3-1-1 ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་ གསུང་འབུམ། ༼ག༽ 3-1-2 ༄༅། །དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མེད་འོད་ཀྱི་ནང་གི་ ལེའུ་མཆན་འགྲེལ་དང་བཅས་པ་ བཞུགས་སོ། ། ༄༅༅། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གང་ཞིག་(བསོད་ནམས་ དང་སྐལ་བ་)ཆེན་པོ(དང་ལྡན་པ)འི་མི་(མ་སྨིན་པ་)རྣམས་སྨིན་པར་བྱ་བ(དང་སྨིན་པ་གྲོལ་བར་བྱ་བ)འི་དོན་ དུ་མངལ་ནི་འཛིན་པ་འདི་མཛད་ཅིང༌། །(དུས་སྦྱོར་བཅུ་གཉིས་ཀྱི་རླུང་འགགས་པས་)སྲིད་པའི་འཆིང་ (བར་འགྱུར་བའི་མ་རིག་པ་)ལས་ངེས་པར་གྲོལ་ཡང་སྲོག་ཆགས་(ལམ་དང་བྲལ་བ་)རྣམས་ཀྱི་ལམ་གྱི་ སླད་དུ་སྲིད་པ(ར་སྐྱེ་བ་སྟོན་པ་)སྟེ། །(བཟོ་དང་སྐྱེ་བ་ལ་སོགས་པ་)སྣ་ཚོགས་སྐྱེས་རབས་ཕྲེང་བ་(གཞན་ ལ་ཕན་པའི་)ཡོན་ཏན་དང་ལྡན་སེམས་ཅན་(ཐར་བ་)དོན་གཉེར་རྣམས་ཀྱིས་མཐོང་གྱུར་བ(ནི)། ། དང་པོའི་སངས་རྒྱས་(སྐུ་གསུང་ཐུགས་ཀྱི་)རྫུ་འཕྲུལ་ཆེ་ལྡན་(གྱི་རྨད་བྱུང་)སྤྱོད་པ་(མངའ་བ་)དག་སྟེ་ (ཉིད་ཀྱིས་གཟིགས་པའི་ལམ་གཞན་ལ་སྟོན་པའི་)སྐྱོབ་པ་དེ་ལ་ཕྱག་འཚལ་ལོ། ། ཤཱཀྱ་སེང་གེ་(གཏུམ་མོའི་མེས་བཞུ་བའི་བྱང་སེམས་སྤྱི་བོ་ནས་རྡོ་རྗེ་ནོར་བུའི་བར་དུ་ཅི་ལྟར་བྱོན་པ་)དེ་བཞིན་ (དུ་གཙུག་ཏོར་གྱི་བར་དུ་)གཤེགས(པར་མཛད་པའི)། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ། །བཏུད་དེ་ འཇམ་དཔལ་གྱིས་བསྐུལ་ཞིང༌། །བདེ་བར་གཤེགས་པས་ལུང་བསྟན་པ(འི་རྒྱུ་ལ)ས། །ནང་ གི་ལེའུ་ཡི་རྒྱ་ཆེར་འགྲེལ། །(ཀུན་སློང་)འགྲོ་ལ་སྙིང་རྗེའི་བདག་ཉིད་ཀྱིས། །(ཀུན་ནས་བསླང་ནས་) 3-1-3 དཔལ་ལྡན་པད་མ་དཀར་པོ་ཅན། །འཇིག་རྟེན་མགོན་པོ་བདག་གིས་བྲི། ། ༈ འདིར་(གནས་ཕུན་སུམ་ཚོགས་པ་མ་ལ་ཡའི་ཚལ་གྱི་)དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ གྱི་ཁང་བའི་ཤར་སྒོའི་མཐར་དཔལ་ལྡན་རིན་པོ་ཆེའི་སྒོ་ཁྱམས་ཆེན་པོར་རིན་པོ་ཆེའི་སེང་ གེའི་ཁྲི་ལ་བཞུགས་པ། (ཞུ་བ་པོ་ཕུན་སུམ་ཚོགས་པ་)ཉི་མའི་ཤིང་རྟས་གསོལ་བ་བཏབ་པར་གྱུར་ པ། (སྟོན་པ་པོ་ཕུན་སུམ་ཚོགས་པ་)བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ་མི་ཡི་དབང་པོ་ གྲགས་པས་(ཆོས་ཕུན་སུམ་ཚོགས་པ་)ནང་གི་ལེའུ་བསྟན་པའི་དོན་དུ་མཆོག་གི་དང་པོའི་སངས་ རྒྱས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཟླ་བ་བཟང་པོས་གསོལ་བ་བཏབ་པ(འི་ཚིགས་སུ་ བཅད་པ་རྣམས་རྒྱུད་འདིར་)ཚིགས་སུ་བཅད་པ་དང་པོས་(བསྡུས་ནས་)གསུངས་པ་འདི་ལྟ་སྟེ། རྒྱལ་བ་ སྐྱེད་མཛད་ཁྱོད་ཀྱིས་སྣ་ཚོགས་ཚད་ནི་གང་དག་བསྟན་པ་རྣམས་ཀྱང་བདག་གིས་མི་ཤེས་ པས། །སླར་ཡང་བདག་ནི་ཉན་པར་འཚལ་ལོ་སྲིད་པ་གསུམ་པོ་མཐའ་དག་ལུས་ཀྱི་དབུས་ སུ་ཅི་ལྟར་ལགས། །ཟླ་བ་བཟང་པོའི་ཚིག་དག་གསན་ནས་བདེ་བར་གཤེགས་པས་ལེགས་ ཞེས་བྱ་བ་བྱིན་ནས་རབ་གསུངས་པ། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་མཆོག་གི་ ཐུགས་རྗེས་སྣ་ཚོགས་ཚད་རྣམ་དག་ཀྱང་ལུས་ལའོ། །འདིར་ནང་གི་ལེའུ་ལ་རྒྱལ་བ་ཞེས་པ་ ལ་སོགས་པས་གསོལ་བ་འདེབས་པ་པོ་དང་སྟོན་པ་པོ་བསྡུས་པའི་ཚིགས་སུ་བཅད་པ་ཡང་ དག་པར་སྡུད་པར་མཛད་པ་པོ་འཇམ་དཔལ་གྱིས་བསྡུས་པའི་རྒྱུད་དུ་བསྟན་པ་ནི་བདག་ གིས་དགྲོལ་བར་བྱའོ། །འདིར་རྒྱལ་བ་སྐྱེད་མཛད་ཅེས་པ་(སྐུ་གསུང་ཐུགས་མི་ཕྱེད་པས་)རྡོ་རྗེ་(སྲིད་ པ་གསུམ་གཅིག་པའི་)སེམས་དཔའ་(གདུལ་བྱ་ལ་)ཤཱཀྱ་ཐུབ་པ(འི་སྐུར་སྣང་བ་)སྒྲིབ་པ་མེད་པ(ཆོས་ཉིད་ འོད་གསལ་བ)འི་ཕུང་པོ་(པྲ་ཕབ་པ་ལྟ་བུའི་སྣང་བ་)རྣམས་སྐྱེད་པར་མཛད་པ་(ལྷན་སྐྱེས་བདེ་བ་ཆེན་པོའི་སྐུ་) ནི་རྒྱལ་བ་སྐྱེད་མཛད་ཡིན་པས་དེ་ལ་བོད་པ་སྟེ་ཀྱེ་རྒྱལ་བ་སྐྱེད་མཛད་ཁྱོད་ཀྱིས་(སྐུར་)ཕྱི་རོལ་ཏུ་སྣ་ཚོགས་ཚད་ནི་ གང་དག་བསྟན་པ་དེ་དག་ལུས་ལ་(ཇི་ལྟར་ཚང་བ་)མི་ཤེས་ཏེ་ལུས་ཀྱི་དབུས་སུ་སྣ་ཚོགས་ཚད་ 3-1-4 རྣམས་མི་ཤེས་སོ། །དེའི་ཕྱིར་སླར་ཡང་(ཟླ་བཟང་)བདག་ནི་ཉན་པར་འཚལ་ལོ་སྲིད་པ་གསུམ་ པོ་མཐའ་དག་ལུས་ཀྱི་དབུས་སུ་ཅི་ལྟར་དེ་རྣམ་པ་གང་གིས་(ཚང་བར་)འགྱུར་ཞེས་པའོ། །དེ་ ནས་ཟླ་བ་བཟང་པོའི་གསོལ་བ་འདེབས་པའི་ཚིག་དག་གསན་ནས་བདེ་བར་གཤེགས་པས་ ཟླ་བ་བཟང་པོ་ལ་ལེགས་ཞེས་བྱ་བ་བྱིན་ནས་རབ་ཏུ་གྱུར་པས་གསུངས་པ། སེམས་ཅན་ རྣམས་ནི་ཐར་བའི་སླད་དུ་མཆོག་གི་ཐུགས་རྗེས་(སྐུར་བསྟན་པའི་ཕྱི་རོལ་གྱི་)སྣ་ཚོགས་ ཚད་རྣམས་དག་ཀྱང་ལུས་ལའོ། །ཀྱང་ཡིག་གིས་(ཕྱི་ནང་ལས)གཞན་(ཐབས་དང་ཤེས་རབ་ཀྱི་)རྒྱུད་ ཐམས་ཅད་ཀྱང་ལུས་ལ་(ཚང་བར་)གསུངས་སོ། །ལེའུ་གཉིས་པ་བསྟན་པའི་སླད་དུ་གསོལ་བ་ འདེབས་པ་པོ་དང་སྟོན་པ་པོ་བསྡུས་པའི་མདོར་བསྡུས་སོ། ༡ ། ༈ བསྟན་པའི་ཚིགས་སུ་བཅད་པ་གསུངས་པ་ས་ཞེས་པ་ལ་སོགས་པའོ། །འདིར་ལུས་ ཀྱི་ནང་དུ་(ཕྱི་རོལ་གྱི)ས་ལ་སོགས་པ་(སྲིད་གསུམ་)མཐའ་དག་(ཚང་བར་དེ་རྣམས་)རང་རང་གི་ཡི་ གེས་ཤེས་པར་བྱ་སྟེ་(བརྗོད་བྱ་དང་རྗོད་བྱེད་ཕན་ཚུན་ཁམས་དང་རིགས་ཀྱིས་འབྲེལ་བས་སོ། །དེ་ལ་)སོ་ལས་ བྱུང་བའི་ཡི་གེ་རྣམས་ཀྱིས་ས་ཤེས་པར་བྱའོ། །མཆུ་ལས་བྱུང་བ་རྣམས་ཀྱིས་ཆུ་དང་སྤྱི་བོ་ ལས་བྱུང་བ་རྣམས་ཀྱིས་མེ་དང་རྐན་ལས་བྱུང་བ་རྣམས་ཀྱིས་རླུང་སྟེ་(དེ་ལྟར)ས་དང་ཆུ་མེ་རླུང་ རྣམས་སོ། །རྡོ་རྗེ་སྟེ་གློག་ནི་(ལྷོའི་མེ་ཡིན་པས་)སླར་ཡང་སྤྱི་བོ་ལས་བྱུང་བ་རྣམས་ཀྱིས་སོ། །ལྷ་ ཡི་གཞི་སྟེ་འཇའ་ཚོན་ནི་(ས་ཡིན་པས་)སོ་ལས་བྱུང་བ་རྣམས་ཀྱིས་སོ། །(སྲོག་ལ་སོགས་པ་)རླུང་བཅུ་ པོ་རྣམས་ནི་རྐན་ལས་བྱུང་བ་རྣམས་ཀྱིས་སོ། །ཁྱིམ་གྱི་འཁོར་ལོ་(བཅུ་གཉིས་)ནི་ཨ་ལ་སོགས་ པ་དང་ཀ་ལ་སོགས་པ་(སུམ་བརྒྱ་དྲུག་ཅུ་པོ་)མཐའ་དག་གིས་སོ། །ཟླ་བ་ནི་ཐིག་ལེས་སོ། །ཉི་ མ་ནི་རྣམ་པར་བཅད་པས་སོ། །སྒྲ་གཅན་ནི་(ཧ་སྲོག་མེད་ལ་སོགས་པ་)དབྱངས་མེད་པའི་གསལ་ བྱེད་ཀྱིས་སོ། །ལྷུན་པོ་ནི་(རང་གི་)མིང་(མེ་རུ་ཞེས་པ་དག་)གི་ཡི་གེ(དང་པོ་མ་ལྟ་བུ)ས་སོ། །གདེངས་ ཅན་རྣམས་ཀྱི་གནས་(ས་འོག)ནི་ༀ་ཡིག་གིས་སོ། །མི་ཡི་གནས་ཏེ་མིའི་འཇིག་རྟེན་ནི་(ས་སྟེང་) 3-1-5 ཨཱཿཡིག་གིས་སོ། །ལྷ་ཡི་གནས་ཏེ་མཐོ་རིས་(ས་བླ)ནི་ཧཱུཾ་ཡིག་གིས་སོ། །འཁྱོག་པོ་བཀྲ་ཤིས་ ལ་སོགས་པའི་གཟའ་(བཅུ་པོ་)རྣམས་ནི་གཡས་དང་གཡོན་གྱི་ས་བོན་གྱི་ཡིག་གེ་སྔར་(ཆ་མེད་ ཀུན་འགྲོ་དང་དབྱངས་འཆར་དུ་)བརྗོད་པ་རྣམས་ཀྱིས་སོ། །འཕོ་བ་(བཅུ་གཉིས་)ནི་སྡེ་བ་བཅུ་གཉིས་ ཀྱི་དབྱེ་བ་རྣམས་ཀྱིས་དེ་ཟླ་བ་(བཅུ་གཉིས་པོ་)ཡང་དེ་བཞིན་ནོ། །ཕྱོགས་(ཉི་ཤུ་རྩ་བཞི་)ནི་(རིང་ཐུང་ གི་)སྡེ་བ་དྲུག་(དྲུག)པོ་ཕྱེད་ཀྱི་དབྱེ་བ་རྣམས་ཀྱིས་སོ། །ཉིན་དང་མཚན་མོ་ཚེས་(སུམ་བརྒྱ་དྲུག་ཅུ་ པོ་)རྣམས་ནི་ཀ་ལ་སོགས་པ་(སུམ་ཅུ)དབྱངས་(བཅུ་གཉིས་)དང་བཅས་པ་སྔར་(རྡོ་རྗེ་ཉི་མར་)བརྗོད་ པ་རྣམས་ཀྱིས་ཏེ་(མདོར་ན་ཕྱི་རོལ་གྱི་ཆོས་)མཐའ་དག་(ནང་)ལུས་ཀྱི་དབུས་སུ་(ཚང་བར་)རྣལ་འབྱོར་ པས་ཤེས་པར་བྱའོ། །རྣམ་གསུམ་ཁྱབ་བདག་བགྲོད་པ་རྣལ་འབྱོར་པ་ཡིས་སྟོང་པ་ཡི་དབྱེ་ བས་(ཞེས་པ་ལས་)སོ། །སྐུར་བརྗོད་པའི་རིམ་པས་བཅོམ་ལྡན་འདས་(དུས་ཀྱི་འཁོར་ལོ་དང་པོའི་སངས་ རྒྱས་)རྡོ་རྗེ་སེམས་དཔའ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་རང་བཞིན་(སེམས་ཅན་ གྱི་ལུས་ངག་ཡིད་)རྣམ་པ་གསུམ་གྱི་(བདག་ཉིད་ལ་)བགྲོད་པ་(སྟེ་ཁྱབ་པའི་ཚུལ་)ཡང་(སྐུ་གསུང་ཐུགས་ཀྱི་ཁྱབ་ པ་)རྣམ་པ་གསུམ་སྟེ་(བརྟག་པ་གཉིས་པར་ཡང༌། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང༌། ། དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་གསུངས་པ་ལྟར་ལྷན་སྐྱེས་)བདེ་བ་ཆེན་པོ(འི་ སྐུ)ས་(སེམས་ཅན་)ཐམས་ཅད་(ཀྱི་ལུས་)ཀྱི་བདག་ཉིད་ལ་(ནམ་མཁའ་ལྟར་ཁྱབ་པར་)གནས་པའི་ཕྱིར་ རོ། །(བདེ་བ་ཆེན་པོའི་སྐུ་)དེ་ཡང་སྟོང་པའི་དབྱེ་བས་སོ་ཞེས་པ་ནི་(ཀུན་རྫོབ་)བྱང་ཆུབ་ཀྱི་སེམས་ ཀྱི་ཐིག་ལེ་བཞིའི་དབྱེ་བ(འི་སྒོ་ན)ས་ཤེས་པར་བྱའོ། །ལུས་ལ་སྣ་ཚོགས་བསྡུས་པའི་མདོར་ བསྡུས་ཀྱི་ངེས་པའོ། ༢ ། ༈ ད་ནི་མིའི་ལུས་བསྐྱེད་པ་རྒྱུ་དང་འབྲས་བུའི་ཚོགས་པ་བསྡུས་པའི་ཚིགས་སུ་བཅད་པ་ གསུམ་པ་གསུངས་པ་ལུས་ཞེས་པ་ལ་སོགས་པ་སྟེ། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་ཞེས་པ་ ནི་(དུད་འགྲོ་དང་མིའི་ལུས་ལ་)སྤུ་(ནམ་མཁའ་)དང་ལྤགས་པ་(རླུང་)དང་ཁྲག་(མེ་)དང་ཤ་(ཆུ་)དང་རུས་ 3-1-6 པ་(ས་)དང་རྐང་(དྭངས་མ་ཡེ་ཤེས་)ལ་སོགས་པའི་ཁམས་ཀྱི་ཚོགས་སུ་འགྱུར་ཏེ། མཐའ་དག་ རོ་དྲུག་ཟོས་ཤིང་འཐུངས་པ་དག་ལས་ཞེས་པ་ནི་ལན་ཚྭ་(ས་)དང་དངར་བ་(ཆུ་)དང་ཚ་བ་ (མེ་)དང་ཁ་བ་(རླུང་)དང་སྐ་བ་(ནམ་མཁའ་)དང་སྐྱུར་བ་(ཡེ་ཤེས་)ནི་རོ་དྲུག་སྟེ་འདི་དག་ཟོས་ཤིང་ འཐུངས་པའི་དབང་གིས་(སྤུ་ལ་སོགས་པ་)ཁམས་ཀྱི་ཚོགས་སུ་འགྱུར་རོ། །རོ་དྲུག་རྣམས་ཀྱང་ འབྱུང་བ་ལས་ཏེ་ཞེས་པ་ནི་རོ་དྲུག་ཏུ་ཡང་ས་དང་ཆུ་དང་མེ་དང་རླུང་དང་རོ་(ནམ་མཁའ་)རྣམས་ ལས་འགྱུར་རོ། །འབྱུང་བའི་ཚོགས་ཀྱང་ནམ་མཁའི་ཁམས་ལས་སོ། །ཞེས་པ་ནི་ས་དང་ཆུ་ དང་མེ་དང་རླུང་དང་རོའི་ཚོགས་ནི་ནམ་མཁའི་ཁམས་སྔར་(ལེའུ་དང་པོར་)བརྗོད་པའི་རྡུལ་ཕྲ་ རབ་ཀྱི་ཆོས་(སོ་སོ་བ་རྣམས་འབྱར་བ་)ལས་འགྱུར་རོ། །སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་ ཞེས་པ་ནི་འདིར་(སེམས་ཅན་ཐམས་ཅད་ཀྱི་)ལུས་ལ་(ཕུང་པོ་ལ་སོགས་པ་སུམ་ཅུ་རྩ་དྲུག་ནི་)ཁྱབ་པར་བྱ་བ་ (ཆོས་ཅན་)དང་(ཆོས་ཉིད་རང་བྱུང་གི་ཡེ་ཤེས་ནི་)ཁྱབ་པར་བྱེད་པའི་(ཚུལ་གྱིས་)འབྲེལ་པ་(ནི་དོན་དམ་པར་མ་ གྲུབ་ཀྱང་ཁྱབ་བྱ་ཁྱབ་བྱེད་ཀྱི་འབྲེལ་པ་)ཀུན་རྫོབ་ཀྱིས་ངེས་པར་གནས་པ་སེམས་ཅན་ཐམས་ཅད་ཀྱི་ རང་གི་ལུས་ལ་གནས་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ནི་(རྣམ་པ་ཐམས་ཅད་པའི་)སྟོང་པ་སྟེ་སྟོང་ པ་ཉིད་ཀྱི་གཟུགས་(པྲ་ཕབ་པ་དང་མཚུངས་པ་དེ་)ལ་བསྒོམས་པའི་སྟོབས་ཀྱིས་(ཞེས་པ་ནི་མཆོག་མི་འགྱུར་ དུ་ཚིགས་བཅད་འདིའི་འགྲེལ་པ་མཛད་པ་ལ་མེད་ཅིང་མེད་པ་ལེགས་སོ)འཛིན་པར་བྱེད་པའི་སེམས་(གཞན་ལྷན་ ཅིག་སྐྱེས་བའི་བདེ་བ་ཆེན་པོ་དེ་)གཟུང་བར་བྱ་བ་(ཤེས་བྱ་གཞན་)སེམས་ཀྱི་སྣང་བ་(འོད་གསལ་སྟོང་གཟུགས་)ལ་(གདོད་མ་ཉིད་ནས་)རྣམ་པར་བསྲེས་པ་〔སྟེ་འདྲེས་པ་〕ནི་(བདེ་སྟོང་)རོ་མཉམ་འགྱུར་མེད་རྟག་པར་ ཡང་འགྱུར་ཏེ། (སྐབས་)འདིར་རྟག་པ་ནི་སྒྲིབ་པ་(གདོད་ནས་)མེད་པར་བརྗོད་དོ། །(འཛིན་པར་བྱེད་ པའི་སེམས་དང་གཟུང་བར་བྱ་བའི་དོན་ནི་མཆོག་མི་འགྱུར་དུ་འགྲེལ་པ་མཛད་པ་ལྟར་བཤད་པ་ཡིན་ནོ)དེ་ལྟར་(ན་ཁྱབ་བྱ་)འབྱུང་བ་(རྣམས་)ལ་གནས་(པའི་ཁྱབ་བྱེད་ནི་ཐོག་མཐའ་མེད་ཅིང་སྤྲོས་པ་ཉེ་བར་)ཞི་བ་སྟེ། (ལྷན་སྐྱེས་)བདེ་ བ་ཆེན་པོ་(ཆོས་ཉིད་འོད་གསལ་ནི་ཆོས་ཅན་)རྣམ་གསུམ་སྲིད་པར་(ནམ་མཁའ་ལྟར་ཁྱབ་པར་)གནས་པ་(དེ་) 3-1-7 རང་གི་ལུས་ལ་(གདོད་མ་ནས་བཞུགས་པར་)རྣལ་འབྱོར་པ་རྣམས་ཀྱིས་རིག་པར་བྱའོ། །འདིར་ནང་ གི་ལེའུ་ལ་(ངེས་དོན་ཡེ་ཤེས་ཀྱི་སྐུ་བདེ་གཤེགས་སྙིང་པོའི་ཚུལ་དུ་སྟོན་པའི་)ཚིགས་སུ་བཅད་པ་འདི་ནི་མདོར་ བསྡུས་པས་རྣམ་པར་ཕྱེ་སྟེ་འཆད་པར་འགྱུར་བའི་ཡེ་ཤེས་ཀྱི་ལེའུར་མཆོག་ཏུ་མི་འགྱུར་བའི་ ཡེ་ཤེས་གྲུབ་པ་ལས་རྒྱས་པར་བརྗོད་པར་བྱའོ། །ལུས་བསྐྱེད་པ་ལ་རྒྱུ་དང་འབྲས་བུ་ཚོགས་ པའི་ངེས་པའོ། ༣ ། ༈ (ནང་ལེའུའི་གནས་པ་བཅོ་བརྒྱད་ལས་དང་པོ་མངལ་འཛིན་པ་དང་སྡུད་པའི་ངོ་བོ་ཉིད་ཀྱིས་གནས་པ་)མངལ་ འཛིན་པ་ལ་སོགས་པ་གསུངས་པ་ས་བོན་ཞེས་པ་ལ་སོགས་པ་སྟེ་འདིར་དབང་པོ་གཉིས་ཀྱི་ སྦྱོར་བ་ལས་གསང་བའི་པད་མར་ལྷུང་བའི་ཁུ་བ་དང་བྷ་གའི་ཁྲག་གང་ཡིན་པ་དེ་ནི་ས་བོན་ ཞེས་བརྗོད་དོ། །ས་བོན་དེ་ནི་འཛིན་མས་འཛིན་ཏེ་གསང་བའི་པད་མ་ལ་སའི་ཁམས་གང་ ཡིན་པ་དེ་ཡིས་(འཛིན་ནོ)སོ། །ཞེས་པའི་དོན་ཏོ། །པད་མར་གནས་པ་ཞེས་པ་ནི་〔མའི་〕གསང་ བའི་པད་མར་གནས་པའོ། །གསང་བའི་པད་མ(འི་སས་གཟུང་བ་)དེ་ལས་(ཕྱི་ནས་པད་མའི་)ཆུ་ཡིས་ སྡུད་དོ། །(དེའི་)ཕྱི་ནས་ནི་མེ་ཡིས་སྨིན་པར་བྱེད་ཅིང་ཞེས་པ་ནི་ཆུ་ཡིས་རབ་ཏུ་བསྡུས་པའི་ ས་བོན་འདི་(མའི་པད་མའི་)མེ་ཡིས་རབ་ཏུ་སྨིན་པར་བྱེད་དོ། །རོ་དང་རོ་ནི་ཟ་བར་བྱེད་དེ་ཞེས་ པ་ནི་རོ་དྲུག་པོ་མ་ཡིས་ཟོས་པ་དང་འཐུངས་པ་གང་ཡིན་པའི་རོ་དང་རོ་དེ་དག་མེ་ཡིས་ཟ་ པར་བྱེད་དོ། །ས་བོན་འདི་ཡི་འཕེལ་བ་རླུང་གིས་བྱེད་དོ། །ནམ་མཁའ་སྟོང་པ་དག་ཀྱང་(ས་ བོན)འཕེལ་བའི་སྐབས་སུ་གོ་སྐབས་སྦྱིན་པར་བྱེད་དོ། །མི་ཡི་བདག་པོ་ཞེས་པ་ནི་བོད་པའོ། ། (མངལ་དུ་སྐྱེ་བའི་)དུས་(ཀྱི་དབང་)ལས་དེ་ལྟར་འགྲུབ་པ་སྟེ་དེ་ལྟར་རིམ་པ་དེ་དག་གི་ཉ་ལ་སོགས་ པ་གྲུབ་སྟེ་མངལ་རྫོགས་པར་འགྱུར་རོ། །ལྷ་ཡི་གནས་སྐབས་རྣམས་བྱེད་དོ་ཞེས་པ་ལ་དུ་བ་ ལ་སོགས་པ་(ནུས་མ་)ལྷ་ཡི་གནས་སྐབས་བཅུ་པོ་དེ་དག་(དང་འདྲ་བའི་གནས་སྐབས་བཅུ་པོ་)བྱེད་པ་ ནི་མངལ་དང་བྱིས་པ་དང་གཞོན་ནུ་ལ་སོགས་པའི་〚ཚེའི་མཐའི་མདོ་ལས། འཚོ་བའི་གནས་ 3-1-8 སྐབས་བཅུ་ནི། བྱིས་པ། གཞོན་ནུ། ལང་ཚོ། སྤྲོ་བ་དང་ལྡན་ཞིང༌། ཉམས་སྟོབས་དང་ལྡན་པ། སྤོབས་པ་དང་ལྡན་ཞིང་ཤེས་རབ་དང་ལྡན་པ། དཔྱོད་པའི་རང་བཞིན་ཅན་ཏེ་དྲན་པ་དང་ ལྡན་པ་ཆོས་ལུགས་ཁོང་དུ་ཆུད་པ། རྒན་རབས་སུ་བཀུར་པ། རྒས་འཁོགས་པ། ཚེའི་མཐར་ ཐུག་པ་དང་བཅུའོ། །ཞེས་དང༌། དགའ་བོ་མངལ་གནས་ལས། དགའ་བོ་ཚེ་ལོ་བརྒྱ་ཐུབ་པ་ དེ་ཡང༌། གནས་སྐབས་བཅུ་དང་ལྡན་པར་འགྱུར་ཏེ། དང་པོ་ནི། བྱིས་པའི་གནས་སྐབས་ཏེ་ ཉམས་ཆུང་ཞིང་གན་རྐྱལ་དུ་ཉལ་བར་བྱེད་དོ། །གཉིས་པ་ནི་གཞོན་ནུར་གྱུར་པ་སྟེ་བྱིས་ པའི་རྩེད་མོ་ལ་དགའ་བར་བྱེད་དོ། །གསུམ་པ་ནི་ལང་ཚོ་ལ་བབ་པ་སྟེ། འདོད་པའི་བདེ་བ་ རྣམས་མྱོང་བར་བྱེད་དོ། །བཞི་པ་ནི་མཐུ་དང་ལྡན་པར་འགྱུར་བ་སྟེ། དཔའ་ཞིང་སྟོབས་དང་ ལྡན་པའོ། །ལྔ་པ་ནི་དར་ལ་བབ་པ་སྟེ་ཤེས་རབ་ཀྱི་སྤོབས་པ་དང་ལྡན་པ་ཡིན་ནོ། །དྲུག་པ་ནི་ ཡོངས་སུ་རྫོགས་པ་སྟེ་དྲན་པ་དང་ལྡ ན་ཞིང་སྤྱོད་པ་ལ་མཁས་པའི་རང་བཞིན་ཅན་ཡིན་ནོ། ། བདུན་པ་ནི་མཐར་གྱིས་རྒས་པ་སྟེ། ཆོས་ཀྱི་གཞུང་ལུགས་རབ་ཏུ་ཤེས་པ་ཡིན་ནོ། །བརྒྱད་ པ་ནི་རྒས་པར་འགྱུར་བ་སྟེ་བྱ་བ་མང་པོ་རྣམས་ལ་མཐུ་ཆུང་བར་གྱུར་པ་ཡིན་ནོ། །དགུ་པ་ ནི་ཤིན་ཏུ་རྒས་པ་སྟེ་ཅི་ཡང་མི་ནུས་པ་ཡིན་ནོ། །བཅུ་པ་ནི་ལོ་བརྒྱ་པ་སྟེ་འཆི་བའི་གནས་ སྐབས་གང་ཡིན་པའོ་ཞེས་པའོ〛གནས་སྐབས་བཅུ་པོ་(འཆད་པར་འགྱུར་བ་)རྣམས་ཏེ་བཙའ་བར་ གྱུར་བའི་དུས་དང་བྱིས་པ་ལ་སོགས་དུས་དག་ཏུ་ཡང་ངོ་ཞེས་པ་ནི་མངལ་འཛིན་པའི་ངེས་ པའོ། ༤ ། ༈ ས་བོན་གྱི་རང་གི་ཁམས་ཀྱི་བྱ་བ་གསུངས་པ་ས་བོན་དག་གི་ཞེས་པ་ལ་སོགས་པ་ སྟེ་འདིར་ས་བོན་ཁུ་བ་དང་ཁྲག་གི་ས་གང་ཡིན་པ་དེས་གསང་བའི་པད་མ་ལ་གནས་པའི་ རོ་དྲུག་པོ་རྣམས་(སྤྱོད་ཅིང་)ཟོས་ནས་ལུས་བསྐྱེད་པ་ལ་གསལ་བར་ལྕི་ཞིང་སྲ་བ་ཉིད་བྱེད་དོ། ། (ས་བོན་དེ་ཉིད་ཀྱི་)ཆུ་ནི་དེ་བཞིན་གཤེར་བ་ཉིད་བྱེད་དོ། །མེ་ནི་ཟོས་པའི་རོ་རྣམས་སྨིན་པར་ 3-1-9 བྱེད་དོ། །〔ས་བོན་དེ་ཉིད་ཀྱི་〕རབ་མཆོག་རྣམ་པ་བཅུའི་རླུང་སྲོག་ལ་སོགས་པ་དག་ནི་ས་བོན་འདི་ ཡི་ལུས་ལ་འཕེལ་བར་བྱེད་དོ། །འཕེལ་བ་དག་ལ་སླར་ཡང་〔ས་བོན་དེ་ཉིད་ཀྱི་〕ནམ་མཁའ་ཉིད་ ནི་གོ་སྐབས་སྦྱིན་བྱེད་(ས་བོན་ཉིད་སྐྱེ་བའི་)དུས་(ཀྱི་དབང་)ལས་དེ་ལྟར་སྔར་བརྗོད་པའི་རྣམ་པས་ སྐྱེད་པ་སྟེ་སྣ་ཚོགས་དངོས་པོ་དུ་མ་རྣམས་ཀྱིས་ལུས་བཅས་སྒྲ་དང་ཡིད་དང་ཞེས་པ་ནི་ལུས་ དང་ངག་དང་སེམས་སོ། །ནུས་པ་རྣམས་ནི་དུ་བ་ལ་སོགས་པ་སྟེ་(བཅུ་དང་མཚུངས་པའི་གནས་སྐབས་ བཅུ་)ལུས་དང་ངག་དང་སེམས་ཀྱི་ཆོས་ཅན་(གནས་སྐབས་བཅུ་པོ་)རྣམས་སྤྲོ་བར་བྱེད་དོ་ཞེས་པ་ནི་ ས་བོན་གྱི་ཁམས་ཀྱི་བྱ་བ་བརྗོད་པའོ། ༥ ། ༈ (གཉིས་པ་རྡུལ་དང་ཁུ་བ་དང་ཀུན་གཞིའི་རྣམ་པར་ཤེས་པ་ཡང་དག་པར་སྦྱོར་བའི་ངོ་བོ་ཉིད་དང་བཞི་པ་ཉ་ལ་ སོགས་པ་གནས་སྐབས་བཅུའི་ངོ་བོ་ཉིད་ཀྱིས་གནས་པ་)གསང་བ་ཞེས་པ་ལ་སོགས་པས་ནང་གི་ཐུགས་རྡོ་ རྗེ་འཛིན་པ་ཁྱབ་འཇུག་གི་གནས་སྐབས་བཅུ་གསུངས་ཏེ་འདིར་གསང་བའི་པད་མར་ཁྲག་ གི་ནང་དུ་གང་ཚེ་ལྷུང་བའི་བྱང་ཆུབ་ས་བོན་ཞེས་པ་ནི་ཁུ་བ་སྟེ་སྲོག་དང་བཅས་པ་ནི་ཀུན་ གཞིའི་རྣམ་པར་ཤེས་པ་〔སྟེ་དེ་〕དང་བཅས་པ་དག་གང་གི་ཚེ་གསང་བའི་པད་མར་ལྷུང་བ་དེའི་ ཚེ་གནས་སྐབས་བཅུའི་མཚན་ཉིད་དུ་འགྱུར་རོ། །(བཅུ་པོ)དེ་རྣམས་ལས་མངལ་གྱི་ནང་དུ་ཉ་ དང་རུས་སྦལ་དང་ཕག་གི་གནས་སྐབས་གསུམ་དུ་འགྱུར་རོ། །དེ་བཞིན་དུ་བཙའ་བའི་དུས་ སུ་གཅིག་སྟེ་མིའི་སེང་གེའི་གནས་སྐབས་སོ། །བྱིས་པའི་དུས་དག་ཏུ་ཡང་རྣམ་པ་གཉིས་ཏེ་ སོ་སྐྱེ་བའི་བར་ནི་མི་ཐུང་གི་གནས་སྐབས་སོ། །སོ་སྐྱེས་ནས་སོ་ལྷུང་བའི་བར་ནི་དགྲ་སྟ་རཱ་ མའི་གནས་སྐབས་སོ། ༦ ། གཞོན་ནུ་ལང་ཚོ་དག་ལ་གཞན་ཞེས་པ་ནི་སོ་ལྷུང་བ་ནས་ལོ་བཅུ་དྲུག་གི་བར་དུ་རྒྱས་ པ་དང་པོ་རཱ་མའི་གནས་སྐབས་སོ། །དེ་བཞིན་དུ་ལོ་བཅུ་དྲུག་ནས་སྐྲ་དཀར་སྐྱེས་པའི་བར་ ནི་རྒྱས་པ་གཞན་ནག་པོའི་གནས་སྐབས་སོ། །སྐྲ་དཀར་སྐྱེས་པ་ནས་འཆི་བའི་ཉིན་ཞག་གི་ 3-1-10 བར་ནི་སངས་རྒྱས་ཀྱི་གནས་སྐབས་སོ། །འཆི་བའི་ཉིན་ཞག་ལ་འབྱུང་བ་ཐམས་ཅད་གཅིག་ ཏུ་འདྲེས་པར་གྱུར་བ་ཉིད་ཀྱི་ཕྱིར་ལུས་ལ་རིགས་ལྡན་གྱི་གནས་སྐབས་སུ་འགྱུར་ཏེ། (དེ་ལྟར་ ན་)རྒན་པོ་ཉིད་ལ་ཞི་བ་གཅིག་〔སངས་རྒྱས་〕སྟེ་མངལ་སྐྱེས་རྣམས་ཀྱིས་སྲིད་པ་འཆི་བ་ཉིད་ནི་ མཐའ་མ་(རིགས་ལྡན་ཡིན་པ)འོ་ཞེས་སོ། །གནས་སྐབས་བཅུའི་ངེས་པའོ། ། ༈ ཉ་ཞེས་པ་ལ་སོགས་པས་ནང་ལ་ཐུགས་རྡོ་རྗེ་འཛིན་པ་ཁྱབ་འཇུག་གི་བྱ་བ་གསུངས་ ཏེ་འདིར་ཉ(རོ་ཧི་ཏ་ལྟ་བུ)འི་དངོས་པོ་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཛིན་པ་ཁྱབ་འཇུག་ནི་ཉ་ (རོ་ཧི་ཏ་)ཡི་རྣམ་པ(ལྟ་བུ)ར་(དཀར་དམར་ལྷང་ངེ་བ་གཅིག་ཏུ་)འགྱུར་ཏེ་ཉིན་ཞག་འགའ་(ཞེས་པ་)ནི་[རི་ ཏུ]དུས་(ཏེ་ཟླ་བ་གཉིས་)ཀྱི་ཉིན་ཞག་གི་བར་དུའོ། །དེ་ནས་(ཟླ་བ་གསུམ་པ་ནས་བརྩམས་ཏེ་)རུས་སྦལ་ གྱི་དངོས་པོ་ལ་ནི་རུས་སྦལ་གྱི་དངོས་པོ(ལྟར་འབུར་པོ་ལྔ)ར་འགྱུར་ཏེ་ཡང་ཡིག་གིས་[རི་ཏུ] དུས་གཞན་གྱིས་ཉིན་ཞག་གི་བར་དུའོ། །(ཟླ་བ་ལྔ་པ་ནས་བརྩམས་ཏེ་)ཕག་པའི་དངོས་པོ་ལ་བྱང་ ཆུབ་ཀྱི་སེམས་ཁྱབ་འཇུག་དེ་ཡི་སྐྱེ་མཆེད་ཉི་མ་ནི་སྐྱེ་མཆེད་བཅུ་གཉིས་འབྱུང་བར་འགྱུར་ཏེ་ གསུམ་པའི་[རི་ཏུ]དུས་(ཏེ་ཟླ་བ་གཉིས་)ཀྱི་ཉིན་ཞག་གི་བར་དང་དེ་བཞི་དུ་ཟླ་བ་བདུན་པ་ནས་ སྐྱེ་བའི་ཉིན་ཞག་གི་བར་དུ(ཡང་ཕག་པ)འོ། །(དེ་ནས་)མི་ཡི་སེང་གེའི་དངོས་པོ་ལ་ནི་རབ་ཏུ་སྐྱེ་ བར་འགྱུར་ཏེ་ལག་པ་དག་གིས་སྐྱེ་གནས་རྣམ་པར་འབྱེད་པའི་ཕྱིར་རོ། ༧ ། མི་ཐུང་གི་དངོས་པོ་ལ་ནི་སྔར་བརྗོད་པའི་(སོ་སྐྱེ་བའི་བར་གྱི་)བྱིས་པའི་དངོས་པོར་འགྱུར་ རོ། །དགྲ་སྟ་རཱ་མ་ལ་ཡང་མི་བདག་གཉིས་དེ་སུམ་ཅུ་རྩ་གཉིས་ཀྱི་སོ་རྣམས་འབྱུང་བར་ འགྱུར་རོ། །རཱ་མའི་དངོས་པོ་ལ་ནི་(སོ)ལྷུང་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཁྱབ་འཇུག་ དེ་ཉིད་ནག་པོའི་དངོས་པོ་ལ་ནི་གསལ་བར་སྒྱུ་དག་བྱེད་ཅེས་པ་སྒྱུ་བྱེད་པར་འགྱུར་རོ། ། སངས་རྒྱས་ཀྱི་དངོས་པོ་ལ་ཡང་ཞི་བ་དང་སེམས་ཅན་རྣམས་ལ་བརྟུལ་ཞུགས་ངེས་པ་བྱེད་ དོ། །རིགས་ལྡན་ལ་ནི་འཆི་བར་འགྱུར་ཏེ་རིགས་ལྡན་གྱི་དངོས་པོ་ལ་སྔར་བརྗོད་པ(འབྱུང་ 3-1-11 བ་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་པ)འི་རྣམ་པས་འཆི་བར་འགྱུར་རོ་ཞེས་པ་ནི་འཇུག་པ་བཅུའོ། ། འདིར་ཕྱི་རོལ་ཏུ་ཉ་ལ་སོགས་པའི་ལོ་རྒྱུས་ཚངས་པའི་དྲང་སྲོང་གདུག་པ་རྣམས་ཀྱིས་〔སྔོན་ རིག་བྱེད་བཞིའི་པོ་ཏི་རྒྱ་མཚོར་བྱིང་བ་ཁྱབ་འཇུག་ཉར་སྤྲུལ་ནས་བླངས་པས་རིག་བྱེད་མ་ནུབ་པར་བྱས་པ་དང་རུས་སྦལ་དུ་ སྤྲུལ་ནས་ས་གཞི་འོག་ནས་ཡར་བཏེགས་པས་ད་ལྟར་གནས་པར་བྱ་བ་དང༌། ཕག་རྒོད་དུ་སྤྲུལ་ནས་རི་རབ་ཀྱི་སྟེང་ནས་མར་ མནན་པས་སུས་ཀྱང་མི་གཡོ་བའི་བརྟན་པར་བྱས་པ་དང༌། རོ་སྟོད་སེང་གེར་སྤྲུལ་ནས་ལྷ་མིན་འགྲོ་སྐྱོང་གསེར་ཅན་བསད་ པས་སེམས་ཅན་མང་པོའི་གནོད་པ་བསལ་བ་དང༌། མིའུ་ཐུང་དུ་སྤྲུལ་ནས་ཞིང་པོ་སྟོབས་ལྡན་ལ་གོམ་གང་གིས་བསླངས་པ་ལ་ གོམ་གསུམ་ཡང་སྦྱིན་ཟེར་བ་དང་ལུས་ཆེར་སྤྲུལ་ནས་རི་རབ་ཀྱི་སྟེང་དུ་གོམ་ཡ་བཞག་མར་རྒྱ་མཚོ་ལ་ཐུག་པར་གོམ་ཡ་བཞག་ ནས་གོམ་གང་འདི་ཡིན་གོམ་དོ་གར་ཡོད་བྱས་པས་སྟོབས་ལྡན་སྐྱེངས་པས་ས་འོག་ཏུ་བྲོས་པས་ས་གསུམ་ལ་སེམས་ཅན་གྱི་དོན་ བྱས་པ་དང༌། དྲང་སྲོང་ཛ་ཡ་ཨགྣེའི་བུ་རཱ་མར་སྤྲུལ་ནས་སྲིད་སྒྲུབ་བསད་པས་འཇིག་རྟེན་བདེ་བར་བྱས་པ་དང༌། རྒྱལ་པོ་ཤིང་ རྟ་བཅུ་པའི་བུ་རཱ་མར་སྤྲུལ་ནས་སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་བསད་པས་སེམས་ཅན་ལ་ཕན་པ་བྱས་པ་དང༌། ནག་པར་ སྤྲུལ་ནས་མདའ་སོགས་ཀྱི་འཕོང་གི་རིག་བྱེད་མཁས་པར་བྱས་ནས་སེམས་ཅན་གྱི་དོན་བྱས་པ་དང༌། སངས་རྒྱས་དང་རིགས་ ལྡན་སྤྲུལ་ནས་བཞེས་པ་ཐ་མ་གཉིས་ནི་མཆོག་མི་འགྱུར་ལས་བསྟན་པའི་ཁྱབ་འཇུག་གི་སྤྲུལ་པ་བཅུ་པོ་〕བྱིས་པ་རྣམས་ བསླུ་བའི་སླད་དུ་བཀོད་པ་གང་ཡིན་པ་དེ་ནི་(སངས་རྒྱས་ལ་སྡང་སེམས་ཀྱི་སྐུར་བ་བཏབ་པས་)དམྱལ་བ་ འཐོབ་པའི་རྒྱུུ་སྟེ་(དེའི་འགག་པ)འཆད་པར་འགྱུར་བ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ ལས་རྒྱས་པར་བརྗོད་པར་བྱའོ། ། ༈ (ཟླ་བ་གསུམ་པོ་སོ་སོ་རེ་རེ་ཞིང་མངལ་འབྱུང་བའི་ངོ་བོ་ཉིད་ཀྱི་གནས་པ་)ཁུ་བ་ཞེས་པ་ལ་སོགས་པས་ མའི་མངལ་ན་གནས་པའི་ཁུ་བ་དང་རྡུལ་དག་གི་རྣམ་པར་འགྱུར་བ་མངལ་བཟུང་བ་ནས་ བརྩམས་ཏེ་བཙའ་བའི་མཐར་ཐུག་པ་གསུངས་པ་འདིར་སྐྱེ་བའི་ལུས་ལ་མཛོད་དྲུག་ཏུ་ འགྱུར་ཏེ་ཁུ་བ་ལས་(གཙོ་བོ་ཉིད་ཀྱིས་)རྐང་དུ་འགྱུར་བ་དང་རུས་པར་འགྱུར་བ་དང་རྒྱུས་པ་སྟེ་ཆུ་ རྒྱུས་རྣམས་སུ་འགྱུར་བའོ། །རྡུལ་ལས་〔གཙོ་བོ་ཉིད་ཀྱིས་〕ལྤགས་པ་དང་ཁྲག་ཏུ་འགྱུར་བ་དང་ 3-1-12 ཤར་འགྱུར་བ་སྟེ་གང་གི་ཕྱིར་(འདས་མ་ཐག་)བརྗོད་པའི་ས་བོན་(དེ་གཉིས་)གྱིས་རབ་ཏུ་(སྟེ་གཙོ་ བོར་)བསྐྱེད་པའི་ཕྱིར་རོ། ༨ ། འདིར་མངལ་དུ་(དང་པོར་)ཟླ་བ་གཅིག་གི་བར་དུ་(རྩ་མེད་པར་)ཁྲག་དང་ས་བོན་(གཉིས་དྲི་ཆེན་ དྲི་ཆུ་རྐང་གསུམ་གྱི་དྭངས་མ་དང་བཅས་པ་)བདུད་རྩི་ལྔའི་རོར་གྱུར་པ་རབ་ཏུ་སྐྱེའོ་ཕྱི་ནས་ས་བོན་མྱུ་གུ་ ཞེས་པ་ནི་དེ་ནས་ཟླ་བ(དེ)འི་མཇུག་ཏུ་(ཟླ་བ་གཉིས་པ་ལ་)བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུར་གྱུར་པ་ སྙིང་ཁའི་གོ་སྐབས་སུ་རྣམ་པ་བཅུའི་རྩ་(ཆགས་པ་ནི་)སྲོག་ལ་སོགས་པའི་རླུང་རྣམས་ཀྱི་རྟེན་དུ་ འགྱུར་ཞིང་དེ་དག་ཀྱང་ཤིན་ཏུ་ཕྲ་བ་སྟེ་སྐྲའི་ཚད་དོ(འདིར་སྙིང་ཁར་རྩ་བཅུ་ཆགས་པར་གསུངས་པ་ནི་ཕལ་ ཆེ་བའི་དབང་དུ་མཛད་པ་སྟེ་སྲོག་དང་ཐུར་སེལ་གྱི་རྟེན་དུ་གྱུར་པའི་སྟེང་འོག་གི་རྩ་གཉིས་ནི་སྙིང་ཁའི་འཁོར་ལོའི་སྟེང་འོག་ལ་ མི་འཇོག་གི་ལྟེ་བའི་སྟེང་དུ་ཨ་བ་ངྷཱུ་ཏཱི་དང་འོག་ཏུ་དུང་ཅན་མ་གཉིས་ལ་འཇོག་གོ)། །ལྟེ་བ་ལ་སྟེ་ལྟེ་བའི་ཕྱོགས་སུ་ བརྒྱད་པ་བརྒྱད་(ཅེས་པ་)དབྱུག་གུ་དྲུག་ཅུ་རྩ་བཞི་རྒྱུ་བར་བྱ་བ(འི་རྩ་དྲུག་ཅུ་རྩ་བཞིའི་སྐྱེ་བ)ར་འགྱུར་ རོ། །(འདིར་དངོས་སུ་)མ་གསུངས་ཀྱང་(གཞན་དུ་གསུངས་པ་ལས་འདིར་དོན་གྱིས་ཤེས་པ་)ཁྱིམ་གྱི་འཕོ་བ་ བཅུ་གཉིས་ཀྱི་དབང་གི་དྲུག་ཅུ་རྩ་བཞི་པོ་རྣམས་ཀྱི་རྟེན་དུ་གྱུར་པའི་རྩ་ཤིན་ཏུ་ཕྲ་བ་བཅུ་ གཉིས་སུ་འགྱུར་ཏེ་དེ་བཞིན་དུ་ལྟེ་བའི་རྩ་སྔར་བརྗོད་པ་(དྲུག་ཅུ་རྩ་བཞི་པོ་)དེ་དག་ཐམས་ཅད་ ནི་ཤིན་ཏུ་ཕྲ་བའོ། །རྐང་ལག་གདོང་གི་གནས་ཀྱི་རྒྱུ་བའི་སླད་དུ་གྱེན་དུ་སྐྱོད་པར་བྱེད་པ་སྟེ་ རྐང་ལག་གདོང་གི་གནས་རྣམས་སུ་བསྐྱོད་(སྟེ་སྐྱེད་)པའི་མཐུ་དེ་ལས་ཟླ་བ་གཉིས་པ་རྫོགས་ པར་འགྱུར་བའི་རྗེས་ལ་འདིར་ནི་རྐང་ལག་གདོང་གིས་མཚོན་པ་ཅུང་ཟད་དོ། །འདིར་ དང་པོ་ཉའི་གནས་སྐབས་ཀྱི་ཉིན་ཞག་འདས་པར་གྱུར་པ་ན་(ཟླ་བ་གསུམ་པ་ནས་)རུས་སྦལ་གྱི་ གནས་སྐབས་ལ་གདོང་དང་རྐང་པ་(གཉིས་)དང་ལག་པ(གཉིས་སྐྱེ་བ)འི་གནས་(ལྔ་)རྣམས་སུ་ འབུར་པོ་ལྔར་(སྐྱེ་བར་)འགྱུར་རོ། ༩ ། [ཟླ་བ་གསུམ་པ་རྫོགས་པ་ན་]ལག་པ་རྐང་པ་མགྲིན་པ་རྣམས་ཀྱི་མགོ་བོ་(འབུར་ཙམ་དུ་) 3-1-13 མཉམ་པར་འགྱུར་ཏེ་རུས་སྦལ་ལོ། །ཕྲ་མོའི་རྩ་གཞན་རྣམས་ནི་རྐང་པ་ལག་པ་གདོང་དང་ མགྲིན་པ་དག་གི་ཕྱོགས་སུ་སྟེ་(རིམ་པ་བཞིན་)རྐང་པ་དང་ལག་པ་རྣམས་ཀྱི་ཚིགས་དྲུག་(གི་རྩ་)དང་གདོང་དང་མགྲིན་པ་ལ་(རིམ་པ་ལྟར་)ལྷན་ཅིག་སྐྱེས་པ་དང་ལོངས་སྤྱོད་རྫོགས་པའི་རྩ་ ཤིན་ཏུ་ཕྲ་བ་རྣམས་སུ་འགྱུར་ཞིང་ཟླ་བ་བཞི་པ་རྫོགས་པར་གྱུར་པ་ན་རུས་སྦལ་གྱི་གནས་ སྐབས་(རྫོགས་)སོ། །ཟླ་བ་ལྔ་པ་ལ་ནི་ཕག་གི་དངོས་པོ་ལ་ཤ་ལ་བརྟེན་ནས་རུས་པ་མཁའ་ རོ་བསྲེག་ཟ་ཞེས་པ་ནི་རུས་པ་སུམ་བརྒྱ་དྲུག་ཅུ་སྟེ་(དགའ་བོ་མངལ་གནས་པ་ལས། མགོ་ཐོད་རུས་པ་དགུ་ འདུས་ཤིང༌། །འགྲམ་པའི་རུས་པ་གཉིས་འབྲེལ་ཏེ། །སོ་ནི་སུམ་ཅུ་རྩ་གཉིས་ལྡན། །དེ་ཡི་རྩ་བ་འང་དེ་བཞིན་ནོ། །སྣ་རྩ་གཉའ་ བའི་རུས་པ་དང༌། །རྐན་དང་སྣ་ཡི་རུས་པ་དང༌། །བྲང་དང་མྱིད་པའི་རུས་པ་ནི། །བསྡུས་ན་རུས་པ་ཉི་ཤུ་ཡོད། །མིག་ལ་རུས་པ་ བཞི་ཡོད་དེ། །ཕྲག་པ་བྱིན་པ་ཟུང་གཉིས་ཡོད། །ལག་པ་གཉིས་དང་སོར་མོ་རྣམས། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལྟག་རྒྱབ་ རུས་པ་བརྒྱད་ཡོད་དེ། །སྒལ་ཚིག་ལ་ནི་སུམ་བཅུ་གཉིས། །འདི་དག་ཀུན་ལ་རྩ་ཡོད་པས། །འདི་ཡི་གྲངས་ནི་ཆ་བཞིར་འགྱུར། ། རྩིབ་ལོགས་གཡས་པའི་རུས་པ་ནི། །ཕན་ཚུན་འབྲེལ་པ་བཅུ་གསུམ་ཡོད། །རྩིབ་ལོགས་གཡོན་འབྲེལ་སྐྱེ་བ་ཡི། །རུས་པ་དག་ ནི་བཅུ་གསུམ་ཡོད། །རུས་པའི་ལུ་གུ་རྒྱུད་འདི་དག །གསུམ་གསུམ་དག་ནི་ཕན་ཚུན་འབྲེལ། །གཉིས་གཉིས་དག་ནི་ཚིག་ལྡན་ ཏེ། །ལྷག་མ་གཞན་ནི་འབྲེལ་བ་མེད། །གཡས་གཡོན་བརླ་ནི་གཉིས་པོ་ལ། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལུས་ནང་འབྲེལ་ བའི་རུས་པ་ནི། །སྡོམ་ན་སུམ་བརྒྱ་དྲུག་ཅུ་ཡོད། །ཅེས་འབྱུང་ངོ་)ཚིགས་རྣམས་ཀྱང་དེ་སྙེད་དོ། །ཟླ་བ་དྲུག་པ་ ལ་ཡང་སྟེ་ཡང་ཡིག་གིས་ཕག་པའི་དངོས་པོ་ལ་ཤ་དང་ཁྲག་ཏུ་འགྱུར་རོ། །ཚོར་བར་འགྱུར་ ཏེ་བདེ་བ་དང་སྡུག་བསྔལ་ཡང་རིག་གོ། མངོན་པར་ཤེས་པའི་སྟོབས་ཀྱིས་སྔོན་གྱི་གནས་ རྗེས་སུ་དྲན་པར་ཡང་འགྱུར་ཏེ་(ཆོས་ཀྱི་བག་ཆགས་དང་ལྡན་པའི་དབང་དུ་བྱས་པ་ལ་)རང་གི་སེམས་ཀྱིས་ (འདོད་པའི་ཡུལ་ལ་)ཆགས་པ་དང་བྲལ་བར་བྱེད་ཅིང་སྲིད་པའི་སྡུག་བསྔལ་ལ་སྨོད་པར་བྱེད་ལ་ སངས་རྒྱས་ཀྱི་ལམ་ལ་བསྔགས་པར་བྱེད་དོ། ༡༠ ། དེ་ནས་སྨིན་མ་སྐྲ་དང་སྤུ་དང་བུག་པ་མིག་ལ་སོགས་པ་རྣམས་ཀྱང་ཕག་གི་དངོས་པོ་ 3-1-14 (ཉིད་)ལ་(སྐྱེ་བོ་དེ་ཡང་)ཐུབ་པ་མཆོག་ལ་སྟེ་ཟླ་བ་བདུན་པ་རྫོགས་པར་གྱུར་པ་ན་(སྐུར་ཟླ་བ་ལྔ་ པ་ནས་བརྩམས་པའི་)སྐྱེ་མཆེད་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །འདིར་མངལ་གྱི་ཟླ་ བ(གཅིག་རྩ་མེད་པ)འི་མཇུག་ཏུ་ཉིན་ཞག་སོ་སོའི་དུས་ལ་སྟོང་པ་སྟོང་པ་མིག་གི་གྲངས་ཏེ་ཉིས་ བརྒྱའི་གྲངས་ཀྱི་རྩ་རྣམས་སུ་ཉིན་ཞག་སོ་སོ་ལ་(འཕེལ་བར་འགྱུར་བས་ཟླ་བ་བཅུ་གཉིས་ན་རྩ་བདུན་ཁྲི་ ཉིས་སྟོང་རྫོགས་པར་)འགྱུར་རོ། །དེ་ནས་སུམ་བརྒྱ་དྲུག་ཅུའི་གནད་(ནི་ཚིགས་སམ་གང་ཞིག་ཆད་ན་འཆི་ བར་འགྱུར་བ་)རྣམས་དང་རུས་པ་(སུམ་བརྒྱ་དྲུག་ཅུ་)རྣམས་ཏེ་(དེ་དང་)དེའི་ནང་དུ་རྐང་དུ་འགྱུར་རོ། ། རོ་འཛིན་ནི་ལྕེ་སྟེ་ལྕེའི་དབང་པོ་བསྐྱེད་པའི་སླད་དུའོ། །སྐུར་གྱི་མིག་ལ་སོགས་པ་རྣམས་སྲ་ བ་ཉིད་དུ་འགྱུར་རོ། །རོ་འཛིན་སྐྱེས་པའི་དུས་དེ་ནས་འདིར་གཅི་བ་བཤང་བ་རྣམས་ཀྱང་ཟླ་ བ་བརྒྱད་པ་ཕག་གི་དངོས་པོ་ལ་(ལུས་ཀྱི་ནང་དུ་འབྱུང་བར་)འགྱུར་རོ། །(ཕྱི་རོལ་ཏུ་ནི་མི་འབྱུང་སྟེ་ཐུར་སེལ་ གྱི་རླུང་རྒྱུ་བ་མེད་པའི་ཕྱིར་རོ)དེ་ནས་བུག་པ་ཞེས་པ་སྟེ་ཟླ་བ་དགུ་པ་རྫོགས་པར་གྱུར་པའམ་ཁ་ཅིག་ ཏུ་བཅུ་པ་དང་བཅུ་གཅིག་པ་དང་བཅུ་གཉིས་པ་ལ་ཕག་གི་དངོས་པོའི་མཇུག་ཏུ་(བཙའ་བའི་) སྡུག་བསྔལ་དྲག་པོར་འགྱུར་ཏེ་བཙའ་བའི་དུས་སུ་སྐྱེས་གནས་ཀྱིས་ནི་བཙིར་བ་དག་གིས་ ཏེ་མིའི་སེང་གེའི་དངོས་པོ་ལ་མངལ་ནས་སྐྱེ་བ་དག་གིའོ་ཞེས་པ་ནི་མངལ་ནས་སྐྱེ་བའི་ངེས་ པའོ། ༡༡ ། ༈ (ལྔ་པ་སྐུ་བཞི་དང་རྡོ་རྗེ་བཞི་དག་པའི་ངོ་བོ་ཉིད་ཀྱི་གནས་པ་དྲུག་པ་རྫོགས་པའི་བྱང་ཆུབ་པ་བཞིས་མངལ་འབྱུང་ བའི་ངོ་བོ་ཉིད་ཀྱིས་གནས་པ་)འཕགས་པའི་བདེན་པ་བཞི་ལས་འཁོར་བ་པ་རྣམས་ཀྱི་སྡུག་བསྔལ་ གྱི་བདེན་པ་གསུངས་པ་མངལ་ཞེས་པ་ལ་སོགས་པ་སྟེ་འདིར་དང་པོར་རེ་ཞིག་འཁོར་བ་ པ་མངལ་ན་གནས་པ་རྣམས་ཀྱི་མངལ་ན་གནས་པའི་སྡུག་བསྔལ་བུམ་པར་འཚེད་པ་དང་ མཚུངས་པར་འགྱུར་རོ། །བཙའ་བའི་དུས་སུ་ཐོ་བའི་འཁྲུལ་འཁོར་གྱིས་བཙིར་བ་བཞིན་ནོ། ། བྱིས་པའི་དངོས་པོ་ལ་ཡང་བཤང་པ་ཟ་བ་ཕག་པ་བཞིན་ནོ། །གཞོན་ནུ་དང་ནི་ལང་ཚོ་དག་ 3-1-15 ལ་ཡང་བུད་མེད་དང་བྲལ་བའི་སྡུག་བསྔལ་དང་ནོར་དང་འབྱོར་པ་ཉམས་པའི་སྡུག་བསྔལ་ ཏེ་དེ་(དང་དེ་འདོད་ཀྱང་)མེད་པའི་ཕྱིར་རོ། །རྒན་པོ་ཉིད་ལའང་རྒ་ཤིའི་སྡུག་བསྔལ་ལོ། །སླར་ ཡང་ཤི་བའི་མཐར་འགྲོ་བ་དྲུག་ཏུ་འཇིགས་སྟེར་ངུ་འབོད་ལ་སོགས་{ཏེ་སོགས་}པས་ནི་ཡི་ དྭགས་དང་དུད་འགྲོའི་འགྲོ་བར་སྡུག་བསྔལ་དྲག་པོར་འགྱུར་ཏེ་དགེ་བ་བཅུ་ཡོངས་སུ་བོར་ བ་དང་སྡིག་པའི་དབང་གིས་སོ། །དེ་ལྟར་སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་ འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད་དེ་འདིར་འཁོར་བའི་སྒྱུ་མ་ངར་ འཛིན་པ་དང་ང་ཡིར་འཛིན་པའི་བདག་ཉིད་ཅན་གྱིས་རྨོངས་པར་བྱས་པ་ནི་དམྱལ་བ་དང་ཡི་ དྭགས་དང་དུད་འགྲོའི་སྡུག་བསྔལ་དག་ལས་སྡུག་བསྔལ་(བརྒྱུད་མར་)འཛིན་པར་བྱེད་དོ། ༡༢། ༈ ལམ་གྱི་བདེན་པ་གསུངས་པ་འཁོར་བར་ཞེས་པ་ལ་སོགས་པ་སྟེ་འགྲོ་བ་དྲུག་གི་ བདག་ཉིད་ཀྱི་འཁོར་བ་འདིར་མི་ཉིད་ཏུ་ནི་འགྱུར་བ་དག་ཀྱང་བརྒྱ་ལམ་ན་སྟེ་(ཤིན་ཏུ་དཀོན་ལ་)དེ་ལས་མུ་སྟེགས་པའི་སྦྱིན་པ་ལ་སོགས་པའི་ཆོས་རྣམས་ལ་མི་རྣམས་ཀྱི་ཆོས་ཀྱི་བློ་ནི་རེས་ འགའ་ན་འབྱུང་(སྟེ་དཀོན་ནོ)ངོ༌། །དེ་ལས་(ཀྱང་)དགེ་བའི་དབང་གིས་སངས་རྒྱས་ལ་ནི་རྗེས་ ཆགས་བརྒྱ་ལམ་ན་འགྱུར་ཏེ་(དགེ་བ་)སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཆགས་པ་(སྟེ་འདུན་པ་) ཡང་(དཀོན་ནོ)ངོ༌། །དེ་ལས་ཀྱང་དགེ་བའི་དབང་གིས་(ཐེག་པ་གསུམ་ལས་)དང་པོའི་ཐེག་པ་ཉན་ ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་རབ་ཏུ་འཇུག་པར་འགྱུར་བའོ། །དེ་ལས་(ཀྱང་)དཔལ་ ལྡན་རྡོ་རྗེ་ཐེག་པ་ལ་འཇུག་པ་སྟེ་རྡོ་རྗེ་ནི་(ཐོས་པ་དང་བསམ་པ་དང་འཇིག་རྟེན་པའི་བསྒོམས་བྱུང་གི་ཤེས་རབ་ ཀྱིས་)མི་ཕྱེད་པ་དང་(ཉོན་མོངས་པ་དང་རྣམ་པར་རྟོག་པའི་མཚོན་གྱིས་)མི་ཆོད་པ་ཆེན་པོ་ཡིན་ལ་དེ་ཉིད་ (ཐར་བ་ཆེན་པོར་འགྲོ་བའི་)ཐེག་པ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ་སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་ པའི་ཚུལ་འབྲས་བུ་(མི་འགྱུར་བའི་བདེ་བ་)དང་རྒྱུ(དམིགས་བཅས་སྟོང་པ)འི་བདག་ཉིད་(གདོད་མ་ཉིད་ནས་ 3-1-16 མེའི་འོད་དང་སྲེག་པར་བྱེད་པ་ལྟར་)གཅིག་ཏུ་འདྲེས་པར་གྱུར་པའོ། །དེ་ལ་འཇུག་པ་ནི་རྡོ་རྗེ་ཐེག་པ་ ལ་འཇུག་པ(སྟེ་ཤིན་ཏུ་དཀོན་ནོ)འོ། །དེ་བས་(ཀྱང་)བསྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་དག་ ན་འཇུག་སྟེ་(གང་ཟག་)གང་ཞིག་(གི)སེམས་(བསྒོམ་བྱ་འོད་གསལ་)དམིགས་པ་དང་བཅས་པའི་སྟོང་ པ་ཉིད་(རྣམ་པ་ཐམས་ཅད་པ)དང་དམིགས་པ་མེད་པའི་སྙིང་རྗེ(མི་འགྱུར་བའི་བདེ་བ)འི་བདག་ཉིད་ (དབྱེར་མེད་པ་རྡོ་རྗེའི་རྣལ་འབྱོར་སྒོམ་པ)ལ་(འཇུག་པ་བརྒྱ་ལམ་ན)འོ། །བསོད་ནམས་དང་ཡེ་ཤེས་ཀྱི་(ཚོགས་ ཀྱི་)དབང་གིས་(རྡོ་རྗེའི་རྣལ་འབྱོར་)སྒོམ་པ་དེ་ལས་(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་)སངས་རྒྱས་ཉིད་འདོད་ པར་འགྱུར་བའོ། །དེ་ལྟར་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་(རྗེས་སུ་བརྩེ་བའི་ ཚིག་ཡིན་ལ་)ཤིན་ཏུ་དཀའ་སྟེ་(དཀའ་བའི་དོན་ནི་)འཁོར་བའི་བདེ་བ་མངོན་པར་འདོད་པའི་འཁོར་ བ་པ་རྣམས་ལ་རིང་བ་ལས་ཀྱང་ཤིན་ཏུ་རིང་ངོ༌། ༡༣ ། ༈ མངལ་དུ་ཞེས་པ་ལ་སོགས་པས་ཀུན་འབྱུང་གི་བདེན་པ་གསུངས་ཏེ་འདིར་དང་པོར་ འཇིག་རྟེན་ཀུན་རྫོབ་ཀྱི(བདེན་པ)ས་རྣམ་པར་དག་པ(རང་བཞིན་པ)འི་སྐུ་ལ་སོགས་པ་(ཆགས་པའི་ ཚུལ་གྱིས་)མངལ་ནས་སྐྱེས་པའི་ལུས་ལ་ཡང་དག་པར་བལྟ་བར་བྱ་སྟེ་ཕྱི་ནས་དེ་ཉིད་ཀྱི་ཆོས་ (མཐུན་པ་ཉིད་)ཀྱིས་(ཏེ་དེ་དང་འདྲ་བར་)སངས་རྒྱས་བཅོམ་ལྡན་འདས་ཀྱི་ཤིན་ཏུ་རྣམ་པར་དག་ པའི་སྐུ་ལ་སོགས་པ་(དོན་དམ་པའི་སྐུ་བཞི་པོ་)རྣམས་རྣལ་འབྱོར་པ་རྣམས་ཀྱིས་རིག་པར་བྱའོ། ། ༈ (དེ་ལ་)འདིར་(མངལ་ནས་སྐྱེས་པའི་སྐུ་བཞི་བཏགས་པ་ནི་སེམས་ཅན་)མིའི་མངལ་དུ་ཇི་སྲིད་གནས་ པ་དེ་སྲིད་དུ་(ཟག་བཅས་ཀྱི)མངོན་པར་ཤེས་པ་ལྔ་དང་ལྡན་པ་{རྣམས}ནི་(ཡེ་ཤེས་རྗེས་མཐུན་ཙམ་ ཡིན་པས་)ལུས་ཅན་རྣམས་ཀྱིས་ཡང་དག་པར་དག་པའི་སྐུར་འགྱུར་རོ། །དེ་ནས་བཙའ་བའི་ དུས་ནས་བརྩམས་ཏེ་ཇི་སྲིད་སོ་སྐྱེ་བ་དེ་སྲིད་ནི་(མཚན་མར་འཛིན་པ་ཤེས་ཆུང་བས་)ཆོས་ཀྱི་སྐུར་ འགྱུར་རོ། །སོ་སྐྱེས་པ་དེ་ནས་ཇི་སྲིད་(ལོ་བརྒྱད་པ་ཙམ་ལ་)སོ་རབ་ཏུ་ལྷུང་བར་འགྱུར་བ་དེ་སྲིད་ ནི་(ངག་བསལ་བར་བརྗོད་པས་)རྒྱལ་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེ(བཏགས་པ་ཀུན་གཞིའི་རྣམ་ཤེས་ཁུ་རྡུལ་དང་ 3-1-17 འདྲེས་པ་དེ་)ཡི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མི་ཡི་བདག་པོ་ཞེས་པ་ནི་བོད་པའོ། །སོ་ལྷུང་བ་དེ་ ནས་(ལུས་ཀྱི་བྱ་བ་དུ་མ་སྤྲོ་བས་)སྤྲུལ་པའི་སྐུ་ནི་རབ་ཏུ་གསལ་ཞིང་ངེས་པར་འཆི་བའི་མཚམས་དེ་ མི་རྣམས་དག་གི་ནི་མངལ་ནས་སྐྱེས་པ་རྣམས་ཀྱི(ཕྱི་ནང་ཐུན་མོང་གི་སྐུ་བཞི)འོ། ། ༈ མངལ་དང་ཕྱི་རོལ་དག་ཏུ་སླར་ཡང་སྐུའི་ཚོགས་འདི་ནི་རྣམ་པ་བཞི་རུ་འགྱུར་ཏེ་ འདིར་(གཙོ་ཆེར་)ཡེ་ཤེས་ཀྱི་དབྱེ་བས་མངལ་(དུ་སྐུ་བཞི་)དང་(གཙོ་ཆེར་)རྣམ་པར་ཤེས་པ་དྲུག་གི་ དབྱེ་བས་ཕྱི་རོལ་ཏུ་(སྐུ་བཞི་)སྟེ་ཡེ་ཤེས་རྣམ་ཤེས་དབྱེ་བས་ཞེས་སོ། ༡༤ ། (དེ་དག་ཉིད་བཤད་པ་)འདིར་རེ་ཞིག་མངལ་དུ་རྣམ་ཤེས་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ་ (ཀུན་རྫོབ་འཁོར་བ་པའི་)བདེ་བ་དམ་པའི་ཡེ་ཤེས་སོ། །ཟླ་བ་ཉི་མ་ནི་ཁུ་བ་དང་རྡུལ་ལོ། །ཡང་ནི་ པད་མར་གནས་པ་སྟེ་མངལ་རྫོགས་པར་བྱ་བའི་དོན་དུ་(ཉའི་གནས་སྐབས་ཀྱི་དང་པོར་)གསུམ་པོ་ གཅིག་ཏུ་(འདྲེས་པར་)གྱུར་པ་མའི་པད་མ་ལ་གནས་པའོ། །(ཟླ་བ་གཉིས་པའི་བར་ཉའི་གནས་སྐབས་)དེ་ ནི་མངལ་དུ་དག་པའི་སྐུར་བཅོམ་ལྡན་འདས་ཀྱིས་(དགོངས་པའི་སྐད་ཀྱིས་)གསུངས་ཏེ། མ་དང་ ཕ་དང་(དྲི་ཟའི་སེམས་ཅན་)ཀུན་གཞིའི་རྣམ་པར་ཤེས་པ་(གསུམ་པོ་འཕོ་བའི་)བདེ་བའི་གནས་སྐབས་ གཅིག་ཡིན་པའི་ཕྱིར་རོ། །(ཟླ་བ་གསུམ་པ་རུས་སྦལ་གྱི་གནས་སྐབས་སུ་)ཁམས་(ལྔ་)དང་ཕུང་པོ་(ལྔ་) རྣམས་རབ་ཏུ་འབྱུང་བ་རྣམ་པ་བཅུ་པོ་གང་ཡིན་པ་(ཟླ་བ་བཞི་པའི་བར་)དེ་ནི་རྒྱལ་བ་བྱང་ཆུབ་ཀྱི་ སེམས་རྡོ་རྗེའི་ཆོས་ཀྱི་སྐུའོ། །དེ་ནས་ཡོན་ཏན་དབང་གིས་དེ་ཉིན་ཞག་གི་དབང་གིས་(ཟླ་བ་ ལྔ་པ་ན་ཕག་པའི་གནས་སྐབས་སུ་)ནང་གི་རྣ་བ་ལ་སོགས་པའི་དབང་པོ་རྣམས་དང་སྒྲ་ལ་སོགས་པའི་ ཡུལ་(སྐྱེ་མཆེད་)རྣམས་སྐྱེས་པར་གྱུར་པ་ན་(ཟླ་བ་དྲུག་པ་རྫོགས་པའི་བར་)ལོངས་སྤྱོད་རྫོགས་པའི་ སྐུར་འགྱུར་རོ། །དེ་ནས་(ཟླ་བ་བདུན་པ་ལ་)སྐྲ་ལ་སོགས་པ་སྐྱེས་ཏེ་སོགས་པས་བ་སྤུ་དང་བཤང་ བ་དང་གཅི་བ་(ལུས་ཀྱི་ནང་)གྲུབ་ཅིང་(ཕག་གི་དངོས་པོ་རྫོགས་ནས་མིའི་སེང་གེའི་དངོས་པོ་ལ་)རབ་ཏུ་བཙའ་ བའི་དུས་སུ་སྐྱེ་གནས་ནས་འབྱུང་བའི་མངལ་དུ་སྤྲུལ་བའི་སྐུར་གསུངས་སོ(དེ་ལྟར་མངལ་དུ་ཡེ་ 3-1-18 ཤེས་ཀྱི་དབྱེ་བ་གཙོ་ཆེ་བའི་སྐུ་བཞིའོ)། ༡༥ ། དེ་ནས་ཕྱི་རོལ་ཀྱི་སྐུ་བཞི་ནི་(མངལ་ནས་)སྐྱེས་པར་གྱུར་པ་ན་དབུགས་ཀྱི་དང་པོ་གང་ ཞིག་དབུ་མའི་རྩ་ལ་རབ་ཏུ་འབྱུང་བར་འགྱུར་བ་(ཉི་ཟླའི་)ཡོན་ཏན་མེད་པ་དེ་ནི་གསུང་རྡོ་རྗེ་ (སྲོག་ཡོན་ཏན་མེད་པ་རྒྱུ་བ)འི་ཡུལ་(འདི་)ལ་ཡང་དག་{དག་}པའི་སྐུའོ། །དག་པའི་སྐུ་དེ་ཉིད་ནི་ རྐང་པ་དང་བཅས་པའི་དབུགས་ལྔ་བཅུ་རྩ་དྲུག་གི་ཚོགས་ཇི་སྲིད་པ་དེ་སྲིད་དེ་དབུ་མ་{ལས་ {ལ}རབ་ཏུ་འབབ་པའི་ཕྱིར་རོ། །དེ་ནས་(གཡོན་དང་གཡས་ཀྱི་རྩ་ལ་)སྲོག་ཡང་དག་པར་རྒྱུ་བའི་ དབང་གིས་(མི་ཐུང་གི་དངོས་པོ་རྫོགས་ནས་དགྲ་སྟ་རཱ་མ་ནཱའི་དངོས་པོ་ལ)སོ་ནི་རབ་འབྱུང་གང་ཞིག་ཚིག་ནི་ གསལ་མིན་དག་ཀྱང་གང་དེ་ཐ་སྙད་ཀྱི་མཚན་ཉིད་དེ་ནི་གསུང་རྡོ་རྗེ་(སྲོག་ཡོན་ཏན་དང་བཅས་པ་ རྒྱུ་བ)འི་ཡུལ་(འདི་)ལ་ཆོས་ཀྱི་སྐུའོ། །དེ་ནས་གཉིས་སྐྱེས་རྣམས་ནི་ལྟུང་བ་སྟེ་སོ་རྣམས་ལྟུང་ བར་གྱུར་པའི་བར་(རཱ་མའི་དངོས་པོ་)ལོ་བརྒྱད་ཀྱི་མཐར་ཐུག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ སྟེ་ཚིག་ཡོངས་སུ་གསལ་བའི་ཕྱིར་རོ། །སོ་རྣམས་དག་ལས་ཏེ་ལྟུང་བ་ལས་(ནག་པོ་དང་སངས་ རྒྱས་དང་རིགས་ལྡན་གྱིས་དངོས་པོ)འཆི་བའི་མཐར་ཐུག་པ་ནི་(གཡོ་སྒྱུ་སྣ་ཚོགས་ཤེས་པས་)ཕྱི་རོལ་ཏུ་སྤྲུལ་ པའི་སྐུར་འགྱུར་རོ། །(དེ་ལྟར་)འདིར་མངལ་དུ་ལུས་(རྫོགས་པའི་གནས་སྐབས་)ཀྱི་དབྱེ་བས་སྐུའི་ དབྱེ་བ་རྣམ་པ་བཞི་སྟེ་(མངལ་གྱི་)ཕྱི་རོལ་ཏུ་སྲོག་རྒྱུ་བའི་དབྱེ་བས་སྐུའི་དབྱེ་བ་རྣམ་པ་བཞིའོ། ། (ཀུན་རྫོབ་ཀྱི་བདེ་བའི་)ཡེ་ཤེས་དང་རྣམ་པར་ཤེས་པ་(དྲུག་)ནི་(རིམ་པ་ལྟར་)ནང་དང་ཕྱི་རོལ་ཏུ་ཡང་ ལུས་དང་སྲོག་དག་གི་གྲོགས་སོ། །འདིར་ལུས་ཀྱི་དབྱེ་བ་ནི་ས་བོན་(ཁུ་བ་)དང་འབྲེལ་བ་ ཅན་ཏེ་ངག་གི་དབྱེ་བ་ནི་ཁྲག་(རྡུལ་)དང་འབྲེལ་པ་ཅན་ནོ། །དེ་བཞིན་དུ་ཁྱབ་པར་བྱ་བ་(ཕྱི་ནང་ གི་སྐུ་བཞི་)དང་ཁྱབ་པར་བྱེད་པ(རྣམ་ཤེས་དང་ཡེ་ཤེས་གཉིས་པོ)འི་འབྲེལ་པའི་(སྒོ་ནས་མངལ་གྱི་ཕྱི་རོལ་ཏུ་) སེམས་(རྣམ་ཤེས་)ཀྱི་དབྱེ་བས་སྐུའི་དབྱེ་བ་རྣམ་པ་བཞི་སྟེ་སད་པ་ལ་སོགས་པའི་མཚན་ཉིད་ ཀྱིས་(སྐུ་བཞིར་བཏགས་)སོ། །(མངལ་གྱི་ནང་དུ་)ཡེ་ཤེས་ཀྱི་དབྱེ་བས་ཀྱང་{འི་དབྱེ་བ་རྣམ་པ་བཞི་ 3-1-19 སྟེ་(ཀུན་རྫོབ་ཀྱི་)དགའ་བ་ལ་སོགས་པ་རྣམ་པ་བཞིའི་རང་བཞིན་གྱིས་(སྐུ་བཞིར་བཏགས་)སོ། །(དེ་ ལྟར་ན་མངལ་གྱི་ནང་དུ་)ལུས་(རྫོགས་པའི་གནས་སྐབས་)དང་(མངལ་གྱི་)ཕྱི་རོལ་ལ་(སྲོག་རྒྱུ་བའི་དབྱེ་བས་)ལྷན་ ཅིག་སྐྱེས་པ་ལ་སོགས་བའི་སྐུ་(བཞི་)འབྱུང་བའི་ངེས་པ་(བཏགས་ནས་བརྗོད་པ)འོ། ༡༦ ། ༈ མངལ་དུ་ཞེས་པ་ལ་སོགས་པས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་འབྱུང་བ་ (དགོངས་པའི་སྐད་ཀྱི་)གསུངས་ཏེ་འདིར་མའི་མངལ་དུ་ཡེ་ཤེས་ནི་(འཇིག་རྟེན་ཀུན་རྫོབ་ཀྱི་)ལྷན་ཅིག་ སྐྱེས་པའི་དགའ་བའོ། །〔ཀུན་རྫོབ་〕རྣམ་ཤེས་བསྲེས་པ་ནི་ཀུན་གཞིའི་རྣམ་ཤེས་བསྲེས་པའོ། ། (ཞེས་པ་ཀུན་གཞིའི་རྣམ་ཤེས་འཛག་བདེའི་གནས་སྐབས་ཅན་ནོ)ཉི་མ་རི་བོང་ཅན་དང་བཅས་པ་ནི་(མའི་) རྡུལ་དང་(ཕའི་)ཁུ་བ་དག་དང་བཅས་པའོ། །མངལ་ན་གནས་པ་དག་ནི་སྐུའི་རྡོ་རྗེ་ལ་སོགས་ རིམ་པ་ཡིས་ཀྱང་སྟོབས་དང་ལྡན་པ(སྟེ་གཙོ་ཆེ་བ)ར་འགྱུར་རོ། །འདིར་དང་པོར་མངལ་དུ་སྐྱེ་ བའི་མཚམས་ཀྱི་བར་དུ་དཔལ་ལྡན་སྐུ་ཡི་རྡོ་རྗེར་འགྱུར་ཏེ་(བྱིས་པ་)ལུས་ཀྱི་ཆ་ཤས་ཡོངས་སུ་ རྫོགས་པ(ལ་བཏགས་པ)འོ། །ཞེས་པའི་དོན་ཏོ། །དེ་ནས་སྐྱེས་པ་ན་གསུང་རྡོ་རྗེ་སྲོག་ཡང་དག་ པར་རྒྱུ་བ་སྟེ་སྲོག་འབྱུང་བ〔ལ་བཏགས་པ〕འོ། །དེ་ནས་སོ་སུམ་ཅུ་རྩ་གཉིས་རབ་ཏུ་སྐྱེས་པར་ གྱུར་པ་ནི་ཐུགས་(ཀྱི་རྡོ་རྗེ་)འདུ་ཤེས་〔ལ་བཏགས་པ་〕འཛིན་པ་པོར་འགྱུར་ཏེ་ཉིད་ཅེས་པ་ནི་མཐའ་ གཅིག་ཏུ་ངེས་པའོ། །ཞེས་པའི་དོན་ཏོ། །སླར་ཡང་སོ་ལྷུང་ནས་སོ་སུམ་ཅུ་རྩ་གཉིས་རབ་ཏུ་ སྐྱེས་པར་གྱུར་པ་ན་ཡེ་ཤེས་རྡོ་རྗེ་(ཞེས་བཏགས་པ་)ཁུ་བ་འཕོ་བའི་གནས་སྐབས་ཀྱི་མཚན་ཉིད་ ལྷན་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་དེ་བུད་མེད་རྣམས་ཀྱི་ལོ་བཅུ་གཉིས་ཀྱི་མཚམས་ དང་སྐྱེས་པ་རྣམས་ཀྱི་ལོ་བཅུ་དྲུག་གི་མཚམས་སུ་(རྡོ་རྗེ་བཞི་རྫོགས་པར)རིག་པར་བྱའོ། །(དོན་དམ་ པའི་རྡོ་རྗེ་བཞིའི་སྒྲིབ་གཡོགས་ལ)སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་(རྡོ་རྗེ་དང་འདྲ་བའི་རྒྱུ་མཚན་གྱིས་རྡོ་རྗེ་ བཞི་)རྫོགས་པ་〚ཞེས་འདྲ་བ་ལ་མིང་དུ་བཏགས་ནས་〛བརྗོད་པ(རྒྱུད་དུ་ཡེ་ཤེས་རྡོ་རྗེ་ལ་སོགས་ཀུན་ཞེས་ གསུངས་པའི་དོན་བསྡུས་པ)འོ(དེའི་ཕྱིར་རྒྱུད་ཚིག་གི་དུམ་བུ་འདི་ལ་རང་བཟོ་ཉིད་དུ་འགྲེལ་པ་བྱས་ནས་གཞུང་འདིར་འཇུག་ 3-1-20 པ་ནི་རྒྱ་གར་བ་ཡིན་ཡང་མི་རིགས་སོ)། ༡༧ ། ༈ (བདུན་པ་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་ཚིགས་ཀྱི་ གནས་སུམ་བརྒྱ་དྲུག་ཅུ་དང་ཁམས་དྲུག་དང་རོ་དྲུག་དང་དབང་པོ་དྲུག་དང་ཡུལ་དྲུག་དང་ལས་ཀྱི་དབང་པོ་དྲུག་དང་ལས་ཀྱི་ དབང་པོའི་ཡུལ་དྲུག་དང་རྣམ་པར་ཤེས་པ་དྲུག་དང་འདུ་བྱེད་དྲུག་དང་ཚོར་བ་དྲུག་དང་འདུ་ཤེས་དྲུག་དང་གཟུགས་དྲུག་དང་ ཡེ་ཤེས་དྲུག་དང་འཁོར་ལོ་དྲུག་དང་དཀྱིལ་འཁོར་དྲུག་སྟེང་དང་འོག་གི་ངོ་བོ་ཉིད་ཀྱིས་གནས་པ་འདི་རྩ་རྒྱུད་ནས་རྒྱུས་ཤིང་གོ་ རིམ་ཇི་ལྟ་བར་གསལ་ཡང་འདིར་གོ་རིམ་མེད་ཅིང་དོན་འགའ་ཞིག་སྐབས་གཞན་དུ་བསྟན་ནས་འདིར་འགའ་ཞིག་གསུངས་པ་)རྟེན་དང་བརྟེན་པའི་འབྲེལ་པ་གསུངས་པ་ས་ཞེས་པ་ལ་སོགས་པ་སྟེ་ས་ཡི་སྙིང་པོ་དག་ནི་ བསྲེག་ཟ་སྟེ་མེར་འགྱུར་(ཏེ་རྡོ་བ་ཕན་ཚུན་བརྡབས་པ་ལས་མེ་འབྱུང་བ་ལྟ་བུ་ཡིན་)ཞིང་(མེ་དེ་ ས་)དེའི་རིགས་ཅན་ནི་མ་ཡིན་ཏེ་སའི་ཡོན་ཏན་(དྲི་)དང་(སའི་)རང་བཞིན(སྲ་བ་)མེད་པའི་ཕྱིར་ རོ། །འཛིན་མ་(ས་)དང་རླུང་དག་ནི་ནམ་མཁའི་སྙིང་པོ་(དེ་)སྟོང་པའི་དབུས་ན་གནས་པའོ། ། (ས་རླུང་གཉིས་པོ་དེ་ནམ་མཁའ་)དེའི་རིགས་ལས་སྐྱེས་པ་ནི་མ་ཡིན་ཏེ་ནམ་མཁའི་ཡོན་ཏན་མེད་ པའི་ཕྱིར་རོ། །དེ་བཞིན་དུ་རླུང་གི་སྙིང་པོ་དང་སའི་སྙིང་པོ་དག་ནི་ཆུ་ཡིན་ནོ། །(དེ་ལ་)རླུང་གི་ སྙིང་པོ་(ཆུ་)དེ་ཉིད་ནི་(ཆུའི་)རང་བཞིན་(གསལ་བར་)མེད་པ་(རླུང་)རྗེས་སུ་མཐུན་པའི་གཟུགས་ ཀྱིས་གནས་པ་སྟེ་གང་དང་གང་དུ་རླུང་ཡང་དག་པར་རྒྱུ་བ་དེ་དང་དེར་(རླུང་)དེ་དང་ལྷན་ཅིག་ འགྲོའོ། །སའི་ནང་ན་གནས་པ(འི་སྙིང་པོ་ཆུ)་གང་ཡིན་པ་དེ་ནི་(ཆུའི་)རང་བཞིན་( གསལ་བར་ཡོད་)ཏེ་ས་ལ་བརྐོ་བར་བྱེད་པ་ན་གཤེར་བའི་ངོ་བོར་མཐོང་ངོ༌། །འདིར་སླར་ཡང་ནམ་མཁའ་ ནི་ས་ལ་སོགས་པ་ཐམས་ཅད་ཀྱི་རྟེན་ཏེ་ས་ལ་སོགས་པའི་འབྱུང་བ་རྣམས་ནི་བརྟེན་པའོ། ། འདིར་རྟེན་དང་བརྟེན་པ་ནི་རིམ་པ་བཞིན་དུ་འགྱུར་ཏེ་སའི་རྟེན་ནི་ཆུ་སྟེ་ཕྱི་རོལ་ཏུ་(སྣོད་ཀྱི་ འཇིག་རྟེན་ལ་)སའི་དཀྱིལ་འཁོར་གྱི་རྟེན་ཆུའི་དཀྱིལ་འཁོར་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ལུས་ ལ་ཡང་ངོ༌། །འབར་བྱེད་དག་ཀྱང་སྟེ་མེའི་དཀྱིལ་འཁོར་ནི་ཆུ་ཡི་ཞེས་པ་ཆུ་ཡི་དཀྱིལ་འཁོར་ 3-1-21 གྱི་རྟེན་ནོ། །རླུང་ཞེས་པ་རླུང་གི་དཀྱིལ་འཁོར་ནི་སྨིན་པར་བྱེད་པ་མེའི་དཀྱིལ་འཁོར་དག་ གིའོ། །རླུང་གི་ཞེས་པ་རླུང་གི་དཀྱིལ་འཁོར་གྱི་རྟེན་ནི་སྟོང་པ་སྟེ་ནམ་མཁའོ(དེ་བཞིན་དུ་ལུས་ལ་ ཡང་ངོ་)། །དེ་ལྟར་སྟོང་པ་ནི་ས་ལ་སོགས་པ་འབྱུང་བ་ཐམས་ཅད་ཀྱི་རྟེན་དུ་འགྱུར་རོ། ༡༨ ། ༈ ཚོགས་པའི་རྟེན་དང་བརྟེན་པ་གསུངས་པ་ཕུང་པོ་ཞེས་པ་ལ་སོགས་པ་སྟེ་འདིར་ ལུས་ལ་ཕུང་པོ་ལྔ་པོ་རྣམས་ཀྱི་རྟེན་(ནམ་རྒྱུ་)ནི་འབྱུང་བ་རྣམས་ཏེ་ས་ལ་སོགས་པ་འབྱུང་བའི་ ཚོགས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདིར་(སྐྱེ་བའི་གནས་སུ་)ས་ལ་སོགས་པའི་རང་བཞིན་ མེད་ན་མ་རིག་པ་ལ་སོགས་པའི་རྐྱེན་མེད་པར་འགྱུར་རོ། །མ་རིག་པ་དང་འདུ་བྱེད་དང་ རྣམ་པར་ཤེས་པའི་རྐྱེན་མེད་ན་གཟུགས་ལ་སོགས་པའི་ཕུང་པོ་མེད་དེ་གང་གི་ཕྱིར་འབྱུང་བ་ བཞིའི་བདག་ཉིད་ཀྱི་(རྒྱུའི)གཟུགས་དང་ཁམས་དྲུག་གི་བདག་ཉིད་ཀྱི་སྐྱེས་བུ་ཆེན་པོའི་གང་ ཟག་ཡོད་པ་དེའི་ཕྱིར་ཕུང་པོའི་རྟེན་(ནམ་རྒྱུ)ནི་འབྱུང་བ་རྣམས་སུ་འགྱུར་རོ(ཞེས་པ་འབྲས་བུའི་ རྟགས་སོ)། །(ཁམས་དྲུག་ལྡན་པ་)ལུས་མཆོག་དག་ལ་འབྱུང་བའི་ཚོགས་ཀྱི་རྟེན་〔ནམ་རྒྱུ་〕ནི་རྩ་སྟོང་ ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་རྣམས་སུ་འགྱུར་རོ། །རྩ་དེ་དག་རྣམས་ཀྱི་ཡང་རྟེན་〔ནམ་རྒྱུ་〕ནི་སྲོག་གི་རླུང་སྟེ་(རྩ་མངོན་པར་)འདུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །(རླུང་)དེ་ཡང་རྣམ་པ་བཅུ་ སྟེ་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །སྲོག་གི་རླུང་རྣམས་དག་གི་རྟེན་ནི་སེམས་ ཡིན་ནོ། །སེམས་དེ་ནི་སྟེ་དེ་ཉིད་(དབྱེ་བ་)གཉིས་ཀྱི་རང་བཞིན་གྱི་སེམས་སུ་འགྱུར་རོ། །(གཉིས་ སུ་གང་གིས་འབྱེད་ན་)ཡོན་ཏན་དབང་གིས་ཞེས་པ་ལ་སྙིང་སྟོབས་དང་རྡུལ་གྱི་དབང་གིས་ནི་རང་ བཞིན་(ཏེ་རྣམ་པ་གསལ་བ་)ཅན་སད་པ་དང་རྨི་ལམ་གྱི་མཚན་ཉིད་དོ། །མུན་པའི་ཡོན་ཏན་གྱི་ དབང་གིས་རང་བཞིན་(ཏེ་རྣམ་པ་གསལ་བ་)མེད་པ་ཤིན་ཏུ་གཉིད་ལོག་པའི་མཚན་ཉིད་དབང་ པོ་མེད་པར་འགྱུར་རོ། །(སེམས་)རང་བཞིན་ཅན་དང་རང་བཞིན་མེད་པ་དེ་དག་གི་ཡང་རྟེན་ (ཏེ་གཞི་)ནི་གཙོ་བོ་སྟེ་(གཞན་དང་པོའི་སངས་རྒྱས་ཀུན་གཞི་ཡེ་ཤེས་)འཁོར་བ་པ་རྣམས་ཀྱི་བདེ་བ་དང་ 3-1-22 སྡུག་བསྔལ་གྱི་གནས་སྐབས་ཀྱི་རྟེན་ནོ(ཞེས་པ་འཁོར་བའི་བདེ་སྡུག་གློ་བུར་བ་ཡིན་པས་དེའི་རྟེན་ལ་གནས་ཀྱི་ རྟེན་ཞེས་གསུངས་སོ)། །དེ་ཡང་(ཟག་བཅས་ཀྱི་)བདེ་བ་དང་སྡུག་བསྔལ་དང་(གདོད་མ་ཉིད་ནས་)བྲལ་བ་ (རང་བཞིན་གྱི་འཇིག་རྟེན་ལས་འདས་པ་)སྲིད་པ་གསུམ་གྱིས་བཏུད་ཅིང་(འདུས་མ་བྱས་ཀྱི་དབྱིངས་ཡིན་པས་) གཞོམ་མེད་(ནམ་མཁའ་ལྟར་བརྟན་གཡོས་)ཀུན་ཏུ་འགྲོ་བ་(སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་ པོའི་བདག་ཉིད་དུ་བཞུགས་པ་)གང་ཡིན་པ་དེ་ཡིན་ཏེ་(དེ་ཡང་མཚན་བརྗོད་དུ་)བདེ་སྡུག་སེལ་བ་མཐར་ གྱུར་པ་ཞེས་(ཡེ་ཤེས་ཀྱི་སྐུའི་དོན་གསུངས)སོ། ༡༩ ། ༈ དྲི་ཞེས་པ་ལ་སོགས་པ་ཁམས་རྣམས་ཀྱི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ འབྲེལ་བ་གསུངས་ཏེ་འདིར་ཕྱི་རོལ་ལམ་ནང་དུ་དྲི་ནི་འཛིན་མ་(ས་)དག་ལས་འབྱུང་བར་ འགྱུར་ཏེ་གཙོ་བོས་སོ། །ཕལ་པས་ནི་རོ་ལ་སོགས་པ་རྣམས་ཀྱང་(འབྱུང་)ངོ༌། །རོ་རྣམ་པ་ དྲུག་ནི་ཡང་ཞེས་པ་འབྱུང་བའི་དོན་ཏོ། །(གང་ལས་བྱུང་ན་)རྩེ་མོ་ཅན་མེའི་ཁམས་ལས་ཏེ་གང་ གི་ཕྱིར། (མ་སྨིན་ན་རོ་བྲོ་བར་མི་འགྱུར་ཞིང་)ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་(མེ་)ཡིན་པ་དེའི་ཕྱིར་མེ་ ལས་རོ་(གཙོ་བོ་)འབྱུང་བར་འགྱུར་རོ། །གཟིགས་ཀྱི་ཁམས་ནི་ཆུ་ལས་སོ། །(ཆུ་ལས་བྱུང་བའི་རྒྱུ་ མཚན་)འདིར་མྱུ་གུ་ལ་སོགས་པ་རྣམས་སྐྱེ་བ་(ལ་སོགས་པ་)ནི་ཁ་དོག་སྣ་ཚོགས་དང་དབྱིབས་སྣ་ ཚོགས་སུ་ཆུ་ལས་འགྱུར་ཏེ་གཙོ་བོས་སོ། །ཕལ་པས་ནི་རོ་ལ་སོགས་པ་རྣམས་ཀྱང་འབྱུང་ངོ༌། ། དེ་བཞིན་དུ་རླུང་སྟེ་རླུང་གི་ཁམས་ལས་རེག་བྱ་འབྱུང་བར་འགྱུར་རོ། །ཞི་བ་སྟེ་ཡེ་ཤེས་ ཀྱི་ཁམས་ལས་སྒྲ་དང་ཞེས་པ་སྒྲ་(གཙོ་བོས་)འབྱུང་ངོ༌། །ནམ་མཁའ་ལས་ཏེ་རོའི་ཁམས་ལས་ ཆོས་ཀྱི་ཁམས་འབྱུང་ཞིང་ལྔའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་ལས་(འཕོ་ བའི་)བདེ་བའི་གནས་སྐབས་འབྱུང་བར་འགྱུར་རོ། ། ༈ ད་ནི་གཟུང་བ་དང་འཛིན་པའི་འབྲེལ་བ་གསུངས་ཏེ་འདིར་གཞན་གྱི་རིགས་ལ་ འཁྱུད་པས་(བདེ་བ་ལ་སོགས་པ་འབྲས་བུའི་)བྱ་བ་འགྲུབ་པར་འགྱུར་ཏེ་རང་གི་རིགས་ལ་འཁྱུད་ 3-1-23 པ་ནི་བདག་ཉིད་ལ་(བདག་)རང་གི་(འབྲས་བུ་བསྐྱེད་པའི་)བྱ་བ་འགལ་བའི་ཕྱིར་རོ། །དེའི་ཕྱིར་ གཞན་གྱི་རིགས་ལ་འཁྱུད་པ་ནི་ལུས་སྐྱེད་པའི་རྒྱུར་འགྱུར་རོ། །དེ་ནས་སྟོང་པ་ཞེས་པ་སྟོང་ པའི་རིགས་ལས་བྱུང་བའི་རྣ་བའི་དབང་པོས་ནི་ཡེ་ཤེས་ཀྱི་ཁམས་ལས་བྱུང་བའི་སྒྲ་འཛིན་ པར་བྱེད་དོ། །ངེས་པར་རྒྱལ་བ་སྐྱེད་མཛད་ཅེས་པ་(དགོངས་པའི་སྐད་གསུངས་པ་)ནི་གདོན་མི་ཟ་ བར་ཡེ་ཤེས་ཀྱི་ཁམས་ལས་བྱུང་བའི་ཡིད་ཀྱི་དབང་པོས་ནམ་མཁའི་ཁམས་ལས་བྱུང་བའི་ ཡུལ་ཆོས་ཀྱི་ཁམས་འཛིན་པར་བྱེད་དོ། །རླུང་དག་ནི་ཞེས་པ་བསྐྱེད་པར་བྱ་བ་དང་སྐྱེད་པར་ བྱེད་པ་(རིགས་ཐ་དད་དུ་)དབྱེར་མེད་པ་ཉིད་ཀྱིས་ཏེ་རླུང་ལས་བྱུང་བའི་སྣའི་དབང་པོས་སའི་ ཁམས་ལས་བྱུང་བའི་ཡུལ་དྲི་འཛིན་པར་བྱེད་དོ། །མེ་ཡང་ཞེས་པ་ནི་མེའི་ཁམས་ལས་བྱུང་ བའི་མིག་གི་དབང་པོས་ཆུའི་ཁམས་ལས་སྐྱེས་པའི་ཡུལ་གཟུགས་འཛིན་པར་བྱེད་དོ། །ཆུའི་ ཁམས་ལས་བྱུང་བ་ལྕེའི་དབང་པོས་མེའི་ཁམས་ལས་སྐྱེས་པའི་ཡུལ་རོ་འཛིན་པར་བྱེད་དོ། ། འཛིན་མ་ཞེས་པ་སའི་ཁམས་ལས་བྱུང་བ་ལུས་ཀྱི་དབང་པོས་རླུང་གི་ཁམས་ལས་བྱུང་བའི་ ཡུལ་རེག་བྱ་འཛིན་པར་བྱེད་དེ་ཡུལ་དང་ཡུལ་ཅན་རྣམས་ཀྱི་གཟུང་བ་དང་འཛིན་པའི་(འབྲེལ་ བའི་)མཚན་ཉིད་ངེས་པའོ། ༢༠ ། ༈ འཇིག་རྟེན་ཀུན་རྫོབ་ཀྱིས་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཁམས་སོ་སོ་{ལ་ {ལས་}གྲུབ་པར་གསུངས་པ་གཟུགས་ནི་ཞེས་པ་ལ་སོགས་པ་སྟེ་འདིར་ཁམས་དང་ཕུང་པོ་ རྣམས་(རིགས་)གཅིག་ཉིད་དུ་གྲུབ་པར་གསུངས་སོ། །འདིར་གཟུགས་(ཀྱི་ཕུང་པོ་)ནི་འཛིན་མ་ ལས་གཙོ་བོས་གྲུབ་སྟེ་འདུ་ཤེས་(ཀྱི་ཕུང་པོ་)ལ་སོགས་པ་རྣམས་ནི་ཕལ་པས་གྲུབ་པའོ། །(དེ་ ཡང་ཀུན་རྫོབ)སྲིད་པ་གསུམ་གྱི་གནས་སུ་སྟེ་ཁམས་གསུམ་གྱི་ཡུལ་དུ་ཡིན་གྱི་(དོན་དམ་)མྱ་ངན་ ལས་འདས་པའི་ཆོས་(འདུས་མ་བྱས་ཀྱི་དབྱིངས་)ལ་ནི་(བསྐྱེད་བྱ་སྐྱེད་བྱེད་ངོ་བོ་ཐ་དད་ཡོད་པ་)མ་ཡིན་ནོ། ། ཡང་ཡིག་ལས་ཆུ་ལ་ནི་འདུ་ཤེས་གྲུབ་པར་འགྱུར་ཏེ་འདིར་འདུ་ཤེས་ཞེས་བྱ་བ་ནི་དབྱངས་ 3-1-24 ཀྱི་ཆོས་(ཨཱ་ལི་)ཟླ་བ་དང་ཁུ་བ་དང་ཆུའི་རང་བཞིན་ཏེ་ཆུའི་རང་བཞིན་ཉིད་ཀྱི་ཕྱིར་ཆུ་{ལ་ {ལས}འདུ་ཤེས་གྲུབ་པར་འགྱུར་རོ་ཞེས་པ་ནི་ངེས་པའོ། །མེ་ལ་ངེས་པ་ཉིད་དུ་ཚོར་བ་ཞེས་ པ་ལ་འདིར་མེའི་རང་བཞིན་ནི་ཉི་མ་དང་རྡུལ་དང་ཀ་ལི་སྟེ་ཉི་མ་དང་རྡུལ་དང་ཀ་ལིའི་རང་ བཞིན་ནི་ཚོར་བའོ། །དེའི་ཕྱིར་མེ་ལ་ཚོར་བ་གཙོ་བོས་གྲུབ་པར་འགྱུར་ཏེ་ལྷག་མ་རྣམས་ནི་ ཕལ་པས་རབ་ཏུ་འགྱུར་རོ། །རླུང་ལ་འདུ་བྱེད་ཀྱི་ཕུང་པོ་གྲུབ་སྟེ་དེ་བཞིན་དུ་འདིར་རླུང་ནི་ ལུས་དང་ངག་དང་སེམས་ཡང་དག་པར་གཡོ་བར་བྱེད་པ་འདུ་བྱེད་སྐྱེད་པར་བྱེད་པ་སྟེ་དེས་ ན་རླུང་གི་རང་བཞིན་ནི་འདུ་བྱེད་དུ་གྲུབ་པོ། །དེ་བཞིན་དུ་རྣམ་ཤེས་ཡེ་ཤེས་བསྲེས་པ་སྟེ་ཡེ་ ཤེས་དང་བཅས་པ་ནི་རིམ་པ་བཞིན་དུ་ནམ་མཁའ་དང་བཅས་རྡོ་རྗེ་དག་ལ་སྟེ་ནམ་མཁའ་ ལ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པའི་མཚན་ཉིད་ཅན་རྣམ་པར་ཤེས་པ(འི་ཕུང་པོ)ར་གྲུབ་ པོ། །དེ་བཞིན་དུ་རྡོ་རྗེ་སྟེ་ཡེ་ཤེས་ཀྱི་ཁམས་ལ་བྱང་ཆུབ་ཀྱི་སེམས་འཕོ་བའི་མཐར་བདེ་ བའི་སྐད་ཅིག་གི་བདག་ཉིད་ཀྱི་ཡེ་ཤེས་(ཀྱི་ཕུང་པོར)གྲུབ་པོ། །འདིར་ཁམས་དྲུག་གི་བདག་ ཉིད་ཅན་སྐྱེས་བུ་ཆེན་པོའི་གང་ཟག་གི་ལུས་ལ་(རྒྱུ)ཅིའི་ཕྱིར་ཁམས་དང་ཕུང་པོ་ལ་སོགས་ པ་ཐམས་ཅད་དུ་འགྱུར་ཞེ་ན་གསུངས་པ་རྡུལ་དང་བྱང་ཆུབ་སེམས་སོགས་སྦྱོར་བས་སོ། ། འདིར་ལུས་ལ་ཁམས་དང་ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་ཐམས་ཅད་ནི་རྡུལ་དང་ཁུ་བ་ དང་(དྲི་ཟའི་སེམས་ཅན་)ཀུན་གཞིའི་རྣམ་པར་ཤེས་པ་དང་(འཕོ་བའི་)བདེ་བའི་སྐད་ཅིག་གི་གནས་ སྐབས་སྦྱོར་བ་ལས་(འབྱུང་བར་)འགྱུར་རོ། ༢༡ ། ༈ རྣ་བ་ལ་སོགས་པ་འཛིན་པ་རྣམས་སྒྲ་ལ་སོགས་པའི་ཡུལ་འཛིན་པར་བྱེད་པ་ཉིད་ ཀྱིས་(གཟུང་བྱ)དེའི་རང་བཞིན་ཉིད་དུ་གསུངས་པ་རྣ་བ་ཞེས་པ་ལ་སོགས་པ་སྟེ་འདིར་ལུས་ (དེ་འཛིན་པའི་རིགས)ཀྱི་ཆོས་ལ་རྣ་བ་ནི་སྟོང་པ(ནམ་མཁའ)འི་(རིགས་ཀྱི་)མཚན་ཉིད་འཛིན་པར་བྱེད་ པ་ཉིད་ཀྱིས་གཟུང་བའི་ཡུལ་(ཡེ་ཤེས)འཛིན་པས་ན་རྡོ་རྗེའི་རང་བཞིན་དེ་(བསམ་པ་)སྒྲའི་རང་ 3-1-25 བཞིན་ནོ། །འདིར་འཛིན་པའི་ཆོས་ནི་(ཐབས་ཀྱི་རིགས)ལུས་ཀྱི་དབྱེ་བས་གསུངས་ཏེ་གཟུང་ བའི་ཆོས་ནི་(ཤེས་རབ་ཀྱི་རིགས་)བསམ་པའི་དབྱེ་བས་སོ། །དེའི་ཕྱིར་གཟུང་བར་བྱ་བ(དང་འཛིན་ པར་བྱེད་པ)འི་རང་བཞིན་གྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་རང་བཞིན་རྣམ་པར་ ཤེས་པར་བྱའོ། །མིའི་བདག་པོ་ཞེས་པ་ནི་བོད་པའོ། །སེམས་ཏེ་ཡིད་ནི་(ལུས་ཡེ་ཤེས་ཡིན་ཡང་ བསམ་པ་)ནམ་མཁའ་དག་གི་རང་བཞིན་ཞེས་པ་ཆོས་ཀྱི་ཁམས་ཀྱི་རང་བཞིན་ཏེ་ཡུལ་ཆོས་ ཀྱི་ཁམས་འཛིན་པ་ཉིད་ཀྱི་ཕྱིར་རོ། །སྣ་ནི་(ལུས་རླུང་ཡིན་ཡང་བསམ་པ་)སའི་རང་བཞིན་ཞེས་པ་ དྲིའི་རང་བཞིན་ཏེ་དྲི་འཛིན་པའི་ཕྱིར་རོ། །དེ་བཞིན་ཁོ་ནར་ལྕེ་ནི་(ལུས་ཆུ་ཡིན་ཡང་བསམ་པ་)མེ་ཡི་ རང་བཞིན་ཉིད་དུ་འགྱུར་ཞེ་པ་སྔ་མ་བཞིན་དུ་མེ་ལས་སྐྱེས་པ་རོའི་རང་བཞིན་ཏེ་རོ་འཛིན་ པ་ཉིད་ཀྱི་ཕྱིར་རོ། །མིག་ནི་(ལུས་མེ་ཡིན་ཡང་བསམ་པ་)ཆུའི་རང་བཞིན་དག་སྟེ་ཆུ་ལས་སྐྱེས་པའི་ གཟུགས་འཛིན་པའི་ཕྱིར་རོ། །(གཟུང་འཛིན་ལུས་བསམ་གྱི་དབྱེ་བ་ཐ་དད་པ་དེ་ཡང་འཇིག་རྟེན་ཀུན་རྫོབ་)སྲིད་ པ་གསུམ་གྱི་གནས་སུ་ཏེ་(ཆོས་ཉིད་དོན་དམ་)མྱ་ངན་ལས་འདས་པ(འི་དབྱིངས་)ལ་ནི་(ཡོད་པ་)མ་ ཡིན་ནོ། །ལུས་(ཀྱི་དབང་པོ་ལུས་ས་ཡིན་)ཀྱང་(བསམ་པ་)རླུང་གི་རང་བཞིན་ནོ་ཞེས་པ་ནི་ལུས་ཀྱི་ དབང་པོ་ཡུལ་རེག་བྱ་རླུང་ལས་སྐྱེས་པ་འཛིན་པའི་ཕྱིར་རོ། །དེ་ལྟར་བརྗོད་པའི་རིམ་པས་རྣ་ བ་ལ་སོགས་པ་ཐམས་ཅད་འགྱུར་ཏེ་ཡོན་ཏན་དབང་གིས་ཞེས་པ་ནི་སྒྲ་དང་ཆོས་ཀྱི་ཁམས་ དང་དྲི་དང་རོ་དང་གཟུགས་དང་རེག་བྱའི་དབང་གིས་སོ། །རྣ་བ་དང་ཡིད་དང་སྣ་དང་ལྕེ་དང་ མིག་དང་ལུས་ཏེ་དབང་པོ་དྲུག་གི་ཁམས་འདི་དག་ནི་ཡེ་ཤེས་(གཟུང་བྱ་དང་)རྣམ་ཤེས་(འཛིན་པ་ ཕན་ཚུན་)སྦྱོར་བ་ལས་ཤེས་པར་བྱའོ། ༢༢ ། ༈ ཁམས་དྲུག་གི་དབང་གིས་(ཉོན་མོངས་པ་)སེར་སྣ་ལ་སོགས་པ་སེམས་ཀྱི་རྣམ་པར་ འགྱུར་བ་དྲུག་(འབྱུང་བར་)གསུངས་པ་སེར་སྣ་ཞེས་པ་ལ་སོགས་པ་སྟེ་འདིར་ལུས་ལ་སེམས་ ཀྱི་སེར་སྣ་ནི་ཡེ་ཤེས་{ཀྱི་}ཁམས་ལ་ཞེས་པ་ལྔ་པའི་(འབྱུང་ཁུངས་ཀྱི་)དོན་ལ་(རྣམ་དབྱེ་)བདུན་ 3-1-26 པ་(གནས་གཞིའི་རྣམ་དབྱེ་སྦྱར་བ་)སྟེ། (ལུང་གི་ཚིག་གོ)ཡེ་ཤེས་ཀྱི་ཁམས་ཀྱི་དབང་གིས་(ཉོན་མོངས་པ་) སེམས་ཅན་རྣམས་ཀྱི་སེར་སྣའི་སེམས་སོ་ཞེས་པའི་དོན་ཏོ། །ནམ་མཁའ་ལ་ནི་ཞེ་སྡང་རྡོ་ རྗེའོ་ཞེས་པ་ནི་ནམ་མཁའི་ཁམས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་ཞེ་སྡང་གི་སེམས་སོ། ། དེ་བཞིན་དུ་རླུང་གི་ཁམས་ཀྱི་དབང་གིས་ཕྲག་དོག་གི་སེམས་སོ། །མེའི་ཁམས་ཀྱི་དབང་ གིས་ཆགས་པའི་སེམས་ཏེ་དེ་ཉིད་ཐུབ་པས་རབ་ཏུ་གསལ་བར་མཛད་དོ། །དེ་བཞིན་ཉིད་ དུ་ཆུའི་ཁམས་ཀྱི་དབང་གིས་ང་རྒྱལ་གྱི་སེམས་སོ། །སའི་ཁམས་ཀྱི་དབང་གིས་གཏི་མུག་གི་ སེམས་ཏེ་རང་བཞིན་ནི་ཡེ་ཤེས་ལ་སོགས་པའི་ཁམས་ཀྱི་ཆོས་སོ། །དེའི་ཡོན་ཏན་ནི་རང་ བཞིན་རྣམས་ཏེ་དེའི་རང་བཞིན་གྱིས་དབང་གིས་འཁོར་བ་པ་རྣམས་ཀྱི་སེམས་ལ་སེར་སྣ་ལ་ སོགས་པར་འགྱུར་རོ། ། ༈ ཁམས་ཀྱི་དབང་གིས་ལས་ཀྱི་དབང་པོ་རྣམས་〔འབྱུང་བ་〕གསུངས་པ་དག་ཅེས་པ་ལ་ སོགས་པ་སྟེ་འདིར་ངག་གི་དབང་པོ་ནི་རླུང་གི་ཁམས་ལས་(འབྱུང་བར་)འགྱུར་རོ། །ལག་པའི་ དབང་པོ་ནི་མེའི་ཁམས་ལས་སོ། །རྐང་པའི་དབང་པོ་ནི་ཆུའི་ཁམས་ལས་སོ། །བཤང་ལམ་ གྱི་དབང་པོ་ནི་སའི་ཁམས་ལས་སོ། །མ་བརྗོད་པ་ཉིད་ལས་གསང་བའི་དབང་པོ་ནི་ནམ་ མཁའི་ཁམས་ལས་སོ། །ལོ་བཅུ་དྲུག་གི་མཐར་(ཁུ་བ་འཕོ་བའི་)མཆོག་གི་དབང་པོ་ནི་ཡེ་ཤེས་ ཀྱི་ཁམས་ལས་འགྱུར་རོ་ཞེས་པ་ནི་ལས་ཀྱི་དབང་པོ་དྲུག་གི་(ཁམས་ཀྱི་)ངེས་པའོ། ༢༣ ། ༈ ཐུར་སེལ་ཞེས་པ་ལ་སོགས་པས་ཁམས་དྲུག་ལས་ཐུར་སེལ་ལ་སོགས་པའི་རླུང་ རྣམས་(འབྱུང་བར་)གསུངས་ཏེ་འདིར་ལུས་ལ་ཐུར་སེལ་གྱི་རླུང་ནི་ཡེ་ཤེས་ཀྱི་ཁམས་ལ་འགྱུར་ རོ། །འདིར་ཡང་ལྔ་པའི་དོན་ལ་བདུན་པའོ། །དེ་ཡང་བཤང་བ་དང་གཅི་བ་དང་ཁུ་བ་འདྲེན་ པར་བྱེད་པ་ལས་རྣམ་གསུམ་ཞེས་པར་འགྱུར་རོ། །སྲོག་གི་རླུང་ནི་སྟོང་པ་ལ་སྟེ་ནམ་མཁའི་ ཁམས་ལས་སོ། །ཡང་ཡིག་གིས་དེ་ཡང་རྣམ་པ་གསུམ་སྟེ་གཡོན་དང༌། གཡས་དང་དབུ་མའི་ 3-1-27 རྩར་རབ་ཏུ་འབབ་པ་ལས་སོ། །རླུང་གི་དབུས་སུ་སྟེ་རླུང་གི་ཁམས་ཀྱི་རང་བཞིན་ལས་(སྙིང་ ཁའི་རྩ་འདབ་ཤར་མ་ལ་གནས་པའི་)མཉམ་གནས་སུ་འགྱུར་རོ། །རྩེ་མོ་ཅན་ཏེ་མེའི་ཁམས་ལ་སླར་ ཡང་(མེའི་རྩ་འདབ་ལ་གནས་པའི་)གྱེན་རྒྱུ་དང་ཆུ་ལ་སྟེ་ཆུའི་ཁམས་ལ་(ལྷོའི་རྩ་འདབ་ལ་གནས་པའི་)ཁྱབ་ བྱེད་དང་ས་ལ་ཞེས་པ་སའི་ཁམས་ལ་(བདེན་བྲལ་གྱི་རྩ་འདབ་ལ་གནས་པའི་)ཀླུའོ། །དེ་ནས་ཏེ་དེ་ མ་ཐག་ཏུ་རུས་སྦལ་ལ་སོགས་པ་བཞི་པོ་རྣམས་ཏེ། རླུང་གི་ཁམས་ལས་(ཆུའི་རྩ་འདབ་ལ་གནས་ པའི་)རུས་སྦལ་དུ་འགྱུར་རོ། །མེའི་ཁམས་ལས་(རླུང་གི་རྩ་འདབ་ལ་གནས་པའི་)རྩངས་པ་དང་ཆུའི་ ཁམས་ལས་(བྱང་གི་རྩ་འདབ་ལ་གནས་པའི་)ལྷ་སྦྱིན་དང་སའི་ཁམས་ལས་(དབང་ལྡན་གྱི་རྩ་འདབ་ལ་གནས་ པའི་)ནོར་ལས་རྒྱལ་བའོ(འདིར་རླུང་དང་ཕྱོགས་ལ་ཁམས་ཀྱི་ངེས་པ་བསྒྲིགས་མི་དགོས་ཏེ་ཚིགས་བཅད་ཞེ་གཉིས་པར་ ཡང་ངོ་)། །ལོ་བཅུ་དྲུག་གི་མཐར་ནམ་མཁའི་ཁམས་ལས་དགའ་བའི་རླུང་ངོ༌། །ཡེ་ཤེས་ཀྱི་ ཁམས་ལས་ལྷན་ཅིག་སྐྱེས་པའི་དགའ་བའི་རླུང་ངོ་(རླུང་འདི་གཉིས་ཁུ་བ་འདྲེན་པའི་རླུང་ལ་གཉིས་སུ་ཕྱེ་ བས་སོ)། ༢༤། ༈ གཙུག་ཏོར་ཞེས་པ་ལ་སོགས་པས་ཁམས་ཀྱི་དབང་གིས་ལུས་ཀྱི་ལག་པ་ལ་སོགས་ པའི་ཚིགས་ལ་འཁོར་ལོ་ལ་སོགས་པ་རྣམས་གསུངས་ཏེ། འདིར་ནམ་མཁའི་ཁམས་ལས་ གཙུག་ཏོར་གྱི་(རྩའི)པད་མའམ་(རྩའི)འཁོར་ལོར་འགྱུར་ཏེ་(རྩའི)འདབ་མའི་གྲངས་ནི་འཆད་ པར་འགྱུར་བ་ལས་བརྗོད་པར་བྱའོ། །ལྷ་དང་མི་རྣམས་ཀྱི་ནི་ཡེ་ཤེས་ཀྱི་ཁམས་ལས་ཀྱང་ གསང་བར་འགྱུར་ཏེ་གསང་བའི་པད་མའོ་ཞེས་པའི་དོན་ཏོ། །སྙིང་ཁའི་པད་མ་རླུང་གི་ ཁམས་ལས་འགྱུར་རོ། །རབ་གསལ་རྩེ་མོ་ཅན་ལས་མགྲིན་པའི་འཁོར་ལོར་འགྱུར་རོ། ། གསལ་བར་ནི་ངེས་པར་རོ། །ཆུའི་ཁམས་ལས་སྨིན་པའི་དབུས་ཀྱི་པད་མའོ། །ནོར་ནི་ནོར་ དེ་དྲུག་ཅུ་རྩ་བཞིའི་འདབ་ལྡན་ལྟེ་བའི་པད་མ་ནི་སའི་ཁམས་ལས་འགྱུར་རོ། །ཚིགས་དྲུག་ ཅེས་པ་ནི་(ཚིགས་རྣམས་ཞེས་)མང་པོའི་ཚིག་(དགོས་པ་)ལ་(ཚིགས་ཞེས་)གཅིག་གི་ཚིག་(ནི་ལུང་གི་ཚིག་ 29)གོ། རྐང་པ་ལག་པ་དག་གི་སྟེ་རྐང་པ་གཡོན་པའི་(ཚིགས་)གསུམ་ནི་སའི་ཁམས་ཀྱི་སྙིང་ སྟོབས་དང་རྡུལ་དང་མུན་པའི་ཡོན་ཏན་རྣམས་ཀྱི་དབྱེ་བ་ལས་འགྱུར་ཏེ་(མ་ཧཱི་ཞེས་རིང་པོ་ལ་) མ་ཧི་ཞེས་པ་ཐུང་ངུ་ནི་(ལུང་གི་ཚིག་ཡིན་པས་)སའི་རྣམ་གྲངས་སོ། །རྐང་པ་གཡས་པའི་(ཚིགས་) གསུམ་ནི་ཆུའི་ཁམས་ཀྱི་ཡོན་ཏན་(སྙིང་སྟོབས་ལ་སོགས་པ་)གསུམ་གྱི་དབྱེ་བ་ལས་སོ། །ལག་པ་ གཡོན་པའི་(ཚིགས་)གསུམ་ནི་མེའི་ཡོན་ཏན་(སྙིང་སྟོབས་ལ་སོགས་པ་)གསུམ་གྱི་དབྱེ་བ་ལས་སོ། ། ལག་པ་གཡས་པའི་(ཚིགས་)གསུམ་ནི་རླུང་གི་ཡོན་ཏན་(སྙིང་སྟོབས་ལ་སོགས་པ་)གསུམ་གྱི་དབྱེ་ བ་ལས་ཏེ་རླུང་རྣམས་དག་ལ་གསུམ་གྱི་གྲངས་ཞེས་སོ། །(ལས་ཀྱི་)འཁོར་ལོ་བཅུ་གཉིས་ནི་ འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །འཁོར་ལོ་བཅོ་བརྒྱད་ཀྱི་ངེས་པའོ། ༢༥ ། ༈ ད་ནི་ས་ཞེས་པ་ལ་སོགས་པས་(ཟླ་ཉི་)ཁམས་(ལྔ་དང་གསུམ་)གྱི་དབང་གིས་སོར་མོ་ འབྱུང་བ་གསུངས་ཏེ་འདིར་ལག་པ་དང་རྐང་པ་དག་གི་མཐེ་བོ་ལ་སོགས་པ་མཐེའུ་ཆུང་གི་ མཐར་ཐུག་པ་རྣམས་གཡོན་པ་དང་གཡས་པ་ལ་ཡང་(ཟླ་བའི་)ཁམས་ལྔ་(དང་ཉེ་བའི་)ཡོན་ཏན་ གསུམ་(གསུམ་)གྱི་རང་བཞིན་གྱིས་(སོར་མོ་རེ་རེའང་)ཚིགས་གསུམ་གྱི་བདག་ཉིད་དེ་དེ་ལ་སའི་ ཁམས་ཀྱི་དབང་གིས་མཐེ་བོང་དུ་འགྱུར་ཏེ་སའི་ཁམས་ཀྱི་ཡོན་ཏན་གསུམ་གྱི་དབང་གིས་ མཐེ་བོའི་ཚིགས་གསུམ་མོ། །དེ་བཞིན་དུ་ཆུའི་ཁམས་ཀྱི་(ཡོན་ཏན་གསུམ་གྱི་)རང་བཞིན་གྱིས་ མཛུབ་མོ(འི་ཚིགས་གསུམ་མོ)འོ། །དེ་བཞིན་དུ་མེའི་ཁམས་ཀྱི་རང་བཞིན་གྱིས་གུང་མོའོ། །དེ་ བཞིན་དུ་རླུང་གི་ཁམས་ཀྱི་རང་བཞིན་གྱིས་མིང་མེད་དོ། །ནམ་མཁའི་ཁམས་ཀྱི་རང་བཞིན་ གྱིས་མཐེ་ཆུང་ངོ༌། །ལག་པ་གཡོན་པ་ལ་ཇི་ལྟ་བ་དེ་བཞིན་དུ་གཡས་པ་ལ་ཡང་ངོ༌། །དེ་ བཞིན་དུ་རྐང་པ་དག་ལ་ཡང་ཤེས་པར་བྱའོ། །ལག་པ་གཉིས་དང་རྐང་པ་གཉིས་ལ་བཅུ་ནི་ གསུམ་གྱིས་བསྒྱུར་བ་སྟེ་སུམ་ཅུའི་ཚིགས་ཀྱི་གཟུགས་དང་ལྡན་པ་མཐའ་དག་སྟེ་དེ་རྣམས་ ཐམས་ཅད་སེན་མོའི་མཐར་ཐུག་(〔པ་〔ས་〕ཁམས་སོ་སོར་ངེས་པར་)ཡང་དག་གཟུང་བར་བྱའོ། ། 3-1-28 ༈ སོ་རྣམས་གསུངས་ཏེ་འདིར་གལ་ཏེ་དང་པོ་བྱིས་པ་ལ་སྟེང་དུ་སོ་གཉིས་སུ་གྱུར་ན་ དེའི་ཚེ་སོ་གཡས་པ་སའི་རང་བཞིན་ཏེ་གཡོན་པ་ཆུའི་རང་བཞིན་ནོ། །དེ་ནས་འོག་ཏུ་གྱུར་ པ་ན་དེའི་ཚེ་གཡས་པ་མེའི་རང་བཞིན་དང་གཡོན་པ་རླུང་གི་རང་བཞིན་(ཏེ་འདི་དག་ཕན་ཚུན་ བསྣོལ་ནས་འཁྱུད་པ་ཡིན་)ནོ། །དེ་བཞིན་དུ་སླར་ཡང་སྟེང་དུ་(གཡས་པ་)མེ་དང་(གཡོན་པ་)རླུང་གི་རང་ བཞིན་དག་གོ། འོག་ཏུ་(གཡས་པ་)ས་དང་(གཡོན་པ་)ཆུའི་རང་བཞིན་དག་གོ། སླར་ཡང་འོག་ཏུ་ (གཡས་པ་)མེ་དང་(གཡོན་པ་)རླུང་གི་རང་བཞིན་དག་གོ། སླར་ཡང་སྟེང་དུ་(གཡས་པ་)ས་དང་(གཡོན་ པ་)ཆུའི་རང་བཞིན་དག་སྟེ་(འདི་དག་སྟེང་འོག་ཁམས་ཕན་ཚུན་བསྣོལ་ནས་འཁྱུད་པ་ཡིན་ལ་སླར་ཡང་རིམ་པ་དེ་ཉིད་ ཀྱིས་སྟེང་ལ་བཅུ་དྲུག་གི་བར་དུ་དང་འོག་ལ་བཅུ་དྲུག་གི་བར་དུ་སྦྱར་ཏེ་)དེ་ལྟར་(སྟེང་ལ་གཡོན་དང་གཡས་ཀྱི་མཐའ་ནས་ རིམ་པ་ལྟར་རླུང་མེ་ཆུ་ས་ཞེས་)ལུགས་དང་མཐུན་པ་དང་(འོག་ལ་གཡས་དང་གཡོན་གྱི་མཐའ་ནས་རིམ་པ་ལྟར་ས་ ཆུ་མེ་རླུང་ཞེས་)ལུགས་ལས་བཟློག་པས་སྟེང་དང་འོག་ཏུ་ཁམས་བཞིའི་རང་བཞིན་གྱིས་(སྟེང་དང་ འོག་ལ་བཅུ་དྲུག་བཅུ་དྲུག་སྟེ་)སོ་སུམ་ཅུ་རྩ་གཉིས་པོ་དག་རིག་པར་བྱའོ(ས་ལ་རི་མོར་བཀོད་པས་གསལ་བར་ འགྱུར་རོ)། །གང་གི་ཚེ་འཁྱོག་པོའི་མཆེ་བ་(ཉིས་སྦྲག་)ཡིན་པ་དེའི་ཚེ་ནམ་མཁའི་ཁམས་སོ། ། ༈ དེ་བཞིན་དུ་སྤུ་དང་སྐྲ་རྣམས་ཁམས་ཀྱི་དབྱེ་བས་ཤེས་པར་བྱ་བ་དག་ནི་གཞན་གང་ སྤུའི་མཐར་ནི་ལུས་མཆོག་ལ་འགྱུར་(བ)དེ་དང་དེ་ནི་དེ་བཞིན་དུ་ཡང་ཁམས་ལྔ་ལས་རིག་ པར་བྱ་སྟེ། (སྐྲ་དང་སྤུའི)ལུས་ཀྱི་རྣམ་པར་དབྱེ་བ་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་གྱི་ དབྱེ་བ་ཇི་སྙེད་པ་ཁམས་ཀྱི་རྣམ་པར་འགྱུར་པ་སྟེ་རྡུལ་དང་ཁུ་བའི་དབང་གིས་ཁམས་ཀྱི་རྣམ་ པར་འགྱུར་བའོ། །ཀུན་འབྱུང་གི་བདེན་པ་ནི་(སེམས་ཅན་རྣམས་ཀྱི)ལུས་ཀྱི་(ཁམས་ཀྱི)རྣམ་པར་ དབྱེ་བའི་སོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། ༈ བསྡུས་པའི་རྒྱུད་ཀྱིས་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་ སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་ལུས་དང་ངག་དང་སེམས་ 3-1-29 འབྱུང་བ་དང་སྡུག་བསྔལ་དང་ལམ་དང་ཀུན་འབྱུང་དང་(ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྡུག་བསྔལ་དང་ཀུན་ འབྱུང་གང་དུ་འགགས་པ་)འགོག་པའི་བདེན་པ་(གཞི་རྡོ་རྗེའི་རྣལ་འབྱོར་དང་པོའི་སངས་རྒྱས)ངེས་པའི་མདོར་ བསྡུས་ཆེན་པོ་སྟེ་དང་པོའོ(ཁ་ཅིག་བཅུ་གཅིག་པ་ཁམས་རྣམས་ལས་ལྷའི་མཚན་མ་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་ པ་འདི་བསྒྲུབ་ལེའི་ཚིགས་བཅད་རེ་དགུ་པའི་ཕྱེད་ཕྱི་མ་སོགས་ལ་སྦྱར་ཡང་སྐབས་འདིར་དངོས་སུ་སྣང་བས་མི་རིགས་སོ)།། ༢༦ །། ༈ ད་ནི་གསང་བ་ཞེས་པ་ལ་སོགས་པས་རྟེན་དང་བརྟེན་པའི་ཚོགས་པ་གསུངས་ཏེ་ འདིར་ལུས་ལ་འཁོར་ལོ་དྲུག་ནི་རྟེན་དུ་གྱུར་པ་(ཁྱབ་བྱ)སྟེ་(དང་པོ་སངས་རྒྱས)སྐུ་བཞི་ནི་(ནམ་མཁའ་ ལྟར་ཁྱབ་བྱེད་དུ་གནས་པའི་ཚུལ་གྱིས)བརྟེན་པའོ། །(སྐུ)དེ་དག་ལས་ལྷན་ཅིག་སྐྱེས་པའི་སྐུ་ནི་པད་ མ་གསུམ་ལ་རང་བཞིན་དང་རང་བཞིན་མེད་པའི་དབྱེ་བས་(བཞུགས)སོ། །དེའི་ཕྱིར་གསང་ བའི་པད་མ་དང་གཙུག་ཏོར་གྱི་པད་མ་དང་ལྟེ་བའི་པད་མ་ལ་(དང་པོའི་སངས་རྒྱས)རྣམ་པར་དག་ པ(རང་བཞིན་པ)འི་སྐུ་ལྷག་པའི་ལྷ་སྟེ་(རྣམ་པ་ཐམས་ཅད་པ་ཡིན་ཡང་རྡུལ་ཕྲ་རབ་ཀྱི)རང་བཞིན་མེད་པ་ (རྟོག་པའི་བློས)མ་བརྟགས་པ་དང་རང་བཞིན་པྲ་ཕབ་པ་ལྟ་བུ་(རྣལ་འབྱོར་བའི་མངོན་སུམ་ལ་འོད་གསལ་ བར་སྣང་བ)འོ། །སྙིང་ཁར་ནི་(མི་རྟོག་པའི་ཡེ་ཤེས)ཆོས་ཀྱི་སྐུ་(བཞུགས་པ)སྟེ་མགྲིན་པའི་ཆུ་སྐྱེས་ལ་ ཡང་སྐུའི་དབྱེ་བས་ལོངས་སྤྱོད་རྫོགས་པའི་སྐུ་ལྷག་པའི་ལྷ(ར་བཞུགས་པ)འོ། །ཐིག་ལེ་ལ་ཞེས་ པ་སྤྱི་བོའི་ཆུ་སྐྱེས་དག་པ་(བདེ་བ་ཆེན་པོ)འི་འཁོར་ལོ་ལ་སྤྲུལ་བའི་སྐུ་ལྷག་པའི་ལྷ་(སྟེ་བསམ་པའི་ དབྱེ་བ)འོ། །ལུས་ཀྱི་དབྱེ་བའི་ལྟེ་བ་སྤྲུལ་བའི་འཁོར་ལོར་སྤྲུལ་བའི་སྐུ་ལྷག་པའི་ལྷ(ར་བཞུགས་ པ)འོ། །ཞེས་པ་ནི་སྐུའི་དབྱེ་བའི་ངེས་པའོ། །(དེ་ལྟར་བཞུགས་པའི་རྒྱུ་མཚན་ཡང་)ཡོན་ཏན་དབང་ གིས་ཞེས་པ་ནི་འཁོར་ལོ་རྣམས་ཀྱི་ཡོན་ཏན་(གྱི་དབང་གིས)ཏེ་ལྷན་ཅིག་སྐྱེས་པའི་སྐུའི་རྟེན་ (འཁོར་ལོ་གསུམ)གྱི་ཡོན་ཏན་(གསང་བ)ཡེ་ཤེས་དང་(གཙུག་ཏོར)ནམ་མཁའ་དང་(ལྟེ་བ)སའོ། །ཆོས་ ཀྱི་སྐུའི་རྟེན་གྱི་(སྙིང་ཁའི)ཡོན་ཏན་རླུང་ངོ༌། །ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་གྱི་(མགྲིན་བའི) 3-1-30 ཡོན་ཏན་མེའོ། །སྤྲུལ་བའི་སྐུའི་རྟེན་གྱི་(དཔྲལ་བའི)ཡོན་ཏན་ཆུ་སྟེ་(འདིར)རྟེན་དང་བརྟེན་པའི་ དངོས་པོ(ཞེས་པ་ནི་མཁར་གཞོང་ལ་རྒྱ་ཤུག་བརྟེན་པ་ལྟར་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་མ་ཡིན་གྱི་སྣོད་དུ་མ་ལ་ནམ་ མཁའ་གནས་པ་ལྟར་ཁྱབ་བྱ་ཁྱབ་བྱེད་ཀྱི་ཚུལ་གྱིས་རིག་པར་བྱ)འོ། །(དེ་ལྟར)བརྗོད་པའི་རིམ་པས་སྙིང་ཁའི་ འཁོར་ལོ་(དང་)མགྲིན་པའི་འཁོར་ལོ་(དང་)སྤྱི་བོའི་པད་མ་(རྣམས་ནི་རིམ་པ་ལྟར)ཆོས་དང་ལོངས་ སྤྱོད་རྫོགས་དང་དག་པ(སྟེ་བདེ་བ་ཆེན་པོའི་འཁོར་ལོ)འོ་ཞེས་སོ། ༢༧ ། ༈ ལྟེ་བ་ཞེས་པ་ལ་སོགས་པས་ལུས་ཀྱི་རྟེན་གྱི་དབྱེ་བས་རིགས་དྲུག་གསུངས་ཏེ་ འདིར་ལུས་ཀྱི་འཁོར་ལོ་དྲུག་ལ་ཁམས་དྲུག་གི་དབང་གིས་རིགས་དྲུག་ཏུ་འགྱུར་ཏེ། གྲངས་ བཞིན་དུ་(ཤེས་རབ)ཡུམ་གྱི་རིགས་གསུམ་དང་གཙོ་བོ་ཞེས་པ་(ཐབས)ཡབ་ཀྱི་རིགས་(གསུམ་ རྣམས)ཀྱང་ངོ༌། །ལྟེ་བར་སའི་འཁོར་ལོ་ལ་(སྤྱན་མ)འཁོར་ལོའི་རིགས་སུ་(ལུས་ཀྱི་དབྱེ་བས)འགྱུར་ ཞིང་མགྲིན་པར་མེའི་པད་མ་ལ་(གོས་དཀར་མོ)རིན་ཆེན་གྱི་རིགས་སུ་(ལུས་ཀྱི་དབྱེ་བས)འགྱུར་ ལ་གསང་བར་ཡེ་ཤེས་ཀྱི་པད་མ་ལ་(ཤེར་ཕྱིན)གྲི་གུག་གི་རིགས་སུ་(ལུས་ཀྱི་དབྱེ་བས)འགྱུར་ཏེ་ གྲངས་བཞིན་དུ་ཡུམ་གྱི་སྐུ་དང་གསུང་དང་ཐུགས་སོ། །དེ་བཞིན་དུ་སྤྱི་བོར་ཆུའི་པད་མ་ལ་ (སྣང་མཐའ་)པད་མའི་རིགས་སུ་(ལུས་ཀྱི་དབྱེ་བས)འགྱུར་ཞིང་སྙིང་ཁར་རླུང་གི་པད་མ་ལ་(དོན་གྲུབ) རལ་གྲིའི་རིགས་སུ་(ལུས་ཀྱི་དབྱེ་བས)འགྱུར་ལ་དེ་བཞིན་དུ་གཙུག་ཏོར་དབུས་སུ་ནམ་མཁའི་ ཁམས་ཀྱི་པད་མ་ལ་(མི་བསྐྱོད་པ)རྡོ་རྗེའི་རིགས་སུ་(ལུས་ཀྱི་དབྱེ་བས)འགྱུར་ཏེ་གཙོ་བོའི་སྐུ་དང་ གསུང་དང་ཐུགས་སོ། །(འཁོར་ལོ་དྲུག་པོ་དེ་དག)རིམ་པ་བཞིན་རྡུལ་དང་ཁུ་བ་དག་གི་རིགས་སུ་ འགྱུར་ཏེ། (གསུམ་གསུམ་རྣམས)ས་ལ་སོགས་པའི་ཁམས་(དྲུག)ལས་སྐྱེས་པའི་རྣམ་པར་འགྱུར་བ་ (འབྲས་བུས་ཡུམ་དང་ཡབ་ཀྱི་སྐུ་གསུང་ཐུགས)རྣམས་ཀྱི་གོ་རིམ་ཇི་ལྟ་བས་(འཁོར་ལོ་དྲུག་གི་རིགས་དྲུག་ཏུ་ངེས) སོ། ། ༈ དེ་རྣམས་ཞེས་པ་ལ་སོགས་པས་(རིགས་དྲུག་པོ)དེ་དག་ཉིད་རླུང་དང་རྩའི་དབྱེ་བས་ 3-1-31 (གསུམ་གསུམ་དུ་)གསུངས་ཏེ། འདིར་སྲོག་དང་ཐུར་སེལ་གྱི་རྩ་གསུམ་གྱི་དབྱེ་བས་རྩ་གསུམ་གྱི་ མིང་གི་མཚན་ཉིད་(ཅན)དུ་འགྱུར་ཏེ་(ལྟེ་བ་ནས་གསང་གནས་ཀྱི་བར་གྱི་གཡོན)ཐུར་སེལ་གྱི་བཤང་པའི་ རྩ་ལ་ནི་འཁོར་ལོའི་རིགས་སོ། །(སྟེང་)སྲོག་གི་(གཡས)ཉི་མའི་རྩ་ལ་ནི་རིན་ཆེན་གྱི་རིགས་སོ། ། ཐུར་སེལ་གྱི་(དབུས་སུ)ཁུ་བའི་རྩ་ལ་ནི་གྲི་གུག་གི་རིགས་སོ་ཞེས་པ་ནི་ཡུམ་གྱི་རིགས་གསུམ་ སྟེ་སྐུ་དང་གསུང་དང་ཐུགས་སོ། །དེ་བཞིན་དུ་(སྟེང་)སྲོག་གི་(གཡོན)ཟླ་བའི་རྩ་ལ་ནི་པད་མའི་ རིགས་སོ། །ཐུར་སེལ་གྱི་(གཡས)གཅི་བའི་རྩ་ལ་ནི་རལ་གྲིའི་རིགས་སོ། །(སྟེང་)སྲོག་གི་(དབུས) དབུ་མ་སྒྲ་གཅན་གྱི་རྩ་ལ་ནི་རྡོ་རྗེའི་རིགས་ཏེ་གཙོ་བོའི་སྐུ་དང་གསུང་དང་ཐུགས་སོ། །ཞེས་ པ་ནི་(རྩ་རྒྱུད་དུ། ཐབས་ཀྱི་སྐུ་ནི་ཟླ་བ་སྟེ། །ཤེས་རབ་གསུང་ནི་ཉིན་བྱེད་དོ། །ཤེས་རབ་སྐུ་ནི་དྲི་ཆེན་རྩ། །དྲི་ཆུ་འབབ་མ་ གཙོ་བོའི་གསུང༌། །སྟེང་དང་འོག་གི་རྩ་གཉིས་ནི། །ས་བོན་འབབ་དང་མུན་ཅན་མ། །ཐབས་ཀྱི་ཐུགས་ནི་མུན་པ་ཅན། །ས་ བོན་འབབ་མ་ཤེས་རབ་ཀྱི། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གྱིས། །སྟེང་འོག་རིས་དྲུག་འདི་ཡིན་ནོ། །ཞེས་གསུངས་པ་ལྟར) རིགས་དྲུག་གི་ངེས་པའོ། ༢༨ ། ༈ ལུས་ཞེས་པ་ལ་སོགས་པས་ལུས་དང་བསམ་པ་(ཕན་ཚུན)རབ་ཏུ་འཇུག་པ་དང་ཁམས་ རྣམས་ཀྱི་ཁ་དོག་གསུངས་ཏེ་འདིར་ལུས་ལ་ཁམས་རྣམས་ཕན་ཚུན་དུ་གཟུང་བ་དང་འཛིན་ པའི་དབྱེ་བར་འགྱུར་རོ། །དེ་ལ་(རྒྱུ་རྐྱེན)ཚོགས་པའི་དབང་གིས་འཛིན་པའི་ཁམས་གང་ཡིན་ པ་དེ་ནི་(རིགས་ཀྱི་དབང་གིས)ལུས་ཀྱི་མིང་(ཅན)དུ་འགྱུར་རོ། །ཚོགས་པའི་དབང་གིས་གཟུང་བ་ གང་ཡིན་པ་དེ་ནི་〔རིགས་ཀྱི་དབང་གིས〕བསམ་པའི་མིང་〔ཅན་〕དུ་འགྱུར་རོ། །གཟུང་བ་དང་འཛིན་ པ་དག་(དོན་དམ་པར་ཐ་དད་དུ་དབྱེར་མེད་ཅིང་དེ་དག་དེ་བཞིན་ཉིད)གཅིག་པ་ཉིད་ནི་ཕན་ཚུན་དུ་རོ་མཉམ་ པ་ཉིད་དོ། །དེའི་ཕྱིར་ལུས་(འཛིན་པ)ལ་བསམ་པ་(གཟུང་བའི་དེ་བཞིན་ཉིད)རབ་ཏུ་ཞུགས་པ་(ནི་ གཟུང་བ་དང་འཛིན་པའི་དེ་བཞིན་ཉིད)ནམ་མཁའ་བཞིན་དུ་རོ་མཉམ་(པ་ཡིན་ལ)བསམ་པ(གཟུང་བ)འི་ དབུས་སུ་ལུས་དག་(གི་དེ་བཞིན་ཉིད)ཀྱང་(ཞུགས་པ་དེ་བཞིན་ཉིད་རོ་མཉམ་པ་ནི)རྣལ་འབྱོར་ལྡན་པ(འི་ 3-1-32 རྣལ་འབྱོར་གྱི)ས་ཤེས་(པར)བྱ(འོ་ཀུན་རྫོབ་ཏུ་གཟུང་འཛིན་གྱི་རྣམ་པ་ཐ་དད་པ་ནི)རང་བཞིན་ཡོན་ཏན་དབང་ གིས་ཁམས་ཀྱི་ཁ་དོག་ལ་སོགས་དབྱེ་བས་(རིགས་ཀྱིས་ཤེས་པར་བྱ་བ་ཡིན)ཏེཞེས་པའོ། །འདིར་ ལུས་ཀྱི་དབང་པོ་ལ་སོགས་པ་རྣམས་དང་དྲི་ལ་སོགས་པའི་ཡུལ་རྣམས་ཀྱི་རང་བཞིན་ནི་ས་ ལ་སོགས་པ་ཁམས་རྣམས་ཏེ་ཁ་དོག་བཞིར་འགྱུར་རོ། །འདིར་ལས་ཀྱི་དབྱེ་བས་(དབང་པོ་དྲུག་ ལས)ལུས་ཀྱི་དབང་པོ་དང་ཡུལ་(དྲུག་ལས)དྲི་དང་(ལས་དབང་དྲུག་ལས)བཤང་ལམ་གྱི་དབང་ པོ་དང་(ལས་དབང་གི་ཡུལ་དྲུག་ལས)བརྗོད་པ་རྣམས་སའི་ལུས་(ཏེ་རང་རིགས)ཀྱི་རང་བཞིན་གྱིས་ཁ་ དོག་སེར་པོ་དང་(དེའི)བསམ་པ(ར་བྱ་བ་གཞན་པ)འི་དབང་གིས་རླུང་གི་རང་བཞིན་ལས་ཁ་དོག་ ནག་པོའོ། །དེ་བཞིན་དུ་སྣའི་དབང་པོ་དང་རེག་བྱ་དང་ངག་གི་དབང་པོ་དང་བཤང་བ་འཛག་ པ་རྣམས་ལུས་ཀྱི་དབྱེ་བས་རླུང་གི་རང་བཞིན་ཁ་དོག་ནག་པོ་དང་བསམ་པའི་དབྱེ་བས་ས་ སྟེ་ཁ་དོག་སེར་པོའོ། །མིག་གི་དབང་པོ་དང་རོ་དང་ལག་པའི་དབང་པོ་དང་འགྲོ་བ་རྣམས་ ལུས་ཀྱི་དབང་གིས་མེའི་རང་བཞིན་ཁ་དོག་དམར་པོར་འགྱུར་ཞིང་བསམ་པའི་དབང་གིས་ ཆུའི་རང་བཞིན་དཀར་པོར་འགྱུར་རོ། །དེ་བཞིན་དུ་ལྕེའི་དབང་པོ་དང་ཁ་དོག་གི་གཟུགས་ དང་རྐང་པའི་དབང་པོ་དང་ལེན་པ་རྣམས་ལུས་ཀྱི་དབྱེ་བས་ཆུའི་རང་བཞིན་ཁ་དོག་དཀར་ པོར་འགྱུར་ཞིང་བསམ་པའི་དབང་གིས་མེའི་རང་བཞིན་ཁ་དོག་དམར་པོར་འགྱུར་རོ། །ས་ རླུང་མེ་དང་ཆུ་ལའོ། །ཞེས་པ་སྟེ་སའི་རང་བཞིན་དང་རླུང་གི་རང་བཞིན་དང་མེའི་རང་བཞིན་ དང་ཆུའི་རང་བཞིན་ལ་ཁ་དོག་རིག་པར་བྱའོ། །དེ་བཞིན་དུ་རྣ་བའི་དབང་པོ་དང་ཡུལ་ཆོས་ ཀྱི་ཁམས་དང་བྷ་ག(གསང་བ)འི་དབང་པོ་དང་ཁུ་བ་འཕོ་བ་སྟེ་འདི་དག་ནི་ལུས་ཀྱི་དབྱེ་བས་ ནམ་མཁའི་རང་བཞིན་ཁ་དོག་ལྗང་ཁུ་དང་བསམ་པའི་དབྱེ་བས་ཡེ་ཤེས་ཀྱི་རང་བཞིན་སྔོན་ པོའོ། །དེ་བཞིན་དུ་ཡིད་ཀྱི་དབང་པོ་དང་སྒྲ་དང་མཆོག་གི་དབང་པོ་དང་གཅི་བ་འཛག་པ་སྟེ་ འདི་དག་ནི་ལུས་ཀྱི་དབྱེ་བས་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཁ་དོག་སྔོན་པོ་དང་བསམ་ 3-1-33 པའི་དབྱེ་བས་ནམ་མཁའི་རང་བཞིན་ལྗང་ཁུའོ། །དེའི་ཕྱིར་ཡེ་ཤེས་ནམ་མཁའ་ལ་ཡང་སྔོན་ པོ་ལྗང་ཁུར་འགྱུར་ཏེ་ལུས་དང་བསམ་པའི་རབ་ཏུ་དབྱེ་བས་སོ་ཞེས་སོ། །ལུས་དང་བསམ་ པའི་རང་བཞིན་ངེས་པའོ། ༢༩ ། ༈ རུས་པ་དང་ཤ་ལ་སོགས་པའི་ཁམས་རྣམས་ཤེས་རབ་དང་ཐབས་ཀྱི་འཁྱུད་པ་ གསུངས་པ་ཤེས་རབ་ཅེས་པ་ལ་སོགས་པ་སྟེ་འདིར་ལུས་ལ་རུས་པའི་ཁམས་ནི་ཤེས་རབ་ སྟེ་ཤའི་ཁམས་ནི་ཐབས་སོ། །ས་དང་འདུ་བྱེད་དེ་དག་ནི་ཕན་ཚུན་ཡང་དག་པར་ལྡན་པ་སྟེ་ སྲ་བ་ཉིད་གང་ཡིན་པ་དེ་ནི་སའི་ཁམས་སོ་ཞེས་པའི་ཤེས་པར་བྱེད་པ་ལས་རུས་པ་དང་ཤ་ ནི་ཤེས་རབ་དང་ཐབས་སོ། །དེ་བཞིན་དུ་ཤེས་རབ་དང་ཐབས་ནི་ཆུ་དང་བཅས་པའི་ཁྲག་ (ཅེས་པ་ཤ་ཁྲག་གི་ཡ་གྱལ་གྱི་ཁྲག)སྟེ་ཆུའི་ཁམས་དང་ལྷན་ཅིག་ཏུ་ཚོར་བའི་ཕུང་པོའོ། །དེ་བཞིན་དུ་ མེ་དག་དང་ཞེས་པ་དྲོ་བ་ཉིད་དང་གཅི་བ་ཞེས་པ་ནི་འདུ་ཤེས་ཏེ་འདི་དག་ནི་ཤེས་རབ་དང་ ཐབས་སོ། །ཁུ་བའི་ཁམས་འདུ་ཤེས་ཀྱི་ཕུང་པོ་མ་ཡིན་ནམ་ཇི་ལྟར་གཅི་བ་(འདུ་ཤེས་ཀྱི་ཕུང་ པོ)ཞེས་བརྗོད་ཅེ་ན། འདིར་ལུས་ལ་འདུ་ཤེས་གང་ཡིན་པ་དེ་ནི་བྱིས་པ་སྐྱེས་པ་ཙམ་གྱི(རྒྱུད་ ལ་ཡང་ཡོད་པ)ས་ཏེ་(སྐྱེས་ཙམ་ཉིད་ནས)གཅི་བ་འཛག་པ་(ཡང་ཡོད་པ)ལ(གཅི་བ་འཛག་པ་འདུ་ཤེས་སུ་བྱས) སོ། །བདེ་བ་ཆེན་པོའི་ཡེ་ཤེས་གང་ཡིན་པ་དེ་ནི་ལོ་བཅུ་དྲུག་གི་མཚམས་སུ་འགྱུར་ཏེ་ས་བོན་ འཕོ་བའི་ཆོས་ལས་སོ། །དེའི་ཕྱིར་གཅི་བ་ནི་འདུ་ཤེས་ཀྱི་ཆོས་དང་ཁུ་བ་ནི་ཡེ་ཤེས་ཀྱི་ཆོས་ སོ་ཞེས་པའི་ཁྱད་པར་ལས་གཅི་བ་ནི་འདུ་ཤེས་ཀྱི་ཕུང་པོའོ། །དེ་བཞིན་དུ་རླུང་དང་བཤང་ པ་ནི་ཤེས་རབ་དང་ཐབས་ཏེ་རླུང་གི་ཁམས་དང་གཟུགས་ཀྱི་ཕུང་པོའོ། །སྟོང་པ་ཞེས་པ་རྡུལ་ གྱི་ཁམས་དང་ཁུ་བ་ཞེས་པ་རྣམ་པར་ཤེས་པའི་ཁམས་ནི་ཤེས་རབ་དང་ཐབས་ཏེ་མཆོག་གི་ ལུས་ལ་དཔལ་ལྡན་རྡུལ་དང་བྱང་ཆུབ་ཀྱི་སེམས་ཉིད་དག་ཏུ་འགྱུར་རོ། །དེ་བཞིན་དུ་རྣ་བ་སྒྲ་ སོགས་གཞན་རྣམས་ཞེས་པ་ནི་སྒྲ་ནི་ཤེས་རབ་དང་རྣ་བ་ནི་ཐབས་སོ། །དྲི་ནི་ཤེས་རབ་དང་ 3-1-34 སྣ་ནི་ཐབས་སོ། །གཟུགས་ནི་ཤེས་རབ་དང་མིག་ནི་ཐབས་སོ། རོ་ནི་ཤེས་རབ་དང་ལྕེ་ནི་ ཐབས་སོ། །རེག་བྱ་ནི་ཤེས་རབ་དང་ལུས་ནི་ཐབས་སོ། །ཆོས་ཀྱི་ཁམས་ནི་ཤེས་རབ་དང་ ཡིད་ནི་ཐབས་སོ། །བཤང་བ་འཛག་པ་ནི་ཤེས་རབ་དང་བཤང་ལམ་ནི་ཐབས་སོ། །འགྲོ་ བ་ནི་ཤེས་རབ་དང་རྐང་པ་ནི་ཐབས་སོ། །ལེན་པ་ནི་ཤེས་རབ་དང་ལག་པ་ནི་ཐབས་སོ། ། བརྗོད་པ་ནི་ཤེས་རབ་དང་ངག་གི་དབང་པོ་ནི་ཐབས་སོ། །གཅི་བའི་བྱ་བ་ནི་ཤེས་རབ་དང་ བྷ་གའམ་རྟགས་ནི་ཐབས་སོ། །ཁུ་བ་འཛག་པ་ནི་ཤེས་རབ་དང་དུང་ཅན་མའི་དབང་པོ་ནི་ ཐབས་སོ། །རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ངག་གི་རང་བཞིན་ལ་སོགས་ཀྱང་ཞེས་ པ་ནི་ལས་ཀྱི་དབང་པོ་ལ་སོགས་པའོ(འདིར་ཐབས་དང་ཤེས་རབ་ཅེས་པ་ཡང་བཏགས་པ་ཙམ་དུ་ཤེས་པར་ བྱའོ)། །དེ་ལྟར་(ན་ལུས་ལ་ཤེས་རབ་དང་ཐབས་ཀྱི་དབྱེ་བ)བརྗོད་པའི་རིམ་པས་(གཞན་ཡེ་ཤེས་ཀྱི་སྐུ་ལ)ལྷ་མོ་ ས་ལ་སོགས་པ་རྣམས་སངས་རྒྱས་དང་བཅས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་དང་ལྷན་ ཅིག་པའི་ཡུལ་དང་ཡུལ་ཅན་རྣམས་ནི་(དབང་སྒྲུབ་ཡེ་ཤེས་ཀྱི་ལེའུར)འཆད་པར་འགྱུར་བའི་དཀྱིལ་ འཁོར་དག་ལ་བརྗོད་པར་བྱའོ། །ཕན་ཚུན་ཤེས་རབ་དང་ཐབས་ཀྱིས་འཁྱུད་པའི་རྣམ་པའི་ ངེས་པའོ། ༣༠ ། ༈ ད་ནི་རྩ་རྣམས་ཞེས་པ་ལ་སོགས་པས་ཟླ་བ་དང་ཉི་མ་དང་ཁུ་བ་དང་རྡུལ་གྱི་བྱ་བ་ གསུངས་ཏེ་འདིར་ལུས་ལ་མངལ་གྱི་ཟླ་བ་གཅིག་གི་རྗེས་ལ་ཉིན་ཞག་སོ་སོར་རྩ་བརྒྱ་ཕྲག་ གཉིས་སུ་འགྱུར་ཞིང་ཟླ་བའི་ནང་དུ་ཉིན་ཞག་སུམ་ཅུས་སྟོང་ཕྲག་དྲུག་གི་གྲངས་སུ་འགྱུར་ རོ། །ཟླ་བ་བཅུ་གཉིས་ཀྱི་མཚམས་སུ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རྣམས་ཀྱིས་སྟོང་ཕྲག་བདུན་ ཅུ་རྩ་གཉིས་ཀྱི་གྲངས་སུ་འགྱུར་ཞིང་རྩ་རྣམས་སྟོང་ཕྲག་དྲུག་ནི་ཉིན་མོར་བྱེད་པས་བསྒྱུར་བ་ སྟེ་བཅུ་གཉིས་ཀྱིས་བསྒྱུར་བའོ། །མངལ་གྱིས་དབུས་དག་ཏུ་ཡང་འཕེལ་བ་ནི། བྱས་ནས་ ཡང་ཡིག་གིས་ཕྱི་རོལ་ཏུ་ཡང་སྟེ་ཟླ་བ་བཅུ་གཉིས་ཀྱི་མཐའི་བར་དུ(འཕེལ་བ)འོ། །མངལ་ 3-1-35 བཟུང་བའི་ཟླ་བ་གཅིག་བོར་ནས་ལོ་(གཅིག་)རྫོགས་པར་གྱུར་པ་ན་ཡང་འཕེལ་བ་གཏོང་སྟེ་ རི་བོང་འཛིན་པ(ཁུ་བ་ལས་བྱུང་བའི་རྩ)འོ། །ཡང་ཡིག་གིས་(མངལ་ཆགས་ནས)ཟླ་བ་བཅུ་གསུམ་གྱིས་ (རྩའི་གྲངས་འཕེལ་བ་རྫོགས)སོ། །(དེ་ནས)ཉི་མ་དག་ཀྱང་འཕེལ་བར་བྱེད་དོ་ཞེས་པ་ནི་དེ་ནས་ཟླ་བ་ ཁུ་བ(ལས་གཙོ་བོར་འབྱུང་བ)འི་རྩའི་ཁམས་ཀྱིས་གྲངས་(འཕེལ་བ)ཡོངས་སུ་ཆད་པར་གྱུར་པ་ན་ལོ་ བཅུ་གཉིས་ཀྱི་བར་དུ་རྡུལ་གྱི་ཁམས་འཕེལ་བར་བྱེད་དེ་ཀྱང་ཡིག་གིས་ཁུ་བའི་ཁམས་ཀྱང་ འཕེལ་བར་བྱེད་དོ། །ལོ་ནི་བཅུ་གཉིས་དག་ནི་ཉིན་བྱེད་ཁམས་ནི་འཕེལ་བ་གཏོང་སྟེ་རང་ གི་ལུས་པོ་དག་ལའོ་ཞེས་པ་བུད་མེད་རྣམས་ཀྱི་རྡུལ་འབྱུང་བའི་བར་དུ་ཉི་མ་འཕེལ་བ་སྟེ་ ཀྱང་ཡིག་གིས་བསྡུས་པ་ལས་སྐྱེས་པ་རྣམས་ཀྱི་ལོ་བཅུ་དྲུག་གི་མཚམས་སུ་ཁུ་བ་འབྱུང་བའི་ བར་དུ་(འཕེལ་བ)འོ། །དེ་བཞིན་དུ་(རྩ་བདུན་ཁྲི་ཉིས་སྟོང་རྫོགས་པའི་མཐར)རྩ་ནི་ཆད་པ་དག་ཀྱང་རབ་ ཏུ་སྐྱེས་པར་གྱུར་པ་ནས་ཉིན་ཞག་སོ་སོར་རིམ་པས་(རྩ་ཆད་པ)ཟུང་གི་གྲངས་(གཉིས་གཉིས)སུ་ འགྱུར་ཞེས་པ་ནི་འཆད་པར་འགྱུར་བ་(རྩ་ཆད་ཀྱི་སྐབས)ལས་རྒྱ་ཆེར་བརྗོད་པར་བྱའོ། །རྩ་དང་ ཁམས་འཕེལ་བའི་ངེས་པའོ། ༣༡ ། ༈ ད་ནི་དཔལ་ལྡན་འབྱུང་བ་ཞེས་པ་ལ་སོགས་པས་ནམ་མཁའ་ལ་སོགས་པ་དེ་ཉིད(ཉི་ ཤུ་རྩ་ལྔ)རྣམས་གསུངས་ཏེ་འདིར་བྱིས་པའི་ལུས་ལ་དཔལ་ལྡན་འབྱུང་བ་ལྔ་དང་དབང་པོ་ལྔ་ ནི་ནམ་མཁའ་ལ་སོགས་པ་(འབྱུང་བ་ལྔ)དང་རྣ་བ་ལ་སོགས་པ་(དབང་པོ)སྟེ་གཅིག་ཏུ་(བསྡོམ་ན) བཅུར་འགྱུར་རོ། །དེ་བཞིན་དུ་(ལག་པ་ལ་སོགས་པ)ལས་ཀྱི་དབང་པོ་ལྔ་པོ་རྣམས་དང་དེ་ཙམ་ ཞེས་པ་ནི་སྒྲ་དེ་ཙམ་ལ་སོགས་པ་སྟེ་དེ་ཙམ་ལྔ་རུ་བརྗོད་པ་རྣམས་སོ། །ཡོན་ཏན་རྣམས་དང་ བཅས་པའི་ཡིད་དང་ཞེས་པ་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་དང་བཅས་པའི་ཡིད་དེ། (སེམས་ཀུན་གཞིའི་རྣམ་ཤེས་དང་)དེ་བཞིན་དུ་(དབང་པོ་དྲུག་ནི)བློ་(རྣམ་ཤེས)དང་(ཚོགས་དྲུག)ངར་འཛིན་ (ཉོན་ཡིད)དང་མཆོག་གི་(དབང་པོའི)རང་བཞིན་ཡང་ངོ༌། །དེ་ཉིད་འདི་རྣམས་ནི་ཉི་ཤུ་རྩ་བཞི་སྟེ་ 3-1-36 ལུས་ལའོ། །སྲིད་པ་གསུམ་གྱི་གནས་སུ་ནི་ཕྱི་རོལ་ཏུ(འབྱུང་བ་ལྔ་གཟའ་ལྔ་རོ་དྲུག་ཡུལ་ལྔ་སྒྲ་གཅན་ཉི་ མ་ཟླ་བ)འོ། །འདི་རྣམས་ལ་(ལོངས་སྤྱོད་པ་པོ)ཁྱབ་བདག་ལོངས་སྤྱོད་པ་ཇི་ལྟ་བུར་འགྱུར་ན་ཕུང་ པོ་ལྔའི་བདག་ཉིད་དང་འཇིག་རྟེན་ཀུན་རྫོབ་ཀྱིས་རྣམས་གསུམ་སྲིད་པ་ལ་གནས་བདག་ གི་ལས་ནི་བསགས་པ་དག་གི་(དེ་སྐྱེས་བུ་དེའི)ལོངས་སྤྱོད་དུ་འགྱུར་རོ། །རང་བཞིན་ཉི་ཤུ་རྩ་ བཞིའི་བདག་ཉིད་ནི་འཛིན་པར་བྱེད་པའི་ཆོས་ཅན་སྐྱེ་བུའི་གཟུང་བར་བྱ་བའི་ཆོས་ཅན་གྱི་ རང་བཞིན་(ཏེ་ཕྱི་དང་ལུས་ལ་ཡིན)ནོ། །(གཞན་ཡེ་ཤེས་ཀྱི་སྐུ)རང་གི་ངོ་བོ་(དོན་དམ་པར་བདེན་པ)ཅན་ཡང་ གཟུང་བྱའི་(ཡུལ་གྱི)ཆོས་དང་བྲལ་བ(འཛིན་པ་མེད་པ)འི་རང་བཞིན་(སྐྱེས་བུ)གཞན་ཏེ་རང་བཞིན་ གྱིས་འོད་གསལ་བ(པྲ་ཕབ་པ་ལྟ་བུ)ར་ཡོད་པ(བསམ་དུ་མེད་པའི་ཐུགས་རྡོ་རྗེ)འོ། །ཞེས་པ་ནི་རང་ བཞིན་དང་སྐྱེས་བུའི་ངེས་པའོ། ༣༢ ། ༈ ད་ནི་ས་ཞེས་པ་ལ་སོགས་པས་ལུས་ལ་ས་ལ་སོགས་པ་རྣམས་ཀྱི་མཚན་ཉིད་ གསུངས་ཏེ་འདིར་ལུས་ལ་ས་ནི་སྲ་བ་དང་ཆུ་ནི་གཤེར་བ་དང་མེ་ཡང་དྲོ་བ་ཉིད་དོ། །གང་ ལས་བསྐུམ་པ་དང་རྐྱོང་བར་བྱེད་པའི་རླུང་ནི་ཡང་བ་ཉིད་དང་བུག་པ་ནི་སྟོང་པའོ། །བརྟན་ པའི་རུས་པ་སྟེ་རྒྱབ་ཀྱི་ཚིགས་པའི་རུས་པ་དཔྱི་ནས་བརྩམས་ནས་ཕྲག་པའི་མཐར་ཐུག་པ་ ནི་འཆི་མེད་རི་བོ་མཆོག་ཅེས་པ་ལྷུན་པོའོ། །ཕྱི་རོལ་ཏུ་ཆར་པ་གང་ཡིན་པ་དེ་ལུས་ལ་འདིར་ ནི་བདུད་རྩི་སྟེ་ལྕེ་དང་ལྕེ་ཆུང་དག་ལས་སྟུ་ཀ་(ཁམས་དྭངས་མ)འཛག་པའོ། །རྡོ་རྗེ(འབབ་པ)འི་ (འབྲུག)སྒྲ་ནི་སྙིང་ཁ་ནས་རྒྱུ་མར་སྒྲ་སྒྲོགས་པའོ། །གཞུ་སྟེ་འཇའ་ཚོན་ནི་བཤང་པའོ། །ཕྱི་ རོལ་ཏུ་ཆུ་སྲང་དྲུག་ཅུའི་བདག་ཉིད་ཀྱི་ཆུ་ཚོད་གང་ཡིན་པ་དེ་ནི་ལུས་ལ་དབུགས་འཇུག་པ་ དང་དབུགས་འབྱུང་ཟུང་དག་གོ། ཞེས་པ་སྟེ་སྲོག་གི་རླུང་འབྱུང་བ་དང་འཇུག་པ་ཟུང་ནི་ཆུ་ ཚོད་དོ། །ཟུང་འདི་རྣམས་དགུ་བརྒྱ་ཉིས་འགྱུར་ཞེས་པ་(དབུགས)བརྒྱ་ཕྲག་བཅོ་བརྒྱད་རྣམས་ ཀྱིས་འཕོ་བ་གཅིག་ཏུ་འགྱུར་རོ། །ཕྱི་རོལ་ཏུ་(ཉི་མའི་ཁྱིམ)འཕོ་བ་ནི་ཉིན་ཞག་སུམ་ཅུའི་ཟླ་བས་ 3-1-37 ཏེ་ནང་དུ་ནི་(ལྟེ་བའི་རྩ་དྲུག་ཅུའི་ནང་ནས)དཀྱིལ་འཁོར་ལྔ་འབབ་པ་རྩ་ལྔ་རྣམས་སོ། །སྐུར་རྩིས་ པ་(ཞེས་པ)ནི་ཉི་མ་ལ་སོགས་པའི་གཟའ་(བཅུ་པོ)རྣམས་སོ། །དེ་དག་(ལུས་ལ)བུག་པའི་དབྱེ་བ་ བཅུར་འགྱུར་ཏེ་འདིར་བཤང་ལམ་གྱི་བུག་པ་ནི་ཟླ་བ་དང་གཅི་བའི་བུག་པ་ནི་ཉི་མ་དང་ཁུ་ བའི་བུག་པ་ནི་དུས་ཀྱི་མེ་དང་ཁའི་བུག་པ་ནི་སྒྲ་གཅན་དང་མིག་གཡས་པའི་བུག་པ་ནི་བཀྲ་ ཤིས་དང་མིག་གཡོན་པའི་བུག་པ་ནི་གཟའ་ལག་དང་སྣ་གཡས་པའི་བུག་པ་ནི་ཕུར་བུ་དང་ སྣ་གཡོན་པའི་བུག་པ་ནི་པ་སངས་དང་རྣ་བ་གཡས་པའི་བུག་པ་ནི་སྤེན་པ་དང་རྣ་བ་གཡོན་ པའི་བུག་པ་ནི་མཇུག་རིངས་སོ། །སླར་ཡང་བཀྲ་ཤིས་ལ་སོགས་པ་(ལྔ་མཇུག་རིངས་དང་དྲུག་པོ) འདི་རྣམས་དབང་པོ་དྲུག་གི་དབྱེ་བ་ནི་འཆད་པར་འགྱུར་བའི་ལེའུ་ལྔ་པ་ལས་(ཚིགས་བཅད་ཉིས་ བརྒྱ་སོ་དྲུག་པས)བརྗོད་པར་བྱའོ། །(ཕྱི་རོལ་གྱི)ས་ལ་སོགས་པ(ལུས་ལ་སྦྱར་བ)འི་ངེས་པའོ། ༣༣ ། ༈ ད་ནི་རྒྱུ་སྐར་ཞེས་པ་ལ་སོགས་པས་རྒྱུ་སྐར་ལ་སོགས་པ་གསུངས་ཏེ་(ཕྱི་རོལ་ཏུ)ཐུར་མ་ བདུན་པའི་འཁོར་ལོའི་དབྱེ་བས་བྱི་བཞིན་དང་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དོ། །ཐུར་ མའི་རྒྱུ་སྐར་རྣམས་ཀྱི་ཟུར་བཞིར་དབྱུག་གུའི་སྐར་མ་བཞི་སྟེ་དེ་ལྟར་ན་སུམ་ཅུ་རྩ་གཉིས་སོ། ། (གཟའ་རྣམས)རིམ་པ་དང་རིམ་པ་མ་ཡིན་པར་རྒྱུ་བའི་དབྱེ་བས་རྒྱུ་སྐར་བཅུ་བཞི་ནི་(ནང་དུ)སོ་ རྣམས་ཀྱི་སྟེང་གི་འཁོར་ལོ་ལ་སྟེ་བཅུ་བཞི་ནི་འོག་གི་འཁོར་ལོ་ལ་གནས་སོ། །འཁོར་ལོ་ ཕྱེད་(ཕྱེད)ཀྱི་དབྱེ་བས་སོ་རྣམས་ཀྱི་དབྱེ་བ་སྟེང་དང་འོག་ཏུ་འགྱུར་ཏེ་རྒྱུ་སྐར་རྣམས་ནི་སོ་ཡི་ ཕྲེང་བའོ། །ཉིན་ཞག་ཆུ་ཚོད་རྣམས་ནི་ཚིགས་ཀྱི་དབྱེ་བར་འགྱུར་ཞེས་པ་ནི་[(ནང་དུ)ཉིན་ཞག་ སོ་སོར་ཆུ་ཚོད་དྲུག་ཅུའི་(བདག་ཉིད་ནི)ལོ(ཡིན་པ་དེ)འི་རྗེས་སུ་(མཐུན་པར་ལོའི་ཆུ་ཚོད་ཀྱི་གྲངས་ནི་ནང་དུ) ཉིན་ཞག་གི་དབུགས་ཀྱི་གྲངས་(ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་རྣམས)སུ་འགྱུར་བ་དེ་ནི་ཆུ་ཚོད་〔ཉི་ཁྲི་ཅིག་སྟོང་ དྲུག་བརྒྱ〕རྣམས་སོ། །〔ཕྱི་རོལ་ཏུ་〕ཉིན་ཞག་སུམ་བརྒྱ་དྲུག་ཅུར་འགྱུར་[(ཡང་ན་ནང་དུ་)ཉིན་ཞག་སོ་ སོར་ཆུ་ཚོད་དྲུག་ཅུའི་(བདག་ཉིད་ནི)ལོ(ཡིན་ལ་དེ་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ)འི་རྗེས་སུ་(མཐུན་པར་ལོའི་ཆུ་ཚོད་ 3-1-38 ཀྱི་གྲངས་ནི་ནང་དུ)ཉིན་ཞག་གི་དབུགས་ཀྱི་གྲངས་(ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་རྣམས)སུ་འགྱུར་རོ། །(ཕྱི་རོལ་ ཏུ)ཆུ་ཚོད་(ཉི་ཁྲི་ཅིག་སྟོང་དྲུག་བརྒྱ)དེ་ནི་ཉིན་ཞག་སུམ་བརྒྱ་དྲུག་ཅུར་འགྱུར་རོ། །(ཞེས་པ་ཤོང་འགྱུར་ ལྟར་བཤད་པར་བྱའོ)]དེ་དག་ཀྱང་(ལུས་ལ)ཚིགས་སུམ་བརྒྱ་དྲུག་ཅུར་འགྱུར་རོ་ཞེས་པ་ཚིགས་ཀྱི་ དབྱེ་བའོ། །རྩ་རྣམས་ཆུ་བོ་ཞེས་པ་ནི་འདིར་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་ལ་རྒྱ་མཚོར་ འགྲོ་བའི་ཆུ་བོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ་ནང་དུ་ནི་རོ་འབབ་པའི་རྩ་སྟོང་ཕྲག་བདུན་ཅུ་ རྩ་གཉིས་སུ་འགྱུར་རོ། །རྒྱུ་མ་སྤྲིན་ཏེ་རྒྱུ་མ་(ཞེས་པའི་སྐད་དོད་ལ་ཨནྟྲཾ་ཞེས་རྣམ་དབྱེ་ཐོབ་ཀྱང་ཐིག་ལེ་བྱས་ན་ སྡེབ་སྦྱོར་འཇིག་པས་ཨནྟྲ)ཞེས་པ་ནི་རྣམ་དབྱེ་མེད་པའི་ཚིག་གོ། རྒྱུ་མ་ནི་སྤྲིན་དུ་འགྱུར་ཏེ་རོ་འབབ་ པའི་ཕྱིར་དང་སྒྲ་སྒྲོགས་པའི་མཚན་ཉིད་ཀྱི་ཕྱིར་རོ། །རི་བོང་ཅན་གྱི་ཆ་གཞན་ཁམས་རྣམས་ གཉིས་ཀྱི་རང་བཞིན་ནོ་ཞེས་པ་ལ་འདིར་ཆ་རྣམ་པ་གཉིས་ཏེ་སྤུ་ལ་སོགས་པའི་ཁམས་ཀྱི་ རྣམ་པར་འགྱུར་བས་(བཅུ་དྲུག་གི་ཆ་བཅུ་དྲུག་ཏུ་སྦྱར་བའི་ལུགས)གཅིག་དང་(འཁོར་ལོ་རྣམས་ལ)ཁུ་བ་འཕོ་ བའི་ཆོས་ཀྱིས་(ཆ་བཅུ་དྲུག་སྦྱོར་བ་སྟེ་ལུགས)གཞན་(གཉིས་པ་ཡིན)ནོ། །འདི་དག་ལས་སླར་ཡང་སྤུ་ལ་ སོགས་པ་ཁམས་ཀྱི་རྣམ་པར་འགྱུར་བས་གནས་པ་གང་ཡིན་པ་དེ་(འདིར་སྦྱོར་ལ་དེ)ཡང་རྣམ་པ་ གཉིས་(གཉིས)ཏེ་(དེས་ན་འདིར)རི་བོང་ཅན་གྱི་ཆ་(བཅུ་དྲུག་ལ་སྦྱོར་བ་ནི་སྐབས་གཞན་དུ་འཁོར་ལོ་རྣམས་ལ་ཁུ་ བ་འཕོ་བའི་ཆོས་དང་སྦྱར་བ་ལས)གཞན་(ཡིན)ཞེས་སོ། །འདིར་སྤུ་ཕྲ་མོ་དང་སྤུ་སྦོམ་པོ་ནི་ཚེས་གཅིག་ པ་དང་གཉིས་པའོ། །དེ་བཞིན་དུ་ལྤགས་པ་(སྲབ་པ་དང་འཐུག་པ)ནི་(ཚེས)གསུམ་པ་དང་བཞི་ པའོ། །དེ་བཞིན་དུ་ཁྲག་(སླ་བ་དང་སྐ་བ)ནི་(ཚེས)ལྔ་པ་དང་དྲུག་པའོ། །དེ་བཞིན་དུ་ཤ་(སྙེ་བ་དང་སྲ་ བ)ནི་(ཚེས)བདུན་པ་དང་བརྒྱད་པའོ། །དེ་བཞིན་དུ་རྩ་(ཕྲ་བ་དང་སྦོམ་པོ)ནི་(ཚེས)དགུ་པ་དང་བཅུ་ པའོ། །དེ་བཞིན་དུ་རུས་པ་(ཕྲ་བ་དང་རགས་པ)ནི་(ཚེས)བཅུ་གཅིག་པ་དང་བཅུ་གཉིས་པའོ། །དེ་ བཞིན་དུ་རྐང་(ཕྲ་བ་དང་རགས་པ)ནི་(ཚེས)བཅུ་གསུམ་པ་དང་བཅུ་བཞི་པའོ། །དེ་བཞིན་དུ་ཁུ་བ་ (སྐུ་བ་སླ་བ)ནི་(ཚེས)བཅོ་ལྔ་པ་དང་(ཆ)བཅུ་དྲུག་པ་སྟེ། ཆ་ནི་ཁམས་རྣམས་གཉིས་ཀྱི་རང་བཞིན་ 3-1-39 ནོ་ཞེས་པའི་ངེས་པའོ། ། ༈ ད་ནི་སྤུ་དང་ཞེས་པ་ལ་སོགས་པས་འབྱུང་པོའི་སྐྱེ་གནས་གསུངས་ཏེ་འདིར་འཇིག་ རྟེན་གྱི་ཁམས་སུ་འབྱུང་པོའི་སྐྱེ་གནས་རྣམ་པ་བཞི་སྟེ་འདིར་ཕྱི་རོལ་ཏུ་(བརྫུས་སྐྱེས)སའི་སྐྱེ་ གནས་བརྟན་པ(འི་སྐྱེ་གནས)ནི་ནང་དུ་སྤུ་རྣམས་སོ། །ཕྱི་རོལ་ཏུ་རླུང་གི་སྐྱེ་གནས་སྒོང་སྐྱེས་ནི་ ནང་དུ་ཤིག་རྣམས་སོ། །ཕྱི་རོལ་ཏུ་ཆུའི་སྐྱེ་གནས་སྲིན་བུའི་རིགས་ལ་སོགས་པ་དྲོད་གཤེར་ ལས་སྐྱེས་པ་ནི་ལུས་ལ་ཡང་སྲིན་བུའི་རིགས་ལ་སོགས་པའོ། །ཕྱི་རོལ་ཏུ་མེའི་སྐྱེ་གནས་ མངལ་ནས་སྐྱེས་པ་ཁུ་བ་ལས་བྱུང་བ་ནི་ནང་དུ་ཁུ་བ་ཉིད་དོ། །མ་བརྗོད་པ་ཉིད་ལས་ཕྱི་ རོལ་ཏུ་ནམ་མཁའི་ཁམས་རོའི་ངོ་བོ་བརྫུས་ཏེ་སྐྱེས་པ་(ཆེན་པོ)རྣམས་ནི་ནང་དུ་ཕྲ་མོའི་རང་ བཞིན་སྲོགས་ཆགས་ཕྲ་མོ་རྣམས་ཏེ། འབྱུང་པོའི་སྐྱེ་གནས་རྣམ་པ་བཞིའོ། །དགའ་བ་ལ་ སོགས་མཐེ་བོའི་ཚིགས་རྣམས་ཞེས་པ་ནི་འདིར་ཕྱི་རོལ་ཏུ་ཚེས་གཅིག་ལ་སོགས་པ་ཚེ་ལྔ་ལྔ་ ནི་དགའ་བ་ལ་སོགས་པར་བརྗོད་དེ་དེ་དག་ཀྱང་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་དབྱེ་བས་ (གྲངས་བཞིན་དུ)མཐེའུ་ཆུང་(ལ་སོགས་པ་སྤྲོ་བའི་རིམ་པ)དང་མཐེ་བོ་ལ་སོགས་པ་(སྡུད་པའི་རིམ་པ་སྟེ་རེ་རེ་ ལ་ཡང་)ཚིགས་གསུམ་གསུམ་གྱི་རང་བཞིན་གྱིས་སོ། །(དེ་ཉིད་བཤད་པ)ནམ་མཁའ་ལ་སོགས་ པ(སྤྲོ་བའི་རིམ་པ)འི་ཁམས་ཀྱི་དབྱེ་བས་ལག་པ་གཡོན་པའི་སོར་མོའི་ཚིགས་རྣམས་(དཀར་ཕྱོགས་ ཀྱི)དགའ་བ་ལ་སོགས་པར་འགྱུར་རོ། །ལག་པ་གཡས་པའི་སོར་མོའི་ཚིགས་རྣམས་ས་ལ་ སོགས་པ(སྡུད་པའི་རིམ་པ)འི་དབྱེ་བས་(ནག་ཕྱོགས་ཀྱི་ཡིན)ཏེ་རྒན་པོ་མཐེ་བོའི་ཚིགས་ལ་སོགས་ པའི་དབྱེ་བས་བཅོ་ལྔའོ། །དེ་བཞིན་དུ་རྐང་པའི་སོར་མོའི་ཚིགས་རྣམས་ཟླ་བ་གཉིས་པའི་ ཚེས་ཀྱི་དབྱེ་བས་ཤེས་པར་བྱའོ། །དེ་ལྟར་ན་དུས་སོ་སོའི་དབྱེ་བས་ལོ་ལ་ཡོངས་སུ་འཁོར་ བ་(ལན)དྲུག་ཏུ་འགྱུར་ཏེ་དུས་དྲུག་གིས་སོ་ཞེས་པ་ནི་དགའ་བ་ལ་སོགས་མཐེ་བོའི་ཚིགས་ རྣམས་ཞེས་པའི་ངེས་པའོ། །སྤྱི་བོའི་(གཙུག་གི)པད་མ་(དང་)སྟེ་ལྟེ་བའི་པད་མ་དག་(དང་)ཀྱང་ 3-1-40 (གི་སྒྲས་གསང་བའི་པད་མ་ལྔ་རྒྱུ་བའི)ནུས་པའོ་ཞེས་པ་ནི་(འཁོར་ལོ་དྲུག་ཏུ་སྐུ་བཞི་རྟེན་དང་བརྟེན་པར་སྟོན་པའི་ སྐབས་སུ)སྐུར་བརྗོད་པའི་རྣམ་པས་(ནུས་པ་ཞེས་པ)ལྷན་ཅིག་སྐྱེས་པའི་སྐུ(བཏགས་པ་བ)ར་འགྱུར་རོ་ ཞེས་པ་སྟེ། (ལྷན་ཅིག་སྐྱེས་པའི་སྐུ་ལ་ནུས་པ་ཞེས་བརྗོད་པ་ནི་ནུས་པ་ནི་སྲོག་གི་རྣམ་གྲངས་ཡིན་ལ་ལྷན་ཅིག་སྐྱེས་པའི་ སྐུ་ནི་སེམས་ཅན་རྣམས་ཀྱི་སྲོག་ཆེན་པོ་བདེ་གཤེགས་སྙིང་པོ་ཡིན་པས་ནུས་པ་ཞེས་གསུངས་སོ)ནུས་པ(ལུས་ལ་སྦྱར་བ)འི་ ངེས་པའོ། ༣༤ ། ༈ ད་ནི་ཚངས་པའི་(ཡུལ་ས་)སྒོ་ང་ཞེས་པ་ལ་སོགས་པ་མཐོ་རིས་ལ་སོགས་པ་གསུངས་ ཏེ་འདིར་ལུས་ལ་ཚངས་པའི་(ཡུལ་ས་)སྒོ་ང་གཙུག་ཏོར་ནས་མགྲིན་པའི་མཐར་ཐུག་པ་ནི་ མཐོ་རིས་ཀྱི་འཇིག་རྟེན་དུ་འགྱུར་ཞིང་ལག་མཆོག་དག་ནི་མི་ཡུལ་གྱི་འཇིག་རྟེན་དུ་འགྱུར་ རོ། །རྐང་པ་དག་ནི་ས་འོག་གི་འཇིག་རྟེན་དུ་འགྱུར་རོ། །ཆུ་གཏེར་རྣམས་དང་གླིང་རྣམས་ ནི་ཆུ་གཏེར་གླིང་དང་རི་བོ་རྣམས་ཀྱང་བདུན་ཏེ་གྲངས་བཞིན་དུ་ལུས་ལ་རྒྱ་མཚོ་བདུན་པོ་ནི་ གཤེར་པའི་ཁམས་རྣམས་སོ། །དེ་དག་ལས་ལན་ཚྭའི་རྒྱ་མཚོ་ནི་གཅི་བའོ། །ཆང་གི་རྒྱ་མཚོ་ ནི་རྡུལ་དང་ཆུའི་རྒྱ་མཚོ་ནི་(ལྕེ་ཆུང་ལ་འཛག་པའི)སྟུ་ཀ་དང་འོ་མའི་རྒྱ་མཚོ་ནི་བུད་མེད་རྣམས་ཀྱི་ འོ་མ་དང་སྐྱེས་པ་རྣམས་ཀྱི་བད་ཀན་གྱི་ཁམས་དང་ཞོའི་རྒྱ་མཚོ་ནི་མགོའི་ཀླད་པ་དང་མར་ གྱི་རྒྱ་མཚོ་ནི་ཞག་དང་སྦྲང་རྩིའི་རྒྱ་མཚོ་ནི་ཁུ་བའོ། །དེ་བཞིན་དུ་གླིང་རྣམས་ཏེ་འཛམ་བུའི་ གླིང་རྩིབས་བཅུ་གཉིས་པ་ནི་ལག་པ་དང་རྐང་པའི་དུམ་བུ་བཅུ་གཉིས་ལའོ། །དྲག་པོ(འི་གླིང་) ནི་ཤའོ། །ཁྲུང་ཁྲུང་(གི་གླིང་)ནི་མཆིན་པ་དང་མིའམ་ཅི(འི་གླིང་)ནི་སྙིང་དང་ཀུ་ཤ(འི་གླིང་)ནི་ཚིལ་ བུ་དང་འོད་དཀར་(གྱི་གླིང་)ནི་སྒྱུ་མ་དང་ཟླ་བ(འི་གླིང་)ནི་རྩ་སྟེ་འཇམ་པའི་ཁམས་རྣམས་སོ། །རི་ བོ་ཞེས་པ་ལ་རྡོ་རྗེའི་རི་ནི་རྐང་པ་དང་ལག་པའི་སེན་མོ་རྣམས་སོ། །བསིལ་བའི་རི་ནི་ལག་ པའི་རུས་པ་དང་དྲོ་ཎ(འི་རི)ནི་ཉེ་བའི་དཔུང་པའི་རུས་པ་དང་ནོར་བུའི་འོད་(ཀྱི་རི་)ནི་དཔུང་ པའི་རུས་པ་དང་ནི་ཥ་ཊ(འི་རི)ནི་རྐང་པའི་རུས་པ་དང་མན་ད་རིའི་རི་ནི་བྱིན་པའི་རུས་པ་དང་ 3-1-41 འོད་སྔོན་(གྱི་རི)ནི་བརླའི་རུས་པའོ་ཞེས་པ་ནི་རི་བདུན་པོ་སྲ་བའི་ཁམས་རྣམས་སོ། །བརྒྱད་ པ་ལྷུན་པོ་ནི་ལུས་ཀྱི་སྒལ་ཚིག་དཔྱི་ནས་བརྩམས་ནས་ཕྲག་པའི་མཐར་ཐུག་པར་ངེས་པ་ སྟེ་གཤེར་འཇམ་སྲ་བ་གསུམ་གྱི་རང་བཞིན་ཁམས་རྣམས་སོ། །མེ་རླུང་དཀྱིལ་འཁོར་ཞེས་ པ་ལ་མེའི་དཀྱིལ་འཁོར་ནི་ཁྲག་དང་རླུང་གི་དཀྱིལ་འཁོར་ནི་ལྤགས་པ་སྟེ། རྒྱལ་པོ་ཞེས་པ་ ནི་བོད་པའོ། །སྤུ་རྣམས་གྲུབ་པ་མཐའ་དག་སྲིད་པ་གསུམ་གྱི་གནས་སུ་དུ་མའི་དབྱེ་བ་དག་ གིས་གྲུབ་པའོ། །ཞེས་པ་ནི་འདིར་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་ལ་གྲུབ་པ་རྣམ་པ་གསུམ་ སྟེ་མཁའ་ལ་སྤྱོད་པ་དང་ས་ལ་སྤྱོད་པ་དང་ས་འོག་ན་གནས་པའོ། །དེ་དག་ལས་མཁའ་ལ་ སྤྱོད་པ་ནི་མགོ་ལ་སྐྱེས་པ་རྣམས་སོ། །ས་ལ་སྤྱོད་པ་ནི་མཆན་ཁུང་དུ་སྐྱེས་པ་རྣམས་སོ། །ས་ འོག་ན་གནས་པ་ནི་བྷ་ག་དང་རྟགས་ལས་སྐྱེས་པའོ། །མ་བརྗོད་པ་ཉིད་ལས་བ་སྤུ་རྣམས་ནི་ འབྱུང་པོའི་རིགས་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་གྱི་མཚན་ཉིད་དོ། །ཞེས་པ་ནི་(ཕྱི་ རོལ་གྱི)མཐོ་རིས་ལ་སོགས་པ(ལུས་ལ་སྦྱར་བ)འི་ངེས་པའོ། ༣༥ ། ༈ ད་ནི་སྙིང་ཞེས་པ་ལ་སོགས་པས་མེ་གསུམ་གསུངས་ཏེ་འདིར་ལུས་ལ་ལྷོའི་མེ་དང་ ཁྱིམ་བདག་གི་མེ་དང་བསྲེག་བྱ་ཟ་བའི་མེ(གནས་པ)འོ། །ཞེས་པ་ནི་ངེས་པ་སྟེ་གསུམ་པོ་ གྲངས་བཞིན་དུ་སྙིང་ཁའི་པད་མ་(རླུང་ཁམས་ཡིན་པས)གཞུའི་རྣམ་པ(འི་པད་མ)ལ་རྡོ་རྗེ་ནི་གློག་གི་ མེའོ། །མགྲིན་པའི་པད་མ་(ལུས་མེ་ཡིན་ཡང་བསམ་པ་ཆུ་ཡིན་པས)ཟླུམ་པོ་ལ་ཁྱིམ་བདག་གི་མེ་སྟེ་ཉི་ མའོ། །ལྟེ་བའི་(པད་མ་ཟོས་པ་དང་འཐུངས་པ་རྣམས་དྲོད་ཀྱི་མེས་བསྲེག་པར་བྱེད་པའི)ཐབ་ཁུང་(དང་སའི་ཁམས་ ཡིན་པ་ལ)གྲུ་བཞི་པ་བསྲེག་བྱ་ཟ་བ་ཤ་ཟའི་མེའོ་ཞེས་པ་ནི་(མེའི་འོད)རབ་འཕྲོ་རིམ་པ་ཡིས་( གཞུའི་རྣམ་པ་ཟླུམ་པོ་དང་ནི)ཉིན་བཞིན་སྲེག་བྱེད་ཆུ་གཏེར་ཟུར་གྱི་ཐབ་ཁུང་དག་ལ་ཡང་ཞེས་པ་ནི་ ངེས་པའོ། །(ཀུན་རྫོབ་ཀྱི་མེ་གསུམ་པོ)དེ་རྣམས་(ཀྱི)གོང་ན་མེ་གཞན་(རྣམ་རྟོག་མུན་པ་སེལ་པའི)དྲི་མེད་ འོད་ཟེར་འཕྲོ་བ་ཡེ་ཤེས་(ཀྱི)སྐུ་(དང་པོའི་སངས་རྒྱས)ནི་(རྣམ་རྟོག་གི)མུན་པ་དག་གི་མཐར་(སོན་པ་ཡེ་ 3-1-42 ཤེས་ཆེན་པོ་ལུས་ལ་གནས་ཞེས་གསུངས་པ་ལྟར)གསང་བའི་པད་མ་དང་སྤྱི་བོའི་(གཙུག་གི)པད་མ་ལ་རྒྱུན་ མི་འཆད་པར་གནས་པ་གང་ཞིག་ཉི་མ་(དང་)གློག་གི(འོད་ཀྱི)ས་མི་གདུང་(སྟེ་ཟིལ་གྱིས་མི་ནོན་ཞིང་) རི་བོང་འཛིན་(པ)དང་གཟའ་དང་སྐར་མ་ལ་སོགས་མེད་པ་ན་(ཡང་སྣང་བ)སྟེ་སོགས་པས་ནི་ཤ་ ཟའི་མེའོ། །(དེ་ལྟ་བུའི་མེ)བཞི་པ་ནི་(དོན་དམ་པའི)བདེན་པའི་མེ་སྟེ་ཡེ་ཤེས་ཀྱི་སྐུའོ་ཞེས་པ་(ཁྱབ་ བྱེད་དོན་དམ་གྱི་མེ་དང་བཅས་པའི་ཁྱབ་བྱ་ཀུན་རྫོབ་ཀྱི)མེ་གསུམ་གྱི་(མཚན་ཉིད་ལུས་ལ་སྦྱར་བའི)ངེས་པའོ། ༣༦། ༈ ད་ནི་རེས་གཟའ་ཞེས་པ་ལ་སོགས་པས་རེས་གཟའི་ཆུ་ཚོད་ལ་སོགས་པ་གསུངས་ ཏེ་(སྒྲུབ་ལེའི་ཚིགས་བཅད་བརྒྱ་དོན་བརྒྱད་པར་འབྱུང་བ་ལྟར)འདིར་ཕྱི་རོལ་ཏུ་(ཉིན་ཞག་རེ་ལ་ཆ་བདུན་ནི་ཉི་མ་ ལ་སོགས་པའི)རེས་གཟའ་བདུན་དང་(ཆ)བརྒྱད་པ་ནི་རིགས་ལྡན་(སྒྲ་གཅན)གྱི་ལོངས་སྤྱོད་དོ། ། (ལོངས་སྤྱོད་ཆ)བརྒྱད་པོ་དེ་དག་ནི་ལུས་ཀྱི་སྙིང་ཁའི་པད་མའི་འདབ་མ་བརྒྱད་པོ་རྣམས་ལ་ འགྱུར་ཏེ་ཤར་གྱི་འདབ་མ་ལ་ཉི་མའོ། །མེར་ཟླ་བ་དང་ལྷོར་བཀྲ་ཤིས་དང་བདེན་བྲལ་དུ་ གཟའ་ལག་དང་ཆུར་ཕུར་བུ་དང་རླུང་དུ་པ་སངས་དང་ལུས་ངན་དུ་སྤེན་པ་དང་དབང་ལྡན་ དུ་རིགས་ལྡན་(སྒྲ་གཅན་)གྱི་ལོངས་སྤྱོད་ལ་མཇུག་རིངས་ཏེ། ལོངས་སྤྱོད་ཕྱེད་གཞན་ལ་ནི་ སྒྲ་གཅན་ནོ། །(ཕྱི་རོལ་ཏུ)རབ་ཏུ་གསལ་བྱས་(ཞག་རེའི)ཆུ་ཚོད་དྲུག་ཅུ་(ནི་ནང་དུ)ལྟེ་བའི་པད་མ་ ལ་སྟེ་ཆུ་ཚོད་སྟོང་པའི་འདབ་མ་བཞིའོ། །ལྷག་མ་འདབ་མ་དྲུག་ཅུ་ནི་དཀྱིལ་འཁོར་དྲུག་ཅུ་ འབབ་པའི་ཆུ་ཚོད་རྣམས་ཏེ་གཟའ་སོ་སོ་ལ་(ཆུ་ཚོད་)དྲུག་ཅུའི་གྲངས་སོ། །(ལུས་ལ)སྨིན་མའི་ དབུས་སུ་འདབ་མ་བཅུ་དྲུག་རྣམས་ལ་འདབ་མ་གཉིས་ནི་སྟོང་བ་འབབ་པའོ། །འདབ་ མ་བཅུ་བཞི་ལ་འབྱུང་དང་འབྱུང་བ་མདའ་ཞེས་པ་ལ་སོགས་པས་(ཕྱི་རོལ་ཏུ)ཟླ་བའི་རྐང་པ་ བཅུ་བཞི་རྣམས་སོ། །དེ་ལ་དང་པོའི་འདབ་མ་ལ་འབྱུང་བ་ཞེས་པ་ཆུ་ཚོད་ལྔའི་བདག་ཉིད་ ཀྱི་རྐང་པ་སྟེ་དེ་བཞིན་དུ་གཉིས་པ་དང་གསུམ་པ་ལ་(ཡང་ལྔ་ལྔ)འོ། །འདབ་མ་བཞི་པ་ལ་རིག་ 3-1-43 བྱེད་ཅེས་པ་ཆུ་ཚོད་བཞིའི་བདག་ཉིད་དོ། །ལྔ་པ་ལ་རྩེ་མོ་ཅན་ཏེ་རྐང་པ་ཆུ་ཚོད་གསུམ་མོ། ། འདབ་མ་དྲུག་པ་ལ་ལག་པ་ཞེས་པ་ཆུ་ཚོད་གཉིས་ཀྱི་བདག་ཉིད་ཀྱི་རྐང་པའོ། །འདབ་མ་ བདུན་པ་ལ་རི་བོང་ཅན་ཞེས་པ་ཆུ་ཚོད་གཅིག་གི་བདག་ཉིད་ཀྱི་རྐང་པ་བདུན་པའོ། །དེ་ བཞིན་དུ་ལུགས་ལས་བཟློག་པས་བརྒྱད་པ་ལ་ཆུ་ཚོད་གཅིག་གི་རྐང་པའོ། །དགུ་པ་ལ་ཆུ་ ཚོད་གཉིས་ཀྱི་བདག་ཉིད་དོ། །བཅུ་པ་ལ་ཆུ་ཚོད་གསུམ་གྱི་བདག་ཉིད་དོ། །བཅུ་གཅིག་པ་ ལ་ཆུ་ཚོད་བཞིའི་བདག་ཉིད་དོ། །བཅུ་གཉིས་པ་ལ་ཆུ་ཚོད་ལྔའི་བདག་ཉིད་དོ། །བཅུ་གསུམ་ པ་དང་བཅུ་བཞི་པ་ལ་ཡང་དེ་ལྟར་ཤེས་པར་བྱ་སྟེ་ཟླ་བའི་རྐང་པ་མ་ནུའི་གྲངས་སུ་འགྱུར་ རོ། །མི་བདག་ཅེས་པ་ནི་བོད་པའོ། །(ནང་དུ)ལོངས་སྤྱོད་འཁོར་ལོ་སྟེ་མགྲིན་པའི་འཁོར་ལོར་ འདབ་མ་སུམ་ཅུ་རྩ་གཉིས་ལ་འདབ་མ་བཞི་ནི་སྟོང་པའོ། །གཞན་འདབ་མ་ཉི་ཤུ་རྩ་བརྒྱད་ པོ་རྣམས་ལ་(ཕྱི་རོལ་གྱི)བྱི་བཞིན་དང་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་སུ་འགྱུར་ རོ། །དེ་རྣམས་གཡོན་སྐོར་གྱིས་ཏེ་ཤར་གྱི་ཐུར་མ་བདུན་གྱི་དབུས་མ་ལ་མཐའི་ནམ་གྲུའོ། ། གཉིས་པ་ལ་ཐ་སྐར་དང་གསུམ་པ་ལ་བྲ་ཉེ་དང་བཞི་པ་ལ་སྨིན་དྲུག་གོ། དེ་ནས་དབྱུག་གུའི་ སྐར་མའོ། །ཐུར་མ་བདུན་བདུན་ནི་འདབ་མའི་མིང་ཅན་གྱི་རྩའོ། །དེ་ནས་བྱང་གི་ཐུར་མ་ བདུན་པོ་རྣམས་ལ་གཡོན་སྐོར་གྱིས་ཏེ་ཐུར་མ་དང་པོ་ལ་སྣར་མའོ། །གཉིས་པ་ལ་མགོ་དང་ གསུམ་པ་ལ་ལག་དང་བཞི་པ་ལ་ནམ་སོ་དང་ལྔ་པ་ལ་རྒྱལ་དང་དྲུག་པ་ལ་སྐག་དང་བདུན་པ་ ལ་མཆུའོ། །དེ་ནས་གཞན་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །སླར་ཡང་(ནང་དུ)ལྟེ་བའི་པད་ མར་(ཕྱི་རོལ་གྱི)རྒྱུ་སྐར་རྣམས་ཀྱི་ཆུ་ཚོད་ཀྱི་དྲུག་ཅུ་རིག་པར་བྱའོ། །(ཕྱི་རོལ་ཏུ)ཆུ་ཚོད་ཀྱི་ཆུ་སྲང་ ནི་དྲུག་ཅུ་སྟེ་དྲུག་ཅུ་རྣམས་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་ནི་(ནང་དུ)གསལ་བར་མཐའ་དག་ལུས་ ལ་ལག་པ་རྐང་པ་ལ་སོགས་དག་གི་ཚིགས་(སུམ་བརྒྱ་དྲུག་ཅུ)ལ་(རླུང་བཅུ་རྒྱུ་བ)འོ་ཞེས་པ་ནི་འཆད་ པར་འགྱུར་བ་ལས་རྒྱས་པར་བརྗོད་པར་བྱ་སྟེ་(ཕྱི་རོལ་གྱི)གཟའ་ལ་སོགས་པ་(ལུས་ལ་སྦྱར་བ)འི་ 3-1-44 ངེས་པའོ། ༣༧ ། ༈ (བརྒྱད་པ་ལྟེ་བའི་ཆུ་སྐྱེས་ལ་སོགས་པའི་འདབ་མ་དང་སྣ་བུག་དག་ལ་གཡོན་དང་གཡས་པའི་དཀྱིལ་འཁོར་ཕུང་ པོ་ལྔ་དང་ཁམས་ལྔ་འབབ་པའི་ངོ་བོ་ཉིད་ཀྱིས་གནས་པ)ད་ནི་ལྟེ་བའི་ཞེས་པ་ལ་སོགས་པས་སྲོག་གི་ནུས་ པ་ལྟེ་བ་ལ་སོགས་པའི་འཁོར་ལོར་འཁོར་བ་གསུངས་ཏེ་འདིར་ཕྱི་རོལ་ཏུ་ཉི་མ་ཁྱིམ་བཅུ་ གཉིས་པོ་རྣམས་ལ་ལོའི་འཕོ་བའི་དབྱེ་བས་འཁོར་བ་ཇི་ལྟ་བ་དེ་བཞིན་དུ་ནང་དུ་སྲོག་གི་ ནུས་པ་ཡང་(ལྟེ་བའི་འདབ་མའི)ཁྱིམ་བཅུ་གཉིས་པོ་རྣམས་ལ་ཉིན་ཞག་སོ་སོར་འཕོ་བ་བཅུ་ གཉིས་ཀྱི་དབྱེ་བས་འཁོར་རོ། །ལྟེ་བའི་ཆུ་སྐྱེས་ཉི་མའི་འདབ་མ་དག་ལ་འཁོར་ཏེ་མཆོག་གི་ ཆ་(ཞེས་པ)སྲོག་གི་ནུས་པ་ནི་འཕོ་བའི་རིམ་པས་ཁྱིམ་བཅུ་གཉིས་ཀྱི་འདབ་མ་རྣམས་ལ་སྲོག་ ཟུང་དགུ་བརྒྱ་ཉིས་འགྱུར་རྣམས་ཀྱིས་འཕོ་བར་འགྱུར་ཏེ་ཞེས་པ་ནི་འདིར་ཇི་ལྟར་ཕྱི་རོལ་ ཏུ་(ཉིན་ཞག་སུམ་ཅུའི)དབྱུག་གུ་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ཉི་མའི་(ཁྱིམ)འཕོ་བ་གཅིག་ཏུ་འགྱུར་ བ་(ཇི་ལྟ་བ)དེ་བཞིན་དུ་(ལུས་ལ)དབུགས་བརྒྱ་ཕྲག་བཅོ་བརྒྱད་ཀྱི་སྲོག་གི་ནུས་པ་འདབ་མ་རེ་ རེར་འཕོ་བར་འགྱུར་རོ། །དེ་ཡང་དུས་སྦྱོར་ཀར་ཀ་ཊ་ནས་མི་ཡི་དབང་ཞེས་པ་འདིར་ཕྱི་རོལ་ ཏུ་ཉི་མའི་སྐྱེ་བའི་ཁྱིམ་ནི་ཀར་ཀ་ཊའོ། །དེ་བཞིན་དུ་(མངལ་ནས)སྐྱེས་པ་ཐམས་ཅད་(མཉམ་པའམ་ མི་མཉམ་པའི)དུས་སྦྱོར་གང་དུ་སྐྱེས་པར་འགྱུར་བའི་(དུས་སྦྱོར་དང་མིང་མཐུན་ལྟེ་བའི)ཁྱིམ་(གྱི་འདབ་མ) དེ་ནི་(ཕྱི་རོལ་ཏུ་ཉི་མ་ཀར་ཀ་ཊའི་ཁྱིམ་དུ་སྐྱེས་པ་དང་ཆོས་མཐུན་སྦྱར་བའི་ཕྱིར་ཀར་ཀ་ཊའི་ཁྱིམ་མ་ཡིན་པ་རྣམས་ཀྱང་) ཀར་ཀ་ཊའི་མིང་ཅན་དུ་(བཏགས་ནས)རིག་པར་བྱ་སྟེ་(མངལ་ནས་སྐྱེ་བ་ན་སྲོག་དབུ་མ་ནས་རྒྱུ་བ་ལས་གཡོན་ ནམ་གཡས་ཀྱི་དུས་སྦྱོར་གྱི)སྲོག་སྐྱེ་བའི་གནས་སུ་འགྱུར་རོ་ཞེས་པའི་རིགས་པས་ཏེ་(སྲོག་འདབ་མ་བཅུ་ གཉིས་ལ་འཕོ་བའི)དུས་སྦྱོར་(གྱི་མགོ)ཀར་ཀ་ཊ་ནས་(རྩོམ་ཞེས)སོ(འདིར་མངལ་བཟུང་བའི་ཟླ་བ་ཆུ་སྲིན་ལས་ ཟླ་བ་བདུན་པ་ཀར་ཀ་ཊའི་ཟླ་བ་ལ་སྲོག་སྐྱེ་བ་ལ་སྦྱོར་བ་ནི་མི་འགྲིག་སྟེ་མངལ་དུ་གནས་པའི་དབུགས་སྣ་བུག་ལས་ཕྱིར་འབྱུང་ བ་མེད་ཅིང་འདི་ནི་སྲོག་ལྟེ་བའི་འདབ་མ་བཅུ་གཉིས་ལས་འཕོ་བའི་ཁྱིམ་གྱི་མགོ་ཀར་ཀ་ཊ་ནས་འཛིན་པར་སྟོན་པ་ཡིན་པའི་ 3-1-45 ཕྱིར་རོ)། །མིའི་དབང་ཞེས་པ་ནི་བོད་པའོ། །ཕྱི་རོལ་ཏུ་(ཁྱིམ་གྱི)དུས་སྦྱོར་གང་ལ་ཉི་མ་གནས་ པ(འི་དབང་གི)ས་(དུས་སྦྱོར་དེ་སྔ་དྲོ་དང་པོ)འཆར་བའི་དུས་ནས་(བཟུང་སྟེ་དུས་སྦྱོར་བཅུ་གཉིས་པོ)ཉིན་དང་ མཚན་མོར་འཁོར་བ་དེ་ལ་(རིམ་པ་ལྟར་དུས་སྦྱོར་རྣམ་འཆར་བ་དང་ནུབ་པ)དེ་ནི་རིག་པར་བྱ་སྟེ་ཐུར་མ་ བདུན་གྱིས་དབྱེ་བས་སོ། །(ཞེས་པ་འཆར་བའི་དུས་སྦྱོར་ཏེ་དེ་ནས་བགྲང་པའི་དུས་སྦྱོར་བདུན་པ་འཆར་བ་ན་ནུབ་ པར་འགྱུར་ཞིང་ནུབ་པ་དེ་དེ་ནས་བགྲངས་པའི་དུས་སྦྱོར་བདུན་པ་ནུབ་པ་ན་འཆར་བའི་ཚུལ་གྱིས་དེ་ལྟར)དུས་སྦྱོར་(འཆར་ བ་དང་ནུབ་པའི)ཚད་ནི་ཤེས་པར་བྱ(འོ)སྟེ་ཕྱི་རོལ་ཏུ་ཉི་མའི་(ཁྱིམ་བཅུ་གཉིས)འཕོ་བ(འི་དཀྱིལ་འཁོར་ ཚེས་ཞག་སུམ་བརྒྱ་དྲུག་ཅུར་བྱས་པ་ལ་ཞག་གཅིག་གཅིག་བཞི་ཆ་དང་ཉིན་ཞག་སུམ་བརྒྱ་དྲུག་ཅུར་བྱས་པ་ལ་ཞག་ལྔ)ཆད་ པ་དང་(དེའི་རྒྱུ་མཚན་གྱི་ཉི་མས་ཁྱིམ་བཅུ་གཉིས་སྤྱོད་པ་ལ་ཚེས་ཞག་དང་ཉིན་ཞག་སུམ་བརྒྱ་དྲུག་ཅུའི་སྟེང་དུ་ཚེས་ཞག་བཅུ་ གཅིག་བཞི་ཆ་དང་ཉིན་ཞག་ལྔ)ལྷག་པ་〔ཚེས་ཞག་དང་〕ཉིན་ཞག་རྣམས་ཀྱིས་རིག་པར་བྱ་བ་ཇི་ལྟ་བ་དེ་ བཞིན་དུ་ནང་དུ་(ཞག་རེ་ལ་གཡས་གཡོན་ལ)ཆད་པ་དང་(དབུ་མ་ལ)ལྷག་པ་ནི་དབུགས་(དྲུག་བརྒྱ་བདུན་ ཅུ་རྩ་ལྔ)རྣམས་ཀྱིས་རིག་པར་བྱའོ། །(ཕྱིར)ཉི་མའི་(བུ་ལོན་ཞག་གཅིག་གཅིག་བཞི་ཆའི)ཆུ་ཚོད་(དྲུག་བརྒྱ་ བདུན་ཅུ་རྩ་ལྔ་རྣམས)ཀྱི་དབྱེ་བས་ལུས་ལ་(གཡས་གཡོན་གྱི་བུ་ལོན་གྱི)དབུགས་(དྲུག་བརྒྱ་བདུན་ཅུ་རྩ་ལྔ་རྣམས) ཀྱི་ངེས་པའོ། །(ནང་གི་གཡས་ཡོན་གྱི)སྲོག་གི་བུ་ལོན་(དབུ་མ་ལ)ནོར་(དུ་གྱུར་པ)ནི་(སྲོག་སྣ་བུག་དག་ལ) མཉམ་པ་(འབབ་པ)སྟེ་(ཕྱི་རོལ་ཏུ)ཀར་ཀ་ཊ་ལ་སོགས་པ་ལ་ཉི་མའི་རྐང་པས་བུ་ལོན་དང་ཆུ་ སྲིན་ལ་སོགས་པ་ལ་ནོར་རོ། །སྐུར་རྩིས་ཀྱིས་ཆོ་གས་(ཕྱི་རོལ་ཏུ་བུ་ལོན་དང་ནོར་གྱི)མཉམ་པ་(ཡེ་ ཤེས་ཀྱི་ཆ)ནི་(ཉི་ཁྱིམ)འཕོ་བ་སོ་སོའི་(མཚམས་ཀྱི)ཉིན་ཞག་(ཆད་པ་དང་ལྷག་པ)སྟེ་(ཉིན་ཞག་ཀྱང་)རྐང་པ་ དང་བཅས་པའི་དབྱུག་གུ་ལྔ་བཅུ་རྩ་དྲུག་གི་བདག་ཉིད་(ལ་བྱས་པ)ནི་ཕྱི་རོལ་ཏུའོ། །ནང་དུ་(བུ་ ལོན་དང་ནོར་གྱི)མཉམ་པ་(ཡེ་ཤེས་ཀྱི་ཆ)ནི་(རྐང་པ་དང་བཅས་པ་ལྔ་བཅུ་རྩ་དྲུག་གི)དབུགས་ཀྱི་བདག་ཉིད་ དེ་དུས་སྦྱོར་སོ་སོའི་འཕོ་བའི་དབྱེ་བས་སོ་ཞེས་པ་ནི་འཕོ་བ་བཅུ་གཉིས་འཁོར་བའོ། ༣༨ ། ༈ ད་ནི་རེ་རེ་ཞེས་པ་ལ་སོགས་པས་པད་མའི་འདབ་མ་སོ་སོ་ལ་དཀྱིལ་འཁོར་རབ་ཏུ་ 3-1-46 འབབ་པ་གསུངས་ཏེ་འདིར་ཕྱི་རོལ་ཏུ་ཉི་མའི་འཕོ་བ་རེ་རེ་ལ་ཉིན་ཞག་སུམ་ཅུས་(ནང་དང་ཆོས་ མཐུན་སྦྱར་བ་ཙམ་གྱི)དཀྱིལ་འཁོར་(བཏགས་པ)ལྔ་ལོངས་སྤྱོད་ཅིང་ཉིན་ཞག་དྲུག་གི་དབྱུག་གུ་སུམ་ བརྒྱ་དྲུག་ཅུས་དཀྱིལ་འཁོར་གཅིག་ལོངས་སྤྱོད་དོ། །དེ་བཞིན་དུ་ནང་དུ་དབུགས་བརྒྱ་ཕྲག་ བཅོ་བརྒྱད་ཀྱི་(དུས་སྦྱོར་གཅིག་གི)དཀྱིལ་འཁོར་ལྔ་ལོངས་སྤྱོད་ཅིང༌། དབུགས་སུམ་བརྒྱ་དྲུག་ ཅུས་དཀྱིལ་འཁོར་གཅིག་ལོངས་སྤྱོད་པར་འགྱུར་བ་ནི་ངེས་པའོ། །(ལྟེ་བའི་བར་སྐོར)འདིར་འཕོ་ བའི་འདབ་མ་(བཅུ་གཉིས་པོ)སོ་སོ་ལ་གནས་(ལྔ)ལྔར་འགྱུར་ཏེ་འདབ་མ(སོ་སོ)འི་ནུབ་དང་བྱང་ དང་ལྷོ་དང་ཤར་དང་དབུས་སོ། །དེ་ལ་པད་མའི་འདབ་མ་(བཅུ་གཉིས་པོ)སོ་སོ་རེ་རེ་ལ་(དཀྱིལ་ འཁོར་ལྔ་ལྔ)འབབ་པར་འགྱུར་ཏེ་(འདབ་མ་སོ་སོའི)ནུབ་ཏུ་འཛིན་མའི་དཀྱིལ་འཁོར་རོ། །འདབ་ མ(སོ་སོ)འི་བྱང་དུ་ཆུའི་དཀྱིལ་འཁོར་འབབ་པོ། །ལྷོར་མེའི་དཀྱིལ་འཁོར་འབབ་པོ། །སླར་ ཡང་ཤར་དུ་རླུང་གི་དཀྱིལ་འཁོར་རབ་ཏུ་འབབ་པོ། །འདབ་མ(སོ་སོ)འི་དབུས་དག་ཏུ་ཡང་ སྟོང་པའི་དཀྱིལ་འཁོར་འབབ་སྟེ་སོ་སོར་དབུགས་སུམ་བརྒྱ་དྲུག་ཅུ་ནི་སྲོག་གི་ནུས་པའོ། །དེ་ ལྟར་དབྱེ་བ་ལྔའི་འཕོ་བ་སོ་སོར་འགྱུར་རོ(འདབ་མའི་དབུས་དང་དེ་ནས་ཤར། །གཡས་གཡོན་གཞན་དུ་རིམ་པ་ ཡིས། །ཞེས་{རྩ་རྒྱུད་དུ་}གསུངས་པ་དང་དོན་གཅིག་གོ)། །དཀྱིལ་འཁོར་(ལྔ་པོ)འདི་དག་(རེ་རེ)ལ་དབུགས་ སུམ་བརྒྱ་དྲུག་ཅུའི་དབུས་ནས་རྐང་པ་དང་བཅས་པའི་དབུགས་བཅུ་གཅིག་བཅུ་གཅིག་(ཡེ་ ཤེས་ཀྱི་ཆ་བུ་ལོན་དུ)བཟུང་ནས་དུས་སྦྱོར་(སྐུ་མ་རྫོགས་ནས་ཕྱི་མ)འཆར་བའི་མཚམས་སུ་(དབུ་མ་ནས་སྣ་ བུག་གཉིས་ཀ་ལ)མཉམ་པར་རབ་ཏུ་འབབ་སྟེ་(དབུགས་ཀྱི་གྲངས་ཅི་ཙམ་འབབ་ན)དམན་པའི་དབུགས་ ནི་དྲུག་ཅུའོ། །ཞེས་པ་ནི། (དབུགས་དྲུག་ཅུ་ལ)རྐང་པ་གསུམ་དང་བཅས་པའི་དབུགས་གསུམ་ གྱིས་དམན་པའི་(ལྷག་མ)དབུགས་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་འབབ་པོ། །དེ་ལྟར་ (ཕྱི་རོལ་ཏུ་ཉི་མའི་ཁྱིམ)འཕོ་བའི་(ཞག་ལྷག་པོའི)དབྱེ་བ་རྣམས་ནི་ནང་དུ་དུས་སྦྱོར་བཅུ་གཉིས་ཀྱི་ མཚམས་ཀྱི་(དབུ་མའི་དབུགས་ཀྱི)རབ་ཏུ་དབྱེ་བས་འགྱུར་རོ་ཞེས་པ་ནི་(ཕྱི་རོལ་གྱི)འཕོ་བ(ནང་ལ་སྦྱར་ 3-1-47 བ)འི་ངེས་པའོ། ༣༩ ། ༈ ད་ནི་སྟོང་པ་ཞེས་པ་ལ་སོགས་པས་དཀྱིལ་འཁོར་ལྔའི་ལྷག་པའི་ལྷ་གསུངས་ཏེ་ འདིར་ཕྱི་རོལ་ཏུ་ཉི་མ་ནི་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་(དྲུག)ལ་སྟོང་པའི་དཀྱིལ་ འཁོར་ལ་སོགས་པ་(སྤྲོ་བའི་རིམ་པས)ལོངས་སྤྱོད་ཅིང་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ (དྲུག)ལ་སའི་དཀྱིལ་འཁོར་ལ་སོགས་པ་(བསྡུ་བའི་རིམ་པས)ལོངས་སྤྱོད་དོ། །དེ་བཞིན་དུ་ནང་ དུ་སྟོང་པ་ལ་སོགས་དེ་ཉིད་ལྔ་ཞེས་པ་ནི་སྟོང་པ་(རྣམ་ཤེས)དང་རླུང་(འདུ་བྱེད)དང་མེ་(ཚོར་བ) དང་ཆུ་(འདུ་ཤེས)དང་ས(གཟིགས་ཀྱི་ཕུང་པོ)འི་དཀྱིལ་འཁོར་རྣམས་ངེས་པར་གཡོན་དུ་སྟེ་སྣ་བུག་ གཡོན་པར་རབ་ཏུ་འབབ་པོ། །ས་ལ་སོགས་པ་ཞེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་སྟོང་ པ(ཁམས་ལྔ)འི་དཀྱིལ་འཁོར་རྣམས་གཡས་ཀྱི་སྣའི་བུག་པར་འབབ་པོ། །གཡོན་དང་གཡས་ ཀྱི་དཀྱིལ་འཁོར་བཅུ་པོ་འདི་དག་ལ་གྲངས་བཞིན་དུ་གཡོན་པར་སྟོང་པའི་དཀྱིལ་འཁོར་ རབ་ཏུ་འབབ་པའི་དུས་སུ་སྒྲ་གཅན་ནི་ལྷག་པའི་ལྷ་སྟེ་གཡས་པར་དུས་ཀྱི་མེའོ། །གཡོན་ པ་རླུང་གི་དཀྱིལ་འཁོར་ལ་ཟླ་བ་སྟེ་གཡས་པ་ལ་ཉི་མའོ། །གཡོན་པར་མེའི་དཀྱིལ་འཁོར་ ལ་གཟའ་ལག་སྟེ་གཡས་པ་ལ་བཀྲ་ཤིས་སོ། །གཡོན་པར་ཆུའི་དཀྱིལ་འཁོར་ལ་པ་སངས་ ཏེ་གཡས་པ་ལ་ཕུར་བུའོ། །གཡོན་པར་སའི་དཀྱིལ་འཁོར་ལ་མཇུག་རིངས་ཏེ། གཡས་པ་ལ་ སྤེན་པའོ། །དེ་ལྟར་ན་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་བདག་པོ་ཞིང་ཅན་ བཅུར་འགྱུར་རོ། །དེ་བཞིན་དུ་(ནང་གི)ཟླ་བ(སྟེ་དུས་སྦྱོར)དྲུག་ལ་ཟླ་བ་དབང་ཕྱུག་ཏུ་འགྱུར་ཏེ་ ལུག་དང་འཁྲིག་པ་དང་སེང་གེ་དང་སྲང་དང་གཞུ་དང་བུམ་པའི་ཁྱིམ་གཡོན་གྱི་རྩ་ལ་ཟླ་བ་ ཞེས་པ་ཁུ་བའི་ཁམས་དབང་ཕྱུག་(གམ་བདག་པོ)སྟེ་བྱང་དག་ཏུའོ། །ལྷོ་རུ་གླང་དང་ཀར་ཀ་ཊ་ དང་བུ་མོ་དང་སྡིག་པ་དང་ཆུ་སྲིན་དང་ཉའི་ཁྱིམ་ལ་ཉི་མ་སྟེ་རྡུལ་གྱི་ཁམས་དབང་ཕྱུག་(གམ་ བདག་པོ་ཉིད)ཏུ་འགྱུར་རོ། །མི་བདག་ཅེས་པ་ནི་བོད་པའོ། །དཀྱིལ་འཁོར་གྱི་བདག་པོའི་ངེས་ 3-1-48 པའོ། ༤༠ ། ༈ ད་ནི་དེ་ཞེས་པ་ལ་སོགས་པས་སྲོག་ལ་སོགས་པའི་རླུང་རྣམས་གསུངས་ཏེ་འདིར་ ལྟེ་བའི་འཁོར་ལོ་(ཁ་དོག་སེར་པོ)ནི་སྙིང་པོར་འདབ་མ་བཞིའི་བདག་ཉིད་དོ། །དེའི་ཕྱི་རོལ་ཏུ་ འདབ་མ་བརྒྱད་ཀྱི་བདག་ཉིད་དོ། །དེའི་ཕྱི་རོལ་ཏུ་འདབ་མ་བཅུ་གཉིས་ཀྱི་བདག་ཉིད་དོ། ། དེའི་ཕྱི་རོལ་ཏུ་འདབ་མ་དྲུག་ཅུ་རྩ་བཞིའི་བདག་ཉིད་དེ་འདབ་མའི་སྒྲས་དབུགས་ཀྱི་ཆོས་ (གནས་པ)ཅན་གྱི་རྩ་རྣམས་གཟུང་ངོ༌། །ལྟེ་བའི་འཁོར་ལོ་དེ་སྟེང་ནི་སོར་མོ་ཕྱེད་དང་བཅས་ པའི་བཅུ་གཉིས་ཀྱི་སྟེང་སྙིང་ཁའི་ཕྱོགས་སུ་རྩའི་འཁོར་ལོ་རྩིབས་བརྒྱད་པ་(ཁ་དོག་ཕལ་ཆེར་ནག་ པོ)རྩ་བརྒྱད་ཀྱི་བདག་ཉིད་ཡང་དག་པར་གནས་ཏེ་དེ་རྣམས་ལ་སྲོག་ལ་སོགས་པའི་རླུང་གི་ ཚོགས་〔གནས་〕སོ། །པད་མ་ནོར་གྱིས་འདབ་མ་དག་ལ་ཟླ་བ་ཉི་མ་མེ་རྣམས་ཏེ་མེ་ཞེས་པ་ནི་སྒྲ་ གཅན་ནོ། །གཡོན་དུ་ཟླ་བའི་རྩ་ནི་རི་བོང་མཚན་མ་འབབ་སྟེ་ཁ་དོག་དཀར་པོའོ། །གཡས་ སུ་ཁ་དོག་དམར་པོ་སྟེ་ཉི་མའི་རྩ་འབབ་པོ། །འདབ་མ་བརྒྱད་ཀྱི་དབུས་སུ་དུས་ཀྱི་མེའི་རང་ བཞིན་སྒྲ་གཅན་གྱི་རྩ་འབབ་སྟེ་མཉམ་པ〔ར་རྒྱུ་བ〕་དག་ལ་དུས་སྦྱོར་འཆར་བའི་མཚམས་སུ་ རྐང་པ་དང་བཅས་པའི་དབུགས་ལྔ་བཅུ་རྩ་དྲུག་གོ། སྙིང་ཁའི་ཆུ་སྐྱེས་རྩིབས་བརྒྱད་པ་འདི་ ལ་ཐུན་ཚོད་འཕོ་བའི་རྩ་རྣམས་རིག་པར་བྱ་སྟེ་སྣའི་བུག་པར་དཀྱིལ་འཁོར་ལྔ་འབབ་པར་ བྱེད་པ་ནི་འདི་རྣམས་སུ་འགྱུར་རོ། །(སྙིང་ཁའི)རྩ་དང་རྩ་(རེ་རེ)ལ་དབུགས་འབྱུང་བ་དང་འཇུག་ པ་བརྒྱ་ཕྲག་ཉི་ཤུ་རྩ་བདུན་གྱིས་སྲོག་ཡང་དག་པར་རྒྱུ་བར་འགྱུར་ཏེ་དབྱུག་གུ་ཕྱེད་དང་ བཅས་པའི་བདུན་གྱིས་སོ། ༤༡ ། དེ་ལ་སྲོག་ནི་སྟེང་དུ་འབབ་པོ། །ཐུར་སེལ་ནི་ལྟེ་བའི་འོག་ཏུ་འབབ་པོ། །(རླུང་ཁམས་པ) མཉམ་གནས་ནི་ཤར་གྱི་འདབ་མའི་རྩ་སྣར་མ་ལ་ལྷག་པའི་ལྷའོ། །(མེ་ཁམས་པ)གྱེན་རྒྱུ་ནི་ མེའི་འདབ་མར་རྩ་ལག་ལྡན་གྱི་ལྕེ་ལའོ། །(ཆུ་ཁམས་པ)ཁྱབ་བྱེད་ནི་ལྷོའི་འདབ་མར་རྩ་དམར་ 3-1-49 སེར་(རོ་མ)ལའོ། །(ས་ཁམས་པ)ཀླུ་ནི་བདེན་བྲལ་གྱི་འདབ་མར་རྩ་རྒྱལ་ལའོ། །(རླུང་ཁམས་པ) རུས་སྦལ་ནི་ཆུའི་འདབ་མར་རྩ་རྒྱལ་བ་ལའོ། །(མེ་ཁམས་པ)རྩངས་པ་ནི་རླུང་གི་འདབ་མར་ཨ་ ལམ་བུ་ཥ་〔འཕྱང་བ་ཟེར་〕ལའོ། །(ཆུ་ཁམས་པ)ལྷ་སྦྱིན་ནི་བྱང་གི་འདབ་མར་རྩ་ཨཱི་ཊ་(ལུག་ཟེར)〔རྐྱང་ མ〕ལའོ། །(ས་ཁམས་པ)ནོར་ལས་རྒྱལ་བ་ནི་དབང་ལྡན་གྱི་འདབ་མར་རྩ་ཀུ་ཧཱ་(ཚུལ་འཆོས་པ་ཟེར) ལའོ། །སྲོག་ནི་རྩ་ཤིན་ཏུ་ཡིད་བཟང་མ་ལའོ། །ཐུར་སེལ་ནི་ཕྱོགས་ཀྱི་གྲངས་(བཅུ)དུང་ཅན་ མ་གང་གིས་བྱང་ཆུབ་ཀྱི་སེམས་ཟག་པར་བྱེད་པ་དེ་ལ་ལྷག་པའི་ལྷའོ་ཞེས་པ་དེ་ལྟར་རླུང་ རྣམ་པ་བཅུ་ནི་རྩའི་འཁོར་ལོ་ལ་(འོག་ནས་འཆད་པའི)ལས་དབྱེ་བས་ཡང་དག་པར་གནས་སོ། ། སྲོག་ལ་སོགས་པ་འདི་དག་ཐམས་ཅད་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ལ་ཁྱབ་ པ་སྟེ་འོན་ཀྱང་(སྙིང་ཁའི་འཁོར་ལོའི་ཤར་ལ་སོགས་པ)གནས་བརྒྱད་(གྱི་རྩ་སྣར་མ་ལ་སོགས་པ)ནས་རླུང་ བརྒྱད་(མཉམ་གནས་ལ་སོགས་པ)སྐྱེ་བའི་ཕྱིར་(སྙིང་ཁའི་འཁོར་ལོ་ལ་རླུང་བརྒྱད་གནས་པར་བརྗོད)ཏེ་(སྲོག་དང་ ཐུར་སེལ་ནི་ལྟེ་བའི་འཁོར་ལོའི་དབུས་ནས་སྐྱེས་ཏེ་སྲོག་སྟེང་དང་ཐུར་སེལ་འོག་ཏུ་འབབ་པོ)དུང་ཅན་མཐའ་ཡང་ཨི་ ཊ་ལ་སོགས་རང་གི་སྙིང་ཁའི་པད་མ་རྩའི་འཁོར་ལོ་མཐའ་དག་གོ་ཞེས་པ་མཉམ་གནས་ལ་ སོགས་པ་རྣམས་ཀྱི་སྐྱེ་བའི་གནས་ཏེ་(སྲོག་སྟེང་དུ་དབུ་མ་ལ་འབབ་པ་དང་ཐུར་སེལ་འོག་ཏུ་དུང་ཅན་མ་ལ་འབབ་ པ་ཡང་ལྟེ་བའི་དབུས་སུ་སྲོག་དབུ་མའི་མས་སྣ་དང་ཐུར་སེལ་དུང་ཅན་མའི་ཡས་སྣ་ནས་སྐྱེ་བའི་ཕྱིར་རྩ་དེ་དག་ལ་འབབ་པར་ བཤད་པ་སྟེ་སྲོག་དབུ་མ་ཁོ་ན་དང་ཐུར་སེལ་དུང་ཅན་མ་ཁོ་ན་ལ་འབབ་པ་ནི་མ་ཡིན་ནོ)སྙིང་ཁའི་འཁོར་ལོའི་ངེས་ པའོ། ༤༢ ། ༈ (བཅུ་པ་སྲོག་ལ་སོགས་པ་རླུང་གི་བྱ་བའི་ངོ་བོ་ཉིད་ཀྱི་གནས་པ)ད་ནི་སྲོག་ཅེས་པ་ལ་སོགས་པས་ སྲོག་ལ་སོགས་པའི་བྱ་བ་གསུངས་ཏེ་འདིར་ལུས་ལ་སྲོག་གིས་སྲོག་སྟོབས་ཅན་དུ་བྱེད་དོ། ། ཉི་མ་ཟླ་བའི་ལམ་ན་གནས་པར་གྱུར་པ་ན་སྟེ་ཉི་མའི་ལམ་ནི་དམར་སེར་རམ་ར་ས་ནཱའོ། ། ཟླ་བའི་ལམ་ནི་ཨི་ཊའམ་ལ་ལ་ན་སྟེ་དེའི་ལམ་ལ་གནས་པ་ནི་གནས་པའོ། །ནི་ཞེས་པ་ནི་ 3-1-50 ཚིག་ཕྲད་ཀྱི་དོན་ཏོ། །བཟའ་བ་དང་བཏུང་བ་མ་ལུས་པ་ནི་རོ་དྲུག་ཟོས་པ་དང་ཆུ་ལ་སོགས་ པ་འཐུངས་པ་སྟེ་དེ་རྣམས་མ་ལུས་པ་ཐུར་སེལ་གྱི་རླུང་གིས་འོག་ཏུ་འདྲེན་ནོ་ཞེས་པ་(སྐད་དོད་ ལ་ན་ཡ་ཏི་ཞེས་པར་ཐོབ་ཀྱང་ནེ་ཏེ་ཞེས་པ)ནི་ལུང་ངོ༌། །མཐའ་དག་རོ་མཉམ་སྟེ་རོ་མཉམ་པའི་བར་དུ་ ལུས་ལ་མཉམ་གནས་ཞེས་བྱ་བའི་རླུང་གིས་འཐོབ་པར་བྱེད་དེ་(སྤུ་ལྤགས་པ་ཁྲག་ཤ་རྩ་རུས་པ་རྐང་ སྟེ)ཁམས་བདུན་རོ་མཉམ་པར་བྱེད་དོ་ཞེས་པའི་དོན་ཏོ། །ལུས་ལ་གྱེན་རྒྱུ་ཞེས་བྱ་བའི་རླུང་ གིས་གཡོ་བར་བྱེད་དོ། །ཁ་དང་ལག་པ་རྐང་པ་རྣམས་ཀྱིས་གླུ་དང་ཟློས་གར་བྱེད་དེ་ལུས་ འདི་ལ་གྱེན་རྒྱུ་དེ་ཉིད་ཀྱི་ཁས་གླུ་ལ་སོགས་པ་དང་རྒོད་པ་དང་སྨྲ་བ་ལ་སོགས་པ་བྱེད་དོ། ། ལག་པ་རྐང་པ་རྣམས་ཀྱིས་ཟློག་གར་དང་འགྲོ་བ་ལ་སོགས་པ་བྱེད་དོ། །ཁྱབ་བྱེད་ཀྱིས་ནི་ ནད་དག་བྱེད་དེ་རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ནི་ཆུའི་རང་བཞིན་གྱིས་དབང་གིས་ ཏེ་ཇི་ལྟར་ལུས་ནི་འཇིག་པ་དེ་ལྟ་ཉིད་དུ་ནད་བྱེད་དོ། ༤༣ ། ཀླུ་ཡང་སྒྲེགས་པ་བྱེད་པ་ཉིད་དེ་གསལ་བར་ལག་པ་རྐང་པ་བསྐུམ་པ་དག་ནི་རུས་སྦལ་ རླུང་གིས་སོ། །དེ་ནི་ཞེས་པ་ཁྲོ་བ་དང་འཁྲུག་པ་མཐའ་དང་རྩངས་པའི་རླུང་གིས་བྱེད་དོ། ། གླུལ་བ་དག་ཀྱང་ལྷ་སྦྱིན་གྱིས་བྱེད་དོ། །ལུས་ནི་ལྔ་པ་ཉིད་དུ་གྱུར་པ་ནོར་ལས་རྒྱལ་བའི་ རླུང་གིས་གཏོང་བར་མི་བྱེད་དོ། །མི་ཡི་བདག་པོ་ཞེས་པ་ནི་བོད་པ་སྟེ་རླུང་གཅིག་ནོར་ལས་ རྒྱལ་བའོ་ཞེས་སོ། །དེ་ལྟར་བརྗོད་པའི་རིམ་པས་སྲོག་ལ་སོགས་པའི་རླུང་རྣམས་ཐམས་ ཅད་དེ་རླུང་རྣམས་ཀྱི་རང་བཞིན་གྱིས་གནས་ཡོན་ཏན་རྣམས་ནི་གཏོང་བར་མི་བྱེད་དེ་ནམ་ མཁའ་ལ་སོགས་པའི་རང་བཞིན་གྱིས་ཡོན་ཏན་རྣམས་སོ། །སྲོག་ལ་སོགས་པའི་བྱ་བ་ངེས་ པའོ། ༤༤ ། ༈ ད་ནི་དམར་སེར་ཞེས་པ་ལ་སོགས་པས་རྩའི་མིང་མུ་སྟེགས་པའི་མིང་རྣམས་ཀྱིས་ གསུངས་ཏེ་དམར་སེར་ཕྲ་མོ་དག་ཀྱང་ཨི་ཊ་ལ་སོགས་ནི་ཨི་ཊ་ལ་སོགས་པ་རྩ་གསུམ་མོ། 53། རྣམ་གསུམ་ལམ་གནས་ཞེས་པ་ལ་ཟླ་བའི་ལམ་དུ་གནས་པ་ནི་ཨི་ཊའོ། །ཉི་མའི་ལམ་དུ་ གནས་པ་ནི་དམར་སེར་རོ། །སྒྲ་གཅན་གྱི་ལམ་དུ་གནས་པ་ནི་ཤིན་ཏུ་ཡིད་བཟངས་མའོ། ། སྣར་མ་ནི་བཞི་པ་སྟེ་ལག་ལྡན་ལྕེ་ནི་ལྔ་པ་དང་རྒྱལ་ནི་དྲུག་པ་དང་རི་ཡང་རྒྱལ་བ་ཞེས་པ་ བདུན་པ་དང་ཨ་ལཾ་བུ་ཥ་ནི་ནོར་དང་ཞེས་པ་བརྒྱད་པ་དང་ཀུ་ཧཱ་ནི་དགུ་པ་དང་ཕྱོགས་ཀྱི་ གྲངས་ནི་དུང་ཅན་མ་གང་སྟེ་བཅུ་པ་དུང་ཅན་མས་བྱང་ཆུབ་ཀྱི་སེམས་བདེ་བའི་མཐར་ཟག་ པར་བྱེད་པའོ། །དཔལ་ལྡན་རྩའི་འཁོར་ལོ་འདི་ནི་རྣམ་པ་མང་པོར་འགྱུར་ཏེ་ཚིགས་ཀྱི་ དབྱེ་བ་དུ་མས་སོ་ཞེས་པ་ནི་འདིར་ལུས་ལ་ཚིགས་ཀྱི་དབྱེ་བའི་གྲངས་སུམ་བརྒྱ་དྲུག་ཅུ་སྟེ་ ཚིགས་ཀྱི་དབྱེ་བ་དེ་དག་གིས་རྩའི་འཁོར་ལོའི་དབྱེ་བ་སུམ་བརྒྱ་དྲུག་ཅུར་འགྱུར་ཞིང་སྲོག་ ལ་སོགས་པའི་རླུང་གི་བྱ་བའི་དབྱེ་བ་ཡང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་པ་ནི་རྩའི་འཁོར་ ལོའི་ངེས་པའོ། ༤༥ ། ༈ ད་ནི་དབང་པོ་ཞེས་པ་ལ་སོགས་པས་རྩའི་འཁོར་ལོ་དེ་ཉིད་ལ་དབང་པོ་ལ་སོགས་ པས་བྱིན་གྱིས་བརླབས་པ་གསུངས་ཏེ་(སྙིང་ཁ)འདིར་དབང་པོའི་འདབ་མ་ལ་ཐུན་ཚོད་གཅིག་ གི་བར་དུ་སྲོག་གི་ནུས་པ་(ལྷའི)དབང་པོའི་རང་བཞིན་རྟེན་ཏོ། །མེ(ལྷ)འི་འདབ་མ་ལ་མེའི་ རང་བཞིན་དང་གཤིན་རྗེའི་འདབ་མ་ལ་གཤིན་རྗེའི་རང་བཞིན་དང་བདེན་བྲལ་གྱི་འདབ་ མ་ལ་བདེན་བྲལ་གྱི་རང་བཞིན་དང་ཆུ(ལྷ)འི་འདབ་མ་ལ་ཆུའི་རང་བཞིན་དང་རླུང་གི་(ལྷའི) འདབ་མ་ལ་རླུང་གི་རང་བཞིན་དང་ནོར་སྦྱིན་གྱི་འདབ་མ་ལ་ནོར་སྦྱིན་གྱི་རང་བཞིན་དང་ དབང་ལྡན་གྱི་འདབ་མ་ལ་དབང་ལྡན་གྱི་རང་བཞིན་ཏེ་དེ་ལྟར་འདབ་མ་བརྒྱད་པོ་རྣམས་ལ་ སྲོག་གི་ནུས་པ་དེའི་རང་བཞིན་རྟེན་ཞིང་འཁོར་བར་བྱེད་དོ། །དབང་པོ་ལ་སོགས་པའི་རང་ བཞིན་གྱིས་ངེས་པའོ། ། ༈ ད་ནི་མགྲིན་པའི་འཁོར་ལོ་གསུངས་ཏེ་འདིར་སྙིང་ཁའི་པད་མའི་སྟེང་དུ་སོར་མོ་ཕྱེད་ 3-1-51 དང་བཅས་པའི་བཅུ་གཉིས་ཀྱི་མཐར་མགྲིན་པའི་འཁོར་ལོ་ལ་གཟའི་ཚོགས་དང་བཅས་ པའི་རྒྱུ་སྐར་འཁོར་ལོ་ཡང་དག་གནས་ཏེ་དབྱུག་གུའི་སྐར་མ་བཞི་དང་གཙོ་བོའི་རྒྱུ་སྐར་ཉི་ཤུ་ རྩ་བརྒྱད་དེ་འདི་རྣམས་ཀྱི་འདབ་མ་སུམ་ཅུ་རྩ་གཉིས་པའོ། །དབྱུག་གུའི་སྐར་མ་བཞི་དོར་ ནས་འདབ་མ་ཉི་ཤུ་རྩ་བརྒྱད་པོ་རྣམས་ལ་ཉིན་མཚན་གྱི་སྲོག་ཡང་དག་པར་རྒྱུ་སྟེ་དབྱུག་གུ་ དྲུག་ཅུ་ལ་(ཉེར་བརྒྱད)ཆ་ཡིས་ཐོབ་པ་ནི་འདབ་མ་སོ་སོ་ལ་སྲོག་ཡང་དག་པར་རྒྱུའོ། །(ནང་གི) ཚངས་པའི་ཡུལ་ས་དཔལ་ལྡན་དཔྲལ་བ་དག་ནས་དབྱངས་(བཅུ་དྲུག་ཕྲག་གཉིས)ཀྱིས་ཡོངས་སུ་ བསྐོར་བའི་ཐིག་ལེ་དཀར་པོ་ཟག་ཅེས་པ་མགྲིན་པའི་པད་མ་དེའི་ཡང་སྟེང་དུ་སོར་མོ་ཕྱེད་ དང་བཅས་པའི་བཅུ་གཉིས་ཀྱི་མཐར་དཔྲལ་བའི་པད་མ་འདབ་མ་བཅུ་དྲུག་པ་ལ་(སྟོང་པའི) འདབ་མ་གཉིས་དོར་ནས་འདབ་མ་བཅུ་བཞི་པོ་རྣམས་ལ་ཉིན་མཚན་གྱིས་སྲོག་ཡང་དག་ པར་རྒྱུ་སྟེ་དབྱུག་གུ་དྲུག་ཅུ་ལས་བཅུ་བཞིའི་ཆ་ཐོབ་པས་འདབ་མ་སོ་སོ་(ལ་རྒྱུས་ནས་སླར་ཡང་ འདབ་མ་གཞན་ལ་རྒྱུ་བའི་ཚུལ་གྱིས)འདོར་རོ། །ཐིག་ལེ་དང་རྣམ་པར་བཅད་པ་ནི་ལྟེ་བ་(དབུ་མ)ལ་ རིག་པར་བྱ་སྟེ་ཟླ་བའི་རྐང་པ་རྒྱུ་བའོ། ། ༈ སླར་ཡང་ལྟེ་བའི་འཁོར་ལོ་ལ་རྩ་དྲུག་ཅུ་རྩ་བཞི་ནི་འཇིགས་མ་ལ་སོགས་པ(གསུང་ གི་རྣལ་འབྱོར་མ)འི་མིང་རྣམས་ཀྱིས་སོ། །སྙིང་ཁར་བརྒྱད་ནི་ཨི་ཊ་ལ་སོགས་པའི་མིང་རྣམས་ སོ། །མགྲིན་པར་ཐ་སྐར་ལ་སོགས་པའི་མིང་དང་སྟོང་པ་བཞིའི་མིང་རྣམས་ཀྱིས་སོ། །དཔྲལ་ བའི་རྩ་རྣམས་ལ་ཚེས་གཅིག་ལ་སོགས་པའི་མིང་རྣམས་ཀྱིས་སོ། །གཙུག་ཏོར་ལ་ཐུན་ མཚམས་བཞིའི་དབྱེ་བས་(རྡོ་རྗེ་བཞིའམ་ལྷ་ལ་སོགས་པ)དེ་ཁོ་ན་ཉིད་བཞིའི་མིང་རྣམས་ཀྱིས་སོ། ། མགྲིན་པ་དང་དཔྲལ་བའི་པད་མའི་འདབ་མ་འདི་རྣམས་ལ་ནང་དུ་གྱུར་པ་ནི་འཁོར་ལོ་ འདབ་མ་བརྒྱད་པར་རིག་པར་བྱའོ། །དེ་ལྟར་ན་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་ བ་ལ་འཁོར་ལོ་རྩིབས་བརྒྱད་པ་རྣམས་ནི་(རིམ་པས)ས་དང་ཆུ་དང་མེ་དང་རླུང་གི་རང་བཞིན་ 3-1-52 ནོ། །གཙུག་ཏོར་ལ་འདབ་མ་བཞི་པ་ནི་སྟོང་པའི་རང་བཞིན་ནོ། །ལྟེ་བ(འི་ནང་སྐོ)ར་འདབ་མ་ བཞི་པ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ནོ། །གསང་བར་འདབ་མ་སུམ་ཅུ་རྩ་གཉིས་པ་ སྟེ་ཕྱི་རོལ་ཀྱི་འདབ་མ་བཅུ་དྲུག་རྣམས་ལ་དབྱངས་(བཅུ་དྲུག་རྣམས)ཀྱི་རྩའོ། །ནང་དུ་འདབ་མ་ བཅུ་ལ་ཕུང་པོ་(ལྔ)དང་ཁམས་(ལྔ་རྣམས)ཀྱི་རྩའོ། །དེ་ལས་ནང་གི་འདབ་མ་རྣམས་ལ་(ཡེ་ཤེས་ཀྱི་ ཕུང་པོ་དང་ཡེ་ཤེས་ཀྱི་ཁམས་དང་ཡིད་ཀྱི་དབང་པོ་དང་ཆོས་ཀྱི་ཁམས་དང་ཁུ་བའི་དབང་པོ་དང་ཁུ་བ་འཕོ་བ་སྟེ་དྲུག་པ་ཡེ་ཤེས་ ཀྱི་ཁམས་པ)སྟོང་པ་དྲུག་གི་རྩའོ། །དེ་ལྟར་ན་འཁོར་ལོ་དྲུག་པོ་རྣམས་ཀྱི་གྲངས་ནི་ལྔ་བཅུ་རྩ་ དྲུག་ལྷག་པའི་བརྒྱ་ཕྲག་གཅིག་སྟེ་འཆད་པར་འགྱུར་བའི་འཁོར་ལོ་དྲུག་པོ་རྣམས་ལ་བརྗོད་ པར་བྱའོ། ། ༈ ད་ནི་རྩ་བ་ཞེས་པ་ལ་སོགས་པས་སྣ་བུག་གཉིས་ལས་དཀྱིལ་འཁོར་ལྔ་རབ་ཏུ་ འབབ་པ་གསུངས་ཏེ་འདིར་སྣ་བུག་གཡོན་པ་དང་གཡས་པ་དག་ལ་རྩ་བ་སྟེ་འོག་གི་ཆར་ སའི་དཀྱིལ་འཁོར་འབབ་པོ། །སྣ་བུག་གཡོན་པ་དང་གཡས་པ་དག་ལ་གཡོན་དུ་ཆུ་འབབ་ པོ། །སྣའི་བུག་པ་གཉིས་ཀྱི་དབུས་ཀྱི་རེ་ཁཱ་ལ་མངོན་པར་ཕྱོགས་པ(འི་ཆ)ནི་(གཉིས་ཀའི)ཐམས་ ཅད་ཀྱི་བྱང་ན་ལྷུན་པོ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །(སྣ་བུག་གཉིས་ཀའི)གཡས་སུ་ བསྲེག་ཟའི་དཀྱིལ་འཁོར་དག་ནི་རབ་ཏུ་འབབ་སྟེ་སྣའི་བུག་པ་གཡས་དང་གཡོན་གཉིས་ ཀའི་ཕྱི་རོལ་ཀྱི་ཆའོ། །སྣ་བུག་གཉིས་ཀའི་སྟེང་དུ་རླུང་གི་དཀྱིལ་འཁོར་འབབ་པོ། །སྣ་བུག་ གཉིས་ཀའི་དབུས་སུ་ནམ་མཁའ་སྟེ་ས་དང་ཆུ་དང་{བསྲེག་ཟ}མེ་དང་རླུང་གི་དཀྱིལ་འཁོར་ གྱི་དབུས་སུ་ནམ་མཁའི་དཀྱིལ་འཁོར་འབབ་སྟེ། (ལྟེ་བའི)གཡོན་གྱིས་དུས་སྦྱོར་རྒྱུ་བ་ལ་(སྣ་ བུག)གཡོན་དང༌། (ལྟེ་བའི)གཡས་ཀྱི་དུས་སྦྱོར་རྒྱུ་བ་ལ་(སྣ་བུག)གཡས་ནས་དཀྱིལ་འཁོར་ རབ་ཏུ་འབབ་པོ། །སླར་ཡང་སྣ་བུག་གཉིས་ལ་གཅིག་ཆར་དུ་མཉམ་པ་(དབུ་མ་ནས་རྒྱུ་བའི)ཡེ་ ཤེས་ཀྱི་དཀྱིལ་འཁོར་འབབ་སྟེ་སྲོག་གི་ནུས་པའོ། །འདི་དག་རྣམས་ནི་དབུགས་ཏེ་ཞེས་ 3-1-53 པ་ནི(གང་དུ་འབུགས་ན)ལྟེ་བ་(གཅིག)དང་སྙིང་(གཉིས)ཁ་དང་མགྲིན་(གསུམ)པ་དང་དཔྲལ་(བཞི) བ་དང་གཙུག་ཏོར་(ལྔ)དང་སྣ་བུག་(དྲུག)གི་དཀྱིལ་འཁོར་(འབབ་པའི་གནས་)རྣམས་(ནི་གང་གིས་ འབུགས་ན་རིམ་པ་ལྟར་)དབྱུག་གུ་(གཅིག)དང་ཁྱིམ་དང་ཐུན་ཚོད་(གཉིས)དང་རྒྱུ་སྐར་(གསུམ)དང་ ཚེས་(བཞི)དང་ཐུན་(ལྔ)མཚམས་(དྲུག)དང་དཀྱིལ་འཁོར་(ལྔ་ལྔའི)གྱི་དབྱེ་བ་དག་གིས་འབུགས་ པར་བྱེད་དོ། །ནུས་པ་ནི་སྲོག་གི་ནུས་པ་འགྲོ་སྟེ་(གང་དུ་འགྲོ་ན)མཆོག་གི་གནས་ནི་དམིགས་ པ་མེད་པ(འི་སྙིང་རྗེ་ཆེན་པོ་དང་སྟོང་པ་ཉིད་དབྱེར་མེད་པ་སྟེ་མཐར་ཐུག་གི་དུས་ན་དེར་སྲོག་འགྲོ་བ་ནི་འགག་པ)འོ། ། བཅུ་གཉིས་མཐའ་ནི་སོར་བཅུ་གཉིས་ཀྱི་མཐར་ཐུག་པའོ། །ཆའི་མཐར་ནི་སོར་བཅུ་དྲུག་ གི་མཐར་ཐུག་པར་རོ། །འདིར་སའི་དཀྱིལ་འཁོར་རབ་ཏུ་འབབ་པའི་རླུང་ནི་སྣ་བུག་ནས་(ཕྱི་ རོལ་ཏུ)སོར་བཅུ་གཉིས་ཀྱི་མཐར་ཐུག་པར་འགྲོ་སྟེ་དེ་ནས་(ནང་དུ)ལྡོག་གོ། ཆུའི་དཀྱིལ་འཁོར་ གྱི་རླུང་ནི་སོར་བཅུ་གསུམ་འགྲོ་སྟེ་དེ་ནས་(ནང་དུ)ལྡོག་གོ། མེའི་དཀྱིལ་འཁོར་གྱི་རླུང་ནི་སོར་ བཅུ་བཞི་འགྲོ་སྟེ་དེ་ནས་(ནང་དུ)ལྡོག་གོ། རླུང་གི་དཀྱིལ་འཁོར་གྱི་རླུང་ནི་སོར་བཅོ་ལྔ་འགྲོ་ སྟེ་དེ་ནས་ལྡོག་གོ། སྟོང་པའི་དཀྱིལ་འཁོར་གྱི་རླུང་ནི་སོར་བཅུ་དྲུག་འགྲོ་སྟེ་དེ་ནས་(ནང་དུ) ལྡོག་གོ། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རླུང་ནི་(གཡོན་ནས)སའི་དཀྱིལ་འཁོར་གྱི་མཐར་(གཡས་ཀྱི་ ས་ལ་འཇུག་པ)དེ་དག་གི་དབུས་སུ་(ཨ་བ་ངྷུ་ཏཱིར)རབ་ཏུ་ཞུགས་པ་ནི་སྣ་བུག་གཉིས་ནས་སོར་བཅུ་ གཉིས་འབབ་(སྟེ་ས་ནས་སར་འཕོ་བའི་ཕྱིར་རོ)པོ། །(གཡས་ཀྱི་)ནམ་མཁའི་མཐར་(གཡོན་གྱི་ནམ་མཁའ་ ལ་འཇུག་པའི་བར་དུ)དབུ་མར་ཞུགས་པ(འི་ཚེ)ནི་སོར་བཅུ་དྲུག་འབབ་(སྟེ་ནམ་མཁའ་ནས་ནམ་མཁར་འཕོ་ བའི་ཕྱིར་རོ)པོ། །འདིར་གང་གི་ཚེ་(སྣའི)ཕྱི་རོལ་ཏུ་(སོར་བཅུ་གསུམ་བཅུ་བཞི་བཅོ་ལྔ་བཅུ་དྲུག་ཏུ)འཕེལ་ བར་གྱུར་པ་དེའི་ཚེ་ནང་དུ་(ལྟེ་བའི་འོག་ཏུ་སོར་གསུམ་ཉེར་གཅིག་ལྟེ་བ་ཉིད་དེ་དེ་ལྟར)ཐུང་ངུར་འགྱུར་རོ། ། གང་གི་ཚེ་བཅུ་དྲུག་ལ་སོགས་པ་ལས་(སྣའི)ཕྱི་རོལ་ཏུ་(བཅོ་ལྔ་བཅུ་བཞི་བཅུ་གསུམ་བཅུ་གཉིས་སུ)ཐུང་ ངུར་འགྱུར་བ་དེའི་ཚེ་རླུང་དང་རྩའི་དབང་གིས་ལྟེ་བར་སོར་མོ་(གཅིག་གཉིས་གསུམ)བཞི་འཕེལ་ 3-1-54 བར་འགྱུར་ཏེ་སྲོག་གི་ནུས་པ་འབབ་པའི་ངེས་པའོ། ། ༈ ད་ནི་ཞིང་ཞེས་པ་ལ་སོགས་པས་ཞིང་ལ་སོགས་པ་རྣམས་གསུངས་ཏེ་འདིར་ལུས་ཀྱི་ དཔུང་པའི་ཚིགས་(གཡོན་དང་གཡས)གཉིས་ལ་ཞིང་གཉིས་སོ། །བརླའི་ཚིགས་(གཡོན་དང་གཡས) གཉིས་ལ་ཉེ་བའི་ཞིང་གཉིས་དང་ཉེ་བའི་དཔུང་པའི་ཚིགས་(གཡོན་དང་གཡས)གཉིས་ལ་ཚན་དོ་ ཧ་གཉིས་དང་པུས་མོའི་ཚིགས་(གཡོན་དང་གཡས)གཉིས་ལ་ཉེ་བའི་ཚན་དོ་ཧ་གཉིས་དང་ལག་ པའི་ཚིགས་(གཡོན་དང་གཡས)གཉིས་ལ་འདུས་པ་གཉིས་དང་རྐང་པའི་ཚིགས་(གཡོན་དང་གཡས) གཉིས་ལ་ཉེ་བའི་འདུས་པ་གཉིས་དང་ལག་པའི་མཐིལ་(གཡོན་དང་གཡས)གཉིས་ལ་དུར་ཁྲོད་ གཉིས་དང་རྐང་པའི་མཐིལ་(གཡོན་དང་གཡས)གཉིས་ལ་ཉེ་བའི་དུར་ཁྲོད་གཉིས་སོ། །ལག་པ་ གཉིས་ཀྱི་སོར་མོ་ལ་(དཀྱིལ་འཁོར་གྱི་མཐར་ཕྱོགས་བཞིའི)དུར་ཁྲོད་ཆེན་པོ་བཞི་དང་རྐང་པ་གཉིས་ ཀྱི་སོར་མོ་ལ་(མཚམས་བཞིའི)ཉེ་བའི་དུར་ཁྲོད་ཆེན་པོ་བཞི་སྟེ་(དེ་ཡང་གནས་ལ་སོགས་པ་བཅུ་ནི་དོན་ དམ་པའི་ས་བཅུ་ཡིན་ལ་འདིར་དེ་རྣམས་ལུས་ལ་སྦྱར་བ་ནི་གནས་ལ་སོགས་པ་བཏགས་པ་བ་ཡིན་ནོ)ཞིང་ལ་སོགས་པ (ལུས་ལ་སྦྱར་བ)འི་ངེས་པའོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་ཀུན་འབྱུང་གི་བདེན་པ་ལ་སོགས་ པའི་མདོར་བསྡུས་ཆེན་པོ་སྟེ་གཉིས་པའོ།། ༤༧ །། ༈ ད་ནི་འཁོར་ལོ་ཅན་ཞེས་པ་ལ་སོགས་པས་(དེ་བཞིན་གཤེགས་པས་རྩ་རྒྱུད་གསུངས་ནས་ལོ་སུམ་ སྟོང་དང་སུམ་བརྒྱ་འདས་པའི་དུས་ན་རིགས་ལྡན་གྱི་རྒྱལ་པོ་ཉེར་ལྔའི་ཐ་མ)འཁོར་ལོ་སྒྱུར་བ་(རིགས་ལྡན་དྲག་པོ) དང་ཀླ་ཀློའི་འཁྲུག་པ་(འབྱུང་བ)རང་གི་ལུས་ལ་(སྦྱར་བ)གསུངས་ཏེ་འདིར་རང་གི་ལུས་ལ་ནི་ མིའི་ལུས་ལའོ། །ཕྱི་རོལ་ཏུ་ལེའུ་དང་པོ་ལས་གསུངས་པ(སའི་དུམ་བུ་འདིར་ཀླ་ཀློ་འཇོམས་པར་མཛད་ པ)འི་འཁོར་ལོ་ཅན་(རིགས་ལྡན་དྲག་པོ)གང་ཡིན་པ་དེ་ནི་ལུས་ལ་(བཞུགས་པའི)རྡོ་རྗེ་ཅན་ཏེ་ཐུགས་ 3-1-55 རྡོ་རྗེའོ་ཞེས་པའི་དོན་ཏོ། །ལྷ་མཆོག་བདག་པོ་དབང་ཕྱུག་ལ་སོགས་པ་བཅུ་གཉིས་རྣམས་ གང་ཡིན་པ་དེ་རྣམས་ནི་(དུས་སྦྱོར་བཅུ་གཉིས་འགགས་པས་མ་རིག་པ་ལ་སོགས་པ)ཡན་ལག་བཅུ་གཉིས་ འགོག་པ་རྣམས་སོ། །(འཁོར་ལོ་ཅན་དྲག་པོའི)རིགས་ལྡན་(གྱི་ཆ)གང་ཡིན་པ་ནི་(རྣལ་འབྱོར་པའི)ལུས་ ལ་(རླུང་སེམས་དབུ་མར་ཞུགས་པའི་རྣམ་པར་མི་རྟོག་པ)ཡང་དག་པའི་ཡེ་ཤེས་དེ་ནི་ཞེས་པ་ནི་རྒྱུ་དེ་ལས་ སོ། །ཕྱི་རོལ་ཏུ་གླང་པོ་རྟ་དང་ཤིང་རྟ་མངག་གཞུག་པ་གང་ཡིན་པ་དེ་རྣམས་(རྣལ་འབྱོར་པའི) ལུས་ལ་འཕགས་པའི་(བྱམས་པ་སོགས)ཚད་མེད་པ་བཞི་རྣམས་སོ། །ཕྱི་རོལ་ཏུ་(འཁོར་ལོ་ཅན་གྱི་ དམག་དཔོན)དྲག་པོ་གང་ཡིན་པ་དེ་ནི་ལུས་ལ་རང་རྒྱལ་གྱི་ཡེ་ཤེས་(དང་རྗེས་སུ་མཐུན་པའི་ཡེ་ཤེས)ཀྱི་ མིང་ཅན་ནོ། །ཕྱི་རོལ་ཏུ་(འཁོར་ལོ་ཅན་གྱི་དམག་དཔོན)ཧཱ་ནུ་མཱན་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཡེ་ ཤེས་(དང་རྗེས་སུ་མཐུན་པའི་ཡེ་ཤེས)དེ་(དེ་ལྟར་རྣལ་འབྱོར་པའི)རང་གི་ལུས་ལ་(ཀླ་ཀློ་འཇོམས་བྱེད)འཁོར་ལོ་ ཅན་འཁོར་དང་བཅས་པ་དང་རིགས་ལྡན་དུ་འགྱུར་རོ། །དེ་བཞིན་དུ་(གཞོམ་བྱ་ཀླ་ཀློའི་ཚོགས་ཀྱང་) ཕྱི་རོལ་ཏུ་གདུག་པ་(ཀླ་ཀློའི་དམག་དཔོན)ཀླ་ཀློའི་དབང་པོ(འི་མགོན་པོ་ཞེས་པ)གང་ཡིན་པ་དེ་ནི་ལུས་ ལ་(དུག་གསུམ་ལ་སོགས)སྡིག་པའི་སེམས་སོ། །ཕྱི་རོལ་ཏུ་(ལྷ་མིན་ཀུན་གྱི་བདག་པོ)བྱེད་པའི་བློ་གྲོས་ (སམ་བྱམས་པའི་བློ་ཞེས་པ)སྡུག་བསྔལ་སྦྱིན་བྱེད་གང་ཡིན་པ་དེ་ནི་ལུས་ལ་མི་དགེ་བ(བཅུ)འི་(ལས་ ཀྱི)ལམ་མོ། ༤༨ ། ཕྱི་རོལ་ཏུ་(ཀླ་ཀློའི་དམག་དཔོན)རྟ་ལ་གནས་པ་(ཟླ་བ་ཆེན་པོའི་བུ)གང་ཡིན་པ་དེ་ནི་ལུས་ ལ་མ་རིག་པ་(རྣམ་རྟོག)འཇུག་པའོ། །ཕྱི་རོལ་ཏུ་ལྷ་མིན་(ཀླ་ཀློའི)དཔུང་གླང་པོ་དང་རྟ་དང་ཤིང་ རྟ་དང་རྐང་ཐང་རྣམས་གང་ཡིན་པ་དེ་ནི་ལུས་ལ་(ཕུང་པོའི་བདུད་ལ་སོགས་པ)བདུད་ཀྱི་ཕྱོགས་རྣམ་ པ་བཞི(རྣམ་འཚེ་གནོད་སེམས་འཕྲག་དོག་ཆགས་སྡང་སྟེ་བཞིའོ་ཞེས་ཀྱང་གསུངས་སོ)འོ། ། (འཁོར་ལོ་ཅན་གྱིས་ཀླ་ཀློ་ཆོམས་པ་ཡང་)ཕྱི་རོལ་ཏུ་(འཁོར་ལོ་ཅན་དང་ཀླ་ཀློ)དེའི་གཡུལ་ལ་ཀླ་ཀློ་རྣམས་ (ཆོམས་ནས་རང་གི་ཆོས་ལ)སྡུད་པ་གང་ཡིན་པ་དེ་ནི་(རྣལ་འབྱོར་པའི)རང་གི་ལུས་ལ་སྲིད་པའི་(སྡུག་ 3-1-56 བསྔལ་གྱི)འཇིགས་པ་འཇོམས་པའོ། །ཕྱི་རོལ་ཏུ་འཁོར་ལོ་ཅན་ཆེན་པོ་རིགས་ལྡན་(དྲག་པོ) དཔལ་ལྡན་〔དེ་ཀློ་ཀློའོ་གཡུལ་ལས་〕རྒྱལ་བ་གང་ཡིན་པ་དེ་ནི་རང་གི་ལུས་ལ་ཐར་བའི་ལམ་(སྦྱོར་བ་ ཡན་ལག་དྲུག)རྙེད་པའོ། །ཕྱི་རོལ་ཏུ་ཀཻ་ལ་ཤར་འཁོར་ལོ་ཅན་ཆེན་པོའི་(རིགས་ལྡན་དྲག་པོའི)ཆོས་ ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་རང་གི་ལུས་ལ་སྲིད་པའི་(སྡུག་བསྔལ་གྱི)འཇིགས་པ་འཕྲོག་པ(སྟེ་ ཟད་པ)འོ། །ཕྱི་རོལ་ཏུ་(རྫོགས་ལྡན་དུ་གྱུར་ནས)རྫས་ཀྱིས་གང་བའི་ས་གཞི་གང་ཡིན་པ་དེ་ནི་ལུས་ ལ་(ཁུ་བ་ལ་སོགས་པ)ཁམས་ཀྱི་ཚོགས་པ་(འཕོ་མེད)རྣམ་པར་དག་པའོ། །ཕྱི་རོལ་ཏུ་〔རིགས་ལྡན་དྲག་ པོ་〕འཁོར་ལོ་ཅན་གྱི་སྲས་ཚངས་པ་དང་ལྷའི་དབང་པོར་གྱུར་པ་(སྟེ་འཁོར་ལོ་ཕྱེད་ཅན་གཉིས་པོ་རིམ་ པ་ལྟར་ཀཻ་ལ་ཤའི)རྒྱབ་ཀྱི་དུམ་བུ་གཅིག་(སྟེ་ཤམ་བྷ་ལའི་ཡུལ་ལ་སོགས་པ་ཡུལ་དགུ་བཅུ་རྩ་དྲུག)ཏུ་ཆོས་སྟོན་ པར་བྱེད་པ་དང་མདུན་ཏེ་(ཀཻ་ལ་ཤའི་ཡུལ་ནས་ལྷོ་ཕྱོགས་སུ་ཁ་བལྟས་པའི་དབང་དུ་བྱས་པའི)མདུན་གྱི་དུམ་ བུར་(འཕགས་པའི་ཡུལ་ལ་སོགས་པ)ཀླ་ཀློའི་ཆོས་ཟད་པ་དོན་དུ་གཉེར་བ་གང་ཡིན་པ་༤༩ འཇམ་ དཔལ་དང་འཇིག་རྟེན་མགོན་པོ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་དེ་ནི་རང་གི་ལུས་ལ་ དཔལ་ལྡན་རྡུལ་དང་བྱང་ཆུབ་ཀྱི་སེམས་(འཕོ་མེད་དུ་བརྟན་པས)བདེ་བ་སྟེར་བའམ་སྨོན་པའི་ སེམས་དང་འཇུག་པའི་སེམས་སོ། །རྒྱབ་ཀྱི་དུམ་བུར་ཚངས་པ་(དང་)ལ་སོགས་པའི་(སྒྲས་ འོད་སྲུང་ལ་སོགས་པ་དུམ་བུ་ཅན་གྱི་)རིགས་རྣམས་པ་སྣ་ཚོགས་(སྐུར་བཤད་པ)གང་ཡིན་པ་དེ་ནི་རང་ གི་ལུས་ལ་(རིགས་)དུ་མའི་སངས་རྒྱས་རྣམས་པར་དག་པ་ཕུང་པོ་(གཞན)དང་ཁམས་(གཞན) དང་སྐྱེས་མཆེད་(གཞན)རྣམས་ཀྱི་རང་བཞིན་ནོ། །དེ་ལྟར་(འཁོར་ལོ་ཅན་རིགས་ལྡན་དྲག་པོ་དང་)ཀླ་ ཀློའི་དབང་པོའི་འཁྲུག་པར་འགྱུར་ཏེ་ངེས་པར་ལུས་ཅན་རྣམས་ཀྱི་ལུས་ཀྱི་དབུས་སུ(ཚང་པ) འོ། །(འཁོར་ལོ་ཅན་གྱི་དཔུང་ཚོགས་ཡན་ལག་བཞི་པོ་རྣམས་ཕལ་ཆེར་སྤྲུལ་བ་ཡིན་པས)སྒྱུ་མའི་གཟུགས་ཀྱང་ཕྱི་ རོལ་ཏུ་ནི་ངེས་པར་མ་ཁའི་ཡུལ་དུ་(འཁོར་ལོ་ཅན་གྱིས)ནི་ཀླ་ཀློ་(དཔའ་སྐོངས་ནས་རང་གི་ཆོས་ལ་འགོད་ པའི་ཚུལ་གྱིས)འཁྲུག་སྟེ་(ཀླ་ཀློ་རྣམས་ཀྱིས་སྲོག་གཏོང་བའི་ཚུལ་གྱིས)འཁྲུག་པ་མིན་(ལེའུ་དང་པོར་ཀླ་ཀློ་རྣམས་ཀྱི་ 3-1-57 སྲོག་གཅོད་པ་ལྟ་བུར་གསུངས་པ)ཞེས་པ་སྟེ་འདི་ནི་〚དགོངས་པ་ཅན་དུ་〛རྒྱས་པར་འཆད་པར་འགྱུར་ བའི་ལེའུ་ལྔ་པར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱའོ། ༥༠ ། ༈ (དགུ་པ་དབུ་མ་ལས་བརྒྱུད་མ་ཐག་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ)ད་ནི་དུས་ཀྱི་ལོ་ཞེས་པ་ལ་ སོགས་པས་དབུ་མའི་ཕྱོགས་གསུམ་དང་ལོ་གསུམ་གྱི་དབྱེ་བ་དག་གིས་རིགས་གསུམ་(དང་ དྲུག)ལ་སོགས་པས་(དཔལ་གསང་བ)འདུས་པ་ལ་སོགས་པ་(ལྷ་དང་རྒྱུད་ཐམས་ཅད་ལུས་ལ་ཚང་བར) གསུངས་ཏེ་འདིར་དུས་ཀྱི་ལོ་ནི་རྩ་དབུ་མའི་(རླུང་ལོ་བརྒྱར་བསགས་པའི)ལོ་སྟེ་མེ་གྲངས་ནི་ལོ་ གསུམ་གྱི་གྲངས་སོ། །ལོ་ཡི་ཉིན་ཞག་ཚོགས་ཀྱི་བསྒྱུར་བ་ནི་ཉིན་ཞག་སུམ་བརྒྱ་དྲུག་ཅུས་ བསྒྱུར་བར་འགྱུར་བ་སྟེ་ཉིན་ཞག་གི་ཚོགས་སྟོང་བརྒྱད་ཅུར་འགྱུར་རོ། །(དབུ་མའི)ལོ་གསུམ་ པོ་དེ་ཉིད་(འཇིག་རྟེན་ཀུན་རྫོབ་ཀྱི་མཆོག་གི)རིགས་གསུམ་སྟེ་སྐུ་དང་གསུང་དང་ཐུགས་ཀྱི་རིགས་སོ། ། ལོའི་དབྱེ་བས་(ནི་ལོ་དང་པོ)སྙིང་སྟོབས་(གཉིས་པ)དང་རྡུལ་(གསུམ་པ)དང་མུན་པའི་རང་བཞིན་ ནོ། །ཉིན་ཞག་གི་ཚོགས་(སྟོང་བརྒྱད་ཅུ་པོ)དེ་ལས་བགྲོད་པའི་དབྱེ་བ་བརྒྱ་བརྒྱད་ཅུའི་ཆས་ཐོབ་ པ་ནི་〔འཇིག་རྟེན་ཀུན་རྫོབ་ཀྱི་མཆོག་གི〕རིགས་དྲུག་ཏུ་འགྱུར་རོ། །སླར་ཡང་ཉིན་ཞག་གི་ཚོགས་དེ་ ལས་ཟླ་བའི་དབྱེ་བས་ཏེ་སུམ་ཅུའི་ཆས་ཐོབ་པ་ནི་(འཇིག་རྟེན་ཀུན་རྫོབ་ཀྱི་མཆོག་གི)རིགས་སུམ་ཅུ་ རྩ་དྲུག་ཏུ་འགྱུར་རོ། །རོ་ཡིས་བསྒྱུར་བའི་རོ་ཞེས་པ་དྲུག་གིས་བསྒྱུར་བའི་དྲུག་ནི་(ཀུན་རྫོབ་ ཀྱི་ཀ་རྡོ་རྗེའི་རྒྱུད་ལ་སོགས་པ)སུམ་ཅུ་རྩ་དྲུག་སྟེ་རྣལ་འབྱོར་མ་རྣམས་ཀྱི་རིགས་སོ། །དེ་བཞིན་དུ་ ཐབས་རྣལ་འབྱོར་པ་རྣམས་ཀྱི(རིག་སུམ་ཅུ་རྩ་དྲུག་པོ)འོ། །ཉིན་ཞག་གི་ཚོགས་སྟོང་བརྒྱད་བཅུ་པོ་ དེ་ལས་རེས་གཟས་བཅད་ལས་ཐོབ་པ་ནི་རབ་གསལ་ངེས་པར་དུས་ཀྱི་འཁོར་ལོའི་དཀྱིལ་ འཁོར་བའི་ལྷ་རྣམས་(གྱི་གྲངས)ཏེ་ལྔ་བཅུ་རྩ་བཞི་ལྷག་པའི་བརྒྱ་ཕྲག་གཅིག་གོ། ལྷག་མ་ (གཉིས་ནི)ཤེས་རབ་དང་ཐབས་ཟུང་གཅིག་(གཙོ་བོ་ཡབ་ཡུམ)སྟེ་དེ་ལྟར་ན་(ཐོབ་པ་དང་ལྷག་མ་གཅིག་ ཏུ་བསྡུས་པ)ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་གཅིག་ནི་དུས་ཀྱི་འཁོར་ལོའོ། །(དེ་ཡང་གཟའ) 3-1-58 བདུན་གྱི་ཆའི་ལྷག་མ་(གཉིས་པོ)ནི་(དབུས་སུ་རིགས་འདྲེས་པ)རིགས་ལྡན་གྱི་གནས་ཀྱི་ལྷག་པའི་ལྷ་ སྟེ་ལྷ་དང་ལྷ་མོའི་འཁོར་ལོ་དང་རིགས་ལྡན་གྱི་མཚན་ཉིད་དོ། །སླར་ཡང་སྔར་གྱི་ཉིན་ཞག་ གི་ཚོགས་སྟོང་བརྒྱད་ཅུ་པོ་དེ་ལས་ཕྱོགས་ཀྱིས་བཅད་པ་མངོན་པར་བརྗོད་པ་ཞེས་པ་ནི་བཅོ་ ལྔའི་ཆས་ཐོབ་པའི་ལྷ་དང་ལྷ་མོ་རྣམས་ཀྱི(གྲངས་ཀྱི)ས་(འཁོར་ལོ་སྡོམ་པ་ཆེན་པོ)མངོན་པར་བརྗོད་ པ(འབུམ་པ་ཆེན་པོའི་ལྷ)ར་འགྱུར་ཏེ་(བདེ་མཆོག་དང་དུས་འཁོར་ངོ་བོ་གཅིག་པས)དུས་ཀྱི་འཁོར་ལོའི་བདག་ པོ་(གཙོ་བོ་ཡབ་ཡུམ་)ཟུང་དང་ལྷན་ཅིག་བདུན་ཅུ་རྩ་གཉིས་ནི་(འཁོར་ལོ་སྡོམ་ཆེན་གྱི)ལྷ་དང་ལྷ་མོའི་ མཚན་ཉིད་དོ། །ཞེས་པ་ལོ་གསུམ་གྱི་དབྱེ་བས་རྣལ་འབྱོར་མའི་རྒྱུད་ཀྱི་(གྲངས)ངེས་པ་(ལུས་ ལ་སྦྱར་བ)འོ། །(དེ་ལྟར་ན)འཇིག་རྟེན་ཀུན་རྫོབ་ཀྱིས་(ལོ་གསུམ་ནི)རིགས་གསུམ་དང་(བགྲོད་པ་དྲུག་ ནི)རིགས་དྲུག་དང་(ཟླ་བ་སོ་དྲུག་པོ)རིགས་སུམ་ཅུ་རྩ་དྲུག་(ཏུ་བཞག་པ)ནི་རྣལ་འབྱོར་མའི་རྒྱུད་དེ་ (དོན་དམ་པར་ནི་ལོ་ལ་སོགས་པ་ཉིད་རྒྱུད་མ་ཡིན་གྱི་དེ་དག་གི་དེ་བཞིན་ཉིད་ཀྱི་རིགས་གསུམ་ལ་སོགས་པ་རྒྱུད་ཡིན་པ་ནི་) རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། ༥༡ ། ད་ནི་སྒྱུ་འཕྲུལ་དྲ་བ་ཞེས་པ་ལ་སོགས་པས་བྱ་བའི་རྣལ་འབྱོར་དང་(སྒྱུ་འཕྲུལ་དྲ་བ་དང་) རྣལ་འབྱོར་གྱི་རྒྱུད་(གསང་བ་འདུས་པ)རྣམས་(རིམ་པ་ལྟར)རྣམ་པ་གསུམ་དང་དྲུག་གི་དབྱེ་བས་ གསུངས་པ་འདིར་(ལོ་བརྒྱའི)དབུ་མའི་ཕྱོགས་གསུམ་གྱི་ཉིན་ཞག་ནི་ཉིན་ཞག་བཞི་བཅུ་རྩ་ལྔ་ སྟེ་ཉིན་ཞག་སོ་སོ་ལ་དུས་སྦྱོར་བཅུ་གཉིས་ཀྱི་དབྱེ་བས་བཅུ་གཉིས་ཀྱིས་བསྒྱུར་བ་ནི་ཉིན་ ཞག་གི་ཡན་ལག་བཞི་བཅུ་ལྷག་པའི་ལྔ་བརྒྱའི་གྲངས་སུ་འགྱུར་རོ། །ཉིན་ཞག་གི་ཡན་ ལག་(དུས་སྦྱོར)བཞི་བཅུ་ལྷག་པའི་ལྔ་བརྒྱ་པོ་དེ་(སྤྱིར་རྣལ་འབྱོར་གྱི་རྒྱུད་གྱི་ལྷ་གྲངས་ཡིན་པ)ལས་ཐ་དད་ དུ་བྱས་པ་ནི་སྒྱུ་འཕྲུལ་དྲ་བ་རྣམ་པ་གསུམ་དུ་ཡང་འགྱུར་ཏེ་བུག་པ་རིག་བྱེད་ཅེས་པ་ལྷ་ཟུང་ བཞི་བཅུ་རྩ་དགུའི་(སྒྱུ་འཕྲུལ་དྲ་བ)གཅིག་ཏུ་འགྱུར་རོ། །ལྷར་ཡང་འབྱུང་བ་རྒྱ་མཚོས་འགྱུར་ ཞེས་པ་ནི་ལྷ་ཟུང་བཞི་བཅུ་རྩ་ལྔས་(སྒྱུ་འཕྲུལ་དྲ་བ)གཉིས་པར་འགྱུར་རོ། །མེ་དང་ཆུ་གཏེར་ 3-1-59 གྱིས་དེ་ལྷ་ཟུང་བཞི་བཅུ་རྩ་གསུམ་གྱིས་(སྒྱུ་འཕྲུལ་དྲ་བ)གཞན་དུ་(སྟེ་གསུམ་པ)འོ། །ཉིན་ཞག་ གི་ཡན་ལག་(ལྔ་བརྒྱ་བཞི་བཅུ་པོ)འདི་(དག)ལས་ཐ་དད་(ཟུར་)དུ་བྱས་པ་རྣམས་ནི་(སྒྱུ་འཕྲུལ་དྲ་བ) གསུམ་གྱི་དབྱེ་བས་(ལྷ་ཟུང་)སུམ་ཅུ་རྩ་བདུན་ལྷག་པའི་བརྒྱའི་གྲངས་སུ་འགྱུར་རོ། །ལྷ་དང་ ལྷ་མོ་རྣམས་ནི་(ཐབས་ཤེས)ཉིས་འགྱུར་ཏེ་བདུན་ཅུ་རྩ་བཞི་ལྷག་པའི་ཉིས་བརྒྱའི་གྲངས་སུ་ འགྱུར་རོ་ཞེས་པ་ནི་སྒྱུ་འཕྲུལ་དྲ་བའི་ངེས་པ་སྟེ་འདིའི་(གདན་ལ་སོགས་པ)སྤྲོས་པའི་དོན་ནི་ལེའུ་ ལྔ་པ་ལས་བརྗོད་པར་བྱའོ་སྒྱུ་འཕྲུལ་དྲ་བ་བྱ་བའི་རྣལ་འབྱོར་གྱི་རྒྱུད་ཀྱི་ངེས་པའོ། ། ༈ ད་ནི་(རྣལ་འབྱོར་གྱི་རྒྱུད)འདུས་པ་རྣམ་པ་དྲུག་གི་དབྱེ་བ་གསུངས་ཏེ་(སྐུར)ཐ་དད་དུ་བྱས་ པའི་ལྷག་མའི་ཉིན་ཞག་གི་ཡན་ལག་(ཉིས་བརྒྱ་དྲུག་ཅུ་རྩ་དྲུག་པོ)དེ་ལས་དཔལ་ལྡན་འདུས་པ་དུས་ ཀྱི་དབྱེ་བ་དེ་ཉིད་ཅེས་བྱ་ཞེས་པ་ནི་ཉིན་ཞག་གི་{ཡན་ལག་གི}ཡན་ལག་དེ་ལས་ཐ་དད་ དུ་བྱས་པའི་ལྷ་ཟུང་ཉི་ཤུ་རྩ་ལྔས་ཉི་ཤུ་རྩ་ལྔའི་བདག་ཉིད་(ཀྱི་འདུས་པའི་དཀྱིལ་འཁོར)དུ་འགྱུར་ རོ། །ལྷ་བཅུ་དགུ་ཐ་དད་དུ་བྱས་པས་ཉི་ཤུ་རྩ་ལྔ་པོ་འདི་ལས་དྲུག་གིས་དམན་པ་གཞན་(ལྷ་ ཟུང་)བཅུ་དགུའི་བདག་ཉིད་དུ་འགྱུར་རོ། །ཉི་ཤུ་རྩ་ལྔའི་བདག་ཉིད་དང་བཅུ་དགུའི་བདག་ ཉིད་དེ་དག་གི་ཕྱེད་ཀྱི་དབྱེ་བས་རྣམ་པར་ཕྱེ་བ་ནི་དབྱེ་བ་གཞན་དུ་ཡང་འགྱུར་ཏེ་ཉི་ཤུ་རྩ་ ལྔའི་ཕྱེད་ནི་ཕྱེད་དང་བཅས་པའི་བཅུ་གཉིས་སོ། །བཅུ་དགུའི་ཕྱེད་ནི་ཕྱེད་དང་བཅས་པའི་ དགུ་སྟེ་(ཕྱེད་དང་བཅས་པའི་དགུ་པོ)འདི་ལས་ཕྱེད་ནི་ཕྱེད་དང་བཅས་པའི་བཅུ་གཉིས་ལ་འཇུག་ གོ། དེ་ལ་གཅིག་ནི་དགུའི་བདག་ཉིད་ཀྱིས་འདུས་པ་སྟེ་གཞན་ནི་བཅུ་གསུམ་གྱི་བདག་ཉིད་ དོ། །སླར་ཡང་བསྲེས་པ་ནི་འདུས་པའི་དབྱེ་བ་གཞན་གཉིས་སུ་འགྱུར་ཏེ་བཅུ་གསུམ་ཞེས་ པ་ནི་བཅུ་དང་གསུམ་མོ། །བཅུ་དགུ་ནི་ཉི་ཤུར་གཅིག་གིས་མ་ཚང་བ་སྟེ་བཅུ་གསུམ་དང་བཅུ་ དགུ་པོ་འདི་དག་གིས་ཀྱང་ལྷ་ཟུང་སུམ་ཅུ་རྩ་གཉིས་ཀྱི་འདུས་པར་འགྱུར་རོ། །བུག་པ་སྟེ་ དགུ་དང་དེ་ཉིད་བཅས་ཞེས་པ་ཉི་ཤུ་རྩ་ལྔ་དང་བཅས་པ་ནི་ལྷ་ཟུང་སུམ་ཅུ་རྩ་བཞིས་འདུས་ 3-1-60 པ་གཉིས་པར་འགྱུར་ཏེ་དེ་ལྟར་འདུས་པ་དྲུག་གི་དབྱེ་བ་ཐ་དད་དོ། །རྒྱུད་ཀྱི་རྒྱལ་པོ་དྲུག་པོ་ འདི་རྣམས་ལ་ལྷ་ཟུང་གི་གྲངས་སུམ་ཅུ་རྩ་གཉིས་ལྷག་པའི་བརྒྱར་འགྱུར་རོ། །(བདེ་སྟོང་གི་དབྱེ་ བས)ཉིས་འགྱུར་ནི་ལྷ་དང་ལྷ་མོའི་གྲངས་ཏེ་དྲུག་ཅུ་རྩ་བཞི་ལྷག་བའི་བརྒྱ་ཕྲག་གཉིས་སོ(ལྷག་ མ་གཉིས་ནི་བདག་པོ་ཟུང་སྟེ་ལྷ་སོ་བཞི་པའི་གཙོ་བོ་ཡབ་ཡུམ་ལ་འདུས་པ་གང་ཡིན་པ་ཕུང་པོ་དྲུག་དང་ཁམས་དྲུག་པ་གཞན་ ནོ)། །དེ་ལྟར་ན་འདུས་པ་དང་སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་རྒྱལ་པོ་དགུ་པོ་རྣམས་ལ་(ལྷ་ལྔ་བརྒྱ་སུམ་ ཅུ་རྩ་བརྒྱད)བདག་པོ་ཟུང་དང་བཅས་པ་བཞི་བཅུ་ལྷག་པའི་ལྔ་བརྒྱའི་ཉིན་ཞག་གི་ཡན་ལག་ གི་གྲངས་ཀྱི་ལྷ་དང་ལྷ་མོར་འགྱུར་རོ། །རྒྱུད་འདི་རྣམས་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ དང་ཟླ་བ་དང་ཉི་མའི་རྐང་པ་རྫོགས་པའི་དབྱེ་བས་(ལྷའི་གྲངས་དང་གདན་གྱི་དབྱེ་བ)ཐ་དད་པ་ནི་ གདན་གྱི་དབྱེ་བས་(དང་)མངལ་དུ་(ཕུང་པོ་ཁམས་སོགས་རྫོགས་པ)ཇི་ལྟ་བ་དེ་བཞིན་དུ་ལེའུ་ལྔ་པ་ ལས་བརྗོད་པར་བྱའོ་ཞེས་པ་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ངེས་པའོ། ། ༈ འདིར་མངལ་ནས་སྐྱེས་པའི་ཕུང་པོ་(ལྔ)དང་ཁམས་(བཞི)རྫོགས་པ་ནི་(ལྷ)དགུའི་ བདག་ཉིད་ཀྱི་འདུས་པའོ། །དེ་བཞིན་དུ་ཕུང་པོ་(ལྔ)དང་ཁམས་(བཞི)དང་(སྤྱི་བོ)ལྷན་ཅིག་ སྐྱེས་པ་དང་(སྙིང་ཁ)ཆོས་དང་(མགྲིན་པ)ལོངས་སྤྱོད་རྫོགས་པ་དང་(ལྟེ་བ)སྤྲུལ་བའི་འཁོར་ ལོ་རྫོགས་པ་ནི་བཅུ་གསུམ་གྱི་བདག་ཉིད་(ཀྱི་འདུས་པའོ)དོ། །དེ་བཞིན་དུ་ཕུང་པོ་(ལྔ་)དང་ ཁམས་(བཞི)དང་འཁོར་ལོ་(བཞི)དང་ཡུལ་(དྲུག)རྫོགས་པ་ནི་བཅུ་དགུའི་བདག་ཉིད་(ཀྱི་འདུས་ པ་སྟེ་ཡེ་ཤེས་ཞབས་ལུགས་སུ་གྲགས་པ་ལྟ་བུའོ། །དེས་ན་འདི་དུས་འཁོར་གྱི་ལྷ་སྤྲོ་བ་དང་མི་མཐུན་ཡང་སྐྱོན་མེད)དོ༌། །དེ་ བཞིན་དུ་ཕུང་བོ་(ལྔ)དང་ཁམས་(བཞི)དང་འཁོར་ལོ་(བཞི)དང་ཡུལ་(དྲུག)དང་མིག་ལ་སོགས་ པ་(དབང་པོ)དྲུག་རྫོགས་པ་ནི་(ལྷ)ཉི་ཤུ་རྩ་ལྔའི་བདག་ཉིད་དོ། །དེ་བཞིན་དུ་ཕུང་པོ་(ལྔ)དང་ ཁམས་(བཞི)དང་འཁོར་ལོ་(བཞི)དང་ཡུལ་(དྲུག)དང་དབང་པོ་(དྲུག)དང་〔ངག་ལག་པ་རྐང་པ་བཤང་ ལམ་སྟེ་〕ལས་ཀྱི་དབང་པོ་(བཞི་)དང་གསང་བ་དང་གཙུག་ཏོར་གྱི་པད་མ་རྫོགས་པ་ནི་སུམ་ཅུ་ 3-1-61 རྩ་གཉིས་ཀྱི་བདག་ཉིད་(ཀྱི་འདས་པ་སྟེ་འདིར་གཙོ་བོ་སོ་སོར་བགྲང་དགོས་པ་ཉིད)དོ། །དེ་བཞིན་དུ་ཕུང་ པོ་(ལྔ)དང་ཁམས་(བཞི)དང་འཁོར་ལོ་དྲུག་དང་ཡུལ་(དྲུག)དང་དབང་པོ་དང་ལས་ཀྱི་དབང་ པོ་(བཞི)དང་མཆོག་གི་དབང་པོ་དང་(ཁུ་བ་འཕོ་བའི)དགའ་བ་(ལས་དབང་གི་བྱ་བ་དྲུག་པ)རྫོགས་པ་ ནི་སུམ་ཅུ་རྩ་བཞིའི་བདག་ཉིད་ཀྱི་འདུས་པའོ། །(འདིར་ཡང་གཙོ་བོ་ཡབ་ཡུམ་སོ་སོར་བགྲང་དགོས་སོ) མངལ་བཟུང་ནས་ལོ་བཅུ་དྲུག་གི་མཚམས་ཀྱི་བར་དུ་བྱིས་པ་རྣམས་(གནས་སྐབས)རྣམ་པ་དྲུག་ ཏུ་འབྱུང་བ་ནི་(གསང་བའི)འདུས་པའི་(དཀྱིལ་འཁོར་དྲུག་གི)ངེས་པ་སྟེ་(ཕུང་པོ་དྲུག་དང་ཁམས་དྲུག་པ་གཞན་ ནི་འདིར་བདག་པོ་ཟུང་ལ་འདུའོ། །དཀྱིལ་འཁོར་དང་ལྷའི་ཞལ་ཕྱག་ལ་སོགས་ཀྱི་ངེས་པ་ནི་)ལེའུ་ལྔ་པ་ལས་རྒྱས་ པར་བརྗོད་པར་བྱའོ(འོན་ཀྱང་དེར་ནི་འཁོར་ལོའི་གནས་སུ་ལས་དབང་བཞི་དང་ལས་དབང་བཞིའི་གནས་སུ་ལས་ དབང་གི་བྱ་བ་བཞི་དང་གསང་བ་དང་གཙུག་ཏོར་གྱི་འཁོར་ལོའི་གནས་སུ་ལས་དབང་ལྔ་པ་དང་བྱ་བ་ལྔ་པ་ལ་གསུང་སྟེ་འདིར་ ནི་འདི་བདམ་ཀ་ཅན་དུ་དགོངས་པའོ། །དེ་ལྟར་མངལ་ན་སྐྱེས་པའི་ཕུང་པོ་སོགས་ལྷ་ཉིད་དུ་གསུང་བ་ནི་ལྷའི་དབྱེ་བ་ཤེས་པའི་ དོན་དུ་རེ་ཞིག་ལྷར་བཏགས་ནས་གསུངས་པ་སྟེ་ལྷ་དངོས་ནི་ཕུང་པོ་སོགས་གཞན་ཉིད་དུ་ཤེས་པར་བྱ་སྟེ་འོག་མ་རྣམས་ཀྱང་དེ་ བཞིན་ནོ)། །དེ་བཞིན་དུ་སྒྱུ་འཕྲུལ་དྲ་བ་ལ་ཕུང་པོ་དང་ཁམས་དགུ་དང་སྤུ་(དང་)ལ་སོགས་པའི་ (སྒྲས་ལྤགས་པ་ཁྲག་ཤ་རྩ་རུས་པ་རྐང་ཁུ་བ་སྟེ)ཁམས་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་འཁོར་ལོ་བཞི་ དང་བཅས་པ་དང་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པའི་ཁམས་དང་བཅས་པའི་ ལས་ཀྱི་དབང་པོ་དྲུག་ནི་(ལྷ)བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ཀྱི་སྒྱུ་འཕྲུལ་དྲ་བ(དེའི་སྟེང་དུ) འོ། །གཙུག་ཏོར་དང་གསང་བའི་པད་མ་དང་བཅས་པ་ནི་(ལྷ)བཞི་བཅུ་རྩ་ལྔའི་བདག་ཉིད་དོ། ། (དེའི་ཡང་སྟེང་དུ)འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་བཅས་པ་ནི་(ལྷ)བཞི་ བཅུ་རྩ་དགུའི་བདག་ཉིད་དོ། །ཞེས་པ་ནི་སྒྱུ་འཕྲུལ་དྲ་བའི་ངེས་པ་སྟེ་ལེའུ་ལྔ་པ་ལས་རྒྱས་ པར་གསུང་ངོ༌། །རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་འབྱུང་བའི་ངེས་པའོ། ། 3 ཕྱི་ནང་གི་ཕྱག་རྒྱ་ལུས་ལ་བཞུགས་ཚུལ། 3-1-62 ༈ ད་ནི་ཕྱི་དང་ནང་གི་ཕྱག་རྒྱ་(ལུས་ལ་སྦྱར་བ)གསུངས་ཏེ། (སྔགས་ཀྱི་ཚུལ)འདིར་ཐམས་ཅད་ དུ་(ཤེས་རབ་ཀྱི)རྒྱུས་འབྲས་བུ་(ཐབས)ལ་རྒྱས་གདབ་པར་བྱ་སྟེ། འབྲས་བུས་ཀྱང་རྒྱུ་ལ་རྒྱས་ གདབ་པར་བྱ(ཞེས་པ་ཐབས་ཤེས་རྒྱུ་འབྲས་དབྱེར་མེད་པ)འོ། །རྡུལ་གྱི་(རྣམ་པར་དག་པའི)ཆོས་ཅན་ཉིད་ཀྱི་ ཕྱིར་(རྡོ་རྗེ)ཉི་མ་ནི་ཤེས་རབ་སྟེ་རྒྱུ་དང་ཁུ་བ(རྣམ་པར་དག་པ)འི་ཆོས་ཅན་ཉིད་ཀྱི་ཕྱིར་(རྡོ་རྗེ)ཟླ་བ་ ནི་ཐབས་ཏེ་འབྲས་བུའོ། །གཞན་(བསམ་པ)ལ་ལྟོས་པ་ལས་ཁུ་བ(རྣམ་པར་དག་པ)འི་ཆོས་ཅན་ ཉིད་ཀྱི་ཕྱིར་(རྡོ་རྗེ)ཟླ་བ་ནི་(བསམ་པ་)ཤེས་རབ་སྟེ་རྒྱུ་དང་རྡུལ་གྱི་(རྣམ་པར་དག་པའི)ཆོས་ཅན་(རྣམ་ པར་དག་པའི)ཉིད་ཀྱི་ཕྱིར་(རྡོ་རྗེ)ཉི་མ་ནི་(བསམ་པ་)ཐབས་ཏེ་འབྲས་བུའོ། །དེ་ལྟར་ཐམས་ཅད་དུ་ (དམིགས་བཅས)སྟོང་པ་ཉིད་(དོན་དམ་གཞན་སྟོང་)ནི་ཤེས་རབ་སྟེ་(དམིགས་མེད་སྙིང་རྗེའི)རྒྱུ་དང་(དམིགས་ མེད)སྙིང་རྗེ་ནི་(དོན་དམ་བདེ་བ)ཐབས་ཏེ་(དམིགས་བཅས་སྟོང་པ་ཉིད་ཀྱི)འབྲས་བུའོ། ༥༢ ། འདིར་གང་ཞིག་(དབུ་མའི་ལོ་གསུམ་ཕྱོགས་གསུམ་གྱི)ཟླ་བའི་ཆ་ཤས་ཉིན་ཞག་གི་ཚོགས་བཞི་ བཅུ་རྩ་ལྔ་སྟེ་དེ་རྣམས་ལས་རེས་གཟའི་ཆ་ཡིས་ཐོབ་པ་ཉིན་ཞག་དྲུག་ནི་རྡོ་རྗེ་ཅན་གྱི་ཕྱག་རྒྱ་ དྲུག་ཏུ་འགྱུར་ཏེ་འཁོར་ལོ་(མི་བསྐྱོད་པ)དང་རྣ་ཆ་(འོད་དཔག་མེད)དང་མགུལ་རྒྱན་(རིན་འབྱུང་)དང་ གདུ་བུུ་(རྣམ་སྣང་)དང་སྐེ་རགས་(དོན་གྲུབ)དང་ཐལ་བ་དང་མཆོད་ཕྱིར་ཐོགས་(རྡོ་རྗེ་སེམས་དཔའ)ཏེ་ དུས་ཀྱི་འཁོར་ལོའི་(རིགས་དྲུག་མཚོན་པའི)ཕྱི་རོལ་གྱི་ཕྱག་རྒྱའོ། །གཞན་པའི་ཉིན་ཞག་ཚོགས་ ནི་ལྷག་མ་གསུམ་གྱི་གྲངས་ནི་ནང་དུ་(དུས་ཀྱི་འཁོར་ལོ)རྡོ་རྗེ་ཅན་གྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ སྟེ་(དེ་ལྟར་ན)ཕྱི་དང་ནང་དུ་ཕྱག་རྒྱ་དགུར་རིག་པར་བྱའོ། །ཤེས་རབ་སྐུ་ཞེས་པ་ནི་ཤེས་རབ་ ཀྱི་རྒྱུད་དང་ཐབས་ཀྱི་སྐུ་(ཞེས་པ)ཐབས་ཀྱི་རྒྱུད་ལ་དུས་སྦྱོར་གསུམ་རྣམས་ནི་སྙིང་སྟོབས་དང་ རྡུལ་དང་མུན་པའི་བདག་ཉིད་དེ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་དོ། །རྣལ་འབྱོར་མ་ དང་རྣལ་འབྱོར་གྱི་རྒྱུད་ལས་ཕྱག་རྒྱ་རབ་ཏུ་གསལ་བར་བྱས་པའི་ངེས་པའོ། ། ༈ ད་ནི་ནུས་མ་ཞེས་པ་ལ་སོགས་པས་དུས་ཀྱི་འཁོར་ལོའི་ལྷ་དང་ལྷ་མོའི་གྲངས་(ལུས་ལ་ 3-1-63 སྦྱར་བ)གསུངས་ཏེ། འདིར་འཁོར་ལོ་དྲུག་གི་རྩ་སྣ་ཚོགས་པའི་རང་བཞིན་རྣམས་ལྷའི་ཚོགས་ སོ(ཞེས་པ་སེམས་ཅན་གྱི་བསམ་པའི་དབང་གིས་བཏགས་པའོ)། །(དེ་ལ)ནུས་མ་ཁྲོ་བོ་རྣམས་ནི་རིམ་པས་ བཅུ་རུ་རབ་ཏུ་འགྱུར་ཏེ། ཞེས་པ་ལ་(དོན་དམ་པའི)ཕ་རོལ་ཏུ་ཕྱིན་པ་བཅུ་ནི་ནུས་མ་བཅུ་དང་ (སྟོབས་ལྔ་ལ་སོགས་པ་ནི)གཙུག་ཏོར་ལ་སོགས་པའི་ཁྲོ་བོ་བཅུ་སྟེ་སོ་སོར་བཅུའོ། །ལྔ་ནི་སངས་ རྒྱས་ལྷ་མོ་རྣམས་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་དང་རྡོ་རྗེ་དབྱིངས་ཀྱི་ དབང་ཕྱུག་མ་ལ་སོགས་པའི་ལྷ་མོ་ལྔ་སྟེ་སོ་སོར་ལྔའོ། ༥༣ ། གཟུགས་སོགས་མིག་ལ་སོགས་པ་དྲུག་སྟེ་ཞེས་པ་ནི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་ པ་དྲུག་དང་སའི་སྙིང་པོ་ལ་སོགས་པ་དྲུག་སྟེ་དེ་བཞིན་དུ་སོ་སོར་དྲུག་གོ། སླར་ཡང་ལྷའི་ ཚོགས་ནི་དྲུག་གཉིས་སོ་ཞེས་པ་ནི་དབང་པོ་ལ་སོགས་པ་(ལྷ་ཆེན)བཅུ་གཉིས་ཀྱི་གྲངས་སོ། ། རྣལ་འབྱོར་མ་དང་ཀླུ་དང་གཏུམ་མོ་བརྒྱད་ཅེས་པ་ནི་ཙར་ཙི་ཀ་ལ་སོགས་པ་(རྣལ་འབྱོར་མ) བརྒྱད་དང༌། མཐའ་ཡས་ལ་སོགས་པ་(ཀླུ)བརྒྱད་དང་ཁྱི་གདོང་མ་ལ་སོགས་པ་(རབ་གཏུམ་མ) བརྒྱད་དེ་ལྷའི་ཚོགས་འདི་རྣམས་མཐའ་དག་ནི་སྒྲུབ་ཐབས་ཀྱི་ལེའུ་ལས་སོ་སོར་མིང་གི་དབྱེ་ བས་(རྒྱས་པར)བརྗོད་པར་བྱའོ། །སྲིད་པར་ཞེས་པ་ནི་ཕྱི་རོལ་དང་ནང་དུ(སྦྱར་བ)འོ། །སླར་ ཡང་(བདུན་ཅུ་རྩ་བརྒྱད་པོ)འདི་རྣམས་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་དབྱེ་བས་ཉིས་འགྱུར་ ཏེ་(བརྒྱ་ལྔ་བཅུ་རྩ་དྲུག་པོ)འདི་རྣམས་དཔལ་ལྡན་དུས་ཀྱི་འཁོར་ལོ་(རྡོ་རྗེ་ཉི་ཟླ་གཉིས་ལ་ཉི་མ་ལ)བཞི་ ལྷག་བརྒྱ་སྟེ་(ཟླ་བ་ལ)དེའི་ཕྱེད་ཀྱང་(ཞེས་པ)ལྷ་ལྔ་བཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེ་ལྟར་(རྡོ་ རྗེ)ཉི་མ་དང་ཟླ་བའི་དབྱེ་བས་(ཤེས་རབ་ལ་ཐབས་ཀྱི་ཉིས་འགྱུར་ཡིན)ཏེ་སླར་ཡང་(ཉི་ཟླ)དེ་དག་གཅིག་ (བསྡུས་པ)ཉིད་ཀྱིས་ལྷ་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་གཅིག་གི་བདག་ཉིད་ཀྱི་དུས་ཀྱི་ འཁོར་ལོར་རིག་པར་བྱའོ། །(འཁོར་ལོ་དྲུག་གི་རྩ་འདབ་ཀྱི་གྲངས་དང་མཐུན་པར་སྦྱར་བ)པད་མའི་ལྟེ་བ་ལ་ གནས་པའི་ལྷའི་ཚོགས་ཀྱི་ངེས་པའོ། ། 3-1-64 ༈ ད་ནི་ཙར་ཙི་ཀ་ལ་སོགས་པའི་པད་མའི་འདབ་མའི་ལྷ་མོ་རྣམས་གསུངས་པ་ཉི་མའི་ ཆ་ལས་ཞེས་པ་(ཉི་མའི་བུ་ལོན)སུམ་ཅུ་རྩ་གཉིས་ཀྱི་ཆས་དབུགས་ཀྱི་འཁོར་ལོ་(ཉི་ཁྲི་ཅིག་སྟོང་དྲུག་ བརྒྱ)ལས་ཉིན་ཞག་སོ་སོར་(རྐང་པ་དང་བཅས་པའི་ཆུ་སྲང་ང་དྲུག་ལ)ཆུ་ཚོད་(དུ་བྱས་པ)གཉིས་(གཉིས) ཐོབ་པ་གང་ཡིན་པ་(དབུ་མའི་རླུང་)དེ་ནི་ཟླ་བ(རེ་རེ)འི་ནང་དུ་ཉིན་ཞག་སུམ་ཅུས་ཆུ་ཚོད་དྲུག་ ཅུར་འགྱུར་ཏེ་རིགས་ལྡན་(ཡེ་ཤེས་ཀྱི་དཀྱིལ་འཁོར)གྱི་རང་བཞིན་ནོ། ༥༤ ། དེ་རྣམས་རྣལ་འབྱོར་མ་སྟེ་དུས་སྦྱོར་བསྲེས་པ་ཞེས་པ་ལ་དུས་སྦྱོར་ནི་(འདིར)ཐུན་ མཚམས་བཞི་(ལ་བྱ)སྟེ་དེ་རྣམས་རིགས་ལྡན་(དྲུག་ཅུ)ལ་བསྲེས་པ་ནི་དྲུག་ཅུ་རྩ་བཞིར་འགྱུར་ རོ། །དེ་རྣམས་ཀྱང་ཤེས་རབ་དང་ཐབས་ཀྱི་དབྱེ་བས་གཉིས་ཀྱིས་བསྒྱུར་བ་ནི་ཉི་ཤུ་རྩ་ བརྒྱད་ལྷག་པའི་བརྒྱའི་གྲངས་སུ་འགྱུར་རོ། །སླར་ཡང་ཉི་མའི་(ཁྱིམ་ཞག་གི)ཆ་(དག་པ)ལས་ ཉིན་ཞག་རབ་ཕྱེ་སྟེ་ཉིན་ཞག་སུམ་བརྒྱ་དྲུག་ཅུས་རབ་ཏུ་ཕྱེ་བ་ནི་ནག་པ་ལ་སོགས་པའི་ཚེས་ ཀྱི་མཚན་ཉིད་ཀྱི་ལྷའི་ཚོགས་སོ། །(གཙོ་བོ་བཅུ་གཉིས་ཀྱིས་དམན་པ)དེ་ཉིད་(ཀྱི་ཚབ་ཏུ)སྒེག་མོ་ལ་ སོགས་པ་(གཟུངས་མ)བཅུ་གཉིས་དང་བཅས་པ་(ཐབས་ཤེས་ཀྱི་ཕྱེ་བ)ཉིས་འགྱུར་དག་ཀྱང་ཉི་ཤུ་ ལྷག་པའི་བདུན་བརྒྱའི་གྲངས་ཀྱི་ལྷའི་ཚོགས་སུ་འགྱུར་རོ། །(དེ་ལྟར་པད་མའི་ལྟེ་བའི་ལྷ་བརྒྱ་ལྔ་བཅུ་རྩ་ དྲུག་དང་འདབ་མའི་ལྷ་བརྒྱད་བརྒྱ་བཞི་བཅུ་རྩ་བརྒྱད་པོ)མཐའ་དག་(གཅིག་ཏུ)བསྡུས་པར་གྱུར་པ་ཞེས་པ་ནི་ (ལྷ་དང་)ལྷ་མོ་(སྟོང་དང་བཞི་པོ)འདི་རྣམས་མངོན་བརྗོད་(འབུམ་པའི་ལྷ་མོ)རྣམས་དང་བཅས་པ་སྟེ་ལྷ་ བདུན་ཅུ་རྩ་གཉིས་དང་བཅས་པ་(ལྷའི)ཕྱག་རྒྱ་དྲུག་དང་ལྷན་ཅིག་པ་(སྟོང་བརྒྱད་ཅུ་རྩ་གཉིས)ནི་ཉི་ མའི་(ཆའི་)ཉིན་ཞག་སུམ་འགྱུར་ལོ་གསུམ་གྱི་ཉིན་ཞག་གི་གྲངས་སྟོང་བརྒྱད་ཅུ(བདག་པོ་ཟུང་དང་ བཅས་པ)འོ། ། ༈ རྣལ་འབྱོར་མའི་རྒྱུད་(དུས་འཁོར་དང་འཁོར་ལོ་སྡོམ་ཆེན)ལ་(དབུ་མའི)ལོ་གསུམ་གྱི་ཉིན་ཞག་ གི་ཚོགས་ཀྱི་ལྷ་དང་ལྷ་མོར་རིག་པར་བྱ་བར་དགོངས་པ(འི་སྐད་ཀྱི་གསུངས་པ)སྟེ་དེ་ལྟར་ན་ 3-1-65 ཉི་མ(འི་ཆ་ཤས་ཀྱི་ལྷ་ལ)ལོའི་རབ་ཏུ་དབྱེ་བར་འགྱུར་རོ། །རི་བོ་འཛིན་པ(འི་ཆ་ཐབས་ཀྱི་ལྷ)ལ་སྒྱུ་ འཕྲུལ་དྲ་བ་དང་འདུས་པ་རྣམ་པ་དགུ་པོ་མཐའ་དག་(དབུ་མའི)ཕྱོགས་(གསུམ)ཀྱི་(ཞག་ལ་དུས་སྦྱོར་ བཅུ་གཉིས་ཀྱི)དབྱེ་བ་(བྱས་པ་རྣམས་ཡིན་པར་དགོངས་པའི་སྐད་ཀྱིས་བསྟན་པ)སྟེ་ལྷའི་ཚོགས་(བདག་པོ་ཟུང་དང་ བཅས་པ)བཞི་བཅུ་ལྷག་པའི་ལྔ་བརྒྱ་རྣམས་ཀྱིས་སོ(དེ་ལྟར་དབུ་མའི་ལོ་གསུམ་དང་ཕྱོགས་གསུམ་གྱི་ཞག་དུས་ སྦྱོར་རྣམས་ལྷ་དང་ལྷ་མོ་ཡིན་པར་གསུངས་པ་ནི་དེ་དག་གི་དེ་བཞིན་ཉིད་ལ་དགོངས་ནས་གསུངས་པ་ཡིན་གྱི་ཞག་དང་དུས་ སྦྱོར་དེ་རྣམས་ཉིད་ནི་ལྷ་དང་ལྷ་མོ་དངོས་མ་ཡིན་ནོ། །འོན་ཀྱང་དེ་དག་ཡེ་ཤེས་ཀྱི་ཆ་ཡིན་པ་དང་རྒྱུད་དེ་རྣམས་ཀྱི་ལྷ་དང་ལྷ་མོ་ དང་གྲངས་མཚུངས་བའི་སྒོ་ནས་ལྷ་དང་ལྷ་མོར་བཏགས་པ་ཡིན་ནོ)། ༥༥ ། དེ་ལྟར་ཉི་མ་(ཤེས་རབ)དང་ཟླ་བའི་(ཐབས་ཀྱི)ལྷའི་ཚོགས་གཅིག་ཏུ་གྱུར་པ་རྣམས་ཀྱིས་ ཀྱང་(རྩ་བའི་རྒྱུད)དང་པོའི་སངས་རྒྱས་(ཀྱི་ལྷ་རྣམས)སུ་འགྱུར་རོ། །དང་པོའི་སངས་རྒྱས་དེ་ལ་ མཁའ་ལག་མི་བདག་རྣམས་ཏེ་(ལྷ)ཉི་ཤུ་ལྷག་པའི་བརྒྱ་ཕྲག་བཅུ་དྲུག་གི་གྲངས་སོ། །ལྷ་དང་ ལྷ་མོ་དེ་དག་རྣམས་ཀྱི་ཤེས་རབ་ཐབས་དག་མཚན་མོ་ཉིན་མོ་ཞེས་པ་ནི་(ལྷ་སྟོང་དྲུག་བརྒྱ་ཉི་ཤུ་ པོའི་ཕྱེད་ཤེས་རབ་དང་ཕྱེད་ཐབས་ཀྱི་ཆར་བྱས་ནས)གྲངས་བཞིན་དུ་ཤེས་རབ་(རྣམས་ནི)མཚན་མོ(འཆར་ བ)འི་(རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ཀྱི་ཆུ་ཚོད་ཀྱི)ཆ་དང་ཐབས་(རྣམས་ནི)ཉིན་མོ(འཆར་བ)འི་(རྒྱུ་སྐར་གྱི་འཁོར་ལོ་ ཕྱེད་ཀྱི་ཆུ་ཚོད་ཀྱི)ཆའོ། །(ཉིན་མཚན་ཡང་ཚད)མཉམ་པའི་ཆ་སྟེ་ཉིན་ཕྱེད་ནས་མཚན་ཕྱེད་དང་མཚན་ ཕྱེད་ནས་ཉིན་ཕྱེད་ལ་རྒྱུ་སྐར་ཕྱེད་དང་བཅས་པའི་བཅུ་གསུམ་གྱིས་དེ་དབྱུག་གུའམ་ཆུ་ཚོད་ བཅུ་ལྷག་པའི་བརྒྱད་བརྒྱ་རྣམས་ཀྱིས་མཚན་མོ(འཆར་བ)འི་ཆའོ། །དེ་བཞིན་དུ་(ཆུ་ཚོད་ཀྱི་གྲངས་ དེ་ཙམ་གྱིས)ཉིན་མོའི་ཆ་སྟེ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་(རྩ་བའི་རྒྱུད)དང་པོའི་སངས་ རྒྱས་ལ་ལྷའི་ཚོགས་ནི་རྒྱུ་སྐར་གྱི་ཆུ་ཚོད་ཀྱི་གྲངས་ཀྱི་བདག་ཉིད་(དང་མཚུངས་པ་ཉིད)དུ་བཅོམ་ ལྡན་འདས་ཀྱིས་གསུངས་〔ཏེ་མཚན་ཡང་དག་པར་བརྗོད་པ་ཡང་དཔལ་ལྡན་རྒྱུ་སྐར་གྱི་འཁོར་ལོ་ཅན་ཞེས་གསུངས་〕སོ། །ཕྱི་རོལ་ཏུ་སྐར་མའི་ཆུ་ཚོད་རྣམས་གཟའ་ཐམས་ཅད་ཀྱིས་ལོངས་སྤྱོད་ཡིན་པ་དེ་ཇི་ལྟ་ 3-1-66 བ་དེ་བཞིན་དུ་ནང་དུ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་དང་དབང་པོ་དྲུག་གི་ཆོས་(གཞན་ དཀྱིལ་འཁོར་གྱི་ལྷ)རྣམས་ནི་རྣལ་འབྱོར་པ་རྣམས་ཀྱི(སོ་སོ་རང་གི་རིག་པར་བྱ་བ)འོ། ། ༈ གང་གིས་རང་གི་ལུས་ལ་ཤེས་པར་གྱུར་པ་སྟེ་དེ་ལྟར་བརྗོད་པའི་རིམ་པས་ཤེས་ རབ་དང་ཐབས་ཀྱི་བདག་ཉིད་(དོན་དམ་པའི་ལྷ)དང་པོ་སངས་རྒྱས་(བདེ་གཤེགས་སྙིང་པོ་དེ་རྣལ་འབྱོར་ བ)གང་གིས་རང་གི་ལུས་ལ་ཉིན་མཚན་དུས་ཞེས་པ་(གཙུག་ཏོར་དུ)ཐུན་མཚམས་(བཞི)དང་(སྙིང་ ཁར)ཐུན་ཚོད་(བརྒྱད་དང་)ལ་སོགས་པ(མགྲིན་པར་རྒྱུ་སྐར་ལ་སོགས་པ)འི་དབྱེ་བ་དང་(ལས་ཀྱི་འཁོར་ལོ) ཟླ་བ་འཕོ་བའི་དབྱེ་བ་བཅུ་གཉིས་རྣམས་ཀྱི(སྒྲིབ་པ་དང་བྲལ་བའི་ངོ་བོ་ཉིད་ཀྱི)ས་(མངོན་སུམ་དུ)ཤེས་ པར་གྱུར་པའི་རྣལ་འབྱོར་པ་དེ་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་སྲིད་པའི་འཇིགས་འཇོམས་ སངས་རྒྱས་སྐྱེ་བ་འདི་ཉིད་ཁོ་ན་ལའོ་ཞེས་པ་ནི་བསྡུས་པའི་རྒྱུད་དང་རྩ་བའི་རྒྱུད་ཀྱི་ལྷ་ འབྱུང་བའི་ངེས་པའོ། ༥༦ ། ༈ ད་ནི་སུམ་ཅུ་ཞེས་པ་ལ་སོགས་པས་མཆོག་གི་དང་པོ་སངས་རྒྱས་འདི་ལས་བསྡུས་ པའི་རྒྱུད་འབྱུང་བ་གསུངས་ཏེ་འདིར་(རྩ་བའི་རྒྱུད)མཆོག་གི་དང་པོ་སངས་རྒྱས་(ཀྱི་ལྷ)ཉི་ཤུ་ ལྷག་པའི་བརྒྱ་ཕྲག་བཅུ་དྲུག་ལས་(བཅུས་ཐོབ་པ་བསྡུས་རྒྱུད་ཀྱི་ལྷ་ཡིན་ཡང་འདིར་གསུམ་གྱིས་བསྒྱུར་བའི་དོན་ དུ་དང་པོ་རེ་ཞིག)སུམ་ཅུའི་ཆ་ཡིས་ཐོབ་པ་ནི་ལྷ་ལྔ་བཅུ་རྩ་བཞིར་འགྱུར་རོ། །སླར་ཡང་གསུམ་ གྱིས་བསྒྱུར་བ་སྟེ་སྐུ་དང་གསུང་དང་ཐུགས་ཀྱིས་བསྒྱུར་བ་ནི་དྲུག་ཅུ་རྩ་གཉིས་ལྷག་པའི་ བརྒྱར་འགྱུར་རོ། །དེ་རྣམས་ལས་དཀྱིལ་འཁོར་གྱི་ལྷ་ནི་ལྔ་བཅུ་རྩ་བཞི་ལྷག་པའི་བརྒྱའི་ གྲངས་ཏེ། (ཁ་སྐོང་བརྒྱད་ནི)དཀྱིལ་འཁོར་གྱི་གཙོ་བོ་ཐབས་དང་ཤེས་རབ་ཟུང་ཅིག་དང་ཕྱི་ རོལ་གྱི་ཕྱག་རྒྱ་དྲུག་གོ། བཅུའི་ཆས་མཆོག་གི་དང་པོའི་སངས་རྒྱས་ལས་(བསྡུས་པའི)དུས་ཀྱི་ འཁོར་ལོ་(བརྒྱ་དྲུག་ཅུ་རྩ་གཉིས)འབྱུང་བ་སྟེ་(བཅུས་འགོད་པའི་རྒྱུ་མཚན་ནི)ཨི་ཊ་ལ་སོགས་པ་དུང་ཅན་ མའི་མཐ(ར་ཐུག་པ)འི་རྩ(བཅུ་དག་པ)འི་དབྱེ་བས་དེ་(རླུང་བཅུ་འབབ་པའི་རྩ་རྣམས་དག་པས་སོ)ཕྱི་རོལ་ཏུ་ 3-1-67 (ལྷའི་རྣམ་པར་བརྟགས་པ)ནི་དྲང་བའི་དོན་ནོ། །བསྡུས་པའི་{རྒྱུད་ཀྱི}དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ ངེས་པའོ། ། ༈ ད་ནི་འཁོར་ལོ་དག་གི་རྩ་རྣམས་དེ་བཞིན་ཉིད་ཅེས་པ་ལ་སོགས་པས་དུས་ཀྱི་འཁོར་ ལོའི་(ལྷ་གྲངས་དང་མཐུན་པའི)རྩ་རྣམས་གསུངས་ཏེ་(སྤྱིར་རིགས་གསུམ་དང་དྲུག་དང་སུམ་ཅུ་རྩ་དྲུག་དང་ཁྱད་ པར་དུས་ཀྱི་འཁོར་ལོའི་རྩ་རྣམས་ལས)འདིར་(རེ་ཞིག)ལུས་ལ་རིགས་གསུམ་གྱི་རྩ་གསུམ་ནི་(ལྟེ་གསང་ ནོར་བུའི་ཆུ་སྐྱེས་ལ། །ལུས་ངག་སེམས་ནི་འབབ་པ་རྣམས། །ཞེས་རྩ་རྒྱུད་དུ་གསུངས་པ་ ལྟར)ལྟེ་བ་དང་གསང་བ་དང་རྡོ་རྗེ་ནོར་བུ(རིམ་པ་ལྟ)ར་ལུས་དང་ངག་དང་སེམས་ཀྱི་ཐིག་ལེ་ འཛིན་པ(འི་རྩ)རྣམས་སོ། །དེ་བཞིན་དུ་རིགས་དྲུག་གི་རྩ་རྣམས་ནི་(ལྟེ་བའི་སྟེང་དུ)ལ་ལ་ནཱ་དང་ ར་ས་ནཱ་དང་ཨ་བ་ངྷཱུ་ཏཱི་དང༌། (འོག་ཏུ)བཤང་པ་དང་གཅི་བ་དང་ཁུ་བ་འབབ་པ་རྣམས་སོ། །དེ་ བཞིན་དུ་རིགས་སུམ་ཅུ་རྩ་དྲུག་གི་རྩ་རྣམས་ནི་གཙུག་ཏོར་ལ་སོགས་པ་འཁོར་ལོ་དྲུག་གི་ (པོ་རེ་རེར་བགྲངས་པའི)རྩ་དྲུག་(གསང་གནས་ཀྱི་ནང་སྐོར་དང་གནད་གཅིག་པ)དང་(རྣ་བ་ལ)སྒྲ་འཛིན་པ(འི་རྩ) གཉིས་དང་(ལུས་ལ)རེག་འཛིན་པ〔འི་རྩ〕་གཉིས་དང་(མིག་ལ)གཟུགས་འཛིན་པ(འི་རྩ)གཉིས་དང་ (ལྕེ་ལ)རོ་འཛིན་པ(འི་རྩ)གཉིས་དང་(སྣ་ལ)དྲི་འཛིན་པ(འི་རྩ)གཉིས་པོ་འདི་དག་ནི་རྩ་བཅུ(སྟེ་ གསང་གནས་ཀྱི་པར་སྐོར་དང་གནད་གཅིག་པ)འོ། །ལྟེ་བའི་འཁོར་ལོའི་ནང་དང་གཞན་(སྟེ་དེའི་ཡང་ནང་ སྐོར)གྱི་ཟླུམ་པོ་རྣམས་ལ་(གྲངས་བཞིན་དུ)འཕོ་བ་བཅུ་གཉིས་ཀྱི་རྩ་རྣམས་དང་ཐུན་ཚོད་བརྒྱད་ ཀྱི་རྩ་རྣམས་སོ། །དེ་ལྟར་(རྩ་སུམ་ཅུ་རྩ་དྲུག་པོ)ཐམས་ཅད་(ཀ་རྡོ་རྗེའི་རྒྱུད་ལ་སོགས་པ)གཙོ་བོ་རིགས་ སུམ་ཅུ་རྩ་དྲུག་ཏུ་འགྱུར་ཏེ་(དེ་རྣམས་ཀྱང་ཕུང་པོའི་གནས་སུ་རོ་དྲུག་ཅེས་པས་)རོའི་རང་བཞིན་ཅན་དྲུག་ (པ་སོགས)དང་ཁམས་ཀྱི་རང་བཞིན་ཅན་དྲུག་དང་(མིག་སོགས)དབང་པོའི་རང་བཞིན་ཅན་དྲུག་ དང་(གཟུགས་སོགས)ཡུལ་གྱི་རང་བཞིན་ཅན་དྲུག་དང་(ངག་སོགས)ལས་ཀྱི་དབང་པོའི་རང་བཞིན་ ཅན་དྲུག་དང་(བརྗོད་པ་སོགས)ལས་ཀྱི་དབང་པོའི་ཡུལ་གྱི་རང་བཞིན་ཅན་དྲུག་(སྟེ་དེ་ལྟར་རོ་དྲུག་ 3-1-68 དང་ཁམས་ཀྱི་རྣམ་འགྱུར་སུམ་ཅུ་རྩ་དྲུག)གོ། དེ་བཞིན་དུ་(ཕུང་པོ་སུམ་ཅུ་རྩ་དྲུག་ནི)གཟུགས་(ཕུང་པོ)འཇུག་ པར་(བྱེད་ཅིང་བསྐྱེད་པ)བྱེད་པ་དྲུག་དང་ཚོར་བ་(དྲུག)འཇུག་པར་བྱེད་པ(འི་རྩ)དྲུག་དང་འདུ་ཤེས་ (དྲུག)འཇུག་པར་བྱེད་པ(འི་རྩ)་དྲུག་དང་འདུ་བྱེད་(དྲུག)འཇུག་པར་བྱེད་པ(འི་རྩ)་དྲུག་དང་རྣམ་ པར་ཤེས་པ་(དྲུག)འཇུག་པར་བྱེད་པ(འི་རྩ)་དྲུག་དང་ཡེ་ཤེས་(དྲུག)འཇུག་པར་བྱེད་པ(འི་རྩ)་ དྲུག་སྟེ། རིགས་སུམ་ཅུ་རྩ་དྲུག་གི་རྩ་རྣམས་ཀྱང་རྟེན་(རྩ)དང་བརྟེན་པ(རོ་དྲུག་དང་ཁམས་ཀྱི་རྣམ་ འགྱུར་སུམ་ཅུ་རྩ་དྲུག་དང་ཕུང་བོ་སུམ་ཅུ་རྩ་དྲུག་པོ)འི་འབྲེལ་པས་བདུན་ཅུ་རྩ་གཉིས་སོ་ཞེས་ཤེས་པར་ བྱའོ(འདིར་རྟེན་རྩ་དང་བརྟེན་པ་རླུང་ལ་སྦྱོར་བ་དང་རྟེན་རྩ་དང་བརྟེན་པ་ལྷ་ལ་སྦྱར་བ་ནི་དགོངས་པ་མ་ཡིན་ནོ)། །དེ་ བཞིན་དུ་དུས་ཀྱི་འཁོར་ལོའི་རྩ་རྣམས་གསུངས་པ་གཙུག་ཏོར་ལ་ནི་ཆུ་གཏེར་ཞེས་པ་ནི་ འདབ་མ་བཞིའི་གཟུགས་ཅན་བཞི་སྟེ་ཐུན་མཚམས་བཞི་འཇུག་པར་བྱེད་པ་རྣམས་སོ། །སྙིང་ ཁར་བརྒྱད་དེ་ཞེས་པ་ནི་རྩ་སྣར་མ་ལ་སོགས་པ་(བརྒྱད)མཉམ་གནས་ལ་སོགས་པ(རླུང་བརྒྱད་ པོ)རྣམས་ཀྱི་རྟེན་དུ་གྱུར་པ་རྣམས་ཉིན་ཞག་སོ་སོར་ཐུན་(བརྒྱད)གྱི་དབྱེ་བས་གཟའ་བརྒྱད་རྒྱུ་ བར་བྱེད་པ་རྣམས་སོ། །འདིར་འོག་དང་སྟེང་དུ་རྩ་གཉིས་ཏེ་(ཐུར་སེལ་དང་སྲོག)རླུང་གི་རྟེན་ནོ། ། སྤྱི་བོར་མི་བདག་ཅེས་པ་ནི་(ཐུན་ཕྱེད་ཀྱི་དབྱེ་བས)ཚེས་བཅུ་དྲུག་འཇུག་པར་བྱེད་པ་རྣམས་སོ། ། མགྲིན་པ་ལ་ཡང་སོ་ཡི་གྲངས་ཞེས་པ་ནི་མགྲིན་པའི་འཁོར་ལོ་ལ་(ཐུན་ཕྱེད་པ་ཕྱེད་ཀྱི་དབྱེ་བས) རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་དབྱུག་གུའི་སྐར་མ་བཞི་འཇུག་པར་བྱེད་པ་སུམ་ཅུ་རྩ་གཉིས་སོ། ། ལྟེ་བར་ཏེ་ལྟེ་བའི་པད་མ་ལ་ཁྱིམ་(བཅུ་གཉིས)གྱི་རྩའི་ཕྱི་རོལ་ཏུ་(དབུགས་དྲུག་ཅུ་རྩ་བཞིའི་དབྱེ་བས)ཆུ་ ཚོད་ཀྱི་རྩ་བརྒྱད་ནི་བརྒྱད་ཀྱིས་བསྒྱུར་བ་རྩ་དྲུག་ཅུ་རྩ་བཞི་སྟེ་དཀྱིལ་འཁོར་དྲུག་ཅུ་འབབ་ པར་བྱེད་པ་དང་སྟོང་པ་བཞི་འབབ་པར་བྱེད་པ་ནི་དབྱུག་གུ་དྲུག་ཅུ་རྩ་བཞི་འབབ་པར་བྱེད་ པའོ། །ཉིས་འགྱུར་མི་བདག་ཅེས་པ་ནི་སུམ་ཅུ་རྩ་གཉིས་ཏེ་གསང་བའི་དབུས་སུ་(རབ་ཏུ་གྲགས་ ཞེས་པ)གསང་བའི་པད་མའི་རྩ་ཁུ་བ་(དང་ཁྲག་དང་དྲི་ཆུ་དང་པོ)ལ་སོགས་པའི་ཁམས་སུམ་ཅུ་རྩ་ 3-1-69 གཉིས་འཁོར་བར་བྱེད་པ་རྣམས་སོ(རྩ་འདི་རྣམས་དགྱེས་པ་རྡོ་རྗེར་མི་ཕྱེད་མ་ལ་སོགས་པར་གསུང་ཤིང་རྡོར་སྙིང་ འགྲེལ་བར་རྐན་གྱི་སྟེང་དུ་དཔྲལ་བར་ཁུ་བའི་ཆའི་རང་བཞིན་གྱི་བདུད་རྩི་འཛག་པའི་འཕྱང་མ་ལ་མི་ཕྱེད་མ་ལ་སོགས་པ་རྩ་ སུམ་ཅུ་རྩ་གཉིས་ཀྱིས་བསྐོར་ནས་གནས་པར་གསུངས་པའི་གསང་གནས་ཀྱི་འཁོར་ལོ་དང་སྤྱི་བོའི་འཁོར་ལོ་གནད་གཅིག་པ་ ལ་དགོངས་སམ་གང་ཡིན་དཔྱད་པར་བྱའོ)། ༥༧ ། (དེ་ལྟར་རྩ་འདབ་སུམ་ཅུ་རྩ་གཉིས་པོ)འདི་རྣམས་ལས་(ནང་སྐོར་གྱི)རྩ་དྲུག་ནི་འཁོར་ལོ་དྲུག་འགོག་ པར་འགྱུར་རོ། །(པར་སྐོར་གྱི་རྩ)བཅུས་ཡུལ་(འཛིན་པའི་རྩ་བཅུ)འགོག་པར་འགྱུར་ཏེ་(བཅུ་པོ)དེ་ རྣམས་ནི་འདུས་པའི་རང་བཞིན་ནོ(གསང་གནས་ཀྱི་ནང་སྐོར་གྱི་རྩ་དྲུག་ནི་འཁོར་ལོ་འགོག་པའི་རྒྱུ་མཚན་ནི་རྩ་ དྲུག་པོ་ཕུང་པོ་ལ་སོགས་པ་དྲུག་པ་དྲུག་གི་རྩ་ཡིན་ཞིང་འཁོར་ལོ་དྲུག་ནི་ཁམས་དྲུག་གི་རང་བཞིན་ཡིན་ལ་དྲུག་པ་ཡེ་ཤེས་ཀྱི་ ཁམས་ནི་གཞན་ལྔ་པོའི་རྩ་བ་ཡིན་པས་ཡེ་ཤེས་ཁམས་པའི་རྩ་དྲུག་འགགས་ནས་འཁོར་ལོ་དྲུག་གི་རྩ་འགོག་པ་ཡིན་ནོ། །པར་ སྐོར་གྱི་རྩ་བཅུ་ཡང་ཕུང་པོ་ལྔ་དང་ཁམས་ལྔའི་རྩ་ཡིན་ལ་ཕུང་པོ་དང་ཁམས་ལྔ་པོ་དབང་པོ་ལྔ་དང་ཡུལ་ལྔའི་རྩ་བ་ཡིན་པས་རྩ་ བཅུ་པོ་དེ་འགག་ན་དབང་པོ་ལྔ་དང་ཡུལ་ལྔ་འགོག་པ་ཡིན་ནོ)། །སླར་ཡང་དེ་དག་ཉིས་འགྱུར་(གཙུག་ཏོར་གྱི་བཞི་ དང་དཔྲལ་བའི་བཅུ་དྲུག)ནི་བད་ཀན་གྱི་ཆ་སྟེ་ཉི་ཤུའོ། །སླར་ཡང་(དེ)ཉིས་འགྱུར་(མགྲིན་པའི་སོ་གཉིས་ དང་སྙིང་ཁའི་བརྒྱད)ནི་མཁྲིས་པའི་ཆ་སྟེ་བཞི་བཅུར་འགྱུར་རོ། །སླར་ཡང་(ཉིས་འགྱུར་ལྟེ་བའི་དྲུག་ཅུ་རྩ་ བཞི་དང་གསང་གནས་ཀྱི་ཕྱི་རིམ་བཅུ་དྲུག་ནི་)དེ་དག་རླུང་གི་ཆ་བརྒྱད་ཅུར་འགྱུར་ཏེ་དེ་ལྟར་འཁོར་ལོ་ (ལྷ་གྲངས་མཐུན་པའི་)དྲུག་པོར་རྣམས་ལ་རྩ་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་རྣམ་པར་གནས་པ་ ནི་དུས་ཀྱི་འཁོར་ལོ(བསྡུས་པ)འི་(ལྷ་གྲངས་དང་མཐུན་པའི་)རྩར་རྟོགས་པར་བྱའོ། །(རྩ་)འདི་རྣམས་ (བྱིས་པ་རྣམས་ལ་)ངེས་པར་འཆི་བ་སྟེར་བྱེད་བླ་མའི་ངེས་པའི་(སྦྱོར་བ་ཡན་ལག་དྲུག་གིས་བཅིངས་པའི་) དབང་གིས་ཚེ་དང་ནད་མེད་དག་ཀྱང་སྟེར། །འཁོར་ལོ་དྲུག་ལ་དུས་ཀྱི་རྩ་(སྟེ་རིགས་དྲུག་གི་རྩ་སྔར་)བརྗོད་པ་རྣམས་བླ་མའི་མན་ངག་གིས་བསྒོམས་པར་གྱུར་ན་འཆི་བའི་འཇིགས་པ་འཕྲོག་སྟེ་ རྣལ་འབྱོར་པ་རྣམས་ཀྱིས་(བྱ་བ)འདི་ལ་(སྐྱེ་བ་གཅིག་གིས་སངས་རྒྱས་ཀྱང་སྟེར་བ་ནས་འཆི་བ་འཕྲོག་པ་ཙམ་ལ་ 73)ངོ་མཚར་མེད་དོ། ༥༨ ། གཙུག་ཏོར་ལ་ནི་ཆུ་གཏེར་བཞི་དང་དཔྲལ་བར་རྒྱ་མཚོས་བསྣུན་པའི་དུས་རྣམས་ ཞེས་པ་བཅུ་དྲུག་སྟེ་རྩ་(འདབ་)ཉི་ཤུ་པོ་འདི་རྣམས་ནི་བད་ཀན་གྱི་ཁམས་རབ་ཏུ་འཁྲུག་པའོ། ། མགྲིན་པར་སོ་དང་ཞེས་པ་ནི་རྩ་(འདབ་)སུམ་ཅུ་རྩ་གཉིས་དང་སྙིང་ཁའི་ཆུ་སྐྱེས་དག་ལ་ མིག་གིས་བསྒྱུར་བའི་དུས་རྣམས་ཞེས་པ་ནི་རྩ་(འདབ་)བརྒྱད་དེ་རྩ་བཞི་བཅུ་པོ་འདི་རྣམས་ ནི་མཁྲིས་པའི་ཁམས་རབ་ཏུ་འཁྲུག་པའོ། །ལྟེ་བ་དང་གསང་བ་དག་ལ་གྲངས་བཞིན་དུ་ཆུ་ གཏེར་དྲུག་ཅུ་ཞེས་པ་རྩ་(འདབ་)དྲུག་ཅུ་རྩ་བཞི་དང་མི་བདག་ཀྱང་སྟེ་གསང་བའི་པད་མའི་ ཕྱི་རོལ་ཡོངས་སུ་བསྐོར་བ་ལ་རྩ་བཅུ་དྲུག་གོ། རྩ་བརྒྱད་ཅུ་པོ་འདི་རྣམས་ནི་རླུང་གི་ཁམས་ རབ་ཏུ་འཁྲུག་པའོ། །གསང་བར་གཞན་ནི་ཕྱོགས་དང་ཞེས་པ་བར་གྱི་ཡོངས་སུ་བསྐོར་བ་ལ་ རྩ་བཅུ་དང་སྙིང་པོའི་ཡོངས་སུ་བསྐོར་བ་ལ་(རྩ་འདབ་)གཞན་དྲུག་ཀྱང་སྟེ་གྲངས་བཞིན་དུ་(རྩ་ འདབ་བཅུ་ནི་)འདུས་པ་དག་ཅེས་པ་འདུས་པ་རབ་ཏུ་འཁྲུག་པ་དང་འགོག་པའོ་ཞེས་པ་(རྩ་འདབ་ དྲུག་)ནི་འཁོར་ལོ་དྲུག་འགོག་པའི་རང་བཞིན་ནོ(རྩ་རྒྱུད་འབུམ་ལྔར་ནི་འདུས་པའི་རང་བཞིན་ལ་སོགས་པ་ གསང་བའི་འཁོར་ལོའི་རྩ་བཅུའོ། །སྟེང་འོག་རྩ་གསུམ་གང་ཡིན་རྣམས། །འཁོར་ལོ་དྲུག་ནི་འགོག་བྱེད་པའོ། །ཞེས་གསུངས་ སོ)། །དེ་ལྟར་ན་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ནི་དུས་ཀྱི་འཁོར་ལོའི་རྩ་(ཀུན་རྫོབ་ཏུ་སེམས་ཅན་ གྱི་བསམ་པའི་དབང་གིས་)ལྷ་དང་ལྷ་མོའི་རང་བཞིན་གྱིས་གནས་པ(ར་གསུངས་པ)བྱིས་པ་རྣམས་ལ་ འཆི་བ་སྟེར་བར་བྱེད་པ་སྟེ། (སྟེང་འོག་)རིགས་དྲུག་གི་རྩ་(དྲུག་)དང་ལྷན་ཅིག་དྲུག་ཅུ་རྩ་གཉིས་ ལྷག་པའི་བརྒྱའི་དུས་ཀྱི་འཁོར་ལོ་(ཞེས་བཏགས་པ་)འཁོར་ལོ་དྲུག་གི་རྩའི་བདག་ཉིད་ཅན་(རྩ་ འདབ་དེ་རྣམས་སུ་རླུང་གཡོ་བ་མེད་པར་)བསྒོམས་པར་གྱུར་པ་ན་རྣལ་འབྱོར་པ་རྣམས་ལ་བདེ་བ་སྟེར་ བར་བྱེད་པའོ། ། ༈ སླར་ཡང་རྩ་དྲུག་ཅུ་རྩ་གཉིས་ལྷག་པའི་བརྒྱ་པོ་དེ་རྣམས་ཀྱི་རྩ་སོ་སོ་ལ་(སྲོག་ལ་སོགས་ 3-1-70 པ་)རླུང་བཅུ་རབ་ཏུ་རྒྱུ་བ་དང་ཕུང་པོ་(ལྔ་)དང་ཁམས་(ལྔ་སྟེ་)བཅུའི་རང་བཞིན་གྱིས་རྣམ་པ་ བཅུར་འགྱུར་རོ། །དེ་ལྟར་(རྩ་བརྒྱ་དྲུག་ཅུ་རྩ་གཉིས་པོ་)ཐམས་ཅད་བཅུས་བསྒྱུར་བ་ནི་ཉི་ཤུ་ལྷག་ པའི་བརྒྱ་ཕྲག་བཅུ་དྲུག་གི་གྲངས་སུ་འགྱུར་ཏེ་རྒྱུ་སྐར་ཉི་ཤུ་རྩ་བདུན་གྱིས་ཆུ་ཚོད་འབབ་པ་ རྣམས་(ཀྱི་གྲངས་)སོ། །དེ་བཞིན་དུ་(རྩ་བའི་རྒྱུད་ཀྱི་)དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་མཆོག་ གི་དང་པོའི་སངས་རྒྱས་ལ་ཤེས་རབ་དང་ཐབས་ཀྱིས་འདི་སྙེད་ཀྱི་ལྷའོ། །རྒྱུ་སྐར་གྱི་དཀྱིལ་ འཁོར་རྒྱས་པ་འདི་ལས་འཇིག་རྟེན་ཀུན་རྫོབ་ཀྱིས་བད་གན་ལ་སོགས་པའི་ཁམས་འབབ་ པའི་(འཁོར་ལོ་དྲུག་གི་རྩ་འདབ་དང་སྦྱར་བ་)ལྷ་རྣམས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའམ་རང་གི་ ལུས་(ནད་མེད་འཆི་མེད་དུ་)སྒྲུབ་པའི་སླད་དུ་འཇམ་དཔལ་གྱིས་ཕྱུང་བ་ནི་འཁོར་ལོ་དྲུག་གི་གཙོ་ མོ་(བརྒྱ་དྲུག་ཅུ་རྩ་གཉིས་པོ་)རྣམས་སོ། །དུས་ཀྱི་འཁོར་ལོའི་རྩ་སྡོམ་པ(འི་བསྡུས་པ)འི་ངེས་པའོ། ༥༩། ༈ ད་ནི་དྲུག་ཅེས་པ་ལ་སོགས་པས་རིགས་དྲུག་གི་རྩ་བསྲུང་བ་གསུངས་ཏེ་འདིར་ ལུས་ལ་གང་ཞིག་(གསང་གནས་ཀྱི་)རྩ་དྲུག་གིས་འཁོར་ལོ་(དྲུག་)འགོག་པར་(སྐུར་)བརྗོད་པ་(དེ་ རྣམས་)རྣམ་པ་གསུམ་གྱི་ལམ་ལ་གནས་པ་ནི་སྟེང་དུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་ཏེ་གཡོན་ དང་གཡས་དང་དབུ་མའི་ལམ་ལ་གནས་པ་དང་འོག་ཏུ་ཟླ་བ་དང་ཉི་མ་དང་མེ་ཡི་དབྱེ་བས་ བཤང་བ་དང་གཅི་བ་དང་ཁུ་བའི་ལམ་ལ་གནས་པའོ། །(རིགས་དྲུག་གི་རྩ་)དེ་ནི་རྣལ་འབྱོར་པས་ ལུས་ལ་བསྲུང་བར་བྱའོ། །(ཐབས་)གང་གིས་ཞེ་ན་བླ་མའི་ངེས་པའི་དབང་གིས་ཞེས་པ་ལ་བླ་ མའི་ངེས་པ་ནི་སྦྱོར་བ་ཡན་ལག་དྲུག་སྟེ་དེས་འཆི་བ་ལས་བསྲུང་བར་བྱའོ། །གང་ཞིག་སྲོག་ ཆགས་རྣམས་ལ་འཆི་བ་སྟེར་བ་ནི་དྲུག་པོ་འདི་རྣམས་ལ་སྲོག་ཞུགས་པའོ། །དྲུག་པོ་རྣམས་ ལ་གལ་ཏེ་སྲོག་ནི་རབས་ཞུགས་གྱུར་ན་དེའི་ཚེ་མི་རྣམས་དུས་ཐམས་ཅད་དུ་འཆི་བས་ འཇོམས་པར་ངེས་དེ་མཐའ་གཅིག་ཏུའོ(ཞེས་པའི་དགོངས་པ་ནི་གཡོན་དང་གཡས་ཀྱི་རྩ་ལ་དབུགས་ཉི་ཁྲི་ཅིག་ 3-1-71 སྟོང་དྲུག་བརྒྱ་རྫོགས་པར་མི་རྒྱུ་བར་དབུ་མའི་ནང་དུ་བུ་ལོན་དུ་སོང་པ་ནི་སྟེང་འོག་གི་རྩ་དྲུག་ལ་སྲོག་ཞུགས་པ་ཡིན་ལ་དེའི་རྒྱུ་ མཚན་གྱིས་གཡས་གཡོན་གྱི་རྩ་ལས་གྱེས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་སྲོག་གིས་གང་བར་མ་ནུས་པས་རྩ་ རྣམས་རིམ་གྱིས་སྐམ་ནས་འཆི་བར་འགྱུར་བ་ཡིན་ནོ)། །དྲུག་པོ་འདི་རྣམས་ཀྱི་ནང་ནས་ཕྲ་མོ་ནི་དབུ་མ་ཨ་ བ་དྷཱུ་ཏཱི་སྟེ་ཕྲ་མོ་དེ་ལ་སྲོག་(ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་པོ་རྫོགས་པར་)མ་ཞུགས་པར་གྱུར་ན་རྣལ་འབྱོར་ པ་རྣམས་ཀྱིས་འཆི་བའི་ཡུལ་ནི་གང་དུ་གཅོད་པར་བྱེད་དེ་ངེས་པར་འཆི་བའི་ཡུལ་གཅོད་ པར་མི་བྱེད་དོ(དེས་ན་སྲོག་རྩོལ་གྱི་སྦྱོར་བས་སྲོག་ཐམས་ཅད་དབུ་མར་བཅུག་སྟེ་ཕྱིར་འབྱུང་བ་བཀག་ཅིང་དབུ་མ་གང་ བར་བྱས་ནས་ལྟེ་བའི་ལམ་ནས་འཁོར་ལོ་དྲུག་གི་རྩ་དང་དེ་རྣམས་ལས་ཀྱང་དུ་མར་གྱེས་པའི་རྩ་བདུན་ཁྲི་ཉིས་སྟོང་པོ་ཐམས་ ཅད་སྲོག་གིས་གང་བར་བྱ་སྟེ་འཆི་བ་ལས་བསྲུང་བར་བྱའོ་ཞེས་དགོངས་པའོ)། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་ནང་དུ་འཁོར་ལོས་སྒྱུར་བ་དང་ ཀླ་ཀློའི་འཁྲུག་པ་དང་དུས་ཀྱི་འཁོར་ལོའི་རིགས་ཀྱི་རྒྱུད་དང་རྩའི་རིགས་འབྱུང་བའི་མདོར་ བསྡུས་ཆེན་པོ་སྟེ་གསུམ་པའོ།། ༦༠ །། ༈ (བཅུ་གཅིག་པ་སྒྲུབ་ལེར་སོང་ནས་འདིར་བཅུ་གཉིས་པ་ཟླ་བ་དང་ཉི་མ་དང་མེའི་འཆི་ལྟས་ཀྱི་ངོ་བོ་ཉིད་ཀྱིས་གནས་ པ་)ད་ནི་སྲོག་ཅེས་པ་ལ་སོགས་པས་ལུས་ཅན་རྣམས་ཀྱི་དུས་མ་ཡིན་པར་འཆི་བའི་མཚན་ ཉིད་གསུངས་པ་འདིར་ལུས་ལ་ལྟེ་བའི་འཁོར་ལོ་རྩིབས་བཅུ་གཉིས་པའི་ཁྱིམ་གྱི་འཁོར་ལོ་ སྟེ་(གཡོན་གྱིས་)ལུག་ལ་སོགས་པ་(འཁྲིག་པ་སེང་གེ་སྲང་གཞུ་བུམ་པ་སྟེ་)མི་མཉམ་པའི་དུས་སྦྱོར་གྱི་ བདག་ཉིད་གཅིག་གིས་བར་དུ་ཆོད་པ་དང་དེ་བཞིན་དུ་གླང་ལ་སོགས་པ་(ཀར་ཀ་ཊ་བུ་མོ་སྡིག་པ་ཆུ་ སྲིན་ཉ་སྟེ་)མཉམ་པའི་དུས་སྦྱོར་གྱི་བདག་ཉིད་གཅིག་གིས་བར་དུ་ཆོད་པའི་འདབ་མའོ། །དེའི་ ཕྱིར་སྣ་བུག་ལ་སྲོག་ཡང་དག་པར་རྒྱུ་བ་ནི་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་དྲུག་ ལ་གཡོན་དུ་འགྱུར་རོ། །གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་རྣམས་ལ་སྣ་བུག་གཡས་སུ་ 3-1-72 སྲོག་ཡང་དག་པར་རྒྱུ་བར་འགྱུར་ཏེ་དབྱུག་གུ་ལྔ་ལྔས་འཕོ་བ་བཅུ་གཉིས་རྣམས་ཉིན་ཞག་ སོ་སོར་འགྱུར་རོ། །དེ་ལྟར་ཉིན་མཚན་གྱི་དབྱུག་གུ་དྲུག་ཅུས་འཕོ་བ་བཅུ་གཉིས་ཏེ་དྲུག་ནི་ གཡོན་གྱི་སྣ་བུག་དང་དྲུག་ནི་གཡས་ཀྱི་སྣ་བུག་ལའོ། །དབུ་མ་ལ་(འཕོ་བ)བཅུ་གཉིས་རབ་ཏུ་ འཇུག་པ(འི་མཚམས་)རྣམས་སུ་(འབབ་པ)འོ། །ལུས་ལ་ནད་དང་བྲལ་བ་རྣམས་ནི་ཁམས་མཉམ་ པ་ཉིད་དེ་ནད་ཀྱིས་ཟིལ་གྱིས་མནན་པ་རྣམས་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱིས་ ཁམས་མི་མཉམ་པ་ཉིད་དེ་(ཁམས་)མི་མཉམ་པ་དེ་ལས་སྲོག་(འཕོ་བའི་ཆ་)མི་མཉམ་པའོ། །དེས་ ན་(ཁམས་མི་མཉམ་པའི་དབང་གིས་རྩ་དང་སྣ་བུག་གཡོན་ལ་ཟླ་བའི་འཆི་ལྟས་འབྱུང་བ་ནི་)རྩ་གཅིག་སྟེ་གཡོན་པ་ ལ་ཉིན་དང་མཚན་མོར་(སྲོག་རྒྱུན་མ་ཆད་པར་)གལ་ཏེ་འབབ་ན་དེའི་ཚེ་འཚོ་བ་དག་ནི་དུས་ཀྱི་ལོ་ ཞེས་པ་ལོ་བརྒྱ་རྫོགས་པའི་དབུ་མའི་(དབུགས་ཀྱི་གྲངས་ཀྱི་)མཚན་ཉིད་(དང་གྲངས་མཉམ་པའི་ལོ་གསུམ་)ནི་མི་རྣམས་ཀྱི་འཚོ་བའི་(ལོའི་)གྲངས་སུ་འགྱུར་རོ། །གལ་ཏེ་ཕྱོགས་གཅིག་རྣམ་པར་མ་ཆད་ འབབ་ན་(ཞེས་པ་སྐབས་སྐབས་སུ་སྣ་བུག་གཡོན་ནས་སྲོག་ཞག་རེ་བར་མ་ཆད་དུ་འབབ་པའི་ཞག་གྲངས་བསགས་པར་ བཅོ་ལྔར་ལོངས་པ་)དེའི་ཚེ་ཕྱེད་དང་བཅས་པའི་ལོ་ནི་ཚེར་འགྱུར་ཏེ་དེ་ནས་འཆི་བར་འགྱུར་རོ། ། གལ་ཏེ་ཟླ་བ་གཅིག་ཏུ་རྣམ་པར་མ་ཆད་དེ་བར་ཆད་མེད་པར་རྩ་གཡོན་པར་འབབ་ན་(ཞེས་ པ་འཆི་ལྟས་ཀྱི་ཞག་གྲངས་བསགས་པ་སུམ་ཅུར་ལོངས་པ)དེའི་ཚེ་འཚོ་བ་ཟླ་བ་གསུམ་དུ་འགྱུར་རོ། །དེ་ལྟར་ རྣལ་འབྱོར་པས་ནི་རང་ལུས་དག་ལ་ཟླ་(བའི་འཆི་ལྟས་ཀྱི་)བགྲོད་(པས་)འཆི་བ་དུས་ཀྱི་འཁོར་ ལོར་ཤེས་པར་བྱ་ཞེས་པ་ནི་(གཡོན་ཟླ་བའི)འཆི་ལྟས་ཀྱི་ཡུལ་ལ་དུས་ཀྱི་འཁོར་ལོ་རྩིབས་བཅུ་ གཉིས་པའི་ཁྱིམ་གྱི་འཁོར་ལོ་སྟེ་དེ་ཉིད་ས་ལ་བྲིས་ནས་འདབ་མ་དང་པོ་ལ་(ནང་དང་ཕྱི་རོལ་ལ་ རིམ་པ་ལྟར་)འཆི་ལྟས་ཀྱི་ཉིན་ཞག་གཅིག་དང་ཚེའི་ཟླ་བ་སུམ་ཅུ་རྩ་དྲུག་དགོད་པར་བྱའོ། །དེ་ ནས་ཟླ་བ་གཅིག་(འཆི་ལྟས་ཀྱི་རླུང་)མི་འབབ་པོ། །འཆི་ལྟས་ཀྱི་ཉིན་ཞག་འཕེལ་བ་ནི་ཟླ་བ་ གཉིས་པ(འཆི་ལྟས་མི་འབབ་པ་དེ་འདས་པ)འི་མཐར་ཟླ་བ་གསུམ་པ(འི་མགོ་)འཇུག་པ་ན་གཡོན་པའི་ 3-1-73 རྩ་དེ་ཉིད་ཀྱི་འདབ་མ་ལ་(འཆི་ལྟས་ཀྱི་)ཉིན་ཞག་གཉིས་པ་འབབ་པོ། །དེ་ནས་ཟླ་བ་བཞི་པ་ནི་ (འཆི་ལྟས་)མི་འབབ་པོ། །ཟླ་བ་བཞི་པའི་མཐར་ཟླ་བ་ལྔ་པ་འཇུག་པ་ན་གཡོན་པའི་རྩར་(འཆི་ ལྟས་ཀྱི་)ཉིན་ཞག་གསུམ་པའི་སྲོག་འབབ་པོ། །ཟླ་བ་ལྔ་པ་དེ་ནས་ཟླ་བ་དྲུག་པ་ལ་མི་འབབ་ པོ། །དེ་ལྟར་ན་ཟླ་བ་དྲུག་གིས་འཆི་ལྟས་ཀྱིས་ཉིན་ཞག་གསུམ་(སོང་)སྟེ་བར་གྱི་(ཟླ་བ་གསུམ་ པོ་ལ་མ་བབས་པའི་)ཉིན་ཞག་གསུམ་པོ་ནི་མཐར་(རྩ་)གཡས་(ལ་ཞག་གཉིས་)དང་དབུས་ཀྱི་ འཆི་ལྟས་ཀྱི་ཆོས་ཅན་(ཞག་གཅིག་ཡིན་)ནོ། །འཆི་ལྟས་ཞེས་བྱ་བ་ནི་དུས་མ་ཡིན་པར་འཆི་བ་ སྟེ་འཆི་ལྟས་མིན་པ་ནི་ལོ་བརྒྱའི་མཚམས་སུ་འཆི་བ(ཚེ་ལོ་བརྒྱ་བའི་དབང་དུ་བྱས་པ)འོ། །དེ་ལྟར་ན་ འཆི་ལྟས་ཀྱི་ཉིན་ཞག་དང་བཅས་པ་འཚོ་བའི་ཟླ་བ་སུམ་ཅུ་རྩ་དྲུག་ལས་ཟླ་བ་དྲུག་སོང་སྟེ་ དེ་ནས་འདབ་མ་(དང་པོ)དེ་ལ་སྲོག་གི་རླུང་ཡང་དག་པར་རྒྱུ་བ་མེད་དོ། །འཕོ་བ་བཅུ་གཅིག་ དང་དབུགས་འབྱུང་བ་དང་འཇུག་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ཉིན་ མཚན་དུ་འགྱུར་ཏེ་འདིར་ཁྱིམ་གྱི་འདབ་མ་(རིམ་པ་ལྟར་)ཡོངས་སུ་དོར་(ནས་ཉུང་དུ་སོང་)ཡང་(འཆི་ བའི་ཉིན་ཞག་གི་བར་དུ་)དབུགས་ཀྱི་འཁོར་ལོ་ནི་(ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་ཉིད་ལ་)དམན་པ་(སྟེ་གྲངས་ཉུང་དུ་ སོང་བ་)མེད་དོ། །དེ་ནས་(གཡོན་སྐོར་གྱིས་)འདབ་མ་གཉིས་པ་ལ་〔འཆི་ལྟས་ཀྱི་〕ཉིན་ཞག་བཞི་པ་དང་ ཉིན་ཞག་ལྔ་པ་དང་ཉིན་ཞག་དྲུག་པ་ནི་ཟླ་བ་བདུན་པ་དང་བརྒྱད་པ་དང་དགུ་པ་ལ་གྲངས་ བཞིན་དུ་འབབ་སྟེ་འཚོ་བའི་ཟླ་བའི་ཚོགས་སུམ་ཅུ་པོ་དེ་ལས་ཟླ་བ་གསུམ་སོང་ངོ༌། །དེ་ནས་ (ཚེའི་ལྷག་མ་)ཟླ་བ་ཉི་ཤུ་རྩ་བདུན་བཟུང་ནས་འདབ་མ་གསུམ་པ་ལ་སྲོག་ཡང་དག་པར་རྒྱུའོ། ། འདབ་མ་གཉིས་{པ}སྤངས་ཤིང་འཕོ་བ་བཅུས་ཉིན་མཚན་བྱེད་དེ་འདབ་མ་བཅུ་ལ་སྲོག་ (ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་)ཡང་དག་པར་འཕོའོ། །ཟླ་བ་ཉི་ཤུ་རྩ་བདུན་ལས་སླར་ཡང་ཟླ་བ་(གསུམ་)སོ་སོ་ལ་〔འཆི་ལྟས་ཀྱི་〕ཉིན་ཞག་བདུན་པ་གཡོན་གྱི་རྩར་(འདབ་མ་གསུམ་པ་)འབབ་སྟེ་ཉིན་ཞག་ བརྒྱད་པ་དང་ཉིན་ཞག་དགུ་པ་འབབ་པོ། །དེ་ནས་ཟླ་བ་ཉི་ཤུ་རྩ་བདུན་ལས་ཟླ་བ་གཞན་ 3-1-74 གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་སྔར་བརྗོད་པའི་རྣམ་པས་(ཚེའི་ལྷག་མ་ཟླ་བ་ཉེར་ བཞི་བཟུང་ནས་)ཁྱིམ་གྱི་འདབ་མ་གསུམ་པ་དོར་ཏེ་འདབ་མ་དགུ་ལ་སྲོག་ཡང་དག་པར་འཕོ་ བར་བྱེད་དོ། །དེ་བཞིན་དུ་ཉིན་ཞག་བཅུ་བ་དང་ཉིན་ཞག་བཅུ་གཅིག་པ་དང་ཉིན་ཞག་བཅུ་ གཉིས་པ་གཡོན་གྱི་རྩར་(འདབ་མ་བཞི་པ་)འབབ་པོ། །དེ་ནས་འདབ་མ་བཞི་པ་དོར་ཏེ་འཚོ་བའི་ ཟླ་བ་ཉི་ཤུ་རྩ་བཞི་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་(གཡོན་གྱི་འདབ་ མ་ལྔ་པ་ལ་)ཉིན་ཞག་བཅུ་གསུམ་པ་དང་ཉིན་ཞག་བཅུ་བཞི་པ་དང་ཉིན་ཞག་བཅོ་ལྔ་པ་སྟེ་དེ་ ནས་འདབ་མ་ལྔ་པ་དོར་ཏེ་འདབ་མ་བདུན་ལ་འཕོ་བར་བྱེད་དོ། །ཟླ་བ་ཉི་ཤུ་རྩ་གཅིག་ལས་ ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་(གཡོན་གྱི་འདབ་མ་དྲུག་པ་ལ་)ཉིན་ཞག་བཅུ་ དྲུག་པ་དང་ཉིན་ཞག་བཅུ་བདུན་པ་དང་ཉིན་ཞག་བཅོ་བརྒྱད་པ་ཟླ་བ་སོ་སོར་རིམ་པ་བཞིན་ དུ་འབབ་པོ། །དེ་ནས་འདབ་མ་དྲུག་པ་དོར་ཏེ་འདབ་མ་དྲུག་ལ་འཕོ་བར་བྱེད་ཅིང་འཚོ་བའི་ ཟླ་བ་བཅོ་བརྒྱད་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་(ཁྱིམ་གྱི་འདབ་མ་ མེད་པའི་གཡོན་གྱི་རྩ་ལ་)ཉིན་ཞག་བཅུ་དགུ་པ་དང་ཉིན་ཞག་ཉི་ཤུ་པ་དང་ཉིན་ཞག་ཉི་ཤུ་རྩ་གཅིག་ པ་འབབ་པོ། །དེ་ནས་(གཡོན་སྐོར་གྱིས་བགྲངས་པའི་)ཁྱིམ་གྱི་འདབ་མ་བདུན་པ་(རྩ་གཡས་པའི་འདབ་ མ་གཅིག་)དོར་ཏེ་(རྩ་གཡས་པའི་)ཁྱིམ་གྱི་འདབ་མ་ལྔ་ལ་ཉིན་མཚན་གྱིས་སྲོག་འཕོ་བར་བྱེད་དོ། ། དེ་ནས་འཚོ་བའི་ཟླ་བ་བཅོ་ལྔ་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་ (ཁྱིམ་གྱི་འདབ་མ་མེད་པའི་རྩ་གཡོན་པར་)ཉིན་ཞག་ཉི་ཤུ་རྩ་གཉིས་པ་དང་ཉིན་ཞག་ཉི་ཤུ་རྩ་གསུམ་པ་ དང་ཉིན་ཞག་ཉི་ཤུ་རྩ་བཞི་པ་བར་ཆད་མེད་པར་གང་གི་ཚེ་འབབ་པ་དེའི་ཚེ་འདབ་མ་བརྒྱད་ པ་〔རྩ་གཡས་པའི་འདབ་མ་གཅིག〕དོར་ཏེ་འདབ་མ་བཞི་པ་ལ་འཕོ་བར་བྱེད་དོ། །འཚོ་བའི་ཟླ་བ་བཅུ་ གཉིས་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་དུ་〚ཁྱིམ་གྱི་འདབ་མ་མེད་ པའི་རྩ་གཡོན་པར་〛ཉིན་ཞག་ཉི་ཤུ་རྩ་ལྔ་པ་དང་ཉིན་ཞག་ཉི་ཤུ་རྩ་དྲུག་པ་དང་ཉིན་ཞག་ཉི་ 3-1-75 ཤུ་རྩ་བདུན་པ་གང་གི་ཚེ་འབབ་པ་དེའི་ཚེ་འདབ་མ་དགུ་པ་དོར་ཏེ་འདབ་མ་གསུམ་ལ་འཕོ་ བར་བྱེད་དོ། །འཚོ་བའི་ཟླ་བ་དགུ་ལས་ཟླ་བ་གསུམ་གྱིས་དམན་པར་འགྱུར་རོ། །དེ་བཞིན་ དུ་〚ཁྱིམ་གྱི་འདབ་མ་མེད་པའི་རྩ་གཡོན་པར་〛ཉིན་ཞག་ཉི་ཤུ་རྩ་བརྒྱད་པ་དང་ཉིན་ཞག་ཉི་ ཤུ་རྩ་དགུ་པ་དང་ཉིན་ཞག་སུམ་ཅུ་པ་གང་གི་ཚེ་འབབ་པ་དེའི་ཚེ་འདབ་མ་བཅུ་པ་དོར་ཏེ་ འདབ་མ་གཉིས་ལ་འཕོ་བར་བྱེད་དོ། །འཚོ་བའི་ཟླ་བ་དྲུག་ལས་ཟླ་བ་གསུམ་གྱིས་དམན་ པར་འགྱུར་རོ། །དེ་བཞིན་དུ་〚ཁྱིམ་གྱི་འདབ་མ་མེད་པའི་རྩ་གཡོན་པར་〛ཉིན་ཞག་སུམ་ཅུ་ རྩ་གཅིག་པ་དང་ཉིན་ཞག་སུམ་ཅུ་རྩ་གཉིས་པ་དང་ཉིན་ཞག་སུམ་ཅུ་རྩ་གསུམ་པ་གང་གི་ ཚེ་འབབ་པ་དེའི་ཚེ་འདབ་མ་བཅུ་གཅིག་པ་〚རྩ་གཡས་ཀྱི་འདབ་མ་གཅིག་〛དོར་ཏེ་འདབ་མ་ གཅིག་ལ་འཕོ་བར་བྱེད་དོ། །འཚོ་བའི་ཟླ་བ་གསུམ་ལས་ཉིན་ཞག་དགུ་བཅུས་དམན་པར་ འགྱུར་རོ། །དེ་ནས་སྔར་གྱིས་འདབ་མ་(དང་པོ་དོར་བ་)ལ་(ཟླ་བ་དྲུག་ཡོད་པ་ལས་ཟླ་བ་གཉིས་པ་དང་བཞི་པ་ དང་དྲུག་པ་འཆི་ལྟས་)མ་བབས་པའི་ཉིན་ཞག་གསུམ་པོ་ནི་(འདིར་)འདབ་མ་བཅུ་གཉིས་པ་〔གཡས་ ཀྱི་རྩ་འདབ་ཐ་མ་〕ལ་ཉིན་ཞག་གཉིས་འབབ་པོ། །དེ་ནས་འདབ་མ་བཅུ་གཉིས་པ་འདོར་རོ། ། དེ་ནས་〔དེ་ནས་འཁོར་ལོ་ལྔའི་〕ལྟེ་〔དབུ་མ་〕བ་ལ་ཉིན་ཞག་གཅིག་འབབ་སྟེ་སྲོག་གི་འཁོར་ ལོའི་དབུགས་ཆད་པར་འགྱུར་བའི་བར་དུའོ། །དེ་ནས་རྩ་གཡོན་པའི་འཆི་ལྟས་ཀྱིས་གང་ དག་རྣལ་འབྱོར་པ་མ་ཡིན་པའི་མི་རྣམས་འཆི་བར་འགྱུར་རོ〔རྣལ་འབྱོར་པས་ནི་འཆི་བ་བསླུ་བའི་སྦྱོར་ བ་བསྒོམས་པས་འཆི་བ་བསླུས་པར་འགྱུར་རོ〕། །གཡོན་པའི་རྩ་ལ་ཟླ་བའི་འཆི་ལྟས་ཀྱི་ངེས་པའོ(འདིར་རྩ་ འདབ་རྣམས་གཡོན་དང་གཡས་སུ་རེས་འཇོག་གིས་འདོར་ཞིང་རྩ་འདབ་གང་འདོར་བའི་འཆི་ལྟས་ཀྱི་རླུང་རྩ་འདབ་དེ་ཉིད་ལས་ འབབ་དགོས་པར་བཞེད་པ་ལ་ནི་འཆི་ལྟས་ཀྱི་ཉིན་ཞག་བཅུ་པ་སོགས་གཡས་ཀྱི་རྩར་འབབ་དགོས་པ་ལ་གཡོན་གྱི་རྩར་འབབ་ པར་གསུངས་པས་གནོད་ཅིང་གཡས་ཀྱི་རྩ་འདབ་རྣམས་འདོར་བའི་འཆི་ལྟས་རྣམས་རྩ་འདབ་དེ་རྣམས་ཉིད་ལས་འབབ་པར་ འདོད་པ་ཡང་མི་རིགས་ཏེ་རྩ་གཡས་ན་འབབ་པའི་སྲོག་སྣ་བུག་གཡོན་ལ་འབབ་པར་མི་རིགས་པའི་ཕྱིར་དང་འཆི་ལྟས་ཀྱི་ཞག་ 3-1-76 གྲངས་སྡོམ་པ་ཟླ་བ་གཅིག་རྩ་གཡོན་པར་ཞག་རེ་ཞིང་བར་མ་ཆད་པར་འབབ་པར་གསུངས་པའི་ཕྱིར་རོ། །དེས་ན་ཟླ་བའི་འཆི་ ལྟས་འདི་ལ་རྩ་འདབ་རྣམས་གཡོན་སྐོར་གྱིས་འདོར་བར་རིགས་ཤིང་གཡས་ཀྱི་རྩ་འདབ་དྲུག་པ་མ་གཏོགས་པ་རྣམས་འདོར་ བའི་འཆི་ལྟས་ཀྱི་སྲོག་རྣམས་རྩ་གཡོན་པ་ཉིད་ནས་འབབ་པར་ཤེས་པར་བྱའོ། །རྩ་འདབ་བཅུ་གཉིས་པ་འདོར་བའི་ཞག་གཉིས་ པོ་ནི་རྩ་གཡས་ལ་འབབ་པ་ལྟར་སྣ་བུག་ཀྱང་གཡས་ཉིད་ནས་འབབ་པ་ཡིན་ནོ)། །(གཡས་ཉི་མའི་ཡོན་ཏན་)སྙིང་སྟོབས་ དང་རྡུལ་དང་མུན་པའི་དབྱེ་བ(གཡོན་ཟླ་བས་འཕྲོག་པ)ས་ཟླ་བ་སོ་སོར་འཆི་ལྟས་ཀྱི་ཉིན་ཞག་རེ་ རེ་ལྷག་པས་འཕེལ་ལོ། ། ༈ འདིར་ཁྱིམ་གྱི་འཁོར་ལོ་དགོད་པ་ནི་ཁྱིམ་གྱི་འཁོར་ལོ་རིམ་པ་གཉིས་པ་བྱས་ནས་ རིམ་པ་དང་པོ་ལ་འཆི་ལྟས་ཀྱིས་ཉིན་ཞག་རྣམས་དང་རིམ་པ་ཕྱི་མ་ལ་འཆི་ལྟས་ཀྱི་ཉིན་ཞག་ གི་ལྷག་མ་ཚེའི་ཟླ་བ་རྣམས་སོ། །དེ་ལ་འཁོར་ལོའི་རྩིབས་དང་པོ་ལ་འཆི་ལྟས་ཀྱི་ཉིན་ཞག་ གསུམ་དང་ཟླ་བ་སུམ་ཅུའོ། །རྩིབས་གཉིས་པ་ལ་འཆི་ལྟས་ཀྱི་ཉིན་ཞག་དྲུག་དང་ལྷག་མ་ ཚེའི་ཟླ་བ་ཉི་ཤུ་རྩ་བདུན་ནོ། །དེ་བཞིན་དུ་རྩིབས་གསུམ་པ་ལ་འཆི་ལྟས་ཀྱི་ཉིན་ཞག་དགུ་ དང་དེ་བཞིན་དུ་ཟླ་བ་ཉི་ཤུ་རྩ་བཞིའོ། །བཞི་པ་ལ་ཉིན་ཞག་བཅུ་གཉིས་དང་ཟླ་བ་ཉི་ཤུ་རྩ་ གཅིག་གོ། ལྔ་པ་ལ་ཉིན་ཞག་བཅོ་ལྔ་དང་ཟླ་བ་བཅོ་བརྒྱད་དོ། །དྲུག་པ་ལ་ཉིན་ཞག་བཅོ་ བརྒྱད་དང་ཟླ་བ་བཅོ་ལྔའོ། །བདུན་པ་ལ་ཉིན་ཞག་ཉི་ཤུ་རྩ་གཅིག་དང་ཟླ་བ་བཅུ་གཉིས་སོ། ། བརྒྱད་པ་ལ་ཉིན་ཞག་ཉི་ཤུ་རྩ་བཞི་དང་ཟླ་བ་དགུའོ། །དགུ་པ་ལ་ཉིན་ཞག་ཉི་ཤུ་རྩ་བདུན་ དང་ཟླ་བ་དྲུག་གོ། བཅུ་པ་ལ་ཉིན་ཞག་སུམ་ཅུ་དང་ཟླ་བ་གསུམ་མོ། །འཁོར་ལོའི་རྩིབས་ བཅུ་གཅིག་པ་ལ་འཆི་ལྟས་ཀྱི་ཉིན་ཞག་སུམ་ཅུ་རྩ་གསུམ་{པ་}དང་མཇུག་ཏུ་ཟླ་བ་གསུམ་ ཟད་པའོ། །(དེ་ལྟར་ཞིབ་མོར་ན་ཞག་གསུམ་གྱིས་དམན་པའི་ཟླ་བ་སུམ་ཅུ་རྩ་དྲུག་སོང་སྟེ་)དེ་ནས་ཁྱིམ་གྱི་འཁོར་ ལོའི་རྩིབས་དང་པོ་ལ་སྔར་མ་རྒྱུས་པའི་ཉིན་ཞག་གསུམ་པོ་གང་ཡིན་པ་དེའི་ཉིན་ཞག་ གཉིས་ནི་འདབ་མ་བཅུ་གཉིས་པ་ལ་གཡས་ཀྱི་རྩ་ཟད་པའི་དོན་དུ་གཡས་ཀྱི་རྩ་ལ་འབབ་ 3-1-77 སྟེ་ཉིན་(སངས་རྒྱས་རྣམས་ལ་འབབས་)ཞག་གཅིག་ནི་དབུགས་ཀྱི་འཁོར་ལོ་ཟད་པའི་དོན་དུ་དབུ་ མ་ཨ་བ་ངྷཱུ་ཏཱི་ལ་འབབ་པོ། །དེ་ནས་སྲོག་འཕོ་སྟེ་ཟླ་བའི་འཆི་ལྟས་རྩ་གཡོན་ལའོ་ཞེས་པ་ཟླ་ བའི་འཆི་ལྟས་ཀྱིས་ངེས་པའོ། ༦༡ ། ༈ ད་ནི་ལྔ་ནས་ཞེས་པ་ལ་སོགས་པས་རྩ་གཡས་པ་ལ་ཉི་མའི་འཆི་ལྟས་གསུངས་ཏེ་ འདིར་ལུས་ལ་(གཡོན་)ཟླ་བ(འི་རྩ)ས་(གཡས་)ཉི་མའི་(རྩའི་)ཡོན་ཏན་སྙིང་སྟོབས་དང་རྡུལ་དང་ མུན་པ(འི་སྲོག་)རྣམས་བཟུང་ནས་(རྩ་འདབ་རྣམས་རེ་རེ་འདོར་བ་ལ)འཆི་ལྟས་ཀྱིས་ཉིན་ཞག་(གསུམ་ གསུམ་)ངེས་པར་བསྟན་ཏེ། (གཡས་)ཉི་མ(འི་རྩ)ས་(གཡོན་)ཟླ་བ(འི་རྩ)འི་ཡོན་ཏན་སྒྲ་དང་རེག་པ་ དང་རོ་དང་གཟུགས་དང་དྲི(འི་སྲོག་)རྣམས་བཟུང་ནས་འཆི་ལྟས་ཀྱི་ཉིན་ཞག་ངེས་པར་བསྟན་ ཏོ། །(ཇི་ལྟར་བསྟན་ན་)ཁྱིམ་ལྔའི་བར་དུ་(རྩ་འདབ་རེ་རེ་འདོར་བ་ལ་འཆི་ལྟས་ཀྱི་ཉིན་ཞག་)ལྔ་ལྷག་པ་སྟེ་ ལྔ་པ་ལྔས་སོ། །དེ་ནས་ཁྱིམ་གཉིས་(ཀྱི་རྩ་འདབ་)ནི་(འཆི་ལྟས་ཀྱི་ཉིན་ཞག་)རེ་རེ་ལྷག་པས་ (འདོར་ཏེ་དེ་རྣམས་ཀྱི་ཉི་མ་དང་རྡུལ་གྱི་དུས་རྫོགས་)སོ། །(རྫོགས་པ་)དེ་ནས་(ཁུ་བ་ཟད་པའི་དོན་དུ་འཆི་ཞག་རྣམས་) རྩ་བ་ནས་བརྩམས་ནས་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་བར་དུ་(རྩ་གཡས་ཉིད་ལ་)རྒྱུ་སྟེ་ཉིན་ཞག་ བཅོ་ལྔས་ཁྱིམ་བརྒྱད་པ་འདོར་ཞིང་བཅུས་ཁྱིམ་དགུ་པ་འདོར་སྟེ་ལྔས་ཁྱིམ་བཅུ་པ་འདོར་རོ། ། གསུམ་གྱིས་ཁྱིམ་བཅུ་གཅིག་པ་འདོར་ཏེ་དེ་ལྟར་ན་ཉིན་ཞག་སུམ་ཅུ་རྩ་གསུམ་དུ་གཡས་ ཀྱི་རྩ་ལ་སྲོག་རྒྱུའོ། །དེ་ནས་ཁྱིམ་བཅུ་གཉིས་པ་ལ་གཡོན་གྱི་རྩའི་ཁམས་ཟད་པའི་དོན་དུ་ གཡོན་གྱི་རྩ་ལས་ཉིན་ཞག་གཉིས་སོ། །དབུགས་ཀྱི་འཁོར་ལོ་ཟད་པའི་དོན་དུ་དབུ་མའི་རྩ་ ལ་ཉིན་ཞག་གཅིག་སྟེ་དེ་ནས་འཆི་བར་འགྱུར་རོ། །(དེ་ཉིད་བཤད་པ་)འདི་ལྟ་སྟེ་(འཆི་ལྟས་དང་པོ་)ཉིན་ཞག་ལྔའི་མཐའ་ནས་ཉིན་ཞག་ཉི་ཤུ་རྩ་ལྔའི་བར་དུ་བགྲོད་ཅིང་སྐྱེ་བ་ཉིན་ཞག་ལྔ་ལྔ་ ཡིས་ནི་སྐྱེ་ཞིང་འཕེལ་བ་སྟེ་ཞེས་པ་ཉིན་ཞག་ལྔ་དང་བཅུ་དང་བཅོ་ལྔ་དང་ཉི་ཤུ་དང་ཉི་ཤུ་ རྩ་ལྔ་རྣམས་ཏེ་(མངལ་དུ་སྲོག་)སྐྱེས་པ(འི་ཟླ་བ་ཀར་ཀ་ཊའི་ཟླ་བ་ཡིན་པ་ལྟར་འདིར་ཡང་ཀར་ཀ་ཊའི་ཁྱིམ་)ནས་ 3-1-78 (མགོ་བརྩམས་ཏེ་)ཁྱིམ་ལྔ་རྣམས་ལའོ། །དེ་ནས་(འཆི་ལྟས་ཀྱི་ཉིན་ཞག་)ཁྱིམ་རེ་རེ་ལྷག་པས་ཁྱིམ་ དྲུག་པ་དང་བདུན་པ་ལ་རིམ་པ་བཞིན་དུ་སྙིང་སྟོབས་དང་རྡུལ་ཟད་པའི་དོན་དུ་ཉིན་ཞག་ཉི་ ཤུ་རྩ་དྲུག་དང་ཉིན་ཞག་ཉི་ཤུ་རྩ་བདུན་ནོ། །དེ་ནས་(ཉི་མ་དང་རྡུལ་ནུབ་པས་ཉི་མ་དང་རྡུལ་གྱི་)དུས་ནི་ རྫོགས་པར་གྱུར་(པ་)ན་(ཞག་)བཅུ་ནི་གསུམ་གྱིས་བསྒྱུར་བ་དག་སྟེ་ཁྱིམ་བརྒྱད་པ་དང་དགུ་ པ་དང་བཅུ་པ་ལ་(རིམ་པ་ལྟར་ཞག་བཅོ་ལྔ་དང་བཅུ་དང་ལྔར་རྩ་གཡས་ཁོ་ན་ལ་)སྲོག་རྒྱུའོ། ། དེ་ནས་(ཁྱིམ་གྱི་རྩ་འདབ)བཅུ་གཅིག་པ་ལ་(ཉིན་ཞག་)གསུམ་ལྷག་པའི་ཟླ་བར་(ལོངས་པར་)འགྱུར་ བ་ཇི་སྲིད་པ་ཉིད་དོ(སྟེ་ཉིན་ཞག་གསུམ་དུ་རྩ་གཡས་ཉིད་ལ་སྲོག་རྒྱུའོ)། །(འཚོ་བའི)ལོ་རྣམས་ནི་འཆི་ལྟས་ ཀྱི་ཉིན་ཞག་གི་ལྷག་མའི་ལོ་སྟེ་(ལྟེ་བའི་)ཁྱིམ་གྱི་འཁོར་ལོ་ལ་(མངལ་དུ་སྲོག་)སྐྱེ་བ(ཟླ་བ་དང་མཚུངས་ པར་ཀར་ཀ་ཊ)འི་ཁྱིམ་ལ་སོགས་པའི་ཁྱིམ་བཅུ་གཉིས་པོ་རྣམས་ལའོ། །གསུམ་མིག་ཟླ་བ་སྟེ་ སྐྱེ་བའི་ཁྱིམ་(ཀར་ཀ་ཊ་)ལ་འཆི་ལྟས་ཀྱི་ཉིན་ཞག་གི་ལྷག་མ་ལོ་གསུམ་མོ། །(དེ་ནས་གཡས་སྐོར་ གྱི་ཁྱིམ་)གཉིས་པ་ལ་གཉིས་དང་གསུམ་པ་ལ་ལོ་གཅིག་སྟེ་འཆི་ལྟས་ཀྱི་ཉིན་ཞག་གི་ལྷག་མ་ འཚོ་བའི་ལོ་རྣམས་སོ། །དེ་ནས་དྲུག་གསུམ་ཟུང་དང་ཟླ་བ་གང་ཞེས་པ་ནི་ཁྱིམ་བཞི་པ་ལ་ (འཚོ་བའི་)ཟླ་བ་དྲུག་པོ་དེ་དག་རྣམས་སོ། །ལྔ་པ་ལ་〔འཚོ་བའི〕ཟླ་བ་གསུམ་སྟེ་དྲུག་པ་ལ་〔འཚོ་བའི་〕ཟླ་བ་གཉིས་སོ། །བདུན་པ་ལ་འཆི་ལྟས་ཀྱི་ཉིན་ཞག་གི་ལྷག་མ་འཚོ་བའི་ཟླ་བ་གཅིག་(ཞེས་ པ་རགས་པའོ)གོ་(མངལ་དུ་སྲོག་)སྐྱེ་བའི་(ཟླ་བ་དང་མཚུངས་པའི་ཁྱིམ་གྱི་)གནས་དེ་ནས་(ཁྱིམ་)བདུན་པའི་ གནས་ནི་(ཁྱིམ་དང་པོ་དེ་)རྫོགས་པ(ནུབ་པ)འོ། །(མངལ་དུ་སྲོག་སྐྱེ་བའི་ཟླ་བ་གང་ཡིན་ན་)མངལ་ནས་སྐྱེས་ པ་རྣམས་ཀྱི་མངལ་བཟུང་བའི་ཟླ་བ་ནི་ཆུ་སྲིན་ནོ། །དེ་ནས་བདུན་པ་ནི་སྲོག་སྐྱེ་བའི་ཟླ་བ་སྟེ་ ཀར་ཀ་ཊའོ། །ཟླ་བ(ཁུ་བ་ལས་བྱུང་བ)འི་རྩ་(བདུན་ཁྲི་ཉིས་སྟོང་)འཕེལ་བ་ཡོངས་སུ་བཏང་བ(སྟེ་རྫོགས་ པ)འི་ཕྱིར་ཁྱིམ་(གྱི་མིང་ཅན་ཟླ་བ་)བཅུ་གཉིས་པའི་མཐར་སླར་ཡང་ཆུ་སྲིན་(གྱི་ཟླ་བ་ཉིད་)དུ་འགྱུར་ ཏེ་མངལ་བཟུང་བ་ནས་ཟླ་བ་བཅུ་གསུམ་པའོ། །དེའི་ཕྱིར་ཀར་ཀ་ཊ་ནི་(མངལ་ནས་སྐྱེས་པ་ཐམས་ 3-1-79 ཅད་ཀྱི་མངལ་དུ་)སྲོག་གི་སྐྱེ་བའི་གནས་(ཡིན་)ཏེ་(ཕྱི་རོལ་གྱི་)ཉི་མ་ཁོ་ནའི་(སྐྱེ་བའི་གནས་)མ་ཡིན་ནོ (འདིར་མངལ་དུ་སྲོག་སྐྱེ་བའི་གནས་ཀར་ཀ་ཊ་ཡིན་པར་གསུངས་པ་ནི་ཀར་ཀ་ཊའི་ཟླ་བ་ཡིན་གྱི་ལྟེ་བའི་འཁོར་ལོའི་དུས་སྤྱོར་ གྱི་ཀར་ཀ་ཊའི་ཁྱིམ་ནི་མ་ཡིན་དེ་མངལ་དུ་གནས་པའི་བར་སྲོག་གཡོ་བ་མེད་ཅིང་ཕྱིར་འབྱུང་བ་མེད་པས་དུས་སྦྱོར་འཕོ་བ་མེད་ པའི་ཕྱིར་རོ། །དེས་ན་མངལ་དུ་ཀར་ཀ་ཊའི་ཟླ་བ་ལ་སྲོག་སྐྱེ་བ་ལྟར་ཉི་མའི་འཆི་ལྟས་ཀྱི་སྲོག་དང་པོ་འབབ་པའི་ཁྱིམ་གྱི་རྩ་ འདབ་དེ་ཀར་ཀ་ཊའི་ཁྱིམ་ཡིན་པར་གསུངས་སོ)། །(དེས་ན་ཀར་ཀ་ཊའི་ཁྱིམ་)དེ་ནས་(ཁྱིམ་བདུན་པ་)འཆར་བ་ནི་ (སྲོག་)སྐྱེ་བ(འི་གནས་ཀར་ཀ་ཊ་)་དེ་ནས་(ཁྱིམ་བདུན་པ་ལ་)ཆུ་སྲིན་འཆར་བ་སྟེ་ཁྱིམ་བདུན་པ་འཆར་ བ་ན་ཉི་མ་(དང་རྡུལ་)ནུབ་པ་ཞེས་བྱ་བ་(ཉི་མ་དང་རྡུལ་གནས་པའི་)དུས་རྫོགས་པའོ། །དེས་ཕྱིར་དུས་ རྫོགས་ནས་སྲོག་ཕྱིར་མི་ལྡོག་པར་འགྱུར་ཏེ་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱིས་ལུས་ལ་ བརྟན་པར་བྱ་བར་མི་ནུས་སོ། །མཚན་མོའི་ཆ་ལ་ཟླ་བ་འཆར་བའི་དུས་ཞེས་པ་ལ་(ཉི་མ་རྡུལ་གྱི་ རྫོགས་པའི་རྗེས་སུ་)ཟླ་བ་འཆར་བ་ཞེས་བྱ་བ་ནི་(བར་གྱི་{ཚིག་{ཚོགས}མི་མངོན་པའི་བསྡུ་བ་སྟེ་ཟླ་བ་)ཁུ་བའི་ ཁམས་ལ་འཆི་བ་འཇུག་པ(འམ་འཆར་བ་ཞེས་པ)འོ། །(དེས་ཟླ་བ་ཁུ་བ་ལ་)འཆི་བ་འཆར་བ་ཡིན་གྱི་ཁུ་ བའི་ཁམས་(འཕེལ་བ་འཆར་བ་)ནི་མ་ཡིན་ཏེ་(ཁུ་བ་ལ་)འཆི་ལྟས་ཀྱི་རླུང་ཞུགས་པའི་ཕྱིར་རོ། །དེའི་ ཕྱིར་དུས་རྫོགས་ནས་ཁུ་བ་ཟད་བའི་དོན་དུ་རྩ་གཡས་པ་ལ་སྲོག་ཉིན་ཞག་སུམ་ཅུ་རྩ་གསུམ་ རྒྱུའོ། །དེ་ནས་རྩ་གཡོན་པ་ལ་ཉིན་ཞག་གཉིས་དང་རྩ་དབུ་མ་ལ་ཉིན་ཞག་གཅིག་སྟེ་(ཉི་མ་རྡུལ་ གྱི་དུས་རྫོགས་ནས་)འཚོ་བའི་ཉིན་ཞག་ལྷག་མ་ནི་(རྩ་འདབ་བརྒྱད་པ་འདོར་བ་ལ་)ཚེས་ཞེས་པ་བཅོ་ལྔ་ དང་(དགུ་པ་འདོར་བ་ལ་)ཕྱོགས་ཞེས་པ་བཅུ་དང་(བཅུ་པ་འདོར་བ་ལ་)མདའ་ཞེས་པ་ལྔ་དང་(བཅུ་གཅིག་ པ་འདོར་བ་ལ་)ཡོན་ཏན་ཞེས་པ་གསུམ་དང་(བཅུ་གཉིས་པ་འདོར་བ་ལ་)གཉིས་ཞེས་པ་(སྣ་བུག་གཡོན་དུ་)གཉིས་དང་(དབུས་ཀྱི་ལྟེ་བ་འདོར་བ་ལ་དབུ་མར་)ཉིན་ཞག་གཅིག་སྟེ་ཉི་མའི་འཆི་ལྟས་ལ་བཤད་པ་ གཅིག་གི་ངེས་པའོ། ༦༢ ། ༈ ད་ནི་རང་གི་གནས་ནས་ཞེས་པ་ལ་སོགས་པས་(ཁྱིམ་གྱི་རྩ་འདབ་འདོར་བའི་ཐོག་མ་ཀར་ཀ་ཊའི་ 3-1-80 ཁྱིམ་ནས་རྩོམ་པ་ལས་)བཤད་པ་གཉིས་པ་(བྱིས་པ་སྐྱེས་མ་ཐག་པའི་སྲོག་གི་དུས་སྦྱོར་དང་པོ་སྐྱེས་པའི་ཁྱིམ་གྱི་རྩ་ འདབ་དེ་ནས་འདོར་བའི་མགོ་རྩོམ་པར་)གསུངས་ཏེ་འདིར་ལུས་ཀྱི་ལྟེ་བའི་པད་མ་ལ་རྩ་བཅུ་གཉིས་ཀྱི་ བདག་ཉིད་ཅན་ཁྱིམ་གྱི་འཁོར་ལོའོ། །དེ་ལ་(བྱིས་པའི་སྐྱེ་བའི་དུས་ན་དབུུ་མ་ནས་སྲོག་རྐང་པ་དང་བཅས་པའི་ ལྔ་བཅུ་རྩ་དྲུག་བབས་ནས་ཐོག་མར་གཡས་ཀྱི་དུས་སྦྱོར་གྱི་རླུང་རྒྱུ་བ་ལ་འཇུག་པའི་དུས་སྦྱོར་གྱི་སྲོག་སྟེ་)སྐྱེ་བའི་གནས་ ནི་(ཉི་མའི་འཆི་ལྟས་ཀྱི་རླུང་རྒྱུ་བའི་)ཁྱིམ་དང་པོའི་རྩ་སྟེ་མངལ་ནས་སྐྱེས་པའི་བྱིས་པ(སྐྱེས་མ་ཐག་པ)འི་ དུས་སྦྱོར་(གྱི་རླུང་དང་པོར་རྒྱུ་བའི་གཡས་ཀྱི་རྩ་)གང་ཡིན་པ་དེ་ཉིད་གླང་ལ་སོགས་པ་མཉམ་པའི་རྩའི་ རང་བཞིན་ཅན་ནོ(རིགས་པ་འདིས་ཟླ་བའི་འཆི་ལྟས་ཀྱི་རྩ་འདབ་འདོར་བའི་རྩ་འདབ་དང་པོ་ཡང་བྱིས་པ་སྐྱེ་བའི་དུས་ ཀྱི་དབུ་མའི་དབུགས་རྐང་བཅས་ལྔ་བཅུ་རྩ་དྲུག་རྫོགས་ནས་གཡོན་པའི་རྩའི་དུས་སྦྱོར་ལ་འཇོག་པའི་དུས་སྦྱོར་དང་པོའི་སྲོག་ དེ་རྒྱུ་བའི་ཁྱིམ་གྱི་རྩ་འདབ་ནས་མགོ་རྩོམ་མོ། །དེ་ཡང་གཡོན་གྱི་འཆི་ལྟས་འབྱུང་བ་ལ་དབུ་མའི་དབུགས་རྫོགས་ནས་གཡོན་ གྱི་དུས་སྦྱོར་རྒྱུ་ལ་གཡས་ཀྱི་འཆི་ལྟས་འབྱུང་བ་ལ་དབུ་མའི་དབུགས་རྫོགས་ནས་གཡས་ཀྱི་དུས་སྦྱོར་རྒྱུ་བར་འགྱུར་རོ། །དེས་ ན་འཆི་ལྟས་ཀྱི་ཁྱིམ་གྱི་རྩ་འདབ་འདོར་བའི་དང་པོ་སྐྱེ་བའི་གནས་སམ་སྐྱེ་བའི་ཁྱིམ་ནས་མགོ་རྩོམ་པར་གསུངས་པ་དེ་བྱིས་པ་ སྐྱེ་བའི་དུས་སྦྱོར་ལ་འཆད་པ་ནི་དགོངས་པ་མ་ཡིན་ཏེ་རྒྱས་པར་འཆད་པ་པོའི་ངག་ལས་ཤེས་པར་བྱའོ)། །དེའི་ཕྱིར་(བྱིས་ པའི་དུས་སྦྱོར་གྱི་སྲོག་དང་པོ་)རང་གི་(སྐྱེ་བའི་)གནས་(ཀྱི་ཁྱིམ་གྱི་རྩ་)ནས་(མགོ་བརྩམས་ནས་)མཆོག་གི་ཆ་ སྲོག་གི་ནུས་པས་ཁྱིམ་གྱི་འཁོར་ལོ་སྟེ་རྩའི་འཁོར་ལོ་རྩིབས་བཅུ་གཉིས་པ་དཀྱིལ་འཁོར་ དྲུག་ཅུའི་བདག་ཉིད་ཅན་(རིམ་གྱིས)འདོར་ཏེ་ཉམས་དང་ལྷག་མ་མཚུངས་པའི་ཞེས་པ་ལ་ ཉམས་པ་ནི་(འཆི་ལྟས་)རྒྱུ་བའི་ཉིན་ཞག་རྣམས་ཏེ་ལྔ་དང་བཅུ་དང་བཅོ་ལྔ་དང་ཉི་ཤུ་དང་ཉི་ཤུ་ རྩ་ལྔ་དང་ཉི་ཤུ་རྩ་དྲུག་དང་ཉི་ཤུ་རྩ་བདུན་ནི་ཉམས་པའོ། །(ཉམས་པའི་)ལྷག་མ་ནི་(འཚོ་བའི་)ལོ་ གསུམ་དང་ལོ་གཉིས་དང་ལོ་གཅིག་དང་ཟླ་བ་དྲུག་དང་ཟླ་བ་གསུམ་དང་ཟླ་བ་གཉིས་དང་ ཟླ་བ་གཅིག་ནི་ཉམས་པའི་ལྷག་མ་སྟེ་(ལོ་གསུམ་ལ་སོགས་པ་ཡོད་པའི་འཆི་ལྟས་)ཉམས་པའི་ལྷག་མ་ དེ་རྣམས་ཀྱིས་འདབ་མ་དང་པོ་ལ་སོགས་པ་ནས་ཇི་སྲིད་རྩའི་འདབ་མ་བདུན་པའི་བར་དེ་ 3-1-81 སྲིད་དུ་རིམ་པས་ལོ་དང་ཟླ་བ་སྟེ་(ཉམས་པའི་ལྷག་མ་རགས་པ་)ལོ་གསུམ་(དང་)མིག་(དང་)རི་བོང་ ཅན་(རྣམས་ཡོད་པས་འཆི་ལྟས་དང་པོ་གསུམ་)ཀྱིས་རྩ་གསུམ་འདོར་རོ། །(དེ་བཞིན་དུ་ཉམས་པའི་ལྷག་མ་)ཟླ་ བ་དྲུག་(དང་)གསུམ་(དང་)ཟུང་དང་ཟླ་བ་(རྣམས་ཡོད་པའི་འཆི་ལྟས་བཞི་པ་དང་ལྔ་པ་དང་དྲུག་པ་དང་བདུན་པ་) རྣམས་ཀྱིས་(རྩ་འདབ་བཞི་པ་དང་ལྔ་པ་དང་དྲུག་པ་དང་བདུན་པ་འདོར་ཏེ་རྩ་སྔ་མ་གསུམ་དང་བཅས་པའི་)རྩ་བདུན་ འདོར་རོ། །ཞག་གིས་ཀྱང་རྫོགས་པ་ནས་ནི་ལྷག་མ་མཚུངས་པའི་ཞེས་པ་(བྱིས་པ་སྐྱེས་མ་ཐག་ པའི་དུས་སྦྱོར་དང་པོའི་སྲོག་)སྐྱེ་བའི་གནས་ཀྱི་མཚམས་ནས་བདུན་པ་ལ་དུས་རྫོགས་པ་སྟེ་ཉི་མ་ དང་རྡུལ་ནུབ་པའི་དུས་སོ། །དེའི་ཕྱིར་དུས་རྫོགས་པ་ནས་སྲོག་གི་ནུས་པ་རྒྱུ་བའི་ཚེའི་ཉིན་ ཞག་(གཡས་ནས་འབབ་པར་)མཚུངས་པ་རྣམས་ཀྱིས་ཁྱིམ་གྱི་རྩ་(ལྷག་མ་རྣམས་)ཡོངས་སུ་འདོར་ཏེ་ ཚེས་ཉིན་ཞག་བཅོ་ལྔ་དང་ཕྱོགས་ཉིན་ཞག་བཅུ་དང་མདའ་ཉིན་ཞག་ལྔ་དང་ཡོན་ཏན་ཞེས་ པ་ཉིན་ཞག་གསུམ་སྟེ་ཉིན་ཞག་སུམ་ཅུ་རྩ་གསུམ་པོ་འདི་རྣམས་ཀྱི་(རིམ་པ་ལྟར་)རྩ་བརྒྱད་པ་ དང་དགུ་པ་དང་བཅུ་པ་དང་ཁྱིམ་གྱི་རྩ་བཅུ་གཅིག་པ་དཀྱིལ་འཁོར་ལྔ་འབབ་པར་བྱེད་པ་ ནི་(གཡས་)ཉི་མའི་རབ་ཏུ་རྒྱུ་བས་འདོར་ཏེ་རྩ་གཡས་པ་གཅིག་པུ་ནས་འབབ་པས་སོ། །བཅུ་ གཉིས་པ་ནི་རྩ་གཡོན་པ་ལ་ཉིན་ཞག་གཉིས་དང་དབུ་མ་ལ་ཉིན་ཞག་གཅིག་གིས་(འདོར་)ཏེ་ ལྟེ་བར་རབ་ཏུ་ཞུགས་པས་སོ། །དེ་ལྟར་( ཉི་མ་རྡུལ་གྱི་དུས་)རྫོགས་པ་ནས་ཉིན་ཞག་སུམ་ཅུ་རྩ་ དྲུག་གིས་ཉིན་མོར་བྱེད་པའི་འཆི་ལྟས་ཀྱི་སྦྱོར་བས་མི་རྣམས་འཆི་བར་འགྱུར་རོ། །བཤད་པ་ གཉིས་པའི་ངེས་པའོ། ༦༣ ། ༈ ད་ནི་སྔོན་དུ་ཞེས་པ་ལ་སོགས་པས་འདབ་མ་བཅུ་གཉིས་ལ་ལོ་གསུམ་གྱི་ཉིན་ཞག་ (རྣམས་རིམ་པས)འདོར་བ་གསུངས་ཏེ་འདིར་(ལྟེ་བའི་)ཁྱིམ་གྱི་འཁོར་ལོ་ལ་(ཀར་ཀ་ཊའི་ཁྱིམ་གྱི་རྩ་འདབ་ བྱིས་པ་སྐྱེས་མ་ཐག་པའི་གཡས་ཀྱི་དུས་སྦྱོར་གྱི་སྲོག་)སྐྱེ་བའི་དུས་སྦྱོར་གྱི་རྩ་(དེ)ནི་(འདོར་བའི)སྔོན་(མ)ཞེས་ བརྗོད་དེ་སྐྱེ་བའི་དུས་སྦྱོར་གྱི་འདབ་མ་དེ་(སྲོག་གི་ནུས་པས་འདོར་བ་)ལ་(འཆི་ལྟས་ཀྱི་འཁོར་ལོ་)ལོ་ 3-1-82 གསུམ་གྱི་ཉིན་ཞག་གི་ཚོགས་སྟོང་བརྒྱད་ཅུའི་ནང་ནས་མདའ་དང་མེ་དང་འཇིག་རྟེན་ཞེས་ པ་(གཡས་ཁོ་ན་ལ་རྒྱུ་བའི་ཉིན་ཞག་ལྔ་དང་བཅས་པ)ཉིན་ཞག་གི་ཚོགས་སུམ་ཅུ་རྩ་ལྔ་ལྷག་པའི་སུམ་ བརྒྱ་འདོར་བ(སྟེ་ཟད་པ)ར་བྱེད་དོ། །དེ་ནས་འདབ་མ་(དང་པོ་)དེ་(སྲོག་གི་ནུས་པས་)སྟོང་པ(སྟེ་སྐམ་ པ)ར་བྱས་ཏེ་ལྷག་མའི་ཉིན་ཞག་གི་ཚོགས་(བདུན་བརྒྱ་བཞི་བཅུ་རྩ་ལྔ་)བཟུང་ནས་སྲོག་གི་ནུས་པ་ འདབ་མ་གཉིས་པ་ལ་འཇུག་(ཅིང་འཕོ་བ་བཅུ་གཅིག་ཏུ་འགྱུར་རོ)གོ། ཉིན་ཞག་གི་ཚོགས་དེ་ལས་རྒྱུ་ བ་དང་བཅས་པ་སྟེ་(འདབ་མ་)སྔ་མ་ལས་འདབ་མ་ཕྱི་མར་(གཡས་ཁོ་ན་ལ་)རྒྱུ་བའི་ཉིན་ཞག་བཅུ་ དང་ལྷན་ཅིག་ཏུ་མདའ་དུས་རྩེ་མོ་ཅན་ཞེས་པ་ཉིན་ཞག་གི་ཚོགས་བཞི་བཅུ་རྩ་ལྔ་ལྷག་པའི་ སུམ་བརྒྱ་འདབ་མ་གཉིས་པ་(སྲོག་གིས་འདོར་བ་)ལ་འདོར་(བ་སྟེ་ཟད་པར་འགྱུར་)རོ། །དེ་ནས་ལྷག་ མ་(བཞི་བརྒྱ)བཟུང་ནས་འདབ་མ་གསུམ་པ་ལ་འཇུག་སྟེ་གཉིས་པ་སྟོང་པ(སྟེ་སྐམ་པ)ར་འགྱུར་ (ཞིང་འཕོ་བ་བཅུར་འགྱུར་)རོ། །སླར་ཡང་དེ་ཉིད་ལ་(གཡས་ཁོ་ན་ལ་)རྒྱུ་བའི་ཉིན་ཞག་བཅོ་ལྔ་དང་ ལྷན་ཅིག་ཉིན་ཞག་བདུན་ཅུ་ལྷག་པའི་བརྒྱ་འདབ་མ་གསུམ་པ་〔སྲོག་གིས་འདོར་བ་〕ལ་འདོར་〔བ་སྟེ་ ཟད་པར་འགྱུར་〕རོ། །ལྷག་མ་(ཉིས་བརྒྱ་སུམ་ཅུ)བཟུང་ནས་བཞི་པ་ལ་འཇུག་སྟེ་གསུམ་པ་སྟོང་པར་ འགྱུར་〔ཞིང་འཕོ་བ་དགུར་འགྱུར〕རོ། །དེ་ནས་རྒྱུ་བའི་ཉིན་ཞག་ཉི་ཤུ་དང་ལྷན་ཅིག་མིག་ཀླུ་ཞེས་པ་ ཉིན་ཞག་གི་ཚོགས་བརྒྱད་ཅུ་རྩ་གཉིས་འདབ་མ་བཞི་པ་〔སྲོག་གིས་འདོར་བ〕ལ་འདོར་〔བ་སྟེ་ཟད་པར་ འགྱུར〕རོ། །ལྷག་མ་(བརྒྱ་ཞེ་བརྒྱད)བཟུང་ནས་ལྔ་པ་ལ་འཇུག་སྟེ་བཞི་པ་སྟོང་པར་འགྱུར་(ཞིང་འཕོ་ བ་བརྒྱད་དུ་འགྱུར)རོ། །སླར་ཡང་རྒྱུ་བའི་ཉིན་ཞག་ཉི་ཤུ་རྩ་ལྔ་དང་ལྷན་ཅིག་རི་བོ་མདའ་སྟེ་(འདབ་ མ་ལྔ་པ་སྲོག་གི་འདོར་བ་ལ)ཉིན་ཞག་གི་ཚོགས་ལྔ་བཅུ་རྩ་བདུན་〔སྲོག་གིས་འདོར་བ〕འདོར་〔བ་སྟེ་ཟད་པར་ འགྱུར〕རོ། །ལྷག་མ་(གོ་གཅིག)བཟུང་ནས་དྲུག་པ་ལ་འཇུག་སྟེ་ལྔ་པ་སྟོང་པར་འགྱུར་(ཞིང་འཕོ་བ་ བདུན་དུ་འགྱུར་)རོ། །སླར་ཡང་(འདབ་མ་དྲུག་པ་སྲོག་གི་འདོར་བ་ལ)རྒྱུ་བའི་ཉིན་ཞག་ཉི་ཤུ་རྩ་དྲུག་དང་ ལྷན་ཅིག་ཉིན་ཞག་གི་ཚོགས་ཉི་ཤུ་རྩ་བརྒྱད་འདོར་〚བ་སྟེ་ཟད་པར་འགྱུར〛རོ། །དེ་ནས་〔ལྷག་མ་ 3-1-83 དྲུག་ཅུ་རྩ་གསུམ་བཟུང་ནས〕འདབ་མ་བདུན་པ་(སྲོག་གིས་འདོར་བ)ལ་(ནམ་འཕོ་བའི་ཉིན་ཞག་མེད་ཅིང་གཡས་ཁོ་ན་ ལ)འཇུག་སྟེ་དྲུག་པ་སྟོང་པར་འགྱུར་རོ། །དེ་ནས་བདུན་པ་〔སྲོག་གིས་འདོར་བ〕ལ་〔ནི་འཕོ་བའི་ཉིན་ཞག་ མེད་ཅིང་གཡས་ཁོ་ན་ལ〕རྒྱུ་བའི་ཉིན་ཞག་གི་ཚོགས་ཉི་ཤུ་རྩ་བདུན་འདོར་〚བ་སྟེ་ཟད་པར་འགྱུར〛 རོ། །ལྷག་མ་ཉིན་ཞག་གི་ཚོགས་སུམ་ཅུ་རྩ་དྲུག་བཟུང་ནས་འདབ་མ་བརྒྱད་པར་འཇུག་སྟེ་ བདུན་པ་སྟོང་པར་འགྱུར་རོ(བླ་མ་ན་རོ་པཎ་ཆེན་ནི་རྩ་འདབ་བདུན་པ་ནས་བཅུ་གཅིག་པའི་བར་འདོར་བ་ལ་ཡང་ འཕོ་བ་ཡོད་པར་བཞེད་པ་ནི་གཞུང་གི་དགོངས་པ་དང་མི་མཐུན་ནོ)། །དེ་ནས་བརྒྱད་པ་〔སྲོག་གིས་འདོར་བ〕ལ་ཉིན་ ཞག་བཅོ་ལྔ་འདོར་〔བ་སྟེ་ཟད་པར་འགྱུར〕རོ། །ལྷག་མ་ཉིན་ཞག་ཉི་ཤུ་རྩ་གཅིག་བཟུང་ནས་དགུ་ པ་ལ་འཇུག་སྟེ་བརྒྱད་པ་སྟོང་པར་འགྱུར་རོ། །དེ་ནས་དགུ་པ་〔སྲོག་གིས་འདོར་བ〕ལ་ཉིན་ཞག་ བཅུ་འདོར་〔བ་སྟེ་ཟད་པར་འགྱུར〕རོ། །ལྷག་མ་ཉིན་ཞག་བཅུ་གཅིག་བཟུང་ནས་བཅུ་པ་ལ་འཇུག་ སྟེ་དགུ་པ་སྟོང་པར་འགྱུར་རོ། །དེ་ནས་བཅུ་པ་ལ་ཉིན་ཞག་ལྔ་འདོར་〔བ་སྟེ་ཟད་པར་འགྱུར〕རོ། ། ལྷག་མ་ཉིན་ཞག་དྲུག་བཟུང་ནས་བཅུ་གཅིག་པ་ལ་འཇུག་སྟེ་བཅུ་པ་སྟོང་པར་འགྱུར་རོ། ། (བཅུ་གཅིག་པ)དེ་ལ་ཉིན་ཞག་གསུམ་འདོར་〔བ་སྟེ་ཟད་པར་འགྱུར〕རོ། །ལྷག་མ་ཉིན་ཞག་གསུམ་ བཟུང་ནས་བཅུ་གཉིས་པ་ལ་འཇུག་སྟེ་བཅུ་གཅིག་པ་སྟོང་པར་འགྱུར་རོ། །(བཅུ་གཉིས་པ)དེ་ལ་ ཉིན་ཞག་གཉིས་འདོར་(བ་སྟེ་ཟད་པར་འགྱུར)རོ། །ལྷག་མ་ཉིན་ཞག་གཅིག་བཟུང་ནས་(འཁོར་ལོ་ ལྔའི)ལྟེ་བ་(དབུ་མ)ལ་འཇུག་སྟེ་ཁྱིམ་གྱི་འདབ་མ་བཅུ་གཉིས་པའི་རྩ་སྟོང་པར་འགྱུར་རོ། །དེ་ ལྟར་(ལོ་བརྒྱའི)དབུ་མའི་ལོ་གསུམ་གྱི་ཉིན་ཞག་སྟོང་བརྒྱད་ཅུ(དང་གྲངས་མཚུངས་པ)འི་(ཞག)གྲངས་ རྣམས་ཀྱིས་ཉི་མའི་(འཆི་ལྟས)སྲོག་གི་ནུས་པས་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པ་འདོར་ རོ(འདིར་ཉི་མའི་འཆི་ལྟས་ལ་རྩ་འདབ་རྣམས་འདོར་བའི་རིམ་པ་གཡས་སྐོར་གྱིས་འདོར་བར་ན་རོ་པཎ་ཆེན་གྱིས་བཞེད་པ་ ལྟར་ལེགས་ཤིང་དེའི་རིགས་པས་ཟླ་བའི་འཆི་ལྟས་ལ་གཡོན་སྐོར་གྱིས་འདོར་བ་འཐད་དོ། །ཉི་མའི་འཆི་ལྟས་ལ་ཡང་རྩ་འདབ་ བཅུ་གཉིས་པ་འདོར་བའི་ཞག་གཉིས་མ་གཏོགས་པ་གཡོན་གྱི་རྩ་འདབ་རྣམས་འདོར་བའི་འཆི་ལྟས་ཀྱི་ཉིན་ཞག་རྣམས་ཀྱང་ 3-1-84 གཡས་ཀྱི་རྩ་ལ་རྒྱུ་ཞིང་སྣ་བུག་ཀྱང་གཡས་ཉིད་ལ་རྒྱུའོ། །དེ་ནས་རྩ་འདབ་གང་དང་གང་འདོར་བའི་འཆི་ལྟས་ཀྱི་རླུང་རྣམས་རྩ་ འདབ་དེ་དག་ཉིད་ནས་རྒྱུ་བའི་ངེས་པ་མེད་དོ། །རྩ་འདབ་བརྒྱད་པ་མན་ཆད་ལ་འཆི་ལྟས་མེད་པར་བཞེད་པ་ཡང་མི་འཐད་དེ་དེ་ ལྟར་རྫོགས་པ་ནས་ཉིན་ཞག་སུམ་ཅུ་རྩ་དྲུག་གིས་ཉིན་མོར་བྱེད་པའི་འཆི་ལྟས་ཀྱི་སྦྱོར་བས་ཞེས་གསུངས་པས་སོ)། །དེ་ནས་ ལྟེ་བ་ལ་ཉིན་ཞག་གཅིག་དབུ་མར་འབབ་སྟེ་(འདི་ཡང་ཞག་སྟོང་བརྒྱད་ཅུ་པོ་{ཉིད་ལ་{རྣམས་མ་}གཏོགས་སོ) དེ་ནས་དབུགས་ཀྱི་འཁོར་ལོ་བཏང་(སྟེ་དབུ་མ་ཡང་དོར)ནས་(ཀུན་གཞི)རྣམ་པར་ཤེས་པ་སྲོག་གི་ རླུང་དང་ལྷན་ཅིག་(ལས་ཀྱི་དབང་གིས)འགྲོ་བ་དྲུག་པོ་གཞན་དུ་འཕོ་བ་(སྟེ་སྐྱེ་བ་ལེན་པ)ར་བྱེད་དོ། ། ཉི་མའི་འཆི་ལྟས་ཀྱི་ངེས་པའོ། ། ༈ འདིར་དགོད་པ་ནི་སྔར་(ཟླ་བའི་འཆི་ལྟས)གྱི་དགོད་པ་བཞིན་དུ་རིམ་པ་གཉིས་ལ་ལོ་ ཡི་དབྱེ་བ་དང་ཉིན་ཞག་འདོར་བའི་དབྱེ་བ་སྟེ་རིམ་པ་སྔ་མ་ལ་འཆི་ལྟས་ཀྱི་ཉིན་ཞག་དགོད་ ཅིང་རིམ་པ་ཕྱི་མ་ལ་ལྷག་མ་ཚེའི་ཉིན་ཞག་དགོད་དོ(རིམ་པ་སྔ་མ་ལ་འཆི་ལྟས་ཀྱི་ཉིན་ཞག་དགོད་པར་ གསུངས་པས་ན་རྩ་འདབ་བརྒྱད་པ་མན་ཆད་འདོར་བའི་ཞག་རྣམས་འཆི་ལྟས་ཡིན་པར་བསྟན་ནོ)། །འཁོར་ལོ་གཉིས་ པ་ལ་ཉིན་ཞག་འདོར་བ་དགོད་ཅིང་སྔ་མའི་འདབ་མ་རྣམས་ལ་རིམ་པས་སྟོང་པ་དགོད་དོ། ། གཡས་པའི་རྩ་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་རྣམས་ལ་ཉི་མའི་འཆི་ལྟས་དང་(གཡོན་པའི་རྩ) མི་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་རྣམས་ལ་ཟླ་བའི་འཆི་ལྟས་ཏེ་ཚེ་ཐུང་བ་རྣམས་ཀྱིའོ(མཉམ་ པ་དང་མི་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་ཞེས་པའི་དུས་སྦྱོར་འདི་དག་ལ་མ་བུ་གང་གི་ཡིན་ན་བུའི་དུས་སྦྱོར་ནི་མ་ཡིན་ཏེ་བྱིས་ པ་མངལ་ན་གནས་པའི་བར་དུ་ལྟེ་བ་ནས་དཔྲལ་བའི་བར་དུ་སྲོག་དབྱུག་པའི་རྣམ་པ་ལྟར་གནས་ཤིང་སྣ་བུག་ལས་ཕྱིར་འབྱུང་ བ་མེད་པས་དུས་སྦྱོར་གྱི་རླུང་མེད་ལ་མངལ་ནས་སྐྱེ་བའི་དུས་སུ་ནི་རླུང་དབུ་མ་ནས་རྒྱུ་བའི་ཕྱིར་དུས་སྦྱོར་གྱི་རླུང་མེད་པས་བྱིས་ པ་རང་ཉིད་ཀྱི་དུས་སྦྱོར་ལ་སྐྱེས་པ་མི་རིགས་སོ་གལ་ཏེ་སྐྱེ་དུས་ཀྱི་རླུང་དབུ་མ་ནས་འབབ་པའི་སྔོན་དུ་དུས་སྦྱོར་གྱི་རླུང་ཡོད་ན་ གཡོན་གྱི་དུས་སྦྱོར་ལ་སྐྱེས་པ་ཡིན་ན་དབུ་མ་ནས་དབུགས་རྐང་བཅས་ལྔ་བཅུ་རྩ་དྲུག་བབས་ནས་གཡོན་གྱི་དུས་སྦྱོར་རྒྱུ་བར་ གསུངས་པས་གཡོན་གྱི་དུས་སྦྱོར་རྒྱུས་ནས་དབུ་མར་ཞུགས་པའི་རྗེས་སུ་ཡང་གཡོན་གྱི་དུས་སྦྱོར་རྒྱུ་དགོས་པར་འགྱུར་བ་ལས་ 3-1-85 དེ་ལྟ་བུ་མི་སྲིད་པའི་ཕྱིར་མངལ་ནས་སྐྱེས་པའི་གོང་དུ་བྱིས་པའི་དུས་སྦྱོར་རྒྱུ་བ་མེད་དོ། །དེས་ན་མའི་དུས་སྦྱོར་ཡིན་དགོས་ཏེ་རྒྱུ་ མཚན་འོག་ཏུ་བཤད་པར་བྱའོ)། །ཉི་མའི་འཆི་ལྟས་ཀྱི་ངེས་པའོ། ། ༈ ད་ནི་དབུ་མའི་དུས་ཀྱི་ལོ་(གསུམ་གྱི་མཐར་ཐུག་པ)འི་(བར་དུ)རིམ་པས་ཉི་མའི་འཆི་ལྟས་ ལོ་བརྒྱའི་མཚམས་སུ་(འབྱུང་བར)བྱིས་པའི་སྐྱེ་བོ་མུ་སྟེགས་པ་རྣམས་ཀྱིས་བརྗོད་པ་སེམས་ ཅན་རྣམས་རྨོངས་པ་སྐྱེད་པར་བྱེད་པ་གང་ཡིན་པ་དེའི་དགག་པ་བརྗོད་པར་བྱའོ། །འདིར་ མུ་སྟེགས་པ་རྣམས་བརྗོད་པ་གྲག་སྟེ་རྩ་གཡས་པ་ལ་ཆུ་ཚོད་ལྔ་རབ་ཏུ་རྒྱུ་བས་ཚེ་ལོ་བརྒྱའོ། ། ཆུ་ཚོད་དྲུག་རབ་ཏུ་རྒྱུ་བས་ཚེ་ལོ་དགུ་བཅུ་དང་ཆུ་ཚོད་བདུན་རབ་ཏུ་རྒྱུ་བས་ཚེ་ལོ་བརྒྱད་ཅུ་ དང་ཆུ་ཚོད་བརྒྱད་རབ་ཏུ་རྒྱུ་བས་ཚེ་ལོ་ལྔ་བཅུ་དང་ཆུ་ཚོད་དགུ་རབ་ཏུ་རྒྱུ་བས་ཚེ་ལོ་སུམ་ཅུ་ དང་ཆུ་ཚོད་བཅུ་རབ་ཏུ་རྒྱུ་བས་ཚེ་ལོ་ཉི་ཤུ་རྩ་དྲུག་དང་ཆུ་ཚོད་བཅོ་ལྔ་རབ་ཏུ་རྒྱུ་བས་ཚེ་ལོ་ བཅུ་བཞི་དང་ཆུ་ཚོད་སུམ་ཅུ་རབ་ཏུ་རྒྱུ་བས་ཚེ་ལོ་བཅུ་གཉིས་དང་ཉིན་ཞག་གཅིག་རབ་ཏུ་ རྒྱུ་བས་ཚེ་ལོ་བཅུ་དང་ཉིན་ཞག་གཉིས་རབ་ཏུ་རྒྱུ་(སྔ་མ་སྔ་མས་རྒྱུ་ཞིང་ཕྱི་མ་ཕྱི་མ་ལ་མི་རྒྱུ)བས་ཚེ་ལོ་ བརྒྱད་དང་ཉིན་ཞག་གསུམ་རབ་ཏུ་རྒྱུ་བས་ཚེ་ལོ་དྲུག་དང་ཉིན་ཞག་བཞི་རབ་ཏུ་རྒྱུ་བས་ཚེ་ ལོ་ལྔའོ། །དེ་ནས་ཉིན་ཞག་ལྔ་རབ་ཏུ་རྒྱུ་བས་ཚེ་ལོ་གསུམ་མོ་ཞེས་པ་ནི་མུ་སྟེགས་པ་རྣམས་ ཀྱི་གཡས་ཀྱི་ལམ་ལ་(འབྱུང་བའི་འཆི་ལྟས་ཀྱི)ཆུ་ཚོད་དང་དབུགས་ཀྱི་ངེས་པའོ། ། དེ་ཉིད་ནི་ཐམས་ཅད་མཁྱེན་པས་གསུངས་པའི་རིགས་པས་རྣམ་པར་དཔྱད་ན་མི་འཐད་ དེ་འདིར་མི་རྣམས་ཀྱི་འཆི་ལྟས་མེད་པ་ལ་གཡོན་དང་གཡས་ཀྱི་རྩ་ལ་(ཆུ་ཚོད)ལྔ་(འབབ)སྟེ་མི་ མཉམ་པ་དང་མཉམ་པའི་དུས་སྦྱོར་རྣམས་ལ་དབྱུག་གུ་ལྔར་སྲོག་གི་རླུང་འབབ་པོ། །སྐྱེ་བུ་ཚེ་ ལོ་བརྒྱ་པའི་(དུས་སུ་འཆི་བ)སྲོག་ནི་གཡོན་དང་གཡས་པ་དག་ལ་(སྐྱེས་ནས་ཟླ་བ་ཕྱེད་དང་གཉིས་ཀྱིས་ དམན་པའི)ལོ་བདུན་དུ་(བགྲོད་པ་དང་པོ་གཉིས་མ་གཏོགས་པས)བགྲོད་པ〔སྔ་མ་སྔ་མ་ལ་རྒྱུ་ཞིང་ཕྱི་མ་ཕྱི་མ་ལ་མི་རྒྱུ་ བ〕འི་དབྱེ་བས་〔འཆི་བ་〕དབུགས་སུ་འཕེལ་ལོ། །དེ་ནས་ལོ་དྲུག་ཅུ་རྣམས་ལ་ནི་བགྲོད་པ་(སྔ་མ་སྔ་ 3-1-86 མ་ལ་འཆི་བ)འཕེལ་(ཞིང་ཕྱི་མ་ཕྱི་མ་ལ་འཆི་བ་མི་འཕེལ)བའི་དབྱེ་བས་〔འཆི་བ་〕ཆུ་སྲང་དུ་འཕེལ་ལོ། །དེ་ ནས་ལོ་སུམ་ཅུ་རྣམས་ནི་ཟླ་བ་གསུམ་གྱི་དབྱེ་བས་(དེ་ཟླ་བ་གསུམ་པ་ལ་འཕེལ་ཞིང་གསུམ་ལ་མི་འཕེལ་ བའི་ཚུལ་གྱིས་འཆི་བ་)ཆུ་ཚོད་དུ་འཕེལ་ལོ། །(དེ་ལྟར་ཕྱེད་བཅས་ཟླ་བའི་དམན་པའི་ལོ་དགུ་བཅུ་རྩ་བདུན་གྱི་མཐར་ འཆི་བ་ཞག་གཅིག་ཏུ་གྲུབ་ཅིང་)དེ་ནས་ལོ་གསུམ་དང་ཕྱོགས་གསུམ་ནི་(འཆི་བ)ཉིན་ཞག་གི་དབྱེ་བས་ (བར་མ་ཆད་དུ)འཕེལ་ལོ་ཞེས་པ་ནི་(འཆི་བ་)དུས་འཕེལ་བའི་རིགས་པའོ། །རིགས་པ་འདི་ལས་ མངལ་ནས་སྐྱེས་པའི་བྱིས་པ་གང་ཞིག་དུས་མ་ཡིན་པར་འཆི་བར་འགྱུར་བ་ལོ་གསུམ་མམ་ ལོ་ལྔའམ་ལོ་བཅུ་གཉིས་སམ་ལོ་ཉི་ཤུ་ལ་(ལོ་དགུ་བཅུ་ལ་སོགས་པ་ནས་འཆི་བའི་དུས་མ་ཡིན་པའི་འཆི་ལྟས) སོགས་པས་འཆི་བ་(ལོ་བརྒྱའི་འཆི་ལྟས)དེ་ལ་ཆུ་ཚོད་ལྔའི་སྟེང་དུ་ཆུ་ཚོད་དྲུག་དང་བདུན་ལ་ སོགས་པ་རབ་ཏུ་རྒྱུ་བའི་རིམ་པ་ནི་དོན་མེད་པ་སྟེ་(ཁྱིམ་གྱི་འདབ་མ་དང་པོ་ལ་འཆི་ལྟས་ཀྱི་སྲོག་ཤར་བ་ ཞིག)མངལ་ནས་སྐྱེས་པ་ནས་ལོ་གསུམ་འཆི་བའི་མཚམས་ཡིན་པ(དེས་ན་ལོ་གསུམ་ན་འཆི་བ་དེ་ལ་ ཡང་དུས་མ་ཡིན་པའི་འཆི་ལྟས་ཆུ་ཚོད་དྲུག་དང་བདུན་ལ་སོགས་པ་རྩ་གཡས་ནས་བར་མ་ཆད་པར་རྒྱུ་བ་ཡོད་ཀྱང་ཚེ་ལོ་དགུ་ བཅུ་དང་བརྒྱད་ཅུ་ལ་སོགས་པ་ཡིན་པ་མི་སྲིད་པ)འི་ཕྱིར་རོ(ཡང་ན་རྩ་མི་འགྱུར་ལ་མངལ་ནས་སྐྱེས་ནས་ལོ་གསུམ་གྱི་ མཐར་འཆི་བ་ལ་ཞེས་འབྱུང་བ་ལྟར་བཤད་དོ)། །(གཞན་ཡང་གཡས་ཀྱི་འཆི་ལྟས)འདིར་གལ་ཏེ་(མངལ་ནས) སྐྱེས་པའི་ཟླ་བ་གཅིག་(དང་ཞག་དྲུག་)གི་རྗེས་སུ་འཆི་བར་འགྱུར་ན་དེའི་ཚེ་སྐྱེས་པའི་ཉིན་ཞག་ ནས་བརྩམས་ཏེ་སྲོག་གི་རླུང་(འདབ་མ་བདུན་པར་རྡུལ་གྱི)དུས་རྫོགས་ནས་(བརྒྱད་པ་ལ་སོགས་པར) ཚེས་ཕྱོགས་{དང་}མདའ་དང་ཡོན་ཏན་(དང་)ལ་སོགས་པ་(བཅུ་གཉིས་པར་གཡོན་ནས་ཞག་གཉིས་དང་ དབུ་མར་ཞག་གཅིག)རྒྱུའོ། །དེ་བཞིན་དུ་མངལ་ནས་སྐྱེས་ནས་ཟླ་བ་གཉིས་ཀྱི་མཐའ་དང་ཟླ་བ་ གསུམ་གྱི་མཐའ་དང་ཟླ་བ་དྲུག་གི་མཐའ་དང་ལོའི་མཐའ་དང་ལོ་གཉིས་ཀྱི་མཐའ་དང་ལོ་ གསུམ་གྱི་མཐར་འཆི་བ་(ཡིན་ན)ནི་(རིམ་པ་ལྟར་གཡས་ཀྱི་རྩ་ལ)ཉིན་ཞག་སུམ་ཅུ་རྩ་གསུམ་རྒྱུ་བ་ ནས་(བཟུང་སྟེ)ལུགས་ལས་བཟློག་པས་གཡས་ཀྱི་རྩ་ལ་ཉིནཞག་(ཉེར་བདུན་ཉེར་དྲུག་ཉེར་ལྔ་ཉི་ཤུ་བཅོ་ 3-1-87 ལྔ་བཅུ)ལྔའི་བར་དུ་རྒྱུ་བ་སྟེ་(དེ་རྣམས་ལྔ་པ་ལྔ་ནི)སྒྲ་ལ་སོགས་པའི་ཡོན་ཏན་ལྔ་ཟད་པའི་དབྱེ་བས་ སོ(དེས་ན་སྐྱེས་ནས་ཟླ་བ་གཉིས་ཀྱི་མཐར་འཆི་བ་ལ་སོགས་པ་ལ་ཡང་འཆི་ལྟས་ཀྱི་ཆུ་ཚོད་དྲུག་ཏུ་རྒྱུ་བ་ལ་སོགས་པ་ཡོད་ཀྱང་ ཚེ་ལོ་དགུ་བཅུ་པ་ལ་སོགས་པ་ཡིན་པ་མི་སྲིད་པས་འཆི་ལྟས་ཀྱི་རྣམ་པར་བཞག་པ་དེ་དག་དོན་མེད་དོ)། །གཡོན་གྱི་རྩ་ ལ་ནི་(རྩ་འདབ་རེ་རེ་ལ་འཆི་ལྟས)ཉིན་ཞག་གཅིག་(པ་གསུམ་གསུམ་དུ་རྒྱུ)སྟེ་སྙིང་སྟོབས་ལ་སོགས་པ་ ཡོན་ཏན་གསུམ་(རྩ་གཡོན་གྱིས་ཕྲོགས་ནས)ཟད་པའི་དབྱེ་བས་སོ། །དེ་བཞིན་དུ་ལྟེ་བ་ལ་(འཆི་ལྟས་ ཀྱི)སྲོག་རབ་ཏུ་ཞུགས་པ་ལས་(བཙས་ན)མངལ་ནས་སྐྱེས་པའི་ཉིན་མཚན་ནས་(ཞག)དང་པོ་(དེ་ ཉིད)ལ་ཡང་འཆི་བར་ཤེས་པར་བྱའོ། །དེ་བཞིན་དུ་འདབ་མ་བཅུ་གཉིས་པ་ལ་(འཆི་ལྟས་ཀྱི) སྲོག་འཆར་བ་ལས་(བཙས་ནས་འདབ་མ་དེ་ཉིད་ཀྱི་ཞག་གཉིས་དང་དབུ་མའི་གཅིག་སྟེ)ཉིན་ཞག་གསུམ་པ་ལ་ འཆི་བའོ། །དེ་བཞིན་དུ་འདབ་མ་བཅུ་གཅིག་པ་ལ་སྲོག་འཆར་བ་ལས་(བཙས་ནས་འདབ་མ་དེ་ཉིད་ ཀྱི་ཞག་གསུམ་དང་དེའི་རྗེས་ནས་ཞག་གསུམ་སྟེ)ཉིན་ཞག་དྲུག་པ་ལ(འཆི)འོ། །དེ་བཞིན་དུ་ཁྱིམ་གྱི་འདབ་ མ་བཅུ་པ་ལ་སྲོག་འཆར་བ་ལས་(བཙས་ནས་དེའི་ཉིན་ཞག་ལྔ་དང་དེའི་རྗེས་ནས་ཉིན་ཞག་དྲུག་སྟེ་)ཉིན་ཞག་ བཅུ་གཅིག་པ་ལ(འཆི་བ)འོ། །དེ་བཞིན་དུ་ཁྱིམ་གྱི་འདབ་མ་དགུ་པ་ལ་སྲོག་འཆར་བ་ལས་ (བཙས་ནས་དེའི་ཉིན་ཞག་བཅུ་དང་དེའི་རྗེས་ཀྱི་གཅིག་སྟེ)ཉིན་ཞག་ཉི་ཤུ་རྩ་གཅིག་པ་ལའོ། །དེ་བཞིན་དུ་ རིམ་པས་ཁྱིམ་གྱི་འདབ་མ་བརྒྱད་པ་ལ་སྲོག་འཆར་བ་ལས་(བཙས་ནས་དེའི་ཉིན་ཞག་བཅོ་ལྔ་དང་དེའི་ རྗེས་ཀྱི་ཉི་ཤུ་རྩ་གཅིག་དེ)ཉིན་ཞག་སུམ་ཅུ་རྩ་དྲུག་པ་ལའོ། །དེ་བཞིན་དུ་ཁྱིམ་གྱི་འདབ་མ་བདུན་ པ་ལ་སྲོག་འཆར་བ་ལས་(བཙས་ནས་དེའི་ཉིན་ཞག་ཉེར་བདུན་དང་དེའི་རྗེས་ལ་སོ་དྲུག་སྟེ་ཞག་གསུམ་ལྷག་པའི) ཟླ་བ་གཉིས་ནའོ། །དེ་བཞིན་དུ་འདབ་མ་དྲུག་པ་ལ་སྲོག་འཆར་བ་ལས་(བཙས་ན་རྩ་འདབ་དེ་ལ་ ཞག་འདོར་བ་ཉེར་བརྒྱད་དང་དེའི་རྗེས་ནས་ཞག་རེ་གསུམ་སྟེ་ཞག་གཅིག་ལྷག་པའི)ཟླ་བ་གསུམ་ནའོ། །དེ་བཞིན་ དུ་ལྔ་པ་ལ་སྲོག་འཆར་བ་ལས་(བཙས་ན་དེ་ལ་ཞག་འདོར་བ་ང་བདུན་དང་དེའི་རྗེས་ནས་གོ་གཅིག་སྟེ་ཞག་ཉེར་ བརྒྱད་ལྷག་པའི)ཟླ་བ་བཞི་ནའོ། །དེ་བཞིན་དུ་འདབ་མ་བཞི་པ་ལ་ཉིན་ཞག་ཉི་ཤུར་སྲོག་འཆར་ 3-1-88 བ་ལས་(བཙས་ན་དེ་ལ་ཞག་འདོར་བ་གྱ་གཉིས་དང་དེའི་རྗེས་ན་ཟླ་བ་བཞི་དང་ཞག་ཉེར་བརྒྱད་དེ)ཟླ་བ་དྲུག་ ནའོ(ཞེས་པ་རགས་པ་སྟེ་ཞིབ་མོར་ན་ཞག་ཉི་ཤུ་ལྷག་པའི་ཟླ་བ་བདུན་ནོ)། །དེ་བཞིན་དུ་(རྒྱུ)ཕྱོགས་(ཏེ་བཅོ་ལྔ) དང་བཅས་པར་(འདབ་མ)གསུམ་པ་ལ་སྲོག་འཆར་པ་ལས་(བཙས་ན་ཞེས་པ་རགས་པ་སྟེ་ཟླ་བ་གཅིག་ དང་ཞག་བཅུ་ལྷག་གོ)ལོ་གཅིག་ནའོ། །(རྒྱུ་བ)ཉིན་ཞག་བཅུར་(བཅས་པའི་འདབ་མ)གཉིས་པ་ལ་སྲོག་ འཆར་བ་ལས་ལོ་གཉིས་ན(ཞེས་པ་རགས་པ་སྟེ་ཞག་ཉེར་ལྔ་ལྷག་གོ)འོ། །(འདབ་མ)དང་པོ་ལ་(རྒྱུ་བའི་ཉིན་ ཞག་ལྔར་བཅས་པའི)སྲོག་འཆར་བ་ལས་ལོ་གསུམ་ནའོ། །(བཙས་པའི་དུས་སུ་འཆི་ལྟས་ཀྱི་སྲོག་འཆར་བ་ཞིག་ བཙས་ནས)ལོ་བཞི་པ་ལ་(འཆི་བའི་འཆི་ལྟས་ཀྱི)ཉིན་ཞག་ནི་རིགས་པ་མ་ཡིན་ཏེ་(དེ་བཞིན་དུ་བཙའ་བའི་ དུས་སུ་འཆི་ལྟས་ཀྱི་སྲོག་འཆར་བ་ཞིག)མངལ་ནས་སྐྱེས་པ་ནས་ལོ་བརྒྱའི་མཚམས་ཀྱིས་པར་དུ་(འཆི་ བའི་འཆི་ལྟས་ཀྱི་ཉིན་ཞག་མི་རིགས་པར་ཤེས་པར་བྱ)འོ(བདེ་མཆོག་སྡོམ་འབྱུང་དང་རྡོ་རྗེ་མཁའ་འགྲོ་ལ་སོགས་པར་ལོ་བཅུ་ བཞི་ནས་བཞིའི་བར་གྱི་འཆི་ལྟས་ལ་སོགས་པ་གསུངས་པ་ནི་དགོངས་པ་ཅན་ཡིན་ནོ)། །འདི་ནི་ཉི་མའི་འཆི་ལྟས་ཀྱི་ ངེས་པ་སྟེ་ཉི་མའི་ཇི་ལྟ་བ་དེ་བཞིན་དུ་སྙིང་སྟོབས་ལ་སོགས་པ་ཡོན་ཏན་གསུམ་གྱི་དབྱེ་བས་ མངལ་ནས་སྐྱེས་པ་ལ་ཟླ་བའི་འཆི་ལྟས་ཀྱི་ངེས་པ(ལ་ཡང་ལྟེ་བ་ལ་འཆི་ལྟས་ཀྱི་སྲོག་ཞུགས་པ་ལས་བཙས་ ན་སྐྱེས་པའི་ཉིན་ཞག་དང་པོ་ལ་འཆི་བ་ལ་སོགས་པ་རྩ་འདབ་སོ་སོ་ལ་འཆི་ལྟས་ཤར་ནས་བཙས་ན་ཞག་གཅིག་ཟླ་བ་གཅིག་ལ་ སོགས་པ་ནས་འཆི་བའི་བར་དུ་སྦྱར་བར་བྱ)འོ། །དེ་བཞིན་དུ་དུས་ཕྱི་མའི་སྟེང་གི་རྣ་བ་(དུས་ཀྱི་ཕྱི་མའི་རྗེས་སུ་ འགྲོ་བ་རྩ་མི་ཟེར)ལས་དབང་ཕྱུག་གིས་སྨྲས་པ། ཇི་ལྟར་གཡོན་པ་དེ་བཞིན་གཡས། །དེ་བཞིན་ ཉིད་དུ་དབུ་མ་ཡང༌། །ལོ་གསུམ་མཐར་ནི་འཆི་བ་སྟེར། །ཞེས་པ་སྟེ་གཞན་(མུ་སྟེགས་ཅན)གྱི་ གྲུབ་པའི་མཐའ་ལ་ཡང་ལ་ལར་(དོན་ལ་གནས་པའི)ངེས་པ་ཡོད་དོ། །ཟླ་བ་དང་ཉི་མའི་འཆི་ལྟས་ ཀྱི་ངེས་པའོ། །འདི་ལྟར་བྱིས་པའི་ཟླ་བའི་ལམ་མམ་ཉི་མའི་ལམ་གྱི་ལོ་གསུམ་གྱི་མཐར་འཆི་ བ་གང་ཡིན་པ་དེའི་ཉིན་ཞག་གཅིག་ནས་བརྩམས་ཏེ་(འཆི་ལྟས་ཀྱི)ཉིན་ཞག་སོ་སོ་(རྣམས་རྫོགས) ལ་འཆི་བའི་(ཞག་གི)དབྱེ་བ་སྟོང་བརྒྱད་ཅུའི་དབྱེ་བས་(འཆི་ལྟས་དང་པོ་ཤར་ནས་ལོ་གསུམ་དང་གཉིས་པ་ 3-1-89 ཤར་ན་ལོ་གཉིས་ན་འཆིའོ་ཞེས་པ་ལ་སོགས་པའི་འཆི་བའི་ཞག་གྲངས)ཐ་དད་པ་ནི་འདིར་ངེས་པ(འི་གྲངས་ངེས་བྱ་ བ་དེ་ཁོ་ན་ལྟར)མེད་དེ་མངལ་ནས་སྐྱེས་པ་རྣམས་ཀྱི་ལས་ཀྱི(དབང་གི)ས་(འཆི་ལྟས་དེ་དང་དེ་དག་ཤར་ ཡང་འཆི་བའི་ཞག་གྲངས་དེ་དང་དེ་དག་ལས་ཡུན་རིང་ཐུང་དུ་འཚོ་བ་ཡང་ཡོད་པས)སོ། །འོན་ཀྱང་རྩ(འདབ་སོ་སོ)འི་ (འཆི་ལྟས་ཀྱི)དབུགས་རབ་ཏུ་རྒྱུ་བའི་འཆི་ལྟས་ཀྱི་ཉིན་ཞག་རྣམས་ཀྱི་〔འཆི་ལྟས་ཀྱི〕སྲོག་གི་གྲངས་ (དེ་སྤྱི་རིགས་ནས་འཆི་ལྟས་ཀྱི་རྣམ་བཞག་སྔར་བཤད་པ་ལྟར་ཡིན་པར)ཤེས་པར་བྱའོ། །དེའི་ཕྱིར་(ཟླ་ཉིའི)འཆི་ ལྟས་ཀྱི་འཁོར་ལོ་(སྟེ་འཆི་ལྟས་ཡོངས་སུ་རྫོགས་པའི་བར་གྱི་ཞག་གྲངས)ནི་འཆི་བའི་(ཞག་གི)འཁོར་ལོ་(ཞེས་ པ་ཞག་སྟོང་བརྒྱད་ཅུ)སྟེ་(འཆི་ལྟས་དང་པོ་ཤར་ནས་ཞག་གྲངས་དེ་སྙེད་ཀྱི་བར་ལ)ཁྱིམ་གྱི་འཁོར་ལོའི་རྩ་(འདབ་ བཅུ་གཉིས་པོ)རྣམས་ལ་སྲོག་གི་དཀྱིལ་འཁོར་ལྔ་(ལྔ)རྒྱུ་བ་རྣམས་རིམ་པས་ཡོངས་སུ་འདོར་ ཞིང་དེ་ནས་ལྟེ་བ་ལ་རབ་ཏུ་ཞུགས་པའི་ཉིན་ཞག་དེ་ལ་འཆིའོ་ཞེས་པ་ནི་(ཐམས་ཅད་མཁྱེན་པས་ གསུངས་པའི)རིགས་པའོ། །འདིར་(ཁ་ཅིག་ན་རེ)ལོ་བརྒྱའི་མཐར་ཐུག་པར་དབུ་མའི་རབ་ཏུ་རྒྱུ་བ་ ལོ་གསུམ་གྱི་དུས་(དང་གྲངས་མཚུངས་པ་ཉིད)ཀྱི་མཚན་ཉིད་ཅན་(གྱི་འཆི་ལྟས་ཀྱི་འཁོར་ལོ་གསུམ་དུ་བྱས་པ་ནི་ དབུ་མའི་ལོ་གསུམ་ཕྱོགས་གསུམ་ལས་ལོ་གསུམ་ཉི་མའི་ཆོས་ཡིན་ལ་དེ་དང་མཚུངས་པའི་ཆ་ནས)ཉི་མའི་འཆི་ལྟས་(ཀྱི་ འཁོར་ལོ)སུ་ཡོངས་སུ་བརྟགས་ཤིང་སེམས་ཅན་ཐམས་ཅད་ཀྱི་(ཉི་མའི་འཆི་ལྟས་ཀྱི)འཆི་བ(འི་འཁོར་ ལོ)ར་གྲགས་པར་བཅོམ་ལྡན་འདས་ཀྱི་གསུངས་ཀྱི་(འཆི་ལྟས་ཀྱི་འཁོར་ལོ་གསུམ་པོ)དེ་ཉིད་(དབུ་མའི) ཟླ་བའི་(ཆའི)ཕྱོགས་གསུམ་གྱི་ཆོས་ཀྱིས་ཟླ་བའི་འཆི་ལྟས་ཀྱིས་འཆི་བ(འི་འཁོར་ལོ)ར་ནི་མི་ འགྱུར་(ཏེ་ཟླ་བའི་འཆི་ལྟས་ཀྱིས་འཆི་བའི་འཁོར་ལོ་ཡོད་ན་ཟླ་བའི་ཆ་ཕྱོགས་གསུམ་པོ་དེ་ཡིན་དགོས་པ་ལ་ལོ་གསུམ་ནི་ཟླ་ བའི་ཆའི་ཕྱོགས་གསུམ་མ་ཡིན་པའི་ཕྱིར)རོ་(དེས་ན་ཟླ་བའི་འཆི་ལྟས་ཀྱིས་འཆི་བའི་འཁོར་ལོ་མེད་དོ)ཞེའོ། །འདིར་(ལོ་ གསུམ་ཟླ་བའི་ཆུའི་ཕྱོགས་གསུམ་མ་ཡིན་པའི་རྒྱུ་མཚན)གང་གི་ཕྱིར་ཟླ་བའི་ཆོས་ཀྱི་འཆི་ལྟས་ཀྱིས་(སེམས་ ཅན་རྣམས)འཆི་བར་མི་འགྱུར་བ་(སྟེ་ཟླ་བའི་འཆི་ལྟས་མེད་པར་འདོད་པ)དེའི་ཕྱིར་(གྲུབ་མཐའ་འདི་ནི)བྱིས་ པ་མི་མཁས་པ་རྣམས་ཀྱིས་རབ་ཏུ་བརྟགས་[པ་ཇི་ལྟ་བ་བཞིན་དུ་གཡོན་པའི་རྩ་ལ་ཟླ་བའི་ 3-1-90 ཆོས་ལས་འཆི་ལྟས་ཀྱིས་འཆི་བ་མེད་ཅིང༌། [པའོ། །གཡོན་པའི་རྩ་ལ་ཟླ་བའི་ཆོས་ལས་འཆི་ ལྟས་ཀྱི་འཆི་བ་ཇི་ལྟར་མེད་(ཤོང་གསུང་བས་དེ་ལྟར་བདེའོ)]གཡས་པ་ལ་ཉི་མ་རབ་ཏུ་རྒྱུ་བ་(ཁོ་ན) ལས་འཆི་ལྟས་ཀྱི་འཆི་བར་ཐམས་ཅད་མཁྱེན་པས་གསུངས་སོ་ཞེས་པ་ནི་མི་ཤེས་པ་རྣམས་ ཀྱི་ཚིག་གོ། འདིར་(ཟླ་བ་དང་ཉི་མའི་འཆི་ལྟས་ཀྱི་རྒྱུ་མཚན་ནི་དབུ་མའི)ལོ་གསུམ་གྱི་ལྷག་པའི་ལྷ་(སྟེ་བདག་ པོ)ནི་ཉི་མའི་སྒྲས་(སྟེང་)སྲོག་གི་རླུང་སྟེ་(དབུ་མའི)ཕྱོགས་གསུམ་གྱི་བདག་པོ་ནི་ཟླ་བའི་སྒྲས་ (འོག)ཐུར་སེལ་གྱི་རླུང་ངོ༌། །(དེ་ཉིད་བཤད་པ)འདིར་(གཡོན་གྱི་རྩ)ཨི་ཊ་དང་(གཡས་ཀྱི་རྩ)དམར་ སེར་དང་(དབུས་ཀྱི་རྩ)ཤིན་ཏུ་ཡིད་བཟང་མ་རྣམས་ཀྱི་བདག་པོ་ནི་སྲོག་དང་ཉི་མ་སྟེ་ལྟེ་བ་ལས་ སྟེང་དུ་རབ་ཏུ་རྒྱུ་བའི་ཕྱིར་རོ། །བཤང་བ་དང་གཅི་བ་དང་ཁུ་བའི་རྩ་རྣམས་ཀྱི་བདག་པོ་ནི་ ཐུར་སེལ་ཏེ་ལྟེ་བ་ལས་འོག་ཏུ་རབ་ཏུ་རྒྱུ་བའི་ཕྱིར་རོ། །དེ་ལྟར་ན་ཟླ་བ་ལ་འོག་ཏུ་(ལྟེ་བ་དང་ གསང་གནས་དང་ནོར་བུ་ལ་ལུས་ངག་སེམས་ཀྱི)ཡོན་ཏན་(རྡུལ་མུན་སྙིང་སྟོབས)གསུམ་དང་ཉི་མ་ལ་སྟེང་དུ་ དཀྱིལ་འཁོར་(ལྔ)དང་ཡུལ་ལྔའི་ཡོན་ཏན་ལྔའོ། །དེས་ན་འོག་དང་སྟེང་གི་རྩ་དག་ལ་(རིམ་པ་ ལྟར)ཡོན་ཏན་གསུམ་གྱི་དབྱེ་བས་གཡོན་པ་ལ་ཟླ་བའི་འཆི་ལྟས་(ཞག་གསུམ་གསུམ་གྱི་རྩ་རེ་རེ་འདོར་ བ)དང་ཡོན་ཏན་ལྔའི་དབྱེ་བས་གཡས་པ་ལ་(ལྔ་ཚན་ལྔ་འཕེལ་པ)ཉི་མའི་འཆི་ལྟས་སོ། །ཟླ་བ་ དང་ཉི་མའི་འཆི་ལྟས་ཀྱི་ངེས་པའོ། ༦༤ ། ༈ ད་ནི་དུས་ཀྱི་ལོ་ཞེས་པ་ལ་སོགས་པས་(ལོ་བརྒྱའི་མཐར)དབུ་མ(འི་དབུགས་ལོ་གསུམ་ཕྱོགས་ གསུམ་)ཡོངས་སུ་རྫོགས་པ་(འཆི་བ)འི་དུས་སུ་འཆི་བའི་མཚན་ཉིད་གསུངས་པ་འདིར་སྐྱེས་པ་ དང་བུད་མེད་རྣམས་ཀྱི་ལུས་ལ་སྙིང་སྟོབས་དང་རྡུལ་དང་མུན་པ(རྣམས་ལོ་སུམ་ཅུ་སོ་གཉིས་དང་ཟླ་ ཕྱེད་དང་བཞི་བཞི)འི་དབྱེ་བས་སྲོག་རབ་ཏུ་རྒྱུ་སྟེ་(གསུམ་པོ་བསྡོམས་པས་)ཕྱེད་དང་བཅས་པའི་ཟླ་བ་ བཅུ་ལྷག་པའི་ལོ་དགུ་བཅུ་རྩ་དྲུག་གི་བར་དུ་(འཆི་ཞག་མེད་པར)གཡོན་དང་གཡས་ལ་དཀྱིལ་ འཁོར་ལྔ་འབབ་པོ། །(མཚམས་དེ་ནས)ལོ་གསུམ་དང་ཕྱོགས་གསུམ་གྱི་བར་(འཆི་ཞག་ཏུ་རྒྱུ་བ་དེ)ནི་ 3-1-91 (ལོ་བརྒྱ)དབུ་མའི་དུས་(དང་གྲངས་མཚུངས)ཏེ་ཚེ་ལོ་བརྒྱ་བའི་མི་རྣམས་ཀྱི་ཞེས་པ་ངེས་པའོ། །དེ་ ལ་གཡོན་པ་དང་གཡས་པ་དང་དབུ་མའི་རྩ་གསུམ་ནི་(རིམ་པ་ལྟར)སྙིང་སྟོབས་དང་རྡུལ་དང་ མུན་པའི་རང་བཞིན་ཅན་ཏེ་འདི་རྣམས་ལས་(ཟླ་བ་ཕྱེད་དང་བཅུ་གཅིག་ལྷག་པའི་ལོ་གོ་དྲུག་གི་མཚམས) འཆི་བ(འི་ཞག)ནི་མུན་པའི་རྩ་(དབུ་མ)ལ་རྒྱུ་བའི་གྲངས་(རྣམས)བཟུང་ནས་(སྟེ་དེ་དང་མཚུངས་པར) སྲོག་དང་ཐུར་སེལ་གྱིས་གཡོན་པ་དང་གཡས་པ་ལ་མི་མཉམ་པ་དང་མཉམ་པའི་ཉིན་ཞག་ གིས་རྒྱུའོ། །(ཇི་སྲིད་དུ་རྒྱུ་ཞེ་ན)དུས་ཀྱི་ལོ་སྟེ་ལོ་གསུམ་དང་ཕྱོགས་གསུམ་གྱི་བར་དུ་ཉིན་ཞག་ བགྲོད་པའི་དབང་གིས་ཞེས་པ་ལ་ཉིན་ཞག་ནི་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་སྟེ་ དེ་རྣམས་ཀྱི་བགྲོད་པའི་དབང་གིས་ཇི་སྲིད་སྲོག་ཟད་པར་འགྱུར་བ་དེ་སྲིད་དུ་(གཡས་དང་གཡོན་ དུ)འཕོ་ཞིང་(ཡོན་པོར)རྒྱུ་བར་བྱེད་པའོ། །(དེ་ཡང་དང་པོ་གང་ནས་རྩོམ་ན)ཟླ་བ་ཞེས་པ་གཡོན་པའི་ ལམ་དང་ཉི་མའི་ལམ་གཡས་པ་ལ་མི་མཉམ་མཉམ་པའི་ཉིན་ཞག་རེ་རེ་འཕེལ་བས་རིམ་ པས་སོ། །ཞེས་པ་ནི་གལ་ཏེ་(མའི་གཡས་ཀྱི་རྩ་ནས་གཡོན་གྱི་རྩར)ལུག་ལ་སོགས་པ་མི་མཉམ་པའི་ དུས་སྦྱོར་(འཆིབའི་མཚམས་དབུ་མའི་དབུགས་རྒྱུ་བའི་དུས)ལ་(བྱིས་པ)སྐྱེས་པར་འགྱུར་ན་(ཕྱིས་ལྟེ་བའི་ཁྱིམ་ གྱི་འཁོར་ལོ་ལ་དཀྱིལ་འཁོར་རྣམས་འདོར་བའི་ཐོག་མར)གཡོན་པའི་རྩ་ལ་ཉིན་ཞག་གཅིག་(ཡོན་པོར)རྒྱུའོ། ། གལ་ཏེ་(མའི་གཡོན་གྱི་རྩ་ནས་གཡས་ཀྱི་རྩར)གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལ་(བྱིས་པ)སྐྱེས་ པར་གྱུར་ན་གཡས་པ་ལ་ཉིན་ཞག་གཉིས་རྒྱུའོ(དུས་སུ་འཆི་བའི་སྐབས་འདིར་མི་མཉམ་པ་དང་མཉམ་པའི་ དུས་སྦྱོར་ལ་སྐྱེས་ཞེས་པའི་དགོངས་པ་དུས་སྦྱོར་དེ་དང་དེར་འཕོ་བའི་མཚམས་དབུ་མ་ནས་འབབ་པའི་དུས་ཡིན་ཏེ་ཡེ་ཤེས་ ལེའུར་འཕོ་བའི་དུས་སུ་བྱིས་པ་སྐྱེས་ན་དབུ་མ་ལ་སྲོག་ཤིན་ཏུ་རིང་པོར་གྱུར་ནས་གཡོན་དང་གཡས་ལ་རྒྱུ་བར་གསུངས་པས་སོ། ། འདིས་ནི་བྱིས་པ་སྐྱེས་པའི་དུས་སྦྱོར་ཡང་མའི་དུས་སྦྱོར་ཡིན་གྱི་བུའི་དུས་སྦྱོར་ནི་མ་ཡིན་པར་གྲུབ་སྟེ་བྱིས་པ་སྐྱེ་བ་ཐམས་ཅད་ དབུ་མ་ནས་རླུང་རྒྱུ་བཞིན་པར་སྐྱེ་བ་དང་དབུ་མ་ནས་རྒྱུ་བའི་གོང་དུ་དུས་སྦྱོར་གྱི་རླུང་རྒྱུ་བ་ཡོད་མེད་ཁྱད་པར་མེད་པ་ལ་འགའ་ ཞིག་གཡོན་དང་གཡས་ཀྱི་དུས་སྦྱོར་ལ་སྐྱེས་པ་དང་འགའ་ཞིག་འཕོ་བའི་མཚམས་དབུ་མ་ནས་རྒྱུ་བ་ལ་སྐྱེ་བའི་ཁྱད་པར་མི་ 3-1-92 རིགས་པའི་ཕྱིར་རོ། །ཡང་བྱིས་པ་སྐྱེ་བའི་དུས་སྦྱོར་ཕྱི་རོལ་ཀྱི་དུས་སྦྱོར་ཡིན་པ་བཞེད་པ་ཡང་མི་འཐད་དེ་བྱིས་པ་སྐྱེ་བ་ཐམས་ ཅད་མཉམ་པ་དང་མི་མཉམ་པའི་དུས་སྦྱོར་ཁོ་ན་ལ་སྐྱེ་བར་འགྱུར་ཞིང་འཕོ་བའི་དུས་སུ་སྐྱེས་པ་མི་སྲིད་པར་འགྱུར་ཏེ་ཕྱིའི་དུས་ སྦྱོར་ལ་དུས་སྦྱོར་སྔ་ཕྱི་གཉིས་མ་གཏོགས་པའི་བར་དུ་འཕོ་བའི་དུས་སྐད་ཅིག་ཙམ་དུ་ཡང་མེད་པའི་ཕྱིར་དང་གཡས་པའི་རྩ་ མཉམ་པའི་དུས་སྦྱོར་ལ་སྐྱེས་པ་རྣམས་ལ་ཉི་མའི་འཆི་ལྟས་དང་ཞེས་བྱིས་པ་སྐྱེ་བའི་དུས་སྦྱོར་འདི་དག་རྩའི་དུས་སྦྱོར་ཡིན་པར་ གསུངས་པའི་ཕྱིར་རོ། །དེས་ན་བྱིས་པ་སྐྱེ་བའི་དུས་སྦྱོར་ནི། མའི་དུས་སྦྱོར་ཉིད་ཡིན་ལ་འཕོ་བའི་དུས་ཀྱང་མའི་དབུ་མར་རླུང་རྒྱུ་ བའི་དུས་ཉིད་ཡིན་དེ་བྱིས་པ་དང་ཕྱིའི་དུས་སྦྱོར་གཉིས་ཀ་སྐྱེ་བའི་དུས་སྦྱོར་དུ་མི་རུང་བའི་ཕྱིར་རོ)། །དེ་ནས་སླར་ཡང་ (གཡོན་དང་གཡས་ལ་དུས་སྦྱོར་རིམ་པ་ལྟར)འཕོ་བའི་དབྱེ་བ་ནི་མི་མཉམ་མཉམ་པའི་ཉིན་ཞག་རྣམས་ ཀྱིས་(ཞེས་པ)གཡོན་པ་ལ་(ཞག་གཅིག་དང་གསུམ་ལ་སོགས་པ་མི་མཉམ་པར)རྒྱུ་བའི་མཇུག་དང་གཡས་ པ་ལ་(ཞག་གཉིས་དང་བཞི་ལ་སོགས་པར་མཉམ་པར)རྒྱུ་བའི་མཇུག་ཏུ་རྒྱུ་བའི་ཉིན་ཞག་གི་ཚད་ཀྱིས་ བྱེད་པ་ནི་བཅུ་གཉིས་རྩིབས་ཀྱི་ཁྱིམ་གྱི་འཁོར་ལོ(འི་རྩ་རེ་རེ)ལ་རིམ་པས་དཀྱིལ་འཁོར་ལྔ་ (ལྔ་འབབ་པ)ཡོངས་སུ་དོར་བའི་སླད་དུ་སྟེ་གཡོན་གྱི་རྩ་ལ་ནམ་མཁའ་ལ་སོགས་པའི་དཀྱིལ་ འཁོར་ཟད་པའི་དོན་དུ་འཕོ་བར་བྱེད་ཅིང་གཡས་ཀྱི་རྩ་ལ་ས་ལ་སོགས་པའི་དཀྱིལ་འཁོར་ ཟད་པའི་དོན་དུ་འཕོ་བར་བྱེད་དོ། ། ༈ (དེ་ཉིད་)འདིར་(རྒྱས་པར་བཤད་པ་ནི་གཡོན་ནས་མགོ་རྩོམ་པའི་དབང་དུ་བྱས་ཏེ)རྩ་གཡོན་པ་ལ་རྒྱུ་ བ་དང་འཕོ་བའི་ཉིན་ཞག་ལྔ་རྣམས་ཀྱིས་ལུག་ལ་སོགས་པ་མི་མཉམ་པའི་འདབ་མ་དྲུག་ པོ་རྣམས་(རེ་རེ)ལ་(དབྱུག་གུ་རྩ་འདབ་ལྔ་ལྔ་ཡོད་པའི་ནང་ནས)སྟོང་པའི་དཀྱིལ་འཁོར་(དྲུག)རབ་ཏུ་ འབབ་པ(འི་རྩ་དྲུག)་སྲོག་གི་རླུང་གིས་འདོར་རོ། །(རྩ)གཡས་པ་ལ་རྒྱུ་བའི་ཉིན་ཞག་དྲུག་དང་ འཕོ་བའི་ཉིན་ཞག་དྲུག་(སྟེ་གཉིས་རྒྱུ་གཉིས་འཕོ་བཞི་རྒྱུ་བཞི་འཕོས་དྲུག་རྒྱུ་དྲུག་འཕོ་བ་)རྣམས་ཀྱིས་གླང་ ལ་སོགས་པ་མཉམ་པའི་དུས་སྦྱོར་དྲུག་པོ་རྣམས་(རེ་རེ)ལ་སའི་དཀྱིལ་འཁོར་(དྲུག)རབ་ཏུ་ འབབ་པ(འི་རྩ་དྲུག་)སྲོག་གིས་འདོར་རོ(འདིར་རྩ་གཡོན་ལ་ཞག་གཅིག་རྒྱུ་ཞིང་གཅིག་འཕོ་དེ་ནས་རྩ་གཡས་པ་ལ་ 3-1-93 ཞག་གཉིས་རྒྱུ་ཞིང་གཉིས་འཕོ་བ་ལ་སོགས་པ་དང་གཡས་ནས་མགོ་རྩོམ་པའི་ཚེ་གཡས་ལ་ཞག་གཉིས་རྒྱུ་ཞིང་གཉིས་འཕོ་དེ་ ནས་གཡོན་ལ་གཅིག་རྒྱུ་ཞིང་གཅིག་འཕོ་བ་ལ་སོགས་པ་རེས་འཇོག་པར་བཞེད་ན་ཡང་གཞུང་གི་དགོངས་པས་གཡོན་ལ་རྒྱུ་བ་ དང་འཕོ་བའི་ཉིན་ཞག་གཅིག་དང་གསུམ་དང་ལྔ་རྣམས་ཕྱོགས་གཅིག་ཏུ་བབ་ནས་གཡས་པ་གཉིས་དང་བཞི་དང་དྲུག་རྣམས་ ཕྱོགས་གཅིག་ཏུ་འབབ་པའི་ཚུལ་གྱིས་རེས་འཇོག་བྱེད་པར་གསལ་ལོ)། །དེ་བཞིན་དུ་(རྒྱུ་བ་ཅི་སྙེད་པ་འཕོ་བ་ཡང་དེ་ སྙེད་དུ་སྤེལ་བར་ཤེས་པར་བྱ་སྟེ)གཡོན་པའི་རྩ་ལ་ཉིན་ཞག་(བདུན་དང་དགུ་དང་)བཅུ་གཅིག་གིས་རླུང་གི་ དཀྱིལ་འཁོར་(དྲུག་འབབ་པའི་རྩ་དྲུག་རླུང་གིས)འདོར་རོ། །གཡས་པ་ལ་ཉིན་ཞག་(བརྒྱད་དང་བཅུ་དང་) བཅུ་གཉིས་ཀྱིས་ཆུའི་དཀྱིལ་འཁོར་(དྲུག་འབབ་པའི་རྩ་དྲུག་རླུང་གིས)འདོར་རོ། །དེ་བཞིན་དུ་གཡོན་ པའི་འདབ་མ་ལ་ཉིན་ཞག་(བཅུ་གསུམ་དང་བཅོ་ལྔ་དང་)བཅུ་བདུན་གྱིས་མེའི་དཀྱིལ་འཁོར་(དྲུག་ འབབ་པའི་རྩ་དྲུག་རླུང་གིས)འདོར་རོ། །གཡས་པའི་འདབ་མ་ལ་ཉིན་ཞག་(བཅུ་བཞི་དང་བཅུ་དྲུག་དང་) བཅོ་བརྒྱད་ཀྱིས་མེའི་དཀྱིལ་འཁོར་(དྲུག་འབབ་པའི་རྩ་དྲུག་རླུང་གིས)འདོར་རོ། །སླར་ཡང་གཡོན་ པའི་འདབ་མ་ལ་ཉིན་ཞག་(བཅུ་དགུ་དང་ཉི་ཤུ་རྩ་གཅིག་དང་)ཉི་ཤུ་རྩ་གསུམ་གྱིས་ཆུའི་དཀྱིལ་འཁོར་ (དྲུག་འབབ་པའི་རྩ་དྲུག་རླུང་གིས)འདོར་རོ། །གཡས་པའི་འདབ་མ་ལ་ཉིན་ཞག་(ཉི་ཤུ་རྩ་གཉིས་དང་)ཉི་ ཤུ་རྩ་བཞིས་རླུང་གི་དཀྱིལ་འཁོར་(དྲུག་འབབ་པའི་རྩ་དྲུག་རླུང་གིས)འདོར་རོ། །སླར་ཡང་གཡོན་ པའི་འདབ་མ་དྲུག་ལ་ཉིན་ཞག་(ཉི་ཤུ་རྩ་ལྔ་དང་ཉི་ཤུ་རྩ་བདུན་དང་)ཉི་ཤུ་རྩ་དགུས་སའི་དཀྱིལ་ འཁོར་(དྲུག་འབབ་པའི་རྩ་དྲུག་རླུང་གིས)འདོར་རོ། །གཡས་པ་ལ་ཉིན་ཞག་སུམ་ཅུས་ནམ་མཁའི་ དཀྱིལ་འཁོར་(དྲུག་འབབ་པའི་རྩ་དྲུག་རླུང་གིས)འདོར་ཏེ་དེ་ལྟར་ན་མི་མཉམ་པ་དང་མཉམ་པའི་ཉིན་ ཞག་རྣམས་གཡོན་པ་དང་གཡས་པ་(སྡོམ་པ)ལ་རྒྱུ་བའི་ཉིན་ཞག་(གཅིག་པ་དང་གཉིས་པ་ལ་སོགས་པའི་ སྡེ་ཚན)སུམ་ཅུ་〔སྟེ་རྐྱང་པ་བཞི་བཅུ་དྲུག་ཅུ་རྩ་ལྔ〕དང་འཕོ་བའི་ཉིན་ཞག་(སྡེ་ཚན)སུམ་ཅུ(སྟེ་རྐྱང་པ་བཞི་བརྒྱ་ དྲུག་ཅུ་རྩ་ལྔ)ས་དུས་སྦྱོར་བཅུ་གཉིས་ཀྱི་རྩའི་འདབ་མ་རྣམས་(རེ་རེ)ལ་དཀྱིལ་འཁོར་ལྔ་(ལྔ་འབབ་ པ)ཡོངས་སུ་འདོར་རོ(ཞེས་པ་གཡོན་ནས་མགོ་བརྩམས་པ་སྟེ་གཡས་ནས་མགོ་རྩོམ་པའི་ཚུལ་ཡང་དོན་གྱིས་གོ་བར་ 3-1-94 བྱའོ)། །(དེ་ལྟར་དཀྱིལ་འཁོར་དྲུག་ཅུ་དོར་བ)དེ་ནས་གཡོན་པའི་རྩ་མི་མཉམ་པའི་འདབ་མ་རྣམས་ལ་ རྒྱུ་བའི་〚སྡོམ་པ་〛ཉིན་ཞག་སུམ་ཅུ་རྩ་གཅིག་དང་འཕོ་བའི་ཉིན་ཞག་སུམ་ཅུ་རྩ་གཅིག་གིས་ ཀྱང་སྙིང་སྟོབས་(གཡོན་པ་ལུས)ཀྱི་ཁམས་ཟད་དོ། །གཡས་པའི་རྩ་ལ་རྒྱུ་བའི་ཉིན་ཞག་སུམ་ཅུ་ རྩ་གཉིས་དང་འཕོ་བའི་ཉིན་ཞག་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་རྡུལ་གྱི་(གཡས་པ་ངག་གི)ཁམས་ ཟད་དོ། །དེ་ནས་མི་མཉམ་པའི་འདབ་མ་ལ་རྒྱུ་བའི་ཉིན་ཞག་སུམ་ཅུ་རྩ་གསུམ་དང་འཕོ་ བའི་ཉིན་ཞག་སུམ་ཅུ་རྩ་གསུམ་གྱིས་མུན་པའི་(དབུ་མ་སེམས་ཀྱི་)ཁམས་ཟད་དེ་དེ་ལྟར་བད་ ཀན་གྱི་རྩ་ཟད་པ་ནི་སྙིང་སྟོབས་ཀྱི་ཁམས་དང་(ལྷན་ཅིག་ཏུ)མཁྲིས་པའི་རྩ་ཟད་པ་ནི་རྡུལ་གྱི་ ཁམས་དང་(ལྷན་ཅིག་ཏུ)རླུང་གི་རྩ་ཟད་པ་ནི་མུན་པའི་ཁམས་ཞེས་བརྗོད་དེ་རྒྱུ་བའི་ཉིན་ཞག་ སུམ་ཅུ་རྩ་གསུམ་དང་འཕོ་བའི་ཉིན་ཞག་སུམ་ཅུ་རྩ་གསུམ་གྱིས་སོ། །(མི་མཉམ་པ་དང་མཉམ་པའི) ཁྱིམ་གཉི་གའི་ཉིན་ཞག་བསྡུས་པས་ཉིན་ཞག་གསུམ་གྱིས་དམན་པའི་ལོ་གསུམ་དང་ཕྱོགས་ གསུམ་གྱི་ཉིན་ཞག་རྣམས་ཏེ་ཉི་ཤུ་རྩ་གཉིས་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་ཏུ་འགྱུར་རོ། ། (གཡས་གཡོན་གྱི)དཀྱིལ་འཁོར་ལྔ་དང་སྙིང་སྟོབས་དང་རྡུལ་དང་མུན་པའི་རྩ་གཅོད་པ་ནི་སྲོག་ གི་རླུང་གི་(རང་)གནས་(རྩ་རྣམས)ཡོངས་སུ་འདོར་བ་སྟེ་དེ་ལྟར་ཕྱེ་དང་བཅས་པའི་ཟླ་བ་དང་ ཇི་སྲིད་ལོ་གསུམ་གྱི་ཉིན་ཞག་རྣམས་(ལས་ཞག་གསུམ་གྱིས་དམན་པའི)སྲོག་རྒྱུ་བས་སོ། །དེ་ནས་ གཞན་ནི་སུམ་ཅུ་དག་དང་ཞེས་པ་མངལ་བཟུང་བའི་ཟླ་བའི་ཉིན་ཞག་གི་ཚོགས་ཉིན་ཞག་ སུམ་ཅུའི་བདག་ཉིད་དང་(ལོ་བརྒྱར)འཚོ་བ་དག་གི་(སྟེ་སྔར་གྱི་ལྷག་མ)ཉིན་ཞག་གསུམ་གྱི་བར་དུ་ གཡས་པའི་རྩ་ལ་རྒྱུ་ཞིང་འཕོ་བ་ཐམས་ཅད་མེད་པས་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་བར་ དུ་ཕུང་པོ་དང་ཁམས་རྣམས་རྣམ་པར་གཅོད་པ་སྟེ་འདིར་གཟུགས་ལ་སོགས་པ་ཕུང་པོ་ལྔ་ དང་ས་ལ་སོགས་པ་ཁམས་དང་ལུས་ཀྱི་དབང་པོ་ལ་སོགས་པ་དབང་པོ་ལྔ་དང་དྲི་ལ་སོགས་ པ་ཡུལ་ལྔ་དང་བཤང་ལམ་ལ་སོགས་པ་ལས་ཀྱི་དབང་པོ་ལྔ་དང་སྨྲ་བ་ལ་སོགས་པ་ལས་ 3-1-95 ཀྱི་དབང་པོའི་ཡུལ་ལྔ་སྟེ་འདི་རྣམས་(གཡས་ཉིད་ལ་འབབ་པའི)ཉིན་ཞག་སུམ་ཅུ་རྩ་གསུམ་གྱིས་ གཅོད་ཅིང་ཕན་ཚུན་ཡང་དག་པར་སྦྱོར་བ་མེད་པར་འགྱུར་རོ། །དེ་ནས་དབུགས་ཀྱི་འཁོར་ ལོ་ཟད་པའི་དོན་དུ་ཉིན་ཞག་གཅིག་དབུ་མ་ལ་འཇུག་གོ། 〔དེས་〕ཕུང་པོ་དྲུག་པ་དང་ཁམས་ དྲུག་པ་དང་དབང་པོ་དྲུག་པ་དང་ཡུལ་དྲུག་པ་དང་{ལས་ཀྱི་དབང་པོ་དྲུག་པ་དང་}ལས་ཀྱི་ དབང་པོའི་ཡུལ་དྲུག་པ་ཁུ་བ་འཕོ་བ་ནི་འཆི་བའི་མཐར་(འདོར་བར)འགྱུར་ཏེ་(དེ་ནས་སྲིད་པ་གཞན་ དུ་འཕོའོ་ཞེས་པ)ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་པར་གཅོད་པའི་ངེས་པའོ། ༦༥ ། ༈ ད་ནི་དབུགས་ཞེས་པ་ལ་སོགས་པས་སྐྱེས་པར་གྱུར་པ་རྣམས་ཀྱི་(དུས་སུ)འཆི་བའི་ དབུགས་རྒྱུ་བ་གསུངས་ཏེ་འདིར་ལུས་ལ་དབུགས་ཀྱི་འཁོར་ལོ་དང་ཆུ་སྲང་གི་འཁོར་ལོ་དང་ ཆུ་ཚོད་ཀྱི་འཁོར་ལོ་དང་ཉིན་ཞག་གི་འཁོར་ལོ་ནི་ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ལུས་ལ་ ཡང་ངོ༌། །དེ་ལ་དབུགས་དྲུག་གི་བདག་ཉིད་ནི་དབུགས་ཀྱི་འཁོར་ལོའོ། །ཆུ་སྲིང་དྲུག་ཅུའི་ བདག་ཉིད་ནི་ཆུ་སྲང་གི་འཁོར་ལོའོ། །ཆུ་ཚོད་དྲུག་ཅུའི་བདག་ཉིད་ནི་ཆུ་ཚོད་ཀྱི་འཁོར་ལོའོ། ། ཉིན་ཞག་སྟོང་བརྒྱད་ཅུའི་བདག་ཉིད་ནི་འཆི་ལྟས་ཀྱི་འཁོར་ལོའོ། །ཉིན་ཞག་ལྔ་བཅུ་རྩ་དྲུག་ ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གི་བདག་ཉིད་ནི་དུས་ཀྱི་འཆི་བའི་ཉིན་ཞག་གི་འཁོར་ལོའོ། ། འཁོར་ལོ་འདི་རྣམས་ལ་འཆི་བ་ནི་(དང་པོར)དབུགས་ཀྱི་རང་བཞིན་དང་(དེ་ནས)ཆུ་སྲང་གི་ རང་བཞིན་དང་(དེ་ནས)ཆུ་ཚོད་ཀྱི་རང་བཞིན་དང་(དེ་ནས)ཉིན་ཞག་གི་རང་བཞིན་གྱིས་རྒྱུ་སྟེ་ གཡོན་གྱི་རྩ་དང་གཡས་ཀྱི་རྩ་ལ་གྲངས་བཞིན་དུ་རེ་རེ་(རིམ་གྱིས)ལྷག་པས་སོ། །〔དེ་ལ་〕དང་པོ་ རེ་ཞིག་དབུགས་རྒྱུ་བ་ནི་བགྲོད་པའི་ཡན་ལག་ལས་ནི་ལོ་བདུན་རྣམས་ཀྱིས་ཞེས་པ་སྟེ་(མིའི་ ལུས)འདིར་སྐྱེས་པ་གང་ལ་(དུས་མིན་གྱི)འཆི་ལྟས་མེད་ན་ལོ་བརྒྱའི་མཚམས་སུ་དུས་ཀྱི་འཆི་བ་ འབྱུང་བར་འགྱུར་རོ། །དེའི་(ལོ་དང་པོའི)བགྲོད་པ་གཉིས་(སུ་ཕྱོགས་གསུམ་གྱིས་དམན་པ)ནི་གཡོན་ པའི་རྩ་དང་གཡས་པའི་རྩ་ལ་(འཆི་བའི་རླུང་མེད་པའི)དཀྱིལ་འཁོར་ལྔ་འབབ་པ་ཅན་གྱི་སྲོག་གི་ 3-1-96 རླུང་འབབ་པོ། །དེ་ནས་བགྲོད་པ་གསུམ་པ་ལ་གཡོན་པའི་རྩའི་ནམ་མཁའི་དཀྱིལ་འཁོར་ལ་ (འཆི་བ)དབུགས་གཅིག་རྒྱུ་སྟེ་བཞི་པ་ལ་མི་རྒྱུའོ། །དེ་ནས་ལོ་གསུམ་པའི་བགྲོད་པ་ལྔ་པ་ལ་ གཡས་པའི་རྩའི་སའི་དཀྱིལ་འཁོར་ལ་(འཆི་བ)དབུགས་གཉིས་རྒྱུ་སྟེ་སླར་ཡང་བགྲོད་པ་དྲུག་ པ་ལ་མི་རྒྱུའོ། །དེ་ནས་བགྲོད་པ་བདུན་པ་ལ་གཡོན་པའི་རྩའི་ནམ་མཁའི་དཀྱིལ་འཁོར་ལ་ (འཆི་བ)དབུགས་གསུམ་རྒྱུ་སྟེ་བརྒྱད་པ་ལ་(རྒྱུ་བ)མ་ཡིན་ནོ། །དེ་བཞིན་དུ་དགུ་པ་ལ་གཡས་ པའི་རྩའི་སའི་དཀྱིལ་འཁོར་ལ་(འཆི་བ)དབུགས་བཞི་རྒྱུ་སྟེ་བཅུ་པ་ལ་མ་ཡིན་ནོ། །སླར་ཡང་ བཅུ་གཅིག་པ་ལ་གཡོན་གྱི་རྩའི་སྟོང་པའི་དཀྱིལ་འཁོར་ལ་(འཆི་བ)དབུགས་ལྔ་རྒྱུ་སྟེ་བཅུ་ གཉིས་པ་ལ་མ་ཡིན་ནོ། །དེ་ནས་བགྲོད་པ་བཅུ་གསུམ་པ་ལ་གཡས་པའི་རྩའི་སའི་དཀྱིལ་ འཁོར་ལ་(འཆི་བ)དབུགས་དྲུག་རྒྱུ་སྟེ་བགྲོད་པ་བཅུ་བཞི་པ་ལ་མ་ཡིན་ནོ། །དེ་ལྟར་དབུགས་ དྲུག་གིས་(དབུགས་ཀྱི)འཁོར་ལོ་(ལོངས)སྟེ་དེ་ནི་(མིང་གཞན་)ལིཔྟཱ་འམ་ཆུ་སྲང་གཅིག་ཏུ་འགྱུར་ རོ། །(དབུགས་ཀྱི་འཁོར་ལོ་སློངས་པའི་བར)འདི་ལ་(རྩ་བདུན་ཁྲི་ཉིས་སྟོང་རྫོགས་པའི་རྗེས་ནས)ཕྱེད་དང་བཅས་ པའི་ཟླ་བས་དམན་པའི་ལོ་བདུན་ནོ། །མཚམས་འདི་ནས་ཆུ་སྲང་གི་འཁོར་ལོའི་སྟེང་དུ་(འཆི་ བ)དབུགས་སུ་རྒྱུ་བར་མི་འགྱུར་ཞིང་ཆུ་སྲང་གི་དངོས་པོས་ཆུ་སྲང་དུ་རྒྱུ་བ་ནི་བགྲོད་པ་འགྲོ་ བའི་དབང་ལས་ལོ་ནི་དྲུག་ཅུས་ཀྱང་ཞེས་པ་སྟེ་ལོ་བདུན་པོ་དེའི་སྟེང་དུ་གཞན་ལོ་དྲུག་ཅུ་ཇི་ སྲིད་པར་(མི་རྒྱུ་བ)གཅིག་གིས་(དེ་རེ་རེས)བར་དུ་ཆོད་པའི་བགྲོད་པ་དག་གིས་གཡོན་གྱི་རྩའི་ ནམ་མཁའི་དཀྱིལ་འཁོར་ལ་གཅིག་(གསུམ་པ)ལ་སོགས་པས་མི་མཉམ་པའི་(ལོ་རེ་ལ་རེ་རེ་ལྷག་ པས)ཆུ་སྲང་རྣམས་ཆུ་སྲང་ལྔ་བཅུ་རྩ་དགུའི་བར་དང་གཡས་ཀྱི་སའི་དཀྱིལ་འཁོར་ལ་གཉིས་ (བཞི་དྲུག)ལ་སོགས་པས་མཉམ་པ་རྣམས་ཆུ་སྲང་དྲུག་ཅུའི་བར་དུ་(འཆི་བ་རྒྱུ་སྟེ་དེ་ཡང་ལྟེ་བར)མི་ མཉམ་པ་དང་མཉམ་པའི་དུས་སྦྱོར་གྱི་རང་བཞིན་གྱིས་འདབ་མ་དྲུག་དྲུག་ལ་རྒྱུའོ། །(དེ་ལྟར) ཆུ་སྲང་དྲུག་ཅུས་ཆུ་སྲང་གི་འཁོར་ལོ་(གྲུབ)སྟེ་དེ་ཉིད་ནི་ཆུ་ཚོད་གཅིག་ཏུ་འགྱུར་རོ། །(ཕྱེད་བཅས་ 3-1-97 ཟླ་བས་དམན་པའི)ལོ་དྲུག་ཅུ་རྩ་བདུན་གྱི་མཚམས་འདི་ནས་(ལོ་སུམ་ཅུར)འཆི་བ་ཆུ་ཚོད་ཀྱི་རང་ བཞིན་གྱིས་ཆུ་ཚོད་དུ་རྒྱུ་བ་ནི་(བགྲོད་པའི་ཕྱེད)ཟླ་བ་གསུམ་ལ་(རྒྱུ་བ་མི་རྒྱུ་བའི་ཚུལ་གྱིས)སུམ་ཅུའི་ལོ་ ཡིས་(ཆུ་ཚོད་དྲུག་ཅུར་འགྲུབ)ཞེས་པ་སླར་ཡང་ཆུ་ཚོད་གཅིག་དང་པོར་བྱས་ནས་གཡོན་གྱི་རྩ་དང་ གཡས་ཀྱི་རྩ་ལ་(གཅིག་ལ་སོགས་པ)མི་མཉམ་པ་དང་(གཉིས་ལ་སོགས་པ)མཉམ་པའི་ཆུ་ཚོད་གཅིག་ གིས་པར་དུ་ཆོད་པས་རྒྱུ་སྟེ་བགྲོད་པ་ཕྱེད་ལ་ཟླ་བ་གསུམ་གྱི་གཡོན་གྱི་རྩའི་ནམ་མཁའི་ དཀྱིལ་འཁོར་ལ་(འཆི་བའི)ཆུ་ཚོད་གཅིག་རྒྱུའོ། །གཞན་ཟླ་བ་གསུམ་གྱིས་(རྒྱུ་བ)མ་ཡིན་ནོ། ། སླར་ཡང་གཞན་བགྲོད་པ་ཕྱེད་ལ་ཟླ་བ་གསུམ་གྱི་གཡས་ཀྱི་རྩའི་སའི་དཀྱིལ་འཁོར་ལ་(འཆི་ བའི)ཆུ་ཚོད་གཉིས་རྒྱུའོ། །དེ་ལྟར་ཟླ་བ་གསུམ་གསུམ་གྱིས་གཡོན་དང་གཡས་ཀྱི་ཁྱིམ་གྱི་ འདབ་མ་དྲུག་དྲུག་རྣམས་སུ་ནམ་མཁའི་དཀྱིལ་འཁོར་(ལ་སོགས་པ་ལྔ་ཚན་དྲུག)དང་སའི་དཀྱིལ་ འཁོར་ལ་འཆི་བ་ཆུ་ཚོད་ཀྱིས་རང་བཞིན་གྱིས་ཆུ་ཚོད་དྲུག་ཅུ་པོ་རྣམས་རྒྱུའོ། །དེའི་ཕྱིར་(རྩ་ བདུན་ཁྲི་ཉིས་སྟོང་རྫོགས་པའི་རྗེས་ནས)ཕྱེད་དང་བཅས་པའི་ཟླ་བས་དམན་པའི་ལོ་དགུ་བཅུ་རྩ་བདུན་ གྱི་མཚམས་སུ་(འཆི་བ)ཆུ་ཚོད་ཀྱི་འཁོར་ལོ་རྒྱུ་སྟེ་(ཆུ་ཚོད་དྲུག་ཅུ་པོ)དེ་ཉིད་ཉིན་ཞག་གཅིག་ཏུ་ འགྱུར་རོ། །དེ་ནས་གཡོན་པ་དང་གཡས་པའི་རྩ་ལ་〔འཆི་བ〕ཉིན་ཞག་གི་རང་བཞིན་གྱིས་ཉིན་ ཞག་གི་འཁོར་ལོ་སྔར་བརྗོད་པའི་རིམ་པས་(དུས་སུ་འཆི་བའི་འཁོར་ལོ་བར་མ་ཆད་པར)རྒྱུ་སྟེ། དེའི་ ཕྱིར་〔འཆི་བ〕ཉིན་ཞག་ཏུ་བགྲོད་པའི་དབང་ལས་དུས་ཀྱི་ལོ་དང་ཕྱོགས་ཀྱིས་ཀྱང་ཞེས་པ་ལོ་ གསུམ་དང་ཕྱོགས་གསུམ་དང་ཀྱང་ཡིག་གིས་གཞན་(མངལ་བཟུང་བའི)ཉིན་ཞག་སུམ་ཅུས་ཀྱང་ (མཐར་དབུ་མར་འཇུག་གོ)ངོ་། ། ༈ འདིར་(དཀྱིལ་འཁོར་ལ་སོགས་པ་རྣམས་འདོར་བར་བྱེད་པ)འཆི་བའི་ཉིན་ཞག་(གཅིག་ནས་སོ་གསུམ་གྱི་ བར་དུ་འཕེལ་བ་དང་མཐར་ལྟེ་བ་ལ)རྒྱུ་བའི་གྲངས་(ཀྱི་ངེས་པ)ནི་དུས་ཀྱི་འཁོར་ལོ་(ལོ་གསུམ་ཕྱོགས་གསུམ) དག་ལས་ཕྱེད་བཅས་སུམ་ཅུ་གཉིས་ཀྱིས་བགོས་པའི་ཞེས་པ་སྟེ་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ 3-1-98 ཕྲག་བཅུ་གཅིག་ལས་ཐོབ་པའི་ཉིན་ཞག་གི་ཚོགས་(སུམ་ཅུ་རྩ་བཞི་ཆུ་ཚོད་ལྷག་མ་དང་བཅས་པ)ནི་ (གཡས་གཡོན་གྱི་དཀྱིལ་འཁོར་འདོར་བ་ན)ལྟེ་བའི་མཐར་ཐུག་པར་རིག་པར་བྱའོ། །འདིར་(ཕྱིའི་ཉི་མའི་ བུ་ལོན་གྱི་ཆ)ཕྱེད་དང་བཅས་པའི་སུམ་ཅུ་རྩ་གཉིས་ཀྱིས་(ལོ་གསུམ་ཕྱོགས་གསུམ་ལས)ཐོབ་པ་རྒྱུ་བའི་ ཉིན་ཞག་སུམ་ཅུ་རྩ་བཞི་དང་ཆུ་ཚོད་སུམ་ཅུ་རྩ་དྲུག་དང་ཆུ་སྲང་ལྔ་བཅུ་རྩ་ལྔ་དང་ཕྱེད་དང་ བཅས་པའི་དབུགས་གཉིས་ཏེ་འདི་རྣམས་ལས་ཉིན་ཞག་གཅིག་ནི་ལྟེ་བ་ལའོ། །ལྷག་མ་(ཉིན་ ཞག་སོ་གསུམ་པོ་རྣམས)ནི་གཡོན་དང་གཡས་པའི་(རྒྱུ་བ་གཅིག་ནས་སོ་གསུམ་གྱི་མཐར་ཐུག་པར་འཕེལ་བས་ དཀྱིལ་འཁོར་དྲུག་ཅུ་ཡོན་ཏན་གསུམ་ཕུང་པོ་ལ་སོགས་པ་ལྔ་ཚན་དྲུག་འདོར་བ་རྣམས་འཆི་ལྟས་ཀྱི་རྩ་འདོར་བ་དང་འདྲ་བས་ ན)འཆི་ལྟས་སུ་(བཏགས་པར)རིག་པར་བྱ་ཞིང་ཉིན་ཞག་(སོ་བཞི་པོ)སོ་སོར་རྒྱུ་བ་(དེ་)ནི་ཆུ་ཚོད་ (རེ་རེ་ཆུ་སྲང་ལྔ་ལྔ)ལྷག་པར་འགྱུར་ཏེ་(རྒྱུ་བའི་གྲངས་ཀྱི་རྒྱུ་མཚན་ནོ། །དེ་ལ་འདིར)མཐའི་རྒྱུ་བ་(སོ་གསུམ་པོ) ནི་གཡས་པའི་རྩ་ལ་(སྟེ་སྙིང་སྟོབས་ལ་སོགས་པ་འདོར་བ་གཡོན་ནས་མགོ་རྩོམ་པའི་ཕྱིར་ཞེས་པ)འོ། །〔དེ་ནས་ཞག་ གཉིས་ལྟེ་བ་ལ་སྟེ་〕དུས་ཀྱི་འཆི་བའི་ངེས་པའོ། ༦༦ ། ༈ (བཅུ་བཞི་པ་རྩ་ལ་སོགས་པ་དང་གཟའི་རྐང་པ་འཆད་པའི་ངོ་བོ་ཉིད་ཀྱིས་གནས་པ)ད་ནི་ཕྱོགས་ཞེས་པ་ ལ་སོགས་པས་ལྟེ་བའི་འཁོར་ལོ་ལ་སོགས་པའི་རྩ་གཅོད་པ་གསུངས་པ་(ལོ་གསུམ་གྱིས་རྩ་དྲུག་ ཅུ་འདོར་བའི་སྐབས་)འདིར་ལྟེ་བ་ལ་ཁྱིམ་གྱི་རྩ་བཅུ་གཉིས་དང་དཀྱིལ་འཁོར་དྲུག་ཅུ་འབབ་པར་ བྱེད་པ་དྲུག་ཅུ་སྟེ་དགུ་ཡིས་བསྣུན་པའི་ལག་འགྲོ་ཞེས་པ་བརྒྱད་ལ་དགུ་ཡིས་བསྣུན་པ་ནི་ བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །དགུ་ཡིས་བསྣུན་པའི་ལག་འགྲོ་ལྟེ་བའི་འཁོར་ལོ་འདི་ ལས་ཕྱོགས་དང་ཕྱོགས་ལ་རྩ་ནི་གཅོད་པར་བྱེད་དོ། །འདིར་ཕྱོགས་ནི་ཉིན་ཞག་བཅོ་བརྒྱད་ ཀྱིས་རིག་པར་བྱ་སྟེ་ཕྱོགས་དེས་ལོ་གསུམ་ལ་གཡོན་གྱི་སྟོང་པ་ལ་སོགས་པའི་དཀྱིལ་འཁོར་ འབབ་པར་བྱེད་པའི་རྩ་སུམ་ཅུ་འདོར་ཞིང་གཡས་ཀྱིས་ལ་སོགས་པའི་དཀྱིལ་འཁོར་འབབ་ པར་བྱེད་པ་སུམ་ཅུ་འདོར་རོ། །དེ་ལྟར་སུམ་ཅུ་སུམ་ཅུ་སྟེ་ཕྱོགས་དྲུག་ཅུ་སྲོག་གི་རླུང་གིས་ 3-1-99 ཡོངས་སུ་འདོར་རོ། །དཀྱིལ་འཁོར་གྱི་རྩ་ཐམས་ཅད་ལ་དཀྱིལ་འཁོར་ལྔ་འབབ་པར་བྱེད་ པ་ལོ་གསུམ་གྱི་ཕྱོགས་རྣམས་ཀྱིས་འདོར་ཏེ་དྲུག་གི་ཆ་ཤས་ནི་(ཉིན་ཞག་དྲུག་ན་འཆི་བའི་ལྷག་མར་ འོག་ནས་འཆད་པར་འགྱུར་བ་འདི)མ་གཏོགས་སོ(དེ་བཞིན་དུ་གཞན་རྣམས་ཀྱི་ཡང་དྲུག་ཆ་མ་གཏོགས་པར་ཤེས་པར་ བྱའོ)། །ལས་ཀྱི་འཁོར་ལོ་བྱ་བ་ཞེས་པའི་ཚིགས་ལས་ཉིན་ཞག་རྩེ་མོ་ཅན་གྱིས་རྩ་ནི་རེ་རེ་ འདོར་ཞེས་པ་ལ་འདིར་ལུས་ལ་ལས་ཀྱི་འཁོར་ལོ་ནི་ལག་པ་དག་གི་ཚིགས་དྲུག་དང་རྐང་པ་ དག་གི་ཚིགས་དྲུག་པོ་རྣམས་ལ་ཟླ་བ་བཅུ་གཉིས་ཀྱི་དབྱེ་བ་ལས་བཅུ་གཉིས་ཀྱི་དབྱེ་བས་ ཐ་དང་པའི་(ལས་ཀྱི)འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད་དོ། །ཚིགས་ཀྱི་འཁོར་ལོ་སོ་སོ་ལ་ རྩ་སུམ་ཅུ་སྟེ་(སུམ་ཅུ་དེས་ན)ཚིགས་བཅུ་གཉིས་པོ་རྣམས་ལ་རྩ་སུམ་བརྒྱ་དྲུག་ཅུའོ། །དེ་རྣམས་ ལས་གཡས་པའི་ཕྲག་པ་དང་དཔུང་པའི་ཚིགས་ལ་ཆུ་སྲིན་གྱི་(ཁྱིམ་ན་གནས་ཤིང་རྒྱལ་གྱི་ཉ་ལ་འདས་ ནས་མཆུ་ལ་འཇུག་པའི)ཚེས་གྲངས་སུམ་ཅུའི་དབྱེ་བས་རྩ་སུམ་ཅུའོ། །གཡོན་པའི་འཕྲག་པ་དང་ དཔུང་པའི་ཚིགས་ལ་(མཆུའི་ཉ་བ་འདས་ནས)དབོ(འཇུག་པ)འི་ཟླ་བའི་ཚེས་གྲངས་སུམ་ཅུའི་དབྱེ་ བས་རྩ་སུམ་ཅུའོ། །དེ་བཞིན་དུ་(ཕྱི་མ་རྣམས་ལ་ཡང་དྲན་པར་བྱས་ནས)གཡས་པའི་ཉེ་བའི་དཔུང་པའི་ ཚིགས་ལ་ནག་པའི་ཟླ་བའི་རྩ་རྣམས་དང་གཡོན་པའི་ཉེ་བའི་དཔུང་པའི་ཚིགས་ལ་ས་གའི་ ཟླ་བའི་རྩ་རྣམས་དང་གཡས་པའི་ལག་པ་དང་ཉེ་བའི་དཔུང་པའི་ཚིགས་ལ་སྣྲོན་གྱི་ཟླ་བའི་ རྩ་རྣམས་དང་གཡོན་པའི་ལག་པ་དང་ཉེ་བའི་དཔུང་པའི་ཚིགས་ལ་ཆུ་སྟོད་ཀྱི་ཟླ་བའི་ཚེས་ གྲངས་སུམ་ཅུའི་དབྱེ་བས་རྩ་སུམ་ཅུ་སྟེ་ལག་པ་དག་གི་ཚིགས་དྲུག་གི་ལས་ཀྱི་འཁོར་ལོ་རྣམ་ པ་དྲུག་ལ་རྩ་བརྒྱད་ཅུ་ལྷག་པའི་བརྒྱའོ། །དེ་ནས་གཡས་པའི་བརླ་དང་དཔྱིའི་ཚིགས་ལ་གྲོ་ བཞིན་གྱི་ཟླ་བའི་ཚེས་སུམ་ཅུའི་དབྱེ་བས་རྩ་སུམ་ཅུ་སྟེ་གཡོན་པའི་བརླ་དང་དཔྱིའི་ཚིགས་ ལ་ཁྲུམས་ཀྱི་ཟླ་བའི་རྩ་སུམ་ཅུའོ། །དེ་བཞིན་དུ་གཡས་པའི་བརླ་དང་བྱིན་པའི་ཚིགས་ལ་ཐ་ སྐར་གྱི་ཟླ་བའི་རྩ་སུམ་ཅུ་དང་གཡོན་པའི་བརླ་དང་བྱིན་པའི་ཚིགས་ལ་སྨིན་དྲུག་གི་ཟླ་བའི་ 3-1-100 རྩ་སུམ་ཅུ་དང་གཡས་པའི་རྐང་པ་དང་བྱིན་པའི་ཚིགས་ལ་མགོའི་ཟླ་བའི་རྩ་སུམ་ཅུ་དང་ གཡོན་པའི་རྐང་པ་དང་བྱིན་པའི་ཚིགས་ལ་རྒྱལ་གྱི་ཟླ་བའི་ཚེས་སུམ་ཅུའི་རང་བཞིན་གྱི་རྩ་ སུམ་ཅུ་སྟེ་དེ་ལྟར་རྐང་པ་དག་གིས་ཚིག་དྲུག་གི་ལས་ཀྱི་འཁོར་ལོ་ལ་རྩ་བརྒྱད་ཅུ་ལྷག་པའི་ བརྒྱའོ། །(ལག་པ་ལ་སོགས་པ)ལས་ཀྱི་དབང་པོ་(ལེན་པ་ལ་སོགས་པའི)བྱ་བ་ལ་འཇུག་པའི་དང་པོར་ གྱུར་པའི་ཕྱིར་ལས་ཀྱི་འཁོར་ལོའོ། །རྩ་འདི་དག་ལས་ཉིན་ཞག་རྩེ་མོ་ཅན་གྱིས་ཏེ་སོ་སོར་ ཉིན་ཞག་གསུམ་གསུམ་གྱིས་རྒྱུ་བ་ལས་ལོ་གསུམ་གྱིས་ཉིན་ཞག་བརྒྱད་ཅུ་ལྷག་པའི་སྟོང་གི་ གྲངས་འདི་རྣམས་ཀྱི་(ལས་ཀྱི་འཁོར་ལོའི)རྩ་སུམ་བརྒྱ་དྲུག་ཅུ་སྲོག་གི་རླུང་གིས་འདོར་རོ། །བྱ་ བ་ཞེས་བྱ་ཞེས་པ་ནི་ལེན་པ་དང་འགྲོ་བ་ལ་སོགས་པའི་བྱ་བ་བྱེད་པའི་ཕྱིར་བྱ་བ་ཞེས་པ་ ལག་པ་དང་རྐང་པའི་སོར་མོའི་ཚིགས་དྲུག་ཅུ་རྣམས་ལ་(རེ་རེ)རྩ་དྲུག་(དྲུག)གི་བདག་ཉིད་ཀྱི་ འཁོར་ལོ་སྟེ་ས་དང་ཆུ་དང་མེ་དང་རླུང་དང་སྟོང་པ་དང་ཡེ་ཤེས་ཀྱི་རྩའི་རང་བཞིན་གྱི་བདག་ ཉིད་ཅན་ནོ། །ཚིགས་སོ་སོ་ལ་གནས་པ་ནི་རྩ་དྲུག་གི་བདག་ཉིད་དེ་(དེ་བས་ན)ཚིགས་དྲུག་ཅུ་ པོ་རྣམས་ལ་རྩ་སུམ་བརྒྱ་དྲུག་ཅུའོ། །དེ་རྣམས་ལས་རྩ་སོ་སོ་ནི་ཉིན་ཞག་གསུམ་གསུམ་གྱིས་ ཡོངས་སུ་འདོར་ཏེ། (འདོར་ཚུལ་ནི)ལས་ཀྱི་འཁོར་ལོ་ལ་ཇི་ལྟ་བ་བཞིན་ནོ། །(དེ་ཉིད་བཤད་པ)གང་ གི་ཚེ་གཡས་པས་ལག་པ་དང་ཉེ་བའི་དཔུང་པའི་ཚིགས་ལ་རྩ་སུམ་ཅུ་འདོར་བ་དེའི་ཚེ་ལག་ པ་གཡས་ཀྱི་སོར་མོ་ལྔའི་རྩེ་མོ་རྣམས་སུ་རྩ་དྲུག་དྲུག་འདོར་རོ། །དེ་ལྟར་ཟླ་བའི་ཉིན་ཞག་ གི་ཚེས་(དགུ་བཅུ)རྣམས་ཀྱིས་སོར་མོ་ལྔ་པོ་རྣམས་ལ་རྩ་སུམ་ཅུ་འདོར་ཏེ་གཡོན་པ་ལ་ཡང་ དེ་བཞིན་དུ་རིག་པར་བྱའོ། །གང་གི་ཚེ་གཡས་པའི་དཔུང་པ་དང་ཉེ་བའི་དཔུང་པའི་ཚིགས་ ལ་འདོར་བ་དེའི་ཚེ་སོར་མོ(རྩ)འི་ཚིགས་དབུས་མའི་མཚམས་རྣམས་ལ་རྩ་སུམ་ཅུ་འདོར་ ཏེ་གཡོན་པ་ལ་ཡང་དེ་བཞིན་ནོ། །གང་གི་ཚེ་གཡས་པའི་ཕྲག་པ་དང་དཔུང་པའི་ཚིགས་ལ་ འདོར་བ་དེའི་ཚེ་སོར་མོའི་རྩ་བའི་ཚིགས་མཚམས་རྣམས་ལ་ཉིན་ཞག་དགུ་བཅུས་རྩ་སུམ་ཅུ་ 3-1-101 འདོར་ཏེ་གཡོན་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གང་གི་ཚེ་གཡས་པའི་རྐང་པ་དང་ བྱིན་པའི་ཚིགས་ལ་རྩ་སུམ་ཅུ་འདོར་བ་དེའི་ཚེ་རྐང་པ་གཡས་པའི་སོར་མོའི་རྩེ་མོའི་ཚིགས་ མཚམས་རྣམས་ལ་ཉིན་ཞག་དགུ་བཅུས་རྩ་སུམ་ཅུ་འདོར་ཏེ་གཡོན་པ་ལ་ཡང་དེ་བཞིན་ནོ། ། གང་གི་ཚེ་གཡས་པའི་བྱིན་པ་དང་བརླའི་ཚིགས་ལ་འདོར་བ་དེའི་ཚེ་སོར་མོའི་དབུས་མའི་ ཚིགས་མཚམས་རྣམས་ལ་རྩ་སུམ་ཅུ་འདོར་ཏེ་རྐང་པ་གཡོན་པ་ལ་ཡང་དེ་བཞིན་དུ་ཤེས་ པར་བྱའོ། གང་གི་ཚེ་གཡས་པའི་དཔྱི་དང་བརླའི་ཚིགས་ལ་འདོར་བ་དེའི་ཚེ་རྐང་པའི་སོར་ མོའི་རྩ་བའི་ཚིགས་མཚམས་རྣམས་ལ་རྩ་སུམ་ཅུ་འདོར་ཏེ་གཡོན་པ་ལ་ཡང་དེ་བཞིན་དུ་ ཤེས་པར་བྱའོ། ། ༈ ད་ནི་རྩ་རྣམས་ཀྱི་ལྷག་པ(ནི་ཀུན་རྫོབ་ཏུ་རླུང་དང་དོན་དམ་པར་ཆོས་ཀྱི་དབྱིངས་དོན་དམ་པའི་ལྷ་སྟེ་དེ་ དང་དེ)འི་ལྷའི་ཡི་གེ་བརྗོད་པར་བྱ་སྟེ་(བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཁམས་མཐུན་པའི་མཚན་ཉིད་ཀྱི་ འབྲེལ་བའི་དབང་གིས་སོ་དེ་ལ)འདིར་གཡོན་པའི་ཕྲག་པ་དང་དཔུང་པའི་ཚིགས་ལ་ནམ་མཁའ་ ལ་སོགས་པའི་དབྱངས་ཐུང་ངུས་ཕྱེ་བའི་ཀ་སྡེ་(ང་ཡིག་ནས)ལུགས་ལས་བཟློག་པས་སོ། །དེ་ བཞིན་དུ་གཡས་པའི་ཕྲག་པ་དང་དཔུང་པའི་ཚིགས་ལ་ཡེ་ཤེས་ལ་སོགས་པའི་དབྱངས་ རིང་པོས་ཕྱེ་བའི་ཀ་སྡེ་(ཡི་གེའི་ལུགས་འབྱུང་དུ)འོ། །གཡོན་པའི་དཔུང་པ་དང་ཉེ་བའི་དཔུང་པའི་ ཚིགས་ལ་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུ་ཕྱེ་བའི་ཙ་སྡེ་(ཡི་གེ་ལུགས་བཟློག་ཏུ)དང་ གཡས་པ་ལ་ཡེ་ཤེས་ལ་སོགས་པའི་དབྱངས་རིང་པོ་དྲུག་གིས་ཕྱེ་བ(ཡི་གེའི་ལུགས་འབྱུང་དུ)འོ། ། གཡོན་པའི་ལག་པ་དང་ཉེ་བའི་དཔུང་པའི་ཚིགས་ལ་ནམ་མཁའ་ལ་སོགས་པའི་དབྱངས་ དྲུག་གིས་ཕྱེ་བའི་ཊ་སྡེ་(ཡི་གེ་ལུགས་བཟློག་ཏུ)དང་གཡས་པ་ལ་ཡེ་ཤེས་ལ་སོགས་པའི་དབྱངས་ ཀྱིས་ཕྱེ་བ(ཡི་གེའི་ལུགས་འབྱུང་དུ)འོ། །དེ་ལྟར་བྱང་དུ་བགྲོད་པ་ལ་ཟླ་བ་དྲུག་གོ། དེ་ནས་ལྷོ(ར་ བགྲོད་པ)ལ་གཡས་པའི་དཔྱི་དང་བརླའི་ཚིགས་ལ་ཡེ་ཤེས་ལ་སོགས་པའི་དབྱངས་རིང་པོ་ 3-1-102 དྲུག་གིས་ཕྱེ་བའི་པ་སྡེ་〚ཡི་གེའི་ལུགས་འབྱུང་དུ〛དང་གཡོན་པ་ལ་ནམ་མཁའ་ལ་སོགས་པའི་ དབྱངས་ཐུང་ངུས་ཕྱེ་བ〚ཡི་གེ་ལུགས་བཟློག་ཏུ〛འོ། །དེ་བཞིན་དུ་གཡས་པའི་བྱིན་པ་དང་བརླའི་ ཚིགས་ལ་ཡེ་ཤེས་ལ་སོགས་པའི་དབྱངས་དྲུག་གིས་ཕྱེ་བའི་ཏ་སྡེ་〚ཡི་གེའི་ལུགས་འབྱུང་དུ〛 དང་གཡོན་པ་ལ་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུས་ཕྱེ་བ〚ཡི་གེ་ལུགས་བཟློག་ཏུ〛འོ། ། དེ་བཞིན་དུ་གཡས་པའི་རྐང་པ་དང་བྱིན་པའི་ཚིགས་ལ་ཡེ་ཤེས་ལ་སོགས་པའི་དབྱངས་ རིང་པོ་དྲུག་གིས་ཕྱེ་བའི་ས་སྡེ་〚ཡི་གེའི་ལུགས་འབྱུང་དུ〛དང་གཡོན་པ་ལ་ནམ་མཁའ་ལ་ སོགས་པའི་དབྱངས་ཐུང་ངུས་ཕྱེ་བ་སྟེ་ནམ་མཁའི་གསལ་བྱེད་(ྈྐ་)ལ་སོགས་པ་ལུགས་ལས་ བཟློག་པས་སོ། །དེ་ལྟར་(དབྱངས)རིང་(དྲུག)པོ་དང་ཐུང་ངུ(དྲུག་པོ)འི་དབྱེ་བས་སྡེ་བ་སོ་སོ་ལ་ཡི་ གེ་སུམ་ཅུ(སུམ་ཅུ)འི་བདག་ཉིད་ནི་ལས་ཀྱི་འཁོར་ལོའི་འཁོར་ལོ་བཅུ་གཉིས་ཀྱི་རྩིབས་སུམ་ ཅུ་པོ་རྣམས་ལའོ། །དེ་ནས་བྱ་བའི་འཁོར་ལོའི་གཡས་པའི་མཐེ་བོ་ལ་སོགས་པའི་ཚིགས་སོ་ སོ་ལ་ཀ་ཡིག་ལ་སོགས་པའི་གསལ་བྱེད་སོ་སོ་ཡེ་ཤེས་ལ་སོགས་པའི་དབྱངས་རིང་པོ་དྲུག་ གིས་ཕྱེ་བ་སྟེ། མཐེ་བོའི་རྩ་བའི་ཚིགས་ཀྱི་རྩ་དྲུག་གི་བདག་ཉིད་ལ་ཡེ་ཤེས་ལ་སོགས་པའི་ དབྱངས་ཀྱིས་ཕྱེ་བའི་གསལ་བྱེད་ཀ་ཡིག་གོ། མཛུབ་མོའི་ཚིགས་ལ་(དབྱངས་དྲུག་གིས་ཕྱེ་བའི)ཁ་ ཡིག་དང་གུང་མོའི་ཚིགས་ལ་ག་ཡིག་དང་མིང་མེད་ཀྱི་ཚིགས་ལ་གྷ་ཡིག་གོ། མཐེའུ་ཆུང་གི་ ཚིགས་ལ་ཡེ་ཤེས་ལ་སོགས་པའི་དབྱངས་རིང་པོ་དྲུག་གིས་ཕྱེ་བའི་ང་ཡིག་གོ། གཡོན་པའི་ མཐེའུ་ཆུང་གི་རྩ་བའི་ཚིགས་མཚམས་ལ་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུས་ཕྱེ་ བའི་ང་ཡིག་གོ། མིང་མེད་ཀྱི་ཚིགས་ལ་གྷ་ཡིག་དང་གུང་མོའི་ཚིགས་ལ་ག་ཡིག་དང་མཛུབ་ མོའི་ཚིགས་ལ་ཁ་ཡིག་གོ། མཐེ་བོའི་ཚིགས་ལ་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུ་ དྲུག་གིས་ཕྱེ་བའི་ཀ་ཡིག་གོ། (གསལ་བྱེད་ལ་ཡི་གེའི་ལུགས་འབྱུང་དང་ལུགས་བཟློག་གི་ངེས་པ་དང་དབྱངས་ལ་ བསྡུ་བ་དང་སྤྲོ་བའི་རིམ་པ་དང་གཡས་གཡོན་གྱི་སོར་མོ་རྣམས་མཐེ་བོང་ནས་རྩོམ་པ་དང་མཐེ་ཆུང་ནས་རྩོམ་པའི་ངེས་པ་རྣམས་ 3-1-103 ནི་སྔ་མ)དེ་བཞིན་དུ་(ཕྱི་མ་རྣམས་ལ་ཡང་རིག་པར་བྱས་ནས)གཡས་པའི་མཐེ་བོ་ལ་སོགས་པའི་ཚིགས་ ཀྱི་ཕྲེང་བ་གཉིས་པ་ལ་དབྱངས་རིང་པོས་ཕྱེ་བའི་ཙ་སྡེ་དང་གཡོན་པ་ལ་དབྱངས་ཐུང་ངུས་ ཕྱེ་བའོ། །དེ་བཞིན་དུ་གཡས་པའི་ཚིགས་ཀྱི་ཕྲེང་བ་གསུམ་པ་ལ་དབྱངས་རིང་པོས་ཕྱེ་བའི་ ཊ་སྡེ་དང་གཡོན་པ་ལ་དབྱངས་ཐུང་ངུས་ཕྱེ་བའོ། །དེ་བཞིན་དུ་གཡས་པའི་རྐང་པའི་སོར་ མོའི་རྩ་བའི་ཚིགས་རྣམས་ལ་དབྱངས་རིང་པོས་ཕྱེ་བའི་པ་སྡེ་དང་གཡོན་པ་ལ་ཡང་དབྱངས་ ཐུང་ངུས་ཕྱེ་བའོ། །གཡས་པའི་ཚིགས་དབུས་མ་རྣམས་ལ་དབྱངས་རིང་པོས་ཕྱེ་བའི་ཏ་སྡེ་ དང་གཡོན་པ་ལ་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུས་ཕྱེ་བའོ། །གཡས་པས་རྩེ་མོའི་ ཚིགས་མཚམས་རྣམས་ལ་དབྱངས་རིང་པོས་ཕྱེ་བའི་ས་སྡེའོ། །གཡོན་པའི་སོར་མོའི་ཚིགས་ མཚམས་རྣམས་ལ་ནམ་མཁའ་ལ་སོགས་པའི་དབྱངས་དྲུག་གིས་ཕྱེ་བའི་(ས་སྡེ་ནི་ྈྐ་་ལ་སོགས་པའི་ ཡི་གེའི)ལུགས་ལས་བཟློག་པས་སོ་ཞེས་པ་ནི་ལོ་དང་པོ་ལ་སྟེ། (ལོ)གཉིས་པ་ལ་ཡོན་ཏན་དང་ འཕེལ་བས་ཕྱེ་བ་(སུམ་བརྒྱ་དྲུག་ཅུ)དང་(ལོ)གསུམ་པ་ལ་ཡ་ཎར་བསྒྱུར་བ་(ཐུང་ངུ་དང་)ལ་སོགས་ པས་(རིང་པོ)ཕྱེ་བའི་སྡེ་པ་དྲུག་(ལ་སུམ་བརྒྱ་དྲུག་ཅུ་སྟེ་སྟོང་བརྒྱད་ཅུ་དག)གོ། འདི་ནི་རྒྱས་པར་(དེ་མ་ཐག་ ཏུ)འཆད་པར་འགྱུར་པ་ལས་བརྗོད་པར་བྱ་སྟེ་(དེས་ན)འདིར་མ་སྤྲོས་པའོ། ། ༈ མགྲིན་པ་དག་ལས་རྒྱུ་སྐར་རྩ་ནི་ཉིན་དང་ཉིན་ལ་ཟླ་བའི་ནང་དུས་རིམ་པས་འདོར་ བ་སྟེ་ཞེས་པ་ནི་མགྲིན་པའི་འཁོར་ལོ་ལས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་རྩ་དེ་རྣམས་(ཕྱོགས་ གསུམ་གྱི་ཞག་ལ)དབྱངས་ཀྱི་བདག་ཉིད་ཀྱི་ཉིན་ཞག་ཉི་ཤུ་རྩ་བརྒྱད་ཀྱིས་འདོར་རོ། །ཐིག་ལེར་ གནས་པ་སྟེ་དཔྲལ་བར་གནས་པ་ཟླ་བའི་རྐང་པ་རྩ་བཅུ་བཞིའི་བདག་ཉིད་ནི་དབྱངས་ཤིན་ ཏུ་རིང་པོ་བཅུ་བཞིའི་ཉིན་ཞག་བཅུ་བཞིས་ཕྱོགས་(ཟླ་ཕྱེད)ཀྱི་ནང་དུ་འདོར་རོ། །(སྙིང་ཁར) གཟ(བརྒྱད་རྒྱུ་བ)འི་རྩ(བརྒྱད)ནི་ཡུལ་(ལྔ)དང་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་(གསུམ)གྱི་ (རང་བཞིན)ཉིན་ཞག་བརྒྱད་ཀྱིས་(སྟོང་པའི་རྩ་བརྒྱད་དང་ལྷན་ཅིག)འདོར་རོ། །གསང་བར་གནས་ 3-1-104 པ་གསལ་བྱེད་སུམ་ཅུའི་བདག་ཉིད་ཀྱི་རྩ་རྣམས་ནི་དུས་ཀྱི་འཆི་བ(སྟེ་མངལ་བཟུང་བའི་ཟླ་བ)ས་ འདོར་ཏེ་(འདིར་རྐང་པ་དང་བཅས་པའི་ཆུ་ཚོད་ང་དྲུག་ལ་ཞག་རེར་བྱས་པའི་ཕྱོགས་གསུམ་ལ་ཞེ་བརྒྱད་དང་མངལ་བཟུང་ བའི་ཟླ་བ་ལ་སོ་གཉིས་ཏེ་དེ་ལྟར་དབྱངས་དང་གསལ་བྱེད་ཀྱི་བདག་ཉིད་ཟླ་བ་དང་ཉི་མའི་ཞག་བརྒྱད་ཅུ་ལས་རྒྱུ་སྐར་ཟླ་རྐང་ གསལ་བྱེད་ཀྱི་རྩ་རྣམས་འདོར་བའི་ལྷག་མ་བརྒྱད་ཀྱིས་སྟོང་པའི་རྩ་བཞི་དང་གཉིས་དང་གཉིས་ཏེ་བརྒྱད་འདོར་བ་ནི་སྙིང་ཁའི་ རྩ་བརྒྱད་དང་ལྷན་ཅིག་དུའོ་མཐར་དབུ་མ་ལ་འཇུག་སྟེ)རྩ་གཅོད་པའི་ངེས་པའོ། ༦༧ ། ༈ ད་ནི་སྡེ་བ་ཞེས་པ་ལ་སོགས་པས་ལས་ཀྱི་འཁོར་ལོ་ལ་རྩ་རྣམས་ཉི་མའི་རང་བཞིན་ 〔ལོ་གསུམ་〕གྱིས་སྲོག་གི་〔རླུང་〕རིམ་པ་དང་རིམ་པ་མ་ཡིན་པས་གཅོད་པ་སྡེ་བའི་མིང་རྣམས་ ཀྱིས་གསུངས་ཏེ་འདིར་ལས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པ་ལ་རྐང་པ་དང་ལག་པའི་ ཚིགས་བཅུ་གཉིས་པོ་རྣམས་ལ་སོ་སོར་རྩ་སུམ་ཅུའི་བདག་ཉིད་ཀྱི་འཁོར་ལོའོ། །མཆུའི་ ཟླ་བ་ལ་སོགས་པའི་ཚེས་སུམ་ཅུའི་ལྷག་པའི་ལྷ་དང་ལྡན་པའི་འཁོར་ལོ་བཅུ་གཉིས་པོ་དེ་ རྣམས་ལས་གཡས་པའི་ལག་པ་དང་རྐང་པའི་ཚིགས་དྲུག་ལ་རྣམ་པར་བཅད་པ་ལ་སོགས་ པ་དབྱངས་རིང་པོ་དྲུག་གིས་ཕྱེ་བའི་ཀ་ལ་སོགས་པའི་སྡེ་བ་དྲུག་གསལ་བྱེད་ཀྱི་ཆོས་ཀྱིས་(ཡེ་ ཤེས་ལ་སོགས་པ)སྡུད་པའི་རིམ་པས་སོ། །དེ་བཞིན་དུ་གཡོན་པའི་ལག་པ་དང་རྐང་པ་དག་གི་ ཚིགས་ཀྱི་འཁོར་ལོ་དྲུག་ལ་ནམ་མཁའ་ལ་སོགས་པའི་དབྱངས་ཐུང་ངུའི་དབྱེ་བས་ཕྱེ་བའི་ སྡེ་བ་དྲུག་ནམ་མཁའ་ལ་སོགས་བའི་གསལ་བྱེད་ཀྱི་ཆོས་ཀྱིས་བསྐྱེད་པའི་རིམ་པ་སྟེ་སོ་སོར་ བསྡུ་བའི་བརྗོད་པ་ང་ཡིག་ལ་སོགས་པས་(ཡི་གེའི་ལུགས་ལས་བཟློགས་པས)སོ། །སྡེ་བ་དབྱངས་ དང་བཅས་པ་དེ་དག་རྣམས་ལས་ཉིན་མོར་བྱེད་པ་སྲོག་གི་རླུང་འཆི་བ་དང་ལྷན་ཅིག་ཁྱིམ་ (དྲུག)གྱི་དབྱེ་བས་བགྲོད་པ་རྒྱུ་བ་སྟེ་ཞེས་པ་ལ་བགྲོད་པ་ནི་དང་པོ་བྱང་དུ་བགྲོད་པ་སྟེ་ཆུ་ སྲིན་ལ་སོགས་པ་དང་མཆུའི་ཟླ་བ་ལ་སོགས་པ(དྲུག་པོ)འོ། །བགྲོད་པ་དེ་ཉིད་ལག་པ་གཡས་ པ་དང་གཡོན་པའི་ཚིགས་ཀྱི་འཁོར་ལོ་དྲུག་པོ་རྣམས་ལ་རྒྱུའོ། །དེ་བཞིན་དུ་བྱ་བའི་འཁོར་ 3-1-105 ལོ་ལ་ལག་པའི་སོར་མོའི་ཚིགས་མཚམས་ཀྱི་འཁོར་ལོ་རྩ་དྲུག་གི་བདག་ཉིད་ཅན་སུམ་ ཅུ་པོ་རྣམས་ཀྱི་སོར་མོའི་ཚིགས་ཀྱི་འཁོར་ལོ་སོ་སོ་རེ་རེ་ལ་ཀ་ལ་སོགས་པའི་གསལ་བྱེད་ རྣམས་ཏེ། ལག་པ་གཡས་པའི་སོར་མོའི་ཚིགས་ཀྱི་མཚམས་ཀྱི་འཁོར་ལོ་(བཅོ་ལྔ་པོ)རྣམས་ ལ་དབྱངས་རིང་པོ་དྲུག་གིས་ཕྱེ་བ་རྣམས་སྡུད་པའི་རིམ་པས་རྒྱུའོ། །གཡོན་པ་(བཅོ་ལྔ)ལ་ ནམ་མཁའ་ལ་སོགས་པའི་གསལ་བྱེད་ནམ་མཁའ་ལ་སོགས་པའི་དབྱངས་ཀྱིས་ཕྱེ་བ་རྣམས་ བསྐྱེད་པའི་རིམ་པས་སོ། །དེ་བཞིན་དུ་ལྷོར་བགྲོད་པ་ལ་ལས་ཞེས་བྱ་བ་རྐང་པ་གཉིས་ཀྱི་ ཚིགས་ཀྱི་འཁོར་ལོ་དྲུག་པོ་རྣམས་དང་བྱ་བ་ཞེས་བྱ་བ་སོར་མོའི་ཚིགས་རྣམས་ལའོ། །འདིར་ མཆུའི་ཟླ་བ་དང་ཆུ་སྲིན་གྱི་འཕོ་བ་ལ་ཚེས་ཀྱི་དབྱེ་བས་ཟླ་བ་(རྒྱུ་བ)དང་འཕོ་བའི་གཟའི་དབྱེ་ བས་ཉི་མ་རྒྱུ་བར་ཤེས་པར་བྱའོ། །གང་དུ་ཉི་མ་(ཉིན་མོ་སྲོག་རླུང་)འཕེལ་བ་དེར་ཟླ་བ་〔མཚན་མོ་ ཐུར་སེལ〕འགྲིབ་{པ་}སྟེ་གང་དུ་ཟླ་བ་〔མཚན་མོ་ཐུར་སེལ〕འཕེལ་བ་དེར་ཉི་མ་〔ཉིན་མོ་སྲོག་རླུང་〕འགྲིབ་ པོ། ། ༈ འདི་ལྟར་(ཕྱི་རོལ་ཏུ)ཆུ་སྲིན་ལ་སོགས་པ་ལ་(ཁྱིམ་དྲུག)ཉི་མ་འཕེལ་ཏེ་(ནང་དུ)གཡས་ཀྱི་ ཕྲག་པ་དང་དཔུང་པའི་ཚིགས་ཀྱི་འཁོར་ལོ་ཆུ་སྲིན་གྱི་རྩ་སུམ་ཅུའི་བདག་ཉིད་རྣམས་ལ་ཀ་ ལ་སོགས་པ་དབྱངས་རིང་པོས་ཕྱེ་བ་མིང་གི་ཆོས་ཅན་སུམ་ཅུ་རྣམས་ནི་སྲོག་གི་ཆོས་ཅན་གྱི་ ལྷག་པའི་ལྷའོ། །རྩ་དང་པོ་ལ་ཀྐཱཿསྟེ་དེ་བཞིན་དུ་ཚིགས་གསུམ་གསུམ་པོ་ཐམས་ཅད་ལ་ཡི་ གེ་རྣམས་རིམ་པ་བཞིན་ནོ། ། འདི་ལྟ་སྟེ་ཀྐཱཿཀྐླཱྀ་ཀྐཱུ་ཀྐྼཱྀ་ཀྐཱི་ཀྐཱ་ཞེས་པ་ནི་(ལས་ཀྱི་འཁོར་ལོའི་རྩ་དྲུག་ཚན་ལྔ་ལས་ ཚན་པ་)དང་པོའི་རྩ་དྲུག་དང་དེ་བཞིན་དུ་བྱ་བའི་འཁོར་ལོའི་མཐེ་བོ་གཡས་པའི་རྩ་བའི་ ཚིགས་ཀྱི་རྩ་དྲུག་པོ་རྣམས་ལའོ། །དེ་བཞིན་དུ་ཁྑཱཿཁྑླཱྀ་ཁྑཱུ་ཁྑྼཱྀ་ཁྑཱི་ཁྑཱ་ཞེས་པ་ ནི་ལས་ཀྱི་འཁོར་ལོའི་(ཚན་པ)གཉིས་པའི་རྩ་དྲུག་དང་བྱ་བའི་འཁོར་ལོའི་མཛུབ་མོའི་རྩ་བའི་ 3-1-106 ཚིགས་མཚམས་ཀྱི་རྩ་དྲུག་ལའོ། །དེ་བཞིན་དུ་གྒཱཿགྒླཱྀ་གྒཱུ་གྒྼཱྀ་གྒཱི་གྒཱ་ཞེས་པ་ ནི་ལས་ཀྱི་འཁོར་ལོའི་(ཚན་པ)གསུམ་པའི་རྩ་དྲུག་དང་བྱ་བའི་འཁོར་ལོའི་གུང་མོའི་རྩ་བའི་ ཚིགས་མཚམས་ཀྱི་རྩ་དྲུག་ལའོ། །དེ་བཞིན་དུ་གྷྒྷཱཿགྷྒྷ ླཱྀ་གྷྒྷཱུ་གྷྒྷྼཱྀ་གྷྒྷཱི་གྷྒྷཱ་ཞེས་པ་ནི་ ལས་ཀྱི་འཁོར་ལོའི་(ཚན་པ)བཞི་པའི་རྩ་དྲུག་དང་བྱ་བའི་འཁོར་ལོའི་མིང་མེད་ཀྱི་རྩ་བའི་ ཚིགས་མཚམས་ཀྱི་རྩ་དྲུག་ལའོ། །དེ་བཞིན་དུ་དྔཱཿངྔླཱྀ་ངྔཱུ་ངྔྼཱྀ་ངྔཱི་ངྔཱ་ཞེས་པ་ནི་ ལས་ཀྱི་འཁོར་ལོའི་〔ཚན་པ〕ལྔ་པའི་རྩ་དྲུག་དང་བྱ་བའི་འཁོར་ལོའི་མཐེ་ཆུང་གི་རྩ་བའི་ཚིགས་ མཚམས་ཀྱི་རྩ་དྲུག་ལའོ། །དེ་ལྟར་ཉིན་ཞག་དྲུག་དྲུག་གིས་ས་ལ་སོགས་པའི་དཀྱིལ་འཁོར་ (རྣམས)ཉི་མས་འདོར་ཏེ་ཉིན་ཞག་སུམ་ཅུས་དཀྱིལ་འཁོར་ལྔ་འདོར་རོ། །དེ་ནས་གཡོན་པའི་ རྩར་བུམ་པ་ལ་ཡང་དག་པར་འཕོའོ། །དེ་ལ་ལས་ཀྱི་འཁོར་ལོ་དང་བྱ་བའི་འཁོར་ལོ་ལ་ཡང་ ནམ་མཁའ་ལ་སོགས་པའི་རིམ་པས་ཀ་སྡེའོ། །འདིར་དབོའི་ཟླ་བ་དང་བུམ་པའི་འཕོ་བ་ གཡོན་པའི་ཕྲག་པ་དང་དཔུང་པའི་ཚིགས་ཀྱི་ལས་ཀྱི་འཁོར་ལོའི་རྩ་སུམ་ཅུ་པོ་རྣམས་ལ་ ནམ་མཁའི་དཀྱིལ་འཁོར་ལ་སོགས་པས་ང་ཡིག་ལ་སོགས་པའི་གསལ་བྱེད་ནམ་མཁའ་ལ་ སོགས་པའི་དབྱངས་ཐུང་ངུས་ཕྱེ་བ་རྣམས་སོ། །འདི་ལྟ་སྟེ་ང་ངི་ངྼྀ་ངུ་ངླྀ་ངྂ་ཞེས་པ་ནི་ ནམ་མཁའ་ལ་སོགས་པ་དཀྱིལ་འཁོར་དྲུག་གི་མཚན་ཉིད་ཀྱི་དང་པོ(ནམ་མཁའ)འི་རྩ་དྲུག་དང་ བྱ་བའི་འཁོར་ལོའི་གཡོན་པའི་མཐེ་ཆུང་གི་རྩ་བའི་ཚིགས་མཚམས་ཀྱི་རྩ་དྲུག་ལའོ། །དེ་ བཞིན་དུ་གྷ་གྷི་གྷྼྀ་གྷུ་གྷླྀ་གྷྂ་ཞེས་པ་ནི་ལས་ཀྱི་འཁོར་ལོའི་གཉིས་པ་རླུང་གི་ དཀྱིལ་འཁོར་གྱི་རང་བཞིན་གྱི་རྩ་དྲུག་དང་བྱ་བའི་འཁོར་ལོའི་མིང་མེད་ཀྱི་རྩ་བའི་ཚིགས་ མཚམས་ཀྱི་རྩ་དྲུག་ལའོ། །དེ་བཞིན་དུ་ག་གི་གྼྀ་གུ་གླྀ་གཾ་ཞེས་པ་ནི་ལས་ཀྱི་ འཁོར་ལོའི་གསུམ་པ་མེའི་དཀྱིལ་འཁོར་གྱི་རྩ་དྲུག་དང་བྱ་བའི་འཁོར་ལོའི་གུང་མོའི་རྩ་བའི་ ཚིགས་མཚམས་ཀྱི་རྩ་དྲུག་ལའོ། །དེ་བཞིན་དུ་ཁ་ཁི་ཁྼྀ་ཁུ་ཁླྀ་ཁཾ་ཞེས་པ་ནི་ལས་ 3-1-107 ཀྱི་འཁོར་ལོའི་བཞི་པ་ཆུའི་དཀྱིལ་འཁོར་གྱི་རྩ་དྲུག་དང་བྱ་བའི་འཁོར་ལོའི་མཛུབ་མོའི་རྩ་ བའི་ཚིགས་མཚམས་དྲུག་ལའོ། །དེ་བཞིན་དུ་ཀ་ཀི་ཀྼྀ་ཀུ་ཀླྀ་ཀཾ་ཞེས་པ་ནི་ལས་ ཀྱི་འཁོར་ལོའི་ལྔ་པ་སའི་དཀྱིལ་འཁོར་གྱི་རྩ་དྲུག་དང་བྱ་བའི་འཁོར་ལོའི་མཐེ་བོའི་རྩ་བའི་ ཚིགས་མཚམས་ཀྱི་རྩ་དྲུག་ལ་ཀ་ཡིག་གི་དབྱངས་དྲུག་སྟེ། དེ་ལྟར་(ཟླ་བ་གཉིས་ཀྱི)དུས་གཅིག་ (རྒུན་སྨད་གྱི་དུས)ལ་གཡས་པ་དང་གཡོན་པ་ལ་(རིམ་པ་བཞིན)སྡུད་པ་དང་སྐྱེད་པའི་དབྱེ་བས་ཆུ་ སྲིན་དང་བུམ་པ་དག་གི་(རྗོད་བྱེད)ཀ་ལ་སོགས་པའི་(གསལ་བྱེད)དབྱངས་(དང་ལྡན་པ)དྲུག་ཅུའོ། ། དེ་ནས་ཙ་སྡེ་དབྱངས་དང་བཅས་པ་རྣམས་ཉའི་དབྱེ་བས་རྒྱུ་སྟེ་ལས་ཀྱི་འཁོར་ལོའི་གཡས་ པའི་དཔུང་པ་དང་ཉེ་བའི་དཔུང་པའི་ཚིགས་ལ་རྩ་སུམ་ཅུ་པོ་(རྣམས་ལ)ཉིན་ཞག་(དྲུག)དྲུག་གི་ དབྱེ་བས་ས་ལ་སོགས་པའི་དཀྱིལ་འཁོར་(ལྔ)རྣམས་ལ་ཙ་སྡེ་དབྱངས་དང་བཅས་པ་རྣམས་ སྡུད་པའི་རིམ་པས་རྒྱུའོ། །འདི་ལྟ་སྟེ་ཙྩཱཿཙྩླཱྀ་ཙྩཱུ་ཙྩྼཱྀ་ཙྩཱི་ཙྩཱ་ཞེས་པ་ནི་ས(འི་དཀྱིལ་ འཁོར་དྲུག)་ལའོ། །ཚྪཱཿཚྪླཱྀ་ཚྪཱུ་ཚྪྼཱྀ་ཚྪཱི་ཚྪཱ་ཞེས་པ་ནི་ཆུ(འི་དཀྱིལ་འཁོར་དྲུག)་ལའོ། ། {ཿཛྫླཱྀ་{་ཛྫྼཱྀ་{ི་{་ཞེས་པ་ནི་མེ(འི་དཀྱིལ་འཁོར་དྲུག)་ལའོ། །ཛྷྫྷཱཿཛྷྫྷ ླཱྀ་ཛྷ་ྫྷུ ཛྷྫྷྼཱྀ་ཛྷྫྷཱི་ཛྷྫྷཱ་ཞེས་པ་ནི་རླུང་(འི་དཀྱིལ་འཁོར་དྲུག)ལའོ། །ཉྙཱ་ཉྙླཱྀ་ཉྙཱུ་ཉྙྼཱྀ་ཉྙཱི་ཉྙཱ་ཞེས་ པ་ནི་ནམ་མཁའ(འི་དཀྱིལ་འཁོར་དྲུག)་ལ་སྟེ་ལས་ཀྱི་འཁོར་ལོ་ལ་དབྱངས་སུམ་ཅུའོ། །(དེ་བཞིན་དུ་) བྱ་བའི་འཁོར་ལོ་ལ་ཡང་གཡས་པའི་མཐེ་བོའི་དབུས་མའི་ཚིགས་ནས་མཐེ་ཆུང་གི་དབུས་ མའི་ཚིགས་ཀྱི་བར་ཚིགས་ལྔའི་རྩ་དྲུག་དྲུག་པོ་རྣམས་ལ་ཙ་ལ་སོགས་པའི་ཡི་གེ་སུམ་ཅུ་ རྣམས་སྡུད་པའི་རིམ་པས་ཤེས་པར་བྱའོ། །དེ་བཞིན་དུ་ལས་ཀྱི་འཁོར་ལོ་ལ་གཡོན་པའི་ དཔུང་པ་དང་ཉེ་བའི་དཔུང་བའི་ཚིགས་ཀྱི་རྩ་སུམ་ཅུ་དང་བྱ་བའི་འཁོར་ལོ་ལ་ཡང་མཐེ་ཆུང་ གི་དབུས་མའི་ཚིགས་ནས་མཐེ་བོའི་དབུས་མའི་ཚིགས་ཀྱི་བར་ཚིགས་ལྔའི་རྩ་དྲུག་དྲུག་པོ་ རྣམས་ལ་ལུག་གི་དབྱེ་བས་ཉ་ལ་སོགས་པའི་ཡིག་གེ་སུམ་ཅུར་འགྱུར་རོ། །འདི་ལྟ་སྟེ་ཉ་ཉི་ 3-1-108 ཉྼྀ་ཉུུ་ཉླྀ་ཉྂ་ཞེས་པ་ནི་ནམ་མཁའི་དཀྱིལ་འཁོར་ལའོ། །ཛྷ་ཛྷི་ཛྷྼྀ་ཛྷུ་ ཛྷླྀ་ཛྷཾ་ཞེས་པ་ནི་རླུང་ལའོ། །ཛ་ཛི་ཛྼྀ་ཛུ་ཛླྀ་ཛཾ་ཞེས་པ་ནི་མེ་ལའོ། །ཚ་ཚི་ ཚྼྀ་ཚུ་ཚླྀ་ཚཾ་ཞེས་པ་ནི་ཆུ་ལའོ། །ཙ་ཙི་ཙྼྀ་ཙུ་ཙླྀ་ཙཾ་ཞེས་པ་ནི་ས་ལའོ། ། དེ་ལྟར་(ཟླ་བ་གཉིས་ཀྱི)དཔྱིད་ཀྱི་དུས་སུ་ཁྱིམ་གྱི་དབྱེ་བས་ཙ་སྡེ་རྣམས་རྒྱུའོ། །དེ་ནས་ལས་ཀྱི་ འཁོར་ལོ་ལ་གཡས་པའི་ལག་པ་དང་ཉེ་བའི་དཔུང་པའི་ཚིགས་ཀྱི་རྩ་སུམ་ཅུ་པོ་རྣམས་དང་ བྱ་བའི་འཁོར་ལོ་ལ་གཡས་པའི་མཐེ་བོའི་རྩེ་མོའི་ཚིགས་ལ་སོགས་པའི་ཚིགས་ལྔ་པོའི་རྩ་ དྲུག་དྲུག་ལ་ཊ་སྡེ་རྣམས་གླང་གི་དབྱེ་བས་སྡུད་པའི་རིམ་པས་རྒྱུའོ། །འདི་ལྟ་སྟེ་ ཊྚཱཿཊྚླཱྀ་ཊྚཱུ་ཊྚྼཱི་ཊྚཱི་ཊྚཱ་ཞེས་པ་ནི་ས་ལའོ། །ཋྛཱཿཋྛླཱྀ་ཋྛཱུ་ཋྛྼཱྀ་ཋ་ྛཱིཋ་ྛཱཞེས་པ་ནི་ ཆུ་ལའོ། །ཌྜཱཿཌྜླཱྀ་ཌྜཱུ་ཌྜྼཱྀ་ཌྜཱི་ཌྜཱ་ཞེས་པ་ནི་མེ་ལའོ། །ཌྷྜྷཱཿཌྷྜྷ ླཱྀ་ཌྷྜྷཱུ་ ཌྷྜྷྼཱྀ་ཌྷྜྷཱི་ཌྷྜྷཱ་ཞེས་པ་ནི་རླུང་ལའོ། །ཎྞཱཿཎྞླཱྀ་ཎྞཱུ་ཎྞྼཱྀ་ཎྞཱི་ཎྞཱ་ཞེས་པ་ནི་ནམ་ མཁའ་ལ་སྟེ་དེ་ལྟར་སྡུད་པས་སོ། །དེ་ནས་ལས་ཀྱི་འཁོར་ལོ་ལ་གཡོན་པའི་ལག་པ་དང་ཉེ་ བའི་དཔུང་པའི་ཚིགས་ཀྱི་རྩ་སུམ་ཅུ་པོ་རྣམས་དང་བྱ་བའི་འཁོར་ལོ་ལ་ལག་པ་གཡོན་པའི་ མཐེ་ཆུང་གི་རྩེ་མོའི་ཚིགས་ནས་མཐེ་བོའི་ཚིགས་ཀྱི་བར་དུ་ཚིགས་མཚམས་ལྔའི་རྩ་དྲུག་ དྲུག་ལ་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་གྱི་རིམ་པས་ཎ་ཡིག་ལ་སོགས་པའི་ཡི་གེ་ རྣམས་སོ། །འདི་ལྟ་སྟེ། ཎ་ཎི་ཎྼྀ་ཎུ་ཎླྀ་ཎཾ་ཞེས་པ་ནི་ནམ་མཁའ་ལའོ། །ཌྷ་ཌྷི་ ཌྷྼྀ་ཌྷུ་ཌྷླྀ་ཌྷཾཞེས་པ་ནི་རླུང་ལའོ། །ཌ་ཌི་ཌྼྀ་ཌུ་ཌླྀ་ཌཾ་ཞེས་པ་ནི་མེ་ ལའོ། །ཋ་ཋི་ཋྼྀ་ཋུ་ཋླྀ་ཋཾ་ཞེས་པ་ནི་ཆུ་ལའོ། །ཊ་ཊི་ཊྼྀ་ཊུ་ཊླྀ་ཊཾ་ཞེས་པ་ ནི་ས་ལ་སྟེ་འཁྲིག་པའི་ཁྱིམ་གྱི་དབྱེ་བས་སོ་ཀའི་དུས་སུ་རྒྱུའོ། །དེ་ལྟར་བྱང་དུ་བགྲོད་པ་ལ་ ཡི་གེ་བརྒྱ་བརྒྱད་ཅུ་རྣམས་ནི་ཉིན་མོར་བྱེད་པ་(སྲོག་གི་རླུང་)ཁྱིམ་(དྲུག)གྱི་དབྱེ་བས་བགྲོད་པར་ རྒྱུ་བས་ཏེ་ཞེས་སོ། །ཕྱི་ནས་(ཉིན་ཞག)རེ་རེ་ལྷག་པས་ཉིན་དང་ཉིན་ལ་ལྡོག་པར་ཞེས་པ་ནི་ཕྱི་ 3-1-109 ནས་ལྷོར་བགྲོད་པ་(ཟླ་བ་དྲུག)ལ་ཟླ་བའི་(ཆ)ཐུར་སེལ་གྱི་རླུང་ལ་འཆི་བ་རྒྱུ་ཞིང་(ལག་པའི་ཚིགས་ ལ)ཉི་མ་(སྲོག་རླུང་)ལྡོག་པར་འགྱུར་ཏེ་དམན་པར་འགྱུར་རོ། །ཟླ་བའི་མཚན་མོ་(ཐུར་སེལ་གྱི་རླུང་ ལ་འཆི་བ)འཕེལ་བར་འགྱུར་ཏེ་(ཉི་ཟླ)གང་འཕེལ་བ་དེའི་རྒྱུ་བ་རྣམས་ལ་འཆི་བ་རྒྱུའོ་ཞེས་པའི་ རིགས་པས་སོ། །(ཉི་མ་ལྡོག་པར་འགྱུར་ཞེས་པ་ནི)ལག་པ(གཡོན་པ)འི་སོར་མོའི་རྩེ་མོའི་ཚིགས་ནས་ (བརྩམས་ནས)ཇི་སྲིད་གཡས་པའི་ཕྲག་པ་དང་དཔུང་པའི་ཚིགས་ཀྱིས་རྩ་དང་པོའི་མཐར་ཐུག་ པར་ཉི་མ་(སྲོག་རླུང་རིམ་གྱིས)ལྡོག་པར་འགྱུར་རོ། །འདིར་ལྷོར་བགྲོད་པ་ལ་ཟླ་བ་(ཐུར་སེལ་གྱི་རླུང་ གིས་འཆི་བ)རྒྱུ་བ་ནི་ལས་ཀྱི་འཁོར་ལོ་ལ་གཡས་པའི་དཔྱི་དང་བརླའི་ཚིགས་ཀྱི་རྩ་སུམ་ཅུ་པོ་ རྣམས་དང༌། བྱ་བའི་འཁོར་ལོ་ལ་གཡས་པའི་མཐེ་བོའི་རྩ་བའི་ཚིགས་ནས་མཐེ་ཆུང་གི་རྩ་ བའི་ཚིགས་ཀྱི་{མཐའི}བར་དུ་སོར་མོའི་ཚིགས་ལྔ་པོ་རྣམས་ཀྱི་རྩ་དྲུག་དྲུག་ལ་པ་སྡེའི་ཡི་གེ་ སུམ་ཅུ་རྣམས་ཀར་ཀ་ཊའི་དབྱེ་བས་སྡུད་པའི་རིམ་པས་རྒྱུའོ། །འདི་ལྟ་སྟེ་པྤཱཿཔྤླཱྀ་པྤཱུ་ པྤྼཱྀ་པྤཱི་པྤཱ་ཞེས་པ་ནི་ས་ལའོ། །ཕྥཱཿཕྥླཱྀ་ཕྥཱུ་ཕྥྼཱྀ་ཕྥཱི་ཕྥཱ་ཞེས་པ་ནི་ཆུ་ལའོ། ། བྦཱཿབྦླཱྀ་བྦཱུ་བྦྼཱྀ་བྦཱི་བྦཱ་ཞེས་པ་ནི་མེ་ལའོ། །བྷྦ ཧཱཿབྷྦ ཧླཱྀ་བཧཱུྷྦ་ བྷྦ ཧྼཱྀ་བྷྦ ཧཱི་བྷྦ ཧཱ་ཞེས་པ་ནི་རླུང་ལའོ། །མྨཱཿམྨླཱྀ་མྨཱུ་མྨྼཱྀ་མྨཱི་མྨཱ་ཞེས་པ་ནི་ ནམ་མཁའ་ལའོ། །དེ་ནས་གཡོན་པའི་དཔྱི་དང་བརླའི་ཚིགས་ལ་ལས་ཀྱི་འཁོར་ལོའི་རྩ་སུམ་ ཅུ་དང་བྱ་བའི་འཁོར་ལོ་ལ་རྐང་པ་གཡོན་པའི་མཐེ་བོའི་{མཐེ་ཆུང་ཟེར}རྩ་བའི་ཚིགས་ནས་ མཐེ་ཆུང་{བོས་ཟེར}གི་རྩ་བའི་ཚིགས་ཀྱི་བར་ལ་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་ གྱི་དབྱེ་བས་སྤྲོ་བའི་རིམ་པས་ཡི་གེ་སུམ་ཅུ་རྣམས་ལུགས་ལས་བཟློག་པས་སོ། །འདི་ལྟ་སྟེ་ མ་མི་མྼྀ་མུ་མླྀ་མཾ་ཞེས་པ་ནི་ནམ་མཁའ་ལའོ། །བྷ་བྷི་བྷྼྀ་བྷུ་བྷླྀ་བྷཾ་ ཞེས་པ་ནི་རླུང་ལའོ། །བ་བི་བྼྀ་བུ་བླྀ་བཾ་ཞེས་པ་ནི་མེ་ལའོ། །ཕ་ཕི་ཕྼྀ་ཕུ་ ཕླྀ་ཕཾ་ཞེས་པ་ནི་ཆུ་ལའོ། །པ་པི་པྼྀ་པུ་པླྀ་པཾ་ཞེས་པ་ནི་ས་ལ་སྟེ་སེང་གེའི་ 3-1-110 འཕོ་བའི་དབྱེ་བས་རྒྱུའོ། །དེ་ལྟར་(ཁྱིམ་གཉིས་ཀྱིས)དབྱར་གྱི་དུས་སུ་ཟླ་བ་(ཐུར་སེལ)རྒྱུ་ཞིང་(ལག་ པ་ལ)ཉི་མ་(སྲོག)ལྡོག་པར་འགྱུར་རོ། །དེ་ནས་ལས་ཀྱི་འཁོར་ལོ་ལ་གཡས་པའི་བརླ་དང་བྱིན་ པའི་ཚིགས་དང་བྱ་བའི་འཁོར་ལོ་ལ་རྐང་པའི་མཐེ་བོའི་དབུས་མའི་ཚིགས་ནས་མཐེ་ཆུང་གི་ དབུས་མའི་ཚིགས་ཀྱི་མཐར་ཚིགས་ལྔ་པོ་རྣམས་ཀྱི་རྩ་དྲུག་དྲུག་ལ་ཏ་སྡེ་རྒྱུ་སྟེ་དེ་རྣམས་ལས་ ཡི་གེ་སུམ་ཅུ་ནི་ཁྱིམ་སྡུད་པའི་དབྱེ་བས་སོ། །འདི་ལྟ་སྟེ་ཏྟཱཿཏྟླཱྀ་ཏྟཱུ་ཏྟྼཱྀ་ཏྟཱི་ཏྟཱ་ ཞེས་པ་ནི་ས་ལའོ། །ཐྠཱཿཐྠླཱྀ་ཐྠཱུ་ཐྠྼཱྀ་ཐྠཱི་ཐྠཱ་ཞེས་པ་ནི་ཆུ་ལའོ། །དྡཱཿདྡླཱྀ་ དྡཱུ་དྡྼཱྀ་དྡཱི་དྡཱ་ཞེས་པ་ནི་མེ་ལའོ། །དྷྡྷཱཿདྷྡྷླཱྀ་དྷྡྷཱུ་དྷྡྷྼཱྀ་དྷྡྷཱི་དྷྡྷཱ་ཞེས་པ་ ནི་རླུང་ལའོ། །ནྣཱཿནྣླཱྀ་ནྣཱུ་ནྣྼཱྀ་ནྣཱི་ནྣཱ་ཞེས་པ་ནི་ནམ་མཁའ་ལ་སྟེ་དེ་ལྟར་བུ་མོའི་ དབྱེ་བས་ཟླ་བ་(ཐུར་སེལ)རྒྱུའོ། །དེ་ནས་ལས་ཀྱི་འཁོར་ལོ་ལ་གཡོན་པའི་བརླ་དང་བྱིན་པའི་ ཚིགས་དང་བྱ་བའི་འཁོར་ལོ་ལ་རྐང་པ་གཡོན་པའི་མཐེ་ཆུང་གི་དབུས་མའི་ཚིགས་ནས་མཐེ་ བོའི་དབུས་མའི་ཚིགས་ཀྱི་མཐར་ཚིགས་ལྔ་པོ་རྣམས་ཀྱི་རྩ་དྲུག་དྲུག་ལའོ། །འདི་ལྟ་སྟེ་ན་ནི་ ནྼྀ་ནུ་ནླྀ་ནཾ་ཞེས་པ་ནི་ནམ་མཁའ་ལའོ། །དེ་བཞིན་དུ་ངྷ་ངྷི་དྷྼྀ་ངྷུ་དྷླྀ་ ངྷཾ་ཞེས་པ་ནི་རླུང་ལའོ། །དེ་བཞིན་དུ་ད་དི་དྼྀ་དུ་དླྀ་དཾ་ཞེས་པ་ནི་མེ་ལའོ། །ཐ་ཐི་ ཐྼྀ་ཐུ་ཐླྀ་ཐཾ་ཞེས་པ་ནི་ཆུ་ལའོ། །ཏ་ཏི་ཏྼྀ་ཏུ་ཏླྀ་ཏཾ་ཞེས་པ་ནི་ས་ལའོ། ། དེ་ལྟར་སྲང་གི་དབྱེ་བས་གཡོན་པ་ལ་སྐྱེད་པའི་རིམ་པས་ཟླ་བ་(ཐུར་སེལ)རྒྱུ་ཞིང་(ལག་པ་ལ)ཉི་ མ་(སྲོག)ལྡོག་པར་འགྱུར་ཏེ་སྟོན་གྱི་དུས་སུའོ། །དེ་ནས་ལས་ཀྱི་འཁོར་ལོ་ལ་གཡས་པའི་རྐང་ པ་དང་བྱིན་པའི་ཚིགས་ཀྱི་རྩ་སུམ་ཅུ་དང་བྱ་བའི་འཁོར་ལོ་ལ་གཡས་པའི་མཐེ་བོའི་རྩེ་མོའི་ ཚིགས་ནས་མཐེ་ཆུང་གི་རྩེ་མོ་ཚིགས་ཀྱི་བར་དུ་ཚིགས་ལྔ་པོ་རྣམས་ཀྱི་རྩ་དྲུག་དྲུག་ལ་སྡིག་ པའི་དབྱེ་བས་སྡུད་པའི་རིམ་པས་ས་སྡེའི་ཡི་གེ་སུམ་ཅུ་དབྱངས་དང་བཅས་པ་རྣམས་ཟླ་བས་ ལྷོར་(བགྲོད་པ་ཞེས་པ་ལུས་ཀྱི་སྨད་ལ)རྒྱུ་སྟེ་(སྟོད་ལ)ཉི་མ་ལྡོག་པར་འགྱུར་རོ། །འདི་ལྟ་སྟེ་ 3-1-111 སྶཱཿསྶླཱྀ་སྶཱུ་སྶྼཱྀ་སྶཱི་སྶཱ་ཞེས་པ་ནི་སའི་དཀྱིལ་འཁོར་ལའོ། །དེ་བཞིན་དུ་ ྉྤཱཿྉྤླཱྀ་ྉྤཱུ་ྉྤྼཱ ྀ་ྉྤཱ ི་ྉྤཱ་ཞེས་པ་ནི་ཆུ་ལའོ། །དེ་བཞིན་དུ་ཥྵཱཿཥྵླཱྀ་ཥྵཱུ་ཥྵྼཱྀ་ཥྵཱི་ཥྵཱ་ ཞེས་པ་ནི་མེ་ལའོ། །ཤྴཱཿཤྴླཱྀ་ཤྴཱུ་ཤྴྼཱྀ་ཤ་ྴཱིཤ་ྴཱཞེས་པ་ནི་རླུང་ལའོ། །དེ་བཞིན་དུ་ ྈྐཱ ཿྈྐླཱྀ་ྈྐཱུ་ྈྐྼཱྀ་ྈྐི་ཱྈྐ་ཱཞེས་པ་ནི་ནམ་མཁའི་རྩ་དྲུག་ལ་སྟེ་དེ་ལྟར་ཡི་གེ་སུམ་ཅུ་ རྣམས་སྡིག་པའི་དབྱེ་བས་སོ། །དེ་ནས་ལས་ཀྱི་འཁོར་ལོ་ལ་གཡོན་པའི་རྐང་པ་དང་བྱིན་ པའི་ཚིགས་ཀྱི་རྩ་སུམ་ཅུ་དང་བྱ་བའི་འཁོར་ལོ་ལ་མཐེ་ཆུང་གི་སོར་མོའི་ཚིགས་ནས་མཐེ་ བོའི་རྩེ་མོའི་ཚིགས་ཀྱི་བར་དུ་ཚིགས་མཚམས་ལྔ་པོ་རྣམས་ཀྱི་རྩ་དྲུག་དྲུག་ལ་བསྐྱེད་པའི་ རིམ་པས་ཡི་གེ་སུམ་ཅུ་རྣམས་(ཐུར་སེལ)ཟླ་བས་(འཆི་བས)རྒྱུའོ། །(སྲོག)ཉི་མ་ནི་ལག་པ་གཡོན་ པ་ལ་ཕུང་པོ་དང་ཁམས་རྣམས་(ཀྱི་རླུང་)ལྡོག་པར་འགྱུར་རོ། །འདི་ལྟ་སྟེ་ྈྐ་ྈྐི་ྈྐྼྀ་ྈྐཱུ་ ྈླྐྀ་ྈྐཾ་ཞེས་པ་ནི་ནམ་མཁའ་ལའོ། །དེ་བཞིན་ཤ་ཤི་ཤྼྀ་ཤུ་ཤླྀ་ཤཾ་ཞེས་པ་ ནི་རླུང་ལའོ། །ཥ་ཥི་ཥྼྀ་ཥུ་ཥླྀ་ཥཾ་ཞེས་པ་ནི་མེ་ལའོ། །ྉྤ་ྉྤྼྀ་ྉྤྀ་ྉྤཱུ་ྉྤླྀ་ྉྤཾ་ཞེས་པ་ ནི་ཆུ་ལའོ། །དེ་བཞིན་དུ་ས་སི་སྼྀ་སུུ་སླི་སཾ་ཞེས་པ་ནི་ས་ལ་སྟེ་དེ་ལྟར་ཡི་གེ་སུམ་ཅུ་ ནི་གཞུའི་དབྱེ་བས་སོ། །(དེ་ལྟར་ཟླ་བ་གཉིས་ཀྱི་དགུན་སྟོད་ཀྱི་དུས་སོ)དེ་ནས་དགུན་སྨད་ཀྱི་དུས་ནས་ བརྩམས་ནས་ཟླ་བ་རྒྱུ་བ་མེད་དེ་(རྐང་པ་གཡོན་པའི་སོར་མོའི་ཚིགས་ནས་ཇི་སྲིད་གཡས་པའི་དཔྱི་དང་བརླའི་ ཚིགས་ཀྱི་རྩ་དང་པོའི་མཐར་ཐུག་པར་ཟླ་བ་ལྡོག་ཅིང་མཚན་མོ་འགྲིབ་བོ)སླར་ཡང་〔ལག་པའི་ཚིགས་རྣམས་སུ་〕ཆུ་སྲིན་ ལ་སོགས་པ་ལ་ཉི་མ་འཕེལ་ལོ། །〔དེ་རྣམས་ནི་〕ལོ་དང་པོ་ལ་སྙིང་སྟོབས་ཀྱི་ཡོན་ཏན་གྱི་དབྱེ་ བས་(བྱང་བགྲོད)ཉི་མ་(སྲོག་རླུང་)དང་(ལྷོར་བགྲོད)ཟླ་བ་(ཐུར་སེལ)དང་བཅས་པའི་དུས་རྒྱུ་བའོ། ། ༈ དེ་ནས་ལོ་གཉིས་པ་ལ་རྡུལ་གྱི་དབྱེ་བས་ཡོན་ཏན་དང་འཕེལ་བའི་དབྱངས་ཀྱི་ཀ་ ལ་སོགས་པའི་ཡི་གེ་སུམ་ཅུ་རྣམས་ལས་ཀྱི་འཁོར་ལོའི་རྩ་སུམ་ཅུ་དང་བྱ་བའི་འཁོར་ལོ་ལ་ སྔར་བཞིན་དུ་རིག་པར་བྱའོ། །ཆུ་སྲིན་ལ་སྡུད་པའི་རིམ་པས་འདི་ལྟ་སྟེ་ཀྐཱཿཀྐཱལ་ཀྐཽ་ཀྐཱར་ཀྐཻ་ 3-1-112 ཀྐཱ་ཞེས་པ་ནི་ས་ལའོ། །དེ་བཞིན་དུ་ཁྑཱཿཁྑཱལ་ཁྑཽ་ཁྑཱར་ཁྑཻ་ཁྑཱ་ཞེས་པ་ནི་ཆུ་ལའོ། །གྒཱཿགྒལ་གྒཽ་ གྒཱར་གྒཻ་གྒཱ་ཞེས་པ་ནི་མེ་ལའོ། །གྷྒྷཱཿགྷྒྷཱལ་གྷྒྷཽ་གྷྒྷཱར་གྷྒྷཻ་གྷྒྷཱ་ཞེས་པ་ནི་རླུང་ལའོ། །ངྔཱཿངྔཱལ་ངྔཱཽ་ངྔཱར་ ངྔཱཻ་ངྔཱ་ཞེས་པ་ནི་ནམ་མཁའི་དཀྱིལ་འཁོར་ལ་སྟེ་ལག་པ་གཡས་པ(འི་དཔུང་མགོ་དང་སོར་མོ་རྣམས་ཀྱི་ རྩ་བའི་ཚིགས)་ལ་སྔ་མ་བཞིན་དུ་ཆུ་སྲིན་གྱི་དབྱེ་བས་ཉི་མ་(སྲོག)རྒྱུའོ། །རྐང་པ་གཡས་པ་ལ་ཆུ་ སྲིན་གྱི་དབྱེ་བས་ཟླ་བ་(ཐུར་སེལ)ལྡོག་གོ། དེ་བཞིན་དུ་བུམ་པའི་དབྱེ་བས་བསྐྱེད་པའི་རིམ་ པས་ཡོན་ཏན་དང་བཅས་པ(འི་གསལ་བྱེད)རྣམས་ལག་པ་གཡོན་པའི་(དཔུང་མགོ་དང་སོར་མོ་རྣམས་ ཀྱི་རྩ་བའི)ཚིགས་ལ་རྒྱུའོ། །འདི་ལྟ་སྟེ་ང་ངེ་ངར་ངོ་ངལ་ངཾ་ཞེས་པ་ནི་ནམ་མཁའ་ལའོ། །གྷ་གྷེ་ གྷར་གྷོ་གྷལ་གྷཾ་ཞེས་པ་ནི་རླུང་ལའོ། །ག་གེ་གར་གོ་གལ་གཾ་ཞེས་པ་ནི་མེ་ལའོ། །ཁ་ཁེ་ཁར་ ཁོ་ཁལ་ཁཾ་ཞེས་པ་ནི་ཆུ་ལའོ། །ཀ་ཀེ་ཀར་ཀོ་ཀལ་ཀཾ་ཞེས་པ་ནི་ས་ལ་སྟེ་གཡོན་པ་ལ་བུམ་ པའི་དབྱེ་བས་སྐྱེད་པའི་རིམ་པས་སོ། །དེ་བཞིན་དུ་དཔྱིད་ཀྱི་དུས་སུ་ཉ་དང་ལུག་དག་ལ་ གྲངས་བཞིན་དུ་ཙ་སྡེའི་ཡི་གེ་སུམ་ཅུ་སུམ་ཅུ་སྡུད་པ་དང་སྐྱེད་པའི་རིམ་པས་གཡས་པ་དང་ གཡོན་པའི་(གྲུ་མོ་དང་སོར་མོའི་དབུས་མའི)ཚིགས་ཀྱི་རྩ་རྣམས་ལའོ། །དེ་བཞིན་དུ་སོ་ཀའི་དུས་སུ་ (འཁྲིག་མ་དང་སོར་མོའི་ཚིགས)ཊ་སྡེའི་ཡི་གེ་རྣམས་སོ། །དེ་ནས་(སྔར་བཞིན)ཉི་མ་(སྲོག)ལྡོག་ཅིང་ཟླ་ བ་(ཐུར་སེལ)རྒྱུའོ། །དབྱར་གྱི་དུས་སུ་ཀར་ཀ་ཊ་དང་སེང་གེ་ལ་གཡས་པ་དང་གཡོན་པའི་རྐང་ པ(དཔྱི་མགོ་དང་སོར་མོའི་རྩ་བ)འི་ཚིགས་ཀྱི་རྩ་སུམ་ཅུ་(སུམ་ཅུ)པོ་རྣམས་ལ་སྔ་མ་བཞིན་དུ་འཕེལ་བ་ དང་ཡོན་ཏན་དང་བཅས་པའི་ཡི་གེ་སུམ་ཅུ་པོ་རྣམས་ལས་པ་སྡེའི་ཡི་གེ་རྣམས་རྒྱུའོ། །སྟོན་ ལ་(པུས་མོ་དང་སོར་མོའི་ཚིགས་དབུས་མ་རྣམས་ལ)འཕེལ་བ་དང་ཡོན་ཏན་དང་ལྡན་པའི་ཏ་སྡེའི་ཡི་གེ་ རྣམས་དང་ཟླ་བ་(ཐུར་སེལ)རྒྱུའོ། །དགུན་སྟོད་ལ་(ལུང་བུ་དང་སོར་མོའི་རྩེ་མོའི་ཚིགས་རྣམས་ལ)ས་སྡེའི་ ཡི་གེ་རྣམས་སྡུད་པ་དང་སྐྱེད་པའི་རིམ་པས་སོ། །དེ་ལྟར་ལོ་གཉིས་པ་ལ་དབྱངས་སུམ་བརྒྱ་ དྲུག་ཅུ་དང་(བཅས་པའི)ཟླ་བ་དང་ཉི་མ་(དགུ་ལ་འཆི་བ)དག་རྒྱུའོ། ། 3-1-113 ༈ དེ་ནས་ལོ་གསུམ་པ་ལ་མུན་པའི་(ཡོན་ཏན་གྱི)དབྱེ་བས་ཀ་ལ་སོགས་པའི་སྡེ་བ་དབྱངས་ དང་བཅས་པ་རྣམས་ལས་ཉི་མ་དང་ལྷན་ཅིག་(འཆི་)དུས་རྒྱུའོ། །འདིར་ཡ་ཎར་བསྒྱུར་བ་ རྣམས་ནི་དབྱངས་ཞེས་བརྗོད་དེ་དེ་རྣམས་དང་ལྷན་ཅིག་ཡི་གེ་སུམ་ཅུ་སུམ་ཅུ་རྣམས་མུན་ པའི་ཡུལ་གྱི་དུས་རྒྱུ་སྟེ་སྔ་མ་བཞིན་དུ་ལག་པ་དང་རྐང་པའི་ཚིགས་རྣམས་ཀྱི་ལས་ཀྱི་འཁོར་ ལོ་དང་བྱ་བའི་འཁོར་ལོ་ལ་ཡང་སྡུད་པ་དང་སྐྱེད་པའི་དབྱེ་བས་སོ། །ཀྐྷཱཿཀྐླཱ་ཀྐྺཱ་ཀྐྼཱ་ཀྐྻཱ་ཀྐྷཱ་ཞེས་ པ་ནི་ས་ལའོ། །དེ་བཞིན་དུ་ཁྑྷཱཿཁྑླཱ་ཁྑྺཱ་ཁྑྼཱ་ཁྑྻཱ་ཁྑྷཱ་ཞེས་པ་ནི་ཆུ་ལའོ། །དེ་བཞིན་དུ་གྒྷཱཿགྒླཱ་གྒྺཱ་གྒྼཱ་གྒྻཱ་གྒྷཱ་ ཞེས་པ་ནི་མེ་ལའོ། །གྷྒྷཱ་གྷྒྷླཱགྷྒྷྺཱ་གྷྒྷྼཱ་གྷྒྷྻཱ་གྷྒྷཱ་ཞེས་པ་ནི་རླུང་ལའོ། །ངྔྷཱཿངྔླཱ་ངྔྺཱ་ངྔྼཱ་ངྔྻཱ་ངྔྷཱ་ཞེས་པ་ནི་ནམ་ མཁའ་སྟེ་དེ་ལྟར་གཡས་པ་ལ་ཉི་མ་རྒྱུའོ། །དེ་ནས་གཡོན་པ་ལ་སྐྱེད་པའི་རིམ་པ་སྟེ་ངྷ་ངྻ་ངྼ་ ངྺ་ངླ་ངྷཾ་ཞེས་པ་ནི་ནམ་མཁའ་ལའོ། །དེ་བཞིན་དུ་གྷྷ་གྷ་ྻགྷ་ྼགྷ་ྺགྷླ་གྷྷཾ་ཞེས་པ་ནི་རླུང་ལའོ། །གྷ་ གྻ་གྼ་གྺ་གླ་གྷ་ཞེས་པ་ནི་མེ་ལའོ། །ཁྷ་ཁྻ་ཁྼ་ཁྺ་ཁླ་ཁྷཾ་ཞེས་པ་ནི་ཆུ་ལའོ། །ཀྷ་ཀྻ་ཀྼ་ཀྺ་ཀླ་ཀྷཾ་ ཞེས་པ་ནི་ས་ལ་སྟེ་དེ་ལྟར་དགུན་སྨད་ཀྱི་དུས་སུ་གཡོན་པ་ལ་སྐྱེད་པའི་རིམ་པས་དབྱངས་ སུམ་ཅུ་པོ་རྣམས་ཉི་མས་(འཆི་བ)རྒྱུའོ། །དེ་བཞིན་དུ་དཔྱིད་ལ་ཙ་སྡེ་དང་སོ་ཀ་ལ་ཊ་སྡེའོ། །དེ་ ནས་(ལག་པའི)ཚིགས་དྲུག་ལ་ཉི་མ་(སྔར་བཞིན་དུ)ལྡོག་པར་འགྱུར་རོ། །རྐང་པའི་ཚིགས་ལ་ ཟླ་བ་རྒྱུ་སྟེ་སྔར་བཞིན་{དུ}དབྱར་གྱི་དུས་སུ་པ་སྡེ་དང་སྟོན་ལ་ཏ་སྡེ་དང་དགུན་སྟོད་ལ་ས་སྡེ་ རྣམས་སྡུད་པའི་དབྱེ་བ་དང་སྐྱེད་པའི་དབྱེ་བས་སོ། །དེ་ལྟར་ལོ་གསུམ་པ་ལ་ཡང་དབྱངས་ སུམ་བརྒྱ་དྲུག་ཅུ་ཉིན་མོར་བྱེད་པས་(འཆི་བ)རྒྱུའོ། །(འཁོར་ལོ)དེ་དག་(འདོར་བ)ལ་དུས་ཀྱི་ལོ་ནི་ ཇི་སྲིད་པ་ཉིན་ཞག་སྟོང་བརྒྱད་ཅུ་ཉིད་ཟད་པར་རིག་པར་བྱའོ། །ལོ་གསུམ་གྱི་རྩ་དང་ཡི་གེ་ གཅོད་པའི་ངེས་པའོ(འདི་རྣམས་ཡེ་ཤེས་ལྔ་དང་རྒྱལ་བ་རིགས་དྲུག་ལ་སོགས་པར་འཆད་པ་དེ་དག་གིས་ནི་གཞན་བདེ་ གཤེགས་སྙིང་པོ་དང་ཕྱི་ནང་གློ་བུར་དྲི་མ་དག་འབྲས་བུ་དང་འབྲས་བུའི་ཤུན་པ་ལྟར་ཐ་དད་དུ་གནས་པ་མ་རྟོགས་པར་ཟད་དོ། ། ཞེས་གསུང་ངོ་)། ། 3-1-114 ༈ དེ་ནས་ལོ་(གསུམ་པོ་)ནི་ཆད་པར་གྱུར་ན་ཕྱོགས་(གསུམ)ཀྱི་ནང་དུ་དབྱངས་ཐུང་ངུ་(བཅོ་ ལྔ)དང་རིང་པོ་〔བཅོ་ལྔ་〕དང་ཤིན་ཏུ་རིང་པོ་(བཅོ་ལྔ་སྟེ)བཞི་བཅུ་རྩ་ལྔའི་ཆོས་ཀྱིས་དབྱངས་ཀྱི་ ཉིན་ཞག་དབང་གིས་ཏེ་ཉིན་ཞག་བཞི་བཅུ་རྩ་ལྔའི་དབང་གིས་ཉི་མའི་དབྱེ་བས་ཉི་མ(འི་འཆི་ བ)དང་ཟླ་བའི་དབྱེ་བས་ཟླ་བའི་འཆི་བ་རྒྱུ་སྟེ་མགྲིན་པ་ལ་སྔར་(རྒྱུ་སྐར་འདོར་བའི)ཉིན་ཞག་ ཉི་ཤུ་རྩ་བརྒྱད་དང་དཔྲལ་བ་ལ་(ཟླ་རྐང་འདོར་བའི)ཉིན་ཞག་བཅུ་བཞི་སྔར་བརྗོད་པ་རྣམས་ དང་གསང་བར་བཅུ་པ་གསུམ་ཞེས་པ་(གསལ་བྱེད་རྩ་འདོར་བའི)ཉིན་ཞག་སུམ་ཅུའོ། །དེ་ནས་ (ལྷག་མ་ཞག་དགུ་པོ་ནི)མགྲིན་པ་ལ་(སྟོང་པའི་རྩ་བཞི་འདོར་བའི)ཉིན་ཞག་བཞི་དང་དཔྲལ་བ་ལ་(སྟོང་པ་ གཉིས་འདོར་བའི)ཉིན་ཞག་གཉིས་དང་(གསང་གནས་ཀྱི་སྟོང་པ་གཉིས་དང་དབུ་མ་འདོར་བ་སྟེ)འཚོ་བའི་ཞག་ གསུམ་མོ། །འདིར་(སྙིང་ཁའི་རྩ་བརྒྱད་དང་ལྷན་ཅིག་སྟོང་པའི་རྩ་བརྒྱད་འདོར་བའི་ཞག་བརྒྱད་ལྷག་པ་རྒྱུ་མཚན་ནི) དབྱངས་གཅོད་པ་ལ་ཚེས་གཞན་(རྐང་པ་དང་བཅས་པའི)ཆུ་ཚོད་ལྔ་བཅུ་རྩ་དྲུག་གི་བདག་ཉིད་(ལ་ ཞག་ཏུ)གཟུང་བར་བྱ་(བ་སྟེ་དེས་ན་དུས་སུ་འཆི་བའི་འཁོར་ལོ་ལས་ལྷག་མ་མེད་པར་རྟོགས་པར་བྱ)འོ། །དེ་ལྟར་ (ན་ཕྱོགས་གསུམ་ལ)ཚེས་(ཞེ་བརྒྱད་ལ)བཞི་བཅུ་རྩ་ལྔ་ནི་དབྱངས་(ཞེ་ལྔ་པོ་རྣམས)ཀྱི་ཆོས་ཅན་ཏེ་(ལྷག་ མ)གསུམ་ནི་〔དབྱངས་ཀྱིས་〕སྟོང་པའི་ཆོས་ཅན་ནོ། །(གསང་བར)གསལ་བྱེད་ཀྱི་ཆོས་ལ་ཡང་དེ་ བཞིན་དུ་(གསལ་བྱེད་ཀྱི་སྟོང་པའི)ཉིན་ཞག་གཉིས་སོ། །(དེ་ལྟར་ན་ཡི་གེས་མི་སྟོང་པ་གསུམ་དང་སྟོང་པ་ལྔ་སྟེ) ཉིན་ཞག་བརྒྱད་པོ་འདི་རྣམས་ནི་(སྟོང་པའི་རྩ་འདབ་འདོར་བ་དང་ལྷན་ཅིག)སྙིང་ཁའི་པད་མ་ལ་རྒྱུའོ། ། དེ་ནས་རླུང་བཅུ་པོ་རྣམས་ཡང་དག་པར་འདུས་ཏེ་(ཀུན་གྱི)ལྟེ་བ་(ཨ་བ་དྷཱུ་ཏཱི)ལ་ཉིན་དང་མཚན་ མོའི་དུས་སུ་དབུགས་ནི་འབྱུང་བ་དང་འཇུག་པའི་འཁོར་ལོ་ཉམས་པའི་བར་དུ་འཚོ་བ་དག་ ནི་ཉིན་ཞག་གཅིག་ཏུ་འགྱུར་རོ། །དེ་ནས་ལས་ཀྱི་དབང་གིས་རྣམ་པར་ཤེས་པ་གཞན་དུ་འཕོ་ བ་ནི་སྲོག་ཆགས་ཚེ་ལོ་བརྒྱ་པ་རྣམས་དབུ་མའི་འཆི་བར་གྱུར་ན་ངེས་པ་སྟེ་རྩ་གཅོད་པའི་ ངེས་པའོ། ༦༨ ། 3-1-115 ༈ ད་ནི་ལྟེ་བ་ཞེས་པ་ལ་སོགས་པས་སྤྲུལ་པའི་འཁོར་ལོ་ལ་སོགས་པ་རྣམས་ལ་ཉིན་ ཞག་དྲུག་གི་མཚམས་སུ་འཆི་བ་ལས་ལྷག་མ(དྲུག་ཆ)འི་རྩ་ལ་རླུང་བཅུ་རྒྱུ་བར་བྱེད་པ་རྣམས་ གསུངས་ཏེ་འདིར་ལྟེ་བའི་འཁོར་ལོ་ལ་ཕྱི་རོལ་གྱི་དཀྱིལ་འཁོར་འབབ་པའི་རྩ་(རྣམས་ལོ་ གསུམ་གྱི་ཕྱོགས་དྲུག་ཅུས་)ཟད་པ(ར་བྱེད་པ་དེ་ལ་དྲུག་ཆ་རེ་གཅོད་པ)ཡོངས་སུ་དོར་(ཞིང་མ་གཏོགས་སོ་ ཞེས་སྔར་བཞག)པ་ལས་ལོ་གསུམ་གྱི་སྟེང་དུ་ཕྱོགས་གསུམ་རྒྱུས་པ་དང་(མངལ་བཟུང་བའི)གསལ་ བྱེད་རྣམས་རྒྱུས་(པས་གཅོད)པ་ན་(འཆི་བའི་གོང་གི)ཉིན་ཞག་དྲུག་གི་བར་དུ་(ལྟེ་བའི་རྩ་དོན་གཉིས་ཀྱི་ དྲུག་ཆ)ཁྱིམ་བཅུ་གཉིས་ཀྱི་རྩ་(བཅུ་གཉིས་ལ)སྟོང་པའི་དཀྱིལ་འཁོར་དང་སའི་དཀྱིལ་འཁོར་གྱི་ བདག་ཉིད་ཅན་ནི་(ཆུ་སྲང་ང་དྲུག་བཞི་ཆ་རེ་ལ་ཆུ་ཚོད་རེ་རེར་བྱས་པའི་ཆུ་ཚོད་རེའི་རླུང་བཅུའི)དབུགས་རྒྱུ་བས་ ངེས་པར་གནས་ཏེ་(ཆུ་ཚོད་བཅུ་གཉིས་རྒྱུ་བས)ཉི་མ་(སྟེ་རྩ་བཅུ་གཉིས)ཞེས་སོ། །དེ་བཞིན་དུ་མགྲིན་པ་ ལ་ཡུད་ཙམ་དྲུག་(གི་བར་དུ་རླུང་བཅུ)འབབ་པར་བྱེད་པ་སྟེ་རོ་(སྟེ་རྩ་དྲུག)དང་ཞེས་སོ། །ཟླ་བ(དཔྲལ་ བ)འི་ཐུན་ཕྱེད་འབབ་པར་བྱེད་པ(འི་རྩ)གསུམ་སྟེ་མེ་ཞེས་སོ། །སྙིང་ཁའི་པད་མ་ལ་ཐུན་ཚོད་ འབབ་པར་བྱེད་པ་ཕྱེད་དང་བཅས་པའི་རྩ་སྟེ་རང་གི་སྙིང་ཁ་པད་མར་ཕྱེད་དང་བཅས་པའི་ རྩ་ནི་དེ་བཞིན་ཉིད་དུ་ལྷག་མ་དང་བཅས་པའོ་ཞེས་སོ། །ལག་པ་རྐང་པའི་ཚིགས་ལ་ཞེས་པ་ ནི་ལས་ཀྱི་འཁོར་ལོ་དང་བྱ་བའི་འཁོར་ལོའི་ཚིགས་ལ་རྩ་སུམ་བརྒྱ་དྲུག་ཅུའི་ནང་ནས་〔དྲུག་ཆ་ གནས་〕སོ། །(དེ་ཉིད་བཤད་པ)ཚེས་ཀྱི་བསྒྱུར་བའི་དུས་(བཞི)རྣམས་ཞེས་པ་ནི་རླུང་བཅུ་འབབ་པར་ བྱེད་པའི་རྩ་དྲུག་ཅུའོ། །ཚིགས་བཅུ་གཉིས་པོ་རྣམས་ཀྱི་ཚིགས་སོ་སོ་ལ་རྩ་(སུམ་ཅུའི་ནང་ནས་དྲུག་ ཆར་གྱུར་པ་རྩ)ལྔ་ལྔ་ནི་རླུང་བཅུ་རྒྱུ་བར་བྱེད་པ་སྟེ་ལྷག་མ་ནི་དུས་ཀྱི་འཆི་བའི་རླུང་མུན་པ་ཆེན་ པོའི་ཆོས་སོ། །བྱ་བའི་འཁོར་ལོའི་ཚིགས་དྲུག་ཅུ་པོ་རྣམས་(ཀྱི་ནང་ནས་ཚིགས་རེ་རེ)ལ་རྩ་རེ་རེ་ ནི་རླུང་བཅུ་འབབ་པར་བྱེད་པ་སྟེ་ལྔ་ལྔ་ནི་དུས་ཀྱི་འཆི་བ་ཆེན་པོའི་རླུང་(མུན་པ་ཆེན་པོ)འབབ་ པར་བྱེད་པའོ། །དེ་ལྟར་〔འཆི་བའི་གོང་གི་〕ཉིན་ཞག་དྲུག་གི་བར་དུ་སྟེ་དེ་ནས་ཉིན་ཞག་དྲུག་གིས་ 3-1-116 དབང་པོ་དང་ཡུལ་གྱི་རྩ་ཟད་པར་བྱས་ནས་མཐར་ནི་སྟེ་འཆི་བའི་ཉིན་ཞག་ལ་ཀུན་ཏུ་ཕྲ་ མོ་དབུ་མ་ཨ་བ་དྷཱུ་ཏཱིར་འབབ་པོ། །ཟླ་བ་དང་ཉི་མ(འི་རྩ)བཤང་པ་དང་གཅི་བ་འབབ་པར་ བྱེད་པ་དོར་ནས་མུན་པ་ཆེན་པོའི་དུས་ཀྱི་རླུང་འཆི་བའི་མཐར་འབབ་སྟེ་ཇི་སྲིད་དབུགས་ཀྱི་ འཁོར་ལོ་ཟད་པར་འགྱུར་བའི་བར་དུའོ་ཞེས་པ་ནི་ངེས་པའོ། །(མཐའི)ཉིན་ཞག་(གིས)སྙིང་གི་ ཆུ་སྐྱེས་(ཀྱི་ལྟེ་བ)ཡང་དག་གཏོང་བར་བྱེད་ཅེས་པ་ནི་དེ་ལྟར་ཉི་མ་དང་ཟླ་བ་རྒྱུ་བའི་རྩ་གསལ་ བྱེད་རྣམས་དང་ལས་དང་བྱ་བའི་འཁོར་ལོའི་ལྷག་མའི་རྩ་དང་དབུགས་ཆད་པ་ནི་དུས་ཀྱི་ འཆི་བའི་ངེས་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། ༦༩ ། ༈ ད་ནི་སུམ་ཅུ་དྲུག་ཅེས་པ་ལ་སོགས་པས་(གཡོན)ཟླ་བ་དང་(གཡས)ཉི་མའི་རྒྱུ་བ་ཟད་ པས་དུས་འཕེལ་བ་གསུངས་ཏེ་ལོ་བརྒྱ་ལ་ཉིན་ཞག་གི་ཚོགས་བྱས་ན་ཉིན་ཞག་སྟོང་ཕྲག་ སུམ་ཅུ་རྩ་དྲུག་ཏུ་འགྱུར་ཏེ་དྷཱུ་ཞེས་པ་ནི་ལོའི་མིང་ངོ༌། །སུམ་ཅུ་རྩ་དྲུག་གི་སྟོང་ཕྲག་དྷཱུ་བརྒྱའི་ ཉིན་ཞག་ཚོགས་དེ་རྣམས་དག་གིས་དུས་ཀྱི་རྩ་ནི་རྒྱུ་བ་སྟེ་ཞེས་པ་ནི་རྩ་རྣམས་ལ་འཆི་བ་ འཇུག་སྟེ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ལ་འཆི་བའི་རླུང་འཇུག་གོ། དཀྱིལ་འཁོར་ ལྔའི་རླུང་རིམ་གྱིས་དོར་ནས་(ཞག་དྲུག་ནས་འཆི་བའི་རླུང་ལྷག་མ)དྲུག་གི་ཆ་ཤས་དེ་ལ་གནས་པའོ། ། དུས་ཀྱི་རྩ་དང་རླུང་གང་རྒྱུ་ཞེ་ན་ཉིན་མཚན་དུས་ལ་ཉི་མ་ཟླ་བའི་རང་རང་རྒྱུ་བ་དག་གིས་ གང་གང་རྫོགས་པར་མི་ནུས་པ་སྟེ་རྒྱུ་སྐར་(ཉེར་བདུན)ལ་སྤྱོད་པ་(ཚེས་སུམ་བརྒྱ་དྲུག་ཅུ)ཉི་མས་ (རྫོགས)མི་ནུས་པ་དང་ཚེས་(དེ་ཆུ་ཚོད་དྲུག་ཅུའི་བདག་ཉིད་ཀྱི་ཉིན་ཞག)ལ་སྤྱོད་པ་ཟླ་བ(འི་ཆ་ཚེས་རེ་རེ)ས་ མི་ནུས་པའོ། །(དེའི་ཕྱིར)ཉི་མའི་(རགས་པར་ན་ལོ་གཅིག་ལ)ཉིན་ཞག་(སྟེ་ཚེས་ཞག)ཅེས་པ་ཉིན་ཞག་ བཅུ་གཉིས་ནི་ཉི་མའི་(རྒྱུ་སྐར་ལ)རྒྱུ་བ་(སྟེ་ལོངས་སྤྱོད)ལ་ཡང་བུ་ལོན་དུ་(སྟེ་ཆད་པར)འགྱུར་(ཞིང་ དཀྱིལ་འཁོར་ལ་ནོར་དུ་འགྱུར)རོ། །དེའི་ཕྱེད་ཉིན་ཞག་དྲུག་ནི་ཟླ་བའི་(ཆའི)རྒྱུ་བ་(སྟེ་ཚེས་གྲངས་སུམ་བརྒྱ་ དྲུག་ཅུ)ལ(བུ་ལོན་དུ་འགྱུར་བ)འོ། །འདིར་(དེའི་རྒྱུ་མཚན)ཟླ་བ་སོ་སོ་ལ་(ཚེས་ཀྱི)ཉིན་ཞག་སུམ་ཅུས་ཉི་ 3-1-117 མས་ཁྱིམ་རེ་མི་སྤྱོད་ཅིང་(ཞེས་པ་ཁྱིམ་རེའི་ཚད་ནི་སྐར་མ་གཅིག་དང་ཆུ་ཚོད་བཅོ་ལྔ་ཡིན་ལ་ཉི་མས་ཟླ་བ་རེ་ལ་སྐར་ མ་གཉིས་དང་སོ་དགུའི་ཆས་དམན་པའི་ཆུ་ཚོད་བཅུ་གཅིག་ལས་མི་སྤྱོད་པས་ལྷག་མ་ཆུ་ཚོད་བཞི་དང་ཆུ་ཚོད་གཅིག་གི་སོ་དགུའི་ ཆ་དེ་སྤྱོད་པ་ལ་ཚེས་ཞག་རེ་ལྷག་པོའི་དགོས་པས་རགས་པར་ན་ཟླ་བ་གཅིག་གི་ལོངས་སྤྱོད་ལ་ཞག་གཅིག་གི་ལོངས་སྤྱོད་ཆད་ པའི་ཕྱིར་ཞག་བུ་ལོན་དུ་གྱུར་པ་ཡིན་ལ་ལོ་གཅིག་ལ་ཞག་བཅུ་གཉིས་བུ་ལོན་དུ་གྱུར་པ་ཡིན་ནོ)ཚེས་(རེ་)ལ་ཟླ་བ(འི་ ཆ་རེ)ས་དབྱུག་གུ་དྲུག་ཅུ་(རྫོགས་པར)མི་སྤྱོད་དོ(ཞེས་པ་རགས་པར་ན་ཚེས་རེའི་ལོངས་སྤྱོད་ལ་ཆུ་ཚོད་ང་དགུ་ ལས་མེད་པས་ཟླ་བ་རེ་ལ་ཆུ་ཚོད་སུམ་ཅུ་རེ་ཆད་པས་ཟླ་བ་བཅུ་གཉིས་ལ་ཉིན་ཞག་དྲུག་བུ་ལོན་དུ་གྱུར་པ་ཡིན་ནོ)། །དེའི་ ཕྱིར་(ཕྱི་རོལ་ཏུ་ཉི་མས)རྒྱུ་སྐར་(ལ་སྤྱོད་མི་ནུས་པ་དང་ཚེས་ཀྱིས)ཉིན་ཞག་(ལ་སྤྱོད་མི་ནུས་པའི)རབ་ཏུ་དབྱེ་ བས་(ནང་དུ)འཆི་བའི་ཉི་ཟླ་རྒྱུ་བ་སྟོང་པའི་ཟླ་བ་དག་ལ་སྟེ་གང་དུ་(ཟླ་ཉི)དེ་དག་ལ་(རྫོགས་པར་ རྒྱུ་བའི)ནུས་པ་མེད་པ་དེ་ནི་ཟླ་བ་སུམ་ཅུ་རྩ་གཉིས་ཀྱི་མཐར་སྟོང་པ(སྟེ་ལྷག་པ)འི་ཟླ་བ་སྟེ་(ཟླ་ བ)དེ་ཡང་(ནང་ལ་སྦྱར་ན་ལྟེ་བའི)རྩ་(ཆུ་ཚོད)དྲུག་ཅུ་རྩ་བཞིའི་(རྩ་མི་དང་ལ་འབྲོས་ཟེར་ལ་ཞག་གིས་ཉི་ཁྲི་ཅིག་ སྟོང་དྲུག་བརྒྱ་རྒྱུ་བའི་ནང་ནས་སོ་གཉིས་ཆ་དབུ་མའི་ནང་དུ་ལྷག་པར་གྱུར་པ)བདག་ཉིད་དོ། །(ཞེས་པ་བར་གྱི་ཚིག་མི་ མངོན་པའི་བསྡུ་བའོ། །དེའི་ཕྱིར་ལྟེ་བའི)རྩ་དྲུག་ཅུ་རྩ་བཞི་པོ་དེ་རྣམས་ལ་སྟོང་པའི་རླུང་རྒྱུ་སྟེ་ལྟེ་བའི་ པད་མ་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་(རྩ་འདི་རྣམས་ལྟེ་བའི་པད་མ་ལ་བརྟེན་པའི་དོན་ནི་ལྟེ་བའི་རྩ་ འདབ་དྲུག་ཅུ་ནས་རྒྱུ་བའི་རླུང་རྣམས་རྩ་བདུན་ཁྲི་ཉིས་སྟོང་དུ་རྒྱུ་བ་ཡིན་ཏེ་རླུང་དེ་དག་མ་རྒྱུ་ན་རྩ་རྣམས་སྐམས་པས་སོ། །དེ་ ལྟ་བུའི་རྩ)རྣམས་ཀྱི་ནང་ནས་ཉིན་ཞག་སོ་སོར་རྩ་གཉིས་འདོར་རོ(འདིའི་དོན་ཞག་གཅིག་གི་དབུ་མའི་ དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པོ་དེ་ཆུ་ཚོད་གཉིས་སུ་དབུགས་ཞེ་ལྔས་མ་སློངས་ཀྱང་རགས་རྩིས་ལ་ཆུ་ཚོད་གཉིས་སུ་བྱས་ཏེ་ ཆུ་ཚོད་རེ་རེས་རྩ་རེ་རེ་འདོར་བ་དང་ཟླ་བ་ལྷག་པ་དེ་རྐང་པ་དང་བཅས་པའི་ཆུ་ཚོད་ལྔ་བཅུ་རྩ་དྲུག་གི་བདག་ཉིད་ཅན་གྱི་ཞག་སོ་ གཉིས་སུ་འགྱུར་བའི་ཞག་རེ་རེས་རྩ་གཉིས་གཉིས་འདོར་བའི་ཕྱིར་རྩ་དྲུག་ཅུ་རྩ་བཞིའོ་ཞེས་བཞེད་པ་ནི་མི་འགྲིག་པར་སྣང་ངོ་)། །སྤྱིའི་རགས་པའི་ངེས་པའོ། ༧༠ ། ༈ ད་ནི་སྲོག་ཅེས་པ་ལ་སོགས་པས་ཉིན་ཞག་སོ་སོར་དབུགས་ཀྱི་དབྱེ་བས་རྒྱུ་བ་ 3-1-118 གསུངས་ཏེ་འདིར་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་ནང་ནས་གང་ཞིག་ཡེ་ ཤེས་ཀྱི་དཀྱིལ་འཁོར་འབབ་པར་འགྱུར་བ་དེ་ནི་(རོ་རྐྱང་ནས་ཆད་ནས་དབུ་མར)ལུས་ལ་ལྷག་པའི་ དབུགས་ཞེས་བརྗོད་དོ། །(དེ་ཡང་)རབ་གསལ་མཚམས་སུ་སྟེ་དུས་སྦྱོར་གཉི་གའི་དབུས་ སུ་རིག་བྱེད་རྐང་ཆད་ཀྱིས་དམན་དྲུག་ཅུ་ཞེས་པ་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་གོ། (ཞག་གཅིག་གི)འཕོ་བ་བཅུ་གཉིས་ཀྱི་དབྱེ་བ་དག་གིས་དེ་དག་ཐམས་ཅད་བདུན་ཅུ་རྩ་ལྔས་ ལྷག་པའི་དྲུག་བརྒྱར་གྱུར་(ཅིང་རྐང་པ་དང་བཅས་པའི་ཆུ་སྲང་ལྔ་བཅུ་ང་དྲུག་ལ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་གཉིས་ སུ་འགྱུར)ནས་ཉིན་ཞག་སོ་སོའི་དུས་སུ་(ཆུ་ཚོད་རེ་རེས་རྩ་རེ་རེ་འཇོམས་པས)རྩ་ནི་ཟུང་དག་ངེས་པར་ [འཇོམས་[ཧནྟི]ཞེས་པ་ནི་ལུང་གི་ཚིག་སྟེ་(སྡེབ་སྦྱོར་གྱི་དབང་གིས་སོ)[འཇོམས་[གྷནྡི་]ཞེས་པ་ ནི་རང་བཞིན་ནོ། །རྩ་ཟུང་འདི་ནི་གཡོན་པ་དང་གཡས་པ་ལ་(རེ་རེ)སྟེ་རྩ་སྟོང་ཕྲག་བདུན་ ཅུ་རྩ་གཉིས་ཀྱི་ནང་ནས་རྩ་ཟུང་ཞིག་འཇོམས་ཤིང་(བཅོམ་པའི་རྩ་དེ་དག་ལ)དཀྱིལ་འཁོར་ལྔའི་ རླུང་ཡང་དག་པར་རྒྱུ་བ་རྣམ་པར་ཉམས་པར་འགྱུར་རོ། །(དེ་ལྟར་ཞག་རེ་ལ་རྩ་ཉེར་གཉིས་འཇོམས་པའི་ དབུ་མའི་དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔ་པོ་ཆུ་ཚོད་གཉིས་སུ་བྱས་པས་གཡོན་དང་གཡས་ཀྱི་རྩ་ལ་ཆད་པ་ནི་རགས་པ་དེ་ཆུ་ ཚོད་གཉིས་ཀྱི)དབུགས་{ཀྱི}ལྷག་མ་བཞི་བཅུ་རྩ་ལྔ་(གཡོན་དང་གཡས་ཀྱི་རྩ་ལ་མ་ཆད་པར)གནས་(ཤིང་ དབུགས་དེ་སྙེད་ཀྱིས་དབུ་མའི་དབུགས་ཆུ་ཚོད་གཉིས་སུ་མ་སློངས་)སོ(ཞག་རེའི་རྩ་གཉིས་འཇོམས་བྱེད་དབུ་མའི་དབུགས་ དྲུག་བརྒྱ་བདུན་ཅུ་རྩ་ལྔས་ལོ་གཅིག་ལ་རྩ་བདུན་བརྒྱ་ཉི་ཤུ་བཅོམ་པའི་དབུགས་ཀྱི་ལྷག་མའི་རྩ་བཞི་བཅུ་རྩ་ལྔ་གནས་སོ་ཞེས་ བཞེད་པ་ནི་མི་འགྲིག་པར་སྣང་ངོ་)། །ཡང་དང་ཡང་དུ་ལོའི་དབུས་སུ་སྟེ་དེ་ལྟར་ཉིན་ཞག་སོ་སོར་རྩ་ ཟུང་དག་འཇོམས་པར་བྱེད་པས་ལོའི་ནང་དུ་ལོའི་ཉིན་ཞག་སུམ་བརྒྱ་དྲུག་ཅུས་ཉི་ཟླ་རྒྱུ་བ་ དག་ལས་དེ་གཡས་པ་དང་གཡོན་པའི་དཀྱིལ་འཁོར་ཡང་དག་པར་རྒྱུ་བ་ལས་སྟོང་པ་མིག་ དང་རི་ཡི་གྲངས་ཞེས་པ་ཉི་ཤུ་ལྷག་པའི་བདུན་བརྒྱ(འཇོམས་པ)འོ། །དེ་ལྟར་ལོ་བརྒྱའི་ཉིན་ ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་དག་གིས་(འཆི་བའི)དུས་བགྲོད་དེ་ལྷ་མི་རྣམས་ཀྱིས་རང་(རང་) 3-1-119 གི་ཚེ་(ལོ་བརྒྱ་ལ)དཀྱིལ་འཁོར་ལྔ་འབབ་པར་བྱེད་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཟླ་བ་ དང་ཉི་མའི་རྒྱུ་བ(འདོར)འོ། །(ལྷ་མི་རྣམས་ཀྱི)རང་རང་(གི་ལོའི)ཚད་ནི་སྔར་བརྗོད་པའི་ཕྲ་མོ་ལུས་ སྐྱེས་འབྱུང་པོ་ལྷ་ལ་སོགས་པའི་(རང་རང་གི)ཉིན་ཞག་རྣམས་ཀྱིས་སོ་ཞེས་པ་སྟེ་རྩ་གཅོད་པའི་ ངེས་པའོ། ༧༡ ། ༈ ད་ནི་ཟོས་དང་ཞེས་པ་ལ་སོགས་པས་དུས་ཀྱི་རྩའི་རང་བཞིན་གསུངས་ཏེ་འདིར་ ལུས་ལ་དུས་ཀྱི་རྩ་ལ་སྟེ་དབུ་མ་རབ་ཏུ་འབབ་པའི་དུས་སུ་གལ་ཏེ་(སྦྲུལ་ལ་སོགས་པས)ཟོས་པར་ གྱུར་ཏམ་ནད་དུ་གྱུར་རམ་མི་རྣམས་ལ་རེས་འགའ་(མཚོན་གྱིས)བསྣུན་པར་གྱུར་ན་དེའི་ཚེ་གཞི་ དེ་ཡིས་ནི་འཕྲལ་ལ་མྱུར་བར་རྩ་བའི་འཁོར་ལོ་དྲུག་པོ་རྣམས་ལ་དུས་མུན་པ་ཆེན་པོའི་རླུང་ ནི་རབ་ཏུ་འཇུག་པར་འགྱུར། དེ་རབ་ཏུ་ཞུགས་པར་གྱུར་ན་ཡང་འཁོར་ལོ་དྲུག་པོ་རྣམས་ལ་ རྩ་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་པོ་འདི་འགོག་སྟེ། ཉི་མ་རི་བོང་ཅན་གྱི་བགྲོད་པ་གཡས་པ་ དང་གཅིག་ཤོས་ཀྱི་རྩ་ལ་བཅད་ནས་མཐའ་དག་དབུ་མར་ཕྲ་མོ་ལ་ནི་རྟེན་པ་སྟེ་ཨ་བ་དྷཱུ་ཏཱིའི་ རྩ་ལ་རྟེན་པ་སྟེ་གང་ཞིག་འཚོ་བའི་སྲོག་གི་རླུང་སྟེ་འཕྲོག་པ་ནི་མི་བདག་སྲོག་ཆགས་རྣམས་ ཀྱི་འཚོ་བའོ་ཞེས་པ་ནི་དུས་ཀྱི་རྩའི་ངེས་པའོ། ༧༢ ། ༈ ད་ནི་སྙིང་ཁའི་པད་མ་ཞེས་པ་ལ་སོགས་པས་ཆོས་ཀྱི་འཁོར་ལོ་ལ་སོགས་པ་ལ་ཟླ་ བའི་རྐང་པ་རྣམས་གསུངས་ཏེ་འདིར་ཟླ་བའི་རྐང་བའི་དབྱེ་བ་བཅུ་བཞིའི་ཆ་(ཐོབ་པ)མཉམ་ པ་(ན་འཕེལ་བ)དང་མི་མཉམ་(ན་འགྲིབ)པར་བགྲོད་པས་ཚེ་རྣམས་ལ་(རིམ་པ་ལྟར)འཕེལ་བའམ་ འགྲིབ་པ་དེ་ནི་ཉིན་ཞག་བདུན་པ་ལ་སྟེ་ཚེས་བདུན་ལ་ཡུལ་ལྔའི་ཡོན་ཏན་བྱིས་པ་དང་ གཞོན་ནུ་ལ་སོགས་པའི་དབྱེ་བས་འཕེལ་བའམ་འགྲིབ་པ་ནི་ཉིན་ཞག་བདུན་པ་ལ་རྐང་པ་ ཉི་ཤུ་ལྷག་པའི་བརྒྱ་རྫོགས་ཏེ་ལྡོག་པར་འགྱུར་རོ། །འདིར་ཉི་ཤུ་ལྷག་པའི་བརྒྱའི་ཆ་བརྗོད་ པར་བྱ་སྟེ་འདིར་བཅུ་བཞིའི་ཆའི་ལྷག་མ་རྐང་པ་གཅིག་མཐོང་ན་ཉིན་ཞག་དེའི་དྲུག་ཅུའི་ 3-1-120 ཆའི་ཆུ་ཚོད་ཀྱི་ཆ་ཤས་རྣམས་ཀྱི་ནང་ནས་(རྐང་པ་དང་པོ)ཆུ་ཚོད་ལྔའི་ཆ་ཤས་ནི་(ཐོབ་པ་མཉམ་པའི་ ཟླ་བའི)ཆའི་(ཚེས་ཀྱི)ནོར་(ཏེ་དེ་ལོངས་སྤྱོད)ལ་ལྷག་པར་འགྱུར་རོ། །ནག་པོའམ་དཀར་པོའི་(ཕྱོགས་ གང་ཡིན་ཡང་རུང་སྟེ་ཐོབ་པ་མི་མཉམ་པའི་ཚེ)བུ་ལོན་གྱི་གནས་སུ་(ཚེས་ཀྱི་ལོངས་སྤྱོད)དམན་པར་འགྱུར་ རོ། །(དེ་ནས)ཉིན་ཞག་གཉིས་པ་ལ་གཉིས་པའི་ཆ་ཤས་ལྔ་(ནི་སྔར་གྱི་བྱིས་པ)སྟེ་(རང་གནས་ལ) དང་པོ(ར་བྱིས་པ)འི་(བཅུ་ནི)གཞོན་ནུ་ཉིད་ཀྱིས་(ན་སྔར་གྱི་བྱིས་པ)ཉིས་འགྱུར་དུ་(སོང་བར)ཤེས་པར་ བྱའོ(འདི་དག་ཏུ་གང་ཟིན་པའི་རྐང་པའི་གནས་དེ་ཉིད་དང་པོར་བྱ་དེ་གཉིས་པ་ལ་སོགས་པ་ནི་ལུགས་ལ་བཟློག་པས་རིག་ པར་བྱའོ)། །དེ་བཞིན་དུ་ཉིན་ཞག་གསུམ་པ་ལ་གསུམ་པའི་ཆ་ཤས་ལྔ་(བྱིས་པ)དང་གཉིས་པའི་ བཅུ་(གཞོན་ནུ)སྟེ་དང་པོའི་ལང་ཚོའི་དབྱེ་བས་བཅོ་ལྔའོ། །དེ་བཞིན་དུ་(རྐང་པ་དང་པོའི་ཆུ་ཚོད་ལྔ་ནི) བྱིས་པའི་རབ་ཏུ་དབྱེ་བས་(ཉིན་ཞག་བཞི་པ་ལ་)བཞི་པའི་ཆ་ཤས་ལྔ་དང་གསུམ་པའི་བཅུ་(གཞོན་ ནུ)དང་གཉིས་པའི་བཅོ་ལྔ་(ལང་ཚོ)སྟེ་དང་པོའི་〔ཤིན་ཏུ་ལང་ཚོ་ཞེས་པར་རིགས་པས་རྒྱ་དཔེ་བལྟ་〕ལང་ཚོའི་ དབྱེ་བས་བཅུ་དགུའོ། །དེ་བཞིན་དུ་ཉིན་ཞག་ལྔ་པ་ལ་ལྔ་པའི་ཆ་ཤས་ལྔ་(བྱིས་པ)དང་བཞི་ པའི་བཅུ་(གཞོན་ནུ)དང་གསུམ་པའི་བཅོ་ལྔ་(ལང་ཚོ)དང་གཉིས་པའི་བཅུ་དགུ་(ཤིན་ཏུ་ལང་ཚོ)སྟེ་ དང་པོའི་རྒན་པོའི་དབྱེ་བས་ཉི་ཤུ་རྩ་གཉིས་སོ། །དེ་བཞིན་དུ་ཉིན་ཞག་དྲུག་པ་ལ་དྲུག་པའི་ ཆ་ཤས་ལྔ་(བྱིས་པ)དང་ལྔ་པའི་བཅུ་(གཞོན་ནུ)དང་བཞི་པའི་བཅོ་ལྔ་(ལང་ཚོ)དང་གསུམ་པའི་ བཅུ་དགུ(ཤིན་ཏུ་ལང་ཚོ་)དང་གཉིས་པའི་ཉི་ཤུ་རྩ་གཉིས་(རྒན་པོར་གནས)ཏེ་དང་པོའི་ཤིན་ཏུ་རྒན་ པོའི་དབྱེ་བས་ཉི་ཤུ་རྩ་བཞི་པའོ། །དེ་བཞིན་དུ་ཉིན་ཞག་བདུན་པ་ལ་བདུན་པའི་ཆ་ཤས་ལྔ་ (བྱིས་པ)དང་དྲུག་པའི་བཅུ་(གཞོན་ནུ)དང་ལྔ་པའི་བཅོ་ལྔ་(ལང་ཚོ)དང་བཞི་པའི་བཅུ་དགུ་(ཤིན་ ཏུ་ལང་ཚོ)དང་གསུམ་པའི་ཉི་ཤུ་རྩ་གཉིས་(རྒན་པོར་གནས་པ)དང་གཉིས་པའི་ཉི་ཤུ་རྩ་བཞི་(ཤིན་ ཏུ་རྒན་པོ)སྟེ་དང་པོའི་སྨིན་པའི་གནས་སྐབས་ཀྱི་དབྱེ་བས་ཉིན་ཞག་བདུན་པ་ལ་ཆ་ཤས་ཉི་ ཤུ་རྩ་ལྔ་རྐང་པའི་དབང་གིས་ནོར་རམ་བུ་ལོན་དུ་འགྱུར་རོ། །དེ་ལྟར་(རྐང་པ་དང་པོར)བྱིས་པ་ 3-1-121 (དང་གཉིས་པ་མན་ཆད་རྐང་པ་ཟོས་པ་སྡོམ་པ་རྣམས་རིམ་པ་ལྟར་གཞོན་ནུ)ལ་སོགས་པའི་རིམ་པས་(ཟོས་པ་སྡོམ) ཐམས་ཅད་ཀྱི་(གྲངས)ཚད་(སྡོམ་པ་བརྒྱ་ཉི་ཤུར)ཤེས་པར་བྱའོ། །དེ་ལྟར་ཚེས་བདུན་རྣམས་ཀྱིས་ རྐང་པའི་ཆ་ཤས་བཟུང་ནས་སྙིང་ཁའི་པད་མ་ལ་སོགས་པ་(འཁོར་ལོ་བཞི་པོ)རྣམས་ཀྱི་འདབ་ མ་ཉི་ཤུ་ལྷག་པའི་བརྒྱ་བོ་རྣམས་ལ་རི་བོང་མཚན་མ་(ཅན་ཟླ་བ)རྒྱུ་ཞིང་དེ་ནས་སླར་ཡང་ལྡོག་ གོ། རི་བོང་ཅན་གྱི་རྒྱུ་བ་ནི་(ཟླ་བ)རང་གི་རྐང་པ་ཞེས་པའི་དོན་ཏོ། །(ཆ་དེ་རྣམས་ལས)སྙིང་ཁར་ འདབ་མ་བརྒྱད་ལ་ཆ་བརྒྱད་དང་དཔྲལ་བར་འདབ་མ་བཅུ་དྲུག་ལ་ཆ་བཅུ་དྲུག་དང་(མགྲིན་ པར)ལོངས་སྤྱོད་དུ་འདབ་མ་སུམ་ཅུ་རྩ་གཉིས་ལ་ཆ་སུམ་ཅུ་རྩ་གཉིས་དང་ལྟེ་བའི་པད་མར་ འདབ་མ་དྲུག་ཅུ་རྩ་བཞི་ལ་ཆ་དྲུག་ཅུ་རྩ་བཞི་སྟེ་དེ་ལྟར་(ཚེས་བདུན་ལ)ཆ་ཤས་ཉི་ཤུ་ལྷག་པའི་ བརྒྱ་ཕྲག་གཅིག་སྤྱད་ནས་ཟླ་བ(དཀར་པོ)འི་ཆའི་འགྲིབ་པའམ་(ཚེས་བརྒྱད་ཀྱི་ལོངས་སྤྱོད)འཕེལ་ བ་ལྡོག་གོ། སྙིང་ཁའི་པད་མ་དང་དཔྲལ་བར་འབྱུང་བ་(ལྔ)ཕྱོགས་(བཅུ)དང་ཉིན་ཞག་(བཅོ་ ལྔ)ཅེས་བྱ་(བསྡོམས་པས་སུམ་ཅུ་ལས་ཉེར་བཞི)བ་རྒྱུ་སྟེ་(དེ་བཞིན་དུ་མགྲིན་པར)ལོངས་སྤྱོད་(འཁོར་ལོ)དང་ ལྟེ་བར་ཡང་(རིམ་པ་ལྟར་སྔར་གྱི་ལྷག་མ་དྲུག་ལ)དགུ་ལྡན་བཅུ་(སྟེ་གཅིག་དགུ་བསྣན་པས་ཉེར་ལྔ)དང་(དེའི་ སྟེང་དུ)དྲག་པོ་ཟུང་(སྟེ་ཉེར་གཉིས་ལ་བདུན་བསྣན་པས་སོ་གཉིས)དང་(དེའི་ལྷག་མ་བཅོ་ལྔ་ལ)རྒྱལ་བ་ཞེས་ བྱ་(ཉེར་བཞི)དང་དེ་ཉིད་ཅེས་བྱ་བ(ཉེར་ལྔ་བསྣན་པའི་དྲུག་ཅུ་རྩ་བཞི)འོ། །(ཚེས)ཞག་བདུན་(ལ་སྔ་རྐང་ རྫོགས)ནས་ནི་སླར་ཡང་(ཕྱི་རྐང་ལ)རི་བོང་མཚན་མ་གང་འདི་རིམ་པ་མིན་པས་(སྟེ་ལུགས་བཟློག་ཏུ་ རྒྱུ་བ་འཕེལ་བ)འདོར་རོ། །(ཚེས་བདུན་པ་ལ)དང་པོའི་(རང་གནས་ཀྱི)ཆའི་(རྩིས་ལ)ཆ་ཤས་ཉི་ཤུ་རྩ་ལྔ་(ནི་ གནས་སྐབས་བདུན་པར་གྱུར་པས)ཡོངས་སུ་སྨིན་པར་གྱུར་པ་གང་ཡིན་པ་སྟེ་དེ་ནི་ཉིན་ཞག་བརྒྱད་པ་ ལ་(འཁོར་ལོ་བཞི་པོའི)ལྟེ་བར་ལྷག་པའི་ལྷར་འགྱུར་རོ། །སླར་ཡང་(ཕྱི་རྐང་གི་མཐར)ཟླ་བ་ཉ་བ་ལ་ ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་རྣམས་ལ་(ཕྱི་རྐང་གི་ཆ་བརྒྱ་ཉི་ཤུ)རྫོགས་པར་བྱེད་ དེ་ཐིག་ལེའི་གནས་སུ་ཐིག་ལེ་གང་བའི་རང་བཞིན་གྱིས་སོ(ཞེས་པ་མདོར་བསྟན་པ་སྟེ་དེ་ཉིད་རྒྱས་པར་ 3-1-122 བཤད་པ་ནི)། །དེ་ནས་སླར་ཡང་རིམ་པ་མིན་པས་(དེ་ཕྱི་རྐང་རྒྱུ་བ་ལ་བཟའ་བྱ་སྡོམ་པ་རྣམས་ཀྱི་གྲངས་བརྒྱ་ཉི་ ཤུ་ནི)ལྟེ་བའི་འདབ་མ་དྲུག་ཅུ་རྩ་བཞི་པོ་རྣམས་ལ་ཆ་དྲུག་ཅུ་རྩ་བཞིའོ། །སྙིང་ཁར་ཆ་བརྒྱད་ དང་མགྲིན་པར་ཆ་སུམ་ཅུ་རྩ་གཉིས་དང་དཔྲལ་བར་ཆ་བཅུ་དྲུག་སྟེ་དེ་ལྟར་(ན་ཚེས་ཀྱི)ཉིན་ ཞག་བཅུ་བཞིས་(རིམ་པའི)རྐང་པ་(བཅུ་བཞི་པོ)རྣམས་རྫོགས་པར་འགྱུར་རོ། །དེ་(ལྟར་དཔྲལ་བ་དེ) ལ་དཀར་པོའི་ཕྱོགས་ཏེ་ནོར་གྱི་ཕྱོགས་ཀྱི་རིམ་པས་རྫོགས་པར་རབ་ཏུ་བྱས་ནས་སྙིང་ཁར་ རབ་ཏུ་འཇུག་གོ༧༣ ། སླར་ཡང་ནག་པོ་(སྟེ་བུ་ལོན)དག་ལ་དེ་བཞིན་ཏེ་(ཐོབ་པ་མི་མཉམ་པ)བུ་ལོན་གྱི་ཕྱོགས་ལ་སྔ་ མ་(དཀར་ཕྱོགས་ལ་བཤད་པ་དེ)བཞིན་དུ་རིམ་པ་མིན་པས་རླུང་(སྙིང་ཁ)དང་མེ་(མགྲིན་པ)དང་(དཔྲལ་ བ)ཆུ་དང་(ལྟེ་བ)སའི་པད་མའི་འདབ་མ་རྣམས་ལ་སྡུད་པ་(དང་བསྐྱེད་པས་འཇུག)སྟེ་(དེ་ཡང་ཇི་སྲིད) ནག་པོའི་རྐང་པ་རྣམས་ཀྱི་བུ་ལོན་རྫོགས་ནས་སྙིང་ཁར་(དཀར་ཕྱོགས་འཇུག་པར)གྱུར་གྱི་བར་ དུའོ་ཞེས་པ་ནི་རྐང་པའི་ངེས་པ(སྟེ་འདིར་རྐང་པ་བཅུ་བཞི་ལ་རིམ་པ་དང་རིམ་མིན་གྱི་དབྱེ་བས་དཀར་པོ་དང་ནག་ པོའི་ཕྱོགས་ལ་འཁོར་ལོ་བཞིར་ལན་བཞིར་རྒྱུ་སྟེ་ཚེས་བརྒྱད་པ་གཉིས་ནི་འཁོར་ལོ་རྣམས་ཀྱི་ལྟེ་བ་ལ)འོ། །འདིར་པད་ མ་རྣམས་ནི་སྙིང་ཁར་རྩིབས་བརྒྱད་པ་ནག་པོ་དང་སྤྱི་བོར་རྩིབས་བཅུ་དྲུག་པ་དཀར་པོ་དང་ མགྲིན་པར་རྩིབས་སུམ་ཅུ་རྩ་གཉིས་པ་དམར་པོ་དང་གཞན་ནི་དེའི་ཉིས་འགྱུར་ཏེ་ལྟེ་བ་ལ་ རྩིབས་དྲུག་ཅུ་རྩ་བཞི་པ་སེར་པོའོ། །པད་མའི་འདབ་མའི་ངེས་པའོ། ། ༈ ད་ནི་བརྒྱད་པ་གཉིས་ཞེས་པ་ལ་སོགས་པས་(དཀར་ནག་གི་མཐའ་གཉིས་དང་བརྒྱད་པ་གཉིས་ ཀྱི་ཕྱེད་ཕྱེད་དེ་དེ་ལྟར)ཚིགས་བཞིའི་གནས་(སྤྱི་བོ་དང་སྙིང་ཁ་ལྟེ་བ་དང་མགྲིན་པ་དང་ལྟེ་བའི་ལྟེ་བ་ལ)གསུངས་ ཏེ་འདིར་སྙིང་ཁའི་པད་མ་ལ་སོགས་པ་རླུང་དང་མེ་དང་ཆུ་དང་སའི་ཁམས་ཀྱི་རང་བཞིན་ རྣམས་ཀྱི་ལྟེ་བ་དང་གེ་སར་གྱི་རྩེ་མོ་རྣམས་ལ་དབྱངས་ཀྱི་དབྱེ་བས་ཟླ་བ་རྒྱུའོ། ༧༤ ། ཧ་ཡ་ར་ཝ་ལར་ལྡན་ཨ་སོགས་(ཐུང་རིང་གིས་དབྱེ་བ)སུམ་ཅུའི་དབྱངས་གང་ཐིག་ལེ་(དང་) 3-1-123 དཔལ་ལྡན་རྣམ་པར་བཅད་པ་ཡིས་ཕྱེ་བ་དྲུག་ཅུར་འགྱུར་ཏེ་ཞེས་པ་ནི་འདིར་སྔར་བརྗོད་ པའི་(དབྱངས)ཐུང་ངུ་ལྔ་དང་ཡོན་ཏན་གྱི་ངོ་བོ་ལྔ་དང་ཡ་ཎར་བསྒྱུར་བ་ཐུང་ངུ་ལྔ་སྟེ་བཅོ་ལྔ་ པོ་འདི་རྣམས་ཐིག་ལེ(ཡོད་པ་དང་མེད་པ)ས་ཕྱེ་བ་ནི་སུམ་ཅུར་འགྱུར་རོ། །(དབྱངས)རིང་པོ་དང་ འཕེལ་བར་གནས་པ་དང་ཧཱ་ལ་སོགས་པ་བཅོ་ལྔ་རྣམ་པར་བཅད་པ(ཡོད་པ་དང་མེད་པ)ས་ཕྱེ་བ་ ནི་སུམ་ཅུ་སྟེ་དེ་ལྟར་ན་དྲུག་ཅུར་འགྱུར་རོ། །དེ་དག་དུས་དང་མི་བདག་ནོར་དང་སོ་རྣམས་ གེ་སར་རྩེ་མོ་ལའོ། །ཞེས་པ་ནི་འདིར་ཟླ་བས་སྙིང་ཁའི་པད་མ(འི་ལྟེ་བ)ལ་གནམ་སྟོང་དུ་ (དཀར་པོའི་ཚེས་གཅིག་ལ་སོགས་པ་ཚེས་རེ་རེ་ལ)བྱས་ནས་ཕྱེད་སྔ་མ་དང་ཕྱེད་ཕྱི་མའི་ཆའི་དབྱེ་བས་ ཚེས་བཅོ་ལྔས་དབྱངས་སུམ་ཅུ་པོ་རྣམས་རྒྱུ་སྟེ་འདིར་སྙིང་ཁའི་པད་མའི་གེ་སར་གྱི་རྩེ་མོ་(རྩ་ འདབ་བརྒྱད་ལ)དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་གི་ཕྱེད་སྔ་མ་ལ་ཨ་ཕྱེད་ཕྱི་མ་ལ་ཨཾ་གཉིས་ པའི་ཕྱེད་སྔ་མ་ལ་ཨི་ཕྱེད་ཕྱི་མ་ལ་ཨིཾ་ཞེས་པ་སྟེ་(སྙིང་ཁའི)ལྟེ་བ་སྤངས་ནས་(རྩ་འདབ་རྣམས་གཉིས་ གཉིས་ལ་ཡི་གེ་རེ་རེ་སྟེ)སྙིང་ཁར་དུས་ཞེས་པ་བཞིའོ། །དེ་ནས་མགྲིན་པའི་པད་མའི་གེ་སར་གྱི་ རྩེ་མོར་(དེ་རྩ་འདབ་སུམ་ཅུ་སོ་གཉིས་ལ་བཞི་ནི་སྟོང་པ་སྟེ་གཞན་ཉེར་བརྒྱད་པ)གསུམ་པའི་ཕྱེད་སྔ་མ་དང་ཕྱི་ མ་ལ་རྀ་རྀཾ་དེ་བཞིན་དུ་བཞི་པ་ལ་ཨུ་ཨུཾ་དེ་བཞིན་དུ་ལྔ་པ་ལ་ལྀ་ལྀཾ་དྲུག་ པ་ལ་ཨ་ཨཾ་བདུན་པ་ལ་ཨེ་ཨེཾ་བརྒྱད་པ་ལ་གེ་སར་གྱི་རྩེ་མོར་(རྣམས་ལ་ཐུན་མོང་དུ)ཕྱེད་སྔ་མ་ ལ་ཨར་ཕྱེད་ཕྱི་མ་ལ་(མགྲིན་པའི)ལྟེ་བར་ཨརཾ་ཞེས་པ་དང་དགུ་པ་ལ་ཨོ་ༀ་བཅུ་པ་ལ་ཨལ་ ཨལཾ་ཞེས་པ་ནི་མགྲིན་པའི་པད་མའི་གེ་སར་གྱི་རྩེ་མོ་(ཕལ་ཆེ་བ)ལ་(རྩ་འདབ་གཉིས་གཉིས་ལ་ཡི་ གེ་རེ་རེ)སྤྱོད་དོ། །དེ་ནས་དཔྲལ་བའི་པད་མའི་གེ་སར་གྱི་རྩེ་མོར་(དེ་རྩ་འདབས་བཅུ་དྲུག་ལ)བཅུ་ གཅིག་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ཧ་ཧཾ་བཅུ་གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ཡ་ཡཾ་བཅུ་ གསུམ་པ་ལ་ར་རཾ་བཅུ་བཞི་པ་ལ་ཝ་ཝཾ་(ཞེས་པ་རྩ་འདབ་གཉིས་གཉིས་ལ་ཡི་གེ་རེ་རེ་དང་)ཉའི་ཕྱེད་སྔ་ མ་ལ་གེ་སར་གྱི་རྩེ་མོར་ལ་(རྣམས་ལ་ཐུན་མོང་དུ)ཞེས་པ་དང་ཕྱེད་ཕྱི་མ་ལ་ལྟེ་བར་ལཾ་ཞེས་པ་ 3-1-124 སྟེ་(དེ་ལྟར)སྤྱི་བོར་ཟླ་བ་རྫོགས་པ་(ནི)སྐྱེད་པའི་རིམ་པས་རླུང་དང་མེ་དང་ཆུའི་པད་མའི་ལྟེ་ བ་རྣམས་ལ་སྤྱོད་དོ། །དེ་ནས་(ལྟེ་བ)སའི་པད་མའི་ལྟེ་བ་(སྟེ་གེ་སར་གྱི་རྩེ་མོ་དྲུག་ཅུ་རྩ་བཞི་ལ་བཞི་ནི་ སྟོང་པ་ཡིན་ལ་གཞན་དྲུག་ཅུ་པོ)རྣམས་སུ་ནག་པོའི་ཕྱོགས་ལ་སྡུད་པའི་རིམ་པས་རིང་པོ་རྣམ་པར་ བཅད་པ་དང་བཅས་པ་རྣམས་སྤྱོད་པ་འདི་ལྟ་སྟེ། ནག་པོའི་ཚེས་གཅིག་གི་ཕྱེད་སྔ་མ་ལཱ་ ལཱཿཕྱེད་ཕྱི་མ་ལ་ལཱ་དེ་བཞིན་དུ་གཉིས་པ་ལ་ཝཱཿཝཱ་གསུམ་པ་ལ་རཱཿརཱ་བཞི་པ་ལ་ཡཱཿཡཱ་ལྔ་པ་ ལ་ཧཱཿཧཱ་དྲུག་པ་ལ་ཨཱལཿཨཱལ་བདུན་པ་ལ་ཨཽཿཨཽ་བརྒྱད་པ(འི་ཕྱེད་སྔ་མ་གེ་སར་གྱི་རྩེ་མོར་བཞི)ལ་ (ཐུན་མོང་དུ)ཨཱརཿལྟེ་བ(འི་ལྟེ་བ)ལ་(ཕྱེད་ཕྱི་མ)ཨཱར་དགུ་པ་ལ་ཨཻཿཨཻ་བཅུ་པ་ལ་ཨཱཿཨཱ་བཅུ་གཅིག་ པ་ལཱྀ ཿལཱྀ་བཅུ་གཉིས་པ་ཨཱུཿཨཱུ་བཅུ་གསུམ་པ་རཱྀ ཿརཱྀ་བཅུ་ བཞི་པ་ལ་ཨཱྀ ཿཨཱྀ་བཅོ་ལྔ་པ་ལ་ཨཱཿཨཱའོ། །(དབྱངས་རྣམས་ཐིག་ལེ་དང་རྣམ་པར་བཅད་ པས་ཕྱེ་བའི་སྐབས)འདིར་(སྤྱི་བོ་དང་སྙིང་ཁའི)ལྟེ་བ་ལ་(ཉ་དང་གནམ་སྟོང་གི་མཐའི)སྟོང་པ་གཉིས་(གནས)ཏེ་ (འོན་ཀྱང)འདི་དག་གི་(ཡི་གེ་རྗེས་སུ)ང་རོ་(ཐིག་ལེ)དང་རྣམ་པར་བཅད་པ་ལྟེ་བ་ལ་〔དགོད་པ་ནི་〕མེད་ (ཚེས་སུམ་ཅུ་པོ་ཐམས་ཅད་ཐིག་ལེ་དང་རྣམ་པར་བཅད་པ་ཉིད་ཀྱིས་ཕྱེ་བར་ཟད་པའི་ཕྱིར་རོ)དོ། །སླར་ཡང་གནམ་ སྟོང་གི་མཐར་སྙིང་ཁའི་པད་མའི་ཚེས་གཅིག་ལ་སོགས་པ་རྣམས་སྙིང་ཁའི་པད་མའི་གེ་སར་ གྱི་རྩེ་མོ་ལའོ། །(དེ་ལྟར)དཀར་པོ་དང་ནག་པོ་རྫོགས་པའི་ངེས་པ་སྟེ་མགྲིན་པའི་པད་མའི་གེ་ སར་གྱི་རྩེ་མོ(འི་ཨར)དང་ལྟེ་བ་ལ་(ཨརཾ་ཞེས་པ་སྟེ་འདི་གཉིས་ནི་)དཀར་པོའི་བརྒྱད་པའོ། །ལྟེ་བའི་ པད་མའི་གེ་སར་གྱི་རྩེ་མོ(འི་ཨཱརཿ)དང་ལྟེ་བ་ལ་(ཨཱར་ཞེས་པ་ལྟེ་བ་འདི་གཉིས་ནི)ནག་པོའི་བརྒྱད་ པའོ། །སྙིང་ཁར་ནག་པོ་རྫོགས་པ(འི་མཐའ་ཆ་བཅུ་དྲུག་པ)སྟེ་སྤྱི་བོར་(དཀར་པོར)རྫོགས་པའི་མཐའ་ (ཆ་བཅུ་དྲུག་པ)འོ(འདི་གཉིས་ཀྱི་ཐིག་ལེ་དང་ཚེག་དྲག་མི་འགོད་པའི་རྒྱུ་མཚན་ནི་བསྟན་ཟིན་ཏོ)། །སྙིང་ཁར་ཞེས་པ་ ནི་གནམ་སྟོང་གི་མཐར་(ཆ་བཅུ་དྲུག་པའི་རྗེས་སུ་གེ་སར་ལ)ཚེས་གཅིག་འཇུག་པའི་དུས་སུ་ཞེས་པ་ སྟེ་ངེས་པའོ། ། 3-1-125 ༈ ད་ནི་ཐིག་ལེ་ཞེས་པ་ལ་སོགས་པས་ཉི་མའི་གསལ་བྱེད་ཀྱི་ལོངས་སྤྱོད་(རྣམས་་འཁོར་ ལོ་བཞི་ལ་རྒྱུ་བ)གསུངས་ཏེ་འདིར་ཀ་ལ་སོགས་པའི་སྡེ་བ་རྣམས་(དབྱངས་ཐུར་ངུ་)ཐིག་ལེའི་རྣམ་པ་ (མེད་པ་དང་ཡོད་པ)དང་(དབྱངས་རིང་པོ)རྣམ་པར་བཅད་པ་(ཡོད་པ་དང་མེད་པ་སྟེ)བཞིས་ཕྱེ་བར་གྱུར་པ་ ན་ཡི་གེ་ཉི་ཤུ་ལྷག་པའི་བརྒྱར་འགྱུར་ཏེ་དེ་ཉིད་ནི་(འཁོར་ལོ་བཞིའི)པད་འདབ་མཆོག་ཉི་ཤུ་ལྷག་ པའི་བརྒྱ་ཕྲག་གཅིག་ལ(རྒྱུ)འོ། །(འདི་ལྟར)ཐུན་གྱི་བགྲོད་པའི་དབང་གིས་ཉི་མ་རྒྱུ་ཞིང་(ཟླ་བ) ཉམས་པར་བྱེད་དེ་(དཀར་ཕྱོགས་ལ)སྡུད་པ་དང་(ནག་ཕྱོགས་ལ)སྐྱེད་པའི་དབྱེ་བས་སོ། །འདིར་ ཐུན་གྱི་བགྲོད་པ་ནི་ཐུན་མཚམས་བཞི་སྟེ་དེ་དག་གི་བགྲོད་པའི་དབང་གིས་ནི་ཐུན་གྱི་བགྲོད་ པའི་དབང་གིས་སོ། །〔དེ་ཉིད་བཤད་པ་〕འདིར་སྙིང་ཁའི་པད་མ〔འི་ལྟེ་བ〕་ལ་གནམ་སྟོང་གི་མཐར་ 〔ཆ་བཅུ་དྲུག་པ་སྟེ་〕རོ〔དེ་ནས〕། །ཚེས་གཅིག་ལ་སོགས་པ་ལ་འདབ་མ་དྲུག་ཅུ་རྩ་བཞི་ལས་འདབ་ མ་བཞི་ནི་སྟོང་པའོ། །〔ལྷག་མ་དྲུག་ཅུ་པོ་〕དེ་རྣམས་〔སུ་དཀར་ཕྱོགས་〕ལ་ཚེས་གཅིག་གི་སྶཱཿསྶཱ་ྉྤ་ྉྤ་ཞེས་ པ་སྟེ་འདབ་མ་བཞི་པོ་རྣམས་ལ་ཚེས་གཅིག་གི་ཐུན་མཚམས་བཞི་པོ་ས་ལ་སོགས་པ་རྣམས་ ཉི་མས་སྤྱོད་དོ། །དེ་བཞིན་དུ་གཉིས་པ་ལ་ཥྵཱཿ་ཥྵཱ་ཤཿྴཱ ཤ་ྴཱཞེས་པ་དང་དེ་བཞིན་དུ་གསུམ་པ་ ལ་ྈྐཿྈྐ་ཏྟཱཿཏྟཱ་ཞེས་པ་དང་བཞི་པ་ལ་ཐྠཱཿཐྠཱ་དྡཱཿདྡཱ་ཞེས་པ་དང་ལྔ་པ་ལ་དཧཱྷྡ ཿདཧཱྷྡ་ནྣཱཿནྣཱ་ཞེས་པ་ དང་དྲུག་པ་ལ་པྤཱཿཔྤཱ་ཕྥཱཿཕྥཱ་ཞེས་པ་དང་བདུན་པ་ལ་བྦཱཿབྦཱ་བྷྦཧཱཿབྷྦཧཱ་ཞེས་པ་དང་བརྒྱད་པ་ ལ་མྨཱཿམྨཱ་ཊྚཱཿཊྚཱ་ཞེས་པ་དང་དགུ་པ་ལ་ཋཿྛཱ ཋ་ྛཱཌྜཱཿཌྜཱཞེས་པ་དང་བཅུ་པ་ལ་ཌྷྜྷཱཿཌྷྜྷཱ་ཎྞཱཿཎྞཱ་ཞེས་པ་ དང་བཅུ་གཅིག་པ་ལ་ཙྩཱཿཙྩཱ་ཚྪཱཿཚྪཱ་ཞེས་པ་དང་བཅུ་གཉིས་པ་ལ་{ཿ{་ཛྷྫྷཱཿཛྷྫྷཱ་ཞེས་པ་དང་བཅུ་ གསུམ་པ་ལ་ཉྙཱཿཉྙཱ་ཀྐཱཿཀྐཱ་ཞེས་པ་དང་བཅུ་བཞི་པ་ལ་ཁྑཱཿཁྑཱ་གྒཱཿགྒཱ་ཞེས་པ་དང་དཀར་པོའི་ཟླ་ བ་ཉ་ལ་གྷྒྷཱཿགྷྒྷཱ་ངྔཱཿངྔཱ་ཞེས་པ་སྟེ་ལྟེ་བའི་པད་མའི་འདབ་མ་(དྲུག་ཅུ་པོ)རྣམས་ལ་ཉི་མས་ས་ལ་ སོགས་པའི་སྡེ་བའི་ཡི་གེ་(དྲུག་ཅུ་པོ)རྣམས་ལོངས་སྤྱོད་ནས་(ཡང་)ལྡོག་ཅིང་སྤྱི་བོར་རང་གི་རྒྱུ་ བས་ཟླ་བ་འཇུག་པའོ། །དེའི་ཕྱིར་ཉི་མས་སྤྱད་(ཟིན)པའི་པད་མ་རྣམས་ལ་ཟླ་བ་འོང་ཞིང་ཟླ་ 3-1-126 བས་སྤྱད་(ཟིན)པའི་པད་མ་རྣམས་ལ་ཉི་མ་(སྟེ་ཕྱི་རོལ་ཏུ་ཉའི་ཟླ་བ་དང་ཉི་མའི་གླིང་བཞིར་འཁོར་བ་ཇི་ལྟ་བ) འགྲོའོ། །(དེ་དག་ཀྱང་)ནག་པོའི་ཕྱོགས་ལ་ཉི་མ་སྐྱེད་པའི་རིམ་པས་དེ་ཟླ་བ་སྡུད་པའི་རིམ་པས་ སོ། །(དཀར་པོའི་ཕྱོགས་ལ་དེ་ལས་བཟློག་པས་སོ)འདིར་གང་གི་ཚེ་ཟླ་བ་སྐྱེད་པས་རྒྱུ་བ་དེའི་ཚེ་ཉི་མ་ སྡུད་པས་སོ(ཞེས་པ་ཡར་ངོ་ལའོ)། །གང་གི་ཚེ་ཉི་མ་སྐྱེད་པས་ཡིན་པ་དེའི་ཚེ་ཟླ་བ་སྡུད་པས་སོ་ ཞེས་པ་ནི་(མར་ངོ་ལ་སྟེ)ཐམས་ཅད་དུ་ངེས་པའོ། ། ༈ ད་ནི་(མར་ངོ་ལ)དཔྲལ་བའི་པད་མ་ལ་སོགས་པའི་འདབ་མ་རྣམས་ལ་ཉི་མས་ང་ལ་ སོགས་པའི་སྡེ་བའི་ཡི་གེ་རྣམས་རིམ་པ་མིན་པས་སྤྱོད་དེ་ནག་པོའི་ཚེས་གཅིག་ལ་དཔྲལ་ བའི་འདབ་མ་བཞི་པོ་རྣམས་སུ་ང་ངཾ་གྷ་གྷཾ་སྤྱོད་དོ། །གཉིས་པ་ལ་ག་གཾ་ཁ་ཁཾ་གསུམ་པ་ལ་ཀ་ ཀཾ་ཉ་ཉཾ་བཞི་པ་ལ་ཛྷ་ཛྷཾ་ཛ་ཛཾ་ངོ༌། །དེ་ནས་མགྲིན་པའི་པད་མའི་འདབ་མ་རྣམས་སུ་ལྔ་པ་ལ་ ཚ་ཚཾ་ཙ་ཙཾ་དྲུག་པ་ལ་ཎ་ཎཾ་ཌྷ་ཌྷཾ་བདུན་པ་ལ་ཌ་ཌཾ་ཋ་ཋཾ་བརྒྱད་པ་ལ་ཊ་ཊཾ་མ་མཾ་དགུ་པ་ལ་བྷ་ བྷཾ་བ་བཾ་བཅུ་པ་ལ་ཕ་ཕཾ་པ་པཾ་བཅུ་གཅིག་པ་ལ་ན་ནཾ་དྷ་དྷཾ་བཅུ་གཉིས་པ་ལ་ད་དཾ་ཐ་ཐཾ་སྙིང་ ཁའི་པད་མའི་འདབ་མ་རྣམས་སུ་བཅུ་གསུམ་པ་ལ་ཏཱ་ཏཾ་ྈྐ་ྈྐཾ་བཅུ་བཞི་པ་ལ་ཤ་ཤཾ་ཥ་ཥཾ་ཞེས་ པ་སྟེ། དེ་ནས་གནམ་སྟོང་ལ་(སྙིང་ཁའི)ལྟེ་བ་(ལ་གཉིས)དང་གེ་སར་གྱི་རྩེ་མོར་(ཐུན་མོང་དུ་གཉིས་དེ་)ྉྤ་ྉྤཾ་ས་སཾ་(ཞེས་པ་སྟེ་དེ་ལྟར་ན)སྙིང་ཁའི་ལྟེ་བ་དང་གེ་སར་གྱི་རྩེ་མོ་ལའོ། །གནམ་སྟོང་གི་མཐར་(ཆ་ བཅུ་དྲུག་པ)གཞོམ་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ཅེས་པ་དང་(ཉའི་མཐར་གཞོམ་དུ་མེད་ པ་སྟེ)སྟོང་པ་ཆེན་པོ་འགྱུར་མེད་ལྔ་ཞེས་པ་(ནག་ཕྱོགས་ལ་ཨེ་ཡིག་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱིས་ཁྱབ་ པ་དང་དཀར་ཕྱོགས་ལ་ཝཾ་ཡིག་དམིགས་པ་མེད་པའི་སྙིང་རྗེ་བདེ་བ་ཆེན་པོས་ཁྱབ་པའི་དོན་ནོ། །འཁོར་ལོ་བཞི་ལ་)ཟླ་བ་ དང་ཉི་མ(རྒྱུ་བ)འི་ངེས་པའོ། ༧༥ ། ༈ ད་ནི་ཕྱོགས་ལ་ཟླ་བ་ཞེས་པ་ལ་སོགས་པས་ཟླ་བ་དང་ཉི་མའི་ནོར་དང་བུ་ལོན་ གསུངས་ཏེ་འདིར་ཚེས་ཀྱི་ངེས་པ་ལ་ཉིན་ཞག་སོ་སོར་སྦྱིན་དང་དོར་དང་སླར་ཡང་སྦྱིན་ཞེས་ 3-1-127 གསུངས་པའི་ཕྱིར་གཟའི་གནས་སུ་ཆུ་ཚོད་དྲུག་ཅུའི་བདག་ཉིད་ཀྱི་ཆ་(སྟེ་ཚེས)སྦྱིན་ནོ། །(ཚེས) དེའི་(ལོངས་སྤྱོད་ལ་ཆུ་ཚོད་གཅིག་ལྷག་པས)བུ་ལོན་གྱི་རྒྱུར་ཆུ་ཚོད་ཀྱི་གནས་སུ་ཆུ་ཚོད་ཀྱིས་དམན་ པའོ། །དེའི་ཕྱིར་རགས་པའི་ཚད་ཀྱིས་ཉིན་ཞག་སོ་སོར་ཆུ་ཚོད་གཅིག་གིས་དམན་པའི་ཆ་ དང་ཕྲ་མོའི་ཚད་ཀྱིས་རྐང་པ་(དབུགས་ཕྱེད་དང་གཉིས)དང་བཅས་པའི་ཆུ་སྲང་ལྔ་བཅུ་རྩ་དྲུག་ (དམན་པར་བཞག)གོ། དེ་(དེས་དམན་པའི་རྒྱུ་མཚན་)ཅིའི་ཕྱིར་ཞེ་ན་གང་གི་ཕྱིར་(ཆུ་ཚོད་དྲུག་ཅུའི་བདག་ ཉིད་ཀྱི)ཉིན་ཞག་གི་ཚོགས་〔རེ་རེ་〕ལ་དྲུག་ཅུ་རྩ་བཞིའི་ཆས་ཐོབ་པ་〔ཆས་ཐོབ་པ་ཚེས་རེ་རེ་〕བུ་ལོན་དུ་ འགྱུར་བ་དེའི་ཕྱིར་(ཚེས་ཀྱི)ཉིན་ཞག་སོ་སོར་རྐང་པ་དང་བཅས་པའི་ཆུ་སྲང་ལྔ་བཅུ་རྩ་དྲུག་(བུ་ ལོན་འགྱུར་བ)སྟེ་(ཚེས་ཀྱི)ཉིན་ཞག་དྲུག་ཅུ་རྩ་བཞི་ལས་(ཆུ་ཚོད་དྲུག་ཅུའི་བདག་ཉིད་ཀྱི)ཉིན་ཞག་གཅིག་ གིས་དམན་པ་ནི་〔ཟླ་བའི་〕ཆ་〔ཚེས་རེ་ཆུ་ཚོད་དགུ་ལྷག་ཙམ་ལ〕ཟད་པའོ་ཞེས་པའི་དོན་ཏོ(འདི་ལ་ཞག་མི་ཐུབ་ ཅེས་ཆོས་མངོན་པ་ལ་གྲགས་སོ)། །(དེ་ཉིས་འགྱུར)ཉི་མའི་(བུ་ལོན)ཉིན་ཞག་གཉིས་(ཏེ་ཚེས་ཞག་དྲུག་ཅུ་ལ་ཁྱིམ་ གཉིས་མ་རྫོགས་པས་དཀྱིལ་འཁོར་ལ་ཞག་གཉིས་ལྷག་པ་དེ་ལོངས་སྤྱོད་ལ་ཆད་པས)སོ། །དེ་ལྟར་(ཐོབ་ཀྱང་འདིར་ རགས་པ)ཕྱོགས་(ཟླ་ཕྱེད)ལ་ཟླ་བ་རང་གི་རྒྱུ་བས་ཉིན་ཞག་(བཅོ་ལྔ)ཅེས་བྱའི་རྐང་པ་དག་ཀྱང་ བུ་ལོན་དག་དུ་བྱེད། ཆུ་ཚོད་བཅོ་ལྔ་ཞེས་བྱ་སྟེ་རྐང་པ་ཞེས་པ་ནི་ཚེས་ཀྱི་བཞི་ཆ་ཞེས་བྱའོ། ། ཀྱང་ཡིག་ལས་(ཞིབ་མོར་ན)རྐང་པ་དང་བཅས་པའི་ཆུ་སྲང་ལྔ་བཅུ་རྩ་དྲུག་གི(བདག་ཉིད་ཀྱི་ ཆུ་ཚོད་བཅོ་ལྔ)ས་དམན་པའོ། །སླར་ཡང་ནི་ཡང་(རགས་པར་ན)ཉིན་ཞག་སོ་སོར་(ཆུ་ཚོད་རེ་རེ) ཉམས་པ་(ལས)ཟླ་བ་གཉིས་ཀྱིས་(ཞག་རེ་ཆད)དེ་(ཞིབ་མོར་ན)ཉིན་ཞག་དྲུག་ཅུ་རྩ་བཞིས་གཞན་ པ་དག་ཀྱང་(སྟེ)ཉིན་ཞག་(གཅིག)བུ་ལོན་དུ་འགྱུར་རོ། །སླར་ཡང་ལོ་ཡི་སྦྱོར་བ་དག་ལས་(བུ་ ལོན)འཕེལ་བ་ནི་(ཚེས་ཞག་སུམ་བརྒྱ་དྲུག་ཅུ)རྫོགས་པའི་ལོ་ལ་(རགས་པར་ན)ཉིན་ཞག་དྲུག་(བུ་ལོན)ཏུ་ འགྱུར་ཏེ་སྔར་བརྗོད་པ(ཚེས་རེ་ལ་ཆུ་སྲང་ང་དྲུག་རྐང་བཅས་རེ་ཆད་པ)འི་རྣམ་པས་(ཆུ་སྲང་ང་དྲུག་རྐང་བཅས་དེ་ ཞག་སུམ་རྒྱ་དྲུག་ཅུས་བསྒྱུར་བ་ཞག་ཏུ་དྲིལ་བས་ཕྱེད་དང་བཅས་པའི་ཆུ་ཚོད་སོ་བདུན་དང་ཞག་ལྔར་འགྱུར་པས་ཞག་དྲུག་ལ་ 3-1-128 ཕྱེད་དང་བཅས་པའི་ཆུ་ཚོད་ཉེར་གཉིས་ཀྱིས)དམན་པའོ། །གཞན་ཡང་དེ་བཞིན་འཆི་བ་དག་གི་མཚམས་ སུ་འཕེལ་ཞེས་པ(འི་དུས་སུ)འཆི་བའི་མཚམས་ནི་ལོ་བརྒྱ་སྟེ་འཆི་བའི་མཚམས་དེ་ལས་(ལོ་ གཅིག་གི་ཟླ་བའི་ཆ)བུ་ལོན་(ཏེ་བརྒྱས་བསྒྱུར)ཉིན་ཞག་གི་ཚོགས་ཕྱེད་དང་བཅས་པའི་དྲུག་ཅུ་རྩ་ གཉིས་ལྷག་པའི་ལྔ་བརྒྱ་འཕེལ་ལོ། །རྒྱལ་བོ་(ཟླ་བའི་བུ་ལོན་ལས)དེ་ལྟར་(ཡིན་པ་དེའི་ཕྱིར)ཉི་མའི་ (བུ་ལོན་ནི་དེ་ལས)ཉིས་འགྱུར་(དེ)འདི་ནི་ལོ(བརྒྱ)འི་དབང་གིས་འཆི་བའི་མཚམས་སུ་འཕེལ་ཏེ་ ཉིན་ཞག་གི་ཚོགས་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་འཆི་བའི་མཚམས་སུ་འཕེལ་ ལོ། །(དེ་ལྟར་ན་ཕྱི་རོལ་ཏུ་ཉི་མའི་བུ་ལོན་ལོ་རེ་ལ་ཞག་བཅུ་གཅིག་དང་བཞི་ཆར་འགྱུར་བ་བཞིན་དུ་ནང་དུ་ཡང་ཉི་མའི་བུ་ ལོན་ལོ་གཅིག་གི་དབུ་མའི་དབུགས་ལ་ཞག་བཅུ་གཅིག་དང་བཞི་ཆ་འབྱུང་ཞིང་དེ་ལོ་བརྒྱས་བསྒྱུར་བ་ལ་ལོ་གསུམ་དང་ཕྱོགས་ གསུམ་གྱི་ཞག་གྲངས་འབྱུང་བ་ནི་ཕྱི་ནང་གཉིས་ཀྱི)བུ་ལོན་གྱི་ངེས་པ་(མཚུངས་པ)འོ(འོན་ཀྱང་ཕྱི་རོལ་ཏུ་ཉི་མའི་བུ་ ལོན་ཅུང་ཟད་རགས་པའི་དབང་དུ་བྱས་པའོ)། ༧༦ ། ༈ ད་ནི་དབུགས་དྲུག་ཅེས་པ་ལ་སོགས་པས་དབུགས་ལ་སོགས་པའི་དབྱེ་བས་ལོ་ཡི་ གྲངས་གསུངས་པ་འདིར་མི་རྣམས་ཀྱི་ལུས་ལ་དབུགས་འཇུག་པ་དང་འབྱུང་བ་དྲུག་གིས་ ཆུ་སྲང་གཅིག་ཏུ་འགྱུར་ཏེ་དེ་ཡང་ཆུ་སྲང་དུ་བརྗོད་དོ། །ཆུ་སྲང་དེ་དྲུག་ཅུས་ཆུ་ཚོད་གཅིག་ ཏུ་འགྱུར་ཏེ་དབྱུག་གུ་གཅིག་གི་བདག་ཉིད་ཅན་ནོ། །ཆུ་ཚོད་དེ་དག་དྲུག་ཅུས་ནི་ཉིན་ཞག་ སྟེ་ཉིན་མཚན་དུ་འགྱུར་རོ། །གསུམ་གྱིས་བསྒྱུར་བ་བཅུ་སྟེ་སུམ་ཅུའི་ཉིན་ཞག་དེ་དག་གི་ཟླ་ བ་གཅིག་གོ། ཆུ་སྲིན་ལ་སོགས་པའི་ཟླ་བ་དེ་དག་དྲུག་གིས་བགྲོད་པ་གཅིག་ཏུ་འགྱུར་རོ། ། བགྲོད་པ་དེ་ཉིད་གཉིས་ཀྱིས་བསྒྱུར་བ་ནི་ལོ་གཅིག་ཏུ་རབ་ཏུ་གྲགས་སོ། །སྐྱེས་བུ་རྣམས་ ཀྱི་ཚེ་ལོ་བརྒྱ་པོ་འདི་ལས་〔ཟླ་ཉའི་〕བུ་ལོན་བགྲོད་པར་〔ལྷག་ཅིང་ནོར་དུ〕སོན་པ་ནི་མུན་པའི་རྩའི་ བགྲོད་པར་(ལྷག་ཅིང་ནོར་དུ)སོན་པའོ། །དུས་ནི་འཆི་བ་སྟེ་དེའི་རྩ་ཡི་དབང་གིས་ནི་ཨ་བ་དྷཱུ་ ཏཱིའི་(རླུང་ལོ་གསུམ་ཕྱོགས་གསུམ་གྱི)གྲངས་ཀྱི་ཆོས་ཀྱིས་(ཏེ་ཆོས་མཐུན་པར་ཕྱེད་བཅས་ཟླ་བས་དམན་པའི་ལོ་དགུ་ 3-1-129 བཅུ་རྩ་བདུན་གྱི་མཐར་འཆི་བ་ཞག་གི་རང་བཞིན་ལོ་གསུམ་ཕྱོགས་གསུམ་རྣམས)སོ་ཞེས་པ་སྟེ་དུས་ཀྱི་རྩའི་ངེས་ པའོ། ༧༧ ། ༈ ད་ནི་འཇིག་རྟེན་གསུམ་ན་ཞེས་པ་ལ་སོགས་པས་(མུ་སྟེགས་བྱེད་རྣམས་ཐམས་ཅད་མཁྱེན་པ་ ཉིད་དུ་འདོད་པའི)དབང་ཕྱུག་ལ་སོགས་པ་རྣམས་(སངས་རྒྱས་ལས)དམན་པ་ཉིད་དུ་གསུངས་ཏེ་ འདིར་འཇིག་རྟེན་གསུམ་ན་ལྷ་དང་ལག་འགྲོ་མི་རྣམས་ཀྱི་ནང་ན་གང་ཞིག་རང་གི་ལུས་ ལ་ཟླ་བ་ཉི་མ་དག་རྫོགས་པར་ནུས་པའི་རྣལ་འབྱོར་ལྡན་པ་མེད་དོ། །དེ་རྒྱུ་གང་ལས་ཞེ་ན་ གང་གི་ཕྱིར་ཟླ་བ(སྟེ་ཆ་འཕེལ་བ་དང་འགྲིབ་པ་སུམ་བརྒྱ་དྲུག་ཅུ)ས་རང་གི་རྒྱུ་བས་ལོའི་མཚམས་སུ་(ཆུ་ ཚོད་དྲུག་ཅུའི་བདག་ཉིད་ཀྱི)ཉིན་ཞག་གི་ཚོགས་སུམ་བརྒྱ་དྲུག་ཅུ་རྒྱུ་བ་(སྟེ་རྫོགས་པ)མ་ཡིན་ཞིང་སྲིད་ པར་དེ་ལུས་ལ་ལོའི་ནང་དུ་རིམ་པས་དེ་སྔར་བརྗོད་པའི་རྣམ་པས་(ཉི་མའི་ཁྱིམ་རེ་སྤྱོད་པ་ལ་ཚེས་ ཞག་རེ་ཅུང་མེད་ཙམ་བུ་ལོན་དུ་གྱུར་བ)ཉི་མས་ཀྱང་ནི་(ཚེས་ཞག་སུམ་བརྒྱ་དྲུག་ཅུ་ལ)རྒྱུ་སྐར་ཐམས་ཅད་དེ་ཉི་ ཤུ་རྩ་བདུན་རྒྱུ་བ་མིན་པ་དེས་ཕྱིར་རོ(དེ་དང་ཆོས་མཐུན་པར་ལུས་ལ་ཡང་ཟླ་ཉིའི་ལམ་ནས་རྒྱུ་བའི་རླུང་རྩ་སྟོང་ ཕྲག་བདུན་ཅུ་རྩ་གཉིས་ལ་རྫོགས་པར་ནུས་པ་སྲིད་པ་གསུམ་ན་མེད་དོ)། །ལོ་སོ་སོ་ནས་ལོ་སོ་སོར་(ཟླ་ཉིའི)བུ་ ལོན་(དབུ་མར་ཤོར་བ)དག་གིས་(དབུ་མའི་དབུགས)དེ་ནི་སྲིད་པ་སྟེ་ལུས་ཟའོ། །དུས་ཀྱི་འཁོར་ལོ་ དཔའ་བོ་གཅིག་པུ་སྟེ་(དེ་ནི་འཁོར་འདས་ཀུན་གྱི་གཞིར་གྱུར་པས་ལུས)སྐྱེ་བ་དང་འཇིག་པའི་རྒྱུར་གྱུར་ པ་འཁོར་བ་པ་རྣམས་ལས་(རྣམ་པར་རྒྱལ་བ་ནི)དུས་ཀྱི་འཁོར་ལོ་(གདོད་མ་ཉིད་ནས་རྡོ་རྗེ་ཟླ་ཉི་ལུས་ལ་ རྫོགས་པའི)དཔའ་བོ་གཅིག་པུའོ། །དེའི་ཕྱིར་རྣལ་འབྱོར་པས་(སྦྱོར་བ་ཡན་ལག་དྲུག་གི་མན་ངག་གི་ལུས་ ཀྱི)ཟླ་བ་དང་ཉི་མ་དག་(བཅིང་ནས་ལུས་ལ)རྫོགས་པར་བྱ་སྟེ་བྱང་ཆུབ་ཀྱི་སེམས་(ཁུ་བ)དང་རྡུལ་ གྱི་ཆོས་(ཏེ་རྟེན་དུ་གྱུར་པའི)སྲོག་དང་ཐུར་སེལ་དག་(དབུ་མ་དང་དུང་ཅན་མའི་ལམ་ནས་རྩ་བདུན་ཁྲི་ཉིས་སྟོང་ལ) རྫོགས་པར་(སྟེ་གང་བར)བྱས་ནས་(དུས་ཀྱི་འཁོར་ལོ་རྡོ་རྗེ་ཟླ་ཉིའི་རང་བཞིན་གྱིས་རྫོགས་པའི་སྐུ་)དེ་བསྒྲུབ་ པར་བྱའོ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་(ཡང་དག་པའི་གསུང་གི)ངེས་པའོ། ༧༨ ། 3-1-130 ༈ ད་ནི་ཆད་པ་ཞེས་པ་ལ་སོགས་པས་འཆི་ལྟས་ཀྱི་དབང་གིས་གཅི་བ་ལ་སོགས་པའི་ ཁམས་ཀྱི་རྣམ་པར་འགྱུར་བའི་མཚན་ཉིད་གསུངས་ཏེ་འདིར་ལུས་ལ་ཆད་པ་གལ་ཏེ་གཡོན་ པ(རྐྱང་མ)འམ་གཡས་པ(རོ་མ)འི་རྩ་(གང་ཡང་རུང་བ)གཅིག་སྲོག་རབ་ཏུ་འབབ་པ་དང་བྲལ་བ་ ཡིན་ན་མི་ཡི་བདག་པོ་ཞེས་པ་ནི་བོད་པ་སྟེ་ཟླ་བ་དྲུག་གི་མཚམས་སུ་(འཆི་ཞིང་དེའི་རྟགས་སུ) གཅི་བ་དག་ནི་སྒྱུར་བ་ཉིད་དུ་འགྱུར་རོ། །(སྒྲ་ལ་སོགས་པ)དེ་ཙམ་རྣམས་(ལ་དབང་པོ་འཇུག་པ)ནི་ (འཆི་བའི་གོང་གི)ཉིན་ཞག་ལྔ(འི་མཚམས)ནས་མཆོག་གི་ཆ་སྲོག་གི་ནུས་པ་ཆེན་པོ་ཡིས་འདོར་ ཏེ་རིམ་པ་བཞིན་ཉིན་ཞག་སོ་སོར་(དབང་པོ་རྣམས་ཀྱི་རྩའི)གོང་བུ་འཆད་པའི་དུས་སུའོ། །(དེ་ཉིད་ བཤད་པ་འཆི་བའི་གོང་གི)ཉིན་ཞག་དྲུག་གི་(དང་པོའི)མཚམས་སུ་ཡུལ་སྒྲ་རྣ་བ་ལ་འདོར་ཏེ་(གསལ་ པར་མི་ཐོས་སོ)རྣ་བ་ལ་ཞེས་པ་ནི་ལུང་གིས་ཚིགས་ལས་ལྔ་པའི་དོན་ལ་བདུན་པའོ། །ཉིན་ཞག་ ལྔའི་མཚམས་སུུ་རོ་ཡང་ངེས་པར་ཁ་ལས་ཏེ་ལྕེ་ལས་འདོར་(དེ་མི་ཚོར)རོ། །ཉིན་ཞག་བཞིའི་ མཚམས་སུ་མིག་འབྲས་མིག་གི་དབུས་ནས་(འདོར་ཏེ་མིག་འབྲས་ཀྱི་འོད་ཉམས་པའམ་གཟུགས་མི་མཐོང་ བས)སོ། །ཉིན་ཞག་གསུམ་གྱི་མཚམས་སུ་དྲི་ནི་སྣ་ལས་སོ། །ཉིན་ཞག་གཉིས་ཀྱི་མཚམས་སུ་ མི་རྣམས་དག་གི་ལག་པ་རྐང་པའི་ལུས་ལ་དྲོ་བའི་དངོས་པོ་སྟེ་རེག་པའི་རང་བཞིན་(འདོར་བ) ནོ། །མཐའི་ཉིན་ཞག་ལ་ཆོས་ཀྱི་ཁམས་ཁུ་བ་(ནི་ནམ་མཁའི་ཁམས་ཏེ་དེ)འཕོ་བ་དང་དབུགས་ཀྱི་ འཁོར་ལོ་ཡང་འདོར་རོ། ༧༩ ། ༈ ཉིན་ཞག་དྲུག་གི་ནང་དུ་འཆི་བའི་མཚན་ཉིད་གཞན་ཡང་གསུངས་ཏེ་འདིར་ལུས་ལ་ འཆི་བ་རབ་ཏུ་ཞུགས་པར་གྱུར་ན་རང་གི་ལུས་ལ་སྣའི་རྩེ་མོ་འཕྱང་བ་གླང་པོ་ཆེའི་སྣའི་རྣམ་ པར་མཐོང་བ་དང་རང་གི་སྤྱི་བོར་ལག་པ་བཞག་པ་དེ་ཡི་རང་བཞིན་དག་ཏུ་མཐོང་སྟེ་ཕྲ་མོར་ མཐོང་བ་མིན་པ་དང༌། དེ་བཞིན་དུ་ལག་པ་གཉི་གའི་མཐིལ་ལ་རྒྱ་སྐྱེགས་ཚོན་གྱིས་རབ་ཏུ་ བྱུགས་ཀྱང་ལག་མཐིལ་གྱི་ལྤགས་པ་ལ་དམར་པོ་ཉིད་དུ་བྱེད་པ་མ་ཡིན་པ་དང་ཉི་མ་ཁ་དོག་ 3-1-131 ནག་པོར་མཐོང་བ་དང་ཡོངས་སུ་གྱུར་པའི་རི་བོང་འཛིན་པ་སྟེ་ཉའི་ཟླ་བ་ཡོངས་སུ་རྫོགས་པ་ སེར་པོར་མཐོང་བ་ནི་(འཆི་བའི)ཉིན་ཞག་དྲུག་གི་(སྔ་རོལ་གྱི་)མཚམས་སུའོ། །དེ་ནས་ཉིན་ཞག་ གང་ལ་གཅི་བ་དང་ནི་ལུས་ཀྱང་བསིལ་བར་གྱུར་པའི་ཉིན་ཞག་དེ་ལ་འཆི་བ་ཉིད་དེ་མི་ཡི་ བདག་པོ་ཞེས་པ་ནི་བོད་པའོ། ༨༠ ། ཉིན་ཞག་དྲུག་གི་མཚམས་སུ་འཆི་བའི་མཚན་མ་གཞན་ཡང་གསུངས་ཏེ་འདིར་དུས་མ་ ཡིན་པའི་འཆི་བས་ནོན་པའི་ལྕེ་འོག་ཏུ་ནག་པོའི་ཐིག་སྟེ་རི་མོ་ནག་པོར་རབ་ཏུ་འགྱུར་རོ། ། དེ་བཞིན་དུ་མིག་ལ་ཚངས་པའི་རི་མོ་ཤིན་ཏུ་ཕྲ་མོ་སྐྲའི་ཚད་ཙམ་གྱི་རི་མོ་སྟེ་ནག་པོ་དང་ དམར་པོའི་དཀྱིལ་འཁོར་འབྱེད་པར་བྱེད་པར་འགྱུར་རོ། །དབུགས་ནི་ཟླ་བ་ཉི་མའི་ལམ་ (ཞེས་པ་ཕྱི་རོལ་ནམ་མཁའ་སྟེ་དེའི་ལམ)དུ་འཕྲོ་(ཞིང་ནང་དུ་མི་འདུ)བ་དང་འཁུར་[མཁུར]ཚོས་གཉིས་པོ་ བསྐྱོད་(ཅིང་ཞོམ་)པ་དང་དེ་བཞིན་དུ་ནུ་མའི་སྟེང་ནི་མཆན་ཁུང་དུ་ཞུགས་ཏེ་ནུ་མའི་སྟེང་གི་རྩ་ དག་མཆན་ཁུང་དུ་ཞུགས་པར་གྱུར་པ་དང་གཟའི་ཚོགས་(བཀྲ་ཤིས་ལ་སོགས་པ)རྣམས་མཐའ་ དག་(རང་བཞིན)མི་མཐོང་སྟེ་མེ་སྟག་དང་བཅས་པར་མཐོང་བ་དང་དེའི་མགྲིན་པ་ལུས་དང་ བཅས་པ་སྟེ་ལག་པ་དང་རྐང་པ་དང་བཅས་པ་རེངས་ཤིང་སེམས་མེད་པ་དང་འཁོར་བ་ཡང་ སྟེ་འདི་རྣམས་ནི་ལུས་ལ་འཆི་བའི་མཚན་ཉིད་དུ་འགྱུར་བར་འདོད་དེ་གསུངས་པ་ཡིན་ནོ། ། གཞན་ཡང་ལུས་སམ་ཕྱི་རོལ་ལ་(ལུས་ཀྱི)གྲིབ་མའི་སྐྱེས་བུ་(སྟེ་རང་གི་གྲིབ་མའི་གཟུགས་ནམ་མཁའ་ ལ་བལྟས་པས་ཡན་ལག་མ་ཚང་བ)ལ་སོགས་པ་གང་ཅུང་ཟད་ཕྱིན་ཅི་ལོག་ཏུ་མཐོང་བ་དེ་ཐམས་ཅད་ འཆི་བའི་མཚན་ཉིད་དུ་རྣལ་འབྱོར་པས་རིག་པར་བྱའོ། ། ༈ དེ་ཤེས་ན་སྦྱིན་པ་ལ་སོགས་པ་བྱ་སྟེ་གལ་ཏེ་བསོད་ནམས་ཀྱི་སྟོབས་ཀྱིས་འཚོ་བ་ དེ་ལྟ་ན་ཡང་ལེགས་ཤིང་ཅི་སྟེ་འཆི་བར་འགྱུར་བ་དེ་ལྟ་ན་ཡང་གང་བྱིན་པ་དེའི་འབྲས་བུ་ལ་ རྗེས་སུ་ལོངས་སྤྱོད་དོ། །དེའི་ཕྱིར་(འཚོ་མི་འཚོའི)ཕྱོགས་གཉི་ག་ལ་ཡང་བདེ་བར་གཤེགས་པ་ 3-1-132 〔སངས་རྒྱས་〕པ་བདེ་བ་དོན་དུ་གཉེར་བ་རྣམས་ཀྱིས་སྦྱིན་པ་སྦྱིན་པར་བྱའོ། །ཞེས་པ་ནི་བཅོམ་ ལྡན་འདས་ཀྱི་ངེས་པའོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་འཆི་ལྟས་དང་འཆི་བའི་མཚན་ ཉིད་དང་རྩ་འཆད་པའི་མདོར་བསྡུས་ཆེན་པོ་སྟེ་བཞི་པའོ།། ༨༡ །། ༈ (བཅུ་གསུམ་པ་ལས་ཀྱི་རྣམ་པར་སྨིན་པས་འགྲོ་བ་དྲུག་ཏུ་སྐྱེ་བའི་ངོ་བོ་ཉིད་ཀྱི་གནས་པ)ད་ནི་སྐྱེ་བ་དང་ནི་ ཞེས་པ་ལ་སོགས་པས་འཇིག་རྟེན་ཀུན་རྫོབ་ཀྱིས་(ལུས)སྐྱེད་པ་དང་སྡུད་པའི་མཚན་ཉིད་ བྱེད་པ་པོ་གསུངས་ཏེ་འཁོར་བ་འདིར་(ཁུ་བ)འཕོ་བའི་སྐད་ཅིག་གང་ཡིན་པ་དེས་སེམས་ཅན་ རྣམས་ཀྱི་སྐྱེ་བ་བྱེད་དེ་(མའི)མངལ་དུ་ཀུན་གཞིའི་རྣམ་པར་ཤེས་པ་རྡུལ་དང་ཁུ་བ་དང་ཡང་ དག་པར་ལྡན་པའི་ཆོས་ཅན་ནོ། །དེ་ནས་(གསུམ་ཚོགས་པ)དེས་མངལ་ནས་བཙའ་བའི་དུས་ བྱེད་ཅིང་བྱིས་པ་དང་གཞོན་ནུ་ལ་སོགས་པའི་གཟུགས་བྱེད་དེ་ལུས་སྐྱེད་པའོ། །འཕོ་བའི་ སྐད་ཅིག་དེ་ཉིད་འཇིག་རྟེན་དག་ཏུ་སྟེ་མཐོ་རིས་དང་མི་ཡུལ་དང་ས་འོག་ཏུ་སླར་ཡང་སྡུད་ པར་བྱེད་པ་(ཡང་ཡིན་ལ་དེ་ནི)དུས་ཀྱི་འཁོར་ལོ་(སྟེ་ཀུན་གཞིའི་རྣམ་ཤེས)ཅན་(གྱི་ཁུ་རྡུལ་ཡིན)ཏེ་ཉི་མ་(ཁོ་ ན་ནི་སྐྱེད་པ་དང་སྡུད་པའི་བྱེད་པོ)མིན་ཞེས་པ་རྡུལ་དང་ཟླ་བ་ཁུ་བ་དུས་ཀྱི་འཁོར་ལོ་མེད་པ་སྟེ་ཀུན་ གཞིའི་རྣམ་པར་ཤེས་པ་མེད་པས་(མངལ་སྐྱེས་ཀྱི་ལུས་སྐྱེད་པ་དང་སྡུད་པ)མི་བྱེད་དོ་ཞེས་པའི་དོན་ ཏོ། །འདིར་རྡུལ་དང་ཁུ་བའི་ཆོས་ཅན་ཉི་མ་དང་ཟླ་བ(ཁོ་ན)ས་ཅིའི་ཕྱིར་(སྐྱེད་སྡུད)མི་བྱེད་ཅེ་ན་ འདིར་ཐམས་ཅད་དུ་(སྒྲ་གཅན་དུས)མེ་(ཀུན་གཞིའི་རྣམ་ཤེས)དང་ཉི་མ་(རྡུལ)དང་ཟླ་བ(ཁུ་བ)འི་བདག་ ཉིད་ནི་འགྲོ་བ(སེམས་ཅན་པ)འོ་ཞེས་པ་རབ་ཏུ་གྲགས་པའི་ཚིག་ཏུ་བརྗོད་དོ། །(དེ་ལ)འདིར་གང་ གི་ཕྱིར་ཟླ་བ་ཉི་མ་ལ་སོགས་ལྷ་རྣམས་འབྱུང་བ་དང་བཅས་མཚན་མོའི་ཆ་ལ་བཅོམ་ལྡན་དེ་ ཡིས་འཛིན་ཞེས་པ་སྟེ་འཁོར་བ་འདིར་མཚན་མོའི་ཆ་ནི་ཟླ་བ་སྟེ་སྐྱེད་པའོ། །ཉིན་མོའི་ཆ་ནི་ 3-1-133 ཉི་མ་སྟེ་སྡུད་པའོ། །འདིར་མཚན་མོའི་ཆ་ལ་སྟེ་སྐྱེད་པའི་དུས་སུ་ཀུན་གཞི་རྣམ་པར་ཤེས་ པའི་མཚན་ཉིད་དེས་མའི་མངལ་དུ་ཟླ་བ་ཁུ་བ་དང་ཉི་མ་རྡུལ་དང་{ལ} སོགས་པའི་སྒྲས་ བཤང་པ་དང་གཅི་བ་དང་འབྱུང་བ་དང་བཅས་(ཞེས་པ)ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་ མཁའི་ཁམས་དང་བཅས་པ་རྣམས་རྡུལ་དང་ཁུ་བའི་རྟེན་དུ་གནས་པའི་ལུས་དང་ངག་དང་ སེམས་རྫོགས་པའི་དོན་ཏུ་འཛིན་ཏེ་(ལྷ་རྣམས་ཞེས་པ་ནི་ལུས་ལ)ཟླ་བ་ཁུ་བ་ནི་དབང་ཕྱུག་དང་ཉི་ མ་རྡུལ་ནི་རྟག་ཏུ་ཞི་བ་དང་རྐང་ནི་དྲག་པོ་དང་གཅི་བ་ནི་ཁྱབ་འཇུག་དང་བཤང་བ་ནི་ཚངས་ པའོ། །ཟླ་བ་ཉི་མ་ལ་སོགས་ལྷ་རྣམས་མཚན་མོའི་ཆ་ལ་སྟེ་སྐྱེད་པའི་དུས་སུ་(ཀུན་གཞི་རྣམ་ཤེས་ ཀྱིས)འཛིན་པར་བྱེད་དོ། །(བཟུང་ནས)སླར་ཡང་སྟེ་ཡང་མཐའ་ཡས་ལུས་ལ་(རྣམ་འགྱུར་གྱི)དངོས་ པོ་སྣ་ཚོགས་ཀྱིས་བཟུང་བར་གྱུར་པ་(རྫོགས)ན་རྣམ་པར་འཕྲུལ་པ་དེ་རྣམས་གཏོང་བར་བྱེད་ དེ་ངེས་པར་ཉིན་མོའི་དུས་སུ་ཞེས་པ་སྡུད་པའི་དུས་སུ་གཏོང་ཞེས་པའི་དོན་ཏོ། །སྐྱེད་པའི་ རྒྱུར་ནི་སྟེ་སླར་ཡང་(ལུས)གཞན་(ཕྱི་མ)སྐྱེད་པའི་རྒྱུ་རུ་(སྔ་མ་ཀུན་གཞིའི་རྣམ་ཤེས་ཀྱིས)གཏོང་བར་ བྱེད་དོ། །རིམ་པས་ཏེ་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་ གནས་རྣམས་སུ་(རིམ་པ་ལྟར)ས་ལ་སོགས་པའི་ཁམས་(ལྔ)ཡོངས་སུ་གཏོང་བའི་རིམ་པས་སོ། ། (ཀུན་རྫོབ་ཏུ་ཡང་མུ་སྟེགས་པས་བརྟགས་པའི་བདག་ལ་སོགས་པའི་བྱེད་པ་པོ་མེད་ཀྱང་འཕོ་བའི་སྐད་ཅིག་གི་བདག་ཉིད་ ཀུན་གཞི་རྣམ་པར་ཤེས་པ་ནི)ཀུན་རྫོབ་ཀྱི་བྱེད་པ་པོའི་ངེས་པའོ། ༨༢ ། ༈ ད་ནི་སྒྲ་ལ་སོགས་པ་ཞེས་པ་ལ་སོགས་པས་འཇིག་རྟེན་ཀུན་རྫོབ་ཀྱི་ལས་དང་བྱེད་ པ་པོ་ལ་སོགས་པ་གསུངས་ཏེ་འདིར་ལུས་གྲུབ་པར་གྱུར་པ་ན་སྒྲ་དང་རེག་བྱ་དང་རོ་དང་ གཟུགས་དང་དྲི་དང་ཆོས་ཀྱི་ཁམས་ཏེ་དྲུག་པོ་རྣམས་ནི་(སྐྱེས་བུས་སྟེ་རེས་ཤིང་གཅོད་པའི་དུས་ཀྱི་ཤིང་དེ་ དང་འདྲ་བར)ལས་སུ་འགྱུར་རོ། །དབང་པོ་དྲུག་པོ་དག་ཀྱང་སྟེ་རྣ་བ་དང་ལུས་དང་ལྕེ་དང་མིག་ དང་སྣ་དང་ཡིད་དེ་དྲུག་པོ་ནི་(སྟ་རེ་དང་འདྲ་བར)བྱེད་པའོ། །(དེ་བཞིན་དུ་ཉི་མས)ཁྱིམ་བཅུ་གཉིས་ 3-1-134 (འཁོར་བ་ཉིད)ཀྱི་དབྱེ་བས་ལོ་དང་ཟླ་བ་དང་ཟླ་བའི་(དཀར་པོ་དང་ནག་པོའི་)ཆའི་དབྱེ་བས་ཕྱོགས་ ཉི་ཤུ་རྩ་བཞི་དང་ཉིན་དང་མཚན་མོ་སྟེ་ཉིན་མཚན་དང་ཚེས་བཅོ་ལྔ་དང་ཟླ་བ་ཉི་མ་དག་ཀྱང་ སྟེ་འདི་དག་མཐའ་དག་ནི་བྱེད་པའོ། །(སྐྱེས་བུ་དང་འདྲ་བའི)བྱེད་པ་པོ་ནི་ཀུན་གཞིའི་རྣམ་པར་ ཤེས་པའི་མཚན་ཉིད་ཅན་ཁུ་བ་འཕོ་བའི་སྐད་ཅིག་འཇིག་རྟེན་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་ པའི་དགའ་བའོ། །འཕོ་བའི་སྐད་ཅིག་ལ་སོགས་པ་བྱེད་པ་པོ་དང་བྱེད་པ་དང་ལས་དེ་རྣམས་ (སྟེ་འཁོར་བ་གཏན་དུ)སྡུད་པའི་བྱེད་པ་པོ་འདིར་ནི་(ཀུན་གཞི་རྣམ་ཤེས་ལས)གཞན་དུ་འགྱུར་ཏེ་གང་གི་ ཕྱིར་(འཁོར་བ)སྐྱེད་པའི་བྱེད་པ་པོ་ནི་བྱེད་པ་པོ་(ཀུན་གཞི་རྣམ་ཤེས)མ་ཡིན་པ་དེའི་ཕྱིར་(འཁོར་བ་སྡུད་ པར་བྱེད་པ་པོ)མཁའ་ཁྱབ་མཁའི་རྡོ་རྗེ་ཅན་(ཀུན་གཞིའི་ཡེ་ཤེས་དང་པོའི་སངས་རྒྱས)ནི་ཡུལ་(རྡུལ་ཕྲ་རབ་དང་ བྲལ་བ)དང་(བློས་བརྟགས་པའི)རྣམ་〔པ་དང་〕བྲལ་(ཞིང་ཟླ་ཉིའི)ཡོན་ཏན་(བརྒྱད)མེད་ལ་(རྡུལ་ཕྲ་རབ་ ལ་སོགས་པ་དངོས་པོའི)རང་བཞིན་མེད་པའོ། །ཞེས་པ་ལྷན་ཅིག་སྐྱེས་པ(རང་བྱུང་ཡེ་ཤེས་བདེ་བ་ཆེན་པོ) འི་སྐུ་སྟེ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་(མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། །སེམས་ཅན་ཀུན་གྱི་ཡིད་ ལ་གནས། །དེ་དག་སེམས་དང་མཉམ་པར་འཇུག། རྣམ་པར་ཤེས་པའི་ཆོས་ལས་འདས། །གཉིས་མེད་ཡེ་ཤེས་ཚུལ་འཆང་བ། ། ཀུན་ཏུ་རྟོག་པ་ཐམས་ཅད་སྤང༌། །རྣམ་པར་མི་རྟོག་དབྱིངས་མི་ཟད། །)ཞེས་པ་(ལ་སོགས་པའི་དོན་ཏེ་མན་ངག་བཞིན་དུ་ བཤད་པར་བྱ)འོ། །དེའི་ཕྱིར་(འཁོར་བ)བསྐྱེད་པ(འི་བྱེད་པ་པོ་ཀུན་གཞིའི་རྣམ་ཤེས)དང་སྡུད་པའི་བྱེད་པ་ པོ་(ཀུན་གཞི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་སྐུ་རང་བཞིན་གྱིས་ཡོངས་སུ)མྱ་ངན་ལས་འདས་པའི་མཚན་ཉིད་ཀྱང་ (བདེན་པའི་དངོས་པོར་གྲུབ་པ)མེད་དོ་ཞེས་པའི་དོན་ཏེ་བྱེད་པ་པོ་(བདེན་པའི་དངོས་པོ)ཟད་པ(སྟེ་མ་གྲུབ་པ) འི་ངེས་པའོ། ༨༣ ། ༈ ད་ནི་དྲི་དང་ཞེས་པ་ལ་སོགས་པས་ཀུན་འབྱུང་ལ་སོགས་པ་གསུངས་ཏེ་འཁོར་བ་ འདིར་(རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་རྒྱུ་རྐྱེན་དུ་མ)ཚོགས་པ་ལས་སྐྱེ་ཡི་ཆོས་གཅིག་ལས་ 3-1-135 ནི་མ་ཡིན་ནོ། །འདིར་ཚོགས་པ་ནི་དྲི་དང་ཁ་དོག་དང་ནི་རོ་དང་རེག་བྱ་ཞེས་དང་འཛིན་མ་ དང་ནི་ཆུ་དང་མེ་དང་རླུང་ཞེས་པ་(འབྲས་བུ་དང་རྒྱུའི)གཟུགས་ཅན་བརྒྱད་པོ་འདི་དག་རྣམས་ ནི་མཐའ་དག་ཡུལ་གྱི་ཚོགས་པ་དག་སྟེ་གཅིག་ནི་གཙོ་བོར་འགྱུར་ཞེས་པ་སྟེ་གཟུགས་ཅན་ བརྒྱད་པོ་འདི་རྣམས་ལས་ཡོན་ཏན་གཅིག་ནི་གཙོ་བོར་འགྱུར་ཞིང་ལྷག་མ་ཕལ་པར་འགྱུར་ རོ། །ཞེས་པ་ནི་སྔར་(ལེའུ་འདི་ཉིད་ཀྱི་ཚིགས་བཅད་ཉེར་གཅིག་པར)བརྗོད་ཟིན་ཏོ། །(ཡུལ)སྒྲ་དང་སྟོང་པ་ དང་ནི་ཆོས་ཀྱི་ཁམས་(ཡུལ་ཅན)དང་ཡིད་ཀྱང་མི་ཡི་བདག་པོ་གཟུགས་མེད་དུ་འགྱུར་རོ་ཞེས་ པ་ནི་གཟུགས་མེད་བཞི་པོ་རྣམས་ཏེ་འདིར་སྟོང་པའི་སྒྲས་ཁུ་བའི་ཁམས་བརྗོད་དོ། །འཇིག་ རྟེན་གསུམ་པོ་མཐའ་དག་འདི་ནི་སྤྲོ་བ་དག་དང་སྡུད་པར་འགྱུར་ཏེ་(རྒྱུ་གང་ལས་འགྱུར་ན)དུས་ཀྱི་ མཐུ་ལས་སོ། །ཞེས་པ་འཕོ་བའི་སྐད་ཅིག་གི་མཐུ་ལས་སོ། །ཞེས་པའི་དོན་ནོ། །ཀུན་འབྱུང་ (རྟེན་ཅིང་འབྲེལ་འབྱུང་)གི་ངེས་པའོ། ༨༤ ། ༈ ད་ནི་བདག་ཉིད་འཆིང་སྟེ་ཞེས་པ་ལ་སོགས་པས་འཁོར་བའི་འཆིང་བ་གསུངས་ཏེ་ འདིར་ལུས་ལ་ཕུང་པོའི་(དང་ངའི)ངར་འཛིན་པ་ཙམ་ནི་འཁོར་བ་སྟེ་(འཁོར་བ་པ)བདག་ཉིད་(ལས་ བྱུང་བའི་འཆིང་བྱེད)ཀྱིས་བདག་ཉིད་འཆིང་ངོ༌། །(འཆིང་བྱེད་གང་གིས་འཆིང་ན)རང་བཞིན་ལ་གནས་ ཡོན་ཏན་རྣམ་རྟོག་རྣམས་ཀྱིས་ཞེས་པ་ལ་རང་བཞིན་ནི་(ཉེར་ལེན་གྱི)ཕུང་པོ་དང་ཁམས་དང་ སྐྱེ་མཆེད་ཀྱི་ཚོགས་པ་སྟེ་དེ་ལ་གནས་པའི་ཡོན་ཏན་སྐྱེ་བ་དང་འགག་པའི་མཚན་ཉིད་དྲི་ ལ་སོགས་པ་རྣམས་དང༌། འཁོར་བའི་སེམས་ཀྱི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་ རྟོག་པའི་མཚན་ཉིད་རྣམས་{གསུངས་}ཏེ་རང་བཞིན་ལ་གནས་ཡོན་ཏན་རྣམས་རྟོག་དེ་ རྣམས་ཀྱིས་བདག་ཉིད་འཆིང་བར་བྱེད་དེ་རང་གི་ལུས་ལས་བྱུང་བའི་སྐུད་པ་རྣམས་ཀྱིས་ བདག་ཉིད་འཆིང་བར་བྱེད་པ་དར་གྱི་སྲིན་བུ་ཇི་བཞིན་ཉིད་དོ། །(གྲོལ་བྱེད་གང་གིས་གྲོལ་བར་བྱེད་ ན)བདག་ཉིད་བདག་གི་ངེས་པར་སླར་ཡང་རྣམ་པར་རྟོག་པ་མེད་པའི་ཡིད་དག་ལས་ནི་གྲོལ་ 3-1-136 བར་བྱེད་ཅེས་པ་ནི་སླར་ཡང་(འཁོར་བའི)བདག་དེ་(འཆིང་བྱེད)རང་བཞིན་ལ་གནས་ཡོན་ཏན་ རྣམ་རྟོག་རྣམས་ལས་གྲོལ་བ་ནི་རྣམ་པར་རྟོག་པ་མེད་པ(འི་ཡེ་ཤེས་ཀྱི་སྐུ)ར་འགྱུར་རོ། །(འབྲས་ བུ་མི་རྟོག་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་དེ་ཐོབ་པའི་ཐབས་ཀྱང་)རྣམ་པར་རྟོག་པ་མེད་པའི་ཡིད་(མི་རྟོག་པའི་ཏིང་ངེ་ འཛིན་ནི)དེ་ལས་(སྒོམ་པ་པོ)བདག་ཉིད་འཁོར་བའི་སྡུག་བསྔལ་ལས་གྲོལ་(ཅིང་མི་རྟོག་པའི་ཡེ་ཤེས་ཀྱི་ སྐུ་མངོན་དུ་བྱེད)བར་བྱེད་དོ། །དེ་ཕྱིར་རྒྱལ་པོ་རང་གི་ལས་ནི་(འབྱུང་བའི་)རང་བཞིན་ཡོན་ཏན་ལ་ གནས་(མི་དགེ་བ་དང་དགེ་བའི་རྣམ་རྟོག་གིས་འཁོར་བར)སྡུག་བསྔལ་དང་ནི་བདེ་བ་བྱེད༌། །རང་བཞིན་ རྣམ་པར་བྲལ་བ་ནི་ཁམས་བཅོ་བརྒྱད་དང་བྲལ་བ་(རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྐུ་སྟེ་དེ་ལ་ནི་དབང་ ཕྱུག་སོགས)སུ་ཞིག་བྱེད་པོ་(ཡིན་ནས་མ་ཡིན་ལ་བྱེད་པ་པོས་ཀྱང་ཡེ་ཤེས་ཀྱི་སྐུ་)ཅི་ཞིག་བྱེད་དེ་(ཅུང་ཟད་ཀྱང་) མི་བྱེད་དོ་ཞེས་པའི་དོན་ཏོ། །(དེ་ལྟ་ན་ཡང་)མི་ཤེས་འཇིག་རྟེན་(པ་རྣམས་ནི་མུ་སྟེགས་པ་རྣམས་ཀྱིས་ཕྱིན་ ཅི་)ལོག་པའི་བདག་དང་(དབང་ཕྱུག་ལ་སོགས་པའི)བྱེད་པ་པོ་ཡོངས་སུ་བརྟགས་པས་རྨོངས་པར་ བྱེད་དོ། །(ཀུན་རྫོབ་ཏུ་བདག་གི)ལས་ཀྱིས་(བདག་ཉིད)འཆིང་བའི་ངེས་པའོ། ༨༥ ། ༈ ད་ནི་ས་ཞེས་པ་ལ་སོགས་པས་ས་ལ་སོགས་པ་རྣམ་པ་བརྒྱད་ཀྱི་རང་བཞིན་(ནི་འཁོར་ བའི་སེམས་གནས་སྐབས་བཞིར་བསྡུས་ནས)གསུངས་པ་འདིར་ལུས་ལ་དང་པོ་འཁོར་བའི་སེམས་ཀྱི་ རང་བཞིན་རྣམ་པ་བརྒྱད་དེ་(ལུས)ས་དང་(ལྕེ)ཆུ་དང་(མིག་)མེ་དང་(སྣ)རླུང་དང་(རྣ་བ)ནམ་ མཁའ་(སྟེ་དབང་པོ་ལྔའི་རྣམ་ཤེས)དང་ཡིད་(ཅེས་པ་སེམས་ཏེ་ཀུན་གཞིའི་རྣམ་ཤེས)དང་(ཡིད་ཀྱི་དབང་པོ)བློ་ 〔ཡིད་ཀྱི་རྣམ་ཤེས་〕དང་(རྟག་ཏུ)ངར་འཛིན་པའི་བདག་ཉིད་(ཉོན་མོངས་པ་ཅན་གྱི་ཡིད)དང་རྣམ་པ་བརྒྱད་ དོ། །(བརྒྱད་པོ)འདི་རྣམས་ཀྱང་རྣམ་པ་གསུམ་(དུ་འདུས)སྟེ་རགས་(པ)དང་ཕྲ་མོ་གཞན་ཡང་(སྟེ་ གསུམ་པོ་དེ་རྣམས)རྣམ་གསུམ་ཡོན་ཏན་ལ་གནས་ཏེ་(རིམ་པ་ལྟར)སྙིང་སྟོབས་དང་རྡུལ་དང་མུན་ པའི་ཡོན་ཏན་རྣམས་ལ་གནས་པ་ནི་ཡོན་ཏན་ལ་གནས་པའོ། །(འོག་ནས་འཆད་པའི་དབྱངས་གསལ་ བྱེད་ཀྱི)ཡི་གེ་〔དང་〕ཐིག་ལེ་(དང་རྣམ་པར་{བཅད་{གནས}པ)ལ་སོགས་པའི་དབྱེ་བ་ཡིས་རགས་པ་(སྙིང་ 3-1-137 སྟོབས་ཀྱི་ཡོན་ཏན་རྣམས་ནི་)རགས་པའི་དབང་པོ་(མིག་ལ་སོགས་པ)རྣམས་ལ་གནས་ཏེ་བེམ་པོའི་བག་ ཆགས་(ལས་བྱུང་བའི་གཟུགས་ལ་སོགས་པ)འཛིན་པར་བྱེད་པ་(མིག་གི་རྣམ་ཤེས་ལ་སོགས་པ)རགས་པའི་ སེམས་ཀྱི་(བདག་ཉིད་གཉིད)སད་པའི་གནས་སྐབས་ཀྱི་ཆོས་ཅན་(གྱི་སེམས)ནི་རགས་པ་སྟེ་སད་ པའི་དངོས་པོ་འཛིན་པར་བྱེད་པའི་ཕྱིར་རོ། །ཕྲ་མོའི་སེམས་(རྡུལ་གྱི་ཡོན་ཏན་ཅན་རྣམས)ཀྱི་ཕྲ་མོ་ ནི་རྨི་ལམ་གྱི་གནས་སྐབས་ཀྱི་ཆོས་ཅན་ཏེ་ཡིད་ཀྱི་རང་བཞིན་གྱི་དབང་པོ་རྣམས་ཀྱིས་(ཡང་ བེམ་པོ་མ་ཡིན་ཡང་བེམ་པོ་ལྟ་བུར་སྣང་བ)སྒྱུ་མ་ལྟ་བུའི་དངོས་པོ་འཛིན་པར་བྱེད་པའི་ཕྱིར་རོ། །ཕྲ་མོ་ གཞན་(མུན་པའི་ཡོན་ཏན་ཅན)ཡང་དབང་པོ་(དྲུག་པོ)ཐམས་ཅད་འགོག་པའི་མཚན་ཉིད་ཤིན་ཏུ་ གཉིད་ལོག་པའི་གནས་སྐབས་ཀྱི་ཆོས་ཅན་ནི་གཞན་ཏེ་(སྣང་བའི)དངོས་པོ་ཐམས་ཅད་(འཛིན་ པ)ཡོངས་སུ་སྤངས་པས་མཐོང་བ་མེད་པ་ནི་(དབང་པོ་རྣམས)གཅིག་ཏུ་〔པ་ལྟ་བུར་〕གྱུར་པ་ཞེས་པ་ ལ་སོགས་པའི་མཚན་ཉིད་དོ། །དེ་ལྟར་(སེམས་ཀྱི་དབྱེ་བ་རགས་པ་དང་ཕྲ་བ་དང་ཕྲ་མོ་གཞན་ཏེ)རྣམ་པ་ གསུམ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་(རིམ་པ་བཞིན)སད་པ་དང་རྨི་ལམ་དང་ ཤིན་ཏུ་གཉིད་ལོག་པའི་རང་བཞིན་ནོ། །(དེ་རྣམས་དུས་ལ་སྦྱར་ན)རགས་པ་ནི་ཉིན་མོའི་མཚན་ ཉིད་དང༌། ཕྲ་མོ་(གཞན)ནི་ཐུན་མཚམས་ཀྱི་མཚན་ཉིད་དང་གཞན་ནི་མཚན་མོ་ཆེན་པོའི་ མཚན་ཉིད་དེ། ཡང་ཡིག་ལས་བཞི་པའི་(གནས་སྐབས་ཀྱི)རང་བཞིན་(ཀུན་རྫོབ)ཡེ་ཤེས་ཀྱི་སྐུའོ། ། དེ་ནི་ཁུ་བ་འཕོ་བའི་དུས་སུ་(བདེ་བ་ཀུན་རྫོབ་ཀྱི)ཡེ་ཤེས་ཀྱི་སེམས་ནི་བཞི་པའི་སེམས་ཀྱི་བཞི་ པའི་གནས་སྐབས་ཀྱི་ཆོས་ཅན་ཏེ་སེམས་ཅན་རྣམས་(མངལ་དུ)སྐྱེ་བ་དང་འགག་པ(སྟེ་འཆི་བ) འི་རྒྱུར་གྱུར་པ་གང་ཡིན་པ་དེའི་ཕྱིར་(ལྷན་ཅིག་སྐྱེས་པའི་སྐུ་ཀུན་གཞི་ཡེ་ཤེས་དང་འདྲ་བས)ཡེ་ཤེས་ཀྱི་སྐུ་ (ཞེས་བཏགས་པ)འོ། །(ཡེ་ཤེས་ཀྱི་སྐུ་ཀུན་རྫོབ་པ)དེ་ཡང་(རང་བྱུང་ཡེ་ཤེས་ཀྱི་སྐུ་དང་འདྲ་བས)རང་བཞིན་(དང་) རྣམས་འགྱུར་མེད་པའི་འཚོ་བ་(ཞེས་པ་སྲོག)འབྱུང་བ་སྟེ། (སེམས་ཅན་རྣམས་ཀྱི་)སྲོག་ཆེན་པོར་གྱུར་ པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་(ཞེས་བཏགས་པ་ཙམ་ལ་དགོངས་པ་ཡིན)ནོ། །(དེ་བཞིན་དུ་ཡེ་ཤེས་ཀྱི་སྐུ་ 3-1-138 ཀུན་རྫོབ་པ་དེ)འབྱུང་བ་མིན་ཞེས་པ་ནི་འབྱུང་བ་ས་དང་ཆུ་དང་མེ་དང་རླུང་དང་ཁུ་བ་འབྱུང་བ་ (ནམ་མཁའི་ཁམས)རྣམས་མ་ཡིན་ནོ་ཞེས་པའི་དོན་ཏོ(ཞེས་པ་ཡང་བཏགས་པ་ཙམ་ལ་དགོངས་སོ)། །དེ་ལྟར་ འཁོར་བའི་སེམས་ཀྱི་རང་བཞིན་(བརྒྱད་)གྱི་(དབྱེ་བ་བསྡུ་བ)སད་པ་ལ་སོགས་པའི་དབྱེ་བས་རྣམ་ པ་བཞིར་ངེས་པའོ། ༨༦ ། ༈ ད་ནི་ཨ་སོགས་ཞེས་པ་ལ་སོགས་པས་བཞི་པ(འི་གནས་སྐབས་ཡེ་ཤེས་ཀྱི་སྐུར་བཏགས་པ་བ)ལ་ སོགས་པ་རྣམས་ཀྱི་མིང་གི་ཆོས་གསུངས་ཏེ། འཁོར་བ་འདིར་རིག་པར་བྱ་བ་(ཡུལ)དང་རིག་ པར་བྱེད་པོ་(ཡུལ་ཅན)དག་གི་མིང་ནི་(རང་རང་གི)དོན་རབ་ཏུ་གོ་བར་བྱེད་པ་སྟེ། དེ་ཡང་(ཁམས་ དང་རིགས་ལ་སོགས་པའི་སྒོ་ནས)བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་ཀྱིས་(འབྲེལ་པར) གནས་སོ། །དེ་ལ་(བཞི་པའི་གནས་སྐབས་ཡེ་ཤེས་ཀྱི་སྐུ་ཀུན་རྫོབ་པ་དེ་ཁམས)ཡེ་ཤེས་ཀྱི་རང་བཞིན་(ཡིན་ པ)ལས་(དེའི་རྗོད་བྱེད)ཨ་སོགས་སྟོང་པ་ལྔ་ནི་(ཀུན་རྫོབ་ཙམ་དུ)གཞོམ་དུ་མེད་པའི་ཨ་ལ་སོགས་ པ་སྟེ་གཞོམ་དུ་མེད་པ་ནི་དབུས་སུ་ཨ་ཡིག་སྟོང་པ་དང་ཤར་དུ་ཨི་ཡིག་སྟོང་པ་དང༌། ལྷོར་ རྀ་ཡིག་སྟོང་པ་དང༌། བྱང་དུ་ཨུ་ཡིག་སྟོང་པ་དང༌། །ནུབ་ཏུ་ལྀ་ཡིག་སྟོང་པའོ་ཞེས་པ་ ཨ་སོགས་སྟོང་པ་ལྔ་(བཏགས་པ་བ)ནི་(དེ་ཉིད་ཉི་ཤུ་རྩ་ལྔའི་ནང་ནས)རང་བཞིན་(ནམ་མཁའི་ཁམས)ཏེ་རྣམ་ པར་འགྱུར་བ་མིན་ནོ(འདི་དག་དོན་དམ་པའི་སྟོང་ཆེན་འགྱུར་མེད་ལྔ་ནི་བཤད་དུ་མི་རུང་ངོ་)། །དཔལ་ལྡན་ཆ་ 〔སྟེ་རྣམ་པར་བཅད་པ〕དང་ཐིག་ལེ་〔དང་〕ནཱ་ད་དང་དུས་དང་སེམས་དང་བློ་སྟེ་ཞེས་པ་ལ་ཆ(འམ་རྣམ་ པར་བཅད་པ)སྟེ་ཉི་མ་དང་ཐིག་ལེ་སྟེ་ཟླ་བ་དང་ནཱའ་ད་སྟེ་སྒྲ་གཅན་དང་དུས་ཏེ་དུས་མེ་དང་ སེམས་དང་བློ(ས་ལ་སོགས་པ)དང་རང་བཞིན་(ལྷག་མ)དག་ཀྱང་ཤིན་ཏུ་གཉིད་ལོག་པའི་གནས་ སྐབས་ཀྱི་ཆོས་ཅན་ནོ། །གཞན་པའི་(ཞེས་པ་རྨི་ལམ་གྱི་གནས་སྐབས་ཀྱི)དབྱངས་ནི་རླུང་ལ་སོགས་ པའོ། །སོགས་པའི་སྒྲས་ནམ་མཁའ་ལ་སོགས་པ་སྟེ། ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ ཨོ་ཨལ། ཧ་ཡ་ར་ཝ་ལ་རྣམས་སོ། །དེ་བཞིན་དུ་(དབྱངས)རིང་བོ་(རྣམས་ཀྱང་)སྟེ་རྨི་ལམ་གྱི་རང་ 3-1-139 བཞིན་ནོ། །རགས་པའི་(ཡི་གེ་ནི)སྡེ་བའི་ཡི་གེ་(སུམ་ཅུ)དབྱངས་བཅུ་གཉིས་དང་བཅས་པ་སུམ་ བརྒྱ་དྲུག་ཅུ་རྣམས་ནི་སད་པའི་རང་བཞིན་ནོ། །བཅུ་དྲུག་གཞན་ནི་རྣམ་འགྱུར་རགས་པའོ་ ཞེས་པ་སྟེ་(གསལ་བྱེད་ཀྱི)ཡི་གེ་སོ་སོ་རེ་རེ་(སྲོག)དབྱངས་བཅོ་ལྔས་བཟུང་བ་(ལུས་)གསལ་བྱེད་ དང་བཅས་པ(འི་དོན)ནི་རྣམ་པར་འགྱུར་བ་བཅུ་དྲུག་གོ། ཐམས་ཅད་དུ་ཁམས་ལྔ་དང་ལས་ཀྱི་ དབང་པོ་ལྔ་དང་ཡུལ་ལྔ་ནི་རྣམ་པར་འགྱུར་བ་སྟེ་ཡིད་དང་ལྷན་ཅིག་(རྣམ་འགྱུར)བཅུ་དྲུག་གོ། ༈ ས་ལ་སོགས་པ་(རང་བཞིན་དང་རྣམ་འགྱུར་འཁོར་བ་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་གློ་བུར་གྱི་དྲི་མས་ བསྡུས་པ)འདི་དག་གི་དབུས་སུ་རྡོ་རྗེ་ཅན་(དང་པོའི་སངས་རྒྱས་སྙིང་པོའི་ཚུལ་དུ་བཞུགས་པ) ནི་རང་བཞིན་(བརྒྱད་པོ)མིན་ཞིང་རྣམ་འགྱུར་(བཅུ་དྲུག་ཀྱང་)མིན་ཏེ་(བརྟན་གཡོ་ཀུན་གྱི)ཁྱབ་བྱེད་ (ཀུན་འགྲོ་ཡེ་ཤེས་སེམས་དཔའ་དངོས་པོའི་)རང་བཞིན་མེད་པ་(པྲ་ཕབ་པ་ལྟ་བུ)འོ། །(ཞེས་པ་དེ་བཞིན་གཤེགས་ པ)གང་གི་ཕྱིར་(དང་པོའི་སངས་རྒྱས་དེ་ནི་འཁོར་བའི་ལུས་ལ་གནས་ཀྱང་)འཁོར་བའི་བག་ཆགས་ལས་ (གདོད་མ་ཉིད་ནས)གྲོལ་བའི་སེམས་ཀྱི་ཆོས་ཡིན་པ་དེའི་ཕྱིར་(རྒྱལ་བའི་ཡུམ་ལས)གང་སེམས་(རང་ བཞིན་གྱིས་འོད་གསལ་བར)ཡོད་པའི་སེམས་དེ་ནི་(རང་བྱུང་ཡེ་ཤེས་ཡིན་པས་ཁམས་གསུམ་པོའི)སེམས་མ་ ཡིན་ནོ། །ཞེས་(གསུངས་པ་ལྟར)འཁོར་བའི་སེམས་དང་〔གདོད་མ་ཉིད་ནས་〕བྲལ་བ་(རང་བཞིན་གྱིས)མྱ་ ངན་ལས་འདས་པའི་སེམས་(ཁམས་གསུམ་པའི་སེམས་ལས)གཞན་〚པ་ཞིག་དོན་དམ་པར་〛ཡོད་པ་ ནི་རྡོ་རྗེ་ཅན་གྱི་མིང་གིས་བཅོམ་ལྡན་འདས་ཀྱིས་〚རྒྱུད་རྣམས་སུ་〛གསུངས་སོ། །(འདིར་གྲོལ་བ་ དང་བྲལ་བ་ནི་གདོད་ནས་གྲོལ་བ་དང་བྲལ་བར་རིག་པར་བྱ་སྟེ། ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བའི་དེ་ བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །ཅེས་གསུངས་པ་ལྟར༌། འཕགས་པ་ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་ནི་སྐྱེ་ མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་དང་ རྒྱུད་བླར། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །ཁྱབ་པར་བྱ་ བ་འཁོར་བའི་སེམས་ཀྱི)རང་བཞིན་རྣམ་པ་བཞིའི་ངེས་པ་(ཁྱབ་པར་བྱེད་པ་མྱ་ངན་ལས་འདས་པའི་སེམས་སེམས་ 3-1-140 ཅན་ལ་གདོད་མ་ནས་བཞུགས་པའི་ངེས་པ)འོ། ༨༧ ། ༈ ད་ནི་འཁོར་བར་ཞེས་པ་ལ་སོགས་པས་སེམས་ཅན་རྣམས་རང་གི་ལས་ཀྱི་འབྲས་བུ་ ལ་ཉེ་བར་ལོངས་སྤྱོད་པ་གསུངས་ཏེ། །འཁོར་བ་འདིར་སེམས་ཅན་བདེ་བའམ་སྡུག་བསྔལ་ བའམ་བདེ་བ་དང་སྡུག་བསྔལ་བ་(ཕུང་པོ་ལ་སོགས་པའི)རང་བཞིན་(དང་)ཡོན་ཏན་ལ་གནས་ནི་ སྔར་བརྗོད་པ(དྲི་ལ་སོགས་པ)འི་ཡོན་ཏན་ལ་གནས་པ་སྟེ་(ད་ནི་སེམས་ཅན)རང་གིས་(ལས་ཀྱི)བྱས་ པའོ། །ཞེས་པའི་དོན་ནོ། །ལས་ལས་སྐྱེས་པ་དེ་ནི་སྤྱོད་པ་སྟེ་ཞེས་པ་(བདེ་སྡུག་སྟེར་བ་པོ་དང་འཕྲོག་ པ་པོ་མེད་པས)རང་གིས་བྱས་པའི་ལས་ཀྱིས་བསྐྱེད་པ(འི་འབྲས་བུ་བདེ་སྡུག)ནི་ལས་ལས་སྐྱེས་པ་སྟེ་ (དེ་ལ)ལོངས་སྤྱོད་དོ་ཞེས་པའི་དོན་ཏོ། །(ལས)དེ་ཉིད་ནི་འདིར་ལུས་དང་ངག་དང་སེམས་ཀྱི་ དབང་གིས་རྣམ་པ་གསུམ་(རིམ་པ་ལྟར)སྟེ་རགས་པ་དང་ཕྲ་མོ་དང་ཞི་བ(ཞེས་བྱ་བ)འོ། །གཞན་ ཡང་(ལས་དང་ལས་མིན་གྱི་དབྱེ་བ)རྣམ་པ་གསུམ་སྟེ་(མུ་སྟེགས་བྱེད་ཀྱི་ལུགས་ལས་ཁྱད་པར་དུ་འཕགས་པ)ཁྱད་ པར་ཅན་གྱི་(སངས་རྒྱས་པའི་རྟེན་འབྲེལ་གྱི)ལས་དང་(མུ་སྟེགས་འདོད་པའི་ཐ་མལ་གྱི)ལས་དང་(བྱེད་པ་པོ་ཅན) ལས་མ་ཡིན་པ(རང་བཞིན་གྱིས་དག་པའི་མྱ་ངན་ལས་འདས་པ)འོ། །(གསུམ་པོ)དེ་རྣམས་ལས་གང་ཞིག་ (བྱེད་པོ་གཞན་ནི་མེད་ཀྱི)བདག་ཉིད་ནི་(ལས་འབྲས་ཀྱི)བྱེད་པ་པོའི་ཞེས་པའི་སེམས་བསྐྱེད་པ་(སྟེ་ འདོད་པའི་རྟེན་འབྲེལ་མི་བསླུ་བ་ཅན་གྱི་ལས)དེ་ནི་ཁྱད་པ་ཅན་གྱི་ལས་ཀྱི་མིང་ཅན་(དོན་ཡིན)ནོ། །གང་ ཞིག་བྱེད་པ་པོ་(བདག་ཉིད་ལས)གཞན་པ་ཕྱུགས་བདག་(དབང་ཕྱུག)གམ་(དེ་ལས)གཞན་(ཚངས་པ་ དང་ཁྱབ་འཇུག་ལ་སོགས་པ)ཡོད་པའི་སེམས་བསྐྱེད་པ་(སྟེ་འདོད་པར་བྱེད་པ་པོ་བྱས་པའི་ལས)དེ་ནི་ལས་ཀྱི་ མིང་ཅན་ནོ། །བྱེད་པ་པོ་བདག་གམ་གཞན་(གང་ཡང་ཡོད)པ་མིན་ཏེ་(གདོད་ནས་དག་པ་མྱང་འདས་ཀྱི་ སེམས)རང་བཞིན་རྣམ་པར་བྲལ་བ་(ཞེས་པ)ཕུང་པོ་〔དང་ཁམས་〕ལ་སོགས་པ(དངོས་པོ)འི་ཚོགས་པ་ དང་(གདོད་མ་ནས)བྲལ་བ(གནས་ལུགས་ཡོད་པ)ར་(དབུ་མ་པ)གང་ཞིག་སེམས་བསྐྱེད་པ་(སྟེ་འདོད་པ) དེ་ནི་(རྟེན་ཅིང་འབྲེལ་བར་འབྱུང་བ་ལས་འདས་པའི་ཕྱིར)ལས་མ་ཡིན་པའི་མིང་ཅན་ནོ། །དེ་ལྟར་ན་(སངས་ 3-1-141 རྒྱས་པའི)བདག་དང་(མུ་སྟེགས་པའི་དབང་ཕྱུག་པ་སོགས)གཞན་བྱེད་པ་པོར་འཛིན་པ་དང་བྲལ་བ་(རྣམ་ པར་དག་པའི་སེམས་དང་པོའི་སངས་རྒྱས)གང་ཡིན་པ་དེ་ནི་བྱེད་པ་པོས་བྱས་པའི་ལས་མ་ཡིན་ཞིང་ བྱེད་པ་པོ་ནི་རྒྱུར་གྱུར་པ་མ་ཡིན་པར་ཤེས་པ(རྟེན་འབྲེལ་ལས་འདས་པ)ར་བྱའོ། །ལས་ལས་སྐྱེ་ བ་(རྟེན་འབྲེལ་གྱི་དངོས་པོ)ནི་(རང་གི་རྒྱུ་རྐྱེན)ཚོགས་པའི་དབང་གིས་ཏེ་ཇི་ལྟར་སཱ་ལིའི་ས་བོན་ལས་ སཱ་ལི་འགྲུབ་པ་དེ་བཞིན་དུ་དགེ་བའི་ལས་ལས་དགེ་བའི་ལས་ཀྱི་འབྲས་བུ་འགྲུབ་པོ། །ཇི་ ལྟར་ཀོ་ཏྲ་པའི་ས་བོན་ལས་ཀོ་ཏྲ་བ་འགྲུབ་པ་དེ་བཞིན་དུ་མི་དགེ་བའི་ལས་ལས་མི་དགེ་བའི་ ལས་ཀྱི་འབྲས་བུ་འགྲུབ་སྟེ་(ཀུན་རྫོབ་ཏུ་ཡང་འབྲས་བུ་རྣམས)རང་ལས་མ་ཡིན་ཞིང་(བྱེད་པ་པོ)གཞན་ ལས་ཀྱང་མ་ཡིན་(ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ཡིན)ནོ། །ཞེས་(རང་གཞན་གྱི་ལྟ་བའི་སྐབས་སུ)འཆད་ པར་འགྱུར་བ་ལས་བརྗོད་པར་བྱའོ། །ལས་ཀྱི་འབྲས་བུའི་ངེས་པའོ། ༨༨ ། ༈ ད་ནི་དེ་ཕྱིར་ཞེས་པ་ལ་སོགས་པས་(དབང་ཕྱུག་ལ་སོགས་པའི)བྱེད་པ་པོ་མེད་པར་འབྲས་ བུ་(མི་བསླུ་བ)དང་བཅས་པའི་ལས་གསུངས་ཏེ་འཁོར་བ་འདིར་བྱེད་པ་པོ་འགའ་ཡང་སྲོག་ ཆགས་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་དག་ནི་མི་སྦྱིན་མི་འཕྲོག་སྟེ་གང་གི་ཕྱིར་(ལུས་ངག་ ཡིད་ཀྱི་ལས)རྣམ་པ་གསུམ་པོ་གང་བྱས་སྔོན་གྱི་ལས་རང་གིས་བྱས་པ་ནི་འབྲས་བུ་རབ་ཏུ་སྦྱིན་ པར་འགྱུར་བ་དེའི་ཕྱིར་(མུ་སྟེགས་པ་འདོད་པ་ལྟར)བྱེད་པ་པོ་འགའ་ཡང་(བདེ་སྡུག)མི་སྦྱིན་ཞིང་མི་ འཕྲོག་གོ་ཞེས་པའི་དོན་ཏོ། །སྐྱེད་དང་སྡུད་པའི་བྱེད་པ་པོ་〔དབང་ཕྱུག་ལ་སོགས་〕འདི་(སེམས་ཅན་གྱི་ བདེ་སྡུག)སྟེར་ཞིང་དེ་ནི་འཕྲོག་(གོ་སྙམ་)པ་〔ནི་མུ་སྟེགས་བྱེད་ལས་འབྲས་ལ〕རྨོངས་པ་རྣམས་ཀྱི་བློ་(འམ་ བསམ་པ)ཡིན་ཏེ། ཅིའི་ཕྱིར་ཞེ་ན་གང་ཞིག་རང་གི་ལུས་ལ་དཔག་མེད་དགེ་བ་འཕྲོག་པར་བྱེད་ པའི་(སྒོར་གྱུར་པའི་དབང་པོའི)བུག་པ་(རྣམས་ཡོད་ཀྱང་)རང་གི་དབང་པོ་དག་གིས་མཐོང་བ་མ་ཡིན་ ཏེ་〔སུས་མི་མཐོང་ན་〕རང་གི་དབང་པོ་ཕྱི་རོལ་ཏུ་ཡུལ་དྲུག་ལ་འཇུག་ཅིང་ནང་དུ་(ཆོས་ཉིད་འོད་གསལ) ཟག་པ་མེད་པའི་(ཡུལ་གཞན་ལ་ལོངས་སྤྱོད་པའི)བདེ་བ་དང་བྲལ་བ་(སྟོང་པ་ཉིད་ལ་ལྟ་བའི་སྤྱན་ལྔ་དང་མི་ 3-1-142 ལྡན་པ)རྣམས་ཀྱིས་སོ། །(དེས་ན་སེམས་ཅན་གྱི་བདེ་སྡུག་དབང་ཕྱུག་ལ་སོགས་པའི་བྱེད་པ་པོས་བྱས་པ་ནི་མ་ཡིན་གྱི་ རང་རང་གི་མིག་ལ་སོགས་པ་དབང་པོའི་སྒོ་ནས་རྣམ་ཤེས་ཡུལ་འཛིན་པ་ལ་ཞུགས་པས་ཉོན་མོངས་པ་སྐྱེས་ཤིང་དེ་ལ་བརྟེན་ ནས་ལས་བསགས་པས་འཁོར་བར་ལས་ཀྱི་འབྲས་བུ་བདེ་སྡུག་ལ་ལོངས་སྤྱོད་པ་ཡོན་ནོ། །ཞེས་པ་ནི)རང་གི་ལས་ཀྱི་ འབྲས་བུ་ཉེ་བར་ལོངས་སྤྱོད་པའི་ངེས་པའོ། ༨༩ ། ༈ ད་ནི་འདོད་པ་ཞེས་པ་ལ་སོགས་པས་འདོད་པ་ལ་སོགས་པའི་བྱེད་པ་པོ་〔རྣམས་རང་ བྱུང་ཡེ་ཤེས་དོན་དམ་པའི་དབྱིངས་ལ་〕ཕན་ཚུན་དངོས་པོ་ཡང་དག་པར་སྦྱོར་བ་མེད་པ་གསུངས་ཏེ། འདིར་འགྲོ་བ་སེམས་ཅན་རྣམས་ཀྱི་རང་གི་ཡིད་ལ་〔ནུས་པ་བཞི་ཡོད་པ་ལས་དང་པོ་〕འདོད་པའི་ནུས་ པ་གང་ཡིན་པ་(དེ)ནི་〚གཟུགས་སོགས་ཕྱི་རོལ་གྱི་〛དངོས་པོ་རྣམས་གསལ་བར་བྱེད་དེ་(དེ་རྣམས་ ལ)ཡིད་འཇུག་པར་བྱེད་དོ་ཞེས་པའི་དོན་ཏོ། །(གཉིས་པ)བྱ་བ(འི་ནུས་པ)ནི་དངོས་པོ་རྣམས་ལ་ (བླང་དོར་གྱི་བྱ་བ་ལ)འཇུག་པར་བྱེད་དོ། །(གསུམ་པ)ཤེས་པའི་ནུས་པ་ནི་(ཡུལ་དང་ཡུལ་ཅན་གྱི)དངོས་ པོ་རོ་མཉམ་(པ་སྟེ་ཤེས་པ་ཡུལ་ལ་ལྷག་པར་ཞེན་པའི)རྒྱུར་ནི་(ཡུལ་གྱི)དོན་ལ་(ཤེས་པ)ཉེ་བར་(ཏེ་ལྷག་པར) དམིགས་པར་བྱེད་དེ་(ཡུལ་གྱི)དོན་ངེས་པ་ནི་〔ཡུལ་ཅན་〕ཤེས་པ་ངེས་པ་(སྟེ་དོན་དང་ཤེས་པ་རོ་མཉམ་པ་ ལྟ་བུར་གྱུར་པ)ཞེས་པའི་དོན་ཏོ། །(ནུས་པ་བཞི་པ་ནི)སླར་ཡང་དོར་བ་སྟེ་སྔར་གྱི་ཤེས་པ(འི་ཤེས་པའི་ ནུས་པ་གསུམ་པོ་རང་བཞིན་གྱིས)དོར་བ་དག་ནི་(ནུས་པ)བཞི་པ་(འཇིག་རྟེན་ལས་འདས་པའི་ཕྱིར)སྲིད་གསུམ་ གྱིས་བཏུད་གཉིས་མེད་(རང་བྱུང་ཡེ་ཤེས)ཀྱིས་ངེས་པར་(ནུས་པ་སྔ་མ་གསུམ་ལས་མཆོག་ཏུ་གྱུར་པའི)རིམ་ པས་བྱེད་དོ་ཞེས་པ་(ནུས་པ་བཞི་པ་ནི་རང་བྱུང་ཡེ་ཤེས་དོན་དམ་བདེན་པ་ཡིན་ནོ་ཞེས་པ་སྟེ་དེ་རྣམས)ནི་ཡིད་ཀྱི་ ནུས་པ་བཞིའོ། །བཞི་པོ་དེ་རྣམས་ཀྱི་ནང་ནས་(ནུས་པ་བཞི་པ)གང་ཞིག་(གདོད་མ་ནས)རྣམ་པར་ དག་པའི་སེམས་ཀྱི་བདག་ཉིད་རྡོ་རྗེ་ཅན་(དང་པོའི་སངས་རྒྱས)ནི་(དངོས་པོ་རྣམས)གསལ་བ་དང་ འཇུག་པ་དང་རོ་མཉམ་རྒྱུར་དོན་ལ་ཉེ་བར་དམིགས་པ་(སྟེ་ནུས་པ་ཀུན་རྫོབ་པ་གསུམ་པོ)ཅུང་ཟད་ (ཀྱང་)མི་ཟ་(སྟེ་མི་འཛིན)ཞིང་(ཡེ་ཤེས་ཀྱི་བདག་ཉིད་ཡིན་པས)ཡེ་ཤེས་གཏོང་བའི་གཏོང་བ་མིན་པ་ཉིད་ 3-1-143 དོ་ཞེས་པ་སྟེ་འདོད་པ་ལ་སོགས་པའི་ངེས་པའོ། ༩༠ ། ༈ ད་ནི་བདག་ཅེས་པ་ལ་སོགས་པས་(ཀུན་རྫོབ་ཙམ་དུ་སེམས་ཅན་གྱི)བདེ་བ་དང་སྡུག་བསྔལ་ རབ་ཏུ་སྦྱིན་པར་བྱེད་པ་པོ་(དོན་ལ་གནས་པ་ཞིག)གསུངས་པ་འཁོར་བར་(ཕྱི་རོལ་པས་བཏགས་པའི) བདག་(ལ་སོགས་པ)ནི་བྱེད་པོ་སྡུག་བསྔལ་དང་བདེ་བ་དག་རབ་ཏུ་སྦྱིན་པ་པོ་དེར་འགྱུར་བ་ མིན་ནོ་མི་ཡི་བདག་སྲིད་པ་གསུམ་གྱི་གནས་ན་བདེ་བ་དང་སྡུག་བསྔལ་རབ་ཏུ་སྦྱིན་པ་པོ་ 〚དོན་ལ་གནས་པ་ཞིག་〛འགའ་ཡང་ཡོད་པ་མ་ཡིན་ཏེ་སེམས་ཀྱི་ནུས་པ་རྣམ་པར་སྤངས་ ནས་སོ(དེ་སེམས་ཀྱི་ནུས་པ་ལས་གཞན་པའི་བྱེད་པ་པོ་འགའ་ཡང་མེད་ཅེས་པའོ)། །འདིར་སེམས་ཀྱི་ནུས་པ་ནི་ སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་མཚན་ཉིད་དེ་དེ་རྣམས་ཀྱི་གཙོ་ བོ་ནི་བཞི་པ་(མངལ་དུ་སེམས་ཅན་གྱི་ལུས)སྐྱེ་བ་དང་(དུས་ཕྱིས་ལུས)འགག་པ(སྟེ་འཇིག་པ)འི་ཆོས་ཅན་ གྱི་གནས་སྐབས་(ཀྱི་འཕོ་བའི་བག་ཆགས)ཏེ་སེམས་ཀྱི་ནུས་པ་(བཞི་པའི་གནས་སྐབས)དེ་རྣམས་པར་ སྤངས་ནས་(ཏེ་དེ་མ་གཏོགས་པའི)བདག་ནི་བྱེད་པོ་བདེ་དང་སྡུག་བསྔལ་རབ་ཏུ་སྦྱིན་པ་པོ་གཞན་ འགའ་ཡང་མེད་དོ་ཞེས་པའོ། །སེམས་ཅན་རྣམས་ཀྱི་(ལུས་འདོར་ལེན་གྱི་གནས་སྐབས་ཀྱི)ཁུ་བ་འཕོ་ བ་སྤངས་ནས་བཅིངས་པ་དང་གྲོལ་བ་གཞན་(ཕྱི་རོལ་པས་བཏགས་པའི་བདག)འགའ་ཡང་ཡོད་པ་ མ་ཡིན་ཏེ། འཁོར་བའི་སེམས་སྤངས་ནས་སོ་ཞེས་པའི་དོན་(ཏེ་སེམས་ཀྱི་ནུས་པ་འཕོ་བའི་བག་ཆགས་ ནི་ཀུན་རྫོབ་ཏུ་བདེ་སྡུག་གི་བྱེད་པ་པོ་ཡིན་ནོ་ཞེས་པའི་དོན་)ཏོ། ། ༈ (འོ་ན་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་གནས་པའི་སེམས་ཀྱི་རང་བཞིན་འོད་གསལ་ལ་བཅིངས་པ་དང་གྲོལ་ བ་ཡོད་དམ་མེད་ཅེ་ན་རང་བཞིན་གྱི)མྱ་ངན་ལས་འདས་པ(དོན་དམ་པ)འི་(བྱང་ཆུབ་ཀྱི)སེམས་(དང་པོའི་སངས་ རྒྱས)འཁོར་བ་ལས་འདས་པ་ཐམས་ཅད་ཀྱི་ལུས་ལ་གནས་པ་(རང་གི་ལུས་ལ་སངས་རྒྱས་བཞུགས། ། གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་སྒྲིབ་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །རྟོག་པ་ ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་ཆེན་པོ་ལུས་ལ་གནས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་ 3-1-144 མིན། །ཞེས་སཾ་པུ་ཊིར་གསུངས་པ་ལ་སོགས་དོན་རང་བྱུང་གི་ཡེ་ཤེས་ཏེ་དེ)ནི་གང་གིས་ཀྱང་མ་བཅིངས་ཤིང་མ་ བཀྲོལ་བའོ(ཞེས་པ་དེ་བཞིན་གཤེགས་པའི་སྙིང་པོའི་ངེས་པའི་དོན་ཏོ)། །བུམ་པའི་ནང་དུ་ཆུ་ནི་ལེན་པར་ བྱེད་པ་ན་ཡང་(དེའི་ནང་གི)ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ ཅན། །(དང་པོའི་སངས་རྒྱས་ལུས་ཅན་ཐམས་ཅད་ལ་བཞུགས་པ་ཡང་ལུས་གཡོ་མེད་དེ་ནི་མི་གཡོ)ཞེས་པ་སྟེ་(དེ་ནི་ གདོད་མ་ཉིད་ནས་རྣམ་ཐར་བཞིའི་བདག་ཉིད་དུ་གནས་པས)སྟོང་པ་ལ་སོགས་པའི་རྣམ་པར་ཐར་པས་(གདོད་ ནས)རྣམ་པར་དག་པའི་(དོན་དམ་བྱང་ཆུབ་ཀྱི)སེམས་(རང་བཞིན་འོད་གསལ་བའི་ཡེ་ཤེས)ནི་མཁའ་ཡི་རྡོ་ རྗེ་ཅན་ནོ། །(དེ་ནི)ཡུལ་དང་རྣམ་པར་བྲལ་བ་ཞེས་པ་(ཉི་ཟླའི)ཡོན་ཏན་(བརྒྱད)མེད་པ་སྟེ་(འདིར་ ཡོན་ཏན་ནི་སྒྲ)དེ་ཙམ་ལ་སོགས་པ་(ལྔ)དང་(ཉི་མའི་ཡོན་ཏན)སྙིང་སྟོབས་དང་རྡུལ་དང་མུན་པ་དང་ བྲལ་བ་ནི་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པ་དང་བྲལ་བ་ཞེས་པའི་ དོན་ཏེ་(དངོས་པོའི)རང་བཞིན་མེད་པ་(སེམས་ཅན་ཐམས་ཅད་ཀྱི)ལུས་ཀྱི་དབུས་སུ་(བུམ་པའི་ནང་གི་ནམ་ མཁའ)དེ་བཞིན་(དུ་གནས་ཀྱང་གཡོ་བ་མེད་པ་ཡིན)ནོ། །རྟག་པ(འི་མཐའ་འདུས་བྱས་ཀྱི)་དངོས་པོ་(བདེན་པ) དང་ཆད་པ(འི་མཐའ)་དངོས་པོ་མེད་པ་སྟེ་(གང་དུ་ཡང་མ་གྲུབ་པའི་སྤྲོས་པའི་མཐའ)དེ་དག་གང་ལ་མེད་ པ་(དོན་དམ་པའི་བདེན་པ་ཆོས་ཉིད་འོད་གསལ་གཞན་སྟོང་)དེ་ནི་རྡོ་རྗེ་ཅན་(དང་པོའི་སངས་རྒྱས)ཏེ་(རང་བཞིན་ གྱི)རྣམ་པར་དག་པའི་(དོན་དམ་བྱང་ཆུབ་ཀྱི)སེམས་སོ། །ཞེས་པའི་དོན་ཏོ། །(བུམ་པ་ལྟ་བུ་ནི)འཁོར་ བ(འི་སེམས)དང་(བུམ་པའི་ནང་གི་ནམ་མཁའ་ལྟ་བུ་ནི)མྱ་ངན་ལས་འདས་པའི་སེམས་〔གཉིས་ཀྱི་བདེན་པ་ གཉིས་ཀྱི་ཁྱད་པར་གྱི་〕ངེས་པའོ(དེ་ལྟར་སེམས་ཅན་ཐམས་ཅད་ལ་གདོད་མ་ཉིད་ནས་མྱ་ངན་ལས་འདས་པའི་སེམས་རང་ བྱུང་གི་ཡེ་ཤེས་ནི་རྟག་ཆད་ཀྱི་མཐའ་དང་བྲལ་ཡང་འགྱུར་བ་མེད་པའི་དེ་བཞིན་ཉིད་ཡིན་པས་རང་བཞིན་རྟག་པ་ཉིད་ཡིན་ནོ། ། དེའི་ཕྱིར་རྟག་པ་ཡིན་པ་ལ་རྟག་པའི་མཐའ་ཡིན་པས་མ་ཁྱབ་ཅིང་ཡོད་པ་ལ་ཡང་ཡོད་པའི་མཐའ་ཡིན་པས་མ་ཁྱབ་པོ། །དེས་ ན་རྟག་པའམ་ཡོད་པའི་མཐའ་ནི་འདུས་བྱས་ཀྱི་དངོས་པོ་རྟག་པ་དང་དོན་དམ་པར་ཡོད་པ་ལ་བྱ་སྟེ་དེ་ལྟ་མ་ཡིན་ན་ནི་ངེས་པའི་ དོན་གྱི་གསུང་རབ་མང་པོ་ལས་ཆོས་ཀྱི་སྐུ་དང་རང་བཞིན་རྟག་པ་ཡིན་པར་གསུངས་པ་རྣམས་རྟག་པའི་མཐར་ལྷུང་པའི་སྐྱོན་ 3-1-145 ཆེན་པོར་འགྱུར་རོ། །དིང་སང་གི་དབུ་མ་པ་ཁས་འཆེ་བ་མང་པོས་ནི་སྤྲོས་པའི་མཐའ་ངོས་མི་ཟིན་པའི་ཕྱིར་མཐའ་བྲལ་གྱི་དོན་ སྨྲ་བ་ནི་མུ་ཅོར་ཙམ་དུ་ཟད་དོ)། ༩༡ ། ༈ ད་ནི་དེ་ལྟར་ཞེས་པ་ལ་སོགས་པ་〔རྟེན་འབྲེལ་གྱི་〕ལས་སྨྲ་བ་གསུངས་ཏེ་དེ་ལྟར་བརྗོད་ པའི་རིམ་པས་(ཀུན་རྫོབ་ཏུ་)ལས་(འབྲས)ཡོད་པར་སྨྲ་བ་པོ་དང་(ཚངས་པ་ལ་སོགས་པའི)བྱེད་པ་པོ་ མེད་པར་སྨྲ་བ་པོ་དང་(གང་ཟག་དང་ཆོས་ཀྱི)བདག་མེད་པར་སྨྲ་བ་པོར་འགྱུར་བ་ནི་བཅོམ་ལྡན་ འདས་(དོན་དམ་པ་ཆོས་ཀྱི་སྐུ)རྣམ་པར་དག་པའི་སེམས་ཀྱི་བདག་ཉིད་(བདེན་པའི་དངོས་པོ་དེ)ཡོད་ (པའི་མཐའ)མིན་མེད་མིན་(ལ)ཡོད་མེད་(གཉིས་ཀའི་མཐའ་ཡང་)མིན་གཉི་གའི་བདག་ཉིད་མིན་ པ(འི་མཐའ)འང་མིན་པ་(ཆོས་ཀྱི་འཁོར་ལོའི་བདག་ཉིད་དུ་བཞུགས་པ)ཁམས་གསུམ་གྱི་སྟོན་པ་གཅིག་པུ་ དེ་ནི་(སེམས་ཅན་གྱི་བདེ་སྡུག་སྟེར་བ་དང་འཕྲོག་པའི)བྱེད་པོ་མིན་ཏེ་(དེ་ནི)ཀུན་མཁྱེན་དང་པོའི་སངས་ རྒྱས་(སྐུ་བཞིའི་བདག་ཉིད)ཐམས་ཅད་མཁྱེན་པ་ཉིད་(དག་པའི་སྐུ་)དང་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་(སྤྲུལ་སྐུ་)དང་ལམ་མཁྱེན་པ་ཉིད་(ལོངས་སྐུ་)དང༌། ལམ་གྱི་རྣམ་པ་མཁྱེན་པ་ཉིད་(ཆོས་ སྐུ་)ཐོབ་པ་སྲིད་གསུམ་གྱིས་བཏུད་དུས་ཀྱི་འཁོར་ལོ་ཟག་པ་མེད་པའི་བདེ་བ་(དང་སྟོང་པ་ཉིད) རྣམ་པ་ཐམས་ཅད་པ(དབྱེར་མེད་པ)འི་ཆོས་ཅན་ཡིན་གྱི་(མུ་སྟེགས་འདོད་པ་ལྟར)འཁོར་ལོ་ཅན་ཁྱབ་ མཇུག་ནི་(ཐམས་ཅད་མཁྱེན་པ་ཆོས་སྟོན་པ་པོ)མ་ཡིན་ནོ། །(དེ)ཅིའི་ཕྱིར་ཞེ་ན་(འཇིག་རྟེན་པ་ཡིན་པའི་རྒྱུ་ མཚན)གང་ལས་ཚངས་པ་ཁྱབ་འཇུག་དྲག་པོ་དག་ཀྱང་གང་གི་ཞབས་ཀྱི་ཆུ་སྐྱེས་དྲུང་དུ་ལྷག་ པར་སྐྱབས་འགྲོ་བ་དུས་ཀྱི་འཁོར་ལོ་(དང་པོའི་སངས་རྒྱས)དེ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་(སུ་ ལ་ཕྱག་འཚལ་ནས)འཇམ་དཔལ་བདག་སྟེ་(ཕྱག་གི་ཡུལ་དེ་ཡང་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དབྱེར་མེད་ པའི་ཚུལ་གྱིས)རྒྱལ་བ་མཆོག་(མི་བསྐྱོད་པ་ལ་སོགས་པ་རྣམས)སྐྱེད་(པར་མཛད་པ་རྡོ་རྗེ་སེམས་དཔའ་རྡོ་རྗེ་ཟླ་ཉིའི) ཡོན་ཏན་(བརྒྱད་པོ་གདོད་ནས)མེད་ཅིང་རྣམ་རྟོག་མེད་པ་ནི་སྔར་བརྗོད་པའི་མཚན་ཉིད་དོ། །(ཀུན་ རྫོབ་རྟེན་འབྲེལ་གྱི་ཆོས་ཐམས་ཅད་རང་རང་ངོ་བོ་སྟོང་པའི་སྟོང་པ་ཉིད་དང་དོན་དམ་པའི་ཆོས་ཉིད་འོད་གསལ་རྣམ་པ་ཐམས་ 3-1-146 ཅད་པའི་སྟོང་པ་ཉིད་དང་པོའི་སངས་རྒྱས་ནི་འདུས་བྱས་སྤྲོས་པའི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞན་སྟོང་ཡིན་པ་ནི)སྟོང་ པ་ཉིད་སྨྲ་བ་པོ(དེ་བཞིན་གཤེགས་པ)འི་ངེས་པའོ། ༩༢ ། ༈ ད་ནི་ཞི་བ་ཞེས་པ་ལ་སོགས་པས་འཆི་བའི་མཐར་(དགེ་བ་དང་མི་དགེ་བའི)བསམ་པའི་ དབང་གིས་(འགྲོ་བ་བཟང་པོ་དང་ངན་པར)སྐྱེ་བ་གསུངས་པ་འཁོར་བ་འདིར་སེམས་ཅན་རྣམས་ཀྱི་ རང་གི་ལས་ཀྱི་དབང་གིས་སྙིང་སྟོབས་ཀྱི་ཡོན་ཏན་ལ་སོགས་པའི་བསམ་པ་སྟེ་བསམ་པ་ དེ་ལས་སྐྱེ་བའོ། །འདིར་འཆི་བའི་དུས་སུ་(སྔར་གྱི)དགེ་བའི་ལས་ཀྱི་དབང་གིས་ཞི་བའི་ བསམ་པར་འགྱུར་ཏེ། (གཅིག་ཏུ་རྣམ་པར་དཀར་བ)སྙིང་སྟོབས་ཀྱི་ཡོན་ཏན་གྱི་བདག་ཉིད་དོ། ། བསམ་པ་དེ་སྐྱེས་པར་གྱུར་ན་ཤི་བའི་མཐར་ལྷ་ཉིད་དུ་འགྱུར་རོ། །མི་ཡི་བདག་པོ་ཞེས་པ་ ནི་ཟླ་བ་བཟང་པོ་ལ་བོད་པའོ། །(སྔར་གྱི)མི་དགེ་བའི་དབང་གིས་(འཆི་བའི་དུས་སུ)བསམ་པ་དྲག་ པོ(ཞེ་སྡང་ལ་སོགས་པ་སྐྱེ་བ)ར་འགྱུར་ཏེ་〔གཅིག་ཏུ་གནག་པ་〕མུན་པའི་ཡོན་ཏན་གྱི་བདག་ཉིད་དོ། །མུན་ པའི་བསམ་པ་དེ་ལ་དམྱལ་བ་ཉིད་དུ་འགྱུར་རོ། །མི་དགེ་བ་འབྲིང་བོའི་དབང་གིས་རྡུལ་གྱི་ བསམ་པ་སྟེ་(ཕལ་ཆེར་གནག་པ)རྡུལ་གྱི་བསམ་པ་དེར་གྱུར་ན་ཤི་བའི་མཐར་དུད་འགྲོ་ཉིད་དུ་ འགྱུར་རོ། །རབ་མཆོག་ས་ཡི་སྟེང་དུ་མི་ཉིད་དག་ནི་འདྲེས་པ་ལ་སྟེ་(འཕེན་བྱེད)དགེ་བ་དང་ (རྫོགས་བྱེད་ཕལ་ཆེར)མི་དགེ་བ་འདྲེས་པ་མི་ཉིད་དུ་འགྱུར་རོ། །འབྱུང་པོ་(ཡི་དྭགས་སུ་འགྲོ་བ)ཉིད་ནི་ རྣམ་པ་གསུམ་སྟེ་རྡུལ་དང་མུན་པ་དང་ནི་སྙིང་སྟོབས་ཕན་ཚུན་འདྲེས་པ་ལའོ། །འདིར་སྙིང་ སྟོབས་ལྷག་པ(འི་བསམ་པ)ལ་ཡི་དྭགས་མཆོག་དང་རྡུལ་ལྷག་པ〔འི་བསམ་པ〕་ལ་འབྲིང་པོ་དང༌། མུན་པ〔འི་བསམ་པ〕་ལྷག་པ་ལ་ཐ་མའོ། །(ལྷ་མ་ཡིན་རྣམས་ཀྱང་སྔོན་ལྷ་ཡིན་ནོ་ཞེས་མདོ་ལས་འབྱུང་པ་ལྟར)ལྷ་ མ་ཡིན་རྣམས་ནི་ལྷའི་ནང་དུ་འདུས་པ་ཉིད་དོ། །དེ་བཞིན་དུ་མི་རྣམས་ནི་སྙིང་སྟོབས་ལྷག་ པ〔འི་བསམ་པ〕་ལ་བདེ་བ་དང་ལྡན་པ་དང་རྡུལ་ལྷག་པ〔འི་བསམ་པ〕་ལ་བདེ་བ་དང་སྡུག་བསྔལ་ དང་ལྡན་པ་དང་མུན་པ་ལྷག་པ〔འི་བསམ་པ〕་ལ་རྟག་ཏུ་སྡུག་བསྔལ་དང་ལྡན་པའོ། །དེ་ 3-1-147 བཞིན་དུ་མཐོ་རིས་(དང་མི་ཡུལ)ལ་སོགས་པ་ཐམས་ཅད་དུ་ཡང་སེམས་ཅན་རྣམས་ཀྱི་རང་གི་ ལས་ཀྱི་དབང་གིས་{ལས་ཀྱི་}འབྲས་བུ་རྣམ་པར་སྨིན་པ(འི་བྱེ་བྲག)དཔག་ཏུ་མེད་པར་འགྱུར་ རོ། །དེའི་ཕྱིར་(སྔར་གྱི་ལས་ཀྱི་དབང་གིས)འཆི་བའི་དུས་སུ་ཡིད་ཀྱི་བསམ་པ་གང་ཞིག་དྲན་པར་ གྱུར་བ་དེར་ནི་སྐྱེ་བོ་ཡང་དག་སྐྱེ་ཞེས་པ་སྟེ་(འཆི་བའི་དུས་ཀྱི)བསམ་པ་(སྟོབས་ལྡན)སྐྱེ་བའི་ངེས་ པའོ། ༩༣ ། ༈ ད་ནི་ལྷ་ཉིད་ཅེས་པ་ལ་སོགས་པས་ལྷ་(བརྒྱད)ལ་སོགས་པ( སྲིད་པ་བཅུ་བཞི)འི་དབྱེ་བ་ གསུངས་ཏེ་འདིར་ལྷ་ཡི་མཆོག་གི་གནས་མཐོ་རིས་སུ་ལྷ་ཉིད་བརྒྱད་ཀྱི་དབྱེ་བ་དག་གིས་ འགྱུར་ཏེ། (གཟུགས་ཁམས་སུ་སྐྱེ་བའི་ལས)ཟད་པར་ས་དང་ཟད་པར་ཆུ་དང་ཟད་པར་མེ་དང་ཟད་ པར་རླུང་དང་(གཟུགས་མེད་དུ་སྐྱེ་བའི་ལས)ཟད་པར་སྟོང་པ་དང་(འདོད་ལྷ་དྲུག་ཏུ་སྐྱེ་བའི་ལས)ཟད་པར་ ཟླ་བ་དང༌། ཟད་པར་ཉི་མ་དང་ཟད་པར་སྒྲ་གཅན་ཞེས་བྱ་བ་བསྒོམས་པ་དང་(ཟད་པར་ཞེས་བྱ་བ་ ནི་ཐམས་ཅད་ཀྱི་དོན་ནོ)སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་སྟོབས་དང༌། མི་དགེ་བ་བཅུ་ཡོངས་ སུ་སྤངས་པ་སྟེ་ལྷ་ཉིད་བརྒྱད་ཀྱི་དབྱེ་བ་དག་གིས་འགྱུར་རོ། །མི་(རིགས)ཉིད་གཅིག་ནི་ཇི་ ལྟ་བ་ཁམས་དྲུག་གི་བདག་ཉིད་དོ། །དུད་འགྲོ་དག་ཀྱང་ཆུ་གཏེར་རྣམ་པ་སྟེ་ཁམས་དྲུག་གི་ བདག་ཉིད་ཅན་(སྐྱེ་གནས་བཞིའི་དབྱེ་བས)རྣམ་པ་བཞིའོ། །དམྱལ་བའི་འགྲོ་བར་དམྱལ་བ་ཉིད་ ནི་དེ་བཞིན་(རིགས)གཅིག་སྟེ་ཁམས་དྲུག་གི་བག་ཆགས་ལས་བྱུང་བ(འི་སྣང་བ)རྨི་ལམ་དང་ མཚུངས་པའོ། །ལྷ་མ་ཡིན་ཉིད་ནི་ལྷའི་ནང་དུ་འདུས་སོ། །ཡི་དྭགས་ཉིད་ནི་དམྱལ་བའི་ནང་ དུ་འདུས་ཏེ་སྡུག་བསྔལ་ལ་ཉེ་བར་ལོངས་སྤྱོད་(དམྱལ་བ་དང་མཚུངས)པའི་ཕྱིར་རོ། །(དེ་ལྟར་ན་ལྷའི) སྐྱེ་བ་བརྒྱད་དང་(མིའི་སྐྱེ་བ)གཅིག་དང་(དུད་འགྲོའི་སྐྱེ་བ)བཞི་དང་(དམྱལ་བའི་སྐྱེ་བ)གཅིག་སྟེ་གནས་ བཅུ་བཞི་པོ་འདི་རྣམས་སུ་རོ་ཡི་འགྲོ་བར་ཞེས་པ་འགྲོ་བ་དྲུག་ཏུ་སྐྱེ་བོ་ཀུན་གཞིའི་རྣམ་པར་ ཤེས་པའི་ཆོས་ཅན་འཁོར་དེ་〔རང་རང་གི་〕ལས་ཀྱི་ཞགས་པས་ངེས་པར་བཅིངས་པ་རྣམས་སྐྱེ་བ་ 3-1-148 འབུམ་ཕྲག་དུ་མས་ལས་ཀྱི་ཞགས་པ་ལས་གྲོལ་བ་མིན་ཞིང་ཐར་པ་མཆོག་གི་བདེ་བའི་གོ་ འཕང་དུ་འགྲོ་བ་མིན་ནོ། །སེམས་ཅན་གྱི་བསམ་པའི་དབང་གིས་ལྷ་ལ་སོགས་པའི་དབྱེ་བ་ ངེས་པའོ། ༩༤། ༈ ད་ནི་ཕུང་པོ་ཞེས་པ་ལ་སོགས་པས་འཆིང་བའི་རྒྱུ་གསུངས་ཏེ་(གང་དུ་འཆིང་ན)འགྲོ་བ་ དྲུག་གི་འཁོར་བ་འདིར་(གང་འཆིང་ན)འཚོ་བ་སྟེ་སྲོག་(དང་བཅས་པའི)ཀུན་གཞི་རྣམ་པར་ཤེས་ པ(རྣམ་པར་སྨིན་པ)འི་ཆོས་ཅན་བཅིངས་ཏེ་འཁོར་རོ། །གང་གིས་(འཆིང་)ཞེ་ན་ཕུང་པོ་དང་འབྱུང་ བ་དང་ཁམས་དྲུག་དང་དབང་པོ་དང་རྣམ་གསུམ་སྲིད་པ་འཇིགས་(སུ་རུང་)པ་དེ་ཙམ་སྟེ་ཡུལ་ དྲུག་དང་ལས་ཀྱི་དབང་པོ་ལྔ་དང་ལས་ཀྱི་སྐྱོན་དགེ་བ་དང་{མི་དགེ་བ་དང་}ཡོན་ཏན་(གསུམ) དང་བཅས་(པའི)ཡིད་དང་བློ་(རྣམ་ཤེས་ཚོགས་དྲུག)དང་(རྟག་ཏུ)ངར་འཛིན་(པ་ཉོན་ཡིད)ལ་སོགས་ ཏེ་སོགས་པའི་སྒྲས་སྲོག་(རླུང་)གི་ནུས་པ་དང་རྩ་བའི་རང་བཞིན་ནོ། །(བཞི་པའི་གནས་སྐབས་ཏེ) འདི་རྣམས་ཀྱིས་བཅིངས་འཚོ་བ་(སྟེ་སྲོག་དང་བཅས་པའི་ཀུན་གཞི་རྣམ་ཤེས)དག་ནི་རོ་ཡི་འགྲོ་བར་ འཁོར་ཏེ་(འཆིང་བ)ཕྲ་མོའི་དངོས་པོ་དག་གིས་སླར་ཏེ་སླར་ཡང་(འཆིང་སྟེ་ཕྲ་མོ་ཞེས་པ)འཕོ་བའི་ དགའ་བས་སོ། །འཆིང་བ་ཕྲ་མོ་དང་རགས་པའི་དངོས་པོ་སྟེ་(དེ་དག་ལས་རགས་པ་ནི)སད་པ་ དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་(སྟེ་གསུམ)དང་(ཕྲ་མོ་ནི)བཞི་པའི་མཚན་ཉིད་དོ། །(འཆིང་ བའི)དངོས་པོ་འདི་དག་(ཡན་ལག་དྲུག་གི་རྣལ་འབྱོར་གྱིས)སྤངས་ན་མི་ཟད་(པ)མཆོག་(གམ་གཞན་ནམ་ཕ་ རོལ)གི་གནས་(བདེ་བ་ཆེན་པོའི་དབྱིངས)སུ་རབ་ཏུུ་འགྲོ་སྟེ་གང་དུ་སོན་ན་སླར་ཡང་གང་དུ་སྐྱེ་ལྡན་ འཁོར་བ་པར་འགྱུར་པ་མིན་ནོ། །འཁོར་བའི་བག་ཆགས་མ་རིག་པའི་(སྦུབས་དང་དེ་ལས་གྲོལ་བ་ ཐོབ་པའི)ངེས་པའོ། ༩༥ ། ༈ ད་ནི་ཡན་ལག་དང་བཅས་ཞེས་པ་ལ་སོགས་པས་(མ་རིག་པ)འདིའི་གཉེན་པོ་རིག་པ་ གསུངས་ཏེ་འཁོར་བ་འདིར་འཇིག་རྟེན་གྱི་ཐ་སྙད་ལ་རིག་པ་(ཞེས་གྲགས་པ)གང་ཡིན་པ་ 3-1-149 དེ་ནི་དོན་དམ་པ་དེ་ཁོ་ན་ཉིད་ཀྱི་ཡུལ་ལ་རིག་པ་མ་ཡིན་ནོ། །(འཇིག་རྟེན་ལ་གྲགས་པའི་རིག་པ་ནི) དང་པོར་ཡན་ལག་དང་བཅས་རིག་བྱེད་དེ་ཡན་ལག་དྲུག་དང་བཅས་པའོ། །ཡན་ལག་(དྲུག་ པོ)རྣམས་ཀྱང་མདོ་དང་དབྱངས་ཀྱིས་བསྙད་པ་དང་ལུང་སྟོན་པ་དང་སྡེབ་སྦྱོར་དང་ངེས་ཚིག་ དང་སྐར་རྩིས་ཏེ་(ཡན་ལག)འདི་རྣམས་དང་བཅས་པའོ་ཞེས་པའི་དོན་ཏོ། །དེ་ཡང་དྲན་པའི་ གཞུང་དང་བཅས་ཏེ་དྲན་པ་(དྲང་སྲོང་)ནི་ཤེད་པུ་ལ་སོགས་(པས་བྱས)པའི་གཞུང་རྣམས་སོ། །དེ་ རྣམས་དང་བཅས་པ་སྟེ་ཡང་དག་པར་ལྡན་པའོ། །རྟོག་གེ་ནི་འཇིག་རྟེན་པའི་དངོས་པོ་རབ་ ཏུ་འཇལ་བ(ཐ་སྙད་པའི་ཚད་མ)འི་བསྟན་བཅོས་རྣམས་སོ། །གྲུབ་པའི་མཐའ་ནི་འཇིག་རྟེན་པའི་ དངོས་གྲུབ་སྒྲུབ་པར་བྱེད་པ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པས་ སྒོམ་པའི་ཆོས་ཅན་ཏེ་དེ་རྣམས་དང་ལྡན་པ་ཞེས་པ་ཁྱད་པར་དུས་བྱས་པའོ། །དེ་བཞིན་དུ་ འཇིག་རྟེན་དུ་སྙན་ངག་མཁན་པོ་རྒྱས་པ་མེ་ལ་སོགས་པ་རྣམས་ཀྱིས་བྱས་པའི་བསྟན་བཅོས་ གཞན་ཡང་རིག་པ་མིན་(ཏེ་དེ་རྣམ་ཤེས་ཆོས་ལས་འདས)ཞེས་པ་སྟེ་(དྲང་སྲོང་)རྒྱས་པའི་སྙན་ངག་བྷཱ་ར་ ཏ་དང་མེ(བཞིན་འཇུག་གི་བུ)འི་སྙན་ངག་སྒོམ་པའི་ཆོས་དང་སོགས་པའི་སྒྲས་གྲོག་མཁར་གྱི(ས་ བྱས་པའི)སྙན་ངག་རཱ་མཱ་ཡ་ན་(ཞེས་རཱ་མཱ་ན་དང་བཙུན་མོ་རོལ་རྙེད་མའི་ལོ་རྒྱུས་སྙན་ངག་དུ་བྱས་པ)དང༌། མརྐཎ་ ཌེ་ཡ〔ས་བྱས་པ〕འི་སྙན་ངག་སྔོན་རབས་ཀྱི་ཆོས་(དང་དབྱུག་པ་ཅན་གྱི་སྙན་ངག་མེ་ལོང་)ལ་སོགས་པ་ རྣམས་བཟུང་སྟེ་སྙན་ངག་མཁན་འདི་དག་གིས་བྱས་པ་ནི་རིག་པ་མ་ཡིན་(ཏེ་དེ་ཐམས་ཅད་རྣམ་ ཤེས་ཀྱི་ཆོས་ལས་མ་འདས་པའི་ཕྱིར། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་གསུངས་པ་ བཞིན)ནོ〔གསང་འདུས་རིམ་ལྔའི་འགྲེལ་བར་ཀླུ་བྱང་གིས་དྲངས་པ་མུ་སྟེགས་རང་གཞུང་དུ། བསླབ་དང་རྟོག་དང་བརྡ་སྤྲོད་ དང༌། །ངེས་ཚིག་སྐར་མའི་གནས་ཤེས་དང༌། །སྡེབ་སྦྱོར་བསྡུ་བ་དྲུག་པ་སྟེ། །རིག་བྱེད་ཡན་ལག་དྲུག་པར་འདོད། །ངེས་ཚིག་ མཆོད་སྦྱིན་སྙན་ཚིག་དང༌། །དེ་བཞིན་སྲིད་བསྲུང་བཞི་པ་སྟེ། །རིག་པའི་གནས་ནི་ཐམས་ཅད་དུ། །རིག་བྱེད་བཞིར་ནི་བརྗོད་པ་ ཡིན། །རིག་བྱེད་ཡུལ་ལ་དཔྱོད་བྱེད་པའི། །བདག་ཉིད་ཅན་ནི་དཔྱོད་པ་ཡིན། །རིག་པའི་བསྟན་བཅོས་རྟོག་པ་ཡིན། །དེ་ཡང་ 3-1-150 ལྷ་དྲུག་རིམ་པ་ལས། །གྲངས་ཅན་མཆོད་འོས་རིགས་པ་ལ། །འཇིག་རྟེན་རྒྱང་ཕན་བདེ་གཤེགས་པ། །དེ་བཞིན་དུ་ནི་དཔྱོད་པ་ ཅན། །དེ་རྣམས་ཡན་ལག་བཞི་རུ་བསྒྲགས། །སྔོན་འབྱུང་གཏམ་ནི་སྟོན་བྱེད་པའི། །མཚན་ཉིད་ཅན་ནི་སྔོན་རབས་ཡིན། །འཇིག་ རྟེན་འདོད་ཆགས་བྲལ་བའི་ཕྱིར། །བསྟན་པའི་ཆོས་ཀྱི་བསྟན་བཅོས་སོ། །དེ་རྣམས་ནི་རིག་པའི་གནས་བཅུ་བཞི་སྟེ། ཡན་ལག་ རྣམས་དང་རིག་བྱེད་བཞི། །དཔྱོད་ཅན་རིག་པ་རྒྱས་པ་དང༌། །སྔོན་རབས་ཆོས་ཀྱི་བསྟན་བཅོས་ཏེ། །དེ་རྣམས་རིག་པ་བཅུ་བཞི་ ཡིན། །ཞེས་བཤད་པ་རྣམས་སོ〕། །འོ་ན་རིག་པ་གང་ཡིན་ཞེ་ན་སྨྲས་པ་རིག་པ་ཞེས་པ་རྣམ་པར་མི་རྟོག་ པ་ནང་གི་རིག་པ་སྟེ་རྣམ་པ་ཐམས་ཅད་དང་ལྡན་པའི་(དོན་དམ)སྟོང་པ་(ཤེས་རབ་ཨེ་ཡིག)ཉིད་ དོ། །གཞན་ཡང་འགྱུར་མེད་ཀྱང་རིག་པ་སྟེ་དམིགས་པ་མེད་པ(འི་སྙིང་རྗེ་ཆེན་པོ)ཟག་པ་མེད་ པའི་བདེ་བའི་བདག་ཉིད་ཅན་(ཐབས་ཝཾ་ཡིག་ཡིན)ནོ། །(དེས་ན)རིག་པ་ནི་རྒྱུ་དང་འབྲས་བུ(དབྱེར་ མེད་པ)འི་བདག་ཉིད་ཅན་(ཏེ)རྒྱུ་(སྟོང་གཟུགས)དང་འབྲས་བུ་(མི་འགྱུར་བའི་བདེ་བ)གཅིག་ཏུ་(གདོད་མ་ ཉིད་ནས)འདྲེས་པར་གྱུར་པ་(དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ)སྟེ་མེའི་འོད་དང་སྲེག་པར་བྱེད་པ་ གཅིག་ཏུ་འདྲེས་པར་གྱུར་པ་བཞིན་ནོ། །འཇིག་རྟེན་འདིར་ནི་འདས་པ་དང་ད་ལྟར་བྱུང་བས་ ཐུབ་པ་(སྐུ་ཟག་པ་མེད་པའི་ཡོན་ཏན)ཆོས་ཀྱི་འཁོར་ལོ་(སྟེ་འཁོར་ལོ་ནི་ཚོགས་པའི་དོན་ཡིན་པས་ཟག་པ་མེད་པའི་ ཡོན་ཏན་དུ་མ་ཚོགས་པའི་བདག་ཉིད)ལ་གནས་པ་རྣམས་ཀྱིས་རབ་ཏུ་གསུངས་པ་ཉིད་དོ། །(ནང་རིག་ འགྱུར་མེད)དེའི་རང་བཞིན་ཅི་ཞེ་ན་གསུངས་པ་གང་དུ་འཇིག་རྟེན་གསུམ་པོ་མཐའ་དག་ཅེས་ པ་སྟེ་(རིག་པའི་སྤང་བྱ་ནི་ཐིག་ལེ་འཕོ་བ)བདེ་བའི་སྐ་ཅིག་(གི་རྒྱུ)གང་ལས་(མངལ་དུ་ལུས་བཟུང་བའི་ཟླ་བ་དྲུག་ པ་ནས)སྐྱེ་བའི་(བར་གྱི)དུས་སུ་(མངོན་པར་ཤེས་པ་ལྔ་ཡོད་པའི་ཕྱིར)འཇིག་རྟེན་གསུམ་པོ་མཐའ་དག་ (སྣང་བ་ཉིད)ཏུ་འགྱུར་བའོ། །སླར་ཡང་གང་དུ་ཐིམ་པ་སྟེ་(ལུས་ཅན་རྣམས)འཆི་བའི་དུས་སུ་(ཐིག་ལེ་ འཕོ་བའི)སྐ་ཅིག་གང་ལ་(ལུས་ཀྱི་འབྱུང་བའི)དངོས་པོའི་ཚོགས་པ་ཐིམ་པ(སྟེ་འགག་པ)འོ། །(དེ་ལྟ་བུའི) འགྱུར་བའི་སྐ་ཅིག་(ཏུ་ཡོད)ལ་(འགྱུར་བའི)སྐ་ཅིག་(གི་ཐིག་ལེ)དེ་ཉིད་〔ཤིན་ཏུ་རྣལ་འབྱོར་གྱི་སྟོབས་ཀྱིས་ འཕོ་མེད་དུ་བཅིངས་པ་ལས〕ཟག་པ་མེད་པའི་བདེ་བ་(ནང་གི་རིག་པ)འགྱུར་བ་མེད་པར་(ཐོབ་པ)བརྗོད་ 3-1-151 དེ། (མི་འགྱུར་བའི་བདེ་བ་ཆེན་པོ)གང་(གི་མཐུ)ལས་(འཇིག་རྟེན་དུ)ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་ སངས་རྒྱས་(སྤྲུལ་བའི་སྐུ་)འབྱུང་བ་དང་(བདེ་བ་ཆེན་པོའི་དབྱིངས)གང་དུ་(སྤྲུལ་བའི་སྐུ)ཡོངས་སུ་མྱ་ངན་ ལས་འདས་པ་ཆེན་པོ(མཛད་པ)འོ། །ཀྱེ་མི་ཡི་བདག་པོ་ཞེས་པ་སྟེ་རིག་པའི་ངེས་པའོ། ༩༦། ༈ ད་ནི་རྣལ་འབྱོར་ཞེས་པ་ལ་སོགས་པས་སྔོན་གྱི་རྣལ་འབྱོར་གོམས་པའི་སྟོབས་ གསུངས་ཏེ་མིའི་འཇིག་རྟེན་འདིར་གལ་ཏེ་རྣལ་འབྱོར་པ་(བསྒོམ་བྱ་ཐོབ་བྱ)རིག་པའི་རྣལ་འབྱོར་ (སྟོང་ཉིད་སྙིང་རྗེ་དབྱེར་མེད་དེ་ལམ་ཡན་ལག་དྲུག་གི)གོམས་པར་བྱེད་པ་དག་(ཐོབ་པ་རྡོ་རྗེའི)རྣལ་འབྱོར་(སྐྱེ་ བ་འདི་ལ)མ་ཐོབ་(པར)རབ་ཏུ་གཡོ་བའི་ཡིད་(རྣམ་རྟོག་དང་བཅས་པ་ཉིད)ཀྱིས་གལ་ཏེ་ཤི་བར་གྱུར་ ན་དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་ཏེ་སངས་རྒྱས་དང་བྱང་ ཆུབ་སེམས་དཔའི་རིགས་སུ( རྣལ་འབྱོར་ལྡན་པར་སྐྱེ་བར་འགྱུར། །ཞེས་པ་ལ)འོ། །རྣལ་འབྱོར་ནི་(རྣམ་ པ་ཐམས་ཅད་པའི)སྟོང་པ་ཉིད་དང་(དམིགས་མེད)སྙིང་རྗེ་དབྱེར་མེད་པ་(རང་བཞིན་གྱིས)རྣམ་པར་དག་ པའི་དེ་ཁོ་ན་ཉིད་དོ། །རྣམ་པར་དག་པའི་སེམས་(མངོན་སུམ་དུ་མཐོང་བས་ན)དེ་དང་ལྡན་པའི་ཕྱིར་ རྣལ་འབྱོར་དང་ལྡན་པ་སྟེ་(རྡོ་རྗེའི)རྣལ་འབྱོར་ཡོངས་སུ་རྫོགས་པ་(ཐོབ་པ)ནི་མ་ཡིན་ནོ། །སླར་ ཡང་སྔོན་གྱི་གོམས་པ་དེ་ཡིས་(རྡོ་རྗེའི་རྣལ་འབྱོར་དེ)ཀུན་ཏུ་འཛིན་པ(སྟེ་སྒོམ་པ)ར་འགྱུར་ཏེ་(རིང་ མཐའ་སྐྱེ་བ་བདུན་གྱི་བར་ལ་རྡོ་རྗེའི་རྣལ་འབྱོར་ཏེ)ཐོབ་པར་འགྱུར་རོ། །(ཐོབ་བྱ)ཡེ་ཤེས་རྣལ་འབྱོར་ནི་དེ་ ཁོ་ན་ཉིད་ཀྱི་རྣལ་འབྱོར་ཏེ་ཡངས་པ་ཞེས་པ་ནི་ཉི་ཚེ་བ་མ་ཡིན་པ་རྣམ་པ་ཐམས་ཅད་པའོ་ ཞེས་དགོངས་པའོ། །(མཆོག་ཏུ་མི་འགྱུར་བའི)ཡེ་ཤེས་ཐོབ་(པ)སྟེ་(རྣལ་འབྱོར)ཡོངས་སུ་རྫོགས་(པར་ མངོན་དུ་བྱས)ན་མི་ཟད་མཆོག་གི་གནས་སུ་རབ་འགྲོ་ཞེས་པ་ལ་〔བདེ་བ་ཆེན་པོའི་གནས་〕གང་ལ་(ནམ་ ཡང་)ཟད་པ་མེད་པ་(བདེ་བ་ཆེན་པོའི་གནས)ནི་མི་ཟད་མཆོག་གི་གནས་སོ་ཞེས་རྣམ་པར་སྦྱར་རོ། ། (མཆོག་གི་གནས)དེ་ཇི་ལྟ(བུ)ར་གྱུར་བ་〔ཡིན〕ཞེ་ན་གསུངས་པ་(མཆོག་གི་གནས་དེར་སོང་བར་གྱུར་ན)སླར་ ཡང་(འཁོར་བ་པ)གང་དུ་(ཡང་ལས་ཀྱི་དབང་གིས)སྐྱེ་བ་དང་ལྡན་པ་སྟེ་འབྱུང་བ་དང་ལྡན་པ་མིན་པ་ 3-1-152 དེ་ནི་སངས་རྒྱས་ཐམས་ཅད་ཀྱི་མཆོག་གི་གནས་(ཏེ་བླ་ན་མེད་པའི་གནས)སོ། ༩༧ ། ༈ ད་ནི་ཡེ་ཤེས་ཞེས་པ་ལ་སོགས་པས་སངས་རྒྱས་པ་རྣམས་དང་ལྷ་མིན་རྣམས་དང་ ཀླ་ཀློ་རྣམས་ཀྱི་ཡེ་ཤེས་སྐྱེ་བའི་དུས་གསུངས་ཏེ། འདིར་ངེས་པར་རྣལ་འབྱོར་གོམས་པ་(སྟེ་ གོམས་པར་བྱ་བའི་རྣལ་འབྱོར)རྣམ་པ་གསུམ་སྟེ་སངས་རྒྱས་པའི་དང་ལྷ་མིན་གྱི་དང་འབྱུང་པོའི་ འོ། །དེ་ལས་སངས་རྒྱས་པའི་རྣལ་འབྱོར་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་དོ། །(ཀླ་ ཀློའི་ལྷ)ལྷ་མིན་གྱི་ནི་(རྟོག་པས་ཕྱིན་ཅི་ལོག་ཏུ)བརྟགས་པའི་ཆོས་སོ། །(མུ་སྟེགས་བྱེད་ཀྱི་ལྷའི་ཁྱད་པར་ཅི་ རིགས་པ)འབྱུང་པོ་ཡི་ནི་རྣམ་པ་གཉིས་ཏེ་(བདག་ལ་སོགས་པ)རྟག་པའི་ངོ་བོ་དང་(ཐར་པ་དང་ཐམས་ ཅད་མཁྱེན་པ་ལ་སོགས་མེད་པ)ཆད་པའི་ངོ་བོའོ། །དེ་བཞིན་དུ་རྣལ་འབྱོར་དེ་གོམས་པ་ལ་དགའ་ བ་ཉིད་ལས་དེ་ཉིད་གང་ལ་ཡོད་པའི་རྣལ་འབྱོར་པ་རྣམ་པ་གསུམ་མོ། །དེ་རྣམས་ལས་ཉིན་ མོའི་ཆ་(ནི་འདིར་མཚན་མོ་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་ཏེ་དེ)ལ་སངས་རྒྱས་པའི་རྣལ་འབྱོར་པ་རྣམས་ཀྱི་ ཡེ་ཤེས་སྐྱེ(ཞིང་ལྷག་པར་གནས་པ)འོ། །མཚན་མོའི་ཆ་(འདིར་ཉི་མ་ཕྱེད་ནས་མཚན་མོ་ཕྱེད་ཀྱི་བར་ཏེ་དེ)ལ་ལྷ་ མིན་གྱི་རྣལ་འབྱོར་པ་རྣམས་ཀྱིའོ། །(མཚན་ཕྱེད་སྔ་དྲོ་ཉིན་ཕྱེད་ཉི་མ་ནུབ་པའི་དུས་ཏེ)ཐུན་མཚམས་བཞི་ སྤངས་པའི་དུས་(གཞན་དང་གཞན་རྣམས)སུ་འབྱུང་པོའི་རྣལ་འབྱོར་པ་(མུ་སྟེགས་བྱེད)རྣམས་ཀྱི་ཡེ་ ཤེས་སྐྱེའོ། །འདིར་དུས་ཀྱི་ཆ་(རྒྱས་པར་བཤད་པ)ནི་ཡེ་ཤེས་སྐྱེས་ཏེ་རྒྱལ་བ་རྣམས་ཀྱི་(ཡེ་ཤེས)ཉི་ མ་(ལྟ་བུ་ནི)ཉིན་མོའི་དུས་སུ་(སྐྱེ་སྟེ་དེ་ཡང་)མཚན་མོ་ཕྱེད་(ན)དང་མཚན་མོའི་མཐར་(སྐྱ་རེངས་འཆར་ བ་ནའོ)ལྷ་མིན་རྣམས་ཀྱི་(རྣམས་ཉམས་ཡེ་ཤེས་སྐྱེ་འཆི་ཅུང་ཟད་ཙམ་མཐོང་བས)ཟླ་བ་(ལྟ་བུ་ནི)མཚན་མོའི་ དུས་སུ་(སྐྱེ་སྟེ་དེ་ཡང་)ཉི་མ་ཕྱེད་(ན)དང་ཉིན་མོ་དག་གི་མཇུག་ཏུ་(ཉི་མ་ནུབ་པ་ན)འོ། །འབྱུང་པོ་ རྣམས་ཀྱི་ཡང་མ་བརྗོད་པ་ཉིད་ལས་མཚམས་(བཞི་པོ་དེ)སྤངས་པའི་དུས་སུའོ། །འདིར་(རབ་ཏུ་ རྒྱས་པར་བཤད་ན)མཚན་མོ་ཕྱེད་དམ་སྔ་དྲོའི་ཐུན་མཚམས་ལ་སངས་རྒྱས་པ་རྣམས་ཀྱི་ཡེ་ཤེས་ ལྷག་པར་གནས་པར་འགྱུར་(དེ་དེའི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་དང་ནི་མཚན་མོའི་ཕྱེད་ 3-1-153 ལ་འགྱུར་ཞེས་གསུངས་པར་འགྱུར)རོ། །ཉི་མ་ཕྱེད་དམ་ནུབ་པར་གྱུར་པའི་ཐུན་མཚམས་ལ་ལྷ་མིན་ རྣམས་ཀྱི་ཡེ་ཤེས་ལྷག་པར་གནས་པར་འགྱུར་རོ། །ཐུན་བཞིའི་མཚམས་ལས་གཞན་(དང་ གཞན་གྱི་ཆ)ལ་འབྱུང་པོ་རྣམས་ཀྱི་སྟེ་(དེ་ཡང་)ཉིན་མོའི་ཆ་ལ་རྟག་པའི་ཡེ་ཤེས་ལྷག་པར་གནས་ ཤིང་མཚན་མོའི་ཆ་ལ་ཆད་པའི་ཡེ་ཤེས་ལྷག་པར་གནས་སོ། །སངས་རྒྱས་པ་དང་ལྷ་མིན་ འདི་དག་གི་(ཡེ་ཤེས་ནི)གྲངས་བཞིན་དུ་སངས་རྒྱས་པ་རྣམས་ཀྱི་ཡང་དག་ཡེ་ཤེས་སུ་འགྱུར་ རོ། །དེའི་ཆོས་དང་འགལ་བ་རྣམས་ཉམས་(ཡེ་ཤེས)ནི་ལྷ་མི་རྣམས་ཀྱིར་འགྱུར་རོ། །ཡང་དག་ ཡེ་ཤེས་ནི་ཉིན་མོའི་སྣང་བ་བཞིན་དུ་(ཇི་ལྟ་བ་དང་ཇི་སྙེད་པ)ཐམས་ཅད་མཐོང་བའོ། །རྣམ་ཉམས་ ཡེ་ཤེས་ནི་མཚན་མོའི་སྣང་བ་བཞིན་དུ་སེམས་ཅན་རྣམས་ཀྱི་འཆི་བ་དང་འཚོ་བ་ཅུང་ཟད་ མཐོང་བའོ། །(དེ་དག་དེ་ཙམ་དུ་ཁྱད་ཞུགས་པར)ཇི་ལྟར་ཤེས་ཞེ་ན་དེའི་ཕྱིར་གསུངས་པ་(ཡེ་ཤེས་སྐྱེ་བ་ ན)ཆོས་སྟོན་པ(འི་ཁྱད་པར)་ལས་(ཤེས)སོ་ཞེས་པ་སྟེ་འདིར་ཡང་དག་ཡེ་ཤེས་(དང་)རྣམ་ཉམས་ དག་ལ་ཚིག་ནི་ལེགས་སྦྱར་(དང་)ཐ་མལ་དག་ཏུ་རབ་ཏུ་འགྱུར་བ་སྟེ་ཞེས་པ་ནི་ཡང་དག་ཡེ་ ཤེས་སྐྱེས་པ་(སངས་རྒྱས)རྣམས་ཀྱི་ལེགས་པར་སྦྱར་བའི་ངག་(སེམས་ཅན་ཐམས་ཅད་ཀྱི)སྒྲ་(སྟེ་སྐད) ཐམས་ཅད་ཀྱི་བདག་ཉིད་དོ། །རྣམ་ཉམས་ཡེ་ཤེས་སྐྱེས་པ་རྣམས་ཀྱི་[ཐ་མལ་[པྲ་ཀྲི་ཏ་]གྱི་ ངག་ཏུ་(སྟེ་སྐད་ཉི་ཚེ་བར)འགྱུར་ཏེ་(ཕྱོགས་གཅིག་པའི་བདག་ཉིད་ཅན་ཡུལ་གྱི་སྐད་ཀྱིས་སྟོན་པར་བྱེད་པར་འགྱུར་ རོ)སྟོན་པར་བྱེད་པ་པོ་རྣམས་ཀྱི་ཡུལ་གཅིག་གི་སྐད་གཞན་གྱི་ཁྱད་པར་གྱིས་སོ(ཞེས་རྩ་མི་ཟེར་ རོ)། །སངས་རྒྱས་པ་རྣམས་ཀྱི་ཡེ་ཤེས་(སྐྱེས་པ)ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་བདག་ ཉིད་ཅན་ཞི་བའི་(ཐོག་མཐའ་བར་དུ་དགེ་བ)ལས་སྟོན་པར་བྱེད་པའོ། །ལྷ་མིན་རྣམས་ཀྱི་ཡེ་ཤེས་ ནི་ཤ་བཟའ་བའི་སླད་དུ་དུད་འགྲོའི་སེམས་ཅན་ལ་གནོད་པ་བྱེད་པ་དྲག་པོ(སྟེ་མ་རུངས་པ)འི་ ལས་སྟོན་པར་བྱེད་པའོ། །སྲིད་པ་གསུམ་གྱི་གནས་སུ་སངས་རྒྱས་པ་རྣམས་ཀྱི་ཡེ་ཤེས་(སྟེར་ བ་པོ་དང་འཕྲོག་པ་པོ་མེད་ཀྱི)ནི་[ཁྱད་པར་ཅན་གྱི་ལས་རྨ་ཟེར་དམ་པའི་ལས་ར་ཟེར་]སྐྱེས་བུ་(རང་) 3-1-154 ཉིད་ཀྱི་ལས་(ཀྱི་འབྲས་བུ་ལ་སྤྱོད་པ་སྟེ་སྔར་བསྟན་པའི་ཁྱད་པར་ཅན་གྱི་ལས་དང་ལས་མ་ཡིན་པ)སྟོན་པར་བྱེད་དོ། ། ལྷ་མིན་རྣམས་ཀྱི་ཡེ་ཤེས་ནི་(སྔར་བསྟན་ལས་ཀྱི་མིང་ཅན་སྟོན་ཏེ)ས་ལ་ཐ་མལ་གྱི་(བྱེད་པ་པོ་ཡོད་པར་སྨྲ་ བའི)ལས་སྟོན་པར་བྱེད་དོ། །འབྱུང་པོ་རྣམས་ཀྱི་ནི་ས་ལ་(དེ་གཉིས་ཀ)རྣམ་པར་འདྲེས་པའི་ལས་ སྟོན་པར་བྱེད་དོ། །ཡེ་ཤེས་སྟོན་པར་བྱེད་པའི་ངེས་པའོ། ༩༨ ། ༈ ད་ནི་ཉི་མ་གུང་ཞེས་པ་ལ་སོགས་པས་སངས་རྒྱས་པ་དང་ལྷ་མིན་དག་གི་ཟ་བའི་ དུས་གསུངས་ཏེ་[ཉི་མ་སོ་སོའི་མཚན་མོ་ཕྱེད་ནས་བརྩམས་ཏེ་ཉི་མ་གུང་གི་བར་དུ་ཉི་མའི་ དུས་སུའོ། །ཉི་མའི་གུང་ནས་བརྩམས་ཏེ་མཚན་མོ་ཕྱེད་ཀྱི་མཐར་ཐུག་པ་ནི་མཚན་མོའི་ངེས་ པའོ། །(བློ་གྲོས་ཟེར་བ་ལེགས་རྨ་ར་རྩ་མི་རྣམས་དང་ཡང་མཐུན་འདིར་རྒྱ་དཔེ་མ་དག་པ་འདྲ)]འདིར་ཉིན་ཞག་སོ་ སོ་ལ་ཉི་མ་གུང་ནས་བརྩམས་ནས་མཚན་མོ་ཕྱེད་ཀྱི་བར་དུ་ཉིན་མོའི་[མཚན་མོ་(རྨ་ར་ཟེར་ ཏེ་ལེགས)]དུས་སོ། །མཚན་མོ་ཕྱེད་ནས་བརྩམས་ནས་ཉི་མ་གུང་གི་མཐར་ཐུག་པ་ནི་མཚན་ མོའི་[ཉིན་མོ་(རྨ་ར་ཟེར་བ་ལེགས)]དུས་སོ། །ཉིན་མོ་དང་མཚན་མོའི་དུས་དེ་ལས་རང་རང་གི་ (ཉིན་མོ་དང་མཚན་མོའི)དུས་ཀྱི་ཕྱེད་ཕྱི་མ་ནི་གྲངས་བཞིན་དུ་སངས་རྒྱས་པ་དང་ཀླ་ཀློ་དེ་དག་གི་ དཀའ་ཐུབ་པ་རྣམས་ཀྱི་(དུས་རུང་གི་ཟས)ཟ་བའི་དུས་ཏེ་ཁྱིམ་པ་རྣམས་ཀྱི་ནི་མ་ཡིན་ནོ། །ཞེས་ པ་སྟེ་ངེས་པའོ། །སངས་རྒྱས་པ་དང་ལྷ་མིན་དག་གི་བཟའ་བ་དང་བཏུང་བ་གྲངས་བཞིན་དུ་ སངས་རྒྱས་པ་རྣམས་ཀྱི་བཟའ་བ་(ཟས་གཙང་མ་སྡིག་པ་དང་མ་འདྲེས་པས)ཁྱད་པར་དུ་འཕགས་པ་སྟེ། ཀླ་ཀློ་རྣམས་ཀྱི་(བཟའ་བ་ནི)བ་ལང་གི་(བསད་པའི)ཤ་དང་(ཁ་ན་མ་ཐོ་བ་)བཅས་པའོ། །བཏུང་བ་ནི་ གྲངས་བཞིན་དུ་སངས་རྒྱས་པ་རྣམས་ཀྱི་རྣམ་མང་(འོ་མ་ལ་སོགས)བཅུད་སྟེར་ཞིམ་པ(འམ་བཟང་ བོ)་སྟེ་(ཁ་ན་མ་ཐོ་བ་དང་བྲལ་བའོ)ཀླ་ཀློ་རྣམས་ཀྱི་བཏུང་བ་ནི་བྱ་གག་(ཁྱིམ་བྱ)ལ་སོགས་པའི་སྒོ་ངའི་ ཁུ་བ(ལ་སྦྲང་རྩི་ལ་སོགས་པ་མངར་བའི་རྫས་རྣམས་སྦྱར་བ་སྟེ་སུ་ཀ་ཞེས་སོག་པོ་རྣམས་ལ་གྲགས་པ་དེ)འོ། །བགོ་བ་ ནི་གྲངས་བཞིན་དུ་སངས་རྒྱས་པ་རྣམས་ཀྱི་གོས་(ངུར་སྨྲིག་རྩི་ལ་སོགས་པའི་ཁ་བསྒྱུར་བའི)དམར་པོ་ 3-1-155 (ཚོས་ཆེན་བརྒྱད་སྤངས་པ)སྟེ་ཀླ་ཀློ་རྣམས་ཀྱི་ནི་དཀར་པོའོ། །(དེ་རྣམས་ཀྱང་)དཀའ་ཐུབ་པ་རྣམས་ཀྱི་ (ངེས་པ)སྟེ་ཁྱིམ་པ་རྣམས་ཀྱི་ནི་ངེས་པ་མེད་དོ། །དེ་བཞིན་དུ་ཤི་བའི་མཐར་གནས་ནི་གྲངས་ བཞིན་དུ་ཉི་མ་ཟླ་བའི་བགྲོད་པ་བཞིན་དུ་ཞེས་པ་སྟེ་(ལུས་ཅན་རྣམས་ཤི་བ་ན)ཉི་མ་(རྡུལ)སྟེང་དུ་ བགྲོད་ཅིང་ཟླ་བ་(ཁུ་བ་)འོག་ཏུ་བགྲོད་དོ། །དེ་དག་གི་བགྲོད་པ་བཞིན་དུ་(དགེ་བ་དང་མི་དགེ་བའི་ དབང་གིས་སྟེང་འོག་ཏུ་འགྲོ་སྟེ)ཉི་མའི་བགྲོད་པ་མཐོ་རིས་ཀྱི་གནས་ནི་སངས་རྒྱས་པ་རྣམས་ཀྱི་སྟེ། ཟླ་བའི་བགྲོད་པ་བཞིན་དུ་ས་འོག་གི་གནས་ནི་ལྷ་མིན་རྣམས་ཀྱི〔ཆོས་ཀྱང་འཚེ་བ〕འོ། །དེ་བཞིན་ དུ་རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ལུས་ ཅན་ཐམས་ཅད་ཤི་བ་ན། །ཟླ་བ་བདུད་རྩི་(སྟེ་ཁུ་བ)འོག་ཏུ་འགྲོ། །སྟེང་དུ་ཉི་མ་རྡུལ་(འགྲོ་ལ)སྒྲ་ གཅན། །〔ཀུན་གཞི་〕རྣམ་ཤེས་དངོས་པོ(བར་དོའི་སྲིད་པ)འི་མཚན་ཉིད་(ལ་འགྲོ་བ་ཉིད)དོ། །ཞེས་སོ། ། དེ་བཞིན་དུ་ཆོས་ནི་གྲངས་བཞིན་དུ་སངས་རྒྱས་པ་རྣམས་ཀྱི་(སེམས་ཅན་ལ)འཚེ་བ་མེད་པའོ། ། ཀླ་ཀློ་རྣམས་ཀྱི་ནི་འཚེ་བ་སྟེ་ཡང་ཡིག་ལས་འབྱུང་པོ་རྣམས་ཀྱི(ཆོས་ཀྱང་འཚེ་བ)འོ། །བླ་མའི་ ངེས་པའི་དབང་གིས་སྒོམ་པའི་དུས་དང་འདོད་པའི་ལྷ་ལ་བསྟོད་པའི་དུས་སུ་གྲངས་བཞིན་ དུ་སངས་རྒྱས་པ་རྣམས་ལ་(འཆད་འགྱུར་གྱི)རྡོ་རྗེ་འདུག་སྟངས་བསྔགས་ཤིང་ཀླ་ཀློ་རྣམས་ལ་ 〔འཆད་འགྱུར་གྱི〕ལྷ་མིན་གྱི་འདུག་སྟངས་བསྔགས་སོ། །ཀྱང་ཡིག་ལས་གཞན་ནི་ཐུན་མོངས་པ་ སྟེ་དེ་ནི་མི་སྒྲུབ་ཅིང་མི་འགོག་གོ། འདིར་ལྷ་མིན་གྱི་འདུག་སྟངས་ནི་སའི་ངོས་ལ་པུས་མོ་ གཡོན་གྱི་སྟེང་དུ་པུས་མོ་གཡས་བརྐྱང་ཞིང་རྐང་པ་གཡོན་གྱི་སྟེང་དུ་རྐང་པ་གཡས་པའོ་ཀྱང་ ཡིག་ལས་(སྔ་མ་བཟློག་པ་གཡས)འོག་ཏུ་སྟེ་རྐང་པ་གཡས་པའི་སྟེང་དུ་(རྐང་པ་གཡོན་པ)འོ། །ཀྱང་ ཡིག་ལས་རྐང་པའི་མཐིལ་ལ་ཡང་རྒྱབ་ཏུ་དཔྱི་བཞག་པའོ། །རྡོ་རྗེའི་འདུག་སྟངས་ལ་སོགས་ པ་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །སངས་རྒྱས་པ་དང་ལྷ་མིན་གྱི་བྱ་བ་ངེས་ པའོ། ༩༩ ། 3-1-156 ༈ འབྱུང་བོ་རྣམས་ཀྱི་ལས་འདྲེས་མར་སྔར་གསུངས་པ་དེ་ཡང་འདིར་ཚིགས་སུ་བཅད་ པས་གསལ་བར་གསུངས་པ་འདི་ལྟ་སྟེ། འབྱུང་པོ་རྣམས་ཀྱི་ལས་ནི་འདྲེས་མར་རབ་ཏུ་ འགྱུར་ཏེ་ཚིག་ཀྱང་འདྲེས་པ་ཤ་ཟ་དག་གིའོ། །ཆོས་ནི་(རེས་འགའ)འཚེ་མེད་(རེས་འགའ)འཚེ་ ལྡན་(ཏེ)ངེས་པར་བླ་མའི་ངེས་པའི་དབང་གིས་སྲོག་གཅོད་ལ་སོགས་སྐྱོན་དག་ལ། །མཆོད་ སྦྱིན་ལ་སོགས་དོན་དུ་རབ་ཏུུ་འཇུག་སྟེ་སོགས་པའི་སྒྲས་གཡུལ་གྱི་དོན་དུ་འཚེ་བ་ལ་རབ་ ཏུ་འཇུག་གོ། དཀའ་ཐུབ་ཀྱི་འབྲས་བུའི་དོན་དུ་ལྡོག་པ་སྟེ་མི་འཚེ་བ་ལ་རབ་ཏུ་འཇུག་པར་ འགྱུར་ཏེ་མི་ཡི་བདག་པོ་(ཞེས་པ་ནི་བོད་པ་སྟེ)རེས་འགའ་དག་ནི་(སྡིག་པ་ལས)ལྡོག་པའམ་ཞེས་ པའོ། །བཟའ་བ་བཏུང་བ་དག་ཀྱང་འདྲེས་པ་(སྟེང་)ཉི་(མ་དང་འོག་ཏུ)ཟླའི་བགྲོད་པ་དག་ལས་ གཞན་དུ་ལམ་ནི་འདྲེས་མའོ། །ཞེས་པ་ནི་འབྱུང་པོ་རྣམས་ཀྱི་ལམ་ནི་ཐམས་ཅད་ཀུན་ཏུ་ འདྲེས་པར་རིག་པར་བྱའོ། །འབྱུང་པོ་རྣམས་ཀྱི་བྱ་བའི་ངེས་པའོ(འདིར་འབྱུང་བོ་ཞེས་པ་ནི་མུ་སྟེགས་ བྱེད་ཀྱི་ལྷ་ཡི་དྭགས་སྟོབས་ལྡན་ནག་པོའི་ཕྱོགས་ལ་དགའ་བ་ལམ་ལོག་པ་སྟོན་པའི་རིགས་ཅན་འགའ་ཞིག་ཡིན་པར་གསལ་ ལོ། །ཚངས་པ་དང་དབང་ཕྱུག་ལ་སོགས་ནི་མུ་སྟེགས་པ་རྣམས་ཀྱིས་ལྷར་འཛིན་ཡང་མུ་སྟེགས་ཀྱི་ཆོས་ལུགས་སྟོན་པ་པོ་མ་ཡིན་ དེ་དེ་དག་གི་ཆོས་མ་ནོར་བ་བསྟན་པ་ལ་མུ་སྟེགས་རྣམས་ཀྱིས་ཕྱིན་ཅི་ལོག་ཏུ་གོ་བར་གསུངས་པའི་ཕྱིར་རོ)། ༡༠༠ ། ༈ ད་ནི་འོད་ཟེར་ཞེས་པ་ལ་སོགས་པས་ལམ་བརྗོད་པར་འདོད་པ་གསུངས་པ་འདིར་ ལམ་ནི་རྣམ་པ་གསུམ་སྟེ་འོད་ཟེར་གྱི་ལམ་དང་དུ་བའི་ལམ་དང་རྣམ་པར་འདྲེས་པའི་ལམ་ མོ། །འདི་རྣམས་ལས་འོད་ཟེར་ལམ་ནི་(དགེ་བའི་དབང་གིས)ཉི་མའི་སྣང་བ་དཀར་པོ་ཉིན་མོ་ (འཕེལ་བར)བགྲོད་པ་བྱང་(དུ་འགྲོ་བ་དང་འདྲ)སྟེ་ཉིན་མོ་འཕེལ་བའི་མཚན་ཉིད་ཅན་ལོ་ཕྱེད་(བཟང་ བོར་འགྱུར་བ)ནི་ཕྱི་རོལ་ཏུའོ་ནང་དུ་ཆུ་སྲིན་ལ་སོགས་པ་དུས་སྦྱོར་དྲུག་གི་བདག་ཉིད་ཅན་ཏེ་(ཉི་ མ)ཤར་བ་ནས་ནུབ་པ(འི་བར)ཞེས་པའི་མིང་ཅན་(ཉིན་མོ་དང་མཚུངས་པ་{མིན་{ཡིན})ནོ། །(མི་དགེ་བའི་ དབང་གིས)དུ་བའི་ལམ་ནི་ཟླ་བའི་སྣང་བ་མཚན་མོ་དག་དང་དཀར་མིན་བགྲོད་པ་འདི་ནི་ལྷོ་ 3-1-157 སྟེ་དུ་བའི་ལམ་དག་ལ་ཀར་ཀ་ཊ་ལ་སོགས་པ་(མཚན་མོའི་འཕེལ་བ)ལྷོར་བགྲོད་པའི་ཟླ་བ་དྲུག་ (དང་འདྲ)སྟེ་གང་དུ་མཚན་མོ་འཕེལ་བ་དེ་ལྷོར་བགྲོད་པའོ། །(ཉི་མ)ནུབ་པར་གྱུར་པ་ནས་ཤར་ བའི་བར་(མཚན་མོ་དང་འདྲ་བ)ནི་(དུ་བའི་ལམ་གྱི)ངེས་པའོ། །འདིར་འོད་ཟེར་ལྷ་རྣམས་མཐོ་རིས་སུ་ སྟེ་མཐོ་རིས་སུ་འགྲོ་བའི་ལམ་མོ། །དཀར་མིན་བགྲོད་པ་ལྷ་མིན་རྣམས་ཀྱི་ཀླུའི་འཇིག་རྟེན་ དུ་འགྲོ་བའི་དུ་བའི་ལམ་མོ་ཀུན་ཏུ་འདྲེས་པ་ཉིན་མོ་དང་མཚན་མོའི་ཆོས་ཅན་ནི་མིའི་འཇིག་ རྟེན་དུ་འགྲོ་བ་ལ་སྟེ་ཡི་དྭགས་དང་དུད་འགྲོ་དང་མི་རྣམས་སྐྱེད་པ་ལ་རབ་ཏུ་གསལ་བར་ བྱས་སོ། །ཞེས་པ་ནི་ལམ་གྱི་ངས་པ་སྟེ་སྐྱེ་བ་སྔ་མའི་བག་ཆགས་ཀྱིས་བསྐྱེད་པའི་(འོད་ཟེར་ གྱི་ལམ)སྙིང་སྟོབས་དང་(དུ་བའི་ལམ)མུན་པ་དང་(འདྲེས་པའི་ལམ)རྡུལ་གྱི་ཡོན་ཏན་གྱི་རང་བཞིན་ གྱིས་སོ། ༡༠༡ ། ༈ ད་ནི་གང་ཞིག་གང་གི་དབུས་སུ་ཞེས་པ་ལ་སོགས་པས་སངས་རྒྱས་པའི་ཉན་ཐོས་ དང་ལྷ་མིན་དང་འབྱུང་པོའི་ལས་ལ་དགའ་བའི་སེམས་ཅན་རྣམས་ཀྱི་(རང་རང་གི་ལས་དང་བྱ་བའི) བག་ཆགས་〔ཤེས་རྒྱུད་ལ་〕འཛིན་པ་གསུངས་ཏེ་འཁོར་བ་འདིར་(ལྷ་དང་ལྷ་མ་ཡིན་དང་འབྱུང་པོའི་རིགས་ སུ)སྐྱེ་བའི་ལས་ཀྱི་བག་ཆགས་ཀྱི་སྟོབས་ཀྱིས་ལྷ་དང་ལྷ་མིན་དང་འབྱུང་པོའི་བྱ་བ་ལ་རྗེས་ སུ་ཆགས་པ(འི་གང་ཟག་གསུམ་པོ)གང་ཞིག་(བྱ་བ་གསུམ་པོ)གང་གི་དབུས་སུ་(རང་རང་གི་བསམ་པ་བྱ་བ་ དེ་དང་དེ་བྱེད་པ་ལ)རབ་ཏུ་ཞུགས་པར་འགྱུར་ཞིང་(རང་རང་གི)བརྟུལ་ཞུགས་(ཀྱི)ངེས་པ་ལ་དགའ་ (བའི)ལས་ཀྱི་ཞགས་པས་ངེས་བཅིངས་པ་ཞེས་པ་(རང་རང་གི)ཆོས་(ལུགས)དེའི་བྱ་བ་(དཀའ་ཐུབ་ དང་བསྒོམ་བཟླས་དང་མཆོད་སྦྱིན་ལ་སོགས་པའི་བྱ་བ)རྣམས་ཀྱིས་བཅིངས་པ་སྟེ་(བྱ་བ་དེ་དང་)དེ་ཡི་དབུས་ སུ་རང་རང་(གི)བསམ་པ(ཞུགས་པ)ས་སོ། །མི་བདག་ནི་བོད་པའོ། །དེ་ཡི་རིགས་ཏེ་ལྷ་དང་ ལྷ་མིན་དང་འབྱུང་པོའི་རིགས་སུ་དེའི་འཛིན་པ་དག་གིས་(འགྱུར)ཞེས་པ་ནི་(རིགས་དེ་དང་)དེའི་ (བྱ་བའི)དངོས་པོའི་(བག་ཆགས)འཛིན་པ་སྟེ་〔བག་ཆགས〕དེ་ཡིས་ལྷ་དང་ལྷ་མིན་དང་འབྱུང་པོའི་ 3-1-158 རིགས་སུ་སྐྱེ་བར་འགྱུར་རོ། །(རིམ་པ་བཞིན)སྙིང་སྟོབས་དང་མུན་པ་དང་རྡུལ་གྱི་(ཡོན་ཏན)ངར་ འཛིན་གྱིས་ཏེ་སྔར་(ཡང་ཡང་)བརྗོད་པའི་རྣམ་པས་སོ། །ཇི་སྲིད་སེམས་ཀྱིས་རང་བཞིན་དག་ ནི་རྣམ་གསུམ་སྲིད་པའི་དབང་གིས་ཞེས་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ སྲིད་པའི་བག་ཆགས་ཀྱི་དབང་གིས་ཚོར་བ་བདེ་བ་དང་སྡུག་བསྔལ་ཏེ་འཁོར་བ་པར་གྱུར་པ་ དེ་སྲིད་དུ་འཁོར་བ་སྡུག་བསྔལ་གྱི་མཚན་ཉིད་དུ་སེམས་ཀྱང་འཁྱམ་མོ་མི་ཡི་བདག་པོ་མཐོ་ རིས་མི་ཡུལ་དག་དང་འོག་ཏུ་ཡང་ཞེས་པ་ལྷ་དང་མི་དང་དམྱལ་བ་ལ་སོགས་པ་འགྲོ་བ་དྲུག་ པོ་རྣམས་སུ་(སྲོག་དང་བཅས་པའི)ཀུན་གཞིའི་རྣམ་པར་ཤེས་པ་འཁྱམ་མོ་ཞེས་པ་སྟེ་བག་ཆགས་ འཛིན་པའི་ངེས་པའོ། ། ༈ དེའི་ཕྱིར་(ཁམས་གསུམ་གྱི)བག་ཆགས་རྣམ་པ་གསུམ་ལས་(རང་བཞིན་གྱིས)འདས་པ་(མངོན་ དུ་མཛད་པ)ནི་འཁོར་བའི་ཕ་རོལ་ཏུ་མཐར་སོན་པ། (དོན་གཉིས་ཀྱི)བྱ་བ་བྱས་པ་(བག་ཆགས་ཀྱི་རླན་ དང་བྲལ་བས)སྐམ་སར་གནས་པ་ཡེ་ཤེས་ཀྱི་སྐུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་ སངས་རྒྱས་ལྷ་དང་ལྷ་མ་ཡིན་དང་ཀླུ་ལ་སོགས་པ་རྣམས་ཀྱིས་ཞབས་ཀྱི་པད་མ་ལ་ཕྱག་བྱས་ པ་དུས་ཀྱི་འཁོར་ལོའོ་ཞེས་པ་ནི་བག་ཆགས་སྤངས་པའི་ངེས་པའོ། ༡༠༢ ། ༈ ད་ནི་ཀ་སོགས་ཞེས་པ་ལ་སོགས་པས་མངལ་དུ་གསལ་བྱེད་དང་དབྱངས་སྐྱེ་བར་ འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་(དུས་སུ)འཆི་བའི་མཚན་ཉིད་གསུངས་ཏེ། འདིར་མངལ་འཛིན་ པའི་དུས་སུ་རྡུལ་ནི་གསལ་བྱེད་སུམ་ཅུའི་བདག་ཉིད་དང་ཁུ་བ་ནི་དབྱངས་སུམ་ཅུའི་བདག་ ཉིད་དེ། འདི་དག་ཀུན་གཞིའི་རྣམ་པར་ཤེས་པ(སྲོག་དང་བཅས་པ)ས་བྱིན་གྱིས་བརླབས་པ་ནི་ (ཕན་ཚུན་ནུས་པ)ཡང་དག་པར་སྦྱོར་རོ། །འདིར་མངལ་དུ་སྐྱེ་བའི་ཕྱོགས་(ཟླ་ཕྱེད)དང་པོ་ལ་ཀ་ ཡིག་ལ་སོགས་པའི་གསལ་བྱེད་སུམ་ཅུ་པོ་རྣམས་དབྱངས་ཐུང་ངུ(ཨ་ཡིག་གི)ས་བྱིན་གྱིས་ བརླབས་པ་དང་(ཞག་རེ་ལ་གཉིས་གཉིས)ཕྱོགས་ཕྱི་མ་ལ་དབྱངས་རིང་པོ(ཨ་ཡིག་གི)ས་བྱིན་གྱིས་ 3-1-159 བརླབས་པ་སྟེ་གསལ་བྱེད་ཀྱི་ཕྱོགས་གཉིས་པོ་འདི་དག་ནི་(དུས་སུ)འཆི་བ(འི་མཐར་གསལ་བྱེད་ཀྱི་ ཆོས་ཅན་གསང་གནས་ཀྱི་རྩ་འདོར་བ)ལ་རབ་ཏུ་གསལ་བར་འགྱུར་རོ། །(མངལ་བཟུང་བའི་ཟླ་བ་དང་པོ་འདི་ ལ་ཁུ་རྡུལ་གཉིས་ནུས་པ་ཕན་ཚུན་འཇུག་པ་མེད་ཅིང་དེའི་རྗེས་ནས)དེ་བཞིན་དུ་(ཕུང་པོ་ཁམས་སོགས་འཕེལ་བའི་ཟླ་བ་ དང་པོའི)དཀར་པོའི་ཕྱོགས་ལ་ཁུ་བའི་ནམ་མཁའི་ཁམས་རྡུལ་ལ་རབ་ཏུ་འཇུག་སྟེ། (ཨ་ཡིག་ གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་རྣམས་ཞག་རེ་ལ་གཉིས་གཉིས་སོ། །དེ་བཞིན་དུ)ནག་པོའི་ཕྱོགས་ལ་ 〔ཁུ་བའི〕སའི་ཁམས་(རྡུལ་ལ)རབ་ཏུ་འཇུག་(སྟེ་ལི་ཡིག་གི་བྱིན་གྱིས་བརླབས་པ་གསལ་བྱེད་སུམ་ཅུ་དག)གོ། དེ་ བཞིན་དུ་(ཟླ་བ་དེ་ཉིད་ཀྱི་)འབྱུང་བ་〔བསྐྱེད་པ་སྟེ་ཡར་ངོ་〕 དང་མི་འབྱུང་བ་〔བསྡུད་པ་སྟེ་མར་ངོ་〕 {ཨུ་དྦྷཱུ་ཏཱ་ ནུ་དྦྷཱུ་ཏ་ཡོཿ}དག་ལ་རྡུལ་གྱི་ས་དང་ནམ་མཁའི་ཁམས་དག་ཁུ་བའི་(ནམ་མཁའ་དང་སའི)ཁམས་ ལ་རབ་ཏུ་འཇུག་(པ་ཕྱི་མ་རྣམས་སུ་ཡང་ཤེས་པ་དག)གོ(འདིར་ནག་ཕྱོགས་རྣམས་རྡུལ་གྱི་སའི་ཁམས་ལ་སོགས་པ་ཁུ་ བ་ལ་འཇུག་པ་ལ་སྦྱོར་བ་ནི་མི་འགྲིག་སྟེ་ནག་ཕྱོགས་ཀྱི་དབྱངས་རྣམས་ཀྱང་ཁུ་བའི་ཡི་གེ་ཡིན་ལ་དེས་གསལ་བྱེད་བྱིན་གྱིས་ བརླབས་པ་ནི་ཁུ་བའི་ཁམས་རྡུལ་ལ་འཇུག་པའི་ཡིན་པའི་ཕྱིར་རོ། །དེས་ནས་ཕྱོགས་གཉིས་ཀ་ལ་དངོས་སུ་ཁུ་བའི་ཁམས་རྡུལ་ ལ་འཇུག་པར་བསྟན་པ་ཕྱོགས་དང་པོ་གཉིས་ལ་རྡུལ་གྱི་ཁམས་ཁུ་བ་ལ་འཇུག་པ་དངོས་སུ་བསྟན་པའི་ཕྱི་མ་རྣམས་སུ་ཡང་ དཀར་པོ་དང་ནག་པོའི་ཕྱོགས་གཉིས་ཀ་ལ་རྡུལ་གྱི་ཁམས་ཁུ་བ་ལ་འཇུག་པར་ཤུགས་ལ་བསྟན་ཅིང་རྡུལ་གྱི་ཡི་གེ་ནི་ཕྱོགས་ ཐམས་ཅད་ལ་གསལ་བྱེད་སུམ་ཅུ་པོ་ཉིད་ཡིན་ནོ)། །དེ་བཞིན་དུ་ཟླ་བ་གཉིས་པའི་ཕྱོགས་དང་པོ་ལ་ཨི་ ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་(སུམ་ཅུ)རྣམས་(ཞག་རེ་ལ་གཉིས་གཉིས)ཏེ་རྡུལ་ལ་ (ཁུ་བའི)རླུང་གི་ཁམས་རབ་ཏུ་འཇུག་(ཅིང་རྡུལ་གྱི་ཆུའི་ཁམས་ཁུ་བ་ལ་འཇུག)གོ། ཕྱོགས་ ཕྱི་མ་ལ་ཨཱུ་ཡིག་གིས་བྱིན་གྱིས་བརླབས་པ(འི་གསལ་བྱེད་སུམ་ཅུ)རྣམས་ཏེ་(ཁུ་བའི)ཆུའི་ཁམས་ (རྡུལ་ལ)འཇུག་(ཅིང་རྡུལ་གྱི་རླུང་གི་ཁམས་ཁུ་བ་ལ་འཇུག)གོ། གསུམ་པའི་ཕྱོགས་དང་པོ་ལ་(ཁུ་བའི) མེའི་ཁམས་(རྡུལ་ལ)འཇུག་པའི་སླད་དུ་རྀ་ཡིག་གིས་བྱིན་གྱིས་བརླབས་པ་རྣམས་སོ། ། (དེའི་ཚེ་རྡུལ་གྱི་མེའི་ཁམས་ཀྱང་ཁུ་བ་ལ་འཇུག་གོ)ཕྱོགས་ཕྱི་མ་ལ་〔ཁུ་བའི〕མེའི་ཁམས་འཇུག་པའི་སླད་ 3-1-160 དུ་རཱྀ་ཡིག་གིས་བྱིན་གྱིས་བརླབས་པ་རྣམས་སོ། །(དེའི་ཚེ་རྡུལ་གྱི་མེའི་ཁམས་ཁུ་བ་འཇུག་གོ) ཟླ་བ་བཞི་པའི་ཕྱོགས་དང་པོ་ལ་(ཁུ་བའི)ཆུའི་ཁམས་(རྡུལ་ལ)འཇུག་པའི་སླད་དུ་ཨུ་ཡིག་གིས་ བྱིན་གྱིས་བརླབས་པ་རྣམས་སོ། །(དེའི་ཚེ་རླུང་གི་ཁམས་ཁུ་བ་ལ་འཇུག་གོ)ཕྱོགས་ཕྱི་མ་ལ་〔ཁུ་བའི་〕རླུང་ གི་ཁམས་(རྡུལ་ལ)འཇུག་པའི་སླད་དུ་ཨི་ཡིག་གིས་བྱིན་གྱིས་བརླབས་པ་རྣམས་སོ། །(དེའི་ཚེ་ རྡུལ་གྱི་ཆུའི་ཁམས་ཁུ་བ་ལ་འཇུག་གོ)ཟླ་བ་ལྔ་པའི་ཕྱོགས་དང་པོ་ལ་(ཁུ་བའི)སའི་ཁམས་(རྡུལ་ལ)འཇུག་ པའི་སླད་དུ་ལྀ་ཡིག་གིས་བྱིན་གྱིས་བརླབས་པ་རྣམས་སོ། །(དེའི་ཚེ་རྡུལ་གྱི་ནམ་མཁའི་ཁམས་ཁུ་ བ་ལ་འཇུག་གོ)ཕྱོགས་ཕྱི་མ་ལ་(ཁུ་བའི)ནམ་མཁའི་ཁམས་(རྡུལ་ལ)འཇུག་པའི་སླད་དུ་ཨཱ་ཡིག་རིང་ པོས་བྱིན་གྱིས་བརླབ་པ་རྣམས་ཏེ་(དེའི་ཚེ་རྡུལ་གྱི་སའི་ཁམས་ཁུ་བ་ལ་འཇུག་གོ་དེ་ལྟར་ན་ཡར་ངོ་ལ་ཁུ་བ་དང་ མར་ངོ་ལ་རྡུལ)སྐྱེད་པ་དང་(ཡར་ངོ་ལ་ཁུ་བ་དང་མར་ངོ་ལ་རྡུལ)སྡུད་པའི་དབྱེ་བས་ནམ་མཁའ་ལ་སོགས་ པ་དང་ས་ལ་སོགས་པ་ཁུ་བ་དང་རྡུལ་དག་ཕན་ཚུན་དུ་འཇུག་(སྟེ་ཞག་རེའི་ཉིན་མཚན་ལ་ཡི་གེ་རེ་རེ་ དག)གོ། དེ་ནས་དབང་པོ་དང་ལས་ཀྱི་དབང་པོ་བྱིན་གྱིས་བརླབས་པའི་ཆེད་དུ་ཡོན་ཏན་(ལྔ) དང་འཕེལ་བ་(ལྔ)དང་ཧ་ལ་སོགས་པ་ཐུང་ངུ་(ལྔ)དང་རིང་པོ་(ལྔ)རྣམས་གསལ་བྱེད་རྣམས་ལ་ འཇུག་པར་བྱེད་དེ་(དངོས་སུ་དབྱངས་རྣམས་གསལ་བྱེད་ལ་འཇུག་པར་བསྟན་པ་ནི་ཁུ་བ་རྡུལ་ལ་འཇུག་པའི་དོན་ཡིན་ ལ་དེའི་ཤུགས་ལ་གསལ་བྱེད་ཀྱི་བདག་ཉིད་རྡུལ་ཡང་ཁུ་བ་ལ་འཇུག་བར་སྟོན་ཏོ། །དེ་ཡང་ཕྱོགས་ཀྱི་ཕྱེད་ཕྱེད་ལ་ཡི་གེ་སུམ་ཅུ་ སུམ་ཅུ་སྦྱོར་བའི་ཕྱིར་ཞག་རེ་ལ་ཡི་གེ་བཞི་བཞི་དང་ཞག་ཕྱེད་པ་རྣམས་ལ་ཡི་གེ་གཉིས་གཉིས་དང་ཕྱོགས་དང་པོ་རྣམས་ཀྱི་ཕྱེད་ ཕྱེད་ལ་དབྱངས་ཐུང་ངུ་རེ་རེ་བསྐྱེད་རིམ་དང་ཕྱོགས་ཕྱི་མ་རྣམས་ཀྱི་ཕྱེད་ཕྱེད་ལ་དབྱངས་རིང་པོ་རེ་རེ་སྡུད་རིམ་དུ་སྦྱར་ཏེ)ཟླ་ བ་དྲུག་པའི་ཕྱོགས་དང་པོའི་ཕྱེད་(སྔ་མ)ལ་ཨ་(ཡིག་གིས་བྱིན་གྱིས་བརླབས་པ་སུམ་ཅུ་ཞག་རེ་རེ་ལ་བཞི་བཞི་ དང་)ཕྱོགས་དང་པོའི་ཕྱེད་ཕྱི་མ་ལ་ཧ་(ཡིག་གིས་བྱིན་གྱིས་བརླབས་པའི་སུམ་ཅུ་ཞག་རེ་ལ་བཞི་བཞིའོ། །དེ་བཞིན་ དུ་)ཕྱོགས་ཕྱི་མའི་ཕྱེད་ལ་ཨཱལ་ཕྱོགས་ཕྱི་མའི་ཕྱེད་ཕྱི་མ་ལ་ལཱ་དེ་བཞིན་དུ་བདུན་པ་ལ་ཨེ་ ཡ་ཨཽ་ཝཱ་བརྒྱད་པ་ལ་ཨར་ར་ཨཱར་རཱ་དགུ་པ་ལ་ཨོ་ཝ་ཨཻ་ཡཱ་བཅུ་པ་ལ་ཨལ་ལ་ཨཱའ་ཧཱ་ཞེས་ 3-1-161 པ་གསལ་བྱེད་སུམ་ཅུ་པོ་རྣམས་ལ་འཇུག་གོ། (དེ་ལྟར)མངལ་གྱི་ཟླ་བའི་རྗེས་ལ་ཟླ་བ་བཅུས་ 〚བྱིས་པའི་〛ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འགྲུབ་པོ། །(གོང་དུ་བཤད་པ་ ལྟར)ཁུ་བ་དང་རྡུལ་ཡང་དག་པར་སྦྱོར་བས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ རྣམས་སྤྲོ་སྟེ་(ཡར་ངོ་རྣམས་ལ་ཁུ་བའི་ཁམས་རྣམས་དང་མར་ངོ་རྣམས་ལ་རྡུལ་གྱི་ཁམས་རྣམས་རིམ་པ་ལྟར)སྐྱེད་པ་ དང་〔མར་ངོ་རྣམས་ལ་རྡུལ་གྱི་ཁམས་རྣམས་དང་ཡར་ངོ་རྣམས་ལ་ཁུ་བའི་ཁམས་རིམ་པ་ལྟར〕སྡུད་པའི་རིམ་པས་སོ། ། དེ་བཞིན་དུ་(མངལ་བཟུང་བའི་ཟླ་བ་མ་གཏོགས་པ)ཟླ་བ་བཅུ་གཅིག་པ་ལ་(ཡེ་ཤེས་ཀྱི་ཕུང་པོ་དང་ཡིད་ཀྱི་ དབང་པོ་དང་མཆོག་གི་དབང་པོ་རྣམས་ཀྱི་ཡི་གེ)ཐིག་ལེས་བྱིན་གྱིས་བརླབས་པ(འི་གསལ་བྱེད)སུམ་ཅུ་དང་ ཟླ་བ་བཅུ་གཉིས་པ་ལ་(ཡེ་ཤེས་ཀྱི་ཁམས་དང་ཡུལ་ཆོས་ཀྱི་ཁམས་དང་ལས་དབང་གི་བྱ་བ་ཁུ་བ་འཕོ་བ་རྣམས་ཀྱི་ཡི་ གེ)རྣམ་པར་བཅད་པས་བྱིན་གྱིས་བརླབས་པ〔འི་གསལ་བྱེད་〕རྣམས་སུ་འགྱུར་(ཞིང་རྡུལ་གྱི་ཡེ་ཤེས་ཀྱི་ ཁམས་ཕན་ཚུན་སྦྱོར་ཏེ་རྩ་བདུན་ཁྲི་ཉིས་སྟོང་རྫོགས་པར་འགྱུར)རོ(དེ་ལྟར་ཟླ་བ་བཅུ་གསུམ་ལ་ཡི་གེ་སྟོང་དང་ཉི་ཤུའོ)། ། ༈ དེ་ནས་ཟླ་བའི་ཁམས་ཁུ་བའི་ཁམས་ཀྱི་(གཙོ་བོའི་འབྲས་བུ)རྩ་དང་རྐང་དང་རུས་པ་ རྣམས་སྐྱེད་པ་རྣམས་ཡོངས་སུ་ཆད་(ཅིང་རྫོགས)དེ་(ཁམས་དྲུག་སྨིན་པར་བྱ་བའི་ཕྱིར་འཕེལ་བ་རྩོམ་པ་ནི) ཤེས་རབ་ཀྱི་(ཞག་ཉི་ཤུ་རྩ་ཕྱེད་དང་གསུམ་དང་ཟླ་བ་གཅིག་ལྷག་པའི)ལོ་བཅུ་གཉིས་དང་ཐབས་ཀྱི་ལོ་བཅུ་ དྲུག་(གི་བར)ལ་(སོ་སོའི་ཡེ་ཤེས་ཀྱི་ཁམས་འཕེལ་བར་བྱེད་དེ)ཉི་མ་རྡུལ་འཕེལ་བར་བྱེད་དོ། །(ལོ་ཟླ་ཞག་ གྲངས་དེ་སྙེད་རེ་རྫོགས་པ)དེ་ནས་ཡེ་ཤེས་ཀྱི་ཁམས་སྨིན་ཏེ་ཤེས་རབ་ཀྱི་རྡུལ་སྨིན་ཞིང་ཐབས་ཀྱི་ ཁུ་བ་སྨིན་ནོ། །དེ་ནས་སྔ་མ་བཞིན་དུ་ཤེས་རབ་ཀྱི་གཞན་〔ཞག་ཉི་ཤུ་རྩ་ཕྱེད་དང་གསུམ་དང་ཟླ་བ་གཅིག་ ལྷག་པའི〕ལོ་བཅུ་གཉིས་དང་ཐབས་ཀྱི་གཞན་〔ཞག་ཉི་ཤུ་རྩ་ཕྱེད་དང་གསུམ་དང་ཟླ་བ་གཅིག་ལྷག་པའི〕ལོ་བཅུ་ དྲུག་ཏུ་སའི་ཁམས་སྨིན་ནོ། །(དེ་ལྟར་ཐབས་ཀྱི་ཁམས་གཉིས་སྨིན་པའི་ལོའི)མཚམས་(ཀྱི་སྟེང་དུ་ཕྱེད་དང་ བཅས་པའི་ཟླ་བ་གསུམ་བསྣན་པ)འདི་ནས་(ཐབས་ཀྱི)སྙིང་སྟོབས་ཀྱི་(ཡོན་ཏན)ཆ་(རྫོགས་པས)དབུ་མར་ (ཞེས་པ་འཕེལ་བ་ཆད་པར)འགྱུར་རོ། །སླར་ཡང་ཤེས་རབ་ཀྱི་གཞན་〔ཞག་ཉི་ཤུ་རྩ་ཕྱེད་དང་གསུམ་དང་ཟླ་ 3-1-162 བ་གཅིག་ལྷག་པའི〕ལོ་བཅོ་བརྒྱད་དུ་ཆུའི་ཁམས་སྨིན་ཏེ་ཐབས་ཀྱི་ཕྱེད་དང་བཅས་པའི་ཉིན་ཞག་ ཉི་ཤུ་རྩ་གཉིས་དང་ཟླ་བ་གཅིག་ལྷག་པའི་ལོ་བཅུ་དྲུག་ཏུ་སྔ་མ་བཞིན་དུ་ཆུའི་ཁམས་སྨིན་ནོ། ། (ཟླ་བ་གཅིག་དང་ཉིན་ཞག་ཉི་ཤུ་རྩ་ཕྱེད་དང་གསུམ་པོ་འདི་ཕྱེད་དང་བཅས་པའི་ཟླ་བ་བཅུའི་དོན་དུ་ལོ་གྲངས་ཐམས་ཅད་ལ་ ལྷག་པར་སྦྱར་བར་བྱའོ)ཤེས་རབ་ཀྱི་མེ་སྨིན་པ(འི་ལོ་གྲངས)་ནི་སྔ་མ་(ཆུ་ལ་བཤད་པ)བཞིན་ཏེ་ཐབས་ཀྱི་ ཡང་སྔ་མ་(ཆུ་ལ་བཤད་པ)བཞིན་ནོ། །དེ་བཞིན་དུ་རླུང་གི་ཁམས་སྨིན་པ་དང་ནམ་མཁའི་ཁམས་ སྨིན་པ་(གཉིས་ཀྱི་ལོ་གྲངས་ཀྱང་ཆུ་ལ་བཤད་པ་དང་འདྲ)སྟེ་(དེ་ལྟར་ན)སྙིང་སྟོབས་(ཀྱི་ལོ་སོ་གཉིས་ཕྱེད་བཅས་ཟླ་ བ་གསུམ་དང་བཅས་པ)དང་རྡུལ་〔ཀྱི་ལོ་སོ་གཉིས་ཕྱེད་བཅས་ཟླ་བ་གསུམ་དང་བཅས་པ〕དང་མུན་པའི་(ལོ་དང་ཟླ་བ་ དེ་ཉིད་ཀྱི)དབྱེ་བས་ལོ་དགུ་བཅུ་རྩ་དྲུག་དང་ཕྱེད་དང་བཅས་པའི་ཟླ་བ་བཅུས་ཁམས་ཐམས་ ཅད་སྨིན་ནོ(དེ་ནས་འཆི་བ་ཡང་ཞག་ཏུ་གྲུབ་པོ)། ། ༈ དེ་ནས་(འཆི་བའི་མཚན་ཉིད་བསྟན་པ་ནི་ལོ་བརྒྱའི)དབུ་མའི་རྩ(འི་དབུགས)ལོ་〔གསུམ་〕དང་ཕྱོགས་ 〔གསུམ་〕དང་(མངལ་བཟུང་བའི་ཟླ་བའི་གསལ་བྱེད་སུམ་ཅུའི་ཉིན་ཞག་དང་མཚུངས་པའི)ཉིན་ཞག་གི་ཚད་གསལ་ བྱེད་སུམ་ཅུའི་ཚད་དེ་ཉིན་ཞག་གི་ཚོགས་ལྔ་བཅུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གིས་ དུས་རབ་ཏུ་རྒྱུ་སྟེ་(ལུས་ཀྱི་ཁམས)ཟ་བར་བྱེད་དོ། །(དེ་ཉིད་རྒྱས་པར་བཤད་པ)ཀ་སོགས་སྡེ་རྣམས་ དབྱངས་དང་བཅས་པ་སྔར་བརྗོད་པ་(སུམ་བརྒྱ་དྲུག་ཅུ་པོ)དག་ཀྱང་ཡོན་ཏན་གྱིས་བསྒྱུར་(བས) ཉིན་ཞག་སྟོང་བརྒྱད་ཅུར་གྱུར་པ་དང་གང་ཡང་ཕྱོགས་གསུམ་དག་གི་དབྱངས་(སྔར་བཤད་པ) ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོ་བཞི་བཅུ་རྩ་ལྔ་དང༌། ངེས་པར་སུམ་ཅུའི་གསལ་བྱེད་ དེ་དག་རྣམས་ལ་རྣམ་གསུམ་བགྲོད་པའི་དབང་གིས་ཞེས་པ་གཡོན་དང་གཡས་(ཀྱི་རྩ་ལ་ཞག་ རེའི་དབུགས་ཀྱི་གྲངས་མ་རྫོགས་པ)དང་(རྩ་གཉིས་ལ་ཆད་པའི་དབུགས)དབུ་མའི་(ནང་དུ)བགྲོད་པའི་དབང་ གིས་འཆི་བ་རྒྱུའོ། ། ༈ དེ་བཞིན་དུ་བཀྲ་ཤིས་ལ་སོགས་པ་གཟའ་ལྔའི་རྐང་པ་སུམ་ཅུ་རྩ་བཞི་ལྷག་པའི་བརྒྱ་ 3-1-163 ཕྲག་བཅུ་གཅིག་སྔར་བརྗོད་པ་རྣམས་དང་ཉི་མ་(དང་)རི་བོང་ཅན་གྱི་(ཐུན་མོང་གི)རྐང་པ་རོ་དང་ དུས་དང་རི་བོང་ཅན་ཏེ་རྐང་པ་བཅུ་གཅིག་གི་བདག་ཉིད་དང༌། སྒྲ་གཅན་མཇུག་རིངས་རྐང་ པ་ཞེས་པ་སྒྲ་གཅན་གྱི་རྐང་པ་ནི་ཕྱེད་དང་བཅས་པའི་བདུན་གྱི་བདག་ཉིད་དེ་ཟླ་བ་(གཅིག་གི་ ལོངས་སྤྱོད་དུ)ཡོངས་སུ་བཅད་པའི་བདག་ཉིད་(མཇུག་རིངས་ཀྱི་རྩ་བའི་ལོངས་སྤྱོད་ལ་སྦྱར་བའི་ཆུ་ཚོད་ཕྱེད་དང་ བཅས་པ་བརྒྱད)དོ། །མཇུག་རིངས་(ཕྱོགས་གསུམ་ལ)འཆར་བའི་{བདག་ཉིད་}རྐང་པ་ནི་ཉིན་ཞག་ སོ་སོར་ཆུ་ཚོད་གཉིས་ཀྱི་བདག་ཉིད་དེ་རྐང་པ་ཆུ་ཚོད་ཀྱི་བདག་ཉིད་འདི་རྣམས་(བསྡོམས་པའི་ གྲངས)ནི་(གོང་དུ་བཤད་པའི)ལོ་གསུམ་དང་ཕྱོགས་གསུམ་དང་གསལ་བྱེད་སུམ་ཅུའི་ཉིན་ཞག་གི་ གྲངས་〔དང་མཚུངས་པའི་ལྔ་བཅུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་ཏུ་འགྱུར〕ཏེ་འདི་རྣམས་ཉིད་ལ་འཆི་བ་ རྒྱུའོ། །དེ་བཞིན་དུ་སུམ་ཅུ་རྩ་གཉིས་ལོ་དང་ཕྱོགས་(བདུན་རྣམས)ཀྱང་ཡོན་ཏན་གྱིས་བསྒྱུར་ (བ་ནི)ཟླ་བ་ཉི་མ་མེ་ཡིས་ཕྱེ་བའོ། །ཞེས་པ་ནི་སྙིང་སྟོབས་དང་རྡུལ་དང་མུན་པས་ཕྱེ་བ་སྟེ་ལོ་ དགུ་བཅུ་རྩ་དྲུག་དང་གཞན་ཕྱེད་དང་བཅས་པའི་ཟླ་བ་བཅུའི་ཕྱོགས་རྣམས་སོ། ༡༠༣ ། ༈ གཡོན་དང་གཡས་ཀྱི་རྩའི་ཕྱོགས་ལོ་བརྒྱའི་ཕྱོགས་(ཉིས་སྟོང་བཞི་བརྒྱ་པོ)རྣམས་ཀྱི་ནང་ ནས་(དབུ་མའི)ལོ་གསུམ་(ཉི་མའི་ཡོན་ཏན)གྱི་ནི་ཕྱོགས་རྣམས་དག་སྟེ་བདུན་ཅུ་རྩ་གཉིས་དང་རི་ བོང་ཅན་གྱི་ཡོན་ཏན་ཏེ་ཕྱོགས་གསུམ་དང་དུས་ཀྱི་མེ་ཡི་ཕྱོགས་(ཡོན་ཏན་མངལ་བཟུང་བའི་ཟླ་བ་དང་ མཚུངས་པའི)གཉིས་དག་གོ། དེ་ལྟར་ན་ཕྱོགས་བདུན་ཅུ་རྩ་བདུན་པོ་ལོ་བརྒྱ་ལས་ནི་ལོ་བརྒྱའི་ ཕྱོགས་ཀྱི་ཕུང་པོ་བརྒྱ་ཕྲག་ཉི་ཤུ་རྩ་བཞིའི་གྲངས་ལས་དམན་པར་གྱུར་བའོ། །ལྷག་མའི་ ཕྱོགས་ནི་ཉི་ཟླ་དག་གི་སྟེ་གཡས་དང་གཡོན་གྱི〔ཆ〕འོ། །(དེའི་གྲངས་ནི་)འཇིག་རྟེན་མིག་དང་མེ་ མིག་གྲངས་ཞེས་པ་(ཕྱོགས)ཉི་ཤུ་རྩ་གསུམ་ལྷག་པའི་བརྒྱ་ཕྲག་ཉི་ཤུ་རྩ་གསུམ་མོ། །དེ་བཞིན་ དུ་ཉིན་མཚན་དུས་རྣམས་གཙོ་བོ་དག་གིས་དམན་པ་མཐའ་དག་སྟེ་ལོ་བརྒྱའི་(ཞག)སྟོང་ཕྲག་ སུམ་ཅུ་རྩ་དྲུག་གོ། (དེ་ལ)གཙོ་བོས་དམན་པ་ནི་ལོ་གསུམ་དང་ཕྱོགས་གསུམ་དང་གསལ་ 3-1-164 བྱེད་ཀྱི་ཟླ་བས་དམན་པ་སྟེ་གཡོན་དང་གཡས་(ཀྱི་རྩ)ལ་〔ཆད་ནས་དབུ་མར་ཤོར་བས〕འཆི་བས་ཟོས་ པའོ། །(ཕྱེད་བཅས་ཟླ་བས་དམན་པའི་ལོ་དགུ་བཅུ་རྩ་བདུན་རྫོགས་པའི་མཚམས་ནས་ལོ་གསུམ་ཕྱོགས་གསུམ་གསལ་ བྱེད་ཀྱི་ཞག་སུམ་ཅུ་དང་བཅས་པའི)གསལ་བྱེད་ལ་སོགས་སྡེ་བ་དབྱངས་རྣམས་དག་ནི་ཉི་མ་ཟླ་བའི་ བགྲོད་པའི་དབང་གིས་འཆི་བས་ཟོས་ཏེ་(རྩ་འདོར་བར་འཆི་ལྟས་དང་འདྲ་བས)འཆི་ལྟས་(ཏེ་རྒྱུ་བ་དང་ པོའི་ཞག་གཅིག)ནས་བརྩམས་ནས་དབུ་མའི་དུས་(ལོ་གསུམ་ཕྱོགས་གསུམ་དང་གྲངས་མཚུངས་)སུ་ཟོས་ སོ། ༡༠༤། ༈ དེ་བཞིན་དུ་(སྔར་གཟའ་བརྒྱད་ལ་བཤད་པའི)བྱེད་བཅས་འཁོར་ལོའི་ཆུ་ཚོད་(ཅེས་པ)ཕྱེད་ བཅས་འཁོར་ལོ་ནི་ཁྱིམ་བཅོ་བརྒྱད་ཀྱི་གྲངས་ཏེ་(ཁྱིམ་རེའི་ལོངས་སྤྱོད)སུམ་ཅུ་རྩ་ལྔ་ལྷག་པའི་ བརྒྱས་བསྒྱུར་བ་སུམ་ཅུ་ལྷག་པའི་བརྒྱ་ཕྲག་ཉི་ཤུ་རྩ་བཞི་ནི་ཆུ་ཚོད་ཀྱི་གྲངས་སོ། །〚དེའི་ སྟེང་ནས་〛རི་བོང་ཅན་གྱི་རྐང་པ་ནི་འབྱུང་དང་འབྱུང་བ་མདའ་དང་རིག་བྱེད་ལ་སོགས་པ་ རིམ་པ་(ལ་སྔ་རྐང་ཕྱི་རྐང་ལྔ་བཅུ)དང་རིམ་པ་མ་ཡིན་པ(ལ་སྔ་སྐང་ཕྱི་རྐང་ལྔ་བཅུ)འི་དབྱེ་བས་ བརྒྱའི་གྲངས་ཏེ་དེ་རྣམས་དང་བྲལ་བ་ནི་རི་བོང་ཅན་གྱི་རྐང་པ་དང་བྲལ་བའོ། །(དེ་བཞིན་དུ) རེས་གཟའི་ཆུ་ཚོད་ནི་བདུན་ཏེ་དེས་དམན་པ(འི་ལྷག་མ)མཐའ་དག་ནི་ཉི་ཤུ་རྩ་གསུམ་ལྷག་ པའི་བརྒྱ་ཕྲག་ཉི་ཤུ་རྩ་གསུམ་གྱི་གྲངས་(ཏེ་སྔར་བཤད་པའི་གཡས་གཡོན་གྱི་ཕྱོགས་དང་གྲངས་མཚུངས) སོ། །ཤེས་རབ་ཐབས་ཀྱི་རབ་ཏུ་དབྱེ་བ་དག་གིས་ཏེ་(གཡས)སྡུད་པ་དང་(གཡོན)སྐྱེད་པའི་དབྱེ་ བས་ཉིན་མཚན་དུས་ཀྱིས་དེ་རྣམས་ཀྱང་འཆི་བས་ཟོས་སོ། ། ༈ དེ་ལྟར་སྡེ་བ་དབྱངས་བཅས་(སྟོང་བརྒྱད་ཅུ)དབྱངས་ཀྱི་ཚོགས་(ཞེ་ལྔ)དང་གསལ་བྱེད་ (སུམ་ཅུ)རྣམས་ཉིད་དག་དང་བཅས་པ(འི་གཟའ་རྣམས་ཀྱི)་རྐང་པ་〔དེ་རྣམས་འདོར་བ་〕ནི། །དམན་ དང་བར་མ་དུས་འཆི་ཟླ་བ་ཉི་མའི་འཆི་བ་དང་ནི་གསལ་བྱེད་ལྷག་པའི་ལྷ་ཅན་ལའོ། །ཞེས་ པ་ནི་དམན་པ་ཟླ་བའི་འཆི་ལྟས་ཀྱི་འཆི་བ་དང༌། བར་མ་ཉི་མའི་འཆི་ལྟས་ཀྱི་འཆི་བ་དང༌། 3-1-165 གསལ་བྱེད་ལྷག་པའི་ལྷ་ཅན་དབུ་མའི་དུས་སུ་འཆི་བའི་འཆི་བ་ལ་སྟེ་སྔར་བརྗོད་པའི་ངེས་ པའོ། ༡༠༥ ། དེ་ནས་སུམ་ཅུ་གཉིས་ཉིན་ཞག་གཅིག་ཀྱང་(འཕོ་བ་མེད་པར་གཡས་ཉིད་ལ་རྒྱུ་བ)ཞེས་པ་ནི་ཉིན་ ཞག་སུམ་ཅུ་རྩ་གསུམ་མོ། །རི་བོང་ཅན་བཅས་ཉི་མའི་བགྲོད་ལ་སྟེ་གཡོན་པའི་བགྲོད་པ་ དང་བཅས་པའི་གཡས་པའི་བགྲོད་པ་ལ་རྩ་(རྣམས)ནི་གཅོད་པ་འདི་(དུས་དང་དུས་མིན་དུ་འཆི་བ་ཀུན་ ལ)ཐུན་མོང་པ(སྟེ་གཡོན་ལ་འཆི་ལྟས་ཀྱི་ཞག་སོ་གསུམ་གྱིས་རྩ་{དེ་རྣམས་}འདོར་བ་དང་གཡས་ལ་འཆི་ཞག་སོ་གཉིས་ གཡས་ཉིད་ནས་རྒྱུ་བས་རྩ་འདབ་བརྒྱད་པ་ལ་སོགས་འདོར་བ་དང་དུས་སུ་འཆི་བ་ལ་རྒྱུ་བ་གཅིག་ནས་སོ་གསུམ་གྱི་བར་གྱིས་ དཀྱིལ་འཁོར་དང་ཡོན་ཏན་རྣམས་འདོར་བའི་ཕྱིར་སོ་གསུམ་སོ་གསུམ་གྱིས་འདོར་བར་གསུམ་ཀ་མཚུངས་ཞེས་པ)འོ། ། ༈ (ཁྱད་པར་དུ)དུས་ཀྱི་འཆི་བ་ལ་ནི་སླར་ཡང་〔སོ་གསུམ་ལྷག་པར་གཡས་ལ་རྒྱུ་〕སྟེ་སུམ་ཅུ་གསུམ་ གྱི་མཚན་མོས་ཞེས་པ་(འཕོ་བ་ཐམས་ཅད་མེད་པའི་གཡས་ཉིད་ལ་རྒྱུ་བ)ཉིན་ཞག་སུམ་ཅུ་རྩ་གསུམ་གྱིས་ རྡོ་རྗེ་དང་བཅས་ཏེ་ལུས་དང་ངག་དང་སེམས་དང་བཅས་པའི་ཕུང་པོ་(ལྔ་དང་)ཁམས་(ལྔ)དང་ དབང་པོ་(ལྔ)ལ་སོགས་(པ་ལྔ་ཚན་དྲུག)འདོར་རོ། །དེ་ནས་ཟླ་བ་ཉི་མའི་རྩ་ལ་ལ་ལ་ནཱ་དང་ར་ ས་ནཱ་དག་དོར་ནས་དུང་ཅན་མ་ཨ་བ་ངྷཱུ་ཏཱིར་སྲོག་གི་རླུང་དག་ཉིན་གཅིག་(ཏུ་དྲུག་པ་ཡེ་ཤེས་ཀྱི་ ཆ་རྣམས་ལ་འདོར་བ་ལ)རབ་ཏུ་འཇུག་སྟེ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའི་ཁམས་ ནི་རྣམ་པར་ཆད་པ་ཇི་སྲིད་ཉིད་དུའོ། །འདིར་འཆི་བའི་ཉིན་ཞག་ལ་དབུ་མར་སྲོག་རབ་ཏུ་ ཞུགས་ཏེ་དུས་ཀྱི་རླུང་(མུན་པ་ཆེན་པོ་དག)གིས་མནན་པར་གྱུར་པ་ན་(དེས)ལྟེ་བར་སའི་ཁམས་ ཡོན་ཏན་ལྔའི་རང་བཞིན་འདོར་ཏེ་དེ་ནས་སའི་ཁམས་རྣམ་པར་ཆད་པར་འགྱུར་རོ། །སྙིང་ ཁར་ཆུའི་ཁམས་ཡོན་ཏན་བཞིའི་རང་བཞིན་འདོར་ཏེ་ཆུའི་ཁམས་རྣམ་པར་ཆད་པར་འགྱུར་ རོ། །མགྲིན་པར་མེའི་ཁམས་ཡོན་ཏན་གསུམ་གྱི་རང་བཞིན་འདོར་ཏེ། །དེ་ནས་མེའི་ཁམས་ རྣམ་པར་ཆད་པར་འགྱུར་རོ། །དཔྲལ་བར་རླུང་གི་ཁམས་ཡོན་ཏན་གཉིས་ཀྱི་རང་བཞིན་ 3-1-166 འདོར་ཏེ་དེ་ནས་རླུང་གི་ཁམས་རྣམ་པར་ཆད་པར་འགྱུར་རོ། །གཙུག་ཏོར་དུ་ནམ་མཁའི་ ཁམས་ཡོན་ཏན་གཅིག་གི་རང་བཞིན་འདོར་ཏེ་དེ་ནས་སྟོང་པའི་ཁམས་རྣམ་པར་འཆད་དོ་ ཞེས་པ་ནི་སྟེང་དུ་སྲོག་གི་ཁམས་ཡོངས་སུ་འདོར་བའོ། །འོག་ཏུ་ལྟེ་བར་ལུས་ཀྱི་ཐིག་ལེའི་ ཆོས་ཐུར་སེལ་འདོར་ཏེ་དེ་ནས་སད་པའི་གནས་སྐབས་ཟད་པར་འགྱུར་རོ། །གསང་བར་ དག་གི་ཐིག་ལེའི་ཆོས་འདོར་ཏེ་དེ་ནས་རྨི་ལམ་གྱི་གནས་སྐབས་ཆད་པར་འགྱུར་རོ། །ནོར་ བུར་སེམས་ཀྱི་ཐིག་ལེའི་ཆོས་འདོར་ཏེ་དེ་ནས་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཆད་ པར་འགྱུར་རོ། །དེ་བཞིན་དུ་སྟེང་དུ་ཡང་རྡུལ་གྱི་ཁམས་ཀྱི་ཐིག་ལེ་རྣམས་སྲོག་གིས་འདོར་ ཏེ་དེ་ནས་ལུས་དང་ངག་དང་སེམས་ནི་རྣམ་པར་ཆད་པར་འགྱུར་རོ། །འཕོ་བའི་དུས་སུ་དྲུག་ པ་ཡེ་ཤེས་ཀྱི་ཁམས་འདོར་ཏེ་ལུས་ཅན་ཐམས་ཅད་ལ་ཁུ་བ་འོག་ཏུ་འདོར་ཞིང་རྡུལ་སྟེང་དུ་ འདོར་ལ་བཞི་པའི་གནས་སྐབས་རྣམ་པར་ཆད་པར་འགྱུར་རོ། །དེ་ལྟར་མངལ་ནས་སྐྱེས་པ་ རྣམས་འཆི་བའི་དུས་ངེས་པའོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་འཇིག་རྟེན་ཀུན་རྫོབ་ཀྱི་སྐྱེ་བ་དང་ འགག་པའི་རྒྱུར་གྱུར་པ་(འཕོ་བའི)སྐད་ཅིག་གི་མཚན་ཉིད་(ཅན་ཀུན་གཞིའི་རྣམ་ཤེས་ཏེ་དུས་འཁོར་དང་ འདྲ་བས)དུས་ཀྱི་འཁོར་ལོ་(ཞེས་བརྟགས་〔བསྟན་〕〚བཏགས་〛ནས་གསུངས་པའམ་སྐྱེ་འཇིག་གི་རྒྱུ་གང་ཡིན་པ་དུས་ འཁོར་རྒྱུད་དུ)ངེས་པའི་མདོར་བསྡུས་ཆེན་པོ་སྟེ་ལྔ་པའོ།། ༡༠༦ །། ༈ (བཅོ་ལྔ་པ་དབུ་མར་ཞུགས་པའི་དགའ་བ་ལ་སོགས་པས་འཆི་ལྟས་ཀྱི་འཆི་བ་བསླུ་བའི་ངོ་བོ་ཉིད་)ད་ནི་འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་རྒྱུར་ལུས་བསྲུང་བའི་མན་ངག་གསུངས་ པ་དང་པོར་ཞེས་པ་ལ་སོགས་པ་སྟེ་འཁོར་བ་འདིར་སེམས་ཅན་རྣམས་ཀྱི་ལུས་ལ་སྲོག་དང་ ཐུར་སེལ་སྡུད་པའི་རིམ་པས་(ཕྱིར)འབྱུང་བར་འགྱུར་ཞིང་སྐྱེད་པའི་རིམ་པས་(ནང་དུ)རབ་ཏུ་ 3-1-167 འཇུག་པ་ཇི་ལྟ་བ་དེ་བཞིན་དུ་རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་པ་ལས་བཅོམ་ལྡན་འདས་ ཀྱིས་གསུངས་པ། ལྟེ་བའི་པད་མ་(དང་)སྙིང་(ཁ་དང་)མགྲིན་དང༌། །དཔྲལ་བ་(དང་)གཙུག་ཏོར་ (གྱི)འདམ་སྐྱེས་(རྣམས་)ལ། །(རིམ་པ་ལྟར)ས་ཆུ་མེ་རླུང་སྟོང་པ་རྣམས། །སྡུད་པས་རབ་ཏུ་འབབ་ པ་ནི། །(ཕྱི་རོལ་ཏུ)འབྱུང་འགྱུར་(སླར་ཡང་)དེ་ནི་(ནང་དུ)འཇུག་པ་དག །སྐྱེད་པས་འཇུག་(གཙུག་ ཏོར་ནམ་མཁའ་ནས་ལྟེ་བ)སྟེ་ས(འི་བར)ལའོ། །དེ་བཞིན་དུ་ཐུར་སེལ་གྱི་ནུས་པ་ནི། ལྟེ་(བ)གསང་(བ་)ནོར་བུའི་ཆུ་སྐྱེས་ལ། །(རིམ་པ་ལྟར)ལུས་ངག་སེམས་ནི་འབབ་པ་དག །(ཕྱི་རུ)འབྱུང་བ་དང་ནི་ (ནང་དུ)འཇུག་པ་ནི། །(རིམ་པ་ལྟར)སྡུད་དང་སྐྱེད་པའི་རང་བཞིན་ཅན་ཞེས་སོ། །(དེས་ན་རླུང་ཕྱིར་ འགྲོ་བ་སྡུད་རིམ་ཡིན་པས་འཆི་བ་དང་མཐུན་པའི)རྒྱུ་དེའི་ཕྱིར་(རླུང་ཕྱིར་མ་ཤོར་བར་ནང་དུ་གནས་པས་ལུས་བསྲུང་བར་ བྱའོ། །དེ་ལ་གང་བསྲུང་ན)དང་པོར་མཐའ་དག་རྒྱལ་བའི་ལུས་ཏེ་ཕུང་པོ་ལྔ་ལ་སོགས་པའི་ལུས་ནི་ (གང་གི་དོན་དུ་བསྲུང་ན)དངོས་གྲུབ་རྒྱུ་རུ(འོ། །གང་གིས་བསྲུང་ན་ཡིད་སྐྱོབ་པའི་རྣལ་འབྱོར་ཅན)་སྔགས་པ་དག་ གིས་ཡང་དག་བསྲུང་བར་བྱའོ། །ལུས་མེད་ན་ནི་དངོས་གྲུབ་མེད་ཅིང་སྐྱེ་བ་འདི་ལ་མཆོག་གི་ བདེ་བ་སྟེ་ཟག་པ་མེད་པའི་བདེ་བ་ཐོབ་པར་འགྱུར་བའང་མེད་དོ། །དེ་ཕྱིར་ལུས་ཀྱི་དོན་གྱི་ རྒྱུར་ནི་ཞེས་པ་ལུས་ཀྱི་དོན་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་བསྲུང་བའི་རྒྱུར་ནི་ཉིན་ཞག་སོ་སོའི་ དུས་སུ་རྩའི་སྦྱོར་བ་〔བླ་མའི་མན་ངག་ལྟར་〕བསྒོམ་པར་བྱའོ། །ལ་ལ་ནཱ་དང་ར་ས་ནཱ་དག་(གི་རྩ་གཅིག་ ཏུ)སྦྱོར་བ་ནི་རྩའི་སྦྱོར་བ་སྟེ་སྲོག་གི་རླུང་དབུ་མར་བསྒོམ་པར་བྱ་ཞིང་བཤང་པ་དང་གཅི་བའི་ རྩ་(གཅིག་ཏུ)སྦྱོར་བ་ཐུར་སེལ་ནི་དུང་ཅན་མར་རོ། །ཉིན་དང་མཚན་མོའི་དུས་སུ་(ཞེས་པ)དུས་ སྦྱོར་བཅུ་གཉིས་སུ་རྩའི་(གསུམ་གཅིག་ཏུ)སྦྱོར་བ་འདི་བསྒོམ་པར་བྱའོ། །འདི་བསྒོམས་པས་ ལུས་(ནད་མེད་ཅིང་ལས་སུ་རུང་བའམ་བདེ་བ་ཆེན་པོར)འགྲུབ་སྟེ་〔དེ་ལྟ་བུར་〕ལུས་གྲུབ་པར་གྱུར་ན་(མཆོག་ ལས)གཞན་པའི་དངོས་གྲུབ་འཇིག་རྟེན་པ་རྣམས་མངག་གཞུག་(པ་ལ་བཀའ་བསྒོ་བ་ལྟ་བུ)ཉིད་དུ་ རབ་ཏུ་འགྱུར་རོ་ཞེས་པ་སྟེ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་ངེས་པའོ། ༡༠༧ ། 3-1-168 ༢ འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ལམ་བསྟན་པ། ༈ ད་ནི་སྟོང་པ་ཞེས་པ་ལ་སོགས་པས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་ པའི་ལམ་གསུངས་ཏེ་འདིར་(ནམ་མཁའ)སྟོང་པ་ལ་ནི་དུ་བ་སོགས་ལམ་བླ་མའི་ངེས་པ(ཡན་ ལག་དྲུག་གི་སྦྱོར་བ)འི་དབང་གིས་ཞེས་པ་(ལེའུ་ཕྱི་མ་གཉིས་ནས)འཆད་པར་འགྱུར་བའི་རིམ་པས་ གཟུགས་བརྙན་མཚམས་སུ་བསྒོམ་པར་བྱའོ། །གཟུགས་བརྙན་ནི་(སྟོང་གཞི་དོན་དམ་གཞན་སྟོང་) རྣམ་པ་ཐམས་ཅད་པའི་གཟུགས་བརྙན་ཏེ་དེའི་མཐར་ཐུག་པར་(མི་བསམ་པའི་ཚུལ་གྱིས)བསམ་ མོ། །(དེ་ལྟར་སོར་སྡུད་བསམ་གཏན་གྱི་གཟུགས་བརྙན་བརྟན་པའི)མཚམས་དེ་ནས་རྩའི་འཁོར་ལོ་རྣམས་ སུ་སྲོག་དང་ཐུར་སེལ་རླུང་ནི་(དབུས་སུ་སྡུད་ཅིང་འཛིན་པས)བརྟན་པ་དག་ཀྱང་བྱེད་པ་སྟེ་ལྟེ་བའི་ འཁོར་ལོ་ལ་(སྲོག་ཐུར་སེལ་སྦྱོར་བའི་)རྣལ་འབྱོར་པས་སོ(འདིར་རྩའི་འཁོར་ལོ་རྣམས་སུ་སྲོག་ཐུར་བརྟན་པར་ བྱེད་པའི་དོན་ནི་སྲོག་རྩོལ་གྱིས་གཡས་དང་གཡོན་ལ་རྒྱུ་བའི་སྲོག་དབུ་མ་དང་གཡས་དང་གཡོན་གྱི་ཐུར་སེལ་གྱི་རླུང་དུང་ཅན་ མར་གསང་གནས་གྱི་འཁོར་ལོའི་དབུས་ནས་བཞུགས་པར་བྱ་སྟེ་འཛིན་པའི་ཡན་ལག་གིས་ཕྱིར་འབྱུང་བ་བཀག་པས་ལྟེ་བའི་ དབུས་ནས་རྩའི་འཁོར་ལོ་རྣམས་སུ་སོང་སྟེ་སྲོག་གཡོ་མེད་དུ་བྱེད་པའོ། །དེའི་ཕྱིར་རླུང་དབུ་མར་ཞུགས་པ་སྤྱི་གཙུག་ནས་རྩའི་ འཁོར་ལོ་རྣམས་སུ་འཇུག་པར་བཞེད་པ་དང་དབུ་མ་ལས་སྤྱི་གཙུག་ནས་རྩའི་ཡལ་ག་དུ་མ་གྱེས་པ་རྣམས་སུ་འཇུག་པར་བཞེད་ པ་གཉིས་ཀ་གཞུང་གི་དགོངས་པར་མི་གསལ་ཏེ་ཞེས་པ་འཆད་པ་པོའི་ངག་ལས་ཤེས་པ་བྱའོ)། །ཕྱི་ནས་(རྗེས་དྲན་གྱིས) ཟླ་བ་ངེས་པར་འགོག་པ་ནི་གཟའ་བཞིན་ཞེས་པ་(ཟླ་བ)སྒྲ་གཅན་(གྱིས་འཛིན་པ)བཞིན་དུ་བྱེད་ དེ་བྱང་ཆུབ་སེམས་ནི་(འཕོ་བ་འགོག་པ་རྡོ་རྗེའི)རྣལ་འབྱོར་པ་ཡིས་སོ། །སྲོག་དང་ཐུར་སེལ་དག་ ཕན་ཚུན་ཡང་དག་པར་སྦྱོར་བ་ནི་རྣལ་འབྱོར་ཏེ་དེ་གང་ལ་ཡོད་པ་ནི་རྣལ་འབྱོར་པའོ། །བྱང་ ཆུབ་སེམས་ནི་འཕོ་བའི་སྐ་ཅིག་གོ། (དེ)འགོག་པ་ནི་(འཕོ་བ)ཉེ་བར་ཞི་བ་སྟེ་(སྟེང་དུ་གཤེགས་པ) རྒྱུ་མཐུན་པ་ལ་སོགས་པ་འགྱུར་བ་མེད་པར་བྱེད་དོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་ དག་ཅེས་པ་ནི་(ལྟེ་བར)རྒྱུ་མཐུན་པ་དེ་ལས་(སྙིང་ཁར)རྣམ་པར་སྨིན་པ་དང་(མགྲིན་པར)སྐྱེས་བུ་ 3-1-169 བྱེད་པ་དང་(སྤྱི་བོར)དྲི་མ་མེད་པ་(ལས)གང་ཅུང་ཟད་(སྨྲ་བསམ)བརྗོད་དུ་མེད་པའི་འདོད་པ་(དེ་ དོན་ནི)དེ་ནི་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར་རོ། །ཉིན་ཞག་འགའ་ནི་ལོ་ གསུམ་དང་ཕྱོགས་གསུམ་གྱི་དུས་ཀྱི་འཁོར་ལོ(ལོ་བརྒྱའི་དབུ་མ)འི་ཉིན་ཞག་རྣམས་ཏེ་དེ་རྣམས་ ཀྱིས་སོ། །སྟོང་པ་ལ་སོགས་པའི་རྣམ་པར་ཐར་པས་སྦྱངས་པའི་(རྣལ་འབྱོར་པའི)ཕུང་པོ་(ལམ་དུས་ ཀྱི་བདེ་བ་ཆེན་པོའི་སྐད་ཅིག་གི་བདག་ཉིད)འདི་དག་གིས་(གཞི་ལ་གདོད་མ་ནས་བཞུགས་པའི་ལྷན་ཅིག་སྐྱེས་པའི་བདེ་ བ་ཆེན་པོ)ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་ པའི་ལམ་གྱི་ངེས་པའོ། ༡༠༨ ། ༈ ད་ནི་ཉི་མ་ཞེས་པ་ལ་སོགས་པས་དུས་མ་ཡིན་པའི་འཆི་བ་བསླུ་བ་གསུངས་ཏེ། ། འདིར་གང་གི་ཚེ་རྣལ་འབྱོར་པས་(སྔར་བཤད་པའི)དུས་མ་ཡིན་པའི་འཆི་བའི་མཚན་ཉིད་ མཐོང་བ་དེའི་ཚེ་(བླ་མའི་མན་ངག་གིས)ཉི་མ་ཟླ་བ་འགོག་པ་ནི་གཡོན་པ་དང་གཡས་པའི་རྩ་ འགོག་པའོ། །མཉམ་དང་མི་མཉམ་བགྲོད་པ་ལ་སྟེ་ཞེས་པ་ནི་(གཡས)སྡུད་པ་དང་(གཡོན) སྐྱེད་པའི་བགྲོད་པ་ལའོ(ཞེས་པ་གཡས་དང་གཡོན་གྱི་རླུང་ངོ་)། །དབུ་མ་མེ་ལ་ཞེས་པ་ནི་(སྲོག་གི་རླུང་) སྒྲ་གཅན་(དང་ཐུར་སེལ་གྱི་རླུང་)དུས་མེ་(སྟེ་དུང་ཅན་མ)དབུ་མའི་རྩ་ལ་(ལྟེ་བ་དང་གསང་གནས་ཀྱི་དབུས་ནས) རབ་ཏུ་ཞུགས་པར་བྱའོ། །སྲོག་དང་ཐུར་སེལ་གཉིས་པོ་དག་ཀྱང་(དབུ་མ་དང་དུང་ཅན་མར)ཉིན་ ཞག་དང་པོ་སོང་ན་སྟེ་དབུ་མ་རབ་ཏུ་འབབ་པ་(ཡུན)ཉིན་ཞག་གཅིག་སོང་བར་གྱུར་(ཅིང་ནང་དུ་ གནས་)ན་རྣལ་འབྱོར་པ་རྣམས་ཀྱི་དུས་མིན་འཆི་བ་བསླུ་བར་འགྱུར་རོ། །སྲོག་གིས་གང་བར་ བྱས་ནས་དེ་(གཡོན་དང་གཡས་ཀྱི)དཀྱིལ་འཁོར་ལྔ་འབབ་པ་རྣམས་དབུ་མའི་སྦྱོར་བའི་སྲོག་གིས་ (ཞེས་པ་སྲོག་ཐམས་ཅད་དབུ་མར་བཅུག་སྟེ་ཕྱིར་འགྲོ་བ་བཀག་པས་དབུ་མའི་ཡེ་ཤེས་ཀྱི་རླུང་དེ་ཉིད་ལྟེ་བ་ནས་རྩའི་འཁོར་ལོ་ རྣམས་སུ་སོང་སྟེ)ལག་པ་དང་བཅས་རྐང་པའི་སོར་མོའི་ཚིགས་དང་སེན་མོའི་མཐར་(ཐུག་པ་ལུས་ ཐམས་ཅད)གང་བར་བྱས་ནས་(སྔར་རྩ་ཆད་པ་དང་སྐམ་པ་དང་ཆད་པ་ཐམས་ཅད་སོས་པར་བྱ་སྟེ)གཙུག་ཏོར་ 3-1-170 ལ་སོགས་པའི་འཁོར་ལོ་དྲུག་ལ་སངས་རྒྱས་ལྷ་མོ་འཇིགས་མེད་ཕྱག་གི་པད་མ་རྣལ་འབྱོར་ པས་ནི་བསྒོམ་པར་བྱ་སྟེ་འཆད་པར་འགྱུར་བའི་རིམ་པས་སོ། །དུས་མ་ཡིན་པའི་འཆི་བ་ བསླུ་བའི་ངེས་པའོ། ༡༠༩། ༈ ད་ནི་ཐུར་སེལ་ཞེས་པ་ལ་སོགས་པས་རླུང་ནད་ལ་སོགས་པ་ཞི་བར་བྱེད་པ་གསུངས་ ཏེ་འདིར་ལུས་ལ་ལྟེ་བ་དང་གསང་བ་ན་སྔར་བརྗོད་པ་རླུང་གི་སྐྱོན་བྱེད་པའི་རྩ་བརྒྱད་ཅུ] འོ། །འདི་རྣམས་ཁམས་མཉམ་པར་བྱེད་པའི་སླད་དུ་(སྲོག་རང་སོར་བཞག་ནས)ཐུར་སེལ་བསྐུམ་ ན་འདོད་པ་ཞེས་པ་བདེ་བ་བྱེད་པར་འགྱུར་ཏེ་སྔགས་པ་རྣམས་ཀྱི་རླུང་གི་ནད་གཟེར་བ་ ལ་སོགས་པ་མ་ལུས་དག་ལའོ། །དེ་བཞིན་དུ་དཔྲལ་བ་དང་གཙུག་ཏོར་ལ་བད་ཀན་གྱི་ སྐྱོན་བྱེད་པའི་རྩ་ཉི་ཤུ་སྟེ་དེ་རྣམས་ཁམས་མཉམ་པ་བྱེད་པའི་སླད་དུ་(ཐུར་སེལ་མི་འགོག་པར) སྲོག་རྩོལ་(ཏེ་སྲོག་བཀག་ན)འདོད་(དེ་བདེ་བ་བྱེད)པར་འགྱུར་རོ། །བད་ཀན་ལ་འགྱུར་ཞེས་པ་ནི་ བད་ཀན་གྱི་ནད་སྐྱེས་པར་གྱུར་པ་ན་རྣལ་འབྱོར་པས་(ཐུར་སེལ་མི་འགོག་པར)སྲོག་དགག་པར་ བྱའོ། །སླར་ཡང་དེ་དག་གཏོང་བ་མཁྲིས་པ་དག་གི་སྐྱོན་ལའོ་ཞེས་པ་ནི་མཁྲིས་པའི་ཉེས་པ་ སྐྱེས་པར་གྱུར་པ་ན་སྲོག་དང་ཐུར་སེལ་དེ་རྣམས་ཕྱི་རོལ་ཏུ་གཏང་བར་བྱ་སྟེ་(དེ་ནས)འཆད་ པར་འགྱུར་བའི་རིམ་པས་ཕྱི་རོལ་གྱི་རླུང་ཤཱིཏ་ཞེས་པས་(ནང་དུ)བཟུང་ནས་ལྕེ་(རྩེ)ཆུང་ལ་ ལྕེ་བཀོད་ཅིང་སྟཱུ་ཀ་ལ་སོགས་པའི་བདུད་རྩི་(ལྕེ་ཆུང་ལས་འབབ་པ)བཏུང་བར་བྱ་སྟེ་མཁྲིས་པའི་ ནད་མཐའ་དག་ལའོ། །རྩ་ནི་མགྲིན་པ་དང་སྙིང་ཁ་ལ་མཁྲིས་པའི་སྐྱོན་བྱེད་པ་བཞི་བཅུ་ སྟེ་དེ་རྣམས་ཁམས་མཉམ་པ་ཉིད་བྱེད་པའི་སླད་དུ་སྦྱོར་བ་དེ་བྱའོ། །སྟེང་དང་འོག་ནི་ཡང་ དག་འགོག་པ་བདེ་བ་བྱེད་པར་འགྱུར་ཏེ་འདུས་པ་དག་དང་རིམས་ལ་ཡང་ཞེས་པ་ནི་འདིར་ གསང་བ་ལ་འདུས་པ་བྱེད་པའི་རྩ་བཅུ་སྟེ་དེ་རྣམས་ཁམས་མཉམ་པ་ཉིད་བྱེད་པའི་སླད་དུུ་ སྟེང་དང་འོག་དང་ཐུར་སེལ་དག་འགོག་པ་(ཁ་སྦྱོར་བསྒོམ་ན)འདོད་དེ་རིམས་ལ་ཡང་འདོད་(པ་སྟེ་ 3-1-171 བདེ་བ་བྱེད)དོ། །རྒྱུ་ཅིའི་ཕྱིར་ཞེ་ན་གང་ཞིག་(རླུང་ཁ་སྦུབ་ལས་ནང་དུ་བཀུག་པས་སྟེང་ནས)ལྟེ་བའི་སྟེང་དུ་ སྲོག་གི་རླུང་ནི་(ཡས་མར)འབབ་པ་དེ་ལས་མཐའ་དག་ནད་འཕྲོག་ཅིང་(ཐུར་སེལ་གྱི་རླུང་གསང་གནས་ ཀྱི་དབུས་ན་དུང་ཅན་མ་ཡར་དྲངས་ཏེ་)ལྟེ་བའི་རྩ་བར་ཐུར་སེལ་(གྱེན་དུ)འབབ་པས་ལྟེ་བའི་འོག་ཏུ་ནད་ མཐའ་དག་འཕྲོག་སྟེ་གཞན་པ་དག་ཀྱང་ངོ་ཞེས་པའོ། །རླུང་ལ་སོགས་པའི་ནད་ཉེ་བར་ཞི་ བའི་ངེས་པའོ། ༡༡༠ ། ༈ ད་ནི་ཐུར་སེལ་ཞེས་པ་ལ་སོགས་པས་ལྟོ་བའི་ནད་ཉེ་བར་ཞི་བའི་ཆོ་གའི་མན་ངག་ གསུངས་ཏེ་འདིར་གང་གི་ཚེ་ལྟོ་བར་དམུ་ཆུ་(དང་སྐྲན་དང་གཞང་འབྲུམ་དང་དུག)ལ་སོགས་པར་གྱུར་ ན་དེའི་ཚེ་ཐུར་སེལ་རླུང་ནི་འོག་ཏུ་རྣམ་པ་གསུམ་གྱི་ལམ་དུ་བགྲོད་པ་དག་ཅེས་པ་བཤང་པ་ དང་གཅི་བ་དང་ཁུ་བའི་ལམ་དུ་བགྲོད་པ་དག་ནི་བསྐུམ་ཞིང་སྲོག་ཉིད་སྟེང་ནས་ཀྱང་བསྐུམ་ པར་བྱ་སྟེ་ཟླ་བ་དང་ཉི་མ་དང་མེའི་ལམ་དུ་བགྲོད་པའོ། །ཇི་སྲིད་དེ་དག་(ལྟེ་བར)ཡང་དག་ ཕྲད་དེ་མེ་ནི་ཞེས་པ་[ལྟོ་བའི་[ཛ་ཐ་ར]མེ་སྟོབས་དང་ལྡན་ཞིང་ལུས་ཀུན་ལ་ནི་ཁྱབ་པར་ རབ་འགྱུར་བ་(སྐུར་བཤད་པ་ལྟར་བསྒོམ་པ)འདི་ནི་དམུ་ཆུ་སྐྲན་དང་གཞང་འབྲུམ་ནད་རྣམས་དག་ ཀྱང་སྟེ་དམུ་ཆུ་ལ་སོགས་པ་རྣམས་ཟླ་བའི་སྦྱོར་བས་འཇོམས་པ་སྟེ་དབུགས་བརྩེག་དང་ནི་ གློ་དང་རྣམ་པ་གསུམ་གྱི་དུག་(ཅེས་པ)བརྟན་པ(འི་དུག་བོང་ང་ལ་སོགས་པའི་དུག)་དང་གཡོ་བ་(སྦྲུལ་ལ་ སོགས་པའི་དུག)དང་བཅོས་མ་(སྦྱར་པའི་དུག)དང་མིག་གི་ནད་ལ་སོགས་པ་སྟེ་མགོ་བོའི་ནད་ཀྱང་ འཇོམས་སོ། །ལྟོ་བའི་ནད་ཉེ་བར་ཞི་བའི་ངེས་པའོ། ༡༡༡ ། ༈ ད་ནི་མཆན་ཁུང་ཞེས་པ་ལ་སོགས་པས་འཆི་ལྟས་བསླུ་བའི་སླད་དུ་རྩ་བཅིང་བའི་ བྱེད་པ་གསུངས་ཏེ་འདིར་གང་གི་ཚེ་རྣལ་འབྱོར་པས་དབུ་མར་ཉིན་མཚན་དུ་སྲོག་གནས་ པར་མ་ནུས་ན་དེའི་ཚེ་བརྗོད་པའི་བཅིང་པ་འདིས་གཡོན་པའི་འཆི་ལྟས་ལ་གཡས་པར་ སྲོག་རྒྱུ་བར་བྱེད་ཅིང་གཡས་པའི་འཆི་ལྟས་ལ་གཡོན་པར་རྒྱུ་བར་བྱེད་པ་ཟླ་བ་ཕྱེད་དང་ཟླ་ 3-1-172 བ་གཅིག་གི་བར་དུའོ། །མཆན་ཁུང་གཡས་དང་གཡས་མིན་ལས་ནི་ནུ་མ་དག་ཀྱང་སྟོབས་ ལྡན་མནན་ཏེ་སྲོག་ནི་བཀག་པ་ལས་ཞེས་པ་(དཔུང་པ་གཡས་པས་བསྡམས་པའི་ལག་པ་གཡོན་པས)ནུ་མ་ གཡས་པ་མནན་པས་(རླུང་གཡས་ནས་བཀུག་སྟེ)གཡོན་པའི་རྩར་འབབ་ཅིང་(དཔུང་པ་གཡོན་པས་བསྡམ་ པའི་ལག་པ་གཡས་པས)མཆན་ཁུང་གཡོན་ནས་མནན་པས་(རླུང་གཡོན་ནས་བཀུག་སྟེ)གཡས་པའི་རྩར་ འབབ་བོ། །དེ་ལྟར་ཟླ་བ་ཕྱེད་ཀྱིས་ཀྱང་ནི་འཆི་སྟེར་འཆི་ལྟས་འཕྲོག་སྟེ་(སུས་འཕྲོག་ན)རྣལ་ འབྱོར་ལྡན་པའི་རྣལ་འབྱོར་པ་ཡིས་སོ་ཞེས་པ་ལ་རྣལ་འབྱོར་ནི་དགང་བ་དང་དབྱུང་བ་དག་ གཅིག་པ་བུམ་པ་ཅན་ཏེ་དེ་དང་ལྡན་པ་ནི་རྣལ་འབྱོར་ལྡན་པའོ། །འཕྲོག་པ་ནི་སེལ་བར་བྱེད་ དོ་ཞེས་པ་སྟེ་དུས་མ་ཡིན་པའི་འཆི་བ་བསླུ་བའི་ངེས་པའོ(སྲོག་རྩོལ་གྱི་རྣལ་འབྱོར་འདི་དག་གི་ཕྱག་ལེན་ ཁྱད་པར་ཅན་རྣམས་ནི་དཔལ་ལྡན་བླ་མ་དམ་པའི་ཞལ་ལས་ཤེས་པར་བྱ་བ་ཁོ་ན་ཡིན་གྱི་འདིར་གསལ་བོར་བྲིས་པ་མ་ཡིན་ ནོ)། ། ༈ ད་ནི་རྒྱབ་ཀྱི་ཟུག་རྔུ་འཇོམས་པར་བྱེད་པ་གསུངས་པ་རྡོ་རྗེ་དཀྱིལ་དཀྲུང་དུ་གནས་ རྐང་པ་ཞེས་པ་སྟེ་རྡོ་རྗེ་དཀྱིལ་དཀྲུང་ནི་བརླ་གཡས་པའི་སྟེང་དུ་རྐང་པ་གཡོན་པ་དང་བརླ་ གཡོན་པའི་སྟེང་དུ་རྐང་པ་གཡས་པ་སྟེ་རྐང་པ་དེ་དག་(ལག་གཡས)རྒྱབ་ཏུ་གནས་པའི་དཔུང་ པ་རྡོ་རྗེ་བཅིངས་པ(སྟེ་བསྣོལ་བ)འི་ལག་པ་གཡོན་གྱིས་རྐང་པ་གཡོན་པ་བཟུང་ཞིང་གཡས་ཀྱི་ རྐང་པ་གཡས་པའོ། །རྐང་པ་དེ་དག་ལག་པའི་པད་མོ་དག་གིས་བཟུང་བ་རྒྱབ་ཀྱི་ཟུག་རྔུ་ འཇོམས་པར་བྱེད་དོ། ༡༡༢ ། སྟེང་དུ་རྐང་པ་དག་དང་འོག་ཏུ་མགོ་བོ་(བསྟན་པ་ནི)ལུས་ལ་བད་ཀན་ནད་རྣམས་མཐའ་ དག་འཕྲོག་པར་བྱེད་དོ་ཞེས་པའོ། །སྲོག་འགོག་པ་ལས་ཉིན་ཞག་འགའ་ཞིག་གིས་ནི་རབ་ (ཏུ)འཁྲུ་(བ་དང་)གཅི་བ་སྲི་བ(འི་ནད)ངེས་པར་འཇོམས་པར་བྱེད། །ཐོ་རངས་མིང་མེད་དག་ གིས་ཆུ་དང་བྲལ་བའི་ཁར་ནི་སྟེ་མ་བཀྲུས་པར་སོ་ཡི་ཕྲེང་བ་དག་ལ་རབ་ཏུ་བདར་བ(འི་སོ་དྲི་ 3-1-173 མ)ནི་མི་རྣམས་དག་གི་མིག་སྨན་དུ་འགྱུར་ཏེ་མིག་གི་ནད་འཕྲོག་པར་འགྱུར་ཞིང་ཐོ་རངས་ཆུ་ ཡིས་གཏོར་བ་དག་ཀྱང་མིག་གི་ནད་འཕྲོག་པར་འགྱུར་རོ། ༡༡༣ ། གན་རྐྱལ་ཉལ་ནས་ལྟེ་བ་ལག་པ་གཡོན་པས་བཟུང་བ་གང་ཡིན་པ་དེ་ནི་ལག་པའི་ པད་མས་བཟུང་བ་དག་ནི་མ་ཞུ་བ་ཡི་ཟུག་རྔུ་འཇོམས་པ་སྟེ་སྲོག་རྩོལ་དང་བཅས་པས་སོ། ། འབྲས་རྣམས་བྱུང་བ་ལ་ནི་སྟེ་འབྲས་དང་སྐྲངས་འབུར་ལ་སོགས་པ་བྱུང་བའི་དུས་སུ་མར་ དང་བཅས་པའི་ཚྭ་དང་གོས་ཀྱིས་བཅིངས་པ་ཡིས་བདུགས་ན་འཕེལ་བ་འཇོམས་པར་བྱེད་ པ་ཉིད་དོ། །དེ་ནས་ཨརྐ(ཞེས་པ་ཉི་མ་ཤར་ན་ལྡང་ནུབ་ན་ཉལ་བ་ནི་ཉི་མའི་ཤིང་སྟེ་དེ)འི་འོ་མ་བྱུགས་པས་ ཀྱང་ངོ་སྟེ་འབྲས་ལ་སོགས་པ་བྱུང་བ་ལའོ་ཞེས་པ་ངེས་པའོ། །འགའ་ཞིག་ཚེ་ན་སོ་སྲིན་ཟུག་ རྔུ་བཅས་གྱུར་ན་དེའི་ཚེ་སྟག་ལྡན་གྱི་ནི་ས་བོན་དུ་བ་སྦུབས་ལ་སོགས་པ་དག་གིས་བཟུང་ན་ སྲིན་བུ་ལ་སོགས་འཇོམས་ཏེ་སྟག་ལྡན་ཞེས་པ་ཀཎ་ཊ་ཀཱ་རི(སྟག་ཚེར་ལ་ཁ་ཅིག་འདོད་པ)འོ། །ནད་ སྤྱི་ཉེ་བར་ཞི་བའི་ངེས་པའོ། ༡༡༤ ། ༈ ད་ནི་ལོ་ཞེས་པ་ལ་སོགས་པས་མཛེ་ནད་ཉེ་བར་ཞི་བའི་སླད་དུ་(སྐྱེ་བོ་མི་ཟད་པ་ཡི་ལས། ། གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་ འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཀྱིས་ནི་རྣལ་གྲོལ་འགྱུར། །བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་ སྟེགས་ཀྱིས་མི་ཤེས། །ཞེས་པ་ལྟར་རིག་མའི་བརྟུལ་ཞུགས་ཀྱི)ཆོ་ག་གསུངས་སོ། །འདི་ནི་རྣལ་འབྱོར་ཆེན་ པོ་སྟེ་སྔོན་དུ་བ་ལ་སོགས་པའི་མཚན་མ་དང་སྲོག་རྩོལ་གྱིས་མི་འགྱུར་བའི་བདེ་བའི་སྐ་ཅིག་ བསྒྲུབས་པའོ། །ཕྱག་རྒྱ་དང་རབ་ཏུ་འདུས་པ་ལ་བྱང་ཆུབ་ཀྱི་སེམས་(རྡོ་རྗེ་ནོར་བུའི་བར་དུ)ལྷུང་ དུ་བཅུག་ནས་ཕྱག་རྒྱ་དང་སྦྱོར་བས་ལྷུང་བའི་བྱང་ཆུབ་ཀྱི་སེམས་བདེ་བ་དང་བཅས་པ་དེ་ ཉིད་སྲོག་དང་ཐུར་སེལ་དག་གིས་(ཕྱི་རོལ་ཏུ་འཕོ་བ)འགོག་པ་ལས་(སྦྱོར་བ་དེ)ལོ་ཕྱེད་ཀྱིས་ནི་ སྔགས་པ་རྣམས་ཀྱི་མཆོག་གི་ལུས་ལ་དཀར་བའི་མཛེ་འཕྲོག་དེ་ལས་གཞན་ལྟ་ཅི། གལ་ཏེ་ 3-1-174 མཛེ་མ་སེལ་ན་དེའི་ཚེ་ཕྱག་རྒྱ་ལོ་བཅུ་དྲུག་མ་བསྟེན་པར་བྱ་སྟེ་རྣལ་འབྱོར་པས་(ཁམས་རྒྱས་ པའི་དོན་དུ)ཉིན་ཞག་སོ་སོར་ཤའི་བཟའ་བ་དང་ཆང་གི་བཏུང་བ་དང་ཟླ་བ་དྲུག་གི་ནང་དུ་དེའི་ སྐྱེ་གནས་སུ་བསྲུབས་པ་ལས་བྱང་ཆུབ་ཀྱི་སེམས་ལྷུང་བ་(ཕྱིར་འཕོ་བ)རྣམ་པར་བཟུང་བར་ གྱུར་ན་མཛེའི་ནད་འཕྲོག་སྟེ་(འཛིན་པ་ནི་)བུམ་པ་ཅན་གྱི་སྦྱོར་བས་སོ། །དེ་བཞིན་གཤེགས་ པའི་གསུང་འདི་ལ་ཐེ་ཚོམ་མེད་དོ། །(མན་ངག་དེས)མཛེ་འཕྲོག་པ་འབའ་ཞིག་མ་ཡིན་ཏེ་གཞན་ ཡང་བདུན་ཅུའི་ལོའི་རྒ་བ་སྐྲ་དཀར་བཅས་པ་དག་ཀྱང་ཕྱག་རྒྱ་དང་འདུས་པ་ལ་བྱང་ཆུབ་ ཀྱི་སེམས་ལྷུང་བ་ལོ་གཉིས་(འཛིན་པའི་རྣལ་འབྱོར་པ་དེས)རབ་ཏུ་རྫོགས་ནས་ངེས་པར་འཕྲོག་ གོ། སྦྱོར་བ་འདི་ཉིད་ཀྱིས་རྣལ་འབྱོར་པ་རྣམས་ཀྱིས་ཉིན་ཞག་འགའ་ཡིས་དེ་དུས་ཀྱི་འཁོར་ ལོའི་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ཀྱིས་(བདེ་བ་ཆེན་པོའི)ལམ་དང་སེམས་ནི་ རབ་ཏུ་འགྲོགས་པ་དག་ལས་ཏེ་སྟེང་ཞེས་པ་(ལོ་བདུན་ཅུའི)རྒ་བ་རྣམ་པར་ཉམས་པའི་སྟེང་དུ་ ཕྱག་རྒྱ(ཆེན་པོ)འི་དངོས་གྲུབ་ཏུ་འགྱུར་རོ། །མཛེ་ཉེ་བར་ཞི་བའི་ངེས་པའོ། ༡༡༥ ། ༈ ད་ནི་སྲོག་རྩོལ་གྱི་〔སྒོམ་པའི་ཚད་〕ངེས་པ་གསུངས་ཏེ་འདིར་སྔགས་པས་ལུས་ལ་སྲོག་ རྩོལ་བུམ་པ་ཅན་བྱ་སྟེ་(ཅི་ཙམ་དུ་བྱ་ཞེ་ན)སྙིང་ཁ་(དང་)དེ་བཞིན་མགོ་བོ་དག་ནི་(རིམ་པ་ལྟར) ཇི་སྲིད་མེ་ཡིས་(དང་)གདུང་བར་འགྱུར་བ་སྟེ་སྙིང་ཁ་བསྲེགས་ཤིང་མགོ་བོ་ཡང་གདུང་བར་ འགྱུར་བ་དེ་སྲིད་དུའོ། །དེ་ལས་སྟེང་དུ་(བར་མེད་དུ་བསྒོམ་པར)མི་བྱ(སྲས་རྩི་སྒྲུབ་པ་ལྟ་བུའི་མན་ངག་གིས་ བྱ)འོ་ཞེས་པ་ངེས་པའོ། །གལ་ཏེ་(མགོ་བོ་ན་བ་ན)དེ་ལ་སྟེང་དག་ཏུ་ནི་བྱེད་ན་བཟང་པོའི་པད་ མར་བརྒྱལ་བར་འགྱུར་ཏེ་ཞེས་པ་ལྟེ་བའི་པད་མར་སྲོག་བརྒྱལ་བར་འགྱུར་རོ། །མ་བསྡམས་ པའམ་སྟོབས་དག་གིས་ནི་གཙུག་ཏོར་ཕུག་ཅིང་ཕུང་པོ་དག་དང་ཁམས་རྣམས་རྣམ་པར་ སྤངས་ནས་འཆི་བ་ཉིད་དུ་འགྲོ་བར་འགྱུར་བ་གང་ཡིན་པ་དེའི་ཕྱིར་ཕྱག་རྒྱ་འགྲོགས་པ་རབ་ ཉམས་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལ་ནི་སྲོག་རྩོལ་བདེ་འབྲས་སྟེར་བ་མེད་དོ། །སྲོག་ 3-1-175 རྩོལ་གྱི་(སྒོམ་པའི་ཚད)ངེས་པའོ། ༡༡༦ ། ༈ ཕྱག་རྒྱ་གསུངས་པ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །〔(འདི་གོ་སླ་གཞུང་ལ་ཤོར་བ་ཡིན་གསུང་) ད་ནི་ཕྱག་རྒྱ་ཞེས་པ་ལ་སོགས་པ་རྣལ་འབྱོར་པ་རྣམས་ཀྱི་ཕྱག་རྒྱ་དང་མྱང་བ་དང་ཁ་ཟས་དང་རྒྱུ་བའི་ངེས་པ་གསུངས་ཏེ། འདིར་ བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་གསུངས་པ་ནི་བསྒོམ་པའི་དོན་དུ་རྣལ་འབྱོར་གྱི་ཕྱག་རྒྱ་གསུངས་པ་སྟེ། ཆགས་པ་ཟད་པའི་དོན་ ཏེ་རྒྱུར་ཉིན་མཚན་དུ་བུད་མེད་དང་རོལ་བར་གསུངས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆང་གི་བཏུང་བ་ནི་ཅུང་ཟད་ཁ་ཚིམ་པར་ བྱེད་པ་སྟེ་བུམ་པ་ལ་སོགས་པ་བཞིན་དུ་མ་ཡིན་ཏེ་མྱོས་བྱེད་ནི་རྣལ་འབྱོར་གྱི་དབང་པོ་རྣམས་ལ་ཐར་བ་སྟེར་བར་བྱེད་པར་མི་ འགྱུར་རོ། །དེ་བཞིན་དུ་ཁ་ཟས་བྱེད་པ་ནི་འདིར་ཁ་ཟས་ཐམས་ཅད་བདེ་བའི་དོན་ཏེ་གང་ཅུང་ཟད་ཁ་ཟས་བྱེད་པ་དེ་ཐམས་ ཅད་ཤིན་ཏུ་ཆུང་བ་བདེ་བར་འགྱུར་ཏེ་དེའི་ཕྱིར་ཉིན་ཞག་སོ་སོའི་དུས་སུ་མ་ཞུ་བའི་རྒྱུར་མི་བྱའོ་ཞེས་པ་ནི་ཁ་ཟས་ཀྱི་ངེས་པའོ། ། དཔལ་ལྡན་སྤྱོད་པ་སྟེ་རྣལ་འབྱོར་སྤྱོད་པ་དངོས་གྲུབ་རྒྱུར་ཞེས་པ་དངོས་གྲུབ་ཀྱི་རྒྱུར་ཏེ་དེའི་ཕྱིར་མཚན་མོའི་དུར་ཁྲོད་གནས་ དང་ཉེ་བའི་གནས་ལ་སོགས་པར་འཁྱམ་དག་རྩེད་མོའི་དོན་དུ་ནི་མ་ཡིན་ནོ་ཞེས་པའི་དོན་ཏེ་རྣལ་འབྱོར་གྱི་སྤྱོད་པའི་ངེས་པའོ། ། (ཞེས་པའི་བར་གོ་སླའོ)〕 (གོ་སླ་འདི་ལ་དུས་ཕྱིས་ཀྱི་གང་ཟག་ཁ་ཅིག་གིས་འགྲེལ་བ་བྱས་ཏེ་མཆན་བུར་བཏབ་འགའ་ཞིག་ གིས་དཀྱུས་སུ་ཤོར་བར་ཟད་ཀྱིས་རྒྱ་དཔེ་རྙིང་པ་དག་ལ་མེད་དོ)། ༡༡༧ ། ༈ ད་ནི་ཀུན་སྤངས་ཀྱི་རྣལ་འབྱོར་པའི་སྨན་གསུངས་ཏེ་འདིར་གང་གི་ཚེ་རྣལ་འབྱོར་ པའི་ཁ་ན་བར་གྱུར་ན་དེའི་ཚེ་མི་བསྐྱོད་པ་ཅུང་ཟད་དྲོ་བར་བྱས་ཏེ་ཁར་བཟུང་ན་ཁའི་ནད་ ཞི་བར་བྱེད་པར་འགྱུར་རོ། །སོ་ཡི་ཟུག་རྔུ་ཉིད་ཀྱང་ཞེས་པ་སྟེ་ཀྱང་ཡིག་ལས་སོ་སྲིན་གྱི་ ཡང་ངོ༌། །གང་གི་ཚེ་མགོ་བོ་ན་བར་གྱུར་ན་དེའི་ཚེ་ཐོ་རངས་མི་བསྐྱོད་པ་〔སྣས་〕རྔུབ་པ་བྱས་ ན་རྣལ་འབྱོར་པ་རྣམས་ཀྱི་མགོའི་ནད་འཕྲོག་སྟེ་དེ་བཞིན་ཉིད་དུ་ཆུ་ནི་རྔུབ་པས་སོ། །གང་ གི་ཚེ་རྣ་བ་ན་བར་གྱུར་པ་དེའི་ཚེ་གཅི་བ་དྲོ་བ་བྱས་པ་རྣ་བར་རབ་ཏུ་བླུགས་པ་དང་མིག་གི་ ནད་ལ་གྲང་མོར་བྱས་པ་མིག་ཏུ་རབ་ཏུ་བླུགས་པས་གྲངས་བཞིན་དུ་གཉི་གའི་ནད་འཕྲོག་སྟེ་ གཅི་བ་དྲོ་དང་གྲང་མོ་ཞེས་སོ། །འབྱུང་པོས་གཟིར་ལ་ཞེས་པ་འབྱུང་པོ་ཡི་དྭགས་ལ་སོགས་ 3-1-176 པས་བཟུང་པ་ལ་(ལྒ་པི་པི་ལིང་ན་ལེ་ཤམ)ཚ་བ་གསུམ་དང་བཅས་པའི་མི་བསྐྱོད་པ་(རྣམས)རྔུབས་ ན་བདེ་བ་སྟེར་ཏེ་སོས་ཟིན་ཉིད་ལ་ཡང་ཞེས་པ་སྦྲུལ་གྱིས་ཟོས་པ་ལ་ཡང་བདེ་བ་སྟེར་བར་ འགྱུར་རོ། །ཁའི་ནད་ལ་སོགས་པ་ཉེ་བར་ཞི་བའི་ངེས་པའོ། ༡༡༨ ། ༈ ད་ནི་བཤང་བ་ཞེས་བྱ་བ་ལ་སོགས་པས་ཚེ་འཕེལ་བའི་དོན་དུ་བདུད་རྩི་ལྔའི་སྦྱོར་བ་ གསུངས་ཏེ་འདིར་ཇི་ལྟར་ཕྱི་རོལ་དེ་བཞིན་ལུས་ཞེས་གསུངས་པའི་ཕྱིར་ཕྱི་རོལ་གྱི་རྫས་ལྔ་ དང་ནང་གི་རྫས་ལྔ་གཅིག་ཏུ་བྱས་པ་ནི་བདུད་རྩི་ལྔའི་སྦྱོར་བ་སྟེ་བདུད་རྩི་ལྔ་པོ་དེ་ཟོས་པས་ རྣལ་འབྱོར་པ་རྣམས་ལ་ཚེ་སྟེར་བར་འགྱུར་རོ། །ཕྱི་རོལ་ཏུ་བཤང་པའི་སྒྲས་རྣམ་པར་སྣང་ མཛད་སྟོབས་ལྡན་སྟོབས་ཀྱི་ཞག་སྟེ་མི་ཟེར་བརྗོད་དོ། །ནང་དུ་ནི་བཤང་བ་ཉིད་དེ་འདི་དག་ ཆ་མཉམ་པའོ། །གཅི་བ་ནི་ཕྱི་རོལ་ཏུ་ཁྱབ་མཇུག་མི་བདག་སྟེ་བྷྲིཾ་ག་རཱ་ཛཱའི་(པོད་ན་ཕྱོགས་མཐུན་ ར་མོ་ཤག་ལ་ཟེར་བ)ཁུ་བ་དང་ནང་དུ་ནི་གཅི་བ་ཉིད་དོ། །ཁྲག་ནི་ཕྱི་རོལ་ཏུ་ལྷང་ཚེར་(རིག་ལྔ་ལ་ ནག་པོ)དང་ནང་དུ་ནི་བུད་མེད་ཀྱི་མེ་ཏོག་སྟེ་ཆ་མཉམ་པའོ། །ཁུ་བ་ནི་ཕྱི་རོལ་ཏུ་དངུལ་ཆུ་དང་ ནང་དུ་ནི་ཁུ་བ་ཉིད་དེ་འདི་དག་ཆ་མཉམ་པའོ། །མི་ཡི་ཤ་ནི་ཕྱི་རོལ་ཏུ་འབྲས་བུ་གསུམ་དང་ ནང་དུ་ནི་རྐང་སྟེ་འདི་དག་ཀྱང་ཆ་མཉམ་པའོ། །དེ་ལྟར་བཤང་བ་ཆ་གཅིག་དང་ཤ་རྐང་པས་ དམན་པའི་ཆ་དང་ཁྲག་ཆ་ཕྱེད་དང་ཁུ་བ་རྐང་པ་གཅིག་སྟེ་འདི་རྣམས་གཅིག་ཏུ་བྱས་ནས་ གཅི་བས་ལན་བདུན་གྱི་བར་དུ་བགོ་བར་བྱ་སྟེ་ཡང་དང་ཡང་དུ་ཉི་མ་ལ་བསྐམས་ནས་སོ། ། དེ་ནས་ཉིན་ཞག་སོ་སོར་(གསེར)ཞོ་གཉིས་(ཀྱི་ཚད)ཙམ་མར་དང་སྦྲང་རྩི་དང་བཅས་པ་ཟོས་ན་ ཟླ་བ་དྲུག་གི་མཚམས་སུ་ཚེ་སྟེར་བར་འགྱུར་ཏེ། (སྤང་བྱ)ལོ་མ་དང་སྐྱུར་བ་དང་ཏིལ་མར་དང་ ལན་ཚྭ་དང་བུད་མེད་དང་སྦྱོར་བ་སྤངས་བ་ལས་སོ་ཞེས་པ་ནི་བདུད་རྩི་ལྔའི་ངེས་པའོ(དེ་ བཞིན་དུ་ངེས་དོན་གྱི་བདུད་རྩི་ལྔ་བསྟེན་པ་ཡང་བླ་མའི་མན་ངག་ལས་རིག་པར་བྱའོ)། ། ༈ ད་ནི་བསམ་གཏན་བཅས་པས་ཞེས་པ་ལ་སོགས་པས་མེ་ཏོག་(སྣས)རྔུབ་པ་གསུངས་ 3-1-177 པ་འདིར་བསམ་གཏན་ནི་དབུ་མར་སྲོག་རབ་ཏུ་འཇུག་པ་སྟེ་བསམ་གཏན་དང་བཅས་པ་ནི་ བསམ་གཏན་བཅས་པའོ། །མེ་ཏོག་ནི་བུད་མེད་ཀྱི་རྡུལ་ལོ། །ཕྱི་རོལ་ཏུ་ནི་སྐྲའི་རྒྱལ་པོ་བྷྲིཾ་ ག་རཱ་ཛཱ་སྟེ་དེའི་ཁུ་བ་བུད་མེད་ཀྱི་མེ་ཏོག་དང་{ཆ་}མཉམ་པའོ། །བསམ་གཏན་བཅས་པས་ མེ་ཏོག་རྔུབས་ན་བསམ་གཏན་བཅས་པ་རྣམས་ཀྱི་སྐྲ་དཀར་དང་བཅས་རྒ་བ་དང་ནི་ལུས་ སྐྱེས་རྣམས་ཀྱང་ཟླ་བ་དྲུག་གི་མཚམས་སུ་འཕྲོག་སྟེ་རྔུབ་པའི་ངེས་པའོ། ། ༈ ད་ནི་སྒྲོན་མ་ལྔ་གསུངས་ཏེ་བ་ལང་དང་ཁྱི་དང་སོ་ལྡན་དང༌། རྟ་དང་མི་རྣམས་ཀྱི་ཤ་ སྦྲང་བུའི་སྐྱུགས་པ་དག་དང་བསྲེས་པ་སྟེ་སྦྲང་རྩི་དང་བསྲེས་པའི་སྒྲོན་མ་ལྔ་ཟོས་པས་མཐའ་ དག་ནད་ནི་འཕྲོག་པར་འགྱུར་རོ། །སྦྲང་བུའི་སྐྱུགས་པ་གཞན་ནི་སྦྲང་ཆང་སྟེ་དེ་དང་བཅས་ པ་མཐའ་དག་ནད་ནི་འཕྲོག་པར་འགྱུར་རོ་ཞེས་པ་ངེས་པའོ། །བུད་མེད་མེ་ཏོག་ཁུ་བ་དག་ དང་བསྲེས་པ་ནི་སྔར་བརྗོད་པའི་ཕྱི་དང་ནང་གི་བདག་ཉིད་དེ་ལོ་གཅིག་ཟོས་ན་རྒ་བ་ངེས་ པར་སེལ་བར་བྱེད་དོ་ཞེས་པ་ནི་སྔར་བརྗོད་པའི་ངེས་པའོ། ༡༡༩ ། ༈ ད་ནི་རླུང་ལ་སོགས་བ་ཉེ་བར་ཞི་བ་གསུངས་ཏེ་རླུང་འཇོམས་ལན་ཚྭ་སྐྱུར་བ་དག་ ཏུ་འགྱུར་ཏེ་དངར་དང་སྐ་བའི་རྫས་དག་ནི་མཁྲིས་པའི་དགྲའོ། །བད་ཀན་འཇོམས་པ་ཁ་བ་ ཀུན་དང་ཚ་བ་གསུམ་དང་བཅས་པ་སྟེ་སྨན་རྣམས་སམ་ནི་ཁུ་བའམ་ཞེས་པ་(སྨན་རྣམས)ཟོས་ པ་དང་(ཁུ་བ)འཐུངས་པས་སོ། །བད་ཀན་འཇོམས་པ་ར་ཡི་འོ་མ་ཚ་བ་གསུམ་བཅས་དག་སྟེ་ མ་ཧེའི་འོ་མ་ཤ་ཀ་ར་དང་བཅས་པ་མཁྲིས་པའི་དགྲའོ། །རླུང་འཇོམས་དག་ཀྱང་རྔ་མོའི་འོ་མ་ རྒྱམ་ཚྭ་(ཤ་ཥ་ར་དང་ཚ་བ་གསུམ)དང་བཅས་པ་སྟེ་རྣམ་གསུམ་ནད་འཕྲོག་པའི་འོ་མ་གྲངས་བཞིན་ དུ་རྒྱམ་ཚྭ་(ཤ་ཥ་ར་དང་ཚ་བ་གསུམ)ལ་སོགས་པ་དང་ལྡན་པ་ནི་རླུང་དང་མཁྲིས་པ་དང་བད་ཀན་ འཇོམས་པའོ། །དེ་བཞིན་དུ་མར་ཞེས་པ་བའི་མར་(རྒྱམ་ཚྭ་སོགས་དང་ལྡན་པ)ནི་རིམས་དང་བྲལ་ བ་རྣམས་ཀྱི་རྣམ་པ་གསུམ་གྱི་ནད་ཞི་བར་བྱེད་དོ་ཞེས་པ་ངེས་པའོ། ༡༢༠ ། 3-1-178 ༈ ད་ནི་ཁ་ལ་སོགས་པའི་ནད་ཉེ་བར་ཞི་བའི་དོན་དུ་བསྐོལ་བའི་ཏིལ་མར་ལ་སོགས་ པ་གསུངས་པ་ཛཱ་ཏཱི་ཞེས་པ་ལ་སོགས་པ་སྟེ་འདིར་ཐམས་ཅད་དུ་ཆུ་ནི་(བྲིས་གཞལ་བའི)རྫས་ཀྱི་ བརྒྱད་འགྱུར་རོ། །(སྔ་མའི་མེ་ཏོག་སྐྱེ་བའི་སྔོ་འདབ)ཛཱ་ཏཱིའི་འདབ་མའི་བརྒྱད་འགྱུར་གྱི་ཆུ་རྐང་པའི་ ལྷག་མར་ཛཱ་ཏཱི་བསྐོལ་བའི་ཁུ་བའི་ཆུ་ཅུང་ཟད་དྲོ་བས་ཁ་ནད་ཞི་བར་བྱེད་པར་འགྱུར་ཏེ་སོ་ ཡི་ཟུག་རྔུ་ཉིད་ཀྱང་ངོ༌། །ཏིལ་མར་ནི་ཏིལ་གྱི་ཏིལ་མར་རོ། །དངོས་པོའི་ཆུ་ནི་རའི་གཅིན་ཏེ་ དེ་དང་མཉམ་པ་བསྐོལ་བའི་ཏིལ་མར་ལྷག་མ་ལ་ཚ་བ་གསུམ་དང་ལན་ཚྭ་〔དེའི་〕རྐང་པ་དང་ བཅས་པའི་ཆ་ཤས་ཚོས་པའི་མཇུག་ཏུ་རབ་ཏུ་སྦྱིན་ཏེ་དེ་རྣ་བར་རབ་ཏུ་བླུགས་པས་རྣ་བ་ཡི་ ནི་ནད་དག་འཇོམས་སོ། །དེ་བཞིན་དུ་མར་ནི་བའི་མར་ཏེ་འོ་མ་({མར་{བར་}གྱི)བརྒྱད་འགྱུར་ དང་བསྐོལ་བའི་མཇུག་ཏུ་ཀླུ་སྟེ་ན་ག་གེ་སར་དང་དམར་པོ་ནི་གུར་ཀུམ་སྟེ་དེ་དག་རྐང་པའི་ ཆ་ཤས་སྦྱིན་ནོ། །མར་འདི་རྔུབས་པས་སྣའི་ནད་དག་འཇོམས་པ་ཉིད་དོ། །ཀར་ཀོ་ཊཱི་(མཁན་ པ་འབྲས་བུ་མེད་པ)སྟེ་བྷན་ངྷཱ་ཀར་ཀོ་ཊཱི་དང་ལཱཾ་ཀུ་ལི་(ཤོག་ཤིང་)དང་ཨིན་ཏྲཱི་ནི་ཨིན་ཏྲ་བཱ་རུ་ཎཱི་སྟེ་ ཏིག་ཏཱ་དང་བོང་བུའི་ཆུར་བཅས་ཏེ་བོང་བུའི་ཆུ་དང་བཅས་པ་བྱུགས་པས་འབྲས་ཀྱི་འཕྲེང་ བ་ཕྲོག་གོ་ཞེས་པ་སྟེ་ངེས་པའོ། །མདོར་བསྡུས་པ་སྟེ་རྒྱས་པར་གསོ་བའི་བསྟན་བཅོས་ལས་ ཤེས་པར་བྱའོ། ༡༢༡ ། ༈ ད་ནི་ལག་པ་ཞེས་པ་ལ་སོགས་པས་རྡོ་རྗེའི་ཚེར་མ་(འབྲུམ་བུ)ཉེ་བར་ཞི་བར་བྱེད་པ་ གསུངས་ཏེ་འདིར་གང་གི་ཚེ་སྡིག་པའི་ནད་ཀྱི་ཉེ་བར་འཚེ་བ་བྱུང་ན་དེའི་ཚེ་དང་པོར་ཚ་བ་སྐྱེ་ བར་འགྱུར་ཞིང་ལག་པ་དང་རྐང་པའི་ཚིགས་རྣམས་གདུང་བར་འགྱུར་ཏེ་མགོ་བོ་ཡང་གདུང་ བར་འགྱུར་རོ། །མཚན་ཉིད་འདི་ཤེས་ནས་ཏིང་ངེ་འཛིན་ལ་དམིགས་པར་བྱའོ། །དེ་ལ་འདི་ ནི་ཆོ་ག་སྟེ་བུག་པ་མེད་པའི་ཁྱིམ་དུ་ཚ་བ་སྐྱེས་པ་རབ་ཏུ་ཞུགས་ནས་ལག་པ་གཉིས་པོ་དག་ ནི་བརླའི་མཐར་ཐུག་པར་རབ་ཏུ་འཕྱང་བར་བྱ་ཞིང་རྐང་པའི་པདྨ་མཉམ་པ་དག་བྱས་ཏེ་ 3-1-179 སྲོག་གི་རླུང་ནི་འགོག་པ་བུམ་པ་ཅན་བྱའོ། །ཇི་སྲིད་ལུས་ནི་ས་ལ་རབ་ཏུ་ལྷུང་བ(སྟེ་འགྱེལ་བ) ར་མ་གྱུར་པ་དེ་སྲིད་དུ་སྟེ་ཚ་བའི་ནད་ཀྱིས་ས་ལ་རབ་ཏུ་ལྟུང་བར་འགྱུར་རོ། །དེ་ནས་མ་ལྷུང་ བའི་བར་དུ་ཡང་དང་ཡང་དུ་སྲོག་རྩོལ་བྱའོ། །ཞེས་པ་ནི་ངེས་པའོ། །ཇི་སྲིད་ཚ་བ་དག་ནི་ གྲོལ་བར་ཡང་མ་གྱུར་བ་དེ་སྲིད་དུ་བྱ་སྟེ་ཚ་བ་གྲོལ་བར་གྱུར་ན་མི་བྱའོ་ཞེས་པ་ནི་ངེས་པའོ། ། ཡང་དང་ཡང་དུ་ཏིང་ངེ་འཛིན་ལ་གནས་པས་འཆི་བའི་འཇིགས་པ་བྱེད་པའི་ཚེར་མ་ཅན་ ནི་ངེས་པར་འཇོམས་ཏེ་སྙིང་ཁའི་པད་མར་ཟླ་བའི་སྟེང་དུ་དྲི་མེད་རི་བོང་ཅན་མཚུངས་སྣ་ ཚོགས་ཡུམ་ནི་བསྒོམས་པས་སོ་ཞེས་པ་ནི་སྲོག་རྩོལ་གྱིས་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་པད་ མའི་འདུག་སྟངས་ཀྱིས་བཞུགས་པ་ཞལ་གཅིག་པ་ཕྱག་གཉིས་པ་སྟེ་པད་མ་དང་མཆོག་སྦྱིན་ གྱིས་ཕྱག་གོ་ཞེས་པ་ནི་སྡིག་པའི་ནད་ཉེ་བར་ཞི་བའི་ངེས་པའོ། ༡༢༢ ། ༈ ད་ནི་སྡིག་པའི་ནད་ཉེ་བར་ཞི་བའི་དོན་དུ་སྨན་གསུངས་ཏེ་འདིར་གང་གི་ཚེ་སྡིག་ པའི་ནད་ཀྱི་མཚན་མ་ཚ་བ་སྐྱེས་པ་དང་ལག་པ་རྐང་པའི་ཚིགས་རྣམས་གདུང་བར་གྱུར་ན་ དེའི་ཚེ་སྲན་ཆུང་(ཕྱེ་མར)བཏགས་པ་དང་ཆུ་གྲང་མོ(དང་སྦྱར་བ)ས་ཚ་བས་རྣམ་པར་བསྣུན་པའི་ མི་རྣམས་ལ་བྱིན་ན་ཚེར་མ་འཇོམས་པར་བྱེད་དོ། །དེ་བཞིན་དུ་ཚ་བའི་མཐར་ནི་ཞེས་པ་ཉིན་ ཞག་གསུམ་པ་ལ་ཚེར་མ་འཐོན་པའི་དུས་སུ་སྡིག་པའི་ནད་ཀྱིས་ཤི་བའི་ཐོད་པ་སྟེ་མ་རྙེད་ན་ (ཚ་བས་ཤི་བའི་ཐོད་པ)ཇི་ལྟར་རྙེད་པ་བདར་ནས་མི་བསྐྱོད་བསྲེས་པ་སྐྱེས་པའི་ཐོད་པ་(བདར་བ) སྐྱེས་པ་དང་བུད་མེད་ཀྱི་ཐོད་པ་(བདར་བ)བུད་མེད་ཀྱིས་འཐུངས་ཤིང་མ་རྙེད་ན་ཇི་ལྟར་རྙེད་ པ་འཐུངས་པས་འཇིགས་པར་བྱེད་པའམ་ཚེར་མ་ཅན་འཕྲོག་སྟེ་ཚ་བའི་མཐར་ཐོད་པ་ཇི་ ལྟར་རྙེད་པས་སོ་ཞེས་པ་ནི་ངེས་བའོ། །འདིར་སྲན་ཆུང་ལ་སོགས་པ་ལ་མངོན་པར་བསྔགས་ པའི་སླད་དུ་སྔགས་སུ་འགྱུར་རོ། །དེ་ཡང་དང་པོར་ༀ་ཡིག་སྟེ་སྔགས་ཀྱང་ཆུ་མེ་རླུང་རྣམས་ དག་གི་སྔོན་དུ་ༀ་ཡིག་ཅེས་པས་{ༀ་ཡིག}ཐོག་མར་ༀ་ཡིག་དང་ཆུ་ཞེས་པ་ནི་པ་སྡེའི་ཡི་གེ་ 3-1-180 གཉིས་པ་ཆུའི་ཁམས་ཏེ་ཕ་དང་མེ་ཞེས་པ་འོག་ཏུ་ར་དང་སྟེང་དུ་(རླུང་གི)ཨེ་ཡིག་སྟེ་ཆུ་མེ་རླུང་ འདི་རྣམས་གཅིག་པ་ཉིད་ནི་ཕྲེཾ་སྟེ་རྗེས་སུ་ང་རོ་ནམ་མཁའ་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱི་ ཕྱིར་རོ། །བཛྲ་སྔོན་མ་(སྟེ་བཛྲ་སྔོན་དུ་འགྲོ་བ་ཅན་གྱི)ཀཎ་ཊ་ཀ་(ཅེས་པ་ཚེར་མ)རྣམས་ཀྱི་མིང་ངོ༌། །དེ་ ཉིད་ཀྱིས་ནི་བསྲུང་བ་བྱ་སྟེ་སྲན་ཆུང་ལ་སོགས་པ་ལ་ལན་བདུན་མངོན་པར་བསྔགས་པ་ཇི་ ལྟ་བ་དེ་བཞིན་དུ་དེ་ཉིད་ཀྱིས་བསྲུང་བ་སྟེ་མགོ་མགྲིན་སྙིང་ཁ་ལྟེ་བ་གསང་བ་དང་སོགས་ པའི་སྒྲས་གཙུག་ཏོར་དེ་གནས་དྲུག་པོ་འདི་རྣམས་སུ་ཐུན་གསུམ་དུ་བསྲུང་བ་བྱའོ། །ཞེས་པ་ ནི་ངེས་པའོ། །འདིར་སྔགས་ནི་ༀ་ཕྲེཾ་བི་ཤྭ་མཱའ་ཏཿ(སྣ་ཚོགས་ཡུམ)བཛྲ་〔རྡོ་རྗེ་〕ཀཎ་ཊ་ཀཱན་(ཚེར་མ་ རྣམས)ནཱ་ཤ་ཡ་(གཞོམ་དུ་གསོལ་)ནཱ་ཤ་ཡ་(གཞོམ་དུ་གསོལ)མ་མཱ་(བདག་གི)ཤཱན་ཏིཾ་(ཞི་བར)ཀུ་རུ་(མཛོད) ཀུ་རུ་(མཛོད)སྭཱཧཱ། གཞན་བསྲུང་བའི་དོན་དུ་ལྷ་སྦྱིན་(ལ་སོགས་པ་བསྲུང་བྱ་གང་ཡིན)གྱི་(མིང་བཅུག་ནས) ཤཱན་ཏཱིཾ་ཀུ་རུ་ཀུ་རུ་སྭཱཧཱ་ཞེས་པ་ནི་ངེས་པའོ། །འདི་ནི་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་ སྟེ་(ནད་ཡམས་ལ་སོགས་པ)ཉེ་བར་འཚེ་བ་ཐམས་ཅད་ལས་བདག་དང་གཞན་བསྲུང་བ་ལ་དྲན་ པར་བྱའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །སྔགས་འདི་ལན་བདུན་མངོན་པར་ བསྔགས་པའི་སྲན་ཆུང་ཆུ་གྲང་མོས་བཏགས་པ་བཏུང་བར་སྦྱིན་ཞིང་ཚ་བས་ཤི་བའི་ཐོད་ པ་མི་བསྐྱོད་པས་བཏགས་པ་སྦྱིན་ནོ། །འབྱུང་པོས་ཟིན་པ་ལ་ཚ་བ་གསུམ་དང་བཅས་པ་མི་ བསྐྱོད་པས་བཏགས་ནས་སྦྱིན་ཏེ་སྡིག་པའི་ནད་ཉེ་བར་ཞི་བའི་ངེས་པའོ། ༡༢༣ ། ༈ ད་ནི་མཉམ་པ་ཞེས་པ་ལ་སོགས་པས་ཉི་མའི་གདུང་བ་ཞི་བའི་ངེས་པ་མཛད་དེ། འདིར་གང་གི་ཚེ་སོ་ཀ་ལམ་དུ་ཉི་མའི་འོད་ཟེར་གྱིས་བསྲེགས་པར་གྱུར་པ་དེའི་ཚེ་མཉམ་ པ་དྷཱ་ཏྲི་ཞེས་པ་སྐྱུ་རུུ་རའི་[འབྲས་བུའི་[ཕ་ལ]ཕྱེ་མ་དང་དྷཱ་ནྱ་ཞེས་པ་འུ་སུ་སྟེ་དེ་དང་མཉམ་ པའོ། །གཞན་ཡང་དེ་བཞིན་ཏིན་ཏཱི་རཱིའི་འདབ་མའི་ཕྱེ་མ་ཞེས་པ་བན་དྷཱུ་ལི(བ་ལུ)འི་འདབ་ མའི་ཕྱེ་མ་མཉམ་པའོ། །དེ་ལྟར་ཐམས་ཅད་ཆ་མཉམ་པར་བྱས་ནས་ཉི་ཟླ་རེག་པ་ཞེས་པ་ཉི་ 3-1-181 མ་དང་ཟླ་བའི་འོད་ཟེར་གྱིས་རེག་པའི་ཆུ་ནི་ངེས་པར་དྲི་མ་དང་བྲལ་ཞེས་པ་ཉ་ལྕིབས་ལ་ སོགས་པའི་དྲི་མ་དང་བྲལ་བ་ལ་རྐང་པའི་ལྷག་མར་བསྐོལ་བར་བྱ་ཞེས་པ་ནི་རྫས་ཀྱི་བརྒྱད་ འགྱུར་གྱི་ཆུ་བླུགས་ནས་ཇི་སྲིད་ཁུ་བ་རྐང་པ་གཅིག་ཏུ་གྱུར་པ་དེ་སྲིད་དུ་རྫས་གསུམ་པོ་ བསྐོལ་བར་བྱའོ། །བསྐོལ་བའི་ཡུལ་འདི་ལ་སྲང་གིས་ནི་ཚད་མ་ཡིན་ཏེ་ཐམས་ཅད་དུ་བྲེའི་ ཚད་དོ་ཞེས་པ་ནི་ངེས་པའོ། །དེ་ཡི་ཁུ་བ་རྐང་པའི་ཆ་ཤས་ཙམ་ཀ་ར་དང་བསྲེས་པ་ཕྱི་མའི་ ཉིན་ཞག་ནས་བཏུང་སྟེ་དེ་ལྟར་རིམ་པ་འདི་ཡིས་ཞག་གསུམ་དུ་ཐོ་རངས་ཀྱི་དུས་སུའོ། །སོ་ ཀ་ཉི་མའི་འོད་ཟེར་དག་གིས་བསྲེགས་པས་འཆི་སྟེར་འཕྲོག་སྟེ་ཁམས་བདུན་སོང་བ་དག་ ཀྱང་ངོ་ཞེས་པ་སྤུ་དང་ལྤགས་པ་ལ་སོགས་སོང་བ་སྟེ་ཀྱང་ཡིག་གིས་(ཚ་བའི་ནད)གཞན་ཡང་ (སྤང་)ངོ་ཞེས་པའི་ངེས་པའོ། ༡༢༤ ། ༈ (བཅུ་དྲུག་པ་ཕྱི་རོལ་པ་འཇིག་རྟེན་པའི་བྱ་བ་སྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་)ད་ནི་གསེར་ལ་ཉི་མ་ཞེས་ པ་ལ་སོགས་པས་བཅུད་ལེན་གཞན་གསུངས་ཏེ་འདིར་ལུས་ལ་ཕྱི་རོལ་གྱི་བཅུད་ལེན་དོན་ དུ་གཉེར་བ་གང་སུ་ཞིག་གིས་གྲུབ་པའི་བཅུད་(ལྕགས་གསེར་དུ་བསྒྱུར་བའི་དངུལ་ཆུ)མེད་ན་བཅུད་ ལེན་འབྲིང་པོ་འདི་བྱའོ། །འདིའི་ཆོ་ག་གསུངས་པ་ནི་གསེར་ལ་སྟེ་རྣམ་པར་དག་པའི་གསེར་ ལ་ཉི་མ་ཞེས་པ་ཟངས་དང་ཁབ་ལེན་ལྕགས་དང་པ་ཊ་ལ་སྐྱེས་ཞེས་པ་ལྷང་ཚེར་གྱི་ལྕགས་ དང་ལྕགས་ཞེས་པ་རྣོན་པོ་སྟེ་སོ་སོར་མཉམ་པའི་ཆ་བཟུང་བ་འདི་རྣམས་ཀྱི་ཆ་དང་གསེར་ མཉམ་པའོ། །མཱ་ཀྵཱི་ཀ་ཡི་(གསེར་ཟིལ་གྱི་རྡོ་)ཕྱེ་མ་རབ་ཏུ་བཏབ་པ་ཁ་ཕྱེ་བའི་ཀོང་བུར་རླུང་དྲག་ པོས་སྦུད་པར་བྱ་སྟེ་ཇི་སྲིད་དུ་གསེར་གནས་པའོ། །དེ་ཉིད་ནི་ས་བོན་(ཞེས་གསུངས)ཏེ་ས་བོན་ དེ་ཕྱེད་ཀྱིས་ཞེས་པ་གསེར་སྲང་གཉིས་ཀྱིས་དངུལ་ཆུ་སྲང་བཞིའོ། །དྲི་མ་དག་དང་བྲལ་བ་ ཞེས་པ་ནི་ལན་བདུན་གྱི་བར་དུ་སྦྱང་བར་བྱས་པས་ཏེ་བསྒོངས་པས་སྲང་ནི་དྲུག་ཏུ་བྱའོ། །དེ་ ནས་བ་ཡིས་དར་བ་མར་དང་བྲལ་བ་དྲག་པོའི་རྩེ་མོ་ཅན་གྱིས་ཞེས་པ་མི་བཟད་པའི་མེས་ 3-1-182 བསད་ནས་བསད་པ་དེ་རས་ཀྱིས་བཙགས་ཏེ་སྙིགས་མ་དོར་ནས་ཤིན་ཏུ་དང་བའི་དྭངས་ མ་བཟུང་བར་བྱའོ། །དྭངས་མ་དེ་ཉིད་ཁབ་ལེན་གྱི་སྣོད་དུ་གསེར་གྱི་གོང་བུ་དང་ལྷན་ཅིག་ བསྐོལ་བར་བྱ་སྟེ་ཇི་སྲིད་ཕྱེད་ཀྱི་ཚད་དུ་གྱུར་པའོ། ༡༢༥ ། དེ་ནས་རབ་ཏུ་བླངས་ཏེ་དག་པའི་ཀ་ར་སྲང་བརྒྱད་ཅེས་པ་ལ་དེ་ནི་རྒྱལ་མོ་ལ་སོགས་ པ་རྣམས་ཀྱིས་ཟས་ཡོངས་སུ་འཇུ་བའི་དབང་གིས་དགུ་ལ་སོགས་པ་དང་བདུན་ལ་སོགས་ པ་ཡང་ངོ༌། །ཕོ་བ་རིས་ཀྱི་ཕྱེ་མ་ཀ་རའི་དྲུག་ཅུ་རྩ་བཞི་ཆ་ཡང་དེ་ལ་བསྲེ་བར་བྱའོ། །དེ་ཉིད་ ཐམས་ཅད་དུས་སུ་བཟའ་བར་བྱ་སྟེ་ཁ་ཟས་རྣམས་སྤངས་བགྲོད་པ་ཇི་སྲིད་ཉིད་དུའོ། །ཟླ་བ་ དྲུག་གིས་ལྷ་ཡིས་ལུས་ཏེ་སྐྲ་དཀར་གཉེར་མ་དང་བྲལ་འདི་ཡིས་འཆི་མེད་ཉིད་དུ་འགྱུར་རོ། ། འདིར་བཏུང་བ་ལ་ཏཱམ་བཱུ་ལ་(གོ་ལའི)བཟའ་བ་བསྒྲུབ་སྟེ་ཏཱམ་བཱུ་ལའི་སྙིགས་མ་དོར་ནས་སོ། ། དེ་ནི་ཐམས་ཅད་དུས་སུ་བཟའ་བར་བྱ་ཞེས་པ་ནི་དྭངས་མ་དེ་ཉིད་ཆོ་ག་དེས་བཟའ་བར་བྱ་ སྟེ་གསེར་གྱི་གོང་བུས་རྣམ་པར་དམན་པ་ལོངས་སྤྱོད་པར་བྱའོ། །འོན་ཀྱང་ཇི་སྲིད་གོང་བུ་ ཡོད་པ་དེ་སྲིད་དེ་དང་ལྷན་ཅིག་ཏུ་སྟེ་ཕྱི་ནས་དེ་དང་བྲལ་བ་དུས་ཐམས་ཅད་དུའོ། །ཞེས་པ་ ནི་བཅུད་ལེན་གྱི་ངེས་པའོ། ༡༢༦ ། ༈ ད་ནི་སྔར་བརྗོད་ཅེས་པ་ལ་སོགས་པས་བཟའ་བ་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་ པའི་དོན་དུ་གསེར་ཕྱེད་ལྡན་གསུངས་ཏེ་སྔར་བརྗོད་ས་བོན་རྒྱལ་པོ་མཉམ་པ་དག་སྟེ་གཞན་ ཡང་དངུལ་ཆུ་ལ་ནི་བླུགས་པ་ཕྱེད་ཙམ་མོ། །ལན་ཚྭ་སྐྱུར་པོ་དག་གིས་མཉེས་ནས་རྣམ་པ་ མང་པོའི་སྨན་གྱིས་ཇི་སྲིད་གཅིག་ཉིད་དུ་འགྱུར་བ་ཞེས་པའོ། །དེ་ནས་མཁྲིས་པ་(དང་)སྐྱུར་ པོས་མི་ཟི་སོགས་དང་ད་ར་ད་(མཚལ་དཀར་དང་)དང་ཤི་ལཱ་(ལྡོང་རོས)དག་ཀྱང་ཞེས་པ་ནི་འདིར་ དངུལ་ཆུ་གནས་པའི་དོན་དུ་རྫས་རྣམ་པ་གསུམ་ནི་དངུལ་ཆུ་དང་མཚུངས་པ་སྟེ་དངུལ་ཆུ་དང་ ལྷན་ཅིག་མཁྲིས་པ་དག་སྐྱུར་གྱིས་མཉེ་བར་བྱ་བ་ནི་བ་ལང་གི་མཁྲིས་པའམ་ཉའི་མཁྲིས་པ་ 3-1-183 དང་འབྲས་བུ་སྐྱུར་མོ་ཇི་ལྟར་རྙེད་པ་བཱི་ཛ་པཱུའུ་ར་(ས་བོན་གྱིས་གང་བ་ཅན་ཞེས་པ་སྟེ་ཤིང་ཐོག་ཛ་བིར)ལ་ སོགས་པ་རྣམས་ཀྱིས་སོ། །མུ་ཟི་དང་ད་ར་ད་(མཚལ་དཀར)དང་ཤི་ལཱ་(ལྡོང་རོས)དང་བབ་ལ་དང་ ཤ་ཤ་ཀ་(རི་བོང་ཅན་ཏེ་དངུལ་རྡོ)དང་ཀཱ་ཀྵཱི་(ལྷང་ཚེར་)དང་ཀ་ཤཱི་ས་(ཚུར་ནག)དང་ཏུད་ཐ་ཀ་(ཟངས་རྡོ) དང་ཧཻ་མ་གི་རི་ཀཱའ་(རྡོ་མདོང་རྩེ་ཡིན་གསེར་བཙག་ཀྱང་ཟེར)སྟེ་མུ་ཟི་ལ་སོགས་པ་འདི་དག་ནི་ཉེ་བའི་ དངུལ་ཆུ་གཉིས་ཏེ་དངུལ་ཆུ་ཆེན་པོ་གཅིག་དང་གསུམ་ནི་དངུལ་ཆུར་མཚུངས་པའོ། །དེ་ཡིས་ དངུལ་གྱིས་འདབ་མ་བྱུགས་པ་ཉིན་ཞག་གསུམ་ཐབ་ཀྱི་འོག་ཏུ་བཞག་པ་ནི་གསེར་ཉིད་དུ་ འགྱུར་ཏེ་ཐབ་ཀྱི་མེས་སྨིན་པ་དག་གོ། ཕྱེ་དང་ལྡན་པ་སྟེ་གསེར་གྱིས་སོ་ཞེས་པ་གསེར་ཕྱེད་ ཅན་གྱི་ངེས་པའོ། ༡༢༧ ། ༈ ད་ནི་རྣོན་པོ་ཞེས་པ་ལ་སོགས་པས་མེ་ཏོག་བྱ་བ་གསུངས་སོ། །འདིར་མེ་ཏོག་ གི་སྒྲས་དངུལ་གྱི་འདྲ་མིན་གྱི་རྫས་བརྗོད་དེ་(ལྕགས)རྣོན་པོ(འི་སྣོད)དངུལ་གྱིས་བཀང་ཞིང་ བརྡུངས་པའོ། །འདི་ནི་དེའི་འདབ་མ་དག་པ་སྟེ་རྣོན་པོ་དང་ནམ་མཁའ་ལ་སྐྱེས་ཞེས་པ་ལྷང་ ཚེར་དེ་ཉིད་དང་ཨཱ་ལ་ཞེས་པ་བབ་ལ་དང་ལན་ཚྭ་ཞེས་པ་རྒྱམ་ཚྭ་དང་ཡ་བཀྵཱ་(བུལ་ཏོག་བྱ་བལ་ མ་)ར་དང་སྤོས་དཀར་ཏེ་རྣོན་པོ་ལ་སོགས་པ་རིམ་པ་ཡིས་འཕེལ་བ་ཞེས་པ་ནི་ཆ་གཅིག་དང་ གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་གི་བར་དུ་དྲུག་གོ། དེ་དག་ཐམས་ཅད་གཅིག་ ཏུ་བྱས་པ་ཉི་མ་སྟེ་ཟངས་ཉིས་འགྱུར་དག་ལ་རོ་མཉམ་བྱེད་པས་དང་པོ་གོང་བུ་ཁ་བསྡམས་ པར་བསྲེགས་ཏེ་དེ་ནས་གོང་བུ་ཁ་ཕྱེ་བར་ཉི་མའི་ལྷག་མར་གྱུར་གྱི་བར་དུ་བསྲེག་པར་བྱའོ། ། སླར་ཡང་འགྱུར་བྱེད་དེ་ཚ་ལའི་འགྱུར་བྱེད་ཀྱིས་དག་པར་འགྱུར་རོ། །དེ་བཞིན་བ་ལས་ བྱུང་བ་ལ་སོགས་ཀྱིས་བྲན་འཇམ་པར་འགྱུར་ཞེས་པ་ལ་བ་ལས་བྱུང་བ་ནི་བའི་དར་བའོ། ། སོགས་པས་ནི་ཨརྐའི་རྩ་བ་དང་བཛྲ་ཀ་ན་ཀའི་རྩ་བ་(རྡོ་རྗེའི་གསེར་ཞེས་པ་དོང་ཁའི་ཤིང་)དང་ཨེ་ རཎ་ཊའི་རྩ་བ་(དན་ད་ཁྲ་བོ)དང་ཀྵཱི་ར་གཉའ་ཙུ་ཀི(ཐར་ནུ)འི་རྩ་བ་རྣམས་བཏགས་ནས་ཞག་ 3-1-184 བདུན་གྱི་བར་དུ་མནན་པར་བྱའོ། །དེ་ནས་ཇི་སྲིད་མཉེན་པར་གྱུར་གྱི་བར་དུ་དར་བ་དེ་ལ་ བཀྲུ་བར་བྱའོ། །དེ་ཉིད་དངུལ་ལ་སུམ་ཆ་བྱིན་ཞིང་བཀང་བའམ་བསྣུན་པ་དག་ཀྱང་དག་ པའི་མེ་ཏོག་ཉིད་དུ་འགྱུར་ཏེ་མེ་ཏོག་གི་འདབ་མའི་ངེས་པའོ། ༡༢༨ ། ༈ ད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་པའི་དོན་དུ་དྲི་དང་སྤོས་ ལ་སོགས་པའི་ལེ་ཚེ་སྦྱར་བ་གསུངས་པ་[ཨེ་ལ་[སུག་སྨེལ] ཞེས་པ་(ཆེ་ཆུང་གཉིས་ལ་འདི་ཆེ་བ) ལ་སོགས་པ་སྟེ་འདིར་དྲིའི་བསྟན་བཅོས་ལས་གསུངས་པའི་ཆོ་གས་སྦྱངས་པའི་རྫས་རྣམས་ རེ་མིག་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་ལེ་ཚེ་སྦྱར་བ་ལ་དགོད་པར་བྱ་སྟེ་རེ་མིག་དང་པོ་ལ་ སུག་སྨེལ་དང་གཉིས་པ་ལ་ག་པུར་དང་གསུམ་པ་ལ་ཕྲེང་བ་ཞེས་པ་སྤྲི་ཀའི་(སྤྲ་བ)མེ་ཏོག་ བཞི་པ་ལ་གཡོ་བ་ཞེས་པ་སི་ཧླ་ཀའི་ཕྱེ་མ་(པྲི་ཡང་ཀུ་དཀར་པོའི་མེ་ཏོག་དཀར་པོ)དང་ལྔ་པ་ལ་གྷ་ན་ ཞེས་པ་གླ་སྒང་(ཆེ་བ)ངོ༌། །དྲུག་པ་ལ་འབྲས་བུ་ཅན་སྟེ་པྲི་ཡང་ཀུའི་མེ་ཏོག་དང་བདུན་པ་ལ་ བྱ་རོག་སྟེ་ཨ་ག་རུ་ནག་པོ་དང་བརྒྱད་པ་ལ་རི་སྐྱེས་ཏེ་རྡོ་དྲེག་(དཀར་པོ་སྟེ་ཁིག་བྲག་ཏྲེག་གམ་བྲག་སྤོས་ སམ་བྲག་ཞུན་དུ་ཡང་གྲགས་པ)དང་དགུ་པ་ལ་ཀཀྐོ་ལ་དང་བཅུ་པ་ལ་སིང་ཧ་མཱུ་ཏྲ(ལི་ག་དུར་དམར་བོ)འོ། ། བཅུ་གཅིག་པ་ལ་ཨུད་པ་ལ་ཏེ་རུ་རྟ་དང་བཅུ་གཉིས་པ་ལ་འབྲས་བུ་སྟེ་ཛཱ་ཏི་ཕ་ལ་དང་བཅུ་ གསུམ་པ་ལ་རི་དྭགས་སྐྱེས་ཏེ་གླ་རྩི་དང་བཅུ་བཞི་པ་ལ་དམར་པོ་སྟེ་གུར་ཀུམ་དང་བཅོ་ལྔ་ པ་ལ་དཻ་ཏྱ་སྟེ་མུ་རཱའ་(ཤུ་དག་དཀར་པོ)འོ། །བཅུ་དྲུག་པ་ལ་པཱུ་ཏི་སྟེ་པུ་ཏྲ་ཀེ་ཤ་(སྲོག་ཆགས་ནགས་རྒྱུག་ ལྡན་གྱི་སྐྲ)དང་བཅུ་བདུན་པ་ལ་ཀླུ་སྟེ་ནཱ་ག་གེ་སར་གྱི་མེ་ཏོག་དང་བཅོ་བརྒྱད་པ་ལ་བསིལ་བ་ སྟེ་ཙན་དན་(དཀར་པོ)དང་བཅུ་དགུ་པ་ལ་ར་ཎ་སྟེ་ཨུ་ཤཱི་ར་ཀ་(པུ་ཤེལ་རྩེ)དང་ཉི་ཤུ་པ་ལ་འདབ་ མ་སྟེ་ཏ་མཱ་ལའི་འདབ་མའོ། །ཉི་ཤུ་རྩ་གཅིག་པ་ལ་པ་ལ་སྟེ་སྤང་སྤོས་སོ། །ཉི་ཤུ་རྩ་གཉིས་པ་ ལ་ཛ་ལ་སྟེ་བཱ་ལ་ཀ་( དྲི་ཞིམ་པོ་རྩ་བ་རིང་པོ་ན་ཡོད་པ)དང་ཉི་ཤུ་རྩ་གསུམ་པ་ལ་འཁྲི་ཤིང་ཞེས་པ་ལ་ འཁྲི་ཤིང་གླ་རྩི་དང་ཉི་ཤུ་རྩ་བཞི་པ་ལ་ཨཾ་བ་ར་སྟེ་བེ་རུཎ་ཌ་བིཥྚི་(ཁྭ་ད་འདྲ་བའི་བྱ་སེར་པོ་དེའི་བྲུན་དྲི་ 3-1-185 ཞིམ་པོ་གཅིག་ཡོད་པ)དང་ཉི་ཤུ་རྩ་ལྔ་པ་ལ་བཀ་ཀྲ་སྟེ་པ་ཎི་ཌི་ཀ་རའི་(རྒྱ་སྤོས་ཀྱི)མེ་ཏོག་གོ། དེ་ལྟར་ འདི་དག་ནི་རྫས་རྣམས་ཏེ་ཇི་ལྟར་འདོད་པ་བཞིན་ལེ་ཚེ་སྦྱར་བ་ལས་བྱུང་བའི་རྫས་ལྔ་པ་ འདི་དག་གིས་བཟང་པོའི་དྲི་མཛོད་ཅིག་ཅེས་པ་ནི་ངེས་པའོ། །རི་དྭགས་རི་བོང་ཅན་སོགས་ ཞེས་པ་ནི་གླ་རྩི་དང་ག་པུར་དང་བཅས་པའི་བདུག་པ་དག་གིས་སྨིན་པར་བྱ་སྟེ་མེ་ཏོག་དྲི་ བཟང་པོ་རྣམས་ཀྱིས་བསྒོ་བར་བྱའོ། །ཆང་ལ་སོགས་པས་སོ་ཞེས་པ་ནི་ག་པུར་དང་གླ་རྩི་ དང་ཛཱ་ཏི་ཕ་ལ་དང་བཅས་པ་འཆད་པར་འགྱུར་བའི་ཆང་ཐམས་ཅད་ཀྱིས་དབུག་པར་བྱའོ་ ཞེས་པ་ནི་རྫས་དགོད་པའི་ངེས་པའོ། ༡༢༩ ། ༈ ད་ནི་ལེ་ཚེ་སྦྱར་བ་ལ་བཀོད་པའི་རྫས་རྣམས་ཀྱི་ཆ་གསུངས་པ་མིག་ཅེས་པ་ལ་ སོགས་པ་སྟེ་འདིར་རེ་མིག་དང་པོ་ལ་བཀོད་པའི་རྫས་ནི་མིག་ཅེས་པ་ཆ་གཉིས་དང་གཉིས་ པ་ལ་ཟླ་བ་ཞེས་པ་ཆ་གཅིག་དང་གསུམ་པ་ལ་མེ་ཞེ་པ་གསུམ་དང་བཞི་པ་ལ་རྒྱ་མཚོ་ཞེས་ པ་བཞི་དང་ལྔ་པ་ལ་མདའ་ཞེས་པ་ལྔའོ། །དྲུག་པ་ལ་ཡོན་ཏན་ཞེས་པ་གསུམ་དང་བདུན་ པ་ལ་ཆུ་གཏེར་ཞེས་པ་བཞི་དང་བརྒྱད་པ་ལ་མདའ་ཞེས་པ་ལྔ་དང་དགུ་པ་ལག་པ་ཞེས་པ་ གཉིས་དང་བཅུ་པ་ལ་ཟླ་བ་ཞེས་པ་གཅིག་གོ། བཅུ་གཅིག་པ་ལ་མདའ་ཞེས་པ་ལྔ་དང་བཅུ་ གཉིས་པ་ལ་མིག་ཅེས་པ་གཉིས་དང་བཅུ་གསུམ་པ་ལ་ཟླ་བ་ཞེས་པ་གཅིག་དང་བཅུ་བཞི་ པ་ལ་མེ་ཞེས་པ་གསུམ་དང་བཅོ་ལྔ་པ་ལ་ཆུ་གཏེར་ཞེས་པ་བཞིའོ། །བཅུ་དྲུག་པ་ལ་ཟླ་བ་ ཞེས་པ་གཅིག་དང་བཅུ་བདུན་པ་ལ་དུས་ཞེས་པ་གསུམ་དང་བཅོ་བརྒྱད་པ་ལ་དུས་ཞེས་པ་ བཞི་དང་བཅུ་དགུ་པ་ལ་མདའ་ཞེས་པ་ལྔ་དང་ཉི་ཤུ་པ་ལ་མིག་ཅེས་པ་གཉིས་སོ། །ཉི་ཤུ་རྩ་ གཅིག་པ་ལ་ཆུ་གཏེར་ཞེས་པ་བཞི་དང་ཉི་ཤུ་རྩ་གཉིས་པ་ལ་མདའ་ཞེས་པ་ལྔ་དང་ཉི་ཤུ་རྩ་ གསུམ་པ་ལ་མིག་ཅེས་པ་གཉིས་དང་ཉི་ཤུ་རྩ་བཞི་པ་ལ་ཟླ་བ་ཞེས་པ་གཅིག་དང་ཉི་ཤུ་རྩ་ལྔ་ པ་ལ་འཇིག་རྟེན་ཞེས་པ་གསུམ་མོ། །དེ་ལྟར་བརྗོད་པའི་རིམ་པས་སུག་སྨེལ་ལ་སོགས་ཆ་ 3-1-186 ཤས་གྲངས་རྣམས་རིམ་པས་ཡོངས་སུ་བཀོད་པ་རེ་མིག་ལྔ་ལྔ་རྣམས་ལ་སྟེ། །རྫས་ལྔ་ནི་ལེ་ ཚེ་སྦྱར་བའི་གྲོང་ཁྱེར་ལ་གནས་ཏེ་གྲོང་ཁྱེར་ཞེས་པ་ནི་རེ་མིག་གོ། དག་པའི་རྫས་ཀྱི་ཆ་ཤས་ ཉིན་ཞག་ཅེས་བྱ་ཞེས་པ་བཅོ་ལྔའི་ཆ་ཤས་ཏེ་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་ གཅིག་ཏུ་གྱུར་པ་དེ་རྣམས་ཀྱིས་དྲིར་འགྱུར་རོ་ཞེས་པ་ནི་དྲིའི་ལེ་ཚེ་སྦྱར་བ་ལས་རྫས་ཀྱི་ཆ་ ཤས་ངེས་པའོ། ༡༣༠ ། ༈ ད་ནི་སྤོས་ཀྱི་ལེ་ཚེ་སྦྱར་བ་གསུངས་པ་ཛཱ་ཏི་ཞེས་པ་ལ་སོགས་པ་སྟེ་འདིར་སྔར་ བཀོད་པའི་ལེ་ཚེ་སྦྱར་བའི་རྫས་རྣམས་ཀྱི་ནང་ནས་ཛཱ་ཏི་ལ་སོགས་པའི་རྫས་ལྔ་ཕྱུང་སྟེ་དེ་ རྣམས་ཀྱི་གནས་སུ་རིམ་པ་བཞིན་གཞན་ལྔ་སྦྱིན་པར་བྱའོ། །དེ་ལ་ཛཱ་ཏི་ཞེས་པ་ཛཱ་ཏི་ཕ་ལ་ སྟེ་སོགས་པ་ལས་གཉིས་པ་ནི་སུག་སྨེལ་དང་གསུམ་པ་ནི་འཁྲི་ཤིང་གླ་རྩི་དང་བཞི་པ་ནི་ འདབ་མ་སྟེ་ཏ་མཱ་ལའི་འདབ་མ་དང་ལྔ་པ་ནི་ཀ་ལ་ཤ་སྟེ་ཀཀྐོ་ལའོ། །འདི་རྣམས་ཀྱི་གྲོང་དུ་ སྟེ་རེ་མིག་ཏུ་རིམ་པས་དགོད་པར་བྱ་བ་ནི་ཛཱ་ཏི་ཕ་ལའི་རེ་མིག་ཏུ་རྒྱ་སྐྱེགས་དང་སུག་སྨེལ་ གྱི་རེ་མིག་ཏུ་སྤོས་དཀར་དང་འཁྲི་ཤིང་གི་རེ་མིག་ཏུ་དུག་ངྷ་ཞེས་པ་ཐང་ཆུ་དང་འདབ་མའི་ རེ་མིག་ཏུ་པུ་ར་ཞེས་པ་གུ་ཀུལ་དང་ཀཀྐོ་ལའི་རེ་མིག་ཏུ་སི་ཏ་ཞེས་པ་ཀུན་དུ་རུ་ཀ(སོག་པོའི་ སྤོས་དཀར)འོ། །དེ་ལྟར་བདུག་པའི་བྱ་བ་རྣམས་ལ་བདུག་པ་ནི་རྫས་ལྔ་པོ་སྔར་བརྗོད་པའི་ཆ་ ཤས་རྣམས་ཀྱིས་བྱའོ་ཞེས་པ་སྟེ་ངེས་པའོ། །ག་པུར་ཀ་ར་དང་བཅས་པ་སྟེ་གང་དུ་ཀ་ར་ཡིན་ པ་དེར་ཀ་ར་དང་ལྷན་ཅིག་སྦྲང་རྩི་སྦྱིན་པར་བྱའོ། །ན་ཁ་དག་ནི་མེ་ཡི་ཆ་ཤས་ཀྱིས་ལྷན་ ཅིག་པ་སྟེ་དེ་ལྟར་ཆ་བཅོ་བརྒྱད་ཀྱིས་ཡན་ལག་དྲུག་གི་སྤོས་སུ་འགྱུར་རོ། །ག་པུར་དང་ཀ་ར་ དང་སྦྲང་རྩི་དང་གླ་རྩི་བཅས་པ་ནི་ཡན་ལག་བཅུ་པ་ལ་སྟེ། བདུག་སྤོས་ཀྱི་ལེ་ཚེ་སྦྱར་བ་ལ་ རྫས་ཀྱི་ངེས་པའོ། །ད་ནི་སྤོས་ཀྱི་རིང་བུ་གསུངས་པ་དེ་རྣམས་ཞེས་པ་ལ་སོགས་པ་སྟེ་འདིར་ བདུག་པའི་ལེ་ཚེ་སྦྱར་པ་ལས་གསུངས་པའི་སྤོས་ཀྱི་སྦྱོར་བ་སྦྲང་རྩི་དང་བྲལ་བ་དྲི་ཡི་ཆུ་ཀ་ 3-1-187 ར་ཅུང་ཟད་བསྲེས་པ་དང་སྦྱར་བ་དེས་སྤོས་ཀྱི་རིང་བུ་ནཱ་རཱ་ཙའི་རྣམ་པ་བྱ་སྟེ་གོས་ལ་སོགས་ པ་བདུག་པ་དང་དམ་པའི་ཆོས་དང་སྐུ་གཟུགས་ལ་སོགས་པ〔མཆོད་པ〕འི་དོན་དུའོ་ཞེས་པ་ངེས་ པའོ། ༡༣༡ ། ༈ ད་ནི་ཁྲུས་ཀྱི་ལེ་ཚེ་སྦྱར་བ་གསུངས་པ་ལྟེ་བ་དང་པོ་ཞེས་པ་ལ་སོགས་པ་སྟེ་འདིར་ སྔར་བརྗོད་པའི་དྲི་ཡི་ལེ་ཚེ་སྦྱར་བ་ལ་བཀོད་པའི་རྫས་རྣམས་ཀྱི་ནང་ནས་ལྟེ་བ་ལ་སོགས་ པའི་རྫས་ལྔ་ཕྱུང་སྟེ་དེ་དག་གི་རེ་མིག་རྣམས་ལ་གྲངས་བཞིན་དུ་ཁྲུས་ཀྱི་ལེ་ཚེ་སྦྱར་བ་ལ་ གཞན་རྣམས་སྦྱིན་པར་བྱའོ། །དེ་ལ་ལྟེ་བའི་རེ་མིག་ལ་གྲན་ཐི་བརྞྞ་(དང་ཀུན་པ)དགོད་པར་ བྱའོ། །སིཾ་ཧ་མཱུ་ཏྲའི་རེ་མིག་ལ་བྱཱགྷྲ་ན་ཁ་དང་རི་བོང་ཅན་གྱི་གྲོང་དུ་ཧ་རེ་ཎུ(ཕོ་བ་རིས་དཀར་པོ) དང་མཁའི་གྲོང་དུ་ཧ་ཏ་ཞེས་པ་ཀ་ཙོ་རི་ཀ(སུག་པ)འོ། །གཞན་ཡང་དེ་བཞིན་དེ་ཇི་ལྟར་སྤོས་ ཀྱི་བྱ་བ་ལ་ཤཾ་ཁ་ཞེས་པ་(འདིར)ན་ཁ་སྟེ་ཆ་གསུམ་མོ། །དེ་ལྟར་ཤིང་ཚ་དག་གི་ཆ་གསུམ་སྦྱིན་ པར་བྱའོ། །ཁྲུས་ཀྱིས་སྦྱོར་བ་ལ་ཁྲུས་ཀྱི་རྫས་རྣམས་ཀྱི་ནང་ནས་དེ་ལྟར་ཆ་བཅོ་བརྒྱད་ལ་ རྫས་དྲུག་གིས་ཁྲུས་སུ་འགྱུར་རོ། །ཁྲུས་ཀྱི་ལེ་ཚེ་སྦྱར་བ་ལ་རྫས་ཀྱི་ངེས་པའོ། ། ༈ ད་ནི་དྲིལ་ཕྱིས་ཀྱི་ལེ་ཚེ་སྦྱར་བ་གསུངས་ཏེ་འདིར་ཁྲུས་ཀྱི་ལེ་ཚེ་སྦྱར་བ་ལ་གསུངས་ ཏེ་འདིར་ཁྲུས་ཀྱི་ལེ་ཚེ་སྦྱར་བ་ལ་གསུངས་པའི་རྫས་རྣམས་ཀྱི་ནང་ནས་ཤིང་ཚ་བཞིན་དུ་ རྫས་ལྔ་པོ་རྣམས་ཆ་གསུམ་སྦྱིན་པར་བྱ་སྟེ་དྷཱ་ནྱ་ཞེས་པ་འུ་སུ་དང་མཱུརྦཱི་ཞེས་པ་མ་རུ་བ་ཀ་(འོལ་ མ་ཟི་སྐྱེ་བའི་ཤིང་)དང་ཤ་ཏ་ཨྂ་ཀ་ཞེས་པ་ཤ་ཏ་པུཥྤ་དང་ད་མ་ཞེས་པ་ད་མ་ཀ་(ཕུར་མོ)དང་མ་ངྷུ་རི་ (ཤིང་དངར་)སྟེ་ལྔ་པོ་འདི་རྣམས་ཆ་གསུམ་མོ། །དེ་ལྟར་ཆ་བཅོ་བརྒྱད་ཀྱིས་དྲིལ་ཕྱིས་སུ་འགྱུར་ ཏེ་དྲིལ་ཕྱིས་ཀྱི་རྫས་ཀྱི་ངེས་པའོ། ། ད་ནི་སྨིན་པའི་ཏིལ་མར་གྱི་དོན་དུ་ཏིལ་མར་གྱི་རེ་མིག་སྦྱར་བ་གསུངས་པ་སྔར་ཞེས་ པ་ལ་སོགས་པ་སྟེ་འདིར་སྔར་བརྗོད་པའི་དྲིའི་ལེ་ཚེ་སྦྱར་པའི་རྫས་ཀྱི་ཚོགས་མ་བཟློགས་ 3-1-188 པ་(སྟེ་མ་སྤངས་པ)ལ་ཆུ་སྐྱེས་ཞེས་པ་ན་ཁ་སྟེ་ཆུ་སྐྱེས་བཞིན་དུ་ཏ་ནུ་ཞེས་པ་ཤིང་ཚ་དང་གྲན་ཐི་ པཎྞ་དག་ཀྱང་སྟེ་དེ་དག་ཆ་གསུམ་བྱིན་ནས་དྲིའི་ལེ་ཚེ་སྦྱར་བའི་རྫས་ལྔ་དང་བཅས་པ་རྫས་ བདུན་གྱི་ཆ་བཅོ་བརྒྱད་ཀྱིས་འཆད་པར་འགྱུར་བའི་རིམ་པས་ཏིལ་མར་སྨིན་པར་བྱ་སྟེ་དྲི་སྣ་ ཚོགས་ཀྱི་ཏིལ་མར་ཏུ་འགྱུར་རོ། །ཏིལ་མར་གྱི་ལེ་ཚེ་སྦྱར་བའི་རྫས་ངེས་པའོ། ༡༣༢ ། དེ་བཞིན་དུ་ཕྱེ་མ་ལ་སོགས་པ་སྟེ་ཕྱེ་མ་དག་གི་ཡུལ་ལ་གྲན་ཐི་དེ་བཞིན་ཞེས་པ་ནི་ན་ ཁ་བཞིན་དུ་རྫས་ལྔ་པོ་རྣམས་གྲན་ཐི་པཎྞི་ཀ་སྦྱིན་པར་བྱའོ། །ཏ་ནུ་ཧ་ཏ་བཏུང་བ་བསྒོ་བ་ལ་ སྦྱིན་པར་བྱ་བར་འགྱུར་ཏེ་ཁ་བསྒོ་བ་ལ་ཡང་ངོ༌། །ཤིང་ཚ་བོ་ལ་གྲན་ཐི་ཤཾ་ཁ་ཞེས་པ་རྫས་ བཞིའི་ཆ་གསུམ་ནི་འབྲས་བུའི་སྨིན་པ་དང་འདབ་མ་སྦྱར་བའི་སྨིན་པ་དང་ངང་པའི་སྨིན་པ་ དང་སོགས་པ་ལས་ཁྱོགས་ཀྱི་སྨིན་པ་འཆད་པར་འགྱུར་བ་ལ་སྦྱིན་པར་བྱའོ། ། ༈ དེ་ལྟར་བརྗོད་པའི་རིམ་པས་རབ་དབྱེ(ཞེས་པ་འདིར་རེ་མིག་ལྔ་ཚན་དུ་བསྡེབས་པ་གྱེན་དུ་ལྔ་ཕྲེད་ལ་ ལྔ་ཟུར་ལ་གཉིས་དབུས་ཀྱི་རེ་མིག་དགུ་པོ་རེ་རེའང་དབུས་སུ་བཞག་ནས་ཕྱོགས་བཞི་དང་སྦྱར་བ་དགུ་མཚམས་བཞི་དང་སྦྱར་ བ་དགུ་སྟེ)སུམ་ཅུ་རྣམས་ཀྱིས་དྲི་ལ་སོགས་པའི་སྦྱོར་བ་(སྟེ་ཡང་ན་རྫས་མ་འཕོས་པ་ལ་གྱེན་དང་ཕྲེད་ལ་བཅུ་ འཕོས་པ་ལ་སྤོས་ཀྱི་བཅུ་ཁྲུས་ཀྱི་བཅུ་)སུམ་ཅུ་〔དྲིའི་ལིང་ཚེ་ལྔ་ཚན་ལྔ་དང་ལ་སོགས་པས་སྤོས་ཀྱི་ལྔ་ཚན་ལྔ་ཁྲུས་ཀྱི་ལྔ་ཚན་ ལྔ་དྲིལ་ཕྱིས་ཀྱི་ལྔ་ཚན་ལྔ་ཏིལ་མར་གྱི་ལྔ་ཚན་ལྔ་ཕྱེ་མ་སོགས་ཀྱི་ལྔ་ཚན་ལྔ་སྟེ་ལྔ་ཚན་དྲུག་གིས་སྦྱོར་བ་སུམ་ཅུས་〕ལེགས་ སྤྲས་རྣམ་མང་དྲི་དང་སྤོས་ལ་སོགས་པའི་སྦྱོར་བ་དང་ཁྲུས་དང་དྲིལ་ཕྱིས་ལ་སོགས་པ་རྣམས་ དྲི་དོན་དུ་གཉེར་བ་རྣམས་ཀྱིས་བྱའོ། །རྫས་ཇི་ལྟར་གྱུར་པས་ཞེ་ན་རྣམ་པར་དག་ཅིང་འབྲས་ བུ་སྦྱར་བས་སྨིན་དང་བསྒོས་པ་དང་ནི་ཕུག་པ་དག་གིས་འདོད་པར་གྱུར་པས་སོ་ཞེས་པ་སྟེ་ རྫས་བསྡུ་བའི་ངེས་པའོ། ༡༣༣ ། ༈ ད་ནི་དྲི་བདུག་པས་སྨིན་པ་གསུངས་པ་དང་པོར་བརྒྱད་ཆ་ཞེས་པ་ལ་སོགས་པས་ སོ། །འདིར་དྲིའི་སྦྱོར་བ་ལ་འདབ་མ་རྣམ་པ་གསུམ་སྟེ་ཐ་མ་དང་འབྲིང་དང་མཆོག་གོ། དེ་ 3-1-189 ལ་ཐ་མ་ནི་གླ་སྒང་དང་རྡོ་དྲེག་དང་ཨུ་ཤཱི་ར་དང་བཱ་ལ་ཀ་དང་ཀ་པི་ཐ་(དཀར་པོ)དང་བིལ་བ་ (ཀ་བེད)དང་མཱུ་ར་དང་སྤང་སྤོས་ཞེས་པ་སྟེ་རྫས་འདི་རྣམས་ནི་ཐ་མའོ། །འདི་རྣམས་ཀྱི་དབང་ གིས་ནི་འདབ་མའི་དབང་གིས་སོ། །དང་པོར་སྐ་བ་སྟེ་ཨ་རུ་རའི་ཕྱེ་མ་བུ་རམ་གྱིས་སྦྱར་ བའི་བདུག་པར་འགྱུར་ཏེ་དེ་འདབ་མའི་བརྒྱད་ཆས་དང་པོར་ཉིན་ཞག་གཅིག་བདུག་པར་ བྱའོ། །དེ་ནས་ཉིན་ཞག་གཉིས་མེ་ཏོག་བསྒོ་བ་བྱས་ནས་ཉིན་ཞག་གསུམ་པ་ལ་འབྲིང་པོའི་ འདབ་མ་བསྲེ་བར་བྱའོ། །དེ་ནས་དེ་ཡི་ཉིས་འགྱུར་དག་ནི་དྲག་པོའི་སྤོས་ཞེས་པ་ནི་སྔ་མ་ དང་ཕྱི་མ་དེའི་ཉིས་འགྱུར་དག་ནི་དྲག་པོའི་སྤོས་ཞེས་པ་སྟེ་རྒྱ་སྐྱེགས་དང་སྤོས་དཀར་དང་ ཐང་ཆུ་དང་གུ་ཀུལ་དང་ཀུན་ཏུ་རུ་ཀ་(སོག་པོའི་སྤོས་ཀར)སྟེ་(ཁ་ཅིག་ནི་སྡེ་བ་ད་རུ་ལ་འདོད)ལྔ་པོ་འདི་ རྣམས་བུ་རམ་གྱིས་སྦྱར་བས་དྲག་པོའི་སྤོས་སུ་འགྱུར་རོ། །སྐ་བའི་ཉིས་འགྱུར་སྦྱིན་པར་བྱ་ སྟེ་འདབ་མའི་རྐང་པའི་ཆ་ཤས་སོ། །འདིར་འབྲིང་པོའི་འདབ་མ་ནི་མེ་ཏོག་གི་སྡེ་དང་ཙན་ དན་དང་ཨ་ག་རུ་དང་འབྲས་བུའི་སྡེ་དང་ན་ཁ་དང་ཤུན་པའི་སྡེ་དང་ཁུ་བའི་(ཐང་ཆུ་རྨ་ར་ཟེར)སྡེ་ སྟེ་དེ་ལྟར་ཉིན་ཞག་གཉིས་དྲག་པོའི་བདུག་པས་བདུག་པར་བྱ་སྟེ་གཅིག་གིས་བར་དུ་ཆོད་ པའི་ཉིན་ཞག་གཉིས་མེ་ཏོག་གིས་བསྒོ་བར་བྱའོ། །ཕྱི་ནས་རྫས་ཀྱི་ཚད་ཀྱི་བུ་རམ་ཞེས་པ་ བདུག་པ་དང་ལྷན་ཅིག་སོ་ཀ་ངེས་པར་བསྲེག་པར་བྱའོ། །དེ་ནས་སོ་ཀའི་སྦྱོར་བ་དག་ལས་ འཕེལ་ཏེ་དབྱར་རྫས་ཀྱི་ཉིས་འགྱུར་དང་རྒུན་སུམ་འགྱུར་སྦྱིན་པར་བྱའོ། །དེ་ནས་བུ་རམ་ ཚིག་པར་གྱུར་པ་ན་ཤཾ་ཁ་ཞེས་པ་ན་ཁའི་རྐང་པའི་ཆ་ཤས་བུ་རམ་དང་ལྷན་ཅིག་སྔར་བརྗོད་ པའི་ཆོ་གས་ཉིན་ཞག་གཉིས་ངེས་པར་བསྲེག་པར་བྱའོ། །དེ་ནས་སྦྲང་རྩི་དང་དཀར་པོ་སྟེ་ཀ་ ར་དག་ཀྱང་རྫས་དང་མཉམ་པ་གོང་བུའི་བདུག་པ་དང་ལྷན་ཅིག་ངེས་པར་བསྲེག་སྟེ་བདུག་ པ་ནི་ཁམ་ཚད་དང་པོ་དང་མཇུག་ཏུ་འབའ་ཞིག་པ་ངེས་པར་བསྲེག་གོ། དེ་བཞིན་དུ་བུ་རམ་ ཡང་ཉིན་ཞག་སོ་སོར་ཁམ་ཚད་གསུམ་བསྲེག་ནས་ངལ་བསོ་བར་བྱའོ། །ཉིན་ཞག་སོ་སོར་ 3-1-190 རྫས་ཀྱི་བརྒྱད་ཆའི་སྤོས་ངེས་པར་བསྲེག་པར་བྱའོ། །རྣམ་པ་གཞན་དུ་དམན་པས་ནི་མ་སྨིན་ པར་འགྱུར་ཞིང་ལྷག་པས་དྲི་ཚིག་པར་འགྱུར་ཏེ་མ་སྨིན་ན་སྐྱུར་བར་འགྱུར་རོ། །ཞེས་པ་ནི་ ངེས་པའོ། །གོང་བུ་ཞེས་པ་ནི་གོང་བུའི་བདུག་པ་སྟེ་ལེ་ཚེ་སྦྱར་བ་ལས་བརྗོད་པའི་ག་བུར་ དང་བཅས་ཤིང་དྲག་པོའི་རྫས་སྤངས་པ་རྫས་ལྔ་སྦྲང་རྩི་དང་བུ་རམ་གྱིས་སྦྱར་བས་གོང་བུའི་ བདུག་པ་སྟེ་དེ་ཉིད་ཤཾ་ཁའི་ཚད་དེ་ཞེས་པ་ནི་རྫས་ཀྱི་རྐང་པའི་ཆ་ཤས་ངེས་པར་བསྲེག་གོ། དེ་ལ་པུ་ཏྲ་ཀེ་ཤ་དང་ཛཱ་ཏི་ཕ་ལ་དང་ག་པུར་དང་ལྟེ་བ་དང་གཞན་ལེ་ཚེ་སྦྱར་བ་ལས་བརྗོད་ པ་མཆོག་གི་འདབ་མ་རེ་བྱིན་ནས་མ་ལ་ཡའི་ཙན་དན་དང༌། ལ་གྷུ་ཞེས་པ་ཨ་ག་རུ་དང་ཙ་ལ་ ཞེས་པ་ནི་སིཧླ་ཀ་དང་ཟླ་བ་ཞེས་པ་ནི་ག་པུར་ཏེ་དེ་དང་ལྡན་པ་ནི་རྫས་གསུམ་མོ། །དེ་བཞིན་ ནོ་ཞེས་པ་ནི་གོང་བུའི་བདུག་པ་དང་མཚུངས་པར་སྦྲང་རྩི་དང་ཀ་ར་དང་བཅས་པ་ངེས་པར་ བསྲེག་པར་བྱའོ། །འདིར་བུ་རམ་ནི་གོང་བུའི་བུ་རམ་སྟེ་ཁུ་བ་སྔོན་དུ་འགྲོ་བ་ཅན་ནི་མ་ཡིན་ ནོ་ཞེས་པ་ནི་ངེས་པའོ། ༡༣༤ ། ༈ དེ་ནས་སྨིན་པའི་དྲི་ཤེས་ནས་དེ་སྨིན་པ་མཉེས་པ་འདིའི་དྲིས་གལ་ཏེ་ལག་པའི་ མཐིལ་དམར་པོར་འགྱུར་ན་དེའི་ཚེ་ཡོངས་སུ་སྨིན་པའོ། །ཅི་སྟེ་མ་སྨིན་ན་ཇི་སྲིད་སྨིན་པར་ {མ་}གྱུར་པ་དེ་སྲིད་དུ་(ཙན་དན་དཀར་པོ)[དཀར་པོའི་[ཤི་ཏ་]བདུག་པ་བསྲེག་པར་མི་བྱའོ། ། སྨིན་པའི་དྲི་འདི་ནི་མེ་ཏོག་བཟང་པོ་ཙམ་པ་ཀ་ལ་སོགས་པ་དྲི་ཞིམ་པོ་རྣམས་ཀྱིས་ཉིན་ཞག་ འགའ་ཞིག་སྟེ་ཕྱོགས་ཀྱི་ཕྱེད་དམ་ཕྱོགས་གཅིག་གི་བར་དུ་བདུག་པའི་སྐྱོན་སྤོང་སྟེ་དེ་ནས་ འདོད་པར་འགྱུར་རོ། །ཕྱི་ནས་འབུགས་པ་བརྒྱའི་ཆ་ཤས་འབྲས་བུ་གསུམ་ཞེས་པ་ནི་ཛཱ་ཏི་ ཕ་ལ་དང་ཀཀྐོ་ལ་དང་ཡང་ན་ཀཀྐོ་ལའི་གནས་སུ་སུག་སྨེལ་དང་འཁྲི་ཤིང་གླ་རྩི་དང་ཟླ་བ་ ཞེས་པ་ནི་ག་པུར་དང་མ་ད་ཞེས་པ་ནི་གླ་རྩི་སྟེ་འདི་རྣམས་ཆ་མཉམ་པར་བྱས་ནས་བརྒྱའི་ ཆ་ཤས་ཀྱི་དྲིས་འབུགས་པར་བྱའོ། །ཆང་དང་བཅས་པས་ཞེས་པ་ནི་འཆད་པར་འགྱུར་བའི་ 3-1-191 མྱོས་པའི་ཆང་དང་ལྷན་ཅིག་འབུགས་པ་བརྒྱའི་ཆ་ཤས་སྦྱིན་པར་བྱ་སྟེ་ཆང་ནི་འབུགས་པའི་ བརྒྱད་འགྱུར་རོ། །འབུགས་པའི་ངེས་པའོ། ། ༈ ད་ནི་དྲི་རྣམས་བསླང་བའི་དོན་དུ་ཆང་གསུངས་པ་ཤི་གྲུ་(ཕོ་བ་རིས་དཀར་པོ)ཞེས་པ་ལ་ སོགས་པ་སྟེ་འདིར་དྲིའི་བསྟན་བཅོས་ལས་གསུངས་པའི་ཆོ་གས་རྒྱ་ཆེར་གང་དུ་ཆང་ལ་ སོགས་པ་སྨིན་པ་ཅི་འདྲ་བ་དེ་ནི་དྲིའི་བསྟན་བཅོས་དེ་ཉིད་ལས་ཤེས་པར་བྱ་སྟེ་འདིར་ཡང་ མདོར་བསྡུས་པས་བརྗོད་དོ། །ཤི་གྲུའི་ཆུ་ཞེས་པ་ནི་ཤི་གྲུའི་ཁུ་བ་དང་ཚཱ་ག་མཱུ་ཏྲ(རའི་གཅིན་ ཞེས་པ་སྟེ་འབྲས་བུ་གོ་སྙོད་འདྲ་བ་རའི་གཅིན་གྱི་དྲི་བྲོ་བ་གཅིག་ཡོད་བོད་ན་ཕྱོགས་མཐུན་སྲུབ་ཁ་བ)དང་མེ་ཏོག་བཅུད་ ཅེས་པ་སྦྲང་རྩི་སྟེ་དེ་དང་མཉམ་པ་ནི་ཚད་མཚུངས་པའོ། །མེ་ཏོག་ལས་སྐྱེས་མཐར་ཞེས་པ་ ནི་སྦྲང་རྩི་མཐར་ཐུག་པར་མས་བསྐོལ་བར་བྱའོ། །དེ་ནས་བླངས་ཏེ་ནཱ་རི་ཀེ་ལ་ལ་སོགས་ པར་བླུགས་ནས་སོ་བའི་ཕུང་པོའི་དབུས་སུ་ཟླ་བ་གཅིག་སྨིན་པར་འགྱུར་རོ། །རི་དྭགས་ དང་མཉམ་ཆང་དང་ལྟེ་བ་འབིགས་པའོ་ཞེས་པ་ནི་མེས་སྨིན་པའི་མཇུག་ཏུ་ལྟེ་བ་ཞེས་པ་གླ་ རྩི་དང་མ་གསུངས་ཀྱང་ག་པུར་དང་འབྲས་བུ་གསུམ་སྟེ་དེས་བརྒྱའི་ཆ་ཤས་འབུགས་པ་བྱིན་ ནས་སོ་བ་དེ་ལ་བཞག་པར་བྱའོ། །དེ་ནས་དེའི་དྲི་འབུགས་པ་སྔར་བརྗོད་པར་བྱའོ་{ཞེས་པ་ ནི་ངེས་པའོ}། ། ༈ དྲིའི་བསྟན་བཅོས་ཐམས་ཅད་ལས་བདུག་པ་སྨན་པ་ལ་བདུག་པའི་འཁྲུལ་འཁོར་ རྣམ་པ་གསུམ་ནི་མཉམ་པ་དང་ཌ་མ་རུའི་རྣམ་པ་དང་སྟེང་ཁམ་ཕོར་གྱི་དབྱིབས་ཅན་ཏེ་ དབུས་སུ་སོར་མོ་གཉིས་ཀྱི་བུག་པ་ཅན་སོར་མོ་དྲུག་པ་ནི་ཐ་མ་སྟེ་སྐ་བ་དང་དྲག་པོའི་བདུག་ པའི་དོན་དུའོ། །འབྲང་པོ་ནི་སོར་མོ་བརྒྱད་པའི་དཔངས་ཏེ་ན་ཁ་དང་བུ་རམ་གོང་བུའི་སྤོས་ ཀྱི་དོན་དུའོ། །མཆོག་ནི་སོར་མོ་བཅུ་པ་སྟེ་བསིལ་བའི་སྤོས་ཀྱི་དོན་དུའོ། །འཁྲུལ་འཁོར་ འདིའི་འོག་ཏུ་བྱེ་མ་དང་བཅས་པའི་གྱོ་མོ་སྒྱེད་པུའི་སྟེང་དུ་བྱིན་ནས་ཚ་བའི་བྱེ་མ་ལ་བདུག་ 3-1-192 པ་འཛིན་པ་བྱིན་ཏེ་དེའི་སྟེང་དུ་འཁྲུལ་འཁོར་རོ། །འཁྲུལ་འཁོར་གྱི་སྟེང་དུ་དྲིའི་རྫས་སོར་ ཕྱེད་ཀྱི་དཔངས་སུ་རབ་ཏུ་བྱུགས་པའི་འཇིམ་པའི་ཐོད་པ་སྟེ་རྫས་ཤིན་ཏུ་ཆུང་བ་ལ་ནཱ་རི་ ཀེ་ལ་བྱིན་ནས་བདུག་པ་ངེས་པར་བསྲེག་པར་བྱ་སྟེ་དབྱུག་གུ་གཅིག་དང་དབྱུག་གུ་ཕྱེད་དུ་ བདུག་པའི་ཚད་ཤེས་ནས་སོ། །དེ་ནས་ཐོད་པ་བླངས་ཏེ་སྤངས་ལེབ་ཀྱི་སྟེང་དུ་གོས་བྱིན་ ནས་གང་གིས་དུ་བ་མི་འགྲོ་བ་ཁ་འོག་ཏུ་ཕྱོགས་པར་བཞག་པར་བྱའོ། །སྨིན་པའི་དུས་སུ་ ཡང་ཐོད་པ་དང་འཁྲུལ་འཁོར་གྱི་བར་དུ་གཤེར་བའི་གོས་ཀྱིས་དཀྲི་བར་བྱའོ་ཞེས་པ་ནི་ བདུག་པ་སྨིན་པའི་ངེས་པའོ། །འབྲས་བུས་སྨིན་པ་ནི་བཱི་ཛ་པཱུ་རའི་ནང་གི་འབྲས་བུ་ཕྱུང་ ནས་ལྤགས་པ་ཡོངས་སུ་བསྒྱུར་བའི་ནང་དུ་དྲིའི་རྫས་རབ་ཏུ་གཞུག་པར་བྱ་སྟེ་ཕྱི་རོལ་ཏུ་ ཤིང་ཤུན་གྱིས་དཀྲིས་ནས་འཇིམ་པས་སོར་གཅིག་གི་དཔངས་སུ་བྱུག་པར་བྱའོ། །ཕྱི་ནས་བ་ ལང་གི་ལྕི་བའི་མེས་ཁ་སྦྱོར་གྱི་སྦྱོར་བས་སྨིན་པར་བྱ་སྟེ་ཇི་སྲིད་བྱུག་པ་མེའི་མདོག་ཏུ་གྱུར་ པའི་བར་དུའོ། །དེ་ལས་ལྷག་ནི་དྲི་ཉམས་པར་འགྱུར་རོ། །དེ་ནས་མེ་ལས་ཕྱུང་སྟེ་བསིལ་ བར་གྱུར་པའི་དྲི་ནི་ལྟེ་བ་ལ་སོགས་པ་རྣམས་ཀྱིས་སྔར་བརྗོད་པའི་ཆོ་གས་དབུག་པར་བྱ་སྟེ་ འབྲས་བུས་སྨིན་པའི་ངེས་པའོ། །འདབ་མ་སྦྱར་བའི་སྨིན་པ་ལ་ཡང་ཀེ་ཏ་ཀཱའི་(ཤིང་ཆུ་རྙོག་མ་ ཅན་གྱི་ནང་དུ་བཅུག་ན་དྭངས་པར་འགྱུར་བ་གཅིག་ཡོད)འདབ་མ་རྣམས་ཀྱིས་སྣོད་བྱས་ནས་ནང་དུ་དྲིའི་ རྫས་གཞུག་པར་བྱ་སྟེ་ལྷག་མ་ནི་འབྲས་བུས་སྨིན་པ་བཞིན་ནོ། །ངང་པའི་སྨིན་པ་ལ་གསེར་ རམ་དངུལ་གྱི་བུམ་པའི་ནང་ལ་དྲིའི་རྫས་དཔངས་སོར་གཅིག་གིས་བྱུགས་པ་ཟངས་ཀྱི་སྣོད་ དྲིའི་ཆུས་ཕྱེད་ཡོངས་སུ་བཀང་བ་ལ་རྐྱལ་བར་བྱེད་ཅིང་སྐོལ་བ་ཉམས་སུ་མྱོང་བ་སྟེ་ངང་པ་ བཞིན་རྐྱལ་བར་བྱེད་པས་ངང་པའི་སྨིན་པ་ངེས་པའོ། །དབུག་པ་ལ་སོགས་པ་ནི་སྔར་བཞིན་ ཏེ་ངང་པའི་སྨིན་པའི་ངེས་པའོ། །ངང་པའི་སྨིན་པ་དང་ཞེས་བྱ་བ་གསུངས་པའི་ཕྱིར་ཁྱོགས་ ཀྱི་སྨིན་པ་ལ་སོགས་པ་བརྗོད་པར་བྱ་སྟེ་འདིར་དྲིའི་བསྟན་བཅོས་ལས་བརྗོད་པའི་རྫས་རྣམ་ 3-1-193 པ་དགུའི་ནང་ནས་དམན་པའི་འདབ་མ་རྣམས་དག་པའི་སླད་དུ་ལས་རྣམ་པ་བརྒྱད་དེ་བཀྲུ་ བ་དང་དུག་དང་མཉེ་བ་དང་བརྔོ་བ་དང་སྤང་བ་དང་བདུག་པ་དང་བསྒོ་བ་དང་དབུག་པའོ། ། དེ་ལ་བཀྲུ་བ་ནི་རྩབ་མོས་སོ། །དུགས་ནི་ཁྱོགས་ཀྱིས་སྨིན་པས་སོ། །མཉེ་བ་ནི་དྲིའི་ཆུས་སོ། ། བརྔོ་བ་ནི་བུ་རམ་གྱི་ཆུ་ལ་སོགས་པས་སོ། །སྤང་པ་ནི་ཤི་གྲུ་དང་ཚཱ་ག་མཱུ་ཏྲ་ལ་སོགས་པས་ སོ། །བདུག་པ་ནི་སྐ་བ་དང་དྲག་པོ་དག་གིས་སོ། །བསྒོ་བ་ནི་ཀེ་ཏ་ཀཱི་ལ་སོགས་པའི་མེ་ཏོག་ རྣམས་ཀྱིས་སོ། །དབུག་པ་ནི་ལྟེ་བ་ལ་སོགས་པའི་རྫས་རྣམས་ཀྱི་སོ། །གླ་སྒང་ལ་སོགས་པ་ དམན་པའི་འདབ་མ་རྣམས་དང་མེ་ཏོག་གི་ཚོགས་ལ་བཀྲུ་བ་དང་བསྲོ་བ་ལ་སོགས་པ་བྱ་སྟེ་ བརྔོ་བ་སྤངས་ནས་སོ། །དེ་བཞིན་དུ་ཤུན་པའི་ཚོགས་དང་འབྲིང་པོའི་འདབ་མ་རྣམས་དང་ རྩ་བའི་ཚོགས་དང་ཤིང་གི་ཚོགས་དང་འདབ་མའི་ཚོགས་་དང་འཚོ་བའི་ཚོགས་ལའོ། །ན་ ཁ་ནི་བརྔོ་བའོ། །པུ་ཏྲ་ཀེ་ཤ་ནི་སྦྱར་བའི་སྨིན་པའོ། །ལྷག་མ་ནི་མེ་ཏོག་གི་ཚོགས་བཞིན་ནོ། ། འབྲས་བུའི་ཚོགས་དང་ཁུ་བ(ཐང་ཆུ)འི་ཚོགས་དང་ཞུ་བའི་རྫས་ཀྱི་ཚོགས་ལ་ལས་ཅི་ཡང་མི་ བྱའོ། །བརྗོད་པའི་རྫས་འདི་རྣམས་ཕྱེ་མར་བྱས་ནས་སྣོད་ཀྱི་ཁར་གོས་ཀྱི་སྟེང་དུ་ཕྱེ་མ་སྦྱིན་ ནོ། །སྣོད་དྲིའི་ཆུས་ཕྱེད་གང་བ་སྒྱེད་པུའི་སྟེང་དུ་བཞག་ནས་རླངས་པའི་དུགས་ཀྱིས་དུགས་ བྱ་སྟེ་ཇི་སྲིད་ཕྱེ་མ་རློན་པར་གྱུར་གྱི་བར་དུའོ། །དེ་ནས་བླངས་ཏེ་མཉེ་བ་ལ་སོགས་པ་བྱའོ། ། དེ་བཞིན་དུ་པུ་ཏྲ་ཀེ་ཤའི་ཡང་ཁྱོགས་ཀྱི་དུགས་དང་ན་ཁའི་དུགས་ཀྱི་གནས་སུ་བ་ལས་བྱུང་ བ་(མར)འཇམ་པོ་ལ་བསྐོལ་ཞིང་བརྔོ་བའོ། །སྐ་བའི་ཆུས་བྲན་པ་སྟེ་ལྷག་མ་ནི་སྔ་མ་བཞིན་ ནོ། །སྨིན་པ་རྣམ་པ་ལྔའི་ངེས་པའོ། །ལྷག་མ་ནི་དྲི་དོན་དུ་གཉེར་བ་རྣམས་ཀྱིས་དྲིའི་བསྟན་ བཅོས་ལས་ཤེས་པར་བྱའོ། ༡༣༥ ། ༈ ད་ནི་དྲི་ལ་སོགས་པ་རྣམས་ཀྱིས་གསང་བ་གསུངས་པ་གསང་བ་ཞེས་པ་ལ་སོགས་ པ་སྟེ་འདིར་དྲི་ལ་སོགས་པ་རྣམས་བསིལ་བའི་སྤོས་ཀྱི་སྨིན་པའི་དུས་སུ་གསང་བ་ནི་དྲི་ལ་པཱུ་ 3-1-194 ཏི་སྦྱིན་པར་བྱའོ། །ར་ས་ན་ཁ་ཙ་ལ་ཞེས་པ་ནི་གསང་བ་སྟེ་འདིར་སྤོས་ཀྱིས་སྨིན་པ་ལ་སྐྱུར་ བར་གྱུར་པའི་དྲི་རྣམས་ལ་སྤོས་སྦྱིན་པར་བྱ་སྟེ་སྤོས་ཀྱི་སྦྱོར་བ་བྱས་ནས་སོ། །སྤོས་ཀྱི་སྦྱོར་ བ་ཞེས་པ་ནི་སྤོས་ཀྱིས་སྨིན་པའི་ཡུལ་ལ་གན་ངྷ་ར་ས་[མུ་ཟི་]དང་ན་ཁ་དང་སི་ཧཱ་ཀ་བུ་རམ་ གྱིས་སྦྱངས་ནས་ཉིན་ཞག་གཅིག་གམ་ཉིན་ཞག་གཉིས་ཏེ་ཇི་སྲིད་སྐྱུར་བ་ཉིད་འདོར་བའོ། ། དེ་ནས་གོང་བུ་ལ་སོགས་པ་སྦྱིན་པར་བྱའོ་ཞེས་པ་ནི་ངེས་པའོ། །ཅི་སྟེ་སྨིན་པ་དྲག་པོས་དྲི་ ཚིག་པར་གྱུར་ན་མཚན་མོ་རི་བོང་མཚན་མའི་འོད་ཟེར་གྱིས་དྲི་ལ་རེག་པར་བྱའོ། །དེ་མེད་ ན་ཇི་སྲིད་ཚིག་པའི་སྐྱོན་ཉེ་བར་ཞི་བར་གྱུར་གྱི་བར་དུ་ཆུའི་འགྲམ་དུ་བཞག་པར་བྱའོ། །དྲི་ རྣམས་རྣམ་པར་ཉམས་པའི་རྒྱུ་བརྗོད་པར་བྱ་སྟེ། འདིར་མ་དག་པ་དང་དག་པའི་རྫས་རྣམས་ གཅིག་པ་ཉིད་ནི་རྣམ་པར་ཉམས་པའི་རྒྱུའོ། །དེ་བཞིན་དུ་འབྲུ་མར་དང་རླན་དང་བཅས་ པའི་གནས་དང་སོག་མ་དང་འགྱུར་བྱེད་ཀྱི་རྫས་(ཚྭའི་རིགས)དང་བཤང་གཅི་དང་བྱི་བས་རེག་ པ་དང་ཤིན་ཏུ་དྲོ་བའི་གནས་སོ། །དེ་བཞིན་བསིལ་བ་ཞེས་པ་ཙན་དན་དང་ཏུ་རུ་ཀ་(སི་ཧླའི་ ཤིང)དང་གུ་རུ་(ཨ་ཀ་རུ)དང་རི་བོང་ཅན་ནི་གསང་བ་སྟེ་པུ་ཏྲ་ཀེ་ཤའི་མཇུག་ཏུ་བསིལ་བ་ལ་ སོགས་པའི་སྤོས་སྦྱིན་པར་བྱའོ་ཞེས་པ་སྟེ་སྨིན་པའི་མཐར་ངེས་པའོ། །བསྒོ་བའི་བྱ་བར་མེ་ ཏོག་གསང་བ་སྟེ་ཇི་སྲིད་སྤོས་ཀྱི་སྐྱོན་ཉེ་བར་ཞི་བར་གྱུར་པའོ། །འབུགས་པ་ལ་ཞེས་པ་ལ་ འབུགས་པའི་ཡུལ་ལ་ག་པུར་དང་གླ་རྩི་དང་འབྲས་བུ་གསུམ་དང་མ་དའི་ཆང་ཞེས་པ་གླ་ རྩིའི་ཆང་གསང་བ་སྟེ་ཇི་སྲིད་མེ་ཏོག་བསྒོ་བའི་སྐྱོན་ཉེ་བར་ཞི་བར་གྱུར་པར་རོ་ཞེས་པ་སྟེ་ དྲིའི་སྦྱོར་བའི་ངེས་པའོ། །ཡང་དག་ཁྲུས་སྦྱོར་ལ་ཞེས་པ་ནི་ཁྲུས་ཀྱི་ཡུལ་ལ་གདོན་མི་ཟ་ བར་རོ། །གསང་བ་ཞེས་པ་ནི་སྦྱིན་པར་བྱ་སྟེ་ཁྲུས་ཀྱི་རྫས་ཀྱི་ཚོགས་ཀྱི་ནང་དུ་ཤིང་ཚ་གྲན་ ཐི་པརྞྞ་ནགས་སུ་རྒྱུ་བ་དང་བཅས་ཞེས་པ་ནི་པུ་ཏྲ་ཀེ་ཤ་དང་བཅས་པ་སྟེ་ཆ་གསུམ་ཆ་བཅོ་ ལྔའི་དབུས་སུ་སྦྱིན་པར་བྱའོ་ཞེས་པ་ནི་ངེས་པའོ། །དྲིལ་ཕྱིས་ཀྱི་སྦྱོར་བ་ལ་གྲན་ཐི་པརྞྞ་སྦྱིན་ 3-1-195 པར་བྱ་སྟེ་ཆ་ནི་ཁྲུས་ལ་ཇི་ལྟ་བ་བཞིན་ནོ། །དྲིའི་ལེ་ཚེ་སྦྱར་བའི་ཆོས་ག་གསུངས་པའོ། ༡༣༦། ༈ ད་ནི་ལྟེ་བའི་གཙོ་བོའི་དྲི་གསུངས་པ་ཆུ་སྐྱེས་དག་པ་ཞེས་པ་ལ་སོགས་པ་སྟེ་འདིར་ གང་གི་ཚེ་རྫས་གཅིག་གིས་དྲིའི་རྒྱལ་པོ་བྱ་བར་འདོད་ན་དེའི་ཚེ་ཆུ་སྐྱེས་དག་པ་ཞེས་པ་ནི་ན་ ཁའོ། །དེ་ཉིད་ནི་སྤྱིར་རྣམ་པ་བཞི་སྟེ་གླང་པོ་ཆེའི་རྣ་བ་〔ལྟ་བུ་〕དང་རྟའི་རྨིག་པ་〔ལྟ་བུ་〕དང་ཨུད་ པ་ལའི་འདབ་མ་〔ལྟ་བུ་〕དང་བ་ད་ར(རག་ཆུང་གི་ཤིང་སྟེ་དེ)འི་འདབ་མ〔ལྟ་བུ〕འོ། །དེ་རྣམས་ལ་དྲིའི་ སྦྱོར་བ་ལ་གླང་པོ་ཆེའི་རྣ་བ་〔ལྟ་བུ་〕དང་རྟའི་རྨིག་པ་སྦྱིན་པར་བྱའོ། །སྤོས་ཀྱི་སྦྱོར་བ་ལ་བ་ད་ ར་དང་ཨུད་པ་ལའི་འདབ་མའོ། །འདིར་ཡང་བ་ད་རའི་འདབ་མ་མཆོག་སྟེ་དེ་མེད་ན་ཨུད་ པ་ལའི་འདབ་མ་ལ་སོགས་པ་བཟུང་བར་བྱའོ། །དག་པ་ནི་དྲིའི་བསྟན་བཅོས་ལས་བརྗོད་ པའི་ཆོ་གས་བསྐོལ་བ་དང་བརྔོ་བ་དང་བུ་རམ་དང་སྐ་བའི་ཆུས་བྲན་པ་དང་ཕྱེ་མར་བྱས་ པ་དང་འབྲས་བུ་གསུམ་ལ་སོགས་པས་བྱུགས་པ་དང་བསྒོས་པའི་ཕྱིར་དག་པའོ། །དེ་ཉིད་ གཞན་པའི་རྫས་ཀྱི་དམན་ཞིང་མངར་བ་དག་དང་ཞེས་པ་ནི་ཆང་སྟེ་དེ་དང་རྣམ་པར་བྲལ་ བའོ། །དྲིའི་ཆུ་ཡི་བཏགས་ཞེས་པ་ནི་འདིར་དྲིའི་ཆུའི་དོན་དུ་ཤིན་ཏུ་དང་བའི་ཆུ་བླངས་ནས་ སུག་སྨེལ་དང་ཤིང་ཚ་དང་སྤངས་སྤོས་དང་བ་ལ་ཀ་དང་ཙན་དན་རྣམས་ཞོ་གཉིས་ཐིམ་པོར་ བཅིངས་ཏེ་ཆུ་བྲེ་བརྒྱད་ལ་གཞུག་པར་བྱའོ། །དེ་ནས་རྐང་པའི་ལྷག་མར་བསྐོལ་བར་བྱ་ སྟེ་ཇི་སྲིད་དྲིའི་ཆུར་གྱུར་པར་རོ། །དེས་དྲི་གཞན་ཡང་བཏག་པར་བྱའོ་ཞེས་པ་ནི་ངེས་པའོ། ། སྤོས་ཀྱི་སྨིན་པ་ཞེས་པ་ནི་ན་ཁ་དག་པ་བཏགས་པ་དེ་ཉིད་བདུག་པས་སྨིན་པའི་ཆོ་གས་ སྤོས་ཀྱིས་སྨིན་པའོ། །སྐ་བ་དྲག་པོ་སྦྲང་རྩི་དང་བཅས་ལག་སྐྱེས་དག་གིས་ཁམ་ཚད་རིམ་ པས་འཕེལ་ཞེས་པ་ལ་སྦྲང་རྩི་དང་ཀ་ར་དང་བཅས་པ་སྐ་བའི་ཁམས་ཚད་གཅིག་སྟེ་ཉིན་ ཞག་དང་པོ་ལའོ། །ཁམས་ཚད་ཀྱི་ཐོག་མཐར་སྦྲང་རྩི་དག་དང་དཀར་པོ་(བྱེ་མ་ཀ་ར)ངེས་པར་ 3-1-196 བསྲེག་སྟེ་དང་པོ་སྤོས་ལས་སོ་ཞེས་པའི་ངེས་པ་ལས་དང་པོར་སྦྲང་རྩི་དང་ཀ་རའོ། །བར་དུ་ སྐ་བའི་སྤོས་ཀྱི་ཁམ་ཚད་སྦྱིན་པར་བྱའོ། །སླར་ཡང་ཁམས་ཚད་ཀྱི་མཇུག་ཏུ་སྦྲང་རྩི་དང་ཀ་ ར་ངེས་པར་བསྲེག་པར་བྱའོ། །ཉིན་ཞག་གཉིས་པ་ལ་མེ་ཏོག་བསྒོ་བར་བྱ་སྟེ་དེ་ལྟར་གཅིག་ གིས་བར་དུ་ཆོད་པའོ། །དྲག་པོའི་སྤོས་ཀྱི་ཁམ་ཚད་གཉིས་ཉིན་ཞག་གཉིས་ལ་ངེས་པར་ བསྲེག་གོ། ན་ཁའི་ཁམ་ཚད་གསུམ་ཉིན་ཞག་གསུམ་གྱིས་སོ། །དེ་ནས་ཁམ་ཚད་གཉིས་ནི་ ཀ་ར་བསྲེས་པ་དག་སྟེ་ཞེས་པ་ནི་མ་ལ་ཡའི་ཁམ་ཚད་གཉིས་ཉིན་ཞག་གཉིས་ལའོ། །སིཧླའི་ གཅིག་སྟེ་ཨ་ཀ་རུ་དང་ག་པུར་དག་གི་ཡང་ངོ༌། །ཁམ་ཚད་ཀྱི་ཐོག་མ་དང་ཐ་མར་སྦྲང་རྩི་ དང་ཀ་ར་སྔར་བཞིན་ནོ། །དེ་ལྟར་གཅིག་གིས་བར་དུ་ཆོད་པས་ཉིན་ཞག་ཉི་ཤུ་རྩ་བཞིའི་ སྤོས་ཀྱིས་སྨིན་པར་འགྱུར་རོ། ༡༣༧ ། དེ་ནས་ཉིན་ཞག་བཅུས་མེ་ཏོག་བཟང་པོ་རྣམས་ཀྱིས་བསྒོ་བ་བྱས་ནས་དེ་ཇི་སྲིད་སྤོས་ ཀྱི་སྐྱོན་ཉེ་བར་ཞི་བར་གྱུར་པའི་བར་དུའོ། །དྲི་ཡི་ཆུ་ཡིས་བསྲེས་པ་དག་ཞེས་པ་ནི་སྔར་གྱིས་ ཆོ་གས་ཉིན་ཞག་སོ་སོར་དྲིའི་ཆུས་བསྐོལ་བར་བྱའོ། །ཆུ་གྲང་མོ་སྦྱིན་པར་མི་བྱ་སྟེ་ཆུ་གྲང་ མོས་སྐྱུར་བར་འགྱུར་རོ། །དྲིའི་ཆུ་དེ་ཡིས་བསྲེས་པའི་དྲི་བྱས་ནས་འཇིམ་པའི་ཐོད་པ་འཛག་ པ་མིན་པ་ཕྱི་རོལ་ནས་སྤྲ་ཚིལ་དང་གོས་ཀྱིས་བཅིངས་ཏེ་བརྟན་པར་ཁ་བཀག་ལ་དེ་ཉིད་ ནི་གཞན་ཤིན་ཏུ་ཆེ་བའི་སྣོད་ཀྱི་རྫ་མར་རོ། །ཡང་ན་ས་འོག་ཏུ་སྟེ་དེ་མེད་ནའོ། །སྣོད་དེར་ བཅུག་ལ་སྟེང་ན་བྱེ་མ་སྦྱིན་པར་བྱ་སྟེ་ཇི་སྲིད་སྣོད་ཀྱི་མགྲིན་པའི་མཐར་ཐུག་པ་གང་བར་ གྱུར་གྱི་བར་དུའོ། །བྱེ་མས་གང་བའི་སྣོད་དེ་ལ་ཐུན་མོང་བའི་ཆུ་ཉི་མས་དྲོས་པ་སྦྱིན་ཏེ་སྣོད་ དེ་ཉིད་ཉི་མའི་འོད་ལ་ཟླ་བ་དྲུག་གི་བར་དུ་བཞག་པར་བྱའོ། །དེ་ལྟར་ཟླ་བ་དྲུག་གི་ཉེ་བར་ སྦྱོར་བས་སྨིན་པར་འགྱུར་ཏེ་ཆུ་ལ་གནས་པ་ལྟེ་བའི་གཙོ་བོའི་དྲི་ཞེས་པ་ནི་དྲིའི་རྒྱལ་པོའི་ ངེས་པའོ། ༡༣༨ ། 3-1-197 ༈ ད་ནི་དྲིའི་ཏིལ་མར་གྱི་དོན་དང་མེ་ཏོག་གི་ཏིལ་གྱི་སླད་དུ་ཏིལ་དག་པ་གསུངས་ པ་ཏིལ་ཞེས་པ་ལ་སོགས་པ་སྟེ་འདིར་ཏིལ་ཡོངས་སུ་སྨིན་པ་སར་པ་རྣམས་ཡང་དག་པར་ གཟུང་བར་བྱའོ། །འདབ་མ་བསྐོལ་བའི་ཆུ་དག་དང་ཞེས་པ་ལ་འདབ་མ་ནི་ཨ་མྲའི་འདབ་ མའོ། །དེ་བཞིན་དུ་ཛཾ་བཱུ་དང་ཀ་པི་ཐ་དང་མ་དུ་ལུང་ག་(ནི་བི་ཛ་བུ་རའི་ཤིང་)དང་བིལ་བ་རྣམས་ ཀྱིས་ཏེ་ཤིང་ལྔའི་འདབ་མ་རྣམས་དང༌། དེ་རྣམས་བསྐོལ་བའི་ཆུ་ནི་འདབ་མའི་ཆུ་སྟེ་དེས་ མཉེས་ནས་ཏིལ་རྣམས་ཀྱིས་སྦུན་པ་བསལ་བ་ནི་དག་པ་དང་པོའོ། །དེ་ནས་དྲ་བའི་འཁྲུལ་ འཁོར་གྱི་སྟེང་དུ་གོས་བྱིན་ནས་དེའི་སྟེང་དུ་ཏིལ་རྣམས་སྣོད་གཞན་གྱིས་བྱིབས་ནས་བདུག་ པར་བྱ་སྟེ་དག་པ་གཉིས་པའོ། །བྱུག་པ་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི་འབྲས་བུ་གསུམ་ དྲིའི་ཆུས་བརྟགས་པའི་བྱུག་པ་སྦྱིན་པར་བྱ་སྟེ་སོགས་པས་ནི་ཉི་མའི་འོད་ཀྱིས་བསྐམས་ པར་བྱའོ། །དེ་ལྟར་ཏིལ་རྣམས་དག་{པར་}བྱས་ནས་ཕྱི་ནས་ཛཱ་ཏི་(ནི་མེ་ཏོག་སྣ་ལ་)ལ་སོགས་ མེ་ཏོག་རྣམས་ཀྱིས་ཉིན་ཞག་འགའ་ཞིག་སྟེ་ཕྱོགས་སམ་ཉིན་ཞག་བཅུར་བར་ཆད་མེད་པར་ བསྒོ་བར་བྱའོ། །ཇི་སྲིད་བསྒོས་པ་རྣམས་བསྒོས་པའི་དྲི་མེ་ཏོག་གི་དྲི་འཛིན་པའི་བར་དུ་སྟེ་ དེ་ནི་འདོད་པར་བསྒོས་པ་ཡིན་ནོ། །དེ་ནས་ཏིལ་བཙིར་བའི་འཁྲུལ་འཁོར་གྱིས་ཏིལ་མར་ བླངས་ནས་མཁས་པས་འཆིང་བུ(སྟེ་ཤེལ་ཁ་དོག་བསྒྱུར་བ)འི་སྣོད་དུ་བཞག་པར་བྱ་སྟེ་མིའི་བདག་ ཅེས་པ་ནི་བོད་པའོ། །ཏིལ་མར་དེ་ནི་ཁྲུས་སམ་ཡན་ལག་བྱུག་པ་དག་ལ་མྱོས་བྱེད་མེ་ཏོག་ ཏིལ་མར་ཉིད་ནི་སྨིན་པ་མིན་པར་འགྱུར་ཞེས་པའོ། །ཅི་སྟེ་སྨིན་པའི་ཏིལ་མར་བྱེད་པར་ འདོད་ན་དེའི་ཚེ་ཏིལ་མར་དེ་ཉིད་དྲི་བཟང་པོའི་ཆུ་དང་མཉམ་པ་བསྐོལ་བར་བྱ་སྟེ་ཇི་སྲིད་ ཏིལ་མར་གྱི་དབུ་བ་འདོར་གྱི་བར་དུའོ། །དེ་ནས་འབོགས་པའི་དུས་སུ་དྲིའི་རྫས་བརྒྱད་ཆུས་ དྲིའི་ཆུས་བཏགས་པ་སྦྱིན་པར་བྱའོ། །ཕྱི་ནས་དབོགས་པར་བྱ་སྟེ་ཇི་སྲིད་གྲང་བར་གྱུར་ཀྱི་ བར་དུའོ། །དེ་ནས་གླ་རྩི་ལ་སོགས་པའི་འབུགས་པ་བྱིན་ནས་འཆིང་བུའི་སྣོད་དུ་བཞག་པར་ 3-1-198 བྱའོ། །དེ་ཉིད་མ་དའི་ཆང་རྐང་པའི་ཆ་ཤས་ཀྱིས་བསྲེས་ནས་རྒྱ་སྐྱེགས་ཀྱིས་སྣོད་དུ་ཉི་མའི་ འོད་ཀྱིས་ཞག་བདུན་གདུངས་ན་གླ་རྩིའི་ཏིལ་མར་ཏུ་འགྱུར་རོ། །འོད་མའི་དོང་པར་སྨིན་པ་ ནི་ཉི་མའི་སྨིན་པར་འགྱུར་ཏེ་དེ་ལྟར་བྱུག་པ་ལ་སོགས་པ་ནི་འོད་མའི་དོང་པར་སྨིན་ཞིང་ལྟེ་ བ་ལ་སོགས་པས་བུག་པ་མཆོག་གི་བྱུག་པར་འགྱུར་རོ། །དེ་ལྟར་རྣམ་པ་སྣ་ཚོགས་པ་དྲིའི་ བསྟན་བཅོས་ལས་གསུངས་པའི་དྲི་ལ་སོགས་པའི་སྦྱོར་བ་བྱ་སྟེ་འདིར་ནི་བཅོམ་ལྡན་འདས་ ཀྱིས་མདོར་བསྡུས་པ་གསུངས་སོ། །དྲིའི་སྦྱོར་བ་ངེས་པའོ། ༡༣༩ ། ༈ ད་ནི་སྦྲུམ་མ་རྣམས་བཙའ་བའི་དོན་དུ་ཐམས་ཅད་སུམ་ཅུ་རྩ་བཞིའི་འཁྲུལ་འཁོར་ གསུངས་པ་ས་འཛིན་ཞེས་པ་ལ་སོགས་པ་སྟེ་འདིར་གང་གི་ཚེ་སྦྲུམ་མ་རྣམས་བཙའ་བའི་ དུས་སུ་ཕྱི་རོལ་གྱི་ཕོ་ཉ་མོའི་སྐྱོན་གྱིས་མངལ་རེངས་པར་གྱུར་ན་དེའི་ཚེ་འཁྲུལ་འཁོར་འདི་ འཇལ་བྱེད་ཀྱི་རྒྱབ་ཏུ་བྲི་བར་བྱ་སྟེ་འཇལ་བྱེད་ཅེས་པ་ནི་བྲེའོ། །དེའི་རྒྱབ་ཏུ་རེ་མིག་བཅུ་ དྲུག་བྱས་ནས་རེ་མིག་དང་པོ་ལ་ས་འཛིན་དེ་བདུན་དང་གཉིས་པ་ལ་ཉི་མ་སྟེ་བཅུ་གཉིས་ དང་གསུམ་པ་ལ་ཟླ་བ་སྟེ་གཅིག་དང་བཞི་པ་ལ་མ་ནུ་སྟེ་བཅུ་བཞི་དང་ལྔ་པ་ལ་མིག་སྟེ་ གཉིས་དང་དྲུག་པ་ལ་འདོད་པ་སྟེ་བཅུ་གསུམ་དང༌། བདུན་པ་ལ་ནོར་ཏེ་བརྒྱད་དང་བརྒྱད་ པ་ལ་དྲག་པོ་སྟེ་བཅུ་གཅིག་དང་དགུ་པ་ལ་རྒྱལ་པོ་སྟེ་བཅུ་དྲུག་དང་བཅུ་པ་ལ་མེ་ཞེས་པ་ གསུམ་དང་བཅུ་གཅིག་པ་ལ་ཕྱོགས་ཞེས་པ་བཅུ་དང་བཅུ་གཉིས་པ་ལ་འབྱུང་བ་ཞེས་པ་ལྔ་ དང་བཅུ་གསུམ་པ་ལ་བུག་པ་ཞེས་པ་དགུ་དང་བཅུ་བཞི་པ་ལ་དྲུག་ཅེས་པ་དྲུག་དང་བཅོ་ལྔ་ པ་ལ་ཚེས་ཞེས་པ་བཅོ་ལྔ་དང་བཅུ་དྲུག་པ་ལ་ཆུ་གཏེར་དག་ཅེས་པ་ནི་བཞི་སྟེ་མཐའི་རེ་མིག་ བཅུ་དྲུག་པ་ལ་གཞག་པར་བྱའོ། །རེ་མིག་བཞི་ལ་གནས་པའི་ཨཾ་ཀ་འདི་རྣམས་ཀྱི་གྲངས་ གཅིག་ཏུ་བསྡུས་པ་ནི་ཆུའི་གཏེར་དང་རྩེ་མོ་ཅན་ཞེས་པ་སུམ་ཅུ་རྩ་བཞིའོ། །ཐམས་ཅད་དུ་ དཔལ་ལྡན་འཁོར་ལོ་མཐའ་དག་ནི་འཇལ་བྱེད་ཀྱི་རྒྱབ་ཏུ་བྲིས་ནས་འཁྲུལ་འཁོར་འདི་རབ་ 3-1-199 ཏུ་བཙའ་བར་འགྱུར་པའི་དུས་སུ་སྦྲུམ་མ་རྣམས་ལ་བསྟན་པར་བྱ་ཞེས་པ་སྟེ་མངལ་དགྲོལ་ བའི་ངེས་པའོ། ༡༤༠ ། ༈ ད་ནི་མངལ་ལ་སོགས་པ་བྱིས་པའི་རྒྱུད་གསུངས་པ་རྣལ་འབྱོར་མ་རྣམས་ཞེས་པ་ལ་ སོགས་པ་སྟེ། འདིར་སའི་སྟེང་དུ་རབ་གསལ་〔ཀུན་རྫོབ་ཀྱི་〕རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་གང་ ཡིན་པ་དེ་རྣམས་ནི་བརྒྱད་པ་བརྒྱད་ཀྱི་མ་མོར་རབ་ཏུ་གྲགས་སོ། །དེ་རྣམས་ཀྱི་ནང་ནས་ མངལ་(དུ་འཚེ་བ་)ཞེས་བྱ་བ་སུམ་འགྱུར་དགུ་ཞེས་པ་ནི་ཉི་ཤུ་རྩ་བདུན་ནོ། །(སྐྱེས་ནས་)ཉིན་ཞག་ (བཅུའི་བར་དུ་འཚེ་བ་)ཅེས་པ་བཅུའོ། །(དེ་ནས་)བཅུ་གཅིག་(ནི་)ཟླ་བ་(རེ་རེ་ལ་འཚེ་བར་བྱེད་པ་)ཞེས་བྱ་ བའོ། །གཞན་ནི་ལྔ་པ་གསུམ་ཞེས་པ་བཅོ་ལྔ་ནི་ལོ་〔རེ་རེ་ལ་འཚེ་བར་བྱེད་པ་〕ཞེས་བྱ་སྟེ་(དེ་ལྟར་)དྲུག་ ཅུ་རྩ་གསུམ་པོ་དེ་རྣམས་བྱིས་པ་འཛིན་ཏེ་མཐའ་དག་སའི་སྟེང་དུའོ། ། ༈ མངལ་དུ་ཟུག་རྔུ་དང་ནི་རབ་ཏུ་བཙའ་བའི་དུས་སུ་སྐྱེ་གནས་ལ་ཡང་ཟུག་གཟེར་བྱེད་ པ་ཉིད་ཅེས་པ་ནི་འདིར་མངལ་ཞེས་བྱ་བ་(ཉེར་བདུན་པོ་)རྣམས་ཀྱི་ནང་ནས་བཅོ་ལྔ་ནི་མངལ་ བཟུང་བའི་ཉིན་ཞག་ནས་བརྩམས་ཏེ་ཉིན་ཞག་བཅོ་ལྔའི་བར་དུ་མངལ་དུ་ཟུག་རྔུ་རབ་ཏུ་ བྱེད་དོ། །དེ་ནས་དགུ་ནི་ཟླ་བ་དགུའི་བར་དུ་(ཟུག་རྔུ་བྱེད་དུ་)འགྲོའོ། །རབ་ཏུ་བཙའ་བའི་དུས་ སུ་(སྐྱེ་གནས་ལ་ཟུག་ཟེར་བྱེད་པ་)གཅིག་གོ། (མའི)ནུ་མའི་འོ་མ་འཕྲོག་པ་གཉིས་ཏེ་མངལ་(ནས་སྐྱེས་ པ་)ཞེས་བྱ་བ་རྣམས་ཀྱི་ངེས་པའོ། ༡༤༡། (མངལ་ནས་)སྐྱེས་པ་རྣམས་ལ་བྱིས་པའི་རྒྱུད་དུ་འགྱུར་ཏེ་ཉིན་ཞག་དབང་དུ་ཟླ་བ་ལོ་ཡི་ རབ་དབྱེ་ལས་ཞེས་པ་ལ་འདིར་བྱིས་པའི་རྒྱུད་ཅེས་པ་ནི་མ་མོས་གཟིར་བ་རྣམས་ཀྱི་བྱིས་པ་ གསོ་བའོ། །དེ་ལ་ཉིན་ཞག་ཅེས་བྱ་བ་རྣམས་ལ་འཆད་པར་འགྱུར་བའི་གཏོར་མ་སྦྱིན་པར་ བྱ་སྟེ་བྱིས་པ་སྐྱེས་པ་རྣམས་སྐྱེས་པའི་ཉིན་ཞག་ནས་བརྩམས་ནས་ཉིན་ཞག་བཅུའི་བར་དུ་ རང་རང་གི་ཉིན་ཞག་ལ་གཟིར་བར་བྱེད་པ་རྣམས་ལ་(སྟེར་བ)འོ། །(དེ་ནས་)ཟླ་བ་རེ་རེའི་དབང་ 3-1-200 གིས་བཅུ་གཅིག་པོ་རྣམས་ལ་ཟླ་བ་བཅུ་གཅིག་གི་བར་དུའོ། །{དེ་ནས་བཅོ་ལྔ་པོ་རྣམས་ལ་ ལོ་བཅོ་ལྔའི་བར་དུའོ། །}དེའི་སྟེང་དུ་བྱིས་པ་གཞོན་ནུ་ཉིད་མེད་དེ་ལོ་བཅུ་དྲུག་པ་ལ་ཁུ་བ་ འཛག་པའི་ཕྱིར་རོ་ཞེས་པ་ནི་ངེས་པའོ། ། ༈ ད་ནི་མ་རུངས་པ་ལྔ་གསུངས་པ་མ་རུངས་ཞེས་པ་ལ་སོགས་པ་སྟེ་འདིར་སའི་སྟེང་ དུ་དགའ་བ་(དང་བཟང་པོ་)ལ་སོགས་པའི་ཚེས་ཀྱི་དབྱེ་བས་ཚེས་ལྔ་པོ་རྣམས་ཀྱིས་མཚམས་སུ་ (རྣམས་)གཞོན་ནུ་(མ་རུངས་པ་)རྣམས་ཏེ་ནམ་མཁའ་ལ་སོགས་པའི་རང་བཞིན་ཡོན་ཏན་དབང་ གིས་(ཚེས་འཕོ་བའི་)ཚིགས་མཚམས་དག་ལ་ཡང་དག་གནས་སོ། །དེ་རྣམས་རང་གི་ཚེས་ལ་ འཇིགས་གྱུར་བྱིས་པ་འཛིན་པར་བྱེད་དེ་(དེས་ན་)ཐམས་ཅད་ཐུན་མོང་གི་གཏོར་མས་བྱིས་ པ་ངེས་པར་གཏོང་བར་མི་བྱེད་དོ། །རྒྱལ་པོ་ཞེས་པ་ནི་བོད་པའོ། །དེ་རྣམས་ཞི་བའི་དོན་དུ་ འདིར་ནི་རྣམས་མང་དཀྱིལ་འཁོར་ཁྲུས་དང་སྦྱིན་སྲེག་གི་བྱ་བ་འཆད་པར་འགྱུར་བ་རྣམས་ སུ་རབ་ཏུ་འགྱུར་ཞེས་པ་ནི་མ་རུངས་པའི་ངེས་པའོ། ༡༤༢ ། ༈ ད་ནི་མངལ་ཞེས་བྱ་བ་(ཉེར་བདུན་པོ་)རྣམས་ཀྱིས་གཟིར་བའི་སྦྲུམ་མ་རྣམས་ཀྱི་སྨན་ གསུངས་པ་རུ་རྟ་ཞེས་པ་ལ་སོགས་པ་སྟེ་འདིར་གང་གི་ཚེ་སྦྲུམ་མ་རྣམས་ཀྱི་མངལ་ན་བར་ གྱུར་ན་དེའི་ཚེ་སྨན་ནི་རུ་རྟ་དང་ཨུ་ཤཱི་ར་(པུ་ཤེལ་ཙེ་)དང་ཀ་སེ་རུ་(བལ་བོའི་གྲོ་མ་)དང་རྒྱ་སྤོས་ཀྱི་ རྩ་བ་དང་ཨུད་པ་ལའི་རྩ་བ་དང་པད་མ་གེ་སར་ཏེ་རྫས་འདི་རྣམས་བསིལ་བའི་ཆུ་ཡོངས་སུ་ དྭངས་པས་བཏགས་ཤིང་རྡོ་རྗེ་ཡིས་ནི་བསྔགས་པ་དག་ཀྱང་ཞེས་པ་ལ་ༀ་ཨཱཿ་ཧཱུྃ་ཨཱ་མུ་ཀཱ་ ཡཱ་(ཆེ་གེ་མོའི་)གརྦྷ་ཤཱུ་ལིཾ་(མངལ་གྱི་ཟུག་རྔུ་)ཧ་ར་ཧ་ར་(ཕྲོག་ཕྲོག་)སྭཱཧཱ་ཞེས་པ་ནི་སྔགས་ཏེ་འདིས་ མངོན་པར་བསྔགས་ནས་མངལ་གྱི་ཟུག་རྔུ་ལ་རབ་སྦྱིན་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་ (བཙའ་བའི་དུས་ཀྱི་གཅིག་གིས་)མངལ་ནི་རེངས་ན་(རུ་རྟ་ལ་སོགས་པའི་སྟེང་དུ་)ན་ཀུ་ལ(པྲེ་མོའམ་ནེའུ་ལེ)འི་སྤུ་ བརྒྱད་དང་གཙུག་ཕུད་ཅན་གྱི་སྟེ་རྨ་བྱའི་མཇུག་མ་བཟུང་ནས་བསིལ་བའི་ཆུས་བཏགས་ཏེ་ 3-1-201 མངོན་པར་བསྔགས་ནས་སྔ་མ་བཞིན་དུ་སྦྱིན་པར་བྱའོ། །(འོ་འཕྲོག་མ་རྣམས་ཀྱིས་)འོ་མ་ཕྲོགས་ པ་རྣམས་འོ་མའི་ཤིང་གི་འོག་ཏུ་ཁྲུས་བྱའོ། །བའི་འོ་མས་གང་བའི་ཁམས་ཕོར་བདུན་དང་འོ་ མའི་ཟན་གྱི་གཏོར་མ་སྦྱིན་པར་བྱའོ། །ཞེས་པ་ནི་མངལ་ཞེས་བྱ་བ་རྣམས་ཀྱི་ངེས་པའོ། ། ༈ ད་ནི་འོ་མ་ཞེས་པ་ལ་སོགས་པས་ཉིན་ཞག་མ་(བཅུ་པོ་)རྣམས་ཀྱི་ཆོ་ག་གསུངས་ཏེ། འདིར་(བཙས་ན་)ཉིན་ཞག་བཅུའི་ནང་དུ་བཟུང་བའི་བྱིས་པ་ཞི་བའི་དོན་དུ་(བསྒོམ་བཟླས་སྔོན་ དུ་འགྲོ་བས་)འོ་མ་དང་མར་དང་ཐུག་པ་དང་ཟན་དང་ཞོ་དང་བུ་རམ་དང་བཅས་པའི་གཏོར་ མ་(སྦྱང་སྤེལ་སྦར་བདུད་རྩིར་བྱས་ནས་)ཉིན་ཞག་མ་རྣམས་(སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པ་)དག་ (ༀ་ཨཿཧཱུྃ་ཧོཿདཱ་ཤ་མཱ་དྲི་ས་པ་རི་ཝཱ་རི་བྷྱཿཨིདཾ་བྷ་ལིང་ཞེས་པ་ལ་སོགས་པས་)ལ་སྦྱིན་པར་བྱ་སྟེ་ཁྲུས་དང་སྤོས་ ནི་འཆད་པར་འགྱུར་རོ། །ཉིན་ཞག་མ་རྣམས་ཀྱི་མཚན་མོ་གསུམ་དུ་གཏོར་མའི་ངེས་པའོ། ༡༤༣ ། ༈ ད་ནི་བཙོས་པ་ཞེས་པ་ལ་སོགས་པས་ཟླ་བ་ཞེས་བྱ་བ་རྣམས་ཀྱི་ཆོ་ག་གསུངས་ཏེ་ འདིར་(བཙས་ནས་)ཞག་བཅུའི་རྗེས་ལ་ཟླ་བའོ། །དེ་ནས་ཟླ་བ་བཅུ་གཅིག་གི་བར་དུ་ཟླ་བར་ སྐྱེས་པ་རྣམས་ཞི་བའི་དོན་དུ་མ་མོ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །བཙོས་པའི་ཟས་ལྔ་ ཐ་དད་ཅེས་པ་ནི་མར་གྱིས་བཙོས་པ་(འཁུར་བའི་བྱེ་བྲག་ལྔ་)སྟེ་པཱུ་རི་ཀཱའ་(གང་བ་ཅན་ཞེས་པའི་འཁུར་བ་)དང་གྷྲི་ཏ་པཱུ་ར་(མར་གྱིས་གང་བ་)དང་སོ་མཱ་ལི་(འཁུར་བ་རས་དོས་ཀྱི་གཟུགས་འདྲ་བ་)དང་སེ་བཱ་ལཱི་(འཁུར་ བ་)དང་བ་ཊ་ཀ་〔འཁུར་བ་ཟླུམ་པོ་〕ཞེས་པ་སྟེ་ལྔ་ཐ་དད་པའོ། །ཟས་གཞན་ཞོ་དང་བུ་རམ་དང་ བཅས་པ་པོ་ལི་ཀ་དང་མོ་ད་ཀ་དག་ཀྱང་ངོ༌། །དྲི་ཞེས་པ་ཙན་དན་དང་དྲི་བཟང་པོའི་མེ་ཏོག་ དང་ཏིལ་གྱི་ཏིལ་མར་རམ་མར་གྱི་མར་མེ་དང་བཀྲུ་བ་དག་ཀྱང་འདབ་མ་རྣམས་ཀྱིས་ཞེས་ པ་ནི་ཨ་ཤྭད་ཐ་〔བྱང་ཆུབ་ཀྱི་ཤིང་དང་ནྱ་གྲོ་དྷ་〕ལ་སོགས་པའི་ཤིང་འོ་མ་ཅན་ལྔའི་འདབ་མ་རྣམས་ ཀྱིས་ཏེ་ཅུང་ཟད་བསྐོལ་བའི་ཆུ་དྲོ་བ་དང་བཅས་པས་བྱིས་པ་ལ་ཁྲུས་བྱས་ཏེ་ཞག་ལྔའི་བར་ 3-1-202 དུ་ཐམས་ཅད་བྱའོ། །ཁྲུས་ཀྱི་མཇུག་ཏུ་བྱིས་པ་ལ་བདུག་པ་སྦྱིན་པར་བྱ་སྟེ། བ་ལང་གི་ སོ་དང་ལུག་གི་རྭ་དང་རི་དྭགས་ཀྱི་སྤུ་དང་མིའི་སེན་མོ་དང་སྐྲ་དང་སྦྲུལ་གྱི་ཤུན་པ་སྟེ་འདི་ རྣམས་གཅིག་ཏུ་བྱས་ནས་དྲག་པོའི་〔སྦྱིན་སྲེག་གི་སོལ་བའམ་རོ་བསྲེགས་པའི་〕སོལ་བ〔འི་མེ〕ས་〔བསྲེགས་ པའི་〕སྤོས་སོ། །ལྷའི་གཏོར་མ་ལ་ནི་སྔར་བརྗོད་པའི་དྲི་དང་སྤོས་ལ་སོགས་པ་སྦྱིན་པར་བྱའོ། ། ཕྱོགས་བཞི་དང་གྲོང་གི་དབུས་སུའོ་ཞེས་པ་ངེས་པ་སྟེ་བྱིས་པ་ཟླ་སྐྱེས་རྣམས་ནི་རྒྱས་པའི་ དོན་དུ་མཐའ་དག་བརྗོད་པ་རྣམས་ཀྱང་གཏོར་མ་དག་ལའོ། ༡༤༤ ། ༈ ད་ནི་བཟའ་བ་ལྔ་ཞེས་པ་ལ་སོགས་པས་ལོ་ཅན་མ་རྣམས་ཀྱི་ཆོ་ག་གསུངས་ཏེ། འདིར་ཟླ་བ་བཅུའི་སྟེང་དུ་ཟླ་བ་གཉིས་ནི་འདིར་ལོར་གཟུང་བར་བྱའོ། །དེ་ནས་ལོ་བཅོ་ ལྔའི་བར་དུ་ལོར་སྐྱེས་པ་མ་མོས་གཟིར་བ་རྣམས་ཞི་བའི་དོན་དུ་ལོ་ཅན་མ་རྣམས་ལ་གཏོར་ མ་སྦྱིན་པར་བྱའོ། །བཟའ་བ་ལྔ་ཞེས་པ་ནི་ཡུང་པ་ལ་སོགས་པ་རྣམས་ཀྱིས་ཟན་སེར་པོ་དང་ དཀར་པོ་དང་དམར་པོ་དང་ནག་པོ་དང་ལྗང་ཁུར་བྱས་པ་སྟེ་འདི་རྣམས་ནི་བཟའ་བ་ལྔའོ། ། བཅའ་བ་ལྔ་ཞེས་པ་བཙོས་པའི་ཟས་〔སུ་རུ་ཀ་ལ་སོགས་པ་〕སྐུར་བརྗོད་པའོ། །ཆུ་ལ་རྒྱུ་བ་ཉ་ཤ་ དང་ཤ་དང་དྲི་ལ་སོགས་པ་〔ཁྲུས་ཀྱི་ཡོ་བྱད་〕སྐུར་བརྗོད་པ་དང་ཆང་དང་སྔར་བརྗོད་པའི་སྤོས་ 〔བ་ལང་གི་སོ་〕ལ་སོགས་པ་སྟེ་ཐམས་ཅད་སྨྱིག་མའི་སྣོད་དུ་བཞག་ནས་མར་མེ་དང་བཅས་པའི་ གཏོར་མས་ལན་{གསུམ་{བདུན་}བྱབ་པར་བྱ〔སྟེ་ཡི་གེ་དྲུག་པའམ་སྲེག་པའི་སྔགས་ཀྱིས་ལྷ་ཅིག་ཏུ〕འོ། ། ཕྱོགས་ཞེས་པ་ཉིན་ཞག་བཅུར་ཕྱོགས་བཅུའི་ཆར་ཏེ་དབང་པོ་ནས་དབང་ལྡན་གྱི་མཐར་ ཐུག་པ་དང་འོག་དང་སྟེང་དུ་གཏོར་མ་སྟེ་གྲོང་གི་དབུས་དང་ལམ་གྱི་བཞི་མདོར་སྦྱིན་པར་ བྱའོ། །བྱིས་པ་ལོར་ནི་སྐྱེས་པ་རྣམས་དག་རབ་ཏུ་གསལ་བར་ས་ལ་རྒྱས་པའི་ཆེད་དུ་སྟེ་མི་ ཡི་དབང་ཞེས་པ་ནི་བོད་པའོ། །ལོ་ཅན་མ་རྣམས་མཆོད་པའི་ངེས་པའོ། ། ༈ དེ་ལྟར་མངལ་ནས་ལོ་ནི་ལྔ་པ་གསུམ་ཞེས་པ་ནི་ལོ་བཅོ་ལྔའི་མཐར་ཐུག་པར་རྣལ་ 3-1-203 འབྱོར་མ་དྲུག་ཅུ་རྩ་གསུམ་པོ་རྣམས་ངེས་པར་མཆོད་པར་བྱའོ། །གཞན་དུ་ན་བྱིས་པ་རྣམས་ ཞི་བ་〚དང་རྒྱས་པ་〛ལ་སོགས་པར་མི་འགྱུར་རོ་ཞེས་པ་ནི་རྣལ་འབྱོར་མ་རྣམས་མཆོད་པའི་ ངེས་པའོ། ༡༤༥ ། ༈ ད་ནི་མ་མོས་བཟུང་བ་རྣམས་ཀྱི་སྐྱོན་གྱི་མཚན་ཉིད་གསུངས་པ་ཡན་ལག་ཅེས་པ་ལ་ སོགས་པ་སྟེ་འདིར་གང་གི་ཚེ་བྱིས་པ་མ་མོས་བཟུང་བར་གྱུར་ན་དེའི་ཚེ་དེའི་ཡན་ལག་སྐྱོང་ བར་འགྱུར་བ་དང་མིག་ན་བར་འགྱུར་པ་དང་ཁ་དང་ལག་པ་དག་དང་རྐང་པ་དག་ནི་ཁ་དང་ ལག་པ་རྐང་པ་སྟེ་སེར་པོ་ཉིད་དུ་ཡང་འགྱུར་བ་དང་གཅི་བ་ཁ་དོག་སེར་པོར་འགྱུར་བ་དང་ ཚ་བ་སྐྱེ་བར་འགྱུར་བ་དང་སྐྱུག་པར་འགྱུར་བ་དང་སྐམ་པ་དང་བརྒྱལ་བར་འགྱུར་བ་སྟེ། མ་ མོའི་སྐྱོན་གྱི་མཚན་མ་འདི་རྣམས་ཤེས་པར་གྱུར་ནས་བྱིས་པ་དེ་དག་དང་ཡང་གི་སྒྲས་གདུག་ པའི་གདོན་གྱིས་བཟུང་བ་རྣམས་ལ་〔འོག་ནས་འབྱུང་བའི་〕དཀྱིལ་འཁོར་〔དུ་དབང་བསྐུར་བ་〕དང་སྦྱིན་ སྲེག་〔དང་ཁྲུས་དང་གཏོར་མ་〕ལ་སོགས་པ་བྱའོ། །རྣམ་པ་གཞན་དུ་གཏོར་མ་མ་བྱིན་ན་ནི་གཏོང་ བར་མི་འགྱུར་ཏེ་རང་བཞིན་ཡོན་ཏན་དབང་གིས་འབྱུང་བ་ལས་སྐྱེས་མ་མོ་སྔར་བརྗོད་པ་ དག་གིས་ཞེས་པ་སྟེ་གསོ་བའི་མཚན་ཉིད་དོ། ༡༤༦ ། ༈ ད་ནི་དྲུག་ཅུ་རྩ་བཞི་མ་རིགས་ལྡན་མས་བཟུང་བའི་འཆི་བའི་མཚན་ཉིད་གསུངས་ པ་གང་གིས་ཞེས་པ་ལ་སོགས་པ་སྟེ་འདིར་དྲུག་ཅུ་རྩ་བཞི་མ་རིགས་ལྡན་མ་ནི་མངལ་དང་ ཉིན་ཞག་དང་ཟླ་བ་དང་ལོའི་མཚམས་སུ་རྣལ་འབྱོར་མ་ཐམས་ཅད་ཀྱི་མཚམས་སོ་སོ་ལ་ ཁྱབ་པར་བྱེད་པའི་ངོ་བོས་གནས་པའོ། །དེས་བཟུང་བའི་བྱིས་པའི་ཡན་ལག་ཐམས་ཅད་ དཀར་པོར་འགྱུར་བ་དང་འབྲུམ་པ་ཤིན་ཏུ་ཕྲ་མོ་ཡུངས་དཀར་དང་སྐེ་ཚེ་ཙམ་དུ་འགྱུར་བ་ དང་མགྲིན་པ་ལུས་དང་བཅས་པ་འཁྱོག་པོར་འགྱུར་བ་དང་ཁའམ་གསང་བའམ་བཤང་ལམ་ དག་ལས་ཁྲག་འཛག་པར་འགྱུར་བ་སྟེ་འདི་འདྲ་བའི་མཚན་ཉིད་མཐོང་ནས་ཡུལ་དེ་ལ་〔རིགས་ 3-1-204 ལྡན་མ་〕མཆོད་པ་བྱ་བ་མིན་ཏེ་གལ་ཏེ་བྱེད་ན་དེའི་ཚེ་སྔགས་པ་རྨོངས་པ་རྣམས་〔རྙེད་བཀུར་ལ་〕 ཆགས་པ་ལས་〔བསོད་ནམས་དང་གྲགས་པ་〕ཆུང་བ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན་གང་གི་ཕྱིར་ དེ་ནི་འཆི་བར་འགྱུར་ཏེ་ངེས་པར་ལྷ་དང་མི་དང་ལག་འགྲོ་རྣམས་ཀྱིས་བསྲུང་བ་མིན་པའི་ ཕྱིར་རོ། །འཆི་བའི་མཚན་མའི་ངེས་པའོ། ༡༤༧ ། ༈ ད་ནི་དཀྱིལ་འཁོར་ལ་མཆོད་པ་བྱེད་པས་བདེ་བ་བྱེད་པ་གསུངས་པ་ཀླུ་ཞེས་པ་ལ་ སོགས་པ་སྟེ་འདིར་ཀླུ་ལ་སོགས་པ་རྣམས་ཀྱིས་གཟིར་བ་རྣམས་ནི་ཀླུ་ལ་སོགས་པ་རྣམས་ འཆད་པར་འགྱུར་བའི་དཀྱིལ་འཁོར་ལ་མཆོད་པ་བྱས་པས་བདེ་བ་བྱེད་པར་འགྱུར་རོ། ། འདི་རྣམས་ཀྱི་མཚན་ཉིད་དུ་མ་འབྱུང་པོའི་རྒྱུད་ལས་བརྗོད་པ་ཤེས་པར་བྱ་བ་དག་ནི་འདི་ ཉིད་དུ་འཆད་པར་འགྱུར་བའི་ཕྱག་རྒྱ་བཅིང་བ་ལས་ཇི་སྙེད་པའོ། ༡༤༨ ། ༈ ད་ནི་མ་རུངས་པ་རྣམས་མཆོད་པའི་དོན་དུ་དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་ གནས་གསུངས་པ་མ་རུངས་པ་རྣམས་ཞེས་པ་ལ་སོགས་པ་སྟེ་འདིར་མ་རུངས་པ་རྣམས་ མཆོད་པའི་དོན་དུ་དཀྱིལ་འཁོར་〔བྲི་བའི་གནས་〕ནི་གྲོང་གི་ཕྱི་རོལ་ཏུ་འགྱུར་རོ། །དེ་ཉིད་ཤིང་ གཅིག་གི་གནས་དང་དུར་ཁྲོད་དང་ལྷ་མཆོག་ཁང་པ་དག་གམ་སྟེ་ལྷ་ཁང་སྟོང་པ་དང་ཆུ་ བོ་འདུས་པ་རྣམས་སུའོ། །〔དཀྱིལ་འཁོར་གྱི་ཚད་ནི་〕ཁྲུ་གང་དག་གམ་གཉིས་དང་བཞི་ཞེས་པ་ནི་ འདིར་འབྱོར་བ་དང་རྗེས་སུ་འཚམ་པར་དཀྱིལ་འཁོར་ཁྲུ་གཅིག་པའམ་ཁྲུ་གཉིས་པའམ་ཁྲུ་ བཞི་པ་ནས་བརྩམས་ཏེ་ཁྲུ་སྟོང་པ་ཇི་སྲིད་པ་དེ་སྲིད་དུ་སློབ་དཔོན་གྱིས་བྲི་བར་བྱའོ། །〔དེ་ ཡང་〕དགུ་དང་བཅུ་གསུམ་མི་བདག་ཅེས་པ་ནི་འདིར་ལྷ་དགུ་རྣམས་ཀྱི་དཀྱིལ་འཁོར་གྱི་ཚད་ ནི་ཁྲུ་གཅིག་དང་བཅུ་གསུམ་རྣམས་ཀྱི་ཁྲུ་གཉིས་དང༌། མི་བདག་ཅེས་པ་བཅུ་དྲུག་རྣམས་ ཀྱི་ཁྲུ་བཞིའོ་ཞེས་པ་ནས་བརྩམས་ཏེ་ཉི་ཤུ་ལྷག་པའི་བརྒྱ་ཕྲག་བཅུ་དྲུག་རྣམས་ཀྱི་ཁྲུ་སྟོང་གི་ མཐར་ཐུག་པར་བྲི་བར་བྱ་སྟེ་འབྱོར་པས་སོ། །འདིར་དཀྱིལ་འཁོར་ཐམས་ཅད་ཀྱི་དབུས་ 3-1-205 སུ་རྩིབས་བརྒྱད་པའི་འཁོར་ལོའམ་པད་མར་འགྱུར་ཏེ་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཆ་ཤས་སོ། ༡༤༩ ། སྒོ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་བརྒྱད་ཆའོ། །སྒོ་ཡི་ཕྱེད་ཀྱི་སྟེགས་བུ་དང་དོ་ཤལ་ གྱི་སའོ། །སྟེགས་བུའི་ཕྱེད་ཀྱིས་རྩིག་པའི་རེ་ཁཱ་ལྔ་དང་རིན་ཆེན་སྣམ་བུའོ། །སྒོའི་ཚད་ཀྱིས་ སྒོ་ཁྱུད་དང་ལོགས་དང་འགྲམ་མོ། །རྟ་བབས་ནི་སྒོ་ལས་སུམ་འགྱུར་རོ། །ཞེས་པ་སྟེ་དཀྱིལ་ འཁོར་གྱི་མཚན་ཉིད་ངེས་པའོ། ། ༈ ད་ནི་ཞི་བའི་ཐབ་གསུངས་པ་ཟླུམ་པོ་ཞེས་པ་ལ་སོགས་པ་སྟེ་འདིར་〔དབང་ལེའི་ལས་ རབ་འབྱམ་དུ་〕འཆད་པར་འགྱུར་བའི་〔ལས་སོ་སོ་བའི་〕ཐབ་ཁུང་〔བརྒྱད་པོ་〕རྣམས་ཀྱི་ནང་ནས་ཞི་བ་ ལ་ཟླུམ་པོའི་ཐབ་གཟུང་བར་བྱ་སྟེ་དེ་ཉིད་ཆ་གསུམ་ཞེས་པ་ནི་རྒྱར་མཐོ་གཉིས་དང་ཟབ་སུ་ མཐོ་གཅིག་གོ། པདྨ་དཀར་པོའི་རང་བཞིན་ཞེས་པ་ནི་སྙིང་པོའི་ནང་དུ་རྡུལ་ཚོན་དཀར་པོས་ པདྨ་དང་ཁ་ཁྱེར་གྱི་སྟེང་དུ་པད་མའི་ཕྲེང་བ་དང་ཕྱི་རོལ་གྱི་〔ལོགས་ལ་〕འོག་ཏུ་〔ཕྱོགས་པའི་〕པད་ མའི་འདབ་མ་རྣམས་ཏེ་དེ་ལྟར་དཀར་པོའི་ཚོན་རྣམས་དག་གིས་བཀང་པའོ། །དེ་ནས་〔མཚན་ མའི་ངེས་པ་ནི་〕པད་མ་དཀར་པོའི་ལྟེ་བ་དང་འདབ་མ་རྣམས་ལ་ཚོན་ལྔ་རྣམས་ཀྱིས་ལྷ་རྣམས་ ཀྱི་མཚན་མ་བྱ་སྟེ་རང་ཕྱོགས་རིགས་ཀྱི་དབང་གིས་ནི་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་ དབང་གིས་སོ། ༡༥༠ ། ༈ རྡོ་རྗེ་དབུས་དང་ཞེས་པ་ནི་འདིར་〔དབང་ལེར་〕འཆད་པར་འགྱུར་བ་ལས་ཐམས་ཅད་ ལ་རྡོ་རྗེ་འམ་ཞེས་གསུངས་པའི་ཕྱིར་〔ཐབ་དང་དཀྱིལ་འཁོར་གཉིས་ཀའི་〕པད་མའི་ལྟེ་བ་ལ་རྡོ་རྗེ་སྔོན་ པོ་སྟེ་རྣམ་པར་ཤེས་པའི་ཕུང་པོ〔གཞན་མི་བསྐྱོད་པ〕འོ། །ཤར་གྱི་འདབ་མ་ལ་རལ་གྲི་ནག་པོར་ འགྱུར་ཏེ་རིགས་ཀྱི་དབང་གིས་འདུ་བྱེད་〔གཞན་དོན་ཡོད་གྲུབ་པ་ཉིད〕དོ། །ལྷོར་རིན་ཆེན་དམར་ པོ་སྟེ་ཚོར་བ〔གཞན་རིན་ཆེན་དབང་པོ〕འོ། །གཡོན་ཏེ་བྱང་གི་འདབ་མ་ལ་པད་མ་དཀར་པོ་འདབ་ 3-1-206 མ་{བརྒྱ་{བརྒྱད་}པ་སྟེ་འདུ་ཤེས་〔གཞན་སྣང་བ་མཐའ་ཡས་〕སོ། །ནུབ་ཏུ་འཁོར་ལོའི་མཚན་མ་ སེར་པོ་སྟེ་གཟུགས་ཀྱི་ཕུང་པོ〔གཞན་རྟག་པ〕འོ། །མེ་ཡི་འདབ་མ་ལ་གྲི་གུག་ནག་པོ་སྟེ་རླུང་ངོ་ 〔གཞན་སྒྲོལ་མའོ〕། །པད་མའི་འདབ་མ་ལ་གནས་ལྷ་མིན་ཟུར་དུ་ཞེས་པ་ནི་བདེན་བྲལ་དུ་ལྕགས་ ཀྱུ་དམར་པོ་སྟེ་མེ〔གཞན་གོས་དཀར་མོ〕འོ། །རླུང་དུ་རྡོ་རྗེ་ཞགས་པ་སེར་པོ་སྟེ་ས〔གཞན་སྤྱན་མ〕འོ། ། དྲག་པོའི་འདབ་མ་དག་ལ་ཞེས་པ་དབང་ལྡན་དུ་རྩེ་གསུམ་དཀར་པོ་སྟེ་ཆུའི་ཁམས་སོ〔གཞན་ མཱ་མ་ཀཱིའོ〕། །དབུས་ཀྱི་རྡོ་རྗེ་ནི་རྣམ་པར་ཤེས་པ་〔གཞན་〕དང་ལྷན་ཅིག་ནམ་མཁའི་ཁམས་〔གཞན་ རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་ལྷ་དགུ་པོ་འདི་ནི་ཐབ་དང་དཀྱིལ་འཁོར་གཉིས་ཀ་ལ་མཚུངས་〕སོ། ༡༥༡ །〔ཁྱད་པར་དུ་ བཅུ་གསུམ་གྱི་དཀྱིལ་འཁོར་ལ་〕ཤར་གྱི་སྒོར་རལ་གྲི་ནག་པོ་སྟེ་ཁྲོ་བོ་〔ཕྲག་དོག་གཞན་〕ཕྲག་དོག་རྡོ་རྗེའོ། ། ལྷོའི་སྒོར་རྡོ་རྗེ་དབྱུག་པ་དམར་པོ་སྟེ་ཁྲོ་བོ་〔འདོད་ཆགས་གཞན་〕འདོད་ཆགས་རྡོ་རྗེའོ། །ཆུ་རུ་ ཞེས་པ་ནུབ་ཀྱི་སྒོར་བེ་ཅོན་སེར་པོ་སྟེ་ཁྲོ་བོ་〔གཏི་མུག་གཞན་〕གཏི་མུག་རྡོ་རྗེའོ། །བྱང་གི་སྒོར་ཐོ་ བ་དཀར་པོ་སྟེ་ཁྲོ་བོ་〔ང་རྒྱལ་གཞན་〕ང་རྒྱལ་རྡོ་རྗེའོ། །དབུས་སུ་རྡོ་རྗེ་སྔོན་པོ་ནི་ཁྲོ་བོའི་རྒྱལ་པོ་ 〔ཞེ་སྡང་གཞན་〕ཞེ་སྡང་རྡོ་རྗེའོ། །སེམས་ཀྱི་ཞེས་པ་ལ་སོགས་པ་ནས་དོན་དུ་འདི་དག་མཛོད་ཅེས་ པའི་མཐར་ཐུག་པ་ནི་གོ་སླའོ། ༡༥༢ ། ༈ ད་ནི་གདོན་གྱིས་གཟིར་བ་རྣམས་ཀྱི་ཁྲུས་ཀྱི་ཆོ་ག་གསུངས་པ་བུམ་པ་ཞེས་པ་ལ་ སོགས་པ་སྟེ་འདིར་དཀྱིལ་འཁོར་གྱི་ཕྱོགས་རྣམས་སུ་བུམ་པ་བརྒྱད་ནི་འཆད་པར་འགྱུར་ བའི་མཚན་ཉིད་དང་ལྡན་པ་རིན་ཆེན་དང་བཅས་ཏེ་རིན་པོ་ཆེ་ལྔ་དང་བཅས་པ་འཆད་པར་ འགྱུར་བའི་སྨན་ལ་སོགས་པ་དང་ལྡན་པའོ། །འདབ་མ་ཞེས་པ་ནི་འོ་མའི་ཤིང་གི་ཡལ་ འདབ་དང་པད་མའི་ཁ་སྟེ་དེ་དག་གིས་སོ། །དེ་བཞིན་དུ་སོ་མ་བཏང་བའི་ཁམ་ཕོར་ནི་བདུན་ གྱིས་ཞེས་པ་ནི་ཁམ་ཕོར་བདུན་གྱིས་སོ། །ཆུ་དང་བདུད་རྩི་ལྔ་ལ་སོགས་པས་ཞེས་པ་ནི་དེ་ དག་དང་བཅས་པ་སྟེ། ཆུ་དང་〔ཕྱིའི་བདུད་རྩི་ལྔ་ནི་〕འོ་མ་དང་ཞོ་དང་མར་དང་སྦྲང་རྩི་དང་བུ་རམ་ 3-1-207 ཤིང་གི་ཁུ་བ་དང་〔སྐུར་བཤད་པའི་〕དྲིའི་ཆུ་སྟེ་འདི་རྣམས་ཀྱིས་གང་བའི་ཁམ་ཕོར་བདུན་གྱིས་ རིམ་པ་བཞིན་དུ་བཀྲུ་བར་བྱའོ། །དེ་ནས་བུམ་པ་བརྒྱད་དང་རྒྱལ་བ་དང་རྣམ་པར་རྒྱལ་ བའི་བུམ་པ་དག་གིས་ཏེ་སླར་ཡང་གི་སྒྲ་ལས་〔རྒྱལ་རྣམ་རྒྱལ་གཉིས་་〕སོ། །ཡུངས་དཀར་སོགས་ ཀྱིས་ངེས་པར་བྱ་བ་ཞེས་པ་ནི་དང་པོར་བའི་〔འོ་མ་དང་ཞོ་དང་མར་དང་ལྕི་བ་དང་ཆུ་སྟེ་〕རྣམ་ལྔའི་གོང་བུ་ རྣམས་ཀྱིས་སོ། །དེ་ནས་འབར་བའི་རྩ་བའི་ཐབ་རྣམས་དང་ཡུངས་དཀར་ལ་སོགས་པ་དང་ ཟན་གྱི་ཆང་བུ་རྣམས་ཀྱིས་ཏེ་འདི་རྣམས་ཀྱིས་བྱབ་པར་བྱའོ། ། ༈ དེ་ནས་དྲི་ལ་སོགས་པ་རྣམས་ཀྱིས་མཆོད་པ་དང་དེ་བཞིན་དུ་དཀྱིལ་འཁོར་རབ་ཏུ་ གནས་པ་བྱས་ནས་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེར་དབང་བསྐུར་〔བདུན་པོ་〕བྱིན་ནས་ ཏེ་དཀྱིལ་འཁོར་གྱི་བུམ་པའི་ཆུས་ཆུ་ལ་སོགས་པའི་དབང་བསྐུར་བ་བྱིན་ནས་དེ་ནས་ཞི་ བའི་བསྲེག་བྱ་སྦྱིན་སྲེག་བྱའོ། ༡༥༣ ། འོ་མ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །གཞན་གང་ཞིག་མ་བརྗོད་པ་དེ་ཐམས་ཅད་ནི་ དབང་གི་ལེའུ་ལས་བརྗོད་པའི་ཆོ་གས་སློབ་དཔོན་གྱིས་བྱའོ་ཞེས་པ་ནི་ངེས་པའོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་བཅུད་ལེན་ལ་སོགས་པ་དང་བྱིས་ པའི་རྒྱུད་ཀྱི་མདོར་བསྡུས་ཆེན་པོ་སྟེ་དྲུག་པའོ།། ༡༥༤ །། ༈ (བཅུ་བདུན་པ་ལྟ་བ་ཐམས་ཅད་རྗེས་སུ་དཔག་པས་ཡོངས་སུ་བརྟག་པའི་ངོ་བོ་ཉིད་ཀྱིས་གནས་པ)དུས་ཀྱི་ འཁོར་ལོ་(དང་པོའི་སངས་རྒྱས་)བདེ་བ་ཆེ། །འགྲོ་བའི་མགོན་ལ་ཕྱག་འཚལ་ཏེ། །རང་གཞན་ལྟ་ བ་དག་(གཏན་ལ་འབེབས་པ་)ལ་གཞུང༌། །(མང་པོ་ཡོད་པ་ལས་རྒྱུད་འདིར་)ཅུང་ཟད་གསུངས་པ་(འགྲེལ་ པས་ལས་)རྣམ་རྒྱས་བྱ། ། ༈ ད་ནི་མཆོག་གི་དང་པོའི་སངས་རྒྱས་ལས་འཇམ་དཔལ་གྱིས་བསྡུས་པ་རང་དང་ 3-1-208 གཞན་གྱི་ལྟ་བའི་འདོད་པའི་རྣམ་པར་གཞག་པ་གསུངས་པ་བདག་མེད་ཅེས་པ་ལ་སོགས་ པ་སྟེ། འདིར་འཇིག་རྟེན་ཀུན་རྫོབ་ཀྱི〔རིགས་པ〕ས་རྣམ་པར་དཔྱད་ན་(སངས་རྒྱས་པ་དང་མུ་སྟེགས་པ་ རང་རང་གི་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་)འཇིག་རྟེན་གྱི་དངོས་གྲུབ་ཀྱི་སླད་དུ་(རང་གཞན་གྱི་)ལྟ་བ་ ཐམས་ཅད་ཀྱི་(དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྟོག་པས་བསྒོམ་པའི་)གྲུབ་པའི་མཐའ་(དཀྱིལ་འཁོར་དང་ ཡི་གེ་ལྷའི་རྣམ་པ་ལ་སོགས་པའི་བསྒོམ་པའི་ཚུལ་)མཚུངས་སོ། །(མཚུངས་པའི་ཚུལ་)འདི་ལྟ་སྟེ། (ཐུན་མོང་གི་དངོས་ གྲུབ་བསྒྲུབ་པའི་ཕྱིར་ཡི་གེ་དང་ལྷའི་རྣམ་པ་ལ་སོགས་པ་)དངོས་པོ་གང་དང་གང་གིས་ནི། །(སྒྲུབ་པ་པོའི་)མི་ རྣམས་ཡིད་ནི་(བསྒོམ་བྱ་དེ་ལ་)ཡང་དག་སྦྱར(ཞིང་གོམས་པ)། །(སྒོམ་པ་པོའི་ཡིད་དེ་ཡི་གེ་དང་ལྷ་ལ་སོགས་པའི་ བསྒོམ་བྱ་)དེས་དེའི་རང་བཞིན་ཉིད་(དུ་སྣང་བར་)འགྱུར་ཏེ། །སྣ་ཚོགས་གཟུགས་ཀྱི་(དྲུང་དུ་)ནོར་ བུ་(བཞག་ནའང་དེའི་མདོག་ཏུ་སྣང་བ་)བཞིན་ཞེས་པ་(གུར་དང་སྡོམ་འབྱུང་ལ་སོགས་པར་གསུངས་པ་)སྟེ་(ཕྱི་རོལ་ པའི་ལྷ་དང་སྔགས་བསྒྲུབ་པའི་ཀྱང་འཇིག་རྟེན་པའི་དངོས་གྲུབ་ཅི་རིགས་པ་ཐོབ་པར་ནུས་པས་ན་སྔགས་དང་ལྷ་ལ་སོགས་པའི་)དངོས་པོའི་རྣམས་པར་བརྟག་(རྟོག་རྩ་མི་ཟེར་)པ་(སྟེ་རྟོག་པས་བསྒོམ་པའི་རྣམ་པ་རྣམས་)མཚུངས་ཤིང་ དེ་བཞིན་དུ་ཁམས་དང་དབང་པོ་ལ་སོགས་པ་(ཀུན་རྫོབ་ཀྱི་དངོས་པོ་རྣམས་ལ་གཟུགས་ཅན་དང་གཟུགས་ ཅན་མ་ཡིན་པ་ལ་སོགས་པར་)རྣམ་པར་དཔྱོད་པ་ཡང་(ཕལ་ཆེར་)མཚུངས་ལ་(དོན་ལ་མིང་གི་བརྡ་སྦྱོར་ བའི་)ཐ་སྙད་ཅན་བྱེད་པ་པོ་དང་བྱེད་པ་(དང་ལས་)ལ་སོགས་པ(འི་ཐ་སྙད་བྱེད་ཚུལ་)ཡང་(ཕལ་ཆེར་)མཚུངས་ཏེ། སངས་རྒྱས་པ་དང་མུ་སྟེགས་པ་དག་ལ་(འདོད་ལུགས་མི་འདྲ་བ་ཡང་ཅུང་ཟད་ཡོད་མེད་ཕལ་ ཆེར་)བྱེ་བྲག་མེད་དོ། ། ༈ (དོན་དམ་པའི་བདེན་པ)སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ལ་ནི་(ལྟ་བའི་)བྱེ་བྲག་(མི་འདྲ་བ་ཆེན་པོ་) ཡོད་དེ་དེ་ཡང་བདག་མེད་ཅེས་པ་ལ་སོགས་པའོ། །(སངས་རྒྱས་པའི་གྲུབ་པའི་མཐའ་ལ་)བདག་མེད་ ནི་རྣམ་པ་གཉིས་ཏེ་(ཉེར་ལེན་གྱི་ཕུང་པོ་ལྔ་ལ་)གང་ཟག་གི་བདག་(རྟག་གཅིག་རང་དབང་ཅན་)མེད་པ་ དང་(གཟུང་འཛིན་དང་མི་རྟག་སྡུག་བསྔལ་ལ་སོགས་དོན་དམ་པར་བདེན་པའི་)ཆོས་ཀྱི་བདག་མེད་པའོ། །(ཀུན་ 3-1-209 རྫོབ་ལས་ལ་སེམས་པ་དང་བསམ་པའི་ལས་གཉིས་ལས་སྔ་མ་ནི་ཡིད་ཀྱི་ལས་ཏེ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་ མི་གཡོ་བ་ལས་གསུམ་མོ། །ཕྱི་མ་ནི་ལུས་ངག་ཡིད་ཀྱི་ལས་གསུམ་ཡིན་ལ་ལུས་ངག་ཡིད་ཀྱི་)ལས་ཀྱི་(འབྲས་བུ་)རྣམ་ སྨིན་ནི་རྣམ་པ་གསུམ་སྟེ་ལུས་དང་ངག་དང་ཡིད་ཀྱིའོ། །སྲིད་པ་གསུམ་ཞེས་པ་ནི་འདོད་པ་ དང་གཟུགས་དང་གཟུགས་མེད་པའོ། །དུས་ཀྱི་འགྲོ་བ་ཞེས་པ་ནི་དམྱལ་བ་དང་ཡི་དྭགས་ དང་དུད་འགྲོ་དང་མི་དང་ལྷ་མ་ཡིན་དང་ལྷ་རྣམས་ཀྱི་འགྲོ་བ་སྟེ་འགྲོ་བ་དྲུག་གོ། ཡན་ལག་ བཅུ་གཉིས་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ་དེ་ལས་དངོས་སུ་ཡང་དག་འབྱུང་བ་ནི་འགྲོ་བ་ དྲུག་པོ་རྣམས་སོ(འབྱུང་བའི་ཚུལ་ནི་དབུ་མ་རྟེན་འབྱུང་ལས། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་ འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། ། འདི་ལས་སེམས་གཞན་ཅི་འང་མེད། །སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་ཟད། །ཅེས་འབྱུང་ བ་བཞིན་ནོ)། །རིག་བྱེད་བདེན་པ་ཞེས་པ་ནི་འཕགས་པའི་བདེན་པ་བཞི་སྟེ་〔ཟག་བཅས་འབྲས་བུ་ བསྡུས་པ་སྣོད་བཅུད་ཀྱི་འཇིག་རྟེན་〕སྡུག་བསྔལ་དང་(ཟག་བཅས་རྒྱུས་བསྡུས་པ་ལས་དང་ཉོན་མོངས་)ཀུན་འབྱུང་ དང་(ཟག་མེད་རྒྱུས་བསྡུས་པ་ཀུན་འབྱུང་གི་གཉེན་པོ་)ལམ་དང་(ཟག་མེད་འབྲས་བུ་བསྡུས་པ་དགག་གཞི་དེ་བཞིན་ཉིད་ ལ་དགག་བྱ་ཉོན་མོངས་འགག་པ་)འགོག་པའི་(བདེན་པའི་)མཚན་ཉིད་དོ། །གཉིས་ཀྱིས་བསྒྱུར་བའི་ དགུ་ཞེས་པ་བཅོ་བརྒྱད་ནི་(ཉན་རང་འཕགས་པ་རྣམས་དང་)མ་འདྲེས་(པའི་)སངས་རྒྱས་ཆོས་རྣམས་ ཏེ་འཆད་པར་འགྱུར་བ་(ལེའུ་ལྔ་པ་)ལས་བརྗོད་པར་བྱའོ། །ཕུང་པོ་ལྔ་ཞེས་པ་ནི་གཟུགས་ལ་ སོགས་པའོ། །སྐུ་གསུམ་ཞེས་པ་ནི་ཆོས་ཀྱི་སྐུ་ལ་སོགས་པའོ། །ལྷན་ཅིག་སྐྱེས་པའི་སྐུ་ནི་ བཞི་པའོ། །དེ་བཞིན་ཉིད་དུ་(རང་གིས་རང་མི་རིག་པའི་)བེམ་པོ་མ་ཡིན་(པའི་)སྟོང་པ་ཉིད་(རང་གིས་ རང་རིག་)ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་པྲ་ཕབ་པ་ལྟ་བུའོ(འཇམ་དཔལ་གྱི་རང་གི་ལྟ་བའི་ འདོད་པ་མདོར་བསྟན་པར། ཕུང་པོ་རྣམ་དཔྱད་སྟོང་པ་རྣམས། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་ པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་པ་འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་ 3-1-210 དངོས་པོའི་སྟོང་པ་ཉིད། །ཕུང་པོ་རྣམས་རྣམ་དཔྱོད་པ་མིན། །ཞེས་གསུངས་པ་ཡིན་ནོ། །བེམ་པོའི་སྟོང་པ་ཉིད་ནི་དབུ་མ་བདེན་ གཉིས་ལས། འདི་ལྟར་སྣང་བའི་དངོས་པོ་ལ། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་སྟེ། །ཡེ་ནས་ གནས་པའི་ཆོས་ཉིད་དོ། །ཞེས་བཤད་པ་ལྟ་བུའོ)། །བདག་མེད་ལ་སོགས་པ་འདི་དག་གང་དུ་ཞེས་པ་ཐེག་ པ་གསུམ་(གྱི་གཞུང་)དུ་སྟོན་པ་པོ(སངས་རྒྱས་ཀྱི)ས་གསུངས་པ་དེ་ནི་རབ་ཏུ་གསལ་ཞིང་ངེས་པར་ རྡོ་རྗེ་ཅན་(སངས་རྒྱས་)གྱི་བསྟན་པ་སྟེ་སངས་རྒྱས་པའི་ལྟ་བའི་དབང་གིས་(གསུངས་ཏེ་)སེམས་ ཅན་གྱི་བསམ་པ(རྣམ་པར་དག་པའི་དབང་གི)ས་སོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ(གྲུབ་ མཐའི་རྣམ་བཞག་བྱེད་པ་གཞན་དག་ནི། མུ་སྟེགས་བྱེད་ལ་རྟོག་གེ་སྡེ་ལྔར་འདོད་དེ། དྲང་སྲོང་སེར་སྐྱའི་རྗེས་སུ་འབྲང་བའི་ གྲངས་ཅན་པ་དང༌། སྣོད་བཅུད་ཀྱི་བྱེད་པ་པོ་དབང་ཕྱུག་ཏུ་འདོད་པའི་དབང་ཕྱུག་པ་དང༌། བྱེད་པ་པོ་ཁྱབ་འཇུག་ཏུ་འདོད་པའི་ ཁྱབ་འཇུག་པ་དང༌། དྲང་སྲོང་རྒྱལ་བ་དམ་པ་ལ་ལྷར་འཛིན་པའི་གཅེར་བུ་པ་དང༌། དྲང་སྲོང་ལྷའི་བླ་མ་ཕུར་བུའི་རྗེས་སུ་འབྲང་ བའི་རྒྱང་འཕེན་པའོ། །འདིར་ནི་གྲངས་ཅན་པ་དངོས་སུ་མ་སྨོས་པར་ཚངས་པ་པ་ཁྱབ་འཇུག་པ་དབང་ཕྱུག་པ་རྒྱང་འཕན་པ་ཟད་ བྱེད་པ་སྟེ་རྣམ་པ་ལྔར་གསུངས་སོ)། ༡༥༥ ། ༈ ད་ནི་ཚངས་པ་པ་དང་ཁྱབ་འཇུག་པའི་འདོད་པ་གསུངས་པ་གང་དུ་ཞེས་པ་ལ་སོགས་ པ་སྟེ་འདིར་གཞུང་གང་དུ་རིག་བྱེད་(བཞི་པོ)རང་བྱུང་སྟེ་མ་བྱས་པ་ནམ་མཁའ་ལྟ་བུ་དང་ཁ་ དང་ལག་པ་རྐང་པ་ལ་སོགས་དག་ཀྱང་སྐྱེ་བོའི་སྐྱེས་གནས་ཏེ་ཞེས་པ་ཚངས་པའི་ཁ་ནི་བྲམ་ ཟེའི་སྐྱེ་གནས་(ཏེ་དེ་ལས་བྲམ་ཟེ་སྐྱེས་པས་ཁ་དོག་དཀར་ཞིང་ཡེ་ཤེས་རིག་པ་)དང༌། ལག་པ་ནི་རྒྱལ་རིགས་ ཀྱི་སྐྱེ་གནས་(ཏེ་དེ་ལས་རྒྱལ་རིགས་སྐྱེས་པས་ཁ་དོག་དམར་ཞིང་དམར་བ་)དང་སོགས་པའི་སྒྲས་བརླ་གཉིས་ ནི་རྗེ་རིགས་ཀྱི་སྐྱེ་གནས་(ཏེ་དེ་ལས་རྗེ་རིགས་སུ་སྐྱེས་པས་ཁ་དོག་སེར་པོ་ཚང་ལ་འགྲོན་པོར་རྒྱུ་ཞིང་ནོར་ཕུན་སུམ་ ཚོགས་པ་)དང་རྐང་པ་དག་ནི་དམངས་རིགས་ཀྱི་སྐྱེ་གནས་(ཏེ་དེ་ལས་དམངས་རིགས་སྐྱེས་པས་ཁ་དོག་ནག་ ཅིང་ཞིང་ལས་བྱེད་པ་རྒྱལ་པོའི་ཞབས་ལ་བརྟེན་པ་)དང་ཨ་ཤྭ་མེ་ངྷ་(རྟ་བསང་མཆོད་སྦྱིན་)དག་ལས་གཞན་པ་ མཆོག་གི་ཆོས་མེད་ཅེས་པ་ནི་འདིར་མཐོ་རིས་སྒྲུབ་པར་བྱེད་པ་ལ་ཨ་ཤྭ་མེ་ངྷ(རྟ་དཀར་པོ་གཙང་ 3-1-211 མ)འི་མཆོད་སྦྱིན་ལས་གཞན་པ་མཆོག་གི་ཆོས་ཡོད་པ་མ་ཡིན་ནོ་ཞེས་པ་དེ་ནི་ཚངས་པའི་ བསྟན་པར་འགྱུར་རོ། །ཞེས་པ་ལ་སོགས་པ་ནི་ཚངས་པ་པའི་འདོད་པ་ངེས་པའོ། ། ༈ འདིར་དེའི་ནང་དུ་འདུས་པ་ཀླུའི་ཆོས་(ཏེ་ཀླུ་ཆོས་སུ་སྨྲ་བ་)ཁྱབ་འཇུག་(པའི་ཁྱབ་འཇུག་པ། གོམ་ གསུམ་གནོན་པ། སྒྲ་གཅན་གསོད་པ། དཔའ་བོའི་རྒྱུད་འཛིན། པད་དཀར་མིག་པ། གོས་ཟེར་བ། འཁོར་ལོ་འཛིན་པའི་བུ་རྣམས་ རྣམ་གྲངས་སོ། །ཁྱབ་འཇུག་གི་བྱེ་བྲག་ནི། དཔྱོད་པ་པ། རིག་བྱེད་པ། བརྡ་སྤྲོད་པ། ཙ་ར་ཀ་པ། རྒྱལ་དཔོག་པ། གསང་བ་པ་ རྣམས་ཏེ། ཚངས་པ་ཡང་འདིའི་བྱེ་བྲག་ཏུ་གཞན་དག་འདོད་དོ)གི་འདོད་པ་ནི་འདི་ལྟ་སྟེ། (བརྟན་གཡོས་)བྱེད་པ་ པོ་(ཁྱབ་འཇུག་)ཡོད་པ་དང་བདག་ཡོད་པ་དང་དགེ་བ་དང་མི་དགེ་བའི་ལས་ཡོད་པ་དང་དུས་ (གསུམ་རྟག་པ་)ཡོད་པ་དང་ས་ལ་སོགས་པའི་རང་བཞིན་ཡོད་པ་དང་སྙིང་སྟོབས་ལ་སོགས་ པའི་ཡོན་ཏན་ཡོད་པ་དང་སྟོང་པ་ཉིད་ནི་ཉམས་པ(ཞིག་པ)འི་ཆོས་ཉིད་ཡོད་(པར་འདོད་)དེ་(རྩ་ བའི་རང་བཞིན་ལ་ཐིམ་ནས་)གཅིག་ཏུ་གྱུར་པ་ལ་སོགས་པས་མི་མཐོང་བའི་ཕྱིར་རོ་ཞེས་བརྗོད་པ་ དང་བྱེད་པོ་དགེ་བ་དང་མི་དགེ་བས་བྱས་པའི་འབྲས་བུ་སྟེར་བར་བྱེད་པའི་རྒྱུ་ཡོད་དོ་ཞེས་ པ་ནི་རབ་ཏུ་གསལ་ཞིང་ངེས་པར་བསྟན་པ་དེ་དུས་ཀྱི་འཁོར་ལོ་འདིར་ཁྱབ་འཇུག་པའོ་ཞེས་ པ་ནི་ཁྱབ་འཇུག་པའི་འདོད་པ་ངེས་པའོ། ༡༥༦ ། ༈ ད་ནི་(འཁྲིག་པ་ཆོས་སུ་སྨྲ་བ་)དབང་ཕྱུག་(དྲག་པོའི་རྗེས་འཇུག་པ། ཞི་བ་པ། གཙུག་ན་ཟླ་བའི་སློབ་མ། དཔལ་མགྲིན་རྒྱུད་འཛིན་པ། ལྷ་ཆེན་མཆོད་པ་རྣམས་རྣམ་གྲངས་སོ། །དབང་ཕྱུག་པའི་བྱེ་བྲག་ནི། རིགས་པ་ཅན་པ། བྱེ་བྲག་ པ། གསལ་བྱེད་པ། རྣ་མ་ཕུག་པ་རྣམས་ཡིན་པ་དང༌། གསལ་བྱེད་པ། འོད་བྱེད་པ། ཉི་མ་པ་རྣམས་རྣམ་གྲངས་སུ་འདོད་དོ) པའི་འདོད་པ་གསུང་པ་ལམ་དྲུག་ཅེས་པ་ལ་སོགས་པ་སྟེ་འདིར་སྔར་བརྗོད་པའི་ཁྱབ་འཇུག་ གི་འདོད་པ་དང་ལྷན་ཅིག་ལམ་དྲུག་ལ་སོགས་པའོ། །(ཁྱབ་འཇུག་པ་དང་འདོད་པ་གཅིག་པ་)དེ་ཅིས་ ཕྱིར་ཞེ་ན་ལྷ་གསུམ་པོ་ནི་གཟུགས་(སམ་རང་བཞིན་)གཅིག་སྟེ་ཚངས་པ་(སྐུ་)ཁྱབ་འཇུག་(ཐུགས་)དབང་ཕྱུག་ཆེ་(གསུང་)ཞེས་པའི་ཚིག་ལས་(དེ་གསུམ་གཅིག་ཏུ་འདོད་པས་)སོ། །(འདིར་དབང་ཕྱུག་པའི་ 3-1-212 འདོད་པ་ནི། དབང་ཕྱུག་རྫ་མཁན་ལྟ་བུར་སྣ་ཚོགས་འདི་སྤྲུལ་བ་བྱེད་པར་མ་གྲུབ་ན། །ས་གཞི་འདི་མི་འགྲུབ་ཅིང་རི་རབ་འདི་ མིན་རྒྱ་མཚོ་མ་ཡིན་ཏེ། །ཉི་ཟླ་སྐར་ལྡན་བཀོད་པ་འདི་དག་མིག་ཡུལ་དུ་ནི་མི་འགྱུར་ལ། །ཡོད་པའི་ཕྱིར་ན་དབང་ཕྱུག་འགྲོ་ བའི་བྱེད་པ་པོ་ཡིན་ཞེས་ཁ་ཅིག་སྨྲ། །ཞེས་པ་ལྟར་འཇིག་རྟེན་ཀུན་གྱི)བྱེད་པ་པོ་(དབང་ཕྱུག་ཡིན་པ་)དང་བདག་(ཡོད་ པ་)དང་ལས་(ཡོད་པ་)དང་དུས་(ཡོད་པ་)དང་རང་བཞིན་(ཡོད་པ་)དང་ཡོན་ཏན་(ཡོད་པ་)དང་སྟོང་ པ་ཉིད་ཞིག་པའི་ཆོས་ནི་མྱ་ངན་ལས་འདས་པ་སྟེ་མཐའི་གནས་སྐབས་(འཁོར་བ་རྒྱུན་འགགས་པ་)ལས་སོ། །འདི་དག་དང་ལྷན་ཅིག་ལམ་དྲུག་ལ་སོགས་པ་རྣམས་རིག་པར་བྱའོ་ཞེས་པ་ནི་ ངེས་པའོ། །འདིར་ལུས་ལ་ལམ་དྲུག་རྣམས་ཞེས་པ་ནི་(གཟུགས་སོགས་)ཡུལ་དྲུག་པོ་རྣམས་ ལ་(རྣམ་ཤེས་)འཇུག་པར་བྱེད་པ(འི་ལམ་མིག་ལ་སོགས་པ)འོ། །དེ་ཉིད་ལྔ་དང་ཞེས་པ་(དང་པོ་ཁམས་ཀྱི་ དེ་ཉིད་)ནི་ནམ་མཁའ་ལ་སོགས་པའི་ཁམས་ཀྱི་ཚོགས་དང་(རྣམས་ཡིན་པ་དང་རྩ་བའི་རང་བཞིན་ལ་ཐིམ་ ནས་)མཆོག་གི་གོ་འཕང་ཞེས་པ་ནི་དྲུག་པ་ཡེ་ཤེས་ཀྱི་ཁམས་ཏེ་མ་ལུས་པ་ཞེས་པ་ནི་(མཐར་ ཐུག་ཐར་པའི་དུས་ན་)ཁམས་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་པའོ། །ཡང་ཡིག་ལས་གཞན་ ནི་སྔགས་ཀྱི་ལུས་ཞེས་པ་ཨཱ་ལི་ཀཱ་ལིའི་བདག་ཉིད་ཅན་དེ་(གཉིས་པ་)སྔགས་ཀྱི་དེ་ཉིད་དོ། ། རིག་པ་ཞེས་པ་ནི་དགའ་བ་(དང་མཆོག་དགའ་)ལ་སོགས་པ་(གསུམ་པ་)འདོད་པའི་(འདོད་ཆགས་ཀྱི་) དེ་ཁོ་ན་ཉིད་དོ། །བདག་ཉིད་ཅེས་པ་ནི་(བཞི་པ་)བདག་གི་དེ་ཁོ་ན་ཉིད་རྟག་པའོ། །དམ་པའི་ ཞི་བ་ཉིད་ཅེས་པ་ནི་(ལྔ་པ་)ཞི་བ(དབང་ཕྱུག་ཆེན་པོ)འི་དེ་ཉིད་དེ་(བརྟན་གཡོ་)ཐམས་ཅད་ཏུ་ཁྱབ་ པའོ། །(དབང་ཕྱུག་)གཟུགས་སྤངས་པ་(སྟེ་གཟུགས་སུ་མ་གྲུབ་པ་)དེའི་རྣམ་གསུམ་གནས་ན་གནས་ པ་ནི་གོང་བུ་ལ་གནས་པ་དང་ཚིག་ལ་གནས་པ་དང་གཟུགས་(སམ་རང་བཞིན་)ལ་གནས་པ་སྟེ་ (རིམ་པ་བཞིན་དུ)ལུས་དང་ངག་དང་སེམས་ཀྱི་རྣམ་པར་རྟོག་པའི་ཆོས་ཅན་ནོ། །རྣམ་གསུམ་ གནས་ན་གནས་པ་དེའི་སྦྱོར་དང་ཞེས་པ་ནི་སྐྱེ་བའི་དུས་སུ་ལམ་དྲུག་ལ་སོགས་པ་འདི་ རྣམས་སྦྱོར་བ་སྟེ་འདུས་པ་དང༌། འཆི་བའི་དུས་སུ་གཏོང་བའི་དངོས་ཏེ་དེ་རྣམས་རྣམ་པར་ 3-1-213 འབྲལ་ལོ་ཞེས་པའི་དོན་ཏོ། །ཐིག་ལེའི་དབྱེ་བ་ཞི་བ་ཉིད་དང་ཞེས་པ་ནི་འདིར་ཁུ་བ་ཐིག་ ལེའི་དབྱེ་བ་སྟེ་འཛག་པའི་བདེ་བའི་གནས་སྐབས་ཀྱི་མཚན་ཉིད་(འཛག་བདེ་)དེ་ཉིད་ཞི་བ་ ཉིད་དོ(དབང་ཕྱུག་གི་སྒྲ་བསྒྲགས་པའི་རྒྱུད་དུ་ཡང༌། ལྷ་མོ་རིན་ཆེན་གནས་འདི་ནི། །དབང་ཕྱུག་དྲག་དང་ནུས་ལྡན་མཆོག། ཟུང་འགྱུར་དེ་ནི་ཕན་ཚུན་ལས། །ལྟེ་བར་ཆུ་ནི་སོང་བ་སྟེ། །མཚོན་བྱ་མཚོན་བྱེད་ལ་ངེས་གྲོལ། །ཚིག་ཏུ་བརྗོད་པ་སྤངས་པ་ སྟེ། །དབང་ཕྱུག་ནུས་ཅན་མཉམ་སྦྱོར་ལས། །རྨད་དུ་བྱུང་བའི་བདེ་བ་སྐྱེ། །གུས་པའི་ཚུལ་གྱིས་བསྒོམས་པ་ཡིས། །ཡང་དག་ཏུ་ ན་དངོས་པོ་མེད། །ནུས་ཅན་ཡང་ནི་སྟོང་ཉིད་ལྟ། །སྒྲོ་འདོགས་ཐམས་ཅད་འཇོམས་པའོ། །ཞེས་འབྱུང་ངོ་)། །མཐའ་དག་ ལུས་ལ་གནས་པ་ཞེས་པ་ནི་རྒྱུ་བ་(སེམས་ཅན་)དང་མི་རྒྱུ་བ་(སྣོད་ཀྱི་འཇིག་རྟེན་)ལ་ཁྱབ་པའོ། །(ཇི་ ལྟར་ཁྱབ་ན་)བཅུ་གཉིས་མདུད་པའི་དབྱེ་བ་སྟེ་ཞེས་པ་ནི་འདིར་སྲོག་ཆགས་རྣམས་ཀྱི་ལུས་ལ་ གནས་པའི་〔རྩ་དང་〕ཁྱིམ་བཅུ་གཉིས་པོ་རྣམས་མདུད་པའི་སྒྲས་གསུངས་ཏེ་ཁྱིམ་བཅུ་གཉིས་པོ་ འདི་རྣམས་ཀྱི་དབྱེ་བ་ནི་ལོ་དང་བགྲོད་པ་དང་དུས་གསུམ་དང་དུས་བཞི་དང་དུས་དྲུག་དང་ ཟླ་བ་དང་ཕྱོགས་དང་ཉིན་ཞག་དང་ཆུ་ཚོད་དང་ཆུ་སྲང་དང་དབུགས་ཏེ་འདི་ཐམས་ཅད་གྲུབ་ པའི་མཐའ་གང་དུ་རབ་ཏུ་གྱུར་པ་དེ་ནི་ངེས་པར་ཞི་བ་པའི་བསྟན་པའོ་ཞེས་པ་ནི་ཞི་བ་པའི་ འདོད་པ་ངེས་པའོ། ༡༥༧ ། ༈ ད་ནི་འཇིག་རྟེན་རྒྱང་འཕན་(ལྷའི་བླ་མས། ཕུར་བུ་པ། ངོ་བོ་ཉིད་སྨྲ་བ། ཆད་པར་སྨྲ་བ། ཆད་པར་ལྟ་བ། ཚུ་རོལ་མཛེས་པ་བ་རྣམས་རྣམ་གྲངས་སོ། །དེ་ཡང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་གུད་དུ་སོང་བས་ན་རྒྱང་འཕན་པ། ཞེས་བྱ་བའི་རྒྱང་འཕེན་པ་དང་རྒྱང་པ་བ་དང་རྒྱང་འཕེན་པ་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་མཁས་པ་དག་འདོད་དོ)པའི་ འདོད་པ་གསུངས་པ་དབང་ཕྱུག་ཅེས་པ་ལ་སོགས་པ་སྟེ་འདིར་ལུས་ཅན་རྣམས་ལ་དབང་ ཕྱུག་མེད་པ་དང་བྱེད་པ་པོ་མེད་པ་དང་ལས་ཀྱིས་རྣམས་པར་སྨིན་པ་དག་ཀྱང་མེད་པ་དང་ ཡོན་ཏན་ཡུལ་རྣམས་ཞེས་པ་ནི་ཡོན་ཏན་སྙིང་སྟོབས་ལ་སོགས་པ་དང་ཡུལ་དྲི་ལ་སོགས་ པའོ། །འབྱུང་བའི་ཚོགས་ཞེས་པ་ནི་ས་ལ་སོགས་པ་སྟེ་དེ་རྣམས་(ལ་སེམས་ཅན་རྣམས་ཚེ་འདི་ཁོ་ན་ལ་ 218)ལོངས་སྤྱོད་པའོ། །འབྱུང་བའི་ཚོགས་དེ་མེད་པ་ན་སྟེ་ཤི་བའི་མཐར་ལས་ཀྱི་འབྲས་བུ་མེད་ དོ། །(ཚེ་འདི་ཡོད་པ་ནི་)ཨ་རུ་ར་དང་བུ་རམ་ལ་སོགས་པ་ཡང་དག་པར་སྦྱོར་བ་ལས་ཆང་གི་ནུས་ པ་(འབྱུང་བ་)བཞིན་(དུ་སྐྱེ་བ་སྔ་མ་ནས་འོངས་པ་མེད་ཀྱང་)འབྱུང་བ་རྣམས་ཡང་དག་པར་སྦྱོར་བའི་ནུས་ པ་(ཉིད་ལས་སེམས་ཅན་འབྱུང་)སྟེ་(འབྱུང་བ་སྦྱོར་བའི་ནུས་པ་)དེ་མེད་པ་ན་(སེམས་ཀྱིས་)འཇིག་རྟེན་ཕ་རོལ་ གྱི་ལུས་( ལེན་དུ་འགྲོ་བ་)འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་པ་ནི་གསལ་བར་ལྷའི་བླ་མ་ཕུར་ བུ་པའི་བསྟན་པར་རིག་པར་བྱའོ། །འཇིག་རྟེན་རྒྱང་འཕན་པའི་འདོད་པ་ངེས་པའོ། ། ༈ ད་ནི་ཀླ་ཀློ་སྟག་གཟིག་(སོག་པོ་ར་ཧྨ་ཎ་བ་)རྣམས་ཀྱི་འདོད་པ་གསུངས་པ་བྱེད་པ་པོ་ཞེས་ པ་ལ་སོགས་པ་སྟེ་འདིར་བྱེད་པོ་རཧྨ་ཎས་རྒྱུ་བ་གཡོ་བ་དང་མི་རྒྱུ་བ་བརྟན་པའི་དངོས་པོ་ མཐའ་དག་བསྐྱེད་ཅིང་སྟག་གཟིག་རྣམས་ཀྱི་ཞེས་པ་ཀླ་ཀློ་གོས་དཀར་པོ་ཅན་རྣམས་ཀྱི་ཐར་ པ་དག་གི་རྒྱུ་(བྱེད་པ་པོ)ར་ཧྨ་ཎ་དེ་མཉེས་པ་ལས་ངེས་པར་མི་རྣམས་མཐོ་རིས་དང་མ་མཉེས་ པ་ལས་དམྱལ་བར་འགྱུར་རོ་ཞེས་པ་དེ་ནི་ར་ཧྨ་ཎ་ཡི་བསྟན་པ་སྟེ་བྱ་བ་ནི་སྔར་(ཡེ་ཤེས་སྐྱེ་སོགས་ ཀྱི་སྐབས་སུ་)བརྗོད་པའོ། །སྟག་གཟིག་པའི་(ཏ་ཟིག་བློ་གྲོས་སོགས་ཟེར)འདོད་པ་ངེས་པའོ། ༡༥༨ ། ༈ ད་ནི་ཟད་བྱེད་པ་(གཅེར་བུ་པ། གོས་མེད་པ། ཐལ་བ་པ། རྒྱལ་བ་པ། ཕྱོགས་ཀྱི་གོས་ཅན་པ། མཆོད་འོས་ པ། འཛེམ་མེད་པ། ནམ་མཁའི་གོས་ཅན་པ་རྣམས་རྣམ་གྲངས་སོ)རྣམས་ཀྱི་འདོད་པ་གསུང་པ་དུས་གསུམ་ ཞེས་པ་ལ་སོགས་པ་སྟེ། འདིར་ཟད་བྱེད་པའི་གྲུབ་པའི་མཐའ་སྨྲ་བ་ལ་རྫས་དང་རྣམ་གྲངས་ དག་གིས་(གྲངས་བཞིན་དུ་)རྟག་པ་དང་མི་རྟག་པའི་ཐ་སྙད་དུ་(བྱེད་པར་)འགྱུར་རོ། །དེ་ལ་དུས་ གསུམ་ཉིད་དང་ཞེས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའོ། །རྫས་ནི་དྲུག་ སྟེ་ཞེས་པ་ནི་སྲོག་(འདི་བདག་དང་རྣམ་གྲངས་ཡིན་པར་འདོད་)དང་གང་ཟག་དང་དུས་དང་ནམ་མཁའ་ དང་བསོད་ནམས་(ཆོས་)དང་སྡིག་པ(ཆོས་མ་ཡིན་པ)འོ། །(དྲུག་པོ་)འདི་རྣམས་ཀྱི་ནང་ནས་སྲོག་ དང་དུས་དང་ནམ་མཁའ་ནི་རྟག་པ(སྟེ་ལྷག་མ་གསུམ་ནི་མི་རྟག་པ)འོ། །ཚིག་དགུས་བསྒྲུབས་དང་ 3-1-214 ཞེས་པ་ནི་(ཚིག་གི་དོན་དགུ་སྟེ་)སྲོག་དང་སྲོག་མ་ཡིན་པ་〚གང་ཟག་〛དང་〚དགེ་མི་དགེ་བའི་ལས་ རྣམས་ཟག་པར་བྱེད་པ་〛ཟག་པ་དང་སྡོམ་པ་〔ནི་ཟག་པ་འགགས་པ་སྟེ་ལས་གསར་བ་མི་སོག་པ་〕དང་(ཉེས་ སྤྱོད་)སྤངས་པ་(འཆིང་བས་)དང་བཅིངས་པ་དང་ཐར་པ་〔གཟུགས་ཅན་〕དང་འགྲོ་བ་དང་འོང་བའོ 〔ལུགས་གཞན་ལས་ནི་སྲོག་དང་ཟག་པ་དང་སྡོམ་པ་དང་རྒ་བ་དང་འཆི་བ་དང་ལས་དང་སྡིག་པ་དང་བསོད་ནམས་དང་ཐར་པ་ རྣམས་ཚིག་གི་དོན་དགུར་སྨྲའོ〕། །〔དེ་ལ་〕སྲོག་ནི་དྲུག་གི་ལུས་ལ་ཆ་ཤས་སོ། །ཞེས་པ་ནི་སའི་ལུས་ལ་ ཆ་ཤས་དང་ཆུའི་ལུས་ལ་ཆ་ཤས་དང་མེའི་ལུས་ལ་ཆ་ཤས་དང་རླུང་གི་ལུས་ལ་ཆ་ཤས་དང་ ནགས་ཀྱི་བདག་པོ(ལྗོན་པ)འི་ལུས་ལ་ཆ་ཤས་དང་འབྲུའི་ལུས་ལ་ཆ་ཤས་སོ་ཞེས་པ་སྟེ་ལུས་ དྲུག་ལ་སྲོག་རྣམས་ཀྱི་ཆ་ཤས་(གནས་)སོ། །གཞན་ནི་ཡོད་པའི་ལུས་ལྔ་ཞེས་པ་ནི་〔ཁམས་ཀྱི་〕 〚ཁམ་གྱི་〛 ཁ་ཟས་ཅན་གྱི་ལུས་(གཟུགས་ཀྱི་ལྷ་)དང་འོད་ཀྱི་ལུས་དང་(སེམས་ཀྱི་)རང་བཞིན་ཅན་གྱི་ ལུས་(གཟུགས་མེད་པ་)དང་བརྫུས་སྐྱེས་ཀྱི་ལུས་དང་(ཐར་པ་ལྟ་བུ་)མཐའི་ལུས་སོ་ཞེས་པ་ནི་སྲོག་ རྣམས་ཀྱིའོ། །བརྟུལ་ཞུགས་སྡོམ་པ་འགྲོ་དང་ཡེ་ཤེས་སྤྱོད་པ་དག་གི་དབྱེ་བ་རྣམས་ཞེས་པ་ ལ་ཟད་བྱེད་པ་རྣམས་ཀྱི་བརྟུལ་ཞུགས་ལྔ་སྟེ། དང་པོ་འཚེ་བ་མེད་པ་དང་གཉིས་པ་བདེན་ པར་སྨྲ་བ་དང་གསུམ་པ་བྱིན་པ་ལེན་པ་དང་བཞི་པ་ཚངས་པར་སྤྱོད་པ་དང་ལྔ་པ་(གོས་ཙམ་ ཡང་མི་འཛིན་པས་)ཡོངས་སུ་བཟུང་བ་ཐམས་ཅད་ཡོངས་སུ་གཏོང་བའོ། །སྡོམ་པ་ནི་ལྔ་སྟེ། (གཅེར་བུ་ལ་སོགས་པ་)སྤྱོད་ལམ་གྱི་སྡོམ་པ་དང་〔མི་སྨྲ་བ་ལ་སོགས་པ་〕སྐད་ཀྱི་སྡོམ་པ་དང་(འཚོ་བ་ ཙམ་)ཡོངས་སུ་ཚོལ་བའི་སྡོམ་པ་དང་(བསོད་སྙོམས་)བླངས་པ་(ཆུད་ཟོས་སུ་)མི་འདོར་བའི་སྡོམ་པ་ དང་(སྦྲང་གཡབ་དང་རིལ་བ་ལ་སོགས་པ་)ཉེ་བར་རབ་ཏུ་གནས་པའི་སྡོམ་པའོ། །འགྲོ་བའི་དབྱེ་བ་ནི་ ལྔ་སྟེ། དམྱལ་བ་དང་དུད་འགྲོ་དང་མི་དང་ལྷ་དང་ཐར་བའི་འགྲོ་བའོ། །ཡེ་ཤེས་ཀྱི་དབྱེ་བ་ནི་ ལྔ་སྟེ་བློ་གྲོས་དང་ཐོས་པ་དང་(འཆི་བའི་དུས་ཀྱི་)མཚམས་དང་ཡིད་ཀྱི་〔རྟོག་སྤྱོད་ཀྱིས་ཤེས་བྱ་〕ཡོངས་ སུ་ཚོལ་བ་དང་མོ(དང་རྩིས་ལ་སོགས་པ)འི་ཡེ་ཤེས་སོ། །སྤྱོད་པའི་དབྱེ་བ་ནི་བཅུ་གསུམ་སྟེ་(སྐུར་ 3-1-215 བསྟན་པའི)བརྟུལ་ཞུགས་ཀྱི་དབྱེ་བ་ལྔ་དང་སྡོམ་པའི་དབྱེ་བ་ལྔ་དང་ལུས་ཀྱི་གསང་བ་དང་ངག་ གི་གསང་བ་དང་སེམས་ཀྱི་གསང་བའོ་ཞེས་པ་འདི་རྣམས་ནི་མཆོད་འོས་པ་རྣམས་ཀྱི་ཐར་ པའི་དོན་དུ་རབ་ཏུ་བརྗོད་དོ། །སྲོག་ནི་(ཆེ་ཆུང་)ལུས་ཀྱི་ཚད་དེ་དཔག་ཏུ་མེད་པའི་སྲིད་པ་དག་ གིས་(ལས་ཐམས་ཅད་ཟད་པས་སྐྱེ་འཇིག་མེད་པ་)རྟག་པའི་སྲོག་གིས་ཐར་པའོ། །གྲུབ་པའི་མཐའ་གང་ དུ་ཐར་པའི་ཚད་ནི་འཇིག་རྟེན་གསུམ་གྱི་སྟེང་དུ་གདུགས་ཀྱི་རྣམ་པ་དཔག་ཚད་འབུམ་ཕྲག་ བཞི་བཅུ་རྩ་ལྔ་པར་ངེས་པ(ཁ་བ་རྒྱ་པས་མེ་ཏོག་མདོག །བ་ཞོ་བ་མོ་མེ་ཏོག་མདོག །གདུགས་དཀར་བཟུང་བའི་ དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་འབྱུང་བ)ར་བརྗོད་པ་དེ་ནི་རྒྱལ་བ་པའི་བསྟན་པའོ་ ཞེས་པ་ནི་ཟད་བྱེད་པའི་འདོད་པ་ངེས་པའོ། ༡༥༩ ། ༈ ད་ནི་མུ་སྟེགས་པ་རྣམས་ཀྱི་འདོད་པ་རིགས་པས་རྣམ་པར་དཔྱད་ནས་སུན་དབྱུང་ བ་གསུངས་པ་རིག་བྱེད་ཅེས་པ་ལ་སོགས་པ་སྟེ་འདིར་རིགས་པས་རྣམ་པར་དཔྱད་པ་ན་ (མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་པ་ལ་སོགས་པ་)རིག་བྱེད་(ཀྱི་སྒྲ་)ནི་(རྒྱུ་ལས་མ་སྐྱེས་པའི་)རང་བྱུང་ མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་སྨྲས་པ་རིག་བྱེད་ཀྱི་སྒྲས་(བརྗོད་བྱའི་)དོན་རྗོད་པར་བྱེད་པ་ཉིད་ ཀྱི་ཕྱིར་རོ། །(ཁྱབ་པ་བརྗོད་པ་)འདིར་སྒྲ་གང་ཞིག་དོན་གྱི་རྗོད་བྱེད་ཡིན་པ་དེ་ནི་མགྲིན་པ་དང་ རྐན་ལ་སོགས་པའི་རྩོལ་བས་བསྐྱེད་(པས་ཁྱབ་)པ་གང་ཡིན་པ་དེའི་ཕྱིར་(རྗོད་བྱེད་ཀྱི་སྒྲ་ཡིན་བ་དེ་) རང་བྱུང་མ་ཡིན་པར་གྲུབ་པོ། །ཅི་སྟེ་(དོན་རྗོད་པར་བྱེད་པའི་རིག་བྱེད་ཀྱི་སྒྲ་ལྟ་བུ་)འདི་ནི་རིག་བྱེད་ཀྱི་ སྒྲ་(དངོས་)མ་ཡིན་ཏེ་(རིག་བྱེད་ཀྱི་སྒྲ་དངོས་པོ་ལས་)གཞན་ཉིད་དོ། །(དོན་རྗོད་པར་བྱེད་པའི་རིག་བྱེད་ཀྱི་སྒྲ་ལྟ་ བུ་)འདི་ནི་(རིག་བྱེད་ཀྱི་སྒྲ་དངོས་)རྣ་བའི་བུག་པའི་ནང་དུ་(རིག་བྱེད་ཀྱི་)སྒྲའི་(བརྗོད་བྱའི་)དོན་ཐམས་ ཅད་དང་གཅིག་ཏུ་འདྲེས་པར་གྱུར་ཅིང་རྟག་པ་དེའི་མངོན་པར་གསལ་བར་བྱེད་པའོ་ཞེས་ གྲུབ་པོ་ཞེ་ན། དེའི་ཕྱིར་སྨྲས་པ་འདིར་གལ་ཏེ་(རིག་བྱེད་ཀྱི་སྒྲ་དེ་རྣ་བའི་བུག་པའི་ནང་དུ་)རིག་བྱེད་ སྒྲའི་དོན་ཐམས་ཅད་དང་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱིས་གནས་ཤིང་རྟག་པ་ཡིན་ན་ 3-1-216 དེའི་ཚེ་(རིག་བྱེད་ཀྱི་སྒྲ་གསལ་བར་བྱེད་པའི་རྗོད་བྱེད་ཀྱི་སྒྲ་དེས་)བུམ་པ་ཞེས་བརྗོད་པར་གྱུར་པ་ན་རྣ་བའི་ བུག་པའི་ནང་དུ་(རིག་བྱེད་ཀྱི་སྒྲ་དུ་མ་)ཅ་ཅོ(ར་ཏེ་དར་དིར་དུ་)རྟོགས་པར་བྱ་བར་འགྱུར་ཏེ་(རྗོད་བྱེད་ཀྱི་ སྒྲ་དེས་དོན་ཐམས་ཅད་དང་གཅིག་ཏུ་འདྲེས་ཤིང་རྟག་པའི་རིག་བྱེད་ཀྱི་སྒྲ་དེ་རྣ་བའི་བུག་པའི་ནང་དུ་གསལ་བར་བྱས་པའི་ཕྱིར་ རོ། །འདོད་ན་)དེ་ལྟར་ཡང་མ་ཡིན་(པས་བསལ་བ་ཡིན་)ནོ། །དེའི་ཕྱིར་(རྣ་བའི་བུག་པའི་ནང་ན་)རྟག་པའི་ (རིག་བྱེད་ཀྱི་)སྒྲ་(དོན་གྱི་རྗོད་བྱེད་ལས་)གཞན་(དོན་ཐམས་ཅད་ལ་གཅིག་ཏུ་འདྲེས་པར་)ཁྱབ་པར་བྱེད་པ་ཡོད་ པའི་དམ་བཅའ་བ་འདི་ནི་དོན་མེད་པའོ། །དོན་ནི་(རིག་བྱེད་ཀྱི་སྒྲ་དང་)ཐ་དད་མིན་ན་གལ་ཏེ་ (རིག་བྱེད་ཀྱི་)སྒྲ་དང་དོན་དག་གཅིག་ཉིད་ཡིན་པ་དེ་ལྟ་ན་(མེ་ལ་སྦྱིན་སྲེག་སྦྱིན་ཞེས་)མེའི་སྒྲ་བརྗོད་ པ་དག་གིས་(རྗོད་པ་པོ་)རང་གི་ཁ་ཅིས་མི་སྲེག་(སྟེ་བསྲེག་པར་འགྱུར་རོ། །མེ་ཞེས་བརྗོད་པའི་སྒྲ་ཁ་ནང་ན་ཡོད་ ཅིང་དེ་མེ་དང་གཅིག་པ་ཡིན་པའི་ཕྱིར་རོ)དེའི་ཕྱིར་རིག་བྱེད་(ཀྱི་སྒྲ་)ནི་རྟག་པ་ཉིད་མ་ཡིན་ཞིང་དོན་དང་ ལྷན་ཅིག་གཅིག་ཉིད་མ་ཡིན་ནོ་ཞེས་གྲུབ་སྟེ་(དེ་ལས་)གཞན་པ་ཅི་(སྟེ་དེ་ལས་མི་འདའ་འོ། །གཞན་ཡང་ ཁྱེད་ཉིད་ཀྱི་ལུགས་)འདིར་གང་གི་ཚེ་(སྔོན་ཉིད་ནས་རིག་བྱེད་ཡོད་ཀྱང་)ཀླ་ཀློ་རྣམས་ཀྱི་རིག་བྱེད་ཀྱི་ཆོས་ (ཏེ་དོན་)བསྒྲིབས་པར་གྱུར་པ་ན་རིག་བྱེད་(ཀྱི་སྒྲ་)མེད་པར་གྱུར་བ་དེའི་ཚེ་ཚངས་པའི་(ཡིད་ལ་ རིག་བྱེད་ཀྱི་སྒྲའི་དོན་དྲན་ནས་)གདོང་བཞི་རྣམས་གྱིས་སྔོན་ནི་རིག་བྱེད་སྒྲ་དག་གིས་ཀྱང་( དང་པོའི་ རིག་བྱེད་ཀྱི་སྒྲའི་)དོན་ནི་རབ་ཏུ་གསལ་བར་བྱས་ཏེ་དབང་པོ་ཕྱུགས་སུ་གྱུར་ཞེས་པ་ལ་སོགས་ པའི་(ལོ་རྒྱུས་ཀྱི་)ཀློག་གིས་སོ་ཞེས་ཟེར་བ་ཐོས་སོ། །(བར་སྐབས་སུ་རིག་བྱེད་ཀྱི་སྒྲ་ནུབ་ཀྱང་དོན་མ་ནུབ་ པ་)དེའི་ཕྱིར་དོན་གཞན་དང་རིག་བྱེད་(ཀྱི་སྒྲ་)གཞན་ཞེས་གྲུབ་པོ། །(ཚངས་པ་རིག་བྱེད་ཀྱི་སྒྲས་དོན་ གསལ་བར་བྱས་པ་)དེའི་ཕྱིར་(རིག་བྱེད་ཀྱི་སྒྲ་ལ་)སྟོན་པ་པོ་ཚངས་པ་ཡོད་ཅིང་(རིག་བྱེད་ཀྱི་སྒྲ་ལ་བརྟེན་པའི་) རིག་པའི་ཡུལ་(ད་ལྟར་བ་)དང་(བརྗོད་བྱ་)མ་འོངས་དོན་དང་འདས་པ་དག་ལ་(རིག་བྱེད་ཀྱི་སྒྲའི་)སྟོན་ པ་པོ་གྲུབ་སྟེ་(དབང་པོ་ཕྱུགས་སུ་)གྱུར་ཞེས་པའི་ཀློག་ལས་སོ། །(ཚངས་པ་དང་བྲམ་ཟེའི་)ཁས་ཀློག་པ་ ལས་(རིག་བྱེད་ཀྱི་སྒྲ་)བྱས་པར་གྲུབ་པོ། ༡༦༠ ། 3-1-217 དེའི་ཕྱིར་རིག་བྱེད་ནམ་མཁའ་(དང་)མཚུངས་(པར་རྟག་པ་)མིན་(ཏེ་)འདིར་ནི་(མགྲིན་པ་ ལ་སོགས་པ་)གནས་ཀྱི་དབྱེ་བ་དག་ལས་ཁ་ཡིས་རབ་བརྗོད་བྱས་པའོ་ཞེས་པ་ནི་ངེས་པའོ། ། རིགས་པས་(བརྟགས་ན)གཉིས་སྐྱེས་(བྲམ་ཟེ་ཁོ་ནའི་)ཁ་ཡིས་ཀླགས་པ(འི་ཕྱིར་རིག་བྱེད་)་ཉི་ཚེ་བ(ར་ གྲུབ)་སྟེ་(གལ་ཏེ་)ཀུན་ཏུ་འགྲོ་བ་(ཡིན་ན་དམངས་རིག་ལ་སོགས་པ་)གཞན་རྣམས་(ཀྱིས་ཀྱང་)ཀློག་(ཏུ་རུང་ བར་རིགས་)པའོ། །གང་གི་ཕྱིར་དམངས་ལ་སོགས་པའི་(མཐར་སྐྱེས་ཀྱི་)རིགས་ནི་ཀུན་འགྲོ་མིན་ པའི་རིག་བྱེད་འདི་དག་ཀློག་དང་འབྲི་བ་མིན་(པས་)དེ་ཕྱིར་ཤེས་ལྡན་མཁས་པར་གྱུར་པའི་ མི་རྣམས་དག་ལ་རིག་བྱེད་དག་ནི་ཚད་མར་མི་འགྱུར་རོ། །ཞེས་པ་ནི་མདོར་བསྡུས་པས་ རིག་བྱེད་(ཀྱི་སྒྲ་སྐྱེས་བུས་)བྱས་པར་གྲུབ་པ་སྟེ་རྒྱ་ཆེར་ཚད་མའི་བསྟན་བཅོས་ལས་ཤེས་པར་ བྱའོ་ཞེས་པ་འཇམ་དཔལ་གྱི་ངེས་པའོ། ། ༈ ད་ནི་བྲམ་ཟེ་ལ་སོགས་པ་རྣམས་ཀྱི་སྐྱེ་གནས་སྔར་བརྗོད་པ་སུན་དབྱུང་བ་བརྗོད་ པར་བྱ་སྟེ། འདིར་ཚངས་པའི་ཁ་ནི་བྲམ་ཟེ་རྣམས་ཀྱི་སྐྱེ་གནས་ཏེ་དེ་ལས་སྐྱེས་པའི་ཕྱིར་རོ། ། ཞེས་གྲག་གོ། དེ་བཞིན་དུ་དཔུང་བ་ནི་རྒྱལ་རིགས་རྣམས་ཀྱི་སྐྱེ་གནས་དང་སོགས་པའི་ སྒྲས་བརླ་གཉིས་ནི་རྗེ་རིགས་རྣམས་ཀྱི་སྐྱེ་གནས་དང༌། རྐང་པ་གཉིས་ནི་དམངས་རིགས་ རྣམས་ཀྱི་སྐྱེ་གནས་ཏེ་དེ་ལྟར་རིགས་བཞིའོ། །རིགས་བཞི་པོ་འདི་རྣམས་ཀྱི་མཐའ་ནི་རིགས་ ལྔ་པ་སྟེ་གདོལ་བ་དེ་རྣམས་ཀྱི་སྐྱེ་གནས་གང་ཡིན་ནི་རེ་ཞིག་བྲམ་ཟེ་རྣམས་ཀྱིས་མི་ཤེས་སོ་ ཞེས་པ་ལས་གཞན་པ་ཅི་(དོན་དམ་བསྙེན་པར། ཁ་ལས་ཆོས་ནི་སྟོན་ཅིང་སྒྲོགས་བྱེད་པས། །དེ་ཕྱིར་བྲམ་ཟེ་རྣམས་ནི་ ཁ་ལས་སྐྱེ་བར་འགྱུར། །རྒྱལ་རིགས་རྣམས་ནི་དཔུང་པས་འཁྲུག་པར་བྱེད། །དཔུང་བ་དེ་དག་ལས་ནི་དེ་རྣམས་སྐྱེ་བར་འགྱུར། ། བརླའི་སྟོབས་ཀྱིས་རྗེ་རིགས་མགྲོན་པོར་བྱེད། །དེ་ཕྱིར་དེ་རྣམས་དེ་ལས་སྐྱེ་བར་གྱུར་པའོ། །རྐང་པའི་རྩ་བར་རྟེན་པར་བྱེད་ པར་གྲགས་པ་ཡིས། །དེ་ཕྱིར་རྐང་པ་ལས་ནི་དམངས་རིགས་སྐྱེ་བར་འགྱུར། །དེ་ཕྱིར་གཞན་རྣམས་རིགས་ཀྱི་དབྱེ་བས་བཅོ་ བརྒྱད་ནི། །རང་གི་ལས་ཀྱི་རང་བཞིན་ལས་ཀྱི་ངོ་བོར་སྐྱེ། །ཞེས་སོ)འདིར་ཚངས་པའི་ཁ་ལས་བྲམ་ཟེ་རྣམས་ 3-1-218 སྐྱེས་པ་ནི་(བྲམ་ཟེ་རྣམས་ལ་)བདེན་པར་གྲག་གོ། དེའི་ཕྱིར་བདག་གིས་དྲི་བར་བྱའོ། །བྲམ་ཟེ་ མོ་རྣམས་ཀྱང་(ཚངས་པའི་ཁ་)དེ་ལས་སྐྱེས་པར་གྱུར་ཏམ་ཅི་གལ་ཏེ་གྱུར་ན་དེའི་ཚེ་(བྲམ་ཟེ་མོ་རྣམས་ བྲམ་ཟེ་རྣམས་ཀྱི་)སྲིང་མོར་འགྱུར་ཏེ་(བྲམ་ཟེ་རྣམས་དང་)སྐྱེ་གནས་གཅིག་ལས་སྐྱེས་པ(འི་བུད་མེད) ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་རྒྱལ་རིགས་ལ་སོགས་པ་རྣམས་ཀྱང་ངོ༌། །(ཕོ་མོ་རྣམས་མིང་སྲིང་ དུ་འགྱུར་རོ། །བྲམ་ཟེའི་ལུགས་ལ་བྲམ་ཟེ་དང་བྲམ་ཟེ་མོ་རྣམས་མིང་སྲིང་དུ་འགྱུར་བ་)དེའི་ཕྱིར་(བྲམ་ཟེ་རྣམས་)སྲིང་ མོ་(བྲམ་ཟེ་མོ་)དང་ལྷན་ཅིག་བག་མ་ཇི་ལྟར་བྱེད་ཅི་སྟེ་བྱེད་ན་དེའི་ཚེ(བྲམ་ཟེ་རྣམས་)ཀླ་ཀློའི་ཆོས་ ལ་ཞུགས་(པར་འགྱུར་ཏེ་སྲིང་མོ་བག་མར་ལེན་པས་)སོ། །ཀླ་ཀློའི་ཆོས་ལ་ཞུགས་(པ་འདོད་)ན་(བྲམ་ཟེའི་)རིགས་ཉམས་(པར་ཁྱེད་རང་འདོད་)ཏེ་(བྲམ་ཟེའི་)རིགས་ཉམས་པ་ལས་(བྲམ་ཟེ་རྣམས་)དམྱལ་བར་ 〔འགྲོ་བར་〕འགྱུར་རོ་ཞེས་པ་ནི་(བྲམ་ཟེ་ཉིད་ཀྱི་ལུགས་དང་བསྟུན་པའི་)རིགས་པའོ། །གཞན་ཡང་རྣམ་ པར་དཔྱད་པར་བྱ་སྟེ་འདིར་གལ་ཏེ་སྐྱེ་དགུ་རྣམས་གཅིག་གིས་བསྐྱེད་པ་ཡིན་ན་དེའི་ཚེ་(མིའི་) རིགས་བཞིར་ཇི་ལྟར་འགྱུར། དཔེར་ན་ཕ་གཅིག་གི་བུ་བཞི་བཞིན་ཏེ་དེ་རྣམས་ནི་རིགས་སོ་ སོ་སོ་སོ་མ་ཡིན་ནོ། །དེ་བཞིན་དུ་(མི་)རིགས་(བཞི་པོ་)རྣམས་ཀྱང་ངོ༌། །ཅི་སྟེ་ཚངས་པའི་ཁ་ལ་ སོགས་པའི་དབྱེ་བས་(སྐྱེ་གནས་ཐ་དད་པའི་ཕྱིར་མི་རིགས་)ཐ་དད་(དོ་ཞེ་)ན་དེའི་ཚེ་དེ་ཉིད་རིགས་པས་ མི་འཐད་དེ་ཇི་ལྟར་ཨུ་དུམ་ཝཱ་རའི་འབྲས་བུ་རྩ་བ་དང་རྐེད་པ་དང་རྩེ་མོ་ལས་སྐྱེས་པ་རྣམས་ ཐ་དད་མེད་པ་དེ་བཞིན་དུ་སྐྱེ་དགུ་རྣམས་ཀྱང་ངོ༌། །གཞན་ཡང་(བྲམ་ཟེ་)དཀར་པོ་དང་(རྒྱལ་ རིགས་)དམར་པོ་(རྗེ་རིགས་)སེར་པོ་དང་(དམངས་རིགས་)ནག་པོའི་ཁ་དོག་གི་དབྱེ་བས་ཐ་དད་པ་ ནི་མ་མཐོང་ངོ༌། །དེ་བཞིན་དུ་(བྲམ་ཟེ་ལ་སོགས་པ་རྣམས་ལ་)ཁམས་དང་དབང་པོ་དང་བདེ་བ་དང་ སྡུག་བསྔལ་དང་(བཟོ་དང་གསོ་བ་ལ་སོགས་པའི་)རིག་པ་དང་ལུང་(དང་རིགས་པ་)ལ་སོགས་པ(མཁས་པ་ དང་མི་མཁས་པ)འི་དབྱེ་བ་མ་མཐོང་བ་གང་ཡིན་པ་དེའི་ཕྱིར་རིགས་ངེས་པ་མེད་པའོ་ཞེས་གྲུབ་ པོ(དོན་དམ་བསྙེན་པར་ཡང༌། ཇི་ལྟར་ཨུ་དུམ་བ་རའི་ཤིང་ལས་སྐྱེས་པའི་འབྲས་བུ་ནི། །རྩ་བ་དབུས་དང་རྩེ་མོ་ལས་བྱུང་གང་ 3-1-219 ཞིག་རྣམས། །གཟུགས་དང་རྣམ་པ་རེག་བྱ་རོ་རྣམས་འདྲ་བ་སྟེ། །དེ་བཞིན་ཁ་ཉིད་ལ་སོགས་གནས་ནི་གཅིག་ཏུ་འགྱུར། །ཁ་ ལས་སྐྱེས་པ་རི་བོང་འཛིན་ལྟར་འོད་དཀར་མིན། །དཔུང་པ་ལས་སྐྱེས་ཉིན་བྱེད་ཤར་དང་འདྲ་མ་ཡིན། །བརླ་ལས་སྐྱེས་པ་ལྡོང་ རོས་ཁ་དོག་འདྲ་བ་མིན། །རྐང་པ་ལས་སྐྱེས་མིག་སྨན་ཆེ་ལྟར་གནག་པ་མིན། །གཉིས་སྐྱེས་ཐམས་ཅད་ཡེ་ཤེས་རིགས་མིན་རྒྱལ་ རིགས་ནི། །རྒྱལ་པོའི་རིགས་ལས་སྐྱེས་པས་དཔའ་བོ་རྣམས་མ་ཡིན། །རྗེ་རིགས་ཐམས་ཅད་ཕུན་སུམ་ཚོགས་དང་ལྡན་པ་མིན། ། འཇིག་རྟེན་དུ་ནི་དམངས་རིགས་ལས་ཆེན་མི་བྱེད་དོ། །ཁམས་ཀྱི་དབྱེ་བས་བདེ་དང་སྡུག་བསྔལ་དངོས་པོ་དང༌། །ལུང་དང་ རིགས་པས་བསོད་ནམས་ཚོགས་དང་སྡིག་པ་ལས། །འཇིག་རྟེན་སྐྱེ་དང་ཉམས་པ་ཉམས་སུ་མྱོང་བ་སྟེ། །མི་རིགས་རྣམ་པ་བཞི་ ནི་དེ་ལྟར་འགྱུར་བའོ། །ཞེས་སོ)། ། དེ་བཞིན་དུ་ཨ་ཤྭ་མེ་དྷ་ལ་སོགས་པའི་མཆོད་སྦྱིན་གྱི་འབྲས་བུ་ཤུ་ཀས་སུན་ཕྱུང་བ་འདི་ ལྟ་སྟེ། མཆོད་སྡོང་(གི་ཤིང་གསར་དུ་)བཅད་ཅིང་(བཙུག་ནས་)ཕྱུགས་བསད་དེ། །ཁྲག་འདམ་བྱས་ ནས་མཐོ་རིས་སུ། །གལ་ཏེ་འགྲོ་བ་དེ་ལྟ་ན། །དམྱལ་བར་གང་གིས་འགྲོ་བར་འགྱུར། །ཞེས་ (སྔོན་ཤ་ལ་བརྐམ་པའི་བྲམ་ཟེ་རྣམས་ཀྱིས་མཆོད་སྦྱིན་ལ་ཕྱུགས་གསོད་བྱེད་དང་བསད་བྱ་ཐམས་ཅད་ལྷར་སྐྱེའོ་ཞེས་པའི་ ལུགས་འཛིན་པ་དྲང་སྲོང་རྒྱལ་བའི་བུ་དྲང་སྲོང་)པ་ཤུ་ཀ(ནེ་ཙོ)འི་ཚིག་ཏུ་རབ་ཏུ་གྲགས་སོ། །དེའི་ཕྱིར་རིག་ བྱེད་རང་བྱུང་མ་ཡིན་ཞིང་(ཚངས་པའི་)ཁ་ལ་སོགས་པ་སྐྱེ་བོའི་སྐྱེ་གནས་དང་ཨ་ཤྭ་མེ་དྷ་ལས་ གཞན་པ་མཆོག་གི་ཆོས་མེད་པ་མ་ཡིན་ཏེ་ཚངས་པའི་འདོད་པ་ཐམས་ཅད་རྣམ་པར་དཔྱད་ ན་དོན་མེད་པའི་རབ་ཏུ་སྨྲ་བའོ། །ཁྱབ་འཇུག་པའི་འདོད་པ་ནི་དབང་ཕྱུག་(པ་)དང་ལྷན་ཅིག་ ཏུ་སུན་དབྱུང་བར་བྱའོ། ༡༦༡ ། ༈ ད་ནི་དབང་ཕྱུག་གི་(པའི་)འདོད་པ་སུན་དབྱུང་བ་གསུངས་པ་གལ་ཏེ་ཞེས་པ་ལ་ སོགས་པ་སྟེ་འདིར་གལ་ཏེ་ཐམས་ཅད་བྱེད་པོ་དབང་ཕྱུག་ཡོད་པར་གྱུར་ན་དེའི་ཚེ་(སེམས་ཅན་ གྱི་དགེ་མི་དགེའི་ལས་ཀྱི་བྱེད་པ་པོ་ཡང་དབང་ཕྱུག་ཡིན་དགོས་པས་)ལས་(ཀྱི་འབྲས་བུ་བདེ་སྡུག་ལ་)ལོངས་སྤྱོད་པ་ པོ་ཡང་(དབང་ཕྱུག་ལས་)གཞན་མ་ཡིན་(པར་འགྱུར་)ཏེ་〔ལས་བྱེད་པ་པོ་དེ་ཉིད་ལ་འབྲས་བུ་སྤྱོད་པ་པོ་ཡང་ཡིན་ 3-1-220 པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་〕ཇི་ལྟར་གཞན་གྱིས་འཁུར་བ་ཟོས་པས་གཞན་སྐོམ་པས་འཆི་བར་ འགྱུར་(རམ་ཅི། འདོད་ན་)དེ་ལྟར་ཡང་མ་ཡིན་(པས་བསམ་པ་ཡིན་)ནོ། །གང་གིས་(ལས་)བྱེད་པ(འི་གང་ ཟག་)དེ་ནི་བྱེད་པ་པོ་སྟེ་གང་བྱ་བ་དེ་ནི་ལས་སོ། །(བྱ་བའི་)ལས་བྱས་པ་དེའི་འབྲས་བུ་ལོངས་ སྤྱོད་པ་པོ་ནི་ལས་བྱེད་པ་པོའོ། །(བྱ་བའི་)ལས་མེད་ན་བྱེད་པ་པོ་མི་འགྲུབ་སྟེ་དཔེར་ན་(བྱ་བའི་ ལས་)བུམ་པ་བྱེད་པའི་ཕྱིར་(བྱེད་པ་པོ་)བུམ་པ་མཁན་(ཞེས་པ་བཞིན་)ནོ། །དེ་བཞིན་དུ་གང་གིས་ ལས་བྱེད་པ་དེ་ནི་བྱེད་པ་པོ་ཞེས་རིགས་སོ། །སྨྲས་པ་དབང་ཕྱུག་(རང་ཉིད་)རང་དབང་དུ་ལས་ ཀྱི་བྱེད་པ་པོ་མིན་ཏེ་(གཞན་ལས་བྱེད་པ་ལ་)རབ་ཏུ་སྦྱོར་བ་པོ་ཡིན་ནོ་ཞེ་ན་(དེའི་སུན་འབྱིན་)སྨྲས་པ་ འདིར་གལ་ཏེ་(དབང་ཕྱུག་)ལས་བྱེད་པ་པོ་མ་ཡིན་ན་དེའི་ཚེ་ཀུན་ནས་ཐམས་ཅད་བྱེད་པ་པོ་ ཞེས་པ(འི་དམ་བཅའ་དེ)དོན་མེད་པར་འགྱུར་རོ། །འདིར་གལ་ཏེ་(དབང་ཕྱུག་གི་སེམས་ཅན་གྱི་དགེ་མི་ དགེ་བའི་ལས་ཀྱིས་)བྱེད་པ་པོ་〔སེམས་ཅན་དེ་〕བསྐུལ་བར་གྱུར་པ་ན་〔ལས་ཀྱི་བྱེད་པ་པོ་སེམས་ཅན་དེས་〕ལས་ བྱེད་ན་དེའི་ཚེ་〔སེམས་ཅན་གྱིས་དགེ་མི་དགེ་བའི་ལས་ཀྱི་བྱེད་པ་དེ་ཡང་〕བྱེད་པ་པོ(མི་དེ་ཡང་དབང་ཕྱུག་ཆེན་པོ)འི་ གཞན་དབང་ཉིད་(སྟེ་དབང་ཕྱུག་གིས་བསྐུལ་བ་ཡིན་པར་འགྱུར་ལ་དེ་འདོད་ན་དབང་ཕྱུག་)དོ། །གང་གི་གཞན་ དབང་ཉིད་དུ་གྱུར་པ་(སྟེ་དབང་ཕྱུག་ཉིད་ཀྱིས་བསྐུལ་བའི་སེམས་ཅན་)དེས་(དབང་ཕྱུག་གི་ཐུགས་དང་)འགལ་ བའི་ལས་བྱས་པར་གྱུར་ན་(ལས་ལ་)རབ་ཏུ་སྦྱོར་བ་པོ(དབང་ཕྱུག་དེ)ས་ཇི་ལྟར་(ངན་སོང་དུ་བསྒྱུར་བའི་ སྒོ་ནས་)ཚར་གཅོད་པར་བྱེད་(ལས་དེ་དབང་ཕྱུག་ཉིད་ཀྱིས་བྱེད་དུ་བཅུག་པའི་ཕྱིར་ཏེ་སེམས་ཅན་དེ་ལ་ལས་དེ་མི་བྱེད་ པའི་)རང་དབང་ཉིད་མེད་པར་རང་དབང་ཉིད་དུ་(ཐམས་ཅད་བྱེད་པའི་)དབང་ཕྱུག་གིས་(སེམས་ཅན་ དེ་ལ་བྱེད་དུ་བཅུག་པས་)ཁྱབ་པ(ཁྱེད་ཀྱིས་འདོད་པ)འོ(དབུ་མ་སྤྱན་རས་གཟིགས་ལས། སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ ཏེ། །བདག་གིས་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་པའམ། །མཐོ་རིས་དག་ཏུ་འགྲོ་བ་ ཁོ་ནར་འགྱུར། །ཞེས་འབྱུང་ངོ་)། །དེ་ལྟར་བྱེད་པ་པོར་སྨྲ་བ་རྣམས་ལ་ལས་ཀྱི་འབྲས་བུ་མེད་པ(ཧ་ཅང་ ཐལ་བ)ར་གྲུབ་སྟེ་(ལས་འབྲས་མེད་པ་)དེ་ལྟར་ཡང་མ་ཡིན་ནོ། །དེ་ཕྱིར་དགེ་དང་མི་དགེའི་འབྲས་ 3-1-221 སྟེར་བྱེད་པོ་དབང་ཕྱུག་འགའ་ཡང་མེད་དེ་སྲོག་ཆགས་(རང་རང་གི་)ལས་ནི་དོར་ནས་སོ་ཞེས་ པ་སྟེ་(སེམས་ཅན་རང་རང་གི་ལས་མ་གཏོགས་པའི་)བྱེད་པ་པོ་(དབང་ཕྱུག་)མེད་པར་( སེམས་ཅན་)རང་གི་ (དགེ་མི་དགེའི་)ལས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པ་གྲུབ་པོ། ༡༦༢ ། ༈ ད་ནི་རང་དབང་གི་བྱེད་པོ་(ཡིན་པར་འདོད་པ་དེ་བྱེད་པོ་རང་དབང་ཅན་མ་ཡིན་གྱི་རྒྱུ་རྐྱེན་)གཞན་ལ་ ལྟོས་པ་ཉིད་དུ་གསུངས་པས་ཞེས་པ་ལ་སོགས་པ་སྟེ་འདིར་ནི་གལ་ཏེ་(འཇིག་རྟེན་ཆགས་པའི་ཚེ་ ཁྱེད་ལྟར་ནའང་)མཁའ་ལ་སྟེ་ནམ་མཁའ་ལ་ས་ལ་སོགས་པ་རྡུལ་ཕྲན་རྣམས་བྱེད་པོའི་དང་པོར་ ཡོད་པ་མིན་(དགོས་ཏེ་གལ་ཏེ་ཡོད་ན་དེ་རྣམས་ཀྱི་བྱེད་པོ་མིན་པར་འགྱུར་བས་ཀུན་ཏུ་བྱེད་པོར་འདོད་པ་དང་འགལ་བ་ ཡིན་)ནོ། །(དེས་ན་)དེའི་ཚེ་(འབྱུང་བཞིའི་)རྫས་(རྡུལ་ཕྲན་)དག་མེད་པ་ལ་ནི་(འཇིག་རྟེན་གྱི་བཀོད་པ་)སྣ་ ཚོགས་མི་བྱེད་དེ་(དྲི་ལ་སོགས་པ་)ཡུལ་དང་རྣམ་པར་བྲལ་བ་ཆ་མེད་པ་ལ་ཐམས་ཅད་ཀྱི་བྱེད་པོ་ (དབང་ཕྱུག་ལ་སོགས་པ་)ཇི་ལྟར་ཡོད། ཡུལ་དང་རྣམ་པར་བྲལ་བ་(སྣོད་བཅུད་ཀྱི་)བྱེད་པོ་འདི་ཡི་སྒྲུབ་ བྱེད་ཀྱི་ཚད་མ་མངོན་སུམ་དང་ལྐོག་ཏུ་གྱུར་པ་(འཇལ་བའི་རྗེས་དཔག་)མེད་པ་གང་ཡིན་པ་དེའི་ ཕྱིར་(འབྱུང་བའི་རྡུལ་ཕྲ་རབ་ཀྱི་)རྫས་ཡང་དག་པར་སྦྱོར་བ་ཉིད་ལས་རྒྱུ་བ་(སེམས་ཅན་)དང་མི་རྒྱུ་བ་ (སྣོད་)སྣ་ཚོགས་ཐམས་ཅད་དུ་(སྐྱེ་བར་)འགྱུར་གྱི་བྱེད་པ་པོ(དབང་ཕྱུག་ལ་སོགས་པ)འི་འདོད་པས་ མ་ཡིན་(ཏེ་རང་རང་གི་)ལས་ཀྱི་གཟུགས་ཞེས་པ་ནི་རིགས་པ་སྟེ་བྱེད་པོའི་འདོད་པ་དགག་པའོ། ༡༦༣ ། ༈ ད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པ་ཡང་དག་པར་སྦྱོར་བ་ལས་ཞེས་པ་ལ་ སོགས་པ་སྟེ་འདིར་དངོས་པ་ཐམས་ཅད་ཀྱི་(རྒྱུ་རྐྱེན་ཚོགས་པ་ཕན་ཚུན་)ཡང་དག་པར་སྦྱོར་བ་ལས་ བྱུང་བ་ནི་(རྒྱུ་རྐྱེན་གྱིས་འབྲས་བུ་བསྐྱེད་པའི་ནུས་པ་)འདི་ཐོབ་ནས་(འབྲས་བུ་)འདི་འབྱུང་བར་འགྱུར་བ་ སྟེ། ཡང་དག་སྦྱོར་བ་ལས་ཞེས་པ་ནི་ཟླ་བའི་འོད་ཟེར་དང་ཡང་དག་པར་སྦྱོར་བ་ལས་(ཟླ་བ་) ཆུ་ཤེལ་ལས་ཆུར་འགྱུར་རོ། །ཀྱང་ཡིག་གིས་(ཉི་མའི་འོད་དང་སྦྱོར་བའི་)མེ་ཤེལ་ལས་མེར་འགྱུར་ 3-1-222 རོ། །མེ་ལོང་ལས་(བྱད་བཞིན་སོགས་ཀྱི་)དངོས་པོ་དང་ཡང་དག་པར་སྦྱོར་བ་ལས་དངོས་པོའི་ གཟུགས་བརྙན་དུ་འགྱུར་རོ། །གཞན་གྱིས་སྐྱུར་བ་ཟོས་པའི་(རྣམ་འགྱུར་གྱི་)ཡང་དག་པར་སྦྱོར་ བ་ལས་གཞན་གྱི་ལྕེ་(ལས་ཆུ་)འཛག་པར་འགྱུར་ཏེ་སྐྱུར་པའི་རྒྱུ་ལས་སོ། །ཁྲོན་པ་ལ་སོགས་ པ་རང་གི་སྒྲའི་ཡང་དག་པར་སྦྱོར་བ་ལས་སྒྲ་བརྙན་དུ་འགྱུར་རོ། །(རུལ་པ་དང་ཚིག་པ་ལ་སོགས་པའི་ སྐྱོན་གྱིས་)དག་པའི་ས་བོན་ལས་ས་དང་ཆུ་ལ་སོགས་པའི་ཡང་དག་པར་སྦྱོར་བ་ལས་མྱུ་གུར་ འགྱུར་རོ། །ཁབ་ལེན་ལས་ཞེས་པ་ནི་ཁབ་ལེན་གྱི་རྡོའི་ཡང་དག་པར་སྦྱོར་བ་ལས་ལྕགས་ཀྱི་ ཐུར་མ་གཡོ་བར་འགྱུར་རོ། །(བྱེད་པ་པོའི་)འདོད་པས་(རྒྱུ་རྐྱེན་གྱི་)དངོས་པོ་འདི་དག་ལ་(འབྲས་བུའི་)དངོས་པོར་འགྱུར་བ་ཅི་ཡང་(ཡོད་པ་)མིན་ནོ། །(རྒྱུ་ལས་འབྲས་བུ་འབྱུང་བའི་རྒྱུ་མཚན་)འོ་ན་ཅི་ཞེ་ན་(རྒྱུ་ རྐྱེན་གྱི་)དངོས་པོ་རྣམས་ཀྱི་(རང་རིག་གི་)ནུས་པ་སྟེ་(རྒྱུ་ལས་འབྲས་བུ་འབྱུང་བ་)འདི་ནི་སྲིད་པ་གསུམ་ གྱི་གནས་སུ་(བྱེད་པ་པོ་)སུ་ཞིག་གིས་ཀྱང་སྤྲུལ་པ་མིན་ནོ་ཞེས་པ་(ཀུན་རྫོབ་ཏུ་སངས་རྒྱས་པའི་)རྟེན་ ཅིང་འབྲེལ་བར་འབྱུང་བ་གྲུབ་པའོ། ། ༈ འདིར་སྨྲས་པ་གང་གི་ཕྱིར་རྒྱུ་མེད་ན་འབྲས་བུར་མི་འགྱུར་བ་དེའི་ཕྱིར་རྒྱུ་ཡོད་དོ། ། དེས་ན་དབང་ཕྱུག་ལ་སོགས་པ་(རྒྱུ་བདེན་པའི་དངོས་པོ་གཅིག་ཡོད་པར་)གྲུབ་པོ་ཞེས་ན་(དེ་འགོག་པའི་ རིགས་པར་)སྨྲས་པ་འདིར་རྒྱུ་(བདེན་པའི་དངོས་པོ་)ལས་འབྲས་བུར་(བདེན་པའི་དངོས་པོ་འབྱུང་བ་)འགྱུར་ བ་གང་ཡིན་པ་དེ་ཅི་འབྲས་བུ་(དེ་)ཡོད་པའམ་མེད་པ་ཡིན་(ན་རྒྱུ་ལ་ཡོད་དགོས་པའི་)རྒྱུ་ལ་ཡོད་ པ(འི་འབྲས་བུ་)ནི་(བསྐྱེད་བྱ་)འབྲས་བུར་མི་འགྱུར་(ཏེ་གྲུབ་ཟིན་དུ་ཡོད་པའི་ཕྱིར་)རོ། །(དཔེར་ན་)བུམ་པ་ (གྲུབ་ཟིན་དུ་)ཡོད་པའི་ས་ལ་སོགས་པ་ནི་(བུམ་པའི་)རྒྱུར་གྱུར་པར་མི་འགྱུར་ཏེ་(བུམ་པ་གྲུབ་ཟིན་དུ་) ཡོད་པའི་ཕྱིར་རོ། །མེད་པ་ནི་འབྲས་བུར་མི་འགྱུར་ཏེ་མེད་པའི་ཕྱིར་རུས་སྦལ་གྱི་སྤུ་བཞིན་ ནོ། །དེ་བཞིན་དུ་སྣམ་བུའི་(རྒྱུ་)སྣལ་མ་ལ་སོགས་པ་རྣམས་(སྣམ་བུའི་)རྒྱུ(བདེན་པ)ར་གྱུར་པར་ མི་འགྱུར་(ཏེ་རིགས་པ་མཚུངས་པའི་ཕྱིར་)རོ། །〔ཡོད་པ་ཡོད་ཕྱིར་མི་སྐྱེ་སྟེ། །མེད་པ་མེད་ཕྱིར་སྐྱེ་མ་ཡིན། །ཞེས་པ་ལྟར་ 3-1-223 རོ། །ཡོད་མེད〕གཉི་ག(ཡིན་པ)འི་བདག་ཉིད་ནི་འབྲས་བུར་མི་འགྱུར་ཏེ་(ཡོད་མེད་)ཕན་ཚུན་(གཅིག་ ཡིན་ན་གཅིག་ཡིན་པར་)འགལ་བའི་ཕྱིར་རོ། །(ཇི་ལྟར་འགལ་ན་)གང་ཡོད་པ་དེ་ནི་མེད་པ་མ་ཡིན་ཞིང་ གང་མེད་པ་དེ་ནི་ཡོད་པ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་ལ་འབྲས་བུ་ཡོད་པ་ དང་འབྲས་བུ་མེད་པ་དང་འབྲས་བུ་ཡོད་ཅིང་མེད་པ(གཉིས་ཀ་ཡིན་པ་སྐྱེ་བ)ར་མི་འགྱུར་རོ་ཞེས་ (རྒྱུ་འབྲས་བུ་བདེན་དངོས་མ་ཡིན་པར་)གྲུབ་པོ། ། ༈ (ཕ་རོལ་པོས་)སྨྲས་པ་འདིར་(ཁྱེད་ཀྱི་འབྲས་བུ་སྐྱེད་བྱེད་ཀྱི་)རྒྱུ་བཀག་པས་འབྲས་བུ་ ཡང་བཀག་པར་འགྱུར་རོ། །(རྒྱུ་འབྲས་)གཉི་ག་བཀག་པའི་ཕྱིར་(རྒྱུ་འབྲས་)ཐམས་ཅད་མེད་པར་ (འགྱུར་བའི་སྐྱོན་)གྲུབ་པོ་ཞེ་ན། (ལན་)སྨྲས་པ། འདིར་(དབང་ཕྱུག་ལྟ་བུ་རང་དབང་ཅན་གྱི་རྒྱུར་བདེན་པ་བཀག་ པ་ཡིན་གྱི་སྤྱིར་རྒྱུ་འབྲས་)ཐམས་ཅད་མེད་པ་མ་ཡིན་ཏེ་(རྒྱུ་འབྲས་ཕན་ཚུན་)གཞན་ལ་ལྟོས་པའི་ཕྱིར་རོ། ། 〔རྒྱུ་འབྲས་ཀྱི་རྣམ་བཞག་བྱེད་པའི་སྐབས་〕འདིར་རྒྱུ་ལ་རྒྱུ་ཉིད་(དུ་འཇོག་པ་)གང་ཡིན་པ་དེ་ནི་འབྲས་བུ་ལ་ ལྟོས་ནས་(རྒྱུར་)ཡོངས་སུ་བརྟགས་པ་སྟེ་འབྲས་བུ་ཡང་རྒྱུ་ལ་ལྟོས་ནས་སོ། །དེ་ལྟར་གཞན་ལ་ ལྟོས་པའི་ཕྱིར་(རྒྱུ་འབྲས་)གཉི་ག་ཡང་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ། །(རྒྱུ་འབྲས་)གཉི་ག་རྒྱུ་ཡིན་ པ་ཉིད་ཀྱི་ཕྱིར་(རྒྱུ་ལ་མ་ཡིན་ལ་)འབྲས་བུ་(ཁོ་ནར་བདེན་པ་)མེད་དེ་(འབྲས་བུ་ཁོ་ནར་བདེན་པ་)དེ་མེད་ན་ རྒྱུ་(ཁོ་ནར་བདེན་པ་)མེད་དོ། །རྒྱུ་ནི་འབྲས་བུ་ལ་ལྟོས་(ནས་འཇོག་)པའི་ཕྱིར་(རང་དབང་དུ་རྒྱུ་ཁོ་ནར་) ངེས་པ་ཉིད་དུ་ཐལ་བར་འགྱུར་ཏེ་(རང་དབང་དུ་རྒྱུ་ཁོ་ནར་)ངེས་པ་མེད་པ་ཉིད་ཡིན་པ་དེའི་ཕྱིར་ (དབང་ཕྱུག་ལ་སོགས་པ་འབྲས་བུ་ལ་མི་ལྟོས་པའི་)རྒྱུ་(ཁོ་ནར་བདེན་པ་)མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། ། དེའི་ཕྱིར་དབང་ཕྱུག་ལ་སོགས་པའི་(བྱེད་པ་པོ་)རྒྱུ་(ཁོ་ནར་བདེན་པར་འདོད་པ་)ཐམས་ཅད་(རྒྱུ་ཁོ་ནར་ བདེན་པའི་)ངེས་པ་ཉིད་དང་(སྣོད་བཅུད་ཐམས་ཅད་ཀྱི་བྱེད་པ་པོའི་)རྒྱུ་མ་ཡིན་པ་ཉིད་དུ་གྲུབ་པོ། ། ༈ (ཕ་རོལ་བོས་)སྨྲས་པ་རྒྱུ་དང་འབྲས་བུ་ནི་(ཕན་ཚུན་)ལྟོས་པ་ཅན་དུ་གྲུབ་པ་མ་ཡིན་ཏེ་རྒྱུ་ (ཉིད་དུ་ངེས་པ་)གང་ཡིན་པ་དེ་ནི་རྒྱུ་ཉིད་དང་འབྲས་བུ་གང་ཡིན་པ་དེ་ནི་འབྲས་བུ་ཉིད་དུ་(ངེས་ 3-1-224 པར་)གྲུབ་པོ་ཞེ་ན། (དེའི་སུན་འབྱིན་པ་)སྨྲས་པ་འདིར་ཁྱོད་ཀྱི་འདོད་པ་(སྟེ་དམ་བཅའ་)ལས་(རྒྱུ་འབྲས་ ལྟོས་མེད་དུ་)གྲུབ་ཅིང་བདག་གི་(སྟེ་ངེད་ཀྱི་དམ་བཅའ་)ལས་(རྒྱུ་འབྲས་ཕན་ཚུན་ལྟོས་པར་གྲུབ་པ་)མ་ཡིན་ པ་(འདོད་པ་)ནི་ཤིན་ཏུ་མི་བཟད་པ(སྟེ་ཤིན་ཏུ་མི་རིགས་པའི་འདོད་པ)འོ། །གལ་ཏེ་ཁྱོད་ཀྱི་འདོད་པ་ ལས་(རྒྱུ་འབྲས་ལྟོས་མེད་དུ་)གྲུབ་ན་དེའི་ཚེ་བདག་གི་ཡང་འདོད་པ་ལས་ཁྱོད་ཀྱི་(དམ་བཅའ་བའི་དོན་ རྒྱུ་འབྲས་ལྟོས་མེད་དུ་)ཡོད་པ་གང་ཡིན་པ་དེ་ནི་བདག་གི་(དམ་བཅས་པའི་དོན་ཕན་ཚུན་ལྟོས་མེད་ཀྱི་རྒྱུ་འབྲས་) མེད་པར་གྲུབ་སྟེ་(རྒྱུ་འབྲས་ཕན་ཚུན་མི་ལྟོས་པར་ཁྱོད་ཀྱིས་དམ་བཅས་པ་ཙམ་ཡིན་གྱི་སྒྲུབ་བྱེད་ཀྱི་)རིགས་པ་རྣམ་ པར་སྤངས་པའི་ཕྱིར་རོ། །(ཕ་རོལ་པོས)སྨྲས་པ་(སྐབས་འདིར་ས་མ་ཡ་དམ་ཚིག་ལ་བསྒྱུར་ན་ཡང་མངོན་བརྗོད་ ལས། ས་མ་ཡ་མཉམ་ཇི་བཞིན་སྤྱོད། །ཁྲིམས་བྱས་མཞན་ཡང་རྒྱས་པར་བསྟན། །གྲུབ་པའི་མཐའ་དང་ཕུན་སུམ་ཚོགས། །བརྡ་ དང་དུས་དང་སྐད་རྣམས་ལའོ། །ཞེས་གསུང་པས་ས་མ་ཡ་དོན་དམ་པར་འཇུག་ན་འང་འདིར། ཡིད་ཆེས་ལུང་ལས་གྲུབ་མཐའ་ འདི། །ཇི་བཞིན་མ་གྲུབ་གྲུབ་མཐའ་ཞེས། །བརྗོད་པ་དག་ནི་མི་འཐོབ་སྟེ། །ཞེས་པར་བསྒྱུར་ན་བདེ་བར་མངོན་ནོ)ཡིད་ ཆེས་ལུང་ལས་དམ་ཚིག་(དམ་བཅས་པ་)འདི(ལ)། །དམ་ཚིག་(སྟེ་དམ་བཅས་པའི་དོན་དེ་)མ་གྲུབ་(པའི་)དམ་ཚིག་(སྟེ་དམ་བཅའ་ཡིན་ནོ)ཅེས། །བརྗོད་པ་དག་ནི་མི་འཐོབ་(ཅིང་མི་འོས)སྟེ། །(ཞེས་མཁས་པ) བསྟན་བཅོས་རིག་པ་རྣམས་ཀྱིས་གསུངས(པས་ལུང་གི་གྲུབ་པ་ལ་རིགས་པས་མི་གནོད་དོ)། །ཞེས་དང༌། འགའ་ཞིག་གི་ཚེ་(ཕ་རོལ་བོས)རིགས་པ་བརྗོད་པ་སྨྲས་པ། འདིར་ཉེ་བར་ལེན་པའི་རྒྱུ་(ཙམ་) ལས་(འབྲས་བུ་)ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ནུས་པ(སྟེ་ཉེ་བར་ལེན་པ)འི་རྒྱུ་(སྟེ་ལྷན་ཅིག་བྱེད་ པའི་རྐྱེན་གྱིས་)ནུས་པ་ཅན་(དུ་བྱས་པའི་ནུས་པ་)ལས་འབྲས་བུ་(འབྱུང་བ་)ཡོད་པ་(ཡིན་ལ་རྐྱེན་དེ་ཡང་དབང་ ཕྱུག་ལ་སོགས་ལས་འོས་མེད་པས་དབང་ཕྱུག་ལ་སོགས་པ་བྱེད་པ་པོ་ཡིན་པར་)གྲུབ་པོ་ཞེ་ན་སྨྲས་པ་འདིར་ཁྱེད་ ཀྱི་གཏན་ཚིགས་(ཉེར་ལེན་གྱི་རྒྱུ་ཙམ་ལས་འབྲས་བུ་འབྱུང་བ་མེད་པའི་ཕྱིར་ཞེས་པ་)འདི་(དབང་ཕྱུག་ལ་སོགས་པ་ རྒྱུར་བསྒྲུབ་པ་ལ་)དོན་མེད་དེ་ཇི་ལྟར་ཞེ་ན་གལ་ཏེ་(གཏན་ཚིགས་དེས་)ཁྱོད་ཀྱི་ཕྱོགས་(ཏེ་དམ་བཅའ་བྱེད་ པོ་གཞན་ཡོད་པ་)སྒྲུབ་པར་བྱེད་པའི་མཚན་ཉིད་ཐོབ་པ་དེའི་ཚེ་(གཏན་ཚིག་དེས་)བདག་གི་ཕྱོགས་(ཏེ་ 3-1-225 དམ་བཅའ་བྱེད་པ་པོ་གཞན་མེད་པ་ཉིད་)ཀྱང་སྒྲུབ་པར་འགྱུར་ཞིང་ཅི་སྟེ་(གཏན་ཚིག་དེས་)ཁྱོད་ཀྱི་ཕྱོགས་ (ལ་ཕ་རོལ་གྱི་ཕྱོགས་)སུན་འབྱིན་པའི་མཚན་ཉིད་ཐོབ་པ་དེའི་ཚེ་བདག་གི་(སྟེ་ངེད་ཀྱི་)ཕྱོགས་(ལ་ཡང་ ཕ་རོལ་གྱི་ཕྱོགས་)ཀྱང་སུན་འབྱིན་པ〔ནུས་པ〕ར་འགྱུར་ཏེ་(རྒྱུ་མཚན་མཚུངས་པའི་ཕྱིར་རོ)དཔེར་ན་མེ་འདི་ (སྲེག་ན་ཡུའུ་ཅག་)ནི་གཉི་ག་སྲེག་པར་བྱེད་ཀྱི་གཅིག་(ཁོ་ན་སྲེག་པར་བྱེད་པ་)མ་ཡིན་པ་བཞིནནོ། ། ༈ དཔེར་ན་སྒྲ་(རྟག་པར་)སྨྲ་བ་པོ་རྣམས་ཀྱི་དམ་བཅའ་བ་ནི་སྒྲ་རྟག་པའོ། །གཏན་ཚིགས་ གང་ཞེ་ན་ལུས་ཅན་མ་ཡིན་པའི་ཕྱིར་རོ། །དཔེ་གང་ཞེ་ན་ནམ་མཁའ་བཞིན་ནོ། །གང་གི་ཕྱིར་ ཇི་ལྟར་ནམ་མཁའ་ལུས་ཅན་མ་ཡིན་པ་ཉིད་ཀྱིས་རྟག་པ་དེ་བཞིན་དུ་སྒྲ་ཡང་ལུས་ཅན་མ་ ཡིན་པ་དེའི་ཕྱིར་སྒྲ་རྟག་པར་གྲུབ་པོ་ཞེ་ན། སྨྲས་པ་འདི་ནི་(རྟགས་ཀྱི་བསྒྲུབ་ནུས་པའི་)དམ་བཅའ་ བ་མ་ཡིན་ཏེ། གཞན་ཡང་(སངས་རྒྱས་པ་དག་)སྨྲ་བར་འགྱུར་པ་སྒྲ་མི་རྟག་(ཞེས་པ་བསྒྲུབ་བྱ་བརྗོད་པའོ) གོ། གཏན་ཚིགས་གང་ཞེ་ན་བྱས་པའི་ཕྱིར་(ཞེས་པ་གཏན་ཚིགས་བརྗོད་པའོ)རོ། །དཔེ་གང་ཞེ་ན་ བུམ་པ་བཞིན་(ཞེས་པ་དཔེ་བརྗོད་པའོ)ནོ། །(དེ་ལ་ནུས་པ་མཐོང་བའི་རྟགས་རྩོད་གཞི་ཉེ་བར་གཏོད་པ་ནི་)གང་གི་ ཕྱིར་ཇི་ལྟར་བུམ་པ་ས་དང་དབྱུག་གུ་དང་འཁོར་ལོ་དང་སྐད་པ་དང་སྐྱེས་བུའི་རྩོལ་བས་བྱས་ པ་དེ་བཞིན་དུ་སྒྲ་ཡང་མགྲིན་པ་དང་རྐན་ལ་སོགས་པའི་རྩོལ་བས་བསྐྱེད་པ་དེའི་ཕྱིར་སྒྲ་མི་ རྟག་པར་གྲུབ་པོ། །(ཞེས་དམ་བཅའ་ཟློས་བརྗོད་མཇུག་སྡུད་ཀྱི་ཡན་ལག་སྟེ་ངག་ཡན་ལག་ལྔ་ལྡན་གྱི་སྦྱོར་བའོ། །ཞེས་ པ་དམ་བཅའ་སྔ་མ་ལ་གནོད་པ་)དེས་ན་ཟོལ་གྱི་གཏན་ཚིགས་ཙམ་ལས་འབྲས་བུ་(བསྒྲུབ་བྱ་)འགྲུབ་ པར་མི་འགྱུར་རོ། །གང་གིས་(རྟགས་ཀྱི་ཚུལ་གསུམ་དོན་ལ་གནས་པ་)ཇི་ལྟ་བ་དེ་བཞིན་དུ་བརྗོད་པ(འི་ རྟགས་)དེ་ནི་ཚད་མར་(ཏེ་སྒྲུབ་བྱེད་དུ་)འགྱུར་གྱི་ཟོལ་གྱི་གཏན་ཚིགས་ལས་ནི་(བསྒྲུབ་བྱ་འགྲུབ་པ་)མ་ ཡིན་ནོ། །དེ་ལྟར་(ན་ཟོལ་གྱི་)གཏན་ཚིགས་(དེ་ལྟ་བུ་སྒྲུབ་བྱེད་དུ་བཀོད་པ་)དོན་མེད་དོ། ། ༈ གཞན་ཡང་(རྣམ་པར་དཔྱད་ན་)བསྒྲུབ་བྱ་རྣམས་ཀྱི་དམ་བཅའ་བ་དང་(དུས་)འགལ་བས་ གཏན་ཚིགས་ནི་(དམ་བཅའི་)སྒྲུབ་བྱེད་དུ་མི་འགྱུར་ཏེ། འདིར་གང་གི་དུས་ན་དམ་བཅའ་བ་ 3-1-226 ཡོད་པ་དེའི་དུས་ན་གཏན་ཚིགས་མེད་ཅིང༌། གང་གི་དུས་ན་གཏན་ཚིགས་ཡོད་པ་དེའི་དུས་ ན་དམ་བཅའ་མེད་དོ། །དེས་ན་དམ་བཅའ་མེད་པའི་(དུས་ཀྱི་)གཏན་ཚིགས་འདི་(དམ་བཅའ་) གང་གི་(གཏན་ཚིགས་)ཡིན་ཏེ་( དམ་བཅའ་དང་ལྷན་ཅིག་)ཅིག་ཆར་བའི་ཆོས་ཅན་མ་ཡིན་པའི་ཕྱིར་ རོ། །(འདིར་དམ་བཅའི་སྐད་དོད་པྲ་ཏི་ཛྙཱ་ཞེས་པ་ལས་)གང་གི་དུས་ན་པྲ་ཡིག་ཡོད་པ་དེའི་དུས་ན་ཏི་ཡིག་ དང་ཛྙཱ་ཡིག་མེད་དོ། །དེ་བཞིན་དུ་(པྲ་ཞེས་པ་ཕྲལ་བ་)པ་ཡིག་དང་ར་ཡིག་དང་(སྲོག་གི་)ཨ་ཡིག་ (རྣམས་གཅིག་གི་དུས་ན་གཅིག་མེད་པ་)སྟེ་པྲ་ཡིག་ཇི་ལྟ་བ་དེ་བཞིན་དུ་ཏིའི་ཡི་གེ་(ལ་ཏ་དང་ཨི་)དང་ཛྙཱའི་ ཡི་གེ(འི་ཛ་དང་ཉ་དང་ཨ་ཡིག་རྣམས་དུས་གཅིག་ཏུ་མེད་པ)འོ། །མ་སྐྱེས་པའམ་ཤི་བའི་བུས་བྱ་བ་བྱེད་ པར་མི་ནུས་ཏེ། དེ་བཞིན་དུ་(མ་སྐྱེས་པའམ་{མ}འགགས་པའི་)གཏན་ཚིགས་ཀྱིས་ཀྱང་(དམ་བཅའ་ བསྒྲུབ་མི་ནུས་སོ)ངོ༌། ། ༈ (བྱེད་པ་པོ་རིགས་པས་ཁེགས་པ་)དེའི་ཕྱིར་(དབང་ཕྱུག་སོགས་བྱེད་པ་པོའི་)རྒྱུ་ལ་བརྟེན་ནས་འབྲས་ བུར་མི་འགྱུར་ཏེ་(བྱེད་པ་པོའི་)རྒྱུ་མེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །ཅི་སྟེ་རྒྱུ་ཉིད་ཅེས་པ་ནི་ (འདིར་)རྒྱུ་(ཞེས་པ་)དང་བྱེད་པ་(པོ་)དོན་གཞན་མ་ཡིན་(པས་རྒྱུ་མེད་པར་གྲུབ་པ་)ཞེས་པའོ། །དེ་ལྟར་ (དཔྱད་ན་བྱེད་པ་པོའི་རྒྱུ་ཁེགས་པས་བྱེད་པ་པོའི་)རྒྱུ་ལས་འབྲས་བུར་མི་འགྱུར་ཏེ་(སྤྱིར་)རྒྱུ་མེད་པ་ལས་ ཀྱང་འབྲས་བུར་མི་འགྱུར་རོ། །དེའི་ཕྱིར་འབྲས་བུ་ནི་(རྣམ་པར་དཔྱད་ན་)རང་ལས་(སྐྱེ་བ་)མ་ ཡིན་གཞན་(བྱེད་པ་པོའི་རྒྱུ་)ལས་(སྐྱེ་བ་)མ་ཡིན་(རང་གཞན་)གཉི་ག་ལས་(སྐྱེ་བ་)མ་ཡིན་(སྤྱིར་)རྒྱུ་ མེད་པ་ཅན་ཡང་མ་ཡིན་ནོ་ཞེས་(རྟེན་འབྲེལ་གྱི་སྐྱེ་བ་ཙམ་ཞིག་)གྲུབ་སྟེ་བྱེད་པ་པོ་དང་བྱེད་པ་རྟག་པ་ སུན་དབྱུང་བའོ། ༡༦༤ ། ༈ ད་ནི་བདག་སུན་དབྱུང་བ་གསུངས་པ་གལ་ཏེ་ཞེས་པ་ལ་སོགས་པ་སྟེ་འདིར་གལ་ཏེ་ བདག་(རྟག་པ་གཅིག་པུ་)ནི་ཀུན་ཏུ་འགྲོ་ན་གཉེན་དང་བྲལ་བའི་སྡུག་བསྔལ་ཇི་ལྟར་ཉམས་སུ་ མྱོང་བར་འགྱུར་ཞེས་པ་ནི་འདིར་གལ་ཏེ་བདག་(རྟག་པ་ཡུལ་དུས་)ཐམས་ཅད་(ལ་ཁྱབ་བྱེད་)དུ་འགྲོ་ 3-1-227 བ་དེ་གཅིག་པུར་གྱུར་ན་(གང་ཟག་ལྷ་སྦྱིན་ལྟ་བུ་དེ་གཉེན་གྱི་བདག་དང་རྟག་ཏུ་མི་འབྲལ་བའི་ཕྱིར་གང་ཟག་)དེ་ལ་ གཉེན་དང་བྲལ་བའི་སྡུག་བསྔལ་དུ་མི་འགྱུར་ཞིང་སེམས་ཅན་གཅིག་གི་སྡུག་བསྔལ་གྱིས་ སེམས་ཅན་ཐམས་ཅད་སྡུག་བསྔལ་བར་(ཡང་)འགྱུར་ཏེ་བདག་(གཅིག་པུ་དེ་ཡུལ་དུས་)ཐམས་ཅད་ དུ་འགྲོ་བ་ཡིན་(པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མྱོང་པ་པོའི་བདག་གཅིག་ཡིན་)པའི་ཕྱིར་རོ། །ཅི་སྟེ་ (སེམས་ཅན་རྣམས་ཀྱི་)བདག་དུ་མ་(སྟེ་སེམས་ཅན་རྣམས་ལ་བདག་རེ་རེ་ཡོད་པ་)ཡིན་ན་དེའི་ཚེ་བདག་(དེ་) དུ་མ་རྣམས་(རེ་རེ་ཞིང་ཡུལ་དུས་)ཐམས་ཅད་(ལ་ཁྱབ་བྱེད་)དུ་འགྲོ་བ་ཉིད་མེད་དོ(ཡུལ་འདི་ན་ཡོད་པའི་ བདག་དེ་ཡུལ་གཞན་ན་ཡོད་པའི་གང་ཟག་གི་བདག་དང་ཐ་དད་པ་ཡིན་པའི་ཕྱིར་རོ)། །གལ་ཏེ་(བདག་)འདི་ནི་རྟག་ པར་གྱུར་ན་འདོད་པའི་མདའ་ཡིས་བསྣུན་པའི་གནས་སྐབས་ཉིད་དུ་ཅིས་རབ་འགྱུར་ཞེས་ པ་ནི་འདིར་རྟག་པ་གང་ཡིན་པ་དེ་ལ་གནས་སྐབས་གཞན་མེད་དེ་རྣམ་པར་འགྱུར་བ་དང་ བྲལ་བའི་ཕྱིར་རོ། །དེའི་ཕྱིར་(བདག་ལ་སྔར་འདོད་པའི་གནས་སྐབས་མེད་པ་ལ་ཕྱིས་)འདོད་པའི་མདའ་ ཡིས་བསྣུན་པའི་འདོད་པའི་གནས་སྐབས་རྣམ་པ་བཅུ་པོ་འདིར་ཇི་ལྟར་འགྱུར་(ཏེ་རྟག་པའི་ཕྱིར་ རོ)དེའི་ཕྱིར་བདག་ནི་མི་རྟག་པར་རྟོགས་པར་བྱ་སྟེ་(འདོད་པའི་གནས་སྐབས་བཅུ་ལ་སོགས་པ་)རྣམ་ འགྱུར་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །གལ་ཏེ་བྱ་བ་དང་བཅས་གྱུར་ན་གཉིད་ལོག་ དུས་སུ་འདི་ནི་རྨོངས་པ་ཉིད་དུ་ཇི་ལྟར་འགྲོ་ཞེས་པ་ནི་འདིར་སད་པའི་དུས་སུུ་(བདག་དེ་)སད་ པའི་གནས་སྐབས་ཀྱི་མཚན་ཉིད་ཀྱི་བྱ་བ་དང་བཅས་ཤིང་དང་ཡིག་ལས་རྟག་པ་ཡང་ཡིན་ ན་དེའི་ཚེ་(བདག་)གཉིད་ལོག་པའི་དུས་སུ་བྱ་བ་དང་བྲལ་བ་རྨོངས་པ་ཉིད་དུ་ཇི་ལྟར་འགྲོ་(བྱ་ བ་དང་བཅས་པར་རྟག་པའི་ཕྱིར་རོ)དེ་ལྟར་ངེས་པར་མཐའ་གཅིག་ཏུ་རྣམ་པར་དཔྱད་ན་བདག་འདི་ ནི་(ཡུལ་དུས་ཐམས་ཅད་དུ་)ཀུན་ཏུ་འགྲོ་བར་འགྱུར་བ་མ་ཡིན་ཞིང་(སེམས་ཅན་ཐམས་ཅད་ལ་)ཁྱབ་(པའི་)བདག་དང་(རྒྱུའི་)གཙོ་བོ་དང་རྟག་པ་ཡང་མ་ཡིན་ལ་བྱ་བ་དང་བཅས་པ་ཡང་མ་ཡིན་ནོ་ཞེས་ གྲུབ་པོ། ༡༦༥ ། 3-1-228 ༈ ད་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་(རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་དང་ རྟེན་འབྲེལ་ལས་འདས་པའི་ཆོས་རྣམས་)གསུངས་པ་བདག་མེད་ཅེས་པ་ལ་སོགས་པ་སྟེ་འདིར་རྟེན་ ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ནི་(སྔ་མ་རྒྱུ་)འགག་པ་ལས་(ཕྱི་མ་འབྲས་བུ་)སྐྱེ་བ་དང་ (འབྲས་བུ་དེ་)སྐྱེ་བ་ལས་(འབྲས་བུ་དེ་)འགག་པ(སྟེ་འཇིག་པ)འོ། །དེ་ལྟར་འགག་པ(ར་འགྱུར་བ)འི་(རྟེན་ འབྲེལ་གྱི་)ཆོས་(ཅན་)རྣམས་ལ་(རང་དབང་ཅན་གྱི་)བདག་(རྟག་པ་)མེད་དེ་(དབང་དུ་བྱས་པའི་)བདག་གི་ བ་(རྟེན་འབྲེལ་གྱི་ཆོས་སྐད་ཅིག་གཉིས་པར་འགགས་ནས་)མེད་པའི་ཕྱིར་རོ། །(རྒྱུ་རྐྱེན་ལས་)སྐྱེ་བའི་(རྟེན་འབྲེལ་ གྱི་)ཆོས་(ཉེར་ལེན་གྱི་ཕུང་པོ་ལྔ་པོ་)རྣམས་ལ་(འབྲས་བུ་གཞན་)འབྱུང་བ་ཡོད་དེ་(སེམས་ཅན་གྱི་སྐྱེ་བ་འདིའི་ ལུས་འགགས་ནས་)སླར་ཡང་སྐྱེ་བ་(གཞན་)འཛིན་པར་བྱེད་པའི་ཕྱིར་རོ། །འདི་དག་ནི་ཁ་དོན་ལ་ སོགས་པའི་དཔེ(བརྒྱད་ཀྱི)ས་གྲུབ་སྟེ་(ལེའུ་ལྔ་པར་)འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ(རྡོ་ རྗེ་སྙིང་འགྲེལ་དུ་ཡང༌། རིག་པ་མཁན་པོ་ལས་འོང་དང༌། །མར་མེ་མར་མེ་ལས་འོང་དང༌། །རྒྱ་ལས་རྒྱ་ནི་{གནས་{གཞན་}པ་ དང༌། །བཞིན་ལས་མེ་ལོང་ལ་བཞིན་དང༌། །སྒྲ་ལས་སྒྲ་བརྙན་འབྱུང་བ་དང༌། །ཇི་ལྟར་མེ་ཤེལ་ལས་མེ་དང༌། །ཉི་མ་ལས་ནི་ཉི་མ་ སྐྱེ། །ཟས་ཟོས་པས་ནི་ལྕེ་འཛག་ལ། །ཆུ་མེད་པར་ནི་ཆུ་མི་སྐྱེ། །མྱུ་གུ་ས་བོན་མེད་མི་སྐྱེ། །རྒྱུ་ལས་མ་གཏོགས་སྐྱེ་མི་འགྱུར། །རང་ ལས་མ་ཡིན་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །ཞེས་སོ)། །དགེ་དང་མི་དགེའི་འབྲས་བུ་ཡོད་ དེ་ཞེས་པ་ནི་(རྒྱུ་རྐྱེན་ལས་)སྐྱེ་བའི་(རྟེན་འབྲེལ་གྱི་)ཆོས་(ཉེར་ལེན་གྱི་ཕུང་པོ་)རྣམས་ལ་དགེ་བ་དང་མི་ དགེ་བའི་(ལས་ཀྱི་)འབྲས་བུ་ཡོད་པའོ། །(འོན་ཀྱང་སྐྱེ་བའི་སྐད་ཅིག་གཉིས་པར་)འགོག་པ(སྟེ་འཇིག་པ)འི་ (རྟེན་འབྲེལ་གྱི་)ཆོས་རྣམས་ནི་(སྐད་ཅིག་གཉིས་པར་འགགས་ནས་)དངོས་པོ་མེད་པ(ར་འགྱུར་བ)ས་ན་བྱེད་ པ་པོ་(བདེན་པའི་དངོས་པོ་)ཡིས་རྣམ་པར་དམན་ཏེ་བྱེད་པ་པོ་(བདེན་པ་)དང་བྲལ་བའོ། །ཞེས་པའི་ དོན་(ཏེ་བྱེད་པ་པོ་བདེན་པའི་དངོས་པོ་ཞིག་ཡོད་ན་དེས་བྱས་པའི་འབྲས་བུ་འང་བདེན་པའི་དངོས་པོ་ཞིག་ཡོད་དགོས་པ་ལ་ འབྲས་བུ་རྣམས་ནི་སྐད་ཅིག་གཉིས་པར་འགགས་པས་བདེན་དངོས་སུ་མ་གྲུབ་པའི་ཕྱིར་བྱེད་པ་པོ་བདེན་པའི་དངོས་པོ་མེད་དོ་ ཞེས་པའི་དོན་)ཏོ། །(སྐད་ཅིག་གཉིས་པར་)འགོག་པ(སྟེ་འཇིག་པ)འི་ཆོས་ཀྱི་ཚོགས་(ཉེར་ལེན་གྱི་ཕུང་པོ་རྣམས་ 234)ལ་(ཐར་བའི་གནས་སུ་)འགྲོ་བ་པོ་མེད་(དེ་སྐད་ཅིག་གཉིས་པར་འགགས་ནས་མེད་པའི་ཕྱིར་རོ)དོ། །(འོན་ཀྱང་ སེམས་ཅན་ཐར་བའི་ལམ་དུ་ཞུགས་པ་རྣམས་)ཐར་བའི་ཆེད་དུ་འགྲོ་བ་ཡོད་པ་ནི་(སེམས་ཅན་གྱི་ཕུང་པོ་ཁམས་ སོགས་གློ་བུར་བ་རྣམས་ཆོས་ཉིད་འོད་གསལ་གྱི་དབྱིངས་སུ་འགགས་པ་ཉིད་ཐར་པའི་གནས་ཕུང་པོ་ཁམས་སོགས་)གཞན་ རྣམས་ལས་(འགྲོ་བ་ཞེས་བྱ་སྟེ་)ཏེ་(འགྲོ་བའི་གནས་ཐར་པ་ཆེན་པོ་)གཟུགས་དེ་ཡང་(གཟུགས་)གཞན་(ཡིན་ ནོ)ཞེས་པ་ལ་སོགས་པ་(སྒྲིབ་པ་མེད་པའི་ཕུང་པོ་ཁམས་སོགས་པྲ་ཕབ་པ་ལྟ་བུ་)གསུངས་པའི་ཕྱིར་རོ། །མ་ ལུས་པ་ནི་མཐའ་དག་གོ། འཆིང་བ་ཡོད་དེ་བཅིངས་པ་མེད། །ཅེས་པ་ནི་(འཁོར་བ་)འདིར་སྐྱེ་ བའི་(རྟེན་འབྲེལ་གྱི་)ཆོས་〔ཉེར་ལེན་གྱི་ཕུང་པོ་〕རྣམས་ལ་(སྐུར་བཤད་པ་ལྟར་བདག་ཉིད་ལས་བྱུང་བའི་རྣམ་རྟོག་གི་)འཆིང་བ་ཡོད་དོ། །(དེ་སེམས་ཅན་རྣམས་འཁོར་བར་གནས་པའི་ཕྱིར་རོ། །འོན་ཀྱང་ཅུང་ཟད་དཔྱད་ན་ཉེར་ལེན་གྱི་ ཕུང་པོ་སྐད་ཅིག་གཉིས་པར)འགོག་པ(སྟེ་འཇིག་པ)འི་ཆོས་(དེ་)རྣམས་ལ་བཅིངས་པ་མེད་(དེ་སྐད་ཅིག་ གཉིས་པར་འགགས་ནས་དངོས་པོ་མེད་པའི་ཕྱིར་རོ)དོ(འདི་དག་ནི་མྱང་འདས་ཆེན་པོར་ཡང༌། རིགས་ཀྱི་བུ་གཞན་ཡང་ཇི་ ལྟར་ན་དོན་ཤིན་ཏུ་ཟབ་མོ་ཞེ་ན་སེམས་ཅན་ལ་ཡང་དག་པར་ན་བདག་མེད་པ་ཤེས་ཀྱང་མ་འོངས་པའི་ལས་ཀྱི་འབྲས་བུ་རྣམ་ པར་སྨིན་པ་མེད་པར་མི་འགྱུར་བར་ཡིད་ཆེས་པ་དང་ཕུང་པོ་ལྔ་འདི་ཉིད་མ་ལུས་པར་འགོག་པར་ཤེས་མོད་ཀྱི་དགེ་བ་དང་སྡིག་ པའི་ལས་རྣམས་ཀྱང་མེད་པར་མི་འགྱུར་བར་ཤེས་པ་དང་ལས་རྣམ་པ་མང་པོ་ཡོད་མོད་ཀྱི་བྱེད་པ་པོ་དམིགས་སུ་མེད་པ་དང་ ཕྱིན་པའི་གནས་ཡོད་མོད་ཀྱི་འགྲོ་བ་མེད་པ་དང་འཆིང་བ་ཡོད་མོད་ཀྱི་བཅིངས་པ་མེད་པ་དང༌། མྱ་ངན་ལས་འདས་པ་ཡོད་མོད་ ཀྱི་འགོག་པ་མེད་པར་ཤེས་པ་སྟེ་དེ་ནི་དགོངས་ཏེ་གསུངས་པའི་དོན་ཟབ་མོ་ཞེས་བྱའོ། །ཞེས་གསུངས་པ་དང་དགོངས་པ་གཅིག་ ཏུ་སྣང་ངོ་)། །དངོས་པོ་དངོས་མེད་དག་ཀྱང་ཡོད་དེ་སྐད་ཅིག་རྣམ་བྲལ་རང་བཞིན་མེད་པ་དག་ གི་སྲིད་པ་ཡོད་ཅེས་པ་ནི་(མཐར་ཐུག་གི་སྐབས་)འདིར་དངོས་པོ་དང་དངོས་པོ་མེད་པ་(གདོད་མ་ཉིད་ ནས་)གཅིག་ཏུ་འདྲེས་པར་གྱུར་པ་(དངོས་པོའི་)རང་བཞིན་མེད་ཅིང་(རྡུལ་ཕྲ་རབ་ཀྱི་)རྫས་དང་རྣམ་ པར་རྟོག་པ(ས་བརྟགས་པའི་རྣམ་པ་)དང་བྲལ་བ་(དངོས་པོ་མེད་པའི་དོན་ཡིན་ལ་)པྲ་ཕབ་པ(འི་སྣང་བ་)དང་ མཚུངས་པ་(ནི་དངོས་པོའི་དོན་ཡིན་ཏེ། དེ་གདོད་མ་ནས་འདྲེས་པའོ)སྐད་ཅིག་རྣམས་བྲལ་ཏེ་(སྐད་ཅིག་གིས་) 3-1-229 སྐྱེ་བ་དང་འཇིག་པ་དང་བྲལ་བ་ཡི་དངོས་པོ་(ཞེས་པ་ནི་གནས་ལུགས་ལ་ཡོད་པའི་དོན་ཏེ་དོན་དམ་བདེན་པ་ དང་པོའི་སངས་རྒྱས་དེ་)ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་སྐོར་བའི་དོན་དུ་ཡོད་དོ(ཞེས་པ་ མཚན་བརྗོད་ལས། སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་གསུངས་སོ)། །འདི་རྣམས་(རྡོ་རྗེ་འཆང་)བདག་གི་ སྟེ་(རྣམ་པར་རྟོག་པའི་)གདོན་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཚིག་གང་ཡིན་པ་དེ་ནི་ལྷ་དང་ གདེངས་ཅན་རྣམས་ཀྱི་(རྣམ་པར་རྟོག་པའི)གདོན་བཅས་ཚིག་གིས་འཇོམས་མི་འགྱུར་ཞེས་པ་ འདིར་དཔེར་ན་གདོན་གྱིས་བཟུང་བའི་གྱད་ཀྱིས་གདོན་ལས་གྲོལ་བའི་གྱད་གཞོམ་པར་མི་ ནུས་སོ། །དེ་བཞིན་དུ་རྣམ་པར་རྟོག་པའི་གདོན་གྱིས་བཟུང་བ(འཁོར་བ་པའི་ཚིག་གི)ས་རྣམ་པར་ རྟོག་པའི་གདོན་ལས་གྲོལ་བ་(སངས་རྒྱས་ཀྱི་བཀའ་)གཞོམ་པར་མི་ནུས་སོ། །བདག་མེད་པ་ལ་ སོགས་པ་(སངས་རྒྱས་ཀྱི་བསྟན་པ་ཟབ་མོའི་དོན་)གྲུབ་པའོ། །འདི་ནི་མདོར་བསྡུས་པས་གསུངས་པ་ སྟེ་རྒྱས་པར་(བཀའ་)ལུང་(མདོ་རྒྱུད་)རྒྱ་ཆེན་པོ་ལས་ཤེས་པར་བྱའོ་ཞེས་པ་ནི་ངེས་པའོ། ༡༦༦། ༈ ད་ནི་(སངས་རྒྱས་པའི་)བྱེ་བྲག་(ཏུ་)སྨྲ་བ་དང་མདོ་སྡེ་བ་དང་རྣལ་འབྱོར་སྤྱོད་པ(སེམས་ ཙམ་པ)འི་འདོད་པ་(དངོས་པོར་སྨྲ་བའི་ལྟ་བ་)སུན་དབྱུང་པ་གསུངས་པ་གང་ཞིག་དེ་ཉིད་ཅེས་པ་ལ་ སོགས་པ་སྟེ་འདིར་(སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་)སངས་རྒྱས་པ(ཡིན་ཡང་དངོས་པོ་དོན་དམ་པར་བདེན་ པ་ཞིག་ཡོད་པར་ལྟ་བས)འི་མུ་སྟེགས་པ་(ལྟ་བུར་གྱུར་བ་)གང་དག་ཕྱོགས་(ཏེ་མཐར་)ཡོངས་སུ་འཛིན་ནོ། ། རང་གི་ཕྱོགས་(ཏེ་ཡོད་པའི་མཐར་)འཛིན་པ་དེས་གཞན་གྱི་ཕྱོགས་(ཏེ་མེད་པའི་མཐར་)ཀྱང་འཛིན་ པར་བྱེད་པར་འགྱུར་ཏེ་(ཇི་ལྟར་འཛིན་ན་དེ་ཁོ་ན་ཉིད་ཀྱི་དོན་མི་ཤེས་པ་)བྱིས་པའི་བློ་ཅན་དེ་རྣམས་ཀྱིས་ (ཡོད་པ་)དེའི་ཆོས་(མཐུན་པར་བརྗོད་དུ་མེད་པའི་བདག་རྡུལ་ཕྲ་རབ་ཆ་མེད་དང་རྣམ་ཤེས་དོན་དམ་པར་ཡོད་པར་ལྟ་བ་ ཉིད་)ཀྱིས་སམ་(ཡོད་པ་)དེའི་ཆོས་མི་མཐུན་པ(དངོས་པོ་དེ་དག་ལས་གཞན་མེད་པར་ལྟ་བ)ས་སོ། ། ༈ འདིར་〔ཉན་ཐོས་〕བྱེ་བྲག་〔ཏུ་〕སྨྲ་བ(འི་ཁྱད་པར་གནས་མ་བུ་པའི་སྡེ་བ་)གང་ཞིག་〔ཁོ་ན་〕དེ་ཉིད་〔ཀྱི་ དོན་བརྗོད་དུ་མེད་པའི་〕གང་ཟག་(སྟེ་བདག་)ཅེས་བྱ་(བ་)ལུས་ལ་གནས་པར་སྨྲ་བ་དེ་ནི་རང་བཞིན་ 3-1-230 དག་གིས་ཉམས་ཞེས་པ་ནི་འདིར་གལ་ཏེ་གང་ཟག་གི་ནང་དུ་འདུས་པ་སྐྱེ་བའི་ཆ་ཤས་ཅན་ གྱི་གང་ཟག་(ཏེ་{བདག་}རྟག་མི་རྟག་པ་གཅིག་གང་ཡང་མ་ཡིན་པ་ཞིག་)ཡོད་ན་དེའི་ཚེ་(བདག་དེའི་)རང་ བཞིན་(ཏེ་གནས་ལུགས་ཁྱོད་ཀྱི་)བརྗོད་པར་བྱའོ། །ཅི་(བདག་དེ་)ཤེས་པའི་རང་བཞིན་ནམ་མི་ཤེས་ པའི་རང་བཞིན་ཡིན། གལ་ཏེ་ཤེས་པའི་རང་བཞིན་ཡིན་པ་དེ་ལྟ་ན་(བདག་དེ་)མི་རྟག་(པར་ འགྱུར)སྟེ་(རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །ཁྱབ་པ་བརྗོད་པ་)འདིར་བུམ་པའི་ཤེས་པ་འགགས་པ་ན་ སྣམ་བུའི་ཤེས་པ་འབྱུང་བར་འགྱུར་རོ། །དེའི་ཕྱིར་(ཤེས་པ་གང་ཡིན་པ་དེ་)མི་རྟག་གོ། ཅི་སྟེ་(བདག་ དེ་)མི་ཤེས་པའི་རང་བཞིན་ཡིན་ན་དེའི་ཚེ་(བདག་དེས་བདེ་སྡུག་མི་མྱོང་བར་འགྱུར་ཏེ་ཤེས་པ་མ་ཡིན་པའི་ ཕྱིར་རོ། །ཁྱབ་པ་བརྗོད་པ་གང་)མི་ཤེས་པ་(དེ་)ལ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་རིག་པ་མེད་ དོ། །དེས་ན་བྱེ་བྲག་(ཏུ་)སྨྲ་བ(འི་འདོད་པ་བརྗོད་དུ་མེད་པའི་བདག་ཡོད་པ་)དེ་ནི་(བདག་)དེའི་རང་བཞིན་ (རིགས་པས་)རྣམ་པར་དཔྱད་ན་ཉམས་སོ། །(ཁུར་ཁུར་བའི་མདོ་)འདིར་ཁུར་ཁུར་བའི་གང་ཟག་ ཡོད་དེ་རྟག་པར་ཡང་བདག་མི་སྨྲ་ཞིང་མི་རྟག་པར་ཡང་བདག་མི་སྨྲའོ་ཞེས་པ་བཅོམ་ལྡན་ འདས་ཀྱི་གསུང་གང་ཡིན་པ་དེ་ནི་(དགོངས་གཞི་རྨི་ལམ་གྱི་གནས་སྐབས་ཀྱི་གང་ཟག་ལ་དགོངས་ནས་མུ་སྟེགས་ ཅན་བསྟན་པ་ལ་གཞུག་པའི་དོན་དུ་ལྡེམ་པོར་དགོངས་ཏེ་གསུངས་པ་ཡིན་ནོ)ཡེ་ཤེས་ཀྱི་ལེའུ་ལས་རྒྱ་ཆེར་བརྗོད་ པར་བྱའོ། །ཀུན་རྫོབ་དག་གིས་དོན་ནི་སྨྲ་བ་པོ་ཡང་དོན་དམ་མ་རིག་མེད་པ་དག་ཏུ་འདོད་ པའོ། །(ཞེས་པ་)འདིར་(ཉན་ཐོས་མདོ་སྡེ་བ་དག་)ཀུན་རྫོབ་ཀྱིས་(ཏེ་ཀུན་རྫོབ་ཏུ་)སྔོན་པོ་ལ་སོགས་པའི་ (ཕ་རོལ་གྱི་)དོན་(ཡོད་པར་)འཛིན་པའི་(ཕྱི་རོལ་གྱི་)དོན་〔རྡུལ་ཕྲ་རབ་དོན་དམ་པར་ཡོད་པར་〕སྨྲ་བ་པོ་ནི་(རྣམ་ པར་དཔྱད་ན་)ཉམས་སོ། །ཇི་ལྟར་(ཉམས་)ཞེ་ན་(རྡུལ་ཕྲ་རབ་དོན་དམ་པར་ཡོད་པར་འདོད་པ་ནི་)དོན་དམ་པ་ ཡེ་ཤེས་ཀྱི་སྐུ་(རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པས་གཟུགས་ཅན་མ་ཡིན་པ་དེ་མ་ཤེས་ཤིང་གནས་ལུགས་དོན་དམ་པའི་ བདེན་པ་རྟོགས་པའི་ལྟ་བ་ལས་ཉམས་ནས་)མ་རིག་སྟེ་(སྐ་དེ་ལྟ་བུ་ལ་)མོ་གཤམ་གྱི་བུ་བཞིན་དུ་མེད་པ་དག་ ཏུ་འདོད་པས་སོ། །དེ་བཞིན་དུ་(བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་)སྨྲས་པ། 〔ཤེས་བྱ་གཞི་ལྔ་སྟེ་གཟུགས་ཀྱི་གཞི་ 3-1-231 དང་སེམས་ཀྱི་གཞི་དང་སེམས་ལས་བྱུང་བའི་གཞི་དང་མི་ལྡན་པའི་འདུ་བྱེད་ཀྱི་གཞི་དང་དེ་ལ་འདུས་མ་བྱས་ཀྱི་གཞིའོ། །དེ་ ལ་འདུས་མ་བྱས་ནི་མི་སྒྲིབ་པའི་དངོས་པོ་མ་ཡིན་པར་དགག་པ་〕ནམ་མཁའ་དང་ནི་འགོག་པ་གཉིས། །(ཞེས་པ་ སོ་སོར་བརྟགས་པས་འགོག་པ་ནི་སྤང་བྱ་ཟག་བཅས་དང་བྲལ་བ་གང་ཞིག་གཉེན་པོ་སོ་སོར་བརྟགས་པའི་ཤེས་རབ་ལ་སོགས་ པའི་སྟོབས་ཀྱིས་ཐོབ་པར་བྱ་བ་བྲལ་བ་རྫས་རྟག་པ་དགེ་བ་མ་ཡིན་པར་དགག་པ་དང་སོ་སོར་མ་བརྟགས་པར་འགོག་པ་ནི་མ་ འོངས་པའི་འདུས་བྱས་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་རྐྱེན་མ་ཚང་བས་ཐོབ་པ་སྟེ་དེ་ལྟར་)འདུས་མ་བྱས་གསུམ་(ནི་) རྟག་པ་སྟེ། །འདུས་བྱས་(གཞི་གཞན་བཞི་པོ་)ཐམས་ཅད་སྐད་ཅིག་མ། །(ཡིན་ལ་མུ་སྟེགས་པས་བརྟགས་ པའི་གང་ཟག་གི་)བདག་གི་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་(གཟུང་དོན་གྱི་)རྣམ་(པ་ཤར་བ་) མེད་(པར་ཐུག་ཕྲད་ཉིད་)ཀྱིས། །(རྡུལ་)ཕྲ་རབ་བསགས་པ(འི་རགས་པ)་དངོས་སུ་རིག(ཅིང་སོ་སོ་མི་རིག་ གོ་ཞེས་པ)། །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། ། ༈ (མདོ་སྡེ་བའི་ལུགས་ནི་དབང་པོའི་)ཤེས་པ་(གཟུང་ཡུལ་གྱི་)རྣམ་བཅས་(སུ་སྐྱེ་ཞིང་ཤེས་པ་)སྐྱེད་བྱེད་ (གཟུང་དོན་ཤེས་པའི་ལྔ་ལོག་ན་ཡོད་པ་དེ་)ནི། །དབང་པོ(ཤེས་པ་དེ)འི་སྤྱོད་ཡུལ་(དུ་)སྣང་བ་མིན། །ནམ་ མཁའ་〔ནི་ཐོགས་པར་བྱེད་པའི་རིག་བྱེད་མེད་པ་ཙམ་སྟེ་〕མོ་གཤམ་བུ་དང་མཚུངས(པར་དངོས་པོ་མེད་ལ)། ། འགོག་པ་(ཞེས་པ་རྐྱེན་མ་ཚང་བས་འདུས་བྱས་མ་སྐྱེས་པ་ཙམ་གྱིས་སོ་སོར་{མ་}བརྟགས་པར་འགོག་པ་དང་ཤེས་རབ་ གཙོ་བོར་གྱུར་བའི་གཉེན་པོའི་མཐུས་ཟག་པ་དང་བཅས་པ་མི་འབྱུང་བར་སོ་སོར་བརྟགས་པས་འགོག་པ་སྟེ་དེ་དག་)དང་ ནི་ནམ་མཁའ་མཚུངས(ཤིང་མི་ལྡན་པའི)། །འདུ་བྱེད་(གཟུགས་སེམས་སེམས་འབྱུང་ལས་ཐ་དད་པའི་)བེམ་ པོ་ཡོད་(པ་)མ་ཡིན། །དུས་གསུམ་(གཅིག་ལ་གཅིག་)རྗེས་〔སུ་〕འགྲོ་(བའི་རྫས་གྲུབ་)དག་ཀྱང་མེད(པ་ དང་སངས་རྒྱས་མྱ་ངན་ལས་འདས་ནས་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ)། །ཐོགས་པ་མེད་པའི་(ཡེ་ཤེས་ཀྱི་)གཟུགས་(དེ་སྐུ་)ཡོད་(པ་)མིན(ནོ)། །ཞེས་པ་མདོ་སྡེ་བ་ཡིས་རིག །ཅེས་སོ(ཤེས་བྱ་གཞི་ལྔར་ནི་ མདོ་སྡེ་བ་ཡང་འདོད་དོ)། །དེས་ན་(རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་)ཐོགས་པ་མེད་པའི་(སངས་རྒྱས་ཀྱི་ཡེ་ ཤེས་ཀྱི་)གཟུགས་(ཏེ་སྐུ་)དུས་གསུམ་(ཐོགས་ཆགས་མེད་པར་)རིག་པར་བྱེད་པ་པོ་གལ་ཏེ་མར་མེ་ 3-1-232 རྣལ་བ་དང་མཚུངས་པ་(ཅི་ཡང་མེད་པར་འགྱུར་བ་)ཡིན་ན་དེའི་ཚེ་(སངས་རྒྱས་ལ་)ཐོགས་པ་མེད་པའི་ གཟུགས་(ཡེ་ཤེས་ཀྱི་སྐུ་)མེད་པའི་ཕྱིར་(སངས་རྒྱས་ཏེ་)ཐམས་ཅད་མཁྱེད་པར་མི་འགྱུར་རོ། །(ཡེ་ ཤེས་ཀྱི་)སྐུ་བཞི་(ཆ་མེད་ཀུན་འགྲོ་ཁྱབ་པ་པོ་)མ་གཏོགས་པ་(ཐམས་ཅད་དུ་མ་ཁྱབ་པ་)ཉི་ཚེ་བའི་(གཟུགས་ཀྱི་) སྐུ(ཙམ་གྱི)ས་སངས་རྒྱས་ཉིད་དུ་མི་འགྱུར་རོ། །(སངས་རྒྱས་པའི་ལུགས་)འདིར་ཐོགས་པ་མེད་པའི་ (ཡེ་ཤེས་ཀྱི་)སྐུ་དང་བྲལ་བའི་སངས་རྒྱས་ནི་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་(མཁའ་ཁྱབ་)སྟོན་ པར་མི་འགྱུར་རོ། །(སངས་རྒྱས་ཀྱི་གསུང་ཡང་སེམས་ཅན་)ཐམས་ཅད་ཀྱི་སྐད་ཀྱི་(རྣམ་པ་ཅན་གྱི་)གསུང་ དུ་མི་འགྱུར་རོ། །(སངས་རྒྱས་ཀྱི་ཐུགས་ཀྱིས་)གཞན་གྱི་སེམས་(ཐམས་ཅད་)མཁྱེན་པར་ཡང་མི་འགྱུར་ རོ། །(སངས་རྒྱས་ཀྱི་)ལྷའི་མིག་ལ་སོགས་པ་ཐམས་ཅད་འབྲས་བུ་མེད་པར་འགྱུར་(ཏེ་མྱ་ངན་ལས་ འདས་པ་ནི་ཅི་ཡང་མེད་པར་འགྱུར་བའི་ཕྱིར)རོ། །ཞེས་པ་ནི་མདོ་སྡེ་བའི་འཛིན་པ(སྟེ་ལྟ་བ)འི་སྐྱོན་ནོ། ། ༈ ད་ནི་རྣལ་འབྱོར་སྤྱོད་པ་(སེམས་ཙམ་པ་)རྣམས་ཀྱི་འཛིན་པའི་སྐྱོན་གསུངས་པ་སྲིད་ གསུམ་མཐའ་དག་རྣམ་པར་ཤེས་པ་ཉིད་དུ་སྨྲ་བ་པོ་ཡང་རྣམ་པར་ཤེས་པ་འདོད་པར་བྱེད་ ཅེས་པ་སྟེ་(སེམས་ཙམ་པས་)སྨྲས་པ། (མུ་སྟེགས་པས་བརྟགས་པ་ལྟར་)ཡན་ལག་ཅན་(རྟག་པ་གཅིག་པུའི་གང་ ཟག་གི་བདག)ཞེས་སྨྲ་བ་མེད(ཅིང་)། །(ཉན་ཐོས་པ་དག་འདོད་པ་ལྟར་ཆ་ཤས་མེད་པའི་)ཕྲ་རབ་རྡུལ་རྣམས་ (བསགས་པའི་ཕྱི་རོལ་གྱི་དོན་)ཡོད་པ་མིན(ནོ)། །(དོན་མེད་ཀྱང་དོན་ལྟ་བུར་སྣང་བ་ནི་)རྨི་ལམ་(དུ་དོན་གྱི་ རྣམ་པ་)ཉམས་སུ་མྱོང་བ་(སྟེ་སྣང་བ་)བཞིན། །དམིགས་པ(འི་དོན་)མེད་པར་(བག་ཆགས་ཀྱི་དབང་ གིས་དོན་གྱི་རྣམ་པར་)རབ་ཏུ་སྣང་(ངོ་)། །(དེས་ན་)གཟུང་(བ་ཕྱི་རོལ་གྱི་དོན་)དང་(དེ་)འཛིན་པ(འི་རྣམ་ པར་ཤེས་པ་ལས)་རྣམ་(པར་)གྲོལ་བ(རང་གིས་རང་རིག་པ)འི། །རྣམ་པར་ཤེས་པ་(སྐད་ཅིག་མ་)དོན་དམ་ (པར་)ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས(ལང་ ཀར་གཤེགས་པ་ལས། གང་ཟག་རྒྱུན་དང་ཕུང་བོ་དང༌། །རྐྱེན་དང་དེ་བཞིན་རྡུལ་རྣམས་དང༌། །གཙོ་བོ་དབང་ཕྱུག་བྱེད་པོ་དག། སེམས་ཙམ་པོ་ལས་རྣམ་པར་བརྟག །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །རིགས་པས་རྣམ་ 3-1-233 པར་ལྟ་རྣམས་ཀྱི། །གཟུང་དང་འཛིན་པ་འགག་པར་འགྱུར། །ཇི་ལྟར་བྱིས་པས་རྣམ་བརྟག་ལྟར། །ཕྱི་རོལ་དོན་ནི་ཡོད་མ་ཡིན། ། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །ཞེས་གསུངས་པའི་ལུང་ལ་བརྟེན་པའོ)། །(རྣམ་ ཤེས་དོན་དམ་དུ་འདོད་པ་)དེའི་ཕྱིར་(རྣམ་ཤེས་དེ་)གཅིག་དང་དུ་མའི་རང་བཞིན་གྱིས་རྣམ་པར་དཔྱད་ པས་རྣམ་པར་ཤེས་པ་(བདེན་པ་)དང་བྲལ་བའི་ཕྱིར་རྣམ་པར་ཤེས་པ(དོན་དམ་དུ་ཡོད་པ)ར་སྨྲ་བ་ པོ(འི་གྲུབ་པའི་མཐའ་)ཉམས་སོ། །(རྣམ་རིག་པའི་ལུགས་)འདིར་(ས་བཅུ་པའི་མདོར། ཀྱེ་རྒྱལ་བའི་སྲས་དག་ཁམས་ གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་པའི་ལུང་ལ་བརྟེན་ནས་)ཁམས་གསུམ་པ་ནི་རྣམ་པར་ཤེས་པ་ཙམ་ མོ(ཞེས་འདོད་དོ)། །གལ་ཏེ་རྣམ་པར་ཤེས་པ་ལས་གཞན་ཕྱི་རོལ་གྱི་དངོས་པོའི་རང་གཟུགས་ མེད་ན་དེའི་འཛིན་པ་མིག་གི་རྣམ་པར་ཤེས་པ་ལ་ཕྱི་རོལ་གྱི་གཟུགས་ཇི་ལྟར་གཟུང་བའི་ རང་བཞིན་གྱིས་རབ་ཏུ་སྣང་(ཞེས་དྲིས་པས་སེམས་ཙམ་པས་ལན་)སྨྲས་པ། (ཐོག་མ་མེད་ནས་དོན་དུ་རྟོག་ པའི་)མ་རིག་པའི་བག་ཆགས་ཀྱི་དབང་གིས་སོ་ཞེ་ན་(དེ་སུན་འབྱིན་པ་)སྨྲས་པ་ཅི་མ་རིག་པ་འདི་ ཁམས་གསུམ་པའི་མཚན་ཉིད་ཅན་མ་ཡིན་ནམ། གལ་ཏེ་མ་རིག་པ་ཁམས་གསུམ་པའི་ མཚན་ཉིད་ཅན་མ་ཡིན་ན་(དེ་ལྟར་ཁས་བླངས་པ་)དེའི་ཚེ་(མ་རིག་པ་འདི་)འཁོར་བ་ལས་འདས་པའི་ མཚན་ཉིད་(ཅན་)དུ་(ཐལ་བར་)འགྱུར་རོ། །དེ་(འདོད་པ་)ལྟར་ན་(མ་རིག་པ་)འདི་(རང་བཞིན་ནམ་འབྲས་ བུའི་)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་(ཡིན་པར་ཐལ་བར་འགྱུར་)སྟེ(འཁོར་བ་ལས་འདས་པའི་ཤེས་པ་ཡིན་པའི་ ཕྱིར་རོ)། (འདོད་ན་)དེ་ལྟར་ཡང་མ་ཡིན་(པས་བསལ་བ་ཡིན་)ནོ། །(ཧ་ཅང་ཐལ་བར་འགྱུར་བ་)དེའི་ཕྱིར་མ་ རིག་པ་འདི་ནི་འཁོར་བའི་(རྣམ་པར་རྟོག་པའི་)བག་ཆགས་སོ། །འཁོར་བ་ཡང་སྲིད་པ་གསུམ་གྱི་ མཚན་ཉིད་དེ་སྲིད་པ་གསུམ་ནི་ཁམས་གསུམ་མོ། །དེ་ཡང་(ཁྱོད་ཀྱི་ལུགས་ལ་)རྣམ་པར་ཤེས་པ་ ཙམ་སྟེ་དེ་ལྟར་མ་རིག་པ་(འདི་)རྣམ་པར་ཤེས་པ་ཙམ་(ཡིན་པ་)དང་(ཡང་རྣམ་ཤེས་ནི་ཡང་དག་པ་མ་ཡིན་ པའི་ཀུན་རྟོག་ཡིན་ལ་རྟོག་པ་ནི་མ་རིག་པའི་ངོ་བོ་ཡིན་པའི་ཕྱིར་)རྣམ་པར་ཤེས་པ་མ་རིག་ཙམ་(མ་རིག་པ་)དེའི་ བདག་ཉིད་ཡིན་(དགོས་པས་)ན་(རྣམ་ཤེས་མ་རིག་པ་)དེའི་བདག་ཉིད་ཡིན་པའི་ཕྱིར་(རྣམ་ཤེས་དེ་)མ་ 3-1-234 རིག་པ་དང་བྲལ་བ་མེད་(པར་འགྱུར་)དེ་རྣམ་པར་ཤེས་པ་ནི་མ་རིག་པ་ཙམ་(གྱི་བདག་ཉིད་)ཡིན་ པའི་ཕྱིར་རོ(དེ་འདོད་ན་སེམས་ཅན་སངས་རྒྱས་པ་མེད་པར་འགྱུར་ཏེ་རྣམ་ཤེས་དེ་དོན་དམ་དུ་ནི་ཡོད་པ་མ་རིག་པ་དང་ བྲལ་བར་འགྱུར་བ་མི་སྲིད་པའི་ཕྱིར་རོ། །ཞེས་པ་དོན་གྱིས་ཐོབ་པོ)། །ཅི་སྟེ་ཁམས་གསུམ་པ་རྣམ་པར་ཤེས་པ་ ཙམ་མ་ཡིན་ན་དེའི་ཚེ་(ཁྱེད་རྣམས་རང་རིག་པའི་)དམ་བཅའ་བ་ཉམས་ཏེ་ཁམས་གསུམ་པ་(རྣམ་ཤེས་)ཙམ་དུ་མ་གྲུབ་པོ། ། ༈ ད་ནི་(རྣམ་ཤེས་དོན་དམ་དུ་བདེན་པ་དེ་)སྐ་ཅིག་འཇིག་པ་དང་སྐྱེ་བའི་སྐྱོན་[གསུངས་པ་ [བརྗོད་པར་བྱ་སྟེ་(རྩ་མི་དང་ར་ཟེར)]འདིར་(རྣམ་པར་ཤེས་པའི་)ཆོས་རྣམས་(དོན་དམ་པར་)སྐ་ཅིག་ མ་གཅིག་ལ་འཇིག་པ་དང་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ཅི་གནས་པ་མེད་པར་(སྐྱེ་འཇིག་ཏུ་ འགྱུར་)རམ་(གནས་པ་དང་བཅས་པར་སྐྱེ་འཇིག་ཏུ་འགྱུར་)གལ་ཏེ་གནས་པ་མེད་པར་འཇིག་པ་དང་སྐྱེ་ བར་འགྱུར་ན་དེའི་ཚེ་(རིག་པ་མཚུངས་པས་)རི་བོང་གི་རྭ་ལ་ཡང་(སྐྱེ་འཇིག་ཡོད་པར་)འགྱུར་རོ། །ཅི་ སྟེ་(ཕྱོགས་གཉིས་པ་ཆོས་གཅིག་ཉིད་)སྐྱེས་པ་ལ་གནས་ཤིང་གནས་པ་ལས་འཇིག་སྟེ་ཞིག་པ་ལས་ (ཆོས་གཞན་)སྐྱེ་བ་དེ་ལྟ་(བུ་འདོད་)ན་གནས་པ་དང་འཇིག་པ་དང་སྐྱེ་བ་རྣམས་(དུས་གཅིག་ཡིན་པར་ འགྱུར་པ་ལས་)གཅིག་(ཡིན་པ་)ཉིད་མེད་དེ་མཚན་ཉིད་ཐ་དད་པས་(གསུམ་པོ་གཅིག་མ་ཡིན་པར་)རྟོགས་ པར་བྱའོ། །(ཐ་དད་པའི་རྒྱུ་མཚན་)འདིར་གང་གིས་དུས་ན་(སྟེ་སྐད་ཅིག་གང་ལ་)གནས་པ་ཡོད་པ་དེའི་ དུས་ན་སྐྱེ་བ་དང་འཇིག་པ་མེད་དོ། །གང་གི་དུས་ན་〔སྟེ་སྐད་ཅིག་གང་ལ་〕འཇིག་པ་ཡོད་པ་དེའི་ དུས་ན་སྐྱེ་བ་དང་གནས་པ་མེད་དོ། །གང་གི་དུས་ན་〔སྟེ་སྐད་ཅིག་གང་ལ་〕སྐྱེ་བ་ཡོད་པ་དེའི་དུས་ན་ གནས་པ་དང་འཇིག་པ་མེད་དོ། །དུས་ཞེས་པ་ནི་སྐ་ཅིག་གོ། གལ་ཏེ་དུས་(ཏེ་སྐད་ཅིག)གཅིག་ 〔ཉིད་〕ལ་(སྐྱེ་བ་དང་གནས་པ་དང་འཇིག་པ་)ཡིན་ན་སྐྱེ་བ་དང་རྒ་བ་དང་འཆི་བ་རྣམས་གཅིག་པ་ཉིད་ དོ་ཞེས་པ་ལས་གཞན་པ་ཅི་(སྟེ་འོས་མེད་ལ་དེ་དག་གཅིག་པ་ཉིད་ནི་མི་སྲིད་དོ། །གཞན་ཡང་)འདིར་གང་དུ་ སྐ་ཅིག་གཅིག་ལ་(རྣམ་པར་ཤེས་པའི་)ཆོས་སྐྱེ་བ་དང་འཇིག་པ་དེ་ཅི་(རྣམ་པར་ཤེས་པའི་)ཆོས་སྔ་མ་ 3-1-235 འགགས་པ་ལས་སམ་འོན་ཏེ་མ་འགགས་པའི་ཆོས་ལས་ཆོས་ཕྱི་མ་སྐྱེ་གལ་ཏེ་འགགས་པའི་ ཆོས་ལས་སྐྱེ་ན་དེའི་ཚེ་འགགས་པའི་མར་མེ་ལས་མར་མེ་གཞན་སྐྱེའོ(ཞེས་བརྗོད་ན་ཡང་རྒྱུ་མཚན་ མཚུངས་སོ)། །ཅི་སྟེ་(རྣམ་ཤེས་སྔ་མ་)མ་འགགས་པ་ལས་(ཕྱི་མ་)སྐྱེ་ན་དེའི་ཚེ་མ་འགགས་པའི་མར་ མེ་ལས་མར་མེ་(གཞན་)སྐྱེ་བ་བཞིན་དུ་(རྣམ་ཤེས་མ་འགགས་པ་)དེ་ལས་(རྣམ་ཤེས་)གཞན་སྐྱེ(དགོས་ ལ)འོ། །དེ་ལྟར་སྐྱེས་པ(འི་རྣམ་ཤེས་གཞན་དེ་)ལས་(ཀྱང་རྣམ་ཤེས་གཞན་)སྐྱེ་བས་ན་མར་མེའི་ཕྲེང་བ་ བཞིན་དུ་རྣམ་པར་ཤེས་པའི་(སྐད་གཅིག་མ་རྣམས་)ཕྲེང་བ(ལྟ)ར་(གནས་པར་)འགྱུར་རོ། །དེའི་ཕྱིར་ རྣམ་པར་ཤེས་པ་སྔ་མ་མ་འགགས་པ་ལས་(རྣམ་ཤེས་)གཞན་སྐྱེ་བ་བརྗོད་པར་མི་ནུས་ཏེ་(རྣམ་ ཤེས་སྔ་མ་)འགགས་པ་ལས་ཀྱང་ངོ༌། །〔འགགས་མ་འགགས་〕འདྲེས་པ་(སྟེ་གཞི་མཐུན་)ལས་ཀྱང་(སྐྱེ་བ་) མ་ཡིན་ཏེ་དེ་དག་ཕན་ཚུན་འགལ་བས་(འགགས་མ་འགགས)གཅིག་པ་ཉིད་མེད་དོ། ། ༈ དེའི་ཕྱིར་དབུ་མ་པས་སྨྲས་པ(ཕྱི་རོལ་གྱི་དོན་མེད་པར་མ་ཟད)། །རྣམ་ཤེས་དེ་ཡང་དོན་དམ་ དུ། །ཡོད་པར་མཁས་(པ་དབུ་མ་པ)རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། ། བྲལ་བ(འི་ཕྱིར་ཏེ)ས་(དཔེར་ན་)ནམ་མཁའི་པད་མ་བཞིན(ནོ)། ། ༈ (དེ་ལྟར་དོན་དམ་པ་ཅི་ཡང་མ་གྲུབ་པ་ཡིན་ནམ་སྙམ་ན་རྡུལ་ཕྲན་དང་རྣམ་ཤེས་སོགས་བདེན་པའི་དངོས་པོར། དེ་ ལྟར་ན་དོན་དམ་པར་ཅི་ཡང་མ་གྲུབ་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ་)ཡོད་(པ་)མིན་(ཞིང་རི་བོང་གི་རྭ་ལྟར་ཅི་ཡང་)མེད་ (པ་)མིན་(ལ་)ཡོད་མེད་(གཉིས་ཀ་)མིན། །གཉི་གའི་བདག་ཉིད་མིན་པ(འི་མཐའ)འང་མིན(པས)། ། མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་(ཁོ་ན་)ཉིད་〔སོ་སོ་རང་རིག་གི་སྤྱོད་ཡུལ་དུ་གྱུར་པ་ཞིག་ཕྱི་རོལ་གྱི་དོན་ མེད་པར་མ་ཟད་〕དབུ་མ་པ་ཡིས་རིག་ཅེས་སོ(དེ་ལྟར་གྲུབ་མཐའ་བཞི་པོའི་ཚིགས་བཅད་འདི་རྣམས་འཕགས་པ་ འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་དང༌། འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་དང༌། སློབ་ དཔོན་ཛེ་ཏ་རིའི་བདེ་གཤེགས་གཞུང་གི་རབ་བྱེད་ལས་ཀྱང་གསུངས་སོ)། ། ༈ གང་ཞིག་ཕྱོགས་(ཏེ་ཡོད་མེད་རྟག་ཆད་ཀྱི་མཐའ་)ཉམས་(པ་སྟེ་བྲལ་བར་སྨྲ་བ་)དེ་ནི་(མཐར་ཐུག་དབུ་ 3-1-236 མའི་ལྟ་བ་ལས་)མ་ཉམས་པར་འགྱུར་རོ། །དེ་གང་ཞེ་ན། གང་ཞིག་སྙིང་རྗེ་སྟོང་ཉིད་གཉིས་སུ་ མེད་པ་སྨྲ་བ་པོ་སྟེ་འདིར་(དབུ་མ་པ་མཁས་པ་)གང་གི་(ལྟ་བ་)སྙིང་རྗེ་(མི་འགྱུར་བའི་བདེ་བ་ཆེན་པོ་དངོས་ པོའི་)དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་(ནི་མེད་པའི་མཐའ་དང་བྲལ་བ་དོན་དམ་པའི་ ཐབས་ཝཾ་ཡིག་)དང་(དམིགས་པ་དང་བཅས་པའི་)སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ (ནི་ཡོད་པའི་མཐའ་དང་བྲལ་བ་དོན་དམ་པའི་ཤེས་རབ་ཨེ་ཡིག་ཟུང་དུ་འཇུག་པ་སྟེ་)དུས་གསུམ་(ལ་མ་ཆགས་མ་ཐོགས་ པར་)ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་དུ་(རྒྱུན་མ་ཆད་པར་)འཇུག་པ་(ཞིག་དོན་དམ་པར་ཡོངས་སུ་ གྲུབ་པ)འོ་ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ(དེ་ལྟར་ན་ཕྱི་མཚན་ཉིད་ཐེག་པའི་དབུ་ མའི་ལྟ་བ་ནི་དབུ་མ་ཆེན་པོའི་ལྟ་བ་མཐར་ཐུགས་པ་མ་ཡིན་གྱི། དབུ་མའི་ལྟ་བ་མཐར་ཐུག་པ་ཤེས་པ་ལ་བླ་ན་མེད་པའི་རྒྱུད་ཀྱི་ དགོངས་པ་ཤེས་དགོས་ཏེ། དཔལ་ཀྱེའི་རྡོ་རྗེར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་ བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་ རིམ་པ་ཀུན་ཤེས་ནས། །དེའི་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་གསུངས་ཏེ་མཐར་ཐུག་གི་དབུ་མའི་དོན་ནི། སྟོང་ཉིད་སྙིང་རྗེ་དབྱེར་ མེད་པ། ཀྱེའི་རྡོ་རྗེའམ་དུས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་སྐུ་ཉིད་ཡིན་པར་ཤེས་པར་བྱའོ)། ༡༦༧ ། ༈ ད་ནི་(སྐྱེ་བ་)སྔ་མའི་ལས་(ལ་ཚེ་འདིར་)ཉེ་བར་ལོངས་སྤྱོད་པ་དང་(སྐྱེ་བ་ཕྱི་མ་ལ་ལོངས་སྤྱོད་པའི་)ད་ལྟར་གྱི་ལས་སོགས་པ་ལ་དགག་པ་གསུངས་པ་སྐྱེ་བོ་ཞེས་པ་ལ་སོགས་པ་སྟེ་འདིར་(མུ་ སྟེགས་བྱེད་རྟག་ལྟ་བའི་བྱེ་བྲག་)གང་དག་གི་འདོད་པ་ལས་(སྐྱེ་བ་འདིའི་)སྔར་བྱས་པའི་ལས་རྣམས་(ཚེ་ འདིར་)སྐྱེ་བོ་ལོངས་སྤྱོད་ཅིང་སྐྱེ་བ་འདི་ལ་བྱས་པ(འི་ལས)རྣམས་ནི་སྐྱེ་བ་གཞན་ལ(ལོངས་སྤྱོད་པ) འོ། །ཞེས་(འདོད་པ་སྟེ་ལས་དང་འབྲས་བུ་ངོ་བོ་གཅིག་པར་འདོད་པའི་ལུགས)སོ། །གལ་ཏེ་དེ་ལྟ་ཡིན་ན་དེའི་ ཚེ་ལས་ནི་འཇིག་པ(དང་ཟད་པ)ར་མི་འགྱུར་(ཞིང་རྟག་པར་འགྱུར་)ཏེ་མི་རྣམས་སྐྱེ་(འདིའི་ལས་)དང་སྐྱེ་ བ་གཞན་(སྔ་མ་)དག་གི་ལས་(དང་ངོ་བོ་གཅིག་པའི་ལས་)ཀྱི་འབྲས་བུ་(སྐྱེ་བ་ཕྱི་མ་དང་སྐྱེ་བ་འདི་ལ་)ཉེ་བར་ ལོངས་སྤྱོད་པའི་ཕྱིར་རོ། །དེ་ལྟར་(འདོད་)ན་དཔག་མེད་སྲིད་པ་དག་གིས་(ཐར་པའི་ལམ་བསྒྲུབ་ 3-1-237 ཀྱང་)འཁོར་བ་ལས་ནི་(ངེས་པར་)འབྱུང་བར་འགྱུར་བ་མེད་ཅིང་ཐར་པར་འཇུག་པ་མེད་པ་ཉིད་ དུ་(ཧ་ཅང་ཐལ་བར་)འགྱུར་རོ། །(སྔ་མའི་ལས་དང་ད་ལྟར་ལོངས་སྤྱོད་པ་དང་ད་ལྟར་གྱི་ལས་ལ་མ་འོངས་པ་ན་ལོངས་ སྤྱོད་པའི་ངོ་བོ་གཅིག་པ་)འདི་དག་སྟག་གཟིག་རྣམས་ཀྱང་ངེས་པར་འདོད་པར་འགྱུར་ཏེ་འོན་ཀྱང་ གཞན་པའི་རིགས་ཀྱིས་རབ་ཏུ་དམན་པའོ་ཞེས་པ་ལ་ཀླ་ཀློ་སྟག་གཟིག་རྣམས་ཀྱི་འདོད་པ་ ནི་མི་ཤི་བ་དག་མཐོ་རིས་སམ་དམྱལ་བར་མིའི་ལུས་འདི(ཉིད་ཀྱི)ས་བདེ་བའམ་སྡུག་བསྔལ་ ལོངས་སྤྱོད་དེ་(བདེ་སྡུག་གི་བྱེད་པ་པོ་ལྷ་)ར་ཧྨ་ཎ(མཉེས་པ་དང་མ་མཉེས་པ)འི་ངེས་པས་སོ། །ཞེས་པའོ། ། དེའི་ཕྱིར་(ལུས་འདིས་བྱས་པའི་ལས་ལ་ལུས་)གཞན་པའི་རིགས་ཀྱིས་(ལོངས་སྤྱོད་པའི་གྲུབ་མཐའི་ཆས་) རབ་ཏུ་དམན་པ(སྟེ་མེད་པ)འོ་ཞེས་པ་ངེས་པའོ། ༡༦༨ ། ༈ ད་ནི་ཚུ་རོལ་མཛེས་པའི་འདོད་པ་སུན་དབྱུང་བ་གསུངས་པ་གལ་ཏེ་འབྱུང་བ་ཞེས་པ་ ལ་སོགས་པ་སྟེ་འདིར་གལ་ཏེ་སྔར་བརྗོད་པ་ཨ་རུ་ར་དང་བུ་རམ་དང་དྷཱ་ཏ་ཀཱི་ཡང་དག་པར་ སྦྱོར་བ་ལས་ཆང་གི་ནུས་པ་(འབྱུང་བ་)བཞིན་དུ་ས་ལ་སོགས་པའི་འབྱུང་བ་རྣམས་(ཀྱི་ནུས་པ་) གཅིག་ཏུ་གྱུར་བས་མི་རྣམས་ཀྱི་དབང་པོ་དང་བཅས་པའི་སེམས་འགྲུབ་ན་དེའི་ས་ལ་སོགས་ པ་གཅིག་ཏུ་གྱུར་པའི་ཤིང་རྣམས་ལ་འབྱུང་བ་ཡང་དག་པར་སྦྱོར་བ་ལས་དབང་པོ་དང་ བཅས་པའི་སེམས་སུ་ཅིའི་ཕྱིར་མི་འགྱུར(ཏེ་འགྱུར་དགོས་སོ)། ཅི་སྟེ་(ཤིང་ལ་སོགས་པ་)བརྟན་པ་འདི་ རྣམས་(ཀྱི་རྒྱུ་འབྱུང་བ་རྣམས་)ལ་སྐྱེ་བོ(སེམས་ཅན་སྐྱེ་བ)འི་ནུས་པ་མེད་དོ་ཞེ་ན། དེའི་ཚེ་འབྱུང་བ་ཡང་ དག་པར་སྦྱོར་བའི་ནུས་པ་(ཉིད་ལས་སེམས་ཅན་འགྲུབ་)ཞེས་པ་མཆོག་ཏུ་རྫུན་ནོ། །དེའི་ཕྱིར་ཚུལ་ རོལ་མཛེས་པའི་(སྐྱེ་བ་སྔ་ཕྱི་དང་ལས་འབྲས་མེད་དོ་ཞེས་པའི་)ཚིག་འདི་དག་ནི་མི་རྣམས་དག་ལ་བདེ་ བའི་འབྲས་བུ་སྟེར་(བ་)མིན་(གྱི་མཐོ་རིས་ཐར་བའི་)ལམ་ཉམས་སོ། །ཞེས་པ་སྟེ་འཇིག་རྟེན་རྒྱང་ འཕན་པ་སུན་དབྱུང་བའི་ངེས་པའོ། ༡༦༩ ། ༈ ད་ནི་ཟད་བྱེད་པའི་འདོད་པ་སུན་དབྱུང་བ་གསུངས་པ་སྲོག་ཅེས་པ་ལ་སོགས་པ་སྟེ་ 3-1-238 འདིར་གལ་ཏེ་ཟད་བྱེད་པའི་གྲུབ་པའི་མཐའ་ལས་སྲོག་ནི་རྟག་པ་སྟེ་དེ་ཡང་(ཆེ་ཆུང་)ལུས་ཀྱི་ ཚད་དོ། །ཞེས་གྲུབ་པོ་ཞེ་ན་དེའི་ཚེ་ལུས་ཀྱི་ཆ་ཤས་ལག་པ་དང་རྐང་པ་ལ་སོགས་པ་(ཡན་ ལག་གཅིག་)བཅད་པར་གྱུར་ན་(སྲོག་དེའི་ཆ་ཤས་)ཉམས་པར་འགྱུར་རམ་ཅི། (ཡན་ལག་གང་)བཅད་ པའི་ལུས་ཀྱི་ཆ་ཤས་མེད་པའི་ཕྱིར་རོ(འདོད་ན་སྲོག་རྟག་པ་ཡིན་པར་འགལ་ལོ)། །(སྲོག་)རྟག་པ་དག་ནི་ ལུས་ཀྱི་མཐུ་(སྟེ་སྟོབས་)ལས་(ཞེས་པ་ལུས་)ཕྲ་མོ་བཟུང་བ་ལས་(སྲོག་དེ་)ཕྲ་མོར་འགྱུར་ཞིང་ལུས་ སྦོམ་པོ་བཟུང་བ་ལས་སྦོམ་པོར་ཡང་ནི་རབ་ཏུ་འགྱུར་རམ་ཅི་(སྟེ་མི་འགྱུར་རོ། །རྟག་པ་ཡིན་ན་ཕྲ་སྦོམ་ དུ་འགྱུར་བ་འགལ་)ཞེས་པའོ། ། ༈ འདིར་(སྲོག་)གང་ཞིག་རྟག་པ(འི་ཆ་)དེ་ནི་(ཕྲ་སྦོམ་དུ་)རྣམ་པར་འགྱུར་བ་ཅན་མ་ཡིན་ ལ་(སྲོག་)གང་ཞིག་〔ཕྲ་སྦོམ་དུ་〕རྣམ་པར་འགྱུར་བ་ཅན་(གྱི་ཆ་)དེ་ནི་རྟག་པ་མ་ཡིན་ནོ་ཞེ་ན་སྨྲས་ པ། (སྲོག་གི་)རྫས་དང་རྣམ་གྲངས་དག་ལ་(རིམ་པ་ལྟར་)རྟག་པ་དང་མི་རྟག་པ་ཞེས་བརྗོད་པར་ འགྱུར་(བ་མ་ཡིན་ནམ། ཟད་བྱེད་པས་)སྨྲས་པ་ཇི་ལྟར་གསེར་དང་རྣ་རྒྱན་དག་རྟག་པ་དང་མི་རྟག་པ་ དེ་བཞིན་དུ་རྫས་དང་རྣམ་གྲངས་དག་ལ་སྲོག་གི་རྫས་རྟག་པ་དང་རྣམ་པར་འགྱུར་བ་མི་རྟག་ པ་ཞེས་ཀྱང་བརྗོད་པར་འགྱུར་རོ། །དེ་བཞིན་དུ་(ཟད་བྱེད་པའི་)གྲུབ་པའི་མཐའ་སྨྲས་པ། ལ་ ལར་སྲོག་ནི་སྟོབས་ལྡན་ཞིང༌། །ལ་ལར་ལས་ནི་སྟོབས་ལྡན་འགྱུར། །དེ་ལྟར་སྲོག་དང་ལས་ དག་ལ། །ཁོན་ནི་སྔོན་དུ་བཅིངས་པའོ། །ཞེས་པ་སྟེ། ཚིགས་སུ་བཅད་པ་འདིའི་དོན་སྨྲས་ པ་ནི། ལ་ལར་ཞེས་པ་ཐར་བའི་ཡུལ་ལ་སྲོག་ནི་སྟོབས་དང་ལྡན་ཏེ་ཡེ་ཤེས་འབའ་ཞིག་གི་ སྟོབས་ཀྱིས་སོ། །ལ་ལར་འགྲོ་བ་བཞིའི་འཁོར་བའི་ཡུལ་ལ་ལས་སྟོབས་དང་ལྡན་ཏེ་མི་ཤེས་ པའི་སྟོབས་ཀྱིས་སོ། །དེ་ལྟར་སྲོག་དང་ལས་དག་ལ་ཡང་ཁོན་ནི་སྔོན་ཐོག་མ་མེད་པའི་དུས་ སུ་བཅིངས་པའོ་ཞེས་གྲུབ་པོ། །དེ་ལྟར་(ན་སྲོག་གི་)རྫས་སྐྱེ་བ་དང་འཇིག་པའི་བདག་ཉིད་(ལྟ་ བུར་སྣང་བ་)ནི་(སྲོག་)རང་གི་ཡོན་ཏན་(རྣམ་འགྱུར་སྐྱེ་འཇིག་)དང་ལྡན་པའི་ཕྱིར་(གྱིས་ཡིན་)ཏེ་(ཡོན་ཏན་ 3-1-239 སྐྱེ་འཇིག་ཏུ་འགྱུར་བ་ལས་)རྣམ་པ་གཞན་(རྫས་སྐྱེ་འཇིག་)དུ་གྲུབ་པ་མེད་དོ་ཞེས་པ་ནི་གྲུབ་པའི་མཐའོ་ ཞེ་ན། སྨྲས་པ་རྫས་དང་རྣམ་གྲངས་དག་གཅིག་ཉིད་དམ་གཞན་ཡིན། འདིར་གལ་ཏེ་གཅིག་ ཉིད་ཡིན་ན་དེའི་ཚེ་རྫས་དང་རྣམ་གྲངས་དག་ལ་(རྟག་མི་རྟག་གི་)དབྱེ་བ་མེད་དོ། །ཅི་སྟེ་གཞན་ ཉིད་ཡིན་ན་དེའི་ཚེ་རྫས་མེད་པར་(ཡང་)རྣམ་གྲངས་སུ་འགྱུར་(བ་ཡོད་དགོས་)ཏེ་(དོན་གཞན་ཡིན་ཞིང་ དེ་འབྱུང་གི་འབྲེལ་བ་མེད་པའི་ཕྱིར་རོ་དེ་འདོད་ན་)སྐད་པ་མེད་པའི་སྣམ་བུ་མཐོང་བར་འགྱུར་བ་(ཡང་ཡོད་ དགོངས་པ་ལས་)དེ་ལྟར་ཡང་མ་ཡིན་(པས་བསལ་བ་ཡིན་)ནོ། །དེ་བཞིན་དུ་རིགས་(ཏེ་སྤྱི་)དང་གསལ་ བ་(སྟེ་བྱེ་བྲག་)དག་ལ་ཡང་(རིམ་པ་ལྟར་)རྟག་པ་དང་མི་རྟག་པ་ཡང་དག་པར་སྦྱོར་བའི་(ལུགས་ལ་ ཡང་)སྐྱོན་(སྔ་མ་བཞིན)ནོ། །འདིར་རྟག་པ་དང་མི་རྟག་པ་དག་གཅིག་པ་ཉིད་ནི་མེད་དེ་ཕན་ཚུན་ འགལ་བའི་ཕྱིར་མི་འདྲ་བ་དང་འདྲ་བ་དག་བཞིན་ནོ། ། ༈ དེ་བཞིན་དུ་འཁོར་བའི་ལས་ལས་གྲོལ་བ་གང་ཞིག་འཇིག་རྟེན་སྟེང་ན་གནས་པ་ བདེ་བ་དག་གི་གནས་སུ་འགྲོ་ཞེས་པ་སྟེ་འདིར་ཟད་བྱེད་པའི་གྲུབ་པའི་མཐའ་ལས་སྲིད་ པ་གསུམ་ནི་གཅིག་ཉིད་དེ་(སྲིད་གསུམ་)གཉིས་པ་མེད་དོ། །དེས་ན་སྲིད་པ་གསུམ་པོ་འདི་ནི་ ཐོག་མ་དང་ཐ་མ་མེད་ཅིང་སྐྱེ་བ་དང་འཇིག་པ་དང་བྲལ་བ་ཐམས་ཅད་རྡོ་རྗེའི་རང་བཞིན་ཏེ་ ནམ་ཡང་འཇིག་པར་མི་འགྱུར་རོ། །གལ་ཏེ་སྲིད་པ་འདི་འཇིག་པར་འགྱུར་ན་དེའི་ཚེ་སྲིད་པ་ གསུམ་གཞན་མེད་པའི་ཕྱིར་སྲོག་ཆགས་ཐམས་ཅད་གང་དུ་གནས་པར་འགྱུར། རྒྱུ་དེས་ན་ (སྲིད་གསུམ་)འདི་ནི་རྟག་པ་སྟེ་སྲོག་ཀྱང་རྟག་པའོ། །འཁོར་བ་ལས་གྲོལ་བར་གྱུར་ན་(འཇིག་རྟེན་ གྱི་སྟེང་ན་)ཐར་པ(འི་གནས་)དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ལྔ་པ་བདེ་བའི་གནས་གང་ཟག་ དང་བྲལ་བ(ཡོད་པ་དེ)ར་འགྲོའོ་ཞེས་པ་གྲུབ་པོ་ཞེ་ན་སྨྲས་པ་འདིར་འཇིག་རྟེན་གསུམ་(རྡུལ་) ཕྲ་རབ་རྣམས་ཀྱིས་བསྐྱེད་པ་ཡིན་གྱི་ཕྲ་རབ་མེད་པར་མ་ཡིན་ལ་ཡང་ཡིག་ལས་ཐར་པ་ཡང་ ངོ༌། །(གཟུགས་ཅན་ཡིན་ན་རྡུལ་ཕྲ་རབ་ཀྱིས་བསྐྱེད་དགོས་ལ་)དེ་ལྟར་(འདོད་)ན་(ཐར་པ་དེ་དང་སྲིད་གསུམ་)ཇི་ 3-1-240 ལྟར་རྟག་པར་འགྱུར་ཏེ་(རྡུལ་ཕྲ་རབ་ཀྱིས་བསྐྱེད་པའི་ཕྱིར་རོ་ཁྱབ་པ་ཡོད་དེ་)གང་ཞིག་ཕྲ་རབ་རྣམས་ཀྱིས་ བཀོད་པ་ནི་རྟག་ཏུ་ཞེས་པ་དུས་ཀུན་ཏུ་རྟག་པ་སྟེ་བརྟན་པར་ཡང་མི་འགྱུར་ཏེ་(འཇིག་རྟེན་)སྡུད་ པའི་དུས་ཀྱི་དབང་གིས་འཇིག་པར་འགྱུར་རོ། །(སྔ་མ་)དེ་འཇིག་པ་ལས་(ཕྱི་མ་)གྲུབ་པ་རྣམས་ ཀྱང་(ཡང་)འཇིག་པ་འབྱུང་བར་འགྱུར་རོ་ཞེས་པ་གྲུབ་པ་ནི་རིགས་པ་ལས་ཏེ་(དེ་ལས་)གཞན་ པ་ཅི〔ཞེས་པ་དེ་ལས་ཀྱང་མི་འདའོ〕། ། ༈ འདིར་སྔར་བརྗོད་པའི་སྲོག་ལུས་ཀྱི་ཆ་ཤས་དྲུག་པོ་རྣམས་ཀྱི་ནང་ནས་ནགས་ཀྱི་ བདག་པོ་(རྐང་འཐུང་)རྣམས་ཀྱི་སྲོག་དེ་ཅི་ནགས་ཀྱི་བདག་པོ་སོ་སོ(འི་)ལུས་(ལ་སྲོག་)གཅིག་ གིས་བདེ་བ་འམ་སྡུག་བསྔལ་ལས་ཀྱི་དབང་གིས་ཉམས་སུ་མྱོང་བར་འགྱུར་རམ། ཅི་སྟེ་ (སྲོག་)དུ་མས་ཡིན་(ཟད་བྱེད་པས་)སྨྲས་པ་སྲོག་གཅིག་གིས་གང་ཟག་གཅིག་འཛིན་ཏེ། (སྲོག་) གང་གིས་མཐུས་ནགས་ཀྱི་བདག་པོ་རྣམས་དང་འབྲུ་(དང་)ལ་སོགས་པ་(ས་ཆུ་མེ་རླུང་)རྣམས་ལ་ སྲོག་(ཡོད་)ཅེས་པའི་མིང་(ཐོབ་པོ་)ངོ༌། །གལ་ཏེ་སྲོག་མེད་ན་དེའི་ཚེ་རྐང་འཐུང་ཞེས་པ་ཇི་ལྟར་ འགྲུབ། སྲོག་མེད་པའི་ཤིང་སྐམ་ལ་སོགས་པ་རྣམས་ནི་〔རྐང་པས་〕ཆུ་འཐུངས་ནས་མེ་ཏོག་ལ་ སོགས་པ་དུས་སུ་བྱེད་པར་མི་འགྱུར་རོ། །ཞེས་གྲུབ་པོ་ཞེ་ན། (ལན་)སྨྲས་པ་འདིར་གལ་ཏེ་ གང་ཟག་སོ་སོ་ལ་སྲོག་སོ་སོ་རེ་རེ་ཡོད་ན་དེའི་ཚེ་བུར་ཤིང་གི་དབྱུག་པ་〔གཅིག་〕དུམ་བུ་དུམ་ བུར་བྱས་པ་ལས་(བུར་ཤིང་)དུམ་བུ་དུ་མར་འགྱུར་(བས་སྲོག་ཀྱང་དུུ་མར་འགྱུར་རམ་ཅི་འོན་)ཏེ་དེ་རྣམས་ ཀྱི་ནང་ནས་དུམ་བུ་གཅིག་ནི་རྟག་ཏུ་སྲོག་དང་བཅས་པ་སྟེ་ལས་ཀྱི་དབང་གིས་(སྲོག་རིང་བོ་དེ་ ཐུང་ངུར)བསྐུམས་ནས་(དུམ་བུ་གཅིག་ལ་)རབ་ཏུ་ཞུགས་པའོ། །(དུམ་བུ་)འགའ་ཞིག་ནི་(སྲོག་)དེས་ ཡོངས་སུ་བཏང་བའོ(ཞེ་ན)། །རིགས་པས་རྣམ་པར་དཔྱད་ན་དེ་ལྟར་ཡང་མི་འཐད་དེ། ཅིའི་ ཕྱིར་ཞེ་ན། གང་གི་ཕྱིར་སླར་ཡང་(དུམ་བུ་)དེ་རྣམས་ས་ལ་བཙུགས་ན་དུམ་བུ་སོ་སོ་ལ་མྱུ་གུ་ལ་ སོགས་པ་(སྐྱེ་བ་)མཐོང་བ་དེའི་ཕྱིར་ནགས་ཀྱི་བདག་པོ་རྣམས་ཀྱི་མྱུ་གུ་ལ་སོགས་པ་རྣམས་ 3-1-241 ཀྱི་ནུས་པ་ནི་(སྲོག་ཡོད་པའི་རྒྱུ་མཚན་གྱིས་མ་ཡིན་གྱི་)དངོས་པོའི་རང་བཞིན་ནོ་ཞེས་གྲུབ་པོ་ཞེས་པ་ ནི་ཟད་བྱེད་པ་སུན་དབྱུང་བའི་ངེས་པའོ(ཕྱོགས་གླང་གིས་ཚད་མ་མདོར། ཚད་མ་དང་གཞལ་བྱ་ཉེ་བར་བརྗོད་ པ་ཉིད་ཀྱིས་མུ་སྟེགས་པའི་འདོད་པ་སྙིང་པོ་མེད་པའི་ཕྱིར་རོ། །དེར་ཞེན་པ་རྣམས་ལྡོག་པའི་དོན་དུ་འདིར་བརྩམས་པ་ཡིན་ ཀྱི། འདི་ཙམ་ཀྱིས་དེ་བཞིན་གཤེགས་པའི་བསྟན་པ་ལ་གཞུག་པའི་དོན་དུ་ནི་མ་ཡིན་ཏེ། དེའི་ཆོས་ནི་རྟོག་གེའི་ཡུལ་མ་ཡིན་ པའི་ཕྱིར་རོ། །ལྡོག་པ་ལ་ནི་སྟོན་པའི་ཆོས་ཉིད་ཐོས་ནས་འབད་པ་མེད་པར་རྟོགས་པར་འགྱུར་ཏེ་པར་དུ་མ་བསྐལ་བའི་ཕྱིར་ རོ། །ཞེས་བྱ་བ་དང༌། གང་ཟག་གི་རྟོག་གེའི་ལམ་ནས་ཆོས་ཉིད་མ་ཁྲིད་ན། ཐུབ་པའི་བསྟན་པ་ཆེར་བསྲེངས་ཉམས་པར་བྱས་ པ་ཡིན་ནོ། །དེ་ལྟ་ནའང་དེ་བཞིན་གཤེགས་པའི་ཆོས་རྣམས་ཀྱི་མཚོན་བྱེད་?གལ་ཏེ་གཞན་དུ་འགྲོ་ན་དཔྱད་པར་བྱ་བའི་རིགས་ ཞེས་དང༌། ཚད་མ་རྣམ་འགྲེལ་ལས། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་དག་བློ་ ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཞེས་པ་དང༌། རྣམ་ངེས་ལས། འདི་ནི་ཀུན་ཏུ་ཐ་སྙད་པས། །ཚད་མའི་ དབང་དུ་བྱས་པ་ཡིན་གྱི། །ཞེས་སོགས་དང༌། རྒྱུད་གཞན་གྲུབ་པར་ཡང་ངོ༌། གནས་གྱུར་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའོ། ། ཞེས་སོགས་ཀྱི་རིགས་པས་མི་རིགས་པ་ཚར་བཅད་ནས་ཆོས་ཉིད་ལ་རིམ་གྱིས་གཞུག་པའི་ཐབས་ཡིན་གྱི། འདི་ཙམ་གྱིས་ཆོས་ ཉིད་རྟོགས་པའི་ཐབས་ཚང་བ་མ་ཡིན་པར་སྟོན་ནོ)། །རྒྱ་ཆེ་དུ་མར་ཚད་མའི་བསྟན་བཅོས་དུ་མ་དང་དབུ་ མ་པས་མུ་སྟེགས་པ་རྣམས་གྱི་གྲུབ་པའི་མཐའ་སུན་དབྱུང་བར་བྱ་སྟེ། གང་ཞིག་ཀུན་རྫོབ་ བམ་དོན་དམ་པ་སངས་རྒྱས་ཀྱི་གསུང་དང་མཚུངས་པ་དེ་ནི་སུན་དབྱུང་བར་མི་བྱའོ། །ཞེས་ པ་ནི་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངེས་པའོ། ༡༧༠ ། ༈ (བཅོ་བརྒྱད་པ་སེམས་ཅན་སྣ་ཚོགས་ཀྱི་བསམ་པ་དང་རྗེས་སུ་མཐུན་པར་ཆོས་རབ་ཏུ་བཞག་པའི་ངོ་བོ་ཉིད་ཀྱི་ གནས་པ་)ཞེས་པ་(དེ་ལྟ་བུ་)ལ་སོགས་པ(འི་ཆོས་སྣ་ཚོགས་)བསྟན་པ་དུས་ཀྱི་འཁོར་ལོས་ས་ལ་རབ་ ཏུ་གསལ་(བར་)མཛད་(པ་ནི་སེམས་ཅན་སྣ་ཚོགས་ཀྱིས་)ཡེ་ཤེས་(ཐོབ་པའི་)སླད་དུ་སྟེ། །(སྣ་ཚོགས་སྟོན་ དགོས་པའི་རྒྱུ་ཡང་རྒྱུད་)འཇམ་(པ་)དང་(རྒྱུད་)སྲ་(བ་)དང་གཞན་པ(བར་མ)འི་བག་ཆགས་〔ཏེ་བཟང་ངན་ འབྲིང་གསུམ་གྱི་བག་ཆགས་ཀྱི་〕སྟོབས་ཀྱིས་སྐྱེས་བུ་རྣམས་ཀྱི་(མོས་པའི་)སེམས་ཀྱི་རྗེས་སུ་(ཆོས་སྟོན་ཚུལ་ 248)འབྲང་བ་འོ། །སེམས་ནི་ངེས་པར་དངོས་པོ(གང་ལ་གོམས་པ)འི་ཚོན་གྱིས་ཉེ་བར་བཞག་པ་དག་ ལས་ཤེལ་(ཚོན་སྣ་ཚོགས་དང་ཕྲད་པས་སྣ་ཚོགས་སུ་སྣང་བ་)བཞིན་(དུ་གང་ལ་གོམས་པའི་)ཚོན་ལྡན་ཉིད་(དུ་)འགྱུར་བ། །གང་ཡིན་(པ་)དེའི་ཕྱིར་རང་(གི་སྡེ་བ་དང་)གཞན་(མུ་སྟེགས་ཀྱི་)རིགས་སུ་གྱུར་བའི་ (གྲུབ་མཐའ་ལས་གང་)ཆོས་(སུ་འགྱུར་བ་སྣང་ན་དེ་)ནི་འགའ་ཡང་རྣལ་འབྱོར་པ་ཡིས་སུན་མི་དབྱུང་(ངོ་)། ༡༧༡ ། ༈ (དེ་ལ་)ཆོས་ནི་སེམས་ཅན་〔ལ་〕ཕན་པ་(བསོད་ནམས་ཀྱི་ཚོགས་དང་)ཡུལ་དང་རྣམ་པར་བྲལ་ བ(འི་ཆོས་ཉིད་འོད་གསལ་བསྒོམ་པ་ཡེ་ཤེས་ཀྱི་ཚོགས)་དག་སྟེ་ཆོས་མིན་དག་ཀྱང་(གཞན་ལ་)གནོད་པ〔དང་ རྟོག་པ〕འོ། །(དེས་ན་)འཚེ་བ་(སྟོན་པའི)རིག་བྱེད་ཚད་མ(ར་བྱེད་པ་)ཅན་ནི་(ཚིག་མཁས་ཀྱང་)བདེ་བའི་ འབྲས་བུ་མི་སྟེར་(གྱི་)དུས་ཀུན་ཏུ་ནི་སྡུག་བསྔལ་སྟེར(ལ)། །དམ་པའི་བྱམས་(པ་དང་)ལྡན་〔ན་〕 རྨོངས་པའི་ཚིག་ལས་(ཀྱང་འགྱུར་མེད་)མཆོག་གི་བདེ་བ་(ཡེ་ཤེས་ཀྱི་ཚོགས་རྫོགས་པར་)བྱེད་ཅིང་(བསོད་ ནམས་ཀྱི་ཚོགས་ཀྱི་དོན་དུ་)སེམས་ཅན་བདེ་(བར་བྱེད་པ་)ལ་རྗེས་སུ་ཆགས(པར་བྱེད་པ་ཆོས་ཡིན་ནོ)། །དེ་ ཕྱིར་〔བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་〕སེམས་ཅན་དོན་ནི་གཅིག་པུ་ཉིད་དང་(ཀྱེ་)མི་བདག་(ཡེ་ཤེས་ ཀྱི་ཚོགས་ཀྱི་དོན་དུ་)ཡིད་ཀྱིས་རང་བཞིན་མེད་པ(འི་སྲིད་པ་གསུམ་པོ་པྲ་ཕབ་པ་ལྟ་བུ་)བསྒོམ་པར་གྱིས། ༡༧༢ ། ༈ ལྷ་མིའི་བླ་མ་ང་ནི་མཐོ་རིས་(ཀྱི་)འཇིག་རྟེན་དག་ཏུ་(ལྷའི་)དབང་པོ་(ཡིན་ལ་)ས་སྟེང་ (མིའི་ཡུལ་)དུ་ནི་འཁོར་ལོས་བསྒྱུར(བའི་རྒྱལ་པོ་ཡིན་ཞིང་)། །ས་འོག་དག་ཏུ་ཀླུ་ཡི་རྒྱལ་པོ་གདེངས་ ཅན་(ཀླུའི་)རིགས་(ཀུན་)ཀྱིས་བཏུད་(པ་)དང་(ཆ་མེད་)ཀུན་ཏུ་འགྲོ་(བ་)དང་མཆོག་(གམ་ཕ་རོལ་ལམ་ གཞན)ང་སྟེ། །(གཉིས་མེད་)ཡེ་ཤེས་〔དང་〕སངས་རྒྱས་(དང་)ཐུབ་དབང་(དང་)འགྱུར་མེད་མཆོག་(གི་ བདེ་བ་)དང་(མཁའ་བཞིན་ཀུན་ལ་)ཁྱབ་བདག་རྣལ་འབྱོར་རྣམས་ཀྱི་(རྟོག་བྱའམ་བགྲོད་བྱ་)རྡོ་རྗེ་རྣལ་ འབྱོར་དང༌། །རིག་བྱེད་ༀ་གྱི་ཡི་གེ་གཙང་མ་དག་སྟེ་(ཀྱེ་)རྒྱལ་པོ་(ཟླ་བཟང་ལུས་ངག་ཡིད་ཀྱི་)དངོས་ 3-1-242 པོ་ཀུན་གྱིས་བདག་ལ་སྐྱབས་སུ་སོང༌། །ཞེས་པ་ནི་སྐྱབས་ཀྱི་ངེས་པའོ། ༡༧༣ ། ༈ ད་ནི་ཉི་མའི་ཤིང་རྟས་ཕྱག་བྱས་པ་(འཇམ་དཔལ་)ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་ འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང་(ཡིན་ལ)། །ཁྱོད་ནི་(སེམས་ཅན་གྱི་)མགོན་ པོ་ཁྱོད་ནི་(དགེ་ལེགས་ཀྱི་)བྱེད་པོ་ཕན་(པ་སྟེར་བ་)དང་སྡིག་(པ་)འཕྲོག་(པ་པོ་)ཁྱེད་ནི་(སངས་རྒྱས་ཀྱི་) གོ་འཕང་(ཡོན་ཏན་)ཕུན་སུམ་ཚོགས་པ་ཡང༌། །ཁྱོད་ནི་འབའ་ཞིག་(སྟེ་ཁོ་ན་སྐྱབས་ཀྱི་)གནས་དང་ ཁྱོད་ནི་(བྲལ་བ་དང་སྨིན་པའི་)ཡོན་ཏན་མཆོག་གི་གནས་ཏེ་(སྲིད་ཞིའི་)སྐྱོན་རྣམས་(གཏན་ནས་)བཅོམ་ པ་ཁྱོད་ཉིད་དོ། །ཁྱོད་ནི་(སེམས་ཅན་)དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ(འི་མཆོག་ སྟེ་)རྒྱལ་བའི་དབང་པོ་(འཇམ་དཔལ་ཡེ་ཤེས་ཀྱི་སྐུ་)ཁྱོད་ལ་(ཉི་མའི་ཤིང་རྟ་ལ་སོགས་པ་)བདག་སྐྱབས་ མཆི། །ཞེས་པ་སྟེ་(ཞེས་པ་རྣམས་ནི་ལེའུ་དང་པོར། ཐིག་ལེ་ནུས་མ་མིག་སྨན་དག་དང་མཁའ་ལྡིང་ལྷའི་ཆུ་བོ་མི་སྦྱིན་དང་ ནི་འདོད་འཇོ་དང༌། །རྫོང་དང་ཀློག་དང་རིག་པ་བཟང་པོ་འགྱུར་མེད་མཆོག་གི་ཆ་དང་ལྷའི་སྐད་དང་ལུས་མེད་དེ། །ཡང་དག་རྒྱུ་ བའི་གཟུགས་འདི་རྣམས་ཀྱིས་ས་ལ་འཇུག་པར་འགྱུར་རོ་རྒྱལ་བ་ནི་ཡེ་ཤེས་སྐུ། །ཞེས་པའི་སྐབས་སུ་བཤད་པ་དང་དོན་གཅིག་ གོ)ཉི་མའི་ཤིང་རྟས་བླ་མའི་ཕྱག་གིས་བཅོམ་ལྡན་འདས་འཇམ་དཔལ་ལ་བསྟོད་ནས་ཞབས་ གཉིས་པོ་སྤྱི་བོར་བྱས་ཏེ་སླར་ཡང་རང་གི་སྟན་ལ་འཁོད་དོ། ༡༧༤ ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་རང་དང་གཞན་གྱི་ལྟ་བ་རིགས་ པས་རྣམ་པར་དཔྱད་པའི་མདོར་བསྡུས་ཆེན་པོ་སྟེ་བདུན་པའོ།། ༈ །།(དྲི་མ་དང་བཅས་ པའི་དེ་བཞིན་ཉིད་སྟོན་པའི)ནང་གི་ལེའུ་ཡིས་རྒྱས་འགྲེལ་རྫོགས་སོ(དེ་ལྟར་ན་ལེའུ་དང་པོས་ཕྱི་རོལ་འཇིག་ རྟེན་གྱི་ཁམས་ཀྱི་རྣམ་བཞག་དང༌། དེ་ལ་དུས་ཀྱི་འཁོར་ལོའི་དང་པོའི་སངས་རྒྱས་སུ་ཁྱབ་བྱེད་དུ་བཞུགས་པར་བསྟན་ཅིང༌། ལེའུ་གཉིས་པ་ལས་ཕྱི་རོལ་འཇིག་རྟེན་གྱི་ཆོས་ཐམས་ཅད་ལུས་ལ་ཚང་བ་དང༌། དུས་འཁོར་དང་པོའི་སངས་རྒྱས་སུ་སེམས་ཅན་ ཐམས་ཅད་ཀྱི་ལུས་ལ་གདོད་མ་ཉིད་ནས་བཞུགས་པར་བསྟན་པའི་ཕྱིར། ལེའུ་གཉིས་པོ་འདི་ནི་རྒྱུའི་རྒྱུད་དམ་གཞི་རྒྱུད་ཅེས་ 3-1-243 བྱའོ། །དགེའོ)།། ༒ །། 3-1-244 ༄༅། །ཕྱོགས་ལས་རྣམ་རྒྱལ་གྱི་མཆན་གྱིས་གསལ་བའི་རྒྱུད་འགྲེལ་ ལས་དབང་གི་ལེའུའི་རྒྱས་འགྲེལ་ བཞུགས། ༄༅༅། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །(སྟོན་པ་ཤཱཀྱ་ཐུབ་པ་) གང་གིས་རྟ་〔དང་〕ལ་སོགས་པ(འི་སྒྲས་གླང་ཆེན་བུ་མོ་ས་གཞི་ཁྱིམ་ཐབ་རང་ཤ་རིན་ཆེན་ལྕགས་རྣམས་ཁ་ཟས་བ་ལང་ སྟེ་)སྦྱིན་པ་རྣམ་བཅུ་སྦྱིན་པ(ར་བྱས་པའི་ཆོས་)དོན་〔དུ་〕གཉེར་(བ་)རྣམས་ལ་བྱིན(ཞིང་)། །(གཞན་ ལ་ཕན་པ་)བསོད་ནམས་(ཚོགས་དང་འགྱུར་མེད་མཆོག་བདེ་)ཡེ་ཤེས་སྟོབས་ནི་ཆེན་པོ་དེ་ཡིས་བདུད་ 〔དང་ཉོན་མོངས་པ་〕ལ་སོགས་པ་བཅོམ་བྱས་ཏེ། །དཔལ་ལྡན་(འབྲས་ཕུང་གི་མཆོད་རྟེན་གྱི་འོག་)ཆོས་ 〚ཀྱི་〛དབྱིངས་དྲི་མེད་གསུང་གི་དབང་ཕྱུག་(གི་)དཀྱིལ་འཁོར་(དང་དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་ དཀྱིལ་འཁོར་)དུ་ནི་(བྱང་ཆུབ་སེམས་དཔའ་ལྷ་དང་ལྷ་མིན་ལ་སོགས་པ་)དབང་བསྐུར་ནས། །(ལྷ་ལ་སོགས་པ་) ཐམས་ཅད་སྟོན་པ་(སངས་རྒྱས་)གཅིག་པུའི་ཡུལ་ལ་(སྟེ་གོ་འཕང་ཐོབ་པར་)ལུང་བསྟན་(པར་མཛད་པའི་)སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །དེ་བཞིན་(དུ་)དུས་འཁོར་བདེ་(བ་)ཆེན་པོ(སྐུ་བཞི་པ་དག་པའི་ སྐུ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟེ)། །སྐུ་གསུམ་མཆོག་(གི་བདག་ཉིད་)དང་(ཐུགས་གསུང་ སྐུའི་)དཀྱིལ་འཁོར་གསུམ(དང་)། །རྡོ་རྗེ་གསུམ་〔གྱི་〕མཆོག་(དང་གཞོམ་དུ་མེད་པ་)རྡོ་རྗེའི་དབྱངས། ། (ན་དའི་བདག་ཉིད་ཅན་སྟོང་པ་ཆེན་པོ་)འགྱུར་བ་མེད་(པ་ལྔའི་བདག་ཉིད་)ལ་ཕྱག་འཚལ་ཏེ། །(དགོས་པ་ སེམས་ཅན་རྣམས་ཀྱི་)བསོད་ནམས་ཡེ་ཤེས་འབྲས་ཐོབ་སླད། །(འགྲེལ་པ་རྩོམ་པའི་རྒྱུ་)རྩ་བའི་རྒྱུད་ནི་ 3-1-245 རྟོགས་པ་ལས། །〚བསྡུས་པའི་〛རྒྱུད་འདིར་དབང་གི་ལེའུ་ལ། །རྒྱས་འགྲེལ་〔སྤྱན་རས་གཟིགས་པད་ མ་དཀར་པོ་〕བདག་གིས་བྲི་བར་བྱ། ། ༈ (གནས་ཕུན་སུམ་ཚོགས་པ་)འདིར་དཔལ་ལྡན་ཀ་ལཱ་པའི་གྲོང་གི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་ མོས་ཚལ་གྱི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་མཐར་ནོར་བུ་རིན་ པོ་ཆེ་ཆེན་པོའི་སྒོ་ཁྱམས་ན་ནོར་བུ་རིན་པོ་ཆེ་ཆེན་པོའི་སེང་གེའི་ཁྲི་ལ་བཞུགས་པ་(སྟོན་པ་པོ་ ཕུན་སུམ་ཚོགས་པ་)དེ་བཞིན་གཤེགས་པས་ལུང་བསྟན་པ་འཇམ་དཔལ་གྱི་སྤྲུལ་བའི་སྐུ་རྒྱལ་ པོ་གྲགས་པ་ལ་(ཞུ་བ་པོ་ཕུན་སུམ་ཚོགས་པ་)ཉི་མའི་ཤིང་རྟས་གསོལ་བ་བཏབས་པས་(ཆོས་ཕུན་སུམ་ ཚོགས་པ་)མཆོག་གི་དང་པོའི་སངས་རྒྱས་ལས་ཟླ་བ་བཟང་པོས་གསོལ་བ་བཏབས་པའི་དོན་ རབ་ཏུ་སྟོན་པར་བྱེད་པ་བསྡུས་པའི་རྒྱུད་ཀྱི་དབང་བསྐུར་བའི་ལེའུ་ལས་ལུས་ལ་སྣ་ཚོགས་ ཚད་ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་དང་པོས་བསྟན་པ་དེ་ཉིད་དེ་བཞིན་གཤེགས་ པས་ལུང་བསྟན་ཅིང་འཇམ་དཔལ་གྱིས་བསྐུལ་བ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་ སྐུ་པད་མ་དཀར་པོ་བདག་གིས་མདོར་བསྡུས་ཆེན་པོའི་རྒྱས་འགྲེལ་གྱིས་རྒྱས་པར་བྱའོ། ། (བསྡུས་པའི་དོན་ནི་)འདིར་ལུས་ལ་སྣ་ཚོགས་ཚད་དང་ཞེས་པ་ལ་སོགས་པ་ནས་དཀྱིལ་འཁོར་ དག་ནི་བསྟན་དུ་གསོལ། ཞེས་པའི་མཐར་ཐུག་པ་ནི་ཟླ་བ་བཟང་པོས་གསོལ་བ་བཏབ་ པའོ། །དེ་ནས་ཟླ་བ་བཟང་པོའི་ཚིག་གསན་ནས་ནི་བདེ་བར་གཤེགས་པས་དུས་ཀྱི་འཁོར་ ལོའི་དཀྱིལ་འཁོར་རབ་ཏུ་གསུངས། ཞེས་པ་ལ་སོགས་པ་དབང་གི་ལེའུ་ཡི་ཚིགས་སུ་ བཅད་པ་མཐའ་དག་ནི་དེ་བཞིན་གཤེགས་པས་ལན་གསུངས་པ་སྟེ་ལེའུ་ཡི་མཐའི་བར་དུ་ སླར་གསོལ་བ་བཏབ་པ་མེད་དོ། །(ཚིག་གི་དོན་ནི་)འདིར་ཟླ་བ་བཟང་པོས་གསོལ་པ། བཅོམ་ ལྡན་འདས་འདིར་ལུས་ལ་ནང་གི་ལེའུ་ལས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་(ལུས་ ལ་ཕྱི་རོལ་གྱི་)སྣ་ཚོགས་ཚད་(སྦྱར་བ་)དང་ཉིན་དང་མཚན་མོའི་དུས་དང་ཟླ་བ་འཕོ་བའི་དབྱེ་ 3-1-246 བ་རྣམས་ལ་སོགས་པ་རིག་བྱེད་དང་ནི་བྱེད་པོ་ལ་སོགས་(རང་དང་གཞན་གྱི་ལྟ་བའི་རྣམ་པར་)དབྱེ་ བའི་མཐར་ཐུག་པ་བདག་གིས་ཐོས་ཏེ་ཐམས་ཅད་ཤེས་སོ་ཞེས་པའི་དོན་ཏོ། །དེས་ན་ད་ ནི་སེམས་ཅན་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཐོབ་པར་བྱ་བའི་སླད་དུ་བཅོམ་ལྡན་ འདས་ཀྱིས་དཀྱིལ་འཁོར་བསྟན་དུ་གསོལ་ཞེས་པ་སྟེ་(འཆད་པར་འགྱུར་བའི་)དེ་ཉིད་བཅུ་དང་ ཡང་དག་པར་ལྡན་པས་སློབ་མ་རྣམས་ལ་དབང་བསྐུར་བ་སྦྱིན་པ་དང་སྐུ་གཟུགས་ལ་སོགས་ པ་རབ་ཏུ་གནས་པར་བྱ་བ་དང་འོག་མིན་གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་ གྲུབ་སྒྲུབ་པའི་ཆེད་དུ་སྟེ་འཇིག་རྟེན་པའི་བདེན་པས་སོ། །དོན་དམ་པའི་བདེན་པས་ནི་རྡུལ་ ཚོན་གྱི་དཀྱིལ་འཁོར་བྲི་བ་མེད་དེ་བཅོམ་ལྡན་འདས་ཀྱིས་བཀག་པའི་ཕྱིར་རོ། །དེ་སྐད་དུ་ དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། རྡོ་རྗེའི་ཐིག་རྣམས་གདབ་ པ་དང༌། །རྡུལ་ཚོན་དག་ཀྱང་གདབ་པ་ནི། །སྔགས་ཀྱི་དེ་ཉིད་ཀྱིས་མི་བྱ། །བྱེད་ན་བྱང་ཆུབ་ ཐོབ་པ་དཀའ། །ཞེས་པ་ལ་འདིར་གལ་ཏེ་སྔགས་ཀྱི་དེ་ཉིད་ནི་སྔགས་ཞེས་པ་(མཆོག་ཏུ་མི་འགྱུར་ བའི་)ཡེ་ཤེས་ཏེ་(ལུས་དང་ངག་དང་)ཡིད་(ཀྱི་ཁམས་རྣམས་སྡུག་བསྔལ་ལས་)སྐྱོབ་པར་གྱུར་པའི་ཕྱིར་རོ། ། སྔགས་ཀྱི་དེ་ཉིད་དེས་(ཞེས་པ་)གལ་ཏེ་རྡོ་རྗེ་སློབ་དཔོན་(སྔགས་ཀྱི་དེ་ཁོ་ན་ཉིད་)ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་ཀྱི་དོན་དུ་ཐིག་གདབ་པ་ལ་སོགས་པ་བྱེད་ན་དེའི་ཚེ་(ཐིག་གདབ་པ་སོགས་)བྱེད་པ་ དེའི་(དོན་དུ་གཉེར་བྱ་)བྱང་ཆུབ་ཐོབ་པར་དཀའ་བར་འགྱུར་(ཏེ་བྱང་ཆུབ་ཐོབ་པའི་ཐབས་མ་ཡིན་པ་བྱེད་པའི་ ཕྱིར་)རོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །རྒྱུ་དེས་ན་ཟླ་བ་བཟང་པོས་གསོལ་ བ་བཏབ་པ་(དཀྱིལ་འཁོར་བྲི་བ་ལ་སོགས་པ་)འདི་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་དོན་དང་ བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་དོན་དང་ཡེ་ཤེས་ ཀྱི་ཚོགས་ཀྱི་དོན་དུ་ནི་མ་ཡིན་ནོ། །འདིར་(ཕྱག་རྒྱ་ཆེན་པོའི་)ཡེ་ཤེས་སྒྲུབ་པའི་སླད་དུ་(རྡུལ་ཚོན་ གྱི་དཀྱིལ་འཁོར་ལས་)གཞན་(པའི་)དཀྱིལ་འཁོར་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ 3-1-247 ལྟ་སྟེ། (ཤེས་རབ་མིའི་)ལུས་ཀྱི་དབང་པོ་(དཀར་འཛིན་དང་)བྷ་ག་(ཀུན་རྫོབ་བྱང་ཆུབ་)སེམས(ཀྱི་ཐིག་ལེ་ སྟེ)། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་(བུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གསུམ་པོ་བསྐུར་བ་)ཡི། །དཀྱིལ་ འཁོར་རྣམ་པ་གསུམ་དུ་འགྱུར(ལ་དབང་བཞི་པ་ནི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུའོ)། །(དེ་རྣམས་ ལས་)གཞན་པ་(རྡུལ་ཚོན་)ཚོན་ལྔ་(དང་)ལྡན་པ(འི་དཀྱིལ་འཁོར་ནི་ཡེ་ཤེས་བསྒྲུབ་པའི་དབང་གི་དཀྱིལ་འཁོར་) མིན། །ཞེས་པ་སྟེ། དེའི་ཕྱིར་བདེ་བ་ཆེན་པོ་བསྒྲུབ་པ་དང་མཆོག་གི་དབང་བསྐུར་བ་(དབང་ གོང་མ་རྣམས་)སྦྱིན་པའི་དོན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མི་འགྱུར་རོ། །ཞེས་པ་ནི་ཟླ་བ་ བཟང་པོས་གསོལ་བ་བཏབ་པའོ། །ཟླ་བ་བཟང་པོའི་ཚིག་སྟེ་གསོལ་བ་བཏབ་པའི་ཚིག་དེ་ ཉིད་གསན་ནས་ནི་བདེ་བར་གཤེགས་པས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཐམས་ཅད་ རབ་ཏུ་གསུངས་ཏེ་(ཞུས་པའི་དོན་)ཐམས་ཅད་འཆད་པར་འགྱུར་བའི་རིམ་པས་བསྟན་ཏོ་ཞེས་ པའི་དོན་ཏོ། །སྟོན་པ་པོ་དང་གསོལ་བ་འདེབས་པ་པོའི་ཚིག་བསྡུས་པའོ། ༡ ། ༈ (འདིར་གནས་པ་བཅུ་གཉིས་ལས་དང་པོར་བླ་མ་ཡོངས་སུ་བརྟག་པའི་ངོ་བོ་ཉིད་ཀྱི་གནས་པ་)ད་ནི་བླ་མ་བསྟེན་ པའི་དོན་དུ་རྡོ་རྗེ་སློབ་དཔོན་ཡོངས་སུ་བརྟག་པའི་ཚིགས་སུ་བཅད་པ་གཉིས་པས་གསུངས་ པ་དང་པོར་ཞེས་པ་ལ་སོགས་པ་སྟེ། འདིར་སྔགས་ཀྱི་ཚུལ་ལ་འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་དངོས་གྲུབ་འདོད་པའི་སློབ་མ་རྣམས་ཀྱིས་དང་པོར་བླ་མ་བསྟེན་པར་བྱ་སྟེ་ དེ་ཡང་རྡོ་རྗེ་སློབ་དཔོན་ཡོངས་སུ་བརྟག་པ་གསུངས་པའི་ཆོ་གས་ཡང་དག་པར་ཡོངས་སུ་ བརྟགས་ནས་སོ(དོན་དམ་བསྙེན་པར། འདོད་པའི་དངོས་གྲུབ་ཞལ་གྱི་རྗེས་འབྲང་བར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ ཅད་མཁྱེན་པས་གསུངས། །དེ་ཕྱིར་སློབ་མ་རྣམས་ཀྱིས་བླ་མ་གསེར་བཞིན་དུ། །ཡོངས་སུ་བརྟགས་ན་སྡིག་པ་ཅུང་ཟད་ཡོད་མ་ ཡིན། །ཞེས་པའོ)། །རྣམ་པ་གཞན་དུ་ཡོངས་སུ་བརྟག་པའི་མཚན་ཉིད་དང་བྲལ་བའི་བླ་མ་བསྟེན་ པས་སློབ་མ་རྣམས་ཀྱི་(འཛག་པའི་བདེ་བར་སངས་རྒྱས་ཀྱི་རྒྱུར་སྤྱོད་པ་ལ་སོགས་པ་)ཆོས་ཕྱིན་ཅི་ལོག་ཏུ་ འགྱུར་ཏེ། ཆོས་ཕྱིན་ཅི་ལོག་པས་དམྱལ་བར་འགྲོ་བར་འགྱུར་རོ། ། 3-1-248 ༈ དེའི་ཕྱིར་གསུངས་པ། དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ ཞིང་ཞེས་པ་ལ་འདིར་དམ་ཚིག་རྣམ་པ་གཉིས་ནི་ཕྱི་དང་ནང་གི་སྟེ་དྲང་བ་དང་ངེས་པའི་དོན་ གྱིས་རྟོགས་པར་བྱ་བ་(དམ་ཚིག་བཞི་དང་དྲུག་ལ་སོགས་པ་)འཆད་པར་འགྱུར་བའོ། །དམ་ཚིག་འདི་ ལ་ཡོད་པའི་ཕྱིར་དམ་ཚིག་ལྡན་པའི་བླ་མའོ། །(དེ་ནི་ལམ་ལ་འཇུག་པའི་)དང་པོར་ཡང་དག་པར་ བསྟེན་པར་བྱ་སྟེ་(ནོར་གྱི་དངོས་པོ་འབུལ་བ་ལྟ་ཅི་སྨོས་)བུ་དང་ཆུང་མ་ལ་སོགས་པ(འབུལ་བ)ས་ཀྱང་ མཉེས་པར་བྱའོ་ཞེས་པའི་དོན་ཏོ། །རྡོ་རྗེ་ཐེག་ལ་ལྷག་པར་གནས་ཞེས་པ་ལ་འདིར་རྡོ་རྗེ་ ཐེག་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་(སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་)སྟེ་ མུ་སྟེགས་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱིས་མི་ཕྱེད་པ(སྟེ་མི་ཕིགས་ པ)འི་ཕྱིར་(དེ་ནི་)རྡོ་རྗེ་སྟེ་ཐར་པར་(ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་རྡོ་རྗེའི་རྣལ་འབྱོར་)འདིས་འགྲོ་བའི་ཕྱིར་ རྡོ་རྗེ་ཐེག་པའོ། །དེ་ལ་ལྷག་པར་གནས་པ་(སྟེ་རྡོ་རྗེ་ཐེག་པའི་ཚུལ་ཁུང་དུ་ཆུད་པ་)ནི་རྡོ་རྗེ་ཐེག་པ་ལ་ ལྷག་པར་གནས་པའོ། །དེ་ཉིད་བསྒོམས་ཤིང་ཞེས་པ་ལ་འདིར་དེ་ཉིད་ནི་འཇིག་རྟེན་པའི་ དངོས་གྲུབ་སྒྲུབ་པར་བྱེད་པ་(བསྐྱེད་རིམ་ཡན་ལག་དང་བཅས་པ་)དང་ཡང་དག་པར་རྫོགས་པའི་ སངས་རྒྱས་ཉིད་སྒྲུབ་པར་བྱེད་པ་(རྫོགས་རིམ་ཡན་ལག་དང་བཅས་པ་)རྣམ་པ་གཉིས་ཏེ་(དེ་དག་གི་ཁྱད་ པར་ནི་)ལྔ་པ་ཡེ་ཤེས་ཀྱི་ལེའུ་ཡི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་འཆད་པར་འགྱུར་ བ་ལས་བརྗོད་པར་བྱའོ། །དེ་ཉིད་(ནི་)དེ་ཁོ་ན་(སྟེ་རིམ་པ་གཉིས་པོ་དེ་)བསྒོམ་པ་ནི་(རྡོ་རྗེ་སློབ་དཔོན་)འདིའི་ངང་ཚུལ་ལོ་ཞེས་པའི་དོན་ཏོ། །མ་ཆགས་ཞེས་པ་ནི་བུ་དང་ཆུང་མ་ལ་སོགས་པ་ ཐམས་ཅད་དང་རང་གི་ལུས་ལ་ཡང་ལྟོས་པ་(སྟེ་ཕངས་པ་)མེད་པའོ། །དྲི་མ་དག་དང་རྣམ་པར་ བྲལ་ཞིང་ཞེས་པ་ལ་དྲི་མ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་ དོག་དང་སེར་སྣ(ལ་སོགས་པ་ཉོན་མོངས་པ)འི་ཚོགས་ཏེ་དེ་ཉིད་(གཉེན་པོའི་)རྣམ་པ་མང་པོས་(ཐ་ན་ རགས་པའི་རྣམ་པ་རྣམས་དང་)བྲལ་བ་གང་ཡིན་པ་དེ་ནི་དྲི་མ་དག་དང་རྣམ་པར་བྲལ་བའོ། 256། བཟོད་པའི་ངང་ཚུལ་ཞེས་པ་ལ་བཟོད་པ་ནི་(སློབ་དཔོན་)འདི་(རྙེད་བཀུར་ལ་སོགས་པའི་)འབྲས་བུ་ ལ་ལྟོས་པ་(རེ་བ་)མེད་པའི་རང་བཞིན་གྱིས་རབ་ཏུ་ཞུགས་པའོ། །ལམ་ལ་ཞུགས་ཞེས་པ་ལ་ ལམ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་(ཐེག་པ་ཆེན་པོའི་ལམ་)སྟེ་དེ་ལ་ཞུགས་པའི་ ངང་ཚུལ་ཅན་ནོ། །བླ་མ་དེ་བསྟེན་པར་གྱུར་ན་སློབ་མ་རྣམས་ལ་(བླ་མ་དེས་སངས་རྒྱས་ཀྱི་)ལམ་ ནི་སྦྱིན་(པར་)བྱེད་(ཅིང་དེ་ཉམས་སུ་བླང་བ་ལས་)དམྱལ་བའི་འཇིགས་པ་འཕྲོག་པར་འགྱུར་རོ། །དེ་ ཉིད་ལས་ནི་ཚངས་སྤྱོད་ལྡན་ཞེས་པ་(བླ་མ་)གང་ཞིག་(དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བསྒོམ་པ་ལ་བྱང་སེམས་ ཐིག་ལེ་)མཆོག་ཏུ་མི་འགྱུར་བ(སྟེ་མི་འཛག་པ)འི་བདེ་བ་ཐོབ་པའོ། །བདུད་རྣམས་ལ་ཞེས་པ་ཕུང་ པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུ་སྟེ་བདུད་བཞི་པོ་རྣམས་(འཇོམས་པ)ལ་རྡོ་རྗེ་ དབྱུག་པ་དང་འདྲ་བས་རྡོ་རྗེ་དབྱུག་པའོ། །དེ་ཡང་འཛིན་མ(ས)འི་གཞི་ལ་རྡོ་རྗེ་སེམས་དཔར་ རབ་ཏུ་གྲགས་པ་སྟེ་(སངས་རྒྱས་དང་བྱང་ཆུབ་སེམས་དཔས་བྱིན་གྱིས་བརླབས་ཏེ་)སྤྲུལ་པའི་སྐུས་སོ་ཞེས་ པ་ནི་རྡོ་རྗེ་སློབ་དཔོན་བསྟེན་པའི་ངེས་པའོ(དོན་དམ་བསྙེན་པར་ཡང༌། ཆགས་མེད་འདོད་ཆགས་ཆེན་པོ་ལ་ནི་ སེམས་བཅིངས་པ། །དབང་པོ་གཉིས་མེད་སྦྱོར་ཞིང་བརྟུལ་ཞུགས་ཆེན་པོ་ཅན། །ཕྱག་རྒྱ་དག་ལ་སྦྱོར་ཡང་ཆགས་པ་ཉམས་མི་ མངའ། །རྣལ་འབྱོར་གྱིས་ནི་ཉི་ཟླ་དག་གིས་ལམ་ཉམས་པ། །ཤེས་རབ་མེ་ལ་རྣལ་འབྱོར་སྟོབས་ཀྱིས་རབ་ཏུ་ཞུགས། །དཔག་ མེད་བདེ་བའི་བདུད་རྩི་བཏུང་ལ་ཆགས་པ་སྟེ། །སྡིག་འཕྲོག་རྡོ་རྗེ་འཛིན་པ་དེ་ནི་བླ་མ་དཔལ། །ཞེས་པ་ལ་སོགས་པ་རྒྱ་ཆེར་ འབྱུང་ངོ་)། ༢ ། ༈ ད་ནི་གདུག་པའི་སློབ་དཔོན་གྱི་སྐྱོན་ཡོངས་སུ་བརྟག་པའི་དོན་དུ་ང་རྒྱལ་དང་ལྡན་ ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་པ་ཉིད་ཀྱིས་གསུངས་ཏེ་འདིར་སྔགས་ཀྱི་ ཚུལ་ལ་བླ་མ་གང་ཞིག་ང་རྒྱལ་ལ་སོགས་པའི་སྐྱོན་དང་བཅས་པའི་བླ་མ་དེ་ནི་(རང་གིས་སྔར་ ལེགས་པར་མ་བརྟགས་པའི་དབང་གིས་)བླ་མར་བྱས་ཀྱང་དམྱལ་བ་བཞིན་དུ་(སྤང་ངོ་གང་གིས་སྤོང་ན་)སློབ་ མ་མཁས་པ་སྟེ་ཤེས་ལྡན་རྣམས་ཀྱིས་(སོ། །གང་གི་རྒྱུར་སྤོང་ན་)རྫོགས་པའི་བྱང་ཆུབ་རྒྱུར་ནི་སྤང་ 3-1-249 བར་བྱ(སྟེ་དེའི་རྗེས་སུ་འཇུག་པར་མི་བྱ)འོ། །ང་རྒྱལ་འདི་ལ་ཡོད་པའི་ཕྱིར་ང་རྒྱལ་དང་ལྡན་པའོ། ། ང་རྒྱལ་ཡང་རྣམ་པ་དུ་མ་སྟེ་མཁས་པས་མངོན་པར་ཁེངས་པ་དང་རྫས་དང་དབང་ཕྱུག་གིས་ མངོན་པར་ཁེངས་པ་དང་(དཀྱིལ་འཁོར་ལ་སོགས་པ་)དེ་ཉིད་བཅུ་ཡོངས་སུ་ཤེས་པ་དང་ལམ་དང་ (ལམ་ལ་གནས་པ་)དང་གཟུགས་(དང་རིགས་)ལ་སོགས་པས་མངོན་པར་ཁེངས་པ་སྟེ་དེ་(རྣམས་)གང་ ལ་ཡོད་པ་དེ་ནི་སྤང་བར་བྱའོ། །(དེ་ཡང་ཡོན་ཏན་ལ་སོགས་པ་དམན་པ་)འོག་མ་འོག་མའི་སེམས་ཅན་ རྣམས་ལ་བལྟས་ན་(དེ་བས་ཡོན་ཏན་ལ་སོགས་པ་ལྷག་པ་དེ་)ང་རྒྱལ་དང་ལྡན་པ(ར་འགྱུར་བ)་དང་གོང་ མ་གོང་མའི་སེམས་ཅན་རྣམས་ལ་བལྟས་ན་ང་རྒྱལ་དང་བྲལ་བར་འགྱུར་བ་དེས་ན་ཡང་དག་ པའི་ལམ་རིག་པ་པོས་ང་རྒྱལ་དང་ལྡན་ཞིང་སྙིང་རྗེ་དང་བྲལ་བ་ནི་སྤང་བར་བྱ་སྟེ། དེ་བཞིན་ དུ་(རྒྱུད་)ཁྲོ་བས་ཟིལ་གྱིས་མནན་པའོ་དམ་ཚིག་རྣམ་བྲལ་ཞེས་པ་ནི་འཇིག་རྟེན་པས་སྨད་པ་ (བདུད་རྩི་ལྔ་བསྟེན་པ་ལ་སོགས་པ་)གསང་བའི་དམ་ཚིག་རྣམས་གསལ་པོར་སྤྱད་པས་དམ་ཚིག་དང་ བྲལ་བར་འགྱུར་ཏེ་དེ་ཡང་སྤང་བར་བྱའོ། །རྫས་ལ་བརྐམ་པ་ཡང་〔སྤང་བར་བྱ་〕སྟེ་དགེ་འདུན་ དང་མཆོད་རྟེན་གྱི་རྫས་(དང་)ལ་སོགས་པ་〔བླ་མ་དང་གཙུག་ལག་ཁང་གི་རྫས་ལ་སོགས་པ་〕ལྕི་བའི་རྫས་ ཉེ་བར་ལོངས་སྤྱོད་པ་ནི་རྫས་ལ་བརྐམ་པའོ། །དེ་བཞིན་དུ་འཁོར་བའི་ལོངས་སྤྱོད་ཀྱི་དོན་ དུ་རྫས་སོག་པར་བྱེད་པའོ། །ཐོས་པ་དག་ཀྱང་མེད་ཅེས་པ་ནི་རྨོངས་པ་སྟེ་དམ་པ(སྟེ་མཆོག་ ཕྱག་རྒྱ་ཆེན་པོ)འི་ལམ་གྱི་མན་ངག་(སྦྱོར་བ་ཡན་ལག་དྲུག་ལྟ་བུུ་)དང་བྲལ་བའོ། །དེ་བཞིན་དུ་དམ་ པ(སྟེ་མཆོག་དོན་དུ་གཉེར་བ)འི་སློབ་མ་རྣམས་ནི་སླུ་བ་དོན་དུ་གཉེར་ཞིང་ཞེས་པ་ནི་(རྣམ་པར་དག་པའི་ ལམ་མི་ཤེས་ཀྱང་ཤེས་སོ་)བརྫུན་སྨྲ་བ་པོ་སྟེ་(དེ་ཡང་)སྤང་བར་བྱའོ། །མཆོག་གི་བདེ་བའི་གནས་ (རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་)ལས་སེམས་ཉམས་(པ་སྟེ་མ་བསྒོམས་པ་དང་)དབང་མ་བསྐུར་ཞེས་པ་ ནི་{འདི}དབང་བསྐུར་(ཐོབ་པ་)མེད་པར་རྒྱུད་འཆད་པ་པོ་ཞེས་པ་སྟེ་(དེ་ཡང་)སྤང་བར་བྱའོ། ། ལོངས་སྤྱོད་དག་ལ་ཀུན་ཆགས་ཞེས་པ་ནི་ཕྱི་རོལ་འཁོར་བ་པའི་ལོངས་སྤྱོད་རྣམས་ལ་ཀུན་ 3-1-250 ཏེ་རྣམ་པ་ཀུན་ལས་ཡང་དག་པར་ཆགས་པའོ། །བག་མེད་ནི་ཆང་འཐུངས་པ་སྟེ་(བག་མེད་ པར་གྱུར་པ་ཉིད་)མཉམ་པར་མ་བཞག་པ་སྤང་པར་བྱའོ། །ཞེས་པའི་དོན་ཏོ་དབང་པོའི་དོན་དུ་ འདོད་ལྡན་པ་ཞེས་པ་ནི་དབང་པོ་གཉིས་ཀྱི་(འཛག་པའི་)བདེ་བའི་དོན་དུ་འདོད་ལྡན་ཡང་སྤང་ བར་བྱའོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ(དོན་དམ་བསྙེན་པར་ཡང༌། ལམ་དག་མེ་དང་ནོར་ ལ་འདོད་ཅིང་བརྐམ་པ་ཡིས། །དེ་བཞིན་དབང་ལ་རྒྱལ་བའི་ཅོད་པན་འཆིང་བར་བྱེད། །འདོད་ལ་ལྷག་ཞེན་ཆང་གི་དབང་གིས་ བག་མེད་ཅིང༌། །ཁྲོ་བའི་སེམས་དང་བཅས་ཤིང་རྫས་ལ་མང་དུ་ཞེན། །བདེན་པ་མ་ཡིན་སྨྲ་ཞིང་བུ་རྣམས་བསླུ་འདོད་པ། །བླ་མ་ དེ་ཡིས་སྡུག་བསྔལ་སྟེར་བ་ངོ་མཚར་མེད། །འཁོར་བའི་སྡུག་བསྔལ་མེ་དག་གིས་ནི་གདུང་བ་ཡི། །རབ་རིབ་མིག་གིས་བླ་མ་དག་ ནི་གཟུང་བྱས་པས། །ཤིན་ཏུ་གདུང་བ་གཞོམ་ཕྱིར་ལམ་ཆེན་གནས་པ་ཡི། །གཉིད་ལོག་སྦྲུལ་གྱི་དུག་གིས་འཁྲུལ་བ་བཞིན་དུའོ། ། ཞེས་པ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་)། ། ༈ སྔགས་ཀྱི་ཚུལ་ལས་འདི་ལྟ་སྟེ། །སློབ་དཔོན་ཡོན་ཏན་བླང་བྱ་སྟེ། །སྐྱོན་ནི་ནམ་ཡང་ མིན་པ་ཉིད། །ཡོན་ཏན་བླང་བས་(རང་ལ་)དངོས་གྲུབ་འགྱུར། །སྐྱོན་བརྗོད་པ་ལས་〔རང་ལ་〕 དངོས་གྲུབ་མེད། །ཅེས་དང༌། དེ་བཞིན་དུ། དབང་མཆོག་ཐོབ་གང་རྡོ་རྗེ་ཡི། །སློབ་དཔོན་ ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས། །དུས་གསུམ་ བྱོན་ནས་ཕྱག་འཚལ་ལོ། །ཞེས་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ། དེའི་ཕྱིར་ (སློབ་དཔོན་བརྟག་པས་ཅི་ཞིག་བྱ་)སློབ་དཔོན་གྱི་(སྐྱོན་མ་བརྟག་པར་)ཡོན་ཏན་བླང་བར་བྱའོ། །ཞེས་པ་ (རྣམ་དག་ལེགས་པའི་)ལམ་(ལས་)ཉམས་པ་འགའ་ཞིག་གི་ཚིག་འབྱུང་བར་འགྱུར་ཏེ། ། ༈ དེའི་ཕྱིར་བརྗོད་པར་བྱའོ། །འདིར་མ་འོངས་པའི་དུས་སུ་ལམ་ཉམས་པའི་བྱིས་པའི་ སྐྱེ་བོ་རྣམས་ཀྱིས་སློབ་དཔོན་ཡོན་ཏན་བླང་བྱ་སྟེ། སྐྱོན་ནི་ནམ་ཡང་〔བརྟག་བྱ་〕མིན་པ་ཉིད་ཅེས་ པ་གང་བརྗོད་པར་བྱ་བ་དེ་ནི་〚དེ་ལྟ་〛མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བླ་མ་བསྟེན་ པའི་སླད་དུ་སློབ་དཔོན་གྱི་སྐྱོན་དང་ཡོན་ཏན་ཡོངས་སུ་བརྟག་པ་དེ་བཞིན་གཤེགས་པས་ 3-1-251 〔རྩ་བའི་རྒྱུད་ལས་〕གསུངས་པ་འདི་ལྟ་སྟེ། སྙིང་རྗེ་མེད་ཅིང་(ཞེས་པ་ནི་ཞིང་ལས་བྱེད་པའོ)ཁྲོ་བ་(ཞེས་པ་ ནི་གཞན་གྱི་མཚང་འབྲུ་བར་བྱེད་པའོ་)གདུག(པ་ཞེས་པ་ནི་ངུར་སྨྲིག་འཛིན་པ་ལ་སྡང་བའོ)། ཁེངས་ཤིང་(ཞེས་པ་ནི་ ཤེས་པ་དམན་པས་དྲེགས་པའོ་)ཆགས་ལ་(སྤྱད་པར་མ་གནང་རྫས་ལ་སྤྱོད་པའོ་)མ་བསྡམས་དང་( ཞེས་པ་ནི་ཆང་ ཤིན་ཏུ་འཐུངས་པའོ)། །རང་བསྟོད་(ཅེས་པ་ནི་གཞན་ཡོན་ཏན་ཅན་ལ་སྐྱོན་འདོགས་པ་སྟེ་དེ་དག་)བླ་མར་(མི་བྱའོ་ གང་གིས་མི་བྱ་ན་)སློབ་མ་ནི། །བློ་བཟང་ལྡན་པས་མི་བྱའོ་ཞེས་པ་(རྡོ་རྗེ་སྙིང་པོ་ལྟར་བཤད་པ་རང་གིས་ སྔར་ལེགས་པར་མ་བརྟགས་པས་དབང་གིས་)སྟེ་(ཡང་འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། བརྩེ་ མེད་ཤ་ཟ་བ་ལ་གསུངས། །ཁྲོ་བ་དགའ་བར་བསྣུན་བྱེད་དང༌། །གདུག་པ་ལེགས་པའི་སྐྱེ་བོར་སྡང༌། །ཁེངས་པ་ཡེ་ཤེས་སྤངས་ པའོ། །ཆགས་པ་ལྷ་ཡི་དཀོར་ལ་སྤྱོད། །མ་བསྡམ་ཤིན་ཏུ་ཆང་འཐུང་བ། །རང་བསྟོད་སྟོང་པ་ཉིད་ལམ་ལ། །སྨོད་ཅིང་གནོད་ པ་བྱེད་པའོ། །ཞེས་བཤད་པའི་)གསུངས་འདིའི་ཕྱིར་བླ་མར་བྱས་ཀྱང་(རྡོ་རྗེ་སློབ་དཔོན་གྱི་)བྱ་བ་མ་ཡིན་ པ་བྱེད་པ་ནི་ཐར་བ་དོན་དུ་གཉེར་བའི་སློབ་མས་སྤང་བར་བྱ་བ་ཉིད་དོ། །དེ་བཞིན་དུ་དང་ པོའི་སངས་རྒྱས་ལས། གང་ཞིག་ཁྱིམ་པ་(དགེ་འདུན་གྱི་)བསྟི་གནས་སྤྱོད(པ་དང་)། །(རྒྱལ་པོ་ལ་ སོགས་པའི་)གཡོག་པོ་(རལ་གྲི་ཁྱེར་བ་དང་སྣག་ཚ་སྦྱོར་བ་ལ་སོགས་པ་དང་)ཞིང་པ་(དང་)ཚོང་པ་དང་(ནོར་རྫས་ ཀྱི་ཕྱིར་ཆོས་བསྟན་པ)། །དམ་ཆོས་འཚོང་བའི་(སློབ་དཔོན་)རྨོངས་པ་དེ། །ས་ལ་རྡོ་རྗེ་འཛིན་པ་མིན། ། ཞེས་པ་ལ་སོགས་པས་སོ། །བླ་མ་རྣམ་པ་གསུམ་(རྩ་བའི་རྒྱུད་ཀྱི་)སློབ་དཔོན་ཡོངས་སུ་བརྟག་ པ་ལས་གསུངས་པ། (འཆད་འགྱུར་གྱི་)དེ་ཉིད་བཅུ་ནི་ཡོངས་ཤེས་པ(འི་སློབ་དཔོན)། །གསུམ་ལས་ དགེ་སློང་མཆོག་ཡིན་ཞིང༌། །འབྲིང་ནི་དགེ་ཚུལ་ཞེས་བྱ་སྟེ། །(དགེ་བསྙེན་)ཁྱིམ་(ན་)གནས་(པ་ནི་ གསུམ་པོ་)དེ་ལས་ཐ་མའོ། །ཞེས་{པ་}དང་(མི་དགེ་བཅུ་པོ་ཡོངས་སྤོང་བར། །བྱེད་པ་དེ་ནི་དགེ་བསྙེན་ཏེ། །བསླབ་ པའི་གནས་བཅུ་སྦྱིན་བྱེད་པ། །སྲུང་བྱེད་དེ་ནི་དགེ་ཚུལ་ཡིན། །བསླབ་པའི་མཐར་ཐུག་གནས་བྱིན་ནས། །བརྟུལ་ཞུགས་བྱེད་ པ་དགེ་སློང་ངོ༌། །ཞེས་འཕགས་པ་རྡོ་རྗེ་སྙིང་པོས་གསུངས་སོ་)། དེ་བཞིན་དུ། ས་ཐོབ་མ་གཏོགས་ཁྱིམ་པ་ ནི། །རྒྱལ་པོས་བླ་མར་མི་བྱ་སྟེ། །(རྒྱལ་པོའི་བླ་མར་འོས་པ་)དེ་ལ་〔སྡེ་སྣོད་གསུམ་〕ཐོས་པ་〔དང་〕ཡོངས་ 3-1-252 〔སུ་〕ཤེས་པས(འི་སློབ་དཔོན)། །གང་ཞིག་(རབ་ཏུ་བྱུང་བའི་)རྟགས་ཅན་(ཁོ་ནས་)བྱ་བ་ཉིད〔དེ་དེའི་རྒྱུ་ལས་ རྟགས་ཅན་ལ་གུས་པ་མང་བར་འགྱུར་ལ〕། །ས་ཐོབ་མ་གཏོགས་སློབ་དཔོན་ནི། །ཁྱིམ་(ན་)གནས་(པའི་ དགེ་བསྙེན་)གང་ཚེ་( རྒྱལ་པོའི་བླ་མར་བྱས་ནས་ནི་)མཆོད་བྱེད་པ། །དེ་ཚེ་(སྐྱེ་བོ་རྣམས་)སངས་རྒྱས་ཆོས་ དང་ནི། །དགེ་འདུན་རྣམས་ལ་གུས་མེད་འགྱུར〔བས་བསྟན་པ་ནུབ་པར་འགྱུར་བའི་ཉེས་དམིགས་ཡོད་དོ། ། ས་ཐོབ་པའི་ཁྱིམ་པ་ནི་དགེ་སློང་བཅུ་པས་ལྷག་པར་གསུངས་ཤིང་རྒྱལ་པོའི་བླ་མར་འོས་སོ〕། །ཞེས་དང་དེ་བཞིན་ དུ། ལྷ་ཁང་(དང་མཆོད་རྟེན་)སོགས་ཀྱི་རབ་གནས་(དང་སོགས(པ་རྒྱལ་པོ་ལ་དབང་བསྐུར་བ་དང་ཚོགས་ཀྱི་གཙོ་ བོ་ལ་སོགས་པ་བྱུང་བའི)། །རྟགས་ཅན་ཀྱིས་ནི་རྟག་ཏུ་བྱ། །གནས་གཅིག་དག་ན་གསུམ་ཡོད་ན། ། 〔ཐ་མ་〕ཁྱིམ་པ་གོས་དཀར་ལྡན་པས་(བྱ་བ་)མིན། །ཞེས་པ་སྟེ། དེ་ལྟར་(སྐྱོན་ཡོན་གྱི་)རྣམ་པ་དུ་ མས་སློབ་དཔོན་ཡོངས་སུ་བརྟག་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བླ་མ་(དམ་པ་) སློབ་མ་རྣམས་ཀྱིས་བསྟེན་པར་བྱ་སྟེ་སྔར་གསུངས་པ(སྐྱོན་ཡོན་བརྟགས་པ)འི་ངེས་པ་ནི་སྐྱོན་དང་ ལྡན་པ་སྤང་བའི་སླད་དུའོ། །དེ་བཞིན་དུ་ཡོན་ཏན་(བརྟགས་པ་)ལས་ཀྱང་(བསྟེན་བྱར་)གསུངས་ པ་འདི་ལྟ་སྟེ། (དམ་ཚིག་དང་སྡོམ་པ་)བརྟན་ཞིང་(རྒྱུད་)དུལ་ལ་བློ་གྲོས་ལྡན(རྙེད་བཀུར་ལ་རེ་བ་མེད་པར་ ཆོས་སྟོན་པའོ)། །བཟོད་ལྡན་(རྒྱུད་)དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་(རིམ་པ་གཉིས་དང་ གསུམ་ལ་སོགས་པའི་)སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་〔སྡེ་སྣོད་གསུམ་ལ་སོགས་པའི་〕བསྟན་བཅོས་ མཁས། །(དུས་འཁོར་རྩ་རྒྱུད། བླ་མའི་ཡོན་ཏན་ཡོངས་སུ་བཟུང་ལས། །ལས་དང་གནས་དང་དུས་དང་ལྷ་དང་སྔགས། ། བགྲང་ཕྲེང་ཕྱག་རྒྱ་སྦྱིན་སྲེག་དང༌། །དཀྱིལ་འཁོར་བུམ་པའི་དེ་ཉིད་དང༌། །དབང་བསྐུར་དང་ནི་རབ་གནས་ཀྱི། །དེ་ཉིད་བཅུ་ ནི་ཡོངས་ཤེས་པའི)དེ་ཉིད་བཅུ་ནི་(འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། དཀྱིལ་འཁོར་དང་ ནི་རང་བཞིན་དང༌། །ཕྱག་རྒྱ་བྱ་བ་འདུག་སྟངས་དང༌། །གཏོར་མ་སྦྱིན་སྲེག་རབ་གནས་དང༌། །སྤྱན་དྲངས་གཤེགས་སུ་གསོལ་ བའོ། །ཞེས་པ་དང༌། མན་ངག་སྙེ་མར། བསྲུང་བ་དབང་བསྐུར་གཏོར་མ་བཟླས་པ་དབྱེ། །ཕྱིར་བཟློག་དག་དང་དཀྱིལ་འཁོར་ སྒྲུབ་ཐབས་དང༌། །བཙན་ཐབས་སྦྱོར་བ་གཤེགས་སུ་གསོལ་བའོ། །ཞེས་པ་དེ་ཉིད་བཅུ་རྣམས་སུ་ནི་བཤད། །ཅེས་དང༌། ལུང་ 3-1-253 གཞན་ལས་ཀྱང༌། དཀྱིལ་འཁོར་དང་ནི་ཏིང་འཛིན་དང༌། །ཕྱག་རྒྱ་འདུག་སྟངས་སྟངས་སྟབས་དང༌། །བཟླས་བརྗོད་སྦྱིན་སྲེག་ མཆོད་སྦྱིན་དང༌། །ལས་ལ་སྦྱར་དང་སླར་བསྡུ་བའོ། །ཞེས་འབྱུང་བ་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིའི་དེ་ཉིད་བཅུ་དང་ གསང་བའི་དེ་ཉིད་བཅུ་གསུངས་པ་དེ་ལྟ་བུའི་)ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས(པ་ ནི)། །གསང་སྔགས་འཆད་(པར་)བྱེད་(པའི་རྡོ་རྗེ་)སློབ་དཔོན་ཏེ། །(རྒྱུད་དྲི་མ་བསྲབས་པས)དང་བའི་ བདག་ཉིད་དབང་པོ་ཐུལ། །ཞེས་པ་ལ་སོགས་པས་སོ། ། ༈ འོན་ཀྱང་ཚིགས་སུ་བཅད་པ་གཞན་གྱིས་གསུངས་པའི་ཚིག་ཅི་སྟེ་རྣམ་པར་མི་དཔྱོད་ ཅེ་ན། (རྣམ་པར་དཔྱད་པར་བྱ་སྟེ་)དབང་མཆོག་ཐོབ་གང་ཞེས་པ་ལ་སོགས་པའི་ཚིག་ནི་མཁས་པ་ རྣམས་ཀྱིས་དོན་དམ་པའི་བདེན་པ་དང་འཇིག་རྟེན་པའི་བདེན་པ་སྟེ་(རིམ་པ་ལྟར་)ངེས་པའི་ དོན་དང་དྲང་བའི་དོན་གྱིས་རྟོགས་པར་བྱའོ། །དེ་ལ་རེ་ཞིག་ངེས་པའི་དོན་བརྗོད་པར་བྱ་སྟེ་ འདིར་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་རྣམས་ཀྱི་མཆོག་ཕྱག་ རྒྱ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་(ལམ་དུས་ཀྱི་ཐིག་ལེ་)མི་འགྱུར་བའི་བདེ་བ་ཆེན་པོའི་ སྐད་ཅིག་མ་(ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་)རྣམས་ཀྱི་མཐའ་མ་(སྟེ་མཐར་སྐད་ཅིག་ལས་འདས་པའི་བདེ་བ་ཆེན་པོ་) མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་(སྒྲིབ་པ་ཐམས་ཅད་དང་བྲལ་བའི་རྟོག་པའི་མཚོན་གྱིས་) མི་ཆོད་པ་སྟེ་(ཕྱག་རྒྱ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ)དེ་བཅོམ་ལྡན་འདས་གང་གིས་བྱང་ཆུབ་ཀྱི་ ཤིང་དྲུང་དུ་ཐོབ་པ་དེ་ནི་དབང་མཆོག་ཐོབ་པའོ། །གང་(ཞེས་པ་)ནི་(འདིར་)གང་གི་ཕྱིར་ཏེ་(ཞེས་ པའི་དོན་)སྐུ་དང་གསུང་དང་ཐུགས་(འདུས་མ་བྱས་པའི་དབྱིངས་ཡིན་པས་དབྱེར་)མི་ཕྱེད་(ཅིང་གཞོམ་དུ་མེད་)པ་དེའི་ཕྱིར་རྡོ་རྗེ་སློབ་དཔོན་(ཆེན་པོ་རྡོ་རྗེ་འཆང་ཡིན་)ཏེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའོ། ། ཁམས་གསུམ་པོ་འདིར་སེམས་ཅན་གྱི་དོན་དུ་གང་གིས་སྐུ་དང་གསུང་དང་ཐུགས་མི་ཕྱེད་པ་ རྡོ་རྗེ་བཞིན་དུ་སྤྱོད་(ཅིང་གནས་)པ་དེ་ནི། རྡོ་རྗེ་སློབ་དཔོན་(གདུལ་བྱའི་གནས་)ཀུན་ཏུ་གཤེགས་པ་ (སྟེ་ཁྱབ་པ་)ཐམས་ཅད་མཁྱེན་པ་ཉིད་དེ། དེ་ལ་ཡང་དེ་བཞིན་གཤེགས། ཕྱོགས་བཅུའི་འཇིག་ 3-1-254 རྟེན་ཁམས་བཞུགས་རྣམས་ཞེས་པ་ལ་འདིར་ཕྱོགས་བཅུ་རྣམས་ན་བྱང་ཆུབ་སེམས་དཔའ་ གང་དག་ཡོད་པ་དེ་རྣམས་ཀྱི་ཅོད་པན་རིན་པོ་ཆེ་བདུན་〔ནི་ཐེག་བསྡུས་ཀྱི་བཤད་སྦྱར་ལས། གསེར་ དངུལ། བཻཌཱུརྱ། སྤུག་ཤེལ། རྡོའི་སྙིང་པོ། མུ་ཏིག་དམར་པོ་རྣམས་ལ་བཤད་པ། རྡོ་རྗེའི་སྙིང་པོ་ནི། ཨན་ད་སྙིལ་འཐོན་ཀ་ཆེན་ པོ་དང༌། མུ་ཏིག་དམར་པོ་ནི་སྲོག་ཆགས་མང་པོ་{བཞེས་པའི་{བཤས་པའི་}ཁུང་ནས་འབྱུང་བར་བཤད་དོ〕གྱི་རང་བཞིན་ ནི་(སྐབས་འདིར་)ངེས་པའི་དོན་གྱིས་འཇིག་རྟེན་གྱི་ཁམས་ཞེས་བརྗོད་དེ་ཅོད་པན་དེ་དག་ལ་ དེ་བཞིན་གཤེགས་པ་གང་དག་རིགས་ཀྱི་ཕྱག་རྒྱའི་རང་བཞིན་གྱིས་བཞུགས་པ་དེ་དག་ནི་ (དེ་བཞིན་གཤེགས་པ་)ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས་སོ། །བྱང་ཆུབ་སེམས་ དཔའ་དེ་རྣམས་ཀྱང་དུས་གསུམ་དུ་བྱོན་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ བར་བྱེད་དེ། །དེ་དག་ཕྱག་འཚལ་བར་བྱེད་པས་(དེ་དག་)ཅོད་པན་ལ་གནས་པའི་དེ་བཞིན་ གཤེགས་པ་རྣམས་དང་ཕུང་པོ་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བར་ འགྱུར་རོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་ཏོ། ། ༈ དེ་བཞིན་དུ་ཉེ་བར་བརྟགས་ནས་དྲང་བའི་དོན་བརྗོད་པར་བྱ་སྟེ་འདིར་ཕྱི་རོལ་ལ་ ཇི་ལྟ་བ་དེ་བཞིན་དུ་ལུས་ལ་སྣ་ཚོགས་ཞེས་གསུངས་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་སྒྲས་ ཕྱོགས་བཅུ་ན་གནས་པའི་སློབ་མ་རྣམས་ཀྱིས་ལུས་བརྗོད་དེ། འོག་ནི་སའི་ཁང་པ་ལ་གནས་ པ(འི་སློབ་མ་)རྣམས་སོ། །སྟེང་ནི་ཁང་བཟངས་སུམ་རྩེག་ལ་སོགས་པ་ལ་གནས་པ་རྣམས་སོ། ། (ཕྱོགས་བརྒྱད་ནི་གོ་སླ་སྟེ་དེ་ལྟར་ཕྱོགས་བཅུའི་སློབ་མ་)དེ་རྣམས་ལ་ཕུང་པོ་ལྔ་གནས་པ་རྣམས་ནི་(ཆོས་ ཉིད་འོད་གསལ་གྱི་ཕུང་པོ་གཞན་ལྔ་དང་རྣམ་པ་འདྲ་བས་)དེ་བཞིན་གཤེགས་པ་(རིགས་ལྔ་)ཞེས་(བཏགས་ནས་) བརྗོད་དེ། དེ་ལྟར་(དེ་བཞིན་གཤེགས་པ་ཕྱོགས་བཅུའི་)འཇིག་རྟེན་ཁམས་བཞུགས་རྣམས་སོ། །སློབ་ མ་དེ་རྣམས་ཀྱང་ཐུན་མཚམས་གསུམ་དུ་འོངས་ནས་བླ་མ་ལ་ཕྱག་འཚལ་བར་བྱེད་དེ། (སློབ་ མ་)དེ་རྣམས་ཕྱག་འཚལ་བར་བྱེད་པས་(དེ་བཞིན་གཤེགས་པ་ལྔའི་)ཕུང་པོ་ལྔ་རྣམས་ཀྱིས་ཀྱང་བླ་ 3-1-255 མ་ལ་ཕྱག་འཚལ་བར་འགྱུར་རོ། །ཞེས་པ་ནི་དྲང་བའི་དོན་ཏོ། ། ༈ འདིར་ངུར་སྨྲིག་འཛིན་པའི་དགེ་སློང་རྣམས་ཀྱིས་དུས་གསུམ་དུ་རྡོ་རྗེ་སློབ་དཔོན་ལ་ ཕྱག་འཚལ་བར་བྱ་སྟེ། (འོན་ཀྱང་སློབ་དཔོན་)ཁྱིམ་པ་དང་(རབ་བྱུང་)གསར་བུ་(དགེ་ཚུལ་)རྣམས་ལ་ ནི་དམ་པའི་ཆོས་འཆད་པ་མ་གཏོགས་པར་(ཕྱག་བྱ་བ་)མ་ཡིན་ནོ། །(ཆོས་འཆད་པའི་ཕྱག་ཀྱང་)འདི་ ལྟ་སྟེ། འཇིག་རྟེན་(པ་དགེ་སློང་ལ་)སྨོད་པ་སྤང་བའི་ཕྱིར(དུ)། །དམ་ཆོས་ལ་སོགས་མདུན་བདར་ ཏེ། །(〔དེ་ལ་ཕྱག་བྱེད་པར་འཇིག་རྟེན་པས་གོ་བར་བྱ་ཞིང་སློབ་དཔོན་〕ཁྱིམ་པ་འམ་ནི་གསར་བུ་ལ། །(དགེ་སློང་གི་)བརྟུལ་ཞུགས་འཛིན་པས་བློས་ཕྱག་བྱ(འི་དངོས་སུ་མ་ཡིན་ནོ)། །དེ་བཞིན་དུ། མཆོག་མིན་ལས་ དང་ཕྱག་སྤངས་ནས། །སྟན་བསྟབ་པ་དང་ལྡང་བ་དང༌། །དོན་བྱ་ལ་སོགས་བསྙེན་བཀུར་ འདིར། །ཐམས་ཅད་བརྟུལ་ཞུགས་ཅན་གྱིས་བྱ། །ཞེས་པ་ནི་(འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་ པ་མདོར་བསྟན་པར། གང་ཚེ་ས་ལ་དགེ་སློང་གང༌། །སྔགས་ཀྱི་ཐེག་པ་མི་ཤེས་པ། །དེ་ཚེ་ཁྱིམ་པ་ཉེར་སྤྱོད་ཀྱང༌། །དགེ་སློང་ གི་ནི་བླ་མར་བྱ། །ཞེས་གསུངས་པ་ལྟར། ཁྱིམ་པ་འམ་ནི་གསར་བུ་ལ། །དགེ་སློང་གིས་ཕྱག་བྱས་ནས་དགེ་སློང་ལ་དགེ་སློང་ གི་བསླབ་པ་རྣམས་ལ་སློབ་མར་མི་སྨྲ་བའི་)འདིར་གལ་ཏེ་ཁྱིམ་པའམ་གསར་བུ་དག་ཀྱང་དགེ་སློང་གི་ རྡོ་རྗེ་སློབ་དཔོན་དུ་མཚུངས་པར་གྱུར་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། མཆོག་མིན་གྱི་ལས་རྐང་ པ་བཀྲུ་བ་ལ་སོགས་པ་དང་ཡན་ལག་ལྔའི་ཕྱག་སྤངས་ནས་རང་གི་གནས་སུ་བླ་མ་བྱོན་པ་ ལ་ནོར་ལ་སོགས་པའི་བཀུར་སྟི་བྱའོ། །(ཆོས་)འཆད་པའི་དུས་སུ་(ནི་)འཇིག་རྟེན་སྨོད་པ་ སྤང་པའི་ཕྱིར་དམ་པའི་ཆོས་ལ་སོགས་པ་མདུན་དུ་བདར་ནས་(དེ་ལ་ལུས་ཀྱི་)ཕྱག་འཚལ་བར་ བྱ(ཞིང་ཡིད་ཀྱིས་སློབ་དཔོན་ལ)འོ། །འདིར་〔ཁྱིམ་པ་གསར་བུ་ལ་དགེ་སློང་གིས་ཕྱག་བྱས་ནས་དགེ་སློང་ལ་དགེ་སློང་ གི་བསླབ་པ་རྣམས་ལ་སློབ་མར་མི་སྤྲོ་བའི་〕འཇིག་རྟེན་(པ་རྣམས་ཀྱི་)སྨོད་པ་(རྒྱུ་མཐུན་)ནི་ཁྱིམ་པའམ་དགེ་ ཚུལ་གང་ཡིན་པ་དེ་དག་ལེ་ལོ་ཉིད་ཀྱིས་(བསླབ་པའི་ཚིག་)གོང་མ(དགེ་སློང་གི་བསླབ་པ)འི་རྟགས་མི་ འཛིན་པས་སོ་སོ་ཐར་པ་(འདུལ་བའི་སྡེ་སྣོད་རྫོགས་པར་)ཐོས་པ་དང་ཡོངས་སུ་ཤེས་པ་མེད་པ(ར་དགེ་ 3-1-256 སློང་གི་བསླབ་པ་ལ་སོགས་པར་སྤྲོ་བ)འི་ཕྱིར་རོ། །གལ་ཏེ་ལེ་ལོ་དང་ང་རྒྱལ་མེད་པ〔ར་དགེ་སློང་གི་བསླབ་པ་ ལ་སློབ་པར་སྤྲོ་བ〕་དེ་ལྟ་ན་སྔར་དགེ་སློང་གི་སྡོམ་པ་ཤེས་ནས་ཕྱིས་ཐེག་པ་ཆེན་པོ་(ཕ་རོལ་ཏུ་ཕྱིན་པ་ དང་སྔགས་ཀྱི་ཚུལ་རིམ་པ་ལྟར་)ཤེས་པར་བྱ་བ་སྟེ་ཀྱེའི་རྡོ་རྗེ་ལ་སོགས་པར་བཅོམ་ལྡན་འདས་ཀྱིས་ གསུངས་པ་(དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་ བ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་ རྗེས་ཀྱེའི་རྡོ་རྗེ་བསྟན་ཞེས་པ་ལྟར་)ཅིའི་དོན་དུ་མི་བྱེད། དེའི་ཕྱིར་(དེས་ན་དགེ་བསྙེན་དང་དགེ་ཚུལ་ནི་དགེ་སློང་ ལས་དམན་པ་ཡིན་པ་ལ་དེ་དག་ལ་དགེ་སློང་གིས་དངོས་སུ་ཕྱག་བྱས་ན་དགེ་སློང་རྣམས་དགེ་བསྙེན་དང་དགེ་ཚུལ་ལས་དམན་ པ་ཡིན་ནོ་ཞེས་སྨོད་པར་འགྱུར་རོ)དགེ་སློང་རྡོ་རྗེ་འཛིན་པ་ཡོད་ན་ཁྱིམ་ན་གནས་པའི་སློབ་དཔོན་ནི་ དགེ་སློང་རྣམས་ཀྱིས་(བླ་མར་)བསྟེན་པར་མི་བྱ་སྟེ་རྒྱལ་པོས་ཀྱང་རྣམ་པ་ཐམས་ཅད་དུ་〔བླ་མར་〕 བསྟེན་པར་མི་བྱའོ། ། ༈ དེ་བཞིན་དུ(རྩ་བའི་རྒྱུད་ཀྱི)། སློབ་དཔོན་ཡོངས་སུ་བརྟག་པ་ལས། །(དགེ་སློང་རྡོ་རྗེ་འཛིན་པ་ འཚོ་བའི་)སློང་མོ་(བྱེད་པ་)དང་ནི་(ཆོས་)གོས་(རྣམ་པ་གསུམ་)དམར་(པོ་གྱོན་པའི་རྒྱུ་མཚན་)གྱིས། །(དབུལ་ པོ་)ངན་པའི་བདག་(ཉིད་དུ་མཐོང་ནས་)གང་(དག་དགེ་སློང་དེ་སློབ་དཔོན་འཛིན་པ་)ངོ་ཚ་ནས། །(བསླབ་པ་)གཡེམ་(པ་དང་)བཅས་(པའི་ཁྱིམ་པའི་སློབ་དཔོན་ལ་)ཕྱག་དང་མཆོད་བྱེད་པས། །སངས་རྒྱས་པ་ རྣམས་(སངས་རྒྱས་ཀྱི་བསྟན་པའི་)ལམ་(ལས་)ཉམས་པར། །འགྱུར་རོ་ཞེས་འབྲེལ་ལོ། །དེ་བཞིན་ དུ(སློབ་དཔོན་ཡོངས་སུ་ཚོལ་བའི་དུས)། གང་ཚེ་གོས་དམར་(ཅན་དགེ་སློང་)མཐོང་〔བར་〕གྱུར་ནས། །(བསྟན་ པ་ཉམས་སྨོད་པའི་)སྡིག་ཅན་རྣམས་ནི་(དགེ་སློང་ལ་)ཞེ་སྡང་(བར་)འགྱུར(ལ)། །ཀླ་ཀློའི་ཆོས་(ལ་) དགའ་(བའི་)སངས་རྒྱས་པ། །(དེ་རྣམས་བསྟན་པ་ཉམས་པ་)དེ་ཚེ་དཀར་པོའི་གོས་(ཅན་)ལ་མོས(པ་ བྱེད་པར་འགྱུར་)། །ཞེས་སོ། །འདིར་སངས་རྒྱས་པའི་བསྟན་པ(འི་རྟགས་)ནི་དུས་ཐམས་ཅད་དུ་ གོས་དཀར་པོ་མ་ཡིན་ཏེ་དེ་ལྟར་ཡང་འཇམ་དཔལ་གྱི་ཡུལ་གྱི་གཙུག་ལག་ཁང་དུ་དགེ་སློང་ 3-1-257 དང་དགེ་ཚུལ་(ལ་རིམ་པ་ལྟར་)ཕམ་པ(དང་ཕམ་པ་འདྲ་བའི་ཉེས་བྱས་ཀྱི་རྩ་ལྟུ་འབྱུང་བ)ར་གྱུར་པ་དེའི་ཚེ་ གོས་དཀར་པོ་བྱིན་ཞིང་ངུར་སྨྲིག་བླངས་ཏེ་གཙུག་ལག་ཁང་ནས་ངེས་པར་འབྱིན་པར་བྱེད་ དོ། །རྡོ་རྗེ་སློབ་དཔོན་(ལ་)ཡང་(སྔགས་ཀྱི་རྩ་ལྟུང་འབྱུང་བ་ན་)སྔགས་པའི་གཙུག་ལག་ཁང་ནས་ (འབྱིན་པར་བྱེད་པ་ཡིན་ཏེ་ཆོས་ཀྱི་)རྒྱལ་པོའི་ངེས་པས་སོ། །(དེས་ན་)འཕགས་པའི་ཡུལ་འདིར་ཡང་ ཁྱིམ་ན་གནས་པ་གོས་དཀར་པོ་འཛིན་པ་ནི་ངུར་སྨྲིག་འཛིན་པ་རྣམས་ཀྱི་བླ་མ་དང་གཙུག་ ལག་ཁང་ལ་སོགས་པ་རབ་ཏུ་གནས་པ་བྱེད་པ་པོ་ཇི་ལྟར་ཡིན་(རྒྱལ་པོ་ལ་སོགས་པ་གང་ཟག་)གང་ ཞིག་(སློབ་དཔོན་)དགེ་སློང་རྡོ་རྗེ་འཛིན་པ་ཡོད་ཀྱང་(དེ་སློབ་དཔོན་དུ་དེ་མི་བསྟེན་པར་ཁྱིམ་པའི་སྐྱོན་གྱིས་) གནོད་པ(འམ་དགོས་པ)འི་གནས་སྐབས་ཐོབ་པ་(དགེ་བསྙེན་)དག་(སློབ་དཔོན་དུ་)བསྟེན་པར་བྱེད་ན་ འདི་ནི་དགེ་འདུན་ལ་བརྙས་པ་ཆེན་པོ་སྟེ་ངེས་པར་འདི་ནི་བདེ་བར་གཤེགས་པའི་〔བཀའི་ངེས་ པ་སློབ་དཔོན་གསུམ་གྱི་དམན་པ་དང་འབྲིང་དང་མཆོག་གི་〕རྣམ་པར་དབྱེ་བ་རྣམ་པར་ཉམས་པར་བྱེད་པའོ། ། ༈ དེའི་ཕྱིར་རྣམ་པ་ཀུན་ཏུ་ཡོངས་སུ་བརྟགས་ནས་སྐྱོན་དང་བྲལ་བའི་བླ་མ་བསྟེན་པར་ བྱ་ཞིང་སྐྱོན་དང་ལྡན་པ་སྤང་པར་བྱའོ(དུས་ཀྱི་དབང་གིས་སྐྱོན་ཡོན་འདྲེས་ན་གཙོ་ཆེ་བའི་ཡོན་ཏན་ལྷག་པ་བསྟེན་ པར་བྱ་སྟེ། དོན་དམ་པར་བསྙེན་པར། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་ མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །ཞེས་འབྱུང་ངོ་)། །སློབ་དཔོན་ཡོངས་སུ་བརྟག་པ་གསུངས་པའི་ངེས་པའོ། ༣ ། ༈ (གཉིས་པ་འབྲིང་དང་མཆོག་དང་ཐ་མའི་སློབ་མ་ཡོངས་སུ་བརྟག་སྟེ་བསྡུ་བའི་ངོ་བོ་ཉིད་)ད་ནི་ཟབ་ཅིང་ ཞེས་པ་ལ་སོགས་པས་ཤེས་རབ་ཡེ་ཤེས་ལ་སོགས་པའི་དབང་གི་དོན་དུ་སློབ་མ་དམ་པའི་ མཚན་ཉིད་གསུངས་ཏེ། འདིར་སྔགས་ཀྱི་ཚུལ་ལ་(རྣལ་འབྱོར་བསྒོམ་པའི་)སློབ་མ་རྣམ་པ་གཉིས་ ཏེ་གཅིག་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བ་(རྫོགས་རིམ་བསྒོམ་པ་)དང༌། 3-1-258 གཉིས་པ་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བ(བསྐྱེད་རིམ་བསྒོམ་པ)འོ། །གང་ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བ་དེ་ནི་(རྣམ་ཀུན་མཆོག་ལྡན་གྱི་)སྟོང་པ་ཉིད་ ཀྱི་ལམ་(སྦྱོར་བར་ཡན་ལག་དྲུག་)སྒོམ་པའི་དོན་དུ་བུམ་པ་དང་གསང་བ་ལ་སོགས་པ(གོང་མ)འི་ དབང་གི་ཡང་དག་པར་བསྡུ་བར་བྱའོ། །གང་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དོན་དུ་ གཉེར་བ་དེ་ནི་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་དོན་དུ་དབང་ (འོག་མ་)བདུན་གྱིས་ཡང་དག་པར་བསྡུ་བར་བྱ་སྟེ་འབྲིང་པོ་བསོད་ནམས་དག་གི་རྒྱུར་ཞེས་ སོ། །ཐ་མ་(རྣལ་འབྱོར་མི་བསྒོམ་པའི་སློབ་མ་)ནི་དབང་གིས་ཡང་དག་པར་བསྡུ་བར་བྱ་བ་མ་ཡིན་ཏེ་ (འོན་ཀྱང་བླ་མ་བསྟེན་པར་བྱེད་ཅིང་སྨོད་པར་མི་བྱེད་ན་)དགེ་བསྙེན་གྱིས་བསླབ་པས་ཡང་དག་པར་བསྡུ་ བར་བྱའོ། །ཞེས་པ་ནི་ངེས་པའོ། །འདིར་(དུས་གསུམ་པ་དང་ཁམས་གསུམ་པའི་དངོས་པོ་མེད་པའི་ཕྱིར་) ཟབ་ཅིང་(དུས་གསུམ་པ་དང་ཁམས་གསུམ་པའི་རྣམ་པ་ཐམས་ཅད་དང་ལྡན་པའི་ཕྱིར་)རྒྱ་ཆེ་བའི་ཆོས་(དམིགས་ བཅས་)སྟོང་པ་ཉིད་དང་(དམིགས་མེད་)སྙིང་རྗེ(དབྱེར་མེད་པ)འི་བདག་ཉིད་ལ་གང་ཞིག་སེམས་པ་ (འམ་མོས་པ་)དེ་ནི་ཟབ་ཅིང་རྒྱ་ཆེ་ལ་སེམས་ཞེས་པ་སྟེ་སློབ་མ་མཆོག་གོ། བླ་མའི་ངེས་པ་ལ་ དགའ་ཞེས་པ་ནི་རྩ་བའི་ལྟུང་བ་བཅུ་བཞི་དང་བྲལ་ཞིང་དགེ་བ་བཅུའི་ཆོས་ལ་དགའ་བའོ། ། གཏོང་པའི་ངང་ཚུལ་དང་ལྡན་ཞེས་པ་ནི་འདུ་འཛི་ཐམས་ཅད་རྣམ་པར་སྤངས་ཤིང་རྫས་(དང་ བུ་དང་ཆུང་མ་)ལ་སོགས་པ་ལ་ལྟོས་པ་(སྟེ་ཆགས་པ་)མེད་པའོ། །ཡོན་ཏན་ཤེས་ཞེས་པ་ནི་དཀོན་ མཆོག་གསུམ་ལ་(ཡོན་ཏན་ལེགས་པར་ཤེས་ནས་)དད་པའོ། །ཐར་པ་དོན་གཉེར་ཞེས་པ་ནི་(ཞི་བའི་ ལས་ལ་སོགས་པའི་)འཇིག་རྟེན་པའི་དངོས་གྲུབ་ལ་ལྟོས་པ་(སྟེ་འདོད་པ་)མེད་པ(ར་འཇིག་རྟེན་ལས་འདས་ པའི་དངོས་གྲུབ་དོན་དུ་གཉེར་བ)འོ། །རྒྱུད་ལ་གུས་ཤིང་ཞེས་པ་ནི་རྒྱུད་ལས་གསུངས་པའི་(དམ་ཚིག་ དང་)སྡོམ་པ་(ཇི་ལྟར་གསུངས་པ་བཞིན་)སྲུང་བར་བྱེད་པའོ། །གཡོ་བ་མིན་པའི་སེམས་ལྡན་ཞེས་ པ་ནི་(བསྐྱེད་རིམ་དང་གཟུགས་ཁམས་དང་གཟུགས་མེད་ཁམས་ཀྱི་ཏིང་འཛིན་ལ་སོགས་པ་)འཇིག་རྟེན་པའི་ལམ་ 3-1-259 རྣམས་ཀྱིས་གང་གི་སེམས་མི་གཡོ་བ་དེ་ནི་གཡོ་བ་མིན་པའི་སེམས་ལྡན་ནོ། །དེ་(ཁོ་ན་)ཉིད་ (ཀྱི་གདམས་ངག་)ཐོབ་པ་ཤིན་ཏུ་སྦེད་ཅེས་པ་ནི་དེ་ཁོ་ན་ཉིད་ཐོབ་པ་ན་ཇི་སྲིད་རང་གིས་(ཡོན་ ཏན་ཁྱད་པར་ཅན་)ཉམས་སུ་མྱོང་བར་གྱུར་པ་དེ་སྲིད་དུ་སྦེད་པ་ནི་ཤིན་ཏུ་སྦེད་པའོ། །གདུག་པ་ རྣམས་ཀྱི་གྲོགས་ཉམས་ཞེས་པ་ནི་འདིར་གང་དག་ནོར་དོན་དུ་གཉེར་བའི་ཁྱིམ་པའི་སློབ་ དཔོན་རྣམས་དང་དེ་བཞིན་དུ་དཀའ་ཐུབ་པ་རྣམས་ཀྱང་སྟེ་(དགེ་འདུན་དུ་མ་སློངས་པའི་)གང་ཟག་ གཅིག་གིས་(དགེ་འདུན་གྱི་)བསྟི་གནས་(ཏེ་སྤྱིའི་འདུ་ཁང་)དང་གཙུག་ལག་ཁང་(དང་དེའི་རྫས་)ཉེ་བར་ ལོངས་སྤྱོད་པ་དེ་རྣམས་ནི་གདུག་པའོ། །(གདུག་པ་)དེ་རྣམས་ཀྱི་གྲོགས་ནི་མི་དགེ་བ་བཅུའི་ ལམ་སྟེ་དེ་གང་ལ་ཉམས་པ་དེ་ནི་གདུག་པ་རྣམས་ཀྱི་གྲོགས་ཉམས་པའོ། །དེ་ལྟར་གྱུར་པ་ནི་ སློབ་མ་ཆེན་པོ་སྟེ་བླ་མ་ཤིན་ཏུ་མཁས་པ་དེ་(ཁོ་ན་)ཉིད་རིག་པ་རྣམས་ཀྱིས་ཤེས་རབ་ཡེ་ཤེས་ ཀྱི་དབང་ལ་སོགས་པའི་རྒྱུར་བསྡུ་བར་བྱའོ། །སོགས་པའི་སྒྲས་དབང་བཞི་པའི་རྒྱུར་ཡང་ དེ་ཉིད་དོ། །གཞན་འབྲིང་པོ་ནི་སླར་ཡང་བསོད་ནམས་དག་གི་རྒྱུར་ཏེ་(བཤད་མ་ཐག་པའི་)ཡོན་ ཏན་(དེ་རྣམས་)འབྲིང་པོ་དང་ལྡན་པ་(བསྐྱེད་རིམ་ལ་བསྒྲུབ་པ་བྱེད་ནུས་པ་)ནི་དབང་བདུན་གྱི་རྒྱུར་ཡང་ དག་པར་བསྡུ་བར་བྱའོ། །ཐ་མ་ཡང་གལ་ཏེ་བླ་མ་བསྟེན་པར་བྱེད་ཅིང་སྨོད་པར་མི་བྱེད་ན་ (དགེ་བསྙེན་གྱི་)བསླབ་པའི་གནས་ལྔའི་རྒྱུར་ཡང་དག་པར་བསྡུ་བར་བྱའོ་ཞེས་པ་ནི་བཅོམ་ལྡན་ འདས་ཀྱི་ངེས་པ་སྟེ་སློབ་མ་ཡོངས་སུ་བརྟག་པའི་ངེས་པའོ། ༤ ། ༈ ད་ནི་རྡོ་རྗེ་སློབ་དཔོན་གྱིས་(རྡུལ་ཚོན་གྱི་)དཀྱིལ་འཁོར་བཞེངས་པ་དང་(སློབ་མ་ལ་)དབང་ སྦྱིན་པ་དང་རྒྱུད་བསྟན་པའི་དོན་དུ་(རིགས་སུམ་ཅུ་རྩ་དྲུག་གི་)རྣལ་འབྱོར་མ་རྣམས་ལ་མཆོད་པ་ བྱེད་པའི་སླད་དུ་ནག་པའི་མཐར་ཞེས་པ་ལ་སོགས་པས་དཀར་པོའི་ཚིགས་(ཉ་བཅུ་གཉིས་ཀྱི་)ངེས་པ་བཅོམལྡན་འདས་ཀྱིས་གསུངས་པ་རྣམ་པར་རྒྱས་པར་བྱ་སྟེ། འཕགས་པའི་ཡུལ་ འདིར་དཀར་བོའི་ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔའི་མཐར་ནག་པོའི་ཚེས་གཅིག་འཇུག་ 3-1-260 པ་ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་ པར་སངས་རྒྱས་ཏེ་(སྤྱོད་བསྡུས་སྒྲོན་མར། ཆག་བྲལ་གཟུགས་སུ་སྤྲུལ་ནས་དམན་མོས་ལ་བདེན་བཞི་རྟོགས་པར་ མཛད་ཅིང་ཆགས་བྲལ་གྱིས་བསྟན་རྒྱ་ཆེན་ལ་མོས་པར། རྣམ་ཤེས་ཚོགས་བརྒྱད་སོགས་ཆོས་བདག་མེད་རྟོགས་པར་མཛད་ ཅིང་ས་དང་ཕར་ཕྱིན་གྱི་སྤྱོད་པ་བསྟན། འཁོར་བསྒྱུར་གྱི་གཟུགས་སུ་སྤྲུལ་ནས། ཟབ་མོར་ལྷག་མོས་རྣམས་ལ་བདེན་གཉིས་ རྟོགས་ཕྱིར་ཆགས་བཅས་ཀྱི་སྤྱོད་པ་སྟོན་པར་བཤད་ལ་སློབ་དཔོན་ཀླུས་བྱང་ཆུབ་ཀྱིས་ཀྱང༌། རིམ་ལྔའི་འགྲེལ་པར། འདི་དང་ ཅི་རིགས་པ་མཐུན་པར་བཤད་པས་འཕགས་པ་ཀླུ་སྒྲུབ་ཀྱང་དེ་ལྟར་བཞེད་པར་མངོན་ལ། ལོ་ཙྪ་བ་རིན་ཆེན་བཟང་པོའི་མཛད་ པའི་སྔགས་ལོག་སུན་འབྱིན་ལས་ཀྱང༌། དེ་དང་མཐུན་པ་བཀོད་དེ་ལེགས་ཤིང་འདིར་ཡང་དེ་དང་མཐུན་པར་སྟོན་པ་འདི་ལྟ་སྟེ་)དེ་ནས་(བྱ་རྒོད་ཕུང་བོའི་རིར་)ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་བསྟན་པ་མཛད་ནས་ (ས་གའི་ཟླ་བ་ནས་བརྩམས་པའི་)ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་(སྟེ་སངས་རྒྱས་ནས་ལོ་གཅིག་ཏུ་ཟླ་བ་ གཅིག་གིས་མ་ལོངས་པ་ན་)ཤྲཱི་(དཔལ་)དྷཱ་(སོ་བ་)ནྱ་ཀ་ཊ་ཀ(སྤུངས་པ་སྔོན་གྲུབ་པ་ཐོབ་པའི་དྲང་སྲོང་ཞིག་གིས་འབྲས་ སོ་བའི་ཆར་ཕབ་པའི་རི་དེ་ལ་དེ་སྐད་གྲགས་པ་དེ)ར་(མཆོད་རྟེན་ཆེན་པོའི་འོག་གི་ཆར་)ཆོས་ཀྱི་དབྱིངས་གསུང་གི་ དབང་ཕྱུག་གི་དཀྱིལ་འཁོར་ཆ་བཅུ་དྲུག་གི་རྣམ་པར་དབྱེ་བའི་མཚན་ཉིད་ཅན་དང༌། དེའི་ སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆ་བཅུ་དྲུག་གི་རྣམ་པར་དབྱེ་བ་ཅན་དང་པོའི་ སངས་རྒྱས་རྣམ་པར་སྤྲོས་སོ། །འདིར་རྒྱུ་སྐར་གྱི་དཀྱིལ་འཁོར་ཞེས་ཇི་ལྟར་ཤེས་པར་བྱ་ཞེ་ ན་བརྗོད་པར་བྱ་སྟེ། འདིར་མཆོད་རྟེན་གྱི་ཕྱི་རོལ་ཏུ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམ་པར་དག་ པས་ཀ་བ་ཉི་ཤུ་རྩ་བརྒྱད་དེ་ཕྱོགས་བཞི་རྣམས་སུ་ཐུར་མ་བདུན་གྱི་དབྱེ་བས་ཤར་དུ་ཁྱབ་ འཇུག་གིས་ཁྱེར་ནས་འོངས་པ་དང་(བདུན་)ལྷོར་ཀཱར་ཏི་ཀས་དང་(བདུན་)ནུབ་ཏུ་ཚངས་པས་ (བདུན་)དང་བྱང་དུ་བདེ་བྱེད་ཀྱི(དབང་ཕྱུག་གི་)ས་ཁྱེར་ནས་འོངས་པ་(བདུན་)རྣམས་བཙུགས་པ་ གང་ཡིན་པ་དེས་ན་མཆོད་རྟེན་གྱི་ཕྱི་རོལ་(ཀྱི་ཀ་བ་)རྒྱུ་སྐར་(ཉེར་བརྒྱད་)གྱི་(གྲངས་ཀྱི་)རྣམ་པར་ དབྱེ་བས་མཆོད་རྟེན་གྱི་ནང་གི་དཀྱིལ་འཁོར་ནི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་རོ། 269། དེ་བཞིན་དུ་སྒོ་ལ་སོགས་ཉི་ཤུ་རྩ་བཞི་ནི་(ལོ་གཅིག་གི་)ཕྱོགས་ཀྱི་ཆ(་ཉི་ཤུ་རྩ་བཞི)འི་དབྱེ་བས་ སོ། །གཞན་འོག་གི་(ཆོས་དབྱིངས་གསུང་གི་དབང་ཕྱུག་གི་)དཀྱིལ་འཁོར་སྐུ་དང་གསུང་དང་ཐུགས་ ཀྱི་དཀྱིལ་འཁོར་གྱི་བདག་ཉིད་(དཀྱིལ་འཁོར་རེ་རེ་ཡང་)ཆ་བཅུ་དྲུག་དང་ལྡན་པ་ནི་སྟོང་པ་ཉིད་ (བཅུ་དྲུག་)དང་སྙིང་རྗེ་བཅུ་དྲུག་རྣམ་པར་དག་པས་སོ་ཞེས་པ་དཀྱིལ་འཁོར་གྱི་གནས་ངེས་ པའོ(མཆོད་རྟེན་གྱི་ནང་ལ་འོག་དང་སྟེང་དང་རྒྱང་གྲགས་གཅིག་ལྷག་པའི་དཔག་ཚད་དྲུག་ཡོད་པར་སློབ་དཔོན་ཨ་ཙ་ལ་ གརྦྷས་བཤད་དོ)། །གནས་དེར་(ནག་པའི་ཉའི་)ཉིན་ཞག་དེ་ཉིད་ལ་དེ་བཞིན་གཤེགས་པས་སངས་ རྒྱས་ཀྱི་དབང་བྱིན་ནས་〔བྱང་ཆུབ་སེམས་དཔའ་དབང་པོ་དང་ཚངས་པ་ལ་སོགས་པ་〕ལྷ་དང་〔བདེན་བྲལ་ལ་སོགས་ པ་〕ལྷ་མ་ཡིན་〔དང་གནོད་སྦྱིན་〕ལ་སོགས་པ་རྣམས་སངས་རྒྱས་ཉིད་དུ་ལུང་བསྟན་ཏེ་དེས་ན་མ་ འོངས་པའི་དུས་སུ་(ནག་པའི་)ཉ་འདི་ནི་དུས་ཀྱི་འཁོར་ལོ་ལས་རྡོ་རྗེ་སློབ་དཔོན་རྣམས་ལ་ (དབང་བསྐུར་བ་ལ་སོགས་པའི་དོན་དུ་)དེ་བཞིན་གཤེགས་པའི་ངེས་པར་གྱུར་ཏོ། །(དབོའི་ཟླ་བ་ནག་པོའི་ ཚེས་གཅིག་ནས་ནག་པའི་ཟླ་བའི་མགོ་བརྩམས་པའི་)ནག་པའི་(ཟླ་བའི་)མཐར་ནི་དཀར་པོའི་(ཕྱོགས་རྫོགས་ པའི་)ཚིགས་(ནག་པའི་ཉ་)ལ་གཞན་ལ་ཕན་པའི་བླ་མས་(དུས་ཀྱི་འཁོར་ལོ་ལ་སོགས་པའི་)དཀྱིལ་འཁོར་ དག་ནི་བཞེངས་བྱས་ནས། །སྡིག་པའི་དྲི་མ་འཕྲོག་པའི་དབང་བདུན་རྣམས་ནི་བསོད་ནམས་ དོན་དུ་བུ་རྣམས་དག་ལ་སྦྱིན་པར་བྱ། །ཞེས་པ་ལ་འདིར་དང་པོར་དབང་བདུན་སྦྱིན་པ་ནི་(རྡོ་ རྗེ་ཐེག་པ་ལ་)གཞུག་པའི་དོན་དང་སྔགས་བཟླས་པ་དང་དཀྱིལ་འཁོར་(གྱི་འཁོར་ལོ་བསྐྱེད་པའི་རིམ་པ་) བསྒོམ་པའི་དོན་དུ་སྟེ་(བཟླས་བསྒོམ་)དེས་བསོད་ནམས་ཀྱི་ཚོགས་སོ། །དེའི་ཕྱིར་བསོད་ནམས་ ཀྱི་ཚོགས་ཀྱི་རྒྱུར་དབང་བདུན་སྦྱིན་པར་བྱ་ཞིང་མི་འཚེ་བ་ལ་སོགས་པའི་བརྟུལ་ཞུགས་ཉི་ ཤུ་རྩ་ལྔ་སྦྱིན་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་དབང་གོང་མ་(བུམ་པ་དང་གསང་ བ་དང་ཤེས་རབ་ཡེ་ཤེས་)གསུམ་སྦྱིན་པ་ནི་རང་གི་ཤ་ལ་སོགས་པ་〔བརྒྱད་〕དང་ཤིན་ཏུ་འདོད་པ(འི་) སྦྱིན་པ་(ཆུང་མ་དང་བུ་མོ་ལོ་བཅུ་གཉིས་མ་)ལ་སོགས་པ(སྦྱིན་པ)འི་དོན་དང་(དོན་དམ་པའི་བདེན་པ་)རྣམ་པ་ 3-1-261 ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྒོམ་པའི་དོན་དང༌། བྱང་ཆུབ་ཀྱི་སེམས་(ཐིག་ ལེ་)མི་འགྱུར་བའི་དོན་ཏེ་(ཐིག་ལེ་འཕོ་བ་མེད་པ་)དེས་ཡེ་ཤེས་ཀྱི་ཚོགས་སོ། །དེའི་ཕྱིར་ཡེ་ཤེས་ ཀྱི་ཚོགས་ཀྱི་རྒྱུར་དབང་གོང་མ་(གསུམ་)རྣམས་སྦྱིན་པར་བྱའོ། །(གསུམ་པོ་)དེ་དག་ཀྱང་དབང་ བཞི་པ་དང་བཅས་པ་སྟེ་བཞི་པ་(སྦྱོར་བ་ཡན་ལག་དྲུག་)ནི་(བླ་མའི་)མན་ངག་གིས་བརྗོད་པར་བྱའོ་ ཞེས་པ་བཅོམ་ལྡན་འདས་ཀྱི་དབང་གི་ངེས་པའོ། །དེ་ལྟར་ནག་པའི་ཉ་གཙོ་བོར་བྱས་ནས་ཉ་ བཅུ་གཉིས་པོ་རྣམས་ལ་རྡོ་རྗེ་སློབ་དཔོན་གྱི་དབང་སྦྱིན་པར་བྱ་ཞིང་སྐུ་གཟུགས་ལ་སོགས་ པ་རྣམས་རབ་ཏུ་གནས་པར་བྱའོ། །དེ་བཞིན་དུ་རྒྱུ་སྐར་དང་སྦྱོར་བ་དགེ་བ་དང་བཅས་པའི་ ཉིན་ཞག་(རྫོགས་པ་གསུམ་ལ་སོགས་པ་)གཞན་ལ་ཡང་བྱའོ། །ཞེས་པ་ནི་དབང་ལ་སོགས་པའི་ངེས་ པའོ། ། ༈ ད་ནི་དུས་ཀྱི་འཁོར་ལོའི་རྒྱུད་བསྟན་པའི་དོན་དུ་(ཕྱི་རོལ་གྱི་)རྣལ་འབྱོར་མ་རྣམས་ མཆོད་པའི་ངེས་པ་གསུངས་ཏེ་ནག་པའི་ཉ་ལ་དཀྱིལ་འཁོར་བཞེངས་ནས་སམ་ཡང་ན་ དཀྱིལ་འཁོར་བྲིས་པ་མེད་པར་ཡང་(རིགས་སུམ་ཅུ་རྩ་དྲུག་གི་འཁོར་ལོ་ཙམ་བྲིས་ནས་)མཐའ་དག་ཡོན་ ཏན་གཏེར་གྱུར་རྒྱུད་ཀྱི་རྒྱལ་པོ་བསྟན་པའི་སླད་དུ་(ཕྱི་རོལ་གྱི་)རྣལ་འབྱོར་མ་རྣམས་དག་ལ། བཟའ་བ་དང་བཏུང་བ་ལ་སོགས་པས་མཆོད་པར་བྱའོ། །ཅི་སྟེ་(ཡོ་བྱད་)མ་ཚོགས་པའི་དབང་ གིས་ནག་པའི་ཉ་ལ་མཆོད་པ་མེད་པར་གྱུར་ན་དེའི་ཚེ་ལོ་གཅིག་ཏུ་ནི་རྒྱུད་ཀྱི་རྒྱལ་པོ་དག་ ནི་བླ་མ་རྡོ་རྗེ་སློབ་དཔོན་གྱིས་བསྟན་པར་མི་བྱའོ། །ཅི་སྟེ་〔ཐོག་མར་ནག་པའི་ཉ་ལ་ཡོ་བྱད་མ་ཚོགས་ པའི་དབང་གིས་〕མཆོད་པ་མེད་པར་གྱུར་པ་ལ་〔ལོ་གཅིག་པོ་དེའི་ཁོངས་སུ་རྒྱུད་བསྟན་ན་གཞན་ལ་ཕན་པ་ལྷག་པར་ འབྱུང་བ་ལ་སོགས་པ་དགོས་པ་ཆེན་པོའི་དབང་གིས་རྒྱུད་བསྟན་པར་〕འོས་པའི་སློབ་མ་(འབྱོར་ལྡན་)འགའ་ཞིག་ ཐོས་པ་དོན་དུ་གཉེར་ན་དེའི་ཚེ་(སློབ་མ་)དེས་(ས་གའི་ཟླ་བ་ཉ་ལ་སོགས་པ་གང་ལ་བབ་པར་ཐོག་མར་བྱས་ པའི་)ཉ་བཅུ་གཉིས་པོ་རྣམས་ལས་རྣལ་འབྱོར་མ་རྣམས་ལ་མཆོད་པ་བྱས་ནས་མཉན་པར་ 3-1-262 བྱ་སྟེ། དེའི་བསོད་ནམས་ཀྱི་ཚོགས་ཀྱིས་(འབྱོར་པ་དང་ལྡན་པའི་སློབ་མ་)གཞནརྣམས་ཀྱིས་ཀྱང་ མཉན་ནོ། །འདིར་(ཕྱི་རོལ་གྱི་)རྣལ་འབྱོར་མ་རྣམས་ལ་མཆོད་པ་ནི་ཕྱིའི་བགེགས་ཉེ་བར་ཞི་ བར་བྱ་བའི་དོན་དུ་སྟེ་རྟག་ཏུ་(ཡར་ངོའི་ཚེས་)བརྒྱད་དང་བཅུ་བཞི་པ་ལ་ཇི་ལྟར་འབྱོར་བ(འི་ མཆོད་པ་)བྱ་བ་དང་འབྱུང་པོ་(དང་)ལ་སོགས་པ་(སྲུང་མ་)རྣམས་ལ་ཉིན་ཞག་སོ་སོར་གཏོར་མ་ སྦྱིན་པར་བྱ་བ་(བླ་མ་)དང་སངས་རྒྱས་(དང་བྱང་ཆུབ་སེམས་དཔའ་)མཆོད་པ་མཎྜལ་ལ་སོགས་པ་བྱ་ བ་ནི་ཁྱིམ་ན་གནས་པ་ནོར་དང་ལྡན་པ་རྣམས་ཀྱི་ངེས་པའོ། །(རྫས་དང་ཡོ་བྱད་)ཀུན་སྤངས་ཀྱི་ སློབ་མ་རྣམས་ལ་ནི་མཆོད་པ་ངེས་པ་མེད་ཅིང་(ཀུན་སྤངས་)དེ་རྣམས་ལ་(རྒྱུད་)བསྟན་པའི་དོན་ བླ་མ་རྣམས་ཀྱིས་ཀྱང་(མཆོད་པ་མེད་པར་རྒྱུད་མི་སྟོན་པའི་)ངེས་པར་མི་བྱའོ། །གང་གི་ཕྱིར་སངས་ རྒྱས་དང་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱང་(ལྷག་པའི་)བསམ་པ་(རྣམ་དག་གཙོ་བོར་)འཛིན་པ(འམ་ མཉེས་པ)ར་བྱེད་པ་སྟེ་མཆོད་པ་ལ་སོགས་པའི་(རྫས་ཀྱི་)དངོས་པོ་(གཙོ་བོར་)འཛིན་པ(སྟེ་མཉེས་པ) ར་བྱེད་པ་མ་ཡིན་པའི་ཕྱིར་རོ། །རྒྱུད་བསྟན་པའི་མཆོད་པའི་ངེས་པའོ། ༥ ། ༈ (གསུམ་པ་ལས་རབ་འབྱམས་སྒྲུབ་པ་ལ་གྲོང་ལ་སོགས་པའི་ཕྱོགས་ཀྱི་ཆ་དང་ས་ལ་སོགས་པའི་མཚན་ཉིད་ཀྱི་ངོ་བོ་ ཉིད་)ད་ནི་དབང་གི་དོན་དུ་ས་ལ་སོགས་པའི་མཚན་ཉིད་གསུངས་ཏེ་ཚིགས་སུ་བཅད་པ་(དྲུག་ པ་)འདིར་ས་ལ་སོགས་པའི་གང་སྨོས་པ་དེ་མཐའ་དག་(བདུན་པ་ལ་སོགས་པ་)འཆད་པར་འགྱུར་ བ་ལས་བརྗོད་པར་བྱའོ། །(ཞི་རྒྱས་སོགས་)དགེ་བ་དང་(བསད་བསྐྲད་སོགས་)མི་དགེ་བའི་ལས་ཀྱི་ འབྲས་བུའི་དོན་དུ་ཞི་བ་ལ་སོགས་པ་བྱའོ། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱིས་སོ། །སློབ་མ་ རྣམས་ནི་བསྡུ་བ་དག་དང་གང་ཡང་དཀྱིལ་འཁོར་བྲི་བ་དག་ཤེས་ནས་བྱའོ་ཞེས་པ་ནི་ངེས་ པའོ། །གདུག་པའི་སློབ་དཔོན་ཕ་རོལ་སླུ་བ་པོ་རྫས་ལ་ཆགས་པས་(དཀྱིལ་འཁོར་བྲི་བ་ལ་སོགས་ཆོ་ ག་རྣམ་དག་)ཡོངས་སུ་ཤེས་པ་མེད་པར་བྱེད་ན་དམྱལ་བར་འགྲོ་བར་འགྱུར་རོ། །ཞེས་པ་ནི་(རྡོ་ རྗེ་)སློབ་དཔོན་ལ་(གདམས་པ་)རྗེས་སུ་བསྟན་པའི་ཚིགས་སུ་བཅད་པའོ། །དབང་གི་དོན་དུ་ས་ 3-1-263 ནི་ཡོངས་བརྟག་ཅེས་པ་ལ་སོགས་པ་ནི་གོ་སླའོ། ༦ ། ༈ ད་ནི་ས་ཡི་ཞེས་པ་ལ་སོགས་པས་སའི་མཚན་ཉིད་གསུངས་ཏེ་འདིར་འཇིག་རྟེན་གྱི་ ཐ་སྙད་ཀྱིས་དངོས་པོ་རྣམས་ཀྱི་རིགས་རྣམ་པ་བཞིའོ། །དེ་ཡང་ཁ་དོག་བཞིས་རིག་པར་བྱ་ སྟེ་དམངས་རིགས་ལ་སོགས་པ་རྣམས་ཁ་དོག་ནག་པོ་ལ་སོགས་པས་སོ། །འདིར་འཇིག་ རྟེན་ཀུན་རྫོབ་ཀྱིས་ཁ་དོག་ནག་པོའི་ས་ནི་དམངས་རིགས་སོ། །སེར་པོ་ནི་རྗེ་རིགས་དང་ དམར་པོ་ནི་རྒྱལ་རིགས་དང་དཀར་པོ་ནི་བྲམ་ཟེའི་རིགས་སོ། །དེ་བཞིན་དུ་དྲི་ལས་(ཀྱང་རིགས་ བཞིར་འགྱུར་)ཏེ་རྣག་གི་དྲི་ནི་དམངས་རིགས་སོ། །ལན་ཚྭའི་དྲི་ནི་རྗེ་རིགས་དང༌། པད་མའི་དྲི་ ནི་རྒྱལ་རིགས་དང་མཆོག་གི་དྲི་ནི་བྲམ་ཟེའི་རིགས་ཏེ་རིམ་པས་(ཞེས་)སོ། །དེ་བཞིན་དུ་རོ་ ལས་〔ཀྱང་རིགས་བཞིར་འགྱུར་〕ཏེ་སྐྱུར་བ་དང་ལན་ཚྭའི་རོ་ནི་དམངས་རིགས་སོ། །མངར་དང་ཚ་བ་ ཞེས་པ་ལ་མངར་བའི་རོ་ནི་རྗེས་རིགས་དང་ཚ་བའི་རོ་ནི་མི་བདག་གི་རིགས་ཏེ་རྒྱལ་རིགས་ དང་གཞན་པའི་རོ་ཁ་བ་དང་སྐ་བ་དག་ནི་གཉིས་སྐྱེས་ཀྱི་རིགས་སོ་ཞེས་པ་སྟེ་རོ་ལས་རིགས་ ངེས་པའོ། ༧ ། ༈ ད་ནི་ཞི་བ་ལ་སོགས་པའི་དོན་དུུ་ས(འི་ངེས་པ)་གསུངས་པ་དཀར་པོ་ཞེས་པ་ལ་སོགས་ པ་སྟེ་འདིར་ཞི་བ་དང་རྒྱས་པ་ས་ལ་དཀར་པོ་དང་བསད་པ་དང་བསྐྲད་པ་ལ་ཁ་དོག་ནག་ པོ་དང་དབང་དང་དགུག་པ་ལ་དམར་པོ་དང་རེངས་པ་དང་རྨོངས་པ་ལ་སེར་པོར་འགྱུར་རོ། ། ཡང་ཡིག་ལས་དུག་གཞིལ་བ་(དང་)ལ་སོགས་པ(འི་སྒྲས་དབྱེ་བ་དང་རིམས་བསྐྱེད་པ་དང་ཕུར་བུས་གདབ་ པ་)ལ་ཡང་(སྔ་མའི་)རིམ་པ་ཇི་ལྟ་བས་(འགྱུར་)ཏེ་ངེས་པའོ། །འདིར་ལས་ཀྱི་ཆ་ནི་ཐམས་ཅད་ པ་ལས་ལྗང་ཁུ་ལས་ཐམས་ཅད་བྱེད་པར་འགྱུར་ཏེ་(ཁམས་)ལྔ་པ་(ནམ་མཁའ་)དང་ནི་མཐའ་མ་ དག་གི་རིགས་〔ཏེ་མཐར་སྐྱེས་〕སོ། །〔དེ་ཡང་〕རོ་དང་དྲི་རྣམས་ཐམས་ཅད་དང་ལྡན་མཐའ་དག་ཡོན་ ཏན་གཏེར་〔ལྗང་ཁུ་〕དེ་ནི་ནམ་མཁའི་ཁམས་ཀྱི་མཚན་ཉིད་དུ་རྣལ་འབྱོར་བས་རིག་པར་བྱའོ། 273། ཞེས་པ་སྟེ་སའི་མཚན་ཉིད་ངེས་པའོ། ། ༈ འདིར་གལ་ཏེ་འདི་འདྲ་བའི་སའི་མཚན་ཉིད་ངེས་པ་ཞི་བ་ལ་སོགས་པའི་དོན་དུ་(དགོས་ པ་)ཡིན་ན་དེའི་ཚེ་ནགས་དང་གྲོང་ཁྱེར་ལ་སོགས་པའི་ཕྱོགས་ཀྱི་ཆ་ཐམས་ཅད་དུ་མཚན་ཉིད་ འདི་རྣམས་དང་ལྡན་པའི་ས(རྙེད་པ)ར་མི་འགྱུར་རོ། །དེས་ན་རྩ་བའི་རྒྱུད་ལས་བཅོམ་ལྡན་ འདས་ཀྱིས་གསུངས་པ། འདིར་(གྲོང་ཁྱེར་ལ་སོགས་པ་)གང་དུ་དཀྱིལ་འཁོར་ལ་སོགས་པའི་ལས་ བྱ་བ་དེར་གལ་ཏེ་(ཞི་བ་ལ་སོགས་པའི་)ལས་དང་རྗེས་སུ་མཐུན་པའི་ས་མེད་པར་གྱུར་ན་དེའི་ཚེ་ ཁུང་བུ་བརྐོས་ནས་ཏེ་ཆུའི་མཐའ་(ལ་ཐུག་པ)འམ་རྡོ་བའི་མཐར་(ཐུག་པ་)རྐོ་བར་བྱའོ། །དེ་ནས་ ལས་དང་རྗེས་སུ་མཐུན་པའི་ས་གཞན་གྱིས་ཁུང་བུ་དགང་བར་བྱའོ། །འདིར་སའི་དྲིའི་དོན་ དུ་ས་དཀར་པོ་ནི་ཙན་དན་གྱི་ཆུས་བྲན་པར་བྱའོ། །ས་དམར་པོ་ནི་པད་མའི་ཆུ་དང་ཙནྡན་ དམར་པོའི་ཆུས་བྲན་པར་བྱའོ། །ས་སེར་པོ་ནི་བུང་བུ་དང་རྟ་དང་མིའི་གཅི་བས་བྲན་པར་ བྱའོ། །ས་ནག་པོ་ནི་ཤ་རུལ་བའི་ཆུས་བྲན་པར་བྱའོ། །རོ་བྲོ་བའི་དོན་དུ་ནག་པོ་ལ་ལན་ཚྭ་ དང་སྐྱུར་བ་བསྲེ་བར་བྱའོ། །སེར་པོ་ལ་བུ་རམ་དང་དམར་པོ་ལ་ཚ་བ་གསུམ་དང་དཀར་པོ་ ལ་ཁ་བ་དང་སྐ་བའོ། །ལྗང་ཁུ་ནི་ལས་ཐམས་ཅད་པ་ཉིད་ཀྱི་ཕྱིར་ཅི་ཡང་བསྲེ་བར་མི་བྱའོ། ། དེ་བཞིན་དུ་སའི་ནང་དུ་གཏེར་གཞུག་པར་བྱ་སྟེ་ནག་པོ་ལ་ནི་བསད་པ་ལ་མི་རུས་དང་ བསྐྲད་པ་ལ་བྱ་རོག་གི་མཇུག་སྒྲོ་དང་(ཕན་ཚུན་)སྡང་བ་(ནི་དབྱེ་བ་སྟེ་དེ་)ལ་བོང་བུའི་རུས་པའོ། ། སེར་པོ་ལ་ནི་ཕུར་བུས་གདབ་པ་ལ་ལུག་གི་རྭ་དང་རེངས་པ་ལ་བ་བླ་དང་རྨོངས་པ་ལ་སྦྲུལ་ ལོ། །དམར་པོ་ལ་ནི་དབང་ལ་གི་ཝང་དང་དགུག་པ་ལ་མཚལ་དང་བསྐྱོད་པ་ལ་ལྡོང་རོས་ སོ། །དཀར་པོ་ལ་ནི་ཞི་བ་ལ་ཤེལ་དང་རྒྱས་པ་ལ་དུང་དང་རིམས་འཕྲོག་པ་དང༌། བསྲེག་པ་ ལ་མུ་ཏིག་གོ། ལྗང་ཁུ་ལ་ནི་ཅུང་ཟད་ཀྱང་གཞུག་པར་མི་བྱའོ། །ཅི་སྟེ་ལྗང་ཁུ་ལ་(ཞི་བ་ལ་སོགས་ ལས་དྲུག་པོ་)ཐུན་མོང་གི་ལས་ཐམས་ཅད་པ་བྱ་བ་ཡིན་ན་དེའི་ཚེ་སའི་སྙིང་པོར་(མདོར་བསྡུས་བཞི་ 3-1-264 པར་འཆད་འགྱུར་གྱི་)རིན་པོ་ཆེ་ལྔ་གཞུག་པར་བྱའོ། །དཀར་པོ་དང་དམར་པོ་ལ་ཡང་སྟེ་ལས་ ཐམས་ཅད་པ་ལ་དྲག་པོའི་རྫས་རྣམས་སྤང་བར་བྱའོ། །ལས་ཐམས་ཅད་པའི་སྒྲས་ནི་ཞི་བ་ ལ་སོགས་པ་(རྒྱས་པ་དང་དུག་གཞིལ་བ་)དང་དབང་ལ་སོགས་པ(དགུག་པ་དང་རིམས་བསྐྱེད་པ)འི་ལས་ དྲུག་སྟེ་བསད་པ་ལ་སོགས་པ(བསྐྲད་པ་དང་དབྱེ་བ་)དང་ཕུར་བུས་གདབ་པ་ལ་སོགས་པ་(རྨོངས་ པ་དང་རེངས་པ་སྟེ་)དྲུག་ནི་མ་ཡིན་ནོ(འདིས་ནི་ཁ་ཅིག་ལས་ཐམས་ཅད་པའི་ཐབ་ཏུ་བསད་པ་ལ་སོགས་པ་ལས་ཐམས་ ཅད་བྱར་རུང་བར་འདོད་པ་བསལ་བ་ཡིན་ནོ)། །ས་ཡོངས་སུ་བརྟག་པའི་ངེས་པའོ། ༨ ། ༈ ད་ནི་དབང་ལྡན་ཞེས་པ་ལ་སོགས་པས་ཞི་བ་ལ་སོགས་པའི་དོན་དུ་ཕྱོགས་ཀྱི་ཆ་ གསུངས་ཏེ་འདིར་(ཡུལ་)སྤྱིའི་གྲོང་ལས་གྲོང་གི་ཕྱི་རོལ་དབང་ལྡན་དང་བྱང་དུ་ཡང་ཞི་བ་ དང་རྒྱས་པ་དག་བྱའོ། །རྒྱལ་པོ་ཆེན་པོའི་གནས་ལས་ནི་(གྲོང་ཁྱེར་ཆེན་པོའི་)ཕྱོགས་བརྒྱད་ན་རོ་ བསྲེག་པ་ལ་སོགས་པའི་དུར་ཁྲོད་བརྒྱད་(གནས་)དེ། དེས་ན་(གྲོང་ཁྱེར་དེའི་ཕྱི་རོལ་ཏུ་)ཞི་བ་དང་ རྒྱས་པ་འགྲུབ་པར་མི་འགྱུར་རོ། །དེའི་ཕྱིར་(གྲོང་ཁྱེར་གྱི་ནང་)རྒྱལ་པོའི་ཁབ་(ཉིད་)ཀྱི་དབང་ ལྡན་དང་བྱང་དུ་ཞི་བ་དང་རྒྱས་པ་བྱའོ། །ལས་ལྷག་མ་(བསད་པ་ལ་སོགས་པ་)རྣམས་ནི་གྲོང་གི་ བཞིན་དུ་རྒྱལ་པོའི་གནས་ལས་ཕྱི་རོལ་ཏུའོ་ཞེས་པ་ཞི་བ་དང་རྒྱས་པའི་ལས་ངེས་པའོ། །དེ་ བཞིན་དུ་མེར་བསད་པ་དང་ཤར་དུ་རྣམ་པར་དབྱེ་བ་དང་བསྐྲད་པ་དང་བདེན་བྲལ་དུ་དབང་ དུ་བྱ་བ་དང་ལྷོར་དགུག་པ་དང་རླུང་དུ་རྨོངས་པ་དང་ནུབ་ཏུ་རེངས་པ་དང་ཕུར་བུས་གདབ་ པའོ། །གྲོང་གི་དབུས་སུ་ལས་ཐམས་ཅད་པའི་དཀྱིལ་འཁོར་དང་ཐབ་དང་སྦྱིན་སྲེག་ལ་ སོགས་པ་སྔགས་པས་བྱའོ། །ཞེས་པ་ནི་ཕྱོགས་ཀྱི་ཆར་ལས་བྱེད་པའི་ངེས་པའོ། ༩ ། ༈ (བཞི་པ་ཐབ་ཁུང་དང་སྦྱིན་སྲེག་གི་རྫས་དང་བགྲང་ཕྲེང་དང་གདན་དང་ཕུར་བུ་དང་བུམ་པ་དང་རྡུལ་ཚོན་དང་ཐིག་ སྐུད་དང་འཁྲུལ་འཁོར་དགོད་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་)ད་ནི་ཞི་བ་ལ་སོགས་པའི་ཐབས་གསུངས་ཏེ་ ཐབ་ཁུང་གྲོང་གི་ཕྱོགས་བརྒྱད་དབང་ལྡན་ལ་སོགས་པ་རྣམས་སུ་རིམ་པ་ཇི་ལྟ་བས་ཏེ་ཞི་བ་ 3-1-265 ལ་〔དབང་ལྡན་དུ་〕ཐབ་ཁུང་ཟླུམ་པོའོ། །རྒྱས་པ་ལ་(བྱང་དུ་)གྲུ་བཞི་དང་བསད་པ་ལ་(མེ་འཚམས་སུ་) གཞུའི་རྣམ་པ་དང་དབྱེ་བ་ལ་(ཤར་དུ་)ཟུར་ལྔ་པ་དང་དབང་ལ་(བདེན་བྲལ་དུ་)ཟུར་གསུམ་པ་དང་ དགུག་པ་ལ་(ལྷོར་)ཟུར་བདུན་པ་དང་རྨོངས་པ་ལ་(རླུང་དུ་)ཟུར་དྲུག་པ་དང་རེངས་པ་ལ་(ནུབ་ཏུ་)ཟུར་བརྒྱད་པའོ། །འདི་རྣམས་ཀྱི་མཚན་ཉིད་ནི་(མདོར་བསྡུས་བཞི་པར)འཆད་པར་འགྱུར་བའི་ སྦྱིན་སྲེག་གི་ཆོ་ག་ལས་རྒྱས་པར་བརྗོད་པར་བྱའོ། ། ༈ ད་ནི་ཐབ་ཁུང་གི་མཚན་མ་གསུངས་ཏེ་འདིར་ཐབ་ཁུང་ཟླུམ་པོའི་(ནང་གི་)པད་མའི་ལྟེ་ བ་ལ་མཚན་མ་ནི་པད་མའོ། །གྲུ་བཞི་པ(འི་ནང་གི་པད་མའི་ལྟེ་བ)་ལ་འཁོར་ལོ་དང་གཞུའི་ རྣམ་པ(འི་ནང་གི་པད་མའི་ལྟེ་བ)་ལ་གྲི་གུག་དང་ཟུར་ལྔ་པ(འི་ནང་གི་པད་མའི་ལྟེ་བ)་ལ་རལ་གྲི་དང་ ཟུར་གསུམ་པ(འི་ནང་གི་པད་མའི་ལྟེ་བ)་ལ་མདའ་དང་ཟུར་བདུན་པ(འི་ནང་གི་པད་མའི་ལྟེ་བ)་ལ་རྡོ་རྗེ་ ལྕགས་ཀྱུ་དང་ཟུར་དྲུག་པ(འི་ནང་གི་པད་མའི་ལྟེ་བ)ར་ལ་རྨོངས་པ་ལ་སྦྲུལ་དང་ཟུར་བརྒྱད་པ(འི་ ནང་གི་པད་མའི་ལྟེ་བ)་ལ་ལྕགས་སྒྲོག་གོ། (སྐབས་)འདིར་ཐབ་ཁུང་(ཕྱི་མ་)གཉིས་ཀྱི་མཚན་མ་(ལྕགས་ སྒྲོག་དག་དང་སྦྲུལ་ཞེས་གོ་རིམ་)བཟློག་པ་དེ་ནི་སྡེབ་སྦྱོར་གྱི་དབང་གིས་མཚན་མའི་ངེས་པའོ། ༡༠ ། ༈ འདི་རྣམས་ཀྱི་ཚད་གསུངས་པ་གཅིག་ཅེས་པ་ལ་སོགས་པ་སྟེ་(ལས་སོ་སོའི་)ཟླུམ་པོ་ནི་ ཁྲུ་གཅིག་པའོ་གྲུ་བཞི་པ་ནི་ཁྲུ་གཉིས་པ་དང་(བསད་པའི་ཐབ་)གཞུའི་རྣམ་པ་ནི་ཁྲུ་ཕྱེད་པ་ དང་(བསྐྲད་པའི་ཐབ་)ཟུར་ལྔ་པ་ནི་ཟླུམ་པོའི་ཚད་དང་(དབང་དུ་བྱ་བའི་ཐབ་)ཟུར་གསུམ་པ་ནི་སོར་ཉི་ ཤུ་དང་(དགུག་པའི་ཐབ་)ཟུར་བདུན་པ་ནི་སོར་བཞི་བཅུ་དང་(རྨོངས་པའི་ཐབ་)ཟུར་དྲུག་པ་ནི་སོར་ སུམ་ཅུ་དང་(རེངས་པའི་ཐབ་)ཟུར་བརྒྱད་པ་ནི་སོར་དྲུག་ཅུའོ། །ཐབ་ཁུང་〔ཀུན་ལ་རང་རང་〕གི་ཕྱེད་ཀྱི་ ཚད་ནི་ཟབས་སོ། །ཐབ་ཁུང་(ཀུན་ལ་རང་རང་)གི་དྲུག་གི་ཆ་ཤས་ནི་ཁ་ཁྱེར་རོ། །ཐབ་ཁུང་〔ཀུན་ལ་ རང་རང་〕གི་བཅུ་གཉིས་ཀྱི་ཆ་ཤས་ནི་མཆུའོ། །(རང་རང་གི་དབུས་ཀྱི་)མཚན་མའི་ཕྲེང་བ་ཡང་སྟེ་ཁ་ ཁྱེར་ལ་ཀུན་ནས་སོ། །(ཐབ་ཁུང་གི་)ཕྱི་རོལ་ཏུ་〔ལོགས་ལ་〕ཆུ་སྐྱེས་(ལ་སོགས་པ་)འདབ་མ་(རྩེ་མོ་འོག་ཏུ་ 3-1-266 ཕྱོགས་པ་ས་གཞི་ལ་ཐུག་པར་ཁྱབ་པ་)རྣམས་ནི་ཞི་བ་དང་རྒྱས་པ་ལའོ། །ལྷག་མའི་ལས་(དྲུག་)རྣམས་ ལ་ནི་(ཐབ་ཁུང་གི་)རྩིག་པའི་ཕྱིར་རོལ་ཏུ་(ལོགས་ལ་ལག་པ་ལ་སོགས་པར་མདོར་བསྡུས་བཞི་པར་)གཞན་ དང་གཞན་འཆད་པར་འགྱུར་རོ། ༡༡ །ཡང་ན་ལས་(བརྒྱད་དམ་བཅུ་གཉིས་པོ་)ཐམས་ཅད་ལ་ཐབ་ ཁུང་གི་དབུས་སུ་རྡོ་རྗེ་མཚན་མར་ཤེས་པར་བྱའོ(འོ་ན་ལས་ཐམས་ཅད་གཅིག་ཏུ་འགྱུར་རོ། །ཞེ་ན་མི་འགྱུར་ ཏེ་རྡོ་རྗེ་དེ་ཉིད་ཁ་དོག་གི་སྒོ་ནས་རིགས་དུ་མར་འགྱུར་བའི་ཕྱིར་རོ། །དེས་ན་དགོད་པ་ཡང་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ ཅན་དུ་རིགས་པར་བྱའོ། །ཞེས་གསུང་ཡང་རྡོ་རྗེ་སྔོན་པོ་ཉིད་དགོད་པར་རིགས་ཏེ་ནང་ལེར་ཞི་བའི་ཐབ་ཀྱི། དབུས་སུ་རྡོ་རྗེ་ སྔོན་པོ་དགོད་པར་གསུངས་པའི་ཕྱིར་དང་རྡོ་རྗེ་སྔོན་པོ་མ་བཀོད་ན་ཁ་དོག་སྔོན་པོའི་མཚན་མ་ཆད་པར་འགྱུར་བའི་སྐྱོན་ཡོད་དོ། ། སྒྲུབ་ལེར་ལྷ་མིན་དབང་པོ་བསྒྲུབ་པའི་སྐབས་སུ་ཐབ་ཀྱི་དབུས་སུ་རྡོ་རྗེ་དམར་པོ་དགོད་པར་གསུངས་པ་ནི་ཁོ་ནའི་ཁྱད་ཆོས་ ཡིན་ནོ)། ། ༈ ད་ནི་ས་ལ་ཕུར་བུ་གདབ་པའི་དོན་དུ་ཕུར་བུ་གསུངས་ཏེ་འདིར་ཕྱོགས་བཅུར་ཕུར་བུ་ གདབ་པའི་དོན་དུ་ཞི་བ་ལ་ནྱ་གྲོ་ངྷཱའི་ཕུར་བུའོ། །རྒྱས་པ་ལ་ཨ་ཤྭད་ཐ་དང་བསད་པ་ལ་རུས་ པའི་བདག་ཉིད་དང་བསྐྲད་པ་ལ་ལྕགས་དང་དབང་ལ་སེང་ལྡེང་ལས་སྐྱེས་པ་དང་དགུག་པ་ ལ་ཙཱུ་ཏ་ལས་སྐྱེས་པ་དང་རྨོངས་པ་ལ་ཨརྐ་ལས་སྐྱེས་པ་དང་རེངས་པ་ལ་བིལ་བ་ལས་སྐྱེས་ པའོ་ཞེས་པ་ནི་ཕུར་བུའི་ངེས་པ་སྟེ་ལས་ཐམས་ཅད་ལ་ཨུ་དུམ་བ་ར་ལས་སྐྱེས་པའོ། ། ༈ ད་ནི་བུམ་པ་གསུངས་ཏེ་ཞི་བ་ལ་ཤེལ་གྱི་བུམ་པའོ། །རྒྱས་པ་ལ་དངུལ་གྱིའོ། །བསད་ པ་ལ་མིའི་ཐོད་པའོ། །བསྐྲད་པ་དང་དབྱེ་བ་ལ་ལྕགས་ཀྱིའོ། །དབང་ལ་གསེར་གྱིའོ། །དགུག་ པ་ལ་ཟངས་ཀྱིའོ། །རེངས་པ་ལ་ས་ཡི་བདག་ཉིད་དོ། །རྨོངས་པ་ལ་ཤིང་ལས་སྐྱེས་པའི་བུམ་ པ་བཅུ་(འམ་ལྔ་སྟེ་ཡང་ན་ཐམས་ཅད་ལ)འོ། ༡༢ ། ༈ དེ་ནས་ཞི་བ་དང་རྒྱས་པའི་དོན་དུ་བུམ་པའི་མཚན་ཉིད་གསུངས་ཏེ་འདིར་བུམ་ པའི་ལྟོ་བ་ཟླུམ་པོ་ནི་(ནང་གི་རྒྱར་)བརྒྱད་གཉིས་སོར་དུ་བརྗོད་དེ། སོར་བཅུ་དྲུག་ཏུ་བརྗོད་དོ། 277། གཉིས་ཀྱིས་བསྒྱུར་བའི་བཅུ་ཡིས་དཔངས་ཞེས་པ་ནི་བུམ་པའི་ལྟོ་བའི་འོག་ནས་ཁ་དང་ མཆུ་ཡི་མཐར་སོར་ཉི་ཤུ་ནི་དཔངས་སོ། །སོར་གཉིས་དག་གི་མཆུ་ཞེས་པ་ནི་གང་དག་གི་ མཆུ་སོར་གཉིས་འཕྱང་བ་དེ་དག་ནི་སོར་གཉིས་དག་གི་མཆུའོ། །ཁའི་མཚམས་ནས་སོར་ དྲུག་གི་མགྲིན་པའོ། །སོར་བརྒྱད་ཁ་སྟེ་ཞེས་པ་ནི་མཆུའི་མཐའ་ནས་མཆུ་ཡི་མཐར་ཁ་སོར་ མོ་བརྒྱད་དེ། སོར་བརྒྱད་(པོ་དེ་)ཆ་གསུམ་དུ་བྱས་ནས་ཆ་གཉིས་ཀྱིས་མགྲིན་པའི་བུག་པའོ། ། ཆ་གཅིག་གིས་མཆུ་གཉིས་ཀྱི་ཞེང་ངོ༌། །དེ་ཡང་རི་བོང་འཛིན་པ་ལྟར་དཀར་བའི་བུམ་པ་ ནི་ཞི་རྒྱས་དག་ལ་སྟེ་(ལས་)གཞན་ལ་ནི་(དཀར་པོར་)འགྱུར་བ་མ་ཡིན་ནོ། །ཤེལ་དང་དངུལ་ གྱི་བུམ་པ་རྣམས་མེད་ན་ས་ཡི་རང་བཞིན་གྱི་བུམ་པ་ནག་པོ་དང་རྩ་བ་(སྟེ་ཞབས་སྟེགས་)མེད་པ་ རྣམས་(འབྲས་)སཱ་ལི་བཏགས་པའམ་ཙན་དན་གྱིས་བྱུགས་ཏེ་དཀར་པོར་བྱའོ། །དེ་བཞིན་དུ་ རྩ་བའི་རྒྱུད་ལས་ཀྱང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བསད་པ་ལ་མིའི་ཐོད་པ་དུར་ ཁྲོད་ཀྱི་སོལ་བའི་ཕྱེ་མ་དང་མིའི་ཞག་གིས་བྱུགས་ཏེ་ནག་པོར་བྱའོ་ཞེས་སོ། །བསྐྲད་པ་དང་ དབྱེ་བ་ལ་མགྲིན་པ་རིང་པོ་སོར་བརྒྱད་པ་འཁྱོག་པོ་ལུས་ཕྲ་བ་ཟླུམ་པོ་སོར་བཅུ་གཉིས་པ་ སྲིད་དུ་སོར་ཤི་ཉུ་རྩ་བཞི་པ་མཆུ་སོར་གཅིག་པ་ཁ་སོར་དྲུག་པའོ། །དབང་དང་དགུག་པ་ ལ་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཟོ་བོས་ཇི་ལྟར་བྱས་པའོ། །རེངས་པ་ལ་སྦོམ་ཐུང་སྟེ་ཟླུམ་ པོ་དང་དཔངས་མཚུངས་པར་སོར་བཅུ་དྲུག་པ་མགྲིན་པ་སོར་བཞི་པ་ཁ་སོར་དྲུག་པ་མཆུ་ འཐུག་པོ་སོར་གཉིས་པའོ། །བུམ་པའི་ངེས་པ་སྟེ་ལས་ཐམས་ཅད་པ་ལ་ཞི་བ་ལ་སོགས་པ་ དང་དབང་ལ་སོགས་པའི་ལས་ལ་གསུངས་པ་རྣམས་གཟུང་བར་བྱའོ་ཞེས་པ་ནི་ངེས་པའོ། ། ༈ ད་ནི་སྔ་དྲོ་ཞེས་པ་ལ་སོགས་པས་ཞི་བ་ལ་སོགས་པའི་དུས་གསུངས་ཏེ་འདིར་ཉིན་ ཞག་སོ་སོ་ལ་སྔ་དྲོ་ནས་(བརྩམས་ནས་ཞག་གཅིག་གི་)ཐུན་བརྒྱད་ནི་ཐུན་ཚོད་རྣམས་ཏེ་དེ་རྣམས་ ལས་དང་པོའི་ཐུན་ལ་ཞི་བ་དང་གཉིས་པ་ལ་རྒྱས་པ་དང་གསུམ་པ་ལ་བསད་པ་དང་བཞི་ 3-1-267 པ་ལ་བསྐྲད་པ་དང་ལྔ་པ་ལ་དབང་དང་དྲུག་པ་ལ་དགུག་པ་དང་བདུན་པ་ལ་རྨོངས་པ་དང་ བརྒྱད་པ་ལ་རེངས་པ་བྱའོ་ཞེས་པ་ནི་ཞི་བ་ལ་སོགས་པ་ལ་ཐུན་མཚམས་སུ་འགྱུར་རོ། །དེ་ བཞིན་དེ་ཡི་ཐུན་ཕྱེད་དག་ལ་ཞེས་པ་ནི་(ཉི་མའི་ཐུན་ཚོད་བཞི་ལས་)སྔ་དྲོའི་ཐུན་ཕྱེད་ལ་ཞི་བ་དང་ ཕྱེད་ཕྱི་མ་ལ་རྒྱས་པ་སྟེ་ཐམས་ཅད་དུ་ཡང(ཐུན་ཚོད་ལ་སྦྱར་བ་)དེ་བཞིན་ནོ། །དེ་བཞིན་དུ་མཚན་ མོའི་ཐུན་ཕྱེད་སྔ་མ་ལ་ཞི་བ་དང་ཕྱེད་ཕྱི་མ་ལ་རྒྱས་པའི་ལས་རྣམས་ཀྱང་སྔགས་པས་བྱའོ། ། གལ་ཏེ་འཆད་པར་འགྱུར་བའི་འདུག་སྟངས་བཅིངས་ནས་ཐུན་ཚོད་གཅིག་ཏུ་སྦྱིན་སྲེག་ བྱེད་པར་མི་ནུས་ན་དེའི་ཚེ་ཐུན་ཕྱེད་གཅིག་སྦྱིན་སྲེག་བྱས་ནས་བསྒྲུབ་པར་བྱ་སྟེ་གཉི་ག་ གསུངས་སོ། །དུས་ཀྱི་བྱེ་བྲག་གིས་ལྷ་མཆོད་པ་དང་བསྒྲུབ་པའི་ངེས་པ་གཞན་ནི་ལེའུ་ལྔ་ པར་འཆད་པར་འགྱུར་བ་ལས་(ཚིགས་བཅད་བརྒྱ་ཞེ་གཅིག་པ་)བརྗོད་པར་བྱའོ། ༡༣ ། ༈ ད་ནི་ཞི་བ་དང་རྒྱས་པ་དག་ལ་གདུག་པའི་དུས་དང་དུས་སྦྱོར་དགག་པ་གསུངས་ ཏེ་འདིར་ཉིན་ཞག་སོ་སོར་ཉི་མ་གོང་དང་ནམ་ཕྱེད་དག་ནི་ཞི་བ་དང་རྒྱས་པའི་ལས་ལ་ཡང་ སྤང་པར་བྱའོ། །དེ་བཞིན་དུ་(ད་ལྟར་)འཆར་པའི་(སྐར་ཁྱིམ་གྱི་)དུས་སྦྱོར་(ལ་)གདུག་པའི་གཟའ་ རྣམས་གནས་པ་བཀྲ་ཤིས་དང་སྤེན་པ་དང་དུས་མེའི་གཟའ་དང་བཅས་པ་ནི་སྤང་སྟེ་གང་གི་ ཕྱིར་(མ་སྤང་ན་)འཆི་བའི་འཇིགས་(པ་)བྱེད་དོ(དེ་བཞིན་དུ་འཆར་བའི་དུས་སྦྱོར་ནས་བགྲངས་པའི་དུས་སྦྱོར་ བདུན་པ་ལ་གདུག་པའི་གཟའ་གནས་པ་ཡང་སྤང་དགོས་པར་སྔར་གསུངས་པས་ཤེས་པར་བྱའོ)། །[དེས་ན་བསད་པ་ དང་བསྐྲད་པ་ལ་ནི་དེ་ཉིད་སྦྱར་བར་བྱའོ་ཞེས་པ་ངེས་པའོ། ། ༈ ད་ནི་འོ་མ་དང་བཅས་ཞེས་པ་ལ་སོགས་པས་ཞི་བ་ལ་སོགས་པ་རྣམས་ལ་སྦྱིན་སྲེག་ གི་ཡམ་ཤིང་གསུངས་ཏེ་འདིར་ཞི་བ་དང་རྒྱས་པ་ལ་འོ་མ་དང་བཅས་ཡམ་ཤིང་མདའ་བརྒྱ་ ཞེས་པ་ནི་ལྔ་བརྒྱའི་གྲངས་(དེ་བཞི་བཅུ་ལྷག་པ་དང་བཅས་པ་རྣམས་)སོ། །འོ་མའི་ཤིང་རྣམས་ཞེས་ པ་ནི་ཨུ་དུམ་བ་ར་དང་ཨ་ཤྭད་ཐ་དང་ནྱ་གྲོ་ངྷཱ་དང་པརྐཱཊཱི་དང་མ་དྷུ་བྲི་ཀྵ་(རྒུན་འབྲུམ་གྱི་ཤིང་ཤོང་ 3-1-268 ཟེར)རྣམས་སོ། །བསད་པ་ལ་མི་རུས་མཐེ་ཆུང་གི་སོར་མོའི་དབྱིབས་སུ་བྱས་པ་ལྔ་བརྒྱའོ། ། དེ་བཞིན་དུ་དབྱེ་བ་དང་བསྐྲད་པ་ལ་བྱ་རོག་གི་མཇུག་མ་ལྔ་བརྒྱའོ། །དེ་བཞིན་དུ་དབང་ ལ་སེང་ལྡེང་ལས་སྐྱེས་པ་དང་དགུག་པ་ལ་པ་ལཱའ་ཤ་(རྒྱ་སྐྱེགས་)ལས་སྐྱེས་པ་(སྟེ་ཀེཾ་ཤུ་ཀ་ཞེས་འོག་ ནས་འབྱུང་བ་)དང་༡༤ རྨོངས་པ་ལ་སྨྱོ་བྱེད་ལས་སྐྱེས་པ་〔ནི་ཨརྐ་ཞེས་པ་འོག་ནས་འབྱུང་བ་དང་བདམ་ཀ་ཅན་ ཡིན་མིན་བརྟག་པ〕དང༌། རེངས་པ་ལ་བིལ་བ་ལས་སྐྱེས་པ་སྟེ་ཐམས་ཅད་དུ་ཁྲུ་ཕྱེད་ནི་སོར་བཅུ་ གཉིས་པའོ། །མཐེ་ཆུང་གི་སོར་མོའི་ཚད་ནས་མཐེ་བོའི་བར་དུ་སྟེ་དེའི་སྟེང་དུ་ཆད་པའམ་ ལྷག་པ་ནི་གཟུང་བར་མི་བྱའོ་ཞེས་པ་ནི་ཡམ་ཤིང་གི་ངེས་པའོ། ། ༈ ད་ནི་སྦྱིན་སྲེག་གི་རྫས་རྣམས་གསུངས་པ་འོ་མ་ཞེས་པ་ལ་སོགས་པ་སྟེ་འདིར་ཞི་བ་ ལ་བའི་འོ་མ་དང་དཱུར་བས་སྦྱིན་སྲེག་བྱའོ། །(ནང་ལེར་ཏིལ་ཡང་བསྲེག་པར་གསུངས་)རྒྱས་པ་ལ་མར་ དང་(མདོར་བསྡུས་བཞི་པར་འཆད་འགྱུར་གྱི་)འབྲུ་ལྔས་སོ། །བསད་པ་ལ་(མིའི་)ཁྲག་གིས་ཏེ་(མིའི་)ཤ་ དང་དུག་དང་ལྷན་ཅིག་གོ་བསྐྲད་པ་དང་དབྱེ་བ་ལ་མིའི་ཞག་གིས་ཏེ་སྐེ་ཚེ་དང་ལན་ཚྭ་དག་ དང་ལྷན་ཅིག་གོ། དབང་ལ་རྡུལ་གྱིས་ཏེ་ཀ་ར་བཱི་ར(རེ་ལྕགས་པ་ནག་པོ་མེ་ཏོག་སེར་པོ་ཅན་དེ)འི་མེ་ ཏོག་དམར་པོ་(འམ་བིལ་བའི་མེ་ཏོག་ཅེས་འོག་ནས་འབྱུང་བ་དང་བདམ་ཀ་ཅན་ཡིན་ནམ་མིན་བརྟག་པ)ལ་སོགས་ པ་དང་ལྷན་ཅིག་གོ། དགུག་པ་ལ་གཅི་བས་ཏེ་བིལ་བའི་འདབ་མའམ་དེའི་འབྲས་བུའི་འབྲུ་ (ནི་མེ་ཏོག་དམར་པོ་ཞེས་འོག་ནས་འབྱུང་བ་དང་བདམ་ཀ་ཅན་ཡིན་མིན་བརྟག་པ)དང་ལྷན་ཅིག་གོ། རེངས་པ་ལ་ མཆིལ་མས་ཏེ་མེ་ཏོག་རྙིང་པའི་ཕྲེང་བ་དང་ལྷན་ཅིག་གོ། རྨོངས་པ་ལ་ཆང་གིས་ཏེ་དྷ་དུ་རའི་ མེ་ཏོག་དང་ལྷན་ཅིག་གོ་ཞེས་པ་ནི་ཞི་བ་ལ་སོགས་པ་ལ་སྦྱིན་སྲེག་གི་རྫས་ངེས་པའོ། ༡༥ ། ༈ ད་ནི་སློབ་དཔོན་གྱི་གདན་གྱི་ཕྱོགས་ཀྱི་ཆ་གསུངས་ཏེ་འདིར་ཞི་བ་ལ་(སྤྱིའི་ཕྱོགས་ལ་ ལྟོས་པའི་ཐབ་དེའི་)གཤིན་རྗེར་(ཚིགས་བཅད་དོན་གསུམ་པས་)འཆད་པར་འགྱུར་བའི་གདན་བྱ(སྟེ་དེ་ཉིད་ ཀྱིས་ན་སྒོ་ནི་བྱང་དུ)འོ། །རྒྱས་པ་ལ་(སྤྱིའི་ཕྱོགས་ལ་ལྟོས་པའི་ཐབ་དེའི་)བདེན་བྲལ་གྱི་ཟུར་(སྟེ་དེ་ཉིད་ཀྱི་ན་ 3-1-269 སྒོའི་དབང་ལྡན་)དུའོ། །བསད་པ་ལ་〔སྤྱིའི་ཕྱོགས་ལ་ལྟོས་པའི་ཐབ་དེའི་〕ཆུ་རུའོ། །བསྐྲད་པ་དང་དབྱེ་བ་ལ་ 〔སྤྱིའི་ཕྱོགས་ལ་ལྟོས་པའི་ཐབ་དེའི་〕རླུང་དུ་(སྟེ་དེ་ཉིད་ཀྱིས་ན་སྒོའི་མེ་མཚམས་སུ)འོ། །དབང་ལ་〔སྤྱིའི་ཕྱོགས་ལ་ལྟོས་ པའི་ཐབ་དེའི་〕གནོད་སྦྱིན་དུ(སྟེ་དེ་ཉིད་ཀྱི་ཕྱིར་སྒོ་ནི་ལྷོ་རུ)འོ། །དགུག་པ་ལ་〔སྤྱིའི་ཕྱོགས་ལ་ལྟོས་པའི་ཐབ་དེའི་〕 དབང་ལྡན་དུ(སྟེ་དེ་ཉིད་ཀྱི་ཕྱིར་སྒོ་ནི་བདེན་བྲལ་དུ)འོ། །རྨོངས་པ་ལ་〔སྤྱིའི་ཕྱོགས་ལ་ལྟོས་པའི་ཐབ་དེའི་〕ཤར་ དུ(སྟེ་དེ་བས་ན་སྒོ་ནི་ནུབ་ཏུ)འོ། །རེངས་པ་ལ་〔སྤྱིའི་ཕྱོགས་ལ་ལྟོས་པའི་ཐབ་དེའི་〕མེའི་ཟུར་དུ(སྟེ་དེ་བས་ན་སྒོ་ནི་ རླུང་དུ)འོ་ཞེས་པ་ནི་ཞི་བའི་ལས་ལ་སོགས་པ་ལ་སྦྱིན་སྲེག་གི་ཐབ་ཀྱི་(ཕྱོགས་སོ་སོར་སློབ་དཔོན་གྱི་) གདན་གྱི་ངེས་པའོ〔འདིར་གདན་གྱི་ཕྱོགས་སོ་སོར་ངེས་པ་ཉིད་ཀྱིས་སྒོའི་ཕྱོགས་སོ་སོར་ངེས་པར་གྲུབ་སྟེ་མེ་ལྷ་སོ་སོའི་ མདུན་ན་སློབ་དཔོན་དང་རྒྱབ་ན་སྒོ་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་རང་རང་གི་མེ་ལྷ་ལ་ལྟོས་ནས་ནི་གདན་ཐམས་ཅད་ ཤར་དང་སྒོ་ཐམས་ཅད་ནུབ་ཏུ་འགྱུར་རོ། །དེས་ན་ཕྱོགས་བཞིར་གནས་པའི་མེ་ལྷ་གཡོན་གྱི་དཀྱིལ་འཁོར་ལ་ཕྱོགས་པ་དང༌། མཚམས་བཞིར་གནས་པའི་མེ་ལྷ་གཡས་ཀྱི་དཀྱིལ་འཁོར་ལ་ཕྱོགས་པ་དང༌། སློབ་དཔོན་དེ་དང་དེ་ལས་བཟློག་པས་དཀྱིལ་ འཁོར་ལ་ཕྱོགས་པའི་ངེས་པ་འདི་དང་ཕྱོགས་ན་གནས་པ་ཕྱོགས་བྲལ་དུ་ལྟ་བ་དང༌། ཕྱོགས་བྲལ་ན་གནས་པ་ཕྱོགས་སུ་གནས་ པའི་ངེས་པ་འདི་ནི་དཀྱིལ་འཁོར་ལ་རྒྱབ་ཀྱི་ཕྱོགས་པ་དགག་པའི་དོན་དང༌། ཐབས་དང་ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བ་དགག་ པའི་དོན་དུའོ། །འདིར་གཞན་དུ་སྨྲ་བ་རྣམས་ནི་དགོངས་པ་མ་ཡིན་ཏེ་དམ་པའི་མན་ངག་དང་བྲལ་བས་སོ། །ཞེས་གསུངས་སོ〕། ། ༈ ད་ནི་རྡུལ་ཚོན་གྱི་ཆོ་ག་གསུངས་ཏེ་འདིར་ཞི་བ་ལ་སོགས་པའི་ལས་གཉིས་གཉིས་ ལ་ཐབ་ཁུང་རྣམས་དང་དཀྱིལ་འཁོར་གྱི་དབུས་སུ་རྡུལ་ཚོན་(མཐུན་པར་)གདབ་པར་འགྱུར་ཏེ་ ཞི་བ་དང་རྒྱས་པ་དག་ལ་རྡུལ་ཚོན་དཀར་པོའོ། །བསད་པ་དང་བསྐྲད་པ་དག་ལ་རྡུལ་ཚོན་ ནག་པོ་དང་དབང་དང་དགུག་པ་དག་ལ་དམར་པོ་དང་རྨོངས་པ་དང་རེངས་པ་དག་ལ་སེར་ པོ་དང་ལས་ཐམས་ཅད་པ་ལ་ལྗང་ཁུ་སྟེ་(དེ་ལྟར་ན་ཞི་རྒྱས་ལ་)དཀར་པོ་དང་(བསད་བསྐྲད་ལ་)ནག་ པོ་དང་(དབང་དགུག་ལ་)དམར་པོ་དང་(རྨོང་རེངས་ལ་)སེར་པོ་དང་(སྟེ་ལས་ཐམས་ཅད་པ་ལ་)ལྗང་ཁུ་དང་ 3-1-270 བཅས་པའོ་ཞེས་སོ། ༡༦ ། དེ་བཞིན་དུ་ཐབ་ཁུང་(གི་ཕྱི་རོལ་)རྣམས་དང་དཀྱིལ་འཁོར་གྱི་(དོན་གཅིག་ཏུ་རྩ་བའི་དཀྱིལ་འཁོར་ དང་ཁ་ཅིག་ཏུ་སྟོང་ཉིད་སྙིང་རྗེའི་དཀྱིལ་འཁོར་དང༌། ཁ་ཅིག་ཏུ་འཁོར་དང་བཅས་པའི་རྩ་བའི་དཀྱིལ་འཁོར་ལ་གསུངས་པ་ ལས་འདིར་ནི་ཕྱི་མ་ཡིན་པས་དེའི་ཕྱིར་)ཕྱི་རོལ་(ཏུ་མཆོད་པའི་ས་གཞི་སའི་ཁོར་ཡུག་གི་ནང་རོལ་)གྱི་ཤར་དང་ལྷོ་ དང་ནུབ་དང་བྱང་གི་ས་ལ་(དོན་ཡོད་གྲུབ་པ་ལ་སོགས་པ་)སངས་རྒྱས་(རིགས་བཞི་པོ་རྣམས་)ཀྱི་དབྱེ་བ་ འམ་(གཙོ་བོ་)བཅོ་ལྡན་འདས་ཀྱི་ཞལ་གྱི་དབྱེ་བས་རྒྱུད་ལས་གསུངས་པའི་ཆོ་གས་རྡུལ་ཚོན་ གདབ་པོ(འདིར་ཐབ་དང་མཐུན་པར་དཀྱིལ་འཁོར་གྱི་ཕྱི་རོལ་མཆོད་པའི་ས་གཞི་ཕྱོགས་མདོག་ཏུ་གསུངས་པ་འདིས་ནི་ཁ་ ཅིག་ཕྱོགས་མདོག་ལས་གཞན་དུ་སྨྲ་བ་རྣམས་སུན་ཕྱུང་བ་ཡིན་ནོ། །ཞེས་གསུངས་སོ)། །རྡུལ་ཚོན་གདབ་པའི་ངེས་ པའོ། །དེ་བཞིན་དུུ་〔ཚིགས་བཅད་དོན་བཞི་པ་ལ་སོགས་པས་〕འཆད་པར་འགྱུར་བའི་རིམ་པས་སློབ་ དཔོན་གྱིས་〔ཕུར་བུ་དང་ཁྲོ་བོ་〕དགོད་པ་སོགས་དང་བསང་གཏོར་ལ་སོགས་པ་དང་རང་གི་སྙིང་ ཁའི་རྡོ་རྗེ་དག་ལས་ལྷ་རྣམས་སྤྲོ་བར་བྱའོ་ཞེས་པ་ནི་ངེས་པའོ། ། ༈ ད་ནི་མཆོད་ཡོན་གྱི་སྣོད་ཀྱི་མཚན་ཉིད་གསུངས་ཏེ་འདིར་ཞི་བ་ལ་ནི་མཆོད་ཡོན་ སྦྱིན་པའི་དོན་དུ་ཤེལ་གྱི་སྣོད་ཁམས་ཕོར་གྱི་རྣམ་པ་སྟེ་ཀ་ཙོ་ལའི་རྣམ་པའོ་ཞེས་པའི་དོན་ ཏོ། །ཐམས་ཅད་སོར་བཅུ་གཉིས་པ་(སུམ་ཆའི་ཚད་ཀྱི་)ལྟེ་བ་དང་བཅས་པ་འདབ་མ་བརྒྱད་པའི་ བདག་ཉིད་དེ། དེ་ལྟར་ན་ཤེལ་ལ་སོགས་པའི་མཆོད་ཡོན་སྣོད་ལ་པད་མ་ནོར་གྱི་འདབ་མ་ མཐེ་བོ་དག་ནི་བཅུ་གཉིས་ཀྱང་ཞེས་སོ། །འདིར་ལྟེ་བ་སོར་བཞི་དང་འདབ་མ་རྣམས་སོར་ བཞི་སྟེ་དེ་ལྟར་སོར་བཅུ་གཉིས་སོ། །དེ་བཞིན་དུ་རྒྱས་པ་ལ་སོགས་པ་ལ་དངུལ་དང་(བསད་པ་ ལ་)ཐོད་པ་དང་(བསྐྲད་དབྱེ་ལ་)ལྕགས་དང་(དབང་ལ་)གསེར་དང་(དགུག་པ་ལ་)ཟངས་དང་(རྨོངས་པ་ལ་)ཤིང་དང་(རེངས་པ་ལ་)སའི་རང་བཞིན་གྱི་སྣོད་རྣམས་ལ་(མཆོད་ཡོན་)བསྒྲུབ་པོ། ། ༈ དེ་བཞིན་དུ་(མེ་ལྷ་མཆོད་པ་ལ་མར་ལ་སོགས་པ་)བསྲེག་བླུགས་ཀྱི་སྦྱིན་སྲེག་གི་དོན་དུ་དགང་ 3-1-271 གཟར་དང་བླུགས་གཟར་གསུངས་ཏེ་འདིར་ཡུ་བའི་རྩེ་མོར་ཏེ་ཁྲུ་གང་ཙམ་གྱི་ཡུ་བའི་རྩེ་མོར་ སྙིམ་པ(སྟེ་མཐའ་སྐྱོར་བ)འི་རྣམ་པའི་སྣོད་(ཀྱི་ནང་དུ་)གྲུ་བཞི་པ་སྟེ་(མཐའ་སྐྱོར་ནི་)སོར་མོ་གཅིག་གི་ དཔངས་སོ། །མཉམ་པའི་གཞི་(སྟེ་མཐིལ་)ལ་པད་མ་(འདབ་བརྒྱད་)སྟེ་པད་མའི་འདབ་མའི་རྩེ་མོ་ འདི་ནི་མཆུའི་(སྟེ་མཐའ་སྐྱོར་གྱི་)ནང་གི་ངོས་(སུ་རེག་པའོ)སོ། །(ཡུ་བ་ཕྱི་རོལ་གྱི་ཕྱོགས་ཀྱི་)ཕྱི་རོལ་ཏུ་རྡོ་ རྗེ་རྩེ་ལྔ་པ་སྟེ་(རྩ་)དབུ་མའི་(མ་སྣ་དུང་ཅན་མའི་རྩེ་མོ་)ལ་གཅི་བ་དང་ཁུ་བའི་རྒྱུན་འབྱུང་བ་བཞིན་ དུ་མར་གྱི་རྒྱུན་འབྱུང་བའི་དོན་དུ་(རྡོ་རྗེའི་རྭ་དབུ་མ་ལ་)བུག་པ(སྟེ་སྦུ་གུ་ཡོད་པ)འོ། །བསྲེག་བླུགས་ ཀྱི་བྱ་བ་ལ་(མེ་ལ་མར་ལ་སོགས་པ་)བསྲེག་བླུགས་ཀྱི་དགང་གཟར་རོ། །ཁྲུ་གང་ཙམ་གྱི་ཡུ་བ་ ལས་ཞེས་པ་ནི་རྩ་བའི་རྒྱུད་ལས་སྙིང་ཁའི་པད་མ་ནས་རྡོ་རྗེའི་མཐར་ཐུག་པ(རྣམ་པར་དག་པ)འོ་ ཞེས་པ་ནི་(དགང་གཟར་གྱི་རིང་ཚད་)ངེས་པའོ། །(དགང་གཟར་གྱི་རྣམ་པ)དེ་བཞིན་དུ་ཡུ་བ(ཁྲུ་གང་པ)འི་ རྩེ་མོར་སྦྱིན་སྲེག་གི་བྱ་བ་ལ་ཁྱོར་བ(འི་རྣམ་པའམ་པད་འདབ་ཀྱི་རྣམ་པ)ར་འགྱུར་ཏེ་(བླུག་གཟར་གྱི་རིང་ ཚད་ནི་)མཛོད་སྤུའི་གནས་ནས་སྙིང་ཁའི་བར་དུ(རྣམ་པར་དག་པ)འོ། །(བླུག་གཟར་གྱི་)ཁའི་རྒྱའི་ཆ་ དེ་ཉིད་ལག་མཐིལ་གྱི་ཚད་ཀྱིས་པད་མ་( འདབ་བརྒྱད་)སོར་དྲུག་པ(ཁྱོར་བའི་རྣམ་པ་དང་མཉམ་པ)འོ། ། (མར་དང་འབྲུ་ལ་སོགས་པ་)རྫས་ཀྱི་སྦྱིན་སྲེག་གི་བླུགས་གཟར་གྱི་ཡུ་བའི་རྒྱབ་(སྟེ་རྩ་བ་)ལ་རྡོ་རྗེས་ མཚན་པ་སྟེ་སྦྱིན་སྲེག་གི་སྣོད་ཀྱི་ངེས་པ(དགང་གཟར་གྱི་ཡུ་བའི་རྩ་བ་ལ་ཡང་རྡོ་རྗེས་མཚན་པ་དོན་གྱིས་ཐོབ་ པ)འོ། ༡༧ ། ༈ ད་ནི་ཞི་བ་ལ་སོགས་པ་ལ་ལྷའི་སྐུ་གསུངས་ཏེ་འདིར་ཐབ་ཁུང་གི་མེ་ལྷ་དང་དཀྱིལ་ འཁོར་གྱི་གཙོ་བོ་ནི་ཞི་བ་དང་རྒྱས་པ་ལ་ཞི་བ་ཁ་དོག་དཀར་པོར་འགྱུར་རོ། །བསད་པ་དང་ བསྐྲད་པ་ལ་སོགས་པ་ལ་དྲག་པོ་ཁ་དོག་ནག་པོའོ། །དབང་དང་དགུག་པ་ལ་ཆགས་པ་དང་ བཅས་པ་ཁ་དོག་དམར་པའོ། །རྨོངས་པ་དང་རེངས་པ་ལ་སོགས་པ་ཁེངས་པ་ཁ་དོག་སེར་ པོའོ་ཞེས་པ་ནི་ཞི་བ་ལ་སོགས་པ་ལ་ལྷའི་ཁ་དོག་གོ། ལས་ཐམས་ཅད་པ་ལ་ལྗང་ཁུ་ཅུང་ཟད་ 3-1-272 བཞད་ཅིང་ཆགས་པའི་སྐུ་སྟེ་ལྷའི་ངེས་པའོ། ། ༈ ད་ནི་རྡུལ་ཚོན་གྱི་རྣམ་པར་དག་པ་གསུངས་པ་རྣམ་པ་ལྔ་ཞེས་པ་ལ་སོགས་པ་སྟེ་ འདིར་རྒྱལ་བའི་དབང་པོ་རྡོ་རྗེ་སེམས་དཔའ་(གཅིག་ཉིད་རིགས་)རྣམ་པ་ལྔའོ། །གང་ཕྱིར་ཏེ་ གང་གི་ཕྱིར་ཡེ་ཤེས་(འོད་གསལ་བ་ཉིད་)ཀྱི་འོད་ཟེར་(ཁ་དོག་)རྣམ་པ་ལྔ་སྤྲོ་བའི་ཕྱིར་ཏེ། སྲིད་པ་ གསུམ་(གཞན་ཆོས་དབྱིངས་གཞན་འོད་གསལ་)ལ་(ནམ་མཁའ་ལྟར་ཁྱབ་བྱེད་དུ་)གནས་པའི་〔སྲིད་གསུམ་ གཞན་ཆོས་དབྱིངས་འོད་གསལ་བའི་〕ཕུང་པོ་དང་ཁམས་དང་སྐྱེ་མཆེད་(པྲ་ཕབ་པ་ལྟ་བུ་)སྒྲིབ་པ་ མེད་པའི་དབྱེ་བ་ཡིས་སོ། །(རྒྱུ་མཚན་)དེ་ལས་ཀྱང་ནི་(དེ་མཚོན་པའི་)ལྷ་རྣམས་དཀྱིལ་འཁོར་དག་ ལ་རྡུལ་ཚོན་(གྱི་ཁ་དོག་)རྣམ་པ་ལྔ་རུ་འགྱུར་ཏེ་རྡུལ་ཚོན་གྱི་ངེས་པའོ། ༡༨ ། ༈ ད་ནི་ཐིག་སྐུད་ཁྲུ་ནི་བརྒྱད་ཅེས་པ་ལ་སོགས་པས་ཐིག་སྐུད་ཀྱི་མཚན་ཉིད་གསུངས་ ཏེ་འདིར་(སྐྱེ་གནས་མ་ཉམས་པའི་)གཞོན་ནུ་མས་བཀལ་བའི་(རྩ་ཕྲ་མོ་རྣམས་དག་པའི་)སྲད་བུ་དུ་མ་ (རྩ་གསུམ་གཅིག་ཏུ་དག་པ་)སུམ་བསྒྲིལ་གྱི་བདག་ཉིད་དུ་བྱ་སྟེ་དེ་ནས་རྡོ་རྗེ་སློབ་དཔོན་གྱི་མཐེ་ བོ(བརྒྱད་ཆ)འི་ནས་ཀྱི་(སྦོམ་གྱི་)ཚད་ཀྱིས་སུམ་སྒྲིལ་དུ་བྱའོ། །དེ་ཉིད་ནི་(ཐིག་སྐུད་ཀྱི་རིང་ཚད་ནི་)ཁྲུ་ བརྒྱད་ཅེས་པ་(ཁྲུ་བཞི་པའི་)དཀྱིལ་འཁོར་གྱི་ཉིས་འགྱུར་རམ་(དཀྱིལ་འཁོར་ཁྲུ་བརྒྱད་པའི་ ཐིག་སྐུ་ནི་དཀྱིལ་འཁོར་སྔ་མའི་)བཞི་འགྱུར་(ཏེ་)ཁྲུ་བཅུ་དྲུག་གི་བར་དུ་སློབ་དཔོན་གྱི་ཁྲུ་ ཡིས་ཐིག་སྐུད་གཅིག་(ཚངས་ཐིག་གི་དོན་དུ་)བྱ་སྟེ་(དེ་ནས་ཕྱི་ནང་མཉམ་པ་ཉིད་མཚོན་པའི་དོན་དུ་)དཀྱིལ་ འཁོར་ལ་(ཐིག་སྐུད་དཀྱིལ་འཁོར་ལས་ཉིས་འགྱུར་གྱིས་རིང་བ་གསུངས་ཀྱི་དེ་ལས་)མཚན་ཉིད་གཞན་པ་མ་ ཡིན་ནོ། །དཀྱིལ་འཁོར་ནི་རྟག་ཏུ་(སློབ་དཔོན་)རང་གི་བདག་ཉིད་ཀྱི་(ཁྲུའི་)ཆས་ཁྲུ་གཅིག་ནས་ བརྩམས་ཏེ་ཁྲུ་སྟོང་ཇི་སྲིད་པ་དེ་སྲིད་དུ་འགྱུར་རོ། །དེས་ན་གང་དུ་ཐིག་སྐུད་ཀྱི་ངེས་པ་དང་ དཀྱིལ་འཁོར་གྱི་ངེས་པ་སློབ་དཔོན་གྱི་ཁྲུ་ཡིས་(འཇལ་བ་)ཡིན་པ་དེར་ཐིག་སྐུད་ནི་དཀྱིལ་ འཁོར་ལས་ཉིས་འགྱུར་རོ། །དེ་ལ་(རྩ་རྒྱུད་)དང་པོ་སངས་རྒྱས་ཀྱི་(དཀྱིལ་འཁོར་ལས་)ཐུགས་ཀྱི་ 3-1-273 (རྡོ་རྗེ་གཙོ་བོར་གྱུར་པའི་)དཀྱིལ་འཁོར་ནི་ཁྲུ་བཅུ་གཉིས་པ་རབ་ཏུ་བྱའོ། །ཞེས་པའི་ངེས་པས་ (དཀྱིལ་འཁོར་ཉིས་འགྱུར་)ཐིག་སྐུད་ཁྲུ་ཉི་ཤུ་རྩ་བཞིའོ། །དེ་བཞིན་དུ་གསུང་གི་〔རྡོ་རྗེ་གཙོ་བོར་གྱུར་པའི་〕 དཀྱིལ་འཁོར་ཁྲུ་བཅུ་དྲུག་པ་དང་སྐུའི་〔རྡོ་རྗེ་གཙོ་བོར་གྱུར་པའི་〕དཀྱིལ་འཁོར་ཁྲུ་ཉི་ཤུ་པའོ། །ཞེས་ པ་ནི་ངེས་པ་སྟེ་ཐིག་སྐུད་ནི་དེ་དག་གི་ཉིས་(འགྱུར་ཁྲུ་སུམ་ཅུ་རྩ་གཉིས་དང་བཞི་བཅུར་)འགྱུར་〔ཞིང་དེས་ ཐིག་གདབ་ཏུ་རུང་བར་ཡང་འགྱུར་〕རོ། །ཁྲུ་སྟོང་གི་དཀྱིལ་འཁོར་ལ་ནི་ཁྲུ་ཉིས་སྟོང་གི་ཐིག་སྐུད་ཀྱིས་ ཐིག་གདབ་པ(རུང་བ)ར་མངོན་པར་བརྗོད་པ་མེད་དེ་ཤིན་ཏུ་(རིང་བ་)རྨད་དུ་བྱུང་〔བས་མི་རྒྱོངས་〕 བའི་ཕྱིར་རོ། །(འོ་ན་)རྒྱུད་གཞན་ལས་ཐིག་སྐུད་སྦོམས་སུ་སྒོའི་ཉི་ཤུ་ཆ་དང་རིང་བ་དཀྱིལ་ འཁོར་གྱི་ཉིས་འགྱུར་(དུ་གསུངས་པ་)མ་ཡིན་ནམ། (འདིར་)ཇི་ལྟར་ན་སྦོམས་སུ་ནས་ཙམ་དང་ རིང་བ་ཁྲུ་བརྒྱད་པ་ཡིན་ཞེས་པ་འགའ་ཞིག་གི་ཚིག་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་ པར་བྱའོ། །འདིར་གལ་ཏེ་དཀྱིལ་འཁོར་ཐམས་ཅད་ལ་ཐིག་སྐུད་སྦོམས་སུ་སྒོའི་ཉི་ཤུ་ཆ་ ཡིན་ན་དེའི་ཚེ་(ཧ་ཅང་ཐལ་བ་)ཁྲུ་སྟོང་གི་དཀྱིལ་འཁོར་ལ་འཁོར་ལོའི་བརྒྱད་ཆའི་སྒོ་ནི་ཉི་ཤུ་རྩ་ ལྔ་ལྷག་པའི་ཁྲུ་བརྒྱར་འགྱུར་རོ། །དེའི་ཉི་ཤུ་ཆ་སོར་དྲུག་ལྷག་པའི་ཁྲུ་དྲུག་ནི་ཐིག་སྐུད་ཀྱི་ སྦོམས་སུ་འགྱུར་ཏེ་ཐིག་སྐུད་ཁྲུ་སྟོང་ཕྲག་གཉིས་པ་དེས་སློབ་དཔོན་སུ་ཞིག་དཀྱིལ་འཁོར་ གྱི་ས་ལ་ཐིག་གདབ་པ་བྱེད་པར་འགྱུར། (ཐིག་སྐུད་སྦོམས་སུ་སྒོའི་ཉི་ཤུའི་ཆ་ཞེས་སོགས་ཀྱི་)དེའི་ཕྱིར་ ཚིག་འདི་ནི་དཀྱིལ་འཁོར་ཁྲུ་གང་ཙམ་ལ་སོགས་པ་ལ་སྟེ་དེའི་སྟེང་དུ་(དཀྱིལ་འཁོར་ཁྲུ་སྟོང་པའི་བར་ དཀྱིལ་འཁོར་)སྤྱིའི་ཐིག་སྐུད་ཀྱི་སྤོམས་(སྒོའི་ཉི་ཤུ་ཆར་)ངེས་པ་ནི་བཅོམ་ལྡན་འདས་ཀྱི་(དགོངས་པ་) མ་ཡིན་ནོ། །མི་རྣམས་ཀྱི་ལུས་ནི་ཐུན་མོང་གིས་ཁྲུ་བཞི་སྟེ་དེས་ན་(རྒྱུད་འདིར་)ལུས་ལས་ཉིས་ འགྱུར་ནི་ཁྲུ་བརྒྱད་དོ། །རྣམ་པ་གསུམ་གྱི་ལམ་ན་གནས་པ་ནི་ལུས་དང་ངག་དང་སེམས་ཀྱི་ རྩ་ལ་གནས་པ་གཅིག་ཏུ་འདྲེས་པར་གྱུར་པའི་ཐིག་སྐུད་(སུམ་སྒྲིལ་ཉིད་)དོ། །(ཁྲུ་བརྒྱད་པ་)དེས་ ཁྲུ་སྟོང་གི་མཐར་ཐུག་པའི་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱ་སྟེ་(ཐོག་མར་)སྙིང་པོའི་འཁོར་ 3-1-274 ལོའི་རྩིབས་(ཚངས་ཐིག་དང་ཟུར་ཐིག་)རྣམས་(ཀྱི་ཐིག་གདབ་ན་དེ་)ལ་ཡང་དང་ཡང་དུ་(མཐུད་དེ་)ཐིག་གི་ གནས་སུ་ཐིག་བཏབ་པས་སོ། །ཞེས་པ་ནི་ཐིག་སྐུད་ཀྱི་ཆོ་གའི་ངེས་པའོ། ། ༈ ད་ནི་ཞི་བ་ཞེས་པ་ལ་སོགས་པས་ཞི་བ་ལ་སོགས་པའི་ལས་བསྒྲུབ་པའི་དོན་དུ་ འདུག་སྟངས་རྣམས་གསུངས་ཏེ་འདིར་ཞི་བ་ལ་སོགས་པ་ལ་རིམ་པས་འདུག་སྟངས་རྣམས་ སུ་འགྱུར་རོ། །དེ་ཡང་ཞི་བ་ལ་དཀྱིལ་དཀྲུང་ཞེས་པ་སྟེ་པུས་མོ་གཡོན་པ(བསྐུམ་པ)འི་སྟེང་ དུ་རྐང་པ་གཡས་པ་གན་རྐྱལ་དུ་གནས་པ་ནི་དཀྱིལ་དཀྲུང་ངོ༌། །རྒྱས་པ་ལ་རྡོ་རྗེའི་འདུག་ སྟངས་ནི་རྐང་པ་གཡས་པ་བརླ་གཡོན་པའི་སྟེང་དང་གཡོན་པ་ཡང་བརླ་གཡས་པའི་སྟེང་ དུ་སྟེ་ཐད་ཀར་གན་རྐྱལ་གྱིས་སོ་ཞེས་པ་ནི་རྡོ་རྗེའི་འདུག་སྟངས་སོ། །ལྷ་མིན་ཞེས་པ་ནི་ལྷ་ མིན་གྱི་འདུག་སྟངས་ཏེ་བསད་པ་ལ་འཐབ་མོ་བྱེད་པའི་རུས་སྦལ་གྱི་སྟབས་(སྔར་བཤད་པ་དེ་) བཞིན་ནོ། །ཞེས་པ་ནི་ལྷ་མིན་གྱི་འདུག་སྟངས་སོ། །ཞེས་པ་ནི་བསྐྲད་པ་དང་དབྱེ་བ་ལ་ཙོག་ པུར་འགྱུར་ཏེ་རྐང་པ་གཉིས་མཉམ་པ་(རྒྱབ་ཀྱི་)ལོང་བུ་འཕོངས་ཚོས་ཀྱི་རྩ་བ་ལ་རེག་པ་དག་ སྟེ་བྱིན་པ་གཉིས་དང་བརླ་གཉིས་སྟེང་དུ་སོན་པ་ནི་ཙོག་པུའོ། །དཀྱིལ་དཀྲུང་ཕྱེད་པ་དབྱེ་བ་ རྣམ་པ་གཉིས་ཞེས་པ་ནི་འདིར་དབང་ལ་རྐང་པ་གཡོན་པ་དཀྱིལ་དཀྲུང་བཞིན་དང་གཡས་ པ་ཙོག་པུ་བཞིན་ཏེ་གཡས་སུ་ཅུང་ཟད་དུད་པའོ། །དགུག་པ་ལ་དབྱེ་བ་གཉིས་པ་སྟེ་གཡས་ པ་དཀྱིལ་དཀྲུང་བཞིན་དང་གཡོན་པ་ཙོག་པུ་བཞིན་ཏེ་གཡོན་དུ་ཅུང་ཟད་དུད་པའོ་ཞེས་པ་ ནི་དཀྱིལ་དཀྲུང་ཕྱེད་པ་དབྱེ་བ་གཉིས་སོ། །བཤང་ལམ་རྐང་པར་གནས་པ་དག་ཅེས་པ་ནི་ འདིར་རྨོངས་པ་ལ་རྐང་པ་གཡོན་པར་བཤང་ལམ་གནས་པ་སྟེ་རྐང་པ་གཡོན་པའི་སྟེང་དུ་ བཤང་ལམ་བཞག་ཅིང་གཡས་པ་ཙོག་པུ་བཞིན་ནོ། །རེངས་པ་ལ་གཡས་པར་བཤང་ལམ་ གནས་པ་སྟེ་རྐང་པའི་སྟེང་དུ་བཤང་ལམ་བཞག་ཅིང་གཡོན་པ་ཙོག་པུ་བཞིན་ནོ། །འདུག་ སྟངས་ཀྱི་དབྱེ་བ་རྣམ་པ་བརྒྱད་ཀྱི་ངེས་པའོ། ༡༩ ། 3-1-275 ༈ ད་ནི་ཤེལ་དང་ཞེས་པ་ལ་སོགས་པས་སྔགས་བཟླས་པའི་དོན་དུ་ཞི་བ་ལ་སོགས་ པའི་བགྲང་ཕྲེང་གསུངས་ཏེ་འདིར་ཞི་བ་ལ་ཤེལ་གྱི་བགྲང་ཕྲེང་ངོ༌། །རྒྱས་པ་ལ་མུ་ཏིག་གི་ འབྲས་བུའོ། །བསད་པ་ལ་མིའི་སོ་ལས་བྱས་པའོ། །བསྐྲད་པ་ལ་བོང་བུའི་སོ་ལས་བྱས་ པའམ་རུས་པ་ལས་བྱས་པའོ། །དབང་ལ་བོ་ད་ཙེའི་བགྲང་ཕྲེང་ངོ༌། །དགུག་པ་ལ་པད་ མའམ་ཙན་དན་དམར་པོའི་ས་བོན་གྱི་བགྲང་ཕྲེང་ངོ༌། །རྨོངས་པ་ལ་ལུང་ཐང་གི་བགྲང་ཕྲེང་ ངོ༌། །རེངས་པ་ལ་དབང་པོ་མིག་ཅེས་པ་རུ་རག་ཤའི་བགྲང་ཕྲེང་ངོ་ཞེས་པ་ནི་བགྲང་ཕྲེང་ གི་ངེས་པ་སྟེ་(འོད་དཔག་མེད་ལ་སོགས་པའི་)བདེ་གཤེགས་རིགས་ཀྱི་དབང་གིས་ཞེས་པ་ནི་འཆད་ པར་འགྱུར་བ་ལས་བརྗོད་པར་བྱའོ། ། ༈ ད་ནི་དྲི་ཞིམ་ཞེས་པ་ལ་སོགས་པས་མཆོད་པའི་དོན་དུ་ཞི་བ་ལ་སོགས་པ་ལ་མེ་ཏོག་ རྣམས་གསུངས་ཏེ་འདིར་ཞི་བ་དང་རྒྱས་པ་ལ་དྲི་ཞིམ་པོའི་མེ་ཏོག་དཀར་པོ་རྣམས་ཀྱིས་ལྷ་ ལ་སོགས་པ་རྣམས་མཆོད་དོ། །བསད་པ་དང་བསྐྲད་པ་དང་དབྱེ་བ་ལ་〔དྲི་〕ཚ་བ་དང་བཅས་ པའི་〔ཤིང་〕ནག་པོ་ཚེར་མ་ཅན་རྣམས་ཀྱིས་སོ། །དབང་དང་དགུག་པ་ལ་དམར་པོས་སོ། ། རྨོངས་པ་དང་རེངས་པ་ལ་སེར་པོ་སྟེ་མཆོད་པའི་མེ་ཏོག་གི་ངེས་པའོ། ། ༈ ད་ནི་བསིལ་དང་ཞེས་པ་ལ་སོགས་པས་སྤོས་གསུངས་ཏེ་ཞི་བ་དང་རྒྱས་པ་དག་ལ་ བསིལ་བའི་སྤོས་ཏེ་བསིལ་བ་ནི་ཨ་ཀ་རུ་དང་སི་ཧླ་ཀ་དང་ག་པུར་རྣམས་ཀྱི་སྤོས་སྦྲང་རྩི་ དང་ཤ་ཀ་ར་ལ་སོགས་པ་དང་བཅས་པ་ནི་བསིལ་བའི་སྤོས་ཞེས་བརྗོད་དེ་བསིལ་བའི་རྫས་ རྣམས་ཀྱིས་སོ། །དེ་བཞིན་དུ་བསད་པ་དང་བསྐྲད་པ་ལ་བཤང་པ་དང་(མིའི་)ཤའི་སྤོས་ཁྲག་ དང་ལྡན་པའོ། །དབང་དང་དགུག་པ་ལ་དྲག་པོའི་སྤོས་ཞེས་པ་སྟེ་གུ་གུལ་དང་རྒྱ་སྐྱེགས་ དང་སྤོས་ཀར་དང་ཀུན་ཏུ་རུ་དང་ཐང་ཆུ་རྣམས་བུ་རམ་གྱི་སྦྱར་བའི་ནི་དྲག་པོའི་སྤོས་སོ། །དེ་ བཞིན་དུ་རྨོངས་པ་དང་རེངས་པ་ལ་སྐ་བའི་སྤོས་ནི་ཨ་རུ་རུའི་ཕྱེ་མ་བུ་རམ་དང་བཅས་པ་སྐ་ 3-1-276 བའི་སྤོས་ཏེ་སྤོས་ཀྱི་ངེས་པའོ། ། ༈ དེ་བཞིན་དུ་ཞལ་ཟས་ནི་ཞི་བ་ལ་འོ་མ་དང་ཟན་ནོ། །རྒྱས་པ་ལ་ཞོ་དང་ཟན་ནོ། ། བསད་པ་ལ་(མིའི་)མཆིན་པའོ། །བསྐྲད་པ་ལ་(མིའི་)ཤའོ། །དབང་ལ་མར་དང་ཟན་ནོ། ། དགུག་པ་ལ་ཏིལ་གྱི་འབྲུ་མར་དང་ཟན་ནོ། །རྨོངས་པ་ལ་སྲན་ཆུང་མུད་ག་(སྲན་ཆུང་སྐྱེར་ཁ་གཅིག་ ཡོད་པ་)དང་བསྲེས་པའི་ཟན་ནོ། །རེངས་པ་ལ་(སྲན་མ་)ཙ་ན་ཀ་དང་ཉ་དང་ཟན་ནོ། ། ༈ དེ་བཞིན་དུ་ཞི་བ་དང་རྒྱས་པ་དག་ལ་ཙན་དན་གྱི་བྱུག་པའོ། །བསད་པ་དང་བསྐྲད་ པ་ལ་ཁྲག་དང་སོལ་བས་སོ། །དབང་དང་དགུག་པ་ལ་གུར་ཀུམ་དང་གི་ཝང་ངམ་ཙན་དན་ དམར་པོས་སོ། །རྨོངས་པ་དང་རེངས་པ་ལ་ཡུང་བ་དང་བ་བླས་ཏེ་དྲིའི་ངེས་པའོ། ། ༈ དེ་བཞིན་དུ་མར་མེ་ནི་ཞི་བ་དང་རྒྱས་པ་དག་ལ་མར་གྱི་མར་མེའོ། །བསད་པ་དང་ བསྐྲད་པ་དག་ལ་མིའི་ཞག་གིས་སོ། །དབང་དང་དགུག་པ་དག་ལ་ཏིལ་གྱི་འབྲུ་མར་གྱིས་སོ། ། རྨོངས་པ་དང་རེངས་པ་ལ་ཟར་མའི་འབྲུ་མར་དང་བསེ་ཤིང་གི་འབྲུ་མར་གྱིས་སོ་ཞེས་པ་ལ་ སོགས་པ་མར་མེའི་ངེས་པའོ། ། ༈ དེ་བཞིན་དུ་ཞི་བ་དང་རྒྱས་པ་ལ་འབྲས་སཱ་ལི་མ་ཆག་པའོ། །བསད་པ་དང་བསྐྲད་པ་ ལ་སྐེ་ཚེ་དང་དབང་དང་དགུག་པ་ལ་ཡུངས་དཀར་དང་རེངས་པ་དང་རྨོངས་པ་ལ་སྲན་ཆུང་ ངམ་འབྲུ་གཞན་ནོ། ། ༈ དེ་བཞིན་དུ་(ཟུང་དུ་སྦྱར་བ་དང་བ་དན་)གོས་ལ་སོགས་པ་སྟེ་ཞི་བ་དང་རྒྱས་པ་དག་ལ་ མཆོད་པའི་རྫས་ཐམས་ཅད་དཀར་པོའོ། །བསད་པ་དང་བསྐྲད་པ་དག་ལ་ནག་པོ་དང་དབང་ དང་དགུག་པ་ལ་དམར་པོ་དང་རེངས་པ་དང་རྨོངས་པ་དག་ལ་སེར་པོའོ། །ལས་ཐམས་ཅད་ པ་ལ་ལྗང་ཁུ་སྟེ་མཆོད་པའི་ཆོ་ག་ངེས་པའོ། ༢༠ ། ༈ ད་ནི་ཞི་བ་ལ་སོགས་པའི་ལས་ལ་(སྒྲུབ་ལེར་)འཆད་པར་འགྱུར་བའི་འཁྲུལ་འཁོར་བྲི་ 3-1-277 བའི་ཆོ་ག་གསུངས་ཏེ་འདིར་འཆད་པར་འགྱུར་བའི་འཁྲུལ་འཁོར་ནི་ཞི་བ་དང་རྒྱས་པ་དག་ ལ་ནྱ་གྲོ་དྷཱའི་འདབ་མ་སར་པ་ལ་ཤྲཱི་ཁཎ་ཊ་(ཞེས་པ་དཔལ་གྱི་དུམ་བུ་སྟེ་ཙན་དན་དཀར་པོ་)དང་སཱ་ལི་ བཏགས་པའི་ཆུས་དཱུར་བའི་སྨྱུ་གུས་(ཨ་ཀ་རས་)བྲི་བར་བྱ་སྟེ་རྒྱས་པ་ལ་ནི་བསིལ་བ(ཙན་དན་ དཀར་པོ)འི་(ལེ་ཁ་)སྨྱུ་གུས་སོ། །དེ་བཞིན་དུ་བསད་པ་དང་བསྐྲད་པ་ལ་ཡང་དུར་ཁྲོད་ཀྱི་རས་ ལ་དུག་དང་ཁྲག་དང་སོལ་བས་མིའི་རུས་པའི་སྨྱུ་གུས་ཏེ་བསྐྲད་པ་ལ་ནི་བྱ་རོག་གི་མཇུག་ མའི་སྨྱུ་གུས་སོ། །དབང་དང་དགུག་པ་ལ་ནི་གྲོ་གའི་འདབ་མ་ལ་གུར་ཀུམ་དང་གི་ཝང་ གིས་གསེར་གྱིས་སྨྱུ་གུས་ཏེ་དགུག་པ་ལ་ནི་སེང་ལྡིང་གི་སྨྱུ་གུས་ཙན་དན་དམར་པོ་བཏགས་ པས་སོ། །རེངས་པ་དང་རྨོངས་པ་ལ་ནི་ཨརྐའི་འདབ་མ་ཡོངས་སུ་སྨིན་པ་ཁ་དོག་སེར་པོ་ལ་ འབྲས་བུ་གསུམ་གྱི་ཁུ་བ་དང་བཅས་པའི་བ་བླ་དང་ཡུང་བས་བིལ་བའི་སྨྱུ་གུས་ཏེ་རྨོངས་པ་ ལ་ཨརྐའི་སྨྱུ་གུས་སོ་ཞེས་པ་ནི་ངེས་པའོ། ༢༡ ། ༈ ད་ནི་འཁྲུལ་འཁོར་རབ་ཏུ་གཞག་པའི་ཆོ་ག་གསུངས་ཏེ་འདིར་ཞི་བ་དང་རྒྱས་པ་དག་ ལ་འཁྲུལ་འཁོར་བྲིས་པའི་འདབ་མ་ལ་སོགས་པ་ནི་ཇི་སྲིད་འཁྲུལ་འཁོར་མི་མཐོང་གི་བར་ དུ་སྲད་བུ་དཀར་པོས་དཀྲི་བར་བྱ་སྟེ་དེ་བཞིན་དུ་ལས་ཀྱི་དབྱེ་བས་སྲད་བུ་ནག་པོ་དང་སྲད་ བུ་དམར་པོ་དང་སྲད་བུ་སེར་པོས་དཀྲི་བར་བྱའོ། །དེ་ནས་(སྣོད་གང་དུ་བཞག་པ་ན་)ཞི་བ་དང་རྒྱས་ པ་དག་ལ་ཁམ་ཕོར་ཁ་སྦྱར་དུ་མངར་གསུམ་སྟེ་སྦྲང་རྩི་དང་མར་དང་འོ་མ་ཡང་དག་པར་ བསྲེས་པ་ལ་གཞག་པར་བྱའོ། །བསད་པ་དང་བསྐྲད་པ་ལ་ཐོད་པ་ཁྲག་གིས་གང་བར་གཞག་ པར་བྱའོ། །དབང་དང་དགུག་པ་ལ་མེས་གདུངས་པའི་གྱོ་མོ་ཁ་སྦྱར་དུ་སྤྲ་ཚིལ་གྱིས་དཀྲིས་ ནས་སོ། །རེངས་པ་དང་རྨོངས་པ་ལ་བ་བླའི་ཆུས་གང་བའི་སོ་ཕག་གི་དབུས་སུ་གཞག་པར་ བྱའོ། །(གང་དུ་བཞག་པའི་གནས་ནི་)ཞི་བ་དང་རྒྱས་པ་དག་ལ་རླན་དང་བཅས་པའི་གནས་ནི་གཙང་ མ་དག་ཏུ་མཎྜལ་གྱི་སྟེང་དུ་གཞག་པར་བྱའོ། །བསད་པ་དང་བསྐྲད་པ་ལ་རོ་བསྲེག་པའི་ས་ 3-1-278 བརྐོས་པའི་འོག་ཏུ་གཞུག་པར་བྱའོ། །དབང་དང་དགུག་པ་ལ་ཐབ་ཀྱི་འོག་ཏུའོ། །རེངས་པ་ དང་རྨོངས་པ་ལ་ས་སྐམ་པོ་ལ་གཞུག་པར་བྱ་སྟེ་དགེ་བ་དང་མི་དགེ་བའི་ལས་ལ་འབྲས་བུ་ སྔགས་པ་ཡིས་ནི་རིག་པར་བྱ་ཞེས་པ་ནི་ངེས་པའོ། ། ༈ ད་ནི་བྲིས་པའི་འཁྲུལ་འཁོར་གྱི་འཁོར་ལོའི་ཕྱི་རོལ་གྱི་ངེས་པ་གསུངས་ཏེ་འདིར་ཞི་ བ་ལ་འཁོར་ལོའི་ཕྱི་རོལ་ཏུ་ཟླ་བའི་དཀྱིལ་འཁོར་གྱིས་བསྐོར་བར་བྱ་སྟེ་ཟླུམ་པོའི་རི་མོས་ སོ། །རྒྱས་པ་ལ་གླང་པོ་ཆེས་བསྐོར་བར་བྱ་སྟེ་ཇི་ལྟར་གླང་པོ་ཆེའི་ལུས་ལ་འཁོར་ལོར་འགྱུར་ བའོ། །བསད་པ་ལ་ཡི་དྭགས་ཀྱི་ལུས་ལའོ། །བསྐྲད་པ་ལ་རྔ་མོའི་ལུས་ལའོ། །དབང་ལ་ རི་དྭགས་ཀྱི་ལུས་ལའོ། །དགུག་པ་ལ་རྟའི་ལུས་ལའོ། །རྨོངས་པ་ལ་རའི་ལུས་སམ་ལུག་ གི་ལུས་ལའོ། །རེངས་པ་ལ་རུས་སྦལ་གྱི་ལུས་ལ་སྟེ་ཇི་ལྟར་(དེ་རྣམས་ཀྱི་ལུས་ལ་)འཁྲུལ་འཁོར་ གྱི་འཁོར་ལོར་འགྱུར་པ་དེ་བཞིན་དུ་ཕྱི་རོལ་ཏུ་(དེ་རྣམས་ཀྱི་)གཟུགས་བྱའོ། །དེ་ནས་སྔོན་དུ་ གསུངས་པའི་སྲད་བུས་དཀྲི་བར་བྱའོ། ། ༈ དེ་བཞིན་དུ་(བསྲུང་བ་ར་ཟེར་)རིག་པ་(འཁྲུལ་འཁོར་དྲྀལ་བའི་དབུས་སྦུ་གུུ་) ཡང་ངེས་པ་སྟེ་ཞི་བ་དང་རྒྱས་པ་ལ་དངུལ་གྱི་སྦུ་གུ་རིག་པའི་དབུས་སུ་གཞག་པར་བྱའོ(ཞེས་ པ་འཁྲུལ་འཁོར་གྱི་ཤོག་བུ་དྲིལ་བའི་སྦུ་གུར་དངུལ་གྱི་སྦུ་གུ་སྙིང་པོའི་ཚུལ་དུ་བཞུགས་ པའོ)། །བསད་པ་ལ་མིའི་རུས་པའི་སྦུ་གུ་དང་བསྐྲད་པ་ལ་བྱ་རོག་གི་རུས་པའི་སྦུ་གུ་དང་ དབང་ལ་གསེར་གྱི་སྦུ་གུ་དང་དགུག་པ་ལ་ཟངས་ཀྱི་སྦུ་གུ་དང་རྨོངས་པ་ལ་ལྕགས་ཀྱི་སྦུ་གུ་ དང་རེངས་པ་ལ་ར་གན་གྱི་སྦུ་གུའོ་ཞེས་པ་ནི་ངེས་པའོ། ། ༈ འདིར་གང་གིས་བསྐྲད་པར་འགྱུར་བའི་ཆོ་ག་དེ་ཉིད་ཀྱིས་དབྱེ་བའི་བྱ་བའོ། །གང་ གིས་རེངས་པར་འགྱུར་བ་དེ་ཉིད་ཀྱིས་ཕུར་བུས་གདབ་པར་བྱ་སྟེ་འོན་ཀྱང་དགྲའི་དྲི་མ་དྲིལ་ བ་བདུད་རྩི་ལྔ་དང་བཅས་པས་གཟུགས་བརྙན་བྱས་ནས་འཁོར་ལོ་དྲུག་དང་ལག་པ་དང་ 3-1-279 རྐང་པའི་ཚིགས་རྣམས་ལ་མྱོས་བྱེད་ཀྱི་ཚེར་མ་རྣམས་ཀྱིས་ཕུར་བུས་གདབ་པར་བྱའོ། །ལྷག་ མ་(སྲད་བུས་དཀྲིས་པ་ལ་སོགས་པ་)ནི་རེངས་པ་ལ་སོགས་པ་བཞིན་ནོ། །གང་གིས་དགུག་ པར་འགྱུར་བ་དེ་ཉིད་ཀྱིས་རིམས་བསྐྱེད་པ་སྟེ་འོན་ཀྱང་སྐེ་ཚེ་དང་ལན་ཚྭས་གཟུགས་བརྙན་ ལ་བྱུགས་ནས་མེས་རབ་ཏུ་གདུང་བར་བྱའོ། །གང་གིས་ཞི་བར་འགྱུར་བ་དེ་ཉིད་ཀྱིས་གདུག་ པའི་ལྟ་བ་དང་དུག་གཞིལ་བ་སྟེ། ༈ སློབ་དཔོན་གྱིས་(ཞི་བ་ལ་སོགས་པ་)ལས་བཅུ་གཉིས་ཀྱི་ཆོ་ག་ཤེས་ནས་གལ་ཏེ་གཞན་ ལ་ཕན་པའི་སླད་དུ་བྱེད་ན་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ངེས་པས་གདོན་མི་ཟ་བར་དེའི་ འབྲས་བུར་འགྱུར་ཏེ་རང་གི་དོན་དུ་ནི་མ་ཡིན་ནོ། །གང་ཞིག་(རང་གི་དོན་དུ་)བྱེད་ན་ཡང་འདིར་ དེའི་ཅུང་ཟད་ཀྱང་འགྲུབ་པར་མི་འགྱུར་ཏེ་གདུག་པའི་སློབ་དཔོན་རྣམས་ཡོངས་སུ་ངལ་བ་ ཉོན་མོངས་པ་ཙམ་འབའ་ཞིག་གོ། དེའི་ཕྱིར་རྒྱུད་ལས་གསུངས་པའི་ངེས་པས་(རང་དོན་ལ་) ལྟོས་པ་མེད་པའི་སློབ་དཔོན་མངོན་པར་ཤེས་པ་ཐོབ་པས་གཞན་ལ་ཕན་པའི་དོན་དུ་བྱའོ། ། (མངོན་ཤེས་དགོས་པ་ལ་སོགས་པའི་)ངེས་པ་ནི་འཆད་པར་འགྱུར་བ་ལས་འབྱུང་བར་འགྱུར་ཏེ་དེས་ ན་འདིར་རྒྱས་པར་མ་བརྗོད་དོ(དེ་ལྟར་སོ་སོར་ངེས་པས་བྱ་བ་འགྲུབ་ཀྱི་གཞན་དུ་ན་མི་འགྲུབ་སྟེ། ཇི་སྐད་དུ། རིག་ གཞན་དང་ནི་བྱ་བ་གཞན། །དུས་དང་དེ་བཞིན་སྔགས་ཀྱི་རིགས། །གནས་དང་ཕྱོགས་དང་རྟེན་གཞན་གྱི། །ལས་རྣམས་ཀུན་ ལ་འབྲས་བུ་མེད། །ཅེས་རྩ་རྒྱུད་འབུམ་ལྔར་གསུངས་ཤིང༌། འདི་ཉིད་ཀྱི་སྒྲུབ་ལེར་ཡང་གསུང་བར་འགྱུར་བའི་ཕྱིར་རོ། །ངེས་ པའི་དོན་དུ་ནི། ཡེ་ཤེས་སྨྲ་བ་པོ་རྣམས་ལ། །ཡེ་ཤེས་གཅིག་པུས་ལས་ཀུན་བྱེད། །བཟླས་མེད་ཕྲེང་བ་མེད་པ་དང༌། །སྦྱིན་སྲེག་ སྔགས་དང་མཆོད་པ་མེད། །བསམ་གཏན་ཙམ་གྱིས་ལས་ཀུན་ནི། །རྣལ་འབྱོར་རྣམས་ལ་འགྲུབ་པར་འགྱུར། །ཞེས་རྩ་རྒྱུད་ འབུམ་ལྔར་གསུངས་ཤིང༌། འདི་ཉིད་ཀྱི་ལེའུ་ལྔ་པར་ཡང༌། ཀུན་རྫོབ་རྟོག་བཅས་རྟེན་འབྲེལ་ལས་{མ་}འདས་པའི་བྱ་བ་རྣམས་ ཉི་ཚེ་བ་དང༌། དོན་དམ་རྟོག་མེད་རྟེན་འབྲེལ་ལས་འདས་པའི་ཡེ་ཤེས་ཀྱི་བྱ་བ་རྣམས་ཀུན་ནས་ཐམས་ཅད་པར་གསུངས་པར་ འགྱུར་རོ)། ། 3-1-280 ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་དབང་གི་ལེའུ་ལས་སློབ་དཔོན་ལ་ སོགས་པ་དང་ལས་རབ་འབྱམས་ཐམས་ཅད་བསྒྲུབ་པའི་མཚན་ཉིད་ཀྱི་མདོར་བསྡུས་ཆེན་ པོ་སྟེ་དང་པོའོ།། ༢༢ །། ༈ (ལྔ་པ་ཡོངས་སུ་བཟུང་བ་དང་དཀྱིལ་འཁོར་བྲི་བ་དང་དེ་ཉིད་བཅུ་ཡོངས་སུ་ཤེས་པའི་ངོ་བོ་ཉིད། གང་གི་སྐུ་དང་ཡན་ ལག་ཐམས་ཅད་མི་ཕྱེད་ཅིང་གཞོམ་དུ་མེད་པས་)རྡོ་རྗེ་(སྟེ་ལྷ་མིན་དང་འབྱུང་པོའི་དབང་པོ་ལ་སོགས་པ་ དང་མི་ལ་སོགས་པ་རྣམས་)འཇིགས་(པར་)བྱེད་(པ་རྣམས་ཀྱང་)འཇིགས་(ཤིང་སྐྲག་)པར་བྱེད(པའི་)། །དཔའ་བོ་(ཆེན་པོ་བདུད་དང་ལྷ་དབང་པོ་ལ་སོགས་པ་)གདུལ་དཀའ་(བ་ཐམས་ཅད་)འདུལ་བ(ར་མཛད་ པ་)པོ། །དུས་ཀྱི་འཁོར་ལོ་(ཤིན་ཏུ་འཁྲོས་པའི་སྤྱི་བོར་)ཐོད་པ་(ལྔའི་ཕྲེང་བ་དང་ཕྲག་པར་བདུད་རིགས་བརྒྱའི་ མགོ་ཕྲེང་)ཅན། །ཁམས་གསུམ་(ལས་)རྣམ་(པར་)རྒྱལ་〔བ་〕ལ་(གུས་པར་)བཏུད་དེ། །དཀྱིལ་འཁོར་ བྲི་བའི་སླད་དུ་ཡང༌། །གནས་ནི་བསྲུང་བའི་ཆོ་ག་དང་(བདུད་ཀྱི་རིས་ལ་སོགས་པ)། །གདུག་པ་ རྣམས་ནི་བསལ་བ(སྟེ་གཞོམ་པ་)དང༌། །ས་(དང་བུམ་པ་ལ་)སོགས་ལྷག་(པར་)གནས་(པ་)བཤད་ པར་བྱ། །(དེ་ཡང་)ཇི་ལྟར་(རྩ་བའི་)རྒྱུད་རྒྱལ་ལས་གསུངས་དང༌། །འཇམ་པའི་རྡོ་རྗེས་གཞན་ (བསྡུས་རྒྱུད་)ལས་ཀྱང༌། །(བསྡུས་ནས་གསུངས་པའི་)ཆོ་ག་ཐམས་ཅད་(སེམས་ཅན་རྣམས་ཀྱི་)སངས་རྒྱས་ (ཀྱི་)འབྲས(བུ)། །ཐོབ་(པའི་)སླད་(དུ་རྒྱ་ཆེར་)འགྲེལ་བས་(པད་མ་དཀར་པོ་)བདག་གིས་དགྲོལ(བར་ བྱའོ)། །འདིར་〔དཔལ་ལྡན་ཀ་ལ་པའི་གྲོང་གི་ལྷོ་ཞེས་པ་ལ་སོགས་པ་〕སྔར་བརྗོད་པའི་རྣམ་པས་ཉི་མའི་ ཤིང་རྟས་གསོལ་བ་བཏབ་པ་བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་བའི་སྐུ་མིའི་དབང་པོ་ གྲགས་པས་དཀྱིལ་འཁོར་བྲི་བའི་སླད་དུ་མཆོག་གི་དང་པོའི་སངས་རྒྱས་ལས་བཅོམ་ལྡན་ འདས་ཀྱིས་རབ་ཏུ་གསུངས་པ་བསྲུང་བའི་འཁོར་ལོ་ལ་སོགས་པ་རྣམས་ཚིགས་སུ་བཅད་པ་ 3-1-281 ཉི་ཤུ་རྩ་གསུམ་པ་ལ་སོགས་པས་རབ་ཏུ་བསྡུས་ཏེ་དཔལ་ལྡན་རྡོ་རྗེ་རྣམས་ཀྱིས་ཕྱོགས་ཀུན་ ཏུ་ཞེས་པ་ལ་སོགས་པས་རྒྱུད་ལས་གང་གསུངས་པ་དེ་ཐམས་ཅད་མདོར་བསྡུས་ཆེན་པོས་ བདག་གིས་དགྲོལ་བར་བྱའོ། ། ༈ དཔལ་ལྡན་རྡོ་རྗེ་ཞེས་པ་ལ་སོགས་པ་ལ་འདིར་དང་པོར་རེ་ཞིག་རྡོ་རྗེ་སློབ་དཔོན་ གྱིས་རང་གི་ལུས་དང་གནས་བསྲུང་བ་བསམ་པར་བྱ་སྟེ་ཕྱི་ནས་སློབ་མ་ལ་སོགས་པ་བསྡུ་ བ་དང་ས་ཡོངས་སུ་གཟུང་བ་ཡང་བྱའོ། །དེའི་ཕྱིར་དང་པོར་སྔགས་པས་དཀྱིལ་འཁོར་གྱི་ དོན་དུ་(ལས་དང་རྗེས་སུ་མཐུན་པར་ཡོངས་སུ་)བརྟགས་པའི་སར་སོང་ནས་དབུས་སུ་འཇམ་པའི་སྟན་ ལ་(གདོང་)ཤར་དུ་མངོན་པར་ཕྱོགས་པར་གྱུར་པས་ཉེ་བར་འདུག་ནས་(ཁ་དག་པ་ལ་སོགས་པ་སྔོན་ དུ་འགྲོ་བས་)དཔལ་ལྡན་རྡོ་རྗེ་རྣམས་ཡན་ལག་ལ་དགོད་པར་བྱ་སྟེ་དཔྲལ་བར་ཟླ་བའི་དཀྱིལ་ འཁོར་དཀར་པོ་ལ་(འོད་དཔག་མེད་གྱི་ངོ་བོ་)ༀ་ཡིག་དགོད་དོ། །མགྲིན་པར་ཉི་མའི་དཀྱིལ་འཁོར་ དམར་པོ་ལ་(རིན་ཆེན་འབྱུང་ལྡན་གྱི་ངོ་བོ་)ཨཱཿཡིག་དགོད་དོ། །སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ ནག་པོ་ལ་(དོན་ཡོད་གྲུབ་པའི་ངོ་བོ་)ཧཱུྃ་ཡིག་དགོད་དོ། །ལྟེ་བར་དུས་ཀྱི་མེའི་དཀྱིལ་འཁོར་ཁ་དོག་ སེར་པོ་ལ་(རྣམ་སྣང་གི་ངོ་བོ་)ཧོཿཡིག་དགོད་དོ། །གཙུག་དོར་དང་གསང་བར་གྲངས་བཞིན་དུ་ ནམ་མཁའ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྗང་ཁུ་དང་སྔོན་པོ་ལ་(མི་བསྐྱོད་པའི་ངོ་བོ་)ཧཾ་དང་(རྡོ་ རྗེ་སེམས་དཔའི་ངོ་བོ་)ཀྵཿཡིག་དག་དགོད་དོ། །དེ་ལྟར་དཀྱིལ་འཁོར་དྲུག་བསྒོམས་ཏེ་དཀྱིལ་ འཁོར་དེ་རྣམས་ལ་རིམ་པ་ཇི་ལྟ་བས་ས་བོན་འདི་རྣམས་ཡོངས་སུ་གྱུར་པའི་རྡོ་རྗེ་རྣམས་ (དཔྲལ་བ་ལ་སོགས་པའི་འཁོར་ལོ་རྣམས་ཀྱི་རྩ་འདབ་དབུས་ཀྱི་ལྟེ་བ་དང་བཅས་པ་དང་མཚུངས་པར་)བསྒོམ་པར་བྱ་ སྟེ་(དཔྲལ་བར་)རྩེ་མོ་བཅུ་བདུན་པ་དང༌། (མགྲིན་པར་)རྩེ་མོ་སུམ་ཅུ་རྩ་གསུམ་པ་དང༌། (སྙིང་གར་) རྩེ་མོ་དགུ་པ་དང༌། (ལྟེ་བར་)རྩེ་མོ་དྲུག་ཅུ་རྩ་ལྔ་པ་དང༌། (གཙུག་ཏོར་དུ་)རྩེ་མོ་ལྔ་པ་དང༌། (གསང་ གནས་སུ་)རྩེ་མོ་སུམ་ཅུ་རྩ་གསུམ་པའོ། །དེ་བཞིན་དུ་(འཁོར་ལོ་དྲུག་ལས་)ཕྱི་རོལ་ཏུ་གཡོན་པའི་ 3-1-282 ཕྲག་པ་དང་དཔུང་པའི་ཚིགས་ལ་ཀ་སྡེའི་བདག་ཉིད་རྩེ་མོ་སུམ་ཅུ་རྩ་གཅིག་པའོ། །དེ་བཞིན་ དུ་གཡས་པ་ལ་ཀ་སྡེ་རིང་པོའི་བདག་ཉིད་དོ། །དེ་བཞིན་དུ་གཡོན་པའི་ཉེ་བའི་དཔུང་པའི་ ཚིགས་ལ་ཙ་སྡེ་ཐུང་ངུའི་བདག་ཉིད་དེ་གཡས་པ་ལ་རིང་པོའི་བདག་ཉིད་དོ། །དེ་བཞིན་དུ་ གཡོན་པའི་ལག་པའི་ཚིགས་ལ་ཊ་སྡེ་ཐུང་ངུའི་བདག་ཉིད་དེ་གཡས་པ་ལ་རིང་པོའི་བདག་ ཉིད་དོ། །{དེ་བཞིན་དུ་}གཡོན་པའི་བརླའི་ཚིགས་ལ་པ་སྡེ་ཐུང་ངུའི་བདག་ཉིད་དེ་གཡས་ པ་ལ་རིང་པོའི་བདག་ཉིད་དོ། །གཡོན་པའི་པུས་མོའི་ཚིགས་ལ་ཏ་སྡེ་ཐུང་ངུའི་བདག་ཉིད་དེ་ གཡས་པ་ལ་རིང་པོའི་བདག་ཉིད་དོ། །རྐང་པ་གཡོན་པའི་ཚིགས་ལ་ས་སྡེ་ཐུང་ངུའི་བདག་ ཉིད་དེ་གཡས་པ་ལ་རིང་པོའི་བདག་ཉིད་དོ། །ཞེས་པ་ནི་ཚིགས་ལ་རྡོ་རྗེ་དགོད་པའོ། །དེ་ བཞིན་དུ་སོར་མོའི་ཚིགས་དྲུག་ཅུ་པོ་རྣམས་ལ་སོ་སོར་རྡོ་རྗེ་རྩེ་མོ་བདུན་པ་བསྒོམ་པར་བྱ་སྟེ་ ནང་གི་ལེའུ་ལས་གསུངས་པའི་ས་བོན་གྱི་ཡི་གེ་རྣམས་ཀྱིས་སོ། །དེ་བཞིན་དུ་(གཡོན་དང་གཡས་ ཀྱི་)རྣ་བ་དག་ལ་ཨ་ཨཱ་དག་གིས་(རྩ་འདབ་གཉིས་ཀྱི་ལྟེ་བ་དང་བཅས་པ་)རྡོ་རྗེ་རྩེ་མོ་གསུམ་པ་བསྒོམ་ པར་བྱ(ཡང་ན་ཡོན་ཏན་གསུམ་དག་པའི་རྩེ་མོ་ཞེས་གསུངས་སོ)འོ། །(དེ་བཞིན་དུ་)སྣའི་བུག་པ་དག་ལ་ཨེ་ཨཻ་ དག་གིས་སོ། །མིག་དག་ལ་ཨར་ཨཱར་དག་གིས་སོ། །ལྕེ་དང་ལྕེ་ཆུང་དག་ལ་ཨོ་ཨཽ་དག་གིས་ སོ། །རྡོ་རྗེ་དང་གསང་བ་དག་ལ་ཨལ་ཨཱལ་དག་གིས་སོ(རྡོ་རྗེ་ནོར་བུ་དང་གསང་བ་ནི་རྡོ་རྗེའི་རྩ་བ་སྟེ་རྩ་ འདབ་ཀྱི་གྲངས་དང་མི་མཐུན་ནོ)། །ཡིད་དང་ཁུ་བའི་རྩ་〔ཨ་བ་དྷཱུ་ཏཱི་དང་དུང་ཅན་མ་དག་〕ལ་(ལྟེ་བའི་གོང་དང་འོག་ ཏུ་)ཨཾ་ཨཱཿདག་གིས་སོ། །དེ་བཞིན་དུ་གཙུག་ཏོར་དང་མགོ་བོ(འི་འཚོགས་ལ)དག་ལ་ཧ་ཧཱཿདག་ གིས་(རྩ་འདབ་བཞི་དབུགས་དང་བཅས་པ་)རྩེ་མོ་ལྔ་པའོ(ཡང་ན་ཡུལ་ལྔ་དག་པས་རྩེ་མོ་ལྔ་པའོ་ཞེས་གསུངས་སོ)། ། དེ་ནས་ལྕེ་དང་རྐན་དག་ལ་ཡ་ཡཱ་དག་གིས་རྩེ་མོ་ལྔ་པའོ། །ལག་པའི་མཐིལ་དག་ལ་ར་རཱ་ དག་གིས་སོ། །དེ་བཞིན་དུ་རྐང་པའི་མཐིལ་དག་ལ་ཝ་ཝཱ་དག་གིས་སོ། །དེ་བཞིན་དུ་བཤང་ ལམ་གྱི་གཡོན་དང་གཡས་སུ་ལ་ལཱ་དག་གིས་སོ། །དེ་ལྟར་རྡོ་རྗེའི་སྐུར་བདག་ཉིད་བསྒོམ་ 3-1-283 པར་བྱའོ། ༢༣ ། ༈ དེ་ནས་རྡོ་རྗེ་དེ་རྣམས་ལས་འཕྲོས་པའི་རྡོ་རྗེ་འབར་བ་(དེ་རྣམས་ཉིད་དང་འདྲ་བ་)རྣམས་ ཀྱི་ཕྱོགས་བཅུ་ན་གནས་པའི་མཐའ་དག་བདུད་ཀྱི་ཚོགས་སེམས་ཅན་ལ་རྣམ་པར་འཚེ་བར་ བྱེད་པ་རྣམས་ངེས་པར་བསྲེག་པར་བྱ་སྟེ་སྟེང་དུ་(མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་)ལྗང་ཁུ་ འབར་བ་རྣམས་དང་འོག་ཏུ་(རྡོ་རྗེ་སེམས་དཔའ་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་)སྔོན་པོ་འབར་བ་རྣམས་ དང་ཤར་དང་མེར་(དོན་གྲུབ་བྱ་གྲུབ་ཡེ་ཤེས་ཀྱི་འོད་)ནག་པོ་འབར་བ་རྣམས་དག་ལྷོ་དང་ བདེན་བྲལ་དུ་(རིན་འབྱུང་མཉམ་ཉིད་ཀྱི་ཡེ་ཤེས་ཀྱི་འོད་)དམར་པོ་འབར་བ་རྣམས་དང་བྱང་དང་དབང་ ལྡན་དུ་(འོད་དཔག་མེད་ཀུན་གཟིགས་ཡེ་ཤེས་ཀྱི་འོད་)དཀར་པོ་འབར་བ་རྣམས་དང་ནུབ་དང་རླུང་དུ་ (རྣམ་སྣང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འོད་)སེར་པོ་འབར་བ་རྣམས་ཀྱིས་སོ། །བདུད་ཀྱི་ཚོགས་བསྲེགས་ པ་དེའི་འོག་ཏུ་ཕྱི་ནས་འཁོར་ལོའི་རྩིབས་བཅུ་རྣམས་ལ་(འདིར་འཁོར་ལོའི་རྩིབས་བཅུ་པ་ནི་འོག་ནས་ འཆད་པའི་ཁང་པ་བརྩེགས་པའི་དབུས་སུ་སྟེ་ཁང་པ་སུམ་རྩེག་གི་ཁང་པ་བར་པའི་ནང་གི་ཕྱོགས་མཚམས་སུ་རྩིབས་བརྒྱད་སྟེང་ འོག་གི་ཁང་པའི་ནང་དུ་རྩིབས་གཉིས་ཏེ་རྩིབས་ཀྱི་རྩ་བ་རྣམས་འབྲེལ་བ་ཁོང་སྟོང་གི་རྣམ་པར་གནས་པ་དང་འཁོར་ལོའི་རྩིབས་ རྣམས་དང་ཁང་བརྩེགས་ཀྱི་ཁ་དོག་ནི་ཕྱོགས་མདོག་ཏུ་ཤེས་པར་བྱའོ)ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་ བོའི་ཚོགས་ནི་བསྒོམ་པར་བྱ་ཞེས་པ་ནི་འདིར་འཆད་པར་འགྱུར་བའི་རིམ་པས་བདུད་དང་ བགེགས་དང་ལོག་འདྲེན་རྣམས་ཕུར་བུས་གདབ་པའི་དོན་དང་གནས་བསྲུང་བའི་དོན་དུ་ སྔགས་པས་སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ(འདིར་ཕུར་བུས་གདབ་པའི་དོན་དུ་སྲུང་འཁོར་བསྒོམ་པར་ གསུངས་པའི་ཕྱིར། གཞན་དག་བདུད་བསྲེག་པའི་རྗེས་སུ་སྲུང་འཁོར་བསྒོམ་པའི་སྔོན་དུ་བགེགས་ལ་ཕུར་བུས་གདབ་པ་བྱེད་ པ་ནི་མ་དག་པ་ཡིན་ནོ)། ༢༤ ། ༈ འདིར་འཆད་པར་འགྱུར་བའི་ཚིགས་སུ་བཅད་པ་ལས་ངེས་པ་གསུངས་པ། སའི་ ཕྱོགས་རྣམས་སུ་འདིར་དང་པོར་རྡོ་རྗེ་གསུམ་གྱིས་ཞིང་སྐྱོང་རྣམས་ལ་གཏོར་མ་སྦྱིན་བྱ་ 3-1-284 སྟེ། །ཕྱི་ནས་རྡོ་རྗེ་བརྗོད་པ་བཞི་ཡིས་ཕྱོགས་དང་ཕྱོགས་བྲལ་ལ་གནས་བདུད་ཀྱི་ཚོགས་ནི་ ངེས་པར་བསྲེག་པར་བྱ། །ཞེས་པ་སྟེ་འདིར་བཞིའི་ཞེས་པ་ནི་གཙོ་བོ་ཉིད་ཀྱི་ཕྱིར་གསུངས་ པའོ། །རྒྱས་པར་ནི་རྡོ་རྗེ་ཐམས་ཅད་ཀྱི་〔སྟེ་ཨ་ཧྂ་ཀྵཿགཉིས་བསྣན་ནས་རྡོ་རྗེ་དྲུག་གིས་〕ངེས་པར་བསྲེག་ པར་བྱའོ་ཞེས་པ་ངེས་པ་སྟེ་〔འདི་དག་གི་སྔོན་དུ་〕ཡན་ལག་ཐམས་ཅད་ལ་སྔགས་དགོད་པར་རིག་ པར་བྱའོ། །〔དེའི་རྗེས་〕དེའི་ཕྱིར་དང་པོར་ས་ལ་ཞིང་སྐྱོང་གང་ཞིག་དེའི་གྲོང་གི་མིང་〔ༀ་ཨཱཿ་ཧཱུྃ་ཧོ་ ཡིག་〕གིས་མཉམ་པ་(ན་ཐོག་མཐའ་གཉིས་)དང་མི་མཉམ་པའི་ཡི་གེ་(མི་མཉམ་པའི་ཐོག་མཐའ་དབུས་དང་ གསུམ་)སྟེ་དེ་ཡི་གཏོར་མའི་སྔགས་ནི། ༀ་ཨཱཿཧཱུྃ(ནི་རྡོ་རྗེ་གསུམ་གྱི་ས་བོན་ནོ)། ཆེ་གེ་མོ་ས་པ་རི་ཝཱ་རཱ་ ཡ(འཁོར་དང་བཅས་པ་ལ་)ཨི་དཾ་(འདི་)བ་ལིཾ་(གཏོར་མ)གན་ངྷཾ་(དྲི་དང་)པུཥྤཾ་(མེ་ཏོག་)དྷུ་པཾ་(བདུག་པ་)པྲ་ཏཱི་ (སྒྲོན་མེ་)པཱ་ཀྵ་ཏཾ་(མ་ཉམས་པ་)ད་དཱ་མ་ཧེ་(བདག་གིས་སྦྱིན་གྱིས་)ས་པ་རི་ཝཱའ་ར་(འཁོར་དང་བཅས་པ་)ཤཱི་ གྷྲཾ་(མྱུར་དུ་)ཨཱ་གཙྪ་ཏུ(བྱོན་པར་མཛོད)། ཛཿཧཱུཾ་བྃ་ཧོཿ ཨི་དཾ་(འདི་)བ་ལིཾ་(གཏོར་མ་)གྲིཧྣ་ཏུ་(བཟུང་བར་ མཛོད་)ཁཱ་ད་ཏུ་(གསོལ་བར་མཛོད་)པི་བ་ཏུ་(བཏུང་བར་མཛོད་)ས་པ་རི་ཝཱ་ར་〔འཁོར་དང་བཅས་པ་〕ཀཿ སརྦ་ སཏྭཱ་ནཱཾ་(ཐམས་ཅད་སེམས་ཅན་རྣམས་ཀྱི་)ཤཱན་ཏིཾ་(ཞི་བ་དང་)པུཥྚིཾ་(རྒྱས་པ་དང)རཀྵཱ་(བསྲུང་བ་དང་)ཝ་ར་ཎ་ (བསྐྱབ་པ་དང་)གུབ་ཏིཾ་(སྦ་བ་དང་)ཀ་རོ་ཏུ་(མཛད་དུ་གསོལ་)ཨི་དཾ་(འདི་)སྠཱ་ནཾ་(གནས་)ཏྱཀ་ཏྭཱ་(དོར་ནས) བཱཧྱེ་(ཕྱི་རོལ་)མཎ་ཌ་ལ་(དཀྱིལ་འཁོར་གྱི་)བྷུ་མྱཾ་(ས་གཞི་ལ་)ཏིཥྛ་ཏུ་( གནས་པར་མཛོད་)ཧཱུྃ་ཧཱུྃ་ཕཊ། བཛྲ་ དྷ་ར་(རྡོ་རྗེ་འཆང་གི་)ཨཱ་ཛྙཱ་པ་ཡ་ཏི་(བཀའ་བཞིན་མཛོད་)སྭཱཧཱ། དེ་ལྟར་གཏོར་མ་བྱིན་ནས་གནས་ཀྱི་ བདག་པོ་(གཞན་དུུ་)གཤེགས་(སུ་གསོལ་)ཏེ་དེ་ནས་སྔར་གསུངས་པའི་ཆོ་གས་བདུད་ཀྱི་ཚོགས་ བསྲེགས་ནས་སྲུང་བའི་འཁོར་ལོ་རྣམ་པར་བསམ་མོ། ། ༈ དེ་ལ་དང་པོར་ཡང་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཏེ་(དེའི་)སྟེང་ དང་འོག་ཏུ་ཧཱུྃ་ཡིག་(རེ་རེ་)ལས་(བྱུང་བའི་)རྡོ་རྗེ་(རེ་རེ་སྟེ་རླུང་གི་སྟེང་དང་འོག་ཏུ་)ཁ་སྦྱར་བའོ། །དེ་ བཞིན་དུ་རཾ་ཡིག་གི་བདག་ཉིད་མེའི་དཀྱིལ་འཁོར་དང་ཝཾ་ཡིག་གི་བདག་ཉིད་ཆུའི་དཀྱིལ་ 3-1-285 འཁོར་དང་ལཾ་ཡིག་གི་བདག་ཉིད་ས་ཡི་དཀྱིལ་འཁོར་(རྣམས་ལ་སྟེང་དང་འོག་ཏུ་རྡོ་རྗེ་ཁ་སྦྱར་བའི་མཚན་ པ་)རོ། །དེ་ནས་དཀྱིལ་འཁོར་བཞི་པོ་(དེ་)རྣམས་གཅིག་ཏུ་བྱས་ཏེ་ཐོ་རངས་གྲིབ་མ་ཡི་ནི་ མཐའ་རུ་ཞེས་པ་(ཐོ་རངས་གནམ་ས་འབྱར་བར་སྣང་བའི་)མཚམས་ཀྱི་མཐར་ཐུག་པར་(ར་བ་གསུམ་བསྒོམ་ པར་བྱའོ)རོ། །དེ་ནས་(སྐུ་གསུང་ཐུགས་ཀྱི་)ཁང་བ་(གསུམ་)བརྩེགས་པ་ཁྲུ་བརྒྱ་ཕྲག་གཉིས་པ་བསྒོམ་ པར་བྱ་སྟེ་(ར་བ་རྣམས་ཀྱི་དབུས་སུའོ། །འདིར་གྲུ་བཞི་པའི་དཀྱིལ་འཁོར་གྱི་སོར་ཕྱེད་པའི་ཆ་དང་སྦྱར་ནས་ཁྲུ་བརྒྱ་ཕྲག་ གཉིས་ལ་བརྒྱད་ཀྱིས་དམན་པར་བཞེད་ཀྱང་བརྒྱ་ཕྲག་གཉིས་པ་ཉིད་འཐད་པར་སེམས་སོ། །ར་བ་ནི)ཕྱི་རོལ་ཏུ་རིང་དུ་ མཐོང་བའི་མཐའ་རུ་སྟེ་(ཡུལ་)གང་དུ་(ཐོ་རངས་)ནམ་མཁའ་དང་ས་འབྱར་བ་ཟླུམ་པོའི་དཀྱིལ་ འཁོར་ཀྱི་རྣམ་པར་སྣང་བ་དེར་(རླུང་སོགས་)དཀྱིལ་འཁོར་བཞི་(པོ་)གཅིག་ཏུ་(འདྲེས་པར་)གྱུར་པ་ དེ་ཉིད་ལས་〔སྒྲུབ་པའི་〕ར་བ་གསུམ་མོ། །དེ་ནས་ཡུལ་འཁོར་བསྲུང་བའི་དོན་དུ་ཡུལ་འཁོར་གྱི་ མཚམས་སུ་(སྟེ་ར་བ་གསུམ་པོ་དེའི་ཡང་ཕྱི་རོལ་ཏུ་)ར་བ་ལྔ་བསྒོམ་པར་བྱ་སྟེ་(འདིར་ར་བ་རྣམས་ནི་སྟེང་འོག་ ཕྱོགས་མཚམས་ཀུན་ཏུ་ཟླུམ་པོའི་རྣམ་པར་གྱུར་པའོ། །དེ་ཉིད་ཀྱིས་ན་འདིར་རྡོ་རྗེའི་གུར་ཁང་ཡང་མ་གསུངས་སོ། །ར་བའི་ཕྱི་ རོལ་གྱི་ཕྱོགས་)ཐམས་ཅད་དུ་འོག་ཏུ་མདོང་རྣམས་དང་སྟེང་དུ་མདའི་དྲ་བ་རྣོན་པོའོ། །(ར་བ་རྣམས་ ཟླུམ་པོའི་རྣམ་པར་གྱུར་བའི་ཕྱོགས་ཀུན་གྱི་)དབུས་སུ་རྡོ་རྗེའི་ས་གཞི་ཡུལ་འཁོར་གྱི་མཚམས་ཀྱི་མཐར་ ཐུག་པ་(སྟེ་ར་བ་ལྔའི་མཐར་ཐུག་པ་)བསྒོམ་པར་བྱའོ། །དེ་ནས་ཁང་པ་བརྩེགས་པའི་དབུས་(དང་ འཁོར་ལོ་རྩིབས་བཅུ་པའི་དབུས་)སུ་(ཁྲོ་བོའི་དབང་པོའི་གདན་)ཆུ་སྐྱེས་སམ་འཁོར་ལོ་རྩིབས་བརྒྱད་པ་〔གང་ རུང་རྒྱར་〕ཁྲུ་བཅུ་གཉིས་པ་བསྒོམ་པར་བྱའོ། །(པད་མ་ཡིན་ན་)དེའི་ལྟེ་བའམ་(འཁོར་ལོ་ཡིན་ན་དེའི་)མུ་ ཁྱུད་གདན་དང་བཅས་པ་སྟེ་ཉི་མའི་གདན་དང་བཅས་པ་དག་ཀྱང་ཁྲུ་བཞི་(སྟེ་པད་མའམ་འཁོར་ ལོའི་སུམ་ཆ)འོ(འདིར་འཁོར་ལོའི་ལྟེ་བ་ལ་མུ་ཁྱུད་ཅེས་པའི་ཐ་སྙད་མཛད་དོ། །འཁོར་ལོ་འདི་དང་སྔར་གྱི་འཁོར་ལོ་རྩིབས་ བཅུ་པའི་རྩིབས་བརྒྱད་ནི་མི་གཅིག་སྟེ་འདི་ནི་ཁྲོ་བོའི་དབང་པོ་ཁོ་ནའི་གདན་ཡིན་ལ་སྔར་གྱི་འཁོར་ལོའི་རྩིབས་བཅུ་ནི་འཁོར་ གྱི་ཁྲོ་བོ་རྣམས་ཀྱི་གདན་ཡིན་པའི་ཕྱིར་རོ)། ། 3-1-286 ༈ ཉི་མ་དེའི་སྟེང་དུ་བདག་ཉིད་འཆད་པར་འགྱུར་པའི་ཁྲོ་བོ་རྡོ་རྗེ་ཤུགས་ཀྱི་སྐུ་ཕྱག་ ཉི་ཤུ་རྩ་དྲུག་དང་ཞལ་བཞི་པ་ཉེས་པ་དག་དང་རྣམ་པར་བྲལ་བ་སྟེ། འདི་ལྟར་འཁོར་ལོའི་ དབུས་སུ་གཉིས་ལྷག་རྒྱལ་བའི་ཕྱག་དང་དུས་ཀྱི་ཞལ་ལྡན་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ ཞེས་པ་སྟེ་སྒྲུབ་ཐབས་ཀྱི་ལེའུ་ལས་(ཚིགས་བཅད་བརྒྱ་སོ་བཞི་པར་)འཆད་པར་འགྱུར་བ་བསྔགས་ པས་བསྒོམ་པར་བྱའོ་ཞེས་པ་ནི་ངེས་པའོ། ། ༈ དེ་ནས་དེ་ཁྲོ་བོའི་རྒྱལ་པོ་དེ་བསྒོམས་ནས་བླ་མའི་ངེས་པ་དང་ལྡན་ཞེས་པ་སངས་ རྒྱས་ཀྱི་གསུངས་དང་ལྡན་པ་གང་ཞིག་ཅུང་ཟད་འདོད་པ་སྒྲུབ་པ་པོ་ཡིས་བསྒྲུབ་པར་བྱ་ཞེས་ པ་སྟེ་དཀྱིལ་འཁོར་གྱི་ས་དང་སློབ་མ་ལ་སོགས་པ་རྣམས་བསྲུང་བའི་དོན་དུ་སྲུང་བའི་འཁོར་ ལོ་ལ་ཁྲོ་བོ་ལ་སོགས་པའི་(སྲུང་མའི་)ལྷའི་ཚོགས་(དྲུག་ཅུ་)སྤྲོ་བར་བྱའོ། །འདིར་(སྲུང་འཁོར་གྱི་ལྷའི་) ཏིང་ངེ་འཛིན་ནི་དང་པོར་བདག་ཉིད་རྡོ་རྗེ་ཤུགས་སུ་བསྒོམས་ཏེ་དེ་ནས་སྙིང་ཁར་ཉི་མའི་ དཀྱིལ་འཁོར་ལ་ཧ་ཡ་ར་ཝ་ལ་རྣམས་བརྩེགས་པའི་རང་བཞིན་བསྒོམ་པར་བྱའོ། །དེ་དག་ གི་ནང་ནས་ཧ་ཡིག་ལས་གྲུབ་པ་ཁ་དོག་ལྗང་ཁུུ་(སྒྲུབ་ལེར་)འཆད་པར་འགྱུར་བའི་ཕྱག་དང་ མཚོན་ཆ་དང་ཞལ་དང་ལྡན་པ་ཞལ་གྱིས་གཙོ་བོའི་རྣ་བ་གཡོན་པའི་སྒོ་ནས་ཕྱུང་སྟེ་སྟེང་དུ་ (ཁང་པ་)བརྩེགས་པ(སྟེ་ཁང་བརྩེགས་སྟེང་མ)འི་ནང་(དང་འཁོར་ལོའི་རྩིབས་ཀྱི་ནང་)དུ་ཟླ་བའི་དཀྱིལ་ འཁོར་རམ་ཉི་མའི་དཀྱིལ་འཁོར་ལ་གཙུག་ཏོར་ཅན་གཡས་བརྐྱང་དུ་གཞག་པར་བྱའོ། ། འདིར་(ཁྲོ་བོ་རྣམས་ཀྱི་གདན་ལ་)ཉི་མའི་རྐང་བའི་དབྱེ་བས་ཁྲོ་བོ་རྣམས་(ཀྱི་གདན་)དགོད་པ(འི་དབྱེ་ བ)་ནི་རྣམ་པ་ལྔའོ། །འདིར་རོ་དང་དུས་དང་རི་བོང་ཅན་ཞེས་པའི་ངེས་པ་ལས་ཉི་མའི་རྐང་པ་ ནི་བཅུ་གཅིག་གོ། དེ་ལ་རི་བོང་ཅན་གྱིས་(སྟེ་ཉི་རྐང་གཅིག་གི་དབུས་སུ་)རྡོ་རྗེ་ཤུགས་ཀྱི(ཉི་གདན་བྱ) འོ། །(དེ་ཉི་རྐང་བཞིའི་ས་ཕྱོགས་)དུས་ཀྱི་གཤིན་རྗེ་མཐར་བྱེད་ལ་སོགས་པ་བཞི་ཡི(གདན་བྱ)འོ། །རོ་ ཡི་(སྟེ་ཉི་རྐང་དྲུག་གི་)གཙུག་ཏོར་ལ་སོགས་པ་དྲུག་གིའོ། །དེའི་ཕྱིར་ཉི་མའི་བུ་ལོན་དང་ནོར་གྱི་ 3-1-287 དབྱེ་བས་ཐམས་ཅད་ཉི་མ་ལ་གནས་པའམ་དེ་བཞིན་དུ་ཚེས་ཀྱི་ནོར་དང་བུ་ལོན་གྱི་དབྱེ་ བས་ཐམས་ཅད་ཟླ་བ་ལ་གནས་པའོ། །དེ་བཞིན་དུ་ལུས་ཀྱི་དབྱེ་བས་(སྟེང་དང་)ཕྱོགས་རྣམས་ སུ་ཟླ་བ་ལ་གནས་པ་དང་(འོག་དང་)ཕྱོགས་བྲལ་རྣམས་སུ་ཉི་མ་ལ་གནས་པའོ། །དེ་བཞིན་དུ་ བསམ་པའི་དབྱེ་བས་(འོག་དང་)ཕྱོགས་བྲལ་རྣམས་སུ་ཟླ་བ་ལ་གནས་པ་དང་(སྟེང་དང་)ཕྱོགས་ རྣམས་སུ་ཉི་མ་ལ་གནས་པའོ། །དེ་བཞིན་དུ་(ཡང་ཤེས་རབ་ཀྱི་ཡན་ལག་འོག་དང་)ནུབ་དང་ལྷོར་ཉི་ མའི་གདན་ལ་གནས་པ་དང་(ཐབས་ཀྱི་ཡན་ལག་སྟེང་དང་)བྱང་དང་ཤར་དུ་ཟླ་བའི་གདན་ལ་ གནས་པ་ནི་ཉི་མའི་རྐང་བས་དབྱེ་བས་ངེས་པའོ། །དེས་ན་སྔགས་པས་ཇི་ལྟར་མངོན་པར་ འདོད་པ་བཞིན་(བསྒོམས་པའི་གདན་ལ་)ཁྲོ་བོའི་ཚོགས་གཞག་པར་བྱའོ་ཞེས་པ་ནི་ངེས་པའོ། །དེ་ བཞིན་དུ་ཧཱ་ཡིག་རིང་པོ་ལས་གྲུབ་པའི་གནོད་མཛེས་རྒྱལ་པོ་ཁ་དོག་སྔོན་པོ་ནི་({ཞལ་{ཁམས་} ཀྱི་གཙོ་བོའི་)རྣ་བ་གཡས་པའི་སྒོ་ནས་ཕྱུང་སྟེ་〔འོག་གི་ཁང་པ་དང་རྩིབས་ཀྱི་ནང་དུ་〕རྡོ་རྗེའི་ས་གཞིར་ཉི་མ་ (འམ་ཟླ་བ་)ལ་གཞག་པར་བྱའོ། །དེ་བཞིན་དུ་ཡི་ཡིག་ལས་གྲུབ་པ་བགེགས་མཐར་བྱེད་ཁ་ དོག་ནག་པོ་ནི་〔ཞལ་ཀྱི་གཙོ་བོའི་〕སྣ་གཡོན་པའི་སྒོ་ནས་ཕྱུང་སྟེ་(འཁོར་ལོ་རྩིབས་བཅུའི་)ཤར་གྱི་ རྩིབས་སུ་ཟླ་བའི་དཀྱིལ་འཁོར་རམ་ཉི་མ་ལ་གཞག་པར་བྱའོ། །དེ་བཞིན་དུ་ཡཱི་ཡིག་ལས་ གྲུབ་པ་དབྱུག་པ་སྔོན་པོ་ནག་པོ་ནི་(ཞལ་ཀྱི་གཙོ་བོའི་)སྣ་གཡས་པའི་སྒོ་ནས་ཕྱུང་སྟེ་(འཁོར་ལོ་ རྩིབས་བཅུའི་)མེའི་རྩིབས་སུ་ཉི་མའམ་ཟླ་བ་ལ་གཞག་པར་བྱའོ། །ར༹ྼྀ་ཡིག་ལས་གྲུབ་ པ་ཤེས་རབ་མཐར་བྱེད་དམར་པོ་ནི་(ཞལ་ཀྱི་གཙོ་བོའི་)མིག་གཡོན་པའི་སྒོ་ནས་ཕྱུང་སྟེ་(འཁོར་ལོ་ རྩིབས་བཅུའི་)ལྷོའི་རྩིབས་སུ་ཟླ་བའམ་ཉི་མའི་གདན་ལ་གཞག་པར་བྱའོ། །དེ་བཞིན་དུ་ ར༹ྼྀ་ཡིག་ལས་གྲུབ་པ་འདོད་པའི་རྒྱལ་པོ་དམར་པོ་ནི་(ཞལ་ཀྱི་གཙོ་བོའི་)མིག་གཡས་ པའི་སྒོ་ནས་ཕྱུང་སྟེ་(འཁོར་ལོ་རྩིབས་བཅུའི་)བདེན་བྲལ་གྱི་རྩིབས་སུ་ཉི་མའམ་ཟླ་བའི་གདན་ལ་ གཞག་པར་བྱའོ། །དེ་བཞིན་དུ་ཝུ་ཡིག་ལས་གྲུབ་པ་པད་མ་མཐར་བྱེད་དཀར་པོ་ནི་(ཞལ་ཀྱི་ 3-1-288 གཙོ་བོའི་)ལྕེའི་སྒོ་ནས་ཕྱུང་སྟེ་(འཁོར་ལོ་རྩིབས་བཅུའི་)བྱང་གི་རྩིབས་སུ་ཟླ་བའམ་ཉི་མ་ལ་གཞག་ པར་བྱའོ། །དེ་བཞིན་དུ་ཝཱུ་ཡིག་ལས་གྲུབ་པའི་མི་གཡོ་བ་དཀར་པོ་ནི་(ཞལ་ཀྱི་གཙོ་བོའི)གཅི་ བའི་སྒོ་ནས་ཕྱུང་སྟེ་(འཁོར་ལོ་རྩིབས་བཅུའི་)དབང་ལྡན་གྱི་རྩིབས་སུ་ཉི་མའམ་ཟླ་བ་ལ་གཞག་ པར་བྱའོ། །དེ་བཞིན་དུ་ལླྀ་ཡིག་ལས་གྲུབ་པ་གཤིན་རྗེ་མཐར་བྱེད་སེར་པོ་ནི་(ཞལ་ཀྱི་གཙོ་ བོའི་)བཤང་ལམ་གྱི་སྒོ་ནས་ཕྱུང་སྟེ་(འཁོར་ལོ་རྩིབས་བཅུའི་)ནུབ་ཀྱི་རྩིབས་སུ་ཟླ་བའམ་ཉི་མ་ལ་ གཞག་པར་བྱའོ། །དེ་བཞིན་དུ་ལླཱྀ་ཡིག་ལས་གྲུབ་པ་སྟོབས་པོ་ཆེ་སེར་པོ་ནི་(ཞལ་ཀྱི་ གཙོ་བོའི་)རྡོ་རྗེ་གཙུག་ཏོར་གྱི་སྒོ་(ཚངས་བུག་)ནས་ཕྱུང་སྟེ་(འཁོར་ལོ་རྩིབས་བཅུའི་)རླུང་གི་རྩིབས་སུ་ཉི་ མའམ་ཟླ་བ་ལ་གཞག་པར་བྱའོ(འདིར་ཁ་ཅིག་མཚམས་ཀྱི་ཁྲོ་བོ་བཞི་ཞལ་གཅིག་ཕྱག་བཞི་པར་བཞེད་པ་ཡོད་ མོད། སྲུང་འཁོར་གྱི་སྐབས་འདིར་ཁྲོ་བོ་རྣམས་གནས་ཀྱི་རིམ་པ་སྙིང་པོའི་འཁོར་ལོ་ལ་གནས་པར་གཅིག་པའི་ཕྱིར་དང༌། ཀྱེའི་ རྡོ་རྗེ་ཡང༌། རྩ་རྒྱུད་ཀྱི་ལུང་རྡོ་རྗེ་སྙིང་འགྲེལ་ལས་དྲངས་པར་ཡང༌། སྲུང་འཁོར་གྱི་ཁྲོ་བོ་རྣམས་ཞལ་གསུམ་ཕྱག་དྲུག་པར་ གསུངས་པའི་ཕྱིར་མཚམས་ཀྱི་ཁྲོ་བོ་བཞི་ཡང་ཞལ་གསུམ་ཕྱག་དྲུག་པར་རིགས་སོ)། །ཡང་ན་བསྡུས་པའི་རྒྱུད་ཀྱི་ རྗེས་སུ་འབྲང་བའི་སྔགས་པའི་ཐམས་ཅད་ཉི་མའི་དཀྱིལ་འཁོར་ལ་གཞག་པར་བྱ(སྟེ་བསྡུས་ པའི་རྒྱུད་ལས་ཐམས་ཅད་ཉི་མའི་གདན་ལ་གནས་པར་དོན་གྱིས་གསུངས་པ)འོ། །དེ་ལྟར་ན་སྙིང་པོའི་འཁོར་ལོ་ དགོད་པའོ(དེ་ལྟར་སྲུང་འཁོར་ལ་འཁོར་ལོ་རྩིབས་བཅུ་པ་དང་ཁང་བ་བརྩེགས་པ་གཉིས་ཀ་དགོས་པར་རྡོ་རྗེ་སྙིང་པོའི་ འགྲེལ་པར་ཡང་གསུང་སྟེ། ཀྵ་ཡིག་གིས་སྣ་ཚོགས་རྡོ་རྗེའོ། །དེ་ཡིས་འོག་དང་སྟེང་དང་ཕྱོགས་ཐམས་ཅད་དུ་རྩིབས་བཅུ་པའི་ འཁོར་ལོ་བྱས་ནས། དེ་ནས་དབུས་སུ་ཧཱུཾ་ཡིག་ལས་ཁྲོ་བོའི་རྒྱལ་པོའི་དབང་པོའོ། །ཞེས་དང༌། ཧཱུཾ་ཡིག་གསུམ་གྱིས་རྡོ་རྗེའི་ས་ གཞི་དང་ཁང་པ་བརྩེགས་པ་དང་རྡོ་རྗེ་པད་མའི་གདན་ནོ། །ཞེས་པའོ། །ཞེས་འབྱུང་ངོ་)། །དེ་ནས་(ཁང་བ་)བརྩེགས་ པའི་ཕྱི་རོལ་ཏུ་ཚངས་རིས་ལ་སོགས་པའི་ཟད་པར་ས་ལ་སོགས་པ་རྣམས་སྤྲོ་བར་བྱའོ། ། འདིར་སོ་སོར་བསྡུ་བའི་ཚིག་གིས་ཧ་ཡ་ར་ཝ་ལ་ཞེས་བརྗོད་ནས་ང་ཉ་ཎ་མ་ནན་གསུངས་ཏེ། དེ་བཞིན་དུ་འདིར་སྙིང་ཁར་ཉི་མའི་དཀྱིལ་འཁོར་ལ་ང་ཉ་ཎ་མ་ནན་བརྩེགས་པའི་རང་ 3-1-289 བཞིན་〔ང་ཉ་མ་ཎ་ན〕བསྒོམས་ནས་དེ་དག་ལས་ང་ངཱའི་ཡི་གེ་དག་ལས་གྲུབ་པ་ཟད་པར་ནམ་ མཁའ་དག་ནི་སྔར་བརྗོད་པའི་སྒོ་དག་ནས་ཕྱུང་སྟེ་(ཁང་པ་)བརྩེགས་པ(སྟེང་མ)འི་སྟེང་དང་ གནོད་མཛེས་ཀྱི་འོག་ཏུ་(རྡོ་རྗེའི་ས་གཞིའི་ཡང་འོག་)སྟོང་པའི་དཀྱིལ་འཁོར་ལ་གནས་པ་བསྒོམ་ པར་བྱའོ། །དེ་བཞིན་དུ་ཉི་ཉཱི་ལས་གྲུབ་པའི་ཟད་པར་རླུང་དག་ནི་(སྔར་བརྗོད་པའི་སྒོ་དག་ནས་ཕྱུང་སྟེ་)ཤར་དང་མེ་དག་ཏུ་རླུང་གི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ། །དེ་བཞིན་དུ་ཎྼྀ་ ཎྼཱྀ་ལས་གྲུབ་པ་ཟད་པར་མེ་དག་ནི་ལྷོ་དང་བདེན་བྲལ་དག་ཏུ་མེའི་དཀྱིལ་འཁོར་ དག་ལ་བསྒོམ་པར་བྱའོ། །དེ་བཞིན་དུ་མུ་མཱུ་ལས་གྲུབ་པ་ཟད་པར་ཆུ་དག་ནི་བྱང་དང་དབང་ ལྡན་དག་ཏུ་ཆུའི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ། །དེ་བཞིན་དུ་ནླྀ་ནླཱྀ་ལས་ གྲུབ་པ་ཟད་པར་ས་དག་ནི་ནུབ་དང་རླུང་དག་ཏུ་སའི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ〔ཟད་ པར་འདི་དག་གཟུགས་དང་གཟུགས་མེད་ཀྱི་ལྷ་ཡིན་པས་གང་དག་གསུང་དཀྱིལ་གྱི་རྣལ་འབྱོར་མ་དང་གཅིག་པར་བཞེད་པ་ནི་ འཁྲུལ་ཏེ་དེ་དག་ནི་འབྱུང་སྐྱེས་མར་གསུངས་པའི་ཕྱིར་རོ། །ལྷ་འདི་དག་གྲི་གུག་ཅན་དང་མཉམ་བཞག་ཅན་དུ་འདོད་པ་ལས་ནི་ ཕྱི་མ་འཐད་ཅིང་ས་སོགས་ཀྱི་དཀྱིལ་འཁོར་ཉིད་དུ་འདོད་པ་ནི་མི་འཐད་དོ〕། །དེ་ནས་གྷ་ཛྷ་ཌྷ་བྷ་ངྷངྷ་བརྩེགས་ པའི་རྣམ་པ་བསྒོམ་པ་བྱ་ཞིང་དེ་དག་ལས་ཀྱང་ཕྱོགས་སྐྱོང་བ་བཅུ་(ར་བ་གསུམ་པའི་ནང་གི་ཆ་ལ་ བསྲུང་བའི་དོན་དུུ་)སྤྲོ་བར་བྱ་སྟེ། གྷ་གྷཱ་ལས་གྲུབ་པ་ཚངས་པ་དང་ཁྱབ་འཇུག་ལྗང་ཁུ་དང་སྔོན་པོ་ དག་ནི་ར་བའི་(ནང་གི་)ཁྱོན་གྱི་ཚད་ཀྱིས་སྟེང་དུ་ཚངས་པ་དང་འོག་ཏུ་ཁྱབ་འཇུག་སྟེ་ངང་པ་ དང་{ནམ་}མཁའ་ལྡིང་ལ་གནས་པ་བསྒོམ་པར་བྱའོ། །དེ་བཞིན་དུ་ཛྷི་ཛྷཱི་ལས་གྲུབ་པ་བདེན་ བྲལ་དང་རླུང་ལྷ་ཁ་དོག་ནག་པོ་དག་ནི་ཤར་དང་མེ་དག་ཏུ་ཡི་དྭགས་དང་རི་དྭགས་ཀྱི་གདན་ ལ་གནས་པའོ། །དེ་བཞིན་དུ་ལྷོ་དང་བདེན་བྲལ་དུ་ཌྷྼྀ་ཌྷྼཱྀ་ལས་གྲུབ་པ་ གཤིན་རྗེ་དང་མེ་ལྷ་དག་ནི་མ་ཧེ་དང་ལུག་ལ་གནས་པའོ། །བྱང་དང་དབང་ལྡན་དུ་བྷུ་བྷཱུ་ ལས་གྲུབ་པ་རྒྱ་མཚོ་དང་བདེ་བྱེད་དག་ནི་ཆུ་སྲིན་དང་ཁྱུ་མཆོག་ལ་གནས་པའོ། །ནུབ་དང་ 3-1-290 རླུང་དུ་དྷླྀ་དྷླཱྀ་ལས་གྲུབ་པ་དབང་པོ་དང་གནོད་སྦྱིན་དག་ནི་གླང་པོ་དང་འཁོར་ ལོ(ས་འདྲེན་པ)འི་ཁང་བརྩེགས་ལ་(བི་མཱ་ན་ཞེས་པ་རྒྱལ་པོའི་ལྟད་མོ་འགྲོ་བ་འཁོར་ལོའི་ཁང་བརྩེགས་ཏེ་རྨ་དང་རྩ་ མིས་གཏེར་དང་འབྲོས་ཁང་བུ་བརྩེགས་པ་དང་རས་ཤིང་རྟར་བསྒྱུར་སྣང༌། ཤོང་གིས་གཞལ་ཡས་ཁང་)གནས་པ་སྟེ་དེ་ ལྟར་ཕྱོགས་སྐྱོང་རྣམས་ར་བའི་ནང་ལ་བསྒོམ་པར་བྱའོ། །དེ་ནས་(སླར་ཡང་)ར་བ་(གསུམ་པ་) བསྲུངས་པའི་དོན་དུ་གཟའི་འཁོར་ལོ་(ར་བ་གསུམ་པའི་ཕྱི་རོལ་ཏུ་)སྤྲོ་བར་བྱ་སྟེ་སྔར་བརྗོད་པའི་ཉི་ མའི་དཀྱིལ་འཁོར་ལ་ག་ཛ་ཌ་བ་དད་བསྒོམས་ཏེ་དེ་དག་ལས་ག་གཱ་ལས་གྲུབ་པ་སྒྲ་གཅན་ དང་དུས་ཀྱི་མེ་དག་ནི་ར་བ་གསུམ་པོ་རྣམས་ཀྱི་(ཕྱི་རོལ་གྱི་)ཁྱོན་གྱི་ཚད་ཀྱིས་སྟེང་དང་འོག་ཏུ་ སྟོང་པའི་དཀྱིལ་འཁོར་ལ་གནས་པར་བསྒོམ་པར་བྱའོ། །དེ་བཞིན་དུ་ཛི་ཛཱི་ལས་གྲུབ་པ་ཟླ་ བ་དང་ཉི་མ་དག་ནི་ཤར་དང་མེ་དག་ཏུ་རླུང་གི་དཀྱིལ་འཁོར་ལ་གནས་པའོ། །ཌྼི་ཌྼཱི་ལས་ གྲུབ་པ་གཟའ་ལག་དང་བཀྲ་ཤིས་དག་ནི་ལྷོ་དང་བདེན་བྲལ་ཏུ་མེའི་དཀྱིལ་འཁོར་ལ་ གནས་པའོ། །བུ་བཱུ་ལས་གྲུབ་པ་པ་སངས་དང་ཕུར་བུ་དག་ནི་བྱང་དང་དབང་ལྡན་དུ་ཆུའི་ འཁོར་ལོ་ལ་གནས་པའོ། །དྼྀ་དྼཱྀ་ལས་གྲུབ་པ་མཇུག་རིངས་དང་སྤེན་པ་ དག་ནི་ནུབ་དང་རླུང་དག་ཏུ་སའི་དཀྱིལ་འཁོར་ལ་(གནས་པ་)བསྒོམ་པར་བྱའོ། །འདི་ནི་ར་ བའི་ཕྱི་རོལ་ཏུ་སྲུང་ཞིང་སྐྱོང་བའི་གཟའ་རྣམས་སོ། །དེ་ནས་ར་བ་ལྔ་(པའི་ནང་གི་ཆ་ལ་)བསྲུང་ བའི་དོན་དུ་ཀླུའི་རྒྱལ་པོ་རྣམས་སྤྲོ་བར་བྱ་སྟེ་ཉི་མའི་དཀྱིལ་འཁོར་དེ་ལ་ཁ་ཚ་ཋ་ཕ་ཐཐ་ བསྒོམས་ནས་དེ་དག་ལས་ཁ་ཁཱ་ལས་གྲུབ་པ་རྒྱལ་བ་དང་རྣམ་པར་རྒྱལ་བ་དག་ནི་ར་བ་ལྔའི་ ནང་གི་ཁྱོན་གྱི་ཚད་ཀྱིས་སྟེང་དང་འོག་ཏུ་སྟོང་པའི་དཀྱིལ་འཁོར་ལས་གནས་པ་བསྒོམ་པར་ བྱའོ། །དེ་བཞིན་དུ་ཚི་ཚཱི་ལས་གྲུབ་པ་སྟོབས་ཀྱི་རྒྱུ་དང་པད་མ་དག་ནི་ཤར་དང་མེ་དག་ཏུ་ རླུང་གི་དཀྱིལ་འཁོར་ལ་གནས་པའོ། །དེ་བཞིན་དུ་ཋྼྀ་ཋྼཱྀ་ལས་གྲུབ་པ་ནོར་ རྒྱས་ཀྱི་བུ་དང་དུང་སྐྱོང་དག་ནི་ལྷོ་དང་བདེན་བྲལ་དག་ཏུ་མེའི་དཀྱིལ་འཁོར་ལ་གནས་པའོ། 302། དེ་བཞིན་དུ་ཕུ་ཕཱུ་ལས་གྲུབ་པ་མཐའ་ཡས་དང་རིགས་ལྡན་དག་ནི་བྱང་དང་དབང་ལྡན་དག་ ཏུ་ཆུའི་དཀྱིལ་འཁོར་ལ་གནས་པའོ། །ཐྼྀ་ཐྼཱྀ་ལས་གྲུབ་པ་པད་མ་ཆེན་པོ་ དང་འཇོག་པོ་དག་ནི་ནུབ་དང་རླུང་དུ་སའི་དཀྱིལ་འཁོར་ལ་གནས་པར་བསྒོམ་པར་བྱའོ། ། དེ་ནས་ར་བ་ལྔའི་ཕྱི་རོལ་ཏུ་བསྲུང་བའི་དོན་དུ་འབྱུང་པོ་དང་ལྷ་མ་ཡིན་རྣམས་བསྒོམ་པར་ བྱ་སྟེ། ཉི་མའི་དཀྱིལ་འཁོར་དེ་ལ་ཀ་ཙ་ཊ་པ་ཏཏ་བརྩེགས་པ་བསྒོམས་ནས་དེ་དག་ལས་ ཕྱི་རོལ་ཏུ་ར་བའི་ཁྱོན་གྱི་ཚད་ཀྱི་སྟེང་དུ་རོ་ལངས་དང་འོག་ཏུ་གྲུལ་བུམ་སྟེ་འདི་དག་ནི་ཀ་ཀཱ་ ལས་གྲུབ་པ་སྟོང་པའི་དཀྱིལ་འཁོར་ལ་གནས་པ་བསྒོམ་པར་བྱའོ། །ཤར་དུ་ཙི་ལས་གྲུབ་པ་ མི་འམ་ཅི་ཁྱིའི་གདོང་ཅན་མེར་ཙཱི་ལས་གྲུབ་པ་སྐྱེས་བུའམ་ཅི་བྱ་རོག་གི་གདོང་ཅན་ཏེ་རླུང་ ལ་གནས་པའོ། །དེ་བཞིན་དུ་ཊྼྀ་ཊྼཱྀ་ལས་གྲུབ་པ་དག་ནི་དྲི་ཟ་ཕག་གི་གདོང་ ཅན་དང་འབྱུང་པོ་བྱ་རྒོད་ཀྱི་གདོང་ཅན་ཏེ་ལྷོ་དང་བདེན་བྲལ་དུ་མེ་ལ་གནས་པའོ། །པུ་པཱུ་ ལས་གྲུབ་པ་སྲིན་པོ་སྟག་གི་གདོང་ཅན་དང་ཡི་དྭགས་འུག་པའི་གདོང་ཅན་ནི་བྱང་དང་ དབང་ལྡན་དུ་ཆུ་ལ་གནས་པའོ། །ཏྼྀ་ཏྼཱྀ་ལས་གྲུབ་པ་བརྗེད་བྱེད་ལྕེ་སྤྱང་གི་ གདོང་ཅན་དང་མཁའ་ལྡིང་ནི་མཁའ་ལྡིང་ཉིད་དེ་ནུབ་དང་རླུང་དུ་ས་ལ་གནས་པའོ་ཞེས་པ་ ནི་སྲུང་བའི་འཁོར་ལོའ(ོདེ་ལྟར་ན་ར་བ་རྣམས་བསྲུང་བའི་དོན་དུ་ར་བའི་ཁྱོན་གྱི་སྲུང་མ་རྣམས་སྤྲོ་བར་གསུངས་པའི་ ཕྱིར། སྟེང་དང་འོག་གི་ཆ་ལ་ཡང་ར་བ་རྣམས་ཡོད་པར་གྲུབ་སྟེ། སྟེང་འོག་ལ་ར་བ་མེད་པ་ནི་སྟེང་གི་སྲུང་མ་ཕྱོགས་སྐྱོང་ལ་ སོགས་པ་རྣམས་ལ་བསྲུང་བྱའི་ར་བ་མེད་པའི་སྐྱོན་དང༌། སྟེང་འོག་གི་སྲུང་མ་ལ་ར་བ་གསུམ་དང་ལྔའི་ནང་དང་ཕྱི་རོལ་གྱི་ཁྱད་ པར་མེད་པའི་སྐྱོན་དུ་འགྱུར་རོ)། ། ༈ སྐུ་དང་གསུང་དང་ཐུགས་ཀྱི་ཆོས་རྣམ་པར་དག་པ་ཁང་པ་(གསུམ་)བརྩེགས་པ་དང་ (དེའི་ཕྱི་ནས་)ར་བ་གསུམ་དང་ར་བ་ལྔ་རྣམས་(ཀྱི་སྲུང་མ་རྣམས་)ནི་ཡེ་ཤེས་དང་ནམ་མཁའ་དང་ རླུང་དང་མེ་དང་ཆུ་དང་སའི་ཁམས་དྲུག་ལས་སྐྱེས་པ་(རིམ་པ་ལྟར་)ཁྲོ་བོའི་རྒྱལ་པོ་རྣམས་དང་ 3-1-291 (ཟད་པར་ས་ཆུ་མེ་རླུང་)གཟུགས་〔ཀྱི་ལྷ་〕དང་〔ཟད་པར་ནམ་མཁའ་〕གཟུགས་མེད་པ(འི་ལྷ་སྟེ་དེ་ལྟར་ཟད་པར་ རྣམས་)དང་ཕྱོགས་སྐྱོང་བཅུ་དང་གཟའ་དང་ཀླུ་དང་འབྱུང་པོ་སྟེ་སྡེ་བ་དྲུག་གི་བདག་ཉིད་ (ཁམས་དྲུག་)སྲུང་ཞིང་སྐྱོང་བ་རྣམས་ནི་(ཁང་བརྩེགས་དང་ར་བ་གསུམ་དང་ར་བ་ལྔའི་)ནང་དང་ཕྱི་རོལ་ ནས་(སཾ་བུ་ཊ་ཡོ་གེ་ན་)ཡང་དག་པར་སྦྱར་བའི་སྦྱོར་བས་〔སཾ་བུ་ཊ་ཡོ་གེ་ན〕དགོད་པར་བྱའོ། །(དེ་ལ་) ས་དང་ཆུ་ལས་བྱུང་བ་〔ལྷ་མིན་དང་ཀླུ་རྒྱལ་〕རྣམས་ནི་ལུས་ཀྱི་ཁམས་སྲུང་བར་བྱེད་པའོ། །མེ་དང་ རླུང་གི་ཁམས་ལས་བྱུང་བ་(གཟའ་དང་ཕྱོགས་སྐྱོང་)རྣམས་ནི་ངག་གི་ཁམས་སྲུང་བར་བྱེད་པའོ། ། སྟོང་པ་དང་ཡེ་ཤེས་ཀྱི་ཁམས་ལས་བྱུང་བ་(ཟད་པར་དང་ཁྲོ་བོ་)རྣམས་ནི་ཐམས་ཅད་དུ་སེམས་ ཀྱི་ཁམས་སྲུང་བར་བྱེད་པ(དེ་ནས་འདིར་ར་བ་གསུམ་དང་ལྔ་པོ་ཁང་བརྩེགས་ཉིད་ཀྱི་ར་བར་འདོད་པ་ནི་འཁྲུལ་པ) འོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ་དེ་ནས་བླ་མ(སྟེ་སངས་རྒྱས་ཀྱིས་རྒྱུད་ལས་གསུངས་པ) འི་(ཆོ་གའི་)ངེས་པ་〔ཤེས་པ་〕དང་ལྡན་(པའི་སློབ་དཔོན་)གང་ཞིག་ཅུང་ཟད་འདོད་པ(ས་ཡོངས་སུ་གཟུང་བ་ ལ་སོགས་པ)་སྒྲུབ་པ་པོ་ཡིས་བསྒྲུབ་པར་བྱ་ཞེས་པ་ནི་ངེས་པའོ། ། ༈ ད་ནི་ཁྲོ་བོ་ལ་སོགས་པ་འདི་རྣམས་སོ་སོའི་གཏོར་མའི་སྔགས་ཀྱི་ཚིག་རྣམས་སུ་ འགྱུར་པ་འདི་ལྟ་སྟེ། ༀ་ཨཱཿཧཱུཾ་ཧོ(རྡོ་རྗེ་བཞིའི་ས་བོན)། ཨུཥྞཱི་ཥ(གཙུག་ཏོར་)། སུཾ་བྷ་(གནོད་མཛེས་)ནི་ སུམ་བྷ(ངེས་པར་གནོད་མཛེས་)། བིགྷནྣཱ་ཏ་ཀ་(བགེགས་མཐར་བྱེད་)ནཱི་ལ་དཎ་ཌ(དབྱུག་སྔོན་ཅན་)། པྲ་ ཛྙཱན་ཏ་ཀ(ཤེས་རབ་མཐར་བྱེད་)། ཊཀ་ཀི་རཱ་ཛཱ(འདོད་པའི་རྒྱལ་པོ་)། པད་མཱན་ཏ་ཀ(པད་མ་མཐར་བྱེད་)། ཨ་ཙ་ལ(མི་གཡོ་བ་)། ཡ་མཱན་ཏ་ཀཱ(གཤིན་རྗེ་མཐར་བྱེད་)། མ་ཧ་བ་ལེ་བྷྱ(སྟོབས་པོ་ཆེ་)ཿ ས་པ་རི་ ཝཱ་རེ་བྷྱ(འཁོར་དང་བཅས་པ་རྣམས་)ཿ ཨི་དཾ་(འདི་)བ་ལིཾ(གཏོར་མ་)། གན་དྷཾ(དྲི་)། པུཥྤཾ(མེ་ཏོག་)། དྷཱུ་ པཾ(བདུས་སྤོས་)། དཱི་པཾ(སྒྲོན་མེ་)། ཨ་ཀྵ་ཏཾ(མ་ཉམས་པ་)། ད་དཱ་མ་ཧེ(བདག་འབུལ་གྱིས)ཏེ་ཙཱ་གཱ་ཏྱ(དེ་ རྣམས་ཀྱང་བྱོན་ནས་)། ས་པ་རི་ཝཱ་རཱ(འཁོར་དང་བཅས་པ་རྣམས་)ཿ ཤཱིགྷྲཾ(མྱུར་དུུ་)། ཨི་དཾ(འདི་)བ་ལིཾ(གཏོར་ མ)། གྲྀཧྣན་ཏུ(གཟུང་བར་མཛོད་)། ཁཱ་དན་ཏུ(གསོལ་བར་མཛོད་)། པི་བན་ཏུ(བཏུང་བར་མཛོད་)། 3-1-292 ཛཿཧཱུཾ་བཾ་ཧོ(དགུག་གཞུག་བཅིང་མཉེས་པའི་ས་བོན་ནོ)ཿ སཾ་ཏྲིབ་ཏཱ(ཡང་དག་པར་མཉེས་པ་རྣམས་)ཿ སརྦ་སཏྭཱ་ ནཱཾ(ཐམས་ཅད་སེམས་ཅན་རྣམས་ལ)། ཤཱནྟིཾ(ཞི་བ་)པུཥྚིཾ(རྒྱས་པ)། རཀྵཱ(བསྲུང་བ་)བ་ར་ཎ(བསྐྱབ་པ)། གུབ་ ཏིཾ(སྦ་བ)། ཀུརྦན་ཏུ(མཛད་དུ་གསོལ)། ཧཱུྃ་ཧཱུཾ་ཕཊ། བཛྲ་ངྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ(རྡོ་རྗེ་འཆང་གི་བཀའ་ བཞིན་མཛོད)། ཞེས་པ་ནི་ཁྲོ་བོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ། །དེ་བཞིན་དུ་ཟད་པར་ ནམ་མཁའ་ལ་སོགས་པ་གྲུབ་པ་རྣམས་ཀྱི་གཏོར་མའི་སྔགས་ཀྱི་ཚིགས་རྣམས་ནི། ༀ་ཨཱཿཧཱུཾ་ ཧོ། ཨཱ་ཀཱ་ཤ(ནམ་མཁའ་)བཱ་ཡུ(རླུང་)། ཏེ་ཛཱ(མེ)། ཨུ་ད་ཀ(ཆུ)། པྲི་ཐྭཱི་(ས་)སཱ་ངྷི་ཏེ་བྷྱ(གྲུབ་པ་དེ་རྣམས་ ལ་)ཿ ས་པ་རི་ཝཱ་རེ་བྷྱཿ ཨི་དཾ། བ་ལིཾ གན་དྷཾ། པུཥྤིཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ ཙཱ་ག་ཏྱ། ས་པ་རི་ཝཱ་རཱཿ ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲིཧྣན་ཏུ། ཁཱ་དན་ཏུ། པི་བན་ཏུ། ཛཿཧཱུཾ་བཾ་ཧོཿ སཾ་ཏྲིབ་ཏཱཿ སརྦ་ས་ཏྭ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵཱ་བ་ར་ཎ། གུབ་ཏིཾ། ཀུརྦན་ཏུ། ཧཱུཾ་ཧཱུཾ་ཕཊ། བཛྲ་ངྷ་ ར་ཨ་ཛྙཱ་པ་ཡ་ཏི་སྭཱཧཱ། དེ་ནས་ཕྱོགས་སྐྱོང་རྣམས་ཀྱི་གཏོར་མའི་སྔགས་ཀྱི་ཚིག་རྣམས་ནི་ༀ་ ཨཱཿ་ཧཱུཾ་ཧོ། བྲཧྨ(ཚངས་པ་)། བིཥྞུ(ཁྱབ་འཇུག་)། ནཻར༹ྼྀ་ཏྱ(བདེན་བྲལ་)། བཱ་ཡུ(རླུང་ལྷ་)། ཡ་ མཱ(གཤིན་རྗེ་)ག་ནི(མེ་ལྷ་)། ས་མུ་ཏྲཱེ་(རྒྱ་མཚོ་)ཤྭ་ར(དབང་ཕྱུག་)། ཨིན་ཏྲ(དབང་པོ་)། ཡཀྵེ་བྷྱ(གནོད་སྦྱིན་ རྣམས་ལ་)ཿ ས་པ་རི་ཝཱ་རཱེ་བྷྱཿ ཨི་དཾ་བ་ལིཾ གན་དྷཾ། པུཥྤཾ། ངྷུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱ་ག་ཏྱ། ས་པ་རི་ཝཱ་རཱཿ ཤཱི་གྷྲཾ། ཨི་དཾ། བ་ལ། ིཾ གྲིཧྣན་ཏུ། ཁཱ་དན་ཏུ། པི་བན་ཏུ། ཛཿཧཱུཾ་བཾ་ ཧོཿ སཾ་ཏྲིབ་ཏཱཿ སརྦ་ས་ཏྭཱ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵཱ་བ་ར་ཎ། གུབ་ཏིཾ། ཀུརྦན་ཏུ། ཧཱུྃ་ཧཱུྃ་ཕཊ། བཛྲ་ དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ནས་གཟའི་གཏོར་མའི་སྔགས་ཀྱི་ཚིག་རྣམས་ནི། ༀ་ཨཱཿཧུཾ་ཧོ། རཱ་ཧུ་(སྒྲ་གཅན་)། ཀཱ་ལཱའ་ག་ནི(དུས་མེ་)། ཙན་ཏྲ(ཟླ་བ་)། སཱུརྱ(ཉི་མ་)། བུ་དྷ(གཟའ་ལག་)། མཾ་ག་ ལ(བཀྲ་ཤིས་)། ཤུཀྲ(པ་སངས་)། བྲྀ་ཧསྤ་ཏི(ཕུར་བུ་)། ཀེ་ཏུ(དཔལ་ཅན་ཏེ་མཇུག་རིངས་)ཤ་ནི〔དལ་བ་ སྟེ་སྤེན་པ〕བྷྱ〔རྣམས་ལ་〕ཿ ས་པ་རི་ཝཱ་རཱེ་བྷྱཿ ཨི་དཾ། བ་ལིཾ། གན་དྷཾ། བུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱ་ག་ཏྱ། ས་པ་རི་ཝཱ་རཱཿ ཤཱི་གྷྲཾ། ཨེ་དཾ་བ་ལིཾ། གྲྀཧྣན་ཏུ། ཁཱ་དན་ཏུ། པི་བན་ 3-1-293 ཏུ། ཛཿཧཱུཾ་བཾ་ཧོཿ སཾ་ཏྲིབ་ཏཱཿ སརྦ་ས་ཏྭཱ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵཱ་བ་ར་ཎ། ཀུབ་ཏིཾ། ཀུརྦན་ཏུ། ཧཱུྃ་ ཧཱུྃ་ཕཊ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ནས་ཀླུ་ཡི་གཏོར་མའི་སྔགས་ཀྱི་ཚིག་རྣམས་ནི། ༀ་ ཨཱཿཧཱུྃ་ཧོ། ཛ་ཡ(རྒྱལ་བ་)བི་ཛ་ཡ(རྣམ་པར་རྒྱལ་བ)། པད་མ(པད་མ)། ཀར་ཀོ་ཊ་ཀ(སྟོབས་རྒྱུ)། བཱ་སུ་ ཀི(ནོར་རྒྱས)། ཤཾ་ཁ་པཱ་ལ(དུང་སྐྱོང་)། ཀུ་ལི་ཀ(རིགས་ལྡན)། ཨ་ནན་ཏ(མཐའ་ཡས)། ཏཀྵ་ཀ(འཇོག་པོ)། མཧཱ་པད་མེ་བྷྱ(པད་མ་ཆེན་པོ་རྣམས་ལ་)ཿ ས་པ་རི་ཝཱ་རཱེ་བྷྱཿ ཨི་དཾ། བ་ལིཾ། གན་དྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱའ་གཏྱ། ས་པ་རི་ཝཱ་རཱཿ ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲྀཧྣན་ ཏུ། ཁཱ་དན་ཏུ། པི་བན་ཏུ། ཛཿཧཱུྃ་བཾ་ཧོཿ སཾ་ཏྲིབ་ཏཱཿ སརྦ་ས་ཏྭཱ་ནཱཾ། ཤཱནྟིཾ། པུཥིཾ། ྟ རཀྵཱ་ཨ་བ་ར་ ཎ། ཀུབ་ཏིཾ། ཀུརྦན་ཏུ། ཧཱུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ནས་འབྱུང་པོའི་གཏོར་ མའི་སྔགས་ཀྱི་ཚིགས་རྣམས་ནི། ༀ་ཨཱཿ་ཧཱུྃ་ཧོ། བེ་ཏཱ་ཊ(རོ་ལངས་)། བི་ཀྲྀ་ཏ་མུ་ཁ(རྣམ་པར་ འགྱུར་པའི་ཞལ་ཏེ་གྲུལ་བུམ)། ཤྭ〔ཁྱི་〕། ཀཱ་ཀ(བྱ་རོག་)། སཱུ་ཀ་ར(ཕག་གདོང་)། གྲི་དྷྲ(བྱ་རྒོད་)། བྱཱརྵ་གྷྲོ(སྟག་ གདོང་)། ལཱུ་ཀུ(འུག་པ)། ཛཾ་བུ་ཀ( ལྕེ་སྤྱང་)། ག་རུ་ཌ(མཁའ་ལྡིང་)། མུ་ཁེ་བྷྱ( རྣམས་ཀྱི་གདོང་ཅན་)ཿ ས་ པ་རི་ཝཱ་རཱེ་བྷྱཿ ཨི་དཾ། བ་ལིཾ། གན་དྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨ་ཀྵ་ཏཾ། ད་ད་མ་ཧེ། ཏི་ཙཱ་ག་ཏྱ། ས་པ་རི་ཝཱ་རཱཿ ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲྀཧྣན་ཏུ། ཁཱ་དན་ཏུ། པི་བན་ཏུཛཿཧཱུྃ་བྃ་ཧོཿ སཾ་ ཏྲིབ་ཏཱཿ སརྦ་ས་ཏྭཱ་ནཱཾ། ཤཱིནྟ ཾ། པུཥྚིཾ། རཀྵཱ་བ་ར་ཎ། གུབ་ཏིཾ། ཀུརྦན་ཏུ། ཧཱུྃ་ཧཱུྃ་ཕཊ། བཛྲ་ངྷ་ར་ཨཱ་ ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པ་ནི་འབྱུང་པོའི་གཏོར་མའི་སྔགས་ཏེ་དེ་ལྟར་སོ་སོའི་གཏོར་མ་འཆད་ པར་འགྱུར་བའི་རིམ་པས་སྦྱང་བ་དང་རྒྱས་པ་དང་རབ་ཏུ་འབར་བ་དང་བདུད་རྩིར་བྱས་ནས་ ཁྲོ་བོ་ལ་སོགས་པ་རྣམས་ལ་སྔགས་པའི་སྦྱིན་པར་བྱའོ། ། ༈ དེ་བཞིན་དུ་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་ལ་ཐུན་མཚམས་བཞིར་སློབ་དཔོན་ གྱིས་གཏོར་མ་སྦྱིན་ཏེ་དེ་ནས་གཤེགས་སུ་གསོལ་བར་བྱའོ། །གཤེགས་སུ་གསོལ་བའི་ དུས་སུ་གསང་བའི་འཁོར་ལོར་ཧྃ་ཡིག་ལ་ཁྲོ་བོའི་འཁོར་ལོ་གཞུག་པར་བྱའོ། །གཙུག་ཏོར་ 3-1-294 ཏུ་ཨཾ་ཡིག་ལ་ཟད་པར་སྟོང་པ་ལ་སོགས་པའི་འཁོར་ལོ་དང་དཔྲལ་བར་ཨི་ཡིག་ལ་ཕྱོགས་ སྐྱོང་བའི་འཁོར་ལོ་དང་མགྲིན་པར་རྀ་ཡིག་ལ་གཟའི་འཁོར་ལོ་དང་སྙིང་ཁར་ཨུ་ཡིག་ ལ་ཀླུའི་འཁོར་ལོ་དང་ལྟེ་བར་ལྀ་ཡིག་ལ་འབྱུང་པོའི་འཁོར་ལོ་གཞུག་པར་བྱའོ། ། གཤེགས་སུ་གསོལ་བའི་ཆོ་ག་རྫོགས་ནས་དེའི་འོག་ཏུ་སྔགས་པས་འཆད་པར་འགྱུར་བའི་ རིམ་པས་ས་ཡོངས་སུ་གཟུང་བར་བྱའོ་ཞེས་པ་ནི་ངེས་པའོ། ། ༈ ད་ནི་འཆད་པར་འགྱུར་པའི་ཏིང་ངེ་འཛིན་གྱིས་ས་སྦྱང་བའི་དོན་དུ་སའི་ལྷ་མོ་སྤྱན་ དྲངས་བ་གསུངས་ཏེ་(ཀག་ཐོ་ལྟར་བཤད་པར་བྱ་སྟེ། རྩ་མིའི་འགྱུར་ལ། འདིར་དང་པོ་ཏིང་ངེ་འཛིན་གྱིས་ཛཿཧཱུྃ་བྃ་ཧོ་ ཡི་སྔགས་ཀྱི་ཚིག་འདི་དག་གིས་སའི་ལྷ་མོ་སྤྱན་དྲངས་ནས་ཞེས་དང༌། ར་འགྱུར་ལ། འདིར་སའི་ལྷ་མོའི་ཏིང་ངེ་འཛིན་ཛཿཧཱུྃ་བཾ་ ཧོའི་སྔགས་ཀྱི་ཚིག་འདི་རྣམས་ཀྱིས་སའི་ལྷ་མོ་སྤྱན་དྲངས་པ་ལ། ཞེས་འབྱུང་བ་ལེགས)འདིར་(རང་གི་སྙིང་གར་ཟླ་བའི་ དཀྱིལ་འཁོར་ལ་)སའི་ཏིང་ངེ་འཛིན་གྱིས་(སའི་ལྷ་མོ་བསྐྱེད་ནས་)ཁ༽སའི་ལྷ་མོ་སྤྱན་དྲངས་ནས་(ཕྱི་རོལ་ ཏུ་དཀྱིལ་འཁོར་གྱི་ས་ལ་དྲིའི་ཐིག་ལེ་བཀོད་པའི་སྟེང་དུ་)སྤྱན་དྲངས་ནས་ཀ༽ཛཿཧཱུྃ་བཾ་ཧོ། ཞེས་པའི་སྔགས་ ཀྱི་ཚིག་འདི་དག་གིས་ག༽སྔར་བརྗོད་པའི་མཆོད་ཡོན་གྱི་སྣོད་ཀྱི་ཆུ་དང་བཅས་པའི་མེ་ཏོག་ མཆོད་ཡོན་གྱི་དྲི་ལ་སོགས་པ་དང་བཅས་པ་དག་གིས་འདི་ལ་མཆོད་ཡོན་རབ་ཏུ་སྦྱིན་ནོ། ། དེ་ལ་གསོལ་བ་བཏབ་སྟེ་ཕྱི་ནས་སའི་གནས་ལ་དག་པ་དག་ནི་ཇི་ལྟར་འདོད་པ་མཛོད་ ༢༥ ཅེས་པ་ལ་འདིར་གསོལ་བ་གདབ་པ་ནི། རྒྱལ་བས་ལྷའི་བདག་པོ་དང་བཅས་བདུད་ ནི་བཅོམ་པ་དག་ལ་ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །དེ་ཕྱིར་ཁྱོད་ནི་མཆོད་པར་བྱ་ཡི་ལྷ་མཆོག་ གིས་བཏུད་བཞེས་ཤིག་བཞེས་ཤིག་(གང་བཞེས་ན་)བདག་གི་མཆོད་ཡོན་ནོ། །ཞེས་པས་བསྟོད་ ནས་དེ་ལ་གསོལ་བ་གདབ་པར་བྱ་སྟེ། ཇི་ལྟར་(སྔོན་)རྒྱལ་བས་བྱང་ཆུབ་སླད་དུ་བདུད་ཀྱི་སྡེ་ ནི་སྟོབས་ལྡན་དག་ཀྱང་རབ་ཏུ་བཅོམ་གྱུར་པ། །དེ་བཞིན་བདག་གིས་ཀྱང་ནི་སློབ་མ་རྣམས་ ལ་དབང་བསྐུར་སླད་དུ་བདུད་རྣམས་ཉམས་པ་དག་ཏུ་བྱ། །ཁྱོད་དཔང་དུ་གྱུར་པས་སོ་ཞེས་ 3-1-295 པས་སོ། ༢༦ ། ༈ དེ་ནས་(ཕྱོགས་བཅུའི་)སངས་རྒྱས་ལ་སོགས་པ་རྣམས་ལ་འཆད་པར་འགྱུར་བའི་མཆོད་ པ་བྱས་ཤིང་མཆོད་ཡོན་ལ་སོགས་པ་ཕུལ་ནས་གསོལ་བ་གདབ་པར་བྱ་སྟེ་འདིར་གསོལ་བ་ གདབ་པ་ནི་གང་དག་ཕྱོགས་རྣམས་ཀུན་ན་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉེས་པ་རྣམ་ བྲལ་བཙུན་མོ་དང་བཅས་པ། དེ་དག་རྣམས་ཀྱི་མཆོག་གི་ཐུགས་རྗེས་དཀྱིལ་འཁོར་ཏུ་ནི་ དབང་བསྐུར་སླད་དུ་བདག་ལ་བསྐྱང་དུ་གསོལ། ། ༈ དེ་དག་ཀུན་ལ་གསོལ་བ་བཏབ་ནས་སེང་ལྡེང་རང་བཞིན་སྲ་བའི་ཕུར་བུ་རྣམས་ ཀྱིས་ས་ལ་གདབ་པ་སྟེ་〔གདབ་པའི་ཚུལ་ནི་〕འཆད་པར་འགྱུར་བའི་རིམ་པས་སོ་ཞེས་པ་ནི་(སའི་ ལྷ་མོ་དང་རྒྱལ་བ་སྲས་བཅས་)གསོལ་བ་གདབ་པའི་ངེས་པའོ། །དེ་ལྟར་(སྔར་)གསུངས་པའི་ཁྲོ་བོ་ མཚོན་ཆ་དང་ལྡན་པ་རྣམས་ནི་ཕྱོགས་བཅུའི་ཆ་རུ་ས་ལ་ཕུར་བུས་གདབ་པ་དང་བསྲུང་བའི་ དོན་དུ་དགོད་པར་བྱ་ཞེས་པ་སྟེ་ངེས་པའོ(འདིར་ཁྲོ་བོ་བཅུ་ཕྱོགས་བཅུར་ཕུར་བུས་གདབ་པའི་དོན་དུ་དགོད་ པར་གསུངས་པ་འདིས་ནི་གཞན་དག་སྲུང་འཁོར་བསྒོམ་པའི་སྔོན་དུ་མཐའ་ཡས་བརྩོན་འགྲུས་གཅིག་པུས་ཕྱོགས་བཅུར་ བགེགས་ལ་ཕུར་བུས་གདབ་ནས་དབྱུག་སྔོན་ཅན་གཅིག་པུས་ཐོ་བས་བརྡུང་བར་འདོད་པ་བཀག་པ་ཡིན་ནོ)། ༢༧ ། ༈ ད་ནི་ས་བརྐོ་བའི་མཚན་མ་གསུངས་པ་འདིར་སའི་སྙིང་པོར་ཟུག་རྔུ་ལ་སོགས་པ་(སའི་ སེལ་)ངེས་པར་ཞུགས་གྱུར་ན་དགེ་བའི་ལས་ལ་བགེགས་བྱེད་པར་འགྱུར་ཏེ་དེའི་ཕྱིར་སྦྱང་ བར་བྱའོ། །ཟུག་རྔུ་ནི་མིའི་རུས་པའམ་སོལ་བ་དང་བཅས་པ་སྟེ་སོལ་བའམ་རྭ་ནི་ཐུན་མོང་ དུ་དགེ་བའི་ལས་ལ། འཆི་བའི་འཇིགས་(པ་)བྱེད་(པ་ཡིན་)དེ་གནས་དེ་རྣམས་སུ་རྣམ་པར་ ཉམས་པར་འགྱུར་ཏེ་དེ་ཕྱིར་འདིར་ནི་ཡོན་ཏན་དབང་གིས་སྦྱང་བར་བྱའོ། །ཅི་སྟེ་ས་ལ་རིན་ ཆེན་ནམ་དུང་ངམ་འཆིང་བུ་མཐོང་ན་དེའི་ཚེ་བདེ་བ་བྱེད་པར་འགྱུར་ཏེ་དཀྱིལ་འཁོར་དག་གི་ དོན་དུའོ། །དེ་བཞིན་དུ་ཁང་བཟངས་དོན་དང་ཁྱིམ་གྱི་དོན་དང་རབ་གསལ་ངེས་པར་འདིར་ 3-1-296 ནི་མཆོད་སྦྱིན་(ཏེ་སྦྱིན་སྲེག་)ལ་སོགས་(པའི་)ཆེད་དུའོ། །ཞེས་པ་ནི་གནས་སྦྱང་བའི་ངེས་པའོ། ༢༨ ། ༈ ད་ནི་ས་སྦྱང་བའི་དོན་དུ་ཉི་མ་གསུངས་པ་རྫོགས་པ་དག་ལ་ཞེས་པ་ལ་སོགས་པ་ སྟེ་འདིར་ཟླ་བ་སོ་སོ་ལ་རྫོགས་པ་དྲུག་ནི་འདི་ལྟ་སྟེ་(ཕྱོགས་གཉིས་ཀྱི་)ལྔ་པ་གཉིས་དང་བཅུ་པ་ གཉིས་དང་བཅོ་ལྔ་པ་གཉིས་ཏེ་དཀྱིལ་འཁོར་བྲི་བའི་སླད་དུ་དུས་ཀྱི་མཚམས་ཤེས་ཤིང་ དགེ་བ་དང་མི་དགེ་བའི་ལས་ཤེས་ནས་སོ། །འདིར་དགེ་བའི་ལས་ལ་དཀར་པོའི་ལྔ་པ་ དང་བཅུ་པ་དང་བཅོ་ལྔ་པ་ལ་བིཥི་ྟསྤངས་ནས་ས་སྦྱང་བར་བྱ་སྟེ་དེ་ནས་སྔར་(ལས་རབ་འབྱམས་ སུ་)གསུངས་པའི་(ལས་དང་རྗེས་མཐུན་གྱི་)སས་(ཁུང་བུ་)དགང་བར་བྱའོ། །མི་དགེ་བའི་ལས་ལ་ ནག་པོའི་ལྔ་པ་དང་བཅུ་པ་དང་གནམ་སྟོང་སྟེ་ཟླ་བ་ཉམས་པ་ལ་ས་སྦྱང་བར་བྱ་ཞིང་སྔར་ གསུངས་པའི་སས་〔ཁུང་བུ་〕དགང་བར་བྱའོ། །དེ་ནས་ས་བཟུང་བ་དག་ཀྱང་སྟེ་མཆོད་པ་ལ་ སོགས་པ་(ཕྱོགས་གཉིས་ཀྱི་)རྫོགས་པ་(གསུམ་)ལ་(བྱ)འོ། །(ཁྱད་པར་དུ་)བུ་རྣམས་དག་ནི་སྟེ་སློབ་ མ་རྣམས་ཡང་དག་པར་བསྡུ་བ་ནི། (དཀར་ཕྱོགས་ཀྱི་)རྫོགས་པ་(གཉིས་པ་)ལ་(བྱ)འོ། །དེ་ནས་ དཀྱིལ་འཁོར་བྲི་བའི་དུས་(བཟང་པོ་)ཤེས་ནས་〔དཀར་ཕྱོགས་ཀྱི་〕བཅུ་གཉིས་པ་ལ་ཐིག་གདབ་ པར་བྱའོ། །འདོད་པ་མ་ནུའི་ཉིན་ཞག་དག་ལ་ཞེས་པ་བཅུ་གསུམ་པ་དང་བཅུ་བཞི་པ་ལ་ དཔལ་ལྡན་རྡུལ་ཚོན་དགྱེ་བར་བྱའོ། །དབང་(དང་དཀྱིལ་འཁོར་དུ་གཞུག་པ་)ལ་སོགས་པ་འཆད་ པར་འགྱུར་བ་ནི་ཉ་ལ་མཆོག་གི་བླ་མས་སྦྱིན་ཏེ་〔དཱའ་ད་བྱཱཾ་ཞེས་པར་ཐོབ་པ་ལ〕ཞེས་པ་〔ད་དཱ་ཏི་ཞེས་པ་ ནི་སྡེབ་སྦྱོར་གྱི་དབང་གིས〕ལུང་གི་ཚིག་གོ(རྒྱལ་བས་)བདུད་ནི་བཅོམ་པའི་ཉིན་ཞག་(ས་གའི་ཉ་གང་བ་) དག་ལ་ཡང་སྟེ་ཡང་ཡིག་གིས་(སྣྲོན་ལ་སོགས་པའི་)ཉ་གཞན་ལ་ཡང་སྦྱིན་ནོ་ཞེས་པ་ནི་ངེས་པའོ། ། དེ་བཞིན་དུ་སྐུ་གཟུགས་ལ་སོགས་པ་ནི་ཉ་དེ་ཉིད་ཀྱི་མཚན་མོ་རྒྱལ་བ(རིགས་དྲུག་ལ་སོགས་པ) འི་(ལྷའི་)རིགས་ལ་རབ་ཏུ་གནས་པར་འགྱུར་ཏེ་མཚན་མོ་གཞན་ལ་རབ་གནས་མིན་ཞེས་པ་ 3-1-297 ནི་ངེས་པའོ། ༢༩ ། (འོན་ཀྱང་)དེ་ནས་དག་པའི་དུས་སྦྱོར་(དང་)གཟའ་ལ་སོགས་(པ་ལྡན་)པས་(ཀྱེ་)མི་ཡི་བདག་ པོ་མཚན་མོ་གཞན་ལ་(ཡང་)རབ་ཏུ་གནས་(ཞེས་པ་སྤྱིར་བཏང་ལ་དམིགས་བསལ་ལོ)པར་འགྱུར་རོ། ། སྲོག་དེ་ཕུར་བུ་དང་པ་སངས་ནུབ་པར་འགྱུར་ཞེས་པ་(དེ་དག་)ཉི་མའི་དཀྱིལ་འཁོར་ལ་རབ་ ཏུ་ཞུགས་ན་དེའི་ཚེ་སྟེ་ཟླ་བ་དེ་ལ་ངེས་པར་ནི་མཐའ་གཅིག་ཏུ་བག་མ་(བླང་བ་)དང་(སྐུ་གཟུགས་ ལ་སོགས་པ་)རབ་ཏུ་གནས་(པ་ཤིས་)པར་མི་འགྱུར་རོ། །(རབ་གནས་ཀྱི་དུས་ངེས་པ་)དེ་བཞིན་དུ་(དབང་ བསྐུར་བའི་དུས་ཀྱང་)རྒྱལ་དང་ནག་པའི་ཉ་ལ་ཕུར་བུའི་ཞིང་དུ་(གཞུ་དང་)ཉི་མ་ཞུགས་པར་གྱུར་པ་ ན་(དབང་བསྐུར་བྱ་བར་)འགྱུར་ཏེ། (དེ་ཡང་)རྒྱལ་(གྱི་ཉ་)ལ་(ཕུར་བུའི་ཞིང་གཞུ་ལ་ཉི་མ་ཞུགས་པ་ན་)རྒྱལ་པོ་ རྣམས་ཀྱི་དབང་བསྐུར་བ་དང་ནག་པ་ལ་སངས་རྒྱས་ཀྱི་དབང་བསྐུར་བ(ཤེས་པ)འི་ཕྱིར་རོ་ ཞེས་པ་ནི་ངེས་པའོ། །དེ་ལྟར་སློབ་དཔོན་དག་གིས་ས་གཞིའི་གནས་སུུ་(གཟའ་དང་དུས་སྦྱོར་ལ་ སོགས་པ་)འཇིག་རྟེན་(པའི་ཐ་སྙད་ཀྱི་དགེ་མི་དགེ་དང་)འཇིག་རྟེན་〔གྱི་ཐ་སྙད་ལས་〕འདས་པ་〔དེ་ཉིད་བཅུ་ལ་ སོགས་པ་〕དག་ཀྱང་མཐའ་དག་ཤེས་ནས་ནི་ཞི་བ་ལ་སོགས་པའི་〔དགེ་བའི་〕བྱ་བ་གང་〔དང་〕གང་ བྱེད་པ་དེ་〔དང་〕དེ་མཐའ་དག་〔ཇི་ལྟར་བསྒྲུབ་པ་〕དེ་ལྟར་འབྲས་བུ་དག་ནི་རབ་ཏུ་སྦྱིན་པར་འགྱུར་ ཞེས་པ་ནི་ཚེས་ཀྱི་ངེས་པ་སྟེ། དེ་བཞིན་དུ་དྲག་པོའི་ལས་ནི་མི་དགེ་བའི་ཉིན་ཞག་ལ་〔འགྲུབ་〕 ངེས་པའོ། ༣༠ ། ༈ ད་ནི་སློབ་མ་བསྲུང་བའི་ཆོ་ག་གསུངས་ཏེ་འདིར་〔གསོལ་བ་བཏབ་པའི་རྗེས་ལ་〕དང་པོར་ སློབ་མ་〔དང་སྐུ་གཟུགས་〕ལ་སོགས་པ་བསྲུང་བར་བྱ་སྟེ་ཕྱི་ནས་སློབ་མ་ལ་སོགས་པ་བསྡུ་བར་ བྱའོ། །འདིར་(གང་གིས་བསྲུང་ན་)རྒྱལ་བ་(རྣམས་དང་)ལ་སོགས་པ(འི་སྒྲས་)ལྷ་མོ་རྣམས་ཏེ་(ཡབ་ཡུམ་)གཉིས་ཀའི་(སྐུ་གསུང་ཐུགས་ཀྱི་)རིགས་སུ་གྱུར་པ་དག་གིས་བསྲུང་བ་ནི་མགོ་བོར་ཨཱུ་ཡིག་དང་ (ཡབ་ཀྱི་སྐུུ་)སྙིང་ཁར་ཨཱི་ཡིག་དང་(གསུང་གི་)གཙུག་ཏོར་དུ་ཨཱ་ཡིག་(ཐུགས་ཏེ་ཡབ་ཀྱི་རིགས་གསུམ་) 3-1-298 དང་ལྟེ་བར་ལཱྀ་ཡིག་དང་(ཡུམ་གྱི་སྐུ་)མགྲིན་པར་རཱྀ་ཡིག་(གསུང་)དང་གསང་ བར་ཨཱཿཡིག་(ཐུགས་དང་ཡུམ་གྱི་རིགས་གསུམ་)སྟེ་གཉི་གའི་རིགས་སུ་གྱུར་པ་སྐུ་གསུང་ཐུགས་ཀྱིས་ ཕྱེ་བ་དག་གིས་(བསྲུང་)ཞེས་པའོ། །དེ་བཞིན་སྐུ་གཟུགས་(མཆོད་རྟེན་)སོགས་དང་གླེགས་བམ་ རྣམས་(བསྲུང་བ་)ནི་རབ་གསལ་ངེས་པའི་དཔལ་ལྡན་དབྱངས་རྣམས་དག་གིས་ཞེས་པ་སྟེ་ཨཱ་ ཨཱི་རྀ་ཨུ་ལྀ་ཞེས་པ་(སྟོང་པ་ཆེན་པོ་ཡི་གེ་ལྔའི་)དབྱངས་ལྔ་པོ་རྣམས་ཀྱིས་བསྲུང་བ་བྱས་ ནས་དེའི་རྗེས་ལ་སངས་རྒྱས་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ་སེམས་ཅན་རྣམས་ནི་ ཐར་བའི་སླད་དུ་ཆེ་གེ་མོ་བདག་ཀྱང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ འབྲི་བར་བགྱིད་དོ། །དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་མ་ (དང་སྐུ་གཟུགས་)ལ་སོགས་པ་རྣམས་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཞེས་པ་ནི་གསོལ་ བ་གདབ་པའི་ངེས་པ་དང་བསྲུང་བའི་ངེས་པའོ། ༣༡ ། ༈ ད་ནི་གང་ཞིག་(དེ་མ་ཐག་ཏུ་)འཆད་པར་འགྱུར་བ(འི་འགྲེལ་བ)ས་རྒྱས་པར་བརྗོད་པར་ བྱ་བ་ཐིག་སྐུད་ལ་སོགས་པའི་ལྷག་པར་གནས་པ་ལ་སོགས་པ་(རྒྱུད་འདིར་)མདོར་བསྡུས་པས་ གསུངས་ཏེ་(ས་སྦྱངས་ནས་)དག་པའི་གནས་ནི་ལེགས་པར་གང་ཞིང་ཤིན་ཏུ་མཉམ་པར་བཀོད་ པ་གྲུ་བཞི་(པ་)ཅུང་ཟད་རུས་སྦལ་རྒྱབ་བཞིན་(དབུས་)མཐོ་བ་ལ་〔དཀྱིལ་འཁོར་〕ཁྲུ་ཚད་གཅིག་ ལ་སོགས་པ་དུས་དང་ནོར་དང་མི་བདག་ཅེས་པ་ཁྲུ་བཞི་དང་ཁྲུ་བརྒྱད་དང་ཁྲུ་བཅུ་དྲུག་སྟེ་ དེ་བཞིན་དུ་སྟོང་ཕྲག་གི་བར་གྱི་ཚད་(ཅན་གང་བཞེངས་ཀྱང་དཀྱིལ་འཁོར་གྱི་བཞི་ཆ་ལྷག་པ་དང་བཅས་ཤིང་ དཀྱིལ་འཁོར་སུམ་འགྱུར་)ཀྱི་གནས་གང་བ་དེ་ལ་ལྷར་〔དེ་ཤར་དུ་〕ཐིག་སྐུད་དང་གཤིན་རྗེར་རྡོ་རྗེ་ དང་ཆུར་རྡུལ་ཚོན་གྱི་སྣོད་དང་བྱང་དུ་རྡོ་རྗེ་དྲིལ་བུ་དང་དབུས་སུ་རྣམ་པར་རྒྱལ་བའི་བུམ་པ་ བཀོད་ནས་དེའི་རྗེས་ལ་(མལ་སྟན་ལྷག་གནས་སུ་)འཆད་པར་འགྱུར་བའི་རིམ་པས་གཉིད་ལོག་ སྟེ། གང་གི་ཚེ་སློབ་དཔོན་ནམ་སློབ་མས་(དགེ་བའི་)མཚན་མ་རྙེད་པ་དེའི་ཚེ་མཚན་མ་རྙེད་ན་ 3-1-299 དང་པོ་སྟེ་ཤར་གྱི་ཕྱོགས་དང་ཕྱི་མ་སྟེ་ནུབ་ཀྱི་ཕྱོགས་སུ་དཀྱིལ་འཁོར་ཐིག་ནི་གདབ་པར་བྱ་ སྟེ་བླ་མ་དང་སློབ་མ་དག་གིས་སོ་ཞེས་པ་ནི་ངེས་པའོ། ༣༢ ། ༈ ད་ནི་མཚན་མ་ངན་པའི་མཚན་ཉིད་གསུངས་ཏེ་འདིར་ཐིག་སྐུད་ཆད་པར་གྱུར་པ་ ན་བླ་མ་ཉམས་པར་འགྱུར་ཞིང་ཡོངས་འཇོམས་འགོངས་པར་གྱུར་ན་བུ་རྣམས་དག་ཀྱང་ ཉམས་པར་འགྱུར་རོ། །གལ་ཏེ་རྡུལ་ཚོན་རླུང་གི་ཁྱེར་ན་ཞེས་པ་ནི་འདིར་གང་གི་ཚེ་དཀྱིལ་ འཁོར་གྱི་རྡུལ་ཚོན་རླུང་གི་ཁྱེར་བར་གྱུར་པ་དེའི་ཚེ་བླ་མ་[སློབ་མ་](རྩ་མི་ཟེར་)ལ་སོགས་པ་ རྣམས་ལ་འཇིགས་པ་གསལ་བར་བྱེད་ཅིང་(རྒྱལ་བོ་ཡུལ་འཁོར་དག་ཀྱང་འཇིག་པར་འགྱུར་ར་ཟེར་རྩ་མི་དང་ མཐུན་)ཡུལ་འཁོར་དག་ཏུ་རྒྱལ་པོ་[འཇིགས་པ་ཡང་[འི་དཔལ་འབྱོར་](ར་ཟེར་རྩ་མི་དང་མཐུན་)] གསལ་བར་བྱེད་དོ། །མཚན་མ་ངན་པ་དེ་དག་མཐོང་ནས་སླར་ཡང་སློབ་དཔོན་གྱིས་གཙོ་ བོ་དག་གི་སྔགས་ཀྱི་བཟླས་པ་(ལ་སོགས་པ་འཆད་པར་འགྱུར་བ་རྣམས་)རབ་ཏུ་བྱ་སྟེ་སླར་ཡང་(དགེ་ བའི་)མཚན་མར་གྱུར་གྱི་བར་དུའོ། །དེ་ནས་སླར་ཡང་མཚན་མ་རྙེད་ན་མཉམ་དང་མི་མཉམ་ རྐང་པ་དག་གིས་ཐིག་ནི་གདབ་པ་བསྒྲུབ་པར་བྱ། །འདིར་སློབ་དཔོན་གྱི་རྐང་པ་གཡོན་པ་ དཀྱིལ་དཀྲུང་དང་གཡས་པའི་མཐིལ་ས་ལ་གཞག་པ་(ནི་གཡས་ཙོག་པུ་ཡིན་པས་)མཉམ་པའི་རྐང་ པ་དང་དེ་བཞིན་དུ་(སློབ་མ་དེ་ལ་)བཟློག་པ་(ནི་གཡོན་ཙོག་པུ་ཡིན་པས་)མི་མཉམ་པའི་རྐང་པ(སྟེ་ འདུག་སྟངས་དེ་དག་གི)ས་ཐིག་གདབ་པ་བསྒྲུབ་པར་བྱའོ་ཞེས་པ་ནི་ངེས་པའོ། ༣༣ ། ༈ ད་ནི་ཡོངས་འཇོམས་གསུངས་པ་འདིར་ཤེས་རབ་དང་ཐབས་ཀྱི་ཡན་ལག་དབུས་ སུུ་ཡོངས་འཇོམས་སུ་འགྱུར་〚འགོམ་པ་ར་ཟེར་〛ཏེ་དེ་ནི་དཀྱིལ་འཁོར་དག་ལ་སྤང་བར་བྱ་ 〚དཀྱིལ་འཁོར་མཚམས་བརྒལ་ཏེ་སྤ ང་བྱ་རྩ་མི་དང་ར་ཟེར་〛ཞེས་པ་ལ་འདིར་ཤེས་རབ་ཀྱི་ ཡན་ལག་(གམ་ཆ་)ནི་ལྷོ་དང་ནུབ་པོ། །ཐབས་ཀྱི་ཡན་ལག་〔གམ་ཆ་〕ནི་ཤར་དང་བྱང་ངོ༌། །〔ཡན་ ལག་གམ་ཆ་〕འདི་དག་གི་དབུས་སུུ་〔ལྟེ་བར་མཚམས་སུ་ཟུར་ཐིག་བཏབ་པའི་ཕྱོགས་གཉིས་ཀྱི་སློབ་དཔོན་གྱི་གནས་ 3-1-300 སུ་སློབ་མ་དང་སློབ་མའི་གནས་སུ་སློབ་དཔོན་འགོངས་པའམ་རྒལ་ན་འཐབ་རྩོད་འབྱུང་བར་འགྱུར་བས་བར་མཚམས་དེ་ལ་〕ཡོངས་འཇོམས་(སུ་བརྗོད་)ཏེ་(མཚམས་ལ་འགོངས་པ་དེ་ནི་)དཀྱིལ་འཁོར་(གྱི་ཐིག་གདབ་)ལ་སྤང་བར་ བྱ(སྟེ་ཤེས་རབ་ཀྱི་ཡན་ལག་ལྷོ་དང་ནུབ་ཏུ་སློབ་དཔོན་དང་ཐབས་ཀྱི་ཡན་ལག་ཤར་དང་བྱང་དུ་སློབ་མ་འདུག་སྟེ་ཐིག་གདབ་ པར་བྱ)འོ། །དེ་བཞིན་དུ་ས་ལ་གཡུལ་གྱི་དུས་སུ་རྩེ་མོ་ཅན་དང་རླུང་དུ་གནས་པ་ཞེས་པ་ནི་ མེ(འི་མཚམས)དང་རླུང་(མཚམས་ཀྱི་ཟུར་ཐིག་)གི་ཕྱོགས་(ཏེ་ལྷོ་དང་ནུབ་དང་ཤར་དང་བྱང་གི་ཕྱོགས་གཉིས་)སུ་ ཇི་སྙེད་གནས་པའི་(དཔུང་གི་)སྡེ་གཉིས་པོ་དག་གི་དབུས་སུ་(སྟེ་བར་དུ་ཟུར་ཐིག་)གདེང་ཅན་(བརྐྱང་ བ་)བཞིན་དུ་དབྱུག་པའི་རྣམ་པ་ཅན་ཏེ་(དེ་ལ་སྒྲ་གཅན་གྱི་གདོང་མཇུག་གང་རུང་གཅིག་མེའི་མཚམས་དང་ གང་རུང་གཅིག་རླུང་གི་མཚམས་སུ་གནས་པ་ན་དཔུང་གི་སྡེ་གང་རུང་གཅིག་རྒྱལ་ཞིང་གཅིག་ཕམ་པར་འགྱུར་བ་ཡིན་པ་ལ་) ཡོངས་འཇོམས་འགོངས་པ་(སྟེ་ཟུར་ཐིག་ལྟ་བུ་དེ་ལས་རྒལ་ནས་སྡེ་གཅིག་ཅུང་ཟད་ལྷོའི་ཕྱོགས་དང་གཅིག་ཅུང་ཟད་ བྱང་གི་ཕྱོགས་སུ་གནས་པ་)ལས་གཡུལ་དུ་སྡེ་ནི་(གཉིས་ཀ་)ཉམས་པར་འགྱུར་ཏེ་ས་གཞི་དག་ཏུ་〔དཔའ་ བོ་གཉིས་〕འགྲན་པའི་འཐབ་མོ་ལ་ནི་〔ཕན་ཚུན་〕བསྣུན་〔ནས་གཉིས་ཀ་ཉམས་〕པར་འགྱུར་ཞིང་དཀྱིལ་ འཁོར་ལ་〔ཡོངས་འཇོམས་འགོངས་པ་ལས་〕འཐབ་མོ་དང་རྩོད་པར་འགྱུར་རོ། །དེ་ཕྱིར་གཡུལ་དང་ དབང་〔བསྐུར་〕དག་ལ་ཡང་ཡོངས་འཇོམས་ཤིན་ཏུ་སྟོབས་དང་ལྡན་པ་སྔགས་པས་རིག་པར་ བྱ་ཞེས་པ་སྟེ་ངེས་པའོ། ༣༤ ། ༈ ད་ནི་འདོད་པའི་ལྷའི་དམིགས་པ་མདོར་བསྡུས་པས་གསུངས་ཏེ་འདིར་ཨ་སོགས་ ཞེས་པ་ཨ་ཡིག་ལ་སོགས་པའི་དབྱངས་རྣམས་དང་ཀ་སོགས་ཞེས་པ་ཀ་ཡིག་ལ་སོགས་པའི་ གསལ་བྱེད་རྣམས་ཏེ་(རིམ་པ་ལྟར་)ཟླ་བ་དང་ཉི་མའི་བདག་ཉིད་དོ། །རྡོ་རྗེ་ལྡན་པ་དག་གིས་ ཞེས་པ་(ཟླ་བའི་དབུས་སུ་)ཧཱུྃ་ཡིག་དང་བཅས་པ་(ཡོངས་སུ་གྱུར་པ་)དག་གིས་རང་གི་སྙིང་ཁའི་པད་ མར་ཟླ་ཉི་མེ་སྟེང་དུ་འཆད་པར་འགྱུར་བའི་རིམ་པས་དཔལ་ལྡན་དུས་ཀྱི་འཁོར་ལོ་རི་བོང་ ཅན་(སྤྱི་བོར་)འཛིན་(པ་དྲག་པོ་དང་)འདོད་པ(འི་ལྷ་)མནན་པའི་གཡས་བརྐྱང་ཞབས་ནི་བསྒོམས་ 3-1-301 བྱས་ཤིང༌། (དེའི་)ཤེས་རབ་(གཙོ་མོ་དང་ཐབས་)གཙོ་བོའི་ཐུགས་ཀའི་པད་མ་ཉི་ཟླ་སྦྱར་ལྡན་ལ་ སྟེ་(ཟླ་ཉིས་)རང་རང་(སོ་སོ་ལ་འཕྲོས་པའི་)རྡོ་རྗེ་ལྕགས་ཀྱུ་ཡིས་སངས་རྒྱས་ལྷ་མོ་རྣམས་བཀུག། ཅེས་པ་སྟེ་རྡུལ་ཚོན་ལ་སངས་རྒྱས་རྣམས་(སྤྱན་དྲངས་ནས་)རོ་མཉམ་པར་བསྒོམ་པར་བྱ་ཞིང་ རྡུལ་ཚོན་གྱི་རྣམ་པས་བཀོད་དེ་ཐིག་སྐུད་ལ་ཡང་ལྷ་མོ་(སྤྱན་དྲངས་ནས་རོ་མཉམ་པར་)བསྒོམ་པར་ བྱ་ཞིང་ཐིག་སྐུད་ཀྱི་རྣམ་པས་སོ་ཞེས་པ་ངེས་པའོ། ། ༈ ད་ནི་སྔོན་གྱི་སའི་ལྷ་མོ་སྤྱན་དྲང་བ་ལ་སོགས་པ་ནས་བརྩམས་ཏེ་ཇི་སྲིད་(ལྷའི་དམིགས་ པའི་)ཏིང་ངེ་འཛིན་འདིའི་བར་གྱི་སྔགས་ཀྱི་ཆོ་ག་བརྗོད་པར་བྱ་ཞིང་(དེ་བཞིན་དུ་)ལྷའི་ཏིང་ངེ་ འཛིན་གྱིས་བདུད་ཚར་གཅད་པའི་སྔགས་དང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཡན་ ལག་(དྲུག་)དགོད་པ་དང་སྐུ་དང་གསུང་དང་ཐུགས་ཀྱི་སྦྱང་བ་བརྗོད་པར་བྱ་སྟེ་འདིར་དང་ པོར་སྒྲུབ་ཐབས་ཀྱི་ལེའུ་ལས་འཆད་པར་འགྱུར་བའི་རིམ་པས་ཁ་རྣམ་པར་དག་པ་དང་ (རིགས་དྲུག་དང་ཡན་ལག་དྲུག་དགོད་པ་དང་སྲུང་འཁོར་བསྒོམ་པའི་མཐར)། དེ་བཞིན་གཤེགས་པ་རྣམས་ མཆོད་པ་དང་སྡིག་པ་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡིད་རང་བ་དང་གསུམ་ལ་ སྐྱབས་སུ་འགྲོ་བ་དང་བདག་ཉིད་ཀྱི་དངོས་པོ་འབུལ་བ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ དང་ལམ་ལ་རྟེན་པ་བྱ་སྟེ་དེ་ནས་སྟོང་པ་ཉིད་ལ་དམིགས་པ་བྱས་ནས་ལྷ་རྫོགས་པར་བྱ་བའི་ དོན་དུ་(དང་པོར་)སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྣམ་པར་སྦྱོང་བར་བྱེད་པའི་སྔགས་ ཀྱི་ཚིག་རྣམས་སུ་འགྱུར་ཏེ། ༀ་ཨཱཿཧཱུྃ་ཧོཿ ཧྃ་ཀྵཿཔྲ་ཛྙོ་པཱ་ཡཱད་མ་ཀ་(ཤེས་རབ་ཐབས་ཀྱི་བདག་ཉིད་) ཀཱ་ཡ་བཱག་ཙིཏ་ཏ་(སྐུ་གསུང་ཐུགས་)ཛྙཱ་ནཱའ་(ཡེ་ཤེས་)དྷི་(ཀྱི་)པ་ཏེ་(མངའ་བདག་)མ་མ་ཀ་ཡ་བཱག་ཙིཏ་ ཏ་(བདག་གི་ལུས་ངག་སེམས་)ཛྙཱ་ན་བཛྲཾ་(ཡེ་ཤེས་རྡོ་རྗེ་)བཛྲཱ་མྲི་ཏ་(རྡོ་རྗེ་བདུད་རྩི་)སྭབྷཱ་ བྃ་(རང་བཞིན་དུ་)ཀུ་རུ་(མཛོད་)ཀུ་རུ་(མཛོད་)སྐན་ངྷ་(ཕུང་བོ་)དྷཱ་ཏྭཱ(ཁམས་)ཡ་ཏ་ནཾ་ནི(སྐྱེ་མཆེད་རྣམས་ནི་)ཿསྭབྷཱ་ཝ་སྭཱཧཱ(རང་བཞིན་མེད་པའི་གཞི་ཚུགས་ཤིག)། ཞེས་པའི་སྔགས་འདི་བརྗོད་ནས་གཙུག་ཏོར་ 3-1-302 གྱི་སྟེང་དུ་ཝཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཟླ་བ(དྲི་མེད་འོད་ཅེས་པ་དེ)འི་དཀྱིལ་འཁོར་ཆ་ བཅུ་དྲུག་རྫོགས་པ་སྔགས་པས་བསྒོམ་པར་བྱའོ། །དེ་ནས་( ཟླ་བ་ཞུ་བ་)དེས་གཙུག་ཏོར་ནས་ བརྩམས་ཏེ་རྐང་པའི་སེན་མོའི་མཐའ་ཇི་སྲིད་པར་རང་གི་ལུས་(མ་དག་པ་འདི་)སྦྲུལ་གྱི་ཤུན་པ་ བཞིན་དུ་ལན་གསུམ་དུ་དོར་བར་བྱའོ། །དེ་ནས་རི་བོང་མཚན་མ་ཅན་(ཟླ་བའི་མདོག་ཅན་)གྱི་ ལུས་སུ་བདག་ཉིད་བསྒོམ་པར་བྱ་སྟེ་ཞི་བ་དང་རྒྱས་པ་ལའོ། །དེ་བཞིན་དུ་དབང་དང་དགུག་ པ་ལ་རཾ་ཡིག་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་གྱིས་(སྦྲུལ་ཤུན་ལྟར་ལན་གསུམ་དོར་ནས་ལུས་) ཁ་དོག་དམར་པོར་བསྒོམ་པར་བྱའོ། །བསད་པ་དང་བསྐྲད་པ་ལ་ཡཾ་ཡིག་ཡོངས་སུ་གྱུར་པའི་ སྒྲ་གཅན་གྱི་དཀྱིལ་འཁོར་གྱིས་ནག་པོར་རོ། །རེངས་པ་དང་རྨོངས་པ་ལ་ལཾ་ཡིག་ཡོངས་སུ་ གྱུར་པའི་སྒྲ་གཅན་གྱི་མཇུག་མའི་དཀྱིལ་འཁོར་སེར་པོས་སེར་པོར་རོ། །སླར་ཡང་གསོ་བ་ ལ་ཧཾ་ཡིག་ཡོངས་སུ་གྱུར་པའི་ནམ་མཁའི་དཀྱིལ་འཁོར་ཁ་དོག་སྣ་ཚོགས་ལྗང་ཁུས་བདག་ ཉིད་ཁ་དོག་ལྗང་ཁུར་སྔགས་པས་བསྒོམ་པར་བྱའོ། །དེ་ནས་སྔགས་འདི་བརྗོད་པར་བྱ་སྟེ། ༀ་སྭ་བྷཱ་བ་ཤུད་དྷཱ(རང་བཞིན་དག་པ་རྣམས་)ཿསརྦ་དྷརྨཱའ་(ཆོས་རྣམས་ཐམས་ཅད་)སྭ་བྷཱ་བ་(རང་བཞིན་)ཤུད་ དྷཱོ་ཧཾ་(དག་པ་བདག་གོ་)ཞེས་པ་འདི་བརྗོད་དེ། ༈ དེ་ནས་དཔྲལ་བར་ༀ་དཀར་པོ་ལས་སྣང་བ་མཐའ་ཡས་དང་མགྲིན་པར་ཨཱཿདམར་ པོ་ལས་རིན་ཆེན་འབྱུང་ལྡན་དང་སྙིང་ཁར་ཧཱུྃ་ནག་པོ་ལས་དོན་ཡོད་གྲུབ་པ་དང་ལྟེ་བར་ ཧོཿསེར་པོ་ལས་རྣམ་པར་སྣང་མཛད་དང་གཙུག་ཏོར་དུ་ཧཾ་ལྗང་ཁུ་ལས་མི་བསྐྱོད་པ་དང་ གསང་བར་ཀྵཿསྔོན་པོ་ལས་རྡོ་རྗེ་སེམས་དཔའ་རྣམས་འཆད་པར་འགྱུར་བའི་ཕྱག་དང་ཁ་ དོག་དང་མཚོན་ཆ་འཛིན་པ་དགོད་པར་བྱའོ། །རྡོ་རྗེའི་ཞལ་དག་པ་དང་རིགས་དྲུག་དགོད་ པའི་ཆོ་ག་ངེས་པའོ། ། ༣ རྡོ་རྗེ་བཞི་དག་པ། 3-1-303 ༈ ད་ནི་〔རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྒྲུབ་པའི་ཆེད་དུ་〕ལག་པ་དག་པ་དང་དགོད་པའི་སྔགས་བརྗོད་ པར་བྱ་སྟེ། ༀ་ཧྲཿསརྦཱའ་སྟྲ་རཱའ་ཛ་(ཐམས་ཅད་མཚོན་ཆའི་རྒྱལ་པོ་)མཱའ་ར་ཀླེ་ཤཱན་ཏ་ཀ་ར་(བདུད་དང་ ཉོན་མོངས་པ་མཐར་བྱེད་པ་)བཛྲ་ཏཱི་ཀྵྞ་དུ(རྡོ་རྗེ་རྣོན་པོ་)ཿ ཁཙྪེ་ད་(སྡུག་བསྔལ་གཅོད་)མ་མ་ཀ་རཾ་བི་ཤོ་ངྷ་ཡ་ (བདག་གི་ལག་པ་རྣམ་པར་སྦྱོངས་)སྭཱཧཱ། སྔགས་འདིས་ཕན་ཚུན་དུ་ལག་པས་ལག་པ་མཉེ་བར་བྱའོ། ། ལག་པ་བཀྲུ་བའི་སྔགས་སོ། །དེ་ནས་(སྔགས་འགོད་པ་ནི་)སྔོན་དུ་གསུངས་པའི་རིམ་པས་ཨ་ ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཞེས་པ་ཨ་ཡིག་ལ་སོགས་པ་ནས་ ལ་ཡིག་གི་མཐར་ཐུག་པ་དབྱངས་བཅོ་ལྔ་པོ་རྣམས་(གཡོན་གྱི་)མཐེ་ཆུང་གི་རྩ་བའི་ཚིགས་(དང་ དབུས་མའི་ཚིགས་)ལ་སོགས་པ་ལག་པ་གཡོན་པའི་སོར་མོའི་ཚིགས་ཀྱི་མཚམས་〔བཅོ་ལྔ་〕རྣམས་ ལ་དགོད་པར་བྱའོ། །ལག་པ་གཡས་པའི་མཐེ་བོ་རྒན་པོའི་རྩེ་མོའི་ཚིགས་ནས་བརྩམས་ ཏེ་མཐེ་ཆུང་གི་རྩ་བའི་ཚིགས་གསུམ་པའི་བར་དུ་ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཞེས་པ་ལཱ་ཡིག་ལ་སོགས་པ་རྣམས་ས་ལ་སོགས་པའི་རིམ་ པས་དགོད་པར་བྱའོ། །དེ་ནས་ལག་པ་ཡང་དག་པར་སྦྱར་བའི་(གཡོན་གྱི་)ཟླ་བ་(དབྱངས་ཐུང་ངུ་ བཅོ་ལྔ་)དང་(གཡས་)ཉི་མ་〔དབྱངས་རིང་པོ་བཅོ་ལྔ་〕དག་གི་དབུས་སུུ་(སྒྲ་གཅན་གྱི་ས་བོན་)ཧུཾ་ཡིག་ཁ་དོག་ མཐོན་མཐིང་བསྒོམས་ཏེ། དེ་ནས་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་ས་བོན་དེ་རྣམས་ཀྱིས་ འཆད་པར་འགྱུར་བ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིང་བར་བྱ་སྟེ་དེས་གཙུག་ཏོར་ནས་བརྩམས་ ནས་རྐང་པའི་མཐའ་སོར་མོའི་སེན་མོའི་མཐར་ཐུག་པར་བདག་ཉིད་ལ་ཡང་དག་པར་རེག་ པར་བྱའོ། །དེ་ནས་སྔགས་འདི་བརྗོད་པར་བྱ་སྟེ། ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ(རྡོ་རྗེ་དྲུག་གི་ས་བོན་)ཀཱ་ཡ་ བཱཀ་ཙིཏ་ཏ་(སྐུ་གསུང་ཐུགས་)ཛྙཱ་ནཱ་(ཡེ་ཤེས་)དྷི་བ་ཏེ་(མངའ་བདག་)བཛྲ་ཀཱ་ཡ་(རྡོ་རྗེའི་སྐུུ་)མ་མ་(བདག་ གི་)ཀཱ་ཡ་བཱཀ་ཙིཏ་ཏ་(ལུས་ངག་སེམས་)ཛྙཱ་ན་(ཡེ་ཤེས་)བཛྲཾ་(རྡོ་རྗེ་)བཛྲ་ཀཱ་ཡ་སྭ་བྷཱ་བ་(རྡོ་རྗེའི་སྐུའི་ རང་བཞིན་དུ་)ཀུ་རུ་ཀུ་རུ་(མཛོད་མཛོད)སྭཱཧཱ། དེ་ནས་ང་རྒྱལ་ནི་ༀ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་ 3-1-304 པ་ཐམས་ཅད་ཀྱི་)བཛྲ་ཀཱ་ཡ་སྭ་བྷཱ་བ་ཨཱད་མ་(རྡོ་རྗེའི་སྐུའི་རང་བཞིན་གྱི་བདག་ཉིད་ཅན)ཀོ་ཧཾ་ཞེས་པ་སྟེ་སྐུ་ དང་གསུང་དང་ཐུགས་དང་ཡེ་ཤེས་རྣམ་པར་དག་པའོ། ། ༈ དེ་ལྟར་རིགས་དྲུག་དགོད་པར་བྱས་ནས་ཕྱི་ནས་ཡན་ལག་དྲུག་དགོད་པར་བྱ་སྟེ་ ལག་པ་གཉིས་ཁ་སྦྱར་བ་བྱས་ནས་མཐེ་བོ་ཟུང་གིས་སྙིང་ཁར་(རེག་ཅིང་)ༀ་ཧླཱྀ ཾ་ ཧྲྀ་ད་ཡཱ་ཡ་ན་མཿ(སྙིང་ཁ་ལ)མགོ་བོར་ༀ་ཧྲཱུྃ་སི་ར་སེ་(མགོ་བོ་ལ)སྭཱཧཱ། གཙུག་ཏོར་ལ་ༀ་ཧྲྀཾ་ ཤི་ཁཱ་ཡཻ་བཽ་ཥཊ(གཙུག་ཏོར་ལ)། ཡན་ལག་ཐམས་ཅད་ལ་ༀ་ཧྲིཾ་ཀ་བ་ཙཱ་ཡ་ཧཱུྃ་(གོ་ཆའི་ཆེད་དུུ་)ལག་ པ་གཉི་གས་ཡན་ལག་ཐམས་ཅད་ལ་རེག་པར་བྱའོ། །(མིག་ལ་)ༀ་ཧྲཱཾ་ནེ་དྲཱ་ཡ་ཝ་ཥཊ་མིག་ལའོ། ། ༀ་ཧྲཱཿཨསྟྲཱ་ཡ་ཕཊ(མཚོན་ཆ་ལ)། དགེ་བ་ལ་གཡོན་པ་དང་མི་དགེ་བ་ལ་གཡས་པའི་མཛུབ་མོ་ དང་མཐེ་བོའི་སེ་གོལ་གྱི་ཕྱོགས་ཐམས་ཅད་དུ་མཚོན་ཆ་དགོད་པར་བྱའོ། །དེ་ནས་ༀ་སརྦ་ཏ་ ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་)ཧྲི་ད་ཡ་(སྙིང་ཁ་)སི་རཿ(མགོ་བོ)ཤི་ཁཱ་(གཙུག་ཏོར)ཀ་བ་ཙ་〔གོ་ ཆ་〕ནེ་ཏྲ་(སྤྱན་)ཨསྟྲ་(མཚོན་ཆ་སྟེ་)བཛྲ་ཥ་ཊཾ་ག་སྭ་བྷཱ་བ་ཨཱད་མ་ཀོ་ཧཾ(རྡོ་རྗེ་ཡན་ལག་དྲུག་གི་རང་བཞིན་གྱི་ བདག་ཉིད་ངའོ)། ཞེས་པ་སྟེ་ཡན་ལག་དྲུག་དགོད་པའི་ཆོ་གའོ། །ས་ལ་སོགས་པ་(ཡེ་ཤེས་ཀྱི་མཐར་ ཐུག་པའི་)ཡན་ལག་དྲུག་(དགོད་པ་)ནི་(སྒྲུབ་ལེའི་ཚིགས་བཅད་ཉིས་བརྒྱ་སོ་གཅིག་པར། མགོ་དང་མགྲིན་པ། སྙིང་ཁ་ ལྟེ་གསང་གཙུག་ཏོར་དུ་ནི་རང་གི་རྡོ་རྗེ་རྣམས་ཀྱི་ཡན་ལག་དགོད་ཅེས་)དགོངས་པའི་(སྔར་གྱི་འགོད་ཚུལ་ལས་)སྐད་ ཀྱི་ཚུལ་(བཤད་མ་ཐག་པ་)གཞན་(གྱི་དགོད་པ་)ཡང་(བྱ་)སྟེ་(འདི་ལྟར་)སྙིང་ཁ(འི་ཧླཱྀ ཾ)ནི་(ས་ཡིན་པས་)ལྟེ་བ(ལ)འོ། །དེ་བཞིན་དུ་(མགོ་བོའི་ཧཱུཾ་ནི་)སྙིང་ཁ་དང་(གཙུག་ཏོར་གྱི་ཧྲྼཱྀ ཾ་ནི་)མགྲིན་པ་དང་ (ཡན་ལག་ཐམས་ཅད་ཀྱི་ཧྲཱིཾ་ནི་རླུང་ཡིན་པས)དཔྲལ་བ་དང་(མིག་དག་གི་ཧྲཱཾ་ནི་ནམ་མཁའ་ཡིན་པས་)གཙུག་ཏོར་ (དང་)ལ་སོགས་པ(འི་སྒྲས་མཚོན་ཆའི་ཧྲཱཿནི་ཡེ་ཤེས་ཡིན་པས་གསང་གནས་ལ་)སྟེ་(དེ་ལྟར་བསྟན་པའི་)མགོ་བོ་ (དང་)ལ་སོགས་པ(གཙུག་ཏོར་དང་ཡན་ལག་ཐམས་ཅད་དང་མིག་དང་མཚོན་ཆ་རྣམས་ཀྱི)ས་(སྙིང་ཁ་ལ་སོགས་ པ་གསང་གནས་ཀྱི་མཐར་ཐུག་པ་ལ་ཡན་ལག་དྲུག་དགོད་པ་)གཟུང་བར་བྱའོ(འདིར་ཁ་ཅིག་ 3-1-305 སྔར་འགྲེལ་པར་གསུངས་པ་དེ། དགོངས་པ་ཅན་དུ་འདོད་པ་ནི་མི་རིགས་ཏེ་རྒྱུད་དུ་དགོངས་པ་ཅན་དུ་བྱུང་ནའང༌། འགྲེལ་པ་ དགོངས་པ་ཅན་དུ་འཆད་པར་རིགས་ཀྱི་འགྲེལ་བས་འགྲེལ་པ་ཉིད་དགོངས་པ་ཅན་དུ་སྟོན་པ་མི་རིགས་སོ། །ཡན་ལག་དྲུག་ འགོད་ཚུལ་སྔ་མ་དགོངས་པ་ཅན་མ་ཡིན་པ་ནི་འོག་ནས་ཀྱང་གསལ་བར་འབྱུང་ངོ་)། ། ༈ དེ་ནས་སྔགས་འདིས་སྔར་བརྗོད་པའི་སྲུང་བའི་འཁོར་ལོ་བྱ་སྟེ་ༀ་ཨཱཿཧཱུྃ་ར་(རྡོ་རྗེ་བཞིའི་ ས་བོན)བཛྲ་ཙན་ཏྲ་(རྡོ་རྗེ་ཟླ་བ་)སཱུརྱ་(ཉི་མ་)རཱ་ཧུ་ཀཱ་ལ་(སྒྲ་གཅན་)ཨག་ན་ཡཿ(དུས་མེ་)ཀཱ་ཡ་བཱག་ཙིཏ་ ཏ་(སྐུ་གསུང་ཐུགས)ཛྙཱ་ན་བཛྲ་(ཡེ་ཤེས་རྡོ་རྗེ་)པྲཱཀཱ་རཱན་(ར་བ་རྣམས་)ཀུ་རུ་(མཛོད་ཅིག)ཀུ་རུུ་སྭཱཧཱ། ཞེས་ པ་ར་བའི་སྔགས་སོ། །ༀ་ཧཱུྃ་(རྡོ་རྗེའི་ས་བོན་ནི་)བི་ཤ་ཀཱ་ཡ་བཛྲཾ་(སྣ་ཚོགས་སྐུ་རྡོ་རྗེ་)བཛྲ་ཀཱུ་ཊཱ་གཱ་རཾ་ (རྡོ་རྗེའི་ཁང་བ་བརྩེགས་པ)ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་ནི་ཁང་པ་བརྩེགས་པའི་སྔགས་སོ། །ༀ་ཧཱྃ་ ཡཱྃ་རཱྃ་ཝཱྃ་ལཱྃ་(འབྱུང་བ་ལྔའི་ས་བོན་)བཛྲ་(རྡོ་རྗེ་)ཀཱ་ཤ་(ནམ་མཁའ་)བཱ་ཡུ་(རླུང་)ཏེ་ཛ་(མེ་)ཨུ་ད་ཀ(ཆུ་)པྲི་ ཐྺ ི་(ས་)བཛྲ་སྭ་བྷཱ་བ་(རྡོ་རྗེ་རང་བཞིན་)པཉྩ་དྷཱ་ཏ་བོ་(ཁམས་ལྔ་པོ་)བཛྲ་མཎ་ཌ་ལཱ་(རྡོ་རྗེའི་དཀྱིལ་འཁོར་ རྣམས་)ནི་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་ནི་འོག་ཏུ་དཀྱིལ་འཁོར་དགོད་པའི་(སྲུང་འཁོར་ལ་ལྷ་ཡབ་རྐྱང་ པ་རྣམས་བསྒོམས་པས་ན་)སྔགས་སོ། །ཐབས་ཀྱི་རྒྱུད་ལ་(དཀྱིལ་འཁོར་ལྔ་པོ་)འདི་ཉིད་ཀྱིས་ཁང་པ་ བརྩེགས་པ་ལ་སོགས་པ་བྱ་སྟེ་(སྲུང་འཁོར་གྱི་སྐབས་)འདིར་ལྷུན་པོའི་སྟེང་དུ་དཀྱིལ་འཁོར་དུ་མི་ འགྱུར་རོ(འདིས་ནི་སྒྲུབ་ཐབས་དངོས་པའི་སྐབས་སུ་ལྷུན་པོ་ཉིད་ཀྱི་སྟེང་དུ་)། །ༀ་པཾ་(པད་མའི་ས་བོན)བི་ཤྭ་བཛྲ་ པད་མཾ་(རྡོ་རྗེ་སྣ་ཚོགས་པད་མ་)ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་ནི་པད་མའི་སྔགས་སོ། །ༀ་རཿབཛྲ་(རྡོ་རྗེ་ ཉི་མའི་ས་བོན)སཱུ་རྱ་(རྡོ་རྗེ་ཉི་མ)ས་ནཾ(རྡོ་རྗེ་ཉི་མའི་གདན་ནི་)ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་ནི་ཉི་མའི་གདན་ གྱི་སྔགས་སོ། །དེ་ནས་དའི་སྟེང་དུ་(བདག་ཉིད་ལ་ཁྲོ་བོའི་དབང་པོ་ཡེ་ཤེས་པ་གདོད་མ་ཉིད་ནས་བཞུགས་པའི་)རྒྱུད་ལ་ལྷག་པར་མོས་པས་བདག་ཉིད་ཁྲོ་བོའི་དབང་པོར་བསྒོམ་པར་བྱ་སྟེ་ༀ་ཧཱུྃ་(ཁྲོ་བོའི་ས་ བོན་)ཀྲོ་ངྷེ་ན་ཏྲོ་ཧཾ་(ཁྲོ་བོའི་དབང་པོ་)ཀྲོ་ངྷཱ་ནཱཾ་(ཁྲོ་བོ་རྣམས་)ཨཱ་ཛྙཱ་དཱ་ཡ་ཀཱའ་(བཀའ་བསྒོ་བ་པོ་)སྭཱཧཱ། དེ་ ནས་རང་རང་གི་སྔགས་ཀྱི་ཚིག་གིས་ཁྲོ་བོ་རྣམས་ལ་བཀའ་བསྒོ་བར་བྱ་སྟེ། ༀ་ཧཾ་བཛྲ་ཀྲོ་ངྷ་ 3-1-306 རཱ་ཛ་(ཁྲོ་བོའི་རྒྱལ་པོ་)མ་ཧཱ་ཨཱུཥྞཱི་ཥ་(གཙུག་ཏོར་ཆེན་པོ་)ཨཱུར་ངྷ་དི་ཤི་(སྟེང་གི་ཕྱོགས་)རཀྵཾ་(བསྲུང་བར་)ཀུ་ རུ་ཀུ་རུ་སྭཱཧཱ། ༀ་ཡཾ་བཛྲ་ཀྲོ་དྷ་རཱ་ཛ་(ཁྲོ་བོའི་རྒྱལ་པོ་)ཨཱ་ཏི་བ་ལ་(ཤིན་ཏུ་སྟོབས་)སརྦ་(ཐམས་ཅད་)བིགནྣཱ་ཏ་ཀ་(བགེགས་མཐར་བྱེད་པ་)པཱུརྦ་(ཤར་)དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་རཾ་བཛྲ་ཀྲོ་ངྷ་རཱ་ ཛ་(ཁྲོ་བོའི་རྒྱལ་པོ་)ཛཾ་བྷ་ཀཱ་(རྨུགས་བྱེད་)དུཥྚ་(གདུག་པའི་)པྲ་ཛྙཱན་ཏ་ཀ་(ཤེས་རབ་མཐར་བྱེད་པ་)དཀྵི་ཎ་ (ལྷོའི་)དི་ཤི་རཱ་ཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཝཾ་བཛྲ་ཀྲོ་ངྷ་རཱ་ཛ་(ཁྲོ་བོའི་རྒྱལ་པོ་)མཱ་ན་ཀ་(ང་རྒྱལ་གྱི་)བི་རཱ་ ཀ་པད་མཱན་ཏ་ཀ་(རྣམ་པར་ཆགས་པའི་པད་མ་མཐར་བྱེད་)ཨུད་ཏ་ར་(བྱང་)དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ལཾ་བཛྲ་ཀྲོ་ངྷ་རཱ་ཛ་(ཁྲོ་བོའི་རྒྱལ་པོ་)སྟམ་བྷ་ཀ་(རེངས་བྱེད་)ཡ་མཱན་ཏ་ཀ་(གཤིན་རྗེ་མཐར་བྱེད་)པ་ཤྩི་ མ་(ནུབ་)དི་ཤི་རཱཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། (དེ་ལྟར་ལུས་ཀྱི་དབང་རྣམས་ཕྱོགས་རྣམས་ཐུང་ངུ་ཐིག་ལེ་བརྒྱན་པ་སྤྲོ་བའི་ རིམ་པས་བཀོད་ལ)དེ་ནས་བསམ་པའི་དབང་གིས་ཕྱོགས་བྲལ་རྣམས་སུ་ཡི་གེ་རིང་པོ་(རྣམ་བཅད་ ཀྱིས་བརྒྱན་པ་)རྣམས་སྡུད་པའི་རིམ་པས་གཟུང་བར་བྱ་སྟེ་ༀ་ལཱཿབཛྲ་ཀྲོ་དྷ་རཱ་ཛ་(ཁྲོ་བོའི་རྒྱལ་པོ་)མ་ ཧཱ་བ་ལ་(སྟོབས་པོ་ཆེ་)བཱ་ཡ་བྱཱཾ་(རླུང་གི་)དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཝཱཿབཛྲ་ཀྲོ་ངྷ་རཱ་ཛཱ་(ཁྲོ་བོའི་ རྒྱལ་པོ་)ཨ་ཙ་ལ་(མི་གཡོ་བ་)ཨཱི་ཤཱ་ན་(དབང་ལྡན་གྱི་)དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་རཱཿབཛྲ་ཀྲོ་ངྷ་ར་ ཛ་(ཁྲོ་བོའི་རྒྱལ་པོ་)ཊཀ་ཀི་(འདོད་པ་)ནཻ་ཪྼྀ་ཏྱཾ་(བདེན་བྲལ་གྱི་)དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ ཡཱཿབཛྲ་ཀྲོ་དྷ་རཱ་ཛ་(ཁྲོ་བོའི་རྒྱལ་པོ་)ནི་ལ་དཎ་ཌ་(དབྱུག་སྔོན་ཅན་)ཨཱག་ནེ་ཡྻཾ་(མེའི་)དི་ཤི་རཀྵཱཾ་ཀུ་རུ་ ཀུ་རུ་སྭཱཧཱ། ༀ་ཧཱཿབཛྲ་ཀྲོ་ངྷ་རཱ་ཛ་(ཁྲོ་བོའི་རྒྱལ་པོ)སུཾ་བྷ་(གནོད་མཛེས་)ཨ་དྷོ་(འོག་གི་)དི་ཤི་རཀྵཱཾ་ཀུ་རུ་ ཀུ་རུ་སྭཱཧཱ། དེ་ལྟར་སྔགས་ཀྱི་ཚིག་(འདི་)རྣམས་ཀྱིས་ཁྲོ་བོའི་རྒྱལ་པོ་རྣམས་སྔགས་པས་རྒྱུད་ ལས་གསུངས་པའི་སྒྲུབ་ཐབས་ཀྱི་ཆོ་གས་བསྒོམ་པར་བྱའོ། །དེ་ནས་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་)རཀྵཱ་ཙཀྲ་སྭ་བྷ་ཝ་(སྲུང་བའི་འཁོར་ལོའི་)ཨཱད་མ་ཀོ་ཧཾ་(རང་བཞིན་གྱི་བདག་ཉིད་) ཞེས་བརྗོད་དེ་ང་རྒྱལ་གཟུང་བར་བྱའོ། །བསྲུང་བའི་འཁོར་ལོའི་ངེས་པའོ(འདིར་སྲུང་འཁོར་ལ་ཡེ་ ཤེས་པ་དགུག་གཞུག་སོགས་དང༌། དབང་བསྐུར་ནི་བྱ་མི་དགོས་ཏེ་དེ་དག་བྱ་བར་མ་གསུངས་ཤིང་རྒྱུད་ལ་ལྷག་པར་མོས་པས་ 3-1-307 ང་རྒྱལ་བསྐྱེད་པའི་ཕྱིར་རོ)། ། ༈ དེ་ནས་རང་གི་སྙིང་ཁར་པཾ་ཡིག་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པད་མ(འམ་ཡང་ན་ སྒྲུབ་ལེར་འཆད་པ་ལྟར་པད་མ་དམར་པོ་)སྟེ་(ལས་སྣ་ཚོགས་བསྒྲུབ་པའམ་ལྷ་དགུག་པའི་དབང་གིས་སོ། །པད་མ་)དེའི་ ལྟེ་བའི་སྟེང་དུ་ཨཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ལྷ་ལ་ ལྷག་པར་མོས་པའི་དབང་གིས་ཡེ་ཤེས་ཀྱི་ས་བོན་ནོ། །(ས་བོན་)དེ་ལས་རྡོ་རྗེ་ཉི་མ་(སྣང་བ་ཆེ་) བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་(གཤེགས་བཞུད་མེད་ཀྱང་ནམ་མཁའ་ལྟར་ཀུན་ཁྱབ་ཏུ་བཞུགས་ པའི་ཕྱིར་གཞན་སྤྱན་དྲང་མི་དགོས་ཀྱང་)རབ་ཏུ་སད་པར་(རམ་རབ་ཏུ་རྟོགས་པར)བྱེད་པའི་འོད་ཟེར་རྣམས་ ནམ་མཁའི་ཁམས་སུ་སྤྲོ་བར་བྱའོ། །དེ་ནས་(འོད་ཟེར་)དེ་རྣམས་ཕྱིར་ལོག་སྟེ་རང་གི་སྙིང་ཁའི་ ཡེ་ཤེས་ཀྱི་ས་བོན་ལ་ཞུགས་ནས་ནམ་མཁའི་ཁམས་སུ་དཀྱིལ་འཁོར་གྱི་རྣམ་པར་སྤྲོས་པའི་ སངས་རྒྱས་རྣམས་མཆོད་པའི་དོན་དུ་དྲི་མ་དང་ཕྲེང་བ་མ་ལ་སོགས་པ་རྣམས་རང་རང་གི་ཡེ་ ཤེས་ཀྱི་ས་བོན་ལས་སྤྲོ་བར་བྱའོ། །ༀ་ཙྪྫྫྙྙ་བཛྲ་གན་དྷེ་(རྡོ་རྗེ་དྲི་མ་)གན་དྷ་ཨར་ཙྩ་ནཾ་ཀུ་རུ་ཀུ་རུུ་ (དྲིའི་མཆོད་པ་མཛོད་མཛོད)སྭཱཧཱ། ༀ་ཙྪྫྫྙྙཱ་བཛྲ་མཱ་ལེ་(རྡོ་རྗེ་ཕྲེང་བ་མ་)མཱ་ལ་ཨར་ཙྩ་ནཾ་(ཕྲེང་བའི་མཆོད་པ) ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཊྛྜྜྷྞ་བཛྲ་དྷཱུ་པེ་(རྡོ་རྗེ་བདུག་སྤོས་མ་)ངྷཱུ་པ་ཨར་ཙྩ་ནཾ་(བདུག་སྤོས་ཀྱི་མཆོད་པ)ཀུ་རུ་ཀུ་ རུ་སྭཱཧཱ། ༀ་ཊྛྜྜྷྞཱ་བཛྲ་པྲ་དཱི་པེ་(རྡོ་རྗེ་སྒྲོན་མེ་)པྲ་དཱི་པ་(སྒྲོན་མེའི)ཨར་ཙྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་པྥྦྦྷྨ་བཛྲ་ ཨམྲྀ་ཏེ་ནཻ་(རྡོ་རྗེ་བདུད་རྩི་མ)བེ་ཏྱ་(ཞལ་ཟས་ཀྱི་)ཨར་ཙྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་པྥྦྦྷྨཱ་བཛྲ་ཨཀྵ་ཏེ་ (རྡོ་རྗེ་མ་ཉམས་མ་)ཨཀྵཏ་(མ་ཉམས་པ་)ཕ་ལ་(འབྲས་བུའི་)ཨར་ཙྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཏྠྡྡྷྣབཛྲ་ལཱ་སྱེ་ (རྡོ་རྗེ་སྒེག་མ་)བསྟྲ(གོས་)ཨཱ་བྷ་ར་ཎ་(རྒྱན་གྱི་)པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཏྠྡྡྷྣཱ་བཛྲ་ཧཱའ་སྱེ་(རྡོ་རྗེ་བཞད་ མ་)གན་ཌཱ་(དྲིལ་བུ་)ཨ་དར་ཤ་(མེ་ལོང་གི་)པཱུའུ་ཛཱཾ་〔མཆོད་པ་〕ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཀྑྒྒྷྔ་བཛྲ་བཱ་ཏྱེ་(རྡོ་རྗེ་ སིལ་སྙན་མ་)བཱ་ཏྱ་(སིལ་སྙན་གྱི་)པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཀྑྒྒྷྔཱ་བཛྲ་ནྲྀ་ཏྱེ་ནྲྀ་ཏྱ་(རྡོ་རྗེ་གར་མ་གར་ གྱི་)པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་སྐྤྵྴྐྛ་བཛྲ་གཱི་ཏེ་གཱི་ཏ་(རྡོ་རྗེ་གླུ་མ་གླུའི་)པཱུའུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ 3-1-308 སྐྤྵྴྐཋཱ་བཛྲ་ཀཱ་མེ་(རྡོ་རྗེ་འདོད་མ་)སརྦ་(ཐམས་ཅད་)བུད་ངྷ་བོ་ངྷི་སཏྭ་ནཱཾ་(སངས་རྒྱས་བྱང་ཆུབ་སེམས་དཔའ་ རྣམས་དང་)ཀྲོདྷ་དཱི་ནཱཾ་(ཁྲོ་བོ་ལ་སོགས་པ་རྣམས་ཀྱི་)བཛྲ་སུ་ར་ཏ་(རྡོ་རྗེ་ཤིན་ཏུ་དགའ་བའི་)པཱུ་ཛྲཱཾ་ཀུ་རུ་ཀུ་རུ་ སྭཱཧཱ། ཞེས་པ་ལྷ་མོའི་སྔགས་ཀྱི་ཚིག་འདི་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་རྣམས་ལ་ ཡིད་ཀྱི་རང་བཞིན་གྱི་མཆོད་པ་བྱས་ནས་དེ་བཞིན་དུ་ཕྱག་འཚལ་བའི་མཆོད་པའོ། །དེ་ནས་ རྒྱུད་ལས་གསུངས་པའི་ཆོ་གས་སྡིག་པ་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡིད་རང་ བ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བདག་ཉིད་ཀྱི་དངོས་པོ་དབུལ་བ་དང་ བྱང་ཆུབ་ཀྱི་སེམས་བསྐྱེད་པ་བྱའོ། །ཞེས་པ་ནི་རྣམ་པ་བདུན་གྱི་མཆོད་པའི་ཆོ་གའོ། ། ༈ དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་དང་ཐིག་ལེའི་རྣལ་འབྱོར་དང་ཕྲ་ མོའི་རྣལ་འབྱོར་རྣམས་སྔགས་པས་བྱའོ། ། ༈ དེ་ནས་(དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་ཉིད་ལ་གདོད་མ་ཉིད་ནས་བཞུགས་པའི་)རྒྱུད་ལ་ལྷག་པར་ མོས་པའི་དབང་གིས་འདོད་པའི་ལྷའི་ང་རྒྱལ་བྱ་སྟེ། ༀ་སརྦ་ཏ་ཐཱ་ག་ཏཱ་དྷི་པ་ཏི་(དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་མངའ་བདག་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)ཧཾ་དུར་དཱན་ཏ་ད་མ་ཀ་(གདུལ་དཀའ་འདུལ་བ་པོ་)ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ཞེས་པ་འདིས་བདག་ཉིད་བྱིན་གྱིས་བརླབ་པར་བྱ་སྟེ་ལྷའི་ང་རྒྱལ་གྱི་ ངེས་པའོ། ། ༈ དེ་ལྟར་ལྷའི་ང་རྒྱལ་བསྐྱེད་དེ་དེ་ནས་ས་ཡོངས་སུ་བཟུང་བ་དང་སློབ་མ་བསྡུ་བར་ བྱའོ། །དང་པོར་ཡུལ་དང་གྲོང་དང་ཞིང་གི་བདག་པོའི་གཏོར་མ་སྔགས་ཀྱི་ཚིག་འདི་དག་ གིས་སྦྱངས་ནས་སྦྱིན་པར་བྱའོ། །ༀ་ༀ་བཛྲ་ཙན་ཏྲ་(རྡོ་རྗེ་ཟླ་བ་)སརྦ་ངྷརྨ་སུ་བི་ཤུད་དྷ་སྭབྷཱ་བ་ (ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་)སརྦ་དྷརྨཱན་བི་ཤོ་ངྷ་ཡ་(ཆོས་ཐམས་ཅད་རྣམ་པར་སྦྱོངས་) སྭཱཧཱ། ༀ་ཨཱཿ་བཛྲ་སཱུརྱ་(རྡོ་རྗེ་ཉི་མ་)སརྦ་དྷརྨ་པྲ་བོ་དྷ་ཀ་(ཆོས་ཐམས་ཅད་རབ་ཏུ་རྒྱས་པར་བྱེད་པ་)སརྦ་ དྷརྨཱན་པྲ་བོ་དྷ་ཡ་(ཆོས་ཐམས་ཅད་རབ་ཏུ་རྒྱས་པར་མཛོད་)སྭཱཧཱ། ༀ་ཧཱུྃ་བཛྲཱ་ནཱ་ལ་(རྡོ་རྗེ་མེ་)སརྦ་དྷརྨྨ་པྲ་ཏཱི་ 3-1-309 བ་ཀ་(ཆོས་ཐམས་ཅད་རབ་ཏུ་འབར་བར་བྱེད་པ་)སརྦ་དྷརྨཱན་པྲ་དཱི་བ་ཡ་(ཆོས་ཐམས་ཅད་རབ་ཏུ་འབར་བར་མཛོད་)སྭཱཧཱ། ༀ་ཧོ་སརྦ་དྷརྨྨ་བཛྲ་མྲྀ་ཏ་ཀ་ར་(ཆོས་ཐམས་ཅད་བདུད་རྩིར་བྱེད་པ་)སརྦ་དྷརྨཱན་བཛྲཱ་མྲྀ་ ཏཾ་ཀུ་རུ་ཀུ་རུ་(ཆོས་ཐམས་ཅད་རྡོ་རྗེ་བདུད་རྩིར་མཛོད་མཛོད)སྭཱཧཱ། སྔགས་ཀྱི་ཚིག་འདི་རྣམས་ཀྱི་གོ་རིམ་ བཞིན་དུ་ལག་པ་གཡོན་པ(བསྟན་ན)ས་(གཏོར་མའི་དྲི་མ་)སྦྱང་བར་བྱའོ། །ལག་པ་གཡས་པ(བསྟན་ ན)ས་(མང་པོར་སྤེལ་ཞིང་)རྒྱས་པར་བྱའོ། །(གཉིས་ཀ་)ཡང་དག་པར་རེག་སྟེ་སྙིམ་པས་བཀབ་ནས་ (བཞུ་བའི་དོན་དུ་)རབ་ཏུ་འབར་བར་བྱའོ། །རྡོ་རྗེ་མཁའ་ལྡིང་གི་ཕྱག་རྒྱས་རྡོ་རྗེ་བདུད་རྩིར་(ཞུ་ བར་)བྱས་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་ཡུལ་གྱི་བདག་པོ་སྤྱན་ དྲང་བར་བྱ་ཞིང་ཁྱིའི་ཕྱག་རྒྱས་གྲོང་ན་གནས་པའི་བདག་པོ་རྣམས་དང་རྩེ་ལྔ་པའི་ཕྱག་རྒྱས་ ཁྲོ་བོའི་རྒྱལ་པོ་རྣམས་དང་གྲི་གུག་གི་ཕྱག་རྒྱས་ཟད་པར་རྣམས་དང་རལ་གྲིའི་ཕྱག་རྒྱས་ལྷ་ རྣམས་དང་རིན་པོ་ཆེའི་ཕྱག་རྒྱས་གཟའ་རྣམས་དང་པད་མའི་ཕྱག་རྒྱས་ཀླུ་རྣམས་དང་འཁོར་ ལོའི་(ཕྱག་རྒྱས་ཡི་དྭགས་)རྣམས་སྤྱན་དྲང་བར་བྱ་སྟེ་དེ་ནས་(འབུལ་བ་ནི་)ༀ་ཨཱཿཧཱུྃ་ཆེ་གེ་མོ་ཨཱ་གཙྪ་ (བྱོན་)ཨཱ་གཙྪ་(བྱོན་)ཤཱིགྷྲཾ་(མྱུར་དུ་)ཨཾ་དཾ་(འདི་)བ་ལིཾ་(གཏོར་མ་)གྲྀཧྣ་(ཟུང་)གྲྀ་ཧྣ་(ཟུང་)བྷུཀ་ ཏྭཱ་(གསོལ་ཞིང་)བི་ཏྭཱ(འཐུངས་ཏེ་)ཏྲིབ་ཏིཾ་(ཚིམ་པར་)ཀྲི་ཏྭཱ་(བྱས་ནས་)སརྦ་སཏྭ་ནཱཾ་(སེམས་ཅན་ཐམས་ཅད་)ཤཱན་ཏི་ཙིཏ་ཏཾ་ཀྲྀ་ཏྭཱ་ཨ་པ་ར་སྠཱ་ནཾ་(གཞན་གྱི་གནས་སུ་)གཙྪ་(སོང་)གཙྪ(སོང་)སྭཱཧཱ། (ཞེས་པ་) ས་(ཚིགས་བཅད་དུ་བསྡེབ་ན། ༀ་ཨཱཿཧཱུྃ་ནས་ཆེ་གེ་མོ། །བྱོན་བྱོན་མྱུར་དུ་གཏོར་མ་ནི། །ཟུང་ཟུང་ཚིམ་ཞིང་གསོལ་བྱས་ནས། ། སེམས་ཅན་ཀུན་ལ་ཞི་བའི་སེམས། །བྱས་ནས་གནས་གཞན་སོང་སོང་ཅིག་)ཡོངས་སུ་གཟུང་བའི་དུས་སུའོ། ། (དེ་ལས་)གཞན་གྱི་དུས་སུ་ནི་(ཨ་པ་ར་སྠཱ་ནཾ་ཞེས་པ་དོར་ནས་)སྭ་སྠཱ་ནཾ་(རང་གི་གནས་སུ་)གཙྪ་(སོང་)ཞེས་ བརྗོད་པར་བྱའོ། །དེ་ལྟར་ཐམས་ཅད་ཀྱི་གཏོར་མ་སོ་སོའི་ཕྱོགས་ཀྱི་ཆར་སྔར་བརྗོད་པའི་ཆོ་ གས་གཤེགས་སུ་གསོལ་བར་བྱ་སྟེ། གཏོར་མའི་ཆོ་གའོ། ། ༈ དེ་ནས་རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་ལཱྃ་ཡིག་ཡོངས་སུ་གྱུར་པ་ལས་ 3-1-310 འཁོར་ལོ་སེར་པོ་བསྒོམ་པར་བྱ་སྟེ་དེ་ཡོངས་སུ་གྱུར་པ་ལས་སའི་ལྷ་མོ་ཞལ་གསུམ་ཕྱག་ དྲུག་མ་(སྤྱན་མ་ལྟ་བུ་)གཡས་པ་(གསུམ་)ན་འཁོར་ལོ་དང་དབྱུག་པ་དང་རྡོ་རྗེ་འཛིན་ཅིང་གཡོན་ པ་(གསུམ་)ན་དུང་དང་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་འཛིན་མ་ཁ་དོག་སེར་མོ་གོས་སེར་པོ་ དང་རིན་པོ་ཆེའི་རྒྱན་སེར་པོ་དང་ལྡན་པ་བསྒོམ་པར་བྱའོ། །དེ་ནས་འཆད་པར་འགྱུར་བའི་ རིམ་པས་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་གཅིག་ཏུ་བྱས་ཏེ་དེ་ནས་ཕྱི་རོལ་ ཏུ་(རང་རང་གི་མདུན་དུ་དཀྱིལ་འཁོར་གྱི་ས་ལ་དྲིའི་ཐིག་ལེ་བཀོད་པའི་སྟེང་དུ་རང་གི་སྙིང་ཁའི་)སའི་ལྷ་མོ་(དེ་ཉིད་) སྔགས་ཀྱི་ཚིག་འདིས་སྤྱན་དྲང་བར་བྱ་(འདིར་ཕྱི་རོལ་ཏུ་སའི་ལྷ་མོ་དམ་ཚིག་པ་བསྐྱེད་པ་ནི་བྱ་མི་དགོས་སོ)སྟེ། (དེ་ཡང༌། ༀ་ལཾ་ཨ་ཧཱུྃ་ནོར་འཛིན་མ། །སངས་རྒྱས་ཐམས་ཅད་བསྐྱེད་མཛད་མ། །སེམས་ཅན་ཀུན་ལ་ཕན་མཛད་མ། །རྡོ་རྗེ་ སེམས་དཔའི་བཀའ་བཞིན་དུ། །བྱོན་ཞིང་བྱོན་ནས་མྱུར་བར་དུ། །དྲི་དང་མེ་ཏོག་བདུག་པ་དང༌། །སྒྲོན་མེ་ཞལ་ཟས་མ་ཉམས་ འབྲུ། །འདིར་རྣམས་ཁྱོད་ལ་འབུལ་བས་ན། །ཟུང་ཅིག་ཟུང་ལ་ཁྱོད་ཀྱིས་ཀྱང༌། །དཀྱིལ་འཁོར་དོན་དུ་བདག་ལ་གནས། །སྩོལ་ ཅིག་སེམས་ཅན་ཐམས་ཅད་ལ། །ཞི་རྒྱས་བདེ་དགེའི་སེམས་མཛད་ནས། །གནས་འདི་དོར་ནས་གཞན་གནས་སུ། །བྱོན་ཞིང་ བྱོན་ནས་གཞི་ཚུགས་ཤིག །ཞེས་པ་བོད་སྐད་དུ་བསྒྱུར་བའམ། །ཡང་ན་)ༀ་ལཱྃཿཨཱཿཧཱུྃ་(རྡོ་རྗེ་གསུམ་གྱི་ས་བོན་ལ་སའི་ལྷ་ མོའི་ས་བོན་སྤེལ་བ་)བ་སུན་དྷ་རི་(ནོར་འཛིན་མ་)སརྦ་བུད་དྷ་(སངས་རྒྱས་ཐམས་ཅད་)ཛ་ན་ནི་(བསྐྱེད་མ་)སརྦ་ ས་ཏྭ་(སེམས་ཅན་ཐམས་ཅད་ལ་)པ་ཀཱ་རི་ཎི(ཕན་པ་མཛད་མ)། བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)ཨཱ་ཛྙཱ་པ་ཡ་ཏི་ ཤཱི་གྷྲྃ་ཨཱ་གཙྪ་ཨཱ་གཙྪ་(བཀའ་བཞིན་མྱུར་དུ་བྱོན་བྱོན། ཨ་རྒམ་ཞེས་པ་རྒྱ་དཔེ་འགའ་ཞིག་ལ་སྣང་སྟེ་རང་{བཟོ་}བས་ གསུངས་སོ་)ཨི་དཾ(འདི་)གན་དྷཾ(དྲི་)པུཥྤྃ་(མེ་ཏོག་)དྷཱུ་པྃ(བདུག་པ་)དཱི་པྃ(སྒྲོན་མེ་)ནཻ་བེ་ཏྱྃ་(ཞལ་ཟས་)ཕ་ ལཱའ་(འབྲས་བུ་)ཀྵ་ཏ་(མ་ཉམས་པ་)ད་དཱ་མི་ཏ་བ་ཏྭ་མེ་བ་(ཁྱོད་ལ་འབུལ་གྱིས་ཁྱོད་ཉིད་ཀྱིས་)གྲིཧྣ་གྲིཧྣ་(ཟུང་ ཟུང་)མཎ་ཌལཱའ་རྠ་ནཾ་(དཀྱིལ་འཁོར་དོན་དུ་)མ་མ་སྠཱ་ནྃ་ད་ད་(བདག་ལ་གནས་སྩོལ་ཅིག་)སརྦ་སཏྭ་ནཱྃ་ (སེམས་ཅན་ཐམས་ཅད་ཀྱི་)ཤན་ཏིཾ་(ཞི་བ་)པུཥྚིཾ་(རྒྱས་པ་)ཀྲི་ཏྭཱ་(མཛད་ནས་)ཤུ་བྷ་ཙིཏ་ཏེ་ན་(དགེ་བའི་སེམས་ ཀྱིས་)ཨི་དྃ་སྠཱ་ནཾ་ཏྱ་ཀ་ཏྭཱ་(གནས་འདི་དོར་ནས་)ཨ་པ་ར་སྠཱ་ནཾ་གཙྪ་གཙྪ་(གཞན་གྱི་གནས་སུ་བྱོན་བྱོན་)སྭཱཧཱ་ 3-1-311 ཞེས་པ་ནི་སའི་ལྷ་མོ་(ཕྱི་རོལ་ཏུ་སྤྱན་དྲངས་ནས་གནས་བསླངས་དེ་ནས་སླར་)གཤེགས་སུ་གསོལ་བའི་ཆོ་ གའོ། ། ༈ དེ་ནས་སྔར་གསུངས་པ(རྡོ་རྗེ་འབར་བ་སྤྲོ་བ)འི་ཏིང་ངེ་འཛིན་དང་སྔགས་གྱི་ཚིག་འདི་ རྣམས་ཀྱིས་བདུད་གཞོམ་པར་བྱ་སྟེ། ༀ་ཨཱཿཧཱུྃ་ཧོཿཧྃ་ཀྵཿཧྲཱཿཧྲཱཿཧྲཱཿཧྲཱ་ར་ར་ར་ར་བཛྲཱ་ན་ལ་(རྡོ་ རྗེ་མེ་)སརྦཱ་བ་ར་ཎ་ངྷརྨྨཱ་(སྒྲིབ་པའི་ཆོས་ཐམས་ཅད་)པྲ་ལ་ཡ་(རྣམས་ལ་)སྭ་བྷཱ་བ་(རང་བཞིན་)སརྦ་ (ཐམས་ཅད་)མཱ་ར་ཀཱ་ཡི་ཀ་(བདུད་ཀྱི་རིགས་དང་)བིགྷྣ་(བགེགས་དང་)བི་ནཱ་ཡ་ཀཱ་(ལོག་འདྲེན་)དཱི་ནཱཾ་(ལ་ སོགས་པ་)ད་ཤ་དིཀ་(ཕྱོགས་བཅུར་)ག་ཏྭཱ་ནཱཾ་(གནས་པ་རྣམས་ཀྱི་)ཀཱ་ཡ་བཱཀ་ཙིཏ་ཏཱ་ནི་ད་ཧ་ད་ཧ་(ལུས་ དང་ངག་དང་སེམས་རྣམས་སྲེགས་སྲེགས་)པ་ཙ་པ་ཙ་(ཚོས་ཚོས་)བྷ་སྨཱི་ཀུ་རུ་ཀུ་རུ་(ཐལ་བར་མཛོད་མཛོད་)ཧཱུྃ་ཧཱུྃ་ ཕཊ་ཕཊ་ཅེས་པ་ནི་བདུད་གཞོམ་པའི་ཆོ་གའོ། ། ༈ དེ་ནས་བགེགས་དང་ལོག་འདྲེན་ལ་སོགས་པ་(སྔར་བསྲེགས་པ་ལས་)གཞན་རྣམས་རྡོ་ རྗེ་ལྕགས་ཀྱུས་བཀུག་ཅིང་རྡོ་རྗེ་ཞགས་པས་བཅིངས་ནས་རྡོ་རྗེ་ཕུར་པ་ཁྲོ་བོའི་རྒྱལ་པོ་ལྟེ་ བའི་འོག་(མན་ཆད་)རྩེ་མོ(ཟུར་གསུམ་པ)འི་རྣམ་པ་ནི་གནས་(སྟེ་སྟེང་དང་ཤར་ལ་སོགས་པའི་ཕྱོགས་)བཅུ་ པོ་རྣམས་སུ་〔བགེགས་ལ་སོགས་པ་〕གདུག་པ(སྤྱི་བོ)འི་སྟེང་དུ་བྱིང་བར་(ཕྱོགས་བཅུར་)ཡི་གེ་(ཧ་ཡ་ར་ ལ་ཝ་)ལྔ་(ཐབས་ཤེས་ཀྱིས་ཕྱེ་བ་)ལས་(རྡོ་རྗེ་ཕུར་བུ་)བསྒོམ་པར་བྱ་སྟེ་སྔགས་ཀྱི་ཚིགས་འདི་རྣམས་ ཀྱིས་སོ། །ༀ་ཨཱཿཧཱུྃ་ཧོཿཧྃ་ཀྵཿཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་བཛྲ་ཀཱི་ལ་(རྡོ་རྗེ་ཕུར་བུ་)ཀ་ཀཱ་ཡ་བཱག་ཙིཏ་ ཏ་ཛྙཱ་ན་ཨ་དྷི་པ་ཏེ་(སྐུ་གསུང་ཐུགས་ཡེ་ཤེས་ཀྱི་མངའ་བདག་)ཥཊ་མུ་ཁ་(ཞལ་དྲུག་པ་)ཥཊ་བྷུ་ཛ་(ཕྱག་དྲུག་པ་) ཥཊ་ཙ་ར་ཎ་(ཞབས་དྲུག་པ་)སརྦ་བིགྷྣ་བི་ནཱ་ཡ་ཀཱ་དི་(ཐམས་ཅད་བགེགས་དང་ལོག་འདྲེན་ལ་སོགས་པ་)དུཥྚཱ་ ནཱྃ(གདུག་པ་ཅན་རྣམས་ཀྱི་)ཀཱ་ཡ་བཱག་ཙིཏ་ཏ་ཛྙཱ་ནཱ་ནི་(ལུས་ངག་སེམས་ཡེ་ཤེས་རྣམས་ལ་)ཀཱི་ལ་ཡ་(ཕུར་བུས་ ཐོབ་)ཀཱི་ལ་ཡ་(ཕུར་བུས་ཐོབ་)ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་ནས་རྡོ་རྗེ་ཐོ་བའི་སྔགས་ནི་ༀ་ལླཱྀ ཿབཛྲ་ མུད་ག་ར་(རྡོ་རྗེ་ཐོ་བ་)མཱ་རཱ་དཱི་ནཱཾ་(བདུད་ལ་སོགས་པ་རྣམས་ཀྱི་)སི་ར་སི་ཀཎ་ཋེ་ཧྲྀ་ད་ཡེ་(མགོ་བོ་ 3-1-312 མགྲིན་པ་སྙིང་ཁ་)ནཱ་བྷཽ་(ལྟེ་བ་)གུ་ཧྱེ་ཨན་ཏེ་(གསང་བའི་མཐར་ཐུག་པར་)བཛྲ་ཀཱི་ལ་ཀཱ་ནཱ(རྡོ་རྗེ་ཕུར་བུས་)ཀོ་ ཊ་ཡཱའ་ཀོ་ཊ་ཡ་(རྡུངས་རྡུངས་)ཀྵྃ་ཀྵཱྃ་ཀྵྀཾ་ཀྵཱྀ ཾ་ཀྷྼྀ ཾ་ཀྷྼཱྀ ཾ་ཀྵཱུྃ་ཀྵཱུྃ་ཀྵླྀ ཾ་ ཀྵླཱྀ ཾ(གསལ་བྱེད་ཐམས་ཅད་འདུས་པས་ཀྵ་ཡིག་ལ་རྣམ་བཅད་ཟླ་ཚེས་སུ་འགྱུར་པ་དང་ཐིག་ལེར་ལྡན་པའི་དབྱངས་ བཅུ་གཉིས་ཀྱིས་བསྒྱུར་བས་ཏེ་ཐབས་ཤེས་ཀུན་འདུས་ཀྱི་ས་བོན་)ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཅེས་པ་ནི་ཕུར་བུས་ གདབ་པའི་ཆོ་གའོ། །དེ་ནས་ཕུར་བུ་རྣམས་བསྲུང་བའི་དོན་དུ་ཁྲོ་བོའི་རྒྱལ་པོ་བཅུ་པོ་རྣམས་ སྔར་གསུངས་པའི་(བཀའ་བསྒོ་བའི)ཆོ་གས་དགོད་པར་བྱའོ། ། ༈ དེ་ནས་གཡོན་པ་དང་གཡས་པའི་རྐང་པའི་མཐིལ་ལ་ཧཱུྃ་ཧཱུྃ་རྣམ་པར་བཀོད་དེ་རྡོ་རྗེ་ རྩེ་ལྔ་པའི་ཕྱག་རྒྱས་རྐང་པའི་མཐིལ་དུ་རེག་ནས་རྡོ་རྗེའི་སྟབས་ཀྱི་དཀྱིལ་འཁོར་གྱི་དབུས་ ཀྱི་ས་ལ་བཅག་པར་བྱ་སྟེ་དུས་ཀྱི་འཁོར་ལོའི་སྐུའི་གཡས་བརྐྱང་དང་གཡོན་བརྐྱང་གི་ སྟབས་དང་མཉམ་པའི་སྟབས་ཀྱིས་ཀྱང་ངོ༌། །ཤར་དུ་ཡྃ་ཡཱཿརྐང་པའི་མཐིལ་ལ་བཀོད་ཅིང་ རལ་གྲིའི་ཕྱག་རྒྱས་རེག་ནས་ཟླུམ་པོའི་སྟབས་ཀྱིས་བཅག་པར་བྱའོ། །ལྷོར་རྃ་རཱཿབཀོད་ ཅིང་རིན་པོ་ཆེའི་ཕྱག་རྒྱས་རེག་ནས་རོལ་བའི་སྟབས་ཀྱིས་བཅག་པར་བྱའོ། །ནུབ་དུ་ལྃ་ ལཱཿབཀོད་ཅིང་འཁོར་ལོའི་ཕྱག་རྒྱས་རེག་ནས་རྡོ་རྗེའི་འདུག་སྟངས་ཀྱིས་བྱིན་གྱིས་བརླབ་ པའམ་ས་གའི་སྟབས་ཀྱིས་བཅག་པར་བྱའོ། །བྱང་དུ་ཝྃ་ཝཱཿབཀོད་ཅིང་པད་མའི་ཕྱག་རྒྱས་ རེག་ནས་པད་མའི་འདུག་སྟངས་ཀྱིས་བྱིན་གྱིས་བརླབ་པའམ་ཏཱན་ཊ་བའི་སྟབས་ཀྱིས་ བཅག་པར་བྱའོ། ། ༈ དེ་ནས་བཛྲ་གྷན་ངྷ་ལ་སོགས་པའི་སྔགས་ཀྱི་ཚིག་རྣམས་ཀྱིས་དྲི་ལ་སོགས་པའི་རྫས་ རྣམས་ཀྱིས་དཀྱིལ་འཁོར་གྱི་ས་ལ་མཆོད་པ་བྱས་ནས་སྔར་བརྗོད་པའི་ཆོ་གས་རྡོ་རྗེའི་ས་ སྦྱན་དྲང་བར་བྱའོ། །དེ་ལ་སྔགས་ཀྱྀ་ཚིག་རྣམས་ནི་ༀ་ཨཱཿལཱཾ་ཧཱུྃ་(སའི་ས་བོན་ལ་རྡོ་རྗེ་གསུམ་སྤེལ་ བ་)བཛྲ་བྷུ་མི་ཏིཥྛ་མ་ཙ་ལ་(རྡོ་རྗེའི་ས་གཞི་བརྟན་ཅིང་མི་གཡོ་བ་)ཧཱུྃ་ཧཱུྃ་ཕཊ་བཛྲ་ངྷ་ར་ཨཱ་ཛྙཱ་པ་ཡ་ཏི་(རྡོ་རྗེ་ 3-1-313 འཆང་གི་བཀའ་བཞིན་མཛོད་ཅིག་)སྭཱཧཱ། དེ་ནས་སླར་ཡང་སྔགས་པས་མཆོད་ཡོན་ལ་སོགས་པ་བྱ་སྟེ་ ས་(ཨ་ངྷིཥྛ་ན་)ལྷག་པར་གནས་པ(སྒྲ་བྱིན་གྱིས་བརླབས་པར་ཡང་བསྒྱུར་དུ་རུང་བ)འི་ཆོ་གའོ། ། ༈ དེ་ནས་རྡོ་རྗེ་བུམ་པ་རྣམས་ལྷག་པར་གནས་པ་བྱ་སྟེ་འདིར་སྔགས་ཀྱི་ཚིག་རྣམས་ ནི་ༀ་ཧཱྃ་ཧཱྃ་ཧིཾ་ཧཱིཾ་ཧྼྀ ཾ་ཧྼཱྀ ཾ་ཧུྃ་ཧཱུྃ་ཧླྀཾ་ཧླཱྀ ཾ་(བུམ་པ་བཅུའི་ས་བོན་)བཛྲ་པདྨཱ་ མྲི་ཏ་གྷ་ཊ་(རྡོ་རྗེ་པད་མ་བདུད་རྩིའི་བུམ་པ་)སུ་བི་ཤུད་དྷཱ་(ཤིན་ཏུ་རྣམ་པར་དག་པ་)དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་〔ཆོས་ ཀྱི་དབྱིངས་ཀྱི་རང་བཞིན་〕སརྦ་ངྷརྨཱན་〔ཆོས་ཐམས་ཅད་〕[སུ་བྷི་ཤུད་ངྷ་ངྷརྨྨཱ་དྷཱ་དུ་སྭཱ་བྷཱ་བཱན་〔ཤིན་ཏུ་རྣམ་པར་ དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་〕ཀུ་རུ་ཀུ་རུ་སྭཱཧཱ། དྲི་ལ་སོགས་པ་ཕུལ་ནས་དཀྱིལ་འཁོར་ གྱི་དབུས་སུ་(རྒྱལ་བ་ནི་)རྣམ་པར་རྒྱལ་བའི་བུམ་པ་གཞག་པར་བྱ་སྟེ་བུམ་པ་ལྷག་པར་གནས་ པའི་ཆོ་གའོ། ། ༈ དེ་ནས་རྡོ་རྗེའི་ཐིག་སྐུད་ལྷག་པར་གནས་པ་བྱ་སྟེ་དེ་ལ་སྔགས་ཀྱི་ཚིག་རྣམས་ནི་ༀ་ ཨཱྃ་ཨཱིཾ་རཱིཾ་ཨཱུྃ་ལཱྀ ཾ་(ཡུམ་ལྔའི་ས་བོན་)བཛྲ་སཱུ་ཏྲ་(རྡོ་རྗེ་སྲད་བུ་)སརྦ་ངྷརྨཻ་ཀ་སྭ་བྷཱ་བ་(ཆོས་ཐམས་ཅད་ གཅིག་པའི་རང་བཞིན་དུ་)སརྦ་དྷ་རྨཱན་ཨེ་ཀ་ཨཱ་ཀཱ་ར་སྭ་བྷཱ་བཱན་(ཆོས་རྣམས་ཐམས་ཅད་རྣམ་པ་གཅིག་པའི་རང་ བཞིན་དུུ་)ཀུ་རུ་(མཛོད་)ཀུ་རུ་(མཛོད་)སྭཱཧཱ། དྲི་ལ་སོགས་པ་ཕུལ་ནས་ཤར་གྱི་སར་གཞག་པར་བྱ་ སྟེ་ཐིག་སྐུད་ལྷག་པར་གནས་པའི་ཆོ་གའོ། ། ༈ དེ་ནས་རྡོ་རྗེའི་རྡུལ་ཚོན་ལྷག་པར་གནས་པ་བྱ་སྟེ་དེ་ལ་སྔགས་ཀྱི་ཚིག་རྣམས་ནི་ༀ་ ཨཾ་ཨིཾ་རྀཾ་ཨུཾ་ལྀཾ་(སངས་རྒྱས་ལྔའི་ས་བོན་)སུ་བུ་ཤུད་ངྷ་པཉྩ་སྐན་ངྷ་སྭ་བྷཱ་བ་(ཤིན་ཏུ་རྣམ་པར་ དག་པ་ཕུང་པོ་ལྔའི་རང་བཞིན་)པཉྩ་སྐན་ངྷཱ་སུ་བི་ཤུད་(ཕུང་པོ་ལྔ་རྣམས་ཤིན་ཏུ་རྣམ་པར་དག་པའི་)ངྷ་ངྷརྨཱན་(ཆོས་ རྣམས་སུ་)ཀུ་རུ་(མཛོད་)ཀུ་རུ(མཛོད་)སྭཱཧཱ། དྲི་ལ་སོགས་ཕུལ་ནས་རྡུལ་ཚོན་གྱི་སྣོད་རྣམས་ནུབ་ ཀྱི་སར་གཞག་པར་བྱ་སྟེ་རྡུལ་ཚོན་ལྷག་པར་གནས་པའི་ཆོ་གའོ། ། ༈ དེ་ནས་རྡོ་རྗེ་ལྷག་པར་གནས་པ་བྱ་སྟེ་དེ་ལ་སྔགས་ཀྱི་ཚིག་རྣམས་ནི་ༀ་ཧུྃ་(གཙོ་བོའི་ས་ 3-1-314 བོན་)ཀྲོ་ངྷ་བཛྲཾ་(ཁྲོ་བོའི་རྡོ་རྗེ་)སརྦ་ས་ཏྭ་ཀ་(སེམས་ཅན་ཐམས་ཅད་ལ་)རུ་ཎཱད་མ་ཀ་(སྙིང་རྗེའི་བདག་ཉིད་) སརྦ་དྷརྨྨེ་ཀ་སུ་ཁ་སྭ་བྷཱ་ཝཾ་(ཆོས་ཐམས་ཅད་གཅིག་པའི་བདེ་བའི་རང་བཞིན་)སརྦ་ངྷརྨཱན་བཛྲ་སུ་ཁ་སུ་བྷཱ་ བཱན་(ཆོས་རྣམས་ཐམས་ཅད་རྡོ་རྗེ་བདེ་བའི་རང་བཞིན་དུ་)ཀུ་རུ་ཀུ་རུ་སྭཱཧཱ། དྲི་ལ་སོགས་པ་ཕུལ་ནས་ལྷོར་ གཞག་པར་བྱ་སྟེ་རྡོ་རྗེ་ལྷག་པར་གནས་པའི་ཆོ་གའོ། ། ༈ དེ་ནས་རྡོ་རྗེ་དྲིལ་བུ་ལྷག་པར་གནས་པ་བྱ་སྟེ་དེ་ལ་སྔགས་ཀྱི་ཚིག་རྣམས་ནི་ༀ་ ཧོཿ(གཙོ་མོའི་ས་བོན་)བཛྲ་གཎ་ཊེ་(རྡོ་རྗེ་དྲིལ་བུ་)སརྦ་དྷརྨྨེ་ཀ(ཆོས་ཐམས་ཅད་གཅིག་པ་)པྲ་ཛྙཱ་དྷཱ་ནི་སྭ་བྷཱ་བ་ (ཤེས་རབ་ཀྱི་སྒྲའི་རང་བཞིན་)སརྦཱ་ཀཱ་རེ་སརྦ་དྷརྨྨ་པྲ་བོ་དྷ་ནི་(རྣམ་པ་ཐམས་ཅད་པ་ཆོས་ཐམས་ཅད་རབ་ཏུ་སད་ པར་བྱེད་པ་)སརྦ་དྷརྨཱན་ནིཿསྭ་བྷཱ་བེ་(ཆོས་ཐམས་ཅད་རང་བཞིན་མེད་པར་)ན་པྲ་བོ་དྷ་ཡ་པྲ་བོ་དྷ་ཡ་(རབ་ཏུ་ རྟོགས་པར་མཛོད་གཉིས)སྭཱཧཱ། དྲི་ལ་སོགས་པ་ཕུལ་ནས་བྱང་གི་ས་ལ་གཞག་པར་བྱའོ། །རྡོ་ རྗེ་དྲིལ་བུ་ལྷག་པར་གནས་པའི་ཆོ་ག་སྟེ་ས་ལ་སོགས་པ་ཡང་དག་པར་གཟུང་བའི་ཆོ་གའོ། ། ༈ དེ་ནས་སློབ་མ་ལྷག་པར་གནས་པ་བྱ་སྟེ་(འདིར་)དང་པོར་དཀྱིལ་འཁོར་ལ་(བཞེངས་པར་)གསོལ་བ་གདབ་པའི་དུས་དང་བར་དུ་ས་ལ་སོགས་པ་གཟུང་བ་དང༌། མཐར་དཀྱིལ་འཁོར་ དུ་འཇུག་པའི་དུས་ཐམས་ཅད་དུ་མཎྜལ་བྱས་ནས་སོ་ཤིང་བྱིན་ཏེ་དེ་ནས་བསྲུང་བ་བྱའོ། །དེ་ ལ་འདི་ནི་ཆོ་ག་སྟེ་ཁྲུས་བྱས་ཤིང་གོས་གཙང་མ་བགོས་ཏེ་ཞི་བ་ལ་སོགས་པའི་ལས་དང་ རྗེས་སུ་མཐུན་པས་ས་དེ་ཉིད་ལ་མཎྜལ་བྱས་ནས་ཤར་དུ་མངོན་པར་ཕྱོགས་པ་ལ་ཨུ་དུམ་ བཱ་རའི་སོ་ཤིང་ངམ་འོ་མ་ཅན་གྱི་ཤིང་གཞན་ལས་སྐྱེས་པ་(རུང་བས་)སོར་བཅུ་གཉིས་པ་མགོ་ བོར་མེ་ཏོག་གི་ཕྲེང་བ་བཅིངས་པ་དྲི་ལ་སོགས་པ་རྣམས་ཀྱིས་མཆོད་ནས་སྔགས་འདིས་སྦྱིན་ པར་བྱའོ། །ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿབཛྲ་དན་ཏ་ཀཥྛ་(རྡོ་རྗེ་སོ་ཤིང་)ཙ་ཏུར་བི་མོ་ཀྵ་མུ་ཁ་(རྣམ་པར་ཐར་པའི་ སྒོ་བཞི་)བི་ཤུད་ངྷི་སྭ་བྷཱ་བ་(རྣམ་པར་དག་པའི་རང་བཞིན་)ཀཱ་ཡ་བཱཀ་ཙིཏ་ཏ་ཛྙཱ་ན་(སྐུ་གསུང་ཐུགས་ཡེ་ཤེས་) མུ་ཁ་དན་ཏཱ་(ཁ་དང་སོ་ལ་སོགས་པ་)དི་མ་ལཾ་(དྲི་མ་)བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་(རྣམ་པར་སྦྱོངས་གཉིས་)སྭཱཧཱ་ 3-1-315 ཞེས་པས་སོ་ཤིང་བྱིན་ནས་ལྷག་པར་གནས་པའི་མཐར་སྟེང་ནས་རབ་ཏུ་དོར་ཞིང་མཎྜལ་དུ་ ལྷུང་བའི་སོ་ཤིང་གིས་(དངོས་གྲུབ་)མཚོན་པར་བྱ་སྟེ་(ཕྱོགས་)གང་དུ་(སོ་ཤིང་གི་)མགོ་བོ་གང་ཡིན་ པ་ལྷུང་བ་དེར་གནས་པའི་ལས་རབ་འབྱམས་ལ་སོགས་པ་(སློབ་མ་)དེས་འགྲུབ་པར་འགྱུར་ རོ་ཞེས་པ་ནི་སོ་ཤིང་གི་ཆོ་གའོ། །དེ་ནས་སློབ་མ་དཀྱིལ་འཁོར་གྱི་ས་ལ་བཅུག་སྟེ་སྤྱི་བོ་དང་ མགྲིན་པ་དང་སྙིང་ཁ་དང་ལྟེ་བ་དང་གཙུག་ཏོར་དང་གསང་བ་ལ། ༀ་ཨཱཿཧཱུྃ་ཧོཿ ཧཾ་ཀྵཿརིགས་ དྲུག་པོ་རྣམས་དགོད་པ་བྱས་ནས་སྔགས་ཀྱི་ཚིག་འདི་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་བསྐུལ་ བར་བྱ་སྟེ། ༀ་ཨ་ཨཱ་ཨཾ་ཨཿབཛྲ་ས་ཏྭ་(རྡོ་རྗེ་སེམས་དཔའ་)མ་ཧཱ་སུ་ཁ་བཛྲ་(རྡོ་རྗེ་བདེ་བ་ཆེན་པོ་)ཀཱ་ལ་ ཙཀྲ་(དུས་ཀྱི་འཁོར་ལོ་)ཤི་ཥྱ་སྱ་(སློབ་མ་)ཨ་བྷི་མུ་ཁོ་བྷ་བ་(མངོན་དུ་ཕྱོགས་པར་མཛོད་)སན་ཏུ་ཥྚོ་བྷ་བ་ (ཡང་དག་པར་མཉེས་པར་མཛོད་)བ་ར་དོ་བྷ་བ་〔མཆོག་སྩལ་བར་མཛོད་〕ཀཱ་ཡ་བཱཀ་ཙིཏ་ཏཱ་དྷིཥྛཱ་ནཾ་(སྐུ་གསུང་ ཐུགས་ཀྱིས་བྱིན་གྱིས་བརླབ་པར་མཛོད་)ཀུ་རུ་ཀུ་རུ་(མཛོད་མཛོད་)སྭཱཧཱ། སློབ་མ་ལྷག་པར་གནས་པའི་ཆོ་ གའོ། ། ༈ དེ་ནས་སློབ་མ་གཤེགས་སུ་བཅུག་ནས་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་རྒྱལ་ བའི་བུམ་པ་དང་ཤར་དུ་རྡོ་རྗེའི་ཐིག་སྐུད་དང་ནུབ་ཏུ་རྡོ་རྗེ་རྡུལ་ཚོན་གྱི་སྣོད་དང་ལྷོར་རྡོ་རྗེ་ དང་བྱང་དུ་དྲིལ་བུ་རྣམས་སློབ་དཔོན་གྱིས་སྒོའི་ཆ་ཤས་ནས་དགོད་པར་བྱའོ། །དེ་རྣམས་ གནས་ལྔར་བཀོད་དེ་དེ་ནས་ལྷོར་དགེ་བ་དང་མི་དགེ་བའི་མཚན་མ(བརྟག་པ)འི་དོན་དུ་ སྔགས་འདིས་མལ་སྟན་ལྷག་པར་གནས་པར་བྱའོ། །ༀ་ཧོཿབཛྲ་ཀ་མ་ལ་(རྡོ་རྗེ་པད་མ་)ད་ལ་ གརྦྷེ་(འདབ་མའི་སྙིང་པོ་ལ་)ཤ་ཡྻེ་(མལ་དུ་)བཛྲ་སུ་ཁ་མ་ཧཱ་(རྡོ་རྗེ་བདེ་བ་ཆེན་པོའི་)ནི་དྲཱཾ་ཀ་རོ་མི་ཡ་ཐཱ་ (བདག་ཉིད་ཀྱིས་བགྱིའོ་)ཏ་ཐཱ་ག་ཏེ་ན་ཀྲྀ་ཏཱ་(དེ་བཞིན་གཤེགས་པས་མཛད་པ་ཇི་ལྟ་བར་)ཧཿཧཿསྭཱཧཱ། མལ་སྟན་ལྷག་པར་གནས་པའོ། །དེ་ནས་སློབ་དཔོན་ནུབ་ཏུ་མགོ་དང་ཤར་དུ་རྐང་པ་ཕྱོགས་ པས་ཉལ་བར་བྱའོ། ། 3-1-316 ༈ དེ་ལ་བསྒོམས་པའི་སྟོབས་སམ་རྨི་ལམ་གྱིས་མཚན་མ་བལྟ་བར་བྱ་སྟེ་གལ་ཏེ་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་མོའི་ཚོགས་རྒྱུད་མང་ལ་སོགས་པའི་མཚན་མའི་ ཕྱག་དང་ལྡན་པ་མཐོང་ན་དེའི་ཚེ་དགེ་བའོ། །ཅི་སྟེ་རྡོ་རྗེ་མཁའ་འགྲོ་མ་ཕྱག་ན་གྲི་གུག་དང་ ཐོད་པ་ཅན་ནམ་ཁྲོ་བོའི་དབང་པོ་(རྣམས་ཀྱིས་)བདུད་དང་བགེགས་དང་ལོག་འདྲེན་ལ་སོགས་ པ་རྣམས་སྲུང་བའི་འཁོར་ལོའི་མཐའ་ཕན་ཆད་དུ་ཉམས་པར་བྱེད་པ་མཐོང་ན་ཡང་དེ་བཞིན་ དུ་དགེ་བའོ། །ཅི་སྟེ་ཅུང་ཟད་ཀྱང་མ་མཐོང་ན་དེའི་ཚེ་འབྲིང་པོའོ། །ཅི་སྟེ་བདུད་ཀྱི་རིས་ བཀྲེས་པ་དང་སྐོམ་པས་གཟིར་བ་རིད་ཅིང་སྐམ་པའི་ལུས་ཅན་ལག་ན་གྲི་གུག་དང་ཐོད་པ་ ཐོགས་པ་སྐྱེ་བོ་ལེགས་པ་〔བྱེད་པ་རྣམས་〕ལ་གནོད་པ་བྱེད་པ་ལ་དགའ་བ་རྣམས་སློབ་དཔོན་ ནམ་སློབ་མས་མཐོང་ན་དེའི་ཚེ་མཚན་མ་ངན་པར་འགྱུར་ཏེ། ༈ དེ་མཐོང་ནས་རྡོ་རྗེ་སློབ་དཔོན་གྱིས་མལ་སྟན་སྤངས་ཏེ་དཀྱིལ་འཁོར་གྱི་ཤར་གྱི་ སར་སྔར་བརྗོད་པའི་སྲུང་བའི་འཁོར་ལོ་བསྒོམས་ནས་སླར་ཡང་(སྲུང་མ་དྲུག་ཅུ་དང་མཁའ་འགྲོ་མ་)དེ་རྣམས་ལ་སྔར་བརྗོད་པའི་ཆོ་གས་གཏོར་མ་རྒྱ་ཆེན་པོ་སྦྱིན་པར་བྱའོ། །སླར་ཡང་སྦྱང་ བའི་སྔགས་གཞན་ནི་ༀ་ཕྲེཾ་བཛྲ་ཌཱ་ཀི་ནཱི་(རྡོ་རྗེ་མཁའ་འགྲོ་མ་)བཛྲ་དྷཱ་དྭི་ཤྭ་རི་ག་ག་ན་སྭ་བྷཱ་བ་(རྡོ་རྗེ་ དབྱིངས་ཀྱི་དབང་ཕྱུག་མ་ནམ་མཁའི་རང་བཞིན་)སརྦ་དྲ་བྱ་བི་ཤོ་དྷ་ནི་(རྫས་ཐམས་ཅད་རྣམ་པར་སྦྱོངས་པ་)སརྦ་དྲ་ བྱ་ཎཱི་བི་ཤ་དྷ་ཡ་(རྫས་ཐམས་ཅད་རྣམ་པར་སྦྱོངས་)ཧཱུྃ་ཕྲེཾ་ཕཊ་ཞེས་པ་ནི་བགེགས་ཉེ་བར་ཞི་བར་བྱེད་ པའི་གཏོར་མ་སྦྱང་བའི་སྔགས་སོ། །དེ་ནས་སངས་རྒྱས་རྣམས་སྤྱན་དྲང་བར་བྱ་སྟེ་སངས་ རྒྱས་ཡབ་ཡུམ་བཅས་པ་སྲས་བཅས་(སེམས་དཔའ་སེམས་མ་)གཡོག་འཁོར་(ཁྲོ་བོ་ཁྲོ་མོ་)དང༌། གྲོགས་བཅས་(རྣལ་འབྱོར་མ་)གཉེན་རྣམས་(ལྷ་ཆེན་བཅུ་གཉིས་)དག་གིས་བསྐོར་བའི་ཚོགས་པ་ནི། ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་ གཤེགས་སུ་གསོལ། ཞེས་པའི་ཚིགས་སུ་བཅད་པ་འདིས་དེ་བཞིན་གཤེགས་པ་རྣམས་(མི་ 3-1-317 བསྐྱོད་པ་ལ་སོགས་པ་)རང་གི་ལུས་ཀྱི་རང་རང་གི་ཁམས་ལ་(ནམ་མཁའི་ཁམས་ལ་སོགས་པ་)དགོད་པར་ བྱའོ། །སངས་རྒྱས་རྣམས་སྤྱན་དྲང་བའི་ཆོ་གའོ། །དེ་ནས་རྡོ་རྗེ་མཁའ་འགྲོ་མ་རྣམས་དགུག་ པར་བྱ་སྟེ་དེ་ལ་སྔགས་ཀྱི་ཚིག་རྣམས་ནི་ༀ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་བ་(རྡོ་རྗེ་འཇིགས་བྱེད་)ཨཱ་ཀར་ཥ་ ཡ་ཨཱཀར་ཥ་ཡ(དགུག་པར་མཛོད་དགུག་པར་མཛོད)། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ(རབ་ཏུ་གཞུག་པར་མཛོད་རབ་ ཏུ་གཞུག་པར་མཛོད)། བན་དྷ་ཡ་བན་དྷ་ཡ(བཅིང་བར་མཛོད་བཅིང་བར་མཛོད་)། ཏོ་ཥ་ཡ་ཏོ་ཥ་ཡ(མཉེས་ པར་མཛོད་མཉེས་པར་མཛོད)། ཛཿཧཱུྃ་བྃ་ཧོཿ(དགུག་གཞུག་བཅིང་མཉེས་པའི་ས་བོན་)བཛྲ་ཌཱ་ཀི་ནཱི་ནཱྃ་ཧྲི་ད་ ཡཾ་(རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་ཐུགས་)ཧུྃ་ཧཱུྃ་ཕྲེཾ་ཕྲེཾ་ཕཊ་ཞེས་པ་ནི་དགུག་པའི་སྔགས་སོ། །དེ་ ནས་རྡོ་རྗེའི་ཕྱག་རྒྱས་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་གཏོར་མ་དང་དྲི་དང་མེ་ཏོག་དང་བདུག་ པ་དང་མར་མེ་དང་འབྲས་བུ་མ་ཉམས་པ་[མཆོད་ཡོན་](རྨ་དང་བློ་གྲོས་སོགས་ཟེར་)དང་བཅས་པ་ སྔར་བརྗོད་པའི་ཆོ་གས་བྱིན་ནས་ཕྱི་རོལ་དུར་ཁྲོད་ཀྱི་ས་ལ་བཟའ་བ་དང་བཏུང་བ་བྱེད་པར་ བསམ་པར་བྱའོ། །མཁའ་འགྲོ་མ་རྣམས་དགུག་པའི་སྔགས་སོ། ། ༈ དེ་ནས་(མལ་སྟན་ལྷ་གནས་ཀྱི་སྐབས་སུ་མཚན་མ་ངན་པ་མཐོང་བའི་)བདུད་དང་བགེགས་ཀྱི་ཉེ་བར་ འཚེ་བ་ཞི་བར་བྱ་བའི་སླད་དུ་〔སྔར་གསུངས་པས་〕སྲུང་བའི་འཁོར་ལོ་〔བསྒོམ་པ་〕སྔོན་དུ་འགྲོ་བ་ཅན་ (དུས་ཀྱི་འཁོར་ལོ་ཉིད་རབ་ཏུ་འཁྲོས་པ་)རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་དམིགས་པར་བྱ་སྟེ་སྒྲུབ་ ཐབས་ཀྱི་ཆོ་གས་(ཁ་དག་པ་དང་རིས་དྲུག་དགོད་པ་དང་)ཡན་ལག་དྲུག་ལ་སོགས་པའི་སྔགས་དགོད་ པ་བྱས་ནས་དམ་ཚིག་སེམས་དཔའ་དང་ལྷན་ཅིག་ཡེ་ཤེས་སེམས་དཔའ་གཅིག་ཏུ་བྱས་ཏེ་ (དམ་ཚིག་སེམས་དཔའ་བསྐྱེད་པའི་ཚུལ་ནི་)སྒྲུབ་ཐབས་ལས་གསུངས་པའི་ཆོ་གས་(སྒྲུབ་ལེའི་ཚིགས་བཅད་ བརྒྱ་སོ་གཉིས་པ་སོ་གསུམ་གྱིས་)འཆད་པར་འགྱུར་བའི་(དུས་འཁོར་འཁྲོས་པ་)ཕྱག་ཉི་ཤུ་རྩ་དྲུག་དང་ སྤྱན་བཅུ་གཉིས་དང་ཕྲག་པ་དྲུག་དང་ཞལ་བཞི་དང་མགྲིན་པ་གསུམ་དང་ཞབས་གཉིས་པ་ འཆད་པར་འགྱུར་བའི་མཚོན་ཆ་རྣམས་འཛིན་པ་རྣམ་པར་བསམས་ནས་སྔར་གསུངས་པའི་ 3-1-318 (ལུས་ལ་རྡོ་རྗེ་དགོད་པའི་)ས་བོན་གྱི་ཡི་གེ་རྣམས་རང་གི་ལུས་ལ་རྣམ་པར་དགོད་དོ(རྡོ་རྗེ་འཇིགས་བྱེད་ འདི་སྲུང་འཁོར་གྱི་གཙོ་བོ་རྡོ་རྗེ་ཤུགས་དང་གཅིག་ཏུ་བཞེད་པ་མང་ན་ཡང་དེ་གཉིས་མི་གཅིག་སྟེ་འདིར་སྲུང་བའི་འཁོར་ལོ་སྔོན་ དུ་འགྲོ་བ་ཅན་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་དམིགས་པར་བྱ་སྟེ་ཞེས་སྔོན་དུ་སྲུང་འཁོར་བསྒོམས་ནས་དངོས་གཞི་ལ་རྡོ་ རྗེ་འཇིགས་བྱེད་བསྒོམ་པར་གསུངས་ལ་སྲུང་འཁོར་ལ་རྡོ་རྗེ་ཤུགས་བསྒོམ་དགོས་ཤིང་དེ་མ་ཐག་ཏུ་དངོས་གཞི་ལ་ཡང་རྡོ་རྗེ་ ཤུགས་ཉིད་བསྒོམ་པ་མི་འཐད་པའི་ཕྱིར་རོ། །འདིར་སྲུང་འཁོར་བསྒོམ་པ་སྟོན་པའི་སྐབས་ཀྱང་མ་ཡིན་ཏེ་སྲུང་འཁོར་བསྒོམ་ པའི་ཚུལ་སྔར་བསྟན་ཟིན་ནས། འདིར་མལ་སྟན་ལྷག་གནས་ཀྱི་སྐབས་སུ་མཚན་མ་ངན་པ་བསལ་བའི་ཆོ་ག་ཁྱད་པར་ཅན་སྟོན་ པའི་སྐབས་ཡིན་པས་སོ། །འདི་དག་གི་ཁྱད་པར་འོག་ནས་གསལ་བར་འགྱུར་རོ)། ། ༈ དེ་ནས་དབང་བསྐུར་བར་གསོལ་བར་གདབ་པར་བྱ་སྟེ་དེ་ལ་སྔགས་ཀྱི་ཚིག་རྣམས་ ནི་ༀ་ཧྃ་ཧཱྃ་ཧིཾ་ཧཱིཾ་ཧྼྀ ཾ་ཧྼཱྀ ཾ་ཧུྃ་ཧཱུྃ་ཧླྀཾ་ཧླཱྀ ཾ་(དབང་གི་རྫས་བུམ་པ་བཅུའི་ས་བོན་)ཨཱ་ཨཱི་རཱྀ་ཨཱུ་ལཱྀ་(དབང་གི་ལྷ་ཡུམ་ལྔའི་ས་བོན་)བཛྲ་ཌཱ་ཀི་ནྱོ་(རྡོ་རྗེ་མཁའ་འགྲོ་མ་རྣམས་)བཛྲཱ་མྲྀ་ཏ་གྷ་ཊེ་རཱ་བྷི་ཥི་ཉྩན་ཏུ་མཱཾ་སྭཱཧཱ(རྡོ་རྗེ་བདུད་རྩིའི་བུམ་པ་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་ གསོལ་བདག་ལ)། ༀ་ཨཾ་ཨིཾ་རིཾ་ཨུྃ་ལྀཾ་(ཕུང་པོ་གཞན་ལྔའི་ས་བོན་)སརྦ་བུད་དྷ་(སངས་རྒྱས་ཐམས་ཅད་)བཛྲ་མུ་ཀུ་ཊཾ་(རྡོ་རྗེ་ཅོད་པན་)མ་མ་(བདག་ལ་)པཉྩ་བུད་དྷ་ཨཱད་མ་ཀཾ་(སངས་རྒྱས་ལྔའི་བདག་ཉིད་ཅན་) བན་ངྷ་ཡན་ཏུ་(བཅིང་དུ་གསོལ་)ཧུཾ་ཧཱུྃ་ཕཊ། ༀ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཕྲེཾ་ཧོཿ(ནུས་མ་བཅུའི་ས་བོན་) སརྦ་པཱ་ར་མི་ཏ་མ་མ་〔ཕ་རོལ་ཏུ་ཕྱིན་མ་བདག་ལ་〕བཛྲ་པཊྚཾ་(རྡོ་རྗེ་དར་དཔྱངས་)བན་དྷ་ཡན་ཏུ་(བཅིང་དུ་ གསོལ་)ཧཱུྃ་ཧཱུྃ་ཕཊ། ༀ་ཧུཾ་ཧོཿ (གཙོ་བོ་ཡབ་ཡུམ་གྱི་ས་བོན་)བི་ཛྙཱ་ན་ཛྙཱ་ན་སྭ་བྷ་བེ་ཀ་རུ་ཎཱ་པྲ་ཛྙཱ་ཨཱད་མ་ ཀེ་(རྣམ་ཤེས་དང་ཡེ་ཤེས་ཀྱི་རང་བཞིན་ཅན་སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཅན་)བཛྲཾ་བཛྲ་གཎ་ཊེ་(རྡོ་རྗེ་དང་རྡོ་ རྗེ་དྲིལ་བུ་)ས་བྱེ་ཏ་ར་ཀ་ར་ཡོར་མ་མ་བཛྲ་སཏྭཿ(གཡས་པ་དང་ཅིག་ཤོས་ཀྱི་ལག་པ་དག་ཏུ་བཏག་ལ་)ས་པྲཛྙཱོ་ ད་དཱ་ཏུ་(རྡོ་རྗེ་སེམས་དཔའ་ཤེས་རབ་དང་བཅས་པ་སྩལ་དུ་གསོལ་)ཧཱུྃ་ཧཱུྃ་ཕཊ། ༀ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ ཨོ་ཨཽ་ཨལ་ཨཱལ་ཨཾ་ཨ་(སྐྱེ་མཆེད་གཞན་བཅུ་གཉིས་ཀྱི་ས་བོན་)སརྦ་བོ་ངྷི་ས་ཏྭཱཿ(བྱང་ཆུབ་སེམས་དཔའ་ཐམས་ 3-1-319 ཅད་)སབྷཱཪྻཱཿ(བཙུན་མོ་དང་བཅས་པ་རྣམས་)སརྦ་དཱ་(ཐམས་ཅད་ཀྱི་ཚེ་)སརྦ་ཀཱ་མ་ཨུ་པ་བྷོ་གཾ་(འདོད་པ་ཐམས་ ཅད་ཉེ་བར་ལོངས་སྤྱོད་པ་)བཛྲ་བྲ་ཏཾ་མ་མ་ད་དན་ཏུ་(རྡོ་རྗེ་བརྟུལ་ཞུགས་བདག་ལ་སྩལ་དུ་གསོལ་)སྭཱཧཱ། ༀ་ཧ་ ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་(ཁྲོ་བོ་ཡབ་ཡུམ་གྱི་ས་བོན་)སརྦ་ཀྲོ་དྷ་རཱ་ཛཱཿ(ཁྲོ་བོའི་རྒྱལ་པོ་ཐམས་ཅད་)ས་བྷཱཪྻཱ་ (བཙུན་མོ་དང་བཅས་པ་)མཻ་ཏྲཱི་ཀ་རུ་ཎ་(བྱམས་པ་)མུ་དྷི་ཏ་(སྙིང་རྗེ་དགའ་བ་)ཨུ་པེཀྵཱ་སརྦ་(བཏང་སྙོམས་ཐམས་ ཅད་)ས་མ་ཏཱ་སྭ་བྷཱ་བྃ་(མཉམ་ཉིད་ཀྱི་རང་བཞིན་དུ་)བཛྲ་པཱུརྦཾ་ག་མཾ་ནཱ་མ་(རྡོ་རྗེ་སྔོན་དུ་འགྲོ་བའི་མིང་)མེ་ ད་དན་ཏུ་(བདག་ལ་སྩལ་དུ་གསོལ་)ཧཱུྃ་ཧཱུྃ་ཕཊ། ༀ་ཨེ་ཝཾ་(རྡོ་རྗེ་སེམས་དཔའི་ས་བོན་)པད་མ་བཛྲ་(པད་ མ་རྡོ་རྗེ་)ཙིཧྣཽ་(མཚན་མ་དག་)པྲཛྙཱོ་པཱ་ཡཽ་(ཤེས་རབ་ཐབས་དག་)མཎ་ཌ་ལཱ་(དཀྱིལ་འཁོར་གྱི་)དྷི་པ་ཏཱི་(མངའ་ བདག་)བཛྲ་སུ་ཁ་(རྡོ་རྗེ་བདེ་བ་)ཛྙཱ་ནཱཾ་ག་(ཡེ་ཤེས་ཀྱི་ཡན་ལག་གམ་སྐུ་)མ་མ་ད་ད་ཏཱཾ་(བདག་ལ་སྩལ་དུ་གསོལ་)ཧཾ་ཧཿཧཱུྃ་ཕཊ་ཅེས་པས་གསོལ་བ་གདབ་པ་བྱས་ཏེ་དེ་ནས་(འཆད་པར་འགྱུར་བའི་)དབང་བདུན་ གྱིས་བདག་ཉིད་ལ་དབང་བསྐུར་བར་བསྒོམ་པར་བྱའོ། །དེ་ནས་དབང་བདུན་ཐོབ་པའི་ང་ རྒྱལ་གཟུང་བར་བྱ་སྟེ་ༀ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་)སབ་ཏཱ་བྷི་ཥེ་ཀ་(མངོན་ པར་དབང་བསྐུར་བ་བདུན་གྱིས་)སབ་ཏ་བྷཱུ་མི་པྲཱཔྟོ་ཧཾ་(ས་བདུན་ཐོབ་པ་)ཞེས་པ་སྟེ་དབང་བདུན་རྗེས་སུ་ གནང་བའི་ཆོ་གའོ། །དེ་ནས་སྔགས་པས་སྔགས་ཀྱི་ཚིག་འདི་རྣམས་ཀྱིས་བུམ་པ་ལ་སོགས་ པའི་དབང་གོང་མ་རྣམས་གསོལ་བ་གདབ་པར་བྱ་སྟེ་ༀ་ༀ་(སྐུ་རྡོ་རྗེའི་ས་བོན་)པྲཛྙོ་པཱ་ཡཽ་(ཤེས་རབ་ ཐབས་དག་)ཀ་ལ་ཤཱ་བྷི་ཥེ་ཀྃ་མེ་ད་ད་ཏཱཾ་ཧཱུྃ་ཧཱུྃ་ཕཊ(བུམ་པའི་དབང་བསྐུར་བ་བདག་ལ་སྩལ་དུ་གསོལ)། ༀ་ ཨཱཿ(གསུང་རྡོ་རྗེའི་ས་བོན་)པྲ་ཛྙོ་པཱ་ཡཽ(ཤེས་རབ་ཐབས་དག་)གུཧྱཱ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་(གསང་པའི་མངོན་པར་ དབང་བསྐུར་བ་བདག་ལ་སྩལ་དུ་གསོལ་)ཧུྂ་ཧཱུྃ་ཕཊ། ༀ་ཧུྃ་(ཐུགས་རྡོ་རྗེའི་ས་བོན་)པྲ་ཛྙཽ་པཱ་ཡཽ་(ཤེས་རབ་ཐབས་ དག་)བཛྲ་སཏྭ་བི་ཤྭ་མཱ་ཏ་རཽ་(རྡོ་རྗེ་སེམས་དཔའ་དང་སྣ་ཚོགས་ཡུམ་)པྲཛྙཱ་ཛྙཱ་ནཱ་བྷི་ཥེ་ཀྃ་མེ་ད་ད་ཏཱཾ་(ཤེས་ རབ་ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བ་བདག་ལ་སྩལ་དུ་གསོལ་)ཧུྂ་ཧཱུྃ་ཕཊ་ཅེས་པས་གསོལ་བ་བཏབ་སྟེ་དེ་ ནས་འཆད་པར་འགྱུར་བ(རྡོ་རྗེ་སློབ་མའི་དབང་གོང་མ)འི་ཆོ་གས་བདག་ཉིད་ལ་དབང་བསྐུར་བར་ 3-1-320 བསྒོམ་པར་བྱའོ། །དེ་ནས་ང་རྒྱལ་གཟུང་བར་བྱ་སྟེ་ༀ་ༀ་བཛྲ་ས་ཏྭེ་ན་(རྡོ་རྗེ་སེམས་དཔའ་)ཀ་ལ་ ཤཱ་བྷི་ཥི་ཀེ་ཎ་(རྡོ་རྗེ་བུམ་པའི་དབང་བསྐུར་བས་)བྷི་ཥི་ཀ་ཏོ་(མངོན་པར་དབང་བསྐུར་བ་)བཛྲ་ས་ཏྭ་(རྡོ་རྗེ་སེམས་ དཔའ་)པུ་ཏྲོ་〔སྲས་〕ཨ་ཙ་ལཱ་བྷཱུ་མི་ལབ་ངྷོ་ཧྃ(མི་གཡོ་བའི་ས་ཐོབ་པའོ)། ༀ་ཨཱཿབཛྲ་ས་ཏྭེ་(རྡོ་རྗེ་སེམས་དཔའ་)ན་གུ་ཧྱཱ་བྷི་ཥེ་ཀེ་ནཱའ་(གསང་བའི་མངོན་པར་དབང་བསྐུར་བས་)བྷི་ཥི་ཀ་ཏོ་(མངོན་པར་དབང་བསྐུར་ཏེ་)བཛྲ་ ས་ཏྭ་ཡུ་བ་རཱ་ཛོ་(རྡོ་རྗེ་སེམས་དཔའི་རྒྱལ་ཚབ་)ན་བ་བྷུ་མི་ལབ་དྷོ་ཧྃ(ས་དགུ་པ་ཐོབ་པ་ངའོ)། ༀ་ཧུྃ་བཛྲ་ས་ ཏྭེ་ན་(རྡོ་རྗེ་སེམས་དཔས་)པྲ་ཛྙཱ་ཛྙཱ་ནེ་(ཤེས་རབ་ཡེ་ཤེས་ཀྱི་)ནཱའ་བྷི་ཥི་ཀ་ཏོ་(མངོན་པར་དབང་བསྐུར་ཏེ་)དྭི་ཏཱི་ ཡ་བཛྲ་ངྷ་རོ་ཧྃ་(རྡོ་རྗེ་འཆིང་གཉིས་པ་དང་)དྷརྨྨ་མེ་གྷཱ་བྷཱུ་མི་ལབ་དྷོ་ཧྃ(ཆོས་ཀྱི་སྤྲིན་གྱི་ས་ཐོབ་པ་ངའོ)། ཅེས་ པས་ང་རྒྱལ་བྱ་སྟེ་དབང་གོང་མའི་ཆོ་གའོ། །དེ་ནས་(རྡོ་རྗེ་སློབ་མའི་དབང་)གོང་མ་ལས་གོང་མ་ དབང་བཞི་པ་ནི་(སྦྱོར་བ་ཡན་ལག་དྲུག་གི་)མན་ངག་ལས་ཏེ་སྔགས་འདིས་གསོལ་བ་གདབ་པར་ བྱའོ། །ༀ་ཧོ་(རྒྱ་དཔེ་ཁ་ཅིག་ལ་ཧོ་ཚེག་དྲག་ཅན་ཡོད། ཡེ་ཤེས་རྡོ་རྗེའི་ས་བོན་)པྲ་ཛྙཱོ་པཱ་ཡཱད་མ་ཀྃ་(ཤེས་རབ་ཐབས་ ཀྱི་བདག་ཉིད་ཅན་)བཛྲ་སཏྭ་མ་ཧཱ་མུ་ཏྲཱརྵ་(རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་མོ་)ཛྙཱ་ནཱ་བྷི་ཥེ་ཀྃ་མེ་པྲ་ཡ་ཙྪ་(ཡེ་ ཤེས་ཀྱི་མངོན་པར་དབང་བསྐུར་བ་བདག་ལ་སྩོལ་)ༀ་ཨཱཿཧཱུྃ་ཧོ་ཕཊ་ཅེས་པས་གསོལ་བ་བཏབ་སྟེ་བདག་ ཉིད་ལ་(འཕོ་བའི་བག་ཆགས་ཀྱི་)དྲི་མ་མེད་པ(དབང་བཞི་པ་ཕྱག་རྒྱ་ཆེན་མོ)ས་དབང་བསྐུར་བར་བསྒོམ་ པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་ང་རྒྱལ་གཟུང་བར་བྱ་སྟེ་ༀ་ཧོ་དྷརྨྨ་དྷཱ་ཏྭཱ་ཀྵ་ར་(ཆོས་ཀྱི་ དབྱིངས་འགྱུར་བ་མེད་པ་)ཙ་ཏུར་ཐཱ་བི་ཥེ་ཀེ་(བཞི་པའི་མངོན་པར་དབང་བསྐུར་བས་)ཎཱ་བྷི་ཥེ་ཀ་ཏོ་(མངོན་པར་ དབང་བསྐུར་ཏེ་)བཛྲ་ས་ཏྭེ་ནཱ་ད་མ་ནཱ་ཧྃ་(རྡོ་རྗེ་སེམས་དཔའ་བདག་ཉིད་)དྭི་ཏཱི་ཡོ་དྭཱ་ད་ཤ་བྷཱུ་མི་ལབ་དྷོ་(ས་ བཅུ་གཉིས་ཐོབ་པ་)བཛྲ་ས་ཏྭོ་མ་ཧཱ་རྠཿ(རྡོ་རྗེ་སེམས་དཔའ་དོན་ཆེན་པོ་)པ་ར་མཱ་ཀྵ་རཿ(མཆོག་ཏུ་མི་འགྱུར་བ་) ཏྲཻ་ལོ་ཀྱ་བི་ཛ་ཡ་(འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་)ཀཱ་ལ་ཙཀྲོ(དུས་ཀྱི་འཁོར་ལོ་)བྷ་ག་ཝཱན་ཨེ་ཝྃ་ (བཅོམ་ལྡན་འདས་ཨེ་ཡིག་)ཀ་རཿཞེས་པ་ནི་གོང་མ་ལས་གོང་མའི་དབང་གི་ཆོ་གའོ། ། ༈ ད་ནི་ཕྱག་རྒྱ་དྲུག་གི་སྔགས་ཀྱི་ཚིག་རྣམས་ཏེ་ༀ་ཧྃ་ཧཿ བཱ་མ་དཀྵི་ཎ་(གཡོན་དང་གཡས་ 3-1-321 པའི་)ཀརྞྞ་ཡོར་(རྣ་བ་དག་ལ་)བཛྲ་ཀུཎ་ཌ་ལེ་(རྡོ་རྗེའི་རྣ་རྒྱན་)ཧུྂ་ཧཱུྃ་ཕཊ་ཕཊ། ༀ་ཨཾ་ཨཿ ཀ་ཊྱྂ་ཀཎ་ ཋེ་(རྐེད་པ་དང་མགུལ་པ་ལ་)བཛྲ་མེ་ཁ་ལཱ་(རྡོ་རྗེའི་འོག་དཔག་དང་)བཛྲ་ཀཎ་ཋི་ཀེ་(རྡོ་རྗེ་མགུལ་རྒྱན་དུ་)ཧུྂ་ཧཱུྃ་ ཕཊ་ཕཊ། ༀ་ཨ་ཨཱ་བཱ་མ་དཀྵི་ཎ་(གཡོན་པ་དང་གཡས་པའི་)ཀ་ར་ཡོར་(ལག་པ་དག་ལ་)བཛྲ་རུ་ཙ་ཀཽ་ (རྡོ་རྗེའི་ལག་གདུབ་ཏུ་)ཧུྂ་ཧཱུྃ་ཕཊ་ཕཊ། ༀ་ཧ་ཧཱ་བ་མ་དཀྵི་ན་(གཡོན་པ་དང་གཡས་པའི་རྐང་པ་དག་ལ་)པཱ་ད་ ཡོར་བཛྲ་ནཱུ་པ་རེ་(རྡོ་རྗེའི་རྐང་གདུབ་ཏུ་)ཧུྂ་ཧཱུྃ་ཕཊ་ཕཊ། ༀ་ཧྃ་བྃ་པཉྩ་ཀཱ་ར་མ་ཧཱ་ཤཱུ་ནྱ་སྭ་བྷཱ་བ་(སྟོང་ པ་ཆེན་པོ་འགྱུར་མེད་ལྔ་པའི་རང་བཞིན་)བཛྲ་ཤི་རོ་མ་ཎི་(རྡོ་རྗེ་སྤྱི་བོ་ལ་ནོར་བུ་)ཤི་ར་(སྤྱི་དང་)སི་སརྦཱ་གེ་བྷསྨ་ (ཡན་ལག་ཐམས་ཅད་ལ་ཐལ་བ་)ཧུྂ་ཧཱུྃ་ཕཊ་ཕཊ། ༀ་ཨཾ་ཨར་དྷ་ནཱ་(ཕྱེད་ལ་)རཱི་ཤྭ་ར་(མི་མོའི་དབང་ཕྱུག་) བཛྲཱར་དྷ་ཙན་དྲ་(རྡོ་རྗེ་ཕྱེད་པའི་ཟླ་བ་)བཛྲ་པཊྚོར་དྷེ་(རྡོ་རྗེ་དར་དཔྱངས་ཀྱི་སྟེང་དུ་)ཧུྂ་ཧཱུྃ་ཕཊ་ཕཊ། ༀ་ཨ་ ཨཿཨྂ་(བཛྲ་ཞེས་པ་རྒྱ་དཔེ་ལ་སྣང་)སརྦ་སྭ་རེ་ཀ་ཏྲི་སྭ་ར་(དབྱངས་ཐམས་ཅད་པ་)སྭ་བྷཱ་བ་(དབྱངས་གསུམ་གྱི་ རང་བཞིན་)བཛྲ་ཡ་ཛྙོ་པ་བཱི་ཏ་སྐན་དྷེ(རྡོ་རྗེ་མཆོད་ཕྱིར་ཐོག་ཕྲག་པར་)ཧུྂ་ཧཱུྃ་ཕཊ་ཕཊ་ཅེས་པ་ནི་ཕྱག་རྒྱ་ དྲུག་གི་ཆོ་གའོ། །དེ་ནས་འཆད་པར་འགྱུར་བའི་གླང་པོ་ཆེའི་ལྤགས་པ་ཕྱག་རྒྱ་དང་བཅས་ པ་གཞན་ཕྱག་རྒྱ་བཞིའི་སྔགས་ཀྱི་ཚིག་རྣམས་ནི་ༀ་ཀྵཿདུར་དཱན་ཏཱ་བྷི་མཱ་ནཀྵ་ཡྃ་ཀ་ར་(གདུལ་ དཀའ་བ་མངོན་པའི་ང་རྒྱལ་ཟད་པར་བྱེད་པ་)བྱཱ་གྷྲ་ཙར་མ་(སྟག་གི་ལྤགས་པ་)ཀ་ཊཽ་(སྐེད་པར་)ཧུྂ་ཧཱུྃ་ཕཊ་ཕཊ། ༀ་ཧྃ་ཀྵཿཏྲིཾ་ཤཏ་སྭ་ར་(སུམ་ཅུའི་དབྱངས་)སབ་ཏ་ཏི་(བདུན་ཅུ་)ཧྲ་སྭ་(ཐུང་ངུ་)དཱིརྒྷ་(རིང་པོ་)བྱ་ཛྙ་ན་སྭ་ བྷ་བ་(གསལ་བྱེད་ཀྱི་རང་བཞིན་)དཻ་ཏྱ་ཀུ་ལ་(ལྷ་མིན་རིགས་)ཤ་ཏ་(བརྒྱ་)སི་རོ་བྷིར་(མགོ་བོ་རྣམས་ཀྱི་)མུཎ་ ཌ་མཱ་ལེ་(མགོ་འཕྲེང་)སྐན་དྷཱ་(ཕྲག་པར་)བ་ལྃ་བི་ནི་(འཕྱང་བ་)སྐན་དྷེ་(ཕྲག་པར་)ཧུྂ་ཧཱུྃ་(རིང་པོ་དང་ཐུང་ངུའི་ དབྱངས་སུམ་ཅུ་དང་གསལ་བྱེད་བདུན་ཅུའི་རང་བཞིན་ལྷ་མིན་རིགས་བརྒྱའི་མགོ་བོ་རྣམས་ཀྱི་མགོ་ཕྲེང་འཕྲག་པར་འཕྱང་པ་ ཕྲག་པ་ལ་)ཕཊ་ཕཊ། ༀ་ཧ་ཧི་ཧྲྀ་ཧུ་ཧླྀ་པཉྩ་སྐན་དྷེ་(ཕུང་པོ་ལྔ་)བི་ཤུད་དྷ་སྭབྷཱ་བ་(རྣམ་པར་ དག་པའི་རང་བཞིན་)ཤི་ར་སི་(སྤྱི་བོར་)ཀ་པཱ་ལ་མཱ་ལེ་(ཐོད་པའི་ཕྲེང་བ་)ཧུྂ་ཧཱུྃ་ཕཊ་ཕཊ། ཅེས་པ་ནི་ཕྱག་ རྒྱ་བཞིའི་ཆོ་གའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུའི་དབྱེ་བས་ཕྱག་རྒྱ་བཅུ་དང་གནས་བཅུ་ 3-1-322 དྲུག་གི་དབྱེ་བས་སྟོང་པ་ཉིད་བཅུ་དྲུག་སྟེ་ཕྱག་རྒྱ་དགོད་པའི་ཆོ་གའོ། ། ༈ དེ་ནས་གཡས་དང་གཡོན་གྱི་ཕྱག་རྣམས་སུ་མཚོན་ཆ་བསྒོམ་པར་བྱ་སྟེ་དེ་ལ་སྔགས་ ཀྱི་ཚིག་རྣམས་ནི་མཚོན་ཆའི་ས་བོན་གྱིས་བརྗོད་པར་བྱའོ། །ༀ་ཀྵཿྼ ཀྲོ་དྷ་བཛྲ་(ཁྲོ་བོའི་རྡོ་རྗེ་)ཧཱུྃ་ ཕཊ། ༀ་ཀྵཿྼ བཛྲ་ཁཊ་ག་(རྡོ་རྗེ་རལ་གྲི་)ཧཱུྃ་ཕཊ། ༀ་ཀྵཿྼ བཛྲ་ཏྲི་ཤུ་ལ་(རྡོ་རྗེ་རྩེ་གསུམ་)ཧཱུྃ་ཕཊ། ༀ་ ཀྵཿྼ བཛྲ་(རྡོ་རྗེ་)ཀརྟ་རི་(གྲི་གུག་)ཧཱུྃ་ཕཊ། ༀ་ཀྵཿྼ བཛྲ་བཱ་ཎ་(རྡོ་རྗེ་མདའ་)ཧཱུྃ་ཕཊ། ༀ་ཀྵཿྼ བཛྲ་ཨཾ་ ཀུ་ཤ་(རྡོ་རྗེ་ལྕགས་ཀྱུ་)ཧཱུྃ་ཕཊ། ༀ་ཀྵཿྼ བཛྲ་ཌ་མ་རུ་ཀ་(རྡོ་རྗེ་ཌ་མ་རུ་)ཧཱུྃ་ཕཊ། ༀ་ཀྵཿྼ བཛྲ་མུད་ག་ ར་(རྡོ་རྗེ་ཐོ་བ་)ཧཱུྃ་ཕཊ། ༀ་ཀྵཿྼ བཛྲ་ཙཀྲ་(རྡོ་རྗེ་འཁོར་ལོ་)ཧཱུྃ་ཕཊ། ༀ་ཀྵཿྼ བཛྲ་ཀུན་ཏ་(རྡོ་རྗེ་མདུང་)ཧཱུྃ་ ཕཊ། ༀ་ཀྵཿྼ བཛྲ་དཎ་ཌ་(རྡོ་རྗེ་དབྱུག་པ་)ཧཱུྃ་ཕཊ། ༀ་ཀྵཿྼ བཛྲ་པར་ཤུ་(རྡོ་རྗེ་དགྲ་སྟ་)ཧཱུྃ་ཕཊ། ཅེས་ པ་ནི་གཡས་ཀྱི་མཚོན་ཆ་དགོད་པའོ། །དེ་ནས་གཡོན་པ་ལ་སྔགས་ཀྱི་ཚིག་རྣམས་ནི་ༀ་དང་ ཧྭཾ་ཡིག་དང་པོས་བརྗོད་པར་བྱའོ། །ༀ་ཧྭཱྃ་བཛྲ་གྷཎ་ཊི་(རྡོ་རྗེ་དྲིལ་བུ་)ཧོ་(འདི་རྣམས་ལ་རྒྱ་དཔེ་ཁ་ཅིག་ལ་ རྣམ་པར་བཅད་པ་སྣང་)ཕྲེཾ་ཕཊ། ༀ་ཧྭཱྃ་བཛྲ་ཁེ་ཊ་ཀ་(ཀ་འདི་ལ་ལར་གི་སྣང་ངོ་)ཧོ་(རྡོ་རྗེ་ཕུབ་)ཕྲེཾ་ཕཊ། ༀ་ཧྭྃ་ བཛྲ་ཁ་ཊཱྃ་ག་(རྡོ་རྗེ་ཁ་ཊཱྃ་ག་)ཧོ་ཕྲེཾ་ཕཊ། ༀ་ཧྭཱྃ་བཛྲ་ཀ་པཱ་ལ་(རྡོ་རྗེ་ཐོད་པ་)ཧོ་ཕྲེཾ་ཕཊ། ༀ་ཧྭཱྃ་བཛྲ་ཙཱ་པ་ (རྡོ་རྗེ་གཞུ་)ཧོ་ཕྲེཾ་ཕཊ། ༀ་ཧྭཱྃ་བཛྲ་པཱ་ཤ་(རྡོ་རྗེ་ཞགས་པ་)ཧོ་ཕྲེཾ་ཕཊ། ༀ་ཧྭཱྃ་བཛྲ་རད་ན་(རྡོ་རྗེ་རིན་པོ་ཆེ་) ཧོ་ཕྲེཾ་ཕཊ། ༀ་ཧྭཱྃ་བཛྲ་པད་མ་(རྡོ་རྗེ་པད་མ་)ཧོ་ཕྲེཾ་ཕཊ། ༀ་ཧྭཱྃ་བཛྲ་ཤྃ་ཁ་(རྡོ་རྗེ་དུང་)ཧོ་ཕྲེཾ་ཕཊ། ༀ་ཧྭཱཾ་ བཛྲཱ་དར་ཤ་(རྡོ་རྗེ་མེ་ལོང་)ཧོ་ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ཤྲིཾ་ཁ་ལེ་(རྡོ་རྗེ་ལྕག་སྒྲོག་)ཧོ་ཕྲེཾ་ཕཊ། ༀ་ཧྭྃ་ཙ་ཏུར་ བེ་ད་མུ་ཁ་སྭ་བྷཱ་བ་བྲཧྨ་ཤི་ར་(རིག་བྱེད་བཞིའི་རང་བཞིན་གྱི་གདོང་ཅན་ཚངས་པའི་མགོ་)ཧོ་ཕྲེཾ་ཕཊ། ཅེས་ པ་ནི་གཡོན་པའི་ཕྱག་རྣམས་ལ་མཚན་མ་དགོད་པའི་ཆོ་གའོ། །དེ་ནས་གླང་པོ་ཆེའི་ལྤགས་ པའི་སྔགས་ཀྱི་ཚིག་རྣམས་ནི། ༀ་ཀྵ་ཀྵཱ་ཀྵི་ཀྵཱི་ཀྷྼྀ་ཀྷྼཱྀ་ཀྵུ་ཀྵཱུ་ཀྵླྀ་ཀྵཹ་ཀྵྃ་ཀྵཿ ཧ་ཧཱ་ ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླྀ་ཧཹ་ཧྃ་ཧཿསརྦ་བིགྷྣ་བི་དཱ་རི་ཏ་(བགེགས་ཐམས་ཅད་རྣམ་པར་བཅོམ་ པའི་)ག་ཛ་ཙར་མ་པ་ཊཱར་ཏྲ་(གླང་པོ་ཆེ་བསད་པའི་གོ་བ་རློན་པ་)ར་ཀ་ཏ་(ཁྲག་)ཤྲ་བ་ཏ་(འཛག་པ་)ཧུྃ་ཕྲེཾ་ 3-1-323 གཡས་པ་དང་གཡོན་པའི་ཕྱག་གི་ཁུ་ཚུར་སྡིག་མཛུབ་དང་བཅས་པ་དག་གིས་གཡས་སུ་ མགོ་བོའི་རྩེ་མོ་དང་རྒྱབ་ཏུ་རྐང་པ་གཉིས་འཕྱང་ཞིང་རྐང་པ་གཉིས་ནས་བཟུང་བ་བསམ་ པར་བྱ་སྟེ་ལྤགས་པ་བགོ་བའི་ཆོ་གའོ། ། ༈ དེ་ནས་ཀླུའི་རྒྱལ་པོ་བཅུ་པོ་རྣམས་རྣམ་པར་དགོད་པར་བྱ་སྟེ་དེ་ལ་སྔགས་ཀྱི་ཚིག་ རྣམས་ནི་ༀ་ཧུྃ་བཛྲ་ཛ་ཡ་(རྡོ་རྗེ་རྒྱལ་བ་)ནཱ་གེན་དྲ་(ཀླུའི་དབང་པོ་)བཛྲ་ཛ་ཊ་མུ་ཀུ་ཊཱ་(རྡོ་རྗེ་རལ་པའི་ཅོད་ པན་)བན་དྷེ་ཏིཥྛ་ཏིཥྛ་(བཅིང་པ་ལ་གནས་པར་གྱིས་གནས་པར་གྱིས་)ཧུྃ་ཧཱུྃ་ཕཊ་ཕཊ། ༀ་ཀྵཱུྃ་བཛྲ་བི་ཛ་ཡ་ (རྡོ་རྗེ་རྣམ་པར་རྒྱལ་བ་)ནཱ་གཱེནྟྲ་(ཀླུའི་དབང་པོ་)བཛྲ་པཊྚ་(རྡོ་རྗེ་དར་དཔྱངས་)བནྡེ་ཏིཥྛ་ཏིཥྛ་(ཆིངས་ལ་གནས་པར་ གྱིས་གནས་པར་གྱིས་)ཧུྃ་ཧཱུྃ་ཕཊ་ཕཊ། ༀ་ཧྻྃ་ཧྻཱྃ་བཛྲ་ཀར་ཀོ་ཊ་ཀ་(རྡོ་རྗེ་སྟོབས་ཀྱི་རྒྱུ་དང་)བཛྲ་པད་མཽ(རྡོ་ རྗེ་པད་མ་)བཱ་མ་དཀྵི་ཎ་ཀུཎ་ཌ་ལ་ཡོཿ(གཡོན་དང་གཡས་པའི་རྣ་རྒྱན་དག་ལ་)ཏིཥྛ་ཏིཥྛ་ཧུྃ་ཧཱུྃ་ཕཊ་ཕཊ། ༀ་ ཧྼྃ་ཧྼཱྃ་བཛྲ་བཱ་སུ་ཀི་(རྡོ་རྗེ་ནོར་རྒྱས་དང་)ཤཾ་ཁ་པཱ་ལཽ་(དུང་སྐྱོང་)བཱ་མ་དཀྵི་ཎ་རུ་ཙ་ཀ་ཡོཿ(གཡོན་དང་གཡས་ པའི་ལག་གདུབ་དག་ལ་)ཏིཥྛ་ཏིཥྛ་ཧུྃ་ཧཱུྃཕཊ་ཕཊ། ༀ་ཧྭྃ་ཧྭཱྃ་བཛྲ་ཨ་ནན་ཏ་(རྡོ་རྗེ་མཐའ་ཡས་དང་)ཀུ་ལོ་ཀཽ་ (རིགས་ལྡན་དག་)མེ་ཁ་ལཱ་ཀཎ་ཋི་ཀ་ཡོཿ(སྐ་རགས་དང་མགུལ་རྒྱན་དག་ལ་)ཏིཥྛ་ཏིཥྛ་ཧུྃ་ཧཱུྃ་ཕཊ་ཕཊ། ༀ་ཧླྃ་ ཧླཱྃ་བཛྲ་ཏ་ཀྵཀ་(རྡོ་རྗེ་འཇོག་པོ་)མ་ཧཱ་པད་མཽ་(པད་མ་ཆེན་པོ་)བཱ་མ་དཀྵི་ཎ་པཱ་ད་ནཱུ་པུ་ར་ཡོཿ(གཡོན་དང་ གཡས་པའི་རྐང་གདུབ་དག་ལ་)ཏིཥྛ་ཏིཥྛ་ཧུྂ་ཧཱུྃ་ཕཊ་ཕཊ། དེ་ལྟར་སྔགས་ཀྱི་ཕྱག་རྒྱ་ཐམས་ཅད་དགོད་ པར་བྱའོ། ། ༈ དེ་ནས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྐང་པ་བཅུ་དྲུག་པ་མཁའ་འགྲོ་མའི་ ཚོགས་དང་བཅས་པ་གདུག་པ་ཚར་གཅོད་པའི་སྔགས་བདུད་ལ་སོགས་པ་རྣམས་ཚར་ གཅད་པའི་དོན་དུ་སྔགས་པས་བཟླས་པར་བྱའོ་ཞེས་པ་ནི་ངེས་པའོ། །དེ་ལ་སྔགས་ཀྱི་ཚིག་ རྣམས་ནི་འདི་ལྟ་སྟེ། ༀ་ན་མོ་〔ཕྱག་འཚལ་ལོ〕བཛྲ་སཏྭ་ཡ〔རྡོ་རྗེ་སེམས་དཔའ་ལ〕། ན་མོ་བུད་དྷ་བོ་དྷི་ སཏྭ་བྷྱ〔སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ〕ཿ ན་མོ་བཛྲ་ཀྲོ་དྷེན་དྲ་རཱ་ཛེ་བྷྱ〔རྡོ་རྗེ་ཁྲོ་བོའི་དབང་པོའི་ 3-1-324 རྒྱལ་པོ་རྣམས་ལ〕ཿ ན་མོ་བི་ཤྭ་མཱ་ཏྲེ〔སྣ་ཚོགས་ཡུམ་ལ〕ན་མོ་བུད་དྷ་བོ་དྷི་སཏྭ་དེ་བཱི་བྷྱ〔སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ལྷ་མོ་རྣམས་ལ〕ཿ ན་མོ་བཛྲ་ཌཱ་ཀི་ནཱི་བྷྱ〔རྡོ་རྗེ་མཁའ་འགྲོ་མ་རྣམས་ལ〕ཿ ༀ་ན་མོ་བྷ་ག་བ་ཏེ་ཀཱ་ ལ་ཙ་ཀྲ་ཡ〔བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ〕༡། བཛྲ་བྷཻ་ར་བ་བྷཱི་ཀ་རཱ་ཡ〔རྡོ་རྗེ་འཇིགས་བྱེད་འཇིགས་པར་ བྱེད་པ་ལ〕༢། མ་ཧེན་ཏྲ་ནཱི་ལ་བར་ཎྞ་ཤ་རཱི་ར་ཡ〔སྔོན་པོའི་དབང་པོ་ཆེན་པོའི་ཁ་དོག་གི་སྐུ་ལ〕 ༣། མ་ར་ཀླེ་ ཤ་ཧྲི་ད་ཡཱ་ཀྲཱན་ཏ〔བདུད་དང་ཉོན་མོངས་པའི་སྙིང་གར་མནན་པ〕སི་ཏ་རཀྟ་ཙ་ར་ཎཱ་ཡ〔དཀར་པོ་དང་དམར་པོའི་ ཞབས་ལ〕༤། ཀྲྀཥྞ་རཀྟ་སི་ཏ་ཀཎ་ཋཱ་ཡ〔ནག་པོ་དམར་པོ་དཀར་པོའི་མགྲིན་པ་ལ〕 ༥། ནཱི་ལ་སི་ཏ་པཱི་ཏ་ རཀ་ཏ〔སྔོན་པོ་དཀར་པོ་སེར་པོ་དམར་པོ〕དཾ་ཥྚཱ་ཀ་རཱ་〔མཆེ་བ་གཙིགས་པ་〕ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ〔དྲག་ཅིང་ འཇིགས་སུ་རུང་བའི་ཞལ་ལ〕༦། ཀྲྀཥྞ་རཀ་ཏ་སི་ཏ་〔ནག་པོ་དམར་པོ་དཀར་པོའི་〕ས་བྱེ་ཏ་ར་〔གཡས་དག་ཅིག་ཤོས་ ཀྱིས〕སྐན་དྷཱ་ཡ〔ཕྲག་པ་ལ〕༧ །དྭཱ་ད་ཤ་བྷུ་ཛཱ་ཡ〔བཅུ་གཉིས་ཀྱི་དཔུང་པ་ལ〕༨ །ཥཊ་བིཾ་ཤ་ཏི་ཀ་རཱ་ཡ〔དྲུག་ དང་ཉི་ཤུའི་ཕྱག་ལ〕༩། བཛྲ་〔རྡོ་རྗེ་〕ཁཊ་ག〔རལ་གྲི་〕ཏྲི་ཤཱུ་ལ〔རྩེ་གསུམ〕། ཀར་ཏི་ཀཱ་〔གྲི་གུག་〕བཱ་ཎཱྃ་〔མདའ་〕 ཀུ་ཤ་〔ལྕགས་ཀྱུ་〕ཌ་མ་རུ་ཀ་〔ཅང་ཏེའུ་〕མུད་ག་ར〔ཐོ་བ་〕ཙཀྲ〔འཁོར་ལོ་〕ཀུན་ཏ〔མདུང་〕དཎ་ཌ〔དབྱུག་པ་〕པར་ ཤུ〔དགྲ་སྟ་〕བཛྲ་གྷཎ་ཊ་〔རྡོ་རྗེ་དྲིལ་བུ་〕ཁེ་ཊ་〔ཕུབ་〕ཁ་ཊྭཱཾ་ག་〔ཁ་ཊྭཱཾ་ག་〕ཀ་པཱ་ལ་〔ཐོད་པ་〕ཙཱ་པ་〔གཞུ་〕པཱ་ཤ་〔ཞགས་ པ་〕རད་ན་〔རིན་པོ་ཆེ་〕ཀ་མ་ལ་〔པད་མ་〕ཤཾ་ཁ་〔དུང་〕ཨཱ་དར་ཤ་〔མེ་ལོང་〕ཤྲིཾ་ཁ་ལཱའ་〔ལྕགས་སྒྲོག་〕བྲཧྨ་ཤི་རོ་ 〔ཚངས་པའི་མགོ་བོ་〕ག་ཛ་ཙར་མ་དྷྲྀ་ཏ་ཀ་རཱ་ཡ〔གླང་པོ་ཆེའི་ལྤགས་པ་འཛིན་པའི་ཕྱག་རྣམས་ལ〕༡༠། བྱཱ་གྷྲ་ཙར་མ་ 〔སྟག་གི་ལྤགས་པའི་〕ནི་ཝ་ས་ན་ཡ〔ཤམ་ཐབས་ཅན་ལ〕༡༡། སྐན་དྷེ་〔ཕྲག་པ་ལ་〕མུཎ་ཌ་མཱ་ལཱ་བ་ལྃ་བི་ནི་〔མགོ་ བོའི་ཕྲེང་བ་འཕྱང་བ་ཅན་ལ〕༡༢། ཤི་ར་སི་〔སྤྱི་བོར་〕བཛྲ་པཊ་ཊ་〔རྡོ་རྗེ་དར་དཔྱངས་དང་〕མུ་ཀུ་ཊེ་〔ཅོད་པན་ལ་〕 བཛྲ་ཀ་པཱ་ལ་མཱ་ལཱར་དྷ་ཙནྚ་དྷ་རཱ་ཡ〔རྡོ་རྗེ་ཐོད་པའི་ཕྲེང་བ་དང་ཟླ་ཕྱེད་འཛིན་པ་ལ〕༡༣། ཀུན་ཌ་ལ་〔རྣ་རྒྱན་ལ་〕 རུ་ཙ་ཀོ་〔ཕྱག་གདུབ་〕ཀཎ་ཋི་ཀཱའ་〔མགུལ་རྒྱན་〕མེ་ཁ་ལཱའ་〔སྐ་རགས་〕ནཱུ་པཱུ་ར་〔ཞབས་གདུབ་〕བྷསྨ་〔ཐལ་བ་〕 ཡཛྙཱོ་པ་བཱི་ཏ་〔མཆོད་ཕྱིར་ཐོགས་〕ཤི་རོ་མ་ཎི་〔སྤྱི་བོར་ནོར་བུ་〕མ་ཧཱ་〔ཆེན་པོ་〕མུ་ཏྲཱ་〔ཕྱག་རྒྱ་〕ནཱ་གཱེན་ཏྲ་〔ཀླུའི་དབང་ པོ་〕བི་བྷཱུ་ཥ་ཎཱ་ཡ〔རྣམ་པར་བརྒྱན་པ་ལ〕༡༤། བཛྲ་ཌཱ་ཀི་ནཱི་སཾ་ཏོ་ཥི་ཏ་ཧྲི་ད་ཡཱ་ཡ〔རྡོ་རྗེ་མཐའ་འགྲོ་མས་ཡང་ 3-1-325 དག་པར་མཉེས་པའི་ཐུགས་ལ〕༡༥། ཨིན་ཏྲ་〔དབང་པོ་དང་〕ཨག་ནི་〔མེ་ལྷ་དང་〕ཡ་མ〔གཤིན་རྗེ་དང་〕ནཻ་ཪྼྀ་ ཏྱ་〔བདེན་བྲལ་དང་〕བ་རུ་ཎ་〔ཆུ་ལྷ་དང་〕བཱ་ཡུ་〔རླུང་ལྷ་དང་〕ཀུ་བེ་ར་〔ལུས་ངན་དང་〕ཨི་ཤཱ་ན་〔དབང་ལྡན་དང་〕པྲཧྨ་ 〔ཚངས་པ་དང་〕བིཥྞུ་〔ཁྱབ་འཇུག་དང་〕བི་ནཱ་ཡ་ཀ་〔ལོག་འདྲེན་དང་〕ཀཱར་ཏི་ཀེ་〔སྨིན་དྲུག་གི་བུ་དང་〕ཡ་ནན་དི〔དགའ་ བྱེད་དང་〕མ་ཧཱ་ཀཱ་ལ〔ནག་པོ་ཆེན་པོ་དང་〕གྲ་ཧ〔གཟའ་དང་〕ནཀྵ་དྲ་〔རྒྱུ་སྐར་དང་〕ཀྵེ་ཏྲ་པཱ་ལ་〔ཞིང་སྐྱོང་དང་〕སུ་ རེན་དྲཱརྵ་〔ལྷའི་དབང་པོ་དང་〕སུ་རེན་དྲཱརྵ་〔ལྷ་མིན་གྱི་དབང་པོ་དང་〕ཕ་ནཱིནྡྲ་〔གདོང་ཅན་གྱི་དབང་པོ་དང་〕བྷུ་ཏེན་ དྲ་〔འབྱུང་བོའི་དབང་པོ་དང་〕ན་རེན་དྲ་〔མིའི་དབང་པོས་〕སཾ་སྟུ་ཏ་ཙ་ར་ཎཱ་ཡ〔ཡང་དག་པར་བཏུད་པའི་ཞབས་ལ〕༡༦། ཞེས་པ་ནི། བཅོམ་ལྡན་འདས་ཀྱི་སྔགས་རྐང་པ་བཅུ་དྲུག་པ་སྟེ་〔འདིར་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱི་ མངོན་རྟོགས་སུ་བྱས་ནས་སྲུང་འཁོར་གྱི་སྐབས་སུ་བཟླས་པ་བྱེད་པ་ནི་མི་རིགས་ཏེ་འདི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ སྔགས་རྐང་པ་བཅུ་དྲུག་པ་ཞེས་དུས་འཁོར་རབ་ཏུ་འཁྲོས་པ་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་རྟོགས་ཡིན་ལ་རྡོ་རྗེ་ཤུགས་ནི་སྒྲུབ་ ལེའི་ཚིག་བཅད་གྱ་བདུན་པར་རིགས་དང་རིགས་ཅན་དུ་སྦྱོར་བའི་སྐབས་སུ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དང་རྒྱལ་བའི་བདག་ པོར་འགྱུར་ཏེ་ཀུན་ཏུ་བཟང་པོ་དེ་ཉིད་དོ། །ཞེས་རྡོ་རྗེ་ཤུགས་ནི་རྡོ་རྗེ་སེམས་དཔའ་དང་ཀུན་ཏུ་བཟང་པོ་གཉིས་ཀའི་སྲས་པོ་ཡིན་ པ་དང་ཚིགས་བཅད་གྱ་དགུ་པར་ཡུམ་དང་ཁྲོ་བོའི་དབང་པོའི་ཕྱག་རྒྱར་འགྱུར་ཏེ་ཞེས་རྡོ་རྗེ་ཤུགས་ཀྱི་ཡུམ་ཡང་སྣ་ཚོགས་ཡུམ་ གྱི་སྲས་མོར་གསུངས་པས་ཁྲོ་བོའི་སྡེ་ཚན་དུ་གཏོགས་ཀྱི་དུས་འཁོར་ཉིད་མ་ཡིན་པའི་ཕྱིར་རོ། །གཞན་ཡང་རྐང་པ་བཅུ་དྲུག་ པར་ཕྱག་རྒྱ་དྲུག་པ་ཐལ་བ་དང་མཆོད་ཕྱིར་ཐོགས་བཤད་ལ་རྡོ་རྗེ་ཤུགས་ནི་ཕྱག་རྒྱ་ལྔ་དང་ལྡན་གྱི་ཕྱག་རྒྱ་དྲུག་དང་ལྡན་པར་མ་ བཤད་ཅིང་སྒྲུབ་ལེར་དེ་བཞིན་དུ་ཁྲོ་བོའི་དབང་པོ་རྣམས་ཀྱང་ས་བཅུའི་དབང་ཕྱུག་ཉིད་དུ་གྲུབ་པོ་ཞེས་གསུངས་པ་ཁྲོ་བོའི་ དབང་པོ་རྡོ་རྗེ་ཤུགས་དང་དུས་འཁོར་འཁྲོས་པ་རྡོ་རྗེ་འཇིགས་བྱེད་གཅིག་མ་ཡིན་པར་ཤེས་པར་བྱའོ། །རྐང་པ་བཅུ་དྲུག་པ་རྐང་ པ་བདུན་ཅུ་རྩ་གཉིས་པ་དང་བཅས་པ་ཡང་སྐབས་འདིར་མཚན་མ་ངན་པ་བསལ་བའི་ཆོ་ག་ལ་བཟླས་པ་དང་སྐབས་གཞན་དུ་ སྒྲུབ་ཐབས་དངོས་གཞིའི་སྐབས་སུ་ཟློས་པར་གསུངས་པས་སྲུང་འཁོར་གྱི་སྐབས་སུ་བཟླས་པར་བྱ་བ་མ་ཡིན་ནོ། །ཕྱག་རྒྱ་དང་ མཚོན་ཆ་དགོད་པའི་སྔགས་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ〕འདི་བྱེ་བ་བཟླས་པས་ལས་ཐམས་ཅད་དང་ སྦྱིན་སྲེག་འབུམ་ཕྲག་བཅུས་གྲུབ་པ་ཆེན་པོ་བརྒྱད་པོ་ཐམས་ཅད་འགྲུབ་པར་འགྱུར་ཏེ་སྔོན་ 3-1-326 དུ་བསྙེན་པའི་ངེས་པའོ། །དེ་ནས་བཀླགས་པ་ཙམ་གྱིས་ཐམས་ཅད་བྱེད་དོ། །ད་ནི་བདུད་ རིགས་བརྒྱའི་མགོ་བོའི་ཕྲེང་བའི་ས་བོན་རྣམས་ཏེ་〔འཁོར་ལོ་སྡོམ་ཆེན་གྱི་〕མཁའ་འགྲོ་མའི་ཚོགས་ ཀྱི་〔ས་བོན་〕ཡང་དེ་རྣམས་ཉིད་དོ། །ཧ་ཧཱ་ཀྵ་ཀྵཱ་ང་ངཱ་ྈྐ་ྈྐཱ་ན་ནཱ་མ་མཱ་ཎ་ཎཱ་ཉ་ཉཱ་ཧུྃ་ཧཱུྃ་ཕྲེ་ཾཕྲཱེ་ཾཕཊ་ ཕཊ་ཅེས་པ་དུར་ཁྲོད་〔བཅུ་དྲུག་〕ལའོ། ཀླྀ་ཀ??ཹ་ཁུ་ཁཱུ་གྼྀ་གྼཱྀ་གྷི་གྷཱི་ཧ་ཧཱ་ཧུྃ་ཧཱུྃ་ཕཊ་ཕཊ་ ཅེས་པ་ནམ་མཁའི་འཁོར་ལོ་〔རྩིབས་བརྒྱད་པ་〕ལའོ། །ཙླྀ་ཙ??ཹ་ཚུ་ཚཱུ་ཛྼྀ་ཛྼཱྀ་ཛྷི་ཛྷཱི་ཡ་ ཡཱ་ཧུྃ་ཧཱུྃ་ཕཊ་ཕཊ་ཅེས་པ་ནི་རླུང་གི་འཁོར་ལོ་〔རྩིབས་བརྒྱད་པ་〕ལའོ། །ཊླྀ་ཊ??ཹ་ཋུ་ཋཱུ་ཌྼྀ་ ཌྼཱྀ་ཌྷྼི་ཌྷྼཱི་ཧུྃ་ཧཱུྃ་ཕཊ་ཅེས་པ་ནི་མེའི་འཁོར་ལོ་〔རྩིབས་བརྒྱད་པ་〕ལའོ། །པླྀ་པ??ཹ་ཕུ་ཕཱུ་བྼྀ་ བྼཱྀ་བྷི་བྷཱི་ཝ་ཝཱ་ཧུྃ་ཧཱུྃ་ཕཊ་ཕཊ་ཅེས་པ་ནི་ཆུའི་འཁོར་ལོ་〔རྩིབས་བརྒྱད་པ་〕ལའོ། །ཏླྀ་ཏ??ཹ་ཐུ་ཐཱུ་ དྼྀ་དྼཱྀ་དྷི་དྷཱི་ལ་ལཱ་ཧུྃ་ཧཱུྃ་ཕཊ་ཕཊ་ཅེས་པ་ནི་སའི་འཁོར་ལོ་〔རྩིབས་བརྒྱད་པ་〕ལའོ། སླྀ་ས??ཹ་ྉྤུ་ྉྤཱུ་ཥྼྀ་ཥྼཱྀ་ཤི་ཤཱི་ཧཾ་ཧཿ ཧུྃ་ཧཱུྃ་ཕཊ་ཕཊ་ཅེས་པ་ནི་ཡེ་ཤེས་ཀྱི་འཁོར་ལོ་ 〔རྩིབས་བརྒྱད་པ་〕ལའོ། །〔འཁོར་ལོ་དྲུག་བརྩེགས་〕འདི་རྣམས་〔ཀྱི་མུ་ཁྱུད་〕ལ་གྲངས་བཞིན་དུ་རྡོ་རྗེ་དང་ རལ་གྲི་དང་རིན་པོ་ཆེ་དང་པད་མ་དང་འཁོར་ལོ་དང་གྲི་གུག་གི་ཕྲེང་བ་རྣམས་ཏེ་〔འདིར་〕ཧ་ ཡིག་ལ་སོགས་པའི་ས་བོན་〔ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿཞེས་པ་〕བཅུ་གཉིས་རྣམས་ཀྱིས་འཁོར་ལོ 〔དྲུག་པོ〕འི་ཕྱོགས་〔དང་མཚམས་〕ཀྱི་འདྲེན་མ〔བཅུ་གཉིས་ཏེ་ཁྱབ་བྱེད་གཙོ་མོ〕འོ། །ཧ་ཧཱ་ཧི་ཧཱི་ཧྼྀ་ ཧྼཱྀ་ཧུ་ཧཱུ་ཧླྀ་ཧླྀ་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་ཕྱག་ཏུ་(ཐོད་པ་)གཉིས་དང་ལྷག་མ་ ཐོད་པ་བརྒྱད་ནི་ལྷ་མོ་〔ནུས་མ་བརྒྱད་པོ་〕རྣམས་ཀྱི་བར་བར་དུའོ། །ཨ་ཨཱ་ཨྃ་ཨཿཧ་ཧཱ་ཧ་ཧཿ ཕྲེཾ་ ཧོཿཞེས་པ་ནི་〔དུ་བ་མ་ལ་སོགས་པ་〕ཕ་རོལ་ཏུ་ཕྱིན་པ་བཅུའོ་ཞེས་པ་མཁའ་འགྲོ་མའི་དྲ་བའི་ སྔགས་ཀྱི་ཚིག་གོ། ལེའུ་ལྔ་པ་ལས་སྔགས་འདི་རྣམས་དྲག་པོའི་ལས་ལ་བརྗོད་པར་བྱའོ། ། ཞེས་པ་ནི་ངེས་པའོ། ད་ནི་བཅོམ་ལྡན་འདས་ཀྱི་ཡན་ལག་སོ་སོའི་ཕྲེང་བའི་སྔགས་བརྗོད་ པར་བྱ་སྟེ། ༀ་ཨཱཿཧཱུྃ་ཧོཿཧྃ་ཀྵཿ〔རྡོ་རྗེ་དྲུག་གི་ས་བོན་ནོ〕 ཧྐྵྨླྺྼྻྃ 〔རྣམ་བཅུ་དབང་ལྡན་གྱི་ས་བོན་〕ཀཱ་ལ་ཙཀྲ〔དུས་ཀྱི་ 3-1-327 འཁོར་ལོ〕༡། དུར་དཱན་ཏ་ད་མ་ཀ〔གདུལ་དཀའ་འདུལ་བ་པོ〕 ཛཱ་ཏི〔སྐྱེ་བ་དང་〕། ཛ་རཱ〔རྒ་བ་དང་〕། མ་ར་ ཎ〔འཆི་བ〕། ཨན་ཏ་ཀ〔མཐར་བྱེད་པ〕ཿ ༢ ཏྲཻ་ལོ་ཀྱ་བི་ཛ་ཡ〔འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ〕༣། མ་ཧཱ་ བཱི་རཱེ་ཤྭ་རཿ〔དཔའ་བོ་ཆེན་པོའི་དབང་ཕྱུག〕 ༤ བཛྲ་བྷཻ་ར་ཝ〔རྡོ་རྗེ་འཇིགས་བྱེད〕 ༥། བཛྲ་ཀཱ་ཡ〔རྡོ་རྗེའི་སྐུ〕༦། བཛྲ་གཱ་ཏྲ〔རྡོ་རྗེའི་གོང་བུ〕༧ །བཛྲ་ནེ་ཏྲ〔རྡོ་རྗེའི་སྤྱན〕༨། བཛྲ་ཤྭོ་ཏྲ〔རྡོ་རྗེའི་སྙན〕༩། བཛྲ་གྷྲཱཎ〔རྡོ་རྗེའི་ཤངས〕༡༠ ། བཛྲ་ཛི་ཧྭ〔རྡོ་རྗེའི་ལྗགས〕༡༡། བཛྲ་དན་ཏ〔རྡོ་རྗེའི་ཚེམས〕༡༢། བཛྲ་ན་ཁ〔རྡོ་རྗེའི་སེན་མོ〕༡༣། བཛྲ་ཀེ་ཤ〔རྡོ་རྗེའི་ སྐྲ〕༡༤། བཛྲ་ལོ་མ〔རྡོ་རྗེའི་བ་སྦུ〕༡༥། བཛྲ་བྷ་ར་ཎ〔རྡོ་རྗེའི་རྒྱན〕༡༦། བཛྲ་ཧཱ་ས〔རྡོ་རྗེའི་བཞད་པ〕༡༧། བཛྲ་གཱི་ ཏ〔རྡོ་རྗེའི་གླུ〕༡༨། བཛྲ་ནྲྀ་ཏྱ〔རྡོ་རྗེའི་གར〕༡༩། བཛྲཱ་ཡུ་དྷ་ཀ་ར〔རྡོ་རྗེའི་མཚོན་ཆའི་ཕྱག〕༢༠། བཛྲ་ཀྲོངྷ་རཱ་ཛཱ་དྷི་ པ་ཏི〔རྡོ་རྗེའི་ཁྲོ་བོའི་རྒྱལ་པོའི་མངའ་བདག〕༢༡། བཛྲ་ཌ་ཀ〔རྡོ་རྗེ་མཁའ་འགྲོ〕༢༢ །བཛྲ་ཌཱ་ཀི་ནཱི་ཛཱ་ལ་པ་རི་བྲི་ ཏ〔རྡོ་རྗེ་མཁའ་འགྲོ་མའི་དྲ་བས་ཡོངས་སུ་བསྐོར་བ〕༢༣། ཤཱི་གྷྲྃ(མྱུར་དུ་)ཨཱ་གཙྪཱ་(བྱོན་)ཨཱ་གཙྪ་〔བྱོན་〕༢༤། བཛྲ་ ས་ཏྭཱ་〔རྡོ་རྗེའི་སེམས་དཔའི་〕ཛྙཱ་ཡ་〔བཀའི〕སརྦ་〔ཐམས་ཅད་〕མཱ་ར་〔བདུད་〕བིགྷྣ་〔བགེགས་དང་〕། བི་ནཱ་ཡ་ཀ་〔ལོག་ འདྲེན་དང་〕ཀིཾ་ན་ར་〔མིའམ་ཅི་དང་〕ཀིཾ་པུ་རུ་ཥ་〔སྐྱེས་བུའམ་ཅི་དང་〕ག་རུ་ཊ་〔མཁའ་ལྡིང་དང་〕གན་ངྷརྦ་〔དྲི་ ཟ་དང་〕ཡཀྵ་〔གནོད་སྦྱིན་དང་〕རཀྵཱ་ས་〔སྲིན་པོ་དང་〕བྷཱུ་ཏ་〔འབྱུང་པོ་དང་〕མཧཱ་པྲེ་ཏ་〔ཡི་དྭགས་ཆེན་པོ་དང་〕ཀུམ་ བྷཱཎ་ཌ་〔གྲུལ་བུམ་དང་〕ཨ་པ་སྨཱ་ར་〔བརྗེད་བྱེད་〕ཀྵེ་ཏྲ་བ་ལ་〔ཞིང་སྐྱོང་〕བེ་ཏཱ་ཊ་〔རོ་ལངས་དང་〕པཱུ་ཏ་ན་〔སྲུལ་པོ་ དང་〕དུཥྚ་ནཱའ་ག་〔 གདུག་པའི་ཀླུ་དང་〕གྲ་ཧཱ་ད་〔གཟའ་ལ་སོགས་པ་〕ཡོ་ཡེ་〔གང་ཞིག་〕སརྦ་ཛྭ་ར་〔རིམས་ཐམས་ཅད་ དང་〕སརྦ་བྱཱ་དྷི་〔ནད་ཐམས་ཅད་དང་〕ཀྵུ་དྲོ་པ་དྲ་བ་ཀཱ་རི་ཎཿ〔ཉེ་བར་འཚེ་བ་ཕྲ་མོ་བྱེད་པ་དང་〕སརྦ་སཏྭ་ནཱཾ་ 〔སེམས་ཅན་ཐམས་ཅད་ལ་〕སརྦཱ་པ་ཀཱ་ར་ར་ཏཱ་སྟན་〔གནོད་པ་བྱེད་པར་དགའ་བ་དེ་རྣམས་ཐམས་ཅད་〕སརྦཱན་ཛཿ 〔ཐམས་ཅད་ནས་〕ཤཱི་གྷྲྃ་〔མྱུར་དུ་〕བཛྲཱྃ་ཀུ་ཤེ་ནཱའ་〔རྡོ་རྗེ་ལྕགས་ཀྱུས་〕ཀྲྀ་ཥྱཱ་ཀྲྀ་ཥྱ〔ཁུག་ཅིག་ཁུག་ཅིག་〕༢༥། ཨཱུར་དྷི་ དི་ཤིག་ཏ་ནཱ་〔སྟེང་གི་ཕྱོགས་སུུ་གནས་པའམ་སོང་བ་རྣམས〕ཀྲྀ་ཥྱཱ་ཀྲྀ་ཥྱ། ༢༦ པཱུར་བ་〔ཤར〕དི་ཤི་ག་ཏཱ་ནཱ་ཀྲྀ་ ཥྱ་ཀྲྀ་ཥྱ། ༢༧ དཀྵི་ཎ་〔ལྷོ་〕དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༢༨ ཨུཏ་ཏ་ར〔བྱང་〕དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱེ། ༢༩ པཥྩི་མ(ནུབ་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༣༠ བཱ་ཡ་བྱ〔རླུང་〕དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲི་ཥྱ། ༣༡ ཨཱི་ 3-1-328 ཤཱའ་ན〔དབང་ལྡན་〕དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༣༢ ནཻཪ??ྲྀ་ཏྱ་〔བདེན་བྲལ་〕དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༣༣ ཨཱག་ནཻ་ཡ〔མེ་མཚམས་〕དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༣༤ ཨ་དྷོ་〔འོག་གི་〕དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༣༥ ཨཱ་ཀཱ་ཤ་〔ནམ་མཁའི་〕མཎ་ཌ་ལ་〔དཀྱིལ་འཁོར་ལ་〕ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༣༦ བཱ་ཡུ་〔ུརླུང་གི་〕མཎ་ཌ་ལ་ག་ ཏཱ་ནཱ་ཀྲྀ་ཥྱཱི་ཀྲྀ་ཥྱཱ། ༣༧ དེ་ཛོ་〔མེའི་〕མཎ་ཌ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༣༨ ཏོ་ཡ〔ཆུའི་〕མཎ་ཌ་ལ་ག་ཏཱ་ ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༣༩ པྲི་ཐི་བཱའ་〔སའི་〕མཎ་ཌ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༤༠ ཀཱ་མ་〔འདོད་པའི་〕དྷཱ་ཏུ〔ཁམས་ ལ་〕ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༤༡ རཱུ་པ〔གཟུགས་ཀྱི་〕དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༤༢ ཨ་རཱུ་པ་〔གཟུགས་མེད་པའི་〕དྷུ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༤༣ ཀཱ་ཡ་〔ལུས་ཀྱི་〕དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༤༤ བཱཀ་〔ངག་གི་〕དྷཱ་ཏུ་ག་ཏཱ་ ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༤༥ ཙིཏ་ཏ་〔སེམས་ཀྱི་〕དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀཥྱ། ༤༦ པཉྩ་སྐན་དྷ་〔ཕུང་པོ་ལྔ་ལ་〕ག་ ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༤༧ པཉྩ་དྷཱ་ཏུུ་〔ཁམས་ལྔ་ལ་〕ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༤༨ པཉྩེན་ཏྲི་ཡ〔དབང་པོ་ལྔ་ལ་〕ག་ ཏཱ་ནཱ་ཀྲཾ་ཥྱཱ་ཀྲཾ་ཥྱ། ༤༩ པཉྩ་བི་ཥ་ཡ་〔ཡུལ་ལྔ་ལ་〕ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༥༠ པཉྩ་ཀརྨེན་ཏྲི་ཡ〔ལུས་ཀྱི་ དབང་པོ་ལྔ་ལ་〕ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། ༥༡ པཉྩ་ཀརྨེན་ཏྲི་ཡ་བི་ཥ་ཡ〔ལུས་ཀྱི་དབང་བོའི་ཡུལ་ལྔ་ལ་〕ག་ཏཱ་ནཱ་ཀྲྀ་ ཥྱཱ་ཀྲྀ་ཥྱ། ༥༢ སརྦ་ཏོ་ཡ་ཏྲ་ཀུ་ཏྲ་ཙིཏ་ཏ་〔ཐམས་ཅད་ན་གང་སུ་ཡང་རུང་བ་གནས་པ་རྣམས་〕ག་ཏཱ་ནཱཀྲྀ་ཥྱཱ་ཀྲྀཥྱ། ༥༣ མཧཱ་ཤྨ་ཤཱ་ནེ་〔དུར་ཁྲོད་ཆེན་པོ་〕བཛྲ་ག་ནི་ཛྭ་ལི་ཏ་བྷཱུ་མྱཱཾ་〔རྡོ་རྗེ་མེ་འབར་བའི་ས་གཞི་ལ་〕ནི་པཱ་ཏ་ཡ་〔ངེས་ པར་རྡོབས་〕ནི་པཱ་ཏ་ཡ〔ངེས་པར་རྡོབས〕༥༤ བཛྲ་པཱ་ཤེ་ན་〔རྡོ་རྗེ་ཞགས་པས〕སརྦ་བྷུ་ཛེ་ཥུ〔ཐམས་ཅད་ཀྱི་ལག་པ་ རྣམས〕བན་དྷ་ཡ་བན་དྷ་ཡ〔ཆིངས་ཆིངས་〕༥༥ བཛྲ་ཤྲྀ་ཁ་ལ་ཡཱའ་〔རྡོ་རྗེ་ལྕགས་སྒྲོག་གིས་〕སརྦ་པཱ་དེ་ཥུ་ 〔ཐམས་ཅད་ཀྱི་རྐང་པ་རྣམས་〕ནི་རོ་དྷ་ཡ་ནི་རོ་དྷ་ཡ〔སྡོམས་སྡོམས་〕༥༦ སརྦ་སཏྭེ་〔སེམས་ཅན་ཐམས་ཅད་ཀྱི་〕ཥུ་〔མ་ མ་སརྦ་སཏྭ་ཞེས་རྒྱ་དཔེ་ལ་ནི་སྣང་སྟེ་ཕྱིས་བསྣན་པ་ཡིན་〕ཀཱ་ཡ་བཱག་ཙིཏ་ཏོ་〔ལུས་དང་ངག་དང་སེམས་ལ་〕པ་དྲ་བ་ཀཱ་ རར་ཏཱན་ཏཱན་〔ཉེ་བར་འཚེ་བར་བྱེད་པ་དགའ་བ་རྣམས་〕མ་ཧཱ་ཀྲོ་དྷ་བཛྲེ་〔ཁྲོ་བོ་ཆེན་པོའི་རྡོ་རྗེས་〕(ཎ་ཙཱུར་ཎྞ་ ཡཙཱུར་ཎྞ་ཡ་〔ཕྱེ་མར་གྱིས་གཉིས〕༥༧ བཛྲ་ཁཊ་གེ་ན་〔རྡོ་རྗེའི་རལ་གྲིས་〕ནི་ཀྲིན་ཏ་ཡ་ནི་ཀྲིན་ཏ་ཡ〔ངེས་པར་ གཤོགས་གཉིས〕༥༨ བཛྲ་ཏྲི་ཤཱུ་ལེ་ན་〔རྡོ་རྗེ་རྩེ་གསུམ་པས་〕བྷེ་ད་ཡ་བྷེ་ད་ཡ〔ཕྱེ་ཤིག་ཕྱེ་ཤིག〕༥༩ བཛྲ་ཀར་ཏྟི་ 3-1-329 ཀ་ཡཱ་〔རྡོ་རྗེ་གྲི་གུག་གིས་〕ཧ་ན་ཧ་ན〔ཆོམས་ཤིག་ཆོམས་ཤིག་〕༦༠ བཛྲ་བཱ་ཎེ་ན་〔རྡོ་རྗེ་མདའ་ཡིས་〕བིནྡྷ་བིནྡྷ〔ཕུགས་ ཤིག་ཕུགས་ཤིག་〕༦༡ བཛྲ་ཀཱི་ལ་ཀཻཿ〔རྡོ་རྗེ་ཕུར་བུ་རྣམས་ཀྱིས་〕ཀཱི་ལ་ཡ་ཀཱི་ལ་ཡ〔ཕུར་བུས་ཐོབས་ཕུར་བུས་ ཐོབས〕༦༢ བཛྲ་མུད་ག་རེ་ཎཱའ་〔རྡོ་རྗེ་ཐོ་བས་〕ཀོ་ཏྲ་ཡཱ་ཀོ་ཏྲ་ཡ〔རྡུངས་རྡུངས་〕༦༣ བཛྲ་ཙཀྲེ་ཎ་〔རྡོ་རྗེ་འཁོར་ ལོས་〕ཙྪེ་ད་ཡ་ཙྪེ་ད་ཡ〔ཆོད་ཅིག་ཆོད་ཅིག་〕༦༤ བཛྲ་ཀུན་ཏེ་ན་〔རྡོ་རྗེ་མདུང་གིས་〕བྷིན་དྷ་བྷིན་དྷ〔ཕུགས་ཤིག་ ཕུགས་ཤིག་〕༦༥ བཛྲ་དཎ་ཊེ་ཎ〔རྡོ་རྗེ་དབྱུག་པས་〕ཏཱ་ཊ་ཡ་ཏཱ་ཊ་ཡ〔རྒྱོབ་ཅིག་རྒྱོབ་ཅིག〕༦༦ བཛྲ་པར་ཤུ་ནཱ་〔རྡོ་ རྗེ་དགྲ་སྟས་〕ཙྪིན་ད་ཙྪིན་ད〔གཏུབས་གཏུབས་〕༦༧ སཱར་དྷ་ཏྲི〔ཕྱེད་དང་བཅས་པ་གསུམ་གྱི་〕ཀོ་ཏྲི〔བྱེ་བ་〕ཁན་ཊྃ་ 〔དུམ་བུར་〕ཀྲི་ཏྭཱ་〔བྱས་ནས་〕ཤྨ་ཤཱའ་ན་བྷཱུ་མྱཱྃ་〔དུར་ཁྲོད་ས་གཞིར་〕སརྦ་〔ཐམས་ཅད་〕བྷཱུ་ཏེ〔འབྱུང་བོ་〕བྷྱོ〔རྣམས་〕བ་ལིཾ 〔གཏོར་མ་〕ཀུ་རུ་ཀུ་རུ〔མཛོད་མཛོད〕 ༦༨ བཛྲ་ཌ་མ་རུ་ཀེ་ན་〔རྡོ་རྗེ་ཅང་ཏེ་འུས་〕བཛྲ་ཌཱ་ཀི་ནཱི་རཱའ་〔རྡོ་རྗེ་མཁའ་ འགྲོ་མ་རྣམས་〕བཱ་ཧ་ཡ་བཱ་ཧ་ཡ〔དགུགས་པར་གྱིས་དགུགས་པར་གྱིས་〕༦༩ བཛྲ་ཌཱ་ཀི་ནཱི་བྷྱོ་〔རྡོ་རྗེ་མཁའ་འགྲོ་མ་ རྣམས་ལ་〕མཱ་ར་ཀཱ་ཡི་ཀཱ་ནཱཾ་རུ་དྷི་རཾ་〔བདུད་ཀྱི་རིགས་རྣམས་ཀྱི་སྙིང་ཁྲག་〕ནི་བེ་ད་ཡ་ནི་བེ་ད་ཡ〔དྲོངས་མཛོད་ དྲོངས་མཛོད་〕༧༠ པཉྩཱ་མྲྀ་ཏ་ཧཱ་རི་ཎཱི་བྷྱཿ〔བདུད་རྩི་ལྔ་གསོལ་བ་རྣམས་〕པཉྩཱ་མྲྀ་ཏཾ〔བདུད་རྩི་ལྔ་〕ནི་བེ་ ད་ཡ་ནི་བེ་ད་ཡ〔གསོལ་གསོལ་〕 ༧༡ སརྦ་བཛྲ་ཌཱའ་ཀི་ནཱི་ས་ཧི་ཏཿ〔རྡོ་རྗེ་མཁའ་འགྲོ་མས་འབྲེལ་བ་དང་བཅས་ པ་ཐམས་ཅད་〕སརྦ་ས་ཏྭཱ་ནཱཾ་ཤཱན་ཏི་ཀཾ〔སེམས་ཅན་ཐམས་ཅད་ཞི་བ་དང་〕པཽ་ཥི་ྟཀཾ〔རྒྱས་པ་དང་〕། རཀྵ〔བསྲུང་བ་དང་〕 བ་ར་ཎ〔བསྐྱབ་པ་དང་〕གུབ་ཏིཾ〔སྤ་བ་དང་〕ཀུ་རུ་ཀུ་རུ་〔མཛོད་མཛོད་〕ཧུྃ་ཧཱུྃ་ཕཊ༧༢། ཅེས་པ་ནི་བཅོམ་ ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་འཇིགས་བྱེད་ཀྱི་ཡན་ལག་སོ་སོའི་འཕྲེང་བའི་སྔགས་ཏེ་ ལན་བདུན་བཟླས་པས་བདུད་དང་བགེགས་དང་〔འབྱུང་པོ་〕[གཞན་གྱིས་མི་ཐུབ་པ་དང་ཡི་ དྭགས་ལ་སོགས་པའི་བདག་པོ་རྣམས་ཐམས་ཅད་དང་གདུག་པ་ཐམས་ཅད་ཚར་གཅོད་པར་ བྱེད་དོ། །འདི་ལ་ཡང་དང་པོར་བྱེ་བ་བཟླས་པ་དང་སྦྱིན་སྲེག་འབུམ་འཕྲག་བཅུ་བྱ་སྟེ་ལས་ སོ་སོ་ལ་བཟླས་པ་འབུམ་ཕྲག་བཅུ་དང་སྦྱིན་སྲེག་ཁྲི་ཕྲག་བཅུའོ་ཞེས་པ་ནི་ངེས་པའོ། །དེ་ ནས་བདུད་ཚར་བཅད་པ་བྱས་ནས་ཡང་དང་ཡང་དུ་མལ་སྟན་ལ་ཉལ་བར་བྱ་སྟེ་ཇི་སྲིད་དགེ་ 3-1-330 བའི་མཚན་མ་ཐོབ་ཀྱི་བར་དུའོ། ། ༈ དེ་ནས་མལ་སྟན་སྤངས་ཏེ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བཟུང་ནས་སླར་ཡང་གཏོར་མ་ སྦྱིན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཀྱི་ས་ལ་ཤར་དུ་མངོན་པར་ཕྱོགས་པའི་རྡོ་ རྗེའི་ཐིག་སྐུད་དྲི་དང་སྤོས་ལ་སོགས་པས་ཡང་དག་པར་མཆོད་དོ། །དེ་ནས་ཞི་བ་ལ་སོགས་ པའི་ལས་ཀྱི་དགོངས་པས་(ཐིག་ཆལ་སོ་སོར་ངེས་པ་སྟེ་ཞི་རྒྱས་ལ་)ཤྲཱི་ཁན་ཊ་དང་སཱ་ལི་བཏགས་པ་ དང་(བསད་བསྐྲད་ལ་)ཁྲག་དང་དུག་དང་རོ་བསྲེག་པའི་སོལ་བ་དང་(དབང་དགུག་ལ་)གུར་གུམ་དང་ ཙན་དན་དམར་པོ་དང་(རྨོངས་རེངས་ལ་)ཡུང་བ་དང་བ་བླའི་ཆུས་སྦངས་ཤིང་སློབ་དཔོན་གྱིས་ ཁུ་ཚུར་གཡོན་པ་དང་སློབ་མ་ནུབ་ཏུ་མངོན་པར་ཕྱོགས་པའི་ཁུ་ཚུར་གཡས་པས་ཐིག་སྐུད་ བཟུང་ནས་ཤར་དང་ནུབ་ཀྱི་ས་ལ་བརྐྱང་སྟེ་སྔགས་འདི་བརྗོད་པར་བྱའོ། །ༀ་ཨཱཿ་ཧུྃ་ཀཱ་ཡ་ བཱག་ཙིཏ་ཏཻ་ཀ་བྷུ་(སྐུ་གསུང་ཐུགས་གཅིག་ཏུ་གྱུར་པ་)ཏཱཿ སརྦ་དྷརྨཱ་ཨེ་ཀཱ་ཀཱ་རེ་ཎ་(ཆོས་ཐམས་ཅད་གཅིག་ པའི་རྣམ་པས་)བཛྲ་སཏྭོ་ཧྃ་(རྡོ་རྗེ་སེམས་དཔའ་)བཛྲ་བྷུ་མི་(རྡོ་རྗེའི་ས་གཞི་)སཱུ་ཏྲ་ཡཱ་མི་ཧུྃ་ཨཱཿཕཊ(ཐིག་ གདབ་པར་བྱའོ)། དེ་ནས་རྡོ་རྗེ་ཐིག་གི་སྔགས་བརྗོད་པར་བྱ་སྟེ་ༀ་བཛྲ་སཱུ་ཏྲཻ་ཀཱ་ཀཱ་ར་(རྡོ་རྗེའི་ཐིག་ སྐུད་གཅིག་པའི་རྣམ་པའི་)སྭ་རུ་བེ་ཎ་(རང་བཞིན་གྱིས་)ཛཿཛཿཛཿསརྦ་དྷརྨཱན་སཱུ་ཏྲ་ཡ་(ཆོས་རྣམས་ཐམས་ཅད་ ལ་ཐིག་གདབ་)ༀ་ཨཱཿཧུྂ་ཧོཿཧྃ་ཀྵཿཕཊ། རྐང་པ་གཡོན་པ་དཀྱིལ་དཀྲུང་ཕྱེད་པ་སྟེ་གཡས་པ་ས་ ལ་གཞག་པ་དང་སློབ་མའི་རྐང་པ་གཡས་པ་དཀྱིལ་དཀྲུང་དང་གཡོན་པ་ས་ལ་བཞག་པས་ ཤར་དང་ནུབ་ཀྱི་ཚངས་པའི་ཐིག་གདབ་པར་བྱའོ། །དེ་ནས་སློབ་དཔོན་ལྷོའི་སར་གནས་ པ་དང་སློབ་མ་བྱང་གི་སར་གནས་པས་ལྷོ་དང་བྱང་གི་ཚངས་པའི་ཐིག་སྟེ་སྒོ་བཞི་རྣམས་སུ་ སོན་པ་ཤར་དང་ནུབ་དང་ལྷོ་དང་བྱང་གི་ཕུར་བུའི་སྟེང་དུའོ། །དེ་ནས་རང་གི་འདོད་པས་ (མཚན་མ་ཚད་བཞིན་བཙལ་བ་ལ་)ཟུར་ཐིག་(སྒོ་ཚད་བཅུ་བདུན་)གདབ་པར་བྱ་སྟེ་(ཆུའི་ཁོར་ཡུག་གི་དང་པོའི་ མཚམས་སུའོ)སླར་ཡང་དཀྱིལ་དཀྲུང་(དང་སྔགས་བརྗོད་པ་)ལ་སོགས་པའི་རྣམ་པ་དེ་ཉིད་ཀྱི་ས་རླུང་ 3-1-331 དང་མེ་དང་བདེན་བྲལ་དང་དབང་ལྡན་གྱི་ཐིག་གདབ་པར་བྱའོ། །དེ་ནས་ཕྱོགས་ཀྱི་(མཚམས་ ཕན་ཆད་དོར་ཏེ་)ཡོངས་འཇོམས་(འགོངས་པ་)སྤངས་(ཀྱི་རྨ་བློ་གྲོས་སོགས་ཟེར)ནས་ཤར་དང་ནུབ་ཀྱི་ ཚངས་པའི་(རྩ་བའི་)ཐིག་(ལ་སོགས་པ་རྣམས་)ནས་བརྩམས་ཏེ་ལྷོའི་ས་ལ་ཐིག་གདབ་པར་བྱའོ། ། དེ་ནས་བྱང་གི་ས་ལའོ། །དེ་ནས་ལྷོ་དང་བྱང་གི་ཚངས་པའི་ཐིག་ནས་(བརྩམས་ཏེ་)ནུབ་ཀྱི་ས་ ལའོ། །དེ་ནས་ཤར་གྱི་ས་ལའོ། །དེ་ནས་དྲི་དང་སྤོས་ལ་སོགས་པ་ཕུལ་ནས་དཀྱིལ་འཁོར་ ལ་དགོས་པའི་ཐིག་རྣམས་ཡང་དག་པར་བསྲུངས་ཏེ་ལྷག་མ་ཐམས་ཅད་དབྱི་བར་བྱའོ(འདིར་ དཀྱིལ་འཁོར་ལ་དགོས་པའི་ཐིག་བསྲུངས་ནས་ལྷག་མ་དབྱི་བར་གསུངས་པ་དང་སློབ་དཔོན་དང་སློབ་མ་གཉིས་ཀྱི་ཐིག་གདབ་ པའི་ཚུལ་འདིས་ཆ་བཅུ་དྲུག་ཏུ་དབྱེ་བ་ལ་སོགས་པའི་ཐིག་རྣམས་ཐིག་ཆལ་གྱི་སྤངས་པའི་ཐིག་རེངས་གདབ་དགོས་པར་བསྟན་ པར་ཤེས་པར་བྱའོ། །ཧི་ཡིག་ཁྲོ་བོའི་ལྟ་བ་ཡིས། །དེ་ནས་སྒོ་ཡང་དབྱི་བར་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར)། ། སྒོ(འི་རྩ་ཐིག)་ཐམས་ཅད་〔ཀྱང་〕ཡང་དག་པར་སྦྱངས་ཏེ་སླར་ཡང་དྲི་དང་མེ་ཏོག་ལ་སོགས་པ་ དང་གཏོར་མ་བྱིན་ནས་སྔར་བརྗོད་པའི་ཆོ་གས་སྔགས་བཟླས་པར་བྱའོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་དབང་གི་ལེའུ་ལས་སྲུང་བའི་འཁོར་ ལོ་སྔོན་དུ་འགྲོ་བ་ཅན་ས་ལ་སོགས་པ་གཟུང་བའི་མདོར་བསྡུས་ཆེན་པོ་སྟེ་གཉིས་པའོ།། ༣༥ །། ༈ (སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་)དུས་ཀྱི་འཁོར་ལོ་(དང་པོའི་སངས་རྒྱས་ལྷན་ཅིག་སྐྱེས་པའི་)བདེ་ (བ་)ཆེན་པོ། །(སྐུ་གསུང་ཐུགས་ཀྱི་)དཀྱིལ་འཁོར་པ་(སངས་རྒྱས་ཡབ་ཡུམ་ལ་སོགས་པ་)རྣམས་དག་གི་ གཙོ(བོ)། །རྡོ་རྗེ་གསུམ་(གྱིབདག་ཉིད་)མཆོག་ལ་བཏུད་དེ། །(ཕྱི་རོལ་ཏུ་)ཟླ་བ་(དང་ནང་དུ་)ཁུ་བའི་ཆ་ (བཅུ་དྲུག་རྣམ་པར་དག་པའི་རྡོ་རྗེ་ཟླ་བའི་ཆ་བཅུ་དྲུག་)དབྱེ་བས། །དཀྱིལ་འཁོར་(གྱི་རྩ་ཐིག་གྲུ་བཞིའི་ནང་ལ) ཆ་ནི་བཅུ་དྲུག་པ(ཉིད་དུ་ཕྱེ་བའི)། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་(གསུམ་)ལ། །ཡང་ཡང་ 3-1-332 (བཅུ་དྲུག་བཅུ་དྲུག་ལ་སོགས་པའི་)ཆར་ནི་ཕྱེ་བ་ཡིས། །རྡོ་རྗེའི་ཐིག་ནི་གདབ་པ་ལ། །འཇམ་པའི་རྡོ་ རྗེས་བསྡུས་རྒྱུད་ལས། །(ཉི་མའི་ཤིང་རྟ་ལ་སོགས་པ་)དྲང་སྲོང་རིགས་ནི་སྨྲ་བ་པོ། །(བྱེ་བ་ཕྲག་ཕྱེད་དང་ བཞི་པོ་)རྣམས་ཀྱི་(རིག་བྱེད་ལ་སོགས་ལ་མཁས་པའི་)ང་རྒྱལ་གཞིལ་(བ་སྟེ་གཞོམ་པའི)དོན་དུ། །ཁྲུ་བཞི་ (པ་སྐུའི་དཀྱིལ་འཁོར་དང་གསུང་དང་ཐུགས་ཀྱི་)དཔལ་ལྡན་དཀྱིལ་འཁོར་ནི། །གསུམ་ལ་སོར་ཕྱེད་(ཉིས་ བརྒྱར་བརྒྱད་ཀྱིས་དམན་པ་དང་)ཐིག་རྣམས་ཀྱིས(དྲུག་དང་ཞེ་བརྒྱད་ཀྱི)། །སྤྲོས་པ་གང་ཞིག་གསུངས་པ་ དེ། །རྩ་བའི་རྒྱུད་ཀྱི་རྗེས་འབྲངས་ནས། །(དཀྱིལ་འཁོར་གསུམ་ནི་ཆ་བཅུ་དྲུག་ལ་སོགས་པར་ཕྱེ་བ་སྤྲོས་པ་མེད་ པའི་ཐིག་གི་)མཚན་ཉིད་(སྤྱན་རས་གཟིགས་པད་མ་དཀར་པོ་)བདག་གིས་རྒྱས་པར་བྱ། །འདིར་མཆོག་ གི་དང་པོའི་སངས་རྒྱས་ལས་ཚིགས་སུ་བཅད་པ་(འདིར་ཚིག་བཅད་སུམ་ཅུ་རྩ་དྲུག་པ་དོན་ལ་གནས་ཤིང་ རྒྱ་དཔེ་སྙིང་པ་ལ་སྣང་བའི་ཕྱིར་འགྱུར་ཁ་ཅིག་ཏུ་རྩ་ལྔ་པར་འབྱུང་བ་ནི་ཕྱིས་རྒྱ་དཔེ་མ་དག་པའི་སྐྱོན་ཡིན་ནོ)སུམ་ཅུ་རྩ་ དྲུག་པ་ལ་སོགས་པས་དཀྱིལ་འཁོར་གྱི་མཚན་ཉིད་བསྡུས་ཏེ་འཇམ་དཔལ་གྱིས་ཐིག་ཅེས་ པ་ལ་སོགས་པ་ཡང་དག་པར་བརྗོད་པ་གང་ཡིན་པ་དེ་རྣམས་ད་ནི་རྩ་བའི་རྒྱུད་ཀྱི་རྗེས་སུ་ འབྲངས་ནས་དགྲོལ་བར་བྱའོ། ། ༈ འདིར་སྔར་ཀྱི་དཀྱིལ་འཁོར་གྱི་ས་ལ་ནུབ་ཏུ་རྡོ་རྗེ་སློབ་དཔོན་ཤར་དུ་མངོན་པར་ ཕྱོགས་པ་དང་ཤར་དུ་སློབ་མ་ལས་ཀྱི་རྡོ་རྗེ་ཅན་ནུབ་ཏུ་མངོན་པར་ཕྱོགས་པས་དཀྱིལ་འཁོར་ གྱི་ས་གྲུ་བཞིར་གཞལ་ནས་དབུས་སུ་ཚངས་པའི་ཐིག་གདབ་པར་བྱའོ། །དེ་ནས་ལྷོར་སློབ་ དཔོན་བྱང་དུ་མངོན་པར་ཕྱོགས་པ་དང་བྱང་དུ་སློབ་མ་ལྷོར་མངོན་པར་ཕྱོགས་པས་ཚངས་ པའི་ཐིག་གཉིས་པ་གདབ་པར་བྱ་སྟེ་ཚངས་པའི་ཐིག་གི་ངེས་པའོ། །དེ་ནས་ཟུར་སྦྱང་བ(སྟེ་ ཟུར་ནས་མཚོན་སོ་སོར་འབྱེད་པ)འི་དོན་དུ་ཟུར་གྱི་ཐིག་ཀྱང་གདབ་པར་བྱའོ། ། ༈ དེ་ནས་ཐིག་ནི་རོ་དང་དགུ་བཅུ་འདི་རྣམས་ཚངས་པའི་ཐིག་ལས་ཕྱོགས་ཀྱི་ཆ་རྣམས་ དག་ཏུ་རབ་སྦྱིན་བྱ་ཞེས་པ་ནི་འདིར་དབུས་ཀྱི་ཚངས་པའི་ཐིག་ལས་ལྷོའི་ཕྱོགས་ཀྱི་ཆར་(སྐུ་ 3-1-333 དཀྱིལ་འཁོར་གྱི་རྩ་ཐིག་གི་ནང་ལ་)དགུ་བཅུ་རྩ་དྲུག་དང་བྱང་དུ་དགུ་བཅུ་རྩ་དྲུག་དང་ཤར་དུ་དགུ་ བཅུ་རྩ་དྲུག་དང་ནུབ་ཏུ་དགུ་བཅུ་རྩ་དྲུག་གི་ཐིག་རྣམས་རབ་ཏུ་བཏབ་ནས་སོར་ཕྱེད་བརྗོད་ པ་ནོར་དང་དུས་ཀྱི་ཐིག་རྣམས་དག་གིས་ཞེས་པ་ཐིག་དེ་རྣམས་ལས་བཞི་བཅུ་རྩ་བརྒྱད་ ཀྱིས་དབུས་སུ་སྙིང་པོའི་དཀྱིལ་འཁོར་དག་ཏུ་འགྱུར་ཏེ་ཐུགས་ཀྱི་དཀྱིལ་འཁོར་དུ་འགྱུར་ ཞེས་པའི་དོན་ཏོ། །སྙིང་པོ་ལས་ནི་ཕྱི་རོལ་མཐའ་དག་རྣམས་ཀྱིས་ཞེས་པ་(ཐིག་དང་པོ་ཕྱེད་པའི་ ཆ་སྤྱིར)དགུ་བཅུ་རྩ་གཉིས་ལྷག་པའི་བརྒྱས་བཀོད་པ་དག་ཀྱང་དཀྱིལ་འཁོར་ཆེན་པོའི་སྒོའི་ མཚམས་ཞེས་པ་སྟེ་སྙིང་པོའི་དཀྱིལ་འཁོར་གྱི་ཐིག་ལས་ཉིས་འགྱུར་གྱི་ཐིག་(དགུ་བཅུ་དྲུག་) གིས་གསུང་གི་དཀྱིལ་འཁོར་གྱི་སྒོའི་མཚམས་སུ་འགྱུར་རོ། །གསུང་གི་དཀྱིལ་འཁོར་གྱི་ ཐིག་ལས་ཉིས་འགྱུར་(བརྒྱ་དགུ་བཅུ་རྩ་གཉིས་)གྱིས་སྐུའི་དཀྱིལ་འཁོར་གྱི་(རྩ་ཐིག་དང་)སྒོའི་མཐར་ ཐུག་པར་འགྱུར་རོ། །དེ་ནས་སྐུའི་དཀྱིལ་འཁོར་ལ་ར་བ་ལྔ་དང་རྟ་བབས་དང་ས་ལ་སོགས་ པའི་འཁོར་ཡུག་བཞི་དང་རྡོ་རྗེ་ཕྲེང་བ་བལྟ་བར་བྱ་སྟེ་ཕྱི་རོལ་ས་ལ་ཞེས་པ་ནམ་མཁའི་ས་(ཆ་ བཞིར་ཕྱེ་བའི་དབུས་ཀྱི་ཆ་གཉིས་)ལ་(རྡོ་རྗེའི་ཕྲེང་བ་བྱ་)ཞེས་པའི་དོན་ཏོ་ཞེས་པ་(ཐམས་ཅད་སོར་ཕྱེད་པ་འབའ་ ཞིག་ཏུ་བཤིགས་ནས་)ཐིག་(མང་པོ་)གདབ་པའི་ངེས་པ་གང་ཡིན་པ་དེ་ནི་〔དྲང་སྲོང་རྣམས་ཀྱི་མཁས་པའི་ང་ རྒྱལ་གཞོམ་པའི་དོན་དུ་〕སྤྲོས་པའི་དོན་གྱིས་གསུངས་པའོ། ། ༈ རང་གི་ངོ་བོ(སྤྲོས་པ་མེད་པ)ས་ནི་སླར་ཡང་ཚིགས་སུ་བཅད་པ་ལྔ་བཅུ་རྩ་བཞི་པ་(སྟེ་ལ་ ལར་རྩ་གསུམ་པ་འབྱུང་བ་ནི་རྒྱ་དཔེ་མ་དག་པའོ་)ལ་སོགས་པ་གཉིས་ཀྱིས་(གཙོ་བོའི་པད་མའི་ལྟེ་བ་ལ་)གཉིས་ དང་(འདབ་མ་ལ་)ཆུ་གཏེར་(དང་རྡོར་ཕྲེང་ནང་མ་ལ་)གཅིག་དང་(བདེ་གཤེགས་འཕར་མ་ལ་)ཆུ་གཏེར་ གཅིག་དང་ཉི་མ་ཞེས་པ་ལ་སོགས་པའི་ཆ་ཤས་ཀྱིས་(སྣམ་བུ་སོ་སོའི་ཚད་)ངེས་པ་གསུངས་སོ། ། དེའི་ཕྱིར་སོར་ཕྱེད་བརྗོད་པའི་རེ་མིག་(མང་པོ་བཏབ་པ་)འདི་རྣམས་ཀྱིས་(ནང་ནས་རྣམ་བུ་སོ་སོའི་) ཚད་(ཚོལ་བ་)གང་ཡིན་པ་དེ་ནི་(དྲང་སྲོང་རྣམས་ཀྱི་མཁས་པའི་ང་རྒྱལ་གཞོམ་པའི་དོན་དུ་)སློབ་དཔོན་གྱིས་ 3-1-334 སྤྲོས་པའི་དོན་ཏོ། །གཞན་(རེ་མིག་མང་པོ་མ་བཏབ་པར་)གཉིས་དང་ཆུ་གཏེར་ལ་སོགས་པའི་ཆ་ ཤས་ཀྱིས་(སྣམ་བུ་སོ་སོས་ཐོབ་ཚོད་ཀྱི་ཐིག་འདེབས་པ་)གང་ཡིན་པ་དེ་ནི་བྱིས་པའི་སློབ་མ་རྣམས་ཀྱིས་ རབ་ཏུ་རྟོགས་པར་བྱ་བའི་དོན་དུ་གསུངས་པའོ། །དེའི་ཕྱིར་ཐིག་གང་ཞིག་(སོར་ཕྱེད་པ་བརྒྱ་གོ་ གཉིས་སུ་ཕྱེ་བ་ལས་སྣམ་བུ་སོ་སོའི་ཚད་ལས་མི་དགོས་པའི་ཐིག་)དབྱི་བར་བྱ་བ་དེ་དག་ནི་གདབ་པར་བྱ་བ་ མ་ཡིན་ནོ། །ཞེས་པ་(སྤྲོས་བཅས་ཀྱི་ཐིག་གི་)ཆོ་ག་གཞན་(སྤྲོས་མེད་ཀྱི་ཐིག་གདབ་པའི་ཚུལ་)གྱི་ངེས་པའོ། ། དེས་ན་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སྤྲོས་པ་མེད་པ་ཟླ་བའི་ཆ་(བཅུ་དྲུག་)དག་པས་ ཐིག་གདབ་པ་བརྗོད་པར་བྱ་སྟེ། དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་(རྩ་བའི་རྒྱུད་ལས་སྤྲོས་མེད་ཀྱི་ ཐིག་)གསུངས་པ། (ཆོས་ཐམས་ཅད་མཉམ་པ་ཉིད་མཚོན་པ་)གྲུ་བཞི་མཉམ་པའི་ས་གཞི་ལ(དང་པོར་སྐུ་ དཀྱིལ་བྱ་སྟེ)། །(ཟླ་བའི་ཆ་བཅུ་དྲུག་དག་པས་དགའ་བ་བཅུ་དྲུག་མཚོན་པ་)བཅུ་དྲུག་ཆ་རུ་བྱས་ནས་ནི། །སྐུའི་ དཀྱིལ་འཁོར་(གྱི་ལྷག་པའི་ཆ་བཞི་བཞི་ཕྱོགས་བཞིར་)དོར་བྱ་སྟེ། །(ཆ་ནང་མ་བརྒྱད་ལ་)སླར་ཡང་(ཕྱེད་ཕྱེད་དུ་ བགོས་པས་)ཆ་ནི་བཅུ་དྲུག་(ཏུ་གྱུར་)པའི། །གསུང་གི་དཀྱིལ་འཁོར་དང་པོ་བྱ། །དེ་ནས་གསུང་གི་ དཀྱིལ་འཁོར་(གྱི་ལྷག་པའི་ཆ་བཞི་བཞི་)ཡང༌། །(ཕྱོགས་བཞིར་)དོར་ནས་(ནང་གི་ཆ་བརྒྱད་པོ་ཕྱེད་ཕྱེད་དུ་བགོས་ པ་)ཆ་ནི་བཅུ་དྲུག་(ཏུ་གྱུར་)པའི། །ཐུགས་ཀྱི་དཀྱིལ་འཁོར་སླར་ཡང་བྱ། །དེ་ལྟར་(དབུ་མའི་ཡེ་ཤེས་ ཀྱི་ཆ་ལོ་གསུམ་ཕྱོགས་གསུམ་ལས་)ཕྱོགས་(ཟླ་བ་ཕྱེད་པ་)གསུམ་(གྱི་ཟླ་བའི་ཆ་བཅུ་དྲུག་)ཡང་དག་དག(པ་ཡིན་ ལ་སྐུ་གསུང་ཐུགས་ཀྱི)། །དཀྱིལ་འཁོར་(གསུམ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་)ཡོན་ཏན་གསུམ་(གྱི་) བདག་ཉིད(ཀྱི་ལོ་གསུམ་ཕྱོགས་གསུམ་རྣམ་པར་དག་པའོ)། །དེ་ནས་(གཙོ་བོའི་པད་མའི་ལྟེ་བ་ལ་སོར་ཕྱེད་ཀྱི་ཆ་) གཉིས་དང་(འདབ་མ་སོགས་ལ་)ཆུ་སོགས་ཆའི། །(སྤྲོས་མེད་ཀྱི་)ཐིག་དེ་(རྣམས་)དཀྱིལ་འཁོར་གསུམ་ ལ་གདབ། །ཅེས་པ་ལ་སོགས་པ་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ལ་ཐིག་གདབ་ པའི་ངེས་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་རྩ་བའི་རྒྱུད་ལས་གསུངས་པ(སྤྲོས་མེད་ཀྱི་ཐིག་ གདབ་པ)འི་ཆོ་ག་དེས་(སྣམ་བུ་སོ་སོའི་ཚད་ལ་གདབ་མི་དགོས་པ་)དབྱི་(བར་བྱ་)བའི་ཐིག་(སོར་ཕྱེད་པའི་ཆ་མང་ 3-1-335 པོར་ཕྱེ་བ་)རྣམས་སྤངས་ནས་རྡོ་རྗེ་སློབ་དཔོན་གྱིས་(སྤྲོས་མེད་ཀྱི་)ཐིག་གདབ་པར་བྱའོ་ཞེས་པ་ ནི་ངེས་པའོ(འདིར་སྤྲོས་མེད་ཀྱི་ཐིག་ལ་ཡང་ཐིག་རིང་པོར་བཏབ་ན་དབྱི་དགོས་པ་འབྱུང་བས་ཐིག་ཐུང་ངུ་གདབ་དགོས་ པར་འདོད་པ་ནི། དགོངས་པ་མ་ཡིན་ཏེ། ཐིག་རིང་པོ་གདབ་དགོས་པར་གོང་དུ་བསྟན་ཟིན་ནོ)། །(སྤྲོས་མེད་ཀྱི་ཐིག་གདབ་ པའི་ཚུལ་)འདིར་ཡང་(སྐུའི་རྩ་ཐིག་)ཁྲུ་བཞི་པའི་བདག་ཉིད་ཀྱི་དཀྱིལ་འཁོར་གསུམ་(བསྡོམ་པ་) ལ་སོར་ཕྱེད་པའི་ཆ་དགུ་བཅུ་རྩ་དྲུག་ཉིས་འགྱུར་དུ་གསུངས་པར་འགྱུར་རོ། །〔སོར་ཕྱེད་པ་དགུ་ བཅུ་རྩ་གཉིས་པོ་སྐུའི་〕དེ་ལ་ཆ་བཅུ་དྲུག་པོ་རྣམས་ཀྱི་ཆ་(ནང་མ་བརྒྱད་པོ་)སོ་སོ་ལ་སོར་ཕྱེད་པ་བཅུ་ གཉིས་སུ་འགྱུར་ཏེ་དེ་ལྟར་ན་ཆ་བཅུ་དྲུག་པོ་རྣམས་ལ་སོར་ཕྱེད་པ་དགུ་བཅུ་རྩ་དྲུག་ཉིས་ འགྱུར་དུ་འགྱུར་རོ། །དེའི་ཕྱིར་དང་པོར་(སྐུའི་)དཀྱིལ་འཁོར་གྱི་དོན་དུ་ས་གཞི་ཆ་བཅུ་དྲུག་ཏུ་ བྱའོ། །དེ་ནས་ཕྱི་རོལ་གྱི་ཕྱོགས་བཞི་རྣམས་སུ་ཆ་བཞི་དོར་ཏེ་ངོས་གཉི་ག་ལ་ཆ་བརྒྱད་དོར་ ནས་(ཆ་ནང་མ་བརྒྱད་པོ་)གསུང་གི་དཀྱིལ་འཁོར་གྱི་དོན་དུ་འགྱུར་རོ། །དེ་ནས་གསུང་གི་དཀྱིལ་ འཁོར་ལ་ཆ་(ནང་མ་བརྒྱད་པོ་)སོ་སོའི་དབུས་སུ་ཐིག་བཏབ་ནས་ཆ་(ནང་མ་)བརྒྱད་པོ་གང་ཡིན་པ་ དེ་ཉིད་(གསུང་གི་)ཆ་བཅུ་དྲུག་ཏུ་བྱའོ། །དེ་ལ་ཆ་བཅུ་དྲུག་པོ་(དེ་)རྣམས་ནི་སོར་ཕྱེད་པ་དྲུག་ པར་འགྱུར་རོ། །དེ་རྣམས་ལས་ཀྱང་ཐུགས་ཀྱི་དཀྱིལ་འཁོར་གྱི་དོན་དུ་(ཕྱིར་རོལ་ཏུ་)ཤར་དུ་ཆ་ བཞི་དང་དེ་བཞིན་དུ་ནུབ་དང་བྱང་དང་ལྷོ་རུ་ཡང་དོར་ནས་གཞན་སྙིང་པོའི་ཆ་བརྒྱད་པོ་ཆ་ སོ་སོའི་དབུས་སུ་ཐིག་གདབ་སྟེ་(ཐུགས་ཀྱི་)ཆ་བཅུ་དྲུག་ཏུ་བྱའོ། །ཐུགས་ཀྱི་དཀྱིལ་འཁོར་དེ་ ལ་ཆ་བཅུ་དྲུག་པོ་དེ་རྣམས་ནི་སོར་ཕྱེད་པ་གསུམ་པར་འགྱུར་རོ། །དེ་ལྟར་ན་ནོར་དང་དུས་ ཀྱིས་འགྱུར་ཞེས་པ་སོར་ཕྱེད་པ་བཞི་བཅུ་རྩ་བརྒྱད་ཀྱིས་(ཐུགས་དཀྱིལ་དུ་འགྱུར་)ཏེ་སོར་ཕྱེད་པ་ གསུམ་གྱི་བདག་ཉིད་ཀྱི་ཆ་བཅུ་དྲུག་གིས་སོ། །(ཐུགས་དཀྱིལ་གྱི་ཆ་བཅུ་དྲུག་པོ་)དེ་རྣམས་ལ་ཚངས་ པའི་ཐིག་ལས་བྱང་དང་ལྷོ་དང་ཤར་དང་ནུབ་ཀྱི་ཆ་གཉིས་གཉིས་ནི་ཐུགས་ཀྱི་དཀྱིལ་འཁོར་ གྱི་སྒོ་བཞིའི་(ཚད་ཀྱི་)དོན་དུ་བཅོ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་དུ་སོར་ཕྱེད་པ་ 3-1-336 གསུམ་གྱི་ཆ་བཞི་ནི་གསུང་གི་དཀྱིལ་འཁོར་གྱི་སྒོའི་དོན་དུ་གསུངས་སོ། །དེ་བཞིན་དུ་སོར་ ཕྱེད་པ་གསུམ་གྱི་ཆ་བརྒྱད་ནི་སྐུའི་དཀྱིལ་འཁོར་གྱི་སྒོའི་དོན་དུ་གསུངས་ཏེ་དེ་ལྟར་ཐུགས་ དང་གསུང་དང་སྐུའི་དཀྱིལ་འཁོར་ལ་རང་རང་གི་འཁོར་ལོའི་ཚད་ཀྱིས་སྒོ་ནི་འཁོར་ལོའི་(སྟེ་ ར་བའི་ནང་གི་)བརྒྱད་ཆར་འགྱུར་རོ། །འཁོར་ལོ་ཡང་(དཀྱིལ་འཁོར་གྱི་)ར་བའི་དང་པོ(སྟེ)འི་(ནང་གི་) མཚམས་སུ་རིག་པར་བྱའོ། །དཀྱིལ་འཁོར་གསུམ་ཀ་ལ་ཡང་དེ་བཞིན་ནོ(དེ་ལ་ཡང་དཀྱིལ་འཁོར་ སོ་སོའི་ར་བའི་ནང་གི་ཆ་བཅུ་དྲུག་ནི་སྙིང་རྗེ་བཅུ་དྲུག་དང་ར་བའི་ནང་མཚམས་ནས་ཚངས་ཐིག་གི་མཐའི་བར་གྱི་ཆ་བཅུ་དྲུག་ནི་ སྟོང་ཉིད་བཅུ་དྲུག་རྣམ་པར་དག་པ་སྟེ་དེ་དག་ནི་སྙིང་པོའི་སྙིང་རྗེའི་དཀྱིལ་འཁོར་ཞེས་བཞེད་དོ)། ༣༦ ། ༈ ཚངས་པའི་ཐིག་ལས་བྱང་དང་ལྷོ་དང་ཤར་དང་ནུབ་ཏུ་སོར་ཕྱེད་པ་གཉིས་གཉིས་ སྤངས་ནས་སྙིང་པོའི་པད་མའི་ལྟེ་བའི་གཙོ་བོའི་གདན་གྱི་དོན་དང་ཕྱོགས་དང་སྒོ་བཞི་ རྣམས་སུ་ལྷའི་(སངས་རྒྱས་དང་ཁྲོ་བོའི་)པད་མའི་གདན་གྱི་དོན་དུ་ཐིག་གདབ་པར་བྱའོ། །དེ་ནས་ བྱང་དང་ལྷོ་དང་ཤར་དང་ནུབ་ཀྱི་ཕྱོགས་རྣམས་སུ་ཆུ་གཏེར་ཞེས་པ་སོར་ཕྱེད་པ་བཞི་ནི་པད་ མའི་འདབ་མ་རྣམས་སུ་འགྱུར་ཏེ། གཙོ་བོའི་པད་མ་ནི་(ཐུགས་དཀྱིལ་གྱི་)ལྷ་དང་ལྷ་མོ་ལྷག་མ་ རྣམས་ཀྱི་གདན་ལས་སུམ་འགྱུར་རོ། །དེ་ལྟར་ཚངས་པའི་གནས་སུ་ནི་ཉི་མའི་རེ་མིག་དག་ གིས་ཞེས་པ་སོར་ཕྱེད་པ་བཅུ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་པད་མའོ། །པད་མའི་སུམ་ ཆ་ནི་ལྟེ་བ་སྟེ་སོར་ཕྱེད་པ་བཞིར་འགྱུར་རོ་ཞེས་པ་ངེས་པའོ། །ཕྱོགས་རྣམས་སུ་(གཙོ་བོའི་པད་ མའི་)འདབ་མའི་ནང་དུ་(སོར་ཕྱེད་པ་གཅིག་བཅད་པའི་མཚམས་སུ་)ཐིག་བཏབ་(པ་ནི་ཐུགས་དཀྱིལ་གྱི་སྒོ་ཁྱུད་ ཀྱི་ཐིག་ཏུ་འགྱུར་ལ་དེ་)ནས་(འདབ་མའི་)ལྷག་མ་སོར་ཕྱེད་པ་(ཕྱི་མ་)གསུམ་(པོའི་ཕྱེད་དུ་ཐིག་བཏབ་ནས་ཆ་) རྣམ་པ་གཉིས་སུ་བྱས་ཏེ་(སོར་གྱི་)རྐང་པ་དང་བཅས་པའི་སོར་ཕྱེད་པའི་ཆས་སྙིང་པོའི་དཀྱིལ་ འཁོར་ལ་(སྒོ་ཁྱུད་ཀྱི་)རེ་ཁཱ་གསུམ་(གྱི་ཐིག་)དུ་འགྱུར་ཏེ་ཕྱོགས་གཞན་དུའང་འགྱུར་རོ། །དེ་ནས་ (གཙོ་བོའི་)པད་མའི་འདབ་མའི་ཕྱི་རོལ་ཏུ་སོར་ཕྱེད་པའི་ཆ་གཅིག་གིས་རྡོ་རྗེ་ཕྲེང་བའི་གནས་ 3-1-337 སོ། །དེ་ནས་སོར་ཕྱེད་པ་བཞིས་ལྷ(སངས་རྒྱས་བཞི)འི་པད་མ་རྣམས་སོ། །པད་མ(དེ)འི་དབུས་ སུ་ཐིག་བཏབ་(ཡིན་སྒོ་ལོག་གྱི་མཐའ་ཡིན་ལ་དེ་)ནས་(སོར་ཕྱེད་ཕྱི་མ་གཉིས་པོ་)སྔ་མ་མ་ཡིན་པ(ཕྱི་མ)འི་རྡོ་ རྗེ་ཕྲེང་བའི་ཆ་(སོར་ཕྱེད་པ་)དང་ལྷན་ཅིག་སོར་ཕྱེད་པ་གསུམ་དུ་འགྱུར་ཏེ་(གསུམ་པོ་)དེ་རྣམས་ ཀྱི་དབུས་སུ་ཐིག་བཏབ་ནས་(ཕྱེད་མར་བྱས་ཏེ་སོར་ཕྱེད་ཀྱི་)ཕྱེད་དང་བཅས་པའི་〔སོར་ཕྱེད་〕ཆ(གཉིས་ཀྱི) ས་(སྒོ་)འགྲམ་གྱི་གནས་སུ་(ནང་ལ་)ར་བའི་ས་དང་(ཕྱི་མའི་)རྟ་བབས་ཀྱི་ཀ་བར་འགྱུར་རོ(འདིར་ སྔ་འགྱུར་འགའ་ཞིག་ཏུ་སྔར་གྱི་རྡོ་རྗེ་ཕྲེང་བའི་ཆ་དང་ལྷན་ཅིག་སོར་ཕྱེད་པ་གསུམ་དུ་འགྱུར་ཏེ་ཞེས་འབྱུང་བ་ལ་བརྟེན་ནས་སྒོ་ ལོག་ལ་སྒོ་ཚད་ཕྱེད་ལས་མི་བྱེད་པར་རྣམས་ནི་འཁྲུལ་པ་སྟེ་རྒྱ་དཔེ་ལ་ཨ་པཱུརྦ་བཛྲ་ལཱི་ཞེས་པ་ཡོད་པ་ལྟར་ཤོང་འགྱུར་ལ་སྔ་མ་ མ་ཡིན་པའི་རྡོ་རྗེ་ཕྲེང་བ་ཞེས་འབྱུང་བས་སྒོ་ལོག་དང་སྒོ་འགྲམ་སྒོ་དང་མཉམ་པ་གྲུབ་པ་ཡིན་ནོ)། །དེ་ནས་〔བདེ་གཤེགས་ འཕར་མའི་〕སངས་རྒྱས་ཀྱི་གདན་ལས་ཕྱི་རོལ་ཏུ་སོར་ཕྱེད་ཀྱིས་ཕྱིའི་རྡོ་རྗེ་ཕྲེང་བར་འགྱུར་རོ། ། སངས་རྒྱས་དང་ལྷ་མོ་རྣམས་ཀྱི་བར་〔བར་〕གྱི་ལེ་ཚེ་རྣམས་ལ་བུམ་པའམ་ཐོད་པ་རྣམས་ཀྱི་ གདན་བརྒྱད་ཏུ་འགྱུར་ཏེ་གཡོན་དང་གཡས་སུ་ཀ་བ་བཅུ་དྲུག་གི་བར་དུ་〔རྒྱར་〕སོར་ཕྱེད་པའི་ ཆ་〚བཅུ་དྲུག་གི་བར་དུ་སོར་ཕྱེད་པའི་ཆ་〛གསུམ་གྱིས་སོ། །ལྷག་མ་〔རིང་བར་〕ནི་སངས་རྒྱས་ ཀྱི་གདན་གྱི་ཚད་ཀྱིས་སོ། ༣༧ ། དེ་ནས་རྡོ་རྗེ་ཕྲེང་བ་〔ཕྱི་མ་〕ལས་སོར་ཕྱེད་པ་གསུམ་པའི་ཆ་གཉིས་དང་〔དེའི་ཕྱི་ནས་〕སོར་ ཕྱེད་〔བསྣན་ཏེ་བདུན་〕དོར་ནས་ཐིག་བཏབ་སྟེ་〔ཐིག་〕དེ་ནས་〔སོར་ཕྱེད་པ་〕བཞིས་དྲི་〔རྡོ་རྗེ་མ་〕ལ་སོགས་ པའི་ལྷ་མོ་རྣམས་དང་སྣ་〔ནམ་མཁའི་སྙིང་པོ་〕ལ་སོགས་པའི་ལྷ་རྣམས་ཀྱི་གདན་གྱི་དོན་དུ་ཐིག་ གདབ་པར་བྱའོ། །དེ་ནས་སོར་ཕྱེད་དོར་ནས་〔རྩ་བའི་ཐིག་སྟེ་དེའི་ཕྱི་རོལ་ཏུ་〕ཕྱེད་དང་བཅས་པའི་ སོར་མོ་ཕྱེད་ཀྱིས་ར་བ་གསུམ་དུ་འགྱུར་རོ། །དེ་བཞིན་དུ་ར་བའི་ས་ལས་ཉིས་འགྱུར་ནི་ སྟེགས་བུའི་སའོ། །སྟེགས་བུའི་ཕྱེད་ཀྱིས་རིན་ཆེན་སྣམ་བུའོ། །རིན་ཆེན་སྣམ་བུ་ཉིས་ འགྱུར་གྱིས་དོ་ཤལ་དང་དོ་ཤལ་ཕྱེད་པའི་སའོ། །དོ་ཤལ་གྱི་ས་ཕྱེད་〔ཕྱེད་〕ནི་བ་ཀུ་ལཱི་དང་ཀྲ་ 3-1-338 མ་ཤཱིར་ཥའོ། །དེ་ལྟར་ན་སྒོ་དང་མཉམ་པ་ནི་སྒོ་ཁྱུད་དོ། །སྒོ་ཁྱུད་དང་མཉམ་པ་ནི་ལོགས་ཏེ་ (འགྲམ་དང་ལོགས་ཀྱི་སྨ་བློ་གྲོས་སོགས་ཟེར)འགྲམ་ཡང་དེ་བཞིན་ནོ〔སྒོ་མཉམ་སྒོ་ཁྱུད་སྟེང་དུ་སྟེ། །ངོས་སུ་འགྲམ་ པ་སྒོའི་ཕྱེད། །ཅེས་གཞན་དུ་ཡང་འབྱུང་མོད་ཀྱི་བརྡའི་དབང་གི་ཐ་སྙད་གང་ལྟར་བྱས་པ་དེ་ལྟར་བྱས་པ་དེ་ལྟར་བཟུང་ངོ་ ཞེས་གསུང་ངོ་〕། །ཀ་བའི་སྟེང་དུ་རྟ་བབས་〔ཀྱི་དཔངས་〕ནི་སྒོའི་ཚད་ལས་སུམ་འགྱུར་ཏེ་དེ་ལྟར་ན་ སྙིང་པོའི་དཀྱིལ་འཁོར་ལ་ཐིག་གདབ་པའི་ངེས་པའོ། །དེ་ལྟར་ཐིག་ནི་རོ་དང་ཞེས་པ་ནས་ བརྩམས་ཏེ་དོ་ཤལ་ཕྱེད་པ་དག་གི་མཐར་ནི་བ་ཀུ་ལཱིར་ཡང་རབ་ཏུ་འགྱུར་ཞེས་པའི་མཐར་ ཐུག་པ་སྔར་〔སྤྲོས་བཅས་ཀྱི་〕ཐིག་གདབ་པ་དང་སླར་ཡང་དཀྱིལ་འཁོར་གྱི་དོན་དུ་〔སྤྲོས་བཅས་ལས་〕གཞན་〔སྤྲོས་མེད་ཀྱི་ཐིག་ཚིགས་བཅད་ལྔ་བཅུ་རྩ་བཞི་པར་〕གཉིས་དང་ཆུ་གཏེར་གཅིག་དང་ཆུ་གཏེར་ གཅིག་དང་ཞེས་པ་ནས་བརྩམས་ཏེ་རྟ་བབས་རབ་ཏུ་གསུངས་པའི་ཆ་རྣམས་ཀྱིས་ཞེས་པ་ནི་ མཐར་ཐུག་པ་སྟེ་ཐུགས་ཀྱི་དཀྱིལ་འཁོར་ལ་ཐིག་གདབ་པ་〔སྤྲོས་བཅས་སྤྲོས་མེད་〕གཉི་ག་རབ་ཏུ་ གསུངས་སོ་ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་ངེས་པའོ། ། ༈ ད་ནི་རྩ་བའི་རྒྱུད་ལས་གསུངས་པའི་རྟ་བབས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ་འདིར་ རྟ་བབས་〔ཀྱི་དཔངས་〕ནི་〔དཀྱིལ་འཁོར་〕ཐམས་ཅད་དུ་སྒོའི་ཚད་ལས་སུམ་འགྱུར་དུ་འགྱུར་རོ། །དེ་ ལ་ཐུགས་ཀྱི་དཀྱིལ་འཁོར་ལ་སོར་ཕྱེད་པ་དྲུག་གིས་སྒོ་སྟེ་དེ་ལས་སུམ་འགྱུར་སོར་ཕྱེད་པ་ བཅོ་བརྒྱད་ཀྱིས་རྟ་བབས་སུ་འགྱུར་རོ། །དེ་ཉིད་ནི་རྩེག་མ་〔འམ་རིམ་པ་〕གསུམ་དུ་བྱ་སྟེ་རྩེག་ མ་དང་པོ་ནི་སོར་ཕྱེད་པ་དྲུག་གིས་སོ། །གཉིས་པ་ནི་ཕྱེད་དང་བཅས་པའི་བཞི་ཡིས་སོ། ། གསུམ་པ་ནི་ཕྱེད་དང་བཅས་པའི་གསུམ་གྱིས་སོ། །དེ་ནས་གཉིས་ཀྱིས་ཧར་མི་དང་གཉིས་ ཀྱིས་བུམ་པ་སྟེ་དེ་ལྟར་ཆ་བཅོ་བརྒྱད་ཀྱིས་རྟ་བབས་གསུམ་བརྩེག་གོ། དེ་ལ་རྩེག་མ་དང་པོ་ ལ་〔རྟ་བབས་ཀྱི་〕ཀ་བའི་སྟེང་དུ་སོར་ཕྱེད་ཀྱི་ཆས་སྣམ་བུ་སྟེ་རིང་བ་ཉིད་དུ་སོར་ཕྱེད་པ་ཉི་ཤུ་རྩ་ བཞིའོ། །དེའི་སྟེང་དུ་སོར་ཕྱེད་ཀྱི་ཆས་མྱོས་པ་སྲུང་བ་སྟེ་རིང་བ་ཉིད་དུ་སོར་ཕྱེད་པ་བཅུ་དྲུག་ 3-1-339 གོ། དེའི་སྟེང་དུ་སྙིང་པོའི་〔པད་མའི་〕ལྟེ་བའི་ཚད་ཀྱིས་དབུས་སུ་མཆོད་པའི་ལྷ་མོའི་གནས་གྲུ་ བཞིའོ། །དེའི་གཡས་དང་གཡོན་དུ་སོར་ཕྱེད་ཀྱིས་ཀ་བའོ། དེ་དག་གིས་གཡས་དང་གཡོན་ དུ་སླར་ཡང་〔སྔ་མ་དང་མཚུངས་པའི་〕ལྷ་མོའི་གནས་སོ། །དེ་ནས་སླར་ཡང་གཡས་དང་གཡོན་དུ་ 〔སྔ་མ་ལྟ་བུའི་〕ཀ་བའོ། །དེ་དག་གིས་གཡས་དང་གཡོན་དུ་རྟ་བབས་ཀྱི་ཀ་བའི་སྟེང་དུ་གླང་པོ་ ཆེ་མནན་པའི་སེང་གེ་ཟུང་ཞིག་མགོ་བོ་སྟེང་དུ་བལྟས་པ〔〕འོ〔དེ་ལྟར་ན་རྩེག་མ་དང་པོ་ལ་སོར་ཕྱེད་པ་དྲུག་ གོ〕། །〔སེང་གེ་〕དེ་དག་གི་མགོ་བོའི་སྟེང་དང་ཀ་བ་བཞི་ཡི་སྟེང་དུ་འོག་གི་སྣམ་བུའི་ཕྱེད་ཀྱི་ཆས་ སྣམ་བུར་འགྱུར་ཏེ་རིང་བ་ཉིད་དུ་སོར་ཕྱེད་པ་བཅོ་བརྒྱད་པའོ། །དེའི་སྟེང་དུ་རྩ་བའི་མྱོས་ པ་སྲུང་བ་བཞིན་དུ་མྱོས་པ་སྲུང་བ་〔སོར་ཕྱེད་པ་〕སྟེ་རིང་བ་ཉི་དུ་སོར་ཕྱེད་པ་བཅུ་གཉིས་པའོ། ། དེའི་སྟེང་དུ་རྐང་པས་དམན་པའི་སོར་ཕྱེད་ཀྱི་ཆས་ཀ་བ་སོ་སོ་སྟེ་ཀ་བའི་བར་དུ་སོར་ཕྱེད་པ་ གསུམ་གསུམ་གྱིས་ལྷའི་གནས་སམ་མཚན་མའི་གནས་གསུམ་མོ། །ཕྱི་རོལ་གྱི་ཀ་བ་དག་ གི་གཡས་དང་གཡོན་དུ་ཤཱ་ལ་བྷཉ་ཛི་ཀཱའ་(སྟེ་ལྷ་མོ་ཀ་བ་ལ་བརྟེན་ཅིང་གདུང་འདེགས་པ་)བྱའོ། །(དེ་ལྟར་ བརྩེགས་མ་གཉིས་པ་ལ་སོར་ཕྱེད་པ་ཕྱེད་དང་ལྔའོ)དེ་དག་གི་མགོ་བོའི་སྟེང་དང་ཀ་བ་བཞི་ཡི་སྟེང་དུ་སླར་ ཡང་སོར་ཕྱེད་པ་ཕྱེད་ཀྱི་ཆས་སྣམ་བུ་སྟེ་རིང་བ་ཉིད་དུ་སོར་ཕྱེད་པ་བཅོ་ལྔའོ། །དེའི་སྟེང་དུ་ སྔ་མ་བཞིན་དུ་སོར་ཕྱེད་ཀྱིས་མྱོས་པ་སྲུང་བ་སྟེ་རིང་བ་ཉིད་དུ་སོར་ཕྱེད་བརྒྱད་པའོ། །དེའི་ སྟེང་དུ་སོར་ཕྱེད་ཕྱེད་ཀྱི་ཆས་ཀ་བ་སོ་སོ་བྱའོ། །ཀ་བའི་བར་བར་དུ་རྩ་བའི་རྩེག་མའི་ལྷའི་ གནས་ཀྱི་ཕྱེད་ཀྱི་ཆ(སོར་ཕྱེད་པ་གཉིས་ཀྱི)ས་གནས་གསུམ་མོ། ། དེ་ལ་ཕྱི་རོལ་གྱི་ཀ་བ་དག་གི་གཡས་དང་གཡོན་དུ་སླར་ཡང་ཤཱ་ལ་བྷཉ་ཛི་ཀཱ་〔སྟེ་ལྷ་མོ་ཀ་ བ་ལ་བརྟེན་ཅིང་གདུང་འདེགས་པ་〕བྱའོ(དེ་ལྟར་ན་བརྩེགས་མ་གསུམ་པ་ལ་སོར་ཕྱེད་པ་ཕྱེད་དང་བཞིའོ)། །དེའི་སྟེང་ དུ་(སོར་ཕྱེད་ཀྱི་)ཆ་ཕྱེད་ཀྱིས་(ཧར་མིའི་འོག་གི་)སྣམ་བུ་སོར་ཕྱེད་བཅུ་གཉིས་པའོ། །དེའི་སྟེང་ དུ་ཧར་མི་(དཔངས་སུ་སོར་ཕྱེད་པ་ཕྱེད་དང་གཉིས་ཏེ་)རིང་བ་ཉིད་དུ་(སྟེང་)སོར་ཕྱེད་བརྒྱད་པ〔དང་འོག་སོར་ 3-1-340 ཕྱེད་བཅུ་གཉིས་པ〕འོ(ཧར་མི་འོག་སོར་ཕྱེད་པ་བཅུ་གཉིས་སུ་བཞེད་པ་ནི་མ་དག་གོ། དེ་ལྟར་ན་ཧར་མི་ལ་སོར་ཕྱེད་པ་ཕྱེད་ དང་གཉིས་པོ་འདིར་ཧར་མིའི་འོག་གི་སྣམ་བུ་ཧར་མི་ལ་མི་གཏོགས་པར་བྱས་ནས་བརྩེགས་མ་གསུམ་པ་ལ་རང་བཟོ་མང་དུ་ བྱེད་པ་རྣམས་ནི་འཁྲུལ་བའོ)། །དེའི་སྟེང་དུ་གཉིས་ཀྱིས་བུམ་པ་སྟེ་གཡས་དང་གཡོན་དུ་རྒྱལ་མཚན་ གྱི་ཡུ་བའི་གནས་སོ། །དེ་བཞིན་དུ་སྣམ་བུ་སོ་སོའི་རྩེ་མོར་རྔ་ཡབ་དང་མེ་ལོང་འཕྱང་བ་དང་ རྒྱལ་མཚན་ཏེ་རྟ་བབས་ཀྱི་ཚད་དང་མཚན་ཉིད་རྩ་བའི་རྒྱུད་ལས་གསུངས་པའོ། ། ༈ ད་ནི་གསུང་གི་དཀྱིལ་འཁོར་གསུངས་པ་རེ་མིག་དྲུག་གིས་རྟ་བབས་འོག་ཏུ་ནོར་ གྱི་པད་མ་དང་ལྡན་རྣལ་འབྱོར་མ་རྣམས་སྣམ་བུའོ། །ཞེས་པ་སྟེ་འདིར་གསུང་གི་དཀྱིལ་ འཁོར་ལ་ཕྱོགས་བཞི་རྣམས་སུ་སོར་ཕྱེད་པ་དྲུག་གི་བདག་ཉིད་ཀྱི་ཆ་བཞི་〔བཞི་〕པོ་(གནས་པ་)གང་ཡིན་པ་དེ་དག་ལས་ཆ་(ནང་མ་)གཉིས་ལ་སྙིང་པོའི་དཀྱིལ་འཁོར་གྱི་ར་བ་དང་སྟེགས་ བུ་དང་རིན་ཆེན་སྣམ་བུ་དང་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་བ་ཀུ་ལཱི་དང་ཀྲ་མ་ཤཱིར་ཥ་ རྣམས་བཀོད་དེ་(བཀབ་པས་མི་མངོན་ལ་)ལྷག་མ་ཆ་གཉིས་(མ་བཀབ་པར་)གནས་སོ། །དེ་དག་ལས་ ཆ་གཅིག་(ནང་མ་)དོར་ནས་ཆ་གཞན་གྱི་རེ་མིག་(སོར་ཕྱེད་པ་)དྲུག་པོ་རྣམས་ལས་སྟེང་(སྟེ་ཕྱི་) དང་འོག་(སྟེ་ནང་)ཏུ་རེ་མིག་རེ་རེ་དོར་ལ་དབུས་སུ་ཆ་བཞིས་རྣལ་འབྱོར་མ་རྣམས་ཀྱི་པད་ མ་བརྒྱད་ཀྱི་སྣམ་བུ་སྟེ་ཕྱོགས་དང་མཚམས་རྣམས་ཐམས་ཅད་དུ་པད་མའོ། །(དེ་ལ་)ཕྱོགས་ རྣམས་སུ་(པད་མ་ནི་ཐུགས་དཀྱིལ་གྱི་)རྟ་བབས་ཀྱི་འོག་ཏུ་སྟེ་(དེ་ཡང་)རྩེག་མ་གཉིས་པའི་མྱོས་པ་ སྲུང་བ་དང་ཀ་བ་ཟུང་དག་(གི་སྟེང་ན་ཕར་)ལ་སོར་མོ་ཕྱེད་པ་ཕྱེད་ཙམ་(དང་སྟེང་གི་སྣམ་བུ་སོར་ཕྱེད་པ་ ལ་ཁྱབ་པར་པད་མ་)བཀྱེད་ནས་(དབུས་སུ་རྒྱ་དང་དཔངས་ལ་)སོར་ཕྱེད་བཞི་བཞག་པ་ལ་རྣལ་འབྱོར་མ་ རྣམས་ཀྱི་པད་མ་བྱའོ(འདིར་གང་དག་ཀ་བ་ཉིད་ཕྱིར་བཀྱེད་པར་འདོད་པ་ལ་ནི་སྟེང་འོག་གི་སྣམ་བུའང་སྟེང་འོག་ལས་ ཕྱིར་བཀྱེད་དགོས་པར་འགྱུར་བས་ལྷ་གནས་དང་སྣམ་བུ་ཐམས་ཅད་ཀྱི་ཚད་ཉམས་པའི་སྐྱོན་དུ་འགྱུར་རོ)། །(ཕྱིའི་འཁོར་ ལོས་དམན་པའི་ཚེ་)ལྷ་མོ་རྣམས་མེད་ན་སླར་ཡང་སྔར་བརྗོད་པའི་མཚན་ཉིད་དོ། །མཚན་ཉིད་དེ་ 3-1-341 ཉིད་ཀྱིས་ཕྱི་རོལ་ཏུ་གསུང་གི་དཀྱིལ་འཁོར་ལ་སྒོ་ནས་བརྩམས་ཏེ་རྟ་བབས་ཀྱི་མཐར་ཐུག་ པ་ཐམས་ཅད་ཉིས་འགྱུར་དུ་འགྱུར་རོ་ཞེས་པ་ནི་ངེས་པའོ། ༣༩ ། ༈ ད་ནི་དེ་ནས་ཞེས་པ་ལ་སོགས་པས་སྐུའི་དཀྱིལ་འཁོར་གསུངས་པ་འདིར་སྐུའི་ དཀྱིལ་འཁོར་ལ་ཕྱོགས་བཞི་རྣམས་སུ་སོར་ཕྱེད་པ་བཅུ་གཉིས་ཀྱི་བདག་ཉིད་ཀྱི་ཆ་བཞི་ (བཞི་)པོ་(གནས་པ་)གང་ཡིན་པ་དེ་རྣམས་ལས་ཆ་གཉིས་ལ་གསུང་གི་དཀྱིལ་འཁོར་གྱི་ར་བ་ དང་སྟེགས་བུ་དང་རིན་ཆེན་སྣམ་བུ་དང་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་བ་ཀུ་ལཱི་དང་ཀྲ་མ་ ཤཱིར་ཥ་རྣམས་བཀོད་དེ་ལྷག་མ་ཆ་གཉིས་གནས་སོ། །དེ་ནས་ཏེ་གསུང་གི་དཀྱིལ་འཁོར་གྱི་ (སྒོ་ལོགས་སམ་ཤོང་ལྟར་ན་སྒོ་འགྲམ་གྱི་)མཐའ་ནས་རོ་ཡིས་བསྒྱུར་བའི་དུས་གྱིས་ཞེས་པ་སོར་ཕྱེད་ པ་ཉི་ཤུ་རྩ་བཞིས་དཔལ་ལྡན་ཚོན་གྱི་སར་འགྱུར་ཞིང་(སྐུའི་)རེ་ཁཱ་ལྔའི་བར་དུའོ་ཞེས་པ་ནི་ ངེས་པའོ། །(སྐུའི་)དཀྱིལ་འཁོར་དེ་ལ་ཕྱོགས་(དང་)ཟུར་རྣམས་སུ་ཉི་མའི་པད་མ་ཞེས་པ་ནི་ པད་མ་བཅུ་གཉིས་ཏེ་(རེ་རེའང་)ཉིས་འགྱུར་མ་ནུའི་འདབ་ལྡན་ཞེས་པ་འདབ་མ་ཉི་ཤུ་རྩ་ བརྒྱད་པའོ། །ཉི་མའི་རེ་མིག་དག་གིས་ཞེས་པ་ནི་(རྒྱར་)སོར་ཕྱེད་པའི་ཆ་བཅུ་གཉིས་ཀྱིས་ཏེ་ སོར་ཕྱེད་པ་བཅུ་གཉིས་པོ་དེ་རྣམས་ཆ་བདུན་དུ་བྱས་ནས་དབུས་ཀྱི་ཆས་ལྟེ་བའོ། །གཡས་ དང་གཡོན་གྱི་ཆ་གཉིས་པས་འདབ་མ་བཞི་དང་(ཡང་དེའི་ཕྱི་ནས་)གཡས་དང་གཡོན་གྱི་(ཆ་) གསུམ་པས་འདབ་མ་བརྒྱད་དང་〔ཡང་དེའི་ཕྱི་ནས་〕གཡས་དང་གཡོན་གྱི་〔ཆ་〕བཞི་པས་འདབ་མ་ བཅུ་དྲུག་སྟེ་དེ་ལྟར་ན་(ལག་ལེན་བརྒྱུད་པའི་མན་ངག་མཐོང་བས་)འདབ་མ་ཉི་ཤུ་རྩ་བརྒྱད་བྱའོ། །དེ་ བཞིན་དུ་སྙིང་པོའི་སྒོ་ནི་(སྟོང་གཞི་དོན་དམ་གྱི་)མུན་པའི་ཡོན་ཏན་གྱི་(རྣམ་པར་དག་པའི་)དབང་གིས་ ཏེ་དེ་ལས་བར་མའི་དཀྱིལ་འཁོར་གྱི་སྒོ་རྡུལ་གྱི་ཡོན་ཏན་གྱི་(རྣམ་པར་དག་པའི་)དབང་གིས་ཉིས་ འགྱུར་རོ། །དེ་ལས་སྙིང་སྟོབས་ཀྱི་ཡོན་ཏན་གྱི་〔རྣམ་པར་དག་པའི་〕དབང་གིས་སྐུའི་དཀྱིལ་འཁོར་ གྱི་སྒོ་བཞི་འགྱུར་རོ། །ར་བ་ལ་སོགས་པ་དང་རྟ་བབས་ལ་སོགས་པ་ཡང་དེ་བཞིན་(དུ་ཉིས་ 3-1-342 འགྱུར་དང་བཞི་འགྱུར་ཡིན་)ནོ། །ཁོར་ཡུག་གསུམ་བཀོད་རྣམས་ཏེ་ཆུ་དང་མེ་དང་རླུང་གི་ཁོར་ཡུག་ བཀོད་པ་རྣམས་ནི་(རེ་རེ་འང་)བརྒྱད་པ་གསུམ་གྱིས་ཞེས་པ་(སོ་སོར་ཕྱེད་པའི་ཆ་)ཉི་ཤུ་རྩ་བཞིས་ རབ་ཏུ་བྱའོ། ༤༠ ། ཁོར་ཡུག་གསུམ་པོ་དེ་དག་རྣམས་ཀྱི་ཐོག་མའི་ཆ་ལ་ཉི་ཟླ་འཆར་བའི་ཁོར་ཡུག་(ནི་ཉེར་ བཞི་པ་)དེ〔འི〕་ཕྱེད་(ཀྱི་)རེ་མིག་རྣམས་ཀྱིས་ཏེ་བཅུ་གཉིས་ཀྱིས་བྱའོ། །(ཁོར་ཡུག་བཞི་པོ་)དེ་རྣམས་ ཀྱི་མཐའ་ལ་རྡོ་རྗེ་ཕྲེང་བ་(གནས་པ་ནམ་མཁའི་དཀྱིལ་འཁོར་ཆ་)བཅུ་གཉིས་ཀྱིས་བྱ་སྟེ་(དེའི་མཐར་)ཉི་ ཤུ་རྩ་བཞི་རྣམས་ཀྱིས་རྡོ་རྗེའི་མེ་ལྕེའོ། །དེ་ལ་(མཚམས་དང་)སྒོའི་མཐའི་(དུར་ཁྲོད་བརྒྱད་ཀྱི་)འཁོར་ ལོ་གང་ཡིན་པ་དེ་ནི་སོ་སོར་རྩིབས་བརྒྱད་པ་སྟེ་རླུང་དང་མེའི་ཁོར་ཡུག་གི་དབུས་སུ་བཅུ་ གཉིས་ཀྱིས་སོ། །ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཀ་བའི་འོག་ཏུ་སྟེགས་བུ་ལ་བཅུ་གཉིས་ཀྱིས་ གདེངས་ཅན་རྣམས་ཀྱི་གདན་རླུང་ལ་སོགས་པའི་དཀྱིལ་འཁོར་རོ། །ཤིང་རྟ་ནི་(ཆ་)བཅུ་ གཉིས་ཀྱིས་སྒོའི་དབུས་སུ་སྟེ་(སྒོ་)དེ་ཉིད་ལ་གསུང་གི་དཀྱིལ་འཁོར་གྱི་རྟ་བབས་(ཀྱི་སྟོད་སུམ་ ཆ་)སོར་ཕྱེད་པ་བཅུ་གཉིས་(གནས་པ་)སྤངས་ནས་སྒོ་ཡི་ཕྱེད་གཉིས་པ་ལ་དབང་པོ་ལ་སོགས་ པའི་ལྷའི་སྣམ་བུ་དང་(ཚད་)མཚུངས་པའི་ཤིང་རྟ་བྱའོ། །ཤར་དང་ནུབ་ཏུ་(སྐུ་དཀྱིལ་ཉིད་ཀྱི་)རྟ་ བབས་ཀྱི་བུམ་པ་སྤངས་ནས་(ཆུའི་དཀྱིལ་འཁོར་གྱི་ཕྱེད་ཕྱི་མ་ལ་)ནམ་མཁའ་དང་ས་འོག་གི་ཤིང་རྟ་ བལྟ་བར་བྱ་སྟེ་སྐུའི་དཀྱིལ་འཁོར་ལའོ(ཤར་དང་ནུབ་ཏུ་སྐུའི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་བུམ་པ་སྤངས་ནས་ ནམ་མཁའ་དང་ས་འོག་གི་ཤིང་རྟ་བལྟ་བར་བྱའོ། །ཞེས་ཤོང་འགྱུར་ལ་ཡོད་པ་ཉིད་ལེགས་སོ། །སྟེང་འོག་གི་ཤིང་རྟ་དག་སྐུའི་ རྟ་བབས་ཀྱི་བུམ་པ་སྤངས་པར་བྲི་བར་གསུངས་པ་འདིར་ནི་གསུང་གི་རྟ་བབས་ཀྱི་བུམ་པ་སྤངས་པར་བྲི་བར་འདོད་པ་ཡང་ བསལ་བ་ཡིན་ནོ)། །དཀྱིལ་འཁོར་གྱི་ཐིག་གདབ་པའི་ངེས་པའོ། ༤༡ ། ༈ ད་ནི་རྡོ་རྗེ་ཞེས་པ་ལ་སོགས་པས་རྡུལ་ཚོན་གདབ་པའི་ཆོ་ག་གསུངས་པ་འདིར་ཐིག་ གདབ་ཅིང་ལྷའི་གནས་ཐམས་ཅད་སྦྱངས་(ཤིང་དག་)པར་གྱུར་པ་ན་དེ་ནས་དྲི་དང་མེ་ཏོག་ལ་ 3-1-343 སོགས་པ་དང་གཏོར་མ་བྱིན་ཏེ་ཕྱི་ནས་རྡུལ་ཚོན་དགྱེ་བ་བརྩམ་པར་བྱའོ། །དེ་ལ་འབྱོར་ པ་དང་རྗེས་སུ་མཐུན་པས་ཚོན་ལྔ་བྱ་སྟེ་འཁོར་ལོས་སྒྱུར་བའི་འབྱོར་པ་ལ་རྡོ་རྗེ་(ལྗང་ཁུ་)ལ་ སོགས་པ(རྡོ་རྗེ་ཁ་དོག་ལྔ་མ་ཉམས་པ)འམ་(ཡང་ན་)རིན་པོ་ཆེ་ལྔས་ཕྱེ་མ་བྱའོ། །དེ་ལ་(རིན་པོ་ཆེ་ལྔའི་ཕྱེ་མ་ ནི་)མ་ར་ཀ་ཏའི་ཕྱེ་མས་ལྗང་ཁུ་དང་ཨིན་དྲ་ནཱི་ལས་ནག་པོ་དང་པད་མ་རཱ་གས་དམར་པོ་དང་ ཟླ་བ་ཆུ་ཤེལ་གྱིས་དཀར་པོ་དང་ཀར་ཀེ་ཏ་ནས་སེར་པོ་དང་མཐོན་ཀ་ཆེན་པོས་སྔོན་པོའོ། ། དེ་བཞིན་དུ་ཐུན་མོང་བའི་(སྟོབས་ཀྱི་)འཁོར་ལོ་སྒྱུར་བ་རྣམས་ཀྱིས་གསེར་གྱི་ཕྱེ་མས་ནི་སེར་ པོ་དང་མུ་ཏིག་གི་ཕྱེ་མས་དཀར་པོ་དང་བྱི་རུའི་ཕྱེ་མས་དམར་པོ་དང་མུ་མིན་གྱི་ཕྱེ་མས་ནག་ པོ་དང་ཚོན་བཞི་བསྲེས་པས་ནི་ལྗང་ཁུའོ། །དབྱེ་བ་ལྔའི་འབྲུ་འམ་ཞེས་པ་ནི་(སྲན་མ་)མུད་ག་ ལ་སོགས་པ(མ་ཉམས་པ)འམ་འབྲས་མ་ཉམས་པ་རྣམས་སམ་རྣམ་མང་ནོར་བུའི་ཕྱེ་མའི་ཚོན་ རྣམས་སམ་བཏགས་པའི་ཚོན་ཐུན་མོང་བ་རྣམས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་སྟེ་(དེ་ ཡང་སྔར་བསྟན་པའི་)རྡོ་རྗེ་(ལྔ་)རྣམས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་མ་ཉམས་པའི་འབྲུ་རྣམས་ཀྱིས་སོ། ། མ་ར་ཀ་ཏ་ལ་སོགས་པའི་ཕྱེ་མ་རྣམས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་བཏགས་པའི་ཚོན་རྣམས་ ཀྱིས་ཏེ། ༈ ཇི་ལྟར་འབྱོར་པ་ལས་འདི་རྣམས་ཀྱིས་(འཁོར་ཡུག་ནང་རོལ་)ཕྱོགས་ཀྱི་ཆར་ས་ལ་(ཕྱོགས་ མདོག་གིས་ཁྱབ་པའི་)རྡུལ་ཚོན་གདབ་པར་འགྱུར་རོ། །ཀྱེ་མིའི་བདག་པོ་(ཕྱོགས་མདོག་)དེ་ཉིད་ནི་ སངས་རྒྱས་དབྱེ་བ་འཆད་པར་འགྱུར་བ་རྣམས་ཀྱིས་ཏེ་(འཁོར་ཡུག་གི་མཚམས་ཀྱི་བར་དུ་)དཀྱིལ་ འཁོར་(གྱི་ས་)ལའོ། ། ༈ (མཆོད་པའི་ཕྱོགས་མདོག་གི་)ཕྱི་རོལ་ཏུ་ཡང་སའི་འཁོར་ཡུག་ལ་སེར་པོ་དང་ཆུ་ལ་དཀར་པོ་ དང་མེ་ལ་དམར་པོ་དང་རླུང་གི་ཁོར་ཡུག་ལ་ནག་པོས་ཏེ་རིམ་པས་སོ། ༤༢ ། ༈ ད་ནི་ཤར་དུ་ཞེས་པ་ལ་སོགས་པས་(དཀྱིལ་འཁོར་གྱི་དབུས་ནས་འཁོར་ཡུག་གི་མཚམས་ཀྱི་བར་) 3-1-344 ཚོན་གྱི་སའི་ཁ་དོག་གསུངས་པ་འདིར་བདག་པོའི་མཚན་མ་(བཞི་)དང་ཞལ་གྱི་(བཞིའི་)དབང་ གིས་དཀྱིལ་འཁོར་གྱི་(འཁོར་ཡུག་གི་བར་གྱི་)ས་ལ་ཕྱོགས་ཀྱི་ཆར་(རྡུལ་ཚོན་གདབ་པར་)འགྱུར་ཏེ་ ཞལ་ནག་པོ་ལ་སོགས་པས་སོ། །དེས་ན་ཐུགས་རྣམ་པར་དག་པས་ཤར་དུ་དཔལ་ལྡན་ནག་ པོའི་སར་འགྱུར་རོ། །གསུང་རྣམ་པར་དག་པས་ལྷོ་རུ་ཉི་མ་དང་མཚུངས་པའོ། །ཡེ་ཤེས་ ཀྱི་ཞལ་རྣམ་པར་དག་པས་ནུབ་ཏུ་གསེར་མདོག་སྟེ་སེར་པོའོ། །སྐུའི་ཞལ་རྣམ་པར་དག་ པས་བྱང་དུ་ཡང་གཞན་ཏེ་དཀར་པོའོ། །དེ་ལྟར་རྡོ་རྗེ་ཅན་གྱི་ཞལ་གྱི་དབྱེ་བས་(དཀྱིལ་འཁོར་ གྱི་དབུས་ནས་འཁོར་ཡུག་ལ་ཐུག་གི་བར་དུ་)ཕྱོགས་རྣམས་སུ་(འོག་གཞི་ཕྱོགས་མདོག་གི་)རྡུལ་ཚོན་དགྱེ་བར་ བྱའོ། །དེ་ཡང་(དང་པོར་སློབ་དཔོན་གྱིས་)དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་ཚོན་དཀར་པོ་ ལ་སོགས་པ་(ཞི་བ་ལ་སོགས་པ་)ལས་ཀྱི་རྗེས་སུ་འབྲངས་པས་ཕྱོགས་རྣམས་(ཀྱི་དབུས་)སུ་བཏབ་ སྟེ་དེ་ནས་(དེའི་སྟེང་དུ་བཤད་མ་ཐག་པའི་རྡུལ་ཚོན་ཕྱི་རོལ་ཏུ་ཕྱོགས་རྣམས་སུ་འདི་གཉིས་མཆན་བདག་དང་མི་མཐུན་པར་ ཡོད་)ཞལ་གྱི་དབྱེ་བས་དགྱཻ་བར་བྱའོ། །ཞེས་པ་ནི་ངེས་པའོ(དེ་ལྟར་ན་ལས་ཀྱི་རྗེས་སུ་མཐུན་པར་དཀྱིལ་ འཁོར་གྱི་ས་གཞི་ལ་ཐོག་མར་རྡུལ་ཚོན་ལྗང་གུ་ལ་སོགས་ཕྱོགས་གཅིག་པར་ཁྱབ་པར་བཀྱཻ་བའི་སྟེང་དུ་ཕྱོགས་མདོག་གི་རྡུལ་ ཚོན་དགྱེ་བར་བྱ་ཞིང་དེའི་ཡང་སྟེང་དུ་པད་མ་དང་སྣམ་བུ་སོ་སོར་བྲི་བར་གསལ་ལོ། །དེ་ཡང་ཐིག་སོ་སོའི་ཚད་དུ་རིམ་པ་ལྟར་ རྡུལ་ཚོན་བཀྱེ་བས་པད་མ་སྣམ་བུ་སོགས་འབྲི་བ་ན་ཐིག་མི་མངོན་པའི་ཉེས་པར་མི་འགྱུར་རོ། །ཕྱི་རོལ་མཆོད་པའི་ས་གཞི་ ཕྱོགས་མདོག་ཡིན་པ་ནི་སྔར་ལས་རབ་འབྱམས་གྱི་སྐབས་སུ་གསུངས་པས་ཕྱོག་མདོག་ལས་གཞན་དུ་སྨྲ་བ་རྣམས་ནི་འཁྲུལ་བ་ ཉིད་དུ་རིག་པར་བྱའོ)། ། ༈ ད་ནི་དཀར་དང་ཞེས་པ་ལ་སོགས་པས་(ཚོན་གྱི་ས་ཕྱོགས་མདོག་གི་)སྟེགས་བུ་ལ་སོགས་ པ་རྣམས་ཀྱི་རྡུལ་ཚོན་གྱི་ཁ་དོག་གསུངས་པ་འདིར་སྟེགས་བུ་ནི་དཀར་པོ་སྟེ་དེ་ཡང་གཟུངས་ (མ་རྣམས་)ཀྱི་སྣམ་བུའོ། །དེའི་སྟེང་དུ་རིན་ཆེན་སྣམ་བུའི་ས་དམར་པོ་སྟེ་དེ་ལ་རིན་པོ་ཆེའི་ འཆིང་བ་རྣམ་པར་བཀྲ་ཞིང་སྒོ་ཁྱུད་(དང་སྒོའི་མཚམས་)དང་ཀ་བའི་(མཚམས་)མཚམས་སུ་རིན་པོ་ 3-1-345 ཆེས་སྤྲས་པའོ། །དེ་བཞིན་དུ་དོ་ཤལ་གྱི་ས་ནག་པོ་སྟེ་དེ་ལ་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་ མེ་ལོང་དང་རྔ་ཡབ་རྣམས་སོ། །བཱ་ཀུ་ལཱི་དཀར་པོ་དང་ཀ་བ་སེར་པོ་དང་ཀྲ་མ་ཤྲཱིར་ཥ་དཀར་ པོ་དང་(དོ་ཤལ་ཕྱེད་པས་ཉེ་བར་མཚོན་ནས་བཱ་ཀུ་ལཱི་དང་ཀྲ་མ་ཤྲིར་ཥའི་མཐར་ཞེས་འོག་ནས་འབྱུང་བའི་ཕྱིར་འདི་གསུམ་གྱི་ གཞིའི་ཁ་དོག་ཀྱང་མཚུངས་པར་སྔོན་གྱི་མཁས་པ་དག་བཞེད་དོ)ལྷའི་པད་མ་རྣམས་ནི་ཟླ་བའི་ཁ་དོག་དང་ཉི་ མའི་ཁ་དོག་གོ། ༈ དེ་བཞིན་དུ་སྙིང་པོའི་དཀྱིལ་འཁོར་ཐམས་ཅད་དུ་སྐུ་དང་གསུང་དང་ཐུགས་དག་ པས་ར་བ་རྣམས་ནི་(ཕྱི་ནས་ནང་དུ་རིམ་པ་ལྟར་)དཀར་པོ་དང་དམར་པོ་དང་ནག་པོའི་རེ་ཁཱར་ འགྱུར་རོ(ནང་ནས་བརྩམས་ཏེ་དགེ་བའི་ལས་ལས་ཐུགས་གསུང་སྐུ་དང་མི་དགེ་བའི་ལས་ལ་དེ་ལས་བཟློག་པའོ། །དེ་ལས་ གཞན་དུ་འདོད་པ་ནི་དགོངས་པ་མ་ཡིན་ནོ)། ༣ ། དབུས་སུ་ཞེས་པ་ལ་སོགས་པས་སྙིང་པོའི་པད་མ་ལ་སོགས་པའི་ཁ་དོག་གསུངས་ཏེ་ འདིར་ཐུགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་གཙོ་བོའི་པད་མ་འདབ་བརྒྱད་ལྗང་ཁུའོ། །ཞི་བ་ ལ་སོགས་པ་རྣམས་ལ་དཀར་པོ་ལ་སོགས་པར་འགྱུར་ཏེ་ཐུན་མོང་གིས་ལྗང་ཁུའོ། །བུང་བ་ དང་མཚུངས་ཀ་བ་རྡོ་རྗེ་ཕྲེང་བར་འགྱུར་ཞེས་པ་པད་མའི་ཕྱི་རོལ་ཏུ་ཀ་བ་བཅུ་དྲུག་ནི་ཤར་ ལ་སོགས་པ་རྣམས་སུ་སྟེ་(ཤར་དུ་)རལ་གྲི་དང་(ལྷོར་)རིན་པོ་ཆེ་དང་(ནུབ་)འཁོར་ལོ་དང་(བྱང་དུ་)པད་མའི་ཕྲེང་བ་དང་ལྡན་པ་(ཁ་དོག་ནག་པོ་དང་)བཞི་བཞི་ཉིད་དོ་(དེ་བཞིན་དུ་རྡོ་རྗེ་ཕྲེང་བ་ཡང་ཁ་དོག་ ནག་པོར་བསྟན་ནོ)། །འདིར་སྙིང་པོའི་པད་མའི་ཟུར་བཞི་རྣམས་སུ་གྲངས་བཞིན་དུ་དབང་ལྡན་ དུུ་(ཆོས་ཀྱི་)དུང་(སྟེ་སྒྲ་ཆེན་ལྡན་)ཟླ་བའི་ཁ་དོག་ཅན་དང་བདེན་བྲལ་དུ་ཆོས་ཀྱི་གཎ་ཌཱི་(སྒྲ་བོ་ཆེ་) ཉི་མའི་ཁ་དོག་ཅན་དང་མེའི་ཟུར་དུ་ཡིད་བཞིན་གྱི་ནོར་བུ་(ཆེན་པོ་འཆང་)ཁ་དོག་ནག་པོ་དང་ རླུང་གི་ཟུར་དུ་དཔག་བསམ་གྱི་ཤིང་(ཆེན་རྒྱས་པ་སྟེ་)སེར་པོའོ། །དེ་བཞིན་དུ་ཕྱོགས་བཞིའི་ཀ་ བ་བཅུ་དྲུག་གི་བར་དུ་སངས་རྒྱས་དང་ལྷ་མོ་རྣམས་དང་བུམ་པ་དཀར་པོ་རྣམས་ཏེ་ཕྱོགས་ 3-1-346 བརྒྱད་དུ་པད་མའི་སྟེང་ན་གནས་ཤིང་པད་མའི་ཁ་(རྒྱན་)དང་ལྡན་པའོ། ༤༤ ། འདིར་པད་མ་དམར་པོའི་སྟེང་དུ་ལྷ་མོ་རྣམས་ཀྱི་ཟླ་བའི་གདན་དུ་འགྱུར་ཞིང་པད་མ་ དཀར་པོའི་སྟེང་དུ་ལྷ་རྣམས་ཀྱི་ཉི་མའི་གདན་དུ་འགྱུར་ཏེ་འདབ་མ་བརྒྱད་པོ་རྣམས་སྤངས་ ནས་པད་མའི་སུམ་ཆའི་ལྟེ་བ་ལའོ། །ལྷ་མོ་རྣམས་ཀྱི་ཟླ་བའི་གདན་ཡང་ཟུར་རྣམས་སུ་སྟེ་ལྷ་ རྣམས་ཀྱི་ནི་ཕྱོགས་སུའོ། །ཐམས་ཅད་ཀྱི་ཕྱི་རོལ་ཏུ་ནི་རྡོ་རྗེ་ཕྲེང་བར་འགྱུར་ཏེ་(དེའི་ཁ་དོག་ནི་) གཙོ་བོའི་པད་མའི་ཁ་དོག་གི་དབང་གིས་(ལྗང་ཁུ་ལ་སོགས་པར་)བྱ་ཞིང་རྟ་བབས་(ཀྱི་རེ་མིག་གི་ནང་ རྣམས་)ནི་ཁ་དོག་སྣ་ཚོགས་སུ་བྱའོ(རྟ་བབས་ཀྱི་གདུང་དང་མྱོས་བསྲུང་དང་ཀ་བ་རྣམས་ནི་སེར་པོ་བྱ་སྟེ་སྒྲུབ་ལེར་ ནོར་བུ་གསེར་གྱི་རང་བཞིན་རྟ་བབས་རྣམས་དང་ཞེས་གསུངས་པས་སོ)། །རྩ་བའི་དཀྱིལ་འཁོར་ལ་རྡུལ་ཚོན་ དགྱེ་བ་དང་ཁ་དོག་གི་ངེས་པའོ། ༤༥ ། ༈ ད་ནི་གསུང་དང་སྐུའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་ཁ་དོག་གསུངས་པ་དཀར་ པོའི་མདོག་ཅེས་པ་ལ་སོགས་པ་སྟེ་འདིར་གསུང་གི་དཀྱིལ་འཁོར་ལ་རྣལ་འབྱོར་མ་(བདུན་ཅུ་ རྩ་གཉིས་)རྣམས་དང་འདོད་མ་རྣམས་དང་སྐུའི་དཀྱིལ་འཁོར་ལ་ཕྱིར་འདོད་མ་(རྣམས་དང་)ལ་ སོགས་པ(འི་སྒྲས་ལྷ་ཆེན་བཅུ་གཉིས་པོ་)རྣམས་ཀྱི་(ཐུན་མོང་གི་གདན་གྱི་)སྣམ་བུ་ནི་དཀར་པོའི་མདོག་ ཏུ་འགྱུར་ཞིང་{ནོར་གྱི་པད་མ་ནི་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཀྱི་པད་མ་བརྒྱད་ ཀྱི་གཞིའི་རྣམ་བུ་ཡང་དཀར་པའོ། །}ནོར་གྱི་པད་མ་སྟེ་(གསུང་གི་)པད་མ་བརྒྱད་ཀྱི་གཞིའི་ སྣམ་བུ་དག་ཀྱང་ཕྱོགས་དང་ཕྱོགས་བྲལ་ཀུན་ཏུ(འཁོར་ཡུག་ཏུ་གནས་པ་གྲུ་བཞི)འོ〔འདིར་སྐུ་དང་གསུང་ གི་ལྷ་སྣམ་དཀར་པོ་གསུང་པ་འདི་ཉིད་ཀྱིས་ཐུགས་ཀྱི་ལྷ་སྣམ་ཡང་དཀར་པོར་དོན་གྱིས་བསྟན་པར་མཁས་པ་རྣམས་བཞེད་ ཀྱི་ཕྱོགས་མདོགས་སོགས་འདོད་པ་ནི་འཁྲུལ་པའོ〕། །(གསུང་དང་སྐུའི་ལྷ་སྣམ་)དེ་ལ་ཕྱོགས་ཀྱི་ཆར་ནི་པད་མ་ རྣམས་ཁ་དོག་དམར་པོར་འགྱུར་རོ། །རྒྱལ་བའི་དབང་གིས་ཏེ་སངས་རྒྱས་ཀྱི་དབང་གིས་ པད་མ་དཀར་པོ་ཟུར་དུའོ། །(གསུང་གི་)པད་མ་དེ་རྣམས་(ཀྱི་ལྟེ་བ་ལ་)ནི་(རང་རང་གི་བཞོན་པ་དགོད་ 3-1-347 དགོས་པས་ན་)ཉི་མ་དང་ཟླ་བའི་གདན་གྱིས་རྣམ་པར་དམན་པ་འདབ་མ་བརྒྱད་པ་དང་དེ་ བཞིན་ཉིད་དུ་(སྐུའི་)འཆི་མེད་(ལྷ་)རྣམས་ཀྱི་ཉིས་འགྱུར་མ་ནུའི་འདབ་ལྡན་ཏེ་འདབ་མ་ཉི་ཤུ་ རྩ་བརྒྱད་པ་(བཅུ་གཉིས་)ནི་(ལྟེ་བ་ལ་རང་རང་གི་བཞོན་པ་དགོད་དགོས་པས་ན་)ཟླ་བ་དང་ཉི་མས་རྣམ་པར་ དམན་པའོ། །གསུང་གི་དཀྱིལ་འཁོར་ལ་མཁའ་སོགས་རེ་ཁཱ་ལྔ་པོ་གང་ཡིན་དེ་རྣམས་རང་ བཞིན་ཡོན་ཏན་དབང་གིས་སུམ་ཆ་བར་དུ་གནས་ཞེས་པ་ནི་འདིར་གསུང་གི་དཀྱིལ་འཁོར་ ལ་རང་བཞིན་ནི་(གཡོན་གྱི་རྩ་དང་སྣ་བུག་ནས་)ནམ་མཁའ་ལ་སོགས་པའི་(རླུང་གི་)དཀྱིལ་འཁོར་ (ལྔ་དང་གཡས་ཀྱི་རྩ་དང་སྣ་བུག་ནས་ས་ལ་སོགས་པ་དཀྱིལ་འཁོར་ལྔ་)རབ་ཏུ་འབབ་པ་སྟེ་དེས་ན་ཞི་བ་ལ་ སོགས་པ་དང་དབང་ལ་སོགས་པ(དགེ་བ)འི་ལས་ལ་གཡོན་པའི་རྒྱུ་བའི་དབང་གིས་སྤྲོ་བའི་ སྦྱོར་བས་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་རྣམས་ལྗང་ཁུ་དང་ནག་པོ་དང་དམར་པོ་ དང་དཀར་པོ་དང་སེར་པོའི་ཁ་དོག་སྟེ་རིམ་པ་བཞིན་དུ་སྙིང་པོ་(སྟེ་ནང་རྩ་ཐིག་)ནས་བརྩམས་ ནས་སྟེགས་བུའི་བར་དུའོ། །དེ་བཞིན་དུ་བསད་པ་ལ་སོགས་པ་དང་རེངས་པ་ལ་སོགས་ པ་(མི་དགེ་བའི་ལས་)རྣམས་ལ་(གཡས་པའི་རྒྱུ་བའི་དབང་གིས་)ས་ལ་སོགས་པ་རྣམས་ཀྱིས་(སྡུད་རིམ་དུ་) བྱའོ། །ཞེས་པ་ནི་(ཁམས་ལྔའི་རླུང་གི་)རང་བཞིན་ཡོན་ཏན་དབང་གིས་འགྱུར་བའོ། །(ར་བ་རྣམས་ ཀྱི་སྦོམ་དང་བར་གྱི་ཚད་ནི་ར་བའི་ཐིག་གཉིས་ཀྱི་བར་ཆ་བཅོ་ལྔར་ཕྱེ་བའི་)ཆ་གཅིག་(སྟེ་ཆ་རེ་རེ་ཆ་རྣམས་ཀྱི་བར་བར་དུ་) དོར་ནས་ཆ་གཉིས་ཀྱིས་རེ་ཁཱ་སོ་སོར་འགྱུར་(ལ་ཆ་གཅིག་ར་བ་རྣམས་ཀྱི་ནང་དང་ཕྱི་རོལ་ཏུ་དོར་)བ་གང་ ཡིན་པ་དེའི་ཕྱིར་ར་བའི་ས་ནི་ཆ་བཅོ་ལྔ་པར་ཤེས་པར་བྱའོ། །དེ་བཞིན་དུ་སྙིང་པོའི་དཀྱིལ་ འཁོར་གྱི་ར་བའི་ས་ནི་ཆ་དགུ་པ(སྟེ་ར་བ་གསུམ་ལ་ཆ་གཉིས་གཉིས་དང་བར་དུ་ཆ་གཉིས་དང་ཕྱི་ནང་གཉིས་ལ་ ཆ་གཅིག་ཏུ་འགྱུར་བ)འོ། །དེ་བཞིན་དུ་སྐུའི་དཀྱིལ་འཁོར་གྱི་རང་བཞིན་བརྗོད་པར་བྱ་སྟེ་འདིར་ སྐུ(འི་དཀྱིལ་འཁོར)་ལ་〔སོར་མོ་ལྔའི་ཁམས་ཀྱི་དག་པ་སྦྱར་ཏེ་〕མཐེ་ཆུང་ལ་སོགས་པ〔ཁམས་ལྔ〕འི་སོར་མོ་ལྔ་ པོ་རྣམས་ནི་ནམ་མཁའ་ལ་སོགས་པ(ཁམས་ལྔ)འི་རང་བཞིན་ནོ། །དེས་ན་ཞི་བ་ལ་སོགས་པའི་ 3-1-348 དཀྱིལ་འཁོར་ལ་སྤྲོ་བའི་དབྱེ་བས་(ནང་ནས་རིམ་པ་བཞིན་)ཁ་དོག་ལྗང་ཁུ་ལ་སོགས་པའི་ར་ཁཱེ(ལྔ) འོ། །བསད་པ་ལ་སོགས་པ་ལ་སྡུད་པའི་རིམ་པས་ས་ལ་སོགས་པའི་དབྱེ་བས་སོ་ཞེས་པ་ནི་ ར་བའི་རེ་ཁཱ(འི་རིམ་པ་དང་ཁ་དོག་གི་)ངེས་པའོ། ༤༦ ། ༈ ད་ནི་ཀ་བའི་འོག་ཅེས་པ་ལ་སོགས་པས་ཀླུའི་རྒྱལ་པོ་རྣམས་ཀྱི་གདན་གསུངས་ པ་འདིར་ཕྱི་རོལ་ཏུ་སྐུའི་དཀྱིལ་འཁོར་ལ་རྟ་བབས་ཀྱི་ཀ་བ་རྣམས་ཀྱི་འོག་གི་སྟེགས་བུའི་ གནས་ལ་སྒོའི་མཚམས་སུ་(སྟེ་སྒོའི་ར་བ་ཕྱི་མའི་ཕྱི་ནང་གི་མཚམས་ཀྱི་ཐད་སོར་)གདེངས་ཅན་རྣམས་ ཀྱི་གདན་རླུང་ལ་སོགས་པར་རབ་ཏུ་འགྱུར་བ་ནི་ཤར་གྱི་སྒོའི་གཡས་དང་གཡོན་དུ་རླུང་ གི་དཀྱིལ་འཁོར་ཟླུམ་པོར་འགྱུར་ཏེ་སྙིང་པོའི་པད་མའི་ཚད་ཀྱིས་(སོར་བྱེད་པ་བཅུ་གཉིས་)སོ། ། སོགས་པའི་སྒྲས་ལྷོ་རུ་མེའི་དཀྱིལ་འཁོར་ཟུར་གསུམ་དང་ནུབ་ཏུ་སའི་དཀྱིལ་འཁོར་གྲུ་ བཞི་དང་བྱང་དུ་ཆུའི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་རྣམ་པ་ནི་(རིམ་པ་ལྟར་)ནག་པོ་དང་དམར་ པོ་དང་སེར་པོ་དང་དཀར་པོ་སྟེ། རིམ་པ་བཞིན་དུ་ཐིག་ལེ་(རྩ་མིས་དཔལ་གྱི་བེའུ། རས་གཡུང་དྲུང་ འཁྱིལ་པར་བསྒྱུར་བ་)དང་བཀྲ་ཤིས་དང་རྡོ་རྗེ་དང་པད་མས་མཚན་པ(འདིར་ཕྱིས་ཀྱི་རྒྱ་དཔེ་ལ་ཆུ་ཟླུམ་པོ་ དང་རླུང་ཟླ་གམ་དུ་འབྱུང་བ་ནི་རྒྱ་དཔེ་བཅོས་པ)འོ། །དེ་བཞིན་དུ་(ཤར་སྒོའི་)ནག་པོ་དང་(ལྷོ་སྒོའི་)དམར་པོ་ དང་(ནུབ་སྒོའི་)སེར་པོ་དང་(བྱང་སྒོའི་)དཀར་པོ་དང་(སྟེང་དུ་)ལྗང་ཁུ་དང་(འོག་ཏུ་)སྔོན་པོ་ནི་སྒོ་ལ་ སོགས་པའི་ཤིང་རྟ་རྣམས་སོ། །དུར་ཁྲོད་ཀྱི་འཁོར་ལོ་རྣམས་ནི་ཟླ་བ་དང་ཉི་མའི་ཁ་དོག་ རྣམས་ཏེ་གང་ཞིག་འཆད་པར་འགྱུར་བའི་འཁོར་ལོ་(མཚམས་སུ་)དཀར་དང་(ཕྱོགས་སུ་)དམར་ པོ་(དང་)ཞེས་པའོ། །དེ་བཞིན་གཤེགས་པའི་ཁ་དོག་གི་དབྱེ་བས་ཐམས་ཅད་དུ་རྡུལ་ཚོན་གྱི་ སའོ། ། ད་ནི་ཉི་མ་དང་ཟླ་བ་འཆར་བའི་གནས་གསུངས་ཏེ་འདིར་སྐུའི་དཀྱིལ་འཁོར་གྱི་རྟ་ བབས་ཀྱི་(བརྩེགས་མ་གསུམ་པའི་མྱོས་བསྲུང་གི་མཚམས་ཕན་ཆད་ཀྱི་)གནས་ལ་སའི་ཁོར་ཡུག་ཁ་དོག་ 3-1-349 སེར་པོ་སོར་ཕྱེད་པ་བཅུ་གཉིས་ཀྱིས་བཀོད་པ་གང་ཡིན་པ་དེ་ལ་དབང་ལྡན་དུ་(མདའ་ཡབ་ཀྱི་ ཟུར་ལས་ཅུང་ཟད་ལྷོའི་ཕྱོགས་སུ་)མཚན་མོའི་དབང་གིས་ཟླ་བ་ཉ་བ་འཆར་བ་བལྟ་བར་བྱའོ(འདིར་ གནས་ཀྱི་སྐད་དོད་ལ་ཨ་བ་སཱ་ནའི་སྒྲ་ལོ་ཙ་བ་ལ་ལས་མཐར་ཞེས་བསྒྱུར་བའི་འཁྲུལ་གཞི་ཁ་ཅིག་བུམ་པའི་མཐའ་ནས་སའི་ འཁོར་ཡུག་བྱེད་ན་བར་དེར་ཚང་ཐིག་དང་འཁོར་ཡུག་གིས་ཀྱང་མ་ཟིན་པ་སྒོ་ཚད་གཅིག་འབྱུང་བར་འགྱུར་ཏེ། དེ་ནི་ཕྱི་ནང་གི་ དག་པ་རིམ་པ་གསུམ་ལས་གང་དུ་གཏོགས། འདིར་དཀྱིལ་འཁོར་ཉིད་དང༌། དེ་ནས་ཚངས་ཐིག་གི་མཐའ་དང་དེ་ནས་འཁོར་ ཡུག་ལྔའི་མཐའ་ལ་དག་པ་རེ་རེ་སྟེ། འོད་ཟེར་ནི་ཐམས་ཅད་ལ་ཁྱབ་པའོ། །ཞེས་པ་ནི་ངེས་པའོ། །དག་པ་གང་ཡང་མེད་པ་ནི་ རིགས་པ་དང་བྲལ་བའོ། །གཞན་ཡང་རྡོ་རྗེ་ཕྲེང་བའི་མཐའ་ནས་མཐའ་ལ་ཁྲུ་བཅུ་གཉིས་སུ་བྱས་ནས་དེ་རིགས་བརྒྱས་བསྒྱུར་ བ་མ་ལ་ཡའི་གཞལ་ཡས་ཁང་ལ་རྡོ་རྗེ་ཕྲེང་བའི་མཐར་ཁྲུ་བརྒྱ་ཕྲག་བཅུ་གཉིས་གསུངས་པ་གང་ཡིན་པ་དེ་ལེགས་པར་གསུངས་ པར་འགྱུར་ལ། གཞན་དུ་ན་ཁྲུ་བཅུ་གསུམ་དུ་འགྱུར་བས་དེ་དང་དེ་འགལ་བ་ཁོ་ནའོ། །ཅི་སྟེ་བརྩིགས་པ་དང་བྲིས་པ་ཚད་མི་ མཐུན་ནོ། །ཞེ་ན་མ་ཡིན་ཏེ་གསུམས་ཀ་ལ་ཡང་དག་པ་རིམ་པ་གསུམ་ཚང་དགོས་པའི་ཕྱིར་དང་བརྩིགས་པ་ནི་བསྒོམ་བྱ་ལྟར་ ཡིན་ཞིང་བསྒོམ་བྱ་ནི་རྒྱའི་ཚད་ས་གཞི་ལ་ཡོད་པ་རྣམས་བྲིས་པ་དང་མཐུན་དགོས་པའི་ཕྱིར། དེ་ལྟ་མ་ཡིན་ན་བྲི་བྱ་ལ་བརྟེན་ ནས་བསྒོམ་བྱའི་དཀྱིལ་འཁོར་ཇི་ལྟར་ཤེས་པར་བྱེད། ཡང་ཁ་ཅིག་སའི་འཁོར་ཡུག་གི་དང་པོ་ཀྲ་མ་ཤཱི་ར་ཥའི་ཟུར་ལ་རེག་པར་ བསྐོར་བ་ལ་ཡང་རྣམ་དག་གང་དང་ཡང་མི་ལྡན་པའི་སྟོང་སྒོ་ཚད་ཕྱེད་ལྷག་པའི་སྐྱོན་དུ་འགྱུར་རོ)། །དེ་བཞིན་དུ་ལྷ་ མིན་ཟུར་ཞེས་པ་བདེན་བྲལ་དུ་(མདའ་ཡབ་ཀྱི་ཟུར་ལས་ཅུང་ཟད་ནུབ་ཀྱི་ཕྱོགས་སུ་)ཉི་མ་ནུབ་པ་བལྟ་ བར་བྱའོ། །དེ་ལྟར་ན་ས་ཡི་དཀྱིལ་འཁོར་ལ་གནས་ཟླ་ཉི་དག་གོ་ཀྱེ་མིའི་དབང་པོ་ཞེས་པའོ། ། དེ་ནས་སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་སྒོའི་སྟེང་གི་ཆར་〔ཤར་གྱི་〕རྟ་བབས་ཀྱི་རྩེག་མ་དང་ པོའི་དབུས་མའི་གནས་སོར་ཕྱེད་བཅུ་དྲུག་གི་བདག་ཉིད་ལ་ཐུགས་ཀྱི་ཞལ་རྣམ་པར་དག་ པས་རི་དྭགས་དང་བཅས་ཆོས་ཀྱི་འཁོར་ལོ་སྤྲིན་གྱི་མདོག་(ནག་པོ་ཉིད་)ཏུ་འགྱུར་ཏེ་འཁོར་ ལོའི་གཡས་དང་གཡོན་དུ་རི་དྭགས་དང་རི་དྭགས་མོའོ། །(གནས་དབུས་མ་)དེ་ལས་གཞན་པའི་ གནས་(བརྒྱད་པོ་རྣམས་)སུ་མཆོད་པའི་ལྷ་མོ་སྟེ་(སྔར་)ཇི་ལྟར་བརྗོད་པ་ལས་སོ། །དེ་བཞིན་དུ་ 3-1-350 གཡས་སུ་ཞེས་པ་ལྷོའི་རྟ་བབས་ལ་གསུང་རྣམ་པར་དག་པས་བུམ་པ་བཟང་པོ་(ཆེ་བའི་མཆོག་) ཁ་དོག་དམར་པོ་སྟེ་དེའི་གཡས་དང་གཡོན་དུ་དུང་དང་པད་མའོ། །ནོར་སྦྱིན་དང་བཅས་ཆུར་ ནི་ཞེས་པ་ནོར་སྦྱིན་དུ་(ཕྱོགས་བཅུར་ཆོས་ཀྱི་)རྔ་བོ་ཆེ་དཀར་པོ་སྟེ་གཡས་དང་གཡོན་དུ་དབྱུག་པ་ དང་ཐོ་བའོ། །ནུབ་ཏུ་བྱང་ཆུབ་ཀྱི་ཤིང་སེར་པོ་སྟེ་གཡས་དང་གཡོན་དུ་མིའམ་ཅི་དང་མི་འམ་ ཅི་མོའོ་ཞེས་པ་ནི་ངེས་པའོ། ༤༧ ། དེ་བཞིན་དུ། དྲིལ་བུ་མེ་ལོང་བ་དན་རི་བོང་འཛིན་པ་ལྟར་དཀར་རྟ་བབས་〔ཀྱི་སྣམ་བུ་〕 རྣམས་ལས་འཕྱང་བར་གྱུར་པ་དང༌། །དོ་ཤལ་ཕྱེད་པ་ཁ་དོག་དཀར་པོར་འགྱུར་ཏེ་རིགས་ ཀྱི་དབང་གིས་ཤིང་རྟ་སྒོའི་དབུས་སུའོ། །འཁོར་ལོ་དཀར་དང་དམར་པོ་རང་གི་རྒྱལ་བའི་ རིགས་ཀྱི་དབང་གིས་རླུང་ལ་སྒོའི་ཕྱི་རོལ་ཏུ། །རྡོ་རྗེ་འབར་བ་འཕྲོ་བ་དག་གིས་མིའི་བདག་ པོ་ཕྱི་རོལ་རྡོ་རྗེ་ཕྲེང་བ་རྣམས་སུ་འང་འགྱུར་ཞེས་པ་ནི་འདིར་རྡོ་རྗེ་ཕྲེང་བའི་དང་པོ་དང་ཐ་ མར་ཟླུམ་སྐོར་བཀོད་ནས་དེའི་ཕྱི་རོལ་ཏུ་འོད་ཟེར་ལྔའི་རང་བཞིན་འབར་བ་བལྟ་བར་བྱ་ སྟེ་དེས་དཀྱིལ་འཁོར་གྲུབ་པོ། །སའི་ཁོར་ཡུག་དང་ཀྲ་མ་ཤཱིར་ཥ་དག་གི་བར་དུ་(ཕྱོགས་མདོག་ གི་གཞི་ལ་པད་མ་བུམ་སོགས་)མཆོད་པའི་རྫས་རྣམས་ཇི་ལྟར་མཛེས་པར་བྱའོ། །དཀྱིལ་འཁོར་གྱི་ རྡུལ་ཚོན་གྱི་ཁ་དོག་གི་ངེས་པའོ། ༤༨ ། ༈ ད་ནི་ར་བའི་རེ་ཁཱ་རྣམས་ཀྱི་མཚན་ཉིད་དང་བྲལ་བའི་སྐྱོན་གསུངས་པ་སྦོམ་པས་ ཞེས་པས་ལ་སོགས་པ་སྟེ་འདིར་ཞི་བ་དང་རྒྱས་པ་ལ་གང་གི་ཚེ་རེ་ཁཱ་མཚན་ཉིད་དང་བྲལ་ བར་གྱུར་པ་དེའི་ཚེ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །དེ་ལ་(ཚད་ལས་)སྦོམ་པས་ནི་སྦྱིན་བདག་ གམ་སློབ་དཔོན་ལ་ནད་དག་བྱེད་ཅིང་ཕྲ་དང་རེ་ཁཱ་(རྒྱུ་)ངན་པས་རྫས་ནི་ཉམས་པ་རབ་ཏུ་ གསལ་བར་བྱེད་དོ། །(རེ་ཁཱ་)ཆད་པས་འཆི་བ་ཡང་རབ་ཏུ་གསལ་བར་བྱེད་དེ་(རེ་ཁཱ་)འཁྱོག་ པོས་མིའི་བདག་པོ་དང་བཅས་གྲོང་རྡལ་དེ་བཞིན་ཉིད་དུ་(གནས་གཞན་དུ་)བསྐྱོད་པར་བྱེད་དོ། ། 3-1-351 (ལྷའི་)མཚན་མའམ་ཉི་མ་དང་ཟླ་བའི་གདན་ཆད་པར་གྱུར་ན་སྔགས་པ་རྣམས་ལ་སྲིད་པའི་ འཇིགས་པ་འཇོམས་པའི་དངོས་གྲུབ་གང་ཡིན་པ་དེ་མེད་དོ། །ཕན་ཚུན་རྡུལ་ཚོན་རྣམ་པར་ འདྲེས་པས་སྦྱིན་བདག་གི་རྒྱུད་དང་སློབ་དཔོན་གྱི་རྒྱུད་ཀྱི་རིགས་རྒྱུད་འཆད་པར་འགྱུར་རོ། ། དེས་ན་རྒྱལ་བའི་རིགས་ཀྱིས་དཀྱིལ་འཁོར་དག་ལ་རིག་པར་བྱ་སྟེ་རབ་ཏུ་འབད་པས་རྡུལ་ ཚོན་ཐམས་ཅད་(ཚད་དང་མཚན་ཉིད་དང་ལྡན་པར་)བསྒྲུབ་པོ་ཞེས་པ་ནི་ངེས་པའོ། ༤༩ ། ༈ ད་ནི་མཚན་མ་མཚན་ཉིད་དང་བྲལ་བ་གསུངས་པ་འདིར་འཁོར་ལོ་ནི་རྣམ་པ་གཉིས་ ཏེ་གཅིག་ནི་(རྟེན་པ་)ལྷ་མོ་རྣམས་ཀྱི་ཚོགས་པ་དང་གཞན་ནི་རྩིབས་(དང་འདབ་མ་)བརྒྱད་པ་ སྟེ་རྟེན་གྱི་རང་བཞིན་ནོ། །དེ་ལ་རྩིབས་(དང་འདབ་མ་)བརྒྱད་པ་ནི་(སྐུ་དཀྱིལ་གྱི་དུར་ཁྲོད་དང་གསུང་ དཀྱིལ་གྱི་)ཟུར་དུ་དཀར་པོ་དང་ཕྱོགས་རྣམས་སུ་དམར་བོའོ། །(ལྷ་མོ་རྣམས་ཀྱི་)ཚོགས་པའི་རང་ བཞིན་ཡང་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ཏེ་(ཤར་དང་མེར་ནག་མོ་ཞེས་པ་ལ་སོགས་པ་)རང་ གི་རྒྱལ་བའི་ཁ་དོག་གིས་ལྷ་མོ་རྣམས་ཀྱི་ཁ་དོག་གོ་ཞེས་པའི་དོན་ཏོ། །གང་ཞིག་ཅེས་པ་ནི་ འདིར་སྔགས་ཀྱི་ཚུལ་ལ་གང་དུ་རྒྱུད་ལས་རྒྱལ་བས་ཏེ་དེ་བཞིན་གཤེགས་པས་མཚན་མ་ གསལ་བར་མ་གསུངས་པའི་མཚན་མ་དེ་ནི་མཛེས་པའི་དོན་དུ་དཀྱིལ་འཁོར་ལ་དགོད་པར་ མི་བྱའོ། །ཅིའི་ཕྱིར་ཞེ་ན་གང་གི་ཕྱིར་མཚན་མ་དེ་ནི་བདུད་ཀྱི་མཚན་མར་འགྱུར་ཏེ་ཕྱིན་ཅི་ ལོག་ལྷག་པའི་ཕྱིར་རོ། །རྒྱལ་བ་སྐྱེད་མཛད་རིགས་ལ་སྟེ་རྡོ་རྗེ་སེམས་དཔའི་རིགས་ལ་རྡོ་རྗེ་ སློབ་དཔོན་གྱིས་སོ། །དེ་ཕྱིར་རྒྱུད་ལས་གསུངས་པའི་ཆོ་གའི་མཚན་མར་འགྱུར་ཏེ་རིགས་ཀྱི་ དབང་གིས་སྒོའི་མཚམས་ནས་(ནང་དུ་)དཀྱིལ་འཁོར་ལའོ། །དོ་ཤལ་ཕྱེད་པའི་མཐར་ནི་རབ་ ཏུ་བྱ་ཞེས་པ་ནི་དོ་ཤལ་ཕྱེད་པས་ཉེ་བར་མཚོན་ནས་བ་ཀུ་ལཱི་དང་ཀྲ་མ་ཤཱིར་ཥའི་མཐར་རོ། ། སྐུའི་དཀྱིལ་འཁོར་གྱི་མཐར་སའི་དཀྱིལ་འཁོར་གྱི་གཞི་ལ་(འཁོར་ཡུག་རྩ་མི་ཟེར། མཚམས་སུ་ར་ཟེར་)པད་མ་བུམ་སོགས་མཛེས་པ་བྱའོ་ཞེས་པ་ནི་ངེས་པའོ། ༥༠ ། 3-1-352 ༈ ད་ནི་ནག་པོ་ལ་སོགས་ཞེས་པ་ལ་སོགས་པས་རྡུལ་ཚོན་གྱི་དཔངས་(ཀྱི་ཚད་ངེས་པ་) གསུངས་པ་འདིར་སྙིང་པོའི་དཀྱིལ་འཁོར་ལ་རླུང་ལ་སོགས་པའི་ཡོན་ཏན་གྱི་(རྣམ་པར་དག་པའི་)དབྱེ་བས་(ནས་ཀྱི་)རྐང་པ་ལ་སོགས་པ་འཕེལ་བས་རྡུལ་ཚོན་གྱི་དགྱེ་བར་འགྱུར་ཏེ་ཤར་དུ་ (རླུང་གི་)རེག་བྱའི་ཡོན་ཏན་རྣམ་པར་དག་པ(མཚོན་པ)ས་རྡུལ་ཚོན་ནག་པོ་ནི་ནས་ཀྱི་རྐང་པ་ གཅིག་གི་དཔངས་(ཏེ་འདིར་ནས་ཀྱི་བཞི་ཆ་ལ་ནས་སུ་བཏགས་)སོ། །ལྷོར་རེག་བྱ་དང་(མེའི་)རོའི་ཡོན་ ཏན་གཉིས་རྣམ་པར་དག་པས་དམར་པོ་ནི་རྐང་པ་གཉིས་སོ། །བྱང་དུ་རེག་བྱ་དང་རོ་དང་ (ཆུའི་)གཟུགས་ཀྱི་ཡོན་ཏན་རྣམ་པར་དག་པས་དཀར་པོ་ནི་རྐང་པ་གསུམ་མོ། །ནུབ་ཏུ་རེག་ བྱ་དང་རོ་དང་གཟུགས་དང་(སའི་)དྲིའི་ཡོན་ཏན་བཞི་རྣམ་པར་དག་པས་སེར་པོ་ནི་རྐང་པ་ བཞིའི་དཔངས་སོ(ཞེས་པ་ནི་འོག་གཞི་ཕྱོགས་མདོག་གི་རྡུལ་ཚོན་གྱི་དཔངས་ཀྱི་ངེས་པའོ། །འདིར་རོ་མའི་ཡོན་ཏན་དང་ གཟུགས་ཆུའི་ཡོན་ཏན་དུ་དོན་ལ་གནས་པ་ཇི་ལྟ་བར་གྱི་ཇོ་དང་རྨའི་འགྱུར་དང་རྒྱ་དཔེ་རྙིང་པ་འགའ་ཞིག་ལ་ཡང་སྣང་བའི་ཕྱིར་ འགྱུར་ཁ་ཅིག་ཏུ་དེ་ལས་གཞན་དུ་འབྱུང་བ་ནི་ཕྱིས་རྒྱ་དཔེ་བཅོས་པའི་སྐྱོན་དུ་རིག་པར་བྱའོ)། །དེ་བཞིན་དུ་གསུང་གི་ དཀྱིལ་འཁོར་ལ་(དེའི་)ཉིས་འགྱུར་དང་སྐུའི་དཀྱིལ་འཁོར་ལ་(དེའི་)བཞི་འགྱུར་གྱི་དཔངས་ སོ་ཞེས་པ་ནི་ངེས་པའོ། །(འདིར་)ནས་ཀྱང་(སྐུ་གསུང་ཐུགས་)རང་རང་གི་དཀྱིལ་འཁོར་གྱི་དྲུག་ཅུ་ རྩ་བརྒྱད་ལྷག་པའི་བདུན་བརྒྱའི་ཆ་ཤས་སུ་རིག་པར་བྱ(དེས་ན་སྐུ་དཀྱིལ་ལ་ནས་དངོས་དང་གསུང་དང་ ཐུགས་ལ་ནས་ཀྱི་ཕྱེད་དང་བཞི་ཆ་ལ་ནས་སུ་བཏགས་པ་ཡིན་ནོ)འོ། །དེ་བཞིན་དུ་ར་བ་རྣམས་ཀྱི་དཔངས་ནི་ (དཀྱིལ་འཁོར་གསུམ་པོ་རང་རང་གི་)རྡུལ་ཚོན་སེར་པོའི་དཔངས་སུ་སུམ་འགྱུར་ཏེ་གཞན་རེ་ཁཱ་ཐུན་ མོང་བ་ནི་རྡུལ་ཚོན་སེར་པོའི་ཉིས་འགྱུར་དུ་འགྱུར་རོ། །པད་མ་རྣམས་ཀྱི་འདབ་མའི་ཕྱི་རོལ་ (དང་འོག་)ཏུ་པད་མའི་གདན་(ལྷ་སྣམ་)གྱི་སྣམ་བུ་དང་(འདིས་ནི་ལྷ་སྣམ་མི་འདོད་པར་ཚོན་གྱི་ས་ཉིད་ལ་པད་ མ་དགོད་པར་འདོད་པ་ཡང་བསལ་བ་ཡིན་ནོ)ཉིན་མོར་བྱེད་པ་(དང་)རི་བོང་ཅན་དང་ཆུ་སྐྱེས་(རྣམས་ཚོན་གྱི་ ས་ལ་སྟེང་ནས་སྟེང་དུ་བརྩེགས་པ་ཡིན་པས་)རེ་ཁཱ་〔དང་མཚུངས་པར་རྡུལ་ཚོན་སེར་པོ་ལས་〕ཉིས་འགྱུར་(གྱི་དཔངས་ 365)ནི་ངེས་པའོ〔དེས་ན་པད་མ་དང་དེའི་སྟེང་གི་ཉི་མའམ་ཟླ་བའི་དཔངས་ནི་ཚོན་སེར་པོ་དང་མཚུངས་སོ〕། །སྙིང་པོ(འི་ དཀྱིལ་འཁོར་)དག་ལས་ཕྱི་རོལ་བར་མའི་དཀྱིལ་འཁོར་(གསུང་)ལ་ཉིས་འགྱུར་ཏེ་དེ་ཉིས་འགྱུར་ (གྱི་དཔངས་)ནི་སྐུའི་དཀྱིལ་འཁོར་འདི་ལའོ། །(སྤྱིར་ཚོན་བཞི་ལ་དཔངས་ཚད་དེ་ལྟར་ངེས་ཀྱང་ཁྱད་པར་མཆོད་ པའི་གཞི་ནི་མེ་ལོང་ངོ་སྙོམས་དགོས་པས་དེའི་ཆེད་དུ་)དོ་ཤལ་ཕྱེད་པའི་མཐར་ནི་ནས་གཅིག་སྟེ་ཀྲ་མ་ཤཱིར་ ཥའི་མཐར་ཕྱི་རོལ་གྱི་མཆོད་པའི་ས་〔ཕྱོགས་མདོག་〕ལ(ཁ་དོག་བཞི་ཚང་ཡང་ནས་གཅིག་མཚུངས་པར་བྱ)འོ 〔དེས་ན་འདི་ནི་ཕྱིར་བཏང་བ་ལ་དམིགས་བསལ་དེ་སེར་འབྱམ་ལ་སོགས་པ་ཁ་〚དོག་གཅིག་〚ཅིག་〛ཏུ་འདོད་ན་དམིགས་ བསལ་འདི་མི་དགོས་པའི་སྐྱོན་གྱིས་གནོད་དོ〕། །དེ་བཞིན་དུ་ས་ཆུ་བསྲེག་ཟ་རླུང་གི་ཁོར་ཡུག་རྣམས་དང་ རྡོ་རྗེ་ཕྲེང་བ་རྣམས་ལ་སྟེ་(སོ་སོའི་ཕྱི་ནང་གི་རེ་ཁཱ་)ཟླུམ་སྐོར་གཉིས་ལ་(དཔངས་ཚད་ནི་)སྐུའི་དཀྱིལ་ འཁོར་གྱི་ར་བའི་ཚད་ཀྱིས་སོ་ཞེས་པ་(རླུང་ལ་སོགས་པ་)ནི་ཁམས་གྱི་(རེག་བྱ་ལ་སོགས་པའི་)ཡོན་ ཏན་གྱི་དབྱེ་བས་རྡུལ་ཚོན་གྱི་དཔངས་ངེས་པའོ། ། ༈ (རྡུལ་ཚོན་)དགྱེ་བ(འི་རྣམ་གྲངས་)གཞན་ནི་(དཀྱིལ་འཁོར་གསུམ་པོ་)ཆ༽ཐམས་ཅད་ཀ༽དུ་(མུན་པ་ དང་རྡུལ་དང་སྙིང་སྟོབས་ཀྱི་)ཡོན་ཏན་གསུམ་གྱི་དབྱེ་བས་(དེ་དཀྱིལ་འཁོར་རེ་རེ་ལ་ཡོན་ཏན་རེ་རེའི་དག་པ་སྦྱོར་ ནས་རྡུལ་ཚོན་དགྱེ་བས་དཀྱིལ་འཁོར་གསུམ་པའི་རྡུལ་ཚོན་གྱི་དཔངས་ལ་སྲབ་འཐུག་ཡོད་ཀྱང་དཀྱིལ་འཁོར་རེ་རེའི་ཚོན་གྱི་)ག༽ས་ཐམས་ཅད་ལ་ཚད་(སྲབ་འཐུག་མེད་པར་དཔངས་)མཚུངས་པ་སྟེ་(དཀྱིལ་འཁོར་གསུམ་པོའི་)ར་བ་ ཅ༽རྣམས་ནི་ཁ༽དཀྱིལ་འཁོར་ང༽གསུམ་གྱི་(རང་རང་གི་རྡུལ་ཚོན་གྱི་དཔངས་)ཚད་ལས་སུམ་འགྱུར་ (དུ་འགྱུར་ཞིང་སྐུ་ལ་ནས་གཅིག་དང་གསུང་ལ་ནས་ཕྱེད་ཐུགས་ལ་ནས་ཀྱི་བཞི་ཆ་ཡིན་ལ་རྡུལ་ཚོན་གྱི་དཔངས་སུ་འགྱུར་)རོ་ ཞེས་པ་སྟེ་རྡུལ་ཚོན་རྣམ་པར་དག་པའོ། ༥༡ ། ༈ ད་ནི་སྙིང་པོ་ཞེས་པ་ལ་སོགས་པས་འཇིག་རྟེན་གྱི་ཁམས་(ཀྱི་རྒྱའི་ཚད་)དག་པས་རྡུལ་ ཚོན་གྱི་དཀྱིལ་འཁོར་གྱི་དག་པ་གསུངས་ཏེ་འདིར་ཇི་ལྟར་ཕྱི་རོལ་(འཇིག་རྟེན་གྱི་ཚད་)དེ་བཞིན་ (དུ་ནང་)ལུས་(དང་)ཇི་ལྟར་ལུས་(ཡོད་པའི་ཚད་)ལས་དེ་བཞིན་(དུ་)གཞན། །(དོན་དམ་ཆོས་དབྱིངས་འོད་ 3-1-353 གསལ་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་)རྡུལ་ཚོན་གྱི་ནི་དཀྱིལ་འཁོར་ལ(ཚད་སྦྱར་བར་བྱ)འོ། །དེས་ན་ འཇིག་རྟེན་གྱི་ཁམས་ལ་(རྒྱའི་)ཚད་དཔག་ཚད་འབུམ་ཕྲག་བཞི་གང་ཡིན་པ་དེ་ནི་ལུས་ལ་ (གཡས་གཡོན་གྱི་ལག་པའི་སོར་མོའི་མཐའ་ནས་སོར་མོའི་མཐའ་ལ་)ཁྲུ་བཞི་སྟེ་དེ་བཞིན་དུ་དཀྱིལ་འཁོར་ལ་ ཡང་ངོ༌། །(སྐུའི་ར་བའི་ནང་གི་རྒྱ་ལ་ཁྲུ་བཞིའོ། །དཀྱིལ་འཁོར་)ཁྲུ་གཅིག་(པ་)ནས་བརྩམས་ཏེ་ཇི་སྲིད་ཁྲུ་ སྟོང་གི་བར་(གྱི་དཀྱིལ་འཁོར་)ཐམས་ཅད་དུ་(དཀྱིལ་འཁོར་)རང་(རང་)གི་(ཆ་བཞི་ལ་)ཁྲུ་(ཡིན་པར་བྱས་ པ་)ཡིས་ཁྲུ་བཞི་པའི་དཀྱིལ་འཁོར་〔ཡིན་〕ཏེ་〔དཀྱིལ་འཁོར་རང་རང་གི་ར་བའི་ནང་ནི་བཞི་ཆ་ལ་ཁྲུར་བྱས་པས་〕 སོར་ཕྱེད་པ་དགུ་བཅུ་རྩ་དྲུག་ཉིས་འགྱུར་གྱི་བདག་ཉིད་ཀྱི་ཆ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ (ཆུང་རུང་ཆེ་རུང་)དཀྱིལ་འཁོར་ཐམས་ཅད་ཁྲུ་བཞིའི་བདག་ཉིད་(ཀྱི་དབང་)དུ་〔གནས་པར་〕འགྱུར་རོ། ། དེས་ན་སྙིང་པོ་ནས་ནི་སྒོ་ཡི་དང་པོའི་མཚམས་ཀྱི་ནོར་ལྡན་མར་འགྱུར་ཞེས་པ་ཚངས་པའི་ ཐིག་ནས་ཕྱོགས་ཐམས་ཅད་དུ་(སྙིང་པོའི་)སྒོའི་མཐར་ཐུག་པ་སོར་ཕྱེད་པ་ཉི་ཤུ་རྩ་བཞིས་ནོར་ ལྡན་མར་(ཞེས་པའི་དཀྱིལ་འཁོར་དག་ལ་)འགྱུར་ཏེ་དེ་ལ་སྙིང་པོའི་པད་མ་སོར་ཕྱེད་པ་བཅུ་གཉིས་ པ་(ཁྲུའི་བཞི་ཆ་ཡིན་པས་རི་རབ་ཀྱི་སྟེང་གི་རྒྱ་)ནི་དཔག་ཚད་སྟོང་ཕྲག་ལྔ་བཅུའི་ཕྱེད་(ནང་མ་ཉིད་)ཀྱི་ཚད་ ཀྱིས་སོ། །དེ་བཞིན་གཤེགས་པའི་འཕར་མ་ནི་(འཇིག་རྟེན་ཁམས་ཀྱི་ཕྱེད་ཕྱི་མ་སྟེ་)ཕྱོགས་ཐམས་ཅད་ དུ་གླིང་དྲུག་དང་རྒྱ་མཚོ་དྲུག་དང་རི་དྲུག་གི་མཐར་འོག་དང་སྟེང་དུ་ལྷུན་པོའི་ཚད་ཀྱིས་ཏེ་(སྔ་ མ་དང་ལྷན་ཅིག་)དཔག་ཚད་སྟོང་ཕྲག་ལྔ་བཅུ(དག་པ)འོ། །དེ་ནས་སའི་དཀྱིལ་འཁོར་ཐམས་ཅད་ དུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་སྟེ་(དེའི་དག་པ་ནི་ཐུགས་ཀྱི་)དཀྱིལ་འཁོར་ལ་རྡུལ་ཚོན་གྱིས་ སྒོའི་མཐར་ཐུག་པའོ། །དེ་ལྟར་སྙིང་པོའི་དཀྱིལ་འཁོར་མཐའ་དག་ནི་(འཇིག་རྟེན་གྱི་ཁམས་ཀྱི་) དཔག་ཚད་འབུམ་(རྣམ་པར་དག་པ་)སྟེ་སོར་ཕྱེད་པ་བཞི་བཅུ་རྩ་བརྒྱད་ཀྱི་ཆ་དང་ལྡན་པའོ་ཞེས་ པ་ནི་ངེས་པའོ། །དེ་ལྟར་ན་སྙིང་པོ་ནས་ནི་སྒོའི་དང་པོའི་མཚམས་ནི་ནོར་ལྡན་མར་འགྱུར་ འཇིག་རྟེན་ཁམས་ཀྱི་(དག་པར་སྦྱར་བའི་)དཀྱིལ་འཁོར་ལ་ཞེས་པའོ། །དེ་བཞིན་དུ་(ཐུགས་ཀྱི་)སྒོ་ 3-1-354 བཞི་ནས་ཕྱོགས་བཞི་རྣམས་སུུ་(གསུང་གི་)ཙར་ཙི་ཀཱ་(ལ་སོགས་པ་)མཐར་(ཐུག་པར་ར་བའི་དང་ པོའི་མཚམས་ནི་)སུམ་འགྱུར་གདེངས་ཅན་རེ་མིག་རྣམས་ཀྱིས་ཏེ་ཕྱོགས་བཞི་རྣམས་སུ་སོར་ ཕྱེད་ཉི་ཤུ་རྩ་བཞིས་ལན་ཚྭའི་རིན་ཆེན་གནས་ཞེས་པ་ལན་ཚྭའི་ཆུའི་དཀྱིལ་འཁོར་〔གྱི་མཐར་ ཐུག་པ་དག་པའོ〕རོ། །དེ་ལྟར་ན་གསུང་གི་དཀྱིལ་འཁོར་ནི་(འཇིག་རྟེན་གྱི་ཁམས་ཀྱི་དཔག་ཚད་)འབུམ་ ཕྲག་གཉིས་སུ་(དག་པར་)འགྱུར་ཏེ་(རླུང་གི་དཀྱིལ་འཁོར་གྱི་མཐའི་)ཤར་ནས་ནུབ་ཀྱི་ཕྱེད་ཀྱི་བར་དུ 〔དག་པ〕འོ་ཞེས་པ་ནི་ངེས་པའོ། །གསུང་གི་དཀྱིལ་འཁོར་གྱི་སྒོ་དེ་ནས་རྒྱལ་བའི་དབང་པོའི་ རེ་མིག་གིས་ཞེས་པ་ཕྱོགས་ཐམས་ཅད་དུ་སོར་ཕྱེད་པ་ཉི་ཤུ་རྩ་བཞི་རྣམས་ཀྱིས་ཀྱང་གསུང་ གི་དཀྱིལ་འཁོར་གྱི་(ར་བའི་དང་པོའི་མཚམས་ནས་)ཀྲ་མ་ཤཱིར་ཥའི་མཐར་ཐུག་པ་ནི་(འཇིག་རྟེན་ཁམས་ ཀྱི་)མེའི་དཀྱིལ་འཁོར་(དག་པ་ཡིན་)ཏེ་(མེའི་དཀྱིལ་འཁོར་གྱི་མཐའི་)གནས་དེ་ནས་ཤར་དང་ ནུབ་ཏུ་འཇིག་རྟེན་གྱི་ཁམས་ལ་དཔག་ཚད་འབུམ་ཕྲག་གསུམ་མོ་ཞེས་པ་ནི་ངེས་པའོ། །དེ་ ནས་དེ་བཞིན་རླུང་དུ་འགྱུར་ཞེས་པ་ཀྲ་མ་ཤཱིར་ཥའི་དེ་ནས་རྒྱལ་བའི་དབང་པོའི་རེ་མིག་གིས་ ཏེ་སོར་ཕྱེད་པ་ཉི་ཤུ་རྩ་བཞི་རྣམས་ཀྱིས་ཕྱོགས་ཐམས་ཅད་དུ་སྐུའི་དཀྱིལ་འཁོར་གྱི་སྒོའི་ མཐར་ཐུག་པ་ནི་འཇིག་རྟེན་ཁམས་ཀྱི་རླུང་གི་དཀྱིལ་འཁོར་རོ། །དེ་ལྟར་ཕྱི་རོལ་ཏུ་འཇིག་ རྟེན་ཁམས་ཀྱི་དཀྱིལ་འཁོར་འབུམ་ཕྲག་བཞི་སྟེ་(དེ་རྣམ་པར་དག་པ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་སོར་ ཕྱེད་པ་)དགུ་བཅུ་རྩ་དྲུག་ཉིས་འགྱུར་གྱི་ཆ་དང་ལྡན་པའོ་ཞེས་པ་ནི་སྐུའི་དཀྱིལ་འཁོར་(ཀྱི་དག་ པའི་)ངེས་པའོ། །སླར་ཡང་དེའི་ཕྱི་རོལ་ཏུ་སྐུའི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་གནས་(བརྩེགས་ མ་གསུམ་པའི་མྱོས་བསྲུང་གི་མཐའི་བར་)ལ་(འཇིག་རྟེན་ཁམས་ཀྱི་དཔག་ཚད་འབུམ་ཕྲག་བཞིའོ་)དེ་དག་རྣམ་པར་ དག་པའོ། །(མཚམས་འདི་ནས་སའི་འཁོར་ཡུག་ནང་ཐིག་བསྐོར་བ་བྱ་སྟེ། ཇི་སྐད་དུ་འཁོར་ཡུག་ནི་ནང་དུ་ཡང་སྲིད་དུ་སྒོ་ ནི་བཅུ་དྲུག་གོ། ཞེས་གསུངས་པ་དང་མཐུན་ནོ། །སླར་ཡང་དེའི་ཕྱི་རོལ་ཏུ་)ས་ལ་སོགས་པའི་ཁོར་ཡུག་〔བཞི་〕རྣམ་ པར་དག་པ་ནི་(དབུས་ཀྱི་)ལྷུན་པོ་སྤངས་(པ་སྟེ་དག་པ་སྦྱར་བ་རེ་ཞིག་བཞག་)ནས་(སའི་དཀྱིལ་འཁོར་དཔག་ 3-1-355 ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་རྣམ་པར་དག་པའི་དཀྱིལ་འཁོར་ལ་)སའི་ཁོར་ཡུག་སོར་ཕྱེད་པ་བཅུ་གཉིས་དང་(ཆུ་ མེ་རླུང་རྣམས་རེ་རེ་ཞིང་དཔག་ཚད་〔སྟོང་ཕྲག་〕ལྔ་བཅུ་ཡོད་པ་རྣམ་པར་དག་པ་ནི་འཁོར་ཡུག་)ལྷག་མ་(ཆུ་མེ་རླུང་)རྣམས་ སོ་སོར་སོར་ཕྱེད་པ་ཉི་ཤུ་རྩ་བཞིས་བལྟ་བར་བྱའོ། །དེ་ནས་(དབུས་ཀྱི་ལྷུན་པོའི་ཕྱེད་དཔག་ཚད་སྟོང་ ཕྲག་ཉི་ཤུ་རྩ་ལྔ་རྣམ་པར་དག་པའི་འཁོར་ཡུག་བཞིའི་)ཕྱི་རོལ་ཏུ་སོར་ཕྱེད་པ་བཅུ་གཉིས་ཀྱིས་རྡོ་རྗེ་ཕྲེང་བ་ (དང་བཅས་པ་ནམ་མཁའི་འཁོར་ཡུག་)སྟེ་(དེ་ཡང་)གཡས་དང་གཡོན་དུ་(སོར་ཕྱེད་པའི་)ཆ་གསུམ་(གསུམ་) བྱས་ནས་(གཉིས་ཀྱིས་)དབུས་སུ་ཆ་དྲུག་གིས་རྡོ་རྗེའི་ཕྲེང་བ་བྱ(ཞིང་དེ་ལྟར་ཕྱོགས་གཞན་ལ་ཡང་སྦྱར་བས་ འཇིག་རྟེན་གྱི་ཁམས་དཔག་ཚད་འབུམ་ཕྲག་བཞི་དག་པ་དཀྱིལ་འཁོར་གྱི་འཁོར་ཡུག་རྣམས་ལ་ཁྲུ་བཞི)འོ(དེ་ལྟར་རྡོ་རྗེ་ཕྲེང་ བའི་མཐའ་ནས་མཐར་ཁྲུ་བཅུ་གཉིས་ལ་འཇིག་རྟེན་གྱི་ཁམས་ཀྱི་དག་པ་རིམ་པ་གསུམ་སྟེ་སྐུའི་རྩ་ཐིག་གི་ནང་སྙིང་རྗེ་བཅུ་དྲུག་ དཀྱིལ་འཁོར་ལ་གཅིག་དང་དེའི་ཕྱི་རོལ་ཕྱོགས་གཉིས་ཀྱི་ཚང་ཐིག་གི་མཐའ་སྟོང་ཉིད་བཅུ་དྲུག་གི་དཀྱིལ་འཁོར་ལ་གཅིག་ དང་དེ་ནས་འབྱུང་བ་རིམ་བརྩེགས་ཀྱི་དཀྱིལ་འཁོར་ལ་གཅིག་གོ་ཞེས་གསུང་ངོ་)། །དེའི་ཕྱི་རོལ་ཏུ་(སོར་ཕྱེད་)ཉི་ཤུ་ རྩ་བཞིས་རྡོ་རྗེའི་མེ་ལྕེ་〔དཀྱིལ་འཁོར་ཐམས་ཅད་ལ་འཕྲོ་བའི་ཐུན་མོང་དུ་ཁྱབ་པའོ་ཞེས་པ་〕སྟེ་འཇིག་རྟེན་གྱི་ ཁམས་རྣམ་པར་དག་པའི་ངེས་པའོ〔དེ་བཞིན་དུ་ལུས་ཀྱི་རྒྱུའི་དག་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྦྱར་བ་ཡང་རིག་ པར་བྱའོ〕། ༥༢ ། ༈ ད་ནི་གཙུག་ཏོར་ཞེས་པ་ལ་སོགས་པས་(རྡུལ་ཚོན་གྱི་དཀྱིལ་འཁོར་ལ་འཇིག་རྟེན་ཁམས་ཀྱི་)སྟེང་ འོག་རྣམ་པར་དག་པ་〔སྦྱར་བ་〕གསུངས་པ་འདིར་ཕྱི་རོལ་ཏུ་ལྷུན་པོའི་གཙུག་ཏོར་སྟོང་ཕྲག་ཉི་ ཤུ་རྩ་ལྔ་སྟེ་(རྡུལ་ཚོན་གྱི་དཀྱིལ་འཁོར་ལ་)སོར་ཕྱེད་པ་བཅུ་གཉིས་ཀྱི་ཆ་དང་ལྡན་པ་ནི་དབུས་སུ་ སྙིང་པོའི་པད་མ་(སོར་ཕྱེད་བཅུ་གཉིས་པ་)དེའི་ཆ་དང་ལྡན་པའོ། །དེ་ནས་(ལྷུན་པོའི་)གདོང་འབུམ་ ཕྲག་ཕྱེད་(ལ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་གཉིས་)དང་མགྲིན་པ་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །(གསུམ་པོ་)དེ་ རྣམས་ལས་གདོང་གི་ཕྱེད་སྟོང་ཕྲག་ཉི་ཤུ་རྩ་ལྔའི་(ཕྱེད་ཀྱི་)ཆ་དང་པོ་ལ་སངས་རྒྱས་ཀྱི་འཁོར་ ལོ(འི་ཤར་ལྟ་བུ་ཕྱོགས་གཅིག་)སྟེ་(ཆ་)གཉིས་པ་ལ་(སངས་རྒྱས་ཀྱི་)འཁོར་ལོ(འི་ནུབ་ལྟ་བུའི་ཕྱོགས་)གཞན་ 3-1-356 ནོ། །ལྷག་མ་(གདོང་གི་ཕྱེད་འོག་མ་དང་མགྲིན་པ་སྟེ་)ཆ་གཉིས་ལ་རྡུལ་ཚོན་གྱི་ས་(གཡས་)སྟེ་(གཡོན་ནམ་ ཤར་ནུབ་ཐུགས་ཀྱི་)སྒོའི་མཐར་(ཐུག་པར་)རོ། །དེ་ལྟར་སྟེང་འོག་ཏུ་(ལྷུན་པོའི་གཙུག་ཏོར་ནས་) མགྲིན་པའི་མཐར་འཇིག་རྟེན་གྱི་ཁམས་དཔག་ཚད་འབུམ་སྟེ་(དེ་རྣམ་པར་དག་པ་ནི་རྡུལ་ཚོན་གྱི་) དཀྱིལ་འཁོར་ལ་ཀུན་ནས་ཁྲུ་གཅིག་གོ། སྙིང་པོའི་དཀྱིལ་འཁོར་གྱི་ངེས་པ་སྟེ་དེ་ལྟར་ན་ གཙུག་ཏོར་གདོང་དང་མགྲིན་པ་སུམ་འགྱུར་གདེངས་ཅན་རེ་མིག་རྣམས་ཀྱིས་དཀྱིལ་འཁོར་ ལ་ནི་གཡས་(སུ་ཉེར་བཞི་)དང་གཡོན་དུ་(ཉེར་བཞི་)སྦྱང་བར་བྱ་ཞེས་པ་ནི་ངེས་པའོ། །དེ་ནས་ ཏེ་(ལྷུན་པོའི་)མགྲིན་པ་ནས་ལྷུན་པོ་མཐའ་དག་(སྟེ་ལྷུན་པོའི་རྩ་བ་ལྷུན་པོའི་)དཔྱིའི་མཐར་(ཐུག་པ་ནི་)སྟེང་འོག་ཏུ་དཔག་ཚད་འབུམ་(རྣམ་པར་དག་པ་)ནི་སུམ་འགྱུར་གདེངས་ཅན་རེ་མིག་རྣམས་ ཀྱིས་ཞེས་པ་སོར་ཕྱེད་པ་ཉི་ཤུ་རྩ་བཞིས་གསུང་གི་མཚན་ཉིད་ཀྱི་དཀྱིལ་འཁོར་ལ་གཡས་ (སུ་ཉེར་བཞི་)དང་གཡོན་དུ་(ཉེར་བཞི་)སྦྱང་བར་བྱ་སྟེ་(ལྷུན་པོའི་)འོག་ཏུ་ས(འི་དཀྱིལ་འཁོར་)ནི་ཇི་སྲིད་ ཉིད་དུའོ། །(དེ་བཞིན་དུ་ལུས་ཀྱི་གཙུག་ཏོར་ནས་དཔྱིའི་མཐར་ཐུག་པ་ཁྲུ་དོ་རྣམ་པར་དག་པ་ཡང་གསུང་དཀྱིལ་ཁྲུ་དོ་བ་ དང་སྦྱར་བར་བྱའོ)དེ་ནས་(སྐུ་དཀྱིལ་ལ་ཕྱོགས་གཉིས་སུ་སོར་ཕྱེད་པའི་)རེ་མིག་དྲུག་དྲུག་(སྟེ་བཅུ་གཉིས་)དག་ གིས་རིམ་པས་(སྦྱང་བ་སྦྱར་)ཏེ་ཁ༽དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་(གྱི་སྐུ་དཀྱིལ་ གྱི་ཕྱོགས་རེ་ལ་སོར་ཕྱེད་ཀྱི་)ཀ༽ཆ་དྲུག་དང་ལྡན་པ་(ཕྱོགས་གཉིས་ཀྱི་ཆ་བཅུ་གཉིས)དག་གིས་(ཕྱི་རོལ་ཏུ་དཀྱིལ་ འཁོར་བཞིའི་དཔངས་)འབུམ་ཕྲག་གཉིས་ག༽ཆ་བརྒྱད་དུ་བྱས་ནས་གསལ་བར་(སྟེ་ངེས་པར་ཆ་དང་པོ་) ཀླུའི་སྲིད་པ་དང་ནི་(ཆ་ཕྱི་མ་)ས་འོག་བདུན་པོ་(རྣམས་)སྟེ་དམྱལ་བ(བདུན་པོ)འི་སྲིད་པ་རྣམས་སོ་ སོར་སྦྱང་བར་བྱའོ(ཞེས་པ་སྐུ་དཀྱིལ་གྱི་ཕྱོགས་གཉིས་ཀྱི་སོར་ཕྱེད་པའི་རེ་མིག་དྲུག་པ་གཉིས་སྡོམ་པའི་སོར་བྱེད་བཅུ་ གཉིས་པ་བརྒྱད་ནི་འབྱུང་བ་རིམ་བརྩེགས་ཀྱི་དཔངས་ཆ་བརྒྱད་དུ་བྱས་པའི་ཆ་རེ་ལ་དཔག་ཚད་སྟོང་ཕྲག་ཉེར་ལྔ་རེ་ཡོད་པ་ རྣམ་པར་དག་པའོ་ཞེས་པའི་དོན་ནོ)། །(ནང་)ལུས་ལ་དཔྱི་ནས་བརྩམས་ཏེ་རྐང་པའི་མཐིལ་གྱི་མཐར་ ཆ་བརྒྱད་དུ་བྱས་ནས་རྡུལ་ཚོན་གྱི་(སྐུའི་)དཀྱིལ་འཁོར་ལ་(ཕྱོགས་གཉིས་ནས་སོར་ཕྱེད་པའི་རེ་མིག་དྲུག་ 3-1-357 དྲུག་སྟེ་སྡོམ་པས་སོར་ཕྱེད་བཅུ་གཉིས་ཀྱི་ཆ་རེ་)སྦྱང་བར་བྱ་སྟེ་(དེ་ལྟར་ན་)ཚངས་པའི་གནས་ནས་ཕྱོགས་ ཐམས་ཅད་དུ་སྐུའི་དཀྱིལ་འཁོར་གྱི་མཐར་སྟེ་སྒོ་བཞིའི་མཐར་ཐུག་པའོ་ཞེས་པ་ནི་ངེས་པའོ། ། དེ་བཞིན་ས་ལ་སོགས་པ་〔འཁོར་ཡུག་ལྔ་པོ་〕ཐམས་ཅད་སླར་ཡང་〔སྔ་མ་〕དེ་བཞིན་དུ་མི་ལ་སོགས་ པ་སེམས་ཅན་ཐམས་ཅད་ཀྱི་རང་གི་ལུས་ལ་(ཁྲུ་བཞིའི་བདག་ཉིད་)སྦྱར་བ་བྱ་ཞེས་པ་ནི་(ཕྱི་དང་ལུས་ རྣམ་པར་དག་པ་རྡུལ་ཚོན་གྱི་)དཀྱིལ་འཁོར་གྱི་རྣམ་པ་ངེས་པའོ། ། ༈ དེ་བཞིན་དུ་རྩ་བའི་རྒྱུད་ལས་གསུངས་པའི་རྣམ་པར་དག་པ་གཞན་བརྗོད་པར་བྱ་སྟེ་ འདིར་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་ནང་ན་(རྟག་ཏུ་)གནས་པ་(དང་པོའི་སངས་རྒྱས་)ནི་(རང་བྱུང་ གི་)ཡེ་ཤེས་སོ། །དེ་ཡང་གཞོམ་དུ་མེད་པ(རྣལ་འབྱོར་པ་སོ་སོ་རང་རིག་པ)འི་སྒྲ་སྟེ་རྟག་ཏུ་ནཱ་ད(སྒྲ་ཙམ་ ཞེས་པ)འི་མཚན་ཉིད་དོ། །(དེ་ཉིད་དཔལ་ཐུན་མོང་མ་ཡིན་པའི་གསང་བར། སེམས་ཅན་ཀུན་གྱི་སྙིང་ལ་ནི། །ཐུགས་ཀྱི་ གསང་བ་སྙིང་པོ་བཞུགས། །དེ་ཉིད་སྙིང་པོ་གསུམ་ལྡན་པ། །བདེ་གཤེགས་སྙིང་པོ་བཞུགས་པ་ཉིད། །སངས་རྒྱས་སེམས་ཅན་ སྒྲ་གདགས་སོ། །ཞེས་པ་དང༌། ཧེ་རུ་ཀ་མངོན་འབྱུང་གི་རྒྱུད་དུ་ཡང༌། རྟག་ཏུ་སྙིང་གི་དབུས་གནས་པ། །འོད་ལྡན་གསལ་བ་ཆེན་ པོའོ། །ཞེས་གསུངས་སོ། །སེམས་ཅན་ཀུན་གྱི་སྙིང་གི་དབུས་ན་རང་བྱུང་ཡེ་ཤེས་གནས་པ་)དེའི་ཕྱིར་སྙིང་ཁའི་འཁོར་ ལོའི་དཀྱིལ་འཁོར་དེ་དབུས་སུ་བྱས་ཏེ་དེ་ལ་མགྲིན་པ་དང་ལྟེ་བ་དག་གི་(བར་ལ་སོར་ཉི་ཤུ་རྩ་ལྔ་ ཡོད་པའི་)དབུས་སུ་〔སོར་ཉི་ཤུ་རྩ་ལྔ་ཡོད་པའི་〕ཚད་ཕྱེད་བཟུང་ནས་ཚད་(སོར་)ཕྱེད་དང་བཅས་པའི་ བཅུ་གཉིས་ཀྱི་བདག་ཉིད་(རྣམ་པར་དག་པ་)ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་དཀྱིལ་འཁོར་དུ་ བྱའོ། །མགྲིན་པ་ནས་ལྟེ་བའི་མཐར་ཐུག་པ་ཚད་(སོར་)ཉི་ཤུ་རྩ་ལྔའི་བདག་ཉིད་(དག་པ་)ནི་ གསུང་གི་དཀྱིལ་འཁོར་དུ་བྱའོ། མཛོད་སྤུའི་གནས་ནས་ཆུ་སོའི་མཐར་(སོར་གྱི་)ཚད་ལྔ་བཅུའི་ བདག་ཉིད་(དག་པ་)ནི་སྐུའི་དཀྱིལ་འཁོར་དུ་བྱའོ། །དེ་ལ་སྐུའི་སྒོ་བཞི་ནི་(ལུས་ཀྱི་སྒོ་)བཤང་ པ་དང་གཅི་བ་དང་ཁུ་བ་དང་གཙུག་ཏོར་གྱི་བུག་པ་རྣམས་སོ(རྣམ་པར་དག་པའོ)། །གསུང་གི་ དཀྱིལ་འཁོར་གྱི་སྒོ་(བཞི་)ནི་〔ངག་གི་རྩ་བ་རླུང་གི་སྒོ་〕ལ་ལཱ་ན་དང་ར་ས་ན་དང་ཨ་བ་དྷཱུ་ཏཱི་དང་དུང་ 3-1-358 ཅན་མ་རྣམས་(དག་པ་ཡིན་)ཏེ་མགྲིན་པ་ནས་ལྟེ་བའི་མཚམས་སུ(དག་པ)འོ། །ཐུགས་ཀྱི་དཀྱིལ་ འཁོར་གྱི་སྒོ་རྣམས་ནི་(སེམས་ཀྱི་གནས་སྐབས་ཀྱི་སྒོ་)སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་ དང་བཞི་པའི་མཚན་ཉིད་རྣམས་སོ(རྣམ་པར་དག་པའོ)། །དེ་ལྟར་སྒོ་བཅུ་གཉིས་ཀྱི་བདག་ཉིད་ ཅན་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་མཆོག་གི་དང་པོའི་སངས་རྒྱས་(བདེ་གཤེགས་ སྙིང་པོ་རྡོ་རྗེ་)ཟླ་བའི་ཆ་(དགའ་བ་)བཅུ་དྲུག་གི་ཆ་དང་ལྡན་པ་ནི་ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ ལུས་དང་དེ་བཞིན་དུ་གཞན་〔རང་བྱུང་ཡེ་ཤེས་ཀྱི་སྐུ་〕ལ་སྟེ་(དེ་ལྟར་ཕྱི་ནང་གཞན་གྱི་)དཀྱིལ་འཁོར་རྣམ་ པ་གསུམ་ཤེས་ནས་སློབ་དཔོན་གྱིས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་པ་ནི་(རྣམ་པ་)ཐམས་ ཅད་དུ་ངེས་པའོ། ༥༣ ། ༈ གཉིས་དང་ཆུ་གཏེར་གཅིག་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ནི་སྔར་ཐིག་ གདབ་པ་དང་ལྷན་ཅིག་བརྗོད་ཟིན་ཏོ། ༥༤ ༥༥ ། ༈ ད་ནི་ༀ་ཡིག་ཅེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་(ཀྱི་ཡི་གེ་) དང་ཕྱག་རྒྱའི་མཚན་མ་(དགོད་པ་)གསུངས་ཏེ་འདིར་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་(དཀྱིལ་ འཁོར་སྐུ་རྡོ་རྗེར་གསུངས་པ་ལ་)རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ༀ་ཡིག་སྐུ་རྡོ་རྗེ་དང་དེས་དཀྱིལ་འཁོར་ རྫོགས་པར་བྱས་པ་ནི་ༀ་ཡིག་ཡེ་ཤེས་ལས་སྐྱེས་པ་ཞེས་གསུངས་སོ། །དེའི་ཕྱིར་ༀ་ཡིག་ ལས་སྐྱེས་པའི་དཀྱིལ་འཁོར་གྱི་རྒྱལ་བ་མཆོག་གི་པད་མ་ཞེས་པ་(ཐུགས་དཀྱིལ་གྱི་)པད་མ་ཉི་ ཤུ་རྩ་བཞི་རྣམས་སུ་ཟླ་བ་དང་ཉི་མ་དག་གི་གདན་རྣམས་ནི་ལོའི་དབྱེ་བས་ཏེ་ཉ་བཅུ་གཉིས་ ཀྱི་〔རྣམ་པར་དག་པའི་〕དབྱེ་བས་ཟླ་བའི་གདན་རྣམས་དང་གནམ་སྟོང་བཅུ་གཉིས་ཀྱི་(རྣམ་པར་དག་ པའི་)དབྱེ་བས་ཉི་མའི་གདན་རྣམས་ནི་ཐབས་དང་ཤེས་རབ་རྣམ་པར་དག་པས་སོ། །སྟེང་དུ་ སྟེ་(པད་མའི་)ལྟེ་བའི་སྟེང་ན་གནས་པ་ཟླ་བ་དང་ཉི་མའི་གདན་དེ་རྣམས་ལ་(ས་བོན་གྱི་ཡི་གེ་དགོད་ པ་ནི་)ཨ་སོགས་ཞེས་པ་ཨ་ཡིག་ལ་སོགས་པའི་དབྱངས་རྣམས་དང་ཀ་སོགས་ཞེས་པ་ཀ་ཡིག་ 3-1-359 ལ་སོགས་པའི་གསལ་བྱེད་རྣམས་སོ། །སྟོང་པར་བཅས་པ་རྣམས་དང་ཞེས་པ་ཐིག་ལེ་དང་ རྣམ་པར་བཅད་པ་དང་བཅས་པ་དག་དང་ལྷན་ཅིག་ཏུ་སྲིད་〔པ་〕གསུམ་སྐྱེད་པར་མཛད་མ་ (འོད་གསལ་)སྟོང་པ་ཉིད་རྣམ་པ་ཐམས་ཅད་(རྣམ་པ་མེད་)པ་(གཞོམ་དུ་མེད་པ་)ནཱ་དའི་རང་བཞིན་ཅན་ ནི་(རྡོ་རྗེ་རྩེ་གཅིག་པའི་རྣམ་པ་)ཐིག་ལེའི་སྟེང་དུ་སྟེ་(ནཱ་ད་དེ་ཉིད་སྣ་ཚོགས་)ཡུམ་ཁམས་གསུམ་སྐྱེད་པར་ མཛད་མ་(སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་)གཞོམ་དུ་མེད་པའི་སྒྲ་(བརྙན་)ཞེས་པ་(སྟོང་པ་ཉིད་རྣམ་པ་ ཐམས་ཅད་པ་ནི་ཆོས་ཀྱི་དབྱིངས་ཏེ་དེ་ཉིད་སངས་རྒྱས་ཀྱི་ཡུམ་ཡིན་ཅིང་སྲིད་པ་གསུམ་དང་ཁམས་གསུམ་གནས་པའི་གཞི་ཡིན་ པས་སྲིད་གསུམ་དང་ཁམས་གཉིས་སྐྱེད་པར་མཛད་མ་ཞེས་གསུངས་སོ། །དེ་ཉིད་)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ སངས་རྒྱས་(ཐམས་ཅད་)སྐྱེད་པར་མཛད་མ་ནི་(བརྟན་གཡོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་)དོན་དམ་པའི་ བདེན་པ་ལ་བརྟེན་ནས་ཨ་ཡིག་ལ་སོགས་པ་དང་ཀ་ཡིག་ལ་སོགས་པ་(དབྱངས་གསལ་བྱེད་)སྟོང་ པ་(ཐིག་ལེ་རྣམ་བཅད་)དང་བཅས་པའི་སྔགས་ཐམས་ཅད་ཀྱི་མགོ་བོར་བཞག་པར་བྱའོ། །དེས་ ན་(ནཱ་ད་)དེ་ནི་(དབྱངས་གསལ་བྱེད་སྟོང་བར་བཅས་པ)དེ་རྣམས་དང་ལྷན་ཅིག་བརྗོད་པར་བྱ་སྟེ་དེ་ བཞིན་དུ་བཅོམ་ལྡན་འདས་(དུས་ཀྱི་འཁོར་ལོ་ཐབས་)ཀྱང་བདེ་བ་ཆེན་པའི་རང་བཞིན་ཅན་(ནཱ་ད་) དེའི་ནང་དུ་(རྟག་པར་)གནས་སོ(ཞེས་པ་སངས་རྒྱས་རིན་ཆེན་ཟ་མ་ཏོག་གོ)། ། ༈ ད་ནི་སྟོང་པ་ཞེས་པ་ལ་སོགས་པས་སྟོང་པ་(ཆེན་པོ་ཡི་གེ་)ལྔ་ལས་སྐུུ་(རྡོ་རྗེ་ༀ་ཡིག་)ལ་ སོགས་པའི་སྔགས་རབ་ཏུ་བརྗོད་པའི་ཆོས་ཅན་རྣམས་འབྱུང་བ་གསུངས་ཏེ་སྟོང་པ་〔ལྔ་〕ནི་ ལེའུ་དང་པོར་(ལུས་མེད་རྡོ་རྗེའི་སྐབས་སུ་)བརྗོད་པའི་སྔགས་ཀྱི་གཡོན་གྱི་ཡན་ལག་ཏུ་རྗེས་སུ་ ང་རོ་(ཐིག་ལེ་)དང་ཤར་དང་ནུབ་ཏུ་ཨ་ཡིག་(ཐུང་རིང་)གཉིས་དང་ལྷོའི་ཡན་ལག་ཏུ་རྣམ་པར་ བཅད་པ་ཐིག་ལེ་གཉིས་དང་(དབུས་སུ་)དབྱངས་དང་བྲལ་བ་མཆོག་ཅེས་པ་གཞོམ་དུ་མེད་ པའི་ཧ་ཡིག་དབྱངས་མེད་པ་(སྟེ་དེ་རྣམས་)ལས་སྐུ་(རྡོ་རྗེ་ༀ་)དང་གསུང(རྡོ་རྗེ་ཨཱཿ)དང་ཐུགས(རྡོ་ རྗེ་ཧཱུྃ་)དང་ཡེ་ཤེས་རྡོ་རྗེ་(ཧོ་ཡིག་)རྣམས་ཡང་དག་པར་འབྱུང་ངོ༌། །དེ་རྣམས་ལས་དང་པོར་རེ་ 3-1-360 ཞིག་སྐུུ་འབྱུང་བ་བརྗོད་པར་བྱ་སྟེ་འདིར་དང་པོར་རྗེས་སུ་ང་རོ་དང་(ཐིག་ལེ་)དེ་ནས་(དེའི་གོང་དུ་)ཨ་ཡིག་དང་(དེ་)གཉི་གའི་དབུས་སུ་རྣམ་པར་བཅད་པ་དང་རྗེས་སུ་ང་རོའི་མཐར་ཨཱ་ཡིག་ རིང་པོའོ། །དེ་ལྟར་དབྱངས་རིང་པོ་ཕ་རོལ་ཏུ་བྱུང་བས་སྔོན་མའི་རྗེས་སུ་ང་རོ་(ཐིག་ལེ་ནི་)མ་ (སྲོག་མེད་)ཉིད་(དུ་)ཐོབ་པར་འགྱུར་(ཞིང་དེ་ལ་མཐའི་དབྱངས་རིང་པོ་སྲོག་ཏུ་སྦྱར་)རོ། །(ཨ་ཡིག་དག་གི་བར་ དུ་ཨུའོ་ཨ་དང་སྒྲ་ལྡན་དག་གི་ཡང་ངོ༌། །ཞེས་པའི་མདོ་ལས་འདིར་སྒྲ་ལྡན་གྱི་ཡི་གེ་)མ་ཡིག་ཕ་རོལ་ཏུ་བྱུང་བས་ ཀྱང་ཨ་ཡིག་ལས་ཕ་རོལ་ཀྱི་རྣམ་པར་བཅད་པ་ནི་ཨུ་ཡིག་ཏུ་འགྱུར་ཏེ་(དེའི་)ཕྱི་ནས་(གོང་གི་)ཨ་ཡིག་(དེ་ཨུ་དང་མཚམས་སྦྱར་བའི་དབང་)གི་ཡོན་ཏན་(གྱི་ཡི་གེ་ཉིད་)དུ་གྱུར་པ་ནི་ཨོ་ཡིག་གོ(ཞེས་པ་ ཨ་ཡིག་གི་ཨུའི་ཡི་གེ་ལ་ཨོའོ་ཞེས་པས་སོ)། དེ་ནས་ངེས་པའི་ཚིག་གིས་མཚན་ཉིད་ལས་ཡི་གེ་ཉམས་ པ་ཡོད་ཅེས་པ(ངའི་མདོ་ལ)ས་མ་ཡིག་(སྲོག་དང་)རྣམ་པར་ཕྲལ་ནས་(སྲོག་གི་)ཨ་ཡིག་དབྱི་བར་ བྱའོ། །དེ་ལྟར་ན་(འཆད་པར་འགྱུར་བའི་)ཡོན་ཏན་གསུམ་གྱི་བདག་ཉིད་ༀ་ཡིག་སྐུ་རྡོ་རྗེ་སྟེ་ཨ་ ཨུམ་ཞེས་རང་དང་གཞན་གྱི་(སྒྲའི་བསྟན་བཅོས་ཀྱི་)གྲུབ་པའི་མཐའ་ལས་བརྗོད་དོ། །ད་ནི་གསུང་ རྡོ་རྗེ་བརྗོད་པར་བྱ་སྟེ་འདིར་(ཨ་ཡིག་ཐུང་ངུ་དང་རིང་པོ་དང་རྣམ་པར་བཅད་པ་རྣམས་བཀོད་ནས་)སྔོན་དང་ ཕྱི་མའི་ཨ་ཡིག་(ཐུང་རིང་)གཉིས་( མཚམས་སྦྱོར་བས་ཨ་ཡིག་)རིང་པོར་བྱས་ནས་མཐར་རྣམ་པར་ བཅད་པ་སྦྱིན་པར་བྱའོ། །དེ་ནས་ཨཱཿཡིག་〔འཆད་པར་འགྱུར་བའི〕ཡོན་ཏན་གསུམ་གྱི་བདག་ཉིད་ དུ་འགྱུར་ཏེ་ཨཱ་ཨཱཿཞེས་བརྗོད་དོ། །ད་ནི་ཐུགས་རྡོ་རྗེ་བརྗོད་པར་བྱ་སྟེ་འདིར་སྔོན་དུ་ཧ་ཡིག་ དབྱངས་མེད་པ་དང་དེ་ནས་ཨ་ཡིག་ཐུང་ངུ་དང་དེ་ནས་རྣམ་པར་བཅད་པ་དང་དེ་ནས་ཐིག་ ལེ་དང་དེ་ནས་ཨ་ཡིག་རིང་པོའོ། །དེ་ལྟར་སྔ་མ་བཞིན་དུ་(དབྱངས་རིང་པོ་ཕ་རོལ་ཏུ་བྱུང་བའི་རྗེས་སུ་ང་ རོ་མ་ཡིག་སྲོག་མེད་དུ་གྱུར་པ་ལ་ཕ་རོལ་གྱི་ཨ་ཡིག་སྦྱར་བས་ཨ་ཡིག་དང་སྒྲ་ལྡན་མ་ཡིག་གི་བར་གྱི་)རྣམ་པར་བཅད་ པ་ཨུ་ཡིག་(ཏུ་འཐོབ་)སྟེ་(དེ་ཉིད་ཧ་ཡིག་གི་སྲོག་ཏུ་སྦྱར་བ་ལ་མ་ཡིག་སྲོག་དང་ཕྲལ་ནས་སྦྱིན་ནོ། །དེ་ནས་ངེས་པའི་ཚིག་ གི་མཚན་ཉིད་ལས་ཡི་གེ་ཉམས་པ་ཡོད་ཅེས་པས་)ཐོག་མ་དང་ཐ་མའི་ཨ་ཡིག་(ཐུང་རིང)དག་དབྱིའོ། །དེ་ 3-1-361 ལས་ཧུྂ་ཡིག་ཡོན་ཏན་གསུམ་གྱི་བདག་ཉིད་དེ་ཧ་ཨུམ་ཞེས་བརྗོད་དོ། །དེ་ལྟར་སྐུ་གསུང་ ཐུགས་ཀྱི་སྔགས་ཡང་དག་པར་འབྱུང་བ་སྟེ་སྔགས་རྣམས་ཀྱི་སྐྱེ་གནས་ནི་སྐྱེད་པར་བྱེད་པའོ་ ཞེས་པའི་དོན་ཏོ། །ད་ནི་ཡེ་ཤེས་རྡོ་རྗེ་བརྗོད་པར་བྱ་སྟེ་འདིར་སྔོན་དུ་ཧ་ཡིག་དབྱངས་མེད་ པ་དང་དེ་ནས་ཨ་ཡིག་ཐུང་ངུ་དང་དེ་ནས་རྣམ་པར་བཅད་པ་དང་དེ་ནས་རྗེས་སུ་ང་རོ་དང་དེ་ ནས་ཨཱ་ཡིག་རིང་པོའོ། །དེ་ལྟར་སྔ་མ་བཞིན་དུ་(རྗེས་སུ་ང་རོ་མ་ཡིག་ཏུ་གྱུར་པ་དང་ཨ་ཡིག་དང་མ་ཡིག་གི་ བར་གྱི་)རྣམ་པར་བཅད་པ་ལས་ཨུ་ཡིག་(ཏུ་གྱུར་པ་)དང་སྔ་མ་དབྱངས་(ཨ་ཡིག་ཨུ་དང་མཚམས་སྦྱར་བ་ ཉིད་)ཀྱིས་ཡོན་ཏན་(ཨུ་ཡིག་ཏུ་འགྱུར་)ཏེ་(སྔོན་གྱི་)ཧ་ཡིག་(སྲོག་མེད་)དང་ཡང་དག་པར་སྦྱར་ཞིང་(ངེས་ པའི་ཚིག་གི་ཞེས་སོགས་ཀྱིས་)ཕྱི་མའི་ཨཱ་ཡིག་དང་མ་ཡིག་དག་དབྱིའོ། །དེ་ལྟར་ན་〔འཆད་པར་འགྱུར་བའི་〕ཡོན་ཏན་གསུམ་གྱི་བདག་ཉིད་ཧོ་ཡིག་སྟེ་ཧ་ཨ་ཨུ་ཞེས་བརྗོད་དོ། །དེ་ལྟར་ཡེ་ཤེས་རྡོ་རྗེ་ལ་ ཡོན་ཏན་གསུམ་ནི་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པའོ། །སྐུ་རྡོ་རྗེ་ལ་མིང་དང་ གཟུགས་དང་སྐྱེ་མཆེད་དང་རེག་པའོ། །གསུང་རྡོ་རྗེ་ལ་ཚོར་བ་དང་སྲེད་པ་དང་ལེན་པའོ། ། ཐུགས་རྡོ་རྗེ་ལ་སྲིད་པ་དང་སྐྱེ་བ་དང་རྒ་ཤ་སྟེ་(རྟེན་འབྲེལ་གྱི་ཡན་ལག་བཅུ་གཉིས་ཀྱི་ཡན་ལག་གསུམ་ གསུམ་ནི་རིམ་པ་ལྟར་ཡེ་ཤེས་དང་ལུས་དང་ངག་དང་སེམས་ཀྱི་)ཐིག་ལེ(བཞི)འི་གཟུགས་(སམ་རང་བཞིན་)ཀྱི་ དབང་གིས་〔གནས་〕སོ(ཞེས་པའི་དགོངས་པར། ཀྱེའི་རྡོ་རྗེ། ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ཞེས་གསུངས་པ་ལྟར་ ནམ་མཁའ་ལྟར་སྤྲིན་གནས་པ་ན་ཆོས་ཀྱི་དབྱིངས་རང་བཞིན་གྱི་འོད་གསལ་བ་དང་པོའི་སངས་རྒྱས་དེ་འཁོར་བ་གློ་བུར་གྱི་དྲི་ མ་གནས་པའི་གཞི་ཡིན་པས་དེ་ལས་འཁོར་བ་འབྱུང་ཞེས་གསུངས་ལ་འཁོར་བ་ཡང་ཐིག་ལེ་བཞིའི་ངོ་བོ་རྟེན་འབྲེལ་ཡན་ལག་ བཅུ་གཉིས་ཀྱི་ཡན་ལག་གསུམ་དང་པོའི་སངས་རྒྱས་ཀྱི་རྡོ་རྗེ་བཞི་པོ་སོ་སོ་ལས་བྱུང་བས་ཡན་ལག་གསུམ་གསུམ་རྡོ་རྗེ་བཞི་སོ་ སོའི་ལས་བྱུང་བས་ཡན་ལག་གསུམ་གསུམ་རྡོ་རྗེ་བཞི་པོ་ལ་སོ་སོའི་ཡོན་ཏན་དུ་གསུངས་པར་རིག་པར་བྱའོ)། །དེ་ལྟར་མ་ རིག་པ་ལ་སོགས་པ་སྐྱེད་པར་བྱེད་པ་མཆོག་གི་བདེ་བྱེད་ཡེ་ཤེས་རྡོ་རྗེ་དག་ནི་བཞི་པའོ་ཞེས་ པ་ནི་སྔགས་རྣམས་ཀྱི་སྐྱེ་གནས་ཏེ་ཐམས་ཅད་དུ་རྣམ་པ་བཅུ་གཉིས་པ་སྐུ་དང་གསུང་དང་ 3-1-362 ཐུགས་དང་ཡེ་ཤེས་རྡོ་རྗེའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། ༥༦ ། ༈ ད་ནི་སྔགས་ཀྱི་མཚན་མ་དགོད་པ་གསུངས་པ་འདིར་ཐམས་ཅད་དུ་རྡུལ་ཚོན་གྱི་ དཀྱིལ་འཁོར་གྱི་ཉི་མ་དང་ཟླ་བའི་གདན་རྣམས་ལ་རགས་པ་དང་ཕྲ་བ་དང་གཞན་གྱི་དབྱེ་ བས་དགོད་པ་རྣམ་པ་གསུམ་སྟེ་དེ་ལ་གཞན་གྱི་དབྱེ་བ་ནི་སྔགས་ཀྱི་ས་བོན་དགོད་པའོ། །ཕྲ་ བའི་དབྱེ་བ་ནི་སྔགས་ཀྱི་ས་བོན་ཡོངས་སུ་གྱུར་པ་རྡོ་རྗེ་ལ་སོགས་པའི་མཚན་མ་དགོད་པའོ། ། རགས་པའི་དབྱེ་བ་ནི་རྡོ་རྗེ་ལ་སོགས་པའི་མཚན་མ་ཡོངས་སུ་གྱུར་པའི་ལྷའི་གཟུགས་ དགོད་པའོ། །དེ་ལྟར་གོ་རིམ་ཇི་ལྟ་བས་སྔགས་ཀྱི་ས་བོན་དགོད་པ་བྱས་པས་མཚན་མ་ དགོད་པ་ལ་སོགས་པ་(དོན་གྱི་)རིག་པར་བྱའོ་ཞེས་པ་ནི་ངེས་པ་སྟེ་དེས་ན་འདིར་གཙོ་བོ་ཉིད་ ཀྱིས་སྔགས་ཀྱི་ས་བོན་དགོད་པ་གསུངས་སོ། ། ༈ རྒྱལ་བའི་བདག་པོའི་པད་མ་སྣ་ཚོགས་མདོག་ལ་ཞེས་པ་ལྗང་ཁུའི་མདོག་ལ་ཟླ་བ་ ཉི་མ་མེའི་སྟེང་དུ་ཧཱུྃ་ཡིག་སྟེ་ཞེས་པ་ནི་འདིར་(ཕྱི་རོལ་ཏུ་)གནམ་སྟོང་གི་མཐར་(ཉི་མ་སྒྲ་གཅན་གྱིས་)འཛིན་པའི་དུས་སུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་རྣམས་སྦྱོར་བ་སྟེ་(དེ་རྣམ་པར་དག་ཅིང་དེ་དང་ རྣམ་པ་མཚུངས་པ་)ཟླ་བ་དང་ཉི་མ་དང་(དུས་)མེ་(སྟེ་སྒྲ་གཅན་)ཡང་དག་པར་ལྡན་པ་དེ་ཉིད་དཀྱིལ་ འཁོར་གྱི་གདན་ནོ། །ནང་དུ་ནི་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་བ་དྷཱུ་ཏཱི་དང་ཡང་དག་པར་ལྡན་ པ་སྙིང་ཁའི་པད་མ་སྟེ་(དེ་རྣམ་པར་དག་པས་པད་མ་)དེའི་ལྟེ་བར་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ་ ཧཱུྃ་ཡིག་གི་ས་བོན་རྡུལ་ཚོན་སྔོན་པོས་བྲི་བར་བྱའོ། །ཡང་ན་དེ་ཡོངས་སུ་གྱུར་པའི་རྡོ་རྗེ་ སྔོན་པོ་རྩེ་གསུམ་པ་བྲི་བར་བྱའོ། །གསང་བའི་རྒྱུད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་འཇིག་ རྟེན་གྱི་སྨོད་པ་ཡོངས་སུ་སྤང་བའི་སླད་དུ་ལྷའི་གཟུགས་(ཞལ་སྦྱོར་ལ་སོགས་པ་)ནི་བྲི་བར་མི་ བྱའོ། །བདག་པོའི་ས་བོན་དགོད་པའོ། །དེ་ནས་(གཙོ་བོ་)པད་མའི་འདབ་མ་ལ་སྦྱིན་པ་ལ་ སོགས་པའི་ཕ་རོལ་ཏུ་ཕྱིན་མ་རྣམས་དགོད་པར་བྱ་སྟེ་ཕྱོགས་འདབ་རྣམས་ལ་ཨ་སོགས་ 3-1-363 སྟོང་པ་ཞེས་པ་ནི་ཤར་གྱི་འདབ་མ་ལ་ཨ་ལྷོའི་འདབ་མ་ལ་ཨཿབྱང་དུ་ཨྂ་ནུབ་ཏུ་ཨ་ཞེས་ པའོ། །ཡང་ན་མཚན་མ་རྣམས་ཏེ་ཤར་གྱི་འདབ་མ་ལ་སྤོས་ཀྱི་སྣོད་དང་ལྷོར་མར་མེ་དང་ བྱང་དུ་ལྷ་བཤོས་དང་ནུབ་ཏུ་(དྲིའི་དུང་ཆོས་སོ་རྩ་མི་ཟེར་)དུང་ངོ༌། །འདིར་(སྒྲུབ་ལེར་)འཆད་པར་ འགྱུར་བ་(ཚིགས་བཅད་ཉེར་གཅིག་པ)ལས་མཚན་མ་གང་ཞིག་གང་གི་གཡས་པའི་ཕྱག་མཐིལ་དུ་ འགྱུར་ཕྱག་རྒྱ་དེ་ནི་ཆུ་སྐྱེས་དག་གིས་དམན་ཞེས་གསུངས་པའི་ཕྱིར་(ཆུ་སྐྱེས་ཀྱི་མཚན་མ་དང་རིན་པོ་ ཆེ་དང་རིལ་གྲི་ནི་གཡོན་དང་གཡས་སུ་ཐུན་མོང་ངོ་ཞེས་སོ)འཆད་པར་འགྱུར་བའི་ངེས་པས་〔ཆུ་སྐྱེས་དང་རིན་པོ་ཆེ་ གཡོན་ན་གནས་ཀྱང་འདིར་〕ཕྱག་རྒྱ་(སྟེ་མཚན་མ་ལ་)དགོད་དོ། །དེ་བཞིན་དུ་ཕྱོགས་བྲལ་འདབ་མ་ ལ་ཡང་ཧ་སོགས་སྟོང་པ་རྣམ་པ་བཞི་ཞེས་པ་ནི་འདིར་མེ་རུ་ཧ་བདེན་བྲལ་དུ་ཧཿདབང་ལྡན་ དུ་ཧཾ་རླུང་དུ་ཧཱའོ། །ཡང་ན་ནག་པོ་དང་དམར་པོ་དང་དཀར་པོ་དང་སེར་པོའི་རྔ་ཡབ་རྣམས་ བྲི་བར་བྱའོ། །དེ་ནས་ཕྱོགས་བྲལ་འདི་ལ་(འདབ་མའི་)ཕྱི་རོལ་གྱི་ཟུར་བཞི་རྣམས་སུ་གྲངས་ བཞིན་དུ་དབང་ལྡན་དུ་སྐུ་རྡོ་རྗེ་ༀ་ཡིག་གམ་ཆོས་ཀྱི་དུང་ངོ༌། །བདེན་བྲལ་གྱི་ཟུར་དུ་གསུང་ རྡོ་རྗེ་ཨཱཿའམ་ཆོས་ཀྱི་གཎ་ཌཱིའོ། །རྩེ་མོ་ཅན་དུ་ཐུགས་རྡོ་རྗེ་ཧུྂ་ངམ་ཡིད་བཞིན་གྱི་ནོར་བུའོ། ། རླུང་དུ་ཆགས་པ་སྟེ་ཡེ་ཤེས་རྡོ་རྗེ་ཧོ་འམ་དཔག་བསམ་གྱི་ཤིང་བྲི་བར་བྱའོ། །སྙིང་པོའི་པད་ མ་ལ་དགོད་པའོ། ། ༈ ད་ནི་འཕར་མ་གཉིས་པ་ལ་དགོད་པ་གསུངས་པ་འདིར་འཕར་མ་གཉིས་པ་ལ་ཤར་ ལ་སོགས་པའི་ལེ་ཚེའི་གནས་བརྒྱད་པོ་རྣམས་སུ་སྟེ་ཤར་གྱི་ལྷ(དོན་ཡོད་གྲུབ་པ)འི་པད་མའི་ གནས་ཀྱི་བྱང་དང་ལྷོ་རུ་ཧི་ཧཱི་འམ་བུམ་པ་གཉིས་སོ། །ལྷོའི་ལྷའི་ཤར་དང་ནུབ་ཧྼྀ་ ཧྼཱྀ་འམ་བུམ་པ་དག་གོ། ནུབ་ཀྱི་ལྷའི་ལྷོ་དང་བྱང་དུ་ཧླྀ་ཧླཱྀ་འམ་བུམ་པ་ དག་གོ། བྱང་གི་ལྷའི་ནུབ་དང་ཤར་དུ་ཧུ་ཧཱུ་འམ་བུམ་པ་དག་གོ། ཧཾ་ཧཿནི་ཤར་དང་ ནུབ་ཀྱི་སྒོར་འབྱུང་(ཞིང་འཐོན་)པ་ལ་སྟེ་(སྒོའི་)ཁྲོ་བོའི་སྟེང་དུ་(བདུད་རྩིའི་)སྟེང་འོག་(ཁུ་རྡུལ་)དག་ 3-1-364 པས་སོ། །ཧི་ཡིག་ལ་སོགས་བཅུ་རུ་འགྱུར་ཏེ་ཞེས་པ་ནི་བུམ་པའི་ས་བོན་དགོད་པའོ། ༥༧ ། དེ་ནས་ལྷའི་ས་བོན་དགོད་པ་སྟེ་འདིར་ཤར་གྱི་ཆུ་སྐྱེས་སྟེང་དུ་ཉི་མའི་གདན་ལ་འདུ་ བྱེད་(གཞན་)ཀྱི་ཨི་ཡིག་གམ་རལ་གྲིའོ། །རྩེ་མོ་ཅན་དུ་པད་མ་ལ་གནས་ཏེ་ཟླ་བའི་དཀྱིལ་ འཁོར་ལ་གནས་པ་རླུང་གི་ཁམས་〔གཞན་〕ཀྱི་ཨཱི་ཡིག་རིང་པོ་འམ་རལ་གྲི་འམ་ཨུད་པ་ལའོ། ། དེ་བཞིན་དུ་གཤིན་རྗེར་ཚོར་བ(གཞན་ནམ་དམ་པ)འི་རྀ་ཡིག་གམ་རིན་པོ་ཆེའོ། །བདེན་ བྲལ་དུ་ཟླ་བ་ལ་མེའི་ཁམས་(གཞན་)ཀྱི་རཱྀ་ཡིག་གམ་པད་མ་དམར་པོའོ། །དེ་བཞིན་ དུ་ནོར་སྦྱིན་དུ་འདུ་ཤེས་〔གཞན་〕ཀྱི་ཨུ་ཡིག་གམ་པད་མ་དཀར་པོའོ། །དབང་ལྡན་དུ་ཆུའི་ ཁམས་〔གཞན་〕ཀྱི་ཨཱུ་འམ་ཨུད་པ་ལ་དཀར་པོའོ། །དེ་བཞིན་དུ་ཆུ་རུ་ཡང་གཟུགས་〔གཞན་〕ཀྱི་ ལྀ་ཡིག་གམ་འཁོར་ལོའོ། །རླུང་གི་ཟུར་དུ་སའི་ཁམས་〔གཞན་〕ཀྱི་ལཱྀ་འམ་འཁོར་ ལོའོ་ཞེས་པ་ནི་ཕུང་པོ་དང་ཁམས་དགོད་པ་སྟེ་ནམ་མཁའི་ཁམས་(གཞན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ མ་)དང་རྣམ་པར་ཤེས་པ་(གཞན་མི་བསྐྱོད་པ་)དག་གཅིག་(ཏུ་འདུས་)པ་ཉིད་ཀྱིས་མཚན་མ་ནི་ལྟེ་བ་ ལ་(སྣ་ཚོགས་ཡུམ་དང་རྡོ་རྗེ་སེམས་དཔའི་མཚན་མ་)རྡོ་རྗེའོ། །(མཚན་མ་རྣམས་ཀྱི་ཁ་དོག་ནི་ལྷའི་ཁ་དོག་དང་མཚུངས་ ཏེ་)ཤར་དང་མེར་ནག་པོ་དང་ལྷོ་དང་ལྷ་མིན་དུ་དམར་པོ་དང་བྱང་དང་དབང་ལྡན་དུ་དཀར་ པོ་དང་ནུབ་དང་རླུང་དུ་སེར་པོ་སྟེ་རྒྱལ་བའི་ཞལ་གྱི་དབྱེ་བ་དག་གིས་དགོད་པར་བྱ་ཞེས་པ་ ངེས་པའོ། ༥༨ ། ༈ ད་ནི་འཕར་མ་གསུམ་པ་ལ་(དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་)དབང་པོ་དྲུག་དང་ཡུལ་ དྲུག་(གདོད་ནས)རྣམ་པར་དག་པ་ལྷ་དང་ལྷ་མོ་རྣམས་ཀྱི་ས་བོན་གསུངས་ཏེ་འདིར་ཤར་གྱི་ སྒོའི་ལྷོར་པད་མའི་སྟེང་དུ་གནས་པའི་ཉི་མའི་དཀྱིལ་འཁོར་ལ་སྣའི་(གཞན་ནམ་མཁའི་སྙིང་པོ་)ཨེ་ ཡིག་གོ། (མེའི་པད་མ་ལ་)གནས་ཏེ་མེའི་ཟུར་དུ་ཟླ་བའི་དཀྱིལ་འཁོར་ལ་(རེག་བྱ་གཞན་)རེག་བྱ་ རྡོ་རྗེ་མའི་ཨཻ་ཡིག་གོ། དེ་བཞིན་དུ་ལྷོའི་སྒོའི་ནུབ་ཏུ་མིག་(ས་སྙིང་)གི་ཨར་ཡིག་གོ། དེ་བཞིན་ 3-1-365 དུ་བདེན་བྲལ་དུ་རོ་རྡོ་རྗེ་མའི་ཨཱར་ཡིག་གོ་ཞེས་པ་སྟེ་ཟུང་ངོ༌། །དེ་བཞིན་དུ་ནུབ་ཏུ་ལུས་ཀྱི་ དབང་པོ(སྒྲིབ་པ་རྣམ་པར་སེལ་བ)འི་ཨལ་ཡིག་དང་རླུང་དུ་དྲི་རྡོ་རྗེ་མའི་ཨཱལ་ཡིག་དང་གནོད་སྦྱིན་ དུ་ལྕེ(འཇིག་རྟེན་དབང་པོ)འི་ཨོ་དང་དྲག་པོར་གཟུགས་རྡོ་རྗེ་མའི་ཨཽའོ། །ལྷ་ཆུ་གཤིན་རྗེ་གནོད་ སྦྱིན་དང་བཅས་སྒོའི་གཡོན་དུ་ནི་ཞེས་པ་ལ་འདིར་ཤར་གྱི་སྒོའི་བྱང་དུ་ཉི་མའི་སྟེང་དུ་ཡིད་ ཀྱི་དབང་པོ(ཀུན་ཏུ་བཟང་པོ)འི་ཨཱཾ་ཡིག་གོ། ཆུའི་སྒོའི་ལྷོར་ཟླ་བ་ལ་ཆོས་ཀྱི་ཁམས་ཀྱི་ཨཱ་ཡིག་ གོ། གཤིན་རྗེ་ཞེས་པ་ལྷོའི་སྒོའི་ཤར་དུ་ཉི་མ་ལ་རྣ་བའི་དབང་པོ(ཕྱག་ན་རྡོ་རྗེ)འི་ཨ་ཡིག་གོ། ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་ཞལ་བཞིའི་དབྱེ་བས་གཡོན་དུའོ། །གནོད་སྦྱིན་དུ་བྱང་ གི་སྒོའི་ནུབ་ཏུ་སྒྲ་རྡོ་རྗེ་མའི་ཨཿཡིག་གོ། སྐྱེ་མཆེད་བཅུ་གཉིས་ཀྱི་ས་བོན་དགོད་པའོ། ། ༈ ད་ནི་སྒོ་སྐྱོང་གི་ས་བོན་དགོད་པ་གསུངས་པ་རིམ་པ་ཡིས་ནི་སླར་ཡང་ཡ་ར་ཝ་ལ་ལྷ་ སོགས་སྒོ་ཡི་པད་མ་ལ་སྟེ་འདིར་ཤར་གྱི་སྒོར་ཉི་མའམ་ཟླ་བའི་དཀྱིལ་འཁོར་ལ་(དུས་ཀྱི་འཁོར་ ལོ་ཡེ་ཤེས་ཀྱི་སྐུའི་)ངག་གི་དབང་པོ(བགེགས་དགྲ)འི་ཡ་ཡིག་དང་ལྷོར་ཉི་མ་ལ་ལག་པའི་དབང་ པོ(ཤེས་རབ་མཐར་ཕྱེད་པ)འི་ར་ཡིག་དང་བྱང་དུ་རྐང་པའི་དབང་པོའི་(ཁེངས་བྱེད་ཀྱི་)ཝ་ཡིག་དང་ ནུབ་ཏུ་བཤང་ལམ་གྱི་དབང་པོའི་(གཤིན་རྗེ་མཐར་བྱེད་ཀྱི་)ལ་ཡིག་གོ་ཞེས་པ་སྟེ་(ཇི་སྐད་དུ། ཀུན་ ནས་ཕྱག་དང་ཞབས་ལ་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་ ནས་བཞུགས་པ་ནི། །རྡོ་རྗེ་སེམས་དཔའ་ཞེས་གསུངས་པའི་ཕྱིར། དོན་དམ་ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་པའི་སྐུའི་ས་བོན་) དགོད་པའོ། ༥༩ ། ༈ ད་ནི་ཟླ་བ་དང་ཉི་མའི་གདན་གྱི་ངེས་པ་གསུངས་ཏེ་འདིར་ཤར་གྱི་སྒོ་དང་བྱང་གི་ སྒོར་ནི་རི་བོང་འཛིན་པ་དག་ཀྱང་ཁྲོ་བོ་དག་གི་གདན་དུ་འགྱུར་བ་སྟེ་ཞེས་པ་ནི་ཀྱང་ཡིག་ གིས་ཡང་ན་ཉི་མའོ། །ལྷོ་དང་ནུབ་ཏུ་ཡང་ཉི་མར་འགྱུར་ཏེ་ཤེས་རབ་དང་ཐབས་ཀྱི་ཡན་ ལག་གི་དབྱེ་བས་སོ། །ཡང་ན་རང་རང་གི་པད་མ་རྣམས་ལ་ཐབས་(གཙོ་བོར་གྱུར་པ་རྣམས་)ཀྱི་ 3-1-366 གདན་ཉི་མ་དང་ཤེས་རབ་〔གཙོ་བོར་གྱུར་པ་རྣམས་〕ཀྱི་གདན་ཟླ་བའོ། ། ༈ དེ་ནས་(མཚན་མ་སྟེ་)ཤར་དང་མེའི་ལྷ་རྣམས་ཀྱི་རལ་གྲི་དང་ལྷོ་དང་བདེན་བྲལ་གྱི་ རྣམས་ཀྱི་རིན་པོ་ཆེ་དང་བྱང་དང་དབང་ལྡན་གྱི་རྣམས་ཀྱི་པད་མ་དང་ནུབ་དང་རླུང་གི་རྣམས་ ཀྱི་འཁོར་ལོ་དང་སྟེང་དང་འོག་གི་ལྷ་རྣམས་ཀྱི་རྡོ་རྗེ〔ལྗང་ཁུ་དང་སྔོན་པོ〕འོ། །ཡང་ན་ཡུལ་གྱི་དབྱེ་ བས་ཏེ་སྒྲའི་རྒྱུད་མངས་དང་རེག་བྱའི་གོས་དང་གཟུགས་ཀྱི་མེ་ལོང་དང་རོའི་སྣོད་དང་དྲིའི་ དུང་(ཆོས་)དང་(རྩ་མི་ཟེར་)ཆོས་ཀྱི་ཁམས་ཀྱི་ཆོས་འབྱུང་ངོ༌། །དེ་བཞིན་དུ་〔གཙོ་བོར་གྱུར་པ་རྣམས་〕 ངག་གི་དབང་པོའི་རལ་གྲི་དང་ལག་པའི་དབང་པོའི་དབྱུག་པ་དང་རྐང་བའི་དབང་པོའི་པད་ མ་དང་བཤང་ལམ་གྱི་དབང་པོའི་ཐོ་བ་སྟེ་སྙིང་པོའི་དཀྱིལ་འཁོར་ལ་མཚན་མ་དགོད་པའོ། ༦༠ ། ༈ ད་ནི་ཐིག་ལེའི་རྣམ་པ་དག་གིས་ཞེས་པ་ལ་སོགས་པས་པད་མའི་ས་བོན་རྣམས་ གསུངས་པ་(སྒྲུབ་ལེར་གཞན་འཆད་པར་འགྱུར་བ་ཡང་དབང་ལེ་)འདིར་(ཐུགས་ཀྱི་)པད་མ་ཉི་ཤུ་རྩ་བཞི་པོ་ རྣམས་ཀྱི་རྩ་བ་ལ་སོགས་པ་རྣམས་ལ་ཀ་ལ་སོགས་པའི་སྡེ་བའི་ཡི་གེ་(ལྔ་ལྔ་)རྣམས་(ཏེ་དེ་ཡང་)ཐིག་ལེ་ལ་སོགས་པས་ཕྱེ་བ་ནི་ཨཾ་ཨཿཨ་ཨཱ་ཞེས་པ་འདི་དག་གིས་ཕྱེ་བ་(ཁམས་ཐ་དད་པ་ རྣམས་)ལྷའི་རིགས་ཀྱི་དབང་གིས་སྦྱིན་པར་བྱ་སྟེ་རྣ་བའི་(གདན་)པད་མའི་རྩ་བ་ལ་ཀྂ་(ནམ་ མཁའི་ས་)སྡོང་བུ་ལ་ཁྂ་(ཆུ་)འདབ་མ་ལ་གྂ་(མེ་)གེ་སར་ལ་གྷྂ་(རླུང་)ལྟེ་བ་ལ་ངྂ་(ནམ་མཁའ་)ཞེས་ པའོ(འདིར་ཆོས་ཀྱི་ཁམས་ཀྱི་གདན་གྱི་ས་བོན་སེམས་མ་གཞན་གྱི་དང་བསྟུན་ན་ཚེག་དྲག་ཅན་ཐོབ་པ་ལྟ་བུར་སྣང་ཡང་ནམ་ མཁའི་ཁམས་ཀྱི་གདན་གུད་ན་མེད་པས་ཀ་སྡེ་རིང་པོ་འདིའི་ས་བོན་དུ་གསུངས་པ་ཡིན་ནོ)། །ཆོས་ཀྱི་ཁམས་ཀྱི་ཀཱ་ ཁཱ་གཱ་གྷཱ་ངཱ་ཞེས་པའོ། །ཡིད་ཀྱི་དབང་པོའི་སྂ་ྉྤྂ་ཥྂ་ཤྂ་ྈྐྂ་ཞེས་པའོ། །སྒྲའི་སཿྉྤཿཥཿཤཿྈྐཿཞེས་ པ་སྟེ་ཡི་གེ་ལྔ་པོ་འདི་རྣམས་ཡོངས་སུ་གྱུར་པ་ལས་པད་མའོ(འདིར་ཡང་ཡེ་ཤེས་ཀྱི་ཁམས་ཀྱི་གདན་ གུད་ན་མེད་པས་ས་སྡེ་རིང་པོ་མེད་པ་སྟེ་ཆོས་ཁམས་དང་སྒྲའི་གདན་གྱི་ས་བོན་གྱི་སྡེ་བ་གཉིས་ལ་ཚེག་དྲག་དང་རིང་པོ་ཡོད་ 3-1-367 མེད་ཆ་སྙམ་པའོ)། །འདུ་བྱེད་ཀྱི་(གདན་)པད་མ་ལ་ཙ་ཚ་ཛ་ཛྙ་ཉ་ཞེས་པའོ། །དེ་བཞིན་དུ་སྣའི་ ཙྂ་ཚྂ་ཛྂ་ཛྙྂ་ཉྂ་ཞེས་པའོ། །དེ་བཞིན་དུ་རླུང་གི་ཁམས་ཀྱི་ཙཱ་ཚཱ་ཛཱ་ཛྙཱ་ཉཱ་ཞེས་པའོ། །རེག་བྱའི་ ཙཿཚཿཛཿཛྙཿཉཿཞེས་པའོ། །ཚོར་བའི་ཊ་ཋ་ཌ་ཌྷ་ཎ་ཞེས་པའོ། །མིག་གི་ཊྂ་ཋྂ་ཌྂ་ཌྷྂ་ཎྂ་ཞེས་ པའོ། །མེའི་ཁམས་ཀྱི་ཊཱ་ཋཱ་ཌཱ་ཌྷཱ་ཎཱ་ཞེས་པའོ། །རོ་རྡོ་རྗེ་མའི་ཊཿཋཿཌཿཌྷཿཎཿཞེས་པའོ། ། འདུ་ཤེས་ཀྱི་པ་ཕ་བ་བྷ་མ་ཞེས་པའོ། །ལྕེའི་པྂ་ཕྂ་བྂ་བྷྂ་མྂ་ཞེས་པའོ། །ཆུའི་ཁམས་ཀྱི་པཱ་ཕཱ་ བཱ་བྷཱ་མཱ་ཞེས་པའོ། །གཟུགས་རྡོ་རྗེ་མའི་པཿཕཿབཿབྷཿམཿཞེས་པའོ། །གཟུགས་ཀྱི་ཏ་ཐ་ད་དྷ་ ན་ཞེས་པའོ། །ལུས་ཀྱི་དབང་པོའི་ཏྂ་ཐྂ་དྂ་དྷྂ་ནྂ་ཞེས་པའོ། །སའི་ཁམས་ཀྱི་ཏཱ་ཐཱ་དཱ་དྷཱ་ནཱ་ཞེས་ པའོ། །དྲིའི་ཏཿཐཿདཿདྷཿནཿཞེས་པའོ། །དེ་བཞིན་དུ་ཙ་ཚ་ཛ་ཛྙ་ཉ་ངག་གི་དབང་པོ་དང་ཊ་ ཋ་ཌ་ཌྷ་ཎ་ལག་པའི་དབང་པོ་དང་པ་ཕ་བ་བྷ་མ་རྐང་པའི་དབང་པོ་དང་ཏ་ཐ་ད་དྷ་ན་བཤང་ ལམ་གྱི་དབང་པོའི་པད་མ་ལ་རྣམ་པར་ཤེས་པར་བྱའོ། །པད་མའི་ས་བོན་དགོད་པ་སྟེ་ཐུང་ ངུ་རིང་པོ་རང་གི་ས་ལའོ་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་ཐིག་ལེ་འམ་ཨ་ཡིག་གམ་ཧ་ ཡིག་གིས་ཟླ་བའི་གདན་རྣམས་དང་རྣམ་པར་བཅད་པའམ་ར་ཡིག་གམ་ཀྵ་ཡིག་གིས་ཉི་མའི་ གདན་རྣམས་ཏེ་ལྟེ་བའི་སྟེང་དུའོ། །བདག་པོའི་པད་མ་ལ་སཱྃ་ྉྤྃ་ཱཥཱྃ་ཤཱྃ་ྈྐྃ་ཱཞེས་པའོ། །ལྟེ་བའི་ སྟེང་དུ་ཨྃ་ཨཿཨ་སྟེ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་གདན་རྣམས་སོ་ཞེས་པ་ནི་དགོད་པའོ། ༦༡ ། ༈ ད་ནི་སྡེ་དྲུག་ཞེས་པ་ལ་སོགས་པས་མཆོད་པའི་ལྷ་མོ་རྣམས་ཀྱི་ས་བོན་གསུངས་ཏེ་ འདིར་ཐུགས་ཀྱི་དཀྱིལ་འཁོར་གྱི་ཤར་གྱི་སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་བྱང་དུ་དྲི་མའི་ ཙྪྫྫཧྙ་དང་ལྷོར་ཕྲེང་བ་མའི་ཙྪྫྫཧྙཱའོ། །དེ་བཞིན་དུ་ལྷོར་སྤོས་མའི་ཊྛྜྜཧྞ་དང་མར་མེ་མའི་ཊྛྜྜཧྞཱའོ། ། ནུབ་ཏུ་སྒེག་མོའི་ཏཧྣྠྡྡ་དང་བཞད་མའི་ཏཧྣཱྠྡྡ འོ། །བྱང་དུ་བདུད་རྩི་མའི་པཧྨྥྦྦ་དང་འབྲས་བུ་ མ་ཉམས་པའི་པྥྦྦཧྨཱའོ། །ཤར་གྱི་སྒོའི་རྟ་བབས་ཀྱི་སྟེང་དུ་གར་མའི་ཀྑྒྒ་ཧྔ་དང་ནུབ་ཀྱི་སྒོའི་རྟ་ 3-1-368 བབས་ཀྱི་སྟེང་དུ་སིལ་སྙན་མའི་ཀྑྒྒཧྔཱ འོ། །བྱང་གི་སྒོའི་རྟ་བབས་ཀྱི་སྟེང་དུ་ཀླུ་མའི་་དང་ལྷོའི་ སྒོའི་རྟ་བབས་ཀྱི་སྟེང་དུ་འདོད་མའི་འོ། །ཡང་ན་མཚན་མ་རྣམས་ཏེ་དུང་ཆོས་དང་〔མེ་ཏོག་ གི་〕ཕྲེང་བ་དང་སྤོས་སྣོད་དང་མར་མེ་དང་དབུ་རྒྱན་དང་དོ་ཤལ་དང་འབྲས་བུ་དང་(བདུད་རྩིའི་) སྣོད་དང་གོས་དང་རྔ་(པ་ཊ་ཧ་)དང་རྡོ་རྗེ་དང་པད་མ་རྣམས་ཤར་གྱི་ཆ་ལ་སོགས་པར་སྦྱར་བར་ བྱའོ་ཞེས་པ་ནི་ངེས་པའོ(འདི་དང་སྒྲུབ་ལེར་སྟོན་པ་མི་འདྲ་བའི་རྒྱུ་མཚན་ནི་འོག་ནས་འཆད་པར་འགྱུར་རོ)། ། ༈ ད་ནི་ཕྱི་རོལ་ཏུ་ཞེས་པ་ལ་སོགས་པས་འདོད་མ་སུམ་ཅུ་རྩ་དྲུག་རྣམས་ཀྱི་ས་བོན་ གསུངས་པ་འདིར་ཕྱི་རོལ་ཏུ་གསུང་གི་དཀྱིལ་འཁོར་གྱི་སྟེགས་བུ་ལ་སྟེ་ཤར་གྱི་སྒོའི་ལྷོའི་ སྟེགས་བུ་ལ་ཙཿཚཿཛཿཛྷཿཉཿ ལྷོ་རུ་ཊཿཋཿཌཿཌྷཿཎཿ ནུབ་ཏུ་ཏཿཐཿདཿདྷཿནཿ བྱང་དུུ་ པཿཕཿབཿབྷཿམཿ ཤར་གྱི་སྒོའི་བྱང་དུ་སཿྉྤཿཥཿཤཿྈྐཿ བྱང་གི་སྒོའི་ནུབ་ཏུ་ལཿཝཿརཿཡཿཧཿ ལྷོའི་སྒོའི་ཤར་གྱི་སྟེགས་བུ་ལ་ཀཿཁཿགཿགྷཿངཿ ནུབ་ཀྱི་སྒོའི་ལྷོར་ཀྵ་ཞེས་པ་སྟེ་(ལྷ་བཀོད་ན་ནི་ ཕྱོགས་བཞིར་བརྒྱད་བརྒྱད་ཟུར་བཞིར་རེ་རེའི་ཞེས་པ་)གསུང་གི་དཀྱིལ་འཁོར་ལའོ། །སྐུའི་དཀྱིལ་འཁོར་ ལ་ཡི་གེ་འདི་རྣམས་ཐིག་ལེ་དང་བཅས་པ་སྟེ་ཙ་ཡིག་ལ་སོགས་པའི་ཡི་གེ་རྣམས་ཀྱིས་ཕྱིར་ འདོད་མ་རྣམས་ཀྱི་ས་བོན་ནམ་མཚན་མའམ་གཟུགས་བྲི་བར་བྱའོ། །སྙིང་པོའི་སྟེགས་བུ་ལ་ མཆོད་པའི་ལྷ་མོ་དུ་མ་སྟེ་གཟུངས་མ་མཐའ་དག་བྲི་བར་བྱའོ། །གཟུངས་མ་དང་འདོད་མའི་ ས་བོན་དགོད་པའོ། །དེ་ལྟར་འདོད་མ་ཐམས་ཅད་ཀུན་ནས་རང་(རང་གི་)རིགས་(གང་ཡིན་པ་དེའི་)ཕྱོགས་སུ་གནས་ཏེ་རྒྱལ་བ་རྣམས་ཀྱི་ཁ་དོག་དབྱེ་བས་ཁ་དོག་རིག་པར་བྱ་སྟེ་ཁ་དོག་ལྔའི་ རྡུལ་ཚོན་གྱིས་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། ༦༢ ། ༈ ད་ནི་ཐུང་ཞེས་པ་ལ་སོགས་པས་གསུང་གི་དཀྱིལ་འཁོར་ལ་(ཡེ་ཤེས་ཀྱི་རང་བཞིན་གྱི་)ཙར་ ཙི་ཀཱ་ལ་སོགས་པ་རྣམས་ཀྱི་ས་བོན་གསུངས་ཏེ་འདིར་འཆད་པར་འགྱུར་བའི་སྒྲུབ་ཐབས་ ཀྱི་ལེའུ་ལས་ཙར་ཙི་ཀཱའི་གདན་ཡི་དྭགས་ནི་པད་མ་དེའི་(ལྟེ་བའི་)སྟེང་དུའོ། །[འདིར་ཤར་གྱི་ 3-1-369 པད་མའི་ལྟེ་བ་ལ་ཡི་དྭགས་ཆེན་པོ་དམར་པོ་ནི་རྒན་བྱེད་མའི་གདན་ནོ། །(ཞེས་པ་གྱི་རྨ་ཟེར་)] པད་མ་འདབ་མ་བརྒྱད་པ་〔སྟེ་〕དེ་ཉིད་རྡུལ་ཚོན་གྱིས་བྲི་བར་བྱ་སྟེ་པད་མ་ཡང་ཁ་དོག་དམར་ པོའོ། །དེ་ནས་ཐུང་རིང་ཧ་ཡིག་དག་ནི་ཞེས་པ་ནི་ལྷར་པད་མའི་ལྟེ་བ་ལ་(ཡི་དྭགས་ཀྱི་སྟེང་དུ་)ཙར་ ཙི་ཀཱའི་ཧའོ། །ནོར་སྦྱིན་དུ་པད་མའི་ལྟེ་བ་ལ་ཁྱུ་མཆོག་གི་སྟེང་དུ་དྲག་མོའི་ཧཾ་ངོ༌། །ལྷོར་ (པད་མའི་ལྟེ་བ་ལ་)མ་ཧེའི་སྟེང་དུ་ཕག་མོའི་ཧཿའོ། །ནུབ་ཏུ་གླང་པོ་ཆེའི་སྟེང་དུ་དབང་མོའི་ ཧཱའོ་ཞེས་པ་སྟེ་ཕྱོགས་སུ་ཙར་ཙི་ཀཱ་སོགས་རྣམས་ཀྱིའོ། །ཁྱབ་འཇུག་མ་སོགས་རྣམས་ཀྱི་ཀྵ་ ཡིག་ནི་དེ་བཞིན་དུ་མེའི་ཟུར་དུ་པད་མའི་ལྟེ་བ་ལ་མཁའ་ལྡིང་གི་སྟེང་དུ་ཀྵའོ། །དེ་བཞིན་དུ་ འཕྲོག་བྱེད་དུ་སེང་གེའི་སྟེང་དུ་དཔལ་ཆེན་མོའི་ཀྵྂ་ངོ༌། །རླུང་དུ་ངང་པའི་སྟེང་དུ་ཚངས་མའི་ ཀྵཱའོ། །བདེན་བྲལ་དུ་པད་མའི་ལྟེ་བ་ལ་རྨ་བྱའི་སྟེང་དུ་གཞོན་ནུ་མའི་ཀྵཿའོ། །འདི་རྣམས་ལ་ ཟླ་བ་དང་ཉི་མའི་གདན་མེད་(ཅིང་དེའི་ཚབ་མར་རང་རང་གི་བཞོན་)པ་སྟེ་(དེས་ན་འདི་རྣམས་ཀྱི་བཞོན་པ་པད་ མའི་འོག་ཏུ་བྱེད་པ་ནི་འཁྲུལ་སྟེ་གཙོ་བོ་བཞིན་དུ་འདབ་མའི་ལྷ་མོ་རྣམས་ཀྱི་གདན་མ་ཡིན་པའི་ཕྱིར་རོ། །སྐུའི་ལྷ་བཅུ་གཉིས་ ལའང་དེ་བཞིན་ནོ། །རབ་གཏུམ་མ་རྣམས་ཀྱི་བཞོན་པ་འཁོར་ལོའི་འོག་ཏུ་གསུངས་པ་དང་ནི་མི་མཚུངས་ཏེ་དེ་དག་གི་རྩིབས་ ལ་འཁོར་མེད་པའི་ཕྱིར་རོ། །དེས་ན་འཁོར་ཡོད་མེད་ཀྱི་ཁྱད་པར་འདི་དག་མ་ཕྱེད་པའི་དབང་གིས་འགྱུར་འགའ་ཞིག་ཉེས་ནས་ འཁྲུལ་པར་བྱས་སོ)ཙར་ཙི་ཀཱ་ལ་སོགས་པའི་དབྱེ་བས་ལྷ་མིན་དུའོ་ཞེས་པ་ནི་ངེས་པའོ། ། ༈ ད་ནི་ཧི་ལ་སོགས་པ་ཞེས་པ་ལ་སོགས་པས་པད་མའི་འདབ་མ་རྣམས་ལ་འཇིགས་མ་ ལ་སོགས་པ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་རྣམས་ཀྱི་ས་བོན་གསུངས་ཏེ་འདིར་ཧི་ལ་སོགས་ པ་གྲངས་བརྒྱད་དོ། །དེ་ལ་ཙར་ཙི་ཀཱའི་མདུན་གྱི་པད་མའི་འདབ་མའི་འཇིགས་མའི་ཧིའོ། ། རྒྱབ་ཏུ་རླུང་ཤུགས་མའི་ཧཱིའོ། །རང་ཕྱོགས་དེ་རྣམས་སུ་སྟེ་ཤར་གྱི་ཕྱོགས་སུ་ཡ་སོགས་ཐུང་ བ་དྲུག་རྣམས་སོ། །འཇིགས་མ་ལ་སོགས་པ་གཡས་སྐོར་གྱིས་ཏེ་དེ་བཞིན་དུ་འཇིགས་མའི་ འདབ་མ་གཉིས་པ་ལ་དྲག་མོའི་ཡའོ། །གསུམ་པ་ལ་དུས་ཀྱི་མཆེ་བ་མའི་ཡིའོ། །བཞི་པ་ལ་ 3-1-370 མེ་འབར་གདོང་མའི་ཡྼྀ འོ། །དེ་ནས་འདབ་མ་ལྔ་པ་ལ་རླུང་གི་ཤུགས་མའི་(ཧི་ཞེས་པ་) བརྗོད་ཟིན་ཏོ། །དྲུག་པ་ལ་རབ་གཏུམ་མའི་ཡུའོ། །བདུན་པ་ལ་དྲག་མིག་མའི་ཡླྀ་ འོ། །བརྒྱད་པ་ལ་སྣ་ཆེན་མའི་ཡཾ་ངོ༌། །ཡང་ན་ལྟེ་བ་ལ་སོགས་པ་ལ་ཐམས་ཅད་དུ་ཙར་ཙི་ ཀཱ་ལ་སོགས་པ་རྣམས་ཀྱི་གྲི་གུག་གི་མཚན་མའོ། །ལྷའི་པད་མ་ལ་སྟེ་ཤར་གྱི་པད་མ་ལ་ དགོད་པའོ། །འདིར་མེའི་པད་མ་ལ་སོགས་པ་རྣམས་ལ་ཀྵི་ལ་སོགས་པ་གྲངས་བརྒྱད་པོ་ སྟེ་དེ་ལ་ཁྱབ་འཇུག་མའི་མདུན་དུ་དཔལ་མོའི་ཀྵིའོ། །རྒྱབ་ཏུ་མཆོག་ཏུ་རྣམ་པར་རྒྱལ་མའི་ ཀྵིའོ། །དེ་བཞིན་དུ་ཡཱ་ལ་སོགས་པ་སྟེ་སྒྱུ་འཕྲུལ་མའི་ཡཱའོ། །གྲགས་མའི་ཡཱིའོ། །དཔལ་མོའི་ ཡྼཱྀ འ་འོ། །འདབ་མ་དྲུག་པ་ལ་རྒྱལ་མའི་ཡཱུའོ། །རྒྱལ་ལྡན་མའི་ཡླཱྀ འ་འོ། ། འདབ་མ་བརྒྱད་པ་ལ་འཁོར་ལོ་ཅན་མའི་ཡཿའོ། །ཡང་ན་ཐམས་ཅད་དུ་འཁོར་ལོའི་མཚན་ མ་སྟེ་མེའི་པད་མ་དག་ལ་རིམ་པ་ཡིས་ཞེས་པ་ངེས་པའོ། ༦༣ ། ༈ དེ་བཞིན་དུ་གཤིན་རྗེར་ར་ལ་སོགས་ཞེས་པ་སྟེ་འདིར་ལྷོ་རུ་ཕག་མོའི་མདུན་དུ་ ཀེང་རུས་མའི་ཧྼིའོ། །རྒྱབ་ཏུ་འདབ་མ་ལྔ་པར་མཆེ་བ་གཙིག་མའི་ཧྼིའོ། །དེ་ནས་ར་སོགས་ ཏེ་དུས་མཚན་མའི་རའོ། །རབ་ཁྲོས་གདོང་མའི་རིའོ། །དུས་ཀྱི་ལྕེའི་ར༹ྼྀ འོ། །ནག་ མོའི་རུའོ། །འཇིགས་རུང་མའི་རླྀའོ། །གཟུགས་ངན་མའི་རཾ་མོ། །དེ་བཞིན་དུ་ལྷ་མིན་ཏེ་ བདེན་བྲལ་གྱི་པད་མའི་འདབ་མ་ལ་གཞོན་ནུ་མའི་མདུན་དུ་པད་མའི་ཀྵྼྀ འོ། །རྒྱབ་ ཏུ་རིན་ཆེན་ཕྲེང་བ་མའི་ཀྵྼཱྀ འོ། །དེ་ནས་རིམ་པ་ཇི་ལྟ་བས་ཡན་ལག་མེད་མའི་རཱའོ། ། གཞོན་ནུ་མའི་རཱྀ འོ། །རི་དྭགས་བདག་འགྲོ་མའི་ར༹ྼྀ འོ། །མིག་བཟང་མའི་ རཱུའོ། །རུལ་པ་མའི་རླཱྀ འོ། །བཟང་མོའི་རཿའོ་ཞེས་པ་ནི་ལྷ་མིན་པད་མའི་འདབ་མ་ དག་ལ་ཐུང་ངུ་རིང་པོའི་རབ་ཏུ་དབྱེ་བས་སོ། །གནོད་སྦྱིན་དྲག་པོར་ཝ་ལ་སོགས་ཞེས་པ་ནི་ འདིར་གནོད་སྦྱིན་དུ་དྲག་མོའི་མདུན་དུ་གཽ་རཱིའི་ཧུའོ། །རྒྱབ་ཏུ་འདབ་མ་ལྔ་པ་ལ་ཏོ་ཏ་ལཱའི་ 3-1-371 ཧཱུའོ། །དེ་ནས་ཝ་ལ་སོགས་པ་རིམ་པས་ཏེ་གང་གཱ་མའི་ཝའོ། །རྟག་མའི་ཝིའོ། །མཆོག་ཏུ་ མགྱོགས་མའི་ཝྼྀ འོ། །མཚན་ཉིད་མའི་ཝུའོ། །སེར་སྐྱ་མའི་ཝླྀའོ། །ནག་མོའི་ ཝཾ་ཞེས་པ་སྟེ་གནོད་སྦྱིན་དུའོ། །དྲག་པོར་དཔལ་ཆེན་མོའི་མདུན་དུ་དཔལ་དཀར་མོའི་ཀྵུའོ། ། རྒྱབ་ཏུ་འཛིན་མའི་ཀྵཱུའོ། །དེ་ནས་ཝཱ་ལ་སོགས་པ་སྟེ་ཟླ་བའི་རི་མོའི་ཝཱའ་འོ། །རི་བོང་འཛིན་ ཞལ་མའི་ཝཱྀ འོ། །ངང་པའི་མདོག་མིའི་ཝྼཱྀ འོ། །པད་མའི་དབང་མོའི་ཝུའོ། ། སྐར་མིག་མའི་ཝླཱྀ འོ། །དྲི་མེད་རི་བོང་འཛིན་མའི་ཝཿའོ་ཞེས་པ་ནི་འཕྲོག་བྱེད་དུའོ། ། ཆུ་གཏེར་དང་བཅས་རླུང་གི་པད་འདབ་རྣམས་ལ་ལ་ལ་སོགས་ཞེས་པ་ནི་འདིར་ཆུ་རུ་དབང་ མོའི་མདུན་དུ་རྡོ་རྗེ་འོད་མའི་ཧླྀའོ། །རྒྱབ་ཏུ་སྣ་ཚོགས་རི་མོའི་ཧླཱྀ འོ། །དེ་ནས་ལ་ ལ་སོགས་པ་སྟེ་རྡོ་རྗེ་ལུས་མའི་ལའོ། །མཆོག་གི་གསེར་ལྡན་མའི་ལིའོ། །(ལྷའི་སྨད་འཚོང་མའི་ མིང་)ཨུར་བ་ཤཱིའི་(ལས་དབང་མ་)ལྼྀ འོ། །རམ་བྷའི་(མུ་ཤིང་མ་)ལུའོ། །ཟུག་རྔུ་མེད་མའི་ ལླཱྀ འོ། །སྒྲོལ་མའི་ལཾ་མོ་ཞེས་པའོ། །རླུང་དུ་ཚངས་མའི་མདུན་དུ་སཱ་བིད་ཏའྲྱཱིི་(རེག་ བྱེད་མ་ཟེར་)ཀྵླྀ འོ། །རྒྱབ་ཏུ་ངག་གི་དབང་ཕྱུག་མའི་ཀྵླྀ འོ། །དེ་ནས་ལཱ་ལ་སོགས་པ་ རིང་པོ་རྣམས་ཏེ་འདིར་འདབ་མ་གཉིས་པ་ལ་པད་མའི་མིག་མའི་ལཱའོ། །ཆུ་སྐྱེས་ཅན་མའི་ ལཱྀ འོ། །བློ་གྲོས་མའི་ལྼྀ འོ། །གཱ་ཡང་ཏྲཱིའི་ལུ(ཀླུ་མཁན་མ)འོ། །ཀློག་འོད་མའི་ ལླཱྀ འོ། །དྲན་མའི་ལཿའོ་ཞེས་པ་ནི་པད་མའི་འདབ་མ་རྣམས་ལ་ས་བོན་དགོད་པའོ། ། ཡང་ན་ཐམས་ཅད་དུ་ཕག་མོ་ལ་སོགས་པ་རྣམས་ལ་དབྱུག་པའི་མཚན་མའོ། །གཞོན་ནུ་ མ་ལ་སོགས་པ་རྣམས་ལ་ཤཀ་ཏི〔མདུང་ཐུང་〕འོ། །དྲག་མོ་ལ་སོགས་པ་རྣམས་ལ་རྩེ་གསུམ་མོ། ། དཔལ་མོ་ལ་སོགས་པ་རྣམས་ལ་པད་མའམ་རལ་གྲིའོ། །དབང་མོ་ལ་སོགས་པ་རྣམས་ལ་ རྡོ་རྗེའོ། །ཚངས་མ་ལ་སོགས་པ་རྣམས་ལ་ཁབ་བམ་སྣོད་(བར་བུ་སྟེ་ཁ་ཅིག་ལྷུང་བཟེད་ལ་འདོད་)དོ། ། གསུང་གི་དཀྱིལ་འཁོར་ལ་ཙར་ཙི་ཀཱ་ལ་སོགས་པ་རྣམས་ཀྱི་ས་བོན་དང་མཚན་མ་དགོད་པ་ 3-1-372 སྟེ་བྲི་བར་བྱའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། ། ༈ ད་ནི་ཤར་གྱི་སྒོའི་ཞེས་པ་ལ་སོགས་པས་སྐུའི་དཀྱིལ་འཁོར་ལ་(ཡེ་ཤེས་ཀྱི་རང་བཞིན་གྱི་)བདེན་བྲལ་ལ་སོགས་པ་རྣམས་ཀྱི་ས་བོན་གསུངས་པ་འདིར་སྐུའི་དཀྱིལ་འཁོར་ལ་〔ཡེ་ཤེས་ ཀྱི་རང་བཞིན་གྱི་〕བདེན་བྲལ་ལ་སོགས་པ་ལྷ་བཅུ་གཉིས་པོ་རྣམས་ཀྱི་པད་མ་འདབ་མ་ཉི་ཤུ་རྩ་ བརྒྱད་པ་རྣམས་ནི་ནག་པའི་ཟླ་བ་〔གཞན་〕ལ་སོགས་པ་སྟེ་〔གཞན་རྡོ་རྗེའི་〕ཚེས་སུམ་བརྒྱ་དྲུག་ཅུ་ རྣམས་ནི་ལྷག་པའི་ལྷའོ། །དེ་རྣམས་ལས་ཉ་དང་གནམ་སྟོང་གི་ས་བོན་རྣམས་ནི་ལྟེ་བ་ལ་སྟེ་ ལྷག་མ་ནི་པད་མའི་འདབ་མ་རྣམས་ལའོ། །འདིར་ནག་པའི་ཟླ་བ་དང་ས་གའི་ཟླ་བ་དག་ནི་ རླུང་(གི་ཁམས་)རྣམ་པར་དག་པས་དཔྱིད་(གཞན་རྡོ་རྗེའི་དཔྱིད)དོ། །དེས་ན་ཙ་ཡི་སྡེ་ཐུང་ངུ་ལྷ་མིན་ གྱི་སྟེ་དབྱངས་རིང་པོས་ཕྱེ་བ་ནི་མེའི་ཟུར་ན་གནས་པའི་རླུང་གིའོ། །འདིར་ཤར་གྱི་སྒོའི་ལྷོའི་ འདབ་མ་དང་པོ་ལ་ཉ་རྡོ་རྗེ་མའི་ཉའོ། །ཇི་ལྟར་དཀར་པོའི་ཚེས་གཅིག་ཉ་རྡོ་རྗེ་མ་ཡིན་པ་ དེ་བཞིན་དུ་(ཚེས་)ཐམས་ཅད་དུ་(རྡོ་རྗེ་མ)འོ། །དེ་བཞིན་དུ་འདབ་མ་གཉིས་པ་ལ་ཉི་རྡོ་རྗེ་མའི་ ཉིའོ། །དེ་བཞིན་དུ་ཚེས་ཐམས་ཅད་ལ་རྡོ་རྗེ་མིང་གི་མཐར་རིག་པར་བྱའོ(འདིར་རྡོ་རྗེ་ནི་རྣམ་པ་ ཐམས་ཅད་པའི་སྟོང་པ་ཉིད་དེ་རྡོ་རྗེ་རྩེ་མོའི་རྒྱུད་དུ། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། བཅད་མེད་དབྱེར་མེད་མཚན་ཉིད་ཅན། །མི་ འཚིག་འཇིག་པ་མ་ཡིན་པ། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་འབྱུང་བའོ། །དེའི་ཕྱིར་ཚེས་འདི་དག་ཀུན་རྫོབ་ཀྱི་ཚེས་ནི་ མ་ཡིན་གྱི་དོན་དམ་ཆོས་ཉིད་རྣམ་པ་ཐམས་ཅད་པའི་ཚེས་ཏེ་ཚེས་གཞན་ནོ)། །ཉ་ནི་(ཚེསབཅོ་ལྔ་པ་)ཤེས་རབ་ སྟེ་གནམ་སྟོང་ནི་སྟབས་སོ། །དེ་བཞིན་དུ་འདབ་མ་གསུམ་པ་ལ་ཉྼྀ་སྟེ་སླར་ཡང་ རིམ་པ་ཇི་ལྟ་བས་ཉུ་ཉླྀ་ཉྂ་ཛྷ་ཛྷི་ཛྷྼྀ་ཛྷུ་ཛྷླྀ་ཛྷཾ་ཛ་ཛི་ཞེས་པ་འདབ་མ་བཅུ་བཞི་ པ་ལའོ། །དེ་ནས་ཉ་ནི་ལྟེ་བ་ལ་〔སྲིན་མོ་〕ཛྼྀ་རྡོ་རྗེ་མའི་ཛྼྀ འོ། །དེ་ནས་འདབ་ མ་བཅོ་ལྔ་པ་ལ་ཛུ་སྟེ་དེ་བཞིན་དུ་རིམ་པས་ཛྼི་ཛྂ་ཚ་ཚི་ཚྼྀ་ཚུུ་ཚྼྀ་ཚྂ་ཙ་ཙི་ ཙྼྀ་ཙུ་ཙླྀ་ཞེས་པ་འདབ་མ་ཉི་ཤུ་རྩ་བརྒྱད་པ་ལའོ། །དེ་ནས་ལྟེ་བ་ལ་གནམ་སྟོང་ 3-1-373 〔བདེན་བྲལ་〕གི་ས་བོན་ཙཾ་མོ། །ས་གའི་ཟླ་བའི་དཀར་པོའི་ཚེས་གཅིག་གི་དང་པོ་ལ་ཙཱ་རྡོ་རྗེ་ མའི་ཙཱའོ། །དེ་བཞིན་དུ་ཚེས་ཐམས་ཅད་ལ་རྡོ་རྗེ་མ་མཐའི་མིང་ངོ༌། །དེ་བཞིན་དུ་འདབ་མ་ གཉིས་པ་ལ་གཉིས་པ་ཙཱི་རྡོ་རྗེ་མའི་ཙཱིའོ། །དེ་བཞིན་དུ་རིམ་པས་ཙྼཱྀ་ཙཱུ་ཙླཱྼྀ་ ཙཿཚཱ་ཚཱི་ཚྼཱྀ་ཚཱུ་ཚླཱྀ་ཚཿཛཱའ་ཛཱི་ཞེས་པ་འདབ་མ་བཅུ་བཞི་པ་ལའོ། །དེ་ནས་ས་ གའི་ཉའི་ས་བོན་ནི་ལྟེ་བ་ལ་(གཏུམ་མོ་)ཛྼི་རྡོ་རྗེ་མའི་ཛྼཱྀ འོ། །དེ་ནས་འདབ་མ་བཅོ་ལྔ་ པ་ལ་ནག་པོའི་ཚེས་གཅིག་སྟེ་ཛཱུའུ་ཛླཱྀ་ཛཿཛྷཱ་ཛྷཱི་ཛྷྼི་ཛྷཱུ་ཛྷླཱྀ་ཛྷཿཉཱ་ཉཱི་ཉྼཱྀ་ཉུ་ ཉླཱྀ་ཞེས་པ་འདབ་མ་ཉི་ཤུ་རྩ་བརྒྱད་པ་ལའོ། །དེ་ནས་གནམ་སྟོང་གི་རླུང་གི(ལྷའི་)ས་ བོན་ནི་ལྟེ་བ་ལ་ཉཿའོ། །ཙཱ་སྡེ་རིང་པོ་སྟེ་རླུང་གིའོ་ཞེས་པ་ནི་ངེས་པའོ། ༦༤ ། དེ་བཞིན་གཤིན་རྗེར་ཏེ་ལྷོའི་སྒོའི་ནུབ་ཏུ་སྣྲོན་གྱི་ཟླ་བའི་ཚེས་རྣམས་ལ་ཊ་སྡེ་ཐུང་ངུ་ རྣམས་ཎ་ལ་སོགས་པས་སོ། །ལྟེ་བ་ལ་ཊྼྀ་ཊྂ་སྟེ་〔ཆུ་ལྷ་མོ་དང་〕མེའི་〔ལྷ〕འོ། །རོ་ཡི་གདོང་ པ་དག་གི་ཞེས་པ་གདོང་དྲུག་གི་ནི་རིང་བོ་སྟེ་ཆུ་སྟོད་ཀྱི་ཟླ་བའི་ཚེས་རྣམས་ལ་ཙ་སྡེ་རིང་པོ་ (ལ་བརྗོད་པ་ཇི་ལྟ་བ་)བཞིན་ནོ། །ལྟེ་བ་ལ་ཊྼྀ་ཎཿཞེས་པ་(དཔལ་མོ་དང་གདོང་དྲུག་གི་)སྟེ་ཐུང་ ངུ་རིང་པོའི་རབ་དབྱེ་ཡིས་སོ། །དེ་བཞིན་དུ་གཡོན་དུ་ཞེས་པ་བྱང་དུ་རྒྱ་མཚོའི་པ་སྡེ་ཐུང་ངུ་ སྟེ་གྲོ་བཞིན་གྱི་ཟླ་བའི་ཉ་(ཕག་མོ་)དང་གནམ་སྟོང་(རྒྱ་མཚོ་)དག་གི་བྼི་པྂ་མོ། །དབང་ལྡན་དུ་ རིང་པོའི་དབྱེ་བས་ཚོགས་ཀྱི་ཞེས་པ་ལོག་འདྲེན་གྱི་སྟེ་ལྟེ་བ་ལ་ཁྲུམས་ཀྱི་ཟླ་བའི་ཉ་(གཞོན་ནུ་ མ་)དང་གནམ་སྟོང་(ཚོགས་བདག་)དག་གི་བྼི་ཱམཿའོ། །དེ་བཞིན་དུ་ཆུར་བརྒྱ་བྱིན་གྱི་ཏ་སྟེ་ཐུང་ངུ་ ན་ལ་སོགས་པ་སྟེ་ལྟེ་བ་ལ་ཐ་སྐར་གྱི་ཟླ་བའི་ཉ་(རླུང་ལྷ་མོ་)དང་གནམ་སྟོང་དག་གི་(བརྒྱ་བྱིན་) དྼྀ་ཏྂ་མོ། །དེ་བཞིན་དུ་རླུང་དུ་ཚངས་པའི་ཏཱ་ལ་སོགས་པ་སྟེ་ལྟེ་བ་ལ་སྨིག་དྲུག་གི་ཟླ་ བའི་ཉ་(གློག་མ་)དང་གནམ་སྟོང་(ཚངས་པ་)དག་གི་དྼྀ་ནཿའོ། །དེ་བཞིན་དུ་ཤར་གྱི་སྒོ་ཡི་གཡོན་ དུ་པད་མའི་འདབ་མ་ལ་ལྷ་མིན་དགྲ་ཡི་ཞེས་པ་ཁྱབ་འཇུག་གི་ཀ་སྡེ་ཐུང་ངུ་ང་ལ་སོགས་པ་ 3-1-374 སྟེ་ལྟེ་བ་ལ་མཆུའི་ཟླ་བའི་ཉ་(དཔལ་མོ་)དང་གནམ་སྟོང་(ཁྱབ་འཇུག་)དག་གི་གྼྀ་ཀྂ་མོ། ༦༥ ། ལྷོ་རུ་ཞེས་པ་ལྷོའི་སྒོའི་ཤར་དུ་གཤིན་རྗེ་དག་གི་རིང་པོ་ཀཱ་ལ་སོགས་པ་ལྟེ་བ་ལ་དབོའི་ ཟླ་བའི་ཉ་(གཤིན་རྗེ་མ་)དང་གནམ་སྟོང་(གཤིན་རྗེ་)དག་གི་གྼྀ་ངཿའོ། །དེ་ནས་བྱང་དུ་ཞེས་པ་ བྱང་གི་སྒོའི་ནུབ་ཏུ་ཕྱུགས་བདག་གི་ས་སྡེ་ཐུང་ངུ་ྈྐ་ལ་སོགས་པ་སྟེ་ལྟེ་བ་ལ་མགོའི་ཟླ་བའི་ ཉ་(ཨུ་མ)དང་གནམ་སྟོང་(དབང་ཕྱུག་)དག་གི་ཥྼྀ་སྂ་མོ། །དེ་བཞིན་དུ་ནུབ་ཀྱི་སྒོའི་ལྷོར་ པད་མའི་འདབ་མ་རྣམས་ལ་གནོད་སྦྱིན་གྱི་རིང་པོ་སཱ་ལ་སོགས་པ་སྟེ་ལྟེ་བ་ལ་རྒྱལ་གྱི་ཟླ་ བའི་ཉ་(ནོར་སྦྱིན་མ་དང་གནམ་སྟོང་ནོར་སྦྱིན་)དག་གི་ཥྼྀ་ྈྐཿཞེས་པའོ། །དེ་ལྟར་དཔྱིད་དང་ སོ་ཀ་དང་དབྱར་དང་སྟོན་དང་དགུན་སྨད་དང་དགུན་སྟོད་ཀྱི་དུས་ཀྱི་དབྱེ་བས་རླུང་དང་མེ་ དང་ཆུ་དང་ས་དང་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་རྣམས་སོ། །ཚེས་ཀྱི་དབྱེ་བས་དཀྱིལ་ འཁོར་ལྔ〔འི་གསལ་བྱེད་རེ་རེ〕་ལ་(དབྱངས་)དྲུག་དྲུག་གི་དབྱེ་བས་(ཟླ་བ་རེ་རེ་སྟེ་)སྐུའི་དཀྱིལ་འཁོར་ལ་ ས་བོན་དགོད་པའོ། །ཡང་ན་གཙོ་བོའི་མཚན་མའི་རབ་ཏུ་དབྱེ་བས་འདབ་མ་ཐམས་ཅད་ལ་ མཚན་མ་རྣམས་ཏེ་འདིར་ལྟེ་བ་ལ་བདེན་བྲལ་ལ་སོགས་པ་རྣམས་ཀྱི་མཚན་མ་ནི་རིམ་པས་ (བདེན་བྲལ་གྱི་)རལ་གྲི་དང་(རླུང་ལྷའི་)ལྗོན་ཤིང་དང་(མེ་ལྷའི་)ཤཀ་ཏི་དང་(གདོང་དྲུག་གི་)མདུང་དང་ (རྒྱ་མཚོའི་)ཞགས་པ་དང་(ལོག་འདྲེན་གྱི་)དགྲ་སྟ་དང་(དབང་པོའི་)རྡོ་རྗེ་དང་(ཚངས་པའི་)ཁབ་དང་(ཁྱབ་ འཇུག་གི་)འཁོར་ལོ་དང་(གཤིན་རྗེའི)དབྱུག་པ་དང་(དྲག་པོའི་)རྩེ་གསུམ་དང་(གནོད་སྦྱིན་)བེ་ཅོན་ནོ་ ཞེས་པ་མཚན་མ་དགོད་པའི་ངེས་པའོ(འདིར་པད་མའི་ལྟེ་བ་ལ་ས་བོན་ནམ་མཚན་མ་ཉེར་གཉིས་དགོད་པར་ བྱ་སྟེ་ཚེས་སུམ་བརྒྱའི་དྲུག་ཅུའི་གྲངས་ཚངས་དགོས་སོ)། །འདིར་ལྟ་སྟེ། ལྷ་མིན་(བདེན་བྲལ་)སོགས་(ལྷ་བཅུ་ གཉིས་བཙུན་མོ་དང་བཅས་པ་རྣམས་)ཀྱི་རང་གི་ས་བོན་དུ་འགྱུར་(བ་ནི་)འདབ་མ་(རྣམས་)ལ་མིན་(གྱི་ལྟེ་ བ་ལ་སྟེ་ཡི་གེ་ནི)རང་རང་〔གི〕སྡེ་བ〔སོ་སོ〕འི་མཐའ་དང་དབུས(སོ་)འདབ་བཟང་ཉི་ཤུ་རྩ་བརྒྱད་ལ་ ཡང་(འཁོར་ཉེར་བརྒྱད་པ་སོ་སོའི་)ཉིན་ཞག་དབང་གིས་རང་རང་སྡེ་བ་དག་གི་ཡི་གེ་(ལྷག་མ་ཉེར་བརྒྱད་ 3-1-375 པ་སོ་སོ་)རྣམས་ཞེས་པ་སྟེ་སྐུའི་དཀྱིལ་འཁོར་ལ་(མི་ཆོད་པ་མི་ཤིགས་པ་ཆེན་པོ་)རྡོ་རྗེའི་ཚེས་སུམ་བརྒྱ་ དྲུག་ཅུ་དགོད་པའི་ངེས་པའོ། ༦༦ ། ༈ ད་ནི་ཡ་ར་ཞེས་པ་ལ་སོགས་པས་སྒོ་སྐྱོང་ཤིང་རྟ་ལ་གནས་པའི་ལྷ་མོ་རྣམས་དང་ ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་ས་བོན་གསུངས་ཏེ་འདིར་ཤར་གྱི་སྒོར་འོད་ཟེར་ཅན་གྱི་ལཿའོ། ། དབྱུག་པ་སྔོན་པོའི་ཡྂ་ངོ༌། །ལྷོའི་སྒོར་ཙུན་དཱའི་ཝཿདང་འདོད་པའི་རྒྱལ་པོའི་རྂ་མོ། །བྱང་གི་ སྒོར་ཁྲོ་གཉེར་ཅན་གྱི་རཱཿདང་མི་གཡོ་བའི་ཝྂ་ངོ༌། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མའི་ཡཱའ་དང་ སྟོབས་པོ་ཆེའི་ལྂ་མོ། །ནམ་མཁའ་དག་པས་ཤར་གྱི་སྒོའི་མདུན་〔ཆུའི་དཀྱིལ་འཁོར་གྱི་ཕྱེད་གཞན་〕 དུ་སྔོན་མོའི་ཧཱཿདང་གཙུག་ཏོར་གྱི་ཧྂ་ངོ༌། །ས་འོག་དག་པས་ནུབ་ཀྱི་སྒོའི་མདུན་དུ་དྲག་སྦྱན་ མའི་ཧཱ་དང་གནོད་མཛེས་རྒྱལ་པོའི་ཧའོ། །ཡང་ན་མཚན་མ་རྣམས་ཏེ་〔དབྱུག་སྔོན་ཅན་གྱི་〕དབྱུག་ པ་དང་〔འདོད་པའི་རྒྱལ་པོའི་〕མདའ་དང་〔མི་གཡོ་བའི་〕གཏུན་ཤིང་དང་〔སྟོབས་པོ་ཆེའི་〕བེ་ཅོན་དང་〔ཤིན་ཏུ་ སྔོན་མོའི་〕རྡོ་རྗེ་དང་〔དྲག་སྤྱན་མའི་〕རྩེ་གསུམ་པའོ། །〔རིམ་པ་ལྟར་〕ཕག་པ་དང་རྟ་དང་སེང་གེ་དང་གླང་ པོ་ཆེ་དང་ཨ་ནི་ལ་(རླུང་གི་མིང་སྟེ་འདིར་རླུང་གི་ལྟ་བུའི་མཁའ་ལྡིང་)དང་(སེང་གེ་ཤ་ར་བྷ་)རྐང་པ་བརྒྱད་པའི་ ཤིང་རྟ(ལ)འོ་ཞེས་པ་ནི་ངེས་པའོ། ། ༈ ད་ནི་ཀླུའི་ས་བོན་རྣམས་གསུངས་པ་འདིར་ཤར་ལ་སོགས་པའི་སྒོ་ལས་གཡས་དང་ གཡོན་དུ་སྟེགས་བུ་ལ་གདེངས་ཅན་པད་མ་ལ་སོགས་པ་རྣམས་ཀྱི་རིམ་པ་བཞིན་དུ་ཡ་ སོགས་ལ་གནས་ཧ་ཡིག་སྟེ་འདིར་ཤར་གྱི་སྒོའི་བྱང་དུ་རླུང་གི་དཀྱིལ་འཁོར་ལ་སྟོབས་ཀྱི་ རྒྱུའི་ཧྻ་དང་ལྷོ་རུ་པད་མའི་ཧྻཱའོ། །ཡང་ན་རྒྱལ་མཚན་གྱི་མཚན་མའོ། །དེ་བཞིན་དུ་ལྷོའི་སྒོའི་ ཤར་དང་ནུབ་ཏུ་མེའི་དཀྱིལ་འཁོར་ལ་ནོར་རྒྱས་དང་དུང་སྐྱོང་དག་གི་ཧྼ་ཧྼཱ་འམ་བཀྲ་ཤིས་སོ། ། བྱང་གི་སྒོའི་ནུབ་དང་ཤར་དུ་ཆུའི་དཀྱིལ་འཁོར་ལ་རིགས་ལྡན་དང༌། མཐའ་ཡས་དག་གི་ ཧྺ་ཧྺཱ་འམ་པད་མའོ། །ནུབ་ཀྱི་སྒོའི་ལྷོ་དང་བྱང་དུ་སའི་དཀྱིལ་འཁོར་ལ་འཇོག་པོ་དང་པད་མ་ 3-1-376 ཆེན་པོ་དག་གི་ཧླ་ཧླཱ་འམ་རྡོ་རྗེའོ་ཞེས་པ་ནི་མཚན་མ་དགོད་པའོ། ། ༈ ད་ནི་སྡེ་དྲུག་ཅེས་པ་ལ་སོགས་པས་(ཡེ་ཤེས་ཀྱི་རང་བཞིན་གྱི་)དུར་ཁྲོད་ཀྱི་ལྷ་མོ་རྣམས་ཀྱི་ ས་བོན་གསུངས་ཏེ་འདིར་ཤར་ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་པོ་རྣམས་སུ་གྲངས་ བཞིན་དུ་ཕྱོགས་ཀྱི་འཁོར་ལོར་ཀ་སོགས་སྡེ་རྣམས་ཞེས་པ་ནི་ཤར་གྱི་འཁོར་ལོའི་སྟེང་དུ་ ཀྑྒྒ ཧྔ་ཞེས་པའམ་གྲི་གུག་གོ། ནུབ་ཏུ་་ཞེས་པའོ། །བྱང་དུ་ལྺྼྻྷ་ཞེས་པའོ། །ལྷོ་རུ་ཀྵ་སོགས་ ལྡན་པ་ལྺྼྻྐྵ་ཞེས་པའོ། །འདི་རྣམས་ནི་གཡོ་བ་དང་མེའི་ཁོར་ཡུག་དང་དབུས་སུ་འཁོལ་ལོ་ རྩིབས་བརྒྱད་པ་བྱས་ནས་དེའི་སྟེང་དུའོ། །ཙ་སོགས་གཞན་ནི་རིམ་པས་ཕྱོགས་བྲལ་རྣམས་ སུ་སྟེ་མེར་ཙྪྫྫཧྙའོ། །བདེན་བྲལ་དུ་ཊྛྜྜཧྞའོ། །རླུང་དུ་ཏཧྣྠྡྡ འོ། །དབང་ལྡན་དུ་པཧྨྥྦྦ འོ། ༦༧ ། ཡང་ན་ཐམས་ཅད་དུ་གྲི་གུག་གི་མཚན་མ་ནི་ངེས་པ་སྟེ་ཤར་དང་གཤིན་རྗེ་བྱང་དང་ཆུ་ དང་མེ་དང་ལྷ་མིན་དང་ནི་དབང་ལྡན་རླུང་གི་ཟུར་དུའོ་ཞེས་པའོ(རབ་གཏུམ་མ་འདི་དག་གི་ས་བོན་ལ་ ལུགས་གཞན་ནི་སྒྲུབ་ལེར་འཆད་པར་འགྱུར་རོ། །སྒྲུབ་ལེར་ཀླུ་དང་གཏུམ་མོ་བཅུ་བཅུར་གསུངས་པ་ནི་ཁྱབ་བྱེད་བགྲངས་པའོ། ། འདིར་ཁྱབ་བྱེད་ཟུར་དུ་མ་བགྲངས་པར་བརྒྱད་བརྒྱད་ནི་དཔལ་ལྡན་རྒྱུ་སྐར་གྱི་ལྷ་གྲངས་དང་མཐུན་པའོ། །ཁ་ཅིག་ནི་འདིར་ ཡང་བཅུ་བཅུ་འགོད་དེ་དེས་ནི་དེ་དག་གི་ཁྱད་པར་མ་ཕྱེད་པར་ཟད་དོ)། །འདིར་སའི་དཀྱིལ་འཁོར་ལ་〔རྡོ་རྗེ་〕ཟླ་ བའི་ཨྂ་དང་〔རྡོ་རྗེ་〕ཉི་མའི་ཨཿནི་ས་བོན་ནོ། །དུར་ཁྲོད་ས་གཞི་ལ་གནས་འབྱུང་པོའི་ཚོགས་ཀྱི་ ཞེས་པ་ཕྱེད་དང་བཅས་པའི་བྱེ་བ་ཕྲག་གསུམ་གྱི་ཚོགས་ཀྱི་འབྱུང་པོ〔གཞན་དང་པོའི་སངས་རྒྱས་ཡེ་ ཤེས་ཀྱི་སྐུའི་བ་སྤུའི་མིང་མཐའ་ཡས་པ〕འི་ཚོགས་མཐའ་ཡས་པའི་སྔགས་རྣམས་ཏེ་དེའི་གྲངས་རྣམས་ སོ། །ཡང་ན་རླུང་གི་ཁོར་ཡུག་ལ་མཚན་མ་སྣ་ཚོགས་པ་བྱ་སྟེ་ངེས་པའོ(འདིར་འབྱུང་པོ་ལ་སོགས་པ་ འཇིག་རྟེན་པར་སྣང་བ་རྣམས་ཀྱང་ཕྱི་ནང་ལས་གཞན་སྙིང་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོའི་གཟུགས་ཡིན་པས་གདོད་ནས་ འཇིག་རྟེན་ལས་འདས་པའི་ས་ཁོ་ན་སྟེ། སངས་རྒྱས་ཁམས་གསུམ་མ་ལུས་པའི་གཟུགས་ཅན་ཞེས་པ་དང༌། དཀྱིལ་ནི་སྙིང་པོ་ ཞེས་བརྗོད་དེ། ཞེས་པ་དང༌། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པ་དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པ་དང༌། 3-1-377 གཞན་གྲུབ་པ་དང་གཞན་འབྱུང་པོ་ཞེས་པ་ལ་སོགས་པ་རྒྱས་པར་འབྱུང་བའི་ཕྱིར་རོ། །དེས་ན་འདི་དག་འཇིག་རྟེན་པར་འདོད་ པ་རྣམས་ནི་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་སྟེ། རྩ་བའི་རྒྱུད་ཀྱི་མན་ངག་ཉམས་སུ་མྱོང་བ་དང་བྲལ་བའོ)། །ད་ནི་ཆོས་ ཀྱི་འཁོར་ལོ་ལ་སོགས་པའི་ས་བོན་ནི་ཤར་གྱི་རྟ་བབས་ལ་ཆོས་ཀྱི་འཁོར་ལོའི་ཧཱུཾའོ། །ལྷོར་ བུམ་པ་བཟང་པོའི་ཨཱཿའོ། །བྱང་དུ་རྔ་བོ་ཆེའི་ༀ་མོ། །ནུབ་ཏུ་བྱང་ཆུབ་ཤིང་གི་ཧོའོ། ༦༨ ། ༈ ཞེས་པ་དེ་ལྟར་དབྱངས་ལྡན་རྣམས་ནི་རིགས་ཀྱི་དབང་གིས་དཀྱིལ་འཁོར་དག་ལ་ སྔགས་ཀྱི་དབྱེ་བར་འགྱུར། །ཕྱག་རྒྱ་མཚན་མ་རྣམས་ཀྱི་ཁ་དོག་མཐའ་དག་རྡོ་རྗེ་ཅན་ཞལ་ གྱི་དབྱེ་བ་དག་གིས་འགྱུར། །ཐབ་ཏུ་སྦྱིན་སྲེག་དག་ཀྱང་དེ་བཞིན་ཉིད་དུ(བྱ་བར་)འགྱུར་ཏེ་ སླར་ཡང་འཇུག་ངོགས་པ་(དྲང་སྲོང་)རྣམས་(ཀྱང་)སྤྱན་དྲང་དང༌། །དཔལ་ལྡན་ས་ལ་བསང་བ་ དང་ནི་(དེས་ན་འདི་)མཆོད་ཡོན་ཆོ་ག་(དང་)དེ་བཞིན་(དུ་)བདུད་ནི་གཞོམ་པ་དག་ཀྱང་ངོ་(བྱའོ)། ། ཞེས་པའི་ཚིགས་སུ་བཅད་པ་འདིར་ཡང་དག་པར་བསྡུས་པ་ཐམས་ཅད་འཆད་པར་འགྱུར་ བའི་རིམ་པས་རིག་པར་བྱའོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། ༦༩ ། ༈ ད་ནི་སྒོ་ཞེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་སྒོ་བསྲུང་པའི་སླད་དུ་སློབ་མ་རྣམས་ གསུངས་ཏེ་འདིར་ཤར་ལ་སོགས་པའི་སྒོ་རྣམས་བསྲུང་བའི་དོན་དུ་བརྟུལ་ཞུགས་ངེས་པ་ དང་ལྡན་ཞེས་པ་ལ་བརྟུལ་ཞུགས་ནི་འཆད་པར་འགྱུར་བའི་ཉི་ཤུ་རྩ་ལྔ་པོ་རྣམས་སོ། །དེ་ རྣམས་ལ་ངེས་པ་ནི་སངས་རྒྱས་ཀྱིས་རྗེས་སུ་གནང་བ་སྟེ་དེ་དང་ལྡན་པ་ནི་བརྟུལ་ཞུགས་ ངེས་པ་དང་ལྡན་པའོ། །དག་པའི་སློབ་མ་ནི་རྩ་བའི་ལྟུང་བ་བཅུ་བཞི་དང་བྲལ་བ་སྟེ་ལག་ན་ རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་ཐོགས་པ་མངོན་པར་དབང་བསྐུར་ཞིང་རྗེས་སུ་གནང་བ་དེ་རྣམས་སྒོ་ རྣམས་སུ་རབ་ཏུ་དགོད་པར་བྱའོ། །དཔལ་ལྡན་བུམ་པ〔སྐྱོད་པ〕འི་རྣལ་འབྱོར་མ་རྣམས་མེ་ དང་ལྷ་མིན་རླུང་དང་དབང་ལྡན་ཟུར་དུ་རིམ་པས་སོ་ཞེས་པ་ནི་སྔར་གྱི་བརྟུལ་ཞུགས་(ཉེར་ ལྔ་ལྡན་པ་དང་)ལ་སོགས་པ་(སྟེ་རྩ་ལྟུང་བཅུ་བཞིས་)ཡོངས་སུ་དག་པ་དགོད་པར་བྱའོ། །དེ་ནས་རྡོ་ 3-1-378 རྗེ་སློབ་དཔོན་དཔལ་ལྡན་ཚོགས་ཀྱི་དབང་པོར་འགྱུར་ཏེ་〔ཀྱེ་〕མི་བདག་ལས་ཀྱི་རྡོ་རྗེ་ཅན་ནི་ རབ་བྱས་ནས་ཞེས་པ་ནི་འདིར་ལྔ་པ་སློབ་མ་བཟང་པོ་ལས་ཐམས་ཅད་ལ་མཁས་ཤིང་དེ་ ཉིད་བཅུ་ཡོངས་སུ་ཤེས་པ་སྟེ་སྦྱིན་སྲེག་ལ་སོགས་པའི་ལས་ཀྱི་ཚོགས་ལ་ལས་ཀྱི་རྡོ་རྗེ་ཅན་ དུ་བྱས་ནས་བླ་མས་དཀྱིལ་འཁོར་ལ་རབ་ཏུ་གནས་པར་བྱའོ། །དེ་ལྟར་གྱུར་པའི་སློབ་མ་ མེད་ན་ཚོགས་ཀྱི་དབང་པོ་རང་གིས་ཀྱང་ནི་སྦྱིན་སྲེག་ལ་སོགས་པའི་ལས་བྱ་སྟེ་ཀྱང་ཡིག་ གིས་འཆད་པར་འགྱུར་བ་གཞན་ཡང་ངོ༌། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་དཀྱིལ་འཁོར་བྲི་བ་ཞེས་བྱ་བའི་ མདོར་བསྡུས་ཆེན་པོ་སྟེ་གསུམ་པའོ།། ༧༠ །། ༈ (ཟག་བཅས་ཀྱི་)ཕུང་པོ་(དང་)སོགས་(ས་ཁམས་དང་སྐྱེ་མཆེད་)ཀྱི་ཡམ་ཤིང་(དང་སྲེག་རྫས་)སོགས། ། བསྲེགས་པ་ཐམས་ཅད་གསོལ་བ་གང༌། །(ཡིན་པ་རང་བྱུང་)ཡེ་ཤེས་(ཀྱི་)མེ་(རང་བཞིན་གྱི་འོད་གསལ་ བ་)དེ་ལ་བཏུད་ནས། །དེ་(མཆོད་པ་)ཡི་ཐབ་ཀྱི་མཚན་ཉིད་བཤད(པར་བྱ་སྟེ)། །(དེ་ཡང་)ཞི་བ་ལ་ སོགས་(ལས་བརྒྱད་ཀྱི་)རབ་(ཏུ་)དབྱེ་(བ་)ལས། །(དབང་ལྡན་ལ་སོགས་པ་)སོ་སོའི་ཕྱོགས་(བརྒྱད་)ཀྱི་ཆ་ ཡིས་ནི། །(ལས་སོ་སོ་བའི་)ཐབ་ཁུང་རྣམ་བརྒྱད་རབ་གསུངས་དང༌། །(དབུས་སུ་)དགུ་པ་ལས་ནི་ ཐམས་ཅད་པ། །འཇམ་པའི་རྡོ་རྗེས་རྩ་རྒྱུད་ལས། །ཕྱུང་སྟེ་མདོར་བསྡུས་བསྟན་པ་གང༌། །དེ་ རྣམས་རྩ་རྒྱུད་རྗེས་སུ་ནི། །འཇུག་པས་རྣམ་པར་རྒྱས་པར་བྱ། ། ༈ (རྩ་རྒྱུད་དུ་དེ་ཉིད་བཅུ་ཡོངས་སུ་ཤེས་པ་རྒྱས་པར་གསུངས་པ་ལས་)འདིར་ཚིགས་སུ་བཅད་པ་བདུན་ ཅུ་རྩ་གཅིག་པ་ལ་སོགས་པས་(དེ་ཉིད་བཞི་ཡོངས་སུ་)གསུངས་པ(འི་དང་པོ་སྦྱིན་སྲེག་གི་དེ་ཉིད་ནི)་ལས་ ཐམས་ཅད་པ་ལ་སོགས་པའི་ཐབ་རྣམས་ཀྱི་མཚན་ཉིད་ཟླུམ་པོ་འམ་ཞེས་པ་ལ་སོགས་པས་ གསུང་སྟེ་འདིར་〔དཀྱིལ་འཁོར་〕ཐམས་ཅད་དུ་〔སྔར་བཤད་པ་〕ཁྲུ་བཞི་པའི་དཀྱིལ་འཁོར་〔ཡིན་པའི་ 3-1-379 དབང་དུ་བྱས་པ་〕ལ་ལས་ཐམས་ཅད་པའི་ཐབ་ནི་〔གཉིས་ཏེ་ལས་ཐམས་ཅད་པའི་〕ཞི་བ་ལ་ཟླུམ་པོ་དཀྱིལ་ འཁོར་གྱི་ཕྱེད་དོ། །〔ལས་ཐམས་ཅད་པའི་〕རྒྱས་པ་ལ་གྲུ་བཞི་དཀྱིལ་འཁོར་དང་མཉམ་པ(ཁྲུ་བཞི་པ) འོ(འདིས་ནི་ཐབ་གཉིས་ཁྲུ་གང་བ་དང་ཁྲུ་དོ་པར་འདོད་པ་བསལ་བ་ཡིན་ནོ། །ཅི་སྟེ་འདིར་ཐབ་ཁུང་གྲུ་བཞི་པ་དཀྱིལ་འཁོར་ གྲུ་བཞི་པ་དང་མཉམ་པ་དང་ཟླུམ་པོ་དེའི་ཕྱེད་དུ་གསུངས་པ་ནི་ཐབ་ཀྱི་རྒྱ་དང་དཔངས་གཉིས་ཀ་བསྡོམས་པ་ལ་བརྩིའོ་ཞེ་ན། དེ་ལྟར་ན་ནི་འོ་ན་དཀྱིལ་འཁོར་ཡང་རྒྱ་དང་དཔངས་གཉིས་ཀ་བསྡོམས་པ་ལ་ཁྲུ་བཞི་པར་འགྱུར་དགོས་ཏེ་དེ་ལྟར་ཡང་མ་ཡིན་ ནོ)། ། ༈ དེ་ལ་རེ་ཞིག་](ཡེ་ཤེས་ཀྱི་)རིགས་ཀྱི་དབང་གིས་ཡེ་ཤེས་ཀྱི་འཁོར་ལོ་(དཀྱིལ་འཁོར་དང་ ལས་ཐམས་ཅད་པའི་ཐབ་གཉིས་སོ་)ནི་ཐམས་ཅད་དུ་སྙིང་པོར་(འགྱུར་)དེ་(དེ་ཡང་)རྡོ་རྗེ་ཕྲེང་བ་(ཕྱི་མ་) དང་ཀ་བའི་མཐར་ཐུག་པ་དཀྱིལ་འཁོར་ལས་ཕྱེད་ཀྱི་ཆར་འགྱུར་ཏེ་(ནང་གི་འཁོར་ལོ་ནི་)ཕྱི་རོལ་ འཁོར་ལོའི་ཕྱེད་ཀྱི་ཚད་ཀྱིས་ཞེས་པའི་ངེས་པ་ལས་སོ། །(ཡེ་ཤེས་ཀྱི་འཁོར་ལོ་)དེའི་ཕྱེད་ཀྱིས་རྩ་ བ〔སྙིང་པོ〕འི་པད་མ་སྟེ་དེའི་ཕྱིར་(ཡེ་ཤེས་འཁོར་ལོ་ནི་)སྙིང་པོའི་པད་མའི་ཉིས་འགྱུར་རོ། །(དེ་ལ་ལས་ ཐམས་ཅད་པའི་ཐབ་ཀྱི་ཡེ་ཤེས་འཁོར་ལོའི་རྒྱའི་ཚད་ནི་)རྒྱས་པ་ལ་ཁྲུ་གཉིས་པ་གྲུ་བཞིའོ། །(ཞི་བའི་ཐབ་ཀྱི་ཡེ་ ཤེས་འཁོར་ལོ་)ཟླུམ་པོ་དང་(རྒྱས་པའི་ཐབ་ཀྱི་)སྙིང་པོའི་པད་མའི་ཚད་ནི་(སོ་སོར་)ཁྲུ་〔སྟེ་རེ་རེ་〕གཅིག་ གོ(འདི་དག་ཐབ་ཉིད་ཀྱི་ཚད་སྟོན་པར་འཁྲུལ་པར་མི་བྱའོ)། (ཐབ་འདི་གཉིས་ནི་རྣམ་པ་)ཐམས་ཅད་དུ་གྲོང་ལ་ སོགས་པའི་དབུས་སུུ་(བྱ་སྟེ་)བསོད་ནམས་ཀྱི་དོན་དུའོ། ། ༈ ཡང་ན་(ལས་སོ་སོ་པའི་ཞི་རྒྱས་ཀྱི་ཐབ་བྱ་སྟེ་ཞི་རྒྱས་ནི་)ལས་ཀྱི་རྗེས་སུ་མཐུན་པས་བྱང་དང་དྲག་ པོའི་ཟུར་རམ་གཞན་ཡང་དཀར་པོའི་ས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་རྡོ་རྗེ་འབར་བའི་ཕྱི་ རོལ་ཁྲུ་གཉིས་ཀྱི་བར་〔སྤངས་པའི་ཕྱི་རོལ་〕དུ〔 བྱ 〕འོ། །དེ་ལ་〔ལས་སོ་སོ་བའི་རྒྱས་པའི་〕ཐབ་གྲུ་བཞི་ནི་ཁྲུ་ གཉིས་པ་སྟེ་〔རྒྱས་པ་ལས་ཐམས་ཅད་པའི་ཡེ་ཤེས་ཀྱི་འཁོར་ལོའི་〕རྒྱར་ཕྱི་རོལ་གྱི་འཁོར་ལོ་〔ཁྲུ་བཞི་པའི་〕ཕྱེད་ ཀྱི་ཚད་ཀྱིས་〔བསྐོའོ་རྩ་མི་ཟེར་〕སོ། །ཟབས་ནི་པད་མའི་ཚད་ཅེས་པ་ནི་འདིར་〔ལས་སོ་སོ་པའི་〕རྒྱས་ 3-1-380 པའི་ཐབ་〔ཁོང་དུ་བརྐོ་བ་〕ལ་〔རྩ་མི་ཟེར་〕ཟབས་ནི་〔རྒྱས་པ་ལས་ཐམས་ཅད་པའི་སྙིང་པོའི་〕པད་མའི་ཚད་དེ་ མཐོ་གཉིས་སུ་འགྱུར་ཞིང་〔ལས་སོ་སོ་བའི་ཞི་བའི་ཐབ་〕ཟླུམ་པོ〔འི་ཟབས་〕་ལ་མཐོའི་ཚད་〔ཞི་བ་ལས་ཐམས་ ཅད་པའི་སྙིང་པོའི་པད་མའི་ཚད་〕དུ་འགྱུར་རོ〔འདི་དག་གི་ལས་སོ་སོ་པའི་ཞི་རྒྱས་སྟོན་གྱི་ལས་ཐམས་ཅད་པའི་ཞི་རྒྱས་ནི་མི་ སྟོན་ཏེ་སྔོན་དུ་ལས་ཐམས་ཅད་པའི་ཞི་རྒྱས་དབུས་སུ་ས་ལྗང་ཁུ་ལ་བྱ་བར་བསྟན་ནས་འདིར་བྱང་དང་དྲག་པོའི་ཟུར་ཞེས་པ་དང་ དཀར་པོའི་ས་ལ་ཞེས་པ་དང་དཀྱིལ་འཁོར་ལས་ཁྲུ་དོ་སྤངས་པའི་ཕྱི་རོལ་དུ་བྱ་བར་གསུངས་པའི་ཕྱིར་རོ། །སྔར་མདོར་བསྟན་ པ་ལས་ཐམས་ཅད་པའི་ཐབ་གཉིས་སོ〕། ། ༈ 〔སྔར་མདོར་བསྟན་པ་ལས་ཐམས་ཅད་པའི་ཐབ་གཉིས་པོ་〕དེ་ཡི་ནང་དུ་སྙིང་པོར་པད་མ་སྟེ་(དེ་ཡང་) ཁྲུ་བཞི་པའི་(ཐུགས་ཀྱི་)དཀྱིལ་འཁོར་ལ་ཇི་ལྟ་བ་དེ་བཞིན་དུ་(ལས་ཐམས་ཅད་པའི་)ཐབ་གྲུ་བཞི་ དང་(སའི་སྙིང་པོར་པད་མ་ཁྲུ་གང་བ་)ཁྲུ་གཉིས་པའི་(ཐུགས་ཀྱི་)དཀྱིལ་འཁོར་ལ་ཇི་ལྟ་བ་དེ་བཞིན་དུ་ ཐབ་ཟླུམ་པའི་སྙིང་པོ(འི་པད་མ་ཁྲུ་ཕྱེད་པ་)ལ་(རྡོ་རྗེ་ལྗང་ཁུ་)མཚན་མ་དང་བཅས་པར་འགྱུར་རོ། །དེ་ བཞིན་དུ་(ཐུགས་ཀྱི་)དཀྱིལ་འཁོར་ལ་(སྙིང་པོའི་)པད་མ་(ཡེ་ཤེས་འཁོར་ལོའི་)ཕྱེད་དང་པད་མའི་ཕྱི་ རུ་(བདེ་གཤེགས་འཕར་མའི་)ཕྱོགས་དང་ཕྱོགས་བྲལ་རྣམས་སུ་(ཀ་བ་རྣམས་ཀྱི་བར་བར་དུ་)བུམ་པ་དང་ བཅས་རལ་གྲི་(དང་རིན་པོ་ཆེ་)ལ་སོགས་པའི་མཚན་མ་(ཡོད་པའི་)ཇི་ལྟ་བ་དེ་བཞིན་དུ་(ལས་ཐམས་ ཅད་པའི་)ཐབ་ཁུང་〔དག་〕གི་སྙིང་པོར་རྩ་བའི་པད་མ་ལ་སོགས་པ་〔བདེ་གཤེགས་འཕར་མ་དང་ལྷ་རྣམས་ པད་གདན་དང་མཚན་མ་དང་བཅས་པ་〕བྱའོ། །རྡུལ་ཚོན་དཀར་པོ་ལ་སོགས་པ(ས་བྲི་བ)འམ་འཇིམ་ པས(བརྩིགས་པའི་ཚུལ་གྱིས་)ཏེ་ཐབ་ཁུང་ཐམས་ཅད་ལ་(བྲིས་པའམ་བརྩིགས་པའི་)ཕྱི་ནས་(ནང་གི་ཞིང་དང་ ཕྱི་ནང་གི་ངོས་ཐམས་ཅད་ལ་)ལས་ཀྱི་རྗེས་སུ་མཐུན་པས་ཁ་དོག་བྱ་བ་ནི་(ཞི་བ་དང་)རྒྱས་པའི་(ཐབ་ཀྱི་)དཀྱིལ་འཁོར་ལ་འབྲས་བཏགས་པ་ལ་སོགས་པས་སོ། །(འདིར་)མཚན་མ་རྣམས་ནི་དཀྱིལ་ འཁོར་གྱི་(རིགས་ལྔ་ཡུམ་བཞིའི་)མཚན་མ་ཇི་ལྟ་བ་བཞིན་ནོ། ། ༈ (ཐབ་ཀྱི་ཕྱེད་དུ་ཡེ་ཤེས་འཁོར་ལོ་གསུངས་པ་)དེ་ལྟར་(ན་རྒྱས་པའི་ཡེ་ཤེས་འཁོར་ལོ་ནི་)ཐབ་ཁུང་གི་ 3-1-381 གཞི་ལ་ཚངས་པའི་གནས་ནས་ཐད་ཀའི་ཆ་(ཕྱོགས་སོ་སོར་)ཁྲུ་གཅིག་སྟེ་(ཞེས་པ་རེ་རེ་སྟེ་དེ་ནི་ཐབ་)གྲུ་ བཞི(ཁྲུ་བཞི་པ)འི་(སྙིང་པོར་)ཕྱེད་ཀྱི་ཆ(དབུས་མ)འོ། ། ༈ དེ་བཞིན་དུ་(མཚམས་དེ་ནས་)ཐབ་ཀྱི་རྩིག་པ་ལ〔ཐུག་གི་བར་དུ་ཕྱོགས་སོ་སོར་ཁྲུ་རེ་རེ〕འོ། ། ༈ དེ་ལྟར་(ཚངས་པའི་གནས་ནས་ཐད་ཀར་ཁྲུའི་)ཆ་གཉིས་དང་གཉིས་ནི་ཤར་དང་ནུབ་དག་དང་ དེ་བཞིན་དུ་ལྷོ་དང་བྱང་ལ་ཡང་(འདི་དག་རྒྱ་དང་དཔངས་གཉིས་ཀ་སྡོམ་པའི་ཚད་དུ་འདོད་པ་ནི་འཁྲུལ་པའོ)ངོ༌། ། ༈ དེ་ལྟར་ན་(ཐབ་རྒྱས་པའི་)ཐབ་ཁྲུ་བཞི་(གྲུ་བཞི་པ་)ནི་(ཐུགས་ཀྱི་དཀྱིལ་འཁོར་ཁྲུ་བཞི་པའི་)ར་བའི་ མཚམས་སུ་སྟེ་མིག་(སའི་སྙིང་པོ་)ལ་སོགས་པའི་གནས་(ལྷ་སྣམ་)ཀྱི་མཐར་ཐུག་པ(འི་ཚད་དང་ མཚུངས་པ)ར་(སྦྱར་)རོ་ཞེས་པ་ནི་ངེས་པའོ། །(ལས་ཐམས་ཅད་པའི་ཐབ་)ཁྲུ་བཞི་པ་ནི་གྲུ་བཞིའོ། ། ༈ དེའི་ཕྱེད་ནི་(ལས་ཐམས་ཅད་པའི་ཐབ་)ཟླུམ་པོ་སྟེ་ཁྲུ་གཉིས་པའི་(ཐུགས་ཀྱི་).ཀྱིལ་འཁོར་(གྱི་ ཚད་སྦྱར་)རོ། ༧༡ ། ༈ དེ་ཡི་ཕྱེད་ཀྱིས་ཀྱང་ནི་མཆུ་སྟེ་ཞེས་པ་ནི་(ལས་ཐམས་ཅད་པའི་ཐབ་གཉིས་ཀྱི་སྙིང་པོ་)པད་མའི་ ཕྱེད་དེ་(དེ་དང་)དེ་བཞིན་གཤེགས་པའི་གནས་(བདེ་གཤེགས་འཕར་མ་སོ་སོ་ལ་རྒྱས་པ་ལ་ཁྲུ་ཕྱེད་དང་ཞི་བ་ ལ་སོར་དྲུག་པ་སྟེ་)དེའི་ཕྱེད་ཀྱིས་(མཆུའི་)ཐད་ཀ་(རྒྱའི་ཚད་དོ་)དང་(དེའི་ཕྱེད་མཆུའི་)དཔངས་སུུ་(ཡོད་པ་) སྟེ་〔དེ་ལྟར་མཆུའི་རྒྱ་ནི་བརྩིགས་པའི་ཐབ་ཀྱི་〕ར་བ(སྟེ་རྩིག་པ)འི་ཚད་ཀྱི་ཐད་ཀ(སྟེ་རྩིག་པ)འི་(རྒྱའི་)ཆ་ཡིས་ 〔རྒྱས་པ་ལ་སོར་དྲུག་དང་ཞི་བ་ལ་དེའི་ཕྱེད་དུ་བྱས་པ་〕ངེས་པའོ(ཞེས་པ་བརྩིགས་པའི་ཐབ་ཀྱི་རྩིག་པའི་ཞིང་རྒྱས་པ་ལ་སོར་ དྲུག་དང་ཞི་བ་ལ་སོར་གསུམ་བྱས་པའི་སྟེང་གི་རྒྱ་ནི་མཆུའི་རྒྱ་ཡིན་ཞིང་དེའི་ཕྱི་རོལ་ཏུ་རྩིག་པའི་ཞིང་བ་གམ་ལྟ་བུར་འཕྱར་བའི་ དཔངས་ལ་མཆུའི་ཕྱེད་བྱས་པ་ནི་མཆུའི་དཔངས་ཡིན་ནོ)། །(མཆུའི་རྒྱའི་)ཚད་དེ་ཉིད་ཀྱིས་(ཁྲུ་བཞི་པ་དང་གཉིས་ པའི་)དཀྱིལ་འཁོར་གྱི་(ར་བ་དང་)སྟེགས་བུའི་ཕྱེད་ཇི་སྲིད་པ(འི་རྒྱར་གྱུར་པ)འོ། །(མཆུ་)དེའི་སྟེང་དུ་ དེའི་(རྒྱ་)ཕྱེད་ཀྱིས་(ཕྱིར་)འབྱུང་བ་(སྟེ་བཀྱེད་པ་)དང་(དེའི་ཡང་ཕྱེད་དེའི་)དཔངས་ཏེ་(དེ་ནི་)མཆུའི་ཕྱི་ 3-1-382 རོལ་གྱི་སྟེང་དུ་རེ་ཁཱའི་དཀྱིལ་འཁོར་(ཞེས་པ་རྒྱས་པ་ལ་སོར་གསུམ་པ་དང་ཞི་བ་ལ་སོར་ཕྱེད་དང་གཉིས་པར་ འགྱུར)རོ། །(དེ་ལྟར་ར་ཟེར་)དེ་བཞིན་དུ་(རེ་ཁཱའི་དཀྱིལ་གྱི་ཚད་དེས་ཁྲུ་བཞི་པ་དང་ཁྲུ་དོ་བའི་)དཀྱིལ་འཁོར་ གྱི་སྟེགས་བུའི་མཐར་ཡོངས་སུ་དག་པ་དེ་ལས་ཉིས་འགྱུར་དག་ཀྱང་ཁ་ཁྱེར་དག་གི་རྒྱའི་ཆ་ ཞེས་པ་ནི་(ཐབ་གཉིས་ཀའི་)སྙིང་པོའི་མཆུའི་ཚད་དེ་ལས་ཉིས་འགྱུར་(རེ་ཁཱའི་དཀྱིལ་འཁོར་གྱི་སྟེང་ནས) ཐད་ཀའི་ཆར་(ཕྱིར་)བཀྱེད་པ་ནི་ཁ་ཁྱེར་ཏེ་(རྒྱས་པ་ལ་སོར་བཅུ་གཉིས་དང་ཞི་བ་ལ་སོར་དྲུག་གི་རྒྱར་འགྱུར་ ཞིང་དཔངས་སུ་དེའི་ཕྱེད་དོ)དེ་བཞིན་དུ་〔དཀྱིལ་འཁོར་གྱི་〕རིན་པོ་ཆེའི་སྣམ་བུ་དང་དོ་ཤལ་དང་དོ་ཤལ་ ཕྱེད་པའི་ས་དང་བ་ཀུ་ལཱིའི་མཐར་ཐུག་པར་ཐམས་ཅད་དུ་(ཁྱབ་པར་ཐབ་གཉིས་ཀའི་)ཁ་ཁྱེར་བྱའོ། ། དེ་ནས་(དཀྱིལ་འཁོར་གྱི་)བ་ཀུ་ལཱི་དང་ཀྲ་མ་ཤཱིར་ཥའི་ཆ་(དག་གི་)ཚད་ཕྱེད་(ཀྲ་མ་ཤཱིར་ཥའི་ཆའི་ཚད་སོར་ གསུམ་ནི་ཁ་ཁྱེར་གྱི་སྟེང་ནས་)ཐད་ཀའི་ཆར་བཀྱེད་པ་(རེ་ཁཱའི་དཀྱིལ་འཁོར་ཕྱི་མ་སྟེ་དཔངས་སུ་རྒྱའི་ཕྱེད་པ)འོ(དེ་ ལྟར་བརྩིགས་པའི་ཐབ་ཀྱི་རྣམ་པ་ཞིབ་པར་སློབ་དཔོན་གྱི་ངག་དང་ལག་ལེན་ཐོས་ཤིང་མཐོང་བ་ལས་ཤེས་པར་བྱ་དགོས་ སོ། །ཐབ་དང་དཀྱིལ་འཁོར་གྱི་ཚད་སྦྱོར་ཚུལ་ནི་ཐབ་ཁུང་གཉིས་ཀྱི་ནང་གི་རྒྱ་དང་དཀྱིལ་འཁོར་གཉིས་ཀྱི་ར་བའི་ནང་གི་རྒྱ་ མཚུངས་ཤིང་དཀྱིལ་འཁོར་གཉིས་ཀྱི་རྩ་ཐིག་ནས་ཀྲ་མ་ཤྲཱི་ར་ཥའི་མཐའི་བར་དང་ཐབ་གཉིས་ཀྱི་རྩིག་པའི་ནང་མཚམས་ནས་ རེ་ཁཱའི་དཀྱིལ་འཁོར་ཕྱི་མའི་མཐའི་བར་མཚུངས་ཏེ་ཐབ་དང་དཀྱིལ་འཁོར་གཉིས་ཀའི་ཕྱི་དང་ནང་མ་སུམ་ཆ་སུམ་གཉིས་སུ་ ངེས་སོ། །གཞན་དག་ཐབ་ཁུང་སོར་བཞི་བཅུ་རྩ་བརྒྱད་པ་ལ་མཆུ་ཕན་ཆད་སོར་སུམ་ཅུ་རྩ་དགུར་བྱེད་པ་ནི་རྣམ་པར་མ་འཚམ་ པ་ཆེན་པོར་འགྱུར་ཞིང་མཆུ་ལ་དཔང་ཡོད་ཅིང་ཁ་ཁྱེར་ལ་དཔངས་མེད་པ་ཡང་མི་རིགས་ལ་ཁ་ཁྱེར་གྱི་ལྔ་གསུམ་གྱིས་སོར་དགུ་ ཐོབ་པར་འདོད་པ་ཡང་མི་འཐད་དོ)། །ཁ་ཁྱེར་གྱི་སྟེང་གི་དབུས་ཀྱི་ཆ་དེ་ལ་ཁ་ཁྱེར་ཆ་ལྔར་བྱས་ནས་ དབུས་ཀྱི་ཆ་གསུམ་(ནི་རྒྱས་པ་ལ་སོར་བདུན་ནས་གཅིག་ནས་ཀྱི་ལྔ་གསུམ་དང་ཞི་བ་ལ་དེའི་ཕྱེད་ཀྱི་ཚད་)གྱིས་ཁ་ ཁྱེར་གྱི་སྟེང་དུ་(མཚན་མ་)རྡོ་རྗེ་ཕྲེང་བ་སྟེ་ལས་ཐམས་ཅད་པའི་ཐབ་ལའོ། །མཆུ་ཡི་ཚད་ཀྱིས་ དཔངས་ཏེ་གང་གི་ཚེ་(ཐབ་)འཇིམ་པའི་རང་བཞིན་(བརྩིགས་པ་)ཡིན་པ་དེའི་ཚེ་(ཁ་ཁྱེར་གྱི་སྟེང་ཆ་ ལྔར་ཕྱེ་བའི་)དབུས་མའི་(ཆ་གསུམ་གྱི་རྒྱ་ནི་)རྭ་(སྟེ་འབུར་དུ་དོད་པར་བྱས་པ་)ནི་མཆུའི་ཕྱེད་ཀྱིས་དཔངས་ 3-1-383 (སུ་བྱ་ཞིང་དེའི་སྟེང་དུ་རྡོ་རྗེའི་ཕྲེང་བ་འབྲི་བར་བྱའོ)སོ། །གང་གི་ཚེ་(ཐབ་)རྡུལ་ཚོན་གྱིས་(བྲིས་པ་)ཡིན་པ་ དེའི་ཚེ་(ཁ་ཁྱེར་གྱི་དབུས་ཀྱི་ལྔ་གསུམ་ལ་)དཔངས་ངེས་པ་མེད་དོ། ། ༈ (ཐབ་ཀྱི་)ཕྱི་རོལ་(ཏུ་ཁ་ཁྱེར་གྱི་)འོག་ཏུ་སྟེ་འོག་ཏུ་རྩེ་མོ་(ཕྱོགས་པར་)ཡོད་པའི་པད་མའི་ འདབ་མ་རྣམས་(ཁ་ཁྱེར་གྱི་འོག་ནས་)སའི་མཐར་ཐུག་པར་(ཐབ་ཀྱི་ལོགས་ལ་)ཁ་ཁྱེར་གྱི་ཕྱེད་ཀྱི་ཚད་ (རྒྱས་པ་ལ་སོར་དྲུག་དང་ཞི་བ་ལ་དེའི་ཕྱེད་)ཀྱིས་(རིམ་པ་བརྒྱད་དུ་)བྱའོ(ཁ་ཅིག་ནི་ཐབ་ཀྱི་ངོ་བོའི་དཔངས་ལ་ཁོང་བུ་ བརྐོས་པའི་ནང་དུ་བྱིང་བའི་རྣམ་པར་བྱས་ནས་མཆུ་ཕན་ཆད་ས་གཞི་ལས་སྟེང་དུ་ཐོན་པར་བྱས་ཏེ་ཁ་ཁྱེར་གྱི་འོག་གི་མཐའ་ ནས་པད་མའི་ཕྲེང་བ་ས་གཞི་ལ་ཐུག་པར་འཕྱང་པའི་རྣམ་པར་བྱའོ་ཞེས་གསུངས་སོ)། །དེ་ནས་ཕྱི་རོལ་གྱི་ཕྱོགས་ རྣམས་ཀུན་ཏུ་ས་(གཞི་ཕྱོགས་མདོག་)ལ་ཀུ་ཤ་དགོད་པར་བྱ(སྟེ་སམ་བུ་ཊིར། ལས་ཀུན་བྱེད་པ་བཟླས་ནས་ནི། ། ཀུ་ཤ་རྩེ་མཉམ་ཕྱིར་བསྟན་ཏེ། །ཐབ་ཁུང་འཁོར་བར་དགྲམ་པར་བྱ། །ཞེས་གསུངས་པ)འོ། །ཀུ་ཤ་བཀྲམ་པ་དེའི་ཕྱི་ རོལ་ཏུ་རི་མོ་གསུམ་དང་ནུབ་ཀྱི་ཕྱོགས་ཀྱི་ཆར་ངེས་པར་སྒོ་གཅིག་ཏུ་ནི་རབ་ཏུ་འགྱུར་ཞེས་ པ་ནི། འདིར་ཐབ་ཀྱི་ཕྱི་རོལ་ཏུ་ཁྲུ་གཉིས་དོར་ནས་ཕྱི་རོལ་ཏུ་(ཕྱི་ནས་རིམ་པ་ལྟར་)དཀར་པོ་དང་ དམར་པོ་དང་ནག་པོའི་རྡུལ་ཚོན་གྱིས་ར་བ་གསུམ་བྱས་ཏེ་དེ་ནས་ནུབ་ཏུ་ར་བ་རིང་བའི་ཚད་ ཀྱི་བརྒྱད་ཆའི་སྒོ་ནི་དཀྱིལ་འཁོར་གྱི་སྒོ་བཞིན་དུ་རྟ་བབས་དང་བཅས་པའོ〔འདིར་སྒོ་ནུབ་ཏུ་འོང་ བའི་རྒྱུ་མཚན་ནི་གཙོ་བོ་ལྟར་མེ་ལྷ་ཤར་དུ་ལྟ་བའི་ཕྱིར་དང༌། །སློབ་དཔོན་ནུབ་ཏུ་ལྟ་བའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱོགས་ བརྒྱད་ཀྱི་ཐབ་ལ་ཡང་མེ་ལྷ་སོ་སོའི་བཞུགས་ཚུལ་ལ་ལྟོས་ནས་སྒོ་ཐམས་ཅད་མེ་ལྷའི་རྒྱབ་དང་སློབ་དཔོན་གྱི་མདུན་དུ་སྟེ་དེ་ཉིད་ ཀྱིས་ན་སྒོ་་ཐམས་ཅད་རང་རང་གི་ནུབ་དང་སློབ་དཔོན་གྱི་གདན་ཐམས་ཅད་རང་རང་གི་ཤར་དུ་ཡང་འགྱུར་རོ〕། །དེ་ལྟར་ ཐབ་ཆེ་བ་དང་ཆུང་བ་ཐམས་ཅད་ལ་ཁྲུ་གཉིས་དོར་ནས་(ཞི་བ་སོགས་ལ་སྤྲོ་བའི་རིམ་པ་དང་དྲག་པོ་རྣམས་ ལ་སྡུད་པའི་རིམ་པས་)ར་བ་གསུམ་ནི་ངེས་པའོ། ༧༢ ། ༈ སློབ་དཔོན་དག་གིས་གདན་ནི་(ལས་ཐམས་ཅད་པ་ལ་ཤར་དུ་སྟེ་སྒོ་ནུབ་ཏུ་གསུངས་པའི་ཕྱིར་རོ། །དེའང་ རྒྱས་པ་ལས་ཐམས་ཅད་པ་ལ་)ངེས་པར་མཉམ་པ་གྲུ་བཞིར་འགྱུར་ཏེ་ཐབ་(དེ་ཉིད་)ཀྱི་སྙིང་པོའི་པད་ 3-1-384 མ་(ཁྲུ་གང་བ་)དག་ལས་ཉིས་འགྱུར་རོ། །ཞེས་པ་ནི་ཁྲུ་གཉིས་པ་གྲུ་བཞིའོ(རྒྱས་པ་ལས་ཐམས་ཅད་ པའི་སྙིང་པོའི་པད་མ་ཁྲུ་གང་བར་གསུངས་པ་འདིས་ཀྱང་ཐབ་དེའི་ཡེ་ཤེས་འཁོར་ལོ་ཁྲུ་དོ་བ་དང་ཐབ་ཁུང་ཉིད་ཀྱི་རྒྱ་ཁྲུ་བཞི་ པར་གྲུབ་པོ་ཞི་བ་ལས་ཐམས་ཅད་པའི་གདན་ཡང་རང་གི་སྙིང་པོའི་པད་མ་ཉིས་འགྱུར་ཏེ་ཁྲུ་གང་ངོ་)། །དེ་བཞིན་དུ་(ལས་ སོ་སོ་བའི་)ཐབ་ཐམས་ཅད་ལ་(ཡང་སློབ་དཔོན་གྱི་གདན་)ཁྲུ་གང་གི་ཁྱོན་ནོ། །དེ་བཞིན་དུ་(སློབ་དཔོན་གྱི་)གཡོན་དུ་མཆོད་ཡོན་གྱི་གདན་ཁྲུ་གང་དུ་འགྱུར་རོ། །དེ་བཞིན་དུ་གཡས་སུ་སྦྱིན་སྲེག་སྣོད་ དག་གི་གདན་ཡང་ཁྲུ་གང་སྟེ་རྒྱས་པ་(ལས་ཐམས་ཅད་པ་)ལ་ཁྲུ་གཉིས་སོ། །གདན་རྣམས་ཀུན་ ལ་དབུས་སུ་པད་མའི་འདབ་མ་(བརྒྱད་)རྣམས་བཀོད་པའོ། །གདན་གྱི་དབུས་སུ་སྣ་ཚོགས་རྡོ་ རྗེའི་མཚན་མ་དགོད་པར་བྱ་སྟེ་རྒྱལ་བའི་བདག་པོ་རྡོ་རྗེ་སེམས་དཔའི་འོ། །ཡང་ནམ་མཁའི་ པད་མ་ཡུམ་གྱིའོ་ཞེས་པ་ཆོས་འབྱུང་དགོད་པར་བྱ་སྟེ་ལས་ཐམས་ཅད་པ་ལ(ར་དང་བློ་གྲོས་སོགས་ ཀྱི་ནི་ཆོས་འབྱུང་ལ་སྣ་ཚོགས་རྡོ་རྗེ་དགོད་པར་སྟོན་ནོ)འོ། ། ༈ (ཕྱི་རོལ་ཏུ་)འབྲུ་ལ་སོགས་པ་རྣམས་བསྲེག་པའི་དོན་དུ་(གོང་བུའི་རྫས་ཀྱི་ཐབ་ཁུང་སྟེ་ནང་དུ་ནི་ ཁ་ཟས་ལྟེ་བའི་མེ་ལ་བསྲེག་པའི་དོན་དུའོ་)ཞལ་ཐབ་ཁུང་ངོ༌། །〔ཕྱི་རོལ་ཏུ་〕མར་ལ་སོགས་པ་(ཞི་བའི་རྫས་ཀྱི་ ཐབ་ཁུང་སྟེ་ནང་དུ་ནི་བྱང་སེམས་)བདུད་རྩིའི་བསྲེག་བླུགས་སྦྱིན་པའི་སླད་དུ་གསང་བ་ཐབ་ཁུང་ངོ༌། ། དེ་ལྟར་ཕྱི་དང་ལུས་ལ་ཐབ་ཁུང་རྣམ་པ་གཉིས་〔གཉིས་〕སུ་འགྱུར་ཏེ་རྒྱལ་པོ་ཞེས་པ་ནི་བོད་ པའོ། །དེ་ལྟར་ན་ལས་ཐམས་ཅད་པའི་ཐབ་ཀྱི་མཚན་ཉིད་ངེས་པའོ། ། ༈ ད་ནི་སྔར་(ལས་རབ་འབྱམ་དུ་)མདོར་བསྟན་པའི་ཞི་བ་ལ་སོགས་པ་(ལས་སོ་སོ་བའི་ཐབ་) རྣམས་ཀྱི་མཚན་ཉིད་རྒྱས་པར་བཤད་པར་བྱ་སྟེ་འདིར་ཟླུམ་པོའི་ཐབ་ཁྲུའི་ཚད་ལ་སྙིང་པོའི་ པད་མ་དཀར་པོ་ཁྲུའི་ཚད་དེ་(དེའི་)ལྟེ་བ་ལ་པད་མ་དང་འདབ་མ་རྣམས་ལ་རྡོ་རྗེ་ལ་སོགས་ པའི་མཚན་མ་(བརྒྱད་རིགས་ཀྱི་དབང་གིས་བྱའོ་)པད་མའི་ཕྱེད་ཀྱིས་(ཐབ་ཁུང་གི་)ཟབས་སོ། །པད་ མའི་བཅུ་གཉིས་ཆ་ནི་མཆུའི་ཐད་ཀར་བཀྱེད་པ་སྟེ་(དེའི་)སྟེང་དུ་(མཆུ་)དེའི་ཕྱེད་ཀྱིས་〔དཔངས་〕 3-1-385 སོ། །(དེའི་ཕྱི་རོལ་ཏུ་)ཐད་ཀར་(བཀྱེད་དེ་)འབྱུང་བའི་ཁ་ཁྱེར་གྱི་དཔངས་ལ་ཡང་(པད་མའི་བཅུ་གཉིས་ ཆ་)སྟེ་པད་མའི་དྲུག་ཆ་ནི་ཁ་ཁྱེར་(གྱི་རྒྱར་)རོ། །ཁ་ཁྱེར་(གྱི་རྒྱ་)ཆ་ལྔ་རྣམས་(སུ་ཕྱེ་བ་)ལས་མདུན་ དང་རྒྱབ་ཀྱི་ཆ་གཉིས་དོར་ནས་(དབུས་ཀྱི་)ཆ་གསུམ་གྱིས་པད་མའི་ཕྲེང་བའོ། །ཁ་ཁྱེར་གྱི་ འོག་གི་ཕྱི་རོལ་ཏུ་〔ཐབ་ཀྱི་ཕྱི་ལོགས་ལ་〕པད་མའི་འདབ་མ་(རྩེ་མོ་འོག་ཏུ་ཕྱོགས་པ་)རྣམས་(ཀྱི་ས་གཞི་ལ་ ཐུག་པར་ཁྱབ་པ་)དང་〔དེའི་ཕྱི་རོལ་གྱི་ས་གཞི་ཕྱོགས་མདོག་ལ་〕དུར་བ་དགྲམ་པར་བྱ་སྟེ་(ཁྲུ་དོ་སྤངས་པར་)ར་ བ་གསུམ་དང་(དེའི་)སྒོ་དང་རྟ་བབས་ནི་〔མེ་ལྷའི་ནུབ་ཡིན་ཡང་དཀྱིལ་འཁོར་ལ་ལྟོས་ནས་ཕྱོགས་སྤྱིའི་〕བྱང་ དུ་འགྱུར་རོ〔འདིར་གང་དག་ལས་སོ་སོ་བའི་ཐབ་བརྒྱད་ལ་ཡང་རེ་ཁཱའི་དཀྱིལ་འཁོར་འདོད་པ་ནི་རང་བཟོ་ཁོ་ནར་བས་ཀྱི་ གསུངས་པ་ནི་མེད་དོ། །ལས་ཐམས་ཅད་པ་ལས་གསུངས་པས་འདིར་བྱེད་ན་ནི་ཡེ་ཤེས་འཁོར་ལོ་ལ་སོགས་པ་ཡང་བྱེད་དགོས་ པར་འགྱུར་རོ། །མཆུ་ཡན་ཆད་བཅུ་གཅིག་ཏུ་བྱས་པའི་གཉིས་ཀྱི་མཆུ་དང་གཅིག་གིས་རེ་ཁཱ་དང་བརྒྱད་ཀྱིས་ཁ་ཁྱེར་བྱེད་པ་ ཡང་ལུང་དང་འགལ་ཞིང་རིགས་པ་དང་མི་ལྡན་ཏེ་ཐབ་ཀྱི་བཅུ་གཉིས་ཆས་མཆུ་དང་དྲུག་ཆས་ཁ་ཁྱེར་དུ་གསུངས་པས་ཁ་ཁྱེར་ ནི་མཆུ་ཉིས་འགྱུར་དུ་རིགས་པའི་ཕྱིར་རོ། །ཅི་སྟེ་མཆུའི་དཔངས་དང་སྡོམ་པ་ཉིས་འགྱུར་ཁ་ཁྱེར་ལ་ཚང་ངོ་ཞེ་ན་འོ་ན་ནི་ཁ་ཁྱེར་ ཡང་དཔངས་དང་སྡོམ་དགོས་པར་ཧ་ཅང་ཐལ་ལོ། །འོན་ཀྱང་ཁ་ཁྱེར་ལ་དཔངས་མེད་དོ། །ཞེ་ན་དེ་ལྟ་ན་མཆུ་ལ་ཡང་མཚུང་ ཤིང་མཆུ་དང་ཁ་ཁྱེར་ལ་རེ་ཁཱ་ཡོད་མེད་ཀྱང་མཚུངས་སོ། །དེ་བཞིན་དུ་ལས་ཐམས་ཅད་པ་ལ་མཆུ་ཕན་ཆད་བཅུ་གསུམ་དུ་བྱས་ པའི་གཉིས་ཀྱིས་མཆུ་དང་གཅིག་གིས་རེ་ཁཱ་དང་བཅུས་ཁ་ཁྱེར་བྱེད་པ་ཡང་མི་རིགས་ཏེ། ཁ་ཁྱེར་མཆུའི་ཉིས་འགྱུར་དུ་གསུངས་ པའི་ཕྱིར་རོ། །གཞན་ཡང་རེ་ཁཱ་ཕྱི་མ་ཁ་ཁྱེར་ལ་སྣོན་པ་ཡིན་ན་ནི་གཟུ་ལུམ་དུ་འགྱུར་ལ་སྣོན་པ་མ་ཡིན་ན་ནི་འདིར་རེ་ཁཱ་ཕྱི་ མ་ཆད་པའི་སྐྱོན་དུ་འགྱུར་རོ〕། །(ཐབ་དེའི་ལྷོར་)སློབ་དཔོན་གྱི་གདན་ཏེ་མཆོད་ཡོན་གྱི་གདན་དང་སྦྱིན་ སྲེག་གི་གདན་ནི་སློབ་དཔོན་གྱི་གདན་གྱི་གཡོན་དང་གཡས་སུ་བྱའོ། །(ཐབ་དཀར་པོ་ཞི་བའི་ཉིས་ འགྱུར་)རྒྱས་པ་ལ་པད་མ་ཁྲུ་གཉིས་པ་སྟེ་(ལས་སོ་སོ་བའི་ཐབ་ཁུང་)ཐམས་ཅད་དུ་མཆུ་(དང་ཁ་ཁྱེར་) ལ་སོགས་པ་ནི་བཅུ་གཉིས་(དང་དྲུག་)ལ་སོགས་པའི་ཆའོ། །ལྟེ་བ་ལ་འཁོར་ལོ་དང་འདབ་མ་ ལ་རྡོ་རྗེ་ལ་སོགས་པའི་མཚན་མའོ། །ཟུར་དུ་སྤྱན་མ་ལ་སོགས་པའི་མཚན་མའོ། །ཁ་ཁྱེར་ 3-1-386 ལ་འཁོར་ལོའི་ཕྲེང་བའོ(སྒོ་དང་སློབ་དཔོན་གྱི་གདན་ནི་ཐབ་དེ་ཉིད་ཀྱི་དབང་ལྡན་དང་བདེན་བྲལ་དུའོ)། །ལྷག་ མ་(ཕྱི་ལོགས་པད་མའི་འདབ་མ་དང་དུར་བ་བཀྲམ་པ་)ནི་སྔར་གྱི་(ཞི་བའི་)ལས་བཞིན་ནོ(འདིར་གང་དག་རྒྱས་ པའི་སྒོ་ཡང་ཞི་བ་དང་མཚུངས་པར་བྱང་དུ་འདོད་པ་ནི་ཤིན་ཏུ་འཁྲུལ་ཏེ་སྒོ་ནི་གདན་གྱི་ཐད་ཀར་གནས་ཤིང་གདན་ཡང་ཞི་བ་ ལ་གཤིན་རྗེ་དང་རྒྱས་པ་ལ་བདེན་བྲལ་དུ་གནས་པའི་ཕྱིར་རོ)། །དེ་བཞིན་དུ་(བསད་པའི་ཐབ་ནག་པོ་)གཞུའི་རྣམ་ པ་ནི་ཞི་བའི་ཐབ་དབུས་ནས་བཅད་པ་སྟེ་དབུས་སུ་པད་མ་སོར་བཅུ་གཉིས་པའོ། །དེའི་ཕྱེད་ ཀྱིས་ཟབས་སོ། །མཆུ་ལ་སོགས་པ་ཐམས་ཅད་སྔར་བཞིན་དུ་བཅུ་གཉིས་ལ་སོགས་པའི་ ཆའོ། །(ཕྱི་ལོགས་ཀྱི་)པད་མའི་འདབ་མའི་གནས་སུ་མཚན་མ་ནི་ལག་མཐིལ་གྱི་སོར་མོའི་ཕྲེང་ བའོ། །འོག་གི་ཕྱི་རོལ་ཏུ་(དུར་བའི་ཚབ་མར་)རོའི་སྐྲས་སྤྲས་པའོ། །ལྟེ་བ་ལ་གྲི་གུག་དང་ཁ་ཁྱེར་ གྱི་སྟེང་དུ་གྲི་གུག་གི་ཕྲེང་བའོ། །(ཐབ་ཀྱི་ཤར་ཏུ་སྒོ་དང་ནུབ་ཏུ་)སློབ་དཔོན་གྱི་གདན་ནི་གཞུའི་རྣམ་ པ་(དབུས་སུ་པད་མ་ཁྲུ་གང་བའི་ལྟེ་བ་ལ་)གྲི་གུག་གིས་མཚན་པ་སྟེ་ཞི་བ་ལ་པད་མས་མཚན་པ་དང་ རྒྱས་པ་ལ་འཁོར་ལོས་མཚན་པ་ཇི་ལྟ་བ་བཞིན་ནོ། །(དབྱེ་བའི་)ཟུར་ལྔ་པ་(ནག་པོ་)ནི་(བསད་ པའི་ཉིས་འགྱུར་)ཞི་བའི་ཐབ་ཀྱི་ཚད་དེ་ཟུར་ལྔའི་སྟེང་དུ་ཁ་ཁྱེར་ལ་རལ་གྲིའི་ཕྲེང་བ་དང་སྙིང་ པོའི་མཚན་མ་ཡང་རལ་གྲིའོ། །ཕྱི་རོལ་གྱི་(ལོགས་ཁ་ཁྱེར་གྱི་)འོག་ཏུ་བྱ་རོག་གི་མཇུག་མའི་ཕྲེང་ བ་སའི་རང་བཞིན་ཁ་དོག་ནག་པོ་བྱ་སྟེ་ཕྱི་རོལ་ཏུ་〔ཕྱོགས་མདོག་〕འབྱུང་པོའི་ཤིང་གི་འདབ་མ་ དགོད་དོ(སྒོ་དང་སློབ་དཔོན་གྱི་གདན་ནི་ཐབ་དེ་ཉིད་ཀྱི་མེ་དང་རླུང་དུའོ)། །(དབང་གི་)ཟུར་གསུམ་པ(དམར་པོ་) ནི་རྣ་བ་ནས་རྣ་བར་ཁྲུ་གང་དང་རྣ་བ་〔གསུམ་〕ནས་(ལོགས་གསུམ་གྱི་བར་གྱི་)དབུས་མའི་ཆར་སོར་ཉི་ ཤུ་ནི་སྙིང་པོའི་པད་མའོ། །ཚད་དེ་ཉིད་ཀྱིས་པད་མའི་ཕྱེད་སོར་མོ་བཅུ་ནི་ཟབས་སོ། །ལྷག་ མ་མཆུ་ལ་སོགས་པ་རྣམས་ནི་བཅུ་གཉིས་ཀྱི་ཆ་ལ་སོགས་པ་སྔ་མ་བཞིན་ནོ། །ཁ་ཁྱེར་ལ་ མདའི་ཕྲེང་བ་དང་(ཁ་ཁྱེར་གྱི་ཕྱི་ལོགས་)འོག་ཏུ་པད་མ་དམར་པོ་(རྩེ་མོ་འོག་ཏུ་ཕྱོགས་པ་)རྣམས་སོ། ། ཕྱི་རོལ་ཏུ་(ཕྱོགས་མདོག་)མེ་ཏོག་དམར་པོས་སྤྲས་པའོ(སྒོ་དང་སློབ་དཔོན་གྱི་གདན་ནི་ཐབ་དེ་ཉིད་ཀྱི་ལྷོ་དང་ 3-1-387 བྱང་དུའོ)། །ཟུར་བདུན་པ་(དམར་པོ་)ནི་(ཟུར་གསུམ་པ་)འདིའི་ཉིས་འགྱུར་ཏེ་ཁ་ཁྱེར་ལ་རྡོ་རྗེ་ལྕགས་ ཀྱུའི་ཕྲེང་བ(སྒོ་དང་སློབ་དཔོན་གྱི་གདན་ནི་ཐབ་དེ་ཉིད་ཀྱི་བདེན་བྲལ་དང་དབང་ལྡན་དུ)འོ། །ལྷག་མ་(ཐབ་ཀྱི་ཕྱི་ རོལ་དང་ཕྱི་ལོགས་ཀྱི་)ནི་ཟུར་གསུམ་པ་བཞིན་ནོ། །སྙིང་པོའི་མཚན་མ་ནི་ཟུར་གསུམ་པ་(དབང་) ལ་མདའ་སྟེ་དགུག་པ་ལ་རྡོ་རྗེ་ལྕགས་ཀྱུའོ། །(རྨོངས་པའི་)ཟུར་དྲུག་པ་(སེར་པོ་)ནི་སོར་སུམ་ཅུ་ སྟེ་ཟུར་དྲུག་པའི་སྟེང་དུ་ཁ་ཁྱེར་ལ་སྦྲུལ་གྱི་ཞགས་པའི་ཕྲེང་བའོ། །སྙིང་པོའི་མཚན་མ་ནི་ སྦྲུལ་གྱི་ཞགས་པའོ། །(ཕྱི་ལོགས་སུ་)ཨརྐ་སེར་པོའི་འདབ་མ་རྣམས་དང་ཕྱི་རོལ་ཏུ་(ཕྱོག་མདོག་) མེ་ཏོག་སེར་པོས་སྤྲས་པའོ(སྒོ་དང་སློབ་དཔོན་གྱི་གདན་ནི་ནུབ་དང་ཤར་དུའོ)། །(རེངས་པའི་)ཟུར་བརྒྱད་ པ་(སེར་པོ་)ནི་སྔ་མ་(རྨོངས་པའི་)ཉིས་འགྱུར་ཏེ་སྙིང་པོའི་མཚན་མ་ནི་རྡོ་རྗེ་ལྕགས་སྒྲོག་གོ། ཁ་ ཁྱེར་ལ་རྡོ་རྗེ་ལྕགས་སྒྲོག་གི་ཕྲེང་བའོ། །(ཁ་ཁྱེར་གྱི་)འོག་(དང་ཕྱི་རོལ་)ཏུ་ཟུར་དྲུག་པ་བཞིན་ (སྟེ་སྒོ་དང་སློབ་དཔོན་གྱི་གདན་ནི་ཐབ་དེ་ཉིད་ཀྱི་རླུང་དང་མེར་ཡིན་)ནོ། །(ཐམས་ཅད་ལ་)ར་བ་གསུམ་ནི་ཐམས་ ཅད་དུ་(ཐབ་ལས)ཁྲུ་གཉིས་དོར་(བའི་ཕྱི་)ནས་(དེ་ནས་རིམ་པ་ལྟར་དགེ་བ་ལ་ཐུགས་གསུང་སྐུའི་ཁ་དོག་དང་མི་ དགེ་བ་ལས་ནི་དེ་ལས་བཟློག་པས་སོ། །ར་བའི་ནང་གི་ས་ཕྱོགས་མདོག་ནི་མེ་ལྷའི་བཞུགས་ཚུལ་ལས་རིག་པར་བྱ་ཞིང་ནང་ གི་པད་མ་དང་མཚན་མའི་ཕྲེང་བ་ནི་ཐབ་ཀྱི་ཁ་དོག་དང་འདབ་མ་རྣམས་ཀྱི་མཚན་མའི་ཁ་དོག་ནི་རིགས་ཀྱི་དབང་གིས་)སོ། ། སློབ་དཔོན་གྱི་གདན་དང་མཆོད་ཡོན་གྱི་གདན་དང་སྦྱིན་སྲེག་གི་གདན་(པད་མ་ཐབ་ཀྱི་མདོག་ཅན་ སྙིང་པོའི་མཚན་མས་མཚན་པ་)ནི་ཐམས་ཅད་དུ་〔རང་རང་གི་〕ཐབ་ཀྱི་རྣམ་པས་(བསྐོར་ཏེ་གནས་)སོ། །ཐབ་ རྣམས་ཀྱི་རྣ་བ་ནས་རྣ་བའི་ཚད་ཀྱིས་ཐད་ཀའི་ཆ་ངེས་པ(ནི་དཔེར་ན་ཤར་གྱི་བསྐྲད་པའི་ཐབས་ཟུར་ལྔ་ པའི་རྣམ་པའམ་ཟུར་ནས་ཟུར་གྱི་བར་ལོགས་རེ་རེ་ལས་སོར་བཅུ་བདུན་དང་ནས་གཉིས་ཡོད་པས་དེའི་ནང་གི་པད་མའི་རྒྱ་ཁྲུ་ གང་ཡོད་པར་ངེས་པ་ལྟ་བུ)འོ〔འདིར་མཚམས་བཞིར་གནས་པའི་ཐབ་ནག་པོ་དང་དམར་པོ་དང་དཀར་པོ་དང་སེར་པོ་རྣམས་ ཆ་རིམ་པས་འཕེལ་བ་ནི་རླུང་ལ་སོགས་པའི་ཡོན་ཏན་གྱི་དབང་གིས་ཏེ་ཤར་ལ་སོགས་པ་ཕྱོགས་བཞིར་གནས་པ་ལ་ཡང་དེ་ བཞིན་ནོ། །ཕྱོགས་ཀྱི་ཐབ་རྣམས་རང་རང་གི་མཚམས་ན་གནས་པའི་ཐབ་ལས་ཉིས་འགྱུར་གྱི་ངེས་པ་ནི་ཐབས་དང་ཤེས་རབ་ 3-1-388 ཀྱི་དབང་གིས་ཏེ་ཐབས་ཀྱི་ཉིས་འགྱུར་ཤེས་རབ་ལ་ཞེས་པའི་ངེས་པའོ། །འདིར་ཕྱོགས་དང་མཚམས་ནི་ཐབས་དང་ཤེས་རབ་ སྟེ་དེར་གནས་པའི་ཐབ་རྣམས་དེ་ལས་བཟློག་པ་ནི་ཐབས་ཀྱི་གནས་སུ་ཤེས་རབ་དང་ཤེས་རབ་ཀྱི་གནས་སུ་ཐབས་འཇུག་པའི་ དབང་གིས་སོ〕། ། ༈ ད་ནི་ཐབ་རྣམས་ཀྱི་(དབྱིབས་དང་ཁ་དོག་གི་)རང་བཞིན་(ནམ་མཚན་ཉིད་)བརྗོད་པར་བྱ་སྟེ་ འདིར་ཞི་བའི་ཐབ་ནི་ཟླ་བའི་རང་བཞིན་(དཀར་པོ་)ཉི་མའི་མཚན་མ(ཟླུམ་པོ)ས་མཚན་པའོ། ། རྒྱས་པའི་ཐབ་ནི་ཉི་མའི་ཆོས་ཅན་〔དེ་ཞི་བ་ལས་〕ཉིས་འགྱུར་ཉིད་ཀྱི་ཕྱིར་ཟླ་བ་ཉིས་འགྱུར་ ཏེ་ཟླ་བ(དཀར་པོ)ས་མཚན་པའོ། །བསད་པའི་ཐབ་ནི་སྒྲ་གཅན་གྱི་མཚན་ཉིད་〔ནག་པོ་ཉིད་〕ཏེ་ དུས་མེ(དང་བཅས་པ)འི་མཚན་མ(སྟེ་ལུས་གཞུའི་རྣམ་པ)ས་མཚན་པའོ། །བསྐྲད་པའི་ཐབ་ནི་རླུང་གི་ མཚན་ཉིད་(ཅན་ཟླ་གམ་ཟུར་གཉིས་པ་)མེའི་རང་བཞིན་(ཟུར་གསུམ་)དང་འདྲེས་པ་(ཟུར་ལྔ་པ་)སྟེ་(རླུང་)རང་གི་མཚན་མ(སྟེ་ཁ་དོག་ནག་པོ)ས་མཚན་པའོ། །ཟུར་གསུམ་པའི་ཐབ་ནི་དུས་མེའི་མཚན་ ཉིད་ཏེ་(མེ་)རང་གི་མཚན་མ(གྲུ་གསུམ་དམར་པོ)ས་མཚན་པའོ། །དགུག་པའི་ཐབ་ནི་ས་དང་མེའི་ ཡོན་ཏན་(ཟུར་བཞི་དང་གསུམ་)གྱི་བདག་ཉིད་(ཟུར་བདུན་)ཏེ་ལྕགས་ཀྱུའི་མཚན་མས་མཚན་པའོ། ། ཟུར་དྲུག་པ་ནི་སྒྲ་གཅན་(ཟུར་གཉིས་)དང་ས(ཟུར་བཞི)འི་བདག་ཉིད་(ཟུར་དྲུག)ཏེ་སྦྲུལ་གྱི་མཚན་ མས་མཚན་པའོ། །(དེ་ལྟར་ན་)[རྨོངས་པ་ལ་སྒྲ་གཅན་གྱིའོ(འདི་བློ་གྲོས་སོགས་ཀྱི་འགྱུར་ལ་མེད)། །] རེངས་པའི་ཐབ་ནི་ལྷུན་པོ་(ཟུར་བཞི་གཞན་དང་བསྟུན་པ་)དང་ས་(ཟུར་བཞི་སྟེ་)གཉི་ག་ཁ་སྦྱར་བ་(ཟུར་ བརྒྱད་པ)གཉི་གའི་མཚན་མ(སེར་པོ)ས་མཚན་པའོ་ཞེས་པ་ནི་ཐབས་ཀྱི་མཚན་ཉིད་ངེས་པའོ། ། ༈ སྔར་(ལས་རབ་འབྱམ་དུ་)གསུངས་པའི་འདུག་སྟངས་དང་(ལས་དང་རྗེས་སུ་མཐུན་པའི་)སྦྱིན་ སྲེག་གི་རྫས་ལ་སོགས་པའི་ངེས་པ་སྔགས་པས་རིག་པར་བྱའོ། །ཞེས་པ་ནི་རྣལ་འབྱོར་དང་ རྣལ་འབྱོར་མའི་རྒྱུད་(གསང་བ་འདུས་པ་དང་ཀྱེའི་རྡོ་རྗེ་)ལ་སོགས་པ་ཐམས་ཅད་ལ་བཅོམ་ལྡན་ འདས་ཀྱི་ངེས་པའོ། ༧༣ ། 3-1-389 ༈ ད་ནི་ཐབ་ཅེས་པ་ལ་སོགས་པས་སྦྱིན་སྲེག་གི་ཆོ་ག་གསུངས་པ་འདིར་དང་པོར་ཐབ་ ཀྱི་ཕྱོགས་བཅུ་རྣམས་སུ་ཁྲོ་བོའི་རྒྱལ་པོ་ལྷ་མོར་བཅས་པས་ཞེས་པ་ཁྲོ་བོ་རྣམས་ཀྱི་ལྷ་མོ་ རྣམས་དང་ཐབས་གཅིག་ཏུ་བསྲུང་བ་བྱས་ནས་(འདིར་སྲུང་བའི་འཁོར་ལོ་བསྒོམ་པར་བྱ་བ་ནི་མ་ཡིན་གྱི་ དང་པོར་སློབ་དཔོན་ཐབ་ཀྱི་ཤར་གྱི་ར་བ་གསུམ་གྱི་ཕྱི་རོལ་ཏུ་ཐབ་ལ་མངོན་པར་ཕྱོགས་པར་འདུག་སྟེ་རང་ཉིད་ཁྲོ་བོའི་དབང་ པོར་བསྒོམ་པའི་སྙིང་གར་ཉི་མའི་སྟེང་དུ་ཁྲོ་བོ་བཅུའི་ས་བོན་ལས་ཁྲོ་བོ་བཅུ་ཡུམ་དང་བཅས་པ་བསྐྱེད་ནས་ཁྲོ་བོ་ཡབ་ཡུམ་དང་ བཅས་པ་རྣམས་ཐབ་ཀྱི་ཕྱོགས་བཅུར་བཀོད་དེ་བསྲུང་བ་བྱ་ཞིང་དེ་ནས་)སྔར་བརྗོད་པའི་སྔགས་ཀྱི་ཚིག་རྣམས་ ཀྱིས་ཕུར་བུ་བཏབ་སྟེ་དེ་ནས་〔ཐབ་ཀྱི་ར་བའི་ནང་དུ་སྔར་བཀོད་པའི་གདན་ལ་སློབ་དཔོན་ཉེ་བར་འདུག་སྟེ་ལས་ དང་རྗེས་སུ་མཐུན་པའི་ལྷའི་རྣལ་འབྱོར་དང་ལྡན་པས་〕དཔལ་ལྡན་རྡོ་རྗེ་རྣམས་ཀྱིས་བསང་བ་སོགས་དང་ ༀ་ཨཱཿ་ཧཱུྃ་ཧྲཿཕཊ་ཅེས་པ་འདིས་ཐབ་ཀྱི་ཕྱོགས་བཅུ་རྣམས་སུ་ཀུ་ཤས་མཆོད་ཡོན་གྱི་སྣོད་ ནས་དྲིའི་ཆུ་བླངས་ཏེ་དང་པོར་བསང་བར་བྱའོ། །དེ་ནས་(མེ་ལྷ་)དེའི་རྣལ་འབྱོར་(ལ་)དམིགས་ པར་བྱ་སྟེ་(དང་པོར་)རང་གི་སྙིང་ཁ་(ཉིད་དུ་མེ་ལྷ་དམ་ཚིག་སེམས་དཔའི་བསྐྱེད་པ་ལ་མཆོད་སྦྱིན་གྱི་མེ་དང་འདོད་ པའི་མེ་དང་ཁྱིམ་བདག་གི་མེ་རྣམས་དགུག་པ་དང་གཞུག་པ་དང་བཅིང་བ་དང་མཉེས་པར་བྱས་པ་)དང་(དེའི་རྗེས་སུ་)ཐབ་ ཏུ་〔སྙིང་ཁའི་〕མེ་ལྷ་རབ་ཏུ་བཞག་ཅིང་དེ་ནས་ཆུར་བཅས་མེ་ཏོག་རྣམས་ཀྱིས་མེ་ལ་མཆོད་ཡོན་ ཉིད། དེ་ཡི་རྣལ་འབྱོར་ལྡན་པས་སྦྱིན་པར་བྱ་སྟེ་(དེ་ཡང་དང་པོར་)རང་སྙིང་པད་མར་ཟླ་བའི་ སྟེང་དུ་(མེ་ལྷ་དམ་ཚིག་པ་)བསྒོམས་(པ་ལ་ཡེ་ཤེས་ཀྱི་མེ་ལྷ་དགུག་གཞུག་སོགས་བྱས་)ནས་སོ(སྙིང་ཁའི་མེ་ལྷ་དེ་ ཉིད་ཐབ་ཀྱི་པད་མའི་ལྟེ་བར་བཞག་པ་ལའོ)། ། ༈ ལས་ཐམས་ཅད་པ་ལ་(མེ་ལྷ་)ཞལ་གཅིག་པ་ཁ་དོག་ལྗང་ཁུ་ཕྱག་བཞི་པ་ཞབས་ གཉིས་པའོ། ༧༤། འདིར་ལས་ཐམས་ཅད་པ་ལ་གཡས་པའི་ཕྱག་དང་པོ་ན་རྡོ་རྗེ་དང་གཉིས་པ་ན་བགྲང་ ཕྲེང་ངོ༌། །གཡོན་ན་དྲིལ་བུ་དང་པད་མའོ། །རལ་བ་ཤིན་ཏུ་སེར་སྐྱ་དང་མིག་དམར་སེར་ 3-1-390 དང་གོས་དམར་སེར་ཏེ་ལས་ཐམས་ཅད་པ་ལ་མི་བསྐྱོད་པ་སྤྱི་བོར་འཛིན་པའོ། །(དེ་ལྟར་རང་ སྙིང་པད་མར་ཟླ་བའི་སྟེང་དུ་མེ་ལྷ་)དམ་ཚིག་སེམས་དཔའ་རྫོགས་པར་བྱསཏེ་དེ་ནས་(དམ་ཚིག་སེམས་ དཔའ་)དེའི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཛཿཡིག་གི་ས་བོན་ཡོངས་སུ་ གྱུར་པ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མེད་(འོད་ཟེར་)འཕྲོ་བྱེད་བསྒོམ་པར་བྱའོ། །(ལྕགས་ཀྱུ་)དེ་ཡིས་ (ཡེ་ཤེས་ཀྱི་མེ་ནམ་མཁའ་ལྟར་བརྟན་གཡོ་)ཀུན་(དུ་)འགྲོ་(བ་སྟེ་ཁྱབ་པའི་)ཡེ་ཤེས་སེམས་དཔའ་བཀུག་ ནས་དམ་ཚིག་སེམས་དཔའ་དང་ལྷན་ཅིག་རོ་མཉམ་པར་མཛོད་ཅིག། 〔དེ་ནས་སྙིང་ཁར་〕 དེ་ལྟར་ ཐབ་ལ་ཡང་ནི་ཡང་དག་འགྱུར་ཏེ་རང་གི་སྙིང་ཁ་ལས་ཕྱིར་འབྱུང་བའི་དབུགས་དང་འཆད་ པར་འགྱུར་བའི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲང་བ་བྱས་ནས་རྡོ་རྗེ་ཁུ་ཚུར་སྟེང་དུ་མཐེ་བོ 〔གནས་པ〕ས་པད་མའི་ལྟེ་བ་ལ་གཞག་པར་བྱའོ〔དེས་ན་འདིར་ཐབ་ཁུང་དུ་མེ་ལྷ་དམ་ཚིག་སེམས་དཔའ་བསྐྱེད་པ་ ནི་དགོངས་པ་མ་ཡིན་ནོ〕། ། ༈ ཞི་བ་ལ་ཁ་དོག་དཀར་པོ་གོས་དང་བཅས་པ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་ པ་སྟེ་གཡས་པ་ན་པད་མ་དང་ཤེལ་གྱི་བགྲང་ཕྲེང་འཛིན་ཞིང་གཡོན་པ་ན་རིལ་བ་དང་དུང་ འཛིན་པའོ། །རྒྱས་པ་ལ་གཡས་ན་འཁོར་ལོ་དང་མུ་ཏིག་གི་བགྲང་ཕྲེང་འཛིན་ཅིང་གཡོན་ པ་ན་པད་མ་དང་སྤྱི་བླུགས་འཛིན་པའོ། །བསད་པ་ལ་ཁ་དོག་ནག་པོ་གོས་དང་བཅས་པ་ དོན་ཡོད་གྲུབ་པས་དབུ་བརྒྱན་པ་སྟེ་ཕྱག་གཡས་པ་ན་གྲི་གུག་དང་རྩེ་གསུམ་པ་ཕྱག་གཡོན་ པ་ན་ཐོད་པ་དང་ཁ་ཊྭཱཾ་གའོ། །བསྐྲད་པ་དང་དབྱེ་བ་ལ་ཡང་ཕྱག་གཡས་པ་ན་རལ་གྲི་དང་ རྩེ་གསུམ་པ་དང་ཕྱག་གཡོན་པ་ཐོད་པ་དང་ཁ་ཊྭཱཾ་གའོ། །དབང་ལ་གུར་གུམ་གྱི་མདོག་ཅན་ གོས་དང་བཅས་པ་ཕྱག་གཡས་པ་ན་མདའ་དང་རིན་པོ་ཆེ་དང་ཕྱག་གཡོན་པ་ན་གཞུ་དང་ མེ་ལོང་སྟེ་རིན་ཆེན་དབང་ཕྱུག་གིས་དབུ་བརྒྱན་པའོ། །དགུག་པ་ལ་གཡས་ན་རྡོ་རྗེ་ལྕགས་ ཀྱུ་དང་རིན་པོ་འཛིན་ཞིང་གཡོན་ན་རྡོ་རྗེ་ཞགས་པ་དང་མེ་ལོང་འཛིན་པའོ། །རྨོངས་པ་ལ་ 3-1-391 གཡས་ན་སྦྲུལ་དང་དབྱུག་པ་འཛིན་ཞིང་ཕྱག་གཡོན་པ་ན་འཁོར་ལོ་དང་ཐོ་བའོ། །རེངས་པ་ དང་ཕུར་བུས་གདབ་པ་ལ་གཡས་ན་ལྕགས་སྒྲོག་དང་ཐོ་བ་འཛིན་ཅིང་ཕྱག་གཡོན་ན་འཁོར་ ལོ་དང་རྡོ་རྗེ་ཕུར་བུ་སྟེ་ཁ་དོག་སེར་པོ་གོས་དང་བཅས་པ་རྣམ་པར་སྣང་མཛད་ཀྱིས་དབུ་ བརྒྱན་པའོ། ། ༈ འདིར་དང་པོར་ལས་ཐམས་ཅད་པ་ལ་ལྷ་ཁང་ནས་མེ་བླངས་ནས་ཙན་དན་གྱི་ཤིང་ གིས་རབ་ཏུ་སྦར་བར་བྱའོ། །ཞི་བ་དང་རྒྱས་པ་ལ་བྲམ་ཟེའི་ཁྱིམ་ནས་སོ། །བསད་པ་(དང་ བསྐྲད་པ་)ལ་སོགས་པ་ལ་དམངས་རིགས་ཀྱི་ཁྱིམ་ནས་སོ། །དབང་ལ་སོགས་པ་ལ་རྒྱལ་ རིགས་ཀྱི་ཁྱིམ་ནས་སོ། །རེངས་པ་ལ་སོགས་པ་ལ་རྗེ་རིགས་ཀྱི་ཁྱིམ་ནས་སོ། །(ཁྱད་པར་དུུ་)བསད་པ་ལ་ནི་གདོལ་པའི་ཁྱིམ་ནས་བླངས་ཏེ་ཚེར་མ་ཅན་གྱི་ཤིང་གིས་རབ་ཏུ་སྦར་བར་ བྱའོ། །རེངས་པ་ལ་སྐ་བའི་(རོ་དང་ལྡན་པའི་)ཤིང་གིས་སོ། །དབང་ལ་སེང་ལྡེང་ལ་སོགས་པ་ དམར་པོའི་ཤིང་གིས་སོ། །ཞི་བ་ལ་(ཨུ་དམ་བ་ར་དང་ཨ་ཤྭད་ཐ་དང་ནྱ་གྲོ་དྷ་ལ་སོགས་པ་)འོ་མ་ཅན་གྱི་ ཤིང་གིས་སོ། །ལས་ཐམས་ཅད་པ་ལ་ཙན་དན་དང་ཨ་ཀ་རུ་དང་ཐང་ཤིང་ལ་སོགས་པ་དྲི་ བཟང་པོའི་ཤིང་རྣམས་སམ་ཤིང་འོ་མ་ཅན་རྣམས་ཀྱིས་སོ། ། ༈ དེ་ནས་སྔགས་ཀྱི་ཚིག་འདི་རྣམས་ཀྱིས་མེ་ལྷ་སྤྱན་དྲང་བར་བྱ་སྟེ་ༀ་ཨེ་ཧི་(ཚུར་བྱོན་)ཨེ་ཧི་(ཚུར་བྱོན་)མ་ཧཱ་བྷཱུ་ཏ་(འབྱུང་པོ་ཆེ་)དེ་བ་རྀ་ཥི་(ལྷ་ཡི་དྲང་སྲོང་)དྭི་ཛ་སཏ་ཏ་མ་(གཉིས་སྐྱེས་ མཆོག་)གྲྀཧཱི་ཏྭཱ་ཡུ་ངྷྂ་(མཚོན་ཆ་འཛིན་པ་)མ་ཧ་རསྨི་(འོད་ཟེར་ཆེ་)ཨ་སྨིན་(འདིར་ནི་)སྂ་ནི་ཧི་ཏོ་བྷ་ བ་(ཡང་དག་པར་མཉེས་པར་མཛོད་)བཛྲ་དྷ་ར་ཨ་ཛྙཱ་པ་ཡ་ཏི་(རྡོ་རྗེ་འཆང་གི་བཀའ་བཞིན་མཛོད་)སྭཱཧཱ། ཞེས་ པ་བརྗོད་ཅིང་ལྕགས་ཀྱུའི་ཕྱག་རྒྱས་དགུག་པར་བྱ་སྟེ་རྡོ་རྗེའི་ཕྱག་རྒྱས་གཞུག་པར་བྱ་ཞིང་ ཞགས་པའི་ཕྱག་རྒྱས་བཅིང་བར་བྱ་སྟེ་དྲིལ་བུའི་ཕྱག་རྒྱ་འཆད་པར་འགྱུར་བས་མཉེས་པར་ བྱའོ། །འདི་རྣམས་ལ་སོ་སོར་ས་བོན་གྱི་ཡི་གེ་ཛཿཧཱུྂ་བྂ་ཧོཿཞེས་པ་བརྗོད་པར་བྱའོ། །དེ་ནས་ 3-1-392 རྡོ་རྗེ་དྲིལ་བུ་དཀྲོལ་ནས་དབང་དུ་བྱའོ། །འདིར་མཆོད་ཡོན་དབུལ་བར་བྱ་སྟེ་ༀ་པྲ་ཝ་ར་(རབ་ མཆོག་)སད་ཀཱ་རཾ་(བསྙེན་བཀུར་)མ་ཧཱ་རསྨཱིན་(འོད་ཟེར་ཆེན་པོ་)པྲ་ཏཱིཙྪ་(སོ་སོར་བཞེས་)སྭཱ་ཧཱ་ཞེས་པ་ནི་ མཆོད་ཡོན་དབུལ་བའི་སྔགས་སོ། །དེ་ནས་མཆོད་པ་ནི་དེ་བཞིན་དུ་བཛྲ་(རྡོ་རྗེ་)གན་དྷཾ་(དྲི་)པྲ་ ཏཱིཙྪ་སྭཱ་ཧཱ། བཛྲ་པུཥྤཾ་(མེ་ཏོག་)པྲ་ཏཱི་ཙྪ་སྭཱཧཱ། བཛྲ་དྷཱུ་པཾ་(བདུག་པ་)པྲ་ཏཱི་ཙྪ་སྭཱཧཱ། བཛྲ་པྲ་དཱི་པཾ་(སྒྲོན་ མེ་)པྲ་ཏཱི་ཙྪཱ་སྭཱཧཱ། བཛྲ་ཨཀྵ་ཏྂ་(མ་ཉམས་པ)པྲ་ཏཱི་ཙྪཱ་སྭཧཱ། བཛྲ་ནཻ་བེ་དྱྂ་(ཞལ་ཟས་)པྲ་ཏཱི་ཙྪ་སྭཱཧཱ། བཛྲ་ལཱ་སྱྂ་(སྒེག་མོ་)པྲ་ཏཱི་ཙྪ་སྭཱཧཱ། བཛྲ་ཧཱ་སྱྂ་(བཞད་མ)པྲ་ཏཱི་ཙྪ་སྭཱཧཱ། བཛྲ་བཱ་དྱྂ་(སིལ་སྙན་མ་)པྲ་ཏཱི་ ཙྪ་སྭཱཧཱ། བཛྲ་ནྼྀ་དྱྂ་(གར་མ་)པྲ་ཏཱི་ཙྪ་སྭཱཧཱ། བཛྲ་གཱི་ཏྂ་(གླུ་མ་)པྲ་ཏཱི་ཙྪ་སྭཱཧཱ། བཛྲ་ཀཱ་མྂ་(འདོད་ མ་)པྲ་ཏཱི་ཙྪ་སྭཱཧཱ། དེ་བཞིན་དུ་སྔར་(ལས་རབ་འབྱམ་དུ་)གསུངས་པའི་རྫས་ལས་ཀྱི་རྗེས་སུ་མཐུན་ པས་མེ་ལྷ་མཆོད་པའི་ཡུལ་ལ་(མཆོད་པ་བཅུ་གཉིས་ཀྱི་)སྔགས་ཀྱི་ཚིག་འདི་རྣམས་སྭཱཧཱའི་མཐའ་ ཅན་གྱིས་མཆོད་པར་བྱ་སྟེ་དཀྱིལ་འཁོར་མཆོད་པ་ལ་(མཆོད་པ་བཅུ་གཉིས་ལ་སོགས་པའི་སྔགས་ཀྱི་ཚིག་ རྣམས་)ན་མཿའི་མཐའ་ཅན་གྱིས་སོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། །དེ་བཞིན་དུ་ཞབས་ བསིལ་ཐམས་ཅད་རབ་ཏུ་ཕུལ་ཏེ། དེ་ནས་སྔར་〔ལས་རབ་འབྱམ་དུ་〕གསུངས་པའི་ཡམ་ཤིང་ལ་ སོགས་པ་དང་སྔར་〔ལས་རབ་འབྱམ་དུ་〕གསུངས་པའི་འདུག་སྟངས་ཀྱི་ཆོ་ག་དང་སྔར་〔ལས་རབ་ འབྱམ་དུ་〕གསུངས་པའི་སྦྱིན་སྲེག་གི་རྫས་རྣམས་ཀྱིས་(ཞི་བ་ལ་སོགས་པའི་)ལས་ཀྱི་རྗེས་སུ་མཐུན་ པས་(ལྷ་དཀར་པོ་ལ་སོགས་པའི་)ཏིང་ངེ་འཛིན་ལ་གནས་པའི་རྡོ་རྗེ་སློབ་དཔོན་གྱིས་སྦྱིན་སྲེག་བྱའོ། ། ལག་པས་ཡམ་ཤིང་བསྲེགས་ཏེ་དེ་ནས་བླུགས་གཟར་གྱིས་སྦྱིན་སྲེག་གི་རྫས་(འབྲུ་ལྔ་ལ་སོགས་ པ་)ཐམས་ཅད་དང་དགང་གཟར་གྱིས་བསྲེག་བླུགས་དབུལ་བར་བྱ་ཞིང་(བླུགས་གཟར་)དེ་མེད་ ན་རང་གི་ལག་པ་(གཡོན་གན་རྐྱལ་དང་གཡས་)མཆོག་སྦྱིན་གྱི་མཐེ་བོང་གིས་(སྲེག་རྫས་བསྐྱོད་ཅིང་) མིའི་ཞལ་དུ་ཐམས་ཅད་སྦྱིན་བསྲེག་བྱའོ། ། ༈ འདིར་མེ་ལྷའི་རྣམ་པར་དག་པ་བརྗོད་པར་བྱ་སྟེ་འདིར་མེ་རྣམ་པ་གསུམ་ནི་ལྷོའི་མེ་ 3-1-393 དང་ཁྱིམ་བདག་གི་མེ་དང་མཆོད་སྦྱིན་གྱི་མེའོ། །ལྷོའི་མེ་ནི་འདིར་གློག་གོ། ཁྱིམ་བདག་གི་ མེ་ནི་ཉི་མའོ། །མཆོད་སྦྱིན་གྱི་མེ་ནི་〔བསྲེག་བྱ་ཐམས་ཅད་བསྲེག་པས་〕མི་བཟད་པ(སྟེ་དེ་རྣམས་བརྫུན་པ་ ཀུན་རྫོབ་གློ་བུར་བའི་མེ)འོ། །བཞི་པ་(རང་བྱུང་)ཡེ་ཤེས་ཀྱི་མེ་(རང་བཞིན་གྱི་འོད་རབ་ཏུ་གསལ་བ་)ནི་བདེན་ པ་(དོན་དམ་པའི་མེ་)སྟེ་(ཐོག་མ་བར་དང་མཐའ་མ་)ཀུན་ཏུ་(ལྷན་ཅིག་སྐྱེས་པ་)དགའ་བའི་ཆོས་(ཏེ་བདེ་བ་ཆེན་ པོའི་སྐུའོ)སོ། །(ཐོབ་པ་)དེའི་ཕྱིར་དེའི་དོན་དུ་〔སྟེ་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་རྣལ་འབྱོར་པ་〕ཐམས་ཅད་ ཉིད་སྦྱིན་སྲེག་བྱེད་〔དགོས་པ་ཉིད་བྱེད་〕དོ། །དེ་བཞིན་དུ་རིག་བྱེད་ཀྱི་མཐའ་ལས་སྨྲས་པ། {ངེས་ བརྗོད་(ཀྱི་རིག་བྱེད་)འཛིན་(རི་ཥ་ཨ་མ་གོར་ཥར་ངེས་བརྗོད་དུ་བཤད་པ་)བདག་ཤ་ཟའི་མེ་དང་ནི། །རིང་ (བ་ཁྱིམ་བདག་གི་མེ་དང་བཅས་པ་)དང་གཤིན་རྗེ་རྒྱལ་སྲིད་ལས་བགྲོད(པ་ལྷོའི་མེ་)སྤོང་(ངོ་)། །འདི་ ཉིད་དུ་ནི་(མེ་གསུམ་པོ་དེ་ལ་ཡེ་ཤེས་ཀྱི་མེ་)གཅིག་ཤོས་(རིག་བྱེད་སྐྱེས་མེའི་མིང་དུ་ཨ་མར་གོ་བར་བཤད་པ་)རིག་ བྱེད་སྐྱེས། །ལྷ་དང་སྐྱེ་དགུུ་(ལ་)སོགས་ལས་བསྲེག་བྱ་འཛིན། །}མི་བཟད་མེ་ནི་རིང་དུ་ བདག་སྤོང་སྟེ། །རི་ཀ་(ཞེས་པ་ངེས་བརྗོད་རིག་བྱེད་ཀྱི་རྣམ་གྲངས་ཏེ་)རབ་འཛིན་(དེ་ནི་)གཤིན་རྗེའི་རྒྱལ་ སྲིད་འགྲོ། །འདི་ཉིད་དུ་ནི་གཞན་སྐྱེས་རིག་བྱེད་འདི། །ལྷ་དང་སྐྱེ་དགུ་སོགས་ལས་བསྲེག་ བྱ་འཛིན། །ཞེས་པ་རིག་བྱེད་ཀྱི་དོན་ཏེ་འདིར་ཡང་དོན་དེ་ཉིད་མི་བཟད་པའི་མེའོ། །སྔགས་ ཀྱི་ཚིག་འདིས་འདོད་པའི་མེ་(ཡེ་ཤེས་མེ་ལྕེ་འོད་རབ་གསལ་)སྤྱན་དྲང་བར་བྱ་སྟེ། ༀ་སརྦ་པཱ་པྂ་(སྡིག་ པ་ཐམས་ཅད་)ད་ཧ་ན་(བསྲེག་)བཛྲཱ་ག་ནི་(རྡོ་རྗེའི་མེ་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)སརྦ་པཱ་པྂ་(སྡིག་པ་ ཐམས་ཅད་)ད་ཧ་ད་ཧ་(སྲེག་སྲེག་)སྭཱ་ཧཱ་ཞེས་པའི་ངེས་པ་ལས་སོ། །དེ་བཞིན་དུ་(ཁྱིམ་བཅུ་གཉིས་ཀྱི་ བདག་པོ་)ཉི་མའི་(མེ་)ཡང་(སྤྱན་དྲངས་བ་)འདིར་བསྲེག་བྱ་འཛིན་པ(ཉི་མ)འི་སྔགས་ཀྱི་དམ་ཚིག་ ནི་ༀ་བཛྲ་ན་ལ་(རྡོ་རྗེ་མེ)སརྦ་བྷཱུ་ཏཱན་(འབྱུང་པོ་ཐམས་ཅད་)ཛྭཱ་ལ་ཡ་(འབར་བར་མཛོད་)སརྦཱན་(ཐམས་ཅད་)བྷསྨཱི་ཀུ་རུ་(ཐལ་བར་མཛོད་)སརྦ་ཛཱ་ནཱ་དུཥྚཱན་(སྐྱེ་བོ་གདུག་པ་ཅན་ཐམས་ཅད་)ཧཱུཾ་ཕཊ་སྭཱཧཱ། ཞེས་པའི་ ངེས་པ་ལས་ཉི་མ་དེ་ཉིད་གཟའ་བདུན་གྱི་བདག་པོ་རྟ་བདུན་པའི་ཤིང་རྟ་ཅན་གཟའི་དབྱེ་ 3-1-394 བས་ལྕེ་བདུན་པ་སྟེ་ཞི་བ་ལ་ཟླ་བའི་ལྕེ(ཡོད་པས་དེ་ལ་བསྲེག་རྫས་དབུལ་བར་བྱ)འོ། །རྒྱས་པ་ལ་ཉི་ མའི་ལྕེའོ། །བསད་པ་དང་བསྐྲད་པ་དང་དབྱེ་བ་ལ་སྤེན་པའི་ལྕེའོ། །དབང་ལ་པ་སངས་ཀྱི་ ལྕེའོ། །དགུག་པ་ལ་ཕུར་བུའི་ལྕེའོ། །རྨོངས་པ་ལ་གཟའ་ལག་གི་ལྕེའོ། །རེངས་པ་ལ་བཀྲ་ ཤིས་ཀྱི་ལྕེའོ། །དེ་བཞིན་དུ་(ཉིན་ཞག་རེའི་)རེས་གཟའ་སོ་སོ་རྣམ་པར་དག་པས་ལས་སོ་སོ་རེ་ རེ་ལ་ཞལ་གཅིག་པའོ། །ཉིན་མོ་དང་མཚན་མོ་རྣམ་པར་དག་པས་ཞབས་གཉིས་པའོ། །ཐུན་ མཚམས་བཞི་རྣམ་པར་དག་པས་ཕྱག་བཞི་པའོ། །ཞེས་པ་ནི་(མེ་ལྷའི་རྣམ་དག་གི་)ངེས་པ་སྟེ་ཞི་ བ་ལ་སོགས་པའི་ལས་(སོ་སོ་བ་བརྒྱད་ཀྱི་མེ་ལྷ་བརྒྱད་)ལ(རེས་གཟའ་བདུན་གྱི་ཉིན་ཞག་སོ་སོའི་དག་པ་སྦྱོར་བ) འོ། །(ཡང་ན་)བསད་པ་ལ་མཇུག་རིངས་རྣམ་པར་དག་པས་ཕྱག་གཉིས་པ་སྟེ་ཕྱག་(གཡས་)ན་ གྲི་གུག་དང་(གཡོན་ན་)ཐོད་པའོ། །དབྱེ་བ་(དང་བསྐྲད་པ་)ལ་སྤེན་པ་རྣམ་པར་དག་པས་ཕྱག་ན་ རལ་གྲི་དང་ཐོད་པ་ཞེས་པ་(སྔར་གྱི་ཕྱོགས་དེ་ལས)ཕྱོགས་གཞན་གྱི་ངེས་པ་སྟེ་(དེ་ཡང་)གཟའ་སྤེན་ པ་ལ་(ཕྱེ་ན་)སྔ་མ་ཕྱེད་(མཇུག་རིངས་)དང་ཕྱི་མ་ཕྱེད་(སྤེན་པ་ཉིད་)ཀྱི་དབྱེ་བས་སོ། །(དེས་ན)ལས་ (བརྒྱད་བསྒྲུབ་པའི་གཟའ་བརྒྱད་དུ་བྱས་ཀྱང་རུང་ངོ་)ཐམས་ཅད་པ་(རྒྱས་པ་དང་ཞི་བ་)ལ་(གྲངས་བཞིན་དུ་)སྒྲ་ གཅན་རྣམ་པར་དག་པ་དང་དུས་མེ་རྣམ་པར་དག་པ་སྟེ་(དགེ་བ་རྒྱས་པས་)སྐྱེ་བ་དང་(སྡིག་པ་ཞི་བས་)འཇིག་པའི་ཆོས་ཉིད་ཀྱི་ཕྱིར་རོ། །འདོད་པའི་མེ་དང་ཀུན་ཏུ་བསྲེགས་པ་མཆོད་སྦྱིན་(བློ་གྲོས་ སོགས་ཟེར་)གྱི་མེ་ནི་རང་གི་ལྷའོ། །(རང་བྱུང་)ཡེ་ཤེས་ཀྱི་མེ་(ལྕེ་འོད་རབ་གསལ་)ནི་གཟའ་ཐམས་ཅད་ ལ་ཁྱབ་པར་བྱེད་པ་(ཆོས་ཉིད་ཀུན་འགྲོ་ཡིན་པ་)ཉིད་ཀྱི་ཕྱིར་རྡོ་རྗེ་སློབ་དཔོན་གྱིས་སྔར་གྱི་ཆོ་གས་ མཆོད་པར་བྱའོ། །མེ་ལྷ་སྤྱན་དྲང་བའི་ངེས་པའོ། ༧༥ ། ༈ ད་ནི་མཆོག་སྦྱིན་ཞེས་པ་ལ་སོགས་པས་སྦྱིན་སྲེག་གི་ཕྱག་རྒྱ་ལ་སོགས་པ་གསུངས་ ཏེ་འདིར་གང་གི་ཚེ་བླུགས་གཟར་མེད་པ་ན་དེའི་ཚེ་རྡོ་རྗེ་སློབ་དཔོན་སྔར་བརྗོད་པའི་འདུག་ སྟངས་ཀྱིས་གནས་པས་ལག་པ་གཡོན་པ་གན་རྐྱལ་དུ་བྱས་ནས་གཡས་པ་མཆོག་སྦྱིན་གྱི་ 3-1-395 ཕྱག་གི་མཐེ་བོས་སྦྱིན་སྲེག་གི་རྫས་བསྐྱོད་ཅིང་ཞལ་ཕྱེ་བའི་མེའི་ཞལ་དུ་སྦྱིན་སྲེག་བྱ་སྟེ་དེ་ ཡང་གསོལ་བར་བསམ་པར་བྱའོ། །རྡོ་རྗེ་ཡིས་ཞེས་པ་ནི་ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿསྭཱཧཱ(རྡོ་རྗེ་དྲུག་པོ)། འདི་རྣམས་ཀྱིས་ཡམ་ཤིང་ལྔ་བརྒྱ་(བཞི་བཅུ་)པོ་དེ་རྣམས་ལས་བརྒྱ་རྩ་བརྒྱད་བསྲེག་པར་བྱའོ། ། དེ་ནས་ཡན་ལག་(དྲུག་)གིས་ཞེས་པ་ནི་ཧླཱྀ ཾ་ཧྲཱུཾ་ཧྲཱྀ ཾ་ཧྲཱིཾ་ཧྲཱཾ་ཧྲཱཿསྭཱཧཱ་ཞེས་པའི་ཡན་ ལག་གིས་བརྒྱ་རྩ་བརྒྱད་དོ། །ཀྱང་ཡིག་གིས་ཕུང་པོ་(གཞན་)དྲུག་དང་ཁམས་(གཞན་)རྣམས་ ཀྱིས་ཏེ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱཾ་ཨྂ་ཨཿསྭཱ་ཧཱ་འདི་རྣམས་ཀྱིས་བརྒྱ་རྩ་ བརྒྱད་དོ། །དེ་བཞིན་དུ་སྐྱེ་མཆེད་(གཞན་)རྣམས་ཀྱིས་ཀྱང་སྟེ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ ཨལ་ཨཱལ་ཨཾ་ཨཿསྭཱཧཱ་ཞེས་པ་སྐྱེ་མཆེད་བཅུ་གཉིས་ཀྱིས་བརྒྱ་རྩ་བརྒྱད་དོ། །དེ་ནས་ལས་ ཀྱི་དབང་བོའི་ཡུལ་དང་བཅས་པ་རྣམས་ཀྱིས་ཀྱང་སྟེ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿའདི་ རྣམས་ཀྱིས་བརྒྱ་རྩ་བརྒྱད་དོ། །དེ་ལྟར་བཞི་བཅུ་ལྷག་པའི་ལྔ་བརྒྱ་རྣམས་ཀྱིས་ལྔ་བརྒྱའི་ གྲངས་སུ་གཟུང་བར་བྱའོ། །(ཚན་པ་ལྔ་པོ་)སོ་སོར་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱ་སྟེ་(དེའི་ ངེས་པ་ནི་)མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་{བཟང་པོ་}བརྒྱད་ཅུ་(སྡོམ་པ་)ནི་བརྒྱ་རྩ་བཅུ་ གཉིས་སོ། །དེ་རྣམས་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་གནས་རྣམས་(ཁྱབ་བྱེད་ ཡིན་པས་གྲངས་ལ་)སྤངས་ནས་ལྷག་མ་བརྒྱ་རྩ་བརྒྱད་པོ་རྣམས་ནི་བགྲང་ཕྲེང་ལ་སྟེ་(དེའི་)ལྷུན་ པོ་(ཞེས་པ་ཁྱབ་བྱེད་མདོ་འཛིན་)ལ་ཞལ་བཞིའོ། །དེས་ན་ཐམས་ཅད་དུ་ལས་ཐམས་ཅད་པའི་སྦྱིན་ སྲེག་ལ་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་བརྒྱ་རྩ་བརྒྱད་ཀྱི་ཚད་དོ། ། ༈ དེ་ནས་འབྲུ་ལ་སོགས་པའི་སྦྱིན་སྲེག་གི་རྫས་ཀྱང་ཆོ་ག་འདི་ཉིད་ཀྱིས་ཏེ་འབྲུ་དང་ དཱུར་བ་མར་དང་འོ་མ་ཡིས་ཞེས་པ་རྡོ་རྗེ་(དྲུག་)ལ་སོགས་པ་འདི་རྣམས་ཀྱིས་(སོ་སོར་)བརྒྱ་རྩ་ བརྒྱད་ཀྱི་དབྱེ་བས་སྦྱིན་སྲེག་བྱ་ཞིང་ཡམ་ཤིང་དང་འབྲུ་རྣམས་མར་གྱིས་སྦགས་པ་དང་དཱུར་ བ་འོ་མས་སྦགས་པ་རྣམས་བསྲེག་པར་བྱའོ། ། 3-1-396 ༈ དེ་ནས་སྙིང་པོའི་སྔགས་ཀྱིས་གང་བའི་བསྲེག་བླུགས་〔དབུལ་〕ཏེ་དགང་གཟར་མར་ གྱིས་བཀང་ནས་དཀྱིལ་དཀྲུང་དུ་གནས་རབ་ཏུ་ཞི་ཞིང་གཡོ་བ་མེད་པའི་སེམས་ལྡན་གསང་ སྔགས་རིག་པ་སྔགས་ཀྱི་སྐུ། །སློབ་དཔོན་ལས་ཀྱི་རྡོ་རྗེ་ཅན་གྱིས་སླར་ཡང་མེ་ལ་བསྲེག་ བླུགས་དག་ནི་ངེས་པར་དབུལ་བར་བྱ་སྟེ་ༀ་ཧྐྵྨླྺྼྻྃ་ཞེས་པའི་སྔགས་འདི(སྭཱཧཱའི་མཐའ་ཅན་གྱི)ས་མར་ གྱི་བསྲེག་བླུགས་དབུལ་ལོ། ། ༈ དེ་ནས་ཟན་དང་ཆུ་བཟུང་ནས་བཀྲ་ཤིས་བརྗོད་པར་བྱ་སྟེ་ༀ་བྷཱུར་བྷུ་བཿསྭཱཧཱ(ས་འོག་ས་ སྟེང་དུ་གཞི་ཚུགས་ཤིག)། ན་མོ་དེ་བེ་བྷྱ(མཆོད་པའི་ལྷ་མོ་རྣམས་ལ)ཿསྭ་སྟི་པྲ་ཛཱ་བྷྱ(བདེ་ལེགས་སྐྱེ་དགུ་རྣམས་ལ་)ཿསྭཱ་ཧཱ། རཱ་ཛ་བྷྱ(གཞི་འཛུག་པ་རྒྱལ་བོ་རྣམས་ལ་)ཿསྭ་དྷཱ་པི་ཏྲི་བྷྱ(གཞི་བསྲུང་བ་མ་མོ་རྣམས་ལ་)ཿཨ་ལྂ་བྷཱུ་ཏི་ བྷྱ(ཚིམ་པ་འབྱུང་པོ་རྣམས་ལ་)ཿ བ་ཥ་ཌིན་དྲ་ཡ་(གཞི་མི་འགྲིབ་པ་དབང་པོ་ལ་)ཞེས་བརྗོད་ཅིང་ཐབ་ཀྱི་ཕྱི་ རོལ་ཏུ་རྣམ་པར་ཕྱིན་ཏེ་ཆུ་དང་ཟན་དེ་ཕྱི་རོལ་ཏུ་རབ་ཏུ་གཏོར་ནས་དེར་བསང་གཏོར་བྱས་ ལ་སླར་ཡང་དཀྱིལ་འཁོར་གྱི་ཁང་པར་རབ་ཏུ་ཞུགས་ནས་མེ་ལ་ཡང་ཀུ་ཤའི་ཆུས་བསང་ གཏོར་བྱས་ཏེ་ༀ་ཨཱཿཧཱུྃ་ཀཱ་ཡ་བཀཱ་ཙིཏ་ཏ་(སྐུ་གསུང་ཐུགས་)སྭ་བྷཱ་བ་ཤུད་དྷ་(རང་བཞིན་གྱིས་རྣམ་པར་ དག་པ་)སྭཱ་ཧཱ་སྔགས་འདིས་སོ། །འདིར་ཐབ་རབ་ཏུ་འབར་བར་བྱེད་པའི་དུས་སུ་མེ་ཡང་དག་ པར་འབར་བའི་དོན་དུ་ཁའི་རླུང་མི་བྱ་སྟེ་རླུང་ཡབ་ཀྱི་རླུང་ལ་སོགས་པས་བྱའོ། ༧༦ ། ༈ དེ་ལྟར་རིམ་པ་ཡིས་ནི་སྦྱིན་སྲེག་བྱས་ནས་བསང་གཏོར་དག་ཀྱང་དེ་བཞིན་མེ་དང་ བདག་ཉིད་དག་ལ་ཡང༌། །དྲི་ལ་སོགས་དང་སྤོས་དག་སྔར་བརྗོད་པའི་རིམ་པས་སླར་ཡང་ ཕུལ་ནས་རང་སྙིང་པད་མར་དབུགས་འཇུག་(པ་དང་ལྷན་ཅིག་)པས་ཡེ་ཤེས་མེ་ནི་གཤེགས་སུ་ གསོལ་བར་བྱ་སྟེ་ༀ་ཛཿགཙྪ་(བྱོན་)གཙྪ་(བྱོན་)མ་ཧཱ་རསྨི་(འོད་ཟེར་ཆེན་པོ་)སྭསྠཱ་ནཾ་(རང་གི་གནས་སུ་) སཾ་ཏྲིབ་ཏོ་ཧོཿ(ཡང་དག་པར་མཉེས་པ་)བུ་ན་རཱ་ག་མི་ཥྱ་སི་(སླར་ཡང་བྱོན་པར་མཛོད་)དེ་བཱ་སྱ་(ལྷ་འདིར་) ཡ་ད་(གང་གི་ཚེ་)ཨཱ་ཧྭཱ་ན་ཡཱ་མི་(སྤྱན་དྲངས་པར་བགྱི་བ་ན་)སྭཱ་ཧཱ་ཞེས་པས་ཡེ་ཤེས་ཀྱི་མེ་གཤེགས་ 3-1-397 སུ་གསོལ་ལོ། །ཕྱི་ནས་སློབ་མ་ལ་ནི་དབང་བསྐུར་བླ་མ་མཐའ་དག་ཡོན་ཏན་གཏེར་གྱིས་ འཆད་པར་འགྱུར་བའི་རིམ་པས་སྦྱིན་ནོ། ། ༈ དབང་གི་དོན་དུ་དང་པོར་བདུད་རྩི་ལྔ་ནི་རྒྱལ་བ་མཆོག་གི་རྡོ་རྗེས་བྱིན་གྱིས་ བརླབས་པ་ཞེས་པ་ནི་ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཞེས་པས་བདུད་རྩི་ལྔ་ལན་བདུན་མངོན་པར་ བསྔགས་པ་བྱས་ནས་ཉ་ཕྱིས་ཀྱི་སྣོད་དམ་དུང་ཆོས་ཀྱི་སྣོད་དུ་གཞག་གོ། དེ་བཞིན་དུ་སྒྲོན་ མ་ལྔའི་རི་ལུ་རྣམས་སྣོད་དེ་ཉིད་དུའོ། །དག་པའི་སླད་དུའོ་ཞེས་པ་ནི་སྔར་བསྒྲུབ་པར་བྱ་བ་ སྟེ་དབང་བདུན་གྱི་དོན་དུའོ། །སྦྱིན་སྲེག་གི་ཆོ་ག་(རྣལ་འབྱོར་དང་རྣལ་འབྱོར་མའི་)རྒྱུད་ཐམས་ཅད་ ལས་བཅོམ་ལྡན་འདས་ཀྱི་ངེས་པའོ། ༧༧ ། ༈ ད་ནི་རང་གི་ཞེས་པ་ལ་སོགས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་རབ་ཏུ་གནས་པའི་ སླད་དུ་ཏིང་ངེ་འཛིན་གསུངས་ཏེ་འདིར་རང་གི་སྔགས་ཀྱིས་སྦྱིན་སྲེག་གྲུབ་པར་གྱུར་ཅིང་ ཞེས་པ་ནི་བྱ་བ་དང་རྣལ་འབྱོར་དང་རྣལ་འབྱོར་རྗེས་སུ་རིག་པ་དང་རྣལ་འབྱོར་མའི་རྒྱུད་དུ་ མ་རྣམས་ལས་གསུངས་པ་རྣམས་ནི་རང་གི་རྒྱུད་ལ་གསུངས་པའི་སྔགས་ཏེ་རང་གི་སྔགས་དེ་ རྣམས་ཀྱིས་རང་གི་རྒྱུད་ལས་གསུངས་པའི་ཆོ་གས་སྦྱིན་སྲེག་གྲུབ་པར་གྱུར་ཅིང་སྦྱིན་སྲེག་ གི་དང་པོར་རང་གི་དཀྱིལ་འཁོར་དེ་ལ་རྡུལ་ཚོན་བཏབ་པའི་རྗེས་ལ་ལྷའི་ཚོགས་ཀྱི་སྙིང་ པོའི་མཚན་མ་རང་རང་གི་རྒྱུད་ལས་གསུངས་པའི་ཆོ་གས་བཀོད་པར་གྱུར་པ་ན་ཟུར་དུ་ཤེལ་ གྱི་བུམ་པ་དཀར་པོ་སྐུད་པ་ལྔ་ཡིས་དཀྲིས་པ་རྣམས་ནི་ཡང་དག་གཞག་པར་བྱ་ཞེས་པ་སྟེ་ ཞི་བ་ལའོ། །ལྷག་མ་རྣམས་ལ་(འཁྲུལ་འཁོར་གྱི་སྐབས་སུ་)གསུངས་པའི་ཆོ་གས་(ལས་དང་མཐུན་པའི་) སྐུད་པ་ལྔས་དཀྲིས་ཤིང་མགྲིན་པ་〔ལས་དང་མཐུན་པའི་〕གོས་ཀྱིས་བཅིངས་པ་རྣམས་སོ། །བུམ་པ་ ལྔའི་བྱ་བ་ལ་(ཕྱོགས་གཞི་རེ་རེ་)དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཤར་གྱི་(བུམ་པ་ལས་སོར་གཉིས་སྤངས་པའི་) ས་ལ་རྒྱལ་བའི་བུམ་པ་སྟེ་དེའི་སྟེང་དུ་དྲུག་པ་རྣམ་པར་རྒྱལ་བ་དུང་ངོ༌། །བུམ་པ་བཅུའི་བྱ་བ་ 3-1-398 ལ་ཡང་(དཀྱིལ་འཁོར་གྱི་ཕྱི་རོལ་)ཕྱོགས་བརྒྱད་པོ་རྣམས་སུ་བུམ་པ་བརྒྱད་དོ། །རྒྱལ་བ་དང་རྣམ་ པར་རྒྱལ་བའི་བུམ་པ་ནི་ཤར་དང་ནུབ་ཀྱི་བུམ་པའི་ཕྱི་རོལ་ཏུ་སོར་གཉིས་ཀྱིས་མ་རེག་པར་ ཏེ་དེ་ལ་ཤར་གྱི་རྒྱལ་བའི་བུམ་པའི་སྟེང་དུ་བཅུ་གཅིག་པ་རྣམ་པར་རྒྱལ་བ་ཆེན་པོའི་བུམ་པ་ ནི་དུང་ངོ་ཞེས་པ་བུམ་པའི་ངེས་པའོ། །དེ་ལྟར་བུམ་པ་བརྒྱ་སྟོང་ལ་ཡང་རྣམ་པར་རྒྱལ་བ་ཆེན་ པོའི་བུམ་པ་ནི་དུང་སྟེ་ཞི་བ་དང་རྒྱས་པ་དང་ལས་ཐམས་ཅད་པ་ལའོ། །དྲག་པོའི་ལས་ལ་ནི་ (དུང་ཆོས་ཀྱི་གནས་སུ་)ཐོད་པའོ། །དབང་ལ་སོགས་པ་ལ་ཟངས་དང་གསེར་གྱི་སྣོད་དོ། །རེངས་ པ་དང་རྨོངས་པ་ལ་སོགས་པ་ལ་ཡང་ཁམས་ཕོར་རོ། །(རྒྱལ་བའི་བུམ་པའི་སྟེང་)དེར་གཞག་ཅིང་ ལས་ཀྱི་རྗེས་སུ་མཐུན་པའི་སྐུད་པས་བཅིངས་ཏེ་(ལས་དང་མཐུན་པའི་ཁ་དོག་ཅན་གྱི་)གོས་མགྲིན་ པར་བྱས་ནས་ཁ་ཡལ་འདབ་དང་བཅས་པ་རྣམས་སློབ་དཔོན་གྱིས་གཞག་པར་བྱའོ། ། ༈ (རྩ་མིའི་འགྱུར་ལ་དེ་ནས་སློབ་དཔོན་ཤར་དུ་ཁ་ཕྱོགས་པས་འདུག་ནས་ཞེས་དང་ར་འགྱུར་ལ་དེ་ནས་སློབ་དཔོན་ ཁ་ཤར་དུ་བལྟས་ཏེ་ཞེས་པར་ཡོད་)དེ་ནས་སློབ་དཔོན་(གཙོ་བོའི་)ཤར་གྱི་(ཕྱོགས་སུ་)ཞལ་(ལྟ་བའི་ཚུལ་)དུ་ འདུག་སྟེ་འཆད་པར་འགྱུར་བའི་སྒྲུབ་ཐབས་ཀྱི་ཆོ་གས་སྡིག་པ་བཤགས་པ་ལ་སོགས་པ་ བྱས་ནས་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་དང་ཐིག་ལེའི་རྣལ་འབྱོར་དང་ཕྲ་ མོའི་རྣལ་འབྱོར་བྱ(ཞིང་སྔགས་ཀྱི་བཟླས་པ་དང་བདག་བསྐྱེད་ལ་མཆོད་པ་དང་བསྟོད་པ་བྱ་སྟེ་སྒྲུབ་ལེར་གསུངས་པ་ ལྟར་རང་གི་ལུས་ཀྱི་གནས་རྣམས་སུ་གཤེགས་སུ་གསོལ་བར་བྱ)འོ། །དེ་ནས་(སློབ་དཔོན་དཀྱིལ་འཁོར་གྱི་ཤར་དུ་དཀྱིལ་ འཁོར་ལ་མངོན་དུ་ཕྱོགས་པས་འདུག་སྟེ་)ཁ༽ ཤེས་རབ་དང་ཐབས་ལས་བྱུང་བ་རྡོ་རྗེ་པད་མ་ལས་སྐྱེས་ རབ་བགྲོད་ཁྲོ་བོའི་རྒྱལ་པོ་རྣམས་དག་གིས་ཞེས་པ་སྒྲུབ་ཐབས་ཀྱི་ཐབས་དང་ལྡན་པའི་ ཆོ་གས་ཛཿཧཱུྂ་བྂ་ཧོཿསྔགས་ཀྱི་ཚིག་འདི་རྣམས་ཀྱིས་ཏེ་ཛཿཡིག་གིས་དགུག་པ་དང་ཧཱུྂ་ཡིག་ གིས་གཞུག་པ་དང་བྂ་ཡིག་གིས་བཅིང་བ་དང་ཧོཿཡིག་གིས་མཉེས་པར་བྱས་ནས་ཡེ་ཤེས་ ཀྱི་འཁོར་ལོ་ནི་ཀ༽རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དམ་ཚིག་གི་དཀྱིལ་འཁོར་དུ་བསྒོམས་ཤིང་ 3-1-399 (རྡུལ་ཚོན་གྱི་དཀྱིལ་འཁོར་)དེ་ག༽ལ་རོ་མཉམ་དུ་བྱ་སྟེ་དབང་གི་དོན་དུའོ། ། ༈ དེ་[ནས་[ལྟར](རས་སོ་)རབ་ཏུ་གནས་པ་བྱས་ཏེ་སྔར་བརྗོད་པའི་ཆོ་གས་མཆོད་ཡོན་ ཕུལ་ནས་ༀ་ཨཱཿཧཱུྃ་ཧོ་ཏྲཻ་དྷཱ་དུ་ཀེ་ཤྭ་ར་(ཁམས་གསུམ་དབང་ཕྱུག་)ཀཱ་ལ་ཙཀྲ་(དུས་ཀྱི་འཁོར་ལོ་)ཨརྒཾ་པྲ་ ཏཱི་ཙྪ་(མཆོད་ཡོན་སོ་སོར་བཞེས་)ས་པ་རི་བཱ་རཿ(འཁོར་དང་བཅས་རྣམས་ལ་)ཏྭྂ་བྷ་ག་བན་(ཁྱོད་བཅོམ་ལྡན་ འདས་)མེ་བ་ར་དོ་བྷ་བ་(བདག་ལ་མཆོག་ཀུན་སྩོལ་བར་མཛོད་)ཤི་ཥྱ་ཎཱྂ་ཙ་(སློབ་མ་རྣམས་ཀྱི་ཡང་)ཞེས་པ་ གསོལ་བ་འདེབས་པའི་མཆོད་ཡོན་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་མཎྜལ་བྱས་ ནས་དབུལ་བར་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་མདུན་དུ་གཞན་ཁྲུ་གང་བའི་ མཎྜལ་བྱས་ཏེ་(ལྷ་བསྒོམས་པ་ལ་)དེར་སྔར་གསུངས་པའི་དྲི་ལ་སོགས་པ་དང་ཞབས་བསིལ་རབ་ ཏུ་དབུལ་བར་བྱའོ། །དེ་བཞིན་དུ་ཕྱོགས་དང་ཕྱོགས་བྲལ་ཐམས་ཅད་དུ་ལྷ་སོ་སོ་རྣམས་ ལ་ཡང་ལྷ་བཤོས་ལ་སོགས་པ་དབུལ་བར་བྱ་སྟེ་ཕྱོགས་ཐམས་ཅད་དུ་རྡུལ་ཚོན་གྱི་དཀྱིལ་ འཁོར་གྱི་ཕྱི་རོལ་ཏུའོ། །རྡུལ་ཚོན་གྱི་ས་ལ་ནི་མེ་ཏོག་ལ་སོགས་པ་དབུལ་བར་མི་བྱ་སྟེ་ཕུལ་ ན་རྡུལ་ཚོན་བསུབས་པར་འགྱུར་རོ། །རབ་ཏུ་གནས་པ་བྱས་པའི་དཀྱིལ་འཁོར་གྱི་རྡུལ་ཚོན་ བསུབས་པ་ལས་མཆོད་རྟེན་འཇིག་པའོ(འདིར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མེ་ཏོག་ཕུལ་བས་རྡུལ་ཚོན་གྱི་ དཀྱིལ་འཁོར་བསུབས་པ་ལས་མཆོད་རྟེན་བཤིག་པ་ཙམ་དུ་འགྱུར་བར་བསྟན་གྱི། མཆོད་རྟེན་བཤིག་པའི་ཉེ་བའི་མཚམས་ མེད་དུ་འགྱུར་བར་བསྟན་པ་ནི་མ་ཡིན་ནོ)། །དེས་ན་རིགས་ཡོངས་སུ་བརྟག་པའི་དོན་དུ་(མེ་ཏོག་དོར་བ་ཡང་)དཀྱིལ་འཁོར་(ལ་མ་ཡིན་པའི་དཀྱིལ་འཁོར་)གྱི་ཕྱི་རོལ་ཤར་གྱི་སྒོར་(རྒྱལ་བའི་སྟེང་གི་དུང་ཆོས་)རྣམ་པར་ རྒྱལ་བའི་བུམ་པའི་སྟེང་དུ་(སྟེ་དུང་ཆོས་རྣམ་རྒྱལ་དུ་བྱེད་པ་འདི་ནི་བུམ་པ་ལྔའི་དབང་དུ་བྱས་པ་)མེ་ཏོག་དོར་ བར་བྱའོ(བཅུའི་ཕྱོགས་ལ་ནི་དུང་ཆོས་རྣམ་རྒྱལ་ཆེན་པོར་གསུངས་ཤིང་གང་ལྟར་ཡང་དུང་ཆོས་ཉིད་ལས་འདོད་དགོས་ཏེ་ འོག་ནས་རྒྱལ་བའི་བུམ་པའི་སྟེང་དུ་ཞེས་འབྱུང་བའི་ཕྱིར་དང་རྫས་དང་རིགས་ཐམས་ཅད་འདུས་པའི་དུང་ཆོས་ཉིད་ཀྱིས་སྐྱེ་བའི་ གནས་ལྔར་དབང་བསྐུར་བའི་ཕྱིར་རོ། །འདིར་རྣམ་རྒྱལ་ཞེས་པ་ནུབ་ཀྱི་ནུབ་ན་གནས་པ་ལ་ནི་གོ་བར་མི་བྱ་སྟེ་ཤར་སྒོར་ཞེས་ 3-1-400 གསུངས་ཤིང་གསུང་བར་འགྱུར་རོ)། །རྣམ་པ་གཞན་དུ་(རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དོར་དགོས་)ན་ཁྲུ་སྟོང་པའི་ དཀྱིལ་འཁོར་ལ་སློབ་མས་དོར་བའི་མེ་ཏོག་ཤར་གྱི་རྡོ་རྗེ་འབར་བ་སྤངས་ནས་གང་དུ་ལྟུང་ བར་འགྱུར། དེ་ལ་རྡོ་རྗེ་འབར་བ་ཡང་རྐང་པ་དང་བཅས་པའི་ཁྲུ་བརྒྱར་འགྱུར་ཏེ་ལྷས་བྱིན་ གྱིས་བརླབས་པ་མ་གཏོགས་པ་དེ་རྒལ་ནས་རིགས་ཀྱི་ཕྱོགས་རྣམས་སུ་ཇི་ལྟར་མེ་ཏོག་ལྟུང་ བར་འགྱུར། དེའི་ཕྱིར་རྣམ་པར་རྒྱལ་བའི་བུམ་པ་ལ་(དེ་བཞིན་གཤེགས་པ་ལྔའི་)མཚན་མ་ལྔ་བྱས་ ནས་དེ་ལ་འཆད་པར་འགྱུར་བའི་མེ་ཏོག་དོར་བར་བྱའོ། །དེས་ན་དྲི་ལ་སོགས་པ་རྣམས་རྡུལ་ ཚོན་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་སྟེ་རྡུལ་ཚོན་གྱི་ས་ལ་ནི་མ་ཡིན་ནོ། །རྡུལ་ཚོན་གྱི་དཀྱིལ་ འཁོར་ནི་བཅོམ་ལྡན་འདས་ཀྱི་སྐུར་རིག་པར་བྱའོ། །ཞེས་པ་ནི་ངེས་པའོ། ༧༨ ། ༈ ད་ནི་ལྷ་དང་ཞེས་པ་ལ་སོགས་པས་སྔགས་ཀྱི་ངེས་པ་གསུངས་པ་འདིར་དཀྱིལ་ འཁོར་གྱི་གཙོ་བོ་དང་གཙོ་བོའི་རྗེས་སུ་མཐུན་པ་(འཁོར་)རྣམས་ཐམས་ཅད་ཀྱི་མིང་གི་སྔགས་ ཀྱི་སྔོན་དུ་ༀ་དུ་འགྱུར་ཏེ་ༀ་ཡིག་གོ་ཞེས་པའི་དོན་ཏོ། །(ༀ་ཡིག་དངོས་སུ་)མ་གསུངས་པའི་ སྔགས་རྣམས་ལ་ཡང་ཐམས་ཅད་དུ་ༀ་ཡིག་དང་པོར་རོ་ཞེས་རྣམ་པར་ཤེས་པར་བྱའོ། །སྦྱིན་ སྲེག་ལ་ནི་སྭཱཧཱའི་མཐའ་ཅན་གྱི་སྔགས་ཏེ་(ལྷ་)ཐམས་ཅད་ཀྱི་མིང་གི་སྔགས་ནི་(ལྷ་རྣམས་ཀྱི་) སྙིང་པོར་བརྗོད་དོ། །(མིང་གི་སྔགས་)དེ་ཉིད་སྦྱིན་སྲེག་གི་བྱ་བ་(སྲེག་རྫས་རྣམས་འབུལ་བ་)ལ་སྭཱཧཱའི་ མཐའ་ཅན་དུ་འགྱུར་རོ(དེ་ནས་སྔར་གསུངས་པའི་རྡོ་རྗེ་དྲུག་ལ་སོགས་པའི་སྔགས་རྣམས་ནི་ལྷ་སོ་སོའི་མིང་གི་སྔགས་ དེ་རྣམས་སྦྱིན་སྲེག་གི་བྱ་བ་ལ་སྭཱཧཱའི་མཐའ་ཅན་ཡིན་པར་ཐམས་ཅད་དུ་རིག་པར་བྱའོ)། །ལས་ཐམས་ཅད་པའི་ མཆོད་པ་དག་ལ་(མིང་གི་སྔགས་ཐམས་ཅད་)ན་མཿའི་མཐའ་ཅན་དུ་འགྱུར་ཏེ་དེ་ཉིད་དོ་ཞེས་པ་ ནི་ངེས་པའོ། །ཛཿཧཱུྃ་བྂ་ཧོཿལྕགས་ཀྱུ་ལ་སོགས་ཞེས་པ་ནི་འདིར་ལྷ་རྣམས་སྤྱན་དྲང་བ་ལ་ ཛཿཡིག་གི(ས་བོན་གྱི)ས་ལྕགས་ཀྱུ་བྱའོ། །གཞུག་པ་ལ་ཧཱུྃ་ཡིག་གིས་རྡོ་རྗེའོ། །བཅིང་བ་ལ་ བྂ་ཡིག་གིས་ཞགས་པའོ། །མཉེས་པ་ལ་ཧོཿཡིག་གིས་རྡོ་རྗེ་དྲིལ་བུ་སྟེ་རིམ་པ་ལ་ཇི་ལྟ་བར་ 3-1-401 ཡོངས་སུ་བཀོད་པ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་སོ། །དེ་ནས་མཆོད་ཡོན་སྦྱིན་པ་ལ་ ཡང་མིང་གི་སྔགས་ཀྱི་མཐར་འགྱུར་ཏེ་(ལྷ་)ཆེ་གེ་མོ་ཨི་དཾ་(འདི་)གྲིཧྣ་(ཟུང་)གྲིཧྣ(ཟུང་)ཨརྒཾ་ཀཾ་ མེ་(མཆོད་ཡོན་དང་ལྡན་པ་བདག་ལ་)པུ་ནཿ(སླར་ཡང་)ཞེས་པ་ནི་ངེས་པའོ། ༧༩ ། ༈ ད་ནི་རྒྱས་པ་ལ་ཞེས་པ་ལ་སོགས་པས་རྒྱས་པ་ལ་སོགས་པའི་ལས་ཀྱི་དབྱེ་བས་ སྔགས་ཀྱི་ཆོ་ག་གསུངས་ཏེ་འདིར་རྒྱས་པ་ལ་ཐམས་ཅད་དུ་སྔགས་བཟླས་པའམ་〔ལས་ཐམས་ ཅད་〕སྦྱིན་སྲེག་ལ་ༀ་ཡིག་དང་པོ་དང་སྭཱཧཱའི་མཐའ་ཅན་སྔགས་སུ་འགྱུར་རོ(འདིར་སྦྱིན་སྲེག་སྭཱཧཱའི་ མཐའ་ཅན་ཞེས་གསུངས་པ་འདིས་རྒྱས་པའི་སྦྱིན་སྲེག་ཁོ་ནར་གཟུང་བར་མི་བྱ་སྦྱིན་སྲེག་གི་སྔགས་ཐམས་ཅད་ལ་མཐར་སྭཱཧཱ་ སྦྱར་དགོས་པར་བྱའོ། །དེ་ལྟར་མ་ཡིན་ན་གོང་དུ་གསུངས་པ་དང་འགལ་བར་འགྱུར་རོ)། །མི་བདག་ཅེས་པ་ནི་བོད་ པའོ། །ཞི་བ་ལ་(སྔགས་བཟླས་པ་)འདི་ན་མཿའི་མཐའ་ཅན་ནོ། །དགུག་པ་ལ་དེ་ཉིད་བཽ་ཥཊ་ མཐར་འགྱུར་རོ། །དེ་ཉིད་བ་ཥཊ་མཐའ་ནི་དབང་ལའོ། །དེ་བཞིན་དུ་ཧཱུྃ་ཡིག་མཐའ་ཅན་ མངོན་སྤྱོད་ལ་སྟེ་དབྱེ་བ་དང་བསྐྲད་པ་དང་བསད་པ་ལའོ། །རང་བཞིན་ཡོན་ཏན་དབང་ གིས་ཕུར་བུས་གདབ་པ་དང་རྨོངས་པ་དང་རེངས་པ་ལ་(བཟླས་པའི་སྔགས་)ཕཊ་ཡིག་གི་མཐའ་ ཅན་དུ་འགྱུར་རོ། །འདིར་(ལས་སོ་སོ་བསྒྲུབ་པའི་ཁམས་སོ་སོའི་)རང་བཞིན་ནི་རྒྱས་པ་ལ་རླན་〔ཏེ་ཆུའི་ ཁ་དོག་དཀར་པོ་〕དང་བཅས་པའི་སའི་རང་བཞིན་〔གྲུ་བཞི་པའི་ཐབ་ཏུ་འགྱུར་〕ཏེ་དེས་ན་(སྔགས་ཀྱི་མཐར་) སྭཱཧཱའོ། །ཞི་བ་ལ་ཆུའི་རང་བཞིན་(ཁོ་ན་དཀར་ལ་ཟླུམ་པ་སྟེ་དེས་ན་སྔགས་ཀྱི་མཐར་)ན་མཿའོ། །དགུག་ པ་ལ་མེ་དང་སའི་རང་བཞིན་(ཟུར་བདུན་པ་སྟེ་དེས་ན་སྔགས་ཀྱི་མཐར་)བཽ་ཥཊའོ། །དབང་ལ་མེ(ཁོ་ན) འི་རང་བཞིན་(དམར་པོ་གྲུ་གསུམ་སྟེ་སྔགས་ཀྱི་མཐར་)ཝ་ཥཊའོ། །བསད་པ་དང་བསྐྲད་པ་དང་དབྱེ་བ་ ལ་རླུང་(ཟུར་གཉིས་)དང་མེ(ཟུར་གསུམ་པ)འི་རང་བཞིན་(ཟུར་ལྔ་པ་སྟེ་སྔགས་ཀྱི་མཐར་)ཧཱུྃ་ཡིག་གོ། ཕུར་ བུས་གདབ་པ་དང་རེངས་པ་ལ་ལྷུན་པོ་(ཟུར་བཞི་པ་)དང་ས(ཟུར་བཞི)འི་རང་བཞིན་(ཟུར་བརྒྱད་པ་སྟེ་ སྔགས་ཀྱི་མཐར་)ཕཊ་ཡིག་གོ། རྨོངས་པ་ལ་ཡང་རླུང་(ཟུར་གཉིས་)དང་ས(གྲུ་བཞི)འི་རང་བཞིན་(ཟུར་ 3-1-402 དྲུག་པ་སྟེ་ཡང་གི་སྒྲས་ཕཊ་ཡིག་གི་མཐའ་ཅན་)ནོ། །ཡང་ན་ཐམས་ཅད་དུ་བསད་པ་ལ་སོགས་པ་དང་ རྨོངས་པ་ལ་སོགས་པ(མི་དགེ་བ)འི་ལས་གསུམ་(གསུམ་)པོ་རྣམས་ལ་ཡི་གེ་ཧཱུྃ་ཕཊ་ཀྱི་མཐའ་ སྟེ་(དེ་རྣམས་ཀྱིས་)སྔགས་བཟླས་པ་དང་སྦྱིན་སྲེག་དང་མཆོད་པ་ལ་སོགས་པ་ཡང་སྔགས་པས་ བྱའོ་ཞེས་པ་ནི་ངེས་པའོ(གཞུང་འདིས་སྔགས་ཀྱི་བཟླས་པ་ལ་སྭཱཧཱ་སོགས་སོ་སོའི་མཐའ་ཅན་དགོས་པར་བསྟན་གྱི་ སྦྱིན་སྲེག་གི་སྔགས་ལ་སྭཱཧཱ་སོ་སོ་སྦྱར་དགོས་པ་ནི་མ་བསྟན་ཏེ་གལ་ཏེ་བསྟན་ན་མཆོད་པ་ལ་ཡང་སྔགས་ཀྱི་མཐའ་སོ་སོ་སྦྱར་ དགོས་པར་འགྱུར་བ་ལས་མེ་མཆོད་པ་ལ་སྔགས་ཀྱི་མཐར་སྭཱཧཱ་ཉིད་སྦྱར་བར་གསུངས་པ་དང་འགལ་ལོ)། །ལྷའི་ཁ་དོག་ ནི་〔བདག་བསྐྱེད་དང་མདུན་བསྐྱེད་གཉིས་ཀ〕ཞི་བ་དང་རྒྱས་པ་ལ་དཀར་པོ་དང་དབང་ལ་སོགས་པ་ལ་ དམར་པོ་དང་བསད་པ་ལ་སོགས་པ་ལ་ནག་པོ་དང་རྨོངས་པ་ལ་སོགས་པ་ལ་སེར་པོ་སྟེ་ལས་ ཀྱི་དབྱེ་བ་རྣམས་ཀྱི་སྔགས་སུ་འགྱུར་རོ་ཞེས་པ་ནི་ངེས་པའོ། ༨༠ ། ༈ ད་ནི་དཀྱིལ་འཁོར་གྱི་ས་རྣམ་པར་དག་པའི་ས་བོན་རྣམས་གསུངས་ཏེ་འདིར་ཤར་ དུ་རླུང་(གི་ཁམས་)རྣམ་པར་དག་པས་ཐུགས་རྡོ་རྗེ་ཁ་དོག་ནག་པོ་(ཕྱི་རོལ་མཆོད་པའི་སའི་མཐར་ཐུག་ པའི་)སའི་ཆ་ལ་ཁྱབ་པར་བྱེད་པ(སྟེ་དེའི་སྟེང་དུ་སྣམ་བུ་སོ་སོ་ལ་སོགས་པ)འོ། །(དེ་བཞིན་དུ་)བྱང་དུ་ཆུ་ དག་པས་སྐུ་རྡོ་རྗེ་དཀར་པོ་དང་ལྷོ་རུ་མེ་དག་པས་གསུང་རྡོ་རྗེ་དམར་པོ་དང་ནུབ་ཏུ་རང་གི་ རིགས་སའི་ཕྱོགས་སུ་གནས་པ་(དག་པ་)ཡེ་ཤེས་རྡོ་རྗེ་སེར་པོའོ། །དེ་བཞིན་དུ་སྒྲ་གཅན་དང་ ཟླ་བ་དང་ཉི་མ་དང་དུས་མེ་དག་པས་(གཙོ་བོའི་)ཞལ་བཞིའི་དབྱེ་བས་(ཕྱོགས་བཞིའི་ཚོན་གྱི་)སའི་ ཆ〔ནག་པོ་ལ་སོགས་པ〕འོ། །(དེས་ན་མཆོད་པའི་ས་གཞི་ཕྱོགས་མདོག་ཏུ་མི་འདོད་པ་རྣམས་ཀྱི་ཚོན་གྱི་དོན་མ་གོ་བར་ཟད་ དོ། །ཞེས་གསུང་ངོ་)དེའི་ཕྱིར་གྲངས་བཞིན་དུ་རླུང་གི་སྐྱེ་གནས་(ཏེ་ས་བོན་)ཨི་དང་མེའི་སྐྱེ་གནས་ རྀ་དང་ཆུའི་སྐྱེ་གནས་ཨུ་དང་སའི་སྐྱེ་གནས་ནི་ལྀའོ། །དེ་བཞིན་དུ་རླུང་ལ་སོགས་ པའི་ལྷ་རྣམས་ཀྱི་སྐྱེ་གནས་ནི་ཨི་ཡིག་ལ་སོགས་པ་རང་རང་གི་ས་བོན་ཏེ་འདུ་བྱེད་དང་ཚོར་ བ་དང་འདུ་ཤེས་དང་གཟུགས་ཀྱི་རང་བཞིན་རྣམས་སོ། །ཨ་ཡིག་ནི་མ་བརྗོད་ཀྱང་ནམ་ 3-1-403 མཁའི་སྐྱེ་གནས་ཏེ་རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་དོ་ཞེས་པ་ཐམས་ཅད་དུ་ངེས་པ་ སྟེ་ཨ་ཨི་རྀ་ཨཱུ་ལི་ཀ་ཅེས་པ་སོ་སོར་བསྡུ་བའི་ཚིག་ལས་སྤྲོ་བའི་རིམ་པ་སྟེ་བསྐྱེད་པའི་ རིམ་པས་སོ་ཞེས་པ་ནི་ངེས་པའོ། ༨༡ ། ༈ ད་ནི་ཕྱག་རྒྱས་གདབ་པའི་དོན་དུ་ཕྱག་རྒྱའི་ས་བོན་རྣམས་གསུངས་ཏེ་འདིར་དཔྲལ་ བར་སྐུའི་ཕྱག་རྒྱ་ༀ་ཡིག་དཀར་པོ་དང་མགྲིན་པར་གསུང་གི་ཕྱག་རྒྱ་ཨཱ་ཡིག་དམར་པོ་དང་ སྙིང་ཁར་ཐུགས་ཀྱི་ཕྱག་རྒྱ་ཧཱུྃ་ཡིག་ནག་པོའོ་ཞེས་པ་ནི་ཐབས་ཀྱི་ཕྱག་རྒྱའོ། །ཤེས་རབ་ཀྱི་ ལྟེ་བར་སྭཱ་དང་གསང་བར་ཧཱའོ་འདི་དག་དང་བཅས་པ་(ཤེས་རབ་ཀྱི་ཕྱག་རྒྱ་)ལྔ་སྟེ་གང་གི་ཕྱིར་ ཟླ་བའི་རྐང་པ་ལ་བཅུ་གསུམ་(པ་དང་)ཟླ་བ(སྟེ་དང་པོ)འི་རྐང་པར་ལྔ་གསུངས་པ(དག་པ)འོ། །ཉི་ མར་དུས་ཞེས་གསུངས་པའི་ཕྱིར་(ཕྱོགས་ལ་འཆར་བའི་)ཉི་མའི་རྐང་པ་(དང་པོ་)གསུམ་གསུངས་ སོ། །རིང་པོའི་དབྱེ་བ་ལས་ཞེས་པ་ནི་སྡེབ་སྦྱོར་གྱི་ངོར་རྩ་བར་ཐུང་ངུའོ། །དེ་བཞིན་དུ་ༀ་ སྐུའི་ཞལ་དང་ཨཱ་གསུང་གི་ཞལ་དང་ཧཱུྃ་ཐུགས་ཀྱི་ཞལ་དང་ཧོ་ཡེ་ཤེས་ཀྱི་ཞལ་ལོ། །(དེ་ལས་) གཞན་པ(འི་རྒྱས་འདེབས་)དག་ཀྱང་དེ་བཞིན་གཞོམ་དུ་མེད་པ་ལྔ་པ་སྟེ་(རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་)གང་གིས་གཙོ་བོ་རྒྱས་བཏབ་པ་དེ་ཉིད་ནི་སྟོང་པ་ཆེན་པོ་འགྱུར་མེད་(དམ་ཡི་གེ་)ལྔའོ། །ཞེས་ པ་སྟེ་ངེས་པའོ། ། ༈ དེ་བཞིན་དུ་ཨཱ་སོགས་དང་བཅས་ཞེས་པ་ནི་ཨཱ་ལ་སོགས་པ་དབྱངས་དྲུག་དང་ལྷན་ ཅིག་ཏུ་ཧྲྂ་ཡིག་དྲུག་ནི་རོ་རྐང་དྲུག་དང་ལྷན་ཅིག་ན་མཿསོགས་ཀྱིས་ཡན་ལག་དྲུག་ཏུ་འགྱུར་ ཏེ། ༀ་ཧླཱྀ ཾ་ན་མཿ ༀ་ཧྲུྂ་སྭཱཧཱཿ ༀ་ཧྼཱྀ་བཽ་ཥཊ། ༀ་ཧྲཱིཾ་ཧཱུྃཿ ༀ་ཧྲཱཾ་བ་ཥཊ། ༀ་ཧྲཿཕཊ་ ཅེས་པ་གྲངས་བཞིན་དུ་སྙིང་ཁ་དང་མགོ་དང་གཙུག་ཏོར་དང་གོ་ཆ་དང་མིག་དང་མཚོན་ཆ་ སྟེ་ས་དང་ཆུ་དང་མེ་དང་རླུང་དང་སྟོང་པ་དང་ཡེ་ཤེས་ཀྱི་དབྱིངས་དང་བཅས་པ་ཧྲཾ་ཡིག་གི་ སྔགས་ཉིད་དེ་དེ་ལྟར་ཡན་ལག་དྲུག་གོ(འདི་ནི་ལེའུ་འདི་ཉིད་ཀྱི་མདོར་བསྡུས་གཉིས་པར་ཡན་ལག་དྲུག་འགོད་ 3-1-404 ཚུལ་གསུངས་པ་དགོངས་པ་ཅན་དུ་འདོད་པ་དང་ཡན་ལག་དྲུག་འཁོར་ལོ་དྲུག་ལ་འགོད་པར་འདོད་པ་ཡང་བསལ་བ་ཡིན་ནོ)། ། ༈ དེ་བཞིན་དུ་ཕྲེཾ་གི་ཡི་གེ་ནི་སྣ་ཚོགས་ཡུམ་གྱི་ས་བོན་ནོ། །རྒྱལ་བ་དུས་ཀྱི་འཁོར་ལོ་ ཤེས་རབ་དང་བཅས་པ་དག་གི་(རྩ་བའི་)སྔགས་ནི་ཧྐྵྨླྺྼྻྃ་ཞེས་པའོ། ༨༢ ། བཅོམ་ལྡན་འདས་དེ་ཉིད་ཐ་དད་པར་སྐྱེད་པའི་སླད་དུ་ཧུྃ་ཡིག་ཡེ་ཤེས་ཀྱི་ས་བོན་ཏེ་ ཤེས་རབ་དང་ཐབས་སོ་སོར་བསྐྱེད་པའི་སླད་དུའོ། །སྙིང་པོ་དག་ཀྱང་དེ་བཞིན་དུ་རྒྱལ་ བའི་བརྩེགས་པའི་སྔགས་སྔར་གསུངས་པ་ༀ་ཨཱཿཧུྂ་ཧོ་(རྣམ་བཅུ་དབང་ལྡན་དེ་ཉིད་)ཞེས་པ་ཞལ་ བཞི་དང་བཅས་པའོ། །ཧྲཱྂ་ཡིག་ལ་སོགས་ཡན་ལག་དྲུག་པོ་ༀ་ཡིག་དང་པོར་གྱུར་པ་དང་ ལྡན་པ་ནི་བཟླས་པའི་དོན་དུ་བཅོམ་ལྡན་འདས་ཀྱི་ཉེ་བའི་སྙིང་པོ་སྟེ། ༀ་ཧྲཱྂ་ཧྲཱིཾ་ཧྼཱྀ ཾ་ཧྲཱུྂ་ ཧླཱྀ་ཧྲཱཿཞེས་པ་བསྐྱེད་པའི་རིམ་པས་ལས་ཐམས་ཅད་བསྒྲུབ་པ་ལ་སྟེ་དྲག་པོ་ལ་སྡུད་ པའི་རིམ་པས་བཟླས་སོ། །ལྷ་དང་ལྷ་མོ་རྣམས་ཀྱི་ཕྲེང་བའི་སྔགས་ནི་དེ་བཞིན་གཞན་དུ་ འགྱུར་རོ། །དེ་ཡང་ལས་ཀྱི་དབྱེ་བ་དུ་མ་ཡིས་རྣམ་པ་མང་པོ་ཚིག་དུ་མ་དང་ལྡན་པར་ཤེས་ པར་བྱའོ། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་འདིར་ནི་ས་ལ་སོགས་པའི་རང་བཞིན་ཏེ་དེའི་ ཡོན་ཏན་དབང་གིས་སོ་ཞེས་པ་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །དེ་ལྟར་རྒྱུད་ གཞན་ཐམས་ཅད་ལ་ངེས་པའོ། ༨༣ ། ༈ ད་ནི་རིན་ཆེན་ཞེས་པ་ལ་སོགས་པས་ལྷ་རྣམས་མཆོད་པ་གསུངས་པ་འདིར་སྔར་ བརྗོད་པའི་ཆོ་གས་(དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་མཎྜལ་བྱས་པའི་སྟེང་དུ་དྲིའི་བཀོད་པ་ལ་)ལྷ་(དམ་ཚིག་སེམས་དཔའ་) རྣམས་དམིགས་པ་བྱས་ཏེ་དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་དང་ལྷན་ཅིག་ གཅིག་ཏུ་བྱས་ནས་སྔར་གྱི་སྔགས་ཀྱི་ཚིག་རྣམས་ཀྱིས་མཆོད་ཡོན་ལ་སོགས་པ་དབུལ་ལོ། ། དེ་ནས་མཆོད་པའི་དོན་དུ་དང་པོར་ཙན་དན་ལ་སོགས་པའི་དྲི་བཟུང་ནས་མཐེ་བོ་དང་མིང་ 3-1-405 མེད་དག་གིས་ཕྱི་རོལ་ཏུ་མཎྜལ་བྱས་ལ་གཙོ་བོ་ལ་སོགས་པ་རྣམས་མཆོད་པར་བྱའོ། ། ཐམས་ཅད་ཀྱི་མིང་གི་དང་པོར་ༀ་ཡིག་སྦྱིན་པར་བྱ་སྟེ་ལས་ཐམས་ཅད་པའི་མཆོད་པ་ལ་ མིང་གི་མཐར་ན་མཿཞེས་པར་འགྱུར་ཞིང་ལས་སོ་སོ(འི་སྔགས་ཀྱི་བཟླས་པ)ལ་ནི་རྒྱས་པ་ལ་ སོགས་པ་ལ་སྭཱ་ཧཱ(ལ་སོགས་པ)འི་མཐར་རིག་པར་བྱའོ། །འདིར་ལས་ཐམས་ཅད་པ་ལ་མཆོད་ པའི་སླད་དུ་ལྷ་རྣམས་ཀྱི་སྔགས་ཀྱི་ཚིག་རྣམས་ནི་རྩ་བའི་རྒྱུད་ལས་འདི་ལྟ་སྟེ། ༀ་བུད་དྷཱ་ཡ་ ན་མཿ(སངས་རྒྱས་ལ་མཆོད་དོ) ༀ་དྷརྨྨཱ་ཡ(ཆོས་ལ)ན་མཿ ༀ་སཾ་གྷཱ་ཡ་(དགེ་འདུན་ལ་)ན་མཿ ༀ་ བཛྲ་སཏྭཱ་ཡ་(རྡོ་རྗེ་སེམས་དཔའ་ལ་)ན་མཿ ༀ་པྲཛྭཱ་པཱ་ར་མི་ཏཱ་ཡཻ་(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་)ན་མཿ ༀ་སྭ་བྷཱ་བི་ཀ་ཀཱ་ཡ་ཡཱ་(རང་བཞིན་པའི་སྐུ་ལ་)ན་མཿ ༀ་དྷརྨྨ་ཀཱ་ཡ་ཡཱའ་(ཆོས་ཀྱི་སྐུ་ལ་)ན་མཿ ༀ་སཾ་ བྷོ་ག་ཀཱ་ཡཱ་ཡ་(ལོངས་སྤྱོད་རྫོགས་པའི་སྐུ་ལ་)ན་མཿ ༀ་ནིར་མཱ་ཎ་ཀཱ་ཡཱ་ཡ་(སྤྲུལ་པའི་སྐུ་ལ་)ན་མཿ ༀ་ཛྙཱ་ ན་བཛྲཱ་ཡ་(ཡེ་ཤེས་རྡོ་རྗེ་ལ་)ན་མཿ ༀ་ཙིཏ་ཏ་བཛྲཱ་ཡ་(ཐུགས་རྡོ་རྗེ་ལ་)ན་མཿ ༀ་བཱཀ་བཛྲཱ་ཡ་(གསུང་རྡོ་རྗེ་ ལ་)ན་མཿ ༀ་ཀཱ་ཡ་བཛྲཱ་ཡ་(སྐུ་རྡོ་རྗེ་ལ་)ན་མཿ ༀ་ཙ་ཏུར་བི་མོ་ཀྵ་བྷྱོ་(རྣམ་པར་ཐར་པ་བཞི་རྣམས་ལ་)ན་ མཿ ༀ་ཙ་ཏུར་བྲཧྨ་བི་ཧཱ་རེ་བྷྱོ་(ཚངས་པའི་གནས་བཞི་རྣམས་ལ་)ན་མཿ ༀ་སབ་ཏ་ཏྲིཾ་ཤད་བོ་དྷི་པཱའ་ཀྵི་ ཀ་དྷརྨྨེ་བྷྱོ་(བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་)ན་མཿ ༀ་ཙཏུར་ཤཱི་ཏི་(བཞི་དང་བརྒྱད་ཅུའི་)སཱ་ཧ་སྲ་(སྟོང་ ཕྲག་)དྷརྨྨ་སྐན་དྷེ་བྷྱོ་(ཆོས་ཀྱི་ཕུང་པོ་)ན་མཿ ༀ་སརྦ་དྷརྨྨ་དེ་ཤ་ཀེ་བྷྱོ་(ཆོས་ཐམས་ཅད་སྟོན་པ་པོ་རྣམས་ལ་) ན་མཿ ༀ་རད་ན་ཏྲ་ཡཱ་ཡ་(དཀོན་མཆོག་གསུམ་ལ་)ན་མཿ ༀ་ཤཱཀྱ་མུུ་ན་ཡེ་(ཤཱཀྱ་ཐུབ་པ་ལ་)ན་མཿ ༀ་ཀཱ་ ལ་ཙཀྲཱ་ཡ་(དུས་ཀྱི་འཁོར་ལོ་ལ་)ན་མཿ ༀ་དཱ་ན་པཱ་ར་མི་ཏཱ་ཡཻ་(སྦྱིན་པའི་ཕ་རོལ་ཏུ་ཕྱིན་མ་ལ་)ན་མཿ ༀ་ཤཱི་ ལ་པཱ་ར་མི་ཏཱ་ཡཻ་(ཚུལ་ཁྲིམས་ཀྱི་ཕ་རོལ་ཕྱིན་པ་ལ་)ན་མཿ ༀ་ཀྵཱན་ཏི་པཱ་(བཟོད་པའི་)ར་མི་ཏཱ་ཡཻ་ན་མཿ ༀ་ བཱིརྻ་པཱ་ར་མི་(བརྩོན་འགྲུས་)ཏཱ་ཡཻ་ན་མཿ ༀ་དྷྱཱ་ན་པཱ་ར་(བསམ་གཏན་གྱི་)མི་ཏཱ་ཡཻ་ན་མཿ ༀ་པྲཛྙཱ་པཱ་ར་ (ཤེས་རབ་ཀྱི་)མི་ཏཱ་ཡེ་ན་མཿ ༀ་ཨུ་པཱ་ཡ་(ཐབས་ཀྱི་)པཱ་ར་མི་ཏཱ་ཡཻ་ན་མཿ ༀ་པྲ་ཎི་དྷཱ་ན་པཱ་ར་(སྨོན་ ལམ་གྱི་)མི་ཏཱ་ཡཻ་ན་མཿ ༀ་བ་ལ་པཱ་ར་(སྟོབས་ཀྱི་)མི་ཏཱ་ཡཻ་ན་མཿ ༀ་ཛྙཱ་ན་པཱ་ར་(ཡེ་ཤེས་ཀྱི་)མི་ཏཱ་ཡཻ་ 3-1-406 ན་མཿ ༀ་ཛ་ཡ་གྷ་ཊེ་བྷྱོ་( རྒྱལ་བའི་བུམ་པ་རྣམས་ལ་)ན་མཿ ༀ་བི་ཛ་ཡ་གྷ་ཊེ་བྷྱོ་(རྣམ་པར་རྒྱལ་བའི་བུམ་པ་ རྣམས་ལ་)ན་མཿ ༀ་སརྦ་ཙིཧྣེ་བྷྱོ་(ཐམས་ཅད་མཚན་མ་རྣམས་ལ་)ན་མཿ ༀ་སརྦ་མུུ་ཏྲཱ་བྷྱོ་(ཐམས་ཅད་ཕྱག་རྒྱ་) ན་མཿ ༀ་ཙིན་ཏཱ་མ་ཎི་ཡེ་(ཡིད་བཞིན་ནོར་བུ་ལ་)ན་མཿ ༀ་དྷརྨྨ་གཎ་ཌྱེ་(ཆོས་ཀྱི་གཎྜི་ལ་)ན་མཿ ༀ་དྷརྨྨ་ ཤཾ་ཁཱ་ཡ་(ཆོས་ཀྱི་དུང་ལ་)ན་མཿ ༀ་ཀལ་པ་བྲིཀྵ་ཡ་(དཔག་བསམ་གྱི་ཤིང་ལ་)ན་མཿ ༀ་ཨ་ཀྵོ་བྷྱ་(མི་ བསྐྱོད་པ་ལ་)ན་མཿ ༀ་ཨ་མོ་གྷ་སིད་དྷ་ཡེ་(དོན་ཡོད་གྲུབ་པ་ལ་)ན་མཿ ༀ་རད་ན་སཾ་བྷ་བཱ་ཡ(རིན་ཆེན་ འབྱུང་ལྡན་ལ་)ན་མཿ ༀ་ཨ་མི་ཏཱ་བྷཱ་ཡ་(འོད་དཔག་མེད་ལ་)ན་མཿ ༀ་བཻ་རོ་ཙ་ནཱ་ཡ་(རྣམས་པར་སྣང་མཛད་ ལ་)ན་མཿ ༀ་ལོ་ཙ་ནཱ་ཡཻ་(སྤྱན་མ་ལ་)ན་མཿ ༀ་མཱ་མ་ཀྱཻ་(མ་མ་ཀི་ལ་)ན་མཿ ༀ་པཱཎ་ཌ་རཱ་ཡཻ་(གོས་དཀར་ མོ་ལ་)ན་མཿ ༀ་ཏཱ་རཱ་ཡཻ་(སྒྲོལ་མ་ལ་)ན་མཿ ༀ་བཛྲ་དྷཱ་ཏྭཱི་ཤྭ་རྻེ་(རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་)ན་མཿ ༀ་ བཛྲ་པཱ་ཎི་ཡཻ་(ཕྱག་ན་རྡོ་རྗེ་ལ་)ན་མཿ ༀ་ཁ་གརྦྷཱ་ཡ་(ནམ་མཁའི་སྙིང་པོ་ལ་)ན་མཿ ༀ་ཀྵི་ཏི་གརྦྷཱ་ཡ་(སའི་ སྙིང་པོ་ལ་)ན་མཿ ༀ་ལོ་ཀེ་ཤྭ་རཱ་ཡ་(འཇིག་རྟེན་དབང་ཕྱུག་ལ་)ན་མཿ ༀ་སརྦ་ནི་བ་ར་ཎ་བིསྐམ་བྷི་ནེ་ (སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་)ན་མཿ ༀ་ས་མན་ཏ་བྷ་ཏྲ་ཡེ་(ཀུན་ཏུ་བཟང་པོ་ལ་)ན་མཿ ༀ་གན་དྷ་ བཛྲཱ་ཡཻ་(དྲི་རྡོ་རྗེ་མ་ལ་)ན་མཿ ༀ་རཱུ་པ་བཛྲཱ་ཡཻ་(གཟུགས་རྡོ་རྗེ་མ་ལ་)ན་མཿ ༀ་ར་ས་བཛྲཱ་ཡཻ་(རོ་རྡོ་རྗེ་མ་ལ་) ན་མཿ ༀ་སྤར་ཤ་བཛྲཱ་ཡཻ་(རེག་བྱ་རྡོ་རྗེ་མ་ལ་)ན་མཿ ༀ་ཤབ་ཏ་བཛྲཱ་ཡཻ་(སྒྲ་རྡོ་རྗེ་མ་ལ་)ན་མཿ ༀ་དྷརྨྨ་ དྷཱ་ཏུ་བཛྲཱ་ཡཻ་( ཆོས་ཁམས་རྡོ་རྗེ་མ་ལ་)ན་མཿ ༀ་ཨུཥྞཱི་ཥཱ་ཡ་(གཙུག་ཏོར་ཅན་ལ་)ན་མཿ ༀ་བིགྷནྣཱ་ཏ་ཀཱ་ཡ་ (བགེགས་མཐར་བྱེད་ལ་)ན་མཿ ༀ་པྲཛྙཱན་ཏ་ཀཱ་ཡ་(ཤེས་རབ་མཐར་བྱེད་ལ་)ན་མཿ ༀ་པད་མཱན་ཏ་ཀཱ་ཡ་ (པད་མར་མཐར་བྱེད་ལ་)ན་མཿ ༀ་ཡ་མཱན་ཏ་ཀཱ་ཡ་(གཤིན་རྗེ་མཐར་བྱེད་ལ་)ན་མཿ ༀ་སྟམ་བྷི་ནྱཻ་(རེངས་ བྱེད་མ་ལ་)ན་མཿ ༀ་མཱ་ནི་ནྱཻ་(ང་རྒྱལ་བྱེད་མ་ལ་)ན་མཿ ༀ་སྟོ་བྷི་ནྱཻ་(རྨུགས་བྱེད་མ་ལ་)ན་མཿ ༀ་ཨ་ཏི་ བཱིརྻཱ་ཡཻ་(ཤིན་ཏུ་བརྩོན་འགྲུས་མ་ལ་)ན་མཿ ༀ་ཨ་ཏི་ནཱི་ལཱ་ཡཻ་(ཤིན་དུ་སྔོན་མོ་ལ་)ན་མཿ ༀ་སརྦ་དྷཱ་རི་ཎཱི་ བྷྱོ་(ཐམས་ཅད་གཟུངས་མ་རྣམས་ལ་)ན་མཿ ༀ་ཥཊཱཾ་གཱ་ཡ་(ཡན་ལག་དྲུག་ལ་མཆོད་དོ་)ན་མཿཞེས་པ་ནི་ ཐུགས་ཀྱི་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ། །དེ་ནས་གསུང་གི་དཀྱིལ་འཁོར་ལ་འདི་ལྟ་ 3-1-407 སྟེ། ༀ་བཛྲ་ཙར་ཙི་ཀཱ་ཡཻ་(རྡོ་རྗེ་ཙར་ཙི་ཀཱ་ལ་)ན་མཿ ༀབཛྲ་བཱ་རཱ་ཧྱཻ་(རྡོ་རྗེ་ཕག་མོ་ལ་)ན་མཿ ༀ་བཛྲ་མ་ ཧེ་ཤྭ་རྻཻ་(རྡོ་རྗེ་དབང་ཕྱུག་ཆེན་མོ་ལ་)ན་མཿ ༀ་བཛྲ་ཨཻན་ཏྲཱི་ཡཻ་(རྡོ་རྗེ་དབང་མོ་ལ་)ན་མཿ ༀ་བཛྲ་བྲཧྨ་ཎྱཻ་(རྡོ་ རྗེ་ཚངས་མ་ལ་)ན་མཿ ༀ་བཛྲ་མ་ཧཱ་ལ་ཀྵྨཻ་(རྡོ་རྗེ་དཔལ་ཆེན་མོ་ལ་)ན་མཿ ༀ་བཛྲ་ཀཽ་མཱ་རྻཻ(རྡོ་རྗེ་གཞོན་ནུ་མ་ ལ་)ན་མཿ ༀ་བཛྲ་བཻཥྞ་བྱཻ་(རྡོ་རྗེ་ཁྱབ་འཇུག་མ་ལ་)ན་མཿ ༀ་ཨཥྚ་ཨཥྚ་ཀེ་ན་(བརྒྱད་པ་བརྒྱད་ཀྱི་)ཙ་ཏུཿཥཥི་ྟ བཛྲ་ཡོ་གི་ནཱི་བྷྱོ་(བཞི་དང་དྲུག་བཅུའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་)ན་མཿ ༀ་ཥཊ་ཏྲིཾ་ཤཏ་ཨིཙྪཱ་བྷྱོ་(དྲུག་དང་ སུམ་ཅུའི་འདོད་མ་རྣམས་ལ་)ན་མཿ ཞེས་པ་ནི་གསུང་གི་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ། །དེ་ ནས་སྐུའི་དཀྱིལ་འཁོར་ལ་འདི་ལྟ་སྟེ། །ༀ་བཛྲ་བཻཥྞ་བེ་(རྡོ་རྗེ་ཁྱབ་འཇུག་ལ་)ན་མཿ ༀ་བཛྲ་ནཻ་ ཪྼྀ་ཏྱཱ་ཡ་(རྡོ་རྗེ་བདེན་བྲལ་ལ་)ན་མཿ ༀ་བཛྲ་ཨག་ན་ཡེ་(རྡོ་རྗེ་མེ་ལྷ་ལ་)ན་མཿ ༀ་བཛྲོད་དྷ་ཡེ་(རྡོ་ རྗེ་རྒྱལ་པོ་ལ་)ན་མཿ ༀ་བཛྲེན་ཏྲཱརྵ་ཡེ་(རྡོ་རྗེ་དབང་པོ་ལ་)ན་མཿ ༀ་བཛྲེ་ཤྭ་རཱ་ཡ་(རྡོ་རྗེ་དབང་ཕྱུག་ལ་)ན་ མཿ ༀ་བཛྲ་བྲ་ཧྨ་ཎྱཻ་(རྡོ་རྗེ་ཚངས་པ་ལ་)ན་མཿ ༀ་བཛྲ་བི་ནཱ་ཡ་ཀཱ་ཡ་(རྡོ་རྗེ་ལོག་འདྲེན་ལ་)ན་མཿ ༀ་བཛྲ་ ཀཱར་ཏི་ཀེ་ཡཱ་ཡ་(གྲི་གུག་ཅན་ཏེ་རྡོ་རྗེ་གདོང་དྲུག་ལ་)ན་མཿ ༀ་བཛྲ་བཱ་ཡ་བེ་(རྡོ་རྗེ་རླུང་ལྷ་ལ་)ན་མཿ ༀ་བཛྲ་ ཡཱ་མཱ་ཡ་(རྡོ་རྗེ་གཤིན་རྗེ་ལ་)ན་མཿ ༀ་བཛྲ་ཡཀྵེ་བྷྱོ་(རྡོ་རྗེ་གནོད་སྦྱིན་རྣམས་ལ་)ན་མཿ ༀ་བཱ་རུ་ཎྱཻ་(ཆུ་ལྷ་མོ་ ལ་)ན་མཿ ༀ་བཱ་ཡ་བྱཻ་(རླུང་ལྷ་མོ་ལ་)ན་མཿ ༀ་ཡཱ་མི་ནྱཻ་(གཤིན་རྗེ་མོ་ལ་)ན་མཿ ༀ་ཡཀྵི་ཎྱཻ་(གནོད་སྦྱིན་མོ་ ལ་)ན་མཿ ༀ་མ་ཧཱ་བ་ལཱ་(སྟོབས་པོ་ཆེ་ལ་)ན་མཿ ༀ་ཨ་ཙ་ལཱ་ཡ་(མི་གཡོ་བ་ལ་)ན་མཿ ༀ་ཊཀ་ཀི་རཱ་ཛཱ་ ཡ་(འདོད་པའི་རྒྱལ་པོ་ལ་)ན་མཿ ༀ་ནི་ལ་དཎ་ཊཱ་ཡ་(དབྱུག་པ་སྔོན་པོ་ལ་)ན་མཿ ༀ་སུམ་བྷ་རཱ་ཛཱ་ཡ་ (གནོད་མཛེས་རྒྱལ་པོ་ལ་)ན་མཿ ༀ་རཽ་ཏྲཱ་ཀྵྱཻ་(དྲག་སྤྱན་མ་ལ་)ན་མཿ ༀ་བཛྲ་ཤྲཱཾ་ཁ་ལཱ་ཡཻ་(རྡོ་རྗེ་ལྕགས་སྒྲོག་མ་ ལ་)ན་མཿ ༀ་ཙུན་དཱ་ཡཻ་(སྐུལ་བྱེད་མ་ལ་)ན་མཿ ༀ་བྷྲྀ་ཀུ་ཊྱཻ་(ཁྲོ་གཉེར་ཅན་མ་ལ་)ན་མཿ ༀ་མཱ་རཱི་ཙྱཻ་ (འོད་ཟེར་ཅན་མ་ལ་)ན་མཿ ༀ་པྲ་ཏྱེ་ཀ་མཱ་ས་བྷེ་དེ་ན་(སོ་སོ་རེ་རེའི་དབྱེ་བས་)ཥཥྛི་ཨུད་ཏ་ར་(དྲུག་ཅུ་ལྷག་པ་) ཏྲི་ཤད་(སུམ་བརྒྱ་)བཛྲ་ཏི་ཐི་དེ་བཱི་བྷྱོ་(རྡོ་རྗེ་ཚེས་ཀྱི་ལྷ་མོ་རྣམས་ལ་)ན་མཿ ༀ་ཥཊ་ཏྲིཾ་ཤད་པྲ་ཏཱི་ཙྪཱ་བྷྱོ་ (དྲུག་དང་སུམ་ཅུའི་ཕྱིར་འདོད་མ་རྣམས་ལ་)ན་མཿ ༀ་བཛྲ་ཛ་ཡཱ་ཡ་(རྡོ་རྗེ་རྒྱལ་བ་ལ་)ན་མཿ ༀ་བཛྲ་ཀར་ཀོ་ 3-1-408 ཊ་ཀཱ་ཡ་(རྡོ་རྗེ་སྟོབས་ཀྱི་རྒྱུ་ལ་)ན་མཿ ༀ་བཛྲ་བཱ་སུ་ཀ་ཡེ་(རྡོ་རྗེ་ནོར་རྒྱས་ལ་)ན་མཿ ༀ་བཛྲཱ་ནན་ཏཱ་ཡེ་(རྡོ་ རྗེ་མཐའ་ཡས་ལ་)ན་མཿ ༀ་བཛྲ་ཏཀྵ་ཀཱ་ཡ་(རྡོ་རྗེ་འཇོག་པོ་ལ་)ན་མཿ ༀ་བཛྲ་མ་ཧཱ་པད་མཱ་ཡ་(རྡོ་རྗེ་པད་ མ་ཆེན་པོ་ལ་)ན་མཿ ༀ་བཛྲ་ཀུ་ལི་ཀཱ་ཡ་(རྡོ་རྗེ་རིགས་ལྡན་ལ་)ན་མཿ ༀ་བཛྲ་ཤཾ་ཁ་པཱ་ལཱ་ཡ་(རྡོ་རྗེ་དུང་སྐྱོང་ ལ་)ན་མཿ ༀ་བཛྲ་པད་མཱ་ཡ་(རྡོ་རྗེ་པད་མ་ལ་)ན་མཿ ༀ་བཛྲ་བི་ཛ་ཡཱ་ཡ་(རྡོ་རྗེ་རྣམ་པར་རྒྱལ་བ་ལ་)ན་མཿ ཞེས་པ་ནི་སྐུའི་དཀྱིལ་འཁོར་ལའཽ། །དེ་ནས་དུར་ཁྲོད་རྣམས་སུ་འདི་ལྟ་སྟེ། ༀ་ཤྭཱ་ནཱ་སྱཱ་ཡཻ་(ཁྱི་ གདོང་མ་ལ་)ན་མཿ ༀ་སཱུ་ཀ་རཱ་སྱཱ་ཡཻ་(ཕག་གདོང་མ་ལ་)ན་མཿ ༀ་བྱཱརྵ་གྷྲཱ་སྱཱ་ཡཻ་(སྟག་གདོང་མ་ལ་)ན་མཿ ༀ་ཛཾ་བུ་ཀཱ་སྱཱ་ཡཻ་(ལྕེ་སྤྱང་གདོང་མ་ལ་)ན་མཿ ༀ་ག་རུ་ཌཱ་སྱཱ་ཡཻ་(མཁའ་ལྡིང་གདོང་མ་ལ་)ན་མཿ ༀ་ཨུ་ལཱུ་ ཀཱ་སྱཱ་ཡཻ་(འུག་གདོང་མ་ལ་)ན་མཿ ༀ་གྲྀ་དྷཱ་སྱཱ་ཡཻ་(བྱ་རྒོད་གདོང་མ་ལ་)ན་མཿ ༀ་ཀཱ་ཀཱ་སྱཱ་ཡཻ་(བྱ་རོག་གདོང་ མ་ལ་)ན་མཿ ༀ་སརྦ་བྷཱུ་ཏེ་བྷྱོ་(འབྱུང་བོ་རྣམས་ཐམས་ཅད་ལ་)ན་མཿ ཞེས་པ་ནི་དུར་ཁྲོད་བརྒྱད་པོ་ རྣམས་ལ〔སྟེ་ཐམས་ཅད་ཡེ་ཤེས་འཁོར་ལོ་ཆོས་ཀྱི་སྐུ་ཁམས་གསུམ་པའི་རྣམ་པ་ཅན་བདེ་གཤེགས་སྙིང་པོ་འཇིག་རྟེན་ལས་ འདས་པ〕འོ། །དེ་ནས་〔དེའི་〕ཕྱི་རོལ་ཏུ་འཇིག་རྟེན་པའི་ལྷ་〔ཀུན་རྫོབ་〕རྣམས་ཀྱི། ༀ་བཛྲ་ཙན་ཏྲཱ་ཡ་(རྡོ་ རྗེ་ཟླ་བ་ལ་)ན་མཿ ༀ་བཛྲ་སཱུརྻཱ་ཡ་(རྡོ་རྗེ་ཉི་མ་ལ་)ན་མཿ ༀ་བཛྲ་མཾ་ག་ལཱ་ཡ་(རྡོ་རྗེ་བཀྲ་ཤིས་ལ་)ན་མཿ ༀ་བཛྲ་བུ་དྷཱ་ཡ་(རྡོ་རྗེ་གཟའ་ལག་ལ་)ན་མཿ ༀ་བཛྲ་བྲྀ་ཧསྤ་ཏ་ཡེ་(རྡོ་རྗེ་ཕུར་བུ་ལ་)ན་མཿ ༀ་བཛྲ་ཤུ་ཀྲཱ་ ཡ་(ཁུ་བ་སྟེ་རྡོ་རྗེ་པ་སངས་ལ་)ན་མཿ ༀ་བཛྲ་ཤ་ནཻ་ཤྩ་རཱ་ཡ་(དལ་འགྲོས་ཏེ་རྡོ་རྗེ་སྤེན་པ་ལ་)ན་མཿ ༀ་བཛྲ་ཀེ་ ཏ་བེ་(རྡོ་རྗེ་དབལ་ལམ་ཏོག་སྟེ་མཇུག་རིངས་ལ་)ན་མཿ ༀ་བཛྲ་རཱ་ཧ་བེ་(རྡོ་རྗེ་སྒྲ་གཅན་ལ་)ན་མཿ ༀ་བཛྲ་ཀཱ་ ལཱག་ན་ཡེ་(རྡོ་རྗེ་དུས་མེ་ལ་)ན་མཿ ༀ་བཛྲ་དྷྲུ་བེ་(རྡོ་རྗེ་བརྟན་པ་ལ་)ན་མཿ ༀ་བཛྲ་གསྟྱ་(རྡོ་རྗེ་རི་བྱི་ལ་)ན་ མཿ ༀ་སརྦ་ན་ཀྵ་ཏྲེ་བྷྱོ་(རྒྱུ་སྐར་ཐམས་ཅད་ལ་)ན་མཿ ༀ་དྭཱ་ད་ཤ་རཱ་སི་བྷྱོ་(བཅུ་གཉིས་ཀྱི་ཁྱིམ་རྣམས་ལ་)ན་ མཿ ༀ་ཥོ་ཌ་ཤ་ཀ་ལཱ་བྷྱོ་(བཅུ་དྲུག་གི་ཆ་རྣམས་ལ་)ན་མཿ ༀ་ད་ཤ་དིཀ་པཱ་ལེ་བྷྱོ་(བཅུའི་ཕྱོགས་སྐྱོང་བ་རྣམས་ ལ་)ན་མཿ ༀ་བཛྲ་ནན་ཏི་ཀེ་ཤྭ་རཱ་ཡ་(རྡོ་རྗེ་དགའ་བྱེད་དབང་ཕྱུག་ལ་)ན་མཿ ༀ་བཛྲ་མ་ཧཱ་ཀཱ་ལཱ་ཡ་(རྡོ་རྗེ་ ནག་པོ་ཆེན་པོ་ལ་)ན་མཿ ༀ་བཛྲ་གྷཎཱ་ཊཱ་ཀརྞྞ་ཡ་(རྡོ་རྗེ་དྲིལ་བུའི་རྣ་བ་ཅན་ལ་)ན་མཿ ༀ་བཛྲ་བྷྲྀ་ཾགི་ཎེ(རྡོ་རྗེ་ 3-1-409 བྷྲྀ ཾ་གི་ཎི་ལ་)ན་མཿ ༀ་སརྦ་ཀྵེ་ཏྲ་པཱ་ལེ་བྷྱོ་(ཞིང་སྐྱོང་ཐམས་ཅད་རྣམས་ལ་)ན་མཿ ༀ་སརྦ་དུ་ཏཱི་བྷྱོ་(ཕོ་ཉ་ མོ་ཐམས་ཅད་རྣམས་ལ་)ན་མཿ ༀ་ཧཱ་རི་ཏྱཻ་(འཕྲོག་མ་རྣམས་ལ་)ན་མཿ ༀ་སརྦ་སི་དྷི་བྷྱོ་(གྲུབ་པ་ཐམས་ཅད་ རྣམས་ལ་)ན་མཿ (འདིར་རྡོ་རྗེ་ཞེས་པ་འཇིག་རྟེན་ལས་འདས་པ་རྣམས་ལ་ནི་དོན་ཇི་ལྟ་བ་སྟེ་དེ་དག་གིས་མི་ཆོད་པ་དང་མི་ ཕྱེད་པ་ཆེན་པོ་སྔགས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །འཇིག་རྟེན་པ་རྣམས་ལ་ནི་ཉེ་བར་བཏགས་པ་སྟེ་དེ་དག་རྡོ་རྗེ་མ་ཡིན་ཡང་རྡོ་རྗེ་ སྔགས་ལ་ཞུགས་པའི་ཕྱིར་ལས་དང་པོ་བའི་གསང་མཚན་བཞིན་ནོ། །དེ་ནས་སྐུ་དཀྱིལ་གྱི་རྟ་བབས་ལ་གནས་པ་རྣམས་ཀྱི་)ༀ་ དྷརྨྨ་ཙཀྲཱ་ཡ་(ཆོས་ཀྱི་འཁོར་ལོ་ལ་)ན་མཿ ༀ་བྷ་ཏྲ་གྷ་ཊཱ་ཡ་(བུམ་པ་བཟང་བོ་ལ་)ན་མཿ ༀ་བཛྲ་དུན་དུ་ བྷྱཻ་(རྡོ་རྗེ་རྔ་བོ་ཆེ་ལ་)ན་མཿ ༀ་བོ་དྷི་བྲྀ་ཀྵཱ་ཡ་(བྱང་ཆུབ་ཀྱི་ཤིང་ལ་)ནམཿ ༀ་གུ་རུ་བུད་དྷ་བོ་དྷི་ས་ཏྭེ་བྷྱོ་ ན་མོ་(བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་ཅིང་ཕྱག་འཚལ་ ལོ)ན་མཿཞེས་པ་ནི་མཆོད་པའི་ཆོ་གའོ། །དེ་ནས་རིན་ཆེན་ཨིན་ཏྲ་ནཱི་ལ་ལ་སོགས་པ་རྣམས་ དང་གསེར་གྱི་མེ་ཏོག་དང་རྣམ་པ་མང་པོའི་གོས་ཏེ་ཁ་དོག་ལྔའི་གོས་རྣམས་དང་དྲི་དང་སྤོས་ དང་མར་མེ་དང་དྲིལ་བུ་དང་མེ་ལོང་དང་བླ་རེ་དང་རྣམ་མང་འབྲས་བུ་དང་ཁ་དོག་ལྔའི་བ་ དན་རྣམས་དང་གར་དང་རོལ་མོ་ཡིས་རྣམ་བཀྲ་མཆོད་པ་བྱས་ཏེ་གཞན་པ་རྣམ་བཅུ་ཞེས་པ་ (མཆོད་པ་བཅུ་)ནི་འཆད་པར་འགྱུར་བ་(ཚིགས་བཅད་བརྒྱ་ང་ལྔ་པ་)ལས་བརྗོད་པར་བྱའོ། ། ༈ (གྲུབ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་སྦྱིན་པའི་ངོ་བོ་ཉིད་)དེ་ལྟར་སློབ་མ་བདག་ཉིད་ ཀྱི་ནུས་པས་ཇི་ལྟར་གསུངས་པ་བཞིན་མཆོད་པ་བྱས་ཏེ་དེ་ནས་སློབ་དཔོན་དག་གི་ཞབས་ ཀྱི་དྲུང་དུ་མཎྜལ་བྱས་ནས་མཆོག་གི་བུ་ཡིས་ཡོན་ནི་དག་པའི་སླད་དུ་དབུལ་བྱ་སྟེ། ༨༤ དག་ པ་གསུམ་གྱིས་ཞེས་པ་ལུས་དང་ངག་དང་སེམས་དག་པས་རྫས་དང་བདག་ཉིད་བུ་དང་བུ་མོ་ དང་བཅས་ཏེ་གལ་ཏེ་རང་ལ་མེད་ན་རིགས་ལས་སྐྱེས་པའི་གཞོན་ནུ་མ་དབུལ་བར་བྱའོ། ། ༈ དེ་ལྟར་ཡོན་ཕུལ་ཏེ་དེ་ནས་གསོལ་བ་གདབ་པ་དང་སྨོན་ལམ་གདབ་པ་བྱའོ། །{མི་ བཟད་འཁོར་བའི་འཇིགས་པས་}བདག་ནི་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ 3-1-410 ལྷག་པར་མཆི་སྟེ་བྱང་ཆུབ་ཀྱི་བར་དུའོ། །ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་ འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་པ་གསེར་བཅས་མེ་ཏོག་ དག་གིས་མཎྜལ་བྱས་ནས་བླ་མ་ལ་ནི་གསོལ་བ་གདབ་པར་འགྱུར། ༨༥ ། ༈ དེ་ནས་སྨོན་ལམ་གདབ་པར་བྱ་སྟེ་འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་ དག་ཀྱང་སྦྱི་བོས་གཟུང་བར་བགྱི་ཞེས་པ་རྡོ་རྗེའི་རིགས་ལ་གནས་པས་(རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བླ་ མའི་)དམ་ཚིག་འདི་ཐམས་ཅད་གཟུང་བར་བགྱིའོ། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་སྟེ་རིན་ ཆེན་གྱི་རིགས་ལ་གནས་པས་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་སྦྱིན་པ་རྣམ་པ་བཅུ་སྦྱིན་ པར་བགྱིའོ། །(དེ་ཡང་)རིན་ཆེན་(ལྔ་དང་)ལྕགས་(ལྔ་དང་ཁ་)ཟས་(དང་)བ་ལང་(དང་)རྟ(དང་)། །གླང་ ཆེན་(དང་)བུ་མོ་(དང་)ནོར་འཛིན་(ཏེ་ས་གཞི་)དང༌། །འདོད་པའི་ཆུང་མ་(དང་)རང་གི་ཤ(སྦྱིན་པ་སྟེ)། ། སྦྱིན་པ་རྣམ་པ་བཅུ་རུ་འདོད། །ཅེས་པ་སྟེ་(དྲང་དོན་ངེས་དོན་)ཡིད་བཞིན་གྱི་ནོར་བུ་བསྒྲུབས་ ནས་སྦྱིན་པར་བགྱིའོ་ཞེས་པ་སྨོན་ལམ་མོ། །འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་ བསྐྱང་བར་བགྱི་ཞེས་པ་ནི་འཁོར་ལོའི་རིགས་ལ་གནས་པས་བདུད་རྩི་ལྔ་ལ་སོགས་པ་དང་ གོ་ཀུ་ད་ཧ་ན་(བསྟེན་པ་དྲང་དོན་ལྟར་)དང་(དེ་དག་ངེས་དོན་དུ་)ཕུང་པོ་དང་དབང་པོའི་ཚོགས་པ་བསྲུང་ བར་བགྱིའོ། །ཞེས་པ་སྟེ་སྨོན་ལམ་མོ། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་ཞེས་པ་རལ་གྲིའི་ རིགས་ལ་གནས་པར་གྱུར་པས་བླ་མ་དམ་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ རྣམས་དང་གཞན་རྣམས་ལ་ཡང་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བགྱིའོ་ཞེས་པ་སྨོན་ལམ་ མོ། །གསལ་བར་ཆུ་སྐྱེས་རིགས་ལ་སྟེ་པད་མའི་རིགས་ལ་གནས་པར་གྱུར་བས་རིགས་དང་ རིགས་མ་ཡིན་པ་ལ་མངོན་པར་འགྲོ་བས་གསལ་བར་པད་མ་ལ་རེག་པ་ལས་(འཛག་མེད་ཀྱི་)ཚུལ་ཁྲིམས་ཀྱི་སྡོམ་པའི་སླད་དུ་〔འཛག་མེད་ཀྱི་〕ཚངས་པར་སྤྱོད་པའི་སྡོམ་པ་རྣམས་ནི་བསྐྱང་ བར་བགྱི་ཞེས་པ་ནི་སྨོན་ལམ་གདབ་པར་བྱའོ། །སེམས་ཅན་རྣམས་ནི་ཐར་བའི་སླད་དུ་རྒྱལ་ 3-1-411 བ་སྐྱེད་མཛད་རིགས་ལ་སྟེ་རྡོ་རྗེ་རྩེ་གཅིག་པའི་རིགས་ལ་གནས་པར་གྱུར་པས་(དམིགས་བཅས་)སྟོང་པ་ཉིད་དང་(དམིགས་མེད་)སྙིང་རྗེ(དབྱེར་མེད་པ)འི་བདག་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ བྱང་ཆུབ་བདག་གིས་བསྐྱེད་པར་བགྱིའོ། །ཞེས་སྨོན་ལམ་གདབ་པར་བགྱིའོ། ༨༦ ། ༈ དེ་ལྟར་སྨོན་ལམ་གདབ་པར་བྱས་པའི་ཚེ་དབང་བསྐུར་བའི་སླད་དུ་གསོལ་བ་བཏབ་ པའི་{ཚེ་}བླ་མ་དགྱེས་ཤིང་མཉེས་པར་གྱུར་པས་སློབ་མ་དམ་པ་ཁྲུས་བྱས་དྲི་ཡིས་རྗེས་ བྱུགས་བརྟུལ་ཞུགས་ངེས་པ་དང་ལྡན་ཤར་གྱི་སར་ནི་(ཞེས་པ་)དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ གཞག་པར་བྱ་ཞིང་དངོས་གྲུབ་དོན་དུ་སོ་ཤིང་སྔར་བརྗོད་པའི་ཆོ་གས་རྒྱལ་བ་མཆོག་གི་རྡོ་ རྗེ་དག་གིས་ཞེས་པ་ༀ་ཨཱཿཧཱུྃ་འདི་དག་གིས་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ་དེ་ ནས་གསོར་ནས་མཎྜལ་དུ་དོར་བར་བྱའོ། །ཕྱོགས་ཀྱི་ཆ་གང་དུ་ལྷུང་བ་དེར་དེའི་ལས་རབ་ འབྱམ་འགྲུབ་པར་འགྱུར་ཏེ་ཕྱོགས་བརྒྱད་རྣམས་སུ་ཞི་བ་ལ་སོགས་པའི་ལས་སྔར་གསུངས་ སོ། ། ༈ དེ་ནས་ཁར་ཆུ་ཁྱོར་བ་གསུམ་བླུད་དེ་དག་པར་བྱས་ནས་དཀྱིལ་འཁོར་ལ་ཡོལ་བ་ བཀོད་ཅིང་ཤར་གྱི་སར་སློབ་མ་ཁྲིད་ལ་དེ་ནས་དེའི་ལྕེ་ལ་བདུད་རྩི་ལྔ་སྦྱིན་པར་བྱའོ། ། ༈ རྒྱལ་བ་མཆོག་གི་དམ་ཚིག་དག་གིས་ཏེ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་པོ་དག་གིས་སྔར་ སྤོས་བསྒྲུབས་ནས་སྤོས་དེ་ཉིད་ལྷ་དབབ་པའི་དོན་དུའོ། །དེ་ལ་སྔགས་ནི་ཧུཾ་གི་ཡི་གེ་གཅིག་ སྟེ་ཨ་ར་ལ་དང་བཅས་པ་ཞེས་པ་ༀ་ཨ་ར་ར་ར་ར་ལ་ལ་ལ་ལ་བཛྲཱ་བེ་ཤ་ཡ་ཧཱུྂ་(རྡོ་རྗེ་དབབ་པར་ མཛོད་)ཞེས་པའི་སྔགས་འདིས་ཁྲོ་བོའི་གཙོ་བོ་བསྐུལ་བ་བྱས་ནས་ཁྲོ་བོ་དབབ་པོ་ཞེས་པའི་ དོན་དོ། །འདི་ལ་བཟླས་པ་བྱེ་བ་དང་སྦྱིན་སྲེག་འབུམ་ཕྲག་བཅུས་སྔོན་དུ་བསྙེན་པ་བྱའོ། ། དེས་འགྲུབ་པར་འགྱུར་ཏེ་དྲན་པ་ཙམ་གྱིས་ཁྲོ་བོ་འབེབས་པར་བྱེད་དོ། ༨༧ ། ༈ དེ་ལ་མཚན་ཉིད་ནི་ཚིགས་སུ་བཅད་པ་བརྒྱད་ཅུ་རྩ་བརྒྱད་པས་གསུངས་པ་འདིར་ 3-1-412 འགྱུར་ཏེ་ཁྲོ་བོའི་རྒྱལ་པོ་ཕེབས་ན་མཚོན་ཆས་མཛེས་པའི་ལག་པ་དག་གིས་བདུད་ཀྱི་ ཚོགས་ལ་སྡིགས་བྱེད་ཅིང་ཞེས་པ་ནི་འདིར་སློབ་མ་ལ་ཁྲོ་བོའི་རྒྱལ་པོ་བབས་པར་གྱུར་ན་ མཚོན་ཆས་མཛེས་པར་བྱས་པའི་ལག་པ་དག་གིས་བརྟན་པ་དང་གཡོ་བ་གང་ལ་བསྣུན་པ་ དེ་ཕྱེ་མ་བརྒྱར་བྱེད་དོ། །བདུད་ཀྱི་ཚོགས་ཆོས་ལ་འཚེ་བར་བྱེད་པ་གང་ལ་སྡིགས་མཛུབ་ ཀྱིས་བསྡིགས་པ་དེ་ས་ལ་འགྱེལ་བར་བྱེད་ཅིང་སེམས་མེད་པར་བྱེད་དོ། །དེ་བཞིན་དུ་གཡོན་ བརྐྱང་ལ་སོགས་སྟབས་རྣམས་དང་ནི་རྣམ་མང་བྱེད་པ་རྣམས་ཀྱིས་རྡོ་རྗེའི་གར་གྱིས་གར་ བྱེད་དེ། །འདིར་སློབ་མ་གང་ཞིག་སྔར་གར་གྱི་མཚན་ཉིད་ཅུང་ཟད་ཀྱང་མི་ཤེས་པ་དེ་ཉིད་ ཁྲོ་བོ་ཕེབས་པར་གྱུར་པ་ན་རྡོ་རྗེའི་གར་བྱེད་དོ། །བར་སྣང་ལ་ཡང་རྣམ་མང་བྱེད་པ་རྣམས་ ཀྱིས་ཞེས་པ་གར་(སྣ་ཚོགས་)བྱེད་དོ། །ཅི་སྟེ་བཞད་པར་བྱེད་པ་དེའི་ཚེ་ཧཱུྃ་གི་ཡི་གེ་འདྲེས་པས་ དགྲ་སྟེ་བདུད་ཀྱི་ཚོགས་ལ་འཇིགས་པ་སྟེར་བ་དང་ནི་དེ་བཞིན་དུ་སློབ་མ་གང་ཞིག་སྔར་མི་ ཤེས་པ་དེ་ཁྲོ་བོ་ཕེབས་པ་ན་མི་ལ་སོགས་པ་རྣམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་པའི་སྒྲས་ རྒྱུད་གཞན་དུ་མ་ལས་གང་གསུངས་པའི་གླུ་བྱེད་དོ། །དེའི་ཕྱིར་ཁྲོ་བོའི་རྒྱལ་པོ་ཕེབས་པ་ནི་ ངོ་ཚ་མེད་ཅིང་དོགས་པ་མེད་པར་འགྱུར་ཏེ་ཡོན་ཏན་དབང་གིས་ཞེས་པ་ཁྲོ་བོའི་རང་བཞིན་ གྱིས་སོ། །ལྷ་གཞན་རྣམས་ཀྱང་ཞི་བའོ། །ཞེས་པ་ནི་ཅི་སྟེ་སྤྱན་མ་ལ་སོགས་པའི་ལྷ་ཡིན་ན་ ཞི་བའོ་ཞེས་པ་སྟེ་ཁྲོ་བོ་དབབ་པའི་ངེས་པའོ། །འདིར་ཡང་རྒྱ་ཆེར་གཞན་ཁྲོ་བོ་བཅུ་པོ་རྣམས་ ཀྱི་རང་བཞིན་བཅུ་པོ་རྣམས་ནི་ཕྱག་རྒྱ་བཅིང་བས་རིག་པར་བྱའོ། །མཚན་མ་གང་གིས་(ལྷ་) གང་བསྐྱེད་པ་དེ་(འི་མཚན་མ་)ཡང་(སློབ་མ་)དེའི་ཕྱག་གི་ཕྱག་རྒྱ(ཕྱེད་པ)ར་འགྱུར་ཏེ(དེས་ན་གང་ཕེབས་ པའི་ལྷ)་དེ་ནི་(ཕྱག་རྒྱ་སྟོན་པ་)དེས་ཤེས་པར་བྱའོ་ཞེས་པ་ངེས་པའོ། ༨༨ ། ༈ ད་ནི་སྐུ་ཞེས་པ་ལ་སོགས་པས་ཁྲོ་བོའི་རྒྱལ་པོའམ་བྱང་ཆུབ་སེམས་དཔའི་སྐུ་ལ་ སོགས་པའི་བྱིན་གྱིས་བརླབས་པ་གསུངས་པ་འདིར་སྐུ་ཕེབས་པ་ནི་རྣལ་འབྱོར་ལྡན་པ་ཞེས་ 3-1-413 པ་ལྷའི་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་གྱུར་ན་རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ དྲག་པོ་དང་ཞི་བའི་རང་བཞིན་གྱིས་སློབ་མ་སྐུ་ཡི་བྱ་བ་〔སྣ་ཚོགས་〕བྱེད་པ་སྟེ་ཇི་ལྟར་ཁྲོ་བོ་དང་ བྱང་ཆུབ་སེམས་དཔའ་ནི་ནམ་མཁའ་ལ་འགྲོ་བ་དང་ས་འོག་ཏུ་འགྲོ་བར་མཛད་པ་དེ་བཞིན་ དུ་སློབ་མས་བྱེད་ཅིང་དཀྱིལ་འཁོར་ལ་སོགས་པ་མ་མཐོང་བ་སྐྱེད་པར་བྱེད་དེ་མཆོག་གི་ ལྷའི་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་གྱུར་པས་རི་བོ་འབྱིན་པ་ལ་སོགས་པ་སྐུའི་བྱ་བ་བྱེད་ དོ། །དེ་བཞིན་དུ་གསུང་ཕེབས་པས་ནི་སྲིད་གསུམ་ལྷ་དང་ཀླུ་དང་ལྷ་མིན་རྣམས་ལས་རྣམ་ པར་རྒྱལ་བའི་སྨྲ་བ་པོར་འགྱུར་ཏེ་ལྷའི་གསུང་རྡོ་རྗེས་བྱིན་གྱིས་བརླབས་པའི་སློབ་མ་རྨོངས་ པ་ཡང་འཇམ་དཔལ་ཇི་ལྟ་བ་དེ་བཞིན་དུ་འགྱུར་རོ་ཞེས་པ་ངེས་པའོ། །དེ་བཞིན་དུ་མཆོག་ གི་ལྷའི་ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་ཐམས་ཅད་དང་འདས་པ་དང་ མ་འོངས་པ་དང་ད་ལྟར་བྱུང་བ་མ་མཐོང་བ་ཐམས་ཅད་སློབ་མས་ཤེས་པར་འགྱུར་ཞེས་པ་ ཐུགས་ཕེབས་པའི་ངེས་པའོ། །ཅི་སྟེ་སྐྱེ་བ་སྔ་མའི་བག་ཆགས་ཀྱི་སྟོབས་ཀྱིས་ཁ་ཅིག་ལ་ཡེ་ ཤེས་ཕེབས་པར་འགྱུར་ཏེ་དེའི་ཚེ་དཀྱིལ་འཁོར་ལ་〔དངོས་གྲུབ་〕འགྲུབ་པར་འགྱུར་ཞིང་སངས་ རྒྱས་སུ་འགྱུར་རོ། །(དེ་ནི་)བླ་མའི་ཡང་བླ་མ་ཞེས་པ་མངོན་པར་ཤེས་པ་ལྔ་ཐོབ་པ་དང་ས་ བཅུའི་དབང་ཕྱུག་ཏུ་འགྱུར་རོ། །སངས་རྒྱས་ཞེས་པ་ནི་(ས་བཅུ་ཐོབ་པ་ལ་)ཉེ་བར་བཏགས་པའི་ ཚིག་སྟེ་རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུ་ཞེས་པ་ཡང་དེ་བཞིན་(དུ་མངོན་ཤེས་ལྔ་དང་ས་བཅུ་ཐོབ་ པ་ལ་ཉེ་བར་བཏགས་པ་ཡིན་ནོ)སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་ མཚན་ཉིད་ངེས་པའོ། ༨༩ ། ༈ ད་ནི་ས་ཞེས་པ་ལ་སོགས་པས་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ པ་གསུངས་པ་འདིར་གང་གི་ཚེ་ས་ཕེབས་པས་ནི་རྣལ་འབྱོར་པ་སྟེ་སློབ་མ་བྱིན་གྱིས་ བརླབས་པར་གྱུར་ན་རི་དང་མཚུངས་པར་འགྱུར་ཏེ་མི་བརྒྱ་ཕྲག་དུ་མས་ཀྱང་བསྐྱོད་པར་མི་ 3-1-414 ནུས་སོ། །ཆུས་ཀྱང་བསིལ་བར་རབ་ཏུ་འགྱུར་ཏེ་འདིར་མཱ་མ་ཀཱིས་བྱིན་གྱིས་བརླབས་པའི་ རྣལ་འབྱོར་པས་གང་ཞིག་བསྲེག་པའི་རིམས་ཀྱིས་བཟུང་བ་ལ་འཁྱུད་ན་ཡང་དེ་རིམས་དང་ བྲལ་བར་འགྱུར་རོ། །མེ་ཕེབས་པས་ནི་སྲེག་པར་འགྱུར་ཏེ་འདིར་གང་གི་ཚེ་གོས་དཀར་ མོས་བྱིན་གྱིས་བརླབས་པར་གྱུར་ན་དེའི་ཚེ་གང་ལ་རེག་པ་དེ་སྲེག་པར་བྱེད་དོ། །ཅི་སྟེ་རླུང་ ཕེབས་པས་བྱིན་གྱིས་བརླབས་ན་དེ་བཞིན་སྐམ་པ་དག་ཏུ་རབ་ཏུ་འགྱུར་ཏེ་གང་ལ་འཁྱུད་པ་ དེ་དཔག་ཚད་དུ་མ་རྣམས་སུ་སྐྲོད་པར་བྱེད་དོ། །དེ་བཞིན་དུ་སྟོང་པ་ཕེབས་པས་མི་སྣང་བར་ འགྱུར་ཏེ་གང་ལ་རེག་པ་དེ་ཉིད་མི་སྣང་བར་འགྱུར་ཞིང་ས་སྟེང་དུ་(སྟོང་པ་ཕེབས་པས་)ནི་མཁའ་ ལ་སྤྱོད་པ་ཉིད་དུ་རབ་ཏུ་འགྱུར་ཞེས་པ་ངེས་པའོ། ། ༈ དེ་བཞིན་(དུ་དོན་དམ་གཞན་སྟོང་གི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་)ཐམས་ཅད་རང་བཞིན་ཡོན་ ཏན་དབང་གིས་(རིམ་པ་ལྟར་ཡིས་ནི་)རིག་པར་བྱ་སྟེ་འདིར་གང་གི་ཚེ་(ལྷ་ཞེས་བྱ་བ་བྱང་ཆུབ་སེམས་ཞེས་ པའི་ངེས་པ་དོན་དམ་པའི་)ལྷ(འོད་གསལ་ཆོས་ཀྱི་སྐུ)འི་མིག་〔སའི་སྙིང་པོ་〕ཕེབས་པར་འགྱུར་ན་དེའི་ཚེ་(གཞན་ ནམ་ཕ་རོལ་ལམ)མཆོག་གི་གཟུགས་(འོད་གསལ་སྟོང་གཟུགས་)དང་མི་མཐོང་བའི་རྫས་(ཡུལ་དུས་རང་ བཞིན་གྱིས་བསྐལ་བ་རྣམས་)ཀྱང་མཐོང་བར་འགྱུར་རོ། །གང་གི་ཚེ་(སྔ་མ་ལྟར་)ལྷའི་རྣ་བ་(ཕྱག་ན་རྡོ་རྗེ་)ཕེབས་པར་གྱུར་ན་དེའི་ཚེ་(མཆོག་གི་སྒྲ་དང་)སེམས་ཅན་རྣམས་ཀྱི་སྒྲ་གང་མི་ཐོས་པ་དེ་ཐོས་ པར་འགྱུར་རོ། །གང་གི་ཚེ་ལྷའི་ཡིད་(ཀུན་ཏུ་བཟང་པོ་)ཕེབས་པར་གྱུར་ན་དེའི་ཚེ་(མཆོག་གི་ཆོས་ དང་)གཞན་གྱི་སེམས་ཤེས་པར་འགྱུར་རོ། །གང་གི་ཚེ་ལྷའི་ལུས་ཀྱི་དབང་པོ་(སྒྲིབ་པ་རྣམ་སེལ་)ཕེབས་པར་གྱུར་ན་དེའི་ཚེ་ལྷའི་རེག་བྱ་འཛིན་པར་འགྱུར་ཞིང་སྔོན་གྱི་གནས་ཤེས་པར་ འགྱུར་རོ། །གང་གི་ཚེ་ལྷའི་ལྕེ་(འཇིག་རྟེན་དབང་ཕྱུག་)ཕེབས་པར་གྱུར་ན་དེའི་ཚེ་ལྷའི་རོ་མྱོང་ བར་འགྱུར་ཞིང་དེས་ནམ་མཁའི་རྫུ་འཕྲུལ་དུ་འགྱུར་རོ། །གང་གི་ཚེ་ལྷའི་སྣ་(ནམ་མཁའི་སྙིང་པོ་)ཕེབས་པར་གྱུར་ན་དེའི་ཚེ་ལྷའི་དྲི་འཛིན་པར་འགྱུར་ཏེ་དེས་སངས་རྒྱས་ཐམས་ཅད་ཀྱིས་ 3-1-415 བྱིན་གྱིས་རློབ་པར་འགྱུར་རོ་ཞེས་པ་ནི་ངེས་པའོ(འདི་དག་སློབ་མ་དག་པ་འགའ་ཞིག་ལ་དབང་གི་ཆོ་ག་ཉིད་ ལས་ཕེབས་པར་འགྱུར་ཞིང་དབང་གི་དོན་བསྒོམས་ན་ནི་ཐམས་ཅད་ལ་ཕེབས་པར་མྱོང་བས་གྲུབ་མོད་ཀྱི་དམ་པའི་མན་ངག་ དང་བྲལ་བ་རྣམས་ཀྱི་བློར་ཤོང་དཀའ་བས་རྣམ་པར་སྤྲོས་པ་རེ་ཞིག་བཞག་གོ)། ༩༠ ། ༈ ད་ནི་དབབ་པ་ཞེས་པ་ལ་སོགས་པས་ལྷ་དབབ་པ་བསྐྱེད་པའི་མཚན་ཉིད་གསུངས་ པ་འདིར་ལྷ་དབབ་པ་གང་ཡིན་པ་དེ་ནི་ངེས་པར་ཞེས་པ་མཐའ་གཅིག་ཏུ་(ཕེབས་པར་)འགྱུར་ ཏེ་(གང་གིས་སྟོབས་ལས་འགྱུར་ན་)སྔགས་པ་སློབ་དཔོན་རྣམས་ཀྱི་(རྡོ་རྗེའི་རྣལ་འབྱོར་)སྒོམ་པའི་སྟོབས་ དང་སྔོན་དུ་བསྙེན་པའི་དབྱེ་བ་དང་ནི་ཞེས་པ་(ལྷའི་སྒྲུབ་ཐབས་ཀྱི་)ཆོ་ག་སྣ་ཚོགས་པ་དང་རྣམ་ མང་དམ་ཚིག་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལ་སོགས་པ་(མི་འཛག་པར་)བསྲུངས་པ་དང་དེ་ བཞིན་དུ་སྔགས་ཀྱི་བཟླས་པ་(འདི་དང་)ལ་སོགས་པ་(སྦྱིན་སྲེག་གི་ཆོ་ག་ལ་སོགས་པ་བསྒྲུབ་པ་)རྣམས་ ཀྱིས་ཀྱང་ཕེབས་པར་འགྱུར་གྱི་རྣམ་པ་གཞན་དུ་ན་(ཕེབས་པར་)མི་འགྱུར་རོ། །འགའ་ཞིག་ དག་གི་ཚེ་བླ་མ་བརྒྱུད་པའི་རིམ་པས་(བྱིན་གྱིས་བརླབས་པའི་བླ་མས་ང་རྒྱལ་ལ་སོགས་པའི་སྐྱོན་གྱིས་)རྣམ་ པར་དག་པའི་སློབ་མ་ལ་སྟེ་སངས་རྒྱས་རོ་མྱང་བྱེད་པས་བདུད་རྩིའི་དབང་ལས་དཀྱིལ་ འཁོར་འགའ་ཞིག་ཏུ་ནི་མཆོག་གི་བུ་ལ་(ཕེབས་པར་)འགྱུར་རོ། །མིའི་བདག་པོ་ཞེས་པ་ནི་ བོད་པའོ། །(བླ་མ་)རང་(ཉིད་བསྒོམ་པ་ལ་སོགས་པ་)བྱིན་(གྱིས་)བརླབས་པས་དམན་པ་(འདོད་པ་ན་སྤྱོད་ པའི་ལྷའི་བདེ་བ་ལ་སོགས་པ་)རྣམ་མང་སྲིད་པ་རྣམས་ཀྱི(འབྲས་བུ་ཐོབ་པའི་ཚུལ་གྱི)ས་སྔགས་པ་རྣམས་ ལ་དངོས་གྲུབ་ཡོད་མ་ཡིན་(དེ་ཡང་རྒྱལ་ཆེན་རིག་བཞི་པ་ནས་བཟུང་སྟེ་)ཇི་སྲིད་འོག་མིན་གྱི་སྲིད་པའི་ མཐར་ཐུག་པའི་བར་དུ་དེ་བཞིན་གཤེགས་པས་〔དངོས་གྲུབ་〕འཇིག་རྟེན་པ་ཞེས་གསུངས་ པའོ(རང་བྱིན་རླབས་ཀྱིས་དམན་པས་འཇིག་རྟེན་པའི་དངོས་གྲུབ་ཀྱང་མི་ཐོབ་ན་མཆོག་གི་དངོས་གྲུབ་ཐོབ་པ་ལྟ་ཅི་སྨོས་ཞེས་ པའོ)། །འདིར་མཆོག་རྣམས་ཀྱི་དབབ་པ(རྡོ་རྗེ་འབེབས་པ་འབེབས་པ་ཆེ། །ཞེས་པ་དང༌། ཕྱག་རྒྱ་ཆེན་པོའི་སྦྱོར་ བ་ཡིས། །རྡོ་རྗེ་འབེབས་པར་བྱིན་གྱིས་བརླབས། །ཞེས་པ་ལ་སོགས་པའི་དོན་སློབ་མ་སངས་རྒྱས་ཀྱིས་བྱིན་གྱིས་རློབས་པ)འོ། 429། (དེ་ལས་)གཞན་དུ་འབྱུང་པོ་དང་སྲིན་པོའི་འཁོར་(དང་རྣ་བའི་ཤ་ཟ་མོ་དང་ཞིང་སྐྱོང་དང་མ་མོ་དང་ཀླུ་དང་སྲིན་ པོ་དང་མཁའ་འགྲོ་མ་དང་བགེགས་དང་ལོག་འདྲེན་དང་འདོད་པའི་ལྷ་)ལ་སོགས་པ་རྣམས་ཀྱི་དབབ་པ་(འཕྲལ་དུ་ ཡིད་ཆེས་པ་ཕྲན་ཚེགས་ཙམ་འབྱུང་བ་)ནི་མཐའ་ཡས་པ་སྟེ་དེ་རྣམས་ཀྱི་མཚན་ཉིད་དང་བླ་མའི་བཀའི་ མཚན་ཉིད་ཀྱང་(རྣམ་དག་ལེགས་པའི་ལམ་ཡིན་པར་)ལེའུ་ལྔ་པའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་ བྱ་སྟེ་དེས་ན་འདིར་དཀྱིལ་འཁོར་དུ་འཇུག་པ་ལ་དེ་རྣམས་(དགོས་ནུས་མེད་པས་)མ་གསུངས་སོ་ ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། ༩༡ ། ༈ ད་ནི་ཕེབས་པ་བཏང་ཞེས་པ་ལ་སོགས་པས་ཕེབས་པ་ཉེ་བར་ཞི་བ་ལ་སོགས་པ་ གསུངས་ཏེ་འདིར་གང་གི་ཚེ་སློབ་མ་ཁྲོ་བོའི་ལྷ་ལ་སོགས་པ(སྔར་བསྟན་པ་དེ་རྣམས་ཀྱི)ས་བྱིན་ གྱིས་བརླབས་པ་དེའི་ཚེ་སློབ་དཔོན་གྱིས་(མ་འོངས་པ་ན་ཇི་ལྟར་འབྱུང་བ་ལ་སོགས་པ་)གང་ཅུང་ཟད་ མངོན་པར་འདོད་པའི་བྱ་བ་དྲི་བར་བྱའོ། །དེ་ནས་ༀ་ཨཱཿཧཱུྃ་ཡི་གེ་གསུམ་གྱིས་མེ་ཏོག་མངོན་ པར་བསྔགས་ཏེ་མགོ་བོར་སྦྱིན་པར་བྱའོ། །དེས་ཕེབས་པ་གཏོང་ཞིང་(ཁྲོ་བོའི་དབང་པོ་ལ་སོགས་ པ་)རང་གི་གནས་(ཆོས་ཀྱི་དབྱིངས་)སུ་འགྲོ་བར་འགྱུར་རོ། །དེ་ལྟར་ཕེབས་པ་གཏོང་བར་འགྱུར་ ཏེ་དེ་ནས་ཕེབས་པ་བཏང་པའི་ཕྱི་ནས་མགོ་བོར་རྒྱལ་བས་བསྲུང་བ་ཞེས་གསུངས་པའི་ཕྱིར་ མགོ་བོར་ༀ་ཡིག་གིས་སོ། །སྙིང་ཁར་ཧུྂ་ཡིག་གིས་སོ། །སྤྱི་གཙུག་སྟེ་གཙུག་ཏོར་དུ་ཧཾ་ཡིག་ གིས་སོ་ཞེས་པ་ནི་ཐབས་ཀྱི་སྟེ་(རིགས)རང་གི་རྡོ་རྗེ་གསུམ་གྱིས་ཞེས་པ་(རིམ་པ་ལྟར་)སྐུ་དང་ གསུང་དང་ཐུགས་ཀྱིས་སོ། །དེ་བཞིན་དུ་ལྟེ་བར་ཧོཿཡིག་གིས་སོ། །མགྲིན་པར་ཨཱཿཡིག་ གིས་སོ། །གསང་བར་ཀྵཿཡིག་གིས་སོ་ཞེས་པ་ནི་ཤེས་རབ་ཀྱི་(རིགས་གསུམ་)སྟེ་རང་གི་རྡོ་རྗེ་ གསུམ་གྱིས་ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱིས་སོ། །འདིར་ནི་(ཐབས་ཤེས་ནི་)གཉི་གའི་སྐུ་ དང་གསུང་དང་ཐུགས་རྡོ་རྗེའི་ཡུལ་ལའོ། །གཞན་དུ་ནི་ཧཱུྃ་ཡིག་རིང་པོ་གསུང་རྡོ་རྗེ་དང་ཐུང་ ངུ་ཐུགས་རྡོ་རྗེ་སྟེ་གང་ན་ཡོད་པ་ལའོ། ། 3-1-416 དེ་ནས་བསྲུང་བ་བྱ་ཞིང་ལུས་ལ་(ཡེ་ཤེས་སེར་པོ་མཚོན་པའི་)སེར་པོའི་གོས་དག་བྱིན་ཏེ་མིག་ ནི་བསྒྲིབས་པར་གྱུར་པའི་སློབ་མ་དཀྱིལ་འཁོར་འདིར་ནི་གཞུག་པ་བསྒྲུབ་པར་བྱའོ། །དང་ པོར་ཀུན་རྫོབ་དོན་དུ་བརྟུལ་ཞུགས་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་(བསྟེན་པར་བྱ་བ་)སྟེ་ ཀུན་རྫོབ་ནི་བསོད་ནམས་ལ་སོགས་པའི་ཚོགས་སོ། །དེའི་དོན་ནི་དེའི་དོན་ཏོ། །རབ་མཆོག་ བགྲོད་པ་རྣམས་ལ་བགྲོད་པ་དེ་རྣམས་ཞེས་པ་ལ་རབ་མཆོག་ནི་(སྔོན་འདས་པའི་བསྐལ་པ་དགུ་བཅུ་ རྩ་གཅིག་པ་ལ་བྱོན་པའི་སངས་རྒྱས་)རྣམ་པར་གཟིགས་ལ་སོགས་པ་〔གསུམ་〕དང་བསྐལ་བ་བཟང་པོ་ ལ་(སངས་རྒྱས་འཁོར་བ་འཇིག་ནས)ཤཱཀྱ་ཐུབ་པའི་མཐར་ཐུག་པ་(བཞི་སྟེ་དེ་ལྟར་)དེ་བཞིན་གཤེགས་པ་ བདུན་པོ་རྣམས་སོ། །(བདེ་གཤེགས་)དེ་རྣམས་ཀྱི་བགྲོད་པ་ནི་བསོད་ནམས་དང་ཚུལ་ཁྲིམས་ དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་དོ། །(ཚོགས་གསུམ་པོ་)དེ་ལ་བགྲོད་པ་ནི་རབ་མཆོག་ བགྲོད་པ་རྣམས་ལ་བགྲོད་པ་སྟེ་(དེས་ན་)དེ་ཉིད་སློབ་དཔོན་གྱིས་སློབ་མ་ལ་སྦྱིན་པར་བྱའོ་ ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། ༩༢ ། ༈ དེ་ལ་བརྟུལ་ཞུགས་རྣམས་ནི་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་(བསྟེན་པར་)བཅོམ་ ལྡན་འདས་ཀྱིས་གསུངས་པ་(སྲོག་ཆགས་ལ་)འཚེ་(བ་)དང་མི་བདེན་(བའི་ཚིག་དང་)ཞེས་པ་གཞན་ གྱི་བུད་མེད་(བསྟེན་པ་རྣམས་)སྤང་(བར་)བྱ(འོ)གཞན་གྱི་ནོར་དང་ཆང་གི་བཏུང་བ་(ཡང་)དེ་བཞིན་ ཉིད་(དུ་སྤོངས་ཤིག་)ཅེས་པ(ས་བསླབ་པ་ལྔ་)སྟེ་(དགེ་བསྙེན་དང་དགེ་བསྙེན་མའི་)བརྟུལ་ཞུགས་ལྔའི་ངེས་ པའོ་ཞེས་པའི་དོན་ཏོ། །(དེ་རྣམས་ངེས་པར་སྤང་དགོས་པའི་རྒྱུ་མཚན་)གང་ལས་ཅིའི་ཕྱིར་ཞེ་ན་(མ་སྤངས་ ན་)འཁོར་བར་(འཆིང་བྱེད་)རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པའི་ ལས་〔ནི་〕ལྔ་པོ་འདི་རྣམས་སོ་དེའི་ཕྱིར་མི་བྱའོ་ཞེས་པ་སྟེ་ངེས་པའོ། །སྣ་ཚོགས་གཙོ་བོ་སུ་ ཞིག་གི་(མཚན་ཀྱིས་སྦྱིན་)ཞེ་ན་(སངས་རྒྱས་)གང་ཞིག་(བསྐལ་བ་)གང་གི་དུས་སུ་བྱུང་བའི་དེ་བཞིན་ གཤེགས་པ་ལྷ་དང་མི་ཡི་བླ་མ་དེའི་མཚན་གྱིས་རབ་སྦྱིན་བྱ་(སྟེ་)སྣ་ཚོགས་(ཀྱི་)གཙོ་བོ(ཤཱཀྱ་ 3-1-417 ཐུབ་པ་ལ་སོགས་པ)འི་བཀའ་འདི་(བསྐྱང་ན་)སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་(དེས་ན་)ཁྱོད་ ཀྱིས་ཀྱང་ནི་བསྐྱང་བར་བྱ་ཞེས་པ་ནི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱིས་བསོད་ ནམས་ཀྱི་ཚོགས་ཀྱི་སླད་དུ་བསྐྱངས་པ་ཇི་ལྟ་བ་དེ་བཞིན་དུའོ་ཞེས་པ་སྟེ་དེ་བཞིན་གཤེགས་ པའི་ངེས་པས་བསླབ་པའི་གནས་ལྔ་དང་ལྡན་པའོ། ༩༣ ། དེ་ནས་གལ་ཏེ་འདོད་ན་དེའི་ཚེ་གཞན་རྣམས་སྦྱིན་པར་བྱའོ། །དེ་ལ་ཆོ་ལོ་དང་ཁ་ན་ མ་ཐོ་བཅས་པའི་ཟས་སྔར་(ལེའུ་དང་པོའི་མདོར་བསྡུས་གཉིས་པར་)བརྗོད་པ་དང་(དམག་ཆོམ་རྐུན་སྨད་ འཚོང་བསྟན་བཅོས་ངན་པ་ལ་སོགས་པའི་)ཚིག་ངན་ཀློག་པ་དང་འབྱུང་བོའི་ཆོས་ཕ་མེས་ཀྱི་བྱ་བ་(ལ་ སྲོག་གཅོད་པ་)དང་མཆོད་སྦྱིན་གྱི་བྱ་བ་རིག་བྱེད་ལས་(སྲོག་གཅོད་པར་)བརྗོད་པ་དང་ལྷ་མིན་གྱི་ ཆོས་ནི་ཀླ་ཀློའི་ཆོས་ཏེ་(རང་གིས་བསད་པ་ཟའི་ལས་ཀྱི་ཤི་བ་མི་ཟ་བ་ལ་སོགས་པ་)མི་བྱའོ་ཞེས་པ་ཉེ་བའི་ སྡིག་པ་ལྔ་དང་དེ་བཞིན་དུ་(བརྟུལ་ཞུགས་)སྔ་མ་(ལྔ་)དང་ཕྱི་མ་(ལྔ་སྟེ་)བཅུ་པོ་རྣམས་ཀྱི་དང་པོ་ 〔འཚེ་དང་ཞེས་པ་ལས་འཕྲོས་པའི་〕གསོད་པ་ལྔ་དུས་ཐམས་ཅད་དུ་མི་བྱ་སྟེ་བ་ལང་གསོད་པ་དང་ བྱིས་པ་གསོད་པ་དང་བུད་མེད་གསོད་པ་དང་སྐྱེས་པ་གསོད་པ་དང་ལྷ་མིའི་བླ་མ་ཞེས་པ་ནི་ སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པ་སྟེ་རྣམ་པར་བཤིག་པ་ནི་གསོད་པ་གཞན་ནོ། །དེ་ བཞིན་དུ་གྲོགས་པོ་ལ་འཁུ་བ་དང་རྗེ་བོ་ལ་འཁུ་བ་དང་སངས་རྒྱས་ལ་འཁུ་བ་དང་དགེ་ འདུན་ལ་འཁུ་བ་དང་ཡིད་བརྟན་ལ་འཁུ་བ་ཞེས་པ་ལྔ་མི་བྱའོ། །དེ་བཞིན་དུ་དབང་པོ་རྣམས་ ནི་ཀུན་ནས་ཆགས་པ་དག་སྟེ་ཞེས་པ་ནི་གཟུགས་ལ་ཀུན་ནས་ཆགས་པ་དང་སྒྲ་ལ་ཀུན་ནས་ ཆགས་པ་དང་དྲི་ལ་ཀུན་ནས་ཆགས་པ་དང་རོ་ལ་ཀུན་ནས་ཆགས་པ་དང་རེག་ལ་ཀུན་ནས་ ཆགས་པ་དང་ལྔ(མི་བྱ)འོ། །(དེ་ལྟར་)སྲིད་པ(གཞན་ནམ་དམ་པ)འི་བདག་པོ་རྡོ་རྗེ་སེམས་དཔའི་ ངེས་པའི་བརྟུལ་ཞུགས་ཉི་ཤུ་ལྔ་སྟེ་སློབ་མ་རྣམས་ཀྱིས་བསྐྱང་བར་བྱ་ཞིང་རྡོ་རྗེ་སློབ་དཔོན་ གྱིས་དབང་གི་དུས་སུ་སློབ་མ་ལ་སྦྱིན་པར་བྱའོ། །བརྟུལ་ཞུགས་སྦྱིན་པའི་ངེས་པའོ། ༩༤ ། 3-1-418 ༈ ད་ནི་དཔལ་ལྡན་སྔགས་ཞེས་པ་ལ་སོགས་པས་དཀྱིལ་འཁོར་དུ་འཇུག་པ་གསུངས་ ཏེ་འདིར་དང་པོར་བརྟུལ་ཞུགས་བྱིན་པའི་དེ་མ་ཐག་ཏུ་ལས་ཐམས་ཅད་པ་ལ་གོས་སེར་ པོའམ་གོས་དམར་པོས་གདོང་བཅིང་བར་བྱ་ཞིང་ཞི་བ་ལ་སོགས་པ་ལ་ལྷའི་ཁ་དོག་གི་ མདོག་ཅན་གྱི་གོས་སྲབ་མོས་ཏེ་ༀ་དྭཱ་ད་ཤཱཾ་ག་(ཡན་ལག་བཅུ་གཉིས་)ནི་རོ་དྷ་ཀཱ་རི་ཎེ་(འགོག་པར་ བྱེད་པ་)ཧཱུྃ་ཕཊ་ཅེས་པ་འདིས་བསྔགས་ནས་སོ། །དེ་ནས་དང་པོར་མིག་བཀབ་ནས་དགེ་བའི་ གྲོགས་ལ་སོགས་པས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ། ༈ དེ་ནས་ཤར་གྱི་སྒོར་སློབ་དཔོན་གཙོ་བོའི་གཟུགས་སུ་གནས་པས་(དབང་སྦྱིན་)ཏེ་གལ་ ཏེ་དཀྱིལ་འཁོར་ལ་ལྷ་(གཙོ་བོ་)གཡོན་བརྐྱང་ལ་སོགས་པའི་སྟབས་ཀྱིས་བཞེངས་པ་ཡིན་ན་ དེའི་ཚེ་སློབ་དཔོན་(གཡོན་བརྐྱང་ལ་སོགས་པའི་སྟབས་ཀྱིས་)བཞེངས་པས་སློབ་མ་ལ་དབང་བསྐུར་ སྦྱིན་པར་བྱའོ། །ཅི་སྟེ་བཞུགས་པ་ཡིན་ན་དེའི་ཚེ་བཞུགས་པས་སྦྱིན་པར་བྱའོ། ། ༈ དེ་ནས་དགེ་བའི་གྲོགས་ཀྱིས་གཏད་པའི་ཁ༽སློབ་མའི་མགོ་བོ་ལ་ཀ༽དུང་གི་ཆུས་ག༽ བསང་གཏོར་བྱས་ཏེ་ༀ་ཨཱཿ་ཧཱུྃ་ཞེས་པ་ཡི་གེ་གསུམ་གྱིས་ལན་བདུན་མངོན་པར་བསྔགས་ པའི་མེ་ཏོག་གཅིག་དེའི་ལག་པའི་པད་མ་སྦྱར་བར་ཀུན་ཏུ་སྦྱིན་པར་བྱ་སྟེ་མེ་ཏོག་གི་སྙིམ་པ་ རྣམ་པར་དག་པས་སོ། ། ༈ དེ་ནས་ལག་པའི་པད་མ་སྦྱར་བ་དག་ལས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་རྒྱལ་བའི་ བུམ་པའི་སྟེང་དུ་(དུང་ཆོས་ལ་)སྔར་བརྗོད་པའི་ངེས་པས་(མཚན་མ་ལྔ་བྱས་ནས་)མེ་ཏོག་དོར་བ་དང་ དུས་གཅིག་ཏུ་མིག་གི་དར་དགྲོལ་བར་བྱའོ། །ཡང་ན་སྔར་མེ་ཏོག་དོར་བ་བྱས་ནས་ཕྱི་ནས་ དགྲོལ་བར་བྱ་སྟེ་ༀ་དི་བྱིན་དྲི་ཡཱ་ཎུ་ཊ་གྷཱ་ཊ་ཡ་(ལྷའི་དབང་པོ་རབ་ཏུ་དབྱེ་བར་མཛོད་)སྭཱ་ཧཱ་ཞེས་པའི་ སྔགས་འདིས་སོ། ། ༈ མིག་དབྱེ་བ་བྱས་ནས་གང་གི་གནས་སུ་མེ་ཏོག་བཟང་པོ་ཡི་གེ་གསུམ་གྱིས་ 3-1-419 མངོན་པར་བསྔགས་པ་ལྷུང་བ་དེར་གནས་པའི་ལྷ་ནི་(སློབ་མ་)དེའི་རིགས་ཀྱི་ལྷར་འགྱུར་ཏེ་ དེའི(རིགས་ཅན་གྱི་)ལས་ཀྱི་ཕྱག་རྒྱས་(ཐུན་མོང་འཇིག་རྟེན་པའི་དངོས་གྲུབ་)འགྲུབ་པོ་ཞེས་པ་ནི་ངེས་ པའོ། །དེ་ནས་དེའི་རིགས་ཀྱི་ལྷ་བསྟན་ཏེ་ཕྱི་ནས་ཆུ་ལ་སོགས་པ་དབང་(འོག་མ་)བདུན་པོ་ རྣམས་(སྦྱིན་པ་)དང་(གོང་མ་)རྣམ་གསུམ་འདིར་ནི་ཇི་བཞིན་དུ་བུམ་པ་ལ་སོགས་པ་སྟེ་དེར་ལས་ ཀྱི་ཕྱག་རྒྱ་མཆོད་ནས་སོ། །བླ་མེད་(གོང་མ་ལས་ཀྱང་གོང་མ་)འཆད་པར་འགྱུར་བ་ཡང་དག་རབ་ སྦྱིན་བྱ་ཞེས་པ་སློབ་དཔོན་གྱིས་ཏེ་དེ་བཞིན་གཤེགས་པའི་ངེས་པའོ། ༩༥ ། ༈ ད་ནི་ཀླུ་ཞེས་པ་ལ་སོགས་པས་དབང་བདུན་གྱི་ཆོ་ག་གསུངས་ཏེ་འདིར་ཀླུ་ཞེས་པ་ བརྒྱད་དང་བཞིའི་རྒྱལ་དང་རྣམ་རྒྱལ་བུམ་པ་དག་གིས་ཞེས་པ་ནི་(ཁྱབ་བྱ་)བུམ་པ་བརྒྱད་ཀྱི་ ཕྱོགས་ལ་(སྟེང་དང་ཕྱོགས་བཞི་)རྒྱལ་བའི་བུམ་པ་ལྔ་དང་(འོག་ནས་མཚམས་བཞི་)རྣམ་པར་རྒྱལ་བའི་ བུམ་པ་ལྔ(སྟེ་བཅུ་ནི་ཁྱབ་བྱེད་གཉིས་དང་བཅས་པ)ས་སོ། །(ཁྱབ་བྱ་)བུམ་པ་བཞིའི་ཕྱོགས་ལ་རྒྱལ་བའི་ བུམ་པ་(ཤར་དང་བྱང་གི་བུམ་པ་དང་ལྷན་ཅིག་)གསུམ་དང་རྣམ་པར་རྒྱལ་བའི་བུམ་པ་(དུང་ཆོས་ལྷོ་དང་ནུབ་ ཀྱི་བུམ་པ་དང་བཅས་པ་)གསུམ་གྱིས་ཏེ་(དྲུག་ནི་ཁྱབ་བྱེད་གཉིས་དང་བཅས་པས་སོ་གང་ལྟར་ཡང་)ནོར་བུ་གསེར་ གྱི་རང་བཞིན་ནམ་དེ་མེད་ན་སའི་རང་བཞིན་(ཏེ་རྫའི་བུམ་པས་བཅུའམ་ལྔས་དབང་བསྐུར་ཏེ་)རིན་ཆེན་ དང་བཅས་པ་སྨན་དང་དྲི་དང་ལྡན་པ་ཞེས་པའོ། །དེ་ལ་སྨན་ནི་སྔར་(ནང་ལེར་)གསུངས་པའི་ དྲིའི་ལེ་ཚེ་སྦྱར་བ་ལས་མིག་ཅེས་པ་ལ་སོགས་པའི་ཆ་ཤས་ཀྱིས་གཟུང་བར་བྱ་སྟེ་སློབ་དཔོན་ གྱིས་རྩ་བའི་རྒྱུད་ལས་གསུངས་པའི་ཆོ་གས་ཉི་ཤུ་རྩ་ལྔ་པོ་རྣམས་ཀྱི་ནང་ནས་ཇི་ལྟར་རྙེད་ པ་ལྔ་གཟུང་བར་བྱའོ། །དེ་ལ་(རྩ་རྒྱུད་དུ་)བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་ཡི་ལེ་ ཚེ་སྦྱར་བ་ལ། །རྒྱལ་པོ་ཚངས་མ་ལ་སོགས་སྨན། །མིག་ཟླ་མེ་སོགས་ཆ་ཤས་དང༌། །ལྔ་ལྔ་ ཡིས་ནི་རིམ་པས་དགོད། །ཚངས་མ་སྲེད་མེད་དྲག་མོ་དང༌། །དབང་ཕྱུག་མཆོག་གི་དབང་ ཕྱུག་མ། །དབང་མོ་དཔལ་མོ་ཕག་མོ་དང༌། །གཞོན་ནུ་ཙར་ཙི་ཀཱ་དེ་བཞིན། །ས་མོ་ཆུ་མོ་མེ་ 3-1-420 མོ་དང༌། །རླུང་མོ་མཁའ་སྤྱོད་མ་དེ་བཞིན། །མ་དང་སྲིང་མོ་བུ་མོ་དང༌། །ཚ་མོ་རང་སྐྱེས་མ་དེ་ བཞིན། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་མོ། །དམངས་མོ་གཡུང་མོ་དེ་བཞིན་བཤད། །ཅེས་ པའི་སྨན་ནི་དངོས་གྲུབ་ཆེ། །ཟོས་པས་རྟག་ཏུ་རྫུ་འཕྲུལ་སྟེར། །ཞེས་པའོ། །ད་ནི་འདི་རྣམས་ ཀྱི་རབ་ཏུ་གསལ་བའི་མིང་བརྗོད་པར་བྱ་སྟེ་འདིར་ཚངས་མ་ཞེས་པ་ནི་(ཚངས་པའི་དབང་ཕྱུག་) བྲཧྨ་དཎྜི་(མེ་ཏོག་གསུམ་པ་)སྟེ་ཆ་གཉིས་དང་སྲེད་མེད་མ་ནི་བིཥྞུ་ཀྲཱནྟཱ་(མེ་ཏོག་སྔོ་ཆུང་འཁོར་ལོའི་རྩིབས་ ཅན་གཅིག་ཡོད་པ་)སྟེ་ཆ་གཅིག་དང་དྲག་མོ་ཞེས་པ་རུ་དྲ་ཛ་ཊཱ་(སྤང་སྤོས་)སྟེ་ཆ་གསུམ་དང་དབང་ ཕྱུག་མ་ནི་(དབང་ལག་ཅེས་)རབ་ཏུ་གྲགས་པ་སྟེ་ཆ་བཞི་དང་མཆོག་གི་དབང་ཕྱུག་མ་ནི་དེ་བ་ དཱ་ལི་(སླེ་ཏྲེས་འདྲ་)སྟེ་ཆ་ལྔའོ་ཞེས་པ་དང་པོའི་དགོད་པའོ། །དེ་ནས་གཉིས་པ་བརྗོད་པར་བྱ་ སྟེ་དབང་མོ་ཞེས་པ་ནི་ཨིནྟྲ་བཱ་རུ་ཎི་(ཏིག་ཏ)སྟེ་ཆ་གསུམ་དང་དཔལ་མོ་ནི་ལཀྵ་ཎ་སྟེ་ཆ་བཞི་ དང་ཕག་མོ་ཞེས་པ་ནི་བ་རཱ་ཧ་ཀརྞྞ་(ཕག་པའི་རྣ་བ་འདྲ་བའི་འདབ་མ་གཅིག་ཡོད་པ་སེང་གེ་ ནགས་སུ་སྐྱེ་བ་)སྟེ་ཆ་ལྔ་དང་གཞོན་ནུ་མ་ཞེས་པ་ནི་ཀར་ཎི་ཀ་(མདོག་སྔོན་པོ་ནང་མཁྲེགས་པ་མེས་ ཚིག་པ་ལ་ཕན་པ་གཅིག་ཡོད་བལ་པོར་སྐྱེ་)སྟེ་ཆ་གཉིས་དང་ཙར་ཙི་ཀཱ་ཞེས་པ་ནི་ཨ་དྷོ་པུཥྤི་ཀཱ་(ཀོ་མ་དམར་ རྩི་)སྟེ་ཆ་གཅིག་གོ་ཞེས་པ་ནི་གཉིས་པ་ལྔ་དགོད་པའོ། །དེ་ནས་གསུམ་པ་བརྗོད་པར་བྱ་སྟེ་ ས་མོ་ཞེས་པ་ནི་མུ་ཥ་ལཱི་སྟེ་(ཞེས་པ་ཤོང་གི་གཏུན་ཤིང་དུ་བསྒྱུར་པ་)ཆ་ལྔ་དང་ཆུ་མོ་ཞེས་པ་ནི་རུ་དནྟཱི་(དུ་ བྱེད་མར་བསྒྱུར་བ་རྟག་ཏུ་ངུ་)སྟེ་ཆ་གཉིས་དང་མེ་མོ་ཞེས་པ་ནི་ཛྱོ་ཏིཥྨ་ཏཱི་(མ་ལྡན་མར་བསྒྱུར་བ་ཤིང་མཚན་ མོ་མེ་འོད་འཕྲོ་བ་)སྟེ་ཆ་གཅིག་དང་རླུང་མོ་ནི་ལ་ཛྫཱ་ལུ་(ངོ་ཚ་ཅན་མར་བསྒྱུར་བ་སྤང་རྒྱན་འདྲ་བ་གཅིག་ཡོད་པ་) སྟེ་ཆ་གསུམ་དང་མཁའ་སྤྱོད་མ་ནི་ཨར་ཀ་སྟེ་ཆ་བཞིའོ་ཞེས་པ་ནི་གསུམ་པ་ལྔའོ། །དེ་ནས་ བཞི་པ་དགོད་པ་བརྗོད་པར་བྱ་སྟེ་མ་ཞེས་པ་ནི་པུ་ཏྲཾ་ཛཱ་རི་སྟེ་ཆ་གཅིག་དང་སྲིང་མོ་ཞེས་པ་ ནི་ས་ཧ་དེ་ཝ་(ལྷ་དང་བཅས་པར་བསྒྱུར་བ་ལྕོག་མགོ་སྨན་)སྟེ་ཆ་གསུམ་དང་བུ་མོ་ནི་ཀྲྀ་ཏཱ་ཛྙ་ལི་(བྱང་ ཆུབ་ཐལ་སྦྱོར་)སྟེ་ཆ་བཞི་དང་ཚ་མོ་ནི་ཨ་ཛ་ཀརྞྞ་(རའི་རྣ་བ་འདྲ་བ་སེང་གེ་ནགས་སུ་སྐྱེ་)སྟེ་ཆ་ལྔ་དང་རང་ 3-1-421 སྐྱེས་མ་ནི་མོ་ཧ་ནཱི་བ་ཊ་པ་ཏྲི་ཀཱའ་(རྨོངས་མ་འདབ་ཆེན་མར་བསྒྱུར་བ་)སྟེ་ཆ་གཉིས་སོ་ཞེས་པ་ནི་བཞི་ པ་ལྔའོ། །དེ་ནས་ལྔ་པ་དགོད་པ་བརྗོད་པར་བྱ་སྟེ་བྲམ་ཟེ་མོ་ཞེས་པ་ནི་བྲི་ཧ་ཏཱི་(སྟག་ཚེར་) སྟེ་ཆ་བཞི་དང་རྒྱལ་རིགས་མོ་ཞེས་པ་ནི་བྷྲིང་ག་རཱ་ཛཱ་(བུང་བའི་རྒྱལ་པོ་སྟེ་བོད་ཕྱོགས་མཐུན་ར་མོ་ཤག་)སྟེ་ཆ་ལྔ་དང་རྗེ་རིགས་མོ་ནི་ཤིང་མངར་ཏེ་ཆ་གཉིས་དང་དམངས་རིགས་མོ་ནི་ཀཎ་ཌ་ཀཱ་ རི་སྟེ་ཆ་གཅིག་དང་གཡུང་མོ་ནི་མ་ཡུ་རི་ཤི་ཁཱ་སྟེ་ཆ་གསུམ་མོ་ཞེས་པ་ལྔ་པ་དགོད་པའོ། །དེ་ བཞིན་དུ་གྲངས་ཇི་ལྟ་བས་སོ་བ་ལ་སོགས་པ་འབྲུའི་ཚོགས་རྣམས་ཏེ་(འབྲས་)སོ་བ་དང་(འབྲས་)སོ་བ་ཆེན་པོ་དང་མོན་སྲན་(གྲེའུ་)དང་(སྲན་མ་)ཙ་ན་ཀ་དཀར་པོ་(དབྱིབས་ནར་མོ་)དང་ཏིལ་ནག་ པོ་ནི་དང་པོ་ལྔའོ། །གཉིས་པ་ནི་ཀོ་དྲ་བཱའ་དང་(ཁྲེ་ཚེ་)མུད་ག་དང་(མོན་སྲན་སྔོའུ་དང་བོད་ཀྱི་)སྲན་ མ་(ནག་པོ་)དང་ཏིལ་དཀར་པོ་དང་གྲོའོ། །གསུམ་པ་ནི་ཨཽ་ཥྛ་(སྲན་ཆེན་ལེབ་མོ་)དང་ཏྲི་པུ་ཊ་(སྲན་ ཆུང་ཁྲ་བོ་)དང་ཡུངས་ནག་དང་ནས་དང་མོན་སྲན་(མཱ་ཤ་ཀ་དཀར་མོ་ཡིན་)ནོ། །བཞི་པ་ནི་སྲན་ཆུང་ (སྨུག་ལེབ་གཅིག་ཡོད་པ་)དང་ཡུངས་དཀར་དང་ཀྂ་གུུ་(ཁྲེ་རྒོད་)དང་ཏུ་བ་རི་ཀ་(སོག་མའི་ཚིག་འདྲ་བའི་ འབྲུ་)དང་བར་བ་ཊི་ཀཱ(པྲེ་ཏ)འོ། །ལྔ་པ་ནི་ཟར་མ་དང་བ་ར་ཊཱི་(ཡུངས་དཀར་དམར་པོ་)དང་བརྞྞ་(སྲན་ མ་ཆེན་པོ་དཀར་པོ་གཅིག་ཡོད་པ་)དང་ཀུ་ལན་ཐ་(རྒྱ་སྲན་ནག་པོ་ལེབ་ཆུང་བ་)དང་ཙ་ན་ཀ་ནག་པོ་སྟེ་ལེ་ཚེ་ སྦྱར་བའི་ཆས་འབྲུ་ལྔ་ཇི་ལྟར་རྙེད་པ་གཟུང་བར་བྱའོ། །འདིར་ཆ་རྣམས་ནི་རི་ལུའི་གྲངས་ སོ། །དེ་ནས་རིན་པོ་ཆེ་རྣམས་ནི་བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་དམངས་རིགས་ དང་མཐར་སྐྱེས་ཀྱི་རིགས་ལས་སྐྱེས་པའི་རྡོ་རྗེ་(ཁ་དོག་ལྔར་རིགས་ལྔར་ཕྱེ་བ་)རྣམས་དང་དེ་བཞིན་ དུ་ཨིན་ཏྲ་ནཱི་ལ་དང་པད་མ་ར་ག་དང་ཟླ་བ་ཆུ་ཤེལ་དང་ཀར་ཀེ་ཏ་ཀ་དང་མ་ར་ག་ཏ་ནི་གཙོ་ བོའོ། །དེ་བཞིན་དུ་ལྕགས་རྣམས་ནི་(ལྕགས་སེར་པོ་)གསེར་དང་(ལྕགས་དཀར་པོ་)དངུལ་དང་(ལྕགས་ དམར་པོ་)ཟངས་(དམར་པོ་)དང་ལྕགས་(ནག་པོ་)རྣོན་པོ་དང་(ལྗང་ཁུ་)ཁབ་ལེན་གྱི་ལྕགས་སོ། །དེ་ བཞིན་དུ་རིན་པོ་ཆེ་འབྲིང་པོ་ནི་མུ་ཏིག་དང་བྱི་རུ་དང་མུ་མེན་དང་ཤཱུ་ལ་མཎི་(གསེར་གྱི་ནོར་བུ་སྟེ་ 3-1-422 གཟེར་ནད་སེལ་བའི་ནོར་བུ་སྦུར་ལེན་ཡིན་ཟེར་བ་)དང་ཐིག་ལེ་དྲུག་པ〔སྐར་ཕྲ་མེན་〕འོ། །དེ་བཞིན་དུ་ཐ་མ་ རྣམས་ནི་ཤེལ་དང་ཛི་བ་ཛ་ཏི་(མཆོང་རྨ་ར་ཟེར་བ་)དང་ཊཽ་ཧ་རི་(ནོར་བུ་ཁྲ་ཆུང་གཅིག་ཡོད་པ་)དང་འཆིང་ བུ་དང་ནོར་བུ་ལྗང་ཁུ་རྣམས་སོ། །འདི་རྣམས་ལས་ཇི་ལྟར་འབྱོར་པ་གཟུང་བར་བྱའོ། །ཅི་ སྟེ་བཀའི་འཁོར་ལོ་སྒྱུར་བ་རིན་པོ་ཆེ་ཆེན་པོའི་དབང་བསྐུར་བ་ལ་ནི་ལྷ་དང་ཀླུ་རྣམས་ཀྱི་ རིན་པོ་ཆེ་ཁ་དོག་ལྔར་འགྱུར་རོ། །དེ་མེད་ན་ཁ་དོག་ལྔའི་མེ་ཏོག་དྲི་བཟང་པོ་རྣམས་སོ་ཞེས་ པ་ངེས་པ་སྟེ་དབུལ་པོ་རྣམས་ཀྱིའོ། །དེ་བཞིན་དུ་སའི་རང་བཞིན་(གྱི་བུམ་པ་)རིན་ཆེན་བཅས་ ཞེས་སོ། །འདིར་རིན་པོ་ཆེ་ལྗང་ཁུ་ནི་རྣམ་པར་རྒྱལ་བའི་དུང་(ངམ་རྣམ་རྒྱལ་ཆེན་པོའི་དུང་)ལའོ། ། རིན་པོ་ཆེ་སྔོན་པོ་(ཤར་ནུབ་ཀྱི་བུམ་པ་ལས་)ནི་ཤར་དང་ནུབ་ཀྱི་རྒྱལ་བ་དང་རྣམ་པར་རྒྱལ་བའི་ བུམ་པ་ལའོ། །ནག་པོ་ནི་ཤར་དང་མེའི་བུམ་པ་ལའོ། །དམར་པོ་ནི་ལྷོ་དང་བདེན་བྲལ་གྱི་ བུམ་པ་ལའོ། །དཀར་པོ་ནི་བྱང་དང་དབང་ལྡན་གྱི་བུམ་པ་ལའོ། །སེར་པོ་ནི་ནུབ་དང་རླུང་གི་ བུམ་པ་ལའོ། །དེ་བཞིན་དུ་(རྒྱལ་བ་རྣམ་རྒྱལ་ལ་)ཁབ་ལེན་གྱི་ལྕགས་དང་(ཤར་དང་མེར་)ལྕགས་ རྣོན་པོ་དང་(ལྷོ་དང་བདེན་བྲལ་དུ་)ཟངས་(བྱང་དང་དབང་ལྡན་དུ་)དངུལ་དང་(ནུབ་དང་རླུང་དུ་)གསེར་རོ། ། དེ་བཞིན་དུ་སྨན་རྣམས་ཏེ་ཆ་གཅིག་པ་ནི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ལའོ། །ཆ་ གཉིས་པ་ནི་ཤར་དང་མེར་རོ། །ཆ་གསུམ་པ་ནི་གཤེན་རྗེ་དང་ལྷ་མིན་དུའོ། །ཆ་བཞི་པ་ནི་ བྱང་དང་འཕྲོག་བྱེད་དུའོ། །ཆ་ལྔ་པ་ནི་ནུབ་དང་རླུང་དུའོ། །དེ་བཞིན་དུ་རི་ལུའི་དབྱེ་བས་ འབྲུ་(གཅིག་ནས་ལྔའི་བར་)རྣམས་(རིགས་ཀྱི་དབང་གིས་)དང་དེ་བཞིན་དུ་སྔར་(ནང་ལེར་)གསུངས་པའི་ སྨན་གྱི་ལེ་ཚེ་སྦྱར་བའི་དྲི་ལྔ་སྟེ་དེ་ལྟར་ལྕགས་དང་རིན་པོ་ཆེ་དང་ནགས་ཀྱི་སྨན་དང་འབྲུ་ དང་དྲིའི་རྫས་རྣམས་བུམ་པ་རྣམས་སུ་(ཡོན་ཏན་གྱི་དབྱེ་བས་)བླུགས་ནས་སླར་ཡང་ཉི་ཤུ་རྩ་ལྔ་ པོ་དེ་དག་〔ཐམས་ཅད་〕ཐུམ་པོར་བཅིངས་ཏེ་རྣམ་པར་རྒྱལ་བའི་དུང་ཆུས་གང་བར་གཞུག་པར་ བྱའོ། །དེས་སྐྱེ་བའི་གནས་ལྔར་དབང་བསྐུར་བར་བྱ་སྟེ་གཙུག་ཏོར་དང་ཕྲག་པ་དང་དཔུང་ 3-1-423 པའི་ཚིགས་གཡས་པ་དང་གཡོན་པ་དང་དེ་བཞིན་དུ་དཔྱི་དང་བརླའི་མཚམས་དག་ལའོ(འདི་ དུང་ཆོས་ཀྱིས་སྐྱེ་བའི་གནས་ལྔར་དབང་བསྐུར་བར་བྱ་སྟེ་ཞེས་གསུངས་པས་དབང་བདུན་པོ་ཐམས་ཅད་ལ་སྐྱེ་བའི་གནས་ལྔར་ དབང་བསྐུར་བ་ནི་དུང་ཆོས་ཀྱི་ཆུ་ཉིད་ཀྱིས་བྱ་དགོས་ཏེ་བུམ་རྫས་ཐམས་ཅད་འདུས་པ་ཡང་ཡིན་པའི་ཕྱིར་རོ)། ། ༈ དེ་ནས་རིགས་ཀྱི་ལྷ་རྣམས་པར་སྦྱང་བའི་དོན་དུ་མེ་ཏོག་གཏོར་བའི་སྔགས་ནི་ༀ་ སརྦ་ཏ་ཐཱའ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་རྣམ་པར་སྦྱོངས་)སྭཱཧཱ་སྔགས་ འདིས་སློབ་དཔོན་གྱིས་སློབ་མ་མེ་ཏོག་འདོར་དུ་གཞུག་པར་བྱའོ། །སྔགས་འདིས་མིག་དབྱེ་ བར་བྱ་སྟེ་ༀ་དི་བྱ་ན་ཡ་མུད་གྷཱ་ཊ་ཡཱ་མི་(ལྷའི་སྤྱན་རབ་ཏུ་དབྱེ་བར་བགྱིའོ)སྭཱཧཱ་དེ་ནས་རིགས་ཀྱི་ལྷ་ དང་དཀྱིལ་འཁོར་གྱི་གཙོ་བོ་དང་པོར་བྱས་པའི་དཀྱིལ་འཁོར་མཐའ་དག་བསྟན་པར་བྱའོ། ། (དེ་ལྟར་)ཤར་གྱི་སྒོར་རིགས་དག་པར་བྱ་སྟེ་དེ་ནས་སློབ་དཔོན་གྱིས་སློབ་མ་ལག་པ་གཡོན་ པ་ནས་བསྐྱོད་ཅིང་ལས་ཀྱི་རྡོ་རྗེ་ཅན་དང་ལྷན་ཅིག་(དཀྱིལ་འཁོར་ལ་མདུན་གྱིས་ཕྱོགས་པས་གཡས་སུ་) བསྐོར་བ་བྱས་ནས་བྱང་གི་སྒོར་ཁྲིད་དེ་དེར་ལུས་རྣམ་པར་དག་པའི་དོན་དུ་(བྱིས་པ་སྐྱེས་མ་ཐག་ མས་ཆུས་འཁྲུད་པ་བཞིན་དུ་སློབ་མ་ཡང་)སྒྲོལ་མ་ལ་སོགས་པ་ལྷ་མོ་(ལྔ་)རྣམས་ཀྱི་སྔགས་ཀྱིས་བུམ་པ་ ཐམས་ཅད་ནས་ཆུ་བླངས་ལ་རྣམ་པར་རྒྱལ་བའི་དུང་(ངམ་རྣམ་རྒྱལ་ཆེན་པོའི་དུང་)དུ་བླུགས་ནས་ སླར་ཡང་སྐྱེ་བའི་གནས་ལྔར་སྔགས་འདིས་(ཡུམ་ལྔ་)ཆུའི་དབང་གིས་དབང་བསྐུར་བར་བྱ་སྟེ་ ༀ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་(ཁམས་ལྔ་རྣམ་པར་སྦྱོངས)སྭཱཧཱ་ཞེས་པས་ སོ། །དེ་ནས་(སངས་རྒྱས་ལྔ་བདག་)ཅོད་པན་གྱི་དབང་ལ་(བྱིས་པའི་གཙུག་ཕུད་འཇོག་པ་བཞིན་དུ་)སྐྱེ་བའི་ གནས་ལྔར་སྔགས་འདིས་(དུང་གི་ཆུས་)དབང་བསྐུར་བར་བྱ་སྟེ་ༀ་ཨ་ཨི་རྀ་ཨུ་ལྀ་པཉྩ་ ཏ་ཐཱ་ག་ཏ་པ་རི་ཤུད་དྷ་(དེ་བཞིན་གཤེགས་པ་ལྔ་ཡོངས་སུ་དག་པ་)སྭཱཧཱ་ཞེས་པས་སོ། །དེ་ནས་རིན་པོ་ ཆེ་དང་གསེར་གྱི་ཅོད་པན་ནམ་གོས་ཀྱི་ཅོད་པན་(རིགས་ལྔའི་བདག་ཉིད་སློབ་མའི་རིགས་ཀྱི་ལྷ་གཙོ་བོར་ གྱུར་པ་)བཅིང་བར་བྱའོ། །དེ་ལྟར་(སྐུ་རྡོ་རྗེའི་ཞལ་ནས་)དབང་བསྐུར་གཉིས་ཀྱིས་(སྦྱང་བྱ་མ་དག་པའི་ 438)ཁམས་དང་ཕུང་པོ་(དྲི་མའི་ངོ་བོ་)ཡོངས་སུ་དག་པས་སྐུུ་(རྡོ་རྗེ་གློ་བུར་གྱི་དྲི་མས་)རྣམ་པར་དག་པར་ འགྱུར་རོ། །(དེ་ལྟར་)སྐུའི་ཞལ་གྱི་ས་ལ་སྐུ་(རྡོ་རྗེ་)དག་པར་བྱ་སྟེ་དེ་ནས་གཡས་སྐོར་གྱིས་སླར་ ཡང་ལྷོའི་སྒོར་སློབ་མ་ཁྲིད་ནས་གསུང་(རྡོ་རྗེ་)རྣམ་པར་དག་པའི་དོན་དུ་(བྱིས་བའི་རྣ་བ་འབུག་ པ་ལྟར་)དར་དཔྱངས་(ནུས་མ་རྣམས་)ཀྱི་དབང་ལ་སྐྱེ་བའི་གནས་ལྔར་སྔགས་འདིས་(དུང་གི་ཆུས་) དབང་བསྐུར་བར་བྱ་སྟེ་ༀ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཧོཿཕྲེཾ་ད་ཤ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི་(ཤེས་ རབ་ཕ་རོལ་ཏུ་ཕྱིན་མ་བཅུ་ཡོངས་སུ་རྫོགས་པ)སྭཱ་ཧཱ་ཞེས་པས་སོ། །དེ་ནས་〔བྱིས་པ་རྒོད་པ་དང་སྨྲ་བ་ལྟར་〕རིན་ པོ་ཆེའི་པཊྚ་དང་གསེར་གྱི་པཊྚ་འམ་མེ་ཏོག་གི་ཕྲེང་བ་དཔྲལ་བར་བཅིང་བར་བྱའོ། །དེ་ ནས་(བྱིས་པ་རྒོད་པ་དང་སྨྲ་བ་ལྟར་)རྡོ་རྗེ་དྲིལ་བུ(གཙོ་བོ་གཙོ་མོ)འི་དབང་ལ་སྐྱེ་བའི་གནས་ལྔར་སྔགས་ འདིས་དབང་བསྐུར་བར་བྱ་སྟེ་ༀ་ཧུྂ་ཧོཿསཱུརྻ་ཙན་ཏྲ་བི་ཤོ་དྷ་ཀ་(ཉི་མ་ཟླ་བ་རྣམ་པར་སྦྱོངས་)སྭཱ་ཧཱ་ ཞེས་པའོ། །དེ་ནས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་སྤྱི་བོར་བཞག་ནས་(སླར་ཡང་)དུང་གི་ཆུས་〔སྐྱེ་བའི་ གནས་ལྔར་〕དབང་བསྐུར་བར་བྱའོ〔འདིར་དུང་གི་ཆུས་ལན་གཉིས་སུ་དབང་བསྐུར་བ་ནི་རྡོ་རྗེ་དྲིལ་བུའི་དབང་གི་ཁྱད་ ཆོས་སོ〕། །(གསུང་རྡོ་རྗེའི་ཞལ་ནས་)དབང་བསྐུར་གཉིས་ཀྱིས་གསུང་རྡོ་རྗེ་(གློ་བུར་གྱི་དྲི་མ་)སྦྱངས་ཏེ་རྡོ་ རྗེའི་མཐེ་བོ་(སྟེ་རྡོ་རྗེས་མཚན་པའི་མཐེ་བོའི་སོར་གདུབ་)བྱིན་ནས་དེ་ནས་སླར་ཡང་གཡས་སྐོར་གྱིས་ བསྐོར་བ་བྱས་ཤིང་ཤར་གྱི་སྒོར་ཐུགས་རྡོ་རྗེ་སྦྱོང་བའི་དོན་དུ་(བྱིས་པའི་ཡུལ་ལྔ་ལོངས་སྤྱོད་པ་ལྟར་) རྡོ་རྗེ་བརྟུལ་ཞུགས་〔སེམས་དཔའ་ཡབ་ཡུམ་〕ཀྱི་དབང་ལ་སྐྱེ་བའི་གནས་ལྔར་སྔགས་འདིས་〔དུང་གི་ ཆུས་〕དབང་བསྐུར་བར་བྱ་སྟེ་ༀ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿབི་ཥ་ཡཱེན་དྲི་ཡ་ བི་ཤོ་དྷ་ནི་(ཡུལ་དང་དབང་པོ་རྣམ་པར་སྦྱོངས་)སྭཱ་ཧཱ་ཞེས་པས་སོ། །དེ་ནས་རྣ་བ་ལ་སོགས་པ་ལ་མེ་ ཏོག་བཀོད་ནས་སླར་ཡང་(བྱིས་པ་ལ་མིང་འདོགས་པ་བཞིན་དུ་)མིང་གི་དབང་ལ་(ཁྲོ་བོ་ཡབ་ཡུམ་གྱི་དབང་)སྐྱེ་བའི་གནས་ལྔར་སྔགས་འདིས་〔དུང་གི་ཆུས་〕དབང་བསྐུར་བར་བྱ་སྟེ། ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ལ་ ལཱ་ཝ་ཝཱ་ཙ་ཏུར་བྲཧྨ་བི་ཧཱ་ར་བི་ཤོ་དྷ་(ཚངས་པའི་གནས་བཞི་རྣམ་པར་དག་པ་)སྭཱ་ཧཱ་ཞེས་པས་སོ། ༩༦ ། 3-1-424 དེ་ནས་ལག་པ་དང་རྐང་པ་དག་ལ་གདུ་བུ་དང་རྐང་གདུབ་ལ་སོགས་པའམ་དེ་དག་ མེད་ན་མེ་ཏོག་གི་ཕྲེང་བ་བཅིངས་ལ་དེ་ནས་(མིང་གི་དབང་གིས་)དབང་བསྐུར་བར་བྱ་སྟེ་ཁྱོད་ནི་ རྡོ་རྗེ་ཆེ་གེ་མོ་ཞེས་བྱས་ནས་ལུང་བསྟན་པར་བྱའོ། །(དེ་ལྟར་ཐུགས་རྡོ་རྗེའི་ཞལ་ནས་)དབང་བསྐུར་ གཉིས་ཀྱིས་ཐུགས་རྡོ་རྗེ་སྦྱངས་ཏེ་དེ་ནས་སླར་ཡང་གཡས་སྐོར་གྱིས་སློབ་མ་ནུབ་ཀྱི་སྒོར་ ཁྲིད་ཅིང་(ཡེ་ཤེས་རྡོ་རྗེའི་ཞལ་ནས་)ཡེ་ཤེས་རྣམ་པར་དག་པའི་དོན་དུ་(བྱིས་པ་ཕས་ཀློག་ལ་སོགས་པ་བྱེད་ དུ་འཇུག་པ་ལྟར་)རྗེས་སུ་གནང་བ་(རྡོ་རྗེ་སེམས་དཔ)འི་དབང་ལ་སྐྱེ་བའི་གནས་ལྔར་སྔགས་འདིས་ 〔དུང་གི་ཆུས་〕དབང་བསྐུར་བར་བྱ་སྟེ་ༀ་ཧཾ་ཀྵཿ དྷརྨྨ་ཙཀྲ་པྲ་བར་ཏ་ཀ་(ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ བར་བྱེད་པ་)སྭཱ་ཧཱ་ཞེས་པས་སོ། །(དེ་ལྟར་)དབང་བསྐུར་བྱིན་པས་སྐུ་དང་གསུང་དང་ཐུགས་ དང་ཡེ་ཤེས་ཀྱི་རྡོ་རྗེ་རྣམས་དབང་བདུན་གྱིས་རྣམ་པར་སྦྱངས་ཏེ་(ཞེས་པ་འདིར་སྦྱང་བར་བྱ་བའི་གཞི་ ནི་གཞན་བདེ་གཤེགས་སྙིང་པོའི་ཁམས་དང་ཕུང་པོ་ལ་སོགས་པ་ཡེ་ཤེས་ཀྱི་མཐར་ཐུག་པ་རང་བཞིན་པ་རྣམས་ཏེ། མི་གཙང་ བའི་འདམ་གྱིས་གཡོགས་པའི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །སྦྱང་བར་བྱ་བའི་དྲི་མ་ནི་གློ་བུར་བའི་ཁམས་དང་ཕུང་པོ་ལ་སོགས་ པ་སྟེ་ནོར་བུ་ལ་གཡོགས་པའི་འདམ་མི་གཙང་བ་དེ་ལྟ་བུའོ། །སྦྱོང་བར་བྱེད་པའི་ཐབས་ནི་དབང་གི་དོན་ཏེ་འདམ་ཅན་དེ་ཆུ་ ལ་སོགས་པས་འཁྲུད་པ་ལྟ་བུའོ། །སྦྱངས་པས་ཐོབ་པའི་འབྲས་བུ་ནི་བདེ་གཤེགས་སྙིང་པོ་ཡུམ་ལྔ་ལ་སོགས་པར་གདོད་ནས་ གནས་པ་དེ་ཉིད་གློ་བུར་དྲི་མ་དང་བྲལ་བས་མངོན་དུ་གྱུར་པ་སྟེ། ནོར་བུ་སྦྱངས་པས་དག་པ་ལྟ་བུའོ། །དེས་ན་འདིར་འབྲས་བུ་ ནི་བྲལ་བའི་འབྲས་བུ་ཡིན་གྱི་བསྐྱེད་པའི་འབྲས་བུ་ནི་མ་ཡིན་ནོ)དེ་ནས་སློབ་མ་ལ་ལག་པར་རྡོ་རྗེ་དང་རྡོ་རྗེ་ དྲིལ་བུ་བྱིན་ནས་རྡོ་རྗེ་ཆེ་གེ་མོ་ཞེས་སློབ་དཔོན་གྱིས་བརྗོད་ཅིང་རྡོ་རྗེ་དྲིལ་བུ་རབ་ཏུ་བྱིན་ ནས་རབ་མཆོག་སྙིང་རྗེ་དག་གིས་ཆོས་ནི་བསྟན་པར་བྱ(ཞེས་པ)འོ། །འདི་ལྟ་སྟེ། ངེས་པར་རྡོ་ རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་ཞེས་པ་ལ་སོགས་པ་ནས་དཀྱིལ་འཁོར་དུ་ནི་ཡང་ དག་རབ་སྦྱིན་བྱ་ཞེས་པའི་མཐར་ཐུག་པ་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་པོ་ འདིས་སོ། །དཀྱིལ་འཁོར་ལ་དབང་བདུན་གྱི་ཆོ་ག་བྱས་ཏེ་དེ་ནས་སློབ་མ་ལ་སངས་རྒྱས་ 3-1-425 〔ཡབ་ཡུམ་ལ་སོགས་པ་རྣམས་〕ཀྱིས་བྱིན་གྱིས་བརླབས་པར་བསམ་པར་བྱའོ〔རྩ་རྒྱུད་འབུམ་ཕྲག་ལྔ་པར་ཡང༌། བྱིས་པ་སྐྱེས་པ་མ་ཡིས་ནི། །འཁྲུད་བྱེད་ཆུ་ཡི་དབང་བསྐུར་རོ། །དེ་ཡི་གཙུག་ཕུད་རབ་བཞག་པ། །དབུ་རྒྱན་དུ་ནི་ཡོངས་སུ་ བརྟགས། །དེ་ཡི་རྣ་བ་འབུག་ལ་སོགས། །དར་དཔྱངས་དབང་དུ་ཤེས་པར་བྱ། །བྱིས་པ་རྒོད་དང་སྨྲ་བ་ཉིད། །རྡོ་རྗེ་དྲིལ་བུའི་ དབང་ཉིད་དོ། །ལྔ་ལ་ལོངས་སྤྱོད་བརྟུལ་ཞུགས་སོ། །མིང་ནི་མིང་གི་དབང་བསྐུར་ཉིད། །ཕ་ཡིས་རྟག་ཏུ་ཀློག་ལ་སོགས། །སྟེར་ བར་བྱེད་པ་རྗེས་གནང་ཡིན། །རྣམ་པ་བདུན་པོ་འདི་ཉིད་ནི། །དབང་བདུན་དུ་ནི་རབ་ཏུ་བཤད། །ཅེས་གསུངས་སོ〕། ། ༈ རྡོ་རྗེ་སློབ་དཔོན་གྱིས་རྒན་པ་དང་གཞོན་པའི་དོན་དུ་ལོ་ལ་སོགས་པ་རབ་ཏུ་བསྒྲག་ པར་བྱ་སྟེ་འདིར་ལོ་ཆེ་གེ་མོ་དང་རིགས་ལྡན་གྱི་རྒྱལ་པོ་ཆེ་གེ་མོ་ཆོས་སྟོན་པ་དང་ཟླ་བ་ཆེ་གེ་ མོ་དང་ཉ་ཆེ་གེ་མོ་དང་གཟའ་ཆེ་གེ་མོ་དང་ཚེས་ཆེ་གེ་མོ་དང་སྐར་མ་ཆེ་གེ་མོ་དང་སྦྱོར་བ་ཆེ་ གེ་མོ་དང་བྱེད་པ་ཆེ་གེ་མོ་ལ་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་བདག་གིས་སློབ་མ་ཆེ་གེ་མོ་མཆོག་ གི་དང་པོའི་སངས་རྒྱས་སམ་(གསང་འདུས་བདེ་དགྱེས་ལ་སོགས་པ་)དཀྱིལ་འཁོར་གཞན་དུ་དབང་ བདུན་གྱིས་དབང་བསྐུར་ཏེ་འོག་མིན་གྱི་སྲིད་པའི་མཐར་ཐུགས་པ་འཇིག་རྟེན་པའི་དངོས་ གྲུབ་སྒྲུབ་པ་དང་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ ཀྱི་འབྲས་བུ་ཐོབ་པའི་སླད་དུ་བདག་གིས་ལུང་བསྟན་ཞིང་རྗེས་སུ་གནང་ངོ་ཞེས་པ་སྟེ་དབང་ བདུན་གྱིས་ངེས་པའོ། ། ༈ འདིར་(བསྡུས་པའི་)རྒྱུད་(གསང་བ་འདུས་པ་དང་ཀྱེའི་རྡོ་རྗེ་ལ་སོགས་པ་)གཞན་དང་གཞན་ལས་ བྱིས་པའི་སྐྱེ་བོ་གཞུག་པའི་སླད་དུ་དེ་བཞིན་གཤེགས་པ་ལྔ་དག་པས་དབང་ལྔ་སྟེ་མི་བསྐྱོད་ པས་ཆུའི་དབང་དང་རིན་ཆེན་འབྱུང་ལྡན་གྱིས་ཅོན་པན་ནོ་ཞེས་གསུངས་པ་དེ་ལ་སྔ་མ་(རྩ་ རྒྱུད་ལས་གསུངས་པ་)དང་ཕྱི་མ་(བསྡུས་རྒྱུད་ལས་གསུངས་པ)འགལ་ཏེ་(རྩ་བའི་)རྒྱུད་ཐམས་ཅད་ལས་ དཀྱིལ་འཁོར་དུ་མེ་ཏོག་དོར་བས་(མཚོན་པ་)སློབ་མའི་རིགས་ཀྱི་ལྷ་གང་ཡིན་པ་དེས་ཅོད་ པན་དང་དེའི་རིགས་ཀྱི་ཕྱག་རྒྱས་དེའི་དངོས་གྲུབ་པོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་ 3-1-426 པའོ། །དེས་ན་མཚན་ཡང་དག་པར་བརྗོད་པ་ལས་སངས་རྒྱས་ལྔ་བདག་ཅོད་པན་ཅན་ཞེས་ གསུངས་(ཀྱི་རིན་ཆེན་འབྱུང་ལྡན་ཅོད་པན་ཅན་ཞེས་མ་གསུངས་)པའི་ཕྱིར་གང་དུ་མེ་ཏོག་ལྷུང་བའི་དེ་ བཞིན་གཤེགས་པ་དེ་ཅོད་པན་དུ་འགྱུར་གྱི་ཐམས་ཅད་དུ་རིན་ཆེན་འབྱུང་ལྡན་ཉིད་(ཅོད་པན་དུ་ འགྱུར་བ་)ནི་མ་ཡིན་(པས་དེ་ངེས་དོན་མ་ཡིན་)ནོ། །དེ་བཞིན་དུ་བསྡུས་པའི་རྒྱུད་(སྦས་རྒྱུད་རྣམས་)ལས་ ཆུ་ལ་སོགས་པའི་(གཞན་དབང་ལ་ཡང་ཁམས་ལྔ་སྦྱོར་བ་ལ་སོགས་པའི་)དག་པ་མེད་(པས་དེ་དག་དྲང་དོན་ཡིན་)ཏེ་ཆོ་ག་གཞན་(རྩ་བའི་རྒྱུད་དུ་གསུངས་པའི་དབང་ལ་སོགས་པ་)སྟོབས་དང་ལྡན་པའི་ཕྱིར་རོ(དེ་ཡང་རྒྱུད་ གང་ལས་བསྟན་པ་ཟུར་ཙམ་སྨོས་ན་ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལས་རབ་ཏུ་ གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་ཉིད་དུ་ གསལ་བར་བྱས། །དེ་ནི་དྲུག་གི་བྱེ་བྲག་དབང༌། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ལྟར་དེ་བཞིན་ནོ། །ཞེས་གསུངས་པའི་དོན་འདིའི་འགྲེལ་ པར། རྡོ་རྗེ་གསང་བས་མཛད་པར་ཡང༌། ཆུ་མི་བསྐྱོད་པ། དབུ་རྒྱན་རིན་འབྱུང༌། གཉིས་བྱད་རྒྱུད། རྡོ་རྗེ་སྣང་མཐའ། དྲིལ་བུ་ དོན་འགྲུབ། མིང་རྣམ་རྣང་གསུམ་སྤྱོད་རྒྱུད་ཀྱི་ཁྱད་མཛད་དོ)། ། ༈ ད་ནི་ངེས་པར་རྡོ་རྗེ་ཞེས་པ་ལ་སོགས་པས་རྣམ་པར་དག་པའི་ཆོས་བསྟན་པ་གསུངས་ པ་འདིར་སྲོག་གཅོད་པ་ལ་སོགས་པའི་དམ་ཚིག་ནི་རྣམ་པ་གཉིས་ཏེ་དྲང་བའི་དོན་དང་ ངེས་པའི་དོན་གྱིས་(རིམ་པ་ལྟར་)ཕྱི་རོལ་དང་ནང་གི་བདག་ཉིད་དོ། །དེ་ལ་ཕྱི་རོལ་ཏུ་བཅོམ་ ལྡན་འདས་ཀྱིས་སྲོག་གཅོད་པ་བྱ་བ་(གསུངས་པ་)གང་ཡིན་པ་དེ་ནི་མཚམས་མེད་པ་ལྔ་བྱེད་ པ་རྣམས་དང་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱེད་པ་རྣམས་དང་དམ་ཚིག་འདྲལ་བ་ རྣམས་སོ་ཞེས་པ་ངེས་པ་སྟེ་མཚམས་མེད་པ་ལྔ་པོ་(བྱེད་པ་པོ་དེ་)དེ་ཉིད་སྔོན་(གྱི་སྤྱོད་པ་)དང་ཕྱི་ མར་(བྱེད་པའི་སྤྱོད་པ་ལ་ཁྱད་པར་མེད་པར་)ཤེས་ནས་(ཏེ་ཚེ་སྟོད་ལ་མཚམས་མེད་ལྔ་བྱེད་པ་བཞིན་ཚེ་སྨད་ཀྱི་མཐའི་ བར་དུ་ཡང་མཚམས་མེད་ལྔ་བྱེད་པར་ཤེས་ན་སྙིང་རྗེའི་བསམ་པས་རེ་ཞིག་སྲོག་དང་བྲལ་བའི་ཚུལ་གྱིས་)སོ། །(མ་ཤེས་ན་ 3-1-427 སྐྱོན་དུ་འགྱུར་ཏེ་)འདིར་འགའ་ཞིག་སྔར་(ཚེ་སྟོད་ལ་)མཚམས་མེད་པ་ལྔ་བྱེད་པ་པོ་ཕྱིས་(ཚེ་སྨད་ལ་)བསོད་ནམས་བྱེད་པ་པོར་འགྱུར་(བ་ཡོད་)ཏེ་གཏུམ་པོ་〔ཚེ་སྟོད་ལ་〕མྱ་ངན་མེད་པ་དང་〔ཚེ་སྨད་ལ་〕 ཆོས་རྒྱལ་མྱ་ངན་མེད་པ་བཞིན་ནོ། །དེའི་ཕྱིར་(ཚེ་སྟོད་སྡིག་པ་བྱེད་ཀྱང་ཚེ་སྨད་དགེ་བ་བྱེད་འགྱུར་)དེ་ལ་ གནོད་པ་བྱས་ན་(བྱེད་པ་པོ་དེ་)དམྱལ་བར་འགྱུར་ཏེ་སྔགས་པས་(སྲོག་བཅད་པས་)དགེ་བ(ར་འགྱུར་ བ་)དང་མི་དགེ་བ(ར་འགྱུར་བ)འི་ལས་(ཀྱི་བྱེ་བྲག་)ཡོངས་སུ་མ་ཤེས་པའི་ཕྱིར་རོ། །དེས་ན་ཇི་ སྲིད་དུ་མངོན་པར་ཤེས་པ་ལྔ་དང་ལྡན་པར་མ་གྱུར་པ་དེ་སྲིད་དུ་སྔགས་པས་ཞི་བ་དང་རྒྱས་ པ་དང་དབང་དང་དགུག་པ་མ་གཏོགས་པ་དྲག་པོའི་ལས་མི་བྱའོ། །དེ་བཞིན་དུ་བརྫུན་དུ་ སྨྲ་བ་དང་མ་བྱིན་པར་ལེན་པ་དང༌། གཞན་གྱི་བུད་མེད་འཕྲོག་པ་དང་(བདུད་རྩི་ལྔ་ལ་སོགས་པའི་)དམ་ཚིག་བསྟེན་པ་དང་རིགས་(བཟང་པོ་)དང་རིགས་〔བཟང་པོ་〕མ་ཡིན་པ་ལ་(ཁྱད་པར་མེད་པར་) མངོན་པར་འགྲོ་བ་དང་རང་གི་ལུས་ཀྱི་མཐར་ཐུག་པ་སྦྱིན་པ་ཡང་གཞན་ལ་ཕན་པའི་ཕྱིར་ཏེ་ རང་གི་དོན་དུ་ནི་མ་ཡིན་ནོ། །ཞེས་པ་ངེས་པའོ། །འདིར་གང་གི་ཚེ་འཆི་བའི་མཐའི་བར་དུ་ མཚམས་མེད་པ་ལྔ་བྱེད་པ་དེའི་ཚེ་ཁྲོ་བོའི་རིགས་ལ་སྔར་བསྒྲུབས་པའི་སྔགས་དང་མི་བསྐྱོད་ པའི་ཏིང་ངེ་འཛིན་གྱིས་བསད་པར་བྱའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི(གསུང་སྲོག་གཅོད་པར་ བྱའོ་ཞེས་པ)ས་དྲང་བའི་དོན་ཏོ། །དེ་བཞིན་དུ་ལམ་མ་ཡིན་པར་ལྟུང་བ་རྣམས་མངོན་པར་ གདོན་པའི་སླད་དུ་〔གཞན་ལ་ཕན་པའི་〕བརྫུན་གྱི་ཚིག་སྨྲ་བར་བྱ་སྟེ། རང་གི་དོན་དུ་ནི་མ་ཡིན་ ནོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་ནི་(སྐྱེ་བོ་སེར་སྣ་ཅན་)ཡི་དྭགས་ཀྱི་འགྲོ་བར་འགྲོ་བ་བཟློག་ པའི་དོན་དུ་སྟེ་རང་གི་དོན་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་གྱི་བུད་མེད་འཕྲོག་པ་ནི་ (བུད་མེད་ལ་ཆགས་པའི་སྐྱེ་བོ་)དུད་འགྲོའི་སྐྱེ་གནས་སུ་འགྲོ་བ་བཟློག་པའི་དོན་དུ་སྟེ་རང་གི་དོན་ དུ་ནི་མ་ཡིན་ནོ། །རིགས་སུ་འཛིན་པ་རྣམ་པར་གཞིག་པའི་སླད་དུ་བདུད་རྩི་ལྔ་ལ་སོགས་ པའི་དམ་ཚིག་རྣམས་བསྟེན་པར་བྱའོ། །དེ་བཞིན་དུ་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་ 3-1-428 གཡུང་མོ་ལ་སོགས་པའི་བུད་མེད་(རིགས་ངན་)རྣམས་ལ་(བསྟེན་བྱ་མ་ཡིན་ཞེས་)སྨད་པར་མི་བྱའོ། ། བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་སྦྱིན་པ་ཆེན་པོ་སྦྱིན་པར་བྱའོ། །དེ་ལྟར་རལ་གྲིའི་རིགས་ དང་རིན་པོ་ཆེའི་རིགས་དང་པད་མའི་རིགས་དང་འཁོར་ལོའི་རིགས་དང་གྲི་གུག་གི་རིགས་ ལ་སྔགས་རྣམས་བསྒྲུབས་ནས་ནུས་པ་དང་ལྡན་པར་གྱུར་པ་ན་རྣལ་འབྱོར་པས་ཐམས་ཅད་ བྱ་སྟེ་ཇི་ལྟར་འཇིག་རྟེན་པའི་བཞད་གད་དུ་མི་འགྱུར་བ(དེ་ལྟར་བྱ)འོ་ཞེས་པ་ནི་དྲང་བའི་དོན་ ཏོ། ། ༈ ད་ནི་ངེས་པའི་དོན་བརྗོད་པར་བྱ་སྟེ་འདིར་རང་གི་ལུས་ལ་(ཤིན་ཏུ་རྣལ་འབྱོར་གྱིས་)སྲོག་ བཀག་པ་ནི་སྲོག་གཅོད་པ་སྟེ་རྡོ་རྗེའི་རིགས་དག་ལ་ནི་ཞེས་པ་གཙུག་ཏོར་(ས་བཅུ་པའི་གནས་ ཉིད་)དུ་དགག་པར་བྱའོ། །སྲོག་གཅོད་པ་དེས་རྣལ་འབྱོར་པའི་ཁུ་བ་སྟེང་དུ་(གཙུག་ཏོར་གྱི་བར་ དུ་བརྟན་པར་)འགྱུར་རོ་ཞེས་པའོ། །རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག་ནི་འདིར་བདེན་པ་ མིན་པ་ཞེས་བྱ་བ་(ཕྱོགས་གཅིག་ཏུ་)རབ་ཏུ་མི་གནས་པའི་ཚིག་སྟེ་(དེ་ཡང་)དྲང་བའི་དོན་དང་ངེས་ པའི་དོན་གྱིས་(རིམ་པ་ལྟར་)སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་ཚིག་ཏུ་ཅིག་ཆར་སེམས་ཅན་ རྣམས་ལ་ཆོས་སྟོན་པ་(གཞན་སྣང་ལ་གྲགས་པ་)དང་(ཆོས་སྟོན་པ་པོ་)དེ་ཉིད་སྙིང་ཁར་(ས་དྲུག་པའི་གནས་ སུ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་རྣམ་པ་ཅན་)གཞོམ་དུ་མེད་པའི་སྒྲ(རང་རིགས་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ) འོ། །ཞེས་པ་ནི་ངེས་པའོ། །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་ཞེས་པ་ལ་འདིར་གཞན་ (ནམ་ཕ་རོལ་)ནི་(འཁོར་བའི་ཕ་རོལ་མཐར་སོན་པ་)རྡོ་རྗེ་སེམས་དཔའ་འོ། །དེའི་ནོར་ནི་རིན་པོ་ཆེ་(འགྱུར་ མེད་བདེ་བ་)སྟེ་ཡིད་བཞིན་གྱི་ནོར་བུའོ། །དེ་འཕྲོག་པ་ནི་རིན་ཆེན་རིགས་ལ་སྟེ་མགྲིན་པར་ས་ བརྒྱད་པའི་གནས་སུའོ་ཞེས་པ་ངེས་པའོ། །མཆོག་གི་པད་མའི་རིགས་ཉིད་ལ་ཡང་གཞན་ (རྡོ་རྗེ་སེམས་དཔའ་ཉིད་)གྱི་བུད་མེད་འཕྲོག་ཅེས་པ་ལ་གཞན་གྱི་བུད་མེད་ནི་ཕྱག་རྒྱ་ཆེན་མོ་སྟེ་དེ་ འཕྲོག་པ་ནི་གཞན་གྱི་བུད་མེད་འཕྲོག་པའོ། །དབྲོག་པ་དེ་ནི་མཆོག་གི་པད་མའི་རིགས་ལ་ 3-1-429 སྟེ་དཔྲལ་བར་ས་བཅུ་པའི་གནས་སུ་སྟེང་དུ་ཁུ་བའོ་ཞེས་པའོ། ༩༧ ། ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ ལ་ནི་བསྟེན་པར་བྱ་ཞེས་པ་ལ་འདིར་ཆང་ནི་ལྷན་ཅིག་སྐྱེས་པའི་དགའ་བ(བྱང་སེམས་ཐིག་ལེ) འོ། །སྒྲོན་མ་ནི་གོ་ཀུ་ལ་སོགས་པ་སྟེ་ནང་དུ་དབང་པོ་ལྔའོ། །སངས་རྒྱས་རྣམས་ནི་བདུད་རྩི་ ལྔའོ། །འཁོར་ལོ་ལ་ནི་སྟེ་ལྟེ་བའི་པད་མར་(ས་གཞིའི་གནས་སུ་)བསྟེན་པར་བྱ་བ་ནི་བཟའ་བར་ བྱ་བའོ། །བཤང་བ་དང་གཅི་བ་དང་ཁུ་བ་ཕྱི་རོལ་ཏུ་མི་འཛག་པར་བྱའོ་ཞེས་པ་ནི་ངེས་པའི་ དོན་ཏོ། །གཡུང་མོ་ལ་སོགས་པའི་བུད་མེད་རྣམས་ནི་གྲི་གུག་ལ་སྟེ་གསང་བའི་པད་མར་ (ས་གཉིས་པའི་གནས་སུ་)སྨད་པར་མི་བྱའོ(དེ་ལྟར་འཁོར་ལོ་དྲུག་ས་བཅུ་གཉིས་ཀྱི་གནས་སུ་གསུངས་པ་ནི་དུས་སྦྱོར་ བཅུ་གཉིས་ཀྱི་རླུང་འགགས་ཤིང་འཁོར་ལོ་དྲུག་པོ་རེ་རེར་བྱང་སེམས་ཐིག་ལེ་བརྟན་པ་ལས་ས་བཅུ་གཉིས་ཐོབ་པའི་དོན་ཡིན་ ནོ)། །མཁའི་པད་མར་དེ་སྐྱེ་གནས་སུ་བསྲུབས་པ་ལ་ཕྱི་རོལ་ཏུ་ཁུ་བ་མི་འཕོ་བའི་ཚངས་པར་ སྤྱོད་པ་ངེས་པའོ། །སེམས་ཅན་དོན་གྱི་སླད་དུ་སྦྱིན་པར་བྱ་སྟེ་ནོར་དང་བཅས་པ་བུ་དང་ཆུང་ མ་ལ་སོགས་པ་དང་ལྷན་ཅིག་ཏུ་རང་གི་ལུས་བསོད་ནམས་(ཀྱི་ཚོགས་)ཀྱི་དོན་དུ་རབ་ཏུ་སྦྱིན་ པར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་དོན་དུ་བུད་མེད་རྣམས་ཀྱི་མཁའི་པད་མ་ སྨད་པར་མི་བྱ(ཞིང་བསྟེན་པར་བྱ)འོ། །དེའི་ཕྱིར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་དག་ ལས་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལྟར་ཚོགས་གསུམ་གྱིས་ཀྱེ་རིགས་ཀྱི་བུ་ཁྱོད་ཡང་དག་པར་ རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །(ཚོགས་གསུམ་ལས་)གཞན་དུ་མཐའ་ཡས་བསྐལ་ པས་(ཀྱང་སངས་རྒྱས་ཐོབ་པ་)མིན་པར་གང་རྒྱལ་བས་གསུངས་པའོ། །ཞེས་པ་སྟེ་རྒྱུད་ཐམས་ཅད་ ཀྱི་རྣམ་པར་དག་པའི་ཆོས་བསྟན་པའི་ངེས་པའོ། ༩༨ ། ༈ ད་ནི་ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཞེས་པ་ལ་སོགས་པས་དབང་གི་རྣམ་པར་དག་ པ་གསུངས་ཏེ་འདིར་(སྦྱོང་བྱེད་)ཆུའི་དབང་གང་ཡིན་པ་དེ་ནི་(སྦྱང་གཞི་རླུང་ལ་སོགས་པའི་ཁམས་གཞན་ 3-1-430 གྱི་སྦྱང་བྱ་མ་དག་པའི་)རླུང་ལ་སོགས་པའི་ཁམས་ལྔ་རྣམ་པར་དག་(པ་སྟེ་སྦྱོང་བར་བྱེད་)ཅིང་〔སྦྱང་གཞི་〕 སྒྲིབ་པ་མེད་པ་ཉིད་(དུ་བྱེད་)དོ། །དེ་བཞིན་དུ་〔སྦྱོང་བྱེད་〕ཅོད་པན་གྱི་དབང་ནི་(སྦྱང་གཞི་ཕུང་པོ་གཞན་ ལྔའི་སྦྱང་བྱ་མ་དག་པའི་)རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་རྣམ་པར་དག་པ(སྟེ་སྦྱོང་བར་བྱེད་ པ)འོ། །〔སྦྱོང་བྱེད་〕དཔའ་བོའི་དར་དཔྱངས་ཀྱི་དབང་ནི་〔ལམ་གྱི་〕ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་ སུ་རྫོགས་པའི་དོན་དུ་(སྦྱང་གཞི་དོན་དམ་པའི་)སྦྱིན་པ་ལ་སོགས་པའི་ནུས་མ་བཅུ(འི་སྦྱང་བྱ་གློ་བུར་གྱི་ དྲི་མ་སྦྱོང་བར་བྱེད་པ)འོ། །རྡོ་རྗེ་དང་〔སྦྱོང་བྱེད་〕རྡོ་རྗེ་དྲིལ་བུའི་དབང་ནི་(སྦྱང་བྱ་)ལ་ལ་ནཱ་དང་ར་ས་ནཱ་ རྣམ་པར་དག་(པར་བྱེད་)པ་སྟེ་(སྦྱང་གཞི་རྡོ་རྗེ་)ཟླ་བ་དང་(རྡོ་རྗེ་)ཉི་མ་(སྦྱང་བྱ་)སྒྲིབ་པ་མེད་པ་ཉིད་(དུ་ བྱེད་)དོ། །བརྟུལ་ཞུགས་ཀྱི་དབང་ནི་(སྦྱང་བྱ་མ་དག་པའི་)གཟུགས་ལ་སོགས་པའི་ཡུལ་དང་མིག་ ལ་སོགས་པའི་དབང་པོ(འི་སྒྲིབ་པ་)རྣམ་པར་དག་པ(ར་བྱེད་པ་)སྟེ་(སྦྱང་གཞི་དོན་དམ་པའི་)ལྷའི་མིག་ (དང་རྣ་བ་)ལ་སོགས་པ(འི་སྦྱང་བྱ་སྒྲིབ་པ་དག་པས་སྦྱང་གཞི་ལྷའི་མིག་སོགས་)ལ་འཇུག་པ(སྟེ་མངོན་དུ་བྱེད་ པ)འོ། །〔སྦྱོང་བྱེད་〕མིང་གི་དབང་ནི་(ལམ་)བྱམས་པ་ལ་སོགས་པའི་སྦྱོར་བ་ཚངས་པའི་གནས་ བཞིས་གནས་པ་ལ་དུས་ཐམས་ཅད་དུ་(སྦྱང་གཞི་དོན་དམ་པའི་ཚངས་པའི་གནས་བཞི་སྦྱང་བྱ་གློ་བུར་གྱི་དྲི་ མ་)འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམ་པར་དག་པ་སྟེ་〔སྦྱོང་བྱ་གློ་བུར་གྱི་〕སྒྲིབ་པ་མེད་པ་ ཉིད་(དུ་བྱེད་)དོ། །〔སྦྱོང་བྱེད་〕རྗེས་གནང་གི་དབང་ནི་(སྦྱང་གཞི་དོན་དམ་པའི་ཡེ་ཤེས་ཀྱི་སྦྱང་བྱ་འཕོ་བའི་བག་ ཆགས་རྣམ་པར་དག་པར་བྱེད་པས་)རྫོགས་པའི་བྱང་ཆུབ་དཔལ་མོ་(སྟེ་འོད་གསལ་ཕྱག་རྒྱ་ཆེན་མོ་)ཆོས་ཀྱི་ འཁོར་ལོ་བསྐོར་ཞིང་(རྣམ་པར་དག་པའི་)ཆོས་སྟོན་པའོ། །དེ་ཡང་སྲིད་པའི་འཇིགས་འཇོམས་ཏེ་ གཞན་ལ་ཕན་པ་བྱེད་པའི་ཕྱིར་རོ། །དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་ནི་(ཐིག་ལེ་བཞི་གདོད་ནས་)མི་འཕོ་བའི་བདེ་བ་རྗེས་སུ་རིག་པ(འམ་མངོན་དུ་བྱས་པ)སྟེ་(རྣམ་ཀུན་མཆོག་ལྡན་གྱི་)སྟོང་པ་ཉིད་སྟོན་ པའོ་ཞེས་པ་(དབང་གི་རྣམ་དག་སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱོང་འབྲས་ཀྱི་)ངེས་པའོ། །དེ་ལྟར་སྡིག་པའི་དྲི་མ་ འཕྲོག་པའི་དབང་བསྐུར་བདུན་པོ་འདི་རྣམས་〔རས་བྲིས་ལ་སོགས་པའི་དཀྱིལ་འཁོར་དུ་སྦྱིན་པར་བྱ་བ་མ་ 3-1-431 ཡིན་གྱི་རྡུལ་ཚོན་གྱི་〕 དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ་སྟེ་སློབ་དཔོན་གྱིས་སློབ་མ་རྣམས་ ལའོ། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་རྣམས་ཀྱི་དབང་བསྐུར་བདུན་སྦྱིན་པ་ལ་〔དབང་དང་དཀྱིལ་ འཁོར་གྱི་རྣམ་པར་བཞག་པ་〕དེ་བཞིན་གཤེགས་པའི་ངེས་པའོ(རྩ་བའི་རྒྱུད་དུ་ཡང༌། ཆུ་དང་ཅོད་པན་དར་དཔྱངས་ དང༌། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ཆེ། །མིང་དང་རྗེས་གནང་ཡང་དག་ལྡན། །དབང་བསྐུར་རྣམ་བདུན་མི་ཡི་བདག །ལུས་ངག་ སེམས་ནི་ལེགས་དག་པ། །མངོན་པར་དབང་བསྐུར་གཉིས་གཉིས་སོ། །རྗེས་གནང་ཡེ་ཤེས་ཡང་དག་དག །གཞན་པ་ཁམས་ སོགས་དག་པ་ལས། །ཆུ་ནི་ཁམས་ཀྱི་དག་པ་སྟེ། །ཅོད་པན་ཕུང་པོ་རྣམ་སྦྱོང་བྱེད། །དར་དཔྱངས་ཕ་རོལ་ཕྱིན་པ་དག །རྡོ་རྗེ་དྲིལ་ བུ་མི་འགྱུར་ཆེ། །སངས་རྒྱས་གསུངས་རྒྱུན་མི་འཆད་པ། །ཉི་ཟླ་གཅིག་ཏུ་དག་པར་བྱེད། །ཡུལ་དང་དབང་པོ་ལེགས་དག་པ། ། འཕོ་མེད་རྡོ་རྗེ་བརྟུལ་ཞུགས་འགྱུར། །མིང་ནི་བྱམས་སོགས་ཡང་དག་དག། རྗེས་གནང་སངས་རྒྱས་ཉིད་དག་བྱེད། །དབང་ བསྐུར་བདུན་པོ་འདི་རྣམས་ཡིན། །དཀྱིལ་འཁོར་བཞེངས་ལ་སྦྱིན་པར་བྱ། །ཞེས་གསུངས་སོ)། ༩༩ ། ༈ ད་ནི་དབང་ཞེས་པ་ལ་སོགས་པས་དབང་བསྐུར་བའི་འབྲས་བུ་གསུངས་ཏེ་འདིར་ དབང་བདུན་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོར་མངོན་པར་དབང་བསྐུར་བར་གྱུར་པ་ན་ དགེ་བའི་དབང་གིས་ས་བདུན་གྱི་ནི་དབང་ཕྱུག་ཉིད་དུ་འགྱུར། གལ་ཏེ་(དབང་བསྐུར་བའི་ཚེ་) དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་བྱེད་〔ནུས་〕ན་དེའི་ཚེ་ལུས་འདི་ཉིད་ཀྱིས་ས་བདུན་གྱི་ དབང་ཕྱུག་ཉིད་དུ་འགྱུར་རོ། །(སྔ་མའི་རྒྱས་བཤད་)ཅི་སྟེ་མི་དགེ་བ་བཅུ་དང་བྲལ་ཏེ་ཤི་བར་གྱུར་ ན་དེའི་ཚེ་དེ་ནས་(བསྐྱེད་རིམ་གྱི་བསྒོམ་བཟླས་དང་དབང་བདུན་གྱི་དམ་ཚིག་དང་བརྟུལ་ཞུགས་ཉེར་ལྔ་ལ་སོགས་པ་) དགེ་བའི་དབང་གིས་(སྐྱེ་བ་གཞན་དང་གཞན་ལ་)ས་བདུན་གྱི་དབང་ཕྱུག་ཉིད་དུ་འགྱུར་རོ། །ཞེས་ པ་ངེས་པ་སྟེ་བསོད་ནམས་ཀྱི་ཚོགས་ཀྱིས་སོ། །བུམ་པ་གསང་བས་མངོན་པར་དབང་བསྐུར་ སླར་ཡང་ཕྱིར་མི་ལྡོག་པ་སོགས་སུ་ངེས་པར་རབ་ཏུ་འཇུག་ཅེས་པ་ནི་འདིར་བུམ་པ་དང་ གསང་བ་དག་གིས་མངོན་པར་དབང་བསྐུར་བ་ནི་ཚུལ་ཁྲིམས་ཀྱི་(ཚོགས་ཀྱི་)དབང་གིས་ཕྱིར་ མི་ལྡོག་པ་(ས་བརྒྱད་པ་)མི་གཡོ་བར་འགྱུར་ཏེ་སོགས་པའི་སྒྲས་(དགུ་པ་)ལེགས་པའི་བློ་གྲོས་ 3-1-432 སུ་འགྱུར་རོ། །མི་གཡོ་བ་(ཞེས་པ་)ནི་(འདིར་ཕྱག་རྒྱའི་)སྐྱེ་གནས་སུ་བསྲུབས་པ་ལ་བྱང་ཆུབ་ཀྱི་ སེམས་མི་གཡོ་བ་སྟེ་ལེགས་པའི་བློ་གྲོས་ཞེས་པ་ནི་(ལམ་གྱིས་བསྡུས་པའི་འགྱུར་མེད་)བདེ་བ་ཆེན་ པོའི་སེམས་སོ། །འདིར་(གསུམ་པ་)ཤེས་རབ་ཡེ་ཤེས་དག་གིས་མངོན་པར་དབང་བསྐུར་ན་ ཚུལ་ཁྲིམས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་སྲིད་པའི་འཇིགས་པ་འཇོམས་པ་འཇམ་དབྱངས་ཉིད་ དུ་འགྱུར་ཞེས་པ་ནི་〔བཅུ་པ་〕ཆོས་ཀྱི་སྤྲིན་དུ་འགྱུར་བ་སྟེ་ཆོས་ཀྱི་སྤྲིན་ནི་(རྣལ་འབྱོར་བའི་ས་བཅུ་པའི་ ཡེ་ཤེས་སྤྲིན་ལྟ་བུ་ལས་འབྱུང་བའི་)བདེ་བ་ཆེན་པོ〔སྐད་ཅིག་མ་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ〕འི་ཆར་གྱིས་རང་དང་ གཞན་གྱི་དོན་བྱེད་པའོ། །ཞེས་པ་ངེས་པའོ། །དེ་ལྟར་(དབང་བདུན་གྱི་ལམ་)བསོད་ནམས་(ཀྱི་ ཚོགས་ཀྱིས་ས་བདུན་པ་)དང་(དབང་གོང་མ་འཇིག་རྟེན་པ་གསུམ་གྱི་ལམ་)ཚུལ་ཁྲིམས་ཀྱི་ཚོགས་(ས་བརྒྱད་པ་ དགུ་པ་བཅུ་པ་རྣམས་)སྔོན་དུ་འགྲོ་བ་ནི་(དབང་བཞི་པའི་ལམ་ས་བཅུ་གཅིག་པ་)ཡེ་ཤེས་ཀྱི་ཚོགས་སོ(ཞེས་ པ་འདི་ནི་གཙོ་ཆེ་བའི་དབང་དུ་བྱས་པའོ)། །(ཡེ་ཤེས་ཀྱི་ཚོགས་རྫོགས་པ་)དེ་ལས་(དབང་གི་མཐར་ཐུག་གི་འབྲས་བུ་)ས་བཅུ་གཉིས་པ་ལ་རྣལ་འབྱོར་བ་རྣམས་སངས་རྒྱས་(ཐོབ་པ་)ཉིད་དོ་ཞེས་པ་ནི་དེ་བཞིན་ གཤེགས་པའི་ངེས་པའོ། ། ༈ གལ་ཏེ་གཡོ་སྒྱུའི་དབང་གིས་ཞེས་པ་(དབང་ཐོབ་ནས་)མི་དགེ་བ་བཅུ་ལ་ཞུགས་པའི་ དབང་གིས་འཆད་པར་འགྱུར་བའི་རྩ་བའི་ལྟུང་བ་བྱུང་ན་འདི་རྣམས་མཐའ་དག་དམྱལ་བར་ སྡུག་བསྔལ་དུ་འགྱུར་ཏེ་(གང་ཟག་)དེའི་དབང་(གི་དམ་ཚིག་དང་བརྟུལ་ཞུགས་)ལ་སོགས་པ་ཕྱིན་ཅི་ ལོག་གི་དབང་གིས་སོ་ཞེས་པ་ནི་ངེས་པའོ། ༡༠༠ ། ༈ ད་ནི་རྩ་བའི་ལྟུང་བ་ཞེས་པ་ལ་སོགས་པས་རྩ་བའི་ལྟུང་བ་རྣམ་པར་དག་པ་གསུངས་ ཏེ་འདིར་གང་གི་ཚེ་འཆད་པར་འགྱུར་བའི་རྩ་བའི་ལྟུང་བ་བྱུང་བར་གྱུར་ན་དེའི་ཚེ་དབང་ བདུན་(གྱི་ལམ་)ལ་གནས་པ་དག་གི་(སྙིང་པོ་ལ་སོགས་པའི་)སྔགས་བཟླས་པ་སྟོང་ཕྲག་སུམ་ཅུ་རྩ་ དྲུག་གིས་དག་པར་འགྱུར་ཏེ་(དེ་ཡང་)ཡོན་ཏན་ལྡན་པ་ཞེས་པ་ཕྱིས་མི་བྱེད་པའི་སྡོམ་པ་ལ་ 3-1-433 གནས་པའི་〔གང་ཟག་གི་སྟོང་པ་དག་པར་ངེས་པ〕འོ། །བུམ་པ་གསང་བའི་དབང་བསྐུར་བ(འི་ལམ་)ལ་ གནས་པ་ལ་གང་གི་ཚེ་རྩ་བའི་ལྟུང་བ་བྱུང་བར་གྱུར་ན་དེའི་ཚེ་གལ་ཏེ་ན་བརྟུལ་ཞུགས་ངེས་ པའི་དབང་གིས་ཞེས་པ་(བསྐྱེད་རིམ་ཡན་ལག་དང་བཅས་པ་)བསོད་ནམས་དང་〔འཛག་མེད་ཀྱི་ཚངས་སྤྱོད་〕 ཚུལ་ཁྲིམས་ཀྱི་ཚོགས་ཀྱི་དབང་གིས་རྣམ་པར་དག་པར་འགྱུར་ཏེ་དེ་ཉིད་ལ་སློབ་དཔོན་གྱིས་ བརྟུལ་ཞུགས་ཀྱི་ངེས་པས་ཆད་པ་སྦྱིན་པར་བྱའོ། །གོང་མ་ལ་ནི་དག་པ་མེད་ཅེས་པ་ནི་ཤེས་ རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་{ནི་}གང་གི་ཚེ་རྩ་བའི་ལྟུང་བ་བྱུང་བར་གྱུར་ན་དེའི་ཚེ་ (ཆད་པའི་སྒོ་ནས)དག་པ་མེད་དོ། །དོན་ཅི་ཞེ་ན། དེ་ལ་སློབ་དཔོན་གྱིས་(གང་ཟག་)འདིའི་(བསྒྲུབ་པར་ བྱ་བའི་)ཆད་པ་སྦྱིན་པར་མི་བྱ་སྟེ་(སློབ་མ་)རང་གི་བསོད་ནམས་(འཛག་མེད་ཀྱི་ཚངས་སྤྱོད་)དང་ཚུལ་ ཁྲིམས་ཀྱི་སྟོབས་ཀྱིས་བདག་ཉིད་ཀྱིས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་དང་བཅས་པའི་གནས་སུ་(གཙུག་ལག་ ཁང་དང་མཆོད་རྟེན་ལ་སོགས་པའི་དྲུང་དུ་)སོང་སྟེ་བདག་ཉིད་དག་པ་འཐོབ་པོ་ཞེས་པ་ནི་སངས་རྒྱས་ རྣམས་ཀྱི་བཞེད་པའོ། །རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་ འཁོར་འདིར་ནི་འཇུག་བྱ་སྟེ་ཞེས་པ་ནི་འདིར་གང་གི་ཚེ་དབང་བདུན་ལ་གནས་པའམ་བུམ་ པ་དང་གསང་བའི་དབང་ལ་གནས་པ་ལ་རྩ་བའི་ལྟུང་བ་བྱུང་བར་གྱུར་ན་དེའི་ཚེ་(ལྟུང་བ་) དེ་དག་པའི་སླད་དུ་དཀྱིལ་འཁོར་འདི་བྲིས་ནས་སླར་མི་བྱེད་པའི་དོན་དུ་སླར་ཡང་དཀྱིལ་ འཁོར་དུ་འཇུག་པ་ལ་སོགས་པ་བྱའོ། །དེ་ནས་རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ ཀྱི་འདུས་པར་ཞེས་པ་(རྡོ་རྗེའི་)རིགས་(སྔགས་པ་རྣམས་)ཀྱི་(ཚོགས་)དབུས་སུ་སྔར་ཐུ་བོ(སྟེ་རྒན་པོ)འི་ མིང་གང་ཡིན་པ་དེ་ནི་ཆུང་བ་ཉིད་དུ་འགྱུར་ཏེ་གཞོན་པ་ཉིད་དུ་འགྱུར་རོ་ཞེས་པ་སླར་མི་བྱེད་ པའི་སྡོམ་པའི་སླད་དུ་(རྩ་བའི་ལྟུང་བ་དག་པའི་ཐབས་)དེ་བཞིན་གཤེགས་པའི་ངེས་པ་སྟེ་སློབ་མ་ རྣམས་ཀྱིས་གདོན་མི་ཟ་བར་བྱའོ(འདིར་ཆད་པའི་སྒོ་ནས་འདག་མི་འདག་གི་རྒྱུ་མཚན་ཇི་ལྟར་ཉེས་པ་གཅིག་ཉིད་ 3-1-434 ཀྱང་བྱིས་པ་དང་དར་མ་དང་རྒན་པོས་བྱས་པ་ལས་ཉེས་པ་ཆུང་བ་དང་ཆེ་བར་འཇོག་པ་དེ་བཞིན་དུ་འདིར་ཡང་རིག་པར་བྱའོ་ ཞེས་གསུངས་སོ)། ༡༠༡ ། ༈ ད་ནི་དཔལ་ལྡན་ཞེས་པ་ལ་སོགས་པས་རྩ་བའི་ལྟུང་བ་རྣམས་གསུངས་ཏེ་འདིར་ རྒྱུད་ཐམས་ཅད་ལས་རྩ་བའི་ལྟུང་བ་བཅུ་བཞིའོ། །དེ་རྣམས་ལས་ཇི་ལྟར་སོ་སོར་འགྱུར་བ་ དེ་བཞིན་དུ་གསུངས་པ་བུ་རྣམས་ཏེ་དབང་བསྐུར་བའི་སློབ་མ་རྣམས་ཀྱི་རྩ་བའི་ལྟུང་བ་རི་ བོང་འཛིན་པ་ཞེས་པ་དང་པོར་འགྱུར་ཏེ་(གང་གིས་འགྱུར་ན་)དཔལ་ལྡན་བླ་མའི་ཐུགས་དཀྲུགས་ པ་ལས་ཞེས་པ་ལ་འདིར་བླ་མ་རྣམ་པ་གཉིས་ཏེ་བླ་མ་དམ་པ་དང་བླ་མ་དམ་པ་མ་ཡིན་པའོ། ། དེ་དག་གི་ཐུགས་དཀྲུགས་པ་ཡང་རྣམ་པ་གཉིས་ཏེ་གཞན་གྱི་དོན་དང་རང་གི་དོན་ལས་ སོ། །དེ་ལ་གཞན་གྱི་(སློབ་མའི་)དོན་(ཉམས་པ་)ལས་གང་གི་ཐུགས་འཁྲུག་པ་དེ་ནི་དཔལ་ལྡན་ བླ་མའོ། །(བླ་མ་)རང་གི་དོན་(ལ་མ་གྲུབ་པ་)ལས་གང་གི་ཐུགས་འཁྲུག་པ་དེ་ནི་བླ་མ་དམ་པ་ མ་ཡིན་པའོ། །འདིར་(དེ་ལ་)སློབ་མ་(དེ་བླ་མས་གཟིགས་བཞིན་པར་)མི་དགེ་བ་བཅུ་ལ་ཞུགས་པས་ (གཞན་སློབ་མའི་དོན་ཉམས་པར་གཟིགས་ནས་)དཔལ་ལྡན་བླ་མའི་ཐུགས་དཀྲུགས་པར་འགྱུར་ཏེ་(མི་ དགྱེས་པ་ཆེན་པོ་འབྱུང་བས་)ཐུགས་དཀྲུགས་པ་དེ་ལས་(སློབ་མ་ལ)རྩ་བའི་ལྟུང་བར་འགྱུར་རོ། །རང་ གི་〔ཚེ་འདིའི་〕དོན་(སྒྲུབ་པ་)ལ་ཞུགས་པའི་བླ་མ་(དམ་པ་ཡིན་པ་)ནི་(རང་དོན་མི་འགྲུབ་པ་ལ་ཐུགས་དཀྲུགས་ཀྱི་ སློབ་མ་)མི་དགེ་བ་བཅུ་ལ་ཞུགས་པ་ལས་(ཐུགས་དཀྲུགས་ཀྱི་སློབ་མ་)མ་ཡིན་ནོ་ཞེས་པ་སྟེ་ངེས་པའོ། ། དེའི་(བླ་མ་དམ་པ་དེ་)བཀའ་ལ་འགོངས་(ཏེ་བཀའ་དང་འགལ་བས་བྱས་)པས་གཞན་རྩ་བའི་ལྟུང་བ་ གཉིས་པར་འགྱུར་ཏེ་(བཀའ་ལ་འགོངས་པར་འགྱུར་བ་ནི་)བླ་མའི་ལྐོག་ཏུ་གྱུར་པ(སྟེ་མི་གཟིགས་པའི་ས)ར་ མི་དགེ་བ་བཅུ་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་སྤུན་ལ་ཁྲོས་པས་གསུམ་པར་འགྱུར་ཏེ་(བླ་མ་ དམ་པ་གཅིག་གིས་བསྡུས་པ་)གང་གི་ཚེ་རྡོ་རྗེའི་སྤུན་རྒན་པོའམ་གཞོན་ནུ་བསླབ་པ་དང་ལྡན་པ་ལ་ རབ་ཏུ་ཁྲོ་བར་བྱེད་ནའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་ཞེས་པ་ལ་འདིར་(སེམས་ 3-1-435 ཅན་ལ་)བྱམས་པ་བཏང་བ་ནི་རྣམ་པ་བཞི་སྟེ་ཆུང་ངུ་དང་འབྲིང་པོ་དང་ཆེན་པོ་དང་ཤིན་ཏུ་ཆེན་ པོའི་དབྱེ་བས་སོ། །དེ་ལ་ཆུང་ངུ་ནི་སྐད་ཅིག་ཙམ་བྱམས་པ་བཏང་ཞིང་དེ་ནས་(གཉེན་པོའི་སྟོབས་ ཀྱིས་)ལྡོག་པར་འགྱུར་བ་སྟེ་ཆུ་ལ་དབྱུག་པའི་རི་མོ་(དེ་མ་ཐག་སུབས་པར་འགྱུར་བ་)ལྟ་བུའོ། །འབྲིང་ པོ་ནི་(ཡུད་ཙམ་ཞིག་བྱམས་པ་བཏང་བ་སླར་ལྡོག་པར་འགྱུར་ཏེ་)བྱེ་མའི་རི་མོ་སླར་ཡང་རླུང་གིས་མཉམ་པ་ ཉིད་དུ་འགྱུར་བ་ལྟ་བུའོ། །ཆེན་པོའི་བདག་ཉིད་ནི་(དུས་རེ་ཞིག་གི་བར་དུ་བྱམས་པ་བཏང་པ་སླར་ལྡོག་པར་ འགྱུར་བ་སྟེ་[རྒྱུན་[དགུན་]གྱི་དུས་སུ་)ས་གས་པ་སླར་ཡང་དབྱར་གྱི་ཆུས་མཉམ་པ་ཉིད་དུ་འགྱུར་བ་ ལྟ་བུའོ། །དེ་བཞིན་དུ་བྱམས་པ་མེད་པའི་སེམས་ཤིན་ཏུ་ཆེན་པོའི་བདག་ཉིད་ནི་ཡོངས་སུ་ སྨིན་པ་(བྱམས་པ་གཏན་ནས་བཏང་པས་སླར་ལྡོག་པར་མི་འགྱུར་བ་)སྟེ་དཔེར་ན་རྡོ་(གཅིག་)ཐ་དད་པ་(སྟེ་དུམ་ བུར་འགྱུར་)སླར་ཡང་(དུས་)འགའ་ཞིག་ཏུ་ཡོངས་སུ་རྫོགས་པར་རོ་མཉམ་པར་མི་འགྱུར་བའམ་ དཔེར་ན་(ཤིང་ཐོག་)འབྲས་བུ་སྨིན་པ་ཤིང་ལ་མི་གནས་པ་དེ་བཞིན་དུ་སེམས་ཅན་རྣམས་ལ་ བྱམས་པ་ཡོངས་སུ་གཏོང་བ་(བྱམས་པ་མེད་པའི་སེམས་ཆེན་པོ་)སྟེ་དེས་རྩ་བའི་ལྟུང་བ་བཞི་པར་ འགྱུར་རོ། །ཞེས་པ་ནི་ངེས་པའོ། །མདའ་ཞེས་པ་ལྔ་པར་འགྱུར་ཏེ་(གང་གིས་འགྱུར་ན་)བྱང་ཆུབ་ སེམས་ནི་རབ་ཏུ་ཉམས་པ་ལས་ཞེས་པ་ལ་འདིར་བྱང་ཆུབ་ཀྱི་སེམས་ནི་ཁུ་བ་སྟེ་དེ་ཉམས་ པ་ལས་(ཐིག་ལེ་)འཕོ་བ་མེད་པའི་(ལམ་གྱིས་བསྡུས་པའི་)བདེ་བར་མི་འགྱུར་རོ། །དེའི་ཕྱིར་དེ་ཁོ་ ན་ཉིད་(ཀྱི་རྣམ་འབྱོར་)མེད་པ་དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་ཉིད་འདོད་པ་རྣམས་ལ་ རྩ་བའི་ལྟུང་བ་ལྔ་པར་འགྱུར་རོ(འདིར་འཛག་བདེ་ཐར་བའི་ལམ་དུ་བསམ་ནས་ཐིག་ལེ་ཉམས་པར་འགྱུར་ན་རྩ་ ལྟུང་དུ་དགོངས་པར་འགྱུར་བ་ཡིན་གྱི་ཐིག་ལེ་ཉམས་པ་ཡིས་རྩ་ལྟུང་དུ་འགྱུར་བ་མ་ཡིན་ཏེ། གལ་ཏེ་ཁྱིམ་པའི་རྡོ་རྗེ་སློབ་དཔོན་ ལས་དང་པོ་ལ་རྩ་ལྟུང་མི་འབྱུང་བ་མི་སྲིད་པའི་སྐྱོན་དུ་འགྱུར་རོ། །འདིར་གསང་དབང་གི་དོན་དང་བདུད་རྩི་རི་ལུ་བསྒྲུབ་པ་ དང་རིགས་ཀྱི་སྲས་བསྐྲུན་པ་རྣམས་མ་གཏོགས་གསུང་བ་ཡང་ཅུང་ཟད་མ་དགོངས་པར་མངོན་ནོ)། །དྲུག་པ་གྲུབ་པའི་ མཐའ་ལ་སྨོད་པ་སྟེ་གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་ལ་ 3-1-436 དེ་ཁོ་ན་ཉིད་ཀྱི་ལེའུ(དགོངས་པའི་དོན་གཅིག་པ)འོ། །དེ་ལ་(ཟབ་མོ་མ་ཡིན་ཞེས་)སྨོད་པ་གང་ཡིན་པ་དེ་ ནི་དྲུག་(གྲུབ་མཐའ་ངན་པ་ལ་སྨོད་པ་ནི་མ་ཡིན་)པའོ། །རི་བོ་ཞེས་པ་བདུན་པར་འགྱུར་ཏེ་མ་སྨིན་པའི་ མི་ཉན་ཐོས་ཀྱི་ལམ་ལ་གནས་པ་ལ་(གསང་སྔགས་ཟབ་མོའི་སྣོད་མ་ཡིན་པ་ལ་)གསང་བ་བྱིན་ལས་ ཞེས་པ་(དེ་ཁོ་ན་ཉིད་)བདེ་བ་ཆེན་པོ་(བསྒོམ་པའི་ལམ་)བྱིན་པ་ལས་(རྡོ་རྗེ་)སློབ་དཔོན་རྣམས་ལ་〔རྩ་ བའི་〕ལྟུང་བ(དེ་ལ་གསང་སྒྲོགས་རྣམས་ཀྱང་རྗེས་སུ་མཐུན་པའི་ལྟུང་བ)འོ། ༡༠༢ ། ཕུང་པོ་ཉོན་མོངས་པ་ལས་ཀླུ་ཞེས་པ་བརྒྱད་པ་སྟེ་ཕུང་པོ་ཉོན་མོངས་པ་ལ་སོགས་པ་ནི་ བསྙུང་བར་གནས་པ་ལ་བཀོད་པ་ལ་སོགས་པ་དང་ལུས་གཅོད་པ་ལ་སོགས་པར་(དེ་དག་གི་ རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ་བའི་གེགས་བྱེད་པ་དང་ཟབ་མོ་བསྒོམས་པའི་རྟེན་ཉམས་ པར་འགྱུར་ཞིང་)བརྗོད་དེ་དེ་ལས་བརྒྱད་པར་འགྱུར་(གྱི་སེམས་ཅན་གྱི་ཕུང་པོ་སངས་རྒྱས་ཡིན་པ་ལ་གནོད་པའི་ རྒྱུ་མཚན་གྱིས་ནི་དེ་མི་འགྱུར་ཏེ་སེམས་ཅན་གྱི་ཕུང་པོ་སངས་རྒྱས་མ་ཡིན་པའི་ཕྱིར་རོ། །སངས་རྒྱས་མ་ཡིན་ཡང་དེ་ལ་སངས་ རྒྱས་བཞུགས་པ་ནི་མི་འགལ་ཏེ་བུམ་པ་ལ་ནམ་མཁའ་བཞིན་ནོ)རོ། །སླར་ཡང་དགུ་པ་ནི་དག་པའི་ཆོས་ཏེ་ (མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། སྟོང་པ་ཤེས་པ་ཞེས་ བརྗོད་དོ། །ཞེས་གསུངས་པ་དང༌། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་)སྟོང་པ་ཉིད་ཀྱི་ཆོས་〔ཟབ་མོ་〕ལ་མ་དད་ པར་གྱུར་པ་གང་ཡིན་པའོ། །སྒྱུའི་བྱམས་པ་ནི་ཁ་ནས་(རྩུབ་མོའི་)ཚིག་(ལས་)གཞན་(འཇམ་པོའི་ ཚིག་)འདོན་ཞིང་སྙིང་(བྱམས་པ་)ལ་གཞན་(སྡང་པར་)སེམས་པ་སྟེ་སྒྱུའི་བྱམས་པ་(གདུག་པའི་བྱས་པ་ བྱམས་པར་གསུངས་པ་)གང་ཡིན་པ་དེ་ནི་ཕྱོགས་ཞེས་པ་བཅུ་པའོ། །མིང་སོགས་བྲལ་བ་བདེ་བ་ སྟེར་ལ་ཞེས་པ་(སྨྲ་བསམ་བརྗོད་མེད་ཀྱི་དོན་)དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་(འོད་གསལ་ཕྱག་རྒྱ་ ཆེན་པོ་)ལ་(ཡིད་མ་ཆེས་པ་ཐེ་ཚོམ་གྱི་)རྟོག་པ་གང་ཡིན་པ་དེ་ནི་དྲག་པོ་ཞེས་པ་སྟེ་བཅུ་གཅིག་པའོ། ། དག་པའི་སེམས་ཅན་དག་ལ་(རྣལ་འབྱོར་གྱི་ངང་ཚུལ་ཡོད་པའི་)སྟེ་རྣལ་འབྱོར་པ་(སྐྱོན་མེད་)ལ་སྐྱོན་ བརྗོད་པ་ལས་ཉི་མ་ཞེས་པ་བཅུ་གཉིས་པར་འགྱུར་རོ། །(རྣལ་འབྱོར་དང་རྣལ་འབྱོར་མའི་)ཚོགས་ཀྱི་ 3-1-437 འཁོར་ལོར་(འདུས་པ་ན་གོ་ཀུ་ལ་སོགས་པ་)དམ་ཚིག་ཐོབ་པར་གྱུར་པ་(ཁུ་འཕྲིག་གིས་སྤོང་ཞིང་)གཏོང་བ་ ལས་གཞན་ཏེ་(རྩ་ལྟུང་)བཅུ་གསུམ་པར་འགྱུར་(གྱི་ལས་དང་པོ་པའི་དཔའ་བོའམ་དཔའ་མོའི་སྟོན་མོ་ལས་ནི་ དེར་མི་འགྱུར་)རོ། །(རྣལ་འབྱོར་པ་འཛིན་པ་ཐོབ་ན་རྗེས་དྲན་གྱི་སྐབས་སུ་ལས་ཀྱི་ཕྱག་རྒྱ་བསྟེན་པ་ན་གཡུང་མོ་ལ་སོགས་པ་)བུད་མེད་(དམན་པ་)ཐམས་ཅད་ལ་སྨོད་(ཅིང་མི་བསྟེན་)པ་གང་ཡིན་པ་དེ་ནི་ངེས་པར་ཏེ་གདོན་མི་ ཟ་བར་མ་ནུ་ཞེས་པ་བཅུ་བཞི་པར་འགྱུར་(བུད་མེད་ཀྱི་སྐྱེ་བ་དམན་པའི་རྒྱུ་མཚན་གྱིས་ཆོས་ཀྱི་སྐལ་བ་མེད་པར་ སྨོད་ལ་རྣམ་པར་བཞག་ན་རྩ་ལྟུང་དུ་འགྱུར་ཞེས་གསུང་ངོ་)རོ། །ཞེས་པ་ངེས་པའོ། །〔དེ་ལྟར་ལྟུང་བ་དེ་དག་གང་ཟག་〕གང་དག་〔ལ་རྣམ་པར་བཞག་ན་〕རྡོ་རྗེ་ཐེག་པར་གནས་པ་རྣམས་ལ་སྟེ་དབང་བསྐུར་བ་རྣམས་ལའོ་ ཞེས་པ་རྡོ་རྗེ་འཛིན་པའི་ངེས་པའོ། ། ༈ (རྩ་ལྟུང་དངོས་སུ་མ་གྱུར་པའི་)ལྟུང་བ་སྦོམ་པོ་རྣམས་ནི་(བརྒྱད་དུ་རྣམ་པར་བཞག་པ་ལ་སོགས་པ་)དུ་ མ་སྟེ་དེ་རྣམས་ལ་ཆད་པ་ཤིན་ཏུ་ཆུང་བར་འགྱུར་རོ་ཞེས་པ་ནི་ངེས་པའོ། ། མདོར་བསྡུས་བཞི་པ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་དཀྱིལ་འཁོར་དུ་དབང་བསྐུར་ བའི་མདོར་བསྡུས་ཆེན་པོ་སྟེ་བཞི་པའོ།། ༡༠༣ །། ༈ (བདུན་པ་ཐམས་ཅད་རབ་ཏུ་གནས་པའི་ཏིང་ངེ་འཛིན་གྱིས་གནས་སྐུ་གསུང་ཐུགས་ཀྱིས་རྟེན་ལ་རབ་ཏུ་གནས་པའི་)རབ་(ཏུ་)གནས་(པ་)བྱས་(པ་)ནས་〔བཟུང་སྟེ་〕ལྷར་བཅས་ལྷ་མིན་དབང་པོ་དང༌། །ཀླུ་དང་མི་ དབང་ཚོགས་ཀྱིས་(རབ་གནས་བྱས་པའི་རྟེན་)གང་ལ་ཕྱག་བྱས་པ། །(ཡེ་ཤེས་ཀྱི་སྐུ་)དུས་ཀྱི་འཁོར་ལོ་ དེ་ལ་སྤྱི་བོས་རབ་བཏུད་ནས། །སྐུ་གཟུགས་ལ་སོགས་རྣམས་ཀྱི་རབ་གནས་བརྗོད་པར་བྱ། ། ༈ འདིར་དཔལ་མཆོག་གི་དང་པོའི་སངས་རྒྱས་ལས་རབ་ཏུ་གནས་པའི་ཆོ་ག་འཇམ་ 3-1-438 དཔལ་གྱི་ཚིགས་སུ་བཅད་པ་བཞི་ལྷག་པའི་བརྒྱ་པ་ལ་སོགས་པས་ཕྱུང་བ་ནི་རྒྱས་འགྲེལ་ གྱིས་དགྲོལ་བར་བྱའོ། །ཀླུ་དང་ཞེས་པ་ལ་སོགས་པ་ནི་འདིར་དང་པོར་འཆད་པར་འགྱུར་ བའི་བུམ་པ་ལ་སོགས་པའི་དབང་བསྐུར་བ་རྣམས་ཀྱིས་མངོན་པར་དབང་བསྐུར་ཏེ་(ཆོ་ག་དང་ སྒོམ་པའི་སྒོ་ནས་ཐོབ་)དེ་ནས་རྒྱུད་ཐམས་ཅད་ཤེས་ཤིང་〔གཞན་དོན་དུ་〕དམ་བཅའ་བ་ལ་གནས་པའི་ སློབ་མ་ནི་རྡོ་རྗེ་སློབ་དཔོན་བདག་པོའི་སླད་དུ་བླ་མས་དབང་བསྐུར་བར་བྱའོ(དེ་ལ་རྡོ་རྗེ་སློབ་ དཔོན་དུ་དབང་བསྐུར་བ་་གཉིས་ཏེ། བདག་པོར་དབང་བསྐུར་བ་དང༌། བདག་པོ་ཆེན་པོར་དབང་བསྐུར་བའོ། །བདག་པོར་ དབང་བསྐུར་བ་ལ་ནི་མཁས་པ་སྙིང་རྗེ་ཅན་ལ་སྟེ། རབ་ཏུ་གནས་པའི་ཆོ་གའི་སྒོ་ནས་སོ། །བདག་པོ་ཆེན་པོར་དབང་བསྐུར་བ་ ནི་རྣལ་འབྱོར་པའམ་གྲུབ་པ་སྟེ་ཚོགས་ཀྱི་འཁོར་ལོ་དང་བཅས་པའི་དབང་གོང་མ་ལས་ཀྱང་གོང་མ་རྣམས་ཀྱིས་སོ)། །(དེ་ལ་ བདག་པོ་ཆེན་པོར་དབང་བསྐུར་བ་ནི་འོག་ནས་འཆད་པར་འགྱུར་བ་འདིར་བདག་པོར་དབང་བསྐུར་བ་སྟེ། དང་པོར་སློབ་མས་ འདི་སྐད་དུ་)ཀྱེ་དཔལ་ལྡན་བླ་མ་ཁྱེད་ཀྱི་བཀའ་དྲིན་ལས་ད་ནི་བདག་གིས་བདེ་བར་གཤེགས་ པའི་ལམ་ཐམས་ཅད་ཤེས་སོ་ཞེས་བླ་མ་ལ་ཞུས་ནས་དམ་བཅའ་བར་བྱས་ཏེ་དུས་འདི་ནས་ བརྩམས་ཏེ་ཁྱོད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤངས་ནས་བླ་མ་གཞན་ བསྟེན་པར་མི་བགྱི〔ཞེས་བྱ〕འོ། །〔དེ་ལྟར་〕ཡོན་ཏན་ཐམས་ཅད་དང་ལྡན་པའི་སློབ་མ་དམ་བཅའ་ བ་ལ་གནས་པ་གཟིགས་ཏེ་དེ་ནས་སྔར་བརྗོད་པའི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་ པ་རྣམས་ཏེ་དེ་རྣམས་ཀླུ་ཞེས་པ་བརྒྱད་དང་བཞི་དང་བུམ་པ་གཅིག་གིས་བདག་པོ་རྣམ་པ་ གསུམ་ལ་〔དབང་〕སྦྱིན་པར་བྱ་སྟེ་ཀླུ་རྣམས་ཀྱིས་དགེ་སློང་རྡོ་རྗེ་འཛིན་པ་ལའོ། །བཞི་ཡིས་ དགེ་ཚུལ་ལའོ། །གཅིག་གིས་ཁྱིམ་པ་(དགེ་བསྙེན་)ལ་སྟེ་དེ་ལྟར་སྔར་གསུངས་པའི་ཆོ་གས་སྨན་ (དང་འབྲུ་)ལ་སོགས་པ་དང་ལྡན་པའི་བུམ་པ་རྣམས་ཀྱིས་བཀྲུ་སྟེ་(དེ་ཡང་ཇི་ལྟར་བསྐུར་ན་)འདིར་ དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་མཉམ་པའི་སའི་ཆར་ཁྲུ་བཞི་པ་ལ་ར་བ་ལྔའི་རེ་ཁཱ་བྱས་ ནས་དབུས་སུ་ཁྲུ་གཉིས་པའི་པད་མ་འདབ་མ་བརྒྱད་པ་མཚན་མ་ལྔ་དང་བྲལ་བ་ཁ་དོག་སྣ་ 3-1-439 ཚོགས་པའོ། །འདི་ཉིད་ནི་(དགེ་སློང་གི་)གདན་གྱི་པད་མ་སྟེ་ཤིང་སྟན་གྱི་སྟེང་དུ་ཚོན་སྣ་ལྔས་ བྲི་བར་བྱའོ། །པད་མ་དེའི་དབུས་ཀྱི་སྟེང་དུ་དགེ་སློང་བཀོད་ནས་བུམ་པ་བརྒྱད་རྒྱལ་བ་དང་ རྣམ་པར་རྒྱལ་བ་དང་བཅས་པ་བཅུས་ཁྲུས་བྱ་སྟེ་བུ་མོ་གཟུགས་མཛེས་ཤིང་རྒྱན་ཐམས་ཅད་ དང་ལྡན་པ་བུུ་མ་སྐྱེས་པ་བརྒྱད་དང་གཞོན་ནུ་མ་སྐྱེ་གནས་མ་ཉམས་པ་གཉིས་ཀྱིས་མགོ་ བོར་ཅོད་པན་དར་དཔྱངས་དང་ཕྱག་རྒྱ་དྲུག་དང་བཅས་པ་བཅིངས་ཏེ་ཁྲུས་བྱའོ། །གདུག་པ་ སྡིགས་པར་བྱེད་པའི་མཆོག །གང་གི་ངུར་སྨྲིག་མཐོང་བ་ཡིས། །ལྷ་མིན་ས་ཡི་འོག་ཏུ་འགྲོ། ། དགེ་སློང་རྡོ་རྗེ་འཛིན་པ་བྱ། །ཞེས་པ་སྟེ་དེ་ལྟར་ན་ཀླུ་རྣམས་ཀྱིས་ནི་དཔལ་ལྡན་ཅོད་པན་ བཅིང་སྟེ་ནོར་འདབ་པད་མར་ཞེས་པའོ། །དགེ་ཚུལ་ལ་ཡང་དར་དཔྱངས་བཅིང་བར་བྱ་སྟེ་ བུ་མོ་བཞི་དང་གཞོན་ནུ་མ་གཉིས་ཀྱིས་དར་དཔྱངས་ཕྱག་རྒྱ་དང་བཅས་པ་བཅིངས་ཏེ་རྡུལ་ ཚོན་གྱི་པད་མ་སྤངས་ཤིང་རེ་ཁཱ་ལྔ་〔ཁྲུ་དོ་གྲུ་བཞིར་〕བྱས་པའི་དབུས་སུ་(པད་མ་མེད་པའི་)ཤིང་སྟན་ (འབའ་ཞིག་)བྱིན་ནས་ཁྲུས་བྱའོ། །དེ་ལྟར་སློང་དཔོན་འབྲིང་པོའོ། །དེ་ནས་ཕྱག་རྒྱ་ལ་ནི་ཞེས་ པ་(དགེ་བསྙེན་)མཐེ་བོའི་〔རྡོ་རྗེ་སོར་གདུབ་ར་ཟེར་〕རྡོ་རྗེ་བྱིན་ནས་བུམ་པ་གཅིག་དང་རྣམ་པར་རྒྱལ་ བས་བུ་མོ་གཅིག་དང་གཞོན་ནུ་མ་གཅིག་གིས་ཁྲུས་བྱའོ། །རེ་ཁཱ་ལྔ་སྤངས་ཤིང་(ས་གཞི་ལ་) སྤྱིའི་བྱུགས་པ〔སྟེ་དྲི་བཟང་པོའི་བའི་ལྕི་བ་ལ་སོགས་པའི་བྱུག་པ་བྱས་པ〕ས་(དེ་ལ་)རེ་ཁཱ་གསུམ་(ཁྲུ་གང་བ་)བྱས་ ནས་ཐུན་མོང་གི་གདན་བྱིན་ལ་ཁྲུས་བྱས་ཏེ་སློབ་དཔོན་ཐ་མའོ། །དེ་ལྟར་རིམ་པ་ཇི་ལྟ་བ་ བཞིན་དུ་ཁྲུ་བཞི་པ་དང་ཁྲུ་གཉིས་པ་དང་ཁྲུ་གཅིག་པའི་གདན་བྱས་ནས་དགེ་སློང་དང་དགེ་ ཚུལ་དང་ཁྱིམ་པ་(དགེ་བསྙེན་)རྣམས་ལ་རྡོ་རྗེ་སློབ་དཔོན་གྱིས་(སྔར་བསྟན་པའི་ཅོད་པན་དང་དར་དཔྱངས་ ལ་སོགས་པ་ལས་)དབང་བསྐུར་བ་དང་རྒྱུད་བསྟན་པའི་དོན་དུ་(སློབ་མ་རྒྱུད་སྟོན་གཅིག་ལ་སོགས་པའི་) གསུང་ངམ་〔ཚིག་གིས་གྱི་ཇོ་ཟེར་〕རྗེས་སུ་གནང་བ་སྦྱིན་པར་བྱའོ། །ཞེས་པ་ནི་ངེས་པའོ། ༡༠༤ ། ༈ དེ་ནས་དང་པོར་ཞེས་པ་ལ་སོགས་པས་དབང་གི་རྣམ་པར་དག་པ་གསུངས་པ་འདིར་ 3-1-440 དང་པོར་དབང་བདུན་པོ་ཆུའི་མིང་ཅན་དག་ལ་མངོན་པར་དབང་བསྐུར་བར་གྱུར་པ་ནི་ས་ བདུན་པར་ལུང་བསྟན་པའི་ཕྱིར་(སྔགས་ཀྱི་ཚུལ་ལ་)དགེ་བསྙེན་དུ་བརྗོད་དེ་དེས་ན་〔སྔགས་ཀྱི་ཚུལ་ལ་〕དགེ་བསྙེན་དུ་འགྱུར་རོ་ཞེས་པ་ནི་ངེས་པའོ། །བུམ་པ་ལ་ཡང་〔སྔགས་ཀྱི་ཚུལ་ལ་〕དགེ་ཚུལ་དག་ ཏུ་འགྱུར་ཏེ་(ས་བརྒྱད་པ་)མི་གཡོ་བར་ལུང་བསྟན་པའི་ཕྱིར་སངས་རྒྱས་ཀྱི་སྲས་པོ་སྟེ་〔རྒྱལ་པོ་〕 གཞོན་ནུ་ཞེས་པའི་དོན་ཏོ། །དེ་ནས་གསང་བའི་དབང་ལ་〔སྔགས་ཀྱི་ཚུལ་ལ་〕དགེ་སློང་དུ་འགྱུར་ ཏེ་(ས་དགུ་པ་)ལེགས་པའི་བློ་གྲོས་སུ་ལུང་བསྟན་པའི་ཕྱིར་སངས་རྒྱས་ཀྱི་རྒྱལ་ཚབ་པོ། །དེ་ ནས་གོང་མ་གསུམ་པའི་བྱེད་པ་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་མངོན་པར་དབང་བསྐུར་ བ་ནི་གནས་བརྟན་ཞེས་པ་ཆོས་སྟོན་པར་བྱེད་པ་དང་སློབ་མ་སྡུད་པ་པོར་འགྱུར་ཏེ་(ས་བཅུ་ པ་)ཆོས་ཀྱི་སྤྲིན་ལ་ལུང་བསྟན་པའི་ཕྱིར་སངས་རྒྱས་གཉིས་པ་ཉིད་དོ། །དེ་བཞིན་དུ་(དོན་ དམ་པའི་དབང་གི་རྣམ་པར་དག་པའི་འབྲས་བུ་)མཚན་ཡང་དག་པར་བརྗོད་པ་ལས་བཅོམ་ལྡན་འདས་ ཀྱིས་གསུངས་པ(དབང་གི་རྣམ་དག་གི་འབྲས་བུ་ཡེ་ཤེས་ཀྱི་སྐུ་ནི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པས) །འཇིག་ རྟེན་གསུམ་(ཆོས་ཀྱི་དབྱིངས་རང་བཞིན་གྱི་རྣམ་པར་འགྱུར་བ་མེད་པའི་ཕྱིར་རྒ་ཤི་མེད་པ་)གཅིག་གཞོན་ནུའི་སྐུ(གཅིག་པུ་དང་)། །(ཕྱག་རྒྱ་ཆེན་པོ་ལ་གནས་ཤིང་དངོས་གྲུབ་ཀྱི་གཙོ་བོ་ཡིན་པས་)གནས་ བརྟན་(དང་ཏིང་ངེ་འཛིན་གྱི་རྒྱལ་པོ་དང་ཡེ་ཤེས་ཀྱིས་རྒན་པའི་ཕྱིར་)རྒན་པོ་(དང་འགྲོ་བ་རྣམས་ཡེ་ཤེས་ཀྱི་སྐུའི་གོ་ འཕང་ལ་དགོད་པས་)སྐྱེ་དགུའི་བདག(པོ་དང་)། །(དཀར་པོ་དང་དམར་པོའི་ཆ་བཅུ་དྲུག་པ་གཉིས་འགགས་པའི་ཕྱིར་ དོན་དམ་པའི་)སུམ་ཅུ་རྩ་གཉིས་(ཀྱི་)མཚན་འཆང་བ། །(སེམས་ཅན་ཐམས་ཅད་གྱི་མངོན་པར་འདོད་བྱ་ཡིན་ པས་)སྡུག་གུ་〔དོན་དམ་པའི་སྐུ་གསུང་ཐུགས་ཀྱིས་〕འཇིག་རྟེན་གསུམ་〔དང་སྟོང་པ་ཉིད་ཀྱི་གཟུགས་མི་རྟོག་ཏིང་ངེ་ འཛིན་གྱིས་བལྟ་བས་ཆོག་མི་ཤེས་པའི་〕མཛེས་པ(འོ)། །ཞེས་དང༌། དེ་བཞིན་དུ་(ཡེ་ཤེས་ཀྱི་སྐུ་ཉིད་ལ་དོན་དམ་ པའི་དགེ་འདུན་ལ་ཚང་བས་དོན་དམ་པའི་མི་གཡོ་བ་ཐོབ་པས་)ཕྱིར་མི་ལྡོག་པ(དང་དེ་ཉིད་འཁོར་བར་མ་ལྡོག་པས་) ཕྱིར་མི་འོང་(བ་དང་)། །(དེ་ཉིད་འགྲོ་བའི་)འདྲེན་པ་(བདུད་བཞིའི་དགྲ་ལས་)རང་(ཉིད་)རྒྱལ་(བ་དང་གཅིག་ 3-1-441 པུ་ཟླ་མེད་པས་)བསེ་རུའི་ཚུལ(ཡང་ངོ་)། །(རྣམ་རྟོག་དང་ཉོན་མོངས་པ་ལས་དང་སྡུག་བསྔལ་རྣམས་ལས་ངེས་པར་ ཐུན་པས་)ངེས་(པར་)འབྱུང་(བ་)སྣ་ཚོགས་ལས་(ངེས་པར་)བྱུང་བ(དང་)། །(འབྱུང་བ་ཆེན་པོ་རྣམས་ཀྱི་ཡང་ དག་པའི་མཐའ་ཡིན་པས་)འབྱུང་བ་ཆེན་པོ་(འཁོར་འདས་ཀུན་གྱི་གནས་ཡིན་པས་འཁོར་འདས་ཀུན་གྱི་)རྒྱུ་གཅིག་ པོ(དང་)། །(བསླབ་པ་མཐའ་དག་རྫོགས་པས་)དགེ་སློང་(དང་རྣམ་རྟོག་དང་ཉོན་མོངས་ཀྱི་དགྲ་མཐའ་དག་བཅོམ་ པས་)དགྲ་བཅོམ་(པ་དང་མ་རིག་པའི་བག་ཆགས་ཟད་པས་)ཟག་པ་ཟད(པའི་མཆོག་དང་འཕོ་བའི་ཆགས་པ་དང་ བྲལ་བས)། །འདོད་ཆགས་བྲལ་བ་(དང་དབང་པོ་རྣམས་ཡུལ་འཇུག་པ་འགགས་པའམ་དབང་པོ་གཉིས་སྦྱོར་བ་དང་ བྲལ་བས་)དབང་པོ་ཐུལ〔བ་དང་〕། །(བདེ་བའི་ཕ་རོལ་ཏུ་ཕྱིན་པས་)བདེ་བ་རྙེད་པ་(གཞོམ་མེད་ཀྱི་དབྱིངས་ཐོབ་ པས་)འཇིགས་མེད་ཐོབ(པ་དང་)། །(གདུང་པ་ཀུན་དང་བྲལ་བས་)བསིལ་པར་གྱུར་པ་〔དང་ཆགས་པ་དང་ ཆགས་བྲལ་ལ་སོགས་པས་མ་གོས་པའི་ཕྱིར་〕རྙོག་པ་མེད། །ཅེས་དང༌། དེ་བཞིན་དུ། (བྱང་སེམས་ཐིག་ལེ་འཕོ་ བ་མེད་པ་ལས་)མགོ་ཟླུམ་(ཕུང་ཁམས་སྐྱེ་མཆེད་རྣམས་འགགས་པས་)བརྟུལ་ཞུགས་ཆེན་པོ་འཆང་(བ་དང་ ཐིག་ལེ་འཕོ་བ་མེད་པས)། །ཚངས་པར་སྤྱོད་པ་(དང་དེ་ཉིད་ཀྱི་ཕྱིར་)བརྟུལ་ཞུགས་(ཀྱི་ཡང་)མཆོག(དང་)། (བདེ་བ་ཆེན་པོ་རྫོགས་པས་སངས་རྒྱས་ཀྱི་མངོན་དུ་བྱས་པས་)དཀའ་ཐུབ་མཐར་ཕྱིན་(དང་དེ་ཉིད་ཕྱིར་)དཀའ་ ཐུབ་ཆེ(ནག་པོ་དང་)། །(དྲི་མ་ཐམས་ཅད་བཀྲུས་པའི་ཕྱིར་)གཙང་གནས་དམ་པ་(དང་བདེ་བ་ཆེན་པོའི་སྐུ་དེ་ ཉིད་དོན་དམ་པའི་)གཽ་ཏ་མ(སྟེ་ཤཱཀྱ་ཐུབ་པ་དང་)། །(འགྱུར་མེད་ལྔའི་ངོ་བོ་ཝཾ་ཡིག་ཡིན་པས་སངས་རྒྱས་ལྔའི་བདག་ཉིད་ ཀྱི་)བྲམ་ཟེ་(བསྙེན་སྒྲུབ་ཡན་ལག་བཞིའི་ཡན་ལག་བཞི་མཐར་ཕྱིན་པས་)ཚངས་པ་(འདིར་གནས་བཞི་དང་ཞེས་ཉི་མ་ དཔལ་གྱི་འགྲེལ་པ་དང་མཐུན་མཐར་ཐུག་གི་བསམ་གཏན་བཞིའི་གདོང་བཞི་དང་ལྡན་པའི་ཕྱིར་)ཚངས་(དེ་ཉིད་རིགས་པ་ ཚངས་)པའི་རིག །(ཚངས་པ་དེ་ཉིད་)མྱ་ངན་(ལས་)འདས་པ(འི)ཚངས་པ་(དགའ་བ་)ཐོབ〔པ་སྟེ་དགའ་བ་ ཚངས་པའི་ངོ་བོ་ཉིད་ཅེས་སོ〕། །(སྒྲིབ་པ་ཐམས་ཅད་ལས་རྣམ་པར་)གྲོལ་བ་(དང་འཇིགས་པ་མེད་པའི་བདེ་བ་མངོན་དུ་ བྱས་པས་)ཐར་པ་(དང་ཡེ་ཤེས་ཀྱི་མེས་ཉི་མའི་ཡོན་ཏན་གསུམ་བསྲེགས་པས་)རྣམ་གྲོལ་སྐུ། །རྣམ་(པར་)གྲོལ་ (བའི་སྐུ་དེ་ཉིད་རྟག་ཏུ་བདེ་བ་ན་)ཞི་བ་(དང་དེ་ཉིད་གཟུང་འཛིན་ལ་སོགས་པ་སེམས་ཅན་གྱི་གཡེང་བ་རབ་ཏུ་ཞི་བའི་ཕྱིར་ 457)ཞི་བ་ཉིད། །ཅེས་པ་(ཉི་མ་དཔལ་གྱི་འགྲེལ་པ་དང་མཐུན་པར་བཤད་པའོ་)སྟེ་སློབ་དཔོན་གྱི་དབང་ངོ༌། ། ༈ དེ་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བྱེད་པའི་སླད་དུ་རྡོ་རྗེ་སྐུའི་ཕྱག་རྒྱ་(ཉམས་) སྦྱིན་པར་བྱ(སྟེ་)འོ། །(དེ་ལ་)དར་དཔྱངས་(དང་བཅས་པའི་)ཅོད་པན་སྦྱིན་པར་བྱ་བ་ནི་(འཇུག་ཕྱིར་ ཁྱབ་འཇུག་ཞེས་བྱ་བར་བརྗོད་ཕྱིར་ངེས་པའི་དོན་གྱི་)ཁྱབ་འཇུག་བྱེད་པའི་སླད་དུ་སྟེ་ཐུགས་རྡོ་རྗེ་བྱེད་པའི་ སླད་དུའོ། །ཞེས་པའི་དོན་ཏོ། །རྡོ་རྗེ་མཆོད་ཕྱིར་ཐོགས་གསེར་གྱི་རང་བཞིན་ནམ་སྐུད་པའི་ རང་བཞིན་ནི་(ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད་ཅེས་པས་ངེས་པའི་དོན་གྱི་)ཚངས་པ་བྱེད་པའི་སླད་དུ་སྟེ་ སྐུ་རྡོ་རྗེ་བྱེད་པའི་སླད་དུ་སྦྱིན་པར་བྱའོ། །རྒན་པོ་〔དགེ་སློང་〕དང་གཞོན་ནུ་〔དགེ་ཚུལ་དང་དགེ་བསྙེན་〕དེ་རྣམས་ལ་སློབ་དཔོན་སླད་དུ་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ཞེས་པ་མེ་ཏོག་ལྷུང་ བའི་དབང་གིས་ཕྱག་རྒྱ་(མ་)རྣམ་པར་དག་པ་དབང་བསྐུར་〔བའི་སྨིན་〕བ་ཉིད་སྦྱིན་པར་བྱ་བ་ ནི་གསུང་གི་རྡོ་རྗེ་རྣམ་པར་དག་པར་བྱེད་པའི་སླད་དུ་སྟེ་(རྟག་ཏུ་དགེ་བས་གསུམ་ཞི་བ་ཉིད་ཅེས་པས་ ངེས་པའི་དོན་གྱི་)དབང་ཕྱུག་ཆེན་པོ་བྱེད་པའི་སླད་དུའོ། །དེ་ལྟར་(ལུས་དག་པ་)ཚངས་པ་སྐུའི་རྡོ་རྗེ་ འཛིན། །གསུང་གི་(ངག་དག་པ)རྡོ་རྗེ་དབང་ཕྱུག་ཆེ། །རྒྱལ་པོ་(སེམས་དག་པས་)ཐུགས་ཀྱི་རྡོ་རྗེ་ འཛིན(པ)། །དེ་ཡང་ཁྱབ་འཇུག་རྫུ་འཕྲུལ་ཆེ(སྟེ་དེ་ལྟར)། །(གསུམ་ལྡན་གྱི་)རྡོ་རྗེ་སློབ་དཔོན་ཞེས་ དང༌། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། (དབུགས་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་གཙུག་ཏོར་དུ་འགགས་པས་)གཙུག་ཕུད་〔ཅན་བྱང་ཆུབ་ཀྱི་སེམས་སྟེང་དུ་གཤེགས་པ་ མཐར་ཕྱིན་པས་〕ཕུད་བུ་ལྕང་ལོ་(ཅན་དང་རལ་པའི་ལྕང་ལོ་བཅིངས་པ་བཞིན་ཆོས་ཐམས་ཅད་རོ་གཅིག་པའི་རྣལ་འབྱོར་ པ་)ཅན(དང་)། །(དངོས་པོ་ཐམས་ཅད་བདེ་བ་ཆེན་པོར་གཅིག་པའི་སྐུ་ལས་)རལ་པ་(ཅན་དང་ཉོན་མོངས་རྣམ་རྟོགས་ མཐའ་དག་བསྲེགས་པའི་ཕྱིར་)མུན་ཛ་〔སྟེ་མགོ་རེག་དང་གཙུག་ཏོར་ཆེན་པོའི་ཅོད་པན་དང་ལྡན་པ་ལས་ཚངས་པ་སྒྲིབ་བྲལ་ སངས་རྒྱས་ཞེས་པ་ངེས་པའི་དོན་གྱི་〕ཅོད་པན་ཐོགས། །གདོང་ལྔ་ཟུར་ཕུད་ལྔ་དང་ལྡན(རྐང་པ་ཕྱི་མ་གཉིས་ ནི་སྔར་བཤད་ཟིན་ཏོ)། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །ཅེས་པ་སྟེ་རྒྱུད་གཞན་ཐམས་ཅད་ལ་བཅོམ་ 3-1-442 ལྡན་འདས་ཀྱི་ངེས་པའོ། ། ༈ འདིར་(རྒྱུད་)སྟོན་པ་(རྡོ་རྗེ་སློབ་དཔོན་བདག་)པོའི་དབང་ལ་མངོན་པར་དབང་བསྐུར་བའི་ དགེ་སློང་ངམ་དགེ་ཚུལ་ལམ་ཁྱིམ་པས་གཡོག་ལ་སོགས་པའི་ཆོས་དང་ཁྱིམ་པའི་ཆོས་མི་ བྱའོ། །གལ་ཏེ་(གཡོག་ལ་སོགས་པའི་ཆོས་དམག་དཔོན་གྱི་)རལ་གྲི་〔ཁྱེར་བ་〕དང་(ཡིག་མཁན་གྱི་)སྣག་ ཚ་(སྦྱོར་བ་)དང་(རྗེ་དཔོན་གྱི་གཡོག་)ཚོང་ལ་སོགས་(ཁྱིམ་པའི་ཆོས་ཞིང་ལས་ལ་སོགས་)པ་བྱེད་ན་(རལ་གྲི་ དང་སྣག་ཚ་འཚོང་བ་ཞེས་དཱ་རི་ཀ་འཆད་བླ་མ་དག་ནི་རལ་གྲི་འཛིན་པའི་དམག་དཔོན་དང་རྒྱལ་པོ་ལ་སོགས་པའི་ཡིག་མཁན་ ལ་ཡང་འཆད་དེ་དེ་དག་བྱས་ན་བླ་མ་)དེའི་བཀའ་བཅག་པར་འགྱུར་ཞིང་བཀའ་བཅག་པ་ལས་མནར་ མེད་པར་འགྲོ་བར་འགྱུར་ཏེ་སློབ་དཔོན་གྱི་ཆོས་རྣམ་པར་བཤིག་པའི་ཕྱིར་རོ། །(དེ་ལྟར་བུ་མོ་ དང་གཞོན་ནུ་མས་ཁྲུས་བྱས་ཤིང་ཅོད་པན་ལ་སོགས་པའི་དབང་དང་གསུང་གི་རྗེས་གནང་དང་རྡོ་རྗེ་གསུམ་གྱི་ཕྱག་རྒྱ་སྦྱིན་ པ་དང་བཅས་པས་)རྡོ་རྗེ་སློབ་དཔོན་བདག་པོའི་དབང་གི་ཆོ་གའི་རབ་ཏུ་གནས་པའི་ངེས་པའོ། ༡༠༥ ། ༈ འདིར་སྐུ་གཟུགས་ལ་སོགས་པའི་རབ་ཏུ་གནས་པ་ནི་སྟེང་དུ་བླ་རེ་བཀོད་ཅིང་སའི་ མཐིལ་གྱི་གནས་དག་ཏུ་ཡང་རི་མོ་གསུམ་ནི་ཀུན་ནས་སོ། །ཞེས་པ་ལ་སོགས་པའི་ཚིགས་ སུ་བཅད་པ་ནས་བརྩམས་པ་ཚིགས་སུ་བཅད་པ་བཅུ་གཉིས་ནི་གོ་སླ་སྟེ། །ཇི་སྲིད་སློབ་མས་ སྨོན་ལམ་གདབ་པ་དང་ཡོངས་སུ་བསྔོ་བ་བྱེད་པ་བསོད་ནམས་འདི་ཡིས་སེམས་ཅན་རྣམས་ ནི་〔མྱང་འདས་ཆད་པའི་མཐའ་ལས་མི་གནས་ཤིང་སེམས་ཅན་གྱི་དོན་དུ་〕རྣམ་གསུམ་སྲིད་པར་གནས་(ཀྱང་སྲིད་ པའི་སྐྱོན་གྱིས་མ་གོས་)པའི་བླ་མེད་བྱང་ཆུབ་〔རྒྱལ་བའི་ཡེ་ཤེས་ཀྱི་སྐུ་〕ཐོབ་པར་ཤོག །ཅེས་པའི་མཐར་ ཐུག་པ་རབ་ཏུ་གནས་པའི་ཆོ་ག་ནི་གོ་སླའོ། །དེས་ན་རྒྱས་འགྲེལ་མ་བྱས་སོ། ༡༡༧ ། ༈ ད་ནི་ཇི་སྲིད་ཕྱོགས་ཀྱི་ལོ་ཞེས་པ་ལ་སོགས་པས་དབང་གོང་མའི་ཆོ་ག་གསུངས་ ཏེ་འདིར་བུམ་པ་ལ་སོགས་པའི་དབང་གི་དོན་དུ་ཕྱག་རྒྱ་ནི་ཇི་སྲིད་ཕྱོགས་ཀྱི་ལོ་ཞེས་པ་ལོ་ 3-1-443 བཅུའི་བར་ནི་སྤང་བར་བྱ་སྟེ་གཞོན་ནུ་མའི་ཕྱིར་རོ། །(གཞོན་ནུ་མ་ནི་)ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་གཅིག་པུུ་〔ལོའི་དབྱེ་བས་〕རྣམ་པ་བཅུར་འགྱུར་ཏེ་ལོ་(བཅུ་པོ་)སོ་སོར་སྦྱིན་པ་ལ་སོགས་ པ་(ནུས་མ་བཅུ་)རྣམ་པར་དག་པས་སོ། །དེ་ལ་ཡང་ཇི་སྲིད་སོ་ལྷུང་བར་མ་གྱུར་པ་དེ་སྲིད་དུ་ ཡེ་ཤེས་ཀྱི་ཁམས་ཏེ་མི་ཟད་པ་ཉིད་གྱི་ཕྱིར་རོ། །དེ་ནས་སོ་ལྷུང་ནས་ནམ་མཁའི་ཁམས་སོ། ། དེ་ལྟར་ཁམས་གཉིས་ཀྱིས་གཞོན་ནུ་མ་སྐྱེ་གནས་མ་ཉམས་པའོ། །དེས་ན་དེ་ནི་བལྟ་བར་ བྱ་བ་དང་རེག་པར་བྱ་བ་དང་མཆོད་པར་བྱ་བའོ། །ལོ་བཅུ་པོ་དེ་ནས་ལོ་བཅུ་གཅིག་པ་དང་ པོར་བྱས་ནས་ཇི་སྲིད་ལོ་ཉི་ཤུའི་མཐར་འཁྱུད་པར་བྱ་སྟེ་རོ་དང་བཅས་པའི་ཆུ་གཏེར་ཞེས་ པ་ནི་དྲུག་དང་བཅས་པའི་བཞིའོ། །གཡོ་བ་ལ་སོགས་ཏེ་རླུང་ལ་སོགས་པ་རྣམས་ནི་བསྟེན་ པར་བྱའོ། །དེའི་ཕྱིར་ལོ་བཅུ་གཅིག་མ་ལ་(སྒྲོལ་མ་)རླུང་གི་ཁམས་སོ། །བཅུ་གཉིས་མ་ལ་མེ་ (གོས་དཀར་མོ་)དང་བཅུ་གསུམ་མ་ལ་ཆུ་(མཱ་མ་ཀཱི་)དང་བཅུ་བཞི་མ་ལ་ས(སྤྱན་མ)འོ། །ཞེས་པ་ སྟེ་བཞིའོ། །བཅོ་ལྔ་མ་ལ་སྒྲ་དང་བཅུ་དྲུག་མ་ལ་རེག་བྱ་དང་བཅུ་བདུན་མ་ལ་རོ་དང་བཅོ་ བརྒྱད་མ་ལ་གཟུགས་དང་བཅུ་དགུ་མ་ལ་དྲི་དང་ཉི་ཤུ་མ་ལ་ཆོས་ཀྱི་ཁམས་སོ། །དེ་ནས་ལོ་ ནི་ཉི་ཤུ་ཡན་ཆད་ཕྱག་རྒྱ་མཆོག་ཏུ་འཇིགས་བྱེད་མ་སྟེ་ཁྲོ་བོ་(དང་)འབྱུང་པོ་(དང་)ལྷ་མིན་ཆ་ནི་ འདིར་ལོ་ཉི་ཤུའི་ཕྱི་ནས་ཉི་ཤུ་རྩ་གཅིག་ནས་བརྩམས་ཏེ་ལོ་སོ་སོ་རྣམས་ནི་གྲངས་བཞིན་དུ་ ཤིན་ཏུ་སྔོན་མོ་དང་ཤིན་ཏུ་སྟོབས་ལྡན་མ་དང་རྨུགས་བྱེད་མ་དང་ཁེངས་བྱེད་མ་དང་རེངས་ བྱེད་མ་དང་འོད་ཟེར་ཅན་མ་དང་ཙུན་དཱ་དང་ཁྲོ་གཉེར་ཅན་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང༌། དྲག་སྤྱན་མ་སྟེ་ཁྲོ་བོ་བཅུའི་ལྷ་མོ་རྣམས་སོ། །དེ་ནས་ལོ་སུམ་ཅུ་རྩ་{གཉིས་{གཅིག}ནས་ བརྒྱད་ནི་འབྱུང་པོའི་ཆ་སྟེ་ཙར་ཙི་ཀཱ་དང་ཕག་མོ་དང་དྲག་མོ་དང་དབང་མོ་དང་ཚངས་མ་དང་ དཔལ་ཆེན་མོ་དང་གཞོན་ནུ་མ་དང་ཁྱབ་འཇུག་མའོ། །དེ་ནས་ལོ་སུམ་ཅུ་རྩ་དགུ་ནས་བརྒྱད་ ནི་ལྷ་མིན་གྱི་ཆ་སྟེ་ཁྱི་གདོང་མ་དང་ཕག་གདོང་མ་དང་སྟག་གདོང་མ་དང་ལྕེ་སྤྱང་གདོང་མ་ 3-1-444 དང་མཁའ་ལྡིང་གདོང་མ་དང་འུག་གདོང་མ་དང་བྱ་རྒོད་གདོང་མ་དང་བྱ་རོག་གདོང་མ་སྟེ་ ཇི་སྲིད་ལོ་བཞི་བཅུ་རྩ་དྲུག་གི་བར་དུ་ནི་ཕྱག་རྒྱ་(བདེ་བ་ཆེན་པོ་)བསྒོམ་པའི་དོན་དུ་(བསྟེན་པར་ བྱ་བ)འོ། །དབང་(ཕྱག་རྒྱའི་དབྱེ་བ་དེ་དག་)གི་དོན་དུ་ནི་སླར་ཡང་དྲུག་དང་གསུམ་སྟེ་བདེ་མཉམ་ འབྲས་བུ་སྟེར་བ་ཞེས་པ་(ལོ་བཅུ་གཉིས་མ་)མེའི་ཁམས་ནས་བརྩམས་ཏེ་ཇི་སྲིད་(ལོ་ཉི་ཤུ་མ་)ཆོས་ ཀྱི་ཁམས་ཀྱི་བར་དུའོ(དེ་ལྟར་དགུ་པོ་འདི་ལ་སྤྱིའི་ལས་ཀྱི་ཕྱག་རྒྱ་ཞེས་པ་གསུངས་ཏེ། སློབ་མ་ལམ་དུ་གཞུག་པའི་དོན་ གྱི་དབང་གོང་མ་དང་རྣལ་འབྱོར་པ་བདེ་བ་ཆེན་པོ་འཕེལ་བའི་དོན་གཉིས་ཀ་ལ་ཐུན་མོང་མ་ཡིན་པའི་ཕྱིར་རོ)། །རླུང་གི་ ཁམས་〚ལོ་བཅུ་གཅིག་མ་〛ནི་〚སྤྱིར་བསྟེན་བྱ་ཡིན་ཡང་〛རྡུལ་མེད་པ་ཉིད་ཀྱི་ཕྱིར་(དབང་གི་དོན་དུ་)གཟུང་བར་མི་བྱའོ། །ཞེས་པ་(སྤྱིར་བཏང་བ་ལ་དམིགས་བསལ་ཏེ་)ངེས་པའོ། ༡༡༨ ། ༈ འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ་གཅིག་ནི་(དང་པོར་སྔགས་ལ་)སེམས་ཅན་ གཞུག་པའི་དོན་དང་ལམ་ཡོངས་སུ་ཤེས་པའི་དོན་དང་རྒྱུད་ཉན་པ་ལ་དབང་པའི་དོན་དུའོ། ། (ཁྱད་པར་ཅན་)གཞན་ནི་(ཕྱིས་རྡོ་རྗེ་)སློབ་དཔོན་(བདག་པོ་)ཆེན་པོའི་གནས་སྦྱིན་པ་(རྒྱུད་)དང་སྟོན་ པ་པོ་བྱེད་པའི་སླད་དུའོ(འདིར་རྡོ་རྗེ་སློབ་དཔོན་བདག་པོའི་སྐབས་སུ་ནི་དབང་བསྐུར་བ་ནི་དབང་གོང་མ་བསྐུར་ མི་དགོས་ཏེ་དབང་གོང་མ་གཉིས་ལ་མ་གསུངས་ཤིང་གཅིག་སློབ་མ་ལམ་ལ་གཞུག་པའི་དོན་དང་གཉིས་པ་རྡོ་རྗེ་སློབ་དཔོན་ བདག་པོ་ཆེན་པོའི་དབང་གི་དོན་དུ་གསུངས་ཤིང་སློབ་དཔོན་བདག་པོས་དབང་གི་སྐབས་སུ་དབང་གོང་མ་བྱ་བར་མ་གསུངས་ པའི་ཕྱིར་རོ)། །དང་པོར་(སྔགས་ལ་གཞུག་པའི་)དབང་འདི་ལ་རེ་ཞིག་སྐྲག་པ་དང་འཁྲུལ་པའི་ སེམས་ལ་སོགས་པའི་སྐྱོན་དང་བྲལ་བ་ལོ་བཅུ་གཉིས་མ་ལ་སོགས་པ་(དབང་དང་བསླབ་པས་) ཡོངས་སུ་སྨིན་པ་ནི་སློབ་མས་བླ་མ་ལ་དབུལ་བར་བྱའོ། །དེ་ནས་(སྤྱིར་)གསོལ་བ་གདབ་ པ་(མཎྜལ་འབུལ་བ་)ལ་སོགས་པ་བྱས་ནས་སློབ་མས་བླ་མ་ལ་འཆད་པར་འགྱུར་བའི་བསྟོད་ པས་གསོལ་བ་གདབ་པར་བྱའོ། །དེ་ནས་(གསུམ་པ་)བླ་མ་མཉེས་པས་འཇིག་རྟེན་ཀུན་རྫོབ་ ཀྱི〔དགའ་བ་བཞིའི་སྒོ་ནས་དབང་བསྐུར་བ〕ས་〔དང་པོར་སློབ་མས་ཕུལ་བའི་སློབ་དཔོན་〕རང་གི་ཕྱག་རྒྱའི་ནུ་མ་ལ་ 3-1-445 (སློབ་མའི་ལག་པ་)རེག་པར་བྱེད་དུ་གཞུག་སྟེ་དེས་ན་བུམ་པའི་དབང་ནི་〔འོ་མའི་བུམ་པ་ནུ་མ་ལ་ཡན་ལག་ རེག་པ་ལས་སྐྱེས་པའི་བདེ་བ་ཀུན་རྫོབ་ཀྱི་དགའ་བའི་དགའ་བ་གང་ཡིན་པ〕དེ་ཉིད་དོ། །(སློབ་དཔོན་གྱིས་ཆོ་ག་བཞིན་)དེ་ནས་གསང་བའི་མཆོད་པ་བྱས་ནས་(མིག་རས་བཀབ་པའི་)སློབ་མ(འི་ལྕེ་)་ལ་བདུད་རྩི་(ཐིག་ལེ་ དཀར་པོ་གཡོན་མཐེ་བོང་དང་སྲིན་ལག་གིས་བཟུང་བ་)སྦྱིན་ཞིང་(དེ་ནས་མིག་རས་བསལ་ཞིང་)ཕྱག་རྒྱའི་བྷ་ག་ ཡང་གསལ་བར་བྱེད་དུ་གཞུག་གོ། དེས་ན་རི་བོང་འཛིན་པ་མྱང་བ་དང་(བྷ་ག་ལ་)ལྟ་བ་དག་ གིས་(བདེ་བ་སྐྱེས་པ་ཀུན་རྫོབ་ཀྱི་མཆོག་ཏུ་དགའ་བའི་དགའ་བ་)གསང་བའི་དབང་དུ་འགྱུར་རོ། །དེ་ནས་ 〔གསུམ་པ་〕ཤེས་རབ་ཡེ་ཤེས་དབང་ལ་ༀ་ཡིག་ལ་སོགས་པའི་ས་བོན་རྣམས་ཀྱིས་〔ཆོ་ག་བཞིན་དུ་〕 རིགས་ལྔའི་ཆ་དང་ལྡན་པར་བྱ་ཞིང་དེ་ནས་བླ་མས་(འདིར་ནི་ཁྱེད་རྣམས་དཔང་པོ་ལགས། །བདག་གི་འདི་ ལ་འདི་གཏད་དོ། །ཞེས་པ་ལ་སོགས་པ་ཅི་རིགས་པའི་ཚིག་གིས་)རྒྱལ་བ་སྟེ་རྡོ་རྗེ་སེམས་དཔའ་དཔང་དུ་བྱས་ ནས་ལག་བཅངས་དང་གཉིས་གཉིས་བྱེད་པའི་ཆེད་དུ་ཕྱག་རྒྱ་དེ་སློབ་མ་ལ་སྦྱིན་པར་བྱའོ(དེ་ ལྟར་ལག་བཅངས་བྱས་པ་ལ་སྐྱེས་པའི་བདེ་བ་ཀུན་རྫོབ་ཀྱི་ཁྱད་པར་དགའ་བ་ནི་འཇིག་རྟེན་ཀུན་རྫོབ་ཉིད་ཀྱི་དབང་གསུམ་པ་ དང་དབང་པོ་གཉིས་སྦྱོར་ལས་སྐྱེས་པའི་བདེ་བ་ཀུན་རྫོབ་ཀྱི་ལྷན་ཅིག་པའི་དགའ་བ་ནི་འཇིག་རྟེན་ཀུན་རྫོབ་ཉིད་ཀྱི་དབང་བཞི་ པ་ཡིན་ལ་སྤྱིར་ནི་འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བ་གསུམ་པ་དང་བཞི་པ་དང་གཉིས་ཀ་ཡང་དབང་གསུམ་པ་ཉིད་དུ་རིག་པར་ བྱའོ། །དེ་ལྟ་བུ་ཀུན་རྫོབ་ཀྱི་དགའ་བ་བཞི་པ་ནི་དབང་བཞི་པའི་དོན་མཚོན་པའི་དཔེའོ)། །ཇི་ལྟར་སྐལ་བ་ངན་པའི་ སེམས་ཅན་འདི་བསྒོམ་པ་ལ་སོགས་པ་ལ་དབང་བ་དང་རྒྱུད་མཉམ་པའི་ཆེད་དུ་སྟེ་སེམས་ ཅན་རྣམས་ལ་རྒྱུད་བསྟན་པ་དང་དཀྱིལ་འཁོར་བྲི་བའི་ཆེད་དུ་ནི་མ་ཡིན་ནོ་ཞེས་པ་དང་པོར་ སློབ་མ་གཞུག་པ་ལ་དབང་བསྐུར་བའི་ངེས་པའོ(རྩ་བའི་རྒྱུད་དུ། འགྱུར་དང་འགྱུར་དང་དེ་ནས་འཛག །དེ་ ནས་གཞན་ནི་མི་འཛག་པའོ། །ལུས་ངག་སེམས་ནི་ལེགས་དག་པས། །དབང་བསྐུར་གསུམ་པོ་རིམ་པ་ཡིས། །བཞི་པ་ཡེ་ཤེས་ ཡང་དག་དག །ལུས་ངག་སེམས་ཀྱིས་དག་པར་བྱེད། །བྱིས་པ་དར་མ་དེ་ནས་རྒན། །བཞི་པ་སྐྱེ་དགུའི་བདག་པོའོ། །ཤེས་རབ་ ནུ་མར་ཡན་ལག་ནི། །རེག་པས་བྱང་ཆུབ་སེམས་འཕོའི་བདེ། །འོ་མ་འཛིན་པས་དབང་བསྐུར་རོ། །གང་ལ་བདེ་ཐོབ་བྱེད་པའོ། 462། ཡུན་རིང་གསང་བར་སྤྲོས་ལས་སྐྱེས། །བྱང་ཆུབ་སེམས་ནི་འཕོ་བའི་བདེ། །གསང་བའི་དབང་བསྐུར་གསང་བ་ནི། །གང་ལ་བདེ་ ཐོབ་དེ་དར་མ། །ཡུན་རིང་གསང་བར་སྤྲོས་ལས་སྐྱེས། །རྡོ་རྗེ་རྩེ་མོར་གཡོ་བས་བདེ། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །གང་ ལས་གཡོ་བར་བགྲོད་དེ་རྒན། །ཕྱག་རྒྱ་ཆེན་མོ་རྗེས་ཆགས་ལས། །སྐྱེས་པ་གཡོ་མེད་བདེ་བ་ནི། །ཤེས་རབ་ཆེན་པོའི་དབང་ བསྐུར་བ། །གང་ལ་གཡོ་མེད་རྟོགས་པ་དེས། །སྐྱེ་དགུའི་བདག་པོར་རྣམ་ཤེས་བྱ། །སྐྱོབ་པ་ཐམས་ཅད་བསྐྱེད་མཛད་པ། །ཞེས་ གསུངས་སོ)། །དེ་བཞིན་དུ་(བུམ་དབང་གི་བདེ་བ་)སློབ་དཔོན་(ཤེས་རབ་ཡེ་ཤེས་ཀྱི་ནུ་མ་ལ་རེག་པའམ)ནི་རྒོད་ པ་(ལས་སྐྱེས་པ་དགའ་བའི་དགའ་བ་སྟེ་)ཡོན་ཏན་(སྒྲ་དང་ཁྱབ་བྱེད་ཆོས་ཀྱི་དབྱིངས་)གཉིས་ཀྱི་བདག་ཉིད་ (ཅན་གཟུགས་མེད་ཁམས་པའི་)ཁུ་བའི་བདེ་བ་(འཕོ་བ་)རྣམ་པར་དག་པས་སོ། །གསང་བ(འི་དབང་གི་ བདེ་བ)་ཞེས་པ་ནི་〔ཤེས་རབ་ཀྱི་བྷ་ག〕ལྟ་བ་〔ལས་སྐྱེས་པ་མཆོག་དགའི་དགའ་བ་སྟེ་〕ཡོན་ཏན་(སྒྲ་རེག་རོ་)གསུམ་ གྱི་བདག་ཉིད་〔ཅན་གཟུགས་ཁམས་པའི་ཁུ་བ་འཕོ་བའི་བདེ་བ་〕རྣམ་པར་དག་པས་སོ། །(ཀུན་རྫོབ་དེ་ཉིད་ཀྱི་ དབང་གསུམ་པའི་བདེ་བ་ཤེས་རབ་དང་)ལག་བཅངས་(བྱས་པ་ལས་སྐྱེས་པ་ཁྱད་པར་གྱི་དགའ་བ་)ཞེས་པ་ནི་ཡོན་ ཏན་(སྒྲ་རེག་རོ་གཟུགས་ཏེ་)བཞིའི་བདག་ཉིད་(ཅན་འདོད་ལྷའི་ཁུ་བ་བདེ་བའི་འཕོ་བའི་)རྣམ་པར་དག་པས་ སོ། །(ཀུན་རྫོབ་ཉིད་ཀྱི་དབང་བཞི་པའི་བདེ་བ་ནི་དབང་པོ་)གཉིས་གཉིས་(སྦྱོར་བ་ལས་སྐྱེས་པའི་ཀུན་རྫོབ་ཀྱི་ལྷན་ ཅིག་སྐྱེས་པའི་དགའ་བ་){འཁྱུད་པ}ཞེས་པ་ནི་ཡོན་ཏན་(སྒྲ་རེག་རོ་གཟུགས་དྲི་སྟེ་)ལྔའི་བདག་ཉིད་(ཅན་ མི་དང་དུད་འགྲོ་)ཁུ་བའི་བདེ་བ་རྣམ་པར་དག་པས་སོ། །ཞེས་པ་ལ་སོགས་པ་ནི་འཆད་པར་ འགྱུར་བའི་ལེའུ་ལྔ་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱ(སྟེ་དེར་ གཟུགས་མེད་པའི་བདེ་བ་ཡོན་ཏན་གཅིག་དང་འདིར་གཉིས་སུ་བྱེད་པ་ནི་ཁྱབ་བྱེད་ཆོས་དབྱིངས་བགྲངས་པ་དང་མ་བགྲངས་ པའི་ཁྱད་པར་ཅན་དུ་རིག་པར་བྱ)འོ(ཀྱེའི་རྡོ་རྗེར་ཡང༌། སློབ་དཔོན་བསམ་པ་ཤེས་རབ་དང༌། །བཞི་པ་དེ་ཡང་དེ་བཞིན་ནོ། ། དབང་ནི་བཞི་པའི་གྲངས་གྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །རྒོད་པ་དགའ་བ་སློབ་དཔོན་ཉིད། །ལྟ་བ་གསང་བ་ དེ་བཞིན་ནོ། །ལག་བཅངས་པ་ནི་ཤེས་རབ་ཉིད། །གཉིས་གཉིས་འཁྱུད་པ་དེ་ཡང་ནི། །སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། ། དབང་ནི་རྣམ་པ་བཞི་རུ་བཤད། །ཅེས་གསུངས་སོ)། །སེམས་ཅན་གཞུག་པའི་སླད་དུ་འཇིག་རྟེན་ཀུན་ 3-1-446 རྫོབ་ཀྱི་དབང་རྣམ་པ་བཞིའི་ངེས་པའོ〔དེ་ལྟར་འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བ་བཞི་པོ་ཉིད་ འཇིག་རྟེན་ཀུན་རྫོབ་ཀྱི་དབང་རྣམ་པ་བཞིར་གསུངས་པ་ཡིན་གྱི་སྐབས་འདིའི་དབང་བཞི་ པ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་དབང་གསུམ་པ་དང་འཇིག་རྟེན་ལས་འདས་པའི་དབང་བཞི་ པ་སྟེ་དབང་རྣམ་པ་བཞིར་བྱས་པའི་དབང་བཞི་པ་ནི་མ་ཡིན་ནོ〕། ༡༡༩ ། ༈ (སློབ་དཔོན་གྱི་དབང་ལ་བདག་པོའི་དབང་དང་བདག་པོ་ཆེན་པོ་གཉིས་ལས་དང་པོ་ནི་སྔར་བཤད་ཟིན་ཏོ། །འདིར་ གཉིས་པ་སྟོན་ཏེ་)དེ་ནས་རྒྱས་འགྲེལ་དང་བཅས་པའི་རྒྱུད་ཐམས་ཅད་ཐོས་ཤིང་ཤེས་པར་གྱུར་ པ་〔རྣལ་འབྱོར་པའམ་གྲུབ་པར་གྱུར་པ་〕ན་བདག་པོ་ཆེན་པོ་ཉིད་ཀྱི་ཆེད་དུ་〔ཚ་མོ་དང་བུ་མོ་ལ་སོགས་པ་〕གོ་ རིམ་ཇི་ལྟ་བ་བཞིན་གསུངས་པའི་རིག་མ་བཅུ་པོ་རྣམས་ཁྱིམ་ན་གནས་པའི་སློབ་མས་བླ་མ་ ལ་དབུལ་བར་བྱའོ། །འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་(ཤིན་ཏུ་འདོད་པ་སྦྱིན་པར་)གསུངས་པ། སྲིང་མོའི་བུ་མོ་〔ཚ་མོ་སྟེ་སྒྲོལ་མ་དང་〕བུ་མོ་(གོས་དཀར་མོ་)དང༌། །སྲིང་མོ་(མཱ་མ་ཀཱི་)དེ་ བཞིན་སྐྱེད་བྱེད་མ(སངས་རྒྱས་སྤྱན་མ་དང་)། །དེ་བཞིན་ཆུང་མའི་མ་〔སྒྲ་རྡོ་རྗེ་མ〕དང་ནི། །དེ་བཞིན་ ཞང་པོའི་བུད་མེད་〔རེག་རྡོ་རྗེ་མ〕དང༌། །ཕ་ཡི་སྤུན་ཟླའི་ཆུང་མ་(རོ་རྡོ་རྗེ་མ་)དང༌། །དེ་བཞིན་ཕ་ ཡི་སྲིང་མོ་(གཟུགས་རྡོ་རྗེ་མ་)དང༌། །རང་གི་མ་ཡི་སྤུན་ཟླ(དྲི་རྡོ་རྗེ་མ་)ཉིད། །རང་གི་ཆུང་མ་མཆོག་ གཟུགས་ཅན(ཆོས་ཁམས་རྡོ་རྗེ་མ)། །སྒྲོལ་མ་(དེ་ལྟར་)ལ་སོགས་ཆོས་ཁམས་(རྡོ་རྗེ་མ་)མཐར(ཐུག་པའི་ རྣམ་པར་དག་པས)། །རང་〔གི་གཉེན་ཚན་གྱི་〕རིགས་ལས་སྐྱེས་(པའི་)རིག་མ་བཅུ(པོ་དེ་རྣམས)། །ཐར་ པ་འདོད་པའི་ཁྱིམ་པ་ཡིས། །(བདག་པོ་ཆེན་པོའི)དབང་གི་དུས་སུ་རབ་སྦྱིན་བྱ། །(རང་རིགས་ཀྱི་) རིག་མ་འདི་རྣམས་རིགས་བསྲུང་ཕྱིར། །གལ་ཏེ་བླ་མར་མི་འབུལ་ན། །དེ་ཚེ་ཁྱིམ་ན་གནས་ རྣམས་ལ། །(རིག་མ་)གཞན་གྱིས་〔བདག་པོ་ཆེན་པོའི་〕དབང་བསྐུར་སྦྱིན་མི་བྱ། །(རབ་བྱུང་ལ་ཆུང་ མ་ལ་སོགས་མེད་པས་)དཀྱིལ་འཁོར་དུ་ནི་དབང་བསྐུར་བའི། །དམངས་རིགས་སྐྱེས་སོགས་〔སྔ་མ་ དེ་རྣམས་ལས་〕གཞན་〔པའི་རིག་མ་〕རྣམས་ཀྱིས། །དགེ་སློང་དགེ་ཚུལ་རྣམས་ལ་ནི། །བླ་མས་(བདག་ 3-1-447 པོ་ཆེན་པོའི་དབང་)སྦྱིན་བྱ་(ཀྱེ་)མི་ཡི་བདག །(དེ་ལ་དམངས་རིགས་སྐྱེས་སོགས་ནི་)རླུང་སོགས་(ཆོས་ཁམས་རྡོ་ རྗེ་མའི་མཐར་ཐུག་)རིམ་པས་〔དག་པ་སྟེ་〕དམངས་རིགས་མོ〔རླུང་〕། །རྒྱལ་རིགས་(མོ་མེ་)དེ་བཞིན་བྲ་ཟེ་ མོ(ཆུ)། །རྗེ་མོ་〔ས་〕གཡུང་མོ་(སྒྲ་)ཉ་བ་མོ(རེག)། །གར་མ་(རོ་)དེ་བཞིན་ཚོས་()མཁན་མོ〔གཟུགས་〕། །ཀོ་ལྤགས་བྱེད་མ་〔དྲི་〕གཏུམ་མོ་ནི། །མཐར་སྐྱེས་〔མའོ་དེ་ནི་〕ཆོས་ཁམས་མ་སྟེ་(དེ་ལྟར་རིགས་ཀྱི་ དབྱེ་བ)བཅུ། །རིག་མ་ཆེན་མོར་ཡང་དག་བརྗོད། །ལོངས་སྤྱོད་(དང་)གྲོལ་(བའི་)འབྲས་(བུ་སྟེ་ ཐུན་མོང་དང་མཆོག)རབ་ཏུ་སྟེར། །ཞེས་པ་སྟེ་དེ་ལྟར་གསུངས་པའི་རིམ་པས་(རྡོ་རྗེ་སློབ་དཔོན་བདག་པོ་ ཆེན་པོའི་དབང་ལ་རིག་མ་བཅུ་ཕུལ་བ་ལ་བརྟེན་ནས་ལམ་གྱིས་བསྡུས་པའི་ཕར་ཕྱིན་བཅུ་ལ་སོགས་པ་རྣམས་ཡོངས་སུ་རྫོགས་ ཏེ་རྣལ་འབྱོར་བདག་ཉིད་ཀྱི་སེམས་རང་བཞིན་འོད་གསལ་ལ་གདོད་མ་ནས་ཚང་པའི་ཡོན་ཏན་)ཕ་རོལ་ཏུ་ཕྱིན་པ་ བཅུ་དང་དབང་བཅུ་དང་ས་བཅུ་དང་སྟོབས་བཅུ་རྣམས་(རང་བཞིན་གྱིས་དག་པ་དེ་ཉིད་གློ་བུར་གྱི་དྲི་མ་) རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་(ཕ་རོལ་ཏུ་ཕྱིན་པ་བཅུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུའི་དོན་ནི་) མཚན་ཡང་དག་པར་བརྗོད་པའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས་བཅོམ་ལྡན་འདས་ཀྱིས་ གསུངས་པ། (གདོད་མ་ཉིད་ནས་བདེ་བ་ཆེན་པོ་རྒྱས་པའི་ཕྱིར་དང་པོའི་)སངས་རྒྱས་(རང་བཞིན་གྱིས་འོད་གསལ་ བའི་ཡེ་ཤེས་ཡིན་པས་)རྣམ་པར་སྣང་མཛད་ཆེ(ན་པོ་དང་)། །(སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་གྱིས་བསམ་ གཏན་པའི་རྣལ་འབྱོར་མ་)ཐུབ་པ་ཆེན་པོ་(ཡིན་ལ་དེ་ཉིད་ཀྱིས་)ཐུབ་ཆེན་ལྡན(པ་ཡང་ཡིན་པ་དང་)། །(ཡིད་སྐྱོབ་ པའི)གསང་སྔགས་(ཀྱི་)ཚུལ་ཆེན་〔པོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་〕ལས་བྱུང་བ(མི་འགྱུར་བའི་བདེ་བ་ཆེན་ པོ་དང་)། །(དེ་ཉིད་)གསང་སྔགས་(ཀྱི་)ཚུལ་ཆེན་〔དམིགས་བཅས་སྟོང་ཉིད་ཀྱི་〕བདག་ཉིད་ཅན(དེ་རྒྱུ་འབྲས་ དབྱེར་མེད་པ)། །(དང་པོའི་སངས་རྒྱས་ནི་ཟག་མེད་ཀྱི་ཡོན་ཏན་རྣམས་རང་བཞིན་ཉིད་ཀྱིས་ལྡན་པས་དོན་དམ་ངེས་དོན་གྱི་)ཕ་རོལ་ཕྱིན་(དོན་དམ་པའི་)བཅུ་(ལ་)ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུུ་(བདག་ཉིད་འོད་གསལ་ཆོས་ཀྱི་ དབྱིངས་)ལ་གནས་(པ་ཨེ་ལ་ཝཾ་གནས་པའོ)། །(རང་བཞིན་གྱི་དག་པ་)ཕ་རོལ་ཕྱིན་བཅུ་(དེ་ལྟར་རླུང་བཅུ་ལ་ སོགས་པའི་དྲི་མ་གློ་བུར་བས་ཀྱང་)དག་པ་སྟེ། །(དེ་ལྟར་དོན་དམ་པའི་)ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ〔དེ་བདག་ 3-1-448 ཉིད་ཡིན་ལ་ཕར་ཕྱིན་བཅུ་ཡང་དུ་བ་ལ་སོགས་པ་རྣམ་པ་བཅུ་ཉིད་དོ〕། །(རང་བྱུང་ཡེ་ཤེས་ཀྱི་སྐུ་དེ་ཉིད་འགྲོ་བའི་དོན་མཛད་ པ་པོ་ཡིན་པས་)མགོན་པོ་〔རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་པོ་གནས་དང་ཉེ་བའི་གནས་ལ་སོགས་པའི་གཙོ་བོ་ས་ བཅུ་གཉིས་པ་ཉིད་ཡིན་པའི་དེ་ཉིད་གནས་ལ་སོགས་པ་དོན་དམ་པའི་〕ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་ (དབྱེར་མེད་པར་)གནས་པ་པོ(ཡིན་ནོ)། །(ཕུང་པོ་གཞན་ལྔ་དང་ཁམས་གཞན་ལྔ་སྟེ་)ཤེས་བཅུ་(རང་བཞིན་གྱིས་ དག་ཅིང་གློ་བུར་གྱི་དྲི་མས་ཀྱང་)རྣམ་དག་〔གི་〕བདག་ཉིད་ཅན(དང་ཤེས་པ་བཅུ་པོ་དེ་ཉིད་ཡེ་ཤེས་ཀྱི་སྐུའི་ཡོན་ཏན་ ཡིན་པས)། །ཤེས་བཅུ་རྣམ་དག་འཆང་བ་པོ(ཡང་ཡིན་ལ་དེ་ཉིད་སྒྲིབ་པ་མེད་པའི་ཟླ་བ་སོགས་དོན་དམ་པའི་སྲིད་ པ)། །རྣམ་པ་བཅུ་པོ་(དང་ཐིག་ལེ་དང་རྣམ་བཅད་ལ་སོགས་པ་)དོན་བཅུའི་དོན(ཡང་ཡིན་ལ་དེ་ཉིད་དོན་དམ་ པའི་སངས་རྒྱས)། །ཐུབ་དབང་སྟོབས་བཅུ་(པ་མཁའ་ལྟར་ཀུན་ཏུ་)ཁྱབ་པ(འི་དམ་པ)འི་བདག(དང་སེམས་ ཅན)། ཀུན་གྱི་དོན་ནི་མ་ལུས་བྱེད(པ་པོ་དང་དོན་དམ་པའི་སྲིད་པ)། །རྣམ་བཅུ(འི)དབང་(དང་)ལྡན་〔པ་ དོན་དམ་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ཡོན་ཏན་གྱིས་ཀུན་ནས་〕ཆེ་བ་པོ(ཡིན་ནོ)། །ཞེས་པ་(དེ་ལྟ་བུའི་རྡོ་ རྗེ་སློབ་དཔོན་རྡོ་རྗེ་འཆང་དང་རྗེས་སུ་མཐུན་པའི་རྡོ་རྗེ་སློབ་དཔོན་)སྟེ་བདག་པོ་ཉིད་བྱེད་པའི་སླད་དུ་དཀྱིལ་ འཁོར་ཆེན་པོའི་སློབ་དཔོན་གྱི་གོ་འཕང་མངོན་པར་འདོད་པ(ཁྱིམ་གནས་སམ་རབ་ཏུ་བྱུང་བ)ས་〔རང་ རིག་ལས་སྐྱེས་སམ་དམ་པ་དམངས་རིགས་ལ་སོགས་ཀྱི་〕ཕྱག་རྒྱ་བཅུ་(འདོད་པའི་སྦྱིན་པར་བླ་མ་ལ་)དབུལ་བར་ བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ(མཚན་བརྗོད་ཀྱི་ལུང་འདི་དག་གི་དོན་སློབ་དཔོན་ཉི་མ་ དཔལ་ཡེ་ཤེས་ལ་སོགས་པས་སྦྱོར་བ་ཡན་ལག་དྲུག་གི་ལམ་ལ་སྦྱར་ནས་འཆད་པ་ནི་དགོངས་པ་མ་ཡིན་ནོ)། ། ༈ དེ་ལྟར་སློབ་མས་བླ་མ་ལ་ཕྱག་རྒྱ་བཅུ་ཕུལ་ཏེ་དེ་ནས་བཀའ་སྩལ་དོན་དུ་གཉེར་ བར་བྱའོ། །ཀྱེ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་པ་(ཞེས་བླ་མ་ལ་བོས་ནས་) ད་ནི་བདག་གིས་ཅི་ཞིག་བགྱི་(ཞེས་བཀའ་སྩལ་ཞུའོ་)དེ་ནས་སློབ་དཔོན་གྱིས་གསུངས་པ་བཅུའི་ (རང་རིག་སྐྱེས་སམ་དམངས་རིགས་ལ་སོགས་ཀྱི་)ནང་ནས་རང་གི་ཆུང་མ་(མཆོག་གཟུགས་ཅན་ཆོས་ཁམས་རྡོ་རྗེ་མ་)འདི་བཟུང་ནས་དེ་དང་ལྷན་ཅིག་ཏུ་བདག་ལ་གསོལ་བ་གདབ་པ་བྱོས་ཤིག་དགེ་སློང་དང་ 3-1-449 དགེ་ཚུལ་རྣམས་ལ་ནི་གཏུམ་མོ་〔མཐར་སྐྱེས་མ་ཆོས་ཁམས་རྡོ་རྗེ་མ་〕རང་གི་ཆུང་མ(འི་དོད་པོ)ར་བྱའོ། ། དེ་ནས་བླ་མའི་(རིག་མ་)ངེས་པས་(ཆོས་ཁམས་རྡོ་རྗེ་མ་)དེ་བཟུང་ནས་(དེ་དང་)གཉིས་ཀྱིས་གསེར་ ལ་སོགས་པའི་མེ་ཏོག་རྣམས་ཀྱིས་མཎྜལ་བྱས་ཏེ་དེ་ནས་གསོལ་བ་གདབ་པར་བྱའོ། །སྒྲིབ་ པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེས་ གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ ནི་འགྱུར་མེད་གང༌། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོ་ད་ནི་བཀའ་དྲིན་མཛོད། ། བུ་དང་ཆུང་མ་སོགས་བཅས་པ། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་ སྙིང་པོའི་མཐར། །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཞེས་པས་སོ། ། ༈ གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཆུང་མ་དང་བཅས་པ་གཟིགས་ནས་(གཡུང་མོ་)སློབ་དཔོན་གྱིས་སྒྲ་རྡོ་རྗེ་མ་རྒྱན་ཐམས་ཅད་བཀྲོལ་ཞིང་གཅེར་བུར་བྱས་པ་ལ་〔རབ་བྱུང་ལས་ འགྱུར་མེད་ཀྱི་ཚངས་སྤྱོད་གྲུབ་པ་དེ་〕འཁྱུད་དུ་གཞུག་པར་བྱའོ། །ཁྱིམ་པ་རྣམས་ནི་ཆུང་མའི་མ་〔སྒྲ་རྡོ་ རྗེ་མ་〕ལའོ། །དེ་ནས་ཤར་དུ་(དམངས་རིགས་མོའི་ཚ་མོ་)སྒྲོལ་མ་དང་ལྷོར་(རྒྱལ་རིགས་མོའི་བུ་མོ་)གོས་ དཀར་མོ་དང་བྱང་དུུ་(བྲམ་ཟེ་མོ་དང་སྲིང་མོ་)མཱ་མ་ཀཱི་དང་ནུབ་ཏུ་〔རྗེ་རིགས་མོའམ་སྐྱེད་བྱེད་མ་〕སྤྱན་མ་ དང་མེར་(ཉ་བ་མོའམ་ཞང་པོའི་བུད་མེད་)རེག་བྱ་རྡོ་རྗེ་མ་དང་(དེ་ལྟར་)བདེན་བྲལ་དུ་(གར་མཁན་མོའམ་ ཕའི་སྤུན་ཟླའི་ཆུང་མ་)རོ་རྡོ་རྗེ་མ་དང་དབང་ལྡན་དུ་(ཆོས་ཁམས་མོའམ་ཕའི་སྲིང་མོ་)གཟུགས་རྡོ་རྗེ་མ་དང་ རླུང་དུ་(གོ་ལྤགས་བྱེད་མའམ་མའི་སྤུན་ཟླ་)དྲི་རྡོ་རྗེ་མ་སྟེ་〔དེ་ལྟར་〕རྣལ་འབྱོར་མའི་འཁོར་ལོ་གཅེར་མོ་སྐྲ་ གྲོལ་མ་ཕྱག་ན་གྲི་གུག་དང་ཐོད་པ་ཅན་རྣམས་དགོད་པར་བྱ་སྟེ་རིག་མ་དགུ་པོ་རྣམས་ཀྱིས་ རིམ་པ་བཞིན་དུ(འཁྱུད་པ)འོ། ། ༈ དེ་ལྟར་སྔར་(སློབ་མ་ལམ་ལ་གཞུག་པའི་ཕྱིར་རྡུལ་ཚོན་དཀྱིལ་འཁོར་དུ་)དབང་བསྐུར་བ་ནི་ཆུ་ལ་ སོགས་པ་རྣམ་པ་བདུན་ནོ། །དེ་ནས་(སློབ་མ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རྫོགས་རིམ་གྱི་ལམ་བསྒོམ་ 3-1-450 པ་ལ་གཞུག་པའི་ཕྱིར་)གོང་མའི་དབང་(རྣམ་པ་བཞི་)ནི་སྤྱི(ཐུན་མོང་པ)འི་ལས་ཀྱི་ཕྱག་རྒྱ(ལོ་བཅུ་གཉིས་མ་ ནས་ལོ་ཉི་ཤུའི་བར་གྱི)ས་སོ། །གོང་མའི་ཡང་གོང་མའི་(རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོ་ཉིད་དུ་བྱ་བའི་ཕྱིར་) དབང་(རྣམས་)ནི་དམངས་རིགས་ལས་སྐྱེས་པ་ལ་སོགས་པ(འམ་ཚ་མོ་ལ་སོགས་པ་རང་རིགས་ལས་སྐྱེས་ པ)འི་ཕྱག་རྒྱ་དབུལ་བའི་དོན་དུ་སྔར་གསུངས་པ་བཅུ་པོ་རྣམས་ཀྱིས་སོ། ། ༈ ཀླུ་སྟེ་(འདིར་བདག་པོ་ཆེན་པོ་གསུམ་ལ་ཁྲུས་བྱ་བའི་)བུམ་པ་བརྒྱད་དང་རྒྱལ་བ་དང་རྣམ་པར་ རྒྱལ་བའི་བུམ་པ་དག་གིས་དགེ་སློང་ལ་(དམངས་རིགས་མོ་ལ་སོགས་པ་བཅུས་)ཁྲུས་བྱའོ། །དགེ་ཚུལ་ ལ་(བཅུ་པོ་)དེ་རྣམས་ཀྱི་ནང་ནས་ཕྱག་རྒྱ་དྲུག་གིས་བུམ་པ་བཞི་དང་རྒྱལ་བ་དང་རྣམ་པར་ རྒྱལ་བའི་བུམ་པ་དག་གིས་ཁྲུས་བྱའོ། །ཁྱིམ་ན་གནས་པ་ལ་(རང་གི་ཆུང་མ་མ་གཏོགས་པའི་ལྷག་མ་) དགུ་པོ་དེ་རྣམས་ཀྱི་ནང་ནས་གཅིག་དང་རང་གི་ཆུང་མ(སྟེ་གཉིས་ཀྱི)ས་བུམ་པ་གཅིག་དང་རྣམ་ པར་རྒྱལ་བའི་བུམ་པ〔སྟེ་གཉིས་ཀྱི〕ས་མངོན་པར་དབང་བསྐུར་(ཞིང་གསུང་ངམ་རྗེས་སུ་གནང་བ་སྦྱིན་) བར་བྱ་སྟེ་〔བདག་པོ་ཉིད་བྱེད་པའི་སྐབས་སུ་〕སྔར་གསུངས་པའི་ཆོ་གས་སོ། ། ༈ དེ་ནས་ཕྱག་རྒྱ་གཏད་བྱ་སྟེ། །བུམ་དབང་(ལ་སོགས་པའི་)སྦྱིན་པའི་དོན་དུའོ། །ཞེས་ པ་སྟེ་(བདག་པོ་ཆེན་པོ་ལ་དབང་གོང་མའི་ཡང་གོང་མའི་སྐབས་)འདིར་ནི་རྒྱན་རྣམས་ཐམས་ཅད་དང་ལྡན་ ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་མའི་བུ་མོ་ལོ་ཉི་ཤུའི་མཐར་ ཐུག་པ་ཁྲག་ལྡན་ཏེ་རྡུལ་དང་ལྡན་པ་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གིས་ཞེས་པ་ འཆད་པར་འགྱུར་བའི་ལྷའི་རྣལ་འབྱོར་གྱིས་རང་གི་རྡོ་རྗེ་ནོར་བུས་འདོད་སྤྱད་ནས། ས་བོན་ དང་བཅས་རྡོ་རྗེ་དག་ཀྱང་〔བདག་པོ་ཆེན་པོའི་སླད་དུ་〕གོང་མའི་གོང་མའི་དབང་ལ་སློབ་མ་〔རྣལ་འབྱོར་ པའམ་གྲུབ་པའི་རྒྱུད་〕དག་པར་ཤེས་ནས་ཁ་རུ་འཕང་བ་བྱས་ནས་ནི་ཕྱི་ནས་རང་གི་ཕྱག་རྒྱ་སྦྱིན་ བྱ་སྟེ་སློབ་དཔོན་གྱིས་གང་ལ་འཁྱུད་པ〔དེ〕འོ། །ཡང་ན་བུའི་ཆུང་མ་ལ་སློབ་དཔོན་རང་གིས་ མངོན་པར་བགྲོད་དེ་དེ་ནས་དབང་གི་དུས་ལ་བབ་པ་ན་སློབ་མ་ལ་སླར་ཡང་རང་གི་ཆུང་མ་ 3-1-451 གཏད་པར་བྱའོ(དེ་ལ་སྔར་ནི་དུ་བའི་ལམ་སོགས་ལྡན་པའོ་ཞེས་པ་སྟེ་མདོར་བསྟན་པ་ཙམ་མོ)། །འདིར་བུམ་པའི་ དབང་ལ་ཤེས་རབ་ཀྱི་ནུ་མ་ལ་(སློབ་མ་)ཐབས་ཀྱིས་རེག་པར་བྱ་ཞིང་བླ་མས་སློབ་མའི་ཆུང་ མའི་ནུ་མ་ལ་རེག་པར་བྱའོ། །གསང་བའི་དབང་ལ་སློབ་མ་དང་ཆུང་མའི་ཁར་རྡོ་རྗེ་གཞུག་ པར་བྱ་སྟེ་སློབ་མའི་མིག་བཅིངས་ནས་བླ་མས་ཤེས་རབ་ཀྱི་ན་ར་ནཱ་སི་ཀ་(པད་མའི་སྣ་)གཞིབ་ པར་བྱའོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆེད་དུ་སློབ་དཔོན་གྱིས་〔སློབ་མ་〕རང་གི་ཆུང་ མ་ཕྱག་རྒྱར་གཏད་པར་བྱའོ། །ཞེས་པ་ནི་〔རིག་མ་བཅུ་ཕུལ་ནས་གསོལ་བ་གདབ་པའི་ཚོགས་ཀྱི་འཁོར་ལོ་རྡོ་ རྗེའི་མཆོད་པ་རིག་མ་རྣམས་ཀྱིས་ཁྲུས་བྱས་ཤིང་རྗེས་སུ་གནང་བ་གོང་མ་ལས་ཀྱང་གོང་མའི་དབང་རྣམས་སྡོམ་པ་སྦྱིན་པ་ཡོན་ ཕུལ་བ་ལ་དབང་དོན་བཤད་པ་རྣམས་〕ཐམས་ཅད་དུ་བདག་པོ་ཆེན་པོའི་དབང་གི་ཆོ་གའོ〔རྡོ་རྗེ་མཆོད་ པ་སྐབས་འདིར་འཐད་〕། །གལ་ཏེ་ཕྱག་རྒྱ་བཅུ་ཡོད་ན་དེའི་ཚེ་གང་དང་གང་ལ་འདོད་པ་སྤྱོད་ པར་ནུས་པའི་སློབ་མ་ལ་དེ་དང་དེ་གཏད་པར་བྱ་སྟེ་མཚན་མོ་ཕྱེད་ནས་ཆུ་ཚོད་གཉིས་ཀྱི་ རྗེས་ལ་ཉི་མ་འཆར་བ་ཇི་སྲིད་པར་རོ། ། ༈ དེ་ནས་ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་བར་བྱ་སྟེ་གཤེགས་སུ་གསོལ་ནས་ སློབ་མ་ལ་〔འཆད་འགྱུར་གྱི་〕སྡོམ་པ་སྦྱིན་པར་བྱའོ། ། ༈ 〔དེ་ཡང་འདིར་འདི་སྐད་དུ་དབང་གསུམ་པའི་སྐབས་སུ་〕ཁྱད་པར་དགའ་བའི་མཐར་(འཛག་པའི་བདེ་བ་ ལ་)ལྷན་ཅིག་སྐྱེས་པའི་སྐད་ཅིག་(ཅེས་)བདག་གིས་བརྗོད་པ་གང་ཡིན་པ་འདི་ནི་ཀུན་རྫོབ་སྟེ་ ཐིག་ལེ་གསུམ་གྱི་མཐར་(ཡེ་ཤེས་ཀྱི་ཐིག་ལེ་འབྱུང་བའི་དུས་ཀྱི་འཛག་བདེ་)གང་ཡིན་པ་དེ་ནི་དོན་དམ་ པ(འི་ལྷན་ཅིགསྐྱེས་དག)ར་མི་འགྱུར་རོ། །དོན་དམ་པར་རྣལ་འབྱོར་བ་རྣམས་ཀྱི་(ཐོབ་བྱ་ལྷན་ཅིག་ སྐྱེས་པའི་)བདེ་བ་ནི་(ཐིག་ལེ་བཞི་གདོད་མ་ནས་)འཕོ་བ་མེད་པའོ། །དེས་ན་(དོན་དམ་པའི་ལྷན་ཅིག་སྐྱེས་པའི་ བདེ་བ་ཐོབ་པའི་དོན་དུ་ལམ་གྱི་)བདེ་བ་ཆེན་པོ〔འི་རྟེན་ཐིག་ལེ་〕་འདི་ནི་ཁྱོད་ཀྱིས་བསྲུང་བར་བྱའོ། །དེ་ བཞིན་དུ་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་(སངས་རྒྱས་ཐོབ་པའི་དོན་དུ་ཐིག་ལེ་ངེས་ 3-1-452 པར་བསྲུང་དགོས་པར་)གསུངས་པ། (རྣལ་འབྱོར་པ་རྗེས་དྲན་གྱི་སྐབས་སུ་)ལས་ཀྱི་ཕྱག་རྒྱའི་(བྷ་གར་རྡོ་རྗེ་) རབ་སྦྱོར་དང། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་(བསྒོམ་པ)ལའང༌། །བདེ་བ་ཆེན་པོ་བྱང་ཆུབ་ སེམས། །བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ། །〔བདེ་བ་འཕེལ་བའི་དོན་དུ་རྗེས་དྲན་གྱི་སྐབས་སུ་ ཤེས་རབ་ཀྱི་〕བྷ་གར་(ཐབས་ཀྱི་)ལིང་ག་རབ་བཞག་ནས། །(ཐིག་ལེ་)བྱང་ཆུབ་སེམས་ནི་(ཤེས་རབ་ཀྱི་ བྷ་གར་)སྤྲོ་མི་བྱ། །〔ཐིག་ལེ་མི་འཛག་པའི་{ཐབས་{སྐབས་}སུ་〕ཁམས་གསུམ་པོ་ནི་〔གཞན་〕མ་ལུས་པའི། ། (དང་པོའི་)སངས་རྒྱས་(ཀྱི་)གཟུགས་〔འོད་གསལ་པྲ་ཕབ་པ་དང་མཚུངས་པ་〕ནི་〔རྟག་ཏུ་〕བསྒོམ་པར་བྱ། ། 〔དེ་ལྟར་ཐིག་ལེ་མི་འཛག་པ་བསྲུངས་པ་ལ་དགོས་པ་ཅི་ཡོད་ན་〕བསྲུངས་པ་འདི་ཉིད་ཁོ་ན་ཡིས། །〔སྔ་མར་ཚོགས་ ཅུང་ཟད་བསགས་པ་མའི་〕སྐྱེ་བ་འདི་ལ་(སྐུ་བཞིའི་བདག་ཉིད་)སངས་རྒྱས་ཉིད། །(ཐོབ་པ་དེའི་རྒྱུ་མཚན་ནི་ ཐིག་ལེ་བསྲུངས་པ་ཉིད་ཀྱི་མཛད་མོད་ཀྱི་)ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་(དང་ མཆོག་ཏུ་མི་འགྱུར་བའི་)ཡེ་ཤེས་(ཀྱི་ཚོགས་དང་)ཡང་དག་ལྡན(པར་འགྱུར་པའི་ཕྱིར་རོ)། །(སངས་རྒྱས་ཇི་ལྟ་བུ་ ཞེ་ན་)ཕ་རོལ་ཕྱིན་བཅུ་(རྫོགས་པར་)ཐོབ་པ་ཡི། །(ཡང་དག་པར)རྫོགས་པའི་སངས་རྒྱས་(ཡེ་ཤེས་ཀྱི་ སྐུ་)དུས་གསུམ་(དུ་ནམ་མཁའ་ལྟར་རྒྱུན་མི་ཆད་པར་)འཇུག(པས་དུས་གསུམ་ཡོངས་སུ་མཁྱེན་པའོ)། (དེ་ལྟ་ བུའི་ཡེ་ཤེས་ཀྱི་སྐུ་ཐོབ་པ་)འདི་ཡིས་(གཟུགས་ཀྱི་སྐུ་ནི་)རྫོགས་སངས་རྒྱས་ཀུན་གྱིས། །(གདུལ་བྱ་ལ)ཆོས་ ཀྱི་འཁོར་ལོ་རབ་ཏུ་བསྐོར(བར་མཛོད་དོ)། །(དེ་ལྟ་བུའི་)རང་དང་གཞན་དོན་བསྒྲུབ་པའི་སླད(དུ)། ། (དམིགས་བཅས)སྟོང་ཉིད་(དང་དམིགས་མེད)སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ (སངས་རྒྱས་རྣམས་ཀྱི་རང་བྱུང་)ཡེ་ཤེས་ནི། །འདི་(མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་)ལས་གཞན་པ་ ཡོད(པ)མ་ཡིན(ནོ)། །(དེའི་ཕྱིར)སྐྱོབ་པ་ཀུན་གྱི་སྡོམ་པ་(བྱང་སེམས་ཐིག་ལེ་མི་འཕོ་བ་)ནི། །གལ་ཏེ་ ཁྱོད་(ཀྱིས་)བསྲུང་〔ན་〕བདག་གི་བུ(ཡིན་ཞིང་)། །(ཐིག་ལེ་མི་འཕོ་བ་)དེ་ཚེ་སངས་རྒྱས་ཐམས་ཅད་ ཀྱིས། །བྱིན(གྱིས་)བརླབས་(ནས་)རྫོགས་(པའི་)བྱང་ཆུབ་འཐོབ་(བར་)འགྱུར(རོ)། །ཅི་སྟེ་(འཕོ་ བའི་)ཆགས་པས་ཟིལ་(གྱིས་)མནན་(བའི་དབང་གི་)བདག(ཉིད་ཀྱིས)། གཙོ་བོ(རྡོ་རྗེ་སེམས་དཔའ་དང་འདྲ་ 3-1-453 བ་བླ་མ)འི་མདུན་དུ(སྡོམ་པ)བླངས་ནས་ནི། །(མི་འཛག་པའི་)སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་ (དམྱལ་བ་)ངུ་འབོད་(ཆེན་པོ་ཉིད་)དུ་འགྲོ(བར་)འགྱུར(རོ)། །(རྗེས་དྲན་བསྒོམ་པའི་དུས་སུ་རླུང་སེམས་བརྟན་ པར་མ་འཆིངས་པ་)དམན་པའི་སེམས་ལས་(ཕྱག་རྒྱའི་)སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་ ལྷུང་འགྱུར། །དེ་ཚེ་ཕྱག་རྒྱ(འི་སེམས་ཤིན་ཏུ་དགའ་བ)ར་ཤེས་ནས་ནི། །པད་མའི་ཕྱི་རོལ་(ན་གནས་ པའི་ཐིག་ལེ་རྣལ་འབྱོར་བ་)རང་(གི་)ལྕེས་བླང་བ〔པར་བྱ་ཞིང་ཕྱག་རྒྱའི་སེམས་མ་དག་ན་མ་ཚོར་བར་མིང་མེད་ཀྱིས་ བླང་ནས་མྱང་བར་བྱ་སྟེ་ཤིན་ཏུ་གཅེས་པར་བསྲུང་བའི་དོན་དུའོ〕། །ཞེས་སོ། 〔ཀག་ཐོ་བཞིན་བྲིས་〕 ༡༢༠ ། ༈ ཁ༽སྐྲག་དང་〔དེ་ཡང་དོན་དམ་བསྙེན་པར་གསུངས་པ། ཆུ་སྐྱེས་སྙིང་པོ་དང་ལྡན་བྱང་ཆུབ་སེམས་ལྷུང་འགྱུར། ། ཕྱིའི་སེམས་ནི་ཤིན་ཏུ་རྣམ་དག་ལེགས་བྱས་ནས། །དེ་ནས་ཆུ་སྐྱེས་ཕྱི་རོལ་རང་གི་ལས་བཟུང་བྱ། །མ་དག་ཕྱག་རྒྱའི་ཆུ་སྐྱེས་ལ་ གནས་རང་གི་སེམས། །མ་ཉམས་རྣམས་ནི་མ་ཚོར་མིང་མེད་ཀྱིས་བཟུང་བྱ། །〕ཞེས་པ་ལ་སོགས་པ་ནི་གོ་སླའོ། ། ༈ ཀ༽ སློབ་དཔོན་གྱིས་སློབ་མ་ལ་སྡོམ་པ་བྱིན་ནས་སློབ་མས་ཀྱང་བླ་མ་ལ་ཡོན་དབུལ་ ལོ། ༡༢༡ །ང༽ སླར་ཡང་མཎྜལ་བྱས་ནས་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་འདས་ བདག་ལ་དབང་བསྐུར་བའི་རབ་ཏུ་བྱེད་པའི་བཀའ་དྲིན་མཛད་དུ་གསོལ། ། ༈ དེ་ནས་བླ་མས་སློབ་མ་བོས་ཏེ་བུ་ཁྱོད་ཉོན་ཅིག་(འཇིག་རྟེན་)ཀུན་རྫོབ་(ཀྱི་དགའ་བ་)ཇི་ ལྟ་བ་〔དེ་〕བཞིན་དུ་(བསྟེན་པར་བྱ་སྟེ་)སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་བདེ་བ་དགའ་བ་ བཅུ་དྲུག་གི་མཚན་ཉིད་ནི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གཉིས་ལྷག་པའི་བརྒྱ་པ་ལ་སོགས་པ་ རྣམས་ཀྱིས་མཆོག་གི་དང་པོའི་སངས་རྒྱས་ལས་འཇམ་པའི་རྡོ་རྗེས་ཕྱུང་བ་འདོད་པ་བསྐྱོད་ པར་ཞེས་པ་ལ་སོགས་པ་སྟེ་འདིར་〔ཤེས་རབ་ལ་ལྟ་བ་དང་ནུ་མ་རེག་པས་〕འགྲོ་བ་ཐམས་ཅད་ཀྱི་ཡིད་ ལ་འདོད་པ་བསྐྱེད་པར་བྱེད་པ་(སྟེ་ཆགས་པའི་ཡིད་གཡོ་བ་)ནི་དང་པོ་དགའ་བ(འི་དགའ་བ)འོ། །དེ་ ནས་གང་བ(སྟེ་མཆོག་དག)འི་གནས་སྐབས་ནི་ཤེས་རབ་ལ་འཁྱུད་པ་(དང་བཙུམ་པ་བྱས་པ་ན་)ལ་ སོགས་པས་(ཐིག་ལེ་འབབ་པའི་རྒྱུ་)དཔྲལ་བར་བྱང་ཆུབ་ཀྱི་སེམས་རྫོགས་པ་ཉིད་ཀྱི་ཕྱིར་གང་ 3-1-454 བ་ཉིད་དུ་འགྱུར་བ་སྟེ་གཉིས་པ་མཆོག་དགའོ། །གང་བ་ཡན་ལག་མཆོག་(མགོ་བོ་)ལས་རི་ བོང་འཛིན་པ་ཁུ་བར་བྱས་ནས་ཐིག་ལེ་འཛག་པ་(དབང་པོ་གཉིས་སྦྱོར་བས་)ནི་འཁྲིག་པ་ལ་(བསྟེན་) འབར་བའི་གནས་སྐབས་ཏེ་གསུམ་པ་ཁྱད་པར་དགའ་བ་བྱེད་དོ། ༡༢༢ ། དེ་ནས་ཨོཌྜའི་(དེ་ནས་ཟླ་བའི་འོད་ཟེར་)གནས་སྐབས་ནི་ཐིག་ལེ་འཕོ་བའི་དུས་སུ་སྐུ་དང་ གསུང་དང་ཐུགས་ཀྱི་ཐིག་ལེ་〔མགྲིན་པ་དང་སྙིང་ཁ་དང་ལྟེ་བར་བྱུང་བ་〕རྣམས་ཀྱི་མཐར་ཐིག་ལེ་(ཡེ་ཤེས་ ཀྱི་ཐིག་ལེ་གསང་གནས་རྡོ་རྗེ་ནོར་བུ་)བཞི་པ་འབྱུང་བའི་དུས་ན་(བཞི་པ་ཀུན་རྫོབ་ཀྱི་)ལྷན་ཅིག་སྐྱེས་པའི་ དགའ་བ་〔སྟེ་དེ་རྣམས་ཀྱིས་དབང་བཞིའི་དོན་གྱི་དགའ་བ་བཞི་མཚོན་པར་〕བྱེད་དོ། །(དེ་དག་གི་རྒྱས་བཤད་ནི་ལྟ་དང་ རེག་དང་ཞེས་སོགས་རྒྱུད་དུ་ལྟ་སྟེ་དགྲོལ་བར་དོན་ཙམ་བསྡུས་པ་ནི་)དེ་ལྟར་(ཕྱི་རོལ་དང་མཐུན་པར་)ཚེས་གཅིག་ ལ་སོགས་པའི་ཆ་ལྔ་ལྔ་པོ་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་རང་བཞིན་དགའ་བ་ དང་བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་རྫོགས་པའི་མིང་ཅན་ཨ་ཨི་རྀ་ཨུ་ལྀཀ ཨ་ཨེ་ཨར་ཨོ་ཨལ་ཙ། ཧ་ཡ་ར་ཝ་ལཊ། ཞེས་པའི་དབྱངས་འདི་〔ས་བོན་དང་མིང་ཡིན་པས་འདི་〕 དག་གི་ཆོས་ཅན་རྣམས་ཀྱིས་〔དགའ་བ་སྔ་མ་གསུམ་པོ་རྣམས་བསྟན་〕ཏེ་དེ་ལྟར་〔ཐིག་ལེ་དཔྲལ་བ་ནས་མགྲིན་ པར་འོང་པ〕ལྔ་པ་ནི་དགའ་བ་རྫོགས་པའོ། །བཅུ་པ་(གསལ་ལས་པྲ་ཕབ་པས་རྣམ་པ་ལྟ་བུ་ནི་ཤེས་རབ་ཆེས་ཨེ་ ཡིག་སྟེ་ཐབས་སོ། །དབྱེར་མེད་པ་མགྲིན་པ་ནས་སྙིང་ཁར་འོང་པ་)ནི་མཆོག་དགའ་རྫོགས་པའོ། །(སྙིང་ཁ་ནས་ལྟེ་ བར་འོངས་པ་ཆ་བཅུ་དྲུག་པ་དང་འདྲ་བ་དཀར་ཕྱོགས་ཡོད་པས་མཐའ་ནག་ཕྱོགས་མེད་པས་མཐའ་དང་བྲལ་བའི་དབུས་)ཉ་ ནི་ཁྱད་པར་གྱི་དགའ་བ་རྫོགས་པའོ། །(བཞི་པ་ནི་)ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པ་ནི་〔ལྟེ་བ་ ནས་གསང་གནས་དང་རྡོ་རྗེ་ནོར་བུའི་བར་འོངས་པ་ཉའི་མཐའ〕ཆ་བཅུ་དྲུག་པ་སྟེ་(ནམ་མཁའ་ལ་སོགས་པ་)ཁམས་ ཐམས་ཅད་(གནས་གཅིག་ཏུ་)བསྡུས་པ་དང་〔དེ་ལྟར་དུས་གཅིག་ཏུ་〕ཚོགས་པ་དང་(དབྱེར་མེད་དུ་)འདུས་ པ་དང་(རོ་མཉམ་གཅིག་ཏུ་)སྡོམ་པའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཆགས་པ(དཔྲལ་བ་ནས་རྡོ་རྗེ་ ནོར་བུའི་བར་འོངས་པ་)ནི་དཀར་པོའི་ཕྱོགས་ཏེ་(རྡོ་རྗེ་ནོར་བུ་ལས་ཕྱི་རོལ་ཏུ་འཕོས་པ་)ཆགས་བྲལ་ནི་ནག་ 3-1-455 པོའི་ཕྱོགས་སོ། །(ཞེས་པ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བ་བཞིའི་དབྱེ་བ་ཡིན་ལ་)དེ་བཞིན་དུ་(སྟེ་དེ་བཞིན་དུ་ ཉེ་བར་མཚོན་པ་དོན་དམ་དེ་ཁོ་ན་ཉིད་ཀྱི་དགའ་བ་བཞི་ནི་)མཚན་ཡང་དག་པར་བརྗོད་པ་ལས་བཅོམ་ལྡན་ འདས་ཀྱིས་གསུངས་པ། (ཆགས་པའི་མཐའ་)ཆགས་བྲལ་(གྱི་)དང་པོ་〔ཆ་བཅུ་དྲུག་པ་དང་འདྲ་བ་དཀར་ ཕྱོགས་ཡོད་པའི་མཐའ་ནག་ཕྱོགས་མེད་པའི་མཐའ་དང་བྲལ་བའི་དབུས་〕ཆགས་པ་ཆེ〔ཞེས་པ་དོན་དམ་པའི་ལྷན་ཅིག་སྐྱེ་ དགའ་སྟེ་ཐབས་ཨེ་ཡིག་དང་རྡུལ་རབ་ཀྱི་ཆོས་ལས་འདས་པའི་〕། །ཁ་དོག་སྣ་ཚོགས་འབར་བའི་འོད〔གསལ་བ་ གཉིས་པྲ་ཕབ་པ་ལྟ་བུ་ནི་ཤེས་རབ་ཨེ་ཡིག་སྟེ་ཐབས་ཤེས་དབྱེར་མེད་པའོ〕། །རྡོ་རྗེ་རྫོགས་སངས་རྒྱས་〔ནི་རྡོ་རྗེ་རབ་ ཏུ་སད་པ་སྟེ་མི་འགྱུར་བའི་བདེ་བ་ཆེན་པོ་རྫོགས་ཤིང་རྒྱས་〕པ〔ཡིན་ལ་དེ〕འི་གནས(དེའི་གནས་ནི་རྣམ་པ་ཐམས་ཅད་པའི་ སྟོང་པ་ཉིད)། །སངས་རྒྱས་བརྗོད་པ(སྟེ་ནམ་མཁའ་ལྟར་ཀུན་ཏུ་ཁྱབ་པ་གཞོམ་དུ་མེད་པའི་སྒྲ་སྟེ་དེ་ལྟ་བུ)འི་ཆོས་ འཛིན་པ〔སྟེ་ཆོས་དེ་ལྟ་བུའི་བདག་ཉིད་དོ〕། །ཞེས་དང་དེ་བཞིན་དུ་(ཡེ་ཤེས་ཀྱི་སྐུ་ནི་ཁམས་གསུམ་པ་དང་དུས་ གསུམ་གྱི)། རྣམ་པ་ཀུན་〔དང་〕ལྡན་(ཡང་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པས་ཁམས་གསུམ་དུས་གསུམ་གྱི་)རྣམ་ པ་(སྟེ་དང་སོ་སོར་)མེད(པ་དང་)། །བཅུ་དྲུག་〔གི་〕ཕྱེད་〔ནི་བརྒྱད་ཡིན་ལ་དེའི་〕ཕྱེད་〔ཅེས་པ་བཞི་〕ཐིག་ལེ་〔བཞི་〕འཆང་(བ་སྟེ་འཕོ་བ་མེད་པ་དང་)། །(དེ་བཞིན་དུ་ཕྱི་ནང་གི་དཀར་པོའི་)ཆ་〔བཅོ་ལྔ་ལ་གནས་པ་ཡང་〕མེད་(ཅིང་ནག་ པོའི)ཆ་(ལ་འཇུག་པ)ལས་འདས་པ་པོ། །〔སྟེ་ཆ་བཅུ་དྲུག་པ་དང་འདྲ་བར་མཐའ་གཉིས་ལས་མི་གནས་པ་དགེ་བའི་ བསམ་གཏན་ལ་སོགས་པ〕བསམ་གཏན་བཞི་པའི་རྩེ་མོ་(ལམ་མཐའ་ལྡན་གཅིག་སྐྱེས་པའི་དགའ་བ་)འཆང་(བ་ དེའི་བདག་ཉིད་དོ)། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ལྟར་དོན་དམ་པས་ལེའུ་ལྔ་ པ་ལས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རྒྱ་ཆེར་བརྗོད་པར་བྱ་སྟེ་དེས་ན་འདིར་རྒྱས་པར་མ་བྱས་སོ། ༡༢༣ ། ༈ ད་ནི་འདོད་པ་ཅེས་པ་ལ་སོགས་པས་〔དགའ་བ་བཞི་པོ་རེ་རེ་ལའང་བཞི་བཞིར་ཕྱེ་བའི་〕དགའ་བ་ བཅུ་དྲུག་པོ་རྣམས་ཀྱི་སྦྱོར་བ་བཞི་གསུངས་པ་འདིར་〔བཞིར་〕སེམས་ཅན་ཐམས་ཅད་(སེམས་ ཀྱི་གནས་སྐབས་)ཀྱི་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་དབྱེ་བས་(རིམ་ 3-1-456 པ་ལྟར་ལུས་)སྐུ་དང་(ངག་)གསུང་དང་(སེམས་)ཐུགས་དང་ཡེ་ཤེས་ཀྱི་(ཆོས་དང་གཅིག་ཏུ་)སྦྱོར་བ་སྟེ་ དེ་དག་ཀྱང་(རེ་རེ་ཞིང་)དགའ་བ་ལ་སོགས་པའི་(བཞི་བཞི་)དབྱེ་བས་བཅུ་དྲུག་གོ། དེ་ལ་འདོད་ པ་ཞེས་པ་ནི་(སྟེ་)སྐུའི་(ལུས་ཀྱི་)དགའ་བའོ། །དགའ་བ་ཞེས་པ་ནི་གསུང་(སྟེ་ངག་)གི་དགའ་ བའོ། །འདར་བ་ཞེས་པ་ནི་ཐུགས་(སྟེ་སེམས་)ཀྱི་དགའ་བའོ། །འགྱུར་མེད་ཅེས་པའི་མིང་གིས་ ཡེ་ཤེས་ཀྱི་དགའ་བའོ། །དེ་ལྟར་བཞི་པོ་ཡི་(དགའ་བ་བཞི་ལས་དང་པོ་)དགའ་བའི་སྦྱོར་བ་〔སྟེ་བཞི་ ཀ་ཡང་དགའ་བའི་དགའ་བ་〕གཅིག་གོ〔འདིར་སེམས་ཅན་གྱི་ལུས་དང་ངག་དང་སེམས་དང་ཡེ་ཤེས་ལ་དགའ་བ་བཞི་སྦྱོར་ བ་ཡིན་པས་སྐུ་གསུང་ཐུགས་ཀྱི་སྒྲ་སྦྱོར་བ་མི་འཐད་དོ་〕དེ་བཞིན་དུ་གང་བ་ཞེས་པ་ནི་སྐུའི་མཆོག་དགའ་ འོ། །འདིར་མཆོག་གི་དགའ་བ་(དང་ཁྱད་པར་དགའ་བ་ལ་སོགས་པ་དང་ལྷན་ཅིག་སྐྱེས་དགའ་ལ་སོགས་པ་དང་ གསུམ་)ལ་སོགས་པ་གསུམ་པོ་རྣམས་(ལ་ནི་རྒྱུད་དུ་ནུས་དང་སྐྱེ་བ་དག་དང་མཆོག་གི་དགའ་བ་ཉིད་ནི་ཞེས་སོགས་ ཏེ་)མཐའ་མ་〔མཆོག་གི་དགའ་བ་ཞེས་སོགས་གསུམ་པོ་〕དང་པོར་བྱས་ནས་གསུང་དང་ཐུགས་དང་ཡེ་ ཤེས་རྡོ་རྗེ་རྣམས་〔ཀྱི་མཆོག་དགའ་གསུམ་དང་ཁྱད་པར་དགའ་བ་གསུམ་དང་ལྷན་ཅིག་སྐྱེས་དགའ་བ་གསུམ་དང་སྦྱར་〕ཏེ་(རྒྱུད་དུ་གོ་རིམ་བཟློག་པ་ནི་)སྡེབ་སྦྱོར་གྱི་དབང་གིས་སོ། །དེའི་ཕྱིར་(ཚན་གསུམ་པོ་རྒྱུད་དུ་གསུངས་པ་ ལས་ལུག་བཟློག་ཏུ་སྦྱར་བར་བྱ་སྟེ་)མཆོག་གི་དགའ་བ་ནི་ཞེས་པ་གསུང་གི་མཆོག་དགའ་འོ། །སྐྱེ་ བ་ཞེས་པ་ནི་ཐུགས་ཀྱི་མཆོག་དགའ་འོ། །ནུས་པ་ཞེས་པ་ནི་ཡེ་ཤེས་ཀྱི་མཆོག་དགའ་སྟེ་ གཉིས་པ(མཆོག་དགའ)འི་སྦྱོར་བའོ། །འབར་བ་ཞེས་པ་ནི་སྐུའི་ཁྱད་པར་དགའ་བའོ། །ཁྱད་ པར་དགའ་བ་ཞེས་པ་ནི་གསུང་གི་ཁྱད་པར་དགའ་བའོ། །གཉིད་ཡུར་ཞེས་པ་ནི་ཐུགས་ཀྱི་ ཁྱད་པར་དགའ་བའོ། །ཐིག་ལེ་ཞེས་པ་ནི་ཡེ་ཤེས་ཀྱི་ཁྱད་པར་དགའ་བ་སྟེ། གསུམ་པ(ཁྱད་ པར་དགའ་བ)འི་སྦྱོར་བའོ། །དེ་བཞིན་དུ་(ཟླ་བ་བློ་གྲོས་ཟེར)ཨོཊྚ་ཞེས་པ་ནི་སྐུའི་ལྷན་ཅིག་སྐྱེས་པའི་ དགའ་བའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པ་ནི་གསུང་གི་ལྷན་ཅིག་སྐྱེས་པའི་དགའ་ བ(སྟེ་བཞི་པ་ལྷན་ཅིག་པའི་སྐྱེས་དགའ་བ)འོ། །གཉིད་ཅེས་པ་ནི་ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་ 3-1-457 བའོ། །ནཱ་ད་ཞེས་པ་ནི་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ〔སྟེ་བཞི་པ་ལྷན་ཅིག་སྐྱེས་དགའི་སྦྱོར་བ〕 འོ། །〔དེ་ལྟར་ན་སེམས་ཅན་རྣམས་ཀྱི་དགའ་བ་བཅུ་དྲུག་གི་དབྱེ་བའི་ཇི་ལྟ་བ་〕དེ་བཞིན་དུ་(སངས་རྒྱས་རྣམས་ཀྱི་)སྤྲུལ་ པ(འི་སྐུ་)དང་ལོངས་སྤྱོད་རྫོགས་པ(འི་སྐུ་)དང་ཆོས་(ཀྱི་སྐུ་)དང་ངོ་བོ་ཉིད་ཀྱི་(སྐུའི་)དབྱེ་བས་སྐུ་ རྣམ་པ་བཞི་དང་དེ་བཞིན་དུ་གསུང་རྣམ་པ་བཞི་དང་(སྤྲུལ་པ་ལ་སོགས་པའི་)ཐུགས་རྣམ་པ་བཞི་ དང་ཡེ་ཤེས་རྣམ་པ་བཞིའོ། །དེ་བཞིན་དུ་དགའ་བ་བཅུ་དྲུག་གི་དབྱེ་བ་ནི་(ལེའུ་ལྔ་པའི་མདོར་ བསྡུས་གཉིས་པར་)འཆད་པར་འགྱུར་བ་ལས་རྒྱ་ཆེར་བརྗོད་པར་(ལེའུ་དང་པོའི་མདོར་བསྡུས་དང་གཉིས་པ་ ཡང་བཤད་ཟིན་ཏོ)བྱའོ། །(དེ་ལྟར་)བཅུ་དྲུག་གི་མཐར་〔དེ་དེའི་མཐར་ཏེ་མཐར་གྱུར་པ་བཅུ་དྲུག་པ་ནི་〕ལྷན་ཅིག་ སྐྱེས་པ(འི་དགའ་བའམ་སྐུ)འོ་ཞེས་པ་ནི་(ཀུན་རྫོབ་དང་དོན་དམ་པའི་དགའ་བ་བཅུ་དྲུག་གི་)ངེས་པའོ། ༡༢༤ ། ༈ ད་ནི་སེམས་ཀྱི་ཞེས་པ་ལ་སོགས་པས་ལས་ཀྱི་ཕྱག་རྒྱའི་རྣམ་པར་དག་པ་གསུངས་ པ་འདིར་རྒྱུད་ཐམས་ཅད་ལས་མ་ལ་སོགས་པའི་ཕྱག་རྒྱ་རྣམས་ཐུན་མོང་གིས་གསུངས་ཏེ་ རྣལ་འབྱོར་པ་རྣམས་རྗེས་སུ་ཆགས་པར་བྱེད་པའི་སླང་དུའོ། །(ལས་ཀྱི་ཕྱག་རྒྱ་ལ་རྗེས་སུ་ཆགས་པར་ བྱེད་པ་)དེ་ཡང་བྱང་ཆུབ་ཀྱི་སེམས་(འཛག་མེད་དུ་)བརྟན་པར་བྱས་པ་རྣམས་ཀྱི་(བྱ་བ་)ཡིན་གྱི་ གཞན་རྣམས་ཀྱི་མ་ཡིན་ནོ། །གཞན་རྣམས་ཀྱི་འཇིག་རྟེན་གྱི་ཐ་སྙད་དང་ལྡན་པའི་བུད་མེད་ (གཅིག་ཉིད་ཀྱང་)གནས་སྐབས་ཀྱི་དབྱེ་བས་མ་ལ་སོགས་པ(དུ་མ)ར་འགྱུར་རོ། འདིར་གང་གི་ ཚེ་རྣལ་འབྱོར་པ་བུད་མེད་ལ་སེམས་པར་བྱེད་ན་དེའི་ཚེ་སེམས་ཀྱི་བསམ་པ་བྱས་(པའི་ཁམས་ འཁྲུག་པར་བྱེད་)པས་མར་འགྱུར་(དེ་བཞིན་གཤེགས་པ་སྤྱན་མའི་དག་པར་འགྱུར་)རོ། །རེག་པས་(ཆུའི་ཁམས་ འཁྲུག་པའི་ཕྱིར་)ནི་སྲིང་མོ〔ཆུ་མཱ་མ་ཀཱི་དག་པ〕འོ། །རྡོ་རྗེ་ཞུགས་པས་(མེའི་ཁམས་འཁྲུག་པའི་ཕྱིར་)བུ་མོ(མེ་ གོས་དཀར་མོ་དག་པ)ར་འགྱུར་རོ། །བྱེད་པ་དང་བཅས་ཤིན་ཏུ་དགའ་བས་(རླུང་གི་ཁམས་འཁྲུག་བའི་ ཕྱིར་)སྲིང་མོའི་བུ་མོ་〔རླུང་སྒྲོལ་མའི་དག་པ་〕ཉིད་དུ་འགྱུར་རོ། །〔ཤེས་རབ་ཀྱི་པད་མར་〕ཐིག་ལེ་ལྷུང་བར་ གྱུར་ན་(ནམ་མཁའི་ཁམས་འཁྲུག་པའི་ཕྱིར་)ཆུང་མ་(ནམ་མཁའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་དག་པ)འོ། །(དེ་ 3-1-458 རྣམས་ལས་)གཞན་〔མཐར་སྐྱེས་〕གྱི་རིགས་ལ་གནས་པ་གཏུམ་མོའི་རྣལ་འབྱོར་མ〔ཡེ་ཤེས་སྣ་ཚོགས་ཡུམ་ གྱི་དག་པ〕ར་ནི་འདོད་ཆགས་ཉམས་པར་གྱུར་པ་ལས་(འགྱུར་)ཏེ་(འཁྲུག་པ་རྣམས་འཛག་པ་)ཆགས་ བྲལ་ལས་འགྱུར་རོ། །(དེ་ལྟར་དྲུག་པོ་)འདི་རྣམས་རྣལ་འབྱོར་(གྱི་)ཕྱག་རྒྱ་དྲུག་སྟེ་རྣལ་འབྱོར་པ་ རྣམས་ཀྱི་ས་ལ་སོགས་པ་〔ཁམས་ལྔ་འཁྲུག་པ་〕རྣམས་〔འཛག་པས〕སོ། །འདིར་དང་པོར་(རྣལ་འབྱོར་པའི་) སའི་ཁམས་འཁྲུག་གོ། དེ་བཞིན་དུ་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་རྣམས་འཁྲུག་ སྟེ་འཁྲུག་པ་རྣམས་འཛག་གོ། (འདི་དག་རྣལ་འབྱོར་པ་འཛག་མེད་ཐོབ་པའི་དབང་དུ་བྱས་པ་ནི་མ་ཡིན་ཏེ་འདོད་ ཆགས་ཉམས་པར་གྱུར་པ་ལས་ཞེས་གསུང་པའི་ཕྱིར་རོ)དེའི་ཕྱིར་ས་ཆུ་བསྲེག་ཟ་རླུང་དང་མཁའ་(འདུས་བྱས་ རྣམས་)དང་ཆད་པའི་དངོས་〔པོ་ཡེ་ཤེས་ཀྱི་ཁམས་〕རྣམས་ཏེ་〔འཁྲུག་ཅིང་འཛག་པའི་〕གནས་སྐབས་དྲུག་ གོ། དེ་བཞིན་དུ་གཡས་དང་གཡོན་གྱི་དཀྱིལ་འཁོར་ལྔ་ཟད་པ་(ཡེ་ཤེས་ཀྱི་དཀྱིལ་འཁོར་)ཡང་འཕོ་ བའི་དུས་སུ་རིག་པར་བྱ་སྟེ་〔དེ་ལྟར་སྲོག་གི་ཁམས་དྲུག་ཀྱང་〕མ་ལ་སོགས་པ་〔དྲུག་〕རྣམ་པར་དག་པས་ སོ། །(དེ་བཞིན་དུ་མ་ལ་སོགས་པའི་དག་པའི་)འཁོར་ལོ་དང་རྣ་ཆ་དང་མགུལ་རྒྱན་དང་ལག་གདུབ་ དང་སྐེ་རགས་དང་ཐལ་བ་རྣམ་པར་དག་པས་རྣལ་འབྱོར་པ་རྣམས་ཀྱི་ཕྱག་རྒྱ་(དྲུག་)རྣམས་ཏེ་ དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པས་སོ། །ཞེས་པ་ནི་ ངེས་པའོ། ༡༢༥ ། ༈ ད་ནི་ཆུ་〔འམ་རྡོ་རྗེ་〕སྐྱེས་ཞེས་པ་ལ་སོགས་པས་སྐུ་ལ་སོགས་པའི་ཕྱག་རྒྱ་གསུམ་ གསུངས་ཏེ་འདིར་རྒྱུད་ཐམས་ཅད་ལས་ཕྱི་རོལ་དུ་དྲང་པའི་དོན་གྱིས་དཔྲལ་བར་སྐུའི་ཕྱག་ རྒྱ་(ༀ་ཡིག་ལ་སོགས་པ་)དང་མགྲིན་པར་གསུང་གི་ཕྱག་རྒྱ་(ཨཱཿཡིག་ལ་སོགས་པ་)དང་སྙིང་ཁར་ཐུགས་ ཀྱི་ཕྱག་རྒྱ་〔ཧཱུཾ་ཡིག་གི་རྡོ་རྗེ་ལ་སོགས་པ〕འོ། །ངེས་པའི་དོན་གྱིས་ཀྱང་ཆུ་སྐྱེས་ལ་ནི་རྡོ་རྗེ་རབ་ཞུགས་ ཏེ་རྡོ་རྗེ་རྟག་ཏུ་ལངས་པ་ན་〔ལུས་ཀྱི་བདེ་བ་ལ་སྟོང་པའི་རྒྱས་འདེབས་པ་〕སྐུའི་ཕྱག་རྒྱའོ། །རྩེ་མོ་ཅན་ལ་ རླུང་དང་ཞེས་པ་རྩ་དབུ་མ་ལ་སྲོག་གི་རླུང་རབ་ཏུ་ཞུགས་པ་〔དེ་ངག་གི་བདེ་བ་ལ་སྟོང་པའི་རྒྱས་འདེབས་ 3-1-459 པས་〕གསུང་གི་ཕྱག་རྒྱའོ། །ཐིག་ལེ་མི་ལྟུང་བ་ནི་〔སེམས་ཀྱི་བདེ་བ་ལ་སྟོང་པའི་རྒྱས་འདེབས་པས〕ཐུགས་ ཀྱི་ཕྱག་རྒྱའོ། །(དེ་ལྟར་ཕྱག་རྒྱ་གསུམ་པོ་)འདི་རྣམས་རྣལ་འབྱོར་(སྐུ་གསུང་ཐུགས་ཀྱི་)གསུམ་གྱི་སྟེ་དབུ་ མ་ལ་རྟེན་པའི་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱ་རྣམས་སུ་གྲངས་བཞིན་དུ་འགྱུར་རོ(དེ་ བཞིན་སྟོང་པ་ལ་ཡང་བདེ་བའི་རྒྱས་འདེབས་པ་ཕན་ཚུན་རྒྱས་བཏབ་སྟེ། རྩ་བའི་རྒྱུད་དུ། །སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ། ། མི་འགྱུར་ལས་སྐྱེ་བདེ་བ་འབྲས། །རྒྱུ་ནི་འབྲས་བུའི་རྒྱས་བཏབ་པ། །འབྲས་བུ་རྒྱུ་ཡིས་རྒྱས་བཏབས་སོ། །ཞེས་གསུང་པའི་ཕྱིར་ རོ)། ། ༈ (དེའི་ཕྱག་རྒྱ་གསུམ་པོ་)དེའི་སྟེང་དུ་(ཕྱག་རྒྱ་བཞི་པ་ནི་)ཆགས་དང་ཆགས་བྲལ་མཐར་གྱུར་དང་ པོ་ཞེས་པ་ལ་ཆགས་པ་ནི་དཀར་པོའི་ཕྱོགས་ཏེ་དེའི་མཐར་གྱུར་པའོ། །ཆགས་བྲལ་ནི་ནག་ པོའི་ཕྱོགས་ཏེ་དེའི་དང་པོའོ། །དེ་ལྟར་ཆགས་དང་ཆགས་བྲལ་མཐར་གྱུར་དང་པོ་ནི་ཆ་བཅུ་ དྲུག་པ〔ཡེ་ཤེས་ཀྱི་ལྷན་སྐྱེས་དགའ་བ〕ར་གནས་པ་སྟེ་ཇི་སྲིད་(ཐིག་ལེ་)མི་འཛག་པ་དེ་སྲིད་དུ་དེ་ནི་(ལྟ་ བུ་)མཐའ་དག་ཡོན་ཏན་གྱི་(འབྱུང་གནས་)གཏེར་(ཆེན་པོ་ཐིག་ལེ་)འགྱུར་བ་མེད་པའི་བདེ་བ་སྦྱིན་ པ་པོ་རྣལ་འབྱོར་རྣམས་ཀྱིས་རྟོགས་བྱ་(དབང་དང་ཕྱག་རྒྱ་དང་དགའ་བ་)བཞི་པའོ་ཞེས་པ་ནི་རྣལ་ འབྱོར་པ་རྣམས་ཀྱི་ཡན་ལག་དྲུག་གི་སྦྱོར་བ་ཁོ་ནས་རྟོགས་པར་བྱ་བ་(ཡན་ལག་དྲུག་ལས་)སྟེ། གཞན་(པའི་མན་ངག་)རྣམས་ཀྱིས་ནི་〔རྟོགས་པ་〕མ་ཡིན་ནོ། །(དེ་ལྟར་ཆ་བཅུ་དྲུག་པ་གནས་པ་མི་འཛག་པ་དེ་ མི་འགྱུར་བའི་བདེ་བ་སྦྱིན་པ་པོ་ཡིན་ལ་དེའི་རྒྱུ་མཚན་ནི་ཕྱག་རྒྱ་ཆེན་མོ་ཆོས་ཉིད་འོད་གསལ་པྲ་ཕབ་པ་ལྟ་བུ་ཡིན་པའི་ཕྱིར་རོ) ཕྱག་རྒྱ་རྣམས་ལས་ཏེ་སྔ་མ་(དྲུག་)དང་ཕྱི་མ་(གསུམ་སྟེ་)དགུ་པོ་རྣམས་ལས་〔གོང་དུ་གྱུར་པ་ཕྱག་རྒྱ་ཆེན་ མོ་འོད་གསལ་པྲ་ཕབ་པའི་སྣང་བ་་ལྟ་བུ་〕དེ་ནི་(རྣལ་འབྱོར་པ་རྣམས་ཀྱི་)ལེགས་པའི་མ་〔མི་འགྱུར་བའི་བདེ་བ་〕སྐྱེད་ བྱེད་མར་〔རྣལ་འབྱོར་པ་སྐྱེ་བ་སྔ་མ་ལ་མི་འགྱུར་བའི་བདེ་བ་ཐོབ་པ་ཞིག་སྐྱེ་བ་འདིར་ཡང་〕མངལ་ནས་སྐྱེས་པའི་ དུས་ནས་བརྩམས་ཏེ་འཆི་བའི་མཐར་(ཡང་གནས་པར་)འགྱུར་རོ། །རྣམ་བཅུ་ནི་〔འོད་གསལ་ཕྱག་ རྒྱ་ཆེན་པོ་〕དེ་དུ་བ་ལ་སོགས་པ(མཚན་མ་བཅུ)འི་དབྱེ་བས་(དོན་དམ་པའི་)སྦྱིན་པ་ལ་སོགས་པའི་ཕ་ 3-1-460 རོལ་ཏུ་ཕྱིན་པ་སྟེ་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའི་ཞལ་འདིའོ། །ཞེས་པ་ནི་〔སྐུ་གསུང་ཐུགས་ ཡེ་ཤེས་ཀྱི་ཞལ་བཞི་ལས་〕ཡེ་ཤེས་ཀྱི་ཞལ་བཞི་པའོ། །ཞེས་པའི་དོན་ཏོ། །(མཚན་མ་བཅུ་ལ་སོགས་པ་སྟོང་ པ་ཉིད་ཀྱི་གཟུགས་བརྙན་ནོ་)དེ་ནི་(སྐུ་བཞི་པ་)ངོ་བོ་ཉིད་ཀྱི་སྐུའི་ཆོས་ཅན་ནོ་ཞེས་པ་ངེས་པའོ(འདིས་ནི་ དུ་བ་ལྟ་བུ་ལ་སོགས་པ་འོད་གསལ་སྟོང་གཟུགས་འདི་ཆོས་ཀྱི་དབྱིངས་དང་ཆོས་སྐུ་མ་ཡིན་པར་འདོད་པ་བསལ་བ་ཡིན་ནོ)། ༡༢༦ ། ༈ (བརྒྱད་པ་དམ་ཚིག་གི་འཁོར་ལོ་འདུས་པ་དང་དམ་ཚིག་གི་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་)དེ་ལྟར་སློབ་ མ་དབང་བསྐུར་བའི་དོན་དུ་ཕྱག་རྒྱའི་མཚན་ཉིད་རབ་ཏུ་བསྟན་ནས་〔རྣལ་འབྱོར་ཕོ་མོ་སྔགས་དང་ ཏིང་ངེ་འཛིན་གྲུབ་པ་རྣམས་ཀྱིས་〕ཚོགས་ཀྱི་འཁོར་ལོའི་སླད་དུ་བླ་མས་ངེས་པ་སྦྱིན་པར་བྱའོ། །དེ་ལ་ རིགས་སུམ་ཅུ་རྩ་དྲུག་གི་〔རྣལ་འབྱོར་མ་〕ལྷ་མོ་རྣམས་སྤྱན་དྲངས་བར་བྱ་སྟེ། ༈ དེ་ནས་(ཚོགས་ཀྱི་འཁོར་ལོའི་སྔོན་དུ་འགྲོ་བའི་བྱ་བ་ནི་)ཉིན་མོའི་དུས་སུ་(བྱིས་པ་)གཞོན་ནུ་(བུ་མོ་) དང་གཞོན་ནུ་མ་བཅུ་ལའོ་ཐུག་ལ་སོགས་པ་མངར་བའི་ཟས་ཀྱིས་སྟོན་མོ་བྱས་ཏེ་ཡོན་ཕུལ་ ནས་གཤེགས་སུ་གསོལ་བར་བྱའོ། ། ༈ དེ་ནས་(སྔ་དྲོ་དང་པོ་ནས་)ཆུ་ཚོད་བདུན་པ་ལ་དགེ་སློང་དང་དགེ་སློང་མའི་དགེ་འདུན་ མངར་བའི་ཁ་ཟས་ཤ་དང་བྲལ་བ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་སངས་རྒྱས་གཙོ་ བོར་བྱས་ནས་དགེ་འདུན་ལ་ཡོན་ཕུལ་ཏེ་འཕགས་པའི་དགེ་འདུན་ཆེན་པོ་གཙུག་ལག་ཁང་ དུ་གཞུག་པར་བྱའོ། ། ༈ དེ་ནས་སྐྱེ་བོ་དང་བྲལ་བའི་ཁྱིམ་བུག་པ་མེད་པར་〔དཔའ་བོ་དང་དཔའ་མོ་རྣམས་ཚོགས་ཀྱི་འཁོར་ ལོ་ཆོ་ག་བསམ་པར་བྱའོ་ཞེས་རྩ་མའི་འགྱུར་ལ་ཡོད〕ཚོགས་ཀྱི་འཁོར་ལོའི་ཆོ་གས་དཔའ་བོ་དང་དཔའ་ མོའི་དབང་ཕྱུག་མ་རྣམས་ཀྱི་གནས་རྣམས་བསམ་པར་བྱའོ། །(དེ་ཡང་འཁོར་ལོ་གསུམ་གྱི་སྡོམ་པའི་ དཀྱིལ་འཁོར་དང་མཐུན་པས་རྣལ་འབྱོར་མ་རྣམས་འགོད་པ་ནི་)འདིར་རྣལ་འབྱོར་པ་དང་རྗེས་སུ་མཐུན་པས་ 3-1-461 གཙོ་བོ་བླ་མ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ནི་དབུས་དང་ཕྱོགས་བཞི་ཡི་ཆར་རྣལ་ འབྱོར་མ་བཞི་རྣམས་ཏེ་〔དེ་ལ་སྙིང་པོའི་པད་མའི་གནས་ལ་〕དབུས་སུ་གཡུང་མོ་〔རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ མ་〕དང་ཤར་དུ་དམངས་རིགས་མོ་(སྒྲོལ་མ་)དང་ལྷོར་རྒྱལ་རིགས་མོ་(གོས་དཀར་མོ་)དང་བྱང་ དུ་བྲམ་ཟེ་མོ་(མཱ་མ་ཀཱི་)དང་ནུབ་ཏུ་རྗེ་རིགས་མ་(སྤྱན་མ་)སྟེ་ཚོགས་ཀྱི་གཙོ་བོ་(ཡབ་རིགས་)ལྔའི་ བདག་ཉིད་ཀྱི(རིག་མ)འོ། །འདི་རྣམས་ཀྱི་གདན་ནི་མིའི་ལྤགས་པ་དང་ཁྱིའི་ལྤགས་པ་དང་ རྟའི་ལྤགས་པ་དང་བ་ལང་གི་ལྤགས་པ་དང་གླང་བོ་ཆེའི་ལྤགས་པའོ། །དེ་ནས་གཉིས་པ་ནི་ ཕྱོགས་བྲལ་རྣམས་སུ་སྟེ་དབང་ལྡན་དུ་གཅི་བའི་སྣོད་〔དེས་གང་བ་〕དང་རླུང་དུ་བཤང་པའི་སྣོད་ 〔དེས་གང་བ་〕དང་བདེན་བྲལ་དུ་ཁྲག་གི་སྣོད་〔དེས་གང་བ་〕དང་མེར་རྐང་གི་སྣོད་〔རྐང་གིས་གང་བ་ཉིད་〕 དོ། །དེ་ནས་ཟླུམ་སྐོར་གཉིས་པ་ཐུགས་ཀྱི་འཁོར་ལོའི་གནས་ལ་ཤར་དུ་མཁར་བ་མཁན་མོ་ 〔སྒྲ་རྡོ་རྗེ་མ་〕དང་ལྷོར་འོད་མའི་གར་མཁན་མོ་(སྟེ་གཡུང་མོའི་གར་མཁན་མ་ཤིན་ཏུ་སྔོན་མོ)དང་བྱང་དུ་ནོར་ བུ་མཁན་མ་〔ཆོས་ཁམས་རྡོ་རྗེ་མ་〕དང་ནུབ་ཏུ་ཁྲོན་པ་མཁན་མ་(དྲག་སྤྱན་མ་)དང་མེར་ཐག་མཁན་ མ་(རེག་བྱ་རྡོ་རྗེ་མ་)དང་བདེན་བྲལ་དུ་ཆང་འཚོང་མ་(རོ་རྡོ་རྗེ་མ་)དང་དབང་ལྡན་དུ་གསེར་མཁན་ མ་(གཟུགས་རྡོ་རྗེ་མ་)དང་རླུང་དུ་(མེ་ཏོག་གི་)ཕྲེང་བ་མཁན་མ་(དྲི་རྡོ་རྗེ་མ་)སྟེ་རྣལ་འབྱོར་མ་བརྒྱད་ དོ། །འདི་རྣམས་ཀྱི་གདན་རྣམས་ནི་གྲངས་བཞིན་དུ་ལུག་གི་ལྤགས་པ་དང་འབྲོག་དགོན་ པའི་ཁྱི(སྟེ་སྤྱང་ཁྱི)འི་ལྤགས་པ་དང་རྔ་མོའི་ལྤགས་པ་དང་འདམ་སེང་གི་ལྤགས་པ་དང་རའི་ ལྤགས་པ་དང༌། རི་དྭགས་ཀྱི་ལྤགས་པ་དང་བོང་བུའི་ལྤགས་པ་དང་ཕག་གི་ལྤགས་པ་རྣམས་ སོ། །དེ་ནས་ཟླུམ་སྐོར་གསུམ་པ་གསུང་གི་འཁོར་ལོའི་གནས་ལ་ཤར་དུ་ཤ་འཚོང་མ་(ཙ་མུཎ་ ཌ་)དང་མེར་རྫ་མཁན་མ་(ཁྱབ་འཇུག་མ་)དང་ལྷོར་འཁུར་བ་མཁན་མ་(ཕག་མོ་)དང་བདེན་བྲལ་དུ་ སྨད་འཚོང་མ་(གཞོན་ནུ་མ་)དང་ནུབ་ཏུ་ཚེམ་བུ་མ་〔དབང་མོ་〕དང་རླུང་དུ་ཉ་བ་མོ་(ཚངས་མ་)དང་བྱང་ དུ་གར་མཁན་མ་(དྲག་མོ་)དང་དབང་ལྡན་དུ་བཙོ་བསླག་མཁན་མ་〔དཔལ་མོ་〕སྟེ་རྣལ་འབྱོར་མ་ 3-1-462 བརྒྱད་དོ། །འདི་རྣམས་ཀྱི་གདན་རྣམས་ནི་〔ཆུ་སྲིན་གྱི་བྱེ་ཕྲག〕ཀུམ་བྷཱི་རའི་ལྤགས་པ་དང་མགྲོན་ བུའི་ཕུང་པོ་དང་ཀར་ཀ་ཊ(ཀུ་ལཱི་ར)འི་རུས་པའི་ཕུང་བོ་དང་ཉ་སྐམ་པོ་དང་(ཆུ་སྲིན་)མ་ཀ་རའི་ ལྤགས་པ་དང་སྦལ་པའི་ལྤགས་པ་དང་རུས་སྦལ་གྱི་ཁོག་པ་དང་དུང་རྣམས་གྲངས་བཞིན་ ནོ། །དེ་ནས་ཟླུམ་སྐོར་བཞི་པ་སྐུའི་འཁོར་ལོའི་གནས་ལ་ཤར་དུ་ལྕགས་མཁན་མ་(ཤིན་ཏུ་ སྟོབས་མ་)དང་ལྷོར་རྒྱ་སྐྱེགས་མཁན་མ་〔རྨུགས་བྱེད་མ་〕དང་ནུབ་ཏུ་སྲིན་བལ་མཁན་མ་(རེངས་བྱེད་ མ་)དང་བྱང་དུ་ཏིལ་མར་མཁན་མ་(ཁེངས་བྱེད་མ་)དང་མེར་སྨྱུག་མ་མཁན་མ་(རྡོ་རྗེ་ལྕགས་སྒྲོག་མ་) དང་བདེན་བྲལ་དུ་ཤིང་མཁན་མ་(ཁྲོ་གཉེར་ཅན་མ་)དང་རླུང་དུ་ཀོ་ལྤགས་མཁན་མ་(འོད་ཟེར་ཅན་ མ་)དང་དབང་ལྡན་དུ་འདྲེག་མཁན་མ་སྟེ་(ཙུན་དཱ་སྟེ་)བརྒྱད་དོ། །འདི་རྣམས་ཀྱི་གདན་རྣམས་ ནི་བསེའི་ལྤགས་པ་དང་སྟག་གི་ལྤགས་པ་དང་དོམ་གྱི་ལྤགས་པ་དང་ནེའུ་ལེའི་ལྤགས་པ་ དང་འབྲིའི་ལྤགས་པ་དང་ལྕེ་སྤྱང་གི་ལྤགས་པ་དང་སྲམ་གྱི་ལྤགས་པ་དང་བྱི་ལིའི་ལྤགས་པ་ རྣམས་སོ། །དེ་ནས་ཟླུམ་སྐོར་ལྔ་པ་དུར་ཁྲོད་ཀྱི་གནས་ལ་ཤར་དུ་ཀླ་ཀློ་མ་(ཁྱི་གདོང་མ་)དང་ལྷོ་ རུ་འཕྱག་པ་མོ་(ཕག་གདོང་མ་)དང་ནུབ་ཏུ་གཏུམ་མོ་(ལྕེ་སྤྱང་གདོང་མ་)དང་བྱང་དུ་སྟག་གཟིག་མོ་ (སྟག་གདོང་མ་)དང་མེར་བསྙོན་ཐབས་མ་(བྱ་རོག་གདོང་མ་)དང་བདེན་བྲལ་དུ་རོ་བསྲེག་མ་(བྱ་རྒོད་ གདོང་མ་)དང་རླུང་དུ་བྷི་ལླཱི་(མཁའ་ལྡིང་གདོང་མ་)དང་དབང་ལྡན་དུ་རི་ཁྲོད་མ་(འུག་གདོང་མ་)སྟེ་རབ་ གཏུམ་མ་བརྒྱད་དོ། །འདི་རྣམས་ཀྱི་གདན་རྣམས་ནི་གོ་དྷཱའི་(ད་བྱིད་ཀྱི་)ལྤགས་པ་དང་བྱི་བའི་ ལྤགས་པ་དང་〔བྱི་ཙེ་སད་ཀྱི་བློ་གྲོས་སོགས་ཟེར་ཞིང་ཅོག་གྲུ་གླ་བ་ཟེར་ཏེ་སྨིག་པ་ཆེན་པོ་ཡིན་ནམ་ཡང་གསུང་བ་〕སཱ་ལི་ ཛཱ་ཏ་ཀའི་ལྤགས་པ་དང་སྤྲེ་བུའི་ལྤགས་པ་དང་རི་བོང་གི་ལྤགས་པ་དང་གཟུངས་མོ་བྱི་དུར་ གྱི་ལྤགས་པ་དང་ཨཱི་ཤུ་ཀ་པ་ཤུ〔ཤ་པ་བློ་གྲོས་སོགས་ཟེར་ཏེ་སྨིགས་པ་ཡིན་ནམ་གསུང་པ〕འི་ལྤགས་པ་དང་ རྩངས་པའི་ལྤགས་པ་རྣམས་སོ〔དེ་ལྟར་ཁྱབ་བྱའི་རིགས་སུམ་ཅུ་རྩ་དྲུག་ལ་གདན་གྱི་ངེས་པ་འདི་ནི་རྒྱ་དཔེ་ལ་སྐྱོན་མ་ ཞུགས་ན་དེ་དང་དེར་གཟུགས་ཡོངས་སུ་བསྒྱུར་བའི་དབང་གིས་སོ་ཞེས་གསུང་ངོ་〕། །ལྤགས་པ་འདི་རྣམས་མེད་ན་ 3-1-463 ཤར་དང་མེར་ཁྱིའི་ལྤགས་པ་དང་ལྷོ་དང་བདེན་བྲལ་དུ་རྟའི་ལྤགས་པ་དང་ནུབ་དང་རླུང་དུ་ གླང་པོའི་ལྤགས་པ་དང་བྱང་དང་དབང་ལྡན་དུ་བ་ལང་གི་ལྤགས་པ་སྟེ་དབུས་སུ་མིའི་ལྤགས་ པའོ། །དེ་ལྟར་གདན་རྣམས་བཀོད་ནས་རྣལ་འབྱོར་མ་རྣམས་བཞུགས་སུ་གསོལ་བར་བྱའོ། ། ལྤགས་པ་འདི་རྣམས་ཀྱི་སྡེར་སྦྱིན་པར་བྱ་སྟེ། དེ་བཞིན་དུ་སྐྱོགས་རྣམས་ནི་ཤར་དུ་ཉ་ཕྱིས་ ཀྱི་སྣོད་དེ་མེ་རུ་ཡང་དེ་བཞིན་ནོ། །ལྷོ་དང་བདེན་བྲལ་དུ་(ཤིང་ཐོག་)ནཱ་རི་ཀེ་ལའི་སྐྱོགས་དང་ ནུབ་དང་རླུང་དུ་ཁམ་ཕོར་དང་བྱང་དང་དབང་ལྡན་དུ་མིའི་ཐོད་པ་དང་དབུས་སུ་ཤིང་གི་སྣོད་ དོ། །དེ་ནས་ཆང་ལ་སོགས་པ་ཕུལ་ནས་བཟའ་བ་དང་བཅའ་བ་ལ་སོགས་པ་སྒྲོན་མ་དང་ བཅས་པ་〔དང་〕འཆད་པར་འགྱུར་བ་ཆུ་དང་མཆོད་ཡོན་ལ་སོགས་པ(འི་མཆོད་པ་)རྣམ་པ་བཅུ་ པོ་ཕུལ་ཏེ་མཎྜལ་བྱས་ནས་སློབ་མས་ལས་ཀྱི་རྡོ་རྗེ་ཅན་དང་ལྷན་ཅིག་ཏུ་མཆོད་པའི་རྫས་ དབུལ་བར་བྱའོ། །དེ་ལྟར་ན་ཚོགས་ཀྱི་འཁོར་ལོ་ལ་གནས་དང་རིགས་ངེས་པའོ། ། ༈ དེ་ནས་ལེའུ་ལྔ་པ་ནས་གསུངས་པའི་ཆོ་གས་〔གཅིག་ནས་གཅིག་ཏུ་རྒྱུ་བའི་〕ཀུན་ཏུ་སྤྱོད་པ་དང་ འཁྲིག་པ་ཡང་བྱའོ། །ཀུན་ཏུ་སྤྱོད་པ་དེ་ལ་ཤེས་རབ་ཡུམ་གྱི་ནང་ནས་ཚོགས་ཀྱི་གཙོ་མོ་དེ་ ནི་མཆོག་གི་ཡུམ་ཞེས་པ་〔རིགས་ཉམས་པའི་ཕྱིར་〕སྟེ་གཡུང་མོ་དང་གཏུམ་མོའོ། །ཚོགས་ཀྱི་འཁོར་ ལོ་ལ་ཐམས་ཅད་དུ་གནས་པའི་རྣལ་འབྱོར་མ་རྣམས་ཀྱི་(ནང་ནས་)སྤྱན་མ་ལ་སོགས་པ་བཞི་ (དང་རབ་གཏུམ་མ་བརྒྱད་)ནི་སྲིང་མོའོ། །སྒྲ་རྡོ་རྗེ་མ་ལ་སོགས་པ་དྲུག་དང་སྔོན་མོ་དང་དྲག་སྤྱན་ མ་གཉིས་ནི་སྲིང་མོའི་བུ་མོ་རྣམས་སོ། །ཕྱུགས་ཀྱི་སྐྱེ་བོ་〔ལ་〕འཇིགས་སྟེར་ཙར་ཙི་ཀཱ་སོགས་ བརྒྱད་ནི་ཡང་ཚ་མོའོ། །(ཤིན་ཏུ་སྟོབས་མ་ལ་སོགས་པ་ཁྲོ་མོ་ལྷག་མ་བརྒྱད་ནི་ཡང་ཚའི་བུ་མོ་སྟེ་དེ་ལྟར་རྣལ་འབྱོར་མ་ སུམ་བཅུ་རྩ་དྲུག་པོ་)འདི་རྣམས་ནི་འཁོར་ལོ་ལ་གནས་པ་དུས་ཀུན་དུ་ནི་ཀུན་ཏུ་སྤྱོད་པས་གནས་ པ་རང་རིགས་ས་ལ་གནས་པ་རྣམས་ཏེ་རྣལ་འབྱོར་པ་ཡིས་བསྟེན་པར་བྱའོ། །གནས་དང་ 〔ཉེ་བའི་གནས་〕ཞིང་དང་〔འདུན་པ་དང་ཉེ་བའི་འདུན་པ་〕འདུས་པ་དང་〔ཉེ་བའི་འདུས་པ་〕དུར་ཁྲོད་(དང་ཉེ་བའི་ 3-1-464 དུར་ཁྲོད་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་)དེ་ས་བཅུ་གཉིས་ལ་གནས་པ་རྣམས་བསྟེན་པར་བྱ་ཞིང་ སྐྱེ་བོ་དང་བཅས་པ་གྲོང་གི་དབུས་དང་ཚོགས་ཀྱི་འཁོར་ལོ་དང་ཕྱི་རོལ་སྐྱེ་བོ་མེད་པར་ནམ་ ཡང་འདོར་བར་མི་བྱའོ། །ཞེས་པ་ནི་ངེས་པའོ། ༡༢༧ ། གཅེར་བུ་གོས་དང་བྲལ་ཞིང་སྐྲ་གྲོལ་བ་ལག་ན་གྲི་གུག་དང་ཐོད་པ་ཅན་དེ་རྣམས་ ཐམས་ཅད་(གཅིག་ནས་གཅིག་ཏུ་)ཡང་དག་པར་རྒྱུའོ། ། ༈ དེ་བཞིན་དུ་དཔལ་ལྡན་རྡོ་རྗེ་ཅན་ནི་སློབ་དཔོན་ཏེ་གཡུང་པོའོ། །དཔལ་ལྡན་ཡབ་ དེ་ཉིད་ནི་གཏུམ་པོ་སྟེ་གཙོ་བོ་ཉིད་ཀྱི་ཕྱིར་དང་གཡུང་མོ་དང་གཏུམ་མོའི་ལྷག་མ་ཟ་བ་དང་ དེ་དང་འཁྲིག་པ་བྱེད་པའི་ཕྱིར་རོ། །དེ་ལྟར་རིགས་རྣམ་པར་དག་པས་རྣལ་འབྱོར་པ་རྣམས་ ཀྱི་རང་གི་མ་ལ་སོགས་པ་དང་རིགས་ལས་སྐྱེས་པ་རང་གི་སར་འོངས་པ་རྣམས་དོར་བར་མི་ བྱ་ཞིང་དེ་ལ་ངོ་ཚ་བར་མི་བྱའོ། །དེ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱིས་(ཀྱང་)དཔལ་ལྡན་རྡོ་ རྗེ་ཅན་ནི་དཔལ་ལྡན་ཡབ་སྟེ་སྲིད་གསུམ་སྐྱེད་མཛད་རྡོ་རྗེ་སེམས་དཔའ་བཞིན་དུ་བལྟ་བར་ བྱའོ། །སངས་རྒྱས་ཐམས་ཅད་མིང་པོ་སྟེ་དམངས་རིགས་ལ་སོགས་པ་(སངས་རྒྱས་བཞི་)དང་ འཕྱག་པ་ལ་སོགས་པ་(གཏུམ་མོ་བརྒྱད་)རྣམས་སོ(འཕྱག་པ་ལ་སོགས་བརྒྱད་པོ་འདི་ཡང་ཚའི་བུའི་ཚན་པར་ གཏོགས་སམ་སྙམ་སྟེ་འདིར་རྒྱ་དཔེའི་སྐྱོན་མ་ཡིན་ན་མིང་པོའི་ཚན་པར་བྱུང་འདུག་པ་སྔར་བསྟན་པ་རྣལ་འབྱོར་མའི་སྐབས་ སུ་ཡང་འདི་དང་འདྲ་བར་ཤེས་དགོས་སོ)། །མིག་(གཞན་པའི་སྙིང་པོ་)ལ་སོགས་པ་(དྲུག་དང་གནོད་མཛེས་གཙུག་ གཏོར་)རྣམས་ནི་ཚ་བོ་སྟེ་མཁར་བ་མཁན་མ་ལ་སོགས་པ་〔དྲུག་དང་འོད་མའི་གར་མཁན་དང་ཁྲོན་པ་མཁན་〕རྣམས་སོ། །ཡང་ཚ་རྣམས་ནི་〔སྲིན་པོ་ལ་སོགས་པ་〕བརྒྱད་དེ་ཤན་པ་ལ་སོགས་པའོ། །ཡང་ཚའི་ བུ་ནི་ལྕགས་མཁན་(ཤིན་ཏུ་སྟོབས་)ལ་སོགས་པ་(ཁྲོ་བོ་ལྷག་མ་བརྒྱད་པོ་)རྣམས་ཏེ་(དེ་ལྟར་རྣལ་འབྱོར་མ་ སུམ་ཅུ་རྩ་དྲུག་པོ་)སྐྱེ་བོ་དང་བཅས་པ་དང་སྐྱེ་བོ་མེད་པར་རྣལ་འབྱོར་མ་རྣམས་ཀྱིས་དོར་བར་མི་ བྱའོ། །(རྣལ་འབྱོར་ཕོ་མོ་)ཕན་ཚུན་སེམས་རྣམ་པར་དག་པའི་ངེས་པའོ། ༡༢༨ ། 3-1-465 ༈ ཚོགས་ཀྱི་འཁོར་ལོ་དེ་ལ་〔ཤིན་ཏུ་འདོད་པའི་སྦྱིན་པར་〕བུད་མེད་ཟླ་བའི་བཞིན་དང་ཨུད་ པལ་མིག་ཅན་མཆོག་གི་དྲི་ཡིས་རྗེས་སུ་བྱུགས་པ་གང་སུ་དག །བསོད་ནམས་དག་གི་རྒྱུ་རུ་ (ལུས་ངག་ཡིད་)དག་པ་གསུམ་གྱིས་སློབ་དཔོན་དཔའ་བོ་དང་བཅས་པ་ལ་རྡོ་རྗེའི་མཆོད་པར་ འབུལ་བྱེད་ན་(གཞན་དག་ལ་)ས་གཞི་སྦྱིན་དང་གླང་པོ་རྟ་དང་ཤིང་རྟ་དུ་མའི་བུ་མོ་རབ་ཏུ་སྦྱིན་ ལས་བསོད་ནམས་གང་ཞིག་(ཐོབ་པར་)འགྱུར་བའི་བསོད་ནམས་དེ་རྣམས་ཐམས་ཅད་(དང་ མཉམ་)རྣལ་འབྱོར་མ་(ཚོགས་ཀྱི་འཁོར་ལོ་འབུལ་བ་)དེ་ལ་(འོང་བར་)འགྱུར་རོ། །མི་བདག་ཅེས་པ་ནི་ བོད་པའོ། །མཁར་གནས་ཟླ་བ་ཉི་མའི་མཚམས་སུ་སྟེ་〔བསོད་ནམས་〕མི་ཟད་པར་(འགྱུར་)ཞེས་ པའི་དོན་ཏོ། ༡༢༩ ། ༈ ད་ནི་སྒྲོལ་མ་ཞེས་པ་ལ་སོགས་པས་དམངས་རིགས་ལ་སོགས་པའི་རིགས་རྣམས་ སྒྲོལ་མ་ལ་སོགས་པའི་རིགས་རྣམས་སུ་གསུངས་ཏེ་མིའི་འཇིག་རྟེན་འདིར་ལས་ཀྱི་རྗེས་སུ་ མཐུན་པས་རིགས་(དུ་མར་གྲགས་)སོ། །དེ་ལ་དམངས་རིགས་རྣམ་པ་བཞི་སྟེ་ས་གཞི་རྨོ་བ་ དང་བ་ལང་སྐྱོང་བ་དང་འཇིམ་པའི་ལས་བྱེད་པ་དང་ཁྱིམ་ལ་སོགས་པའི་གནས་བྱེད་པ་སྟེ་དེ་ བཞིན་དུ་སྒྲོལ་མ་དམངས་མོ་རྣམ་པ་བཞི་རུ་ས་ཡི་སྟེང་དུ་འགྱུར་རོ། །གོས་དཀར་མོ་ནི་རྒྱལ་ རིགས་རྣམ་པ་བཞི་སྟེ་རྒྱལ་རིགས་ཀྱི་ཆོས་ཀྱིས་རྐང་ཐང་དང་རྟ་ལ་ཞོན་པ་〔སྟེ་རྟ་འདུལ་བ་〕དང་ གླང་པོ་ཆེ་ལ་ཞོན་པ་(སྟེ་གླང་བོ་ཆེ་འདུལ་བ་)དང་ཤིང་རྟ་ལ་ཞོན་པ་(ཤིང་རྟའི་འཁོར་ལོ་བསྒྱུར་བ)འོ། །ས་ སྟེ་སྤྱན་མ་ནི་རྗེ་རིགས་མ་རྣམས་ཏེ་རྗེ་རིགས་ཀྱི་ཆོས་ལས་རྣམ་པ་གསུམ་ནི་ཚོང་པ་དང་ཡིག་ མཁན་དང་སྨན་པའོ། །མཱ་མ་ཀཱི་ནི་གཉིས་སྐྱེས་སྐྱེ་བོའི་(བྲམ་ཟེའི་)རིགས་(ལས་)སྐྱེས་(པ་)བྲམ་ ཟེ་མོ་སྟེ་གཉིས་སྐྱེས་ཀྱི་ཆོས་ལས་རྣམ་པ་བདུན་ནི་ངེས་བརྗོད་ཀྱི་ཡལ་ག་དང་མཆོད་སྦྱིན་གྱི་ ཡལ་ག་དང་སྙན་ངག་གི་ཡལ་ག་དང་སྲིད་སྲུང་གི་ཡལ་ག་དང་ནགས་ན་རབ་ཏུ་གནས་པ〔བྲམ་ ཟེ〕འི་ཆུང་མ་དང་བདག་པོ〔ལས་གཞན་མི་གཡོམ་པའི་བརྟུལ་ཞུགས་འཛིན་པའི་བྲམ་ཟེ〕འི་ཆུང་མ་དང་གྲོལ་བའི་ 3-1-466 ཆུང་མ་སྟེ་རྣམ་པ་བདུན་ནོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ་ནི་(ཐུགས་ཀྱི་འཁོར་ལོའི་གནས་ལ་ཤར་གྱི་)འཁར་ བ་མཁན་མ་དང་རོ་རྡོ་རྗེ་མ་ནི་(བདེན་བྲལ་གྱི་)ཆང་འཚོང་མ་དང་གཟུགས་རྡོ་རྗེ་མ་ནི་(དབང་ལྡན་གྱི་)གསེར་མཁན་མ་དང་༡༣༠ དྲི་རྡོ་རྗེ་མ་ནི་(རླུང་མཚམས་ཀྱི་)ཕྲེང་བ་མཁན་མ་དང་རེག་བྱ་རྡོ་རྗེ་མ་ ནི་(མེ་མཚམས་ཀྱི་)ཐགས་མཁན་མ་དང་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་ནི་(བྱང་)ནོར་བུ་མཁན་མ་དང་ དྲག་སྤྱན་མ་ནི་(བྱང་གི་)ཁྲོན་པ་མཁན་མ་དང་ཤིན་ཏུ་སྔོན་མོ་ནི་(ལྷོའི་)འོད་མའི་གར་མཁན་མ་ སྟེ་གཡུང་པོའི་〔རིགས་ཅན་〕གར་མཁན་མའོ། །དེ་བཞིན་དུ་ཙཱ་མུཎཌཱ་ནི་(གསུང་གི་འཁོར་ལོའི་གནས་ ལ་ཤར་གྱི་)ཤ་འཚོང་མ་དང་ཁྱབ་འཇུག་མ་ནི་(མེ་མཚམས་ཀྱི་)རྫ་མཁན་མ་དང་ཕག་མོ་ནི(ལྷོའི་) འཁུར་བ་མཁན་མ་དང་གཞོན་ནུ་མ་ནི་(བདེན་བྲལ་)སྨད་འཚོང་མ་དང་དབང་མོ་ནི་(ནུབ་ཀྱི་)ཚེམ་ བུ་མ་དང་༡༣༡ ཚང་མ་ནི་(རླུང་མཚམས་)ཉ་བ་མ་དང་དྲག་མོ་ནི་(བྱང་གི་)གར་མཁན་མ་དང་ དཔལ་མོ་ནི་(དབང་ལྡན་གྱི་)བཙོ་བསླག་མཁན་མ་སྟེ་བརྒྱད་དོ། །དེ་བཞིན་དུ་རྨུགས་བྱེད་མ་ནི་ (སྐུའི་འཁོར་ལོའི་གནས་ལ་ལྷོའི་)རྒྱ་སྐྱེགས་མཁན་མ་དང་རེངས་བྱེད་མ་ནི་(ནུབ་)སྲིན་བལ་མཁན་མ་ དང་ཁེངས་མ་ནི་(བྱང་གི་)ཏིལ་མར་{འཚིར}མ་དང་ཤིན་ཏུ་སྟོབས་མ་ནི་(ཤར་གྱི་)ལྕགས་མཁན་ མ་དང་༡༣༢ འོད་ཟེར་ཅན་ནི་(རླུང་མཚམས་ཀྱི་)ཀོ་ལྤགས་མཁན་མ་དང་ཁྲོ་གཉེར་ཅན་ནི་(བདེན་ བྲལ་གྱི་)ཤིང་མཁན་མ་དང་ཙུན་དཱ་ནི་(དབང་ལྡན་གྱི་)འདྲེག་མཁན་མ་དང་རྡོ་རྗེ་ལྕགས་སྒྲོག་མ་ནི་ (མེ་མཚམས་ཀྱི་)སྨྱུག་མ་མཁན་མ་སྟེ་བརྒྱད་ནི་ཁྲོ་བོའི་རིགས་ཅན་རྣམས་སོ། ༡༣༣ ། ཁྱི་གདོང་མ་ནི་(དུར་ཁྲོད་ཀྱི་གནས་ལ་ཤར་གྱི་)ཀླ་ཀློ་མ་དང་ཕག་གདོང་མ་ནི་(ལྷོའི་)འཕྱག་པ་མོ་ དང་ལྕེ་སྤྱང་གདོང་མ་ནི་(ནུབ་ཀྱི་)གཏུམ་མོ་དང་སྟག་གདོང་མ་ནི་(བྱང་གི་)སྟག་གཟིག་མ་དང་ བྱ་རོག་གདོང་མ་ནི་(མེ་མཚམས་ཀྱི་)བསྙོན་ཐབས་མ་དང་བྱ་རྒོད་གདོང་མ་ནི་(བདེན་བྲལ་གྱི་)རོ་ བསྲེག་མ་དང་མཁའ་ལྡིང་གདོང་མ་ནི་(རླུང་མཚམས་ཀྱི་)བྷིལླཱི་དང་འུག་གདོང་མ་ནི་(དབང་ལྡན་གྱི་) རི་ཁྲོད་མ་སྟེ་བརྒྱད་ནི་རབ་གཏུམ་མའོ། ༡༣༤ ། 3-1-467 དེ་ལྟར་ན་སུམ་ཅུ་རྩ་དྲུག་རིགས་ཀྱི་དབྱེ་བས་ས་གཞིའི་གནས་སུ་རྣལ་འབྱོར་མ་རྣམས་ དག་གི་རིགས་རྣམས་ཏེ། །ཞིང་དང་གནས་དང་ཉེ་བའི་གནས་དང་ཡུལ་དང་གྲོང་མཆོག་〔དང་〕དཔལ་ལྡན་ནགས་སུ་ཡང་དག་གནས་རྣམས་ཀྱིས། །རྨོངས་པ་རྣམས་ནི་འཆིང་བར་བྱེད་ ཅིང་རབ་མཆོག་སའི་སྟེང་དུ་རྣལ་འབྱོར་རྣམས་ལ་དངོས་གྲུབ་སྟེར་ཞེས་པའོ། །སླར་ཡང་ འདི་རྣམས་ཀྱི་དབྱེ་བ་ནི་བཞི་ནི་དམངས་རིགས་མོ་(སྒྲོལ་མ་)ལ་སོགས་པའོ། །དྲུག་ནི་སྒྲ་རྡོ་ རྗེ་མ་ལ་སོགས་པའོ། །དེ་བཞིན་བརྒྱད་ནི་ཙར་ཙི་ཀཱ་ལ་སོགས་པའོ། །བཅུ་ནི་ཁྲོ་བོའི་དབྱེ་ བ་རྣམས་(བཅུ་པོ་)ཏེ་དེ་དག་ལས་(དྲག་སྤྱན་མ་དང་ཤིན་ཏུ་སྔོན་མོ་)གཉིས་ནི་སྒྲ་ལ་སོགས་པ་(དྲུག་པོ་)རྣམས་ལ་རབ་ཏུ་ཞུགས་(ནས་ཐུགས་ཀྱི་དཀྱིལ་འཁོར་ལ་བརྒྱད་དུ་གནས་)སོ། །ནོར་ནི་བརྒྱད་གྱི་དབྱེ་ བས་ཏེ་ཁྱི་གདོང་མ་ལ་སོགས་པ་རྣམས་སོ(〔གཅིག་པུ་གཅིག་ནི་རིམ་པས་སོ་ཞེས་པ་ནི་མཐར་སྐྱེས་མ་སྟེ་ཁྱབ་ པར་བྱེད་པ་སུམ་ཅུ་རྩ་བདུན་མའོ〕། ༡༣༥ ། ༈ (རྣལ་འབྱོར་པ་དམ་པ་རིགས་ལྔའི་)དེ་བཞིན་དུ་〔རྣལ་འབྱོར་པ་ལ་ཡང་དམངས་རིགས་ལ་སོགས་པ་〕བཞི་ ནི་སངས་རྒྱས་ཀྱི་དབྱེ་བ་རྣམས་སོ། །(འཁར་བ་མཁན་ལ་སོགས་པ་)དྲུག་ནི་བྱང་ཆུབ་སེམས་དཔའི་ རབ་ཏུ་དབྱེ་བ་རྣམས་སོ། །ཡི་དྭགས་རྣམས་ནི་(ཤན་པ་ལ་སོགས་པ་)བརྒྱད་ཀྱི་དབྱེ་བའོ། །ཁྲོ་བོ་ རྣམས་(ལྕགས་མཁན་ལ་སོགས་པ་)ནི་བཅུ(བཅུ)འོ། །ལྷ་མིན་(ཀླ་ཀློ་ལ་སོགས་པ་)རྣམས་ནི་བརྒྱད་(པོ་དེ་ དག་)ཀྱི་དབྱེ་བ་སྟེ་གདེངས་ཅན་(ཀླུའི་)སྲིད་པར་གནས་རྣམས་(སོ)ཞེས་པ་ནི་རྣལ་འབྱོར་པ་ རྣམས་ཀྱི་དབྱེ་བ་སུམ་ཅུ་རྩ་དྲུག་སྟེ་རྣལ་འབྱོར་པ་ཡིས་རིག་པར་བྱའོ། །གཅིག་པུ་གཅིག་ནི་ སྣ་ཚོགས་གཙོ་བོ་སྟེ་སྲིད་གསུམ་གནས་སུ་དཔལ་ལྡན་རིགས་(སུམ་ཅུ་རྩ་དྲུག་པོ་)རྣམས་དག་གི་ ཁྱབ་བྱེད་དེ་སུམ་ཅུ་རྩ་བདུན་པའོ། ༡༣༦ ། ༈ (དེ་རྣམས་གང་ནས་བཞུགས་པ་ནི་)དེ་བཞིན་དུ་ས་འོག་(ཀླུའི་སྲིད་པ་)རྣམས་སུ་གཏུམ་མོ་བརྒྱད་ དེ་ཁྱི་གདོང་མ་ལ་སོགས་པ་རྣམས་(བཞུགས་)སོ། །མིའི་འཇིག་རྟེན་ཕྱོགས་བཅུའི་དཀྱིལ་ 3-1-468 འཁོར་ལ་ནི་ཁྲོ་སྐྱེས་རྣམས་〔བཞུགས་〕སོ། །ཡི་དྭགས་ཞེས་བྱ་བ་(ཙར་ཙི་ཀ་ལ་སོགས་པ་)བརྒྱད་ནི་ཡི་ དྭགས་འཇིག་རྟེན་དུ་〔བཞུགས་〕སྟེ་ལྷ་མཆོག་གནས་སུ་སྒྲའི་རྡོ་རྗེ་ལ་སོགས་དྲུག་〔བཞུགས་〕ཅེས་ པ་(ལྷ་མཆོག་གནས་)ནི་འདོད་པ་ན་སྤྱོད་པ་དྲུག་གོ། ཚངས་པའི་ཡུལ་སར་དཔལ་ལྡན་(ཡུམ་)བཞི་ སྟེ་ཚངས་རིས་ལ་སོགས་པའི་གཟུགས་ཅན་ཟད་པར་ས་〔དང་〕ལ་སོགས་པ་(ཆུ་དང་མེ་དང་རླུང་) བསྒོམ་པ་རྣམས་(ལ་བཞུགས་)སོ། །(ཟད་པར་སྟོང་པར་བསྒོམ་པ་)གཟུགས་མེད་པ་རྣམས་(ལ་)ནི་སྟོང་ པའི་ཁམས་(གཞན་རྡོ་རྗེ་དབྱིངས་ཕྱུག་མ་བཞུགས་ཏེ་དེ་ལྟར་དེ་དག་ནི་སྲིད་པའི་གྲོང་དུ་བཞུགས་པ་རྣམས)སོ། །རབ་ མཆོག་ཞི་བའི་གྲོང་དུ་ཡུམ་གཅིག་མ་(བཞུགས་པ)ནི་ཡེ་ཤེས་ཀྱི་ཁམས་ཏེ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་མའོ། །འདི་རྣམས་(བྱ་བ་གང་མཛད་ན་)རབ་ཏུ་ཁྲོས་པའི་ཞལ་རྣམས་ཀྱིས་(ནི་)སྣ་ཚོགས་ཏེ་ ལུས་ཡང་དག་(འཆི་བར་)སྡུད་(པ་སྟེ་)བྱེད་(ཅིང་)དགྱེས་པ་རྣམས་ཀྱིས་ནི་(ལུས་བདེ་བ་ཆེན་པོར་)སྐྱོང་ བར་བྱེད་པ་〔རྣམ་རྟོག་ལ་ཁྲོ་ཞིང་མི་རྟོག་པ་ལ་དགྱེས་པ་〕ཉིད་དོ་ཞེས་པ་ནི་རྣལ་འབྱོར་མའི་རིགས་ངེས་ པའོ། ༡༣༧ ། ༈ ད་ནི་བུ་མོ་ཞེས་པ་ལ་སོགས་པས་རྣལ་འབྱོར་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའི་དངོས་ གྲུབ་ཀྱི་དོན་དུ་རྡོ་རྗེ་མཆོད་པའི་ངེས་པ་གསུངས་ཏེ་འདིར་དབེན་པར་ཚོགས་ཀྱི་འཁོར་ལོ་ འམ་སྐྱེ་བོ་མེད་པར་བསྒོམ་པའི་དུས་སུ་བུ་མོ་(དང་)རྒན་མོ་(དང་)དར་མ་རྣམས་སམ་ལུས་ ནི་དྲི་མ་དང་བཅས་པ་འམ་བྲམ་ཟེ་མོའམ་རྒྱལ་རིགས་མོ་འམ་རྗེ་མོ་འམ་དམངས་མོའམ་ མཐར་སྐྱེས་མའམ་མིག་དང་ལག་པ་དང་བྲལ་བའམ་རྣ་བ་ཆད་པའམ་སྣ་ཆད་པའམ་མཆུ་ ཆད་པའམ་ཞེས་པ་ལ་སོགས་པ་ཡན་ལག་མ་ཚང་བ་རྣམས་ཏེ(གདོད་ནས་འདོད་པ་མི་མྱོང་)། མཐའ་དག་ནི་བྱང་ཆུབ་〔བདེ་བ་ཆེན་པོའི་〕རྒྱུ་རུ་(དམན་པ་ལ་བརྩེ་བ་)མཆོག་གི་སྙིང་རྗེས་ཤེས་ རབ་(སྟོང་གཟུགས་བརྟན་པ་)དང་ཐབས་(ཐིག་ལེ་འཕོ་མེད་)ཀྱི་བདག་ཉིད་ཀྱི་རྣལ་འབྱོར་གྱིས་བསྟེན་ པར་བྱ་སྟེ་(དེ་ནི་ལས་དང་པོ་པའི་ཡུལ་མ་ཡིན་གྱི་)སློབ་དཔོན་ནམ་རྣལ་འབྱོར་པ་དྲི་མ་དག་དང་རྣམ་ 3-1-469 པར་བྲལ་ཏེ་ཁེངས་པ་ལ་སོགས་པའི་སྐྱོན་ལས་གྲོལ་ཞིང་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པ་ ཆགས་པ་དང་ཕྱི་རོལ་དང་ཁྱིམ་གྱི་འཆིང་བ་ཐམས་ཅད་ལས་གྲོལ་བ་རྣམས་ཀྱིས་སོ་ཞེས་པ་ ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། ༡༣༨ ། ༈ ད་ནི་དང་པོར་ཞེས་པ་ལ་སོགས་པས་རྡོ་རྗེའི་མཆོད་པ་ལ་ཕྱག་རྒྱ་བཞིའི་མིང་གསུངས་ ཏེ་འདིར་དམ་ཚིག་འདུས་པ་ལ་〔ཕྱག་རྒྱའི་〕མིང་རྣམ་པ་བཞི་ནི་དང་པོར་ཤེས་རབ་བུད་མེད་གང་ ཡིན་པ་དེ་ནི་གསང་བའི་ཕྱག་རྒྱར་བརྗོད་དོ། །དམ་ཚིག་དཔལ་ལྡན་སྐྱེས་པ་སྟེ་རྣལ་འབྱོར་ པ་ཐབས་ནི་མཆོག་གི་ཕྱག་རྒྱར་འགྱུར་རོ། །དེ་དག་འདུས་པའི་རྩེད་མོ་ལ་ཙུམ་པ་ན་〔འོ་བྱེད་པ་〕ལ་སོགས་པ་ནི་ལས་ཀྱི་ཕྱག་རྒྱར་ཞེས་བརྗོད་དོ། །དབང་པོ་གཉིས་ཀྱི་སྦྱོར་བའི་བདེ་མཉམ་ ཆོས་ཀྱི་ཕྱག་རྒྱར་བརྗོད་དེ་དམ་ཚིག་གི་སྐད་རྣམ་པ་བཞི་པོ་འདི་ནི་(ཐམས་ཅད་དུ་མ་ཡིན་གྱི་)རྡོ་ རྗེའི་མཆོད་པ་ལ་གསུངས་སོ། ། ༈ ད་ནི་ཕོ་ཉ་མོ་རྣམས་ཞེས་པ་ལ་སོགས་པས་ཕོ་ཉ་མོ་རྣམས་ཀྱི་ལུས་སམ་སྐྱེ་གནས་ ལ་དྲིའི་མཚན་ཉིད་(ལས་རིགས་ཀྱི་དབྱེ་བ་)གསུངས་པ་འདིར་ཕོ་ཉ་མོ་རྣམས་དག་གི་དྲི་ལྔ་ལུས་ ལ་གནས་པའམ་པད་མ་ལ་གནས་པར་འགྱུར་ཏེ་(དེ་དག་ཇི་ལྟ་བ་)དེ་བཞིན་དུ་(ཕོ་ཉ་མོ་)དེ་རྣམས་ ཀྱི་རིགས་རྣམ་པ་ལྔ་རུ་འགྱུར་རོ། །དེ་ལ་རང་བཞིན་ནི་ནམ་མཁའ་ལ་སོགས་པ་སྟེ་དེའི་ཡོན་ ཏན་གྱི་དབང་གིས་(དྲི་ལྔ་ནི་ནམ་མཁའི་དབང་གིས་)གླ་རྩིའི་དྲི་དང་(རླུང་གི་དབང་གིས་)པད་མའི་དྲི་དང་ གཅི་བའི་(མེའི་དབང་གིས་)དྲི་དང་ཉའི་(ཆུའི་དབང་གིས་)དྲི་དང་(སའི་དབང་གིས་)རྣག་གི་དྲིའོ། ༡༣༩ ། (དེ་རྣམས་)གྲངས་བཞིན་དུ་དཔལ་ལྡན་བཟང་མོ་(ནམ་མཁའ་གཞན་)དང་པད་མ་ཅན་མ་(རླུང་ གཞན་)དང་དུང་ཅན་མ་(མེ་གཞན་)དང་སྣ་ཚོགས་མ་(ཆུ་གཞན་)དང་གླང་ཆེན་མ་(ས་གཞན་རྣམས་ཀྱི་ རིགས་གཞན་)སྟེ་འདི་རྣམས་གླ་རྩི་ལ་སོགས་པའི་དྲིར་རིམ་པ་བཞིན་དུ་འགྱུར་རོ། །(དེ་ལ་)དཔལ་ ལྡན་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་དཔལ་ལྡན་ཤིན་ཏུ་བཟང་མོའོ། །སྒྲོལ་མ་ 3-1-470 ནི་པད་མ་ཅན་མ་དང་གོས་དཀར་མོ་ནི་དུང་ཅན་མ་དང་མཱའ་མ་ཀཱི་ནི་སྣ་ཚོགས་མ་དང་སྤྱན་ མ་ནི་གླང་ཆེན་མོའོ། །དེ་བཞིན་དུ་རྣལ་འབྱོར་པ་ཡང་རྣམ་པ་ལྔ་(གླ་རྩིའི་དྲི་དང་ལྡན་པ་)སྟེ་སེང་གེ་ (སྟེ་རྣམ་ཤེས་གཞན་)དང་(པད་མའི་དྲི་དང་ལྡན་པ་དང་)རི་དྭགས་(ཏེ་འདུ་བྱེད་གཞན་)དང༌། 〔གཅི་བའི་དྲི་དང་ལྡན་ པ་〕རྟ་(སྟེ་ཚོར་བ་)དང་(ཉའི་དྲི་དང་ལྡན་པ་)ཁྱུ་མཆོག་(སྟེ་འདུ་ཤེས་གཞན་)དང་〔རྣག་གི་དྲི་དང་ལྡན་པ་〕གླང་པོ་ ཆེ་སྟེ་(ཞེས་པ་གཟུགས་གཞན་ནམ་མཆོག་)རིགས་ཀྱི་དབྱེ་བ་ལས་སོ། །(དེ་ལ་)མི་བསྐྱོད་པ་ནི་སེང་གེ་ དང་དོན་ཡོད་གྲུབ་པ་ནི་རི་དྭགས་དང་རིན་ཆེན་འབྱུང་ལྡན་ནི་རྟ་དང་སྣང་བ་མཐའ་ཡས་ནི་ ཁྱུ་མཆོག་དང་རྣམ་པར་སྣང་མཛད་ནི་གླང་པོ་ཆེའོ། །དེའི་ཕྱིར་སྔ་མ་(རྣལ་འབྱོར་མ་ལ་བཤད་པ་དེ་) བཞིན་དུ་(འདིར་རྣལ་འབྱོར་པ་ལ་)དྲིའི་ངེས་པ་དང་རིགས་ཀྱི་ངེས་པའོ། ༡༤༠ ། ༈ ད་ནི་ཡན་ལག་ཕྲ་ཞེས་པ་ལ་སོགས་པས་(ཕོ་ཉ་མོ་དེ་རྣམས་ཀྱི་)ལུས་ཀྱི་མཚན་ཉིད་ གསུངས་པ་འདིར་ཤིན་ཏུ་བཟང་མོ་(གླ་རྩིའི་དྲི་དང་ལྡན་པ་)ནི་ཡན་ལག་ཕྲ་ལྡན་སྐྲ་རྣམས་ཕྲ་ཞིང་ རྐང་ལག་འཇམ་ལ་སེམས་ཅན་ལ་མཉེས་གཤིན་ཞེས་པ་སྟེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ མ(འི་རིགས་ཅན་མ)འོ། །དེ་བཞིན་དུ་(པད་མའི་དྲི་དང་ལྡན་པ་ནི་ལུས་)ཅུང་ཟད་ཕྲ་བ་དང་ལྡན་ལ་ཅུང་ ཟད་རིང་ཞིང་མིག་ནི་གཡོ་བ་མེད་ལ་སྐྲ་ནི་འཁྱོག་པ་པད་མ་ཅན་ཞེས་པ་སྟེ་སྒྲོལ་མ〔འི་རིགས་ ཅན་མ〕འོ། །དེ་བཞིན་དུ་(གཅི་བའི་དྲི་དང་ལྡན་པ་)ངོ་ཚ་མེད་ཅིང་འདོད་པ་དྲག་ལ་རྩོད་མང་ལ་དགའ་ སྐྲ་ནི་ཤིན་ཏུ་ཆུང་བ་དུང་ཅན་མ་ཞེས་པ་སྟེ་གོས་དཀར་མོ〔འི་རིགས་ཅན་མ〕འོ། །རིང་ཞིང་(ཉའི་དྲི་དང་ ལྡན་པ་ནི་)ཡན་ལག་ཐམས་ཅད་རྫོགས་ལ་ངེས་པར་ཡང་བའི་ཡུལ་དང་སྐྲ་ནི་རིང་བ་སྣ་ཚོགས་ མ་ཞེས་པ་སྟེ་མཱ་མ་ཀཱི〔འི་རིགས་ཅན་མ〕འོ། ༡༤༡ ། དེ་བཞིན་དུ་(རྣག་གི་དྲི་དང་ལྡན་པ་ནི་ལུས་)སྦོམ་ཞིང་ཐུང་ལ་ཡན་ལག་བརྟན་ལྡན་ཤིན་ཏུ་སྲ་ བའི་ཡུལ་དང་སྐྲ་ནི་སྦོམ་པ་གླང་ཆེན་མ་ཞེས་པ་སྟེ་སྤྱན་མ〔འི་རིགས་ཅན་མ〕འོ། །དེ་ལྟར་ཕོ་ཉ་ མོ་རྣམས་དག་པའི་རིགས་ནི་འགའ་ཞིག་དག་ཏུ་འདིར་འགྱུར་(གྱི་)དུས་ཀུན་ཏུ་ནི་(ཕལ་ཆེར་) 3-1-471 འདྲེས་པའི་རིགས་〔ཏེ་ཙར་ཙི་ཀ་ལ་སོགས་པ་དང་འདོད་མ་དང་ཕྱིར་འདོད་མ་ལ་སོགས་པའི་རིགས〕སོ། །(རྒྱས་པར་ བྱེད་ན་)ཕོ་ཉ་མོ་སུམ་ཅུ་རྩ་དྲུག་གི་རིགས་〔དང་བསྡུ་ན་ཁྱབ་བྱེད་དང་བཅས་པ་ལྔའི〕ངེས་པའོ། ། ༈ ད་ནི་རྣལ་འབྱོར་པ་རྣམས་ཀྱི་མཚན་ཉིད་གསུངས་ཏེ་སེང་གེ་དག་ཀྱང་འབྲོག་ན་ གནས་ཤིང་ཡུལ་དང་རྣལ་བྲལ་འཇིགས་པ་མེད་ལ་〔གླ་རྩིའི་དྲི་ལྡན་〕གཏོང་བའི་ངང་ཚུལ་ཅན་ ཞེས་པ་ནི་མི་བསྐྱོད་པ〔འི་རིགས་ཅན་དུ་ངེས་པ〕འོ། །རི་དྭགས་མགྱོགས་འགྲོ་དང་ལྡན་འགྱུར་བྱེད་ ཡང་བའི་ཡུལ་དང་སྐྲག་པའི་སེམས་ཏེ་ཤིན་ཏུ་འཇིགས་པ(པད་མའི་དྲི་དང་ལྡན་པ)འོ། །ཞེས་པ་ནི་ དོན་ཡོད་གྲུབ་པའོ། ༡༤༢ ། རྟ་ནི་ངེས་པར་འདོད་ལ་སྲེད་པར་འགྱུར་ཏེ་གཞན་དབང་གཅི་བའི་དྲི་དང་གཞན་དོན་ གཉེར་པའོ། །ཞེས་པ་ནི་རིན་ཆེན་འབྱུང་ལྡན་(གྱི་རིགས་ཅན་)ནོ། །ཁྱུ་མཆོག་རེངས་པའི་མིག་ དང་དམན་པར་འགྲོ་ལྡན་རང་བཞིན་ཡོན་ཏན་བླུན་པོ་ཉའི་དྲི་རུ་འགྱུར་ཞེས་པ་ནི་སྣང་བ་ མཐའ་ཡས་(ཀྱི་རིགས་ཅན་ཀྱིས་)སོ། །གླང་ཆེན་འདོད་ལྡན་ངེས་པར་དལ་བར་འགྲོ་བར་འགྱུར་ ཏེ་རྣག་གི་དྲི་དང་ཤིན་ཏུ་རྨོངས་པའོ། །ཞེས་པ་ནི་རྣམ་པར་སྣང་མཛད་(ཀྱི་རིགས་ཅན་ཉིད་)དོ། ། དེ་ལྟར་འགའ་ཞིག་ཏུ་རྣལ་འབྱོར་པ་རྣམས་ཀྱི་དག་པའི་རིགས་ཏེ་ཐམས་ཅད་དུ་ནི་འདྲེས་ པའི་རིགས་སོ། །དེ་ལྟར་སུམ་ཅུ་རྩ་དྲུག་དབྱེ་བས་ཕྱེ་བའི་སའི་སྟེང་གི་གནས་སུ་རིགས་ཀྱི་ དྲིའི་རང་བཞིན་ཏེ་(ཕལ་ཆེར་ནི་)ཕན་ཚུན་འདྲེས་པ་ལས་སྐྱེས་པར་གྱུར་པ(བདེན་བྲལ་ལ་སོགས་པའི) འོ། ༡༤༣ ། ༈ དེའི་ཕྱིར་ཕོ་ཉ་མོ་དེ་རྣམས་མཆོད་པའི་དོན་དུ་འདོད་པའི་བསྟན་བཅོས་ཡོན་ཏན་ མང་པོའི་གནས་(ཁྱོགས་དང་བརླ་ཞེས་བྱ་བ་དང༌། །དེ་བཞིན་ཤིན་ཏུ་དཀའ་བ་ཡི། །ཡང་ཡང་རྡོ་རྗེས་འདོད་པ་བྱ། །སྟེང་ དང་འོག་ཏུ་འདོད་པ་ཉིད། །དངོས་གྲུབ་རྒྱས་པ་ཐོབ་པ་སྟེ། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ཞེས་པ་ལ་སོགས་པ) ནི་(ལས་དང་པོ་པའི་ཡུལ་ལ་མ་ཡིན་གྱི་)རྣལ་འབྱོར་པ་ཡིས་རིགས་པར་བྱའོ། །གང་ལས་ཅིའི་ཕྱིར་ཞེ་ 3-1-472 ན་ཤིན་ཏུ་ཆགས་པར་གྱུར་པས་ཚིམ་པ་མེད་ན་རྣལ་འབྱོར་མ་རྣམས་རྣལ་འབྱོར་པ་ལ་དངོས་ གྲུབ་སྟེར་བར་མི་འགྱུར་རོ། །དེའི་ཕྱིར་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་འདོད་པའི་ བསྟན་བཅོས་ཤེས་པར་བྱའོ། །ཞེས་པ་ནི་ངེས་པའོ(རྩ་བའི་རྒྱུད་དུ་ཡང༌། འདོད་ན་སྤྱོད་པའི་དངོས་གྲུབ་ཀྱི། ། ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱ། །ཡེ་ཤེས་ཕྱག་རྒྱ་གཟུགས་ཁམས་ཀྱི། །འོག་མིན་གནས་ཀྱི་མཐར་ཐུག་པར། །ཞེས་གསུངས་ སོ)། ། ༈ ད་ནི་བཟང་མོ་ཞེས་པ་ལ་སོགས་པས་ཕོ་ཉ་མོ་རྣམས་ཀྱི་ཆོས་ཀྱི་ཁམས་ལ་སོགས་ པའི་རིགས་གསུངས་ཏེ་འདིར་བཟང་མོ་ནི་ཆོས་ཀྱི་ཁམས་མ(འི་རིགས་ཅན་མ)འོ། །ལྷ་མོ་ནི་ སྒྲ་རྡོ་རྗེ་མ〔འི་རིགས་ཅན་མ〕དང་༡༤༤ ཤ་ཟ་མོ་ནི་དྲི་རྡོ་རྗེ་མ〔འི་རིགས་ཅན་མ〕་དང་མི་མོ་ནི་གཟུགས་ རྡོ་རྗེ་མ〔འི་རིགས་ཅན་མ〕དང་སྲིན་མོ་ནི་རོ་རྡོ་རྗེ་མ〔འི་རིགས་ཅན་མ〕་དང་ཀླུ་མོ་ནི་རེག་བྱ་རྡོ་རྗེ་མ〔འི་ རིགས་ཅན་མ〕འོ། །དེ་ལ་(དེ་རྣམས་མཚན་ཉིད་ནི་)བཟང་མོ་སེམས་ཅན་ཕན་པ་བྱེད་མ་བརྟུལ་ཞུགས་ ངེས་པ་ལ་དགའ་སྡོམ་དང་བསམ་གཏན་ངང་ཚུལ་ཅན། །ལྷ་མོ་ལོངས་སྤྱོད་ལ་ནི་རྗེས་ཆགས་ འགྱུར་ཏེ་དྲི་མ་ལྡན་ཞིང་ལྷག་མ་ལ་ཆགས་ཤ་ཟ་མོ། ༡༤༥ ། མི་མོ་འདོད་ལ་རྗེས་སུ་ཆགས་མ་སྲིན་མོ་མི་ཡི་ཁྲག་ལ་དགའ་ཞིང་གསོད་པའི་སེམས་མ་ སྟེ། །ཀླུ་མོ་དག་ཀྱང་འོ་མའི་ཟས་ཅན་〔ཏེ་དེ་རྣམས་〕རབ་མཆོག་སའི་སྟེང་དུ་རྣལ་འབྱོར་པ་ཡིས་ མཆོད་པར་བྱ་སྟེ་ཐམས་ཅད་དུ་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་སུའོ་ཞེས་པ་ ནི་ངེས་པའོ། །དེ་བཞིན་(དུ་དྲུག་པོ་དེ་དང་སྔར་བསྟན་པའི་ཡུལ་ལྔ་པོ་དེ་ལས་)གཞན་པ་འདྲེས་པའི་(རིགས་ ལས་སྐྱེས་པའི་)རང་བཞིན་རྣམས་ནི་རང་བཞིན་ཡོན་ཏན་དབང་གིས་རྣལ་འབྱོར་པ་ཡིས་རིགས་ པར་བྱ་སྟེ་ཙར་ཙི་ཀཱ་ལ་སོགས་པ་རྣམས་དང་འདོད་མ་དང་ཕྱིར་འདོད་མ་ལ་སོགས་པའི་རང་ བཞིན་གྱིས་སྒྲུབ་ཐབས་ཀྱི་ལེའུ་ལས་འཆད་པར་འགྱུར་བའི་ཆོ་གས་སོ། །དེ་ལྟར་སའི་སྟེང་ གི་གནས་སུ་མཁའ་སྤྱོད་ས་སྤྱོད་རྣམས་ནི་སུམ་ཅུ་རྩ་དྲུག་དབྱེ་བས་ཕྱེ་བའོ། ༡༤༦ ། 3-1-473 ༈ ད་ནི་ཆང་ཞེས་པ་ལ་སོགས་པས་〔རྒྱུད་〕སྟོན་པ་པོའི་བཏུང་བའི་ངེས་པ་གསུངས་པ་ འདིར་ཆང་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་ཏེ་སྦྲང་རྩི་ལས་སྐྱེས་པ་དང་བུ་རམ་ལ་སྐྱེས་ པ་དང་འབྲས་ལས་སྐྱེས་པའམ་ཤིང་ལས་སྐྱེས་པ་འམ་གཞན་པའོ། །ཕྱག་རྒྱ་དང་བྲལ་སློབ་ དཔོན་གང་ཞིག་འཐུང་བྱེད་དེ་ནི་〔བྷཱི་ཤ་ཀ་ཞེས་པ་འདི་ཡུལ་དང་དུག་ལ་འཇུག་གོ〕〔བདུད་ཀྱི་སྤྱོད་〕ཡུལ་ཅན་དུ་ འགྱུར་ཏེ་མྱོས་པར་འགྱུར་རོ་ཞེས་པའི་དོན་ཏེ་བདུད་ཀྱི་ཚོགས་ཀྱིས་བསྐོར་བར་འགྱུར་རོ། ། དེའི་ཕྱིར་ཤེས་རབ་ལྷག་〔པར་〕ལྡན་〔ན་〕སྡིག་པའི་དྲི་མ་འཕྲོག་ཅིང་སྔགས་པ་རྣམས་ལ་དངོས་ གྲུབ་སྦྱིན་པར་འགྱུར་ཞེས་པའོ། །ཕྱག་རྒྱ་གང་སུ་རུང་བ་(དང་ལྷན་ཅིག་)ཆང་འཐུང་བའི་དུས་ འདིར་ནི་དཀྱིལ་འཁོར་དང་ཚོགས་ཀྱི་འཁོར་ལོ་མེད་ཅིང་དམ་ཚིག་གི་རྫས་དང་རྣམ་པར་ བྲལ་ཡང་བཏུང་བའི་སླད་དུ་རབ་ཏུ་བྱ་སྟེ་རྡོ་རྗེ་མཆོད་པའི་དོན་དུའོ་ཞེས་པ་ནི་ངེས་པའོ། ༡༤༧ ། ༈ གང་གིས་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་(ཤ་ཆང་འཁྲིག་པ་བདུད་རྩི་)བཞི་པོ་སྟེན་པར་ གྱུར་པ་དེའི་ཡོན་ཏན་གསུངས་ཏེ་〔ཀྱེ་〕རྒྱལ་པོ་རི་བོང་མཚན་མ་〔ཅན་ཟླ་བ་ཁུ་བ་〕གཅིག་པུ་ (ཟླ་བ་བཅུ་བ་)འཆི་བའི་འཇིགས་འཕྲོག་བྱེད་པ་ཐམས་ཅད་དུས་སུ་བསྟེན་པར་བྱ་ཞེས་པ་མི་ འཕོ་བའི་བདེ་བའོ། །ཤེས་རབ་ཆོས་འབྱུང་ལ་གནས་ཉིན་མོར་བྱེད་པ་དང་བཅས་པའི་བྱང་ ཆུབ་སེམས་ཀྱི་ཁམས་ཕྱི་རོལ་ཏུ་ཤོར་བ་ཟོས་པས་ཀྱང་འཆི་བའི་འཇིགས་པ་འཕྲོག་ན་རྣལ་ འབྱོར་ལྡན་པ་དག་ནི་སྨོས་ཅི་དགོས་ཏེ་(རྣལ་འབྱོར་གྱི་དུས་ལས་)མི་འཕོ་བར་བྱས་པས་སོ་ཞེས་ པའི་དོན་ཏོ། །(དེ་བཞིན་དུ་འདིར་)མི་བསྐྱོད་པ་(ཞེས་དམ་ཚིག་གི་སྐད་ཀྱིས་གསུངས་པ་)ནི་གཅི་བ་དང་དོན་ ཡོད་གྲུབ་པ་ནི་རྐང་དང་རྒྱལ་བ་མཆོག་ནི་རྣམ་པར་སྣང་མཛད་〔ཀྱི་མིང་ཅན་དྲི་ཆེན་〕དེ་དེ་དང་ལྡན་ པ་ནི་འཆི་བའི་འཇིགས་པ་འཕྲོག་པར་འགྱུར་རོ། །དེ་བཞིན་དུ་ཁྱི་དང་རྟ་དང་བ་ལང་དང་ གླང་པོ་ཆེ་དང་ལྡན་པ་དང་གཞན་ཡང་བརྒྱད་པ་ཤིན་ཏུ་དྲག་པོ་ནི་ཤ་ཆེན་ཏེ་〔དེ་ལྟར་〕དམ་ཚིག་ 3-1-474 རྣམས་ནི་(བསྟེན་ན་)ཉོན་མོངས་པ་རྣམས་(འཇོམས་བྱེད་)ཀྱི་རྡོ་རྗེ་དབྱུག་པ་དང་སྐྱེ་བོ་(སྟེ་རྨོངས་པ་) ཕྱུགས་ལ་འཇིགས་པ་སྟེར་བའོ། །དེ་ལྟར་བཤང་པ་དང་གཅི་བ་དང་རྐང་དང་སྒྲོན་མ་ལྔ་ནི་ དམ་ཚིག་བརྒྱད་དེ་གཉིས་ནི་ཉི་མ་〔རྡུལ་〕དང་ཟླ་བ་〔ཁུ་བ་〕དག་གོ། ༈ དེ་ལྟར་བདུད་རྩི་ལྔ་དང་སྒྲོན་མ་ལྔས་ཚོགས་ཀྱི་འཁོར་ལོ་ལ་མཆོད་པ་རྣམ་པ་བཅུར་ འགྱུར་རོ། །(དེ་ལྟར་ན་)ཆང་དང་ཤ་དང་འཁྲིག་པ་དང་བདུད་རྩི་ཟ་བ་ཞེས་པ་དམ་ཚིག་བཞི་ནི་ 〔ཚོགས་ཀྱི་འཁོར་ལོ་ལ་〕སློབ་དཔོན་གྱིས་བྱ་སྟེ་རྣམ་པ་གཞན་དུ་〔ཚོགས་ཀྱི་འཁོར་ལོ་དེ་དག་མི་བྱེད་〕ན་ བདུད་ཀྱིས་ཕྱོགས་ཀྱིས་འཛིན་པའི་ཕྱིར་རོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། ༡༤༨ ། ༈ ད་ནི་ཁྱི་རྟ་ཞེས་པ་ལ་སོགས་པས་རྣལ་འབྱོར་མ་རྣམས་ཀྱི་གཟུགས་ཡོངས་སུ་བསྒྱུར་ བས་(ས་ཆུ་ལ་སྤྱོད་པའི་)དམ་ཚིག་སུམ་ཅུ་རྩ་དྲུག་གསུངས་ཏེ་འདིར་ཁྱི་མོ་ནི་〔སྙིང་པོའི་པད་མའི་གནས་ ལ་ཤར་གྱི་〕སྒྲོལ་མ་དང་རྟ་མོ་ནི་(ལྷོའི་)གོས་དཀར་མོ་དང་བ་ལང་མོ་ནི་(བྱང་གི་)མཱ་མ་ཀཱི་དང་གླང་ ཆེན་མོ་ནི་(ནུབ་ཀྱི་)སྤྱན་མ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་〔ཁྱབ་བྱེད་ཡིན་པས་〕གཟུགས་ ཐམས་ཅད་འཛིན་པའོ། །ལུག་མོ་ནི་(ཐུགས་ཀྱི་འཁོར་ལོའི་གནས་ལ་ཤར་གྱི་)སྒྲ་རྡོ་རྗེ་མ་དང་ར་མོ་ནི་ 〔མེ་མཚམས་〕རེག་བྱ་རྡོ་རྗེ་མ་དང་རི་དྭགས་མོ་ནི་〔བདེན་བྲལ་〕རྡོ་རྗེ་མ་དང་བོང་མོ་ནི་(དབང་ལྡན་གྱི་) གཟུགས་རྡོ་རྗེ་མ་དང་ཕག་མོ་ནི་(རླུང་མཚམས་ཀྱི་)དྲི་རྡོ་རྗེ་མ་དང་རྔ་མོ་ནི་(བྱང་གི་)ཆོས་ཀྱི་ཁམས་ ཀྱི་རྡོ་རྗེ་མ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིགས་ཀྱི་དབྱེ་བས་འདི་རྣམས་ཕྱོགས་ ཞེས་པ་སྟེ་བཅུའོ། །དེ་བཞིན་དུ་ཀུམ་བྷཱི་ར་མོ་ནི་〔གསུང་གི་འཁོར་ལོའི་གནས་ལ་ཤར་གྱི་〕ཙར་ཙི་ཀཱ་དང་ (བདེན་བྲལ་གྱི་)འགྲོན་བུ་མོ་ནི་(མེ་མཚམས་ཀྱི་)ཁྱབ་འཇུག་མ་དང་ཀུ་ལཱི་ར་མོ་(ཀར་ཀ་ཊ་)ནི་(ལྷོའི་) ཕག་མོ་དང་ཉ་མོ་ནི་(བདེན་བྲལ་གྱི་)གཞོན་ནུ་མ་དང་མ་ཀ་ར་མོ་ནི་(ནུབ་ཀྱི་)དབང་མོ་དང་སྦལ་〔པ་〕མོ་ནི་〔རླུང་མཚམས་ཀྱི་〕ཚངས་མ་དང་རུས་སྦལ་མོ་ནི་(བྱང་གི་)དབང་ཕྱུག་མོ་དང་དུང་མོ་ནི་(དབང་ 3-1-475 ལྡན་གྱི་)དཔལ་ཆེན་མོ་སྟེ་འབྱུང་པོ་ལས་སྐྱེས་པ་བརྒྱད་དོ། །བསེ་རུ་མོ་ནི་(སྐུའི་འཁོར་ལོའི་གནས་ལ་ ཤར་གྱི་)ཤིན་ཏུ་སྟོབས་མ་དང་སྟག་མོ་ནི་〔ལྷོའི་〕རྨུགས་བྱེད་མ་དང་དོམ་མོ་ནི་〔ནུབ་ཀྱི་〕རེངས་བྱེད་ མ་དང་ནེའུ་ལེ་མོ་ནི་〔བྱང་གི་〕ང་རྒྱལ་མ་དང་འབྲི་མོ་ནི་(མེ་མཚམས་ཀྱི་)རྡོ་རྗེ་ལྕགས་སྒྲོག་མ་དང་ལྕེ་ སྤྱང་མོ་ནི་(བདེན་བྲལ་གྱི་)ཁྲོ་གཉེར་ཅན་མ་དང་སྲམ་མོ་ནི་(རླུང་མཚམས་ཀྱི་)འོད་ཟེར་ཅན་མ་དང་བྱི་ ལ་མོ་ནི་(དབང་ལྡན་གྱི་)ཙུན་དཱ་དང་འབྲོག་དགོན་པའི་ཁྱི་མོ་ནི་〔ཐུགས་ཀྱི་འཁོར་ལོའི་ལྷོའི་〕ཤིན་ཏུ་སྔོན་ མོ་དང་འབྲོག་དགོན་པའི་སེང་གེ་མོ་ནི་(སྔོན་བཞིན་ནུབ་ཀྱི་)དྲག་སྤྱན་མ་སྟེ་ཁྲོ་བོ་ལས་སྐྱེས་པ་ བཅུའོ། ༡༤༩ ། དེ་བཞིན་དུ་གོ་དྷཱ་〔མོ་〕ནི་〔དུར་ཁྲོད་ཀྱི་གནས་ལ་ཤར་དུ་〕ཁྱི་གདོང་མ་དང་བྱི་བ་མོ་ནི་(ལྷོའི་)ཕག་ གདོང་མ་དང་ཤཱ་ལི་ཛཱ་ཏ་ཀ་〔མོ་〕ནི་(ནུབ་ཀྱི་)ལྕེ་སྤྱང་གདོང་མ་དང་སྤྲེའུ་མོ་ནི་(བྱང་གི་)སྟག་གདོང་ མ་དང་རི་བོང་མོ་ནི་(མེ་མཚམས་ཀྱི་)བྱ་རོག་གདོང་མ་དང་གཟུངས་མོ་ནི་(བདེན་བྲལ་གྱི་)བྱ་རྒོད་ གདོང་མ་དང་ཨི་ཥུ་ཀ་〔མོ་〕ནི་(རླུང་མཚམས་ཀྱི་)མཁའ་ལྡིང་གདོང་མ་དང་རྩངས་པ་མོ་ནི་(དབང་ ལྡན་གྱི་)འུག་གདོང་མ་སྟེ་བརྒྱད་ནི་〔དབང་ལྡན་གྱི་〕ལྷ་མིན་ལས་སྐྱེས་པ་རྣམས་ཀྱི་དམ་ཚིག་དང་ གཟུགས་ཡོངས་སུ་བསྒྱུར་བའོ། །དེ་ལྟར་ས་ལ་སྤྱོད་པ་དང་ཆུ་ལ་སྤྱོད་པའི་དམ་ཚིག་(སུམ་ཅུ་ རྩ་དྲུག་ཏུ་)ངེས་པ〔སྟེ་དེའི་དབང་གིས་གདན་ཡང་ངེས་པ〕འོ〔འདི་རྣམས་ཀྱི་སྡེ་ཚན་གང་རུང་གི་ཤ་ལས་རིལ་བུ་དང་མཁྲིས་པ་ ལས་མིག་སྨན་སྒྲུབ་ལེར་འཆད་པར་འགྱུར་རོ〕། ། ༈ ད་ནི་ཁེངས་ལྡན་ཞེས་པ་ལ་སོགས་པས་མཁའ་ལ་སྤྱོད་པ་རྣམས་ཀྱི་དམ་ཚིག་(སུམ་ཅུ་ རྩ་དྲུག་)གསུངས་པ་འདིར་(སྔར་གྱི་)ཁྱི་ལ་སོགས་པ་བཞི་པོ་ཇི་ལྟ་བ་དེ་བཞིན་དུ་(རིག་པར་བྱ་སྟེ་དེ་ལ་ སྒྲོལ་མའི་གཟུགས་ཡོངས་སུ་བསྒྱུར་བའི་དམ་ཚིག་ནི་)ཁེངས་ལྡན་འདབ་ཆགས་ཏེ་ཁུག་རྟ་དང་(གོས་དཀར་མོ་) ནེ་ཙོ་དང་(མཱ་མ་ཀིའི་)ཁུ་བྱུག་དང་(སྤྱན་མ་)རི་སྐྱེགས་ཏེ་གསལ་བར་ཆུའི་གཏེར་ཞེས་པ་དམ་ཚིག་ བཞི་སྟེ་སྒྲོལ་མ་ལ་སོགས་པ་རྣམས་སོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ་ལ་སོགས་པ་དྲུག་ནི་(སྒྲའི་)ལཱ་ 3-1-476 བ་(བྱ་བ་)དང་(རོའི་)ཕུག་རོན་(ར་ཟེར་)དང་(གཟུགས་ཀྱི་)བྱ་དཀར་དང་(དྲིའི་)མཆིལ་བ་དང་(རེག་བྱའི་)ངུར་པ་དང་(ཆོས་ཁམས་རང་བཞིན་)ངང་པའོ། །ཞེས་པ་ནི་〔ཚིགས་བཅད་བརྒྱ་སུམ་ཅུ་པ་སོགས་ཀྱིས་གསུངས་ པའི་རིམ་པ་ལྟར་〕ངེས་པའོ། །དེ་བཞིན་དུ་འབྱུང་པོ་ལས་སྐྱེས་པའི་དམ་ཚིག་བརྒྱད་ནི་(ཙ་མུན་ཌའི་)ཁྲུང་ཁྲུང་དང་(ཁྱབ་འཇུག་མའི་)ཁུ་བྱུག་མིག་〔ཁུ་བྱུག་ཆེན་མོ་〕དང་(ཕག་མོའི་)སྲིན་བྱ་དག་དང་(གདོང་ དྲུག་མའི་)བྷ་ག་བ་ཏཱི་ཞེས་པ་ནི་སྐྱུང་ག་དང་〔དབང་མོའི་〕སྲེག་པ་དང་〔ཚངས་མའི་〕བཞད་〔བྱ་དཀར་བོ་ལུག་ ཙམ་པ་ཧ་ཧ་ཞེས་སྒྲོག་པ་〕དང༌། ༡༥༠ (དབང་ཕྱུག་མའི་)ཆུ་ལ་འཇུག་པ་ཞེས་པ་ཆུའི་བྱ་རོག་དང་ཆུ་སྐྱར་ (དཔལ་མོའི་)ཏེ་ནོར་རྣམས་ཞེས་པ་བརྒྱད་ནི་ཙཱམུཎ་ཌཱ་ལ་སོགས་པ་རྣམས་ཀྱི་(དམ་ཚིག་)སྟེ་(ཚིགས་ བཅད་བརྒྱ་སོ་གཅིག་པ་ལ་སོགས་ཀྱིས་གསུངས་པ་)རིམ་པས་རིག་པར་བྱའོ། །དེ་བཞིན་དུ་ཁྲོ་བོ་ལས་ སྐྱེས་པ་རྣམས་ཀྱི་དམ་ཚིག་བཅུ་ནི་(རྨུགས་བྱེད་མའི་)བྱ་རོག་དང་(རེངས་བྱེད་མའི་)བྱ་རྒོད་དང་(ཁེངས་ བྱེད་མའི་)འུག་པ་དང་(ཤིན་དུ་སྟོབས་མའི་)རི་དྭགས་དགྲ་ཞེས་པ་ཧོར་བ་(བྱ་གླག་རྨ་དང་བློ་གྲོས་སོགས་ ཟེར)ཆེན་པོ་དང་〔འོད་ཟེར་ཅན་མའི་〕གཙུག་ཕུད་(རྨ་བྱ་)ཅན་དང་(ཁྲོ་གཉེར་མའི་)བྱ་གག་〔ཁྱིམ་བྱ་〕དང་བྷེ་ དྲ་(ཙུན་དྷ་)ཞེས་པ་སན་ཙ་ཀཱ་(ཁྱིམ་རྨ་སོགས་ར་ཟེར་བ)དང་( ལྕགས་སྒྲོག་མ)གྷཱ་ར་ཞེས་པ་འོལ་བ་དང་ (དྲག་སྤྱན་མ་)ཧོར་པ་(བྱ་ཁྲ་གྱི་རྨ་ཟེར་)དང་ལྗོན་ཤིང་(ཤིན་ཏུ་སྔོན་མོའི་)དགྲ་(ཤིང་རྟ་མོ་གྱི་རྨ་བློ་གྲོས་སོགས་ཟེར་ ལྗོན་ཤིང་འཐོག་པ་གཅིག་ཡོད་པ་)སྟེ་(དེ་ལྟར་)ཁྲོ་བོ་ལས་སྐྱེས་པའི་རིགས་རྨུགས་བྱེད་(མ་)ལ་སོགས་ པ་( ཚིགས་བཅད་བརྒྱ་སོ་གཉིས་སོགས་ཀྱིས་གསུངས་པའི་)རིམ་པ་ཇི་ལྟ་བས་སོ། །དེ་བཞིན་དུ་ཁྱི་གདོང་ མ་ལ་སོགས་པ་ལྷ་མིན་རྣམས་ཀྱི་དམ་ཚིག་བརྒྱད་ནི་(ཁྱི་གདོང་མའི་)མིག་སྔོན་དང་(འདྲེ་བྱ་མོ་དང་ ཕག་གདོང་མའི་)ཙ་ཀོ་ར་(གོང་མོ་)དང་〔ལྕེ་སྤྱང་གདོང་མའི་〕ཨ་ནི་ལ་(གོ་བོ་རྨ་ར་བློ་གྲོས་སོགས་ཟེར)དང་གུ་ད་ མུ་ཁ་ཞེས་པ་ཕ་བང་(བྱ་མ་བྱི་ཆག་ལོང་མོ་ཟེར་བ་)དང་པུག་ཀི་ཞེས་པ་(ནེ་ཙོ་ར་ཟེར་བ་)དཱད་པཱུ་ཧ་དང་ རྐང་(བྱ་རྒོད་གདོང་མ་)སྟེང་ཉལ་ཞེས་པ་ལྕོ་ག་དང་(མཁའ་ལྡིང་གདོང་མ་)བེ་རུཎཱ་ཌཱ་དང་(འུག་གདོང་མ་དང་)ཨམ་བ་རི་ཀ་སྟེ་མིའི་བདག་པོ་བྱ་རོག་གདོང་མ་ལ་སོགས་པ་ལྷ་མིན་མོ་རྣམས་ཀྱི་མཆོག་ 3-1-477 གི་འདབ་ཆགས་བརྒྱད་དུ་འགྱུར་རོ(སྡེ་ཚན་ལྔ་པོ་འདི་དག་གང་རུང་གི་མིག་ལས་མིག་སྨན་བསྒྲུབ་པ་ནི་སྒྲུབ་ལེར་ འཆད་པར་འགྱུར་རོ)། ། ༈ དེ་ལྟར་སུམ་ཅུ་རྩ་དྲུག་རིགས་ཀྱི་དབྱེ་བས་སའི་སྲིད་པ་ལ་གནས་ས་སྤྱོད་མཁའ་ལ་ སྤྱོད་རྣམས་ཀྱི་རིགས་སུ་གྱུར་པའི་དམ་ཚིག་〔གི་རྫས〕སྟེ་(དེ་དག་ཕན་ཚུན་འཐབ་ནས་བསད་པ་ལ་སོགས་པ་ ཁ་ན་མ་ཐོ་བ་དང་བྲལ་བའི་ཤ་)དམ་ཚིག་(གི་རྫས་)བདུན་ཅུ་རྩ་གཉིས་པོ་མཐའ་དག་རྣམས་ནི་མཆོད་ པའི་དུས་སུ་རྣལ་འབྱོར་པས་བཟའ་བར་བྱའོ། །དེ་རྣམས་ཀྱང་རྣལ་འབྱོར་མ་རྣམས་ཀྱིས་ བྱིན་ཏེ་རྨོངས་པས་གཏི་མུག་དག་ལས་གལ་ཏེ་ཚོགས་ཀྱི་འཁོར་ལོ་ལ་དམ་ཚིག་བྱིན་པ་ རྣམས་སྤངས་ན་དེའི་ཚེ་མྱུར་དུ་ཉམས་པར་རབ་ཏུ་འགྱུར་ཏེ་〔སྔགས་ཀྱི་སྤྱོད་པ་ཐུན་མོང་མ་ཡིན་པ་ལ་〕 སྨད་པའི་སེམས་ཀྱིས་སོ(དམ་ཚིག་གི་རྫས་འདི་རྣམས་ཀྱི་བྱ་བ་གཞན་དང་གཞན་ནི་བདེ་མཆོག་སྟོད་འགྲེལ་ལས་ཤེས་ པར་བྱའོ)། ༡༥༡ ། ༈ ད་ནི་སོ་དང་ཞེས་པ་ལ་སོགས་པས་ལུས་ཀྱི་ཆ་ཤས་ཀྱི་དམ་ཚིག་གསུངས་ཏེ་སོ་དང་ སྐྲ་དང་ལྤགས་པ་དང་ཤ་དང་ཆུ་རྒྱུས་དང་རུས་པ་དང་སྙིང་དང་པད་མ་ཞེས་པ་སྐྱེ་གནས་དང་ ཤིག་དང་བ་སྤུ་དང་སྲིན་བུ་དང་གློ་བ་དང་རྒྱུ་མ་དང་ཆུ་སོ་དང་བད་ཀན་དག་མཁྲིས་པ་དང་ཆུ་ དང་རྣག་དང་ཁྲག་དང་རྡུལ་དང་ཚིལ་དང་མཆི་མ་དང་མཆིལ་མ་དང་སྣབས་དང་དྲི་ཆུ་དང་ཆུ་ སེར་དང་ཞག་དང་བཤང་བ་རྣམས་ཏེ་སྣ་ཚོགས་ལུས་ལ་གནས་པ་ཞེས་པ་སེམས་ཅན་རྣམས་ ཀྱི་ལུས་ལ་གནས་པའི་ཁ་དོག་སྣ་ཚོགས་དང་དྲི་སྣ་ཚོགས་དང༌། ༡༥༣ ལྕེ་དང་མིག་དང་རྣ་ བ་དང་སྣ་དང་རི་བོང་ཅན་ཞེས་པ་ཁུ་བ་དང་ཉིན་བྱེད་ཅེས་པ་རྡུལ་ཏེ་དམ་ཚིག་གི་རྫས་འདི་ རྣམས་〔སྦྱང་སྤེལ་སྦར་བདུད་རྩིར་བྱས་པ་རྣམས་〕ཀྱིས་ལྷ་རྣམས་མཆོད་པར་བྱ་སྟེ་ཚོགས་ཀྱི་འཁོར་ལོ་ ལ་རྣལ་འབྱོར་པ་རྣམས་ཀྱིས་སོ་ཞེས་པ་ནི་ངེས་པའོ(རྣལ་འབྱོར་པ་ཡིས་སྦྱང་སྤེལ་སྦར་བདུད་རྩིར་བྱས་པའི་ དུག་དང་དུག་ཆུ་ལ་སོགས་པ་བཅུད་ལེན་དུ་འགྱུར་ཞིང༌། དེ་བཞིན་དུ་ཆང་འོ་མར། རུས་པ་མེ་ཏོག་ཏུ། སོ་མུ་ཏིག་ཏུ། ཐོད་པ་མར། 3-1-478 ཤ་སུ་ཏྲ་ཀེ་ཤར། ཁྲག་སེང་ཧླ་ཀ་ཀར། གཅི་བ་གླ་རྩིར། ཁུ་བ་ཀ་པུར་དང༌། བཤང་བ་བཞི་མཉམ་དུ། བ་སྤུ་གུར་ཀུམ་གྱི་གསེར་ དུ་འགྱུར་བ་ལ་སོགས་པ་སྟེ་མ་དག་པའི་རྫས་རྣམས་ཟོས་པ་ལས་ལུས་ལ་སྟོབས་ཆེན་པོ་རྒྱས་པ་དང་བཤང་བ་ལ་སོགས་པ་ལུས་ ལ་བྱུག་པས་མཆོག་གི་དྲི་ལྡང་བར་གསུངས་པ་འདི་དག་ལས་དང་པོ་པའི་ཡུལ་མ་ཡིན་ནོ)། ། ༈ སུམ་ཅུ་རྩ་དྲུག་ཡི་གེ་རྣམས་ནི་དེ་དག་གི་རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ 〔བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་ཀྱི་འབྲེལ་བ་〕ནམ་མཁའ་ལ་སོགས་པའི་ཁམས་ཀྱི་དབང་ གིས་〔རྗོད་བྱེད་ཡི་གེ་རྣམས་དང་འབྲེལ་〕ཏེ། (འདིར་སྤྱི་དང་བྱེ་བྲག་གཉིས་ཀ་སྤྲོ་བའི་རིམ་པས་གསུངས་པས་)ང་གྷ་ག་ ཁ་ཀ ཉཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ྈྐ་ཤ་ཥ་ྉྤ་ས། ཧ་ཡ་ར་ཝ་ ལ་ཀྵ་ཞེས་པའོ། །འདི་རྣམས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་སྟེ་བཅོམ་ལྡན་འདས་ མ་(བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་)དང་བཅས་པ་སུམ་ཅུ་རྩ་བདུན་ནོ། །(དེ་ལྟར་ཤེས་རབ་ལ་ ཇི་ལྟ་བ་)དེ་བཞིན་དུ་(ཐབས་ལ་ཡང་)སུམ་ཅུ་རྩ་དྲུག་ཁམས་ཀྱི་དབྱེ་བ་སྟེ། ཨ་ཨཱ་ཨི་ཨཱི་རྀ་ རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿ ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿ ཞེས་པ་སུམ་ཅུ་རྩ་དྲུག་(བཅོམ་ལྡན་འདས་དང་བཅས་པ་)སྟེ་(ཐབས་ ཤེས་ཀྱི་རིགས་)འདི་རྣམས་ནི་མཐའ་དག་སྲིད་པ་ལ་གནས་རིགས་རྣམས་〔ཞེས་རང་བཞིན་དང་གློ་བུར་ གྱི་དབྱེ་བས་བདེན་པ་གཉིས་སུ་གནས་ཏེ་རྒྱས་པར་བླ་མའི་མན་ངག་ལས་བརྗོད་པར་བྱ་བ་〕དང་མཚན་མ་སུམ་ཅུ་རྩ་ དྲུག་དང་ཕྱག་རྒྱ་སུམ་ཅུ་རྩ་དྲུག་གོ། ༈ དེ་བཞིན་དུ་དབྱངས་(སུམ་ཅུ་རྩ་དྲུག་)དང་བཅས་པའི་ཡི་གེ་(གསལ་བྱེད་)སོ་སོས་ བསྐྱེད་པ་རྣམས་ནི་〔ཀ་རྡོ་རྗེའི་རྒྱུད་ལ་སོགས་པ་〕རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་(སྟེ་རེ་རེ་ལ་ཡང་ལྷ་ སུམ་ཅུ་རྩ་དྲུག་)གོ(ཁྱབ་བྱེད་བཅོམ་ལྡན་འདས་དང་བཅས་པ་ཐམས་ཅད་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དུ་རིག་པར་བྱའོ)། དེ་བཞིན་དུ་རྣལ་འབྱོར་མའི་རིགས་(སུམ་ཅུ་རྩ་དྲུག་རྣམས་)ཀྱི་རྒྱུད་(ཀྱང་རེ་རེ་ཞིང་ལྷ་སུམ་ཅུ་རྩ་དྲུག་ཉིད་)རྣམས་ཏེ་(ཁྱབ་བྱེད་)བཅོམ་ལྡན་འདས་མ་དང་བཅས་པ་(རྒྱུད་སུམ་ཅུ་རྩ་དྲུག་པོ་)ཐམས་ཅད་(རེ་རེ་ 3-1-479 ཞིང་ལྷ་)སུམ་ཅུ་རྩ་བདུན་གྱི་བདག་ཉིད་དུ་རིག་པར་བྱའོ། །ཞེས་པ་ནི་(མཁའ་ལྟར་ཁྱབ་བྱེད་ཀུན་འགྲོ་ ཁྱབ་པར་)ས་གཞི་དག་ལ་གནས་པ་རྣམས་ཞེས་པ་སྟེ་ངེས་པའོ། །ལྷག་མ་རྣམས་ནི་དག་པའི་ རིགས་སུ་མི་འགྱུར་ཏེ་གསལ་བྱེད་སྣ་ཚོགས་ཀྱི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། ། ༈ དེ་ལྟར་རིགས་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་བྲི་བ་དང་རྣལ་འབྱོར་མ་རྣམས་མཆོད་ པ་ནི་ཉ་སོ་སོ་ལ་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། ༡༥༤ ། ༈ ད་ནི་ཆུ་དང་ཞེས་པ་ལ་སོགས་པ་ལས་འཁོར་ལོ་འདུས་པ་ལ་མཆོད་ཡོན་ལ་སོགས་ པ་གསུངས་ཏེ་ཆུའི་སྣོད་(གང་བ་)དང་མཆོད་ཡོན་གྱི་སྣོད་དང་དྲིའི་སྣོད་(གང་བ་)དང་སྤོས་ཀྱི་ སྣོད་(གང་བ་)དང་མེ་ཏོག་གི་སྣོད་(གང་བ་)དང་འབྲས་བུའི་སྣོད་(གང་བ་)དང་འབྲུ་མ་ཉམས་པའི་ སྣོད་(གང་བ་)དང་མར་མེའི་སྣོད་(གང་བ་)དང་ལྷ་བཤོས་ཀྱི་སྣོད་(གང་བ་)དང་གོས་ཀྱི་སྣོད་དེ་དེ་ ལྟར་མཆོད་པའི་རྫས་རྣམ་པ་བཅུ་ནི་ཚོགས་ཀྱི་འཁོར་ལོ་ལ་འདུས་པ་དང་དཀྱིལ་འཁོར་གྱི་ འཁོར་ལོ་ལ་མཆོད་པའི་དོན་དུའོ། ། དེ་བཞིན་དུ་ནང་གི་རྫས་རྣམ་པ་བཅུར་འགྱུར་ཏེ་ཁུ་བ་དང་གཅི་བ་དང་རྐང་དང་བཤང་ བ་དང་ཤ་དང་མཆིན་པ་དང་མཁྲིས་པ་དང་ཁྲག་དང་རྒྱུ་མ་དང་ལྤགས་པ་སྟེ་རྣམ་པ་བཅུ་ནི་ (སྦྱང་སྤེལ་སྦར་བདུད་རྩིར་བྱས་པ་)འཁོར་ལོ་འདུས་པ་ལ་ལྷ་མོ་རྣམས་མཆོད་པའི་དོན་དུ་འགྱུར་རོ། ། རྒྱལ་པོ་ཞེས་པ་ནི་བོད་པའོ། ༡༥༥ ། ༈ ད་ནི་སྒྲོལ་མ་ལ་སོགས་པའི་རིགས་ལས་སྐྱེས་པ〔འི་རྣལ་འབྱོར་མ〕་རྣམས་ཀྱི་མཚན་མ་ སུམ་ཅུ་རྩ་དྲུག་གསུངས་ཏེ་འདིར་ཚོགས་ཀྱི་འཁོར་ལོ་ལ་ཞུགས་པ་རྣམས་སམ་གྲོང་ངམ་གྲོང་ ཁྱེར་དུ་གནས་པའི་རྣལ་འབྱོར་མ་རྣམས་ཀྱི་དཔྲལ་བའམ་ཕྲག་པ་གཉི་གའམ་གཡོན་པ་དང་ གཡས་པའི་དཔྱིའི་ཕྱོགས་ལ་གང་གི་ཚེ་ལུས་ཀྱི་ཁ་དོག་ལས་གང་ཞིག་ཁ་དོག་གཞན་དང་ གཞན་དུ་རྟོགས་པར་འགྱུར་བའི་མཚན་མ་དེ་ནི་ཁ་དོག་ལས་རིག་པར་བྱ་སྟེ་གང་ཡང་ལག་ 3-1-480 པ་དང་རྐང་པའི་མཐིལ་དུ་འགྱུར་བ་དེ་ནི་རི་མོ་རྣམས་ཀྱིས་རིག་པར་བྱའོ། །དེས་ན་རྣལ་ འབྱོར་མ་རྣམས་ཀྱི་ལག་པ་གཟུང་བའི་སླད་དུ་བུད་མེད་དང་སྐྱེས་པའི་མཚན་ཉིད་བསླབ་ པར་བྱའོ། །གང་གི་གཞན་གྱི་བུད་མེད་ཀྱི་རང་གི་ལག་པ་ཡང་མཚན་ཉིད་ཀྱི་དོན་དུ་གཏོད་དུ་ འཇུག་པར་བྱེད་ན་དེས་ཟོལ་གྱིས་དེ་རྣམས་ཀྱི་ལུས་ལ་གནས་པ་དང་ལག་པ་དང་རྐང་བའི་ མཐིལ་ན་གནས་པ་དང་ཁྱིམ་དུ་བྲིས་པའི་མཚན་མ་རིག་པར་བྱའོ་ཞེས་པ་ནི་(མཚན་མ་ལྟ་ བུའི་)ཐབས་སོ། ། ༈ དེ་ལ་གང་གི་སྐྱེ་བའི་གནས་ལྔ་རྣམས་སུ་ཁ་དོག་ལས་རྡོ་རྗེ་མཐོང་ན་དེ་ནི་རྡོ་རྗེ་ དབྱིངས་ཀྱི་དབང་ཕྱུག་མ་སྟེ་ལག་པའི་མཐིལ་ལམ་རྐང་པ་དག་ལ་ནི་རི་མོ་རྣམས་ཀྱིས་ སོ། །དེ་བས་ན་དེ་ནི་(རྡོ་རྗེའི་མཚན་མ་ཅན་)ནམ་མཁའི་ཁམས་(གཞན་)ཀྱི་རིགས་ཅན་མའོ། །དེ་ བཞིན་དུ་སྒྲོལ་མའི་རལ་གྲི་དང་གོས་དཀར་མོའི་མདའ་འམ་རིན་པོ་ཆེ་དང་མཱའ་མ་ཀཱིའི་པད་ མ་འདབ་མ་བརྒྱ་པ་དང་སྤྱན་མའི་ལྔ་པ་འཁོར་ལོའི་མཚན་མ་སྟེ་དེ་ལྟར་རླུང་(གཞན་)དང་མེ་ (གཞན་)དང་ཆུ་(གཞན་)དང་སའི་རིགས་(གཞན་ནམ་དམ་པ་)ལས་སྐྱེས་པ་རྣམས་ཀྱི་མཚན་མ་ རྣམས་སོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ(ཁར་བ་མཁན་མ)འི་(རིགས་ཅན་གྱི་མཚན་མ་མཁར་བ་)རྒྱུད་མངས་ དང་(དེ་བཞིན་དུ་)གཟུགས་རྡོ་རྗེ་མ(གསེར་མཁན་མ)འི་(དངུལ་)མེ་ལོང་དང་རོ་རྡོ་རྗེ་(ཆང་འཚོང་)མའི་ (ཆང་གི་)སྣོད་དང་དྲི་རྡོ་རྗེ་མ(ཕྲེང་བ་མ་མཁན་མ)འི་མེ་ཏོག་འཕྲེང་བ་དང་རེག་བྱ་རྡོ་རྗེ་མ(རེག་བྱ་ཐག་ མཁན་མ)འི་གོས་དང་ཆོས་ཁམས་རྡོ་རྗེ་མ(ནོར་བུ་མཁན་མ)འི་〔བདེ་བ་སྟེར་བས་〕ཆོས་འབྱུང་སྟེ་ཡུལ་ གྱི་རིགས་ལས་སྐྱེས་པ་རྣམས་ཀྱི་སྐྱེ་བའི་གནས་ལྔ་རྣམས་སམ་ལག་པ་དང་རྐང་བ(འི་མཐིལ་)རྣམས་ལ་(མཚན་མ་)མཐོང་བར་འགྱུར་རོ་ཞེས་པ་ནི་སྒྲ་རྡོ་རྗེ་མ་ལ་སོགས་པའི་མཚན་མའོ། ། དེ་བཞིན་དུ་ངེས་པར་གྲི་གུག་ལ་སོགས་པ་རྣམ་པ་བརྒྱད་དེ་དེ་ལ་ཙར་ཙི་ཀ(ཤན་པ་མོ)འི་གྲི་ གུག་དང་ཁྱབ་འཇུག་མ(རྫ་མཁན་མ)འི་བུམ་པ་དང་ཕག་མོ〔གཡོས་མཁན་མ〕འི་བཅུ་གཟར་དང་ 3-1-481 གཞོན་ནུ་མ(སྨད་འཚོང་མ)འི་〔རྟགས་〕གོས་སེར་པོ་དང་དབང་༡༥༦ མོ(ཚེམ་བུ་མ)འི་ཁབ་བམ་ཐོ་བ་ 〔སྟེ་ཨུར་ཝཻ་〕དང་ཚངས་མ(ཉ་བ་མོ)འི་ཉ་རྒྱ་དང་དྲག་མོ(གར་མཁན་མ)འི་〔རྟགས་〕རྩེ་(གསུམ་)པར་གསུམ་ དང་དཔལ་མོ(ཁྲུས་མཁན་མ)འི་〔ཆུ་བླུགས་ཀྱིས་རས་བརྡུང་བའི་གཞི་〕རྡོ་གྲུ་བཞི་སྟེ་མཚན་མ་བརྒྱད་པོ་ འདི་དག་ནི་འབྱུང་པོ་ལས་སྐྱེས་རྣམས་ཀྱི་ཞེས་པ་འཆི་མེད་(ལྷ་དང་སྲིན་པོ་)ལ་སོགས་པའི་ རིགས་ལས་སྐྱེས་པ་རྣམས་ཀྱིའོ། །དེ་བཞིན་དུ་ཁྲོ་བོ་ལས་སྐྱེས་པ་རྣམས་ཀྱི་(མཚན་མ་)བཅུ་ སྟེ་དེ་ལ་རྨུགས་བྱེད་མ〔རྒྱ་སྐྱེགས་མཁན་མ〕འི་སྨུག་རྩིའི་སྣོད་དེ་ཉིན་མོར་བྱེད་པ་དང་མཚུངས་པ་ ཟླུམ་པོ་དང་རེངས་བྱེད་མ(སྲིན་བལ་མཁན་མ)འི་དར་གྱི་སྲིན་བུ་དང་ང་རྒྱལ་ཅན་མ(ཁབ་མཁན་མ) འི་〔རྟགས་〕ཀུ་ཤ་དང་ཤིན་ཏུ་སྟོབས་མ〔ལྕགས་མཁན་མ〕འི་ཆུ་གྲི་དང་འོད་ཟེར་ཅན་མ(ཀོ་ལྤགས་མཁན་ མ)འི་འཐིལ་ལྷམ་དང་ཙུན་དཱ(འདྲེག་མཁན་མ)འི་སྤུ་གྲི་དང་ཁྲོ་གཉེར་ཅན་མ(ཤིང་མཁན་མ)འི་ཤིང་ ལྷམ་དང་རྡོ་རྗེ་ལྕགས་སྒྲོག་མ(སྨྱུག་མ་མཁན་མ)འི་གདུགས་དང་༡༥༧ དྲག་སྤྱན་མ(ཁྲོན་པ་མཁན་མ) འི་ཏོག་ཙེ་དང་ཤིན་ཏུ་སྔོན་མོ(འོད་མའི་གར་མཁན་མ)འི་〔རྟགས་〕འོད་མའི་དབྱུག་པ་སྟེ་དེ་ལྟར་བཅུ་ ནི་ཁྲོ་བོ་ལས་སྐྱེས་པ་རྣམས་ཀྱི་རང་གི་མཚན་མ་རྣམ་པ་བཅུར་འགྱུར་ཞིང་རྣམ་གཉིས་ལས་ ཀྱི་དབང་པོ་(ཞེས་པ་ལས་ཀྱི་དབང་པོ་ལྔ་གཉིས་གཉིས་སུ་ཕྱེ་སྟེ་ལྕེ་དང་ལྕེ་ཆུང་ལ་ལག་པ་གཉིས་བཤང་ལམ་གཡས་པ་ དང་གཡོན་གྱི་ཆ་གཅི་བ་དང་ཁུ་བའི་རྩ་སྟེ་བཅུ་དག་པ་)རྣམས་ཀྱིའོ། །དེ་བཞིན་དུ་ལྷ་(གཞན་)མིན་རྣམས་ཀྱི་ (རིགས་ལས་སྐྱེས་པར་མཚན་མའི་)མཚན་མ་ནི་ཁྱི་གདོང་མ(ཀླ་ཀློ་མ)འི་བ་ལང་གི་རྭ་དང་ཕག་གདོང་ མ〔འཕྱག་པ་མོ〕འི་ཁམ་ཕོར་ཞེས་པ་སའི་ཕོར་བ་དང་ལྕེ་སྤྱང་གདོང་མ(གཏུམ་མོ)འི་རྒྱུད་(པི་ཝཾ་)ལྡན་ དང་སྟག་གདོང་མ་(སྟགས་གཟིག་མ)འི་འཕང་དང་བྱ་རོག་གདོང་མ(སྨིན་ཐབས་མ)འི་ཤ་ཡི་གསལ་ ཤིང་བྱ་རྒོད་གདོང་མ(རོ་བསྲེག་མ)འི་རྒྱུད་མངས་ཉེ་བའི་ཡན་ལག་སྟེ་མིའམ་ཅི་མོ་དང་མཁའ་ ལྡིང་གདོང་མ(མི་རྒོད་མ)འི་མདའ་དང་འུག་གདོང་མ(རི་ཁྲོད་མ)འི་རྨ་བྱའི་མཇུག་མ་སྟེ་མཚན་མ་ བརྒྱད་པོ་འདི་ནི་ཁ་ལ་སོགས་པ་སྒོ་བརྒྱད་རྣམ་པར་དག་པས(དེའི་)རིགས་བརྒྱད་པོ་རྣམས་ 3-1-482 ལ་མཐོང་བར་འགྱུར་རོ། །དེ་ལྟར་མཚན་མ་སུམ་ཅུ་རྩ་དྲུག་གང་ལ་མཐོང་བ་དེ་རྣམས་ནི་དེའི་ རིགས་ཅན་ཏེ་མཚན་མ་དེས་ཤེས་ནས་མཆོད་པར་བྱའོ་ཞེས་པ་ནི་ངེས་པའོ། ༡༥༨ ། ༈ སླར་ཡང་སྟེ་ཡང་སྒྲོལ་མ་ལ་སོགས་པ་རྣམས་(ཡུམ་)ཀྱི་དམངས་རིགས་ལ་སོགས་པའི་ (དབང་གིས་)མཚན་མ་(གཞན་ནམ་)གསུངས་ཏེ་འདིར་དམངས་རིགས་(བ་ལང་སྐྱོང་བ་དང་ས་གཞི་རྨོ་བ་ལ་ སོགས་)ཀྱི་ཡོན་ཏན་གྱི་དབང་གིས་སྒྲོལ་མའི་རིགས་ལས་སྐྱེས་པ་རྣམས་ཀྱི་ཨུད་པ་ལའམ་ཐོང་ གཤོལ་མཐོང་བར་འགྱུར་རོ། །རྒྱལ་རིགས་མ་སྟེ་གོས་དཀར་མོའི་རིགས་ལས་སྐྱེས་པའི་ རིན་ཆེན་(རྒྱལ་རིགས་ཀྱི་ཆོས་ཀྱི་ཡོན་ཏན་གྱིས་)པཊྚའོ། །རྗེ་རིགས་མ་སྟེ་སྤྱན་མའི་རིགས་ལས་སྐྱེས་ པའི་〔ཡིག་མཁན་དང་ཚོང་པ་ལ་སོགས་པའི་ཡོན་ཏན་གྱི་〕སྨྱུ་གུ་དང་རིན་ཆེན་ཕྲེང་བའོ། །གཉིས་སྐྱེས་〔སྐྱེ་བ་ བདུན་པའི་ཤ་ལ་སོགས་པ་〕མ་སྟེ་མཱ་མ་ཀཱིའི་རིགས་ལས་སྐྱེས་པའི་〔བྲམ་ཟེ་ཆོས་ཀྱི་ཡོན་ཏན་གྱིས་〕ཆུ་ན་རྒྱུ་བ་ དུང་དང་ཟངས་སྣོད་དོ། །དེ་བཞིན་དུ་སྔ་མ་(གཡུང་མོ་)དང་ཕྱི་མར་(གཏུམ་མོ་སྟེ་)ཡུམ་(གཉིས་)གྱི་ མཚན་མ་རྣམ་པ་བཞི་སྟེ་གཡུང་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རིགས་ལས་སྐྱེས་པའི་ ཌ་མ་རུ་དང་རྔ་ཆེན་ནོ། །དེ་བཞིན་དུ་གཏུམ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རིགས་ལས་ སྐྱེས་པའི་ཅོད་པན་དང་བགྲང་ཕྲེང་ངོ༌། །དེ་ལྟར་〔རྣལ་འབྱོར་མ་〕རང་གི་དཔྲལ་བའམ་(གཡས་གཡོན་ གྱི་)ཕྲག་པ་དང་〔གཡས་གཡོན་གྱི་〕དཔྱི་དང་〔གཡས་གཡོན་གྱི་〕ལག་པ〔འི་མཐིལ་〕འམ་རྐང་པ(འི་མཐིལ་) རྣམས་ལ་མཚན་མ་གང་ཞིག་(ཤ་མདོག་དང་རི་མོར་)མཐོང་བའམ་ཁྱིམ་དུ་བྲིས་ཤིང་མཆོད་པ་བྱེད་ པ་དེ་ནི་དེའི་རིགས་ཅན་དུ་རྣལ་འབྱོར་པས་རིག་པར་བྱའོ། ། ༈ དེས་གང་བྱིན་པའི་དམ་ཚིག་གི་རྫས་དེ་བཟའ་བར་བྱ་ཞིང་ཇི་སྲིད་ལན་བདུན་དུ་ འཁོར་བའི་མཐར་ཐུག་པ་(སྐྱེ་བ་བདུན་པའི་ཤ་ལ་སོགས་)དེ་བསྟེན་པར་བྱ་སྟེ་དམ་ཚིག་གི་རྫས་དེས་ མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་རོ། །ཞེས་པ་ནི་ངེས་པའོ། ༡༥༩ ། ༈ ད་ནི་བཤང་བ་ལ་སོགས་པ་དམ་ཚིག་གི་རྫས་རྣམས་ལ་ས་ལ་སོགས་པའི་ལྷའི་རྣམ་ 3-1-483 པར་དག་པ་གསུངས་ཏེ་འདིར་བཤང་བ་དང་གཅི་བ་དང་ཁྲག་དང་བཅས་པ་ཤ་དང་བཅས་ པ་ནི་གྲངས་བཞིན་དུ་ས་〔གཞན་〕དང་ཆུ་〔གཞན་〕དང་མེ་〔གཞན་〕དང་རླུང་〔གཞན་〕གི་ལྷ་རྣམས་ཀྱི་(དམ་ ཚིག་)བཞིར་འགྱུར་རོ། །(དངོས་སུ་)མ་སྨོས་ཀྱང་(དོན་གྱིས་གོ་བ་)ཁུ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ ཕྱུག་མ་ཞེས་པ་ནམ་མཁའི་ཁམས་སོ། །དེ་བཞིན་དུ་རྣ་བ་དང་སྣ་དང་མིག་དང་ལྕེ་དང་བཤང་ ལམ་དང་བྷ་ག་ནི་སྒྲ་དང་དྲི་དང་གཟུགས་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་ཀྱི་ལྷ་མོ་ རྣམས་ཀྱི་དམ་ཚིག་དྲུག་སྟེ་སྒྲའི་རྡོ་རྗེ་ལ་སོགས་དྲུག་ཅེས་སོ། །དེ་བཞིན་དུ་རྣག་དང་བད་ཀན་ དང་ཤིག་དང་སྲིན་བུ་དང་ཆུ་སེར་དང་ཞག་དང་བ་སྤུ་རྣམས་དང་སྐྲ་རྣམས་ཞེས་པ་དམ་ཚིག་ བརྒྱད་ནི་གྲངས་བཞིན་དུ་ཙར་ཙི་ཀཱ་དང་ཁྱབ་འཇུག་མ་དང་ཕག་མོ་དང་གཞོན་ནུ་མ་དང་ དབང་མོ་དང་ཚངས་མ་དང་དྲག་མོ་དང་དཔལ་ཆེན་མོ་སྟེ་རྣལ་འབྱོར་མ་འབྱུང་པོ་ལས་སྐྱེས་ པ་རྣམས་ཀྱིའོ། །དེ་བཞིན་དུ་རྒྱུ་མ་དང་མཁྲིས་པ་དང་རུས་པ་དང་རྐང་དང་སྣ་ཚོགས་ལུས་ལ་ གནས་པ་ཞེས་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་པ་སྟེ་མཆིན་པ་དང་གློ་བ་དང་༡༦༠ རྩ་དང་ལྤགས་པ་དང་སྙིང་དང་ཚིལ་བུ་སྟེ་དེ་ལྟར་བཅུར་འགྱུར་རོ། །རྒྱུ་མ་ལ་སོགས་པ་ཚིལ་ བུའི་མཐར་ཐུག་པ་ནི་གྲངས་བཞིན་དུ་རྨུགས་བྱེད་མ་དང་རེངས་བྱེད་མ་དང་ང་རྒྱལ་ཅན་མ་ དང་ཤིན་ཏུ་སྟོབས་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་ཁྲོ་གཉེར་ཅན་དང་ཙུན་དཱ་དང་འོད་ཟེར་ ཅན་དང་དྲག་སྤྱན་མ་དང་ཤིན་ཏུ་སྔོན་མོ་སྟེ་ཁྲོ་བོའི་ལྷ་མོ་འདི་རྣམས་ཀྱི་དམ་ཚིག་བཅུའོ། །དེ་ བཞིན་དུ་རྣ་བའི་དྲི་མ་དང་སྣའི་དྲི་མ་དང་མིག་གི་དྲི་མ་དང་ལྕེའི་དྲི་མ་དང་བཤང་ལམ་གྱི་དྲི་ མ་དང་བྷ་གའི་དྲི་མ་དང་རྟགས་ཀྱི་དྲི་མ་དང་མཆན་ཁུང་གི་དྲི་མ་སྟེ་ལུས་ཐམས་ཅད་ཀྱི་དྲི་མ་ རྣམས་སོ། །དམ་ཚིག་བརྒྱད་ནི་ལྷ་མིན་མོ་རྣམས་ཀྱི་གྲངས་བཞིན་དུ་སྟེ་ཁྱི་གདོང་མ་དང་ཕག་ གདོང་མ་དང་ལྕེ་སྤྱང་གདོང་མ་དང་སྟག་གདོང་མ་དང་བྱ་རོག་གདོང་མ་དང་བྱ་རྒོད་གདོང་མ་ དང་མཁའ་ལྡིང་གདོང་མ་དང་འུག་གདོང་མ་སྟེ་འདི་རྣམས་ཀྱི་དམ་ཚིག་བརྒྱད་དོ། ། 3-1-484 ༈ དེ་བཞིན་དུ་རྣལ་འབྱོར་མ་རྣམས་ནི་འཇིགས་མ་ལ་སོགས་པ་སྟེ་གང་ཞིག་བརྒྱད་པ་ བརྒྱད་དེ་དྲུག་ཅུ་རྩ་བཞི་པོ་དེ་རྣམས་ཀྱི་དམ་ཚིག་ནི་སེན་མོ་ཉི་ཤུ་དང་སོ་སུམ་ཅུ་རྩ་གཉིས་ དང་རྩ་རྒྱུ་བའི་དབྱེ་བས་ཐོད་པ་དུམ་བུ་བཅུ་གཉིས་རྣམས་ཏེ་དམ་ཚིག་དྲུག་ཅུ་རྩ་བཞིའོ། ། ༈ དེ་བཞིན་དུ་རིགས་བརྒྱའི་དབྱེ་བས་དམ་ཚིག་བརྒྱ་སྟེ་རིགས་གསུམ་དང་ནི་རིགས་ ལྔ་ཉིད། རང་བཞིན་གཅིག་སྟེ་རིགས་བརྒྱའོ་ཞེས་གསུངས་པའི་ཕྱིར་རོ། །རྣལ་འབྱོར་མ་ རྣམས་ཀྱི་རིགས་སུམ་ཅུ་རྩ་དྲུག་དང་རིགས་དྲུག་ཅུ་རྩ་བཞི་གཅིག་(པ་)ཉིད་(དུ་བསྡུས་པ་)རིགས་ བརྒྱར་རིག་པར་བྱའོ། །ཞེས་པ་ངེས་པའོ། ༡༦༡ ། ༈ ད་ནི་གནས་ལ་སོགས་པ་རྣམས་ཀྱི་དམ་ཚིག་གི་རྣམ་པར་དག་པ་གསུངས་ཏེ་བཤང་ པ་དང་གཅི་བ་དང་ཁྲག་དང་ཤ་ཞེས་པ་སྣ་ཚོགས་མཐའ་དག་སེམས་ཅན་རྣམས་ཀྱི་ལུས་ ལ་གནས་པ་རྣམས་ནི་གནས་ཀྱི་དབྱེ་བ་དག་ལ་བཞིའོ། །རྣ་བ་དང་སྣ་དང་མིག་དང་ལྕེ་དང་ བཤང་ལམ་དང་བྷ་ག་ཅེས་པ་དྲུག་ནི་ཞིང་གི་དབྱེ་བ་ལ་འགྱུར་རོ། །དེ་བཞིན་དུ་རྣག་དང་ བད་ཀན་དང་ཤིག་དང་སྲིན་བུ་དང་ཆུ་སེར་དང་ཞག་དང་བ་སྤུ་དང་སྐྲ་སྟེ་བརྒྱད་ནི་ཚན་དོ་ ཧིའི་དབྱེ་བ་རྣམས་སོ། །དེ་བཞིན་དུ་རྒྱུ་མ་དང་མཁྲིས་པ་དང་རུས་པ་དང་རྐང་དང་མཆིན་པ་ དང་གློ་བ་དང་རྩ་དང་ལྤགས་པ་དང་སྙིང་དང་ཚིལ་བུ་སྟེ་བཅུ་ནི་འདུས་པའི་དབྱེ་བ་རྣམས་ སོ(ཞེས་པ་ནང་དུའོ)། ༡༦༢ ། ༈ དེ་བཞིན་དུ་རྣ་བའི་དྲི་མ་དང་སྣའི་དྲི་མ་དང་མིག་གི་དྲི་མ་དང་ལྕེའི་དྲི་མ་དང་བྷ་ གའི་དྲི་མ་དང་བཤང་ལམ་གྱི་དྲི་མ་དང་རྟགས་ཀྱི་དྲི་མ་དང་མཆན་ཁོང་གི་དྲི་མ་སྟེ་ཡན་ལག་ བརྒྱད་ཀྱི་དྲི་མ་འདི་བརྒྱད་ནི་དུར་ཁྲོད་ཀྱི་རབ་ཏུ་དབྱེ་བ་རྣམས་སོ〔ཞེས་པ་ནང་དུའོ〕། ། ༈ དེ་བཞིན་དུ་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་ལ་གནས་ལ་སོགས་པའི་རྣམ་པར་དག་ པས་དམ་ཚིག་རྣམས་གསུངས་ཏེ་འདིར་དུས་མེ་དང་ཟླ་བ་དང་ཉི་མ་དང་སྒྲ་གཅན་ནི་གནས་ 3-1-485 ཀྱི་དབྱེ་བས་སྤྱན་མ་ལ་སོགས་པ་རྣམས་ཀྱི་དམ་ཚིག་བཞིའོ། །ས་སྐྱེས་དང་ཟླ་སྐྱེས་དང་ སྔགས་པ་དང་པ་སངས་དང་སྤེན་པ་དང་གདེངས་ཅན་ཞེས་པ་མཇུག་རིངས་ཏེ་འདི་རྣམས་ ནི་ཞིང་གི་དབྱེ་བས་གཟུགས་རྡོ་རྗེ་མ་ལ་སོགས་པའི་དམ་ཚིག་རྣམས་སོ། །དེ་བཞིན་དུ་〔བརྟན་ པ་སྣོད་ཀྱི་〕ས་དང་ཆུ་དང་མེ་དང་རླུང་དང་(གཡོ་བ་སེམས་ཅན་)ས་ལས་སྐྱེས་པ་དང་ཆུ་ལས་སྐྱེས་པ་ དང་མེ་ལས་སྐྱེས་པ་དང་རླུང་ལས་སྐྱེས་པ་སྟེ་༡༦༣ བརྟན་པ་དང་གཡོ་བའི་འབྱུང་བ་བརྒྱད་ པོ་རྣམས་ནི་ཚན་དོ་ཧིའི་དབྱེ་བ་རྣམས་ཏེ་འབྱུང་པོ་ལས་སྐྱེས་པ་རྣམས་ཀྱི་དམ་ཚིག་གོ། སླར་ ཡང་དེ་ནས་རོ་དྲུག་པོ་རྣམས་དང་དྲི་དང་ཁ་དོག་དང་སྒྲ་དང་རེག་བྱ་སྟེ་བཅུ་ནི་འདུས་པའི་ དབྱེ་བ་རྣམས་ཏེ་ཁྲོ་བོ་ལས་སྐྱེས་པ་རྣམས་ཀྱིའོ། །ས་ལ་སོགས་པ་(བཞི་པོ་)རྣམས་དང་ཁ་དོག་ ལ་སོགས་པ་བཞི་པོ་རྣམས་དབུགས་འབྱུང་བ་དང་འཇུག་པ་དག་གིས་ཟད་པ་ནི་དུར་ཁྲོད་ ཀྱི་རབ་ཏུ་དབྱེ་བ་རྣམས་ཏེ་ལྷ་མིན་མོ་རྣམས་ཀྱི་དམ་ཚིག་བརྒྱད་དོ། །གནས་ལ་སོགས་པ་ཕྱི་ ནང་གི་དམ་ཚིག་རྣམ་པར་དག་པའི་ངེས་པའོ། ༡༦༤ ། ༈ ད་ནི་གནས་ཞེས་པ་ལ་སོགས་པས་ཉེ་བའི་གནས་ལ་སོགས་པའི་གནས་རྣམས་ གསུངས་ཏེ་འདིར་ཐུན་མོང་གི་བྱིས་པ་རྣམས་ཡུལ་དུ་འཁྱམ་པའི་དོན་དུ་ཛཱའ་ལ་དྷ་ར་ལ་ སོགས་པ་(ཕྱི་རོལ་གྱི་ཡུལ་)རྣམས་གནས་ལ་སོགས་པར་གསུངས་(པ་ནི་དྲང་བའི་དོན་གྱི་)སོ། །(དེའི་ རྒྱུ་མཚན་ཛཱ་ལ་དྷ་ར་ལ་སོགས་པ་ཕྱི་རོལ་གྱི་ཡུལ་)དེ་ཉིད་ནི་(བརྟན་གཡོ་)ཐམས་ཅད་དུ་ཁྱབ་པར་བྱེད་པར་ མི་འགྱུར་〔ལ་གནས་ལ་སོགས་པ་ནི་ཐམས་ཅད་དུ་ཁྱབ་པར་བཞུགས་〕ཏེ་〔དོན་དམ་པའི་〕རྣལ་འབྱོར་མ་རྣམས་ ཀྱི་རིགས་སུམ་ཅུ་རྩ་དྲུག་ནི་གྲོང་ཁྱེར་གཅིག་ཏུའང་གནས་སོ། །(དེའི་རྒྱུ་མཚན་)གང་གིས་ན་ འདིར་མཆོག་གི་དང་པོའི་སངས་རྒྱས་ས་(བདེ་གཤེགས་སྙིང་པོ་རྣམ་པ་ཐམས་ཅད་པ་བཅུ་གཉིས་ཀྱི་བདག་ཉིད་ ནི་)ཐམས་ཅད་ལ་(གཞི་)ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཏེ་(དེས་ན་)བོད་ལ་སོགས་པ་དང་ རྒྱ་ནག་ལ་སོགས་པའི་ཡུལ་རྣམས་ན་ཡང་གནས་ལ་སོགས་པ་(ས་བཅུ་གཉིས་ཀྱི་བདག་ཉིད་མཆོག་གི་ 3-1-486 དང་པོའི་སངས་རྒྱས་ཁྱབ་པར་)ཡོད་དོ། །དེ་ཉིད་ནི་བསྡུས་པའི་རྒྱུད་གཞན་དུ་(གསལ་བར་)མ་བསྟན་ ཏོ། །(རྩ་རྒྱུད་རྣམས་དང་བསྡུས་པའི་རྒྱུད་འདིར་མཁའ་མཉམ་གྱི་)ཡུལ་ཐམས་ཅད་དང་གྲོང་ཐམས་ཅད་དུ་ གནས་ལ་སོགས་པ་(ས་བཅུ་གཉིས་ཀྱི་རང་བཞིན་བདེ་གཤེགས་སྙིང་པོའི་སྐུ་མཁའ་ལྟར་ཁྱབ་པར་)གསུངས་པ་ནི་ གནས་ནི་སྒྲོལ་མ་ལ་སོགས་ཁྱིམ་སྟེ་རྣམ་པ་བཞིའོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ་ལ་སོགས་པའི་ ཁྱིམ་ནི་ཞིང་རྣམ་པ་དྲུག་གོ། ཙར་ཙི་ཀཱ་ལ་སོགས་པའི་ཁྱིམ་ནི་ཚན་དོ་ཧ་རྣམ་པབརྒྱད་དོ། ། རྨུགས་བྱེད་མ་ལ་སོགས་པའི་ཁྱིམ་ནི་འདུས་པ་རྣམ་པ་བཅུའོ། །ཁྱི་གདོང་མ་ལ་སོགས་པའི་ ཁྱིམ་ནི་དུར་ཁྲོད་རྣམ་པ་བརྒྱད་དོ། །མཆོག་གི་སར་གནས་རྩ་བའི་གནས་དང་གསང་བར་ བཅས་པ་ནི་ཡུམ་གྱི་ཁྱིམ་རྣམ་པ་གཉིས་ཏེ་དེ་དག་རབ་ཏུ་གསལ་བར་ས་ལ་མཐར་སྐྱེས་མ་ དང་མཐར་སྐྱེས་མ་ཞེས་པ་གཡུང་མོ་(རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་)དང་གཏུམ་མོ(ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་མ)འི་ཁྱིམ་སྟེ་དེ་ལྟར་དམངས་རིགས་ལ་སོགས་པའི་ཁྱིམ་ནི་གནས་ལ་སོགས་པའི་མིང་ གིས་〔དག་པའི་བརྡར་〕རྣལ་འབྱོར་པས་རིག་པར་བྱའོ། །ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། ༡༦༥ ། ད་ནི་གནས་ཞེས་པ་ལ་སོགས་པས་ནང་དུ་གནས་ལ་སོགས་པའི་མིང་(གི་བརྡ་སྐད་) གསུངས་ཏེ་འདིར་དམ་ཚིག་འདུས་པ་ལ་གནས་ནི་ཐམས་ཅད་དུ་བུད་མེད་ཀྱི་པད་མའོ། །ཉེ་ བའི་གནས་ཀྱི་སྒྲས་སྐྱེས་པའི་རྡོ་རྗེར་འགྱུར་རོ། །དེ་བཞིན་དུ་བུད་མེད་རྣམས་ཀྱི་སྐྱེ་མཆེད་ དྲུག་ནི་ཞིང་ངོ༌། །སྐྱེས་པ་རྣམས་ཀྱི་ནི་ཉེ་བ(སྐྱེ་མཆེད་དྲུག་པ)འི་ཞིང་ངོ༌། །དེ་བཞིན་དུ་བུད་མེད་ རྣམས་ཀྱི་མཉམ་གནས་ལ་སོགས་པའི་རླུང་བརྒྱད་ནི་ཚན་དོ་ཧའོ། །སྐྱེས་པ་རྣམས་ཀྱི་〔རླུང་ བརྒྱད་〕ནི་ཉེ་བའི་ཚན་དོ་ཧའོ། །དེ་བཞིན་དུ་བུད་མེད་རྣམས་ཀྱི་ལྕེ་དང་ལྕེ་ཆུང་དང་ལག་པ་ གཉིས་དང་རྐང་པ་གཉིས་དང་བཤང་ལམ་གྱི་གཡས་དང་གཡོན་གྱི་རྩ་གཉིས་དང་གཅི་བ་ དང་ཁུ་བའི་རྩ་གཉིས་ཏེ་ལས་ཀྱི་དབང་པོ་བཅུ་པོ་འདི་རྣམས་ནི་འདུས་པའོ། །སྐྱེས་པ་རྣམས་ ཀྱི་ནི་ཉེ་བའི་འདུས་པའོ། །སྣ་གཉིས་དང་རྣ་བ་གཉིས་དང་མིག་གཉིས་དང་ཁ་དང་བཤང་ 3-1-487 ལམ་ལས་དྲི་མ་འབྱུང་བ་སྟེ་དེ་ལྟར་བུད་མེད་རྣམས་ཀྱི་དུར་ཁྲོད་བརྒྱད་དོ། །སྐྱེས་པ་རྣམས་ ཀྱི་ནི་ཉེ་བའི་དུར་ཁྲོད(བརྒྱད་)དོ་ཞེས་པ་(ཕོ་མོ་)སྟེ་མཐའ་དག་གོ་(སྡོམ་པའོ་)དེ་བཞིན་དུ་(ཕོ་མོ་) གཉི་གའི་ལུས་ལ་(སོ་སོ་)སོ་སོར་གནས་ནི་གཡོན་གྱི་ཡན་ལག་དང་མདུན་ནོ། །ཉེ་བའི་གནས་ ནི་རྒྱབ་དང་གཡས་ཀྱི་ཡན་ལག་སྟེ་དེ་ལྟར་གནས་རྣམ་པ་གཉིས་སོ། །དེ་བཞིན་དུ་(གཉི་གའི་)གཡོན་གྱི་དབང་པོའི་ཚོགས་ནི་ཞིང་ངོ༌། །གཡས་ཀྱི་དབང་པོའི་ཚོགས་ནི་ཉེ་བའི་ཞིང་ངོ༌། ། དེ་བཞིན་དུ་རུ་སྦལ་དང་རྩངས་པ་དང་ལྷ་སྦྱིན་དང་ནོར་ལས་རྒྱལ་བ་སྟེ་བཞི་ནི་ཚན་དོ་ཧའོ། ། མཉམ་གནས་དང་གྱེན་རྒྱུ་དང་ཁྱབ་བྱེད་དང་ཀླུའི་ཚོགས་ནི་ཉེ་བའི་ཚན་དོ་ཧའོ། །དེ་བཞིན་ དུ་གཡོན་གྱི་ལས་ཀྱི་དབང་པོའི་(ལྔའོ་)ཚོགས་ནི་འདུས་པའོ། །གཡས་ཀྱི་〔ལྔ་〕ནི་ཉེ་བའི་འདུས་ པའོ། །གཡོན་གྱི་རྣ་བ་〔དང་སྣ་དང་མིག་སྟེ་གསུམ་དང་〕ལ་སོགས་པ〔སྒྲས་ཁ〕འི་བུག་པ་〔སྟེ་བཞི་ལས་〕དྲི་མ་ འབྱུང་བ་ནི་དུར་ཁྲོད་དོ། །གཡས་ཀྱི་〔རྣ་བ་དང་སྣ་དང་མིག་སྟེ་གསུམ་དང་བཤང་ལམ་གྱི་བུག་པ་སྟེ་བཞི་ལས་དྲི་མ་ འབྱུང་བ་〕ནི་ཉེ་བའི་དུར་ཁྲོད་དོ། །དེ་བཞིན་དུ་ལག་པ་དང་རྐང་པ་ལ་སོགས་པར་གཏོགས་པའི་ རྣམ་པར་དག་པ་(སྔ་མ་དེ་དག་ལས་)གཞན་གྱིས་ཏེ་མདུན་དང་གཡོན་གྱི་ཡན་ལག་ནི་གནས་སོ། ། རྒྱབ་དང་གཡས་ནི་〔ཡན་ལག་ནི་〕ཉེ་བའི་གནས་སོ། །དེ་བཞིན་དུ་གཡོན་གྱི་དཔུང་བའི་ཚིགས་ དང་གཡོན་གྱི་བརླ་དང་དཔྱིའི་ཚིགས་ནི་ཞིང་ངོ༌། །གཡས་ཀྱི་ནི་ཉེ་བའི་ཞིང་ངོ༌། །གཡོན་ གྱི་ཉེ་བའི་དཔུང་བའི་ཚིགས་དང་བྱིན་པ་དང་བརླའི་ཚིགས་ནི་ཚན་དོ་ཧའོ། །གཡས་ཀྱི་ནི་ ཡན་ལག་ཉེ་བའི་ཚན་དོ་ཧའོ། །དེབཞིན་དུ་གཡོན་གྱི་ལག་པ་དང་རྐང་པའི་ཚིགས་གཉིས་ ནི་འདུས་པའོ། །གཡས་ཀྱི་ནི་ཉེ་བའི་འདུས་པའོ། །དེ་བཞིན་གཡོན་གྱི་སོར་མོ་དང་སེན་ མོ་རྣམས་ནི་དུར་ཁྲོད་དོ། །གཡས་ཀྱི་ནི་ཉེ་བའི་དུར་ཁྲོད་དོ། །ཡང་ན་གཉི་གའི་དཔུང་བའི་ ཚིགས་གཉིས་ནི་ཞིང་ངོ༌། །བརླའི་ཚིགས་གཉིས་ནི་ཉེ་བའི་ཞིང་ངོ༌། །དེ་བཞིན་དུ་ཚན་དོ་ཧ་ ལ་སོགས་པ་ཡང་སྟེ་ལག་པ་དང་རྐང་པ་ལ་གནས་པ་ཡང་སོར་མོའི་མཐའི་མཚམས་སུའོ་ 3-1-488 ཞེས་པ་དམ་ཚིག་འདུས་པ་ལ་གནས་ལ་སོགས་པའི་མིང་རྣལ་འབྱོར་པས་རིག་པར་བྱའོ། ༡༦༦ ། ༈ ད་ནི་དྲན་པ་ཞེས་པ་ལ་སོགས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ རྣམས་ཀྱིས་རྣལ་འབྱོར་མ་རྣམས་ཀྱི་རྣམ་པར་དག་པ་གསུངས་པ་འདིར་ལྷ་མོ་བཞི་ནི་རིམ་ པ་བཞིན་དུ་སྟེ་ལུས་དྲན་པ་ཉེ་བར་གཞག་པ་ནི་སྤྱན་མ་དང་ཚོར་བ་དྲན་པ་ཉེ་བར་གཞག་ པ་ནི་གོས་དཀར་མོའོ་ཞེས་པ་རྒྱབ་དང་གཡས་སོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་མཱ་ མ་ཀཱི་དང་ཆོས་དྲན་པ་ཉེ་བར་གཞག་པ་ནི་སྒྲོལ་མའོ་ཞེས་པ་གཡོན་དང་མདུན་ཏེ་ལུས་ཀྱི་ དབྱེ་བས་གནས་དང་ཉེ་བའི་གནས་གཉིས་སོ། །དུས་ཀྱི་འཁོར་ལོར་རབ་ཏུ་གྲགས་ཞེས་པ་ རྒྱུད་གཞན་དུ་རབ་ཏུ་མ་གྲགས་ཏེ་བཅོམ་ལྡན་འདས་ཀྱིས་སྦས་སོ། །ཞེས་པའི་དོན་ཏོ། །དེ་ བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ནང་ནས་བྱང་ཆུབ་ཀྱི་ཡན་ལག་གཅིག་ནི་ཡུམ་རྡོ་ རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་(ཁྱབ་བྱེད་ཀྱི་)རིགས་ཀྱི་གནས་བཏང་སྙོམས་ཡང་དག་བྱང་ཆུབ་ ཀྱི་ཡན་ལག་གོ། གཞན་པ་རྣམས་ཀྱང་སྒྲའི་རྡོ་རྗེ་མ་ལ་སོགས་པ་དྲུག་ཅེས་པ་སྟེ་དྲན་པ་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་ནི་སྒྲ་རྡོ་རྗེ་མ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ ཆུབ་ཀྱི་ཡན་ལག་ནི་རེག་བྱ་རྡོ་རྗེ་མ་དང་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ གཟུགས་རྡོ་རྗེ་མ་སྟེ་ལུས་ཀྱི་དབྱེ་བས་ཉེ་བའི་ཞིང་ངོ༌། །དེ་བཞིན་དུ་དགའ་བ་ཡང་དག་བྱང་ ཆུབ་ཀྱི་ཡན་ལག་ནི་དྲི་རྡོ་རྗེ་མ་དང་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རོ་རྡོ་ རྗེ་མ་དང་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་སྟེ་ཞིང་ རྣམ་པ་གཉིས་སོ། །དེ་བཞིན་དུ་ཆུ་གཏེར་ཡང་དག་སྤོང་པ་རྣམས་དང་ཞེས་པ་སྟེ་སྡིག་པ་མ་ སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་སྤོང་བ་ནི་ཙར་ཙི་ཀཱ་དང་སྡིག་པ་སྐྱེས་པ་རྣམས་སྤོང་བའི་ དགེ་བའི་རྩ་བ་ནི་ཁྱབ་འཇུག་མ་དང་མི་དགེ་བ་[མ་སྐྱེས་པ་རྣམས་སྤོང་པའི་དགེ་བ་[དགེ་ 3-1-489 བ་མ་སྐྱེས་པ་〔ཤོང་ཟེར〕]བསྐྱེད་པ་ནི་དབང་ཕྱུག་མ་དང་དགེ་བ་སྐྱེས་པ་རྣམས་སངས་རྒྱས་ཉིད་ དུ་ཡོངས་སུ་བསྔོ་བས་སྤོང་བ་ནི་དཔལ་ཆེན་མོ་སྟེ་ཉེ་བའི་ཚན་དོ་ཧ་བཞིའོ། །གཞན་པ་ཆུ་ གཏེར་ལྷ་མོ་བཞི་ནི་རྫུ་འཕྲུལ་གྱི་རྐང་པར་འགྱུར་ཏེ་དེ་ལ་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ ནི་ཚངས་མ་དང་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་དབང་མོ་དང་སེམས་ཀྱི་རྫུ་འཕྲུལ་ གྱི་རྐང་པ་ནི་ཕག་མོ་དང་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་གཞོན་ནུ་མའོ། །ཞེས་པ་ཚན་ དོ་ཧའི་དབྱེ་བ་སྟེ་དེ་ལྟར་བརྒྱད་དུ་འགྱུར་རོ། །དེ་བཞིན་དུ་ཁྲོ་མོ་ལྔ་ནི་སྟོབས་རྣམས་དག་སྟེ་ འདིར་དད་པའི་སྟོབས་ནི་ཤིན་ཏུ་སྔོན་མོ་དང་བརྩོན་འགྲུས་ཀྱི་སྟོབས་ནི་ཤིན་ཏུ་སྟོབས་མ་ དང་དྲན་པའི་སྟོབས་ནི་རྡོ་རྗེ་ལྕགས་སྒྲོག་མ་དང་ཏིང་ངེ་འཛིན་གྱི་སྟོབས་ནི་ང་རྒྱལ་མ་དང་ ཤེས་རབ་ཀྱི་སྟོབས་ནི་ཙུན་དཱ་སྟེ་ཉེ་བའི་འདུས་པའོ། །དེ་བཞིན་དུ་རབ་ཏུ་གསལ་ཞིང་ངེས་ པར་དབང་པོ་རྣམས་ནི་ལྔ་ཉིད་དོ། །ཞེས་པ་སྟེ་དེ་བཞིན་དུ་དད་པའི་དབང་པོ་ནི་རེངས་བྱེད་ མ་དང་བརྩོན་འགྲུས་ཀྱི་དབང་པོ་ནི་རྨུགས་བྱེད་མ་དང་དྲན་པའི་དབང་པོ་ནི་འོད་ཟེར་ཅན་ དང་ཏིང་ངེ་འཛིན་གྱི་དབང་པོ་ནི་ཁྲོ་གཉེར་ཅན་དང་ཤེས་རབ་ཀྱི་དབང་པོ་ནི་དྲག་སྤྱན་མའོ། ། ཞེས་པ་འདུས་པ་སྟེ་དེ་ལྟར་བཅུའོ། ༡༦༧ ། ཡང་དག་ཡན་ལག་བརྒྱད་ཀྱི་ལམ་ནི་མི་ཡི་བདག་པོ་ལྷ་མིན་དག་ལས་སྐྱེས་པ་བརྒྱད་ དུ་འགྱུར་ཞེས་པ་ལ་འདིར་ཡང་དག་པའི་ལྟ་བ་ནི་ཁྱི་གདོང་མ་དང་ཡང་དག་པའི་རྟོག་པ་ནི་ བྱ་རོག་གདོང་མ་དང་ཡང་དག་པའི་ངག་ནི་སྟག་གདོང་མ་དང་ཡང་དག་པའི་ལས་ཀྱི་མཐའ་ ནི་འུག་གདོང་མ་དང་ཡང་དག་པའི་འཚོ་བ་ནི་ལྕེ་སྤྱང་གདོང་མ་དང་ཡང་དག་པའི་རྩོལ་བ་ནི་ མཁའ་ལྡིང་གདོང་མ་དང་ཡང་དག་པའི་དྲན་པ་ནི་ཕག་གདོང་མ་དང་ཡང་དག་པའི་ཏིང་ངེ་ འཛིན་ནི་བྱ་རྒོད་གདོང་མ་སྟེ་དེ་ལྟར་ན་སུམ་ཅུ་རྩ་བདུན་རབ་ཏུ་དབྱེ་བས་སྲིད་པ་གསུམ་གྱི་ གནས་སུ་བྱང་ཆུབ་ཕྱོགས་ཀྱི་ཆོས་གང་ཡིན་པ་དེ་རྣམས་མཐའ་དག་རྣལ་འབྱོར་མ་རྣམས་ 3-1-490 ས་ཡི་སྟེང་གི་གནས་སུ་རྣལ་འབྱོར་པ་ཡིས་རིག་པར་བྱ་སྟེ་གཡུང་མོ་ལ་སོགས་པའོ། །〔འདིར་ བྱང་ཆུབ་ཀྱི་ཕྱོགས་ཆོས་སུམ་ཅུ་སོ་བདུན་རྣམས་དང་གཡུང་མོ་ལ་སོགས་པའི་རིགས་གཟུགས་བསྒྱུར་དང་བཅས་པ་སྔར་བསྟན་ པ་རྣམས་ལ་ཀུན་རྫོབ་འདུས་བྱས་ཀྱི་རྣམ་པ་དང་དོན་དམ་འདུས་མ་བྱས་ཀྱི་རྣམ་པ་སྟེ་གཉིས་གཉིས་སུ་འབྱེད་པ་ནི་བླ་མའི་ མན་ངག་ཐུན་མོང་མ་ཡིན་པའོ། །དོན་དམ་པའི་ལྷ་སུམ་ཅུ་སོ་བདུན་དང་པོའི་སངས་རྒྱས་ཆོས་ཀྱི་སྐུ་ལ་རང་བཞིན་གྱིས་ལྡན་ པའི་ཡོན་ཏན་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་ཀྱི་〕དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་〔འདི་ ར་འགྱུར་ལ་མེད་པ་ལྟར་ལེགས་〕གྱིས་〔རྣམ་པར་དག་པར་བྱས་པ་རྩ་མི་ཟེར་བ་ལེགས་〕རྣམ་པར་སྦྱང་པ(སྟེ་དག་པ) འི་(དོན་དམ་པའི་)གནས་(དང་ཉེ་བའི་གནས་)ལ་སོགས་པ་(དོན་དམ་པའི་ས་བཅུ་གཉིས་)ནི་ཆོས་ཀྱི་སྐུའི་ མཚན་ཉིད་(དེ་ངོ་བོ་ཉིད་)དུ་འགྱུར་ཏེ་མི་ཡི་བདག་པོ་(ཞེས་པ་བོད་པ་སྟེ་)ཕྱི་(འཇིག་རྟེན་)དང་(ནང་)ལུས་ ལ་ཡང་〔གཞན་ཆོས་སྐུ་ལ་དོན་དམ་པའི་ས་བཅུ་གཉིས་ཚང་བ་〕དེ་བཞིན་〔དུ་ཀུན་རྫོབ་པའི་ས་བཅུ་གཉིས་བཏགས་པ་བ་ ཚང་ངོ་〕ཞེས་པ་(ཕྱི་ནང་གཞན་གསུམ་འདྲ་བ་ནི་)ཐམས་ཅད་དུ་ངེས་པའོ། ༡༦༨ ། ༈ ད་ནི་སངས་རྒྱས་པ་ཞེས་པ་ལ་སོགས་པས་〔རྣལ་འབྱོར་མ་སུམ་ཅུ་རྩ་བདུན་པོ་〕འདི་རྣམས་(དྲང་ དོན་དང་ངེས་དོན་གྱི་ཚུལ་གྱིས་)བསྟེན་པའི་སླད་དུ་རྣལ་འབྱོར་པ་རྣམས་ཀྱི་(འདོད་པའི་དངོས་གྲུབ་བསྒྲུབ་ པའི་)སྤྱོད་པའི་ཆོ་ག་གསུངས་པ་འདིར་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ དུ་དབང་བསྐུར་བ་ནི་(རྣལ་འབྱོར་མ་དང་རྣལ་འབྱོར་མའི་རྒྱུད་ཀྱི་)དཀྱིལ་འཁོར་ཐམས་ཅད་དུ་དབང་ བསྐུར་བ་སྟེ་(སངས་རྒྱས་པའི་རྒྱུད་ཐམས་ཅད་ཀྱི་ལྷའི་སྒྲུབ་པ་པོར་འགྱུར་བར་མ་ཟད་)མུ་སྟེགས་པ་རྣམས་ཀྱི་ལྷ་ དང་ལྷ་མོ་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་〔སྟེ་དག་པ་〕རྣམས་དང་ཙར་ཙི་ཀཱ་ལ་སོགས་པ་ རྣམ་པར་སྦྱང་པ་〔སྟེ་དག་པ་〕རྣམས་ཀྱི་དཀྱིལ་འཁོར་ལ་ཡང་སྒྲུབ་པ་པོའ(ོདེའི་རྒྱུ་མཚན་མུ་སྟེགས་པའི་ ལྷ་དང་ལྷ་མོ་རྣམས་ནི་ཀུན་རྫོབ་འཇིག་རྟེན་པའི་ཁྱབ་འཇུག་དང་དྲག་པོ་དང༌། ཙར་ཙི་ཀཱའ་ལ་སོགས་པ་ཡིན་ལ་དེ་རྣམས་སྔོན་ བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ལ་དབང་བསྐུར་བ་ཡིན་ཞིང་དེ་རྣམས་ཀྱི་ལྷག་པའི་ལྷ་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ ལ་བཀོད་པའི་ཁྱབ་འཇུག་དྲག་པོ་ལ་སོགས་ཡིན་པའི་ཕྱིར་རོ)། །དེས་ན་རྣལ་འབྱོར་པ་དེ་ཉིད་ཐོབ་པ་སྟེ་(དུས་ 3-1-491 ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་)དབང་བསྐུར་བ་ནི་〔ཕྱག་རྒྱ་ཆེན་པོའི་〕ཡེ་ཤེས་སམ་འཇིག་རྟེན་པའི་ལས་ རབ་འབྱམ་(ཞི་རྒྱས་སོགས་)སྒྲུབ་པའི་དོན་དུ་(སྒྲུབ་པ་པོ་)སངས་རྒྱས་པར་གྱུར་ཀྱང་རུང་〔ཕྱི་རོལ་པའི་ ཆ་ལུགས་མུ་སྟེགས་〕ཞི་བ་པ(སྟེ་དབང་ཕྱུག་)འམ་གཅེར་བུ་པ་〔བྱའི་ནང་ནས་〕ངང་པ〔འི་རྒྱལ་པོ་མཆོག་ཡིན་པ་ལྟར་ འཇིག་རྟེན་ན་〕་མཆོག་ཏུ་གྱུར་པ〔སྟེ་མཆོད་འོས་པ་ཞེས་གྲགས་པ〕འམ་སྐལ་ལྡན་〔ལ་བ་ཅན་བློ་གྲོས་སོགས་ཟེར་〕 ནམ་གཙང་〔བཙག་བཙོས་གོས་ཅན་ར་ཟེར་〕གནས་སམ་(ཁྲུས་བྱེད་པའམ་)དེ་བཞིན་དུ་བྲམ་ཟེ་འམ་(ལག་ ན་)ཐོད་པ་ཅན་ནམ་སྐྲ་འབལ་ཞེས་པ་〔གོང་གི་གཅེར་བུ་པ་དང་〕ཟད་བྱེད་པར་གྱུར་ཀྱང་རུང་གོས་ དཀར་བའམ་(དུར་ཁྲོད་ན་གནས་ཤིང་བྱ་བ་བྱེད་པ་)ཞིང་སྐྱོང་དུ་གྱུར་ཀྱང་རུང་སྟེ་(རྒྱུད་ཡོངས་སུུ་)དག་ པའོ། །(ངག་སྨྲ་བ་བཅད་པའི་)ཐུབ་པའམ་བསྙོན་པའི་གཟུགས་ཅན་ནམ་རིགས་ཅན་ནམ་སྡིག་པ་ མེད་པའི་སེམས་ལྡན་མཁས་པའམ་སློབ་གཉེར་བ་〔རྩ་མིས་སྒྲ་སློབ་པ་ལ་སྦྱར་ལ་〕ཡང་རུང་སྟེ་རྣལ་ འབྱོར་པ་ནི་དངོས་གྲུབ་དོན་སླད་མཐའ་དག་ཡོན་ཏན་གཏེར་ཏེ་〔ཀྱེ་〕མི་ཡི་དབང་(ཞེས་བོད་ པ་སྟེ་རང་གི་)ཡིད་ལ་གང་འདོད་པ(འི་དངོས་གྲུབ་བསྒྲུབ་པ)འི་སྤྱོད་པ་དེ་ཇི་སྲིད་གྲུབ་པར་གྱུར་གྱི་ བར་དུ་སྦས་ཏེ་བྱ་ཞིང་དེ་ནས་(དངོས་གྲུབ་བསྒྲུབ་པའི་)ནུས་པ་(ཐོབ་པ་)ལས་འཇིག་རྟེན་ལས་འདས་ པ་〔སྟེ་ཐུན་མོང་མཆོག་གང་འགྲུབ་པའི་སྤྱོད་པ་〕མངོན་དུ་〔སྟེ་དངོས་སུ〕བྱའོ། །ཞེས་པ་ནི་དེ་བཞིན་གཤེགས་ པའི་ངེས་པའོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་རབ་ཏུ་གནས་པ་དང་ཚོགས་ཀྱི་ འཁོར་ལོའི་ཆོ་ག་དང་རྣལ་འབྱོར་གྱི་སྤྱོད་པའི་མདོར་བསྡུས་ཆེན་པོ་སྟེ་ལྔ་པའོ།། ༡༦༩ །། ༈ (དགུ་པ་རིགས་སུམ་ཅུ་རྩ་དྲུག་གི་ལྷ་མོའི་ཕྱག་རྒྱ་དང་ལྟ་སྟངས་དང་མཚན་མ་དང་དམ་ཚིག་གི་བརྡ་དང་རིགས་ལ་ སོགས་པའི་ངོ་བོ་ཉིད་)ཕྱག་གི་ཕྱག་རྒྱ་(དང་)ལྟ་སྟངས་(ཙམ་)ཀྱིས(ཀྱང་)། །གང་གིས་ལྷ་མིན་དབང་(པོ་)སྐྲག་(པར་)མཛད(པ)། །དུས་ཀྱི་འཁོར་ལོ་དེར་བཏུད་ནས། །ཕྱག་རྒྱ་ལ་སོགས་མཚན་ཉིད་ 3-1-492 བཤད། །སྨྲ་མཁས་(དང་འཇམ་དཔལ་)ཀྱིས་ནི་བསྡུས་རྒྱུད་ཀྱིས། །ཇི་ལྟར་(རྩ་བའི་)རྒྱུད་ཆེན་ལས་ ཕྱུང་བ། །(ལྷའི་ཕྱག་རྒྱ་དང་ཕྱག་མཚན་གྱི་)ཕྱག་རྒྱ་(རྣལ་འབྱོར་ཕོ་མོ་རྣམས་ཀྱི་)ལྟ་སྟངས་〔དང་〕ཡན་ལག་〔གི་〕 བརྡ། །ཐམས་ཅད་འགྲེལ་བས་རྒྱས་པར་བྱ། ། ༈ འདིར་ཕྱག་རྒྱ་བཅིང་བའི་དོན་དུ་རྒན་པོ་མཐེ་བོ་ལ་སོགས་པ་སོར་མོ་རྣམས་ཀྱི་མིང་ སྟེ་རྒན་པོ་ནི་མཐེ་བོང་དང་དེ་ནས་གཉིས་པ་ནི་མཛུབ་མོ་དང་གསུམ་པ་ནི་གུང་མོ་དང་བཞི་ པ་ནི་མིང་མེད་དོ། །མིང་མེད་དེའི་མཐར་མཐེ་ཆུང་ནི་མཐའ་དག་ཡོན་ཏན་གཏེར་ཏེ་ནམ་ མཁའི་ཁམས་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་པ་ཡིས་སློབ་དཔོན་གྱི་མན་ངག་གིས་རིག་པར་ བྱའོ་དེ་ལྟར་ཕྱག་རྒྱ་བཅིང་བའི་དོན་དུ་མིང་གི་དབྱེ་བར་འགྱུར་ཏེ་ཡོན་ཏན་དབང་གིས་ཞེས་ པ་ནི་དྲི་དང་(མཐེ་བོ་)གཟུགས་(མཛུབ་མོ་)དང་རོ་(གོང་མོ་)དང་(སྲིན་ལག་)རེག་བྱ་དང་(མཐེ་ཆུང་)སྒྲའི་ ཡོན་ཏན་གྱི་དབང་གིས་ཏེ་རིམ་པས་སོ། །དེ་བཞིན་དུ་〔ཕྱག་རྒྱ་〕བཅིང་བ་བརྗོད་པར་གྱུར་ན་ 〔དེའི་དོན་དུ་〕རྡོ་རྗེ་བཅིང་བ་ཞེས་པར་འགྱུར་ཞིང་ངེས་པ་ལས་ཁུ་ཚུར་བཅིང་བ་བྱས་པར་གྱུར་ན་ རྡོ་རྗེའི་ཁུ་ཚུར་བཅིང་བ་ཞེས་པ་ངེས་པ་སྟེ་དེ་བཞིན་དུ་ཞེས་གསུངས་པའི་ཕྱིར་རོ། ༡༧༠ ། ༈ ད་ནི་རྒྱལ་བའི་བདག་པོའི་ཕྱག་རྒྱ་གསུངས་ཏེ་འདིར་ལག་པ་གཉི་གས་〔མཐེ་བོང་ནང་ དུ་བཅུག་པའི་〕རྡོ་རྗེ་ཁུ་ཚུར་བཅིངས་ནས་ཁུ་ཚུར་གྱིས་མཐེ་བོ་བསྡམས་པ་དག་བརླ་གཡས་པ་ དང་གཡོན་པའི་སྟེང་དུ་རྡོ་རྗེའི་(དཀྱིལ་དཀྲུང་གི་)འདུག་སྟངས་ལ་གནས་པ་ནི་རྡོ་རྗེའི་ཕྱག་རྒྱར་ འགྱུར་རོ། །ད་ནི་མི་བསྐྱོད་པའི་ཕྱག་རྒྱ་གསུངས་ཏེ་སྔར་〔རྡོ་རྗེའི་〕དཀྱིལ་དཀྲུང་བྱས་ནས་ དཀྱིལ་དཀྲུང་དེ་ལ་ལག་པ་གཡོན་པ་གན་རྐྱལ་དུ་(མཉམ་བཞག་གི་ཕྱག་རྒྱར་)འགྱུར་ཏེ་གཡས་པ་ པུས་མོ་གཡས་པའི་ཕྱོགས་ནས་ཇི་སྲིད་ས་ལ་རེག་པའི་བར་དུ་ས་ལ་སོན་པར་གྱུར་པ་(ས་ གནོན་གྱི་ཕྱག་རྒྱ་)སྟེ་དེ་ལྟར་ས་ལ་རེག་པ་མི་བསྐྱོད་པའི་ཕྱག་རྒྱའོ། །སླར་ཡང་རིམ་པ་(གཡོན་མཉམ་ བཞག་)དེ་ཉིད་ཀྱིས་ཏེ་འོན་ཀྱང་ལག་པ་གཡས་པ་གན་རྐྱལ་ནི་(པུས་མོ་གཡས་པའི་སྟེང་དུ་)ཕྱག་ན་ 3-1-493 རིན་ཆེན་གྱི་མཆོག་སྦྱིན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་དཀྱིལ་དཀྲུང་(གི་གཞི་)ལ་ལག་པ་གཡོན་ པའི་(གན་རྐྱལ་གྱི་)སྟེང་དུ་ལག་པ་གཡས་པ་གན་རྐྱལ་མཉམ་པར་གནས་པ་ནི་ཕྱག་ན་པད་མ་ སྟེ་སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ། ༡༧༡ ། དེ་བཞིན་དུ་ལག་པ་གཡོན་པའི་མཐིལ་གན་རྐྱལ་དུ་དཀྱིལ་དཀྲུང་གི་སྟེང་དུ་སྟེ་གཞན་ པ་ལག་པ་གཡས་པའི་མཐིལ་པུས་མོ་གཡས་པའི་(སོར་མོ་མཉམ་པར་གཤིབ་ནས་ཅུང་ཟད་གྱེན་དུ་བསླངས་ པ་)སྟེང་དུ་འཇིགས་པ་མེད་པ་རབ་ཏུ་སྦྱིན་པ་ནི་ཕྱག་ན་རལ་གྲི་ཞེས་པ་དོན་ཡོད་གྲུབ་པའི་མི་ འཇིགས་པའི་ཕྱག་རྒྱའོ། །དེ་བཞིན་དུ་གཡས་པའི་ཁུ་ཚུར་(ལ་སྟེང་དུ་བྱས་པ་)གཡས་མིན་གྱི་ཁུ་ ཚུར་ལ་སྟེ་མཛུབ་མོ་གཡོན་པ་གང་ཡིན་པ་དེ་སླར་ཡང་གཞན་(གཡོན་པའི་)སྟེང་དུ་(གཡས་པའི་) ཁུ་ཚུར་བཅིངས་པ་ལ་(ནང་དུ་)མཛུབ་མོ་རབ་ཏུ་ཞུགས་པ་འདི་ནི་རྣམ་པར་སྣང་མཛད་ཀྱི་བྱང་ ཆུབ་མཆོག་གི་ཕྱག་རྒྱ་སྟེ་འདི་ནི་གསལ་བར་སྙིང་ཁར་སོན་པ་(སྟེ་གནས་པ)འོ། །དེ་བཞིན་དུ་ གཞན་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ནི་ལག་པ་གཡོན་པ་དང་གཡས་པའི་མཛུབ་མོ་མཐེ་ བོ་སྦྱར་བ་གདུ་བུ་བཞིན་དུ་གྱུར་ཅིང་ཟླུམ་པོ་གཡོན་པ(མཐེ་བོང་མཛུབ་མོ)འི་སེན་མོ་འདུས་པ་ ལ་གཡས་པའི་སེན་མོ་འདུས་པ་སྟོན་པའི་སྦྱོར་བས་གོང་མོ་ལ་སོགས་པ་བརྐྱང་བ་མིང་མེད་ དང་མཐེ་ཆུང་ཅུང་ཟད་སྟེང་དུ་〔བསླང་བ〕འོ་ཞེས་པ་སྙིང་ཁའི་ཕྱོགས་སུ་(བཅས་པ་ནི་རྡོ་རྗེ་སེམས་དཔའ་) ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་སྟེ་དེ་ལྟར་དེ་བཞིན་གཤེགས་པ་དྲུག་གི་(ཕྱག་རྒྱའི་)ངེས་པའོ། ༡༧༢། ༈ ད་ནི་མཆོག་གི་ཕྱག་རྒྱ་གསུངས་པ་འདིར་རང་གི་ལུས་ལ་གོ་ཆ་ཆེན་པོའི་དོན་དུ་ལག་ པ་གཡོན་ལ་ཤིན་ཏུ་གང་བའི་དྲི་མེད་རི་བོང་འཛིན་པ་ཞེས་པ་ནི་འདིར་ཨ་ཡིག་ལ་སོགས་པ་ དབྱངས་བཅོ་ལྔའི་བདག་ཉིད་ཟླ་བའི་དཀྱིལ་འཁོར་ཏེ་ལག་པ་གཡོན་ལ་ཤིན་ཏུ་གང་བའི་དྲི་ མེད་རི་བོང་འཛིན་པ་ཆ་བཅོ་ལྔ་ཡོངས་སུ་རྫོགས་པའོ〔འདི་ཟླ་བའི་དཀྱིལ་འཁོར་ཉིད་ནི་མ་ཡིན་གྱི་དབྱངས་ 3-1-494 བཅོ་ལྔ་ལ་ཟླ་བ་ཞེས་བཏགས་པའོ〕། །ཨ་ཨི་རྀ་ཨུ་ལྀ་ཨ་ཨེ་ཨར་ཨོ་ཨལ་ཧ་ཡ་ར་ཝ་ལ་ཞེས་ པ་ནི་དབྱངས་རྣམས་སོ། །དེ་བཞིན་དུ་ལག་པ་གཡས་ལ་རྡོ་རྗེ་ཉི་མ་དབྱངས་བཅོ་ལྔའི་བདག་ ཉིད་དེ། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ་ལཱྀ་ཨཱུ་རཱྀ་ཨཱྀ་ཨཱ། ཞེས་ པ་ནི་ཡང་དག་པར་གང་བའི་ཉི་མའོ〔འདི་ཡང་ཉི་མའི་དཀྱིལ་འཁོར་ཉིད་ནི་མ་ཡིན་གྱི་དབྱངས་རིང་པོ་བཅོ་ལྔ་ལ་ཉི་ མར་བཏགས་པ་སྟེ་གོང་དུ་ཉི་ཟླའི་སྒྲ་གཅན་གྱི་ས་བོན་རྣམས་ལས་རྡོ་རྗེ་རྩེ་ལྔ་པ་བསྐྱེད་པར་གསུངས་པས་སོ〕། །ཉི་མ་དང་ ཟླ་བ་འདི་དག་ཡང་དག་སྦྱར་བ་རྡོ་རྗེ་འཇིགས་བྱེད་དེ་དྲག་པོའི་རྡོ་རྗེ་ཁྲོ་བོ་ལས་སྐྱེས་ཞེས་ པ་ཧཱུྃ་ཡིག་ལས་སྐྱེས་པའི་རྩེ་མོ་ལྔ་པར་བསྒོམས་ནས་རྡོ་རྗེ་དེ་དང་འཆད་པར་འགྱུར་བའི་རྡོ་ རྗེའི་ཕྱག་རྒྱས་ཡན་ལག་ཐམས་ཅད་ལ་རེག་པར་བྱ་སྟེ་ཅོད་པན་དང་བཅས་ཞེས་པ་གཙུག་ ཏོར་དང་བཅས་པའི་མགོ་ནས་བརྩམས་ཏེ་རྐང་པའི་མཐར་ཞེས་པ་རྐང་པའི་སེན་མོའི་ མཐར་ཐུག་པ་ཉིད་དུའོ། །འདི་ནི་རྒྱལ་པོ་དུས་ཀྱི་འཁོར་ལོའི་དཔལ་ལྡན་མཆོག་གི་ཕྱག་རྒྱ་ སྟེ་〔བར་ཆད་དམ་ཡན་ལག་〕ཐམས་ཅད་སྲུང་ཞིང་སྡིག་པའི་དྲི་མ་འཕྲོག་པའོ། ༡༧༣ ། དེ་བཞིན་དུ་ཕྱག་རྒྱ་འདིས་གང་ཞིག་ཅུང་ཟད་གཟུང་བར་བྱ་བའི་དངོས་པོ་(སྔར་བཤད་ པའི)ས་སྐྱེས་ཆུ་སྐྱེས་ཀྱི་དམ་ཚིག་དང་མངལ་སྐྱེས་སམ་དྲོད་གཤེར་ལས་སྐྱེས་པའམ་སོགས་ པའི་སྒྲས་〔གཤེར་བ་ར་ཟེར་〕རུལ་པ་〔བརྫུས་སྐྱེས་རྩ་མི་ཟེར〕ལས་སྐྱེས་པའི་དམ་ཚིག་(ལ་རེག་པར་བྱ་སྟེ་བྱིན་ གྱིས་བརླབས་པར་འགྱུར་རོ)གམ་དེ་བཞིན་དུ་བཟའ་བ་དང་བཏུང་བ་དང་དཔའ་བོ་དང་བཅས་ཏེ་ཤ་ དང་བཅས་པ་ནི་འཆད་པར་འགྱུར་བའི་(ཕྱག་རྒྱ་དང་སྔགས་ཀྱི་)རིམ་པས་སྦྱང་བ་དང་རྒྱས་པ་དང་ རབ་ཏུ་འབར་བར་བྱའོ། །དེ་བཞིན་དུ་བླ་མ་དང་ནི་ཞབས་དག་ལ་ཡང་(བླ་མ་)སྟེ་ལྷའི་སྐུུ་(ཆེན་ པོ་)ལ་(རྒྱན་ལ་སོགས་པ་འདོགས་པ་ལ་)རང་གི་རྐང་པ་བགྲོད་པའི་དོན་དུ་(རང་གི་རྐང་པ་ལ་ཕྱག་རྒྱ་དེས་རེག་ པར་བྱ)འོ། །(གཞན་)གང་གང་བྱ་བ་ཉེ་བར་སྦྱོར་བར་འགྱུར་བའི་དངོས་པོ་གང་ཡིན་པ་〔ལ་ཡང་〕 སྟེ་ཡོན་ཏན་དབང་གིས་ཞེས་པ་〔ལག་པའི་ཚིག་རྣམས་ལ་བཀོད་པའི་དབྱངས་ལྔ་ཚན་གསུམ་ནི་〕སྙིང་སྟོབས་ 3-1-495 དང་རྡུལ་དང་མུན་པ་དང་(ཚན་པ་རེ་རེ་ལ་དབྱངས་ལྔ་ལྔ་ནི་)དྲི་ལ་སོགས་པའི་ཡུལ་(ལྔ་པོ་རྣམས་ཀྱི་ཡོན་ ཏན་)གྱི་དབང་གིས་བྱ་བ་དེ་ལ་ཕྱག་རྒྱ་དེས་རེག་ནས་སྦྱར་བར་བྱའོ། །ཁ༽ས་ལ་སོགས་(པ་)ལ་ (བཅག་པ་)ཀ༽དཀྱིལ་འཁོར་〔གྱི་〕དོན་(དུ་)དང་〔དཀྱིལ་འཁོར་གྱི་སྟེང་དུ་〕ག༽རྐང་པ་བགྲོད་པའི་དོན་དུ་ རྣལ་འབྱོར་པས་ཕྱག་རྒྱ་འདི་ཡིས་〔རྐང་མཐིལ་ལས་〕བསྣུན་པར་བྱ་སྟེ་མཆོག་གི་ཕྱག་རྒྱའོ། ༡༧༤ ། ༈ ད་ནི་ཁྲོ་བོའི་མགོན་པོའི་ཕྱག་རྒྱ་གསུངས་ཏེ་འདིར་ལག་པ་དག་གི་རྡོ་རྗེ་བཅིངས་ པ་ཞེས་པ་ལ་འདིར་ལག་པ་གཡས་པ་དང་ལག་པ་གཡོན་པའི་འཁྲིག་མ་སྟེང་དང་འོག་ཏུ་ རབ་ཏུ་ཞུགས་〔པ་སྟེ་བསྣོལ་བར་བྱས་〕ཤིང་དཔུང་པ་དང་ཉེ་བའི་དཔུང་པའི་ཚིགས་ཀྱི་སྟེང་དུ་རྡོ་རྗེ་ ཁུ་ཚུར་གྱིས་གནས་པ་(སྟེ་རྡོ་རྗེ་ཁུ་ཚུར་བཅིངས་པའི་ལག་པ་གྱེན་དུ་བསྒྲེངས་པ)འོ། །དེ་བཞིན་དུ་ལག་པ་ གཡོན་པ་ཡང་རྡོ་རྗེ་(ཁུ་ཚུར་)བཅིངས་པས་(གྱེན་དུ་བསྒྲེང་བ་ཉིད་)ཏེ་ངེས་པར་ཁྲོ་བོའི་མགོན་པོ་ཆེན་ པོའི་ཕྱག་རྒྱར་འགྱུར་ཞེས་པ་རྡོ་རྗེ་ཤུགས་ཀྱིའོ། །དེ་བཞིན་དུ་མཛུབ་མོ་ཐོག་མཐའ་བཅིངས་ ཤིང་ཞེས་པ་ནི་〔གཡས་པ་སྟེང་དང་གཡོན་པ་འོག་ཏུ་གནས་པའི་〕འདིར་མཛུབ་མོ་དག་ཕན་ཚུན་དུ་ལྕགས་ ཀྱུ་བཅིངས་ཤིང་མཐའ་ཞེས་པ་མཐེ་ཆུང་གཉིས་པོ་དག་བཅིངས་ཏེ་ལག་པའི་རྒྱབ་སྦྱར་བས་ ཁུ་ཚུར་བཅིངས་ལ་མཐེ་བོ་དག་ཁུ་ཚུར་གྱི་ནང་དུའོ། །དེ་ལྟར་གཙོ་བོ་སྲིད་པ་གསུམ་ལས་ རྣམ་པར་རྒྱལ་བའི་ཞེས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་〔ཕྱག་རྒྱ་〕སྟེ་སྙིང་ཁར་ གནས་པའོ། །(ལྷའི་ཕྱག་གི་)མཚན་མའི་རྣམ་པ་དག་ཀྱང་(ཕྱག་གི་ཕྱག་རྒྱའི་)ལྷག་མ་〔ཕྱག་རྒྱ་〕རྣམས་ ཏེ་རབ་གསལ་ངེས་པར་ལྷ་དང་ལྷ་མོ་རྣམས་ཀྱི་(འཆད་པར་འགྱུར་བ)འོ། །དེ་བཞིན་དུ་ཀླུ་རྣམས་ ཀྱི་ཕྱག་རྒྱ་ནི་ལག་པ་དག་གིས་རྡོ་རྗེ་བཅིངས་པ་ཞེས་པ་སྟེ་འདིར་གཡོན་པའི་དཔུང་པ་དང་ ཉེ་བའི་དཔུང་པའི་ཚིགས་(ཏེ་གྲུ་མོའི་ཚིགས་)ཀྱི་སྟེང་དུ་གཡས་པའི་དཔུང་པ་དང་ཉེ་བའི་དཔུང་ པའི་ཚིགས་བཅིངས་པ་(སྟེ་བསྣོལ་བ་)དང་ལག་པ་(སླར་ཡང་)གཡོན་པའི་ཉེ་བའི་དཔུང་བའི་ ཚིགས་ལག་པ་གཡས་པའི་ཉེ་བའི་དཔུང་པའི་ཚིགས་ཀྱི་སྟེང་དུ་(བསྣོལ་བ་)སྟེ་ལག་པ་གཡོན་ 3-1-496 པ་གཡས་པ་གཡོ་བའི་(སོར་མོ་རྣམས་)གདེངས་ཀའི་རྣམ་པ་དག་གོ། དེ་ལྟར་གཡོ་བའི་གདེངས་ ཀའི་རྣམ་པ་གདེངས་ཅན་རྣམས་ཀྱི་ཕྱག་རྒྱ་སྟེ་དེ་ལྟར་གཡས་སུ་བསྐོར་བས་ཀྱང་རིག་པར་ བྱའོ། ༡༧༥ ། ༈ ད་ནི་མཐེ་བོ་ཞེས་པ་ལ་སོགས་པས་〔དུས་ཀྱི་འཁོར་ལོའི་ཕྱག་གི་〕མཚན་མའི་ཕྱག་རྒྱ་གསུངས་ པ་འདིར་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ལ་ལག་པ་སྦྱར་བ་བྱས་ནས་མཐེ་བོ་དག་སྦྱར་ཞིང་མཐེ་ཆུང་ གཉིས་སྦྱར་ལ་དེ་དག་པད་མའི་འདབ་མ་དང་མཚུངས་ལ་གོང་མོ་གཉིས་མཉམ་པར་དབུས་ སུ་བརྐྱངས་ཏེ་མཛུབ་མོ་གཉིས་གུང་མོ་དག་གི་རྒྱབ་ཀྱི་ཆར་ཕྱེད་འཁྱོག་པ་ཟླ་བ་ཕྱེད་པའི་ རྣམ་པ་དང་མིང་མེད་(གཉིས་པོ་)འོག་ཏུ་བསྐུམ་པ་རང་གི་ལག་མཐིལ་(གྱི་ནང་དུ་)སོན་གྱུར་པ་དེ་ ལྟར་ཕྱག་རྒྱ་འདི་ནི་རྡོ་རྗེ་ཅན་གྱི་རྡོ་རྗེ་རྩེ་མོ་ལྔ་པར་འགྱུར་ཏེ་བསྟན་པར་བྱ་བའོ་ཞེས་པ་སྟེ་ སྔར་གསུངས་པའི་མཆོག་གི་ཕྱག་རྒྱ་ཡང་འདིའོ། །དེ་བཞིན་དུ་རྩིབས་ཀྱི་རྣམ་པ་སོར་མོ་(ལྔ་ པོ་)རྣམས་ཏེ་(〔གོང་མོར་དབུ་མ་དང་སོར་མོ་གཞན་བཞི་མཐའི་རྭ་བཞིར་བྱས་པ〕ལག་པ་གཉི་ག་ལ་གནས་མཐེ་ བོ་ལ་སོགས་མཐའ་དག་རྣམས་ཞེས་པ་ནི་(ལག་པ་གཉིས་ཀ་དེ་ལྟ་བུའི་རྣམས་པར་བྱས་པ)རྡོ་རྗེའི་ཕྱག་རྒྱ་ གཞན་ཏེ་ཤེས་རབ་ལ་འཁྱུད་པའི་དོན་དུའོ། ༡༧༦ ། ༈ དེ་བཞིན་དུ་ལག་པ་གཉིས་ནི་རྡོ་རྗེ་བཅིངས་པ་སྔ་མ་(རྡོ་རྗེར་འགྱུར་བ་)བཞིན་དུ་རྡོ་རྗེའི་ ཁུ་ཚུར་གྱིས་(ཀྱང་)རྡོ་རྗེར་འགྱུར་ཏེ་གཡས་པ(འི་རྡོ་རྗེ་ཁུ་ཚུར་)སྟེང་དུ་བྱས་ཤིང་གཡོན་པ་གང་ ཡིན་པ་འོག་ཏུ་(ཁ་ཅུང་ཟད་ཕྱེ་བ་)ཁུ་ཚུར་གྱིས་དྲིལ་བུར་འགྱུར་རོ། །དེ་བཞིན་དུ་ཁུ་ཚུར་ཕྱེད་པ་ (སྟེ་)མིང་མེད་དང་མཐེ་ཆུང་གི་ཁུ་ཚུར་གྱི་ནང་དུ་མཐེ་བོའོ། །དེ་ལྟར་ཁུ་ཚུར་ཕྱེད་པར་(བྱས་ན་) མཛུབ་མོ་དང་ནི་གོང་མོ་སྦྱར་བ་མདའ་དང་མཚུངས་པ〔ར་བརྐྱང་པ〕་དག་ཀྱང་རལ་གྲི་རྣོན་པོར་ འགྱུར་ཞེས་པ་སྟེང་དུ་(འགྲེང་བ་ནི་)རལ་གྲིའོ་ཕྱག་རྒྱ〔སྟེ་ཆུ་མེ་ཐབས་ཤེས་ཕན་ཚུན་འཁྱུད་པ〕འོ། །དེ་བཞིན་ དུ་མཐེ་བོ་(མཐེ་ཆུང་གིས་མནན་པའི་)ཁུ་ཚུར་ཕྱེད་པ་དང་མཛུབ་མོ་ལ་སོགས་པ་ཞེས་པ་མཛུབ་མོ་ 3-1-497 དང་གོང་མོ་དང་མིང་མེད་〔རྣམས་〕རྩེ་གསུམ་གྱི་རྣམ་པར་སླར་ཡང་བཀྲམ་པ་དག་(ནས་བརྐྱང་ བ་)སྟེ་ཁུ་ཚུར་བྱེད་པ་ཡིས་ནི་རྩེ་གསུམ་གྱི་ནི་ཕྱག་རྒྱ་སྟེ་ཐམས་ཅད་དུ་ཡུལ་གྱི་(ལས་སུ་བྱ་ བའམ་)དོན་ལ་བདུན་པ(འི་རྣམ་དབྱེར་སྦྱར་བ)འོ། །དེ་བཞིན་དུ་དཔལ་ལྡན་གྲི་གུག་(གི་ཕྱག་རྒྱ་ནི་ ལག་པ་གཡས་པ་རྡོ་རྗེ་)ཁུ་ཚུར་བཅིངས་ཤིང་མཐེ་ཆུང་ཟླ་བ་ཕྱེད་པའི་རྣམ་པ་(སྒྲ་གཅན་དུས་མེའི་ཚུལ་ནི་) གདུལ་དཀའ་རྣམས་འཇིགས་པར་བྱེད་པར་ཞེས་པ་གྲི་གུག་གི་ཕྱག་རྒྱའོ། ༡༧༧ ། དེ་བཞིན་དུ་རྣ་བ(གཡས་པ)འི་སྟེང་དུ་ཁུ་ཚུར་(ལག་པ་གཡོན་)བཅིངས་ཤིང་གོང་མོའི་སྟེང་ དུ་མཐེ་བོ་དང་འོག་ཏུ་མཛུབ་མོ་སྟེ་〔སྒྲོའི་རྣམ་པའི་〕མདའི་མཆོག་གི་ཕྱག་རྒྱ་ལ་ཞེས་པ་ནི་མདའི་ ཕྱག་རྒྱའོ། །ལྕགས་ཀྱུ་ལ་(གཡས་པ་)རྡོ་རྗེ་ཁུ་ཚུར་བཅིངས་ཤིང་མཛུབ་མོ་ཁུ་ཚུར་གྱི་སྟེང་དུ་ ལྕགས་ཀྱུའི་རྣམ་པར་ཤིན་ཏུ་འཁྱོག་པོ་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །དེ་བཞིན་དུ་〔མཐེ་ཆུང་དང་ མཛུབ་མོ་དང་སྲིན་ལག་རྣམས་རང་གི་རྩ་བར་བཀུག་པ་མཐེ་བོས་མནན་ཅིང་བློ་གྲོས་སོགས་ཟེར་ར་དང་མཐུན་〕〔གཡས་པ་〕 མཐེ་ཆུང་དང་མཐེ་བོ་(གཡས་པ་)དག་གིས་ཁུ་ཚུར་དང་མཛུབ་མོ་དང་མིང་མེད་འོག་ཏུ་〔བཀུག་ ནས་〕མདའ་དང་མཚུངས་པར་སྦྱར་ཞིང་དེ་དག་གི་སྟེང་དུ་གོང་མོ་ནི་མདུང་ལ་སྟེ་དེ་ལྟར་མདུང་ གི་ཕྱག་རྒྱའོ། །དེ་བཞིན་དུ་ཐད་ཀར་ཁུ་ཚུར་དང་དཔུང་པ་རབ་ཏུ་བརྐྱང་བ་དབྱུག་པ་ལ་སྟེ་ དེ་ལྟར་དབྱུག་པའི་ཕྱག་རྒྱར་འགྱུར་རོ། །དེ་བཞིན་དུ་〔གཡས་པའི་〕ལག་མཐིལ་ཤིན་ཏུ་མཉམ་ ལ་སྟེང་དུ་མཐེ་བོ་རབ་ཏུ་བརྐྱང་ཞིང་ཐད་ཀའི་ཆར་མཛུབ་མོ་ལ་སོགས་པ་བཞི་སྦྱར་བ་སྟེ་དེ་ ལྟར་དགྲ་སྟའི་ཕྱག་རྒྱར་འགྱུར་རོ། ༡༧༨ ། ༈ དེ་བཞིན་དུ་སྟེང་དུུ་(ལག་པ་གཉིས་ཀའི་རྡོ་རྗེ་)ཁུ་ཚུར་གཉིས་དང་ཁུ་ཚུར་གཉིས་ཀྱི་སྟེང་དུ་ ཡང་མཛུབ་མོར་འགྱུར་ཏེ་ལྷ་མིན་བདག་པོ་གླང་ཆེན་ནི་ལོག་འདྲེན་སྟེ་དེའི་ལྤགས་པ་དག་ ལའོ། །ཞེས་པ་གླང་པོ་ཆེའི་ལྤགས་པའི་ཕྱག་རྒྱའོ། །དེ་བཞིན་དུ་མཆེ་བ་ལ་ནི་ལག་པ་གཉི་ གའི་མཐིལ་དུ་ཁུ་ཚུར་བཅིངས་ཤིང་མཐེ་ཆུང་ཟླ་བ་ཕྱེད་པའི་རྣམ་པ་གཡས་དང་གཡས་མིན་ 3-1-498 ནི་ཁ་ལས་བསྟན་པར་བྱ་སྟེ་དེ་ལྟར་མཆེ་བའི་ཕྱག་རྒྱའོ། །ལག་པ་གཡས་པའི་མཚན་མའི་ ཕྱག་རྒྱ་དང་གླང་པོ་ཆེའི་ལྤགས་པ་དང་མཆེ་བའི་ཕྱག་རྒྱའི་ངེས་པའོ། ། ༈ ད་ནི་ལག་པ་གཡོན་པའི་མཚན་མའི་ཕྱག་རྒྱ་གསུངས་པ་དེ་བཞིན་དུ་ཁེ་ཊ་ཀ་ལ་སྟེ་ ཕུབ་ལ་དཔུང་པ་གཡོན་པ་རབ་ཏུ་བརྐྱང་ཞིང་ལག་པའི་མཐིལ་ནི་སྟེང་དུ་སོན་པ་མི་འཇིགས་ པའི་ལག་མཐིལ་ལྟ་བུར་འགྱུར་ཏེ་དེ་ལྟར་ཕུབ་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ཁ་ཊྭཾ་ག་ལ་(གཡོན་ པའི་རྡོ་རྗེ་)ཁུ་ཚུར་བུག་པ་སྟེ་མཛུབ་མོ་དང་གོང་མོ་དང་མིང་མེད་དང་མཐེ་བོ་རྣམས་སྦྱར་ཞིང་ ཕྲག་པའི་གནས་སུ་མཐེ་ཆུང་སྟེང་དུ་རབ་ཏུ་བརྐྱང་བ་སྟེ་དེ་ལྟར་ཁ་ཊྭཱཾ་གའི་ཕྱག་རྒྱའོ། ༡༧༩ ། དེ་བཞིན་དུ་ཐོད་པ་ལ་(གཡོན་པའི་)སོར་མོ་བུག་པ་མེད་པའི་ལག་པ་པད་འདབ་ལྟ་བུ་གན་ རྐྱལ་ནི་ཐོད་པའི་ཕྱག་རྒྱའོ། །དེ་བཞིན་དུ་གཞུ་ལ་རབ་ཏུ་བརྐྱང་བའི་ལག་པ་〔གཡོན་པས་〕གན་རྐྱལ་ཁུ་ཚུར་ཏེ་དེ་ལྟར་གཞུའི་ཕྱག་རྒྱའོ། །དེ་བཞིན་དུ་གཡོན་པའི་ཁུ་ཚུར་གྱི་སྟེང་དུ་ གོང་མོ་དག་ནི་མཛུབ་མོ་འཁྱོག་པོ་བརྟེན་པ་སྟེ་〔མཛུབ་མོ་བཀུག་ཤིང་གོང་མོ་ལ་བརྟེན་ཅིང་དེ་〕གཉིས་ཀྱི་ དབུས་སུ་བུག་པའོ། །དེ་ལྟར་རྡོ་རྗེ་ཞགས་པ་སྟེ་འདི་ནི་ལག་པ་གཅིག་(གཡོན་)གི་ཕྱག་རྒྱ(སྟེ་ གཡས་སུ་ལྕགས་ཀྱུ་བྱུང་བ་ལ)འོ། །གཞན་ནི་ལག་པ་གཉིས་(ཆར་)ཀྱིས་(ཞེས་པའི་ཕྱག་རྒྱ་)གཅིག་ཆར་ གྱིས་(བྱེད་)ཏེ་ཆུ་(གཡས་ན་ཞགས་པ་དང་གཡོན་ན་སྦྲུལ་ཞགས་ཅན་)ལྷ་ལ་སོགས་པའི་གཡས་པ་གང་དུ་ (ཞགས་པའི་ཟླ་བོ་)རྡོ་རྗེ་ལྕགས་ཀྱུ་མ་མཐོང་བ〔ལ〕འོ་དེ་ལྟར་ཞགས་པའི་ཕྱག་རྒྱའོ། །དེ་བཞིན་ དུ་(ལག་པ་གཡོན་པའི་)སྦྱར་བ་སྟེ་འདུས་པའི་སོར་མོ་ལྔ་པོ་རྣམས་ཀྱི་དབུས་སུ་གོང་མོ་བྱས་ནས་ སྟེང་དུ་བརྐྱང་བའི་ཕྱག་ཅེས་པ་ནི་རིན་པོ་ཆེའི་ཕྱག་རྒྱའོ། །ལག་པ་གཡོན་པའི་པད་མའི་ཕྱག་ རྒྱ་ལ་མཐེ་བོ་དང་མཐེ་ཆུང་སྦྱར་ཏེ་(པད་འདབ་ལྟར་གཅིག་བྱས་ཤིང་)མཛུབ་མོ་ལ་སོགས་པ་(གསུམ་) ནི་ཕྱོགས་རྣམས་སུ་(པད་འདབ་རེ་རེ་བྱ)འོ། །དེ་ལྟར་སོར་མོ་རྣམས་རྣམ་པར་ཕྱེ་བ་པད་མ་འདབ་ མ་བཞི་པ་ལྟ་བུ་སྟེ་ལག་པ་གཉི་ག་〔འདུས་པ་མཐེ་བོ་གཉིས་དང་མཐེ་ཆུང་གཉིས་རྩེ་སྦྲད་པ་པད་འདབ་རེ་རེར་བྱ་ 3-1-499 ཞིང་སོར་མོ་ལྷག་མ་རྣམས་བཀྲམ་སྟེ་བརྐྱང་བ་〕དག་གིས་འདབ་མ་བརྒྱད་པར་འགྱུར་རོ། །དེ་ལྟར་པད་ མའི་ཕྱག་རྒྱའོ། །དེ་བཞིན་དུ་ཌ་མ་རུ་ལ་(གཡས་པའི་)གོང་མོ་དང་མིང་མེད་དག་གིས་ཁུ་ཚུར་ བཅིངས་ཤིང་མཛུབ་མོ་ལྕགས་ཀྱུའི་རྣམ་པ་དང་(བཀུག་པ་)མཐེ་བོ( གོང་མོ་དང་སྲིན་ལག་གིས་བཀུག་ པ)འི་སེན་མོའི་སྟེང་དུ་མཐེ་ཆུང་ཕྱེད་འཁྱོག་པ( སྟེ་བཀུག་པ)འོ། །དེ་བཞིན་དུ་ཐོ་བ་ལ་(གཡས་པའི་ རྡོ་རྗེ་)ཁུ་ཚུར་བཅིང་བ(གྱེན་དུ་བསྒྲེང་བ)འོ། །འཁོར་ལོ་ལ་སོར་མོ་ཐམས་ཅད་རྩིབས་ཀྱི་རྣམ་པར་ རབ་ཏུ་(བཀྲམ་ཞིང་)བརྐྱང་བ་ལག་པ་གཅིག་(གཡས་པ་)ལ་སྟེ་(ཡང་ན་)ལག་པ་གཉི་ག(དེ་ལྟ་བུར་བྱས་ པ)འི་མཐིལ་(ཅུང་ཟད་བསྣོལ་བའི་ཚུལ་དུ་)སྦྱར་བའོ། ༡༨༠ ། དེ་བཞིན་དུ་མཛུབ་མོ་དང་མཐེ་བོ་(རྩེ་མོ་)དག་སྦྱར་ཏེ་མཐེ་བོའི་འོག་ཏུ་མཐེ་ཆུང་ལ་ སོགས་པ་(སྐྲའི་)ཁུ་ཚུར་དང་མཐེ་བོ་དང་མཛུབ་མོ་རབ་ཏུ་(རྩེ་སྦྱར་བ་)བརྐྱང་པ་དག་དུང་གི་ཕྱག་ རྒྱའོ། །མེ་ལོང་ནི་〔རང་གི་གདོང་ལ་〕མངོན་དུ་ཕྱོགས་ཤིང་ཤིན་ཏུ་མཉམ་པའི་ལག་མཐིལ་གཡོན་ པ་སྟེ་མེ་ལོང་གི་ཕྱག་རྒྱ་ལ་སོར་མོ་རྣམས་བུག་པ་མེད་པའོ། །དེ་བཞིན་དུ་མཛུབ་མོ་དང་ པོར་བྱས་ནས་མཐེ་ཆུང་གི་མཐར་ཐུག་པ་སྟེ་〔གཅིག་གི་སྟེང་དུ་གཅིག་གི་བཀལ་བ་〕མཐེ་བོའི་སྟེང་དུ་ མཛུབ་མོ་འཁྱོག་པོ་ཟླུམ་པོའི་རྣམ་པའོ། །དེའི་སྟེང་དུ་གོང་མོའོ། །གོང་མོའི་སྟེང་དུ་མིང་མེད་ དོ། །མིང་མེད་ཀྱི་སྟེང་དུ་མཐེ་ཆུང་ངོ༌། །དེ་ལྟར་ལྕགས་སྒྲོག་གི་ཕྱག་རྒྱའོ། །དེ་བཞིན་དུ་ ཚངས་པའི་མགོ་བོ་ལ་མཐེ་བོ་ལ་སོགས་བཞི་པོ་ཕན་ཚུན་(བཞི་མཚམས་སུ་)སྦྱར་བས་གདོང་(བཞི་)དང་མཚུངས་ཤིང་འོག་ཏུ་གདོང་རྣམས་(བསྟན་)ཏེ་མཐེ་ཆུང་བཀུམ་པ་ནི་མགོ་བོའི་ཕྱག་རྒྱའོ། ༡༨༡ ། ༈ དེ་བཞིན་དུ་ལག་པ་(གཉིས་ཀ་)དག་གིས་དུང་གི་ཕྱག་རྒྱ་སྦྱར་བ་(གཤིབས་པ་)ཅོད་པན་དུ་ འགྱུར་ཏེ་(སླར་ཡང་)སྟེང་དུ་མཛུབ་མོ་གཉིས་(པོ་རྩེ་མོ་)སྦྱར་བའོ། །ལག་པ་གཉི་གའི་མཐིལ་གྱི་ ཕྱི་ཕྱོགས་སྦྱར་ཏེ་རྒྱབ་ཏུ་(ལག་པ་གཉིས་ཀའི་)སོར་མོ་ལྔ་པོ་རྣམས་(ཀྱི་རྩེ་མོ་མདུན་སྦྱར་བ་)ནི་རྣ་རྒྱན་ལ་ 3-1-500 སྟེ་རྒྱན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ(གཉིས་ཀ)འི་རྒྱབ་ཏུ་སོར་མོ་རྣམས་ནི་(བསྣོལ་མར་)རིམ་པར་ཡོངས་སུ་བཀོད་ཅིང་ཕན་ཚུན་བཅིངས་པ་མགུལ་པའི་རྒྱན་ལ་སྟེ་དེ་ལྟར་མགུལ་ རྒྱན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་སྐེ་རགས་ལ་གཡོན་པ་དང་གཡས་པ་དག་གི་སོར་མོ་གསུམ་ ནི་མིང་མེད་དང་གུང་མོ་དང་མཛུབ་མོ་དག་སྟེ་སོར་མོ་〔གཡས་གཡོན་〕རྩེ་མོ་〔མཐུད་པ་ལྟར་〕སྦྱར་ཞིང་ མཐེ་ཆུང་དང་མཐེ་བོས་ཁུ་ཚུར་བཅིངས་པ་ནི་སྐེ་རགས་ཀྱི་ཕྱག་རྒྱའོ། ༡༨༢ ། དེ་བཞིན་དུ་ལག་པ་གཉི་གའི་མཐེ་བོ་གཉིས་དང་གུང་མོ་གཉིས་〔རྩེ་མོ་མཐུད་པ་ལྟར་〕སྦྱར་ ཏེ་དེ་དག་གིས་ཟླུམ་སྐོར་ལྟ་བུར་བྱས་ཤིང་སོར་མོ་ལྷག་མ་རྣམས་ཀྱིས་ཁུ་ཚུར་བཅིངས་པ་ནི་ རྐང་གདུབ་ལ་སྟེ་རྐང་གདུབ་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་དཔུང་རྒྱན་ནམ་གདུ་བུ་ལ་〔ལག་པ་ གཉིས་ཀའི་〕མཐེ་བོ་〔མཐུད་པའི་ཚུལ་དུ་〕སྦྱར་བ་དང་མཛུབ་མོ་སྦྱར་བ་ཟླུམ་སྐོར་ལྟ་བུར་འགྱུར་ཞེས་ པ་སྟེ་བཅོམ་ལྡན་འདས་ཀྱི་(ཕྱག་རྒྱ་དང་རྒྱན་གྱི་)མཚན་མའི་ཕྱག་རྒྱའོ། ། ༈ ད་ནི་མཐེ་བོ་ཞེས་པ་ལ་སོགས་པས་རིགས་ཀྱི་ཕྱག་རྒྱ་གསུངས་ཏེ་འདིར་རྡོ་རྗེ་ཁུ་ཚུར་ གྱི་སྟེང་དུ་མཐེ་བོ་བསྟན་པ་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུན་མོང་དུ་རིགས་ཀྱི་ཕྱག་རྒྱར་ འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་མཛུབ་མོ་རབ་ཏུ་བརྐྱང་བ་ནི་གསང་བ་པ་སྟེ་ གནོད་སྦྱིན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ཁུ་ཚུར་བཅིངས་པ་ལས་གུང་མོ་རབ་ ཏུ་བརྐྱང་སྟེ་བསྟན་པ་ནི་དྲི་ཟ་རྣམས་ཀྱི་རིགས་སུ་འགྱུར་རོ། །དེ་བཞིན་དུ་མིང་མེད་(བརྐྱང་སྟེ་ བསྟན་པ་)ནི་གདེངས་ཅན་རྣམས་ཀྱི་རིགས་སུ་འགྱུར་ཏེ་༡༨༣ མཐེ་ཆུང་(བརྐྱངས་ཏེ་)བསྟན་པ་ནི་ འབྱུང་པོ་རྣམས་ཀྱི་རིགས་སུ་འགྱུར་རོ། །དེ་བཞིན་ཉིད་དུ་སྟེང་དུ་སོར་མོ་བཞི་པོ་རྣམས་ཀྱིས་ 〔རྩེ་མོ་ནང་དུ་བཀུག་པ་〕ཁུ་ཚུར་བཅིངས་ཏེ་ལག་པའི་མཐིལ་རབ་ཏུ་གསལ་བར་བསྟན་པ་ནི་སྲིན་ པོ་རྣམས་ཀྱི་རིགས་སུ་འགྱུར་རོ། །(རྩེ་མོ་ནང་དུ་བཀུག་པ་)ཁུ་ཚུར་བཅིངས་ཏེ་བསྟན་པ་ནི་གྲུབ་ པ་རྣམས་ཀྱི་རིགས་སུ་འགྱུར་རོ། །དེ་བཞིན་དུ་དཔུང་པ་དང་ཉེ་བའི་དཔུང་པའི་ཚིགས་(གྲུ་མོ་ 3-1-501 བསྟན་པ་)ནི་ལྷ་རྣམས་ཀྱི་རིགས་སོ། །དེ་བཞིན་དུ་ལག་པའི་རྒྱབ་ཀྱི་མཐིལ་(བསྟན་པ)ནི་ཚངས་ པའི་སྲིན་པོའི་འོ། །དེ་བཞིན་དུ་ཉེ་བའི་དཔུང་པ་དང་ལག་པའི་ཚིགས་〔འཁྲིག་མ་〕བསྟན་པ་ནི་ རོ་ལངས་རྣམས་ཀྱི་རིགས་སུ་འགྱུར་ཏེ་དེ་ལྟར་(རྒྱུད་དུ་གསུངས་པའི་)ཕྱག་རྒྱ་རྣམ་པ་བརྒྱད་ནི་ (མཁའ་འགྲོ་མ་ནས་ལྷའི་བར་)རིགས་བརྒྱད་ལས་སྐྱེས་པ་རྣམས་ལ་ལག་པ་གཡོན་པས་བསྟན་པར་ བྱ(ཚངས་པའི་སྲིན་པོ་དང་རོ་ལངས་ཀྱི་རྒྱུད་ན་མི་བཞུགས་སོ)འོ། ། ༈ ད་ནི་ལག་པ་ཞེས་པ་ལ་སོགས་པས་དུད་འགྲོའི་གདོང་ཅན་རྣམས་ཀྱི་རིགས་ཀྱི་ ཕྱག་རྒྱ་གསུངས་ཏེ་འདིར་ལག་པ་གཅིག་གམ་གཉི་གའི་མཐིལ་དུ་སོར་མོ་ལྔ་པོ་རྣམས་ཕྱེད་ འཁྱོག་པ་སེང་གེའི་སྡེར་མོའི་རྣམ་པས་སྡེར་མོ་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱའོ། །དེ་བཞིན་ དུ་ཁུ་ཚུར་བཅིངས་པ་ལས་ལག་པ་གཉི་གའི་ཁུ་ཚུར་གྱི་སྟེང་དུ་མཛུབ་མོ་གཉིས་པོ་ཕྱེད་ འཁྱོག་པོ་ཟླ་བ་ཕྱེད་པའི་རྣམ་པས་མགོ་བོ〔འི་ལོགས་གཉིས་ཀྱི་ཆ〕ར་བསྟན་པ་ནི་རྭ་ཅན་རྣམས་ཀྱི་ འོ་ཞེས་པ་རྭ་ཅན་རྣམས་ཀྱི་ཕྱག་རྒྱའོ། ༡༨༤ །དེ་བཞིན་དུ་ལག་པའི་མཐིལ་གྱི་རྒྱབ་སྦྱར་ ནས་མཐེ་ཆུང་གཉིས་ཕན་ཚུན་བཅིངས་ཤིང་མཛུབ་མོ་དང་གོང་མོ་དང་སྲིན་ལག་གཤིབས་ ཏེ་བརྐྱང་ནས་མཐེ་བོ་དག་གི་གདོང་སྦྱར་བ་ནི་(བསྣོལ་ནས་)དེ་ལྟར་བྱ་ཁྱུང་གི་ཕྱག་རྒྱའོ། །དེ་ བཞིན་དུ་སོར་མོ་ལྔ་པོ་(བརྐྱང་བ་ལས་)རྩེ་མོའི་ཚིགས་འཁྱོགས་པ་(སྟེ་ནང་དུ་བཀུག་པ་)བསྟན་པ་ གདེངས་ཅན་རྣམས་ཀྱི་〚རིགས་ཀྱི་〛ཕྱག་རྒྱར་འགྱུར་རོ། ། དེ་བཞིན་དུ་འབར་བའི་ཕྱག་རྒྱ་ལ་གོང་མོ་དང་མིང་མེད་དང་མཐེ་ཆུང་བརྐྱང་སྟེ་ལག་པ་ གཉི་གའི་མཛུབ་མོ་གཉིས་པོ་ཕན་ཚུན་མདུད་དེ་མགོ་བོའི་སྟེང་དུ་ཁ་འོག་ཏུ་བསྟན་ནས་མཐེ་ བོ་དག་སྦྱར་བའོ། །མཆོག་གི་ལག་མཐིལ་དག་གི་རྣམ་པ་དེ་ཉིད་ཀྱིས་ཏེ་འོན་ཀྱང་མཛུབ་ མོ་བརྐྱང་བ་ནི་གཞན་པ་སྟེ་འབར་བའི་ཕྱག་རྒྱ་གཉིས་པའོ། །རིགས་ཀྱི་ཕྱག་རྒྱ་དུད་འགྲོའི་ གདོང་ཅན་རྣམས་ལ་བསྟན་པར་བྱའོ། ༡༨༥ ། 3-1-502 ༈ ད་ནི་མཛུབ་མོ་ཞེས་པ་ལ་སོགས་པས་དཔའ་བོ་དང་དཔའ་བོའི་དབང་ཕྱུག་མ་རྣམས་ ཕན་ཚུན་དུ་ཕེབས་པར་སྨྲ་བའི་ཕྱག་རྒྱ་གསུངས་པ་འདིར་གང་དང་གང་དུ་ཕྲད་པ་ཙམ་གྱིས་ ཁུ་ཚུར་བཅིངས་ནས་སྟེང་དུ་ཕྱོགས་པའི་མཛུབ་མོ་མཐེ་བོ་ལ་མངོན་པར་ཕྱོགས་ཤིང་སྦྱར་བ་ བསྟན་པར་བྱ་སྟེ་དེ་བསྟན་ན་ལེགས་པར་འོངས་སམ་དུ་འགྱུར་རོ། །རྣལ་འབྱོར་པ་ལ་རྣལ་ འབྱོར་མས་སམ་རྣལ་འབྱོར་མ་ལ་རྣལ་འབྱོར་པས་སོ། །གཉིས་ཀྱིས་ཏེ་མཛུབ་མོ་དང་གུང་ མོ་〔གཅིག་གི་〕རྒྱབ་ཏུ་〔གཅིག་གི་〕ཡང་དག་པར་ལྡན་པ་དག་གིས་ཤིན་ཏུ་ལེགས་པར་འོངས་པ་ བརྗོད་པར་འགྱུར་རོ། །དེ་བཞིན་དུ་གཡོན་པའི་མཐེ་བོ་(ནང་དུ་བཀུག་པའི་)ཁུ་ཚུར་བཅིངས་པས་ སྐལ་བཟང་དགེ་བ་རབ་ཏུ་བརྗོད་པར་འགྱུར་རོ། །དེ་བཞིན་དུ་སོར་མོའི་སེ་གོལ་རྡེབས་པ་སྟེ་ མཐེ་བོ་དང་མཛུབ་མོ་དག་གིས་(སེ་གོལ་བརྡབས་པས་ནི་)ཁྱོད་ནི་འདི་རུ་སྔགས་པ་མཆོག་ཏུ་ངེས་ པར་བརྗོད་པར་འགྱུར་རོ། །མཐེ་བོ་དང་ནི་མིང་མེད་དག་གིས་〔འཐོར་བ་ལྟ་བུའི་〕སེ་གོལ་བྱས་ན་ དམ་ཚིག་བཅས་པའི་ཆང་གིས་ཁྱོད་ནི་ཚིམ་པར་བྱེད་པའོ་ཞེས་བརྗོད་པར་འགྱུར་རོ། ༡༨༦ ། དེ་བཞིན་དུ་ཕྱག་འཚལ་བའི་སྦྱོར་བས་སོར་མོ་ཐམས་ཅད་རྩེ་མོ་བརྐྱང་བས་(དཔྲལ་བར་ གནས་པ་)སྐལ་བཟང་ལེགས་པར་འོངས་པ་བརྗོད་འགྱུར་རྣལ་འབྱོར་པ་ལ་ཡང་དེ་བཞིན་ དུ་གཡོན་གྱི་ཡན་ལག་〔ལ་〕྄རེག་པས་རྟག་ཏུ་ཁྱོད་ནི་བདག་གི་གཉེན་གཅིག་པུ་དག་རབ་ཏུ་ གསལ་བར་བྱེད་དོ། །དེ་བཞིན་དུ་སྐྱེ་གནས་ལ་རེག་པས་ཁྱོ་བོ་སྟེ་དེ་བཞིན་དུ་མཆུ་དང་ནུ་ མ(ཟུང་ལ)འི་སེན་མོ་(རྩ་མི་ཟེར་)འདེབས་པས་ཀྱང་ཁྱོ་བོར་བརྗོད་པའོ། །སོར་མོ་ཕན་ཚུན་ བཅིངས་པ་ཞེས་པ་ནི་ལག་པ་དག་སྦྱར་བ་བྱས་ནས་མཐེ་ཆུང་ལ་སོགས་པ་སོར་མོ་ཕན་ཚུན་ བཅིངས་ཏེ་བཅིངས་པ་དེ་ལས་མཛུབ་མོ་དང་མིང་མེད་བཅིངས་ཤིང་མཐེ་བོ་དང་གོང་མོ་ རབ་ཏུ་བརྐྱངས་པས་དམ་ཚིག་ལ་འདུས་པ་བརྗོད་པར་བྱེད་དོ། །ཕེབས་པར་སྨྲ་བའི་ཕྱག་ རྒྱའོ། ༡༨༧ ། 3-1-503 ༈ ད་ནི་མཆུ་དང་ཞེས་པ་ལ་སོགས་པས་སྨོད་པའི་ཕྱག་རྒྱ་གསུངས་ཏེ་འདིར་གང་གི་ ཚེ་གང་དང་གང་དུ་ཕོ་ཉ་མོས་མཐོང་བར་གྱུར་ན་སྒྲུབ་པ་པོ་མཐོང་ནས་མཆུ་ལ་སོགས་པ་ཡོ་ བ་སྟོན་པར་བྱེད་དོ། །དེར་མཆུ་ཡོ་བ་དང་སྨིན་མ་ཡོ་བ་དང་མིག་ཡོ་བ་དང་དེ་བཞིན་དུ་མགོ་ བོ་ལ་འཕྲུག་པར་བྱེད་ན་(སྒྲུབ་པ་པོ་)ཁྱོད་ཤིན་ཏུ་ཆེར་རྨོངས་པ་བརྗོད་པར་བྱེད་དེ་གང་གི་ཚེ་ ( སྒྲུབ་པ་པོས་)ཕྱག་རྒྱའི་བརྡ་མི་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་(རྣལ་འབྱོར་མ་)དེས་མཆེ་ བའི་དབུས་སུ་མཐེ་ཆུང་བཀོད་ན་དེའི་ཚེ་མཐེ་ཆུང་དེ(སྐྲག་པ་ལ)ས་〔སྒྲུབ་པ་པོ་ལ་〕འཇིགས་པ་རབ་ ཏུ་གསལ་བར་བྱེད་དོ། །ཡང་ན་མཛུབ་མོ་སྙིང་ཁའམ་ཁར་བཀོད་ན་འཇིགས་པ་བརྗོད་པར་ བྱེད་དོ། །དེ་བཞིན་དུ་མཐེ་བོ་(ནང་དུ་བཀུག་པའི་)ཁུ་ཚུར་བཅིངས་བ་བྱས་ཏེ་ཁུ་ཚུར་བཅིངས་པ་ དེ་ལས་(ཁུ་ཚུར་)དེ་ཉིད་ཀྱིས་ས་ལ་རྡེབས་པའམ་ལག་པ་དང་རྐང་པ་རྡེབས་པར་གྱུར་ན་ང་ ཡིས་བཟའ་བར་བྱའོ〔རྣལ་འབྱོར་〕། །ཞེས་བརྗོད་པ་སྟེ་〔སྒྲུབ་པ་པོས་〕ཕྱག་རྒྱའི་བརྡ་མངོན་པར་མི་ ཤེས་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་(ཕོ་ཉ་མོས་བསྒྲུབ་པ་པོ་ལ་)སྨོད་པའི་ཕྱག་རྒྱའོ། ༡༨༨ ། ༈ དེ་བཞིན་དུུ་(རྣལ་འབྱོར་མ་དེ་)ཟས་ཀྱི་དོན་དུ་མིང་མེད་ཀྱིས་ལྕེ་ལ་རེག་ན་ཟོས་པ་དང་དེ་ བཞིན་དུ་ལག་པ་གཡོན་པས་ལྟོ་དང་སོ་ལ་བསྣུན་པ་དག་གིས་མ་ཟོས་པའོ། །དེ་བཞིན་དུ་ ལག་པའི་རྒྱབ་སྟོན་པར་གྱུར་ན་(རྣལ་འབྱོར་བ་ལ་)སོང་ཞིག་ཅེས་ངེས་པར་རབ་ཏུ་བརྗོད་པ་སྟེ་ མངོན་དུ་ཕྱོགས་པ་སྟོན་པར་གྱུར་ན་〔རྣལ་འབྱོར་བ་ལ་〕འདུག་ཅིག་ཅེས་བརྗོད་པའོ། །དེ་བཞིན་དུ་ བྱིན་པ་ཉེད་པ་དང་བརླ་ཉེད་པར་གྱུར་ན་〔རྣལ་འབྱོར་བ་ལ་〕སྐལ་བཟང་ཁྱོད་དེ་རིང་ངལ་སོ་ཞིག་ བརྗོད་པར་བྱེད་དོ། །དེ་བཞིན་དུ་རྐང་པ་རབ་ཏུ་རྐྱོང་བས་གཉིད་ལོག་ཅིག་ཅེས་པའི་ངེས་པ་ སྦྱིན་པའོ། །དེ་བཞིན་དུ་པུས་མོ་ཟུང་དག་རྐྱོང་བས་བདག་ལ་ཤིན་ཏུ་དགའ་བ་གྱིས་ཞེས་པ་ ངེས་པའོ། ༡༨༩ ། དེ་བཞིན་དུ་རང་གི་ཡན་ལག་ཀུན་ལ་ལག་པ་གཡོན་པས་རེག་པའམ་ཁར་ལག་པ་ 3-1-504 གཡོན་པས་བཀབ་སྟེ་དེ་ལྟར་བྱེད་ན་( རྣལ་འབྱོར་པ་)ཁྱོད་དང་ལྷན་ཅིག་བདག་ལ་འདུས་པ་ མེད་དོ་ཞེས་བརྗོད་པ་སྟེ་རྗེ་བོ་ལ་སོགས་པས་བསྲུངས་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེ་ བཞིན་དུ་རང་གི་ལག་པ་ཕན་ཚུན་བཅིངས་ཏེ་མཐེ་བོ་དང་མཛུབ་མོ་དབུས་ནས་རྣམ་པར་ བྱུང་ན་དེའི་ཚེ་ཕྱག་རྒྱས་དེ་རིང་(རྣལ་འབྱོར་མ་)བདག་གི་ཁྱིམ་དུ་(ཚོགས་ཀྱི་)འཁོར་ལོ་འདུས་པ་ འབྱུང་བར་འགྱུར་རོ་ཞེས་བརྗོད་པ་སྟེ་ཁྱོད་ཀྱང་འདུག་ཅིག་ཅེས་པའི་དོན་ཏོ། །མཐེ་བོ་མིང་ མེད་རྩེ་མོ་སྟོན་པ་དག་གིས་རྣམ་མང་དམ་ཚིག་རྣམས་ཀྱིས་ཁྱོད་ལ་ཇི་ལྟར་འདོད་པར་མཆོད་ པར་བྱ་ཞེས་བརྗོད་པའོ། །དེ་བཞིན་དུ་རྐང་པ་ལ་ནི་འཕྲུག་པར་བྱེད་པར་གྱུར་ན་ཕྱི་རོལ་གྱི་ (ཚོགས་ཀྱི་)འཁོར་ལོ་འདུས་པ་རྣམས་ལ་(བདག་)འགྲོ་བ་ཡང་བརྗོད་པ་སྟེ་ཁྱོད་ཀྱང་ཤོག་ཅེས་པ་ དགོངས་པའོ། །དེ་བཞིན་དུ་མཛུབ་མོ་ལྕགས་ཀྱུའི་རྣམ་པས་ཕན་ཚུན་བཅིངས་པར་གྱུར་ན་རྡོ་ རྗེའི་གྲོགས་པོ་ཁྱོད་ནི་དེ་རིང་འཇིགས་པ་འཕྲོག་པར་བྱེད་ཅེས་པ་སྟེ་དེ་ལྟར་དམ་ཚིག་འདུས་ པའི་ཕྱག་རྒྱ་ངེས་པའོ། ༡༩༠ ། ༈ ད་ནི་སྐྲ་ཞེས་པ་ལ་སོགས་པས་ཤིན་ཏུ་ཁྲོས་པ་རྣམས་ཀྱི་ཕྱག་རྒྱ་གསུངས་པ་འདིར་ གང་གི་ཚེ་སྒྲུབ་པ་པོ་(ནུས་པ་མ་ཐོབ་ཀྱང་ཐོབ་པོ་སྙམ་པའི་)ལོག་པའི་ང་རྒྱལ་གྱིས་(ཡུལ་བསྐོར་བྱེད་ཅིང་རྩ་ མི་ཟེར་ཕོ་ཉ་མོ་)བརྙས་པ་བྱེད་དམ་ནུས་པ་དང་ལྡན་པ་མ་གཏོགས་པར་ཕྱག་རྒྱའི་ལན་སྟོན་པར་ བྱེད་ན་དེའི་ཚེ་(ཕོ་ཉ་མོ་)ནུས་པ་དང་ལྡན་པ་རང་གི་སྐྲ་རྣམས་རང་གིས་སོས་གཅོད་པར་བྱེད་དེ་ དེ་ལྟར་སྐྲ་ནི་རང་གི་སོ་ཡིས་གཅོད་པར་གྱུར་ན་ཕྱག་རྒྱས་〔ཕོ་ཉ་མོ་〕ཀྱེ་མི་ཡི་ཕྱུགས་ཁྱོད་བདག་ གིས་འདིར་ནི་(གསད་པར་)ལྟུང་བར་བྱ་(རྩྭ་མི་ཟེར)ཞེས་པ་འདི་བརྗོད་པའོ། །དེ་བཞིན་དུ་སོ་ལ་ སོས་ཕན་ཚུན་འདར་བར་བྱེད་དེ་ དེར་འདར་བར་གྱུར་ན་ཀྱེ་མི་ཡི་ཕྱུགས་ཁྱོད་ཀྱི་ཤ་ནི་འདི་དག་དེ་རིང་བདག་གིས་ བཟའ་བར་བྱ་ཞེས་པ་འདིར་བརྗོད་པའོ། །དེ་བཞིན་དུ་ལྕེ་མཆུ་གཡོ་བར་བྱེད་པར་གྱུར་ན་ 3-1-505 ཁྱོད་ཀྱི་ལུས་ལས་ཁྲག་ནི་བཏུང་བར་བྱའོ་ཞེས་བརྗོད་པར་བྱེད་དོ། །དེ་བཞིན་དུ་མཆུ་ལ་སོ་ ཡིས་འདེབས་པར་བྱེད་ན་ཁྱོད་ཀྱི་རྒྱུ་མ་ལྟོ་བར་གནས་འདི་བདག་གིས་བཟའ་བར་བྱ་ཀྱེ་ མི་ཡི་ཕྱུགས་ཁྱོད་གང་དུ་འགྲོ་ཞེས་བརྗོད་པར་བྱེད་པ་སྟེ་(ཕོ་ཉ་མོ་)ཁྲོས་པར་གྱུར་པ་ཕྱག་རྒྱ་ སྟོན་པར་བྱེད་ན་སྒྲུབ་པ་པོ་ནུས་པ་དང་བྲལ་བ་དེས་ཕྱག་རྒྱའི་ལན་བསྟན་པར་མི་བྱ་ཞིང་དེ་ རྣམས་ལ་ཕྱག་བྱས་ནས་སྙིང་ཁར་ལག་པ་གཡོན་པའི་མཐིལ་བཞག་ལ་རང་གི་ལུས་གཡོན་ སྐོར་གྱིས་ཡོངས་སུ་བསྐོར་ཞིང་དེ་ནས་ལག་པ་གཡོན་པས་(ཐལ་མོ་སྤྱི་བོའི་)སྟེང་དུ་ཕྱག་བྱས་ ནས་འགྲོ་བར་བྱ་སྟེ་དེ་རྣམས་དང་ལྷན་ཅིག་རྩོད་པར་མི་བྱའོ། །བྱིས་པའི་རྣམ་འབྱོར་པ་ རྣམས་ལ་(ལས་དང་པོ་པ་བྱ་བའི་)ངེས་པ་གང་བྱིན་པ་དེ་དེས་བྱའོ། །རྣམ་པ་གཞན་དུ་ན་འཆི་བ་ འཐོབ་སྟེ་ཁྲོས་པའི་ཕོ་ཉ་མོ་ནུས་པ་དང་ལྡན་པའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་ པའོ། ། ༈ ད་ནི་ཕན་ཚུན་ཕྱག་རྒྱ་བསྟན་པ་ལ་〔ཕྱག་རྒྱའི་〕ལན་གྱི་མཚན་ཉིད་གསུངས་ཏེ་འདིར་ བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་གཡོན་པ་དང་གཡས་པའི་ཕྱག་གི་མཚན་མ་གང་ཡིན་ པ་དེའི་རང་བཞིན་ནི་ཕྱག་རྒྱ་རྣམས་སོ། །དེ་ལས་ཀྱང་ཕན་ཚུན་དུ་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ ཏེ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དག་དང་རལ་གྲི་དང་ཕུབ་དག་དང་རྩེ་གསུམ་དང་ཁ་ཊྭཱཾ་ག་དག་དང་ གྲི་གུག་དང་ཐོད་པ་དག་དང་མདའ་དང་གཞུ་དག་དང་ལྕགས་ཀྱུ་དང་ཞགས་པ་དག་དང་ཌ་ མ་རུ་དང་རིན་པོ་ཆེ་དག་དང་ཐོ་བ་དང་པད་མ་དག་དང་འཁོར་ལོ་དང་དུང་དག་དང་མདུང་ དང་མེ་ལོང་དག་དང་དབྱུག་པ་དང་ལྕགས་སྒྲོག་དག་དང་དགྲ་སྟ་དང་ཚངས་པའི་མགོ་བོ་ དག་དང་གླང་པོ་ཆེའི་ལྤགས་པ་དང་སྡིགས་མཛུབ་དག་དང་དབུ་རྒྱན་དང་རྣ་རྒྱན་དག་དང་ མགུལ་རྒྱན་དང་ལག་གདུབ་དག་དང་སྐེ་རགས་དང་རྐང་གདུབ་དག་དང་རྭ་ཅན་དང་སེན་མོ་ ཅན་དག་དང་ཀླུ་དང་ནམ་མཁའ་ལྡིང་དག་དང་ལག་པ་དང་རྐང་པ་དག་དང་ཁ་དང་བཤང་ 3-1-506 ལམ་དག་དང་བྷ་ག་དང་རྟགས་དག་དང་ནུ་མ་དང་མཆུ་དག་དང་མིག་དང་སྨིན་མ་དག་དང་ ཐིག་ལེ་དང་མིག་སྨན་དག་དང་རབ་ཏུ་ཁྲོ་བ་དང་གཙུག་ཕུད་དགྲོལ་བ་དག་དང་པུས་མོ་དང་ བརླ་དག་དང་མགྲིན་པ་དང་དཔྲལ་བ་དག་དང་ལྟེ་བ་དང་སྙིང་ཁ་དག་དང་〔འཚོགས་མ་ནས་སྤྱི་ གཙུག་གི་བར་དུ་སྐྲ་གཡས་དང་གཡོན་དུ་ཕྱེ་བའི་〕སྐྲ་མཚམས་དང་〔མཚམས་དེར་བྱུག་པའི་〕སིན་དཱུ་ར་དག་དང་ མཆེ་བ་དང་མཐེ་ཆུང་དག་དང་མཐེ་བོ་དང་མིང་མེད་དག་དང་མཛུབ་མོ་དང་གོང་མོ་དག་གོ། དེ་ལྟར་ཕྱག་རྒྱ་དུ་མ་བསྟན་པ་ན་ཕྱག་རྒྱའི་ལན་དུ་མར་འགྱུར་ཏེ་ཤེས་རབ་དང་ཐབས་ཀྱི་ ཆོས་དང་ས་ལ་སོགས་པའི་དེ་ཉིད་ཀྱི་དབྱེ་བས་ཐམས་ཅད་དུ་རྣལ་འབྱོར་པས་རིག་པར་བྱའོ་ ཞེས་པ་ནི་ངེས་པའོ། ༡༩༡ ། ༈ ད་ནི་སྒེག་པ་ལ་སོགས་པའི་ཕྱག་རྒྱ་མཐའ་ཡས་པ་རྣམས་ཏེ་དེ་རྣམས་ཀྱི་རང་བཞིན་ ཤེས་ནས་དེ་རྣམས་ཐམས་ཅད་རིག་པར་བྱའོ། །འདི་ལྟ་སྟེ། སྒེག་པའི་(ཕྱག་རྒྱའི་)སྦྱོར་བ་ཡིས་ ནི་སྒེག་པར་འགྱུར་ཏེ་མིའི་བདག་པོ་(ཞེས་པ་བོད་པ་སྟེ་)བཞད་པའི་སྦྱོར་བས་བཞད་པ〔འི་ཕྱག་རྒྱ〕འོ། ། གར་གྱི་སྦྱོར་བ་ཡིས་ནི་གར་(གྱི་ཕྱག་རྒྱ་དག་)དུ་འགྱུར་ཏེ་རྣམ་པ་མང་པོའི་རོལ་མོའི་སྦྱོར་བས་ རོལ་མོའོ། །གླུ་ཡི་སྦྱོར་བ་ཡིས་ནི་གླུ〔འི་ཕྱག་རྒྱ་〕སྟེ་མཆོག་གི་ཡོན་ཏན་རྣམ་མང་དྲི་ཡི་སྦྱོར་བ་དག་ གིས་དྲི(འི་ཕྱག་རྒྱའོ)། །ཕྲེང་བའི་སྦྱོར་བ་ཡིས་ནི་ཕྲེང་བ(འི་ཕྱག་རྒྱ)ར་འགྱུར་ཏེ་ཡོན་ཏན་དབང་ གིས་སྤོས་ཀྱི་སྦྱོར་བ་དག་གིས་སྤོས་(ཀྱི་ཕྱག་རྒྱས་)སོ། ༡༩༢ ། མར་མེའི་རྣམ་པས་མར་མེ་ངེས་པར་(མཚོན་པའི་བརྡ་དག་ཀྱང་)མུན་པ་བཅོམ་པ〔འི་ཕྱག་རྒྱ〕་དང་ ནི་སྣོད་ཀྱི་ཕྱག་རྒྱ་(ནི་)བདུད་རྩི〔འི་ཕྱག་རྒྱ〕ར་འགྱུར། ། ༈ ཞེས་པ་དེ་(དངོས་པོ་དེ་)ལྟར་ཕྱག་རྒྱ་ཐམས་ཅད་སླར་ཡང་དེ་ནས་(ཁམས་ཀྱི་རིགས་)ལྔ་ཡི་དབྱེ་བས་རྣམ་པར་ཕྱེ་བ་སྟེ། །གཞན་པ་ཕྱག་རྒྱ་མཐའ་ཡས་རྣམས་ཀྱང་མཐའ་དག་ ལུས་ལ་གནས་པ〔འི་བྱ་བ〕ར་རྣལ་འབྱོར་པ་ཡིས་རིག་པར་བྱའོ། །(ཁམས་ཀྱི་ཡོན་ཏན་)གང་(དང་) 3-1-507 གང་(ཁམས་དེ་དང་དེའི་)དངོས་པོའི་རང་བཞིན་དུ་འགྱུར་〔བ་〕སའི་སྟེང་དུ་(དངོས་པོ་)དེའི་རང་བཞིན་ (མཚོན་པའི་བརྡ་)དག་ཀྱང་{དངོས་པོ་དེའི་}ཕྱག་རྒྱ་རྣམས(སུ་འགྱུར་རོ)། །ཞེས་པ་དེའི་ཕྱིར། ཇི་ སྙེད་མིག་ནི་(ཡུལ་སྣ་ཚོགས་ལ་)རྣམ་གཡེང་པ། །དེ་སྙེད་ཕྱག་རྒྱར་རབ་ཏུ་གྲགས། །ཕྱག་རྒྱ་ཕྱག་ རྒྱའི་ལན་ལ་ནི། །(འདི་ཙམ་ཡིན་ནོ་ཞེས་པའི་)ངེས་པ་འཛིན་པར་སུ་ཡིས་ནས། །རྣལ་འབྱོར་རྣམས་ ཀྱིས་ཏིང་འཛིན་གྱིས། །ཇི་སྲིད་མངོན་ཤེས་མ་སྐྱེད་པ། །དེ་སྲིད་འཇིག་རྟེན་(གྱི་ཕོ་ཉ་མོ་རྣམས་དང་) རྩོད་དོན་དུ། །ཕྱག་རྒྱའི་ལན་ནི་བསྟན་མི་བྱ། །ཞེས་པ་ནི་ཕྱག་རྒྱའི་བརྡའི་ངེས་པའོ། ༡༩༣ ། ༈ ད་ནི་ཕོ་ཉ་མོ་ཞེས་པ་ལ་སོགས་པས་ལྟ་སྟངས་ཀྱི་བརྡ་གསུངས་ཏེ་འདིར་གང་གི་ཚེ་ རྣལ་འབྱོར་པ་མཐོང་བ་ན་ཕོ་ཉ་མོ་ཞེས་པ་རྣལ་འབྱོར་མ་འཕྲེད་ལ་མིག་ལྟ་བར་བྱེད་ན་ལྟ་ སྟངས་དེས་ཁྱོད་ནི་གནས་གང་ཞིག་ནས་འོངས་ཞེས་པའི་དྲི་བ་སྐལ་བ་བཟང་ལ་ཞེས་པ་རྣལ་ འབྱོར་པ་ལ་བརྗོད་པར་བྱེད་དོ། །དེ་ནས་མགོ་བོར་ལག་པ་གཡོན་པ་བཞག་སྟེ་(གང་ནས་འོངས་ པའི་)ཕྱོགས་སུ་ངེས་པར་བལྟས་པ་རྣལ་འབྱོར་པ་ཡིས་གནས་ནས་(འདི་འདྲ་)འོངས་པ་བརྗོད་ པ་སྟེ་ལན་སྨྲས་པར་འགྱུར་རོ། །སྟེང་དུ་ལྟ་བས་ཁྱོད་ནི་དགེ་འམ་བརྗོད་པར་བྱེད་དོ། །ས་ ཡི་སྟེང་དུ་གནས་པས་ཁྱོད་ནི་འདུག་ལ་ངལ་སོ་ཞིག་ཅེས་པ་བརྗོད་པར་བྱེད་དོ། །〔སྡང་མིག་ ར་འབྲོ་〕ཡོན་པོར་ལྟ་བས་ཁྱོད་སོང་ཞིག་ཅེས་པའོ། །ཆགས་པའི་ལྟ་བས་ཕོ་ཉ་མོ་ནི་(བདག་ལ་) ཤིན་ཏུ་དགའ་བ་གྱིས་ཤིག་ཅེས་བརྗོད་པར་བྱེད་དོ། ༡༩༤ ། ཞི་བའི་ལྟ་བས་ཁྱོད་ནི་བདག་གི་གྲོགས་པོ་ཞེས་བརྗོད་པར་བྱེད་དེ་ཕེབས་པར་སྨྲ་བའི་ ལྟ་སྟངས་ཀྱི་ངེས་པའོ། ། ༈ ད་ནི་འཇིགས་པའི་ལྟ་སྟངས་རྣམས་གསུངས་ཏེ་འདིར་གང་གི་ཚེ་〔ཕོ་ཉ་མོ་〕ཁྲོ་གཉེར་ བྱས་ནས་ཁྲོ་བོའི་ལྟ་བ་སྟོན་པར་བྱེད་ན་དེའི་ཚེ་(ཕོ་ཉ་མོ་)ཁྲོ་གཉེར་ཁྲོ་བོའི་ལྟ་བ་དེས་རྣལ་ འབྱོར་པ་ལ་(འཆི་བ་ལ་སོགས་པའི་)འཇིགས་པ་རབ་ཏུ་གསལ་བར་བྱེད་དེ་མི་ཤེས་པའི་ཕྱིར་རོ། ། 3-1-508 དེ་བཞིན་དུ་སྐྲ་ལ་ལྟ་བས་བདག་ནི་མ་རུངས་པ་ཞེས་བརྗོད་པ་སྟེ་སྐལ་བཟང་ལ་ནི་ཞེས་པ་ རྣལ་འབྱོར་པ་ལ་རང་གི་རང་བཞིན་ཟུར་འདི་དག་གིས་སོ། །དེ་བཞིན་དུ་མཛོད་སྤུར་ལྟ་བས་ བདག་ནི་(རྣལ་འབྱོར་མ་)མཆོག་གོ་ཞེས་རབ་ཏུ་གསལ་བར་བྱེད་དོ། །དེ་བཞིན་དུ་སྣ་ལ་ལྟ་བས་ (མངོན་ཤེས་ལ་སོགས་པའི་)ཡོན་ཏན་རབ་ཏུ་གསལ་བར་བྱེད་དོ། །མཆུ་ལ་ལྟ་བས་རང་གི་སྐལ་བ་ བཟང་པོ་རབ་ཏུ་གསལ་བར་བྱེད་དོ། །དེ་བཞིན་དུ་རང་གི་ནུ་མ་ཟུང་ལ་ལྟ་ན་བདག་ནི་ཕྱག་ རྒྱ་བཟང་མོ་ཞེས་བརྗོད་དོ། ༡༩༥ ། སྙིང་ཁར་ལྟ་བས་(ཏིང་འཛིན་གྱི་)བསྒོམས་པའི་བདག་ཉིད་དོ་ཞེས་བརྗོད་དོ། །དེ་བཞིན་ དུ་ལག་པ་ཟུང་ལ་ལྟ་ན་བདག་ནི་རབ་ཏུ་གཏུམ་མོ་ཞེས་བརྗོད་དོ། །དེ་བཞིན་དུ་ཕྲག་པར་ལྟ་ བས་བདག་ནི་〔སྔགས་ཀྱི་〕ནུས་(པ་དང་ལྡན་)མ་ཞེས་བརྗོད་དོ། །དེ་བཞིན་དུ་སེན་མོ་དང་བཅས་ ལག་པའི་མཐིལ་ལ་ལྟ་ན་བདག་ནི་སྲིན་མོ་ཞེས་བརྗོད་དོ། །དེ་བཞིན་དུ་རྒྱབ་ཏུ་ལྟ་བས་ བདག་ནི་ཀླུ་མོ་ཞེས་བརྗོད་དོ། །དེ་བཞིན་དུ་ལྟེ་བར་ལྟ་བས་བདག་ནི་(སྔགས་ཀྱི་)དམ་ཚིག་ ཅན་ཞེས་བརྗོད་དེ་མིའི་དབང་པོ་ཞེས་པ་ནི་བོད་པའོ། །དེ་བཞིན་དུ་གསང་བར་ལྟ་བས་ བདག་ནི་(སེམས་རྣམ་པར་)དག་པ་ཞེས་བརྗོད་དོ། །དེ་བཞིན་དུ་བརླ་ལ་ལྟ་བས་བདག་ནི་(འདོད་ པ་ལ་)ཤིན་ཏུ་དགའ་ལ་གདུལ་བར་དཀའ་ཞེས་བརྗོད་དོ། ༡༩༦ ། དེ་བཞིན་དུ་པུས་མོར་ལྟ་བས་བདག་ནི་གྲུབ་པ་(ཐོབ་པ་)ཞེས་བརྗོད་དོ། །དེ་བཞིན་དུ་ རྐང་པ་ལ་ལྟ་བས་བདག་ནི་རྫུ་འཕྲུལ་སྦྱིན་པ་མོ་ཞེས་བརྗོད་དོ། །དེ་བཞིན་དུ་རྐང་པའི་མཐེ་ བོར་ངེས་པར་ལྟ་བར་བྱེད་ན་ལྟ་སྟངས་དེས་བདག་ནི་སྲིད་པར་རྡོ་རྗེའི་སྐུ་སྟེ་དཔའ་མོ་གཅིག་ པུའོ་ཞེས་བརྗོད་དོ། །དེ་བཞིན་དུ་རྐང་པ་དག་གི་སོར་མོ་ཀུན་གྱི་རྩེ་མོར་ལྟ་བས་སྲིད་པ་ གསུམ་གྱི་གནས་སུ་བདག་ནི་ཀུན་ཏུ་འགྲོ་མ་སྣ་ཚོགས་ཡུམ་མོ་ཞེས་བརྗོད་དོ། །དེ་བཞིན་དུ་ རྣལ་འབྱོར་པ་ནུས་པ་དང་ལྡན་པ་ཡང་བདག་ཉིད་ཀྱི་ཡོན་ཏན་རྣམས་ཕོ་ཉ་མོ་རྣམས་ལ་རབ་ 3-1-509 ཏུ་གསལ་བར་བྱེད་དོ། །དེ་ལྟར་གསུངས་པའི་རིམ་པས་ཕོ་ཉ་མོ་རྣམས་ཁོ་ནའི་ལྟ་སྟངས་ཏེ་ སླར་ཡང་〔ཕོ་ཉ་མོའི་ཡོན་ཏན་གྱི་〕རང་བཞིན་རྣམས་ཀྱིས་〔ལྟ་སྟངས་ཀྱི་〕རྣམ་པ་མང་པོར་རིག་པར་བྱའོ་ ཞེས་པ་ནི་ལྟ་སྟངས་ཀྱི་བརྡའི་ངེས་པའོ། ། ༈ དེ་བཞིན་དུ་བརྡའ་ནི་དངོས་པོ་གང་གི་མིང་གང་ཡིན་པ་དེའི་ཡི་གེ་དང་པོས་(དངོས་པོ་)དེ་བཟུང་བ(སྟེ་སྨོས་པ)ར་རིག་པར་བྱ་སྟེ་གནས་སྐབས་ཀྱི་དབང་གིས་སོ། །དཔེར་ན་སེན་དྷ་ བ་ཁྱེར་ལ་ཤོག་ཅེས་པ་བརྗོད་པ་ན་〔སྐབས་ཀྱི་སྟོབས་ཀྱིས་དོན་དུ་མ་གོ་བར་འགྱུར་ཏེ་〕ཁྲུས་ལ་〔ཁྲུས་རས་ཀྱི་〕གོས་དང་ཟས་ལ་ལན་ཚྭ་དང་འགྲོ་བ་ལ་རྟ་དང་གཡུལ་ལ་རལ་གྲིའོ་ཞེས་པའི་རིགས་པས་ དང་པོའི་ཡི་གེའི་བརྡ་ཡིས་དངོས་པོའི་ཆོས་ཐམས་ཅད་རིག་པར་བྱའོ། ། ༈ ཚོགས་ཀྱི་འཁོར་ལོ་ལ་སོགས་པ་ལ་དམ་ཚིག་དང་མི་ལྡན་པའི་སེམས་ཅན་གྱི་ནང་དུ་ རྣལ་འབྱོར་པའམ་རྣལ་འབྱོར་མས་དགོངས་པའི་སྐད་གཞན་ནམ་བརྡས་བརྗོད་པར་བྱའོ། ། ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། ༡༩༧ ། ༈ 〔བཅུ་གཉིས་པ་ནི་དཔལ་ལྡན་བླ་མ་དབུལ་བ་ཐམས་ཅད་ཀྱིས་མཉེས་པའི་ངོ་བོ་ཉིད་ཀྱི་གནས་པ་〕ད་ནི་སློབ་མ་ རྣམས་ཀྱི་སྦྱིན་པའི་དོན་དུ་རང་གི་ལུས་ལ་སོགས་པའི་ཆའི་ངེས་པ་གསུངས་པ་དྲུག་ཆ་ཞེས་ པ་ལ་སོགས་པ་སྟེ་འདིར་གང་གི་ཚེ་རྡོ་རྗེ་སློབ་དཔོན་གྱིས་ཁྱིམ་པའམ་དགེ་ཚུལ་ལམ་དགེ་ སློང་ལ་དབང་བསྐུར་བ་ན་(སློབ་མ་)དེས་དམ་བཅའ་བ་འདི་བྱ་སྟེ་བདག་གིས་དུས་ཐམས་ཅད་ དུ་དངོས་པོ་ཐམས་ཅད་ཀྱི་དྲུག་ཆ་(བླ་མ་ལ་)སྦྱིན་པར་དབུལ་བར་བྱའོ། །ཞེས་པ་ངེས་པའོ། ། དེ་ལ་དང་པོ་རེ་ཞིག་དྲུག་ཆ་ལུས་ཀྱི་ནང་ནས་ལག་པ་རྐང་པ་ལུས་དག་ལས་ཞེས་པ་ལག་པ་ གཉིས་དང་རྐང་པ་གཉིས་དང་ལུས་ཏེ་ལྔ་པོ་འདི་རྣམས་ཀྱི་ནང་ནས་དྲུག་པ་ཡན་ལག་མཆོག་ (མགོ་བོ་)ནི་སློབ་དཔོན་ལ་ཕྱག་འཚལ་བའི་དོན་དུ་སྦྱིན་པར་རབ་ཏུ་དབུལ་བར་བྱའོ། །སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྡན་པ(དེ་འདྲ་བ)འི་བླ་མ་ལ་དེ་ཕུལ་ན་མཆོག་གི་ཕྱག་རྒྱ་ 3-1-510 (ཆེན་པོ་)རྗེས་སུ་རིག་པས་འབུལ་བ་པོ་ནི་བདེ་བའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་བཞིན་ དུ་ལས་ཀྱི་དབང་པོ་རྣམས་ཀྱི་ནང་ནས་ངག་དབུལ་བར་བྱ་སྟེ་ལག་པ་དང་རྐང་པ་དང་བཤང་ ལམ་དང་བྷ་ག་(དང་)ལ་སོགས་པ(ཁུ་བ་འཕོ་བ)འི་དབང་པོ་རྣམས་ལས་དྲུག་པ་ངག་གི་དབང་ པོ་ནི་(བླ་མ་ལ་)བདེན་པར་སྨྲ་བའི་དོན་དུ་ངག་དབུལ་བར་བྱའོ། །ཞེས་པ་བཅོམ་ལྡན་འདས་ ཀྱི་ངེས་པའོ། །དེ་བཞིན་དུ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་རྣམས་ཀྱི་ ནང་ནས་དྲུག་པ་ཡིད་དེ་ཡོན་ཏན་དང་བཅས་(བླ་མ་ལ་)གཡོ་སྒྱུའི་སྤྲོས་པ་དང་བྲལ་བ་སེམས་ ཅན་ཀྱི་དོན་དུ་དབུལ་བར་བྱ་སྟེ་སྦྱིན་པའི་ངེས་པའོ། །དེ་བཞིན་དུ་ཁམས་ཀྱི་ཆ་ཤས་ཞེས་ པ་ནི་གསེར་དང་རིན་པོ་ཆེ་དང་འབྲུ་ལ་སོགས་པ་སེམས་མེད་པའི་རྫས་རྣམས་ནི་ཁམས་ཏེ་ ཡུན་རིངས་ཀྱི་(སྟེ་སྔར་ནས་ཡོད་པའི་རྫས་)དང་གློ་བུར་དུ་བྱུང་བའི་ཁམས་དེ་རྣམས་ལས་དྲུག་གི་ཆ་ ཤས་ནི་(བླ་མ་ལ་)རྣལ་འབྱོར་མ་ལ་སོགས་པ་མཆོད་པའི་དོན་དུ་དབུལ་བར་བྱའོ། །དེ་བཞིན་ དུ་སེམས་དང་བཅས་པ་རྐང་གཉིས་པ་(མི་)དང་རྐང་བཞི་པ་(དུད་འགྲོ་)རྣམས་ཀྱི་དྲུག་གི་ཆ་ ཤས་དབུལ་བར་བྱ་སྟེ་ཆ་ཤས་ལྔ་ནི་བདག་ཉིད་དང་རྩ་ལག་(གཉེན་འཁོར་རྣམས་ཀྱིས་)ཉེ་ བར་ལོངས་སྤྱོད་པའི་དོན་དུ་གཞག་པར་བྱའོ། །དེ་བཞིན་དུ་དེ་ཉིད་ཆ་ཡིས་གཞན་ཞེས་པ་ གཟུགས་བཟང་ཆུང་མ་(དང་བུ་མོ་)ལ་སོགས་པ་ཟླ་བའི་ནང་དུ་ལན་ལྔ་འདོད་པའི་སྦྱིན་པར་ དབུལ་བར་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །རྣམ་པ་གཞན་དུ་སྔགས་ཀྱི་ ཚུལ་ལ་(ཤིན་ཏུ་)འདོད་པ་སྦྱིན་པར་མ་གཏོགས་པ་སྐལ་པ་མཐའ་ཡས་པ་དག་གིས་ཕྱག་རྒྱ་ ཆེན་པོའི་དངོས་གྲུབ་ཏུ་མི་འགྱུར་ཞིང་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་ ཏུ་ཡང་མི་འགྱུར་ཏེ་ཆགས་པས་(རྒྱུད་)ཟིལ་གྱིས་མནན་པ་(རང་གི་)རིགས་ལ་ཞེན་པའི་ཕྱིར་རོ། ། དེ་ལྟར་དྲུག་ཆ་དབུལ་བའི་ངེས་པའོ། ༡༩༨ ། ༈ ད་ནི་སེམས་ཅན་གང་དག་ཅེས་པ་ལ་སོགས་པས་སྙིང་རྗེའི་དབང་བསྐུར་བ་གསུངས་ 3-1-511 པ་འདིར་འཇིག་རྟེན་གྱི་ཁམས་ཏེ་འགྲོ་བ་དྲུག་པོ་རྣམས་ལས་སེམས་ཅན་གང་དག་དབང་མ་ བསྐུར་བ་རྣམ་གསུམ་སྲིད་པར་གནས་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྕགས་ ཀྱུས་བཀུག་ནས་བསྒོམས་པ་ཙམ་དེ་རྣམས་ལ་མཆོག་གི་སྙིང་རྗེས་དཀྱིལ་འཁོར་དུ་ནི་(བཅུག་ པར་བསམ་)སངས་རྒྱས་རྣམས་ཏེ་(རྣམ་པར་དག་པའི་)བཤང་པ་དང་གཅི་བ་དང་ཁྲག་དང་རྐང་ རྣམས་དང་དེ་བཞིན་དུ་རྡོ་རྗེ་བདུད་རྩི་སྟེ་ཁུ་བས་མངོན་པར་དབང་བསྐུར་བ་(དེ་ལ་བརྟེན་ནས་) དྲི་མེད་རི་བོང་ཅན་གྱི་ལུས་དང་དེ་(ལྟ་བུ་)ནས་རྡོ་རྗེ་ཅན་གྱི་ལམ་ཐོབ་པར་འགྱུར་བ་ཞེས་རྣམ་ པར་བསྒོམས་ཤིང་དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དྲི་མ་རྣམ་པར་བྲལ་ཞིང་བྱང་ཆུབ་སྤྱོད་ལ་ རྗེས་སུ་གནས་པ་དེ་རྣམས་ཐམས་ཅད་རང་གི་གནས་སུ་བཏང་བར་བྱའོ་ཞེས་པ་ནི་སྙིང་རྗེའི་ དབང་གི་ངེས་པའོ། ༡༩༩ ། ༈ ད་ནི་རྫས་རྣམས་མེད་པའི་ཞེས་པ་ལ་སོགས་པས་〔རྫས་དང་ཡོ་བྱད་〕ཀུན་སྤངས་ཀྱི་སློབ་ མ་ལ་〔མཆོད་པ་དང་དབུལ་བའི་〕དབང་བསྐུར་བའི་ངེས་པ་གསུངས་པ་འདིར་གང་གི་ཚེ་(རྫས་)ཀུན་ སྤངས་ཀྱི་སློབ་མ་ལ་(མཆོད་པ་དང་དབུལ་བའི་)རྫས་མེད་ན་དེའི་ཚེ་བླ་མས་རྫས་རྣམས་མེད་པའི་ མངོན་པར་དབང་བསྐུར་(བ་ནི་མཆོད་པ་དང་དབུལ་བའི་རྫས་མེད་ཀྱང་དབང་བསྐུར་བར་གནང་བ་བྱིན་པའི་)རྒྱལ་ བའི་བདག་པོའི་བཀའ་ཡིས་(བླ་མ་ཉིད་ཀྱིས་དཀྱིལ་འཁོར་བཞེངས་པ་དང་མཆོད་པ་ལ་སོགས་པའི་རྫས་སྦྱར་ནས་) ཀུན་སྤངས་ལ་ནི་སྦྱིན་པར་བྱ་སྟེ་རིམ་པ་ཇི་ལྟ་བས་(རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཇི་ལྟ་བ་)དབང་(གོང་མ་)བདུན་དང་དེ་ནས་བུམ་པ་ལ་སོགས་པ་(དབང་གོང་མ་)རྣམ་པ་གསུམ་སྦྱིན་པར་བྱའོ(ཞེས་པ་དབང་ གི་ལེའུ་ལས་གསུངས་པའི་ཆོ་ག་ཇི་ལྟ་བས་ཀུན་སྤངས་ལ་ཡང་དབང་བསྐུར་བར་བྱ་བ་ཡིན་གྱི་དཀྱིལ་འཁོར་མ་བཞེངས་ཤིང་ དབང་རྫས་རྣམས་ཀྱང་མེད་ཚིག་ཙམ་གྱིས་དབང་བསྐུར་བར་བྱ་བ་ནི་མ་ཡིན་ནོ)། །དེ་བཞིན་དུ་(དབང་)བཞི་པ་དུ་བ་ ལ་སོགས་པའི་ལམ་སྦྱིན་པར་བྱ་ཞེས་པ་སྟེ་〔དབང་གསུམ་པའི་ཤེས་རབ་ཡེ་ཤེས་ཉམས་སུ་མྱོང་བའི་དཔེ་ལས་ ལྟོས་པ་མེད་པར་བཞི་པའི་ཤེས་རབ་ཡེ་ཤེས་〕ཚིག་གིས་བརྗོད་པར་བྱའོ། །དེ་བཞིན་དུ་མཐའ་དག་ཡོན་ 3-1-512 ཏན་གཏེར་ནི་(རོ་རྐྱང་གི་)རྩ(འི་རླུང་དབུ་མར་ཞུགས་ཤིང་གཡོ་བ་མེད་པ)འི་རྣལ་འབྱོར་ལྡན་པ་སྟེ་(ལམ་དུས་ ཀྱི་ཐིག་ལེ་)མི་འགྱུར་བའི་བདེ་བ་ཆེན་པོ་སྐ་ཅིག་(གིས་ཀྱང་གསུམ་པའི་ཤེས་རབ་ཡེ་ཤེས་མྱོང་བ་ལ་མི་ལྟོས་ པར་)ཚིག་གིས་བརྗོད་པར་བྱའོ། །(ཀུན་སྤངས་ཀྱི་སློབ་མ་ཡིན་)དེ་ལ་(རྗེས་དྲན་གྱི་གནས་སྐབས་སུ་ཕྱག་རྒྱ་) བསྟེན་པའི་དོན་དུ་ལས་ཀྱི་ཕྱག་རྒྱ་མེད་པར་གྱུར་ན་ལག་པའི་ཕྱག་རྒྱ་སྦྱིན་པར་བྱ་སྟེ་རང་གི་ སྙིང་གི་དབང་(དུ་)སོན་(པ་སྟེ་རང་དབང་ཐོབ་པའི་)ལག་པའི་ཕྱག་རྒྱ་ནི་(ལས་ཀྱི་ཕྱག་རྒྱའི་)སྐྱོན་རྣམས་ ཀུན་ལས་རྣམས་པར་གྲོལ་བ་(དེ་ལྟ་བུའི་ལ་སོགས་པའི་ཕྱག་རྒྱ་)སྟེ་བྱང་ཆུབ་ཀྱི་སེམས་(འཛག་མེད་དུ་) བརྟན་པར་བྱེད་པའི་ཆེད་དུ་(ཡིན་གྱི་འཕོ་བའི་དོན་དུ་ནི་མ་ཡིན་པ་)ཞེས་པ་ངེས་པའོ། །(ཀུན་སྤངས་ལས་) གཞན་རྣམས་ལ་ནི་སྟེ་(སློབ་མ་)ཁྱིམ་པ་རྣམས་ལ་ནི་རྒྱལ་བ་མཆོག་གི་སྙིང་པོ་ཞེས་པ་རྡོ་རྗེའི་ ཚིག་(གི་དོན་དབང་གི་གོང་མ་བཞི་པོ་)ཡུམ་གྱི་(སྟེ་ཕྱག་རྒྱ་མོའི་)མཆོད་པས་རྣམ་པར་དམན་པར་(སྟེ་ཕྱག་རྒྱ་ མོ་མི་འབུལ་ན་)སྦྱིན་པ་ཉིད་དུ་མི་བྱ་ཞེས་པ་ནི་དེ་བཞིན་གཤེགས་པའི་དབང་གི་ངེས་པའོ། ༢༠༠ ། ༈ (བཅུ་པ་དཀྱིལ་འཁོར་གཤེགས་སུ་གསོལ་བའི་ངོ་བོ་ཉིད་ཀྱི་གནས་པ་)ད་ནི་དབང་གི་མཐར་ཞེས་པ་ ལ་སོགས་པས་དཀྱིལ་འཁོར་གཤེགས་སུ་གསོལ་བ་གསུངས་ཏེ་འདིར་དབང་གི་མཇུག་ཏུ་ སྟོད་ཀོར་དང་བཅས་པའི་གོས་ཟུང་བུམ་པའི་སྟེང་དུ་བྱིན་པ་གང་ཡིན་པ་དེ་རྣལ་འབྱོར་མ་ བུམ་པ་སྲུང་ཞིང་སྐྱོང་བ་རྣམས་ལ་སྦྱིན་པར་བྱའོ། །གཞན་ཡང་དེ་བཞིན་(དཀྱིལ་འཁོར་མཆོད་པའི་)སྟོད་ཀོར་དང་ནི་གོས་ཟུང་དག་སོ་སོའི་སྒོ་ན་གནས་པ་སྲུང་ཞིང་སྐྱོང་པ(འི་སློབ་དཔོན་)རྣམས་ ལ་རབ་ཏུ་སྦྱིན་པར་བྱ་སྟེ་སྔོན་དུ་ཇི་ལྟར་འབྱོར་པས་ཅོད་པན་ལ་སོགས་པ་སྦྱིན་པར་བྱའོ། ། ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་མཐའ་དག་ཚོགས་ཀྱི་རིགས་ལ་(སློབ་མ་)བདག་ཉིད་(ཀྱི་ འབྱོར་བའི་)ནུས་པས་དེ་བཞིན་གཞན་ཚོགས་ཀྱི་འཁོར་ལོར་དཔའ་བོ་དང་དཔའ་བོའི་དབང་ ཕྱུག་མ་རྣམས་ལ་(ཡོན་དབུལ་བར་བྱ)འོ། །དེ་ནས་ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ཏེ་ མཐར་ནི་(རྒྱས་པའི་)སྦྱིན་སྲེག་བྱས་ནས་སློབ་དཔོན་གྱིས་སྔར་བཞིན་དུ་(དཀྱིལ་འཁོར་ལ་)མཆོད་ 3-1-513 པ་(དང་བསྟོད་པ་)བྱས་ཏེ་ཤར་གྱི་སྒོར་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པས་རྡོ་རྗེ་དང་རྡོ་ རྗེ་དྲིལ་བུ་བཟུང་ནས་རྡོ་རྗེ་(རྩེ་ལྔ་པའི་ཕྱག་རྒྱ་)བཅིངས་པས་(དཀྱིལ་འཁོར་གྱི་དབུས་སུ་རེག་པ་)རང་གི་ སྙིང་ཁའི་པད་མར་(དཀྱིལ་འཁོར་ལ་སྤྱན་དྲངས་པའི་)ཡེ་ཤེས་སེམས་དཔའ་རབ་ཏུ་གཞུག་པར་བྱ་སྟེ། ༢༠༡ (དཀྱིལ་འཁོར་གྱི་ཕྱི་རོལ་ན་གནས་པའི་)དབང་པོ་ལ་སོགས་པ་(དང་གཟའ་རྒྱུ་སྐར་ལ་སོགས་པ་)འཇིག་ རྟེན་པ་རྣམས་ནི་རང་(རང་)གི་གནས་སུ་(དཀྱིལ་འཁོར་གྱི་ནང་གི་དབང་པོ་ལ་སོགས་པ་ནི་འདི་གོ་བར་མི་བྱ་སྟེ་ དེ་དག་ནི་གཞན་ཡེ་ཤེས་ཀྱི་སྐུའི་ཡན་ལག་ཉིད་ཡིན་པའི་ཕྱིར་རོ)འོ། །དེ་ནས་ཨ་ཤྭ་ཐའི་འདབ་མའམ་རང་གི་ ལག་པའམ་རྡོ་རྗེས་ཚངས་པའི་ཐིག་(དག་)གི་ལམ་ནས་བདེ་བ་ཆེན་པོའི་འཁོར་ལོའི་(དབུས་ཀྱི་) རྡོ་རྗེ་ཇི་སྲིད་པ་དབྱེ་བར་བྱའོ། །དེ་ནས་རང་གི་མགོར་རྡུལ་ཚོན་ཅུང་ཟད་བཀོད་ནས་པད་མ་ ལ་སོགས་པ་དབྱི་བར་བྱའོ། །དཀྱིལ་འཁོར་གཤེགས་སུ་གསོལ་བའི་ངེས་པའོ། །(བཅུ་གཅིག་ པ་ཆུ་བོ་ཆེན་པོ་ལ་སོགས་པ་རང་རང་གི་ཁྱིམ་དུ་རྡུལ་ཚོན་དང་ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ཏེ་མཆོད་པའི་ངོ་བོ་ཉིད་ ཀྱི་གནས་པ་དང་)དེ་ནས་མཐའ་དག་རྡུལ་ཚོན་གླང་པོ་ཆེའི་སྟེང་དུ་གདུགས་དང་རྔ་ཡབ་དང་རྒྱལ་ མཚན་དང་མཆོད་པ་དང་བཅས་པས་ཁྱེར་ནས་རྒྱ་མཚོར་འགྲོ་བའི་དག་པའི་ཆུ་ཀླུང་ལའོ། ། བུམ་པ་གང་དུ་ཁྱེར་བའི་བུམ་པ་དེ་ཆུས་གང་བར་བྱས་ནས་སླར་ཡང་གླང་པོ་ཆེའི་ཕྲག་པར་ བཞག་སྟེ་དཀྱིལ་འཁོར་གྱི་ཁང་པར་ཁྱེར་ལ་འོང་ངོ༌། །གླང་པོ་མེད་ན་བདེ་བའི་གདན་ལ་ ཁྱོགས་བྱས་ནས་དགྱེར་བར་བྱའོ། །རྡུལ་ཚོན་གཤེགས་སུ་གསོལ་བའོ། ། ༈ དེ་ནས་དཀྱིལ་འཁོར་གྱི་ཁང་པར་འོངས་ཏེ་བའི་ལྕི་བས་ཉེ་བར་བྱུགས་པའི་དཀྱིལ་ འཁོར་གྱི་ཁང་པར་ལོ་ལྔ་ནས་བརྩམས་ཏེ་ལོ་བཅུའི་བར་གྱི་གཞོན་ནུ་མ་བཅུ་ལ་འོ་མ་དང་ མར་དང་འོ་ཐུག་དང་ཁཎ་ཌ་དང་ལ་དུ་ལ་སོགས་པ་མངར་བའི་ཟས་རྣམས་ཀྱིས་སྔ་དྲོ་ཡང་ དག་པར་མཆོད་ཅིང་དེ་ནས་ཏཱམ་བཱུ་ལ་(གོ་ལ་གོ་ཡུ་ལ་སོགས་པ་སྦྱར་བའི་ཟས་)དང་དྲི་དང་སྤོས་དང་ མེ་ཏོག་དང་འབྲས་བུར་བཅས་པ(འི་མཆོད་པ་)དང་བུམ་པའི་མགྲིན་པ་བཅིངས་པས་རས་ཡུག་ 3-1-514 དག་ནི་གཞོན་ནུ་མ་རྣམས་ལ་ཞེས་པ་བུ་མོ་རྣམས་ལ་བྱིན་ནས་(གཞོན་ནུ་མ་འདི་དག་རྡོ་རྗེ་སློབ་དཔོན་ གྱི་དབང་གི་བུམ་པ་འཛིན་པ་ནི་མ་ཡིན་ཏེ་རྡོ་རྗེ་སློབ་དཔོན་གྱི་དབང་ནི་སློབ་མ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་ནུས་པར་གྱུར་པ་ལ་ དུས་ཕྱིས་དབང་བསྐུར་བར་བྱ་བའི་ཕྱིར་རོ)སློབ་དཔོན་སློབ་མར་བཅས་པ་མཐའ་དག་ཚོགས་ཀྱི་རིགས་ ནི་དཔའ་བོའི་སྟོན་མོས་ཇི་ལྟར་འདོད་པར་མཆོད་པར་བྱའོ། །དེ་ལ་འདི་ནི་དཔའ་བོའི་སྟོན་ མོའི་ཆོ་ག་སྟེ་འདིར་སློབ་དཔོན་ཡོངས་སུ་བརྟག་པ་ལས་རྡོ་རྗེ་སློབ་དཔོན་རྣམ་པ་གསུམ་ སྟེ་མཆོག་དང་འབྲིང་དང་ཐ་མའོ། །འདི་ལྟ་སྟེ་དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་ དགེ་སློང་མཆོག་ཡིན་ཞིང༌། །འབྲིང་པོ་དགེ་ཚུལ་ཞེས་བྱ་སྟེ། །ཁྱིམ་གནས་དེ་ལས་ཐ་མའོ། ། ཞེས་པ་(རྩ་བའི་)རྒྱུད་ཀྱི་ངེས་པ་ལས་དགེ་སློང་དང་དགེ་ཚུལ་དང་ཁྱིམ་པ་དེ་རྣམས་ཀྱི་དབང་ བསྐུར་བས་རྒན་པའམ་གཞོན་པ་ཉིད་ཐུན་མོང་གིས་གཅིག་ཏུ་འདུས་ན་དེའི་ཕྱིར་དགེ་སློང་ རྡོ་རྗེ་འཛིན་པའི་གྲལ་〔གཙོ་བོ་ཉིད་ཀྱིས་〕ནི་ཤར་དུ་མངོན་པར་ཕྱོགས་པར་གྱུར་པར་བྱའོ། །དགེ་ ཚུལ་གྱི་གྲལ་〔གཡས་གྲལ་ལ་བཀོད་ནས་〕ནི་བྱང་དུ་མངོན་པར་ཕྱོགས་པའོ། །ཁྱིམ་པའི་སློབ་དཔོན་ 〔དགེ་བསྙེན་〕གྱི་གྲལ་〔གཡོན་གྲལ་ལ་བཀོད་ནས་〕ནི་ལྷོར་མངོན་པར་ཕྱོགས་པའོ། །དེ་བཞིན་དུ་དགེ་ སློང་མའི་གྲལ་དང་དགེ་ཚུལ་མའི་གྲལ་དང་དགེ་བསྙེན་མའི་གྲལ་ནི་(སྔ་མ་དེ་དག་གི་རྒྱབ་ཏུ་ཕྱོགས་)སོ་སོར་རོ། །དེ་རྣམས་ལ་རྒན་པ་དང་གཞོན་པ་ལ་སོགས་པས་གདན་(རབ་འབྲིང་ཐ་མ་)རྣམས་ (རིམ་པས་)སྦྱིན་པར་བྱའོ། །དེ་ལ་དགེ་སློང་(རྡོ་རྗེ་འཛིན་པ་)རྣམས་ལ་གང་ཞིག་དབང་གིས་རྒན་ པ་སྟེ་འོན་ཀྱང་(རྒྱུད་འགྲེལ་མི་ཤེས་པའི་)རྨོངས་པ(འི་དབང་གིས་)དང་གཞོན་པ་ནི་སློབ་དཔོན་ཆེན་ པོ་རྒྱུད་(དང་འགྲེལ་བ་)སྟོན་པ་པོ་(མཁས་པ་)ཡིན་ན་དེ་དག་ལས་རྒྱུད་སྟོན་པ་པོ་གང་ཡིན་པ་དེ་ དཔའ་བོའི་སྟོན་མོ་ལ་ཚོགས་ཀྱི་གཙོ་བོ་སྟེ་རྒན་པོ་ནི་ཁྱིམ་གཞན་དུ་སོ་སོར་ཡང་དག་པར་ མཉེས་པར་བྱའོ། །དེ་བཞིན་དུ་རྒན་པོ་ཆོས་སྟོན་པ་པོ་མ་ཡིན་པའི་མན་ངག་དང་ལྡན་པ་ གཞན་ཡང་(ཚོགས་གྱི་གཙོ་བོར་མི་བྱ་)སྟེ་སེམས་ཅན་གྱི་དོན་བྱེད་མི་ནུས་པའི་ཕྱིར་རོ〔དེ་ལྟར་གཞན་ཡང་ 3-1-515 མན་ངག་དང་ལྡན་པའི་ཆོས་སྟོན་པ་པོའི་སེམས་ཅན་གྱི་དོན་བྱེད་ནུས་པའི་ཕྱིར་རྒན་པོ་ཞེས་བྱའོ〕། །གཞན་ཡང་དགེ་ ཚུལ་དང་ཁྱིམ་པ་(དགེ་སློང་ལས་)སྔོན་དུ་དབང་བསྐུར་བ་རྣམས་ནི་ཇི་སྲིད་མངོན་པར་ཤེས་པ་མ་ བསྐྱེད་ཀྱི་བར་དུ་དགེ་སློང་རྡོ་རྗེ་འཛིན་པ་ལས་རྒན་པོར་མི་འགྱུར་རོ། །(དགེ་ཚུལ་དང་དགེ་བསྙེན་ དབང་གིས་རྒན་པ་)ཅི་སྟེ་འགའ་ཞིག་〔ཁོ་བོ་ཅག་ཚོགས་ཀྱི་གཙོ་བོར་འོས་སོ་ཞེས་〕རྩོད་པ་བྱེད་ན་ཡང་དེའི་ཚེ་ (ཡོན་ཏན་གྱི་)ནུས་པ་དྲི་བར་བྱའོ། །གལ་ཏེ་མངོན་ཤེས་ལ་སོགས་པ་སྟོན་པར་བྱེད་ན་དེའི་ཚེ་ ཚོགས་ཀྱི་གཙོ་བོའོ། །ཅི་སྟེ་(སྔགས་པའི་)ཡང་དག་པའི་སྤྱོད་པ་བཏང་ནས་བརྫུན་གྱི་དབང་ བསྐུར་གྱིས་(ཏེ་ཡོན་ཏན་མ་ཡིན་པ་ལས་ཡོན་ཏན་དུ་རློམ་པའི་)མངོན་པའི་ང་རྒྱལ་〔དབང་བསྐུར་བ་ལ་སོགས་པའི་ ང་རྒྱལ་ཅན་རྩ་མི་ཟེར་〕དང་(ཚོགས་ཀྱི་གཙོ་བོ་ལ་)རྩོད་པ་བྱེད་ན་དེའི་ཚེ་རང་གི་གནས་སུ་བསྐྲད་པར་ བྱའོ། །ཅི་སྟེ་ཕྱུང་བས་(བཟོད་པར་གསོལ་ཞིང་ཚོགས་སུ་བཟའ་བཏུང་ལ་སོགས་འབུལ་བའི་)ཆད་པ་(བསྒྲུབ་ན་) ཁས་ལེན་ན་དེའི་ཚེ་ཆད་པའི་བདག་པོས་(སྦྱིན་བདག་གི་)བཟའ་བ་དང་བཏུང་བ་ལ་སོགས་པའི་ (ཚོགས་སུ་འབུལ་བའི་བྱ་བའི་)ཆད་པ〔འི་བྱ་བ་〕་སྦྱིན་པ(སྟེ་བྱེད་དུ་འཇུག་པ)ར་བྱ(ཞིང་ཚོགས་སུ་གཞུག་པར་བྱ)འོ། ། དེ་ལྟར་དགེ་སློང་དང་དགེ་ཚུལ་དང་ཁྱིམ་པ་རྣམས་ལ་གོ་རིམ་བཞིན་བཟའ་བ་དང་བཏུང་ བ་ལ་སོགས་པ་སྦྱིན་པར་བྱ་(ཚོགས་པ་)སྟེ་〔བཟའ་བཏུང་〕དེ་རྣམས་ཐམས་ཅད་ཉིད་ནི་ཤར་དུ་སྔར་ བཞག་པར་བྱའོ། །(ཚོགས་སུ་)དེ་རྣམས་ཀྱི་དབུས་སུ་〔སྟེགས་བུ་ལ་བའི་རྣམ་ལྔ་དང་དྲི་བཟང་པོས་བྱུགས་ཏེ་ དྲིའི་ཐིག་ལེ་བཀོད་པའི་〕དཀྱིལ་འཁོར་བྱས་ནས་(དྲི་དང་མེ་ཏོག་ལ་སོགས་པས་མཆོད་ཅིང་)བཅོམ་ལྡན་འདས་ དུས་ཀྱི་འཁོར་ལོ་ལ་དང་པོར་བཟའ་བ་དང་བཏུང་བ་ལ་སོགས་པ་ཕུལ་ཏེ་དེ་ནས་དགེ་ སློང་ལ་སོགས་པའི་སློབ་དཔོན་རྣམས་དང་དབང་བསྐུར་བ་གཞན་རྣམས་དང་དེ་རྣམས་ཀྱི་ དྲུང་ན་གནས་པ་རྣམས་ལ་སྦྱིན་པར་བྱའོ། །དེ་ལྟར་མཐའ་དག་ཚོགས་ཀྱི་རིགས་ནི་ཇི་ལྟར་ འདོད་པར་མཆོད་པ་བྱས་ཏེ་དེ་ནས་སློབ་དཔོན་གྱིས་སློབ་མ་ལ་ནི་གནང་བ་རབ་ཏུ་བྱིན་ནས་ ཚོགས་ཀྱི་སྦྱིན་པའི་དོན་དུ་(ཡོན་ཕུལ་བ་)དེའི་ཚེ་བདག་ཉིད་ཀྱི་ནུས་པས་ཚོགས་ལ་ཡོན་ཕུལ་ 3-1-516 ནས་རབ་མཆོག་ཚོགས་ཀྱི་རིགས་ཀུན་ཏུ་དགའ་བར་བྱས་པ་ནི་རང་རང་གནས་སུ་གཤེགས་ སུ་གསོལ་བར་བྱའོ་ཞེས་པ་ནི་(ཤེས་རབ་དང་ཐབས་སྙོམས་པར་འཇུག་པའི་བདེ་བས་དམན་ཞིང་བྱང་ཆུབ་ཀྱི་ སེམས་མྱང་བ་སྤངས་པའི་བཟའ་བ་དང་བཏུང་བ་)དཔའ་བོའི་སྟོན་མོ〔སྟེ་ཚོགས་ཀྱི་གཙོ་བོ་དཔའ་མོས་བྱས་ པ་ནི་དཔའ་མོའི་སྟོན་མོ〕འི་ངེས་པའོ〔བདེ་མཆོག་བསྟོད་འགྲེལ་དུ་ནི་དཔའ་བོའི་ལོངས་སྤྱོད་པ་ཡང་གཙོ་བོའི་གཡས་ སུ་ཤེས་རབ་དང་དཔའ་མོའི་སྟོན་མོ་ལ་ཡང་གཙོ་མོའི་གཡོན་དུ་ཐབས་དབུལ་བར་གསུངས་ཏེ་སྦྱིན་བདག་གི་བསོད་ནམས་ འཕེལ་བའི་དོན་དུའོ། །གཞན་དུ་ན་གཙོ་བོ་ཆང་མི་བཏུང་བ་དང་གཙོ་མོ་ཤ་མི་ཟ་བར་གསུངས་སོ〕། ༢༠༢ ། ༈ ད་ནི་དགྲ་ཞེས་པ་ལ་སོགས་པས་འཇིགས་པ་དང་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་ བྱེད་པ་གསུངས་ཏེ་འདིར་རིགས་ཀྱི་བུ་གང་ལ་ལ་ཞིག་གིས་དཀྱིལ་འཁོར་བྲིས་ནས་དབང་ བསྐུར་བླངས་ཏེ་རྣལ་འབྱོར་མ་སྔར་གསུངས་པ་(ཕྱིའི་རྣལ་འབྱོར་མ་)རྣམས་ཀྱི་ཞབས་དང་ནང་ དུ་(རྣལ་འབྱོར་མ་)ཨ་བ་དྷཱུ་ཏཱི་ལ་སོགས་པ་〔གཞན་དོན་དམ་ཆོས་ཉིད་རྣལ་འབྱོར་མ་〕རྣམས་ཀྱི་ཞབས་ཉིན་ ཞག་སོ་སོར་(མོས་པ་དང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་)དྲན་པར་བྱེད་ན་དེ་ལ་འཇིགས་པ་ཐམས་ཅད་ རབ་ཏུ་ཉམས་པར་འགྱུར་ཏེ་དགྲས་འཇིགས་པ་དང་སེང་གེས་འཇིགས་པ་དང༌། གླང་པོ་ཆེས་ འཇིགས་པ་དང༌། མེས་འཇིགས་པ་དང༌། ལྟོ་འཕྱེས་འཇིགས་པ་དང་ཆོམ་རྐུན་གྱིས་འཇིགས་ པ་དང༌། ཞགས་པས་འཆིང་བས་འཇིགས་པ་དང༌། རྒྱ་མཚོ་འཁྲུགས་པས་འཇིགས་པ་དང༌། ཤ་ཟས་འཇིགས་པ་དང་ནད་ཀྱིས་འཇིགས་པ་དང་དབང་པོའི་ཉེ་བར་འཚེ་བས་འཇིགས་པ་ དང་དབུལ་བའི་སྡུག་བསྔལ་གྱིས་འཇིགས་པ་དང་བུད་མེད་དང་བྲལ་བའི་སྡུག་བསྔལ་གྱིས་ འཇིགས་པ་དང་མིའི་བདག་པོ་འཁྲུགས་པས་འཇིགས་པ་དང་རྡོ་རྗེ་ལྟུང་བས་འཇིགས་པ་ དང༌། དོན་ཉམས་པས་འཇིགས་པ་སྟེ། 〔འཇིགས་པ་〕དེ་ལྟར་འཇིགས་པ་བཅུ་དྲུག་པོ་རྣམས་དང་ 〔འཇིགས་པས་〕གཞན་རྣམས་ཀྱང་རབ་ཏུ་ཉམས་པར་འགྱུར་རོ། །འདི་རྣམས་ནི་རྒྱ་ཆེར་ལེའུ་དང་ པོར་བསྟོད་པའི་སྒོ་ནས་བརྗོད་ཟིན་ཏོ། །དེས་ན་འདིར་(འགྲེལ་པས་)གསལ་བར་མ་བྱས་སོ། ། 3-1-517 ༈ དེ་ལྟར་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི་རྣལ་འབྱོར་མ་དང་ རྣལ་འབྱོར་གྱི་རྒྱུད་ཐམས་ཅད་དུ་དབང་བསྐུར་བར་འགྱུར་ཞིང་རྒྱུད་ཐམས་ཅད་ཀྱི་སྟོན་ པོ་པོ་དང་སྔགས་ཐམས་ཅད་ཀྱི་རྗེས་སུ་གནང་བ་སྦྱིན་པ་པོ་དང་དངོས་གྲུབ་ཐམས་ཅད་ཀྱི་ སྒྲུབ་པ་པོ་སྟེ་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི་བཅོ་ལྡན་འདས་འཇམ་ དཔལ་ཇི་ལྟ་བ་དང་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་ཐར་པ་དོན་ དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ། །མཆོག་གི་དང་པོའི་སངས་རྒྱས་ཀྱི་རྗེས་སུ་འབྲང་ ནས་དབང་གི་ལེའུ་ཡི་རྒྱས་འགྲེལ་བྲིས་པའོ།། །། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་ཕྱག་རྒྱ་དང་ལྟ་སྟངས་དང་དཀྱིལ་ འཁོར་གཤེགས་སུ་གསོལ་བ་དང་དཔའ་བོའི་སྟོན་མོའི་མདོར་བསྡུས་ཆེན་པོ་སྟེ་དྲུག་པའོ།།༢༠༣ །། དབང་གི་ལེའུའི་རྒྱས་འགྲེལ་རྫོགས་སོ།། ༒ །།མྃགལྃབྷཝཏུ། །དགེའོ། །