པོ་)ཤྨ་ཤཱའ་ནེ་(དུར་ཁྲོད་ དུ་)བཛྲཱ་ག་ནི་ཛྭ་ལྀ་ཏ་(རྡོ་རྗེ་མེ་འབར་བའི་)བྷུ་མྱཱཾ་(ས་གཞི་ལ་)ནི་པཱ་ཏ་ཡ་ནི་པཱ་ཏ་ཡ་(ངེས་པར་སྟོབས་ གཉིས་)ཐཱུ་བཛྲེ་དྼྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ༀ་བཛྲ་པཱ་ཤེ་ན་(རྡོ་རྗེ་ཞགས་པས་)སརྦ་ (ཐམས་ཅད་)བྷུ་ཛེ་ཥུ་(ལག་པ་རྣམས་)བན་དྷ་ཡ་བན་དྷ་ཡ་(ཆིངས་གཉིས་)དྼཱྀ འ་བཛྲེ་ཐུ་བཛྲ་ ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ༀ་བཛྲ་ཤྲིཾ་ཁ་ལ་ཡཱ་(རྡོ་རྗེ་ལྕགས་སྒྲོག་གིས་)སརྦ་པཱ་དེ་ཥུ་(ཐམས་ཅད་ཀྱི་རྐང་ པ་རྣམས་)ནི་རོ་དྷ་ཡ་ནི་རོ་དྷ་ཡ་(ངེས་པར་སྡོམ་གཉིས་)དྷཱི་བཛྲེ་ཏླི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། ། ༀསརྦ་ས་ཏྭ་(སེམས་ཅན་ཐམས་ཅད་ཀྱི་)ཀཱ་ཡ་བཱཀ་ཙིཏ་ཏ་(ལུས་ངག་སེམས་)ཀྵུ་ཏྲོ་པ་ཏྲ་བ་ཀཱ་ར་ར་ཏཱན་ (ཕྲ་མོ་ཉེ་བར་འཚེ་བ་རྣམས་བྱེད་པར་དགའ་བ་རྣམས་)མ་ཧཱ་ཀྲོ་དྷ་བཛྲེ་ཎ་(ཁྲོ་བོ་ཆེན་པོའི་རྡོ་རྗེས་)ཙཱུར་ཎྞ་ཡ་ཙཱུར་ ཎྞ་ཡ་(ཕྱེ་མར་གྱིས་གཉིས་)ཎ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུའོ། ། དེ་ནས་སྲང་གི་དུས་སྦྱོར་ལ་ༀ་བཛྲ་ཁཌ་གེ་ན་(རྡོ་རྗེ་རལ་གྲིས་)ནི་ཀྲིན་ཏ་ཡ་ནི་ཀྲིན་ཏ་ཡ་(ངེས་པར་ ཤོགས་གཉིས་)ན་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུག་ཀྱི་ བཟླས་པའོ། །ༀ་བཛྲ་ཏྲི་ཤཱུའུ་ལེ་ན་(རྡོ་རྗེ་རྩེ་གསུམ་པས་)བྷེ་ད་ཡ་བྷེ་ད་ཡ་(ཕྱེ་ཤིག་གཉིས་)དྷི་བཛྲེ་ཏ??ཹ་ བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ༀ་བཛྲ་ཀར་ཏྟི་ག་ཡཱ་(རྡོ་རྗེ་གྲི་གུག་གིས་)ཧ་ན་ཧ་ན་(ཆོམས་གཉིས་) དྼྀ་བཛྲེ་ཐཱུ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ༀ་བཛྲ་བཱ་ཎཱེ་ན་(རྡོ་རྗེ་མདའ་ཡིས་)བིན་དྷ་བིན་དྷ་(ཕུག་ གཉིས་)ཐུ་བཛྲེ་དྼཱྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ༀ་བཛྲ་ཀཱི་ལ་ཀཻ་(རྡོ་རྗེ་ཕུར་བུ་རྣམས་ཀྱིས་) ཀཱི་ལ་ཡ་ཀཱི་ལ་ཡ་(ཕུར་བུས་ཐོབ་གཉིས་)ཏླྀ་བཛྲེ་དྷི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་ དབུགས་ཀྱི་བཟླས་པའོ། །དེ་ནས་སྡིག་པའི་དུས་སྦྱོར་ལ་ༀ་བཛྲ་མུད་ག་རེ་ཎཱ་(རྡོ་རྗེ་ཐོ་བས་)ཀོ་ ཊ་ཡཱ་ཀོ་ཊ་ཡ་(རྡུངས་གཉིས་)ས??ཹ་བཛྲེ་ཤི་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ ཀྱིས་བཟླས་པའོ། །ༀ་བཛྲ་ཙཀྲེ་ཎ་(རྡོ་རྗེ་འཁོར་ལོས་)ཙྪེ་ད་ཡ་ཙྪེ་ད་ཡ་(ཆོད་གཉིས་)ྉྤཱ ུ་བཛྲེ་ 4-1-229 ཥྼྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ༀ་བཛྲ་ཀུན་ཏེ་ན་(རྡོ་རྗེ་མདུང་གིས་)བྷིན་དྷ་བྷིན་དྷ་ (ཕུག་གཉིས་)ཥྼྀ་བཛྲེུ་ྉ་ྤབཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་མེ་ལའོ། །ༀ་བཛྲ་དཎ་ཊེ་ན་(རྡོ་རྗེ་དབྱུག་པས་) ཏཱ་ཊ་ཡ་ཏཱ་ཊ་ཡ་(རྒྱོབ་གཉིས་)ཤཱི་བཛྲེ་སླྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ༀ་བཛྲ་པར་ཤུ་ནཱ་ (རྡོ་རྗེ་དགྲ་སྟས་)ཙྪིན་ད་ཙྪིན་ད་(གཏུབ་གཉིས་)ྈྐཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་ དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ། །དེ་ནས་གཞུའི་དུས་སྦྱོར་ལ་ༀསཱར་དྷ་(ཕྱེད་དང་བཅས་པའི་ བྱེ་བ་ཕྲག་གསུམ་གྱིས་)ཏྲི་གོ་ཊི་ཁན་ཌཱ་ནི་ཀྲྀ་ཏྭཱ་(དུམ་བུ་རྣམས་སུ་བྱས་ནས་)ཤྨ་ཤཱ་ན་(དུར་ཁྲོད་ཀྱི་)བྷཱུ་མྱཾ(ས་གཞི་ ལ་)སརྦ་བྷཱུ་ཏེ་བྷྱོ་(ཐམས་ཅད་འབྱུང་པོ་རྣམས་ལ་)བ་ལིཾ་(གཏོར་མ་)ཀུ་རུ་ཀུ་རུ་(མཛོད་གཉིས་)ྈྐ་བཛྲེ་ཧུཾ་ཧཱུཾ་ ཕཊ་ཅེས་པ་ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱིས་བཟླས་པའོ། །ༀ་བཛྲ་ཌ་ མ་རུ་〔རྡོ་རྗེ་ཅང་ཏེའུ་〕ཀེ་ཎ་བཛྲ་ཌཱ་ཀི་ནཱི་〔རྡོ་རྗེ་མཁའ་འགྲོ་མ་རྣམས་〕རཱ་བཱ་ཧ་ཡཱ་ར་བཱ་ཧཱ་ཡ་ 〔དགུག་པར་མཛོད་གཉིས་〕ཤི་བཛྲེ་ས??ཹ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་རླུང་ལའོ། །ༀ་བཛྲ་ཌཱ་གི་ནཱི་(རྡོ་རྗེ་ མཁའ་འགྲོ་མ་རྣམས་ལ་)བྷྱོ་མཱ་ར་ཀཱ་ཡཱི་ཀཱ་ནཱཾ་(བདུད་ཀྱི་རིགས་རྣམས་ཀྱིས་)རུ་དྷི་རཾ་(ཁྲག་)ནི་བེ་ད་ཡཱ་ནི་བེ་ད་ ཡཱ་(དྲོངས་གཉིས་)ཥྼྀ་བཛྲེ་ྉྤ་ཱུབཛྲ་ཧུཾ་ཧུཾ་ཕད་ཅེས་པ་ནི་མེ་ལའོ། །ༀ་པཉྩཱ་མྲྀ་ཏཱ་(བདུད་རྩི་ལྔ་)ཧཱ་ རཱི་ཎྀ་བྷྱཿ(འཕྲོག་མ་རྣམས་ལ་)པཉྩཱ་མྲི་ཏཾ་(བདུད་རྩི་ལྔ་)ནི་བེ་ད་ཡ་ནི་བཻ་ད་ཡ་(དྲོངས་གཉིས་))ྉྤུ་བཛྲེ་ ཥྼཱྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཆུ་ལའོ། །ༀ་སརྦ་བཛྲ་ཌཱའ་ཀི་ནཱི་ས་ཧི་ཏཿ(ཐམས་ཅད་རྡོ་རྗེ་མཁའ་ འགྲོ་མ་དང་ལྷན་ཅིག་པ་)སརྦ་སཏྭཱ་ནཱཾ་(སེམས་ཅན་ཐམས་ཅད་)ཤཱན་ཏིཾ་ཀཾ་(ཞི་བ་དང་)པཽཥྚི་ཀཾ་(རྒྱས་པ་དང་)རཀྵཱ་ (བསྲུང་བ་དང་)བ་ར་ཎ་〔བསྐྱབ་པ་〕གུབ་ཏིཾ་(སྦ་བ་རྣམས་)ཀུ་རུ་ཀུ་རུ་(མཛོད་གཉིས་)སླྀ་བཛྲ་ཤཱི་བཛྲ་ཧུཾ་ཧཱུཾ་ ཕཊ་ཅེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱིས་བཟླས་པའོ། །དེ་ལྟར་འཕྲེང་བའི་སྔགས་ ཉིན་ཞག་སོ་སོར་དབུགས་ཀྱི་འཁོར་ལོའི་གྲངས་(ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་དང་ལྷན་ཅིག་)བཟླས་པར་ བྱའོ། ། ༈ འདིར་བགྲང་འཕྲེང་མེད་ཅིང་སྔགས་བརྗོད་པ་མེད་དེ་དབུགས་(ནང་དུ་)འཇུག་ 4-1-230 པ(འི་ཕྱིར་)དང་འབྱུང་བ་དག་དང་ལྷན་ཅིག་སྔགས་ཀྱི་ཡི་གེ་རྣམས་རབ་ཏུ་འཇུག་པ་དང་འབྱུང་ བ་མེ་ཏོག་གི་ཕྲེང་བ་བཞིན་དུ་(ནང་དུ་འཇུག་པ་)ཟླ་བ་དང་(ཕྱིར་འབྱུང་བ་)ཉི་མའི་རང་བཞིན་(ཏེ་གཙུག་ ཏོར་ནས་ལྟེ་བའི་བར་དུ་འོང་བ་ནམ་མཁའ་ལ་སོགས་པ་)ལུགས་དང་མཐུན་པ་དང་(ལྟེ་བ་ནས་གཙུག་ཏོར་གྱི་བར་དུ་ འགྲོ་བ་པ་ལ་སོགས་པ་)ལུགས་དང་མི་མཐུན་པས་བལྟ་བར་བྱའོ། །དེ་ལྟར་ནང་དུ་ཉིན་ཞག་ལྔས་ (དབུགས་)སྟོང་ཕྲག་བརྒྱད་ལྷག་པའི་འབུམ་ཕྲག་གི་(སྔགས་ཀྱི་)བཟླས་པ་རྣལ་འབྱོར་པས་བྱའོ། ། ཉིན་ཞག་ལྔ་བརྒྱ་རྣམས་ཀྱིས་དབུགས་འབུམ་ཕྲག་བརྒྱད་ལྷག་པའི་བྱེ་བ་(དང་ལྷན་གཅིག་སྔགས་)བཟླས་པའོ། །དེ་ནས་ལུས་དག་པ་སྟེ་དེ་བཞིན་(ཡང་ལྔ་བརྒྱས་)དུ་ངག་དག་པ་དང་དེ་བཞིན་དུ་ 〔ཡང་ལྔ་བརྒྱས་〕སེམས་རྣམ་པར་དག་པའོ། །དེ་ལྟར་ཉིན་ཞག་བརྒྱ་ཕྲག་བཅོ་ལྔ་རྣམས་ཀྱིས་ དབུགས་གཡོ་བ་མེད་པར་འགྱུར་ཏེ་སྲོག་གི་(རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གང་ཞིང་མི་གཡོ་བ་)བུམ་པ་ ཅན་གྱི་གནས་སྐབས་ཐོབ་པར་འགྱུར་རོ། །དེ་ནས་རྣལ་འབྱོར་པ་རྣམས་ལ་མངོན་པར་ཤེས་ པ་ལྔ་སྐྱེ་བར་འགྱུར་ཏེ་གཡོན་དང་གཡས་དང་དབུ་མའི་སྲོག་ཡང་དག་པར་རྒྱུ་བས་(གསུང་དང་ སྐུ་དང་ཐུགས་)རྡོ་རྗེའི་བཟླས་པའི་རིམ་པ་དང་(དབུ་མ་འབའ་ཞིག་ནས་སྲོག་རྒྱུ་བ་)མ་ནིང་གི་བཟླས་པའི་ རིམ་པའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། ༣༨ ། ༈ ད་ནི་ཨ་བ་དྷཱུ་ཏཱའི་དབུགས་རྣམས་དང་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་(ཀྱི་ དབུགས་རྣམས་)དང་(སའི་འཁོར་ལོ་ལ་སོགས་པ་)འཁོར་ལོ་ལྔ་པོ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ ཀྱི་སྡོམ་པ་གསུངས་པ་དབུགས་རྣམས་གང་དག་ཅེས་པ་ལ་སོགས་པ་སྟེ་འདིར་བྱིས་པ་སྐྱེ་ བའི་དུས་སུ་དབུ་མ་ལ་ནི་དབུགས་རྣམས་གང་དག་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་སྟེ་ རྐང་པ་དང་བཅས་རོ་དང་མངར་གྱུར་པ་དེ་(ལས་སོ་)བརྒྱད་(བརྒྱད་)རྣམས་ཀྱིས་〔ནུས་མ་བརྒྱད་〕 འཁོར་ལོ〔ལྔ་པོ་སོ་སོ〕ར་འགྱུར་ཏེ་འོག་དང་(སྟེང་)མཁའ་ཡི་དབང་གིས་སྒོ་(བརྒྱད་པོ་)ཡི་དབུས་〔ན་〕གནས་(པའི་དུར་ཁྲོད་ཀྱི་)ལྷ་མོ་(བརྒྱད་པོ་)རྣམས་ཞེས་པ་ནི་དབུགས་འདི་རྣམས་ཀྱི་ནང་ན་སྐུ་དང་ 4-1-231 གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཆོས་ཅན་གྱི་དབུགས་(བཞི་གཉིས་)བརྒྱད་(པོ་རྣམས་)དེ་(རྡོ་རྗེ་བཞི་ པོ་)ཤེས་རབ་དང་ཐབས་ཀྱི་དབྱེ་བས་ལས་སོ། །དེ་རྣམས་ནི་སྙིང་པོའི་པད་མའི་འདབ་མ་ལ་ ལྷ་མོ་བརྒྱད་དོ(འདི་ཉིད་ཡེ་ཤེས་འཁོར་ལོའི་བརྒྱད་ཀྱང་བསྡུའོ)། །(དབུ་མའི་དབུགས་དང་ལྷའི་གྲངས་སྦྱོར་བའི་སྐབས་)འདིར་(དབུ་མའི་དབུགས་ལས་)ཐོད་པ་རྣམས་སུ་ནི་མི་འགྱུར་(འཁོར་ལོ་དྲུག་གི་)ཏེ་དཔའ་བོ་རྣམས་ ཀྱང་(དབུ་མའི་)ངོ་(དབུགས་དང་མི་སྦྱོར་ཏེ་དེ་དག་དབུ་མའི་དབུགས་ཀྱི་གྲངས་ལས་ལྷག་པའོ)། །(དབུ་མའི་དབུགས་) བརྒྱད་ནི་གཟུགས་རྣམ་པར་དག་པས་སའི་འཁོར་ལོ་ལའོ། །བརྒྱད་ནི་འདུ་ཤེས་རྣམ་པར་ དག་པས་ཆུའི་འཁོར་ལོ་ལའོ། །བརྒྱད་ནི་ཚོར་བ་རྣམ་པར་དག་པས་མེའི་འཁོར་ལོ་ལའོ། ། བརྒྱད་ནི་འདུ་བྱེད་རྣམ་པར་དག་པས་རླུང་གི་འཁོར་ལོ་ལའོ། །བརྒྱད་ནི་རྣམ་པར་ཤེས་པ་ རྣམ་པར་དག་པས་ནམ་མཁའི་འཁོར་ལོ་ལའོ། །བརྒྱད་ནི་ཡེ་ཤེས་རྣམ་པར་དག་པས་(སྒོ་ བརྒྱད་ཀྱི་)དུར་ཁྲོད་བརྒྱད་པོ་རྣམས་ལ(སྟེ་བར་བར་གྱི་དུར་ཁྲོད་བརྒྱད་པོ་རྣམས་ཀྱང་འདིར་བསྡུ)འོ། །དེ་ལྟར་ (ན་འདིར་)གསང་བ་(སྙིང་པོའི་པད་མ་)དང་ལྟེ་བ་(སའི་འཁོར་ལོ་)དང་སྙིང་ཁ་(ཆུའི་)དང་མགྲིན་པ་(མེའི་) དང་དཔྲལ་བ་〔རླུང་གི་〕དང་གཙུག་ཏོར་གྱི་(པད་མ་ནམ་མཁའི་)འཁོར་ལོ་(སྟེ་)དྲུག་པོ་རྣམས་ལ་(དྲུག་ བརྒྱད་)བཞི་བཅུ་རྩ་བརྒྱད་དོ། །དེ་བཞིན་དུ་(དུར་ཁྲོད་བརྒྱད་ཀྱི་ལྷ་མོ་ནི་)སྣའི་བུག་པ་དག་ལ་གཉིས་ དང་མིག་གི་བུག་པ་དག་ལ་གཉིས་དང་རྣ་བའི་བུག་པ་དག་ལ་གཉིས་དང་ལྕེའི་སྒོ་དང་ གཙུག་ཏོར་གྱི་བུག་པ་དག་ལ་གཉིས་〔ཏེ་བུག་པ་〕སོ་〔བརྒྱད་དང་ཡང་སྦྱོར་རོ་〕ཞེས་པ་ནི་ལྷ་ མོ་ཚོགས་དང་དེ་ལྟར་ལྔ་བཅུ་རྩ་དྲུག་གོ། ལྷག་མ་(དབུགས་ཀྱི་)རྐང་པ་གཅིག་གིས་བསྐྱེད་པ་(ནི་)སྲིད་པ་གསུམ་གྱི་(རྣམ་པ་ཅན་གྱི་)ཡུམ་(ཞེས་པ་)སྣ་ཚོགས་ཡུམ་སྟེ་ཕྱག་ན་(གཟུང་འཛིན་གཅོད་པ་དང་སྟོང་ པ་ཉིད་ཀྱི་)གྲི་གུག་དང་(འགྱུར་མེད་བདེ་བ་སྐྱོང་བའི་)ཐོད་པ་ཅན་ནོ། །(ཞབས་)གཡོན་བརྐྱང་(བ་སྟེ་)བདུད་ རྩི(ཟླ་བ)འི་ཆ་(ཧེ་རུ་ཀ་)དེ་ཡིས་འཁྱུད་པ་ཉི་མ(འི་རྒྱུ་བ་བདུད་དང་)ཟླ་བ(རྒྱུ་བ་ཉོན་མོངས་པ་འགགས་པ)འི་ སྟེང་དུ་སྟེ་བདུད་དང་ཉོན་མོངས་པའི་སྟེང་དུ་གཡས་བརྐྱང་གིས་གནས་པ་བཅོམ་ལྡན་འདས་ 4-1-232 དུས་ཀྱི་འཁོར་ལོ་(ཧེ་རུ་ཀ་)མཆོག་ཏུ་མི་འགྱུར་བའི་བདེ་བའོ། །(དབུ་མའི་)དབུགས་འདི་རྣམས་ ཀྱི་ས་བོན་རྣམས་ནི་འཆད་པར་འགྱུར་བ་ལས་ལི་ལ་སོགས་པ་དབྱངས་བརྒྱད་གང་དག་ཅེས་ པ་ལ་སོགས་པས་བརྗོད་པར་བྱ་སྟེ་དེས་ན་འདིར་མ་བྲིས་སོ། །འདིར་ངེས་པའི་དོན་ནི་དུས་ ཐམས་ཅད་དུ་(དབུགས་གཡོ་མེད་དུ་)བརྟན་པར་གྱུར་པ་དང་བུམ་པ་ཅན་གྱི་གནས་སྐབས་སུ་གྱུར་ པ་ཇི་སྲིད་པར་དུས་ཐམས་ཅད་དུ་རྣལ་འབྱོར་པས་(དབུགས་ནང་དུ་)འཇུག་པ་དང་(ཕྱིར)འབྱུང་བ་ ཉིད་ཀྱིས་སྲོག་དབུ་མར་(འབབ་པ་དང་གཡོ་མེད་དུ་གནས་པར་)བསྒོམ་པར་བྱའོ། །དེ་ནས་རྣལ་འབྱོར་ པས་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་ཏེ་སྲོག་གིས་བཟླས་པ་ལས་སོ། །ཞེས་པ་ནི་ བཅོམ་ལྡན་འདས་ཀྱིས་ངེས་པའོ། །དེ་ལྟར་(དབུ་མའི་དབུགས་ཐབས་ཤེས་དབྱེར་)མི་ཕྱེད་པའི་ཡན་ ལག་སྲོག་དང་ལྡན་པའི་ཡིད་ཀྱིས་སྔགས་བཟླས་པར་བྱའོ་ཞེས་པ་ནི་རྒྱུད་ཐམས་ཅད་ལས་ རྡོ་རྗེའི་ཚིག་སྟེ་སྔར་བརྗོད་ཟིན་ཏོ། །གང་ཡང་སྲོག་གི་བཟླས་པ་སྔགས་〚ངག་ཏུ་〛བརྗོད་པ་ དང་བགྲང་ཕྲེང་དང་བྲལ་བ་དེ་ལྟ་ན་ཡང་བཟླས་པ་ཞེས་བརྗོད་པར་བྱ་སྟེ་སྲོག་འབྱུང་བ་དང་ འཇུག་པ(བགྲང་བའི་ཟློས་པ)འི་ཕྱིར་རོ། ༣༩ ། ༈ ད་ནི་ཕྱི་དང་ནང་དུ་(གསང་བ་འདུས་པ་ལ་སོགས་པའི་)ལྷའི་གདན་གྱི་དག་པ་གསུངས་པ་ལྔ་ ཞེས་པ་ལ་སོགས་པ་སྟེ་འདིར་(གསང་བ་འདུས་པ་ལ་གཙོ་བོ་)དཔའ་བོ་གཅིག་པའི་གདན་ནི་ཟླ་བ་ ཁུ་བའི་ཉི་མ་རྡུལ་(དག་ལས་གང་ཡང་རུང་བའོ་)ལོ། །(དེ་ལ་དང་པོ་ལྟར་ན་ས་གཞན་ལ་སོགས་པ་)ཁམས་ལྔ་པོ་ རྣམ་ཤེས་རབ་ཀྱི་ཆོས་ཅན་ཉིད་ཀྱི་ཕྱིར་(ཐབས་དང་ཟུང་དུ་འཇུག་པར་)ཟླ་བའི་ཡོན་ཏན་ཡུལ་ལྔ་པོ་ དེ་རྣམས་(རྣམ་པར་དག་པ་)ནི་འདིར་སྤྱན་མ་ལ་སོགས་པ་རྣམས་ཀྱི་ཟླ་བའི་གདན་(ལྔ་)རྣམས་ཏེ་ ནམ་མཁའི་ཁམས་(རྡོ་རྗེ་དབྱིངས་ཕྱུག་མ་ཉིད་)ཀྱི་མཐར་ཐུག་པར་རོ(འདིར་དབྱིངས་ཀྱི་དབང་ཕྱུག་མའི་ཟླ་ གདན་ནི་ཡུམ་བཞིའི་གདན་གྱིས་ཁྱབ་བྱེད་དུ་སྦྱར་བར་བྱ་ཞིང་ལོགས་སུ་མི་བགྲང་ངོ་)། །(ཉི་མའི་)ཡོན་ཏན་གསུམ་ གྱི་(དག་པའི་)དབང་གིས་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་ 4-1-233 རྣམས་ཀྱི་ཉི་མའི་གདན་གསུམ་མོ། །འབྱུང་བ་བཞིའི་བདག་ཉིད་གཟུགས་ཆེན་པོ་ཞེས་པ་ (གཟུགས་ནི་)ཁམས་བཞིའི་ཆོས་ཅན་ཉིད་ཀྱི་ཕྱིར་(གཟུགས་གཞན་)རྣམ་པར་སྣང་མཛད་ཀྱི་ཟླ་བའི་ གདན་(དེ་དེ་ལྟར་ཟླ་བ་དྲུག་དང་ཉི་མ་གསུམ་སྟེ་དགུའོ་)ནོ། །(གཉིས་པ་ལྟར་ན་)ཡེ་ཤེས་ཀྱི་(མེ་ལྕེ་)འོད་ཟེར་ (ཤོང་ཟེར་)གྱི་ཆོས་ཅན་ཉིད་ཀྱི་ཕྱིར་ཉི་མའི་གདན་ནི་ཚོར་བ་ལ་སོགས་པ་ལྷག་མ་(གསུམ་པོ་) རྣམས་ཀྱི་སྟེ་གཟུགས་ཅན་མིན་པ་ཞེས་པའི་གསུངས་ལས་སོ། །དེ་ལྟར་(གཟུགས་དང་ཡུམ་བཞི་ལ་)ཟླ་བའི་དཀྱིལ་འཁོར་ལྔ་དང་(ཕྱོགས་གསུམ་དང་དབུས་སུ་)སྙིང་སྟོབས་དང་རྡུལ་དང་མུན་པ་དང་ (དེ་གསུམ་ཆ་)མཉམ་(པ་རྣམ་པར་དག་པ་)ཉིད་ཀྱི་དབྱེ་བས་ཉི་མའི་དཀྱིལ་འཁོར་བཞི་(སྟེ་དགུ)འོ། །དེ་ ལྟར་(རྣམ་པར་དག་པའི་)ཕུང་པོ་དང་ཁམས་རྣམས་ཀྱི་(ཉི་མའི་)ཡོན་ཏན་དང་(ཟླ་བའི་)ཡུལ་གྱི་རྟེན་ ལ་དགུའི་བདག་ཉིད་ཀྱི་(དཔལ་)འདུས་པ་སྟེ་མངལ་དུ་སྐྱེས་པའི་(བྱིས་པའི་)རྣམ་པར་ཤེས་པ་ལ་ སོགས་པ་(ཕུང་པོ་ལྔ་དང་ཁམས་བཞི་)རྣམས་ཀྱི་(འདུས་པ་)ཇི་ལྟ་བ་དེ་བཞིན་དུ་(དཔལ་འདུས་པའི་)ལྷ་ལ་ ཡང་ངོ་(དགུའི་བདག་ཉིད་དོ)། །སླར་ཡང་གཞན་ཁྲོ་བོའི་གདན་བཞི་སྟེ་ཆུ་གཏེར་རྐང་པ་ཞེས་པ་ ཉི་མའི་རྐང་པའི་ནོར་(འཕེལ་བ་དང་འགྲིབ་པ་གཉིས་)དང་བུ་ལོན་འཕེལ་བ་དང་འགྲིབ་པ(གཉིས་ཀྱི) འི་དབང་གིས་(སྒོ་སྐྱོང་)ཁྲོ་བོ་རྣམས་ཀྱི་ཉི་མའི་གདན་(བཞི་)རྣམས་སོ། །དེ་ལྟར་ཁྲོ་བོ་རྣམས་ཀྱི་ རྐང་པ་ཞེས་པ་སྟེ་བཅུ་གསུམ་གྱི་བདག་ཉིད་ཀྱི་འདུས་པའོ། །དེ་བཞིན་དུ་གཟའ་བདུན་པོ་ (རྣམ་པར་དག་པ་ཕྱོགས་གསུམ་དང་སྒོ་བཞིར་བདུན་)ཉི་མའི་གདན་(བདུན་)རྣམས་དང་〔ལྷག་མ་བཅུ་གཉིས་ ནི་〕རྫོགས་པ་བཅུ་གཉིས་〔རྣམ་པར་དག་པ་〕ཟླ་བའི་དཀྱིལ་འཁོར་རྣམས་ཏེ་གསུམ་པ་བཅུ་ དགུའི་བདག་ཉིད་ཀྱི་འདུས་པ〔སྟེ་འདིའི་དབུས་སུ་ཟླ་བའི་གདན་ངེས་པ〕འོ། ། ལོ་སོ་སོར་ནག་པོའི་རྫོགས་པ་གནམ་སྟོང་བཅུ་གཉིས་དང་དཀར་པོའི་རྫོགས་པ་ཉ་བཅུ་ གཉིས་ཏེ་དེ་ལྟར་ཉི་ཤུ་རྩ་བཞི་དང་ཉི་མ་དང་ཟླ་བའི་གདན་རྣམས་〔དུས་འཁོར་ཐུགས་དཀྱིལ་ བཞིན་〕དང་(འོན་ཀྱང་)གཙོ་བོའི་(གདན་ནི་)རིགས་ཀྱི་དབང་གིས་ཟླ་བའམ་ཉི་མ(གང་ཡང་རུང་བ)འི་ 4-1-234 གདན་ཏེ་དེ་ལྟར་ལྷ་རྣམས་ཀྱི་རྟེན་གྱི་དབྱེ་བ་ལས་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་འདུས་པའོ། ། སླར་ཡང་དེ་རྣམས་ཀྱི་ནང་དུ་(ཁྲོ་བོ་)གཞན་(དྲུག་དང་གཙོ་བོ་ཡིས་ཏེ་)གཟའ་བདུན་གྱི་གདན་རྣམས་ བསྲེས་པ་ནི་ཕུང་པོ་ལྔ་དང་ཁམས་བཞི་དང་སྐྱེ་མཆེད་བཅུ་གཉིས་དང་ཁྲོ་བོ་བཅུ་གཅིག་ རྣམས་ཀྱི་གདན་སུམ་ཅུ་རྩ་གཉིས་སུ་འགྱུར་ཏེ་(གཙོ་བོ་ཡབ་ཡུམ་ལ་ཉི་ཟླ་གཉིས་ཡོད་པས་)སུམ་ཅུ་རྩ་ གཉིས་ཀྱི་བདག་ཉིད་ཀྱི་འདུས་པ(སྟེ་འདིའི་དབུས་སུ་ཟླ་གདན་ངེས་པ)འོ། །སླར་ཡང་(དེ་རྣམས་ཀྱི་སྟེང་དུ་ ལས་དབང་དྲུག་པ་དང་དེའི་བྱ་བ་དྲུག་པའི་གདན་ནི་)མཉམ་དང་མི་མཉམ་གནས་ལ་སྲོག་གི་(ཕྱིར་)འགྲོ་བ་ (སྡུད་རིམ་)ཉི་མའི་གདན་དང་(ནང་དུ་)འོང་བ་(བསྐྱེད་རིམ་)ཟླ་བའི་གདན་ཏེ་དེས་ན་སུམ་ཅུ་རྩ་ བཞིའི་བདག་ཉིད་ཀྱི་འདུས་པའོ། །དེ་ལྟར་(འདུས་པ་)རྣམ་པ་དྲུག་སྟེ་མངལ་དུ་བྱིས་པའི་ཁམས་ ཀྱི་རྟེན་དང་བརྟེན་པ་འདུས་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་རྣམས་ཀྱི་འདུས་པའོ་ཞེས་པ(ནང་དང་ གཞན་འདྲ་བ)འི་རིགས་པས་འདུས་པ་དྲུག་གོ༤༠ ། ༈ ད་ནི་ཟླ་བ་ཞེས་པ་ལ་སོགས་པས་འཁོར་ལོ་གསུམ་གྱི་སྡོམ་པ་ལ་གདན་གྱི་དག་པ་ གསུངས་ཏེ་འདིར་འཁོར་ལོ་གསུམ་ལ་རྩིབས་ཉི་ཤུ་རྩ་བཞིའོ། །དེ་རྣམས་ཀྱང་འབྱུང་དང་ འབྱུང་བ་མདའ་དང་རིག་བྱེད་ཡོན་ཏན་ལག་པ་རི་བོང་ཅན་ཞེས་པ་སྔར་གསུངས་པའི་ཟླ་ བའི་རྐང་པ་ཉི་ཤུ་རྩ་ལྔ་སྟེ་དེ་རྣམས་ལས་ཉི་ཤུ་རྩ་བཞི་〔རྣམ་པར་དག་པ་〕ནི་འཁོར་ལོ་གསུམ་ གྱི་རྩིབས་སུ་འགྱུར་ཞིང་ཉི་ཤུ་རྩ་ལྔ་པ་གཅིག་པུ་ནི་(སྙིང་པོའི་)པད་མའི་འདབ་མའི་ལྷ་མོའི་རོའི་ གདན་〔གཅིག་ཡིན་〕ནོ། །ཉི་མའི་རྐང་པ་ནི་རོ་དང་དུས་དང་རི་བོང་ཅན་ཞེས་པ་བཅུ་གཅིག་ སྟེ་དེ་རྣམས་ལས་གསུམ་ནི་སྙིང་པོའི་པད་མའི་འདབ་མ་གསུམ་ལ〔རོ〕འོ། །ལྷག་མ་བརྒྱད་ནི་ (སྒོ་མཚམས་བརྒྱད་དུ་)དུར་ཁྲོད་བརྒྱད་ལ་རོའི་གཟུགས་ཀྱི་གནས་པ་རྣམས་ཏེ་རྩིབས་(རྣམས་)ཞེས་ པ་ནི་(འཁོར་ལོ་གསུམ་གྱི་ལྷ་རྣམས་ཀྱི་)རྟེན་(གདན་ཡིན་)ནོ། །རོ་ཞེས་པ་ནི་(སྙིང་པོའི་པད་མ་ལ་གནས་པ་དང་དུར་ ཁྲོད་ཀྱི་)ལྷ་མོ་རྣམས་ཀྱི་བཞོན་པའི་རོ་(སྲོག་འགགས་པར་མཚོན་པ་)རྣམས་སོ(བདེ་མཆོག་བསྟོད་འགྲེལ་དུ། 4-1-235 འཁོར་ལོ་གསུམ་གྱི་རྩིབས་རྣམས་ཀྱི་སྟེང་དུ་ཡང་རོའི་གདན་བཤད་མོད་ཀྱི་འདིར་ནི་འཁོར་ལོ་གསུམ་གྱི་ལྷ་མོ་རྣམས་ཀྱི་གདན་ ཟླ་སྐང་ཉེར་བཞིའི་དག་པ་འཁོར་ལོའི་རྩིབས་ཉེར་བཞི་པོ་ཉིད་ལ་སྦྱར་བའི་ཕྱིར་རྩིབས་ཉེར་བཞིའི་སྟེང་དུ་རོའི་གདན་མི་དགོས་ པར་གསལ་ལོ)། །དེ་ལྟར་འཁོར་ལོ་གསུམ་གྱི་སྡོམ་པའོ། ། ༈ སླར་ཡང་(ཟླ་ཉིའི་རྐང་པ་)སྔ་མ་དང་ཕྱི་མའི་དབྱེ་བས་རྐང་པ་ཉིས་འགྱུར་(བདུན་ཅུ་དོན་གཉིས་) ནི་སྡོམ་པ་ཆེན་པོ་ལ་ལྷ་མོ་རྣམས་ཀྱི་གདན་བདུན་ཅུ་རྩ་གཉིས་སུ་འགྱུར་ཏེ་〔འདི་ལ་ཡང་ འཁོར་ལོ་དྲུག་གི་རྩིབས་ལ་རོའི་གདན་མི་དགོས་ཤིང་ནུས་མ་བརྒྱད་དང་དུར་ཁྲོད་རྣམས་སུ་ ཡང་རོའི་གདན་མི་དགོས་པར་གསལ་ལོ〕དེ་ལྟར་འཁོར་ལོ་དྲུག་གི་སྡོམ་པའོ། ། ༈ སྒྱུ་འཕྲུལ་དྲ་བ་ལ་(ལོ་གཅིག་གི་ཉ་དང་གནམ་སྟོང་)རྫོགས་པ་ཉི་ཤུ་རྩ་བཞི་སྟེ་དཀར་པོ་དང་ ནག་པོ་(རྣམ་པར་དག་པ་)རྣམས་ཟླ་བ་དང་ཉི་མའི་གདན་(བཅུ་གཉིས་བཅུ་གཉིས་)རྣམས་སོ། །དེ་བཞིན་ དུ་གཟའ་བདུན་ཏེ་ཉི་མའི་གདན་བདུན་ནོ། །ཉི་མའི་རྐང་པ་རྣམས་(དག་པ་)ནི་ཉི་མའི་གདན་ བཅུ་གཅིག་གོ། ཡང་ན་བསམ་པའི་དབྱེ་བས་ཟླ་བའི་གདན་(བཅུ་གཅིག་)རྣམས་ཏེ་དེ་ལྟར་(འཁོར་ གྱི་གདན་བཞི་བཅུ་རྩ་གཉིས་དང་འོག་ནས་འཆད་པའི་གཙོ་བོའི་གདན་གཅིག་སྟེ་)གདན་བཞི་བཅུ་རྩ་གསུམ་ནི་ གཅིག་ལའོ། །(དེའི་སྟེང་དུ་ཉི་མའི་)མཉམ་པ་དང་མི་མཉམ་རྐང་པས་སྔར་བཞིན་དུ་ཟླ་བ་དང་ཉི་ མའི་གདན་(གཉིས་)ཏེ་གདན་བཞི་བཅུ་རྩ་ལྔ་ནི་གཉིས་པ་ལའོ། །(དེའི་སྟེང་དུ་)ཆུ་གཏེར་རྐང་པ་ ཞེས་པ་(རིམ་པའི་སྔ་རྐང་ཕྱི་རྐང་གཉིས་རིམ་མིན་གྱི་གཉིས་ཏེ་)ཉི་མའི་རྐང་པའི་དབྱེ་བས་ཉི་མའི་གདན་ ནམ་ཟླ་བའི་གདན་བཞིར་འགྱུར་ཏེ་ལུས་དང་བསམ་པའི་དབྱེ་བས་སོ། །དེ་ལྟར་ལྷ་རྣམས་ ཀྱི་གདན་བཞི་བཅུ་རྩ་དགུ་ནི་སྒྱུ་འཕྲུལ་དྲ་བ་གསུམ་པ་ལ་སྟེ་(ནང་ལ་)མངལ་དུ་བྱིས་པའི་སྲོག་ གི་རྟེན་དུ་གྱུར་པའི་ཁམས་རྣམས་(རིམ་པ་ལྟར་རྫོགས་པ་སྔར་བཤད་པ་)ཇི་ལྟ་བ་དེ་བཞིན་དུ་ཕྱི་རོལ་ (ཏུ་ཟླ་ཉིའི་ཡོན་ཏན་རྐང་པ་དང་གཟའ་བདུན་གྱི་དབྱེ་བ་)དང་གཞན་〔འདུས་པ་ལ་སོགས་པའི་དཀྱིལ་འཁོར་ རྣམས་〕ལ་ཡང་(གདན་གྱི་དབྱེ་བ་)གྲུབ་པོ། ། 4-1-236 ༈ དེ་ལྟར་འདུས་པ་དང་སྒྱུ་འཕྲུལ་དྲ་བ་དང་འཁོར་ལོ་གསུམ་དང་འཁོར་ལོ་དྲུག་གི་ སྡོམ་པ(འི་ལྷ་རྣམས་ཀྱི་གདན་གྱི་)ཡོངས་སུ་དག་པའི་ངེས་པའོ། ། ༈ རྒྱུད་དེ་རྣམས་ལ་(ཐབས་)གཙོ་བོ་ནི་གཟུགས་མེད་པའི་(དམིགས་མེད་སྙིང་རྗེ་)ཕུང་པོས་ཆོས་ ཅན་ཉིད་ཀྱི་ཕྱིར་(དེའི་རྟེན་)ཉི་མ་འམ་(དམིགས་བཅས་སྟོང་)གཟུགས་ཀྱི་ཆོས་ཅན་ཉིད་ཀྱི་ཕྱིར་ཤེས་ རབ་ཀྱི་ཆོས་ལས་(གཙོ་མོ་ནི་རྟེན་)ཟླ་བ་ལ་(གནས་པར་)འགྱུར་ཞིང་རྣམ་པར་སྣང་མཛད་ནི་སྙིང་ རྗེའི་ཆོས་ཀྱིས་ཟླ་བའི་དཀྱིལ་འཁོར་ལ་(བཞུགས་པར་)འགྱུར་〔རོ་〕ཏེ་རིགས་ཀྱི་དབང་གིས་ཞེས་ པ་ཤེས་རབ་〔དམིགས་བཅས་སྟོང་ཉིད་〕དང་〔དམིགས་མེད་〕སྙིང་རྗེའི་〔བདེ་བ་ཆེན་པོའི〕དབང་ གིས་སོ། །གཙོ་བོའི་(གདན་ནི་)ཡང་ན་(ཉི་ཟླ་)ཁ་སྦྱོར་ལ་ཞེས་པ་ནི་དུས་ཀྱི་འཁོར་ལོ་ལ་ཤེས་ རབ་(ཉི་མ་)དང་སྙིང་རྗེ་(ཟླབ་)གཉིས་(ཁ་སྦྱོར་)ལའོ་ཞེས་པ་སྟེ་དང་པོའི་སངས་རྒྱས་(ཐབས་དང་ཤེས་ རབ་ཀྱི་)རིས་(ཐ་དད་)མེད་〔པར་གཅིག་ཏུ་འདྲེས་〕པ་ཉིད་ཀྱི་ཕྱིར་རོ་ཞེས་(དོན་དམ་པར་ཡོངས་སུ་)གྲུབ་ པོ། ༤༡ ། ༈ ད་ནི་རླུང་ལ་སོགས་པའི་(རིགས་ཀྱི་)ལྷ་རྣམས་ཀྱི་ཞལ་གྱི་དག་པ་གསུངས་པ་རླུང་ཞེས་ པ་ལ་སོགས་པ་སྟེ་འདིར་རླུང་ལ་སོགས་པའི་ལྷ་རྣམས་ཀྱི་ཞལ་〔གྱི་དབྱེ་བ་〕ནི་རྣམ་པ་གཉིས་ ཏེ་གཅིག་ནི་(ཟླ་བའི་)ཡུལ་(ལྔ་)དག་པས་སོ། །གཉིས་པ་ནི་(ཉི་མའི་)ཡོན་ཏན་གསུམ་དག་པས་ སོ། །དེ་ལ་(དང་པོ་ནི་)རླུང་གི་ཁམས་(ཀྱི་རིགས་)ལ་(རང་གི་)རེག་བྱའི་ཡོན་ཏན་གྱི་བདག་ཉིད་ཞལ་ གཅིག་ཏུ་འགྱུར་ཞིང་གཉིས་པ་(རྒྱས་འདེབས་)ནི་(ནམ་མཁའི་)སྒྲའི་ཡོན་ཏན་གྱི་བདག་ཉིད་(ཀྱིས་སྤྱི་ བོར་)རྒྱས་གདབ་པ་སྟེ་དེས་ན་འདུ་བྱེད་ཀྱི་ཕུང་པོ་(གཞན་)ལ་རྣམ་པར་ཤེས་བའི་ཕུང་པོ(གཞན་ མི་བསྐྱོད་པ)ས་རྒྱས་གདབ་པོ། །དེ་ལྟར་རླུང་(གི་རིགས་)ལ་རེག་བྱའི་ཞལ་གཅིག་དང་ནི་ཡོན་ཏན་ གཞན་གྱི་དབང་གི་རྒྱས་གདབ་ཞལ་ནི་གཉིས་པ་ཞེས་པ་སྤྱི་བོར་ཏེ་ཞལ་གྱི་གནས་སུ་ནི་མ་ ཡིན་ནོ། །དེ་བཞིན་དུ་མེ་ལ་(རང་གི་ཡོན་ཏན་)རོ་དང་(རླུང་གི་ཡོན་ཏན་)རེག་བྱའི་ཡུལ་གྱི་ཆོས་ཀྱིས་ 4-1-237 ཞལ་གཉིས་དང་ཡོན་ཏན་གྱིས་རྒྱས་གདབ་པའི་ཞལ་ནི་གསུམ་པ་སྟེ་དེས་ན་ཚོར་བ་(གཞན་) ལ་ཡང་རྣམ་པར་ཤེས་པས་རྒྱས་གདབ་པོ། །དེ་བཞིན་དུ་ཆུ་ལ་གཟུགས་དང་(མེའི་)རོ་དང་(རླུང་ གི་)རེག་བྱ་ཡི་ནི་ཞལ་ཏེ་ཞལ་གསུམ་དང་རྒྱས་གདབ་ཞལ་ནི་བཞི་པ་ནམ་མཁའི་མཚན་ཉིད་ སྒྲའོ། །དེས་ན་འདུ་ཤེས་ལ་རྣམ་པར་ཤེས་པས་རྒྱུས་གདབ་པོ། །ས་ལ་དྲི་ལ་སོགས་པ་ཞེས་ པ་ལ་སོགས་པ་(སའི་)དྲི་དང་(ཆུའི་)གཟུགས་དང་(མེའི་)རོ་དང་(རླུང་གི་)རེག་བྱའི་ཡུལ་གྱི་(ཡོན་ཏན་ གྱི་)ཆོས་ཀྱིས་ཞལ་བཞིར་འགྱུར་ཏེ་དེས་ན་གཟུགས་ཀྱི་ཕུང་པོ་(གཞན་)ལ་ཡང་རྣམ་པར་ཤེས་ པའི་ཕུང་པོས་རྒྱས་གདབ་པོ་ཞེས་གྲུབ་པོ། ༤༢ ། ནམ་མཁའི་ཁམས་དང་རྣམ་པར་ཤེས་པའི་ཕུང་པོ་ལ་ནི་སྟོང་པ་ཆེན་པོ་འགྱུར་མེད་ ལྔ་ཞེས་གསུངས་པའི་ཕྱིར་སྟོང་པ་རྣམ་པ་ལྔ་ཞལ་ལྔ་སྟེ་རྒྱ་ཡིས་གདབ་པའི་ཞལ་ནི་དྲུག་པ་ ཡེ་ཤེས་ཀྱི་ཕུང་པོའོ། །དེ་བཞིན་དུ་ནི་ཡེ་ཤེས་ཁམས་ལས་འགྱུར་དེ་ཡོན་ཏན་དབང་ལས་ ཞེས་པ་ཞལ་དྲུག་པ་(ཆེན་པོ་འགྱུར་མེད་)ལ་སྟོང་པ་དྲུག་གི་ཞལ་ཏེ་དེ་ལ་ཡང་རྣམ་པར་ཤེས་པའི་ ཁམས་ཀྱིས་རྒྱས་གདབ་པོ་ཞེས་པ་ཕྱག་རྒྱའི་ངེས་པ་སྟེ་ཁམས་དང་ཡུལ་གྱི་ཡོན་ཏན་གྱི་ དབང་གིས་དག་པའོ། ། ༈ དེ་ནས་གཅིག་ནི་བཞི་ལ་བསྲེས་པ་བདེ་མཉམ་འབྲས་བུ་སྟེར་བ་དག་སྟེ་གཉིས་དང་ གསུམ་ནི་བསྲེས་པ་ལྔ་ཞེས་པ་ནི་འདིར་གང་གི་ཚེ་རླུང་གི་ཁམས་རེག་བྱ་གཅིག་པུའི་ཡོན་ ཏན་གྱི་བདག་ཉིད་ནམ་མཁའི་ཁམས་ཀྱིས་རྒྱས་གདབ་པ་ནི་སའི་ཁམས་དྲི་ལ་སོགས་པ་ ཡོན་ཏན་བཞིའི་བདག་ཉིད་ནམ་མཁའི་ཁམས་ཀྱིས་རྒྱས་བཏབ་པ་ལ་བསྲེས་པར་གྱུར་པ་ དེའི་ཚེ་བདེ་མཉམ་འབྲས་བུ་སྟེར་བ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྦྱོར་བར་འགྱུར་རོ། ། དེ་བཞིན་དུ་མེ་རེག་བྱ་དང་རོའི་ཡོན་ཏན་གཉིས་ཀྱི་བདག་ཉིད་ནམ་མཁའི་ཡོན་ཏན་གྱིས་ རྒྱས་བཏབ་པ་དང་ཆུའི་ཁམས་ཡོན་ཏན་གསུམ་གྱི་བདག་ཉིད་ནམ་མཁའི་ཡོན་ཏན་གྱིས་ 4-1-238 རྒྱས་བཏབ་པ་ཕན་ཚུན་འདུས་པ་ནི་(རིགས་)ལྔར་འགྱུར་རོ། །དེ་བཞིན་དུ་ས་དང་རླུང་དག་ལ་ (རིགས་)ལྔའོ། །དེ་བཞིན་དུ་ཤར་དང་ནུབ་(ལ་ཞལ་ལྔ་)དང་བྱང་དང་ལྷོ་(ལ་ཞལ་སྔ་སྟེ་དེ་དག་)ཕན་ཚུན་ འདུས་པ་ནི་ཤེས་རབ་དང་ཐབས་ཞལ་བཅུ་སྟེ་འདིའི་སྤྲོས་པ་ནི་ནང་གི་ལེའུ་ལས་ཤེས་རབ་ ཐབས་ནི་རུས་པ་དང་ཤ་དང་(སྟེ་ས་དང་འདུ་བྱེད་དག་)ཆུ་དང་བཅས་པའི་ཁྲག་(ཆུ་དང་ཚོར་བ་དག་)དང་ སྨིན་བྱེད་(མེ་)དང་ནི་གཅི་བ་ཉིད་ཅེས་པ(མེ་དང་འདུ་ཤེས་དག་དང་རླུང་དང་གཟུགས་དག་)ལ་སོགས་པས་ (ཕན་ཚུན་འཁྱུད་པ་རྒྱས་པར་)གསུངས་སོ་ཞེས་པ་ངེས་པའོ། ། ༈ (གཉིས་པ་ཉི་མའི་ཡོན་ཏན་ནི་)གཞན་ཡང་ཡོན་ཏན་རྣམ་པ་གསུམ་ཞེས་པ་ལ་སོགས་པས་ ཡོན་ཏན་གསུམ་གྱི་དབྱེ་བ་གསུངས་ཏེ་འདིར་ཁམས་ཐམས་ཅད་ལ་སྙིང་སྟོབས་དང་རྡུལ་ དང་མུན་པའི་ཡོན་ཏན་རྣམས་(ཚང་བར་)ཡོད་དེ་དེ་རྣམས་ཀྱི་(དབང་གིས་)ཁམས་(སོ་སོའི་ལྷ་)ཐམས་ ཅད་ཞལ་གསུམ་པའོ། །ཁམས་(སོ་སོ་)རྣམས་ལ་དྲི་ལ་སོགས་པ་ནས་ཆོས་ཀྱི་ཁམས་ཀྱི་མཐར་ ཐུག་པ་ཡུལ་དྲུག་(ཚང་བར་ཡོད་པ་)སྟེ་དེ་རྣམས་ཀྱིས་(ཁམས་སོ་སོའི་ལྷ་རྣམས་)ཕྱག་དྲུག་པའོ། །དེ་ལྟར་ (ཉི་མའི་)ཡོན་ཏན་རྣམས་པ་གསུམ་གྱི་དབང་གིས་བཞི་ལ་ཞལ་ནི་བཅུ་གཉིས་ཏེ་(ཞེས་པ་)ཤར་ (གྱི་ཐབས་ཤེས་)དང་ནུབ་〔ཀྱི་ཐབས་ཤེས་ཏེ་བཞི་ལ་ཞལ་བཅུ་གཉིས་〕དང་བྱང་(གི་ཐབས་ཤེས་)དང་ ལྷོ(འི་ཐབས་ཤེས་དེ་བཞི་ལ་ཞལ་བཅུ་གཉིས་)དང་འོག་(གི་ཐབས་ཤེས་)དང་སྟེང་གི་ཤེས་རབ་དང་ཐབས་ (ཏེ་བཞི་ལ་ཞལ་བཅུ་གཉིས་)སོ་ཞེས་པ་ངེས་པའོ། །འདུས་པ་ལས་(དེ་བཞིན་གཤེགས་པ་དང་གཤེགས་མ་ལྷ་) ཐམས་ཅད་ཀྱི་མཚན་མ་ནི་ཁུ་བ་དང་རྩ་དང་རུས་པ་རྣམ་པར་དག་པ་(གྲངས་བཞིན་དུ་)རྡོ་རྗེ་དང་ པད་མ་དང་འཁོར་ལོ་སྟེ་མི་བསྐྱོད་པའི་གཡས་ནའོ། །རྡུལ་དང་ཁྲག་དང་ཤ་(རྣམ་པར་དག་པ་)ནི་ རྡོ་རྗེ་དྲིལ་བུ་དང་ནོར་བུ་དང་རལ་གྲི་སྟེ་གཡོན་ནའོ། །འདིར་ལྷ་གང་གི་གཡས་ཀྱི་ཕྱག་དང་ པོའི་མཐིལ་དུ་རང་གི་མཚན་མ་སོང་བ་དེའི་གནས་སུ་རྡོ་རྗེའི་མཚན་མ་འགྲོ་བ་(དཔེར་ན་དོན་ ཡོད་གྲུབ་པའི་གཡས་ཀྱི་དང་པོ་ན་རལ་གྲི་ཡོད་པས་གཡོན་གྱི་གསུམ་པར་རྡོ་རྗེ་འགྲོ་བ་ལྟ་བུ་ཡིན་དགོས་ན་ཡང་བསྡུས་རྒྱུད་ཀྱི་ 4-1-239 ལུགས་ལ་གཡས་ཀྱི་དང་པོར་རང་རང་གི་མཚན་མ་རལ་གྲི་སོགས་བྱུང་བ་ན་གཉིས་པར་རྡོ་རྗེའི་མཚན་མ་འགྲོ་བ་ཡོད་དོ་)དེ་ ལྟར་འདུས་པའི་ངེས་པ་སྟེ། འདུས་པ་ལ་སངས་རྒྱས་གང་དབུས་སུ་བཞུགས་པ་དེའི་གནས་ སུ་མི་བསྐྱོད་པ་འགྲོ་བ་ཇི་ལྟ་བ་དེ་བཞིན་དུ་མཚན་མ་ལ་ཡང་ངེས་པའོ། །དེ་བཞིན་དུ་ཞལ་ ལྔ་པ་དང་ཞལ་དྲུག་པ་དག་(སྦྱོར་བ་)ལ་ཞལ་བཅུ་གཅིག་པ་སྟེ་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་ ཁམས་རྣམས་ཞལ་ལྔ་པ་དང་ཞལ་དྲུག་པ་སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ཐིག་ལེ་སྟོང་པ་ འགྱུར་མེད་དྲུག་དག་ལའོ། །སླར་ཡང་(འགྱུར་མེད་ལྔ་དང་འགྱུར་མེད་དྲུག་པོ་)དེ་དག་ཕན་ཚུན་ལྟོས་པ་ དང་བཅས་པ་(སྟེ་འགྱུར་མེད་ལྔ་ལ་ཡང་འགྱུར་མེད་དྲུག་ཚང་ཞིང་འགྱུར་མེད་དྲུག་ལ་ཡང་འགྱུར་མེད་ལྔ་ཚང་བ་)ཉིད་ ཀྱིས་(བཅུ་གཅིག་པ་གཉིས་)འདུས་པ་ནི་ཞལ་ཉི་ཤུ་རྩ་གཉིས་པའོ་ཞེས་པ་ངེས་པའོ། ༤༣ ། ༈ ད་ནི་དུས་ཀྱི་དབྱེ་བས་ཞལ་ལ་སོགས་པའི་དག་པ་གསུངས་པ་ཐུན་མཚམས་ཞེས་པ་ སྟེ་འདིར་ཉིན་མོ་(རྣམ་པར་དག་པ་ནི་)བཅོམ་ལྡན་རྡོ་རྗེ་ཅན། མཚན་མོ་〔རྣམ་པར་དག་པ་ནི་〕ཤེས་ རབ་རབ་ཏུ་གྲགས་ཞེས་པའི་ངེས་པ་ལས་ནམ་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་ལ་ཐུན་མཚམས་ དབྱེ་བས་(ཞེས་པ་)ནི་ཐུན་ཚོན་གྱི་དབྱེ་བ(རྣམ་པར་དག་པ)ས་(ཉིན་མོ་)བཅོམ་ལྡན་འདས་(ཐུན་ཚོད་བཞི་ དག་པས་)ཞལ་བཞི་པ་སྟེ་ཐུན་ཚོད་ཕྱེད་ཀྱི་དབྱེ་བ(རྣམ་པར་དག་པ)ས་ཕྱག་བརྒྱད་པའོ། །དེ་བཞིན་ དུ་ཉི་མ་ཕྱེད་ནས་ནམ་ཕྱེད་ཀྱི་བར་ལ་(མཚན་མོ་)ཤེས་རབ་ཀྱང་(ཐུན་ཚོད་བཞི་དག་པ་)ཞལ་བཞི་(ཐུན་ ཚོད་བརྒྱད་དག་པ་)ཕྱག་བརྒྱད་མའོ། །(ཡབ་ཡུམ་ཞལ་ཕྱག་གྲངས)མཉམ་པ་འཁྱུད་པ་ནི་ཉིན་མོ་དང་ མཚན་མོ་དག་གི་གུང་གི་ཆ་ཤས་〔དེ་ཉིན་གོང་ནུབ་གོང་དག་〕ལའོ། །(ཡབ་ཡུམ་ཞལ་ཕྱག་གྲངས་)མི་ མཉམ་པ་(འཁྱུད་པ་)ནི་སྔ་དྲོའི་ཐུན་མཚམས་དང་ཕྱི་དྲོའི་ཐུན་མཚམས་དག་ལའོ། །དེ་ལ་ཉིན་ མོ་དང་མཚན་མོ་དག་དམན་པ་དང་ལྷག་པའི་དབང་གིས་(ཞལ་ཕྱག་འཕེལ་འགྲིབ་ཏུ་འགྱུར་ཏེ་)འགའ་ ཞིག་ཏུ་ནི་ཉིན་མོ་འཕེལ་བ་(རྣམ་པར་དག་པ་)ལས་བཅོམ་ལྡན་འདས་ཞལ་ལྔ་ཕྱག་བཅུ་པ་དང་ བཅོམ་ལྡན་འདས་མ་ཞལ་གསུམ་ཕྱག་དྲུག་མའོ། །མཚན་མོ་འཕེལ་བ་(རྣམ་པར་དག་པ་)ལས་ 4-1-240 བཅོམ་ལྡན་འདས་མ་ཞལ་ལྔ་(ཕྱག་བཅུ་མ་)དང་བཅོམ་ལྡན་འདས་ཞལ་གསུམ་པ(ཕྱག་དྲུག་པ)འོ་ ཞེས་པ་ལ་སོགས་པ་(རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ལ་རིམ་པ་ལྟར་ཡོངས་སུ་)གྲུབ་པོ་ཞེས་པ་ནི་དུས་ ཀྱི་འཁོར་ལོའི་རྣམ་པར་དག་པ་གཅིག་གོ། དེ་བཞིན་དུ་གཉིས་པ་གསུངས་པ་རྣམ་པ་གསུམ་ ཞེས་པ་ལ་སོགས་པ་སྟེ་འདིར་ཆུ་སྲིན་ལ་སོགས་པ་ཁྱིམ་བཅུ་གཉིས་པོ་དེ་རྣམས་ཀྱི་ནང་ནས་ ཆུ་སྲིན་དང་བུམ་པ་དང་ཉའི་ཁྱིམ་(རྣམ་པར་དག་པ་)རྣམས་ནི་ཐུགས་རྡོ་རྗེའི་ཞལ་རྣམས་ཏེ་མུན་ པ་དང་རྡུལ་དང་སྙིང་སྟོབས་(རྣམ་པར་དག་པ་ཉིད་)ཀྱི་དབྱེ་བས་(དབུས་)ནག་པོ་དང་(གཡས་)དམར་པོ་ དང་(གཡོན་)དཀར་པོ་སྟེ་དུས་སྦྱོར་དབྱེ་བས་ཁ་དོག་གསུམ་ཞེས་སོ། །དེ་བཞིན་དུ་ལུག་དང་ གླང་དང་འཁྲིག་པ་རྣམས་(རྣམ་པར་དག་པ་)ནི་གསུང་རྡོ་རྗེའི་ཞལ་རྣམས་ཏེ་རྡུལ་དང་སྙིང་སྟོབས་ དང་མུན་པ(རྣམ་པར་དག་པ)འི་དབྱེ་བས་(དབུས་)དམར་པོ་དང་(གཡས་)དཀར་པོ་དང་(གཡོན་)ནག་ པོའི་ཁ་དོག་རྣམས་སོ། །ཀར་ཀ་ཊ་དང་སེང་གེ་དང་བུ་མོ་རྣམས་(རྣམ་པར་དག་པ་)ནི་སྐུ་རྡོ་རྗེའི་ ཞལ་སྟེ་སྙིང་སྟོབས་དང་མུན་པ་དང་རྡུལ་(རྣམ་པར་དག་པ་ཉིད་)གྱི་དབྱེ་བས་(དབུས་)དཀར་པོ་དང་ (གཡས་)ནག་པོ་དང་(གཡོན་)དམར་པོ་རྣམས་སོ། །སྲང་དང་སྡིག་པ་དང་གཞུའི་དུས་སྦྱོར་རྣམས་ (རྣམ་པར་དག་པ་)ནི་ཡེ་ཤེས་རྡོ་རྗེའི་ཞལ་ཏེ་མུན་པ་དང་རྡུལ་དང་སྙིང་སྟོབས་ཀྱི་དབྱེ་བས་(དབུས་)སེར་པོ་དང་(རོ་རྐྱང་གི་མདོག་གིས་གཡས་)དམར་པོ་དང་(གཡོན་)དཀར་པོའི་ཁམས་རྣམས་(སམ་ཡང་ ན་ནུབ་ཞལ་གཙོ་བོར་བཞག་པའི་དབང་གིས་དེ་ལས་བཟློག་པས་)སོ། །དུས་སྦྱོར་ཕྱེད་ཀྱིས་ཕྱག་གི་དབྱེ་བར་ འགྱུར་ཏེ་(ཕྱག་དྲུག་)དྲུག་པོ་རྣམས་ཀྱི་གཉིས་གཉིས་ལ་(ཁ་དོག་མཐུན་པ་སྟེ་)རྩ་བའི་ཞལ་(དང་མཐུན་ པ་གཉིས་)ལ་སོགས་པ(འི་སྒྲ)ས་(གཡས་ཞལ་དང་མཐུན་པ་གཉིས་གཡོན་ཞལ་དང་མཐུན་པ་གཉིས་ཏེ་དེ་ལྟར་ན་རྩ་བ་ དང་གཡས་གཡོན་གྱི་)གྲངས་བཞིན་དུ་གཡོན་དང་གཡས་པ་དག་ལ་ཁ་དོག་གསུམ་(གསུམ་)མོ། །དེ་ ལྟར་(རྡོ་རྗེ་བཞི་པོ་དེ་རྣམས་གཅིག་ཏུ་བསྡུས་པ་)ཞལ་བཅུ་གཉིས་དང་ཕྱག་ཉི་ཤུ་རྩ་བཞི་པ་ནི་བཅོམ་ ལྡན་འདས་དུས་ཀྱི་འཁོར་ལོ་གཅིག་གོ། འདིར་སྔར་གསུངས་པའི་ལྷ་ཞལ་གཅིག་པ་དང་ 4-1-241 ཞལ་བཞི་པ་(རླུང་ས་འཁྱུད་པ་)ལ་སོགས་པ་(ཞལ་གསུམ་པ་དང་གཉིས་པ་ཆུ་མེ་འཁྱུད་པ་)རྣམས་ཀྱི་(ཐབས་) མི་མཉམ་པ་དང་(ཤེས་རབ་)མཉམ་པ་འཁྱུད་པ་གང་ཡིན་པ་དེ་ནི་(རྣལ་འབྱོར་མའི་རྒྱུད་དུ་གཏོགས་པས་)ཐུན་མཚམས་ཆ་ཤས་སྔ་ཕྱི་ལ་སྟེ་སྔ་དྲོའི་ཐུན་མཚམས་དང་ཕྱི་དྲའི་ཐུན་མཚམས་ལ་འདུས་ པའོ། །ཞལ་གསུམ་ཕྱག་དྲུག་པ་རྣམས་ཀྱིས་ཕན་ཚུན་འཁྱུད་པ་གང་ཡིན་པ་དེ་ནི་(རྣལ་འབྱོར་གྱི་ རྒྱུད་དུ་གཏོགས་པས་)གུང་གི་ཆ་ཤས་ལ་སྟེ་ཉི་མ་གོང་གི་ཐུན་མཚམས་དང་མཚན་མོ་ཕྱེད་ཀྱི་ཐུན་ མཚམས་ལའོ། །དེ་ལྟར་ལུས་དང་སེམས་ལ་ཞེས་པ་ནི་ལྔ་པའི་དོན་(ལས་ཞེས་པ་)ལ་བདུན་པ(འི་ དོན་ལ་ཞེས་པ་)སྟེ་ལུས་དང་བསམ་པའི་དབྱེ་བ་ལས་ཞེས་པའོ། །དེ་བཞིན་དུ་སྔ་དྲོའི་དང་ཕྱི་དྲོའི་ ཐུན་མཚམས་(རྣམ་པར་དག་པ་)ནི་རྣལ་འབྱོར་མའི་རྒྱུད་ཀྱི་འཁྱུད་པ་སྟེ་ཞལ་གཅིག་དང་ཞལ་ བཞི་པ་དག་གམ་ཞལ་གཅིག་པ་ལ་སོགས་པ་དང་ཞལ་བརྒྱད་པ་ལ་སོགས་པ་དག་གི་(ཐབས་)མི་མཉམ་པ་(ཞལ་གཅིག་པ་ལ་སོགས་པ་)དང(ཤེས་རབ་)མཉམ་པ་(ཞལ་བཞི་ལ་སོགས་པ་)སྙོམས་པར་ ཞུགས་པ་(གཞན་)ལས་སོ། །རྣལ་འབྱོར་གྱི་རྒྱུད་ལ་(ཡབ་ཡུམ་གཉིས་ཀ་ཞལ་གསུམ་ཕྱག་དྲུག་པ་ལྟ་བུ་)ཞལ་ དང་ཕྱག་མཉམ་པ་དག་གིས་འཁྱུད་པ་ནི་ཉིན་མོ་དང་མཚན་མོ་མཉམ་པའི་དུས་ལ་(རྣམ་པར་ དག་པ)འོ་ཞེས་པ་དུས་ཀྱི་ཁྱད་པར་གྱིས་ངེས་པའོ། །དེ་སྐད་དུ། (འཁོར་འདས་སམ་ཡེ་ཤེས་དང་རྣམ་ཤེས་ ཀྱི་ཁྱད་པར་ཤེས་པས་)བཟང་ངན་ཤེས་ཤིང་(བདེ་བ་ཆེན་པོའི་དུས་མེད་པའི་)དུས་ཤེས་ལ(འཁོར་འདས་ཀུན་ལ)། ། ཁྱབ་བདག་དམ་(ཚིག་བཞི་དང་དྲུག་དང་བརྒྱད་ལ་སོགས་པ་)ཤེས་〔ཤིང་〕དམ་ཚིག་(དེ་རྣམས་)ལྡན། །དུས་ 〔གཞན་〕ཤེས་(ཤིང་)སེམས་ཅན་དབང་པོ་ཤེས། །(ལུས་ངག་སེམས་ཀྱི་སྒྲིབ་པ་ལས་)རྣམ་(པར་)གྲོལ་(བ་ རྡོ་རྗེ་)གསུམ་ལ་མཁས་པ་པོ། །ཞེས་པ་མཚན་ཡང་དག་པར་བརྗོད་པ་ལས་ཏེ་བཅོམ་ལྡན་ འདས་ཀྱི་ངེས་པའོ། ། ༈ ད་ནི་བྱ་བའི་རྒྱུད་རྣམས་གསུངས་པ་ཤེས་རབ་ཅེས་པ་ལ་སོགས་པ་སྟེ་འདིར་རྣལ་ འབྱོར་མའི་རྒྱུད་ལ་ཤེས་རབ་(ལ་ཐབས་)སྦྱོར་བ་དང་རྣལ་འབྱོར་གྱི་རྒྱུད་ལ་(ཐབས་ཤེས་རབ་ལ་) 4-1-242 སྙོམས་པར་ཞུགས་པ་སྟེ་སྔ་དྲོ་དང་ཕྱི་དྲོའི་ཐུན་མཚམས་ཀྱི་སྦྱོར་བ་(རྣམ་པར་དག་པ་)དང་ཉི་མ་ གུང་ནས་མཚན་ཕྱེད་ཀྱི་ཐུན་མཚམས་ཀྱི་ཡང་དག་པར་སྦྱོར་བ་〔རྣམ་པར་དག་པ་〕ཅེས་པ་ (རྣལ་འབྱོར་མ་དང་རྣལ་འབྱོར་གྱི་)རྒྱུད་གཉིས་ལ་(ཡོངས་སུུ་)གྲུབ་པོ། །རྒོད་པ་ལ་སོགས་པ་རྣམས་ ནི་ཐུན་གྱི་མངོན་མཚམས་ལའོ། །ཞེས་པ་ནི་འདིར་ཐུན་〔ཚོད་〕དང་པོའི་མངོན་མཚམས་ལ་ རྒོད་པའི་རྒྱུད་(ཀྱི་འདྲ་བ་སྦྱོར་བ་)དང་ཐུན་(ཚོད་)གསུམ་པའི་མངོན་མཚམས་ལ་ལྟ་བའི་རྒྱུད་དང་ ཐུན་ལྔ་པའི་མངོན་མཚམས་ལ་ནུ་མ་ལ་རེག་པའི་རྒྱུད་དང་ཐུན་བདུན་པའི་མངོན་མཚམས་ ལ་ལག་པ་འཛིན་པའི་རྒྱུད་དེ་དེ་ལྟར་(དོན་དམ་བདེན་པའི་)རྒྱུད་རྣམ་པ་བཞིའོ། །དེ་ཅིའི་ཕྱིར་ཞེ་ ན། འདིར་རླུང་གི་ཟད་པར་རྣམས་ནི་ཤེས་རབ་ལ་རྒོད་པ་ཙམ་གྱིས་འཛག་པའི་བདེ་བར་ འགྱུར་རོ། །མེའི་ཟད་པར་རྣམས་ནི་བལྟས་པས་བདེ་བར་འགྱུར་རོ། །ཆུའི་ཟད་པར་རྣམས་ ནི་ནུ་མ་ལ་རེག་པས་བདེ་བར་འགྱུར་རོ། །སའི་ཟད་པར་རྣམས་ནི་ལག་པ་འཛིན་པས་བདེ་ བར་འགྱུར་རོ། །དེ་ལྟར་འོག་མིན་ལ་སོགས་པ་ནས་ཚངས་རིས་ཀྱི་མཐར་ཐུག་པ་གཟུགས་ ན་སྤྱོད་པ་བཅུ་དྲུག་(གི་བདེ་བ་དང་མཐུན་པའི་རྒྱུད་བཞི་)སྟེ་(མདོ་ལས་ཚངས་རིས་ལ་སོགས་ཡན་ཆད་འདོད་པ་ལ་ འདོད་ཆགས་དང་བྲལ་བར་གསུངས་པས་འཛག་བདེ་མེད་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ་འཕོ་བའི་བག་ཆགས་མེད་ན་ཁམས་ གསུམ་པར་འགལ་བ་ལ་སོགས་པ་)འདི་རྣམས་ཀྱི་(རྣམ་བཞག་)རྒྱས་པ་ནི་འཆད་པར་འགྱུར་བ་མཆོག་ ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱའོ(ཐུན་གཉིས་པ་བཞི་པ་དྲུག་པ་བརྒྱད་ པའི་མངོན་མཚམས་རྣམས་ནི་སྟོང་པའི་ཆ་སྟེ་བདེ་བའི་རྟེན་ནོ)། །(འདིར་)འདོད་པ་ན་སྤྱོད་པ་ རྣམས་ཀྱི་སྙོམས་པར་ཞུགས་པ་ནི་གཉིས་གཉིས་སྦྱོར་བའོ་ཞེས་པ་(འབྲས་བུའི་མཚན་ཉིད་སྔགས་ཀྱི་ ཚུལ་ལ་)གྲུབ་པའི་མཐའ་འོ(དེས་ན་ཆོས་མངོན་པ་ལས་བཤད་པ་དང་མི་མཐུན་ཡང་སྐྱོན་མེད་དོ)། །ཐམས་ཅད་ དུ་གཟུགས་མེད་པ་ལ་ནི་(ཤེས་རབ་ལ་ལྟོས་པའི་འཕོ་བའི་)འདོད་ཆགས་དང་བྲལ་བ་རྣམས་གནས་ སོ(གཟུགས་མེད་པ་ལ་ཤེས་རབ་ལ་ལྟོས་པའི་འཛག་བདེ་མེད་ཀྱང་འཛག་བདེ་ཙམ་གཅིག་ཡོད་པར་མཆོག་མི་འགྱུར་དུ་ 4-1-243 གསུངས་སོ)། ༤༤། ༈ ད་ནི་(ཐབས་ཤེས་ཕན་ཚུན་)ལུས་ལ་བསམས་པ་རབ་ཏུ་འཇུག་པ་གསུངས་པ་ཤེས་རབ་ ཅེས་པ་ལ་སོགས་པ་སྟེ་འདིར་ཤེས་རབ་ཀྱི་ཡན་ལག་དམར་པོ་མེའི་ཁམས་དང་(ཡོན་ཏན་གཉིས་)སེར་པོ་སའི་ཁམས་(ཡོན་ཏན་བཞི་སྟེ་དེ་ལྟར་མ་ཉམས་པ་ཤེས་རབ་ཀྱི་ཡན་ལག་)ལ་ངེས་པར་(ཐབས་)དུས་ ཀྱི་འཁོར་ལོའི་བསམ་པ་རབ་ཏུ་འཇུག་གོ། ཤེས་རབ་ཐབས་ནི་(ཕན་ཚུན་)གཟུང་བར་བྱ་བ་སྟེ་ གང་གི་ཕྱིར་སྙོམས་པར་ཞུགས་པ་ལ་ཤེས་རབ་གང་ཡིན་པ་དེ་ནི་ཐབས་ཀྱི་བསམ་པ་འཛིན་ པ་མོ་དང་ཐབས་གང་ཡིན་པ་དེ་ཡང་ཤེས་རབ་ཀྱི་བསམ་པ་འཛིན་པ་པོ་སྟེ་བསམ་པ་འཛིན་ པ་དེས་ན་བདེ་བ་སྐྱེའོ། །དེས་ན་(ཐབས་)དུས་ཀྱི་འཁོར་ལོའི་ཆུའི་ཁམས་དཀར་པོ་〔ཡོན་ཏན་ གསུམ་གྱི་བདག་ཉིད་〕ནི་〔ཤེས་རབ་〕དམར་པོའི་ཡན་ལག་མེའི་ཡན་ལག་〔ཡོན་ཏན་གཉིས་ གྱི་བདག་ཉིད་〕ལ་(བསམ་པ་)རབ་ཏུ་འཇུག་ཅིང་(དེ་ལྟར་ཡོན་ཏན་ལྔ་ཐབས་ཤེས་སུ་)རོ་མཉམ་པར་ འགྱུར་ཏེ་དེ་བཞིན་དུ་རླུང་ནག་པོ་(ཡོན་ཏན་གཅིག་པ་)ནི་སེར་པོའི་ཡན་ལག་ས་(ཡོན་ཏན་བཞི་པ་)ལ་ (འཇུག་ཅིང་དེ་ལྟར་ཡོན་ཏན་ལྔ་)རོ་མཉམ་པར་འགྱུར་རོ། །དེ་ལྟར་ན་ལྷོ་དང་ནུབ་ཏུ་(བྱང་དང་ཤར་གྱི་)ལྷ་ རྣམས་ཀྱི་(བསམ་པ་འཇུག་པ)འོ། །དེ་བཞིན་དུ་རྡོ་རྗེ་ཅན་(དུས་ཀྱི་འཁོར་ལོ་)དང་(འཁོར་གྱི་)ལྷ་རྣམས་ཀྱི་ གཡོན་གྱི་ཡན་ལག་སྟེ་ཆུའི་ཁམས་(ཐབས་)དཀར་པོའི་ཡན་ལག་ལ་ཤེས་རབ་བསམ་པ་ཞེས་ པ་དམར་པོའི་བསམ་པ་རབ་ཏུ་འཇུག་གོ། མདུན་དུ་ཁ་དོག་ནག་པོ་(ཐབས་)རླུང་གི་ཁམས་ལ་ (ཤེས་རབ་)སེར་པོ་སའི་བསམ་པ་འཇུག་(ཅིང་དེ་ལས་བཟློག་པ་ཐབས་དམར་པོ་དང་སེར་པོའི་བསམ་པ་ཡང་ཤེས་ རབ་དཀར་པོ་དང་ནག་པོ་ལ་འཇུག་)གོ། དེ་བཞིན་དུ་སྟེང་དང་འོག་ཏུ་(ཐབས་དང་ཤེས་རབ་)ལྗང་ཁུ་དང་ སྔོན་པོ་དག་ཕན་ཚུན་དུ་ཡང་དག་པར་སྦྱོར་བའོ། །(དོན་དམ་བདེན་པ་ལྷ་རྣམས་ཀྱི་ཐབས་ཤེས་ཇི་ལྟ་བ་)དེ་ ལྟར་(ཀུན་རྫོབ་ཏུ་)སེམས་ཅན་ཐམས་ཅད་ཀྱི་ཡང་མཆོག་གི་ལུས་ལ་ཤེས་རབ་(ཀྱི་)བསམ་པས་ ཕྱེ་བ་(ཐབས་ཀྱི་ཡན་ལག་)གཡོན་དང་བདུན་ནི་ཞི་བར་འགྱུར་རོ། །དྲག་པོ་(ཤེས་རབ་ཀྱི་ཡན་ལག་ 247)གཡས་དང་རྒྱབ་ཀྱི་ཡན་ལག་མཆོག་གི་རྒྱལ་བའི་བདག་པོའི་(ཐབས་ཀྱི་)བསམ་པས་ཕྱེ་བ་དེ་ བཞིན་ཉིད་ཅེས་པ་སྟེ་(གཡོན་དང་མདུན་ཞི་བ་ཡིན་པ་བཞིན་དུ་ཐབས་ཀྱི་ཡན་ལག་)སྟེང་ཞི་བ་དང་(གཡས་དང་ རྒྱབ་དྲག་པོ་ཡིན་པ་བཞིན་དུ་ཤེས་རབ་ཀྱི་ཡན་ལག་)འོག་དྲག་པོར་གྲུབ་པོ(འདིར་མདུན་དང་གཡས་ཞི་དྲག་དུ་བཤད་ པ་ནི་ཐབས་ཤེས་ཀྱི་ཡན་ལག་ཏུ་གྱུར་པའི་དབང་གིས་ཡིན་པ་ལས་བརྒྱད་ཀྱི་སྐབས་སུ་དེ་ལས་བཟློག་པ་ནི་ཁམས་ཀྱི་དབང་ གིས་སོ)། ༤༥ ། ༈ དེ་ལྟར་ཤེས་རབ་ཀྱིས་ཕྱེ་རྒྱལ་བ་དག་གི་རབ་མཆོག་ཚོགས་ཀྱི་རིགས་ཏེ་ཁུ་བའི་ ཁམས་ལས་བྱུང་བ་ལུས་ཀྱི་དབྱེ་བས་ཆུ་དང་རླུང་དང་ནམ་མཁའི་མཚན་ཉིད་གང་ཡིན་པ་ དེ་ཉིད་བསམ་པའི་དབྱེ་བས་རྡུལ་གྱི་ཁམས་རྣམས་ཀྱིས་ཕྱེ་བ་ས་དང་མེ་དང་ཡེ་ཤེས་ཀྱི་ རང་བཞིན་དུ་འགྱུར་བའི་ཕྱིར་རབ་མཆོག་ཚོགས་ཀྱི་རིགས་ནི་གཉིས་ཀྱི་རང་བཞིན་ཞེས་ པ་བྱང་དང་ལྷོར་(འཁྱུད་པའི་)ལྷའི་ཚོགས་(ནི་རིམ་པ་ལྟར་)དམར་པོ་དང་དཀར་པོར་འགྱུར་ཞིང་(དེ་ བཞིན་དུུ་)ཤར་དང་ནུབ་ཏུ་སེར་པོ་དང་ནག་པོར་འགྱུར་ལ་སྟེང་དང་འོག་ཏུ་སྔོན་པོ་དང་ལྗང་ ཁུར་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ནི་ཚོགས་ཀྱི་རིགས་གཙོ་བོའི་བསམ་པས་ཕྱེ་བ་ ངེས་པར་ཕྱོགས་བྲལ་དུ་ཡང་གཉིས་ཀྱི་རང་བཞིན་ཉིད་དུ་འགྱུར་ཏེ་བདེན་བྲལ་དང་དབང་ ལྡན་དུུ་〔འཁྱུད་པ་དག་ནི་རིམ་པ་ལྟར་〕དཀར་པོ་དང་དམར་པོར་འགྱུར་རོ། །རླུང་དང་མེར་ 〔འཁྱུད་པ་དག་ནི་རིམ་པ་ལྟར་〕ནག་པོ་དང་སེར་པོར་འགྱུར་རོ། །གཉིས་ཀྱི་རང་བཞིན་ཞེས་ པ་ངེས་པའོ། །དེ་ལྟར་ཐབས་ཀྱི་ཚོགས་ནི་ཕྱོགས་སུ་གནས་པ་སྟེ་རྣལ་འབྱོར་མ་ཡི་ཚོགས་ ཞེས་པ་ཤེས་རབ་ཀྱི་ཚོགས་སྤྱན་མ་ལ་སོགས་པ་དང་སྒྲོལ་མ་ལ་སོགས་པ་ནི་ཕྱོགས་བྲལ་དུ་ གནས་པའོ། །དེ་ལྟར་གཡས་དང་གཡས་མིན་(དུ་)ཉི་མ་(དམར་པོ་དང་)རི་བོང་ཅན་གྱི་སྐུ་(དཀར་པོ་ དག་)ཟུང་སྟེ་ཤར་དང་ནུབ་ཉིད་ཀྱང༌། ནག་པོ་སེར་པོ་དག་(ཟུང་)སྟེ་སྔོན་པོ་ལྗང་ཁུ་དག་ཀྱང་དེ་ བཞིན་(ཟུང་ནི་)མཁའ་དང་ས་འོག་ཡང་དག་གནས་པ་ལྷའི་ཚོགས་ཞེས་པ་ངེས་པའོ། ༤༦ ། 4-1-244 ༈ གཞན་གྱི་རིགས་ལ་འཁྱུད་པ་དེའི་ཕྱིར་ཐབས་དཀར་པོ་རྣམས་ཀྱི་ཤེས་རབ་དམར་ པོ་རྣམས་སུ་འགྱུར་རོ། །ཐབས་དམར་པོ་རྣམས་ཀྱི་ཤེས་རབ་རི་བོང་འཛིན་པ་ལྟར་དཀར་ མོ་རྣམས་དང་དེ་བཞིན་ཉིད་དུ་ཐབས་སེར་པོ་རྣམས་ཀྱི་ཤེས་རབ་ཁ་དོག་ནག་མོ་རྣམས་ དང་ཐབས་དཀར་མིན་ཞེས་པ་ནག་པོའི་རིགས་རྣམས་ཀྱི་ཤེས་རབ་མཆོག་གི་གསེར་དང་ མཚུངས་པ་སེར་མོ་རྣམས་དང་སྔོན་པོ་རྣམས་ཀྱི་ཤེས་རབ་ཁ་དོག་སྣ་ཚོགས་ཞེས་པ་ལྗང་ ཁུ་རྣམས་སོ། །སླར་ཡང་ཐབས་ལྗང་ཁུ་རྣམས་ཀྱི་ཤེས་རབ་སྔོན་མོ་རྣམས་སོ། །དེ་བཞིན་ གསུངས་ཞེས་པ་ནི་རིགས་པ་སྟེ་གཞན་གྱི་རིགས་ལ་འཁྱུད་པ་ལས་(བདེ་བའི་)བྱ་བ་འགྲུབ་ པར་འགྱུར་རོ། །རང་གི་རིགས་ལ་འཁྱུད་པས་ནི་བྱ་བ་གྲུབ་པ་མེད་དེ་རང་གི་བདག་ཉིད་ལ་ (རང་གིས་འཁྱུད་པས་བདེ་བའི་)བྱ་བ་འགལ་བའི་ཕྱིར་རོ། །བྷ་གའི་སེམས་ཀྱིས་བྷ་གའི་རིགས་ཀྱི་ ཁམས་ཅན་(བུད་མེད་)རྣམས་ཀྱི་བདེ་བ་སྐྱེ་བ་དང་དེ་བཞིན་དུ་རྟགས་ཀྱི་སེམས་ཀྱིས་སྐྱེས་པའི་ རྟགས་ཀྱི་རིགས་ཅན་(སྐྱེས་པ་)རྣམས་ཀྱི་བདེ་བ་སྐྱེ་བ་ནི་མེད་དོ། །དེའི་ཕྱིར་དུས་ཀྱི་འཁོར་ལོ་ ལ་རང་འོད་ཀྱི་ཤེས་རབ་རྣམས་སུ་མི་འགྱུར་ཏེ་རང་གི་བདག་ཉིད་ལ་བྱ་བ་འགལ་པའི་ཕྱིར་ རོ། ། ༈ ཅི་སྟེ་མེ་ལོང་གི་གཟུགས་བརྙན་གྱི་ཆོས་(དང་མཚུངས་པ་ཉིད་)ཀྱི་(རང་ཉིད་ཀྱི་)སེམས་ཀྱིས་ (རང་ཉིད་ཀྱི་)སེམས་ཀྱི་དངོས་པོ་འཛིན་པར་བྱེད་དོ་ཞེ་ན། (དཔེ་)དེ་ཉིད་རྣམ་པར་དཔྱད་པར་བྱ་ སྟེ་འདིར་མེ་ལོང་ལ་སྐྱེས་བུའི་(རང་གི་)གཟུགས་བརྙན་(ཤར་བ་དེ་)ནི་ནུ་མ་དང་སྐྲ་དང་ལྡན་པ་ (བུད་མེད་ཀྱི་གཟུགས་)དང་མཚུངས་པ་མ་ཡིན་ཞིང་བུད་མེད་ཀྱི་གཟུགས་ཀྱང་ནུ་མ་དང་སྐྱེ་གནས་ དང་བྲལ་བ་མ་ཡིན་(པས་གཟུགས་བརྙན་ཏེ་བུད་མེད་གྱི་གཟུགས་བརྙན་མ་ཡིན་)ཏེ་དེས་ན་རེ་ཞིག་རང་འོད་ (ཀྱི་ཤེས་རབ་)ནི་མེད་དོ། །དེ་བཞིན་དུ་འགལ་བ་གཞན་ཡང་(ཡོད་དེ་)འདིར་གཟུགས་ཀྱི་གཡོན་ པའི་ལག་པ་རྣམས་ན་མཚན་མ་གང་ཡོད་པ་དེ་དག་ནི་མེ་ལོང་གི་གཟུགས་བརྙན་གྱི་ལག་པ་ 4-1-245 གཡས་པ་རྣམས་ན་གནས་པའོ། །དེ་བཞིན་དུ་གཡོན་གྱི་གདོང་པ་གང་ཡིན་པ་དེ་ནི་གཡས་ ཀྱི་སྟེ་དེའི་ཁ་དོག་ཉིད་ཀྱང་རང་འོད་(དམ་རང་འདྲ་)ཅེས་པར་མི་འགྱུར་རོ། །དེས་ན་གཞན་གྱི་ རིགས་ལ་འཁྱུད་པས་(བདེ་བ་ཆེན་པོའི་)དཀྱིལ་འཁོར་གྱི་(འཁོར་ལོ་)སྒོམ་པ་སྟེ་དུས་ཀྱི་འཁོར་ལོའི་ རིགས་པ་ལས་སོ། །(འདུས་པ་དང་ཀྱེའི་རྡོ་རྗེ་ལ་སོགས་པ་)རྒྱུད་གཞན་དང་གཞན་ལས་ནི། (བསྒོམ་བྱ་ ལྷའི་)དངོས་པོ(འི་རྣམ་པ་)གང་དང་གང་གིས་ནི། །(སྒོམ་པ་པོའི་)མི་རྣམས་ཡིད་ལ་ཡང་དག་སྦྱོར(བ་ སྟེ་བསྒོམ་པ)། །(བསྒོམ་བྱ་)དེས་དེའི་རང་བཞིན་(ཏེ་རྣམ་པ་)ཉིད་(དུ་འཆར་བར་)འགྱུར་ཏེ། །(ཁ་དོག་)སྣ་ ཚོགས་(པའི་)གཟུགས་ཀྱི་(དྲུང་དུ་)ནོར་བུུ་(བཞག་ན་དེ་ཡང་དེའི་མདོག་ཏུ་སྣང་བ་)བཞིན། །དེས་ན་(བསྡུས་ རྒྱུད་གཞན་རྣམས་སུ་)འཁྲག་འཁྲུགས་བྱེད་པ་(སྟེ་ལྡེམ་དགོངས་གསུངས་པ་)ཡི། །ཚིག་ནི་(རིགས་པས་)རྣམ་ པར་དཔྱད་མི་བཟོད་(དེ་རྒྱུད་ནང་ཕན་ཚུན་འགལ་བ་དུ་མ་ཡོད)། །ཅེས་སོ། །(དེ་དག་ཀྱང་ཀུན་རྫོབ་བསྐྱེད་རིམ་ བསྒོམ་པའི་དབང་དུ་བྱས་པ་ཡིན་གྱི་)དོན་དམ་པར་ནི་སྟོང་པ་ཉིད་ཀྱི་གཟུགས་(དོན་དམ་ཆོས་ཉིད་ཀྱི་ལྷ་མངོན་ སུམ་གྱིས་)བསྒོམ་པ་ལ་(ནི་ལྷའི་)གཟུགས་དང་སྐུའི་རྟོག་པ་མེད་དེ་དེས་ན་རང་འོད་(ཀྱི་ཤེས་རབ་) དང་རང་འོད་མ་ཡིན་པ(འི་ཤེས་རབ་དང་འཁྱུད་པར་བསྒོམ་པ)་ཞེས་པ་(གང་ཡང་)མེད་དོ། །(དོན་དམ་ ཆོས་ཉིད་ཀྱི་ལྷ་འོད་གསལ་ཆོས་ཀྱི་སྐུ་ནི་)རྣམ་པ་ཐམས་ཅད་པ་དང་ཁ་དོག་ཐམས་ཅད་པའི་ཕྱིར་ཤེས་ པ་(གཞན་)དང་ཤེས་བྱ་(གཞན་ལྷན་ཅིག་པའི་སྐུ་གཟུགས་སོགས་ཀྱི་རྣམ་པར་སྣང་ཡང་གཟུགས་སོགས་ཀྱི་)རྡུལ་ཕྲ་ རབ་ཀྱི་རྫས་དང་རྣམ་པར་རྟོག་པ་དང་བྲལ་བ་དག་ལ་(དངོས་པོའི་)རང་བཞིན་མེད་དོ། །དེའི་ ཕྱིར་(འདུས་བྱས་ཀྱི་དངོས་པོའི་)རང་བཞིན་མེད་པའི་སྲིད་པ་(ཤིན་ཏུ་དྭངས་བ་པྲ་ཕབ་པའི་སྣང་བ་ལྟ་བུ་)བསྒོམ་ པ་ནི་བུམ་པ་དང་སྣམ་བུ་དང་ཤིང་རྟ་དང་(དམག་)དཔུང་ལ་སོགས་པ་རྣམས་ཀྱི་བྱ་བ་(རང་རང་གི་ སོ་སོར་ངེས་པ་ལྟ་བུ་)ཉི་ཚེ་བ་མ་ཡིན་(གྱི་བྱ་བ་ཐམས་ཅད་བྱེད་)པ་འཇིག་རྟེན་པའི་(དཔའ་བོ་དང་སྒྲའི་)ཐ་སྙད་ (ཀྱི་ཡུལ་)མཐའ་དག་དང་བྲལ་བའོ་ཞེས་པ་(མཐར་ཐུག་གི་)དབུ་མ་པའི་གྲུབ་པའི་མཐའ་སྟེ་སྔགས་ ཀྱི་ཚུལ་ལ་དེ་ཁོ་ན་ཉིད་ཀྱི་སྐབས་སུ་(ཆོས་ཉིད་ཀྱི་)རིགས་པ་ལས་སོ(དོན་དམ་བདེན་པ་མཐར་ཐུག་པ་སྟོན་ 4-1-246 པའི་གསུང་འདི་དག་གིས་ནི་ཁ་ཅིག་དུ་བ་ལྟ་བུ་ལ་སོགས་པ་སྟོང་པ་ཉིད་ཀྱི་གཟུགས་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བར་འདོད་པ་ ལ་སོགས་པའི་ལྟ་བ་ངན་པ་སུན་དབྱུང་བར་ཤེས་པར་བྱའོ)། ༤༧ ། ༈ འདིར་ཚིགས་སུ་བཅད་པ་བཞི་བཅུ་རྩ་བརྒྱད་པ་ནས་བརྩམས་ཏེ་ཚིགས་སུ་བཅད་པ་ དྲུག་ཅུ་རྩ་གསུམ་པའི་བར་ཚིགས་སུ་བཅད་པ་བཅུ་དྲུག་ནི་གོ་སླའོ། ༦༣ ། ༈ ད་ནི་ལུས་ལ་རྣམ་པ་བཅུ་ཡིས་དག་པ་གསུངས་པ་སྤུ་ཞེས་པ་ལ་སོགས་པ་སྟེ་འདིར་ བ་སྤུ་དང་སྐྲ་ནི་ནམ་མཁའི་ཁམས་དང་ལྤགས་པ་དང་ཤ་ནི་རླུང་གི་ཁམས་དང་(ཐིག་ལེའི་ཁྲག་ དང་ཕལ་བའི་ཁྲག་སྟེ་)ཁྲག་རྣམ་པ་གཉིས་ནི་མེའི་ཁམས་དང་རྡུལ་(རྩ་མི་ཡང་རྡུལ་ཟེར་ཞིང་ར་འགྱུར་ལ་རོ་ ཞེས་ཟེར་ལ་རོའི་དོན་ཡང་ཁུ་བ་ལ་འདོད་དོ་)དང་གཅི་བ་ནི་ཆུའི་ཁམས་དང་རུས་པ་དང་རྐང་ནི་སའི་ ཁམས་དང་རྩ་དང་སྲོག་ལ་སོགས་པ་(རླུང་བཅུ་)ནི་ཡེ་ཤེས་ཀྱི་ཁམས་སོ། །སྒྲ་གཅན་གྱི་མཇུག་ མ་ནི་(དུང་ཅན་མ་)ཡེ་ཤེས་རྡོ་རྗེ་དང་སྒྲ་གཅན་(ཨ་བ་དྷཱུ་ཏཱི་)ནི་ཐུགས་རྡོ་རྗེ་དང་ཉི་མ་(ར་ས་ནཱ་)ནི་ གསུང་རྡོ་རྗེ་དང་ཟླ་བ་(ལ་ལ་ནཱ་)ནི་སྐུ་རྡོ་རྗེ་སྟེ་བཞི་པོ་འདི་རྣམས་ཀྱི་དབུས་སུ་ཀུན་ནས་སྲོག་ རྒྱུ་བའོ། །ཟླ་བའི་དབུས་སུ་སྟེ་ཁུ་བའི་དབུས་སུ་དྲི་མེད་ནོར་བུ་བཞིན་དུ་ཞེས་པ་(ཚོན་སྣ་ཚོགས་ ཀྱིས་)ཉེ་བར་གཞག་པ་དང་འབྲེལ་བའི་ཤེལ་བཞིན་དུ་(བརྟན་གཡོའི་)དངོས་པོ་ཀུན་གྱིས་འཁྱུད་ པའི་རྣམ་པར་ཤེས་པ་(གཞན་ཆོས་ཀྱི་དབྱིངས་དང་རང་བྱུང་གི་ཡེ་ཤེས་)སྟེ། (རྣམ་པར་ཤེས་པ་ཞེས་པ་འདི་རྩ་མི་དང་ རྭ་འགྱུར་ལ་སྐབས་འདིར་མེད་ཅིང་གོང་གི་ཟླ་བའི་དབུས་སུ་སྟེ་ཞེས་པའི་གོང་ན་ཡོད་)དེ་ནི་དངོས་པོ་དང་དངོས་པོ་ མེད་པ་དག་གཉིས་སུ་མེད་པ་ཉིད་(པྲ་ཕབ་པ་དང་)སྒྱུ་མ་ལྟ་བུ་(གཟུགས་ཀྱི་རྣམ་པར་སྣང་ཡང་རྡུལ་ཕྲ་རབ་ ལས་འདས་པ་)སྟོང་པ་ཉིད་ཀྱི་གཟུགས་ཙམ་འགྱུར་བ་མེད་པའི་བདེ་བ་མཆོག་གི་བདུད་རྩི(འཆི་བ་ མེད་པ)འི་གོ་འཕང་(སྟེ་ཐར་བ་ཆེན་པོ་བརྟན་གཡོ་ཀུན་ལ་)ཁྱབ་བྱེད་གཞོམ་དུ་མེད་པ(རྡོ་རྗེའི་སྐུ)འོ་ཞེས་པ་ ངེས་པ་སྟེ་(གསུང་འདིས་ཀྱང་སྟོང་གཟུགས་ཀུན་རྫོབ་དང་རྟེན་འབྲེལ་དུ་འདོད་པ་བསལ་བ་ཡིན་ནོ་)ལུས་ལ་〔བ་སྤུ་ལ་ སོགས་པ་ཁམས་དྲུག་དང་རྡོ་རྗེ་བཞིར་〕རྣམ་པ་བཅུ་དག་པའོ། ༦༤ ། 4-1-247 ༈ ད་ནི་ས་བཅུ་རྣམས་ཀྱིས་ཁམས་རྣམ་དག་པ་གསུངས་པ་སྤུ་ལ་སོགས་པ་ཞེས་པ་སྟེ་ འདིར་བ་སྤུ་དང་སྐྲ་(རྣམ་པར་དག་པ་)ནི་(ས་དང་པོ་)རབ་ཏུ་དགའ་བའོ། །ལྤགས་པ་དང་ཤ་〔རྣམ་ པར་དག་པ་〕ནི་(གཉིས་པ་)དྲི་མ་མེད་པ་དང་ཁྲག་རྣམ་པ་གཉིས་〔རྣམ་པར་དག་པ་〕ནི་(གསུམ་པ་)འོད་བྱེད་པ་དང་(ཁུ་བ་)རོ་དང་ཆུ་(འདི་ལ་ར་འགྱུར་དུ་དྲི་ཆུ་ཟེར་རྩ་མི་ཆུ་སེར་ཟེར)ནི་(བཞི་པ་)འོད་འཕྲོ་བ་ དང་རུས་པ་དང་རྐང་〔རྣམ་པར་དག་པ་〕ནི་(ལྔ་པ་)སྦྱང་དཀའ་བ་དང་རྩ་དང་སྲོག་〔རྣམ་པར་ དག་པ་〕ནི་(དྲུག་པ་)མངོན་དུ་གྱུར་པ་དང་དུས་ཀྱི་མེ་དང་ཆགས་པའི་ཁམས་(བཞི་པའི་གནས་སྐབས་)ནི་(བདུན་པ་)རིང་དུ་སོང་བ་དང་སྒྲ་གཅན་ནི་(བརྒྱད་པ་)མི་གཡོ་བ་དང་ཉི་མ་ནི་(དགུ་པ་)ལེགས་ པའི་བློ་གྲོས་དང་ཟླ་བ་〔རྣམ་པར་དག་པ་〕ནི་(བཅུ་པ་)ཆོས་ཀྱི་སྤྲིན་ཏེ་(དེ་ལྟར་ཕྱི་མ་བཞི་ནི་རིམ་པ་ལྟར་)ཆགས་པ་(བཞི་པ་)དང་མུན་པ་(སེམས་)དང་རྡུལ་(ངག་)དང་སྙིང་སྟོབས་(ལུས་)ཀྱི་ཆོས་ཀྱིས་ཀུན་ རྫོབ་ལ་འཇུག་པའོ། །དེ་ལྟར་སྤུ་ལ་སོགས་པ་ཟླ་བའི་མཐའ་(ལ་ཐུག་པ་བཅུ་)ནི་(སེམས་ཅན་)མཐའ་ དག་ལུས་ལ་གནས་པ་〔སྟེ་〕དེ་རྣམས་ཀྱི་སྒྲིབ་པ་མེད་པ་(སྟེ་དེ་རྣམས་འགགས་པ་)ལས་ས་བཅུ་པོ་དེ་ རྣམས་སོ(རྣམ་པར་དག་ཅིང་ཐོབ་པར་འགྱུར་རོ)། ། ༈ གང་ཞིག་ས་བཅུར་གསུངས་པ་དེ་རྣམས་ཀྱང་སྡེ་པ་དྲུག་དང་ལ་སོགས་གཞན་ དབྱངས་དང་ལྡན་པ་རྣམས་སུ་གསུངས་སོ། །དེ་ལ་ཀའི་སྡེ་པ་ནི་རབ་ཏུ་དགའ་བ(འི་ཡི་གེ་)སྟེ་ དེ་བཞིན་དུ་གྲངས་ཇི་ལྟ་བར་ཙ་ཊ་པ་ཏ་ས་ཞེས་པ་སྡེ་པ་དྲུག་པོ་རྣམས་(ས་དྲུག་ཡི་གེ་)དང༌། ལ་ ཝ་ར་ཡ་ཧ་(ས་བདུན་པ་དང་)ཨལ་ཨོ་ཨར་ཨེ་ཨ་(ས་བརྒྱད་པ་དང་)ལྀ་ཨུ་རྀ་ཨི་ཨ་ ཧཿ(ས་དགུ་པ་དང་)ཨཾ་ཞེས་པའོ(ས་བཅུ་པའི་ཡི་གེ་སྟེ་ཐབས་ཀྱི)། །དེ་བཞིན་དུ་(ཡི་གེ་དེ་རྣམས་)ལུགས་ལས་ བཟློགས་པས་ཀྱང་རིང་པོ་ལ་སོགས་པའི་སྡེ་བ་རྣམས་ཤེས་རབ་ཀྱི་ས་(བཅུ་པའི་ཡི་གེ་)རྣམས་སོ། ། ༈ (ལུས་ལ་གནས་པའི་ས་བཅུ་པོ)འདི་དག་དུས་ཀུན་རྣལ་འབྱོར་རྣམས་ལ་བདེ་མཉམ་འབྲས་ 4-1-248 བུ་སྟེར། །དེ་ཕྱིར་བླ་མའི་ཞབས་ལ་གནས་པ་ཞེས་པ་ཨ་བ་དྷཱུ་ཏཱིའི་ཞབས་ལ་གནས་པའི་(སྦྱོར་ བ་ཡན་ལག་དྲུག་གི་)རྣལ་འབྱོར་པ་རྣམས་ཀྱིས་ནི་ཐར་བའི་སླད་དུ་བཙལ་བར་བྱ་ཞེས་པ་བཅོམ་ ལྡན་འདས་ཀྱི་ངེས་པའོ། །ལུས་ལས་མ་གཏོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་ རྒྱས་གཞན་ནི་འགའ་ཡང་ཡོད་པ་མིན་ཏེ་འདིར་ལུས་ཀྱི་ཁམས་སྒྲིབ་པ་མེད་པ་རྣམས་སངས་ རྒྱས་ཉིད་སྟེར་བར་བྱེད་པ་དང་ཐར་པ་སྟེར་བའོ(ཀྱེའི་རྡོ་རྗེར་ཡང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། ། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ནས་ནི་སངས་རྒྱས་ཉིད། །ཅེས་པ་དང༌། སམ་བུ་ཊིར་ཡང༌། རང་གི་ལུས་ལ་ སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ལས་གཞན་དུ་ སངས་རྒྱས་འདོད། །ཅེས་སོ)། ༦༥ ། ༈ ཚིགས་སུ་བཅད་པ་དྲུག་ཅུ་རྩ་ལྔ་པ་འདི(འི་རྗེས་)ནས་(དྲུག་ཅུ་རྩ་དྲུག་པ་ལ་སོགས་པ་)བདུན་ཅུ་ རྩ་བཞི་པའི་མཐར་ཐུག་པ་གཞན་ཚིགས་སུ་བཅད་པ་དགུ་ནི་གོ་སླའོ། ༧༤ ། ༈ ད་ནི་(རྟགས་བཅུ་རྫོགས་ནས་)སྟོང་པ་ཉིད་ཀྱི་གཟུགས་(རྣམ་པ་ཐམས་ཅད་པ་)མཐོང་བའི་རྗེས་ ལ་སྲོག་འགོག་པས་རྣལ་འབྱོར་པ་རྣམས་ཀྱི་(འགྱུར་བ་མེད་བདེ་བའི་)སྐ་ཅིག་ཐོབ་པ་གསུངས་པ་ རླུང་ཞེས་པ་ལ་སོགས་པ་སྟེ་སྔར་(སོར་སྡུད་བསམ་གཏན་གྱིས་སྣ་ཚོགས་)གཟུགས་མཐོང་བའི་རྗེས་ ལ་སྲོག་རྩོལ་གྱིས་རླུང་བཅུ་པོ་རྣམས་(ལྟེ་བའི་ལྟེ་བར་)ཕྲད་པར་འགྱུར་རོ། །སྲོག་དང་ཐུར་སེལ་ ལ་སོགས་པ་བཅུ་པོ་ཡང་དག་པར་ཕྲད་པ་དེ་རྣམས་ཀྱིས་ལྟེ་བའི་ལྟེ་བ་ལ་གཏུམ་མོ་གློག་གི་ མེ(འབར་བ)འོ། །དེའི་རྩེ་མོ་ནི་(གཏུམ་མོའི་)འོད་ཟེར་ཡིན་ཞིང་རྩེ་མོ་དེས་སྤྱི་བོ་སྟེ་དཔྲལ་བར་ཟླ་ བ་ཞུ་བར་བྱེད་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གནས་སོ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ (ཞུ་བ་)གང་(དང་)གང་དཔྲལ་བ་འདི་ནས་མགྲིན་པ་དང་སྙིང་ཁ་དང་ལྟེ་བ་དང་གསང་བ་རྣམས་ ལ་སོན་པ་ནི་སྲོག་རྩོལ་གྱི་སྟོབས་ཀྱིས་(འཕོ་བ་)འགོག་པར་འགྱུར་ཏེ་གསང་བར་སྐུའི་ཐིག་ལེ་ (འཕོ་བ་)འགོག་ཅིང་དེ་བཞིན་དུ་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེ་ནི་(རིམ་པ་ལྟར་)ལྟེ་བ་ 4-1-249 དང་སྙིང་ཁ་དང་མགྲིན་པ་ལ་(འཕོ་བ་)འགོག་གོ། ཐིག་ལེ་འདི་ལས་གཡོ་བའི་ཁུ་བ་གང་ཞེས་ པ་ནི་འདིར་གསང་བ་ལ་(མི་འཕོ་བར་)གནས་པ་སྐུའི་ཐིག་ལེ་སྐ་བའི་རང་བཞིན་ལས་གཞན་སླ་ བའི་ཁུ་བ་གང་ཡིན་པ་དེ་ནི་གཡོ་བའི་ཁུ་བར་གསུངས་ཤིང་དེ་ནི་རྡོ་རྗེ་ནོར་བུ་གནས་རྒྱལ་ མཚན་རྩེ་ལ་སྟེ་རྟགས་ཀྱི་སྒོ་ལ་(འཕོ་བ་)ཡང་དག་པར་འགོག་པའོ། །གཡོ་བ་དེ་ནི་(བཞི་པ་ནི་) ཤེས་རབ་ཡེ་ཤེས་སྐད་ཅིག་(མ་རྗེས་མཐུན་པར་འགྱུར་ཏེ་དེ་ཡང་)གལ་ཏེ་ཐིག་ལེའི་ཕྲེང་བའི་འཕོ་བ་ མེད་པའི་རྒྱུས་བདེ་བ་སྟེར་ན(བཞི་པའི་ཤེས་རབ་ཡེ་ཤེས་ཀྱི་རྗེས་མཐུན་པ)འོ། །(མི་འཕོ་བར་གྱུར་པ་)དེའི་ཚེ་ ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་(འཛག་བདེ་)མ་ཡིན་ཏེ་(མི་འཕོ་བའི་བདེ་བ་བཞི་པ་)ཤེས་རབ་ཡེ་ཤེས་སོ་ ཞེས་གྲུབ་པོ། ༧༥། ༈ (ཐིག་ལེ་)མི་འཕོ་བའི་རྒྱུ་(ལས་བདེ་བ་སྐྱེ་བ་)དེའི་ཕྱིར་(ཐིག་ལེ་)གཡོ་མེད་བདེ་བའི་སྐད་ཅིག་ གང་ཡིན་པ་འདིར་ནི་ཆོས་ཀྱི་དབྱིངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ(སྟོང་པ་ཉིད་ཀྱི་གཟུགས་ཀྱི) ས་སྟེར་བར་བྱེད་དོ། །དེས་ན་ཕྱག་རྒྱ་ཆེན་པོའི་བདེ་བ་ནི་〔ཐིག་ལེ་〕མཆོག་ཏུ་མི་འགྱུར་བའོ། ། (རྗེས་དྲན་གྱི་སྐབས་ཀྱི་)ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་ནི་(རིམ་པ་ལྟར་)བདེ་བ་(དཔྲལ་བ་ནས་) འཛག་པ་དང་གཡོ་བའི་ཐབས་ཏེ་(དེ་གཉིས་ནི་བདེ་བ་)བྱིས་པ་དང་ལང་ཚོའོ། །ཇི་ལྟར་དངུལ་ཆུ་ (དུ་བ་ཙེག་ཙེག་གི་སྐབས་)བྱིས་པ་དང་〔སྦལ་བ་མཆོང་བ་ལྟ་བུ་〕ལང་ཚོ་〔འདར་བ་〕དང་རྒན་པོ་དང་ (འདར་མེད་དུ་)བཅིངས་པ་(སྟེ་གནས་སྐབས་བཞི་ཡོད་པ་)དེ་བཞིན་དུ་(རྣལ་འབྱོར་པའི་)ཁུ་བ་ཡང་(དཔྲལ་བ་ ནས་འཛག་པའི་གནས་སྐབས་ནི་)བྱིས་པ་དང་(གཡོ་བའི་གནས་སྐབས་ནི་)ལང་ཚོ་དང་རྒན་པོ་དང་(དེ་དག་གི་རྒྱུ་ ལས་མཐར་ཐིག་ལེ་ཉིད་ཀྱང་)འགོག་པ་སྟེ་སྒྲིབ་པ་ཐམས་ཅད་ཟད་པ་ལས་སོ། །སྒྲིབ་པ་ནི་(འཕོ་བ་ནི་) དྲི་མའོ། །(དེའི་རྒྱུ་ཡང་)བྱང་ཆུབ་ཀྱི་སེམས་(དཔྲལ་བ་ནས་བྱོན་པ་)དེ་ཉིད་(རྡོ་རྗེ་ནོར་བུ་ལས་འཕོ་བ་བཀག་པ་)གང་གི་ཚེ་(གསང་གནས་ལ་སོགས་པ་ནས་)དཔྲལ་བར་སྟེང་དུ་འགྲོ་བ་དེའི་ཚེ་(བྱང་)སེམས་དེ་(དགའ་ བ་ལ་སོགས་པ་)ཇི་ལྟར་བྱོན་པ་དེ་བཞིན་(དུ་རྒྱུ་མཐུན་པ་ལ་སོགས་པས་གཙུག་ཏོར་གྱི་བར་དུ་སྟེང་དུ་)གཤེགས་ 4-1-250 པར་འགྱུར་རོ། །རོ་ཡི་འགྲོ་བ་རྣམས་ལ་གནས་པ་སྟེ་(ལྟེ་བ་)ས་(དང་གསང་གནས་ཡེ་ཤེས་)ལ་སོགས་ པའི་དཀྱིལ་འཁོར་དྲུག་པོ་རྣམས་ལ་གནས་པ(འི་ཐིག་ལེ)འོ། །སྲོག་རྣམས་ཐམས་ཅད་བཀུག་ ཅིང་ཞེས་པ་ནི་(དབུགས་)ཉི་ཁྲི་ཅིག་སྟོང་དྲུག་བརྒྱའོ། །དེ་ལྟར་(གཡོན་རླུང་)ཉོན་མོངས་(པ་དང་གཡས་ རླུང་)བདུད་རྣམས་བཅོམ་བྱས་ནས་(རྣམ་པ་ཐམས་ཅད་པའི་)རྫུ་འཕྲུལ་དང་ཀུན་མཁྱེན་ཀྱི་ས་བཅུ་ གཉིས་འཆད་པར་འགྱུར་བ་རྣམས་དང་སྲིད་གསུམ་བླ་མ་ཉིད་ཅེས་པ་ཐམས་ཅད་མཁྱེན་ པ་ཉིད་(དག་པའི་སྐུ་)དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་(སྤྲུལ་སྐུ་)དང་ལམ་མཁྱེན་པ་ཉིད་ (ལོངས་སྐུ་)དང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་(ཆོས་སྐུ་)ལ་སོགས་པའི་འབྱོར་པ་ནི་རྣལ་འབྱོར་པ་ བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་(མིའི་)སྐྱེ་བ་འདི་ལ་སྟེར་བར་བྱེད་དོ། །ཅི་སྟེ་གང་གི་ ཚེ་(ཕྱག་རྒྱ་ཆེན་པོའི་)ལམ་དུ་རབ་ཏུ་ཞུགས་པར་གྱུར་པ་(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྡོ་རྗེའི་)རྣལ་འབྱོར་ མ་ཐོབ་པར་ཤི་བར་གྱུར་ན་དེའི་ཚེ་དེ་ཡི་འཛིན་པ་སྟེ་(རྣལ་འབྱོར་བསྒོམ་པ་གོམས་པའི་)བག་ཆགས་ ཀྱི་སྟོབས་ཀྱིས་སླར་ཡང་མི་ཡི་སྐྱེ་བ་གཞན་ལ་(ལམ་དང་འབྲས་བུའི་ཡོན་ཏན་)ཐམས་ཅད་ཐོབ་པར་ འགྱུར་ཏེ་(མི་དགེ་བ་བཅུ་སྤང་ཞིང་རྩ་བའི་ལྟུང་བ་བཅུ་བཞི་དང་བྲལ་ན་)བརྩོན་འགྲུས་དང་མི་ལྡན་པར་གྱུར་ ཅིང་ཡེ་ཤེས་མ་བསྒོམས་ཀྱང་(མིའི་)སྐྱེ་བ་བདུན་གྱི་མཐར་ཐུག་པས་སོ་ཞེས་པ་(དེ་བཞིན་གཤེགས་ པའི་)ངེས་པའོ། ༧༦ ། ༈ (བརྒྱད་པ་བྱང་ཆུབ་ཀྱི་སེམས་བསྟཻན་བའི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་)ད་ནི་བྱང་ཆུབ་སེམས་དཔའི་བྱིན་ གྱིས་བརླབས་པ་སྐྱེ་བ་གསུངས་པ་གང་ཞིག་ཡོན་ཏན་མེད་ཅེས་པ་ལ་སོགས་པ་སྟེ་འདིར་ གཞོན་ནུ་མ་གང་ཞིག་ཡོན་ཏན་མེད་པ་ནི་〔རྡུལ་〕མི་འཛག་པའི་ཕྱིར་ཆོས་ཀྱི་ཁམས་ཀྱི་ཡོན་ ཏན་དང་བྲལ་བའོ། །དེ་ནི་དངོས་པོ་ཆུང་བ་ལུས་ཀྱི་ཁམས་མ་རྫོགས་ཤིང་སོ་མ་བརྗེས་པ་སྟེ་ ལོ་བརྒྱད་ཀྱི་བར་དུ་(སྐུའི་ཕྱག་རྒྱ་)གཅིག་གོ། དེ་ནས་གཉིས་པ་ནི་སོ་བརྗེས་ནས་ལོ་བཅུའི་བར་ རོ། །དེ་ལྟར་སྐུའི་ཕྱག་རྒྱ་(གཉིས་)ནི་སྐྱེ་གནས་མ་ཉམས་པའོ། །དེའི་མཚམས་ནས་ལོ་བཅུ་ 4-1-251 གཅིག་ནས་བརྩམས་ནས་ལོ་བཅོ་ལྔའི་བར་དུ་གཅིག་(གསུང་གི་ཕྱག་རྒྱ་)སྟེ་ཆགས་པ་རྗེས་ཆགས་ སོ། །(འདོད་པའི་)ཡོན་ཏན་(གྱི་)གཏེར་(དུ་གྱུར་བ་)གཞན་ནི་(སྔ་མ་ལས་)ལོ་ལྔའི་བར་དུ་སྟེ་གསུང་གི་ ཕྱག་རྒྱ་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལྟར་ལོ་བརྒྱད་ལོ་གཉིས་དང་དེ་བཞིན་དུ་ལོ་ལྔ་དང་ ལྔའོ། །དེ་ནས་ལོ་ཉི་ཤུའི་རྗེས་ལ་གཞན་པ་མཁའ་དུས་ཞེས་པ་ལོ་བཞི་བཅུ་ནི་དེ་བཞིན་དུ་ ཐུགས་ཀྱི་ཕྱག་རྒྱ་གཅིག་སྟེ་〔སྐྲ་〕ནག་པོའི་དངོས་པོ་(དང་ལྡན་པ་)ལ་རྗེས་སུ་ཆགས་པའོ། །དེ་ ལྟར་ལོ་དྲུག་ཅུ་མའི་བུད་མེད་དོ། །སླར་ཡང་གཞན་མ་(སྟེ་གཉིས་པ་ནི་)སྟོང་པ་རིག་བྱེད་ཅེས་ པ་ལོ་བཞི་བཅུའི་བར་དུ་(སྐྲ་)དཀར་པོའི་དངོས་པོ་(དང་ལྡན་པ་)ལ་རྗེས་སུ་ཆགས་པ་སྟེ་རྒན་མོ་ རྒས་པ་སྐྲ་དཀར་དང་ལྡན་པ་ལོ་བརྒྱའི་མཐར་ཐུག་པའོ། །དེ་ལྟར་ཐུགས་ཀྱི་ཕྱག་རྒྱ་ཡང་ རྣམ་པ་གཉིས་སོ། །གསུམ་པོ་འདི་རྣམས་ཀྱི་ནང་ནས་སྐུའི་ཕྱག་རྒྱ་〔གཉིས་〕ནི་ཤིན་ཏུ་བུ་མོའོ། ། ཐུགས་ཀྱི་ཕྱག་རྒྱ་(གཉིས་)ནི་ཤིན་ཏུ་ལང་ཚོ་དང་རྒན་མོ་སྟེ་(དེ་ལྟར་ཤིན་ཏུ་བུ་མོ་ཤིན་ཏུ་ལང་ཚོ་དང་རྒན་ མོ་སྟེ་)གསུམ་པོ་འདི་རྣམས་སྤངས་ནས་ལོ་བཅུ་གཅིག་མ་མཚན་ཉིད་ཐམས་ཅད་ཡང་དག་ པར་རྫོགས་པ་རྣམས་ནི་རྒྱལ་པོའི་བླ་མའམ་རྒྱལ་པོ་དབང་བསྐུར་བའམ་དབང་ཕྱུག་དབང་ བསྐུར་བ་གཞན་རྣམས་ཀྱིས་བསྲུང་བར་བྱའོ(དེ་དག་མེད་ན་ཤིན་ཏུ་ལང་ཚོ་མ་ཡང་ངོ་)། ༧༧ ། ༈ རིན་ཆེན་དབང་པོ་མི་འབྱུང་བར་དུ་སྟེ་མི་འབྱུང་ཞེས་པ་རྡུལ་མི་འབྱུང་གི་བར་དུ་ (ཉེས་པ་དང་ཆུད་ཟོས་སུ་འགྱུར་བ་ལས་)བསྲུང་བར་བྱའོ། །རིན་ཆེན་དབང་པོ་རབ་ཏུ་འབྱུང་བའི་དུས་ སུ་མཐའ་དག་ཡོན་ཏན་གཏེར་གྱི་དཀྱིལ་འཁོར་དུས་ཀྱི་འཁོར་ལོ་བཞེངས་ནས་དང་པོར་ (བསླབ་པའི་གནས་རྣམས་)ལེགས་པར་བསླབ་པར་བྱས་ཤིང་(དཀྱིལ་འཁོར་)དེར་(ཕྱག་རྒྱ་)དེ་ལ་(རང་ གིས་)དབང་བསྐུར་ནས་སངས་རྒྱས་བྱིན་བརླབས་སྔགས་རྣམས་ཀྱིས་ཞེས་པ་རྡོ་རྗེ་དྲུག་པོ་ (ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ)རྣམས་དང་(སློབ་དཔོན་རང་ཉིད་)འཇམ་དཔལ་གྱི་ཏིང་ངེ་འཛིན་གྱིས་〔དང་〕ཤེས་ རབ་དེ་ཡང་(སྣ་ཚོགས་ཡུམ་དུ་)རྫོགས་པ་བྱས་ཏེ་གཡས་ཀྱི་རྩ་ལ་(སྲོག་)རབ་ཏུ་འབབ་པའི་དུས་ 4-1-252 སུ་དེའི་གསང་བའི་པད་མར་བདེ་མཉམ་བྱང་ཆུབ་ཀྱི་སེམས་སྔགས་དང་བཅས་པ་ཞེས་པ་ སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་སྔགས་(ༀ་ཨཱཿཧཱུཾ་ཧོཿ)དང་བཅས་པ་སྤྲོ་བར་བྱའོ། །དེ་ ནས་གསང་བ་དེ་ལ་(རྡོ་རྗེ་དྲུག་དང་ༀ་ཧླྀཾ་ཞེས་སོགས་)ཡན་ལག་དྲུག་གིས་བསྲུང་བ་རབ་ཏུ་བྱ་སྟེ་ དེ་ནས་རང་གི་རྡོ་རྗེ་ནོར་བུ་ལ་གནས་(པའི་)བྱང་ཆུབ་སེམས་ནི་མྱང་བར་བྱའོ། །དེ་ནས་རྣལ་ འབྱོར་པས་(ཕྱག་རྒྱ་)དེ་ལ་ཡང་སྦྱིན་ནོ། །དེའི་པད་མའི་ཕྱི་རོལ་གྱི་(ས་བོན་)གང་ཡིན་པ་དེ་ནི་ མིང་མེད་དང་མཐེ་བོང་དག་གིས་བླངས་ནས་མྱང་བར་བྱ་སྟེ་(དགོས་པའི་དབང་མ་གཏོགས་པའི་ཐིག་ལེ་) ཐམས་ཅད་(འཛག་མེད་དུ་)བསྲུང་བའི་དོན་དུའོ། ༧༨ ། ༈ ཆོ་ག་འདིས་མངལ་བཟུང་བ་དེ་ལ་གང་ཞིག་(ཁུ་བ་ལྷག་པ་ལས་)བུ་རུ་གྱུར་པ་དེ་ནི་འཇམ་ པའི་རྡོ་རྗེ་ཉིད་དོ། །ཤེས་རབ་ལྷག་པ་ལས་ཞེས་པ་རྡུལ་ལྷག་པ་ལས་གལ་ཏེ་བུ་མོར་གྱུར་ན་ དེའི་ཚེ་སྣ་ཚོགས་ཡུམ་གྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེས་ན་ངེས་པར་སངས་རྒྱས་ ཡུམ་དུ་འགྱུར་ཞེས་པ་སྟེ་འཇམ་དཔལ་དང་སྣ་ཚོགས་ཡུམ་གྱིས་བྱིན་གྱིས་བརླབས་པའི་ཆོ་ གའོ། །དེ་ནས་གཞན་མ་མེ་ཏོག་གསུམ་གྱིས་ཞེས་པ་ནི་འདིར་གལ་ཏེ་རྡུལ་དང་པོ་ལ་མངལ་ མ་སྐྱེས་ན་དེའི་ཚེ་ཡང་དང་ཡང་དུ་རྡུལ་མཐོང་བ་སོ་སོ་ལ་དཀྱིལ་འཁོར་བཞེངས་ནས་(འཇིག་ རྟེན་དབང་ཕྱུག་ལ་སོགས་པའི་)ཏིང་ངེ་འཛིན་གཞན་(དང་གཞན་)རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་སྤྲོ་ བར་བྱའོ། །དེ་ལྟར་གཉིས་པ་ལ་པད་མ་དཀར་འཛིན་ཞེས་པ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་ པར་འགྱུར་རོ། །གསུམ་པ་ལ་ཛཾ་བྷ་ལའི་སྤྲུལ་པ་དང་བཞི་པ་ལ་ཕྱག་ན་རྡོ་རྗེ་སྟེ་བུའི་ཡུལ་ ལའོ། །བུ་མོའི་ཡུལ་ལ་(རིམ་པ་ལྟར་)གོས་དཀར་མོ་དང་ནོར་རྒྱུན་མ་དང་སྒྲ་རྡོ་རྗེ་མས་བྱིན་གྱིས་ བརླབས་པར་འགྱུར་རོ། །དེ་ནས་མེ་ཏོག་བརྒྱད་ཀྱི་གཞན་བརྒྱད་ཕྱོགས་དང་ཕྱོགས་བྲལ་དུ་ གནས་རྫུ་འཕྲུལ་ཆེ་ལྡན་ཁྲོ་བོའི་རྒྱལ་པོ་རྣམས་ཞེས་པ་ནི་འདིར་སྔར་ཛཾ་བྷ་ལས་བྱིན་གྱིས་ བརླབས་པ་ལས་〔ཡང་ན་〕གཙུག་ཏོར་གྱི་ཏིང་ངེ་འཛིན་གྱི་གཙུག་ཏོར་རམ་ཤིན་ཏུ་སྔོན་མོས་ 4-1-253 བྱིན་གྱིས་བརླབས་པར་འགྱུར་རོ། །ཕྱག་ན་རྡོ་རྗེའི་གནས་སུ་གནོད་མཛེས་རྒྱལ་པོའམ་དྲག་ སྤྱན་མར་འགྱུར་(ཏེ་ཡང་ནའོ་)རོ། །དེ་ནས་རྡུལ་ལྔ་པ་ལ་བགེགས་མཐར་བྱེད་དང་བརྩོན་འགྲུས་ མཐའ་ཡས་མའོ། །དྲུག་པ་ལ་ཤེས་རབ་མཐར་བྱེད་དང་རྨུགས་བྱེད་མའོ། །བདུན་པ་ལ་པད་ མ་མཐར་བྱེད་དང་ང་རྒྱལ་མའོ། །བརྒྱད་པ་ལ་གཤིན་རྗེ་མཐར་བྱེད་དང་རེངས་བྱེད་མའོ། ། དེ་ནས་དགུ་པ་ལ་སྟོབས་པོ་ཆེ་དང་འོད་ཟེར་ཅན་མའོ། །བཅུ་པ་ལ་མི་གཡོ་བ་དང་ཙུན་ དཱའོ། །བཅུ་གཅིག་པ་ལ་འདོད་པ་དང་ཁྲོ་གཉེར་ཅན་ནོ། །བཅུ་གཉིས་པ་ལ་དབྱུག་པ་སྔོན་པོ་ དང་རྡོ་རྗེ་ལྕགས་སྒྲོག་མའོ་ཞེས་པ་སྟེ་ཕྱོགས་བྲལ་རྣམས་སུའོ། །དེ་ལྟར་ཁྲོ་བོའི་ཏིང་ངེ་འཛིན་ གྱིས་མངལ་ནི་ཁྲོ་བོས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ནས་ཟླ་མཚན་བཅུ་གསུམ་པ་ ན་སླར་ཡང་(ལོ་ཕྱི་མ་ལ་རྡུལ་)དང་པོ་སྟེ་མ་རིག་པ་ལ་སོགས་པའི་ཡན་ལག་(བཅུ་གཉིས་སླར་འཁོར་བ་) ཇི་ལྟ་བ་བཞིན་ནོ། ༧༩ ། དེས་ན་ཟླ་བ་(དང་པོ་)དེ་ལ་རྡུལ་གང་རབ་ཏུ་བྱུང་བའི་རྡུལ་དེ་ནི་སླར་ཡང་འཇམ་དབྱངས་ རབ་ཏུ་སྐྱེད་པ་སྟེ་དེ་བཞིན་དུ་དེའི་རྗེས་ལ་རྣལ་འབྱོར་པས་ཏིང་ངེ་འཛིན་(གཞན་དང་གཞན་)གྱི་ དམིགས་པ་བྱས་ནས་བྱང་ཆུབ་ཀྱི་སེམས་རྣམ་པར་སྤྲོ་བར་བྱ་སྟེ་མངལ་ནི་(དེ་དང་)དེས་བྱིན་ གྱིས་བརླབས་པར་འགྱུར་རོ། ། ༈ ཡུམ་གྱི་ལོ་ཉི་ཤུ་དག་གི་བར་དུ་སོ་སོའི་རྡུལ་ལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ གཅིག་གམ་གཉིས་ལ་སོགས་པར་གྱུར་པ་ནི་(སྙིང་སྟོབས་ཀྱི་ཡོན་ཏན་ལས་)སྙིང་སྟོབས་ཆེན་པོ་ ཅན་དུ་འགྱུར་རོ། །(དེའི་སྟེང་དུ་)ཡུམ་གྱི་ལོ་བཞི་བཅུའི་བར་དུ་(རྡུལ་གྱི་ཡོན་ཏན་ལས་)ཅུང་ཟད་སྙིང་ སྟོབས་ཆ་ཤས་དམན་པར་འགྱུར་རོ། །སླར་ཡང་(དེའི་སྟེང་དུ་)ལོ་ནི་ཉི་ཤུའི་བར་དུ་དེ་བས་ཀྱང་ ནི་(མུན་པའི་ཡོན་ཏན་ལས་)སྙིང་སྟོབས་ཆུང་ཞིང་བརྩོན་འགྲུས་ཆུང་བའོ། །དེ་ལྟར་ཡུམ་གྱི་ལོ་ བརྒྱད་ཅུ་(འི་བར་དུ་)སྟེ་(ཉི་ཤུ་དྲུག་ཅུ་བརྒྱད་ཅུའི་མཐར་ཐུག་པ་ལ་རིམ་པ་ཇི་ལྟ་བར་)སྙིང་སྟོབས་དང་རྡུལ་དང་ 4-1-254 མུན་པའི་དབྱེ་བས་མངལ་བྱིན་གྱིས་བརླབ་པ(ཚེ་ལོ་བརྒྱ་པའི་དབང་དུ་བྱས་པ)འོ། ༨༠ ། ༈ དེ་ནས་སྐྱེ་གནས་ལ་ནི་རྡུལ་མེད་ཅིང་མངལ་གྱི་ཡུལ་ནི་རབ་བཅོམ་སྟེ་(རྡུལ་)དེ་ཉམས་ པ་ལས་ཤེས་རབ་(བུད་མེད་)ལ་དབང་བསྐུར་(གོང་མ་ལུས་ཀྱི་སྦྱིན་པ་)མ་ཡིན་ནོ། །ཐབས་(སྐྱེས་པ་)ལ་ ཡང་(རྒས་ནས་)ས་བོན་མེད་ན་(སྔར་དང་འདྲ་)སྟེ་ས་བོན་ཞེས་པ་ནི་གང་རབ་ཏུ་སྐྱེ་བ(ར་བྱེད་པ)འོ། ། འོན་ཀྱང་ས་བོན་ཉམས་པའི་རྒན་པོ་ལ་ནི་ཤེས་རབ་དབང་བསྐུར་རྒྱལ་བའི་བདག་པོ(རྡོ་རྗེ་ འཛིན་པ)འི་གསུང་གིས་སྦྱིན་པར་བྱ་སྟེ་དགེ་སློང་ལ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་ཤེས་རབ་ (རྒན་མོ་ལ་)ལ་ཡང་དགེ་སློང་མ་ལ་ཇི་ལྟ་བ་(དེ་)བཞིན་(དུ་གསུངས་གིས་སྦྱིན་)ནོ། ། ༈ དེ་ལྟར་ལོ་ཉི་ཤུ་མ་རྣམས་དབང་གི་དོན་དང་(བྱང་ཆུབ་སེམས་དཔའི་རིགས་)བྱིན་གྱིས་བརླབ་ པའི་དོན་དུ་བཟང་ངོ༌། །ལོ་ཉི་ཤུ་ཉི་ཤུ་རྣམས་ཀྱིས་སའི་ཁམས་དང་དེ་བཞིན་ཉིད་དུ་ཆུ་དང་ མེ་དང་རླུང་དང་ནམ་མཁའི་ཡོན་ཏན་རྣམས་ལོ་བརྒྱའི་བར་དུ་སྟེ་རྒྱལ་བའི་ཡན་ལག་(རྒྱལ་སྲས་ འཕེལ་བའི་)དོན་དུ་བཙལ་བར་བྱའོ། །(བྱང་ཆུབ་སེམས་དཔའི་རིགས་སྤེལ་བ་)བྱང་ཆུབ་སེམས་ཀྱི་བསྙེན་ པ་འདི་ནི་སེམས་ཅན་དོན་གྱི་བྱེད་པ་མོ་སྟེ་(གཞན་ལ་ཕན་པའི་)འབྲས་བུ་མང་པོར་འགྱུར་ཞེས་པ་ བྱང་ཆུབ་སེམས་དཔའ་བསྐྱེད་པའི་ཕྱིར་རོ། ༨༡ ། ༈ ད་ནི་བདུད་རྩི་བཏུང་བ་གསུངས་པ་གང་ཞིག་ཁྲག་ནི་ཞེས་པ་ལ་སོགས་པ་སྟེ་འདིར་ ཕྱི་རོལ་ཏུ་དྲང་བའི་དོན་གྱིས་གང་ཞིག་ཁྲག་འཐུང་བར་བྱེད་པ་དེ་ནི་ཤ་སྦྲང་ངོ་(སྟེ་དེ་ན་བདུད་རྩི་ རིལ་བུ་སྒྲུབ་པ་ལ་ཤ་སྦྲང་གི་རོ་བཅོ་ལྔ་བསྲེ་བའོ)། །(དེ་ཉིད་)ངེས་པའི་དོན་གྱིས་ནི་གང་ཞིག་ཨ་བ་དྷཱུ་ཏཱིར་ འཕོ་བའི་དུས་སུ་རྡུལ་གྱི་ཁམས་འཐུང་བ་རབ་མཆོག་ལྷ་མི་རྣམས་ཀྱི་ཤ་སྦྲང་(འཆི་བ་མེད་པར་ བྱེད་པས་)དེ་ནི་བདུད་རྩི་གཅིག་པུ་སྟེ་ཨ་བ་དྷཱུ་ཏཱིར་འགོག་པའོ་ཞེས་པའི་དོན་ཏོ། །ཕྱི་རོལ་ཏུ་ (ཆང་)སྐྱུགས་(བདུད་རྩི་རི་ལུ་ལ་བསྲེས་)པ་ཟ་བ་གང་ཡིན་པ་དེ་ནི་ངེས་པའི་དོན་གྱིས་བྱང་ཆུབ་ཀྱི་ སེམས་(བབས་པ་)གསང་བ་ལ་སོགས་པའི་ཁ་ནས་རྡོ་རྗེ་ནོར་བུར་སོང་བ་ནི་(སླར་ཡང་)སྐྱུགས་པ་ 4-1-255 (ཞེས་པ་རང་གནས་སུ་ལོག་པ་སྟེ་དེ་ལུས་ལ་བརྟེན་པ་ཟ་བ་)ཡིན་གྱི་(ཕྱི་རོལ་ཀྱི་)ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་ནང་དུ་ རབ་ཏུ་ཞུགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་འཕོ་བ་མེད་པའི་བཤང་བ་དང་གཅི་བ་དང་ཁྲག་ དང་ཤ་ནི་མཆོག་ཏུ་རོ་མཉམ་སྟེ་མི་ཟག་པའོ། །སྐྱུགས་པ་ནང་དུ་རབ་ཏུ་ཞུགས་པ་ཞེས་པ་ (ཕྱི་རོལ་ཏུ་འཕོ་བ་)འགགས་པ་སྟེ་སྒྲིབ་པ་མེད་པར་འགྱུར་བའོ། །(འཕོ་མེད་)འདི་དག་རྣམས་ནི་ཡེ་ ཤེས་བདུད་རྩིར་འགྱུར་ཞིང་འཕོ་བ་མེད་པའི་བདུད་རྩི་ལྔ་ནི་སྲིད་པ་གསུམ་གྱི་བླ་མ་(རྒྱལ་བ་) ཡིས་ཀྱང་རྒྱུད་རྣམས་ཀུན་ཏུ་བསྟན་ཏེ་ཕྱི་རོལ་ཀྱི་བཤང་བ་ལ་སོགས་པ་དངོས་གྲུབ་ཀྱི་སླད་ དུ་(ཟ་བར་)བསྟན་པ་ནི་མ་ཡིན་ནོ། །{ཞེས་པ་བདུད་རྩིའི་ངེས་པའོ}། ༨༢ ། ༈ ད་ནི་ཕྱི་རོལ་ཏུ་དམ་ཚིག་བསྲུང་བ་དང་བཟའ་བ་གསུངས་པ་ཤེས་རབ་ཅེས་པ་ལ་ སོགས་པ་སྟེ་འདིར་སྙོམས་པར་ཞུགས་པ་ལ་〔བདེ་བ་〕སྒོམ་པར་བྱེད་པའི་རྣལ་འབྱོར་པའི་ བྱང་ཆུབ་ཀྱི་སེམས་མ་བསྡམས་པ་གལ་ཏེ་ཤེས་རབ་ཀྱི་ཆོས་འབྱུང་དུ་ལྷུང་ན་དེའི་ཚེ་ཤེས་ རབ་ཆོས་འབྱུང་ལ་ནི་གང་ཞིག་ལྷུང་བའི་བདེ་བ(འི་རྟེན་)དག་ཀྱང་(བྱང་ཆུབ་སེམས་དཔའི་རིགས་སྤེལ་ བའི་དོན་དུ་རྡོ་རྗེ་དྲུག་དང་ཡན་ལག་དྲུག་གིས་)རབ་ཏུ་འབད་པས་བསྲུང་བར་བྱའོ། །དེ་ཅིའི་ཕྱིར་(བསྲུང་) ཞེ་ན། ཏིང་ངེ་འཛིན་གྱིས་སྤྲོས་པའི་བྱང་ཆུབ་ཀྱི་སེམས་དེ་ཡིས་གང་སུ་ཞིག་བྱུང་བ་དེ་ནི་རྒྱལ་ བའི་རིགས་ལ་བྱང་ཆུབ་སེམས་དཔའ་ཉིད་དེ། གང་གི་ཕྱིར་བདེ་བར་གཤེགས་པའི་རིགས་ རབ་ཏུ་འཕེལ་བར་བྱེད་པ་དེའི་ཕྱིར་བདེ་བར་གཤེགས་པ་མཉམ་པར་མ་བཞག་པ་རྣམས་ ཀྱི་བྱང་ཆུབ་ཀྱི་སེམས་བསྲུང་བ་དང་བྲལ་བ་དེ་ནི་ཉིན་ཞག་སོ་སོའི་དུས་སུ་བདུད་ཕོ་ཉ་དང་ སྲིན་པོ་ཁུ་བ་འཕྲོག་པར་བྱེད་པ་རྣམས་དང་མི་རྣམས་ཀྱིས་ཀྱང་རྣལ་འབྱོར་པའི་ཆ་བྱད་ཀྱིས་ ཟ་རུ་འཇུག་པར་བྱེད་ཅིང་ཤེས་རབ་(ཀྱི་)མེ་ཏོག་དང་ལྡན་(པའི་ཐིག་ལེ་)ཟོས་པ(ཙམ་གྱིས་)ཞི་བ་ བདེ་བའི་འབྲས་བུ་སྟེར་བར་(བྱེད་དོ་ཞེས་)སྟོན་དུ་འཇུག་པར་བྱེད་དེ་བྱིས་པའི་སྐྱེ་བོ་གཞན་ རྣམས་དམྱལ་བར་གཏང་བའི་སླད་དུའོ། ༨༣ ། 4-1-256 དེའི་ཕྱིར་སངས་རྒྱས་པའི་སྔགས་པ(གཞན་གྱི་དོན་དུ་བྱང་ཆུབ་སེམས་དཔའི་རིགས་སྤེལ་བར་འདོད་པ་ རྣམས་ཀྱི)ས་རྡོ་རྗེ་འཁུམས་པར་མ་གྱུར་གྱི་བར་དུ་ཆུ་སྐྱེས་ལས་ནི་དབྱུང་བར་མི་བྱའོ། །གང་ ཚེ་འདོད་པ་གྲུབ་པ་དེའི་ཚེ་ན་(མངལ་)འདི་ནི་སངས་རྒྱས་(ཀྱིས་)བྱིན་གྱིས་བརླབས་པར་རབ་ཏུ་ འགྱུར་ལ་(ལྷག་མ་ནི་)རྡོ་རྗེའི་ལམ་ནས་(རླུང་སྦྱོར་དང་ཏིང་ངེ་འཛིན་གྱི་དམིགས་པས་)ཐབས་ཀྱི་སྙིང་ཁར་ གཞུག་པར་བྱ་ཞིང་པད་མའི་ལམ་〔རླུང་སྦྱོར་དང་ཏིང་ངེ་འཛིན་གྱི་དམིགས་པས་〕ནས་ཤེས་ རབ་ཀྱི་སྙིང་ཁར་གཞུག་པར་བྱ་སྟེ་རང་རང་རྡོ་རྗེའི་སྙིང་ཁར་ལྷའི་འཁོར་ལོ་རབ་ཏུ་བཅུག་ པ་འདི་ཡི་འོད་ཟེར་རྣམས་ཀྱིས་(ཐབས་ཤེས་)གཉི་གའི་ལུས་ནི་གང་བར་བྱས་ནས་འཁོར་ལོའི་ རྣམ་པར་བྱེད་དོ། ༨༤ ། གལ་ཏེ་(གཉིས་ཀའི་ལུས་གང་ནས་འཁོར་ལོའི་རྣམ་པར་བྱེད་པ་)འདི་ནི་གྲུབ་པར་མ་གྱུར་ན་དེའི་ཚེ་ རྡོ་རྗེ་ནོར་བུ་ལ་ནི་ཡང་དག་གནས་པའི་བྱང་ཆུབ་ཀྱི་སེམས་མིང་མེད་དང་མཐེ་བོ་དག་གིས་ བླངས་ནས་བཟའ་བར་བྱའོ། །དེ་བཞིན་དུ་ཤེས་རབ་ཀྱི་པད་མའི་ཕྱི་རོལ་ཏུ་འོངས་པ་དེ་ ཉིད་ཀྱང་གཉིས་པོ་དག་གིས་བཟའ་བར་བྱའོ། །ཤེས་རབ་ཀྱི་ནི་ཆོས་འབྱུང་ན་གནས་པ་ལ་ མཐའ་དག་རྒྱལ་བའི་རིགས་(དྲུག་)ནི་བསྲུང་བའི་དོན་དུ་དགོད་པར་བྱ་སྟེ་(དེ་ཡང་)དཔྲལ་བ་ལ་ སོགས་པ་(འཁོར་ལོ་དྲུག་པོ་)རྣམས་སུ་རྡོ་རྗེ་དྲུག་པོ་(ༀཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་པ་)རྣམས་དང་སྙིང་ཁ་(དང་) ལ་སོགས་པ(འི་སྒྲས་སྤྱི་བོ་དང་གཙུག་ཏོར་དང་ཡན་ལག་ཐམས་ཅད་དང་མིག་ཕྱོགས་ཐམས་ཅད་དེ་དེ་)རྣམས་སུུ་(ༀ་ ཧྲླཱྀ ཾ་ཧྲི་ད་ཡཱ་ཡ་ན་མཿ ༀ་ཧྲུཾ་སི་ར་སེ་སྭཱཧཱ ༀ་ཧྲྼྀཾ་ཤི་ཥ་ཡེ་བཽ་ཥཌ ༀ་ཧྲིཾ་ཀ་བ་ཙཱ་ ཡ་ཧཱུཾ། ༀ་ཧཾ་ནེ་ཏྲེ་ཡ་བཽ་ཥཌ། ༀ་ཧྲ་ཨཿཥ་ྟཡ་ཕཊ་ཅེས་པ་)ཡན་ལག་དྲུག་གོ(འདིས་ཀྱང་དབང་ལེའི་ མདོར་བསྡུས་གཉིས་པར་ཧྲླཱྀ ཾ་ལ་སོགས་ཡན་ལག་དྲུག་སྙིང་ཁ་ལ་སོགས་པར་གསུངས་པ་དེ་དགོངས་པ་ཅན་དུ་ཁ་ཅིག་ འདོད་པ་བསལ་བ་ཡིན་ནོ)། ཤེས་རབ་ལྡན་པ་ལའོ་ཞེས་པ་ནི་རྡུལ་དང་ལྡན་པ་ལའོ། །(དེ་ལྟར་དགོས་པ་ དེ་གྲུབ་པ་ན་)དེ་ནས་བྱང་ཆུབ་ཀྱི་སེམས་གཅིག་པུ་བསྲུང་པ་ལ་བསོད་ནམས་ཆེན་པོར་འགྱུར་ཏེ་ 4-1-257 སླར་ཡང་(བསྲུང་དགོས་པའི་)གསུང་ནི་རབ་ཏུ་གསུངས་པ་བྱང་ཆུབ་ཀྱི་སེམས་འདི་ནི་སངས་རྒྱས་ ཀྱི་སྐུ(འགྲུབ་པའི་རྩ་བ)འོ། །བདུད་ཀྱི་རིགས་གང་སུ་ཞིག་(བྱང་སེམས་)འདི་ནི་ཉམས་ལ་མངོན་པར་ དགའ་བྱེད་གཡོན་ཅན་དེ་ནི་རྡོ་རྗེ་ཅན་ཏེ་ཧེ་རུ་ཀས་གསོད་པར་བྱེད་དོ། །བྱང་ཆུབ་སེམས་ཀྱི་ དམ་ཚིག་བསྲུང་བ་དང་བཟའ་བའི་ངེས་པའོ། ༨༥ ། ༈ འདིར་སྔགས་ཀྱི་ཚུལ་ལས་སྲིད་པ་གསུམ་གྱི་བདག་པོ〔རྡོ་རྗེ་འཆང་གི་བསད་པ་ ལ་སོགས་པ〕ས་དྲག་པོའི་ལས་ཀྱི་རང་བཞིན་དུ་མེའི་སྔགས་རྣམས་རབ་ཏུ་གསུངས་པ་གང་ (ཡིན་པ)། དེ་རྣམས་ཐམས་ཅད་〔ནི་〕བདུད་ཀྱི་ཕྱོགས་ཉམས་(པའི་དོན་དུ་)འཇིགས་པ་སྐྱེད་བྱེད་ (ཡིན་གྱི་)སྲོག་ཆགས་རྣམས་ལ་ནམ་ཡང་(གནོད་པ་བྱ་བ་)མ་ཡིན་ནོ། །འདིར་བདུད་རྣམས་ནི་གང་ ཞིག་དྲན་པ་(སྟེ་རིག་བྱེད་)རྣམས་དང་བྱེད་པོ་〔སྨྲ་བ་དང་རྒྱལ་རིགས་ཀྱི་ཆོས་ལུགས་མང་དུ་སྨྲ་བ་ འདུག་ཀྱང་〕གཡུལ་གྱི་ཡུལ་ལ་དགའ་ཞིང་(ཆོས་ཀྱི་དོན་དུ་སྲོག་ཆགས་)གསོད་བྱེད་གཞན་ཡང་མུ་ སྟེགས་པ། །(ལམ་ལོག་པར་ཞུགས་པ་)དེ་རྣམས་ལ་ནི་མཆོག་གི་རྒྱལ་སྲས་རྣམས་ཀྱིས་སྲོག་ཆགས་ བསྲུང་བའི་དོན་དུ་(དྲག་པོའི་ལས་ཀྱི་འཇིགས་པ་སྐྱེད་པ་)དེ་རྣམས་སྦྱར་བར་བྱ། །(བདུད་)དེ་རྣམས་ཀྱི་ ཕྱོགས་ཞེས་པ་ནི་རིག་བྱེད་ཀྱི་ཆོས་ལ་སོགས་པ་སྟེ་ཆོས་དེ་ཉམས་པ་དང་འཇིག་པའི་སླད་དུ་ (དྲག་པོའི་ལས་གསུངས་པ་)ཡིན་གྱི་དེ་རྣམས་ཀྱི་ནི་སྲོག་གཞོམ་པའི་སླད་དུ་〔དྲག་པོའི་ལས་གསུངས་ པ་〕ནི་མ་ཡིན་ནོ། ༨༦ ། ༈ འདིར་རྣལ་འབྱོར་མའི་རྒྱུད་ལས་རྡོ་རྗེ་མཁའ་འགྲོ་མ་གང་ཡིན་པ་དེ་རྣམས་ལ་(གསོལ་ བ་མི་གདབ་པོ་གང་གི་དོན་དུ་ན་)ཕྱུགས་ཀྱི་སྐྱེ་བོ་སྟེ་མི་ཤེས་པ་རྣམས་བསད་པའི་དོན་དུ་(འདོད་གང་གིས་ ན་)མཁས་པ་སྟེ་སངས་རྒྱས་པ་རྣམས་ཀྱིས་གསོལ་བ་གདབ་པར་མི་བྱའོ། །གང་ལས་ཅིའི་ ཕྱིར་ཞེ་ན་སེམས་ཅན་རྣམས་ནི་བསྲུང་བའི་དོན་དུ་〔འཇིག་པ་སྐྱེད་པ་〕སྲིད་པ་གསུམ་གྱི་བླ་ མས་(རྡོ་རྗེ་མཁའ་འགྲོ་མ་)དེ་རྣམས་འཇིག་རྟེན་ཁམས་སུ་སྤྲོས་པ་སྟེ་དེ་ཕྱིར་མཆོག་གི་སྙིང་རྗེ་དང་ 4-1-258 ལྡན་པ་(རྡོ་རྗེ་མཁའ་འགྲོ་མ་)དེ་རྣམས་ནི་འཇིག་རྟེན་རྣམས་སྲུང་བར་བྱེད་ཅིང་འཇིག་རྟེན་སླུ་བར་ བྱེད་པའི་སྒྲུབ་པ་པོ་ལ་སྡང་བར་བྱེད་དོ། །ཅི་སྟེ་(སྒྲུབ་པ་པོས་)བསད་པ་ལ་སོགས་པའི་ལས་བྱས་ པར་གྱུར་ན་བསྒྲུབ་བྱ་དག་ནི་(སྒྲུབ་པ་པོའི་མཐུས་མ་ཤི་བར་རང་གི་)ལས་ཀྱི་མཐུ་ཡིས་ཤི་བར་གྱུར་ན་ དེའི་ཚེ་འདི་ནི་སྒྲུབ་པ་པོ་ཡི་བདུད་ཡིན་ཏེ་(གང་གི་ཕྱིར་སྒྲུབ་པ་པོ་)བདག་གིས་བསད་དོ་ཞེས་པ་ 〔མཐུའི་〕ང་རྒྱལ་ལས་དམན་པ(སྟེ་སྡིག་པ)འི་ལས་ཀྱིས་སྒྲུབ་པ་པོ་དམྱལ་བར་འགྲོའོ། །(ངའོ་སྙམ་ པའི་)ང་རྒྱལ་མེད་ཅིང་ང་ཡིར་འཛིན་པ་མེད་པ་ནི་དམན་པའི་ལས་(ཕ་རོལ་གསོད་པ་ལ་སོགས་པ་)མི་ བྱེད་དེ་བདག་ཉིད་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་རྣམས་ལ་བལྟའོ(ཀྱེའི་རྡོ་རྗེར་ཡང༌། ལྟ་སྟངས་ བཞི་པོ་བསྒྲུབ་ནས་ནི། །མཁས་པས་སེམས་ཅན་གཞུག་པར་བྱ། །འདིར་ནི་བསད་པར་བྱ་མིན་ཏེ། །དམ་ཚིག་ངེས་པར་ཉམས་ པར་འགྱུར། །སེམས་ཅན་བསླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་བྱ། །སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་ དངོས་གྲུབ་རྙེད་མི་འགྱུར། །ཞེས་འབྱུང་བའོ)། ༨༧ ། ༈ འདིར་འཁོར་བ་པའི་སྐྱེས་བུ་རྣམས་ཀྱི་སེམས་ནི་ཀུན་ནས་མི་དགེ་བའི་འབྲས་བུའི་ དབང་གིས་(བསད་བསྐྲད་དང་དབང་དགུག་ལ་སོགས་པ་འདོད་པ་)ཕྲན་ཚེགས་(བསྒྲུབ་པའི་)རིག་པ་ལ་རྗེས་ ཆགས། (ཕྲན་ཚེགས་ཀྱི་)རིག་པ་འདི་ཡིས་སྲིད་པ་གསུམ་པོ་མཐའ་དག་སྐད་ཅིག་གིས་ནི་བདག་ གི་དབང་དུུ་(མི་བྱེད་ཀྱང་)བྱེད་པའོ། །ཞེས་(རློམ་)པའི་བསམ་པ་〔འདོད་པ་ལ་〕བརྐམ་ཆགས་〔ཅན་ གྱི་〕སེམས་ཀྱིས་〔ཕྲན་ཚེགས་དེ་ཉིད་བསྒྲུབ་ཀྱི་〕སྦྱིན་〔པ་ལ་སོགས་པ་སེམས་ཅན་ལ་ཕན་པ་ བསོད་ནམས་ཀྱི་ཚོགས〕དང་〔མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒོམ་པ་〕ཡེ་ཤེས་〔ཀྱི་ཚོགས་〕 རྣམ་པར་སྤངས་ནས་〔ཏེ་མ་བསྒྲུབ་པར་〕ཤི་བར་གྱུར་པ་དམྱལ་བར་རབ་ཏུ་འཇུག ཕྱིས་ནི་སྟེ་ ཤི་བར་གྱུར་པའི་རྗེས་ལ་རྫས་གཞན་གྱི་དབང་དང་རང་གི་ཆུང་མ་གཞན་གྱི་དབང་དུ་འགྱུར་ ཏེ་ཀྱེ་མ་〔ཞེས་པ་རྗེས་སུ་བརྩེ་བའི་ཚིག་སྟེ་〕འཁོར་བ་པ་རྣམས་ཀྱི་གཞན་〔བུད་མེད་〕ལ་ཆགས་ པ་ནི་ངན་པའི་ཆོས་ལ་རབ་ཏུ་འཇུག་གོ་ཞེས་པའོ། ། 4-1-259 ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་ཡེ་ཤེས་ཀྱི་ལེའུ་ལས་རྣལ་འབྱོར་ མའི་རྒྱུད་ལ་སོགས་པ་སྤྲོས་པའི་མདོར་བསྡུས་ཆེན་པོ་སྟེ་དང་པོའོ།། ༨༨ །། ༈ (དྲུག་པ་དབང་བཞི་པ་མཆོག་ཏུ་མི་འགྱུར་བའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་བསྒྲུབ་ཐབས་ཀྱི་ངོ་བོ་ཉིད་) ཡོད་(པ་དཀར་པོའི་ཕྱོགས་)མིན་(ཞིང་)མེད་(པ་ནག་པོའི་)མིན་(ཕྱོགས་ལ་)ཡོད་མེད་(གཉིས་ཀ་)མིན(ཞིང་)། ། གཉིས་ཀའི་བདག་ཉིད་མིན་པའང་མིན(པ)། །(ཀུན་རྫོབ་སྤྲོས་པའི་)མཐའ་བཞི་ལས་ནི་རྣམ་གྲོལ་ བ། །(དོན་དམ་ལྷན་ཅིག་སྐྱེས་པའི་)བདེ་ཆེན་སྐུ་ལ་ཕྱག་འཚལ་ནས། །(རྩ་རྒྱུད་)དང་པོའི་སངས་རྒྱས་ རིས་མེད་ལས། །འཇམ་པའི་རྡོ་རྗེ་རབ་ཕྱུང་བ། །སངས་རྒྱས་རྣམས་ཀྱི་(དོན་དམ་པའི་)སྐུ་བཞི་ ཡི། །མཚན་ཉིད་དེ་ནི་དགྲོལ་བར་བྱ། ། ༈ ཤེས་རབ་མ་ཡིན་ཞེས་པ་ལ་སོགས་པ་སྟེ་(སྐུ་བཞིའི་སྐབས་ཏེ་)འདིར་(དང་པོ་ངོ་བོ་ཉིད་ཀྱི་སྐུའི་ མཚན་ཉིད་སྟོན་པ་)ཤེས་རབ་ནི་(ཕྱི་ནང་གི་ཟླ་བའི་)ཆ་བཅོ་ལྔའི་བདག་ཉིད་དེ་དཀར་པོའི་ཕྱོགས་སོ། ། ཐབས་ནི་〔ཕྱི་ནང་གི་ཟླ་བའི་〕ནག་པོའི་ཕྱོགས་ཏེ་(ཕྱི་ནང་གི་)ཟླ་བའི་ཆ་ཉམས་པ(འམ་ཟད་པ)འི་ ཕྱིར་རོ། །དེ་བཞིན་དུ་དཀར་པོ(འི་ཕྱོགས་)ནི་མཚན་མོ(འི་ཆ་)དང་ནག་པོ〔འི་ཕྱོགས་〕་ནི་ཉིན་མོ(འི་ ཆ)འོ(འདིར་དཀར་ཕྱོགས་ཤེས་རབ་དང་ནག་ཕྱོགས་ཐབས་སུ་གསུངས་པ་ནི་བསམ་པའི་དབྱེ་བའོ)། །དེའི་ཕྱིར་ལྷན་ ཅིག་སྐྱེས་པའི་སྐུ་ནི་ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ལྷན་ ཅིག་སྐྱེས་པའི་(བདེ་བའི་)སྐུ་སྟེ་དེ་ལྟར་(སྐུ་དེ་ནི་)ཡོད་པ(འི་མཐའ་ཕྱི་ནང་ཀུན་རྫོབ་ཀྱི་)དཀར་པོའི་ཕྱོགས་ མ་ཡིན་ནོ། །མེད་པ་སྟེ་(དཀར་པོའི་)ཆའི་དངོས་པོ་མེད་པ〔འི་མཐའ་ཕྱི་ནང་ཀུན་རྫོབ་ཀྱི〕་ནག་ པོའི་ཕྱོགས་མ་ཡིན་ནོ། །ཡོད་མེད་(གཉིས་ཀའི་མཐའ་)མིན་ཏེ་འདི་དག་ཕན་ཚུན་(གཞི་མཐུན་ཡིན་པ་) འགལ་བའི་ཕྱིར་(གཉིས་ཀ་)ཚོགས་པ་(སྟེ་ཡིན་པའི་མུ་)མེད་དོ། །གཉི་གའི་བདག་ཉིད་མིན་པའང་ མིན་ཞེས་པ་ནི་(ཕྱི་ནང་ཀུན་རྫོབ་ཀྱི་)དཀར་པོ་དང་ནག་པོའི་ཕྱོགས་འདི་དག་མ་གཏོགས་པ་(སྟེ་གང་ 4-1-260 ཡང་མ་ཡིན་པའི་ཀུན་རྫོབ་ཀྱི་དངོས་པོ་)ཡང་ལྷན་ཅིག་སྐྱེས་པའི་བདེ་བ(འི་སྐུ་)དེ་མ་ཡིན་ནོ(ཏེ་ཕྱི་ནང་ཀུན་ རྫོབ་ཀྱི་དངོས་པོ་ཡིན་ན་དཀར་ཕྱོགས་དང་ནག་ཕྱོགས་ཀྱི་དུས་ཀྱིས་བསྡུས་པ་ཡིན་དགོས་པའི་ཕྱིར་རོ)། །དེ་ལྟར་(སྤྲོས་པ་ ནི་ཕྱི་ནང་ཀུན་རྫོབ་ཀྱི་ཆོས་རྣམས་ཡིན་ཞིང་ཆོས་དེ་རྣམས་ནི་དཀར་ཕྱོགས་དང་ནག་ཕྱོགས་ཀྱི་དུས་ཀྱིས་བསྡུས་པ་ལྷན་ཅིག་ སྐྱེས་སྐུ་ནི་དོན་དམ་པ་ཡིན་པའི་ཕྱིར་དཀར་ཕྱོགས་དང་ནག་ཕྱོགས་ཀྱི་མཐའ་ལས་གྲོལ་བས་ན་སྤྲོས་པ་ཐམས་ཅད་ལས་གྲོལ་ བ་ཡིན་ཏེ་ཐེག་བསྡུས་ཀྱི་བཤད་སྦྱར་ལས་ཀྱང་སྤྲོས་པ་ཞེས་བྱ་བ་ནི་ཀུན་རྫོབ་སྟེ་སྒྲ་དང་འཇིག་རྟེན་པའི་ཤེས་པས་བསྡུས་པ་སྟེ་ ཞེས་སོགས་ནས་དེ་མེད་པའི་ཕྱིར་སྤྲོས་པ་མེད་པ་ཉིད་དོ་ཞེས་བཤད་པ་ལྟར་རོ། །དེ་ལྟར་སྤྲོས་པའི་)མཐའ་བཞི་ཡོངས་ སུ་དག་པས་(ཕྱི་ནང་ཀུན་རྫོབ་ཀྱི་ཟླ་བའི་ཆ་བཅུ་དྲུག་པ་དང་འདྲ་བའི་)ཆ་བཅུ་དྲུག་པ་(དོན་དམ་རྣམ་པ་ཐམས་ཅད་ པའི་)སྟོང་པ་ཉིད་ཀྱི་ཆོས་ཅན་(མི་འགྱུར་བའི་བདེ་བ་ཆེན་པོ་)ནི་(སྐུ་བཞི་པ་)ལྷན་ཅིག་སྐྱེས་པའི་སྐུར་ གསུངས་ཏེ་(དེ་རྣལ་འབྱོར་པས་ཐོབ་པའི་ཚུལ་ཡང་)རྣལ་འབྱོར་པ་རྣམས་ཀྱི་བཞི་པ་(འཕོ་བའི་བག་ཆགས་) ཟད་པ་ལས་(མངོན་དུ་འགྱུར་ཞིང་ཐོབ་པས་ན་)རྒྱུ་མཐུན་པའི་(འབྲས་བུའི་)མཚན་ཉིད་དོ〔ཞེས་པ་རྒྱུ་ལམ་ དུས་ཀྱི་ཐིག་ལེ་མ་འཕོ་བའི་བདེ་བ་ལས་འབྲས་བུ་ལྷན་ཅིག་སྐྱེས་པའི་བདེ་བ་ཐོབ་པའི་ན་རྒྱུ་ མཐུན་པའི་འབྲས་བུ་ཞེས་བྱའོ〕། །དེ་ལྟར་ན་(ཐབས་ཤེས་རབ་ཀྱི་ཕྱོགས་གང་ཡང་མ་ཡིན་པའི་)མ་ནིང་ངོ་ ཞེས་གྲུབ་པོ། །(དོན་དམ་སྐུ་བཞིའི་སྐབས་)འདིར་ལྷན་ཅིག་སྐྱེས་པའི་སྐུ་(ཐོབ་པ་)ནི་(བདེ་བ་ཆེན་པོའི་བདག་ ཉིད་ཡིན་པས་)རང་གི་དོན་ཕུན་སུམ་ཚོགས་པའོ། །(དེ་ལ་བརྟེན་ནས་)གཞན་གྱི་དོན་ཕུན་སུམ་ཚོགས་ པ་(ཐོབ་པ་)ལ་(སེམས་ཀྱི་སྒྲིབ་པ་)ཤིན་ཏུ་གཉིད་ལོག་པ་ཟད་པ་ལས་ཆོས་ཀྱི་སྐུ(ཐོབ་པ)ར་གྱུར་པ་སྟེ་ དེ་ཡང་ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་(སེམས་ཀྱི་སྒྲིབ་པ་གཉིད་སྟུག་པོའི་)མུན་པ་དང་བྲལ་ བ་ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ལས་ཞེས་པ་ལ་འདིར་ཡེ་ཤེས་ནི་རྣལ་འབྱོར་པའི་(ཐོབ་བྱ་རྡོ་ རྗེའི་རྣལ་འབྱོར་གྱི་)འཛིན་པར་བྱེད་པའི་སེམས་(གཞན་བདེ་བ་ཆེན་པོའི་སེམས་)སོ། །རྣམ་ཤེས་ནི་(འཁོར་ བ་པའི་སེམས་ལས་)སེམས་གཞན་(རྡོ་རྗེའི་རྣལ་འབྱོར་གྱི་)ཤེས་པ(འི་ཆ་)སྟེ་གཟུང་བར་བྱ་བ་(གཞན་)ཤེས་ བྱ(རྣམ་པ་ཐམས་ཅད་པའི་སྟོང་པ)འི་མཚན་ཉིད་དོ། །དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་(ཐོབ་པར་བྱ་བ་རྡོ་ 4-1-261 རྗེ་རྣལ་འབྱོར་གྱི་)འཛིན་པར་བྱེད་པའི་སེམས་(གཞན་)ནི་(དོན་དམ་པའི་)ཤེས་རབ་སྟེ་(རྣམ་པ་དང་བཅས་པ་ ཡིན་ཡང་རྟོག་པས་)བརྟགས་པ་དང་བྲལ་བ་ཉིད་ཀྱིས་ཕྱིར་རོ། །ཐབས་(རྡོ་རྗེའི་རྣལ་འབྱོར་གྱི་)གཟུང་ བར་བྱ་བའི་སེམས་(གཞན་)ནི་(རྟོག་པས་མ་བརྟགས་པའི་རྣམ་པ་དང་བཅས་པས་ན་)བརྟགས་པ་གཞན་ཏེ་ (དམིགས་མེད་)སྙིང་རྗེའི་མཚན་ཉིད་དོ(འདིར་འཛིན་པར་བྱེད་པའི་སེམས་བདེ་བ་ལ་ཤེས་རབ་དང་གཟུང་བར་བྱ་ བའི་སེམས་སྟོང་པ་ལ་ཐབས་སྙིང་རྗེར་གསུངས་པ་ནི་ཐབས་ཤེས་གཅིག་ཏུ་འདྲེས་པ་མ་ནིང་གི་གོ་འཕང་མཚོན་པའི་དོན་ཡིན་ པས་སྐབས་གཞན་དུ་འདི་ལས་བཟློག་པར་འབྱུང་བ་དང་འགལ་བར་མི་བསམ་མོ)། །(དེ་ལྟར་)འཛིན་པར་བྱེད་པ་ དང་གཟུང་བར་བྱ་བའི་དབྱེ་བ་དེས་ཤེས་རབ་དང་ཐབས་(དབྱེར་མེད་)ཀྱི་རང་བཞིན་(ཆོས་སྟོན་པ་ པོ་ཡིན་པས་)གཞན་གྱི་དོན་བྱེད་པ་པོ་ནི་ཆོས་ཀྱི་སྐུ་སྟེ་(ལྷན་ཅིག་སྐྱེས་པའི་སྐུ་དང་ངོ་བོ་དབྱེར་མེད་ཀྱང་)དེ་ ཡང་ལྷན་ཅིག་སྐྱེས་པ་ལས་བྱུང་བར་གྱུར་པའོ། །དེ་ལྟར་(བཞི་པའི་གནས་སྐབས་ཟད་པ་ལས་ཐོབ་པ་) ལྟེ་བར་ལྷན་ཅིག་སྐྱེས་པ(འི་སྐུ་)རྒྱུ་མཐུན་པ(འི་འབྲས་བུ་)དང་སྙིང་ཁ་ཆོས་ཀྱི་འཁོར་ལོ(གཉིད་འཐུག་ གི་གནས་སྐབས་ཟད་པ་ལས་ཐོབ་པ་ཆོས་ཀྱི་སྐུ)ར་རྣམ་པར་སྨིན་པ(འི་འབྲས་བུ)འོ། །ཆོས་ཀྱི་སྐུ་འདི་ནི་(ཆོས་ སྟོན་པ་པོ་)གཞན་གྱི་དོན་ཕུན་སུམ་ཚོགས་པ་(ཡིན་པ་)ལ་(དེ་ཉིད་ཁོ་ན)ལོངས་སྤྱོད་རྫོགས་པའི་སྐུ་ སྟེ་(དེ་ནི་གཞོམ་མེད་ཀྱི་སྒྲ་ཡིན་པས་)སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པ་པའོ་ཞེས་པ་ (རྣལ་འབྱོར་པའི་)འདིར་ལྷའི་མིག་གིས་འདས་པ་དང་མ་འོངས་པའི་གཟུགས་(ཀྱི་རྣམ་པ་འོད་གསལ་པྲ་ ཕབ་པ་ལྟ་བུ་)གང་ཞིག་མཐོང་བ་ནི་གཟུགས་བརྙན་གྱི་རྣམ་པ་(རྡུལ་ཕྲ་རབ་ལས་འདས་པ་)དང་(ཞིང་འོད་ གསལ་)བ་སྟེ་དེ་ལ་(གཞོམ་མེད་ཀྱི་)སྒྲ་གང་ཞིག་(རོ་མཉམ་པར་)རྒྱུ་བ་དེ་ནི་སྒྲ་བརྙན་(རྣམ་པ་ཐམས་ཅད་པ་ དོན་དམ་པའི་ལོངས་སྐུ་ཡིན)ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ ལྷའི་རྣ་བའི་(འདིར་ལྷའི་རྣ་བས་ལྷའི་རྣམ་པར་ཤེས་པ་ཞེས་ཕྱིས་འགྱུར་བཅོས་པ་ལས་འབྱུང་བ་ནི་མི་བདེ་བས་ལྷའི་ཞེས་པ་ ཕྱི་མ་འདི་མེད་པ་ཤོང་འགྱུར་ལྟར་བདེའོ་)ལྷའི་རྣམ་པར་ཤེས་པ་ནི་འཛིན་པར་བྱེད་པ་སྟེ་(གཞོམ་མེད་ཀྱི་)སྒྲ་ བརྙན་ནི་(རྣམ་པ་ཐམས་ཅད་པ་)གཟུང་བར་བྱ(དེ་ལྟར་གཟུང་བ་དང་འཛིན་པ་དབྱེར་མེད་པ་ནི་དོན་དམ་པའི་ལོངས་ 4-1-262 སྤྱོད་རྫོགས་པའི་སྐུ)འོ། །དེས་ན་(ཆོས་ཅན་ཀུན་རྫོབ་ཀྱི་)འདས་པ་དང་མ་འོངས་པའི་དུས་ཀྱི་གྲངས་ (མངོན་པར་)ཤེས་ཏེ་(འདས་པ་དང་ད་ལྟར་དང་མ་འོངས་པའི་)བསྐལ་པ་ཆེ་གེ་མོ་དང་དུས་ཆེ་གེ་མོ་དང་ལོ་ ཆེ་གེ་མོ་དང་ཟླ་བ་ཆེ་གེ་མོ་དང་ཕྱོགས་ཆེ་གེ་མོ་དང་ཉིན་ཞག་ཆེ་གེ་མོ་ལ་སོགས་པ་ལ་(སངས་ རྒྱས་དང་བྱང་སེམས་ལ་སོགས་)ཆེ་གེ་མོ་བྱུང་བར་གྱུར་ཏོ། །ཆེ་གེ་མོ་འབྱུང་བར་འགྱུར་རོ་ཞེས་པའོ། ། (དེ་ལྟར་ལུང་སྟོན་པ་)དེས་སེམས་ཅན་རྣམས་(དད་པར་བྱས་ནས་)འདུལ་བར་བྱེད་པ་སྟེ་〔དཔྲལ་བ་ལས་ ཇི་ལྟར་བྱོན་པ་དེ་བཞིན་གསང་གནས་ལ་སོགས་པ་ལ་〕སྟེང་དུ་ཁུ་བ་(གཤེགས་པར་བྱས་པ་)རྣམས་ ཀྱིས་(ངག་གི་སྒྲིབ་པ་)རྨི་ལམ་གྱི་གནས་སྐབས་ཟད་པ་ལས་མགྲིན་པར་(དོན་དམ་པའི་)ལོངས་སྤྱོད་ རྫོགས་པའི་སྐུ་སྐྱེས་བུ་བྱེད་པ(འི་འབྲས་བུ)འོ། །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སླར་ཡང་ ལོངས་སྤྱོད་རྫོགས་པའི་སྐུ་འདི་ནི་(དོན་དམ་པའི་)སྤྲུལ་བའི་སྐུར་འགྱུར་ཏེ་(དེ་ཡང་)ཤེས་རབ་དང་ ཐབས་ཀྱི་བདག་ཉིད་ཅན་(དོན་དམ་པའི་སྐུ་)གཅིག་(ཡིན་)ཀྱང་སེམས་ཅན་རྣམས་ལ་སྤྲུལ་པ་སྣ་ ཚོགས་སྟོན་པར་བྱེད་པའི་ཕྱིར་(རྣམ་པ་)དུ་མའོ། །དེ་ལྟར་གཅིག་(ཡིན་པ་)དང་དུ་མ་དག་ནི་དོན་ དམ་པར་(དབྱེར་མེད་དུ་)སྦྱོར་བ་སྟེ་ཤེས་རབ་དང་ཐབས་སོ། །ཀུན་རྫོབ་ཏུ་ནི་གཅིག་(ཡིན་པ་)དང་ དུ་མ་(ཡིན་པ་)འགལ་ལོ། །དེ་ཡང་(ལུས་ཀྱི་སྒྲིབ་པ་)སད་པའི་གནས་སྐབས་ཟད་པ་ལས་དཔྲལ་ བར་(དོན་དམ་པའི་)སྤྲུལ་པའི་(སྟོང་གཟུགས་རྣམ་པ་ཐམས་ཅད་པ་མངོན་དུ་བྱས་པ་)སྐུ་དྲི་མ་དང་བྲལ་བ་(འབྲས་ བུ་)སྟེ། (དོན་དམ་པའི་སྟོང་གཟུགས་རྣམ་པ་ཐམས་ཅད་པའི་སྐུ་དེས་གདུལ་བྱ་ལ་སྤྲུལ་པའི་)གཟུགས་རྣམས་མ་ལུས་ ཀུན་ཏུ་སྟོན(ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད)། །(འགྲོ་བ་ལ་ཕན་པ་སྣ་ཚོགས་མཛད་པས་)ནོར་བུ་ཆེན་པོ་ རིན་ཆེན་ཏོག །(ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག་)ཅེས་པའོ། ༨༩ ། དེ་ལྟར་(དོན་དམ་པའི་ཐབས་ཤེས་གཅིག་ཏུ་སྦྱོར་བ་)ལྷན་ཅིག་སྐྱེས་པའི་སྐུུ་གཅིག་པུ་སྟེ་དེ་ཉིད་ཆོས་ དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའོ་ཞེས་པ་(དོན་དམ་པའི་སྐུ་)རྣམ་པ་བཞིའོ(དེ་ལྟར་དོན་དམ་པའི་ ལོངས་སྐུ་དེ་ཉིད་བྱང་སེམས་ཆེན་པོ་རྣམས་ལ་གསུངས། ཆོས་སྟོན་པའི་སྣང་བ་རྒྱུན་མི་འཆད་པ་ལོངས་སྐུའི་རྣམ་པར་སྣང་བ་ 4-1-263 དང་དོན་དམ་པའི་སྤྲུལ་སྐུ་དེ་ཉིད་གདུལ་བྱ་རྒྱུད་དག་པ་སྣ་ཚོགས་ལ་སྤྲུལ་སྐུའི་རྣམ་པར་སྣང་བ་ནི་ཀུན་རྫོབ་པའི་གཟུགས་སྐུ་ རྣམ་པ་གཉིས་ཏེ་རྒྱུད་བླར། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་ སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་པ་ལྟར་རོ)། ། ༈ སྔར་གསུངས་པའི་རྡོ་རྗེ་སེམས་དཔའ་(ལྷན་ཅིག་སྐྱེས་པའི་སྐུ་)དེ་ཉིད་གཅིག་པུ་(དོན་དམ་པའི་ ཧེ་རུ་ཀ་)འདི་ནི་(གདུལ་བྱ་གཞན་སྣང་ལ་)དུས་མཐའི་སྤྲིན་དང་མཚུངས་པ་ནག་པོའི་ཧེ་རུ་ཀར་(གཟུགས་ ཀྱི་སྐུའི་རྣམ་པར་)ནི་བྱུང་བ(སྟེ་ཤར་བ)ར་གྱུར་ཏེ་(ཐིག་ལེ་བཞི་)འཕོ་བ་མེད་པའི་ཆོས་ཀྱིས་(ཐབས་)རྣམ་ པར་ཤེས་པ་གཞན་(ཆོས་དབྱིངས་ཡེ་ཤེས་)དེ་ནི་(གདུལ་བྱ་ལ་)ཧེ་རུ་ཀ(འི་རྣམ་པར་སྣང་བ)འོ། །དེ་ཡང་ གདུག་པ་རྣམས་ནི་སྨིན་པའི་དོན་དུ་རྡོ་རྗེ་སེམས་དཔའ་(དེ་ཉིད་ད་ལྟར་)སྤྲོས་པའོ། །རྡོ་རྗེ་སེམས་ དཔའ་དེ་ཡང་རྨོངས་པ་རྣམས་སྨིན་པའི་དོན་དུ་(མ་དག་པའི་གཟུགས་ལས་)གཟུགས་གཞན་(དོན་ དམ་པའི་རྣམ་སྣང་མེ་ལོང་ཡེ་ཤེས་)དེ་ནི་(གདུལ་བྱ་གཞན་སྣང་ལ་)དམ་ཚིག་རྒྱལ་བ་སྟེ་(གཟུགས་སྐུའི་)རྣམ་པར་སྣང་མཛད་དུ་བྱུང་བ(སྟེ་ཤར་བ)ར་གྱུར་ཏོ། །(རྡོ་རྗེ་སེམས་དཔའ་)དེ་ཡང་རིན་ཆེན་དབང་ པོ་ནི་སྡུག་བསྔལ་དབང་པོ་རྣམས་ལ་(བདེ་བ་)སྦྱིན་པའི་དོན་ཏེ་(ཐིག་ལེ་)འཕོ་བ་མེད་པའི་ཆོས་ ཀྱི(ཐོབ་པ་མ་དག་པའི་ཚོར་བ་ལ)ས་ཚོར་བ་གཞན་(དོན་དམ་པའི་རིན་འབྱུང་མཉམ་ཉིད་ཡེ་ཤེས་)དེ་ནི་(གདུལ་བྱ་ གཞན་སྣང་ལ་)སྡུག་བསྔལ་ཐམས་ཅད་འཕྲོག་པར་བྱེད་པ་(གཟུགས་སྐུའི་)རིན་ཆེན་འབྱུང་ལྡན་དུ་ བྱུང་བ(སྟེ་ཤར་བ)ར་གྱུར་ཏོ། །(རྡོ་རྗེ་སེམས་དཔའ་)དེ་ཡང་པད་འཛིན་(སྣང་བ་མཐའ་ཡས་)ཆགས་ཅན་ རྣམས་ཀྱི་(གློ་བུར་དྲི་མའི་)ཆགས་པ(སེལ་བ)འི་སླད་དུ་སྟེ་〔ཐིག་ལེ་〕འཕོ་བ་མེད་པའི་ཆོས་ཀྱིས་〔ཐོབ་ པ་མ་དག་པའི་འདུ་ཤེས་ལས་〕འདུ་ཤེས་གཞན་གང་ཡིན་པ་(དོན་དམ་པའི་སྣང་མཐའ་སོར་རྟོག་ཡེ་ཤེས་) དེ་ནི་(གདུལ་བྱ་གཞན་སྣང་ལ་)འཕོ་བ་མེད་པའི་བདེ་བ་སྟེར་བ་བྱེད་པ་པོ་(གཟུགས་སྐུའི)སྣང་བ་མཐའ་ ཡས་སུ་བྱུང་བ(སྟེ་ཤར་བ)ར་གྱུར་ཏོ། །(རྡོ་རྗེ་སེམས་དཔའ་)དེ་ཡང་བགེགས་རྣམས་རྣམ་པར་གཞོམ་ པའི་དོན་དུ་ཕྱག་གི་པད་མ་རལ་གྲི་སྟེ་(ཐིག་ལེ་)འཕོ་བ་མེད་པའི་ཆོས་ཀྱི་(ཐོབ་པ་མ་དག་པའི་འདུ་བྱེད་ 4-1-264 ལས་)འདུ་བྱེད་གཞན་གང་ཡིན་པ་(དོན་དམ་པའི་དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་)དེ་ནི་(གདུལ་བྱ་གཞན་སྣང་ལ་)སེམས་སྒྲིབ་པ་མེད་པར་བྱེད་པས་བདུད་ལ་སོགས་པའི་(ཉོན་མོངས་པ་དང་སྙོམས་འཇུག་གི་)སྒྲིབ་པ་ རྣམ་པར་འཇོམས་པར་བྱེད་པ་(གཟུགས་སྐུའི་)དོན་ཡོད་གྲུབ་པ་བྱུང་བ(སྟེ་ཤར་བ)ར་གྱུར་ཏོ་ཞེས་པ་ སྟེ་(གདུལ་བྱ་གཞན་སྣང་ལ་ཤར་བ་གཟུགས་སྐུའི་)སངས་རྒྱས་ལྔ་(འི་)རྣམ་པར་དག་པའོ། ༩༠ ། ༈ ད་ནི་(དོན་དམ་གྱི་)ཁམས་ལྔ་རྣམས་(གདུལ་བྱ་གཞན་སྣང་ལ་འཆར་ཚུལ་)གསུངས་པ་ཞེ་སྡང་ཞེས་ པ་ལ་སོགས་པ་སྟེ་འདིར་ཐ་མལ་པའི་ཞེ་སྡང་ཟད་པ(ས་ཐོབ་པ)འི་(དོན་དམ་ཡེ་ཤེས་ཀྱི་སྐུའི་)ཞེ་སྡང་ ཆེན་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་(དོན་དམ་པའི་)སྣ་ ཚོགས་ཡུམ་གང་ཡིན་པ་དེ་ནི་(གདུལ་བྱ་གཞན་སྣང་གཟུགས་སྐུའི་)རྡོ་རྗེའི་དབྱིངས་ཀྱི་དབང་ཕྱུག་མ་ རྡོ་རྗེ་མཁའ་འགྲོ་མར་བྱུང་བ(སྟེ་ཤར་བ)ར་གྱུར་ཏོ། །དེ་བཞིན་དུ་གཏི་མུག་ཟད་(པས་ཐོབ་)པའི་ (དོན་དམ་པའི་ཡེ་ཤེས་ཀྱི་སྐུའི་)གཏི་མུག་ཆེན་པོ་ལས་(གདུལ་བྱ་གཞན་སྣང་ལ་ཤར་བ་གཟུགས་སྐུའི་)སྤྱན་མའོ། ། མཆོག་གི་སྙིང་རྗེ་མཱ་མ་ཀཱི་ནི་ང་རྒྱལ་ཟད་(པས་ཐོབ་)པའི་(དོན་དམ་ཡེ་ཤེས་ཀྱི་སྐུའི་)ང་རྒྱལ་ཆེན་པོའི་ རྒྱུ་ལས་བྱུང་བ(སྟེ་ཤར་བ)ར་གྱུར་ཏོ། །ཆགས་པ་ཟད་(པས་ཐོབ་)པའི་(དོན་དམ་ཡེ་ཤེས་ཀྱི་སྐུའི་)ཆགས་ པ་ཆེན་པོ(འི་རྒྱུ་)ལས་དེ་ནི་གོས་དཀར་མོའོ། །ཕྲག་དོག་ཟད་(པས་ཐོབ་)པའི་(དོན་དམ་ཡེ་ཤེས་ཀྱི་སྐུའི་) ཕྲག་དོག་ཆེན་མོ་ལས་དེ་ནི་(གདུལ་བྱ་གཞན་སྣང་ལས་གཟུགས་སྐུའི་)མཐའ་དག་ཡོན་ཏན་གཏེར་སྒྲོལ་ མར་བྱུང་བ(སྟེ་ཤར་བ)ར་གྱུར་ཏོ། །དེ་ལྟར་ན་(དོན་དམ་ཡེ་ཤེས་ཀྱི་སྐུའི་ཞེ་སྡང་ཆེན་པོ་ལ་སོགས་པ་རྣམས་གདུལ་ བྱ་གཞན་སྣང་ལ་)ནམ་མཁའི་ཁམས་(ཀུན་རྫོབ་ཀྱི་ནམ་མཁའ་ལས་)གཞན་དང་སའི་ཁམས་གཞན་དང་ ཆུའི་ཁམས་གཞན་དང་མེའི་ཁམས་གཞན་དང་རླུང་གི་ཁམས་གཞན་(རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ ལ་སོགས་པ་གཟུགས་སྐུའི་དེ་བཞིན་གཤེགས་མ་རྣམས་སུ་སྣང་ངོ་)ནོ་ཞེས་པ་(དོན་དམ་ཆོས་ཉིད་འོད་གསལ་གྱིས་ཁམས་ རྣམས་གདུལ་བྱ་ལ་སྣང་ཚུལ་གྱི་)ཁམས་ཀྱི་མཚན་ཉིད་དེ་སྒྲིབ་པ་(གདོད་ནས་)མེད་པ(སྟོང་པ)འི་གཟུགས་ དང་མི་འཕོ་བའི་བདེ་བ་(ཆེན་པོ་ཐོབ་པ་)ལས་(དེ་ལྟར་སྤྲོས་)སོ་ཞེས་གྲུབ་པོ། ། 4-1-265 ༈ དུས་ཀྱི་འཁོར་ལོ་དང་སྣ་ཚོགས་ཡུམ་ཐབས་དང་ཤེས་རབ་གཅིག་ཏུུ་(གདོད་ནས་) འདྲེས་པར་གྱུར་པ་སྣ་ཚོགས་གཟུགས་ཅན་གཉིས་པོ་འདི་དག་ནི་(གདུལ་བྱ་གཞན་སྣང་ལ་) ཡུལ་དང་ཡུལ་ཅན་གཞན་རྣམས་ཐམས་ཅད་དུ་ཡང་བྱུང་བ(སྟེ་ཤར་བ)ར་གྱུར་ཏེ། (དེ་བཞིན་དུ་)དྲི་ གཞན་ལ་སོགས་པའི་ཡུལ་(གཟུགས་སྐུའི་)དེ་རྣམས་དང་རྣ་བ་གཞན་ལ་སོགས་པའི་ཡུལ་ཅན་ (གཟུགས་སྐུའི་སེམས་དཔའ་)ཏེ་རྣམས་དང༌། ༈ ངག་དང་ལག་པ་གཞན་ལ་སོགས་པ་(གཟུགས་སྐུའི་ཁྲོ་བོ་)རྣམས་དང་ལས་ཀྱི་དབང་པོའི་ བྱ་བ་གཞན་(གཟུགས་སྐུའི་ཁྲོ་མོ་དང་)ལ་སོགས་པ་(གཟུགས་སྐུའི་རྣལ་འབྱོར་མ་ལ་སོགས་པ་)རྣམས་〔གདུལ་ བྱ་གཞན་སྣང་ལ་ཤར་བར་གྱུར་ཏོ〕སོ〔འདིར་གདུལ་བྱ་ལ་སྣང་བས་དེ་བཞིན་གཤེགས་མ་ དང་སེམས་དཔའ་སེམས་མ་ལ་སོགས་པ་གཟུགས་ཀྱི་སྐུ་རྣམས་ལ་གཞན་ཞེས་གསུངས་པ་ ནི་གཞན་ཡེ་ཤེས་ཀྱི་སྐུའི་གཟུགས་གཞན་ལ་གཞན་དུ་བཏགས་པའོ། །དེ་ལྟར་རྡོ་རྗེ་སེམས་ དཔའ་ཡེ་ཤེས་ཀྱི་སྐུ་གཅིག་ཉིད་གདུལ་བྱའི་སྣང་ངོར་སངས་རྒྱས་ལྔ་ལ་སོགས་པ་རྣམ་པ་དུ་ མར་སྤྲོ་བར་མཛད་པའི་རྒྱུ་ཡང་ཡེ་ཤེས་ཀྱི་སྐུ་དབང་པོ་ཐམས་ཅད་པ་དང་རྣམ་པ་ཐམས་ ཅད་པའི་བདག་ཉིད་ནམ་མཁའ་ལྟར་ཀུན་ཁྱབ་ཏུ་བཞུགས་པའི་ཕྱིར་ཏེ〕། ། ༈ དེ་སྐད་དུ། (ཡེ་ཤེས་ཀྱི་སྐུའི་ཡན་ལག་)ཐམས་ཅད་ནས་ནི་(སྟེ་ཐམས་ཅད་ཀྱང་)ཕྱག་དང་ཞབས(ཀྱི་ བདག་ཉིད་ཡིན་ལ)། །ཀུན་ནས་སྤྱན་དང་དབུ་དང་ཞལ(ཡང་ཡིན་ཞིང་)། །ཀུན་ནས་གསན་(པ་དང་) ལྡན་(པ་སྙན་ཡང་ཡིན་དེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ནམ་མཁའ་ལྟར་)འཇིག་རྟེན་མཐའ། །ཐམས་ཅད་ཁྱབ་པར་ བཞུགས་པ་ནི། །རྡོ་རྗེ་སེམས་དཔའ་(དང་པོའི་སངས་རྒྱས་སོ་)ཞེས་དང་(ཚིགས་བཅད་འདི་བདེ་མཆོག་ཉུང་ ངུའི་རྒྱུད་ཀྱི་ལེའུ་ལྔ་བཅུ་པ་དང་མངོན་བརྗོད་ཕྱི་མའི་ང་དྲུག་པ་ལ་སོགས་པར་གསུངས་ཤིང་སེམས་འགྲེལ་གཞན་དུ་ཡང་དྲངས་ སོ་)དེ་བཞིན་དུ་(དོན་དམ་ཡེ་ཤེས་ཀྱི་སྐུ་ནི་དབང་པོ་དང་རྣམ་པ་)བདག་རིག་གཞན་རིག་ཐམས་ཅད་པ། ། (འགྲོ་བའི་དོན་མཛད་པའི་)ཀུན་ལ་ཕན་པའི་གང་ཟག་མཆོག །འཇིག་རྟེན་དཔེ་ལས་འདས་པ་སྟེ། 270། ཤེས་(པ་ཐབས་)དང་ཤེས་བྱ(ཤེས་རབ་དབྱེར་མེད་པ)འི་བདག་པོ་མཆོག་ཅེས་པ་དང་དེ་བཞིན་དུ་(རང་ གཞན་གྱི་)དོན་གྲུབ་(ཅིང་)བསམ་པ་གྲུབ་པ(འི་མཆོག་)སྟེ། །ཀུན་ཏུ་རྟོགས་པ་ཐམས་ཅད་སྤངས། ། རྣམ་པར་མི་རྟོག་(ཅིང་)དབྱིངས་(ཐམས་ཅད་)མི་ཟད། །ཆོས་དབྱིངས་དམ་པ་(རྟག་པ་ཐེར་ཟུག་གི་སྐུ་ ཡིན་པ་)ཟད་མི་ཤེས(པའོ)། །ཞེས་པ་ནི་མཚན་ཡང་དག་པར་བརྗོད་པ་ལས་(དང་པོའི་སངས་རྒྱས་)ཡེ་ ཤེས་ཀྱི་སྐུའི་མཚན་ཉིད་དོ། ༩༡ ། ༈ ད་ནི་སེམས་ཅན་གྱི་བསམ་པའི་དབང་གིས་སངས་རྒྱས་རྣམས་ཀྱི་(སེམས་ཅན་གྱི་དོན་ ལ་)བཞུགས་པ(འི་ཚུལ་)སྣ་ཚོགས་པ་གསུངས་པ་ཕུང་པོ་ལྔ་ཞེས་པ་ལ་སོགས་པ་སྟེ་འདིར་ཉོན་ མོངས་པ་ལ་སོགས་པ(ཤེས་བྱ་དང་སྙོམས་པར་འཇུག་པ)འི་སྒྲིབ་པ་དང་བྲལ་བ་རྣམས་ཀྱི་མངལ་དུ་ འཇུག་པ་དང་(སྒྱུ་མ་ལྟ་བུའི་)ཕུང་པོ་ལྔ་འཛིན་པ་དང་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་ པ་སྟེ་བུད་མེད་ཀྱི་མངལ་དུ་སྐྱེ་བ་གང་ཡིན་པ(འི་སྤྲུལ་པ་སྒྱུ་མའི་སྐུ་)དེ་ནི་བརྩེ་བ་ཡིས་ཐ་མལ་པའི་ སྐྱེ་བོ་(རྫོགས་པའི་བྱང་ཆུབ་ཕྱིར་མི་ལྡོག་པའི་)ངེས་པ་རྣམ་པར་མ་བསྒྲུབས་ཤིང་བསོད་ནམས་(ཀྱི་ཚོགས་)བསགས་པ་མིན་པ་རྣམས་(སྤང་བྱ་ཞི་བ་དང་གཉེན་པོ་སྤྱད་དུ་རུང་བར་)སྨིན་པའི་སླད་དུ་སྟེ། དེ་སྐད་དུ། (ལྡེམ་པོ་དགོངས་པའི་ངག་)གསུངས་པ་གང་ཕྱིར་(སྲ་ཞིང་བརྟན་པ་)རྡོ་རྗེ་སྐུ་ཡི་ལུས། །སངས་རྒྱས་(སྤྲུལ་ པའི་སྐུ་)རྣམས་ནི་མི་རྟག་(སྟེ་མྱ་ངན་ལས་འདས་)ན། །ཆུ་ཤིང་སྙིང་པོ་དང་མཚུངས་པ(སྙིང་པོ་མེད་པ)འི། ། སྐྱེ་བོ་གཞན་ལ་(རྟག་པར་)ཅི་ཞིག་སེམས་(ཏེ་མི་རྟག་གོ་)ཞེས་པ་ལ་སོགས་པ་(གང་ཟག་)རྟག་པར་སྨྲ་ བ་རྣམས་སྨིན་པར་བྱ་བའི་སླད་དུའོ། །སླར་ཡང་(གཟུགས་ཁམས་ཀྱི་)གཙང་མའི་གནས་ལ་སོགས་ པར་(ལོངས་སྤྱོད་རྫོགས་པའི་སྐུའི་)སྐྱེ་བ་གང་ཡིན་པ་དེ་ནི་ལྷ་ཉིད་དུ་གྱུར་པའི་ཉན་ཐོས་རྣམས་ཀྱི་ (བསམ་གཏན་དང་རྣམ་ཐར་ལ་སོགས་པ་ཐོབ་པའི་)ང་རྒྱལ་ཉམས་པར་བྱེད་པའི་སླད་དུ་ སྟེ་ལྷ་ཉིད་འདི་ནི་(ཁམས་འོག་མར་)ལྟུང་བའི་དུས་སུ་སྡུག་བསྔལ་ཆེན་པོའོ་ཞེས་བསྟན་པས་དེ་ རྣམས་སྨིན་པར་བྱེད་དོ། །གང་ཞིག་ཨེ་ཝཾ་ཡི་གེ་སྟེ་(ཆོས་ཀྱི་སྐུ་ལ་རྣམ་པ་ཐམས་ཅད་པའི་)སྟོང་པ་ཉིད་ 4-1-266 ལ་གནས་པ་དེ་ནི་(བླ་ན་མེད་པའི་བྱང་ཆུབ་)མཆོག་གི་(ཐོབ་པའི་)ངེས་པ་ཅན་(འཕགས་པ་)རབ་འབྱོར་ལ་ སོགས་པ་རྣམས་དང་བྱམས་པ་ལ་སོགས་པ་རྣམས་(རྡོ་རྗེ་ཐེག་པའི་སྙིང་པོ་)སྐུ་བཞི་པ་(ལྷན་ཅིག་སྐྱེས་པ་ བདེ་བའི་སྐུ་)བསྟན་པས་(བྱང་ཆུབ་ཀྱི་)མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ལ་འགོད་ པའི་སླད་དུའོ། །(སྐུ་བཞི་པ་ལྷན་ཅིག་སྐྱེས་པའི་བདེ་བའི་སྐུ་གང་ཞེ་ན། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་སྟེ། སྟོང་ པ་ཉིད་ནི་ཆོས་རྣམས་རྣམ་པར་དཔྱད་ན་མ་གྲུབ་ཙམ་གྱི་ཆད་པའི་སྟོང་པ་ཉིད་མ་ཡིན་གྱི་)སྟོང་པའི་དངོས་པོ་(འོད་གསལ་ པྲ་ཕབ་པ་ལྟར་སྣང་བ་)ནི་(མཐར་ཐུག་སྔགས་ཀྱི་ཐེག་པའི་སྐབས་འདིར་)སྟོང་པ་ཉིད་དེ་འདིར་འདས་པ་དང་ མ་འོངས་པའི་ཤེས་བྱ(འི་རྣམ་པ་འོད་གསལ་བ་)ནི་སྟོང་པའོ། །དེ་(ཤའི་སྤྱན་ལ་སོགས་པས)མཐོང་བ་(རང་ གི་ངོ་བོ་གྲུབ་པས་)ནི་དངོས་པོ་སྟོང་པ་ཉིད་ཟབ་པ་དང་རྒྱ་ཆེ་བ་སྟེ་(འདས་མ་འོངས་ཀྱི་དངོས་པོའི་རྣམ་པར་ སྣང་ལ་)འདས་པ་དང་མ་འོངས་པའི་དངོས་པོ་མེད་པའི་ཕྱིར་(གཏིང་དཔག་དཀའ་བས་ན་)ཟབ་པའོ། ། འདས་པ་དང་མ་འོངས་པ(འི་ཤེས་བྱའི་རྣམ་པ་མཐའ་ཡས་པ་)མཐོང་བའི་ཕྱིར་རྒྱ་ཆེ་བའོ། །དེ་སྐད་དུ་ གསུངས་པ། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །(ཆོས་ཉིད་འདུས་ མ་བྱས་གཞོམ་མེད་ཀྱི་སྒྲས་ཀུན་ཏུ་ཁྱབ་ཅིང་ཆོས་ཐམས་ཅད་སྟོན་པས་ན་)ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་ གཎ་ཊཱི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ། །(རྡུལ་ཕྲ་ རབ་འདུས་པའི་)གཟུགས་མེད་(ཀྱང་ཆོས་ཉིད་འོད་གསལ་བའི་གཟུགས་ཀྱི་རྣམ་པ་མཐའ་ཡས་པའི་བདག་ཉིད་ཡིན་པས་)གཟུགས་བཟང་(པོ་དོན་)དམ་པ(འི་གཟུགས་)སྟེ། །(བརྟན་གཡོའི་)སྣ་ཚོགས་(པའི་)གཟུགས་ཅན་ཡིད་ ལས་སྐྱེས(པ་སྟེ་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པ)། །(ཆོས་ཉིད་དོན་དམ་པའི་)གཟུགས་རྣམས་ཐམས་ ཅད་སྣང་བའི་དཔལ། །(ཁམས་གསུམ་པའི་སངས་རྒྱས་ཀྱི་)གཟུགས་བརྙན་(ཏེ་གཟུགས་ཀྱི་རྣམ་པ་)མ་ལུས་ འཆང་བ་པོ། །ཞེས་པ་ནི་མཚན་ཡང་དག་པར་བརྗོད་པ་ལས་(དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་ མཚན་ཉིད་)བཅོམ་ལྡན་འདས་ཀྱི་ངེས་པའོ། ༩༢ ། ༈ འདིར་ཚིགས་སུ་བཅད་པ་དགུ་བཅུ་རྩ་གཉིས་ཀྱི་རྗེས་ལ་ཚིགས་སུ་བཅད་པ་བཅོ་ལྔ་ 4-1-267 ནི་གོ་སླའོ། ༡༠༧ ། ༈ དེ་ནས་ཡེ་ཤེས་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་ནི་སྦས་པ་སྟེ་དེ་ ཉིད་དགྲོལ་བར་བྱའོ། །འདིར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་དམ་ཚིག་སེམས་ དཔའ་རྫོགས་པར་བྱ་སྟེ་དེས་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་གཞུག་པ་དང་བཅིང་ བ་དང་མཉེས་པ་དང་རོ་མཉམ་པ་སྔགས་པས་བྱ་བ་ནི་ཛཿཧཱུཾ་བཾ་ཧོཿ ཞེས་པས་རྡོ་རྗེ་ལྕགས་ ཀྱུས་དགུག་པ་དང་རྡོ་རྗེས་གཞུག་པ་དང་རྡོ་རྗེ་ཞགས་པས་བཅིང་བ་དང་དྲིལ་བུས་མཉེས་ པ་(བྱེད་པ་)སྟེ་(གང་གིས་བྱེད་ན་)ཤར་དང་ལྷོ་དང་ནུབ་དང་བྱང་གི་སྒོ་རྣམས་སུ་གནས་པའི་ཁྲོ་བོའི་ རྒྱལ་པོ་རྣམས་ཀྱིས་སོ། །(འཁོར་ལོ་སྡོམ་པ་ལ་སོགས་)རྣལ་འབྱོར་མའི་རྒྱུད་ལས་ནི་རྡོ་རྗེ་མཁའ་ འགྲོ་མ་རྣམས་ཀྱིས་ཏེ་ཐམས་ཅད་དུ་གྲགས་སོ། །དེ་ཉིད་ནང་(ངེས་དོན་)དུ་(རྫོགས་རིམ་ལ་སྦྱར་བ་) གསུངས་པ་ཡེ་ཤེས་དགུག་པ་བྱེད་པ་འདིར་ནི་(རྣལ་འབྱོར་པའི་)ལུས་ལ་སླར་ཡང་ཤིན་ཏུ་སྟོབས་ ཞེས་པ་ནི་(རྗེས་དྲན་གྱི་སྐབས་སུ་)ན་ཆུང་དང་རབ་ཏུ་འགྲོགས་པ་ལ་ཡེ་ཤེས་སེམས་དཔའ་ནི་ཁུ་བ་ སྟེ་དགོངས་པའི་སྐད་ཀྱིས་(ལྷ་ཡེ་ཤེས་པ་ལས་)གཞན་ནོ། །དེའི་དགུག་པ་ནི་སྲོག་ལ་སོགས་པའི་ རླུང་གི་ཚོགས་(དབུ་མར་གཞུག་པ་གཡོ་མེད་ཉིད་)ཀྱིས་བྱེད་དེ། (རླུང་ཤིན་ཏུ་སྟོབས་དེས་)སྟེང་དུ་སྦྱི་བོར་བྱང་ ཆུབ་ཀྱི་སེམས་ཡོངས་སུ་གང་བར་བྱེད་དོ། །ཞེས་པའི་དོན་ཏོ། །དེ་ནི་གཞུག་པ་རྨུགས་བྱེད་ ཀྱིས་ཞེས་པ་ནི་(གཏུམ་མོའི་)མེས་(སྤྱི་བོའི་བྱང་སེམས་)དེ་ཞུ་བར་བྱས་ནས་ཁུ་བ་ཐིག་ལེའི་གཟུགས་ མགྲིན་པ་དང་སྙིང་ཁ་དང་ལྟེ་བ་དང་གསང་བའི་པད་མ་ལ་རབ་ཏུ་གཞུག་པར་(གཏུམ་མོའི་མེ་ རྨུགས་བྱེད་ཀྱི་)བྱེད་དོ། །རེངས་བྱེད་ཅེས་པ་(བྱང་སེམས་ཐིག་ལེའི་)སའི་ཁམས་ནི་ཐིག་ལེའི་གཟུགས་ དེའི་བཅིང་བ་བྱེད་དེ་(ཕྱག་རྒྱ་ལ་སྙོམས་པར་བཞུགས་པའི་)མཆོག་གི་བདེ་བའི་དབང་གིས་ཤིན་ཏུ་ མགྱོགས་པས་འོངས་པ་ནི་(རྡོ་རྗེ་ནོར་བུ་ལས་ཕྱི་རོལ་ཏུ་)འགྲོར་མི་སྟཻར་རོ། །ཁེངས་བྱེད་ནི་(བྱང་སེམས་ ཐིག་ལེ་)ཆུའི་ཁམས་ཏེ་ཐིག་ལེའི་ཁུ་བ་དང་(བའི་ངོ་བོ)གསང་བའི་པད་མ་དང་རྡོ་རྗེ་ནོར་བུ་ལ་ 4-1-268 གནས་པ་ནི་གཡོ་བ་ཞེས་བརྗོད་ཅིང་དེ་མི་འཕོ་བའི་བདེ་བའི་དབང་ལས་ཆུའི་ཁམས་ཀྱིས་ མཉེས་པ་སྟེ་ལུས་ལ་བསིལ་བ་ཉིད་དུ་བྱེད་དོ་ཞེས་པའི་དོན་ཏོ། ། ༈ སླར་ཡང་གནས་དེ་ནས་སྟེང་དུ་འགྲོ་བའི་དོན་དུ་རྒྱུ་མཐུན་པའི་(འབྲས་བུས་)བདེ་བ་དེ་ ཉིད་(ལྟེ་བའི་སའི་ཁམས་)སྤྱན་མ་ལ་སོགས་པ་རྣམས་ཀྱི་སྔར་བརྗོད་པའི་རྡོ་རྗེའི་གླུ་རྣམས་ཀྱིས་ རབ་ཏུ་སད་པར་བྱེད་དོ། །དེ་ནས་ལྟེ་བར་རྒྱུ་མཐུན་པ(འི་འབྲས་བུས་)ཉིད་ཀྱིས་དོན་དུ་(ལྟེ་བའི་ སའི་ཁམས་)སྤྱན་མས་བསྐུལ་བར་བྱེད་དོ། །སྙིང་ཁར་རྣམ་པར་སྨིན་པའི་དོན་དུ་(སྙིང་ཁའི་ཆུའི་ ཁམས་)མཱ་མ་ཀཱི་དང་མགྲིན་པར་སྐྱེས་བུ་བྱེད་པའི་དོན་དུ་(མགྲིན་པའི་མེའི་ཁམས་)གོས་དཀར་མོ་ དང་སྤྱི་བོར་དྲི་མ་དང་བྲལ་བའི་དོན་དུ་(དཔྲལ་བའི་རླུང་གི་ཁམས་)སྒྲོལ་མས་སོ(ཞེས་པས་ཁམས་དེ་དག་ གི་ནུས་པས་བྱང་སེམས་སྟེང་དུ་སློང་བར་བྱེད་དོ)། །དེ་ལྟ་བུ་ལ་སོགས་པ་(ཐབས་སྣ་ཚོགས་པ་)རྣམས་ཀྱིས་(བྱང་ སེམས་གྱེན་དུ་)བསླང་བ་བདེ་བ་ཆེན་པོ་(འཕོ་བའི་)དྲི་མ་དང་བྲལ་བར་གྱུར་པས་(རྣལ་འབྱོར་པའི་)ཕུང་ པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་(རོ་ཆེན་པོས་ལྕགས་འབིགས་པ་བཞིན་དུ་ལུས་ངག་ སེམས་དང་ཡེ་ཤེས་ཀྱི་)སྒྲིབ་པ་མེད་པར་བྱེད་དོ། །དེ་ལས་རྣལ་འབྱོར་པ་རྣམས་ཀྱི་(ཐོབ་བྱ་མཐར་ཐུག་) ཐམས་ཅད་མཁྱེན་པའི་གནས་སུ་(ཕྱིན་པར་)འགྱུར་ཏེ་(རྟོག་པས་)བརྟགས་པའི་དཀྱིལ་འཁོར་ལ་ རྣལ་འབྱོར་མའི་གླུས་བསླངས་པས་ནི་(ཐམས་ཅད་མཁྱེན་པའི་གནས་སུ་འགྲོ་བ་)མ་ཡིན་ནོ་ཞེས་པ་ནི་ ངེས་པའི་དོན་ཏོ(དེ་ལ་སྔར་ཞུ་བ་གླུས་བསྐུལ་བ་དང་དེ་ནས་ཡེ་ཤེས་དགུག་གཞུག་ནི་མངལ་ན་རྨི་ལམ་གྱི་གནས་སྐབས་ ལས་བཙའ་བ་སད་པའི་གནས་སྐབས་སུ་བྱེད་པ་དང་སྲོག་རྒྱུ་བ་ནས་ལས་ཀྱི་དབང་པོ་བྱ་བ་ལ་འཇུག་པ་དང་མཐུན་པའི་ལས་ རྒྱལ་མཆོག་སྟེ་ཀུན་རྫོབ་ཀྱི་དབང་དུ་བྱས་ལ་འདིར་སྔོན་ལ་དགུག་གཞུག་དང་ཕྱིས་ནས་གླུས་བསྐུལ་ནི་ཐིག་ལེ་ཕྲ་འམ་སྒྲུབ་པ་ ལས་སྒྲུབ་ཆེན་དུ་འགྱུར་བའི་དབང་དུ་བྱས་པ་སྟེ་ངེས་པའི་དོན་གྱིས་སོ། །དེ་བཞིན་དུ་འགུག་བྱེད་རྡོ་རྗེ་ཤུགས་ནི་དང་པོར་ཡེ་ ཤེས་ཀྱི་རླུང་འབབ་པའི་དབང་དུ་བྱས་ལ་ཤིན་ཏུ་སྟོབས་ནི་སྲོག་ལ་སོགས་པ་དབུ་མར་ཞུགས་པའི་དབང་གིས་སོ)། །(དེ་ལྟར་) རྒྱུད་ཐམས་ཅད་ལ་ཀུན་རྫོབ་〔བསྐྱེད་རིམ་〕དང་དོན་དམ་པ(རྫོགས་པའི་རིམ་པ)ས་ཀྱང་(ཡེ་ཤེས་དགུག་ 4-1-269 གཞུག་པ་ལ་སོགས་ཤེས་པར་བྱའོ་)ངོ༌། ༡༠༨ ། ༈ དེ་ནས་དབྱུག་པ་སྔོན་པོ་ལ་སོགས་པ་ལས་ཀྱི་དབང་པོ་(གཞན་ཁྲོ་བོ་)དང་བྱ་བ་(གཞན་ ཁྲོ་མོ་)རྣམས་ཀྱིས་བདུད་ལ་སོགས་པ་རྣམས་ལ་བསྣུན་པ་ལ་སོགས་པ་བྱས་ནས་(རྣལ་འབྱོར་ པ་)ནམ་མཁའ་ལ་འགྲོ་བ་དང་འོང་བ་ལ་སོགས་པ་བྱེད་དེ་མི་འཇིགས་པ་བཞིའི་སྟོབས་ཀྱི་ བདུད་ཀྱི་རིས་ཐམས་ཅད་ཕམ་པར་བྱས་ནས་སྔར་བརྗོད་པ(བཞུགས་པ་སྣ་ཚོགས་པ)འི་མཚན་ཉིད་ ཀྱིས་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བྱེད་དོ་ཞེས་པ་ངེས་པའོ། ༡༡༠ ། ༈ དེ་བཞིན་དུ་སྒྲིབ་པ་མེད་པའི་བདེ་བ་(ཡེ་ཤེས་ཀྱི་སྐུ་དེ་ཉིད་)ལས་(ལྷ་)གཞན་གང་ཅུང་ཟད་ སྤྲོས་པ་ཡོད་པ་དག་ཀྱང་ཁྱབ་བདག་〔དུས་ཀྱི་འཁོར་ལོ་〕དཀྱིལ་འཁོར་ལས་ནི་འབྱུང་བོ་ལས་ སྐྱེས་མཐར་ཞེས་པ་(འབྱུང་པོ་གཞན་)ཕྱེད་དང་བཅས་པའི་བྱེ་བ་ཕྲག་གསུམ་གྱི་མཐར་ཐུག་པ་སྟེ་ ནང་དུ་(ལུས་ལ་)བ་སྤུའི་མཐར་ཐུག་པ་(འགགས་པ་བ་སྦུ་གཞན་ལ་སོགས་པ་)སྒྲིབ་པ་མེད་པའི་ཁམས་ཀྱི་ ཚོགས་སོ། །སེམས་ཅན་ཀུན་གྱི་དོན་དུ་མཆོག་གི་ཡོན་ཏན་རྣམ་མང་〔ལྷའི་ཚོགས་〕འདི་རྣམས་ རང་གི་ལུས་ལ་(གཞུག་པར་)རིག་པར་བྱའོ། །དེ་བཞིན་རྒྱུད་དང་སྔགས་ནི་རྣམ་མང་རིག་ལ་ གནས་རྣམས་(སེམས་ཅན་གྱི་བསམ་པའི་དབང་གིས་)རྣལ་འབྱོར་མ་དང་རྣལ་འབྱོར་(གྱི་རྒྱུད་ཀྱི་)དབྱེ་བས་ (གསུངས་)ཏེ་(བསོད་ནམས་ཀྱི་ཚོགས་)འཇིག་རྟེན་པའི་དངོས་གྲུབ་ཀྱི་སླད་དུའོ། །(འཇིག་རྟེན་ལས་འདས་ པ་དངོས་གྲུབ་ཀྱི་དོན་དུ་)དུས་ཀྱི་འཁོར་ལོ་འདིར་ནི་དབང་བསྐུར་(བ་གོང་མ་)རྣམ་པ་གཉིས་ཀྱང་(སློབ་ མ་)བུ་ཡི་ཡོན་ཏན་(ཆགས་ཅན་ལམ་ལ་གཞུག་དགོས་པའི་དོན་དུ་)དབང་གིས་(ཀུན་རྫོབ་)འཇིག་རྟེན་པ(འི་ དབང་བཞི་)དང་བླ་ན་མེད་པ(ཕྱག་རྒྱ་ཆེན་པོ)འི་ལམ་འདོད་པ་རྣམས་ཀྱི་ཡོན་ཏན་དབང་གིས་བླ་ན་ མེད་པ(འཇིག་རྟེན་ལས་འདས་པའི་དབང་བཞི་པ)འོ་ཞེས་པ་ངེས་པའོ། ༡༡༡ ། ༈ ད་ནི་གང་ཞིག་ཤེས་རབ་ཅེས་པ་ལ་སོགས་པས་འཇིག་རྟེན་དང་འཇིག་རྟེན་ལས་ 4-1-270 འདས་པའི་དབང་གི་དོན་གསུངས་ཏེ་(སྔགས་ཀྱི་ཐེག་པ་)འདིར་གང་ཞིག་(ཤེས་རབ་ཀྱི་ནུ་མ་ལ་རེག་པས་)རྒོད་པ་དང་(བྷ་ག་)ལྟ་བ་དང་ལག་པ་བཅངས་པ་དང་གཉིས་གཉིས་(སྦྱོར་བའི་བདེ་བ་)ཞེས་པ་ནི་ (འཇིག་རྟེན་ཀུན་རྫོབ་ཀྱི་)དབང་རྣམ་པ་བཞི་སྟེ་(སྤྱིར་ནི་)སློབ་དཔོན་(སྟེ་བུམ་པའི་དབང་)དང་གསང་བ་ དང་ཤེས་རབ་ཡེ་ཤེས་དང་(རྒྱུད་གཞན་དུ་བཞི་པ་)སླར་ཡང་དེ་བཞིན་(ནོ་)གྱི་(ཞེས་པའི་)སྒྲས་གསུངས་ པ་(དབང་)བཞི་པའོ། །དེ་བཞིན་དུ་འདུས་པ་(དང་ཧེ་བཛྲ་)ལ་སོགས་པ་ལས་(གསུང་པ་རེག་པའི་དབང་ ལྔ་ལ་སོགས་པ་)བུམ་པ་(དང་)ལ་སོགས་པ(གསང་བ་དང་ཤེས་རབ་ཡེ་ཤེས་དང་བཞི་པ)འི་དབང་དེ་ནི་ཀུན་ རྫོབ་ཏུ་(རྡོ་རྗེ་)སློབ་དཔོན་བྱེད་པའི་སླད་དུ་མཚོན་པ་ཙམ་སྟེ་དེ་ཁོ་ན་ཉིད་(དབང་རྣམ་པར་དག་པ་)ནི་ མ་ཡིན་ནོ། །(དེའི་རྒྱུ་མཚན་)དབང་བསྐུར་ནས་ནི་དེ་(ཁོ་ན་)ཉིད་(དབང་བཞི་པའི་དོན་བདེ་བ་ཆེན་པོའི་ཡེ་ཤེས་)བཤད་ཅེས་གསུངས་པའི་ཕྱིར་རྒོད་པ་དང་ལྟ་བ་དང་ལག་པ་བཅངས་པ་དང་གཉིས་གཉིས་ སྦྱོར་བ་ཞེས་པ་(འཇིག་རྟེན་ཀུན་རྫོབ་ཀྱི་)དབང་(འཛག་བཅས་)རྣམ་པ་བཞི་ནི་དེ་ཁོ་ན་ཉིད་(དབང་བཞི་ པའི་དོན་)དུ་མི་འགྱུར་རོ། །འདིར་དེར་ཁོ་ན་ཉིད་(དབང་བཞི་པ་མི་འགྱུར་བའི་བདེ་བ་)ནི་གཉིས་གཉིས་ (སྦྱོར་བ་)མེད་པ(འི་བདེ་བ)་སྟེ་ལས་ཀྱི་ཕྱག་རྒྱའི་རྒྱུ་ལས་སྐྱེས་པ(འི་བདེ་བ་)ནི་རྣམ་པར་དཔྱད་ན་ (དབང་བཞི་པའི་དོན་)གཉིས་སུ་མེད་པའི་ཡེ་ཤེས་སུ་མི་འགྱུར་རོ། །(དེ་ཉིད་བཤད་པ་)འདིར་གལ་ཏེ་ ཤེས་རབ་ཀྱི་རྒྱུ་ལས་(ཐབས་ལ་)སྐྱེས་པའི་བདེ་བ་ཐབས་ཀྱི་ཤེས་རབ་ཡེ་ཤེས་ཡིན་ན་དེའི་ཚེ་ (རྒྱུ་མཚན་མཚུངས་པས་)ཐབས་ཀྱི་རྒྱུ་ལས་(ཤེས་རབ་ལས་)སྐྱེས་པ(འི་བདེ་བ་)ནི་ཤེས་རབ་ཀྱི་ཐབས་ཡེ་ ཤེས་སུ་འགྱུར་ཏེ་(ཕྱག་རྒྱ་ཆེན་པོའི་)དངོས་གྲུབ་ཀྱི་སླད་དུའོ། །གལ་ཏེ་(ཐབས་ཤེས་སོ་)གཉི་གའི་(བདེ་ བའི་)ཡེ་ཤེས་ཀྱིས་དབྱེ་བ་ལས་དེ་ལྟར་ཡེ་ཤེས་གཉིས་སུ་འགྱུར་རོ། །ཞེ་ན་(བདེ་བ་དེ་དག་གཉིས་ ཡིན་པ་)དེའི་ཕྱིར(དེ་དག་)གཉིས་སུ་མེད་པ(འི་ཡེ་ཤེས་ཡིན་པ)ར་མི་འགྱུར་ཏེ་གཉིས་སུ་མེད་པ(འི་ཡེ་ ཤེས)་མེད་པའི་ཕྱིར་(བདེ་བ་དེ་དག་ལ་དབང་བཞི་པའི་དོན་)སངས་རྒྱས་(ཀྱི་ཡེ་ཤེས་)ཉིད་མེད་ དོ། །ཅི་སྟེ་(ཐབས་ཀྱི་རྒྱུ་ལས་)ཤེས་རབ་ཀྱི་(རྒྱུད་ལས་སྐྱེས་པའི་)ཡེ་ཤེས་ཤེས་རབ་ཡེ་ཤེས་ཡིན་པ་དེ་ 4-1-271 ལྟ་ན་ཡང་སྐྱོན་(ཡོད་)ཏེ་(ཤེས་རབ་ཀྱི་རྒྱུ་ལས་)ཐབས་ཀྱི་(རྒྱུད་ལས་སྐྱེས་པའི་བདེ་བ་)ཡེ་ཤེས་ནི་ཐབས་ཡེ་ ཤེས་སོ་ཞེས་གྲུབ་པོ(དེ་འདོད་ན་ཡེ་ཤེས་གཉིས་སུ་འགྱུར་བ་ལ་སོགས་པའི་སྐྱོན་སྔ་མ་བཞིན་ནོ)། །དེའི་ཕྱིར་(ཤེས་ རབ་ཀྱི་ནུ་མ་ལ་རེག་པ་ལས་སྐྱེས་པའི་)ཐབས་ཀྱི་འགྱུར་བའི་བདེ་བ་(བུམ་དབང་)བྱིས་པ་དང་(བྷ་ག་བལྟས་པ་ ལ་སྐྱེས་པའི་ཐབས་ཀྱི་བདེ་བ་)དར་ལ་བབ་པ་(གསང་དབང་སྟེ་)རྣམ་པ་གཉིས་དང༌། (ལག་བཅངས་དང་གཉིས་ གཉིས་སྦྱོར་བ་ལས་སྐྱེས་པའི་)ཤེས་རབ་ཀྱི་གཡོ་བའི་བདེ་བ་རྒན་པོ་(ཤེས་རབ་ཡེ་ཤེས་)སྟེ་(ཐབས་ཤེས་ཀྱི་ བདེ་བ་)གཉིས་པོ་དེ་དག་གང་གི་ཚེ་ཕྱག་རྒྱ་ཆེན་པོའི་སྒོ་ནས་མི་གཡོ་བར་གྱུར་པ་དེའི་ཚེ་དབང་ བོ་གཉིས་དང་བྲལ་བ་གཉིས་སུ་མེད་པ(བཞི་པའི་ཤེས་རབ་ཡེ་ཤེས་རྗེས་མཐུན་པ)འོ(འདིར་བདེ་བ་བྱིས་པ་དང་ དར་ལ་བབ་པ་གཉིས་ཐབས་ཀྱི་བདེ་བར་བྱས་པ་ནི་ཤེས་རབ་ཀྱི་ནུ་མ་ལ་རེག་པ་དང་བྷ་ག་ལ་ལྟ་བ་པོ་ཐབས་ཡིན་པའི་སྒོ་ནས་ ཡིན་ལ་ལག་བཅངས་དང་གཉིས་གཉིས་སྦྱོར་བའི་བདེ་བ་ཡི་ནི་ཐབས་ཤེས་གཉིས་ཀ་ལ་མཚུངས་པས་ཤེས་རབ་ཀྱི་གཡོ་བའི་ བདེ་བར་བཞག་པའོ)། །དེའི་ཕྱིར་ཤེས་རབ་ཀྱི་ནུ་མ་ལ་རེག་པ་ལ་སོགས་པ་(འཇིག་རྟེན་པའི་དབང་གསུམ་)ནི་(ཆགས་ཅན་)ལམ་ལ་གཞུག་པའི་དོན་དུ་(དྲང་དོན་)འཇིག་རྟེན་པར་བསྟན་ཏོ། །(ངེས་དོན་)འཇིག་ རྟེན་འདས་〔ལས་〕པའི་དབང་(བཞི་པ་)གང་(ཡིན་པ་དེ་ཉིད་)མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་ མཆོག་(འོད་གསལ་སྟོང་གཟུགས་)ལ་རྗེས་སུ་སྦྱོར་བའོ། ༡༡༢ ། ༈ དེ་ཉིད་གསུངས་པ་(ལས་དང་པོ་ལ་སོ་སོར་སྡུད་པའི་རྣལ་འབྱོར་པས་མངོན་གསུམ་དུ་མཐོང་བས་)སེམས་ ཀྱི་སྣང་བ་ཙམ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་སྟེ་གོ་སླའོ། ༡༡༣ ། ༈ ཤེས་རབ་ཡེ་ཤེས་ཞེས་པ་ལ་སོགས་པ་དགྲོལ་བར་བྱ་སྟེ་འདིར་ཤེས་རབ་དང་ཡེ་ ཤེས་ནི་གྲངས་བཞིན་དུ་འཛིན་པར་བྱེད་པའི་སེམས་(གཞན་རང་བྱུང་ལྷན་ཅིག་སྐྱེས་པའི་བདེ་བ་ནི་ཤེས་ རབ་)དང་འཛིན་པར་བྱེད་པའི་སེམས་དེ(ས་)གཟུང་བར་བྱ་བ་(གཞན་)དུ་བ་(ལྟ་བུ་)ལ་སོགས་པ་ (མཚན་མ་)རྣམ་པ་བཅུ་པོ་གང་ཡིན་པ་མེ་ལོང་ལ་པྲ་ཕབ་པའི་སྣང་བ་ལྟ་བུུ་(ལས་དང་པོ་པ་སོ་སོར་ སྡུད་པའི་རྣལ་འབྱོར་པས་མངོན་སུམ་དུ་མཐོང་བ་)དེ་ཉིད་ནི་ཡེ་ཤེས་ཏེ་གཟུང་བར་བྱ་བའི་སེམས་སོ་ཞེས་ 4-1-272 པའི་དོན་ཏོ། །དེ་ལྟར་མེ་ལོང་ལ་རང་གི་མིག་གི་གཟུགས་བརྙན་ནི་རང་གི་མིག་གི་གཟུང་ བར་བྱ་བ་ཡིན་པ་དེ་བཞིན་དུ་(འཛིན་པར་བྱེད་པ་སེམས་གཞན་ལྷན་སྐྱེས་བདེ་བ་)ཤེས་རབ་(དང་དེའི་ གཟུང་བྱ་དུ་སོགས་རྣམ་པ་བཅུ་པོ་)ཡེ་ཤེས་ཀྱང་(བདེ་བའི་གཟུགས་བརྙན་བདེ་བ་དེ་ཉིད་ཀྱིས་རིག་པ་ཉིད་ དོ་)ངོ༌། །དབང་བསྐུར་(བཞི་པ་)འདི་ལ་ཞུགས་པ་གང་ཡིན་པ་ཞེས་པ་ནི་འདིར་འཛིན་པར་བྱེད་ པའི་སེམས་ཀྱིས་(གཟུགས་བརྙན་)གཟུང་བར་བྱ་བའི་སེམས་(འོད་གསལ་སྟོང་གཟུགས་)དེ་ལ་རབ་ ཏུ་ཞུགས་པ་ནི་(རྣལ་འབྱོར་པའི་དབང་པོ་རྣམས་)ཕྱི་རོལ་(གཟུགས་སོགས་)གྱི་ཡུལ་རྣམས་ལ་རབ་ཏུ་མི་ འཇུག་པ་(ནང་དུ་ཤའི་མིག་སོགས་ཀྱིས་སྟོང་བའི་གཟུགས་སོགས་དམིགས་པའི་)གང་ཡིན་པའོ། །ཡན་ལག་ དྲུག་ལས་སོ་སོར་སྡུད་དང་བསམ་གཏན་དང་སྲོག་རྩོལ་དང་འཛིན་པ་ནི་(དབང་བཞི་པ་)ཞུགས་ པ་ཞེས་བརྗོད་ཅིང་ཞུགས་པ་དེ་ལས་(རྗེས་དྲན་གྱི་མཇུག་ཏིང་ངེ་འཛིན་གྱི་ཐོག་མར་དབང་བཞི་པ་ཐོབ་པའི་མགོ་ བཙུགས་ནས་ཏིང་ངེ་འཛིན་མཐར་བྱེད་པ་ནི་གཞི་ལ་གདོད་མ་ནས་བཞུགས་པའི་)མྱ་ངན་ལས་འདས་པའི་བདེ་བ་ འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་(རྫོགས་པར་ཐོབ་པ་)ནི་(དབང་)བཞི་པ་སྟེ་(རྫོགས་པ་)ཞེས་ པ་(ཐབས་ཀྱི་)བདེ་བ་བྱིས་པ་(རྒོད་པའི་བདེ་བ་)དང་〔བལྟས་པའི་བདེ་བ་〕དར་ལ་བབ་པ་དང་(ཤེས་རབ་ ཀྱི་)གཡོ་བ་(བདེ་བ་རྒན་པོ་ལག་བཅངས་དང་གཉིས་གཉིས་སྦྱོར་བའི་བདེ་བ་)རྣམས་ཀྱི་མཆོག་(ཤེས་རབ་ཡེ་ཤེས་ ཆེན་པོའི་)འཇིག་རྟེན་པའི་དཔེ་ལས་འདས་པ་འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་བ་ཞེས་ པའི་དོན་ཏོ། །རྒོད་པ་དང་ལྟ་བ་དང་རེག་པ་དང་འཁྱུད་པ་དང་ལག་པ་བཅངས་པས་འཁྲིག་ པ་དང་བྲལ་བ་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུ་དང་བྲལ་བ་སྟོང་པ་ཉིད་(ཀྱི་གཟུགས་)རྣམ་པ་ཐམས་ཅད་པ་(འོད་)རབ་ཏུ་གསལ་བའི་མཚན་ཉིད་དོ། །སངས་རྒྱས་ཞལ་ཏེ་(དབང་བཞི་ པ་)ཡེ་ཤེས་(ཀྱི་)ཞལ་འདི་སློབ་དཔོན་གང་གིས་ཐུགས་ལ་གནས་པ་ཞེས་པ་བསྒོམས་པ་སྟེ་རང་ གིས་ཉམས་སུ་མྱོང་བ་དང་(བརྩེ་བ་ཆེན་པོས་)སློབ་མ་རྣམས་ལ་བསྟན་པའི་སླད་དུ་དུས་ཐམས་ ཅད་དུ་ཞལ་ལ་གནས་པར་གྱུར་པ་(སྟེ་ལེགས་པར་གསུང་བ་)དེ་ནི་དཔལ་ལྡན་བླ་མ་སྟེ་རྡོ་རྗེ་འཛིན་ 4-1-273 པའོ་ཞེས་པའི་དོན་ཏོ། །(དེ་ལས་)གཞན་(དབང་གསུམ་པའི་ཡེ་ཤེས་)དབང་པོ་གཉིས་ཀྱི་བདེ་བ་(དབང་ བཞི་པའི་ཡེ་ཤེས་ཡིན་པར་)རྟོགས་པར་བྱེད་པ་(སྟེ་སྟོན་པ་)པོ་རྣམས་ནི་(དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་)མ་ ཡིན་ནོ། ༡༡༤ ། ༈ ད་ནི་ནམ་མཁར་ཞེས་པ་ལ་སོགས་པས་(རྣལ་འབྱོར་པས་)རང་གི་སེམས་འདིའི་(རང་བཞིན་ འོད་གསལ་གྱི་)སྣང་བ་(མེ་ཁྱེར་ལྟ་བུ་)ལ་(རྣལ་འབྱོར་བའི་སེམས་)རབ་ཏུ་གཞུག་པ་གསུངས་ཏེ་འདིར་ སྔགས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་(མཐུན་པར་)རྣལ་འབྱོར་གོམས་པ་རྣམ་ པ་གཉིས་ཏེ་(མུན་པའི་)ནམ་མཁའ་དང་བླ་གབ་མེད་པ་ལ་རྣལ་འབྱོར་གོམས་པའོ། །གང་ ཞིག་ནམ་མཁའ་ལ་རྣལ་འབྱོར་གོམས་པར་བྱེད་པ་དེས་མཚན་མོ་བུག་པ་མེད་པའི་ཁྱིམ་དུ་ མུན་པ་ལ་ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་མི་འཛུམས་ཤིང་རྡོ་རྗེའི་ལམ་དུ་ རབ་ཏུ་ཞུགས་པ་ཞེས་པ་འདིར་〔བླ་མ་དམ་པའི་གསུངས་བྱེད་པ་བཅིང་བའི་མན་ངག་གིས་〕 དབུ་མར་སྲོག་རབ་ཏུ་ཞུགས་པས་(ནམ་མཁའ་)སྟོང་པ་ཁོ་ན་ལས་དུ་བ་ལ་སོགས་པའི་མཚན་མ་ (རྣལ་འབྱོར་པའི་ཤའི་མིག་གིས་)མཐོང་སྟེ་ནམ་མཁར་ཀུན་ནས་ཞེན་པའི་སེམས་(ཏེ་སེམས་ཀྱི་བཞག་ཐབས་) དང་མིག་གིས་མིག་འཛུམ་(པ་གཙུག་ཏོར་འཁོར་ལོ་བསྒྱུར་བའི་ལྟ་སྟངས་དང་ལུས་གནད་ཀྱི་བྱེད་པ་བཅིང་བའི་ ཐབས་ཀྱི་རླུང་སེམས)རྡོ་རྗེའི་ལམ་(དབུ་མའི་ནང་)དུ་རབ་ཏུ་ཞུགས་པས་(མུན་པའི་ནམ་མཁའ་)སྟོང་པ་ལས་ ནི་དུ་བ་(ལྟ་བུ་དང་)སྨིག་རྒྱུ་(ལྟ་བུ་དང་)རབ་གསལ་དྲི་མ་མེད་པའི་མཁའ་སྣང་(མེ་ཁྱེར་ལྟ་བུ་)ཉིད་དང་ མར་མེ་(ལྟ་བུ་)དང་ཞེས་པ་〔དུ་བ་ལ་སོགས་པ་གཞན་ཏེ་མཚན་མ་བཞི་〕འདིར་ནི་མཚན་མོའི་ རྣལ་འབྱོར་གྱིས་མཐོང་ངོ༌། ། ༈ དེ་ནས་སྤྲིན་མེད་པའི་ནམ་མཁའ་ལ་བལྟ་སྟེ་ནམ་མཁའ་(སྤྲིན་མེད་)དེ་ལས་ཀྱང་ཉིན་ མོའི་རྣལ་འབྱོར་གྱིས་(གང་ཞིག་མཐོང་ན་)ནམ་མཁའ་ལས་བྱུང་(ཞིང་རྒྱུ་མེད་དུ་)རང་བྱུང་བ(འི་སེམས་ཀྱི་ རང་བཞིན་འོད་གསལ་བའི་ཡེ་ཤེས་ཀྱི་སྐུའི་གཟུགས་བརྙན)། །ཤེས་རབ་ཡེ་ཤེས་(ཀྱི་)མེ་བོ་ཆེ། །ཞེས་པ་(སེར་ 4-1-274 པོ་)འབར་བ་(ཤའི་མིག་གིས་)མཐོང་སྟེ་སྤྲིན་མེད་པའི་ནམ་མཁའ་ལའོ། །དེ་བཞིན་དུ་(དོན་དམ་ཆོས་ ཉིད་ཀྱི་)འོད་ཆེན་རྣམ་པར་སྣང་བར་བྱེད(པར་རང་བྱུང་)། །ཡེ་ཤེས་(ཀྱི་)སྣང་བ་ལམ་མེ་བ་ནི་ཟླ་བ་ (ལྟ་བུ་)སྣང་བ(སྟེ་དཀར་བོ་འབར་བ)འོ། །འགྲོ་བའི་(མུན་པ་སེལ་བའི་)མར་མེ་ནི་ཉི་མ་(ལྟ་བུ་དམར་པོ་འབར་ བ)འོ། །ཡེ་ཤེས་(ཀྱི་)སྒྲོན་(མེ་)ནི་རྡོ་རྗེ་སྟེ་སྒྲ་གཅན་(རིན་པོ་ཆེ་ནག་པོའི་རྣམ་པ་ལྟ་བུ་ནག་པོ་འབར་བ་ཡིན་) ནོ(མཚན་མ་བརྒྱད་པོ་འདི་དག་དུས་ཀྱི་འཁོར་ལོའི་ཡུམ་དུ་སྦྱོར་བའི་ཚེ་དུ་བ་མ་དང་སེར་མོ་འབར་མ་ལ་སོགས་པ་མོ་ཚིག་སྦྱར་ ཏེ་གསུངས་སོ། །དེ་ལ་སྔ་མ་བརྒྱད་ནི་ཁྱབ་བྱ་དང་ཕྱི་མ་གཉིས་ནི་ཁྱབ་བྱེད་ཡིན་པར་ཡང་བཞེད་ལ་བླ་མ་ནཱ་རོ་པས་ཕྱི་མ་གཉིས་ ཉིན་རྟགས་ཉིད་དུ་མཛད་དོ)། །(ཡེ་ཤེས་ཀྱི་)གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་(ལྟ་བུ་)སྟེ་མཆོག་ གི་ཆའོ། །སྔགས་(ཀྱི་)མཆོག་མངའ་བདག་རིགས་སྔགས་(ཀྱི་)རྒྱལ་(པོ་)ནི་ཐིག་ལེ་(ཁ་དོག་སྔོན་པོ་ ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ལྟ་བུ)འོ། །དེ་ལྟར་(དོན་དམ་ཡེ་ཤེས་ཀྱི་སྐུ་རང་ལ་གདོད་མ་ནས་བཞུགས་པ་ལ་ཡིད་ཆེས་ པའི་)མཚན་མ་རྣམ་པ་བཅུ་སྟེ་(གསང་བ་)འདུས་པ་(ཕྱི་མ་དང་རྡོ་རྗེ་གུར་)ལ་སོགས་པ་ལས་མཚན་མོའི་ རྣལ་འབྱོར་དང་མཚན་ཡང་དག་པར་བརྗོད་པ་ལས་ཉིན་མོའི་རྣལ་འབྱོར་གྱིས་བཅོམ་ལྡན་ འདས་ཀྱིས་གསུངས་སོ(དེ་ལྟར་སེར་པོ་འབར་བ་ལ་སོགས་པ་རྣམས་མཚན་བརྗོད་ལས་གསུངས་པ་དོན་དམ་ཡེ་ཤེས་ ཀྱི་སྐུའི་དོན་ཡིན་པར་གསུངས་པའི་ཕྱིར་གང་དག་འདི་རྣམས་ལམ་རྟགས་ཙམ་ཡིན་གྱི་ཆོས་ཉིད་འོད་གསལ་ཆོས་ཀྱི་སྐུ་མ་ཡིན་ པར་འདོད་པ་ནི་མཚན་བརྗོད་ཀྱི་དོན་མི་ཤེས་ཤིང་གསང་བ་ཟབ་མོའི་དོན་ལ་ཕྱི་རོལ་ཏུུ་གྱུར་པ་ཁོ་ན་ཡིན་ནོ)། །(རྟགས་བཅུ་ རྫོགས་པའི་རྗེས་)དེ་ནས་གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་ཅེས་པ་ནི་བུམ་པ་(ལྟ་བུ་)དང་སྣམ་ བུ་(དང་ཤིང་རྟ་ལྟ་བུ་)ལ་སོགས་པ་རྣམ་པ་ཐམས་ཅད་པའི་(སྟོང་)གཟུགས་མཐོང་བའོ(མཁའ་འགྲོ་མ་རྡོ་ རྗེའི་གུར་དུ་ཡང༌། འཇིག་རྟེན་ཁམས་ནི་ཐམས་ཅད་པ། །ཇི་སྲིད་རྡོ་རྗེའི་ལུས་དང་ལྡན། །ཁམས་གསུམ་རྒྱུ་བཅས་མི་རྒྱུ་བ། །མ་ ལུས་ལུས་པ་མེད་པར་འགྲུབ། །ཅེས་པ་དང༌། བདེ་མཆོག་ཉུང་ངུའི་རྒྱུད་དུ་ཡང༌། བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ ནི་བསྒྲུབ་པར་བྱ། །ཞེས་པ་དང༌། ཀྱེའི་རྡོ་རྗེ་བསྡུས་རྒྱུད་དུ་ཡང༌། །བརྟན་དང་གཡོ་བའི་དངོས་པོ་ཀུན། །རྩ་ལྕུག་འཁྲིལ་ཤིང་ལ་ སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པ་དེ་ཉིད་ངེས་བསྒོམ་བྱ། །ཞེས་པ་དང༌། མཆོག་གི་དང་པོ་སངས་ 4-1-275 རྒྱས་སུ་ཡང༌། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །ཞེས་པ་ལ་སོགས་པ་འབྱུང་བའོ)། ། དེའི་དབུས་སུ་སྟེ་ཐིག་ལེའི་དབུས་སུ་སངས་རྒྱས་(ཆོས་ཀྱི་སྐུའི་)གཟུགས་ནི་(རྡུལ་ཕྲ་རབ་ཀྱི་)རྫས་ མེད་པའི་ཕྱིར་དང་(རྟོག་པས་)བརྟགས་པ་མེད་པའི་ཕྱིར་ཡུལ་དང་རྣམ་པར་བྲལ་བ་དུ་མ་(ཁམས་ གསུམ་པའི་རྣམ་པ་བདེ་བའི་)ལོངས་སྤྱོད་རྫོགས་པའི་སྐུ(སྲིད་གསུམ་ཀུན་ནས་དང་བ)འོ། །དེ་ནས་(སྣ་ཚོགས་) གཟུགས་ཀྱི་རྣལ་འབྱོར་གྱིས་གཞོམ་དུ་མེད་པའི་སྒྲ་(རྣམ་པ་ཐམས་ཅད་པ་རྟག་ཏུ་སྙིང་ལ་གནས་པ་)གང་ ཡིན་པ་(ན་དཱའི་རང་བཞིན་)དེ་ཉིད་ཐོས་ཏེ་དེ་ལྟར་གཟུགས་སྣང་བ་ལས་(སྣང་ཡུལ་སྟོང་གཟུགས་དེ་ཉིད་ དོན་དམ་པའི་)སྤྲུལ་བའི་སྐུ་དང་སྒྲ་སྣང་བ་ལས་(སྣང་ཡུལ་གཞོམ་མེད་ཀྱི་སྒྲ་དེ་ཉིད་དོན་དམ་པའི་)ལོངས་སྤྱོད་ རྫོགས་པའི་སྐུའོ། །ཞེས་པའི་དོན་ཏོ། ༡༡༥ ། འདིར་ཉིན་མོའི་རྣལ་འབྱོར་ནི་ནམ་མཁའ་ཆུ་འཛིན་བྲལ་བ་དག་ལ་རྣལ་འབྱོར་པ་ཡིས་ བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ་སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ནས་སོ། །རྣམ་ པ་གཞན་དུ་ན་ཉི་མའི་འོད་ཟེར་གྱིས་(མིག་)རབ་རིབ་ཏུ་འགྱུར་ཏེ་དེ་ཡིས་ཞེས་པ་ནི་གནོད་པ་ ལས་སོ། །ཉི་མ་སོ་སོར་བལྟ་བར་བྱ་(ཇི་སྲིད་དུ་ལྟ་ན་སྔར་བཤད་པའི་)སྟེ་ཐིག་ལེའི་དབུས་སུ་རེ་ཁཱའ་ (སྟེ་རི་མོ་)ནག་པོ་སྐྲའི་ཚད་ཙམ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱིས་རྩ་ཞེས་པ་ཨ་བ་དྷཱུ་ཏཱི་ལ་ མཐོང་བར་གྱུར་གྱི་བར་དུའོ། །(རེ་ཁཱ་ནག་པོའི་)ནང་དུ་འདུས་པ་ཀུན་མཁྱེན་(ཆོས་སྐུའི་)གཟུགས་ ནི་(ཞེས་པ་)ཁམས་གསུམ་པོ་མ་ལུས་པ(འི་རྣམ་པ་སྟེ་)ཆུ་ལ་ཉི་མ(འི་གཟུགས་བརྙན་ཤར་བ་)ལྟ་བུ་(དྲི་མས་) གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། (སྟོང་གཟུགས་དེའི་རང་བཞིན་ནི་)རྣམ་པར་ཀུན་ལྡན་(རྣལ་འབྱོར་ པའི་)རང་སེམས་(ཀྱི་ཆོས་ཉིད་འོད་གསལ་)ཡུལ་དང་རྣམ་པར་བྲལ་བ་དག་གོ་གཞན་གྱི་སེམས་ནི་ མིན་པ་ཉིད་ཅེས་པ་(གང་ཟག་)གཞན་གྱི་སེམས་ནི་མ་ཡིན་ཏེ་(དེ་ལྟར་མཐོང་བའི་རྣལ་འབྱོར་པ་དེ་ལས་དང་ པོ་བ་ཡིན་པས་)གཞན་གྱི་སེམས་ཤེས་པ(འི་མངོན་ཤེས་)མེད་པའི་ཕྱིར་རོ། །(སྟོང་གཟུགས་མཐོང་བའི་སྤྱན་ གྱི་རིམ་པ་ནི)འདིར་དེ་བཞིན་གཤེགས་པ(ས་གསུངས་པ)འི་ཤའི་སྤྱན་གྱིས་དང་པོར་(ལས་དང་པོ་པའི་ 4-1-276 དུས་ན་)རང་གི་སེམས་ཀྱི་སྣང་བ་(སེམས་གྱི་རང་བཞིན་ཆོས་ཉིད་རང་བཞིན་འོད་གསལ་དུ་བ་ལ་སོགས་པའི་སྟོང་ གཟུགས་)མཐོང་ཞིང་(མངོན་ཤེས་ཐོབ་ནས་)ལྷ་ལ་སོགས་པའི་སྤྱན་〔ལྷག་མ་ཀུན་〕གྱིས་(ཆོས་ཉིད་རྣམ་པ་ ཐམས་ཅད་པའི་སྟོང་གཟུགས་དང་ཆོས་ཅན་)གཞན་གྱི་སེམས་ཀྱི་ཤེས་པ་(སྟེ་རྣམ་གྲངས་རྣམས་)མཐོང་སྟེ་དེས་ ན་ཆོས་ཡང་དག་པར་སྡུད་པ(འི་མདོ་)ལས་བཅོམ་ལྡན་འདས་ཀྱིས་(བསྟན་པའི་ཆོས་ཀྱི་དོན་དམ་པ་ སྟོང་པ་ཉིད་ཀྱི་ལྟ་བའི་)སྤྱན་ལྔ་ཞེས་གསུངས་སོ། །དེ་ལྟར་(རྣལ་འབྱོར་པའི་རྟོགས་པའི་)རིམ་པས་ཤའི་ སྤྱན་དང་ལྷའི་སྤྱན་དང་སངས་རྒྱས་ཀྱི་སྤྱན་དང་ཤེས་རབ་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན་(ལྔ་པོ་ རྣམས་)ནི་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ(ཞེས་པ་སྤྱན་དང་པོ་བཞི་ལམ་བདེན་ཡིན་པས་ གསར་དུ་སྐྱེ་བའི་ཚུལ་གྱི་འབྱུང་ལ་ཡེ་ཤེས་ཀྱི་སྤྱན་ནི་ཡེ་ནས་གནས་པ་མངོན་དུ་གྱུར་བའི་ཚུལ་གྱིས་འབྱུང་ངོ༌། །སྤྱན་ལྔའི་མཐར་ ཐུག་ཡེ་ཤེས་ཀྱི་སྤྱན་ཡིན་པ)། །དེའི་ཕྱིར་(ཡེ་ཤེས་ཀྱི་སྤྱན་མངའ་བའི་)ཐམས་ཅད་མཁྱེན་པ(ཆོས་ཀྱི་དབྱིངས་ བདེ་གཤེགས་སྙིང་པོའི་རྣམ་པ)ས་མ་གཟིགས་པ་(དང་ཆོས་ཅན་ཀྱི་ཇི་སྙེད་པ་མ་མཁྱེན་པ་)ཅུང་ཟད་ཀྱང་མེད་ དོ(འདིར་བཅོམ་ལྡན་འདས་ཀྱི་སྤྱན་ལྔ་ཞེས་འབྱུང་བ་ལ་སྤྱན་ལྔ་ཆར་ཡང་སངས་རྒྱས་ཉིད་ཀྱིས་ཡོན་ཏན་གྱིས་བསྡུས་པའི་སྤྱན་ ཡིན་པར་གོ་བར་མི་བྱ་སྟེ་སྤྱན་དང་པོ་བཞི་སངས་རྒྱས་ཉིད་ཀྱི་ཡོན་ཏན་གྱི་སྤྱན་ཡིན་ན་ཤའི་སྤྱན་གྱིས་ཀྱང་ཆོས་ཉིད་ཀྱི་རྣམ་པ་ ཐམས་ཅད་སངས་རྒྱས་ཀྱིས་ཇི་ལྟར་གཟིགས་པ་ལྟར་མཐོང་བར་འགྱུར་ལ་དེ་ལྟ་ན་ལས་དང་པོ་པ་དང་སངས་རྒྱས་ཀྱི་ཆོས་ཉིད་ གཟིགས་པ་ལ་ཁྱད་པར་མེད་པར་འགྱུར་བ་ལ་སོགས་པའི་སྐྱོན་ཡོད་དོ། །དེའི་ཕྱིར་ཤའི་སྤྱན་ནི་རྣལ་འབྱོར་པས་ལས་དང་པོ་པ་ ཉིད་ཀྱི་རྒྱུད་ཀྱིས་བསྡུས་པའི་ཡོན་ཏན་ཡིན་པ་དང་ལྷའི་སྤྱན་སོགས་གསུམ་ཡང་ས་མཚམས་སོ་སོའི་རྒྱུད་ཀྱིས་བསྡུས་པའི་ཡོན་ ཏན་དུ་ཤེས་པར་བྱའོ)། ༡༡༦ ། ༈ (རྟགས་བཅུ་རྫོགས་པ་)དེ་ནས་(རྣམ་པ་ཐམས་ཅད་པའི་)གཟུགས་ནི་མཐོང་བར་གྱུར་ན་ཉིན་ ཞག་སོ་སོའི་དུས་སུ་སྲོག་གི་རླུང་ནི་འགོག་པ་ཞེས་པ་བུམ་པ་ཅན་རབ་ཏུ་བྱ་སྟེ་(ཇི་སྲིད་དུ་བྱ་ན་ སྙིང་ཁ་ཚ་ཞིང་མགོ་ན་བ་དང་)འོད་ཟེར་འཁོར་ལོ་རང་གི་ལུས་ལ་(ཨ་ལོང་བཅུ་པ་ལྟར་)ཡོངས་སུ་བསྐོར་ ཞིང་འཁོར་བར་བྱེད་པ་(ཇེ་མཐོ་ཇེ་མཐོར་འགྲོ་བ་)མཐོང་གི་པར་དུའོ་ཞེས་པ་སྔར་བརྗོད་པའི་(སྟོང་ 282)གཟུགས་ལས་ནང་དུ(ལུས་ལ་མཐོང་བ)འོ། །དེ་ནས་ཟླ་བ་དྲུག་གིས་སྡོམ་བརྩོན་ཏེ་ལས་དང་ པོ་པའི་(ཐིག་ལེ་མི་འཛག་པའི་)ཚངས་པར་སྤྱོད་པ་རྣམས་ལ་རེག་བྱས་དམན་པ་ཞེས་པ་དབང་པོ་ གཉིས་ཀྱི་འཁྲིག་པ་དང་བྲལ་བའི་བདེ་བ་མཉམ་པ་སྟེ་(ཐིག་ལེ་)མི་འགྱུར་བའི་བདེ་བ་ལམ་ གྱི་སེམས་ཞེས་པ་སྟོང་པ་ཉིད་(ལ་དབྱེར་མེད་པ་ལྟ་བུར་འཁྱུད་པ་ཉིད་)ཀྱི་(བདེ་བ་ཆེན་པོའི་)གཟུགས་ཀྱི་ སེམས་སུ་འགྱུར་རོ། ། ༈ (རིམ་པ་ལྟར་)དེ་ནས་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ ཉིད་ནི་ཆགས་དང་ཆགས་བྲལ་མཐའ་ཐོག་ལ་གནས་སྐད་ཅིག་མ་ཞེས་པ་ལ་ཆགས་པ་ཞེས་ པ་ནི་(བྱང་སེམས་སྤྱི་བོ་ནས་རྡོ་རྗེ་ནོར་བུའི་བར་དུ་བྱོན་ནས་)དཀར་པོའི་ཕྱོགས་ཏེ་དེའི་མཐར་གནས་པ་ནི་ (རྡོ་རྗེ་ནོར་བུའི་རྩེ་མོ་ནས་བྱང་སེམས་མི་འཕོ་བར་གནས་པ་ནི་)ཆ་བཅུ་དྲུག་པའི་(ལམ་དུས་ཀྱི་ལྷན་ཅིག་སྐྱེས་དགའ) མཚན་ཉིད་དོ། །ཆགས་བྲལ་ནི་(བྱང་སེམས་རྡོ་རྗེ་ནོར་བུ་ལས་ཕྱིར་འཕོས་པ་)ནག་པོའོ། །དེའི་དང་པོ(འམ་ ཐོག་མ་)ལ་གནས་པ་ནི་ནག་པོའི་ཕྱོགས་ལ་མ་ཞུགས་པ་སྟེ་(སྟེང་དུ་རྒྱུ་མཐུན་པ་ལ་སོགས་པ་)མངོན་ པར་རྫོགས་པར་བྱང་ཆུབ་པའི་དུས་ཀྱི་མཚན་ཉིད་དོ། །(མི་འཕོ་བའི་བདེ་བའི་)སྐད་ཅིག་མ་དེ་ ཉིད་ཀྱང་(ཏིང་ངེ་འཛིན་གྱི་ཐོག་མ་ཐོབ་པ་ནས་བཟུང་སྟེ་)དབུགས་ཀྱི་གྲངས་ཞེས་པ་ཉི་ཁྲི་ཅིག་སྟོང་དྲུག་ བརྒྱའི་གྲངས་(དང་མཉམ་པ་རིམ་གྱིས་)འཕེལ་ལོ། །(དེ་ཡང་འདི་ལྟར་)གསང་བར་རྡོ་རྗེ་ནོར་བུའི་རྩེ་མོ་ ལས་(སྟེང་དུ་བདེ་བའི་)སྐད་ཅིག་མ་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གིས་འཕེལ་ཏེ་དེའི་གྲངས་ཀྱི་སྲོག་ (འབྱུང་བ་དང་འཇུག་པ་)རྣམས་བསད་(པ་སྟེ་འགགས་)ནས་(བྱང་སེམས་ཐིག་ལེ་)གསང་བའི་པད་མར་ཕྱིན་ པ་དེས་(གནས་དང་ཉེ་བའི་གནས་)ས་གཉིས་སུ་འགྱུར་(བ་སྟེ་ཐོབ་པར་འགྱུར་)རོ། །དེ་བཞིན་དུ་ལྟེ་བ་དང་ སྙིང་ཁ་དང་མགྲིན་པ་དང་དཔྲལ་བར་(ཞིང་དང་ཉེ་བའི་ཞིང་ས་)བཞི་དང་(འདུན་པ་དང་ཉེ་བའི་འདུན་པ་) དྲུག་དང་(འདུས་པ་དང་ཉེ་བའི་འདུས་པ་)བརྒྱད་དང་(དུར་ཁྲོད་དང་ཉེ་བའི་དུར་ཁྲོད་)ས་བཅུ་རྣམས་སུ་འགྱུར་ ཞིང་གཙུག་ཏོར་ཏུ་(བྱང་སེམས་ཕྱིན་ཅིང་བརྟན་པ་ན་)སྲོག་(འབྱུང་བ་དང་འཇུག་པ་)ཐམས་ཅད་ཟད་པས་ 4-1-277 (འཐུང་གཅོད་ཉེ་བའི་འཐུང་གཅོད་)ས་བཅུ་གཉིས་སོ། ༡༡༧ ། དེའི་ཕྱིར་ཨོཌྜཱ་(རྟགས་དང་)འབར་བ(ལྟེ་བ)འི་བར་ཏེ་གསང་བར་(བྱང་སེམས་)འོངས་པ་དང་ ཁྱད་པར་དགའ་བ་(དང་)ལྷན་སྐྱེས་དག་གི་དབུས་(ཞེས་པ་)ལྟེ་བ(འི་པད་མར་འོངས་པ་)དང་གཉིད་ དང་གཉིད་ཡུར་གྱི་མཚམས་(ཞེས་པའི་པད་མར་འོངས་པ་)སྙིང་ཁ་དང་ཡེ་ཤེས་རྣམ་ཤེས་དག་གི་ དབུས་(ཞེས་པ་)མགྲིན་པར་(བྱང་སེམས་འོངས་པའི་རྗེས་དྲན་གྱི་སྐབས་སུ་)གཉིས་གཉིས་སྦྱོར་བ་ལ་སྐུ་ དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེའི་གཟུགས་ཀྱིས་དཔྲལ་བ་ནས་འོངས་པའི་ བདེ་བ་གང་ཡིན་པ་ཁུ་བའི་བདེ་བ་དེའི་འཕེལ་བ་སྟེ་(རྡོ་རྗེ་ནོར་བུ་ལས་)སྟེང་དུ་(གཙུག་ཏོར་གྱི་བར་དུ་) འགྲོ་བར་རབ་ཏུ་བྱའོ། །བླ་མའི་ངེས་པའི་དབང་གིས་ཞེས་པ་སྔར་གསུངས་པའི་སྲོག་འགོག་ པ་(བུམ་པ་ཅན་)ལ་(རྡོ་རྗེ་ནོར་བུ་ནས་)དཔྲལ་བའི་བར་དུ་འཕེལ་བར་འགྱུར་ཏེ་(སྦྱོར་བ་དེ་ལས་འབྲས་ བུས་དེ་ལྟ་བུ་འབྱུང་བ་ཆོས་ཉིད་ཡིན་པས་ན་)འདི་ལ་ངོ་མཚར་མེད་དོ། །དེ་ལྟར་ཉོན་མོངས་(དང་)བདུད་ རྣམས་བཅོམ་ནས་རྒྱལ་བའི་བདག་པོར་འཇུག་སྟེ་ཞེས་པ་(རྩ་)གཡོན་དང་གཡས་པར་སོང་ བའི་སྲོག་རྣམས་བསད་ནས་རྒྱལ་བའི་བདག་པོ་(རྡོ་རྗེ་སེམས་དཔའ་)སྟོང་པ་ཉིད་གཟུགས་ལ་ འཇུག་སྟེ་(ཅི་ཙམ་གྱིས་འཇུག་ན་བྱང་སེམས་དཔྲལ་བའི་བར་དུ་བརྟན་པ་ཐོབ་ནས་)ལོ་(གཅིག་གི་)ཡི་སྦྱོར་བས་(སོ་ གང་འཇུག་ན་)རྣལ་འབྱོར་པ་བཟང་པོ་ཨ་བ་དྷཱ་ཏཱི་ལ་(རླུང་སེམས་གཡོ་བ་མེད་པར་)གནས་པ(བྱང་སེམས་ དཔྲལ་བའི་འཁོར་ལོར་བརྟན་པ་ས་བཅུ་པ་ལ་གནས་པ་དེ)འོ། །དེའི་ཕྱིར་(སྲོག་འགོག་པ་)བུམ་པ་ཅན་གྱིས་བདེ་ བ་ཆེན་པོའི་སྐད་ཅིག་བསྐྱེད་ནས་བདེ་བ་(ཆེན་པོ་སྐད་ཅིག་མ་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་)འཕེལ་བ(ཞིང་དེ་ རྫོགས་པའི་སྐད་ཅིག་གཅིག་ལ་སངས་རྒྱས་ཐོབ་པ)ར་བྱའོ་ཞེས་པ་ནི་ངེས་པའོ། ༡༡༨ ། ༈ ད་ནི་ས་ཞེས་པ་ལ་སོགས་པས་(ཆོས་ཉིད་འོད་གསལ་སྟོང་)གཟུགས་ཀྱི་མཚན་ཉིད་གསུངས་ ཏེ་འདིར་སྟོང་པ(འི་གཟུགས་)རབ་ཏུ་(གསལ་བར་)སྣང་བ་(རྡུལ་ཕྲ་རབ་ཀྱི་)རྫས་མེད་པ་ས་ཡི་རྣམ་པར་ (རྣལ་འབྱོར་པ་ཡི་མངོན་སུམ་གྱིས་)མཐོང་སྟེ་(སའི་རང་བཞིན་)སྲ་བ་(ནི་)མ་ཡིན་ནོ། །ཞུ་བ་ཆུའི་རྣམ་པ་(ལྟ་ 4-1-278 བུར་སྣང་བ་)ནི་སྨིག་རྒྱུའི་ཆུ་བཞིན་དུ་ཆུ་ཡང་མ་ཡིན་ཏེ་(ཆུའི་རང་བཞིན་)གཤེར་བ་ཉིད་མེད་པའི་ ཕྱིར་རོ། །དེ་བཞིན་དུ་མེའི་རྣམ་པ་ནི་(མེའི་རང་བཞིན་ཚ་བ་མེད་པ་ཡིས་)མེ་མིན་ནོ། །གཡོ་བ་རླུང་གི་ ལུས་ནི་(སྟེ་རྣམ་པར་སྣང་བ་)རྫས་(རླུང་གི་རྡུལ་)མེད་པའི་ཕྱིར་གང་ཞིག་(རླུང་གི་རང་བཞིན་)གཡོ་བ་མེད་ པ་དེ་ནི་རླུང་མ་ཡིན་ནོ། །(ས་ལ་སོགས་པའི་རྡུལ་)རྫས་མེད་པའི་ཕྱིར་སྟོང་པའི་རྣམ་པ་ཡིན་པ་དེ་ ལྟར་ན་ཡང་(ཤ་ལ་སོགས་པའི་སྤྱན་གྱིས་མངོན་སུམ་དུ་)མཐོང་ངོ༌། །སྒྱུ་མའི་གྲོང་ཁྱེར་བཞིན་དུ་དཀར་ པོ་ལ་སོགས་པའི་ཁ་དོག་དང་ལྡན་ཡང་(ཁ་དོག་གི་རྡུལ་)རྫས་མེད་པའི་ཕྱིར་ཁ་དོག་(གི་དངོས་པོ་) མ་ཡིན་ནོ། །(བརྟན་གཡོའི་)རྣམ་པ་ཀུན་ལྡན་(སེམས་ཅན་ཐམས་ཅད་ལ་རྟག་ཏུ་གནས་པ་)ཡིན་ཡང་དུས་ ཐམས་ཅད་དུ་(སྤྱན་ལྔ་དང་མི་ལྡན་པའི་)བྱིས་པ་རྣམས་ཀྱིས་མཐོང་བ་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ ཉོན་མོངས་བདུད་ཀྱི་མཐུ་ལས་ཏེ་གཡོན་པ་དང་གཡས་པའི་རྩ་ལ་སྲོག་རབ་ཏུ་རྒྱུ་བ་ལས་སོ་ ཞེས་པ་ངེས་པའོ། ༡༡༩ ། ༈ ད་ནི་ནཱ་ད་ཞེས་པ་ལ་སོགས་པས་རྩའི་བགྲོད་པའི་སླད་དུ་(ཐིག་ལེ་བཞིའི་)གནས་ གསུངས་ཏེ་འདིར་ནཱ་ད་(ཞེས་པ་)ནི་(འདིར་)སྙིང་ཁར་ཐུགས་ཀྱི་ཐིག་ལེ་ཤིན་ཏུ་གཉིད་ལོག་པའི་ གནས་སྐབས་སྐྱེད་པར་བྱེད་པ(སྟོན་པ)འོ། །ཐིག་ལེ་ཞེས་པ་ནི་དཔྲལ་བར་སྐུའི་ཐིག་ལེ་སད་ པའི་གནས་སྐབས་སྐྱེད་པར་བྱེད་པའོ། །ཆ་ཞེས་པ་ནི་མགྲིན་པར་གསུང་གི་ཐིག་ལེ་རྨི་ལམ་ (གྱི་གནས་སྐབས་)སྐྱེད་པར་བྱེད་པའོ། །ཡེ་ཤེས་ཞེས་པ་ནི་ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་ གནས་སྐབས་སྐྱེད་པར་བྱེད་པའོ། །བདུད་རྩའི་གནས་སུ་སོན་པ་ལུ་གུ་རྒྱུད་དུ་བཅིངས་པའི་ རྩ་ཞེས་པ་ལ་བདུད་རྩིའི་གནས་ནི་དཔྲལ་བར་རོ། །དེར་སོན་པ་ནི་(ལྟེ་བ་ནས་སྤྱི་གཙུག་བར་དུ་སོང་ ཞིང་དེ་ན་ཐུར་དུ་འདུག་པའི་རྣམ་པས་)བདུད་རྩིའི་གནས་སུ་སོན་པ་སྟེ་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ བ་དྷཱུ་ཏཱིའོ། །དེ་རྣམས་ཀྱང་(སྙིང་ཁ་མགྲིན་པ་དཔྲལ་བ་གཙུག་ཏོར་གྱི་གནས་བཞིར་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་) ལུ་གུ་རྒྱུད་ཏུ་བཅིངས་པས་(གནས་ཤིང་ལྟེ་བར་རྩ་གསུམ་པོ་ལོག་འབྲེལ་པའི་རྣམ་པར་ཡོད་པ་ལས་)ལྟེ་བ་དང་ 4-1-279 སྙིང་ཁའི་བར་དུ་(རོ་རྐྱང་གཉིས་གཡས་དང་གཡོན་ནས་འཁྱོག་པའི་རྣམ་པ་དང་དབུ་མ་དབུས་ནས་དྲང་པོའི་རྣམ་པས་) ལམ་གསུམ་བྱས་ནས་སླར་ཡང་ཨ་བ་དྷཱུ་ཏཱི་ནི་དབུས་སུ་སྙིང་ཁའི་(རྩ་འདབ་རྣམས་ཀྱི་)ལྟེ་བ་ཕུག་ ནས་འགྲོའོ། །ལ་ལ་ནཱ་དང་ར་ས་ནཱ་ནི་གཡོན་དང་གཡས་ཀྱི་འདབ་མར་རབ་ཏུ་རྒྱུ་བས་(ཞེས་ པ་གཡོན་དང་གཡས་ཀྱི་རྩ་འདབ་རྣམས་དེ་གཉིས་ལས་གྱེས་པའི་ཚུལ་གྱིས་)སོ། །དེ་ནས་སྙིང་ཁ་དང་མགྲིན་ པའི་བར་དུ་སླར་ཡང་(སྔ་མ་བཞིན་)ལམ་གསུམ་བྱས་ནས་འགྲོའོ། །དེ་བཞིན་དུ་མགྲིན་པ་དང་ དཔྲལ་བའི་བར་དུ་ལམ་གསུམ་དང་དཔྲལ་བ་དང་གཙུག་ཏོར་གྱི་བར་དུ་ལམ་གསུམ་སྟེ་དེ་ ལྟར་ལམ་གསུམ་(རིམ་པ་)བཞི་(དང་གཙུག་ཏོར་ནས་སྣའི་བར་དུ་ཡང་ལམ་གསུམ་)བྱས་ནས་ལ་ལ་ནཱ་ནི་སྣ་ གཡོན་པའི་བུ་ག་(ལ་ཟུག་)ནས་(དེ་ནས་རྒྱུ་བའི་རླུང་)གཞན་གྱི་གནས་སུ་(སྟེ་ཕྱི་རོལ་ཏུ་སོར་)བཅུ་གཉིས་ མཐའ་དང་ཆ(སྟེ་སོར་བཅུ་དྲུག་གི་)འི་མཐར་འགྲོ་སྟེ་ནང་གི་ལེའུ་ལས་གསུངས་སོ། །ར་ས་ནཱ་ནི་(སྣ་)གཡས་(པའི་སྣ་བུག་ལ་ཟུག་)ནས་སོ། །ཨ་བ་དྷཱུ་ཏཱི་ནི་(སྣ་བུག་གཉིས་ཀའི་དབུས་སུ་ཟུག་ནས་དེའི་རླུང་)གཅིག་ ཆར་(སྟེ་མཉམ་དུ་)སྣ་བུག་གཉིས་ནས་འགྲོའོ། །དེ་བཞིན་དུ་(ལྟེ་བའི་)འོག་ཏུ་ལྟེ་བ་དང་གསང་བའི་ བར་དུ་ལམ་གསུམ་བྱས་(ལ་ལ་ནཱའི་མ་སྣ་)ནས་བཤང་བ་དང་(ར་ས་ནཱའི་མ་སྣ་)གཅི་བའི་རྩ་ནི་གཡོན་ དང་གཡས་ནས་(འཁྱོག་པའི་ཚུལ་གྱིས་)སོང་སྟེ་གསང་བའི་པད་མ་ལ་དབུས་སུ་(དབུ་མའི་མ་སྣ་) དུང་ཅན་མའོ། །(གསང་གནས་སུ་ཡང་རྩ་གསུམ་པོ་ཁོག་འབྲེལ་བའི་རྣམ་པར་ཡོད་པ་ལས་)གསང་བའི་པད་མའི་ འོག་ཏུ་(སུམ་རྗེས་བྱས་ནས་)དྲི་ཆེན་གྱི་རྩ་དབུས་ནས་འགྲོ་སྟེ་(སྐྱེས་པའི་)རྟགས་སམ། (བུད་མེད་ཀྱི་)བྷ་ ག་ལ་གཡོན་ནས་གཅི་བའི་རྩ་འགྲོ་ཞིང་གཡས་ནས་ཁུ་བའི་རྩ་འགྲོའོ། །རྩའི་ཀུན་ཏུ་སྤྱོད་པ་ (སྟེ་འདབ་མའི་གྲངས་དང་རླུང་དུ་རྒྱུ་ཚུལ་ལ་སོགས་པ་)ནི་ནང་གི་ལེའུ་ལས་སྔར་གསུངས་སོ། །དེ་ལྟར་སྲོག་ དང་ཐུར་སེལ་ལམ་གསུམ་རྣམས་ཞེས་པ་སྟེ་སྟེང་དུ་སྲོག་གི་(ལམ་གསུམ་ནི་)གཡོན་དང་གཡས་ དང་དབུ་མའི་ལམ་རྣམས་དང་འོག་ཏུ་ཐུར་སེལ་གྱི་(ལམ་གསུམ་ནི་)བཤང་བ་དང་གཅི་བ་དང་ ཁུ་བའི་ལམ་རྣམས་སོ། །(རྩ་གསུམ་པོ་དེ་དག་འདུས་པའི་གནས་)རྡོ་རྗེ་དང་བཅས་པད་མ་ནི་བུད་མེད་ 4-1-280 རྣམས་ཀྱི་སྐྱེ་གནས་ཏེ་(ཐབས་ཀྱི་རྡོ་རྗེ་དང་བཅས་པས་སྐྱེ་གནས་ལ་)གཡོ་བ(འི་བདེ་བ་སྐྱེ་བ་)ཉིད་ཀྱི་ཕྱིར་རོ། ། ནོར་བུ་དང་བཅས་པའི་རྡོ་རྗེ་(གཡོ་བ་)ནི་(ཐབས་ཀྱི་)འགྱུར་བའི་(བདེ་བ་སྐྱེ་བའི་རྒྱུའི་)ཕྱིར་ཏེ་(ཤེས་རབ་ ཀྱི་)ཆུ་སྐྱེས་ལྡན་པ་ཉིད་ནི་(རྡོ་རྗེ་པད་མ་)ཁ་འབྱེད་པའི་ཕྱིར་རོ། །རླུང་གཉིས་ཡང་དག་ཕྲད་པའི་ དབུས་སུ་ཞེས་པ་(རྣལ་འབྱོར་པའི་)ལྟེ་བར་(བུམ་པ་ཅན་གྱི་སྦྱོར་བ་ལས་)སྲོག་དང་ཐུར་སེལ་གྱི་རླུང་དག་ ཡང་དག་པར་ཕྲད་པའི་དབུས་སུ་ཡུལ་ཞེས་པ་(བདུན་པའི་མང་ཚིག་ཐོབ་ཀྱང་དེ་མ་སྦྱར་བར་ཡུལ་ཞེས་པ་ནི་)རྣམ་དབྱེ་མེད་པའི་ཚིག་སྟེ་(ཕྱི་རོལ་གྱི་གཟུགས་སོགས་)ཡུལ་རྣམས་ལ་ཡུལ་ཅན་མིག་ལ་སོགས་པ་ རྣམས་འབྱུང་བ་(དེ་རྣམས་)དང་རབ་ཏུ་འཇུག་པ་(འགོག་པ་)ནི་ལྟེ་བར་ཏེ་(གཏུམ་མོའི་མེ་འབར་བ་ལས་) དེ་ཉིད་ནི་སྔར་(ཡང་ཡང་)བརྗོད་ཟིན་ཏོ། །དུ་བ་ལ་སོགས་རྣམས་ཀྱི་མཚན་མ་འཛིན་པ་ནི་(རླུང་ སེམས་)ཨ་བ་དྷཱུ་ཏཱིའི་(ནང་དུ་ཞུགས་པའི་སྦྱོར་བའི་)སྒོ་ནས་ཏེ་ཀྱང་གི་སྒྲས་(རླུང་སེམས་དབུ་མར་འཇུག་པའི་ སྒོ་ཡང་)ལྟེ་བ་(འཁོར་ལོ་)དེ་ཉིད་ལ་(སྟེ་ལྟེ་བའི་དབུས་ནས་འཇུག་པ)འོ། །འདི་རྣམས་ཐམས་ཅད་གསང་ བར་བྱ་སྟེ་(རྡོ་རྗེ་རྣལ་འབྱོར་མ་བསྒོམས་པའི་)བྱིས་པའི་སྐྱེ་བོ་རྣམས་ལ་སྦ་བར་བྱའོ་ཞེས་པ་ངེས་པའོ། ༡༢༠ ། ༈ ད་ནི་དབུ་མར་སྲོག་ཅེས་པ་ལ་སོགས་པས་རྣལ་འབྱོར་ཉེ་བར་བསྡུ་བ་གསུངས་ ཏེ་འདིར་དང་པོར་རྣལ་འབྱོར་པས་(དཔལ་ལྡན་བླ་མ་དམ་པའི་མན་ངག་ལ་བརྟེན་ནས་)དབུ་མར་སྲོག་ ནི་རབ་ཏུ་གཞུག་པར་བྱ་སྟེ་(བྱེད་པ་བཅིང་བའི་ཐབས་)གང་གིས་(དུ་སོགས་ཀྱི་)མཚན་མ་མཐོང་བར་ འགྱུར་བ་ཨ་བ་དྷཱུ་ཏཱིར་རོ། །(སོར་སྡུད་བསམ་གཏན་གྱི་ཡན་ལག་གཉིས་ཀྱིས་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་ མཐོང་པ་དབྱིབས་ཀྱི་རྣལ་འབྱོར་)འདི་ནི་དཔལ་ལྡན་བླ་མ་ཞེས་པ་སངས་རྒྱས་ཀྱི་སྐུ་རྡོ་རྗེ(འི་རྣལ་འབྱོར་)ཞལ་གཅིག་(སྐུའི་ཞལ་)ཏུ་བརྗོད་དོ། །དེ་ནས་ཉི་མ་དང་བཅས་ཏེ་(རྩ་)གཡས་པའི་བགྲོད་པ་ (སྟེ་ལམ་)དང་ལྷན་ཅིག་ཏུ་རི་བོང་ཅན་གྱི་བགྲོད་པ་ཞེས་པ་གཡོན་གྱི་རྩའི་བགྲོད་པ་(སྟེ་ལམ་) ལ་སྲོག་(མི་རྒྱུ་བར་)བཅིངས་པའོ་ཞེས་པ་ངེས་པ་སྟེ་སྲོག་རྩོལ་(དང་འཛིན་པ་སྔགས་ཀྱི་རྣལ་འབྱོར་)ནི་ 4-1-281 གཉིས་པ་(གསུང་གི་ཞལ་)གསུང་རྡོ་རྗེ(འི་རྣལ་འབྱོར་རོ་)འོ། །(འཛིན་པ་ཐོབ་ནས་རྗེས་དྲན་གྱི་སྐབས་སུ་)ཕྱག་རྒྱ་ རབ་ཏུ་འགྲོགས་ལ་སེམས་ཞེས་པ་(རྣམ་པ་ཐམས་ཅད་པའི་སྟོང་)གཟུགས་ལ་རྗེས་སུ་ཆགས་པ་(གཏུམ་ མོའི་མེས་)བྱང་ཆུབ་ཀྱི་སེམས་ཞུ་བ་(རྡོ་རྗེ་ནོར་བུ་ལས་མི་འཕོ་བ་)དང་མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ ཡང་དག་པར་བསླང་བ་(རྗེས་དྲན་ཆོས་ཀྱི་རྣལ་འབྱོར་མ་)ཡང་གསུམ་པ་ཐུགས་ཀྱི་ཞལ་(ཐུགས་རྡོ་རྗེའི་རྣལ་ འབྱོར་རོ་)ལོ། །(རྗེས་དྲན་གྱི་སྐབས་འདིར་)ཅི་སྟེ་(སྟོང་)གཟུགས་ཀྱི་སྒོ་ནས་(བྱང་སེམས་སྤྱི་བོ་ནས་འབབས་པའི་) དགའ་བར་མ་གྱུར་ན་དེའི་ཚེ་(ཕྱག་རྒྱའི་)པད་མར་རྡོ་རྗེའི་སྒྲའམ་ཞེས་པ་དལ་བུ་དག་གིས་བྱའོ། ། ཅི་སྟེ་བུད་མེད་མ་རྙེད་ན་དེའི་ཚེ་རང་གི་ལག་པའི་པད་མས་གསོར་བར་བྱའོ། །བདེ་བ་(བྱང་ སེམས་)འཕེལ་བའི་སླད་དུ་སྟེ་(ཕྱི་རོལ་ཏུ་)ལྟུང་བའི་སླད་དུ་ནི་མ་ཡིན་ནོ། །དེ་ལྟར་(རྗེས་དྲན་གྱི་སྦྱོར་ བ་ལས་)ས་བོན་གཏོང་བ་མིན་པའི་བདེ་བ་(འཕེལ་བ་)དེ་ནི་(རྣལ་འབྱོར་པའི་)འཆི་བའི་འཇིག་འཕྲོག་ (ཏིང་ངེ་འཛིན་གྱི་ཡན་ལག་)ཏུ་འགྱུར་ཞིང་(དག་པའི་རྣལ་འབྱོར་)འདི་ནི་དཔལ་ལྡན་བླ་མའི་(སངས་རྒྱས་ཀྱི་) ཞལ་བཞི་པ་(ཡེ་ཤེས་ཀྱི་ཞལ་)སྟེ་ཡེ་ཤེས་རྡོ་རྗེ(འི་རྣལ་འབྱོར་རོ་)འོ་ཞེས་པ་(རྡོ་རྗེའི་)རྣལ་འབྱོར་གོམས་ པའི་ངེས་པའོ། ༡༢༡ ། ༈ ད་ནི་ས་ཞེས་པ་ལ་སོགས་པས་དཀྱིལ་འཁོར་ལྔ་(རྣལ་འབྱོར་གྱི་སྟོབས་ཀྱིས་)ཟད་ པ་གསུངས་ཏེ་འདིར་གང་གི་ཚེ་(གཙུག་ཏོར་ཅན་གྱི་)ཁྲོ་བོའི་ལྟ་བས་(ནམ་མཁས་)སྟོང་པ་ལ་སེམས་ (རྩེ་གཅིག་ཏུ་)བཀོད་པའི་རྣལ་འབྱོར་པ་མིག་མི་འཛུམ་པར་གྱུར་པ་དེའི་ཚེ་གཡོན་ནམ་གཡས་ སུ་(འབབ་པའི་དཀྱིལ་འཁོར་དག་ལས་)ས་ཞེས་པ་ནི་(སྒོམ་དུས་ས་སོགས་སྡུད་རིམ་)ཉེ་བར་མཚོན་པ་སྟེ་(དེ་)གང་གི་ཚེ་(ཡོད་ན་)གཡས་སུ་རབ་ཏུ་འབབ་པའི་དུས་སུ་(ཡོད་པས་དེ་ལ་)རྣལ་འབྱོར་པ་བསྒོམ་ པར་བྱེད་ན་དེའི་ཚེ་(ས་རླུང་ཆུ་རླུང་ལ་ཐིམ་པ་ལ་སོགས་པའི་)ཆོ་ག་འདིའོ། །གཡོན་པའི་རྩ་ལ་(སྲོག་)རབ་ ཏུ་འབབ་པའི་དུས་སུ་ནི་(ས་རླུང་ཆུ་རླུང་ལ་ཐིམ་པ་ལ་སོགས་པའི་རིམ་པ་འདི་ཡོད་པ་)མ་ཡིན་ཏེ་ནམ་མཁའི་ དཀྱིལ་འཁོར་ལ་སོགས་པ(སྤྲོ་བ)འི་རིམ་པ་ལས་(འབབ་པས་)སོ། །དེས་ན་གཡོན་ནམ་གཡས་ 4-1-282 སུ་(ནམ་མཁའ་དང་ས་ལ་སོགས་པ་)དཀྱིལ་འཁོར་གང་འབབ་པ་དེའི་སྲོག་གི་ཆོས་ཅན་ཉིད་ཀྱི་ཕྱིར་ (རླུང་)དེ་ཉིད་དཀྱིལ་འཁོར་དུ་གསུངས་སོ། །དེས་ན་གཡས་ཀྱི་རྩ་ལ་སའི་དཀྱིལ་འཁོར་ལས་ སྲོག་ཆུའི་དཀྱིལ་འཁོར་ལ་འཇུག་སྟེ་དེ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བར་དུ(འཇུག་ པ)འོ(ཞེས་པ་སའི་རླུང་ལ་སོགས་པ་དབུ་མར་རིམ་གྱིས་ཞུགས་པ་ལ་སའི་རླུང་སོགས་རིམ་པ་ལྟར་ཆུ་རླུང་སོགས་ལ་འཇུག་པ་ ཞེས་གསུངས་པར་རིག་པར་བྱའོ)། །གཡོན་གྱི་རྩ་ལ་(ནི་)ནམ་མཁའ་ལ་སོགས་པས་(ཡེ་ཤེས་ཀྱི་བར་དུ་ བསྐྱེད་རིམ་གྱིས་)འཇུག་གོ། དེ་བཞིན་དུ་སྟོང་པ་(དེ་ལས་)ངེས་པར་དུ་བ་ལ་སོགས་པའི་མཚན་མ་ རྣམ་པ་(གདོད་ནས་གནས་པ་དེ་མཐོང་བ་)བཅུ་རུ་འགྱུར་ཞིང་མཚན་མ་(བཅུ་པོ་མཐོང་བ་)ནི་(བསྒོམ་པ་གོམས་ པ་ལས་གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་ཅེས་པ་)རྣམ་པ་ཐམས་ཅད་པའི་གཟུགས་སུ་(མཐོང་བར་)འགྱུར་ རོ(ཞེས་པ་རྣལ་འབྱོར་བའི་མངོན་སུམ་གྱིས་མཐོང་བའི་རིམ་པ་སྟེ་སྟོང་པའི་རླུང་མཚན་མ་བཅུར་འགྱུར་བ་དང་མཚན་མ་རྣམ་པ་ ཐམས་ཅད་པའི་གཟུགས་སུ་ཡོངས་སུ་འགྱུར་བ་འདུས་བྱས་ཀྱི་དངོས་པོ་འགྱུར་བ་ལྟ་བུ་ནི་མ་ཡིན་ཏེ། མཚན་མ་བཅུ་ལ་སོགས་ པ་ནམ་མཁའ་ལས་བྱུང་ཞིང་རང་བྱུང་བ་ཡིན་པར་གསུངས་པའི་ཕྱིར་རོ)། །(སྣ་ཚོགས)གཟུགས་(དེ་གོམས་པ་)ལས་ འགྱུར་བ་མེད་པའི་བདེ་བ(ཐོབ་པ)ར་འགྱུར་ཏེ་དེ་ཉིད་ནི་(དོན་དམ་པའི་)ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་ཡེ་ཤེས་སོ། །ཡེ་ཤེས་(ཐོབ་པ་)ལས་ནི་རྫུ་འཕྲུལ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་ དང་དངོས་གྲུབ་ཁམས་གསུམ་གྱི་དབང་ཕྱུག་སངས་རྒྱས་ཉིད་དུ་འགྱུར་ཏེ་(ཅི་ཙམ་གྱིས་འགྱུར་ན་) མི་བདག་(ཅེས་པ་བོད་སྟེ་)སྐྱེས་བུུ་(བརྩོན་འགྲུས་ཅན་)རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ་ཞེས་པ་(ཕྱག་རྒྱ་ཆེན་ པོའི་)ལམ་ལ་རབ་ཏུ་ཞུགས་པའི་ངེས་པའོ། ༡༢༢ ། ༈ ད་ནི་སྐུ་བཞི་རྣམས་ཀྱི་རབ་ཏུ་དབྱེ་བ་བཅུ་དྲུག་གསུངས་པ་འདོད་པ་ཞེས་པ་ལ་ སོགས་པ་སྟེ་(དོན་དམ་དང་པོའི་སངས་རྒྱས་ཀྱི་སྐུ་བཞིའི་སྐབས་)འདིར་(སྐུ་གཅིག་ཡོད་པ་དེར་)ཀུན་འབྱུང་གི་ བདེན་པ་ལས་གང་ན་སྐུ་གཅིག་ཡོད་པ་དེ་ན་གཞན་གསུང་དང་ཐུགས་ལ་སོགས་པ་རྣམས་ ཀྱང་(ངོ་བོ་དབྱེར་མེད་པའི་ཚུལ་གྱི་འབྱུང་)ངོ༌། །(དེ་ལ་)འདོད་པ་ཞེས་པ་(སྒྲིབ་པ་དང་བཅས་པའི་)ལུས་ཀྱི་ 4-1-283 དགའ་བ་(ཀུན་རྫོབ་པ་)འགག་པ་ལས་(ཐོབ་པར་བྱ་བ་སྒྲིབ་པ་མེད་པ་དོན་དམ་པའི་བདེ་བ་ཆེན་པོའི་སྐུའི་དགའ་ བ་ནི་)སངས་རྒྱས་ཀྱི་(དོན་དམ་པའི་)སྤྲུལ་པའི་སྐུར་ངེས་པར་འགྱུར་རོ། །རྫོགས་པ་སྟེ་(སྒྲིབ་པ་དང་ བཅས་པའི་)ངག་གི་དགའ་བ་〔ཀུན་རྫོབ་པ〕ཟད་པ་(ལས་ཐོབ་པར་བྱ་བ་)གང་ཡིན་པ་དེ་ནི་སྤྲུལ་པ་དེའི་ གསུང་(དོན་དམ་བདེ་བ་ཆེན་པོའི་གསུང་གི་དགའ་བ་)ཉིད་དོ། །འབར་བ་སྤྲུལ་པའི་ཐུགས་ཏེ་འབར་བ་ ཞེས་པ་ནི་(སྒྲིབ་པ་དང་བཅས་པའི་)སེམས་ཀྱི་དགའ་བ་〔ཀུན་རྫོབ་པ〕འགགས་པ(ལས་ཐོབ་པར་བྱ་བའི་ སྒྲིབ་པ་མེད་པ་དོན་དམ་བདེ་བ་ཆེན་པོའི་ཐུགས་ཀྱི་དགའ་བ)འོ། །སྤྲུལ་བའི་མཆོག་གི་བདེ་བ་བྱེད་པའི་ཡེ་ ཤེས་རྡོ་རྗེ་ནི་ཨོཌྜཱ་སྟེ་(སྒྲིབ་པ་དང་བཅས་པའི་)ཡེ་ཤེས་ཀྱི་དགའ་བ་འགགས་པ(ལས་ཐོབ་པར་བྱ་བ་དོན་ དམ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དགའ་བ)འོ། །དེ་ལྟར་(དོན་དམ་པའི་དགའ་བའི་དགའ་བཞི་ནི་)སྤྲུལ་པ(འི་སྐུ་གསུང་ ཐུགས་ཡེ་ཤེས་རྡོ་རྗེ་སྟེ་)བཞིའོ། །དེ་བཞིན་དུ་(དོན་དམ་པའི་)ལོངས་སྤྱོད་རྫོགས་པ(འི་སྐུ་གསུང་ཐུགས་ཡེ་ཤེས་)བཞི་ནི་(འདི་ལྟ་སྟེ་དོན་དམ་པ་བདེ་བ་ཆེན་པོ་སྐུའི་མཆོག་གི་)དགའ་བ་(ནི་)ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ (སྒྲིབ་བཅས་ཀྱི་)ལུས་ཀྱི་མཆོག་དགའ་འགགས་པ(ལས་ཐོབ་པར་བྱ་བ)འོ། །མཆོག་དགའ་དང་བཅས་ ཁྱད་པར་དགའ་བ་རིམ་པས་འདི་ཡི་ནི་ཞེས་པ་(དོན་དམ་བདེ་བ་ཆེན་པོའི་གསུང་གི་)མཆོག་དགའ་ ནི་ལོངས་སྤྱོད་རྫོགས་པའི་གསུང་སྟེ་〔སྒྲིབ་བཅས་ཀྱི་〕ངག་གི་མཆོག་དགའ་ཟད་པ〔ལས་ཐོབ་ པར་བྱ་བ〕འོ། །(དོན་དམ་པ་བདེ་བ་ཆེན་པོ་ཐུགས་ཀྱི་)ཁྱད་པར་དགའ་བ་ནི་ལོངས་སྤྱོད་རྫོགས་པའི་ ཐུགས་ཏེ་〔སྒྲིབ་བཅས་ཀྱི་〕སེམས་ཀྱི་མཆོག་དགའ་འགགས་པ〔ལས་ཐོབ་པར་བྱ་བ〕འོ། །དེ་ ལྟར་(ལོངས་སྤྱོད་རྫོགས་པའི་)གསུང་དང་ཐུགས་སོ། །(དོན་དམ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་)ལྷན་ཅིག་སྐྱེས་ པའི་དགའ་བ་ནི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་རྡོ་རྗེ་སྟེ་〔སྒྲིབ་བཅས་ཀྱི་〕ཡེ་ཤེས་ཀྱི་མཆོག་ དགའ་འགགས་པ〔ལས་ཐོབ་པར་བྱ་བ〕འོ། །ཞེས་པ་(མཆོག་དགའ་བཞི་ནི་)ལོངས་སྤྱོད་རྫོགས་པ(འི་ སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ)འོ། ༡༢༣ ། དེ་ནས་ཆོས་ཀྱི་(སྐུ་གསུང་ཐུགས་ཡེ་ཤེས་)བཞི་ནི་འདར་བ་ཉིད་ཅེས་པ་ལུས་ཀྱི་ཁྱད་པར་ 4-1-284 དགའ་བ་སྟེ་དེ་འགགས་པ་(ལས་ཐོབ་པར་བྱ་བ་དོན་དམ་བདེ་བ་ཆེན་པོའི་སྐུའི་ཁྱད་པར་དགའ་བ་)ནི་སྲིད་པ་ གསུམ་གྱིས་བཏུད་པ་(དོན་དམ་པའི་)ཆོས་ཀྱི་སྐུའོ། །འབྱུང་བ་(ནི་)ཆོས་དེའི་གསུང་དུ་འགྱུར་ ཞེས་པ་སྟེ་ངག་གི་ཁྱད་པར་དགའ་བ་འགགས་པ(ལས་ཐོབ་པར་བྱ་བ་དོན་དམ་བདེ་བ་ཆེན་པོའི་གསུང་གི་ ཁྱད་པར་དགའ་བ)འོ། །གཉིད་ཡུར་ནི་སེམས་ཀྱི་ཁྱད་པར་དགའ་བ་འགགས་པ་སྟེ་(ལས་ཐོབ་པར་བྱ་ བ་དོན་དམ་བདེ་བ་ཆེན་པོའི་ཐུགས་ཁྱད་པར་དགའ་བ་)ཆོས་ཀྱི་ཐུགས་སོ། །གཉིད་དེ་ཡེ་ཤེས་ཀྱི་ཁྱད་པར་ དགའ་བ་འགགས་པ་(ལས་ཐོབ་པར་བྱ་བ་དོམ་དམ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཁྱད་པར་དགའ་བ་)ནི་ཆོས་འདིའི་ སྲིད་པའི་འཇིག་འཇོམས་ཡེ་ཤེས་(རྡོ་རྗེ་སྟེ་དེ་ལྟར་ཁྱད་པར་དགའ་བ་བཞི་ནི་ཆོས་ནི་སྐུ་གསུང་ཐུགས་ཡེ་ཤེས་)སོ་ (འགྱུར་མེད་)ཡི་གེ་ཉིད་ཅེས་པ་ནི་ལུས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་དེ་འགགས་པ་(ལས་ ཐོབ་པར་བྱ་བ་དོན་དམ་བདེ་བ་ཆེན་པོའི་སྐུ་ལྷན་ཅིག་སྐྱེས་དགའ་)ནི་(དོན་དམ་པའི་)དག་པའི་སྐུའོ། །དབྱངས་དང་ བྲལ་བ་ནི་ཆ་དང་ཐིག་ལེ་ནཱ་ད་རིམ་པ་ཡིས་ཞེས་པ་ལ་ཆ་ཞེས་པ་ནི་ངག་གི་ལྷན་ཅིག་སྐྱེས་ པའི་དགའ་བ་འགགས་པ་(ལས་ཐོབ་པར་བྱ་བ་དོན་དམ་བདེ་བ་ཆེན་པོའི་གསུང་གི་ལྷན་ཅིག་སྐྱེས་དགའ་)སྟེ་དག་ པའི་གསུང་ངོ༌། །ཐིག་ལེ་ཞེས་པ་ནི་སེམས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་འགགས་པ་(ལས་ ཐོབ་པར་བྱ་བ་དོན་དམ་བདེ་བ་ཆེན་པོའི་ཐུགས་ཀྱི་ལྷན་ཅིག་སྐྱེས་དགའ་)སྟེ་དག་པའི་ཐུགས་སོ། །ནཱ་ད་ཞེས་པ་ ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་འགགས་པ་(ལས་ཐོབ་པར་བྱ་བ་དོན་དམ་བདེ་བ་ཆེན་པོའི་ཡེ་ཤེས་ ཀྱི་ལྷན་ཅིག་སྐྱེས་དགའ་)སྟེ་དག་པའི་ཡེ་ཤེས་(དེ་ལྟར་ལྷན་ཅིག་སྐྱེས་དགའ་བཞི་ནི་དག་པའི་སྐུ་གསུང་ཐུགས་ཡེ་ཤེས་) སོ། །དེ་ལྟར་(ལྷན་ཅིག་སྐྱེས་དགའ་བཞི་ནི་)བདེ་འབྱུང་དག་པ(ལྷན་ཅིག་སྐྱེས་པ)འི་སྐུ་(དང་པོའི་སངས་རྒྱས་)རྡོ་ རྗེ་སེམས་དཔའི་ཡེ་ཤེས་རྡོ་རྗེ་རྣམ་གསུམ་སྲིད་པར་(ནམ་མཁའ་ལྟར་ཁྱབ་བྱེད་དུ་)གནས་པ་(གཅིག་པུ་ ཉིད་ལས་ཕྱེ་བ་)སྟེ་(འབྱེད་པའི་རྒྱུ་མཚན་ནི་དོན་དམ་བདེ་བ་ཆེན་པོའི་)དགའ་བ་བཅུ་དྲུག་གི་དབྱེ་བས་ཕྱེ་བའོ། ། དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་གསུངས་པའི་ཕྱིར་དེ་ཉིད་རྣམ་པ་བཅུ་དྲུག་ནི་མི་འགྱུར་ བའི་བདེ་བ་ཆེན་པོ་དང་(བདེན་དོན་)རྣམ་པ་བཅུ་གཉིས་ནི་(དབྱེ་གཞི་སྟེ་ཕྱེ་ན་)དོན་དམ་པ་(དོན་དམ་ 4-1-285 པའི་དེ་ཉིད་རྣམ་པ་བཅུ་དྲུག་དང་བདེན་དོན་རྣམ་པ་)དང་ཀུན་རྫོབ་(ཀྱི་ཡང་)སྟེ་(རིམ་པ་བཞིན་དོན་དམ་གྱི་ནི་)སངས་ རྒྱས་རྣམས་དང་(ཀུན་རྫོབ་ཀྱི་ནི་)འཁོར་བ་པ་རྣམས་ཀྱིའོ། །དེས་ན་(འཁོར་བའི་རྟེན་འབྲེལ་)ཡན་ལག་ བཅུ་གཉིས་འགགས་ཤིང་(དུས་སྦྱོར་བཅུ་གཉིས་ཀྱི་)སྲོག་ཟད་པས་(ཐོབ་པར་བྱ་བ་ནི་དོན་དམ་ཡེ་ཤེས་ཀྱི་སྐུའི་ ཤེས་རབ་ཀྱི་ཆ་)རྡོ་རྗེ་ཉི་མ་སྣང་བ་ཆེ་(ཞེས་པ་ཉི་མ་གཞན་དང་ཡན་ལག་བཅུ་གཉིས་གཞན་)བདེན་དོན་རྣམ་པ་ བཅུ་གཉིས་ལྡན་ཞེས་པ་(དོན་དམ་གྱི་གནས་དང་ཉེ་བའི་གནས་ལ་སོགས་པ་)སྟེ་(སྒྲིབ་བཅས་ཀྱི་)རྡུལ་འགགས་ པའི་ཕྱིར་རོ། །〔སྒྲིབ་བཅས་ཀྱི་〕ཆ་བཅུ་དྲུག་གི་ཁུ་བ་འགགས་པས་(ཐོབ་པར་བྱ་བ་དོན་དམ་ཡེ་ཤེས་ ཀྱི་སྐུའི་ཐབས་ཀྱི་ཆ་)རྡོ་རྗེ་ཟླ་བ་དྲི་མེད་འོད(ཅེས་པ་ཟླ་བ་གཞན)། །(དགའ་བ་བཅུ་དྲུག་གཞན་)དེ་ཉིད་རྣམ་པ་ བཅུ་དྲུག་རིག་ཅེས་པ་སྟེ་(དེ་ལྟར་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་)བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ (དང་པོའི་སངས་རྒྱས་)གྲུབ་པོ། ༡༢༤ ། ༈ ད་ནི་སད་པ་ལ་སོགས་པ་འགགས་པ་གསུངས་པ་སད་པ་ཞེས་པ་ལ་སོགས་པ་སྟེ་ འདིར་འཁོར་བ་པ་རྣམས་ཀྱི་ལུས་ལ་གནས་པ་ཞེས་པ་སྤྱི་བོར་གནས་པའི་བྱང་ཆུབ་ཀྱི་ སེམས་ནི་(ལུས་ཀྱི་ཐིག་ལེ་)སད་པའི་མཚན་ཉིད་(སྐྱེད་བྱེད་)དུ་འགྱུར་ཞིང་དབུགས་ལ་ཞེན་པ་ཞེས་ པ་མགྲིན་པར་གནས་པ་(ངག་གི་ཐིག་ལེ་)ནི་རྨི་ལམ་གྱི་རང་བཞིན་(སྐྱེད་བྱེད་)དུ་འགྱུར་ཏེ་(དེ་ལྟར་ སད་པ་དང་རྨི་ལམ་གྱི་)གནས་སྐབས་གཉིས་ཀ་ལ་〔སྣང་བ་ནི་〕ཡུལ་རྣམས་〔ལ་〕རྣམ་པར་སྤྱོད་དོ། ། གཡོ་མེད་སེམས་ལ་ཞེན་པ་ཞེས་པ་སྙིང་ཀར་གནས་པ་ནི་སླར་ཡང་(ཡིད་ཀྱི་ཐིག་ལེ་)གཞན་པ་ འདི་ནི་སེམས་གསུམ་པ་སྟེ་ཤིན་ཏུ་གཉིད་ལོག་པའི་རང་བཞིན་(སྐྱེད་བྱེད་ཡིན་)ནོ། །ཡེ་ཤེས་ལ་ གནས་ཞེས་པ་ནི་ལྟེ་བར་གནས་པ་(ཡེ་ཤེས་ཀྱི་ཐིག་ལེ་ནི་)བཞི་པའི་རང་བཞིན་ཏེ་(བཞི་པ་དེ་ནི་)བུད་ མེད་དང་རབ་ཏུ་འགྲོགས་པ་ལས་བྱང་ཆུབ་སེམས་ནི་ཞུ་བར་གྱུར་པ་ན་འཕོ་བའི་སྐད་ཅིག་ གི་མཚན་ཉིད་དོ། །(དེ་ལྟར་འཁོར་བའི་)སེམས་རྣམ་པ་བཞི་པོ་དེ་ཉིད་འགགས་པ་ནི་སངས་རྒྱས་ རྣམས་ཀྱི་(དོན་དམ་པའི་)སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ལྷན་ཅིག་སྐྱེས་པའི་ 4-1-286 སྐུའི་མཚན་ཉིད་(རྣལ་འབྱོར་པ་བདག་ཉིད་ལ་གདོད་མ་ཉིད་ནས་བཞུགས་པ་དེ་ཐོབ་པ་ཉིད་)དུ་འགྱུར་རོ། །དེས་ ན་སྤྲུལ་པ་ལ་སོགས་(སྐུ་བཞི་པོ་)དག་གི་སེམས་ཀྱི་རྡོ་རྗེ་རྣམ་པ་བཞིར་ནི་(འཁོར་བ་པའི་སེམས་ཀྱི་ གནས་སྐབས་བཞི་འགགས་པ་ལས་)རིམ་པས་ངེས་པར་རབ་ཏུ་འགྱུར་ཞེས་པའོ། ༡༢༥ ། ༈ དེ་ལྟར་འཁོར་བ་པ་རྣམས་ཀྱི་སད་པ་ལ་སོགས་པའི་མཚན་ཉིད་ཀྱི་སེམས་རྣམ་པ་ བཞི་ནི་སྲིད་པ་རྣམ་པ་གསུམ་ལ་གནས་པ(འི་སེམས་ཅན་)རྣམས་ཀྱི་ཐིག་ལེ(བཞི)འི་དབུས་སུ་ (གནས་ཤིང་ཐིག་ལེ་བཞི་ལས་སྐྱེས་པ་)སྟེ་(ཐིག་ལེ་)བྱང་ཆུབ་ཀྱི་སེམས་ཀྱི་རྟེན་(བརྟེན་པ་)ལ་བྱང་ཆུབ་ཀྱི་ སེམས་(འཁོར་བ་པའི་སེམས་ཀྱི་གནས་སྐབས་རྣམ་པ་བཞི་པོ་)དེ་ཉིད་དོ། །(ཞེས་པ་རྒྱུའི་མིང་གིས་འབྲས་བུ་ལ་བཏགས་ པའོ་)རྣལ་འབྱོར་དབང་པོ་(ཡན་ལག་དྲུག་གི་རྣལ་འབྱོར་པ་)རྣམས་ཀྱིས་བདེ་མཉམ་འབྲས་སྟེར་ཞེས་ པ་(ཕྱག་རྒྱ་ཆེན་པོ་)མི་འགྱུར་བའི་བདེ་བའི་འབྲས་བུ་སྟེར་བ་(བདེ་བ་ཆེན་པོ་ཐོབ་པའི་)ཁྱབ་བྱེད་ (ཏེ་རྒྱུ་ཐིག་ལེ་)དག་ནི་ཐར་པའི་སླད་དུ་བསྲུང་བར་བྱའོ། །(ཅིའི་ཕྱིར་ཞེ་ན་)ཐིག་ལེ་བཏང་ཏེ་(བདེ་བའི་)རྟེན་(ནམ་རྒྱུ་)ལྷུང་བར་གྱུར་ན་རྣལ་འབྱོར་པ་རྣམས་ཀྱི་མཆོག་གི་བདེ་བ་སྐྱེ་བའི་ས་བོན་རྟེན་ སོང་བ་ལ་བརྟེན་པ་བྱང་ཆུབ་ཀྱི་སེམས་(འགྱུར་བ་མེད་པའི་བདེ་བ་ཆེན་པོ་)ཐར་པ་གང་ན་ཡོད། དེའི་ ཕྱིར་འཁོར་བ(པ)འི་(འཛག་པའི་)བདེ་བའི་སྐད་ཅིག་འདི་ནི་སྡོམ་བརྩོན་(རྣལ་འབྱོར་པ་)རྣམས་ཀྱིས་ ཐམས་ཅད་དུས་སུ་སྤང་བར་བྱ་ཞེས་པ་སྟེ་(ཐིག་ལེ་)འགྱུར་བ་དང་འཛག་པ་དང་གཡོ་བ་(དུག་ བཞིན་དུ་)སྤང་བར་བྱའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །(དེས་ན་ངེས་དོན་སྦྱོར་བ་ཡན་ལག་ དྲུག་གི་)རྣལ་འབྱོར་པས་(བྱང་སེམས་ཐིག་ལེ་སྟེང་དུ་གཤེགས་པ་ལྟེ་བར་)རྒྱུ་མཐུན་པ་(དང་སྙིང་ཁར་རྣམ་པར་སྨིན་ པ་)ལ་སོགས་པ་(སྤྱི་བོར་)དྲི་མ་དང་བྲལ་བར་གྱུར་གྱི་བར་དུ་(ཐིག་ལེ་)སྟེང་དུ་(འགྲོ་བར་)བྱ་སྟེ་(སྤྱི་བོ་ ནས་)ཇི་ལྟར་བྱོན་པ་དེ་བཞིན་(དུ་སླར་ཡང་རྡོ་རྗེ་ནོར་བུ་ནས་སྤྱི་གཙུག་གི་མཐར་ཐུག་པར་)གཤེགས་པའོ་ཞེས་ པ་མི་འགྱུར་བའི་བདེ་བ་སྐྱེད་པའི་ངེས་པའོ(དོན་དེ་དག་དཔལ་འདུས་པར་ཡང༌། རྡོ་རྗེ་དཀྱིལ་ཀྲུང་གིས་སེམས་ ནི། །ནོར་བུའི་ནང་དུ་གནས་པར་བལྟ། །རྒྱུ་མཐུན་ལ་སོགས་བདེ་བ་རྫོགས། །དྲི་མ་མེད་པའི་བར་དུ་བསྒོམ། །ཞེས་དང༌། དཔལ་ 4-1-287 ཀྱེའི་རྡོ་རྗེར་ཡང༌། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང༌། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་གསུངས་སོ)། ། གང་ཕྱིར་ཨ་སོགས་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཞན་ནི་མཆོག་ཏུ་མི་འགྱུར་ བའི་ཡེ་ཤེས་གྲུབ་པ་ལས་རྒྱས་པར་བརྗོད་པར་བྱ་སྟེ་དེས་ན་འདིར་ཡོངས་སུ་བཅད་པའོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་(དོན་དམ་ཡེ་ཤེས་ཀྱི་སྐུའི་)སྐུ་བཞི་ལ་ སོགས་པའི་རྣམ་པར་དག་པ་(དང་དེ་ཐོབ་བྱེད་རྣམ་དག་ལེགས་པའི་ལམ་)ངེས་པའི་མདོར་བསྡུས་ཆེན་པོ་ སྟེ་གཉིས་པའོ།། ༡༢༦ །། ༈ (དགུ་པ་ཤེས་པ་དང་ཤེས་བྱ་རྣམ་པ་ཀུན་གྱི་བདག་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ངོ་བོ་ཉིད་)དཔལ་རྡོ་རྗེ་ (དོན་དམ་གྱི་བདེ་བ་ཐབས་དང་)སེམས་དཔའ་(དོན་དམ་པའི་སྲིད་གསུམ་གཅིག་པ་ཤེས་རབ་དམིགས་བཅས་སྟོང་པ་ཉིད་ དེ་དེ་དག་དབྱེར་མེད་པ་དང་པོའི་སངས་རྒྱས་)ལ་ཕྱག་འཚལ་ལོ། །(ཤེས་རབ་རྣམ་ཀུན་མཆོག་ལྡན་)ཕྱག་རྒྱ་ཆེན་ མོ་ཕྱག་འཚལ་ལོ། །(ཐབས་དམིགས་མེད་སྙིང་རྗེ་)མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་ཕྱག་འཚལ་ ལོ། །(དེ་དག་སྟོན་པའི་)བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ ལོ། །(དེ་དག་གི་རྣམ་འགྱུར་)ཁྲོ་བོའི་རྒྱལ་པོ་དང་རྡོ་རྗེ་མཁའ་འགྲོ་དང་རྡོ་རྗེ་འཁའ་འགྲོ་མ་རྣམས་ ལ་ཕྱག་འཚལ་ལོ། ། ༈ གང་ཕྱིར་གཅིག་ཉིད་ཨ་སོགས་ཀ་སོགས་རི་བོང་ཅན་དང་ཉིན་བྱེད་རྡོ་རྗེ་ཅན་གྱི་ གདན་མིན་ཞིང༌། །ཧཱུཾ་ཡིག་ཉིད་ཀྱིས་མཚན་མ་དང་ནི་ཡོངས་སུ་གྱུར་པ་གཞན་པ་ཁ་ཏོག་ གཟུགས་དག་མི་འདོད་དེ། །འགྱུར་མེད་དག་གིས་བསྐྱེད་ཅིང་འགྱུར་བ་ཉམས་པར་གྱུར་པ་ མཆོག་གིས་དབང་པོ་དག་དང་ལྡན་པ་ནི། །རྣམ་པ་ཀུན་ལྡན་ཐིག་ལེ་མཐའ་དག་རྒྱལ་བའི་ བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལའོ། །ཞེས་པ་ལ་འདིར་གང་ཕྱིར་ཏེ་གང་གི་ཕྱིར་ (ཐིག་ལེ་བཞི་གདོད་མ་ནས་)འགྱུར་བ་མེད་པ་(རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་)ལས་བྱུང་བ་ལྷན་ཅིག་ 4-1-288 སྐྱེས་པའི་སྐུ་ལ་(སྐྱེད་པའི་རིམ་པ་གསུངས་པའི་)ཨ་ལི་ཀ་ལི་དང་པད་མ་དང་ཟླ་བ་དང་ཉི་མའི་གདན་ དང་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་མཚན་མ་ལས་སྐྱེས་བའི་(ལྷའི་)གཟུགས་དང་ཁ་དོག་དང་ཕྱག་ དང་དབྱིབས་ཡོངས་སུུ་བརྟགས་པའི་ཆོས་བཀག་པ་དེའི་ཕྱིར་གང་གི་ཕྱིར་ཞེས་པ་ལ་སོགས་ པས་བཅོམ་ལྡན་འདས་ཀྱིས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་གསུངས་ཏེ་གཅིག་ཉིད་ ཨ་སོགས་ཀ་སོགས་ཞེས་པ་ལ་ཨ་སོགས་ནི་ཨ་ཡིག་ལ་སོགས་པ་དབྱངས་ཀྱི་ཚོགས་(འདུས་) པ་ཧ་ཡིག་ཟླ་བ་སྟེ་དབྱངས་སོ་སོར་ཡང་ངོ༌། །ཀ་ཡིག་ལ་སོགས་པ་གསལ་བྱེད་ཀྱི་ཚོགས་ (འདུས་)པ་ཀྵ་ཡིག་ཉི་མ་སྟེ་གསལ་བྱེད་སོ་སོ་ཡང་ངོ༌། །ཨ་སོགས་ཀ་སོགས་དག་(ཡོངས་སུ་གྱུར་པ་)ལས་རི་བོང་ཅན་དང་ཉིན་བྱེད་(གདན་གྱི་)དེ་ཡང་ན་ཧ་ཡིག་དང་ཀྵ་ཡིག་དག་གིས་སོ། །གཅིག་ ཉིད་ཅེས་པ་ཨ་ཡིག་དང་པ་ཡིག་དག་གཅིག་ཏུ་བྱས་པ་ནི་པ་ཡིག་གསལ་བྱེད་ཀྱི་བདག་ཉིད་ ཅན་(ཡོངས་སུ་གྱུར་པའི་)པད་མའོ། །ཨ་ཡིག་གི་བདག་ཉིད་ཅན་ནམ་ཧ་ཡིག་གི་བདག་ཉིད་ཅན་ ཟླ་བའི་དཀྱིལ་འཁོར་དང་ར་ཡིག་གི་བདག་ཉིད་ཅན་ནམ་ཀྵ་ཡིག་གི་བདག་ཉིད་ཅན་ཉི་མའི་ དཀྱིལ་འཁོར་རོ། །རྟེན་པ་རྡོ་རྗེ་ཅན་གྱིས་སྟེ་རྡོ་རྗེ་ནི་(རྣམ་པར་རྟོག་པའི་མཚོན་གྱིས་)གཅད་དུ་མེད་ པ་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་(ཐིག་ལེ་བཞི་གདོད་མ་ནས་)མི་འཕོ་བའོ། །དེ་འདི་ལ་ ཡོད་པའི་ཕྱིར་(དེའི་བདག་ཉིད་ལ་དེ་དང་ལྡན་པའི་སྒྲ་སྦྱར་བ་)རྡོ་རྗེ་ཅན་ཏེ་རྟེན་པ་རྡོ་རྗེ་ཅན་འདིའི་གདན་ ནི་རྟེན་ནོ། །མིན་ཞེས་པ་ནི་རྟེན་གདན་སེལ་བའོ། །དེ་བཞིན་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ ལས་རྡོ་རྗེའི་མཚན་མ་དང་རྡོ་རྗེའི་མཚན་མ་ཡོངས་སུ་གྱུར་པ་ལས་ལྷའི་སྐུ་ཁ་དོག་དང་ཕྱག་ དང་དབྱིབས་ཡོངས་སུ་བརྟགས་པའི་ཆོས་རྟེན་པའི་མཚན་ཉིད་(ཅན་)མི་འདོད་དེ་ཅིའི་ཕྱིར་ཞེ་ ན(དེ་དག་ནི་)མངོན་པར་ཞེན་པ(རྣམ་པར་རྟོགས་པ)འི་མཚན་ཉིད་ཀྱི་ཕྱིར་དང་(ཡོངས་སུ་)འགྱུར་པའི་ རང་བཞིན་གྱི་ཕྱིར་རོ། །འདིར་(དེ་ཉིད་བཤད་པ་)ཨ་ཡིག་ལ་སོགས་པ་དབྱངས་རྣམས་དང་ཀ་ ཡིག་ལ་སོགས་པ་གསལ་བྱེད་རྣམས་ཏེ་(འདུས་བྱས་ཡིན་པས་)འགྱུར་བར་གྱུར་པ་རྟེན་ཅིང་འབྲེལ་ 4-1-289 བར་འབྱུང་བ(འི་ཡི་གེ་)རྣམས་ནི་(བརྡ་སྤྲོད་པ་)བསྟན་བཅོས་རིག་པ་རྣམས་ཀྱིས་མི་འགྱུར་བར་ བརྗོད་དེ། དེ་སྐད་དུ་ཡང་སྨྲས་པ་(ཡི་གེ་ནི་རྣམ་གྲངས་སུ་གཏོགས་པ་གཞན་དུུ་)མི་འགྱུར་ཞིང་མི་གཡོ་སྟེ་ (ཡི་གེ་)གཞན་གྱི་གནས་སུ་མི་འགྲོའོ་ཞེས་པ་མི་འགྱུར་བ(སྟེ་ཨ་ཀྵ་ར)འི་སྒྲས་དབྱངས་(སམ་གདངས་ མི་འགྱུར་བ་སྔགས་ཀྱི་ངེས་དོན་མི་ཤེས་པའི་)ཞེས་བརྗོད་དོ། །(མི་འགྱུར་བའི་དོན་གདངས་སམ་ང་རོ་མི་འགྱུར་བ་ཙམ་ བྱེད་པ་)དེས་སྔགས་པ་ངན་པ་འཁྲུལ་པས་(པ་ར་མ་ཨ་ཀྵ་ར་ཞེས་པ་)མི་འགྱུར་བ(འི་སྒྲ་)ཉིད་ཀྱིས་ (གདངས་མི་འགྱུར་བ་)དབྱངས་ཀྱི་ཚོགས་སམ་གསལ་བྱེད་ཀྱི་ཚོགས་འཛིན་ནོ། །དོན་དམ་པར་ དབྱངས་དང་གསལ་བྱེད་ཀྱི་ཚོགས་ནི་མི་འགྱུར་བ་མ་ཡིན་ཏེ་མི་འགྱུར་བའི་སྒྲས་ནི་མཆོག་ཏུ་ མི་འགྱུར་བའི་བདེ་བའི་ཡེ་ཤེས་(འདུས་མ་བྱས་ཀྱི་དབྱིངས་དང་པོའི་སངས་རྒྱས་)རྡོ་རྗེ་སེམས་དཔའ་(སྟོན་ པ)འོ། །དེ་བཞིན་དུ་ཡིད་(ཉོན་མོངས་དང་རྣམ་རྟོག་ལས་)སྐྱོབས་པར་གྱུར་པ་ཉིད་ཀྱི་ཕྱིར་སྔགས་ཀྱང་ མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སུ་བརྗོད་དོ(འདུས་པ་ཕྱི་མར་ཡང༌། ཡིད་དེ་མ་ན་ན་ཞེས་བཤད། །ཏྲ་ཡིག་སྐྱོབ་ པའི་དོན་ལས་ཏེ། །འཇིག་རྟེན་སྤྱོད་ལས་ངེས་གྲོལ་བའི། །དམ་ཚིག་སྡོམ་པ་གང་གསུངས་པ། །སྐྱོང་པ་རྡོ་རྗེ་ཐམས་ཅད་ཀྱིས། ། སྔགས་ཀྱི་སྤྱོད་པ་ཞེས་པར་གསུངས། །ཞེས་འབྱུང་བའོ)། །དེ་བཞིན་དུ་(ཕྱི་ནང་ཀུན་རྫོབ་ལས་)གཞན་(དོན་དམ་རྣམ་ ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་)ནང་གི་རིག་པ་(འགྱུར་བ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་)ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་མ་(དྲི་མས་གདོད་མ་ནས་མ་གོས་པ་)རང་བཞིན་གྱིས་འོད་གསལ་བ་ཕྱག་རྒྱ་ཆེན་མོ་ལྷན་ ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན་མ་(སྟེ་ལྷན་སྐྱེས་བདེ་བའི་གཟུགས་བརྙན་ཡིན་པ་)ཆོས་ཀྱི་ དབྱིངས་ཀྱི་རྒྱུ་མཐུན་པར་(སྟེ་འབྲས་བུས་ལྷན་སྐྱེས་བདེ་བ་ཆེན་པོའི་བདག་ཉིད་དུ་)རྫོགས་པའི་གནས་ སྐབས་ཏེ་རྡོ་རྗེ་སེམས་དཔའ་དང་སངས་རྒྱས་ཀྱི་ཡུམ་〔རྟེན་འབྲེལ་ལས་འདས་པའི་དོན་དམ་ ཆོས་ཀྱི་དབྱིངས་ཡིན་པས་ན་ཁམས་གསུམ་པའི་〕རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་པོ་ རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་(ཤའི་སྤྱན་ལ་སོགས་པ་)མཆོག་གི་དབང་པོའི་སྤྱོད་ཡུལ་(དུ་གྱུར་པ་) མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་(གཟུགས་ལ་སོགས་པའི་རྣམ་པར་སྣང་ཡང་)རྡུལ་ཕྲ་རབ་ 4-1-290 ཀྱི་ཆོས་ལས་འདས་པ་མེ་ལོང་གི་ཕྲ་ཕབ་པ་དང་རྨི་ལམ་དང་མཚུངས་པ(འི་དུ་བ་ལ་སོགས་པའི་སྟོང་ གཟུགས་)དེ་ནི་རྒྱལ་བ་རྣམས་ཀྱིས་(སྐུ་བཞི་པ་)ལྷན་ཅིག་སྐྱེས་པའི་སྐུ(ཡིན་པ)ར་གསུངས་ཏེ་(འདུས་མ་ བྱས་པའི་དབྱིངས་)མཆོག་ཏུ་མི་འགྱུར་བའི་རང་བཞིན་གྱི་ཕྱིར་རོ། །འདིར་(མཆོག་ཏུ་མི་འགྱུར་བའི་ཡེ་ ཤེས་ལ་ངོ་བོའི་དབྱེ་བ་མེད་ཀྱང་རྣམ་པ་ཙམ་གྱི་དབྱེ་བས་ཕྱེ་བ་)འགྱུར་མེད་རྣམས་ནི་(དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་ སྐུའི་)གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་(གདོད་ནས་)སྒྲིབ་པ་ མེད་པ་རྣམས་འགྱུར་མེད་ལྔ་སྟེ་〔ཆད་པའི་སྟོང་པ་ཉིད་རང་སྟོང་ལས་ཆེས་ལྷག་པའི་〕སྟོང་པ་ ཆེན་པོར་གསུངས་སོ། །དེ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་(གདོད་ ནས་)སྒྲིབ་པ་མེད་པ་རྣམས་(སྟོང་པ་ཆེན་པོ་)འགྱུར་མེད་ལྔར་གསུངས་སོ། །འགྱུར་མེད་དྲུག་ནི་ མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་(གདོད་ནས་)སྒྲིབ་པ་མེད་པ་རྣམས་ཏེ་(རྟེན་འབྲེལ་གྱི་དབང་ པོ་)སོ་སོར་རང་རང་གི་ཡུལ་འཛིན་པ་སྤངས་པ(འི་གཞིའི་)རྣམས་སོ། །དེ་བཞིན་དུ་གཟུགས་དང་ སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་སྒྲིབ་པ་མེད་པ་རྣམས་ཀྱང་(སྟོང་པ་ཆེན་པོ་) འགྱུར་མེད་དྲུག་ཏུ་གསུངས་ཏེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་(གཞན་)འདི་རྣམས་(གདོད་ནས་) གཅིག་ཏུ་རོ་མཉམ་པར་གྱུར་པ་ནི་ཐིག་ལེ་སྟོང་པར་འགྱུར་རོ། །ཐིག་ལེ་དེ་ཡང་(ལྷན་ཅིག་སྐྱེས་ པའི་སྐུ་ལ་རང་བཞིན་གྱིས་)མི་འཕོ་བར་གྱུར་ན་(སྟེ་གྱུར་པ་ནི་)མཆོག་ཏུ་མི་འགྱུར་བར་བརྗོད་དོ། ། མཆོག་ཏུ་མི་འགྱུར་བ་ཡང་(དོན་དམ་པའི་)ཨ་ཡིག་སྟེ་(རྣམ་པ་ཐམས་ཅད་པའི་སྟོང་པ་)ཨ་ཡིག་ལས་(རང་) བྱུང་བ་ནི་(ངོ་བོ་ཉིད་ཀྱི་)ཡང་དག་པར་རྫོགས་པའི་སངས་རྒྱས་(དོན་དམ་པའི་)ཤེས་རབ་དང་ཐབས་ ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་(ཐབས་དང་ཤེས་རབ་ཀྱི་ཕྱོགས་སུ་མ་ལྷུང་པས་)མ་ནིང་གི་གོ་འཕང་ (ཆོས་ཉིད་འོད་གསལ་)ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དེ་ཤེས་པ་དང་ཤེས་བྱའི་བདག་ཉིད་རྒྱུ་ (གཞན་སྟོང་པ་)དང་འབྲས་བུུ་(གཞན་བདེ་ཆེན་)དབྱེར་མེད་པའི་ཕྱིར་རོ། །དེ་ཡང་བཅོམ་ལྡན་འདས་ དུས་ཀྱི་འཁོར་ལོ་(དང་པོའི་སངས་རྒྱས་)སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བའི་གོ་འཕང་ངོ༌། །བཅོམ་ 4-1-291 ལྡན་འདས་ཀྱི་མཚན་ཡང་དག་པར་བརྗོད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ བསྟོད་པ་ལས་ཚིགས་སུ་བཅད་པ་དང་པོས་གསུངས་པ་ཡང་འདི་ལྟར་སངས་རྒྱས་བཅོམ་ ལྡན་འདས་(ཡེ་ཤེས་ཀྱི་སྐུ་ནི་མི་འགྱུར་བའི་བདེ་བ་རང་བཞིན་གྱིས་རྫོགས་ཤིང་འགྱུར་བའི་མ་རིག་པའི་གཉིད་རྟག་ཏུ་སད་ པས་ན་)རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ནི་(གཞོམ་དུ་མེད་ལ་སྒྲིབ་པ་མེད་པའི་ཕུང་པོ་ཁམས་ སོགས་གདོད་ནས་གཅིག་ཏུ་འདྲེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་)ཡིག་འབྲུ་ཀུན་གྱི་མཆོག(དང་)། (སངས་རྒྱས་ཀྱི་ བདེ་བ་སྟེར་བ་པོ་ཡིན་པས་)དོན་ཆེན་(པོ་དང་སྐྱེ་འཇིག་དང་བྲལ་བས་)འགྱུར་མེད་(དང་དེ་ཉིད་ཀྱིས་ན་)དམ་པ(འམ་ མཆོག་)ཡིན་(ནོ་)ཞེས་པའོ། །དེ་བཞིན་དུ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བསྟོད་པ་ལས་ཚིགས་སུ་ བཅད་པ་གཉིས་པས་གསུངས་པ་འདི་ལྟ་སྟེ་(ཡིད་སྐྱོབ་པས་)གསང་སྔགས་(སྟེ་སྟོང་ཉིད་སྙིང་རྗེ་དབྱེར་ མེད་པ་ཡིན་པ་ལ་མཆོག་སྟེར་བར་མཛད་པས་)དོན་ཀུན་བསྐྱེད་པ་པོ། །(སྤྲོས་པ་མེད་ཅིང་མི་འཕོ་བས་)ཐིག་ལེ་ ཆེན་པོ་(བརྗོད་དུ་མེད་པས་)ཡི་གེ་མེད་(པའམ་འགྱུར་བ་མེད་པ་སྟེ་དེ་ཉིད་)། །སྟོང་པ་ཆེན་པོ་འགྱུར་མེད་ ལྔ(ཝཾ་ཡིག་དང་)། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག(ཨེ་ཡིག་གཉིས་སུ་མེད་པ)། ཅེས་པའོ། །དེ་བཞིན་ དུ་རྩ་བའི་རྒྱུད་ལས་གསུངས་པ་འདི་ལྟ་སྟེ། ཨ་སོགས་(ལས་ཟླ་བ་དང་)ཀ་སོགས་(ལས་ཉི་མ་) མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའི་གདན་དུ་དང༌། །འགྱུར་མེད་(ཡེ་ཤེས་)ལས་བྱུང་སྐུ་ལ་ནི། ། ཧཱུྃ་ཡིག་(ལས་མཚན་མ་དང་སྐུ་)ལ་སོགས་(པ་བརྟགས་པའི་ཆོས་)མི་འདོད་དོ། །ཞེས་(པ་དང་ཀྱེའི་རྡོ་རྗེ་བསྡུས་ རྒྱུད་དུ་ཡང༌། ཨ་ལི་ཀ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའི་གདན་དུ་དང༌། །འགྱུར་མེད་ལས་བྱུང་སྐུ་ལ་ནི། །ཧཱུཾ་ཕཊ་ཡི་གེ་ འདོད་མི་བྱ། །ཞེས་)སོ། །འགྱུར་མེད་འདིས་བསྐྱེད་ཅིང་འགྱུར་བ་ཉམས་པར་གྱུར་བ་མཆོག་གི་ དབང་བོ་དག་དང་ལྡན་པ་ནི་ཞེས་པ་ལས་འགྱུར་བ་ནི་སྐྱེ་བ་དང་འགག་པའི་གནས་སྐབས་ ཀྱི་མཚན་ཉིད་དེ་འཕོ་བའི་སྐད་ཅིག་གོ། (དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་)དེ་གང་ལ་(གདོད་ནས་རང་ བཞིན་གྱིས་)འགགས་པར་གྱུར་པ་དེ་ནི་མཆོག་ཏུ་མི་འགྱུར་བ་འཕོ་བའི་སྐད་ཅིག་སྟེ་དུས་ཞེས་ བརྗོད་ཅིང་དེ་ཉིད་རྡོ་རྗེ་(མི་ཕྱེད་ཞེས་ཀྱང་བརྗོད་ཅེས་པ་)སྟེ་ཤེས་པ(གཞན་ཐབས་བདེ་བ)འོ། །དུས་དེའི་ 4-1-292 སྒྲིབ་པ་(གདོད་ནས་)མེད་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་(གཞན་)ནི་འཁོར་ལོ་ཞེས་བརྗོད་ ཅིང་(དོན་དམ་པའི་)སྲིད་པ་གསུམ་(རོ་)གཅིག་པ་ཉིད་དེ་སྒྲིབ་པ་མེད་པའི་ཤེས་བྱ་(གཞན་ཤེས་རབ་ སྟོང་པ)འོ། །དེ་ཉིད་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བརྗོད་དེ་རྣམ་པ་ཀུན་ལྡན་ (རྣམ་པ་མེད་པ་ཀུན་ནས་ཕྱག་ལ་སོགས་པ་)དབང་པོ་ཐམས་ཅད་པ་(བདེ་བ་ཆེན་པོའི་)ཐིག་ལེའི་རང་བཞིན་ སྣ་ཚོགས་སྒྱུ་མ་འཛིན་པ་(སྒྱུ་འཕྲུལ་དྲ་བ་)སྟེ་བཅོམ་ལྡན་འདས་ཀྱི་(དོན་དམ་པའི་)སྐུ་ཤེས་རབ་དང་ ཐབས་ཀྱི་བདག་ཉིད་ཅན་ནོ། །བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པའི་〔ཡེ་ ཤེས་〕རྣམ་པ་ལྔའི་བསྟོད་པ་ལས་ཚིགས་སུ་བཅད་པ་གཉིས་པས་གསུངས་པ་འདི་ལྟ་སྟེ། (དང་ པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ནི་)དུས་(བདེ་བ་ཆེན་པོ་)དང་སྣ་ཚོགས་〔སྒྱུ་མ་འཛིན་པ་དང་སྒྱུ་འཕྲུལ་དྲ་བ་〕ལ་སོགས་རྡོ་རྗེ་(སེམས་དཔའ་)དང་ནི་(བཅོམ་ལྡན་འདས་མཆོག་གི་དང་པོའི་)སྐྱེས་བུ་(དང་)དཔེ་མེད་(དང་ཆ་ མེད་)ཀུན་འགྲོ་(དང་)སྤྲོས་པ(འི་ཡན་ལག་)མེད་པ་(ཐིག་ལེ་)སྟེ། །(དེ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་རུང་མ་བྱོན་ རུང་ནམ་མཁའ་ལྟར་)ཐེར་ཟུག་དུ་གནས་(པ་ཀུན་ནས་)སྙམ་དང་(ཀུན་ནས་)ཤངས་དང་〔ཀུན་ནས་〕ཞལ་ དང་〔ཀུན་ནས་〕སྤྱན་དང་〔ཀུན་ནས་〕དབུ་དང་〔ཀུན་ནས་〕ཕྱག་དང་〔ཀུན་ནས་〕ཞབས་ནི་ཐམས་ ཅད་པ། །(ཡང་དག་ཅེས་བདེ་)འབྱུང་པོའི་མཐའ་(སྟེ་གོང་དུ་གྱུར་པའམ་འབྱུང་པོ་མཐར་བྱས་པ་)སྟེ་འབྱུང་པོའི་ མགོན་པོ་(དང་)མཆོག་གི་སྲིད་པ་གསུམ་འཛིན་(ཅིང་ཀུན་གྱི་རྒྱུ་ཡིན་པས་)རྒྱུ་རྣམས་དག་གི(འང་)རྒྱུ(སྟེ་ གཞི་ནམ་མཁའ་ལྟ་བུ)ར་གྱུར་བ། །(གཞན་ནང་གི་)རིག་པ་(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རང་བཞིན་གྱིས་འོད་གསལ་ བ་ཕྱག་རྒྱ་ཆེན་མོ་)ལ་སོགས་(རྡོ་རྗེའི་)རྣལ་འབྱོར་དག་གིས་རྟོགས་བྱ་མཆོག་བདེའི་གོ་འཕང་དུས་ ཀྱི་འཁོར་ལོ་ལ་ཕྱག་འཚལ་ཞེས་སོ། །དེ་བཞིན་དུ་གཞན་ནང་གི་རིག་པ་ཡང་བཅོམ་ལྡན་ འདས་ཀྱིས་ནང་གི་ལེའུ་ལས་ཚིགས་སུ་བཅད་པ་དགུ་བཅུ་རྩ་དྲུག་པས་གསུངས་པ། ཡན་ ལག་(དྲུག་)དང་བཅས་(པའི་)རིག་བྱེད་(བཞི་)དྲན་པ(ཤེད་བུ་ལ་སོགས་པ)འི་གཞུང་དང་བཅས་(པ་རྣམས་)དང་རྟོག་གེ(འི་བསྟན་བཅོས་འཇིག་རྟེན་པའི་དངོས་པོ་འཇལ་བ་དང་)གྲུབ་པའི་མཐར་ལྡན་(ཏེ་བསྐྱེད་རིམ་སོགས་ 4-1-293 རྟོག་སྒོམ་རྣམས་དང་)འཇིག་རྟེན་དུ་སྙན་ངག་མཁན་པོ་རྒྱས་པ་(དང་)མེ་(དང་གྲོག་མཁར་)ལ་སོགས་པ་ རྣམས་ཀྱིས་བྱས་པའི་བསྟན་བཅོས་(འཇིག་རྟེན་ན་རིག་པར་གྲགས་པ་)གཞན་ཡང་(དོན་དམ་དེ་ཁོ་ནའི་ཡུལ་ ལ་)རིག་པ་མིན(ནོ)། །(འོ་ན་)རིག་པ་ཞེས་པ་(གང་ཞེ་ན་)ནང་རིག་(དོན་དམ་སྟོང་གཟུགས་སམ་བདེ་བ་) འགྱུར་མེད་ཀྱང་སྟེ་འཇིག་རྟེན་འདིར་ནི་ཐུབ་པ་(ཆོས་ཀྱི་འཁོར་ལོ་ལ་གནས་པ་)རྣམས་ཀྱི་རབ་ གསུངས་ཉིད(དོ)། །(འཕོ་བ་བདེ་བའི་སྐད་ཅིག་གི་རྒྱུ་)གང་ལས་(མངལ་བཟུང་བའི་ཟླ་བ་དྲུག་པ་ན་སྐྱེ་བའི་བར་དུ་ མངོན་ཤེས་ཡོད་པས་)འཇིག་རྟེན་གསུམ་པོ་མཐའ་དག་(སྣང་བ་ཉིད་)ཏུ་འགྱུར་(ཞིང་ཀྱེ་)མི་ཡི་བདག་པོ་ སླར་ཡང་(འཆི་བའི་དུས་སུ་འཕོ་བའི་སྐད་ཅིག་)གང་ལ་(ལུས་ཀྱི་འབྱུང་བའི་ཚོགས་)ཐིམ་པ(སྟེ་འགག་པ)འོ(དེ་ལྟ་ བུའི་ཐིག་ལེ་དེ་ཤིན་དུ་རྣལ་འབྱོར་གྱི་སྟོབས་ཀྱིས་འཕོ་མེད་དུ་བཅིང་པ་ལས་ཟག་མེད་གྱི་བདེ་བ་ནང་རིག་འགྱུར་མེད་དེ་ཐོབ་ པོ)། །ཞེས་པ་སྟེ་སླར་ཡང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཐབས་དང་ཤེས་རབ་ཀྱི་ བདག་ཉིད་དེ་ཉིད་ཤེས་པ་དང་ཤེས་བྱའི་འབྲེལ་པས་གསུངས་ཏེ་འདིར་མཆོག་ཏུ་མི་འགྱུར་ བ(འདུས་མ་བྱས་པ)འི་ཤེས་པ་(རྣལ་འབྱོར་པའི་)སྒྲིབ་པ་ཐམས་ཅད་ཟད་པའི་རྒྱུར་གྱུར་པ་(ལྷན་སྐྱེས་བདེ་ ཆེན་)ནི་དུས་ཞེས་བརྗོད་དེ་ཐབས་སོ། །ཁམས་གསུམ་པའི་ཤེས་བྱ་(དུས་གསུམ་གྱི་ཤེས་བྱའི་རྣམ་པ་པྲ་ ཕབ་པ་ལྟ་བུའོ་)དངོས་པ་མཐའ་ཡས་པ(ཤིན་དུ་དང་བ)འི་མཚན་ཉིད་ནི་འཁོར་ལོ་སྟེ་དེ་ཉིད་ནི་ཤེས་ རབ་བོ། །ཤེས་པ་དང་ཤེས་བྱ་འདི་དག་གཅིག་པ་ཉིད་ནི་དུས་ཀྱི་འཁོར་ལོ་ཞེས་པ་སྟེ་བཅོམ་ ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ལས་ཚིགས་སུ་བཅད་པ་དྲུག་ཅུ་རྩ་གསུམ་པས་ དུས་ཀྱི་འཁོར་ལོ་གསུངས་པ་འདི་ལྟ་སྟེ། མཐའ་ཡས་སངས་རྒྱས་ཞིང་རྣམས་(ཀྱི་རྣམ་པ་པྲ་ཕབ་པ་ ལྟ་བུ་)དང་ནི་དཔག་མེད་ཡོན་ཏན་(སྟོབས་སོགས་སམ་སྒྲ་སོགས་)རྣམས་དང་ནམ་མཁའ་ལ་སོགས་ ཁམས་(གཞན་)རྣམས་དང༌། །གནས་(པ་)དང་སྐྱེ་(བ་)དང་ཉམས་པ་རྣམ་གསུམ་(པྲ་ཕབ་པ་ལྟར་སྣང་བ་)ཞེས་པའི་སྲིད་〔གཞན་〕པ་དང་ནི་འགྲོ་བ་དྲུག་གི་སེམས་ཅན་〔གཞན་〕ཀུན(དང་)། །སངས་རྒྱས་ (ལྔ་དང་)ཁྲོ་བོ་(བཅུ་དང་)ལྷ་(བཅུ་གཉིས་དང་)སོགས་(ཀྱི་སྒྲས་ཀླུ་དང་རབ་གཏུམ་འབྱུང་སྐྱེས་)རྣམས་དང་སྙིང་ 4-1-294 རྗེའི་ཐུགས་ལྡན་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས་རྣམས་(ལ་སོགས་)ཏེ། །(ཡེ་ཤེས་ཀྱི་སྐུའི་ རྣམ་པ་)འདི་དག་རྣམས་ནི་(སྲིད་པ་གསུམ་ལ་འདས་པ་ན་)སྲིད་པ་གསུམ་གྱིས་ཕྱག་བྱས་(པ་ལྷན་སྐྱེས་) རྒྱལ་བའི་བདེ(བ་)འབྱུང་(བའི་གནས་དུ་མར་སྣང་ཡང་)གཅིག་པུའི་འཁོར་ལོ་གཅིག་ཡིན་ནོ། །ཞེས་ སོ། །(འགྱུར་མེད་བདེ་ཆེན་)ཤེས་པའི་རང་བཞིན་ནི་དུས་(ཡིན་ལ་དེ་ཉིད་)དང་ཤེས་བྱའི་མཚན་ཉིད་ (རྣམ་པ་ཐམས་ཅད་པའི་སྟོང་ཉིད་)ནི་འཁོར་ལོ་སྟེ་ཤེས་པ་〔གཞན་〕དང་ཤེས་བྱ་〔གཞན་〕འདི་དག་(གདོད་ ནས་རོ་མཉམ་པ་)གཅིག་པ་ཉིད་ནི་དུས་ཀྱི་འཁོར་ལོའོ། །བརྗོད་པའི་རིམ་པ་འདིས་བཅོམ་ལྡན་ འདས་དུས་ཀྱི་འཁོར་ལོ་(དང་པོའི་སངས་རྒྱས་)དེ་ཉིད་ཨེ་ཝཾ་གི་ཡི་གེ་རྡོ་རྗེ་སེམས་དཔའ་སྟེ་རྒྱལ་ བ་རྣམས་ཀྱིས་(འདུས་པ་དང་འཁོར་ལོ་སྡོམ་པ་ལ་སོགས་པ་)རྒྱུད་ཐམས་ཅད་ལས་ཡང་དག་པར་བརྗོད་ པའོ། །བཅོམ་ལྡན་འདས་ཀྱི་རྩ་བའི་རྒྱུད་ཀྱི་ལེའུ་ལྔ་པ་ལས་གསུངས་པ་ཡང་(རང་བྱུང་གི་)ཡེ་ ཤེས་(འདུས་མ་བྱས་པས་)ཀུན་ནས་གཅད་དུ་མེད(པ་ལ)། །རྡོ་རྗེ་ཞེས་ནི་མངོན་པར་བརྗོད། །(རྣམ་ ཀུན་མཆོག་ལྡན་གྱི་སྟོང་ཉིད་)སྲིད་གསུམ་(གྱི་རྣམ་པ་ཅན་)གཅིག་(པ་)ཉིད་(ནི་)སེམས་དཔའ་སྟེ། །(དེ་དག་ དབྱེར་མེད་པ་ལ་)རྡོ་རྗེ་སེམས་དཔའ་ཞེས་པར་བཤད་ཅེས་སོ། ། ༈ དེ་ཕྱིར་འགྱུར་བ་མེད་པ་ལས་སྐྱེས་པ་རྣམ་པ་ཐམས་ཅད་པའི་ཐིག་ལེ་ལྷན་ཅིག་ སྐྱེས་པའི་སྐུ་མཐའ་དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་(དང་པོའི་སངས་རྒྱས་ཡེ་ཤེས་ ཀྱི་སྐུ་)འདི་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་(དྲང་དོན་གྱི་བསྐྱེད་རིམ་)རྟེན་དང་བརྟེན་པའི་ འབྲེལ་བ་མི་འདོད་དོ། །ཇི་ལྟར་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་(དྲང་དོན་བསྐྱེད་ རིམ་)རྟེན་དང་བརྟེན་པའི་འབྲེལ་བ་(སྒོམ་པར་)འདོད་པ་དེ་བཞིན་དུ་(ངེས་དོན་རྫོགས་རིམ་ལ་འདོད་པ་ མ་ཡིན་ཏེ་གང་ཟག་གང་གིས་མི་འདོད་པ་ནི་འདི་ལྟར་)རྣལ་འབྱོར་པ་(ཕྱག་རྒྱ་ཆེན་པོ་)མཆོག་ཏུ་མི་འགྱུར་བའི་ བདེ་བ་བསྒྲུབ་པ་ལ་མངོན་པར་དགའ་བ་བླ་མ་དམ་པའི་མན་ངག་(སོར་སྡུད་བསམ་གཏན་སོགས་ ཅི་རིགས་པར་)ཐོབ་པ་གདུག་པའི་གྲོགས་(མི་དགེ་བ་བཅུ་)ཡོངས་སུ་སྤངས་པ་དུ་བ་ལ་སོགས་པའི་ 4-1-295 མཚན་མ་བསྒོམས་པ་(རྣལ་འབྱོར་)ལས་དང་པོ་པ་དབུ་མ(འི་ལམ་ཡེ་ཤེས་ཀྱི་རླུང་གིས་)རྣམ་པར་སྦྱངས་ པ་སེམས་ཅན་ཐམས་ཅད་ལ་(མཉམ་སྙོམས་པར་)བུ་གཅིག་པ་ལྟ་བུར་མཆོག་ཏུ་བརྩེ་བའི་སེམས་ རྗེས་སུ་བཅིངས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་(ཚོགས་གཉིས་ཟུང་ འཇུག་)ལ་རྟེན་པ་བུ་དང་ཆུང་མ་ལ་སོགས་པ་དང་རང་གི་ལུས་ལ་(ཡང་)ལྟོས་པ་མེད་པ་(དགེ་ འདུན་གྱི་)ཚོགས་ཁང་དང་(རྟེན་གསུམ་གྱི་)གཙུག་ལག་ཁང་དང་བླ་མའི་རྫས་(ལ་སོགས་པ་ལྕི་བའི་རྫས་)ཉེ་བར་ལོངས་སྤྱོད་པ་ལས་ཕྱི་རོལ་ཏུ་གྱུར་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་(ཐེག་ ཆེན་གྱི་)ལམ་ལ་རྟེན་པ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་ཚངས་པའི་ གནས་བཞིས་རྣམ་པར་གནས་པ། ཞི་བའི་ལས་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་ བསྒྲུབ་པ་ལ་མངོན་པར་དགའ་བ་སྤངས་པ་ཐམས་ཅད་མཁྱེན་པའི་རྐང་སྟེགས་གོ་འཕང་ (ཤོང་ཟེར་)ལ་འཛེག་པར་འདོད་པ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པའི་ སྒོམ་པ་ཡོངས་སུ་སྤངས་པ་ནམ་མཁའི་ཁམས་ལ་རྣམ་པ་ཐམས་ཅད་པ(དོན་དམ་པ)འི་སྟོང་པ་ ཉིད་མེ་ལོང་གི་པྲ་ཕབ་པ་བཞིན་དུུ་(སྐྱེ་བའི་རྣམ་པར་སྣང་ཡང་)སྐྱེ་བ་མེད་པའི་ཆོས་(ཤའི་སྤྱན་གྱིས་)ངེས་ པར་མཐོང་བ། རང་གི་སེམས་ཀྱིས་(རང་བཞིན་འོད་གསལ་བ་)སྤྲོས་པ(ལྟ་བུ)འི་རབ་ཏུ་(གསལ་བར་) སྣང་བ་(སྟོང་གཟུགས་)རྨི་ལམ་དང་མཚུངས་པ(བདེན་དངོས་སུ་མ་གྲུབ་པ)འི་དོན་དུ་སེམས་པ(སྟེ་རྟོགས་ པ)། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་(རྟེན་འབྲེལ་གྱི་)ཆོས་(རིགས་པས་)རྣམ་པར་དཔྱད་པའི་ སྟོང་པ་(ཉིད་ཅིར་ཡང་མ་གྲུབ་ཅིང་སྣང་བ་མེད་པས་)ཆད་པའི་སྟོང་པ་ཉིད་(རང་རང་ངོ་བོས་སྟོང་ཙམ་)ལས་རིང་ དུ་བྱས་པ་(སྟེ་དེ་ལྟ་བུའི་སྟོང་ཉིད་ལ་མཆོག་ཏུ་མི་ལྟ་ཞིང་མི་སྒོམ་པ་)ནང་གི་(ལྷན་སྐྱེས་)བདེ་བ་རང་རིག་པར་ བྱ་བའི་ཆོས་(འོད་གསལ་སྟོང་པ་ཉིད་)ལ་རྗེས་སུ་ཆགས་པའི་ཕྱི་རོལ་གྱི་དབང་པོ(གཉིས་སྦྱོར་བ)ས་ རང་རིག་པར་བྱ་བའི་བདེ་བའི་ཆོས་ཡོངས་སུ་སྤངས་པ། ཤེས་རབ་དང་ཐབས་ཀྱིས་བདག་ ཉིད་(ཀྱི་རྣལ་འབྱོར་)ཅན་བྱང་ཆུབ་ཀྱི་སེམས་(ཀྱི་ཐིག་ལེ་)བརྟན་པར་བྱེད་པ་ལ་གཅིག་ཏུ་མཁས་པ་ 4-1-296 མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ(དབང་བཞི་པ)འི་ཤེས་རབ་ཡེ་ཤེས་ཀྱི་ལམ་གྱི་མན་ངག་ ཐོབ་པས་(བསྐྱེད་རིམ་གྱི་)རྟེན་དང་བརྟེན་པ་མཚན་མ་དང་ཁ་དོག་དང་ཕྱག་དང་དབྱིབས་དང་ དཀྱིལ་འཁོར་གྱི་ལྷ་ཡོངས་སུ་བརྟག་པའི་ཆོས་(ཆོས་རྣམས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གྱི་དོན་དུ་བསྒོམ་པར་)མི་འདོད་དོ། །གཞན་ཡང་(བསྐྱེད་རིམ་བསྒོམ་པའི་)རྣམ་པར་རྟོག་པའི་སེམས་ལ་དཀྱིལ་འཁོར་ གྱི་འཁོར་ལོ་(རྫོགས་པར་)གནས་པ་མེད་དེ་གང་གི་ཕྱིར་(སྐད་ཅིག་མས་)སྐྱེ་བ་དང་འགག་པའི་ཆོས་ ཅན་ཉིད་ཀྱི་ཕྱིར་རོ། །འདིར་(རྟོག་གཉིས་གཅིག་ཆར་འཇུག་པ་མེད། །ཅེས་དང༌། འདི་ལྟར་རྣམ་པར་རྟོག་པ་རྣམས། ། རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་པ་ལྟར་)སྐད་ཅིག་གང་ལ་རྣལ་འབྱོར་པས་གཙོ་བོ་སྒོམ་པར་ བྱེད་པའི་སྐད་ཅིག་དེ་ལ་ཤར་ལ་སོགས་པའི་ལྷ་རྣམས་(ཀྱི་རྣམ་པ་)མེད་ཅིང་སྐད་ཅིག་གང་ལ་ ཤར་གྱི་ལྷ་བསྒོམ་པར་བྱེད་པའི་སྐད་ཅིག་དེ་ལ་གཙོ་བོ་ལ་སོགས་པ་རྣམས་〔ཀྱི་རྣམ་པ་〕མེད་ དེ་དེ་ལྟར་རིམ་པས་ལྷ་རྣམས་ཐམས་ཅད་མེད་དོ། །གང་གི་ཚེ་སྔོན་པོའི་ཞལ་སྒོམ་པར་བྱེད་ པ་དེའི་ཚེ་དམར་པོ་ལ་སོགས་པའི་ཞལ་རྣམས་〔ཀྱི་རྣམ་པ་〕མེད་ཅིང་གང་གི་ཚེ་དམར་པོའི་ ཞལ་སྒོམ་པར་བྱེད་པ་དེའི་ཚེ་སྔོན་པོ་ལ་སོགས་པ་རྣམས་〔ཀྱི་རྣམ་པ་〕མེད་དེ་དེ་ལྟར་རིམ་ པས་ཞལ་ཐམས་ཅད་〔ཀྱི་རྣམ་པ་〕མེད་དོ། །གང་གི་དུས་ན་རྡོ་རྗེའི་མཚན་མ་སྒོམ་པར་བྱེད་ པ་དེའི་དུས་ན་རལ་གྲི་ལ་སོགས་པའི་མཚན་མ་རྣམས་མེད་ཅིང་གང་གིས་དུས་ན་རལ་གྲིའི་ མཚན་མ་སྒོམ་པར་བྱེད་པ་དེའི་དུས་ན་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་〔ཀྱི་རྣམ་པ་〕མེད་ དེ་དེ་ལྟར་རིམ་པས་མཚན་མ(འི་རྣམ་པ་)ཐམས་ཅད་མེད་པར་འགྱུར་བའི་ཕྱིར་(རྣམ་རྟོག་པ་དཀྱིལ་ འཁོར་གནས་པ་)ཇི་ལྟར་ཡོད། (དཔེར་ན་)བུམ་པའི་ཤེས་པ་འགག་པར་གྱུར་པ་ན་སྣམ་བུའི་ཤེས་ པ་སྐྱེ་བར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་གྱི་གཙོ་བོའི་(རྣམ་པ་ཅན་གྱི་)ཤེས་པ་ འགགས་པ་ན་ཤར་གྱི་ལྷའི་〔རྣམ་པ་ཅན་གྱི་〕ཤེས་པ་སྐྱེ་བར་གྱུར་ན་དེ་ལྟར་སྐྱེས་པ་རྣམས་ནི་ སྐྱེས་པ(འི་སྐད་ཅིག་གཉིས་པ་ལ་)འགགས་པའི་ཕྱིར་མེད་ཅིང་མ་སྐྱེས་པ་རྣམས་ནི་(དེ་ལྟར་)མ་སྐྱེས་ 4-1-297 པའི་ཕྱིར་མེད་དེ་སྐྱེས་པ་དང་མ་སྐྱེས་པ་དག་མེད་པའི་ཕྱིར་(ལྷའི་རྣམ་པ་ཅན་གྱི་ཤེས་པ་)ཐམས་ཅད་ 〔བསྒོམ་པའི་མཐར་〕མེད་དོ། །〔རྟོག་སྒོམ་ལ་དཀྱིལ་འཁོར་གྱི་འཁོར་ལོ་མེད་པ〕དེའི་ཕྱིར་རྣལ་ འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རྣམ་པར་〔ལ་〕རྟོག་པའི་བསྒོམ་པ་མི་བྱའོ། ། བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་ དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པ་ལས་ཚིགས་སུ་བཅད་པ་བཅོ་ལྔ་པས་(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ ཡེ་ཤེས་ཀྱི་སྐུའི་དོན་)གསུངས་པ་འདི་ལྟ་སྟེ། (དོན་དམ་ཡེ་ཤེས་ཀྱི་སྐུ་ནི་)དོན་(ཆེན་པོ་མཆོག་ཏུ་མི་འགྱུར་བ་)གྲུབ་ (ཅིང་)བསམ་པ་གྲུབ་པ་སྟེ། །(བསྐྱེད་རིམ་གྱི་རྟོག་པ་ལ་སོགས་པའི་)ཀུན་ཏུ་རྟོག་པ་ཐམས་ཅད་སྤང་(ཤིང་)། །(རང་བཞིན་ཉིད་ཀྱིས་ཅིར་ཡང་)རྣམ་པར་མི་རྟོག་(ལ་)ཁམས་(ཐམས་ཅད་)མི་ཟད(པ)། །ཆོས་དབྱིངས་ དམ་པ་(འོད་གསལ་འདུས་མ་བྱས་པས་)ཟད་མི་ཤེས་ཞེས་སོ། །(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་)རྡོ་རྗེ་ སེམས་དཔའི་ང་རྒྱལ་ཡང་མི་བྱ་སྟེ་བསྟོད་པ་དེ་ཉིད་ལས་ཚིགས་སུ་བཅད་པ་བཅུ་གསུམ་ པས་(འདི་ཚིགས་བཅད་བཅུ་གཉིས་པ་ཡིན་པས་རྒྱ་དཔེ་མ་དག་གོ་)བཅོམ་ལྡན་འདས་ཀྱིས་གསུངས་པ། རིག་ པ་དང་ནི་ཞབས་སུ་ལྡན། །བདེར་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་ འཛིན་ངར་མི་འཛིན། །(ཡེ་ཤེས་ཀྱི་སྐུ་དོན་དམ་པའི་བདེན་པ་ཉིད་འཁོར་བ་པ་རྣམས་ལ་ཀུན་རྫོབ་ཀྱི་བདེན་པ་བརྟན་ གཡོའི་ཚུལ་དུ་ཡང་སྣང་བས་)བདེན་པ་གཉིས་ཀྱི་ཚུལ་ལ་གནས(པའོ)། །ཞེས་པ་(ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་མི་རྟོག་ཡེ་ཤེས་ཀྱི་སྐུ་གསལ་བར་སྟོན་པའི་)སྟེ་དེ་བཞིན་གཤེགས་པའི་གསུངས་འདིའི་ཕྱིར་རྣམ་པར་ རྟོག་པའི་སྒོམ་པ་དང་རྡོ་རྗེ་སེམས་དཔའི་ང་རྒྱལ་ཡང་དོན་དམ་པའི་བདེན་པ་ལ་རྟེན་པའི་ རྣལ་འབྱོར་པས་མི་བྱའོ(འབྲས་བུ་རྒྱུ་དང་རྗེས་སུ་མཐུན་པའི་ཕྱིར་རྣམ་རྟོག་གི་སྒོམ་པ་ལས་རྣམ་པར་མི་རྟོག་པའི་ཡེ་ ཤེས་ཀྱི་སྐུ་མི་ཐོབ་པས་སོ)། ། ༈ (དེ་ལ་མ་འོངས་པ་ན་རྟོག་སྒོམ་ལ་མངོན་པར་དགའ་བའི་སྔགས་པ་རྣམས་རྩོད་པ་འབྱུང་བར་གཟིགས་ནས་རྩོད་པའི་ སྔོན་དུ་བསུ་བ་མཛད་པ་)འོ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་ཁོ་ན་ཉིད་རིག་པས་རྒྱུད་ 4-1-298 ཀྱི་རྒྱལ་པོ་ཐམས་ཅད་ལས་དང་པོར་བསྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །(ཞེས་གསུངས་པ་མ་ ཡིན་ནམ་དེ་བཞིན་དུ་སྦྱར་ཏེ་)དེ་ནས་རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་ལྷའི་ས་བོན་གྱི་ཡི་གེ་ (ཧཱུཾ་ཡིག་ལ་སོགས་པ་)བསམ་ཞིང་(མཆན་ཤོར་བ་ཡིན་ནམ་དཔྱད་)རྣམ་པར་ཐར་བའི་སྒོ་ལ་སོགས་པ་དག་ པར་བྱས་ནས་ནམ་མཁའི་མཐིལ་དུ་ཡེ་ཤེས་ཀྱི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་དེ་བཞིན་ གཤེགས་པ་(རང་བཞིན་གྱིས་བཞུགས་པ་)རྣམས་(རང་གི་བློ་ལ་)སད་པར་བྱས་ཏེ་དེ་རྣམས་ལ་སྔགས་ པས་མཆོད་པ་བྱས་ནས་སྡིག་པ་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡིད་རང་བ་དང་ གསུམ་ལ་སྐྱབས་སུ་འགྲོ་བ་དང་བདག་ཉིད་ཀྱི་དངོས་པོ་དབུལ་བ་དང་བྱང་ཆུབ་ཀྱི་སེམས་ བསྐྱེད་པ་དང་ལམ་ལ་བརྟེན་པ་དང་སྟོང་པ་ཉིད་ལ་དམིགས་པར་བྱའོ། །དེ་ནས་ཆོས་ འབྱུང་ནམ་མཁའི་ཁམས་ཀྱི་རང་བཞིན་བསྒོམ་པར་བྱ་སྟེ། དེའི་དབུས་སུ་ཧཱུཾ་ཡིག་ཡོངས་སུ་ གྱུར་པ་ལས་རྡོ་རྗེའི་ས་གཞིའོ། །ཡང་ན་ཤེས་རབ་ཀྱི་རྒྱུད་ཀྱི་དགོངས་པས་རླུང་ལ་སོགས་ པའི་དཀྱིལ་འཁོར་རྣམས་དང་ལྷུན་པོའི་སྟེང་དུ་ཁང་པ་བརྩེགས་པའམ་རྡོ་རྗེའི་གུར་རོ། །དེ་ ནས་སྐུ་རྡོ་རྗེ་(ༀ་ཡིག་གམ་བྷྲུཾ་ཡིག་)ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་མཚན་ཉིད་ཐམས་ཅད་ ཡང་དག་པར་རྫོགས་པ་ཟླ་བ་དང་ཉི་མའི་གདན་དང་ལྡན་པའོ། །ཡང་ན་པཾ་ཡིག་ཡོངས་སུ་ གྱུར་པ་ལས་པད་མ་དང་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རམ་ར་ཡིག་ ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཨཱ་ལི་དང་ཀཱ་ལི་ལས་ཟླ་བ་ དང་ཉི་མ་དང་ཡེ་ཤེས་ཀྱི་ས་བོན་གྱི་ཡི་གེ་རྣམས་ཀྱིས་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་ སོ་སོར་རྟོག་པ་དང་བྱ་བ་གྲུབ་པ་དང་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཏེ་ཡེ་ཤེས་ ལྔའི་བདག་ཉིད་ཀྱི་ལྷའི་གཟུགས་བསྒོམ་པར་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་ རྗེ་ཤེས་རབ་ཆགས་པས་ཞུ་བ་ལ་ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་རྣམས་ཀྱིས་རབ་ཏུ་བསྐུལ་ཏེ་ སླར་ཡང་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པ་རང་གི་མཚན་མ་ལས་རྫོགས་པའོ། 305། དེ་ནས་དཀྱིལ་འཁོར་ལ་ལྷའི་ཚོགས་སྤྲོ་བ་དང་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་གཞུག་ པ་དང་བཅིང་པ་དང་མཉེས་པ་དང་དམ་ཚིག་གི་དཀྱིལ་འཁོར་ལ་རོ་མཉམ་པར་བྱེད་པ་ དང་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷ་མོ་རྣམས་ཀྱིས་དབང་བསྐུར་བ་དང་རྡོ་རྗེ་ཅོད་ པན་དང་རྒྱན་དང་ལྡན་པ་དང་རྡོ་རྗེ་སེམས་དཔའི་ང་རྒྱལ་དང་གཟུགས་སུ་བསྔགས་པས་ བདག་ཉིད་བསྒོམ་པར་བྱའོ། །ཞེས་(རྟོག་པའི་བསྒོམ་པ་བྱ་བར་)གསུངས་པ་མ་ཡིན་ནམ། འདིར་ ཇི་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནི་རྣམ་པར་རྟོག་པའི་བསྒོམ་པའོ་ཞེས་དེ་བཞིན་ གཤེགས་པའི་གསུང་ལ་དགག་པ་བརྗོད་ཅེས་(རྟོག་སྒོམ་ལ་ཞེན་པའི་སྔགས་པ་) ༈ དེའི་ཕྱིར་(ལན་)བརྗོད་པར་བྱའོ། །(སྔགས་ཀྱི་ཐེག་པ་)འདིར་(བསྐྱེད་རིམ་གསུངས་པ་)འདི་ནི་ བདེན་ཏེ་བཅོམ་ལྡན་འདས་དེ་ཁོ་ན་ཉིད་རིག་པས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལ་ བརྟེན་ནས་སེམས་ཅན་གྱི་བསམ་པའི་དབང་གིས་(དྲང་བའི་དོན་དུ་གསུངས་ཏེ་གང་ལ་གསུངས་ན་)བྱིས་ པའི་བློ་ཅན་(མཆོག་བསྒྲུབ་པ་ལ་) བརྩོན་འགྲུས་དམན་པ་(ཀུན་རྫོབ་རྣམ་པར་རྟོག་པས་སྤྲོས་པའི་ཆོས་རྣམས་ ལ་མོས་པར་བྱེད་ཅིང་)དོན་དམ་པའི་དེ་ཁོ་ན་ཉིད་(སྤྲོས་པ་ཐམས་ཅད་དང་བྲལ་བའི་སྙིང་པོའི་དོན་)ལ་ཡོངས་ སུ་རྟོག་(ཅིང་མོས་)པར་མི་བྱེད་པ་(རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་དམིགས་པ་མེད་པའི་སྙིང་རྗེ་ཟུང་དུ་འཇུག་ པ་)ཟབ་པ་དང་རྒྱ་ཆེ་བའི་〔རང་བྱུང་གི་〕ཡེ་ཤེས་ལ་སེམས་སྐྲག་པ་ཞི་བ་ལ་སོགས་པའི་ལས་ བསྒྲུབ་པ་ལ་མངོན་པར་དགའ་བ་དབང་བོ་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ལ་ཆགས་པ་རལ་ གྲི་དང་རི་ལུ་དང་མིག་སྨན་དང་བཅུད་དང་བཅུད་ལེན་དང་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་ པ་ལ་མངོན་པར་དགའ་བ་རྣམས་ལ་(གསུངས་སོ་གང་གསུངས་ན་)རྟེན་ཅིང་འབྲེལ་བར་འབྱུང་བའི་ ཤེས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་པོའི་སྤྱོད་ཡུལ་ཉི་ཚེ་བས་ཉི་ཚེ་བའི་དོན་(ཙམ་)བྱེད་ནུས་པ་གསུངས་སོ། །ཉི་ཚེ་བའི་དོན་(ཙམ་)བྱེད་ནུས་པ་དེ་ཉིད་ཀྱི་ཕྱིར་(དོན་ཆེན་པོ་རྣམ་པ་ ཐམས་ཅད་པ་མི་ནུས་པས་ན་)དེ་བཞིན་གཤེགས་པའི་གསུངས་འདི་ནི་དོན་དམ་པའི་བདེན་པ་(ངེས་ 4-1-299 པའི་དོན་)ལ་རྟེན་པ་མ་ཡིན་ནོ། ། ༈ འོན་ཀྱང་ཉི་ཚེ་བའི་དོན་(ཙམ་)བྱེད་ནུས་པ་རྣམ་པར་རྟོག་པའི་བསམ་གཏན་དང་ སྔགས་དང་ནོར་བུ་དང་རྡོ་བ་དང་རལ་གྲི་དང་རི་ལུ་དང་བཅུད་དང་བཅུད་ལེན་ལ་སོགས་པ་ རྫས་ཉི་ཚེ་བ་རྣམས་ཀྱི་མཐུ་ཡང་(ཕལ་བའི་བློས་བསམ་གྱིས་མི་ཁྱབ་ཅིང་)བརྟག་པར་བྱ་བ་མ་ཡིན་པར་ དེ་བཞིན་གཤེགས་པས་གསུངས་པ་ཇི་ལྟ་བ་དེ་བཞིན་དུ་(བསྐྱེད་རིམ་)དེ་ཡང་བལྟ་བར་བྱའོ། ། ༈ འདིར་〔ལྷ་〕དཀར་པོའི་བསམ་གཏན་ཞི་བའི་གཟུགས་ནི་ཞི་བའི་ལས་བྱེད་ཀྱི་བསད་ པ་ལ་སོགས་པ་མི་བྱེད་དོ། །དེ་བཞིན་དུ་ནག་པོའི་བསམ་གཏན་དྲག་པོའི་གཟུགས་ནི་བསད་ པ་བྱེད་ཀྱི་དབང་དུ་བྱ་བ་ལ་སོགས་པ་མི་བྱེད་དོ། །དེ་བཞིན་དུ་དམར་པོའི་བསམ་གཏན་ ཆགས་པའི་གཟུགས་ནི་དབང་དུ་བྱ་བ་བྱེད་ཀྱི་རེངས་པ་ལ་སོགས་པ་མི་བྱེད་དོ། །དེ་བཞིན་ དུ་སེར་པོའི་བསམ་གཏན་རེངས་པའི་གཟུགས་ནི་རེངས་པ་བྱེད་ཀྱི་ཞི་བ་ལ་སོགས་པ་མི་ བྱེད་དོ། །དེ་བཞིན་དུ་དུག་ལ་ཡང་ཤེས་པར་བྱ་སྟེ་དཔྲལ་བར་ཐིག་ལེ་དཀར་པོའི་གཟུགས་ ཀྱི་བསམ་གཏན་ནི་དུག་མེད་པར་བྱེད་དོ། །(ཐིག་ལེ་)དམར་པོའི་བསམ་གཏན་ནི་དུག་བསྐྱོད་ པར་བྱེད་དོ། །〔ཐིག་ལེ་〕ནག་པོའི་བསམ་གཏན་ནི་དུག་ས་ཀྲཱ་མ་ཎཾ་(ཞེས་པ་འཇུག་པའམ་གནོན་པའམ་ འཕོ་བ་རྣམས་ལ་འཇུག་)པར་བྱེད་དོ། །སེར་པོའི་བསམ་གཏན་ནི་དུག་རེངས་པར་བྱེད་དེ་(དེ་ལྟར་) རྣམ་པར་རྟོག་པའི་བསམ་གཏན་ཉི་ཚེ་བ་ནི་ཉི་ཚེ་བའི་དོན་བྱ་བ་བྱེད་(ཀྱི་ཐམས་ཅད་པ་ནི་མི་བྱེད་) དོ། །དེ་བཞིན་དུ་ནོར་བུ་དང་སྔགས་དང་སྨན་རྣམས་ལ་ཡང་རིག་པར་བྱའོ། །འདིར་(དྲང་དོན་ གྱི་)སྔགས་ཀྱང་བསྒྲུབས་པར་གྱུར་ན་གང་ཞིག་ཞི་བ་བྱེད་པ་དེ་ནི་བསད་པ་ལ་སོགས་པའི་ ལས་མི་བྱེད་དོ། །གང་ཞིག་བསད་པ་བྱེད་པ་དེ་ནི་དབང་ལ་སོགས་པ་མི་བྱེད་དོ། །གང་ཞིག་ དབང་དུ་བྱ་བ་བྱེད་པ་དེ་ནི་རེངས་པ་ལ་སོགས་པ་མི་བྱེད་དོ། །གང་ཞིག་རེངས་པར་བྱེད་པ་ དེ་ནི་ཞི་བ་ལ་སོགས་པ་མི་བྱེད་དོ། །(ཉི་ཚེ་བ་ཡིན་པ་)དེའི་ཕྱིར་འཇིག་རྟེན་པའི་ཤེས་པ་ནི་འཇིག་ 4-1-300 རྟེན་ལས་འདས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་〔རྣམ་པ་ཐམས་ཅད་བྱེད་〕ནུས་པར་མི་ འགྱུར་ཏེ་དེ་བཞིན་དུ་རལ་གྲི་ལ་སོགས་པའི་གྲུབ་པ་ཡང་ངོ༌། ། ༈ འོ་ན་སྔགས་ཅིག་ཀྱང་བསྒྲུབས་པར་གྱུར་ན་ལས་ཐམས་ཅད་བྱེད་པར་བཅོམ་ལྡན་ འདས་ཀྱི་གསུངས་པ་མ་ཡིན་ནམ་ཅི་ལྟར་ཉི་ཚེ་བར་འགྱུར་ཞེས་འདིར་འགའ་ཞིག་གིས་ སེམས་པ་འབྱུང་བར་འགྱུར་ཏེ་དེའི་ཕྱིར་བརྗོད་པར་བྱའོ། །འདིར་སྔགས་གཅིག་ཀྱང་ བསྒྲུབས་པར་གྱུར་ན་ལས་ཐམས་ཅད་བྱེད་པ་འདི་ནི་(དགོངས་པ་ཅན་ཡིན་གྱིས་)དེ་ལྟར་(ངེས་པའི་) ཚད་མ(ར་གྱུར་པ་ཅན་ནི་)མ་ཡིན་ཏེ་གང་གི་ཕྱིར་བྱ་བའི་དབྱེ་བ་ལས་(ཉི་ཚེ་བར་གསུངས་པས་)སོ། །(དེ་ ཉིད་བཤད་པ་)འདིར་སྔགས་གཅིག་ལ་ཡང་བྱ་བའི་དབྱེ་བས་(སྔགས་ཀྱི་མཐའི་)དབྱེ་བ་ཡོད་དེ་དེ་ ཡང་དེ་བཞིན་གཤེགས་པས་གསུངས་པ་འདི་ལྟ་སྟེ་ཞི་བ་ལ་སྔགས་ཀྱི་བཟླས་པ་ན་མཿའི་ མཐའ་ཅན་དང་རྒྱས་པ་ལ་སྭཱཧཱའི་མཐའ་ཅན་དང་དགུག་པ་བཽ་ཥཊ་ཀྱི་མཐའ་ཅན་དང་དབྱེ་བ་ ལ་ཧཱུཾ་ཡིག་གི་མཐའ་ཅན་དང་དབང་དུ་བྱ་བ་ལ་བ་ཥཊ་ཀྱི་མཐའ་ཅན་དང་བསད་པ་ལ་ཕཊ་ ཀྱི་མཐའ་ཅན་ནོ། །དེ་བཞིན་དུ་སྦྱིན་སྲེག་གི་བྱ་བ་ལ་ཡང་ཐབ་ཀྱི་དབྱེ་བས་(ལས་ཀྱི་)དབྱེ་བ་ གསུངས་པ། འདིར་ཟླུམ་པོའི་ཐབ་ཏུ་ཨུ་དུམ་བ་ར་ལ་སོགས་པ་འོ་མ་ཅན་གྱི་ཤིང་གི་ཡམ་ ཤིང་དང་དུར་བ་དང་འོ་མ་རྣམས་ཀྱིས་སྦྱིན་སྲེག་བྱས་པའི་སྔགས་ནི་ཞི་བ་བྱེད་ཀྱི་རྒྱས་པ་ལ་ སོགས་པའི་ལས་མི་བྱེད་དོ། །གྲུ་བཞིའི་ཐབ་ཏུ་སྔར་བརྗོད་པའི་ཡམ་ཤིང་དང་འབྲུ་དང་མར་ རྣམས་ཀྱིས་སྦྱིན་སྲེག་བྱས་པ་ནི་རྒྱས་པར་བྱེད་ཀྱི་བསད་པ་ལ་སོགས་པ་མི་བྱེད་དོ། །གཞུའི་ རྣམ་པའི་ཐབ་ཏུ་རུས་པའི་ཡམ་ཤིང་དང་མིའི་ཤ་དང་དུག་དང་ཁྲག་རྣམས་ཀྱི་སྦྱིན་སྲེག་བྱས་ པ་ནི་བསད་པ་བྱེད་ཀྱི་བསྐྲད་པ་ལ་སོགས་པར་མི་བྱེད་དོ། །ཟུར་ལྔ་པའི་ཐབ་ཏུ་བྱ་རོག་གི་ མཇུག་མ་དང་མིའི་ཞག་དང་སྐྱེ་ཚེ་(དང་ལན་ཚ་)རྣམས་ཀྱིས་སྤྱིན་སྲེག་བྱས་པ་ནི་བསྐྲད་པ་བྱེད་ ཀྱི་དབང་དུ་བྱ་བ་ལ་སོགས་པ་མི་བྱེད་དོ། །ཟུར་བདུན་པའི་ཐབ་ཏུ་ཀིཾ་ཤུ་ཀ(པ་ལཱ་ཤ)འི་ཡམ་ 4-1-301 ཤིང་དང་མེ་ཏོག་དམར་པོ་དང་(ནི་བིལ་བའི་འདབ་མའམ་དེའི་འབྲས་བུའི་འབྲུ་ཞེས་སྔར་གསུངས་པ་དང་བདམ་ཀ་ ཅན་ཡིན་མིན་བརྟག་པ་)རྡོ་རྗེའི་ཆུས་སྦྱིན་སྲེག་བྱས་པ་ནི་དགུག་པ་བྱེད་ཀྱི་དབང་དུ་བྱ་བ་ལ་སོགས་ པ་མི་བྱེད་དོ། །ཟུར་གསུམ་པའི་ཐབ་ཏུ་སེང་ལྡེང་གི་ཡམ་ཤིང་དང་རྡུལ་དང་བིལ་བའི་མེ་ཏོག་ (འདི་སྔར་ཀ་ར་བཱི་རའི་མེ་ཏོག་དུ་གསུངས་པ་དང་དོན་གཅིག་གམ་བརྟག་མི་གཅིག་ན་བདམ་ཀ་ཅན་ཏེ་དེ་)རྣམས་ཀྱིས་ སྦྱིན་སྲེག་བྱས་པ་ནི་དབང་དུ་བྱ་བ་བྱེད་ཀྱི་རེངས་པ་ལ་སོགས་པ་མི་བྱེད་དོ། །ཟུར་བརྒྱད་ པའི་ཐབ་ཏུ་བིལ་བའི་ཡམ་ཤིང་དང་མེ་ཏོག་རྙིང་པ་དང་མཆིལ་མ་རྣམས་ཀྱིས་སྦྱིན་སྲེག་ བྱས་པ་ནི་རེངས་པ་བྱེད་ཀྱི་རྨོངས་པ་ལ་སོགས་པ་མི་བྱེད་དོ། །ཟུར་དྲུག་པའི་ཐབ་ཏུ་ཨརྐ(སྨྱོ་ བྱེད་ཅེས་སྔར་གསུངས་པ་དང་བདམ་ཀ་ཅན་ཡིན་མིན་བརྟག་པ)འི་ཡམ་ཤིང་དང་གསེར་ཤིང་གི་(སྟེ་ད་དུ་རའི་) མེ་ཏོག་དང་ཆང་རྣམས་ཀྱི་སྦྱིན་སྲེག་བྱས་པ་ནི་རྨོངས་པ་བྱེད་ཀྱི་ཞི་བ་ལ་སོགས་པ་མི་བྱེད་ དོ(ཐབ་ཕྱི་མ་འདི་གཉིས་ལ་དཔེ་ཁ་ཅིག་ལ་གོ་ལོག་ཏུ་བྱུང་བ་ནི་ཕྱིས་ཀྱི་རྒྱ་དཔེ་ཁ་ཅིག་གི་སྐྱོན་ཏེ་རྒྱ་དཔེ་རྙིང་བ་ལ་འདི་བཞིན་ སྣང་ཞིང་སྔར་གསུངས་པ་རྣམས་དང་མཐུན་པའི་ཕྱིར་རོ་ཞེས་གསུངས)། །དེ་བཞིན་དུ་རྡུལ་ཚོན་གྱི་དབྱེ་བས་(བྱ་ བའི་)དབྱེ་བ་གསུངས་ཏེ་ཞི་བ་དང་རྒྱས་པ་ལ་རྡུལ་ཚོན་དཀར་པོ་དང་བསད་པ་དང་བསྐྲད་པ་ ལ་རྡུལ་ཚོན་ནག་པོ་དང་དབང་དང་དགུག་པ་ལ་རྡུལ་ཚོན་དམར་པོ་དང་རེངས་པ་དང་རྨོངས་ པ་ལ་རྡུལ་ཚོན་སེར་པོ་དང་སླར་གསོ་བ་ལ་རྡུལ་ཚོན་ལྗང་ཁུའོ། །དེ་བཞིན་དུ་བགྲང་འཕྲེང་ གི་དབྱེ་བས་དབྱེ་བ་གསུངས་ཏེ་ཞི་བ་ལ་སྔགས་ཀྱི་བཟླས་པ་ཤེལ་གྱི་བགྲང་འཕྲེང་གིས་སོ། ། རྒྱས་པ་ལ་མུ་ཏིག་གིས་རྡོག་པོའི་བགྲང་འཕྲེང་དང་བསད་པ་ལ་མིའི་སོའི་བགྲང་འཕྲེང་དང་ བསྐྲད་པའི་རྔ་མོའི་སོའི་་བགྲང་འཕྲེང་ངམ་བོང་བུའི་སོའི་བགྲང་འཕྲེང་དང་དབང་ལ་བོ་དེ་ ཙེའི་བགྲང་འཕྲེང་དང་དགུག་པ་ལ་པད་མའི་ས་བོན་གྱི་བགྲང་འཕྲེང་ངམ་ཙན་དན་དམར་ པོའི་བགྲང་འཕྲེང་དང་རེངས་པ་ལ་རུ་རག་ཤའི་བགྲང་འཕྲེང་དང་རྨོངས་པ་ལ་ལུང་ཐང་གི་ བགྲང་འཕྲེང་དང་སླར་གསོ་བ་ལ་སྔགས་ཀྱི་བཟླས་པ་མ་ར་ཀ་ཏའི་བགྲང་འཕྲེང་གིས་སོ། ། 4-1-302 ༈ དེ་ལྟར་སྔགས་དང་སྨན་དང་ནོར་བུ་དང་རལ་གྲི་དང་བཅུད་དང་བཅུད་ལེན་ལ་ སོགས་པ་གྲུབ་པའི་རྫས་བསྒྲུབས་པ་རྣམས་ལ་ཡང་ཉི་ཚེ་བའི་ཡོན་ཏན་ཡོད་ཀྱི་མཆོག་ཏུ་ མི་འགྱུར་བའི་ཡོན་ཏན་(རྣམ་པ་ཐམས་ཅད་པ་ནི་)མེད་དོ། །འདིར་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་(དཔག་ཏུ་མེད་ཅིང་མཐའ་ཡས་པ་རྣམས་)ཀྱི་སངས་རྒྱས་ཀྱི་ཞིང་དུ་ཇི་ལྟར་བཅོམ་ ལྡན་འདས་ཀྱིས་(ཡེ་ཤེས་ཀྱི་སྐུ་)སྤྲུལ་པའི་སྐུ་དུ་མ་དང་སྣ་ཚོགས་པའི་སྐད་རྣམས་ཀྱིས་ཅིག་ཅར་ སེམས་ཅན་གྱི་དོན་(རབ་འབྱམ་)བྱེད་པ་དེ་ལྟར་ཉི་ཚེ་བ་བསྒྲུབས་པ་འདི་རྣམས་ཀྱིས་ནི་རྣལ་ འབྱོར་པས་སེམས་ཅན་གྱི་དོན་བྱེད་པར་མི་ནུས་ཏེ་(གྲུབ་པའི་ནུས་པ་)ཉི་ཚེ་བ་ཉིད་ཀྱི་ཕྱིར་རོ། ། བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ བསྟོད་པ་ལས་ཚིགས་སུ་བཅད་པ་དང་པོ་གསུམ་གྱིས་གསུངས་པ་འདི་ལྟ་སྟེ། (དོན་དམ་པའི་ སངས་རྒྱས་ཡེ་ཤེས་ཀྱི་སྐུ་ནི་)ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་(བརྗོད་དུ་མེད་ པས་)ཡི་གེ་མེད(ཀྱང་)། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཆོས་ ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎ་ཌཱི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པའོ། །ཕྱོགས་ བཅུའི་ཆོས་ཀྱི་རྔ་བོ་ཆེ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་ འཆང་བ་པོ། །ཞེས་པའོ། །དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོའི་ལྔ་པ་ཡེ་ཤེས་ཀྱི་ལེའུ་ལས་ཚིགས་ སུ་བཅད་པ་དགུ་བཅུ་རྩ་བདུན་པས་ཐམས་ཅད་མཁྱེན་པའི་གསུངས་བཅོམ་ལྡན་འདས་ ཀྱིས་གསུངས་པ་འདི་ལྟ་སྟེ། དུད་འགྲོ་(དང་)ཡི་དྭགས་(དང་)ལྷ་མིན་རྣམས་དང་ལྟོ་འཕྱེ་(ཆེན་ པོ་ཀླུ་དང་)ལྷ་དང་མི་ནི་འཕགས་པ(འི་ཡུལ་རྒྱ་གར་དང་)བོད་(དང་རྒྱ་ནག་དང་)ལ་སོགས་(པ་)རྣམས་ལ། ། བྱུང་(བ་འདས་པ་)དང་འབྱུང་འགྱུར་(མ་འོངས་པ་དང་)ད་ལྟར་བྱུང་བ་རྣམ་པ་གསུམ་(གྱི་ཆོས་ཀུན་རྫོབ་པ་) དང་(དོན་དམ་)རྟག་ཏུ་བདེན་པའི་ཆོས་(མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་)ནི་གསུང་བྱེད་ཅིང། །རང་རང་ 4-1-303 སྐད་གཞན་དག་གིས་སྲིད་པ་གསུམ་པོ་མ་ཚང་མེད་པ་(ཐར་བའི་)ལམ་ལ་ཡང་དག་འགོད་བྱེད་ པ། །འདི་ནི་〔གདུལ་བྱ་ལ་〕བདེ་མཉམ་(གྱི་)འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ (ལེགས་པར་སྦྱར་བ་)ལྷ་ཡི་སྐད་ཀྱང་མ་ཡིན་ནོ(ཀྱང་གི་སྒྲས་ཉི་ཚེ་བའི་སྐད་གཞན་ཡང་མ་ཡིན་ནོ་ཞེས་པའོ)། །སླར་ ཡང་ལེའུ་དེ་ཉིད་ལས་(སྔར་གྱི་ཚིགས་བཅད་)དེའི་གོང་གི་ཚིགས་སུ་བཅད་པས་ཐམས་ཅད་མཁྱེན་ པའི་སྐུ་དང་གསུང་གི་བྱ་བ་གསུངས་པ་འདི་ལྟ་སྟེ། །(སེམས་ཅན་རྣམས་ཀྱི་)སྐྱེ་བ་སྔ་མར་རང་(རང་)གི་སྙིང་གིས་(ཏེ་སེམས་ཀྱི)བསྐྱེད་པའི་ཞི་(བ་)དང་ཆགས་པ་(དང་ཁྲོ་བ་)ལ་སོགས་〔པ་〕དངོས་པོ་ རྣམས་ཀྱི་ནི། །བག་ཆགས་སྟོབས་ཀྱིས་(གང་གི་སྐུ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་དོན་དམ་གྱི་ཆོས་ ཀྱི་)འཁོར་ལོར་གནས་པ(འི་སངས་རྒྱས་ཡེ་ཤེས་ཀྱི་སྐུུ་)གཅིག་(ཉིད་)ནི་(སྤྲུལ་བའི་སྐུའི་རྣམ་པ་)དུ་མར་(སེམས་ ཅན་རྣམས་ཀྱིས་)མཐོང་སྟེ་(སངས་རྒྱས་རྣམས་ཀྱི་སྔོན་གྱི་)སྨོན་ལམ་(གྱི་)ཡོན་ཏན་དབང་གིས་སོ། །(གསུང་ གི་བྱ་བ་ནི་)དོན་གཅིག་(ཉིད་ལ་)དུ་མའི་སྐད་ནི་(སེམས་ཅན་)རང་རང་(གི་བསམ་པའི་ཁམས་ཀྱི་)དངོས་པོ་ རྣམས་ཀྱིས་སྲོག་ཆགས་རྣམས་ཀྱི་སྙིང་ལ་(མཐུན་པར་)རབ་ཏུ་འཇུག(ཅིང་)། (ཁྱིམ་ན་)གནས་(པ་)ཅན་རྣམས་ཀྱི་བསོད་ནམས་(སྤེལ་བའི་)སླད་དུ་(དོན་དམ་པའི་སྐུ་ཆོས་ཀྱི་)འཁོར་ལོ་ལ་(རྒྱུད་དུ་འཁོར་ ལོར་གནས་པ་ཞེས་པ་བཅོས་ཡོད་)གནས་(པའི་སངས་རྒྱས་ཀྱི་སྤྲུལ་སྐུ་)བསོད་སྙོམས་ལ་ནི་རྣམ་པར་རྒྱུ་རུ་ གཤེགས་ཞེས་སོ། །འདིར་ཇི་ལྟར་ཐམས་ཅད་མཁྱེན་པའི་སྐུ་དང་གསུང་དང་ཐུགས་དང་ཡེ་ ཤེས་(ཡོན་ཏན་དང་ཤེས་བྱའི་)རྣམ་པ་ཐམས་ཅད་པ་རྣམ་པར་རྟོག་པ་མེད་པ་(གདུལ་བྱའི་)དོན་བྱ་བ་ ཐམས་ཅད་ནུས་པར་གྱུར་པ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་རྣམ་པར་རྟོག་པའི་བསམ་ གཏན་དང་སྔགས་ལ་སོགས་པ་བསྒྲུབས་པ་(ཉི་ཚེ་བའི་ལུས་ངག་ཡིད་གསུམ་)ནི་ཐམས་ཅད་ཅད་ མཁྱེན་པའི་དོན་བྱ་བ་(རྣམ་པ་ཐམས་ཅད་པ་)ནུས་པར་མི་འགྱུར་རོ། །དེ་བཞིན་དུ་(ཁམས་གསུམ་ལ་) འདོད་ཆགས་དང་བྲལ་བ་(ཉན་རང་དགྲ་བཅོམ་)རྣམས་ཀྱིས་ཟད་པར་ས་ལ་སོགས་པ་མངོན་སུམ་ དུ་བྱས་པ་ཡང་ཉི་ཚེ་བར་འགྱུར་ཏེ་གང་གི་ཕྱིར་ཉི་ཚེ་བའི་རྫུ་འཕྲུལ་སྤྲོ་བར་བྱེད་པའི་ཕྱིར་ 4-1-304 རོ། །འདི་འདོད་ཆགས་དང་བྲལ་བ་གང་ཞིག་སའི་ཟད་པར་མངོན་སུམ་དུ་བྱེད་པ་ནི་སའི་ ཟད་པར་སྤྲོ་བར་བྱེད་ཀྱི་ཆུ་ལ་སོགས་པའི་ཟད་པར་སྤྲོ་བར་མི་ནུས་སོ། །དེ་བཞིན་དུ་སྟོང་ པའི་ཟད་པར་ཇི་སྲིད་པར་ཟད་པར་སོ་སོར་ལ་ཡང་རིག་པར་བྱའོ། །འདིར་དཀྱིལ་འཁོར་གྱི་ འཁོར་ལོ་(མངོན་སུམ་དུ་གྲུབ་པ་)ཅན་གང་ཞིག་འདུས་པའི་དཀྱིལ་འཁོར་སྤྲོ་བར་བྱེད་པ་དེས་ནི་ འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལ་སོགས་པ་སྤྲོ་བར་མི་ནུས་སོ། །གང་ཞིག་འཁོར་ལོ་སྡོམ་ པ་སྤྲོ་བར་བྱེད་པ་དེས་ནི་འདུས་པ་ལ་སོགས་པ་སྤྲོ་བར་མི་ནུས་སྟེ་ཉི་ཚེ་བ་ཉིད་ཀྱི་ཕྱིར་རོ། ། ༈ ཅི་སྟེ་འདིར་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་སུམ་དུ་(དབང་དུ་)བྱས་པར་གྱུར་ ན་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དང་ཁམས་གསུམ་པོ་ཡང་མངོན་སུམ་དུ་བྱས་པར་ འགྱུར་ཏེ་(རང་གི་སེམས་ལས་)གཞན་(པའི་)ཁམས་གསུམ་པོ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཕྱི་རོལ་ན་ཡོད་པ་མ་ཡིན་ནོ་ཞེས་པ་འགའ་ཞིག་གི་བསམ་པ་ འབྱུང་བར་འགྱུར་ཏེ། ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་གལ་ཏེ་ཟད་པར་གྱི་ཁམས་སམ་དཀྱིལ་འཁོར་ གྱི་འཁོར་ལོ་གཅིག་མངོན་སུམ་དུ་བྱས་པར་གྱུར་ན་〔དེས་〕ཁམས་གསུམ་པོ་མངོན་སུམ་དུ་ (དབང་དུ་)བྱས་པར་འགྱུར་ཞིང་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པར་ཡང་འགྱུར་ན་(འོ་ན་)དེའི་ཚེ་(ཧ་ཅང་ཐལ་བ་)ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་སླད་དུ་ཐམས་ཅད་མཁྱེན་ པ་ཉིད་དང་ལམ་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་དང་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་མངོན་སུམ་དུ་བྱེད་པ་ཞེས་བྱ་བར་མི་འགྱུར་ཏེ་ཟད་པར་ས་ལ་སོགས་པའམ་ དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་སུམ་དུ་བྱས་ན་ཡང་དག་པར་རྫོགས་པའི་སངས་ རྒྱས་ཉིད་དུ་འགྱུར་ཞིང་(འདོད་ཆགས་དང་བྲལ་བའི་)ཉན་ཐོས་དང་རང་སངས་རྒྱས་ཉིད་དང་འགྲུབ་ པ་(ཐོབ་པ་)ཉིད་ཅེས་བྱ་བར་མི་འགྱུར་བའི་ཕྱིར་རོ། །འདིར་ 4-1-305 ཐེག་པ་གསུམ་ལས་བཅོམ་ལྡན་འདས་ཀྱི་གསུང་ཐོས་པས་སངས་རྒྱས་ཀྱི་ཞིང་ཆེ་གེ་ མོ་ཞིག་དང་འཇིག་རྟེན་གྱི་ཁམས་ཆེ་གེ་མོར་བསྐལ་བ་ཆེ་གེ་མོ་ལ་ཆེ་གེ་མོའི་རིགས་ལས་ ཆེ་གེ་མོའི་སྲས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ ཅུས་བརྒྱན་པ་མངོན་པར་ཤེས་པ་དྲུག་དང་ལྡན་པའི་དེ་བཞིན་གཤེགས་པ་བྱུང་བར་གྱུར་ ཏེ་གནས་ཆེ་གེ་མོར་མངོན་པར་རྫོགས་པར་སངས་རྒྱས་སོ། །གནས་ཆེ་གེ་མོར་བཞུགས་ སོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་མཛད་དོ། །མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ ལ་སྐད་སྣ་ཚོགས་རྣམས་ཀྱིས་ཆོས་ཆེ་གེ་མོ་བསྟན་ཏོ། །གནས་ཆེ་གེ་མོར་སྐུ་གདུང་ཆེན་པོ་ ཡང་དག་པར་བསྟན་པ་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་ཏེ་སྐུ་གདུང་དེ་རྣམས་ཀྱི་ (འོད་དང་རང་བསྲེལ་ལ་སོགས་པའི་)ཆོ་འཕྲུལ་ཆེན་པོ་ཕུལ་དུ་བྱུང་བ་མཐོང་ནས་ལྷ་དང་ལྷ་མ་ཡིན་ དང་མི་རྣམས་ཀྱིས་སྐུ་གདུང་དེ་རྣམས་ལ་མཆོད་པ་བྱེད་པ་སྟེ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ ཆེ་གེ་མོ་དང་འཇིག་རྟེན་གྱི་ཁམས་ཆེ་གེ་མོར་བསྐལ་པ་ཆེ་གེ་མོ་ལ་སྐྱེས་བུ་ཆེན་པོའི་མཚན་ སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་མངོན་པར་ཤེས་པ་དྲུག་དང་ལྡན་པའི་ རྣལ་འབྱོར་པ་བྱུང་སྟེ་གནས་ཆེ་གེ་མོར་{མངོན་པར་}རྫོགས་པར་སངས་རྒྱས་སོ། །ཡུལ་ཆེ་ གེ་མོར་བཞུགས་སོ། །གནས་ཆེ་གེ་མོར་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། །མོས་པ་ སྣ་ཚོགས་པའི་སེམས་ཅན་རྣམས་ལ་སྣ་ཚོགས་པའི་སྐད་རྣམས་ཀྱིས་ཆོས་ཆེ་གེ་མོ་བསྟན་ཏོ། ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རྣམས་སུ་ཅིག་ཅར་སྐུའི་རྫུ་འཕྲུལ་བསྟན་ ཏོ། །གནས་ཆེ་གེ་མོར་སྐུ་གདུང་ཆེན་པོ་ཡང་དག་པར་བསྟན་པ་མཛད་ནས་ཡོངས་སུ་མྱ་ངན་ ལས་འདས་ཏེ་སྐུ་གདུང་དེ་རྣམས་ཀྱི་(འོད་དང་རིང་བསྲེལ་ལ་སོགས་པའི་)འཕྲོ་བ་ཆེན་པོ་ཕུལ་དུ་བྱུང་ བ་མཐོང་ནས་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱིས་སྐུ་གདུང་རྣམས་མཆོད་པ་བྱེད་པ་ནི་མ་ ཡིན་ནོ། །དེའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་སུམ་དུ་བྱས་པར་གྱུར་པ་ན་རྣལ་ 4-1-306 འབྱོར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཏེ་གང་གི་ཕྱིར་ཆོས་ཀྱི་འཁོར་ ལོ་བསྐོར་བ་མེད་པའི་ཕྱིར་དང་དེ་བཞིན་གཤེགས་པས་(རྣལ་འབྱོར་པ་དེ་སངས་རྒྱས་ཉིད་དུ་)ལུང་ བསྟན་པ་མེད་པའི་ཕྱིར་རོ། །འདིར་ཇི་ལྟར་མགོན་པོ་བྱམས་པ་དེ་བཞིན་གཤེགས་པ་ཉིད་དུ་ དེ་བཞིན་གཤེགས་པས་ལུང་བསྟན་པ་དང་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་བ་(དབང་ ཕྱུག་ཆེན་པོ་སངས་རྒྱས་པ་དེ་བཞིན་གཤེགས་པ་)ཐལ་བའི་དབང་པོ་ལ་སོགས་པ་གཞན་རྣམས་ཀྱང་ཡང་ དག་པར་རྫོགས་པའི་སངས་རྒྱས་འབྱུང་བར་འགྱུར་རོ་ཞེས་དེ་བཞིན་གཤེགས་པས་ལུང་ བསྟན་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་སུམ་དུ་བྱས་པའི་རྣལ་འབྱོར་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འབྱུང་བར་འགྱུར་རོ་ཞེས་པ་ནི་ འགའ་ཡང་མེད་དོ། །འོན་ཀྱང་སེམས་ཅན་གྱི་བསམ་པའི་དབང་གིས་རལ་གྲི་དང་རིལ་ལུ་ དང་མིག་སྨན་དང་བཅུད་དང་བཅུད་ལེན་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་ པའི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་དེའི་ ཕྱིར་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་མངོན་སུམ་དུ་བྱས་པ་ལས་རལ་གྲི་ལ་སོགས་པ〔འཇིག་ རྟེན་པ〕འི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་གྱི་སྒྲུབ་པ་པོ་ཐམས་ཅད་མཁྱེན་པ་ཉིད་དུ་ནི་ འགྲུབ་པར་མི་འགྱུར་རོ། ། ༈ གལ་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་སྟོབས་ཀྱིས་སྒྲུབ་པ་པོ་ཐམས་ཅད་ མཁྱེན་པ་ཉིད་དུ་འགྲུབ་པར་འགྱུར་ན་དེའི་ཚེ་ཅིའི་དོན་དུ་(འཇིག་རྟེན་པའི་དངོས་གྲུབ་)གྲུབ་པ(འི་རྣལ་ འབྱོར་པ་)རྣམས་འདིར་བཅོམ་ལྡན་འདས་ཀྱི་གསུང་(སྟེ་ལུང་རྣམས་གྲུབ་པ་ཐོབ་པ་པོ་)རང་གི་གཞུང་ལ་ རབ་ཏུ་(ཡིད་ཆེས་པའི་ལུང་དུ་ཇི་ལྟར་)སྟོན་པ(སྟེ་འདྲེན་པ)ར་བྱེད་(དེ་སངས་རྒྱས་ཀྱི་གསུང་རང་གི་གཞུང་ལ་ལུང་དུ་ འདྲེན་པ་མི་རིགས་པར་འགྱུར་ཏེ་གྲུབ་པ་ཁོ་ན་ཉིད་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ་)དེའི་ཕྱིར་(རལ་གྲིའི་རིག་ པ་འཛིན་པ་ལ་སོགས་པ་)འཇིག་རྟེན་པའི་དངོས་གྲུབ་རྣམས་ཐམས་ཅད་མཁྱེན་པའི་ཡོན་ཏན་སྟེར་ 4-1-307 བར་བྱེད་པ་པོར་མི་འགྱུར་ཏེ་(དོན་བྱ་བ་)ཉི་ཚེ་བ་ཉིད་ཀྱི་ཕྱིར་དང་(གྲུབ་པ་ཐོབ་པ་དེ་ལ་)ཐམས་ཅད་ མཁྱེན་པའི་གསུང་མེད་པའི་ཕྱིར་རོ། །སྒྲིབ་པ་དང་བཅས་པའི་ལུས་ཀྱི་རྫུ་འཕྲུལ་(ཉི་ཚེ་བ་)ཡང་ དག་པར་སྟོན་པའི་ཕྱིར་སྒྲིབ་པ་དང་བཅས་པའི་ཆོས་(འཇིག་རྟེན་པའི་གྲུབ་པ་)མངོན་སུམ་དུ་བྱས་ པ་ན་རྣལ་འབྱོར་པ་ཐམས་ཅད་མཁྱེན་པར་མི་འགྱུར་རོ། ། ༈ དེའི་ཕྱིར་སྒྲིབ་པ་(གཉིས་)མེད་པའི་ཆོས་མངོན་སུམ་དུ་བྱས་པར་གྱུར་ན་རྣལ་འབྱོར་ པ་ཐམས་ཅད་མཁྱེན་པར་འགྱུར་ཏེ་སྒྲིབ་པ་མེད་པའི་ཆོས་ཀྱི་མཚན་ཉིད་ལས་ཐམས་ཅད་ མཁྱེན་པའི་ལྷའི་མིག་(སེམས་ཅན་གྱི་འཆི་འཕོ་སྐྱེ་བ་དང་གཟུགས་ཕྲ་རགས་ཐམས་ཅད་དང་སྟོང་གཟུགས་མཐོང་བ་) དང་(འཇིག་རྟེན་ཐམས་ཅད་ཀྱི་སྒྲ་དང་གཞོམ་མེད་ཀྱི་སྒྲ་ཐོས་པ་)ལྷའི་རྣ་བ་དང་གཞན་གྱི་སེམས་(འདོད་ཆགས་ དང་བཅས་པ་དང་བྲལ་བ་སོགས་ཐམས་ཅད་)ཤེས་པ་དང་(རང་གཞན་གྱི་)སྔོན་གྱི་གནས་(ཏེ་སྐྱེ་བ་སྔ་མ་དུ་མ་རྣམས་)རྗེས་སུ་དྲན་པ་དང་(འཇིག་རྟེན་གྱི་ཁམས་)ཐམས་ཅད་དུ་འགྲོ་བའི་རྫུ་འཕྲུལ་དང་ཟག་པ་(སྒྲིབ་ གཉིས་)ཐམས་ཅད་ཟད་པ་(སྟེ་མངོན་ཤེས་དྲུག་)དང་(ཉེས་ལེགས་སྤྱོད་པ་ལས་རྣམ་སྨིན་ཡིད་དུ་འོང་བ་དང་མི་འོང་ བ་འབྱུང་བ་ནི་)གནས་དང་(དེ་ལས་བཟློག་པ་ནི་)གནས་མ་ཡིན་པ་(སྟེ་དེ་ཐམས་ཅད་ཐོགས་པ་མེད་པར་)མཁྱེན་ པའི་སྟོབས་དང་(བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་)ལུས་(གསུམ་)ཀྱི་རྣམ་པར་ སྨིན་པ་(བདེ་འགྲོ་ངན་འགྲོ་ཁམས་གོང་མ་རྣམས་ཀྱི་ལུས་ཐམས་ཅད་དུ་)མཁྱེན་པའི་སྟོབས་དང་(སེམས་ཅན་གྱི་) ཁམས་(ཏེ་རིགས་)གཅིག་དང་དུ་མ་མཁྱེན་པའི་སྟོབས་དང་དབང་པོ་མཆོག་(སྟེ་རྣོ་བའམ་རབ་)དང་ མཆོག་མ་ཡིན་པ་(འབྲིང་དང་ཐ་མ་)མཁྱེན་པའི་སྟོབས་དང་(འདོད་ཡོན་ལ་སྲེད་པ་འདོད་ཁམས་པ་དང་ཏིང་ ངེ་འཛིན་གྱི་དགའ་བདེ་ལ་སྲེད་པ་ཁམས་གོང་མ་གཉིས་དང་རང་ཉིད་ཞི་བདེ་འདོད་པ་ཉན་རང་དང་གཞན་བདེ་བར་འདོད་པ་ བྱང་སེམས་ཀྱི་མོས་པ་སྟེ་)མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་སྡུག་བསྔལ་འགོག་པར་འགྱུར་ བའི་(ཐེག་པ་གསུམ་གྱི་)ལམ་མཁྱེན་པའི་སྟོབས་དང་(བསམ་གཏན་རྣམ་ཐར་སྙོམས་འཇུག་རྣམས་ཀྱི་རོ་མྱང་བ་ ལ་སོགས་པ་)ཀུན་ནས་ཉོན་མོངས་པ་(དམིགས་པ་མེད་པ་ལ་སོགས་པ་)དང་རྣམ་པར་བྱང་བ་(དགེ་བ་རྣམས་ 315)མཁྱེན་པའི་སྟོབས་དང་(རང་དང་གཞན་གྱི་སྔོན་གྱི)སྐྱེ་བ་དུ་མའི་རྟོགས་པ་བརྗོད་པ་(སྟེ་རྗེས་སུ་དྲན་པ་)མཁྱེན་པའི་སྟོབས་དང་(སེམས་ཅན་གྱི་འཆི་འཕོ་དང་སྐྱེ་བ་མ་ལུས་པ་)མངོན་པར་ཤེས་པ་ཐམས་ཅད་ མཁྱེན་པའི་སྟོབས་དང་ཟག་པ་(སྒྲིབ་གཉིས་མ་ལུས་པ་)ཟད་པ་མཁྱེན་པའི་སྟོབས་སུ་འགྱུར་རོ(དེ་ ལས་དང་པོ་ཐབས་ལ་བསླུ་བ་དང་གཉིས་པས་སྐྱབས་ལ་བསླུ་བ་དང་བདུན་པས་མ་དག་པ་ཉོན་མོངས་པ་ཅན་ལ་དག་པའི་རྒྱུར་ བསླུ་བ་དང་ལྷག་མ་བདུན་གྱིས་ཐེག་ཆེན་གྱི་ངེས་པར་འབྱུང་བ་ལ་བསླུ་བའི་བདུད་འཇོམས་པའི་ཕྱིར་སྟོབས་ཞེས་བྱའོ)། །དེ་ བཞིན་དུ་(ས་དང་པོ་)ཀུན་ཏུ་འོད་(ནི་འགྱུར་བའི་མ་རིག་པའི་མུན་པ་སེལ་བ་)ཉི་མའི་དཀྱིལ་འཁོར་ཆེན་པོ་ མཛེས་པའི་ས་དང་(གཉིས་པ་ཐིག་ལེ་ཟླ་བ་འཛག་པའི་དྲི་མ་དང་བྲལ་བས་འོད་གསལ་བའི་ཕྱིར་)བདུད་རྩིའི་འོད་ ཟླ་བ་ཆེན་པོ་འོད་གསལ་བའི་ས་དང་(གསུམ་པ་ཆོས་ཐམས་ཅད་ནམ་མཁའ་ལྟར་རྟོགས་པ་ལ་གནས་པས་)ནམ་ མཁའི་འོད་ནམ་མཁའ་ལྟར་རབ་ཏུ་གནས་པའི་ས་དང་(བཞི་པ་ལྷག་བསམ་བརྟན་པོ་རྟོག་པས་མི་ཕྱེད་པས་ ཡིད་དགའ་བས་ན་)རྡོ་རྗེའི་འོད་ཡིད་དགའ་བའི་ས་དང་(ལྔ་པ་མངོན་པར་དབང་བསྐུར་བ་ལ་གནས་པས་)རིན་ ཆེན་འོད་མངོན་པར་དབང་བསྐུར་བ་ལ་གནས་པའི་ས་དང་(དྲུག་པ་པད་མ་ལྟར་རང་བཞིན་གྱིས་དག་ ཅིང་དྲི་མ་མེད་པའི་ཆོས་འཛིན་པས་)པད་མའི་འོད་རང་བཞིན་གྱིས་དག་པའི་ཆོས་དྲི་མ་མེད་པ་ཡོངས་ སུ་འཛིན་པའི་ས་དང་(བདུན་པ་སངས་རྒྱས་ཀྱི་འཕྲིན་ལས་སྒྲུབ་པས་)སངས་རྒྱས་ཀྱི་ལས་བྱེད་པའི་ས་ དང་(བརྒྱད་པ་ས་བདུན་པ་མན་ཆད་ཀྱི་དཔེ་ལས་འདས་པས་)དཔེ་མེད་པའི་ས་དང་(དགུ་པ་ཆོས་ཐམས་ཅད་ཀྱི་དཔེ་ སོ་སོར་རྟོགས་པར་བྱེད་པས་)དཔེ་ཐམས་ཅད་ཀྱི་དཔེ་རབ་ཏུ་རྟོགས་པར་བྱེད་པའི་ས་དང་(བཅུ་པ་སངས་ རྒྱས་ཀྱི་ས་དང་ཉེ་བའི་ཡེ་ཤེས་བླ་མེད་དང་ལྡན་པས་)ཤེས་རབ་ཀྱི་འོད་བླ་ན་མེད་པའི་ས་དང་〔བཅུ་གཅིག་ པ་སྒྲིབ་པ་མུན་པ་ཐམས་ཅད་སེལ་བ་རབ་ཏུ་འོད་གསལ་བ་དང་ལྡ ན་པས་〕ཐམས་ཅད་ མཁྱེན་པ་ཉིད་འོད་གསལ་བ་ཆེན་པོའི་ས་དང་〔བཅུ་གཉིས་པ་ཡེ་ཤེས་མ་ལུས་པ་རྫོགས་པས་〕 སོ་སོའི་བདག་ཉིད་རིག་པ་རྣལ་འབྱོར་པའི་ཡེ་ཤེས་རྫོགས་པར་བྱེད་པའི་སའོ(ས་འདི་རྣམས་རྡོ་རྗེ་ སྙིང་པོ་རྒྱན་གྱི་རྒྱུད་དུ་གསུངས་པ་སྔར་དྲངས་སོ་ས་འདི་རྣམས་ལ་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ལ་གདོད་མ་ནས་བཞུགས་ 4-1-308 པའི་ས་བཅུ་གཉིས་དང་རྣལ་འབྱོར་པའི་ལམ་གྱིས་བསྡུས་པའི་ས་བཅུ་གཉིས་ཏེ་ཆ་གཉིས་སུ་གནས་སོ)། །དེ་བཞིན་དུ་(མ་ འདྲེས་པའི་ཆོས་བཅོ་བརྒྱད་ནི་)དེ་བཞིན་གཤེགས་པ་ལ་(སྐུའི་སྤྱོད་པ་ལ་)འཁྲུལ་བ་མི་མངའ་བ་(སྐུའི་སྤྱོད་པ་ མ་འདྲེས་པ་)དང་(གསུང་ལ་)ཅ་ཅོ་མི་མངའ་བ་(གསུང་གི་སྤྱོད་པ་མ་འདྲེས་པ་)དང་(གཞན་གྱི་དོན་བརྗོད་པའི་)དྲན་ པ་ཉམས་པ་མི་མངའ་བ་དང་〔མཉམ་བཞག་ལས་ལངས་པའི་ཚེ་〕ཐུགས་མཉམ་པར་མ་བཞག་ པ་མི་མངའ་བ་དང་(འཁོར་འདས་ལ་མི་མཐུན་པ་དང་ཞི་བ་འཛིན་པ་)ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་ བ་དང་སོ་སོར་མ་བརྟགས་(བཞིན་དུ་གཞན་དོན་ཡལ་བར་འདོར་བར་བྱེད་)པའི་བཏང་སྙོམས་མི་མངའ་ བ་(སྟེ་ཐུགས་ཀྱི་སྤྱོད་པ་མ་འདྲེས་པ་བཞི་)དང་(དེ་ལྟར་སྤྱོད་པ་མ་འདྲེས་པ་དྲུག་གོ་ཆོས་སྟོན་པ་དང་ སེམས་ཅན་འདུལ་བ་ལ་སོགས་པའི་)འདུན་པ་ཡོངས་སུ་ཉམས་པ་མི་མངའ་བ་དང་(གདུལ་ བྱ་འགུགས་པ་དང་ཆོས་ཉན་པ་རྣམས་ལ་མི་སྒྲུབ་པ་མེད་པའི་)བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའ་བ་ དང་(བསམ་མི་དགོས་པར་ཆོས་སྟོན་ནུས་པའི་)དྲན་པ་ཡོངས་སུ་ཉམས་པ་མི་མངའ་བ་དང་(ཆོས་ཐམས་ཅད་ མཉམ་པ་ཉིད་ཀྱི་)ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའ་བ་དང་(ཆོས་རྣམས་གཞན་རྐྱེན་གྱིས་རྟོགས་ པ་མ་ཡིན་པའི་ཡེ་ཤེས་ལ་སོགས་པའི་)ཤེས་རབ་ཡོངས་སུ་ཉམས་པ་མི་མངའ་བ་དང་(ཆགས་འཛིན་ཐམས་ ཅད་དང་བྲལ་བའི་)རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་མངའ་བ་(སྟེ་རྟོག་ པ་མ་འདྲེས་པ་དྲུག་)དང་(འདི་དག་ནི་སངས་རྒྱས་ཀྱི་དབང་པོ་རྟེན་དང་འབྲས་བུར་བཅས་པའོ)། 〔ཡེ་ཤེས་མ་འདྲེས་ པ་གསུམ་ནི་〕འདས་པའི་དུས་(ཀྱི་ཤེས་བྱ་ཐམས་ཅད་)ལ་(ཤེས་སྒྲིབ་དང་བྲལ་ཞིང་ཇི་སྙེད་པ་རྟོགས་པས་)མ་ ཐོགས་(ལ་ཉོན་སྒྲིབ་དང་བྲལ་ཞིང་ཇི་ལྟ་བ་རྟོགས་པས་)མ་ཆགས་ཤིང་(ཤེས་པར་བྱའོ་སྙམ་པའི་)སྨོན་པ་མེད་ པའི་ཡེ་ཤེས་གཟིགས་པ་རབ་ཏུ་འཇུག་པ་དང༌། (དེ་བཞིན་དུ་)མ་འོངས་པའི་དུས་ལ་མ་ཐོགས་ མ་ཆགས་ཤིང༌། སྨོན་པ་མེད་པའི་ཡེ་ཤེས་གཟིགས་པ་རབ་ཏུ་འཇུག་པ་དང༌། ད་ལྟར་བྱུང་ བའི་དུས་ལ་མ་ཐོགས་མ་ཆགས་ཤིང༌། སྨོན་པ་མེད་པའི་ཡེ་ཤེས་གཟིགས་པ་རབ་ཏུ་འཇུག་ པ་དང་(འཕྲིན་ལས་མ་འདྲེས་པ་གསུམ་ནི་)སྐུའི་འཕྲིན་ལས་ཐམས་ཅད་(དང་པོར་ཡེ་ཤེས་ཀྱིས་ཀུན་ནས་བསླང་ 4-1-309 བས་)ཡེ་ཤེས་སྔོན་དུ་འགྲོ་ཞིང་(ཡེ་ཤེས་དང་ལྷན་ཅིག་རྒྱུ་བས་)ཡེ་ཤེས་རྗེས་སུ་འབྲང་བ་དང་གསུང་ གི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲང་བ་དང་ཐུགས་ཀྱི་ འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲང་བའོ〔དེ་ལྟར་སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །ཡོན་ཏན་འདི་རྣམས་ནི་དང་པོའི་སངས་རྒྱས་བདེ་ གཤེགས་སྙིང་པོ་ལ་གདོད་ནས་རང་བཞིན་གྱིས་ལྡན་པའི་ཡོན་ཏན་དུ་ཤེས་པར་བྱའོ〕། །དེའི་ ཕྱིར་(དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ནི་བརྟན་གཡོ་)ཐམས་ཅད་དུ་དུས་ཐམས་ཅད་ཀྱི་ཚེ་(ཆ་མེད་ཀུན་འགྲོ་)མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ་སྟེ་(རྣམ་ཀུན་མཆོག་ལྡན་གྱི་)སྟོང་པ་ཉིད་ལ་(དབྱེར་ མེད་པར་)ཡང་དག་པར་རྗེས་སུ་གནས་པ་ཉིད་ཀྱི་ཕྱིར་རོ། །(དེ་ལྟ་བུའི་སངས་རྒྱས་ཀྱི་)ཤེས་རབ་〔རྣལ་ འབྱོར་པ་རང་ལ་གདོད་ནས་བཞུགས་པ་གློ་བུར་གྱི་དྲི་མས་〕ཡོངས་སུ་དག་པ་( ན་) ནི་( རྣལ་འབྱོར་ པ་)དེ་བཞིན་གཤེགས་པར་འགྱུར་ཏེ་(དག་པ་གཉིས་ལྡན་གྱི་)སྒྲིབ་པ་མེད་པའི་མཚན་ཉིད་ཀྱི་ ཕྱིར་རོ། ། ༈ (རྣལ་འབྱོར་པ་སངས་རྒྱས་སུ་འགྱུར་བ་ལ་ཡོན་ཏན་དེ་དག་རྫོགས་པར་ཐོབ་ཅིང་སྒྲིབ་པ་ཐམས་ཅད་དང་བྲལ་ དགོས་པས་ན་རྣལ་འབྱོར་པ་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་སུམ་དུ་བྱས་པ་དེ་)དཀྱིལ་འཁོར་གྱི་འཁོར་ལོ་ གཅིག་ལ་གཟུགས་ཀྱི་ལྷ་དང་གྲངས་དང་ཁ་དོག་དང་ཕྱག་དང་དབྱིབས་དང་རྣམ་པར་རྟོག་ པའི་རྫུ་འཕྲུལ་སྤྲོ་བའི་ཕྱིར་རྡོ་རྗེ་སེམས་དཔའ་སྟོབས་བཅུ་པར་འགྱུར་བ་སྒྲིབ་པ་དང་བཅས་ པ་ཤེས་རབ་ཡོངས་སུ་དག་པ་ནི་འགའ་ཡང་མེད་དོ། །འོན་ཀྱང་ཐམས་ཅད་མཁྱེན་པའི་ལམ་ ཉམས་པ(འི་གྲུབ་པ་)དེ་ནི་ལོག་པའི་ང་རྒྱལ་གྱི་ཟིལ་གྱིས་མནན་པར་གྱུར་པ་ན་བདག་ཀྱང་རྡོ་ རྗེ་སེམས་དཔའ་སྟོབས་བཅུ་པའོ། །ཞེས་དེ་ལྟར་རློམ་པར་བྱེད་དོ། །འདི་ནི་(དོན་ལ་)སྟོབས་ བཅུ་པོ་མ་ཡིན་ཏེ་སྟོབས་བཅུ་པའི་འགལ་ཟླ་(ཡོན་ཏན་)ཉི་ཚེ་བ་རྨོངས་པ་ཆེན་པོའོ། །འདི་(དཀྱིལ་ འཁོར་གྱི་འཁོར་ལོ་གྲུབ་པའི་)རྣལ་འབྱོར་པ་འདིའི་སངས་རྒྱས་ཉིད་ནི་སྔོན་མེད་པ་ཤིན་ཏུ་རྨད་དུ་ 4-1-310 བྱུང་བ་ཆེན་པོ་སྟེ་སྒྲིབ་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་མཚན་ ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བསྟོད་པ་ལས་ཚིགས་སུ་བཅད་པ་ དགུུ་པས་(སངས་རྒྱས་ཀྱི་མཚན་ཉིད་)གསུངས་པ་འདི་ལྟ་སྟེ། (སྡུག་བསྔལ་དང་འགྱུར་བ་དང་འདུ་བྱེད་དེ་)སྡུག་ བསྔལ་གསུམ་གྱི་སྡུག་བསྔལ་ཞི(ཞིང་སེམས་ཅན་རྣམས་ཀྱི་སྡུག་བསྔལ)། །གསུམ་(ཡང་)སེལ་(ལ་ལུས་ངག་ སེམས་ཀྱི་སྒྲིབ་པ་)མཐའ་ཡས་(པ་ལས་)གྲོལ་〔བ་〕གསུམ་ཐོབ། །(བདུད་དང་ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་) སྒྲིབ་པ་ཀུན་ལས་(གདོད་ནས་རང་བཞིན་དུ་)ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས་ ཞེས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་རྣམ་པར་རྟོག་པའི་གཟུགས་བསྒོམས་ པའི་སྟོབས་ཀྱིས་རྣལ་འབྱོར་པ་ཐམས་ཅད་མཁྱེན་པར་མི་འགྱུར་རོ། ། ༈ འོ་ན་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་ཕུང་པོ་རྣམས་ནི་རྣམ་ པར་སྣང་མཛད་ལ་སོགས་པའི་སངས་རྒྱས་རྣམས་དང་ཁམས་རྣམས་ནི་སྤྱན་མ་ལ་སོགས་ པའི་ལྷ་མོ་རྣམས་དང་དབང་པོ་དྲུག་ནི་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ རྣམས་དང་ཡུལ་རྣམས་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་དང་གཏི་མུག་ལ་ སོགས་པ(འི་ཉོན་མོངས་པ་ལྔ་)ནི་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་རྣམས་སུ་ གསུངས་པ་མ་ཡིན་ནམ་དེའི་ཕྱིར་སེམས་ཅན་རྣམས་ཀྱི་ལུས་ནི་(གདོད་མ་ཉིད་ནས་)སངས་རྒྱས་ ཀྱི་སྤྲུལ་པའི་སྐུའོ་ཞེས་པ་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་(སངས་རྒྱས་ཡེ་ཤེས་ཀྱི་སྐུའི་སྐུ་དང་ཡོན་ཏན་ལ་སོགས་པ་ལ་) རྨོངས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་ལུས་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ་ཞེས་བརྗོད་ པར་བྱ་བ་གང་ཡིན་པ་དེ་ནི་གང་ཞིག་ཡོངས་སུ་བརྟགས་ན་(ལུང་རིགས་དང་)མི་འགྲིག་པ་འདི་ནི་ དེ་བཞིན་གཤེགས་པའི་གསུང་མ་ཡིན་ནོ། །གལ་ཏེ་དོན་དམ་པར་སེམས་ཅན་རྣམས་ཀྱི་ལུས་ སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡིན་ན་དེའི་ཚེ་ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ 4-1-311 ཅད་སྔོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྲུབ་པར་འགྱུར་ཏེ་སྔོན་དུ་རྫོགས་པའི་ སངས་རྒྱས་ཉིད་ཡིན་པའི་ཕྱིར་སངས་རྒྱས་ཉིད་ཀྱི་སླད་དུ་ཐོས་པ་དང་བསམ་པ་དང་སྒོམ་པ་ དང་སྦྱིན་པ་ལ་སོགས་པའི་བྱ་བ་དོན་མེད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་སྐྱེ་བ་ དང་འགག་པ་མེད་པར་འགྱུར་རོ། །འཁོར་བར་བདེ་བ་དང་སྡུག་བསྔལ་དང་བཀྲེས་པ་དང་ སྐོམ་པ་ལ་སོགས་པའི་གནོད་པ་མེད་པར་འགྱུར་རོ། །མངོན་པར་ཤེས་པ་དྲུག་ལ་སོགས་ པ་སངས་རྒྱས་ཀྱི་ཡོན་ཏན་གྱི་འབྱོར་པ་རྣམས་དང་ལྡན་པར་འགྱུར་རོ། །(དེ་རྣམས་འདོད་ན་)འདི་ ནི་མཐོང་བ་དང་ཐོས་པ་དང་རྗེས་སུ་དཔག་པ་དང་དེ་བཞིན་གཤེགས་པས་ལུང་བསྟན་པ་ ཡང་མེད་དོ། །དེའི་ཕྱིར་སེམས་ཅན་རྣམས་ནི་སངས་རྒྱས་སུ་མི་འགྱུར་ཏེ་སངས་རྒྱས་ཀྱི་ཡོན་ ཏན་མེད་པའི་ཕྱིར་དང་འཁོར་བར་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་ ཀྱི་མཚན་ཡང་དག་པར་བརྗོད་པའི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ ལས་ཚིགས་སུ་བཅད་པ་བཅུ་གསུམ་པས་གསུངས་པ་འདི་ལྟ་སྟེ། (སངས་རྒྱས་ཡེ་ཤེས་ཀྱི་སྐུའི་མཚན་ ཉིད་ནི་)འཁོར་བའི་ཕ་རོལ་མཐར་སོན་པ། །(དོན་གཉིས་)བྱ་བ་བྱས་པ་(འཕོ་བའི་བག་ཆགས་ཀྱི་ རླན་དང་བྲལ་བས་)སྐམ་སར་གནས། །(རྣམ་ཤེས་ཀྱི་ཆོས་ལས་འདས་པས་)ཤེས་པ་(སྟེ་ཡེ་ཤེས་)འབའ་ ཞིག་(པ་གློ་བུར་གྱི་དྲི་མ་རྣམས་)ངེས་(པར་)བསལ་བ། །ཤེས་རབ་(ཀྱི་)མཚོན་ཆས་(སེམས་ཅན་རྣམས་ཀྱི་ བདུད་དང་ཉོན་མོངས་)རྣམ་འཇོམས་པ་ཞེས་པ་སྟེ་དེ་བཞིན་གཤེགས་པའི་གསུངས་འདིའི་ཕྱིར་ སེམས་ཅན་རྣམས་ཀྱི་ལུས་ནི་སངས་རྒྱས་ཀྱི་སྤྲུལ་བའི་སྐུར་མི་འགྱུར་རོ། ། ༈ འོན་ཏེ་(སེམས་ཅན་རྣམས་ཀྱི་ལུས་དང་པོ་ནས་སངས་རྒྱས་ཀྱི་སྐུ་མ་ཡིན་ཡང་དཀྱིལ་འཁོར་གྱི་འཁོར་ལོ་)སྒོམ་ པ་གོམས་པའི་དབང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་ འཁོར་ལོའི་རྣམ་པར་འགྱུར་ཏེ་དེ་ཉིད་ཀྱིས་ན་སངས་རྒྱས་ཉིད་དུ་ཡང་དེ་བཞིན་གཤེགས་ པས་གསུངས་པ་མ་ཡིན་ནམ་ཞེས་པ་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། 4-1-312 ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་ ག ང་ཡིན་པ〔སེམས་ཅན་གྱི་ལུས་ལྷའི་འཁོར་ལོ་བསྒོམ་པ〕་གོམས་པའི་དབང་གིས་ཕུང་པོ་ དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་འགྱུར་ལ་དེ་ ཉིད་ཀྱིས་ན་སངས་རྒྱས་ཉིད་དུ་ཡང་དེ་བཞིན་གཤེགས་པས་གསུངས་པ་(ཡིན་ནོ་ཞེས་པ་)དེ་ནི་ མ་ཡིན་ཏེ་གང་གི་ཕྱིར་(རྟོག་སྒོམ་གྱི་རྣལ་འབྱོར་པ་དེ་ལ་)བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མེད་ པའི་ཕྱིར་རོ། །འདིར་གལ་ཏེ་རྣལ་འབྱོར་པ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ མ་གཏོགས་པར་(རྟོག་པའི་)སྒོམ་པ་གོམས་པའི་དབང་གིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམས་པར་འགྱུར་ཞིང་རྣམ་པར་རྟོག་པ་སྒོམ་ པའི་དབང་གིས་སངས་རྒྱས་ཉིད་དུ་ཡང་འགྱུར་ན་(འོ་ན་)དེའི་ཚེ་(སྐྱེ་བོ་)བསོད་ནམས་དམན་པ་ གཞན་ཞིག་ང་ནི་རྒྱལ་པོ་ཞེས་སེམས་པར་བྱེད་པ་དེ་ཡང་གོམས་པ་ལས་བསོད་ནམས་ཀྱི་ ཚོགས་མ་གཏོགས་པར་རྒྱལ་པོར་འགྱུར་(དགོས་)ཏེ་(དེ་ལས་དེར་འགྱུར་བ་)འདི་ནི་མཐོང་བ་ཡང་ མེད་དོ། །ཇི་ལྟར་(རྒྱལ་པོ་མ་ཡིན་པ་ལས་རྒྱལ་པོར་)ལོག་པའི་རྣམ་པར་རྟོག་པས་བསོད་ནམས་ཀྱི་ ཚོགས་དང་བྲལ་བ་རྣམ་པར་རྟོག་པའི་རང་བཞིན་སྒོམ་པ་གོམས་པའི་དབང་གིས་རྒྱལ་པོར་ མི་འགྱུར་བ་དེ་བཞིན་དུ་བསོད་ནམས་དང་ཡེ་ཤེས་(ཀྱི་ཚོགས་)ཀྱིས་དམན་པའི་རྣལ་འབྱོར་པ་ (ང་ནི་སངས་རྒྱས་སོ་ཞེས་)རྣམ་པར་རྟོག་པ་གོམས་པའི་དབང་གིས་བསྐལ་པ་དུ་མ་རྣམས་ཀྱིས་ཀྱང་ ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཏེ། བསོད་ནམས་དང་ཡེ་ཤེས་མེད་པའི་ ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ ལས་ཚིགས་སུ་བཅད་པ་བཅུ་དྲུག་པའི་གསུངས་པ་འདི་ལྟ་སྟེ། (སེམས་ཅན་ལ་ཕན་པའི་)བསོད་ ནམས་ལྡན་པ་(ནི་)བསོད་ནམས་ཚོགས(ཡིན་ལ)། །(མཆོག་ཏུ་མི་འགྱུར་བའི་)ཡེ་ཤེས་(སྒོམ་པ་ནི་ཡེ་ཤེས་ཀྱི་ ཚོགས་ཏེ་དེ་ལྟར་ཚོགས་གཉིས་ནི་)ཡེ་ཤེས་(ཀྱི་སྐུའི་)འབྱུང་གནས་ཆེ(ཞེས་པ་ཚོགས་གཉིས་བསགས་པ་ལས་ཡེ་ཤེས་ 4-1-313 ཀྱི་སྐུ་ཐོབ་ཅེས་པའོ)། །ཡེ་ཤེས་(ཀྱི་སྐུ་སྟེ་)ལྡན་པ་〔ཐོབ་པ་དེས་གནས་ལུགས་ལ་〕ཡོད་〔པ་དང་〕མེད་ 〔པའི་ཆོས་རྣམས་ཇི་ལྟ་བར་〕ཤེས〔ལ་དེ་ཉིད་〕། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། ། ཞེས་པ་སྟེ་བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་དམན་པ་ནི་ རྣམ་པར་རྟོག་པའི་གཟུགས་སྒོམ་པ་གོམས་པའི་དབང་གིས་སངས་རྒྱས་སུ་མི་འགྱུར་རོ། ། ༈ འོ་ན་གལ་ཏེ་(འདིས་)གཟུགས་ཀྱི་བསྒོམ་པ་རྣམ་པར་རྟོག་པ་ཡིན་ཞིང་རྣམ་པ་རྟོག་ པ(འི་སྒོམ་པ་)ལས་རྣལ་འབྱོར་པ་སངས་རྒྱས་སུ་མི་འགྱུར་ན་(འོ་ན་)དེའི་ཚེ་ལུས་འདི་(སྦྱང་གཞིར་ བྱས་ནས་)དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་རྣམས་ཀྱིས་རྣམ་པར་སྦྱང་བར་བྱའོ། །ཞེས་ དེ་བཞིན་གཤེགས་པས་གསུངས་པ་ཅིའི་དོན་དུ་ཡིན་ཞེས་པ་འགའ་ཞིག་གི་བསམ་པ་འབྱུང་ བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་འདི་ནི་བདེན་ཏེ་དེ་བཞིན་གཤེགས་པས་དམ་ ཚིག་གི་(བརྡ་)སྐད་ཀྱིས་སོ་སོར་(བཤང་པ་ལ་སོགས་པ་དེ་དག་ལ་)རྣམ་པར་སྣང་མཛད་ལ་སོགས་པ(འི་ སྒྲ་)དེ་རྣམས་རབ་ཏུ་བསྟན་གྱི་བུམ་པ་དང་སྣམ་བུའི་སྒྲ་བཞིན་དུ་བརྗོད་བྱ་དང་རྗོད་བྱེད་ཀྱི་ དངོས་པོ་(ཇི་བཞིན་པ་)ལས་ནི་མ་ཡིན་ནོ། །འོན་ཀྱང་བུད་མེད་ཀྱི་དབང་པོ་པད་མ་དང་སྐྱེས་པའི་ དབང་པོ་རྡོ་རྗེ་དང་བཤང་པ་རྣམ་པར་སྣང་མཛད་དང་གཅི་བ་མི་བསྐྱོད་པ་དང་ཁྲག་རིན་ཆེན་ འབྱུང་ལྡན་དང་ཁུ་བ་སྣང་བ་མཐའ་ཡས་དང་ཤ་དོན་ཡོད་གྲུབ་པ་(ཞེས་པ་)སྟེ་འདི་རྣམས་ཀྱི་དེ་ བཞིན་གཤེགས་པ་ལྔ་པོ་རྣམས་བདུད་རྩི་ལྔ་པོ་རྣམས་ཀྱི་མང་དུ་(བརྡར་བཏགས་ནས་)གསུངས་ཏེ་ དོན་དམ་པའི་རིགས་པས་ནི་(དེ་རྣམས་)ལྷ་མ་ཡིན་ནོ། །དེའི་ཕྱིར་རུལ་བའི་ལུས་(མི་གཙང་བ་འདུས་ པ་)འདི་ནི་ལྷའི་སྐུར་བརྗོད་པར་མི་ནུས་ཏེ་(བདེན་པའི་)སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་རོ། །བཅོམ་ ལྡན་འདས་ཀྱི་མཚན་ཡང་དག་པར་བརྗོད་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ ཡེ་ཤེས་ཀྱི་བསྟོད་པ་ལས་ཚིགས་སུ་བཅད་པ་ཉི་ཤུ་པ་ལ་སོགས་པ་གསུམ་གྱིས་(དོན་དམ་པའི་ 4-1-314 སངས་རྒྱས་ཀྱི་སྐུ་)གསུངས་པ་འདི་ལྟ་སྟེ། (ཡེ་ཤེས་ཀྱི་སྐུ་ནི་ཟླ་མེད་པས་)གཅིག་པུ་(གཞིག་ཅིང་གཞོམ་དུ་མེད་པས་)སྲ་མཁྲེག་རྡོ་རྗེའི་བདག(ཉིད་དེ)། (རང་བྱུང་ཞིང་སྐད་ཅིག་ཀྱང་མ་འདས་པས་)སྐྱེས་མ་ཐག་པ་(སེམས་ཅན་ གྱི་སེམས་ཀྱི་རང་བཞིན་ཡིན་པས་)འགྲོ་བའི་བདག(ཉིད་ཡིན་ལ་དེ་ཉིད)། ནམ་མཁའ་ལས་བྱུང་རང་བྱུང་ བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་ མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་ མངའ་བདག་རིགས་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད(པའོ)། །(སྲོག་ཐམས་ཅད་ གཙུག་ཏོར་དུ་འགགས་པས་ཐོབ་པར་བྱ་བ་ཡིན་པས་ན་)གཙུག་ཏོར་ཆེན་པོ་(དང་དེ་ཉིད་ཀྱིས་ན་འཇིག་རྟེན་ཐམས་ཅད་ ལས་)རྨད་བྱུང་གཙུག(སྟེ་དེའི་མཐུས་གཟུགས་སྐུ་ལ་ཡང་གཙུག་ཏོར་ལྟར་མི་མངོན་པ་མངའོ)། ནམ་མཁའི་(ཁམས་ གཞན་སྣ་ཚོགས་སྟོང་ཉིད་ཀྱི་བདེ་བ་ཆེན་པོ་དང་སྐུ་རྣམ་པ་ཐམས་ཅད་པ་ཉིད་ཀྱིས་གདུལ་བྱ་ལ་ཡང་སྤྲུལ་བའི་སྐུ་)བདག་པོ་ སྣ་ཚོགས་སྟོན(པའོ)། །ཞེས་པ་སྟེ་བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་(སེམས་ཅན་གྱི་ལས་ལས་ གྲུབ་པ་)ཉེ་ཚེ་བའི་ལུས་ནི་སངས་རྒྱས་ཀྱི་སྐུར་མི་འགྱུར་རོ། ། ༈ གལ་ཏེ་(ཡང་)དེ་བཞིན་གཤེགས་པ་(ཡེ་ཤེས་ཀྱི་སྐུ་ཡིན་གྱི་རྡུལ་ཕྲ་རབ་འདུས་པའི་)གཟུགས་ཅན་ དུ་མི་འགྱུར་ན་འོ་ན་དེའི་ཚེ་〔ཡུམ་གྱི་〕ལྷུམས་སུ་འཇུག་པ་དང་གཞོན་ནུ་རོལ་རྩེད་མཛད་པ་ དང་བཟོ་(དང་སྒྱུ་རྩལ་)ཐམས་ཅད་ཡང་སྟོན་པ་དང་ཁབ་ནས་ངེས་པར་འབྱུང་བ་དང་བྱང་ཆུབ་ ཀྱི་སྙིང་པོ་ལ་བཞུགས་པ་དང་བདུད་ཀྱི་དཔུང་འཇོམས་པ་དང་(ལྷའི་ཡུལ་དུ་བྱོན་ནས་སླར་ཡང་)ལྷ་ ལས་བབས་པ་དང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་ རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་འོད་ཀྱི་དཀྱིལ་འཁོར་འདོམ་གང་བ་དང་(སྐུ་ འཆག་པ་ལ་སོགས་)སྤྱོད་ལམ་བཞི་ལ་སོགས་པའི་བྱ་བ་དང་ནམ་མཁའ་ལ་གཤེགས་པ་དང་བྱོན་ པ་དང་དེའི་སེམས་ཅན་གྱི་དོན་གྱི་བྱ་བ་རྣམས་སུ་མི་འགྱུར་རོ། །དེ་བཞིན་དུ་བཅོམ་ལྡན་ འདས་ཀྱི(གསུང་གི)ས་བསྐྱེད་པ་ཉན་ཐོས་ཀྱི་དགེ་འདུན་ཡང་མེད་པར་འགྱུར་ཞིང་ཡོངས་སུ་ 4-1-315 མྱ་ངན་ལས་འདས་པ་ཆེན་པོ་དང་(རྫུ་འཕྲུལ་གྱི་)ཆོ་འཕྲུལ་ཆེན་པོ་ཕུལ་དུ་བྱུང་བ་ཡང་དག་པར་ སྟོན་པ་མེད་པར་འགྱུར་རོ། །སྲིད་པ་གསུམ་ན་གནས་པ་རྣམས་ཀྱིས་མཆོད་པར་བྱ་བའི་ དབུ་སྐྲ་དང་ཚེམས་དང་ཤ་དང་རུས་པ་ལ་སོགས་པ་དང་སྐུ་གདུང་(རིང་བསྲེལ་)སྤྲོ་བ་མེད་པར་ འགྱུར་རོ། །གཞན་ཡང་དེ་བཞིན་གཤེགས་པའི་རྣམ་འཕྲུལ་ཤིན་ཏུ་རྨད་དུ་བྱུང་བ་ནི་བཅོམ་ ལྡན་འདས་གཟུགས་དང་ལྡན་པ་ལས་འགྱུར་གྱི་གཟུགས་དང་མི་ལྡན་པ་ལས་ནི་མ་ཡིན་ནོ། ། དེའི་ཕྱིར་(བསྐྱེད་རིམ་)བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུ་སྒྲུབ་པ་(ཡིན་པས་དེ་)ནི་ལོག་པར་མི་ འགྱུར་རོ་ཞེས་པ་འདིར་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་བཅོམ་ལྡན་འདས་ཀྱི་(སྐུ་)གཟུགས་ཀྱི་སྐུ་(ཡིན་ པས་དེ་)སྒྲུབ་པ་ནི་ལོག་པར་མི་འགྱུར་རོ། །ཞེས་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་ གང་ཡིན་པ་འདི་ནི་(སངས་རྒྱས་ཀྱི་སྐུ་ཡེ་ཤེས་ཀྱི་སྐུ་མ་ཡིན་པར་རྡུལ་ཕྲ་རབ་འདུས་པའི་གཟུགས་ཀྱི་སྐུ་དེ་ནི་)དེ་ལྟར་ བདེན་པ་མ་ཡིན་ཏེ་གང་གི་ཕྱིར་〔ཡེ་ཤེས་ཀྱི་སྐུ་མ་ཡིན་པའི་རྡུལ་ཕྲ་རབ་འདུས་པའི་གཟུགས་ ཀྱི་སྐུ་དེ་ནི་〕སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །འདིར་གལ་ཏེ་དོན་དམ་པར་ བཅོམ་ལྡན་འདས་ལྷུམས་ནས་འབྱུང་བ་དང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་ གཤེགས་པ་དང་བྱོན་པའི་བྱ་བ་དང་ཡོངས་སུ་(སྐུ་)མྱ་ངན་ལས་འདས་པ་ཆེན་པོ་དང་སྐུ་གདུང་ ཡང་དག་པར་སྟོན་པ་ཡོད་(ཅིང་སྐྱེ་འཇིག་དང་བྲལ་བའི་ཡེ་ཤེས་ཀྱི་སྐུར་མ་གྲུབ་)ན་(འོ་ན་)དེའི་ཚེ་དེ་བཞིན་ གཤེགས་པའི་སྒྲུབ་པ་(ཚོགས་གཉིས་བསགས་པ་)འབྲས་བུ་མེད་པར་འགྱུར་ཏེ་གང་གི་ཕྱིར་〔སངས་ རྒྱས་གྲོངས་ནས་〕སྐུ་གདུང་ཡང་དག་པར་སྟོན་པ〔སྟེ་མེད་པར་གྱུར་པ〕འི་ཕྱིར་དང་ཡོངས་སུ་ མྱ་ངན་ལས་འདས་པ་ཆེན་པོའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་(རྡུལ་ཕྲ་རབ་འདུས་པའི་)གཟུགས་ ཀྱི་སྐུ་(འབའ་ཞིག་)ནི་(ཚོགས་ཀྱིས་)བསྒྲུབས་(ནས་གྲུབ་)ཀྱང་(མེད་པར་གྱུར་པས་)མ་བསྒྲུབས་པ་(དང་ཁྱད་ པར་མེད་པ་)ཁོ་ན་སྟེ་(ཡུམ་གྱི་ལྷུམས་ནས་)སྐྱེས་པའི་(གཟུགས་ཀྱི་)སྐུ་(གྲོངས་ནས་)རྣམ་པར་ཉམས་པ་(སྟེ་མེད་ 4-1-316 པར་གྱུར་པ་)གང་ཡིན་པ་དེ་བསྒྲུབས་པས་ཇི་ལྟར་སྒྲུབ་པ་པོའི་(སྒྱུ་མ་ལྟ་བུ་ལུས་འགགས་ནས་ཡེ་ཤེས་ཀྱི་) ལུས་ཉམས་པ་མེད་པར་བྱེད་པར་འགྱུར་རང་ཉིད་(འཇིག་མེད་དུ་)མ་གྲུབ་པས་གཞན་སྒྲུབ་པར་ བྱེད་པ་འདི་ནི་ཕྱིན་ཅི་ལོག་གོ། ཅི་སྟེ་(སངས་རྒྱས་ལ་དོན་དམ་པར་)སྐུ་གདུང་ཡང་དག་པར་སྟོན་པ་ ཕུལ་དུ་བྱུང་བའི་མཚན་ཉིད་ཆེན་པོ་ཡོད་ན་འདིར་(གྲོངས་ནས་)སྐུ་གདུང་རྣམས་ཡང་དག་པར་ བསྟན་པར་གྱུར་པ་ན་དེ་ནི་སྐུ་གདུང་གི་ཕུང་པོར་གྱུར་པའི་སྐུའི་སྐྱེས་བུ་ཆེན་པོའི་མཚན་སུམ་ ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་འོད་ཀྱི་དཀྱིལ་འཁོར་འདོམ་གང་བ་རྣམས་ རྣམ་པར་ཉམས་སོ། །སྔར་གྱི་སྐུུ་(ཞིག་ནས་)མེད་པའི་ཕྱིར་སྐུ་གདུང་གི་ཕུང་པོ་ནི་རྡོ་རྗེའི་སྐུར་མི་ འགྱུར་རོ། །(རྡོ་རྗེའི་)སྐུ་མེད་ན་རྡོ་རྗེ་སེམས་དཔའ་(གཟུགས་སྐུ་ལས་)གཞན་(ཡེ་ཤེས་ཀྱི་སྐུའི་རང་བཞིན་) གྱི་སྒྲུབ་པ་མེད་(པ་སྟེ་གཞན་ཡེ་ཤེས་ཀྱི་སྐུ་མེད་པར་འགྱུར་རོ་)དོ། །འདིར་(སངས་རྒྱས་གཟུགས་ཀྱི་སྐུ་ཡིན་ན་རྡོ་རྗེའི་ སྐུ་ཡིན་པ་)ཕན་ཚུན་འགལ་བའི་ཕྱིར་དེ་ཁོ་ན་ཉིད་(རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་)དང་མི་ལྡན་པ་(གཟུགས་ཅན་རྡོ་ རྗེའི་སྐུ་ཡིན་པ་)ནི་ཉམས་ཏེ་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། ། ༈ སྐྱེ་བ་དང་འཇིག་པའི་ཆོས་ཅན་གྱི་རྡོ་རྗེ་སེམས་དཔའ་(གཟུགས་ཀྱི་སྐུ་ཁོ་ན་)སྒྲུབ་པ་ ཡིན་ན་(གཉིས་སུ་མེད་པའི་ཡེ་ཤེས་)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྟོང་པ་ཉིད་(བཅུ་དྲུག་ལ་སོགས་ པ་)དང་དྲན་པ་ཉེ་བར་གཞག་པ་(བཞི་)དང་ཡང་དག་པར་སྤོང་བ་(བཞི་)དང་རྫུ་འཕྲུལ་གྱི་རྐང་པ་ (བཞི་)དང་དབང་པོ་(ལྔ་)དང་སྟོབས་(ལྔ་)དང་བྱང་ཆུབ་ཀྱི་ཡན་ལག་(བདུན་)དང་(ཚོགས་ལམ་སོགས་)ལམ་ (ལྔ་)དང་བདེན་པ་(བཞི་)དང་བསམ་གཏན་(བཞི་)དང་ཚད་མེད་པ་(བཞི་)དང་གཟུགས་ མེད་པའི་སྙོམས་པར་འཇུག་པ་(བཞི་)དང་རྣམ་པར་ཐར་པའི་སྒོ་(བཞི་)དང་མངོན་པར་ཤེས་ པ་(དྲུག་)དང་ཏིང་ངེ་འཛིན་(བརྒྱ་ཉི་ཤུ་སོགས་)དང་〔ཚིག་ལ་སོགས་པའི་〕གཟུངས་དང་སྟོབས་དང་ མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ མེད་པར་འགྱུར་རོ། །(དེ་རྣམས་མེད་ན་ནི་དེ་དག་ཐོབ་པའི་དོན་དུ་)གསུམ་ལ་སྐྱབས་སུ་འགྲོ་བ་དང་སྡིག་ 4-1-317 པ་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་(སྨོན་འཇུག་)བྱང་ཆུབ་ཀྱི་སེམས་ བསྐྱེད་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་(བདག་གཞན་མཉམ་བརྗེ་ལ་སོགས་པ་)བྱང་ ཆུབ་སེམས་དཔའི་སྤྱོད་པ་དུ་མ་རྣམས་དོན་མེད་པར་འགྱུར་རོ། །ཐོས་པ་དང་བསམ་པའི་ རང་བཞིན་གྱི་ཤེས་རབ་ཁྱད་པར་ཅན་རྣམས་ཁྱད་པར་ཅན་མ་ཡིན་པར་འགྱུར་རོ། །ཤེས་ རབ་དང་ཐབས་ཀྱི་རང་བཞིན་གྱི་སྒྲུབ་པ་རྣམས་ངན་པའི་སྒྲུབ་པར་འགྱུར་རོ། །དོན་དམ་ པའི་བདེན་པ་ཟབ་པ་རྒྱ་ཆེ་བའི་ཆོས་རྟོགས་པ་ཡང་ངན་པ་རྟོགས་པར་འགྱུར་རོ། །འཇིག་ རྟེན་ཀུན་རྫོབ་ཀྱི་བདེན་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་སླད་དུ་རྡོ་རྗེ་ཕུར་བུ་དང་ རྡོ་རྗེ་ར་བ་དང་རྡོ་རྗེ་གུར་དང་བསྲུང་བའི་འཁོར་ལོ་ལ་སོགས་པས་བསྐོར་བ་དང་ཕུང་པོ་དང་ ཁམས་དང་སྐྱེ་མཆེད་དང་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་དང་སྒོ་སྐྱོང་དགོད་ པ་དང་ཡེ་ཤེས་སེམས་དཔའ་གཞུག་པ་དང་མངོན་པར་དབང་བསྐུར་བ་ལ་སོགས་པ་རྫོགས་ པ་དང་ར་བ་ལྔའི་འོད་ཀྱི་ཚོགས་ཀྱི་དཀྱིལ་འཁོར་གྱི་སྤྲུལ་པ་འཇིག་རྟེན་གྱི་ཁམས་རྣམས་སུ་ དེས་གདུལ་བར་བྱ་བའི་སེམས་ཅན་རྣམས་ཀྱི་སེམས་ཅན་གྱི་དོན་གྱི་ཚོགས་དང་མཆོད་པ་ རབ་འབྱམས་བསགས་པ་ཐམས་ཅད་ཐམས་ཅད་ཀྱི་ཚེ་དོན་མེད་པར་(ཧ་ཅང་ཐལ་བར་)འགྱུར་ཏེ་ (དེ་རྣམས་དོན་མེད་པ་)དེ་ལྟར་ཡང་མ་ཡིན་ནོ། །(ཧ་ཅང་ཐལ་བ་)དེའི་ཕྱིར་སྐྱེ་བ་དང་འགག་པའི་ཆོས་ ཅན་གྱི་རྡོ་རྗེ་སེམས་དཔའ་ལ་(རྡུལ་ཕྲ་རབ་འདུས་པའི་གཟུགས་ཅན)སྟོབས་བཅུ་དང་མི་འཇིགས་པ་ལ་ སོགས་པའི་ཡོན་ཏན་རྣམས་མི་སྲིད་དོ(ཏེ་རྡུལ་ཕྲ་རབ་འདུས་པའི་གཟུགས་ཀྱི་སྐུ་ནི་སྐྱེ་འགག་ཅན་ཡིན་ལ་སྟོབས་ དང་མི་འཇིགས་པ་ལ་སོགས་པ་ཆོས་སྐུའི་ཡོན་ཏན་རྣམས་ནི་སྐྱེ་འགགས་མེད་པ་ཡིན་པའི་ཕྱིར་རོ)། ། ༈ གཞན་ཡང་ཅི་གལ་ཏེ་བཅོམ་ལྡན་འདས་(ཡེ་ཤེས་ཀྱི་སྐུ་མ་ཡིན་པར་)གཟུགས་ཅན་ཡིན་ ན་དེའི་ཚེ་(བཞུགས་གནས་)ཕྱོགས་གཅིག་ཏུ་གནས་པས་གང་གཱ〔འི〕་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་ རྟེན་གྱི་ཁམས་རྣམས་སུ་རི་བོ་དུ་མའི་རྡུལ་དང་མཉམ་པའི་སེམས་ཅན་གྱི་རིགས་(མཐའ་ཡས་ 4-1-318 པ་)རྣམས་ཀྱི་དོན་(ཆོས་སྟོན་པ་ལ་སོགས་པའི་)བྱ་བ་བྱེད་ནུས་པར་མི་འགྱུར་ཏེ་(འདུས་བྱས་)གཟུགས་ ཀྱི་སྐུ་(ཁོ་ན་)ཡིན་པའི་ཕྱིར་རོ། །ཅི་སྟེ་བྱིས་པའི་བློ་ཅན་རྣམས་ཀྱི་ཚིག་གཟུགས་ཀྱི་སྐུས་ཀྱང་ འཇིག་རྟེན་གྱི་ཁམས་གཅིག་ཏུ་གཤེགས་ཏེ་དེ་ན་གནས་པའི་སེམས་ཅན་རྣམས་ཀྱི་དོན་བྱ་བ་ མཛད་ནས་དེ་ནས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་གཤེགས་ཤིང་དེ་ནས་ཀྱང་གཞན་དུ་ གཤེགས་པ་མཛད་དོ་ཞེ་ན། འདི་ཉིད་ནི་རིགས་པས་(དཔྱད་ན་)མི་འཐད་དེ་གང་གི་ཕྱིར་ཕྱོགས་ ཀྱི་ཆ་གཅིག་ཁོ་ན་ལ་འཇིག་རྟེན་གྱི་ཁམས་རྣམས་(ནམ་མཁའ་ལྟར་མཐའི་)ཚད་དང་བྲལ་བ་ཉིད་ ཀྱི་ཕྱིར་ཕྱོགས་བཅུའི་ཆར་ཡང་དག་པར་གནས་པའི་འཇིག་རྟེན་གྱི་ཁམས་རྣམས་དང་མཐའ་ ཡས་པ་མཐའ་ཡས་པའི་སེམས་ཅན་རྣམས་ལྟ་ཅི་སྨོས་གཟུགས་ཀྱི་སྐུས་གཤེགས་ནས་(ཕྱོགས་ ཀྱི་ཁ་ཅིག་ཁོ་ནའི་)སེམས་ཅན་(ཐམས་ཅད་)གྱི་དོན་མཛད་པར་(ཡང་)ནི་སྐལ་པ་དུ་མ་རྣམས་ཀྱིས་ཀྱང་ མི་ནུས་སོ(ཕྱོགས་ཀྱི་ཆ་གཅིག་ཁོ་ནའི་འཇིག་རྟེན་གྱི་ཁམས་ལ་ཡང་མཐའ་མེད་པའི་ཕྱིར་རོ)། །ཅི་སྟེ་བསམ་གཏན་ དང་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དུ་མ་ན་གནས་པའི་ སེམས་ཅན་རྣམས་(སངས་རྒྱས་ཀྱི་ཞིང་འདི་ལྟ་བུར་)བཀུག་ནས་མདུན་དུ་བཞག་སྟེ་དེ་རྣམས་ལ་(སངས་ རྒྱས་ཀྱིས་)ཆོས་བསྟན་པར་མཛད་དོ། །དེ་རྣམས་(སངས་རྒྱས་ཀྱིས་)ལམ་ལ་བཀོད་ནས་རང་རང་གི་ འཇིག་རྟེན་གྱི་ཁམས་སུ་གཏོང་ངོ་ཞེ་ན། (དེ་ལྟར་སེམས་པ་)དེ་ཉིད་(བློ་གྲོས་)ཤིན་ཏུ་ཕྱིན་ཅི་ལོག་པ་ སྟེ་ནམ་མཁའི་ཁོངས་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་དུ་མ་ན་གནས་པ་གྲངས་མེད་པའི་ སེམས་ཅན་གཟུགས་ཅན་རྣམས་(རང་རང་གི་གཟུགས་ཇི་ལྟ་བ་ལྟ་ཅི་སྨོས་)རྡུལ་ཕྲ་རབ་ཀྱི་གཟུགས་ ཀྱིས་ཀྱང་(འཇིག་རྟེན་གྱི་ཁམས་འདི་ལྟ་བུ་ཞིག་ཏུ་)མདུན་དུ་གནས་པར་བྱ་བར་མི་ནུས་སོ། །ཅི་སྟེ་བྱིས་ པའི་བློ་ཅན་(ཤེས་རབ་དམན་པ་)རྣམས་ཀྱི་ཚིག་(བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལྟ་བུ་)གཟུགས་ཀྱི་སྐུ་འདིས་ ཀྱང་སངས་རྒྱས་ཀྱི་ཞིང་(མི་མཇེད་འདི་ལྟ་བུ་)གཅིག་ལ་(བཞུགས་ནས་)སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་(མཐའ་ཡས་པ་)རྣམས་སུ་གནས་པའི་སེམས་ཅན་རྣམས་ཀྱི་དོན་བྱ་བ་ 4-1-319 མཛད་དོ་ཞེ་ན། ཚིག་འདི་ནི་དོན་དམ་པའི་རིགས་པས་རྣམ་པར་དཔྱད་ན་(བརྗོད་བྱའི་)དོན་མེད་ པ་(བརྫུན་པ་)སྟེ་ཇི་ལྟར་(ལྷ་)དབང་ཕྱུག་གི་ཚིག་བཀའ་ཡིས་གྲུབ་(པར་འདོད་)ཅིང་རིགས་པའི་ཚད་ མ་དང་བྲལ་བ་(དེ་ཇི་ལྟ་བ་)བཞིན་ནོ། །(ཡིད་ཆེས་པའི་བཀའ་ཡིས་གྲུབ་པར་འདོད་ཚུལ་ནི་)འདིར་(དབང་ཕྱུག་པ་ རྣམས་)ཡིད་ཆེས་པའི་ལུང་ལས་དབང་ཕྱུག་ནི་(ཡུལ་དང་དུས་ཀྱི་)ཆ་ཤས་མེད་པ་(བརྟན་གཡོ་)ཀུན་གྱི་ བྱེད་པ་པོ་སྟེ་དེ་ཡང་(བྱེད་པ་པོ་རྣམས་ཀྱི་རང་རང་གི་)བྱ་བ་ལ་ལྟོས་པ་མེད་པ་(དབང་ཕྱུག་གི་)འདོད་པས་ རྩེད་མོའི་དོན་དུ་(བརྟན་གཡོ་)སྣ་ཚོགས་(སྤྲོ་བར་)བྱེད་པའམ་(རེས་འགའ་)སྡུད་པར་བྱེད་པ(ཞེས་འདོད་ པ)འོ། །དེ་བཞིན་དུ་(དབང་ཕྱུག་)དེ་ཡི་ཆོས་(དང་)མི་མཐུན་པ་(སངས་རྒྱས་པ་འགའ་ཞིག་གི་འདོད་པ་)ལས་ བཅོམ་ལྡན་འདས་གཟུགས་ཀྱི་སྐུ་(འདི་)སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་པོ་(ཞེས་པ་ཡང་ རིགས་པ་མེད་པར་)བཀའ་ཡིས་གྲུབ་པ་(ཙམ་)སྟེ་དེ་ལྟར་(སངས་རྒྱས་གཟུགས་ཀྱི་སྐུར་འདོད་པའི་)སངས་རྒྱས་ པ་རྣམས་དང་མུ་སྟེགས་པ་རྣམས་ཀྱི་(ཐ་སྙད་ཀྱི་ཚུལ་ལ་)མཁས་པ་རྣམས་ལ་ཡང་(དོན་དམ་པ་དེ་ཁོ་ན་ ཉིད་རྟོགས་པའི་)ཤེས་རབ་དམན་པ་ཉིད་ཀྱི་ཕྱིར་(མུ་སྟེགས་པ་ཉིད་དུ་)བྱེ་བྲག་མེད་དོ། ། ༈ དེའི་ཕྱིར་(དཔྱད་པ་གསུམ་གྱིས་)ཡོངས་སུ་བརྟག་པ(འི་འཐད་པ་)དང་བྲལ་བ་(སངས་རྒྱས་གཟུགས་ ཀྱི་སྐུ་ཁོ་ན་ཡིན་ནོ་ཞེས་པ་)འདི་ནི་བཅོམ་ལྡན་འདས་ཀྱི་གསུང་དུ་མི་འགྱུར་ཏེ་བཅོམ་ལྡན་འདས་ ཀྱི་གསུང་ནི་(རིགས་པ་དང་མི་འགལ་བས་)ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བའོ། །དེ་ བཞིན་དུ་བཅོམ་ལྡན་འདས་ཀྱིས་(རྒྱན་སྟུག་པོ་བཀོད་པའི་མདོར་)གསུངས་པ། བསྲེགས་(པ་དང་) བཅད་(པ་དང་)བརྡར་བས་གསེར་(བརྟག་པ་)བཞིན་དུ། །མཁས་པ་རྣམས་ཀྱིས་(ཀྱང་མངོན་སུམ་ རྗེས་དཔག་ལུང་རང་གི་ཚིག་དང་འགལ་མི་འགལ་གྱི་དཔྱད་པ་གསུམ་གྱིས་)ཡོངས་བརྟགས་ནས(ཚད་མ་གསུམ་དང་ མི་འགལ་ན་)། །བདག་གསུང་བླང་(བར་)བྱ(འི་ཀྱེ་)དགེ་སློང་དག །(མ་བརྟག་པར་སངས་རྒྱས་ལ་)གུས་ པ(ཙམ་གྱིས་)འི་ཕྱིར་ནི་(བླང་བ་)མ་ཡིན་ནོ། །ཞེས་པ་སྟེ་བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་ མཚན་ཡང་དག་པར་བརྗོད་པ(དཔང་དུ་བྱས་པ)ས་ཡོངས་སུ་བརྟགས་ན་(དོན་དམ་པའི་)སངས་རྒྱས་ 4-1-320 བཅོམ་ལྡན་འདས་གཟུགས་ཀྱི་སྐུར་མི་འགྱུར་ཏེ་གང་གི་ཕྱིར་ནམ་མཁའ་ལས་བྱུང་བའི་ཕྱིར་ (རྒྱུ་རྐྱེན་མེད་པར་)དང་རང་བྱུང་བའི་ཕྱིར་དང་རྣམས་པ་ཀུན་ལྡན་རྣམ་པ་མེད་པའི་ཕྱིར་དང་(སྐུ་ གསུང་ཐུགས་ཡེ་ཤེས་ཀྱི་)ཐིག་ལེ་བཞི་(འགྱུར་བ་མེད་པར་)འཛིན་པའི་ཕྱིར་དང་(ནག་ཕྱོགས་ཀྱི་)ཆ་(ལ་ཞུགས་ པ་)མེད་(ཅིང་དཀར་པོའི་)ཆ་ལས་འདས་པའི་(ཆ་བཅུ་དྲུག་པ་འགྱུར་བ་མེད་པ་ཡིན་པའི་)ཕྱིར་དང་དགའ་བ་ (འམ་བསམ་གཏན་)བཞི་པའི་རྩེ་མོ་(དོན་དམ་ལྷན་ཅིག་སྐྱེས་དགའ་)འཛིན་པའི་ཕྱིར་དང་ཆགས་བྲལ་(གྱི་) དང་པོ་(ཆགས་པའི་མཐའ་)ཆགས་པ་ཆེ་བའི་ཕྱིར་དང་བདག་གིར་མི་འཛིན་པའི་ཕྱིར་དང་ངར་མི་ འཛིན་པའི་ཕྱིར་དང་(རྣམ་པར་མི་རྟོག་དབྱིངས་མི་ཟད་ཅེས་འདུས་མ་བྱས་པའི་)ཁམས་ཐམས་ཅད་མི་ཟད་ པའི་ཕྱིར་དང་གསང་སྔགས་དོན་(མི་འགྱུར་བའི་བདེ་བ་ཆེན་པོ་)ཀུན་སྐྱེད་པ་པོའི་ཕྱིར་དང་(དོན་དམ་ པའི་)ཐིག་ལེ་ཆེན་པོ་ཡི་གེ་མེད་པའི་ཕྱིར་དང་སྟོང་པ་ཆེན་པོ་འགྱུར་མེད་ལྔའི་ཕྱིར་དང་ཐིག་ ལེ་སྟོང་པ་འགྱུར་མེད་དྲུག་གི་ཕྱིར་དང་ནམ་མཁའ་ལྟར་(འཁོར་འདས་)མཉམ་པ་ཉིད་ལ་གནས་ པའི་ཕྱིར་རོ(རྡོ་རྗེ་གཅོད་པའི་མདོར་ཡང༌། གང་དག་ང་ལ་གཟུགས་སུ་བལྟ། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སོང་ ལ་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་བལྟ། །ཞེས་པ་ལ་ སོགས་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང་རྒྱལ་བའི་ཡུམ་ལ་སོགས་པ་མདོ་མང་པོར་དེ་དག་དང་མཐུན་པར་དུ་ མ་ཞིག་འབྱུང་ངོ་)། །དེ་ལྟར་(དོན་དམ་པའི་སངས་རྒྱས་གཟུགས་ཀྱི་སྐུ་མ་ཡིན་)འདི་ནི་སངས་རྒྱས་བཅོམ་ལྡན་ འདས་ཀྱིས་མཚན་ཡང་དག་པར་བརྗོད་པ་ལས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ཞེས་པ་ལ་ སོགས་པ་ནས་ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་ཅེས་པའི་མཐར་ཐུག་པའི་ཚིགས་སུ་བཅད་པ་ དྲུག་ཅུ་རྩ་གཉིས་ལྷག་པའི་བརྒྱས་(དང་པོའི་སངས་རྒྱས་)རྡོ་རྗེ་འཛིན་པའི་(ཡེ་ཤེས་ཀྱི་)སྐུ་ཕྱག་ན་རྡོ་རྗེ་ ལ་(དོན་དམ་པར་ཡེ་ཤེས་ཀྱི་སྐུ་ཆོས་ཉིད་རྣམ་པ་ཐམས་ཅད་པ་སོགས་ཡིན་པ་དང་དེ་ཉིད་ཀུན་རྫོབ་ཏུ་གདུལ་བྱ་ལ་གཟུགས་ སྐུ་སྣ་ཚོགས་སུ་སྣང་བའི་ཚུལ་གྱིས་)བདེན་པ་གཉི་གས་རབ་ཏུ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ལས་ཀྱང་ཚིགས་སུ་བཅད་པ་དགུ་བཅུ་རྩ་བརྒྱད་པས་སངས་ 4-1-321 རྒྱས་ཀྱི་སྤྲུལ་པ་སྒྱུ་མ་འབྱུང་བ་གསུངས་པ། (ཡོན་ཏན་གྱིས་ཚད་དམ་མཐའ་)སངས་རྒྱས་རྣམས་ཀྱི་ འང་རྟོགས་བྱ་མིན་པ་(སྟེ་ཤིན་ཏུ་རྟོགས་དཀའ་བ་)དཔག་མེད་ཡོན་ཏན་དང་(སྟོབས་དང་མ་འདྲེས་པའི་ཆོས་ ལ་སོགས་པ་)ལྡན་(པ་)སངས་རྒྱས་(ཡེ་ཤེས་ཀྱི་སྐུའི་)སྤྲུལ་བའི་སྒྱུ་མ་ནི། །སྲིད་པ་གསུམ་གྱི་གནས་ སུ་(ཡེ་ཤེས་ཀྱི་སྐུ་)བདག་ཉིད་སྟོན་པར་བྱེད་དེ་(རྩ་མི་མིག་འཕྲུལ་ཟེར་ཞིང་རྭ་དབང་པོའི་གཞུ་ཟེར་ཤོང་བརྒྱ་བྱིན་ གཞུ་ཟེར་རོ་དཔེར་ན་)བརྒྱ་བྱིན་དྲ་བ་(སྟེ་འཇའ་ཚོན་)ཇི་བཞིན་ཉིད་དུའོ། །(ལྷུམས་སུ་འཇུག་པ་དང་བལྟམས་པ་ ལ་སོགས་པ་རྣམ་འགྱུར་)སྣ་ཚོགས་(པའི་)དངོས་(པོ་)རྣམས་ཀྱིས་ཕྱེ་(བའི་མཛད་པ་བདུད་ལས་)རྒྱལ་བ་(སྟེ་ སངས་རྒྱས་པའི་མཛད་པ་)དང་བཅས་(པ་)ལྷ་མི་རྣམས་ཀྱི་རང་རང་སེམས་ལ་རབ་ཞུགས་པ(སྟེ་སེམས་ ཀྱི་སྣང་བ)། །འདི་ནི་(རྒྱུ་ལས་)མ་སྐྱེས་(པའི་)ཆོས་(ཀྱི་སྐུ་ཉིད་དེ་ལྟ་བུར་སྣང་བ་ཡིན་)ཏེ་(དཔེར་ན་)ཆུ་(དང་བ་)ལ་ ནམ་མཁའ(འི་ཁ་དོག་སྣང་བ་)བཞིན་དུ་(གདུལ་བྱའི་རྒྱུད་)འདིར་ནི་(ཡུམ་གྱི་མངལ་དུ་)སྐྱེ་བ(ལྟ་བུ)ར་འཁྲུལ་ པ་སྟེར་བའོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་(དོན་དམ་པའི་)བཅོམ་ལྡན་འདས་ནི་ གཟུགས་ཀྱི་སྐུར་མི་འགྱུར་ཏེ་སངས་རྒྱས་ཐམས་ཅད་འདུས་པའི་(སྐུ་ཡིན་པའི་)ཕྱིར་རོ། །གལ་ ཏེ་(དོན་དམ་པའི་)སངས་རྒྱས་(འདི་)གཟུགས་ཀྱི་སྐུ་ཡིན་ན་དེའི་ཚེ་(སངས་རྒྱས་གཅིག་ལ་འདས་པ་དང་ ད་ལྟར་གྱི་སངས་རྒྱས་མཐའ་ཡས་པའི་སྐུ་)རྡུལ་ཕྲ་རབ་ཀྱི་གཟུགས་(ཙམ་ཉིད་)ཀྱིས་ཀྱང་འདུས་པར་མི་ འགྱུར་རོ། ། ༈ དེ་ལྟར་བརྗོད་པའི་རིམ་པས་བཅོམ་ལྡན་འདས་ཀྱི་གསུང་(དོན་དམ་པའི་སངས་རྒྱས་ཆོས་ ཉིད་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་ལ་སོགས་པ་ཡིན་གྱི་གཟུགས་ཀྱི་སྐུ་མ་ཡིན་པའི་ངེས་པའི་དོན་གྱི་ལུང་དུ་མ་)ཐོས་ཏེ་དེ་ལྟར་ ནའང་(སྐལ་པ་དང་མི་ལྡན་པའི་)སེམས་ཅན་རྣམས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཟབ་ ཅིང་རྒྱ་ཆེ་བའི་(ལེགས་པར་རྣམ་པར་ཕྱེ་བ་ངེས་པའི་དོན་)ཆོས་ཡོངས་སུ་བརྟགས་ནས་མི་འཛིན་ཅིང་ སངས་རྒྱས་ཉིད་ཀྱི་སླད་དུ་བླ་མ་ཡང་(དམ་པ་དང་དམ་པ་མ་ཡིན་པ་)ཡོངས་སུ་བརྟགས་ནས་མི་སྟེན་ ཏེ་(མཁས་པར་རློམ་ཡང་)རྨོངས་པ་ཆེན་པོ་(གྲོལ་བར་རློམ་ཡང་)ཆགས་པས་ཟིལ་གྱིས་མནན་པར་གྱུར་ 4-1-322 པ་སྐྱེ་བ་འདི་ཉིད་ལ་བདག་ཅག་རྣམས་ཀྱི་རུལ་པའི་ལུས་(འདི་)སངས་རྒྱས་ཀྱི་སྐུར་འགྱུར་རོ་ ཞེས་པའི་བསམ་པ་(འདོད་པ་ལ་)བརྐམ་ཆགས་ཅན་རྣམས་(ཕྱིན་ཅི་ལོག་དང་རྣམ་པར་མ་དག་པའི་ལམ་སྟོན་ པའི་)མི་དགེ་བའི་བཤེས་གཉེན་དང་ཕྲད་པ་དང་བླ་མ་དམ་པ་མ་ཡིན་པའི་མན་ངག་(ཐོབ་པ་) ལས་(སྤྱོད་པ་ཕྱིན་ཅི་ལོག་ཏུ་མ་འབྱུང་བར་འགྱུར་ཏེ་)འདིར་རྣམ་པར་སྣང་མཛད་ལ་སོགས་པའི་བདུད་ རྩི་ལྔ་དང་གོ་ཀུ་ད་ཧ་ན་ལ་སོགས་པའི་ཤ་རྣམས་ནི་བཟའ་བ་རང་བཞིན་གྱིས་དག་པར་དེ་ བཞིན་གཤེགས་པས་གསུངས་པ་སྟེ་འདི་རྣམས་ཟོས་པས་རྒ་བ་དང་འཆི་བ་མེད་པའི་ལུས་སུ་ འགྱུར་ཞིང་རྡོ་རྗེ་སེམས་དཔའ་ཡང་མཆོག་སྦྱིན་པར་འགྱུར་རོ། །ཞེས་པ་དང་གཞན་ཡང་རྡོ་ རྗེའི་རིགས་ལ་ཁྲོ་བོའི་རྒྱལ་པོའི་(ང་རྒྱལ་བསྒོམ་པ་ཙམ་གྱི་)ཏིང་ངེ་འཛིན་གྱིས་སྲོག་ཆགས་རྣམས་ བསད་པར་བྱའོ། །རལ་གྲིའི་རིགས་ལ་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གྱིས་མི་བདེན་པར་ སྨྲ་བར་བྱའོ། །རིན་པོ་ཆེའི་རིགས་ལ་རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་གྱིས་གཞན་གྱི་ ནོར་དབྲོག་པར་བྱའོ། །པད་མའི་རིགས་ལ་སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱིས་གཞན་ གྱི་བུད་མེད་དབྲོག་པར་བྱའོ། །འཁོར་ལོའི་རིགས་ལ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ གྱིས་བདུད་རྩི་ལྔ་དང་ཤ་རྣམས་བཟའ་བར་བྱའོ། །ཞེས་པ་དང་གཞན་ཡང་མི་དགེ་བ་བཅུའི་ ལས་ཀྱི་ལམ་རྣམས་རྣལ་འབྱོར་པས་ལྷའི་རྣལ་འབྱོར་གྱིས་བྱའོ། །ཞེས་པ་(ལ་སོགས་པ་)སྟེ་དེ་ ལྟར་(བླ་མ་དམ་པ་མ་ཡིན་པ་དམ་པ་ལྟར་བཅོས་པའི་)གདུག་པའི་སློབ་དཔོན་གྱི་ཚིག་ཚད་མར་བྱས་ནས་ མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་(འཛེམ་པ་མེད་པར་)བྱེད་དོ་སྦྱང་བ་མ་བྱས་པ་དང་རྒྱས་པ་ མ་བྱས་པ་དང་སྦར་བ་མ་བྱས་པ་དང་བདུད་རྩིར་མ་བྱས་པའི་རྣམ་པར་སྣང་མཛད་ལ་སོགས་ པ་རྣམས་ཟ་བར་བྱེད་དོ། །བདུད་རྩི་ལྔ་པོ་དེ་རྣམས་ནི་ཟ་བ་པོ་དེ་རྣམས་ལས་སངས་རྒྱས་ཀྱི་ ཡོན་ཏན་སྟེར་བར་བྱེད་པ་པོར་མི་འགྱུར་ཏེ་(དེ་རྣམས་ཀྱིས་)སངས་རྒྱས་ཀྱི་གསུང་(གི་དགོངས་དོན་) མ་རྟོགས་པའི་ཕྱིར་རོ། ། 4-1-323 ༈ འོ་ན་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་བདུད་རྩི་ལྔ་རྣམས་ རྣལ་འབྱོར་པས་བཟའ་བར་བྱ་བར་གསུངས་པ་མ་ཡིན་ནམ་འདིར་ཇི་ལྟར་འདི་རྣམས་ བཀག་ཅེས་པ་(རྒྱུད་ཀྱི་དགོངས་པའི་དོན་མ་རྟོགས་པ་)འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། ༡ བཟའ་བར་གསུངས་པ་རྣལ་འབྱོར་པ་ལ་དགོངས་པར་བསྟན་པ། ༈ (རྣལ་འབྱོར་པ་)དེའི་ཕྱིར་བརྗོད་པར་བྱའོ། །འདིར་བྱིས་པའི་སྐྱེ་བོ་(རྨོངས་པ་)རྣམས་ཀྱིས་ བརྗོད་པར་བྱ་བ་གང་ཡིན་པ་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་བདུད་ རྩི་ལྔ་ལ་སོགས་པ་རྣམས་བཟའ་བར་བྱ་བར་གསུངས་པ་དེ་ནི་བདེན་ཏེ་འོན་ཀྱང་(དེ་ནི་)རྣལ་ འབྱོར་པ་རྣམས་ཀྱི་(དབང་དུ་བྱས་པའི་བྱ་བ་)ཡིན་གྱི་ཐ་མལ་པའི་སེམས་ཅན་རྣམས་ཀྱི་〔དབང་དུ་ བྱས་པའི་བྱ་བ་〕ནི་མ་ཡིན་ནོ། །(རྣལ་འབྱོར་པ་)གང་དག་གི་སྔགས་ཀྱི་སྟོབས་སམ་བསམ་གཏན་ གྱི་སྟོབས་ཀྱིས་སྦྱང་བ་བྱས་པ་དང་རྒྱས་པ་བྱས་པ་དང་རབ་ཏུ་འབར་བ་བྱས་པ་དང་བདུད་ རྩིར་བྱས་པའི་དུག་རྣམས་ནི་དུག་མེད་པར་འགྱུར་བ་དང་ཆང་རྣམས་ནི་འོ་མར་འགྱུར་བ་དང་ དུག་གི་ཆུ་ལ་སོགས་པའི་གདུག་པ་རྣམས་དང་སེམས་ཅན་རྣམས་ལ་འཆི་བ་སྟེར་བར་བྱེད་པ་ ལ་སོགས་པ་རྣམས་ནི་བཅུད་ལེན་དུ་འགྱུར་བ་དང་རུས་པ་རྣམས་ནི་མེ་ཏོག་ཏུ་འགྱུར་བ་དང་ སོ་རྣམས་ནི་མུ་ཏིག་གི་རྡོག་པོར་འགྱུར་བ་དང་ཐོད་པ་ནི་པད་མར་འགྱུར་བ་དང་ཤ་ནི་པུ་ཏྲ་ ཀེ་ཤར་འགྱུར་བ་དང་ཁྲག་ནི་སིཧླ་ཀར་འགྱུར་བ་དང་གཅི་བ་ནི་གླ་རྩིར་འགྱུར་བ་དང་ཁུ་བ་ ནི་ག་པུར་དུ་འགྱུར་བ་དང་བཤང་བ་ནི་(པུ་ཏྲ་ཀེ་ཤ་སི་ཧ་ལ་གླ་རྩི་ཀ་བུར་)བཞི་མཉམ་དུ་འགྱུར་བ་དང་ བ་སྤུ་རྣམས་ནི་གུར་གུམ་གྱི་གེ་སར་དུ་འགྱུར་བ་(ལ་སོགས་པ་)སྟེ་དེ་ལྟར་གདུག་པའི་རྫས་དུ་མ་ རྣམས་ནི་གདུག་པའི་རང་བཞིན་ཡོངས་སུ་དོར་བའི་ཕྱིར་སྦྱང་བ་བྱས་པ་དང་རྒྱས་པར་བྱས་ པ་དང་རབ་ཏུ་འབར་བ་བྱས་པ་དང་བདུད་རྩིར་བྱས་པ་རྣམས་དག་པའི་རང་བཞིན་དུ་དེ་ བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་གསུངས་པ་དེ་ནི་བདེན་ནོ། །དུག་ལ་ 4-1-324 སོགས་པ་དག་པའི་རང་བཞིན་ཅན་བདུད་རྩིར་བྱས་པ་དེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་ ཟོས་པ་ཡང་ལུས་ལ་སྟོབས་ཆེན་པོ་རྒྱུས་པར་བྱེད་པར་འགྱུར་རོ། །བཤང་པ་ལ་སོགས་པ་ དག་པའི་རང་བཞིན་རྣམས་ལུས་ལ་བྱུགས་པ་ནི་(བཞི་མཉམ་གྱི་དྲི་ལ་སོགས་པ་)མཆོག་གི་དྲི་རབ་ཏུ་ ལྡང་བར་བྱེད་དོ། །དེའི་ཕྱིར་དེ་བཞིན་གཤེགས་པས་(བདུད་རྩི་ལྔ་ལ་སོགས་པ་བཟའ་བར་)གསུངས་ པ་རྣམས་ནི་རྣལ་འབྱོར་པ་རྣམས་ཀྱི་〔བྱ་བ་〕ཡིན་ནོ། ། ༈ (དེ་ལས་)གཞན་ལྷ་དང་སྔགས་མ་བསྒྲུབ་པ་(གླེགས་བམ་)བཀླགས་པའི་རྨོངས་པ་མཁས་ པའི་མངོན་པའི་ང་རྒྱལ་དང་ལྡན་པ་ཆུར་སྐྱར་གྱི་སྒྱུ་འཛིན་པ་(ནི་དོན་དམ་བསྙེན་པར། ངང་པའི་རྒྱལ་ མེད་མཚོ་ཡིས་པད་མའི་ལྟེ་བར་ནི། །གཡོན་ཅན་བྱ་དཀར་དག་ནི་ཤིན་ཏུ་མཛེས་པར་འགྱུར། །ཉ་ཡི་རིགས་ལ་དེ་ནི་གསོད་པས་ གབ་པ་ལྟར། །བླ་མ་ངན་པ་འགྲོ་བ་རྣམས་ལ་དེ་བཞིན་ནོ། །པད་མའི་སྙིང་པོ་ལྟར་ནི་མགྲིན་པ་བསྟུངས་ནས་སུ། །གཡོན་ཅན་ རྐང་པ་ཡ་གཅིག་གིས་ནི་གནས་པ་སྟེ། །ཆུ་སྐྱེས་འདིས་ནི་ཉ་རྣམས་འཁྲུལ་པར་བྱེད་པ་ལྟར། །བླ་མ་ངན་པས་འགྲོ་བ་རྣམས་ལ་བྱ་ དཀར་བཞིན། །ཞེས་པའི་དོན་)ཚོགས་ཁང་དང་གཙུག་ལག་ཁང་གི་རྫས་ལ་མངོན་པར་ཆགས་པ་དང་ ལྡན་པ་ཡི་དྭགས་དང་དམྱལ་བའི་སྐྱེ་བར་སྐྱེ་བ་འབྱུང་བ་ངེས་པར་བཅིངས་པ་རང་གི་དོན་ དང་གཞན་གྱི་གཞན་གྱི་དོན་ཉམས་པ་རྒྱུད་ལས་གསུངས་པའི་དོན་ལས་ཕྱིན་ཅི་ལོག་གི་དོན་ སྟོན་པ་པོ་ཡོངས་སུ་བརྟགས་པ་མི་བྱེད་པའི་སྐྱེ་བོ་བདུད་ཀྱི་རིས་ཆེན་པོ་རྣམས་ཀྱི་བཟའ་བ་ (མི་གཙང་བ་རྣམས་)ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམས་སུ་མི་འགྱུར་རོ། །གདུག་པའི་ སེམས་དང་ལྡན་པ་དེ་རྣམས་ཀྱིས་དུག་ལ་སོགས་པ་གདུག་པའི་རྫས་རྣམས་དང་བདུད་རྩི་ ལྔ་པོ་དེ་རྣམས་(རྟོག་སྒོམ་ཙམ་གྱི་)སྦྱང་བ་བྱས་པ་དང་རྒྱས་པ་བྱས་པ་དང་འབར་བ་བྱས་པ་དང་ བདུད་རྩིར་བྱས་ཀྱང་སྐལ་པ་དུ་མ་རྣམས་ཀྱིས་ཀྱང་གདུག་པའི་རང་བཞིན་ཡོངས་སུ་འདོར་ བར་མི་འགྱུར་ཞིང་གདུག་པའི་རང་བཞིན་ཡོངས་སུ་མ་དོར་བའི་ཕྱིར་དག་པའི་རང་བཞིན་དུ་ མི་འགྱུར་རོ། ། 4-1-325 ༈ དེའི་ཕྱིར་བསམ་གཏན་གྱི་སྟོབས་སམ་སྔགས་ཀྱི་སྟོབས་ཀྱིས་གདུག་པའི་རྫས་དེ་ རྣམས་ཀྱི་གདུག་པའི་རང་བཞིན་དབྲོག་པར་མི་ནུས་ཀྱི་བར་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་ མོའམ་དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ནམ་དགེ་བསྙེན་མ་ཡང་རུང་སྟེ་ལས་དང་ པོ་པ་རྡོ་རྗེ་ཐེག་པ་ལ་དགའ་བ་དེ་ལ་རྡོ་རྗེ་སློབ་དཔོན་བླ་མ་དམ་པ་ལས་དང་པོའམ་སྔགས་ ཀྱི་ནུས་པ་དང་ལྡན་པས་དུག་ལ་སོགས་པ་དང་བདུད་རྩི་ལྔ་ལ་སོགས་པ་བཟའ་བ་དང་བྱུག་ པའི་ངེས་པ་སྦྱིན་པར་མི་བྱ་སྟེ་(བྱིན་ན་ཉེས་པ་ཅི་ཡོད་ན་)མ་དག་པའི་དུག་ལ་སོགས་པ་ཟོས་པས་ འཆི་བར་འགྱུར་ཞིང་མ་དག་པའི་དམ་ཚིག་བྱུག་པས་འཇིག་རྟེན་པས་(གསང་སྔགས་ཀྱི་ཆོས་ལ་)སྨད་པར་འགྱུར་རོ། །རང་གིས་(དུག་ཟོས་ནས་)བསད་པས་ཤི་བ་དང་འཇིག་རྟེན་པས་(གསང་ སྔགས་ལ་)སྨད་པ་ལས་(སྨོད་པ་པོ་)དམྱལ་བར་འགྲོ་བར་འགྱུར་ཏེ་སྔགས་པ་ངན་པ་རྣམས་ཀྱི་ སེམས་ཅན་གྱི་བསམ་པ་(མ་བཟུང་བར་)ཡོངས་སུ་སྤངས་པའི་ཕྱིར་རོ། །(རྣལ་འབྱོར་པས་སེམས་ཅན་གྱི་ བསམ་པ་དང་མཐུན་པའི་སྤྱོད་པ་བྱ་བར་)མཚན་ཡང་དག་པར་བརྗོད་པའི་གསོལ་བ་འདེབས་པ་ལས་ ཚིགས་སུ་བཅད་པ་བཅོ་ལྔ་པས་གསུངས་པ། །(སེར་སྣ་ལ་སོགས་)ཉོན་མོངས་(ཀྱི་སྒྲིབ་པ་)མ་ལུས་ བསལ་བ་དང༌། །(དེ་ཁོ་ན་ཉིད་)མི་ཤེས་(པའི་ཀུན་རྟོག་ཤེས་སྒྲིབ་)མ་ལུས་(པ་)སྤང་བའི་ཕྱིར། །བསམ་ པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་པའོ། །བཅོམ་ ལྡན་འདས་ཀྱི་གསུང་འདིའི་ཕྱིར་སེམས་ཅན་གྱི་བསམ་པའི་དབང་གིས་སློབ་མ་རྣམས་ལ་རྡོ་ རྗེ་སློབ་དཔོན་གྱིས་〔སྤྱོད་པའི་〕ངེས་པ་སྦྱིན་པར་བྱ་སྟེ་ཇི་ལྟར་ལས་དང་པོ་པ་རྣམས་རང་གིས་ བསད་པས་འཆི་བ་དང་འཇིག་རྟེན་པས་སྨད་པར་མི་འགྱུར་བར་(དེ་ལྟར་)རོ། ། ༈ འདིར་(ཁ་ཅིག་ན་རེ་)གལ་ཏེ་འཇིག་རྟེན་པས་སྨད་པས་(སྨོད་པ་པོ་)དམྱལ་བར་འགྲོ་བར་ འགྱུར་ན་འོ་ན་དེའི་ཚེ་ལྟ་བ་པ་〔གྲུབ་མཐའ་སྨྲ་བ་〕ཐམས་ཅད་ནི་ཕན་ཚུན་སྨོད་པར་བྱེད་དེ་ ཕན་ཚུན་སྨད་པ་ལས་ལྟ་བ་པ་ཐམས་ཅད་དམྱལ་བར་འགྲོ་བར་འགྱུར་རོ། །གལ་ཏེ་དེ་ལྟར་ 4-1-326 ན་(ཁྱོད་ཀྱི་འདོད་པ་དེ་)ཚད་མའི་བསྟན་བཅོས་རྣམས་དང་གྲུབ་པའི་མཐའ་ཐམས་ཅད་(དུ་ལྟ་བ་པ་ རྣམས་ཕན་ཚུན་སྨད་པས་དམྱལ་བར་མི་འགྲོ་བ་)དང་འགལ་ཞིང་(གྲུབ་མཐའ་སྨྲ་བ་རྣམས་ཀྱི་)བརྟུལ་ཞུགས་དང་ ཚུལ་ཁྲིམས་ལ་སོགས་པ་ཐམས་ཅད་དོན་མེད་པར་འགྱུར་རོ་ཞེས་པ་འགའ་ཞིག་གི་བསམ་ པ་འབྱུང་བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བར་ གང་ཡིན་པ་(འཇིག་རྟེན་པས་གསང་སྔགས་ཀྱི་ཆོས་ལ་སྨད་པས་དམྱལ་བར་འགྲོ་བར་ཁས་བླངས་པ་དེ་)ཚད་མའི་ བསྟན་བཅོས་ལ་སོགས་པ་ཐམས་ཅད་(དུ་ལྟ་བ་པ་རྣམས་ཕན་ཚུན་སྨད་པས་དམྱལ་བར་མི་འགྲོ་བ་)དང་ འགལ་བ་དེ་ནི་མ་ཡིན་ཏེ་གང་གི་ཕྱིར་(ལྟ་བ་ཕན་ཚུན་སྨོད་པ་དེ་དག་ནི་དོན་དམ་པའི་)དེ་ཁོ་ན་ཉིད་(གནས་ ལུགས་)ཡོངས་སུ་བརྟག་པར་སེམས་པའི་ཕྱིར་རོ། །ལྟ་བ་པ་ཕན་ཚུན་(སྨོད་པ་)སྨྲ་བ་པོ་དེ་རྣམས་ ཀྱི་ལྟ་བ་(སྟེ་སྨོད་པའི་ཀུན་སློང་)ལ་སྐྱོན་ཡོད་པ་མ་ཡིན་ཏེ་(དོན་དམ་པའི)དེ་ཁོ་ན་ཉིད་ཡོངས་སུ་བརྟག་ པ་ལ་བརྟེན་པའི་སེམས་ཀྱི་(ཞེས་པ་ཡང་དག་པའི་དོན་གཏན་ལ་དབབ་པར་བྱའོ། །སྙམ་པའི་སེམས་ཀྱིས་ཀུན་ནས་ བསླང་བའི་)ཕྱིར་དང་སེམས་ཅན་ཐམས་ཅད་ལ་གནོད་པ་བྱེད་པའི་སེམས་མེད་པའི་ཕྱིར་དང་ སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་པའི་སེམས་ཀྱི(ས་ཀུན་ནས་བསླང་བའི་)ཕྱིར་རོ། །(རྣལ་ འབྱོར་པའི་སྤྱོད་པ་ངན་པ་ལ་འཇིག་རྟེན་པའི་སྨོད་པའི་སྐབས་)འདིར་ནི་དུག་ལ་སོགས་པ་བདུད་རྩི་ལྔ་ལ་ སོགས་པ་བཟའ་བ་དང་བྱུག་པ་ནི་འཇིག་རྟེན་གྱི་ཐ་སྙད་(ཙམ་ཡིན་)དེ་དོན་དམ་པ་ཡོངས་སུ་ བརྟག་པ་(ནི་)མ་ཡིན་ནོ། །(དུག་དང་བདུད་རྩི་ལྔ་སོགས་བཟའ་བ་དང་བྱུག་པ་)གང་ཞིག་(དོན་དམ་)ཡོངས་ སུ་བརྟག་པ་(གང་ཡིན་)དང་(དེའི་རྒྱུ་མཚན་གྱིས་)འཇིག་རྟེན་པས་སྨད་པ་ལས་ཀྱང་སྐྱོན་དུ་མི་ འགྱུར་བ་(ཡིན་པ་ལ་དུག་དང་བདུད་རྩི་ལྔ་སོགས་དེ་ཁོ་ན་ཉིད་ཡིན་དགོས་པ་ལ་)དུག་ལ་སོགས་པ་དང་བདུད་ རྩི་ལྔ་ལ་སོགས་པ་ནི་དེ་ཁོ་ན་ཉིད་མ་ཡིན་ནོ། །དེའི་ཕྱིར་སེམས་ཅན་གྱི་བསམ་པའི་དབང་ གིས་(ཏེ་བསམ་པ་དང་མཐུན་པར་)སངས་རྒྱས་པ་རྣམས་ཀྱི་ཆོས་བསྟན་པ་སྟེ་སེམས་ཅན་གྱི་བསམ་ 4-1-327 པ་དང་བྲལ་བས་〔ཏེ་འགལ་བར་〕ནི་མ་ཡིན་ནོ། །སེམས་ཅན་རྣམས་ཀྱི་བསམ་པ་(དང་མཐུན་པ་)ཡང་(རང་རང་གི་)ཡུལ་དང་རིགས་ཀྱི་ཐ་སྙད་(དང་མཐུན་པ་ཉིད་)ཀྱིས་འགྱུར་ཏེ་དེའི་ཕྱིར་དེ་རྣམས་ ཀྱི་ཡུལ་དང་རིགས་ཀྱི་ཐ་སྙད་〔དང་མཐུན་པ་ཉིད་〕ཀྱིས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པས་ རྡོ་རྗེ་སློབ་དཔོན་གྱིས་འཇིག་རྟེན་པའི་ཆོས་(རྣལ་འབྱོར་པའི་བྱ་བ་ལ་སོགས་པ་)བསྟན་པར་བྱའོ། ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི་བདེན་པ་གཉི་ག(འི་སྒོ་ནས་གཏན་ལ་དབབ་དགོས་པས་དེ་གཉི་ གའི་)ཐུན་མོང་བ་སྟེ་དེ་ཉིད་ནི་བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པའི་འཛིན་པ(སྟེ་ ལྟ་བ)ས་(གཏན་ལ་དབབ་བྱ་ཡིན་པར་)མི་འགྱུར་རོ། །(དེའི་རྒྱུ་མཚན་)བཟའ་བར་བྱ་བ་དང་བཟའ་བར་བྱ་ བ་མ་ཡིན་པ་ནི་ལྟོ་བ་འགེངས་པ་ཙམ་ཡིན་གྱི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་ མེད་པ་དང་མངོན་པར་འདུས་མ་བྱས་པ་སྟེ་རྣམ་པར་ཐར་པའི་སྒོ་བཞི་རྣམ་པར་དག་པ་(དོན་ དམ་པའི་དེ་ཁོ་ན་ཉིད་)ནི་མ་ཡིན་ནོ། ། ༈ དེའི་ཕྱིར་(རྣལ་འབྱོར་པ་)ལས་དང་པོ་པས་ཡུལ་གྱི་ཐ་སྙད་ཀྱིས་བཟའ་བར་བྱ་བ་(ཡིན་པ་ རྣམས་ཟ་བ་)དང་བཟའ་བར་བྱ་བ་མ་ཡིན་པ་(རྣམས་མི་ཟ་བ་)དང་(བགྲོད་བྱའི་)རིགས་དང་རིགས་མ་ ཡིན་པ་(ཉིད་དུ་གྲགས་པ་)ལ་མངོན་པར་བགྲོད་པ་(དང་མི་བགྲོད་པ་)ཡང་བྱ་སྟེ་(ཡུལ་གྱི་ཐ་སྙད་ནི་)ཡུལ་ ལ་ལ་ན་ཐོད་པ་ཅན་གྱི་ཐོད་པའི་ཆུས་(མི་གཙང་བ་)རྣམ་པར་དག་པར་འགྱུར་རོ། །ཡུལ་ལ་ལ་ ན་བ་ལང་གི་ཤ་ནི་བཟའ་བར་བྱ་བའོ། །ཡུལ་ལ་ལ་ན་ཁྱིའི་ཤ་དང་ཡུལ་ལ་ལ་ན་རྟའི་ཤ་དང་ ཡུལ་ལ་ལ་ན་གླང་པོ་ཆེའི་ཤའོ། །ཡུལ་ལ་ལ་ནི་མིའི་ཤ་ནི་བཟའ་བར་བྱའོ། །དེ་བཞིན་དུ་ཤ་ གཞན་ཡང་ཡུལ་གྱི་ཐ་སྙད་ཀྱིས་(འདི་ལྟ་བུའི་)རིགས་(ཀྱིས་བཟའ་བྱ་ཡིན་པ་)དང་(འདི་ལྟ་བུའི་)རིགས་ ཀྱིས་མ་ཡིན་པ་ཐམས་ཅད་ཀྱི(བཟའ་བྱ་ཡིན་པའི་ཚུལ་གྱི)ས་རྣམ་པ་ཐམས་ཅད་དུ་བཟའ་བར་བྱ་ བའོ། །ཡུལ་ལ་ལ་ན་བྲམ་ཟེ་རྣམས་ཆང་གི་བཏུང་བ་སྒྲུབ་པོ། །ཡུལ་ལ་ལ་ན་དམངས་རིགས་ (རྣམས་ཆང་མི་འཐུང་བར་བྱེད་དོ་ཞེས་རྩ་མི་ཟེར་)ཟས་སྒྲུབ་པོ། །ཡུལ་ལ་ལ་ན་(བྲམ་ཟེ་ལ་སོགས་པ་)རིགས་ 4-1-328 ཅན་རྣམས་ཀྱི་ཟས་(གདོལ་བ་ལ་སོགས་པ་)རིགས་ཅན་མ་ཡིན་པས་སྒྲུབ་པོ། །ཡུལ་ལ་ལ་ན་ཁྱིའི་ ལྷག་མ་བཟའ་བར་བྱའོ། །ཡུལ་ལ་ལ་ན་ཟས་ཟོས་པའི་རྗེས་ལ་ཁ་(ལག་རྩ་མི་ཟེར་)མི་འཁྲུད་དོ། ། ཡུལ་ལ་ལ་ན་ཕག་པའི་ཤ་ནི་བཟའ་བར་བྱའོ། །ཡུལ་ལ་ལ་ན་མ་ཧེའི་ཤ་དང་ཡུལ་ལ་ལ་ན་ རའི་ཤའོ། །དེ་བཞིན་དུ་ཤ་གཞན་ཡང་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་(འདི་ལྟ་བུའི་)རིགས་(ཀྱི་ བཟའ་བྱ་ཡིན་པ་)དང་〔འདི་ལྟ་བུའི་〕རིགས་མ་ཡིན་པ་རྣམས་ཀྱིས་(བཟའ་བྱ་ཡིན་པའི་ཚུལ་གྱིས་)བཟའ་ བར་བྱ་བའོ། །ཡུལ་ལ་ལ་ན་(གཏུམ་བྱེད་གཙང་སྦྲང་ཅན་ནོ་ཞེས་རྩ་མི་ཟེར་)གཏུམ་པོ་རྣམས་ནི་ཉན་ཐོས་ སོ། །ཡུལ་ལ་ལ་ན་རིགས་བཞིའི་(དབྱེ་བ་ལ་)འཇུག་པའོ། །ཡུལ་ལ་ལ་ན་ཐམས་ཅད་རིགས་ གཅིག་གི་(ཚུལ་ལ་)འཇུག་པའོ། །ཡུལ་ལ་ལ་ན་ཕ་ཤི་བར་གྱུར་པ་ན་མ་བུའི་ཆུང་མར་འགྱུར་རོ། ། ཡུལ་ལ་ལ་ན་མིང་པོས་སྲིང་མོ་བག་མར་ལེན་ནོ། །ཡུལ་ལ་ལ་ན་(ཚ་མོ་)ཞང་པོ་དང་འབྲེལ་ པའོ། །ཡུལ་ལ་ལ་ན་རིགས་དང་རིགས་མ་ཡིན་པ་རྣམས་ཕན་ཚུན་མངོན་པར་འགྲོའོ། །ཡུལ་ ལ་ལ་ན་བྲམ་ཟེ་མོ་རྣམས་སྨད་འཚོང་མའི་ཐ་སྙད་བྱེད་དོ། །དེ་ལྟར་རྣལ་འབྱོར་པས་ཡུལ་དུ་ མའི་ཐ་སྙད་ཀྱིས་བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་དང་རིགས་དང་རིགས་མ་ ཡིན་པ་ལ་མངོན་པར་བགྲོད་པར་བྱའོ། །དེ་བཞིན་དུ་རིགས་ཀྱི་ལྷ་ནི་ལ་ལའི་རིགས་ལ་ཀླུ་ ལྷའོ། །ལ་ལའི་རིགས་ལ་ར་དང་ལ་ལའི་རིགས་ལ་ཕག་པ་དང་ལ་ལའི་རིགས་ལ་མ་ཧེ་དང་ ལ་ལའི་རིགས་ལ་འུག་པའོ། །དེ་བཞིན་དུད་འགྲོ་གཞན་རྣམས་ཀྱང་གཞན་རྣམས་ཀྱི་རིགས་ ཀྱི་ལྷ་སྟེ་(དེ་རྣམས་)བསད་པར་བྱ་བ་མ་ཡིན་པ་དང་(དེ་རྣམས་ཀྱི་ཤ་)བཟའ་བར་བྱ་བ་མ་ཡིན་པ(ཉིད་ དུ་གྲགས་པ)འོ། །དེ་བཞིན་དུ་ལ་ལའི་རིགས་ལ་ཤིང་པ་ལ་ཤ་ལྷའོ། །ལ་ལའི་ཨརྐ་དང་ལ་ལའི་ ཨ་ཤྭ་ཐའོ། །དེ་བཞིན་དུ་ཤིང་གཞན་རྣམས་ཀྱང་གཞན་རྣམས་ཀྱི་ལྷ་སྟེ་གཅད་པར་བྱ་བ་མ་ ཡིན་པ་དང་དབྱེ་བར་བྱ་བ་མ་ཡིན་པའོ། །འདིར་འཇིག་རྟེན་པས་ཀྱང་ཡིད་ཆེས་པར་མཐོང་ སྟེ་གང་གི་ཕྱིར་(མ་བསྟེན་ན་)རང་གི་རིགས་ལ་ཉེ་བར་འཚེ་བའི་ཕྱིར་(བསྟེན་ན་)དང་རང་གི་རིགས་ 4-1-329 ལ་ཕན་པར་བྱེད་པའི་ཕྱིར་ཏེ་འདིར་གང་གི་ལྷ་གང་ཡིན་པ་དེ་བསྟེན་པ་ནི་ཕན་པ་བྱེད་དོ། ། མ་བསྟེན་པ་ནི་ཉེ་བར་འཚེ་བ་ཆེན་པོ་བྱེད་དོ། །དེའི་ཕྱིར་(རྣལ་འབྱོར་པ་)ལས་དང་པོ་པ་སྔགས་ དང་བསམ་གཏན་སྒྲུབ་པ་ལ་མངོན་པར་དགའ་བས་སྔགས་གྲུབ་པའམ་ཡེ་ཤེས་གྲུབ་པར་ གྱུར་གྱི་བར་དུ་ཡུལ་དང་རིགས་ཀྱི་(བཟའ་བྱ་དང་བཟའ་བྱ་མ་ཡིན་པ་ལ་སོགས་པའི་)ཐ་སྙད་ཀྱིས་ཐ་སྙད་ བྱའོ། ། ༈ (སྔགས་དང་བསམ་གཏན་གྲུབ་པ་)དེ་ནས་རང་གི་(ཇི་ལྟར་)འདོད་པས་(འཇིག་རྟེན་གྱི་ཐ་སྙད་ལ་) བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་(ཐམས་ཅད་བཟའ་བ་)དང་བགྲོད་པར་བྱ་བ་ དང་བགྲོད་པར་བྱ་བ་མ་ཡིན་པ་(ཐམས་ཅད་ལ་བགྲོད་པ་)དང་བཏུང་བར་བྱ་བ་དང་བཏུང་བར་མ་ ཡིན་པ་(ཐམས་ཅད་བཏུང་བར་)བྱ་སྟེ། དེ་ལས་སུས་ཀྱང་གནོད་པ་བྱ་བར་མི་ནུས་སོ། །དེ་ལྟར་ལས་ དང་པོ་པ་ནི་སྔགས་(དང་བསམ་གཏན་)ཀྱི་གྲུབ་པར་གྱུར་ན་རྣལ་འབྱོར་པར་འགྱུར་རོ། །དཀྱིལ་ འཁོར་གྱི་འཁོར་ལོ་(མངོན་སུམ་དུ་)སྤྲོ་བ་དང་(རྫུ་འཕྲུལ་གྱིས་)ནམ་མཁའ་ལ་འགྲོ་བའི་ཕྱིར་གྲུབ་ པའོ། །བདུད་དང་ཉོན་མོངས་པ་དང་སྙོམས་པར་འཇུག་པ་དང་ཤེས་བྱའི་སྒྲིབ་པ་ཟད་པ་ (དང་སྤྲུལ་པ)རྣམ་པ་ཐམས་ཅད་པ་སྤྲོ་བའི་རྫུ་འཕྲུལ་སྟོན་པ་དང་ཆོས་ཀྱི་འཁོར་ལོ་(རྣམ་པ་ཐམས་ ཅད་པ་)རབ་ཏུ་བསྐོར་བ་དང་(སེམས་ཅན་ཐམས་ཅད་ཀྱི་སྐད་ལ་འཇུག་པ་)ཐམས་ཅད་མཁྱེན་པའི་གསུང་ གིས་ཆོས་ཀྱི་ཕུང་པོའི་ཚོགས་མཐའ་དག་སྟོན་པར་བྱེད་པའི་དབང་གིས་ཐམས་ཅད་མཁྱེན་ པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་སོ་སོར་ཀུན་ཏུ་ རྟོག་པའི་ཡེ་ཤེས་ཀྱི་བསྟོད་པ་ལས་ཚིགས་སུ་བཅད་པ་བཞི་བཅུ་པ་ལ་སོགས་པ་གསུམ་གྱིས་ (སངས་རྒྱས་ཀྱི་)གཉིས་སུ་མེད་པའི་ཡེ་ཤེས་རྣལ་འབྱོར་གསུངས་པ་འདི་ལྟ་སྟེ། (གཡས་གཡོན་གྱི་རླུང་ གི་བགྲོད་པ་འཇིག་པས་)བརྩོན་ཆེན་(རྣམ་པ་ཐམས་ཅད་ལ་འཕྲོ་བས་)སྒྱུ་འཕྲུལ་དྲ་བ་སྟེ། །(རྣལ་འབྱོར་གྱི་རྒྱུད་ ལ་སོགས་པ་)རྒྱུད་ཀུན་གྱི་ནི་(གཙོ་བོའི་རྣམ་འབྱོར་ཆེན་པོའི་རྒྱུད་ཀྱི་དོན་ཡིན་)བདག་པོའི་མཆོག(དང་)། (སྲོག་ 4-1-330 ཐུར་སེལ་གྱི་རླུང་འགགས་ཤིང་གཉིས་སུ་མེད་པར་གྱུར་པས་)རྡོ་རྗེ(འི་རང་བཞིན་གྱི་ཏིང་ངེ་འཛིན་གྱི་)གདན་(རྣམས་)ནི་མ་ལུས་ལྡན(པ་དང་)། །(སངས་རྒྱས་ཐམས་ཅད་ཀྱི་)ཡེ་ཤེས་སྐུ་རྣམས་(གཉིས་སུ་མེད་པར་གྱུར་པའི་སྐུ་ ཡིན་པས་ཡེ་ཤེས་ཀྱི་སྐུ་)མ་ལུས་འཆང་(བའོ)། །(ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཐོག་མཐའ་བར་དུ་དགེ་བས་)ཀུན་ ཏུ་བཟང་པོ་(དང་རྟོག་པ་ཐམས་ཅད་དང་བྲལ་བའི་རྫོགས་པའི་བྱང་ཆུབ་སྟོང་པ་ཉིད་ཀྱི་རྣམ་པ་ཅན་ཡིན་པས་)བློ་གྲོས་ བཟང་(པོ་སྟེ་ལེགས་པའི་བློ་གྲོས་སོ)། །ས(ཞེས་པས་ཉེ་བར་མཚོན་ནས་འབྱུང་བ་གཞན་ལྔ)འི་སྙིང་པོ་(དོན་དམ་གྱི་ ལྷན་སྐྱེས་དགའ་བའི་ཐིག་ལེ་ཡིན་ལ་དེ་ཉིད་ཀྱི་ཕྱིར་)འགྲོ་བ་འཛིན(པ་སྟེ་འགྲོ་བ་མ་ལུས་པའི་གཞི་རྟེན་ཡིན་པ་དང་)། ། སངས་རྒྱས་ཀུན་གྱི་(སྙིང་པོ་ཟེར་)ཆགས་པ་ཆེ(སྟེ་བདེ་བ་དང་)། །སངས་རྒྱས་(ཀྱི་)སྤྲུལ་པ(སྣ་ཚོགས་པ) འི་འཁོར་ལོ(འམ་དཀྱིལ་འཁོར་)འཆང་(བའོ)། །དངོས་པོ་ཀུན་གྱི་རང་བཞིན་(ཏེ་ཆོས་ཉིད་རྣམ་པར་དག་ པའི་ཡེ་ཤེས་ཀྱི་སྐུ་ཡིན་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་)མཆོག(གོ)། (དེ་ཉིད་)དངོས་པོ་ཀུན་གྱི་རང་བཞིན་(དག་ པ་ཡེ་ཤེས་ཀྱི་སྐུ་)འཛིན(པ་དང་)། །(ཡེ་ཤེས་ཀྱི་སྐུ་ནི་)སྐྱེ་(བ་)མེད་(པའི་)ཆོས་(ཉིད་)ཏེ་སྣ་ཚོགས་(པའི་འདོད་ པའི་)དོན(བསྒྲུབ་པར་མཛད་པ་དང་)། །(ཕུང་པོ་ཁམས་སོགས་)ཆོས་ཀུན་(གྱི་)ངོ་བོ་ཉིད་〔དེ་རང་བཞིན་ཇི་ ལྟ་བ་མཁྱེན་ཅིང་〕འཆང་བ་ཞེས་པའོ། །དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ལས་ཀྱང་ ཚིགས་སུ་བཅད་པ་དྲུག་ཅུ་པ་ལ་སོགས་པ་གཉིས་ཀྱིས་(རྣམ་པ་ཐམས་ཅད་རྣམས་ཀུན་ནས་གཞན་གྱི་ཡོན་ ཏན་མི་རྒ་མི་ཕྱེད་རྡོ་རྗེ་ཡང་དག་གནས་ཞེས་པའི་རྗེས་སུུ་)གསུངས་པ། །(དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ ཅད་པ་)དེ་དག་རྣམས་ཀྱིས་དུས་ཀྱི་འཁོར་ལོ་(ཡེ་ཤེས་ཀྱི་སྐུའི་རྣམ་པ་ཐམས་ཅད་པའི་)རྫུ་འཕྲུལ་རབ་ཏུ་ གསལ་(བར་)བྱེད་(དེ་ཇི་ལྟ་བུ་བྱེད་ན་སྒྱུ་འཕྲུལ་)ཆེན་པོ་(རྣམ་པ)དུ་མ་སྤྲུལ་པའི་སྐུ(ཀུན་རྫོབ་པ)། །རྡོ་རྗེ་ (མེ་ལྕེ་)འབར་བ་འཕྲོ་བ(འི་ཁྲོ་བོ་)རྣམས་ཀྱིས་འདོད་པའི་ཁམས་ན་གནས་པ་(གདུག་པའི་ལྷ་དང་)ལྷ་ མིན་དང་ནི་མི་རྣམས་(ཀྱི་དོན་མཛད་པ་)དང༌། །(དེ་བཞིན་དུ་)ལོངས་སྤྱོད་རྫོགས་པས་(ཀུན་རྫོབ་པའི་སྐུ་) གཟུགས་ཅན་(ཞེས་པ་གཟུགས་ཁམས་ཀྱི་ལྷ་)རྣམས་(ཀྱི་དོན་མཛད་པ་)དང་(ནམ་)མཁའ་ལ་རྒྱལ་བའི་སྲས་ (དག་པའི་ས་ལ་གནས་པ་རྣམས་དང་)སོགས་(པའི་སྒྲ་དང་རང་རྒྱལ་དང་)དགྲ་བཅོམ་རྣམས་ལ་(དོན་དམ་)ཆོས་ 4-1-331 (ཀྱི་)སྐུ་ཡིས(དོན་མཛད་དོ་)། །(དོན་དམ་ཡེ་ཤེས་ཀྱི་སྐུ་ཁམས་ལྔའི་རྣམ་པར་གནས་པ་ལས་)སྟོང་པ་(ནམ་མཁའ)འི་ ཆ་ཡིས་(ནི་རྣལ་འབྱོར་པ་དང་གྲུབ་པ་རྣམས་ལ་)སྲིད་གསུམ་མཐའ་དག་སྟོང་པའི་ཟད་པར་(དུ་སྟོན་ཅིང་ དེ་བཞིན་དུ་)རླུང་(གི་ཆ་)རྣམས་ཀྱིས་ནི་(སྲིད་གསུམ་མཐའ་དག་)རླུང་གི་ཟད་པར་(དུ་སྟོན་)ཏེ། །མེ་ཡི་ཆ་ ཤས་རྣམས་ཀྱིས་〔སྲིད་གསུམ་མཐའ་དག་〕མེའི་ཟད་པར་(དུ་སྟོན་ལ་)ཆུ(འི་ཟད་པར་)ཡང་འགྲོ་(བ་)ལ་(ཆུའི་རྣམ་པར་)སྤྲོས་(ནས་སྟོན་)པའི་(ཡེ་ཤེས་ཀྱི་སྐུའི་)ཆུ་ཡི་ཆ་རྣམས་ཀྱིས(སོ)། །འཛིན་མ(སྟེ་ས)འི་ ཆ་ཤས་རྣམས་ཀྱིས་〔སྲིད་གསུམ་མཐའ་དག་〕ས་ཡི་ཟད་པར་(དུ་སྟོན་པའི་ཡེ་ཤེས་ཀྱི་སྐུའི་)འཚོགས་ པའི་ཡུལ་(གཟུགས་སོགས་གཞན་)རྣམས་ཀྱིས་ནི་(ཕྱི་རོལ་ཀུན་རྫོབ་ཀྱི་གཟུགས་སོགས་)དངོས་པོའི་རང་ བཞིན་(མཐའ་ཡས་པ་)ཀུན་(སྟོན་པར་བྱེད་དེ་རྣལ་འབྱོར་པས་གཟུགས་སོགས་གཞན་རྣམ་པ་ཐམས་ཅད་པ་མངོན་སུམ་དུ་ མཐོང་བའི་སྟོབས་ལས་ཆོས་ཀུན་རྫོབ་ཀྱི་གཟུགས་སོགས་ཤིན་ཏུ་ལྐོག་ཏུ་གྱུར་པ་རྣམས་ཀྱང་ཤེས་སོ་ཞེས་པའི་དོན་ཏོ)། །(དེ་ ལྟར་འདུས་མ་བྱས་ཤིང་རྒྱ་ཆེ་ལ་དྲི་མས་མ་གོས་པ་)ཀུན་ནས་ནམ་མཁའ་དག་དང་མཚུངས་པ་(དོན་དམ་གྱི་ཡེ་ ཤེས་ཀྱི་སྐུ་)གཅིག་གི་བདག་ཉིད་འདི་ནི་དག་པའི་ས་(སྟེ་རྣལ་འབྱོར་པ་སེམས་རྣམ་པར་དག་པ་)ལ་(རྣམ་པ་ དུ་མར་)སྟོན་པར་བྱེད(དོ)། །དེ་ལྟར་སངས་རྒྱས་(ཡེ་ཤེས་ཀྱི་)སྐུར་གྱུར་(ཅིང་རྡོ་རྗེའི་སྐུ་)བདེ་བ་གཅིག་ པུའི་རང་བཞིན་(ཡིན་པའི་)ཕྱིར་ན་(སྐྱེ་བར་མི་འགྱུར་ཞིང་)འཆི་བར་ཡང་ནི་མི་འགྱུར་རོ་ཞེས་པའོ། ། ༈ བཅོ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་བདུད་རྩི་ལྔ་བཟའ་བ་དང་སྔགས་བཟླས་པ་ དང་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་རྟོག་པའི་སྒོམ་པའི་སྟོབས་ཀྱིས་རྣལ་འབྱོར་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་རོ། ། ༈ འོ་ན་(བསྐྱེད་རིམ་ཤིན་ཏུ་བརྟན་པ་)དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་བྱས་པར་གྱུར་ པ་ན་རྣལ་འབྱོར་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་བར་བཅོམ་ལྡན་འདས་ ཀྱིས་(རྒྱུད་དུ་མ་ལས་)གསུངས་པ་མ་ཡིན་ནམ་དེའི་ཕྱིར་འདིར་ཇི་ལྟར་དཀྱིལ་འཁོར་གྱི་འཁོར་ ལོ་མངོན་སུམ་དུ་བྱས་ཀྱང་རྣལ་འབྱོར་པ་(ཐོབ་ཏུ་གྱུར་པའི་)ཐམས་ཅད་མཁྱེན་པར་མི་འགྱུར་ 4-1-332 ཞེས་པ་འདིར་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་རྟོག་པའི་དྲ་ བ་(ཡིན་པ་)དང་ཉི་ཚེ་བ་དང་ཉི་ཚེ་བའི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བ་ནི་སྔོན་ཉིད་དུ་བརྗོད་ ཟིན་ཏོ། །གཞན་ཡང་〔རྣལ་འབྱོར་པས་〕ལས་ཀྱི་ཕྱག་རྒྱ་བཟུང་ནས་(གང་ཟག་)ཆེ་གེ་མོ་གྲུབ་ (ཐོབ་ཏུ་གྱུར་པས་མི་སྣང་བར་གཤེགས་པའི་ཕྱིར་ལས་ཀྱི་ཕྱག་རྒྱས་མཆོག་འགྲུབ་པོ་ཞེས་)པ་འདི་ནི་རྨོངས་པ་རྣམས་ ཀྱི་འཁྲུལ་བ་སྟེ་འདིར་རི་ལུའི་སྟོབས་སམ་(མིའི་)སྐྱེ་བ་བདུན་པའི(ཤ་ཟོས་པའི་)སྟོབས་སམ་རལ་ གྲི་ལ་སོགས་པའི་སྟོབས་སམ་སྔགས་ཀྱི་སྟོབས་སམ་བསམ་གཏན་གྱི་སྟོབས་སམ་དཀྱིལ་ འཁོར་གྱི་འཁོར་སྒྲུབ་པའི་སྟོབས་ཀྱིས་མི་སྣང་བར་འགྱུར་གྱི་སྒྲིབ་པ་ཐམས་ཅད་ལས་རྣམ་ པར་གྲོལ་བའི་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་འགྱུར་བ་ནི་མ་ ཡིན་ནོ། ། ༈ བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ འཁོར་ཆེན་པོའི་བསྟོད་པ་ལས་ཕྱག་རྒྱ་ཆེན་པོ་འཛིན་པ་གསུངས་པ་འདི་ལྟ་སྟེ། (ལྷན་ཅིག་སྐྱེས་ བདེའི་)བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །(ཀུན་གྱི་སེམས་དང་སྐད་ཀུན་ཤེས་པ་)ཤེས་རབ་ ཆེན་པོའི་ལུས་འཆང་བ། །(སྲིད་པའི་འཇིགས་པ་འཇོམས་པ་)སྟོབས་པོ་ཆེ་ལ་〔གཞན་དོན་མཛད་པའི་〕ཐབས་ཆེ་བ། །(རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་གྱི་)སྨོན་ལམ་(དང་སྐྱེ་མེད་ཐོབ་པ་)ཡེ་ཤེས་རྒྱ་མཚོ་སྟེ་ ཞེས་སོ། །བཅོམ་ལྡན་འདས་ཀྱི་གསུངས་འདིའི་ཕྱིར་(ལས་ཀྱི་ཕྱག་རྒྱ་དང་བཅས་པ་མི་སྣང་བར་སོང་བ་) འདི་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མ་ཡིན་ཏེ་ཕྱག་རྒྱ་ཆེན་མོ་ནི་རང་བཞིན་མེད་པའི་ཆོས་ ཐམས་ཅད་ཀྱི་མཚན་ཉིད་ཅན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་མ་སངས་རྒྱས་ཐམས་ཅད་པ་སྐྱེད་པར་མཛད་མའོ། །ཆོས་འབྱུང་གི་སྒྲས་ཀྱང་(ཕྱག་རྒྱ་ ཆེན་མོ་ཤེར་ཕྱིན་)དེ་བརྗོད་དེ་ཆོས་འབྱུང་གང་ལས་རང་བཞིན་མེད་པའི་ཆོས་ཐམས་ཅད་འབྱུང་ 4-1-333 བར་འགྱུར་བའོ། །(དེ་ལ་)རང་བཞིན་མེད་པའི་ཆོས་རྣམས་ནི་〔བྲལ་བའི་ཡོན་ཏན་〕སྟོབས་ བཅུ་དང་མི་འཇིགས་པ་(བཞི་པ་མ་འདྲེས་པ་བཅོ་བརྒྱད་)ལ་སོགས་པ་(ཟག་མེད་ཀྱི་)ཆོས་ཀྱི་ཕུང་པོ་ བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་བར་གྱུར་པ་(སྟེ་ཡོན་ཏན་དེ་རྣམས་རང་བཞིན་གྱིས་ལྡན་ པ་)ནི་ཆོས་འབྱུང་སྟེ་སངས་རྒྱས་(ཆོས་)ཀྱི་(སྐུའི་)ཞིང་ངོ༌། །(དོན་དམ་པའི་)སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་〔བདེ་བ་ཆེན་པོའི་རང་བཞིན་〕རྣམས་ཀྱི་གནས་ཏེ་བདེ་བའི་གནས་དང་སྐྱེ་བའི་ གནས་སོ། །གང་ལས་ཁྲག་དང་གཅི་བ་དང་ཁུ་བ་རྣམས་འབྱུང་བ་(བུད་མེད་ཀྱི་སྐྱེ་གནས་)དེ་ ནི་ཆོས་འབྱུང་མ་ཡིན་ནོ། །འདིར་འཁོར་བ་པ་རྣམས་ཀྱི་ཆགས་པ་(སྐྱེ་བ་)དང་ཆགས་བྲལ་ གྱི་ཞིང་(སྐྱེ་གནས་)ནི་དེ་བཞིན་གཤེགས་པ་རྣམས་ཀྱི་〔ཞིང་〕མ་ཡིན་ནོ། །དེའི་ཕྱིར་ཆོས་འབྱུང་ ནི་(ཆུ་སྐྱེས་བྷ་ག་སེང་གེའི་ཁྲི་ལ་སོགས་པ་)ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་སྣ་ཚོགས་ཡུམ་བཅོམ་ ལྡན་འདས་དུས་ཀྱི་འཁོར་ལོ(བདེ་བ་ཆེན་པོ)ས་(དབྱེར་མེད་པར་)འཁྱུད་པ་(རང་བཞིན་གདོད་ནས་དག་པ་ ཉིད་ཀྱིས་)དུས་ཐམས་ཅད་དུ་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །འདིར་ཆགས་པ་ནི་(ཐིག་ལེ་)སྐྱེ་བའི་དུས་དང་འཕོ་བ་ནི་〔ཐིག་ལེ་〕འགོག་པའི་དུས་ཏེ་དེ་དག་(ཡང་གདོད་མ་ཉིད་ནས་)སྙོམས་ པར་ཞུགས་པ་(སྟེ་ཐིག་ལེ་སྐྱེ་བ་དང་འཕོ་བ་མེད་པར་རོ་མཉམ་པ་)ནི་(ཐིག་ལེ་གདོད་མ་ཉིད་ནས་)མི་འགྱུར་བའི་ དུས་སོ། །(དུས་)དེའི་འཁོར་ལོ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ་(དོན་དམ་ཡེ་ཤེས་ཀྱི་ སྐུའི་)ཕུང་པོ་དང་ཁམས་དང་སྐྱེ་མཆེད་(པྲ་ཕབ་པ་ལྟ་བུ་)སྒྲིབ་པ་(གདོད་ནས་)མེད་པ་ནི་རྡོ་རྗེ་དབྱིངས་ ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བརྗོད་དོ། །(ཐིག་ལེ་གདོད་ནས་)མི་འགྱུར་བ་ལས་སྐྱེས་པ(འི་བདེ་བ་) འདིས་མ་སྐྱེས་པའི་ཕྱག་རྒྱ་ཆེན་པོ་(སྟོང་གཟུགས་དེ་)ལ་(དབྱེར་མེད་པར་)འཁྱུད་པའོ། །(གང་ཟག་)གང་ ལ་ལ་ཞིག་སྐྱེ་བ་(སྔ་མ་)གཞན་གྱི་(རྣལ་འབྱོར་བསྒོམ་པའི་)བག་ཆགས་ཀྱི་དབང་དང་(ཚེ་འདིར་)བླ་མ་ དམ་པའི་མན་ངག་གིས་དུས་དུ་མར་ཉིན་དང་མཚན་མོར་ཕྱག་རྒྱ་ཆེན་པོ་བརྟགས་པའི་ཆོས་ ཐམས་ཅད་དང་བྲལ་བ་(རྣལ་འབྱོར་པ་)རང་གི་སེམས་ཀྱི་(རང་བཞིན་འོད་གསལ་གྱི་)སྣང་བ་ཙམ་རྣམ་ 4-1-334 པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་(ཆད་སྟོང་ལས་ཁྱད་པར་དུ་གྱུར་བའི་)ཆེན་པོ་སྟོང་པ་ཉིད་ལྷན་ ཅིག་སྐྱེས་པའི་དགའ་བ་སྐྱེད་པར་བྱེད་པ་(ནམ་མཁའ་ལས་བྱུང་བའི་རྟགས་བཅུ་སྟོང་གཟུགས་)འདི་མངོན་ སུམ་དུ་བྱས་ནས་(རང་གི་སེམས་རྣམ་པར་མི་རྟོག་པས་)འཁྱུད་པར་བྱེད་པ་དེ་ནི་(རིང་པོ་མི་ཐོགས་པར་)ཕྱག་ རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པས་(རྣལ་འབྱོར་པས་)ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་(སུ་ གྱུར་པ་)ཞེས་གསུངས་སོ། ། ༈ དེའི་ཕྱིར་ལས་དང་པོ་པས་རྣལ་འབྱོར་པའི་བྱ་བ་(དུག་མཚོན་ཟ་བ་ལ་སོགས་པ་)མི་བྱའོ། ། རྣལ་འབྱོར་པས་གྲུབ་པའི་བྱ་བ་(ནམ་མཁར་འགྲོ་བ་ལ་སོགས་པ་)མི་བྱའོ། །གྲུབ་པས་ཐམས་ཅད་ མཁྱེན་པའི་བྱ་བ་(རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་སྤྲོ་བ་ལ་སོགས་པ་)མི་བྱའོ། །དེ་ལྟར་ན་ལས་དང་པོ་ པས་སྔར་བརྗོད་པའི་རྣམ་པ(ཡུལ་དང་རིགས་ཀྱི་ཐ་སྙད་ཀྱི)ས་བཟའ་བར་བྱ་བ་དང་བཟའ་བར་བྱ་བ་ མ་ཡིན་པ་ལ་སོགས་པ་བྱའོ། ། ༈ ཅི་སྟེ་སྡིག་པའི་བློ་ཅན་(གང་དག་)ལྷ་མིན་(བདུད་རིས་)གྱི་བཟའ་བར་བྱ་བ་(སྟེ་བདུད་ཀྱི་དབང་ དུ་སོང་བ་)བླ་མ་དམ་པ་མ་ཡིན་པས་ཆོས་ཉེ་བར་བསྟན་པ་རྣམས་ཀྱི་(ལོག་པའི་)ཚིག་ནི་འདིར་ རྒྱུད་ཀྱི་རྒྱལ་པོ་རྣམས་ལས་(བཤང་བ་ལ་སོགས་པའི་)དམ་ཚིག་(གི་རྫས་)ཐམས་ཅད་རྣམ་པར་རྟོག་པ་ མེད་པའི་སེམས་ཀྱིས་བཟའ་བར་བྱ་བར་དེ་བཞིན་གཤེགས་པས་གསུངས་སོ། །དེའི་ཕྱིར་ དང་པོར་རེ་ཞིག་བདུད་རྩི་ལྔ་ལ་སོགས་པ་རྣམས་བདག་ཅག་རྣམས་ཀྱིས་བཟའ་བར་བྱའོ། ། ཕྱི་ནས་དེ་གོམས་པའི་དབང་གིས་དམ་ཚིག་གི་དངོས་གྲུབ་འབྱུང་བར་འགྱུར་ཏེ་དམ་ཚིག་གི་ དངོས་གྲུབ་ཀྱི་དབང་གིས་དུག་ལ་སོགས་པ་བཟའ་བར་བྱ་བ་མ་ཡིན་པ་རྣམས་བཟའ་བར་ བྱ་བར་འགྱུར་ཞིང་བཤང་བ་ལ་སོགས་པ་དྲི་ང་བ་རྣམས་དྲི་ཞིམ་པོར་འགྱུར་རོ་ཞེ་ན། ཚིག་ འདི་ནི་(རིགས་པ་དང་)མཆོག་ཏུ་འགལ་ཏེ་དང་པོར་རེ་ཞིག་མེ་ལ་(རིམ་གྱིས་)རབ་ཏུ་འཇུག་པར་བྱ་ ཞིང་ཕྱི་ནས་གོམས་པའི་དབང་གིས་མི་རེངས་པ(སྟེ་མི་འཚིག་པ)ར་བྱེད་པར་འགྱུར་རམ་ཅི་〔དེས་〕 4-1-335 དེ་ལྟར་(འགྱུར་བ་)ཡང་མ་ཡིན་ནོ། །འདིར་གལ་ཏེ་(སློབ་མ་ངན་འགྲོར་ལྷུང་བར་བྱེད་པའི་)གདུག་པ་ཆེན་ པོ་ཕ་རོལ་སླུ་བར་བྱེད་པ་ཐམས་ཅད་མཁྱེན་པའི་བསྟན་པ་ལ་ཅོ་འདྲི་བ་(སྟེ་བརྙས་ཐབས་བྱེད་པ་ སྔགས་ཀྱི་)དམ་ཚིག་ཆེན་པོ་འདྲལ་བར་བྱེད་པ་(སྟེ་དབང་གིས་)མནར་མེད་པའི་དམྱལ་བར་འགྲོ་བ་ མ་དག་པ(ཉོན་མོངས་པ)འི་སེམས་དང་ལྡན་པ་རྣམས་ཀྱི་སེམས་རྣམ་པར་དག་པ་ཡིན་ན་དེའི་ཚེ་ དེ་རྣམས་རྣལ་འབྱོར་པའི་བྱ་བ་(མེར་ཞུགས་ཀྱང་མི་ཚིག་པ་ལ་སོགས་པ་)ཅིའི་ཕྱིར་མི་བྱེད། ༈ འདིར་(རྟོག་པའི་དྲི་མས་)རྣམ་པར་དག་པའི་སེམས་ཀྱིས་རྣལ་འབྱོར་པ་ནི་མེ་ལ་རབ་ཏུ་ འཇུག་སྟེ་མེས་འཚིག་པར་མི་འགྱུར་རོ། །གླང་པོ་ཆེའི་དབང་པོ་མྱོས་པ་(གཡོ་མེད་དུ་)རེངས་པར་ བྱེད་དེ་གླང་པོ་ཆེའི་དབང་པོ་མྱོས་པས་གསོད་པར་མི་འགྱུར་རོ། །སེང་གེ་དང་སྟག་ལ་སོགས་ པ་(གཅན་གཟན་མ་རུངས་པ་རྣམས་)ལ་ཞོན་པར་བྱེད་དེ་སེང་གེ་དང་སྟག་ལ་སོགས་པ(དེ་རྣམས་ཀྱི)ས་ རྣམ་པར་འཇོམས་པར་མི་འགྱུར་རོ། །བྱ་རོག་གིས་བཏུང་བར་བྱ་བ(མུ་དང་ཁད་མཉམ་པ)འི་(ཆུ་) ཀླུང་དུ་རབ་ཏུ་འཇུག་སྟེ་ཀླུང་གི་རྒྱུན་གྱིས་ཁྱེར་བར་མི་འགྱུར་རོ། །དུག་ཟ་བར་བྱེད་དེ་དུག་ གིས་བརྒྱལ་བར་མི་འགྱུར་རོ། །རལ་གྲི་ལ་སོགས་པའི་མཚོན་རྣམས་ཟ་བར་བྱེད་དེ་མཚོན་ ཆ་རྣམས་ཀྱིས་ཁ་ལ་གཅོད་པར་མི་འགྱུར་རོ། །དེ་བཞིན་དུ་བཟའ་བར་བྱ་བ་དང་བཟའ་བར་ བྱ་བ་མ་ཡིན་པ་(ཐམས་ཅད་མཉམ་པ་ཉིད་དུ་)བྱེད་ཅིང་རང་དང་གཞན་གྱི་གཟུགས་(རྣམ་པ་གཞན་དུ་) ཡོངས་སུ་བསྒྱུར་བར་བྱེད་དོ། །རྣལ་འབྱོར་པའི་བྱ་བ་དེ་ལྟ་བུ་རྣམ་པ་དུ་མ་རྣམས་ཏེ་(དེ་རྣམས་) ལས་དང་པོ་པས་བྱེད་པ་ནི་མ་ཡིན་ནོ། ། ༈ བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་རྣམ་པར་བཞག་པ་རྣམ་པ་བཅུ་ གསུངས་ཏེ་སེམས་དང་པོ་བསྐྱེད་པའི་རྣལ་འབྱོར་པ་(ཚོགས་སྦྱོར་གྱི་ལམ་ལ་གནས་པ་)དང་ཕྱི་ནས་ བྱིས་པར་གྱུར་པ་(མ་དག་ས་བདུན་ལ་གནས་པ་)དང་གཞོན་ནུར་གྱུར་པ་(དག་པ་ས་གསུམ་ལ་གནས་པ་)དང་ (ཞེས་པ་རགས་པའི་རྣམ་བཞག་ཏུ་བྱས་ནས་སླར་ཡང་རྣལ་འབྱོར་པ་)ལས་དང་པོ་པ་(མངོན་ཤེས་མ་ཐོབ་པའི་པར་)དང་ 4-1-336 རྣལ་འབྱོར་སྤྱོད་པའི་སྐྱེ་བར་སྐྱེས་པ་(མངོན་ཤེས་ཐོབ་ནས་གྲུབ་ཐོབ་ཏུ་མ་གྱུར་པའི་བར་ཏེ་ཚོགས་ལམ་པ་གཉིས་)དང་སྦྱོར་བ་ཕུན་སུམ་ཚོགས་པ་(སྦྱོར་ལམ་ལ་གནས་པ་)དང་བསམ་པ་ཕུན་སུམ་ཚོགས་པ་(མ་དག་ས་ བདུན་ལ་གནས་པ་)དང་ཕྱིར་མི་ལྡོག་པ་(ས་བརྒྱད་པ་ལ་གནས་པ་)དང་དབང་བསྐུར་པ་ཐོབ་པ་(ས་དགུ་པ་ རྫོགས་པར་ཐོབ་པ་)དང་སྐྱེ་བ་གཅིག་གི་ཐོགས་པ(ས་བཅུ་པ་ལ་གནས་པ)འོ(རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དུ། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་རྣམ་པར་བཞག་པ་བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང༌། བྱིས་པར་གྱུར་ པ་དང༌། ལས་དང་པོ་པ་དང༌། རྣལ་འབྱོར་སྤྱོད་པ་དང༌། སྐྱེ་བ་བསྐྱེད་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པ་དང༌། བསམ་པ་ཕུན་ སུམ་ཚོགས་པ་དང༌། ཕྱིར་མི་ལྡོག་པ་དང༌། དབང་བསྐུར་པ་ཐོབ་པ་དང༌། སྐྱེ་བ་གཅིག་གི་ཐོགས་པ་སྟེ་ཞེས་འབྱུང་ཞིང༌། སངས་ རྒྱས་ཕལ་པོ་ཆེར་ནི། སེམས་དང་པོ་བསྐྱེད་པའི་ལས་དང་པོ་པའི་རྣལ་འབྱོར་སྤྱོད་པའི་ཆེར་སྐྱེས་པའི། སྦྱོར་བ་ཕུན་ཚོགས་ཀྱི། བསམ་པ་ཕུན་ཚོགས་ཀྱི། ཕྱིར་མི་ལྡོག་པའི། གཞོན་ནུར་གྱུར་པའི། རྒྱལ་ཚབ་ཀྱི་དབང་བསྐུར་བའི། བྱང་ཆུབ་སེམས་དཔའ་རྣམ་ པར་དགོད་པ་ཞེས་འབྱུང་ངོ་)། །དེ་ནས་བྱང་ཆུབ་སེམས་དཔའི་དབང་བཅུར་འགྱུར་ཏེ་(ཚེའི་འདུ་བྱེད་བྱིན་ གྱིས་བརླབས་ནས་གནས་པ་)ཚེ་ལ་དབང་བ་དང་〔སྐྱེ་གནས་དང་གནས་སྐབས་སོགས་གཞན་དུ་མྱོང་ འགྱུར་གྱི་ལས་གཞན་དུ་བསྒྱུར་བ〕ལས་ལ་དབང་པ་དང་(ནམ་མཁའ་མཛོད་ལ་མངའ་བརྙེས་པ་)ཡོ་བྱད་ ལ་དབང་བ་དང་(ས་སོགས་གསེར་སོགས་སུ་མོས་པ་བཞིན་དུ་བསྒྱུར་ནུས་པ་)མོས་པ་ལ་དབང་བ་དང་(སྨོན་ ལམ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པ་)སྨོན་ལམ་ལ་དབང་བ་དང་(གདུལ་བྱ་ལ་ཇི་ལྟར་འདོད་པ་བཞིན་ཆོས་སྟོན་ ནུས་པ་)ཆོས་ལ་དབང་བ་དང་(ཇི་ལྟར་འདོད་པ་བཞིན་ཏིང་ངེ་འཛིན་ལ་གནས་པ་)སེམས་ལ་དབང་བ་དང་(ཇི་ ལྟར་འདོད་པ་བཞིན་སྐྱེ་བ་ལེན་པ་)སྐྱེ་བ་ལ་དབང་བ་དང་(ཇི་ལྟར་འདོད་པ་བཞིན་རྫུ་འཕྲུལ་སྟོན་ནུས་པ་)རྫུ་འཕྲུལ་ ལ་དབང་བ་དང་(ཇི་ལྟར་འདོད་པ་བཞིན་ཡེ་ཤེས་མངོན་དུ་བྱེད་ནུས་པ་)ཡེ་ཤེས་ལ་དབང་བའོ། །དེ་བཞིན་ དུ་(བྱང་ཆུབ་སེམས་དཔའི་)ས་བཅུ་རྣམས་ཏེ་(ས་དང་པོ་)རབ་ཏུ་དགའ་བ་དང་(གཉིས་པ་)དྲི་མ་མེད་ པ་དང་(གསུམ་པ་)འོད་བྱེད་པ་དང་(བཞི་པ་)འོད་འཕྲོ་བ་དང་(ལྔ་པ་)སྦྱང་དཀའ་བ་དང་(དྲུག་པ་) མངོན་དུ་གྱུར་པ་དང་(བདུན་པ་)རིང་དུ་སོང་བ་དང་(བརྒྱད་པ་)མི་གཡོ་བ་དང་(དགུ་པ་)ལེགས་པའི་ 4-1-337 བློ་གྲོས་དང་(བཅུ་པ་)ཆོས་ཀྱི་སྤྲིན་ནོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་ པར་འགྱུར་ཏེ། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་ དང་ཤེས་རབ་དང་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ ལྟར་རྣལ་འབྱོར་པ་བྱང་ཆུབ་སེམས་དཔར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་མཚན་ཡང་ དག་པར་བརྗོད་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་བསྟོད་པ་ལས་ཚིགས་སུ་ བཅད་པ་གསུམ་པ་དང་བཞི་པ་དག་གིས་(རང་བྱུང་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱས་པ་ལ་ཕར་ཕྱིན་བཅུ་སོགས་ རྫོགས་པར་)གསུངས་པ་འདི་ལྟ་སྟེ། (དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ནི་དོན་དམ་གྱི་)ཕ་རོལ་ཕྱིན་བཅུ་(རང་ བཞིན་ཉིད་ཀྱིས་ལྡན་པས་གདོད་ནས་)ཐོབ་པ་སྟེ། །(དེ་ཉིད་ཀྱི་ནི་)ཕ་རོལ་ཕྱིན་པ་བཅུ་ལ་གནས(པ་ཡང་ཡིན་ ནོ)། །(རང་བཞིན་གྱིས་དག་པའི་)ཕ་རོལ་ཕྱིན་བཅུ་(གློ་བུར་གྱི་དྲི་མས་ཀྱང་)དག་པ་སྟེ། །(དེ་ལྟར་དོན་དམ་པའི་) ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ(དེ་བདག་ཉིད་དོ)། །(དེ་ཉིད་འགྲོ་བའི་)མགོན་པོ་(ས་བཅུ་གཉིས་པོ་ཉིད་ཡིན་པས་)ས་བཅུའི་དབང་ཕྱུག་སྟེ། །(དེ་ཉིད་གནས་ལ་སོགས་པ་དོན་དམ་པའི་)ས་བཅུ་ལ་ནི་གནས་པའོ(ཡིན་ནོ)། ། (ཡེ་ཤེས་ལྔ་ཐབས་ཤེས་ཀྱིས་ཕྱེ་བའི་)ཤེས་བཅུ་རྣམ་དག་བདག་ཉིད་ཅན(དང་)། །(བཅུ་པོ་དེ་ཉིད་ཡེ་ཤེས་ཀྱི་ སྐུའི་ཡོན་ཏན་ཡིན་པས་)ཤེས་བཅུ་རྣམ་དག་འཆང་བ་པོ(ཡང་ཡིན་ནོ)། །ཞེས་པ་སྟེ། 〔འདི་གཉིས་ཚིགས་ བཅད་གཉིས་པ་དང་གསུམ་པ་ཡིན་པས་འདི་ཡང་རྒྱ་དཔེ་མ་དག་གོ་〕དེའི་ཕྱིར་རྣལ་འབྱོར་ པ་སེམས་རྣམ་པར་དག་པ་ནི་བྱང་ཆུབ་སེམས་དཔར་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། ༈ (ཡང་)འདིར་སྔགས་ཀྱི་ཐེག་པ་ལ་འགའ་ཞིག་གིས་(ལྷ་དྲག་པོ་བསྒྲུབ་པ་)དཔའ་བོའི་རིམ་ པའམ་(ཞི་བ་བསྒྲུབ་པ་)རང་བྱིན་གྱིས་བརླབས་པའི་རིམ་པས་མཚན་མོ་དུར་ཁྲོད་ཆེན་པོའི་ས་ལ་ རབ་ཏུ་ཞུགས་ཏེ་ལོ་གཅིག་གམ་ལོ་གཉིས་སམ་ལོ་བཅུ་གཉིས་ཀྱི་མཐར་ཐུག་པར་སྔགས་ བཟླས་པ་དང་སྦྱིན་སྲེག་དང་བསམ་གཏན་གྱི་སྟོབས་ཀྱིས་བཅོམ་ལྡན་འདས་(དྲག་པོ་)ཧེ་རུ་ཀ་ (བསྒྲུབ་ཀྱང་མ་གྲུབ་པ་)དང་དེ་བཞིན་དུ་རི་བོ་དང་སྐྱེད་མོས་ཚལ་དང་ཆུ་ཀླུང་གི་མདོ་དང་རྒྱ་མཚོའི་ 4-1-338 འགྲམ་ལ་སོགས་པ་སྐྱེ་བོ་མེད་པའི་གནས་རྣམས་སུ་རང་དང་གཞན་གྱི་དོན་གྱི་སླད་དུ་ཀུན་ ཏུ་བཟང་པོ་ལ་སོགས་པའི་ལྷ་(ཞི་བ་བསྒྲུབ་ཀྱང་)མངོན་སུམ་དུ་བྱ་བར་མ་ནུས་པ་བརྩོན་འགྲུས་ དམན་པར་གྱུར་པ་རྣམས་དང་ལས་སྒྲུབ་པའི་ཡུལ་ལ་(གནས་མ་ཡིན་པ་)རང་གི་ཁྱིམ་དུ་སྔགས་ ཀྱི་བཟླས་པ་དང་སྦྱིན་སྲེག་དང་གཏོར་མ་དང་བསམ་གཏན་དང་དཀྱིལ་འཁོར་གྱི་འཁོར་ལོ་ ལ་སོགས་པ་བསྒོམ་པ་བྱས་ནས་གནས་(མ་ཡིན་པ་)དང་དུས་མ་ཡིན་པའི་དབང་གི་སྔགས་ཀྱི་ ལྷ་མ་གྲུབ་ཅིང་སེམས་(ལྷ་ལ་)ཆགས་པ་དང་བྲལ་བ་རྣམས་དང་དེ་བཞིན་དུ་རྣམ་པར་དག་པའི་ ཕྱག་རྒྱ་ཆེན་པོ་(འོད་གསལ་སྟོང་གཟུགས་)སྒོམ་པའི་ལམ་ཉམས་པ་རྣམས་ཏེ་བླ་མ་དམ་པའི་མན་ ངག་(སྦྱོར་བ་ཡན་ལག་དྲུག་)དང་བྲལ་ཞིང་(དོན་དམ་པར་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཡང་མ་གྲུབ་པར་ལྟ་བ་)ཆད་པ་ ཆེན་པོར་ལྷུང་བར་གྱུར་བའི་གདུག་པའི་བླ་མ་(ཆུ་སྐྱར་གྱི་སྒྱུ་འཛིན་པ་)རྣམས་ཀྱིས་(སློབ་མ་)བྱིས་ པའི་བློ་ཅན་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཡོངས་སུ་བརྟག་པ་མི་བྱེད་(ཅིང་བླ་མ་ཡང་ཡོངས་སུ་བརྟགས་ནས་ མི་བསྟེན་)པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ(འི་གཟུགས་བརྙན་)སྟོན་པར་འགྱུར་བ་འདི་ལྟ་ སྟེ། ༈ བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ(འི་མདོ་སྡེ་) ལས་གསུངས་པ་ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པ་དང་ཆོས་ཐམས་ཅད་(རང་རང་གི་ངོ་ བོས་)སྟོང་པ་དང་ཆོས་ཐམས་ཅད་(རྒྱུའི་)མཚན་མ་མེད་པ་དང་ཆོས་ཐམས་ཅད་(འབྲས་བུ་ལ་)སྨོན་ པ་མེད་པ་དང་ཆོས་ཐམས་ཅད་(རྒྱུ་རྐྱེན་གྱིས་)འདུས་བྱས་པ་དང་བྲལ་བ་དང་ཆོས་ཐམས་ཅད་སྐྱེ་ བ་དང་བྲལ་བ་དང་ཆོས་ཐམས་ཅད་འགྱུར་བ་མེད་པ་དང་ཆོས་ཐམས་ཅད་རྒྱུས་སྟོང་པ་དང་ ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའོ། །(གནས་ལུགས་དེ་ལྟ་བུ་ཡིན་པ་)དེའི་ཕྱིར་ཐམས་ཅད་ མཁྱེན་པའི་འབྲས་བུ་ཐོབ་པའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ ཐམས་ཅད་ལྟོས་པ(འམ་རྣམ་པར་རྟོག་པ་)མེད་པར་བསྒོམ་པར་བྱ་སྟེ་(རྣལ་འབྱོར་བའི་བློ་)གཟུགས་ལ་ 4-1-339 གནས་པར་མི་བྱའོ། །ཚོར་བ་ལ་མ་ཡིན་འདུ་ཤེས་ལ་མ་ཡིན་འདུ་བྱེད་རྣམས་ལ་མ་ཡིན་རྣམ་ པར་ཤེས་པ་(སྟེ་ཕུང་པོ་ལྔ་)ལ་མ་ཡིན་ནོ། །སའི་ཁམས་ལ་གནས་པར་མི་བྱའོ། །ཆུའི་ཁམས་ལ་ གནས་པར་མི་བྱའོ། །མེའི་ཁམས་ལ་མ་ཡིན་རླུང་གི་ཁམས་〔ཏེ་ཁམས་ལྔ་〕ལ་〔གནས་པ་〕མ་ ཡིན་སྟོང་པའི་ཁམས་(ཏེ་ཁམས་ལྔ་)ལ་(གནས་པ་)མ་ཡིན་ནོ། །མིག་གི་ཁམས་ལ་གནས་པར་མི་ བྱའོ། །གཟུགས་ཀྱི་ཁམས་ལ་མ་ཡིན་མིག་གི་རྣམ་པར་ཤེས་པའི་ཁམས་ལ་མ་ཡིན་རྣ་བའི་ ཁམས་ལ་མ་ཡིན་སྒྲའི་ཁམས་ལ་མ་ཡིན་རྣ་བའི་རྣམ་པར་ཤེས་པའི་ཁམས་ལ་མ་ཡིན་སྣའི་ ཁམས་ལ་མ་ཡིན་དྲིའི་ཁམས་ལ་མ་ཡིན་སྣའི་རྣམ་པར་ཤེས་པའི་ཁམས་ལ་མ་ཡིན་ལྕེའི་ ཁམས་ལ་མ་ཡིན་ནོ། །རོའི་ཁམས་ལ་མ་ཡིན་ལྕེའི་རྣམ་པར་ཤེས་པའི་ཁམས་ལ་མ་ཡིན་ ལུས་ཀྱི་ཁམས་ལ་མ་ཡིན་རེག་བྱའི་ཁམས་ལ་མ་ཡིན་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ མ་ཡིན་ཡིད་ཀྱི་ཁམས་ལ་མ་ཡིན་ཆོས་ཀྱི་ཁམས་ལ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་ ཁམས་(ཏེ་ཁམས་བཅོ་བརྒྱད་)ལ་གནས་པར་མི་བྱའོ། །ཞེས་པ་སྟེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ(འི་མདོ་)ལས་དེ་བཞིན་གཤེགས་པའི་ཡེ་ཤེས་(ཅི་ལ་ཡང་)རྣམ་པར་བསམ་པ་མེད་པ་(ཡིན་ པས་ཅི་ཡང་མི་བསམ་པ་)ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པའི་སླད་དུ་བཅོམ་ ལྡན་འདས་ཀྱིས་གསུངས་སོ། །བསམ་པ(འི་ཡིད་ལ་བྱེད་པ་)ནི་(ལམ་)མ་ཡིན་ཏེ་གང་གི་ཕྱིར་ ཆགས་པ་(སྐྱེ་བ་)དང་ཆགས་བྲལ་(ཞེ་སྡང་)གྱི་རང་བཞིན་གྱི་ཕྱིར་རོ། །(དེ་ཉིད་བཤད་པ་)འདིར་གང་ གི་ཚེ་སེམས་ཅན་རྣམས་ཀྱི་(ཡུལ་ལ་)བསམ་པ་རབ་ཏུ་འཇུག་པ་དེའི་ཚེ་མཆོག་ཏུ་འདོད་པའི་ དངོས་པོ་རྣམས་ལ་ཆགས་པ་(སྐྱེ་བ་)དང་མི་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་དང་བྲལ་ 〔ཞིང་སྡང་〕བར་འགྱུར་ཏེ། (རྒྱུ་)དེ་དག་གིས་འཁོར་བའོ། །གང་གི་ཚེ་(ཡུལ་ལ་)བསམ་པ་མེད་པ་ རབ་ཏུ་འཇུག་པ་དེའི་ཚེ་ནི་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་མེད་ཅིང་མི་འདོད་པའི་ དངོས་པོ་རྣམས་ལ་ཆགས་པ་དང་བྲལ་བ(འི་སྡང་བ་)མེད་དེ་དེ་ལྟར་ཆགས་པ་(སྐྱེ་བ་)དང་ཆགས་ 4-1-340 བྲལ་(ཞེ་སྡང་)མེད་དོ། །དེ་དག་མེད་པའི་ཕྱིར་འཁོར་བ་མེད་པ་ཉིད་དོ། །འཁོར་བ་མེད་པའི་ ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །དེའི་ཕྱིར་སངས་རྒྱས་ཉིད་ སྒྲུབ་པ་ལ་(ཡུལ་གང་ལ་ཡང་)བསམ་པ་མེད་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཡིན་གྱི་(བསམ་ པ་ནི་ཡེ་ཤེས་མ་ཡིན་པས་དེ་བསྒྲུབ་པའི་ཐབས་ཀྱང་མི་བསམ་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་གྱི་)གཞན་རྣམ་པར་རྟོག་ པའི་ཏིང་ངེ་འཛིན་ནི་(ཡེ་ཤེས་བསྒོམ་པ་)མ་ཡིན་ནོ། །དེ་ལྟར་(ཤེར་ཕྱིན་བསྒོམ་པ་ལ་)རབ་ཏུ་མི་མཁས་ པ་བསམ་པ་མེད་པ་(ཙམ་གྱི་མེད་དགག་སངས་རྒྱས་ཀྱི་)ཡེ་ཤེས་སུ་འདོད་པ་(དེའི་རྒྱུ་མཚན་གྱིས་སངས་རྒྱས་ ཀྱི་སྐུ་དང་ཡེ་ཤེས་སོགས་གནས་ལུགས་ལ་མ་གྲུབ་པར་ལྟ་བས་)ཆད་པ་ཆེན་པོར་ལྷུང་བ་འགའ་ཞིག་སྨྲ་བར་ འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་གལ་ཏེ་བསམ་པའི་ཤེས་པ་མེད་པ(ས་ཙམ་སྒོམ་ པ)ས་སངས་རྒྱས་ཉིད་སྟེར་བར་བྱེད་པ་ཡིན་ན་དེའི་ཚེ་སེམས་ཅན་ཐམས་ཅད་(སྔོན་ཉིད་དུ་) སངས་རྒྱས་སུ་ཅིའི་ཕྱིར་མ་གྱུར་(སེམས་ཅན་)འདི་རྣམས་ཀྱི་ཡང་གཉིད་འཐུག་པོ་(དང་བརྒྱལ་བའི་ གནས་སྐབས་)ལ་བསམ་པའི་ཤེས་པ་མེད་པ་རབ་ཏུ་འཇུག་ཅིང་འདོད་པའི་དངོས་པོ་རྣམས་ ལ་ཆགས་པ་མེད་ལ་མི་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་དང་བྲལ་བ་(ཞེ་སྡང་)མེད་དེ་ དེའི་ཕྱིར་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་དེ་ལ་ཆགས་པ་དང་ཆགས་བྲལ་དག་ཏུ་མི་ འགྱུར་བ་(ཡིན་ཞིང་དེ་ལ་ཐོག་མ་མེད་པའི་དུས་ནས་ཡང་ཡང་གོམས་པར་བྱས་ཀྱང་སེམས་ཅན་རྣམས་ད་དུང་སངས་རྒྱས་སུ་ མ་གྱུར་པ་)དེ་བས་ན་(ཡུལ་ལ་)བསམ་པའི་ཤེས་པ་མེད་པ་(གཉིད་འཐུག་པོའི་གནས་སྐབས་)དེས་སེམས་ ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ཡང་མ་ཡིན་ནོ། །དེའི་ ཕྱིར་(ཡུལ་ལ་)བསམ་པའི་ཤེས་པ་མེད་པ་(མི་བསམ་པ་ཙམ་)ནི་དེ་བཞིན་གཤེགས་པའི་ཡེ་ཤེས་སུ་ མི་འགྱུར་(ཞིང་དེ་ཐོབ་པའི་ཐབས་ཀྱང་མི་བསམ་པ་ཙམ་གྱི་ཏིང་ངེ་འཛིན་མ་ཡིན་)ཏེ་གང་གི་ཕྱིར་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་ཏིང་ངེ་འཛིན་རྣམས་བཅོམ་ལྡན་འདས་ཀྱིས་ 4-1-341 གསུངས་ཏེ་དེ་ལ་རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་སོ། །འདིར་གལ་ཏེ་ རིན་ཆེན་སྒྲོན་མ་(ཞེས་པ་)བསམ་པའམ་རབ་ཏུ་སྣང་བ་མེད་པ་ཡིན་ན་དེའི་ཚེ་རིན་ཆེན་སྒྲོན་མ་ ཞེས་བྱ་བའི་ཏིང་ངེ་འཛིན་དུ་ཇི་ལྟར་འགྱུར་དེ་བཞིན་དུ་(འོད་བྱེད་པ། འོད་མཐའ་ཡས་པ། འོད་དྲི་མ་མེད་ པ། འོད་ཟེར་རབ་ཏུ་འགྱེད་པ། ནམ་མཁའ་རྒྱས་པར་འགེངས་པ། གློག་གི་སྒྲོན་མ། གློག་གི་འོད་ཟེར། སྒྲོན་མ་འབར་བ། ཉི་ མའི་སྒྲོན་མ། ཤེས་རབ་སྒྲོན་མ། སྣང་བ་གསལ་བ། སྣང་བ་བྱེད་པ། ཀུན་ཏུ་སྣང་བ། ཟླ་བ་དྲི་མ་མེད་པ། ཟླ་བ་དྲི་མ་མེད་པར་ རྒྱས་པའི་འོད། རྣམ་པ་ཐམས་ཅད་དུ་འོད་བྱེད་པ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། དགེ་བའི་མེ་ཏོག་རྒྱས་ཤིང་གསལ་ བ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། ནེམ་ནུར་རྣམ་པར་སེལ་བ། སྤོབས་པ་མཐའ་ཡས་པ། གཟུངས་ཀྱི་བློ་གྲོས། བརྡ་དང་སྒྲ་ ལ་འཇུག་པ། ཚིག་བླ་དྭགས་ལ་ཡང་དག་པར་འཇུག་པ། ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ། ཆོས་ཐམས་ཅད་ཀྱི་ཚིག་ རབ་ཏུ་འབྱེད་པ། སྤྱི་གཙུག་རྣམ་པར་ལྟ་བ། ཕྱོགས་རྣམ་པར་ལྟ་བ། ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ་ཞེས་པ་ལ་སོགས་པའི་) ཏིང་ངེ་འཛིན་གཞན་རྣམས་ཀྱང་བསམ་པ(འི་ཤེས་པའམ་སྣང་བ་)མེད་པར་མི་འགྱུར་ཏེ་(སོ་སོ་)རང་ རིག་པའི་(ཡེ་ཤེས་ཀྱི་)མཚན་ཉིད་ཀྱི་ཕྱིར་དང་(རང་གིས་རང་མི་རིག་པ་)བེམ་པོའི་སྟོང་པ་ཉིད་མ་ཡིན་ པའི་ཕྱིར་རོ། ། ༈ ཅི་སྟེ་བྱིས་པ་རྣམས་ཀྱི་ཚིག་འདི་ནི་གལ་ཏེ་དེ་བཞིན་གཤེགས་པའི་ཡེ་ཤེས་(རང་གིས་)རང་རིག་པ་ཡིན་(ཞིང་གསལ་བར་སྣང་བ་དང་བཅས་པ་ཡིན་)ན་དེའི་ཚེ་ཇི་ལྟར་(འཁོར་འདས་ཀྱི་)ཆོས་ ཐམས་ཅད་རང་བཞིན་མེད་པར་དེ་བཞིན་གཤེགས་པས་གསུངས་ཞེ་ན། ༈ འདི་ལ་བརྗོད་པར་བྱ་སྟེ་འདིར་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་ ཀྱི་(ཆོས་ཉིད་འདུས་མ་བྱས་ཀྱི་དངོས་པོའི་)རང་བཞིན་མེད་པ་ཉིད་(རང་བཞིན་འོད་གསལ་བ་རྣམ་པ་ཐམས་ཅད་པ་)རྟོགས་པར་བྱེད་པ་ཞེས་བྱ་བ་སྟེ་དངོས་པོ(འི་སྣང་བ་)ཐམས་ཅད་མེད་པའི་མཚན་ཉིད་ཤིན་ཏུ་ གཉིད་ལོག་པའི་སེམས་(ལྟ་བུ་)ནི་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་(དོན་དམ་གྱི་ ཡེ་ཤེས་རང་བཞིན་འོད་གསལ་གྱི་དོན་)གསུངས་པ་ཡང་སེམས་གང་ཞིག་(དོན་དམ་པར་)ཡོད་པའི་སེམས་ 4-1-342 (རང་བཞིན་འོད་གསལ་)དེ་ནི་(ཁམས་གསུམ་པའི་)སེམས་མ་ཡིན་ནོ་ཞེས་པ་སྟེ་(དོན་དམ་པར་ཡོད་པ་རང་བཞིན་ གྱིས་མྱ་ངན་ལས་འདས་པའི་)སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །གལ་ཏེ་དེ་བཞིན་ གཤེགས་པའི་ཡེ་ཤེས་(རང་གིས་)རང་རིག་པར་མི་འགྱུར་ན་དེའི་ཚེ་སེམས་ཅན་གྱི་བསམ་པའི་ དབང་གིས་དེ་བཞིན་གཤེགས་པ་ཆོས་(ཐམས་ཅད་པ་)སྟོན་པར་མི་འགྱུར་ཏེ་ཆོས་ཐམས་ ཅད་(ཀྱི་རང་བཞིན་)རབ་ཏུ་རྟོགས་པ་དང་(གནས་ལུགས་)ཡང་དག་པར་རིག་པ་མེད་པ་ཉིད་ཀྱི་ཕྱིར་ རོ(དེ་འང་ཅི་སྟེ་ན་རང་གིས་རང་རིག་པ་མ་ཡིན་པའི་ཕྱིར་རོ)། །ཅི་སྟེ་(འདུས་བྱས་རྟེན་འབྲེལ་གྱི་)དབང་པོའི་སྒོ་ནས་ རང་རིག་པ་ཡིན་ན་དེའི་ཚེ་(དེ་བཞིན་གཤེགས་པའི་ཡེ་ཤེས་)ཆ་(ཤས་)མེད་པ་དང་(ཆོས་ཀྱི་དབྱིངས་)ཀུན་ཏུ་ འགྲོ་བ་དང་(བརྟན་གཡོ་)ཐམས་ཅད་ལ་(ནམ་མཁའ་ལྟར་)ཁྱབ་པར་མི་འགྱུར་ཏེ་ཐམས་ཅད་(འདུས་ བྱས་ཀྱི་དབང་པོ་ལས་མ་འདས་པ་)སྒྲིབ་པ་དང་ལྡན་པའི་ཕྱིར་རོ། །(ཧ་ཅང་ཐལ་བ་)དེའི་ཕྱིར་(གནས་ལུགས་ ལ་)དེ་བཞིན་གཤེགས་པའི་ཡེ་ཤེས་ནི་(རང་གིས་)རང་རིག་པ་ཆོས་ཐམས་ཅད་ཀྱི་རང་བཞིན་ མཁྱེན་པ་རྣམ་པར་མི་རྟོག་ཅིང་(འདུས་བྱས་རྟེན་འབྲེལ་གྱི་)དབང་པོ་མེད་པ་སྟེ་བཅོམ་ལྡན་འདས་ ཀྱིས་མཚན་ཡང་དག་པར་བརྗོད་པའི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་བསྟོད་པ་ལས་ ཚིགས་སུ་བཅད་པ་ཉི་ཤུ་པ་ལ་སོགས་པ་གསུམ་གྱིས་(དོན་དམ་གྱི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་)གསུངས་པ་འདི་ལྟ་སྟེ། (ཡེ་ཤེས་སྐུ་ནི་རང་བཞིན་གྱིས་)མྱ་ངན་འདས་(ཉོན་མོངས་རྣམ་རྟོག་རང་བཞིན་གྱིས་)ཞི་ (ལ་གློ་བུར་གྱི་ཉོན་མོངས་པ་དང་ཡང་བྲལ་བས་)ལེགས་པར་ནི། །མྱང་འདས་(དེ་ཉིད་ཀྱིས་ན་)མྱ་ངན་འདས་ མཐར་སོན(པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའོ)། །(སྲིད་པའི་)བདེ་སྡུག་(གཉིས་ཀ་)སེལ་བ་(དང་དེ་དག་ ལས་)མཐར་གྱུར་པ(འདས་པ་བདེ་བ་ཆེན་པོའ)ོ། །(འདོད་ཆགས་ཆེན་པོའི་ངོ་བོ་ཉིད་ཡིན་པས་འཁོར་བའི་)ཆགས་ (པ་དང་)བྲལ་(བ་དང་དེ་ཉིད་ཀྱིས་ན་ཁམས་གསུམ་གྱི་)ལུས་ལས་འདས་པ་པོ(དང་)། །(རང་བཞིན་འོད་གསལ་ བས་རྣམ་རྟོག་སོགས་ཀྱི་)ཐུབ་པ་མེད་པ་(དང་འཕོ་བ་མེད་པའི་ཆགས་པ་ཆེན་པོ་ཉིད་ཀྱི་བདེ་བ་ཐམས་ཅད་ཀྱི་)དཔེ་ མེད་པ(དང་)། །(ཆོས་ཉིད་ཀྱི་གཟུགས་ཡིན་པས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལ་)མི་མངོན་མི་སྣང་(ལ་དབང་ 4-1-343 པོའི་སྤྱོད་ཡུལ་དུ་)གསལ་བྱེད་མིན(པའོ)། །(ཆོས་ཉིད་ཀྱི་སྐུ་ཡིན་པས་)ཆ་(ཤས་)མེད་(ཅིང་)ཀུན་(ཏུ་)འགྲོ་(བ་ ཀུན་ལ་)ཁྱབ་པའོ། །(ཡིད་ཀྱི་སྤྱོད་ཡུལ་མ་ཡིན་པས་)ཕྲ་ཞིང་(ཟབ་ལ་)ཟག་(པ་)མེད་(ཅིང་)ས་བོན་(ཐམས་ ཅད་ཀུན་གཞིའི་རྣམ་ཤེས་དང་)བྲལ(བ་དང་)། །(དཀར་ཕྱོགས་ཆགས་པའི་)རྡུལ་མེད་(པ་འདོད་ཆགས་ཆེན་པོ་དང་རང་ བཞིན་རྣམ་པར་དག་པ་ཡིན་པའི་ཕྱིར་)རྡུལ་བྲལ་(དང་གློ་བུར་གྱིས་)དྲི་མ་མེད(པ་དང་ཐ་མལ་བ་ཐམས་ཅད་སྤངས་པའི་ ཕྱིར)། །ཉེས་པ་སྤངས་པ་(རྣམ་གཡེང་གི་ནད་ཟད་པའི་ཕྱིར་)སྐྱོན་མེད་པ། །(མ་རིག་པའི་གཉིད་ལས་)ཤིན་ཏུ་ སད་པ་སད་པའི་བདག(ཉིད་ཆེན་པོ)། (སོ་སོ་རང་རིག་པའི་ཡེ་ཤེས་ཡིན་པས་)ཀུན་ཤེས་(ཤིང་སེམས་ཅན་གྱི་ སེམས་དང་སྤྱོད་པ་མཁྱེན་པས་)ཀུན་རིག་(སྟེ་དེ་ཉིད་ཀྱི་ཕྱིར་ཡེ་ཤེས་)དམ་པ་པོ། །ཞེས་པ་དང་དེ་བཞིན་དུ་ བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བསྟོད་པ་ལས་ཚིགས་སུ་བཅད་པ་བཅུ་གསུམ་པས་(ཡེ་ཤེས་ཀྱི་སྐུའི་ མཚན་ཉིད་)གསུངས་པ་འདི་ལྟ་སྟེ། (སོ་སོ་རང་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར་)བདག་རིག་(ཅིང་རང་གཞན་ ཐམས་ཅད་ཀྱི་ཆོས་ཉིད་གཉིས་སུ་མེད་པར་ཐུགས་སུ་ཆུད་པས་)གཞན་རིག་(པ་དང་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་ དག་པར་གཟིགས་པ་)ཐམས་ཅད་པ(དང་)། །(འགྲོ་བ་མ་ལུས་པའི་དོན་མཛད་པས་)ཀུན་ལ་ཕན་པའི་(དང་བདེ་ བ་ཆེན་པོའི་བདག་ཉིད་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་)གང་ཟག་མཆོག །〔དཔེ་མེད་པ་ཆོས་སྐུའི་བདག་ཉིད་ ཡིན་པའི་ཕྱིར་〕དཔེར་བྱ་ཀུན་ལས་འདས་པ་སྟེ། །(གཞན་བདེ་བ་ཆེན་པོར་)ཤེས་དང་ཤེས་བྱ(གཞན་ གཅིག་པ)འི་བདག་པོ་(སྟེ་དེ་ཉིད་ཀྱིས་ན་)མཆོག་(གོ་)ཅེས་པ་དང༌། རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ལས་ ཀྱང་ཚིགས་སུ་བཅད་པ་དགུ་བཅུ་རྩ་དགུ་པས་(ཡེ་ཤེས་ཀྱི་སྐུའི་རྡོ་རྗ་མཚན་ཉིད་)གསུངས་པ་འདི་ལྟ་ སྟེ། (དོན་དམ་པའི་)རྒྱལ་བ(རྡོ་རྗེ་སེམས་དཔའ)འི་སྐུ་ཡི་རྡོ་རྗེ་(ནི་)ཡུལ་དང་ཡུལ་ཅན་(གཟུང་འཛིན་)རྣམས་ ཀྱི་(རྟོག་བྱ་དང་)བགྲོད་བྱ་མིན་པ་(སོ་སོ་རང་རིག་པའི་)རྣམ་པ་ཐམས་ཅད་པ(སྟོང་གཟུགས་པྲ་ཕབ་བ་ལྟ་བུ་སྟེ་ དབྱིབས་ཀྱི་རྣལ་འབྱོར་རོ)། །གསུང་གི་རྡོ་རྗེ་(ནི་)སེམས་ཅན་ཐམས་ཅད་(ཀྱི་)རང་སྙིང་(ལ་རྟག་ཏུ་གནས་ པ་ནཱ་དའི་མཚན་ཉིད་དང་རང་རང་གི་)སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པ(སྔགས་ཀྱི་རྣལ་འབྱོར་རོ) འོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་(ནི་)སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་(འོད་གསལ་ 4-1-344 མི་རྟོག་པའི་ཡེ་ཤེས་)མཐའ་དག་ས་ལ་(ཁྱབ་ཅིང་ཐེར་ཟུག་ཏུ་)གནས(པ་ཆོས་ཀྱི་རྣལ་འབྱོར་རོ)། །དྲི་མེད་ནོར་ བུ་(ཆེན་པོ་གང་ལ་རེག་པ་ཐམས་ཅད་ནོར་བུར་བྱེད་པ་)ལྟ་བུ་དངོས་པོ་རྣམས་(འགྱུར་མེད་)ཀྱི་(བདེ་བ་ཆེན་པོར་) འཛིན་བྱེད་གང་ཡིན་དེ་ཉིད་(དག་པའི་རྣལ་འབྱོར་)ཡེ་ཤེས་རྡོ་རྗེའོ་ཞེས་པ་སྟེ་དེའི་ཕྱིར་(དོན་དམ་པས་)དེ་བཞིན་གཤེགས་པའི་ཡེ་ཤེས་ནི་(རྟེན་ཅིང་འབྲེལ་བར་འབྱུང་བའི་)དབང་པོ་མེད་ཅིང་རང་རིག་ པའོ(འོ་ན་ཤེས་པ་རང་རིག་པ་ནི་རྣམ་རིག་པའི་གྲུབ་མཐའ་ཡིན་ཞིང༌། དབུ་མ་པའི་ལུགས་ལ་རལ་གྲི་དང་སོར་མོ་དཔེས་རང་ རིག་བཀག་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ་རྣམ་རིག་པ་རྣམ་ཤེས་རང་གིས་རང་རིག་པར་འདོད་པ་རལ་གྲི་དང་སོར་མོའི་ དཔེ་ལ་སོགས་པས་བཀག་པ་ཡིན་ལ། དབུ་མ་ཁ་ཅིག་ཡེ་ཤེས་ཀྱི་རང་རིག་མི་འདོད་ཀྱང་མཐར་ཐུག་སྔགས་ཀྱི་ཐེག་པར་མཚན་ བརྗོད་ལ་སོགས་པ་རྒྱུད་སྡེ་དུ་མ་ལས་དོན་དམ་གྱི་ཡེ་ཤེས་སོ་སོ་རང་རིག་ངེས་དོན་མཐར་ཐུག་ཡིན་པར་གསུངས་སོ)། ། ༈ གལ་ཏེ་དེ་བཞིན་གཤེགས་པའི་ཡེ་ཤེས་རང་རིག་པ་ཡིན་ན་འོ་ན་དེའི་ཚེ་(ཉེར་ལེན་གྱི་)ཕུང་པོ་དང་ཁམས་དང་སྐྱེ་མཆེད་མེད་པ་ལས་(རང་རིག་པའི་ཡེ་ཤེས་)སྲིད་པ་མ་ཡིན་ཏེ་བཅོམ་ ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོ་རྣམས་ལས་གསུངས་པ་(ཉེར་ལེན་གྱི་)ཕུང་པོ་མེད་པ་ལས་ཤེས་ རབ་ཡེ་ཤེས་(རང་རིག་པའི་ཚུལ་གྱིས་)ཉེ་བར་དམིགས་པར་མི་འགྱུར་ཏེ་དབང་པོ་གཉིས་ཀྱི་སྦྱོར་ བ་ལས་བྱང་ཆུབ་ཀྱི་སེམས་(ཐིག་ལེ་དཀར་པོ་)འབྱུང་བའི་དུས་སུ་ཁྱད་པར་དགའ་བ་(བྱང་སེམས་ ལྟེ་བར་འོངས་པ་)དང་ལྷན་ཅིག་སྐྱེས་པ་(བྱང་སེམས་རྡོ་རྗེ་ནོར་བུ་ལས་འདས་པ་)དག་གི་དབུས་སུུ་(ལུས་ངག་ སེམས་ཀྱི་)ཐིག་ལེ་(གྲོལ་བ་ཡེ་ཤེས་ཀྱི་ཐིག་ལེ་)གསུམ་གྱི་མཐར་(འབྱུང་བའི་)སྐད་ཅིག་གཅིག་ཙམ་དུ་ ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་ཡེ་ཤེས་ཏེ་འདི་ཉིད་ནི་རང་རིག་པར་གསུངས་སོ། །(ཁྱེད་ ཀྱི་ལུགས་)འདིར་(ནི་སངས་རྒྱས་ཀྱི་ཡེ་ཤེས་)བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འབྱུང་བ་(སྟེ་འཕོ་བ་)མྱ་ངན་ ལས་འདས་པ(འི་བདེ་བ་)དང་བྲལ་བ་(རྟེན་འབྲེལ་གྱི་)དབང་པོ་མེད་པ་(ནི་)ཀུན་ཏུ་བཟང་པོ(འི་ཐུགས་)བདེ་བ་ཆེན་པོའི་ཡེ་ཤེས་སུ་ཇི་ལྟར་འགྱུར་(དཔེར་ན་)ནམ་མཁའི་མེ་ཏོག་ལ་མོ་གཤམ་གྱི་བུ་ ཡིས་དྲི་བསྣམས་(སོ་ཞེས་)པ་བཞིན་དུ་རྣམ་པར་དཔྱད་ན་དོན་མེད་པ་ཅན་(བརྫུན་པ་ཡིན་)ནོ་ཞེས་ 4-1-345 པ་འདིར་(རྒྱུད་ཀྱི་དོན་ལ་རྨོངས་པ་)འགའ་ཞིག་དག་གི་བསམ་པ་འབྱུང་བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འགྱུར་བ(སྟེ་འཕོ་བ)འི་བདེ་ བ་(ལ་རྡོ་རྗེ་སེམས་དཔའི་)ཀུན་ཏུ་བཟང་པོའི་བདེ་བ་ཆེན་པོ་(དོན་དམ་པའི་)ཤེས་རབ་ཡེ་ཤེས་སུ་དེ་ བཞིན་གཤེགས་པས་གསུངས་པ་འདི་ནི་དེ་ལྟར་(བདེན་པ་)མ་ཡིན་ཏེ་གང་གི་ཕྱིར་བཞི་པ་དེ་ ཡང་དེ་བཞིན་ནོ་ཞེས་པའི་དགག་པ་གསུངས་པའི་ཕྱིར་རོ། །འདིར་གལ་ཏེ་(དབང་)གསུམ་ པ(འི་ཤེས་རབ་ཡེ་ཤེས་)འགྱུར་བའི་བདེ་བ་(ནི་)ཤེས་རབ་ཡེ་ཤེས་(དང་པོའི་སངས་རྒྱས་)ཀུན་ཏུ་བཟང་ པོ་བདེ་བ་ཆེན་པོའི་(དབང་)བཞི་པ་ཡིན་ན་དེའི་ཚེ་(བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པའི་གསུང་འདི་བརྗོད་ བྱའི་དོན་)མངོན་པར་བརྗོད་ཟིན་པ་མངོན་པར་བརྗོད་པར་འགྱུར་(གསུམ་པ་ཤེས་རབ་ཡེ་ཤེས་དང་བཞི་ པ་ཤེས་རབ་ཡེ་ཤེས་གཅིག་ཡིན་པའི་ཕྱིར)རོ། །དེ་ལྟར་ཡང་རིགས་པ་མ་ཡིན་ཏེ་གང་གི་ཕྱིར་ཟློས་པའི་ སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ལག་པ་ཞེས་བརྗོད་པའི་རྗེས་ལ་སླར་ཡང་ ལག་པ་ཞེས་(བརྗོད་)པ་དང་དེ་བཞིན་དུ་(ཞོ་ཞེས་བརྗོད་པའི་རྗེས་ལ་)སླར་ཡང་ཞོ་ཞེས་པ་བཞིན་ནོ། ། (དགོས་པ་མེད་པའི་ཟློས་པ་བརྗོད་པ་)འདི་ནི་(བསམ་པ་དམན་པ་)བྱིས་པ་དང་སྨྱོན་པའི་ཚིག་སྟེ་མཁས་ པ་རྣམས་ཀྱི་(ཚིག་)ནི་མ་ཡིན་ནོ། །དེའི་ཕྱིར་(ཀུན་ཏུ་བཟང་པོའི་ཤེས་རབ་ཡེ་ཤེས་ལ་དབང་)བཞི་པ་ཞེས་ གསུངས་པའི་ཕྱིར་(དེ་དབང་)གསུམ་པ(འི་ཤེས་རབ་ཡེ་ཤེས་ཡིན་པ)ར་མི་འགྱུར་རོ། །(བཞི་པ་)དེ་ཡང་ དེ་(ཡང་གསུམ་པ་)བཞིན་ནོ་ཞེས་གསུངས་པའི་ཕྱིར་(གསུམ་པའི་ཤེས་རབ་ཡེ་ཤེས་ནི་དཔེ་ཡིན་ལ་བཞི་པའི་ཤེས་ རབ་ཡེ་ཤེས་དོན་ཡིན་པས་བཞི་པ་)དེ་ཉིད་(དོན་དམ་གྱི་)ཤེས་རབ་ཡེ་ཤེས་སོ། །བཅོམ་ལྡན་འདས་ཀྱི་ གསུངས་འདིའི་ཕྱིར་(བཞི་པའི་ཤེས་རབ་ཡེ་ཤེས་)མ་རྟོགས་པ་(འགྱུར་མེད་ཀྱི་བདེ་བ་ལས་)ཉམས་པ་རྣམས་ ནི་བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པའི་སྒྲས་བཅོམ་ལྡན་འདས་ཀྱིས་(དབང་)གསུམ་པ(འི་ཤེས་ རབ་ཡེ་ཤེས་)གསུངས་ཏེ་བཞི་པ(འི་ཤེས་རབ་ཡེ་ཤེས་)ཞེས་བྱ་བར་མི་འགྱུར་རོ་ཞེས་སྨྲ་བ་འདི་ནི་ བྱིས་པའི་བློ་ཅན་དབང་པོ་གཉིས་ལས་བྱུང་བའི་འགྱུར་བའི་བདེ་བ་ལ་མངོན་པར་ཆགས་པ་ 4-1-346 མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ལས་ཉམས་པ་རྣམས་ཀྱི་ཆོས་(སུ་རློམ་ཡང་ཆོས་)མ་ཡིན་ པའི་རབ་ཏུ་འཇུག་པ(ལམ་ཕྱིན་ཅི་ལོག་ཆེན་པོ་)འོ། །དེའི་ཕྱིར་བྱང་ཆུབ་ཀྱི་སེམས་འཕོ་བའི་བདེ་ བ་ནི་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་ཡེ་ཤེས་(དབང་)བཞི་པར་མི་འགྱུར་རོ། །བཅོམ་ལྡན་ འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་བྱ་བའི་ནན་ཏན་གྱི་ཡེ་ཤེས་ཀྱི་བསྟོད་པ་ལས་ ཚིགས་སུ་བཅད་པ་གསུམ་པས་(ཀུན་ཏུ་བཟང་པོའི་ཡེ་ཤེས་བདེ་བ་ཆེན་པོ་བཞི་པ་)གསུངས་པ། རྣམ་པ་ ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཆ་མེད་ཆ་ལས་འདས་པ་སྟེ། ། བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་པ་དང༌། རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་པ་ལས་ཀྱང་ ཚིགས་སུ་བཅད་པ་བརྒྱ་ཉི་ཤུ་རྩ་དྲུག་པ་ལས་གསུངས་པ་འདི་ལྟ་སྟེ། དེ་ལྟར་(འཁོར་བ་པའི་) སེམས་ནི་(སད་པ་ལ་སོགས་པ་)རྣམ་(པ་)བཞི་(སྟེ་དེ་དག་ནི་)སྲིད་པ་གསུམ་ལ་གནས་པའི་སྲོག་ཆགས་ རྣམས་ཀྱི་ཐིག་ལེ(བཞི)འི་དབུས་སུ་〔གནས་ཤིང་སྐྱེས་པ་〕སྟེ། །རྣལ་འབྱོར་དབང་པོ་རྣམས་ ཀྱིས་བདེ་མཉམ་འབྲས་སྟེར་(བདེ་བ་ཆེན་པོ་)ཁྱབ་བྱེད་(དེ་རྒྱུ་ཐིག་ལེ་)དག་ནི་ཐར་བའི་དོན་དུ་(སླད་ དུ་)བསྲུང་བར་བྱ། །ཐིག་ལེ་གཏང་(སྟེ་ལྷུང་)ན་རྣལ་འབྱོར་རྣམས་ཀྱི་མཆོག་གི་བདེ་བ་སྐྱེ་བའི་ (རྟེན་)ས་བོན་སོང་(བ་)ལ་(རྟེན་པ་)ཐར་པ་(མི་འགྱུར་བའི་བདེ་བ་ཆེན་པོ་)གང〔ན་ཡོད〕། །དེ་ཕྱིར་འཁོར་ བའི་བདེ་བའི་སྐད་ཅིག་འདི་ནི་སྡོམ་བརྩོན་རྣམས་ཀྱིས་ཐམས་ཅད་དུས་སུ་སྤང་བར་བྱ་ཞེས་ པའོ། །དེའི་ཕྱིར་བཞི་པ(འི་ཤེས་རབ་ཡེས་ཤེས་)ནི་གསུམ་པ(འི་ཤེས་རབ་ཡེ་ཤེས་ཡིན་པ)ར་མི་འགྱུར་ རོ། །འདིར་གལ་ཏེ་ཐིག་ལེ་འདོར་བའི་གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་པ(འི་ཤེས་རབ་ ཡེ་ཤེས་)ཡིན་ན་དེའི་ཚེ་བཅོམ་ལྡན་འདས་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་(སྟེ་ཐིག་ལེ་བཞི་)འཆང་བར་ མི་འགྱུར་ཞིང་གལ་ཏེ་བཞི་པ་(དེ་)ཁྱད་པར་དགའ་བ(འི་མིང་གིས་བཏགས་པ་གསུམ་པའི་ཤེས་རབ་ཡེ་ཤེས་ འཛག་བདེ་)ཡིན་ན་དེའི་ཚེ་(བཅོམ་ལྡན་འདས་དེ་)དགའ་བ་དང་མཆོག་དགའ་དང་ཁྱད་པར་དགའ་བ་ དང་ལྷན་ཅིག་སྐྱེས་པ་(སྟེ་དགའ་བ་བཞི་ལས་)བསམ་གཏན་(ཏེ་དགའ་བ་)བཞི་པའི་རྩེ་མོ་(ལྷན་ཅིག་སྐྱེས་ 4-1-347 དགའི་བསམ་གཏན་)འཆང་བར་མི་འགྱུར་རོ། །(བཅོམ་ལྡན་འདས་ཐིག་ལེ་བཞི་དང་བསམ་གཏན་བཞི་པའི་རྩེ་མོ་ འཆང་བ་ཡིན་པ་)དེའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་(འདུས་བྱས་རྟེན་འབྲེལ་གྱི་)དབང་པོ་མེད་ ཅིང་(སོ་སོ་)རང་རིག་པའོ། །དེའི་ཕྱིར་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་ཤིན་ཏུ་བརྟན་པར་ བསྲུང་བར་བྱ་སྟེ་སྦང་བར་མི་བྱའོ། །(ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དུ་ཡང༌། བརྟན་པས་མཆོག་ཏུ་བདེ་ཉིད་དེ། ། མི་བརྟན་པས་ནི་ག་ལ་བདེ། །ཞེས་གསུངས་ཤིང་)ཐིག་ལེ་གཞན་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དང་བྲལ་ བ་གཅི་བ་ཆུ་དང་ཆུ་གཅི་བ་ལ་སོགས་པ་གང་དག་ལུས་སམ་ཕྱི་རོལ་ལ་ཡོད་ཀྱང་སངས་རྒྱས་ ཉིད་ཀྱི་འབྲས་བུ་སྟེར་བར་བྱེད་པར་མི་འགྱུར་རོ(མངོན་པར་བརྗོད་པའི་རྒྱུད་བླ་མར་ཡང༌། རྣལ་འབྱོར་པ་ ཡིས་ཇི་སྲིད་དུ། །བྱང་ཆུབ་སེམས་གཤེགས་མི་བྱེད་པ། །དེ་སྲིད་དགའ་བ་ལས་སྐྱེས་བདེ། །ཅི་ཡང་རྒྱུན་མི་ཆད་པར་འཐོབ། ། དངོས་གྲུབ་ཀུན་གྱི་སྟེར་གྱུར་པ། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་འགྱུར་ན། །མ་སྨད་དངོས་གྲུབ་ག་ ལ་ཡོད། །ཅེས་གསུངས་སོ)། ། ༈ གལ་ཏེ་བཞི་པ་ཤེས་རབ་ཡེ་ཤེས་གསུམ་པར་མི་འགྱུར་ཞིང་བཅོམ་ལྡན་འདས་ཐིག་ ལེ་(བཞི་)འཆང་བ་ཡིན་ན་འོ་ན་དེའི་ཚེ་(བཞི་པ་)དེ་ཡང་དེ་བཞིན་ནོ་ཞེས་(གསུམ་པ་དང་བཞི་པ་འདྲ་ བར་)གསུངས་པའི་ཕྱིར་(གསུམ་པ་དེ་ཉིད་བཞི་པ་མ་ཡིན་ན་གསུམ་པ་ལས་གཞན་པའི་)ཤེས་རབ་ཡེ་ཤེས་ཅི་ ཞིག་འབྱུང་བར་འགྱུར་ཞེས་འདིར་འགའ་ཞིག་སྨྲ་བར་འགྱུར་ཏེ་དེའི་ཕྱིར་བརྗོད་པར་བྱའོ། ། འདིར་རྡོ་རྗེ་ཐེག་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་ནས་ བཅོམ་ལྡན་འདས་ཀྱི་ཤེས་རབ་(སྟེ་ཕྱག་རྒྱ་)རྣམ་པ་གསུམ་རབ་ཏུ་གསུངས་ཏེ་ལས་ཀྱི་ཕྱག་ རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་མོ་ཞེས་པ་སྟེ་(ཕྱག་རྒྱ་)མངོན་པར་བརྗོད་པ(འི་རྒྱུན་) གཅིག་ལས་སོ། །དེ་རྣམས་ལས་རྣལ་འབྱོར་པའི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་ བདེ་བ་ནི་(ཐིག་ལེ་འཛག་པ་དང་)གཡོ་བའི་མཚན་ཉིད་ཅན་དང་ཕྱག་རྒྱ་ཆེན་མོའི་བདེ་བ་ནི་(ཐིག་ལེ་ མི་འཛག་ཅིང་)མི་གཡོ་བའི་མཚན་ཉིད་ཅན་དུ་འགྱུར་རོ། །འདིར་གལ་ཏེ་(ཤེས་རབ་ཡེ་ཤེས་ཅེས་པའི་ 4-1-348 དོན་གང་)ཤེས་རབ་ཀྱི་ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་ཏེ་འཕོ་བའི་མཚན་ཉིད་ཅན་ཤེས་རབ་ཀྱི་ རྒྱུ་ལས་སྐྱེས་པའི་འབྲས་བུ་(ཐབས་ཀྱི་རྒྱུད་ལ་སྐྱེས་པའི་བདེ་བ་དེ་)ཐབས་ཀྱི་ཤེས་རབ་ཡེ་ཤེས་ཡིན་ན་ དེའི་ཚེ་ཐབས་ཀྱི་རྒྱུ་ལས་སྐྱེས་པའི་འབྲས་བུ་(ཤེས་རབ་ཀྱི་བདེ་བ་)ནི་ཤེས་རབ་ཀྱི་ཐབས་ཡེ་ཤེས་ སུ་འགྱུར་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་(ཤེས་རབ་ཡེ་ཤེས་བསྒོམ་པ་ལ)འོ། །དེ་ལྟར་(འདོད་)ན་(ཤེས་རབ་དང་ཐབས་)ཕན་ཚུན་ལྟོས་པ་ཉིད་ཀྱི་ཕྱིར་(ཐབས་ལ་ཤེས་རབ་ཡེ་ཤེས་དང་ཤེས་རབ་ལ་ཐབས་ཡེ་ ཤེས་ཏེ་)ཡེ་ཤེས་གཉིས་སུ་འགྱུར་རོ། །དེ་ལྟར་གཉི་གའི་ཡེ་ཤེས་སོ་སོར་འགྱུར་ན་(མཆོག་ཐོབ་ པའི་དོན་དུ་བསྒོམ་པར་བྱ་བའི་ཤེས་རབ་ཡེ་ཤེས་ལ་)གཉིས་སུ་མེད་པའི་ཡེ་ཤེས་མེད་དོ། །གཉིས་སུ་མེད་ པའི་ཡེ་ཤེས་མེད་པའི་ཕྱིར་སངས་རྒྱས་ཉིད་ཀྱང་མེད་པར་འགྱུར་ཏེ་རྣམ་པར་དག་པ་མཆོག་ ཏུ་མི་འགྱུར་བའི་ཡེ་ཤེས་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཤེས་རབ་ཀྱི་ཡེ་ཤེས་ནི་ཤེས་ རབ་ཡེ་ཤེས་ཡིན་ན་(འོ་ན་)དེའི་ཚེ་(རིགས་པ་མཚུངས་པས་)ཐབས་ཀྱི་ཡེ་ཤེས་ནི་ཐབས་ཡེ་ཤེས་སོ་ ཞེས་པ་(ཡིན་པར་འགྱུར་དགོས་)སྟེ་དེ་ལྟར་(འདོད་)ན་(ཡེ་ཤེས་གཉིས་སུ་འགྱུར་བ་སོགས་)སྐྱོན་སྔ་མ་བཞིན་ ནོ། །བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ ཤེས་ཀྱི་བསྟོད་པ་ལས་ཚིགས་སུ་བཅད་པ་སུམ་ཅུ་རྩ་དྲུག་(འདི་དག་ཚིགས་བཅད་སུམ་ཅུ་རྩ་བཞི་པ་དང་ རྩ་ལྔ་པ་ཡིན་པའི་ཕྱིར་འདིར་ཡང་རྒྱ་དཔེ་མ་དག་)པ་ལ་སོགས་པ་གཉིས་ཀྱིས་རྣམ་པར་དག་པ་མཆོག་ཏུ་ མི་འགྱུར་བའི་ཡེ་ཤེས་གསུངས་པ་འདི་ལྟ་སྟེ། རྡོ་རྗེ་(བདེ་བ་ཆེན་པོ་)རྫོགས་སངས་རྒྱས་པ(སྟེ་རབ་ དུ་སད་པ)འི་གདན(རྣམ་པ་ཐམས་ཅད་པའི་སྟོང་གཟུགས་དང་)། །སངས་རྒྱས་(ཀྱི་གསུང་གཞོམ་དུ་མེད་པའི་སྒྲས་)བརྗོད་པའི་ཆོས་འཛིན་པ(ནི་གཞོམ་མེད་ཀྱི་སྒྲ་ཉིད་དེ་གསུང་དང་)། །(གཉིས་མེད་ཡེ་ཤེས་ཀྱི་)དཔལ་ལྡན་ སངས་རྒྱས་(བདེ་ཆེན་)པད་མ་(སྟེ་སྟོང་ཉིད་རྣམ་པ་ཐམས་ཅད་པ་ལས་)སྐྱེས(པ་ནི་ཡེ་ཤེས་དང་)། །(ཇི་ལྟ་བ་དང་ ཇི་སྙེད་པ་)ཀུན་མཁྱེན་(པའི་)ཡེ་ཤེས་མཛོད་འཛིན་པ(ནི་ཐུགས་རྡོ་རྗེའོ)། །(མཐའ་ཡས་པའི་སྤྲུལ་བའི་)སྒྱུ་ འཕྲུལ་སྣ་ཚོགས་འཆང་བ(སྟེ་སྟོན་པ)འི་རྒྱལ(པོ་སྐུ་རྣམ་པ་ཐམས་ཅད་པ་ནི་སྤྲུལ་པ་དང་)། །སངས་རྒྱས་(ཀྱི་ 4-1-349 གསུང་གཞོམ་མེད་ཀྱི་སྒྲ་)རིག་སྔགས་ཆེན་པོ་འཛིན(པ་སྟེ་རིགས་སྔགས་ཀྱི་ངོ་བོ་ཉིད་ནི་ལོངས་སྤྱོད་རྫོགས་པ་དང་)། །(ཡེ་ཤེས་ཀྱི་)རྡོ་རྗེ་རྣོན་པོ་(རྣམ་རྟོག་གཅོད་པའི་)རལ་གྲི་ཆེ(ན་པོ་ནི་ཆོས་དང་)། །(འཕོ་བའི་བག་ཆགས་ཀྱི་) རྣམ་(པར་)དག་(པ་ཐིག་ལེ་བཞི་)འགྱུར་བ་མེད་པ་མཆོག(ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་གོ་རིམ་ཅི་རིགས་སུ་སྦྱར)། ཅེས་པ་དང༌། རྒྱུད་ཀྱི་རྒྱལ་པོ་ལས་ཀྱང་སྒྲུབ་ཐབས་ཀྱི་ལེའུ་ལས་ཉིས་བརྒྱར་གཅིག་གིས་མ་ ཚང་པའི་ཚིགས་སུ་བཅད་པ་(བརྒྱ་གོ་དགུ་པ་དང་གོ་བརྒྱད་པ་)དག་གིས་ཕྱག་རྒྱ་ཆེན་མོའི་མཚན་ཉིད་ གསུངས་པ་སེམས་ནི་(འཕྲག་དོག་ལ་སོགས་པའི་)རྙོག་པ་དང་བཅས་ལས་ཀྱི་ཕྱག་རྒྱ་འདི་དང་(རྟོག་ པས་)བརྟགས་པའི་ཡེ་ཤེས་ཕྱག་རྒྱ་སྤང་བྱ་སྟེ། ཡང་དག་རྫོགས་པའི་བྱང་ཆུབ་ཆེད་དུ་རྒྱལ་ བ་མཆོག་(རྡོ་རྗེ་འཆང་)གི་སྐྱེད་མ་(སྟེ་ཡུམ་)མཆོག་གི་ཕྱག་རྒྱ་(ཉོན་མོངས་དང་རྟོག་པས་)གོས་པ་མེད(ཅིང་)། །(འདུས་མ་བྱས་པའི་དབྱིངས་ཡིན་པས་)རྣམ་པར་འགྱུར་བ་མེད་ཅིང་(ནམ་)མཁའ་(དང་)མཉམ་(པ་སྟེ་ མཚུངས་པ་རྣམ་ཤེས་ཀྱི་)མུན་བཅོམ་(བརྟན་གཡོ་ཀུན་ལ་)ཁྱབ་བྱེད་(ཉི་ཟླ་དང་སྲོག་ཐུར་སེལ་གཅིག་ཏུ་་སྦྱོར་བའི་) རྣལ་འབྱོར་དག་གིས་བགྲོད་(པ་སྟེ་ཐོབ་པར་)བྱ་(བ་གདོད་ནས་)ཐེར་ཟུག་(རྟག་པར་)གནས། །ཡེ་ཤེས་ གཟི་བརྗིད་(དེ་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བས་)སྲིད་པའི་(འཕོ་བའི་བགས་ཆགས་ཀྱི་)དྲི་མ་འཕྲོག་ཅིང་དུས་ ཀྱི་འཁོར་ལོ(བདེ་བ་ཆེན་པོ)ས་(སོ་སོ་རང་རིག་པས་)རྗེས་སུ་རིག་པ་བསྒོམ་པར་བྱ(ཞེས་པ་དང་)། །(དེའི་ གོང་དུ་སངས་རྒྱས་རྣམས་ཀྱི་)ཕྱག་རྒྱ་(ཆེན་མོ་ནི་རྡོར་སྙིང་འགྲེལ་པ་ལས། སྣང་བརྙན་དེ་ཉིད་དཔེ་དགུ་རྣམས་ཀྱིས་བསྒྲུབ་ སྟེ། འདི་ལྟ་སྟེ་མིག་ཡོར་དང༌། སྤྲུལ་པའི་གྲོང་ཁྱེར་དང༌། ཞེས་པ་ནས་སྒྱུ་མའི་འཁྲུལ་འཁོར་དང་ཞེས་སོགས་གསུངས་པ་ལྟར་) སྒྱུ་མའི་རྗེས་སུ་མཐུན་པ་(རྣལ་འབྱོར་པའི་)ཡིད་དང་ནམ་མཁའ་ལ་ནི་(པྲ་ཕབ་པའི་)མེ་ལོང་དག་ལ་ གཟུགས་(སྣང་བ་)བཞིན་(དུ་སྣང་བ་ཉིད་)ཏེ། །(དོན་དམ་གྱི་)འཇིག་རྟེན་གསུམ་པོ་(པྲ་ཕབ་པ་ལྟར་)སྣང་ བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་ (ནམ་མཁའ་ལྟར་ཁྱབ་པས་ལོགས་སུ་)དབྱེར་མེད་(ཅིང་གཟུང་འཛིན་དང་བྲལ་བས་)ཡུལ་དང་རྣམ་པར་བྲལ་བ་ (སྣང་བ་ལྟར་གྱི་རྡུལ་ཕྲན་དང་དངོས་པོར་མ་གྲུབ་པས་)སྣང་བ་ཙམ་ནི་མཁའ་ལ་གནས་པ་ཡི། །(གཟུང་བར་ 4-1-350 བྱ་བའི་)སེམས་གཞན་རང་བཞིན་འོད་གསལ་)ལ་(འཛིན་པའི་)སེམས་(གཞན་བདེ་བ་ཆེན་པོ་ཉིད་)[དག་ གིས་ནི་བདག་(ཉིད་གཅིག་པའི་ཚུལ་)གི་འཁྱུད་དེ་(ཤོང་ལ་ཡོད་པ་ལྟར་བདེ)]ཀྱི་རང་བཞིན་འཁྱུད་པ་ གང་ཞིག་(ཉིད་གཅིག་པའི་ཚུལ་)འགྲོ་བ་དུ་མའི་གཟུགས་ཅན་(ཏེ་རྣམ་པ་ཅན་ཡིན་ཡང་ཕྱག་རྒྱ་ཆེན་མོ་)དེ་ནི་ (རང་བཞིན་)གཅིག་པུའོ་ཞེས་པ་དང༌། རྩ་བའི་རྒྱུད་ལས་ཀྱང༌། ལས་ཀྱི་ཕྱག་རྒྱ་བརྟགས་པ་ཡི། ། ཡེ་ཤེས་ཕྱག་རྒྱ་ཡོངས་སྤངས་ནས། །མཆོག་ཏུ་མི་འགྱུར་(བའི་ཡེ་ཤེས་བསྒོམ་པའི་)སྦྱོར་བ་ཡིས། ། ཕྱག་རྒྱ་ཆེན་མོ་རྣམ་པར་བསྒོམ། །ཞེས་པ་སྟེ་བཅོམ་ལྡན་འདས་ཀྱི་ངེས་པ་འདིའི་ཕྱིར་ལས་ ཀྱི་ཕྱག་རྒྱའི་བདེ་བ་ནི་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བར་མི་འགྱུར་རོ། །དེ་ བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་རྣམ་པར་བརྟགས་པ(ཡེ་ཤེས་ཕྱག་རྒྱ)འི་ཤེས་རབ་ ཀྱི་བདེ་བ་ནི་(དང་པོའི་སངས་རྒྱས་)ཀུན་ཏུ་བཟང་པོ་མི་འགྱུར་བའི་བདེ་བ་ཆེན་པོར་མི་འགྱུར་ཏེ་ རྣམ་པར་རྟོག་པ་ཡོངས་སུ་མ་སྤངས་པའི་ཕྱིར་རོ། ། ༈ དེས་ན་བླ་མ་དམ་པ་མ་ཡིན་པའི་མན་ངག་(དབང་པོ་གཉིས་ཀྱི་བདེ་བ་ཐར་པའི་ལམ་དུ་བསྟན་ པ་)ལས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཉམས་པ་རྣམས་(འཛག་བདེ་ལ་ལོངས་སྤྱོད་པའི་རྒྱུ་ལས་སྐྱེ་བ་ཕྱི་མ་ལ་)ཕྱུགས་ཉིད་དུ་(སྐྱེ་བར་)བྱེད་ཅིང་སངས་རྒྱས་ཉིད་མེད་དེ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་(བསྒོམ་པ་) མེད་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་(ཆགས་པ་དང་ཆགས་བྲལ་གྱི་མཐའ་ལ་)རབ་ཏུ་མི་གནས་ པ་ནི་རྣལ་འབྱོར་པ་རྣམས་ལ་བླ་མ་དམ་པ་མ་ཡིན་པའི་(རྣམ་པར་དག་པའི་)ལམ་དང་བྲལ་བས་ རབ་ཏུ་རྟོགས་པར་བྱ་བར་མི་ནུས་སོ། །〔རྣམ་པར་དག་པའི་〕ལམ་ཡང་བཞི་པ་དེ་ཡང་དེ་ བཞིན་ནོ་(འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་)ཞེས་པ་སྟེ་དེ་ལྟར་(མཐར་ཐུག་)དབང་བཞི་པ་མ་རྟོགས་ པའི་ཕྱིར་(དབང་གསུམ་པ་ལ་སོགས་)དབང་ཐམས་ཅད་དོན་མེད་པར་འགྱུར་རོ། ། ༈ གལ་ཏེ་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་དེ་ཉིད་བཞི་པ་ཕྱག་རྒྱ་ཆེན་ པོའི་ཡེ་ཤེས་ཡིན་ཞིང་(དེ་ཐོབ་པ་ལ་)ཕྱག་རྒྱ་ཆེན་པོ་དང་བྲལ་བར་མི་འགྱུར་བ(འི་རྣལ་འབྱོར་བསྒོམ་ 4-1-351 དགོས་པ་)དེ་ལྟ་ན་འོ་ན་དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པས་བདེ་བ་ཆེན་པོ་སྒོམ་པ་ བཅོམ་ལྡན་འདས་ཀྱིས་གསུངས་པ་དང་(དབང་པོ་གཉིས་སྦྱོར་གྱི་བདེ་བ་)བསྒོམ་པ་འདིས་སྐྱེ་བ་འདི་ ཉིད་ལ་སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་དུ་ཡང་(འགྱུར་བར་)གསུངས་པ་འདི་ཅིའི་དོན་ དུ་ཡིན་ཞེས་པ་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་བཅོམ་ལྡན་འདས་ཀྱིས་དབང་པོ་གཉིས་ཀྱི་ སྙོམས་པར་འཇུག་པས་བདེ་བ་ཆེན་པོ་བསྒོམ་པར་གསུངས་པ་གང་ཡིན་པ་དེ་ནི་བདེན་ཏེ་ (འོན་ཀྱང་དེའི་དགོངས་པ་)བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ལས་ཚིགས་སུ་ བཅད་པ་བརྒྱ་དགུ་བཅུ་རྩ་དགུ་པས་གསུངས་པ། ཆགས་པ་གང་གིས་སེམས་ཅན་རྣམས་ནི་ ཉམས་པར་གྱུར་པ་དེ་ཡིས་སྐྱོབ་པ་རྣམས་ནི་གྲོལ་བ་སྟེ། །སེམས་ཅན་རྣམས་ཀྱིས་ཉིན་ཞག་ སོ་སོའི་དུས་སུ་གང་ཞིག་སྲུང་བྱེད་དེ་ནི་སྐྱོབ་རྣམས་སྟེར་བར་མཛད། །སེམས་ཅན་རྣམས་ ཀྱིས་རང་སྙིང་ལ་གནས་བདེ་བ་གང་ཞིག་གཏོང་བྱེད་དེ་ནི་རྒྱལ་རྣམས་སྲུང་བར་མཛད། ། དེས་ན་རྒྱལ་བ་མཆོག་གི་སྤྱོད་པ་འདི་ནི་ལྷ་ཀླུ་ལྷ་མིན་རྣམས་ཀྱིས་བྱ་བ་དཀའ་བར་འགྱུར་ ཞེས་པ་སྟེ། (ཀྱེའི་རྡོ་རྗེར། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་དེས། ། དུག་གིས་དུག་ནི་འབིགས་པར་བྱེད། །ཇི་ལྟར་རླུང་གིས་ཟིན་པ་དེའི། །བཟའ་བར་མུན་སྲན་གྲེའུ་སྦྱིན། །བཟློག་པའི་སྨན་ནི་ བརྟགས་པ་ལས། །རླུང་གིས་རླུང་ལ་བསྣུན་པར་བྱེད། །རྣམ་རྟོག་ལས་ནི་རྣམ་རྟོག་དང༌། །སྲིད་པ་ཉིད་ཀྱིས་སྲིད་པ་བདག །ཅེས་ སོགས་མང་དུ་གསུངས་པ་ལྟར་)འདིར་འཕོ་བའི་ཆགས་པ་གང་གིས་སེམས་ཅན་རྣམས་ནི་ཉམས་པ་ སྟེ་འཆི་བར་འགྱུར་བ(འི་ཐིག་ལེ་)དེ་ཉིད་འཕོ་བ་མེད་པ་མཆོག་ཏུ་མི་འགྱུར་བར་གྱུར་བས་སྐྱོབ་ པ་སངས་རྒྱས་རྣམས་ནི་(འཁོར་བའི་འཆིང་བ་ལས་)གྲོལ་བར་འགྱུར་རོ། །སེམས་ཅན་རྣམས་ནི་བུ་ དང་ཆུང་མ་ལ་སོགས་པ་གང་ཞིག་སྲུང་བར་བྱེད་པ་དེ་ནི་སྐྱོབ་པ་རྣམས་ཀྱིས་(གཞན་ལ་)སྟེར་ བར་མཛད་དོ། ། 4-1-352 སེམས་ཅན་རྣམས་ཀྱིས་བདེ་བ་ཆེན་པོ་(ཐིག་ལེ་)གང་ཞིག་གཏོང་བར་བྱེད་པ་དེ་ནི་སངས་ རྒྱས་རྣམས་ཀྱིས་(སྔར་སློབ་ལམ་གྱི་དུས་སུ་)སྲུང་བར་མཛད་དེ་རྒྱུ་དེས་ན་དེ་བཞིན་གཤེགས་པ་ རྣམས་ཀྱི་(སྔོན་ལམ་གྱི་གནས་སྐབས་ཀྱི་)རྣམ་འཕྲུལ་གྱི་མཛད་པ་ནི་ལྷ་དང་ལྷ་མ་ཡིན་དང་མི་དང་ཀླུ་ རྣམས་ཀྱིས་བྱ་བ་དཀའོ། །དེས་ན་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་དེ་ཉིད་མི་འཕོ་བར་ བྱས་ཏེ་རིམ་པ་ཇི་ལྟ་བས་མཆོག་ཏུ་མི་འགྱུར་བ་(བདེ་བ་ཆེན་པོའི་ཡེ་ཤེས་)སྒྲུབ་པའི་དོན་དུ་དབང་ པོ་གཉིས་སྙོམས་པར་འཇུག་པའི་བདེ་བ་བསྒོམ་པར་གསུངས་ཀྱི་བྱང་ཆུབ་ཀྱི་སེམས་འཕོ་ བའི་གནས་སྐབས་〔སུ་〕ནི་(དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པ་བྱ་བར་གསུངས་པ་)མ་ཡིན་ནོ། །འཕོ་ བའི་བག་ཆགས་འདི་ནི་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་གློ་བུར་གྱི་དྲི་མའི་ རང་བཞིན་(ནམ་རྩ་བ་ཡིན་)ཏེ་(རྒྱུ་)དེས་(སེམས་ཅན་རྣམས་འགྲོ་བ་དྲུག་ཏུ་)འཁོར་བའོ། ། ༈ ཕྱག་རྒྱའི་སྦྱོར་བ་གང་གིས་(སེམས་ཅན་ཕལ་པ་རྣམས་ལ་)འཕོ་བའི་བག་ཆགས་དེར་འགྱུར་ བའི་སྦྱོར་བ་དེ་ཉིད་ཀྱིས་(རྣལ་འབྱོར་པ་ཐབས་ལ་མཁས་པ་ལ་)མི་འཕོ་བའི་བག་ཆགས་སུ་འགྱུར་ཏེ་ དངུལ་ཆུ་དང་མེ་བཞིན་ནོ། །(དཔེའི་དོན་དེ་དག་)བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་སྒྲུབ་ ཐབས་ཀྱི་ལེའུ་ལས་ཚིགས་སུ་བཅད་པ་ཉིས་བརྒྱ་ཉི་ཤུ་རྩ་བཞི་པས་གསུངས་པ། མེ་ནི་ དངུལ་ཆུའི་དགྲ་ཉིད་ཡིན་ཏེ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་(མི་གཡོ་བར་)འཆིང་ བ་མེད། །མ་བཅིངས་ན་ནི་(དངུལ་ཆུས་ཟངས་ལྕགས་)གསེར་(དུ་)བྱེད་(པ་)མེད་དེ་གསེར་དང་བྲལ་ ན་(གསེར་འགྱུར་)སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་ རྟག་ཏུ་རྣལ་འབྱོར་པ་རྣམས་དག་གི་(བྱང་ཆུབ་ཀྱི་)སེམས་(དཀར་པོ་)ནི་འཆིང་མི་འགྱུར། །བཅིངས་ པ་མེད་ན་(བྱང་སེམས་ཐིག་ལེས་)ལུས་འབིགས་མེད་དེ་མ་ཕུག་ལུས་ཀྱིས་འདིར་ནི་(རང་བཞིན་ལྷུན་ གྱིས་གྲུབ་པའི་)ལྷན་སྐྱེས་བདེ་བ་སྟེར་བ་མིན་(ཏེ་མི་འཐོབ་པོ་)ཞེས་པ་སྟེ་འདིར་ཇི་ལྟར་མེ་ལ་རེག་ པས་དངུལ་ཆུ་འབྲོས་པར་འགྱུར་ཏེ་ཐབས་དང་བཅས་པའི་མེ་དེ་ཉིད་ཀྱིས་འཆིང་བར་བྱེད་ 4-1-353 དོ། །དེ་བཞིན་དུ་(ཤེས་རབ་ཀྱི་)ཆོས་འབྱུང་ལ་རེག་པས་བྱང་ཆུབ་ཀྱི་སེམས་འབྲོས་པར་བྱེད་དེ་ དེ་ཉིད་(ཤིན་ཏུ་རྣལ་འབྱོར་གྱི་)ཐབས་དང་བཅས་པ་ཉིད་ཡིན་ན་འཆིང་བར་བྱེད་དོ། །ཇི་ལྟར་མེས་ དངུལ་ཆུ་བཅིངས་པས་ལྕགས་ཐམས་ཅད་གསེར་དུ་བྱེད་དོ། །དེ་བཞིན་དུ་ཆོས་འབྱུང་གི་ སྦྱོར་བས་བྱང་ཆུབ་ཀྱི་སེམས་བཅིངས་པས་(རྣལ་འབྱོར་པའི་)ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་ སོགས་པ་སྒྲིབ་པ་མེད་པར་བྱེད་དོ(ཀྱེའི་རྡོ་རྗེར་ཡང༌། ཇི་ལྟར་རྣ་བར་ཆུར་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་ བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང༌། །རྣམ་པར་ངེས་པར་སྦྱང་བར་བྱ། །ཇི་ལྟར་འཚེད་པས་ཚིག་པ་ཡང༌། །མི་ཡིས་ཡང་ནི་ གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །ཞེས་སོགས་དང་མཐུན་ནོ། །དོན་ དམ་བསྙེན་པར་ཡང༌། བུད་མེད་སྦྱོར་བས་དམན་ན་ཐར་བའི་བདེ་བ་མེད། །བུད་མེད་སྦྱོར་བས་དམན་ན་སྲིད་པའི་སྡུག་བསྔལ་ མེད། །དེ་ཕྱིར་རང་གི་བློ་ཡིས་ལེགས་པར་དཔྱད་ནས་ནི། །སྔགས་པས་གང་ལ་མོས་པ་ཡང་ནི་བླང་བར་གྱིས། །ཤིང་ལས་མེ་ དང་ཆུ་ཡང་ཟླ་བ་ཆུ་ཤེལ་ལས། །ཞོ་ལས་མར་དང་ལྕགས་ཀྱི་རིགས་ནི་རྡོ་རྣམས་ལས། །བུད་མེད་སྐྱེ་གནས་སྦྱོར་བས་བདེ་བ་མ་ ཉམས་པ། །རྣལ་འབྱོར་རྣམས་ཀྱིས་ཐབས་ཀྱི་སྦྱོར་བས་གཟུང་བར་བྱ། །ཞེས་གསུངས་སོ)། །དེའི་ཕྱིར་དངུལ་ཆུ་དང་ བྱང་ཆུབ་ཀྱི་སེམས་དག་གི་མཐུ་ནི་བརྟག་པར་བྱ་བ་མ་ཡིན་ཏེ་རྨོངས་པ་རྣམས་ཀྱིས་རྣམ་པར་ དཔྱད་པར་བྱ་བར་མི་ནུས་སོ། ། ༈ དེའི་ཕྱིར་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་དོན་དུ་ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ ལ་ཡང་ལྷའི་དམིགས་པ་རབ་ཏུ་གསུངས་པ་ནི་དངུལ་ཆུའི་བདུག་པ་དང་བསྐོལ་བ་ལ་སོགས་ པ་ལྟ་བུ་སྟེ་(འགའ་ཞིག་འདོད་པ་ལྟར་)ཕྱུགས་ཀྱི་ལས་(བཞིན་དུ་)པད་མར་རབ་ཏུ་ཞུགས་པའི་བྱང་ ཆུབ་སེམས་བཟའ་བ་ནི་དེ་བཞིན་གཤེགས་པས་གསུངས་པ(འི་དགོངས་པ)་མ་ཡིན་ནོ། །བཅོམ་ ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ལས་ཚིགས་སུ་བཅད་པ་བདུན་ཅུ་རྩ་གསུམ་ པས་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་སྒྲུབ་པ་གསུངས་པ་འདི་ལྟ་སྟེ། རྒྱལ་བའི་ལྷན་སྐྱེས་བདེ་ བ་འདི་ནི་འཕེལ་བའི་དོན་སླད་དང་པོར་(རྗེས་དྲན་གྱི་སྐབས་སུ་)ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱའོ། 362། དེ་ནས་(བདེ་བ་ཆེན་པོའི་སྐད་ཅིག་མ་རིམ་གྱིས་འཕེལ་ནས་ཏིང་ངེ་འཛིན་མཐར་ཕྱིན་པ་ན་ཤེས་རབ་རྡོ་རྗེ་)ཉི་མའི་(སྟོང་ པ་ཉིད་ཀྱི་)གཟུགས་ནི་(ཀུན་ནས་)ལུས་དང་〔ཀུན་ནས་〕གདོང་དང་〔ཀུན་ནས་〕རྐང་པ་〔ཀུན་ནས་〕 གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་པ་སྟེ། །གློག་གི་དབྱུག་པའི་རྗེས་(སུ་)མཐུན་(ཡང་འོད་ གསལ་བ་)འཕོ་མེད་བདེ་བ་སྐྱེད་པར་བྱེད་མ་(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་)མཚན་ཉིད་(དང་ཆོས་ཀྱི་སྐུའི་)ཡན་ལག་རབ་ཏུ་རྫོགས། །(སྐུའི་རྡོ་རྗེ་ལ་སོགས་པ་)རྡོ་རྗེ་རྣམས་(འོད་ཟེར་)ཀྱིས་(སྲིད་གསུམ་གཞན་མ་ ལུས་པ་)རབ་ཏུ་སྣང་བར་བྱེད་མ་སྲིད་གསུམ་(བརྟན་པ་དང་གཡོ་བ་ལས་ཁྱབ་པར་)གནས་(པའི་)ལུས་(ཏེ་ སྐུ་)ཆོས་ཀྱི་དབྱིངས་ནི་(བདེ་བ་ཆེན་པོའི་རང་བཞིན་ནི་)དེ་ནས་(ཡོངས་སུ་རྫོགས་པར་ཐོབ་པར་)འགྱུར་ཞེས་པ་ དང་སླར་ཡང་ལེའུ་དེ་ཉིད་ལས་ཚིགས་སུ་བཅད་པ་བརྒྱ་བཅུ་གསུམ་པས་གསུངས་པ། (ཕྱག་ རྒྱ་ཆེན་མོ་ནི་རྣལ་འབྱོར་པའི་)སེམས་(རྣམ་པར་མི་རྟོག་པ་ཉིད་)ཀྱི་(རང་བཞིན་འོད་གསལ་)སྣང་བ་ཙམ་སྟེ་(རྣལ་ འབྱོར་པ་)རང་གི་ཡིད་(ཀུན་ཏུ་བཟང་པོ་)ལས་སྐྱེས་པ་(སྟེ་ཡིད་ཀྱི་རང་བཞིན་འོད་གསལ་པྲ་ཕབ་པའི་)མེ་ལོང་གི་ ནི་གཟུགས་བརྙན་ལྟ་བུ་ཉིད(དེ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ)། །(དེ་ལྟར་ཕྱག་རྒྱ་ཆེན་མོ་)གང་ཞིག་ མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་(རིམ་པ་ལྟར་བསྒོམ་པ་དང་མངོན་དུ་མཛད་པའི་ ཚུལ་གྱིས་)བསྟེན་པ་(དེ་)རྣལ་འབྱོར་དབང་པོས་(ཀྱང་)བསྟེན་(པར་)བྱ་སྟེ། །(བསྟེན་པའི་ཡོན་ཏན་རྣམ་ པར་མི་རྟོག་པའི་)ཡེ་ཤེས་(ཀྱི་)མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་〔ལུས་ཀྱི་སྒྲིབ་པ་སད་པའི་གནས་སྐབས་ སོགས་〕བདུད་(བཞིའི་)དཔུང་(རྣམ་རྟོག་)ཡུལ་དང་བཅས་པ་མཐའ་དག་སྲེག་(པ་སྟེ་ཟད་པ་)བྱེད་ཅིང་ ལུས་ལ་ཆགས་པ་ལ་སོགས་(ཉོན་མོངས་པ་རྣམས་)ཀྱང་(སྲེག་པར་བྱེད་པ་)སྟེ་རྣལ་འབྱོར་(པ་བཟང་པོ་རྗེས་ དྲན་ཐོབ་པ་)རྣམས་ལ(དུས་ཀྱི་འཁོར་ལོའི་)ལོ་(གསུམ་པོ་དང་ཕྱོགས་གསུམ་པོ་)ཡི་སྦྱོར་བས་བདེ་མཉམ་(ཕྱག་ རྒྱ་ཆེན་པོའི་དངོས་གྲུབ་)སྟེར་བར་བྱེད་ཅེས་པ་སྟེ་བཅོམ་ལྡན་འདས་ཀྱི་ངེས་པ་འདིའི་ཕྱིར་(རྗེས་དྲན་ གྱི་སྐབས་སུ་)དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པས་ཀྱང་ཕྱི་རོལ་ཀྱི་དབང་པོ་ལས་སྐྱེས་པ་ (ཐིག་ལེ་)འགྱུར་བ(སྟེ་འཕོ་བ)འི་བདེ་བ་རྣམ་པར་སྤངས་ནས་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་ 4-1-354 ཕྱག་རྒྱ་ཆེན་མོ་(རྣལ་འབྱོ་མ་)རང་གི་སེམས་(རྣམ་པར་མི་རྟོག་པ་ཉིད་)ཀྱི་སྣང་བ་ཙམ་(པྲ་ཕབ་པ་དང་མཚུངས་ པ་)འདི་རྣལ་འབྱོར་པས་བསྒོམ་པར་བྱའོ། ། ༈ འོ་ན་དེ་བཞིན་གཤེགས་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་མེད་ན་དབང་པོ་ གཉིས་ཀྱི་སྦྱོར་བ་དང་བྲལ་བ་ནི་ཤེས་རབ་ཡེ་ཤེས་རང་རིག་པར་མི་འགྱུར་ཏེ་(ཐིག་ལེ་)འཕོ་བ་ མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པ་མ་ཡིན་ནམ་ཇི་ལྟར་རྣལ་འབྱོར་པས་རང་གི་(རྣམ་པར་ མི་རྟོག་པའི་)སེམས་ཀྱི་སྣང་བ་ལ་རང་གི་〔རྣམ་པར་མི་རྟོག་པའི་〕སེམས་རྗེས་སུ་ཆགས་པ(སྟེ་རྩེ་ གཅིག་ཏུ་དམིགས་པ)ར་བྱས་ནས་རང་གི་སེམས་སྒྲིབ་པ་མེད་པར་བྱེད་ཅིང་མི་འགྱུར་བའི་བདེ་བ་ ཆེན་པོའི་ཡེ་ཤེས་ཀྱང་ལོངས་སྤྱོད་པར་བྱེད་(ནས་མི་ཕྱེད་པར་འགྱུར་)དེ(རང་གི་རྣམ་པར་མི་རྟོག་པའི་སེམས་ དེ་ལ)། རྡུལ་ཕྲ་རབ་ཚོགས་པའི་ལུས་མེད་པའི་ཕྱིར་རོ། །(རང་གིས་རང་ལ་འཁྱུད་པ་ཞེས་པ་)འདི་ ཉིད་ནི་ཕྱིན་ཅི་ལོག་པ་སྟེ་(དཔེར་ན་)ལྷ་སྦྱིན་(བདག་ཉིད་)བདག་ཉིད་ཀྱི་ཕྲག་པར་ཞོན་ནས་གྲོང་དུ་ འགྲོའོ་ཞེས་པའི་ངག་བཞིན་ནོ་ཞེས་པ་འདིར་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་རྨོངས་པ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ ཡིན་པ་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་མ་ གཏོགས་པ་(རང་གི་)སེམས་ཙམ་གྱིས་ཤེས་རབ་ཡེ་ཤེས་(བདེ་བ་ཆེན་པོ་)རང་རིག་པར་མི་འགྱུར་ བ་དེ་ནི་( དེ་ལྟར་) མ་ཡིན་ཏེ་གང་གི་ཕྱིར་〔གློ་བུར་བའི་སེམས་འདི་ལ་ཡང་རྡུལ་ཕྲན་ཚོགས་ པའི་ལུས་མེད་ཀྱང་〕གློ་བུར་པའི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་(བདེ་སྡུག་རང་རིག་པས) སོ། །འདིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཅེས་བྱ་བ་ནི་(འཁོར་བའི་)གློ་བུར་བའི་སེམས་ ཀྱི་བག་ཆགས་སོ། །(བག་ཆགས་)དེའི་དྲིན་གྱིས་སེམས་ལ་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་ རབ་ཏུ་འཇུག་སྟེ་དོན་དམ་པར་རྣམ་པར་དཔྱད་ན་ལུས་འདི་ལ་ཉེ་བར་འཚེ་བ་ཕྲ་མོ་(ཙམ་ཡང་) ཡོད་པ་མ་ཡིན་ནོ། །འདིར་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ལུས་〔འདི་ནི་〕ནི་རྨི་ལམ་ 4-1-355 གྱི་གནས་སྐབས་ན་རབ་ཏུ་(གཡོ་བ་མེད་པར་)ལྷུང་སྟེ་གནས་ཤིང་(གཉིད་ལོག་པ་པོ་)གང་གི་སེམས་ ལ་སྡུག་བསྔལ་རབ་ཏུ་འཇུག་པ་(ན་ལུས་)འདི་ལ་(སྡུག་བསྔལ་གྱི་)ཉེ་བར་འཚེ་བ་ཕྲ་མོ་འགའ་ཡང་ ཡོད་པ་མ་ཡིན་ནོ། །འདི་ནི་འཇིག་རྟེན་ཐམས་ཅད་དུ་རབ་ཏུ་གྲགས་པ་སྟེ་(རྨི་ལམ་གྱི་)གནས་ སྐབས་དེ་ཉིད་ལ་སེམས་ཀྱི་བག་ཆགས་ཀྱི་བདག་ཉིད་ཀྱི་ལུས་གཞན་རྡུལ་ཕྲ་རབ་ཚོགས་པ་ དང་བྲལ་བ་ཡུལ་གཞན་དུ་འགྲོ་བར་རབ་ཏུ་སྣང་སྟེ་ཡུལ་གཞན་དུ་སོང་བ་དེའི་ལུས་ལ་ཆོམ་ རྐུན་ལ་སོགས་པ་རྣམས་ཀྱིས་ཉེ་བར་འཚེ་བ་བྱས་པ(རྨིས་པ)ར་གྱུར་ན་ཉེ་བར་འཚེ་བ་(རྨིས་པ་) དེས་སེམས་ལ་སྡུག་བསྔལ་རབ་ཏུ་འཇུག་ཅིང་སྡུག་བསྔལ་དེས་ངུ་བར་བྱེད་དེ་(དོན་ལ་ཡུལ་ གཞན་དུ་སོང་བའི་)ལུས་མེད་ཅིང་ཆོམ་རྐུན་ལ་སོགས་པ་མེད་པར་སེམས་ཀྱི་སྡུག་བསྔལ་གྱི་ཤེས་ པ་རང་རིག་པ་རབ་ཏུ་འཇུག་པ་འདི་ནི་(ངོ་མཚར་ཞིང་)རྨད་དུ་བྱུང་བ་ཆེན་པོའོ། །དེ་བཞིན་དུ་རྨི་ ལམ་དུ་(དབང་པོ་གཉིས་ཀྱི་)འདོད་པ་ཆེན་པོ་ཉེ་བར་ལོངས་སྤྱོད་པ་(རྨིས་པ་)རྣམས་ཀྱི་སེམས་ལ་ བདེ་བ་རབ་ཏུ་འཇུག་སྟེ་(འདོད་པ་ལ་སྤྱོད་པའི་)ལུས་མེད་ཅིང་〔དབང་པོ་གཉིས་ཀྱི་〕འདོད་པ་ཆེན་ པོ་ཉེ་བར་ལོངས་སྤྱོད་པ་རྣམས་མེད་པར་སེམས་ཅན་རྣམས་ཀྱི་སེམས་ཀྱི་བདེ་བའི་ཤེས་པ་ རང་རིག་པ་རབ་ཏུ་འཇུག་པ་དེ་ཉིད་ནི་ངོ་མཚར་རོ། ། ༈ (འཁོར་བ་པའི་)ཉི་ཚེ་བའི་ཤེས་པ་འདི་ཉིད་(ཀྱི་གནས་ལུགས་)ཀྱང་མཁས་པ་རྣམས་ཀྱིས་ རྣམ་པར་དཔྱད་པར་མི་ནུས་ན་འཁོར་བའི་བག་ཆགས་ལས་འདས་ཤིང་མྱ་ངན་ལས་འདས་ པ(སེམས་རང་བཞིན་འོད་གསལ་བསྒོམ་པ)འི་བག་ཆགས་ལས་བྱུང་པ་རྣལ་འབྱོར་པའི་(རྣམ་པར་མི་རྟོག་ པའི་ཏིང་ངེ་འཛིན་གྱི་སེམས་ཀྱིས་)རང་རིག་པ་(སྟེ་རྣམ་པར་མི་རྟོག་པའི་སེམས་ལ་སྣང་བའི་)ཀུན་ཏུ་བཟང་པོ་མི་ འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་(ཀྱི་གནས་ལུགས་)རྨོངས་པ་རྣམས་ཀྱིས་རྣམ་པར་བརྟག་ པར་མི་ནུས་པ་ལྟ་ཅི་སྨོས། ༈ ཅི་སྟེ་མུ་སྟེགས་པ་སྡིག་པའི་བློ་ཅན་སྲོག་གི་རླུང་གི་དེ་ཁོ་ན་ཉིད་ལ་དགའ་བ་(སྟེ་སྲོག་གི་ 4-1-356 རླུང་དོན་དམ་གྱི་བདེན་པར་འདོད་པ་)རྣམས་(ན་རེ་)འདིར་རྨི་ལམ་གྱི་གནས་སྐབས་ན་(བདེ་སྡུག་རང་རིག་པ་ སྟེ་)རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཀྱི་ལུས་〔འདི་〕ལ་དབུགས་འབྱུང་བ་དང་འཇུག་པ་ཡོད་ ཅིང་དབུགས་འབྱུང་བ་དང་འཇུག་པ་དེ་དག་གི་མཐུ་ལས་(བདེ་སྡུག་བཏང་སྙོམས་ཀྱི་)གནས་སྐབས་ གསུམ་དུ་འགྱུར་གྱི་དབུགས་འབྱུང་བ་དང་འཇུག་པ་མེད་པ་ལས་ནི་(དེར་འགྱུར་བ་)མ་ཡིན་ནོ། ། ཞེས་པ་འདི་སྨྲ་ན་འདི་ཉིད་རྣམ་པར་དཔྱད་པར་བྱ་སྟེ་འདིར་གལ་ཏེ་དབུགས་འབྱུང་བ་དང་ འཇུག་པ་དག་མེད་པར་སེམས་ལ་རྨི་ལམ་གྱི་གནས་སྐབས་མེད་ན་(འོ་ན་)དེའི་ཚེ་(གང་ཟག་ལ་ལ་ ཞིག་)འཆི་བ་(ལྟ་བུར་གྱུར་བ་)བརྒྱལ་བའི་གནས་སྐབས་སུ་དབུགས་འབྱུང་བ་དང་འཇུག་པ་དག་ མེད་པར་ཐུན་ཚོད་གཅིག་གི་བར་དུ་(རང་གི་)སེམས་(ལ་ཡུལ་སྣ་ཚོགས་)རབ་ཏུ་སྣང་བར་ཇི་ལྟར་ འགྱུར་(གནས་སྐབས་དེར་)གཤིན་རྗེའི་རྒྱལ་པོའི་བཀས་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་(རང་གི་) ལུས་ཁྱེར་བར་བྱེད་པ(འི་སྣང་བ་)དང་གཤིན་རྗེའི་གྲོང་ཁྱེར་རབ་ཏུ་སྣང་བར་འགྱུར་ཞིང་གཤིན་ རྗེའི་གྲོང་ཁྱེར་དེར་གཤིན་རྗེའི་རྒྱལ་པོ་ཡང་རབ་ཏུ་སྣང་བར་འགྱུར་ཏེ་གཤིན་རྗེ་དེས་ཁྱེར་ བའི་(མིའི་བག་ཆགས་ཀྱི་)ལུས་དེའི་བསོད་ནམས་(ཟད་མ་ཟད་)དང་སྡིག་པ་(ཆེ་ཆུང་)ལ་རྣམ་པར་དཔྱོད་ པར་བྱེད་དོ། །རྣམ་པར་དཔྱད་ནས་(གཤིན་རྗེའི་རྒྱལ་པོ་དེས་)འདི་སྨྲ་སྟེ་ཇི་ལྟར་ད་དུང་(མི་)འདིའི་ཚེ་ ཟད་པར་མ་གྱུར་ཏོ། །དེའི་ཕྱིར་ཇི་སྲིད་འདིའི་(རྡུལ་ཕྲ་རབ་འདུས་པའི་)ལུས་(མལ་ན་གནས་པ་དེ་)འཇིག་ པར་མི་འགྱུར་གྱི་བར་དུ་ཡང་(བག་ཆགས་ཀྱི་ལུས་ཅན་གྱི་)སེམས་ཅན་འདི་མིའི་འཇིག་རྟེན་དུ་མྱུར་ དུ་ཁྱེར་ཅིག་ཅེས་གཤིན་རྗེའི་ཕོ་ཉ་རྣམས་ལ་བསྒོ་བར་འགྱུར་ཏེ། བསྒོ་བ་དེས་གཤིན་རྗེའི་ ཕོ་ཉ་དེ་རྣམས་ཀྱིས་(གཤིན་རྗེའི་གྲོང་ཁྱེར་)དེ་ནས་(བག་ཆགས་ཀྱི་)ལུས་(དེ་)མིའི་འཇིག་རྟེན་དུ་(ཁྱེར་ནས་ སྔར་གྱི་ལུས་གནས་པའི་མལ་དུ་)འདོར་བར་བྱེད་དོ། །དོར་བར་གྱུར་པ་ན་སེམས་ཀྱི་བག་ཆགས་(སྔར་ གྱི་ལུས་ལ་ཞུགས་པ་ཉིད་)ཀྱི་དབང་གིས་སླར་ཡང་ཤི་བའི་ལུས་དེ་ལ་དབུགས་འབྱུང་བ་དང་འཇུག་ པ་དག་ཏུ་འགྱུར་ཏེ་དེའི་ཚེ་(བརྒྱལ་བའི་གནས་སྐབས་ཀྱི་སེམས་ཀྱི་བག་ཆགས་ལས་)བག་ཆགས་གཞན་(སད་ 4-1-357 པའི་སེམས་ཀྱི་བག་ཆགས་)གྱི་དབང་གིས་སད་པའི་གནས་སྐབས་སུ་འགྱུར་རོ། །གནས་སྐབས་ དེ་ལ་སེམས་རབ་ཏུ་སད་པའི་ཕྱིར་གཉེན་གྱི་སྡེ་ལ་གཤིན་རྗེའི་རྒྱལ་པོའི་གཏམ་བརྗོད་པར་ བྱེད་དོ། །དེའི་ཕྱིར་ལུས་མེད་ཅིང་དབུགས་འབྱུང་བ་དང་འཇུག་པ་དག་ཀྱང་མེད་པར་ཐོག་ མ་མེད་པའི་(འཁོར་བ་པའི་)སེམས་ཀྱི་བག་ཆགས་གློ་བུར་བ་ནི་ཡང་དང་ཡང་དུ་སྐྱེ་བའི་དབང་ གིས་(འབྱུང་བར་)འགྱུར་ཏེ་སེམས་ཅན་རྣམས་ཀྱི་རང་བཞིན་(ནམ་ཆོས་ཉིད་)ནི་མ་ཡིན་ནོ། །གལ་ ཏེ་འཁོར་བའི་(སེམས་ཀྱི་)བག་ཆགས་འདི་(སེམས་ཀྱི་)རང་བཞིན་〔ནམ་ཆོས་ཉིད་〕དུ་གྱུར་པ་ཡིན་ ན་(གཉེན་པོས་སྤང་དུ་མི་རུང་བས་)སེམས་ཅན་རྣམས་སངས་རྒྱས་ཉིད་ཅེས་བྱ་བར་མི་འགྱུར་རོ། །རྒྱུ་ གང་གིས་(འཁོར་བ་པའི་སེམས་ཀྱི་བགས་ཆགས་འདི་སེམས་ཀྱི་རང་བཞིན་དང་འབྲལ་དུ་རུང་ཞིང་གནས་སྐབས་རྣམས་ སུ་གསར་དུ་བྱུང་བའི་)གློ་བུར་བའི་རྒྱུ་དེས་(འཁོར་བ་པའི་སེམས་ཀྱི་བག་ཆགས་)འདི་(གཉེན་པོ་བསྒོམ་པས་)ཟད་ པར་འགྱུར་ཏེ་དེ་ཟད་པ་ལས་(སེམས་ཅན་རྣམས)སངས་རྒྱས་(པ་)ཉིད་དུ་དེ་བཞིན་གཤེགས་པས་ གསུངས་སོ། ། ༈ དེ་ལྟར་(རིག་པའི་)རྣམ་པ་དུ་མས་རྣམ་པར་དཔྱད་ན་འཁོར་བ་འདི་ནི་རང་གི་སེམས་ ཀྱི་བག་ཆགས་ཙམ་སྟེ་གཞན་འགའ་ཡང་མ་ཡིན་ནོ། །འཁོར་བ་པའི་བག་ཆགས་(ཀྱི་རྩ་བ་ ཉིད་)ཀྱང་(ཐིག་ལེ་)འཕོ་བའི་མཚན་ཉིད་ཀྱི་(བདེ་བའི་)སྐད་ཅིག་ཡིན་གྱི་〔ཐིག་ལེ་〕མི་འགྱུར་བ(འི་ བདེ་བ་)མ་ཡིན་ནོ། །མྱ་ངན་ལས་འདས་པ(ཐོབ་པའི་རྒྱུ)འི་བག་ཆགས་ནི་〔ཐིག་ལེ་〕མི་འཕོ་བའི་ མཚན་ཉིད་ཀྱི་(བདེ་བའི་)སྐད་ཅིག་ཡིན་གྱི་འགྱུར་བ(འི་བདེ་བ་)མ་ཡིན་ནོ། །བཅོམ་ལྡན་འདས་ ཀྱིས་རྒྱུད་ཀྱི་རྒྱལ་པོའི་ནང་གི་ལེའུ་ལས་ཚིགས་སུ་བཅད་པ་བརྒྱ་རྩ་གཉིས་པས་(འཁོར་བའི་ བག་ཆགས་)གསུངས་པ་འདི་ལྟ་སྟེ། (སེམས་ཅན་གྱི་བསམ་པ་)གང་ཞིག་(བག་ཆགས་)གང་གིས་དབུས་ སུ་རབ་ཞུགས་(པས་རང་རང་གི་རིགས་ཀྱི་)བརྟུལ་ཞུགས་ངེས་པ་ལ་དགའ་(ཞིང་བརྟུལ་ཞུགས་སོ་སོའི་བྱ་ བའི་)ལས་ཀྱི་ཞགས་པས་ངེས་བཅིངས་པ། །(ལས་ཀྱི་བག་ཆགས་)དེ་ཡི་དབུས་སུ་རང་རང་བསམ་ 4-1-358 པས་མི་བདག་(ཅེས་བོད་པ་སྟེ་འགྲོ་བ་)དེས་རིགས་སུ་དེ་ཡི་(དངོས་པོའི་བག་ཆགས་)འཛིན་པ་དག་གིས་ (སྐྱེ་བར་)འགྱུར། །ཇི་སྲིད་སེམས་ཀྱི་རང་བཞིན་(ཏེ་དངོས་པོ་)དག་ནི་རྣམ་གསུམ་སྲིད་པའི་(བག་ ཆགས་ཀྱི་)དབང་གིས་ཚོར་བ་བདེ་དང་སྡུག་བསྔལ་(ཉམས་སུ་མྱོང་)བ། །དེ་སྲིད་(དུ་)འཇིགས་རུང་ འཁོར་བ་འདིར་(སྐྱེ་བོ་ཀུན་གཞིའི་རྣམ་ཤེས་)འཁྱམ་(སྟེ་ཀྱེ་)མི་ཡི་བདག་པོ་མཐོ་རིས་(ལྷ་ཡུལ་དང་)མི་ ཡུལ་དག་(པ་)དང་འོག་(ངན་སོང་གསུམ་)ཏུ་ཡང་(འཁྱམ་མོ་)ཞེས་པ་དང་སླར་ཡང་ལེའུ་དེ་ཉིད་ ལས་ཚིགས་སུ་བཅད་པ་དགུ་བཅུ་རྩ་བདུན་པས་〔མྱང་ངན་ལས་འདས་པ་ཐོབ་པའི་རྒྱུ་〕རྣལ་ འབྱོར་གྱི་བག་ཆགས་གསུངས་པ། །རྣལ་འབྱོར་དབང་པོ་(རིག་པའི་རྣལ་འབྱོར་གོམས་པར་བྱེད་པ་དག་)རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་པ་ན། །དཔལ་ལྡན་མི་ ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པ(སངས་རྒྱས་དང་བྱང་ཆུབ་སེམས་དཔའ)འི་རིགས་སུ་(བདེ་སྟོང་ དབྱེད་མེད་བསྒོམ་པའི་)རྣལ་འབྱོར་ལྡན་པར་སྐྱེ་བར་འགྱུར། །སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་ ཡེ་ཤེས་རྣལ་འབྱོར་ཡངས་པ་(ཉི་ཚེ་བ་མ་ཡིན་པ་)དག་ནི་ཀུན་ཏུ་འཛིན་པ〔སྟེ་ཐོབ་པ〕ར་འགྱུར〔ལ་ བསྒོམ་པ་མཐར་ཕྱིན་ཏེ〕། །ཡེ་ཤེས་ཐོབ་ནས་མི་ཟད་མཆོག་གི་གནས་(རྣམ་ཀུན་མཆོག་ལྡན་གྱི་སྟོང་ པ་ཉིད་ཀྱི་དབྱིངས་)སུ་རབ་〔ཏུ་〕འགྲོ་(ཞིང་དེར་ཕྱིན་པ་ན་)སླར་ཡང་(འགྲོ་བ་)གང་དུའང་སྐྱེ་བ་ལྡན་པ་མིན་ ཞེས་པ་སྟེ་དེའི་ཕྱིར་(རྣལ་འབྱོར་གྱི་)སེམས་ཀྱི་(མྱ་ངན་ལས་འདས་པའི་)བག་ཆགས་ཀྱི་དབང་གིས་(རྣམ་ པར་མི་རྟོག་པའི་སེམས་ཀྱིས་སེམས་དེ་ཉིད་ཀྱི་སྣང་བ་བདེ་བ་ཆེན་པོ་)རང་རིག་པ་ཤེས་རབ་ཡེ་ཤེས་སུ་འགྱུར་ གྱི་རྡུལ་ཕྲ་རབ་ཀྱི་ལུས་(དབང་པོ་གཉིས་)ཀྱི་ཉེ་བར་ལོངས་སྤྱོད་པ་ལས་ནི་(ཤེས་རབ་ཡེ་ཤེས་རང་རིག་པ་)མ་ཡིན་ནོ། ། ༈ ཅི་སྟེ་རྨི་ལམ་གྱི་གནས་སྐབས་སུ་འཁྲིག་པ་བྱས་པ(རྨིས་པ)ར་གྱུར་པ་ན་གཉིད་ལོག་ པའི་ལུས་ལ་(ཁུ་བ་)འཛག་པར་འགྱུར་གྱི་རྨི་ལམ་གྱི་སེམས་ཀྱི་བག་ཆགས་ཀྱི་ལུས་ལས་ནི་ (འཛག་པ་)མ་ཡིན་ནོ། །དེའི་ཕྱིར་(རྡུལ་ཕྲ་རབ་འདུས་པ་)ལུས་འདིའི་མཐུ་ལས་(ཤེས་རབ་ཡེ་ཤེས་)བདེ་ 4-1-359 བ་ཆེན་པོ་རང་རིག་པར་འགྱུར་གྱི་སེམས་ཀྱི་བག་ཆགས་ཀྱི་ལུས་ལས་ནི་(འཛག་པ་)མ་ཡིན་ནོ་ ཞེས་པ་དབང་པོ་གཉིས་ཀྱི་བདེ་བ་ལ་མངོན་པར་ཆགས་པ་འགའ་ཞིག་གི་ཚིག་འབྱུང་བར་ འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ལུས་ལ་ (ཁུ་བ་)འཛག་པར་འགྱུར་གྱི་སེམས་ཀྱི་བག་ཆགས་ཀྱི་ལུས་ཀྱི་དབང་གིས་(འཛག་པ་)ནི་མ་ཡིན་ ནོ་ཞེས་རྨོངས་པ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་འདི་ནི་དེ་ལྟར་(ངེས་པའི་)ཚད་མ་མ་ ཡིན་ཏེ་གང་གི་ཕྱིར་གཟུགས་མེད་པའི་སྲིད་པ་ལ་(ཐིག་ལེ་)འཛག་པའི་ཕྱིར་རོ། །འདིར་གལ་ ཏེ་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ལུས་མེད་པར་〔ཐིག་ལེ་〕འཕོ་བར་མི་འགྱུར་(བར་ཁྱེད་ འདོད་པ་ཡིན་)ཞིང་འཕོ་བ་མེད་པར་(ནི་)འཁོར་བར་(སྐྱེ་བར་)མི་འགྱུར་(བ་ཡིན་)ལ་འཁོ་བ(འི་ཕུང་པོ་ ཁམས་དང་སྐྱེ་མཆེད་)མེད་པར་བདེ་བ་ཆེན་པོ་ལ་ཉེ་བར་དམིགས་པར་ཡང་མི་འགྱུར་(བར་ཁྱེད་འདོད་)ན་(འོ་ན་)དེའི་ཚེ་གཟུགས་མེད་པའི་རིས་རྣམས་(ལ་ཐིག་ལེ་)འཕོ་བ་མེད་པར་(འགྱུར་ཞིང་)སངས་ རྒྱས་ཉིད་ཀྱི་སླད་དུ་སླར་(ཁམས་འོག་མར་)སྐྱེ་བ་འབྱུང་བར་ཇི་ལྟར་འགྱུར་ཏེ་〔མི་འབྱུང་བར་ ཐལ་〕རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ལུས་མེད་པའི་ཕྱིར་གཟུགས་མེད་པ་རྣམས་ཀྱི་ ལུས་ནི་ཁ་ཟས་ཅན་མ་ཡིན་ནོ། །རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ལུས་མེད་པའི་ཕྱིར་ (གཟུགས་མེད་ཁམས་པ་ལ་)ཁུ་བ་འཕོ་བ་མེད་ན་ཁུ་བ་འཕོ་བ་མེད་པའི་ཕྱིར་(གཟུགས་མེད་ཁམས་པ་)དེ་ རྣམས་ལ་(འཕོ་བའི་)བདེ་བ་མེད་ཅིང་(སླར་ཡང་)འཁོར་བ(ར་སྐྱེ་བ་)མེད་པར་འགྱུར་ཏེ་དེ་ལྟར་ཡང་ མ་ཡིན་ནོ། ། ༈ བཅོམ་ལྡན་འདས་ཀྱིས་གཉིས་པ་ནང་གི་ལེའུ་ལས་ཚིགས་སུ་བཅད་པ་གསུམ་པས་ རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ལུས་དང་མི་འགྱུར་བའི་ཡེ་ཤེས་་གསུངས་པ་འདི་ ལྟ་སྟེ། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་མཐའ་དག་རོ་དྲུག་ཟོས་ཤིང་འཐུངས་པ་དག་ལས་ 4-1-360 འགྱུར་བ་སྟེ། །རོ་དྲུག་རྣམས་ཀྱང་འབྱུང་བ་ལས་ཏེ་རབ་གསལ་ངེས་པར་འབྱུང་བའི་ཚོགས་ ཀྱང་ནམ་མཁའི་ཁམས་ལས་སོ། །སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་རོ་མཉམ་འགྱུར་ མེད་རྟག་པར་ཡང་ན་འགྱུར་བ་སྟེ། །དེ་ལྟར་འབྱུང་བ་ལ་གནས་ཞི་བ་རྣམ་གསུམ་སྲིད་པར་ གནས་པ་རང་གི་ལུས་ལ་རིག་པར་བྱ་ཞེས་པ་ལ་ལུས་འདི་ལ་ནི་ཞེས་པ་དུད་འགྲོ་དང་མིའི་ ལུས་གང་ལ་རོ་དྲུག་གི་བཟའ་བ་དང་བཏུང་བ་ཡོད་པ་སྟེ་ལུས་འདི་ནི་རོ་དྲུག་གི་བཟའ་བ་ དང་བཏུང་བ་ཅན་ནོ། །འདི་ལ་ཁམས་ཀྱི་ཚོགས་སུ་ཞེས་པ་སྤུ་དང་ལྤགས་པ་དང་ཁྲག་དང་ ཤ་དང་རུས་པ་དང་རྐང་དང་ཁུ་བའི་ཁམས་རྣམས་ཀྱི་འདུས་པ་ནི་ཁམས་ཀྱི་ཚོགས་སུ་འགྱུར་ རོ། །གང་ལས་ཞེ་ན་རོ་དྲུག་ཟོས་ཤིང་འཐུངས་པ་དག་ལས་ཞེས་པ་རོ་ཡང་ཡིན་ལ་དེ་རྣམས་ དྲུག་ཀྱང་ཡོད་པའི་ཕྱིར་རོ། །དྲུག་སྟེ་ཁ་བ་དང་སྐྱུར་བ་དང་ལན་ཚྭ་དང་ཚྭ་བ་དང་དངར་བ་ དང་སྐ་བ་རྣམས་སྤུ་ལ་སོགས་པའི་ཁམས་ཀྱི་རང་བཞིན་དུ་འགྱུར་རོ་ཞེས་པ་དགོངས་པའོ། ། རོ་དྲུག་རྣམས་ཀྱང་འབྱུང་བ་ལས་ཏེ་ཞེས་པ་ལ་འབྱུང་བ་ནི་ས་དང་ཆུ་དང་མེ་དང་རླུང་དང་ ནམ་མཁའི་ཁམས་རྣམས་ཏེ་སྲ་བ་དང་གཤེར་བ་དང་དྲོ་བ་དང་གཡོ་བ་དང་རོའི་རྡུལ་ཕྲ་རབ་ ཀྱི་རང་བཞིན་རྣམས་སོ། །(འབྱུང་བ་ལྔའི་རྡུལ་ཕྲ་རབ་)དེའི་ས་བོན་(དེའི་རྒྱུ་)དང་ལྡན་པ་དེ་རྣམས་ ལས་ཁ་བ་ལ་སོགས་པ་རོ་དྲུག་ཏུ་འགྱུར་ཏེ་ཁམས་(ལྔའི་རྡུལ་ཕྲ་རབ་)རྣམས་རོའི་རང་བཞིན་དུ་ འགྱུར་རོ་ཞེས་པ་དགོངས་པའོ། །འབྱུང་བ་ལས་(རོ་དྲུག་ཏུ་)འགྱུར་རོ་ཞེས་པ་ནི་སེམས་ཅན་གྱི་ བསམ་པའི་དབང་གིས་(ཀུན་རྫོབ་མ་དཔྱད་པའི་ངོར་)གསུངས་པ་སྟེ་དོན་དམ་པར་རྣམ་པར་དཔྱད་ ན་(རྒྱུ་འགག་པ་དང་མ་འགགས་པ་ལས་མི་སྐྱེ་བའི་ཕྱིར་)ཁམས་རྣམས་རོར་འགྱུར་རོ་ཞེས་པ་བསྐྱེད་བྱ་སྐྱེད་ བྱེད་ཀྱི་འབྲེལ་བ་(བདེན་པར་གྲུབ་པ་)ལས་ནི་མ་ཡིན་ནོ། །འབྱུང་བའི་ཚོགས་ཀྱང་ནམ་མཁའི་ ཁམས་〔རོ་དྲུག་〕ལས་སོ། །ཞེས་པ་ནི་ནམ་མཁའི་ཁམས་(འབྱུང་བའི་རྡུལ་ཕྲ་རབ་སོ་སོར་གནས་པ་)སྟོང་ བའི་ཆོས་ལས་འབྱུང་བའི་ཚོགས་སུ་འགྱུར་ཏེ་ས་བོན་ལས་མྱུ་གུ་བཞིན་ནོ། །ཇི་ལྟར་ས་བོན་ 4-1-361 མ་ཉམས་པ་ལས་མྱུ་གུར་མི་འགྱུར་ཞིང་ས་བོན་ཉམས་པ་ལས་(ཀྱང་མྱུ་གུར་)མི་འགྱུར་བ(འི་ཕྱིར་ དཔྱད་ན་སྐྱེ་བ་མེད་ཀྱང་མ་དཔྱད་པའི་ངོར་སྐྱེ་བ་)དེ་བཞིན་དུ་རང་བཞིན་ཡོངས་སུ་སྤངས་པ་(རྒྱུ་མེད་པ་)ལས་ (སྐྱེ་བ་)མ་ཡིན་ཞིང་(རྩ་བའི་རྡུལ་ཕྲ་རབ་འཚོགས་པའི་རགས་པ་)བེམ་པོའི་ཁམས་ལས་〔སྐྱེ་བ་〕མ་ཡིན་ལ་ ཆད་པའི་སྟོང་པ་(སྟེ་ཅི་ཡང་མེད་པ་)ལས་(སྐྱེ་བ་)མ་ཡིན་དེ་ལྟར་(ཀུན་རྫོབ་ཙམ་དུ་འབྱུང་བའི་རྡུལ་ཕྲ་རབ་སོ་ སོ་བ་)སྟོང་པ་(རྣམས་)ལས་(འབྱུང་བ་ལ་སོགས་པའི་)ཆོས་ཐམས་ཅད་དུ་འགྱུར་རོ(ཞེས་པ་ཀུན་རྫོབ་རྟེན་ཅིང་ འབྲེལ་པར་འབྱུང་བའི་རྣམ་པར་བཞག་པའོ། །དོན་དམ་རྟེན་འབྲེལ་ལས་འདས་པའི་རྣམ་པར་བཞག་པ་ནི)། ། ༈ སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་ཞེས་པ་ལ་སྟོང་པའི་(དུ་བའི་རྣམ་པ་ལ་སོགས་པའི་ སྟོང་པའི་གཟུགས་སོགས་ཀྱི་)ཆོས་རྣམས་ལ་(སྐྱེ་བ་དང་འགགས་པ་ལྟར་སྣང་ཡང་)སྐྱེ་བ་དང་འགག་པ་མེད་ པ(རྣལ་འབྱོར་པ)འི་རང་གི་སེམས་ཀྱི་(རང་བཞིན་འོད་གསལ་གྱི་)སྣང་བའོ། །ཡེ་ཤེས་ནི་(འོད་གསལ་ཆོས་ཀྱི་ དབྱིངས་)དེ་(རང་གིས་རང་རིག་པའི་ཚུལ་གྱིས་)རབ་ཏུ་རྟོགས་པ་(འོད་གསལ་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་)མི་ འགྱུར་བའི་བདེ་བ(རང་བཞིན་ལྷན་སྐྱེས་འདུས་མ་བྱས་པ)འོ། །སྐྱེ་བ་དང་འཇིག་པ་མེད་པའི་(འོད་གསལ་ སྟོང་གཟུགས་རྣལ་འབྱོར་པའི་)རང་གི་སེམས་ཀྱི་སྣང་བ་དེ་ལ་ཡེ་ཤེས་(མི་འགྱུར་བའི་བདེ་བ་གདོད་ནས་)རྣམ་ པར་བསྲེས་པའོ། །རང་གི་སེམས་ཀྱི་སྣང་བ་(གཟུང་བའི་སེམས་གཞན་)ལ་(འཛིན་པའི་སེམས་གཞན་ཡེ་ ཤེས་དེ་གདོད་ནས་)རོ་མཉམ་པ་ནི་(ཤེས་པ་དང་ཤེས་བྱ་)གཅིག་ཏུ་གྱུར་པ་སྟེ་(ཀུན་རྫོབ་)ཤེས་པ་དང་ཤེས་ བྱའི་འབྲེལ་པས་(གཟུང་འཛིན་གྱི་ངོ་བོ་)ནི་མ་ཡིན་ནོ། །(སྟོང་པ་དང་ཡེ་ཤེས་གདོད་ནས་འདྲེས་པ་)འདི་ཉིད་ནི་ འགྱུར་མེད་རྟག་པ་སྟེ་མཆོག་ཏུ་མི་འགྱུར་བ(སྐྱེ་འགག་དང་བྲལ་བ)འོ་ཞེས་པའི་དོན་ཏོ། །དེ་ལྟར་ འབྱུང་བ་ལ་གནས་ཞི་བ་ཞེས་པ་ནི་དེ་ལྟར་རིམ་པ་འདིས་ལུས་ཀྱི་ཁམས་(རྣམས་)ལ་(ཁྱབ་བྱེད་ ཆོས་ཉིད་དུ་)གནས་པ་ནི་མི་འགྱུར་བའོ། །རྣམས་གསུམ་སྲིད་པར་གནས་པ་ཞེས་པ་འདོད་པ་ དང་གཟུགས་དང་གཟུགས་མེད་པར་(ནམ་མཁའ་ལྟར་ཁྱབ་བྱེད་ཆོས་ཉིད་)གནས་པ་ནི་རང་གི་ལུས་ལ་ (གདོད་མ་ནས་བཞུགས་པར་)རྣལ་འབྱོར་པས་རིག་པར་བྱ་སྟེ་ཤེས་པར་བྱའོ། ། 4-1-362 ༈ དེས་ན་དུད་འགྲོ་དང་མི་རྣམས་ཀྱི་ཁུ་བ་ནི་ས་བོན་འཁོར་བ་སྐྱེད་པའི་རྒྱུའོ། །དེ་ཉིད་ རོ་དྲུག་པོ་རྣམས་ཀྱི་(ཁ་ཟས་ཅན་གྱི་)ལུས་ལ་ཁམས་(རྣམས་)ཉིད་དུ་གྱུར་པ་རྣམས་ནི་ས་དང་ཆུ་དང་ མེ་དང་རླུང་དང་ནམ་མཁའི་རྡུལ་ཕྲ་རབ་འདུས་པའི་〔ཞེས་པ་ཀུན་རྫོབ་རྟེན་ཅིང་འབྲེལ་པར་ འབྱུང་བའི་རྣམ་པར་བཞག་པའོ། །དོན་དམ་རྟེན་འབྲེལ་ལས་འདས་པའི་རྣམ་པར་བཞག་ པ་ནི་〕བདག་ཉིད་ཅན་དྲི་དང་གཟུགས་དང་རོ་དང་རེག་བྱ་དང་སྒྲའི་(ཡོན་ཏན་ཅན་གྱི་)བདག་ཉིད་ (མི་དང་དུད་འགྲོའི་)སེམས་ཅན་གྱི་ཁམས་ཏེ་ས་བོན་གྱི་རང་བཞིན་འདི་ལས་ལས་ལས་སྐྱེས་པའི་ (མི་དང་དུད་འགྲོའི་)ལུས་སྐྱེ་བར་འགྱུར་རོ། །འགག་པར་ཡང་འགྱུར་ཏེ་འཆི་བའི་དུས་སུུ་(ཀུན་གཞིའི་ རྣམ་ཤེས་དང་ནོར་རྒྱལ་གྱི་རླུང་འཕོ་བ་ན་ཁམས་)ལྔའི་བདག་ཉིད་ཀྱི་ས་བོན་(དཀར་དམར་)དེ་ཉིད་ངེས་པར་ (འོག་དང་སྟེང་ནས་ཕྱིར་)འབྱུང་ངོ༌། །(རྣམ་ཤེས་ལུས་ལས་འཕོས་པ་ན་)སླར་ཡང་རྨི་ལམ་གྱི་ལུས་བཞིན་དུ་ (བར་དོ་སྐྱེ་བ་སྔ་མའི་)བག་ཆགས་ཀྱི་ལུས་སྟོང་པ་རྡུལ་ཕྲ་རབ་ཀྱི་ཚོགས་སྤངས་པ་(དབང་པོའི་རྣམ་པ་ རྣམས་)མ་འགགས་པ་སྟེ་(སྔར་གྱི་)ལས་ཀྱི་བག་ཆགས་ལས་བྱུང་བ(བར་དོ)འི་〔སྐྱེ་བ་སྔ་མའི་〕བག་ ཆགས་ཀྱི་ལུས་མ་འགགས་པ་དེ་ཉིད་ཀྱིས་སླར་ཡང་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ ཀྱི་(སྐྱེ་བ་ཕྱི་མའི་)ལུས་འཛིན་ཏོ། །སླར་ཡང་(སྐྱེ་བ་ཕྱི་མའི་)རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ ལུས་བཟུང་བའི་ཕྱིར་སྔར་གྱི་(སྟེ་སྐྱེ་བ་སྔ་མའི་)ལུས་ཀྱི་བག་ཆགས་ཡོངས་སུ་དོར་ནས་སེམས་ ལ་(སྐྱེ་བ་ཕྱི་མ་ཉིད་ལ་ལྟོས་པའི་)ད་ལྟར་གྱི་ལུས་ཀྱི་བག་ཆགས་སྐྱེ་བར་འགྱུར་རོ(འདིར་བར་དོའི་ལུས་དེ་ བག་ཆགས་ཀྱི་ལུས་ཡིན་པ་དང་བག་ཆགས་ཀྱང་སྔར་གྱི་ལུས་ཀྱི་བག་ཆགས་ཡིན་པར་གསུངས་པ་འདིས་བར་དོའི་ལུས་དེ་སྐྱེ་ བ་སྔ་མའི་ལུས་ཀྱི་རྣམ་པ་ཅན་དུ་གསལ་བར་གསུངས་པའི་ཕྱིར་ཆོས་མངོན་པ་ལས་བར་དོའི་ལུས་དེ་སྐྱེ་བ་ཕྱི་མའི་ལུས་ཀྱི་རྣམ་ པ་ཅན་ཡིན་པར་བཤད་པ་དང་མི་མཐུན་ཡང་སྔགས་མཚན་ཉིད་ཀྱི་ཁྱད་པར་དུ་ཤེས་པར་བྱ་ཞིང་འདིར་གསུངས་པ་ཉིད་དོན་ལ་ གནས་པར་སེམས་སོ)། །རྒྱུ་དེས་ན་སེམས་ཀྱི་བག་ཆགས་ཀྱི་ཕུང་པོ་(རྡུལ་ཕྲ་རབ་མེད་པའི་)སྟོང་པ་(བར་ དོའི་ལུས་)རྣམས་ལས་(ཡང་སྲིད་པ་སྐྱེ་བ་ཕྱི་མའི་)གློ་བུར་བའི་ཕུང་པོའི་ཆོས་རྣམས་སུ་འགྱུར་ཞིང་(སྐྱེ་ 4-1-363 བ་ཕྱི་མའི་)གློ་བུར་བའི་ཕུང་པོའི་ཆོས་རྣམས་ལས་(སླར་ཡང་)སེམས་ཀྱི་(སྔ་མའི་ལུས་ཀྱི་)བག་ཆགས་ ཀྱི་ཕུང་པོ་སྟོང་པ་(བར་དོའི་ལུས་)རྣམས་སུ་འགྱུར་རོ། །(ལུས་འདི)འཇིག་རྟེན་ཕ་རོལ་ཏུ་ནི་རྡུལ་ཕྲ་ རབ་ཙམ་ཡང་མི་འགྲོ་སྟེ་གང་གི་ཕྱིར་ཕུང་པོ་སྔ་མ་ཡོངས་སུ་དོར་ནས་ཡང་ཕུང་པོ་གཞན་(སྐྱེ་ བ་ཕྱི་མའི་ཕུང་པོ་)འཛིན་པའི་ཕྱིར་རོ། །དེ་ལྟར་བརྗོད་པའི་རིམ་པས་འབྱུང་བ་ལྔའི་བདག་ཉིད་ རོ་དྲུག་གི་ཁ་ཟས་ཅན་(མི་དང་དུད་འགྲོ་)རྣམས་ཀྱི་ལུས་ལ་འཕོ་བའི་དུས་སུ་ལས་ལས་སྐྱེས་པའི་ ས་བོན་འབྱུང་བ་ལྔའི་བདག་ཉིད་ཅན་འབྱུང་སྟེ་རོ་དྲུག་གི་ཁ་ཟས་ཅན་རྣམས་ཀྱི་སེམས་ཀྱི་ བག་ཆགས་ཀྱང་འབྱུང་བ་ལྔའི་བདག་ཉིད་ཅན་དུ་འགྱུར་རོ། །ལྷ་རྣམས་ཀྱི་ལུས་ནི་རོ་དྲུག་ གི་ཁ་ཟས་ཅན་དང་འབྱུང་བ་ལྔའི་བདག་ཉིད་དུ་མི་འགྱུར་ཏེ་རོ་དྲུག་གི་ཁ་ཟས་མེད་པའི་ཕྱིར་ རོ། །ཟླ་བ་དང་ཉི་མ་ལ་སོགས་པ་འདོད་པ་ན་སྤྱོད་པ་དྲུག་པོ་དེ་རྣམས་ཀྱི་ལུས་ནི་ཆུ་དང་མེ་ དང་རླུང་དང་ནམ་མཁའ་(སྟེ་ཁམས་བཞི་པོ་)ཚོགས་པའི་བདག་ཉིད་ཅན་གཟུགས་དང་རོ་དང་ རེག་བྱ་དང་སྒྲ་སྟེ་ཡོན་ཏན་བཞིའི་བདག་ཉིད་ཅན་ནོ། །ས་དང་དྲིའི་ཡོན་ཏན་དང་བྲལ་བ་སྟེ་ (ལྷའི་ལུས་)ཡང་བ་ཉིད་ཀྱི་ཕྱིར་རོ། །འཕོ་བའི་དུས་སུ་ཁུ་བ་ཡང་(འབྱུང་བ་བཞི་པོ་)དེའི་རང་བཞིན་ གྱི་བདག་ཉིད་(ཅན་)ཏེ་སེམས་ཀྱི་བག་ཆགས་ཀྱང་དེའི་བདག་ཉིད་ཅན་ནོ། །གཟུགས་(ཁམས་)ཀྱི་(ལྷའི་)རིས་(བཅུ་དྲུག་པོ་)རྣམས་ཀྱི་ལུས་ནི་མེ་དང་རླུང་དང་རོ(ནམ་མཁ)འི་རྡུལ་ཕྲ་རབ་ཚོགས་ པའི་བདག་ཉིད་ཅན་རོ་དང་རེག་བྱ་དང་སྒྲའི་ཡོན་ཏན་གསུམ་གྱི་བདག་ཉིད་ས་དང་ཆུ་དང་ དྲི་དང་གཟུགས་ཀྱི་ཡོན་ཏན་དང་བྲལ་བ་སྟེ་འཕོ་བའི་དུས་སུུ་(གཟུགས་ཀྱི་ལྷ་)བཅུ་དྲུག་པོ་རྣམས་ ཀྱི་ཁུ་བ་ཡང་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་དང་སེམས་ཀྱི་བག་ཆགས་ཀྱང་(ཡོན་ཏན་ གསུམ་པོ་)དེའི་བདག་ཉིད་ཅན་ནོ། །གཟུགས་མེད་པའི་(ལྷའི་)རིས་(བཞི་པོ་)རྣམས་ཀྱི་ལུས་(རྣམ་ པར་ཤེས་པའི་ངར་འཛིན་པ་ཙམ་)ནི་〔འབྱུང་བའི་རྡུལ་ཕྲ་རབ་སོ་སོ་བ་〕སྟོང་པའི་ཁམས་ཀྱི་བདག་ཉིད་ ཅན་(ས་ཆུ་མེ་རླུང་གི་ཡོན་ཏན་དང་བྲལ་བ་)སེམས་ཀྱི་བག་ཆགས་ཙམ་སྟེ་སྒྲའི་ཡོན་ཏན་གྱི་བདག་ཉིད་ 4-1-364 ཅན་ནོ〔གཟུགས་མེད་པ་ལ་འབྱུང་བའི་རྡུལ་ཕྲ་རབ་འདུས་པའི་གཟུགས་རགས་པ་མེད་ཀྱང་ རྡུལ་ཕྲ་རབ་ཀྱི་ལུས་མེད་པ་ནི་མ་ཡིན་ཏེ། གོང་དུ་ནམ་མཁའི་ཁམས་སྟོང་པའི་ཆོས་ལས་ བྱུང་བའི་ཚོགས་སུ་འགྱུར་བར་གསུངས་ཤིང་འདིར་གཟུགས་མེད་པའི་ལུས་སྟོང་པའི་ཁམས་ ཀྱི་བདག་ཉིད་ཅན་དུ་གསུངས་པས་བྱུང་བའི་རྡུལ་ཕྲ་རབ་སོ་སོའི་ལུས་ཡོད་པ་གྲུབ་ཅིང་དེ་ ཉིད་ཀྱིས་ན་དབུགས་འབྱུང་འཇུག་དང་ཁུ་བ་འཛག་པ་དང་སྒྲའི་རྡུལ་ཡང་ཡོད་དོ། །རྡུལ་ ཕྲ་རབ་འདུས་པའི་ལུས་ཡོད་པར་འདོད་པ་ནི་འཁྲུལ་ལོ〕། །(གཟུགས་མེད་པའི་)ཁུ་བ་ཡང་ས་དང་ ཆུ་དང་མེ་དང་རླུང་དང་དྲི་དང་གཟུགས་དང་རོ་དང་རེག་བྱའི་ཡོན་ཏན་སྤངས་པ(སྒྲའི་ཡོན་ཏན་གྱི་ བདག་ཉིད་ཅན་ནོ་) འོ〔ཕྱིས་ཀྱི་རྒྱ་དཔེ་ལ་སྐབས་འདི་ན་རོ་ཆུའི་ཡོན་ཏན་དང་གཟུགས་མེད་པའི་ ཡོན་ཏན་དུ་བྱས་པ་འདི་སྣང་ཡང་སྔར་བཤད་པ་རྣམས་དང་འགལ་བའི་ཕྱིར་དང༌། རིགས་ པས་མི་འཐད་པའི་ཕྱིར་དང༌། དེ་ནི་མུ་སྟེགས་བྱེད་ཀྱི་ལུགས་ཡིན་པའི་ཕྱིར་དང༌། སྔོན་གྱི་ འགྱུར་རྙིང་གི་གྱི་ཇོ་དང་རྨ་དང་བློ་གྲོས་སོགས་ཀྱི་འགྱུར་ལ་ཡང་འདི་ལས་བཟློག་པར་ཡོད་ པའི་ཕྱིར་ཕྱི་བ་དང་ནང་པའི་ཁྱད་པར་མ་ཕྱེད་པ་འགའ་ཞིག་གིས་ཕྱིས་དཔེ་བཅོས་པ་ཁོ་ན་ སྟེ་རྒྱ་དཔེ་རྙིང་པ་འགའ་ཞིག་མ་བཅོས་པར་སྣང་ངོ་ཞེས་གསུངས་སོ〕། །ས་ལ་སོགས་པ་བཞི་ པོ་འདི་རྣམས་ཀྱི་གཙོ་བོའི་ཡོན་ཏན་(དྲི་ལ་སོགས་པ་)འདི་ལ་ཕལ་བ་ཙམ་གྱི་ཡོན་ཏན་(གཟུགས་ལ་ སོགས་པ་གཞན་གསུམ་ཡང་)ཡོད་དེ་རྣམ་པ་གཞན་དུ་ན་(འབྱུང་བཞི་)ཚོགས་པའི་ཡོན་ཏན་རྣམས་མེད་ པར་ཡོན་ཏན་གཅིག་(ཁོ་ན་)ལས་འཁོར་བའི་བག་ཆགས་སུ་མི་འགྱུར་(བའི་ཕྱིར་)རོ(དེས་ན་གཟུགས་ མེད་པ་སྒྲའི་ཡོན་ཏན་ཅན་དུ་གསུངས་པ་ཡང་གཙོ་ཆེ་བའི་དབང་དུ་མཛད་པ་སྟེ། གཟུགས་སོགས་ཀྱི་ཡོན་ཏན་ཡང་རྡུལ་ཕྲ་རབ་ སོ་སོ་བའི་བདག་ཉིད་ཅན་ལྡན་ནོ)། ། ༈ སྲིད་པ་གསུམ་པོ་འདི་རྣམས་ལ་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་དང་མི་དང་ ལྷ་མ་ཡིན་དང་རྒྱལ་པོ་ཆེན་པོ་བཞིའི་རིས་དང་སུམ་ཅུ་རྩ་གསུམ་དང་འཐབ་བྲལ་དང་དགའ་ 4-1-365 ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་དེ་འདོད་པ་བཅུ་གཅིག་གོ། (བསམ་གཏན་ དང་པོ་ལ་)ཚངས་རིས་དང་ཚངས་པ་མདུན་ན་འདོན་དང་ཚངས་ཆེན་དང་(བསམ་གཏན་གཉིས་པ་ལ་) འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་དང་(བསམ་གཏན་གསུམ་པ་ལ་)དགེ་ཆུང་དང་ཚད་མེད་ དགེ་དང་དགེ་རྒྱས་དང་〔བསམ་གཏན་བཞི་པ་ལ་སོ་སོ་སྐྱེ་བོའི་གནས་〕སྤྲིན་མེད་དང་བསོད་ ནམས་སྐྱེས་དང་འབྲས་བུ་ཆེ་དང་(འཕགས་པའི་གནས་)མི་ཆེ་བ་དང་མི་གདུང་བ་དང་(འཇིག་རྟེན་ ཁམས་ལེར་)གྱ་ནོམ་སྣང་བ་(འདིའི་དོད་ལ་ཤིན་ཏུ་མཐོང་བ་ཡོད་པ་)དང་འོག་མིན་ཏེ་གཟུགས་བཅུ་དྲུག་ གོ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་ཅི་ཡང་མེད་ པའི་སྐྱེ་མཆེད་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དེ་གཟུགས་མེད་པ་བཞིའོ། ། དེ་ལྟར་འདོད་པ་དང་(ཁམས་ཀྱི་མི་དང་དུད་འགྲོ་དང་འདོད་ལྷ་རིགས་དྲུག་)གཟུགས་(ཁམས་)དང་གཟུགས་ མེད་པ་སྟེ་བཞི་པོ་རྣམས་ལ་(ཐིག་ལེ་)འཕོ་བའི་དུས་སུ་གོ་རིམ་ཇི་ལྟ་བས་(མི་དང་དུད་འགྲོ་ལ་)ཡོན་ ཏན་ལྔ་དང་(འདོད་ལྷ་རིགས་དྲུག་ལ་)བཞི་དང་(གཟུགས་ཁམས་པ་ལ་)གསུམ་དང་(གཟུགས་མེད་པ་ལ་)གཅིག་ གི་བདག་ཉིད་ཅན་གྱི་ཁུ་བ་འབྱུང་བ་སྟེ་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སོ། །རྣམ་པ་ གཞན་དུ་(ཁུ་བ་འཕོ་བ་མེད་)ན་འཁོར་བར་འཁྱམ་པར་མི་འགྱུར་རོ། །རྒྱུ་འདིའི་ཕྱིར་བཅོམ་ལྡན་ འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ལས་ཚིགས་སུ་བཅད་པ་ལྔ་བཅུ་རྩ་བརྒྱད་པས་(ལུས་ ལ་ཁམས་ཀྱི་ཚོགས་དང་ཡེ་ཤེས་གནས་ཚུལ་)གསུངས་པ་འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་རོ་ (ནམ་མཁའ་)དང་མཆོག་གི་(ཡེ་ཤེས་ཀྱི་ཁམས་གཞན་ཆོས་ཀྱི་དབྱིངས་)རོ་སྟེ་(དེ་ལྟར་)ཕྲ་རབ་རྣམས་ནི་(རྣམ་ པ་ལྔ་སྟེ་ཁྱབ་བྱ་ཡིན་ལ་ཁྱབ་བྱེད་ཆོས་ཀྱི་དབྱིངས་དང་བཅས་པ་)རྣམ་པ་དྲུག(ལས་ས་ལ་ཡོན་ཏན་ལྔ)། (ཆུ་ལ་སོགས་པ་ བཞི་ལ་)དྲི་ལ་སོགས་པ་(ཡོན་ཏན་)རེ་རེས་དམན་(པ་སྟེ་བཞི་དང་གསུམ་དང་གཉིས་དང་གཅིག་རྣམས་ལྡན་)ཞིང་ མཐའ་མ་(སྟེ་དྲུག་པ་ཆོས་ཀྱི་དབྱིངས་ནི་)ཡུལ་དང་རྣམ་པར་བྲལ་བ་(མི་རྟོག་)ཡེ་ཤེས་(ཀྱི་)བལྟ་བྱ་(སྣ་ ཚོགས་སྟོང་གཟུགས་ཏེ་ཁྱབ་བྱ་ལྔ་དང་ཁྱབ་བྱེད་གཅིག་)རྣམས(ལས)། །འདོད་པ་(དང་)གཟུགས་དང་གཟུགས་ 4-1-366 མེད་རྣམས་(ལ་ལུས་དང་ཁུ་བ་སེམས་ཀྱི་བག་ཆགས་)ནི་(ཁམས་གོང་མ་གོང་མ་ལ་མེད་པའི་ཡོན་ཏན་ འདོད་ཁམས་རྣམས་ལ་ས་ཆུ་)ཟུང་དང་(གཟུགས་ཁམས་པ་རྣམས་ལ་མེ་རླུང་)ཟུང་དང་〔གཟུགས་མེད་པ་ ལ་〕རི་བོང་ཅན་(ནམ་མཁའི་ཡོན་ཏན་གཅིག་པུ་ལྡན)ཏེ་མཐའ་མ་ཆོས་ཀྱི་དབྱིངས(ནི་ཡོན་ཏན་དེ་རྣམས་དང་ བྲལ་བས)། །རྣམ་པ་ཀུན་ལྡན་(རྣམ་པ་མེད་པའོ་དྲུག་པོ་)དེ་རྣམས་(ནི་)ཀུན་ནས་རྟག་ཏུ་འཕོ་མེད་བདེ་ བ་ལྷན་(ཅིག་)སྐྱེས་(པའི་སྐུའི་)རྟེན་དུ་གྱུར་བའོ་ཞེས་པ(ལ་སོགས་པ་ལྔ་ནི་ལྷན་སྐྱེས་བདེ་བའི་ཁྱབ་བྱ་ཡིན་པས་ རྟེན་དུ་བྱས་ལ་ཆོས་དབྱིངས་ནི་ཨེ་ལ་ཝཾ་གནས་པའི་ཚུལ་གྱིས་རྟེན་དུ་གྱུར་པ)འོ། ། ༈ 〔སེམས་ཀྱི་བག་ཆགས་དང་ཁམས་དུ་མ་ཡིན་པའི་〕རྒྱུ་དེས་ན་སེམས་ཅན་གྱི་བསམ་ པའི་དབང་གིས་དེ་བཞིན་གཤེགས་པས་ཆོས་བསྟན་པ་(ཡང་)ནི་(དུ་མ་སྟེ་ཉན་ཐོས་ལ་)བྱེ་བྲག་ཏུ་ སྨྲ་བ་དང་མདོ་སྡེ་པ་དང་(ཐེག་ཆེན་ལ་)རྣལ་འབྱོར་སྤྱོད་པ་(སེམས་ཙམ་)པ་དང་དབུ་མ་པ(ལ་བསྟན་པ) འོ། །དེ་རྣམས་ལས་བྱེ་བྲག་ཏུ་སྨྲ་བ་(ལ་བསྟན་པ་)ནི་(འགྲོ་བ་གཅིག་ནས་གཅིག་ཏུ་)སྐྱེ་བའི་ཆ་ཤས་ཅན་ གྱི་སེམས་ཅན་(སྟེ་རྟག་མི་རྟག་དུའང་བརྗོད་དུ་མེད་པའི་གང་ཟག་)རབ་ཏུ་གསལ་བར་བྱེད་པའི་བསྟན་ བཅོས་སོ། །མདོ་སྡེ་པ་(ལ་བསྟན་པ་)ནི་(རྡུལ་ཕྲ་རབ་འདུས་པའི་ཕྱི་རོལ་ཀྱི་)དོན་རབ་ཏུ་གསལ་བར་བྱེད་ པའི་བསྟན་བཅོས་སོ། །རྣལ་འབྱོར་སྤྱོད་པ་པ་〔ལ་བསྟན་པ་〕ནི་(ཕྱི་རོལ་གྱི་དོན་བཀག་ནས་ཁམས་ གསུམ་པོ་)རྣམ་པར་ཤེས་པ་ཙམ་(དུ་)རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །དབུ་མ་ པ་〔ལ་བསྟན་པ་〕ནི་(སྤྲོས་པ་ཐམས་ཅད་དང་བྲལ་བ་)དོན་དམ་པའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་ བྱེད་པའི་བསྟན་བཅོས་ཏེ་(སངས་རྒྱས་ལ་)རིང་བའི་སྐལ་པ་དང་ལྡན་པ་དང་〔སངས་རྒྱས་ལ་〕ཉེ་ བའི་སྐལ་བ་དང་ལྡན་པའི་སེམས་ཀྱི་ཕྱིར་སེམས་ཅན་གྱི་བསམ་པའི་དབང་གིས་བཅོམ་ལྡན་ འདས་ཀྱིས་གསུངས་སོ། ། ༈ 〈སྤྱིར་སེམས་ཅན་རྣམས་ཀྱི་འདོད་ཚུལ་〉འདིར་སེམས་ཅན་རྣམས་ནི་ཐོག་མ་མེད་པའི་ དུས་ན་མུ་སྟེགས་པ་ལྷ་དང་འབྱུང་པོ་དང་ལྷ་མ་ཡིན་གྱི་ཆོས་ལ་དགའ་བ་ཐམས་ཅད་མཁྱེན་ 4-1-367 པའི་ལམ་ཉམས་པ་རིགས་བཞི་དང་གཅིག་(གི་འཇུག་པ་)ལ་རྟེན་པ་མཐོ་རིས་ཀྱི་འབྲས་བུའི་ ལོངས་སྤྱོད་མངོན་པར་འདོད་པ་བྱེད་པ་པོ་དང་བདག་ཏུ་སྨྲ་བ་པོ་རྣམས་སོ། །དེ་རྣམས་ལས་ (མུ་སྟེགས་བྱེད་)སྒྲ་(གཅིག་པུ་ལེགས་པར་སྦྱར་བས་མཐོ་རིས་སུ་འདོད་པ་འཇོ་འོ་ཞེས་)སྨྲ་བ་པོ་རྣམས་ནི་(ཚངས་པ་ལ་ སོགས་པ་)ལྷ་དང་(འབྱུང་པོ་)ཡི་དྭགས་ཀྱི་ཆོས་ལ་རྟེན་པ་རྣམས་ཏེ་དབང་ཕྱུག་སྨྲ་བ་པོ་རྣམས་དང་ རིགས་(བཟང་ངན་གྱི་ཁྱད་པར་)སྨྲ་བ་པོ་རྣམས་{དང་རིགས་སྨྲ་བ་བོ་རྣམས་}ཀྱང་ངོ༌། །ཀླ་ཀློ་ནི་ལྷ་ མིན་གྱི་ཆོས་ལ་རྟེན་པ་རྣམས་དང་(རཧྨ་ཎ་)བྱེད་པ་པོར་སྨྲ་བ་པོ་རྣམས་དང་སྲོག་(རྟག་པར་)སྨྲ་བ་ པོ་རྣམས་ཏེ་རིགས་སྨྲ་བ་དང་བྲལ་བ་རྣམས་སོ། །〈ཁྱད་པར་ཀླ་ཀློའི་འདོད་ཚུལ་〉ཀླ་ཀློ་འདི་ རྣམས་ཀྱི་འཛིན་པ་གཉི་ག་སྟེ་རྡུལ་ཕྲ་རབ་ཚོགས་པའི་(ཕྱི་རོལ་ཀྱི་དོན་ཡོད་པར་)འཛིན་པ་དང་སྐྱེ་ བའི་ཆ་ཤས་ཅན་གྱི་གང་ཟག་གི་འཛིན་པའོ། །འདི་རྣམས་ཀྱི་བསམ་པ་ནི་གལ་ཏེ་རྡུལ་ཕྲ་ རབ་ཚོགས་པའི་བདག་ཉིད་ཅན་གྱི་ལུས་ལ་ནང་དུ་འཇུག་པ་པོ་སྐྱེ་བའི་ཆ་ཤས་ཅན་གྱི་གང་ ཟག་མེད་ན་རྡུལ་ཕྲ་རབ་ཚོགས་པའི་(ཕ་རོལ་ཀྱི་དོན་ཡོད་པར་)བདག་ཉིད་ཀྱི་ལུས་རྣམ་པར་ཉམས་ པའི་རྗེས་ལ་ལུས་གཞན་སུ་ཞིག་གིས་འཛིན་པར་བྱེད་པར་འགྱུར་དེའི་ཕྱིར་(ལུས་སྔ་མ་བོར་ནས་ ལུས་ཕྱི་མའི་ནང་དུ་འཇུག་པ་)བརྫུས་ཏེ་འབྱུང་བའི་གང་ཟག་(སྐྱེ་བའི་ཆ་ཤས་ཅན་)ཡོད་དོ། །དེས་བསྒྲུབས་ པས་མཐོ་རིས་ཀྱིའབྲས་བུུ་(ལྷའི་བདེ་བ་)ནི་མྱ་ངན་ལས་འདས་པའི་འབྲས་བུར་འགྱུར་ཏེ་ མཐོ་རིས་ཀྱི་འབྲས་བུ་ལས་གཞན་མྱ་ངན་ལས་འདས་པ་ཞེས་བྱ་བ་མེད་དོ། ། ༈ ཞེས་པ་སྟེ་(གང་ཟག་དེ་དག་གིས་བཅོམ་ལྡན་འདས་ལ་)〈གཞུག་པའི་ཕྱིར་ལྡེམ་དགོངས་གསུངས་ ཚུལ་〉དེ་ཁོ་ན་ཉིད་འདྲི་བའི་དུས་སུ་དེ་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པ་མངོན་པར་ མཁྱེན་ནས་དེ་ཁོ་ན་ཉིད་གསུང་པ་པོ་བཅོམ་ལྡན་འདས་ཀྱིས་(ཁུར་ཁུར་བའི་མདོར་)གསུངས་པ་ ཁུར་ཁུར་བའི་གང་ཟག་ཡོད་དེ་རྟག་པ་དང་མི་རྟག་པར་བདག་མི་སྨྲའོ་ཞེས་(དགོངས་པ་ཅན་ གསུངས་)པའོ། །དེ་ཉིད་(ཐ་སྙད་དུ་)བདེན་ཏེ་བཅོམ་ལྡན་འདས་ཀྱིས་(ཐ་སྙད་ཀྱི་ཆོས་)གསུངས་པའི་ 4-1-368 ཕྱིར་རོ། །(གང་ལ་དགོང་ནས་གསུངས་ན་)རྨི་ལམ་གྱི་གནས་སྐབས་སུ་སེམས་ཀྱི་བག་ཆགས་ཀྱི་གང་ ཟག་(ཁུར་ཁུར་བ་)ནི་རྟག་པ་དང་མི་རྟག་པར་བརྗོད་པར་མི་ནུས་སོ། ། ༈ 〈 ཀླ་ཀློ་སྤང་ན་བྱེ་བྲག་སྨྲ་བར་འགྱུར་ཚུལ་〉དེ་བཞིན་གཤེགས་པའི་གསུངས་འདིས་ ཀླ་ཀློ(ལ་སོགས་པ)འི་ཆོས་སྤངས་ནས་སངས་རྒྱས་པའི་(ཉན་ཐོས་)བྱེ་བྲག་ཏུ་སྨྲ་བ་རྣམས་བྱུང་བར་ གྱུར་ཏོ། ། ༈ 〈དེ་ལ་གང་ཞིག་དབུ་པར་འགྱུར་ཚུལ་〉དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་ འཇིག་རྟེན་ལས་འདས་པའི་ཆོས་(གང་ཟག་གི་བདག་མེད་པར་)བསྟན་པ་ཐོས་ཏེ་འདིར་གང་ཟག་ ཏུ་འཛིན་པ་ཡོངས་སུ་སྤངས་ནས་(བྱེ་བྲག་ཏུ་སྨྲ་བ་)འགའ་ཞིག་ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱི་ལམ་(ཐེག་པ་ཆེན་པོའི་སྤྱོད་པ་)ལ་བརྟེན་(ཏེ་མདོ་སྡེ་པར་གྱུར་)ཏོ། ། ༈ 〈ཞུགས་པའི་ཕྱིར་མདོ་སྡེ་པ་དང་མཐུན་པར་གསུངས་ཚུལ་〉མདོ་སྡེ་པ་རྣམས་ལ་ཡང་ རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་(ཕྱི་རོལ་ཀྱི་དོན་བདེན་པར་)འཛིན་པ་ཡོད་དེ་དོན་དུ་སྨྲ་བ་ པོ་འདི་རྣམས་ཀྱི་བསམ་པ་ནི་གལ་ཏེ་ནམ་མཁའི་ཁོངས་སུ་ཆུད་པ་རྒྱུ་བ་དང་བཅས་པ་(བཅུད་ ཀྱི་སེམས་ཅན་)དང་རྒྱུ་བ་མེད་པ〔སྣོད་ཀྱི་འཇིག་རྟེན་གྱི་〕འི་དངོས་པོ་(རྡུལ་ཕྲ་རབ་ཚོགས་བའི་དོན་)མེད་ ན་དེའི་ཚེ་འཇིག་རྟེན་གསུམ་ཞེས་བྱ་བ་མེད་པར་འགྱུར་ཞིང་འཁོར་བ་མེད་ན་བདེ་འགྲོ་དང་ ངན་འགྲོ་མེད་པར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ ཀྱང་མེད་པར་འགྱུར་ཞིང་མཆོག་གི་མྱ་ངན་ལས་འདས་པ་ཡང་མེད་པར་འགྱུར་ལ་བཅོམ་ ལྡན་འདས་ཀྱིས་ཀྱང་སྐུ་གདུང་ཡང་དག་པར་སྟོན་པ་མེད་པར་འགྱུར་ཏེ་(རྡུལ་ཕྲ་རབ་ཚོགས་པའི་ ལུས་རགས་པའི་)རྫས་ཀྱི་ནང་དུ་འཇུག་པའི་(རྡུལ་ཕྲ་རབ་ཀྱི་དངོས་པོ་)དོན་མེད་པའི་ཕྱིར་རོ་ཞེས་པ་སྟེ་ དེ་ལྟར་དེ་ཁོ་ན་ཉིད་འདྲི་བའི་དུས་སུ་དེ་རྣམས་ཀྱི་སེམས་ཀྱི་བསམ་པ་མཁྱེན་ནས་བཅོམ་ ལྡན་འདས་ཀྱིས་གསུངས་པ་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་སྐྱེས་བུ་ཆེན་པོའི་མཚན་ 4-1-369 སུམ་ཅུ་རྩ་གཉིས་དང་ལྡན་པ་(སྲིད་པ་)ཐ་མའི་ལུས་ཡོད་དེ་(རྡུལ་ཕྲ་རབ་འདུས་པའི་ལུས་ཡོད་པ་)གང་གི་ དྲིན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དང་མཆོག་གི་མྱ་ངན་ལས་འདས་པ་ ཆེན་པོར་འགྱུར་བའོ་ཞེས་པ་དེ་ཉིད་(ཐ་སྙད་དུ་)བདེན་ཏེ་བཅོམ་ལྡན་འདས་ཀྱིས་སྐུ་གདུང་ཡང་ དག་པར་བསྟན་པའི་ཕྱིར་རོ། ། ༈ 〈ཕྱི་རོལ་པ་སྤང་ནས་མདོ་སྡེ་པར་འགྱུར་ཚུལ་〉དེ་ལྟར་རྡུལ་ཕྲ་རབ་ཚོགས་པའི་བདག་ ཉིད་ཀྱི་ལུས་ཀྱི་མཐུ་(མཚན་དཔེ་དང་ལྡན་པའི་སངས་རྒྱས་ཡོད་པར་)ཐོས་ནས་རིགས་སུ་སྨྲ་བ་དང་སྒྲར་ སྨྲ་བ་དང་དབང་ཕྱུག་ཏུ་སྨྲ་བ་དང་བྱེད་པ་པོར་སྨྲ་བ་སྤངས་ནས་སངས་རྒྱས་པའི་མདོ་སྡེ་བ་ རྣམས་སུ་བྱུང་བར་གྱུར་ཏོ(མདོ་སྡེ་པ་འདི་ལ་སློབ་དཔོན་བྱང་ཆུབ་བཟང་པོས་འདི་ནི་དགེ་བའི་རྩ་བ་རྫོགས་པའི་བྱང་ ཆུབ་ཏུ་བསྔོ་བ་དང་ཐེག་པ་ཆེན་པོའི་ལུང་དང་ལྡན་པ་དང་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་འདི་ལ་ཐེག་པ་ཆེན་པོ་ཞེས་ཀྱང་ བརྗོད་དོ། །ཞེས་བཤད་ཅིང་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ལ་བརྟེན་པར་གསུངས་པས་སྤྱོད་པའི་ཆ་ནས་ ཐེག་ཆེན་པར་བཞག་པ་ལེགས་པར་སེམས་སོ)། ། ༈ 〈དེ་ལ་གང་ཞིག་དབུ་མ་པར་འགྱུར་ཚུལ་〉སླར་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་ འཇིག་རྟེན་ལས་འདས་པའི་ཆོས་〔གཟུང་བ་ཕྱི་རོལ་ཀྱི་ཡུལ་པ་མེད་པར་〕བསྟན་པ་ཐོས་ནས་ (ཕྱི་རོལ་ཀྱི་)དོན་གྱི་འཛིན་པ་དེ་ཉིད་སྤངས་ཏེ་(མདོ་སྡེ་པ་)འགའ་ཞིག་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱི་ལམ་(ཐེག་ཆེན་གྱི་ལྟ་བའི་ཕྱོགས་གཅིག་)ལ་བརྟེན་པ་(མཚན་དཔེ་དང་ལྡན་པའི་སངས་རྒྱས་རྣམ་ པར་)〔སེམས་ཙམ་པ་རྣམས་〕བྱུང་བར་གྱུར་ཏོ། །〈གཞུག་པའི་ཕྱིར་སེམས་ཙམ་པ་དང་མཐུན་ པར་〉རྣལ་འབྱོར་སྤྱོད་པ་པ་(སེམས་ཙམ་པ་)རྣམས་ལ་ཡང་རྣམ་པར་ཤེས་པ(དོན་དམ་པར་གྲུབ་པ) འི་འཛིན་པ་ཡོད་དེ་རྣམ་པར་ཤེས་པར་སྨྲ་བ་པོ་དེ་རྣམས་ཀྱི་བསམ་པ་ནི་ཁམས་གསུམ་པོ་ མཐའ་དག་ནི་རྣམ་པར་ཤེས་པ་ཙམ་མོ། །(ཉི་ཤུ་པའི་རབ་ཏུ་བྱེད་པར། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་ རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པ་ལྟར་)ཆ་དྲུག་ནི་ཆ་ 4-1-370 ཤས་ཅན་གྱི་ཆ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་(ཆ་མེད་)ཅེས་བྱ་བ་ནི་མེད་(པས་ཕྱི་རོལ་ཀྱི་དོན་དམ་པར་མེད་)དོ། ། (དོན་མེད་ཀྱང་དོན་དུ་སྣང་བ་ནི་)ཇི་ལྟར་རྨི་ལམ་གྱི་གནས་སྐབས་ན་(སྣང་བའི་དོན་རྣམས་ལ་)རྡུལ་ ཕྲ་རབ་ཀྱི་རྫས་མེད་ཀྱང་སེམས་ཀྱི་སྣང་བ་ཙམ་གྱི་དོན་གྱིས་(བདེ་སྡུག་ལ་སོགས་པའི་)དོན་བྱ་ བ་ལ་རབ་ཏུ་འཇུག་པ་དེ་བཞིན་དུ་སད་པའི་གནས་སྐབས་སུ་(རྡུལ་ཕྲ་རབ་ཀྱི་རྫས་སུ་)ཡོད་པ་ མ་ཡིན་པའི་དོན་གྱིས་(ཏེ་དོན་དུ་རྟོགས་པའི་བག་ཆགས་ཀྱི་དབང་གིས་ཕྱི་རོལ་ཀྱི་)དོན་(ལྟ་བུར་)རབ་ཏུ་སྣང་ བར་འགྱུར་ཏེ་(དཔེར་ན་)རབ་རིབ་ཀྱི་དྲི་མས་ཉེ་བར་བཅོམ་པའི་མིག་གིས(ནམ་མཁའ་ལ་)སྐྲ་ ཤད་འཛག་པ་དང་(མཁྲིས་ནད་རྒྱས་པས་དུང་དཀར་པོ་ཡང་)གསེར་གྱི་དུང་(དུ་མཐོང་བ་)བཞིན་ནོ(ལང་ཀར་ གཤེགས་པ་ལས། ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱི་ནི་དཀྲུགས་པའི་སེམས། ། དོན་དུ་སྣང་བར་རབ་ཏུ་འབྱུང༌། །ཞེས་གསུངས་པ་ལྟར་རོ)། །དེ་ལྟར་དེ་ཁོ་ན་ཉིད་འདྲི་བའི་དུས་སུ་དེ་རྣམས་ སེམས་ཀྱི་བསམ་པ་མཁྱེན་ནས་བཅོམ་ལྡན་འདས་ཀྱིས་(ས་བཅུ་པའི་མདོར་)གསུངས་པ་ཁམས་ གསུམ་པོ་འདི་ནི་རྣམ་པར་ཤེས་བ་ཙམ་སྟེ་རྣམ་པར་ཤེས་པ་ལས་གཞན་འཁོར་བ་(སྣོད་བཅུད་ ཀྱིས་བསྡུས་པ་)མེད་དོ། །འཇིག་རྟེན་པའི་རྣམ་པར་ཤེས་པ་(མ་དག་པ་གཞན་དབང་)འགགས་པ་ལས་ སྲིད་པའི་ས་བོན་འགགས་པ་ཉིད་དེ་དེའི་ཕྱིར་མྱ་ངན་ལས་འདས་པའོ། །འདི་ཉིད་བདེན་ཏེ་ བེམ་པོ་མ་ཡིན་པ་(རྣམ་པར་ཤེས་པ་)ལས་(འཁོར་བའི་)བདེ་བ་དང་སྡུག་བསྔལ་འབྱུང་བར་འགྱུར་ གྱི་བེམ་པོ་ལས་ནི་མ་ཡིན་ནོ། །བདེ་བ་དང་སྡུག་བསྔལ་ཞེས་བྱ་བ་ནི་འཁོར་བ་སྟེ་དེ་མེད་པ་ ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ་ཞེས་པ་སྟེ། ༈ 〈ཕྱི་རོལ་པ་སྤང་ནས་སེམས་ཙམ་པར་འགྱུར་ཚུལ་〉དེ་ལྟར་བཅོམ་ལྡན་འདས་ཀྱི་ གསུང་ཐོས་ནས་བྱེད་པ་པོ་དང་བདག་ཏུ་སྨྲ་བ་ཡོངས་སུ་སྤངས་ཏེ་སངས་རྒྱས་པའི་རྣལ་ འབྱོར་སྤྱོད་པ་པ་རྣམས་བྱུང་བར་གྱུར་ཏོ། ། 4-1-371 ༈ 〈དེ་ལ་གང་ཞིག་དབུ་མ་པར་འགྱུར་ཚུལ་〉སླར་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་ འཇིག་རྟེན་ལས་འདས་པའི་ཆོས་(བདག་གཉིས་ཀྱིས་སྟོང་པ་དབུ་མ་པའི་ལྟ་བ་)བསྟན་པ་ཐོས་ནས་རྣམ་ པར་ཤེས་པར་སྨྲ་བ(འི་ལྟ་བ་)ཡོངས་སུ་སྤངས་ཏེ་(སེམས་ཙམ་པ་)འགག་ཞིག་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་ལམ་(སྤྲོས་བྲལ་དབུ་མའི་ལམ་)ལ་བརྟེན་པ་བྱུང་བར་གྱུར་ཏོ། །དེ་བཞིན་དུ་རྣལ་ འབྱོར་མའི་རྒྱུད་རྣམས་ལས། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་དང་སྡུད་པར་བྱེད་པ་ མོ་ཞེས་པ་(དགོངས་པ་ཅན་གསུངས་པ་)སྟེ། །དེ་ལྟར་སེམས་ཅན་གྱི་བསམ་པའི་དབང་གིས་བཅོམ་ ལྡན་འདས་ཀྱིས་ཆོས་(སྣ་ཚོགས་)བསྟན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་མགྲིན་པ་དང་རྐན་ དང་སྤྱི་བོ་དང་སོ་དང་མཆུ་ལས་སྐྱེས་པ་ཉི་ཚེ་བའི་སྒྲས་མ་ཡིན་ཏེ་གང་གི་ཕྱིར་(སངས་རྒྱས་ཀྱི་ གསུང་གཞོམ་མེད་ཀྱི་སྒྲ་)མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་གྱི་སྐད་ཉིད་ཀྱི་(རྣམ་པ་ཅན་ཡིན་ པའི་)ཕྱིར་རོ། །འདིར་ཉི་ཚེ་པའི་ངག་གིས་ཡིན་ན་ཅིག་ཅར་མཐའ་ཡས་པ་མཐའ་ཡས་པའི་ སེམས་ཅན་རྣམས་ལ་རང་རང་གི་སྐད་གཞན་གྱིས་ཆོས་བསྟན་པར་བྱ་བ་བསྐལ་པ་མཐའ་ ཡས་པས་ཀྱང་མི་ནུས་སོ། །དེའི་ཕྱིར་(ཉི་ཚེ་བའི་སྒྲས་གསུངས་པ་ཡིན་ན་)སེམས་ཅན་གྱི་བསམ་པའི་ དབང་གིས་བཅོམ་ལྡན་འདས་ཀྱི་གསུང་དུ་མི་འགྱུར་ཞིང་སེམས་ཅན་གྱི་བསམ་པའི་དབང་ གིས་བཅོམ་ལྡན་འདས་ཀྱང་འཛིན་པ་དང་བཅས་པར་འགྱུར་ཏེ་(མགྲིན་པ་དང་རྐན་ལ་སོགས་པའི་ འབད་རྩོལ་གྱིས་ཆོས་བསྟན་པའི་ཕྱིར་རོ། །འདོད་ན་)འཛིན་པ་འཛིན་པའི་ཕྱིར་འཁོར་བ་པར་(ཧ་ཅང་ཐལ་བར་)འགྱུར་རོ། །དེའི་ཕྱིར་སེམས་ཅན་རྣམས་ཀྱི་སྐྱེ་བ་(སྔ་མ་)གཞན་གྱིས་(སངས་རྒྱས་ལ་དད་པའི་)བག་ ཆགས་ཀྱི་སྟོབས་ཀྱིས་རྨི་ལམ་དུ་མ་སྐྱེས་པའི་ལུས་བཞིན་དུ་(སེམས་ཅན་སེམས་དག་པ་ལ་)བཅོམ་ ལྡན་འདས་ཀྱི་སྐུའི་སྣང་བ་དང་གསུང་གི་སྣང་བར་འགྱུར་རོ། །ཇི་ལྟར་རྨི་ལམ་དུ་སློབ་མ་ རྣམས་ཀྱིས་མཁན་པོ་མཐོང་ནས་ཐེ་ཚོམ་གྱི་དོན་འདྲི་བར་བྱེད་ཅིང་མཁན་པོས་ཀྱང་སློབ་མ་ རྣམས་ཀྱི་ཐེ་ཚོམ་གྱི་དོན་ཐེ་ཚོམ་མེད་པར་བྱེད་ཀྱང་དེ་ན་མཁན་པོ་མེད་དེ་སློབ་མ་རྣམས་ཀྱི་ 4-1-372 སེམས་ཀྱི་བག་ཆགས་ཀྱི་སྣང་བའོ། །དེ་བཞིན་དུ་〔སངས་རྒྱས་སྤྲུལ་པའི་སྐུའི་ཆོས་སྟོན་པ་ནི་〕སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་ཀྱི་རང་གི་སེམས་ཀྱི་སྣང་བ་〔ཙམ་〕སྟེ། བཅོམ་ ལྡན་འདས་ནི་སྐྱེས་པ་མ་ཡིན་ཞིང་འགག་པ་མ་ཡིན་ནོ(རྒྱུད་བླ་མར། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། ། ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོ་སྐུའི་གཟུགས་ བརྙན་འཆར། །ཞེས་པ་དང༌། འདི་ནི་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་མཐོང་སྟེ། ། དེ་དག་ལ་ནི་དོན་ཡོད་འགྱུར། །ཞེས་གསུངས་པ་བཞིན་ནོ)། ། ༈ རྒྱུ་(མཚན་)འདིས་སངས་རྒྱས་པ་བཞི་པོ་རྣམས་ཀྱི་བག་ཆགས་ཀྱི་སྟོབས་ཀྱིས་བཅོམ་ ལྡན་འདས་ཀྱིས་གང་ཟག་ཏུ་སྨྲ་བ་(བྱེ་བྲག་ཏུ་སྨྲ་བ་)རྣམས་ལ་གང་ཟག་མི་རྟག་པར་བསྒོམ་པ་ གསུངས་སོ། །དོན་དུ་སྨྲ་བ་(མདོ་སྡེ་པ་)རྣམས་ལ་ས་ལ་སོགས་པའི་ཟད་པར་བསྒོམ་པ་དང་རྣམ་ པར་ཤེས་པར་སྨྲ་བ་(སེམས་ཙམ་པ་)རྣམས་ལ་རྣམ་པར་རིག་པ་ཙམ་གྱི་ཏིང་ངེ་འཛིན་དང་དབུ་མ་ པ་(མཐར་ཐུག་པ་)རྣམས་ལ་རྨི་ལམ་ལྟ་བུ་འགྱུར་བ་མེད་ཅིང་གཉིས་སུ་མེད་པའི་ཡེ་ཤེས་(རྣམ་ཀུན་ མཆོག་ལྡན་གྱི་སྟོང་པ་ཉིད་)བསྒོམ་པ་སྟེ་དེ་ལྟར་(དང་པོ་གསུམ་ལ་)གང་ཟག་ལ་བདག་མེད་པ་དང་(དབུ་མ་ པ་ལ་)ཆོས་ལ་བདག་མེད་པ(བསྟན་པ)འོ། །བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་བ་དང་རྣལ་འབྱོར་ སྤྱཽད་པ་པ་རྣམས་ཀྱི་(འདོད་ལུགས་ཀྱི་མྱང་འདས་ནི་ཕུང་པོའི)ལྷག་མ་དང་བཅས་པའི་མྱ་ངན་ལས་ འདས་པའོ། །དབུ་མ་པ་རྣམས་ཀྱི་〔མྱང་འདས་ནི་ཕུང་པོའི་〕ལྷག་མ་(ཀུན་)དང་བྲལ་བ་རབ་ཏུ་ མི་གནས་པའི་མྱ་ངན་ལས་འདས་པ་སྟེ་རྒྱུ་དང་འབྲས་བུུ་(རྟེན་འབྲེལ་ཡན་ལག་བཅུ་གཉིས་)འགགས་ པའི་ཕྱིར་ཤིན་ཏུ་གཉིད་ལོག་པ་(སྣང་མེད་)དང་སད་པའི་གནས་སྐབས་(སྤྲོས་བཅས་)དང་བྲལ་བ་ (སྟོང་གཟུགས་)རྨི་ལམ་(གྱི་གནས་སྐབས་ལྟ་བུ་)དང་(བདེ་ཆེན་)བཞི་པ〔འི་གནས་སྐབས་〕ལྟ་བུ(དབྱེར་མེད་པ་ ཨེ་ཝཾ་གི་ཡི་གེ)འོ། །བཅོམ་ལྡན་འདས་ཀྱིས་(ལ་ལར་འདི་བྱ་བ་ནན་ཏན་ཞེས་པར་སོང་སྟེ་རྒྱ་དཔེ་མ་དག་པ་ཡིན་ནོ་)སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བསྟོད་པ་ལས་ཚིགས་སུ་བཅད་པ་བཅུ་པས་(མྱ་ངན་ལས་འདས་པ་ 4-1-373 ཆེན་པོ་)གསུངས་པ་འདི་ལྟ་སྟེ། (ཕུང་པོའི་)ལྷག་མ་ཀུན་ལས་(གདོད་ནས་)རྣལ་གྲོལ་ཞིང༌། །(རྣམ་པ་ ཐམས་ཅད་པའི་སྟོང་པ་)ནམ་མཁའི་མཐའ་ལ་རབ་གནས་པ། །(བདེ་ཆེན་)ཡིད་བཞིན་ནོར་བུ་ཆེན་པོ་ འཆང༌། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །ཅེས་པ་སྟེ་(འདི་ཚིགས་བཅད་བཅུ་གཅིག་པ་ཡིན་པའི་ཕྱིར་ འདི་ཡང་རྒྱ་དཔེ་མ་དག་གསུང་ངོ་)དེའི་ཕྱིར་(དོན་དང་རྣམ་རིག་སོགས་)ཕྱོགས་སུ་འཛིན་པ་དང་བྲལ་ཞིང་(ཕུང་ པོའི་)ལྷག་མ་ལུས་པ་མེད་པའི་མྱ་ངན་ལས་འདས་པ་(དོན་དམ་འདུས་མ་བྱས་ཀྱི་དབྱིངས་)ནི་ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱིའོ། ། ༈ (ཆོས་ཉིད་འོད་གསལ་གྱི་སྣང་བ་ནམ་མཁའ་ལས་བྱུང་རང་བྱུང་བ་ལ་རྩོད་པ་)ཅི་སྟེ་རྨི་ལམ་གྱི་གནས་ སྐབས་སུ་(ཤེས་པ་ལ་རྣམ་པ་གཏོད་བྱེད་)བེམ་པོའི་ཆོས་མེད་པར་བེམ་པོ་མ་ཡིན་པའི་སྣང་བ་མཐོང་ བར་འགྱུར་(བ་ཡོད་)ཏེ་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སོ། །སད་པའི་གནས་སྐབས་སུ་ (ཤེས་པ་ལ་རྣམ་པ་གཏོད་བྱེད་)ནི་བེམ་པོའི་ཆོས་མེད་པར་བེམ་པོ་མ་ཡིན་པའི་སྣང་བ་མཐོང་བར་མི་ འགྱུར་ཏེ་མེ་ལོང་ལ་གཟུགས་བརྙན་(ཤར་བ་དེ་རྣམས་གཏོད་བྱེད་བེམ་པོའི་དངོས་པོ་མེད་ན་མེད་པ་)བཞིན་ ནོ། །(སད་པའི་)གནས་སྐབས་འདི་ལ་རྣལ་འབྱོར་པའི་སྒོམ་པའི་སྣང་བ་ཡང་(ཡོད་ན་རྣམ་པ་གཏོད་ བྱེད་དང་དེས་གཏད་པའི་རྣམ་པ་སྟེ་)རྣམ་པ་གཉིས་སུ་སྣང་བར་འགྱུར་(དགོས་)ཏེ་(ནམ་མཁའི་ཟླ་བས་རྣམ་པ་ གཏད་པའི་)ཆུའི་ཟླ་བ་བཞིན་དུ་ཆོས་ཅན་(རྣམ་པ་གཏོད་བྱེད་བེམ་པོའི་ཆོས་)ཡོད་ན་(དེས་རྣམ་པ་གཏད་པའི་ གཟུགས་བརྙན་གྱི་)ཆོས་རྣམས་〔ཡོད་པས་〕སོ། །(སད་དུས་སུ་བསྒོམས་པའི་)གནས་སྐབས་དེ་ལ་རྣལ་ འབྱོར་པས་བེམ་པོའི་ཆོས་མེད་པར་རྨི་ལམ་དང་མཚུངས་པ་བེམ་པོ་ཆོས་མ་ཡིན་པ་(བློས་) བརྟག་པ་མ་ཡིན་པ་(རང་བྱུང་ཡིན་པས་གཞན་ལས་ཆད་པའི་)སྐྱེས་པ་མ་ཡིན་པ་སྟོང་པ་མ་ཡིན་པ་(ཁམས་ གསུམ་པའི་)སེམས་མ་ཡིན་པ་ནམ་མཁའ་ལ་(རྣལ་འབྱོར་པས་)མཐོང་བར་འགྱུར་བ་འདི་ཉིད་ནི་ རབ་ཏུ་མ་གྲགས་ཏེ་གང་གི་ཕྱིར་(རྣམ་པ་གཏོད་བྱེད་བེམ་པོའི་)ཆོས་ཅན་ཡོད་ན་(དེས་གཏད་པའི་ རྣམ་པ་ཡིས་)ཆོས་(ཡོད་པར་)རྣམ་པར་དཔྱོད་(པས་གྲུབ་)པའི་ཕྱིར་རོ། །(ཏིང་ངེ་འཛིན་ལ་)སྒྱུ་མ་ 4-1-374 ལྟ་བུར་(སྣང་བ་)དེ་བཞིན་གཤེགས་པས་གསུངས་པ་རྣམས་(ནི་གཟུགས་སོགས་བེམ་པོའི་ཆོས་རྣམས་སྒྱུ་ མ་ལྟ་བུར་སྣང་བ་ལ་དགོངས་ཀྱི་)བེམ་པོའི་ཆོས་མེད་པར་བེམ་པོ་མ་ཡིན་པའི་སྣང་བ་ཏིང་ངེ་འཛིན་ གྱིས་མཐོང་བར་མི་འགྱུར་རོ། །ཞེས་པ་འདིར་འགའ་ཞིག་གིས་བསམ་པ་འབྱུང་བར་འགྱུར་ ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་བེམ་པོའི་སེམས་ཀྱི་བག་ཆགས་ལ་མངོན་པར་ དགའ་བ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་སད་པའི་གནས་སྐབས་སུ་བེམ་པོའི་ ཆོས་མེད་པར་བེམ་པོ་མ་ཡིན་པའི་སྣང་བ་མཐོང་བར་མི་འགྱུར་བ་དེ་ནི་མ་ཡིན་ཏེ་གང་གི་ ཕྱིར་(སད་པའི་གནས་སྐབས་སུ་)པྲ་ཕབ་པའི་མེ་ལོང་ལ་བེམ་པོའི་ཆོས་མེད་པར་བེམ་པོ་མ་ཡིན་ པའི་སྣང་བ་ཡང་དག་པར་མཐོང་བའི་ཕྱིར་རོ། །(དེ་ཉིད་བཤད་པ་)ཇི་ལྟར་གཞོན་ནུ་མས་པྲ་ཕབ་ པའི་མེ་ལོང་ལ་སྔགས་དང་ལྷའི་བྱིན་རླབས་ཀྱི་སྟོབས་ཀྱིས་འདས་པ་དང་མ་འོངས་པ་དང་ ད་ལྟར་བྱུང་བས་ཆོས་རྣམས་ཀྱི་(རྣམ་པ་)བེམ་པོ་མ་ཡིན་པ་སྣང་བར་འགྱུར་ཏེ་འདས་པ་དང་ མ་འོངས་པ་དང་ད་ལྟར་བྱུང་བའི་བེམ་པོའི་ཆོས་དེ་རྣམས་མེ་ལོང་ལ་མངོན་པར་ཕྱོགས་པར་ འགྱུར་བ་ཡང་མ་ཡིན་ལ་(རྣམ་པ་གཏོད་བྱེད་)བེམ་པོའི་ཆོས་དེ་རྣམས་མེད་པར་མེ་ལོང་ལ་བེམ་པོ་ མ་ཡིན་པའི་སྣང་བ་མེད་པ་ཡང་མ་ཡིན་ཞིང་ཆོས་དེ་རྣམས་གཞོན་ནུ་མས་བསམས་པ་ཡང་ མ་ཡིན་ནོ། །དེ་བཞིན་དུ་(སོ་སོར་སྡུད་པའི་)རྣལ་འབྱོར་པས་རང་གི་(རྣམ་པར་མི་རྟོག་པའི་)སེམས་ཀྱི་ བྱིན་རླབས་ཀྱི་སྟོབས་ཀྱིས་ནམ་མཁའི་ཁམས་ལ་བེམ་པོ་ཁམས་གསུམ་པོ་མེད་པར་བེམ་པོ་ མ་ཡིན་པའི་སྣང་བ་(ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་)མཐོང་བར་འགྱུར་རོ། །བཅོམ་ལྡན་ འདས་ཀྱིས་སྒྲུབ་ཐབས་ཀྱི་ལེའུ་ལས་ཚིགས་སུ་བཅད་པ་བརྒྱ་དགུ་བཅུ་རྩ་བརྒྱད་པས་(ཕྱག་རྒྱ་ ཆེན་པོ་འོད་གསལ་གྱི་སྣང་བ་)གསུངས་པ། ཕྱག་རྒྱ་(ཆེན་པོ་ནི་)སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་ མཁའ་ལ་ནི་(པྲ་ཕབ་པའི་)མེ་ལོང་དག་ལ་གཟུགས་(སྣང་བ་)བཞིན་ཏེ། །(བེམ་པོ་མ་ཡིན་པའི་)འཇིག་ 4-1-375 རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་ བྱེད། །ཕྱི་དང་ལུས་ལ་(ལོགས་སུ་)དབྱེར་མེད་(པར་ཁྱབ་པ་)ཡུལ་དང་རྣམ་པར་བྲལ་བ་སྣང་བ་ཙམ་ ནི་མཁའ་ལ་གནས་པའི། །སེམས་ལ་སེམས་(དག་གིས་ནི་བདག་གིས་འཁྱུད་དེ་ཞེས་ཤོང་ལ་ཡོད་པ་ལྟར་བདེ་)ཀྱི་རང་བཞིན་འཁྱུད་པ་གང་ཞིག་འགྲོ་བ་དུ་མའི་གཟུགས་ཅན་དེ་ནི་(ཆོས་ཀྱི་དབྱིངས་)གཅིག་ པུའོ། །ཞེས་པ་སྟེ་བཅོ་ལྡན་འདས་ཀྱིས་གསུངས་འདི་ཡི་ཕྱིར་བེམ་པོ(ཁམས་གསུམ་པ)འི་ཆོས་ མེད་པར་བེམ་པོ་མ་ཡིན་པའི་ཆོས་(ཁམས་གསུམ་གཞན་གྱི་)སྣང་བ་རྣལ་འབྱོར་པས་(ནམ་མཁའ་ལ་) མཐོང་བར་འགྱུར་རོ། ། ༈ (ཡང་རྣལ་འབྱོར་པས་འོད་གསལ་སྟོང་གཟུགས་མཐོང་བར་འདོད་ཀྱང་མཐོང་བའི་རྒྱུ་མི་ཤེས་པ་ཁ་ཅིག་ན་རེ་)ཅི་ སྟེ་གཞོན་ནུ་མས་པྲ་ཕབ་པའི་མེ་ལོང་ལ་སྣང་བ་མཐོང་བ་གང་ཡིན་པ་དེ་ནི་སློབ་དཔོན་གྱི་ (བཀའ་)དྲིན་(ཉིད་)གྱིས་ཡིན་ཏེ་གང་གི་ཕྱིར་གཞོན་ནུ་མ་ལ་སློབ་དཔོན་གྱིས་སྔགས་དང་ལྷའི་ བྱིན་གྱི་རླབས་པ་བྱས་པའི་ཕྱིར་རོ། །འདིར་གཞོན་ནུ་མ་ལ་སློབ་དཔོན་གྱི་སྔགས་དང་ལྷའི་ བྱིན་གྱིས་བརླབས་པ་བྱས་སོ། །དེས་ནས་བྱིན་གྱིས་བརླབས་པའི་དབང་གིས་གཞོན་ནུ་མས་ པྲ་ཕབ་པའི་མེ་ལོང་ལ་སྣང་བ་མཐོང་བར་འགྱུར་གྱི་སྔགས་དང་ལྷའི་བྱིན་རླབས་དང་བྲལ་ བས་ནི་མ་ཡིན་ནོ། །དེའི་ཕྱིར་བླ་མའི་བཀའ་དྲིན་གྱིས་རྣལ་འབྱོར་པས་(བེམ་པོ་མ་ཡིན་པ་)ཁམས་ གསུམ་པར་སྣང་བ་ཙམ་ནམ་མཁའི་ཁམས་ལ་མཐོང་བར་འགྱུར་རོ་ཞེས་པ་འདིར་(བླ་མའི་) བཀའ་(ཙམ་)ལ་ཆགས་པ་འགའ་ཞིག་གིས་བསམ་པ་འབྱུང་བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་རྨོངས་པ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་ པ་བླ་མའི་བཀའ་དྲིན་(ཙམ་)གྱིས་གཞོན་ནུ་མ་ལ་སྔགས་དང་ལྷའི་བྱིན་རླབས་སུ་འགྱུར་བ་དེ་ ནི་མ་ཡིན་ཏེ་གང་གི་ཕྱིར་སློབ་དཔོན་(རང་ཉིད་)ལ་པྲ་ཕབ་པའི་མེ་ལོང་ལ་སྣང་བ་མེད་པའི་ཕྱིར་ རོ། །འདིར་གལ་ཏེ་སློབ་དཔོན་གྱི་བཀའ་དྲིན་(ཙམ་)གྱིས་གཞོན་ནུ་མ་ལ་སྔགས་དང་ལྷའི་ 4-1-376 བྱིན་གྱིས་བརླབས་པར་འགྱུར་ན་དེའི་ཚེ་སློབ་དཔོན་(རང་ཉིད་)ལ་ཡང་བྱིན་གྱིས་བརླབས་པ་དེ་ ཉིད་ཅི་སྟེ་(བྱེད་པར་)མི་འགྱུར་(རང་ལ་བྱིན་གྱིས་རློབ་པར་མི་ནུས་པའི་རྒྱུ་)གང་གིས་ན་གཞོན་ནུ་མ་ལ་བྱིན་ གྱིས་བརླབས་པ་བྱས་ནས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ལྐོག་ཏུ་གྱུར་པའི་ ཤེས་པ་འདྲི་བར་བྱེད་གལ་ཏེ་(སློབ་དཔོན་)དེ་ཉིད་ལ་བྱིན་གྱིས་བརླབས་པ་ཡོད་ན་(སློབ་དཔོན་)དེ་ ཉིད་ཀྱིས་པྲ་ཕབ་པའི་མེ་ལོང་ལ་(དུས་གསུམ་ལྐོག་གྱུར་)དེའི་སྣང་བ་མཐོང་ནས་རང་ཉིད་ཁོ་ནས་ བརྗོད་པར་བྱེད་(པར་འོས་)དེ་དེ་ལྟར་(བྱེད་པ་)ཡང་མ་ཡིན་(པས་བསལ་བ་ཡིན་)ནོ། །དེའི་ཕྱིར་སློབ་ དཔོན་གྱི་བཀའ་དྲིན་(ཙམ་)གྱིས་གཞོན་ནུ་མ་ལ་(དུས་གསུམ་ལྐོག་གྱུར་)སྣང་ངོ༌། །(ཞེས་)བརྗོད་པར་ མི་ནུས་ཏེ་དེ་བཞིན་དུ་རྣལ་འབྱོར་པ་ལ་ཡང་ངོ༌། ། ༈ འོན་ཀྱང་གཞོན་ནུ་མ་ལ་སྔགས་དང་ལྷའི་བྱིན་གྱིས་བརླབས་པ(འི་རྟེན་དུ་རུང་བ་)འགྱུར་ བ་དེ་ལ་རྒྱུ་(གཞན་ཡང་)ཡོད་དེ་རྒྱུ་གང་གིས་གཞོན་ནུ་མ་ལ་དབང་པོ་གཉིས་ཡང་དག་པར་ཕྲད་ པ་ལས་འཕོ་བའི་བདེ་བ་ཉེ་བར་ཐོབ་པ་མེད་པའི་རྒྱུ་དེས་བྱིན་གྱིས་བརླབས་པར་འགྱུར་ རོ། །འཇིག་རྟེན་དུ་ཡང་རབ་ཏུ་གྲགས་ཏེ་གཞོན་ནུ་མའི་བདེ་བ་བཞིན་ཞེས་སོ། །རྒྱུ་དེས་ན་ གཞོན་ནུ་མས་སྔགས་དང་ལྷའི་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་པྲ་ཕབ་པའི་མེ་ལོང་ལ་ སྣང་བ་མཐོང་པར་འགྱུར་གྱི་དབང་པོ་གཉིས་ཀྱི་བདེ་བ་ཉེ་བར་ཐོབ་པའི་ན་ཆུང་གཞན་གྱིས་ ནི་(མཐོང་བ་)མ་ཡིན་ནོ། །(གཞོན་ནུ་མ་འབའ་ཞིག་ཏུ་མ་ཟད་)གཞོན་ནུ་ལྷས་བྱིན་གྱིས་བརླབས་པ་དང་ (ཐིག་ལེ་མ་ཉམས་ཤིང་)ལྷས་བྱིན་གྱིས་བརླབས་པའི་དར་མ་དང་ན་ཆུང་དར་ལ་བབ་པས་ཀྱང་ མཐོང་བར་འགྱུར་རོ། ། ༈ དེ་བཞིན་དུ་རྣལ་འབྱོར་པ་ཡང་མཆོག་ཏུ་མི་འགྱུར་བའི་བདེ་བ་གོམས་པའི་དབང་ གིས་ཕྱི་རོལ་ཀྱི་(དབང་པོ་གཉིས་ཀྱི་)འཕོ་བའི་བདེ་བ་སྤངས་པའི་ཕྱིར་གཞོན་ནུ་མའི་གནས་ སྐབས་གཞན་དུ་གྱུར་(པ་སྟེ་དེ་དང་མཚུངས་)པས་རང་གི་(རྣམ་པར་མི་རྟོག་པའི་)སེམས་ཀྱིས་བྱིན་གྱིས་ 4-1-377 བརླབས་པའི་སྟོབས་ཀྱིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ(འི་རྣམ་པ་བེམ་པོ་མ་ཡིན་པ)་ མཐོང་བར་འགྱུར་གྱི་(རང་གིས་མ་བསྒོམས་པར་)བླ་མའི་བཀའ་དྲིན་(ཙམ་)གྱིས་ནི་(མཐོང་བ་)མ་ཡིན་ ནོ(འདིར་མི་འགྱུར་བའི་བདེ་བ་གོམས་པའི་དབང་གིས་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་མཐོང་བར་གསུངས་པ་འདི་ནི་ གཞོན་ནུ་མ་དང་དཔེ་དོན་སྦྱར་བའི་ཕྱིར་གསུངས་པ་ཡིན་གྱི་མི་འགྱུར་བའི་བདེ་བ་མ་ཐོབ་པའི་སོར་སོར་སྡུད་པའི་རྣལ་འབྱོར་ པས་ཀྱང་དུས་གསུམ་གྱི་རྣམ་པ་ཅན་གྱི་སྟོང་གཟུགས་མི་མཐོང་བ་མ་ཡིན་ཏེ་སོ་སོར་སྡུད་པའི་རྣལ་འབྱོར་པ་ནི་ནམ་མཁའི་ མཐིལ་དུ་སོན་པ་དུས་གསུམ་གཟུགས་རྣམས་མཐོང་བར་འགྱུར་ཅེས་གསུངས་པའོ)། ། ༈ ཅི་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བ་གོམས་པ་མེད་ཅིང་ཚངས་པར་སྤྱོད་པ་མེད་ཀྱང་ 〔དྲང་སྲོང་སོགས་འགའ་ཞིག་གིས་མ་འོངས་པ་ན་དགེ་མི་དགེ་འབྱུང་བར་འགྱུར་པའི་〕ལྟས་ དུ་མར་སྟོན་པར་བྱེད་པ་མ་ཡིན་ནམ་དེའི་ཕྱིར་ཚངས་པར་སྤྱོད་པ་མེད་ཀྱང་སྔགས་དང་ལྷས་ བྱིན་གྱིས་བརླབས་པར་འགྱུར་ཏེ་རྣམ་པ་གཞན་དུ་ན་(ཚངས་སྤྱོད་མེད་པའི་དྲང་སྲོང་)དེ་དག་ཇི་ལྟར་ ལྟས་(སྣ་ཚོགས་)སྟོན་པར་བྱེད་ཅེས་པ་འགའ་ཞིག་གིས་བསམ་པ་འབྱུང་བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་བྱིས་པ་རྣམས་ཀྱི་གང་བརྗོད་པ་ཚངས་པར་སྤྱོད་ པ་མེད་པ(འི་དྲང་སྲོང་)རྣམས་ལ་སྔགས་དང་ལྷས་བྱིན་གྱིས་བརླབས་པར་འགྱུར་བ་དེ་ནི་མ་ཡིན་ ཏེ། གང་གི་ཕྱིར་(མི་འཕོ་བའི་ཚངས་སྤྱོད་མེད་ཀྱང་)སྐར་རྩིས་གོམས་པའི་དབང་གིས་(ལྟས་ལ་བརྟེན་ནས་ ཤིན་ཏུ་ལྐོག་གྱུར་གྱི་)དོན་ཡང་དག་པར་མཐོང་བའི་ཕྱིར་རོ། །འདིར་(དྲང་སྲོང་སོགས་ཀྱིས་མ་འོངས་པ་ནས་ དགེ་མི་དགེ་འབྱུང་བའི་)ལྟས་ཤེས་པ་གང་ཡིན་པ་དེ་ཉིད་ནི་སྐར་རྩིས་ཀྱི་ཡན་ལག་སེམས་ཅན་ ཐམས་ཅད་ཀྱི་(ཤེས་བྱ་)ཐུན་མོང་པ་སྟེ་མན་ངག་གི་དབང་དང་རྩིས་ཀྱི་དབང་གིས་(སེམས་ཅན་གྱི་ བདེ་སྡུག་སོགས་)སྐྱེ་བ་དང་ཉམས་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། ། ༈ (གཞན་ཡང་)གཞན་དག་གིས་རྣ་བའི་ཤ་ཟ་མོ་བསྒྲུབས་ཏེ་དེས་(ལྐོག་གྱུར་གྱི་དོན་)བརྗོད་ པར་བྱེད་དོ། །གཞན་དག་གི་ཞིང་སྐྱོང་རྣམས་བསྒྲུབས་ཏེ་དེ་རྣམས་ཀྱིས་(སེམས་ཅན་གཞན་) 4-1-378 དེ་རྣམས་ཀྱི་སེམས་ལ་ཅུང་ཟད་འཕྲོ་བ་བརྗོད་པར་བྱེད་དོ། །གཞན་དག་གིས་མ་མོ་(འཇིག་ རྟེན་པའི་ཙར་ཙི་ཀ་ལ་སོགས་པ་བརྒྱད་ཡིན་ཟེར་)རྣམས་བསྒྲུབས་ཤིང་ཕབ་སྟེ་གཞན་གྱི་ལུས་ལ་རབ་ ཏུ་ཞུགས་ནས་བརྗོད་པར་བྱེད་དོ། །གཞན་དག་གིས་ཀླུའི་རྒྱལ་པོ་རྣམས་བསྒྲུབས་ཏེ་(གྲུབ་ པ་)དེ་རྣམས་ཀྱི་(སོས་བཏབ་ན་བརྒྱལ་བའི་)དུས་ཀྱིས་ཟིན་པའི་ལུས་ལ་རབ་ཏུ་ཞུགས་ནས་བརྗོད་ པར་བྱེད་དོ། །གཞན་དག་གིས་བྲན་པོ་(མངག་གཞུག་པ་རྩ་མི་དང་ར་ཟེར་)བསྒྲུབས་ཏེ་དེ་ནི་སྒྲུབ་པ་ པོ་རྣམས་ཀྱི་(བཀའ་བསྒོ་བའི་)ཚིག་གི་སེམས་ཅན་(གཞན་)གྱི་ལུས་ལ་ཞུགས་ནས་སེམས་ཅན་ 〔གཞན་〕རྣམས་ལ་ཅོ་འདྲི་བར་བྱེད་དོ། །གཞན་དག་གིས་མཁའ་འགྲོ་མ་(དྲུག་ཅུ་རྩ་བཞི་སོགས་)དང་སྲིན་པོ་ལ་སོགས་པ་བསྒྲུབས་ཏེ་དེ་རྣམས་ཀྱི་སེམས་ཅན་རྣམས་ཀྱི་ཁྲག་འཐུང་བར་ བྱེད་དོ། །གཞན་དག་གིས་འབྱུང་པོ་རྣམས་བསྒྲུབས་ཏེ་དེ་དག་སེམས་ཅན་རྣམས་ཀྱི་ལུས་ ལ་ཞུགས་ནས་འདར་བ་དང་གཡོ་བ་ལ་སོགས་པ་བྱས་ཏེ་འགྲོའོ། །གཞན་དག་གི་བགེགས་ དང་ལོགས་འདྲེན་རྣམས་བསྒྲུབས་ཏེ་དེ་རྣམས་ཀྱི་སེམས་ཅན་རྣམས་ལ་བགེགས་(དང་བར་ཆད་)བྱེད་དོ། །གཞན་དག་གིས་ཞི་བའི་ལྷ་རྣམས་བསྒྲུབས་ཏེ་དེ་རྣམས་ཀྱི་སེམས་ཅན་རྣམས་ལ་ བསྲུང་བར་བྱེད་དོ། །གཞན་དག་གིས་འདོད་པའི་ལྷ་རྣམས་བསྒྲུབས་ཏེ་དེ་རྣམས་ཀྱི་སེམས་ ཅན་རྣམས་འདོད་པས་མྱོས་པ་དང་ཁུ་བ་འཕོ་བར་བྱེད་དོ། །གཞན་དག་གིས་གདུག་པའི་ལྷ་ གཞན་རྣམས་བསྒྲུབས་ཏེ་འགའ་ཞིག་གིས་(སེམས་ཅན་གཞན་)རེངས་པར་བྱེད་དོ། །འགའ་ཞིག་ གིས་རྨོངས་པ་དང་འགའ་ཞིག་གིས་བསྐྲད་པ་དང་འགའ་ཞིག་གིས་དབྱེ་བ་དང་འགའ་ཞིག་ གིས་བསད་པའོ། །འགག་ཞིག་གིས་(ལྷ་རྟེན་དུ་བཙུགས་པའི་)ཤིང་དང་(རྡོ་ལ་སོགས་པའི་)མཚན་མ་ རྩད་ནས་འབྱིན་པར་བྱེད་དེ་དེ་ལྟ་བུ་ལ་སོགས་པ་ཉེ་བར་འཚེ་བའི་ལས་ཕྲ་མོ་དུ་མ་རྣམས་མི་ སྣང་བའི་གཟུགས་ཀྱིས་བྱེད་དོ། ། ༈ གང་དག་གིས་གདུག་པའི་ལྷ་བདུད་ཀྱི་རིགས་འདི་རྣམས་བསྒྲུབས་པ་དེ་རྣམས་(བླུན་ 4-1-379 པོ་རྣམས་)འཕྲལ་དུ་ཡིད་ཆེས་པར་བྱེད་པའི་ཡོངས་སུ་ཤེས་པ་ཕྲ་མོ་འདི་རྣམས་ཀྱིས་རྨོངས་པ་ རྣམས་ཀྱི་བླ་མར་འགྱུར་ཞིང་ཆོས་སྟོན་པར་བྱེད་དེ་འདོད་པ(འི་དེ་ཉིད་)དང་དུག་(གི་དེ་ཉིད་)དང་ (མི་སྣང་བ་ར་ཟེར་དྲི་མ་མེད་རྩ་མི་ཟེར་)མིག་སྨན་མེད་པ་(ཞི་བའི་དེ་ཉིད་)རྣམས་ཀྱི་ཡེ་ཤེས་(འཕྲལ་དུ་)ཡིད་ ཆེས་པ་ནི་སྙིང་པོ(དམ་པ་)འོ། །(གང་ཟག་)གང་ལ་འདོད་པའི་བཀའ་མེད་པ་དང་དུག་(གི་དེ་ཉིད་) དང་མིག་སྨན་མེད་པ(ཞི་བ)འི་བཀའ་མེད་པ་(ཞེས་པ་)ལ་(འདིར་)མིག་སྨན་མེད་པ་ནི་(གང་ཡིན་ན་)ཕྲ་ མོ་(གཉིད་སྟུག་)དང་བདེ་འབྱུང་(རྨི་ལམ་)དང་ནུས་པ་ཅན་(སད་པ་ཡིན་)ཏེ་(དེ་རྣམས་དང་དེ་བཞིན་དུ་)མངོན་ སུམ་དང་ལྐོག་ཏུ་གྱུར་པ་ཤེས་པའི་བཀའ་མེད་པ་དེ་ནི་མཁས་པ་ཡིན་ཡང་ཕྱུགས་(ཙམ་དུ་སེམས་ པར་བྱེད་དོ)སོ། །(མཁས་པ་)སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་ལ་དགའ་བར་(ཡོ་བྱད་ བསྙུངས་པ་གཞན་གྱི་དོན་དུ་)བསོད་སྙོམས་ལ་རྒྱུ་ཞིང་(འདུ་འཛི་སྤངས་ནས་)གཅིག་པུ་གྲོགས་མེད་པར་ གནས་པ(འི་སྐྱེས་བུ་དམ་པ་རྣམས་)ནི་རང་གི་དོན་ཉམས་པ(འི་རྨོངས་པར་བྱེད་དུ་འོང་)སྟེ་རང་དོན་ཉམས་ པ་རྨོངས་པ་ཉིད་ཅེས་འཇིག་རྟེན་དུ་ཡང་རབ་ཏུ་གྲགས་(ཞེས་)སོ། ། ༈ དེའི་ཕྱིར་མཆོག་གི་དབང་ཕྱུག་གི་བཀའ་(ཚེ་འདིའི་)ལོངས་སྤྱོད་དང་གྲོལ་བའི་འབྲས་ བུ་རབ་ཏུ་སྟེར་བ་འདི་ནི་(དབང་ཕྱུག་ཆེན་པོ་ནས་བླ་མ་)བརྒྱུད་པའི་རིམ་པས་འོངས་པ་སྟེ་བླ་མའི་ དྲིན་གྱིས་ཐོབ་པོ། །(དབང་ཕྱུག་པའི་ལུགས་ཀྱིས་)མཆོག་གི་དབང་ཕྱུག་གམ་ཐམས་ཅད་མཁྱེན་ པས་གསུངས་པ། བླ་མ་ལྟ་བུའི་མ་མེད་ཅིང༌། །བླ་མ་ལྟ་བུའི་ཕ་མེད་དེ། །འཁོར་བའི་རྒྱ་མཚོ་ བརྒལ་དཀའ་བ། །འཇིགས་པ་ཆེ་ལས་(བླ་མའི་བཀའ་དྲིན་)གང་གིས་བསྒྲལ། །ཞེས་པ་དང༌། བླ་ མ་གང་གིས་སློབ་མ་ལ། །དཔག་ཚད་བརྒྱ་ནས་བསླབ་པ་(སྟེ་མན་ངག་དབང་གི་དོད་)སྦྱིན(པས)། ། (ཚེ་འདིའི་)ལོངས་སྤྱོད་(དང་ཕྱི་མ་ལ་)གྲོལ་(བའི་འབྲས་བུ་)སྟེར་(བའི་)བསླབ་པ་གང་(ཡིན་པ)། །དེ་ནི་ ཐར་པ་སྟེར་བྱེད་དོ་ཞེས་པའོ། ། ༈ དེ་ལྟར་རྣམ་པ་དུ་མ་རྣམས་ཀྱིས་(འདོད་པའི་ལོངས་སྤྱོད་ལ་)ཆགས་པ་ཆེན་པོས་ཟིལ་གྱིས་ 4-1-380 མནན་པའི་རྨོངས་པ་དེ་རྣམས་ཡོངས་སུ་ཤེས་པ་ཕྲན་ཚེགས་ཀྱིས་(སློབ་དཔོན་ལ་མོས་པའི་བློ་)སད་ པར་(རྟོགས་པར་རྩ་མི་ཟེར་གོ་བར་རྭ་ཟེར་)བྱས་ནས་(སློབ་མ་རྨོངས་པ་)དེ་རྣམས་རྗེས་སུ་འཛིན་པར་བྱེད་ དེ་བཀའ་དེ་ཡང་སྟེར་བར་བྱེད་དོ། །(སློབ་མ་)དེ་རྣམས་ཀྱང་མགུ་བ་ཆེན་པོར་འགྱུར་ཏེ་བདག་ ཅག་རྣམས་བླ་མའི་(བཀའ་)དྲིན་གྱིས་གྲོལ་ལོ། །ད་ནི་བདག་ཅག་གིས་(བྱ་བ་དང་བྱ་བ་མ་ཡིན་པ་) ཐམས་ཅད་བྱ་སྟེ་མི་གཙང་བ་བཟའ་བར་བྱའོ། །(བགྲོད་པར་བྱ་བའི་)རིགས་མ་ཡིན་པ་(མ་དང་སྲིང་ མོ་ལ་སོགས་པ་)ལ་མངོན་པར་བགྲོད་པར་བྱའོ། །སྲོག་གཅོད་པ་དང་བརྫུན་དུ་སྨྲ་བ་དང་མ་བྱིན་ པར་ལེན་པ་དང་ཆང་བཏུང་བ་ལ་སོགས་པ་བྱའོ། །དེ་ལྟར་བདུད་ཀྱི་ལས་རྣམ་པ་དུ་མ་རྣམས་ འདིར་དངོས་གྲུབ་གྱི་དོན་དུ་བྱེད་དེ་མཆོག་གི་དབང་ཕྱུག་གི་བཀའ་དྲིན་གྱི་དེ་རྣམས་ཀྱི་ལུས་ (འཆི་མེད་དུ་)འགྲུབ་པར་འགྱུར་བ་མ་ཡིན་ཞིང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ རིག་པར་འགྱུར་བ་ཡང་མ་ཡིན་ནོ། །མཐར་འཆི་བར་འགྱུར་ཏེ་ལུས་མེས་བསྲེག་པར་འགྱུར་ བའམ་ཁྱི་དང་བྱ་ལ་སོགས་པ་རྣམས་ཀྱིས་ཟ་བར་འགྱུར་རོ། །སྲོག་(རླུང་)ནི་(དབང་ཕྱུག་ཆེན་པོ་ རྩ་མི་ཟེར་)ཞི་བ་(སྟེ་འགགས་པ་)འམ་(ཀུན་གཞིའི་)རྣམ་པར་ཤེས་པ་ནི་རྡོ་རྗེ་ཅན་དུ་འགྱུར་བ་མེད་དོ། ། དེ་ལྟར་བདུད་རྣམས་ཀྱི་སྔགས་དང་ལྷའི་བྱིན་གྱིས་བརླབས་པའི་རིམ་པ་ཕྲ་མོ་ཐམས་ཅད་ མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ལ་མངོན་པར་དགའ་བའི་རྣལ་འབྱོར་པ་རྣམས་ཀྱིས་(ལམ་ ལོག་པ་ཡིན་པར་)རྣམ་པར་དཔྱད་པར་བྱ་སྟེ། སྔགས་ཀྱི་བྱིན་གྱིས་བརླབས་པ་ཕྲ་མོ་འདི་རྣམས་ ཀྱིས་རྡོ་རྗེ་(སེམས་དཔའ་རྩ་མི་ཟེར་རའང་དེ་དང་མཐུན་སྟེ་ཡེ་ཤེས་)འབེབ་པར་མི་འགྱུར་རོ། ། ༈ བཅོམ་ལྡན་འདས་ཀྱི་མཚན་ཡང་དག་པར་བརྗོད་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ བསྟོད་པ་ལས་(རྐང་པ་དང་བཅས་པའི་)ཚིགས་སུ་བཅད་པ་(དྲུག་གི་མཐར་)བདུན་པས་(བདུན་པའི་རྡོ་རྗེ་ འབེབས་པ་)གསུངས་པ་འདི་ལྟ་སྟེ། (རང་བྱུང་ཡེ་ཤེས་ཀྱི་སྐུ་ནི་)རྡོ་རྗེ་(བདེ་བ་ཆེན་པོ་)འབར་བ་(སྟེ་འོད་གསལ་ བ་དང་ཡེ་ཤེས་ཀྱི་)མིག་(བདུད་དང་བགེགས་ལ་སོགས་པ་སྐྲག་པར་བྱེད་པས་)མི་བཟད(པ་དྲག་པོའི)། །(ཀུན་ནས་རྡོ་ 4-1-381 རྗེའི་སྐུ་ཡིན་པའི་ཕྱིར་)སྐྲ་(སྤུ་སེན་མོ་ལ་སོགས་པ་)ཡང་རྡོ་རྗེ་འབར་བ་སྟེ། །(བདེ་བ་ཆེན་པོ་)རྡོ་རྗེ་འབེབས་པ་ (ནི་)འབེབས་པ་ཆེ། །(ཡན་ལག་གི་ཆ་ཀུན་གྱིས་གཟིགས་པའི་ཕྱིར་)མིག་བརྒྱ་པ་སྟེ་(གཞོམ་དུ་མེད་པ་)རྡོ་རྗེའི་ མིག །ཅེས་པ་དང༌། དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་དབང་གི་ལེའུ་ལས་ཀྱང་ཚིགས་སུ་བཅད་ པ་བརྒྱད་ཅུ་རྩ་དགུ་པས་སྐུའི་འབེབས་པ་ལ་སོགས་པ་གསུངས་པ་འདི་ལྟ་སྟེ། (རང་བྱུང་ཡེ་ཤེས་ ཀྱི་)སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་(རྣམས་ཞི་དྲག་གི་)རང་བཞིན་ཡོན་ཏན་དབང་གིས་(རི་བོ་ འབྱིན་པ་ལ་སོགས་)སྐུ་ཡི་བྱ་བ་བྱེད་པ་སྟེ། གསུངས་ཕེབས་པས་ནི་ལྷ་དང་འབྱུང་པོ་ལྷ་མིན་རྣམས་ ལས་རྣམ་པར་རྒྱལ་བའི་སྨྲ་བ་པོ་(འཇམ་དབྱངས་ལྟ་བུ་)རུ་འགྱུར། །ཐུགས་ཕེབས་པས་ནི་གཞན་ གྱི་སྙིང་ལ་གནས་པ་〔སྟེ་ཕ་རོལ་ཀྱི་སེམས་ཀྱི་སྤྱོད་པ་བ་〕དག་དང་བྱུང་〔འདས་པ་དང་ད་ལྟར་ བ་〕དང་འབྱུང་བ་〔མ་འོངས་པའི་དོན་〕ཐམས་ཅད་ཤེས་པར་འགྱུར། །ཡེ་ཤེས་ཕེབས་པས་ སངས་རྒྱས་ལྷ་དང་མི་ཡི་བླ་མ་རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུར་(སྟེ་མངོན་ཤེས་ལྔ་ཐོབ་པ་དང་ ས་བཅུའི་དབང་ཕྱུག་ཏུ་)འགྱུར། །ཞེས་པ་སྟེ་〔ལ་སོགས་པ་རྒྱས་པར་གསུངས་པ་〕རྡོ་རྗེ་འབེབས་པ་ མེད་པ་དེའི་ཕྱིར་ལྷ་ཕྲ་མོའི་འབེབས་པ་རྣམས་ནི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་བྱེད་ པ་པོར་མི་འགྱུར་རོ། ། ༈ རེ་ཞིག་སངས་རྒྱས་ཉིད་དང་འཇིག་རྟེན་གསུམ་གྱི་བདག་པོ་ཉིད་ཅེས་བྱ་བ་ལྟ་ཞོག་ གི་ཉི་ཚེ་བའི་འབེབས་པ་འདི་རྣམས་ཀྱིས་ནི་(ཐུན་མོང་གི་གྲུབ་པ་)རལ་གྲི་དང་བཅུད་དང་བཅུད་ ལེན་ལ་སོགས་པ་རྣམས་ཀྱང་འགྲུབ་པར་མི་འགྱུར་ཏེ་གང་གི་ཕྱིར་མཆོག་གི་དབང་ཕྱུག་གི་ བཀའ་སྟེར་བར་བྱེད་པ་པོའི་བླ་མ་(རང་ཉིད་དབུལ་བ་ཉིད་ཀྱིས་)ཕ་རོལ་ཀྱི་རྫས་འཕྲོག་པར་བྱེད་ པ་ཉིད་ཀྱི་ཕྱིར་རོ། །འདིར་གལ་ཏེ་བླ་མའི་བཀའ་དྲིན་གྱི་རྨོངས་པ་ཆེན་པོ་རྣམས་ཀྱིས་སྐྱེ་བ་ འདི་ལ་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་དང་ཐམས་ཅད་མཁྱེན་པའི་གོ་འཕང་དུ་གྱུར་ན། དེའི་ ཚེ་ཅིའི་ཕྱིར་བླ་མ་ལ་དབུལ་བའི་སྡུག་བསྔལ་ཡོད་ཅིང་(ལུས་རྒས་པར་མི་འགྱུར་བ་དང་ལྕགས་སོགས་ 4-1-382 གསེར་དུ་བྱེད་པའི་)བཅུད་གྲུབ་པའི་གོ་འཕང་ཡང་ཡོད་པ་མ་ཡིན་ནོ། ། ༈ དེ་ལྟར་(རིགས་པའི་)རྣམ་པ་དུ་མ་རྣམས་ཀྱིས་རྣམ་པར་དཔྱད་ན་སྐྱེ་བ་(སྔ་མ་)གཞན་ གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་བྲལ་བ་ལ་ནི་ཐམས་ཅད་མཁྱེན་པའི་ གོ་འཕང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་(དངོས་སུ་)བསོད་ནམས་དང་(དེ་ལ་བརྟེན་ནས་)ཡེ་ཤེས་ ཀྱི་ཚོགས་(འགྲུབ་པ་ཉིད་)ཀྱི་དོན་དུ་སེམས་ཅན་ལ་(ཆོས་དང་ཟང་ཟིང་མི་འཇིགས་པ་ལ་སོགས་པས་)ཕན་ པ་བྱའོ། །བཅོམ་ལྡན་འདས་ཀྱི་ལེའུ་ལྔ་པ་ལས་ཚིགས་སུ་བཅད་པ་དྲུག་ཅུ་རྩ་དྲུག་པས་ གསུངས་པ། སེམས་ཅན་རྣམས་ནི་སངས་རྒྱས་(ཀྱི་སྙིང་པོ་ཅན་)ཡིན་ཏེ་(སངས་རྒྱས་ཀྱི་སྙིང་པོ་དེ་ལས་ གཞན་པའི་)སངས་རྒྱས་ཆེན་པོ་གཞན་(ཞིག་སངས་རྒྱས་ཚོལ་བའི་སྐབས་)འདིར་འཇིག་རྟེན་ཁམས་ན་ ཡོད་མ་ཡིན། །(སངས་རྒྱས་ཀྱི་སྙིང་པོ་ཅན་གྱི་སེམས་ཅན་)དེ་རྣམས་མཉེས་པར་བྱས་པས་(རྣལ་འབྱོར་པ་རང་ ཉིད་ཀྱི་དུས་)དཔག་མེད་(ནས་བརྒྱུད་པའི་)སྲིད་པ་གཅོད་(པ་སྟེ་ཟད)པར་བྱེད་དེ་(བདག་དང་གཞན་དུ་)རྣམ་ པར་མི་རྟོག་པ་(མི་རྟོག་པའི་ཚུལ་གྱིས་མགུ་བར་བྱས་པ་)ལས་སོ། །རྣལ་འབྱོར་པ་ནི་(གཞན་ལ་)འཁུ་ བར་(སྟེ་མི་མཐུན་པ་)བྱེད་ན་དམྱལ་བ་ངུ་འབོད་ལ་སོགས་(རྡོ་རྗེ་མེ་ལྕེའི་དམྱལ་བ་)ཆེན་པོའི་མཐའ་རུ་ འགྲོ་བར་འགྱུར། །དེ་ཕྱིར་སེམས་ནི་(རྒྱུད་རྣམ་པར་དག་པས་)དག་པ་(རྣལ་འབྱོར་པར་གྱུར་པ་)ན་ཡང་ (ཞེས་པར་བཅོས་ཡོད་)མཁས་དང་མི་མཁས་སྐྱེ་བོ་རྣམས་ལ་འགལ་བ(འམ་གནོད་པ)ར་མི་བྱའོ་ཞེས་ པ་སྟེ་དེའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སེམས་ཅན་ལ་(ཆོས་དང་ཟང་ཟིང་མི་འཇིགས་པ་ལ་ སོགས་པས་)ཕན་པར་བྱའོ། །ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་(སྟོང་ པ་ཉིད་ཀྱི་གཟུགས་)བསྒོམ་པར་བྱའོ། །སེམས་ཅན་གྱི་དོན་(བྱ་བ་)མ་གཏོགས་པར་བསོད་ནམས་ ཀྱི་ཚོགས་དང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སྒོམ་པ་མ་གཏོགས་པར་ཡེ་ཤེས་ཀྱི་ཚོགས་ སུ་འགྱུར་བ་མ་ཡིན་ནོ་ཞེས་པ་དེ་བཞིན་གཤེགས་པ(ཡང་དག་པ)འི་ཐུགས་(དགོངས་)སོ། །བཅོམ་ ལྡན་འདས་ཀྱི་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ལས་ཚིགས་སུ་བཅད་པ་བདུན་ཅུ་རྩ་གཉིས་པས་ 4-1-383 གསུངས་པ་འདི་ལྟ་སྟེ། །སེམས་ཅན་རྣམས་ཀྱི་སྡིག་པའི་སེམས་ནི་མི་ཡི་བདག་པོ་བདུད་ཀྱི་ ཚོགས་ཀྱི་བྱིན་གྱིས་བརླབས་པ(ལས་འབྱུང་བ)ར་འགྱུར། །བསོད་ནམས་(དང་)ཡེ་ཤེས་(ཀྱི་ ཚོགས་ལ་)རྗེས་ཆགས་(སྟེ་མོས་ཤིང་སྒྲུབ་པ་)བདེ་(འབྲས་)སྟེར་(བ་)དག་ཀྱང་རྟག་ཏུ་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་བྱིན་བརླབས་པའོ། །གང་ཕྱིར་(མི་འཕོ་བའི་)བདེ་བའི་དམ་ཚིག (བསྟེན་པའི་)དབང་གིས་བདུད་དང་ཉོན་མོངས་བཅོམ་ནས་མྱ་ངན་འདས་པར་འགྲོ་བྱེད་པ། །དེ་ཕྱིར་ བདུད་རྣམས་ཉི་མ་སོ་སོའི་དུས་སུ་(སྒྲུབ་པ་པོ་)དེ་དག་རྣམས་ལ་དུ་མ་ཡི་ནི་བགེག་རྣམས་བྱེད་ ཅེས་པ་སྟེ་བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་རྣལ་འབྱོར་པས་ཐར་པའི་དོན་དུ་མཆོག་ ཏུ་མི་འགྱུར་བའི་ཕྱག་རྒྱ་ཆེན་པོའི་(སྦྱོར་བ་རང་གི་སེམས་ཀྱི་རྩ་མི་ཟེར་)རྣལ་འབྱོར་གྱིས་(རྣལ་འབྱོར་པ་) རང་གི་སེམས་(བདེ་བ་ཆེན་པོ་སྐད་ཅིག་མའི་རང་བཞིན་དུ་)བསྒྲུབ་པར་བྱའོ། ། ༈ (དེ་ལས་)རྣམ་པ་གཞན་དུ་བླ་མའི་བཀས་ཐར་བར་མི་འགྱུར་ཏེ་གང་གི་ཕྱིར་བཅོམ་ལྡན་ འདས་(ཀྱང་གདུལ་བྱ་ལ་)ལམ་ཉེ་བར་སྟོན་པར་བྱེད་པ་ཉིད་ཀྱི་(སྒོ་ནས་ཐར་པ་སྟེར་བའི་)ཕྱིར་རོ། །(བླ་ མའི་)བཀའ་ཡིས་ཀུན་(ཏུ་)སྤྱོད་(པའི་)ཆོས་རྣམས་ནི། །འགར་ཡང་སྲོག་ཆགས་(རྣམས་ལ་)ཐར་ སྟེར་མིན། །(དེའི་རྒྱུ་མཚན་བཅོམ་ལྡན་འདས་ཀྱང་)ལམ་ཉེ〔བ〕ར་སྟོན་(པར་)བྱེད་(པའི་རྒྱུ་མཚན་)གང་གིས་ ན། །རྒྱལ་བ་བཀའ་ཡིས་ཐར་སྟེར་མིན། །གལ་ཏེ་བླ་མའི་བཀའ་དྲིན་(ཙམ་)གྱིས། །ལུས་ཅན་ རྣམས་ནི་གྲོལ་འགྱུར་ན། །དེ་ཚེ་ཐར་པ་(དེ་)སྙིང་རྗེ་ཅན། །(སངས་རྒྱས་བྱང་སེམས་རྣམས་ཀྱིས་)ཏིང་ངེ་ འཛིན་གྱི(སྒོ་ན)ས་(ཐོབ་པོ་ཞེས་)སྟོན་(པར་)མི་འགྱུར(དགོས་པ་ལས་ཏིང་ངེ་འཛིན་གྱི་སྒོ་ནས་ཐར་པ་ཐོབ་པོ་ཞེས་ སྟོན་པར་མཛད་དོ)། ། ༈ དེའི་ཕྱིར་ཐར་བའི་དོན་དང་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་རྣལ་ འབྱོར་པས་ཕྱི་རོལ་(འཇིག་རྟེན་)གྱི་ལྷའི་སྔགས་བསྒྲུབ་པར་མི་བྱའོ། །འདིར་ཕྱི་རོལ་གྱི་ལྷ་(སྒྲུབ་ པ་པོའི་དགྲ་བོ་ལ་)ཉེ་བར་འཚེ་བ་ཕྲ་མོ་བྱེད་(ནུས་)པ་རྣམས་ནི་བསྒྲུབས་ཀྱང་སྒྲུབ་པ་པོ་(ཉིད་)ལ་(རིམ་ 4-1-384 གྱིས་)གླགས་ཚོལ་བར་བྱེད་དོ། །(ལྷ་)དེ་རྣམས་ཀྱི་སྟོབས་ཀྱི་སྒྲུབ་པ་པོ་ལ་རབ་ཏུ་གཏུམ་པའི་ ལྷ་(བསྒྲུབ་པའི་ལྷ་དང་མི་མཐུན་པ་)གཞན་རྣམས་ཀྱང་ཉེ་བར་འཚེ་བ་ཕྲ་མོ་བྱེད་དེ་(གཏུམ་པའི་ལྷ་གཞན་)དེ་རྣམས་ཀྱིས་(སྒྲུབ་པ་པོ་)བཟུང་བ་ན་སྒྲུབ་པ་པོ་ལ་གདུག་པའི་ལྷ་(སྔར་)བསྒྲུབ་པ་དེ་རྣམས་ དགྲ་བོར་འགྱུར་ཞིང་(སྒྲུབ་པ་པོ་)འཆི་བའི་དུས་སུ་(ཕན་པའི་ཐབས་)ཅུང་ཟད་ཀྱང་བརྗོད་པར་མི་ བྱེད་དོ། །ཏིང་ངེ་འཛིན་མེད་(ཅིང་གཞན་ལ་གནོད་པའི་ལས་བྱས་)པས་ཤི་བའི་སྒྲུབ་པ་པོ་ཡང་དམྱལ་ བར་འགྲོའོ། །གཞན་ཡང་(འཇིག་རྟེན་གྱི་ལྷ་)དེ་རྣམས་བསྒྲུབས་པས་〔དངོས་གྲུབ་〕ཅི་ཞིག་སྟེར་ བར་འགྱུར་ཏེ་མི་དབུལ་པོ་བཞིན་ནོ། །བསྒྲུབས་པ(འི་ལྷ་དེ་)རྣམས་ཀྱིས་སྨྲས་བ་ཀྱེ་སྒྲུབ་པ་པོ་ ཁྱོད་ཀྱིས་བསྒོ་བ་ཐམས་ཅད་བདག་གིས་བྱའོ། །གལ་ཏེ་སྒྲུབ་པ་པོས་ཁྱེད་རྣམས་ཀྱི་རྒྱལ་པོ་ (ཆེན་པོ་ཞགས་པས་)ཆིངས་ལ་འདིར་ཁྱེར་ལ་ཤོག་ཅིག་ཅེས་བརྗོད་ན་དེའི་ཚེ་(ལྷ་དེ་རྣམས་)ཡོངས་སུ་ ཟློག་པར་བྱེད་དེ་ཡུལ་འདི་ལ་བདག་ཅག་རྣམས་(ལ་)ནུས་པ་མེད་དོ་ཞེས་སོ། །དེ་ལྟར་(འཇིག་ རྟེན་གྱི་)ལྷ་ཕྲ་མོ་བསྒྲུབས་པར་གྱུར་པ་རྣམས་ནི་(སྒྲུབ་པ་པོ)ཐབས་ཅད་མཁྱེན་པའི་ཡུལ་(ཐོབ་པ་) ལ་(བར་ཆད་བྱས་ནས་)ཡོངས་སུ་ཟློག་པར་བྱེད་དེ། དེའི་ཕྱིར་ཐམས་ཅད་མཁྱེན་པའི་གོ་འཕང་ མངོན་པར་འདོད་པ་རྣམས་ལ་གདུག་པའི་ལྷ་བསྒྲུབ་པ་དང་བླ་མའི་བཀའ་འཁོར་བའི་ཆོས་ ཀྱི་རང་བཞིན་ཅན་རྣམས་ཀྱིས་དགོས་པ་ཅི་ཞིག་ཡོད(དེ་དོན་མེད་དོ)། ༈ བཅོམ་ལྡན་འདས་ཀྱི་རྩ་བའི་རྒྱུད་ལས་(བཀས་ཀུན་ཏུ་སྤྱོད་པར་འགྱུར་བ་དང་མི་འགྱུར་བ་) གསུངས་པ། ཞི་བ་དེ་ཉིད་(དང་)འདོད་(པའི་)དེ་ཉིད(དང་)། །དུག་གི་དེ་ཉིད་དེ་བཞིན་(ཏེ་གསུམ་ནི་)བཀས། །ཀུན་སྤྱོད་འགྱུར་ཏེ་སྐྱེས་བུ་ནི། །སངས་རྒྱས་ཉིད་དུ་(བླ་མའི་བཀའ་ཙམ་གྱིས་)དེ་བཞིན་ (འགྱུར་བ་)མིན(ཏེ)། །ཆགས་སོགས་དྲི་མ་ལྡན་པའི་སེམས། །འགྱུར་བ(འི་སྐད་ཅིག་)འཁོར་བའི་ རྒྱུ་ཡིན་ཏེ། །(རྒྱུ་)དེ་དང་བྲལ་བས་(གློ་བུར་དྲི་མ་)རྣམ་པར་དག །རང་བཞིན་(ནི་)དྲི་(གདོད་ནས་) མེད་(ཅིང་)དག་པའོ། །དེ་ཕྱིར་(བླ་མའི་)བཀའ་ཡིས་བསལ་བྱ་ནི། །ཅི་ཡང་(མེད་ཅིང་)བཞག་བྱ་ 4-1-385 ཅི་ཡང་མེད(དོ)། །དག་པའི་དེ་(ཁོ་ན་)ཉིད་འགྱུར་མེད་(བདེ་བ་)ཆེ(ནི)། །(བཀའ་ཙམ་གྱིས་)སྦྱིན་བྱ་ མ་ཡིན་དབྲོག་བྱ་མིན། །(དྲི་མས་)ཀུན་ནས་དག་པའི་དེ་(ཁོ་ན་)ཉིད་ལ། །(བཀའ་ཙམ་གྱིས་)སྦྱིན་ བྱེད་འཕྲོག་བྱེད་(ནུས་པའི་)བླ་མ་མེད། །བསོད་ནམས་ཚོགས་ནི་དམན་རྣམས་ལ། །(ཡེ་ཤེས་ཀྱི་ ཚོགས་ཀྱང་མེད་པས་ཚོགས་གཉིས་མེད་ན་)ཀུན་མཁྱེན་གཙོ་བོ་རང་ཉིད་ཀྱང་(དག་པའི་དེ་ཉིད་སྦྱིན་བྱེད་དམ་ འཕྲོག་བྱེད་དུ་མི་འགྱུར་རོ)། །(དེ་ནས་འདིར་)སྐྱེ་བུ་རྣམས་ཀྱི་(བྱ་བ་)གཞན་ཕན་ལས། །བསོད་ནམས་ ཚོགས་ནི་མཆོག་ཡིན་ཞིང༌། །(དེ་ལས་འགྱུར་མེད་བདེ་བ་)ཡེ་ཤེས་ཚོགས་མཆོག་(སྟེ་ཚོགས་)དེ་དག་ གིས། །སངས་རྒྱས་ཉིད་ནི་མཆོག་(ཐོབ་པ་)ཡིན་ནོ། །(དེ་དག་རྒྱས་པར་བཤད་པ་)མི་ལ་(ཕན་པ་)བྱེད་(པ་)པོ་བླ་མའི་བཀས(ཀུན་སྤྱོད་དུ་གང་འགྱུར་ན)། །ཞི་བའི་དེ་ཉིད་(དང་)འདོད་(པའི་)དེ་ཉིད(དང་)། །དུག་ གི་དེ་ཉིད་(དེ་)རྣམ་གསུམ་འགྱུར(གྱི)། །མཆོག་ཏུ་མི་འགྱུར་བདེ་བ་(ནི་བཀས་ཀུན་སྤྱོད་དུ་འགྱུར་བ་) མིན(ནོ)། །(ཞི་བའི་དེ་ཉིད་གང་ཞེ་ན་)སེམས་(དང་)ངག་(དང་)ལུས་ཀྱི་དབྱེ་བ་ཡིས། །(གྲངས་བཞིན་ དུ་)གཉིད་(སྟུག་)དང་རྨི་ལམ་(དང་)སད་པ(འི་གནས་སྐབས་སུ་འགྱུར་བ་)ལ། །ཕྲ་མོ་(དང་)བདེ་འབྱུང་(དང་)ནུས་ཅན་ཡང༌། །བྱེད་པོའི་བཀའ་ཡིས་(ཀུན་སྤྱོད་དུ་)འགྱུར་བ་ནི། །རྨོངས་པ་རྣམས་ལ་བླ་མའི་ བཀས། །ཞི་བའི་དེ་ཉིད་ཅེས་པར་བརྗོད(འདོད་བའི་དེ་ཉིད་གང་ཞེ་ན)། །བླ་མའི་བཀའ་ཡི་དྲིན་ གྱིས་ནི། །སེམས་དང་ངག་ལུས་(ཆགས་པའི་)ཀུན་(ཏུ་)བསྐྱོད་ཅིང༌། །(དེ་ལས་)ལུས་ཅན་རྣམས་ ཀྱི་ཁུ་བ་འཕོ། །འདོད་པའི་དེ་ཉིད་ཅེས་པར་བཤད། །(དུག་གི་དེ་ཉིད་གང་ཞེ་ན་)བླ་མའི་བཀའ་ཡི་ དྲིན་ལས་ནི། །(བཙན་དུག་ལ་སོགས་པ་)བརྟན་པ(འི་དུག་དང་སྦྲུལ་གདུག་ལ་སོགས་པ་)གཡོ་བ་(དང་)བྱས་པ་ (ཏེ་སྦྱར་བ་)ཡི། །དུག་(རྣམས་)ནི་དུག་མེད་ཅེས་བརྗོད་ཅིང༌། །དུག་མེད་པ་ནི་དུག་ཉིད་(དུག་བྱེད་པ་ དག་)ཀྱང༌། །དུག་གི་དེ་ཉིད་ཅེས་པར་བརྗོད། །(བླ་མའི་བཀས་)འཕྲལ་དུ་ཡིད་ཆེས་བྱེད་པ་ནི། །དེ་ ཉིད་གསུམ་(པོ་)སྟེ་(དག་པའི་དེ་ཉིད་)འགྱུར་མེད་བདེ(བ)། །བླ་མའི་བཀའ་ཡི་དྲིན་གྱིས་ནི། །ལུས་ ཅན་ཀུན་ལ་འབྱུང་མི་འགྱུར། །དེའི་ཕྱིར་(འགྱུར་མེད་བདེ་བ་)བསྒོམ་བྱ་བརྟུལ་ཞུགས་ཅན་(རྣམས་ 4-1-386 ཀྱིས་སོ་)ཞེས་པ་སྟེ་བཅོམ་ལྡན་འདས་ཀྱི་གསུངས་འདིའི་ཕྱིར་ཐར་བ་དོན་དུ་གཉེར་བ་རྣམས་ ཀྱིས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་(འོད་གསལ་དམིགས་བཅས་སྟོང་པ་ཉིད་)བསྒོམ་ པར་བྱའོ། ། ༈ གལ་ཏེ་མི་འཕོ་བའི་ཚུལ་ཁྲིམས་མེད་པར་མངོན་པར་ཤེས་པ་ལྔར་མི་འགྱུར་ན་འོ་ན་ དེའི་ཚེ་ཆོས་འཕགས་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་བཱ་ཤིཥྛ་(གནས་འཇོག་) ལ་སོགས་པའི་དྲང་སྲོང་ཆེན་པོ་རྣམས་ལ་(མི་འཕོ་བའི་ཚུལ་ཁྲིམས་མེད་པས་)ཇི་ལྟར་མངོན་པར་ཤེས་ པ་ལྔར་འགྱུར་ཞེས་པ་(དབང་པོ་གཉིས་ཀྱི་བདེ་བ་ལ་མངོན་པར་ཞེན་པ་)འགའ་ཞིག་དག་གི་བསམ་པ་ འབྱུང་བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ ཡིན་པ་(ཆོས་འཕགས་ལ་སོགས་པ་)བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་(མི་འཕོ་ བའི་)ཚངས་པར་སྤྱོད་པ་མེད་པ་དེ་ནི་མ་ཡིན་ཏེ་གང་གི་ཕྱིར་(བྱང་ཆུབ་སེམས་དཔའ་འགའ་ཞིག་གིས་སྲས་ བསྐྲུན་པའི་སྐབས་འགའ་ཞིག་ཏུ་འཕོ་བ་ཡོད་ཀྱང་)བྱང་ཆུབ་གྱི་སེམས་འཕོ་བ(འི་ཚུལ་)རྣམ་པ་གཉིས་ཀྱི་ཕྱིར་ རོ། །འདིར་སེམས་ཅན་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་འཕོ་བ(འི་ཚུལ་)རྣམ་པ་གཉིས་ཏེ་གཅིག་ (སེམས་ཅན་ཕལ་པ་རྣམས་ཀྱི་འཕོ་བ་)ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་སོ། །གཉིས་ པ་(བྱང་ཆུབ་སེམས་དཔའ་འཕོ་བ་)ནི་(བྱང་ཆུབ་ཀྱི་)སེམས་ལ་དབང་པའི་དབང་གིས་སོ། །དེ་ལ་ལས་ ཀྱི་དབང་གིས་འཕོ་བ་གང་ཡིན་པ་དེ་ནི་(སེམས་ཅན་ཕལ་པ་རྣམས་)འཁོར་བར་འཁྱམ་པའི་དོན་ དུའོ། །(བྱང་ཆུབ་ཀྱི་)སེམས་ལ་དབང་བ་ལས་འཕོ་བ་གང་ཡིན་པ་དེ་ནི་འཁོར་བའི་འཁོར་ལོ་ ལས་ཀྱིས་འཁྱམ་པ(འི་སེམས་ཅན་)རྣམས་ལ་(ཐར་བའི་)ལམ་བསྟན་པའི་དོན་དུ(བྱང་ཆུབ་སེམས་དཔའ་ བསྐྱེད་པ)འོ། །ཇི་ལྟར་(རི་བོ་)འབིགས་བྱེད་ཀྱི་ནགས་ཐིབས་པོར་རབ་ཏུ་ལྷུང་བ་ལམ་ཉམས་ པ་(སྟེ་སྟོར་བ་)རྣམས་ལ་ལམ་སྟོན་པ་པོ་〔བྱང་ཆུབ་སེམས་དཔའ་〕མེད་པར་ལམ་མཐོང་བར་མི་ 4-1-387 འགྱུར་ཏེ། དེ་བཞིན་དུ་འཁོར་བར་རབ་ཏུ་ལྷུང་བ་རྣམས་ལ་(ཐར་བའི་)ལམ་སྟོན་པ་པོ་(བྱང་ཆུབ་ སེམས་དཔའ་)མེད་པར་(ཐར་བའི་)ལམ་མཐོང་བར་མི་འགྱུར་རོ། །གལ་ཏེ་ལམ་སྟོན་པ་པོ་〔བྱང་ ཆུབ་སེམས་དཔའ་〕དང་(ལམ་མ་མཐོང་བ་)ལྷན་ཅིག་ཏུ་ཡང་དག་པར་མཐོང་བ་མེད་པ་དེ་ལྟ་ན་ ཡང་ལམ་(མཐོང་བ་)མེད་དོ། །ཅི་སྟེ་ལམ་སྟོན་པ་པོ་སྔར་རྣམ་པར་དག་པའི་ལམ་ནས་མ་འོངས་ པ་དེ་ལྟ་ན་ཡང་ལམ་མེད་དོ། །ཅི་སྟེ་ལམ་ཉམས་པ(འི་སེམས་ཅན་)རྣམས་ཀྱིས་(ལམ་སྟོན་པ་པོའི་) སྐད་མི་ཤེས་པ་དེ་ལྟ་ན་ཡང་ལམ་མེད་དོ། །ལམ་ཉམས་པ་འདི་རྣམས་(འཁོར་བའི་སྡུག་བསྔལ་གྱིས་)སྐྲག་པར་གྱུར་པ་མཐོང་ནས་ལམ་ཉམས་པ་མ་ཡིན་པ་(བྱང་ཆུབ་སེམས་དཔའ་)ནི་སྐྲག་པར་འགྱུར་ བ་མ་ཡིན་ནོ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་ཕན་གདགས་པའི་དོན་ དུ་འཁོར་བར་(མངལ་འཛིན་པ་ལ་)རབ་ཏུ་འཇུག་སྟེ་ལས་ཀྱི་རྣམ་པར་སྨིན་པ་ལས་ནི་མ་ཡིན་ནོ། ། གལ་ཏེ་བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་ཕ་རོལ་ཏུ་ཕྱིན་པ་བཅུས་(ས་བཅུ་པར་) ངེས་པར་བྱུང་བ་དབང་བཅུ་ཐོབ་པ་རྣམས་ལས་ཀྱི་རྣམ་པར་སྨིན་པས་འཁོར་བར་འཁྱམ་ན་ དེའི་ཚེ་སེམས་ཅན་རྣམས་ལ་ཐར་པ་མེད་དོ། །(ཐར་བའི་)ལམ་མི་ཤེས་པས་(སྐྱེ་བོ་ཕལ་བ་)ལམ་ མི་ཤེས་པ་རྣམས་ལ་ལམ་ཉེ་བར་བསྟན་པར་བརྗོད་པར་བྱ་བ་མ་ཡིན་ཏེ་ལོང་བས་ལོང་བ་ ལ་བཞིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་(ཡབ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་སེམས་ འཕོ་བའི་མངལ་དུ)སྐྱེ་བ་འཛིན་པ་ནི་སེམས་ཅན་གྱི་དོན་དུའོ། །(སྤྱིར་བྱང་ཆུབ་སེམས་དཔའ་འཁོར་བར་ འཇུག་པའི་ཚུལ་ནི་)འཇིག་རྟེན་མགོན་པོ་བདག་ལ་སེམས་ཅན་གྱི་དོན་གྱི་སླད་དུ་དམྱལ་བ་རབ་ ཏུ་ཞུགས་པའི་དུས་སུ་བདུད་ཀྱི་རིས་རྣམས་ཀྱིས་(བསྟོད་པ་)བརྗོད་པ། གང་ཞིག་སྲིད་པའི་ འཆིང་བ་རྣམས་ལས་གྲོལ་ཡང་སེམས་ཅན་དོན་དུ་སྲིད་པ་འཛིན། །དེ་ནི་སྟོང་པའི་དོན་དག་ སྟོན་མཛད་དུས་ལས་ལས་ཀྱི་འབྲས་བུ་གཏོང་མ་ལགས། །སེམས་ཀྱི་དྲི་མ་ཡང་དག་ཡེ་ཤེས་ མེས་བསྲེགས་རྟག་ཏུ་ཡང་དག་བརྩེ་བས་བརླན། །མཛད་སྤྱོད་བརྟག་མིན་སེམས་ཅན་དོན་ 4-1-388 ལ་དགྱེས་པའི་སངས་རྒྱས་དེ་ལ་བདག་ཅག་འདུད། །ཅེས་པ་སྟེ། དེ་ལྟར་(དབང་བཅུ་ལ་སོགས་ པའི་)ཡོན་ཏན་དུ་མ་དང་ལྡན་ཞིང་ཉོན་མོངས་པའི་སྒྲིབ་པ་བསྲེགས་པ་རྣམས་ཀྱི་སེམས་ཅན་ གྱི་དོན་བྱ་བའི་བདག་ཉིད་ཉོན་མོངས་པའི་སྒྲིབ་པ་(འཕོ་བའི་བག་ཆགས་)ཆ་ཤས་ཙམ་(མ་སྤངས་པ་) ནི་(ལས་གྱི་སར་མངལ་དུ་)སྐྱེ་བ་འཛིན་པའི་དོན་དུའོ། །རྣམ་པ་གཞན་དུ་(བྱང་ཆུབ་སེམས་དཔའ་མངལ་དུ་ སྐྱེ་བ་འཛིན་པ་མེད་)ན་(ལས་གྱི་ས་པའི་)སེམས་ཅན་རྣམས་ལ་ལམ་སྟོན་པ་མེད་པར་འགྱུར་རོ། །ལམ་ མེད་པར་ཐོག་མ་མེད་པའི་འཁོར་བ་ལས་སེམས་ཅན་རྣམས་ངེས་པར་འབྱུང་བར་མི་འགྱུར་ ཏེ་བྱང་ཆུབ་སེམས་དཔའ་དང་ཕྲད་པ་མེད་པའི་ཕྱིར་རོ། ། ༈ འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔོན་དུ་(ཤིན་ཏུ་རྣལ་འབྱོར་བསྒོམས་པས་)བྱང་ཆུབ་ ཀྱི་སེམས་ཤིན་ཏུ་བརྟན་པར་བྱས་སོ། །བྱང་ཆུབ་ཀྱི་སེམས་འདི་ལ་(བརྟན་ཡང་)བཅང་བ(འི་ཚུལ་)རྣམ་པ་གཉིས་ཏེ་(དོན་དམ་བསྙེན་པའི་ལུང་སྔར་དྲངས་པ་ལྟར་)ཤེས་རབ་ཀྱི་ཆགས་པ་དང་ བྲལ་བ་(སྟེ་ཤེས་རབ་ལ་མི་སྦྱོར་བ་)དང་ཤེས་རབ་ཀྱི་ཆགས་པ(སྟེ་ཤེས་རབ་ལ་སྦྱོར་བ)ས་སོ། །ཇི་ལྟར་ དངུལ་ཆུ་བཅིང་བ་བཞིན་ཏེ་(འོག་ཏུ་འཆད་པ་ལྟར་)གཅིག་ནི་བདུག་པ་དང་དགོད་པའི་སྦྱོར་བས་ ཏེ་གཉིས་པ་ནི་ལྕགས་ལ་སོགས་པ་བསྐོལ་བ་དང་མེས་བསྲེག་པའི་སྦྱོར་བས་སོ། །དེ་དག་ ལས་བདུག་པ་དང་དགོད་པའི་སྦྱོར་བའི་བཅིངས་པའི་དངུལ་ཆུ་གང་ཡིན་པ་དེ་ནི་མེ་དྲག་ པོས་བཞུ་བར་གྱུར་ན་ཅུང་ཟད་གནས་ཏེ་འབྲོས་པར་བྱེད་དོ། །ལྕགས་ཐམས་ཅད་བསྐོལ་བ་ ལས་མེ་དྲག་པོས་བཅིངས་པ་གང་ཡིན་པ་དེ་ནི་མེ་དྲག་པོས་བཞུ་བར་གྱུར་པ་ན་ནམ་ཡང་མི་ འབྲོས་སོ། །(མེ་དྲག་པོས་བཞུ་བ་ནི་འབྲོས་པའི་དངུལ་ཆུ་)དེ་ཉིད་ནི་ཟས་དང་བསྐོལ་བ་གཞན་གྱི་དབང་ གིས་(མི་བརྟན་པའི་གནས་སྐབས་ལས་)གནས་སྐབས་གཞན་དུ་འགྱུར་བ་འདི་ལྟ་སྟེ། དུ་བ་དང་ནི་ ཙེག་ཙེག་ཉིད། །སྦལ་བ་མཆོང་བ་ཉིད་དང་ནི། །འདར་དང་མི་འདར་བ་ཉིད་དེ། །དངུལ་ཆུ་ཡི་ ནི་གནས་སྐབས་ལྔ། །དེ་བཞིན་དུ་(ཤིན་ཏུ་རྣལ་འབྱོར་)སྒོམ་པ་གོམས་པའི་དབང་གིས་(ཤེས་རབ་ 4-1-389 ཀྱི་ཆགས་པ་དང་བྲལ་བས་བཅིངས་པའི་བྱང་སེམས་དེ་ཡང་)བྱང་ཆུབ་ཀྱི་སེམས་ཀྱི་གནས་ སྐབས་(མི་བརྟན་པ་ལས་)གཞན་(བརྟན་པ་ཉིད་)དུ་འགྱུར་ཏེ། (དེ་ཡང་བརྟན་པའི་ཚུལ་)དམན་པ་དང་(བསྙེན་ པ་)འབྲིང་དང་(ཉེར་བསྒྲུབ་)མཆོག་དང་(བསྒྲུབ་པ་)ཆེས་མཆོག་(བསྒྲུབ་པ་ཆེན་པོ་དག་)གི་རབ་ཏུ་དབྱེ་བ་ ལས་སོ(ཞེས་ཁ་ཅིག་འཆད་དོ། །ཡང་ན་ཏིང་ངེ་འཛིན་ཐོག་མ་ཐོབ་ནས་བྱང་སེམས་བརྟན་ པའི་གནས་སྐབས་བཞི་ལ་སྦྱར་རོ)། །(དངུལ་ཆུ་)བདུག་པ་དང་དགོད་པའི་སྦྱོར་བས་བཅིངས་ པ་(དང་འདྲ་བས་བྱང་ཆུབ་ཀྱི་སེམས་བཅིངས་པ་)གང་ཡིན་པ་དེ་ནི་བྱང་ཆུབ་སེམས་ཀྱི་བཅིངས་པ་(ལུགས་ གཅིག་)སྟེ་དེ་ནི་(བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ལྟ་བུས་)གང་ཟག་མི་རྟག་པ་སྒོམ་པའི་སྟོབས་དང་ས་ ལ་སོགས་པའི་ཟད་པར་མངོན་སུམ་དུ་བྱེད་པ་དང་ཤེས་རབ་ཀྱི་ཆགས་པ་དང་བྲལ་བ་ཡིས་ སོ། །ཇི་ལྟར་དངུལ་ཆུའི་བདུག་པ་དང་དགོད་པའི་སྦྱོར་བ(ས་བཅིངས་པ་)ལ་ཡང་(བདུག་པ་དང་ འགོད་པའི་དུས་ལ་)དུས་གཞན་(བསྐོར་བ་དང་བསྲེག་པའི་དུས་)གྱི་དབང་གིས་ལྕགས་ཀྱི་ཟས་ཟ་བ་ཡོད་ དེ་ཟས་ཟོས་པ་དེས་(མི་བརྟན་པ་ལས་)གནས་སྐབས་གཞན་(བརྟན་པ་ཉིད་)དུ་འགྱུར་རོ། །དེ་བཞིན་ དུ་〔བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་〕གང་ཟག་མི་རྟག་པར་བསྒོམ་པ་དང་ས་ལ་སོགས་ པའི་ཟད་པར་བསྒོམ་པས་བེམ་པོ(འམ་ཕལ་པ)འི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཟད་པ(ཉན་ རང་དགྲ་བཅོམ་པ་ལྟ་བུར་གྱུར་པ་)ལས་གནས་སྐབས་གཞན་དུ་འགྱུར་ཏེ་གནས་སྐབས་གཞན་ཞེས་ བྱ་བ་ནི་(བྱང་ཆུབ་སེམས་དཔའི་)ས་ཐོབ་པའོ〔འདིར་ཤེས་རབ་ཀྱི་ཆགས་པ་དང་བྲལ་བ་དང་འདོད་ ཆགས་དང་བྲལ་བའི་ས་ཐེག་དམན་ལ་སྦྱར་བ་ནི་དགོངས་པ་མ་ཡིན་དེ་བྱང་ཆུབ་ཀྱི་སེམས་ བཅང་བའི་ཚུལ་གཉིས་ཀ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་བརྟན་ པར་བྱས་པ་ལས་འཕྲོས་པའི་ཕྱིར་དང་འདོད་ཆགས་དང་བྲལ་བས་དོན་གྱི་གྲངས་མཐོང་བ་ ལ་སོགས་པ་བྱང་སེམས་ཀྱི་ས་དང་འབྲེལ་བའི་ཕྱིར་རོ། །བདེན་བཞི་བསྒོམ་པ་ལ་སོགས་ཐེག་ དམན་དང་འབྲེལ་བ་ལྟ་བུ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ལ་སྦྱར་བ་ལ་འགལ་བ་མེད་ 4-1-390 ཅིང་ལེའུ་འདིའི་མདོར་བསྡུས་བཞི་པར་འདོད་ཆགས་དང་བྲལ་བ་བྱང་ཆུབ་སེམས་དཔའ་ ལ་སྦྱར་བའི་ཕྱིར་རོ། །རྒྱས་པར་ངག་ལ་ཤེས་པར་བྱའོ〕། ། ༈ འདིར་(ཐེག་ཆེན་གྱི་)ས་ནི་རྣམ་པ་གཉིས་ཏེ་(རྣམ་འགྲེལ་ལས། བླང་དང་དོར་བྱ་སྤངས་པའི་ཕྱིར། །ཐམས་ ཅད་ལ་ནི་མཉམ་སྙོམས་ཅན། །ཙན་དན་ལྡེའུ་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན་)འདོད་ཆགས་དང་ བྲལ་བའི་(ས་དང་པོ་ནས་བཅུའི་བར་བྱང་སེམས་ཀྱི་)ས་དང་(ས་བཅུ་གཉིས་པ་)ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱི་སའོ། །(དེ་དག་ཐོབ་པ་)སའི་དབང་གིས་རྫུ་འཕྲུལ་ཏེ་(བྱང་སེམས་རྣམས་ཀྱི་)རྣམ་པ་ གཅིག་པའི་རྫུ་འཕྲུལ་དང་(སངས་རྒྱས་ཀྱི་)རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་ལོ། །དེ་བཞིན་དུ་ མངོན་པར་ཤེས་པ་ལྔ་དང་མངོན་པར་ཤེས་པ་དྲུག་གོ། དེ་བཞིན་དུ་(འོག་ནས་འཆད་པ་ལྟར་)དོན་ གྱི་གྲངས་མཐོང་བ་〚བྱང་ཆུབ་སེམས་དཔའ་〛དང་དོན་ཐམས་ཅད་ཀྱི་གྲངས་མཐོང་བ〚སངས་ རྒྱས་སོ་〛འོ། །དེ་བཞིན་དུ་སྐད་ནི་སེམས་ཅན་གྱི་གྲངས་(ཚད་ཡོད་པ་ཉིད་)ཀྱི་བདག་ཉིད་ཅན་ དང་སེམས་ཅན་ཐམས་ཅད་ཀྱི་གྲངས་ཀྱི་བདག་ཉིད་ཅན་ནོ། །དེ་བཞིན་དུ་ཆོས་སྟོན་པ་ནི་ སེམས་ཅན་གྱི་གྲངས་ཀྱི་མཚན་ཉིད་དང་སེམས་ཅན་ཐམས་ཅད་གྱི་གྲངས་〚ཚད་ཡོད་པ་ ཉིད་〛ཀྱི་སྐད་ཀྱི་མཚན་ཉིད་དོ། །དེ་བཞིན་དུ་མྱ་ངན་ལས་འདས་པ་ནི་(བྱང་སེམས་རྣམས་ཀྱི་)ཕུང་ པོའི་ལྷག་མ་དང་བཅས་པ་དང་(སངས་རྒྱས་ཀྱི་ནི་)ཕུང་པོའི་ལྷག་མ་མེད་པའོ། །དེ་བཞིན་དུ་〔བྱང་ སེམས་ཀྱི་བདག་མེད་གཉིས་རྟོགས་པ་མཐར་མ་ཕྱིན་པས་〕ག ང་ཟག་ལ་བདག་མེད་པ་〔རྟོགས་ པ་〕དང་(སངས་རྒྱས་ཀྱི་རྟོགས་པ་རབ་ཀྱི་མཐར་ཕྱིན་པའི་)ཆོས་ལ་བདག་མེད་པ(རྟོགས་པ)འོ། །དེ་བཞིན་དུ་ (བྱང་སེམས་ཀྱི་ཏིང་ངེ་འཛིན་རབ་ཀྱི་མཐར་མ་ཕྱིན་པས་)འཕགས་པའི་བདེན་པ་བཞི་(སངས་རྒྱས་ཀྱི་ཏིང་ངེ་འཛིན་ རབ་ཀྱི་མཐར་ཕྱིན་པས་)བསྒོམ་པ་དང་ཆོས་ཐམས་ཅད་རང་བཞིན་མེད་པ་(རྣམ་པ་ཐམས་ཅད་ཀྱི་མཆོག་ དང་ལྡན་པའི་)སྟོང་པ་ཉིད་(མ་ལུས་པ་ཇི་ལྟ་བར་མཁྱེན་པ་ཉིད་)ཀྱི་ཏིང་ངེ་འཛིན་ནོ། །དེ་ལྟར་〔བྱང་སེམས་ དང་སངས་རྒྱས་ཀྱི་〕སའི་ཁྱད་པར་གྱིས་སེམས་ཅན་གྱི་དོན་བྱ་བ་〔ཚད་གཟུང་དུ་ཡོད་པ་དང་ 4-1-391 ཚད་མེད་པ་〕རྣམ་པ་གཉིས་སུ་འགྱུར་རོ(རྒྱུད་བླ་མར། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་ གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །དེ་ལྟ་མོད་གྱི་ས་རྡུལ་དང༌། །རྒྱ་མཚོ་ བ་ལང་སྨིག་རྗེས་ཆུ། །ཁྱད་པར་གང་ཡིན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་གསུངས་པ་བཞིན་ནོ)། ། ༈ འདིར་(བྱང་སེམས་ཀྱི་ཡོན་ཏན་ལ་ཇི་སྙེད་པ་མཁྱེན་པ་ནི་)ས་དང་པོ་ཐོབ་པ་ལས་(ཕྱོགས་བཅུའི་) འཇིག་རྟེན་གྱི་ཁམས་གཅིག་གི་མཐར་ཐུག་པར་(སྔར་ཐོག་མ་མེད་པ་ནས་)མ་མཐོང་བའི་དོན་ཡང་ དག་པར་མཐོང་ངོ༌། །ས་གཉིས་པ་ཐོབ་པ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཉིས་ ཀྱི་མཐར་ཐུག་པར་རོ། །ས་གསུམ་པ་ཐོབ་པ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བཞིའི་ མཐར་ཐུག་པར་རོ། །ས་བཞི་པ་ཐོབ་པ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བརྒྱད་ཀྱི་ མཐར་ཐུག་པར་རོ། །ས་ལྔ་པ་ཐོབ་པ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བཅུ་དྲུག་གི་ མཐར་ཐུག་པར་རོ། །ས་དྲུག་པ་ཐོབ་པ་ལས་ཕྱོགས་བཅུའི་འཇིག་རྟེན་གྱིས་ཁམས་སུམ་ཅུ་ རྩ་གཉིས་ཀྱི་མཐར་ཐུག་པར་རོ། །ས་བདུན་པ་ཐོབ་པ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་དྲུག་ཅུ་རྩ་བཞིའི་མཐར་ཐུག་པར་རོ། །ས་བརྒྱད་པ་ཐོབ་པ་ལས་ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་མཐར་ཐུག་པར་རོ། །ས་དགུ་པ་ཐོབ་པ་ལས་ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་གི་མཐར་ཐུག་པར་རོ། །ས་བཅུ་པ་ཐོབ་ པ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལྔ་བརྒྱ་བཅུ་གཉིས་ཀྱི་མཐར་ཐུག་པར་རོ། །ས་ བཅུ་གཅིག་པ་ཐོབ་པ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་བཞི་ལྷག་པའི་སྟོང་ ཕྲག་གཅིག་གི་མཐར་ཐུག་པར(སྔར་ཐོག་མ་མེད་པ་ནས་མ་མཐོང་ཞིང་)ལྐོག་ཏུ་གྱུར་པའི་དོན་ཡང་དག་ པར་མཐོང་ངོ༌། །དེ་བཞིན་དུ་སྟོང་གཉིས་དང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམས་ ཀྱི་གྲངས་ཀྱི་མཚན་ཉིད་དོ། །སྟོང་གཅིག་ཅེས་བྱ་བ་ནི་མི་མཇེད་གྱི་འཇིག་རྟེན་གྱི་ཁམས་ 4-1-392 གྱི་དབུས་ནས་(ཏེ་མི་མཇེད་གྱི་འཇིག་རྟེན་གྱི་ཁམས་དབུས་སུ་བཞག་པའི་)སྟེང་དང་འོག་ཏུ་(མི་མཇེད་ཀྱི་འཇིག་ རྟེན་གྱི་ཁམས་ལྟ་བུ་)སྟོང་ཕྲག་རེ་རེ་སྟེ་འོག་དང་སྟེང་བཞིན་དུ་ཤར་དང་ནུབ་དང་བྱང་དང་ལྷོ་དང་ བདེན་བྲལ་དང་དབང་ལྡན་དང་རླུང་དང་མེར་རོ། །དེ་བཞིན་དུ་(སྟོང་གཉིས་པ་ནི་ཕྱོགས་བཅུར་)སྟོང་ ཕྲག་གཉིས་(གཉིས་)དང་(སྟོང་གསུམ་པ་ནི་ཕྱོགས་བཅུར་སྟོང་ཕྲག་གསུམ་)གསུམ་མོ། །དེ་ནས་སྟོང་ཆེན་པོ་ ཞེས་བྱ་བ་(ཕྱོགས་བཅུར་)གྲངས་མེད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་ཏེ་དེ་རྣམས་སུ་ (སྔར་)མ་མཐོང་བའི་དོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ས་བཅུ་གཉིས་པ་ཐོབ་ པ་ལས་འགྱུར་གྱི་འདོད་ཆགས་དང་བྲལ་བ་〔བྱང་ཆུབ་སེམས་དཔའ་〕རྣམས་ཀྱིས་ནི་མ་ཡིན་ ནོ(འདི་ཆགས་བྲལ་དགྲ་བཅོམ་པ་ལ་འཆད་པ་ནི་གཞུང་ལ་ཤིན་ཏུ་མ་འབྲཻ ལ་ལོ། །)(ས་བཅུ་པའི་མདོར་ནི། ས་དང་པོ་ལ་སྐད་ ཅིག་གཅིག་གིས་ཏིང་ངེ་འཛིན་བརྒྱ་ཐོབ་ཅིང་སྙོམས་པར་ཞུགས་པ། སངས་རྒྱས་བརྒྱ་མཐོང་པ། དེས་བྱིན་གྱིས་རླབས་ཀྱང་ཤེས་ པ། འཇིག་རྟེན་བརྒྱ་གཡོ་བར་བྱེད། སྣང་བར་ཡང་བྱེད་པ། ཞིང་བརྒྱར་འགྲོ་བ། སེམས་ཅན་བརྒྱ་སྨིན་པར་བྱེད་པ། བསྐལ་བ་ བརྒྱར་གནས་པ། དེའི་སྔོན་དང་ཕྱི་མའི་མཐར་འཇུག་པ། ཆོས་གྱི་སྒོ་བརྒྱ་འབྱེད་པ། ལུས་བརྒྱར་སྟོན་པ་ལུས་རེ་རེ་ལ་འཁོར་བ་ བརྒྱ་དང་ལྡན་པར་སྟོན་པ་སྟེ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང༌། ས་གཉིས་པ་སོགས་ལ་རིམ་པ་ལྟར་སྟོང་ཕྲག འབུམ་ཕྲག བྱེ་བ་བྱེ་བ། ཕྲག་སྟོང༌། བྱེ་བ་ཕྲག་འབུམ། བྱེ་བ་ཁྲག་ཁྲིག་འབུམ་ཕྲགསྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད། ཞིང་ གྲངས་མེད་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད། ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་ ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་སོགས་གསུངས་སོ)། ། ༈ ཤེས་རབ་ཀྱི་ཆགས་པ་ལས་བྱུང་བ་མི་འགྱུར་བ་བདེ་བ་ཆེན་པོའི་སྐད་ཅིག་མ་རྣམས་ ཀྱིས་དེ་བཞིན་གཤེགས་པའི་(ལམ་དང་འབྲས་བུའི་)ས་(བཅུ་གཉིས་པོ་)འདི་རྣམས་ཐོབ་སྟེ་མི་འཕོ་བའི་ སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཐོབ་པས་ས་དང་པོ་ཐོབ་པོ། །གྲངས་འདིས་ས་བཅུ་གཉིས་ ཀྱི་མཐར་ཐུག་པར་རོ། །མི་འགྱུར་བའི་སྐད་ཅིག་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་རྣམས་ཀྱིས་ས་ བཅུ་གཉིས་ཐོབ་སྟེ་(ས་རེ་རེ་ལ་རླུང་དུས་སྦྱོར་རེ་དང་རྟེན་འབྲེལ་ཡན་ལག་རེ་རེ་འགག་པས་མཐར་)ཡན་ལག་ 4-1-393 བཅུ་གཉིས་འགགས་པ་ཇི་སྲིད་པར་རོ། །(དེ་ཡང་རྣལ་འབྱོར་པའི་རང་སྣང་ལ་)དུས་སྦྱོར་བཅུ་གཉིས་ འགགས་པས་ཟླ་བ་བཅུ་གཉིས་འགག་གོ། ཟླ་བ་བཅུ་གཉིས་འགགས་པས་ཉིན་ཞག་སུམ་ བརྒྱ་དྲུག་ཅུ་འགག་གོ། ཉིན་ཞག་སུམ་བརྒྱ་དྲུག་ཅུ་འགགས་པས་ཆུ་ཚོད་ཉི་ཁྲི་ཅིག་སྟོང་དྲུག་ བརྒྱ་རྣམས་འགག་སྟེ་དེ་ལྟར་ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་(རྣལ་འབྱོར་པའི་)ལུས་ལ་ཆུ་ཚོད་ཀྱི་ གྲངས་ཀྱིས་དབུགས་(ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་)རྣམས་འགག་གོ། དབུགས་འགགས་པས་ལུས་ འགག་སྟེ་(ཐབས་གང་གིས་འགག་ན་)བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པའི་(བདེ་བའི་)སྐད་ཅིག་ རྣམས་ཀྱིས་སོ(ཀྱེའི་རྡོ་རྗེ་འབུམ་ཕྲག་ལྔ་པར་ཡང༌། འགྱུར་བའི་མ་རིག་འགོག་པ་ཡིས། །འདུ་བྱེད་ངེས་པར་འགོག་པའོ། ། ཞེས་པ་ནས། སྐྱེ་བ་འགོག་པ་ཡིས་ཀྱང་ནི། །རྒ་ཤི་ངེས་པར་འགོག་པའོ། །ཕུང་པོ་ཁམས་རྣམས་ངེས་འགོག་པས། །དེ་ཉིད་ཉེ་ བར་ཞི་བར་བཤད། །དེ་ལྟར་ལུས་ནི་འགོག་པ་ཡིས། །སྲོག་རླུང་ཡང་ནི་འགོག་པའོ། །སྲོག་རླུང་ངེས་པར་འགོག་པ་ཡིས། །བྱང་ ཆུབ་སེམས་ནི་འགོག་པའོ། །བྱང་ཆུབ་སེམས་ནི་འགོག་པ་ཡིས། །འཛག་པ་ངེས་པར་འགོག་པའོ། །འཛག་པའི་སྐད་ཅིག་འགོག་ པ་ཡིས། །རྣལ་འབྱོར་པ་ཀུན་སངས་རྒྱས་ཉིད། །ཅེས་གསུངས་སོ)། ། ༈ ཇི་ལྟར་དངུལ་ཆུ་བསྐོལ་བ་དང་རིན་པོ་ཆེ་(ཆེན་པོ་)རྣམས་ཀྱིས་(གྲངས་བཞིན་དུ་)ལྕགས་ (དང་རྡོ་རྣམས་)ཟོས་པ་ནི་(གསེར་འགྱུར་དང་ནོར་བུ་ཆེན་པོ་)དེ་རྣམས་ཀྱི་ཚོན་ཆེན་པོ་བཟུང་ནས་གནས་ ཀྱི་(ལྕགས་དང་རྡོ་)ཕལ་བའི་ཁམས་ཉིད་དུ་(གནས་པ་)ནི་མ་ཡིན་ནོ། །(བདེ་བ་ཆེན་པོའི་)ཚོན་ཆེན་ པོ་དེས་ལྕགས་གང་ལ་རེག་པར་བྱེད་པའི་ལྕགས་དེ་རྣམས་ནི་དྲི་མ་དང་བྲལ་བ(འི་གསེར་དུ་) འགྱུར་ཞིང་རྡོ་རྣམས་ནི་རིན་པོ་ཆེར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་(མི་འཕོ་ཞིང་ འཕེལ་བ་)བསྒོམས་པ་ནི་(རྣལ་འབྱོར་པའི་)ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྲོག་དང་བཅས་པ་ རྣམས་ཟོས་ཤིང་(བྱང་ཆུབ་ཀྱི་སེམས་བརྟན་པ་)དེ་རྣམས་ཀྱི་ཚོན་ཆེན་པོ་བཟུང་ནས་(བདེ་བ་ཆེན་པོའི་ བདག་ཉིད་དུ)གནས་ཀྱི་(ལུས་)ཕལ་པའི་ཉིད་(དུ་གནས་པ་)ནི་མ་ཡིན་ནོ། །(བྱང་སེམས་མི་འཕོ་ཞིང་འཕེལ་ བའི་)ཚོན་དེས་(བདེ་བ་ལས་གཞན་བསོད་ནམས་མེད་ཅེས་གསུངས་པ་ལྟར་)བསོད་ནམས་ཀྱི་དབང་ལས་ 4-1-394 སེམས་ཅན་(རྣལ་འབྱོར་པ་)གང་དག་ལ་བྱིན་གྱིས་བརླབ་པ་བྱེད་པ་དེ་རྣམས་མངོན་པར་ཤེས་པ་ (ལྔ་)ཅན་དུ་འགྱུར་གྱི་(ལུས་མ་འགགས་པའི་བར་དུ་)ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་མ་ ཡིན་ཏེ་(ཕུང་པོའི་ལྷག་མ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་)གང་གི་ཚེ་ལྕགས་བསྐོལ་བ་རྣམས་དངུལ་ ཆུ་དང་ལྷན་ཅིག་གཅིག་ཉིད་དུ་འགྱུར་བ་དེའི་ཚེ་དངུལ་ཆུས་ཕུག་པའི་ལྕགས་རྣམས་དྲི་མ་ མེད་པར་འགྱུར་གྱི་བེམ་པོའི་ཁམས་ཉིད་མེད་པ་ནི་མ་ཡིན་པ་(གསེར་གྱི་ངོ་བོར་གནས་པ་)བཞིན་ནོ། ། (ལྕགས་དང་དངུལ་ཆུ་)ཕན་ཚུན་ཡང་དག་པར་(འདྲེས་ན་གསེར་དུ་)ལྡན་པ་དེའི་ཕྱིར་(ལྕགས་ཀྱི་)ཁམས་ རྣམས་ནི་ཁམས་ཉིད་དུ་མེད་ཅིང་དངུལ་ཆུའང་དངུལ་ཆུ་ཉིད་དུ་མེད་དེ་སྔར་གྱི་རང་བཞིན་(དེ་ དང་དེ་)ཡོང་སུ་བཏང་བའི་ཕྱིར་རོ། །དེ་བཞིན་དུ་(གདོད་ནས་རྣམ་པར་དག་པའི་)སེམས་དང་ལྷན་ཅིག་ གཅིག་(པ་ལྟ་བུ་ཉིད་)ཏུ་གྱུར་པའི་(རྣལ་འབྱོར་པའི་)ལུས་ཀྱི་ཁམས་རྣམས་ལ་(མ་དག་པའི་ལུས་ཀྱི་)ཁམས་ ཉིད་མེད་ཅིང་སེམས་ལ་(འཕོ་བའི་བག་ཆགས་ཀྱི་)སེམས་ཉིད་མེད་དེ་སྔར་གྱི་འཁོར་བའི་(འཕོ་བའི) བག་ཆགས་མེད་པའི་ཕྱིར་རོ(འདིར་སེམས་ཞེས་པ་ཐིག་ལེ་ལ་སྦྱར་ན་དཔེ་དོན་འགྲིག་པ་ལྟར་སྣང་ཡང་ལུང་དང་ མི་འགྲིག་ཅིང་རྣལ་འབྱོར་པའི་ལུས་དངོས་སུ་མི་འཕོ་བའི་ཐིག་ལེས་འབུགས་པ་ཡིན་ཡང་རྩ་བ་དོན་དམ་བྱང་ཆུབ་ཀྱི་སེམས་ འོད་གསལ་སྟོང་ཉིད་ཀྱིས་ལུས་འབུགས་ཤིང་མཉམ་པར་བྱེད་པ་ཡིན་ནོ)། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ སེམས་གང་(དོན་དམ་པ་རང་བཞིན་གྱིས་འོད་གསལ་བར་)ཡོད་པའི་སེམས་དེ་ནི་(ཀུན་རྫོབ་འཁོར་བ་པའི་) སེམས་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་བརྗོད་པའི་རིམ་པ་འདིས་(བྱང་སེམས་)ས་བརྒྱད་ ཀྱི་དབང་ཕྱུག་དང་དབང་ཕྱུག་ལ་སོགས་པའི་ལྷ་(བཅུ་གཉིས་པོ་)རྣམས་དང་(ཆོས་འཕགས་ལ་སོགས་ པའི་)བྱང་ཆུབ་སེམས་དཔའ་ལ་ཡང་(བཙུན་མོ་ཡོད་ཅིང་གནས་སྐབས་འགའ་ཞིག་ཏུ་སྲས་བྱང་སེམས་བསྐྱེད་པ་ ཡིན་ཡང་ལས་དབང་གིས་མི་འཕོ་བའི་ཚངས་སྤྱོད་ཡོད་པའི་)མངོན་པར་ཤེས་པ་ལྔ་(ཡོད་པར་)རིག་པར་བྱའོ། ། ༈ བཱ་ཤིཥྛ་ལ་སོགས་པའི་དྲང་སྲོང་རྣམས་ལ་ནི་མངོན་པར་ཤེས་པ་ལྔ་མེད་དེ་གང་གི་ ཕྱིར་རཱ་མཱ་ཡ་ཎ་(རངས་བྱེད་བགྲོད་པ་)དང་བྷ་ར་ཏ་(རྒྱས་པའམ་རྡོས་པ་ཟེར་)ཚད་མ་(ཉིད་དུ་བྱས་ནས་བཟང་ངན་ 4-1-395 ལུང་སྟོན་པ་)ཡིན་པའི་ཕྱིར་རོ། །(དེ་དག་ཉིད་བཤད་པ་)འདིར་གྲོག་མཁར་གྱི་ཚིག་རཱ་མཱ་ཡ་ཎ་(གཞུང་ སྟོང་ཕྲག་བཅུ་གཉིས་པ་)ལས་ཐོས་པ་བཱ་ཤིཥྛ་བྱིན་པའི་དུས་སྦྱོར་ལ་(རྒྱལ་པོ་ཤིང་རྟ་བཅུ་པའི་བུ་)ལྷ་རཱ་མས་ ལྷ་མོ་སཱི་ཏའི་ལག་པ་བཟུང་བ་བྱས་(ཤིང་བག་མར་བླངས་)སོ། །བཱ་ཤིཥྛས་བྱིན་པའི་དུས་སྦྱོར་གྱི་ དྲིན་དེས་(ལྷ་)རཱ་མ་ནི་རྒྱལ་སྲིད་ལས་ཉམས་ཏེ་ནགས་སུ་ཞུགས་ཤིང་(ལྷ་མོ་)སཱི་ཏ་ཡང་(སྲིན་པོའི་ ཁྱེར་བས་)རྟག་ཏུ་སྡུག་བསྔལ་དང་ལྡན་ནོ། །དེ་སྐད་དུ་གསུངས་པ། སྔོན་གྱི་ལས་འབྲས་ལོངས་ སྤྱོད་(པ་)ལ། །གཟའ་དང་རྒྱུ་སྐར་དོན་མེད་དེ། །བཱ་ཤིཥྛས་བྱིན་དུས་སྦྱོར་གྱིས་སྐྱེད་བྱེད་མ་ (སཱི་ཏ་)ནི་སྡུག་བསྔལ་བསྟེན་(པ་སྟེ་དུ་ཁཿདང་ལྡན་པར་གྱུར་)ཞེས་སོ། །དེ་བཞིན་དུ་རྒྱས་པའི་ཚིག་བྷཱ་ ར་ཏ་ལས་ཐོས་པ་སྒྲ་ངན་པ་(སྤུན་བརྒྱ་)དང་སྐྱ་བསེང་གི་བུ་(ལྔ་)རྣམས་ལས་གང་དག་གནམ་ སྟོང་ལ་ཀུ་རུའི་ཞིང་དུ་འཇུག་པར་བྱེད་པ་དེ་རྣམས་རྣམ་པར་རྒྱལ་པར་འགྱུར་རོ་ཞེས་པའི་ ཚིག་འདི་ཐོས་ནས་སྐྱ་བསེང་གི་བུ་རྣམས་(མར་ངོའི་)བཅུ་གསུམ་ལ་(གནམ་སྟོང་དུ་འཁྲུལ་ནས་)རབ་ ཏུ་ཞུགས་ཤིང་སྒྲ་ངན་པ་རྣམས་གནམ་སྟོང་ལ་རབ་ཏུ་ཞུགས་ཏེ་དེ་རྣམས་ལས་གང་དག་བཅུ་ གསུམ་ལ་རབ་ཏུ་ཞུགས་པ་དེ་རྣམས་རྣམ་པར་རྒྱལ་བར་གྱུར་ཅིང་གང་དག་གནམ་སྟོང་ལ་ རབ་ཏུ་ཞུགས་པ་དེ་རྣམས་བསད་པར་གྱུར་ཏོ། །ཅི་སྟེ་དྲང་སྲོང་གདུག་པས་(སྐྱོན་སྤོང་)སྨྲས་པ། འདིར་བྲམ་ཟེའི་ཚིག་གིས་(མར་ངོའི་)བཅུ་གསུམ་ནི་གནམ་སྟོང་དུ་འགྱུར་ཏེ་(དེ་ལ་)ཟླ་བ་དང་ཉི་ མ་གཅིག་ཏུ་སྦྱོར་བའི་ཕྱིར་རོ་ཞེ་ན། དེ་ཉིད་ནི་མི་འཐད་དེ་གང་གི་ཕྱིར་(དེ་ལ་)ཟླ་བའི་ཆ་བཅོ་ ལྔ་ཟད་པ་མེད་པའི་ཕྱིར་རོ། །འདིར་བཅུ་གསུམ་ལ་ཆ་བཅོ་ལྔ་ཟད་པར་མི་འགྱུར་ཏེ་གཟའ་ གང་དང་སྐར་མ་གང་གིས་བཅུ་གསུམ་པར་གྱུར་པའི་གཟའ་དེ་དང་སྐར་མ་དེས་གང་དུ་ཡང་ གནམ་སྟོང་དུ་མི་འགྱུར་རོ། །རྒྱུ་དེའི་ཕྱིར་(དྲང་སྲོང་)དེ་རྣམས་ཀྱི་སྐར་རྩིས་ཀྱི་མངོན་པར་འདོད་ པ་སྟེ་མངོན་པར་ཤེས་པ་ལྔ་པོ་རྣམས་ཀྱིས་དོན་ཡང་དག་པར་མཐོང་བ་ནི་མ་ཡིན་ནོ། ། ༈ དེ་བཞིན་དུ་སྡུག་པའི་བློ་ཅན་རྣམས་ཀྱིས་ལོ་རྒྱུས་ཀྱི་ཆོས་བརྫུན་པ་སྨྲས་པ་འདི་ལྟ་ 4-1-396 སྟེ། (ལྷ་མིན་གྱི་)རྒྱལ་པོ་སྟོབས་ལྡན་གྱི་དུས་སུ་འོ་མའི་རྒྱ་མཚོ་(ལྷ་དང་ལྷ་མ་ཡིན་གྱིས་)བསྲུབས་པ་ ལས་རྟ་མཐོར་འཐོས་དང་གླང་པོ་ཆེ་ས་བསྲུངས་དང་ནོར་བུ་ཀཽ་སྟུ་བྷ་དང་ཤིང་ཡོངས་འདུ་(ས་ བརྟོལ་)དང་ལྷ་མོ་ཨ་བ་ས་ར་དང་(ལྷ་མོ་)དཔལ་མོ་དང་ཟླ་བ་དང་བདུད་རྩི་དང་ནག་པོ་བརྩེགས་ པ(འི་དུག་)རྣམས་བྱུང་བར་གྱུར་ཏོ། །ཞེས་པ་ལོ་རྒྱུས་ཀྱི་ཚིག་ཏུ་གྲག་གོ་གལ་ཏེ་དེ་ལྟར་ཡིན་ན་ (དེའི་སྔ་རོལ་ན་རྒྱལ་པོ་)ཨནྡྷཀ་(ལོང་བ་)ཉིད་ཀྱི་རྒྱལ་སྲིད་ལ་ཚེས་དང་གཟའ་དང་ཟླ་བ་དང་སྐར་མ་ དང་དུས་(ཚིག་)རྣམས་མེད་པར་འགྱུར་ཏེ་ཟླ་བ་དང་ཉི་མ་འཆར་བ་དང་ནུབ་པ་མེད་པའི་ཕྱིར་ རོ། །(དེའི་རྒྱུ་མཚན་)རྒྱ་མཚོར་གནས་པའི་ཟླ་བ་རྒྱུ་སྐར་ལ་ལོངས་སྤྱོད་པ་མེད་པའི་ཕྱིར་ཚེས་ གཅིག་ལ་སོགས་པའི་ཆ་འཛིན་པ་མེད་པར་འགྱུར་ཞིང་ཉི་མ་དང་བཀྲ་ཤིས་ལ་སོགས་པའི་ གཟའ་རྣམས་ཀྱི་འཆར་བ་དང་ནུབ་པ་དང་གཟའ་བདུན་ཡོངས་སུ་ལོངས་སྤྱོད་པ་ཡང་མེད་ པར་འགྱུར་རོ། །དེ་བཞིན་དུ་(རྒྱལ་པོ་)ཧི་ར་ཎྱ་ཀཱ་ཤྱ་པའི་རྒྱལ་སྲིད་ལ་གཟའ་ལ་སོགས་པ་མེད་ པར་འགྱུར་ཏེ་(རྒྱལ་པོ་)དེས་རིགས་ལ་དུས་ཀྱི་དབང་གིས་(ཕྱི་ནས་རྒྱལ་པོ་)སྟོབས་ལྡན་སྐྱེས་ཤིང་ དེ་ནས་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་རྒྱ་མཚོ་བསྲུབས་པས་སོ། །ཅི་སྟེ་(ཁོ་ན་རེ་རྒྱུ་སྐར་ལ་སྤྱོད་པའི་)ཟླ་བ་(རྒྱ་མཚོ་བསྲུབས་པ་ལས་བྱུང་བ་)འདི་མ་ཡིན་གྱི་དེ་ནི་དབང་ཕྱུག་གི་སྤྱི་བོའི་ཟླ་བ(དེས་ན་སྐྱོན་དེ་ དག་མེད་དོ་)འོ་ཞེ་ན་ཚིག་དེ་ཉིད་མི་འཐད་དེ་(དབང་ཕྱུག་གི་སྤྱི་བོའི་)ཟླ་བ་དེ་(ཨནྡྷཀ་)ཉིད་མངོན་པར་ འདོད་པས་(སྙེག་པའི་ཕྱིར་ཁྲི་བརྩིགས་པ་ན་ཁྲི་འགྱེལ་ཏེ་ཞེས་གྲགས་སོ་)ཨནྡྷ་ཀ་བསད་པར་གྱུར་ཏོ། །(ཡང་ ན་ཟླ་བ་དེ་སྔར་ཨནྡྷ་ཀ་བསད་ཅེས་གྲག་གོ་)ནག་པོ་བརྩེགས་པ་བྱུང་བ་དེ་ཉིད་(དབང་ཕྱུག་གི་མིད་པས་མགྲིན་ པ་སྔོན་པོར་སོང་ཞེས་པ་)ནི་བདེན་པ་མ་ཡིན་ཏེ་རྒྱལ་པོ་སྟོབས་ལྡན་གྱི་དུས་སུ་ནག་པོ་བརྩེགས་ པའི་དུག་ཟོས་(ནས་མགྲིན་པར་སྔོན་པོར་སོང་)པའི་ཕྱིར་སྔར་(ཨནྡྷ་ཀའི་འཐབ་མོ་ལ་)དབང་ཕྱུག་མགྲིན་ སྔོན་མ་ཡིན་པར་(ཐལ་བར་)འགྱུར་(ཏེ་དེ་ལྟར་ཡང་མ་ཡིན་ནོ་)རོ། །དེ་བཞིན་དུ་(རྒྱལ་པོ་སྟོབས་ལྡན་གྱི་དུས་ སུ་དབང་པོའི་བཞོན་པ་)ས་སྲུང་དང་མཐོར་ཐོས་དང་(ཁྱབ་འཇུག་གི་ཆུང་མ་)དཔལ་མོ་(ནོར་བུ་)དང་ཀཽ་སྟུ་ 4-1-397 བྷ་དང་བདུད་རྩི་རྣམས་བྱུང་བ་དེ་ཉིད་ནི་བདེན་པ་མ་ཡིན་ཏེ་གང་གིས་ན་ཨནྡྷ་ཀའི་གཡུལ་ ལ་ལྷ་ཐམས་ཅད་རང་རང་གི་མཚན་མ་དང་རང་རང་གི་བཞོན་པ་ལ་གནས་ཞེས་པའོ(ལས་ དབང་པོའི་བཞོན་པ་ས་སྲུངས་ཀྱང་ཡོད་པའི་ཕྱིར་རོ)། །ཅི་སྟེ་དྲང་སྲོང་གདུག་པ་རྣམས་ཀྱིས་(སྐྱོན་སྤོང་)སྨྲས་ པ་(ཨནྡྷ་ཀའི་དུས་ན་ཐམས་ཅད་ཡོད་ཀྱང་བར་སྐབས་སུ་)དུར་བ་ས་ཡིས་(དབང་པོ་ལ་)དམོད་པ་བཏབ་པས་ དབང་པོའི་འབྱོར་བ་(ས་སྲུངས་ལ་སོགས་པ་)རྒྱ་མཚོར་ཞུགས་སོ་(དེ་ནས་ཡང་སྟོབས་ལྡན་གྱི་དུས་སུ་ཐོན་ནོ་)ཞེ་ན། དེ་ཉིད་ནི་བདེན་པ་མ་ཡིན་ཏེ་དབང་པོའི་དམོད་པས་ལྷ་གཞན་(ཁྱབ་འཇུག་ལ་སོགས་པ་) རྣམས་ཀྱི་འབྱོར་བ་ཉམས་པར་མི་འགྱུར་རོ། །དེ་ལྟར་བརྗོད་པའི་རིམ་པས་ལོ་རྒྱུས་ཀྱི་ཆོས་ ཐམས་ཅད་བརྫུན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ལེའུ་ལྔ་པ་ལས་ཚིགས་སུ་བཅད་ པ་བརྒྱ་བརྒྱད་ཅུ་རྩ་གཉིས་པས་ལོ་རྒྱུས་ཀྱི་ཆོས་རྣམས་བརྫུན་པར་གསུངས་པ་འདི་ལྟ་སྟེ། (ལྷ་མོ་)དཔལ་མོ་(དང་རྟ་)མཐོར་ཐོས་(དང་)ལྷའི་ལྗོན་པ་(ཡོངས་འདུ་དང་)གླང་པོའི་བདག་(པོ་ས་སྲུངས་)དང་ལྷ་མོ་(ཨ་བཱ་ས་ར་ནོར་བུར་)ཀཽ་སྟུ་བྷ་དང་ཟླ་བ་དང༌། །བདུད་རྩི་(དང་དུག་ནག་པོ་བརྩེགས་པ་རྣམས་ རྒྱལ་པོ་)སྟོབས་ལྡན་གྱི་རྒྱལ་སྲིད་(བྱེད་པའི་)དུས་སུ་(ལྷ་དང་ལྷ་མིན་གྱིས་འོ་མ་)ཆུ་གཏེར་བསྲུབ་ལས་ལྷ་ ཡུལ་(དང་ནམ་)མཁའ་ལ་གལ་ཏེ་བྱུང་(བར་)གྱུར་(པ་བདེན་)ན། །(དེའི་སྔོན་རོལ་དུ་རྒྱལ་པོ་)ཨནྡཱ་ཀ་ཉིད་ རྒྱལ་སྲིད་(བྱེད་དུས་)ལ་ནི་ཟླ་བ་མེད་པས་གཟའ་(དང་)ཚེས་(དང་)དུས་ཀྱི་ཚོགས་ཀྱང་མེད་པར་ འགྱུར(རོ་ཅི་སྟེ་ཟླ་བ་དེ་ནི་དབང་ཕྱུག་གི་གཙུག་གི་ཟླ་བའོ་ཞེ་ན)། །(མི་འཐད་དེ་སྔོན་ཨནྡྷཀ་)དེ་ཡང་དབང་ཕྱུག་ཟླ་ ཕྱེད་ལ་ཆགས་(པས་)བསད་པར་གྱུར་ཏེ་(རྒྱལ་པོ་)སྟོབས་ལྡན་དེ་ནི་(ཨནྡྷ་ཀ་)དེ་ཡི་ཕྱི་ནས་སོ་ཞེས་ པ་(རྒྱུད་དུ་ཕྱིས་ཀྱི་རྒྱ་དཔེ་ལ་ཆད་པ་)སྟེ་རིགས་པ་འདིས་རྣམ་པར་དཔྱད་ན་འཇིག་རྟེན་གྱི་ལོ་རྒྱུས་ རྣམས་ནི་མི་བདེན་ནོ(དོན་འདི་དག་དོན་དམ་བསྙེན་པར་ཡང་འབྱུང་ངོ་)། ། ༈ ཅི་སྟེ་ཚངས་པའི་དྲང་སྲོང་གདུག་པ་རྣམས་ཀྱིས་སྨྲས་པ་འདིར་སྔོན་དུ་རིག་བྱེད་ཀྱི་ ཆོས་ནི་ལྷན་ཅིག་སྐྱེས་པ་སྟེ་ཕྱི་ནས་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་ནི་བཅོས་མའོ། 407། དེའི་ཕྱིར་རིག་བྱེད་ཀྱི་ཆོས་ནི་ཕུང་པོའོ་ཞེ་ན། དེ་ཉིད་(སུན་དབྱུང་བ་)བརྗོད་པར་བྱ་སྟེ་རིག་བྱེད་ ཀྱི་ཆོས་ཕུ་བོ་དང་ཕྱི་ནས་ཐམས་ཅད་མཁྱེན་པའི་ཆོས་ཡིན་དུ་ཆུག་མོད་འདི་ལ་འགལ་བ་ ཅི་ཞིག་ཡོད། སྔོན་དུ་མུན་པ་ཆེན་པོ་ལྷན་ཅིག་སྐྱེས་པ་ལམ་ཐམས་ཅད་གསལ་བར་བྱེད་པ་ མ་ཡིན་པ་དང་ཕྱི་ནས་དེ་གཞོམ་པའི་དོན་དུ་འོད་སྟོང་པའི་སྣང་བ་ལམ་ཐམས་ཅད་རབ་ཏུ་ གསལ་བར་བྱེད་པར་གྱུར་ན་མུན་པ་ཆེན་པོ་དང་སྣང་བ་འདི་དག་ལས་མུན་པ་ལྷན་ཅིག་སྐྱེས་ པ་ཕུ་བོ་ནི་མིག་དང་ལྡན་པ་རྣམས་ཀྱི་དགའ་(བར་བྱ་)བ་མ་ཡིན་ནོ། །དེ་བཞིན་དུ་སྔོན་དུ་རིག་ བྱེད་ཀྱི་ལྷན་ཅིག་སྐྱེས་པ་ཕུ་བོ་མྱ་ངན་ལས་འདས་པའི་ལམ་གསལ་བར་བྱེད་པ་མ་ཡིན་པ་ དང་ཕྱི་ནས་དེ་གཞོམ་པའི་དོན་དུ་ཐམས་ཅད་མཁྱེན་པའི་ཆོས་ནུ་བོ་མྱ་ངན་ལས་འདས་པའི་ ལམ་གསལ་པར་བྱེད་པར་གྱུར་ན། རིག་བྱེད་ཀྱི་ཆོས་དང་ཐམས་ཅད་མཁྱེན་པའི་ཆོས་འདི་ དག་ལས་རིག་བྱེད་ཀྱི་ཆོས་ལྷན་ཅིག་སྐྱེས་པ་ཕུ་བོ་ནི་ཤེས་ལྡན་རྣམས་ཀྱིས་དགའ་(བར་བྱ་) བ་མ་ཡིན་ཏེ་མིག་དང་ལྡན་པ་རྣམས་ཀྱི་མུན་པ་ཆེན་པོ་བཞིན་ནོ། །དེའི་ཕྱིར་ཕུ་བོ་དང་ནུ་བོ་ དག་ལས་(འདིར་)ནུ་བོ་མཆོག་གོ། དེའི་ཕྱིར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་བསྒྲུབ་པས་མྱ་ ངན་ལས་འདས་པར་འགྱུར་གྱི་འཕོ་བའི་བག་ཆགས་ཅན་རིག་བྱེད་ཀྱི་ཆོས་རྣམས་ཀྱིས་ནི་མ་ ཡིན་ནོ། ། ༈ དེ་བཞིན་དུ་ཉ་ལ་སོགས་པའི་ལོ་རྒྱུས་རིགས་ལྡན་གྱི་མཐར་ཐུག་པ་རྣམས་ཀྱང་རྣམ་ པར་དཔྱད་ན་དོན་མེད་པའོ། །(དེ་ལ་)སངས་རྒྱས་བཅོམ་ལྡན་འདས་འདི་ནི་ནོར་ལྷའི་(སྟེ་ཁྱབ་ འཇུག་གི་)འཇུག་པ་དགུ་པ་སྟེ་རིགས་ལྡན་ནི་བཅུ་པའོ་ཞེས་སོ། །(དེ་དག་ཉིད་བཤད་པ་)སངས་རྒྱས་ ཀྱི་རྩོད་ལྡན་གྱི་དུས་སུ་སྒྱུ་མ་ཆེན་པོའི་གཡོ་ཐབས་ཀྱིས་མཆོད་སྦྱིན་གྱི་ཆོས་སུན་འབྱིན་པར་ འགྱུར་ཞིང་གཡུལ་གྱི་ཆོས་དང་ཕ་མེས་ཀྱི་བྱ་བ་དང་རིགས་སུ་སྨྲ་བ་དང་སྲོག་གཅོད་པ་དང་ མ་བྱིན་པར་ལེན་པ་དང་འདོད་པ་ལོག་པར་གཡེམ་པ་དང་བརྫུན་དུ་སྨྲ་བ་དང་ཚིག་རྩུབ་དང་ 4-1-398 ཕྲ་མ་དང་ངག་འཁྱལ་དང་བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་དང་སེམས་ ཅན་ཐམས་ཅད་ལ་གནོད་པ་དང་རང་གི་རིགས་ཟད་པར་བྱེད་ཅིང་རྒྱལ་རིགས་ཀྱི་ཆོས་མཐོ་ རིས་ཀྱི་འབྲས་བུ་སྟེར་བར་བྱེད་པ་དང་དྲང་སྲོང་ཆེན་པོ་རྒྱས་པའི་ཚིག་བྷཱ་ར་ཏ་དང་གླུའི་(ཆོས་ ཀྱི་)ཚིག་དང་རིག་བྱེད་ཀྱི་ཚིག་རྣམས་སུན་འབྱིན་པར་འགྱུར་རོ། །དེ་རྣམས་སུན་ཕྱུང་སྟེ་དེས་ ན་དམངས་རིགས་ལ་སོགས་པ་རྣམས་ལ་ཕྱིན་ཅི་ལོག་གི་ཆོས་སྟོན་པར་གྱུར་པ་ནི་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྨོན་ལམ་གྱི་ཕ་རོལ་ཏུ་ ཕྱིན་པ་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཕ་རོལ་ཏུ་ཕྱིན་ པ་བཅུ་པོ་འདི་རྣམས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་རྫོགས་པར་བྱའོ། །སེམས་ ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་སྙིང་རྗེའི་སེམས་སུ་བྱའོ། །སེམས་ཅན་ཐམས་ ཅད་ལ་ཕན་གདགས་པར་བྱའོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པ་ ལོག་པར་གཡེམ་པ་དང་བརྫུན་དུ་སྨྲ་བ་དང་ཚིག་རྩུབ་དང་ཕྲ་མ་དང་ངག་འཁྱལ་དང་བརྣབ་ སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་སྟེ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་མི་ བྱའོ་ཞེས་པ་ཕྱིན་ཅི་ལོག་གི་ཆོས་ཀྱི་རྣམ་གྲངས་འདི་རྣམས་ཀྱིས་དམངས་རིགས་ལ་སོགས་ པ་རྣམས་སད་པར་བྱས་ནས་སྐྲ་བྲེགས་ཏེ་ངུར་སྨྲིག་འཛིན་པའི་དགེ་སློང་རྣམས་སུ་བྱེད་པར་ འགྱུར་བ་ནི་གང་དག་སྔོན་ལྷ་མ་ཡིན་གྱི་ཕྱོགས་ན་གནས་པ་ནོར་ལྷས་གཡུལ་དུ་མ་བསྣུན་པ་ རྣམས་(ཕྱིས་སངས་རྒྱས་ཀྱི་འཁོར་དུ་སྐྱེས་)ཏེ་བྲམ་ཟེ་རྣམས་ལ་སུན་འབྱིན་པ་བྱས་ན་དམྱལ་བར་འགྲོ་ བ་གང་ཡིན་པ་དེས་ན་དམངས་རིགས་ལ་སོགས་པ་སྔར་ལྷ་མ་ཡིན་གྱི་ཕྱོགས་ན་གནས་པ་ (ཁྱབ་འཇུག་གིས་སྔོན་མ་སོད་པ་)རྣམས་དམྱལ་བར་འགྲོ་བའི་དོན་དུ་ཁྱབ་འཇུག་གིས་སངས་རྒྱས་ཀྱི་ 4-1-399 (གཡོ་)སྒྱུ་འདི་བྱས་ཏེ་དེ་ལྟར་(དགུ་པ་)སངས་རྒྱས་ཀྱི་འཇུག་པ་ཞེས་དང་(བཅུ་པ་)རིགས་ལྡན་(གྱི་ འཇུགས་པ་)ནི་ཤམ་བྷ་ལའི་ཡུལ་དུ་ནོར་ལྷ་བྲམ་ཟེའི་བུ་གྲགས་པར་གྱུར་ནས་རྡོའི་རྟ་ལ་ཞོན་ཏེ་ ཀུ་ཤའི་རང་བཞིན་ཅན་གྱི་མདུང་རྣམས་ཀྱིས་ཀླ་ཀློ་ཐམས་ཅད་བསད་ནས་གསེར་མང་པོའི་ མེ་དྷའི་མཆོད་སྦྱིན་བྱས་ཏེ་སླར་ཡང་ས་གཞི་བྲམ་ཟེའི་རང་བཞིན་དུ་བྱེད་པར་འགྱུར་རོ་ཞེའོ། ། དེ་ལྟར་མི་འཐད་པའི་ཚིག་དུ་མ་རྣམས་ནི་གདུག་པའི་བྲམ་ཟེ་རྣམས་ཀྱིས་སངས་རྒྱས་བྱུང་ བའི་དུས་སུ་བཀོད་པ་སྟེ་སྔོན་གྱི་རིག་བྱེད་ཀླག་པ་ལ་མེད་དོ། ། ༈ འདིར་དང་པོའི་སངས་རྒྱས་སྟོན་པའི་དུས་སུ་འཇིག་རྟེན་ཁམས་ཀྱི་ལེའུའི་སྐར་ རྩིས་ཀྱི་སྐབས་ལས་ཀླ་ཀློའི་ཆོས་བྱུང་བར་གྱུར་པ་ན་ས་ལ་གྲུབ་པའི་མཐའ་རྣམས་རྣམ་པར་ ཉམས་པར་འགྱུར་ཞིང་ཉུང་ངུའི་བྱེད་པ་རྣམས་འབྱུང་བར་འགྱུར་ཏེ་འཇམ་པའི་དབྱངས་ཀྱང་ (འདིར་མྱ་ངན་ལས་འདས་ནས་ཞེས་ཕྱིས་ཀྱི་རྒྱ་དཔེ་ལས་བསྒྱུར་པ་འགའ་ཞིག་ལས་བྱུང་བ་ནི་མཆན་ཤོར་ལས་བསྒྱུར་བར་ གསལ་ཏེ་རྒྱ་དཔེ་རྙིང་བ་ལ་མི་སྣང་ཞིང་དེ་སྔར་བཤད་པ་དང་མི་མཐུན་པའི་ཕྱིར་རོ་)ལོ་དྲུག་བརྒྱ་ན་ཤམ་བྷ་ལའི་ ཡུལ་དུ་ཤཱ ཀྱའི་རིགས་ལ་ལྷ་མོ་〔རྣམ་པར་རྒྱལ་མ་ཞེས་ཕྱིས་ཀྱི་རྒྱ་དཔེ་ལས་བྱུང་བ་ཡང་མ་ དག་སྟེ་རྒྱ་དཔེ་རྙིང་པ་ལ་བི་ཤྭ་མཱ་ཏཿ ཞེས་པ་སྣ་ཚོགས་ཡུམ་དུ་སྣང་ཞིང་དེ་ནི་སྔར་བཤད་པ་ དང་མཐུན་པའི་ཕྱིར་རོ་ཞེས་གསུངས་སོ། །དེས་ན་འགྱུར་གསར་པ་ལ་སྣ་ཚོགས་ཡུམ་ཡོད་〕སྣ་ ཚོགས་ཡུམ་གྱི་མངལ་ནས་ལྷ་དབང་ལྡན་གྱི་སྲས་རིགས་ལྡན་གྲགས་པ་ཞེས་བྱ་བར་འབྱུང་ བར་འགྱུར་རོ་ཞེས་དེ་བཞིན་གཤེགས་པས་གསུངས་པ་འདི་ལྟ་སྟེ། (བཅོམ་ལྡན་འདས་རྒྱུད་སྟོན་པ་ པོའི་)ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམ་བྷ་ལ་ཞེས་བྱ་ བར་འབྱུང༌། །དེ་ནས་〔གྲགས་པ་མྱ་ངན་ལས་འདས་ནས་〕ཀླུའི་ལོ་བརྒྱ་རྣམས་ཀྱིས་ངེས་པར་ མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག །དེའི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་ པ་གསལ་བར་མི་རྣམས་དག་གིས་རིག་པར་བྱ། །མཐའ་དག་ས་གཞི་ལ་ནི་གྲུབ་པའི་མཐའ་ 4-1-400 རྣམས་རྣམ་པར་ཉམས་པ་དུས་ཀྱི་སྦྱོར་བ་ལ་འབྱུང་འགྱུར་ཞེས་པ་དེ་བཞིན་གཤེགས་པས་ འཇམ་པའི་དབྱངས་(གྲགས་པ་)ལུང་བསྟན་པ་སྟེ་དེ་ཡང་ཉི་མའི་ཤིང་རྟ་ལ་སོགས་པ་ཚངས་ པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་རྣམས་རྡོ་རྗེ་ཐེག་པའི་བསམ་པས་ རིགས་གཅིག་ཏུ་བྱེད་པར་འགྱུར་རོ། །དེས་ན་འཇམ་པའི་དབྱངས་ལ་(གྲགས་པ་)རིགས་ལྡན་ གྱི་མཚན་འབྱུང་བར་འགྱུར་གྱི་བྲམ་ཟེ(ཚངས་པ)འི་རིགས་འཇོག་པར་བྱེད་པས་ནི་(རིགས་ལྡན་དུ་ འགྱུར་བ་)མ་ཡིན་ནོ། །གལ་ཏེ་གྲགས་པ་བྲམ་ཟེའི་བུུ་(བྲམ་ཟེའི་རིགས་འཇོག་པས་)རིགས་ལྡན་ཡིན་ ན་(འོ་ན་)དེའི་ཚེ་(རྒྱུ་)གང་གིས་ན་འདིར་རིགས་ལྡན་ཡིན་ནོར་མེད་པར་ནི་ནོར་ལྡན་མ་ཡིན་ནོ། ། རིགས་(སམ་འདུས་པ་)ཞེས་བྱ་བ་ནི་རིགས་(བཟང་པོ་)དང་རིགས་〔བཟང་པོ་〕མ་ཡིན་པ་རྣམས་(རྡོ་ རྗེ་ཐེག་པར་རིགས་)གཅིག་ཏུ་བྱེད་པའོ། །རིགས་〔སམ་འདུས་པ་〕དེ་གང་ལ་ཡོད་པ་དེ་ནི་རིགས་ ལྡན་ཏེ་(ནམ་འདུས་པ་ཅན་)རིགས་ལྡན་〔ནམ་འདུས་པ་ཅན་〕དེ་ཉིད་ནི་རིགས་མེད་པར་མ་ཡིན་ནོ། ། སླར་ཡང་དུས་བཞིའི་མཐར་ཀླ་ཀློ་རྣམས་ཀྱི་(འཇུག་པ་)ཤིན་ཏུ་ཆོས་མ་ཡིན་པ་གཟིགས་ནས་ རི་བོ་བཞིན་དུ་འདར་བ་མེད་པར་འགྱུར་ཏེ་རྟ་མཆོག་གི་ཏིང་ངེ་འཛིན་གྱིས་(རྡོའི་)རྟ་མཆོག་ མཐའ་ཡས་པ་སྤྲོས་ནས་དེ་རྣམས་ཀླ་ཀློ་རྣམས་ཀྱི་སེམས་(སྐྲག་ཅིང་)ཞུམ་པར་བྱས་ཏེ་རང་གི་ ཆོས་ལ་འགོད་པར་འགྱུར་ཞིང་དེ་རྣམས་ཀྱི་ཆོས་འཇོམས་པར་འགྱུར་གྱི་སྲོག་གཏོང་བ་ནི་མ་ ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ནང་གི་ལེའུ་ལས་ཚིགས་སུ་བཅད་པ་བཞི་བཅུ་རྩ་བརྒྱད་ པས་གསུངས་པ། འཁོར་ལོ་ཅན་ནི་རང་གི་ལུས་ལ་རྡོ་རྗེ་ཅན་ཏེ་ལྷ་མཆོག་བདག་རྣམས་ཡན་ ལག་བཅུ་གཉིས་འགོག །རིགས་ལྡན་དག་ནི་ཡང་དག་ཡེ་ཤེས་གླང་པོ་རྟ་དང་ཤིང་རྟ་མངག་ གཞུག་འཕགས་པའི་ཚད་མེད་རྣམས། །དྲག་པོ་རང་རྒྱལ་མིང་ཅན་འགྱུར་ཏེ་ཧ་ནུ་མཱན་ནི་ཉན་ ཐོས་དག་གོ་གདུག་པ་ཀླ་ཀློའི་དབང༌། །སྲོག་ཆགས་རྣམས་ཀྱི་སྡིག་པ་དག་སྟེ་གང་ཞིག་བྱེད་ པའི་བློ་གྲོས་སྡུག་བསྔལ་སྦྱིན་བྱེད་མི་དགེའི་ལམ། །ཞེས་པ་ལ་སོགས་པའོ། །ཀླ་ཀློའི་འཁྲུག་ 4-1-401 པ་དེ་བཞིན་གཤེགས་པས་ལུང་བསྟན་པ་ལེའུ་དང་པོ་ལས་གསུངས་པ་གང་ཡིན་པ་རིགས་ ལྡན་གྱིས་རྡོའི་རྟ་རྣམས་ཀྱིས་ཀླ་ཀློ་རྣམས་འཇོམས་པར་འགྱུར་བ་དེ་ནི་གདུག་པའི་དྲང་སྲོང་ དེ་རྣམས་ཀྱི་སེམས་ཞུམ་པར་བྱེད་པའི་དོན་དུ་སྟེ་རྣམ་པ་གཞན་དུ་དང་པོར་(འཇོམས་སམ་མི་ འཇོམས་སྙམ་དུ་)ཐེ་ཚོམ་གྱི་སེམས་སྐྱེས་པར་གྱུར་ན་(མི་ཐུལ་བས་ཆོས་ཡང་དག་པ་)རྟོགས་པར་བྱ་བར་ མི་ནུས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་ པར་རིག་པར་བྱའོ་ཞེས་གསུངས་སོ། །དེ་ལྟར་ལོ་རྒྱུས་ཀྱི་ཆོས་རྣམས་ནི་རྣམ་པར་དཔྱད་ན་ དོན་མེད་དོ། ། ༈ ཅི་སྟེ་དྲང་སྲོང་གདུག་པ་རྣམས་ཀྱིས་སྨྲས་པ། ལོ་རྒྱུས་〔ཀྱི་ཆོས་〕དང་ནི་ཤེད་བུའི་ ཆོས(དང་)། །རིག་བྱེད་ཡན་ལག་(དྲུག་)བཅས་དང་གསོ(བ་རིགས་པ་སྟེ)། །(དེ་ལྟར་)བཀའ་ཡིས་གྲུབ་ པ་བཞི་པོ་ནི། །(རིགས་པའི)གཏན་ཚིགས་རྣམས་ཀྱིས་(དཔྱད་ནས་)གཞོམ་མི་བྱ། །ཤེད་བུ་(དང་) རྒྱས་པ་(དང་)བཱ་ཤིཥྛའི། །ཚིག་ནི་རིག་བྱེད་དང་བཅས་པ། །ཚད་མ(འམ་སྒྲུབ་བྱེད་)མེད་པར་སྨྲ་ བ་གང་(ཡིན་པ)། །དེ་ནི་ཚངས་པ་གསོད་བྱེད་འགྱུར་ཞེས་པའོ་ཞེ་ན། གདུགས་པའི་དྲང་སྲོང་ རྣམས་ཀྱི་བརྫུན་གྱི་ཚིག་འདི་ཉིད་ནི་རང་གི་རིགས་རབ་ཏུ་བཞག་པའི་དོན་དུ་བྱིས་པ་རྣམས་ ཀུན་ཏུ་རྨོངས་པ་སྐྱེད་པར་བྱེད་པ་སྟེ་རྣམ་པར་དཔྱད་(ཐུབ་པའི་རིགས་)པས་སྟོང་པའོ། ། ༈ གལ་ཏེ་སེམས་ཅན་རྣམས་ཀྱི་འདོད་ཆགས་ཀྱི་འཕོ་བའི་བག་ཆགས་ཐོག་མ་མེད་ པ་ཡིན་ཞིང་དེ་ཡི་མཐུས་འཁོར་བ་ཡིན་ན་འོ་ན་དེའི་ཚེ་ཅིའི་དོན་དུ་བཅོམ་ལྡན་འདས་ཀྱིས་ རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་བསྟན་ཏེ་ཉོན་མོངས་པ་དང་ལས་དང་ སྡུག་བསྔལ་ཞེས་པ་གསུམ་པོ་རྣམས་སུ་རིམ་པ་བཞིན་དུ་(འོག་ནས་འཆད་པ་ལྟར་)མ་རིག་པ་ལ་ སོགས་པའི་ཡན་ལག་རྣམས་ཡང་དག་པར་བསྡུས་སོ། །དེའི་ཕྱིར་(མ་རིགས་པ་ལ་སོགས་པ་ཡན་ལག་ གསུམ་གསུམ་གྱི་དང་པོ་)ཉོན་མོངས་པ་ལས་ལས་སུ་འགྱུར་ཞིང་(གཉིས་པ་)ལས་ལས་སྡུག་བསྔལ་དུ་ 4-1-402 འགྱུར་ཏེ་(གསུམ་པ་)སྡུག་བསྔལ་ལས་སླར་ཡང་ཉོན་མོངས་པར་འགྱུར་རོ། །འདི་ཉིད་ནི་སྲིད་ པའི་འཁོར་ལོ་སྟེ་འགྲོ་བ་ཐམས་ཅད་རྒྱུ་(ལས་ཉོན་)དང་འབྲས་བུ(སྡུག་བསྔལ་བ)འོ། །(ཡན་ལག་བཅུ་ གཉིས་མ་གཏོགས་པ་)སེམས་ཅན་གཞན་ནི་འགའ་ཡང་མེད་དོ། །(རྣམ་པར་དཔྱད་ན་མ་གྲུབ་པའི་རྒྱུུ་འོག་ནས་ འཆད་པ་ལྟར་)སྟོང་པ་རྣམས་ལས་(འབྲས་བུའི་)ཆོས་རྣམས་སུ་འགྱུར་ཞིང་ཆོས་(སྟོང་པ་)རྣམས་ལས་ ཀྱང་སྟོང་པ་རྣམས་སུ་འགྱུར་ཏེ་ཁ་ཐོན་ལ་སོགས་པའི་དཔེ་རྣམས་ཀྱིས་(རྒྱུ་དང་འབྲས་བུ་འཁོར་བའི་ ཚུལ་)དེ་རྣམས་ཤེས་པར་བྱའོ(དབུ་མ་རྟེན་འབྱུང་ལས། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་ འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། ། འདི་ལས་སེམས་ཅན་གཞན་ཅིའང་མེད། །སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་ཟད། །ཅེས་འབྱུང་ སྟེ། མ་རིག་པ་སྲེད་ལེན་གསུམ་ཉོན་མོངས་པ་དང་འདུ་བྱེད་སྲིད་པ་གཉིས་ལས་དང་ལྷག་མ་བདུན་སྡུག་བསྔལ་དུ་བཤད་དོ)། ། (རྟེན་འབྲེལ་གྱི་འཁོར་ལོ་འཁོར་བ་ཡིན་པ་)དེའི་ཕྱིར་འཕོ་བའི་བག་ཆགས་འདི་ནི་འཁོར་བའི་འཁོར་ ལོ(འི་རྩ་བ་)མི་འགྱུར་རོ་ཞེས་པ་འདིར་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་བྱིས་པ་རྣམས་ཀྱིས་མ་རིག་པ་ལ་སོགས་པ་ རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ནི་ཉོན་མོངས་པ་དང་ལས་དང་སྡུག་ བསྔལ་གྱི་བདག་ཉིད་དེ་དེ་ཉིད་འཁོར་བའི་འཁོར་ལོར་བརྗོད་(ཀྱི་འཕོ་བའི་བག་ཆགས་ཀྱིས་འཁོར་ བ་མ་ཡིན་ནོ་ཞེས་)པ་གང་ཡིན་པ་དེ་ནི་(དེ་ལྟར་)མ་ཡིན་ཏེ་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་(འཕོ་ བའི་བག་ཆགས་འགྱུར་བའི་མ་རིག་པའི་གཉེན་པོ་)མཆོག་ཏུ་མི་འགྱུར་བའི་རིག་པ་འཛིན་པ་ཉིད་ཀྱི་ཕྱིར་ རོ། །འདིར་བཅོམ་ལྡན་འདས་རྡོ་རྗེས་སེམས་དཔའ་(ཐིག་ལེ་བཞི་)མཆོག་ཏུ་མི་འགྱུར་བའི་རིག་ པ་འཛིན་པ་འཁོར་བའི་བག་ཆགས་ལས་འདས་པ་སྟེ་དེའི་ཆོས་མི་མཐུན་པས་འཁོར་བ་པ་ རྣམས་(ནི་ཐིག་ལེ་བཞི་)འགྱུར་བའི་རིག་པ་འཛིན་པ་འཁོར་བའི་བག་ཆགས་ཀྱིས་བཟུང་བའོ། ། དེའི་ཕྱིར་མཆོག་ཏུ་མི་འགྱུར་བའི་(བདེ་བ་)འདོད་ཆགས་ཆེན་པོ་ནི(ནང་)རིག་(འགྱུར་བ་མེད་)པ་ 4-1-403 སྟེ་(དེའི་འགལ་ཟླ་)མ་རིག་པ་ནི་འདིར་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་འདོད་ཆགས་ཀྱི་ བག་ཆགས་སོ། །(བག་ཆགས་)དེས་འདོད་ཆགས་ལ་རབ་ཏུ་འཇུག་སྟེ་འདོད་ཆགས་ཀྱང་(ཐིག་ལེ་)འགྱུར་བའོ། །འགྱུར་བ་(བདེ་བ་ཉམས་པ་)ལས་ཆགས་པ་དང་བྲལ་བ་སྟེ་ཆགས་པ་དང་བྲལ་བ་ ཞེས་བྱ་བ་(ལས་)ནི་(དགའ་བ་ཉམས་པའི་)ཞེ་སྡང་(འབྱུང་)ངོ༌། །ཞེ་སྡང་གི་བདག་ཉིད་(ལས་)ནི་(ཕུང་བོ་ རྒུད་པ་)བརྒྱལ་བ་སྟེ་བརྒྱལ་བ་ཞེས་བྱ་བ་ནི་(སེམས་རྨོངས་པ་)གཏི་མུག་གོ། དེ་ལྟར་འདོད་ཆགས་ དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་(འཕོ་བའི་བག་ཆགས་པ་)ནི་(རིག་པའི་གཞོམ་བྱ་)མ་རིག་པ་སྟེ་ ནམ་མཁའི་མེ་ཏོག་གི་ཕྲེང་བ་〔ལྟར་རིགས་པ་བཀག་ཙམ་གྱི་དགག་པ་དངོས་མེད་〕ནི་མ་ཡིན་ ནོ། །(དེ་ལྟ་བུའི་)མ་རིག་པ་ཞེས་བྱ་བ་ནི་ཉོན་མོངས་པའོ། །མ་རིག་པ་〔དེས་ཀུན་ནས་བསླང་ བ་〕ལས་(དགེ་མི་དགེ་ལས་མངོན་པར་)འདུ་བྱེད་དེ་ལས་སོ། །འདུ་བྱེད་ལས་(མངལ་དུ་)རྣམ་པར་ཤེས་ པ་(ཉིང་མཚམས་སྦྱོར་བ་)སྟེ་སྡུག་བསྔལ་ལོ་ཞེས་པ་ནི་དང་པོ་ཆུང་ངུའི་གནས་སྐབས་ཀྱི་ལུས་དང་ ངག་དང་སེམས་(ཞེས་པ་ཡེ་ཤེས་ཀྱི་གནས་སྐབས་)སོ། །དེ་ནས་རྣམ་པར་ཤེས་པ་ལས་(ཁམས་དྲུག་གི་ བདག་ཉིད་ཀྱི་ཕུང་པོ་ལྔ་གྲུབ་པ་ནི་)མིང་དང་གཟུགས་ཏེ་ཉོན་མོངས་པའོ། །མིང་དང་གཟུགས་ལས་ (དབང་པོ་དྲུག་གྲུབ་པ་ནི་)སྐྱེ་མཆེད་དྲུག་སྟེ་ལས་སོ། །སྐྱེ་མཆེད་དྲུག་ལས་(དབང་པོ་དྲུག་ཡུལ་དྲུག་དང་ཕྲད་ པ་ནི་)རེག་པ་སྟེ་སྡུག་བསྔལ་ལོ་ཞེས་པ་ནི་གཉིས་པ་འབྲིང་པོའི་གནས་སྐབས་ཀྱི་ལུས་དང་ ངག་དང་སེམས་(ཞེས་པ་སེམས་ཀྱི་གནས་སྐབས་)སོ། །དེ་ནས་རེག་པ་ལས་(ཡུལ་ཉམས་སུ་མྱོང་བ་ནི་)ཚོར་ བ་སྟེ་ཉོན་མོངས་པའོ། །ཚོར་བ་ལས་(བདེ་བ་ལ་ཕྲད་པ་དང་སྡུག་བསྔལ་ལ་འབྲལ་བར་ སྲེད་པ་ནི་)སྲེད་པ་སྟེ་ལས་སོ། །སྲེད་པ་ལས་(ཆགས་ཡུལ་ཐོབ་པར་འདོད་ཅིང་དོན་དུ་གཉེར་བ་ནི་)ལེན་པ་ སྟེ་སྡུག་བསྔལ་ལོ་ཞེས་པ་ནི་གསུམ་པ་ཆེན་པོའི་གནས་སྐབས་ཀྱི་ལུས་དང་ངག་དང་སེམས་ (ཞེས་པ་ངག་གི་གནས་སྐབས་)སོ། །དེ་ནས་ལེན་པ་ལས་(ཡང་སྲིད་པ་ལ་མངོན་དུ་ཕྱོགས་པ་ནི་)སྲིད་པ་སྟེ་ཉོན་ མོངས་པའོ། །སྲིད་པ་ལས་(མིང་དང་གཟུགས་ཀྱི་ཕུང་པོ་གསར་དུ་འབྱུང་བ་ནི་)སྐྱེ་བ་སྟེ་ལས་སོ། །སྐྱེ་བ་ 4-1-404 ལས་(ཕུང་པོའི་རྒྱུར་འགྱུར་ཞིང་འཇིག་པ་ནི་)རྒ་ཤི་སྟེ་སྡུག་བསྔལ་ལོ་ཞེས་པ་ནི་བཞི་པ་ཆེན་པོའི་ཆེན་ པོའི་གནས་སྐབས་ཀྱི་ལུས་དང་ངག་དང་སེམས་(ཞེས་པ་ལུས་ཀྱི་གནས་སྐབས་)སོ(དེ་ལ་སྤྱིར་རྟེན་འབྲེལ་ ཡན་ལག་བཅུ་གཉིས་ཀྱི་ངོས་འཛིན་ལུགས་འདི་ཚེ་གསུམ་མམ་གཉིས་ལ་ལྟོས་ཏེ་བཞག་དགོས་པ་ཡིན་ན་ཡང་འདིར་ནི་མངལ་ བཟུང་བའི་ཟླ་བ་ནས་བཟུང་སྟེ་ཟླ་བ་བཅུ་གཉིས་པའི་བར་ལ་སྤྱིར་གྱི་ངོས་འཛིན་ལུགས་འདི་སྦྱར་བར་བྱའོ)། །དེ་ལྟར་ (ལུགས་ལས་བཟློག་པས་)ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་བདག་ཉིད་(གསུམ་ཚན་)བཞི་པོ་ རྣམས་ནི་(ཚན་པ་རེ་རེ་ཞིང་)ཆུ་སྲིན་ལ་སོགས་པའི་དུས་སྦྱོར་གསུམ་གསུམ་ལ་(སྦྱར་བར་བྱ་)སྟེ་(དེ་ཡང་)མངལ་དང་(མངལ་)སྒོ་དང་ཕྱིའི་དབྱེ་བ་རྣམས་ལའོ། །དེ་ལ་མི་རྣམས་ཀྱི་མངལ་འཛིན་པའི་ ཟླ་བ་ནི་ཆུ་སྲིན་དང་མ་རིག་པ་སྟེ་མངལ་ལོ། །ཟླ་བ་གཉིས་པ་ནི་བུམ་པ་དང་འདུ་བྱེད་དེ་ (མངལ་)སྒོའོ། །ཟླ་བ་གསུམ་པ་ནི་ཉ་དང་རྣམ་པར་ཤེས་པ་སྟེ་ཕྱི་རོལ་ལོ་ཞེས་པ་ཟླ་བ་གསུམ་ གྱི་བདག་ཉིད་ནི་མངལ་ནས་སྐྱེས་པ་རྣམས་ཀྱི་(དང་པོ་)ཆུང་ངུའི་གནས་སྐབས་(ཀྱི་ལུས་དང་ངག་ དང་སེམས་)སོ། །དེ་ནས་(ཟླ་བ་)བཞི་པ་ནི་ལུག་དང་མིང་དང་གཟུགས་ཏེ་མངལ་ལོ། །ལྔ་པ་ནི་ གླང་དང་སྐྱེ་མཆེད་དྲུག་སྟེ་སྒོའོ། །དྲུག་པ་ནི་འཁྲིག་པ་དང་རེག་པ་སྟེ་ཕྱི་རོལ་ལོ་ཞེས་པ་ཟླ་ བ་གསུམ་གྱི་བདག་ཉིད་ནི་(གཉིས་པ་)འབྲིང་པོའི་གནས་སྐབས་སོ། །ཟླ་བ་བདུན་པ་ནི་ཀར་ ཀ་ཊ་དང་ཚོར་བ་སྟེ་མངལ་ལོ། །བརྒྱད་པ་ནི་སེང་གེ་དང་སྲིད་པ་སྟེ་སྒོའོ། །དགུ་པ་ནི་བུ་མོ་ དང་ལེན་པ་སྟེ་ཕྱི་རོལ་ལོ་ཞེས་པ་ཟླ་བ་གསུམ་གྱི་བདག་ཉིད་ནི་གསུམ་པ་ཆེན་པོའི་གནས་ སྐབས་སོ། །དེ་ནས་ཟླ་བ་བཅུ་པ་ནི་སྲང་དང་སྲིད་པ་སྟེ་མངལ་ལོ། །བཅུ་གཅིག་པ་ནི་སྡིག་ པ་དང་སྐྱེ་བ་སྟེ་སྒོའོ། །བཅུ་གཉིས་པ་ནི་གཞུ་དང་རྒ་ཤི་སྟེ་ཕྱི་རོལ་ཞེས་པ་ཟླ་བ་གསུམ་གྱི་ བདག་ཉིད་ནི་(བཞི་པ་)ཆེན་པོའི་ཆེན་པོའི་གནས་སྐབས་སོ(འདིར་མངལ་དང་སྒོ་དང་ཕྱི་རོལ་ཞེས་པ་ནི་ གནས་སྐབས་ལ་བཏགས་པ་ཙམ་དུ་ཤེས་པར་བྱའོ)། །དེ་ལྟར་(གནས་སྐབས་བཞི་ནི་)ལུས་དང་ངག་དང་སེམས་ དང་ཡེ་ཤེས་ཀྱི་དབྱེ་བ་སྟེ་(དེ་ལུགས་ལས་བཟློག་པ་)ཡེ་ཤེས་ཀྱི་(དབྱེ་བ་ནི་)དང་པོ་ཆུང་ངུའི་གནས་ 4-1-405 སྐབས་དང་ལུས་ཀྱི་〔དབྱེ་བ་ནི་〕བཞི་པ(ཆེན་པོའི་ཆེན་པོ)ར་རིག་པར་བྱ(ཞིང་སེམས་དང་ངག་ནི་གཉིས་པ་ འབྲིང་པོ་དང་གསུམ་པ་ཆེན་པོའི་གནས་སྐབས་སུ་རིག་པར་བྱ)འོ། ། ༈ བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ཡེ་ཤེས་ཀྱི་ལེའུ་ལས་ཚིགས་སུ་ བཅད་པ་བརྒྱ་བདུན་ཅུ་པས་གསུངས་པ་འདི་ལྟ་སྟེ། ལས་ནི་ཉོན་མོངས་ལས་(འགྱུར་)ཏེ་(ལས་)དེ་ལས་སྡུག་བསྔལ་དུ་འགྱུར་(སླར་ཡང་)ཉོན་མོངས་ཉིད་ནི་རང་གི་སྡུག་བསྔལ་ལས(འགྱུར་ རོ)། །(དེ་ལྟར་གསུམ་པོ་)འདི་ནི་འཁོར་བའི་འཁོར་ལོར་འཁྱམ་པ་རྒྱུ་དང་འབྲས་བུུ་(ཕན་ཚུན་འབྲེལ་ བར་)མཉམ་པ་དག་སྟེ་(དེ་དག་མ་གཏོགས་པའི་བདག་དང་)སེམས་ཅན་(དང་སྲོག་དང་གང་ཟག་)གཞན་པ་ མེད། །(དེ་ཡང་ཤི་བའི་མཐར་)སྟོང་པ་རྣམས་ལས་ཕུང་པོའི་ཆོས་རྣམས་(འབྱུང་ཞིང་)འདིར་ནི་འཆི་ བའི་མཐའ་རུ་(ཕུང་པོ་)དེ་རྣམས་ལས་ཀྱང་སྟོང་པ་རྣམས(སུ་འགྱུར་བས་འཁོར་ཏེ)། །ཁ་ཐོན་(དང་) མར་མེ་(དང་)ཆུ་དང་མེ་ཏོག་(དང་)སྒྲ་དང་མེ་ཤེལ་(དང་)སྐྱུར་བ་(དང་)ས་བོན་རྣམས་ཀྱིས་ཤེས་ པར་བྱ་ཞེས་པ་(ཚིགས་བཅད་འདི་རྒྱུད་དུ་ཕྱིས་ཀྱི་རྒྱ་དཔེ་ལ་ཆད་ཀྱང་སྔོན་གྱི་རྒྱ་དཔེ་ལ་ཡོད་པར་གསལ་)སྟེ་ཁ་ཐོན་ ལ་སོགས་པའི་དཔེ་འདི་རྣམས་ཀྱིས་ཕུང་པོ་རྣམས་ཀྱི་སྐྱེ་བ་དང་འགག་པ་རིག་པར་བྱའོ། ། ཇི་ལྟར་ཁ་ཐོན་ལ་མཁན་པོའི་རིག་པ་ཟད་པ་མ་ཡིན་ཞིང་སློབ་མས་ཐོབ་པ་མེད་པ་མ་ཡིན་ ནོ། །དེ་བཞིན་དུ་མར་མེ་ལས་མར་མེ་(གཞན་)འབྱུང་ངོ༌། །ཆུ་ལ་(འབྱུང་བ་)ཡང་ཟླ་བ(འི་འོད་དང་ ཕྲད་པ་)ལས་ཟླ་(བ་ཆུ་ཤེལ་ལས་ཆུ་འབྱུང་)བ་དང་མེ་ཏོག་ལས་གོས་ལ་དྲི་དང་ཉི་མ་(དང་ཕྲད་པ་)ལས་མེ་ ཤེལ་ལ་མེ་(སྐྱེ་བ་)དང་སྒྲ་ལས་སྒྲ་བརྙན་དང་སྐྱུར་བ་(ཟོས་པ་)ལས་ལྕེ་འཛག་དང་ས་བོན་ལས་མྱུ་ གུའོ(ཀྱེའི་རྡོ་རྗེའི་འགྲེལ་བར་ཡང་འདི་དག་དང་མཐུན་པར་འཕགས་པ་རྡོ་རྗེ་སྙིང་པོས་གསུངས་སོ)། །དེ་བཞིན་དུ་ཕུང་ པོ་རྣམས་ཀྱི་(ཉིང་)མཚམས་སྦྱོར་བ་ནི་འགྱུར་བའི་འདོད་ཆགས་ཀྱི་བག་ཆགས་ཀྱི་དབང་གིས་ སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་འཁོར་བའི་འཁོར་ལོ་ནི་འགྱུར་བའི་འདོད་ ཆགས་ཏེ་(དེ་ཉིད་)མ་རིག་པའོ། ། 4-1-406 ༈ འདིར་གང་གི་ཚེ་འགྱུར་བའི་འདོད་ཆགས་ཉམས་པ་དེའི་ཚེ་(རང་བཞིན་ལྷུན་གྲུབ་)མཆོག་ ཏུ་མི་འགྱུར་བ(འི་བདེ་བ་ཐོབ་པ)ར་འགྱུར་ཏེ་མཆོག་ཏུ་མི་འགྱུར་བ(འི་བདེ་བ་)ནི་(སངས་རྒྱས་རྣམས་ཀྱི་) འདོད་ཆགས་ཆེན་པོའོ། །འདོད་ཆགས་ཆེན་པོ་(ཐོབ་པ་)ལས་ཆགས་བྲལ་ཉམས་པ་སྟེ་ཆགས་ བྲལ་ཞེས་བྱ་བ་ཞེ་སྡང་ངོ༌། །(ཐ་མལ་བ་འདི་)ཞེ་སྡང་ཟད་པ་ལས་ཞེ་སྡང་ཆེན་པོ(ཐོབ་པ)ར་འགྱུར་ རོ། །ཞེ་སྡང་ཆེན་པོ་ལས་བརྒྱལ་བ་ཞེས་བྱ་བ་གཏི་མུག་ཉམས་པའོ། །གཏི་མུག་ཉམས་པ་ ལས་གཏི་མུག་ཆེན་པོར་འགྱུར་རོ། །འདོད་ཆགས་ཆེན་པོ་དང་ཞེ་སྡང་ཆེན་པོ་དང་གཏི་མུག་ ཆེན་པོ་(མངོན་དུ་བྱས་པ་)ལས་འདོད་ཆགས་དང་གཏི་མུག་གི་བདག་ཉིད་མ་རིག་པ་ཉམས་པའོ། ། མ་རིག་པ་ཟད་པ་ལས་མ་རིག་པ་ཆེན་པོ(ཐོབ་པ)ར་འགྱུར་རོ། །དེ་ལྟར་ན་(རྣལ་འབྱོར་པས་)མ་ རིག་པ་འགག་པས་འདུ་བྱེད་འགག་གོ། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་གོ། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་གོ། མིང་དང་གཟུགས་འགགས་ པས་སྐྱེ་མཆེད་དྲུག་འགག་གོ། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་གོ། རེག་པ་ འགགས་པས་ཚོར་བ་འགག་གོ། ཚོར་བ་འགགས་པས་སྲེད་པ་འགག་གོ། སྲེད་པ་འགགས་ པས་ལེན་པ་འགག་གོ། ལེན་པ་འགགས་པས་སྲིད་པ་འགག་གོ། སྲིད་པ་འགགས་པས་སྐྱེ་ བ་འགག་གོ། སྐྱེ་བ་འགགས་པས་རྒ་ཤི་འགག་སྟེ་དེ་ལྟར་ཡན་ལག་བཅུ་གཉིས་འགགས་པ་ ལས་(འཁོར་བའི་ཡན་ལག་བཅུ་གཉིས་དང་)ཆོས་མི་མཐུན་པས་བཅོམ་ལྡན་འདས་ཀྱི་ཡན་ལག་བཅུ་ གཉིས་(བདེན་དོན་བཅུ་གཉིས་པོ་)རྣམས་ནི་(གདོད་ནས་)སྒྲིབ་པ་མེད་(ཅིང་དེ་ཐོབ་ན་རྣལ་འབྱོར་པའི་སྒྲིབ་པ་གློ་ བུར་པ་ཡང་མེད་)པར་རིག་པར་བྱའོ། ། ༈ གལ་ཏེ་འགྱུར་བའི་འདོད་ཆགས་བཅོམ་པས་རྣལ་འབྱོར་པ་རྣམས་སངས་རྒྱས་ཉིད་ དུ་འགྱུར་ན་འོ་ན་དེའི་ཚེ་འཆི་བདག་དང་ཕུང་པོ་དང་ཉོན་མོངས་པ་དང་ལྷའི་བུའི་སྟེ་(བདུད་) བཞི་པོ་རྣམས་གཞོམ་པ་དེ་བཞིན་གཤེགས་པས་ཅིའི་དོན་དུ་མཛད་(སངས་རྒྱས་པ་ལ་བདུད་བཅོམ་ 4-1-407 དགོས་པ་)དེའི་ཕྱིར་འགྱུར་བའི་འདོད་ཆགས་བཅོམ་པས་སངས་རྒྱས་ཉིད་དུ་མི་འགྱུར་རོ་ཞེས་ པ་འདིར་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་རྨོངས་པ་རྣམས་ཀྱིས་བརྗོད་པ་གང་ཡིན་པ་(བཅོམ་ ལྡན་འདས་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པའི་ཚེ་)ཕྱི་རོལ་ཀྱི་བདུད་རྣམས་དེ་བཞིན་གཤེགས་པས་ བཅོམ་པ་(ལྟ་བུར་སྣང་བ་)དེ་ནི་(དེ་ལྟར་དོན་ལ་བདེན་པ་)མ་ཡིན་ཏེ་གང་གི་ཕྱིར་(བདུད་བཅོམ་པ་ལས་སངས་ རྒྱས་པ་)སྔ་མ་(ཡིན་པ་)དང་ཕྱི་མ་(ཡིན་པ་གང་གིས་ཀྱང་བདུད་བཅོམ་པ་)འགལ་བའི་ཕྱིར་རོ། །(དེ་ཉིད་བཤད་ པ་)འདིར་གལ་ཏེ་སྔོན་དུ་སངས་རྒྱས་〔པ་〕ཉིད་དང་ཕྱི་ནས་བདུད་བཅོམ་པ་ཡིན་ན་དེའི་ཚེ་ སངས་རྒྱས་ལ་སྒྲིབ་པ་མེད་པ་ཉིད་མེད་(པར་འགྱུར་)དེ་(ཕྱི་རོལ་གྱི་)བདུད་ཀྱིས་ཉེ་བར་འཚེ་བ(ཡོད་ པ)འི་ཕྱིར་རོ། །ཅི་སྟེ་སྔོན་དུ་བདུད་བཅོམ་པ་དང་ཕྱི་ནས་སངས་རྒྱས་ཉིད་ཡིན་ན་དེའི་ཚེ་ (རིགས་པ་མཚུངས་པས་)འཁོར་བ་པ་གཞན་རྣམས་ཀྱང་སངས་རྒྱས་ཉིད་མེད་པར་(ཕྱི་རོལ་གྱི་)བདུད་ བཅོམ་པ་ཅིའི་ཕྱིར་མི་བྱེད། ཅི་སྟེ་(སངས་རྒྱས་པ་དང་)ཅིག་ཆར་(དེ་མཉམ་དུ་ཕྱི་རོལ་གྱི)བདུད་བཅོམ་ པར་འགྱུར་རོ་ཞེ་ན་(སངས་རྒྱས་པ་དང་)དེ་བཞིན་དུ་ཅིག་ཆར་(ཏེ་ཉིད་དུ་)ཡང་(ཕྱི་རོལ་གྱི་)བདུད་བཅོམ་ པ་མ་མཛད་དེ་(སངས་རྒྱས་པ་དང་བདུད་བཅོམ་པ་དུས་མཉམ་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་)སྐད་ཅིག་གང་ ལ་(གཞོམ་བྱ་)བདུད་ཡོད་པའི་སྐད་ཅིག་དེ་ལ་སངས་རྒྱས་(པ་)ཉིད་དུ་མི་འགྱུར་ཏེ་སེམས་སྒྲིབ་ པ་དང་བཅས་པའི་ཕྱིར་རོ། །སྐད་ཅིག་གང་ལ་སངས་རྒྱས་(པ་)ཉིད་ཡིན་པའི་སྐད་ཅིག་དེ་ལ་ (གཞོམ་བྱའི་)བདུད་མེད་དེ་སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར་རོ། ། ༈ (འོ་ན་གཞོམ་པར་བྱ་བའི་བདུད་གང་ཡིན་ཞེ་ན་ཕྱི་རོལ་ཏུ་བདུད་གཞོམ་བྱ་མ་ཡིན་པ་)དེའི་ཕྱིར་སེམས་ཅན་ རྣམས་ཀྱི་ལུས་དང་ངག་དང་སེམས་(ཀྱི་སྒྲིབ་པ་)དང་མ་རིག་པའི་བག་ཆགས་ཀྱི་བདག་ཉིད་ནི་ བདུད་བཞི་སྟེ་དེ་རྣམས་ལས་ལུས་ཀྱི་སྒྲིབ་པ་(སད་པའི་གནས་སྐབས་)ནི་ཕུང་པོའི་བདུད་དང་ངག་ གི་སྒྲིབ་པ་(རྨི་ལམ་གྱི་གནས་སྐབས་)ནི་ཉོན་མོངས་པའི་བདུད་དང་སེམས་ཀྱི་སྒྲིབ་པ་(གཉིད་སྟུག་འཐུག་ 4-1-408 པོའི་གནས་སྐབས་)ནི་འཆི་བདག་གི་བདུད་དོ། །(རེ་ཞིག་)ཕྱི་རོལ་གྱི་མ་རིག་པའི་འཇུག་པ་ནི་ལྷའི་ བུའི་བདུད་དེ་(དེ་ཡང་གང་ཡིན་ན་)དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་(བདེ་སྡུག་)ཉེ་བར་ ལོངས་སྤྱོད་པ་(ཡིན་པ་ལ་དེ་ལྟར་)ཡོངས་སུ་མ་བརྟགས་པ་བྱིས་པའི་བློ་ཅན་འཁོར་བའི་ལོངས་ སྤྱོད་མངོན་པར་འདོད་པ་རྣམས་ཀྱི་(བསམ་པ་བདེ་སྡུག་ལྷའི་བུས་བྱས་སོ་སྙམ་པ་)ཕྱི་རོལ་གྱི་མ་རིག་པའི་ འཇུག་པ་འདི་ནི་ལྷའི་བུའི་བདུད་ཀྱི་ཚིག་གིས་(འབྱུང་བར་)འགྱུར་རོ། ། ༈ འདིར་ལྷའི་བུ་རྣམས་ཀྱི་(བདུད་ཀྱི་)ཚིག་ནི་(གཟའ་)ཟླ་བའི་སྟོབས་ཀྱིས་སེམས་ཅན་ རྣམས་ཀྱི་སེམས་དགེ་བ་དང་མི་དགེ་བར་འགྱུར་ཏེ་ཉི་མའི་སྟོབས་དང་བཀྲ་ཤིས་ཀྱི་སྟོབས་ དང་གཟའ་ལག་གི་སྟོབས་དང་ཕུར་བུའི་སྟོབས་དང་པ་ཝ་སངས་ཀྱི་སྟོབས་དང་སྤེན་པའི་ སྟོབས་དང་སྒྲ་གཅན་གྱི་སྟོབས་དང་མཇུག་རིངས་ཀྱི་སྟོབས་དང་གཟའི་སྟོབས་དང་ཚེས་ཀྱི་ སྟོབས་དང་སྐར་མའི་སྟོབས་དང་སྦྱོར་བའི་སྟོབས་དང་བྱེད་པའི་སྟོབས་དང་དུས་སྦྱོར་གྱི་ སྟོབས་ཀྱིས་དགེ་བ་(སྟེ་བདེ་བ་)དང་མི་དགེ་བར་(ཏེ་སྡུག་བསྔལ་བ་)འགྱུར་རོ། །དེ་བཞིན་དུ་དབྱངས་ འཆར་བའི་སྟོབས་ལ་མངོན་པར་དགའ་བ་གཞན་རྣམས་ཀྱི་ཚིག་ནི་གཡུལ་དུ་དབྱངས་འཆར་ བའི་སྟོབས་ཀྱིས་རྣམ་པར་རྒྱལ་བར་འགྱུར་ཏེ་རྣལ་འབྱོར་མའི་སྟོབས་དང་སྐར་མའི་སྟོབས་ དང་སྒྲ་གཅན་གྱི་སྟོབས་དང་དྲག་པོའི་སྟོབས་ལ་སོགས་པས་གཡུལ་གྱི་སར་རྣམ་པར་རྒྱལ་ བར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་པའི་ཉན་ཐོས་རྣམས་ཀྱི་ཡང་ཕྱི་རོལ་གྱི་མ་རིག་པའི་ འཇུག་པ་ནི་(ཉིན་ཞག་སོ་སོ་ལ་)རྟེན་ཅིང་འབྲེལ་བར་འབྱུང་བ(འཆར་བ)འི་བསམ་པས་སེམས་ཅན་ རྣམས་ཀྱི་དགེ་བ་དང་མི་དགེ་བར་འགྱུར་རོ། །དེ་བཞིན་དུ་ལྷའི་བུ་གཞན་རྣམས་ཀྱི་ཚིག་ནི་ (དབང་ཕྱུག་ལ་སོགས་པ་)ལྷའི་དྲིན་གྱིས་ཐམས་ཅད་དགེ་བར་འགྱུར་རོ། །ཞེས་པ(འི་བསམ་པ་ འཁྲུལ་བ་)སྟེ་སེམས་ཅན་རྣམས་ཀྱི་དེ་ལྟ་བུ་ལ་སོགས་པའི་(བསམ་པ་འཁྲུལ་པ་)མ་རིག་པའི་འཇུག་ པ་ནི་ལྷའི་བུའི་བདུད་ཀྱི་ཚིག་གིས་(བྱས་)སོ། །འདིར་གལ་ཏེ་སྐྱེ་བ་གཞན་གྱི་བསོད་ནམས་ 4-1-409 དང་སྡིག་པ་དག་མ་གཏོགས་པར་ལྷའི་བུའི་བདུད་ཀྱི་ཚིག་རྣམས་ཀྱིས་(བསྟན་པ་ལྟར་གཟའ་ ལ་སོགས་པའི་སྟོབས་ཀྱིས་)སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བར་འགྱུར་ན་དེའི་ཚེ་སྔར་ བསགས་པའི་དགེ་བ་དང་མི་དགེ་བ་ཐམས་ཅད་དོན་མེད་པར་འགྱུར་ཏེ་གཟའ་ལ་སོགས་ པའི་སྟོབས་དང་སྟོབས་མ་ཡིན་པ(འི་འབྲས་བུ་ལ་)ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །(འདོད་ན་)དེ་ ལྟར་ཡང་མ་ཡིན་(པས་བསལ་བ་ཡིན་)ནོ། །དེ་བཞིན་དུ་འཁྲུལ་པ་ཡང་མཐོང་སྟེ། (བཱི་ཤིཥྛས་བྱིན་པའི་) དུས་སྦྱོར་ལས་ནི་(བག་མར་བླངས་པའི་ལྷ་མོ་)སཱི་ཏ་བདེ(བ་དང་)། །ལྡན་(པ་)མིན་〔ཞིང་〕གནམ་སྟོང་(ལ་ ཀུ་རུའི་ཞིང་དུ་ཞུགས་པ་དེ་རྒྱལ་པར་འགྱུར་ཞེས་པ་དྲང་སྲོང་རྒྱས་པའི་ཚིག་གི)དྲིན་གྱིས་ནི། །འཐབ་དཀའ་(དགྲ་ངན་ པ་གནམ་སྟོང་ལ་ཞུགས་ཀྱང་)རྣམ་པར་རྒྱལ་(བ་)མིན་ཏེ། །(སྐྱ་བསེང་གི་བུ་)འཇིགས་སྡེ་(བཅུ་གསུམ་ལ་ཞུགས་ པ་)ཡིས་ནི་ཕྱེ་མར་བརླགས། །འཐབ་མོའི་སར་ནི་(དགྲ་ངན་གྱི་)དཔུང་(ཚོགས་)གནས་(པ་)གང༌། ། སྲིད་སྒྲུབ་ལ་ནི་བསྣུན་འདོད་པ། །དེ་རྣམས་(ནི་)སྲིད་སྒྲུབ་(ཀྱི་)མདའ་ཡིས་ཕུག(ཅིང་)། (སྒྲ་ངན་)ཕྱོགས་རྣམས་ཀུན་ཏུ་བརླགས་པར་གྱུར། །དེའི་ཕྱིར་སྔོན་གྱི་དགེ་བ་དང་མི་དགེ་བའི་ལས་ ཀྱི་འབྲས་བུ་སེམས་ཅན་རྣམས་ཀྱིས་ལོངས་སྤྱོད་པར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ ཀྱིས་གསུངས་པ། ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་དང་མི་དགེ་གང་བྱེད་པ། །དེ་ འབྲས་སེམས་ཅན་ལོངས་སྤྱོད་དེ། །ལྷ་གཞན་འབྲས་བུ་སྟེར་བ་མིན། །ཞེས་སོ། །ཅི་སྟེ་གང་ ཞིག་ལྷའི་དྲིན་དུ་མཐོང་བ་(ལེགས་པ་ཐོབ་པ་)ཡང་སེམས་ཅན་རྣམས་ཀྱི་སྔོན་གྱི་བསོད་ནམས་ ཀྱི་སྟོབས་ཀྱིས་ཡིན་གྱི་སྡིག་པའི་སྟོབས་ཀྱིས་ནི་མ་ཡིན་ནོ། །བསོད་ནམས་ཀྱང་སེམས་ཅན་ ལ་ཕན་བཏགས་པ་ལས་འགྱུར་གྱི་ལྷ་དང་ཕ་མེས་ཀྱི་བྱ་བ་ལ་སྲོག་བཅད་པ་ལས་ནི་མ་ཡིན་ ནོ། །བཅོམ་ལྡན་འདས་ཀྱིས་ནང་གི་ལེའུ་ལས་ཚིག་སུ་བཅད་པ་བརྒྱད་ཅུ་རྩ་དགུ་པས་ལས་ ཀྱི་འབྲས་བུ་གསུངས་པ་འདི་ལྟ་སྟེ། དེའི་ཕྱིར་བྱེད་པོ་འགའ་ཡང་སྲོག་ཆགས་རྣམས་ཀྱི་བདེ་ དང་སྡུག་བསྔལ་དག་ནི་མི་སྦྱིན་མི་འཕྲོག་སྟེ། །འཁོར་བ་དག་ཏུ་(ལུས་ངག་ཡིད་ཀྱི་ལས་)རྣམ་པ་ 4-1-410 གསུམ་པོ་གང་བྱས་སྔོན་གྱི་ལས་ཀྱི་འབྲས་བུ་རབ་ཏུ་སྨིན་པར་འགྱུར། །སྐྱེད་དང་སྡུད་པའི་ བྱེད་པ་པོ་འདི་(འབྲས་བུས་)སྟེར་ཞིང་(འབྲས་བུས་)དེ་ནི་འཕྲོག་(སྙམ་)པ་རྨོངས་པ་རྣམས་ཀྱི་བློ་ཡིན་ ཏེ། །(རང་གི་)ལུས་ལ་དཔག་མེད་དགེ་བ་འཕྲོག་པར་བྱེད་པའི་བུག་པ་(དབང་པོའི་སྒོ་རྣམས་ཡོད་ ཀྱང་)རང་གི་དབང་པོ་(ཕྱིར་གཡེང་ཞིང་ཟག་མེད་ཀྱི་བདེ་བ་དང་བྲལ་བ་)རྣམས་ཀྱིས་མཐོང་མ་ཡིན་ཞེས་ པའོ། །དེ་བཞིན་དུ་ལྷའི་བུའི་བདུད་ཀྱང་ལེའུ་ལྔ་པའི་ཚིགས་སུ་བཅད་པ་བརྒྱད་ཅུ་རྩ་དྲུག་ པས་གསུངས་པ། (སྲིད་པ་གསུམ་སྤྲོ་བར་མཛད་པ་)སྲིད་པ་གསུམ་གྱི་བདག་པོ(སྟེ་རྡོ་རྗེ་འཆང་གི)ས་དྲག་ པོའི་ལས་ཀྱི་རང་བཞིན་དུ་མའི་སྔགས་རྣམས་རབ་ཏུ་གསུངས་པ་གང༌། །དེ་རྣམས་ཐམས་ ཅད་བདུད་ཀྱི་ཕྱོགས་ཉམས་(པའི་ཆེད་དུ་)འཇིགས་(ཤིང་སྐྲག་)པ་སྐྱེད་བྱེད་ཡིན་གྱི་སྲོག་ཆགས་ རྣམས་ལ་(གནོད་པ་བྱེད་པ་)ནམ་ཡང་མིན(ནོ)། །(རྨོངས་པ་)གང་ཞིག་དྲན་པ་(རིག་བྱེད་ཀྱི་གཞུང་)རྣམས་ དང་(དབང་ཕྱུག་སོགས་)བྱེད་པོ་(དང་)གཡུལ་གྱི་ཡུལ་ལ་(སྡིག་པ་མེད་དོ་ཞེས་)དགའ་ཞིང་(མཐོ་རིས་ཀྱི་དོན་དུ་ སྲོག་ཆགས་)གསོད་བྱེད་གཞན་ཡང་མུ་སྟེགས་པ། །དེ་རྣམས་ལ་ནི་མཆོག་གི་རྒྱལ་སྲས་རྣམས་ ཀྱིས་(སྡུག་བསྔལ་དངོས་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པའི་)སྲོག་ཆགས་(དེ་རྣམས་)བསྲུང་བའི་དོན་དུ་(དྲག་ པོ་ལས་ཀྱི་འཇིགས་པ་བསྐྱེད་པ་་་)དེ་རྣམས་སྦྱར་བར་བྱ་ཞེས་པ་སྟེ་བཅོམ་ལྡན་འདས་ཀྱི་གསུང་འདིའི་ ཕྱིར་(ལྷའི་བུའི་)བདུད་ཀྱི་ཚིགས་རྣམས་ཀྱིས་(བསྟན་པ་བཞིན་དུ་སེམས་ཅན་གྱི་དགེ་མི་དགེ་ལྷ་རྣམས་ཀྱིས་བྱེད་ དོ་སྙམ་པའི་)མ་རིག་པའི་འཇུག་པ་ནི་རྣལ་འབྱོར་པས་མི་བྱའོ། །དེ་བཞིན་དུ་སེམས་ཅན་རྣམས་ ཀྱི་རང་གི་སེམས་ཀྱི་བག་ཆགས་(བཟང་ངན་)ལ་(རྣམ་པ་)སོ་སོར་སྣང་བ་ནི་བཅོམ་ལྡན་འདས་རྡོ་ རྗེ་སེམས་དཔའ་སྟེ་འདི་ལྟར་སེམས་ཅན་རྣམས་ཀྱི་སོ་སོའི་སྣང་བ་(ནི་བག་ཆགས་བཟང་བ་རྣམས་)ལ་བཅོམ་ལྡན་འདས་(རྡོ་རྗེ་སེམས་དཔའ་)ཉིད་(རབ་ཏུ་ཞི་བའི་མཚན་དཔེས་བརྒྱན་པའི་སྐུ་)བསོད་ནམས་ ཀྱི་ཕུང་པོ་དང་(བག་ཆགས་ངན་པ་མ་རུངས་པ་རྣམས་ལ་དྲག་པོའི་གཟུགས་མི་བཟད་པ་)སྡིག་པའི་ཕུང་པོ(ལྟ་བུ) ར་(སྣང་བར་འགྱུར་)རོ། །བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་ལེའུ་ཡི་རྣམ་པ་ལྔའི་བསྟོད་པ་ལས་ 4-1-411 ཚིགས་སུ་བཅད་པ་བཞི་པས་གསུངས་པ་འདི་ལྟ་སྟེ། (རྡོ་རྗེ་སེམས་དཔའ་དང་པོའི་སངས་རྒྱས་ནི་རྣལ་ འབྱོར་པའི་རྣམ་པར་མི་རྟོག་པའི་)སེམས་(ཀྱི་སྣང་བ་)ཙམ་(སྟེ་ཡིད་སྐྱོབ་པས་)སྔགས་ཀྱི་ངོ་བོ་(བདེ་བ་ལ་རོལ་བའི་)ལྷ་ཡིས་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་(དུ་སྣང་བ་ཉིད་)ཏེ། །དམ་ པ་རྣམས་ལ་ཞི་བའི་གཟུགས་(སུ་སྣང་བ་)ནི་རང་གིས་〔སྔར་〕བྱས་པའི་(བག་ཆགས་བཟང་པོའི་འབྲས་ བུས་)ཉམས་(སུ་)མྱོང་(མ་ཡིན་ལ་སྐྱེ་བོ་)མི་བཟད་(པ་མ་རུངས་པ་)རྣམས་ལ་མི་བཟད་པ(དྲག་པོ་འཇིགས་ རུང་གི་རྣམ་པར་སྣང་བ་སྟེ)། །(གང་ཟག་)གང་གིས་(ཞི་བ་དང་དྲག་པོའི་)ལས་གང་རབ་བྱས་(པ་དེའི་)རང་ གི་སེམས་ལ་(སྔར་བྱས་པའི་)ཆོ་ག་བཞིན་དུ་(ཞི་བ་དང་དྲག་པོའི་)དེའི་འབྲས་བུ་(ཞི་བ་དང་དྲག་པོའི་སྐུར་སྣང་ བ་)དེ་སྐྱེད་པ། །འཇིག་རྟེན་དབང་པོ་(སྤྲུལ་པ་)སྣ་ཚོགས་(པའི་)གཟུགས་ཅན་སྲིད་གསུམ་སྐྱེད་ (པ་སྟེ་སྤྲོ་བར་)མཛད་(པ་)རྡོ་རྗེ་སེམས་དཔའ་(སྟོང་ཆེན་འགྱུར་མེད་ལྔ་པ་)ལ་ཡང་ཕྱག་འཚལ་ལོ་ཞེས་ པའོ། །དེའི་ཕྱིར་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བག་ཆགས་(འཇམ་རྩུབ་)ཀྱི་སྣང་བ་ནི་ རྡོ་རྗེ་སེམས་དཔའ་(ཞི་བའི་སྐུ)དང་བདུད་(ལྟ་བུ་མི་བཟད་པའི་སྐུར་མཐོང་བ་ཉིད་)ཏེ་བཅོམ་ལྡན་འདས་ལ་ བདུད་(ལྟ་བུ་མི་བཟད་པ་)མེད་དོ། ། ༈ ལུས་དང་ངག་དང་སེམས་(ཀྱི་སྒྲིབ་པ་)དང་མ་རིག་པའི་བདུད་སྔར་བརྗོད་པ་འདི་རྣམས་ ཀྱིས་སྐྱེད་པར་བྱེད་པ་ནི་(ཐིག་ལེ་)འགྱུར་བའི་སྐད་ཅིག་(བཞི་པའི་གནས་སྐབས་)སྟེ་འདོད་པའི་ལྷ(སྟེ་ ལྷའི་བུའི་བདུད་ཡིན་པ)ར་མངོན་པར་བརྗོད་དོ། །དེ་ནི་དེ་བཞིན་གཤེགས་པས་(སྔོན་)མཆོག་ཏུ་མི་ འགྱུར་བའི་(བདེ་བའི་)སྐད་ཅིག་གིས་རྣམ་པར་བཅོམ་མོ། །(འགྱུར་བའི་སྐད་ཅིག)དེ་བཅོམ་པ་ནི་ བདུད་ཀྱི་དཔུང་བཅོམ་པ་སྟེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཁོང་ཁྲོ(འི་བདག་ཉིད་)མ་རིག་པའི་རང་བཞིན་ཅན་རྣམས་ཟད་པའོ། །འདིར་(རྣལ་འབྱོར་པ་རྣམས་ཀྱི་)འགྱུར་བའི་བག་ ཆགས་འགགས་པས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཁོང་ཁྲོ་འགག་གོ། དེ་ རྣམས་འགགས་པས་མ་རིག་པ་འགག་སྟེ་དེ་བཞིན་དུ་རིམ་པས་ཡན་ལག་བཅུ་གཉིས་རྣམས་ 4-1-412 འགག་གོ། ཡན་ལག་བཅུ་གཉིས་འགགས་པའི་སྲིད་པའི་འཁོར་ལོ་འགག་གོ། སྲིད་པའི་ འཁོར་ལོ་འགགས་པས་(རྣལ་འབྱོར་པ་རྣམས་)སྒྲིབ་པ་མེད་པའི་སངས་རྒྱས་ཉིད་དུ་འགྱུར་རོ(འདི་ དག་ནི་རྣལ་འབྱོར་པས་སངས་རྒྱས་ཐོབ་པའི་དབང་དུ་མཛད་པ་སྟེ་བདེ་གཤེགས་སྙིང་པོ་དང་པོའི་སངས་རྒྱས་ལ་ནི་འགྱུར་པའི་ མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་གདོད་མ་ཉིད་ནས་རང་བཞིན་གྱིས་འགགས་པར་རིག་པར་བྱའོ)། ། ༈ ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་འདི་རྣམས་ཀྱི་(མཐར་ཐུག་)མཆོག་ ཏུ་མི་འགྱུར་བའི་སྙིང་པོ་(དང་པོའི་སངས་རྒྱས་)བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ནི་མཚན་ཡང་ དག་པར་བརྗོད་པ་ལས་དེ་བཞིན་གཤེགས་པས་བསྟན་ཏོ། །(མཚན་བརྗོད་)འདིའི་དོན་(དང་པོའི་ སངས་རྒྱས་ཡེ་ཤེས་ཀྱི་སྐུ་)མི་ཤེས་པ་བླ་མ་དམ་པ་མ་ཡིན་པ་(རྣམ་དག་ལེགས་པའི་ལམ་ལས་)ཉམས་པ་ མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་(རྟོགས་པ་ལས་)ཉམས་པ་(དོན་དམ་པར་སངས་རྒྱས་ཀྱི་ཆོས་སྐུ་དང་ཡེ་ཤེས་ལ་ སོགས་གྲུབ་པ་མེད་དོ། །ཞེས་སྨྲ་བ་)རྣམས་(འཕགས་པའི་ཡུལ་ལ་སོགས་པར་)མ་འོངས་པའི་དུས་སུ་འབྱུང་བར་ འགྱུར་ཏེ་རྣམ་པར་ཉམས་པ་དེ་རྣམས་ཀྱིས་སེམས་ཅན་རྣམས་(རྣམ་པར་དག་པའི་ལམ་ལས་)ཉམས་ པར་བྱེད་དོ། །དེས་ན་རྩ་བའི་རྒྱུད་ཀྱི་ཡེ་ཤེས་རྣམ་པ་ལྔའི་བསྟོད་པ་ལས་ཚིགས་སུ་བཅད་པ་ ལྔས་(རང་བྱུང་གི་ཡེ་ཤེས་)རྣམ་པ་ལྔའི་སྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། (ནམ་ མཁའ་)སྟོང་པ་ལ་ནི་(རང་བཞིན་འོད་གསལ་སྟོང་གཟུགས་ཀྱི་)དངོས་པོའི་ཚོགས། །(སྣ་ཚོགས་སྣང་ཡང་བློས་)བརྟགས་པའི་གཟུགས་སྤངས་(ཤིང་གཞན་ནང་གི་རིག་པ་ཡེ་ཤེས་ཡིན་པས་)བེམ་པོ་མིན(པ་རྣམ་པ་ཐམས་ ཅད་པའི་སྟོང་པ་ཉིད)། །འདི་ནི་(ཤ་ལ་སོགས་པའི་སྤྱན་གྱི་)མཐོང་སྟེ་(ཇི་ལྟར་)མེ་ལོང་ལ། །པྲ་ཕབ་(པའི་ཚེ་) གཞོན་ནུ་མ་ཡི་(བེམ་པོ་མ་ཡིན་པའི་སྣང་བ་མཐོང་བ་)བཞིན་ཞེས་པ་ནི་(རང་བཞིན་གྱིས་)འཇིག་རྟེན་ལས་ འདས་པ(དོན་དམ་པ)འི་བདེན་པ་ལ་(དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་)གཟུགས་ཀྱི་ཕུང་པོ་(རྣམ་པར་ སྣང་མཛད་)མེ་ལོང་ལྟ་བུའི་ཡེ་ཤེས་སོ། །(ཕྱི་ནང་ཀུན་རྫོབ་ཀྱི་)དངོས་ཀུན་(འགགས་ཤིང་ཟད་པས་)མཉམ་ པ་ཉིད་(དུ་)གྱུར་ནས། །(དེའི་གཞི་ལ་བདེ་བ་ཆེན་པོའི)དངོས་པོ་(རྣམ་པ་དུ་མ་ཡིན་ཡང་རོ་)གཅིག་ཏུ་(གྱུར་པ་ 4-1-413 མཆོག་ཏུ་)མི་འགྱུར་(བར་)གནས(པ་ཐིག་ལེ་གདོད་ནས)། །མི་འགྱུར་(བའི་)ཡེ་ཤེས་(རྣམ་པ་ཐམས་ཅད་པའི་ སྟོང་པ་ཉིད་)ལས་བྱུང་བ། །ཆད་པ་(སྟེ་ཅི་ཡང་མེད་པ་)མ་ཡིན་(ཞིང་)རྟག་པ(སྟེ་འདུས་བྱས་ཀྱི་དངོས་པོར་བདེན་ པ)འང་མིན་ཞེས་པ་ནི་(དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ནི་)ཚོར་བའི་ཕུང་པོ་(རིན་ཆེན་འབྱུང་ལྡན་)མཉམ་ པ་ཉིད་ཀྱི་ཡེ་ཤེས་སོ། །(དབྱངས་གསལ་བྱེད་ཀྱི་)མིང་གི་བདག་ཉིད་ཡི་གེ་ཀུན། །(བརྗོད་དུ་མེད་པའི་ དབྱངས་)ཨ་ཡིག་(ནམ་མཁའི་ཁམས་ཀྱི་)རིགས་ལས་ཡང་དག་(པར་)བྱུང་(པ་ཡང་ཨ་ཡིག་ནམ་མཁའི་རིགས་ ནི་འདུས་མ་བྱས་པས)། །མི་འགྱུར་(བ་)ཆེན་པོའི་གནས་ཐོབ་པ(ཡིན་ཞིང་དེ་ལ་དོན་དམ་པར་ན་ཀུན་རྫོབ་པའི་ དབྱངས་གསལ་གྱི)། །མིང་(གི་མཚན་མ་)མེད་(ཅིང་)མིང་ཅན་(གྱི་མཚན་མ་)དག་ཀྱང་མེད་ཅེས་པ་ནི་〔དང་ པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་〕འདུ་ཤེས་ཀྱི་ཕུང་པོ་(སྣང་བ་མཐའ་ཡས་)སོ་སོར་ཀུན་ཏུ་རྟོག་ པའི་ཡེ་ཤེས་སོ། །〔རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་རྒྱུ་ལས་〕སྐྱེས་པ་མ་ཡིན་པ་(འདུས་མ་ བྱས་པ)ཡི་ཆོས(རང་བཞིན་འོད་གསལ་ལ་མངོན་པར)། །འདུ་བྱེད་(པ་དང་)བྲལ་བ་རྣམས་ལ་ཡང་(དོན་དམ་ པར)། །སངས་རྒྱས་ཉིད་(བདེན་པའི་དངོས་པོར་)མེད་བྱང་ཆུབ་(བདེན་པའི་དངོས་པོ་)མེད(ལ་དེ་བཞིན་དུ)། ། སེམས་ཅན་མེད་ཅིང་སྲོག་ཉིད་མེད། །ཅེས་པ་ནི་(རྨ་ཟེར་)〔དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་ སྐུའི་〕འདུ་བྱེད་ཀྱི་ཕུང་པོ་(དོན་ཡོད་གྲུབ་པ་)བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རྣམ་པར་ཤེས་པ(ཚོགས་ བརྒྱད་འཁོར་དང་བཅས་པ)འི་ཆོས་ཉིད་(ལས་)འདས(ནས་གཉིས་མེད)། །ཡེ་ཤེས་(རང་བཞིན་གྱིས་)དག་པ་ (དྲི་མས་)གོས་པ་མེད(པ)། །རང་བཞིན་འོད་གསལ་(རྣམ་པ་ཐམས་ཅད་པའི་)ཆོས་རྣམས་ནི(ཀུན་རྫོབ་ཀྱི་ རྣམ་པར་སྣང་ཡང་དོན་དམ་པ)། །ཆོས་ཀྱི་དབྱིངས་ཀྱི་(རང་བཞིན་ཆོས་ཅན་ཐམས་ཅད་ལ་)བགྲོད་པ(སྟེ་ཁྱབ་པ) ར་གནས། །ཞེས་པ་ནི་〔དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་〕རྣམ་པར་ཤེས་པའི་ཕུང་པོ་(མི་ བསྐྱོད་པ་རྡོ་རྗེ་སེམས་དཔའ་)ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །དེ་བཞིན་དུ་ 〔རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པའི་རྨ་ཟེར་〕བསྡུས་པའི་རྒྱུད་ལས་ཀྱང་ལེའུ་ལྔ་པའི་(བློ་གྲོས་སོགས་ དང་མཐུན་ཞིང་རྒྱ་དཔེ་འགའ་ཞིག་ལའང་སྣང་)ཚིགས་སུ་བཅད་པ་བརྒྱ་རྩ་གཅིག་པ་ལ་སོགས་པ་གསུམ་ 4-1-414 གྱིས་འཁོར་ལོའི་མཚན་མ་ལ་སོགས་པ་དང་དེ་བཞིན་གཤེགས་པའི་ཕུང་པོའི་མཚན་ཉིད་ གསུངས་པ་འདི་ལྟ་སྟེ། འཁོར་ལོ(འི་མཚན་མ་ནི་རང་བཞིན་མེད་པའི་)སྲིད་གསུམ་ཀུན་ནས་དང་བ་(པྲ་ ཕབ་པ་ལྟ་བུ་)ཞེས་པ(སྟེ་དེ་མཚོན་པ)འོ། །(འགྱུར་མེད་)བདེ་བ་(མཚོན་པ་ནི་)རིན་ཆེན་〔གྱི་མཚན་མ་དང་ ཡེ་ཤེས་ཀྱི་སྐུའི་མཚན་མ་〕འདིའི་ཆགས་པ་(ཆེན་པོ་)ཉིད་(མཚོན་པ་)དག་ནི། །པད་མ(འི་མཚན་མ)འོ་ (ཡེ་ཤེས་ཀྱི་སྐུའི་)ཉོན་མོངས་ཟད་པ་(མཚོན་པ་ནི་)རལ་གྲི(འི་མཚན་མ་དང་)རྡོ་རྗེ〔འི་མཚན་མ་དང་〕་དག་ ཀྱང་(ཡེ་ཤེས་ཀྱི་སྐུའི་)ཡེ་ཤེས་སྐུ་ཆེན་རྣམ་པར་མི་ཕྱེད་པ(མཚོན་པ)འོ། །〔ཡེ་ཤེས་ཀྱི་སྐུའི་〕མི་ཤེས་(པ་)གཅོད་པ་(མཚོན་པ་ནི་)གྲི་གུག་(གི་མཚན་མའོ། །དེ་ལྟར་རྣམ་སྣང་སོགས་)མཆོག་གི་རིགས་དྲུག་(གི་མཚན་མ་)རྣམས་ཏེ་(མཚན་མ་དྲུག་པོ་)འདི་དག་རྣམས་ཀྱིས་བསྐྱེད་པ་གང་ཡིན་པ། །〔ཡེ་ཤེས་ཀྱི་སྐུའི་〕ཕུང་ པོ་(དྲུག་དང་)ཁམས་(དྲུག་)དང་དབང་པོ་(དྲུག་དང་)ལ་སོགས་(པ་ལས་དབང་དང་དེའི་བྱ་བ་དྲུག་སྟེ་དེ་ཐམས་ཅད་)མཁའ་བཞིན་རོ་མཉམ་(པ་སྟེ་ཁམས་ལྔ་ལ་སོགས་པ་)དེ་དག་རྣམས་ཀྱང་(ཕུང་པོ་དྲུག་པོ་)དེ་བཞིན་(དུས་ འཁོར་ལ་སོགས་པའི་རིགས་སུ་)རིག་པར་བྱ། །(རང་བྱུང་ཡེ་ཤེས་ཀྱི་དབྱིངས་)གང་དུ་ངེས་པར་(འདུས་བྱས་ཀྱི་) རིགས་ཀྱི་གཟུགས་ནི་(གདོད་མ་ཉིད་ནས་)ཉམས་པ་ཉིད་དུ་གྱུར་པ(འི་གཞི་སྟོང་གཟུགས་རྣམ་པ་ཐམས་ཅད་ པ་)དེ་ནི་(འཇིག་རྟེན་ལས་འདས་པ་)ཆེན་པོའི་གཟུགས་སུ་གསུངས། །〔རང་བྱུང་ཡེ་ཤེས་ཀྱི་དབྱིངས་〕གང་དུ་འཁོར་བའི་སྡུག་བསྔལ་(གདོད་ནས་)ཉམས་པ་ཉིད་དུ་གྱུར་པ(འི་གཞིའི་ལྷན་སྐྱེས་བདེ་བ་)དེ་ནི་ (འཇིག་རྟེན་ལས་འདས་པའི་)ཚོར་བ་ཆེན་པོར་གསུངས་པ་སྟེ། །〔རང་བྱུང་ཡེ་ཤེས་ཀྱི་དབྱིངས་〕གང་ དུ་འཁོར་བའི་འདུ་ཤེས་ཉམས་པ་ཉིད་དུ་གྱུར་པ(འི་གཞི་ཆོས་ཉིད་འོད་གསལ་གྱི་འདུ་ཤེས་ཀྱི་རྣམ་པ་)་དེ་ ནི་〔འཇིག་རྟེན་ལས་འདས་པའི་〕རྡོ་རྗེའི་འདུ་ཤེས་ཆེན་པོའོ། །〔རང་བྱུང་ཡེ་ཤེས་ཀྱི་དབྱིངས་〕གང་དུ་འཁོར་བའི་འཕེལ་བ་(རང་བཞིན་གྱིས་)ཉམས་པ་ཉིད་དུ་གྱུར་པ(འི་གཞི་ཆོས་ཉིད་འོད་གསལ་གྱི་ འདུ་བྱེད་ཀྱི་རྣམ་པ)དེ་ནི་〔འཇིག་རྟེན་ལས་འདས་པའི་〕རྡོ་རྗེའི་འདུ་བྱེད་(ཆེན་པོ་)ཁོ་ནའོ། །〔རང་བྱུང་ ཡེ་ཤེས་ཀྱི་དབྱིངས་〕གང་དུ་(འཁོར་བའི་)གཉིད་ལ་སོགས་པའི་གནས་སྐབས་(བཞི་རང་བཞིན་གྱིས་) 4-1-415 ཉམས་པ་ཉིད་དུ་གྱུར་པ(འི་གཞིའི་ཆོས་ཉིད་འོད་གསལ་གྱི་གནས་སྐབས་བཞི་པའི་རྣམ་པ་)དེ་ཡང་(རྡོ་རྗེའི་)རྣམ་ པར་ཤེས་པ(ཆེན་པོ)ར་གསུངས། །〔རང་བྱུང་ཡེ་ཤེས་ཀྱི་དབྱིངས་〕གང་དུ་ཤེས་པ་མིན་པ(མ་རིག་ པ)འི་(བག་ཆགས་ཀྱི་)དངོས་པོ་(རང་བཞིན་གྱིས་)ཉམས་པ་ཉིད་དུ་གྱུར་པ(འི་གཞི་ཆོས་ཉིད་འོད་གསལ་གྱི་གཏི་ མུག་གི་རྣམ་པ་)དེ་ནི་ཐུབ་པའི་ཡེ་ཤེས་(ཆེན་པོ་)ཉིད། །འདི་རྣམས་རྣམ་པར་སྣང་མཛད་ལ་སོགས་ (མཆོག་གམ་)དམ་པའི་རྒྱལ་བ་མཆོག་ནི་རྣམ་པ་དྲུག་སྟེ་རིགས་དྲུག་རྣམས། །(དེ་དག་ལས་)གཞན་ (རྣམས་)ནི་(ཡེ་ཤེས་ཀྱི་སྐུའི་)ཁམས་དྲུག་(གི་)དབྱེ་བ་རྣམས་ཏེ་ས་(གཞན་སྤྱན་མ་)དང་ཆུ་(གཞན་མ་མཱ་ཀི་) དང་མེ་(གཞན་གོས་དཀར་མོ་)དང་རླུང་(གཞན་སྒྲོལ་མ་)དང་ནམ་མཁའ་(གཞན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ དང་)ཞི་བ་(སྟེ་ཡེ་ཤེས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའམ་སྣ་ཚོགས་ཡུམ་)རྣམས་ཞེས་པའོ། ། ༈ དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་བཅོམ་ལྡན་འདས་རྡོ་རྗེ་འཛིན་ པའི་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་(ཀྱི་སྐུ་)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་སྙིང་པོར་གྱུར་པ་གསོལ་བ་འདེབས་པ་དང་བཅས་པའི་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་ རྩ་གཉིས་ཀྱིས་དེ་བཞིན་གཤེགས་པས་རབ་ཏུ་བསྟན་ཏོ། །དེ་ལ་དེ་ནས་དཔལ་ལྡན་རྡོ་རྗེ་ འཆང་ཞེས་པ་ལ་སོགས་པ་ལ་ནས་ལུས་བཏུད་ནས་ནི་སྤྱན་སྔར་འདུག་ཅེས་པའི་མཐར་ཐུག་ པ་ནི་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཅུ་དྲུག་གོ། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ་ ཅེས་པ་ལ་སོགས་པ་ནས་བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ་ཞེས་པའི་མཐར་ཐུག་པ་ནི་ ལན་གསུངས་པའི་ཚིགས་སུ་བཅད་པ་དྲུག་གོ། སླར་ཡང་དེ་ནས་ཞེས་པ་ལ་སོགས་པ་ནས་ རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས་ཞེས་པའི་མཐར་ཐུག་པ་ནི་(ཡེ་ཤེས་ཀྱི་སྐུའི་)རིགས་ དྲུག་ལ་གཟིགས་པའི་ཚིགས་སུ་བཅད་པ་གཉིས་སོ། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་ ཞེས་པ་ལ་སོགས་པ་ནས་ཨ་ར་པ་ཙ་ན་ཡཱ་ཏེ་ན་མཿཞེས་པའི་མཐར་ཐུག་པ་ནི་སྒྱུ་འཕྲུལ་དྲ་ བས་མངོན་པར་རྫོགས་པ་བྱང་ཆུབ་པའི་རིམ་པ་ཚིགས་སུ་བཅད་པ་གསུམ་མོ། །འདི་ལྟར་ 4-1-416 སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ནས་ཐེག་པ་ཆེན་པོ་ཚུལ་གྱི་མཆོག་ཅེས་ པའི་མཐར་ཐུག་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་བསྟོད་པ་ཚིགས་སུ་བཅད་པ་ བཅུ་བཞིའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཞེས་པ་ལ་སོགས་པ་ནས་རྡོ་རྗེ་ལྕགས་ཀྱུ་ ཞགས་པ་ཆེ་ཞེས་པའི་མཐར་ཐུག་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ ལ་བསྟོད་པ་རྐང་པས་དམན་པའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔའོ། །རྡོ་རྗེ་འཇིགས་བྱེད་ འཇིགས་པར་བྱེད་ཅེས་པ་ལ་སོགས་པ་ནས་སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་པའི་མཐར་ ཐུག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བསྟོད་པ་རྐང་པས་ལྷག་པའི་ཚིགས་སུ་བཅད་པ་བཅུའོ། ། ཡང་དག་བདག་མེད་དེ་བཞིན་ཉིད་ཅེས་པ་ལ་སོགས་པ་ནས་ཡེ་ཤེས་མེ་ལྕེ་འོད་རབ་གསལ་ ཞེས་པའི་མཐར་ཐུག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་བཞི་ བཅུ་རྩ་གཉིས་སོ། །འདོད་པའི་དོན་གྲུབ་དམ་པ་སྟེ་ཞེས་པ་ལ་སོགས་པ་ནས་ནོར་བུ་ཆེན་ པོ་རིན་ཆེན་ཏོག་ཅེས་པའི་མཐར་ཐུག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་ སུ་བཅད་པ་ཉི་ཤུ་རྩ་བཞིའོ། །སངས་རྒྱས་ཀུན་གྱི་རྟོགས་བྱ་བ་ཞེས་པ་ལ་སོགས་པ་ནས་ འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་པའི་མཐར་ཐུག་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ ཀྱི་བསྟོད་པ་ཚིགས་སུ་བཅད་པ་བཅོ་ལྔའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་ཅེས་པ་ལ་ སོགས་པ་ནས་ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་ཅེས་པའི་མཐར་ཐུག་པ་ནི་དེ་བཞིན་གཤེགས་ པ་ལྔའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་ལྔ་སྟེ(ཚིགས་བཅད་འདི་རྣམས་ཀྱི་གྲངས་ལ་ཉི་མ་དཔལ་ཡེ་ ཤེས་ཀྱི་མཚོན་བྱེད་ཀྱི་བཤད་པ་མང་དུ་བྱས་ཀྱང་ཡིད་ཆེས་པའི་ཁུངས་མེད་དམ་སྙམ་མོ)། ཚིགས་སུ་བཅད་པ་བརྒྱ་ དྲུག་ཅུ་རྩ་གཉིས་པོ་འདི་རྣམས་ཀྱིས་(ཐེག་པ་གསུམ་གྱི་ངེས་འབྱུང་ལ་ཐེག་པ་གཅིག་གི་འབྲས་བུར་གནས་ཞེས་ གསུངས་པའི་ཚུལ་གྱིས་)ཐེག་པ་(གསུམ་པོ་)ཐམས་ཅད་ལས་ཕྱུང་(པ་སྟེ་ཐེག་པ་འོག་མའི་ཡོན་ཏན་ཡར་ལྡན་པའི་ ཚུལ་གྱིས་བསྡུས་)ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྙིང་པོ་ཀུན་ཏུ་བཟང་པོ་མཆོག་ཏུ་མི་ 4-1-417 འགྱུར་བའི་བདེ་བ་ཆེན་པོ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་(འོད་གསལ་བས་)ཀུན་ནས་སྣང་ བར་བྱེད་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཚོགས་བསགས་པ་(ཉིད་ཀྱིས་ཐོབ་པར་བྱ་བ་སྟོང་ཉིད་སྙིང་ རྗེ་དབྱེར་མེད་པས་)ཟབ་ཅིང་རྒྱ་ཆེ་བའི་གཟུགས་འཆང་བ་རང་བཞིན་གྱིས་འོད་གསལ་བ་(དང་ པོའི་སངས་རྒྱས་)ཐོག་མ་དང་ཐ་མ་མེད་པ་བདག་དང་བདག་གི་བའི་གཟུང་བ་དང་འཛིན་པ་ལ་ སོགས་པའི་རྣམ་པར་རྟོག་པའི་དྲི་མ་(རང་བཞིན་གྱིས་)དང་བྲལ་བ་(ཐེར་ཟུག་ཏུ་རྟག་པར་གནས་པས་)དུས་ ཐམས་ཅད་པ་ཀུན་ནས་ཉོན་མོངས་པ་(རང་བཞིན་གྱིས་)མེད་པ་ཆོས་ཐམས་ཅད་ཀྱི་རང་བཞིན་ (ཆོས་ཉིད་འོད་གསལ་རྣམ་པ་ཐམས་ཅད་པ་རང་རིག་པའི་ཚུལ་གྱིས་)མཁྱེན་པ་འཁོར་བའི་བག་ཆགས་ལས་ (གདོད་ནས་རང་བཞིན་གྱིས་)རྣམ་པར་གྲོལ་བ་(རྒྱལ་བའི་ཡུམ་ལས་རིགས་ཀྱི་བུ་སྟོང་པ་ཉིད་ལ་ནི་འོང་བ་འམ་འགྲོ་བ་ མེད་དེ་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་གསུངས་པ་ལྟར་)འགྲོ་བ་དང་འོང་བ་དང་བྲལ་བ་ (ཡོད་མེད་སོགས་)སྤྲོས་པ་མེད་པའི་ངོ་བོ་(འབད་མེད་ལྷུན་གྲུབ་ཏུ་)རང་གི་ངང་གིས་འཇུག་ཅིང་འཕེལ་ བའི་ཏིང་ངེ་འཛིན་དང་གཟུངས་སྣ་ཚོགས་པ་(མཐའ་ཡས་པ་)རྣམས་ཀྱི་རྟེན་(བསམ་འཕེལ་གྱི་)བུམ་པ་ བཟང་པོ་དང་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ ཅད་ཀྱི་(རེ་བའི་)བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་(རྒྱུད་བླར། བླ་མེད་ཡེ་ཤེས་ཐུགས་རྗེ་ཆེ་སོགས་ཡོན་ ཏན་གྱིས། །ཡོན་ཏན་ཕ་རོལ་ཕྱིན་པའི་རྒྱལ་བ་བསམ་མི་ཁྱབ། །དེས་ན་རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི། །དྲང་སྲོང་ཆེན་ པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན། །ཞེས་གསུངས་པ་ལྟར་)ཐུབ་པ་(དྲང་སྲོང་)ཆེན་པོ་རྣམས་ཀྱི་ཡང་སྤྱོད་ ཡུལ་མ་ཡིན་པ་སེམས་ཅན་གྱི་(སྡུག་བསྔལ་གྱི་)ཕུང་པོ་ཆེན་པོ་མཆོག་ཏུ་ཞི་བར་མཛད་པ་(སྐུའི་རྣམ་ པ་)སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་གཟུགས་བརྙན་ལྟ་བུ་སྒྲ་བརྙན་ལྟ་བུ་ཡང་དག་པར་བསྡུས་པ་སྟེ་ (འཇིག་རྟེན་ཐམས་ཅད་ལས་འདས་པས་)སྲིད་པ་གསུམ་གྱིས་མཆོད་པར་བྱ་བ་རྣལ་འབྱོར་པའི་(མངོན་ སུམ་ལ་སྣང་བའི་)ཡེ་ཤེས་རང་གི་རིག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་(འོད་གསལ་ཕྱག་རྒྱ་ཆེན་པོ་) འདི་ཉིད་ནི་རྣལ་འབྱོར་པས་(མངོན་སུམ་དུ་བྱས་ནས་རྟག་ཏུ་བསྒོམ་པར་བྱ་ཞིང་)དོར་བར་མི་བྱའོ་ཞེས་པ་ 4-1-418 དེ་བཞིན་གཤེགས་པའི་ངེས་པའོ། ། ༈ (རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་)འདི་(མངོན་སུམ་གྱིས་)བསྒོམ་པ་ནི་རྩ་བའི་རྒྱུད་ཀྱི་རྒྱལ་པོའི་ཡེ་ ཤེས་ཀྱི་ལེའུ་ལས་དེ་བཞིན་གཤེགས་པས་གསུངས་པ་འདི་ལྟ་སྟེ། (དང་པོར་སོ་སོར་སྡུད་པའི་ཡན་ ལག་གིས་)དུ་བ་ལ་སོགས་(མཚན་མ་བཅུའི་མཐར་སྣ་ཚོགས་སྟོང་གཟུགས་)བསྒོམ་བྱས་ཤིང༌། །(བསམ་གཏན་ གྱིས་)སེམས་ནི་གཡོ་བ་མེད་བྱས་ཏེ། །(སྲོག་རྩོལ་གྱིས་)དབུ་མ(འི་ལམ་)སྦྱང་བ་བྱས་ནས་ནི། །(འཛིན་ པས་རླུང་གཡོ་བ་མེད་པར་བྱས་ནས་ཕྱག་རྒྱ་ཆེན་པོ་)མཆོག་ཏུ་མི་འགྱུར་(བའི་ཡེ་ཤེས་)བསྒོམ་པར་བྱ(འོ)། ། (རྗེས་དྲན་གྱི་དུས་སུ་ཤེས་རབ་ཀྱི་)པད་མར་རྡོ་རྗེ་རབ་(ཏུ་)བཀོད་ནས། །(གཏུམ་མོའི་མེ་འབར་བའི་ཕྱིར་)སྲོག་ (དང་ཐུར་སེལ་གཅིག་ཏུ་སྦྱོར་བ་)ནི་(སྤྱི་བོའི་ཧཾ་གི་)ཐིག་ལེར་(ཟིན་པའི་ཚུལ་གྱིས་ཨ་བ་དྷཱུ་ཏིར་)གཞུག་པར་བྱ། །(དེ་ ལྟར་གཏུམ་མོའི་མེས་སྤྱི་བོར་བྱང་སེམས་ཧཾ་གི་ཐིག་ལེ་ཞུ་བར་བྱས་ན་)འཁོར་ལོ་(རྣམས་ཀྱི་ལྟེ་བར་བྱོན་པའི་)ཐིག་ལེ་ (དང་)ཐིག་ལེ་ཡི། །གཡོ་བ་རྡོ་རྗེ(ནོར་བུ)ར་དགག་པར་བྱ། །(དེ་ལ་བརྟེན་ནས་)རྟག་ཏུ་རྟགས་རེངས་ (པའི་)རྣལ་འབྱོར་པས། །(ཏིང་ངེ་འཛིན་གྱིས་)རྟག་ཏུ་(རྡོ་རྗེ་ནོར་བུ་ནས་གསང་གནས་ལ་སོགས་པ་)སྟེང་དུ་ཁུ་ བ(ཤེས་བྱ)ར་འགྱུར(བར་བྱའོ)། །(དེ་ལྟ་བུའི་)ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །རྡོ་རྗེ་(བདེ་བ་ཆེན་པོའི་ ཡེ་ཤེས་)འབེབས་པས་(རྣལ་འབྱོར་པ་རང་ཉིད་)བྱིན་གྱིས་བརླབས(ནས་དབུགས་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་རིམ་ གྱིས་ཟད་པར་བྱས་ནས)། །མཆོག་ཏུ་མི་འགྱུར་(བའི་བདེ་བ་)སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་ དང༌། །དྲུག་བརྒྱ་(གཙུག་གཏོར་གྱི་འཁོར་ལོར་)རྫོགས་པས་(ཀྱེ་)རྒྱལ་པོ་ཆེ(ཞེས་བོད་པ་སྟེ)། །རྡོ་རྗེ་ སེམས་དཔར་(རྣལ་འབྱོར་པ་)རང་ཉིད་འགྱུར(རོ)། །ཞེས་པ་དང་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་ རྒྱལ་པོའི་ཡེ་ཤེས་ཀྱི་ལེའུའི་རྣམ་པ་ལྔའི་བསྟོད་པ་ལས་ཚིགས་སུ་བཅད་པ་དང་པོས་མྱ་ངན་ ལས་འདས་པ་མཚན་མ་(དང་སྤྲོས་པ་)མེད་པར་གསུངས་པ་འདི་ལྟ་སྟེ། (དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་ སྐུ་)གང་ལ་(འདུས་མ་བྱས་པའི་ཕྱིར་)ཐོག་མཐའ་དབུས་མེད་(གདོད་མ་ཉིད་ནས་སྐྱེ་བ་དང་)གནས་(པ་)དང་ འཆི་(བ་སྟེ་འགག་པ་)དང་སྲིད་པ་(གསུམ་)དང་ནི་(ཟླ་བའི་ཡོན་ཏན་)སྒྲ་དང་དྲི་དང་རོ་དག་དང༌། །རེག་ 4-1-419 བྱ་གཟུགས་དང་(གནས་སྐབས་བཞིའི་)སེམས་མེད་རང་བཞིན་〔ཉེར་བཞི་〕དང་ནི་(ཉེར་ལྔ་པ་)སྐྱེས་བུ་ མེད་ཅིང་(སེམས་ཅན་ཀུན་གྱི་ལུས་ཀྱི་དབུས་ན་གནས་ཀྱང་)འཆིང་དང་གྲོལ་དང་(རང་བྱུང་བས་)བྱེད་པོ་མེད། ། (ཀུན་གཞིའི་རྣམ་ཤེས་དང་བྲལ་བས་)ས་བོན་དང་ནི་གསལ་བར་(དུས་གསུམ་གྱི་)དུས་མེད་(བདེ་བ་ཆེན་པོའི་ ངོ་བོ་ཉིད་ཡིན་པས་)མཐའ་དག་སྲིད་པའི་སྡུག་བསྔལ་(དང་)བདེ་བ་ཉིད་ཀྱི་རང་བཞིན་མེད། །(རང་ བཞིན་གྱིས་)མྱ་ངན་འདས་པ་(རྟོག་པའི་)མཚན་མ་མེད་ཅིང་(མངོན་པར་འདུ་)བྱེད་པ་(དང་)རྣམ་བྲལ་(ཟླ་ ཉིའི་)ཡོན་ཏན་(བརྒྱད་པོ་)མེད་པ་(མཆོག་ཏུ་མི་འགྱུར་བའི་བདེ་བ་)དེ་ལ་ཕྱག་འཚལ་ལོ་ཞེས་པ་ནི་རྡོ་རྗེ་སྟེ་ ཐབས་སོ། །དེ་ཉིད་ལས་ཚིགས་སུ་བཅད་པ་ལྔ་པས་ཤེས་རབ་མཚན་མ་མེད་པར་གསུངས་ པ་(ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ནི་)གཅིག་དང་དུ་མ་(ཉིད་དུ་སྣང་བ་ཆོས་ཉིད་དུ་)དག་ཀྱང་(རོ་) གཅིག་ཅིང་མཉམ་(པ་ཤེས་རབ་)དང་མི་མཉམ་པ་(ཐབས་གཉིས་ཀ་)ཡང་(རོ་)མཉམ་པ་གཡས་གཡོན་ མདུན་རྒྱབ་དང༌། །སྟེང་འོག་ཀུན་ནས་(སྣང་བའི་ཁ་དོག་)དཀར་ལྗང་(ལ་སོགས་པ་)སྣ་ཚོགས་(སུ་སྣང་ ཆོས་ཉིད་ཀྱི་)ཁ་དོག་ཆེན་པོ་གཅིག་གི་གཟུགས་(ཡིན་)ཏེ་(དབྱངས་དང་གསལ་བྱེད་)ཐུང་ངུ་(ཟླ་བ་དང་)རིང་ པོ་(ཉི་མ་)དང༌། །ཤིན་ཏུ་རིང་པོ་(སྒྲ་གཅན་གྱི་རྣམ་པར་སྣང་ཡང་རྡུལ་མུན་སྙིང་སྟོབས་གསུམ་གྱིས་)ཡོན་ཏན་ མེད་ཅེས་(པ་ཡིན་ཡང་སྟོབས་སོགས་ཀྱི་)ཡོན་ཏན་〔བསམ་མི་ཁྱབ་〕དང་བཅས་(ཤིང་)བུད་མེད་(དང་) སྐྱེས་པ(འི་རྣམ་པར་སྣང་བ)འང་སྐྱེས་པ་བུད་མེད་(ཀྱི་དངོས་པོ་)མིན(པ་སྣ་ཚོགས་སྟོང་གཟུགས)། །གང་ཞིག་ (བདེ་བ་ཆེན་པོའི་རྣམ་པ་)ཀུན་གྱི་རྟེན་གཅིག་(པུ་དབང་ཕྱུག་ལ་སོགས་པའི་སྐལ་བ་དང་ལྡན་པའི་)བྷ་ག་བཟང་ མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད་ཅེས་པ་སེམས་དཔའ་ནི་པད་མ་དང་ཤེས་ རབ་སྟེ་དེ་ལྟར་(ཐབས་ཤེས་དབྱེར་མེད་ནི་)རྡོ་རྗེ་སེམས་དཔའོ། །བཅོམ་ལྡན་འདས་ཀྱིས་རྩ་བའི་ རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ཀྱི་ལེའུ་ལས་གསུངས་པ། ཆུ་སྐྱེས་(སྟོང་གཟུགས་དང་)རྡོ་རྗེ་(བདེ་བ་ཆེན་པོ་ ནི་)ཤེས་རབ་(དང་)ཐབས(ཀྱི་བདག་ཉིད)། །རྟེན་(ཨེ་ཡིག་)དང་བརྟེན་(པ་ཝཾ་ཡིག་ཡིན་)པར་བརྗོད་པ་སྟེ། ། དེ་དག་གཉིས་ནི་(དབྱེར་མེད་དུ་)སྙོམས་(པར་)ཞུགས་པ། །(དེ་ཤེས་པ་དང་ཤེས་བྱ་ལ་སོགས་པ་)གཉིས་(སུ་) 4-1-420 མེད་(པ་དང་མཆོག་ཏུ་)མི་འགྱུར་(པའི་ཡེ་ཤེས་དང་)རྡོ་རྗེའི་སྦྱོར(ལམ་རྡོ་རྗེའི་རྣལ་འབྱོར་ཞེས་བྱའོ)། །(དེ་ལ་འཇིག་ རྟེན་དབང་ཕྱུག་གིས་ཕྱག་རྒྱ་མཛད་པ་དེ་ལྟར་)རྡོ་རྗེ(འི་)རྣལ་འབྱོར་(དག་པ་དང་ཆོས་དང་སྔགས་དང་དབྱིབས་ཏེ་)རྣམ་ བཞི་པ(སྐུ་བཞིའི་བདག་ཉིད)། །དུས་འཁོར་དེ་ལ་ཕྱག་འཚལ་(ལོ་སུས་ཕྱག་འཚལ་ན་)བདག །ཀ་ལཱ་པར་ ནི་(འཁྲུངས་པའི་འཇིག་རྟེན་དབང་ཕྱུག་གི་)སྤྲུལ་པའི་རྒྱལ(པོ)། །པད་དཀར་(ཅན་)ཆུ་སྐྱེས་འཛིན་(པ་)རང་ ཉིད་(དོ་)ཅེས་པའོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་གྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ གྲུབ་པ་ཞེས་བྱ་བའི་མདོར་བསྡུས་ཆེན་པོ་སྟེ་གསུམ་པའོ(མདོར་བསྡུས་ཆེན་པོ་འདི་ནི་ཟབ་པ་ལས་ཀྱང་ ཆེས་ཤིན་ཏུ་ཟབ་པ་ཡིན་པའི་ཕྱིར་སྔོན་པཎྜི་ཏ་ཟླ་བ་མགོན་པོས་ཡུན་རིང་པོའི་བར་དུ་རྒྱ་དཔེ་སོགས་ནས་འགྲོ་ལོ་ཙཱ་བ་ལ་ སོགས་པའི་སློབ་མ་རྣམས་ལ་མ་བསྟན་ཞིང་དུས་ཕྱིས་གསོལ་བ་དྲག་ཏུ་བཏབ་པས་བསྟན་ནོ། །ཞེས་སྔོན་གྱི་ལོ་རྒྱུས་ལས་འབྱུང་ ངོ་)།། ༡༢༧ །། ༈ (དོན་དམ་གྱི་ཐབས)〈སྟོང་དོན་དམ་བདེ་གཤེགས་སྙིང་པོའི་ཐབས〉སྟོང་པ་ཆེན་པོ་འགྱུར་ མེད་ལྔ་(ཝཾ་ཡིག་བདེ་བ་ཆེན་པོ་)དང་〈ཟླ་བ་ཁུ་བ་དབྱངས་ཀྱི་རང་བཞིན〉(ཤེས་རབ་)ཐིག་ལེ་སྟོང་པ་ འགྱུར་མེད་དྲུག་(ཨེ་ཡིག་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད)〈རྡུལ་ཉི་མ་གསལ་བྱེད་ཀྱི་རང་བཞིན〉ལ། ། བཏུད་ནས་ཨ་སོགས་ཀ་སོགས་རྣམས་ཀྱི། །(བདག་ཉིད་ཅན་བྱིས་པ་སྐྱེས་མ་ཐག་པའི་དབུ་མ་དང་ཉིན་ མཚན་གྱི་) དབུགས་ཀྱི་〈རང་བཞིན་དབུ་མ་དང་ཉིན་མཚན་གྱི་དབུགས་ཀྱི〉གྲངས་( ལ་སོགས་པ) ནི་ དགྲོལ་བར་བྱའོ། ། ༈ ལྀ་སོགས་ཞེས་པ་ལ་སོགས་པ་ལ་འདིར་ལྀ་ཡིག་ལ་སོགས་པ་དབྱངས་ བརྒྱད་པོ་གང་དག་དབྱངས་ཕྱེད་ཀྱིས་ནི་རྣམ་པར་དམན་པ་རྣམས་ཡུལ་(ལྔ་)དང་ཡོན་ཏན་ (གསུམ་)དུ་གྱུར་པ་སྟེ་ལྀ་ནི་དྲིའི་ཡོན་ཏན་དུ་གྱུར་པ་དང་ཨུ་ནི་གཟུགས་ཀྱི་ཡོན་ཏན་ཏུ་ 4-1-421 གྱུར་པ་དང་རྀ་ནི་རོའི་ཡོན་ཏན་དུ་གྱུར་པ་དང་ཨི་ནི་རེག་བྱའི་ཡོན་ཏན་དུ་གྱུར་པ་དང་ ཨ་ནི་སྒྲའི་ཡོན་ཏན་དུ་གྱུར་པ་དང་ཨཾ་ནི་སྙིང་སྟོབས་ཀྱི་ཡོན་ཏན་དུ་གྱུར་པ་དང་ཨཿ་ནི་རྡུལ་ གྱི་ཡོན་ཏན་དུ་གྱུར་པ་དང་ཨཱཾ་ནི་མུན་པའི་ཡོན་ཏན་དུ་གྱུར་པ་སྟེ་ཤིན་ཏུ་རིང་པོའོ། །གཞོམ་ དུ་མེད་པ་ཕྱེད་ཀྱི་དབྱངས་ནི་ཧྲ་ཞེས་པ་སྟེ་འདིས་དམན་པ་རྣམས་ནི་ཕྱེད་དང་བཅས་པ་ བདུན་ནོ། །དེ་ལྟར་དབྱངས་ཕྱེད་ཀྱིས་ནི་རྣམ་པར་དམན་པ(འི་དབྱངས་བརྒྱད་པོ་)དེ་རྣམས་ཕན་ ཚུན་དབྱེ་བས་ཕྱེ་བ་ཞེས་པ་ནི་སོ་སོར་(ཏེ་རེ་རེ་ཡང་)ཕྱེད་དང་བཅས་པ་བདུན་གྱི་དབྱེ་བས་ཕྱེ་ བ་སྟེ་(གང་ན་དྲི་ལ་སོགས་པའི་ཡོན་ཏན་གཅིག་ཡོད་པ་དེར་ཡོན་ཏན་ཀུན་ཚང་པའི)〈གང་དུ་གཅིག་བྱུང་བ་དེར〉 ཀུན་འབྱུང་གི་བདེན་པས་(ཕན་ཚུན་ཕྱེད་དང་བརྒྱད་ཀྱིས་ཕྱེད་དང་བརྒྱད་)བསྒྱུར་པ་དེ་རྣམས་ཐམས་ཅད་ (བསྡོམས་ན་དབྱངས)〈སྡོམ་ནས་དབུགས〉རྐང་པ་དང་བཅས་པ་ལྔ་བཅུ་རྩ་དྲུག་ཏུ་འགྱུར་ཏེ་རྐང་པ་ དང་བཅས་པ་རོ་དང་མདའ་རྣམས་ཞེས་སོ། །(དབྱངས་)ཐུང་ངུ་(རྐང་བཅས་ལྔ་བཅུ་རྩ་དྲུག་)དེ་རྣམས་ ཀྱང་ལུག་ལ་སོགས་པའི་(མི་མཉམ་པའི་)དུས་སྦྱོར་ལ་སྐྱེས་པའི་བྱིས་པའི་དབུ་མའི་དབུགས་(ལྔ་ བཅུ་རྩ་དྲུག་བཞི་ཆ་)འབབ་པ་རྣམས་(ཀྱི་ས་བོན་རྣམས་)སུ་འགྱུར་ཏེ་(དབུ་མའི་དབུགས་རྫོགས་པ་)〈རྫོགས〉དེ་ ནས་གཡོན་པའི་རྩའི་དཀྱིལ་འཁོར་ལ་(སྲོག་)ཡང་དག་པར་རྒྱུའོ། །(དབྱངས་)རིང་པོ་(རྐང་བཅས་ ལྔ་བཅུ་རྩ་དྲུག་)རྣམས་ཀྱང་དེ་བཞིན་དུ་དུས་སྦྱོར་གཉིས་པ་གླང་ལ་སོགས་པ་མཉམ་པ(འི་དུས་ སྦྱོར་)ལ་དང་པོ་སྐྱེས་པའི་(བྱིས་པའི་)དབུ་མའི་དབུགས་འབབ་པ་རྣམས་(ཀྱི་ས་བོན་རྣམས་)སོ(དེ་ནས་ གཡས་པའི་རྩ་ལ་སྲོག་རྒྱུའོ། །དུས་སྦྱོར་འདི་དག་ཀྱང་མའི་དུས་སྦྱོར་ལ་བརྩི་བར་བྱ་བའི་བྱིས་པ་ཉིད་ཀྱི་དུས་སྦྱོར་ལ་བརྩི་བར་ བྱ་བ་མ་ཡིན་ཏེ་གཉིས་ཀ་དག་ལ་སྐྱོན་ཡོད་པར་སྔར་བརྗོད་ཟིན་ཏོ)〈དེ་ནས་གཡོན་དང་གཡས་སུ་འཕོ་སྟེ་སྤྲོ་བ་ དང་བསྡུ་བའི་རིམ་པས་སོ། །དེ་ཉིད་ཀྱིས་ནས་འདིར་དང་པོར་གཡས་སུ་འཕོ་བར་འདོད་པ་ རྣམས་ནི་འཁྲུལ་ལོ། །དེ་བཞིན་དུ་དུས་སྦྱོར་འདི་དག་ཀྱང་རང་དང་མ་ལ་བརྩི་བ་མ་ཡིན་སྤྱི་ ཞག་རེའི་དུས་སྦྱོར་གང་ཡིན་པའོ〉། །འདིར་གལ་ཏེ་(དབུ་མའི་དབུགས་ཀྱི་ས་བོན)ལྀ་ལ་སོགས་ 4-1-422 པ་(སྡུད་རིམ་གྱིས་)གསུངས་པ་དེ་ལྟར་ན་ཡང་ཨ་〈དུས་སྦྱོར་གང་ལ་སྐྱེས་ཀྱང་དབུ་མའི་དབུགས་ རྫོགས་ནས〉ཞེས་པ་(དབྱངས་ཐུང་ངུ་ས་བོན་དུ་གྱུར་པའི་དབུ་མའི་དབུགས་རྫོགས་ནས་)སྣ་བུགས་གཡོན་པར་ ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་(ལྔ་)ལ་སྲོག་གི་བགྲོད་པའོ། །འདིར་ཡང་ལྟེ་བ་ (དང་སྙིང་ཁ་)ལ་སོགས་པ(འཁོར་ལོ་ལྔ)ར་(དེ་རྣམས་རིམ་པ་ལྟར་སའི་)ཡོན་ཏན་ལྔ་(དང་ཆུའི་ཡོན་ཏན་བཞི་) ལ་སོགས་པའི་ངེས་པས་སྲོག་(འབབ་པ་)ནི་(ནང་དུ་འཇུག་པ་གཙུག་ཏོར་ནས)〈གཡོན་དུ〉ནམ་མཁའ་ལ་ སོགས་པ་〈གཡས་སུ〉(བསྐྱེད་པའི་རིམ་པ)དང་(ཕྱིར་འབྱུང་བ་ལྟེ་བ་ནས་)ས་ལ་སོགས་པ(སྡུད་པ)འི་(རིམ་པས་ འབབ་པའི་)ཆོས་མཐུན་པས་(གཡོན་དང་གཡས་ཀྱི་རྩ་ལ་སྲོག་འབབ་པར་)གཟུང་བར་བྱ་སྟེ་(དབུ་མའི་དབུགས་ ཀྱི་ས་བོན་)ཐུང་ངུ་དང་རིང་པོའི་དབྱེ་བས་(མའི་དུས་སྦྱོར་ལ་བརྩིས་པའི)〈དབུའི་མའི་དབུགས་འགག་པ་ ནི་སྤྱིར་ཞག་རེའི〉མི་མཉམ་པ་དང་མཉམ་པའི་དུས་སྦྱོར་དག་ལ(སྐྱེས་པའི་བྱིས་པ་ལ་)འོ(ཞེས་པ་འདིས་ དབྱངས་ཐུང་ངུ་རྣམས་ནི་མི་མཉམ་པའི་དུས་སྦྱོར་ལ་སྐྱེས་པའི་དབུ་མའི་དབུགས་ཀྱི་ས་བོན་དུ་འགྱུར་ཞིང་དབུ་མའི་དབུགས་ རྫོགས་ནས་གཡོན་གྱི་རྩ་ལ་སྲོག་བསྐྱེད་རིམ་གྱིས་འབབ་པ་དང་དབྱངས་རིང་པོ་རྣམས་མཉམ་པའི་དུས་སྦྱོར་ལ་སྐྱེས་པའི་དབུ་ མའི་དབུགས་ཀྱི་ས་བོན་དུ་འགྱུར་ཞིང་དབུ་མའི་དབུགས་རྫོགས་ནས་གཡས་ཀྱི་རྩ་ལ་སྡུད་པའི་རིམ་པས་སྲོག་འབབ་པར་ བསྟན་པར་ཤེས་པར་བྱ)འོ། །སླར་ཡང་ཐུན་མཚམས་གསུམ་པ་ལ་ནི་ཤིན་ཏུ་རིང་པོ་ཡུལ་དང་ཡོན་ ཏན་དབུ་མའི་དབུགས་རྣམས་འབབ་ཅེས་པ་ནི་འདིར་གལ་ཏེ་〔མའི་དུས་སྦྱོར་གྱི་སྲོག་〕འཕོ་ བའི་(མཚམས་སུ་དབུ་མར་སྲོག་འབབ་པའི་)དུས་སུ་བྱིས་པ་སྐྱེས་པར་གྱུར་ན་དེའི་ཚེ་དབུ་མ་ལ་སྲོག་ (གི་ས་བོན་དབྱངས་)ཤིན་ཏུ་རིང་པོར་གྱུར་ནས་〔རྩ་〕གཡོན་དང་གཡས་ལ་ཡང་དག་པར་རྒྱུ་སྟེ་འདི་ རྣམས་སྔར་བརྗོད་པའི་ཡི་གེ་(དབྱངས་ཕྱེད་དང་བརྒྱད་པོ་)ཐམས་ཅད་ཀྱི་(དབུགས་)ཡང་དག་པར་རྒྱུ་ བར་རིག་པར་བྱའོ། །འདིར་ལྀ་ཡིག་གི་དབྱེ་བ་ནི་འདི་ལྟ་སྟེ། ལྀ་ལུ་ལྼྀ་ལི་ ལ་ལཾ་ལཿལཱྂ་ལྼ་ཞེས་པའོ། །དེ་བཞིན་དུ་(ཨུ་ཡིག་གི་དབྱེ་བ་ནི་)ཨུ་ཝླྀ་ཝྼྀ་ཝི་ཝ་ཝཾ་ཝཿཝཱཾ་ཝྼ་ ཞེས་པ་དང་དེ་བཞིན་དུ་(རི་ཡིག་གི་དབྱེ་བ་ནི་)རྀ་རླྀ་རུ་ར༹ྼྀ་ར་རཾ་རཿརཱཾ་ར༹ྼ་ཞེས་པ་དང་དེ་ 4-1-423 བཞིན་དུ(ཨི་ཡིག་གི་དབྱེ་བ་ནི་)ཨི་ཡླྀ་ཡུ་ཡྼྀ་ཡ་ཡཾ་ཡཿཡཱྂ་ཡྼ་ཞེས་པ་དང་དེ་བཞིན་དུ་(ཨ་ཡིག་ གི་དབྱེ་བ་ནི་)ཨ་ཨལ་ཨོ་ཨར་ཨེ་ཨཾ་ཨཿཨཱྂ་ཧྲ་ཞེས་པ་དང་དེ་བཞིན་དུ་(ཨཾ་ཡིག་གི་དབྱེ་བ་ནི་)ཨཾ་མླྀ་མུ་ མྼྀ་མི་མཾ་མཿམཱྂ་མྼ་ཞེས་པ་དང་དེ་བཞིན་དུ་(ཨཿཡིག་གི་དབྱེ་བ་ནི་)ཨཿརླྀ་རུ་ར༹ྼྀ་རི་ ར་རཿརཱྂ་ར༹ྼ་ཞེས་པ་དང༌། (འདིར་དབྱངས་ཕྱེད་དང་བརྒྱད་ཀྱིས་ཕྱེད་དང་བརྒྱད་བསྒྱུར་བར་བྱ་བ་ཡིན་པ་ལ་ཐོག་མར་ འཇུག་བདེ་བའི་དོན་དུ་ལཱྀ་སོགས་བདུན་བརྒྱད་ཀྱིས་བསྒྱུར་ཞིང་དེ་ལ་ཕྱེད་པ་བདུན་ལྷག་པས་དབྱངས་ཕྱི་མ་རྣམ་ཕྱེད་ ཀྱིས་དམན་པའི་བརྡར་བདུན་པོའི་མཇུག་ཏུ་ཡི་གེའི་ལུས་སྲོག་མེད་རེ་རེ་སྦྱར་ཏེ་དེ་ལྟར་ན་ཕྱེད་དང་བརྒྱད་པོ་བདུན་པོ་དབྱངས་ ཕྱེད་བཅས་ལྔ་བཅུ་རྩ་གཉིས་སུ་འགྱུར་རོ)དེ་བཞིན་དུ་(ཨཾ་ཡིག་དབྱངས་ཕྱེད་པའི་དབྱེ་བ་ནི་)ཧ་ཧླྀ་ཧུ་ཧྼྀ་ཧི་ ཧ་ཧཾ་ཧཿཧཱྂ་ཧྼ་ཞེས་པ་〈རྣམས་ཀྱི་དམན་པའི་ལྷག〉སྟེ་(བསྒྱུར་བྱ་ལྷག་མ་དབྱངས་ཕྱེད་མཚོན་པ་ནི་ཧ་སྲོག་མེད་ ཡིན་པས་དེ་དབྱངས་ཕྱེད་དང་བརྒྱད་ཀྱིས་བསྒྱུར་བར་བྱ་བ་ཡིན་ཡང་འཇུག་བདེ་བའི་དོན་དུ་བརྒྱད་ཀྱིས་བསྒྱུར་བར་ཕྱེད་པ་ བརྒྱད་དུ་འགྱུར་ཞིང་དེ་ལ་ཕྱེད་ཀྱི་ཕྱེད་ལྷག་པས་དེས་དམན་དགོས་པའི་བརྡར་ཧ་སྲོག་མེད་ཀྱི་ཕྱི་མ་དང་བསྒྱུར་བྱ་དབྱངས་ཕྱེད་ མཚོན་པའི་དོན་དུ་ཧ་སྲོག་མེད་ཐོག་མར་བཀོད་པ་ཡིན་ནོ། །དེ་ལྟར་ཧ་སྲོག་མེད་སྔ་ཕྱི་གཉིས་མི་བགྲང་ཞིང་དབྱངས་ཕྱེད་པ་ ཕྱེད་དང་བརྒྱད་པོ་དབྱངས་ཕྱེད་དང་བཞི་ཆ་གཅིག་ཏུ་འགྱུར་ཞིང་ཕྱེད་དང་བཞི་སྔར་གྱི་ཕྱེད་བཅས་ལྔ་བཅུ་རྩ་གཉིས་ལ་བསྣན་ པའི་ལྔ་བཅུ་རྩ་དྲུག་དང་ལྷག་མ་བཞི་ཆ་གཅིག་སྟེ་དེ་ལྟ་ན་)〈དེ་ལྟར་ན〉 རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་ གོ(འདི་རྣམས་ཀྱི་བསྒྱུར་ཚུལ་ནི་འཆད་པ་པོའི་ཞལ་ལ་ཞེས་པར་བྱའོ)། (འདིར་ཧླྀ་སོགས་བརྒྱད་པོ་བསྒྱུར་བྱེད་ཀྱི་དབང་ གིས་དབྱངས་རེ་རེ་བ་ལྟ་བུར་མངོན་ཡང་སྔ་མ་བདུན་དབྱངས་ཕྱེད་པ་དང་བརྒྱད་པ་དབྱངས་བཞི་ཆ་གཅིག་ཡིན་པར་ཤེས་ དགོས་སོ། །ལྀ་སོགས་དབྱངས་བརྒྱད་ཀྱི་སྐབས་ལ་ཕྱེད་དང་བདུན་སྟེང་འོག་ཏུ་བཞག་ནས་གཉིས་ཀྱིས་བརྒྱུར་བ་བཅོ་ལྔ་ རེར་གྱུར་པ་འོག་མ་བཅོ་ལྔའི་གོང་མའི་བཅོ་ལྔ་བསྒྱུར་བ་ལ་བཞིས་བགོས་པའི་ཐོབ་ནོར་ང་དྲུག་རྐང་བཅས་འབྱུང་)(ཇི་ལྟར་ཐུང་ ངུ་ལ་ཇི་ལྟ་བ་)དེ་བཞིན་དུ་རིང་པོ་དང་ཤིན་རུ་རིང་པོ་རྣམས་ཀྱང་རིག་པར་བྱ་སྟེ་ཕན་ཚུན་(ཕྱེད་དང་ བརྒྱད་ཀྱི་ཕྱེད་དང་བརྒྱད་)དབྱེ་བ་རྣམས་ཀྱིས་སོ། ༡༢༨ ། ༈ ད་ནི་ཉིན་མོ་དང་མཚན་མོའི་དབུགས་ཀྱི་དབྱངས་(གསལ་བྱེད་མཚུངས་ལྡན་)རྣམས་ 4-1-424 གསུངས་པ་ཀ་ལ་སོགས་པའི་ཡི་གེ་ཞེས་པ་སྟེ་ཀ་ཙ་ཊ་པ་ཏ་ས(འི་སྡེ་བ)དྲུག་པོ་རྣམས་ཀྱི་(ནང་ ཚན་)ཀ་ཡིག་ལ་སོགས་པའི་ཡི་གེ་སུམ་ཅུ་པོ་རྣམས་ནི་(རེ་རེ་ཞིང་)སུམ་ཅུའི་རབ་ཏུ་དབྱེ་བས་ རབ་ཏུ་གསལ་བར་དགུ་བརྒྱ་ཉིད་དུ་འགྱུར་ཏེ་ཡི་གེ་རེ་རེ་ལ་ཡང་(ཡི་གེ་སུམ་ཅུ་)ཕན་ཚུན་ཡང་ དག་པར་སྦྱར་བའི་དབྱེ་བས་(རེ་རེ་ཡང་)སུམ་ཅུར་འགྱུར་རོ། །འདི་ལྟ་སྟེ། ཀྐ་ཀྑ་ཀྒ་ཀྒྷ་ཀྔ། ཀྩ་ ཀྪ་ཀྫ་ཀྫྙ་ཀྙ། ཀྚ་ཀྛ་ཀྜ་ཀྜཧ་ཀྞ། ཀྤ་ཀྥ་ཀྦ་ཀྦཧ་ཀྨ། ཀྟ་ཀྠ་ཀྡ་ཀྡཧ་ཀྣ། ཀྶ་ཀ་ཀྵ་ཀྴ་ཀ་ཞེས་ པའོ། །དེ་བཞིན་དུ་ཁ་ལ་སོགས་པ་རྣམས་རིག་པར་བྱ་སྟེ་རབ་ཏུ་གསལ་བར་དགུ་བརྒྱ་ཉིད་ དུ་འགྱུར་རོ། །སླར་ཡང་དགུ་བརྒྱ་པོ་དེ་རྣམས་དབྱངས་དྲུག་གི་ནི་དབྱེ་བ་ཞེས་པ་ནི་ཨ་ཨི་ རྀ་ཨུ་ལྀ་ཨཾ་ཞེས་པ་འདི་རྣམས་ཀྱིས་ཕྱེ་བས་མཁའ་མཁའ་དུས་དང་མདའ་རྣམས་ ཞེས་པ་བརྒྱ་ཕྲག་ལྔ་བཅུ་རྩ་བཞིར་འགྱུར་ཏེ་(ཡི་གེ་དེ་རྣམས་ཀྱི་བདག་ཉིད་ཀྱི་དབུགས་ལྔ་སྟོང་བཞི་བརྒྱ་པོ་དེ་ ནི་ལྟེ་བའི་དུས་སྦྱོར་གྱི་རྩ་བཅུ་གཉིས་ལས་)དུས་སྦྱོར་གསུམ་གྱི་རྩ་གསུམ་ལ་(འབབ་ཏེ་)མཚན་མོ་ཕྱེད་ནས་ ཉི་མ་འཆར་བར་ཇི་སྲིད་པར་རོ། །དེ་ནས་(ཨཱཿལཱྀ་ཨཱུ་རཱྀ་ཨཱྀ་ཨ་ཞེས་པ་)དབྱངས་ རིང་པོ་དྲུག་གི་དབྱེ་བ(འི་གསལ་བྱེད་)རྣམས་ནི་ཉི་མ་ཤར་བ་ནས་ཉི་མ་གུང་ཇི་སྲིད་པར་གཞན་ དུས་སྦྱོར་གསུམ་〈དབུགས་〉གྱི་རྩ་〈གཡས་གཡོན་དབུས་དང་〉གསུམ་ལ་དབུགས་ཀྱི་དབྱངས་ སྔ་མའི་གྲངས་(ལྔ་སྟོང་བཞི་བརྒྱ་)རྣམས་སུ་འགྱུར་རོ། ༡༢༩ ། སླར་ཡང་ཐུང་ངུའི་དབྱངས་དྲུག་དག་གིས་(སྔ་མ་ལྟར་)ཕྱེ་བ་རྣམས་ནི་ཉི་མ་གུང་ནས་མཚན་ མོའི་དུས་ཏེ་དེ་ལ་ཉི་མ་ནུབ་པའི་མཐར་ཐུག་པར་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ་གྲངས་ སྔར་བཞིན་ནོ། །དེ་བཞིན་དུ་མཚན་མོའི་ཕྱི་མའི་ཆ་ལ་མཚན་མོ་ཕྱེད་ཇི་སྲིད་པར་དུས་སྦྱོར་ གསུམ་གྱི་རྩ་གསུམ་ལ་དབྱངས་(རིང་པོ་)དང་བཅས་པ(འི་གསལ་བྱེད་)སྔ་མའི་གྲངས་རྣམས་ སོ། །དེ་ལྟར་ཉིན་ཞག་སོ་སོའི་དུས་སུ་དབུགས་ནི་འབྱུང་དང་འཇུག་པ་(ཟུང་ལ་རེ་རེར་བགྲངས་བ་) མཁའ་མཁའ་དྲུག་དང་ཟླ་བ་མིག་རྣམས་འབབ་ཅེས་པ་ནི་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་ 4-1-425 རྩ་གཅིག་གོ། (དབུགས་)འདི་རྣམས་ཀྱི་དབུས་ནས་སྔ་མ་སྟོང་པ་རྣམས་བསྡུས་ནས་ནི་མཉམ་ དང་མི་མཉམ་བགྲོད་པར་དབུ་མ་དག་ལ་སྦྱར་བར་བྱ་ཞེས་པ་ནི་འདིར་སྔར་བརྗོད་པའི་ དཀྱིལ་འཁོར་(དྲུག་ཅུ་པོ་)སོ་སོ་(དབུ་མའི་ཐོབ་སྐལ་དབུགས་)ལ་རྐང་པ་དང་བཅས་པའི་བཅུ་གཅིག་(ཡེ་ ཤེས་ཀྱི་རླུང་)སྟེ་དེ་རྣམས་ཀྱང་ཆུ་སྲིན་ལ་སོགས་པའི་(དུས་སྦྱོར་མཉམ་པ་དང་བུམ་པ་ལ་སོགས་པ་མི་མཉམ་ པའི་དུས་སྦྱོར་གྱི་)དབྱེ་བས་དཀྱིལ་འཁོར་སོ་སོའི་མཐར་(དབུགས་བཅུ་གཅིག་བཞི་ཆ་སོ་སོ་རེ་རེའི་ཡི་གེ་)ང་ ཡིག་ལ་སོགས་པའི་དབྱེ་བས་དབུ་མ་དག་ལ་(ཡེ་ཤེས་ཀྱི་རླུང་དུ་)སྦྱར་བར་བྱའོ་ཞེས་པ(ཞག་གཅིག་ དཀྱིལ་འཁོར་དྲུག་ཅུ་པོའི་དཀྱིལ་འཁོར་རེ་རེའི་སྟེང་ནས་དབུགས་བཅུ་གཅིག་བཞི་ཆ་རེ་དབུ་མར་འབབ་པའི་དབུགས་རེ་རེའི་ ཡི་གེ་ངོས་འཛིན་པ)འི་སྤྲོས་པ་ཆེན་པོ་འདི་ནི་མང་པ་ཉིད་ཀྱི་ཕྱིར་མ་བྲིས་དེ། མཆོག་གི་དང་པོའི་ སངས་རྒྱས་ཀྱི་རྒྱས་འགྲེལ་ཟླ་བ་བཟང་པོ་མཛད་པའི་སྟོང་ཕྲག་དྲུག་ཅུ་པ་ལས་ཤེས་པར་ བྱའོ། །གང་གི་ཕྱིར་རབ་ཏུ་འབད་པར་བྱ་བ་འདིས་འཇིག་རྟེན་ལས་འདས་པར་བྱེད་པ་ནི་ ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་ཨ་སོགས་ཀ་སོགས་འདི་ནི་བ་སྤུ་དང་སྐྲའི་གྲངས་ཇི་སྙེད་པ་ འབྱུང་ངོ༌། ༡༣༠ ། ༈ ད་ནི་(སྒྲ་གཅན་གྱི་ཟླ་བ་གཅིག་གི་ལོངས་སྤྱོད་ཆུ་ཚོད་)ཕྱེད་དང་བཅས་པའི་བདུན་པོ་རྣམས་ཀྱི་ ཕྱི་མ་བརྒྱད་པའི་ཕྱེད་གང་ཡིན་པ་དེ་(ནང་ལུས་ལ་སྦྱར་བ་)གསུངས་པ་ཕྱི་རོལ་ཞེས་པ་ལ་སོགས་ པ་སྟེ་འདིར་ཕྱི་རོལ་ཏུ་ནི་ཞེས་པ་འཇིག་རྟེན་གྱི་ཁམས་སུ་གང་ཞིག་ཆུ་ཚོད་བརྒྱད་པའི་ཕྱེད་ ཀྱི་དབྱིངས་སུ་གྱུར་པ་སྒྲ་གཅན་ལོངས་སྤྱོད་དག་ལས་གཞན་དུ་གནས་ཞེས་པ་སྟེ་འདིར་སྒྲ་ གཅན་གྱིས་ཟླ་བ་སོ་སོའི་དུས་ལ་ཡུལ་ལྔའི་མཚན་ཉིད་ཆུ་ཚོད་ལྔ་དང་དེ་བཞིན་སྙིང་སྟོབས་ དང་རྡུལ་དང་མུན་པའི་མཚན་ཉིད་(ཆུ་ཚོད་)གསུམ་སྟེ་ཁྱིམ་གྱི་འཁོར་ལོའི་དབུས་ནས་(ཡུལ་གྱི་ ཆུ་ཚོད་བརྒྱད་པོ་)དེ་རྣམས་ལོངས་སྤྱོད་ཅིང་(ཞེས་པ་སྤྱིར་བཏང་ལ་དམིགས་བསལ་ནི་)དེ་རྣམས་ལས་ཕྱེད་ དང་བཅས་པའི་བདུན་ནི་ལོངས་སྤྱོད་དོ། །ཆུ་ཚོད་ཕྱེད་ནི་ལོངས་སྤྱོད་པར་མི་ནུས་ཏེ་དེ་ནི་སྒྲ་ 4-1-426 གཅན་ལོངས་སྤྱོད་དག་ལས་གཞན་(མཇུག་རིངས་ཀྱི་ཁྱིམ་ཞག་སོ་སོའི་ལོངས་སྤྱོད་ཆུ་ཚོད་བཞི་དང་ཆུ་སྲང་སུམ་ཅུ་ ཡོད་པའི་ཆུ་སྲང་སུམ་ཅུ་པོ་ཉིད་)དུ་གནས་པའོ། ། ༈ (སྤྱིའི་ཆུ་ཚོད་ཕྱེད་པོ)དེ་ནི་(ནང་དུ་)རང་གི་ལུས་ལ་དབུགས་ཕྱེད་དེ་(མངལ་ནས་)མ་སྐྱེས་པའི་ བྱིས་པའི་(ཟླ་བ་བདུན་པ་ནས་)ལྟེ་བ་དང་དཔྲལ་པ་དག་གི་དབུས་སུ་(དབུ་མའི་ནང་དུ་གཡོ་བ་མེད་པར་ གནས་པ་)〈ཟླ་བ་བདུན་པ་ནས〉དབྱུག་པའི་རྣམས་པའོ། །(དབུགས་དེ་)ཕྱི་རོལ་ཏུ་འབྱུང་བ་མེད་པའི་ ཕྱིར་དབུགས་ཕྱེད་དུ་བརྗོད་དོ། །སྔགས་ཀྱི་དབྱེ་བས་ནི་དབྱངས་ཕྱེད་(ཧ་ཡིག་སྲོག་མེད་ཉིད་)དོ། ། (དབུགས་ཕྱེད་པོ་)དེ་ནི་ངེས་པར་མུན་པ་དང་བྲལ་འཇིག་རྟེན་ཐམས་ཅད་སྣང་བ་སྟེ་(མངལ་དུ་ཟླ་བ་ བཅུ་གཉིས་གནས་པའི་དབང་དུ་བྱས་པའི་)མངལ་གྱི་ཟླ་བ་(ཕྱི་མ་)དྲུག་ལ་(ཟག་བཅས་ཀྱི་)མངོན་པར་ཤེས་པ་ ལྔ(ཡོད་པ)འི་ཕྱིར་རོ། །(མངལ་གྱི་ཟླ་བ་བཅུ་གཉིས་ཀྱི)〈སྒྲ་གཅན་གྱི་སྤྱོད་པ〉སྔ་མ་ཕྱེད་(ཟླ་བ་དྲུག་པོ་)ནི་(སྣང་ བ་མེད་པས་)མུན་པ་དང་བཅས་(པ་)སྲིད་པ་གསུམ་པོ་མཐའ་དག་སྟོང་བ་གང་དུ་ཐིམ་〈སྟེ་འཆི་ བ་ན་དབུགས་ཕྱིར་སོང་ནས་ནང་དུ་མི་ལྟོག་པས་ཕྱེད་དུ་བརྗོད་ཅེས་གསུངས〉པ( སྣང་བ་མེད་ པ)འོ། །(སྐྱེ་བ་སྔ་མ)ཤི་བའི་〈ཟླ་ཉིའི་རྣམ་ཤེས་འཕོས་ཏེ〉མཐར་(ཁུ་རྡུལ་རྣམ་ཤེས་འཕོས་ཏེ)བཞི་པ(འི་ གནས་སྐབས་)བོར་ནས་(མངལ་དུ་ཀུན་གཞིའི་རྣམ་ཤེས་ཁུ་རྡུལ་དང་འདྲེས་ཤིང་བརྒྱལ་བ)〈མངལ་དུ་ཟླ་ཉིའི་རྣམ་ ཤེས་འདྲེས་པ〉ཤིན་ཏུ་གཉིད་ལོག་པ་(མུན་པའི་གནས་སྐབས་)ལ་ཟླ་བ་དྲུག་གི་བར་དུ་འཇུག་པར་ བྱེད་དོ〈དེའི་པར་ལ་རླུང་དངལུས་འདྲེས་པར་གནས་ཀྱང་ལྟེ་བ་ནས་ག ཙུག་ཏོར་དུ་དབྱུག་པ་ ལྟར་འབྱུང་བ་ཡང་མེད་པས་དབུགས་ཕྱེད་དུ་བརྗོད་དེ་〉། །དེ་ནས་(ཟླ་བ་བདུན་པ་ནས་དབུ་མའི་ནང་ དུ་སྲོག་གནས་པས)〈ཟླ་བ་བདུན་པ་ནས་ལྟེ་བར་སྲོག་སྐྱེ་བས〉རྨི་ལམ་གྱི་གནས་སྐབས་(ལྟ་བུ་འཇིག་ རྟེན་སྣང་བའི་མངོན་ཤེས)ཐོབ་པའི་མངལ་ནི་ཕྱི་མ(དབུ་མའི་དབུགས་ཀྱི་ས་བོན་ཕྱེད་དང་བརྒྱད་པོ)འི་དབྱངས་ ཕྱེད་(ཧ་ཡིག་སྲོག་མེད)〈མུན་པ་མེད་པ〉ལ་འཇུག་གོ〈དབུགས་མ་འགགས་ན་གློ་བུར་དྲི་མའི་སྦུབས་ ལས་གྲོལ་བས་འཁོར་བར་གནས་སྐབས་བཞི་དང་སྐྱེ་འཆིའི་འཁོར་ལོ་བསྐོར་བ〉། ( དབུ་མར་སྲོག་ 4-1-427 གཡོ་མེད་གནས་པ་ན་མངོན་ཤེས་སྐྱེ་བ)དེའི་ཕྱིར་(མངལ་དུ་ཟླ་བ་བདུན་པ་ནས་སྲོག)〈སྐམ་པོ〉དེ་(སྔར་གྱི)〈ལམ་སྒྲིབ་ བྱེད་རྣམ་ཤེས〉མུན་པའི་གནས་སྐབས་〈རྣམ་ཤེས་ཤིན་ཏུ་རྣལ་འབྱོར་གྱི་མཚོན་གྱིས〉ཕྱེ་ནས་ (ལྟེ་བ་ནས་འཁོར་ལོ་དྲུག་གི)〈བདེ་གཤེགས〉སྙིང་པོ(དབུ་མར)ར་འཇུག་〈དགོངས〉ལ་(དེ་ལ་བརྟེན་ནས་མངོན་ ཤེས་ལྔ་སྐྱེའོ་དེ་དང་འདྲ་བར)མུན་པ་〈རྣམ་ཤེས〉དང་བྲལ་བ་(རླུང་)〈རངབྱུང་ཡེ་ཤེས〉ལྟེ་བའི་འཁོར་ལོ་ ལ་〈གཏན་དུ〉གནས་པ་(སྟེ་ལྟེ་བ་ནས་རླུང་དབུ་མར་ཞུགས་ཏེ་དབུ་མར་གཡོ་མེད་དུ་གནས་པ)〈དེ་ཐོབ་པར་བྱེད་ པའི་ཐབས〉ནི་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ལྡན་པ་གཅིག་པུ་སྟེ་(རྣལ་འབྱོར་དེས་)སྲོག་གི་རླུང་ (གཡོན་དང་གཡས་ཀྱི་རྩ་ལ་རྒྱུ་བ)བཀག་པའི་ཕྱིར་(རླུང་འཁོར་ལོ་དྲུག་གི)〈གློ་བུར་དྲི་མའི་སྦུབ་བསལ་ནས་ བདེ་གཤེགས〉སྙིང་པོ(དབུ་མ)འི་གནས་སྐབས་སུ་(རྟག་ཏུ་)སོང་བ་ཞེས་པ་ནི་(རྡོ་རྗེའི་)རྣལ་འབྱོར་པ་ རྣམས་ཀྱི་(ལམ་དུས་ཀྱི)རྣལ་འབྱོར་རྫོགས་〈ནས་བྲལ་འབྲས་ཆོས་སྐུ་ཐོབ〉པ(སྟེ་ཐོབ་པ)འོ། ༡༣༡ ། ༈ ད་ནི་སྐྱེས་པའི་བྱིས་པ་རྣམས་ཀྱི་(ཟླ་ཉིའི་)ཆ་ཉམས་པ་ལ་སོགས་པ་གསུངས་པ་ཟླ་བ་ དམན་ཞེས་པ་ལ་སོགས་པ་སྟེ་འདིར་ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ནང་ལའོ། །(ཕྱི་རོལ་ལ) ཉིན་ཞག་སོ་སོར་ཟླ་བའི་〔ཆ་〕ཚེས་〈ཞག་〉(རེ་རེའི་ལོངས་སྤྱོད་)ནི་ཆུ་ཚོད་དྲུག་ཅུར་མི་འགྱུར་ཏེ་(རགས་ པར་ན་)ཆུ་ཚོད་གཅིག་(དང་ཞིབ་མོར་ན་རྐང་པ་དང་བཅས་པའི་ཆུ་སྲང་ང་དྲུག་)གིས་དམན་ཞིང་དེ་ཡང་ནང་ དུ་ཁུ་བའི་(ཆ་ཉམས་པ)འོ། །ཉི་མར་ལྷག་གང་ཞེས་པ་ནི་ཉི་མའི་(ཚེས་ཞག་གི་)ལོངས་སྤྱོད་ལ་(ཁྱིམ་ ཞག་གི་ལོངས་སྤྱོད་དུ་མ་ལོངས་པའི་ཆ་ཆད་པས་ཆ་དེ་ཉི་མས་སྤྱོད་པ་ལ་ཚེས་རེ་ལས་ལྷག་པ་)〈ཟླ་བའི་བུ་ལོན་ཉིས་ འགྱུར་གྱིས་དམན་པ〉སྟེ་(དེ་ཡང་)ནང་གི་ལེའུ་ལས་སྔར་བརྗོད་པའི་(ཉི་མས་ཁྱིམ་རེ་སྤྱོད་པ་ཟླ་བ་རེ་ དང་རགས་པར་ན་ཉིན་ཞག་རེ་དགོས་པའི་དབང་དུ་བྱས་པའི་ཞག་རེ་ལ)〈ཚུལ་གྱིས་རགས་པར་ན〉ཆུ་ཚོད་གཉིས་ 〈དང་ཞིབ་མོར་ན་ཆུ་སྲང་ཕྱེད་དང་བཅས་པའི་བརྒྱ་བཅུ་གཉིས〉སོ། །ཁྱབ་བདག་ཅེས་པ་ནི་ (དོན་དམ་)བྱང་ཆུབ་ཀྱི་སེམས་ཏེ་དེའི་མཆོག་གི་ཆ་ཡེ་ཤེས་ཀྱི་ཆོས་ཅན་མ་ནི་ཟླ་བའི་ཆ་ཉམས་ པའོ(ཞེས་པ་ཟླ་བའི་ཆ་ཉམས་པའི་ཡེ་ཤེས་ཀྱི་ཆ་དེ་དོན་དམ་བྱང་ཆུབ་སེམས་ཀྱི་ཡེ་ཤེས་ཀྱི་ཆ་ལ་སྦྱར་བའོ)། །རྣམ་པར་ 4-1-428 ཤེས་པའི་ཆོས་ཅན་མ་ནི་ཉི་མའི་ལོངས་སྤྱོད་ཉམས་པའོ(ཞེས་པ་ཉི་མའི་ལོངས་སྤྱོད་ཉམས་པའི་ཡེ་ཤེས་ཀྱི་ ཆ་དེ་དོན་དམ་བྱང་སེམས་ཀྱི་རྣམ་ཤེས་ཀྱི་ཆ་ལ་སྦྱར་བའོ)། 〈ཟླ་ཉིའི་བུ་ལོན〉། (ཟླ་བ་ཆ་ཉམས་པའི་དང་ཉི་མའི་ལོངས་སྤྱོད་ ཉམས་པའི་ཡེ་ཤེས་ཀྱི་ཆ་)དེ་(འཁོར་ལོ་སྡོམ་པའི་ལྷ་ལ་སྦྱོར་བའི་སྐབས)འདིར་ནི་ཐུན་མཚམས་བཞི་ལ་སྟེ་ཐུན་ དང་ཐུན་ལ་ཉིན་དང་མཚན་མོའི་དབང་གིས་བགྲོད་ཅིང་དུས་སྦྱོར་ཕྱེད་པའི་རབ་ཏུ་དབྱེ་བ་ ཡིས། །སུམ་ཅུ་རྩ་དྲུག་དུས་ཀྱི་ཕོ་ཉ་ཞེས་པའི་ནི་འཁོར་ལོ་གསུམ་གྱི་སྡོམ་པའི་མཁའ་འགྲོ་ མ་རྣམས་ཏེ་དེ་རྣམས་(སྙིང་པོའི་རྣལ་འབྱོར་ལ་བཞི་གཙོ་བོའི་ཡུམ་དུ་འགྲོ་བའི་)རིགས་ལྡན་མའི་སྦྱོར་བ་ལ་ ཐུན་མཚམས་(བཞིའི་)ཀྱི་དབྱེ་བ་དང་(སྒོ་མཚམས་མ་བརྒྱད་གཙོ་བོའི་ཡུམ་དུ་འགྲོ་བ་ལ་)ཐུན་ཚོད་(བརྒྱད་)ཀྱི་ དབྱེ་བ་དང་(འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་རྣམས་)དུས་སྦྱོར་ཕྱེད་པ(ཉེར་བཞི)འི་དབྱེ་བས་(གནས་གཞན་ རྣམས་སུ་)ཡང་དག་པར་རྒྱུའོ། །ཕྱི་རོལ་ཏུ་ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པ་དང་ བདག་པོ་ཉིད་ཇི་ལྟ་བ་དེ་བཞིན་དུ་ནང་དུ་སྟེ་(ཕྱི་རོལ་ཏུ་)ཉི་མ་འཆར་བའི་དབྱེ་བ་དང་(ནང་དུ་) སྲོག་འབྱུང་བའི་དབྱེ་བས་སོ། ། ༈ འདིར་ཕྱི་རོལ་ཏུ་གླིང་བཞི་རྣམས་ལས་གང་དུ་ཉི་མ་འཆར་བ་དེར་ལོངས་སྤྱོད་པ་ དང་གང་དུ་མཚན་མོ་ཕྱེད་པ་དེར་ཐིམ་པ་དང་གང་དུ་ཉིན་མོ་ཕྱེད་པ་དེར་དབང་བྱེད་པ་དང་ གང་དུ་ཉི་མ་ནུབ་པ་དེར་བདག་པོའོ། །(དེ་ནས་)རིགས་ལྡན་མ་མཚན་མོ་རབ་ཏུ་ཞུགས་པ་(ཉི་ མ་ནུབ་པ)ནས་མཚན་ཕྱེད་ཀྱི་བར་ནི་རྣལ་འབྱོར་པ〈དང་རྣལ་འབྱོར་མ〉འི་(དམ་ཚིག་གི་མཆོད་སྟོན་ལ) ལོངས་སྤྱོད་དོ། །ཉི་མ་ཤར་ནས་ཉི་མ་གུང་གི་པར་ནི་དགེ་སློང་རྣམས་ཀྱི་(དུས་རུང་གི་མཆོད་སྟོན་ལ་)ལོངས་སྤྱོད་དེ་ཉིན་མོའི་དུས་སུའོ། །དེས་ན་ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་ རབ་ལོངས་སྤྱོད་སླད། །ཅེས་པ་ངེས་པའོ། །དེས་ན་ཉི་མ་ཤར་ནས་ཉི་མ་གུང་གི་པར་དུ་དགེ་ སློང་རྣམས་ཀྱིས་ཤ་དང་བྲལ་བའི་ཟས་(དུས་སུ་རུང་བ་)བཟའ་བར་བྱའོ། །ཉི་མ་ནུབ་ནས་ནམ་ ཕྱེད་ཀྱི་བར་དུ་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱིས་(བདུད་རྩི་ལྔ་ལ་སོགས་པའི་)དམ་ཚིག་ 4-1-429 གི་མཆོད་སྟོན་བྱའོ། །དེ་(གཉིས་)ལས་འདས་ནས་(རིམ་པ་ལྟར་)ཉན་ཐོས་དང་སྔགས་པའི་སྡོམ་ པ་ཉམས་པ་སྟེ་དེ་ཉམས་པའི་ཕྱིར་(ཉན་ཐོས་ཀྱི་)རྫུ་འཕྲུལ་དང་(སྔགས་པའི་)དངོས་གྲུབ་ཉམས་སོ། ། དེ་ལྟར་ཐུན་མཚམས་ཀྱི་དབྱེ་བས་(སྙིང་པོའི་)རྣལ་འབྱོར་མ་བཞི་པོ་རྣམས་ཀྱི་(རྡོ་རྗེ་མཁའ་འགྲོ་མ་ གཙོ་བོའི་པད་མའི་ཤར་གྱི་འདབ་མ་བདག་གི་གདན་ལ་གནས་པའི་ཚེ་བདག་གི་གདན་ལ་)ལོངས་སྤྱོད་པ་དང་(དེས་ཚེ་ ལྷོའི་འདབ་མ་གཞན་གྱི་གདན་ལ)ཐིམ་པ་(དང་)ལ་སོགས་པ་(བྱང་གི་འདབ་མ་དེ་ཁོ་ན་ཉིད་ཀྱི་གདན་ལ་དབང་བྱེད་ པ་དང་ནུབ་ཀྱི་འདབ་མ་སྔགས་ཀྱི་གདན་ལ་བདག་པོ་ཉིད་དུ་འགྱུར་བ་)ཇི་ལྟ་བ་དེ་བཞིན་དུ་ཐུན་ཚོད་(བརྒྱད་)ཀྱི་ དབྱེ་བས་དུར་ཁྲོད་ཀྱི་རྣལ་འབྱོར་མ་བརྒྱད་པོ་རྣམས་ཀྱི་(ལོངས་སྤྱོད་པ་ལ་སོགས་པ་)སྟེ་མཚན་མོ་ ཕྱེད་ནས་ཉི་མ་གུང་གི་བར་དུ་ལུགས་དང་མཐུན་པ(གཡས་སྐོར་གྱི)ས་ཤར་དང་ལྷོ་དང་ནུབ་དང་ བྱང་རྣམས་སུ་ཐུན་ཚོད་བཞིའི་དབྱེ་བ་རྣམས་ལ་ཡང་དག་པར་རྒྱུའོ། །ཉི་མ་གུང་ནས་མཚན་ མོ་ཕྱེད་ཀྱི་མཐར་ཐུག་པར་ལུགས་དང་མི་མཐུན་པ(གཡོན་སྐོར་གྱི)ས་དབང་ལྡན་དང་རླུང་དང་ བདེན་བྲལ་དང་མིའི་ཕྱོགས་རྣམས་སུ་(ཐུན་ཚོད་བཞིའི་དབྱེ་བས་རྒྱུ)འོ། །དེ་བཞིན་དུ་དུས་སྦྱོར་ཕྱེད་ པའི་དབྱེ་བ་སྟེ་(དེ་ཡང་)ཐུགས་ཀྱི་འཁོར་ལོ་ལ་སྡིག་པ་དང་གཞུའི་དུས་སྦྱོར་ཕྱེད་པའི་དབྱེ་བས་ བཞི་པོ་རྣམས་གཡས་བསྐོར་ཀྱིས་(ཕྱོགས་བཞིར་)ཡང་དག་པར་རྒྱུ་ཞིང་ཆུ་སྲིན་དང་བུམ་པ་ལ་ (དུས་སྦྱོར་ཕྱེད་པའི་དབྱེ་བས་མཚམས་བཞིར་)གཡོན་སྐོར་གྱིས་སོ། །དེ་བཞིན་དུ་གསུང་གི་འཁོར་ལོ་ ལ་(ཕྱོགས་བཞིར་)ཉ་དང་ལུག་དང་(མཚམས་བཞིར་)གླང་དང་འཁྲིག་པའི་ཕྱེད་ཀྱི་དབྱེ་བས་སོ། །དེ་ བཞིན་དུ་སྐུའི་འཁོར་ལོ་ལ་(ཕྱོགས་བཞིར་)ཀར་ཀ་ཊ་དང་སེང་གེ་དང་(མཚམས་བཞིར་)བུ་མོ་དང་ སྲང་གི་དབྱེ་བས་ཡང་དག་པར་རྒྱུའོ། །སྲོག་གི་དབྱེ་བས་ཕོ་ཉ་མོ་སུམ་ཅུ་རྩ་དྲུག་གི་ཡང་ དག་པར་རྒྱུ་བ་སྟེ་དེ་རྣམས་ཀྱང་(དུས་ལ་དབང་བྱེད་པས་)དུས་ཀྱི་ཕོ་ཉ་མོའོ། །དེ་བཞིན་དུ་འཁོར་ ལོ་སྡོམ་པ་ལས་གསུངས་པ། །དབུ་མ་མཆོག་གི་དབུགས་དང་ནི། །དྲི་དང་ཆུ་དང་ལྡན་པ་ ཡིས། །རིགས་ལྡན་མ་ནི་རྟག་མཆོད་བྱ། །ཁྱད་པར་དུས་ལ་ཕོ་ཉ་མོ། །ཞེས་པ་ལ་འདིར་(ཤིན་ 4-1-430 ཏུ་རྣལ་འབྱོར་ཐབས་ཀྱིས་)བཤང་བ་དང་གཅི་བ་དང་ཟླ་བ་དང་ཉི་མའི་རྩ་འགོག་པ་དང་(དེ་འགྲུབ་པ་) མཆོག་ཏུ་མི་འགྱུར་བའི་བདེ་བས་རིགས་ལྡན་མ་སྟེ་རྡོ་རྗེ་ཕག་(ཨ་བ་དྷུཏཱི་)མོ་མཆོད་པར་བྱ་ཞིང་ བརྗོད་པའི་ཁྱད་པར་གྱི་དུས་ཀྱི་ཕོ་ཉ་མོ་སུམ་ཅུ་རྩ་དྲུག་རྣམས་(གོ་གི་ལ་སོགས་པས་)མཆོད་པར་ བྱ་སྟེ་སྲོག་ཡང་དག་པར་རྒྱུ་བས་ཕྱི་རོལ་(གྱི་མཆོད་པ་)དང་(སྲོག་འགོག་པས་)ནང་〈ངེས་དོན〉དུ〔ངེས་ དོན་གྱི་མཆོད་པ〕འོ། ། ༈ (ཕོ་ཉ་མོ་སུམ་ཅུ་རྩ་དྲུག་གི་གནས་ལུས་ལ་སྦྱར་བ་ནི་)འདིར་〈ལུས་ཀྱི〉ལྟེ་བའི་འཁོར་ལོའི་ཟླུམ་སྐོར་ དང་པོ་ལ་འདབ་མ་བཞི་སྟེ་དེ་རྣམས་ལས་(ཤར་གྱི་འདབ་མ་ནི་ལུས་ལ་སྙིང་ཁའི་འཁོར་ལོ་དང་གནད་གཅིག་ ཅིང་བདག་ནི་སེམས་ཡིན་ལ་དེའི་རྟེན་སྙིང་ཁ་ཡིན་པས་སྙིང་ཁ་ནི་བདག་གི་གདན་ཡིན་པ་ལྟར་དེ་དང་གནད་གཅིག་པའི) ཤར་གྱི་འདབ་མ་ནི་བདག་གི་གདན་དང་(ལྷོའི་འདབ་མ་དང་མགྲིན་པའི་འཁོར་གནད་གཅིག་ཅིང་མགྲིན་པར་ གཞན་རོ་དྲུག་ལོངས་སྤྱོད་པར་བྱེད་པས་མགྲིན་པ་ནི་གཞན་གྱི་གདན་ཡིན་པ་ལྟར་དེ་དང་གནད་གཅིག་པའི་)ལྷོ(འི་འདབ་མ་)ནི་གཞན་གྱི་གདན་དང་(ནུབ་ཀྱི་འདབ་མ་དང་ལྟེ་བའི་འཁོར་ལོ་གནད་ཅིག་ཅིང་ལྟེ་བར་ལྷན་ཅིག་སྐྱེས་པའི་བདེ་བ་ སྐྱེད་པར་བྱེད་པས་གསང་བ་སྔགས་ཀྱི་གདན་ཡིན་པ་ལྟར་དེ་དང་གནད་གཅིག་པའི་)ནུབ་(ཀྱི་འདབ་མ་)ནི་སྔགས་ཀྱི་ གདན་དང་(སྤྱི་བོ་དང་བྱང་གི་འདབ་མ་གནད་གཅིག་ཅིང་སྤྱི་བོར་ཐབས་ཤེས་རབ་རོ་གཅིག་པས་དེ་ཁོ་ན་ཉིད་ཀྱི་གདན་ ཡིན་པ་ལྟར་དེ་དང་གནད་གཅིག་པའི་)བྱང་(གི་འདབ་མ་)ནི་དེ་ཁོ་ན་ཉིད་ཀྱི་གདན་ནོ(ཡང་ན་འཛིན་པར་བྱེད་པའི་ སེམས་ཐབས་ནི་བདག་གི་གདན་དང་གཟུང་བར་བྱ་བ་ཤེས་རབ་ནི་གཞན་གྱི་གདན་དང་དེ་དག་གཉིས་མེད་དུ་སྦྱོར་བ་ནི་རྒྱུད་ གཞན་དུ་སྦྱོར་བའི་གདན་ཞེས་འབྱུང་ལ་འདིར་སྔགས་ཀྱི་གདན་དང་གདན་སྔ་མ་གཉིས་ལས་སྐྱེས་པ་བདག་གཞན་གྱི་རྣམ་རྟོག་ དང་བྲལ་བའི་ལྷན་སྐྱེས་ཡེ་ཤེས་ནི་དེ་ཁོ་ན་ཉིད་ཀྱི་གདན་ཞེས་བཤད་པ་ཡང་ཡོད་དོ)། །དེ་བཞིན་དུ་ཁའི་སྒོ་ནི་རྩེ་ མོས་འབིགས་པའི་དུར་ཁྲོད་དེ་ཤར་དུའོ། །སྣ་བུག་གཡས་པ་ནི་རོ་སྲེག་པ་སྟེ་ལྷོར་རོ། །ཐུར་ སེལ་གྱི་སྒོ་ནི་རྣག་གི་དྲི་སྟེ་ནུབ་ཏུའོ། །སྣ་བུག་གཡོན་པ་ནི་རུལ་པ་སྟེ་བྱང་དུའོ། །དེ་བཞིན་ དུ་རྣ་བ་གཡོན་པ་ནི་བྱིས་པ་ཤི་བ་སྟེ་དབང་ལྡན་དུའོ། །རྣ་བ་གཡས་པ་ནི་དྲག་པོའི་གཡུལ་ཏེ་ 4-1-431 བདེན་བྲལ་དུའོ། །མིག་གཡས་པ་ནི་སྦྲུལ་གྱིས་ཟོས་པ་སྟེ་རླུང་དུའོ(བདེ་མཆོག་བསྟོད་འགྲེལ་དུ། རྣ་ བ་གཡས་དང་མིག་གཡས་ཀྱི་དུར་ཁྲོད་འདི་ལས་གོ་བཟློག་ཏུ་སྦྱར་བ་ནི་འདམ་ཀ་ཅན་དུ་དགོངས་པས་སྐྱོན་མེད་དོ)། །མིག་ གཡོན་པ་ནི་ལྷག་མ་ཅན་ཏེ་མེར་རོ། །དེ་བཞིན་དུ་སྙིང་ཁའི་འཁོར་ལོར་རྩ་བརྒྱད་པོ་རྣམས་ ཀྱི་མིང་སྟེ་ཤར་གྱི་རྩ་སྣར་མ་ནི་པཱུརྞྞ་གི་རི་དང་ལྷོའི་རྩ་དམར་སེར་ནི་ཛཱ་ལཱན་དྷ་ར་དང་ནུབ་ ཀྱི་རྩ་རྒྱལ་བ་ནི་ཨོ་ཊྚི་ཡ་ན་དང་བྱང་གི་རྩ་ཨི་ཊཱ་ནི་ཨར་བུ་ད་སྟེ་ཕྱོགས་རྣམས་སུ(གནས་བཞི) འོ། །དེ་བཞིན་དུ་ཕྱོགས་བྲལ་རྣམས་སུ(ཉེ་བའི་གནས་བཞི)འོ། །དེ་བཞིན་དུ་ཕྱོགས་བྲལ་རྣམས་ སུ་སྟེ་དབང་ལྡན་དུ་ཀུ་ཧཱ་ནི་གོ་དྷ་ཝ་རི་དང་རླུང་དུ་ཨ་ལང་བུ་ཥཱ་ནི་རཱ་མེ་ཤྭ་ར་དང་བདེན་བྲལ་ དུ་པཱུ་ཥ་ནི་དེ་པཱི་ཀོ་ཊ་དང་མེར་གླང་པོ་ཆེའི་ལྕེ་ནི་མཱ་ལ་ཝ་ཀའོ། །དེ་བཞིན་དུ་མགྲིན་པའི་ འཁོར་ལོའི་ཟླུམ་སྐོར་དང་པོ་ལ་(གནས་པའི་)རྩ་བརྒྱད་པོ་རྣམས་ནི་(ཀ་མ་རུ་པ་དང་ཨུ་ཏྲི་)ཞིང་(དང་ཏྲི་ ཤ་ཀུ་ནེ་དང་ཀོ་ས་ལ་)ཉེ་བའི་ཞིང་དང་(ཀ་ལིང་ཀ་དང་ལམ་བྷ་ཀ་)ཚན་དོ་(ཀན་ཙི་དང་ཧི་མ་ལ་ཡ་)ཧ་དང་ཉེ་བའི་ ཚན་དོ་ཧ(སྟེ་དེ)འི་མིང་(དེ་)རྣམས་ཀྱིས་ཤེས་པར་བྱའོ། །དེ་བཞིན་དུ་དཔྲལ་བའི་ཟླུམ་སྐོར་ དང་པོ་ལ་ཡང་(གནས་པའི་)རྩ་བརྒྱད་པོ་རྣམས་(པྲེ་ཏ་པུ་རི་དང་གྲི་བ་དེ་བ་)ནི་འདུས་པ་དང་(སཽ་ར་ཥཊ་ དང་སུ་ཝར་ཎ་ཏྲི་པ་)ཉེ་བའི་འདུས་པ་དང་ན་ག་ར་དང་(སིན་དྷུ་)དུར་ཁྲོད་དང་(མ་རུ་དང་ཀུ་ལཾ་ཏ་)ཉེ་བའི་ དུར་ཁྲོད་(དེ་དག་)ཀྱི་མིང་(ཏེ་)རྣམས་ཀྱིས་རིག་པར་བྱའོ། །ཞེས་པ་ནི་འཁོར་ལོ་སྡོམ་པའི་ངེས་ པའོ། །འདི་རྣམས་ཀྱི་(ལྷའི་)ས་བོན་མཐར་གནས་ཡ་ར་ལ་ཝ་རྣམས་སྐུའི་འཁོར་ལོའི་ཤར་ལ་ སོགས་པའི་ཕྱོགས་རྣམས་སུ(གཡས་སྐོར་དུ་)འོ། །དེ་བཞིན་དུ་ཝཱ་ལཱ་རཱ་ཡཱ་ཞེས་པ་ནི་དབང་ལྡན་ ལ་སོགས་པའི་ཕྱོགས་བྲལ་རྣམས་སུ་(གཡོན་སྐོར་དུ་)འོ། །ཧ་ཧཱ་ཧཾ་ཧཿནི་(གྲངས་བཞིན་དུ་)མེ་དང་རླུང་ དང་དབང་ལྡན་དང་བདེན་བྲལ་གྱི་དུར་ཁྲོད་རྣམས་སུའོ། །དེ་བཞིན་དུ་ཨེ་ཨར་ཨལ་ཨོ་ནི་ གསུང་གི་འཁོར་ལོའི་ཕྱོགས་རྣམས་སུའོ། །ཨཽ་ཨཱལ་ཨཱར་ཨཻ་ནི་ཕྱོགས་བྲལ་རྣམས་སུའོ། །ཨ་ ཨཱ་ཨཾ་ཨཿནི་ཤར་དང་ནུབ་དང་བྱང་དང་ལྷོའི་དུར་ཁྲོད་རྣམས་སུའོ། །ཨི་རྀ་ལྀ་ཨུ་ནི་ 4-1-432 ཐུགས་ཀྱི་འཁོར་ལོའི་ཕྱོགས་རྣམས་སུའོ། །ཨཱུ་ལཱྀ་རཱྀ་ཨཱི་ཞེས་པ་ནི་ཕྱོགས་ བྲལ་རྣམས་སུའོ། །སྙིང་པོའི་པད་མའི་འདབ་མ་ལ་ཨ་ཨཱ་ནི་ཤར་དང་ནུབ་ཏུའོ། །ཨཾ་ཨཿནི་ བྱང་དང་ལྷོ་རུ་སྟེ་ཕྱག་བཅུ་གཉིས་པ(འི་དཀྱིལ་འཁོར་)ལའོ། ། ༈ དེ་བཞིན་དུ་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་(འཁོར་བའི་སེམས་ཀྱི་རང་བཞིན་དང་ དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་བཞུགས་པའི་ཚུལ)〈ལུས་ལ་ཡེ་ཤེས་ཆེན་པོ་བཞུགས་ཚུལ་ཏེ་དྲི་མས་སྒྲིབ་ ཚུལ་དང་སྒྲིབ་བྱེད་དེ་བསལ་བའི་ཐབས་ལ་སོགས་པ་〉གསུངས་པ(ཀུན་རྫོབ་ཀྱི)། །ཡེ་ཤེས་(དང་) 〈འཛིན་པའི་སེམས་ཐབས་དང་〉རྣམ་ཤེས་(ཐབས་ཤེས་ཀྱི་ཚུལ་དུ)〈གཟུང་བའི་སེམས་ཤེས〉སྦྱོར་བ་ ལས། །(སེམས་ཅན་རྣམས་ཀྱི)ལྟེ་བའི་དབུས་ན་གནས་པའི་སེམས〈རང་བཞིན་འོད་གསལ་བདེ་ གཤེགས་སྙིང་པོ〉། །(ཀུན་གཞིའི་རྣམ་པར་ཤེས་པ་ནི་)སྲོག་གི་ཡོན་ཏན་(ཟླ་བའི་ལྔ་དང་ཉི་མའི་གསུམ་སྟེ་)བརྒྱད་ ཀྱིས་བཅིངས(པ་ལྟ་བུར་གནས་ཏེ)〈པས〉། །(ཀུན་གཞིའི་རྣམ་ཤེས་)བདག་(ཉིད་ལས་བདག་ཉིད་བཅིངས་བ་)སྐྱེས་ (པའི་རྣམ་རྟོག)〈སེམས་ཅན〉རྣམས་ཀྱིས་(ནི་)དར་(གྱི)〈རང་བཅིང་པ〉སྲིན་(བུ་)བཞིན(ནོ)། །སད་(པ་) དང་རྨི་ལམ་(དང་ཤིན་ཏུ་)གཉིད་ལོག་(པའི་གནས་)སྐབས། །རྣམ་(པ་)གསུམ་(ནི)〈གྱི〉ཡེ་ཤེས་(ཀྱི་)དབྱེ་ བ་ལས། །སྲོག་ཆགས་རྣམས་ཀྱི་(ཀུན་གཞིའི་རྣམ་ཤེས་ནི་)ཞལ་གསུམ་(གྱི་)སེམས(དང་)། །བཞི་པའི་ (གནས་སྐབས་ཀྱི་)དུས་ལས་(བཞི་པའི་སེམས་དང་བཅས་པ་)ཞལ་བཞིའོ། །དེ་བཞིན་(དུ་)〈དུ་ཡེ་ཤེས〉རྣམ་ ཤེས་སྦྱོར་བ་ཡིས། །(གཟུགས་སོགས་)ལྔ་〔ཆོས་ཀྱི་ཁམས་དང་བཅས་པ་〕དྲུག་(གི་)ཡུལ་གྱི་བདག་ ཉིད་ཅན། །(རྣམ་ཤེས་ལྔ་དང་དྲུག་གི་)〈དོན་དམ་བྱང་ཆུབ〉སེམས་(ཀུན་གཞིའི་རྣམ་ཤེས་)ནི་ཞལ་ལྔ་ (པ་དང་)ཞལ་དྲུག་པ(སྟེ་འཁོར་བའི་སེམས་ཀྱི་དབྱེ་བའོ)། 〈སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ཐིག་ལེ་སྟོང་པ་ འགྱུར་མེད་དྲུག་སྟེ〉། (དེ་ལྟ་བུའི་གློ་བུར་དྲི་མའི)སེམས་མིན་(པ་གློ་བུར་དྲི་མའི་སེམས་ཀྱི་དབུས་ན་གནས་པའི་རྣམ་ པར་དག་པའི་སེམས་ནི་རྣལ་འབྱོར་པས་)སེམས་སུ་བཟུང་(བར་)བྱ་(དེ)སྟེ། 〈ཞེས་པ་ཀུན་རྫོབ་ལ་འགལ་ ཡང་དོན་དམ་ལ་མི་འགལ་བ〉། (རྣམ་པར་དག་པའི་སེམས་དེ་ཡང་ཇི་ལྟར་གནས་ན་སེམས་ཅན་གྱི་)ལྟེ་བའི་ 4-1-433 དབུག་(ན་)གནས་(པའི་)ཐིག་ལེ་(དཀར་པོ་)དང༌། །ཚེག་དྲག་(བྱང་སེམས་དམར་པོ་)〈དམར་པོ〉དེ་དག་ཁ་ སྦྱོར་ལ། །〈རིམ་པ་ལྟར〉ཡེ་ཤེས་(ཤེས་རབ་སྟོང་གཟུགས་དང་)རྣམ་ཤེས་(ཐབ་ལྷན་སྐྱེས་བདེ་བ་དབྱེར་མེད་དུུ་) སྦྱོར་བ་ཡིས། །(དོན་དམ་)བྱང་ཆུབ་(ཀྱི་)སེམས་(ཡེ་ཤེས་ཆེན་པོ་)ནི་〈ལུས་ལ〉རྣམ་པར་གནས(ཏེ་དོན་ དམ་བྱང་ཆུབ་ཀྱི་སེམས་དེ་ཡང་ཞལ་བཞི་དང་ལྔ་དང་དྲུག་གི་བདག་ཉིད་དུ་བཞུགས་སོ)། །(འཁོར་ལོ་གསུམ་གྱི་སྡོམ་པར་ནི) སྲོག་(རླུང་)རྒྱུ(བ)འི་དབྱེ་བས་ཐུན་མཚམས་(བཞི་)དང༌། 〈ཀུན་རྫོབ་ཏུ་ནི〉། ཐུན་(ཚོད་བརྒྱད)དང་དུས་ སྦྱོར་ཕྱེད་(པ་ཉེར་བཞི་)རྣམས་ལ། །སུམ་ཅུ་རྩ་དྲུག་(དུས་ཀྱིས་)ཕོ་ཉ་མོ(ཡིན་ནོ་ཞེས)། 〈རྒྱུ་བ་ཡིན་ཡང་ ལྷ་མོའི་མང་གིས〉། བྱིས་པ་(སྔགས་ཀྱི་ཐེག་པ་ལ་)རྣམས་ནི་གཞུག་ཕྱིར་གསུངས་(སོ་)ཞེས་པ་སྟེ་རེ་ ཞིག་(ཀུན་རྫོབ་ཏུ་)རྩ་གསུམ་ཅུ་རྩ་དྲུག་པོ་འདི་རྣམས་ལ་སྲོག་འབབ་པ་ལས་དུས་ཀྱི་ཕོ་ཉ་མོ་སྟེ་ (བྱིས་པ་རྣམས་ཀྱི་)ལུས་ཟད་པར་བྱེད་པ་རྣམས་སོ། །དེའི་ཕྱིར་(རྩ་)དེ་རྣམས་སུ་འགྲོ་བའི་སྲོག་(ཡན་ ལག་དྲུག་གི་རྣལ་འབྱོར་གྱིས་)དགག་པར་བྱའོ། །ཞེས་པ་ནི་ངེས་པའི་དོན་དོ། ། ༈ ད་ནི་གསང་བའི་(འཁོར་ལོའི་)རྩ་བྱང་ཆུབ་ཀྱི་སེམས་འབབ་པ་སུམ་ཅུ་རྩ་གཉིས་ གསུངས་པ་ཉིས་འགྱུར་མི་བདག་ཅེས་པ་ལ་སོགས་པ་སྟེ་འདིར་ཉིས་འགྱུར་མི་བདག་ཅེས་ པ་ནི་སུམ་ཅུུ་རྩ་གཉིས་ཏེ་གསང་བའི་འཁོར་ལོ་ལ་ཡེ་ཤེས་ཀྱི་(རིགས་ཀྱི་)དབྱེ་བས་གནས་ པ་རྣམས་སོ། །དེ་རྣམས་ལས་བཅུ་དྲུག་ནི་ཆགས་པའི་ཕྱོགས་དཀར་པོ་ལ་〔ཟླ་བའི་〕ཆའི་ དབྱེ་བས་གནས་སོ། །བཅུ་དྲུག་ནི་ཆགས་བྲལ་གྱི་དབྱེ་བས་ནག་པོའི་ཕྱོགས་ལ་སྟེ་ཟླ་བའི་ ཆ་ཉམས་པའི་དབྱེ་བས་སྔར་བརྗོད་དོ། །དེ་བཞིན་དུ་ཀྱེའི་རྡོ་རྗེ་ལས། མི་ཕྱེད་མ་དང་ཕྲ་ གཟུགས་མ། །མཛེས་མ་གཡོན་པ་ཐུང་ངུ་མ། །ཞེས་པ་ལ་སོགས་པ་རྩ་གསུམ་ཅུ་རྩ་གཉིས་ ནི་རྟེན་དུ་གྱུར་པའོ། །(རྩ་བའི་གྲངས་)འདི་སྙེད་ཀྱི་〈ལྷ་དོན་དམ་གྱི〉མཁའ་འགྲོ་མ་རྣམས་རྟེན་པའི་ ཆོས་ཅན་མ་〈བཞུགས་པ〉སྟེ་(མཁའ་འགྲོ་མ་ནི་འདིར་རེ་ཞིག་)〈དེ་གང་གིས་མངོན་སུམ་དུ་གྱུར་ན་ཤིན་ ཏུ་རྣལ་འབྱོར་གྱི་སྲོག〉ཐུར་སེལ་གྱི་རླུང་དང་ཡང་དག་པར་སྦྱོར་བ་ལས་(སྟེ་རྩ་སུམ་ཅུ་རྩ་གཉིས་ 4-1-434 པོ་ལ་རྒྱུ་བའི་རླུང་རྣམས་ལ་མཁའ་འགྲོ་མར་བཏགས་པ་ལས་)སོ། 〈དོན་དམ་གྱི་ལྷ〉། (མཁའ་འགྲོ་མ་)འདི་རྣམས་ ཀྱིས་(ཡོངས་སུ་བསྐོར་བའི་ཁྱབ་བྱེད་གཙོ་བོ་བཅས་པ་ལྷ་)〈ཁྱབ་བྱེད་གཙོ་བོ་དང་བཅས་པ་ཉིད་〉སུམ་ཅུ་རྩ་ གསུམ་གྱི་བདག་ཉིད་ཧེ་རུ་ཀའམ་(གསང་བ)འདུས་པར་འགྱུར་ཏེ་གསང་བའི་(འཁོར་ལོ་ལ་སྦྱོར་བའི་)རྒྱུད་ཀྱི་ཕྱིར་རོ། །(སོ་གཉིས་པོ་)དེའི་ཉིས་འགྱུར་ནི་(ལྟེ་བ་)སྤྲུལ་བའི་འཁོར་ལོ་ལ་རྣལ་འབྱོར་མ་ དྲུག་ཅུ་རྩ་བཞིའི་བདག་ཉིད་ཀྱི་འཁོར་ལོ་སྟེ་(སྲོག་གི་)དཀྱིལ་འཁོར་ལྔ་འབབ་པར་བྱེད་པ(སྟེ་ དཀྱིལ་འཁོར་དྲུག་ཅུ་སྟོང་པའི་རྩ་འདབ་བཞི་འབབ་པ་དང་བཅས་པ་ལ་རྣལ་འབྱོར་མར་བྱས་པ)〈དྲུག་ཅུ་དང་སྟོང་པ་ བཞི་རྣམས་ལ་བཞུགས་པ〉འོ། །གཟའ་རྣམས་ཀྱི་ཡང་བརྒྱད་ཀྱི་དབྱེ་བ་ལ་སྟེ་སླར་ཡང་སྙིང་ ཁའི་པད་མར་གཟའི་རྩ་(སངས་རྒྱས་ལ་རྒྱུ་བའི་རླུང་ནི)〈བརྒྱད་ལ་བཞུགས་པ〉གཽ་རཱི་ལ་སོགས་པ་(ཀྱེའི་ རྡོ་རྗེའི་ཡུམ)བརྒྱད་དོ། །དཔྲལ་བར་(རྩ་འདབ་བཅུ་དྲུག་ལ་རྒྱུ་བའི་རླུང་ནི)〈བཞུགས་པ་བཅུ་དྲུག་ནི〉བདག་ མེད་མ་ལ་སོགས་པ་(ལྷ་མོ་བཅོ་ལྔ་སྟེ་ཧེ་རུ་ཀ་དང་ལྷན་ཅིག་གཙུག་ཏོར་གྱི་རྩ་འདབ་བཞི་ལ་རྒྱུ་བའི་རླུང་ནི་)བཅུ་དྲུག་ གོ(གཙོ་བོ་དང་བཅས་པ་མ་ཧ་མ་ཡའི་ལྔའོ)། དེ་བཞིན་དུ་དུ་མའི་ཚིགས་ཀྱི་ཕྱོགས་ལ་ཞེས་པ་སུམ་བརྒྱ་ དྲུག་ཅུའི་ཚིགས་ཀྱི་ཕྱོགས་ལ་ལོའི་ཉིན་ཞག་གི་གྲངས་ཀྱི་རྩ་རྣམས་ཏེ་དེ་རྣམས་〈ལ་བཞུགས་ པ་དེ་རྣམས〉ཀྱི་རྟེན་པར་གྱུར་པ〈དོན་དམ་པ〉འི་(རླུང་ནི)རྣལ་འབྱོར་མ་(སུམ་བརྒྱ་དྲུག་ཅུ་)རྣམས་ སོ། །དེ་ལྟར་(ཏེ་དེ་བཞིན་དུ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་རྒྱུ་བའི་རླུང་)〈རྩ་དང་〉རྣལ་འབྱོར་མ་སྟོང་ཕྲག་ བདུན་ཅུ་རྩ་གཉིས་པོ་རྣམས་ཀྱི་རྟེན་དང་བརྟེན་པའི་དབྱེ་བས་〈བཞུགས་པ〉རྩ་རྣམས་(ཀྱི་གྲངས་)ཇི་སྙེད་པ་དེ་སྙེད་ཀྱི་〈ལྷ་དོན་དམ་གྱི〉མཁའ་འགྲོ་མ་རྣམས་〈ཀུན་ཏུ་གཏན་དུ་བཞུགས་ཀྱང་ ཤིན་ཏུ་རྣལ་འབྱོར་མི་བསྒོམ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན〉ཏེ་( རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ)〈དེ་ རྣམས་ལ〉སྲོག་དང་ཐུར་སེལ་རབ་ཏུ་རྒྱུ་(བའི་རླུང་ཉིད་མཁའ་འགྲོ་མར་བཞག་པ་ཡིན)པའི་ཕྱིར་རོ་ཞེས་ པ་ནི་བཅོམ་ལྡན་འདས་ཀྱི་གསུངས་(ཀུན་རྫོབ་ཏུ་)སྤྲོས་པ་མེད་པ(ཇི་ལྟ་བ་བཞིན་ཏེ་རྩ་དང་རླུང་དེ་རྣམས་ལ་ བཞུགས་པའི་དོན་དམ་པའི་མཁའ་འགྲོ་མ་ཡང་གྲངས་དེ་སྙེད་དུ་ངེས་པ)〈དེ་ཁོ་ན་ཉིད་དུ་ངེས་པ〉འོ། ༡༣༢ ། 4-1-435 ༈ ད་ནི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་གསུངས་པ་རིག་བྱེད་དུས་ཞེས་པ་ལ་སོགས་པ་ སྟེ་འདིར་རིག་བྱེད་དུས་ཞེས་པ་ནི་〔ཕྱི་རོལ་ཏུ་ཚེས་ཀྱི་ཞག་〕དྲུག་ཅུ་རྩ་བཞིའོ། །དེའི་མཐར་ འཁོར་བ་པ་རྣམ་ཀྱི་(སྟེ་ཀུན་རྫོབ་ཀྱི་ཚེས་ཞག་གཅིག་)ཟླ་བའི་ཆ་ཉམས་པ་(སྟེ་ཆད་པ་དང་དེ་བཞིན་དུ་ཆུ་ཚོད་ དང་ཆུ་སྲང་དང་དབུགས་ཀྱི་བར་དུ་དྲུག་ཅུ་རྩ་བཞི་ན་ཆུ་ཚོད་ཆུ་སྲང་དབུགས་རེ་རེ་ཆད་པ་)གང་ཡིན་པ་དེའི་ཆོས་མི་ མཐུན་པས་(ཡེ་ཤེས་ཀྱི་སྐུ་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་)ཟླ་བའི་ཆ་མ་ཉམས་པ་(དང་ཆུ་ཚོད་ཆུ་སྲང་དབུགས་ ཀྱི་བར་དྲུག་ཅུ་རྩ་བཞི་པ་)དབུགས་ཀྱི་ལྷག་མ་(ཡེ་ཤེས་ཀྱི་ཆ་)སྟེ་དབུགས་དྲུག་ཅུ་རྩ་བཞི་རྣམས་ཀྱི་ མཐའ་མ་དབུགས་ཀྱི་ཆོས་ཅན་མ་(སྟེ་དབུགས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་སྲོག་ཆེན་པོ)〈ཉམས་པ་ མེད་པའི〉སྲིད་གསུམ་(སྤྲོ་བས)〈གཞན〉སྐྱེད་པར་མཛད་མ་(དོན་དམ་གྱི་)མཁའ་འགྲོ་མ་ནི་(དཔལ་ལྡན་) སྣ་ཚོགས་(སྟོང་པ་ཉིད་ཀྱི)གཟུགས་〈ཅན་མའོ〉སོ། །ཟླ་བའི་(ཆའི་)དབུས་སུ་(དྲུག་ཅུ་རྩ་བཞིའི་ཆ་)དམན་ པ་(ཡེ་ཤེས་ཀྱི་ཆ་)གང་དེ་〈ཉམས་པ་མ་ཉམས〉མཆོག་གི་རྒྱལ་བའི་བདག་པོའི་ཞེས་པ་བྱང་ཆུབ་ ཀྱི་སེམས་ཀྱི་རང་གི་ཕྱག་རྒྱ་རྣམ་(པ)གཉིས་(སུ)འགྱུར་ཏེ་〈དེ་ལ〉གཅིག་〈དེ་ཉམས་པ〉ནི་ཀུན་ རྫོབ་〈ཀུན་རྫོབ་གློ་བུར་དྲི་མའི་སྦུབས〉ཀྱི་ཆོས་ཅན་མ་(སྟེ་ཀུན་རྫོབ་ཀྱི་མཁའ་འགྲོ་མ་)སྒྱུ་འཕྲུལ་ཆེན་ མོ་དྲག་ཆེན་མོ། །(ཞེས་པ་རིམ་པ་ལྟར་སེམས་ཅན་གྱི་ལུས)〈སེམས་ཅན་ཕུང་པོ〉འབྱུང་(བ་སྟེ་སྤྲོ་བས་སྒྱུ་འཕྲུལ་ ཆེན་མོ)〈བ〉དང་སྡུད་པར་བྱེད་པ་མོ(ཡིན་པས་དྲག་ཆེན་མ)འོ། །གཉིས་པ་(དོན་དམ་གྱི་མཁའ་འགྲོ་མ་དོན་དམ) 〈མ་ཉམས་པ〉ནི་བྱང་ཆུབ་ཀྱི་སེམས་ཀྱི་ཤེས་རབ་ཆེན་མོ་〈རང་བཞིན་འོད་གསལ〉སངས་རྒྱས་ རྣམས་ཀྱི་(ཡུམ)ཤེས་རབ་ཕ་རོལ་ཕྱིན་མ་(འདུས་མ་བྱས་པས)སྐྱེ་བ་དང་འཇིག་པ་དང་བྲལ་བ་(དང་ པོའི་)སངས་རྒྱས་(འོད་གསལ་རྣམ་པ་ཐམས་ཅད་པ་ཡིན་པས)〈བདེར་གཤེགས་སྙིང་པོ〉སྒྱུ་འཕྲུལ་(དྲ་བ་རྟོག་པ་ དང་སྤྲོས་པ་ཉེ་བར་)〈དྲ་བ་རང་བཞིན་གྱིས〉ཞི་བ་ཆེན་མོ་(སེམས་ཅན་གྱི་ཕུང་པོ)〈སྟེ་ཉེར་ལེན་གྱི་ཕུང་པོ〉སྤྲོ་ བ་དང་སྡུད་པ(འི་རླུང་སེམས་འཕོ་བའི་བག་ཆགས)ཉམས་པར་བྱེད་མ་སྟེ། དེ་ནི་(ཁུ་བ)ཟག་པ་མེད་པའི་ དབྱེ་བས་(ལུས་ལ་ཡེ་ཤེས་ཆེན་པོ་གནས་ཞེས་གསུངས་པ་ལྟར་རིགས་ཀྱི་དབྱེ་བས་)ཐུར་སེལ་ལ་གནས་པ〈སྟེ་ 4-1-436 ལུས་ལ་ཡེ་ཤེས་ཆེན་པོ་གནས་ཞེས་པ་དང༌། རང་གི་ལུས་ལ་སངས་རྒྱས་བཞུགས་ཞེས་པ་ལ་ སོགས་པའི་དགོངས་པ〉འོ། །གང་ཞིག་ཉི་མ་(སྟེ་སོགས་)ལ་གནས་(པ་)དེ་ནི་བརྒྱད་དབྱེ་ཞེས་པ་ ནི་སྲོག་ལ་གནས་པ་རྡུལ་(མི་འཕོ་བ་ཉིད་)གྱི་ཆོས་ཅན་མའོ། །དེ་ནི་བརྒྱད་ཀྱི་དབྱེ་བས་ཏེ་སད་ པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པའི་ཡོན་ཏན་གསུམ་དང་ཡུལ་ལྔའི་དབྱེ་བས་ཡོན་ ཏན་བརྒྱད་ཀྱི་བདག་ཉིད་(རྣམ་པར་དག་པ་)ཅན་ནོ། །དེ་ཡང་(བརྟག་པའི་)དཀྱིལ་འཁོར་དུ་པད་ མའི་འདབ་མ་བརྒྱད་པོ་རྣམས་ལ་〔ལྷ་མོ་བརྒྱད་དུ་〕གནས་སོ་ཞེས་པ་ནི་བརྟགས་པ(འི་བསྒོམ་པ) འོ། །ལྷག་མ་སྔར་བརྗོད་པའི་(དཀྱིལ་འཁོར་གྱི་)འཁོར་ལོའི་ལྷ་མོ་ཡོངས་སུ་བརྟགས་པ་མཆོག་ཏུ་ འཇིགས་པར་བྱེད་པ་གཞན་དེ་རྣམས་མཐའ་དག་ཕྱི་དང་ལུས་ལའོ་ཞེས་པ་ནི་རྩ་ལ་(རླུང་)ཡང་ དག་པར་རྒྱུ་བའི་(རྣལ་འབྱོར་མའི་)ངེས་པའོ། ༡༣༣ ། ༈ ད་ནི་གཟའ་རྒྱུ་བའི་ལོངས་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་གསུངས་པ་སྤེན་པ་ཞེས་ པ་ལ་སོགས་པ་སྟེ་འདིར་ཕྱི་རོལ་ཏུ་ཉི་མའི་རབ་ཏུ་རྒྱུ་བས་ཟླ་བ་གཉིས་ཀྱིས་ཉི་མའི་དུས་ སོ། །ནང་དུ་དུས་སྦྱོར་གཉིས་ཀྱིས་སྲོག་གི་དུས་སོ། །དེ་ཡང་གཡོན་དང་གཡས་ཀྱི་དཀྱིལ་ འཁོར་བཅུ་འབབ་པའི་འགྱུར་ཏེ་(རིམ་པ་ལྟར་)སྐྱེད་པ་དང་སྡུད་པའི་དབྱེ་བས་སོ། །དེས་ན་(ཏེ་ཟླ་ བ་གཉིས་གཉིས་)དུས་ལ་སྤེན་པར་ཞེས་པ་སྤེན་པའི་ལོངས་སྤྱོད་ལ་བུག་པ་ཞེས་པ་ཆུ་ཚོད་དགུ་ ཁྱིམ་གྱི་འཁོར་ལོ་ལ་ལོངས་སྤྱོད་དེ་(ཆུ་ཚོད་དགུ་པོ་)〈ལོངས་སྤྱོད〉དེ་རྣམས་ཀྱང་མཁའ་འགྲོ་མའོ། ། དེ་བཞིན་དུ་སྒྲ་གཅན་གྱི་(ཟླ་བ་གཉིས་ཀྱི་)ལོངས་སྤྱོད་ལ་ཉིན་ཞག་ཅེས་བྱ་ཞེས་པ་(ཆུ་ཚོད)བཅོ་ ལྔའོ། །ལྷའི་བླ་མའི་ཕྱེད་བཅས་མིག་དང་མིག་གི་གྲངས་ཞེས་པ་ཕྱེད་དང་བཅས་པའི་ཉི་ཤུ་ རྩ་གཉིས་སོ། །(གསུམ་པོ་)གཅིག་ཏུ་གྱུར་པ་ནི་ཕྱེད་བཅས་དྲུག་དང་རིག་བྱེད་དུ་འགྱུར་ཞེས་པ་ སྟེ་ཕྱེད་དང་བཅས་པའི་བཞི་བཅུ་རྩ་དྲུག་གོ། དེ་རྣམས་མཆོག་གི་རྒྱལ་བདག་ཐུགས་ཀྱི་རྡོ་རྗེ་ ལས་ནི་སྐྱེས་ཞེས་པ་ནི་ཐུགས་ཀྱི་ཐིག་ལེ་ལས་སྐྱེས་པའོ་ཞེས་པའི་དོན་ཏོ། །ས་སྐྱེས་སྟོང་པ་ 4-1-437 ཀླུ་ཟླ་ཞེས་པ་ནི་སྤྲོས་པ་སྟེ་(འཇིག་རྟེན་གྱི་གྲགས་པའོ་རང་གི་ངོ་བོ་ས་སྐྱེས་)དེའི་དཀྱིལ་འཁོར་(རགས་པར་ ན་ཟླ་བ་ཉེར་གསུམ་)གྱིས་(འཁོར་ལོའི་ཆུ་ཚོད་ལས་)ཐོབ་པ་གང་ཡིན་པ་(ཆུ་ཚོད་གཉིས་ཆུ་སྲང་ཉི་ཤུར་ཏེ་དེ་དག་དྲུག་ ཅུས་བསྒྱུར་བ)དྲུག་ཅུའི་ཆ་ཡིས་དེ་སྙེད་ཀྱི་ཆུ་ཚོད་(ཅེས་པ་བརྒྱ་བཞི་བཅུ་)རྣམས་སོ་ཞེས་པ་(སྤྲོས་མེད་དུ་) ནི་ངེས་པ(རགས་པ)འོ(ཞིབ་མོར་ན་རི་ཀླུ་རོས་ཐོབ་པ་ཆུ་ཚོད་གཉིས་ཆུ་སྲང་ཉེར་གཅིག་དབུགས་གཉིས་དབུགས་ཀྱི་བཅུ་ཆ་ དགུ་ལྷག་ཙམ་སྟེ་དེ་རྣམས་དྲུག་ཅུས་བསྒྱུར་ན་ཆུ་ཚོད་བརྒྱ་དང་ཞེ་གཅིག་དང་ཆུ་སྲང་ཉེར་དགུའོ)། །ཐུན་མོང་གི་(འཇིག་ རྟེན་ཟླ་བ་བཅོ་བརྒྱད་ལ་དཀྱིལ་འཁོར་དུ་གྲགས་པ་ལྟར་ན་)བརྒྱ་བརྒྱད་ཅུའོ། །འདིར་གང་དུ་བཀྲ་ཤིས་ཀྱི་ ལོངས་སྤྱོད་དམན་པ་(བརྒྱ་བཅུ་བཞི་ལས་མེད་པ་)དེར་ཉི་མའི་རྐང་པའི་ལོངས་སྤྱོད་(བཅུ་གཅིག་)ལ་ཟླ་ བའི་ལོངས་སྤྱོད་ཟླ་བ་གཅིག་(ཅེས་པ་ཚེས་སུམ་ཅུ་ལ་ཉིན་ཞག་ཉེར་དགུ་སྟེ་དེ་)བསྣན་པ(བཞི་བཅུ)ས་དབྲོག་ པར་མི་བྱ་(ཞིང་གང་དུ་བཀྲ་ཤིས་ལོངས་སྤྱོད་ལྷག་པ་བརྒྱ་བརྒྱད་ཅུར་གྱུར་པ་དེར་ནི་དེ་དབྲོག་པར་བྱ)འོ(དེས་སྤྲོས་མེད་ཀྱི་ དོན་དུ་འགྱུར་ཏེ)། །འདིར་ཟླ་བ་ཉི་ཤུ་རྩ་གསུམ་ནི་བཀྲ་ཤིས་ཀྱི་རང་གི་(དཀྱིལ་འཁོར་གྱི་)ཉིན་ཞག་ (དྲུག་བརྒྱ་དགུ་བཅུ་དག་)གོ(ཞེས་པ་རགས་པ་སྟེ་ཞིབ་མོར་ན་དེ་ཞག་གསུམ་གྱིས་དམན་པའོ)། ཟླ་བ་བཅོ་བརྒྱད་(ཀྱིས་ རྒྱུ་སྐར་འཁོར་ཞེས་པ་)ནི་འཇིག་རྟེན་གྱི་གྲགས་པ་སྟེ་(དོན་ལ་མི་འཁོར་བས་)དེ་ནི་མི་འཐད་དོ། །དེས་ ན་འདིར་གཟའ་(དགུ་པོ་)རྣམས་ཀྱི་དཀྱིལ་འཁོར་གྱི་(ཕྱེད་ཕྱེད་)ཉིན་ཞག་རྣམས་(ནི་ཟླ་བ་ལ་བཅོ་ལྔ་ སྒྲ་གཅན་སྤེན་པ་ཕུར་བུ་གསུམ་ལ་ཁྲི་དགུ་བརྒྱ་དགུ་བཅུ་རྩ་དགུ་བཀྲ་ཤིས་ལ་སུམ་བརྒྱ་བཞི་བཅུ་རྩ་གསུམ་ཉི་མ་འཇུག་རིངས་ གཟའ་ལག་པ་སངས་བཞི་ལ་བདུན་བརྒྱ་དང་སུམ་ཅུ་སྟེ་ཞིབ་མོར་ན་འདི་བཞི་ལ་ལྷག་མ་ཆུ་ཚོད་སུམ་ཅུ་རྩ་གཉིས་ཆུ་སྲང་ཉེར་ བརྒྱད་དབུགས་བཞི་ཡོད་ཅིང་བཀྲ་ཤིས་ལ་ཆུ་ཚོད་སུམ་ཅུ་ཡོད་ཀྱང་འདིར་མི་བགྲང་སྟེ་ཞག་དུ་མ་ལོངས་པའི་ཕྱིར་རོ། །དེ་ལྟར་ དགུ་པོའི་དཀྱིལ་འཁོར་ཕྱེད་ལ་ཞག་ཁྲི་ཉིས་སྟོང་བརྒྱད་ཅུ་རྩ་བདུན་ཏེ་དེ་རྣམས་ཡོན་ཏན་གསུམ་གྱིས་བསྒྱུར་བ་ཉིད་)ཀྱིས་ ཇི་ལྟར་གྱུར་བ་ལོ་བརྒྱར་འགྱུར་ཏེ་ཟླ་བ་བརྒྱད་དང་ཉིན་ཞག་ཉི་ཤུ་རྩ་གཅིག་ལྷག་པའོ་ཞེས་ པ་ནི་ངེས་པའོ། །དེ་ལྟར་ས་སྐྱེས་(ལ་)སྟོང་པ་ཆུ་ཟླ་ཉི་མ་གཟའ་ལག་པ་སངས་མཇུག་རིངས་ ལ་ཡང་(ཉིས་བརྒྱ་བདུན་ཅུ་པོ་རེ་རེ་སྟེ་བཞི་ཀ་དྲིལ་བས་)སྟོང་པ་ཀླུ་མཁའ་གཅིག་ཅེས་པ་སྟོང་བརྒྱད་ཅུ་སྟེ་ 4-1-438 (ས་སྐྱེས་དང་བཅས་པ་)གཟའ་ལྔ་པོ་འདི་རྣམས་ཀྱི་ལོངས་སྤྱོད་གཅིག་ཏུ་གྱུར་པ་ལས་མཁའ་མིག་ མིག་དང་གཅིག་ཏུ་གྱུར་པ་ཞེས་པ་ཉི་ཤུ་ལྷག་པའི་ཉིས་བརྒྱ་དང་སྟོང་ཕྲག་གཅིག་གོ། དེ་ རྣམས་མཆོག་གི་ཁྱབ་བདག་གི་ནི་དག་པའི་གསུང་ལས་བྱུང་ཞེས་པ་གསུང་གི་ཐིག་ལེ་ལས་ སྐྱེས་པའོ་ཞེས་པའི་དོན་དོ། ༡༣༤ །གང་ཞིག་ཟླ་བའི་(གཅིག་)དུས་(ཉིད་)ཀྱི་(ཞག་དྲུག་ཅུ་པོ་རེ་རེ་ལ་ཆུ་ ཚོད་དྲུག་ཅུ་)ལོངས་སྤྱོད་(པས་)མཁའ་མཁའ་རོ་མེ་ཞེས་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་གསུམ་ གྱི་ཆུ་ཚོད་ཀྱི་ལོངས་སྤྱོད་དོ། །དེ་རྣམས་སྐུ་ཡི་རྡོ་རྗེ་དག་ལས་བྱུང་ཞེས་པ་ནི་སྐུའི་ཐིག་ལེ་ ལས་བྱུང་ཞེས་པའོ། །(དེ་ལྟར་གཟའ་)དགུ་པོ་རྣམས་ཀྱི་(ལོངས་སྤྱོད་)མཐའ་དག་གཅིག་ཏུ་གྱུར་པ་ རོ་དྲུག་ཀླུ་དང་དུས་རྣམས་དག་སྟེ་ཞེས་པ་བརྒྱད་བརྒྱ་དྲུག་ཅུ་རྩ་དྲུག་ལྷག་པའི་སྟོང་ཕྲག་བཞི་ དང་ཕྱེད་ཀྱི་ཆུ་ཚོད་དེ་བཞིན་ཉིད་ཅེས་པ་ནི་དུས་གཅིག་ལ་(རྒྱུ་བ་)མཁའ་འགྲོ་མ་རྣམས་ཀྱི་ གྲངས་སོ། །དེ་རྣམས་ནི་མཁའ་འགྲོ་དུས་ཀྱི་གཟུགས་ཅན་(སྲོག་ཆགས་)མཐའ་དག་(གི་)ལུས་ལ་ གནས་ཤིང་ལྷ་ལ་སོགས་པ་སྲོག་ཆགས་རྣམས་ཀྱི་སྲོག་ནི་འཕྲོག་བྱེད་མ་སྟེ་(ཟླ་བ་གཉིས་)དུས་ གཅིག་ལ་(འབབ་པ)འོ། །དུས་དྲུག་པོ་རྣམས་ལ་ནི་(དེ་ཉིད་དྲུག་གིས་བསྒྱུར་བ་)བརྒྱ་ཕྲག་གཅིག་དང་ དགུ་བཅུ་རྩ་དྲུག་ལྷག་པའི་ཉི་ཁྲི་དགུ་སྟོང་ངོ་ཞེས་པ་མཁའ་འགྲོ་མའི་གྲངས་ཏེ་སེམས་ཅན་ རྣམས་ཀྱི་གཟའ་རྒྱུ་བའི་ནང་དུ་འདུས་པའོ་ཞེས་པ་ངེས་པའོ། །〈རླུང་མ་འགགས་ན་སྐྱེ་འཆི་ མི་འགགས་པས〉(ལུས་ལ་རླུང་རྒྱུ་བའི་རླུང་གིས་ལུས་ཟད་པར་བྱེད་ཅིང་སྲོག་འཕྲོག་པ་)དེའི་ཕྱིར་(རྣལ་འབྱོར་པས་) ཉིན་ཞག་སོ་སོའི་དུས་སུ་(རླུང་)རང་གི་ལམ་(སྟེང་འོག་གི་རྩ་རྣམས་)ནི་(སྦྱོར་བ་ཡན་ལག་དྲུག་གིས་)དགག་ པ་བྱས་ནས་དེ་རྣམས་(འགག་པ་)བསྒྲུབ་པར་བྱ་སྟེ་(རླུང་)དེ་རྣམས་ཀྱི་(རྒྱུ་བ་)སྲོག་དང་ཐུར་སེལ་ འགགས་པས་ཐིག་ལེ་བཞི་(དང་གནས་སྐབས་བཞི་)འགག་གོ་(དེ་འགགས་པས་རང་ལ་གདོད་མ་ནས་བཞུགས་ པའི་དོན་དམ་གྱི་སྐུ་བཞི་མངོན་དུ་བྱེད་དོ)〈དེ་འགགས་པས་བདེ་གཤེགས་སྙིང་པོ་སྐུ་བཞིར་གདོད་ནས་ གནས་པ་དེ་མ་རིག་སྒོང་ངའི་སྦུབས་ལས་གྲོལ་བ་མངོན་དུ་བྱེད〉ཞེས་པ་ནི་ངེས་པའོ། ༡༣༥ ། 4-1-439 ༈ ཇི་སྲིད་ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་པས་གསུངས་པ་ནི་གོ་སླའོ། ༡༣༦ ། ༈ ད་ནི་ཟླ་བའི་རྐང་པ་ལ་སྒྲ་གཅན་འཇུག་པ་གསུངས་པ་ཉི་མ་ཞེས་པ་ལ་སོགས་པ་སྟེ་ འདིར་ཉི་མའི་རྐང་པ་ནི་རོ་དང་དུས་དང་རི་བོང་ཅན་ཞེས་པ་སྔར་བརྗོད་པ་བཅུ་གཅིག་པོ་ རྣམས་སོ། །ཟླ་བའི་རྐང་པ་ནི་འབྱུང་དང་འབྱུང་བ་མདའ་ཞེས་པ་ལ་སོགས་པ་ཉི་ཤུ་རྩ་ལྔ་སྟེ་ འདི་རྣམས་གཅིག་ཏུ་བསྡོམ་པ་ནི་སུམ་བཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་རྣམས་ཡོན་ཏན་བརྒྱད་ ཀྱིས་བསྒྱུར་བ་ནི་ཉིས་བརྒྱ་བརྒྱད་ཅུ་རྩ་བརྒྱད་དུ་འགྱུར་ཏེ་དེ་ལྟར་སྲེད་པས་བསྣུན་པ་རྣམས་ ཞེས་པ་ནི་བརྒྱད་ཀྱིས་སོ། །ཡན་ལག་རྣམས་ཀྱིས་ཞེས་པ་དུས་སྦྱོར་བཅུ་གཉིས་ཀྱིས་བགོས་ པས་ཐོབ་པའི་ཉི་ཤུ་རྩ་བཞི་ནི་ཟླ་བའི་རྐང་པ་རྣམས་སུ་འགྱུར་རོ། །ལྷག་མ(གཅིག་པ)འི་རྐང་པ་ ཉི་ཤུ་རྩ་ལྔ་པ་ནི་སྒྲ་གཅན་འཇུག་པ་ལ་ཡང་མཇུག་རིངས་ཟ་ཞེས་པ་ནི་ནང་དུ་ཡིད་ཀྱི་དབང་ པོ་དང་ཁུ་བའི་ཁམས་ཀྱི་རྐང་པ་སྟོང་པའི་ཡན་ལག་གང་ཡིན་པའོ། །ཐུན་མཚམས་བཞི་པོ་ ཀུན་དང་ཐུན་བརྒྱད་པོ་རྣམས་དང་ཉིན་ཞག་སོ་སོའི་དུས་སུ་སྲོག་ཆགས་རྣམས་ཀྱི་ཡན་ལག་ བཅུ་གཉིས་རྣམས་ཞེས་པ་ནི་(ཐུན་མཚམས་ཐུན་ཚོད་ཉིན་ཞག་)དེ་རྣམས་དུས་སྦྱོར་བཅུ་གཉིས་(སུ་ གནས)སོ་ཞེས་པའི་དོན་ཏོ། །དུས་སྦྱོར་རེ་རེ་ལ་ནི་དབུགས་རྣམས་དག་ཀྱང་ཉིས་འགྱུར་དགུ་ བརྒྱ་ཞེས་པ་བརྒྱ་ཕྲག་བཅོ་བརྒྱད་ཀྱི་སྲོག་རྣམས་འབབ་པ་དེ་རྣམས་ཡན་ལག་(བཅུ་གཉིས་ལས་) གཅིག་ཏུ་གསུངས་སོ། །(ནང་དུ་ཇི་ལྟ་བ་)དེ་ལྟར་ཕྱི་རོལ་ཏུ་ཟླ་བ་གཅིག་དང་དབྱུག་གུ་བརྒྱ་ཕྲག་ བཅོ་བརྒྱད་ཀྱིས་ཡན་ལག་གཅིག་གོ། ཟླ་བ་གཉིས་དང་(དབྱུག་གུ་)བརྒྱ་ཕྲག་སུམ་ཅུ་རྩ་དྲུག་ གིས་དུས་སོ། །དེ་ལྟར་ཡན་ལག་བཅུ་གཉིས་གཉིས་ཀྱིས་དུས་དྲུག་རྣམས་(ལས་དུས་རེ་རེའོ་)སོ། ། (ཡན་ལག་བཅུ་གཉིས་ཀྱི་)དུས་(གསུམ་)གསུམ་གྱིས་(ཉི་ཟླ་སྒྲ་གཅན་གྱིས་)འཛིན་པ་སྟེ་ཟླ་བ་དང་ཉི་མ་ དང་སྒྲ་གཅན་གྱི་ལོངས་སྤྱོད་ཀྱི་དབང་གིས་སོ། ༡༣༧ ། 4-1-440 དེ་ལྟར་ཡན་ལག་གཉིས་གཉིས་(ཀྱི་ཉིན་ཞག་དྲུག་ཅུའི་)རྣམས་ལ་(རྟེན་འབྲེལ་ཡན་ལག་བཅུ་གཉིས་ ལན་ལྔར་འཁོར་ཏེ་)ཉིན་ཞག་དང་པོ་ལ་མ་རིག་པ་དང་ཉིན་ཞག་གཉིས་པ་ལ་འདུ་བྱེད་དེ་དེ་ བཞིན་དུ་(བཅུ་གཉིས་པ་ལ་)རྒ་ཤིའི་བར་དུའོ། །སླར་ཡང་ཉིན་ཞག་བཅུ་གསུམ་པ་ལ་མ་རིག་པ་ དང་བཅུ་བཞི་པ་ལ་འདུ་བྱེད་དེ་དེ་བཞིན་དུ་ནག་པོའི་དགུ་པ་ལ་རྒ་ཤིའོ། །སླར་ཡང་བཅུ་པ་ ལ་མ་རིག་པ་དང་བཅུ་གཅིག་པ་ལ་འདུ་བྱེད་དེ་དེ་བཞིན་དུ་རིམ་པས་(ཟླ་བ་ཕྱི་མའི་)དཀར་པོའི་ དྲུག་པ་ལ་རྒ་ཤིའོ། །སླར་ཡང་བདུན་པ་ལ་མ་རིག་པ་དང་བརྒྱད་པ་ལ་འདུ་བྱེད་དེ་ནག་པོའི་ གསུམ་པ་ལ་རྒ་ཤིའོ། །སླར་ཡང་བཞི་པ་ལ་མ་རིག་པ་དང་ལྔ་པ་ལ་འདུ་བྱེད་དེ་དེ་བཞིན་དུ་ རིམ་པས་གནམ་སྟོང་ལ་རྒ་ཤིའོ། །(དེ་ལྟར་ལན་ལྔ་ནི་)ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ རང་བཞིན་གྱིས་དུས་(གཅིག་)ལ་(རྟེན་འབྲེལ་བཅུ་གཉིས་)ཡོངས་སུ་བསྐོར་བ་ལྔར་འདོད་དོ(ལེའུ་དང་ པོར་ནི་བཟང་ངན་གྱི་འབྲས་བུ་འཆར་བའི་དབང་གིས་ཟླ་བ་སོ་སོ་ལ་རྟེན་འབྲེལ་འཆར་ཚུལ་ངེས་པ་ཅན་གསུང་ལ་འདིར་ནི་དེ་ དང་དེའི་ངེས་པ་མེད་ཅིང་གཟས་བཟུང་ནས་དུས་གསུམ་ལ་ལན་བཅོ་ལྔ་འཁོར་བ་ཙམ་གྱི་དབང་གིས་དེ་ལྟར་ཐོབ་ཅེས་པའོ)། ། དེ་ལྟར་ཕྱོགས་(ཟླ་བ་ཕྱེད་པ་)གཅིག་ནི་ཐུང་ངུ་(ཟླ་བ་)དང་ཟླ་བ་(གཅིག་)ནི་རིང་པོ་(ཉི་མ་)སྟེ་དུས་ (ཟླ་བ་གཉིས)ནི་ཤིན་ཏུ་རིང་པོའོ(སྒྲ་གཅན་ནོ)། །(དེ་བཞིན་དུ་)ཕྱོགས་ནི་སྙིང་སྟོབས་ཀྱི་ཆོས་ཅན་དང་ ཟླ་བ་ནི་རྡུལ་གྱི་ཆོས་ཅན་ཏེ་དུས་ནི་མུན་པའི་ཆོས་ཅན་ནོ། །དེ་ལྟར་(རྟེན་འབྲེལ་ལན་)རྣམ་པ་ལྔ་ པོ་(བསྐོར་བ་)རྣམས་ཀྱིས་དུས་སུ་ཡང་ནི་ཀུན་ནས་ཟླ་བ་གཉིས་གཉིས་དག་ལ་འགྱུར། །ཟླ་བ་ གང་དུ་ཟླ་བའི་(བུ་ལོན་དྲུག་ཅུ་རྩ་བཞིའི་)ཆ་བཅུ་གཅིག་ཉམས་པ་ཉིད་དུ་གྱུར་བ་དེ་ནི་(གང་ལས་འབྱུང་ ན་)ཟླ་བ་གཉིས་པོ(འི་ཞག་དྲུག་ཅུ་)དག་ལས་(འདས་ནས་)ཟླ་བ་གསུམ་པ(ཤར་བ)འི་དང་པོ་(ཚེས་བཞི་པ་)ཁོ་ན་ལའོ་ཞེས་པ་སྟེ་(ཚེས་ཀྱི་)ཉིན་ཞག་དྲུག་ཅུ་རྩ་བཞི་རྣམས་ཀྱིས་(ཟླ་བའི་)ཆ་(ཚེས་གཅིག་)ཟད་ པ(སྟེ་ཆད་པ)འི་ཕྱིར་རོ། ༡༣༨ ། ཟླ་བ་དྲུག་དང་དུས་གསུམ་གྱིས་ནི་(ཉི་ཟླ་གཟས་)འཛིན་པར་འགྱུར་ཏེ་རྟེན་ཅིང་འབྲེལ་ 4-1-441 པ་ཡན་ལག་བཅུ་གཉིས་(སོ་སོ་ཟླ་བ་བཅུ་གཉིས་དང་སྦྱོར་བའམ་ཟླ་བ་དྲུག་ལ་ལན་བཅོ་ལྔ་འཁོར་བ་ཉིད་)ཀྱིས་ ཞེས་པ་ནི་འདིར་(དུས་གསུམ་ན་འཛིན་པའི་རྒྱུ་མཚན་ནི་)དང་པོའི་དུས་ནི་སྙིང་སྟོབས་ཀྱི་ཆོས་ཅན་དང་ གཉིས་པ་ནི་རྡུལ་གྱི་ཆོས་ཅན་དང་གསུམ་པ་ནི་མུན་པའི་ཆོས་ཅན་ཏེ་དེས་ན་(ཉི་མ་ལ་)མུན་པ་ (སྒྲ་གཅན་)འཇུག་གོ། དེ་བཞིན་དུ་ཟླ་བ་(འཛིན་པ)〈དྲུག་ནི〉ལ་ཡང་(རྒྱུ་མཚན་ནི)ཁམས་དྲུག་གི་དབྱེ་ བས་(ཏེ་ནམ་མཁའ་རླུང་མེ་ཆུ་ས་)ཡེ་ཤེས་ཀྱི་ཁམས་ཀྱི་མཐར་ཐུག་པར་ཟླ་བ་དྲུག་(ལས་དྲུག་པ་ཡེ་ཤེས་ ཀྱི་ཁམས་རྫོགས་པའི་དུས་སུ་ཟླ་བ་ལ་སྒྲ་གཅན་འཇུག་)པའོ། །དེ་ལྟར་ཉི་མའི་དུས་ཀྱི་དབྱེ་བ་(རྒྱུ་སྐར་ལ་)རྐང་ པའི་བགྲོད་པའི་དབང་གིས་ཟླ་བའི་དབུས་སུ་རབ་ཏུ་ཞུགས་ཞེས་པ་གནམ་སྟོང་ལ(ཉི་མ་ཟླ་བའི་ དབུས་སུ་ཞུགས་པ་སྟེ་ཉི་ཟླ་གཅིག་ཏུ་སྦྱོར་བ)འོ། །(ཡན་ལག་དྲུག་པ་)རེག་པའི་ཡན་ལག་དབུས་དེར་(ཞེས་པ་ ཟླ་བ་དྲུག་པ་ལ་)སྒྲ་གཅན་རྒྱུ་བ་དེ་ཡིས་ཟླ་བ་ཉི་མ་དག་ནི་འཛིན་པར་འགྱུར། །ཉིན་དང་མཚན་ མོའི་དུས་སུ་ཞེས་པ་ཉི་མ་འཛིན་པ་ལ་ཉིན་མོའི་དུས་དང་ཟླ་བ་འཛིན་པ་ལ་མཚན་མོའི་དུས་ སུ་(ལྟ་བར་)སྟེ་འཆད་པར་འགྱུར་རོ། །སྒྲ་གཅན་དག་གིས་བལྟས་པའི་སྨན་རྣམས་གང་ཡིན་ དེ་རྣམས་གྲུབ་པ་སྟེ་ཞེས་པ་འཛིན་པའི་དུས་སུུ་(འབྲས་བུ་ཅན་གྱི་)ཤིང་ལ་སོགས་པ་མཚོན་གྱིས་ བསྣུན་པ་རྣམས་འབྲས་བུུ་(རབ་ཏུ་)སྨིན་པར་འགྱུར་རོ། །འདིར་(ཉི་ཟླ་གཟས་འཛིན་གྱི་)མན་ངག་ནི་ ཟླ་བ་སོ་སོར་ཉི་མའི་ལོངས་སྤྱོད་ལ་སྐར་མ་གཉིས་དང་ཆུ་ཚོད་བཅུ་གཅིག་(རེ་)བྱིན་པས་ཟླ་ བ་དྲུག་ལ་སྐར་མ་བཅུ་གཉིས་དང་ཆུ་ཚོད་དྲུག་ཅུ་རྩ་དྲུག་ཏུ་འགྱུར་རོ། །(དེ་ལ་)ཟླ་བའི་〈བུ་ལོན་ གྱི〉ཆ་(ཚེས་ཀྱི་བུ་ལོན་རགས་པ་ཟླ་བ་གཉིས་གཉིས་ལ་ཚེས་ཞག་རེ་ཆད་པ་ཚེས་ཀྱི)〈ཞག་མི་ཐུབ་ཏུ་གྲགས་པ་རགས་ པར་ན〉ཉིན་ཞག་གསུམ་གྱི་(དུས་ལ་ཉི་མས་རྒྱུ་སྐར་ལ་སྤྱོད་པའི་)ཆུ་ཚོད་བཅུ་གསུམ་ཕྲི་བ་ཉིད་ཀྱིས་ ལྷག་མ་ལྔ་བཅུ་རྩ་གསུམ་མོ། །(ཉི་མ་)འཛིན་པའི་གནམ་སྟོང་གི་(ཉི་མའི་)ལོངས་སྤྱོད་ལ་(འཁོར་ ལོ་ཕྱེད་དོར་བ་ན་)ཉི་མའི་རྐང་པ་〈བྱང་བགྲོད་ལ〉སྦྱིན་པའམ་(མ་དོར་ན་རྐང་པའི་ལོངས་སྤྱོད)〈ལྷོ་བགྲོད་ལ〉 དོར་བར་བྱའོ། །དེ་ནས་སྒྲ་གཅན་གྱི་ལོངས་སྤྱོད་(རྒྱུ་སྐར་ཉེར་བདུན་)ལ་〈དེ་ཟླ་དྲུག་གི་ལོངས་སྤྱོད་ 4-1-442 རགས་པ〉ཆུ་ཚོད་བཞི་བཅུ་རྩ་ལྔ་〈གཡས་སྐོར་དུ་བྱེད་པས་ན་དེ་རྣམས〉དམན་པར་བྱས་ནས་ (ལྷག་མ་ལ་ཡང་འཁོར་ལོ་ཕྱེད་དམན་པར་བྱ་སྟེ་དེའི)〈དེའི〉ལྷག་མས་(སྔར་གྱི་)སྐར་མའི་ལོངས་སྤྱོད་ལ་སྦྱང་ བར་བྱའོ། །གང་གི་ཚེ་སྔ་མར་གདོང་གིས་ཉི་མ་བཟུང་བ་དེའི་ཕྱི་མར་མཇུག་མའི་ལོངས་སྤྱོད་ ཀྱིས་(འཛིན་པར)འགྱུར་རོ། །དེ་བཞིན་དུ་ཟླ་བ་ཡང་ཉ་ལའོ་ཞེས་པ་འཛིན་པའི་མཚན་ཉིད་གྲུབ་ པའོ(འདིའི་རྒྱུ་མཚན་ནི་ཉི་མ་སྐར་མ་ཐ་སྐར་ལ་སླེབ་ཙམ་གྱི་གནམ་སྟོང་ལ་གདོང་གིས་བཟུང་བའི་དབང་དུ་བྱས་པའི་དུས་ ནས་བཟུང་སྟེ་ཟླ་བ་དྲུག་ལ་ཉི་མས་སྐར་མ་བཅུ་གཉིས་དང་ཆུ་ཚོད་ལྔ་བཅུ་རྩ་གསུམ་གཡོན་སྐོར་གྱིས་སྤྱད་པས་དབོ་རྫོགས་ཤིང་ མེ་བཞིའི་སྟེང་ནས་ཀྱང་ཆུ་ཚོད་ང་གསུམ་སྤྱད་ལ་གདོང་གིས་ནམ་གྲུའི་སྟེང་ནས་གཡས་སྐོར་གྱི་ཆུ་ཚོད་ཞེ་ལྔ་སྤྱད་ཅིང་དེ་ནས་ འཁོར་ལོ་ཕྱེད་དོར་བ་ན་མཇུག་མ་ཡོད་པས་གདོང་གི་ལོངས་སྤྱོད་དུ་རྒྱུ་སྐར་གྱི་འཁོར་ལོ་གཡས་སྐོར་དུ་ཆུ་ཚོད་ཞེ་ལྔ་དང་འཁོར་ ཕྱེད་སྦྱངས་པས་ལྷག་མ་སྐར་མ་བཅུ་གཉིས་དང་ཆུ་ཚོད་ཞེ་ལྔ་འབྱུང་ལ་དེས་སྔར་གྱི་ཉི་རྐང་གི་ལོངས་སྤྱོད་ལ་སྦྱངས་པས་མཇུག་ མ་དང་ཉི་མའི་བར་དུ་ཆུ་ཚོད་བརྒྱད་ལས་མེད་པའི་ཕྱིར་འཛིན་པར་གྲུབ་ཅིང་དེ་ཉིད་ཀྱིས་ཟླ་བ་འཛིན་པ་ཡང་ཤུགས་ལ་གྲུབ་ པོ)། །ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ནང་དུ་(ཡང་)ཉིན་ཞག་སོ་སོར་དུས་སྦྱོར་དྲུག་པ་ལ་(ཉི་ཟླ་ སྒྲ་གཅན་གྱིས་འཛིན་པར་)རིག་པར་བྱའོ་ཞེས་པ་(ལུས་ཀྱི་རྩ་དང་རླུང་དང་ཐིག་ལེ་ཇི་ལྟ་བ་བཞིན་མངོན་སུམ་དུ་མཐོང་ བའི་)རྣལ་འབྱོར་པ་རྣམས་ཀྱིས་སོ། །འདི་ནི་(རྣལ་འབྱོར་མེད་པའི་)བྱིས་པ་རྣམས་ཀྱིས་རྟོགས་པར་ བྱ་བ་མ་ཡིན་ཏེ་བསྟན་བཅོས་ཀྱི་སྒོ་ནས་ནི་བརྗོད་པར་མི་ནུས་སོ། ༡༣༩ ། ༈ ད་ནི་བཀྲ་ཤིས་ལ་སོགས་པ་རྣམས་ཀྱི་ཞིང་རྣམས་གསུངས་པ་ས་སྐྱེས་ཞེས་པ་ལ་ སོགས་པའོ། །འདིར་ས་སྐྱེས་ལ་སོགས་པའི་གཟའ་རྣམས་ནི་ལུག་ལ་སོགས་པའི་ཁྱིམ་〔སོ་ སོ་〕〈རྣམས〉ལ་〈བདག་པོ〉ཞིང་ཅན་〔བདག་པོ་ཉིད་〕ཏེ་ལུག་ལ་ས་སྐྱེས་དང་གླང་ལ་པ་སངས་དང་ འཁྲིག་པ་ལ་གཟའ་ལག་དང་ཀར་ཀ་ཊ་ལ་ཟླ་བ་དང་སེང་གེ་ལ་ཉི་མ་དང་བུ་མོ་ལ་སླར་ཡང་ གཟའ་ལག་དང་སྲང་ལ་པ་སངས་དང་སྡིག་པ་ལ་ས་སྐྱེས་དང་གཞུ་ལ་སྔགས་པ་ཞེས་པ་ཕུར་ བུ་དང་ཆུ་སྲིན་ལ་ཉི་སྐྱེས་ཞེས་པ་སྤེན་པ་དང་བུམ་པ་ལ་ཡང་སྤེན་པ་ཞེས་པ་སླར་ཡང་སྤེན་པ་ 4-1-443 དང་ཉ་ལ་སྔགས་པ་སྟེ་ཉིན་ཞག་སོ་སོའི་དུས་སུུ་(ནམ་མཁའ་ལ་སྐར་ཁྱིམ་གྱི་)དུས་སྦྱོར་བཅུ་གཉིས་ འཆར་བ་ལ་ཞིང་ཅན་རྣམས་ནི་དུས་ཀུན་ཏུ་(ཁྱིམ་སོ་སོ་ལ་)ལོངས་སྤྱོད་པར་བྱེད་པ་པོ་རྣམས་ སོ་ཞེས་པའི་དོན་ཏོ། །འདིར་ཞི་བའི་ལས་ལ་ཟླ་ཉིའི་ཁྱིམ་སྟེ་ཞེས་པ་ཞི་བ་ལ་ཀར་ཀ་ཊ་དང་ སེང་གེའི་ཁྱིམ་གཉིས་སོ། །རྒྱས་པ་ལ་གཟའ་ལག་གི་ཁྱིམ་འཁྲིག་པ་དང་བུ་མོ་གཉིས་སོ། ། དབང་(དུ་བྱ་བ་)ལ་པ་སངས་ཀྱི་ཁྱིམ་གླང་དང་སྲང་གཉིས་སོ། །དགུག་པ་ལ་ས་སྐྱེས་ཀྱི་ཁྱིམ་ ལུག་དང་སྡིག་པ་གཉིས་སོ། །བསྐྲད་པ་ལ་སྔགས་པའི་ཁྱིམ་གཞུ་དང་ཉ་གཉིས་སོ། །བསད་ པ་ལ་སྤེན་པའི་ཁྱིམ་ཆུ་སྲིན་དང་བུམ་པ་གཉིས་སོ། །གལ་ཏེ་(གཟའ་རང་)རང་གི་ཞིང་(འདི་དང་)འདིར་ནི་ཞིང་ཅན་དུ་སྐར་མའི་ལོངས་སྤྱོད་ཀྱི་དབང་གིས་གལ་ཏེ་(སྤྱོད་པར་)གྱུར་ན་དེའི་ཚེ་ (ལས་དེ་དེ་དང་དེ་བྱ)འོ། །(དེ་ལས་)གཞན་གྱི་དུས་སུ་གཟའ་གཞན་གྱིས་བྱིན་གྱིས་བརླབས་པ(ཏེ་ སྤྱོད་པ)འི་ཁྱིམ་ནི་སྔར་བརྗོད་པའི་ལས་རྣམས་ལ་དེའི་འབྲས་བུ་སྟེར་བར་མི་འགྱུར་རོ་ཞེས་པ་ ངེས་པའོ། ༡༤༠ ། ༈ ད་ནི་བཅོམ་ལྡན་འདས་ཀྱི་ཞལ་གྱི་དབྱེ་བས་ཞི་བ་ལ་སོགས་པ་གསུངས་པ་ཞི་ལ་ ཞེས་པ་ལ་སོགས་པ་སྟེ་འདིར་ཞི་བ་ལ་བཅོམ་ལྡན་འདས་ཀྱི་(བྱང་གི་)ཞལ་དཀར་པོ་ཉི་མ་ཤར་ བ་ནས་ཐུན་མཚམས་ཡང་དག་པར་རྒྱུ་བའི་དབང་གིས་དང་པོར་ཞེས་པ་(ལས་ལ་སྦྱར་བ་སྔ་དྲོ་ནས་)ཐུན་དང་པོ་ལ་སྔོན་དུ་གཙོ་བོར་འགྱུར་རོ། །དེས་ན་ཞི་བ་ལ་ཞེས་པ་ཞི་བའི་ཡུལ་ལ་སྔགས་ དང་བསམ་གཏན་ལ་སོགས་པ་རྣམས་ཀྱིས་སྔར་བསྒྲུབས་པའི་འབྲས་བུ་ཐུན་ཚོད་གཅིག་ གིས་བསྒྲུབ་པར་བྱའོ། །དཀར་དང་གསེར་མཚུངས་ཐུན་ཚོད་ལག་པ་〔གཉིས་〕ལ་ཞེས་པ་ནི་ འཁོར་བའི་དབང་གི་ཐུན་ཚོད་གཉིས་པ་ལ་ནུབ་(ཀྱི་སེར་པོ་)དང་བྱང་གི་(དཀར་པོ་)ཕྱེད་ཕྱེད་(བསྲེས་ པའི་ཞལ་)ནི་སྔོན་དུ་གཙོ་བོར་འགྱུར་ཏེ་(དཀར་སེར་)བསྲེས་པ་(ནུབ་བྱང་གི་ཞལ་)དེས་(ཐུན་ཚོད་གཉིས་པ་ལ་)རྒྱས་པ་བསྒྲུབ་པར་བྱའོ། །ནུབ་ཀྱི་ཞལ་སེར་པོ་ནི་ཉི་མ་གུང་ནས་ཐུན་ཚོད་གཅིག་ལ་གཙོ་བོ་ 4-1-444 སྟེ་དེས་མེ་ཡི་ཐུན་ལ་ཞེས་པ་ཐུན་ཚོད་གསུམ་པ་ལ་རེངས་པའི་ཡུལ་ལ་དངོས་གྲུབ་སྟེར་རོ། ། ཐུན་ཚོད་བཞི་པ་ལ་གསེར་དང་ཉི་མཚུངས་ཞེས་པ་(ནུབ་ཀྱི་)སེར་པོ་དང་(ལྷོའི་)དམར་པོ་བསྲེས་ པ་(ལྷོ་ནུབ་ཀྱི་ཞལ་)གཙོ་བོ་སྟེ་དེས་རྨོངས་པར་བྱའོ། །དེ་བཞིན་དུ་ཐུན་ལྔ་པ་ལ་(ལྷོའི་)ཞལ་དམར་ པོ་གཙོ་བོར་འགྱུར་ཏེ་དགུག་པ་ལའོ། །དྲུག་པ་ལ་(ལྷོའི་)དམར་པོ་དང་(ཤར་གྱི་)ནག་པོ་བསྲེས་ པ་(ཤར་ལྷོའི་ཞལ་)གཙོ་བོ་སྟེ་དེས་དབང་དུ་བྱ་བ་བསྒྲུབ་པར་བྱའོ། །དེ་བཞིན་དུ་བསད་པ་ལ་ ནག་པོའི་ཞལ་ཏེ་རི་བོ་〔༧〕ལའོ་ཞེས་པ་མཚན་མོ་ཕྱེད་ནས་ཐུན་ཚོད་བདུན་པ་ལའོ། །བསྐྲད་ ལ་(ཤར་གྱི་)ནག་(པོ་)དང་(བྱང་གི་)དཀར་(པོ་བསྲེས་པ་བྱང་ཤར་གྱི་ཞལ་གཙོ་བོར་གྱུར་པ་)འདིར་ཀླུ་ལ་ཞེས་ པ་ཐུན་ཚོད་བརྒྱད་པ་ལ་མཚན་མོའི་མཐའ་ནས་ཉི་མ་འཆར་བའི་མཐར་ཐུག་པའོ། །དེ་ལྟར་ གང་གི་ཚེ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཐུན་ཚོད་འཁོར་བའི་དབྱེ་བས་ཞལ་བརྒྱད་ པ་ཡིན་པ་དེའི་ཚེ་ཐུན་མཚམས་བཞིའི་དབྱེ་བས་ཞབས་བཞི་དང་ཐུན་ཕྱེད་ཀྱི་དབྱེ་བས་ཕྱག་ བཅུ་དྲུག་ཏུ་འགྱུར་རོ་ཞེས་〔ཀྱེ་རྡོ་རྗེ་ལྟ་བུར་〕གྲུབ་པོ། །དེ་ལྟར་ཕྱག་(བཅུ་དྲུག་)གི་དབྱེ་བས་ཉིན་ མོ་ལ་ལས་བརྒྱད་པོ་རྣམས་དང་མཚན་མོ་ལ་ཡང་(བརྒྱད་པོ་སྟེ་)ཐུན་ཕྱེད་ཀྱི་དབྱེ་བས་སོ་ཞེས་ པ་ནི་ངེས་པའོ〔ལས་བརྒྱད་ལ་སྔར་ནི་ཞལ་བཞི་གཡས་སྐོར་གྱི་དབང་དུ་བྱས་ནས་གསུངས་ ལ་འདིར་ནི་ཞལ་བརྒྱད་གཡོན་སྐོར་གྱི་དབང་དུ་བྱས་ནས་གསུངས་ཏེ་ཚུལ་གཉིས་ཀ་སྔགས་ པས་རིག་པར་བྱའོ། །ཡང་ན་འདི་ནི་ལས་སྦྱར་རོ〕། །(ཡང་ན་)ཐུན་མཚམས་བཞིའི་དབྱེ་བས་ ལས་བཞི་སྟེ་སྔ་དྲོའི་ཐུན་མཚམས་ལ་ཞི་བའོ། །ཉི་མ་གུང་ལ་རེངས་པ་དང་ཉི་མ་ནུབ་པ་ལ་ དགུག་པ་དང་མཚན་མོ་ཕྱེད་ལ་བསད་པའོ། །(སྔར་དུས་འཁོར་ཁྲོས་པ་རྡོ་རྗེ་འཇིགས་བྱེད་ཀྱི་ཤེས་རབ་སྣ་ ཚོགས་ཡུམ་ཕྱག་གཉིས་མ་ཡིན་པ་ལྟར་)འདིར་ཡང་(དུས་ཀྱི་འཁོར་ལོ་ཀྱེའི་རྡོ་རྗེ་ལྟ་བུ་)ཞལ་བརྒྱད་པའི་ཤེས་ རབ་ནི་(སྣ་ཚོགས་ཡུམ་)ཕྱག་གཉིས་མ་སྟེ་སྔ་དྲོ་དང་ཕྱི་དྲོའི་ཐུན་མཚམས་(རྣམ་པར་དག་པ་)〈གཞན〉 ནི་ཞབས་གཉིས་སོ། །ཉི་མ་གུང་དང་མཚན་མོ་ཕྱེད་(རྣམ་པར་དག་པ་)ནི་ཕྱག་གཉིས་སོ། །ཉིན་ 4-1-445 མཚན་མཐའ་དག་〔རྣམ་པར་དག་པ་〕ནི་ཞལ་ལོ་ཞེས་པ་ལས་སྒྲུབ་པ་ལ་སྒོམ་པའི་ངེས་པའོ། ༡༤༡ ། ༈ ཚིགས་སུ་བཅད་པ་འདི་ནས་ཚིགས་སུ་བཅད་པ་གཉིས་པ་གང་ཡིན་པ་ནི་གོ་སླའོ། ༡༤༢ ། ༈ ད་ནི་བྱིས་པ་སྐྱེས་པའི་དབུགས་ཀྱི་མཚན་ཉིད་གསུངས་པ་དང་པོ་ཞེས་པ་ལ་ སོགས་པ་སྟེ། འདིར་བྱིས་པ་སྐྱེས་པའི་(དབུ་མའི་དབུགས་རྐང་བཅས་ལྔ་བཅུ་རྩ་དྲུག་རྫོགས་པའི་རྗེས་ཀྱི་)དང་ པོའི་དབུགས་ཐོག་མ་གང་ཡིན་པ་དེ་ནི་ཡོན་ཏན་མེད་པའི་བདག་ཉིད་ཅེས་པ་སྙིང་སྟོབས་ལ་ སོགས་(གསུམ་)པ་དང་དྲི་ལ་སོགས་པའི་ཡོན་ཏན་(ལྔ་)དང་བྲལ་བ་སྟེ་དེའི་ཆོས་(ཅན་ས་ལ་སོགས་ པའི་དཀྱིལ་འཁོར་)ལ་མ་ཞུགས་པའི་ཕྱིར་རོ(ཞེས་པ་དབུགས་དང་པོ་འདི་ཡེ་ཤེས་ཀྱི་རླུང་དང་དངོས་སུ་འབྲེལ་བས་ ཡེ་ཤེས་ཀྱི་རླུང་དུ་སྦྱོར་ནས་ཟླ་ཉིའི་ཡོན་ཏན་དང་བྲལ་བར་བཞག་གོ)། །དེ་ནས་རྣམས་གསུམ་ཡོན་ཏན་དབང་ གིས་ཞེས་པ་སྙིང་སྟོབས་ཀྱི་དབང་གིས་དབུགས་གཉིས་པ་འབྱུང་ངོ༌། །རྡུལ་གྱི་དབང་གིས་ གསུམ་པ་སྟེ་མུན་པའི་དབང་གིས་བཞི་པའོ། །དེ་རྣམས་ལས་སྔ་མ་ཡོན་ཏན་མེད་པ་གཟུང་ བར་མི་བྱའོ། །(སྔ་མ་)དེ་དང་ལྷན་ཅིག་(དབུགས་)གསུམ་གྱི་གྲངས་སུ་བགྲང་བར་བྱ་སྟེ་(སྔ་མ་ནི་ཕྱི་ མ་གསུམ་ལ་)ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །སླར་ཡང་སྙིང་སྟོབས་དང་རྡུལ་དང་མུན་པའི་ རང་བཞིན་(དབུགས་གསུམ་པོ་)དེ་རྣམས་སོ་སོར་ཡུལ་ལྔའི་ཡོན་ཏན་གྱི་དབྱེ་བས་རེ་རེ་ལ་རྣམ་ པ་ལྔར་འགྱུར་ཏེ་དེས་ན་ཚེས་ཞེས་བྱ་བ་ཞེས་པ་བཅོ་ལྔའོ། །(བཅོ་ལྔ་པོ་)དེ་རྣམས་སླར་ཡང་ ལུས་དང་ངག་དང་སེམས་ཀྱི་དབྱེ་བས་སུམ་འགྱུར་(དུ་བསྒྱུར་བ་)ནི་འབྱུང་བ་ཆུ་གཏེར་གྲངས་ འགྱུར་ཞེས་པ་བཞི་བཅུ་རྩ་ལྔའོ། །སླར་ཡང་དེ་ནས་རྒྱུ་བའི་དབྱེ་བ་རྣམས་ཀྱིས་བསྣུན་པ་དེ་ དག་རྣམས་ཞེས་པ་ནི་ཟླ་བ་དང་ཉི་མའི་རྒྱུ་བ་རྣམ་པ་བཞི་སྟེ་(ཟླ་བའི་རིམ་པའི་སྔ་རྐང་དང་ཉི་མའི་རིམ་ མིན་གྱི་སྔ་རྐང་ལ་)མྱུར་བ་དང་(ཕྱི་རྐང་ལ་)དལ་བ་དང་(ཟླ་བའི་རིམ་མིན་གྱི་སྔ་རྐང་དང་ཉི་མའི་རིམ་པའི་སྔ་རྐང་ལ་) 4-1-446 འཁྱོག་པོ་དང་(ཕྱི་རྐང་ལ་)འབྱུང་བའི་རྐང་པ་རྣམས་ཀྱི་〈མཚན་ཉིད་〉ནོར་འཕེལ་བ་དང་འགྲིབ་ པ་དང་བུ་ལོན་འཕེལ་བ་དང་འགྲིབ་པའི་དབྱེ་བས་སོ། །བཞི་པོ་དེ་རྣམས་ཀྱིས་བསྣུན་པ་ རྣམས་ནི་ཆུ་ཚོད་ཕྱེད་ཀྱི་དབུགས་ཀྱི་གྲངས་ཞེས་པ་བརྒྱ་བརྒྱད་ཅུའི་གྲངས་སོ། །སླར་ཡང་ ཉིས་འགྱུར་རྣམས་ནི་དབུགས་ཀྱི་གྲངས་ཏེ་ཆུ་ཚོད་ཀྱི་དབུགས་ཀྱི་གྲངས་སུ་སུམ་བརྒྱ་དྲུག་ ཅུ་རྣམས་སུ་འགྱུར་ཏེ་(གཉིས་ཀྱིས་བསྒྱུར་བ་ནི་)ཤེས་རབ་དང་ཐབས་ཀྱི་རང་བཞིན་ལས་སོ། །(དེ་ ལྟ་བའི་)ཆུ་ཚོད་གཅིག་པོ་དེ་ནི་(མའི་མི་མཉམ་པའི་དུས་སྦྱོར་སྟེ་དབུ་མ་འབབ་པའི་དུས་སུ་སྐྱེ་ བའི་)བྱིས་པའི་གཡོན་ནམ་(མའི་མཉམ་པའི་དུས་སྦྱོར་ལ་སྐྱེས་པའི་བྱིས་པའི་)གཡས་ནས་དཀྱིལ་འཁོར་ གཅིག་འབབ་པར་བྱེད་པའོ(འདིས་ནི་མཉམ་པའི་དུས་སྦྱོར་ལ་སྐྱེས་པའི་བྱིས་པའི་དབུ་མའི་དབུགས་རྫོགས་ནས་ གཡོན་གྱི་རྩ་ལ་རྒྱུ་བར་བཞེད་པ་བསལ་བ་ཡིན་ནོ)། ༡༤༣ ། དེ་ནས་(དཀྱིལ་འཁོར་)གཉིས་པ་དང་གསུམ་པ་(ལ་སོགས་པ་འབབ་པ་)སྟེ་གཉིས་གསུམ་ཆུ་ གཏེར་མདའ་ཞེས་པ་ལ་སོགས་པ་(དཀྱིལ་འཁོར་)བཅུ་རྣམས་ཀྱིས་དུས་ཀྱི་རྩ་དབུ་མ་(འཁོར་ལོ་ རྣམས་ཀྱི་སྙིང་པོ་ལྟ་བུར་ཡོད་པ་ལས་གྱེས་པའི་ཡལ་ག་ལྟ་བུའི་རྩའི་འདབ་མ་རྣམས་)འཕེལ་བར་འགྱུར་ཏེ། །དཀྱིལ་ འཁོར་བཅུ་འབབ་པ་ནི་གཡོན་དང་གཡས་སུ་འཕེལ་བས་ཞག་གཅིག་ལ་དཀྱིལ་འཁོར་དྲུག་ ཅུའི་བར་དུའོ། །མཚམས་དེ་ནས་སྡེ་ཡི་རབ་དབྱེ་རྣམས་ཀྱི་ཞེས་པ་ཀ་ཡིག་ལ་སོགས་པའི་ སྡེ་པ་རྣམས་དང་ཆུ་སྲིན་ལ་སོགས་པའི་དུས་སྦྱོར་སྔར་བརྗོད་པ་རྣམས་ཀྱིས་(རྩ་འཕེལ་བའི་ཟླ་ བ་བཅུ་གཉིས་པོ་རྫོགས་ཀྱི་བར་དུ་སྟེང་དང་འོག་ཏུ་གཡོན་དང་གཡས་ཀྱི་)རྣམ་གཉིས་ལམ་ལ་གནས་པ་དུས་ ཀྱི་རྩ་ནི་འཇིག་རྟེན་གསུམ་ཞེས་པ་ལུས་ཀུན་ནས་གང་བར་བྱེད་དེ་རྩ་སྟོང་ཕྲག་བདུན་བཅུ་ རྩ་གཉིས་པོ་(རླུང་གིས་)གང་བར་བྱེད་དོ། །(གང་བ་ལས་བྱིས་པའི་ལུས་ལ)〈གང་བ་ལས〉བདེ་ཉམས་(སྟེ་ ཁམས་སྙོམས་པ་)〈སྟེ་ལུས་རྒྱུར་བ་དང་〉འབྲས་བུ་སྟེར་བ་གང་ཡིན་པ་དེ་ནི་ཟླ་བ་ཉི་མའི་རབ་ཏུ་རྒྱུ་ བ་(མ་ཉམས་པ)〈སྐོམ་པ〉ལས་(འགྱུར)ཞེས་པ་ལ་ལ་ནཱ་དང་ར་ས་ནཱའི་རབ་ཏུ་རྒྱུ་བ་(མ་ཉམས་པ)ལས་ 4-1-447 (འགྱུར་)ཏེ་དཀྱིལ་འཁོར་ལྔ་(ཡོངས་སུ་རྫོགས་པར)〈ལྔ་མཚུངས་པར〉འབབ་པ་ལས་སོ(ཞེས་པ་འདིའི་དོན་ ནི་བྱིས་པ་སྐྱེས་ནས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས་པའི་བར་དུ་གཡོན་དང་གཡས་དཀྱིལ་འཁོར་ལྔའི་རླུང་དབུ་མར་བུ་ ལོན་དུ་འགྱུར་བ་མེད་ཅེས་པའོ)〈འཕོ་བ་མེད་པའི་བདེ་མཉམ་སྟེར་བ་ལ་ནི་འདི་དག་འགག་དགོས〉། ། དབུགས་འབྱུང་བ་ལས་དུས་ཀྱི་རྩའི་དབྱེ་བའོ། ། ༈ གཉིས་པའི་དབྱེ་བ་ནི་མངལ་བཟུང་བ་ནས་དུས་ཀྱི་རྩ་སྡེ་ཚན་གྱི་དབྱེ་བས་བསྐྱེད་ པའི་ཆེད་དུ་འཕེལ་བའོ། །དེ་ལ་གཅིག་གི་སྡེ་ནི་(གཅིག་གཅིག་)གཅིག་སྟེ་འཁོར་ལོ་དྲུག་པོ་ རྣམས་སུ་དབུ་མ་ཨ་བ་དྷི་ཏཱི(གཅིག་པུ)འོ། །གཉིས་ཀྱི་བདེ་ནི་གཉིས་གཉིས་བཞི་སྟེ་གཙུག་ཏོར་ གྱི་པད་མའི་རྩ་(བཞི་)རྣམས་དང་ལྟེ་བར་ཟླུམ་སྐོར་དང་པོ(འི་རྩ་བཞི)འོ། །གསུམ་གྱི་སྡེ་ནི་(གསུམ་ གསུམ་)དགུའོ། །དེ་རྣམས་ནི་(ལས་བརྒྱད་)སྙིང་ཁའི་རྩ་བརྒྱད་དང་ལྟེ་བའི་ཟླུམ་སྐོར་གཉིས་ པ(འི་རྩ་བརྒྱད་པོ་)སྟེ་དགུ་པ་ནི་(ལྟེ་བའི་ཟླུམ་སྐོར་རྩ་འདབ་དྲུག་ཅུ་རྩ་བཞི་ཕྱི་རོལ་ན་གནས་པའི་)ཟླ་བའི་སྐྱེ་གནས་ (ཀྱི་རྩ་གཅིག་གོ་)སོ། །བཞིའི་སྡེ་ནི་(བཞི་བཞི་)བཅུ་དྲུག་སྟེ་དེ་རྣམས་ནི་དཔྲལ་པ(འི་རྩ་བཅུ་དྲུག་)དང་ ལྟེ་བའི་འཁོར་ལོའི་ཁྱིམ་གྱི་ཟླུམ་སྐོར་གྱི་ཕྱི་རོལ་ཏུ་(ཡལ་ག་རྩ་འདབ་དྲུག་ཅུ་རྩ་བཞིའི)〈གཟའ་རྣམས་ ཀྱི་སྐྱེ་གནས་ཀྱི་དུས〉འོ་(ཟླ་བའི་ཆ་བཅུ་དྲུག་གི་རྩ་)། །ལྔའི་སྡེ་ནི་(ལྔ་ལྔ་)ཉི་ཤུ་རྩ་ལྔ་སྟེ་དེ་རྣམས་ནི་ དཔྲལ་བར་(རྩ་བཅུ་དྲུག་གི་ཕྱི་རོལ་ཏུ་)ཟླ་བའི་རྐང་པ(འི་རྩ་)རྣམས་སོ། །དྲུག་གི་སྡེ་ནི་(དྲུག་དྲུག་)སུམ་ ཅུ་རྩ་དྲུག་སྟེ་དེ་རྣམས་ཀྱི་ནང་ནས་སུམ་ཅུ་རྩ་གཉིས་ནི་མགྲིན་པར་རོ། །བཞི་ནི་བཀྲ་ཤིས་ དང་གཟའ་ལག་དང་ཕུར་བུ་དང་པ་སངས་རྣམས་ཀྱི་སྐྱེ་གནས་(ཀྱི་རྩ་རྣམས)〈ཀྱི་རྩ་རྣམས〉ཏེ་ལྟེ་ བའི་ཟླུམ་སྐོར་གྱི་ཟླ་བའི་ཆའི་(རྩ་བཅུ་དྲུག་པོའི་ཡང་)ཕྱི་རོལ་ཏུ(གནས་པའི་རྩ་བཞི)འོ། །བདུན་གྱི་སྡེ་ ནི་(བདུན་བདུན་)བཞི་བཅུ་རྩ་དགུ་སྟེ་(བཞི་བཅུ་ཞེ་བརྒྱད་ནི་)མགྲིན་པར་(རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་ཕྱི་རོལ་) ཟླུམ་སྐོར་གཉིས་པ་ལ་ཁྱིམ་གྱི་རྐང་པ་བཞི་བཅུ་རྩ་བརྒྱད་(ཀྱི་རྩ་ཉིད་)དོ། །གཅིག་ནི་ཉི་མའི་སྐྱེ་ གནས་(ཀྱི་རྩ་གཅིག་ཡིན་)ཏེ་ལྟེ་བར་(རྩ་འདབ་དྲུག་ཅུ་རྩ་བཞི་ཕྱི་རོལ་ཏུ་)ཡང་ངོ༌། །བརྒྱད་ཀྱི་སྡེ་ནི་(བརྒྱད་ 4-1-448 བརྒྱད་)དྲུག་ཅུ་རྩ་བཞི་སྟེ་ལྟེ་བའི་འཁོར་ལོར་དཀྱིལ་འཁོར་དྲུག་ཅུ་འབབ་པར་བྱེད་པ་དྲུག་ཅུ་ དང་སྟོང་པའི་རྩ་བཞིའོ། །དགུའི་སྡེ་ནི་(དགུ་དགུ)བརྒྱད་ཅུ་རྩ་གཅིག་དང་བཅུའི་སྡེ་ནི་(བཅུ་བཅུ་) བརྒྱ་སྟེ་འདི་རྣམས་ལས་གཅིག་ནི་དལ་བ(སྤེན་པ)འི་སྐྱེ་གནས་(ཀྱི་རྩ་ཡང་ལྟེ་བའི་རྩ་དྲུག་ཅུ་རྩ་བཞིའི་ ཕྱི་རོལ་ཏུ་གནས)〈ལྟེ་བར་སྟེ་གཟའ་གཞན་དང་མཚུངས〉སོ(གཟའ་རྣམས་ཀྱི་སྐྱེ་གནས་ཀྱི་རྩ་ལྟེ་བའི་དྲུག་ཅུ་རྩ་ བཞིའི་ཕྱི་རོལ་ཏུ་འབྱུང་བའི་རྒྱུ་མཚན་ནི་ཕྱི་རོལ་ཏུ་རེས་གཟའ་རྣམས་ཞག་རེ་རེའི་ཆུ་ཚོད་དྲུག་ཅུ་ལ་དབང་བྱེད་པ་ལྟར་ནང་དུ་ ཡང་དཀྱིལ་འཁོར་དྲུག་ཅུ་ལ་དབང་བྱེད་པ་སོ)། །(ལྷག་མ་)བརྒྱ་བརྒྱད་ཅུ་ནི་ཕྱི་རོལ་གྱི་དབྱེ་བས་རྡུལ་གྱིས་ ཆོས་ཅན་ཉིད་ཀྱི་ཕྱིར་(དེ་ལ་ཁུ་བའི་ཆོས་ཅན་བསྣན་པས་)ཉིས་འགྱུར་〈འི་རྣམ་བཞག་འདི་མ་རྙེད་ ན་རྣམ་པར་འཁྱམས་པའི་བཤད་པ་མང་པོས〉སུམ་བརྒྱ་དྲུག་ཅུ་སྟེ་ཚིགས་ཀྱི་ཕྱོགས་རྣམས་ སུ་ཤེས་པར་བྱའོ(དགུའི་སྡེ་ཚན་དང་བཅུའི་སྡེ་ཚན་གཅིག་ཏུ་བསྲེས་ནས་འཆད་པ་འདི་ཤེས་པར་བྱ་དགོས་སོ)། །དེ་ བཞིན་དུ་(གཞན་ཡང་)མགྲིན་པར་ཇི་ལྟ་བ་དེ་བཞིན་དུ་གསང་བའི་འཁོར་ལོ་ལ(སུམ་ཅུ་རྩ་གཉིས་སོ) འོ། །དཔྲལ་བ་ལ་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་ལ་འོ(བཅུ་དྲུག་གོ)། གཙུག་ཏོར་ལ་ཇི་ལྟ་བ་དེ་བཞིན་ དུ་རྡོ་རྗེ་ནོར་བུའི་རྩེ་མོ་ལ་བཞི་སྟེ་ལུས་ལ་ཁྱབ་པའོ། །ཇི་སྲིད་རིག་བྱེད་ཀླུ་དང་མེ་སྟེ་ཞེས་པ་ ནི་(ལོ་གཅིག་གི་)ཕྱོགས་ཉི་ཤུ་རྩ་བཞི་དང་ཉིན་ཞག་སུམ་བརྒྱ་དྲུག་ཅུ་(བསྡུས་པ)འོ། །དེ་ལྟར་དུས་ ཀྱི་འཁོར་ལོ་(སྐུ་དང་ཞབས་གཉིས་དང་མགྲིན་པ་གསུམ་དང་ཞལ་བཞི་དང་ཕྲག་པ་དྲུག་དང་དཔུང་པ་བཅུ་གཉིས་དང་ཕྱག་ ཉེར་བཞི་དང་སོར་ཚིག་སུམ་བརྒྱ་དྲུག་ཅུ་ནི)〈དོན་དམ་གྱི〉ལོ་(༡)དང་བགྲོད་པ་(༢)དང་དུས་(༣)དང་དུས་(༤) དང་དུས་(༦)དང་དུས་སྦྱོར་(༡༢)དང་ཕྱོགས་(༢༤)དང་ཉིན་ཞག་(སུམ་བརྒྱ་དྲུག་ཅུ་དག་)གི་དབྱེ་བས་ (ལུས་ལ་དེ་སྙེད་ཀྱི་)རྩའི་དབྱེ་བ་གྲུབ་སྟེ་(དུས་འཁོར་)གཉིས་པ་(ཀྱེའི་རྡོ་རྗེ་ལྟ་བུ་)ནི་(ཞབས་བཞི་ནི)〈ཧེ་བཛྲ〉 ཐུན་མཚམས་(བཞི་རྣམ་པར་དག་པ་)དང་(ཞལ་བརྒྱད་)ཐུན་ཚོད་(བརྒྱད་པ་དག་པ་)དང་(ནི་ཕྱག་བཅུ་དྲུག་ནི་) ཐུན་ཕྱེད་(བཅུ་དྲུག་དག་པ་ཉིད་)ཀྱི་དབྱེ་བས་སོ། །ཞེས་པ་ངེས་པ(སྟེ་ལུས་ལ་གཙུག་ཏོར་དང་སྙིང་ཁ་དང་་སྤྱི་བོ་ རྣམས་སུ་རྩའི་དབྱེ་བ་དེ་སྙེད་དོ)འོ། །དེ་བཞིན་དུ་བཅོམ་ལྡན་འདས་མ་ནི་དེའི་སྦྱོར་བ་ལས་ངེས་པར་ 4-1-449 ཕྱག་(གཉིས་)ན་གྲི་གུག་ཐོད་པ་ཅན་དུ་རབ་ཏུ་འགྱུར་ཞེས་པ་འདིར་བཅོམ་ལྡན་འདས་ནི་ལོའི་ དག་པས་སོ། །བཅོམ་ལྡན་འདས་མ་ནི་〈དོན་དམ་གྱི〉ཉིན་ཞག་སོ་སོའི་དག་པས་དེ་ཉིན་མོ་ (ཕྱག་གཡས་ན)གྲི་གུག་དང་མཚན་མོ་(ཕྱག་གཡོན་ན་)ཐོད་པའོ་ཞེས་པའི་དོན་ཏོ། ༡༤༤ ། ༈ ད་ནི་ཀ་སྡེའི་འཁོར་ལོ་རྣམས་གསུངས་པ་འཁོར་ལོ་ཞེས་པ་ལ་སོགས་པ་སྟེ་འདིར་ ཀ་ཡིག་ལ་སོགས་པ་གསལ་བྱེད་སུམ་ཅུ་རྣམས་དང་ཨ་ཡིག་ལ་སོགས་པ་དབྱངས་བཅོ་ལྔ་ སྟེ་འདི་རྣམས་ནི་བཞི་བཅུ་རྩ་ལྔའོ། །(དེ་ལ་ལྔ་ཚན་རྣམས་ནི་)ཡུལ་ལྔ་དང་(བཅོ་ལྔ་པ་ཚན་པ་གསུམ་ནི་) ཡོན་ཏན་གསུམ་སྟེ་དེའི་དབང་གིས་ཞེས་པ་དབྱངས་ལྔ་ཐུང་ངུ་དང་རིང་པོ་དང་ལྡན་པའི་ང་ ལ་སོགས་པ་(གསལ་བྱེད་སུམ་ཅུ་)རྣམས་དང་(ཐིག་ལེ་དང་རྣམ་བཅད་བྲལ་བའི་དབྱངས་གསལ་བྱེད་ཀྱི)བདག་ ཉིད་〈བཅོ་ལྔ〉དང་ཐིག་ལེ་དང་རྣམ་པར་བཅད་པ་དང་ལྡན་པ(འི་དབྱངས་རྩ་བའི་དབྱེ་བ་རང་བཞིན་དང་ ཡོན་ཏན་དང་ཡ་ཎར་བསྒྱུར་བ་ཚན་པ་རེ་རེ་ལ་ལྔ་ལྔར་ཕྱེ་བ)〈གསལ་བྱེད〉བཅོ་ལྔ་སྟེ་དེ་ལྟར་ས་ཡིག་གི་མཐར་ ཐུག་པ་(གསལ་བྱེད་ཀྱི་)འཁོར་ལོ་རྩིབས་བཅུ་པ་སུམ་ཅུ་(དབྱངས་གསལ་བྱེད)〈གསལ་བྱེད་ལུས་ལ་ དབྱངས་ཡིག་སྲོག་ཏུ〉ཕན་ཚུན་རྗེས་སུ་འཇུག་པའོ། །(ཐིག་ལེ་དང་རྣམ་བཅད་ཡོད་མེད་ཀྱི་དབྱངས་བཅོ་ ལྔ་ནི་)ལ་ཡིག་ལ་སོགས་པ་ཨ་ཡིག་གི་མཐར་ཐུག་པ་(དབྱངས་ཀྱི་འཁོར་ལོ་)རྩིབས་དྲུག་པ་(བཅོ་ལྔ་)རྣམས་སོ། །(དེ་ལྟར་གསལ་བྱེད་དང་དབྱངས་ཀྱི་)འཁོར་ལོ་མདའ་དང་ཆུ་གཏེར་གྲངས་ནི་ཡུལ་(ལྔ་) དང་ཡོན་ཏན་(གསུམ་གྱི་)དབང་གིས་སྐུ་གསུང་ཐུགས་ཀྱི་རབ་ཏུ་དབྱེ་བ་ཡིས། །གཙོ་བོ་དུས་ ཀྱི་འཁོར་ལོ་བདེ་བ་ཆེན་པོ་སྲུང་བ་བྱེད་དེ་(གཙོ་བོ་དེ་ཡང་)བདེ་མཉམ་འབྲས་བུ་སྟེར་བ་དུ་བ་ ལ་སོགས་ལྷ་མོ་བརྒྱད་རྣམས་(དང་བཅས་)སོ། །འདིར་ང་ཡིག་གི་འཁོར་ལོ་བརྗོད་པར་བྱ་སྟེ་ འཁོར་ལོ་ཐམས་ཅད་ཀྱི་(རྩིབས་ཀྱི་)ཕྱི་རོལ་(རྩེ་མོ་རྣམས་)དང་ནང་དུ་(ལུས་ལ་)བ་སྤུའི་རྩེ་མོ་ལ་(དགོད་ པར་བྱ)འོ། །(དེ་ལ་འཁོར་ལོ་རྩིབས་བརྒྱད་པ་སྟེང་དང་འོག་ཏུ་རྩིབས་གཉིས་ཏེ་རྩིབས་བཅུ་བྲིས་པ་ལ་)སྟེང་དུ་ང་ དང་ཤར་དུ་ངི་དང་ལྷོར་ངྼྀ་དང་བྱང་དུ་ངུ་དང་ནུབ་ཀྱི་རྩིབས་ལ་ངླྀ་དང་རླུང་དུ་ 4-1-450 ངླཱྀ་དང་དབང་ལྡན་དུ་ངུ་དང་བདེན་བྲལ་དུ་ངྼཱྀ་དང་མེར་ངཱྀ་དང་ས་ འོག་ཏུ་ངཱའོ〔དེ་ལྟར་དབྱངས་ལྔ་ཐུང་རིང་དང་ལྡན་པའི་ང་ཡིག་གོ〕། །དེ་བཞིན་དུ་གྷ་ག་ཁ་ཀ་ (རྣམས་རེ་རེའང་དབྱངས་བཅུས་ཕྱེ་བའི་འཁོར་ལོ་)སྟེ་(ཐམས་ཅད་)བ་སྤུའི་ཁམས་ལའོ། །(དེ་བཞིན་དུ་)ལྤགས་ པ་དང་ཤ་ལ་ཙ་སྡེ་དང་ཁྲག་ལ་ཊ་སྡེ་དང་ཆུ་སེར་ལ་པ་སྡེ་དང་རུས་པ་ལ་ཏ་སྡེ་དང་རྐང་ལ་ས་ སྡེ་(དགོད་པ་ནི་ཉ་ལ་སོགས་པའི་ཡི་གེའི་)སྟེ་ལུགས་ལས་བཟློགས་པས་སོ། །དེ་ལྟར་(བ་སྤུ་ནས་)རྐང་གི་ མཐར་(ཐུག་པ་)རྩིབས་བཅུ་པའི་འཁོར་ལོ་སུམ་ཅུ་རྣམས་སོ། །དེ་ནས་རྩིབས་དྲུག་པ་རྣམས་ཏེ་ ཤར་གྱི་རྩིབས་ལ་ལ་དང་ལྷོར་ལཿདང་བྱང་དུ་ལཾ་དང་ནུབ་ཏུ་ལཱ་དང་འོག་ཏུ་ལཱཿདང་སྟེང་དུ་ ལཱཾཿསྟེ་སྲོག་ལ་སོགས་པའི་རྩ་རྣམས་ལའོ། །དེ་བཞིན་དུ་ཝ་ར་ཡ་ཧ་(རྣམས་རེ་རེའང་དྲུག་དྲུག་ཏུ་ཕྱེ་བ་ རྩིབས་དྲུག་ལ)འོ། །དེ་བཞིན་དུ་རྡུལ་ལ་ཤར་དུ་ཨལ་དང་ལྷོར་ཨལཿདང་བྱང་དུ་ཨལྂ་དང་ནུབ་ ཏུ་ཨཱལ་དང་འོག་ཏུ་ཨཱལཿདང་སྟེང་དུ་ཨཱལྂ་ངོ༌། །དེ་བཞིན་དུ་ཨོ་ཨར་ཨེ་ཨ〔རྣམས་རེ་རེའང་ དྲུག་དྲུག་ཏུ་ཕྱེ་བ་རྩིབས་དྲུག་ལ〕འོ། །ཁུ་བའི་ཁམས་ལ་བསྲུང་བ་ནི་ཤར་དུ་ལྀ་དང་ ལྷོར་ལྀཿདང་བྱང་དུ་ལྀཾ་དང་ནུབ་ཏུ་ལཱྀཾ་དང་འོག་ཏུ་ལཱྀཿདང་སྟེང་དུ་ ལཱྀཾ་སྟེ་དེ་བཞིན་དུ་ཨུ་རི་ཨི་ཨའོ། །(དེ་ལྟར་གཞན་)བ་སྤུ་ལ་སོགས་པ་ཁུ་བའི་མཐར་ཐུག་ པ་( རྣམ་པར་དག་པའི) ཁམས་དགུ་རྣམས་〈འདི་རྣམས་ཀྱི་འཁོར་ལོ་ལ་སོགས་ན་བཀོད་པ་ཡང་ ཡོད་དོ〉སོ། །(འབྱུང་བའི་འཁོར་ལོར་བཀོད་པ་)དེ་ནས་(བསྲུང་བྱ་དུས་ཀྱི་འཁོར་ལོ་རྡོ་རྗེ་)〈རྡོ་རྗེ〉ཟླ་བ(བདེ་བ་ཆེན་ པོ)འི་དབུས་སུ་རྣམ་པར་ཤེས་པའི་(གཞན་བཞུགས་པ་ཐབས་)ཁམས་ཏེ་དུ་བ་ལ་སོགས་པ་(ཤེས་རབ་) སྟོང་པ་(ཉིད་ཀྱི་གཟུགས་)རྣམས་ཀྱིས་བསྐོར་བ་(ཡེ་ཤེས་ཀྱི་སྐུ)〈བདེ་གཤེགས་སྙིང་པོ〉འོ་ཞེས་པའི་དོན་ ཏོ། །དེ་ལ་(ཤེས་རབ་ནི་)ཡུལ་ལྔའི་སྟོང་པ་དང་ཡོན་ཏན་གསུམ་གྱི་སྟོང་པ་(སྟེ་བརྒྱད)ནི་དུ་བ་ལ་ སོགས་པ་(ཁྱབ་བྱ་བརྒྱད་པོ་)སྟེ་དེ་ནས་(ཁྱབ་བྱེད་)ཆ་(སྟེ་གློག་)དང་ཐིག་ལེ་མཐོང་བ་(ནུས་མ་བཅུ་)དང་དེ་ ནས་(ནུས་མ་བཅུ་པོ་ཉིད་ཀྱི་རང་བཞིན་རྣམ་པ་ཐམས་ཅད་པའི་)གཟུགས་མཐོང་བའོ་ཞེས་པའི་དོན་ཏོ། །དེ་ 4-1-451 ལྟར་ཉི་མ་(ཤེས་རབ་སྟོང་གཟུགས་ཨེ་ཡིག་)ལ་གནས་(པ་)གཙོ་བོ་མཆོག་གི་རི་བོང་ཅན་གྱི་(ཝཾ་ཡིག་)ཆ་ ནི་(དེ་ཉིད་རྣམ་པ་)བཅུ་དྲུག་(རིག་)པ་སྟེ་(ཐབས་)དེ་ཡིས་འཁྱུད་པར་གྱུར་པ(འི་ཤེས་རབ་ནི་)དུས་ཐམས་ ཅད་དུ་སྣ་ཚོགས་གཟུགས་ནི་(སྟོང་ཉིད་)རྣམ་པ་ཐམས་ཅད་པ་ཉིད་ཀྱི་ཕྱིར་རོ། །(དེ་ལྟར་གཙོ་བོ་ཡབ་ ཡུམ་ལ་བསྐོར་བའི་)ལྷ་མོ་ཞེས་པ་ནི་ཁམས་(གཞན་)རྣམས་ཏེ་སངས་རྒྱས་ཞེས་པ་ནི་ཕུང་པོ་རྣམས་ སོ། །དེ་རྣམས་(ཡོན་ཏན་)ཅིས་ཁྱད་པར་དུ་འཕགས་ཞེ་ན་འཆི་མེད་རྣམས་ཏེ་སྐྱེ་བ་དང་རྒ་བ་ དང་འཆི་བ་དང་བྲལ་བ(འི་ལྷ་ཆེན་བཅུ་གཉིས་)རྣམས་དང་ཡུལ་〈གྱི་ཁྱད་པར་འཕགས་པ〉དང་ཡུལ་ ཅན་(སེམས་དཔའ་ཡབ་ཡུམ)རྣམས་དང་སྒྲ་གཅན་དང་ཟླ་བ་དང་ཉི་མ་(སྟེ་འཇིག་རྟེན་པའི་)རྣམས་ཀྱིས་ ཕྱག་(བྱ་བར་)འོས་པ(འི་ཡོན་ཏན་གྱིས་ཁྱད་པར་དུ་འཕགས་པ)〈རྣམས་ཀྱིས་ཁྱད་པར་འཕགས་པ〉སྟེ་མི་ འགྱུར་བའི་བདེ་བ་ཆེན་པོ་(དང་པོའི་སངས་རྒྱས)བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའ〈དོང་པོའི་ སངས་རྒྱས་བདེ་གཤེགས་སྙིང་པོའོ〉། ༡༤༥ ། ༈ འདིའི་(སྟེ་ཨ་བ་དྷུ་ཏཱི་)རྗེས་ལ་ཚིགས་སུ་བཅད་པ་བཞི་ནི་གོ་སླའོ། ༡༤༩ ། ༈ ད་ནི་རྡོ་རྗེའི་དབུགས་ལ་(ནང་གི་)གཟའི་རྒྱུ་བ་འཇུག་པ་གསུངས་པ་གཙོ་བོའི་ཞེས་ པ་ལ་སོགས་པ་སྟེ་འདིར་ཕྱོ་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ནང་ལའོ་ཞེས་པའི་རིགས་པས་ཕྱི་ རོལ་ཏུ་ནུས་པ(འོག་མིན་པ)འི་དབུགས་ནི་(མི་)ལོའི་ཆོས་སོ། །(མི་)ལོ་དེ་རྣམས་ཀྱིས་གང་གི་ཚེ་ དུས་(བཞི་ཆེན་པོའི་)ཀྱི་མཐར་(ཐུག་པར་)འགྱུར་བ་ནི་མཁའ་མཁའ་ནམ་མཁའ་མཁའ་མིག་མེ་ དང་ཆུ་གཏེར་ཞེས་པ་ནུས་པ་(འོག་མིན་པའི་)དབུགས་དང་(དབུ་མིའི་)ལོ་ཉི་ཁྲི་ལྷག་པའི་འབུམ་ ཕྲག་བཞི་བཅུ་རྩ་གསུམ་མོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི(རང་རང་གི་ལོ་དང་དབུགས་ ཀྱི་གྲངས་དེ་སྙེད་ལ་རང་རང་གི་ཕྱི་ནང་གི་དུས་བཞི་རྫོགས་པ)〈དབུགས་དེ་སྙེད་ལ་རང་རང་གི་དུས་བཞི〉འོ། ། (ལོ་དང་)དབུགས་འདི་རྣམས་ཀྱི་མཐར(ལོ་དང་)དབུགས་གཅིག་ནི་ཕྱི་རོལ་ཏུ་འཇིག་རྟེན་གྱི་ ཁམས་ལ་(དུས་བཞིའི་མཐའི་)ལོ་དང་(ནང་དུ་)དབུ་མ་ལ་(འཆི་བའི་མཐའི་)དབུགས་གཅིག་སྟེ་(རིམ་པ་ལྟར་ 462)ལོ་(དང་དབུགས་ཀྱི་མཐའ་མ་)གང་ལ་རྩོད་དུས་(དང་འཆི་བའི་དུས་)ལས་འབྱུང་ཞིང་(སླར་ཡང་)རྫོགས་ ལྡན་གྱི་དུས(དང་སྐྱེ་བའི་དུས་)ལ་འཇུག་པའོ། །དེ་ལྟར་དུས་བཞི་རྣམས་ཀྱིས་ནུས་པའི་དཀྱིལ་ འཁོར་བཅུའི་རྩར་(ཞག་ཉིས་བརྒྱར་རླུང་)རབ་ཏུ་འབབ་སྟེ་(འདིར་)དཀྱིལ་འཁོར་(ཞེས་པ་དུས་བཞིའི་བཅུ་ ཆ་ཡིན་ཞིང་དེ་)རེ་རེ་ནི་(ཕྱི་རོལ་ཏུ་)ལོ་(དང་ནང་དུ་དབུགས་)སྟོང་ཕྲག་སུམ་ཅུ་རྩ་གཉིས་ལྷག་པའི་འབུམ་ ཕྲག་བཞིའོ(ནུས་པ་ལས་ཡུན་རིང་བའི་ནུས་པ་ཆེན་པོ་ཞེས་པ་ནི་གསུངས་པ་མེད་པས་རྣམ་པར་བརྟགས་པས་ཙམ་དུ་ཟད་ དོ་གསུངས)། །དེ་ལྟར་རྫོགས་ལྡན་ལ་དཀྱིལ་འཁོར་བཞི་སྟེ་གཡོན་གྱི་རྩ་ལ་ནམ་མཁའ་དང་ རླུང་དང་མེ་དང་ཆུའོ། །གསུམ་ལྡན་ལ་གཡོན་གྱི་རྩ་དེ་ཉིད་ལ་དཀྱིལ་འཁོར་གཅིག་སྟེ་སའི་ མཚན་ཉིད་དོ། །དེ་ནས་དབུ་མ་(ཨ་བ་དྷཱུ་ཏཱི་)ལ་འཇུག་སྟེ་དཀྱིལ་འཁོར་ལྔ་པོ་རྣམས་ལ་(སུམ་ཅུ་རྩ་ གཉིས་ཆའི་བུ་ལོན་གཡས་ཀྱི་དཀྱིལ་འཁོར་ལྔའི་བུ་ལོན་དང་སྡོམ་པ་)སྟོང་ཕྲག་སུམ་ཅུ་རྩ་ལྔ་ལྷག་པའི་འབུམ་ ཕྲག་གཅིག་བཟུང་ནས་དབུ་མའི་དུས་སོ། །དེ་ནས་གཡས་ལ་ཡང་དག་པར་རྒྱུ་བ་སྟེ་སའི་ དཀྱིལ་འཁོར་དང་ཆུའི་དཀྱིལ་འཁོར་ནི་གསུམ་ལྡན་ལའོ། །དེ་ནས་གཉིས་ལྡན་ལ་མེ་དང་ རླུང་གི་དཀྱིལ་འཁོར་རོ། །རྩོད་ལྡན་ལ་ནམ་མཁའི་དཀྱིལ་འཁོར་ཏེ་〈དེ་ན་དབུ་མ་ལ་དྲུག་ ཁྲི་བདུན་སྟོང་ལྔ་བརྒྱ་སྟེ〉དེ་ལ་(ཕྱི་ནང་གི)དུས་〈བཞི〉རྫོགས་པར་འགྱུར་རོ། །(དེ་ལྟར་འོག་མིན་པའི་ ཞག་ཉིས་བརྒྱ་ལ་དུས་བཞི་ཆེན་པོའི་ལོ་གྲངས་རྫོགས་ཤིང་དེས་ཚེ་ཚད་ཀྱང་རྫོགས་པའི་དབང་དུ་བྱས་ཏེ)དེ་ནས་(འཆི་བའི་ དུས་ཀྱི་)དབུ་མའི་དབུགས་རྣམས་ཀྱི་མཐར་(བར་དོར་འགྲོ་བའི་རྒྱུ)དབུགས་གཅིག་ལྷག་པས་(བར་ དོར་འཇིག་རྟེན)〈འཆི་བའི་དུས་འོད་གསལ་རྣམས〉ཐམས་ཅད་སྣང་བར་བྱེད་〈དེའི་དུས་སུ་འཆི་ བའི་གདམ་ངག་ཟབ་མོ་གལ་ཆེ་བ་ཉིད་〉དོ། །གལ་ཏེ་དབུགས་ཀྱི་ཚད་དེས་(བར་དོའི་སྲིད་པ) 〈བརྒྱལ་བ་སངས་ནས་པར་དོའི་སྲིད་པ〉སད་པའི་གནས་སྐབས་ལ་གནས་ན་〈དེའི་དུས་སུ་ བར་དོའི་གདམ་ངག་ཟབ་མོ་ཡོད་པ་རྣམས་གྲོལ་བར་འགྱུར་ལ་དེ་མེད་ཀྱང་〉དབུགས་དེ་ ནི་སེམས་ཅན་ཐམས་ཅད་ཀྱི་(སྐྱེ་བའི་གནས་སུ་ཉིང་མཚམས་སྦྱར་ན་མངལ་དུ་ཟླ་བ་དྲུག་གི་བར་དུ་)གཉིད་ཀྱི་ 4-1-452 གནས་སྐབས་སུ་འགྱུར་རོ། །དེ་ལྟར་(ནུས་པའི་)དབུགས་ཉི་ཁྲི་ལྷག་པའི་འབུམ་ཕྲག་བཞི་བཅུ་ རྩ་གསུམ་གྱིས་ནང་དུ་གཟའ་(བཅུ་)རྣམས་ཀྱི་(རྒྱུ་བ་སྟོང་པ་ལ་འཇུག་པས་)དུས་(བཞི་ཆེན་པོ་)གཅིག་ཏུ་ འགྱུར་རོ། །(གཡས་ཀྱི་)སྟོང་པའི་དཀྱིལ་འཁོར་གྱི་མཐར་དབུ་མར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ འཇུག་པར་འགྱུར་ཏེ་དེ་བས་ན་(གཡས་དང་གཡོན་གྱི་རླུང་དབུ་མར་འབབ་པ་)དེ་(ནི་རྣལ་འབྱོར་པས)〈ཡེ་ཤེས་ ཀྱི་དཀྱིལ་འཁོར་ནི་རྣལ་འབྱོར་གྱི〉གཟུང་བར་བྱའོ། །དེ་ལྟར་(སེམས་ཅན་)རང་རང་(གི་དབུགས་ཀྱི་) ཚད་ཀྱིས་རྒྱལ་བའི་བདག་པོའི་(སྟེ་ཡེ་ཤེས་ཀྱི་རླུང་)〈རླུང་〉རྒྱུ་བ་(ནི་གཡས་གཡོན་གྱི)〈ཡེ་ཤེས་ཀྱི་དཀྱིལ་ འཁོར་ནི་ཟླ་ཉིའི〉དབུགས་(རྣམས་)ཀྱི་(མཐར་)དབུས་སུ་འགྲོ་དང་གནས་པ་ཤེས་པར་བྱ་ཞེས་པ་ ནི་ངེས་པའོ། ༡༥༠ ། ༈ འདིའི་རྗེས་ལ་ཚིགས་སུ་བཅད་པ་བཅུ་བཞི་ནི་གོ་སླའོ། ༡༦༤ ། ༈ (བཅུ་གཉིས་པ་སངས་རྒྱས་ཀྱི་ཞིང་བསྡུ་པའི་ངོ་བོ་ཉིད་)ད་ནི་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པ་ གསུངས་པ་ས་ལས་ཞེས་པ་ལ་སོགས་པའོ། །འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཆོས་བསྟན་པ་ནི་རྣམ་པ་གཉིས་ཏེ་གཅིག་ནི་འཇིག་རྟེན་ཀུན་རྫོབ་དང་གཉིས་པ་ནི་དོན་དམ་ པའོ། །དེ་ལ་འཇིག་རྟེན་ཀུན་རྫོབ་ཏུ་གསུངས་པ་(བདག་རྐྱེན་)དབང་(པོ་གཟུགས་ཅན་ལས་)སྐྱེས་(པའི་) བློ་ནི་(ཡུལ་གྱི་)རྣམ་(པར་ཤར་བ་)མེད་(པ་ཉིད་)ཀྱིས། །(རྡུལ་)ཕྲ་རབ་(སོ་སོ་བ་མི་རིག་ཀྱང་)བསགས་པ(འི་ རགས་པ་)དངོས་སུ་(སྟེ་ཕྲད་པ་ཙམ་གྱིས་)རིག །(ཅེས་པ་)ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་ བའི་གཞུང་འདོད་འགྱུར་ཅེས་པ་དང༌། དེ་བཞིན་དུ་མུ་སྟེགས་པ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་ བསགས་པའི་འཛིན་(པར་འདོད་)པ་སྟེ་དེས་ན་ཕྱི་རོལ་ཏུ་སངས་རྒྱས་ཀྱི་ཞིང་རྣམས་དང་འཇིག་ རྟེན་གྱི་ཁམས་རྣམས་ཀྱི་ཡང་སྐྱེ་བ་དང་འཇིག་པ་(ཀུན་རྫོབ་ཏུ་)རིག་པར་བྱའོ། །(འཇིག་རྟེན་གྱི་ཁམས་) དེ་ཡང་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་འབྲས་བུ་ལོངས་སྤྱོད་པའི་རྒྱུ་ལས་ (སྐྱེ་འཇིག་ཏུ་)འགྱུར་ཏེ་སེམས་ཅན་གྱི་ཕུང་པོ་(སྐྱེ་ཞིང་འཇིག་པ་)ཇི་སྲིད་པ་དེ་སྲིད་དུ(འཇིག་རྟེན་གྱི་ 4-1-453 ཁམས་ཐམས་ཅད་སྐྱེ་ཞིང་འཇིག་པ)འོ་ཞེས་པ་ནི་ངེས་པའོ། །དེས་ན་འཇིག་རྟེན་གྱི་ཁམས་ (སྔ་མ་)ཉེ་བར་སྡུད་པའི་དུས་སུ་(ཡང་ཕྱི་མ་འབྱུང་བར་བྱེད་པའི་)ལས་ཀྱི་རླུང་འདི་ནི་གང་གིས་(ཕྱི་མ་ འཇིག་པ་)སྔོན་〔དུ་〕འཇིག་རྟེན་གྱི་ཁམས་དང་སངས་རྒྱས་ཀྱི་ཞིང་བསྐྱེད་པའོ། །(ཞིང་)དེའི་རང་ བཞིན་རྣམ་པ་གཉིས་ཏེ་གཅིག་ནི་ནམ་མཁའ་ལ་བརྟན་པའི་སྐར་མ་བཞིན་དུ་གཡོ་བ་མེད་པ་ སྟེ་འཇིག་རྟེན་གྱི་ཁམས་དང་སངས་རྒྱས་ཀྱི་ཞིང་གི་ཕྱོགས་གང་དུ་ཡང་འགྲོ་བར་མི་བྱེད་དོ། ། གཉིས་པ་ནི་མཁའ་ལ་ཁྱིམ་གྱི་འཁོར་ལོ་བཞིན་དུ་འཁོར་བའི་རང་བཞིན་ནོ། །དེ་བཞིན་དུ་ འཇིག་རྟེན་གྱི་ཁམས་ཀྱི་ནང་དུ་འདུས་པའི་བརྟན་པ་རྣམས་ནི་མི་གཡོ་བའི་རང་བཞིན་ནོ། ། སྲོག་ཆགས་རྣམས་ནི་གཡོ་བའི་རང་བཞིན་ཏེ་(དེ་དག་སྐྱེད་བྱེད་)ལས་ཀྱི་རླུང་ཞེས་པ་ནི་(སེམས་ཅན་ རྣམས་ཀྱི)〈གཉིས་མེད་མ་ཡིན་གྱི〉རྣམ་པར་ཤེས་པའི་ཆོས་ཉིད་དོ། །དེ་བཞིན་དུ་རྡུལ་ཕྲ་རབ་ལས་ གྲུབ་པའི་ལུས་རྣམས་ཉེ་བར་སྡུད་པ(ཡང་ལས་ཀྱི་རླུང་ཡིན་པ)འོ། །དེས་ན་ཆགས་པ་དང་འཇིག་ པའི་མཚན་ཉིད་ཅན་སྐྱེ་བ་དང་འཇིག་པའི་ཆོས་ཅན་ལས་སངས་རྒྱས་ཀྱི་ཞིང་ཉེ་བར་སྡུད་ པ་དང་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པའི་དུས་སུའོ། །འཇིག་རྟེན་གྱི་ཁམས་འཇིག་པའི་ དུས་དེར་ས་ལས་ཞེས་པ་ནི་ས་ལ་ས་ཆུ་ལ་སོགས་པའི་ཁམས་ཀྱི་རྡུལ་ཕྲ་རབ་གང་དག་(སྔོན་) ཡང་དག་པར་སྦྱོར་བས་གནས་པ་དེ་རྣམས་སའི་རྡུལ་ཕྲ་རབ་ཀྱི་ཚོགས་ལས་ཕྱེ་སྟེ་སའི་རྡུལ་ ཕྲ་རབ་རྣམས་(སོ་སོ་)ཐ་དད་དུ་བྱས་ནས་ཆུའི་ཁམས་ལ་སྟེ་ཆུའི་རྡུལ་ཕྲ་རབ་ཀྱི་ཚོགས་ལས་ འཇུག་པར་བྱེད་དོ། །དེ་བཞིན་དུ་ཆུའི་ཁམས་ལས་ཕྱེ་ནས་མེ་ལ་འཇུག་པར་བྱེད་ཅིང་མེ་ ལས་ཕྱེ་ནས་རླུང་ལ་འཇུག་པར་བྱེད་དེ་རླུང་ལས་ཕྱེ་ནས་ནམ་མཁའ་ལ་སོ་སོ་སོ་སོར་ཀུན་ཏུ་ སྤྱོད་དོ། །(ཚུལ་)དེ་ལྟར་(ལས་ཀྱི་རླུང་གི་དབང་གིས་)འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པ་ཡིན་གྱི་(མུ་ སྟེགས་པ་ཁ་ཅིག་གིས་བརྟགས་པ་ལྟར)〈ཕྱི་རོལ་པས་བརྟགས་པ་ལྟར〉ས་འོག་ན་དུས་ཀྱི་མེ་ཞེས་བྱ་བའི་ ལྷ་འགའ་ཞིག་ཡོད་པ་དེས་འཇིག་རྟེན་གྱི་ཁམས་བསྲེག་པར་བྱེད་པ་དང་ཐལ་བར་བྱེད་པ་ 4-1-454 ནི་མ་ཡིན་ནོ། །(དེས་ན་)〈ཟ་བར་བྱེད་པ〉དུས་ཀྱི་མེ་(ཞེས་འབྱུང་བའི་)རྡུལ་ཕྲ་རབ་བསགས་པ་གང་ ཡིན་པ་དེ་ཉིད་ཀྱིས་ཆོས་གཞན་(སའི་རྡུལ་རྣམས་ཆུའི་རྡུལ་ཕྲ་རབ་ལ་འཇུག་པར་བྱེད་པ་ལ་སོགས་པའི་ཚུལ་གྱིས་) 〈འཇིག་རྟེན་གྱི་ཁམས〉ཟ་བར་བྱེད་པའི་ཕྱིར་རྡུལ་ཕྲ་རབ་དང་བྲལ་བ་གང་ཡིན་པ་(དུས་ཀྱི་མེ་ཞེས་ བྱ་བའི་ལྷ་རྟོག་པས་བརྟག་པ་)དེས་ནི་(འཇིག་རྟེན་གྱི་ཁམས་)ཅུང་ཟད་ཀྱང་སྲེག་པར་མི་བྱེད་ཅིང་ཟ་བར་མི་ བྱེད་དོ། །དེ་ལྟར་བརྟན་པ་རྣམས་ཞིག་པར་གྱུར་པའི་རྗེས་ལ་རྣམ་པར་ཤེས་པའི་ཆོས་ཅན་ གྱི་(སེམས་ཅན་གྱི་)སྲོག་གང་ཡིན་པ་དེ་རྣམས་(ཞིང་)〈བར་དོའི་སྲིད་པས〉གང་ཞིག་ལས་ཀྱི་རླུང་ གིས་བསྐྱེད་པའི་ཞིང་གཞན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་སྟེ་(འཇིག་རྟེན་གྱི་ཁམས་)དེ་རྣམས་ ཉེ་བར་ལོངས་སྤྱོད་པའི་སླད་དུའོ། །དེ་ལྟར་(སེམས་ཅན་གྱི)ལས་ཀྱི་རླུང་མཐའ་ཡས་པ་རྣམས་ འཇིག་རྟེན་གྱི་ཁམས་སྐྱེད་པར་བྱེད་པ་དང་སངས་རྒྱས་ཀྱི་ཞིང་སྐྱེད་པར་བྱེད་པ་སྟེ་དཔེར་ན་ སྲོག་ཆགས་རྣམས་ཀྱི་སྲོག་(རླུང་)རྣམས་(སེམས་ཅན་)སོ་སོ་སོ་སོའི་ལུས་སྐྱེད་པར་བྱེད་པ(ཇི་ལྟ་བ་)བཞིན་ནོ། །བརྟན་པ་(སྣོད་ཀྱི་འཇིག་རྟེན་)རྣམས་ཀྱི་འཕེལ་བ་(སེམས་ཅན་གྱི་ལས་ཀྱི་རླུང་གིས་)སྐྱེད་པར་ བྱེད་པའོ་ཞེས་པ་ནི་ཀུན་རྫོབ་ཏུ་གྲུབ་པའི་མཐའོ། ༡༦༥ ། ༈ (བཅུ་གསུམ་པ་ནམ་མཁའི་ཁམས་ལ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་དང་ཐབས་གཅིག་ཏུ་བཞུགས་པའི་ངོ་བོ་ཉིད་)ད་ནི་ལས་ཀྱི་རླུང་ལས་གྲོལ་བ་རྣམས་ཀྱི་ བཞུགས་པ་གསུངས་པ་སངས་རྒྱས་ཀྱི་ཞིང་ཞེས་པ་ལ་སོགས་པ་སྟེ་འདིར་བཟང་པོར་སྤྱོད་ པ་བསྒྲགས་པ་ལས་བཅོམ་ལྡན་འདས་ཀྱིས་(སངས་རྒྱས་རྣམས་ཀྱིས་བཞུགས་པའི་ཚུལ་)གསུངས་པ་ འདི་ལྟ་སྟེ། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ ན་བཞུགས་པ་དག་ཅེས་གསུངས་པའི་ཕྱིར་ཀུན་རྫོབ་ཏུ་སངས་རྒྱས་(གཟུགས་ཀྱི་སྐུ)རྣམས་ཀྱི་ 〈གཟུགས་ཀྱི་སྐུ་གཞན་སྣང་ལ〉བཞུགས་པ་གང་ཡིན་པ་དེ་ནི་(འདིར་སྨོན་ལམ་གྱི་དབང་དང་གདུལ་བྱའི་ སྐལ་བའི་དབང་གིས)〈སེམས་ཅན་གྱི་བསམ་པའི་དབང་གིས〉རྟེན་སྤངས་པ་དང་རྟེན་མེད་པ་མ་ཡིན་ 4-1-455 (ཏེ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཞེས་པ་ལ་སོགས་པ་བཞིན་)ནོ། །སྒྲིབ་པ་མེད་པའི་ཆོས་(ཉིད་)ཀྱིས་དོན་ དམ་པར་ནི་(ཆོས་ཀྱི་སྐུ་འདུས་བྱས་ཀྱི་རྟེན་ལ)〈རྟེན་པ་གནས་པ་བཞིན་དུ〉བཞུགས་པ་མེད་དེ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འཕགས་ཀྱི་ལེའུ་ལས་(ཡང་དག་པའི་མཐའ་ལས་ནི་འོང་བའམ་འགྲོ་བ་ མེད་དེ་ཡང་དག་པའི་མཐའ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་པ་ལ་སོགས་པའི་གསུང་གིས་)སངས་རྒྱས་ རྣམས་གང་དུའང་གཤེགས་པའམ་བྱོན་པ་མ་བྱུང་ངོ་འབྱུང་བར་མི་འགྱུར་རོ་མི་འབྱུང་ངོ་ཞེས་ གསུངས་སོ། །དེས་ན་དག་པའི་རྡུལ་ཕྲ་རབ་(དོན་དམ་པའི་ས་བཅུ་གཉིས་སྒྲིབ་པ་མེད་པ་སྟེ་)གྲུབ་པའི་ བཅུད་(ཅེས་པ་བྱང་སེམས་ལུས་ལ་བརྟེན་པའི་བདེ་བ་ཆེན་པོ་ལུས་ཀྱི)〈ཅེས་པས་འགྱུར་མེད་བདེ་བ་ཆེན་པོ་ ལུས་ཀྱི〉ཁམས་ཐམས་ཅད་(བདེ་བའི་)འབིགས་པར་བྱེད་པ་(དེས་ཐོབ་པར་བྱ་བའི)〈གང་ཡིན་པ〉རྡུལ་ གཅིག་གི་རྩེ་མོའི་རྟེན་(དོན་དམ་གྱི་ས་བཅུ་གཉིས་སྒྲིབ་པ་མེད་པ)〈ཨེ་ཡིག་གི་བདེན་དོན་བཅུ་གཉིས〉ལ་ ( ཆོས་ཀྱི་སྐུའི)〈རྟེན་པ་ཝྂ་ཡིག་དེ་ཉིད་བཅུ་དྲུག་གི་བདག་ཉིད〉སངས་རྒྱས་ཐམས་ཅད་〈དབྱེར་ མེད་དུ་གནས་〉དེ་གང་དག་(རྣམ་པ་ཐམས་ཅད་པའི)〈སྟོང་གཞི་དོན་དམ〉སྟོང་པའི་མཚན་ཉིད་(ཀྱི་ སྐུ་ཅན་)སྒྲིབ་པ་མེད་པ་རྣམས་མཐའ་དག་གོ(བཞུགས་པའོ)། དེ་ལྟར་〈དང་པོའི〉སངས་རྒྱས་〈བདེ་ གཤེགས་སྙིང་པོ་ཆོས་སྐུའི〉ཞིང་(ཆོས་སྐུ)ནི་མ་ལུས་(པ)ལས་ཅན་མིན་པ་སྟེ་ལས་ཀྱི་རླུང་(གི་རྒྱུ) དང་བྲལ་བ〈ར་གྱུར་པ〉འོ། །(ཞིང་དེ་ནི)སྲིད་(པ)གསུམ་(གྱི་གཞིར་གྱུར་པས་སྲིད་གསུམ)〈གཞན〉སྐྱེད་པར་ མཛད་པ་ཡེ་ཤེས་ཀྱི་སྐུས་(རང་རིག་པའི་ཚུལ་གྱིས)〈རང་དང་དབྱེར་མེད་གྱི་ཞིང་ཆོས་འབྱུང་དུུ་〉 རྣམས་པར་གཟིགས་ནས་ནི་དག་པའི་རྡུལ་〈དོན་དམ་པའི་ས་བཅུ་གཉིས་〉ལ་〔ཆོས་ཀྱི་སྐུའི་〕 སངས་རྒྱས་(སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་)ཐམས་ཅད་དེ་དེ་རྣམས་དང་ཐབས་གཅིག་ཏུ་བཞུགས་ སོ། །(དེ་ལྟར་ཆོས་ཀྱི་སྐུའི་རྟེན་དང་བརྟེན་པ)〈དེ་ལྟར་ཨེ་ཝྂ〉གཉི་ག་རོ་མཉམ་དག་པའི་རྡུལ་ལ་ཞེས་པ་ནི་ (དཔེར་ན་)ཕལ་བའི་བཅུད་(དངུལ་ཆུ་)གྲུབ་པའི་བཅུད་དུ་བྱས་པ་དང་(བཞིན་དུ་)〈དོན〉འཁོར་བ་པའི་ བྱང་ཆུབ་ཀྱི་སེམས་མི་འགྱུར་བར་བྱས་པ་(ལས་ཐོབ་པའི་དོན་དམ་པའི་ས་བཅུ་གཉིས་)ལ〈བདེ་གཤེགས་ 4-1-456 སྙིང་པོའི་ས་བཅུ་གཉིས་ཐོབ་པ〉འོ་ཞེས་པའི་དོན་ཏོ། །〔སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་ པའི་དོན་ནི་〕བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ་སྟེ་ཞེས་པ་(ལ་བྱང་ཆུབ་སེམས་དཔའ་)ནི་ (སངས་རྒྱས་ལ)སྨོན་པའི་སེམས་ཀྱིས་སྒྲིབ་པའི་ཆ་ཤས་ཅུང་ཟད་ཙམ་དང་ལྡན་པའོ། །རྡོ་རྗེའི་ སྲས་པོ་རྣམས་〈ཀྱིས་བསྐོར་〉ཞེས་པ་(བྱང་ཆུབ་སེམས་དཔའ་)ནི་སོ་སོ་རེ་རེའི་རོ་ཡི་རྡུལ་(རང་རང་གི་ དག་པའི་ས་)ལ་ཞེས་པ་ཤེས་རབ་དང་ཐབས་གཉི་གའི་ཆོས་ལ་གནས་པ་རྣམས་ཏེ་(ས་བརྒྱད་པ་)མི་ གཡོ་བ་ལ་སོགས་པ་ལ་གནས་པ་རྣམས་སོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ས་ལ་སོགས་པའི་ རྡུལ་(ཞེས་པ་ས་བརྒྱད་པ་མི་གཡོ་བ་ལ་སོགས་པ་དག་པའི་ས་)ལ་(བྱང་ཆུབ་སེམས་དཔའ་)འདོད་ཆགས་དང་བྲལ་ བ་ལ་སོགས་པ་ས་ལ་སོགས་པའི་ཟད་པར་མངོན་སུམ་དུ་བྱས་པ་མཐའ་ཡས་པ་རྣམས་ཏེ་〔ས་ བརྒྱད་པ་〕མི་གཡོ་བ་ལ་སོགས་པ་ལ་རབ་ཏུ་ཞུགས་པ་རྣམས་སོ་ཞེས་པའི་དོན་ཏོ། །འདིར་ (ས་ལ་སོགས་པའི་)རྡུལ་གྱི་སྒྲས་〔ས་བརྒྱད་པ་〕མི་གཡོ་བ་ལ་སོགས་པའི་ས་རྣམས་གསུངས་ཀྱི་〔ས་ ལ་སོགས་པའི་〕རྡུལ་ཕྲ་རབ་རྣམས་ནི་མ་ཡིན་ནོ། །དག་པའི་རྡུལ་གྱི་སྒྲས་(ནི་ཆོས་སྐུ་བདེ་བ་ཆེན་པོའི་)རྟེན་〈ཨེ་ཡིག〉དུ་གྱུར་པའི་(དོན་དམ་པའི)ས་བཅུ་གཉིས་པོ་རྣམས་(གསུངས་)ཏེ་〈དག་པ་ནི〉སྒྲིབ་པ་ ཐམས་ཅད་〔གདོད་ནས་〕ཟད་པ(མངོན་དུ་བྱས་པ)འི་ཕྱིར་རོ་ཞེས་པའི་དོན་ཏོ། ༡༦༦ ། (རྒྱལ་སྲས་)དེ་དག་རྣམས་དང་ཐབས་གཅིག་རྡོ་རྗེ་སེམས་དཔའ་ཆགས་པའི་དུས་ཀྱི་བར་ དུ་མཁའ་ལ་རྣམ་པར་བཞུགས་ཞེས་པ་ནི་འདིར་ཇི་སྲིད་སེམས་ཅན་རྣམས་ཀྱི་བསོད་ནམས་ དང་ཡེ་ཤེས་ཚོགས་པར་མ་གྱུར་པ་དེ་སྲིད་དུ་དེ་རྣམས་ཀྱིས་སངས་རྒྱས་འབྱུང་བ་མཐོང་བར་ མི་འགྱུར་རོ། །དེས་ན་ནམ་མཁའ་〈གཞན〉(ཆོས་འབྱུང་)ལ་རྣམ་པར་བཞུགས་ཏེ་ཆོས་ཀྱི་སྐུ་ལ་ གནས་སོ་ཞེས་པའི་དོན་ཏོ། ། ༈ (བཞི་བཅུ་པ་སངས་རྒྱས་ཀྱི་ཞིང་འབྱུང་བའི་ངོ་བོ་ཉིད་)ད་ནི་འཇིག་རྟེན་གྱི་ཁམས་འབྱུང་བ་གསུངས་ ཏེ་སཾ་བརྟའི་དུས་ཞེས་པ་ལ་སཾ་པར་ཏ་ནི་འཇིག་པར་བཤད་ཅེས་གྲག་གོ། འདིར་(སཾ་པར་ཏ་ 4-1-457 འཇིག་པའི་དོན་དུ་སྨྲ་བའི་)ཚིགས་འདི་ནི་(འཐད་པ་)མ་ཡིན་ཏེ་ཡང་དག་པའི་རྣམ་པས་ཆོས་དང་ཆོས་ མ་ཡིན་པ་ལ་འཇུག་པའི་ཕྱིར་(སཾ་པར་ཏའི་དོན་ནི་)ཆགས་པའོ། །(ཆགས་པ་)དེའི་རྒྱུ་ལས་ལས་ཀྱི་ རླུང་རྣམ་པ་གསུམ་ཏུ་འགྱུར་ཏེ་ཡང་དག་པར་འཛིན་པར་བྱེད་པ་དང་སྲུབ་པར་བྱེད་པ་དང་ དབྱིབས་བྱེད་པའོ། །དེ་རྣམས་ལས་ཡང་དག་པར་འཛིན་པར་བྱེད་པས་ས་ལ་སོགས་པའི་ རྡུལ་ཕྲན་གྱི་ཚོགས་འཛིན་ཏེ་དཔེར་ན་སྤྲིན་གྱི་རླུང་གིས་ཆུའི་རྡུལ་ཕྲ་རབ་ཀྱི་ཚོགས་འཛིན་པ་ བཞིན་ནོ། །དེ་ནས་སྲུབ་པར་བྱེད་པས་ས་ལ་སོགས་པའི་རོའི་མཐར་ཐུག་པའི་རྡུལ་ཕྲན་གྱི་ ཚོགས་སྲུབ་པར་བྱེད་དེ་ལན་ཚྭ་བཞིན་དུ་ཁམས་རྣམས་སྲ་བ་ཉིད་དུ་གྱུར་གྱི་བར་དུའོ། །དེ་ བཞིན་དུ་དེ་དག་རྣམས་ཕན་ཚུན་སྦྱོར་བར་འགྱུར་ཏེ་གཙོ་བོའི་དངོས་ལ་ཕལ་པའི་དངོས་ པོའོ། །དེས་ན་སྲ་བའི་ཆོས་ལ་སའི་རྡུལ་ཕྲ་རབ་གཙོ་བོ་སྟེ་ལྷག་མ་རྣམས་ནི་ཕལ་པའོ། །དེ་ བཞིན་དུ་ཆུུ་ལ་(སྟེ་གཤེར་བའི་ཆོས་)ཆུ(འི་རྡུལ་གཙོ་བོ་)དང་མེ་(སྟེ་དྲོ་བའི་ཆོས་)ལ་མེ(འི་རྡུལ་གཙོ་བོ་)དང་གཡོ་ བ་ཉིད་ལ་རླུང་དང་རོ་ལ་ཐམས་ཅད་མཉམ་པ་སྟེ་རང་རང་གི་ཡོན་ཏན་དང་བྲལ་བའོ། ༡༦༧ ། དེ་ནས་དབྱིབས་ཀྱི་རླུང་ནི་ཆེན་པོ་ཐམས་ཅད་དག་གིས་སངས་རྒྱས་ཞིང་རྣམས་མཐའ་ དག་རྣམ་པར་དགོད་པར་བྱེད་ཅེས་པ་ནི་(ནང་དུ་)སྲོག་དང་ཐུར་སེལ་ལ་སོགས་པ་བཅུ་ཡིས་ (ལུས་མཐའ་དག་རྣམས་པར་དགོད་པས་)སོ་ཞེས་པ(ཕྱི་ནང་མཚུངས་པ)འི་དོན་དོ། །(འདི་ལྟར་)ཕྱི་རོལ་ལ་ བརྟན་པ་རྣམས་ཀྱི་འཇིག་པ་དང་འཕེལ་བའི་རྒྱུ་(ལས་རླུང་གསུམ་པོ་)རྣམས་(ཡིན་པ་)ཇི་ལྟ་བ་དེ་ བཞིན་དུུ་ལུས་ལ་ཡང་(འཇིག་པ་དང་འཕེལ་བའི་རྒྱུ་)སྲོག་ལ་སོགས་པ་(རླུང་བཅུ་)རྣམས་སོ། །འཇིག་ རྟེན་ཁམས་ནི་(མི་མཇེད་ལྟ་བུ་)སོ་སོ་དག་ལ་སླར་ཡང་འཁོར་ཡུག་རི་བོ་ཆེན་པོ་དག་ནི་(སྟོང་གསུམ་ གཅིག་གི་ཕྱི་རོལ་)ཀུན་ནས་སོ་ཞེས་པ་ནི་སེམས་ཅན་རྣམས་ཀྱི་ལུས་སོ་སོ་དག་ལ་བ་སྤུ་དང་ ལྤགས་པ་ཇི་ལྟ་བ་བཞིན་ནོ། །སངས་རྒྱས་ཀྱི་ཞིང་(སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་)དེ་ ཡི་དབུས་སུ་ལས་ཀྱི་(སའི་)རང་བཞིན་(གླིང་བཞི་པའི་)འཇིག་རྟེན་གྱི་ཁམས་གཅིག་ཏུ་འགྱུར་ཏེ་ 4-1-458 རྩ་ཐམས་ཅད་ཀྱི་(གཙོ་བོ་)ཨ་ཝ་དྷཱུ་ཏཱི་གཅིག་ཇི་ལྟ་བ་བཞིན་ནོ། །〔གླིང་བཞི་པའི་〕འཇིག་རྟེན་ གྱི་ཁམས་ལྷག་མ་ལོངས་སྤྱོད་རང་བཞིན་རྣམས་ནི་(རོ་རྐྱང་ལ་སོགས་པ་)རྩ་གཞན་རྣམས་བཞིན་ ནོ། །འཇིག་རྟེན་གྱི་ཁམས་དེ་རྣམས་(སེམས་ཅན་བདེ་འགྲོ་རྣམས་ལ་)ཡུལ་གྱི་བདེ་བ་(སྐྱེད་པར་) བྱེད་པ་སྟེ་ལུས་ཀྱི་རྩ་རྣམས་བཞིན་ནོ། །(འཇིག་རྟེན་གྱི་ཁམས་)རིན་ཆེན་ཀུན་གྱིས་རབ་ཏུ་གང་བ་ རྣམས་ཞེས་པ་ནི་ཁྲག་གིས་གང་བའི་རྩ་རྣམས་ཇི་ལྟ་བ་བཞིན་ནོ། །འཇིག་རྟེན་གྱི་ཁམས་ དང་བཅས་པའི་སངས་རྒྱས་ཀྱི་ཞིང་འབྱུང་སྟེ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་བཅས་པའི་ ལུས་སྐྱེ་བ་ཇི་ལྟ་བ་དེ་བཞིན་ནོ། ༡༦༨ ། ༈ (བཅོ་ལྔ་པ་སངས་རྒྱས་ཀྱི་ཞིང་རྡོ་རྗེར་བྱིན་གྱིས་བརླབས་པའི་ངོ་བོ་ཉིད་)ད་ནི་འཇིག་རྟེན་གྱི་ཁམས་ལ་ ལྷུན་པོ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་གསུངས་པ་མཐའ་དག་ཅེས་པ་ལ་སོགས་པ་སྟེ་རི་ མཐའ་དག་གི་བདག་པོའོ་ཞེས་པའི་དོན་ཏོ། །འདིར་ཤར་ནི་ཞེས་པ་ཤར་ལུས་འཕགས་པོ་ལ་ མངོན་པར་ཕྱོགས་པ་ནི་དག་པའི་ཨིན་དྲ་ནཱི་ལ་སྟེ་རླུང་གི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །མཐར་ གནས་ནི་ཡ་ར་ལ་ཝ་རྣམས་ཏེ་ཤར་དུ་ཡའོ། །ལྷོ་ནི་པད་མ་རཱ་ག་སྟེ་ར་ཡིག་གི་ཆོས་ཅན་ཉིད་ ཀྱི་ཕྱིར་རོ། །ནུབ་ནི་ཀར་ཀེ་ཏ་ན་སེར་པོ་སྟེ་ལ་ཡིག་གི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །བྱང་ནི་རི་ བོང་འཛིན་པ་ལྟར་དཀར་ཟླ་བ་ཆུ་ཤེལ་ཏེ་ཝ་ཡིག་གི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །དེ་བཞིན་ དུ་ཡ་ར་ལ་ཝ་ཞེས་པ་ནི་གླིང་བཞི་པོ་རྣམས་ལ་(ས་བོན་གྱི་ཡི་གེར་)ཤེས་པར་བྱའོ། །དབུས་ནི་ (རིན་པོ་ཆེ་)ལྗང་ཁུ་(མ་ར་ཀ་ཏ་)སྟེ་སྟོང་པ(འི་ཁམས་)ཧ་ཡིག་གི་ཆོས་ཅན་ཉིད་ཀྱི་ཕྱིར་རོ(འདི་དག་ གིས་ནི་ལྷུན་པོ་ཁོང་སྟོང་སུ་བཞེད་པ་བསལ་བ་ཡིན་ནོ)། །(ལྷུན་པོའི་དཀྱིལ་འཁོར་གྱི་རྣམ་པར་སྦྱར་བ་ལ་གསུང་སྦྱར་བ་ནི་) དེའི་ནང་དུ་ཆུད་པ་འདིར་ནི་དཀྱིལ་འཁོར་ཆེན་པོ་དེའི་སྙིང་པོ་(ཡེ་ཤེས་ཀྱི་དཀྱིར་འཁོར་)སྟེ་ཞེས་པ་ ནི་སྔར་བརྗོད་ཟིན་ཏོ། །དང་པོ་ཞེས་པ་དབུས་སུ་ཐུགས་ཀྱི་དཀྱིལ་འཁོར་ཏེ་ཐུགས་ཀྱི་རང་ བཞིན་ནོ། །དེའི་ཉིས་འགྱུར་ནི་གསུང་དང་(དེའི་ཉིས་འགྱུར་ནི་)སྐུའི་དཀྱིལ་འཁོར་རོ། 4-1-459 ༡༦༩ ། (ལྷུན་པོའི་དཔངས་དཀྱིལ་འཁོར་རྣམ་པར་སྦྱར་བ་ནི་)ལྷུན་པོའི་ལྟེ་བའི་གནས་སུ་ཡེ་ཤེས་ཀྱི་འཁོར་ལོ་ དང་སྙིང་ཁའི་གནས་སུ་ཐུགས་ཀྱི་དཀྱིལ་འཁོར་དང་མགྲིན་པའི་གནས་སུ་གསུང་གི་དཀྱིལ་ འཁོར་དང་དཔྲལ་བར་སྐུའི་དཀྱིལ་འཁོར་རོ། །དེའི་ཕྱི་རོལ་ཏུ་(དཀྱིལ་འཁོར་གྱི་ས་ལ་སོགས་པའི) 〈འཁོར་ཡུག་ལ་ཐུག་གི་པར་དང་དེ་ནས་འཁོར་ཡུག་གི་〉དཀྱིལ་འཁོར་( ཏེ་འཁོར་ཡུག་)ཐམས་ ཅད་(ཀྱང་)འཇིག་རྟེན་(འཁོར་ལོ་དྲུག་)ཁམས་ཀྱི་〔ས་ལ་སོགས་པའི་དཀྱིལ་འཁོར་དང་འདྲ་བའི་〕 རང་བཞིན་གྱིས་གནས་པའོ(ཞེས་པ་ལྷུན་པོ་ལ་བསྐོར་བའི་ས་ལ་སོགས་པའི་དཀྱིལ་འཁོར་རྣམས་ཀྱི་ས་ལ་སོགས་ པའི་འཁོར་ཡུག་གི་རྣམ་པར་སྦྱར་བའོ)། །(སླར་ཡང་ལྷུན་པོའི་སྟེང་གི་དཀྱིལ་འཁོར་རྣམ་པར་སྦྱར་བ་ནི་)མདའ་ལ་བཅུ་ ཡིས་བསྒྱུར་བར་གྱུར་པའི་དཔག་ཚད་སྟོང་ཕྲག་གོ་ཞེས་པ་ལྷུན་པོའི་སྟེང་དུ་དཔག་ཚད་སྟོང་ ཕྲག་ལྔ་བཅུ་〈ལས་ཕྱི་རོལ་ཏུ་〉ནི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་(གྱི་རྣམ་པར་སྦྱར)རོ 〈ཡང་ན་ལྷུན་པོའི་སྟེང་དུ་དཀྱིལ་འཁོར་བརྩེགས་ཏེ་འཇིག་རྟེན་གྱི་ཁམས་དང་མ་སྦྱར་བའོ〉། ། (ལྷུན་པོའི)སྙིང་པོར་དུས་ཀྱི་འཁོར་ལོ་དང་ཕྱག་རྒྱའི་མཚན་ཉིད་དོ(འདི་དག་ལྷུན་པོ་ཉིད་དཀྱིལ་འཁོར་གྱི་ རྣམ་པ་ལྟ་བུར་བསྟན་པ་ཡིན་གྱི་བསྒོམ་བྱའི་དཀྱིལ་འཁོར་ལྷུན་པོའི་སྟེང་དུ་ཆུད་པར་སྟོན་པ་ནི་མ་ཡིན་ཏེ་བསྒོམ་བྱ་སྐུའི་དཀྱིར་ འཁོར་ནི་སྒྲུབ་ལེར་དཔག་ཚད་འབུམ་ཕྲག་བཞི་པར་གསུངས་པའི་ཕྱིར་དང་ཀུན་རྫོབ་ཕྱི་རོལ་ཀྱི་ལྷུན་པོའི་སྟེང་ན་དཀྱིལ་འཁོར་ བསྒོམ་བྱའི་རྣམ་པ་ལྟ་བུ་དོན་ལ་མེད་པའི་ཕྱིར་རོ)། །དེ〔ཡང་ལྷུན་པོ〕འི་ཕྱི་རོལ་ཏུ་(ཞེས་པ་ལྷུན་པོའི་སྟེང་གི་དཔག་ ཚད་)སྟོང་ཕྲག་ལྔ་བཅུ་(ནི་སྙིང་པོའི་པད་མའི་ཚད་)ནས་(ཕྱི་རོལ་ཏུ་)འཁོར་ལོ་དྲུག་གི་སྡོམ་པ(འི་འཁོར་ལོ་ དྲུག་དང་ཚོན་གྱི)ས་སྟེ་དུས་རྣམས་དག་གིས་ཞེས་པ་〔ཟླ་བ་གཉིས་ཀྱི་བདག་ཉིད་ཀྱི་〕དུས་དྲུག་པོ་ རྣམས་ཀྱི་རྣམ་པར་དག་པས་འཇིག་རྟེན་ཁམས་ཀྱི་རང་བཞིན་དང་དུས་དྲུག་གི་རང་བཞིན་ ནོ། །(ལུས་ཀྱི་)འཁོར་ལོ་དྲུག་དང་(ཡེ་ཤེས་ཀྱི་ཁམས་ལ་སོགས)〈རྒྱལ་བ་〉རིགས་དྲུག་གིས་(དག་པ་འཁོར་ ལོ་དྲུག་གོ)ཞེས་པ་〈ལ་སོགས〉ནི་སྔར་བརྗོད་ཟིན་ཏོ། །དཔག་ཚད་རིག་བྱེད་འབུམ་གྱིས་རླུང་གི་ 4-1-460 དཀྱིལ་འཁོར་ལ་གནས་ཞེས་པ་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་པ་དཀྱིལ་འཁོར་རོ། ། (སྡོམ་པ་ཆེན་པོའི་དཀྱིལ་འཁོར་དེའི་)སྙིང་པོར་བརྒྱད་གཉིས་ཀ་བ་རྣམས་ཀྱིས་(སྤྲས་པ་དཀྱིལ་འཁོར་གྱིས་) ཁང་པ་(གཞལ་ཡས་ཁང་རྩ་མི་གསུངས་ར་བ་དང་རིན་པོ་ཆེ་རྣམ་བུ་ལ་སོགས་པ་རིམ་པར་)བརྩེགས་པ་(ཟླ་བའི་)ཆ་ བཅུ་དྲུག་གིས་(ཀ་བ་རྣམས་)དག་པ་སྟེ་ཀ་བ་དེ་རྣམས་ཀྱི་སྙིང་པོ་ལ་ཡོངས་སུ་བསྐོར་བ་ནི་(སྡོམ་ པ་ཆེན་པོའི་བསྒོམ་བྱའི་དཀྱིལ་འཁོར་གྱི་)ཡེ་ཤེས་ཀྱི་འཁོར་ལོའོ(དེ་བཞིན་དུ་བསྒོམ་བྱ་ལ་འཁོར་ལོ་དྲུག་པོ་རྣམས་ཀྱི་ ཕྱི་རོལ་རྣམས་སུ་ཡང་ཀ་བ་བཅུ་དྲུག་གིས་བསྐོར་བར་རིག་པར་བྱའོ)། །སྐྱེ་གནས་ཀྱི་རང་བཞིན་ནི་དངོས་གྲུབ་ ཐམས་ཅད་སྐྱེད་པར་བྱེད་པའོ། །ཞེས་པ་སྟེ་(ཕྱི་རོལ་འཇིག་རྟེན་ཁམས་ཀྱི་)ལྷུན་པོ་རྫོགས་པའོ། ༡༧༠། ༈ ད་ནི་བཅོམ་ལྡན་འདས་ཀྱི་(གཟུགས་)སྐུའི་ཚད་ཀྱིས་ཕྱི་རོལ་ཀྱི་དཀྱིལ་འཁོར་གྱི་མཚན་ ཉིད་གསུངས་པ་རྒྱལ་བའི་ཞེས་པ་ལ་སོགས་པ་སྟེ་འདིར་རྒྱལ་བའི་བདག་པོ་བཅོམ་ལྡན་ འདས་ཀྱི་གཙུག་ཏོར་གྱི་སྟེང་ནས་མཛོད་སྤུའི་དབུས་ཞེས་པ་སྨིན་མའི་དབུས་སུ་ཕྱེད་དང་ བཅས་པ་ཉི་མའི་སོར་དུ་འགྱུར་ཏེ་ཕྱེད་དང་བཅས་པའི་སོར་བཅུ་གཉིས་ཀྱི་ཚད་དོ། །དེ་ནས་ མགྲིན་པའི་ཆུ་སྐྱེས་དེ་བཞིན་ཏེ་ཕྱེད་དང་〔གཟུགས་སྐུའི་〕བཅས་པའི་སོར་བཅུ་གཉིས་ཀྱི་ཚད་ དོ། །(དེ་ནས་)སྙིང་ཁ་ཡང་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ། །དེ་ནས་ལྟེ་གསང་ཆུ་ སྐྱེས་དེ་བཞིན་ནོ་ཞེས་པ་ནི་ལྟེ་བའི་ཆུ་སྐྱེས་〔ཀྱི་བར་དུ་〕ཕྱེད་དང་བཅས་པའི་སོར་བཅུ་གཉིས་ སོ། །དེ་བཞིན་དུ་གསང་བའི་ཆུ་སྐྱེས་(ཀྱི་བར་དུ་)ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ། །དེ་ ལྟར་གཙུག་ཏོར་ནས་གསང་བའི་པད་མའི་མཐར་(ཐུག་པ་)ཕྱེད་དང་བཅས་པའི་སོར་དྲུག་ཅུ་ རྩ་གཉིས་ཀྱི་ཚད་ནི་སྐུའི་ཚད་དོ། །ཞབས་ཀྱི་མཐིལ་ནི་(སྲིད་དུ་)མ་ནུུ་ཞེས་པ་སོར་བཅུ་བཞི་ རྣམས་ཀྱིས་འགྱུར་རོ། །རྗེ་ངར་དེ་ཉིད་ཅེས་པ་ཉི་ཤུ་རྩ་ལྔ་སྟེ་བརླ་ཡང་དེ་བཞིན་ནོ། །ཞབས་ ཀྱི་དཔངས་(ལོང་བུའི་བར་)ནི་རིག་བྱེད་ཅེས་པ་སྟེ་ཕྱེད་དང་བཅས་པའི་སོར་བཞིས་སོ། །དེ་ 4-1-461 བཞིན་དུ་པུས་མོའི་ཚིགས་དང་དཔྱི་ཡང་སོར་(བཞི་)བཞི་སོ། །དེ་ལྟར་ཕྱེད་དང་བཅས་པའི་ སོར་དྲུག་ཅུ་རྩ་གཉིས་ཀྱིས་དཔྱི་ནས་ཞབས་ཀྱི་མཐིལ་གྱི་མཐར་རོ། །དེ་ལྟར་སོར་ཉི་ཤུ་རྩ་ ལྔ་ལྷག་པའི་བརྒྱ་ནི་སངས་རྒྱས་ཀྱི་སྐུ(འི་དཔངས་ལ)འོ། །(དེ་བཞིན་དུ་རྒྱར་ཡང་དེ་ཙམ་ཏེ་)བྲང་ཕྱེད་ཕྱེད་ (གཡོན་ལ་)བཅས་ཉི་མས་ཞེས་པ་ནི་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་ཚད་ཀྱིས་སོ། །རང་ དཔུང་དཔུང་ལག་རྣམས་ནི་མཁའ་མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ་ཞེས་པ་ནི་ཉི་ཤུས་དཔུང་ པ་དང་བཅུ་དྲུག་གིས་ཉེ་བའི་དཔུང་པ་དང་(ཞེས་པ་ཕྱག་ངར་)བཅུ་གཉིས་ཀྱིས་ལག་པ་གོང་མོའི་ སོར་མོའི་(རྩེ་མོའི་)མཐར་ཐུག་པའོ། །གཅིག་གིས་ལག་པ་དང་ཉེ་བའི་དཔུང་བའི་མཚམས་ དང་(ཡང་གཅིག་གིས་)དཔུང་བ་དང་ཉེ་བའི་དཔུང་བའི་མཚམས་སོ། །དེ་ལྟར་ཕྱེད་དང་བཅས་ པའི་སོར་དྲུག་ཅུ་རྩ་གཉིས་ཏེ་གཡོན་ལ་ཇི་ལྟ་བ་དེ་བཞིན་དུ་གཡས་ལ་ཡང་ངོ༌། ༡༧༡ ། 〔དེ་ལྟར་དཔངས་དང་རྒྱ་〕ཐམས་ཅད་དུ་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་གཅིག་(སངས་ རྒྱས་ཉིད་ཀྱི་ཁྲུ་ལྔ་ལྔ་)ནི་(སྐུའི་ཁོ་ལག་ཡངས་ཤིང་བཟང་ཞེས་པ་)སྐུའི་ཚད་དེ་(ཤིང་ནེ་གྲོ་དྷ་ལྟར་ཆུ་ཞིང་གབ་པས་)གྲུ་ བཞིའོ(འདིར་སངས་རྒྱས་ཀྱི་ཁྲུ་ནི་གྲུ་མོའི་ཚིགས་ནས་སོར་མོའི་གུང་མོའི་རྩེ་མོའི་བར་ལ་མི་བྱ་སྟེ། དེ་ལ་སངས་རྒྱས་ཀྱི་སོར་ སུམ་ཅུ་ཡོད་ལ་སངས་རྒྱས་ཀྱི་ཁྲུ་ལ་ནི་སོར་ཉེར་ལྔ་ལས་མེད་པས་སོ། །དེའང་གང་ལས་ཤེས་ན་སངས་རྒྱས་ཀྱི་ཁྲུ་བཞི་དང་ འཇིག་རྟེན་ཁམས་ཀྱི་དཔག་ཚད་འབུམ་ཕྲག་བཞི་དག་པར་སྦྱར་ཞིང་སངས་རྒྱས་ཀྱི་སོར་ཕྱེད་དང་འཇིག་རྟེན་གྱི་ཁམས་ཀྱི་ དཔག་ཚད་སྟོང་ཕྲག་གཉིས་དག་པ་སྦྱར་བ་འོག་ནས་འབྱུང་ཞིང་དེ་སངས་རྒྱས་ཀྱི་ཁྲུ་ལ་སོར་ཉེར་ལྔར་བྱས་པ་དང་འགྲིག་པའི་ ཕྱིར་རོ)། །(རྒྱའི་ཚད་)དེ་ཉིད་སེམས་ཅན་རྣམས་ཀྱིས་ནི་ཁྲུ་བཞི་སྟེ་མི་རྣམས་ཀྱི་སོར་དགུ་བཅུ་ རྩ་དྲུག་གོ། སྟེང་དང་འོག་དུ་ནི་(སོར་མོ་)བརྒྱད་ཅུ་རྩ་བཞི་སྟེ་དེ་ལྟར་མི་རྣམས་ནི་(ཆུ་ཞིང་གབ་པ་ མེད་ཅིང་)མཚན་ཉིད་དང་མི་ལྡན་པའོ་ཞེས་གྲུབ་པོ། །(སྔར་བསྟན་པ་དེ་ཉིད་ཞིབ་ཏུ་བཤད་པ་)རིག་བྱེད་ ཅེས་པ་(སོར་མོ་)བཞིས་(སངས་རྒྱས་ཀྱི་)གཙུག་ཏོར་གྱི་ཚད་དོ། །ཕྱེད་དང་བཅས་པ་བཞིས་དབུའི་ དཔངས་(ཏེ་སྐྲ་མཚམས་ནས་གཙུག་ཏོར་གྱི་རྩ་བ་ལ་ཐུག་པའི་བར་)དང་བཞིས་དཔྲལ་བ་དང༌། དང་ཡིག་ 4-1-462 ལས་བཞིས་ཤངས་དང་ཕྱེད་དང་བཅས་པའི་བཞིས་ཤངས་ཀྱི་འོག་ཀོ་སྐོའི་མཐར་ཏེ་བཞིས་ མགྲིན་པའོ། ༡༧༢ ། དེ་ནས་སྙིང་ཁ་(དང་)ལྟེ་བ་(དང་)གསང་བར་(ཀྱེ་)མི་ཡི་བདག་པོ་ཕྱེད་བཅས་ཉི་མ་རྣམས་ཀྱི་ རིམ་པས་འགྱུར(དེ་སྔར་བཤད་པ་དེ་ཉིད་)། །གསང་བའི་ཆུ་སྐྱེས་ལྟེ་བའི་རྩ་བར་རྡོ་རྗེ་དག་ཀྱང་(ཕྱེད་ བཅས་སོར་བཅུ་གཉིས་ཏེ་དེ་ཡང་སྤུབས་སུ་ནུབ་པ་ན་དེའི་རྒྱུ་ལས་)ཐུབ་པ་ཡི་ནི་སྟེང་གི་གཙུག་ཏོར་ཉིད(དོ)། ། (ཡར་)མཛོད་སྤུ་(མར་)གསང་བའི་ཆུ་སྐྱེས་དབུས་སུ་ཁུ་བའི་ཐིག་ལེ་མི་འགྱུར་བདེ་བ་སྐྱེད་བྱེད་ གནས་པ་གང་(ཡིན་པ)། །དཔལ་ལྡན་རྡོ་རྗེའི་ས་འདི་(ཐབས་ཤེས་)གཉི་གའི་རིགས་ཀྱི་དབང་ གིས་(ཞེས་པ་ཡབ་)སྐུའི་འཁོར་ལོ་དཔྲལ་བ་དང་(ཡུམ་གྱི་སྐུའི་འཁོར་ལོ་)ལྟེ་བ་དང་(ཡུམ་གྱི་)གསུང་ གི་འཁོར་ལོ་མགྲིན་པ་དང་(ཡབ་ཀྱི་གསུང་གི་འཁོར་ལོ་)སྙིང་ཁ་དང་〔ཡུམ་གྱི་〕ཐུགས་ཀྱི་འཁོར་ལོ་ གསང་བ་དང་(ཡབ་ཀྱི་ཐུགས་ཀྱི་འཁོར་ལོ་)གཙུག་ཏོར་དག་ལའོ། ༡༧༣ ། ༈ ད་ནི(ལུས་རྩ་མི་ཟེར་)སྐུ་ལ་དཀྱིལ་འཁོར་དག་པ་གསུངས་པ་ཕྱེད་བཅས་ཉི་མ་ཞེས་ པ་ལ་སོགས་པ་སྟེ་འདིར་ལུས་ལ་(མར་)གསང་བ་དང་(ཡར་)མཛོད་སྤུའི་དབུས་སུ་ཐུགས་ཀའོ། ། (ཐུགས་ཀ་)དེ་ཉིད་ནི་ཐུགས་ཀྱི་འཁོར་ལོ་སྟེ་(མར་)ལྟེ་བ་དང་(ཡར་)མགྲིན་པའི་དབུས་ནས་ཕྱེད་ དང་བཅས་པའི་སོར་བཅུ་གཉིས་སོ། །(མར་)ལྟེ་བ་དང་(ཡར་)མགྲིན་པའི་མཚམས་སུ་སོར་ཉི་ ཤུ་རྩ་ལྔ་ནི་གསུང་གི་འཁོར་ལོའོ། །(མར་)གསང་བའི་པད་མ་དང་(ཡར་)མཛོད་སྤུའི་མཐར་(ཐུག་ པ་)སོར་ལྔ་བཅུ་ནི་སྐུའི་འཁོར་ལོ་སྟེ་རྡོ་རྗེའི་ས་གཞི་ལའོ། །ཐུགས་ཀྱི་ཕྱེད་ཅེས་པ་ནི་ཐུགས་ ཀྱི་འཁོར་ལོའི་ནང་དུ་(ཡེ་ཤེས་འཁོར་ལོ་)གནས་པ་སྟེ་(དེ་ཡང་)རྐང་པ་དང་བཅས་པའི་སོར་དྲུག་ གིས་ཡེ་ཤེས་ཀྱི་འཁོར་ལོ་སྦྱང་བར་བྱའོ། །གསུམ་པོ་དག་ལས་ཞེས་པ་ནི་བདུན་པའི་དོན་ ལ་ལྔ་པའོ། །དཀྱིལ་འཁོར་གསུམ་པོ་དག་ལས་སྒོ་རྣམས་བྱ་ཞེས་པ་ལ་ཐུགས་ཀྱི་སྒོ་རྣམས་ ནི་སད་པ་ལ་སོགས་པའི་གནས་སྐབས་〈གཞན〉བཞི་(རྣམ་པར་དག་པ)དང་གསུང་གི་སྒོ་རྣམས་ནི་ 4-1-463 ཁ་དང་བཤང་ལམ་དང་སྣའི་བུ་ག་〈གཞན〉རྣམས་དང་སྐུའི་སྒོ་རྣམས་ནི་མིག་དང་རྣ་བའི་བུ་ག་ 〈གཞན〉རྣམས་(རྣམ་པར་དག་པ་)ཏེ་དེ་ལྟར་སྒོ་བཅུ་གཉིས་སོ(ཞེས་པ་སྔར་བཤད་པ་ལྟར་ཡང་ནའོ)། །ལྷག་ མ་ནི་སྔར་བརྗོད་ཟིན་ཏོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་(གསང་གནས་ནས་མཛོད་སྤུའི་བར་དུ་སྟེང་དུ་)འགྲོ་བ་དང་(མཛོད་སྤུ་ནས་གསང་གནས་ཀྱི་བར་དུ་)འོང་བའི་དབྱེ་བས་སྟེང་(མཛོད་སྤུ་)དང་འོག་(གསང་ གནས་ཀྱི་བར་)ཏུ་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་(སོར་ལྔ་བཅུ་པོ་ལན་གཉིས་བགྲངས་པས་)ཉིས་ འགྱུར་དག་ཏུ་འགྱུར་ཏེ་སོར་བརྒྱའོ་ཞེས་པའི་དོན་ཏོ། ༡༧༤ ། དེ་བཞིན་དུ་(འཇིག་རྟེན་གྱི་ཁམས་ལ་)ལྷུན་པོར་གནས་པ་ལ་ཡང་སྟེ་དཀྱིལ་འཁོར་ལ་རྒྱལ་ བའི་བདག་པོའི་སོར་མོ་ཕྱེད་གང་ཡིན་པ་དེ་ནི་མི་ཡུལ་དུ་དཔག་ཚད་སྟོང་ཕྲག་དག་(ཅེས་པ་ གཉིས་ཚིག་ཡིན་པས་སྟོང་ཕྲག་གཉིས་ཉིད་)〈རྒྱལ་བའི་སོར་ཉེར་ལྔ་ལ་དཔག་ཚད་འབུམ་〉ཏུ་འགྱུར་ཏེ་དེ་ ལྟར་ན་(རྒྱལ་བའི་ཁྲུ་གང་ལ་རྒྱལ་བའི་སོར་ཕྱེད་པ་ལྔ་བཅུ་སྟེ་དེ་ལྟ་བུའི་)ཁྲུ་བཞི་པོ་རྣམས་(དང་འདྲ་བའི་དཔག་ཚད་ འབུམ་ཕྲག་གཅིག་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུར་འགྱུར་)ལ་རླུང་གི་འཁོར་ཡུག་གི་མཐར་ཐུག་པ་དཔག་ ཚད་འབུམ་ཕྲག་བཞིར་འགྱུར་རོ། །དེ་བཞིན་ལྷའི་རི་བོ་དག་(གི་དཔངས་)ནི་ལུས་(སྒལ་ཚིགས་)ཀྱི་ ཚད་(ཁྲུ་གང་དང་མཚུངས་པའི་དཔག་ཚད་འབུམ་)དུ་འགྱུར་ཏེ་(ལྷུན་པོའི་སྟེང་གི་)རྒྱར་ནི་(དེའི་)ཕྱེད་ཀྱི་ཚད་(སྟོང་ ཕྲག་ལྔ་བཅུ་)ཡིན་ནོ་ཞེས་པ་ནི་སྔར་བརྗོད་ཟིན་ཏོ། །(དེའི་དེའི་ཕྱེད་དུ་འགྱུར་ཏེ་ངེས་པར་རྡོ་རྗེའི་རྣམ་པ་ཅན་ གྱི་གཞལ་ཡས་ཁང་གི་ཆ་གསུམ་མོ་རྩ་མི་ཟེར)(ལྷུན་པོ་)དེའི་སྟེང་དུ་(ལྷུན་པོའི་དབུས་ཅུང་ཟད་མཐོ་བ་)རྡོ་རྗེའི་རྣམ་ པ་〈རྩེ་མོ〉བརྩེགས་པ་ཆ་(སྟེ་རིམ་པའི་)གསུམ་པ་(སྔར་བཤད་པ་བཞིན་དཀྱིལ་འཁོར་གྱི་རྣམ་པར་སྦྱར་བ་)སྟེ་ (ལྷུན་པོའི་སྟེང་གི)〈སྟེང་རྒྱ་ལྔ་ཁྲི་པོ〉དེ་ཡི་ཡང་ནི་ཕྱེད་དུ་འགྱུར་ཞིང་〈ཡང་ན་གཞལ་ཡས་ཁང་སུམ་ བརྩེགས་ལ་སྦྱར་ཏེ་སྔ་མ་བཞིན་ནོ〉ལྷུན་པོའི་ཕྱི་རོལ་ཏུ་འོག་གི་ཆར་(དཀྱིལ་འཁོར་གྱི་འཁོར་ཡུག་དང་ འདྲ་བའི་)འཛིན་མའི་འཁོར་ཡུག་དང་ཆུའི་འཁོར་ཡུག་དང་མེའི་འཁོར་ཡུག་དང་རླུང་གི་འཁོར་ ཡུག་གོ། དེའི་ཕྱི་རོལ་གྱི་ཆ་ལ་(དཀྱིལ་འཁོར་གྱི)འབར་བ་དང་བཅས་པའི་རྡོ་རྗེའི་འཕྲེང་བ་(དང་ 4-1-464 འདྲ་བ་) ནི་རྡོ་རྗེ( སྟེ་སྟོང་པ)འི་འཁོར་ཡུག་གོ〔ཁ་ཅིག་འཁོར་ཡུག་འདི་རྣམས་བསྒོམ་བྱའི་དཀྱིལ་ འཁོར་གྱི་མཆོད་པའི་ས་ལྷུན་པོའི་སྟེང་གི་མཐའ་དང་རྒྱ་མཉམ་པར་བྱས་པའི་དཀྱིལ་འཁོར་ གྱི་འཁོར་ཡུག་ཏུ་འདོད་པ་ནི་རིགས་པ་མ་ཡིན་དེ། དཀྱིལ་འཁོར་ལྷུན་པོའི་སྟེང་ན་ཡོད་པ་ དང་འཁོར་ཡུག་གི་བར་ལ་དཔངས་དཔག་ཚད་འབུམ་གྱི་མཐོ་དམན་ཡོད་པར་འགྱུར་བས་ དེ་ལྟ་བུ་མི་རིགས་པའི་ཕྱིར་དང་མཆོད་པའི་ས་གཞི་ལྷུན་པོའི་སྟེང་གི་མཐའ་དང་རྒྱ་མཉམ་ པའི་དཀྱིལ་འཁོར་གྱི་ར་བའི་རྒྱ་ལ་དཔག་ཚད་སྟོང་ཕྲག་ཉེར་ལྔ་ལས་མེད་ཅིང་འདིར་ལྷུན་ པོ་ལ་བསྐོར་བའི་སའི་འཁོར་ཡུག་གི་ཞིང་ལ་དཔག་ཚད་སྟོང་ཕྲག་ཉེར་ལྔ་ཡོད་པའི་དཀྱིལ་ འཁོར་གྱི་སའི་འཁོར་ཡུག་ནི་དཀྱིལ་འཁོར་ཕྱི་མའི་སྒོ་ཚད་ཕྱེད་དུ་ངེས་པ་དང་ཆུ་ལ་སོགས་ པའི་འཁོར་ཡུག་གསུམ་དཀྱིལ་འཁོར་ཕྱི་མའི་སྒོ་ཚད་དང་མཉམ་པར་གསུངས་པ་ཡིན་པ་ལ་ སའི་འཁོར་ཡུག་དཀྱིལ་འཁོར་ཕྱི་མའི་ར་བ་དང་རྒྱ་མཉམ་པ་དང་ཆུ་ལ་སོགས་པའི་འཁོར་ ཡུག་གསུམ་དཀྱིལ་འཁོར་ཕྱི་མའི་ར་བའི་རྒྱ་ལས་ཀྱང་ཉིས་འགྱུར་གྱི་རྒྱ་ཆེ་བར་སོང་བའི་ རྣམ་པར་དཔྱོད་པའི་བློ་ཧ་ཅང་ཡང་རྩིང་པའོ〕༡༧༥ ། ༈ ཕྱེད་བཅས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་ནི་གོ་སླའོ། ༡༧༦ ། ༈ སྟེང་དང་འོག་ཏུ་སངས་རྒྱས་སྐུ་ནི་(ཤིང་ནྱ་གྲོ་ཏ་ཆུ་ཞིང་)མཉམ་པ་གྲུ་བཞི་པར་འགྱུར་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་(ཐད་ཀར་)གྲུ་བཞི་པའོ། །ཀུན་ནས་རླུང་གིས་བགྲོད་ པའི་དབང་གིས་ཐད་ཀའི་ཚད་ཀྱིས་ཞེས་པ་ནི་ཕྱི་རོལ་ཏུ་(འཇིག་རྟེན་གྱི་མཐའ་ནས་མཐར་)རླུང་གི་ དཀྱིལ་འཁོར་གྱི་བགྲོད་པ(སྟེ་ཁྱབ་པ)འི་དབང་གིས་ནང་དུ་ལག་པ་གཡོན་གྱི་སེན་མོ་ནས་ལག་ པ་གཡས་ཀྱི་སེན་མོའི་མཐར་མཉམ་གནས་ལ་སོགས་པའི་རླུང་བགྲོད་པའོ། །དེས་ན་ལུས་ ཀྱི་དཀྱིལ་འཁོར་ཁྲུ་བཞི་པ་སྟེ་གྲུ་བཞིའོ་ཞེས་པ་ངེས་པའོ། །འཁོར་ལོ་གསུམ་རྣམས་ཀྱི་སྡོམ་ པའམ་ཡང་ན་འཁོར་ལོ་དྲུག་རྣམས་ཀྱིས་(འཁོར་ལོ་)སྡོམ་པའི་དཀྱིལ་འཁོར་ཟླུམ་པོ་སྒོ་བརྒྱད་ 4-1-465 པ་སྟེ་འཁོར་ལོ་སོ་སོའི་ཚད་(རྒྱལ་བའི་ཁྲུ་ནི་བཞི་ཆ་ནི་)རྒྱལ་བའི་བདག་པོའི་རྐང་པ་དང་བཅས་ པའི་སོར་དྲུག་རྣམས་ཀྱིས་འགྱུར་རོ(ཞེས་པ་སངས་རྒྱས་ཀྱི་ཁྲུ་གང་ལས་སངས་རྒྱས་ཉིད་ཀྱི་སོར་ཉེར་ལྔ་ཡོད་པས་ སོ)། །སྒོ་བརྒྱད་རྣམས་ཀྱིས་བསྐོར་པ་ནི་སྔར་བརྗོད་ཟིན་ཏོ། །རང་གི་ལག་མཐིལ་སེན་མོ་ རྣམས་ཀྱིས་(དཀྱིལ་འཁོར་གྱི་)དཔལ་ལྡན་དུར་ཁྲོད་བརྟག་པར་བྱ་སྟེ་དེ་ལ་དཀྱིལ་འཁོར་གྱི་ཐད་ ཀ་དང་འོག་དང་སྟེང་དུ་ཡང་ཁ་ལ་སོགས་པའི་སྒོ་བརྒྱད་པོ་རྣམས་དང་དུར་ཁྲོད་རྣམས་སོ་ ཞེས་པ་ངེས་པའོ། ༡༧༧ ། ༈ ད་ནི་བཅོམ་ལྡན་འདས་མ་སྐུའི་དག་པས་དཀྱིལ་འཁོར་གསུངས་ཏེ་སྟེང་འོག་ཞལ་ དང་གསང་བར་གཉིས་དང་ཆུ་གཏེར་ཚད་ཀྱིས་བཅོམ་ལྡན་འདས་མའི་དཀྱིལ་འཁོར་དག་ ཏུ་འགྱུར་ཞེས་པ་ནི་སོར་བཞི་བཅུ་རྩ་གཉིས་ཀྱིས་འགྱུར་ཏེ་(སྔར་བཤད་པའི་སོར་ལྔ་བཅུའི་སྟེང་ནས་) མཛོད་སྤུ་དང་གསང་བའི་པད་མ་དག་ལས་སོར་བརྒྱད་དོར་ནས་(ལྷག་མ་)སོར་བཞི་བཅུ་ རྩ་གཉིས་ཀྱིས་རྡུལ་གྱི་ཁམས་(ཀྱི་གནས་)སོ། །དེས་བཅོམ་ལྡན་འདས་མའི་དཀྱིལ་འཁོར་ དུ་འགྱུར་ཏེ་(སྙིང་པོར་)པད་མའི་ཕྱེད་དང་འཁོར་ལོ་དྲུག་ནི་(ཚད་)མཚུངས་པའི་ཆ་རྣམས་ཀྱིས་ སོ། །འདིར་སྒོ་ནི་(སྔར་འཁོར་ལོའི་བརྒྱད་ཆར་གསུངས་པ་དང་)མི་མཚུངས་ཏེ་འཁོར་ལོ་ལས་ལྔ་ཆའོ། ། འཁོར་ལོ་ལས་ལྔ་ཆ་གང་ཡིན་པ་དེ་ནི་གདན་བཞི་ལ་སོགས་པར་རོ(གསུངས་པའོ)། །(སྔར་བརྒྱད་ ཆར་གསུངས་པ་)དེ་ཅིའི་ཕྱིར་ཞེ་ན། འདིར་(བྱིས་པ་)སྐྱེ་བའི་དུས་སུ་མའི་སྐྱེ་གནས་སོར་བཅུ་གཉིས་ སུ་འགྱུར་ཏེ་ཆ་དགུ་བཅུ་རྩ་དྲུག་ལས་བརྒྱད་ཆའོ། །དེས་ན་གླིང་བཞི་རྣམས་སུ་བུད་མེད་ རྣམས་ཀྱི་སྐྱེ་གནས་ནི་སྒོ་བཞི་རྣམས་ཏེ་མངལ་གྱི་གནས་ནི་དཀྱིལ་འཁོར་གྱི་ཁང་པ་དང་ བྱིས་པའི་ལུས་ནི་ལྷའི་ཚོགས་སོ་ཞེས་པ་བྱིས་པ་རྣམས་ཀྱི་སྐྱེ་བའི་ལྷའི་རྣམ་པར་བསྟན་པ་ནི་ བཅོམ་ལྡན་འདས་ཀྱི་སྤྲོས་པས་སོ། །འོན་ཀྱང་(འདིར་ལྔ་ཆ་ནི་)གསང་བ་ནས་གཙུག་ཏོར་གྱི་(བར་ གྱི་)ཆ་(སོར་དྲུག་ཅུ་)ལས་སྒོ་ནི་ལྔ་ཆའོ་ཞེས་པ་(སོར་བཅུ་གཉིས་)སྟེ་(བྱིས་པ་བཙས་པའི་དུས་ཀྱི་)རིགས་པ་ 4-1-466 ལས་སོ། །དེ་ལྟར་སེམས་ཅན་རྣམས་ཀྱི་ལུས་ནི་དཀྱིལ་འཁོར་གྱི་མཚན་ཉིད་ཀྱི་རང་བཞིན་ (དང་མཚུངས་པ་ཡིན་)ནོ། །མཆོད་རྟེན་ནི་(དོན་དམ་པའི་བདེ་སྟོང་དབྱེར་མེད་དུ་འདྲེས་པ་ཆོས་སྐུ་ཡིན་པས་)ཤེས་ རབ་(རྐྱང་)མ་ཡིན་ཞིང་ཐབས་(རྐྱང་བ་ཉིད་)ཀྱང་མ་ཡིན་ཏེ་མ་ནིང་ངོ་ཞེས་པ་ནི་ངེས་པའོ། ༡༧༨ ། ༈ ལྷུན་པོའི་ཕྱི་རོལ་ཏུ་ནི་འོག་གི་ས་གཞིའི་གནས་ལ་གྲུབ་པ་བརྒྱད་པོ་ཡང་དག་གནས་ པ་སྟེ་ཤར་དུ་རལ་གྲི་དང་དྲག་པོའི་ཟུར་དུ་རོའི་དབང་པོ་དང་བྱང་དུ་བདུད་རྩིའི་འབྲས་བུ་ དང་རླུང་དུ་རིལ་ལུ་དང་ནུབ་དུ་མིག་སྨན་དང་བདེན་བྲལ་དུ་རོ་ཙ་ན་(གི་ཝཾ་)དང་ལྷོ་རུ་རྐང་ མགྱོགས་དང་མེའི་ཟུར་དུ་མི་ཟད་པའི་གཏེར་དང་དཀྱིལ་འཁོར་གྱི་དབུས་སུ་མཆོད་ཕྱིར་ ཐོགས་པའོ། །ལྷ་དང་མི་ཡི་བླ་མ་དུས་ཀྱི་འཁོར་ལོའི་ཚངས་པའི་དབྱངས་(མཆོད་ཕྱིར་ཐོགས་)ནི་ དེ་ཉིད་དོ། །ཞེས་པ་ནི་གཞོམ་དུ་མེད་པའི་སྒྲ་(སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་རྟག་ཏུ་གནས་པའི་ནཱ་ད་)སྟེ་ (དེའི་བྱིན་རླབས་ལས་ཆོས་སྟོན་པའི་སྒྲས་)ལྷ་ལ་སོགས་པ་རྣམས་རབ་ཏུ་སད་པར་བྱེད་པའོ་ཞེས་པ་ངེས་ པའོ། ༡༧༩ ། ༈ ད་ནི་རྡོ་རྗེ་རྣམ་པར་དག་པའི་མཚན་ཉིད་གསུངས་པ་ནོར་བུ་ཞེས་པ་ལ་སོགས་པ་སྟེ་ འདིར་རྡོ་རྗེ་ནོར་བུ(འམ་དེའི་རྩ་འདབ་ལ་སོར་གཅིག་ཡོད་པ་)རྣམ་པར་དག་པས་རྡོ་རྗེ་སོར་གཅིག་པར་ འགྱུར་རོ། །གཙུག་ཏོར་གྱི་འཁོར་ལོ་(རྩ་འདབ་བཞི་པ་ལ་སོར་གཉིས་ཡོད་པ་)རྣམ་པར་དག་པས་སོར་ གཉིས་པ་དང་དཔྲལ་བ(འི་འཁོར་ལོའི་རྩ་འདབ་བཅུ་དྲུག་པ་ལ་སོར་བཞི་ཡོད་པ་)རྣམ་པར་དག་པས་སོར་ བཞི་པ་དང་མགྲིན་པ(འི་འཁོར་ལོའི་རྩ་འདབ་སོ་གཉིས་པ་ལ་སོ་ལྔ་ཡོད་པ་)རྣམ་པར་དག་པས་སོར་ལྔ་པ་ དང་སྙིང་ཁ(འི་འཁོར་ལོ་རྩ་འདབ་བརྒྱད་པ་ལ་སོར་བརྒྱད་ཡོད་པ་)རྣམ་པར་དག་པས་སོར་བརྒྱད་པ་དང་ལྟེ་ བ(འི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པ་ལ་སོར་དགུ་ཡོད་པ་)རྣམ་པར་དག་པས་སོར་དགུ་པ་དང་གསང་ བ(འི་འཁོར་ལོའི་རྩ་འདབ་སུམ་ཅུ་སོ་གཉིས་པ་ལ་སོར་བཅུ་གཉིས་ཡོད་པ་)རྣམ་པར་དག་པས་སོར་བཅུ་གཉིས་ པ་སྟེ་ཟད་པར་རླུང་དང་མེ་དང་ཆུ་དང་ས་དང་འདོད་པ་ན་སྤྱོད་པའི་ལྷ་དང་ལྷ་མ་ཡིན་དང་ 4-1-467 མི་རྣམས་ཀྱི་(རྡོ་རྗེ་སོར་གཅིག་ནས་བཅུ་གཉིས་ཀྱི་པར་ཡོད་པའི་)གྲངས་ཇི་ལྟ་བ་བཞིན་(རྡོ་རྗེའི་ཚད་ཡིན)ནོ། ། དེས་ན་རྣ་བའི་(རྒྱན་གྱི་)ཕྱག་རྒྱ(འི་རྡོ་རྗེ་)རྣམས་སོར་གཅིག་པ་དང་མཐེ་བོའི་རྡོ་རྗེ་ནི་〈སྟེ་རྡོ་རྗེ〉 སོར་གཉིས་པ་དང་དཔྲལ་བར་རྡོ་རྗེ་ཕྲེང་བའི་དོན་དུ་སོར་བཞི་པ་དང་མགྲིན་པར་ཡང་(རྡོ་རྗེའི་ རྒྱན་ལ་)སོར་ལྔ་པ་དང་ཕྲག་པར་རྡོ་རྗེ་ཕྲེང་བའི་དོན་དུ་སོར་བརྒྱད་པ་དང་སྙིང་ཁར་འདོགས་ པའི་རྡོ་རྗེ་ནི་སོར་དགུ་པ་སྟེ་རྣལ་འབྱོར་པ་རྣམས་ཀྱིས་རྡོ་རྗེའི་རྒྱན་གྱི་ཆེད་དུ་བྱའོ། །གསོར་ བའི་རྡོ་རྗེ་ནི་སོར་བཅུ་གཉིས་པའོ། །དེ་རྣམས་ཀྱི་མཚན་ཉིད་ནི་སྟེང་དང་དབུས་དང་འོག་ཏུ་ གསུམ་གྱི་ཆ་(རེ་རེ་)སྟེ་(གསུམ་ཀ་)མཉམ་པའི་ཆའོ། །གསོར་བའི་རྡོ་རྗེ་དེ་ཉིད་(རྩེ་མོ་)ཟུམ་པ་ནི་ཞི་ བ་སྟེ་ཞི་བའི་ལས་ལའོ། །རྣམ་པར་གྱིས་པ་སྟེ་རྩེ་མོ་རྣམ་པར་བྱེ་བ་ནི་དྲག་པོ་ལ་ཞེས་པ་དྲག་ པོའི་ལས་ལའོ། དྲིལ་བུ་དག་ཀྱང་དེ་བཞིན་ཆ་གསུམ་སྟེ་དབུས་དང་སྟེང་དུ་རྡོ་རྗེ་དང་ཞལ་ ཡང་མཚུངས་པའོ། །(དྲིལ་བུའི་ཁོག་པ་)བ་ལང་གི་གདོང་(ལྟ་བུ་)ནི་ཞི་བ་ལའོ། །པད་མ་རྣམ་པར་ རྒྱས་པའི་ཁ་ནི་དྲག་པོ་ལ་སྟེ་(རའི་རྩེ་མོ་)གྱེས་པའི་རྡོ་རྗེ་དང་བཅས་པའོ། ༡༨༠ ། འདིར་རྡོ་རྗེའི་རྭ་རྣམས་ཀྱི་(ཕྱིར་བཀྱེད་པའི་རྒྱ་)ཁྱོན་ནི་རྡོ་རྗེའི་ཚད་ལས་སུམ་ཆའོ། །རྡོ་རྗེའི་ དབུས་སུ་ལྟེ་བ་ཞལ་བཞི་པ་སྟེ་སུམ་ཆ་(དབུས་མ་)དེའི་སུམ་ཆ་(དབུས་མ)འོ། །དེ་བཞིན་དུ་ལྟེ་བ(དེ) འི་འོག་དང་སྟེང་དུ་ལྟེ་བའི་ཚད་ཀྱིས་(པད་མའི་)འདབ་མ་བརྒྱད་རྣམས་སོ། །རྭ་ནི་རྡོ་རྗེའི་ཁྱོན་ དང་མཚུངས་པ་ཞེས་པ་(རྭ་རྣམས་ལྟེ་བའི་ཞལ་ལ་ལྟོས་པའི་)ཕྱོགས་སམ་ཕྱོགས་བྲལ་གྱི་(ཆར་བཀོད་པའི་) དབུས་སུ་(རྭ་དབུས་མའི་རྩ་བའི་སྦོམ་རྭ་བཞི་ནི་ནང་གི་)སུམ་ཆ་སྟེ་(ཕྱི་རོལ་ཀྱི་རྭ་བཞི་ནི་)ཕྱོགས་བཞི་པོ་རྣམས་ སམ་ཕྱོགས་བྲལ་རྣམས་སུའོ། །རྭ་(དབུས་མ་)ཡི་(རྩེ་མོ་)ཟླུམ་པོ་(རྭ་བཞི་ལས་སྟེང་དུ་ཐོན་པ་)ནི་རྡོ་རྗེའི་ སུམ་ཆའི་བཞི་ཆའོ། །ཕྱི་རོལ་གྱི་རྭ་རྣམས་ཀྱི་སུམ་ཆ་ནི་(ཕྱིར་བཀྱེད་པའི་)འོག་གོ། སྟེང་དུུ་(སོན་ པ་)ཆ་གཉིས་པ་ནི་རྒྱ་ཤུག་གི་ཚེར་མ་ལྟ་བུུ་(བྱིན་གྱིས་ཕྲ་ཞིང་ཅུང་ཟད་ཟུར་གསུམ་པའི་རྣམ་པ་)〈བྱིན་གྱིས་ཕྲ་བ〉 སྟེ་སྟེང་(རྩེ་མོ་རྭ་)དབུས་ལ་བསྲེས་པས་སྦྱོར་བའོ་ཞེས་པ་ནི་ཟུམ་པའོ། །རྣམ་པར་གྱེས་པ་ལ་(རྭ་ 4-1-468 བཞི་)རྩེ་མོ་〔དབུས་མ་〕རྣམ་པར་བྱེ་བ་བྱའོ། །དྲིལ་བུའི་ཞལ་རྣམས་དེ་བཞིན་ཞེས་པ་ནི་སྐུ་དང་ གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེ་རྣམ་པར་དག་པ་བྱམས་པ་ལ་སོགས་པ(ཚངས་པ) འི་གནས་(བཞི་རྣམས་)ཀྱིས་རྡོ་རྗེ་ལ་ཞལ་བཞི་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་ཀྱི་རྡུལ་གྱི་ཐིག་ལེ 〔བཞི〕འི་ཆོས་དང་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་བའི་སྒོ་བཞི་རྣམ་པར་དག་པས་ཞལ་ བཞི་བྱའོ་ཞེས་པ་ནི་རིགས་པ་(འདིར་ར་དང་འགྱུར་མང་ན་མེད་)སྟེ་(ལུགས་)གཅིག་གོ། (ལུགས་)གཉིས་ པ་ནི་ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན་ཞེས་པ་ཀཱ་ལི་གསལ་བྱེད་ཀྱི་ཆོས་བརྗོད་དུ་མེད་པ་སྟེ་ དབྱངས་མེད་པའི་ཕྱིར་རོ། །(བརྗོད་དུ་མེད་པ)〈ང་རོ་མེད་པ〉དེས་ན་རྡོ་རྗེའི་ལྟེ་བ་ལ་ཞལ་མེད་དོ། ། མཚན་མོ་ཤེས་རབ་རབ་ཏུ་གྲགས་ཞེས་པ་ནི་ཨཱ་ལྀ་དབྱངས་ཀྱི་ཆོས་ཏེ་དེས་ན་བརྗོད་ པའི་རང་བཞིན་གྱི་ཕྱིར་(དྲིལ་བུ་ལ་)བཅོམ་ལྡན་འདས་མའི་ཞལ་གཅིག་གོ་ཞེས་པ་ནི་རྡོ་རྗེ་དྲིལ་ བུ་ལ་གྲུབ་པའོ(དེ་ཁོ་ན་ཡིས་རྡོ་རྗེ་གཟུང༌། །དྲིལ་བུ་ཆོས་ཀྱིས་དཀྲོལ་བར་བྱ། །དེ་ཉིད་མི་ཤེས་རྣལ་འབྱོར་པ། །གླང་ཆེན་ དྲིལ་བུའི་སྒྲ་དང་མཚུངས། །ཞེས་སཾ་པུ་ཊི་ལས་འབྱུང་ངོ་)། ༡༨༡ ། ༈ ད་ནི་མཆོད་རྟེན་གྱི་མཚན་ཉིད་གསུངས་པ་གསང་བའི་ཞེས་པ་ལ་སོགས་པ་སྟེ་གསང་ བའི་ཆུ་སྐྱེས་(དང་)མཛོད་སྤུའི་མཐའི་ཆ་ཡི་ཞེས་པ་སོར་ལྔ་བཅུ་རྣམས་ཀྱིས་མཆོག་གི་རྒྱལ་ བའི་བདག་པོའི་མཆོད་རྟེན་དཔངས་ཀྱི་ཚད་དོ། །དེ་ཡི་ཕྱེད་ཀྱིས་ཞེས་པ་ཉི་ཤུ་རྩ་ལྔས་གདན་ གྱི་རྒྱ་སྟེ་ས(འི་དབྱིབས་)བཞིན་དུ་གྲུ་བཞི་པ་ཤིན་ཏུ་མཉམ་པ་སྟེ་ཐད་ཀའི་ཆས་སོ། །དེའི་སུམ་ ཆས་ཕྱོགས་ཆ་〈སྟེ་གློ་འབུར་〉རྣམས་ཞེས་པ་ནི་སོར་(དབུས་ཀྱི་གློ་འབུར་གྱི་རྒྱ་ལ་)སུམ་ཆ་དང་བཅས་ པའི་སོར་བརྒྱད་རྣམས་ཏེ་(གདན་ངོ་བོ་ལས་)སོར་ཕྱེད་དང་གཉིས་ཕྱིར་འབུར་བའོ། །(དེ་བཞིན་དུ་) གདན་དེའི་སྟེང་གི་(ཁོག་པའི་གདན་གྱི་)པད་མའི་(འདབ་མའི་རྩེ་མོའི་)ཕྱིར་འབུར་བ་དང་ཐུགས་ཁར་ (ཏེ་ཁོག་པའི་རྐེད་པར་)གནས་པའི་ཁོར་ཡུག་(སྐེ་རགས་ལྟ་བུ་དག་)གི་ཕྱིར་འབུར་བ་ཡང་ཚད་(སོར་ཕྱེད་ དང་གཉིས་སོ་)དེ་ཉིད་ཀྱིས་སོ། །ཐུགས་ཀར་གནས་པའི་ཁོར་ཡུག་ཏུ་གྱུར་པ་དེ་བཞིན་དུུ་(ཁོག་ 4-1-469 པའི་གདན་)ཟླུམ་པའི་པད་མ་ཡང་(ཀུན་ནས་འཁོར་ཡུག་ཏུ་གྱུར་པ)〈 སོར་ཕྱེད་དང་གཉིས་ཕྱིར་བཅུར་བ〉 སྟེ་(རྒྱ་ནི་)གདན་གྱི་(ཕྱོགས་བཞིའི་)ཚད་གྱིས་སོ། །གཞི་(སྟེ་གདན་གྱི་ཕྱོགས་བཞི་)དང་མཉམ་པའི་པད་ མའི་མཐའི་ཆས་(ནང་དུ་)དམན་པ་(བཅུམ་)སྟེ་(ཅི་ཙམ་དམན་ན་)སོར་ཕྱེད་དང་གཉིས་བཅུམ་པ(འོ་ བཅུམ་པའི་རྩ་བ་དང་མཉམ་པ)འི་ཁོག་པ་ཟླུམ་པོ(གདུང་རྟེན་གྱི་ཁོག་པ་ལྟ་བུ)འོ། །(གདན་)དེ་ཡི་ཕྱོགས་ཆ་(གློ་ འབུར་གྱི་ཚད་དེ་)ཡིས་ཀྱང་མགྲིན་པའོ་ཞེས་པ་ནི་〔མགྲིན་པ་གྲུ་བཞིའི་〕ཐད་ཀའི་ཚད་གྱིས་སོར་ བརྒྱད་དང་སུམ་ཆའོ། །དཔངས་ཀྱི་ཚད་ནི་སོར་བཞིའོ། ༡༨༢ ། གདན་གྱི་ཕྱེད་ཀྱི་ཆ་ཡིས་གདོང་སྟེ་ཞེས་པ་ནི་(བྲེ་ཞེས་གྲགས་པའི་)ཐད་ཀའི་ཆར་ཕྱེད་དང་ བཅས་པའི་སོར་བཅུ་གཉིས་ཀྱིས་སོ། །(གདོང་)དེ་ཉིད་ནི་གྲུ་བཞིའོ། །དེ་བཞིན་དུ་མགྲིན་པ་ (གྲུ་བཞི་)སྟེ་ས་བཞིན་ཤིན་ཏུ་མཉམ་པ་ཞེས་པའོ། །གདོང་དང་མགྲིན་པ་(དེ་དང་)དེའི་སུམ་ཆ་ནི་ (རང་རང་གི་)ཕྱོགས་བཞིའི་〔དབུས་ཀྱི་གློ་འབུར་གྱི་རྒྱའི་〕ཆའོ། །མགྲིན་པའི་ཕྱོགས་ཀྱི་ཆ་རྣམས་ ནི་སོར་ཕྱེད་ཕྱིར་འབུར་བ་སྟེ་གདོང་གི་ནི་རྐང་པས་དམན་པའི་སོར་གཅིག་ཕྱིར་འབུར་བའོ། ། དེ་ལྟར་(ལུས་ལ་)གསང་བའི་པད་མ་དག་ལས་ཕྱེད་བཅས་ཉི་མས་ཞེས་པ་(ལྟེ་བའི་བར་དུ་)ཕྱེད་ དང་བཅས་པའི་སོར་བཅུ་གཉིས་ཀྱིས་(གདན་གྱི་)དཔངས་ཀྱི་ཚད་དེ་ཤིན་ཏུ་མཉམ་པར་ཡང་ ནི་འགྱུར་ཞེས་པ་གྲུ་བཞི་པའོ། །གདན་གྱི་(སྟེང་གི་)པད་མའི་སྔོན་མཚམས་ཞེས་པ་གདན་གྱི་ མཐིལ་(འོག་གཞི་)ནས་ལྟེ་བའི་པད་མའི་མཐར་ཐུག་པ་སྟེ་ཨ་བ་དྷཱུ་ཏཱིའི་གནས་ཇི་སྲིད་པར་ ཕྱེད་དང་བཅས་པའི་(སོར་)བཅུ་གཉིས་ཀྱི་ཚད་དོ། །(ལྟེ་བའི་པད་མ་)དེ་ནས་ཐུགས་ཀར་གནས་ པའི་ཁོར་ཡུག་གི་མཐར་(ཐུག་པ་)ཡང་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་ཚད་དོ། །(ཐུགས་ཁའི་ 〈དཀྱིལ་འཁོར་〉འཁོར་ཡུག་)དེ་ནས་མགྲིན་པའི་རྩ་བ་ནི་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་ ཚད་དོ། །(མགྲིན་པ་)ལོངས་སྤྱོད་རྫོགས་པའི་འཁོར་ལོའི་གནས་དེ་ནས་གདོང་གི་མཐར་ནི་ དེ་བཞིན་ཞེས་པ་གདུགས་ཀྱི་ཕྲེང་བའི་གནས་ཀྱི་(དང་པོ་མཛོད་སྤུའི་)མཐར་ཐུག་པ་དེ་བཞིན་ཏེ་ 4-1-470 མགྲིན་པ་སོར་བཞི་ཀོ་སྐོ་ནས་ཞལ་གྱི་གནས་ཀྱི་མཐར་ཐུག་པ་ཕྱེད་དང་བཅས་པའི་སོར་ བཞི་དང་དེ་བཞིན་དུ་སྣ་བཟང་པོའི་གནས་ལ་སོར་བཞིའོ། །དེ་བཞིན་དུ་(མཛོད་སྤུ་ནས་བརྩམ་སྟེ་) སྤྱི་བོའི་གནས་སུ་གདུགས་ཀྱི་ཕྲེང་བའོ། །དེ་ལྟར་ན་ཆུ་གཏེར་ཕྱེད་བཅས་དུས་དང་རིག་བྱེད་ རྣམས་ཀྱིས་དུམ་བུ་གསུམ་ཞེས་པ་མགྲིན་པའི་དང་པོ་ནས་གདོང་ངོ༌། ༡༨༣ ། (དེ་རྣམས་ཉིད་ཞིབ་པར་བཤད་པ་)གདན་ལས་ཞེས་པ་གདན་གྱི་སྟེང་དུ་པད་མའི་གདན་གྱི་ དཔངས་ནི་རིག་བྱེད་དག་གིས་ཞེས་པ་སོར་བཞིས་པད་མའོ། །དེ་བཞིན་དུ་ཐུགས་ཁར་ གནས་པའི་ཁོར་ཡུག་(གི་དཔངས་)སོར་བཞིའོ། །མགྲིན་པའི་(དཔངས་)ཚད་ཀྱང་དེ་བཞིན་ཏེ་སོར་ བཞི་རྣམས་ཀྱིས་སོ། །ཕྱེད་བཅས་བརྒྱད་ཀྱིས་གདོང་པའི་ཚད་ཅེས་པ་(གདོང་པའི་དཔངས་)ནི་ ཕྱེད་དང་བཅས་པ་བཞིས་ཀོ་སྐོ་ནས་ཞལ་གྱི་མཐའ་དང་བཞིས་ཤངས་ཀྱི་མཐའ་ཏེ་དེ་ནས་ མཛོད་སྤུའི་གནས་སྨིན་མའི་དབུས་སུ་(སོན་པ)འོ། །དེའི་སྟེང་དུ་དཔྲལ་བ་ནས་བརྩམས་ནས་ དེ་ཡི་སྟེང་དུ་གདུགས་ཀྱི་ཕྲེང་བར་འགྱུར་རོ་(ཀྱེ་)མི་ཡི་དབང་(པོ་)མཛོད་སྤུའི་མཚམས་ནས་ གདུགས་ཀྱི་ཕྲེང་བ་དང་(ནི་)དཔྲལ་བ་དག་དང་སྤྱི་བོ་ལ་སྟེ་དེ་ནས་འདིར་ནི་གཙུག་ཏོར་དག་ གི་མཐར་ཐུག་འདི་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ་ཞེས་པ་ངེས་པའོ། །དེ་ལྟར་〈སྟོང་ གཞི་དོན་དམ་གྱི་〉ལྷུན་པོ་དང་འཇིག་རྟེན་གྱི་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་(ལ་སྦྱར་བ་)སྟེ་ (ཆོས་སྐུའི་གཟུགས་བརྙན་)མཆོད་རྟེན་གྱི་དངོས་པོ་(འདིར་)〈ཆོས་སྐུའི〉ནི་ལྷུན་པོ(ཞེས་བྱ)འོ། ། ༈ གཟུགས་ཀྱི་རང་བཞིན་ནི་སངས་རྒྱས་ཀྱི་སྐུ་གཟུགས་(བྱང་ཆུབ་མཆོག་གི་)སྤྲུལ་པའི་ སྐུ་སྟེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའོ། །(ཆོས་ཡང་དག་པར་སྡུད་པའི་མདོ་ ལས་གསུངས་པ་ལྟར་བསྟན་པའི་སྐབས་)འདིར་སྐྱེས་བུ་ཆེན་པོའི་མཚན་རྣམས་ནི་འདི་ལྟ་སྟེ་དེ་བཞིན་ གཤེགས་པ་སྐུའི་ཕྱག་དང་ཞབས་མཐིལ་གྱི་ཁོར་ལོས་མཚན་པ་སྟེ་(ཕྱག་གི་མཐིལ་ནས་མཚོན་ཆའི་ འཁོར་ལོ་དང་ཞབས་ཀྱི་མཐིལ་ནས་འགྲོ་བ་འདྲེན་པའི་)འཁོར་ལོ་རྩིབས་སྟོང་(གསལ་ཞིང་)ཡོངས་སུ་རྫོགས་ 4-1-471 པ་ལྟེ་བ་དང་བཅས་པ་དང༌། ཞབས་མཐིལ་ཤིན་ཏུ་གནས་པ་ནི་ཞབས་ཀྱི་མཐིལ་(རུ་སྦལ་གྱི་ལྟེ་ བ་ལྟར་)ཐམས་ཅད་ཀྱིས་ས་ལ་རེག་པ་སྟེ་དེ་ཡང་ཞབས་ཀྱི་མཐིལ་བཏེག་ན་འཕར་བར་བྱེད་ ཅིང་མནན་ན་ནེམ་པར་བྱེད་པ་དང༌། ཕྱག་དང་ཞབས་དྲ་བས་འབྲེལ་པ་སྟེ་ངང་པའི་རྒྱལ་པོ་ ལྟར་དྲ་བ་(ཡིས་འབྲེལ་བ་)དང་ལྡན་(ལ་སྒྲིག་ན་ལྷག་པར་མི་མངོན་ཞིང་སོར་གདུབ་བཅུག་ན་འགག་པ་མེད་)པ་དང༌། ཕྱག་དང་ཞབས་དག་བྱིས་པ་སྐྱེ་མ་ཐག་གི་བཞིན་དུ་ཤིན་ཏུ་འཇམ་(ཞིང་གཞོན་ཤ་ཆགས་)པ་དང༌། 〈སྐུ་ལག་པ་བདུན་དུ་འཕགས་པས་དྲང་བ་སྐུ་དྲང་བ་ཞེས་ཡུམ་ལས་གསུངས་པ་ལྟར་〉བདུན་ མཐོ་བ་ཞེས་པ་ཞབས་(གཉིས་)དང་ཕྱག་(གཉིས་)དང་ཕྲག་པ་གཉིས་པོ་དག་དང་ལྟག་པ་ཡང་ (ཤས་ཁེངས་པས)མཐོ་པ་དང་(ཞབས་ཀྱི་བོལ་ཀོང་དང་ཕྱག་རྒྱབ་མཐོ་བ་ཞེས་ཀྱང་ཟེར་རོ། །ཞབས་མཐིལ་གྱི་དཀྱུས་དང་ མཐོ་མཉམ་པ་)ཕྱག་དང་ཞབས་ཀྱི་སོར་མོ་རིང་བ་སྟེ་མཐེ་བོ་ལ་སོགས་པ་རྣམས་ཟླུམ་ཞིང་ཡངས་ ལ་བྱིན་གྱིས་ཕྲ་བ་དང༌། (ཞབས་བཞི་ཆ་ཕྱིར་འཕགས་པས་)ཞབས་ཀྱི་རྟིང་པ་ཡངས་པ་དང༌། (སྐུའི་ དཔངས་ལ་སངས་རྒྱས་ཉིད་ཀྱི་ཁྲུ་ལྔ་ཡོད་པས་)སྐུ་ཆེ་ཞིང་〔ཡ་ཡོ་མེད་པས་〕དྲང་བ་དང༌། ཞབས་ཀྱི་ལོང་ བུ་(འབུར་བས་)མི་མངོན་པ་དང༌། བ་སྤུའི་རྩེ་མོ་གྱེན་དུ་ཕྱོགས་ཤིང་གཡས་ཕྱོགས་སུ་འཁྱིལ་བ་ དང༌། བྱིན་པ་(མ་ཉམས་ཤིང་རིམ་པར་འཚམ་ལ་ཟླུམ་པས་)རི་དྭགས་ཨེ་ན་ཡའི་(ཤ་བའམ་བསེ་ཁ་སྒོ་)ལྟ་བུ་ དང་(རྒྱལ་བའི་ཡུམ་ལ་སྐབས་འདིར་ཕྱག་རིང་ཞིང་མཛེས་པ་གསུངས)། འདོམས་ཀྱི་སྦ་བ(འམ་གསང་བ་)སྦུབས་ སུ་ནུབ་པ་སྟེ་(རྟ་ཅང་ཤེས་སམ་)གླང་པོ་ཆེའི་བཞིན་དུ་འདོམས་ཀྱི་སྦ་བ་སྦུབས་སུ་རབ་ཏུ་ནུབ་པ་ དང༌། (ལྤགས་པ་)གསེར་(སྦྱངས་པ་)ལ་སོགས་པ་ལྟར་(དང་ཞིང་འོད་གསལ་བ་)སྣུམ་པའི་མདོག་དང་ (སྐུ་)གསེར་གྱི་(གཏན་པ་ཕྱེས་པ་ལྟ་བུ་)ལྤགས་པ་དྲི་མ་དང་རྡུལ་གྱིས་མ་གོས་པ་(འདི་ཡུམ་ལས་ལྤགས་ པ་སྲབ་བར་འབྱུང་བ་)དང༌། བ་སྤུའི་བུ་ག་ནས་སྤུ་རེ་རེ་(ནས་གཡས་སུ་འཁྱིལ་བ་ལེགས་པར་)སྐྱེས་པ་དང་ སྨིན་མའི་དབུས་སུ་མཛོད་སྤུ་ཡོངས་སུ་ཟླུམ་པོ་སྟེ་རས་བལ་གྱི་སྐུད་པ་ལྟར་དཀར་ཞིང་(འཇམ་ ལ་)ཤིན་ཏུ་ཕྲ་བ་(ཉི་ཟླ་བརྒྱ་ལས་ལྷག་པའི་འོད་གསལ་བ་)སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་གཡས་སུ་ 4-1-472 འཁྱིལ་བས་བསྐོར་བ་དང་(ཡུམ་ལས་སུམ་ཅུ་རྩ་གཉིས་ཀྱི་གྲངས་མ་གསུངས་)རོ་སྟོད་སེང་གེའི་ལྟ་བུ་སྟེ་རོ་ སྟོད་(འཕེལ་ཁ་ཆེ་བས་)ཡངས་པ་དང་ཕྲག་པ་ཤིན་ཏུ་ཆེ་བ་(འདི་ཡུམ་ལས་དཔུང་པའི་མགོ་ཟླུམ་པར་གསུངས་པ་)དང་མགྲིན་པ་ཡོངས་སུ་ཟླུམ་པ་(འདི་རྒྱུད་བླར་མགྲིན་པ་དྲི་མེད་དུང་འདྲ་དང་ཞེས་པ་དང་མཐུན་པ་)དང་(ཡུམ་ ལས་ཐལ་ཁོང་རྒྱས་པ་ཞེས་གསུངས་ཏེ་ཕྲག་པའི་བར་རྒྱས་པ་ཡིན་གསུངས་)ཡན་ལག་དང་ཉིང་ལག་རྣམས་ལ་རོ་ བྲོ་བའི་མཆོག་རྣམས་ཀྱིས་རོ་བྲོ་བར་བྱེད་པ་སྟེ་རོ་བྲོ་བའི་མཆོག་དེ་རྣམས་ཀྱང་ཁ་ཟས་དང་ ལྡན་པའི་རྩའི་མཆོག་རྣམས་ལས་ཏེ་(རྩ་རྣམས་)རླུང་དང་མཁྲིས་པ་དང་བད་ཀན་གྱིས་མ་ཉམས་ པའི་ཕྱིར་རོ། །ཞེས་པ་(འདི་ཡུམ་ལས་རོ་མ་ཞིམ་པ་གསོལ་ཡང་རོ་མཆོག་ཏུ་སྣང་བར་གསུངས་པ་)དང༌། །ནྱ་གྲོ་ དྷ་ལྟར་ཆུ་ཞིང་གབ་བའི་སྐྱེས་བུ་ཆེན་པོ་(འདོམས་དང་འཕང་དུ་མཉམ་པས་)སྟེ་(ཆུ་དང་ཞིང་ཀུན་ནས་མཉམ་ པ་དང་དབུ་གཙུག་ཏོར་དང་ལྡན་པ་སྟེ་གཙུག་ཏོར་ཟླུམ་ཞིང་གཡས་སུ་འཁྱིལ་བ་)གདུགས་ལྟར་ཡོངས་སུ་གྱུར་ཅིང་ (སོར་བཞི་ཙམ་འཕགས་པས་)མཐོ་བ་དང་དབུ་སྐྲ་དང་སྙན་དག་གི་བར་དུ་ལྗགས་ཀྱི་རྩེ་མོས་རེག་ པ་སྟེ་དབུ་སྐྲའི་མཐར་ཐུག་པ་དཔྲལ་བ་ཡང་ལྗགས་ཀྱིས་ཁེབས་པ་(ཨུད་པལ་དམར་པོ་ལྟར་སྲབ་ལ་ མཛེས་པ་)དང༌། ཚངས་པའི་དབྱངས་(ནི་ཀུན་ཤེས་པར་བྱ་ཞིང་རྣམ་པར་ཤེས་པར་བྱ་བ་མཉན་པར་འོས་ཤིང་མི་ མཐུན་པ་མེད་པར་ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་མི་ཚུགས་ཤིང་རྣམ་པར་སྙན་པ་རིག་ཅིང་ཁྱབ་པར་བྱེད་པ་སྟེ་ཡན་ལག་ལྔ་ ལྡན་གྱིས་)འཁོར་མཐའ་ཡས་པ་ལ་ནང་དུ་(སྟེ་ཉེ་བ་ལ)ཇི་ལྟ་བ་དེ་བཞིན་དུ་ཕྱི་རོལ་ཏུ་(ཐག་རིང་པོར་) ཡང་སེམས་ཅན་ཐམས་ཅད་ཀྱིས་ཐོས་པ་དང༌། འགྲམ་པ་〔མེ་ལོང་ལྟར་ཟླུམ་ལ་རྒྱས་པས་བལྟ་ ན་སྡུག་པ་〕སེང་གེའི་ལྟར་ཆེ་བ་དང་ཚེམས་(མཐོ་དམན་དང་ཕྲ་སྦོམ་མེད་པ་ཚད་)མཉམ་པ་དང༌། 〔སྟེང་ འོག་ཏུ་ཉི་ཤུ་ཉི་ཤུ་ཡོད་པས་གྲངས་〕བཞི་བཅུ་ཚང་བ་དང་(མེ་ཏོག་ཀུན་ད་ལྟར་ཤིན་ཏུ་)དཀར་བ་ དང་(ཚེམས་ཀྱི་བར་དོད་པ་ལ་སོགས་པའི་)སྐྱོན་ཐམས་ཅད་དང་བྲལ་བ་དང་(ཡུམ་ལས་ཚེམས་ཐག་བཟང་བར་ གསུངས་པ)། སྤྱན་ཤིན་ཏུ་སྔོ་བ་ལ་སོགས་པ་སྟེ་སྤྱན་དག་གི་སྔོན་པོ་གང་ཡིན་པ་དེ་ནི་ཤིན་ཏུ་ སྔོན་པོ་(མཐོན་འཐིང་)དང་དམར་པོ་གང་ཡིན་པ་དེ་ནི་ཤིན་ཏུ་དམར་པོ་དང་དཀར་པོ་གང་ཡིན་ 4-1-473 པ་དེ་ནི་ཤིན་ཏུ་དཀར་པོ་(ཡུམ་ལས་མཐོན་འཐིང་)དང་བ་ལང་གི་རྫི་མ་སྟེ་ཁྱུ་མཆོག་གི་ལྟར་སྤྱན་གྱི་ རྫི་མ་རྣམས་(མ་འཛིངས་ཤིང་ལེགས་པར་གཞོལ་ལ་)སྟེང་དང་འོག་(གཉི་ག་)ནས་བྱུང་བ་དང༌། སེམས་ ཅན་རྣམས་ཀྱི་རིགས་སྣ་ཚོགས་ལ་གཟིགས་པའི་ཕྱིར་སྐུའི་ཁ་དོག་སྣ་ཚོགས་(འདི་ཡུམ་ལས་མ་ གསུངས་)སོ། །དེ་ལྟར་ཞབས་ཀྱི་མཐིལ་ནས་བརྩམས་ནས་གཙུག་ཏོར་གྱི་མཐར་ཐུག་པ་སྐྱེས་ བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་〈རྒྱལ་བའི་ཡུམ་དང༌། མཚན་གྱི་མདོ་དང༌། བུ་མོ་ རིན་ཆེན་གྱིས་ཞུས་པའི་མདོར་གསུངས་པ་དང་མི་འདྲ་བ་ཅུང་ཟད་ཡོད་ཀྱང་འདི་ཡིན〉ཆོས་ ཡང་དག་པར་སྡུད་པ་ལས་གསུངས་(པ་ལྟར་ཡིན་)ཏེ་དེས་ན་(རྒྱུད་དུ་)ཚིགས་སུ་བཅད་པ་རྣམས་ ཀྱིས་མ་(གསུངས་སོ)བརྗོད་དོ(རྒྱུད་བླ་མར། འོད་འདོམ་གང་བ་མགྲིན་པའི་དྲི་མེད་དུང་འདྲ་ཕྱག་སོར་འཇམ་ཟླུམ་མཐོ་ དམན་མེད་པ་དབུ་སྐྲ་རིན་ཆེན་མཐོན་འཐིང་འདྲ་བ་སྐུ་འཁྲེག་ཤིང་སྲེད་མེད་ཀྱི་བུའི་སྟོབས་མངའ་བ་སྟེ་ལྔ་བཤད་ཅིང་འདིར་ བཤད་པའི་སྐུ་ཆེ་དྲང་ལ་བཤད་ལ་ཡུམ་ལས་གསུངས་པའི་ལྤགས་གསེར་མདོག་དང་སྲབ་པ་གཅིག་བ་སྤུ་གྱེན་དུ་ཕྱོགས་པ་རེ་ རེ་ནས་གཡས་སུ་འཁྲུངས་པ་གཅིག་ཚེམས་ཚད་མཉམ་ཐག་བཟང་བཞི་བཅུ་ཚང་བ་གསུམ་གཅིག་ཏུ་བསྡུས་ཤིང་ཚེམས་དཀར་ བ་ནི་མཆེ་བ་དཀར་བར་བཤད་དེ། བུ་མོ་རིན་ཆེན་གྱི་མདོའི་རྗེས་སུ་འབྲང་བའོ། །མཚན་གྱི་མདོ་ལས་ཀྱང་འདི་དག་དང་ཅུང་ ཟད་མི་འདྲ་བ་གསུངས་སོ)། །དེ་ལྟར་(ལྷུན་པོ་ལ་སོགས་པ་)འཇིག་རྟེན་གྱི་ཁམས་འབྱུང་བ་ནི་སངས་རྒྱས་ ཀྱི་སྤྲུལ་བའི་སྐུ་དང་མཚུངས་སོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱིས་བསོད་ནམས་ཐོབ་ པའི་སླད་དུ་(དོན་དམ་གྱི་དཀྱིལ་འཁོར་ཆོས་སྐུའི་གཟུགས་བརྙན་བཞེངས་པ་)རྡུལ་ཚོན་གྱི་དཀྱིལ་འཁོར་རོ། ། ཉི་མ་ལ་སོགས་པ་(གཟའ་སྐར་)རྣམས་(ཁྱིམ་གྱི་འཁོར་ལོའི་དབང་གི་ལྷུན་པོ་ལ་)གཡས་སྐོར་དུ་འཁོར་བ་ དང་མཆོད་རྟེན་ལ་ཕྱག་འཚལ་བའི་སླད་དུ་ལྷུན་པོ་ཇི་ལྟ་བ་དེ་བཞིན་དུ་(སྟོབས་དང་མི་འཇིགས་པ་ ལ་སོགས་པ་དོན་དམ་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདུས་པ་ཆོས་སྐུའི་གཟུགས་བརྙན་)མཆོད་རྟེན་མིའི་ཡུལ་ དུ་བསྟན་ཏོ། །མཆོད་པ་ལ་སོགས་པ་བྱ་བའི་སླད་དུ་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་སངས་ རྒྱས་ཀྱི་གཟུགས་བརྙན་གྱི་སྐུའོ། །དེ་ལྟར་བསོད་ནམས་ཐོབ་པའི་སླད་དུ་ཀུན་རྫོབ་ཀྱི་བདེན་ 4-1-474 པ་བསྟན་ཏོ(སྡོམ་པ་འབྱུང་བའི་རྒྱུད་ཀྱི་ལེའུ་སུམ་ཅུ་པར། སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་ སྟེ། །གཟུགས་བརྙན་བསྒྲུབ་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་སོགས་དང༌། དཔལ་འདུས་པར་ཡང༌། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་ནས་ཕོ་ཕྲང་ཡིན་པར་བཤད། །ཅེས་སོགས་འབྱུང་ངོ་)། །འདིར་དཔེ་ བྱད་བཟང་པོ་བརྒྱད་ཅུ་ནི་གཞུང་མང་པས་འཇིགས་པའི་ཕྱིར་མ་བརྗོད་དེ་གང་གིས་ན་(རྒྱལ་ བའི་ཡུམ་ལ་སོགས་པ་)ཐམས་ཅད་(དེ་མདོ་བསྟན་བཅོས་དུ་མ་)ལས་གསུངས་པས་སོ། ༡༨༤ ། ༈ ད་ནི་འཇིག་རྟེན་གྱི་ཁམས་སུ་སྣ་ཚོགས་ཀྱི་རང་བཞིན་གསུངས་པ་གསེར་ཞེས་པ་ལ་ སོགས་པ་སྟེ་འདི་གསེར་ནི་ས་ཡི་ཁམས་སུ་འགྱུར་ཞེས་པ་གསེར་ནི་སའི་རང་བཞིན་སེར་པོ་ དང་དངུལ་ནི་ཆུའི་རང་བཞིན་དཀར་པོ་དང་ཟངས་ནི་མེའི་རང་བཞིན་དམར་པོ་དང་ལྕགས་ ནི་རླུང་གི་རང་བཞིན་ནག་པོ་དང་ཞ་ཉེ་དཀར་ནག་འདྲེས་པ་ཞེས་པ་ནི་རོ་དང་ལྕགས་ནམ་ མཁའི་མཚན་ཉིད་དང་ཡེ་ཤེས་ཀྱི་ཁམས་ཀྱི་མཚན་ཉིད་དེ་དེ་ལྟར་གསེར་ལ་སོགས་པའི་ ལྕགས་དྲུག་གོ། དེ་བཞིན་དུ་ནོར་བུ་རིན་ཆེན་རྣམས་ཏེ་རིན་ཆེན་སེར་པོ་ནི་སའི་རང་བཞིན་ ནོ་དཀར་པོ་ནི་ཆུའི་རང་བཞིན་དང་དམར་པོ་ནི་མེའི་རང་བཞིན་དང་ནག་པོ་ནི་རླུང་གི་རང་ བཞིན་དང་ལྗང་ཁུ་ནི་ནམ་མཁའི་རང་བཞིན་དང་སྔོན་པོ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ ཏེ་ཁམས་དེ་རྣམས་ལས་བྱུང་བའི་ཕྱིར་རོ། ༡༨༥ ། དེ་བཞིན་དུ་རོ་དྲུག་པོ་རྣམས་ཏེ་ལན་ཚྭའི་རོ་ནི་སའི་རང་བཞིན་དང་མངར་བ་ནི་ཆུའི་ རང་བཞིན་དང་ཚ་བ་ནི་མེའི་རང་བཞིན་དང་ཁ་བ་ནི་རླུང་གི་རང་བཞིན་དང་སྐ་བ་ནི་ནམ་ མཁའི་རང་བཞིན་དང་སྐྱུར་པ་ནི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་བཞིན་དུ་ཞིང་གི་རྡོ་རྣམས་ དག་གི་སྐྱེ་གནས་ནི་ས་ལ་སོགས་པའོ། །དེ་བཞིན་དུ་སྨན་རྣམས་རྣམ་པ་དྲུག་གི་རོ་རྣམས་ དང་མཆོག་གི་རོ་ཞེས་པ་གྲུབ་པའི་(བཅུད་ཀྱི་)རོ་རྣམས་དང་ཁམས་རྣམས་གཞན་པ་ནོར་བུའི་ དབང་པོ་རྣམས་ཞེས་པ(ཁ་དོག་ལ་སོགས་པའི་སྒོ་ནས)〈ཁམས་ཀྱི་དབང་གི་རིགས〉དྲུག་གོ། དེ་ 4-1-475 བཞིན་དུ་ས་ལ་(འཇམ་རྩུབ་)སྣ་ཚོགས་(པའི་)རེག་པ་རྣམས་དང་མཐའ་དག་ནང་ནི་འཕྲོག་པ་ཉིད་ ཀྱི་ཆུ་རྣམས་ཞེས་པ་རྡོ་ཆུ་ལ་སོགས་པ་〔ཁ་དོག་དང་ནུས་པ་ལ་སོགས་པའི་སྒོ་ནས་ཁམས་〕 རྣམས་ནི་རྣམ་པ་དྲུག་གོ་ཞེས་པ་ཡང་དག་པར་རོ། ༡༨༦ ། ༈ ད་ནི་ནོར་བུ་དང་རིན་པོ་ཆེའི་ཡོན་ཏན་གསུངས་པ་ས་ཞེས་པ་ལ་སོགས་པ་སྟེ་འདིར་ (ཀར་ཀ་ཏ་ན་སོགས་)སའི་རིགས་ཀྱི་ནོར་བུའམ་(སྦུར་ལེན་སེར་པོ་སོགས་)རིན་པོ་ཆེས་(གཟེར་ནད་སོགས) ཟུག་གཟེར་འཕྲོག་པར་བྱེད་པར་འགྱུར་རོ། །ཆུའི་རིགས་(ཟླ་བ་ཆུ་ཤེལ་སོགས་)ནི་དུག་འཕྲོག་ པར་བྱེད་པ་དང་མེའི་རིགས་(པད་མ་ར་ག་སོགས་)ནི་འབྱུང་པོ་ཞུགས་པ་འཕྲོག་པར་བྱེད་པ་དང་ རླུང་གི་རིགས་(ཨིན་ཏྲ་ནི་ལ་སོགས་)ནི་རེངས་པ་འཕྲོག་པར་བྱེད་པ་དང་སྟོང་པའི་རིགས་(མ་ར་ཀ་ཏ་ སོགས་)ནི་གདུག་པའི་ལྟ་བ་ལྷུང་བ་(སྦྲུལ་ལ་སོགས་པ་མཐོང་བའི་དུག་)རབ་ཏུ་འཕྲོག་པར་བྱེད་པ་དང་ ཡེ་ཤེས་ཀྱི་རིགས་(ནོར་བུ་མཐོན་ཀ་སོགས་)ནི་སྐྱོན་ཐམས་ཅད་འཕྲོག་པར་བྱེད་པའོ། །རིན་པོ་ཆེ་ དང་ནོར་བུ་ཇི་ལྟ་བ་དེ་བཞིན་དུ་ཐུན་མོང་བ་སྦལ་པ་(དང་སྦྲུལ་སྦྲམ་ཆེན་)ལ་སོགས་པ་རྣམས་ཀྱི་ མགོ་ལ་སྐྱེས་པ་དང་མི་བདག་(རྒྱལ་པོ་ཆེན་པོ་)རྣམས་ཀྱི་ལུས་(ཀྱི་ཐོབ་པའི་ནང་ལ་སོགས་པ་)ལ་སྐྱེས་ པའི་གནས་པའི་ནོར་བུ་ཡང་(དུག་ལ་སོགས་པ་)སྐྱོན་འཕྲོག་པར་བྱེད་པའོ། །དེ་ལྟར་ས་ལ་སོགས་ པའི་ཆོས་ཅན་གང་དག་བརྗོད་པ་ཐམས་ཅད་(ནུས་པ)བསམ་གྱི་མི་ཁྱབ་པའི་རང་བཞིན་ནོ། ༡༨༧ ། ༈ དེ་ལྟར་(ཀུན་རྫོབ་ཀྱི་)སངས་རྒྱས་ཀྱི་ཞིང་(གི་ཁྱད་པར)རྫོགས་པའོ། ། ༈ འདི་ནས་ཚིགས་སུ་བཅད་པ་(བ་ཚའི་རྒྱ་མཚོ་ཆ་གསུམ་དུ། །ཉིན་མོར་བྱེད་པ་འགྲོ་འགྱུར་ཏེ། །ལྷོ་དང་དེ་ བཞིན་བྱང་དུ་ནི། །དི་པི་ཡི་ནི་མཐར་ཐུག་པར། །ཉི་མ་ཡིས་ནི་བགྲོད་པར་འགྱུར། །དཔག་ཚད་སྟོང་ཕྲག་ལྔ་བཅུའོ། །ཁ་དང་མི་ ཡི་ཆུ་ཚོད་རྣམས། །ཉིན་མོ་དང་ནི་མཚན་མོ་རྒྱུ། །གང་དུ་འཁོར་བའི་ཕྱེད་རི་མོར། །ཁྲི་ཕྲག་ལྔ་ལ་སོགས་ཐོབ་ནས། །ཉིན་དང་ མཚན་དུ་འདོར་བར་འགྱུར། །ཟླ་བ་ཀླུ་དང་མིག་གི་ཆས། །རྨ་འགྱུར་ན་ཡོད་ཅིང༌། ཚིགས་སུ་བཅད་པ་གསུམ་ནི་གོ་སླའོ། །ཞེས་ 4-1-476 པ་ཡོད་དོ)གཉིས་ནི་གོ་སླའོ། ༡༨༩ ། ༈ ད་ནི་〈ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་གི་〉ཆུ་སྲིན་ལ་སོགས་པའི་ཁྱིམ་ རྣམས་ཀྱི་(ཁམས་དང་རིགས་ཀྱི་)རང་བཞིན་གསུངས་པ་འདིར་ནི་ཞེས་པ་ལ་སོགས་པ་སྟེ་〈བདེན་ པ་གཉིས་ཀྱི་〉འདིར་ཆུ་སྲིན་ནི་རྣམ་པར་ཤེས་པ་དང་སྟོང་པའི་ཁམས་ཀྱི་རང་བཞིན་དང་〈དེ་ བཞིན་དུ་ཕྱི་མ་རྣམས་ཀྱང་བདེན་པ་གཉིས་གཉིས་སུ་གནས་པར་རིག་པར་བྱ་སྟེ〉བུམ་པ་ནི་ འདུ་བྱེད་དང་རླུང་གི་ཁམས་ཀྱི་རང་བཞིན་དང་ཉ་ནི་ཚོར་བ་དང་མེའི་ཁམས་ཀྱི་རང་བཞིན་ དང་ལུག་ནི་འདུ་ཤེས་དང་ཆུའི་ཁམས་ཀྱི་རང་བཞིན་དང་གླང་ནི་གཟུགས་དང་སའི་ཁམས་ ཀྱི་རང་བཞིན་ཏེ་འཁྲིག་པ་ནི་ཡེ་ཤེས་ཀྱི་ཕུང་པོ་དང་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ནོ། །དེ་ བཞིན་དུ་ཀར་ཀ་ཊ་ལ་སོགས་པའི་ཁྱིམ་རྣམས་ནི་མཐའི་(རིམ་པ་ལྟར་)ལྷན་ཅིག་སྐྱེས་པ་(ཡེ་ཤེས་ དང་)ལ་སོགས་པ(ས་ཆུ་མེ་རླུང་ནམ་མཁའ)འི་རང་བཞིན་རྣམས་ཏེ་(སྔ་མ་དེ་ཉིད་)ལུགས་ལས་བཟློགས་ པས་སོ། །〈ཁྱད་པར་དོན་དམ་〉ཆུ་སྲིན་ལ་སོགས་པ་འདི་རྣམས་ཀྱི་〔ཁམས་ཀྱི་〕མཚན་མ་ནི་ རྡོ་རྗེ་ལ་སོགས་པ་〈རིམ་པ་ལྟར་〉སྟེ་རྡོ་རྗེ་དང་རལ་གྲི་དང་རིན་པོ་ཆེ་དང་པད་མ་དང་འཁོར་ ལོ་དང་གྲི་གུག་གོ། 〈འདིར་བདེན་པ་གཉིས་ཀའི་〉ཀར་ཀ་ཊ་ལ་སོགས་པ་རྣམས་ཀྱི་(ཁམས་ཀྱི་ མཚན་མ་ནི་གྲི་གུག་ལ་སོགས་པ་ལས་བཟློག་པ་སྟེ་ཡི་གེ་ནི)〈ཡི་གེ་ནི〉བསྐྱེད་པའི་རིམ་པས་(ཡི་གེའི་)ལུགས་ལས་ བཟློག་པ་རྣམས་སོ། །ཀའི་སྡེ་པ་ལ་སོགས་པ་རྣམས་ནི་ཆུ་སྲིན་ལ་སོགས་པ་རྣམས་ཀྱི་ཀ་ཙ་ ཊ་པ་ཏ་ས་རྣམས་དང་ཀར་ཀ་ཊ་ལ་སོགས་པ་རྣམས་ཀྱི་ྈྐ་་ན་མ་ཎ་ཉ་ང་ལ་སོགས་པ་འཇིག་ རྟེན་གྱི་ཁམས་ཀྱི་ལེའུ་ལས་(རྡོ་རྗེ་ཉི་མའི་སྐབས་སུ)གསུངས་པ་རྣམས་སོ། །རིང་པོ་ཐུང་ངུ་ལྷག་ པའི་ལྷ་ཞེས་པ་ནི་དབྱངས་རིང་པོས་ཕྱེ་བ་ཀ་ཡིག་ལ་སོགས་པའི་གསལ་བྱེད་བརྒྱ་བརྒྱད་ཅུ་ སྟེ་དེ་བཞིན་དུ་དབྱངས་ཐུང་ངུས་ཕྱེ་བ(འི་ཡི་གེ་སུམ་བརྒྱ་དྲུག་ཅུ)〈བདེན་པ་གཉིས་ཀྱི་ཡི་གེ་སུམ་བརྒྱ་ དྲུག་ཅུ་པ་ཕྲག་གཉིས〉རྣམས་སོ། ༡༩༠ ། 4-1-477 ༈ ད་ནི་གཟའ་〈ཀུན་རྫོབ་པ〉རྣམས་ཀྱི་སྐྱེ་བའི་ཁྱིམ་གསུངས་པ་ལུག་ཅེས་པ་ལ་སོགས་ པ་སྟེ་འདིར་གྲངས་བཞིན་དུ་ལུག་དང་འཁྲིག་པ་དང་ཀར་ཀ་ཊར་ནི་རི་བོང་ཅན་དང་པ་ སངས་དང་ཉི་མ་བྱུང་བར་གྱུར་ཏོ། །སེང་གེར་ས་སྐྱེས་དང་བུ་མར་ཕུར་བུ་དང་སྲང་དུ་སྒྲ་ གཅན་དང་སྡིག་པར་གཟའ་ལག་དང་གཞུའི་ཐོག་མར་སྤེན་པ་དང་དེའི་མཐའ་མར་མཇུག་ རིངས་སོ། །དེ་བཞིན་དུ་བུམ་པར་(དྲང་སྲོང་)རི་བྱི་སྟེ་གླང་དུ་(དྲང་སྲོང་)བརྟན་པའོ། །དེ་ལྟར་སྔར་ བརྗོད་པའི་རིམ་པས་ས་ལ་སོགས་པའི་ཁམས་ཞེས་པ་རྡུལ་ཕྲ་རབ་ཀྱི་ཚོགས་ཀྱི་གཙོ་བོའི་ དངོས་པོ་ལ་ཕལ་པའི་དངོས་པོ་ཀུན་ནས་ཕན་ཚུན་སྦྱོར་བ་སྟེ་ཀུན་འབྱུང་གི་ཆོས་ཀྱི་ཕྱིར་ རོ། །འགྲོ་བ་འདི་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་རང་བཞིན་(གྱི་སྣང་བ་ཉིད་)དུ་འགྱུར་ཏེ་(སྣོད་ ཀྱི་འཇིག་རྟེན་)གང་ཞིག་རིན་ཆེན་ཀུན་གྱིས་རབ་ཏུ་གང་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་(དག་པའི་སྣང་བ)འོ། ༡༩༡ ། ༈ ད་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་མཐུ་གསུངས་པ་འདི་ལྟ་སྟེ། གང་དག་ས་ལ་ དཔག་བསམ་ཤིང་དང་རོ་དང་མཆོག་གི་རོ་དང་སྨན་དང་ལྷའི་རོའི་དབང་པོ་གཞན། མཐའ་ དག་ནད་འཕྲོག་རྡུལ་ཕྲན་རྣམས་ཀྱིས་རབ་ཏུ་བསྐྱེད་པ་དེ་རྣམས་སེམས་ཅན་རྣམས་ཀྱིས་ བསོད་ནམས་མ་ཡིན་པའི་དབང་གིས་མི་མཐོང་སྟེ་(ཇི་ལྟར་མཐོང་ན་)གང་ཞིག་ཕལ་པའི་རྩ་དང་ ཤིང་དང་ཆུ་དང་རྡུལ་དང་རྡོ་བ་དང་ནི་ལྕགས་རྣམས་མཐོང་བར་འགྱུར་རོ། །ཡི་དྭགས་རྣམས་ ཀྱི་ཆུ་བོ་ལ་སོགས་པ་རྣམས་སུ་ཆུ་ནི་མེ་འབར་བའི་རང་བཞིན་དུ་མཐོང་ངོ༌། །དམྱལ་བར་ སོང་བའི་མི་རྣམས་ཀྱི་སྡིག་པའི་དབང་གིས་གཅོད་པ་དང་འབིགས་པའི་མདུང་ལ་སོགས་ པར་མཐོང་ངོ༌། ༡༩༢ ། ༈ ད་ནི་སངས་རྒྱས་ཀྱི་སྤྲུལ་བ་གསུངས་པ་འདི་རྣམས་ཞེས་པ་ལ་སོགས་པ་སྟེ། སེམས་ ཅན་འདི་རྣམས་དགྲོལ་བའི་སླད་དུ་(སེམས་ཅན་གྱི་)བསོད་ནམས་འབྱུང་བའི་དུས་སུ་སྲས་དང་ 4-1-478 བཅས་པ་རྒྱལ་བའི་བདག་པོ་ཞེས་པ་བྱང་ཆུབ་སེམས་དཔའ་རྣམས་དང་བཅས་པའི་སངས་ རྒྱས་བཅོམ་ལྡན་འདས་ལས་ཀྱི་ས(འཛམ་གླིང་ཆེན་པོ)ར་ནི་རབ་ཞུགས་ཏེ། སེམས་ཅན་གདུལ་ བའི་སླད་དུ་(ཡུམ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་)མངལ་ནི་རབ་ཏུ་གཟུང་བ་མཛད་ཅིང་མཆོག་གི་ ཐུགས་རྗེ་དག་གིས་བྱང་ཆུབ་སྐྱེད་པ་མཛད་ནས་ནི། །ཉོན་མོངས་དང་ནི་བདུད་རྣམས་བཅོམ་ ནས་སའི་སྟེང་གི་གནས་སུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །སྤྲུལ་པ་སྒྱུ་མ་(བསྟན་པ་)མཛད་ ནས་སླར་ཡང་བཅོམ་ལྡན་འདས་ནི་དག་པའི་སྐུ་ཅན་(ཆོས་ཀྱི་སྐུ་)དེ་ཉིད་ཁོ་ན་(ལ་)ཇི་ལྟར་བྱོན་ པ་དེ་བཞིན་(དུ་སླར་ཡང་)གཤེགས་པ་སྟེ〔གསང་འདུས་ཀྱི་འགྲེལ་པ་སྒྲོན་གསལ་དུ། ཐུན་མོང་ མ་ཡིན་པའི་གསང་བ་ནས། ལུང་དྲངས་པར་ཡང་དེ་ནས་གཞན་ཡང་ཐམས་ཅད་མཁྱེན་ པའི་འཁོར་ཕུན་སུམ་ཚོགས་པར་བཤད་པར་བྱའོ། །འདི་ལྟ་སྟེ་འཇམ་དཔལ་ནི་རྒྱལ་པོ་ཆེན་ པོ་ཟས་གཙང་མར་གྱུར་རོ། །འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་ཆེན་མོ་སྒྱུ་འཕྲུལ་དུ་གྱུར་ཏོ། ། དཔལ་ལྷ་མོ་ནི་གྲགས་འཛིན་ནོ་རྡོ་རྗེ་སེམས་དཔའ་ནི་དགྲ་ག ཅན་འཛིན་ནོ་སྒྲུབ་པ་ཐམས་ ཅད་རྣམ་པར་སེལ་བ་ནི། ཤ་རིའི་བུའོ། །ཀུན་ཏུ་བཟང་པོ་ནི་གནས་བརྟན་ཀུན་དགའ་བོར་ གྱུར་ཏོ། །ལྷའི་དབང་བོ་བརྒྱ་བྱིན་ནི་གནས་བརྟན་ལྷ་སྦྱིན་ནོ། །སངས་རྒྱས་རྣམ་པར་སྣང་ མཛད་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཤཱཀྱ་ཐུབ་པར་གྱུར་ཏོ། །ཞེས་ གསུངས་སོ〕། །དེ་ལྟར་སངས་རྒྱས་ཀྱི་སྤྲུལ་པ་སྒྱུ་མ་(འབྱུང་བ་)དང་མྱ་ངན་ལས་འདས་པ(སྡུད་པ)འི་ རང་བཞིན་ནི་(གྲངས་བཞིན་དུ་)སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་དབང་དང་བསོད་ནམས་ མ་ཡིན་པའི་དབང་གིས་རབ་དུ་སྣང་བར་འགྱུར་རོ་ཞེས་པ་ངེས་པའོ། ༡༩༣ ། ཚིགས་སུ་བཅད་པ་འདི་ནས་གཞན་ཚིགས་སུ་བཅད་པ་བདུན་ནི་གོ་སླའོ། ༢༠༠ ། ༈ (བཅུ་བདུན་པ་བཅུད་དང་བཅུད་ལེན་ལ་སོགས་པ་ལུས་ཀྱི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་)ད་ནི་རོ་ ཆེན་པོ་ལ་སོགས་པའི་མཚན་ཉིད་གསུངས་པ་བསྲེག་བྱ་ཞེས་པ་ལ་སོགས་པའོ། །འདིར་ 4-1-479 མཱ་ཀྵི་ཀ་ནི་〔གསེར་ཟིལ་གྱི་བྱེ་བྲག་སྟེ་〕རོ་ཆེན་པོ་དང་སའི་རང་བཞིན་ཏེ་དང་ཡིག་གི་རོ་ཆེན་ པོའོ། །དྲི་མ་མེད་པ་ནི་(དངུལ་ཟིལ་གྱི་བྱེ་བྲག་སྟེ་)ཆུའི་རང་བཞིན་དང་ཏུ་ཐ་ཀ་ནི་(ཟངས་མའམ་ཟངས་རྡོ་ ཕལ་བ་སྟེ་)མེའི་རང་བཞིན་དང་གཡོ་བ་ནི་(ཁབ་ལེན་ཏེ་)རླུང་གི་རང་བཞིན་དང་ར་ས་ཀ་ནི་(རོ་ཅན་ ཞེས་པ་ཞ་ཉེའམ་ཞ་ཉེའི་རྡོ་སྟེ་)སྟོང་པའི་རང་བཞིན་དང་རི་བོང་ཅན་(དངུལ་ཆུ་)དང་འཚལ་ནི་ཡེ་ཤེས་ ཀྱི་ཁམས་ཀྱི་རང་བཞིན་ཏེ་(དེ་ལྟར་)རོ་ཆེན་པོ་བདུན་ནོ། །དེ་ནས་ཉེ་བའི་རོ་རྣམས་ཏེ་ཀཱ་ཀྵི་ ནི་མཉམ་པ་ཞེས་པ་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་དང་ཀཱ་ཤིས་ནི་(ལྷང་ཚེར་གྱི་བྱེ་བྲག་སྟེ་)ནམ་ མཁའི་ཁམས་ཀྱི་རང་བཞིན་དང་མུ་ཟུ་ནི་རླུང་གི་ཁམས་ཀྱི་རང་བཞིན་དང་ལྡོང་རོས་ནི་མེའི་ རང་བཞིན་དང་བ་བླ་ནི་ཆུའི་རང་བཞིན་དང་(གསེར་)བཙག་ནི་(རྡོ་མདོང་རྩེ་ཡིན་ཡང་ཁ་ཅིག་གིས་སྨུག་ པོ་སྦལ་རྒྱབ་ཏུ་བསྒྱུར་བ་)སའི་རང་བཞིན་ཏེ་ཉེ་བའི་རོ་དྲུག་གོ། དེ་ནས་ལན་ཚྭ་ལྔ་སྟེ་ཟེ་ཚ་དང་རྒྱ་ མཚོ་ལས་བྱུང་བ་(ལན་ཚྭ་)དང་རྒྱམ་ཚ་དང་ཁ་རུ་ཚ་དང་ཐབ་ཚ་(ནི་ཐབ་ཀྱི་བ་ཚྭ)༢༠༡ རྣམས་རིམ་པ་ བཞིན་དུ་ས་ལ་སོགས་པ(ཁམས་ལྔ)འི་རང་བཞིན་ནོ། །དེ་ནས་འགྱུར་བྱེད་ལྔ་སྟེ། ན་བ་སཱ་ར་ (སུལ་ཏོག་ཟེར་བ་)དང་ཡ་པཀྵཱ་ར་དང་སད་ཛི་ཀ་ཀྵཱར་(ཞེས་པ་ཚུར་)དང་ཚ་ལ་དང་ཀཱ་ཙའི་ལན་ཚྭ(ཞེས་ པ་མཐིང་ཤུན་གྱི་པ་ཚྭ)འི་འགྱུར་བྱེད་རྣམས་གྲངས་བཞིན་དུ་ནམ་མཁའ་ལ་སོགས་པ(ཁམས་ལྔ)འི་ རང་བཞིན་ནོ། །དེ་ནས་ཆུ་ལྔ་སྟེ་(གང་གིས་འཐུང་སམ་རེག་ན་རྡོར་བྱེད་པའི་)རྡོའི་ཆུ་ནི་སའི་རང་བཞིན་ དང་ཟླ་བ(ཆུ་ཤེལ་ལས་བྱུང་བ)འི་ཆུ་ནི་ཆུའི་རང་བཞིན་དང་ཚ་བའི་ཆུ་(ཏེ་ཆུ་ཚན་)ནི་མེའི་རང་བཞིན་ དང་(འཐུངས་པས་འཆི་བ་)དུག་(སྟེ་ས་ངོ་ནག་པོ་)གི་ཆུ་ནི་རླུང་གི་རང་བཞིན་དང་(ལུས་སྲོག་གཅོད་པ་)གྲི་གུག་གི་ཆུ་ནི་ནམ་མཁའི་རང་བཞིན་ནོ། །(གྲི་གུག་གི་ཆུ་)དེ་ཡང་རྣམ་པ་གསུམ་སྟེ་〔རེག་པས་ འཆི་བར་བྱེད་པ〕རེག་པའི་གྲི་གུག་དང་(གྲིབ་མས་ཕོག་པས་འཆི་བར་བྱེད་པ་)གྲིབ་མའི་གྲི་གུག་དང་(སྒྲ་ ཐོས་པས་འཆི་བར་བྱེད་པ་)སྒྲའི་གྲི་གུག་སྟེ་སྒྲུབ་པ་པོ་གཅོད་པར་བྱེད་པའི་ཕྱིར་རོ། ༢༠༢ ། དེ་ནས་དུག་ལྔ་སྟེ་གླ་སྒང་སེར་པོ་ནི་〔བོང་ང་སེར་པོ་སྟེ་〕སའི་ཁམས་ཀྱི་རང་བཞིན་དང་ 4-1-480 ཤག་ཏུ་ཀ་(དུག་དཀར་པོ་)ནི་(བྱ་རོག་གི་སྒྲོ་ལ་བྱུགས་ན་དཀར་པོར་འགྱུར་བ་སྟེ་)ཆུའི་རང་བཞིན་དང་རྭ་ཅན་ (དུག་དམར་པོ་རྭ་ལ་བྱུགས་ན་འོ་མ་དམར་པོར་འོང་བ་)ནི་〔དངུལ་ཆུ་བསྲེས་ནས་བཏགས་ན་ཁྲག་གི་མདོག་ ཏུ་འགྱུར་བ་སྟེ་〕མེའི་རང་བཞིན་དང་དུག་ནག་པོ་ནི་རླུང་གི་རང་བཞིན་དང་ནག་པོ་བརྩེགས་ པ་(ཅེས་པ་སོང་བ་ལས་ཀྱང་ཆེས་དྲག་པའི་བཙན་དུག་སྟེ་དེ་)ནི་སྟོང་པའི་རང་བཞིན་ནོ། །གཞན་པ་ཉེ་བའི་ དུག་ནི་རྣམ་པ་ལྔ་པོ་རིག་པར་བྱ་ཞེས་པ་ན་ལ་རྡོ་རྗེ་ཅན་ནི་སའི་རང་བཞིན་དང་ཨར་ཀ་ནི་ ཆུའི་རང་བཞིན་དང་དྷ་དུ་ར་ནི་མེའི་རང་བཞིན་དང་ལང་ཀ་ལཱི་ནི་(ཤོག་ཤིང་སྟེ་)རླུང་གི་ཁམས་ རང་བཞིན་ཏེ་ཀ་ར་བཱི་ར་ནི་(རེ་ལྕག་པ་འདྲ་བ་རྟའི་སྔོ་གསོད་པ་སྟེ་)སྟོང་པའི་རང་བཞིན་ནོ། །འདིར་ས་ ལ་ཞིང་གི་རྡོ་བ་(སྣ་ཚོགས་)དང་སྲོག་(ཆགས་)གི་ངོ་བོ་སྣ་ཚོགས་པ་དང་འབྲས་བུའི་དབྱིབས་སྣ་ ཚོགས་པ་དང་དུང་ལ་སོགས་པའི་གཟུགས་ལ་སོགས་པ་དེ་རྣམས་ཀྱང་(ཁམས་ཀྱི་དབྱེ་བས་)རྣམ་ པ་དྲུག་དྲུག་སྟེ་གང་གི་ན་ཁམས་དེ་རྣམས་ལས་ལྕགས་རྣམ་པ་དྲུག་ཏུ་འགྱུར་བའོ། །འགའ་ ཞིག་ལས་གསེར་དུ་འགྱུར་ཞིང་དེ་བཞིན་དུ་གཞན་རྣམས་ལས་དངུལ་ལ་སོགས་པར་འགྱུར་ རོ། །ཞིང་གི་ལྷང་ཚེར་སྐྱེས་ནི་རྣམ་པ་བཞི་ཞེས་པ་སྟེ་ལྷང་ཚེར་སེར་པོའི་ལྕགས་ནི་སའི་རང་ བཞིན་དང་དཀར་པོ་(ལྕགས་)ནི་ཆུའི་རང་བཞིན་དང་དམར་པོའི་ནི་མེའི་རང་བཞིན་དང་ནག་ པོ་ཡི་ནི་རླུང་གི་རང་བཞིན་ཏེ་དེ་བཞིན་དུ་ལྷའི་ལྕགས་ཀྱང་(རིགས་བཞིའོ་)ངོ༌། །དེ་བཞིན་དུ་རྡོ་ ཁབ་ལེན་གྱི་ལྕགས་(ཀྱང་རིགས་བཞི་ཡིན་)ཏེ་(ལྕགས་)འཁོར་བྱེད་ཀྱི་(རྡོ་ཁབ་ལེན་བཞུ་བའི་ལྕགས་)ནི་རླུང་ གི་རང་བཞིན་དང་(ལྕགས་)སྦྱོར་བྱེད་ཀྱི་〔རྡོ་ཁབ་ལེན་བཞུ་བའི་ལྕགས་〕ནི་སའི་རང་བཞིན་དང་ (ལྕགས་)འདྲེན་བྱེད་ཀྱི་〔རྡོ་ཁབ་ལེན་བཞུ་བའི་ལྕགས་〕ནི་མེའི་རང་བཞིན་དང་〔ལྕགས་〕འཇུ་བྱེད་ ཀྱི་ནི་ཆུའི་རང་བཞིན་ནོ། །འགྱུར་བྱེད་(ཀྱི་རྡོ་)དེ་རྣམས་ཀྱི་རང་བཞིན་སྣ་ཚོགས་པ་སྟེ་འགའ་ ཞིག་ནི་རྡོ་རྗེ་རྣམ་པར་གནོན་པ་ཞེས་པ་རྡོ་རྗེ་འཇུ་བར་བྱེད་པ་དང་ལྷང་ཚེར་འཇུ་བར་བྱེད་ པའོ། །དེ་བཞིན་དུ་འགའ་ཞིག་ནི་གསེར་འཇུ་བར་བྱེད་པ་དང་དེ་བཞིན་དུ་དངུལ་དང་ཟངས་ 4-1-481 དང་ལྕགས་རྣམས་འཇུ་བར་བྱེད་པའོ། །དེ་རྣམས་ཀྱིས་ཉེ་བར་སྦྱར་བར་བྱ་སྟེ་དེ་རྣམས་ལས་ ལྕགས་བླང་བར་མི་བྱའོ། ༢༠༣ ། ༈ དེ་ལ་རོ་ནི་(དངུལ་ཆུ་)རྣམ་པ་གཉིས་ཏེ་གྲུབ་པ་དང་གྲུབ་པ་མ་ཡིན་པར་འགྱུར་རོ། ། ལྕགས་ལ་སོགས་པ་རྣམས་(གསེར་དུ་)འབུགས་པ་ནི་གྲུབ་པ་སྟེ་ས་འོག་ལ་སོགས་པའི་ཁོང་བུ་ རྣམས་ན་གནས་པའོ། །གང་ཞིག་འབུག་བྱེད་མིན་པའི་པཱ་ར་དང་དངུལ་ཆུའི་རོ་དེ་ནི་ལྕགས་ ལ་སོགས་པ་རྣམས་བསྐོལ་བ་དང་ས་བོན་གྱིས་བསྒྱུར་བར་གྱུར་པ་ཞེས་པ་སོ་སོར་བསྒྱུར་བ་ དང་རྗེས་སུ་བསྒྱུར་བ་ནི་ལྕགས་ལ་འབུགས་ཤིང་རྗེས་སུ་འབུགས་པར་འགྱུར་ཞིང་ཟོས་པས་ མཐའ་དག་ནད་འཕྲོག་པར་འགྱུར་ཏེ། རུལ་བའི་ལྕགས་ནི་རྣམ་པར་སྤངས་ནས་སོ་ཞེས་པ་ ནི་ཞ་ཉེ་དང་གཤའ་ཚེ་མ་གཏོགས་པར་གསེར་ལ་སོགས་པ་ཞུ་བར་གྱུར་པའོ་ཞེས་པ་སྟེ་དེ་ ལྟར་རོ་དང་ཉེ་བའི་རོ་ལ་སོགས་པའི་ངེས་པའོ། །མཱ་ཀྵི་ཀ་ལ་སོགས་པ་འདི་རྣམས་ཐམས་ ཅད་རོ་བརྗོད་པའི་གཞུང་〔དུ་དང་པོ་སྦྱོར་བའི་ཆོ་ག་ནི། ཕྱི་ནས་ལས་རྣམས་བརྗོད་པར་བྱ། ། འདི་ལྟར་གསེར་ཟིལ་རྡོ་ལས་ནི། །བ་ཚ་དང་ནི་སྐྱུར་པོ་སྦྱང༌། །ལྕགས་ཀྱི་སྣོད་དུ་ལེགས་པར་ བཏགས། །ལྕགས་ཀྱི་སྟེང་དུ་ཀ་བུས་དགབ། །མཐའ་ནི་རས་དང་འཇིམ་པས་བཏུམ། །བསྲེགས་ པས་དག་པར་འགྱུར་བ་ཡིན། །ཕྱི་མར་གྱུར་གྱི་བར་དུ་བསྲེག །དེ་ལྟར་དག་པའི་ཆོ་ག་ནི། ། ལས་རྣམས་ཀུན་ལ་བྱ་བ་ཡིན་ཞེས་པ་〕ལ་སོགས་པའི་ཆོ་གས་སྦྱང་བར་བྱ་སྟེ་དེ་ནས་(གསེར་ ཟིལ་རྡོའི་ལྕགས་འཇོམས་ཤིང་ཞེས་པ་ལ་སོགས་པ་རོ་བརྗོད་པའི་གཞུང་དུ་)གསུངས་པའི་ལས་ལ་སྦྱིན་པར་བྱའོ། ། གཞན་དུ་ན་(མ་སྦྱངས་ཤིང་)མ་དག་པའི་རོ་དང་ཉེ་བའི་རོ་རྣམས་ཀྱིས་ནི་རྫས་ཉམས་པར་བྱེད་ དོ། །དེ་བཞིན་དུ་གསེར་དང་དངུལ་གྱི་ནང་དུ་གསེར་དང་དངུལ་གྱིས་དགྲ་(རིམ་པ་ལྟར་ཞ་ཉེ་དང་ མཱ་ཀྵི་ཀ་དཀར་པོ་)རྣམས་ཀྱང་སྦྱིན་པར་མི་བྱ་སྟེ་གསེར་དང་དངུལ་གྱི་བྱ་བ་ལ་གྲོགས་པོ་(ལྷང་ཚེར་ སེར་པོ་དང་དཀར་པོ་རིམ་པ་ལྟར་)སྦྱིན་པར་བྱའོ། །ལྕགས་(བརྒྱད་)བསད་པ་ལས་ནི་བསྟན་བཅོས་ནས་ 4-1-482 (མཱ་ཀྵི་ཀའི་ལྕགས་འཇོམས་ཤིང་ཞེས་པ་ལ་སོགས་པ་)གསུངས་པའི་རྣམ་པས་(གསེར་ལ་ཞ་ཉེ་དང་དངུལ་ལ་མཱ་ཀྵི་ཀ་ དཀར་པོ་ཟངས་ལ་མུ་ཟི་རྣོན་པོ་ལ་མཚལ་ཞ་ཉེ་ལ་ལྡོང་རས་གཤའ་ཚེ་ལ་བ་བླ་ལྷང་ཚེར་དཀར་པོའི་ལྕགས་ལ་ལྷང་ཚེར་ཏེ་རང་ རང་གི་)དགྲ་བོ་རྣམས་སྦྱིན་པར་བྱའོ། །དེ་བཞིན་དུ་ཟངས་དང་རྣོན་པོ་མ་དག་པ་ཡང་གསེར་ དང་དངུལ་ལ་སྦྱིན་པར་མི་བྱའོ། །ཞ་ཉེ་དང་གཤའ་ཚེ་མ་བསད་པ་ནི་གང་དུ་ཡང་སྦྱིན་པར་མི་ བྱའོ། །བསད་པའི་ལྕགས་གདུལ་བ་ལ་ནི་མ་ལངས་པའི་ལྕགས་བསད་པར་བྱའོ། །ཟངས་ ལ་སོགས་པ་སྲོག་དང་བཅས་པ་(སྟེ་མ་བསད་པ)གདུལ་བ་ལ་ནི་དགྲ་བོ་རོ་ཆེན་པོ་དང་ཉེ་བའི་རོ་ བྱིན་ནས་གདུལ་བར་བྱའོ། །དངུལ་དང་གསེར་ལ་གྲོགས་པོའོ་(ལྷང་ཚེར་དཀར་སེར་བྱིན་ནས་གདུལ་ བར་བྱ་)ཞེས་པ་ནི་ས་བོན་གྱི་བྱ་བ་ལའོ། ༢༠༤ ། ༈ ད་ནི་རོའི་(དངུལ་ཆུ་)རང་བཞིན་གསུངས་པ་དང་པོར་ཞེས་པ་ལ་སོགས་པ་སྟེ་འདིར་ དང་པོར་(མེ་དང་ཕྲད་པའི་དངུལ་ཆུ་ནི་)དུ་བའི་རང་བཞིན་དག་གིས་འགྲོ་སྟེ་མེ་ལ་གནས་ཤིང་ བསྐོལ་བ་གང་ཡིན་པ་དེ་ནི་རིམ་པ་ཡིས་(ཙེག་ཙེག་ཞེས་པའི་)སྒྲས་བྱས་ནས་(མི་གནས་པར་)འགྲོ་བ་ ནི་བྱིས་པ་དང་(སྦལ་བ་མཆོང་པ་ལྟར་)འཕར་བས་འགྲོ་བ་ནི་གཞོན་ནུ་དང་རབ་ཏུ་འདར་བས་འགྲོ་ བ་ནི་དར་ལ་བབ་པ་དང་འདར་བ་མེད་པ་ནི་རྒན་པོ་སྟེ་གང་གི་ཚེ་(འདར་མེད་གྱུར་པ་དེའི་ཚེ་ལྕགས་ ལ་སོགས་པ་)འབུགས་པ་དང་རྗེས་སུ་འབུགས་པར་གྱུར་པའོ། །འདིར་སྒྲ་ལྡན་བྱིས་པ(འི་གནས་ སྐབས་)ནི་(ཇི་ལྟར་འདོད་པ་བཞིན་)ལྕགས་འབུགས་པར་བྱེད་པ་མ་ཡིན་ཏེ། འཕར་ལྡན་ཡང་མ་ཡིན་ ནོ། །འོན་ཀྱང་(འཕར་ལྡན་)གཞོན་ནུ་ནི་འདབ་མ་ལ་བྱུག་པ་དང་མེ་འཇམ་པོས་ཅུང་ཟད་འཇུག་ པར་བྱེད་དོ། །དེ་ལྟར་བྱིས་པ་ནི་འདབ་མ་(སྲབ་མོ་)ལ་བྱུགས་པས་(ཅུང་ཟད་འབུགས)སོ། །གཞོན་ ནུ་ཡང་གོང་བུ་ཁ་བཅད་ཀྱིས་(འབུགས་)སོ(འདར་བ)། །ལང་ཚོ་ནི་མདུང་གིས་འབུགས་པས་ སོ། །(འདར་མེད་)རྒན་པོ་ནི་ཇི་ལྟར་འདོད་པས་འབུགས་པས་སོ། །དེ་ལྟར་སྒྲ་ལྡན་འཕར་ལྡན་ ཡང་(ཅུང་ཟད་)འབུགས་པར་བྱེད་པ་ཡིན་ཏེ། དེ་ཡང་དང་པོ་གང་ཞིག་དུ་བའི་འགྲོ་བ་ཅན་ནི་ 4-1-483 འདབ་མ་འབུགས་པར་བྱེད་པའོ། །འདར་བ་དང་བཅས་པ་ནི་མདུང་གིས་འབུགས་པར་བྱེད་ པའོ། །དེ་ཡང་(བསྒྱུར་བ་དང་རབ་ཏུ་བསྒྱུར་བ་དང་རྗེས་སུ་བསྒྱུར་བ་སྟེ་)རྣམ་གསུམ་འཆད་པར་འགྱུར་བའི་ སྒྱུར་བྱེད་རྣམས་ཀྱིས་བསྒྱུར་བར་གྱུར་པ་ནི་རྒན་པོར་གྱུར་ཏེ་དེ་ནི་ཇི་ལྟར་འདོད་པར་ལྕགས་ འབུགས་པར་འགྱུར་རོ། །ཞེས་པ་རོའི་ཡོན་ཏན་གྱིས་ངེས་པའོ། ༢༠༥ ། ༈ ད་ནི་སྨན་གྱི་ཡོན་ཏན་གསུངས་པ་མཆོག་གི་ཞེས་པ་ལ་སོགས་པ་སྟེ་འདིར་རོའི་ བསྟན་བཅོས་ཐམས་ཅད་ལས་རྡོ་རྗེ་རྣམ་པར་གནོན་པ་རེག་པ་དང་མཆོག་གི་སྨན་གྱི་སྦྱོར་ བ་ལས་རོ་དང་ལྷང་ཚེར་ཁ་མེད་པར་རྒྱུའོ་ཞེས་པའོ། །དེས་ན་རྡོ་རྗེ་དང་ལྷང་ཚེར་འཇུ་བར་ བྱེད་པའི་རྡོ་རྣམས་ཏེ་དེ་རྣམས་ཀྱི་རེག་པ་དང་བི་ཌ་ཡིས་སོ། །མཆོག་གི་སྨན་ནི་རོའི་སྨན་ནི་ (གང་ཞིག་བྱུགས་པས་ཞེས་སོགས་)འཆད་པར་འགྱུར་བ་རྣམས་སོ། །དེ་རྣམས་ཀྱི་སྟོབས་ཀྱི་སྟོབས་ དང་ལྡན་པར་རབ་ཏུ་འགྱུར་ཏེ་ལྷང་ཚེར་ལ་སོགས་པའི་ལྕགས་རྣམས་ཐམས་ཅད་བཞུ་བའོ། ། སུ་ཞིག་ཅེས་པ་སྟེ་མཆོག་གི་སྨན་དེ་རྣམས་མེད་ན་ས་ཡི་སྟེང་གི་གནས་སུ་དངུལ་ཆུ་འདིའི་ བཅིང་བ་དབུལ་བ་དང་ནད་འཕྲོག་པར་བྱེད་པ་དག་ནི་གང་ཞིག་བྱེད། བཅིངས་ནམ་མཁའ་ ལ་སྤྱོད་པ་ཉིད་དུ་འགྱུར་ཞིང་དེ་བཞིན་ཟོས་ན་མི་རྣམས་ཀྱི་འཆི་བ་དག་ཀྱང་ཉམས་པར་ འགྱུར་ཏེ་གང་གི་མཐུ་ལས་སོ། །དེའི་ཕྱིར་ཡེ་ཤེས་མེད་ན་ནད་འཕྲོག་པར་བྱེད་པའི་དོན་དུ་ ས་བདག་རྣམས་ཀྱི་རོ་ཡི་དབང་པོ་འདི་ནི་བསྒྲུབ་པར་བྱའོ་ཞེས་པ་རོའི་དབང་པོའི་ངེས་པ་སྟེ། ༢༠༦ །གོ་སླ་བའི་ཚིགས་སུ་བཅད་པ་གཞན་གྱིས་ཀྱང་ངོ༌། ༢༠༧ ། ༈ ད་ནི་མཆོག་གི་སྨན་གྱི་མཚན་ཉིད་གསུངས་པ་གང་ཞིག་བྱུགས་པས་ཞེས་པ་ལ་ སོགས་པ་ཏེ་འདིར་གང་ཞིག་བྱུགས་པ་ཙམ་གྱིས་འཕྲལ་ལ་ཟངས་ཀྱི་འདབ་མ་མེར་བཅུག་ པའི་དྲི་མ་འཕྲོག་པར་བྱེད་པ་སྟེ་མཆོག་གི་སྨན་རོ་ཆེན་པོ་དང་མཚུངས་པ་ཟོས་པས་མཐའ་ དག་ནད་འཕྲོག་ཅིང་རོ་བཅིང་བའི་སླད་དུ་ལྕགས་ཀྱི་རིགས་འཇུ་བར་བྱེད་པ་དེ་ནི་ས་ལ་ 4-1-484 སྐལ་ལྡན་རྣམས་ཀྱི་མཐོང་བར་འགྱུར་རོ། །སྨན་གཞན་དག་རྣམས་ཀྱི་དངུལ་ཆུ་འདི་ཡི་ བཅིང་བར་རབ་ཏུ་འགྱུར་བར་གང་ཡིན་པ་ནི་ངེས་པར་ལོ་དུས་པར་ཞེས་པ་ལོ་བཅུ་གཉིས་ བདུག་པ་དང་བཅས་པ་དང་དགོད་པ་དང་བཅས་པའི་སྦྱོར་བ་རྣམས་ཀྱིས་སོ། །དེ་ནི་བཅིངས་ པ་ལྷག་པར་མི་འགྱུར་ཏེ་སྟོང་ཕྲག་གཅིག་འབུགས་པ་ལས་ལྷག་པ་འབུག་པར་མི་འགྱུར་རོ་ ཞེས་པ་ངེས་པའོ། ༢༠༨ ། ༈ ཚིགས་སུ་བཅད་པ་འདི་ལས་གཞན་ཚིགས་སུ་བཅད་པ་བཞི་ནི་གོ་སླའོ། ༢༡༢ ། ༈ ད་ནི་རོ་བསྲུང་བའི་དོན་དུ་ཛཾ་བྷ་ལའི་མཆོད་པ་གསུངས་པ་ཁྲུ་ཕྱེད་ཅེས་པ་ལ་སོགས་ པ་སྟེ་འདིར་ཁྲུ་ཕྱེད་ཅེས་པ་མཐོ་གང་ཙམ་གྱི་གསེར་གྱི་པད་མ་འདབ་མ་བརྒྱད་པ་ལ་ལྟེ་བར་ སྙིང་པོའི་དབུས་སུ་རྡོ་རྗེ་དག་པ་གསེར་གྱིས་བཅིངས་པར་བྱའོ། །ཤར་གྱི་འདབ་མ་ལ་ཨིན་ ཏྲ་ནི་ལ་དང་ལྷོའི་འདབ་མ་ལ་པད་མ་ར་ག་དང་ནུབ་ཏུ་རིན་ཆེན་ཀར་ཀེ་ཏ་སེར་པོ་སྟེ་བྱང་དུ་ རིན་ཆེན་ཟླ་བ་ཆུ་ཤེལ་ལོ། །དེ་བཞིན་དུ་མེར་(ལྕགས)རྣོན་པོ་བཅིང་བར་བྱ་སྟེ་བདེན་བྲལ་དུ་ ཟངས་དང་རླུང་དུ་གསེར་དང་དབང་ལྡན་དུ་དངུལ་དང་ལྟེ་བར་རྡོ་རྗེའི་སྟེང་དུ་གསེར་གྱི་ལྷང་ ཚེར་གྱི་གདན་གཞག་པར་བྱའོ། ༢༡༣ ། གདན་དེའི་སྟེང་དུ་གསེར་ལས་བྱས་པའི་ཛཾ་བྷ་ལ་ཕྱག་གཉིས་པ་གཡོན་པ་ན་ནེ་ལེ་དང་ གཡས་པ་མཆོག་སྦྱིན་པ་སྟེ་གཙུག་ཏོར་གྱི་ཚད་ཀྱི་སོར་བཞི་པའོ། །དེ་བཞིན་དུ་འདབ་མ་ རྣམས་ལ་གསེར་ལས་སྐྱེས་པའམ་དངུལ་ལས་སྐྱེས་པའི་གནོད་སྦྱིན་མོ་བརྒྱད་རྣམས་ཏེ་པད་ མ་དང་མཆོག་སྦྱིན་གྱི་ཕྱག་གོ། འདིར་གལ་ཏེ་ཛཾ་བྷ་ལ་དངུལ་ལས་སྐྱེས་པ་ཡིན་ན་དེའི་ཚེ་ གནོད་སྦྱིན་མོ་རྣམས་གསེར་ལས་སྐྱེས་པའོ། །གང་གི་ཚེ་ཛཾ་བྷ་ལ་གསེར་ལས་སྐྱེས་པ་ཡིན་ པ་དེའི་ཚེ་གནོད་སྦྱིན་མོ་རྣམས་དངུལ་ལས་སྐྱེས་པའོ། །དེ་བཞིན་དུ་གང་གི་ཚེ་གསེར་གྱི་ པད་མ་ཡིན་པ་དེའི་ཚེ་(ཆུ་སྦྱིན་པའི་སྣོད་ནི་)དངུལ་གྱི་སྣོད་དོ། །གང་གི་ཚེ་སྙིང་པོར་དངུལ་གྱི་པད་ 4-1-485 མ་ཡིན་པ་དེའི་ཚེ་ཆུ་སྦྱིན་པའི་སླད་དུ་གསེར་གྱི་སྣོད་དུ་འགྱུར་རོ། །ཅོད་པན་སངས་རྒྱས་རིན་ ཆེན་དབང་པོ་ནོར་བུ་མཆོག་སྦྱིན་ཕྱག་སྟེ་གནོད་སྦྱིན་མོ་རྣམས་དེ་བཞིན་ཉིད་དོ། །དེ་བཞིན་ དུ་ཤེས་རབ་དང་བཅས་པའི་སྟེ་ཛཾ་བྷ་ལ་ནོར་རྒྱུན་མ་དང་བཅས་པ་ཧཱ་ལ་ཧཱ་ལ་(གར་གྱི་སྟབས་སམ་ རོལ་པས་བཞུགས་པའི་བརླ་གཡོན་པའི་སྟེང་དུ་ལྷ་མོ་སྒེག་མོ་ཕྱག་གཡས་ཡབ་ལ་འཁྱུད་པའི་ནུ་མ་ལ་ཡབ་གྱི་ཕྱག་གཡོན་གྱིས་ གསུམ་པས་འཛིན་པ་)ལྟ་བུའོ། །ལྟེ་བ་ལ་ཛཾ་བྷ་ལ་དང་ནོར་རྒྱུན་མ་དག་གི་ས་བོན་ཧཾ་ཧཿའོ། །དེ་ བཞིན་དུ་ཤར་གྱི་ལྷ་མོའི་ཧིཾ་དང་མེར་ཧཱིཿདང་ལྷོར་ཧྲིཾ་དང་བདེན་བྲལ་དུ་ཧྼཱ ིཿདང་བྱང་དུ་ཧཱུཾ་ དང་དབང་ལྡན་དུ་ཧུཿདང་ནུབ་ཏུ་ཧླྀཾ་དང་རླུང་དུ་ཧླཱྀ ཿའོ། །(ཤར་ལ་སོགས་པར་)སྒྲོལ་ མ་དང་རེག་བྱ་རྡོ་རྗེ་མ་དང་གོས་དཀར་མོ་དང་རོ་རྡོ་རྗེ་མ་དང་མ་མ་ཀི་དང་གཟུགས་རྡོ་རྗེ་ མ་དང་སྤྱན་མ་དང་དྲི་རྡོ་རྗེ་མ་སྟེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་ནོར་རྒྱུན་མའོ། །རྫས་ཀྱི་ དོན་དུ་ཁམས་ཐམས་ཅད་རིན་པོ་ཆེ་ཆེན་པོས་རྒྱས་བཏབ་པ་གཙོ་བོ་དང་བཅས་པ་བྱའོ་ཞེས་ པ་ནི་ངེས་པའོ། ༢༡༤ ། དེ་ནས་དྲི་དང་སྤོས་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཉིན་ཞག་སོ་སོར་ཐུན་ མཚམས་གསུམ་ལ་དངུལ་གྱི་སྣོད་དུ་མཆོད་པར་བྱའོ། །དེ་ནས་ༀ་ཛཾ་བྷ་ལ་ཛ་ལེན་ཏྲཱ་ཡ་སྭཱཧཱ་ ཞེས་པའི་སྔགས་འདི་ཡིས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་སྦྱིན་པར་བྱའོ། །རབ་དགའི་ཡིད་ཀྱིས་ གསེར་འགྱུར་མཁན་རྣམས་དག་གི་རོ་ནི་བསྲུང་བའི་དོན་དུ་ཆུ་སྦྱིན་པར་བྱ་སྟེ། བསྲུང་བའི་ ཆོ་ག་འདི་ཡིས་འབྱུང་བོའི་མགོན་པོ་དང་ཀླུའི་མགོན་པོ་སྟེ་ཀླུའི་རྒྱལ་པོས་རོ་ནི་འཕྲོག་པར་ མི་འགྱུར་རོ། །དེ་བཞིན་དུ་གང་དག་རོ་འཕྲོག་པར་བྱེད་པའི་ལྷ་མིན་གཞན་རྣམས་ཀྱིས་ཀྱང་ རོ་འཕྲོག་པར་མི་འགྱུར་ཏེ་རྡོ་རྗེ་འཛིན་པའི་བཀས་ཛཾ་བྷ་ལའི་བསྲུང་བས་སོ། ༢༡༥ ། ༈ ད་ནི་རོ་བཞུ་བ་གསུངས་པ་སོ་ཕག་ཅེས་པ་ལ་སོགས་པ་སྟེ་འདིར་དང་པོར་སོ་ཕག་ གི་ཕྱེ་མ་དང་ལན་ཚྭ་བྱིན་ནས་བཱི་ཛ་ར་པུ་ར་ལ་སོགས་པའི་སྐྱུར་པོས་ཉི་མ་བཅུའི་པར་དུ་མཉེ་ 4-1-486 བར་བྱ་ཞིང་བདུག་པར་བྱའོ། །དེ་བཀྲུས་ཤིང་རོ་བཟུང་ནས་ཆུ་ལྷག་མ་བསྐམས་ཏེ་སྙིགས་ མ་དག་ལ་གནས་པའི་རོ་ནི་ཕྱེ་ནས་སླར་ཡང་རོ་དེ་ཉིད་ལ་བསྲེ་བར་བྱའོ། །ཐམས་ཅད་དུས་ སུའོ་ཞེས་པ་ནི་དངུལ་ཆུ་མཉེས་པའི་སྙིགས་མར་གྱུར་པ་གང་ཡིན་པ་དེ་མཐའ་དག་དངུལ་ཆུ་ བཟུང་བའི་སླད་དུ་དབྱེ་བར་བྱའོ། །སླར་ཡང་ཞེས་པ་རོ་ཕྱེ་བར་གྱུར་པ་ལ་གལ་ཏེ་རོ་མ་ཕྱེ་ན་ དེའི་ཚེ་སྙིགས་མ་དེ་ཉིད་ལས་རོ་ཤི་བ་ཡང་དག་པར་བསྲེགས་ནས་གཟུང་བར་བྱ་སྟེ་ལྕགས་ གཞན་དང་ལྷན་ཅིག་དེ་ཡང་བཞུ་བར་བྱའོ། །དེ་ལ་སྦྱངས་པའི་དངུལ་ཆུ་རང་གི་སྐྱེ་གནས་ཟ་ བར་གྱུར་ན་དེ་ནི་སླར་ཡང་གཞན་ལྕགས་ཐམས་ཅད་ཀྱི་སྐྱེ་གནས་ཟའོ། ༢༡༦ ། ༈ ད་ནི་ལྕགས་ཐམས་ཅད་བསྲེས་པའི་བཞུ་བ་གསུངས་པ་ཞ་ཉེ་ཞེས་པ་ལ་སོགས་པ་ སྟེ་འདིར་ལྕགས་རྣམས་ཉིད་ཀྱིས་ཕན་ཚུན་འཇུ་བར་བྱེད་དོ། །དེས་ན་བསྲེས་པ་བྱའོ། །ཞ་ ཉེ་དང་རྣོན་པོ་དང་ར་གན་དང་ཟངས་དང་ལྷང་ཚེར་སྐྱེས་ཞེས་པ་ལྷང་ཚེར་གྱི་ལྕགས་སམ་ ཞིང་ལས་སྐྱེས་པ་རྡོ་སྣ་ཚོགས་ཀྱི་ལྕགས་ཏེ་རྣོན་པོ་ལ་སོགས་པའི་གནས་སུ་རྣམ་པར་དག་ པའོ། །ལྕགས་ལྔ་པོ་འདི་རྣམས་ཆ་མཉམ་པ་གཅིག་ཏུ་བསྲེགས་པ་ནི་བསྲེགས་པའི་ལྕགས་ སུ་འགྱུར་ཏེ་གསེར་གྱི་བྱ་བ་ལའོ། །བཅུད་ལེན་གྱི་བྱ་བ་ལ་ནི་ཞ་ཉེ་སྦྱིན་པར་མི་བྱ་སྟེ་ལྕགས་ བཞི་བསྲེས་པ་བྱའོ། །དངུལ་གྱི་བྱ་བ་ལ་ལྷང་ཚེར་དཀར་པོའི་ལྕགས་དང་གཤའ་ཚེ་སྟེ་དངུལ་ གྱི་བྱ་བ་ལ་གཉིས་པོ་དག་དང་ལྷན་ཅིག་དངུལ་བཞུ་བར་བྱའོ། །དེ་ལྟར་བསྲེས་པ་བྱས་ཤིང་ དངུལ་ཆུ་ཡང་དག་པར་སྦྱང་བ་བྱས་ནས་སྣ་ཚོགས་འཇུ་བར་བྱེད་པའི་འཁྲུལ་འཁོར་རྣམས་ ལས་གྲུའི་འཁྲུལ་འཁོར་མཆོག་སྟེ་དེས་ན་གྲུའི་འཁྲུལ་འཁོར་དུ་རོ་བླུགས་པར་བྱའོ། །དེ་ནས་ དངུལ་ཆུ་ལས་སུམ་ཅུའི་ཆ་ཤས་བཟུང་ནས་རྡོ་སྐྱོངས་སུ་བསྲེས་པ་བཏག་པར་བྱ་སྟེ་རྩ་བའི་ དངུལ་ཆུའི་དྲུག་ཅུའི་ཆའི་ལྕགས་ཀྱིས་སོ། །དེ་ལྟར་ས་ལ་བྱས་པའི་གྲུའི་འཁྲུལ་འཁོར་དུ་དང་ པོར་དྲུག་ཅུའི་ཆ་ཤས་ཀྱི་ཟས་བྱིན་ཏེ། དེ་ནས་རོའི་སྟེང་དུ་རས་སྲབ་མོ་བྱིན་ནས་སྟེང་དུ་སྔར་ 4-1-487 བརྗོད་པའི་བསླང་བའི་རྩབ་མོ་བྱིན་ཏེ། གྲུ་ནི་ཕུབ་མ་དང་བ་ལང་གི་ལྕི་བའི་ཕྱེ་མའི་མེ་ལ་ གཞག་པར་བྱའོ། །རྩབ་མོ་སྐམས་པ་ན་བར་ཆད་མེད་པར་སླར་ཡང་རྩབ་མོ་སྦྱིན་པར་བྱའོ། ། དེ་ལྟར་ཉི་མ་གཅིག་གམ་གཉིས་ཀྱིས་ཟས་འཇུ་བར་འགྱུར་ཏེ་དེ་ནས་ཞུ་བའི་རྗེས་ལ་གཞན་ ཉིས་འགྱུར་ནི་རིམ་པ་དེ་ཉིད་ཀྱིས་སྦྱིན་པར་བྱའོ། སླར་ཡང་ཞུ་བར་ཤེས་ནས་རས་ལ་བླུགས་ པའི་བཏགས་པ་གལ་ཏེ་རས་ལ་མི་སྣང་ན་དེའི་ཚེ་ཞུ་བར་བརྗོད་དོ། །དེ་ལྟར་ཟས་འཕེལ་ བར་བྱ་སྟེ་ཇི་སྲིད་རྐང་པའི་ཆ་ཤས་ཀྱི་ཟས་ཟ་བར་འགྱུར་གྱི་བར་དུའོ། །དེའི་སྟེང་དུ་འཕེལ་ བར་མི་བྱ་སྟེ་ལྷག་པ་རབ་ཏུ་སྦྱིན་མི་བྱ་ཞེས་པ་དགག་པའོ། །དེའི་སྟེང་དུ་རྣམ་པ་འདིར་སྔར་ གསུངས་པའི་ས་བོན་ནོ། ༢༡༧ ། ཕྱོགས་གཅིག་གིས་ནི་ཉིས་འགྱུར་འཇུ་བར་འགྱུར་ཏེ་སླར་ཡང་དངུལ་ཆུ་འདི་ནི་དེ་ བཞིན་ས་བོན་རྣམ་པར་དག་སྟེ་དེ་ལྟར་ས་བོན་གཉིས་གསུམ་བརྒྱད་འགྱུར་འཇུ་བར་འགྱུར་ ཏེ་སླར་ཡང་ཞུ་བ་འདི་ནི་སྔར་བརྗོད་པའི་བི་ཌ་མཆོག་རྣམས་ཀྱིས་སོ། །ཅི་སྟེ་མ་ཞུ་བར་གྱུར་ ན་དེའི་ཚེ་མ་ཞུ་བ་ལ་འཁོར་ལོའི་དུག་བྱ་སྟེ་བ་ལང་གི་ནུ་མའི་རྣམ་པའི་གོང་བུར་དངུལ་ཆུ་ བླུགས་ནས་སོར་མོ་གསུམ་གྱི་བར་དུ་མི་སྣང་བར་ས་ལ་གཞུག་པར་བྱའོ། །དེ་ནས་ཕྱི་རོལ་ ཏུ་འཁོར་ལོའི་རྣམ་པའི་འོབས་བྱས་ནས་ཕུབ་མ་དང་བ་ལང་གི་ལྕི་བའི་ཕྱེ་མ་རྣམས་ཀྱིས་ བཀང་སྟཻ་མེ་སྦྱིན་པར་བྱའོ། །འཁོར་ལོའི་དུག་དེས་ཉིན་ཞག་བརྒྱད་ཀྱིས་བི་ཌ་དང་བཅས་ པའི་རོའི་གོང་བུར་མ་ཞུ་བའི་སྐྱོན་འདོར་བར་འགྱུར་རོ། །དེ་ནས་སླར་ཡང་གྲུའི་འཁྲུལ་ འཁོར་དུ་བླུགས་པར་བྱ་སྟེ་དེ་ལྟར་འབུགས་པ་དང་རྗེས་སུ་འབུགས་པར་བྱ་བའི་སླད་དུ་ལོ་ གཅིག་དང་པོར་བྱས་ནས་ལོ་བཅུ་གཉིས་ཀྱི་མཐར་ཐུག་པར་ལྕགས་ཐམས་ཅད་བཞུ་བར་ བྱའོ། །ཅི་སྟེ་བསོད་ནམས་ཀྱི་དབང་གིས་རེག་རྡོ་དང་མཆོག་གི་སྨན་འཇུ་བར་བྱེད་པ་སྟེ། ཞུ་ བར་བྱེད་པ་དག་རྙེད་ན་དེའི་ཚེ་རེག་རྡོ་དང་འཇུ་བྱེད་ཀྱི་ཕྱེ་མའི་བི་ཌ་དང་མཆོག་གི་སྨན་སྔར་ 4-1-488 བརྗོད་པ་རྣམས་ཀྱི་མེ་ལ་གནས་ཀྱང་ལྷང་ཚེར་གྱི་ལྕགས་རྣམས་ཁ་མེད་པར་འཇུ་པར་འགྱུར་ ཏེ་དེའི་སྟོབས་ལྷག་པའི་རོར་འགྱུར་རོ། ༢༡༨ ། ལྷང་ཚེར་ལས་ལྷང་ཚེར་གྱི་ལྕགས་ཞུ་ན་སྟོབས་བརྒྱད་འགྱུར་དུ་འགྱུར་རོ། །དེ་ནི་ཞུ་ བ་སྟེ་ཟོས་པར་གྱུར་པ་ན་དེའི་ཡང་བརྒྱད་འགྱུར་གྱི་སྟོབས་སོ། །ས་བོན་ཞུ་བ་ལ་ཡང་དེའི་ བརྒྱད་འགྱུར་གྱི་སྟོབས་སུ་འགྱུར་རོ། །སླར་ཡང་རྡོ་རྗེ་རིན་ཆེན་དང་ཨིན་ཏྲ་ནཱི་ལ་ལ་སོགས་ པ་ཞུ་བར་གྱུར་ན་དེའི་ཡང་བརྒྱད་འགྱུར་རོ་ཞེས་པ་ངེས་པའོ། །དེ་ལྟར་ལྕགས་ལ་སོགས་པ་ རྣམས་ཇི་སྲིད་ཁོལ་བར་གྱུར་གྱི་བར་དུ་མེའི་ནང་དུ་སྐོལ་བར་བྱ་སྟེ་དེ་ནས་དེ་ནི་འབུམ་ཕྲག་ དུ་མ་འབུགས་པར་རབ་ཏུ་འགྱུར་རོ། །དེ་ལ་སྒྱུར་བར་བྱེད་པ་ལ་སོགས་པ་ནི་མི་བྱའོ། ༢༡༩། རེག་རྡོ་སྨན་དག་མེད་ན་སྔར་བརྗོད་པའི་མཆོག་གི་བི་ཌ་ཉེ་བ་དག་དང་དུགས་རྣམས་ཀྱིས་ ཀྱང་འཇུ་བར་འགྱུར། །འདར་བ་མེད་པ་ཇི་སྲིད་ཉིད་དེ་དེ་ནས་སྒྱུར་བྱེད་གསེར་ནི་མཉམ་པ་ དག་ཏུ་རབ་ཏུ་འགྱུར། །ཞེས་པ་ནི་འདིར་ཞུ་བར་གྱུར་པའི་རོ་འབར་བའི་སོལ་བ་ལ་བྱིན་པ་ ན་གལ་ཏེ་འདར་བ་བྱས་ནས་མི་འགྲོ་ན་དེའི་ཚེ་འདར་བ་མེད་པ་གང་ཡིན་པ་དེ་བ་ལང་གི་ ནུ་མའི་རྣམ་པའི་ཀོང་བུར་བླུགས་ནས་ཇི་སྲིད་རོ་ནུབ་པར་གྱུར་གྱི་བར་དུ་ཨེ་རཎ་ཌའི་འབྲུ་ མར་སྟེང་དུ་སྦྱིན་པར་བྱའོ། །དེ་ནས་གསེར་རོ་དང་མཉམ་པ་བཞུ་ནས་རྫས་ཀྱི་དོན་དུ་ཞ་ཉེ་ བརྒྱད་ཆ་བྱིན་ཏེ་རོའི་སྟེང་དུ་བླུགས་པར་བྱའོ། །དེས་བསྒྱུར་བར་འགྱུར་ཞིང་སླར་ཡང་རིམ་ པ་དེ་ཉིད་ཀྱིས་ཉིས་འགྱུར་གྱི་གསེར་གྱིས་རབ་ཏུ་བསྒྱུར་བར་འགྱུར་ཏེ་སུམ་འགྱུར་གྱིས་ རྗེས་སུ་བསྒྱུར་བར་འགྱུར་རོ། །དེ་ལྟར་བསྒྱུར་བ་རྣམ་པ་གསུམ་ནི་འབུགས་པར་འགྱུར་ཏེ་ ལྕགས་ཀྱི་སྟོབས་ཀྱི་རྗེས་སུ་མཐུན་པས་སྟོང་གི་མཐར་ཐུག་པར་རོ། །དེ་ནས་ཟངས་བཞུ་སྟེ་ རོ་ཕྱེད་མར་བྱས་ཤིང་སྤྲ་ཚིལ་གྱིས་ཡང་དག་པར་དཀྲིས་ནས་བསད་པའི་ཞ་ཉེ་དང་གཤའ་ ཚེ་དག་དང་ལྷན་ཅིག་དེ་ལ་བླུགས་པར་བྱའོ། །དེས་དངུལ་ལམ་གསེར་ལ་འཇུག་པ་དང་ 4-1-489 འབུགས་པར་འགྱུར་རོ། །ཞེས་པ་བཞུ་བའི་ངེས་པའོ། ༢༢༠ ། ༈ ད་ནི་དགོད་པ་དང་བཅས་པའི་བཅིང་བ་གསུངས་པ་གསེར་ཞེས་པ་ལ་སོགས་པ་ སྟེ་འདིར་གསེར་བྱ་བ་ལ་གསེར་གྱི་ཞ་ཉེ་རབ་ཏུ་བཏབ་པས་བསད་པར་བྱའོ། །རྣོན་པོ་ མཚལ་གྱིས་ཏེ་ཁ་སྦྱོར་གྱི་སྦྱོར་བས་སོ། །སྦྲུལ་ཞེས་པ་ཞ་ཉེ་ནི་ལྡོང་རོས་ཀྱིས་བསད་པར་ བྱའོ། །ཟངས་ནི་མུ་ཟིས་བསད་པར་བྱའོ། །དངུལ་གྱི་བྱ་བ་ལ་གཤའ་ཚེ་ནི་བ་བླས་བསད་ པར་བྱའོ། །དངུལ་ནི་མཱ་ཀྵི་ཀ་དཀར་པོས་བསད་པར་བྱའོ། །ལྷང་ཚེར་སྐྱེས་ཞེས་པ་ལྷང་ཚེར་ དཀར་པོའི་ལྕགས་ནི་མཱ་ཀྵི་ཀས་བསད་པར་བྱའོ། །དེ་ནས་བསད་པའི་ཤི་བའི་ལྕགས་མཉམ་ པའི་འགྱུར་བྱེད་བཞི་པོ་རྣམས་ཏེ་དེ་རྣམས་ཚོགས་པ་མེད་ན་གསུམ་མམ་གཉིས་སོ། །མཉམ་ པའི་བི་ཌ་དང་མཉམ་པའི་ལན་ཚྭ་རྣམས་དང་ཉེ་བའི་རོ་དགྲའི་ཆོས་ཅན་རྣམས་དང་ལྕགས་ དང་མཉམ་པའི་དངུལ་ཆུ་སྟེ་ཐམས་ཅད་གཅིག་ཏུ་བྱས་ནས་ཉ་ལ་སོགས་པ་རྣམས་ཀྱི་མཁྲིས་ པ་དང་བཱི་ཛ་པཱུ་ར་ལ་སོགས་པ་རྣམས་ཀྱི་སྐྱུར་པོ་དག་གིས་ཉིན་ཞག་བཅུ་རུ་མཉེས་ནས་དེ་ ཐམས་ཅད་ནི་རྡོ་སྐྱོང་ཁ་སྦྱར་ཏུ་རབ་ཏུ་བླུགས་ཏེ་༢༢༡དེ་ནས་ས་ལ་བཅུག་ནས་ཟླ་བ་དྲུག་ གི་བར་ཇི་སྲིད་པར་དུས་ཐམས་ཅད་དུ་སྟེང་དུ་མེས་བདུགས་པར་གྱུར་ན་དེས་བཅིངས་པར་ འགྱུར་རོ། །དེ་ནས་བཅུ་དྲུག་གི་ཆ་ཡིས་གྷོ་ཥས་དྲངས་པ་སྟེ་ཟངས་འབུགས་པར་བྱེད་པར་ འགྱུར་རོ། །སླར་ཡང་ཕུག་པའི་ཟངས་དེ་ཉིད་དངུལ་དང་གསེར་དང་ཆ་མཉམ་པར་བྱས་ནས་ ཁ་སྦྱོར་གྱིས་བསྒྲུབ་པར་བྱའོ། །དགེ་བའི་གསེར་འདི་ནི་གསེར་འགྱུར་མཁན་རྣམས་དག་གི་ སྡུག་བསྔལ་འཇོམས་པར་འགྱུར་རོ། །ཅི་སྟེ་དངུལ་ལ་སོགས་པ་དགོད་པ་དང་བཅས་པས་ འཆིང་ན་དེའི་ཚེ་དངུལ་བརྒྱད་ཀྱི་ཆ་ཤས་བྱིན་པར་གྱུར་པ་ན་དག་པའི་ཟངས་ཕུག་པ་དངུལ་ དུ་འགྱུར་ཏེ་དགོད་པ་དང་བཅས་པའི་བཅིང་བའི་ངེས་པའོ། ། ༈ དེ་ནས་དང་པོའི་སངས་རྒྱས་ལས་གསུངས་པའི་གོང་བུའི་བཅིང་བ་བརྗོད་པར་བྱ་སྟེ་ 4-1-490 འདིར་གསེར་གྱི་བྱ་བ་ལ་ལྷང་ཚེར་སེར་པོ་ལ་སོགས་པའི་ལྷང་ཚེར་ཅུང་ཟད་བཞུ་བར་བྱ་སྟེ་ མཉམ་པའམ་ཕྱེད་དོ། །དངུལ་གྱི་བྱ་བ་ལ་ལྷང་ཚེར་དཀར་པོ་སྟེ་དེ་ནས་གསེར་གྱི་བྱ་བ་ལ་ཞ་ ཉེས་བཏག་པར་བྱའོ། །དངུལ་ལ་གཤའ་ཚེས་སོ། །དེ་ནས་དེ་ལ་གསེར་གྱི་འདབ་མས་དཀྲི་ བར་བྱ་སྟེ་དངུལ་གྱི་འདབ་མས་སོ། །དེ་ནས་བ་ལང་གི་གཅིན་གྱིས་ལྡོང་རོས་བཏགས་ནས་ དེས་གསེར་གྱི་འདབ་མའི་སྟེང་དུ་བྱུག་པ་སྦྱིན་པར་བྱའོ། །དེ་ནས་ཕྱི་རོལ་ཏུ་མཚལ་གྱིས་སོ། ། དེ་ནས་རྫ་མཁན་གྱི་འཇིམ་པས་དཀྲི་བར་བྱའོ། །དེ་ནས་སྐམས་པ་ན་སླར་ཡང་བ་ལང་གི་ ལྕི་བས་དཀྲི་བར་བྱའོ། །སླར་ཡང་ཉི་མའི་འོད་དྲག་པོས་སྐམ་པོར་བྱས་ནས་བ་ལང་གི་ལྕི་ བའི་མེ་འཇམ་པོ་ཁ་སྦྱོར་ལ་སྦྱིན་པར་བྱའོ། །དེ་ནས་ཐལ་བ་རྣམས་བསལ་ཏེ་སའི་གོང་བུ་ནི་ ཇི་སྲིད་རོ་ཆེན་པོ་དང་ཉེ་བའི་རོ་དང་གསེར་དང་ཞ་ཉེ་བཏགས་པ་རོ་མཉམ་པར་གྱུར་གྱི་བར་ དུ་བཞུས་ཐབ་ཏུ་སོལ་བ་དྲག་པོ་རྣམས་ཀྱིས་བསྲེག་པར་བྱའོ། །དེ་ནས་གྲང་མོར་གྱུར་པ་ན་ གོང་བུ་བཅག་ནས་དབུས་སུ་གང་ཞིག་གསེར་དང་ལྷན་ཅིག་བཏགས་པའི་ཚོགས་ནི་གང་ གིས་སྦྱོར་བས་གོང་བུའི་བཅིང་བ་སྟེ་དེ་ཉིད་ཟངས་ལ་དྲུག་ཅུ་རྩ་བཞིའི་ཆ་ཤས་བླུགས་པ་ནི་ སྔ་མ་བཞིན་དུ་གསེར་རམ་དངུལ་དུ་འགྱུར་རོ་ཞེས་རྩ་བའི་རྒྱུད་ལས་གོང་བུའི་བཅིང་བའོ། ༢༢༢ ། ༈ ད་ནི་ཞིང་གི་ལྕགས་རྣམས་ཀྱི་བཅིང་བ་གསུངས་པ་འཛིན་མ་ཞེས་པ་ལ་སོགས་པ་ སྟེ་འདིར་ས་ལ་རྡོ་བ་གང་དག་འཚོ་བའི་རྣམ་པ་སྣ་ཚོགས་པ་དང་འབྲས་བུ་ལ་སོགས་པའི་ རྣམ་པ་སྣ་ཚོགས་པ་སྟེ་དེ་ཉིད་ཀྱི་སྐྱེ་གནས་དེ་རྣམས་ལ་བྱིན་ནས་ཞེས་པ་འཚོ་བ་རྣམས་ལ་ འཚོ་བའི་ཤ་དང་འབྲས་བུ་རྣམས་ལ་འབྲས་བུའི་ཕྱེ་མ་དང་དུང་ལ་སོགས་པ་རྣམས་ལ་དུང་ ལ་སོགས་པའི་ཕྱེ་མ་བྱིན་ནས་ཕྱེ་མ་དེ་དང་དེ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་མར་དང་སྦྲང་རྩི་ དང་ཚ་ལ་དང་བཅས་པ་གོང་བུ་བྱས་ཏེ་ཇི་སྲིད་ལྕགས་ཕྱེད་པར་གྱུར་གྱི་བར་དུ་ལྕགས་འབྱེད་ 4-1-491 པའི་འཁྲུལ་འཁོར་གྱིས་དྲག་པོར་བཞུ་བར་བྱའོ། །སླར་ཡང་བརྟག་པ་ནི་མར་ལ་སྟེ་སླར་ཡང་ ཚ་ལ་བྱིན་ནས་ཇི་སྲིད་རྣམ་པར་དག་པར་གྱུར་གྱི་བར་དུ་སྦྱང་བར་བྱའོ། །དེ་ལྟར་དག་པར་ བྱས་ཏེ་སྐྱེ་གནས་དེ་ནི་ཤེས་ནས་རྣོན་པོའམ་ཟངས་གསེར་དང་ལྷན་ཅིག་གཉིས་སྦྱར་པ་བྱས་ ནས་དེ་ཉིད་ནི་གསེར་འགྱུར་མཁན་གྱིས་ཉིས་འགྱུར་དུ་བཞུ་བར་བྱའོ། །དང་པོར་ལྷང་ཚེར་ མངོན་དུ་ཕྱོགས་པའམ་ཕྱིར་ཕྱོགས་པར་བཞུར་ཏེ་དེ་ནས་ལྕགས་ལ་སོགས་པ་གཞན་རྣམས་ བཞུ་བར་བྱའོ། །དེ་བཞིན་དུ་མཱའ་ཀྵི་ཀ་དང་ཟངས་དང་གསེར་རམ་ཏུད་ཐ་ཀ་དང་ཟངས་དང་ གསེར་རམ་མུ་མིན་དང་ཟངས་དང་གསེར་རམ་རི་བོང་ཅན་དང་ཟངས་དང་གསེར་བཞུ་བར་ བྱའོ། །འདིར་ཞིང་གི་རྡོ་བ་རྣམས་ཀྱིས་ལྕགས་འབྱེད་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་མཱ་ཀྵི་ ཀ་ལ་སོགས་པ་དང་དྲི་མ་མེད་པ་ལ་སོགས་པ་རྣམས་སྦྱང་བར་བྱ་སྟེ་དེ་ནས་སྔ་མའི་ལས་ བྱེད་པར་འགྱུར་རོ། །གཞན་དུ་ན་རྫས་རྣམ་པར་ཉམས་པར་འགྱུར་རོ། ། ༈ དེ་ནས་གང་གིས་ཟན་ཙམ་ཉོན་མོངས་པ་མེད་པར་འགྱུར་བ་དང་པོར་གསེར་འགྱུར་ མཁན་རྣམས་ཀྱིས་འཚོ་བའི་ཐབས་བརྗོད་པར་བྱ་སྟེ་འདིར་ཞུ་བའི་རོ་མ་བསྒྱུར་བ་གཞོན་ ནུའམ་བྱིས་པས་འདབ་མ་ལ་བྱུགས་པས་གསེར་ཕྱེད་ཅན་དུ་འགྱུར་རོ། །འདི་ལ་ཡང་འདབ་ མ་གཅིག་དང་གསེར་གཉིས་ཀྱིས་སུམ་ཆ་ཅན་དུ་བརྗོད་དོ། །འདིར་དང་པོར་ཟངས་ལ་ འདབ་མ་བྱས་ནས་ལན་ཚྭ་དང་རྩབ་མོ་དག་གིས་ཇི་སྲིད་ཕྱེ་མར་གྱུར་གྱི་བར་དུ་བཏགས་ པར་བྱའོ། །དེ་ནས་ཆུ་བྱིན་ནས་ལན་ཚྭའི་སྐྱོན་བསལ་ཏེ་དེ་ནས་བསྐམས་པར་བྱའོ། །དེ་ ནས་རྒྱམ་ཚྭ་བཅུ་དྲུག་གི་ཆ་ཤས་བྱིན་ཏེ་བཱི་ཛ་པཱུ་ར་ལ་སོགས་པའི་སྐྱུར་པོས་མཉེས་ནས་ཁ་ སྦྱོར་དུ་བཙོ་བར་བྱའོ། །དེ་བཞིན་དུ་ཡང་ནས་ཡང་དུ་རྒྱམ་ཚྭ་བྱིན་ནས་ལན་བདུན་བརྒྱད་ཀྱི་ བར་དུ་ཁ་སྦྱོར་དུ་བཙོ་བར་བྱ་སྟེ་སོ་ཕག་གི་རྡུལ་དང་མཚུངས་པ་ཅུང་ཟད་ལྗང་བར་འགྱུར་ རོ། །དེ་ནས་སྦྲང་རྩི་དང་མར་དང་ཚྭ་ལས་གོང་བུ་བྱས་ནས་སྔ་མ་བཞིན་དུ་ལྕགས་དབྱེ་བར་ 4-1-492 བྱའོ། །དེ་ནས་དྲི་མ་དང་བྲལ་བ་ཕྱེད་ཙམ་ཐོབ་པར་འགྱུར་རོ། །སླར་ཡང་དེ་ཉིད་འདབ་མར་ བྱ་སྟེ་མཚལ་རྐང་པའི་ཆ་ཤས་བྱིན་ནས་མུ་ཟིས་ཁ་སྦྱོར་དག་གིས་བསད་པར་བྱའོ། །དེ་ཉིད་ ལ་སླར་ཡང་དངུལ་ཆུ་བརྒྱད་ཆ་དང་ལྷན་ཅིག་དངུལ་ཆུའི་ཉིས་འགྱུར་གྱི་མུ་ཟི་དང་དངུལ་ ཆུའི་ཕྱེད་ཀྱི་མཚལ་བྱིན་ནས་གྱོ་མོར་སྐྱུར་པོས་མཉེ་བར་བྱ་སྟེ་སླར་ཡང་བདུག་པར་བྱའོ། ། སླར་ཡང་མཉེ་བར་བྱ་སྟེ་ཉི་མ་བདུན་དུའོ། །དེ་ཉིད་རྫ་མཁན་གྱིས་བསྲེགས་པའི་སྣོད་དོག་ མོར་བླུགས་པར་བྱའོ། །དེ་ནས་སྣོད་ཀྱི་ཁ་ལ་རྫ་མཁན་གྱི་འཇིམ་པས་རྒྱས་གདབ་པར་བྱའོ། ། སྣོད་ཀྱི་ཕྱི་རོལ་ཏུ་ཡང་བྱུག་པ་སྦྱིན་པར་བྱ་སྟེ་སོར་གཅིག་གི་དཔངས་ནཱ་རི་ཀི་ལའི་ཚད་ དོ། །ཆེ་བ་ལ་ལྷག་པ་སྦྱིན་པར་མི་བྱའོ། །དེ་ནས་ཉི་མ་ལ་བསྐམ་པར་བྱའོ། །སླར་ཡང་སྟེང་ དུ་བ་ལང་གི་ལྕི་བས་བྱུག་པར་བྱ་སྟེ་སླར་ཡང་ཇི་སྲིད་བ་ལང་གི་ལྕི་བས་སྐམས་པར་གྱུར་གྱི་ བར་དུ་བསྐམ་པར་བྱའོ། །དེ་ནས་ཁ་སྦྱོར་གྱིས་བཙོ་བར་བྱའོ། །དེ་ལྟར་ཟངས་ཀྱི་ཕྱེ་མ་ལ་ འཁྱུད་ནས་དངུལ་ཆུ་འཆི་བར་འགྱུར་ཞིང་ཟངས་ཀྱང་སྐྱོན་མེད་པར་འགྱུར་ཏེ་ཕན་ཚུན་ཡང་ དག་པར་སྦྱོར་པ་ལས་སོ། །དེ་ནས་དངུལ་གྱི་རྐང་པའི་ཆ་ཤས་ཀྱི་གསེར་བྱིན་ཞིང་གསེར་གྱི་ ཉིས་འགྱུར་གྱི་ཟངས་བྱིན་ནས་ཇི་སྲིད་ཐམས་ཅད་རོ་མཉམ་པར་གྱུར་གྱི་བར་དུ་གོང་བུ་ཁ་ བསྡམས་སུ་བསྲེགས་པར་བྱའོ། །དེ་ནས་གྲང་པར་གྱུར་པ་དང་སྣོད་བསལ་ཏེ་སླར་ཡང་རྐང་ པའི་ཆ་ཤས་ཀྱི་གསེར་དང༌། གསེར་གྱི་ཉིས་འགྱུར་གྱི་ཟངས་བྱིན་ནས་སྔ་མ་བཞིན་དུ་བསྲེག་ པར་བྱའོ། །དེ་ནས་གྲང་པར་གྱུར་པ་དང་སྣོད་བསལ་ནས་གསེར་ཕྱེད་ཀྱི་གསེར་དུ་འགྱུར་ཏེ་ ཁ་སྦྱོར་གཉིས་ཀྱིས་རྣམ་པར་དག་པའོ། ། ༈ དེ་ནས་སྦྱོར་བ་གཞན་བརྗོད་པར་བྱ་སྟེ་ཕྱེད་མ་འདི་གསེར་ལ་ཉིས་འགྱུར་རམ་སུམ་ འགྱུར་བཞུ་བར་བྱའོ། །དེ་རྐང་པའི་ཆ་ཤས་ཀྱི་དངུལ་ཆུ་ལ་སྦྱར་བ་བྱས་ནས་སོ་ཕག་གི་ཁོང་ བུར་བླུགས་ཏེ་སྟེང་དུ་མུ་ཟིའི་ཕྱེ་མ་བྱིན་ཞིང་དེའི་སྟེང་དུ་ཁ་ཆོད་བྱས་ནས་དེའི་སྟེང་དུ་སོལ་ 4-1-493 བས་སྐད་ཅིག་ཙམ་བསྲེག་པར་བྱའོ། །དེ་ནས་གྲང་པར་གྱུར་པ་དང་ཡང་དང་ཡང་དུ་སྦྱར་བ་ དང་མཉམ་པའི་མུ་ཟི་བྱིན་ནས་ལན་བརྒྱད་དུ་བསྲེག་པར་བྱའོ། །དེ་ནས་དངུལ་ཆུས་གསེར་ ལ་འཁྱུད་དེ་མི་གཏོང་ངོ༌། །དེ་ནས་དངུལ་གྱི་རྐང་པའི་ཆ་ཤས་ཀྱི་ས་བོན་བྱིན་ཞིང་དེ་ཉིད་ལ་ དངུལ་དང་མཉམ་པའི་ཟངས་བྱིན་ནས་ཀོང་བུ་ཁ་བསྡམས་སུ་བསྲེགས་པར་བྱའོ། །དེ་ནས་ གྲངས་པར་གྱུར་པ་དང་སྣོད་བསལ་ནས་འདབ་མ་དེ་འདབ་མར་བྱ་སྟེ་སྦྱར་བ་དེས་འདབ་མ་ ལ་བྱུག་པར་བྱའོ། །འཇུ་བར་བྱེད་པའི་དོན་དུ་ཏཱཾ་བུ་ལའི་འདབ་མའི་ཁུ་བས་སྟེང་དུ་བྱུག་པར་ བྱའོ། །དེ་ནས་ཐབ་ཀྱི་འོག་ཏུ་གཞུག་པར་བྱ་སྟེ་སྟེང་དུ་ས་སོར་གཅིག་བྱིན་ནས་སྟེང་དུ་མེས་ ཁྱིམ་གྱི་གཡོས་ལ་སོགས་པ་ཉི་མ་གསུམ་གྱི་བར་དུ་བྱའོ། །དེ་ནས་ཕྱུང་སྟེ་སླར་ཡང་རྐང་པའི་ ཆ་ཤས་ཀྱི་ས་བོན་བྱིན་ནས་དབྱུང་བར་བྱའོ། །འདབ་མ་དེ་ནི་དེའི་ཚེ་འདབ་མར་འགྱུར་ཏེ་ ཕྱེད་དང་བཅས་པས་ཁྱད་པར་དུ་འཕགས་པའི་གསེར་དུ་འགྱུར་རོ་ཞེས་པ་དང་པོའི་སངས་ རྒྱས་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ་གཞན་རྒྱ་ཆེན་པོ་ནི་མ་བྲིས་སོ། ༢༢༣ ། ༈ ད་ནི་ལུས་དོན་དུ་གཉེར་བ་རྣམས་ལ་བཅུད་ལེན་གསུངས་པ་ཉིན་ཞག་བདུན་ཞེས་པ་ ལ་སོགས་པ་སྟེ་འདིར་གང་ལ་ལ་ཞིག་བཅིངས་པའི་བཅུད་ཟ་བར་བྱེད་ན་དེའི་ཚེ་དེ་ཡིས་དང་ པོར་སྣོད་དག་པར་བྱ་སྟེ་དེ་ཡང་འབྲས་བུ་གསུམ་པོ་ཆ་མཉམ་པ་བསྐོལ་བའི་ཆུས་བཤལ་ བར་བྱའོ། །ལན་ཚྭ་དང་སྐྱུར་བ་དང་བྲལ་བ་སཱ་ལིའི་ཟན་དང་འོ་མས་ཁ་ཟས་བྱའོ། །དེ་ནས་ སྨན་གྱིས་བསད་པའི་ལྕགས་ཀྱི་ཕྱེ་མ་ཞེས་པ་ནི་ར་གུཎ་ཌིས་བསད་པའི་རྣོན་པོའི་ཕྱི་མ་མར་ དང་སྦྲང་རྩི་དག་དང་བཅས་པ་དངུལ་ཆུ་དང་བཅས་ཞེས་པ་ལེགས་པར་ཤི་བའི་དངུལ་ཆུ་ དང་མཉམ་པ་སྟེ་དེ་ཉིད་ཅུང་ཟད་རེ་ཉིན་ཞག་སོ་སོར་བཟའ་བར་བྱའོ། །ཁ་ཟས་ནི་གསར་ པ་དང་རྙིང་པ་ཞེས་པ་དང་བོ་བེའུ་བཙས་པའི་བའི་འོ་མ་དང་རྙིང་པ་ཞེས་པ་འབྲས་རྙིང་པའི་ ཟན་ནོ། །དེ་ལྟར་སཱ་ལི་ལ་སོགས་པ་ལོ་མ་སྐྱུར་པོས་དམན་ཞིང་ལན་ཚྭ་དང་རྣམ་པར་བྲལ་བ་ 4-1-494 ཉ་དང་འབྲུ་མར་ལ་སོགས་པ་ལས་གྲོལ་བ་ཟོས་པ་དག་གིས་ཕྱོགས་ཀྱི་ནང་དུ་སྣོད་དག་པར་ འགྱུར་རོ། ༢༢༤ ། ༈ དེ་ནས་བཅུད་བཟའ་བར་བྱ་སྟེ་སྟོང་ཕྲག་འབུགས་པ་དང་བརྒྱ་ཡིས་བསྒྱུར་བའི་བརྒྱ་ ཞེས་པ་འབུམ་ཕྲག་འབུགས་པ་དང་བྱེ་བ་འབུགས་པ་ཇི་སྲིད་པར་ཡང་ཤེས་ནས་བཟའ་བར་ བྱའོ། །སྟོང་ཕྲག་འབུགས་པ་ནི་ཉིན་ཞག་སོ་སོར་ནས་ཙམ་བཟའ་བར་བྱའོ། །འབུམ་ཕྲག་ འབུགས་པ་ནི་ཡུངས་དཀར་ཙམ་དང་བྱེ་བ་འབུགས་པ་ནི་སྐྱེ་ཚེ་ཙམ་སྟེ་དེ་ལྟར་མཐའ་མ་སྐྱེས་ ཚེའི་ཆ་ཤས་སོ། །འདིར་བཅུད་བཟའ་བའི་སླད་དུ་ཁང་བཟང་ངམ་ས་ཡིས་ཁང་པ་གྲང་བ་ དང་རླུང་དང་ཚད་པ་དང་བྲལ་བ་ཤེས་སོ། །དེ་ལྟར་བཅུད་འབྲིང་པོ་སྟོང་ཕྲག་འབུགས་པ་ནི་ ཟླ་བ་དྲུག་གིས་ལྷའི་ལུས་པོ་སྐྲ་དཀར་གཉེར་མ་དག་དང་བྲལ་བར་བྱེད་དེ། གྲུབ་པའི་བཅུད་ གཞན་ནི་འཆད་པར་འགྱུར་བའི་ཉིན་ཞག་གཅིག་གིས་བྱེད་དོ། ༢༢༥ ། ༈ ད་ནི་བཅུད་མ་ཞུ་བའི་སྨན་གསུངས་པ་ཀར་ཀོ་ཊཱི་ཞེས་པ་ལ་སོགས་པ་སྟེ་འདིར་གང་ གི་ཚེ་བཅུད་མ་ཞུ་བར་གྱུར་པ་ན་དེའི་ཚེ་བན་དྷ་ཀར་ཀོ་ཊཱི་དང་དེ་བ་དཱ་ལི་དང་ཚ་བ་གསུམ་ དང་བྲི་ཧ་ཏཱི་དང་ནིམ་པའི་འདབ་མ་དང་ཀི་རཱ་ཏ་(མོན་ཡུལ་གྱི་)ཏིག་ཏ་སྟེ་འདི་རྣམས་ཆུ་བརྒྱད་ ཆའི་ལྷག་མར་བསྐོལ་བ་ནི་བསྐོལ་ཞེས་བརྗོད་དོ། །དེ་ཉིད་བཏུང་སྟེ་མ་ཞུ་བ་ལ་ཉིན་ཞག་ གསུམ་དུ་བསྙུང་བར་གནས་པ་ནི་ཇི་སྲིད་ཤིན་ཏུ་བཀྲེས་པར་གྱུར་གྱི་བར་དུའོ། །དེ་ནས་ཁ་ ཟས་བྱའོ། །དེ་བཞིན་དུ་ཟླ་བའི་ཆུ་འཐུངས་ཏེ་ཉིན་ཞག་གསུམ་བསྙུང་བར་གནས་པ་དང་ དེ་ནས་ཁ་ཟས་སོ། །མེའི་ཆུ་ལ་དེ་ཉིད་ཀྱིས་ཁྲུས་དང་དེ་ཉིད་ཀྱིས་ཟན་བཙོ་བ་དང་དེ་ཉིད་ བཏུང་བ་སྟེ་ཟླ་བ་དྲུག་དང་ལོ་གཅིག་གི་པར་དུ་འོ་མ་དང་ཟན་བཟའ་བར་བྱའོ། །དུག་གི་ཆུ་ དང་རྡོའི་ཆུ་དང་བྷ་ལླཱ་ཏ་ཡི་ཆུ་ལ་དེ་བཞིན་ཏེ་འདི་རྣམས་ནི་ཅུང་ཟད་བཏུང་བར་བྱའོ། །ལྷག་ པ་ནི་མ་ཡིན་ཏེ་འཆི་བར་བྱེད་དོ། །དེ་བཞིན་དུ་ངན་པའི་དྲི་བཟའ་བ་དང་ས་དང་རྡོ་བ་བཟའ་ 4-1-495 བ་དང་དུག་གིས་བྱུགས་པའི་ཤ་དང་གཞན་ཚ་ལའི་ཡལ་འདབ་ལ་སོགས་པའི་བརྟག་པ་ལ་ ཟས་ལ་སོགས་པ་ཆོ་ག་འདིའོ། ༢༢༦ ། ༈ ད་ནི་བཅུད་ལེན་གྱི་སྨན་རྣམས་ཀྱི་མཚན་ཉིད་གསུངས་པ་གང་ཞིག་ཟོས་ན་ཞེས་པ་ ལ་སོགས་པ་སྟེ་འདིར་ཚ་ལའི་ཡུལ་འདབ་ལ་སོགས་པ་དང་ཁྲི་ཤིང་ལ་སོགས་པ་རྣམས་ལས་ གང་ཞིག་ཟོས་ན་ཤིན་ཏུ་དྲག་པོར་བརྒྱལ་བ་སྟེར་བྱེད་དུག་དང་མཚུངས་པ་སྟེ་སྨན་དེའི་ཡན་ ལག་ལྔ་བཟུངས་ནས་ཕྱེ་མ་ཞིབ་མོར་བྱའོ། །ཕྱེ་མ་དེ་ཉིད་ཅུང་ཟད་རེ་མར་དང་སྦྲང་རྩི་དང་ བཅས་པ་ཉིན་ཞག་སོ་སོར་བཟའ་བར་བྱ་སྟེ་དེ་བཞིན་ཉིད་ཅེས་པ་ལྷག་མ་ནི་ཆོ་ག་སྔ་མའོ། ། འདིར་སེམས་ཅན་རྣམས་ཀྱིས་གང་ཞིག་ཟ་བར་བྱེད་ཅིང་བརྒྱལ་བ་མི་སྟེར་བ་དེ་ནི་གྲུབ་པ་ སྟེར་བའི་སྨན་མ་ཡིན་ནོ། །སེམས་ཅན་དེ་དག་རྣམས་ལ་འཆི་སྟེར་མཆོག་ཏུ་འཇིགས་བྱེད་ གང་ཡིན་པ་དེ་ནི་རྣལ་འབྱོར་པ་རྣམས་ལ་གྲུབ་པ་སྟེར་བ་སྟེ་སྔགས་དང་བསམ་གཏན་གྱི་ སྟོབས་ཀྱིས་སོ། ༢༢༧ ། ༈ ད་ནི་བཅུད་ལེན་གཞན་གསུངས་པ་དཎ་ཌོད་པ་ལ་སོགས་པ་སྟེ་འདིར་དཎ་ཌོད་པ་ ལའི་(དབྱུག་པའི་ཨུཏ་པལ་སྟེ་དཀར་དམར་རིགས་གཉིས་ཡོད་)ཁུ་བ་དང་ས་ལི་པར་ཎི(སཱ་ལིའི་འདབ་མ)འི་ཁུ་ བ་དང་ཨུད་པ་ལ་ས་རཱིའི་ཁུ་བ་ཡིས་རོ་དང་མུ་ཟི་མཉམ་པ་རྡོ་ཁབ་ལེན་གྱི་ལྕགས་ཀྱི་སྣོད་དུ་ ལྕགས་ཀྱི་གཏུན་པོས་ཉིན་ཞག་གསུམ་མཉེ་བར་བྱ་སྟེ་དེ་ལྟར་མཉེས་ནས་བཟའ་བར་བྱའོ། ། གང་ཞིག་ཊཾ་ཀའི་རྐང་པའི་ཚད་ཅེས་པ་ལ་མཱ་ཤ་ཀ་རེ་ཟ་བར་བྱེད་པ་དེ་ནི་མཛེ་ལ་སོགས་ པའི་ནད་ལས་གྲོལ་ཞིང་རྒས་པ་སྐྲ་དཀར་ལ་སོགས་པ་དང་བྲལ་བ་ལོ་བཅུ་དྲུག་ལོན་པ་ལྟ་ བུར་འགྱུར་རོ། ༢༢༨ ། ༈ ད་ནི་རོ་བསད་པ་ལ་གྲུབ་པའི་སྨན་རྣམས་གསུངས་པ་བོཀྐཱཎ་ཞེས་པ་ལ་སོགས་པ་ 4-1-496 སྟེ་འདིར་གང་ཞིག་དངུལ་ཆུ་བསྡུ་བ་དང་བསད་པར་འདོད་པ་དེས་སྨན་འདི་རྣམས་བཙལ་ བར་བྱའོ། །བོཀྐཱཎ་ཞེས་པ་ནི་ཤིང་ཀུན་ཏེ་གང་གིས་སྲད་བུ་སྔོན་པོ་ལ་བྱུགས་ན་དཀར་པོར་ འགྱུར་བའོ། །དེས་གོང་བུ་ལ་བྱུགས་པས་དངུལ་ཆུ་འཆི་བར་འགྱུར་རོ། །བར་སྣང་ཞེས་པ་ནི་ ནམ་མཁའ་སྟེ་བྷེ་རུཎ་ཌའི་བཤང་པའོ། །དེ་ཡང་རྣམ་པ་གཉིས་ཏེ་གདུགས་ཀྱི་ནམ་མཁའ་ དང་གཙུག་ཕུད་ཀྱི་ནམ་མཁའ་འོ། །མེའི་ནང་དུ་བཅུག་པའི་སྟེང་དུ་གོས་བཀབ་པ་ན་གལ་ཏེ་ གཙུག་ཕུད་ཀྱི་རྣམ་པས་གོས་ཕུག་ནས་དུ་བ་འབྱུང་བ་དེའི་མཆོག་གོ། (ཕུག་ནས་འབྱུང་བ་)མ་ཡིན་ པར་གདུགས་ཀྱི་རྣམ་པས་དུ་བ་གནས་ན་དེ་ནི་འབྲིང་བོ་སྟེ་དེས་ཀྱང་བསྡུས་ཏེ་བཅང་བའོ་ དེ་བཞིན་དུ་ཤག་ཏུ་ཀ(དུག་དཀར་པོ)འི་དུག་གོ། དེ་བཞིན་དུ་ཀཱི་རའི་མཆུ་ཞེས་པ་ནི་ནེ་ཙོའི་མཆུ་ ཁྲག་ཟག་པ་ཅན་ཏེ་འཇིག་རྟེན་དུ་ཁྲག་བསྐྲོད་པར་གྲགས་པའོ། །དེ་བཞིན་དུ་རྐང་གི་[ཀཾ་ གི་ཟེར་]པད་མ་ཅན་ནི་གང་གི་སྟེང་དུ་རྐང་པ་བཞག་པར་གྱུར་པ་ན། ཉིན་མོ་ནམ་མཁའ་ ལ་སྐར་མ་རྣམས་མཐོང་བར་འགྱུར་ཏེ་འདི་རྣམས་མེད་ན་སྨན་གཞན་རྣམས་ཀྱི་ཟོལ་གྱིས་ བསད་པའི་དངུལ་ཆུ་ལ་དམར་རིང་སྟེ་ཟངས་དང་ལྷང་ཚེར་གྱི་ལྕགས་དང་གསེར་དང་ཁབ་ ལེན་གྱི་ལྕགས་མཉམ་པར་བྱས་ནས་བསྲེག་པར་བྱའོ། །དངུལ་ཆུ་སྲང་བཞི་ལ་དེ་ཕྱེད་ཀྱིས་ ཏེ་སྲང་གཉིས་ཀྱིས་སྦྱར་བ་སྲང་དྲུག་ཏུ་བྱའོ། །ལྷག་མ་ནི་ནང་གི་ལེའུ་ལས་བརྗོད་པའི་ཆོ་ གའོ། ༢༢༩ ། ༈ ད་ནི་སྟོང་ཕྲག་འབུགས་པ་ལ་སོགས་པའི་བཅུད་རྣམས་ཀྱི་རང་བཞིན་གསུངས་པ་ཟླ་ བ་དྲུག་ཅེས་པ་ལ་སོགས་པ་སྟེ་འདིར་སྔར་བརྗོད་པའི་ཆོ་གས་ཟོས་ནས་སྟོང་ཕྲག་འབུགས་ པ་ནི་ཟླ་བ་དྲུག་གིས་ལུས་མཆོག་ཏུ་བྱེད་དོ། །དེས་ན་ཟླ་བ་དྲུག་གིས་འདིའི་མཐུ་ལས་ལུས་ ལ་དངོས་གྲུབ་ཏུ་འགྱུར་རོ། །ཟླ་བ་གཉིས་ཀྱིས་སྟོང་ཕྲག་བཅུ་འབུགས་པའི་མཐུ་ལས་སོ། ། ཟླ་བ་གཅིག་གིས་འབུམ་ཕྲག་འབུགས་པའི་མཐུ་ལས་སོ། །ཉིན་ཞག་བཅུ་དྲུག་གིས་འབུམ་ 4-1-497 ཕྲག་ཉི་ཤུ་འབུགས་པའི་མཐུ་ལས་སོ། །ཉིན་ཞག་བཅུས་འབུམ་ཕྲག་སུམ་ཅུ་རྩ་བཞི་འབུགས་ པའི་མཐུ་ལས་སོ། །ཉིན་ཞག་བདུན་གྱིས་འབུམ་ཕྲག་དྲུག་ཅུ་འབུགས་པའི་མཐུ་ལས་སོ། ། ཞག་གསུམ་གྱིས་འབུམ་ཕྲག་བརྒྱད་ཅུ་འབུགས་པའི་མཐུ་ལས་སོ། །ཞག་གཅིག་གིས་བྱེ་ བ་འབུགས་པའི་མཐུ་ལས་སོ། །སྐ་ཅིག་གཅིག་གིས་ཞེས་པ་ནི་ཡུད་ཙམ་གཅིག་གིས་གྲུབ་ པོ། །བཅུད་ལ་སོགས་པའི་དངོས་གྲུབ་འདི་ནི་ཐུན་མོང་པ་སྟེ་རལ་གྲི་ལ་སོགས་པའི་དངོས་ གྲུབ་དང་རིག་པ་འཛིན་པའི་དངོས་གྲུབ་ཀྱང་ངོ༌། །ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་ དངོས་གྲུབ་ནི་འབྲིང་པོའོ། །འདི་དག་ལས་མཆོག་ནི་རང་དང་གཞན་ལ་ཕན་པའི་མཆོག་(ཕྱག་ རྒྱ་ཆེན་མོའི་མཆོག་ཏུ་མི་འགྱུར་བའི་)ཡེ་ཤེས་ཀྱི་དངོས་གྲུབ་སྟེ་(དེ་གང་གིས་འཐོབ་ན་སངས་རྒྱས་ཐམས་ཅད་ཀྱི་ཡུམ་)ཤེས་རབ་ཀྱི་(ཕ་རོལ་ཏུ་ཕྱིན་པའི་ངོ་བོ་རྣམ་པ་ཐམས་ཅད་པའི་སྟོང་)གཟུགས་(མངོན་སུམ་གྱིས་)བསྒོམས་པས་ སོ། །དེ་ཡང་(གང་ཟག་)གང་གིས་(ཚོགས་གཉིས་)གང་ཞིག་སྒྲུབ་པར་འགྱུར་བ་སྐྱེས་བུ་རྣམས་ཀྱི་ སྔ་མའི་ལེགས་བྱས་(བསོད་ནམས་)ཀྱི་དབང་གིས་(གང་ཟག་)དེ་ལ་(ཚོགས་གཉིས་ཀྱི་)བག་ཆགས་སུ་ འགྱུར་ཏེ་སྐྱེ་བ་སྔ་མའི་རྗེས་སུ་འབུགས་པ་ལས་སོ(དེ་ལྟར་ནོར་དང་ལུས་དོན་དུ་གཉེར་བ་རྣམས་བཅུད་དང་ བཅུད་ལེན་གྱི་ཐབས་ཀྱིས་དྲངས་ནས་སྦྱོར་བ་ཡན་ལག་དྲུག་གི་བཅུད་དང་བཅུད་ལེན་གྱི་བདེ་བ་ཆེན་པོའི་ནོར་དང་རྡོ་རྗེའི་ཚེ་ བསྒྲུབ་པའམ་རྣལ་འབྱོར་པ་བརྩོན་འགྲུས་ཅུང་ཟད་དམན་པ་དག་ཐོག་མར་བཅུད་ལེན་གྱིས་ཚེ་རིང་པོ་བསྒྲུབ་སྟེ་སྐྱེ་བ་གཅིག་ གིས་སངས་རྒྱས་ཐོབ་པར་བྱ་བའི་དོན་དུ་གསུངས་པའོ)། ༢༣༠ ། ༈ ད་ནི་རྫས་དོན་དུ་གཉེར་བ་རྣམས་ལ་གཏེར་བརྟག་པ་གསུངས་པ་གང་ན་ཞེས་པ་ ལ་སོགས་པ་སྟེ་འདིར་ས་གཞི་ལ་གང་ན་འཁྲི་ཤིང་རྣམས་དང་ལྗོན་ཤིང་རྣམས་མི་འདྲ་བའི་ རང་བཞིན་དུ་སྣང་བ་དེ་ན་རྫས་ཡོད་པར་འགྱུར་རོ། །གཞན་ཡང་གང་ན་རྟག་ཏུ་དུད་འགྲོ་ རྣམ་པར་རྩོད་པར་སྣང་བ་སྟེ་རང་གི་གནས་ཀྱི་དོན་དུ་འཐབ་པ་དེ་ན་རྫས་ཡོད་དོ། །དེར་ ལྕགས་བཟང་བོའི་རལ་གྲིའི་སྟེང་ངམ་ཆུ་གྲིའི་སྟེང་དུ་པད་མ་དམར་པོའི་སྐུད་པ་ལ་སྡོང་བུ་ 4-1-498 བྱས་ནས་མི་ཡི་སྣུམ་གྱིས་སྦར་ཏེ་འབྱུང་པོའི་བདག་པོའི་སྔགས་སྒྲུབ་ཐབས་ཀྱི་ལེའུ་ལས་ བརྗོད་པས་མངོན་པར་བསྔགས་ནས་ས་ལ་བལྟ་བར་བྱའོ། །གལ་ཏེ་མེ་ལྕེ་ཁ་ཐུར་དུ་བལྟས་ པར་གྱུར་ན་དེའི་ཚེ་རྫས་ཡོད་དོ། །གལ་ཏེ་མ་ལྷུང་ན་དེའི་ཚེ་མེད་དོ། །དེ་ལྟར་གལ་ཏེ་ལྷུང་ ན་དེའི་ཚེ་གནས་དེར་ཐུན་གསུམ་དུ་འབྱུང་པོའི་བདག་པོའི་སྔགས་བཟླས་པར་བྱ་སྟེ་ཇི་སྲིད་ གནང་བར་གྱུར་གྱི་བར་དུའོ། །དེ་ནས་སྔགས་པ་རྣམས་ལ་བརྐོ་པར་བྱ་བའི་དངོས་གྲུབ་པོ། ། གཞན་དུ་ན་ཉོན་མོངས་པར་འགྱུར་ཏེ་ལྷ་མིན་རྣམས་ཀྱིས་བསྲུངས་པའི་རྫས་ནི་སུས་ཀྱང་ གདོན་པར་ནུས་པ་མ་ཡིན་ནོ(དེ་ལྟར་རྫས་དོན་དུ་གཉེར་བ་རྣམས་ལ་གཏེར་བརྟག་ནས་དབྱུང་བའི་ཟོལ་གྱིས་དང་ པོའི་སངས་རྒྱས་བདེ་གཤེགས་སྙིང་པོའི་གཏེར་རྟག་ཏུ་སྙིང་ལ་གནས་པ་དེ་ཉིད་བླ་མ་དམ་པའི་མན་ངག་གིས་ཡོངས་སུ་བརྟགས་ ནས་མངོན་དུ་བྱ་ཞེས་པའོ་ཞེས་གསུང་)། ༢༣༡ ། ༈ ཚིགས་སུ་བཅད་པ་འདིའི་རྗེས་ལ་(བཅོ་བརྒྱད་པ་མཆོག་ཏུ་མི་འགྱུར་བའི་བདེ་བས་སེམས་ཅན་ཐམས་ ཅད་ཀྱི་དོན་མཛད་པའི་ངོ་བོ་ཉིད་)ཚིགས་སུ་བཅད་པ་གསུམ་ནི་གོ་སླའོ། ༢༣༤ ། ༈ ད་ནི་རིགས་ཀྱི་ལུང་ལས་བརྗོད་པའི་རིགས་ཀྱི་དབྱེ་བ་གསུངས་པ་སྒྲ་གཅན་ཞེས་ པ་ལ་སོགས་པ་སྟེ་འདིར་(ཕྱི་རོལ་བའི་མདོ་)རིགས་ཀྱི་ལུང་ནུབ་ཀྱི་ཁང་པ་(འདི་ནུབ་ཞལ་ཡིན་པ་རྭ་ལ་ འཆད་པ་)ལས་(སྡོམ་དུ་བྱས་པ་ན་)བཞི་པོ་དང་ལྔ་པོ་དང་དྲུག་པོ་དང་བཞི་པོ་དང་ལྔ་པོ་དང་གསུམ་ པོ་ཞེས་པ་ནི་ཕྱི་རོལ་དང་(ཕྱི་རོལ་ལ་ཡོད་པ་ཇི་ལྟ་བར་)ལུས་ལ་(ཚང་བར་)རྣམ་པར་སྦྱང་བར་བྱ་སྟེ་ (ཤེས་རབ་)དེ་ནས་ལྷ་རྣམས་ཀྱི་མཆོད་པ(བྱ་བ)འོ་ཞེས་སོ། །དེས་ན་ཕྱི་རོལ་ཏུ་(འཇིག་རྟེན་ཁམས་ལ) སྒྲ་གཅན་དང་དུས་ཀྱི་མེ་དང་ཟླ་བ་དང་ཉི་མའོ། །འདི་རྣམས་ཀྱི་སྦྱོར་བ་ནི་བཞི་པོ་སྟེ་(ལྷའི་) གདན་བཞི་པོའོ་ཞེས་པའི་དོན་ཏོ། །དེ་ནས་འཇིག་རྟེན་གྱི་ཁམས་(ཀྱི་ཆོས་)རྫོགས་པའི་དོན་ དུ་ལྔ་པོ་སྟེ་ས་ལ་སོགས་པའི་རོ(སྟེ་ནམ་མཁའ)འི་མཐར་ཐུག་པ་(འབྱུང་བ་ལྔ)འོ། །དེ་ནས་གཟའི་ ཚོགས་པ་ཅིག་ཤོས་དག་ཅེས་པ་ནི་(གོང་གི་གཟའ་)བཞི་པོ་སྤངས་པ་བཀྲ་ཤིས་དང་གཟའ་ལག་ 4-1-499 དང་ཕུར་བུ་དང་པ་སངས་དང་སྤེན་པ་དང་མཇུག་རིངས་ཏེ་འདི་རྣམས་ཀྱི་ཚོགས་པ་ནི་དྲུག་ པོའོ། །དེ་ནས་ལྷུན་པོའི་ཕྱོགས་བཞི་རྣམས་སུ་གླིང་བཞི་རྣམས་ནི་བཞི་པོའོ། །དྲི་ལ་སོགས་པ་ རྣམས་ཀྱི་ཡུལ་ལྔ་རྣམས་ནི་ལྔ་པོའོ། །སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གསུམ་ནི་གསུམ་ པོའོ། །དེ་ལྟར་ཕྱི་རོལ་ཏུ་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་ནི་གསུམ་པོ་དང་གདན་ ལ་སོགས་པ་ཇི་ལྟ་བ་དེ་བཞིན་དུ་ལུས་ཀྱི་དབུས་སུ་ཡང་ཤེས་པར་བྱ་སྟེ། ༢༣༥ འདིར་ལུས་ བསྐྱེད་པའི་དོན་དུ་མའི་པད་མར་(དྲི་ཟའི་སེམས་ཅན་)ཀུན་གཞིའི་རྣམ་པར་ཤེས་པ་ནི་སྒྲ་གཅན་ དང་(འཕོ་བའི་)དགའ་བ་ནི་དུས་ཀྱི་མེ་དང་ཁྲག་ཅེས་པ་མའི་རྡུལ་ནི་ཉི་མ་དང་བདུད་རྩི་ཞེས་པ་ ཁུ་བ་ནི་ཟླ་བ་སྟེ་འདི་རྣམས་ནི་དང་པོར་ལུས་ཀྱི་རིགས་སྐྱེད་པའི་རྒྱུ་བཞིའོ། །བཞི་པོ་དེ་ལས་ རུས་པ་ལ་སོགས་པ་ནི་ལྔ་པོ་སྟེ་རུས་པ་ནི་ས་དང་ཆུ་སེར་ནི་ཆུ་དང་ཁྲག་ནི་མེ་དང་ཤ་དང་ ལྤགས་པ་ནི་རླུང་དང་རྐང་ནི་ནམ་མཁའ་སྟེ་(དེ་དག་ལས་གཞན་པའི་ལུས་ཀྱི་ཁམས་)མཐའ་དག་རྣམས་ ཀྱང་ལྔ་པོའོ། །དེ་ནས་མིག་ལ་སོགས་པ་དྲུག་པོ་སྟེ་ཞེས་པ་ནི་མིག་ནི་བཀྲ་ཤིས་དང་རྣ་བ་ ནི་གཟའ་ལག་དང་ལྕེ་ནི་ཕུར་བུ་དང་སྣ་ནི་བ་ཝ་སངས་དང་ལུས་ཀྱི་དབང་པོ་ནི་སྤེན་པ་དང་ ཡིད་ཀྱི་དབང་པོ་ནི་མཇུག་རིངས་སོ་ཞེས་པ་དྲུག་པོའོ། །དེ་བཞིན་དུ་ལག་པ་རྐང་པ་དག་ནི་ བཞི་པོ་ཞེས་པ་ལ་ལག་པ་གཡོན་པ་ནི་ཤར་གྱི་གླིང་དང་ལག་པ་གཡས་པ་ནི་ལྷོའི་གླིང་དང་ རྐང་པ་གཡས་པ་ནི་ནུབ་ཀྱི་གླིང་དང་རྐང་པ་གཡོན་པ་ནི་བྱང་གི་གླིང་ངོ་ཞེས་པ་བཞི་པོའོ(སྔར་ རྐང་ལག་གི་དུམ་བུ་བཅུ་གཉིས་དང་ས་དུམ་བུ་བཅུ་གཉིས་སྦྱར་ཡང་འདི་ལུས་ཁ་ཕུབ་ཀྱི་དབང་དུ་བྱས་པ་ལུགས་གཞན་ཡིན་ ནོ)། །ལག་པ་རྐང་པ་ལ་ནས་སོར་མོ་རྣམས་ནི་ལྔ་པོའོ་ཞེས་པ་ལ་འདིར་མཐེ་བོ་ནི་དྲི་དང་ མཛུབ་མོ་ནི་རོ་དང་གུང་མོ་ནི་གཟུགས་དང་(འདིར་མཛུབ་མོ་དང་གོང་མོའི་ཁམས་སྔར་ལས་བཟློག་པར་བྱུང་ ཡང་ཕྱི་རོལ་བའི་ལུགས་ཀྱི་དབང་དུ་བྱས་པའོ་)མིང་མེད་ནི་རེག་བྱ་དང་མཐེ་ཆུང་ནི་སྒྲ་སྟེ་ས་ལ་སོགས་ པའི་ཡོན་ཏན་གྱི་སྒོ་ནས་སོ། །སོར་མོ་ལྔ་པོ་དེ་རྣམས་ཀྱི་ཚིགས་གསུམ་པོ་ནི་གསུམ་པོར་ 4-1-500 བརྗོད་དེ་དང་པོའི་ཚིགས་ནི་སྙིང་སྟོབས་ཀྱི་ཡོན་ཏན་དང་དབུས་མའི་ཚིགས་ནི་རྡུལ་གྱི་ཡོན་ ཏན་དང་མཐའི་ཚིགས་ནི་མུན་པའི་ཡོན་ཏན་ནོ〔འདི་ཡང་ལུགས་གཞན་ཡིན་ནོ〕། །མུན་པའི་ མཐར་སེན་མོའི་ཚིགས་ནི་གཙོ་བོ་སྟེ་འདིར་ནི་(ཕྱི་ནང་ཆོས་མཐུན་སྦྱར་བའི་)རིམ་པ་མཐའ་ དག་རིགས་འདི་ལ་ནི་རིག་པར་བྱ་ཞེས་པ་རིགས་པའོ(ཞེས་པ་ཕྱི་རོལ་པའི་ལུགས་ལ་ཡང་སྐབས་ལ་ལར་ དོན་ལ་གནས་པ་ཡོད་ཅེས་པའོ)། ༢༣༦ ། ༈ ད་ནི་(བཤད་མ་ཐག་པའི་)གདན་ལ་སོགས་པ་རྣམས་ཀྱི་དབྱེ་བ་གསུངས་པ་ས་འཛིན་ཞེས་ པ་ལ་སོགས་པ་སྟེ་འདིར་(སྒྲ་གཅན་སོགས་པ་གཟའ་བཞི་རེ་རེ་ལ་)རྐང་པ་(སྟེ་ཆ་)བཞིའི་དབང་གིས་(རེ་རེ་ ལ་)དབྱེ་བ་བཞིའོ། །དེ་ལྟར་གདན་གྱི་དབྱེ་བ་ས་འཛིན་(ནམ་རྒྱལ་པོ་)ཞེས་པ་བཅུ་དྲུག་གོ། དེ་ཉིད་ རབ་དབྱེ་རྣམས་(ས་ལ་སོགས་པ་ཁམས་ལྔའི་དབྱེ་བ་རེ་རེ་ལ་ལྔ་ལྔར་དབྱེ་བ་)ནི་ཉི་ཤུ་རྩ་ལྔ་སྟེ་(ཁམས་གཅིག་ཡོད་ པ་དེར་)ཀུན་འབྱུང་གི་ཕྱིར་གང་ན་(ཁམས་)གཅིག་ཡོད་པ་དེ་ན་(ཁམས་)ལྔ་ཀའོ། །རོ་ཡིས་བསྒྱུར་ བའི་རོ། །ཞེས་པ་དྲུག་གིས་བསྒྱུར་བའི་དྲུག་ནི་སུམ་ཅུ་རྩ་དྲུག་ཏུ་འགྱུར་ཏེ་(དལ་བའི་)རྐང་པ་ (སྔ་ཕྱི་)དྲུག་གི་དབང་གིས་བཀྲ་ཤིས་ལ་སོགས་པ་(དྲུག་པོ་)རྣམས་ཀྱི་(རེ་རེ་ལ་དྲུག་དྲུག་ཏུ་)དབྱེ་བའོ། ། (གླིང་དང་སྐང་ལག་)བཞི་པོ་(རེ་རེ་)ལ་ཉི་མ་ཞེས་པ་དབྱེ་བ་བཅུ་གཉིས་ཏེ་ལག་པ་དང་རྐང་པའི་ ཚིགས་ཀྱི་དབྱེ་བ་བཅུ་གཉིས་དང་ཕྱི་རོལ་ཏུ་ཟླ་བ་དང་ཁྱིམ་བཅུ་གཉིས་ཀྱི་དབྱེ་བ་ལས་སོ། ། (སོར་མོ་)ལྔ་པོ་ལ་(རྐང་ལག་བཞིའི་)ཉི་ཤུ་སྟེ་སོར་མོ(ཉི་ཤུ་པོ)འི་གྲངས་སོ། །དེ་བཞིན་དུ་སོར་མོ(ཉི་ ཤུ་པོ)འི་ཚིགས་རྣམས་ལ་དབྱེ་བ་དྲུག་ཅུ་སྟེ་དབྱེ་བ་འདི་རྣམས་མི་རྣམས་དང་ལྷ་རྣམས་དག་གི་ མཐའ་དག་ལུས་ལ་གནས་པ་སྟེ་(རང་བཞིན་གྱི་)དྲི་མ་མེད་པའི་(ཡེ་ཤེས་ཀྱི་)ལུས་ལ་གནས་པ་ནི་མ་ ཡིན་ནོ། །ཞེས་པའི་དོན་ཏོ། །(དེ་རྣམས་ཀྱི་གྲངས་)ཐམས་ཅད་བསྡུས་པ་ནི་བུག་པ་དྲུག་དང་ཟླ་ བའི་གྲངས་ཞེས་པ་བརྒྱ་དྲུག་ཅུ་རྩ་དགུར་འགྱུར་རོ། །དེ་དག་ཐམས་ཅད་བསྡུས་པ་ཞེས་པ་དེ་ རྣམས་(ཀྱི་རྩ་བ་བཞི་པོ་ལྔ་པོ་དྲུག་པོ་བཞི་པོ་ལྔ་པོ་གསུམ་པོ་རྣམས་)བསྡུས་པ་ལས་སུམ་འགྱུར་དགུ་རུ་འགྱུར་ 4-1-501 ཏེ་ཞེས་པ་ཉི་ཤུ་རྩ་བདུན་ནོ། །〈དེ་རྣམས〉སླར་ཡང་(ཉེར་བདུན་པོ་)〈རྟེན་པ〉ཞི་བ་(ཐབས་)དང་〈རྟེན〉 ནུས་མ(ཤེས་རབ་)འི་(ཀྱི)དབྱེ་བ་རྟེན་དང་བརྟེན་པའི་ཆོས་ཀྱིས་(ཉིས་འགྱུར)ལྔ་བཅུ་རྩ་བཞིའོ་ཞེས་ པ་རིག་པར་བྱའོ། ། ༈ རིགས་འདི་ལ་གང་ཞིག་(ནང་དུ་)སྲོག་གི་རྩ་ལ་(རླུང་)ཡང་དག་པར་རྒྱུ་བ་དང་(ཕྱི་རོལ་ཏུ་) གཟའ་རྣམས་ཀྱི་རྒྱུ་སྐར་ལ་ཡང་དག་པར་རྒྱུ་བ་སྟེ་འདི་རྣམས་ཀྱིས་ཡང་དག་པར་རྒྱུ་བ་གང་ ཡིན་པ་དེ་ནི་(སངས་རྒྱས་པ་ལས་)གཅིག་ཤོས་ཕྱི་རོལ་གྱི་བཀའ་ལ་དགའ་བ་རྣམས་ཀྱིས་རྣལ་ འབྱོར་མའི་ཡང་དག་པར་རྒྱུ་བར་བརྗོད་དོ། །དེ་སྐད་དུ་རྩ་བའི་མདོ་ལས་བཤད་པ། གང་ ཞིག་(རྟེན་)ནུས་མ་བྷ་ག་ཞེས་བྱ་དེ་ནི་རྣམས་གསུམ་བགྲོད་ལྡན་(ཀུབ་ཛི་ཀ་ཞེས་པ་)ཡི་གེ་གསུམ་ དང་རང་བཞིན་གསུམ(གྱི་གྲུ་གསུམ་སྟེ་བྷ་ག)། དེ་ལ་དཔལ་ལྡན་ཨོ་ཌྀ་ཡཱ་ཎ་(ཨུ་རྒྱན་ཏེ་)མཆོག་ གི་ཆ་དག་བཅས་པ་དབུས་སུ་གནས་ཤིང་ཤིན་ཏུ་འབར། །(འབར་བ་)དེ་ཡི་གཡས་ཟུར་ཉིད་ དུ་རབ་ཏུ་གསལ་བྱས་གནས་ལ་དཔལ་ལྡན་ཛཱ་ལཱཾ་དྷ་ར་(ཏྲ་བ་འཛིན་པ་)ཞེས་བྱ་སྟེ། །གཡོན་དུ་ དཔལ་ལྡན་གང་བའི་གནས་ཏེ་ཕྱུགས་ཀྱི་སྐྱེ་བོ་འཇིགས་བྱེད་ཀཱ་མ་རུ་པ་(འདོད་གཟུགས་)དེ་ཡི་ རྩེར། །དེ་ལྟར་ཀུན་ནས་ཁྱབ་བྱེད་གནས་དང་འཇིག་དང་སྐྱེད་མ་ཁྱབ་བྱེད་མ་ནི་དྲག་པོའི་ ནུས་མ་སྟེ། །(རྟེན་ནུས་མ་)དེའི་དབུས་ན་(རྟེན་པ་)རྟག་ནི་མཆོག་གི་བདེ་བྱེད་ཐིག་ལེ་ནཱ་ད་ཁོང་ན་ གནས་ཤིང་རྟག་ཏུ་དགའ། །ཤིན་ཏུ་ཞི་བ་ཡོད་དེ་དེ་ཡི་སྟེང་ན་སྲུབ་པ་(རིགས་)རྣམས་པ་དྲུག་ གིས་རྣམ་པར་ཕྱེ་བའོ། །འདོད་པ་གསུམ་པོ་འདི་རྣམས་བྱེད་ཅིང་མཆོག་གི་ལུས་བསྐྱོད་ཀུབ་ ཛི་ག་ཞེས་བྱ་བ་ལ་ཕྱག་འཚལ་ཞེས་པ་རིགས་པ་སྟེ་(རང་གི་ལུས་ལ་ཨེ་ཝཾ་དང་མཐུན་པས་)སེམས་ཅན་ ཐམས་ཅད་ལ་ལྷན་ཅིག་སྐྱེས་པ་འབེབས་པར་བྱེད་མ་བྷ་ག་ཞེས་བྱ་བའོ་ཞེས་པ་རང་བཞིན་ ནོ། །དེ་ནས་རིགས་ཀྱི་མདོ་(ཀུབ་ཛི་ཀ་ཞེས་པའི་)ལས་རྫོགས་པའི་རྒྱུ་ནི་འདི་ལྟ་སྟེ། ཀཱ་མ་རཱུ་པར་ ཀཱུ་ཡིག་པུ་ལི་ལ་གནས་པུ་ལི་ཀ་(ས་ཟེར་)རྣམས་ཛཱ་ལའི་གནས་སུ་མེ་ལྕེ་ཉིད(ཛི་ཟེར)། །དཔལ་ 4-1-502 ལྡན་དབུས་ཀྱི་གནས་སུ་ཨོ་ཌྜཱ་རྣམ་པ་གསུམ་གྱི་ལམ་བགྲོད་ལྷ་ཡི་རྭ་ཅོ་ཊ་(ཀ་ཟེར་)ཡིག་ རྣམས། །དེ་ཡི་གྲུབ་པ་རྣམས་ཀྱང་ལྔ་སྟེ་(དྲག་པོས་འཁྱུད་པ་)ཌ་ར་ལ་ཀ་དང་བཅས་(ས་ཧ་)དེ་རྣམས་ ལྷ་མོ་བཞི་དང་ལྔ། །དེ་ཕྱིར་ནུས་མ་གསུམ་རིགས་ཀྱི་ལྗོན་ཤིང་སྐྱེད་མ་སྒུར་འཁྱོག་མ་ཞེས་ བྱ་བ་ལ་ཕྱག་འཚལ་〔འདི་ལ་རེ་ཁ་གྲུ་གསུམ་ཉིས་བརྩེགས་བྲིས་པ་རྩིབས་དྲུག་ཏུ་གནས་པའི་ དབུས་སུ་ཡཱཾ་དེའི་མདུན་གྱི་རྩིབས་ལ་ཌཾ། དེ་ནས་གཡས་བསྐོར་གྱི་རྩིབ་གཉིས་པ་ལ་རཱཾ། གསུམ་ པ་ལ་ལཱཾ། བཞི་པ་ལ་ཀཱཾ། ལྔ་པ་ལ་སཱཾ། དྲུག་པ་ལཾ་ཧཱཾ་རྣམས་བཀོད་ཅིང༌། ཌཱཾ་ཌཱ་ཀི་ནྱཻ་ན་མཿ རཱཾ་རཱ་ ཀི་ནྱེ་ན་མཿ ལཱཾ་ལཱ་ཀི་ནྱཻ་ན་མཿ ཀཾ་ཀཱ་ཀི་ནྱཻ་ན་མཿ སཱཾ་སཱ་ཀི་ནྱཻ་ན་མཿ ཧཱཾ་ཧཱ་ཀི་ནྱཻ་ན་མཿ ཡཱཾ་ཡཱ་ཀི་ ནྱཻ་ན་མཿ ཞེས་ཕོ་ཉ་མོ་དྲུག་བརྗོད་པར་འགྱུར་རོ། །ཡི་གེ་རེ་རེ་ཙམ་གྱིས་བདག་བརྗོད་པར་ འདོད་པས་ཀོ་ཆ་བརྟན་པར་འདོད་དོ་ཞེས་ཁ་ཆེའི་པཎྜི་ཏ་ཛྙཱ་ན་བྷ་དྲ་ཞེས་བྱ་བས་བླ་མའི་ གསུངས་ལས་འབྱུང་ཞེས་ཟེར་རོ་〕ཞེས་པ་སྟེ་དེ་ལྟར་མཆོག་ཏུ་གསང་བ་ནི་ལྷ་མིན་དང་བདུད་ ཀྱི་རིས་ཀྱི་བཟའ་བར་བྱ་བའི་རིགས་ལས་བྱུང་བ་རྣམས་ཀྱིས་མི་ཤེས་སོ་ཞེས་པ་རིགས་ཀྱི་ མདོའི་ངེས་པའོ། ༢༣༧ ། ༈ (བཅུ་དགུ་པ་ཆོས་ཡང་དག་པར་བསྡུ་བ་དང་རྩིས་ཀྱི་མིང་བསྡུ་བ་ངོ་བོ་ཉིད་)ད་ནི་སངས་རྒྱས་ཀྱི་ཆོས་ཡང་ དག་པར་སྡུད་པ་གསུངས་པ་ཡེ་ཤེས་ཞེས་པ་ལ་སོགས་པ་སྟེ་འདིར་དུས་ཀྱི་འཁོར་ལོ་ལ་རྣལ་ འབྱོར་པས་ཆོས་ཡང་དག་པར་སྡུད་པ་ཤེས་ནས་དེ་ནས་རྒྱུད་བསྟན་པར་བྱའོ། །གཞན་དུ་ ན་ཆོས་ཡང་དག་པར་སྡུད་པ་(ཤེས་པ་)མེད་པ་ལམ་ངན་པ་སྟོན་པར་འགྱུར་རོ། །དེས་ན་(སངས་ རྒྱས་ཀྱི་བསྟན་པ་ཐེག་པ་གསུམ་གྱི་)ཆོས་ཡང་དག་པར་སྡུད་པ་བྲི་བར་བྱ་སྟེ་འདིར་ཡེ་ཤེས་ནམ་མཁའ་ གཉིས་ཞེས་པ་ཡེ་ཤེས་ནི་འཛིན་པར་བྱེད་པའི་སེམས་(གཞན་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ)〈གཞན〉 དང་(ནམ་མཁའ་ནི་སེམས་དེའི་)གཟུང་བར་བྱ་བ་(གཞན་ཆོས་ཉིད་འོད་གསལ་དུ་བ་ལ་སོགས་པ་)སྟོང་པའི་ གཟུགས་སོ། །གཉིས་པོ་ནི་(རིམ་པ་ལྟར་)ཤེས་རབ་དང་ཐབས་ཏེ་(འཁོར་བ་པའི་)བྷ་ག་དང་རྟགས་ 4-1-503 ཡང་དག་པར་སྦྱོར་བ་ནི་མ་ཡིན་ནོ། །(སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་སྐུ་ཐོབ་པ)〈ཨེ་ཝྂ་ཟུང་འཇུག〉འདིས་ སེམས་ཅན་གྱི་དོན་བྱས་པས་ཐེག་པ་གསུམ་སྟོན་པ་པོར་འགྱུར་ཞིང་ཆོས་(ཐམས་ཅད་)ཡང་དག་ པར་རིག་པ་པོར་འགྱུར་རོ། །འདིར་ཐེག་པ་གསུམ་ནི་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་ རྒྱས་ཀྱི་ཐེག་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་སྟེ་འདིས་(ཐར་པར་)འགྲོ་ བའི་ཕྱིར་(གཞོན་པ་བཟང་པོ་དང་འདྲ་བས་)ཐེག་པའོ། །དཀོན་མཆོག་གསུམ་ནི་(མ་རིག་པའི་གཉིད་ལས་ སད་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པས་པད་མ་ཁ་ཕྱཻ་བ་བཞིན་ཚོགས་གཉིས་རྒྱས་པ་ནི་)སངས་རྒྱས་དཀོན་ མཆོག་དང་(བཤད་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་སྒྲུབ་པའི་ཆོས་ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ ལ་སོགས་པ་འབྲས་བུའི་ཆོས་མྱང་འདས་རྣམ་པ་གཉིས་ཏེ་)ཆོས་དཀོན་མཆོག་དང་〔གསོལ་བ་དང་བཞིའི་ ལས་ཀྱིས་བསྙེན་པར་རྫོགས་པ་སོ་སོའི་སྐྱེ་བོ་དང་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་སློབ་པ་ དང་དགྲ་བཅོམ་མི་སློབ་པ་སྟེ་དེ་ལྟ་བུ་བཞི་ཡན་ཆད་འདུས་པ་〕དགེ་འདུན་དཀོན་མཆོག་སྟེ་ སྟོན་པ་པོ་དང་བསྟན་པ་ཞུ་བ་པོའོ(ཐེག་ཆེན་གྱི་སྐྱབས་གནས་གསུམ་ནི་རྒྱུད་བླར་གསུངས་པ་ལྟར་ཡོན་ཏན་བརྒྱད་ བརྒྱད་དང་ལྡན་པའོ)། །དེ་བཞིན་དུ་རྩ་བ་གསུམ་ནི་(སྨོན་འཇུག་)འདི་ལྟ་སྟེ་བྱང་ཆུབ་ཏུ་སེམས་ བསྐྱེད་པ་དང་(ཐེག་པ་དམན་པ་ལས་ལྷག་པའི་)བསམ་པ་རྣམ་པར་དག་པ་དང་བདག་ཏུ་འཛིན་པ་ དང་བདག་གིར་འཛིན་པ་ཡོངས་སུ་སྤངས་པའོ། །དེ་བཞིན་དུ་སངས་རྒྱས་ལ་སྐྱབས་པ་ དང་ཆོས་ལ་སྐྱབས་པ་དང་དགེ་འདུན་ལ་སྐྱབས་པ་སྟེ་དེ་ལྟར་སྐྱབས་སུ་འགྲོ་བ་གསུམ་མོ། ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་བཞི་ནི་(ཉེར་ལེན་གྱི་ཕུང་པོ་ལྔ་ད་ལྟར་བ་ལ་འབྲལ་མི་ཕོད་པ་ནི་ འདོད་པ་དང་མ་འོངས་པ་ན་ལེན་པར་འདོད་པ་ནི་ལྷག་པར་ཆགས་པ་སྟེ་)འདོད་ཆགས་དང་(སེམས་ཅན་ལ་གནོད་པ་བྱ་ བར་སེམས་པའི་ཀུན་ནས་མནར་སེམས་པའི་)ཞེ་སྡང་དང་(ལས་འབྲས་བདེན་པ་དང་དཀོན་མཆོག་གི་ཡོན་ཏན་ལ་སེམས་ རྨོངས་པའི་)གཏི་མུག་དང་(བདག་ཏུ་ལྟ་བ་ལ་བརྟེན་ནས་སེམས་རློམ་ཞིང་ཁེངས་པའི་)ང་རྒྱལ་ལོ། །(རྫོགས་པའི་བྱང་ ཆུབ་ཀྱི་རྒྱུ་དགེ་བའི་རྩ་བ་སྲོག་དང་འདྲ་བའི་བར་དུ་གཅོད་པའི་)བདུད་བཞི་ནི་〚ཕུང་པོ་འདི་གྲུབ་པ་ན་ན་བ་ 4-1-504 རྒ་བ་རྒུད་པ་སོགས་ཀྱི་རྐྱེན་གྱིས་དགེ་བའི་བར་ཆད་བྱེད་པ་ཕུང་པོ(འི་བདུད་) དང་〔ཉོན་མོངས་ པ་ཤས་ཆེ་བའི་དབང་གིས་དགེ་བའི་བར་ཆད་བྱེད་པ་〕ཉོན་མོངས་པ(འི་བདུད་) དང་( ཚེའི་འདུ་བྱེད་ བཏང་སྟེ་སྲོག་དང་བྲལ་བས་དགེ་བ་བྱེད་པའི་རྒྱུན་ཆད་པ་)འཆི་བདག་(གི་བདུད་)དང་(འདོད་པའི་ལྷའི་བུ་རྣམས་འཕྲག་ དོག་གི་དབང་གིས་དགེ་བའི་བར་ཆད་བྱེད་པ་)ལྷའི་བུ(འི་བདུད་དམ་འདི་ནི་སྔར་བཤད་པ)འོ། །འདི་རྣམས་རྣམ་ པར་ཉམས་པར་བྱེད་པ་སངས་རྒྱས་རྣམས་ཀྱི་ཚངས་པའི་གནས་བཞི་ནི་(སེམས་ཅན་ཚད་མེད་པའི་ བདེ་བ་དང་ཕྲད་པར་འདོད་པའི་)བྱམས་པ་དང་(སྡུག་བསྔལ་རྒྱུ་བཅས་དང་བྲལ་བར་འདོད་པའི་)སྙིང་རྗེ་དང་(བདེ་ བ་དང་མི་འབྲལ་པར་འདོད་པའི་)དགའ་བ་དང་(ཆགས་སྡང་གིས་ཀུན་ནས་ཉོན་མོངས་པ་མེད་པར་འདོད་པའི་)བཏང་ སྙོམས་སོ། །དེ་བཞིན་དུ་རྣམ་པར་ཐར་བ་བཞི་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་ པ་མེད་པ་དང་མངོན་པར་འདུས་མ་བྱས་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་(གུས་སྦྱོར་ལ་བརྟེན་ ནས་སེམས་རྩེ་གཅིག་པ་ལ་རེག་པ་)འདུན་པ་དང་(རྟག་སྦྱོར་ལས་)བརྩོན་འགྲུས་དང་(སྔོན་གོམས་པའི་སྐྱེས་ཐོབ་ ལས་)སེམས་(ཆོས་རྣམ་འབྱེད་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པ་)དང་དཔྱོད་པ(འི་ཏིང་ངེ་འཛིན་གྱི་སྤཽང་བའི་ འདུ་བྱེད་དང་ལྡན་པ)འོ། །སེམས་ཅན་རྣམས་ཀྱི་ཟག་པ་བཞི་ནི་འདི་ལྟ་སྟེ་འདོད་པའི་ཟག་པ་དང་ སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་དང་ལྟ་བའི་ཟག་པའོ། །སངས་རྒྱས་རྣམས་ཀྱི་མི་ འཇིགས་པ་བཞི་ནི་འདི་ལྟ་སྟེ། 〔ང་ནི་སངས་རྒྱས་སོ་ཞེས་〕ཆོས་ཐམས་ཅད་མཁྱེན་པ་〔ཡིན་ པར་ཞལ་གྱིས་མཆིས་པ་〕ལ་(རྒོལ་བ་པོ་མེད་པས་)མི་འཇིགས་པ་དང་(ཐེག་པ་གསུམ་གྱིས་)ཆོས་ཐམས་ ཅད་སྟོན་པ་ལ་〔རྒོལ་བ་པོ་མེད་པས་〕མི་འཇིགས་པ་དང་(གདུལ་བྱ་རྣམས་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་ཐར་ བ་དང་ཐམས་ཅད་མཁྱེན་པ་ལ་བར་ཆད་བྱེད་པར་བརྗོད་པའི་སྒོ་ནས་)སྒྲིབ་པ་མེད་པའི་ལམ་དུ་འཇུག་པ་ལ་ 〔རྒོལ་བ་པོ་མེད་པས་〕མི་འཇིགས་པ་དང་(བདག་ཉིད་)ཟག་པ་ཟད་པའི་ཡེ་ཤེས་ལ་གནས་པ་(ཡིན་ པར་ཞལ་གྱིས་མཆིས་པ་)ལ་〔རྒོལ་བ་པོ་མེད་པས་〕མི་འཇིགས་པ(སྟེ་སྔ་ཕྱི་གཉིས་ནི་རང་དོན་གྱི་དམ་འཆའ་བ་ དང་བར་མ་གཉིས་གཞན་དོན་གྱི་དམ་འཆའ་བ་ལ་མི་འཇིགས་པ)འོ། །བདེན་པ་བཞི་ནི་འདི་ལྟ་སྟེ་(ཟག་བཅས་ 4-1-505 འབྲས་བུས་བསྡུས་པ་སྣོད་བཅུད་)སྡུག་བསྔལ་གྱི་བདེན་པ་དང་(ཟག་བཅས་རྒྱུས་བསྡུས་པ་ལས་)ཀུན་འབྱུང་ གི་བདེན་པ་དང་(ཟག་མེད་རྒྱུས་བསྡུས་པ་གང་གིས་འདོད་ཆགས་དང་བྲལ་བ་)ལམ་གྱི་བདེན་པ་དང་(ཟག་མེད་ འབྲས་བུས་བསྡུས་པ་གང་ཞིག་འདོད་ཆགས་དང་བྲལ་བ་)འགོག་པའི་བདེན་པའོ། །〚ཆོས་རྣམས་ཀྱི་〛རྟོན་པ་ བཞི་ནི་འདི་ལྟ་སྟེ་(ཆོས་རྣམས་ཀྱི་)དོན་ལ་རྟོན་པ(སྟེ་དོན་ལ་དཔྱད་ན་དེ་དང་མི་འབྲལ་བར་རྟེན་ཅིང་འདྲིས་པ)ར་ བྱ་བའི་ཚིག་(གམ་ཡི་གེ་)ལ་རྟོན་པ〔སྟེ་ཚིག་ཙམ་ལ་དོན་ཚོལ་བ〕ར་མི་བྱ་བ་དང་(རྣམ་པར་མི་རྟོག་པའི་)ཡེ་ཤེས་ལ་རྟོན་པ(དེ་ལ་བརྟེན་ཅིང་འདྲིས་པ)ར་བྱ་བའི་(འདོད་ཡོན་ལྔ་སོགས་ཀྱི་རྗེས་སུ་སོང་བའི་)རྣམ་པར་ ཤེས་པ་ལ་རྟོན་པར་མི་བྱ་བ་(སྟེ་དེ་ལ་མི་གནས་ཤིང་བརྟེན་པར་མི་བྱེད་པ་)དང༌། (ཟབ་ཅིང་རྒྱ་ཆེ་བའི་དོན་སྟོན་པ་)ངེས་པའི་དོན་(གྱི་མདོ་སྡེ་)ལ་རྟོན་པ〔སྟེ་དེ་ལ་རྟེན་ཅིང་འདྲེས་པ〕ར་བྱ་བའི་(ལྡེམ་དགོངས་སུ་གསུངས་ པ་)དྲང་པའི་དོན་ལ་རྟོན་པ〔སྟེ་དེ་ལ་རྟེན་ཅིང་འདྲེས་པ〕ར་མི་བྱ་བ་དང་(ཆོས་ཀྱི་ཚུལ་ཕྱིན་ཅི་མ་ལོགས་ པར་སྟོན་ཅིང་ཆོས་དང་མི་འགལ་ན་གང་ཟག་དེ་སུ་ཅི་འདྲ་ཡང་རུང་སྟེ་བསྟེན་པར་བྱ་ཞིང་ཆོས་ཀྱི་ཚུལ་ལེགས་པར་མི་སྟོན་ཅིང་ ཆོས་དང་མི་མཐུན་པའི་སྤྱོད་པ་ཅན་ཡིན་ན་ཆེན་པོར་གྲགས་པ་ཡིན་ཡང་རུང་སྟེ་དེ་ལ་མི་བསྟེན་པ་ནི་)ཆོས་ལ་རྟོན་པར་ བྱའི་གང་ཟག་ལ་རྟོན་པར་མི་བྱ་བ(ཡང་ན་ཆོས་ཀྱི་རྗེས་འབྲང་དང་དད་པའི་རྗེས་འབྲང་ལ་སྦྱར་བ)འོ། །དྲན་ པ་ཉེ་བར་གཞག་པ་བཞི་ནི་ལུས་(མི་གཙང་བ་དང་རང་བཞིན་མེད་པར་ཤེས་རབ་ཀྱིས་ཡོངས་སུ་བརྟགས་ནས་) དྲན་པ་(ལ་)ཉེ་བར་གཞག་པ་དང་ཚོར་བ་(སྡུག་བསྔལ་བ་ཅིར་ཡང་མི་དམིགས་པར་ཡོངས་སུ་བརྟག་ནས་)དྲན་ པ་(ལ་)ཉེ་བར་གཞག་པ་དང་སེམས་〔མི་རྟག་པ་དང་མིང་ཙམ་དུ་ཡོངས་སུ་བརྟགས་ནས་〕དྲན་ པ་〔ལ་〕ཉེ་བར་བཞག་པ་དང༌། (དགེ་མི་དགེའི་)ཆོས་(རྣམས་བདག་མེད་པ་དང་ཅིར་ཡང་མི་དམིགས་པར་ཡོངས་ སུ་བརྟག་ནས་)དྲན་པ་(ལ་)ཉེར་བར་གཞག་པའོ(དྲན་པ་ཉེར་བཞག་ཤེས་རབ་སྟེ་ཞེས་འབྱུང་ངོ་)། །བསྡུ་བའི་ དངོས་པོ་བཞི་ནི་(གདུལ་བྱ་ལ་བཟའ་བ་དང་བགོ་བ་ལ་སོགས་པ་)སྦྱིན་པ་(བྱིན་པས་མགུ་བར་བྱེད་པ་)དང་(དེ་ནས་ དམ་པའི་ཆོས་སྟོན་པ་)སྙན་པར་སྨྲ་བ་དང་(བདག་ཉིད་ཀྱང་ཆོས་སྨྲ་བ་དང་མཐུན་པར་ཉམས་སུ་ལེན་པ་)དོན་སྤྱོད་ པ་དང(བདག་ཉིད་ཆོས་ཇི་ལྟར་ཉམས་སུ་ལེན་པ་ལྟར་གཞན་དེ་ལྟར་བྱེད་དུ་འཇུག་པ་)དོན་མཐུན་པའོ། །འདིར་ 4-1-506 ནི་(དོན་ཞེས་པ་)དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་སྟེ་དེའི་དོན་(བདག་ཉིད་)སྤྱོད་པ་དང་(གཞན་སྒོམ་དུ་ འཇུག་པ་ནི་)དོན་མཐུན་པའོ། །ཆོས་སྦྱིན་པ་ནི་སྦྱིན་པའི་མཆོག་སྟེ་ཆོས་ཀྱི་སྦྱིན་པ་བཞི་ནི་འདུ་ བྱེད་ཐམས་ཅད་མི་རྟག་པ་དང་(ཟག་བཅས་ཀྱི་)འདུ་བྱེད་(ཟག་བཅས་)ཐམས་ཅད་སྡུག་བསྔལ་བ་ དང་(ཕུང་པོ་སོགས་)ཆོས་ཐམས་ཅད་(ལ་གང་ཟག་དང་ཆོས་ཀྱི་)བདག་མེད་པ་དང་མྱ་ངན་ལས་འདས་ པ་(དུ་ཁ་རྒྱུ་བཅས་ཉེ་བར་)ཞི་བའོ། །ཡང་དག་པར་སྤོང་བ་བཞི་ནི་སྡིག་པ་(མི་དགེ་བར་)མ་སྐྱེས་པ་ རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་པ(འི་རྒྱུས་བརྩོན་འགྲུས་)དང་སྡིག་པ་སྐྱེས་པ་རྣམས་ཀྱི་ གཉེན་པོ་དགེ་བའི་རྩ་བ་བསྐྱེད་པ(འི་རྒྱུས་བརྩོན་འགྲུས)་དང་དགེ་བ་མ་སྐྱེས་པ་རྣམས་ཡང་དག་ པར་བསྐྱེད་པ་དང་དགེ་བའི་རྩ་བ་སྐྱེས་པ་རྣམས་(འཕེལ་བར་བྱ་བའི་ཕྱིར་)སངས་རྒྱས་ཉིད་དུ་ ཡོངས་སུ་བསྔོ་བ(འི་རྒྱུའི་བརྩོན་འགྲུས་རྩོམ་པ)འོ། །བཞི་པོ་འདི་དག་ནི་རྣམ་པ་བཞི་སྟེ་རྒྱལ་བ་ མཆོག་གི་རྡོ་རྗེ་རྣམས་ཀྱིས་ཞེས་པ་(དོན་དམ་ཡེ་ཤེས་ཀྱི)〈དོན་དམ་གྱི〉སྐུ་དང་གསུང་དང་ཐུགས་དང་ ཡེ་ཤེས་(རྡོ་རྗེ་)རྣམ་པར་དག་པ་དང་(དོན་དམ་པའི་)སྤྲུལ་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་ དང་ངོ་བོ་ཉིད་ཀྱི་སྐུ་རྣམ་པར་དག་པ་(མོས་པར་ཡིད་ལ་བྱེད་པས)〈འཇིག་རྟེན་ལས་འདས་པའི་ཕྱག་ རྒྱ་ཆེན་པོ་དངོས་གྲུབ་ཀྱི་དོན་དུ་པྲ་ཕབ་པ་དང་མཚུངས་པ་བླ་མ་དམ་པའི་མན་ངག་གིས་ མངོན་སུམ་དུ〉བསྒོམ་པར་བྱ་བ་སྟེ་འཇིག་རྟེན་པའི་དངོས་གྲུབ་ཀྱི་སླད་དུ་〈ནི་བདེ་གཤེགས་ སྙིང་པོ་དེ་ཉིད་ལ〉ལྷའི་རྣམ་པ(འི་གཟུགས་སུ་བརྟགས་པ)འོ(འཇིག་རྟེན་འདས་པའི་དངོས་གྲུབ་ཀྱི་དོན་དུ་ནི་རྡོ་རྗེ་ བཞི་དང་སྐུ་བཞི་པྲ་ཕབ་པའི་སྣང་བ་དང་མཚུངས་པའི་མངོན་སུམ་གྱིས་བསྒོམ་པར་བྱའོ)། ༢༣༨ ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་ནི་ལྷའི་མིག་དང་ ལྷའི་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ནམ་མཁའ་ (ལ་འགྲོ་བའི་)རྫུ་འཕྲུལ་ལོ། 〈མ་དད་པ་ལ་སོགས་པ་མི་མཐུན་ཕྱོགས་རྣམས་འཇོམས་ནུས་པའི〉། སྟོབས་ལྔ་ནི་(བྱང་ཆུབ་ལ་ཡིད་ཆེས་ཤིང་འདུན་པའི་)དད་པའི་སྟོབས་དང་(བྱང་ཆུབ་ཀྱི་སྤྱོད་པ་ལ་སྦྱོར་བའི་) 4-1-507 བརྩོན་འགྲུས་ཀྱི་སྟོབས་དང་(ཐོས་པའི་དམིགས་པ་མི་བརྗེད་པའི་)དྲན་པའི་སྟོབས་དང་(ཞི་གནས་ལ་སེམས་ མི་འཕྲོ་བའི་)ཏིང་ངེ་འཛིན་གྱི་སྟོབས་དང་(ཆོས་རབ་ཏུ་རྣམ་པར་འབྱེད་པའི་)ཤེས་རབ་ཀྱི་སྟོབས་ཏེ་དེ་ བཞིན་དུ་(དད་པ་ལ་སོགས་པ〈ལ་དབང་བྱེད་པ〉འི)དབང་པོ་ལྔའོ(དད་སོགས་དེ་དག་འཕགས་པའི་ལམ་སྒྲུབ་ པའམ་རྣམ་བྱང་ལ་དབང་བྱེད་པས་དབང་པོ་དང་མི་མཐུན་ཕྱོགས་འཇོམས་པས་སྟོབས་ཞེས་བྱའོ)། །(སྤང་བྱ་)སེམས་ ཅན་རྣམས་ཀྱི་ལྟ་བ་ལྔ་ནི་(ཕུང་པོ་ལ་བདག་གམ་བདག་གིར་འཛིན་པ་)འཇིག་ཚོགས་ལ་ལྟ་བ་དང་(རྟག་ ཆད་ཀྱི་)མཐར་འཛིན་པའི་ལྟ་བ་དང་(རྒྱུ་འབྲས་མེད་ཅེས་ལྟ་བུ་)ལོག་པར་ལྟ་བ་དང་ལྟ་བ་(དམན་པ་ལ་)མཆོག་ཏུ་འཛིན་པ(འམ་དེ་ཙམ་ཁོ་ནས་གྲོལ་བར་འདོད་པ་)དང་ཚུལ་ཁྲིམས་དང་བརྟུལ་ཞུགས་(དམན་ པ་ལ)མཆོག་ཏུ་འཛིན་པ(དེ་ཙམ་ཁོ་ནས་གྲོལ་བར་འདོད་པ)འོ། །སངས་རྒྱས་རྣམས་ཀྱི་སྤྱན་ལྔ་(ཆོས་ ཡང་དག་པར་སྡུད་པ་ལས་གསུངས་པ་)ནི་(རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་གཟིགས་པའི་)〈བདེ་གཤེགས་སྙིང་པོ་ གཟིགས་པའི་སྤྱན་ཏེ〉ཤའི་སྤྱན་དང་ལྷའི་སྤྱན་དང་སངས་རྒྱས་ཀྱི་སྤྱན་དང་ཤེས་རབ་ཀྱི་སྤྱན་ དང་ཡེ་ཤེས་ཀྱི་སྤྱན་ནོ(མདོ་གཞན་ལས་ནི་ཤའི་དང་ལྷའི་དང་ཤེས་རབ་ཀྱི་དང་ཆོས་ཀྱི་དང་སངས་རྒྱས་ཀྱི་སྤྱན་ཞེས་ གསུངས་ཏེ་དང་པོ་གཉིས་ཆོས་ཅན་མཐོང་བ་དང་གསུམ་པ་ཆོས་རྣམས་ལ་རྣམ་པར་མི་རྟོག་པ་དང་བཞི་པ་འཕགས་པའི་གང་ ཟག་གི་དབང་པོ་རྣོ་རྟུལ་ཤེས་པ་དང་ལྔ་པ་སངས་རྒྱས་ཁོ་ནའི་སྤྱན་དུ་བཞག་གོ)། །སངས་རྒྱས་རྣམས་ཀྱི་འཇིག་ རྟེན་ལས་འདས་པའི་ཕུང་པོ་ལྔ་ནི་(ཉེས་པའི་སྤྱོད་པ་མཐའ་དག་དང་བྲལ་བ་)ཚུལ་ཁྲིམས་ཀྱི་ཕུང་པོ་དང་ (དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་ཚད་མེད་པ་)ཏིང་ངེ་འཛིན་གྱི་ཕུང་པོ་དང་(ཤེས་བྱ་ཡང་དག་པར་རབ་ ཏུ་རྣམ་འབྱེད་རབ་ཀྱི་མཐར་ཕྱིན་པ་)ཤེས་རབ་ཀྱི་ཕུང་པོ་དང་(སྒྲིབ་པ་གཉིས་ལས་)རྣམ་པར་གྲོལ་བའི་ཕུང་ པོ་(སྤངས་པ་ཕུན་སུམ་ཚོགས་པ་)དང་རྣམ་པར་གྲོལ་བའི་ཡེ་ཤེས་(ཇི་ལྟ་བ་དང་ཇི་སྙེད་པ་)གཟིགས་པའི་ ཕུང་པོ(རྟོགས་པ་ཕུན་སུམ་ཚོགས་པ)འོ། །(སྤང་བྱ་)འཇིག་རྟེན་པའི་(ཕུང་པོ་ལྔ་)ནི་གཟུགས་ལ་སོགས་ པ་(རྣམ་ཤེས་ཀྱི་བར་ཉེ་བར་ལེན་བའི་ཕུང་པོ་)རྣམས་སོ། །ཁམས་རྣམས་ནི་ས་ལ་སོགས་པ་རྣམས་དང་ དབང་པོ་རྣམས་ནི་མིག་ལ་སོགས་པ་རྣམས་དང་ཡུལ་རྣམས་ནི་དྲི་ལ་སོགས་པ་རྣམས་དང་ 4-1-508 ལས་ཀྱི་དབང་བོ་རྣམས་ནི་བཤང་ལམ་ལ་སོགས་པ་རྣམས་དང་ལས་ཀྱི་དབང་པོའི་བྱ་བ་ནི་ བརྗོད་པ་ལ་སོགས་པ་རྣམས་སོ། །དེ་ལྟར་ལྔ་སྟེ་ཆོས་ཀྱི་ཁམས་དང་ལྷན་ཅིག་ཐམས་ཅད་ (དྲུག་)དྲུག་གོ། རྗེས་སུ་དྲན་པ་དྲུག་ནི་སངས་རྒྱས་(ཀྱི་ཡོན་ཏན་རིག་པ་དང་ཞབས་སུ་ལྡན་པ་སོགས་)རྗེས་ སུ་དྲན་པ་དང་ཆོས་(ཀྱི་ཡོན་ཏན་ཐོག་མཐའ་བར་དུ་དགེ་བ་སོགས་)རྗེས་སུ་དྲན་པ་དང་དགེ་འདུན་(གྱི་ཐུན་ མོང་གི་ཡོན་ཏན་ལེགས་པར་ཞུགས་པ་སོགས་དང་ཐུན་མོངས་མིན་པའི་ཡོན་ཏན་ཕྱིར་མི་ལྡོག་པའི་ས་བརྙེས་པ་སོགས་)རྗེས་ སུ་དྲན་པ་དང་(སྦྱིན་པ་ནི་མཛའ་བཤེས་འཕེལ་བར་བྱེད་པའོ་ཞེས་སོགས་)གཏོང་བ་རྗེས་སུ་དྲན་པ་དང་(ཐུན་ མོང་མ་ཡིན་པའི་ཡོན་ཏན་ཕྱིར་མི་ལྡོག་པའི་ས་བརྙེས་པ་སོགས་)ཚུལ་ཁྲིམས་(ནི་འགྱོད་པ་མེད་པས་རྒྱུད་བསིལ་བར་བྱེད་ པའོ་ཞེས་སོགས་)རྗེས་སུ་དྲན་པ་དང་(ལྷག་པའི་)ལྷ(འི་ཡོན་ཏན་)རྗེས་སུ་དྲན་པ(དེ་རྣམས་ཀྱང་མཉམ་བཞག་ ཏུ་དྲན་པ་དང་ཡིད་ལ་བྱེད་པ་མེད་པའི་ཚུལ་དང་རྗེས་ཐོབ་ཏུ་མོས་པ་ཡིད་ལ་བྱེད་པའི་ཚུལ་གྱིས་དྲན་པ)འོ། །(ཟད་པ་དང་ མི་སྐྱེ་བ་ཤེས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པའམ་མཐོང་ལམ་བྱང་ཆུབ་ཀྱི་རང་བཞིན་དང་གནས་སོགས་ཀྱི་སྒོ་ནས་ཡན་ལག་ཏུ་ གྱུར་པ)བྱང་ཆུབ་ཀྱི་ཡན་ལག་བདུན་ནི་(མ་རྟོགས་པ་རྟོགས་པར་བྱེད་ཅིང་དམིགས་རྣམས་མི་བརྗེད་པའི་)དྲན་ པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་(བདག་ཏུ་འཛིན་པའི་མཚན་མ་འཇོམས་ཤིང་བདེན་བཞིའི་)ཆོས་རབ་ ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་(མངོན་ཤེས་མྱུར་བར་བསྒྲུབ་པའི་)བརྩོན་ འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་(ཆོས་ཀྱི་སྣང་བ་འཕེལ་བས་ལུས་སེམས་ཚིམ་པའི་)དགའ་བ་ ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་(གནས་ངན་ལེན་དང་བྲལ་བས་ལུས་སེམས་ལས་སུ་རུང་བའི་བདེ་བ་ཐོབ་པ་)ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་(གནས་གྱུར་གྱི་ཡོན་ཏན་འབྱུང་བའི་གཞི་རྩེ་གཅིག་ པའི་)ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་(ཇི་ལྟར་འདོད་པ་བཞིན་གནས་པ་རྣམ་པར་མི་རྟོག་ པའི་ཡེ་ཤེས་)བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། མཆོད་པ་རྣམ་པ་བདུན་ནི་ཕྱག་ འཚལ་བ་དང་མཆོད་པ་དང་(སྡིག་པ་)བཤགས་པ་དང་(དགེ་བ་ལ་)རྗེས་སུ་ཡིད་རང་བ་དང་(ཆོས་ ཀྱི་འཁོར་ལོ་བསྐོར་བར་)〈ཆོས་གསུང་བར་〉བསྐུལ་བ་དང་〈ཡུན་རིང་དུ་བཞུགས་པར〉(མྱ་ངན་ལས་མི་ 4-1-509 འདའ་བར)གསོལ་བ་གདབ་པ་དང་(དགེ་བ་)ཡོངས་སུ་བསྔོ་བའོ། །(སྒོམ་ལམ་གྱི་ཡན་ལག་གམ་རྒྱུར་གྱུར་ བ་འཕགས་པའི་)ལམ་ཡན་ལག་བརྒྱད་པ་ནི་(མཐོང་ལམ་གྱི་རྟོགས་པའི་རྗེས་སུ་འཇུག་པ་)ཡང་དག་པའི་ལྟ་ བ་དང་(རྟོགས་པའི་དོན་གཞན་གྱིས་གོ་བའི་ངག་ཀུན་ནས་སློང་བ་)ཡང་དག་པའི་རྟོག་པ་དང་(ངག་གི་ལས་དག་ ཅིང་ཆོས་ཀྱི་གཏམ་གཏན་ལ་འབེབས་པ་)ཡང་དག་པའི་ངག་དང་(ལུས་ཀྱི་ལས་དག་པ་)ཡང་དག་པའི་ལས་ ཀྱི་མཐའ་དང་(ལུས་ངག་གཉིས་ཀའི་ལས་དག་པས་འཚོ་བ་དག་པ་)ཡང་དག་པའི་འཚོ་བ་དང་(ཡུན་རིང་པོར་ མི་སྐྱོ་བར་ཤེས་སྒྲིབ་ཀྱི་གཉེན་པོ་བསྒོམས་པ་)ཡང་དག་པའི་རྩོལ་བ་དང༌། (བྱིང་རྒོད་མེད་པར་ལམ་མངོན་དུ་བྱ་ བའི་སྒྲིབ་པའི་གཉེན་པོ་བསྒོམ་པ)ཡང་དག་པའི་དྲན་པ་དང་(ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་སྒྲིབ་པའི་ གཉེན་པོར་སྒྲུབ་པ་)ཡང་དག་པའི་ཏིང་ངེ་འཛིན་ནོ། །བསམ་གཏན་གྱི་རྣམ་པར་ཐར་བ་བརྒྱད་ ནི་(སྒོམ་པ་པོ་རང་ལ་གཟུགས་སུ་འདུ་ཤེས་པས་སྣོད་བཅུད་ཀྱི་)གཟུགས་(སྣ་ཚོགས་)སྟོང་པར་ལྟ་བ་དང་(སྒོམ་པ་ པོ་རང་གི་)ནང་གི་གཟུགས་དང་ཕྱིའི་གཟུགས་སྟོང་པར་ལྟ་བ་སྟེ་(རང་ལ་གཟུགས་མེད་དུ་འདུ་ཤེས་པས་ ཕྱིའི་གཟུགས་སྣ་ཚོགས་སྟོང་པར་ལྟ་བའོ་)སྟོང་པ་ཞེས་པ་ནི་རྣམ་པ་ཐམས་ཅད་པའི་གཟུགས་སོ(དེ་དག་ནི་ གཟུགས་ཅན་དང་གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་གཉིས་ཏེ་ལྟ་བུ་ཡུལ་ཕྱི་རོལ་ཀྱི་གཟུགས་ལ་ལྟ་བས་ལས་སྣང་གི་ གཟུགས་མི་སྣང་བར་སྟོང་གཟུགས་སུ་སྣང་བའོ)། །སྡུག་པ་དང་མི་སྡུག་པ་ལྟ་བས་བྱས་པ་(ཞེས་གཟུགས་སྡུག་ པ་སྤྲུལ་པར་འདོད་ཅིང་མི་སྡུག་པ་སྤྲུལ་པར་མི་འདོད་པའི་གཉེན་པོར་སྡུག་མི་སྡུག་གཉི་ག་)སྟོང་པར་ལྟ་བ་(སྡུག་པའི་རྣམ་ ཐར་)དང(གཟུགས་མེད་ཁམས་པའི་)ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོང་པར་ལྟ་བ་དང་རྣམ་ཤེས་ མཐའ་ཡས་སྐྱེ་མཆེད་སྟོང་པར་ལྟ་བ་སྟེ་(ལྟ་བའི་ཚུལ་ནི་)རྣམ་པ་ཐམས་ཅད་པའི་གཟུགས་ལ་(ལྟ་ བ)འོ། །ཅི་ཡང་མེད་པའི་སྐྱེ་མཆེད་སྟོང་པར་ལྟ་བ་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་ མཆེད་(དེ་ཐར་པ་དང་མཐུན་པར་གནས་པའི་ལམ་ཞེས་བརྗོད་པ་བཞི་)སྟོང་པར་ལྟ་བ་དང་〔སེམས་དང་སེམས་ བྱུང་རགས་པ་རྣམས་འགོག་པས་ཞི་བར་གནས་པའི་ལམ་ཞེས་བརྗོད་པ་〕འདུ་ཤེས་དང་ཚོར་ བ་འགོག་པ་སྟོང་པར་ལྟ་བ་སྟེ་(རྣམ་པ་ཐམས་ཅད་པའི་)སྟོང་པ་ཉིད་སྒོམ་པ་ལའོ། །གཟུགས་ཅན་ 4-1-510 བརྒྱད་ནི་(རྒྱུའི་གཟུགས་)འབྱུང་བ་ཆེན་པོ་བཞི་དང་(འབྲས་བུའི་གཟུགས་ལ་)གཟུགས་དང་དྲི་དང་རོ་ དང་རེག་བྱའོ། །ཡང་དག་པར་བསྡུ་བར་མཛད་པ་རྣམས་ཀྱི་གསུང་རབ་ཡན་ལག་དགུུ་(ཡོངས་ སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པར་འབྱུང་བ་)ནི་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པ་དང་ ལུང་བསྟན་པ་དང་ཚིགས་སུ་བཅད་པ་དང་ཆེད་དུ་བརྗོད་པ་དང་གླེང་གཞི་དང་དེ་ལྟ་བུ་བྱུང་ བ་དང་སྐྱེས་པའི་རབས་དང་ཤིན་ཏུ་རྒྱས་པ་རྨད་དུ་བྱུང་བ་སྟེ་(གཏན་ལ་དབབ་པ་ནི་ཐམས་ཅད་ལ་འདུས་ ཤིང་རྟོགས་པ་བརྗོད་པ་དང་དེ་ལྟ་བུ་འབྱུང་བ་ནི་གླེང་གཞིར་འདུས་ཞེས་གསུང་དགེ་འདུན་ཕལ་ཆེན་སྡེ་བས་ནི་གླེང་གཞི་རྟོགས་ བརྗོད་གཏན་ལ་དབབ་པ་གསུམ་གཞན་དགུ་པོ་ཀུན་ལ་བསྡུས་སོ། །ཞེས་སློབ་དཔོན་བྷ་བ་བྷ་ཏྲས་འཆད་དོ)ཆོས་ཡང་དག་ པར་བསྡུ་བའི་སླད་དུའོ། ༢༣༩ ། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་(ས་བཅུ་དང་དབང་བཅུ་སྟེ་)བཅུ་པོ་རྣམས་ནི་མཆོག་ཏུ་མི་ འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་ རྣམས་ཀྱང་བརྗོད་ཟིན་ཏོ། །འདིར་དགེ་སློང་རྣམས་ཀྱིས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ ནི་(ཟས་བཟང་པོ་ལ་ཞེན་པའི་གཉེན་པོ་)བསོད་སྙོམས་པ་དང༌། (གོས་མང་པོ་ལ་ཞེན་པའི་གཉེན་པོ་)ཆོས་གོས་ གསུམ་པ་དང༌། (ཟས་ཡང་ཡང་ལེན་པ་ལ་ཞེན་པའི་གཉེན་པོ་)ཟས་ཕྱིས་མི་ལེན་པ་དང༌། (ཉལ་བ་དང་བསྙེས་ པ་སོགས་ལ་ཞེན་པའི་གཉེན་པོ་)ཙོག་བུ་པ་དང༌། (འདུག་ས་བདེ་བ་ཡོད་པ་ལ་ཞེན་པའི་གཉེན་པོ་)གཞི་ཇི་བཞིན་ པ་དང༌། (ཡང་ཡང་ཟ་བ་ལ་ཞེན་པའི་གཉེན་པོ་)གདན་གཅིག་པ་དང༌། (གནས་སྟེང་གཡོག་ཅན་ཞེན་པའི་གཉེན་པོ་) བླ་གབ་མེད་པ་དང༌། (ཀུན་ནས་བསྐོར་བ་ལ་ཞེན་པའི་གཉེན་པོ་)ཤིང་དྲུང་བ་དང༌། (འདུ་འཛི་ཅན་ལ་ཞེན་པའི་ གཉེན་པོ་)དགོན་པ་བ་དང༌། (གནས་ཀྱི་སྦྱོར་བ་ལ་ཞེན་པའི་གཉེན་པོ་)དུར་ཁྲོད་པ་དང༌། (གོས་བཟང་པོ་ལ་ ཞེན་པའི་གཉེན་པོ་)(གོས་འཇམ་པོ་ལ་ཞེན་པའི་གཉེན་པོ་)ཕྱག་དར་ཁྲོད་པ་དང༌། (གོས་འཇམ་པོ་ལ་ཞེན་པའི་གཉེན་ པོ་)ཕྱིང་པ་བའོ(དེ་རྣམས་ལ་ཟས་ཀྱི་དབང་དུ་བྱས་པ་གསུམ་གོས་ཀྱི་དབང་དུ་བྱས་པ་གསུམ་གནས་ཀྱི་དབང་དུ་བྱས་པ་ བཞི་སྤྱོད་ལམ་གྱི་དབང་དུ་བྱས་པ་གཉིས་སོ)། །དེ་ལྟར་དང་པོར་(ཐེག་པ་གསུམ་གྱི་)ཆོས་ཐམས་ཅད་ཡང་དག་ 4-1-511 པར་བསྡུ་བ་ཤེས་ནས་དེ་ནས་རང་གི་ལུས་ལ་(གདོད་མ་ནས་གནས་པའི་ཡེ་ཤེས་ཆེན་པོ་)ཁྱབ་བདག་ མཆོག་གི་གོ་འཕང་(དང་བོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་)〈མཐར་ཐུག་བདེ་གཤེགས་སྙིང་པོ་རྡོ་རྗེ་ སེམས་དཔའ་〉མ་ནིང་ནི་སྔགས་པས་བསྒོམ་པར་བྱ་བ་སྟེ་སློབ་དཔོན་དང་བཅས་པ(འི་སློབ་མ་) ཡིས་སོ་ཞེས་པའི་དོན་ཏོ། ༢༤༠ ། ༈ འདིའི་རྗེས་ལ་རྩིས་ཀྱི་གྲངས་གཅིག་ལ་སོགས་པ་ལ་ཟླ་བ་ལ་སོགས་པའི་མིང་རབ་ ཏུ་གསལ་བར་བྱེད་པའི་ཚིགས་སུ་བཅད་པ་གཉིས་ནི་གོ་སླའོ། ༢༤༢ ། ༈ ད་ནི་རྒྱུད་ཀྱི་ཡོན་ཏན་གསུངས་པ་རྒྱུད་ཀྱི་རྒྱལ་པོ་ཞེས་པ་ལ་སོགས་པ་སྟེ་རྣལ་འབྱོར་ མ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དག་ཏུ་ངེས་པར་རྡོ་རྗེའི་ཚིག་མཆོག་ཏུ་མི་ འགྱུར་བའི་བདེ་བ་(དབང་བཞི་པའི་དོན་)ནི་རྡོ་རྗེ་ཅན་ཤཱཀྱ་ཐུབ་པས་སྦས་པ་སྟེ། རྡོ་རྗེ་ཞེས་པ་ནི་ (རྣམ་པར་རྟོག་པས་)མི་ཕྱེད་པའི་ཡེ་ཤེས་〈བདེ་གཤེགས་སྙིང་པོ་སྟེ〉བསམ་དུ་མེད་པའི་ཐུགས་རྡོ་ རྗེའོ། །དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་ཅན་ཏེ་རྡོ་རྗེ་ཅན་དེས་སོ། །(སྦེད་པའི་རྒྱུ་མཚན་)དེ་ཅིའི་ཕྱིར་ ཞེ་ན་(རྒྱ་གར་)འཕགས་པའི་ཡུལ་དུ་སངས་རྒྱས་པ་རྣམས་ཀྱི་(སྒྲ་ཚད་དང་ཆོས་མངོན་པ་ལ་སོགས་པ་) མཁས་པའི་མངོན་(པར་ཁེངས་)པའི་ང་རྒྱལ་གྱི་ཕྱིར་ཏེ་གང་གི་སངས་རྒྱས་བའི་མཁས་པ་རྣམས་ བླ་མའི་སྲི་ཞུ་(སྟེ་བཀུར་སྟི་སོགས་)བྱས་པ་མེད་པར་(རྒྱུད་ཀྱི་)གླེགས་བམ་མཐོང་ནས་བདག་ཅག་ རྣམས་ཀྱིས་རྡོ་རྗེའི་ཚིག་ཤེས་སོ་ཞེས་བརྗོད་པར་འགྱུར་བའི་ང་རྒྱལ་དེས་དམྱལ་བར་འགྲོ་ སྟེ་དབང་ཡང་དག་པར་སྦྱིན་པ་མེད་པའི་ཕྱིར་རོ། །དེ་བས་ན་(ཉེས་པའི་གནས་དགག་པའི་ཕྱིར་)སྦས་ སོ། །དེས་ན་དང་པོའི་སངས་རྒྱས་སུ་ནི་(གསལ་བར་བསྟན་ཏེ་)ཤམ་བྷ་ལའི་ཡུལ་དུ་སྐྱེས་པ་ང་ རྒྱལ་(དང་གཡོ་སྒྱུ་སོགས་)མེད་པའི་སེམས་དང་ལྡན་པའི་སྲོག་ཆགས་(སྐལ་ལྡན་)རྣམས་ཀྱི་ཐར་པའི་ སླད་དུ་(དབང་བཞི་བའི་དོན་ཡན་ལག་དང་བཅས་པ)〈མཐར་ཐུག་ངེས་དོན་གྱི་གཞི་ལམ་འབྲས་བུ་འཁོར་ དང་བཅས་པ་〉མ་ལུས་པ་ཡང་མངོན་སུམ་དུ་(སྟེ་ཤིན་ཏུ་གསལ་བར་)གསུངས་སོ། །དེའི་ཕྱིར་(དབང་ 4-1-512 བཞི་པ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་དང་དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་)མཐའ་དག་མ་ཚང་ བ་མེད་པ་(སྟོན་པའི་)རྒྱུད་ཀྱི་རྒྱལ་པོ་ནི་འཇིག་རྟེན་ལས་འདས་པ་སྟེ་འཇིག་རྟེན་གྱི་རྒྱུད་བྱ་བའི་ རྒྱུད་དང་འཇིག་རྟེན་ལས་འདས་པ་རྣལ་འབྱོར་གྱི་རྒྱུད་དེ་དེ་དག་ལས་འདས་པ་(གོང་མ་ལས་ ཀྱང་གོང་མར་གྱུར་པ་)ནི་འཇིག་རྟེན་ལས་འདས་པའོ། །(དེ་ལྟ་བུའི་རྒྱུད་དེ་གང་ཡིན་ན་)དཔལ་ལྡན་རྒྱུད་ནི་ དང་པོའི་སངས་རྒྱས་ཏེ་མཆོག་གི་རྒྱལ་བའི་བདག་པོ་〔རྡོ་རྗེ་སེམས་དཔའི་〕ཡེ་ཤེས་ཀྱི་སྐུ་ལྷན་ ཅིག་སྐྱེས་པའི་〔བདེ་བ་ཆེན་པོ་རབ་ཏུ་གསལ་བར་〕〈མཐར་ཐུག་བདེ་གཤེགས་སྙིང་པོ་ལམ་ དང་བཅས་ཤིང་འཁོར་དང་བཅས་པ〉མངོན་པར་བརྗོད་པ་ཡི་རྗོད་བྱེད་དོ། ༢༤༣ ། ༈ (ཉི་ཤུ་པ་འགྱུར་མེད་ལྔ་དང་འགྱུར་མེད་དྲུག་གི་སྟོང་པ་ཆེན་པོ་དང་ཐིག་ལེ་སྟོང་པ་ལ་བསྟོད་པའི་ངོ་བོ་ཉིད་)ད་ ནི་བཅོམ་ལྡན་འདས་ཀྱི་རྣམ་པ་ལྔའི་བསྟོད་པ་གསུངས་པ་གང་ལ་ཞེས་པ་ལ་སོགས་པ་སྟེ་ འདིར་〈རང་སྟོང་མིན་པའི་སྟོང་ཉིད་ཡིན་པས〉སྟོང་པ་ཆེན་པོ་འགྱུར་མེད་ལྔ་ནི་(ཐབས་ཝཾ་ཡིག་)རྡོ་རྗེ་(སྟེ་རྟེན་ པ)འོ། །དེའི་སྟོང་པ་(ཆེན་པོ་འགྱུར་མེད་)དང་པོ་(གྲི་གུག་གི་རྣམ་པས་མཚོན་པ་)ནི་(ཁམས་གསུམ་གྱི་)〈ཀུན་རྫོབ་ ཀྱི〉རྣམ་པར་(དེ་ལྟ་བུའི་རྒྱུད་སྡེ་གང་ཡིན་ན་)ཤེས་པ་〈དང་ཡེ་ཤེས་གདོད་ནས〉(གདོད་ནས་)འགགས་ པ〈འི་གཞི་རྣམ་ཤེས་དང་ཡེ་ཤེས་གཞན་དོན་དམ་བདེ་གཤེགས་སྙིང་པོ་རྣམ་ཤེས་མི་བསྐྱོད་ པ་དང་ཡེ་ཤེས་རྡོ་རྗེ་སེམས་དཔའ་〉(གཞི་རྣམ་ཤེས་ཀྱི་ཕུང་པོ་གཞན་མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས)་སྟེ་(ཡེ་ ཤེས་གཞན་རྡོ་རྗེ་སེམས་དཔའ་ཡང་འདིར་འདུས་སོ་)གང་ལ་ཐོག་མཐའ་དབུས་མེད་ཅེས་པ་ལ་སོགས་པ་ ནས་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ་ཞེས་པའི་མཐར་ཐུག་པ་རྣམ་པར་ཤེས་པའི་ཆོས་ ཉིད་འདས། གཉིས་མེད་ཡེ་ཤེས་ཚུལ་འཆང་བ་ཞེས་པ་སྟེ་རྣམ་པར་ཤེས་པའི་ཆོས་ཉིད་ལས་ འདས་པའི་ཕྱིར་(རྣམ་ཤེས་)〈རྣམ་ཤེས་ཡེ་ཤེས་〉དེའི་རིགས་ལས་བྱུང་བ་ནམ་མཁའ(འི་ཁམས་དང་) ལ་སོགས་པའི་(སྒྲས་ཡེ་ཤེས་ཀྱི་)ཁམས་དང་(རྣ་བ་དང་ཡིད་ཀྱི་)དབང་པོ་(དང་)ལ་སོགས་པ་(ཆོས་ཀྱི་ཁམས་ དང་སྒྲ་དང་གསང་གནས་དང་མཆོག་གི་དབང་པོ་ས་བོན་དང་དྲི་ཆུ་འབབ་པ་)རྣམས་ལས་ཀྱང་འདས་པ་〔རྡོ་རྗེ་ 4-1-513 དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་〕〈སྣ་ཚོགས་ཡུམ། ཕྱག་ན་རྡོ་རྗེ། ཀུན་ཏུ་བཟང་པོ། ཆོས་ དབྱིངས་རྡོ་རྗེ་མ། སྒྲ་རྡོ་རྗེ་མ། གཙུག་ཏོར། གནོད་མཛེས། དྲག་སྤྱན་མ། ཤིན་ཏུ་སྔོན་པོ་རྣམས་〉 ཉིད་དོ། ༢༤༤ ། ༈ དེ་ནས་སྟོང་པ་(ཆེན་པོ་འགྱུར་མེད་)〈ཆེན་པོ་འགྱུར་མེད་〉གཉིས་པ་(དབང་ཕྱུག་པའི་རྣམ་པས་མཚོན་ པ)ནི་(འཁོར་བ་པའི་)འདུ་བྱེད་འགག་པ(འི་གཞི་འདུ་བྱེད་གཞན་དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་)〈འི་གཞི་འདུ་ བྱེད་གཞན་བདེ་གཤེགས་སྙིང་པོའི་འདུ་བྱེད་དོན་ཡོད་གྲུབ་པ་〉སྟེ་དུས་དང་སྣ་ཚོགས་ལ་ སོགས་རྡོ་རྗེ་ཞེས་པ་ལ་སོགས་པ་ནས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ་ཞེས་པའི་མཐར་ ཐུག་པ་གོ་སླའོ། །དེ་བཞིན་དུ་འདུ་བྱེད་གཞན་དེ་རྣམས་ཞེས་གསུངས་པའི་ཕྱིར་〈དོན་དམ་ པའི་〉རླུང་གི་ཁམས་དང་〈སྣ་དང་ངག་གི་〉དབང་པོ་〈དང་རེག་བྱ་དང་བཤང་བ་འབབ་པ་〉ལ་ སོགས་པ་(སྒྲིབ་བཅས་)〈གཞན་དེ་〉རྣམས་(འགགས་པའི་གཞི་རླུང་ཁམས་གཞན་ལ་སོགས་པ)སྒྲིབ་པ་མེད་པ་ (སྒྲོལ་མ་ལ་སོགས་པ་)ཉིད་〈ནི་སྒྲོལ་མ། ནམ་མཁའི་སྙིང་པོ། བགེགས་དགྲ། རེག་བྱ་རྡོ་རྗེ་མ། ཤིན་ཏུ་ སྟོབས་མ་རྣམས་〉སྟོང་པ་གཉིས་པས་རིག་པར་བྱའོ། ༢༤༥ ། ༈ དེ་ནས་སྟོང་པ་〈ཆེན་པོ་འགྱུར་མེད་〉གསུམ་པ་(ཐིག་ལེ་གཉིས་ཀྱིས་མཚོན་པ་)ནི་(འཁོར་བ་ པའི་)ཚོར་བ་འགགས་པ(འི་གཞི་ཚོར་བ་གཞན་རིན་འབྱུང་མཉམ་ཉིད་ཡེ་ཤེས་)〈འི་གཞི་ཚོར་བ་གཞན་དོན་ དམ་བདེ་གཤེགས་སྙིང་པོའི་རིན་འབྱུང་སོགས་〉སྟེ། སྤྲོ་བྱེད་ཅེས་པ་ལ་སོགས་པ་ནས་རྣམ་ པར་བཅད་པ་དེ་ལ་ཕྱག་འཚལ་ལོ་ཞེས་པའི་མཐར་ཐུག་པ་སྟེ། ཚོར་བ་གཞན་དེ་ནི་ ཞེས་གསུངས་པའི་ཕྱིར་མེའི་ཁམས་དང་(མིག་དང་ལག་པའི་)དབང་པོ་〈གཞན་〉ལ་སོགས་པ་〈རོ་ དང་འགྲོ་བ་གཞན〉(སྒྲིབ་བཅས་)རྣམས་(འགགས་པའི་གཞི་མེའི་ཁམས་གཞན་ལ་སོགས་པ)〈གདོད་ནས་〉སྒྲིབ་ པ་མེད་པ་(གོས་དཀར་མོ་ལ་སོགས་པ)ཉིད་〈སའི་སྙིང་པོ་རྨུགས་བྱེད་རོ་རྡོ་རྗེ་མ་སོགས་〉ནི་སྟོང་པ་ གསུམ་པའོ། ། 4-1-514 ༈ དེ་ནས་སྟོང་པ་〈ཆེན་པོ་འགྱུར་མེད〉བཞི་པ་(ཐིག་ལེས་མཚོན་པ)ནི་འདུ་ཤེས་འགག་པ(འི་ འདུ་ཤེས་གཞན་སྣང་བ་མཐའ་ཡས་སོར་རྟོག་ཡེ་ཤེས་)〈འི་གཞི་འདུ་ཤེས་གཞན་བདེ་གཤེགས་སྙིང་པོའི་ འདུ་ཤེས་སྣང་བ་མཐའ་ཡས་〉སྟེ་དཀར་པོ་ཞེས་པ་ལ་སོགས་པ་ནས་ཐིག་ལེའི་གཟུགས་ལ་ ཕྱག་འཚལ་ལོ་ཞེས་པ་ནི་མཐར་ཐུག་པ་སྟེ། འདུ་ཤེས་གཞན་དེ་ནི་ཞེས་གསུངས་པའི་ཕྱིར་ ཆུའི་ཁམས་〈གཞན་〉དང་(ལྕེ་དང་རྐང་པའི་)དབང་པོ་〈དང་གཟུགས་དང་ལེན་པ〉ལ་སོགས་པ་ (སྒྲིབ་བཅས་)རྣམས་(འགགས་པའི་གཞི་ཆུའི་ཁམས་གཞན་ལ་སོགས་པ་)〈གདོད་ནས་〉སྒྲིབ་པ་མེད་པ་(མ་མཱ་ཀཱི་ ལ་སོགས་པ་)ཉིད་ནི་〈འཇིག་རྟེན་དབང་ཕྱུག་ཁེངས་བྱེད། གཟུགས་རྡོ་རྗེ་མ་རྣམས〉སྟོང་པ་བཞི་ པའོ། ༢༤༦ ། ༈ དེ་ནས་སྟོང་པ་〈ཆེན་པོ་འགྱུར་མེད་〉ལྔ་པ་(ཐོང་པའི་རྣམ་པས་མཚོན་པ་)ནི་གཟུགས་འགག་ པ〈འི་གཞི་གཟུགས་གཞན་བདེ་གཤེགས་སྙིང་པོའི་གཟུགས་རྣམ་སྣང་〉( རྣམ་སྣང་མེ་ལོང་ཡེ་ཤེས)་སྟེ་ སེམས་ཙམ་ཞེས་པ་ལ་སོགས་པ་ནས་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །ཞེས་པ་ནི་ མཐར་ཐུག་པ་སྟེ་གཟུགས་གཞན་དེ་ནི་ཞེས་གསུངས་པའི་ཕྱིར་དེའི་རིགས་ཅན་སའི་ཁམས་ 〈གཞན་〉དང་(ལུས་དང་བཤང་བའི་)དབང་བོ་ལ་སོགས་པ་(སྒྲིབ་བཅས་)〈དྲི་དང་བརྗོད་པ་གཞན་〉 རྣམས་(འགགས་པའི་གཞི་སའི་ཁམས་གཞན་ལ་སོགས་པ་)〈གདོད་ནས་〉སྒྲིབ་པ་མེད་པ་(སྤྱན་མ་ལ་སོགས་པ་) 〈སྤྱན་མ་སྒྲིབ་པ་རྣམ་སེལ། རེངས་བྱེད་མ། དྲི་རྡོ་རྗེ་མ། རེངས་བྱེད་རྣམས་ནི་སྟོང་པ་ལྔ་པ་〉 ཉིད་དོ། །འདིའི་རྒྱས་པ་ནི་དང་པོ་འཇིག་རྟེན་ཁམས་ཀྱི་ལེའུ་ལས་(ཨེ་ཝཾ་ཡི་གེ་སྐབས་སུ་)བརྗོད་ ཟིན་ཏེ་དེས་ན་འདིར་མ་བཀྲོལ་ལོ། ༢༤༧ །འདི་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔའོ། ། ༈ དེ་ནས་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ཅེས་པ་ནི་(ཝཾ་ཡིག་རྡོ་རྗེ་)འདིའི་རྟེན་དུ་གྱུར་པའི་ ཆོས་འབྱུང་སངས་རྒྱས་(ཆོས་སྐུ་བདེ་ཆེན་ཉིད་)〈ཆོས་〉ཀྱི་གཟུགས་(རྣམ་པ་ཐམས་ཅད་ཉིད་)〈འོད་གསལ〉ཀྱི་ མཚན་ཉིད་(ཆོས་ཅན་)ཁམས་གསུམ་〈གཞན་〉དང་དུས་གསུམ་པོ་(གཞན་)ཐམས་ཅད་དུ་(ཆོས་ཀྱི་ 4-1-515 ཀུན་ཏུ་འགྲོ་བའི་དོན་དུ་)འཇུག་པ〈པྲ་ཕབ་པ་དང་མཚུངས་པ〉འོ། །(ཐིག་ལེ་སྟོང་པ་འགྱུར་མེད་དྲུག་)འདིའི་ འགོག་པའི་(ཆོས་རྣམས་ནི་)〈བདེན་པ་གང་འགོག་ན〉ཕུང་པོ་(དྲུག་)ལ་སོགས་པ་(དྲུག་ཚན་)དྲུག་དང་ (རོ་དྲུག་དང་)ཁམས་(ཀྱི་རྣམ་འགྱུར་)སུམ་ཅུ་རྩ་དྲུག་དང་(དེ་རྣམས་ལ་ཁྱབ་པར་བྱེད་པ་)〈ཕུང་པོ་སུམ་ཅུ་རྩ་ དྲུག་དང་དེ་རྣམས་ལ་ཁྱབ་པར་བྱེད་པ་〉འགྱུར་བའི་ཡེ་ཤེས་སུམ་ཅུ་རྩ་བདུན་པ་(སྒྲིབ་བཅས་) སྟེ་འདི་རྣམས་(འགགས་པའི་གཞི་ཕུང་པོ་སུམ་ཅུ་སོ་དྲུག་གཞན་དང་ཁམས་སུམ་ཅུ་རྩ་དྲུག་གཞན་)〈གང་གིས་འགོག་ ན་སྦྱོར་བ་ཡན་ལག་དྲུག་གིས་འགོག་པའི་གཞི་〉སྒྲིབ་པ་མེད་པ〈འི་བདེ་གཤེགས་སྙིང་པོ〉་ཉིད་ ནི་ཆོས་ཀྱི་སྐུ་ཆོས་འབྱུང་དུ་བརྗོད་ཅིང་(སྐུ་གསུང་ཐུགས་ཡེ་ཤེས་ཀྱི་)རྡོ་རྗེ་བཞི་ནི་(སྟོང་པ་ཆེན་པོ་)འགྱུར་ མེད་ལྔ་སྟེ་(སྟོང་ཉིད་)འདི་དག་གི་(དོན་དམ་པའི་)སྤྲུལ་པ་ནི་སྤྲུལ་པའི་སྐུ་(རྣམ་པ་ཐམས་ཅད་པ་སྟེ་གདུལ་བྱ་ ལ་)རྫུ་འཕྲུལ་སྣ་ཚོགས་སྟོན་པར་བྱེད་པའོ། །ཆོས་སྟོན་པ་པོ(བདེ་ཆེན་ཆོས་ཀྱི་སྐུ)འི་སྒྲ་(གཞོམ་དུ་མེད་ པ་ནཱ་ད་)ནི་(དོན་དམ་པའི་)ལོངས་སྤྱོད་རྫོགས་པའོ། །དེའི་ཕྱིར་གཅིག་དང་དུ་མ་དག་ཀྱང་གཅིག་ ཅིང་མཉམ་དང་མི་མཉམ་པ་ཡང་མཉམ་པ་ཞེས་པ་ལ་སོགས་པས་(མཐར་ཐུག་སྔགས་ཀྱི་ཚུལ་ལ་) དབུ་མ་པའི་གྲུབ་པའི་མཐའ་འོ། །གང་ཞིག་ཀུན་གྱི་རྟེན་གཅིག་ཅེས་པ་ལ་ཀུན་ནི་(ལྷན་ཅིག་སྐྱེས་ པ་)མི་འགྱུར་བའི་བདེ་བ་ཆེན་པོའོ། །དེའི་རྟེན་གཅིག་(པུ་)ནི་ནམ་མཁའི་(ཁམས་གཞན་རྣམ་པ་ཐམས་ ཅད་པའི་)〈ཁམས་གཞན་ཨེ་ཡིག་གི་〉མཚན་ཉིད་དོ། །བྷ་ག་བཟང་མོ་ཞེས་པ་ནི་དབང་ཕྱུག་ལ་ སོགས་པ(ཐམས་ཅད་མཁྱེན་པ)འི་ཡོན་ཏན་གྱི་བདག་ཉིད་དོ། །མཆོག་གི་བྷ་ག་ནི་ཁམས་གསུམ་ གྱི་〈གཞན་ཁམས་གསུམ〉མཆོག་(ཆོས་ཀྱི་དབྱིངས་འོད་གསལ་གྱི་ཁམས་གསུམ་དག་)གོ། (མཆོག་ཡིན་པའི་)རྒྱུ་ དེས་ན་ཁྱོད་ལ་འདུད་དེ་སྤྱི་བོ་ཡིས་སོ། །ཁྱོད་ལ་ཞེས་པ་ནི་ཁྱོད་ལ་(རྒྱུད་སྡུད་པ་པོ)འཇམ་དཔལ་ གྱིས་སོ། །འདུད་ཅེས་པ་ནི་ཕྱག་འཚལ་བར་གྱུར་ཅིག་པའོ། ༢༤༨ ། ༈ ད་ནི་དུས་ཀྱི་འཁོར་ལོའི་སྟོན་པ་དང་ཡོན་ཏན་ལ་སོགས་པ་ནི་གང་ཞིག་ཅེས་པ་ལ་ སོགས་པ་སྟེ་གོ་སླའོ། ༢༦༡ ། 4-1-516 ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་ཐབས་སྣ་ཚོགས་ཀྱིས་འདུལ་བའི་ མདོར་བསྡུས་ཆེན་པོ་སྟེ་〈མཐར་ཐུག་བདེ་གཤེགས་སྙིང་པོའི་སྐུ་བཞིའི་བདག་ཉིད་དུ་མཚོན་ པའི་མདོར་བསྡུས〉བཞི་པའོ།། ༒ །། ཡེ་ཤེས་ཀྱི་ལེའུ་རྒྱས་འགྲེལ་རྫོགས་སོ(མཐར་ཐུག་པའི་སངས་རྒྱས་ཀྱི་སྐུ་བཞིའི་བདག་ཉིད་མཚོན་པའི་ མདོར་བསྡུས་བཞི་པའོ)། ། ༈ རྫོགས་པའི་སངས་རྒྱས་ཀྱིས་ནི་(རྩ་རྒྱུད་)ལུང་བསྟན་(པ་)དཔལ་ལྡན་རིགས་ལྡན་ རྒྱལ་པོ་འཇམ་པའི་རྡོ་རྗེ་གང་གིས་ནི། །མཆོག་གི་ཐུགས་རྗེས་རབ་མཆོག་ཐུབ་པ(བྱེ་བ་ཕྲག་ ཕྱེད་དང་བཞི)འི་ཚོགས་ནི་སངས་རྒྱས་(འཇིག་རྟེན་པའི་དབང་བཅུ་སྔོན་དུ་འགྲོ་བ་ཅན་འཇིག་རྟེན་ལས་འདས་པ་ བཞི་པའི་)ལམ་ལ་བཀོད་ཅིང་ཤེས་རབ་(ཡེ་ཤེས་ཀྱི་)དབང་བསྐུར་བ། །བྱིན་ནས་(རྩ་བའི་རྒྱུད་)དང་ པོའི་སངས་རྒྱས་ལས་ཕྱུང་(བ་བསྡུས་པའི་)རྒྱུད་ནི་མདའི་ལེའུ(འི་བདག་ཉིད་)དུས་ཀྱི་འཁོར་ལོ་ འདི་བསྟན་ཏེ། །(བསྡུས་རྒྱུད་)འདིར་(རྒྱས་འགྲེལ་བྱེད་པ་པོ་)ནི་དཔལ་ལྡན་ཀ་ལཱ་པ་རུ་མི་ཡི་བདག་ པོ་གྲགས་པའི་སྲས་པོ་པད་མ་དཀར་པོ་བདག (ཡིན་ལ)། (འགྲེལ་པ་མཛད་པའི་རྒྱུ་ནི་)རྫོགས་པའི་ སངས་རྒྱས་ཀྱིས་ནི་(རྩ་བའི་རྒྱུད་དུ་)ལུང་བསྟན་(པ་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་བརྙེས་པ་)རབ་ཏུ་ དགའ་བའི་ཡིད་ཅན་དཔལ་ལྡན་གྲགས་པས་བསྐུལ་བ་ཡིས། ། དཔལ་ལྡན་རྩ་བའི་རྒྱུད་(ཀྱི་དོན་)གསལ་(བར་སྟོན་ཅིང་བསྡུས་པའི་)རྒྱུད་ཀྱི་རྒྱལ་པོ་(འདི་དང་རྒྱུད་ ཀྱི་རྒྱལ་པོ་ཐམས་ཅད་)ལ་ནི་རྡོ་རྗེའི་ཚིགས་རྣམས་(ཀྱི་དོན་)ཚོལ་བར་བྱེད་པ་ཡི། །རྒྱས་འགྲེལ་བྱས་ ནས་(གདུལ་བྱ་རྣམས་ལ་)བྱིན་པ་ལས་ནི་བསོད་ནམས་(ཚད་མེད་པ་)ཡངས་ཤིང་(དྲི་མས་མ་གོས་པ་)ཤིན་ ཏུ་དཀར་བ་གང་ཞིག་ཐོབ་གྱུར་པ། །དེ་ཡིས་འཇིག་རྟེན་མཐའ་དག་རྡོ་རྗེ་ཅན་གྱི་(ཉེ་)ལམ་ (མཐར་ཐུག་སྦྱོར་བ་ཡན་ལག་དྲུག་)ཐོབ་(ནས་ལམ་གྱི་འབྲས་བུས་སྐུ་བཞིའི་བདག་ཉིད་)རྫོགས་པའི་སངས་རྒྱས་ 4-1-517 རབ་ཏུ་ཐོབ་པར་ཤོག །(མཐའ་དྲུག་རྡོ་རྗེའི་ཚིག་མང་རྒྱས་བཏབ་པའི། །རྒྱུད་རྒྱལ་ཀུན་གྱི་རྡོ་རྗེའི་ཚིག་འབྱེད་ཅིང༌། །ལྟ་ ངན་མིན་སྤྲུལ་གཞུང་ལུགས་ངན་འཇོམས་པ། །དཔལ་ལྡན་རྒྱུད་འགྲེལ་དྲི་མ་མེད་པའི་འོད། །ལེགས་སྟོན་རིགས་ལྡན་དཔལ་ ལྡན་བླ་མ་ཡི། །གསུང་གི་བདུད་རྩི་ལན་མང་བསྟེན་པའི་མཐུས། །བདག་བློའི་རྟོགས་པའི་ལུས་སྟོབས་རབ་རྒྱས་ཏེ། །རྒྱུད་ འགྲེལ་རྣམ་བཤད་རྩོམ་ལ་སྤྲོ་བར་གྱུར། །གསུངས་རབ་རྨད་བྱུང་གཞལ་མེད་ཁང་བཟང་ལ། །རབ་གསལ་མཆན་བུའི་རིན་ཆེན་ ཕྲ་བཀོད་འདི། །རྣམ་དཔྱོད་མིག་ལྡན་མཁས་པས་ལེགས་བརྟགས་ན། །ངོ་མཚར་དགའ་བའི་དཔལ་མཆོག་ཅི་མི་སྐྱེ། །ཕྱི་ནང་ གཞན་གསུམ་གཞི་ལམ་འབྲས་གསུམ་དང༌། །དྲང་དོན་ངེས་དོན་རྣམ་ཤེས་ཡེ་ཤེས་ཀྱི། །རྣམ་པར་དབྱེ་བས་དུས་ཀྱི་འཁོར་ལོའི་ དོན། །རྣམ་པར་གསལ་བྱེད་མཆན་བུའི་ཕྲེང་བ་འདི། །བློ་གྲོས་རབ་ཡངས་ནམ་མཁའི་རྗེས་འགྲོ་ཞིང༌། །རྨད་བྱུང་ཡོན་ཏན་ བསྟན་པའི་རྒྱལ་མཚན་ཅན། །འགྲོ་མང་དཔལ་གྱུར་རྒྱལ་སྲས་བཟང་པོ་དང༌། །ཤེས་ལྡན་མཁས་མང་དག་གིས་བསྐུལ་བའི་ངོར། ། སྡེ་སྣོད་གཞུང་ལུགས་རྡོ་རྗེ་ཐེག་པའི་ཚུལ། །མང་ཐོས་དྲི་མེད་འོད་ཀྱི་སྣང་བ་ཅན། །དགེ་སློང་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ། ། ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་གྱིས་སྦྱར་རོ། །འདིར་འབད་དགེ་བ་རྣམ་པར་དཀར་བའི་མཐུས། །བདག་ལུས་བོར་ཚེ་དཔལ་ ལྡན་ཤམ་བྷ་ལར། །རིགས་ལྡན་རྒྱལ་བའི་འཁོར་དུ་ལེགས་སྐྱེས་ནས། །དུས་འཁོར་བསྟན་ལ་བྱ་བ་བྱེད་པར་ཤོག །མང་ཐོས་ དྲི་མེད་དོན་ལ་རྟོན་པ་དང༌། །ཡིད་ཆེས་གསུམ་ལྡན་མན་ངག་བསྒོམ་པ་དང༌། །སྔར་གོམས་གྲུབ་མཐའི་བག་ཆགས་ངན་སྤོང་བ། ། དུས་འཁོར་ཤེས་འདོད་རྣམས་ཀྱིས་མཁྱེན་པར་མཛོད། །ཅེས་པས་གདམས་སོ། །ཤཱུ་བྷ་མ་སྟུ་སརྦ་ཛ་ག་ཏཾ) ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་རྫོགས་སོ། །〈ཕྱི་ནང་ཞེས་ བྱ་གློ་བུར་དྲི་མའི་སྦུབས། གཞན་ཞེས་བྱ་བ་བདེ་གཤེགས་སྙིང་པོའི་དབྱིངས། །བུམ་ནང་མར་ མེ་དབུལ་བའི་གཏེར་བཞིན་ནམ། འབྲས་བུའི་ཤུན་པ་འབྲས་བུའི་སྙིང་པོ་ལྟར། །རྣམ་ཤེས་ ཡེ་ཤེས་ལེགས་པར་རྣམ་ཕྱེ་བའི། །ཚུལ་འདི་འདི་ན་རབ་ཏུ་གྲགས་མིན་ཡང༌། །ཐུབ་མཆོག་ གི་གནས་དཔལ་ལྡན་ཤམ་བྷ་ལར། །ལེགས་པར་གྲགས་པའི་ལེགས་བཤད་རྒྱ་མཚོ་འདིས། །མ་ རྟོགས་ལོག་པར་རྟོགས་དང་ཐེ་ཚོམ་གྱི། །དྲི་མ་ཡུན་རིངས་རྗེས་སུ་འབྲེལ་པ་རྣམས། །ལེགས་ 4-1-518 པར་བཀྲུས་ནས་དུས་འཁོར་བདེ་གཤེགས་ཀྱི། །སྙིང་པོ་དང་པོའི་སངས་རྒྱས་མྱུར་ཐོག་ཤོག། ཀྱེ་མ་བདག་ནི་སྐལ་པ་རབ་དམན་ཡང༌། །འདི་འདྲ་རྙེད་པས་སྐལ་བ་བཟང་སྙམ་བྱེད། །ལེ་ ལོ་ཅན་གྱི་བླུན་པོས་འདི་རྙེད་པ། །རིགས་ལྡན་རྒྱལ་པོས་བྱིན་གྱིས་རླབས་མིན་ནམ། །ལུས་ཀྱིས་ ཀ་ལ་པཱ་རུ་མ་སླེབ་ཀྱང༌། །དད་པའི་སེམས་ལ་རིགས་ལྡན་ཞུགས་སམ་ཅི། །ཤེས་རབ་གསུམ་ལ་ བློ་གྲོས་སྦྱངས་མིན་ཡང༌། །ལྷུན་པོ་བཞེངས་ལ་རྒྱ་མཚོ་རྡོལ་བ་སྙམ། །འཕགས་རྣམས་ཀྱིས་ཀྱང་ རྟོགས་པར་དཀའ་བའི་གནས། །གང་གི་དྲིན་གྱིས་ཇི་བཞིན་རྟོགས་མཛད་པ། །བླ་མ་སངས་ རྒྱས་རིགས་ལྡན་ཐམས་ཅད་དང༌། །དེ་ཡི་མཆོད་རྟེན་ཆེ་ལ་ཕྱག་འཚལ་འདུད། །འདི་དོན་ ཟབ་མོ་རྟོག་གེའི་སྤྱོད་ཡུལ་མིན། །རིགས་ལྡན་མན་ངག་བསྒོམས་པའི་ཞལ་ལས་ལོང༌། །རགས་ པ་འདི་ཙམ་ཇོ་ནང་དཔལ་གྱི་རིར། །མཁས་མཆོག་མང་པོས་གསོལ་བ་བཏབ་ཕྱིར་བཀོད། །〉 ཁ་ཆེའི་པཎྜི་ཏ་ཆེན་པོ་སོ་མ་ནཱ་ཐ་〔ཟླ་བ་མགོན་པོ་〕དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་འབྲོ་དགེ་སློང་ ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། དུས་ཕྱིས་ཡོན་ཏན་ཕུལ་དུ་ བྱུང་བ་དཔག་ཏུ་མེད་པས་སྤྲས་པའི་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་དང༌། དཔོན་ཆེན་ཤཱཀྱ་བཟང་པོའི་གསུངས་བཞིན་དུ་མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་ དཔལ་དང༌། དུས་ཀྱི་འཁོར་ལོའི་ཚུལ་ཁོང་དུ་ཆུད་པའི་དགེ་སློང་ཚུལ་ཁྲིམས་དར་གྱིས་དོན་ གྱི་ཆ་ལ་དཔྱད་ཅིང་ལེགས་པར་བསྐུལ་ཏེ་ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་པའི་ བསྟན་བཅོས་རིག་པའི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས། དཔལ་ས་སྐྱའི་གཙུག་ལག་ཁང་ ཆེན་པོར་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ ཕབ་པའོ། །གང་གི་ཐུགས་དགོངས་རྣམ་པར་དག་པ་ཡིས། །འདི་ལ་བསྐུལ་ཞིང་མཐུན་རྐྱེན་ བསྒྲུབས་པ་དང༌། །བདག་གིས་འབད་ལས་བསོད་ནམས་གང་ཐོབ་དེས། །ཀུན་གྱིས་འདི་ རྟོགས་སངས་རྒྱས་སར་གནས་ཤོག། ༒ །། 4-1-519 སླར་ཡང་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ཐམས་ཅན་མཁྱེན་པ་དང་དཔལ་དུས་ཀྱི་ འཁོར་ལོ་པ་ཆེན་པོ་དྷརྨ་ཀཱིརྟི་ཤྲཱི་བྷ་ཏྲས་〈ཆོས་གྲགས་དཔལ་བཟང་པོ་〉འདིའི་དོན་རྣམས་ལེགས་པར་ དགོངས་ཤིང་བཀའ་ཡིས་བསྐུལ་ནས་དེ་དག་གི་གསུང་བཞིན་དུ་པཎྜི་ཏ་ཆེན་པོ་སྠི་ར་མ་ཏིའི་ 〈བློ་གྲོས་བརྟན་པ་〉བཀའ་དྲིན་ལས་ལེགས་པར་སྦྱར་བའི་ཚུལ་རིགས་པ་ལོ་ཙ་བ་ཤཱཀྱའི་དགེ་སློང་ བློ་གྲོས་རྒྱལ་མཚན་དང༌། བློ་གྲོས་དཔལ་བཟང་པོས་རྒྱུད་དང་འགྲེལ་པའི་རྒྱ་དཔེ་མང་པོ་ལ་ གཏུགས་ནས་དག་པ་རྣམས་དང་མཐུན་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༒ །། དེ་ལྟར་གསུང་རབ་རྒྱ་མཚོའི་ངེས་དོན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ནི། །རྣམ་ཀུན་མཆོག་ ལྡན་སྟོང་པ་ཉིད་དང་འགྱུར་མེད་མཆོག་གི་བདེ་ཆེན་དུ། །ལེགས་སྟོན་དུས་ཀྱི་འཁོར་ལོར་ འབད་པའི་དགེ་བ་གང་དེས་འགྲོ་བ་ཀུན། །གཞུང་འདི་རྟོགས་ཤིང་ལམ་དེར་ཞུགས་ནས་ འབྲས་བུ་དེ་ཉིད་མྱུར་ཐོབ་ཤོག །འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་ སྐེམས་པར་གྱུར་ཅིག །མྃ་ག་ལྃ་བྷ་ཝ་ཏུ། དགེའོ། །