2-1-1 ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་ གསུང་འབུམ། ༼ཁ༽ 2-1-2 ༄༅། །ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་མཆན་གྱིས་གསལ་བར་མཛད་པའི་ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་ རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་ མེད་པའི་འོད་ཅེས་བྱ་བ་ བཞུགས་སོ། ། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་མཆན་འགྲེལ་མཛད། 2-1-3 ༄༅། །འཇིག་རྟེན་ཁམས་ཀྱི་ལེའུའི་རྒྱས་འགྲེལ་ བཞུགས་སོ། ། ༄༅༅། །རྒྱ་གར་སྐད་དུ། བི་མ་ལ་པྲ་བྷཱ་(དྲི་མ་མེད་པའི་འོད་)ནཱ་མ(ཞེས་བྱ་བ་)མཱུ་ལ(རྩ་བའི་)ཏན་ ཏྲཱ་(རྒྱུད་ཀྱི་)ནུ་(རྗེས་སུ་)སཱ་རི་ཎཱི(འཇུག་པ་)དྭཱ་ད་ཤ་(བཅུ་གཉིས་པ་)སཱ་ཧ་སྲི་ཀཱ(སྟོང་ཕྲག་)ལ་གྷུ(བསྡུས་པ་) ཀཱ་ལ་ཙཀྲ(དུས་ཀྱི་འཁོར་ལོ་)ཏན་ཏྲཱ(རྒྱུད་ཀྱི་)རཱ་ཛ(རྒྱལ་པོ་)ཊཱི་ཀཱ(རྒྱས་འགྲེལ་འགྲེལ་བཤད་)བོད་སྐད་དུ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་ སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། ༈ དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་ འཚལ་ལོ། ། ༈ (འདིར་མཐར་ཐུག་ངེས་དོན་གྱི་སྐྱབས་གནས་མཆོག་དང་ཕྱག་མཆོད་ཀྱི་ཡུལ་དམ་པ་ནི་དབྱིངས་དང་ཡེ་ཤེས་དབྱེར་ མེད་རོ་གཅིག་པ་དོན་དམ་འོད་གསལ་ཆ་མེད་ཀུན་འགྲོ་ཀུན་ལ་ཁྱབ་པ་ནམ་མཁའ་ལྟ་བུ་སྟེ། དེ་ཉིད་ཟག་པ་མེད་ཅིང་མི་འབྲལ་ བའི་ཡོན་ཏན་མཐའ་ཡས་མཁའ་ཁྱབ་དང་ལྡན་པར་གཞི་ལ་གདོད་ནས་རྟག་ཏུ་བཞུགས་ཤིང་ལམ་གྱིས་སྦྱངས་ན་མངོན་དུ་བྱ་བ་ དང་ཐོབ་བྱ་གཏེར་ཆེན་ལྟ་བུ་ཡང་དེ་ཡིན་ནོ། །དེ་ཉིད་དུས་ཀྱི་འཁོར་ལོ་སྟེ། དེ་ཡང་བདེ་སྟོང་དབྱེར་མེད་རང་བྱུང་ཡེ་ཤེས་འདུས་ མ་བྱས་ཀྱི་སྐུའོ། །དེ་ལ་འདིར་ཡུམ་ཤེར་ཕྱིན་ཡང་ཡིན་ལ་)སྟོང་ཉིད་(ཀྱང་ཡིན་པ་ནི་དོན་དམ་སྟོང་ཉིད་དེ་གཞན་སྟོང་ཨེ་ཡིག་ གོ། ཐབས་བདེ་ཆེན་ཡང་ཡིན་ལ་དམིགས་མེད་)སྙིང་རྗེ(ཡང་ཡིན་པ་ནི་འཛག་པ་མེད་ཅིང་འདུས་མ་བྱས་པའི་བདེ་བ་ཝཾ་ཡིག་ སྟེ་དེ་དག་དབྱེར་མེད་པ་)འི་བདག་ཉིད་ཅན། །(བདག་གི་མཐར་ཐུག་པ་དོན་དམ་པའི་བདག་ཡིན་ལ་རྣམ་པ་ཐམས་ ཅད་པ་ཡིན་པས་)སྲིད་གསུམ་(གྱི་རྣམ་པར་ཡང་ཡེ་ཤེས་ལ་སྣང་ཞིང་འདུས་མ་བྱས་ཡིན་པས་)སྐྱེ་འཇིག་མེད་པའི་ དངོས(པོ)། །(ཐབས་ཤེས་གཅིག་ཏུ་སྦྱོར་བ་མ་ནིང་གི་རྒྱུ་ཡིན་པས་)ཤེས་(པ་གཞན་བདེ་ཆེན་)དང་ཤེས་བྱ(གཞན་ 2-1-4 སྟོང་ཆེན་དག་རོ་)གཅིག་པ(ཡང་ཡིན་ཞིང་སྟོབས་བཅུ་ལ་སོགས་དོན་དམ་གྱི་ཆོས་དུ་མ་བསགས་པ་)འི་སྐུ(སྟེ)། །(དེ་ནི་ འགྲོ་བའི་)དཔལ་(དུ་)ལྡན་(པ་)དུས་(འགྱུར་མེད་བདེ་བའི་ཡེ་ཤེས་དང་)འཁོར་(སྲིད་གསུམ་ཀུན་ནས་དང་བ་ཤེས་ བྱའི་རྣམ་པ་པྲ་ཕབ་པ་ལྟ་བུ་དག་དབྱེར་མེད་པ་)ལ་(དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར་ཞེས་སོགས་ཀྱིས་)ཕྱག་འཚལ། ། ༈ (དེ་ཉིད་ཡུམ་ཆེན་མོ་ཡང་ཡིན་ཞིང་དང་པོའི་སངས་རྒྱས་ཀྱང་ཡིན་ནོ། །དེ་ཡང་དངོས་པོ་སྣ་ཚོགས་ཀྱི་)རྣམ་པར་ བཅས་ཀྱང་རྣམ་(པ་དེ་དང་དེའི་དངོས་པོར་)མེད་(པ་དོན་དམ་གཞན་སྟོང་དེ་ཉིད་)བཅོམ་ལྡན་འདས་མ་ཤེས་ རབ་(ཀྱི་ཕ་རོལ་ཏུ་ཕྱིན་)མ་སྟེ་དེ་ཡིས་(རྣམ་པར་དབྱེར་མེད་དུ་)འཁྱུད(པའི་ཐབས་འདུས་མ་བྱས)། །སྐྱེ་འཇིག་ (དང་འཕེལ་འགྲིབ་)སྤངས་པའི་འགྱུར་མེད་བདེ་བ་(མཁའ་ཁྱབ་)དང་ལྡན་〔ཞིང་〕རྒོད་པ་(དང་ལྟ་བ་དང་ ལག་བཅངས་)ལ་སོགས་(ལས་ཀྱི་ཕྱག་རྒྱའི་)བདེ་བ་(ལ་སོགས་པ་ཀུན་རྫོབ་འདུས་བྱས་ཀྱི་བདེ་བ་)སྤངས། (ཀྱང་ འདུས་མ་བྱས་ཀྱི་བདེ་བ་གང་གི་མི་བསྐྱོད་པ་ལ་སོགས་པ)། སངས་རྒྱས་རྣམས་ཀྱི་སྐྱེད་མཛད་(རྡོ་རྗེ་སེམས་དཔའ་ ལྷན་ཅིག་སྐྱེས་པའི་སྐུ་ལ་)སྐུ་(ལྷག་མ་)གསུམ་(པོ་)རྣམས་དང་ལྡན་ཞིང་དུས་གསུམ་ཡང་དག་རིག(པ)། ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་(ཡེ་ཤེས་)དེ་ཉིད་ལ་ཕྱག་ འཚལ། ། ༈ (དེ་ཉིད་)སངས་རྒྱས་(གཙོ་བོ་ཝཾ་ཡིག་སྟེ་དེ་ནི་གཙོ་མོ་ཨེ་ཡིག་)སེང་གེའི་ཁྲིར་བཞུགས་(པ་) རྡོ་ རྗེའི་རྣལ་འབྱོར་(གདོད་ནས་)རྣམ་པར་དག་པ་(རང་བཞིན་གྱིས་མྱ་ངན་ལས་འདས་པ་ཆེན་པོ་ཡིན་པས་)སྲིད་ པ་གསུམ་གྱིས་མཆོད(པའི་གནས་སུ་གྱུར་པ)། །དེ་ཉིད་གཅིག་པུ་(འཆད་འགྱུར་ལྟར་)སྐུ་ཡི་རབ་ཏུ་དབྱེ་ བས་རྣམ་པ་(བཞི་དང་རྣམ་པ་)བཅུ་དྲུག་(རིག་པ་རྡོ་རྗེ་ཟླ་བ་དྲི་མེད་འོད་དེ་དེ་གང་ལ་གནས་ན་)སྲིད་(པའི་དངོས་པོ་) མེད་(ཀྱང་)སྲིད་(པའི་རྣམ་)པར་(ཡང་དག་ཡེ་ཤེས་ལ་སྣང་བ་རྡོ་རྗེ་ཉི་མ་སྣང་བ་ཆེ་ལ་རྟག་ཏུ་)གནས(ཤིང)། །ཤེས་ དང་ཤེས་བྱ་གཅིག་གྱུར་རྒྱལ་བ་མཆོག་གི་དམ་ཚིག་(གམ་འདུས་པ་དོན་དམ་པའི་མ་རིག་པ་ལ་སོགས་པ་) ཡན་ལག་རྣམ་པ་བཅུ་གཉིས་ཀྱི། །བདེན་དོན་(ས་བཅུ་གཉིས་དང་གནས་ལ་སོགས་པ་ཉེ་བའི་འཐུང་གཅོད་ཀྱི་ མཐར་ཐུག་པ་ཅན་དོན་དམ་)བྱང་ཆུབ་སེམས་ནི་རྒྱལ་བའི་རྡོ་རྗེའི་གནས་(སུ་)གྱུར་(པ་)དུས་ཀྱི་འཁོར་ 2-1-5 ལོ་ལ་ཕྱག་འཚལ། ། ༈ (དེ་ཉིད་དོན་དམ་ཆོས་ཀྱི་སྐུ་བཞི་སྟེ་དེ་ཡང་དཔལ་ལྡན་རྒྱུད་དུ་ཀུན་མཁྱེན་ཞེས་པ་ལ་སོགས་པས་གསུངས་པའོ། །དེ་ ལ་)ཀུན་མཁྱེན་(ཞེས་པ་དང་)ཡེ་ཤེས་སྐུ་(ཞེས་པ་)ནི་(རིམ་པ་ལྟར་)རྒྱལ་བའི་བདག་པོའི་ལྷན་ཅིག་ སྐྱེས་(པའི་སྐུ་)དང་དེ་བཞིན་(དུ་)ཆོས་ཀྱི་སྐུ(སྟེ་དེ་དང་དོན་གཅིག་ལ)། །ལོངས་སྤྱོད་རྫོགས་དང་སྤྲུལ་ པའི་སྐུ་ཡང་(གྲངས་བཞིན་དུ་)ཉིན་བྱེད་སྐུ་(ཞེས་པ་)དང་པད་མའི་འདབ་མ་རྒྱས་པའི་སྤྱན(ཞེས་པ་ དོན་གཅིག་ཅིང་བཞི་ཀའང་དོན་དམ་ཆོས་ཉིད་ལ་ཚང་པའི་རྡོ་རྗེའི)། །རྣལ་འབྱོར་(གདོད་ནས་)དག་པ་(བཞི་དང་) རྣམ་པར་ཐར་(པའི་སྒོ་བཞི་)དང་ཁ་༽སྲིད་བྲལ་སྲིད་(པ་ཞེས་པ་འགལ་འདུས་སྐྱོན་མེད་དོན་དམ་གྱི་སྲིད་པ་ཨེ་ ཡིག་ལ་)གནས་ཀ༽(ཤིང་)སྐུ་གསུང་ཐུགས་(དང་)ཆགས་ག་༽(ཆགས་པ་ཆེན་པོ་ཡེ་ཤེས་རྡོ་རྗེ་སྟེ་དེ་རྣམས་འདུས་ པ་ཝཾ་ཡིག་ཡིན་ལ་དེ་གང་ལ་བཞུགས་ན་)ཤེས་རབ་དང༌། །ཐབས་ནི་གཉིས་མེད་(དུ་འདྲེས་པ་མ་ནིང་གི་གོ་ འཕང་)གང་ཞིག་(ཁམས་གསུམ་པས་ཞབས་ཀྱི་པད་མ་ལ་ཕྱག་བྱས་པས་)ལྷ་མི་ལྷ་མིན་གྱིས་བསྟོད་དང་པོའི་ སངས་རྒྱས་(གདོད་ནས་གྲོལ་བའི་དེ་བཞིན་གཤེགས་པ་)དེ་ལ་འདུད། ། ༈ (དེ་ཉིད་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་དེ་ཡང་རྡོ་རྗེ་བཞི་དག་པ་སེམས་དཔའ་བཞིའོ། །དེ་ལ་དོན་དམ་བདེ་ གཤེགས་སྙིང་པོའི་ཆགས་པ་གདོད་ནས་)ཡེ་ཤེས་(རྡོ་རྗེ་ནི་)སྟོང་(པ་)ཉིད་(ཀྱི་རྣམ་པར་ཐར་པའི་)ཡེ་ཤེས་ཀྱིས། ། (གདོད་ནས་)ལེགས་(པར་)དག་(པ་སྟེ་དེ་ནི་)རྣམ་(པར་)དག་(པའི་རྣལ་འབྱོར་)འགྱུར་བ་མེད(པ་མཆོག་ གི་བདེ་བའོ)། །(དོན་དམ་པའི་)སེམས་(ཐུགས་རྡོ་རྗེ་)ནི་མཚན་(མ་)མེད་(པའི་རྣམ་པར་ཐར་པའི་)ཡེ་ཤེས་ ཀྱིས། །(གདོད་མ་ནས་)ལེགས་(པར་)དག་(པ་སྟེ་དེ་ནི་)གཉིས་མེད་ཆོས་(ཀྱི་)བདག་ཉིད(ཀྱི་རྣལ་འབྱོར་ དོན་དམ་གྱི་ཆོས་དུ་མ་འདུས་པའོ)། །(དོན་དམ་གྱི་)ངག་(གསུང་རྡོ་རྗེ་)ནི་སྨོན་(པ་)མེད་(པའི་རྣམ་པར་ཐར་བའི་) ཡེ་ཤེས་ཀྱིས། །(གདོད་ནས་)དག་པ་(སྟེ་དེ་ནི་)གསང་སྔགས་(ཀྱི་རྣལ་འབྱོར་བརྗོད་དུ་མེད་ཅིང་)མི་ཟད་(པ་ དོན་དམ་པའི་)སྒྲ(ཀུན་མཁྱེན་གྱི་སྐད་དོ)། །དེ་བཞིན་(དུ་དོན་དམ་གྱི་)ལུས་(སྐུ་རྡོ་རྗེ་ནི་)མངོན་(པར་)འདུས་མ་ བྱས(པའི་རྣམ་པར་ཐར་པའི)། །ཡེ་ཤེས་ཀྱིས་དག་(ཅིང་གདོད་ནས་)དྲི་མ་མེད(པ་དེ་ནི)། །དབྱིབས་(ཀྱི་ 2-1-6 རྣལ་འབྱོར་)ཏེ་(མཐའ་ཡས་པ་མཐའ་ཡས་པའི་སྐུའི་བཀོད་པའི་)རྫུ་འཕྲུལ་བགྲོད་པ་ཅན(ནོ)། །(དེ་ཐམས་ཅད་ ཀྱང་རིས་མེད་པ་ཡིན་པས་)ཤེས་རབ་(དང་)ཐབས་ཀྱི་བདག་ཉིད་(གཅིག་ཏུ་གདོད་ནས་)སྦྱོར(བ་སྟེ)། །(དེ་ རྣམས་ལ་)དེ་བཞིན་གཤེགས་པས་(གྲངས་བཞིན་དུ་)རྡོ་རྗེ་སེམས(དཔའ་ལྷན་ཅིག་སྐྱེས་པའི་སྐུ་དང)། །བྱང་ ཆུབ་སེམས་དཔའ་(ཆོས་ཀྱི་སྐུ་དང་)སེམས་དཔའ་ཆེ(ན་པོ་ལོངས་སྤྱོད་རྫོགས་པའི་སྐུ་དང)། །དམ་ཚིག་ སེམས་དཔ(སྤྲུལ་པའི་སྐུ་)ར་གསུངས་པ་གང་(ཡིན་པ་དེ་ནི་ཀུན་རྫོབ་རང་སྟོང་གི་ཆོས་རྣམས་གདོད་ནས་ཟད་པ་ ཡིན་པས)། །དངོས་པོ་(ཟད་ཅིང་དེའི་གཞི་ལ་དོན་དམ་གཞན་སྟོང་གི་ཆོས་རྣམས་ནམ་ཡང་ཟད་པ་མེད་པ་ཡིན་པས་) དངོས་མེད་(ཀྱང་)ཟད་པ(ཡིན་ལ་ཀུན་རྫོབ་ཀྱི་གཙོ་བོས་ཟད་ཀྱང་དོན་དམ་པ་)འི་གཙོ(བོ་ཆེན་པོ)། །(ནམ་མཁའ་ ལྟར་སྐད་ཅིག་ལས་འདས་པས་)ཐོག་མཐའ་མེད་ཅིང་(རང་བཞིན་གྱིས་མྱ་ངན་ལས་འདས་པས་སྡུག་བསྔལ་རྒྱུ་དང་ བཅས་པ་རང་བཞིན་གྱིས་ཉེ་བར་)ཞི་བ་ཡི(གཞི་དོན་དམ)། །བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། ། ༈ (དེ་ལྟར་རང་བཞིན་གདོད་ནས་དག་པ་ལ་ལམ་གྱི་རྣམ་ཐར་སྒོ་བཞིའི་གནས་སྐབས་རིགས་བཞིའི་རླུང་སེམས་ འགགས་ན་སྐུ་བཞི་འཐོབ་སྟེ་དེ་ལ་དག་པ་གཉིས་ལྡན་དང་གཞན་ལ་དག་པ་གཅིག་ལྡན་ནོ། །རང་བཞིན་རྣམ་དག་དེ་ཉིད་ ཨེ་ཝཾ་ཡི་གེ་སྟེ་དེ་ཡང་དེ་ཉིད་བཅུ་དྲུག་རྟེན་དང་བཅས་པའོ། །འདིར་དོན་དམ་ཆོས་ཉིད་ཀྱི་)སྤྲུལ་པ་ཡི་ནི་སྐུ་གསུང་ ཐུགས། །ཡེ་ཤེས་(རྣམས་སྐུའི་དགའ་བ་བཞི་སྟེ་དེ་རྣམས་སྐུའི་དགའ་བར་)གཅིག་(ཏུ་)སྦྱོར་(བའི་སྐུའི་ཐིག་ལེ་) སྡོམ་པ་དང༌། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་(རྣམས་གསུང་གི་དགའ་བ་བཞི་ སྟེ་དེ་རྣམས་གསུང་གི་དགའ་བར་)གཅིག་(ཏུ་)སྦྱོར་(བ་གསུང་གི་ཐིག་ལེ་)སྡོམ་པ་དང༌། །དཔལ་ལྡན་ཆོས་ ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་(རྣམས་ཐུགས་ཀྱི་དགའ་བ་བཞི་སྟེ་དེ་རྣམས་ཐུགས་ཀྱི་དགའ་བར་)གཅིག་(ཏུ་) སྦྱོར་(བ་ཐུགས་ཀྱི་ཐིག་ལེ་)སྡོམ་པ་དང༌། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་(རྣམས་ཡེ་ ཤེས་ཀྱིདགའ་བ་བཞི་སྟེ་དེ་རྣམས་ཡེ་ཤེས་ཀྱི་དགའ་བར་)གཅིག་(ཏུ་)སྦྱོར་(བ་ཡེ་ཤེས་ཀྱི་ཐིག་ལེ་)སྡོམ་པ་(སྟེ་བཞི་ཀ་ ཐབས་ཤེས་གཅིག་ཏུ་སྦྱོར་བ་ཡང་ཡིན་ནོ་དེ་རྣམས་)ནི། །སད་(པ་དང་)རྨི་(ལམ་དང་)གཉིད་སྟུག་(དང་)བཞི་ པ་ཡི(གནས་སྐབས)། །དབང་པོ་གཉིས་(ལས་)སྐྱེས་(པའི་)བདེ་(བ་རྣམས་)མིན་ཞིང༌། །ཡེ་ཤེས་ 2-1-7 (དང་)སེམས་དང་ངག་དང་ལུས(ཀྱི་ཐིག་ལེ་རྣམས་རང་རང་གི)། །གནས་བཞིར་ཡང་དག་མི་གནས་ ཏེ(ཀུན་རྫོབ་ཀྱི་ཐིག་ལེ་བཞི་འགགས་ཤིང་དོན་དམ་གྱི་ཐིག་ལེ་བཞི་འཛིན་པའི་ཕྱིར་རོ། །དེའི་རྟེན་ཤེས་རབ་མ་ནི)། །ལས་ ཀྱི་ཕྱག་རྒྱ་ཡོངས་དོར་ཞིང༌། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་ སྐྱེས(ཞེས་པ་མ་སྐྱེས་པའི་སྐྱེ་བ་སྟེ་དོན་དམ་པའི་སྐྱེ་བའོ། །ཀུན་རྫོབ་ཀྱི་བདེན་པ་ལ་ནི་འགལ་ལོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་ ཡེ་ཤེས)། །ལྷན་(ཅིག་)སྐྱེས་(པའི་ཡེ་ཤེས་ནི་རང་རིག་ཡེ་ཤེས་ཡིན་པས་)གཞན་དང་འགྲོགས་ པ་མིན། །(རྣམ་པར་མི་རྟོག་པའི་དབྱིངས་ཡིན་པས་)རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་ མི་འགྱུར་བདེ(བ་ནི་མཚན་མ་ཐམས་ཅད་དང་བྲལ་བས)། །གཟུང་(བ་)དང་འཛིན་པ་(དང་ལྷའི་ཁ་དོག་དང་) དབྱིབས་(ལ་སོགས་པ་)དག་དང༌། །རྟོག་(པ་)དང་(སྔགས་)བརྗོད་པ་(ལ་སོགས་པ་སྤྲོས་པ་ཐམས་ཅད་)རྣམ་ པར་སྤངས(པ་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་ཡིན་པས)། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང༌། །པྲ་ཕབ་པ་ ཡི་རང་བཞིན་(ནམ་རྣམ་པ་དང་མཚུངས་པ་)ཅན། །(རྟེན་དང་བརྟེན་པ་གཞན་གཅིག་ཏུ་སྦྱོར་བས་)ཤེས་རབ་(དང་)ཐབས་ཀྱི་བདག་ཉིད་(དབྱེར་མེད་གཅིག་ཏུ་)སྦྱོར(བའི་རྒྱུད)། །ཨེ་ཝཾ་ཡི་གེ་(ཐིག་ལེ་སྟོང་པ་ཡི་གེ་དྲུག་དང་ སྟོང་པ་ཆེན་པོ་ཡི་གེ་ལྔ་དབྱེར་མེད་པ་)དེ་ལ་འདུད། ། ༈ (དེ་ཉིད་ཕྱག་རྒྱ་ཆེན་མོ་སྟེ་ཁམས་གསུམ་པར་ཡེ་ཤེས་ལ་སྣང་བས་)ཕྲ་རབ་རྡུལ་གྱི་ཆོས་ཉིད་(ལས་) འདས(པ)། །པྲ་ཕབ་པ་ཡི་རང་བཞིན་ཅན། །(འཁོར་འདས་ཀྱི་)རྣམ་པ་ཀུན་གྱི་མཆོག་ལྡན་མ། ། (རྡོ་རྗེ་འཆང་གི་བཙུན་མོ་)ཕྱག་རྒྱ་ཆེན་མོ་དེ་ལ་འདུད། ། ༈ (དེ་ཉིད་རྒྱལ་བ་ཀུན་གྱི་ཡུམ་རྣམ་པ་ཐམས་ཅད་པ་སྟེ་)སངས་རྒྱས་ཀུན་གྱི་སྐྱེད་མཛད་མ། །སྐྱེ་བ་ དང་ནི་འཇིག་པ་སྤངས། །ཀུན་ཏུ་བཟང་པོ(དབང་པོ་ཐམས་ཅད་པ་)འི་སྤྱོད་པ་ཅན། །སྣ་ཚོགས་ ཡུམ་(དང་སྣ་ཚོགས་གཟུགས་ཅན་མ་དང་སྣ་ཚོགས་བདེ་མ་ལ་སོགས་པ་མིང་མང་པོ་ཅན་)དེ་ལ་ཕྱག་འཚལ། ། ༈ (དེ་ཉིད་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཏེ་དེ་ཡང་)ཨཱ་ལི་ཀཱ་ལི་(ལ་སོགས་པར་)སྙོམས་འཇུག་(སྟེ་ཡོངས་ སུ་གྱུར་པའི་གདན་)དང༌། །ཧཱུཾ་ཕཊ་ཡི་གེ་(ལ་)སོགས་(པ་ཡོངས་སུ་གྱུར་པའི་ལྷར་གདགས་ནས་སྒོམ་པ་)སྤངས་ 2-1-8 ཀྱང༌། །(ཐིག་ལེ་)འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་(སྟེ་ཀྱེའི་རྡོ་རྗེར་ཨ་ལི་ཀ་ ལི་མཉམ་སྦྱོར་བ་ཞེས་སོགས་ཀྱི་དོན་)དེ་ལ་འདུད། ། ༈ (དེ་ཉིད་ཇི་ལྟར་གསུངས་པ་སྔོན་འབྱུང་གི་ཚུལ་ནི་སྟོན་པ་པོ་དང་གནས་དང་འཁོར་ཆེན་པོ་དང་ཞུ་བ་པོ་དང་ཆོས་ བསྟན་པ་ལ་སོགས་པ་སྟེ་འདིར་རྩ་བའི་རྒྱུད་དུ་)〚དེ་ཉིད་རྡོ་རྗེའི་རྣལ་འབྱོར་ཏེ་དེ་ཡང་〛ཀུན་མཁྱེན་(ཞེས་པ་ངོ་བོ་ཉིད་ཀྱི་ སྐུ་དང་)ཡེ་ཤེས་སྐུ་ཞེས་པ(ཆོས་སྐུ་དང)། །ཁྱབ་བདག་ཉི་མ་ལྟ་བུའི་སྐུ(ཞེས་པ་ལོངས་སྐུ་དང)། །པད་ མའི་འདབ་མ་རྒྱས་པའི་སྤྱན(ཞེས་པ་སྤྲུལ་སྐུ་སྟེ་རང་བཞིན་དབྱེར་མེད་ཀྱང)། །དེ་ཉིད་བཅུ་དྲུག་དབྱེ་བ་ ལས(དགའ་བ་བཞི་སྤྲུལ་སྐུ་མཆོག་དགའ་བཞི་ལོངས་སྐུ་ཁྱད་པར་དགའ་བ་བཞི་ཆོས་སྐུ་ལྷན་སྐྱེས་དགའ་བ་བཞི་དག་པའི་ སྐུ་སྟེ)། །སྐུ་བཞིའི་བདག་ཉིད་སངས་རྒྱས་(བདེ་ཆེན་)ནི། །(སྟོན་པ་པོ་སྟེ་རྟེན་པའི་གནས་སམ་རྟེན་གང་ ལ་བཞུགས་ན་)རྡོ་རྗེ་སེང་གེའི་གདན་(སྟོང་ཆེན་ཏེ་དེ་ལ་)བཞུགས་པ(པོ)། །(འཁོར་ནི་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་དང་)ལྷ་དང་(ཀླུ་དང་)ལྷ་མིན་(ལ་སོགས་པ་སྟེ་དེ་རྣམས་)གྱིས་(མཆོད་ཅིང་)བསྟོད་(པའོ་) སྔོན། །(གསང་བདག་)ཟླ་བཟང་གིས་(དཔལ་ལྡན་འབྲས་སྤུངས་སུ་ཇི་ལྟར་)གསོལ་(བ་བཏབ་བཞིན་སྟོན་པའི་ གསུངས་པའི་ཆོས་ཕུན་སུམ་ཚོགས་པ་དགོས་པ་དང་དགོས་པའི་དགོས་པ་བཟང་པོ་ཅན་རྩ་རྒྱུད་དང་པོའི་སངས་རྒྱས་)དེ་ ལ་འདུད(འདིར་སྐུ་བཞིའི་བདག་ཉིད་ཅན་དེ་ཉིད་བཅུ་དྲུག་དབྱེ་བ་ལྡན་ཞེས་པས་ཆོས་བསྟན་པ་དང་དགོས་པའི་དགོས་པ་ བསྡུས་པར་ཨ་ཙ་ལ་གརྦྷས་འཆད་དོ)། ། ༈ (དེ་ཉིད་རྡོ་རྗེའི་རྣལ་འབྱོར་ཏེ་དེ་ཡང་)དག་(པ་ངོ་བོ་ཉིད་སྐུ་)དང་ཡེ་ཤེས་(རྡོ་རྗེ་)གཅིག་(ཏུ་)སྦྱོར་(བ་ དག་པའི་རྣལ་འབྱོར་ཕྱག་གཉིས་པའི་ཧེ་རུ་ཀ་དང་)རྒྱལ་བ་མཆོག་གི་འདུས་པ་ཐུགས་(རྡོ་རྗེ་)དང་ཆོས་(ཀྱི་སྐུ་)ནི་གཅིག་ཏུ་སྦྱོར(བ་ཆོས་ཀྱི་རྣལ་འབྱོར་ཕྱག་བཞི་པའི་ཧེ་རུ་ཀ)། །གསུང་(རྡོ་རྗེ་)དང་ལོངས་སྤྱོད་རྫོགས་ པ(འི་སྐུ་)གཅིག་(ཏུ་)སྦྱོར་(བ་སྔགས་ཀྱི་རྣལ་འབྱོར་ཕྱག་དྲུག་པའི་ཧེ་རུ་ཀ་དང་)སྲིད་གསུམ་གྱིས་མཆོད་སྐུ་ (རྡོ་རྗེ་)དང་སྤྲུལ་པ(འི་སྐུ་གཅིག་ཏུ་)སྦྱོར་བ་(དབྱིབས་ཀྱི་རྣལ་འབྱོར་ཕྱག་བཅུ་དྲུག་པའི་ཧེ་རུ་ཀ་)སྟེ། །(དེ་རྣམས་ ཀྱང་)ཤེས་(པ་ཝཾ་ཡིག་རྡོ་རྗེ་)དང་ཤེས་བྱ་(ཨེ་ཡིག་པད་མ་)གཉིས་(སུ་)མེད་(པ་བཅོས་མ་གློ་བུར་བའི་)སྲིད་(པ་ 2-1-9 གདོད་མ་ནས་)བྲལ་སྲིད་(པ་པྲ་ཕབ་པ་ལྟ་བུར་)གནས་(པ་)འདི་ནི་(རིམ་པ་ལྟར་)རྡོ་རྗེ་སེམས་དཔའ་(དང་ བྱང་ཆུབ་སེམས་དཔའ་དང་སེམས་དཔའ་ཆེན་པོ་དང་དམ་ཚིག་སེམས་དཔའ་སྟེ་དེ་ལྟར་སེམས་དཔའ་)རྣམ་པ་བཞི(འི་རང་ བཞིན)། །རྡོ་རྗེའི་རྣལ་འབྱོར་(བཞིའི་བདག་ཉིད་དེ་རེ་རེའང་)ཐབས་(ཧཾ་ཡིག་གམ་ཐིག་ལེ་)དང་ཤེས་རབ་ (ཀྵ་ཡིག་གམ་གྲུ་གསུམ་དག་དབྱེར་མེད་པའི་)བདག་ཉིད་ལྷ་མི་ལྷ་མིན་གྱིས་བསྟོད་དེ་ལ་འདུད། ། ༈ (དེ་ཉིད་རྡོ་རྗེ་ཟླ་ཉི་སྟེ་ཀུན་རྫོབ་ཀྱི་ཁུ་རྡུལ་འགགས་པའི་གཞིའོ། །དེ་ཡང་འགྱུར་མེད་བདེ་བའི་)ཞབས་གཅིག་ (གཡས་པ་དམར་པོ་ནི་)རྡོ་རྗེ་ནོར་བུར་རྡུལ་དང་ཉི་མ་(ལ་རྟག་ཏུ་མི་ཆོད་དབྱེར་མེད་འདོད་པར་བཀོད་ཅིང་མནན་ པའི་སའི་དཀྱིལ་འཁོར་གཞིར་གནས་པ། རྐང་པ་ཡ་གཅིག་མཐིལ་གྱིས་མནན་པ་ཞེས་པ་སྟེ་རྡོ་རྗེ་ཉི་མ་སྣང་བ་ཆེ་)དང༌། ། གཉིས་པ་(གཡོན་དཀར་པོ་ཡང་)གཙུག་ཏོར་(ཏུ་)ཁུ་བ་རི་བོང་ཅན་ལ་ནི། །(འགྱུར་བའི་མ་རིག་པས་)རྟག་ཏུ་མི་ཆོད་(ཅིང་)དབྱེར་མེད་(པའི་)འདོད་པ་(ཆེན་པོའི་ཡེ་ཤེས་)བཀོད་(ཅིང་མནན་པར་)གྱུར་ པ(ལས)། །(རྐང་ཐེབ་སེན་མོ་ལ་གནས་པ། །ཚངས་པའི་སྒོ་ངའི་རྩེ་མོས་མནན། །ཞེས་པ་རྡོ་རྗེ་ཟླ་བ་དྲི་མེད་འོད་ཏེ་དེ་དག་) འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་(བོ་སངས་རྒྱས་ཀུན་གྱི་མཛོད་སྤུའི། །པད་མར་ཟླ་བ་བདུད་རྩི་ཉ། །ཉི་ རྡུལ་གནམ་སྟོང་གསང་བར་ཏེ། །གཙུག་ཏོར་ནོར་བུར་དེ་དག་ཆ། །ཞེས་པ་སྟོན་པ་རྡོ་རྗེའི་གནས། །ལུས་ཅན་ཀུན་གྱི་བྱིན་ཅི་ལོག། ཅེས་གསུངས་པའི་དོན་ཉི་ཟླ་འདི་འགགས་པའི་གཞི་ཉི་ཟླ་གཞན་ཏེ་དེ་)ལ་སྤྱི་བོས་འདུད། ། ༈ (དེ་ཉིད་རྣམ་བཅུ་དབང་ལྡན་ཆེ་བ་པོ་སྟེ་དེ་ཡང་སྒྲིབ་པ་མེད་ཅིང་འོད་གསལ་བ་དོན་དམ་གྱི་ནམ་མཁའ་དང་)རླུང་ (དང་)མེ་(དང་)ཆུ་དང་ས་ཡི་དཀྱིལ་འཁོར་(དང་)ལྷུན་པོ་(དང་སྐྱེ་འགྲོའི་རང་བཞིན་)པད་མ་དང༌། །ཟླ་ (བ་དང་)ཉི་(མ་དངསྒྲ་གཅན་)དུས་མེ(སྟེ་དེ་ལྟར་རྡོ་རྗེ་ཡེ་ཤེས་ཀྱི་རྟེན་སྲིད་པའི་རྣམ་བཅུར་གསུངས་པ་)འི་སྟེང་དུ་ དབང་ཕྱུག་དང་ནི་བདུད་ཀྱི་མགོར(རྟེན་པ་ཡེ་ཤེས་རེ་ཁཱའི་རྣམ་པ་རྡོ་རྗེ་རྩེ་གཅིག་པའི)། །ཞབས་ནི་(སྲིད་ པ་གཞན་དོན་དམ་པའི་)སྲིད་པ(སྐྱེ་འཇིག་མེད་ཅིང་ཀུན་ནས་དང་པའི་སྲིད་པ་)འི་ཡུམ་གྱི་ཞབས་དང་ལྷན་ཅིག་ བཀོད་གྱུར་པ། །ལྷ་ཡི་དབང་པོ(དམ་པ་རྣམས་ཀྱི་)ས་བཏུད་པའི་གཙོ་(བོ་དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ་ དང་བཅས་པ་)ལ་སྤྱི་བོས་ཕྱག་འཚལ་ཏེ། ། 2-1-10 ༈ དེ་ལྟར་(བསྟན་པའི་)རྡོ་རྗེའི་རྣལ་འབྱོར་(ཀུན་ལ་རྟག་ཏུ་ཁྱབ་པར་བཞུགས་པ་འདུས་མ་བྱས་ཀྱི་ཡེ་ཤེས་)གང་ཞིག་དཔག་མེད་བདེ་གཤེགས་རྣམས་ཀྱིས་(རང་གི་རྒྱུད་ལ་)བསྟེན་ཅིང་(གཞན་ལ་)བསྟན་ པ་དང༌། །བྱང་ཆུབ་སེམས་དཔའ་(ཆེན་པོ་གང་གིས་ཀྱང་མི་ཆོད་མི་ཤིགས་པ་བདེན་པ་སྲ་བ་བརྟན་པ་ཐམས་ཅད་ དུ་ཐོགས་པ་མེད་པ་ཐམས་ཅད་དུ་མ་ཕམ་པའི་)རྡོ་རྗེ་མཆོག་འཛིན་(ཅིང་)གསང་སྔགས་(ཡིད་སྐྱོབ་)རིག་པ་ ཀུན་གྱིས་(ཀྱང་རང་གིས་བསྟེན་ཅིང་གཞན་ལ་)ཡང་དག་བརྗོད་གྱུར་པའི། །འགྱུར་མེད་མཆོག་གི་བདེ་ བའི་(རྡོ་རྗེའི་)རྣལ་འབྱོར་དེ་ནི་དུས་ཀྱི་འཁོར་ལོ(འི་རྒྱུད་འདི་)ར་བླུན་པོ་བདག་(ཀྱང་)བརྗོད་(པར་) འདོད། །མཁའ་ལ་མྱུར་འགྲོ་མཁའ་འགྲོའི་བདག་པོ་(མཁའ་ལྡིང་)འགྲོ་ཡི་འདབ་ཆགས་གཞན་ པ་འགྲོ་བ་མིན་ནམ་ཅི(ཞེས་པ་ཁེངས་སྐྱུངས་ནི་གཞན་དག་ལ་རྗེས་སུ་བསྟན་པ་སྟེ་འོག་ནས་འབྱུང་བ་རྣམས་ཀྱང་ངོ)། ། ༈ (དེ་ཡང་རྒྱུད་སྡེ་)གང་དུ་(འཁོར་འདས་ཀུན་གྱི་རང་)རང་གི་ལུས་ལ་སྲིད་པ་(གཞན་དོན་དམ་པའི་སྲིད་ པ་སྐད་ཅིག་རྣམ་བྲལ་རང་བཞིན་མེད་པའི་སྲིད་པ་བདེ་གཤེགས་སྙིང་པོ་)མཐའ་དག་(བཞུགས་ཚུལ་དེ་དྲི་མ་དང་བྲལ་བའི་ སྒོ་ནས་མངོན་དུ་བྱེད་པའི་ཐབས་)སྔགས་〚ཉམས་སུ་བླང་ཚུལ་དང་〛བཅས་པ(འམ་བརྗོད་བྱའི་དོན་རྗོད་བྱེད་ ཀྱི་སྔགས་དང་བཅས་པ)། །གསལ་བར་(གསུངས་སོ་སུ་ཡིས་གསུང་ན་)ཨཱ་ལི་ཐིག་ལེ་འཛིན་པ་རྒྱལ་བའི་ དབང་པོས་གསུངས(ཤིང་དེ་ལ་བརྟེན་ནས་བདག་གིས་ཤེས་ཏེ་དཔེར་ན)། །ཆུ་གཏེར་ཆེན་པོ་དེར་ནི་རྐྱལ་ བའི་སླད་དུ་རབ་ཞུགས་པ། །དེ་ལ་གལ་ཏེ་(རྒྱ་མཚོའི་)ཕ་རོལ་(ཏུ་)བདག་(ཉིད་)ཕྱིན་(པ་ནི་གྲུ་དང་ མཉམ་པའི་མཐུ་ཡིན་པ་ལྟར་འདིར་ཡང་གསང་སྔགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ནི་)རྒྱལ་བའི་མཐུ་ཡིན་ནོ། ། ༈ གང་ཞིག་གསང་བདག་(ཟླ་བཟང་)ལ་གསུངས་(པ་རྩ་རྒྱུད་)མཆོག་གི་དང་པོའི་སངས་ རྒྱས་(སྟོང་ཕྲག་བཅུ་གཉིས་པ་)ལས། །སྟོབས་བཅུ་པ་ཡིས་(སོ་གང་ཞིག་གི་ནམ་བསྟན་ན་འཇམ་དཔལ་གྲགས་ པས་)བསྡུས་པའི་རྒྱུད་ནི་(མཛད་པར་འགྱུར་རོ་ཞེས་)སྔོན་(རྩ་རྒྱུད་གསུངས་དུས་ཉིད་)དུ་(འཕྲེང་འཛིན་ཚིགས་ བཅད་སུམ་ཅུ་ནི། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔས། །དཔལ་ལྡན་རྒྱུད་རྣམས་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་འགྱུར་ 2-1-11 ཏེ། །སྡུད་པར་བྱེད་པ་པོ་ཡང་འདི། །ཞེས་)ལུང་བསྟན་པ། །དེ་ནི་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་འདི་ ཀ་ལཱ་པར། །འཇམ་དཔལ་གྱིས་ནི་(ཉི་མའི་ཤིང་རྟ་ལ་སོགས་པ་)ཐུབ་པ་(དྲང་སྲོང་)རྣམས་ལ་(གཞུང་ཉུང་ ཡང་དོན་)མཐའ་དག་ངེས་པར་བསྟན(ལ)། །(རྩ་རྒྱུད་ཀྱི་)རྒྱས་འགྲེལ་སྟོང་ཕྲག་དྲུག་ཅུ་པ། །ཟླ་བ་ བཟང་པོས་བྲིས་པ་གང་(ཡིན་པ)། །ཐེག་པ་ཀུན་(གྱི་)དོན་(རྣམས་)གསལ་(བར་)བྱེད་(པ་)དེ(འི་ དོན་རྣམས)། །པད་མ་དཀར་པོ་བདག་གིས་ནི། །(འདིར་བླངས་ནས་སྦས་པའི་རྒྱུད་བསྡུས་རྒྱུད་འགའ་ཞིག་དང་ མི་མཐུན་ཡང་)རྩ་བའི་རྒྱུད་ཀྱི་རྗེས་འཇུག་པའི། །གཞུང་ནི་སྟོང་ཕྲག་བཅུ་གཉིས་ཀྱིས། །(རྒྱུད་དང་ རྒྱུད་གཞན་རྣམས་སུ་)རྡོ་རྗེའི་ཚིག་(ཏུ་སྦས་པ་རྣམས་དང་)བཅས་(པ་)འབྱེད་པ(འི་རྒྱས་འགྲེལ་)ནི། །(མ་སྦས་ པའི་)བསྡུས་པའི་རྒྱུད་(འདི་)ལ་བྲི་བར་བྱ། ། ༈ (འདི་དང་འདྲ་བ་ཉན་པ་ཡང་དབང་མ་བླངས་པ་དང་རྡོ་རྗེ་རྣལ་འབྱོར་མ་བསྒོམ་ན་མི་རུང་བས་)རྒྱལ་བས་ (དབང་ལེར་)གསུངས་པའི་ཆོ་གས་(བདུན་དང་བཅུ་དང་བཅུ་གཅིག་པའི་)དབང་མཆོག་བླངས་ནས་(དུས་ འཁོར་གྱི་)རྒྱུད་འདི་འམ་ནི་(བདེ་དགྱེས་གསང་འདུས་ལ་སོགས་པ་)བསྡུས་པ་ཡི། །རྒྱུད་རྒྱལ་མ་ལུས་[ཐོས་ ནས་(ཤོང་ཟེར་)]ཐོས་(པའི་སྣོད་དུ་རུང་བར་བྱ་བའི་)སླད་(ཏུ་)ཡང་དག་ཡེ་ཤེས་(དུ་བ་ལ་སོགས་པའི་)ལམ་ (ཡན་ལག་དྲུག་གི་རྣལ་འབྱོར་)ལ་གནས་པའི་རྣལ་འབྱོར་པས། །ཁེངས་(པ་)དང་ལོངས་སྤྱོད་འབྱོར་ བ་དུ་མ་(ལ་ཆགས་པ་)བཏང་ནས་སེམས་ནི་བླ་མར་གཏད་བྱས་ཏེ། །(གཞན་དོན་དུ་)སངས་རྒྱས་ (ཐོབ་པར་བྱ་བ་)ཉིད་ཀྱི་སླད་དུ་གཙོ་བོ(རྡོ་རྗེ་ཐེག་པ་)འི་རྒྱས་འགྲེལ་གཞན་ཕན་སྤྱོད་པ་མཉན་པར་ བྱ(འདིར་ས་བཅུ་པ་རྣམས་འགྲེལ་པ་མཛད་པའི་རྒྱུ་ནི)། ། ༈ (མངོན་ཤེས་ཀྱང་མེད་རྩ་རྒྱུད་དང་སེམས་དཔའི་མན་ངག་མེད་པར་གཞུང་གཞན་ལ་མཁས་པའི་ང་རྒྱལ་ཙམ་གྱིས་ སྦས་རྒྱུད་བྲལ་བ་རྣམས་བྱིན་ཅི་ལོག་ཏུ་སོང་ནས་དེ་ལ་ཞུགས་པ་རྣམས་ལམ་གོལ་བར་ཞུགས་པ་མ་བཟོད་པའི་ཐུགས་རྗེའོ། །དེ་ ཡང་རྣམ་པར་དག་པའི་)མངོན་ཤེས་(ལྔ་)མེད་(པ་)གང་(དག་)དཔལ་ལྡན་རྡོ་རྗེ་ཐེག་པ་ལ་གནས་(པར་ འདོད་ཀྱང་རྩ་རྒྱུད་དང་སེམས་འགྲེལ་གྱི་མན་ངག་བཞིན་བསྒོམས་པའི་ཉམས་རྟོགས་[ནམ་ལངས་[བཞིན་ནང་]ནས་ཤར་ 2-1-12 བ་མེད་པར་ཁ་ཕྱིར་བལྟས་ཀྱི་)བསྟན་བཅོས་དུ་མ་(ལ་སྦྱངས་པ་)ཡི། །(ཆོས་)རྣམ་རྟོག་(ལས་མ་འདས་པའི་) ཆོས་ཀྱི་སྙིང་(ཅན་)དང་(ཐ་སྙད་ཀྱི་གཙུག་ལག་དང་ཐུན་མོངས་གི་ཆོས་རྣམས་ལ་)མཁས་པ་ཉིད་ཀྱི་དྲེགས་(པ་ དང་)ལྡན་(པས་མཐར་ཐུག་ཐུན་མོངས་མ་ཡིན་པ་རྟོག་གེའི་སྤྱོད་ཡུལ་ལས་འདས་པའི་རྒྱུད་སྡེ་ཟབ་མོ་ལ་)རྒྱས་འགྲེལ་ ཆེན་པོ་དག །བྱེད་པ་དེ་ནི་(གཡུལ་ངོར་སྦད་པའི་)གླང་ཆེན་ལོང་བ་མྱོས་(པ་ས་འཁོར་ནས་རང་གི་སྡེ་བཅོམ་ པ་)བཞིན་(དུ་ལོག་བཤད་ཀྱིས་ཐར་པའི་ཕྱོགས་བཅོམ་ཞིང་ཐར་པའི་)དགྲ་ཡི་རྒྱུད་ནི་རྒྱལ་བ(ར་བྱས་པ་)འི་ སླད(དུ)། །གང་གནས་(པའི་ལོག་བཤད་)དེ་ཡིས་(ཐར་པའི་)རང་གི་རྒྱུད་ནི་ཉམས་(པར་)བྱེད་(པས་ རྒྱུད་དོན་ཟབ་མོ་མི་ཤེས་བཞིན་དུ་འགྲེལ་པ་)འདི་ནི་རྟག་ཏུ་བདུད་ཀྱི་གཉེན(ཡིན་ནོ)། ། ༈ (དེའི་རྒྱུ་མཚན་རྒྱས་པར་བཤད་ན་)མཁས་པའི་མངོན་པའི་ང་རྒྱལ་(ཆང་གིས་མྱོས་པ་)དང་ལྡན་ (ཞིང་)རྒྱལ་(བའི་)བདག་(པོའི་)གསུང་(གི་དོན་ཟབ་མོ་)ནི་(རྟོག་དཔྱོད་ཙམ་གྱིས་)མི་ཤེས་(པའི་)ངང་ཚུལ་ (ཅན་ཡིན་པའི་དོན་དམ་བདེ་གཤེགས་སྙིང་པོ་ལྟ་བའི་སྤྱན་ལྔ་)རྟག་(ཏུ་)ལོང་བ(ལྟར་གྱུར་པ་རྣམས་ཀྱི་)ས། །ཐེག་ མཆོག་(ཟབ་མོའི་)རྒྱས་འགྲེལ་བྱས་ཏེ་ལོང་བ་གཞན་(རྗེས་འཇུག་)དག་(མཐོ་རིས་ཐར་བ་ལས་)ལྷུང་དུ་ བཅུག་ནས་(རང་གཞན་)དམྱལ་བར་རབ་(ཏུ་)འཇུག་པ(དེའི་རྒྱུ་ནི)། །(ཕ་རོལ་བུད་མེད་བསྟེན་པར་བྱ་ཞེས་ ཐོས་ནས་སྔར་ཚུལ་ཁྲིམས་བསྲུངས་པ་ལས་)འགྱོད་པ་དང་ནི་(ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ་ཞེས་སོགས་ཀྱིས་)སྲོག་གཅོད་ལ་སོགས་མི་དགེའི་ལམ་ལ་བུད་མེད་བདེ་བས་སེམས་དྲངས་ཤིང༌། །དཔལ་ ལྡན་ཤེས་རབ་(ཕྱག་རྒྱ་ཆེན་མོ་དང་འགྲོགས་པ་ལས་བྱུང་བའི་འཛག་མེད་)བདེ་(བ་ལས་)ཉམས་(ནས་བཞི་པ་ དེ་ཡང་དེ་བཞིན་ནོ་ཞེས་པ་ལ་སོགས་པ་)རྡོ་རྗེའི་ཚིག་(གམ་གནས་)བཅོམ་(སྟེ་ནང་ཏིང་ངེ་འཛིན་གྱི་ལོངས་སྤྱོད་སྟོར་ ནས་ཤ་ནི་རྟག་ཏུ་བཟའ་བ་ཉིད་ཅེས་པ་ལ་སོགས་པས་སོ། །་)ཕྱི་ཡི་ལོངས་སྤྱོད་(འདོད་ཡོན་ཆགས་པ་)རྣམས་ཀྱིས་ ཟིལ་མནན་པ(རྡོ་རྗེ་སྙིང་འགྲེལ་དུའང༌། གང་ཞིག་འགྲེལ་པ་མེད་པར་ཉུང་རྒྱུད་ངེས་པར་བཏུས་ལ་གསང་ཚིག་སྟོན་བྱེད་ པ། །དེ་ནི་ལོང་བ་ཆུ་ལ་སྦྲུལ་ཞུགས་ཡུན་རིངས་ལོན་པའི་རྗེས་ལ་ལྟ་བ་བཞིན། །ཞེས་པ་དང༌། བཅོམ་ལྡན་འདས་ཀྱིས་མཐའ་ དྲུག་གིས་བསྐོར་འདུས་པ་ལ་སོགས་རྒྱུད་རྣམས་གང་གསུངས་པ། །བསྟན་བཅོས་མཁས་པའི་ང་རྒྱལ་གཅོག་བྱེད་དེ་ནི་རྟོག་གེས་ 2-1-13 རྟོག་བྱ་ག་ལ་ཡིན། །ཞེས་སོགས་རྒྱས་པར་གསུངས་སོ། །དེའི་ཕྱིར་རྟོག་གེ་ལས་མ་འདས་པའི་ཆོས་ཐུན་མོང་པ་རྣམས་མ་མཁས་ ཀྱང་མངོན་ཤེས་ལྔ་དང་རྩ་རྒྱུད་སེམས་འགྲེལ་གྱི་མན་ངག་མེད་ན་རྒྱུད་མཆོག་འགྲེལ་པར་མི་དབང་སྟེ། དེ་ནི་མངོན་ཤེས་ཐོབ་ རྣམས་ཀྱིས། །བྱ་ཡི་མཁས་རྣམས་ཀྱིས་མིན་ཉིད། །ཅེས་སོ་)འོ། ། ༈ (འོ་ན་འབྲེལ་པར་དབང་བ་པོ་གང་ཞེ་ན་)གང་ཞིག་སྟོན་པ་(སངས་རྒྱས་)ཉིད་ཀྱིས་ལུང་བསྟན་(ཅིང་)རྒྱལ་བདག་(རྡོ་རྗེ་སེམས་དཔའི་)བདེ་(བ་)སྟེར་(བ་)རྡོ་རྗེ་ཐེག་པ་མཐའ་དག་གི། རྒྱས་འགྲེལ་དག་ དང་བསྡུ་བ་མཛད་པ་རྡོ་རྗེ་མཆོག་(འགྱུར་མེད་བདེ་ཆེན་)འཛིན་(པ་འཇིག་རྟེན་དབང་ཕྱུག་) བདག་(གམ་ བདག་)འདྲའི་བྱང་ཆུབ་སེམས་དཔའ་(ཆེན་པོ་རྣམས་)སྟེ། །དེ་རྣམས་འདིར་ནི་ལྷ་དང་ལག་འགྲོ་(ཀླུ་ དང་)མི་རྣམས་སྨིན་པའི་དོན་དུ་(མ་ནོར་བ་སྟོན་ཡང་)སངས་རྒྱས་(ཀྱིས་)མཐུར་སྨྲ་(ཡིད་རང་སྟོབས་སུ་མི་ སྨྲ་ཞིང་རང་རྒྱལ་མེད་)ལ། །གང་དག་མངོན་ཤེས་ལྔ་མེད་(པ་མངོན་པའི་ང་རྒྱལ་ཅན་)དེ་དག་བདག་ཅག་ རྒྱལ་དབང་ཡིན་ཞེས་བདེན་པ་མིན་པ་སྨྲ། ། ༈ མ་འོངས་དུས་ན་རྟག་ཏུ་རྟོག་གེ་(སྒྲ་ཚད་)ལ་སོགས་བསྟན་བཅོས་ལ་གཏད་སྣ་ཚོགས་ བློས། །སངས་རྒྱས་པ་ཡང་གཞན་(ཕྱི་རོལ་པ་དག་)གྱི་རྟོག་གེ་དང་ཕྲད་(པའི་)དབང་གིས་(སྐད་ ལེགས་སྦྱར་ལ་གཞན་པས་ཆོས་འཆད་ཉན་མི་རུང་ཞེས་པ་ལ་སོགས་པ་)ལོག་པ་(སྣ་ཚོགས་)འབྱུང་འགྱུར་ཏེ། །རྟོག་ གེ་ལ་གཏད་དེ་ཡིས་(མཐར་ཐུག་གི་)འདོད་པའི་ཡུལ་(རྡོ་རྗེ་ཐེག་པ་)ལ་ལམ་ནི་(མི་ཤེས་པ་ཞིག་ཏུ་ཤེས་པར་ རློམ་ནས་)སྟོན་པར་བྱེད་པ་གང་(ཡིན་པ)། །དེ་རྣམས་ཉིད་ཀྱི་བློ་ངན་སྐྱོན་ནི་(དོན་དམ་ཆོས་སྐུ་དང་སྟོང་ ཉིད་ཡིན་པ་དང༌། ཆོས་སྐུའི་ཡེ་ཤེས་ལྔ་སྔར་མེད་གསར་སྐྱེས་འདུས་བྱས་སྐད་ཅིག་མ་ཡིན་པ་དང༌། བདེ་གཤེགས་སྙིང་པོ་དང་ གསང་སྔགས་ཐམས་ཅད་དྲང་དོན་ཡིན་པ་དང༌། འཁོར་ལོ་ཐ་མ་དང་རྒྱུད་སྡེ་ཐམས་ཅད་སེམས་ཙམ་ཡིན་པ་དང༌། སངས་རྒྱས་ ཐོབ་པ་ལ་རླུང་སེམས་འཕོ་བའི་ཆགས་པ་འགགས་མི་དགོས་པ་དང༌། དུག་ལྔ་དང་ཕུང་པོ་ལྔ་ལ་སོགས་པ་སྦྱང་གཞི་ཡིན་པ་དང༌། དེ་རྣམས་ཡེ་ཤེས་ལྔ་དང་ལྷ་ཚོགས་སུ་གནས་གྱུར་ནས་འགྲོ་བར་འདོད་པ་ལ་སོགས་པ་ལྟ་བའི་སྙིགས་མ་སྣ་ཚོགས་)འཇོམས་ བྱེད་རྒྱས་འགྲེལ་བདག་གིས་བྲི་བར་བྱ། ། 2-1-14 ༈ (བྲིས་པ་དེས་ནི་འཁོར་བའི་རྒྱལ་མཚོ་བརྒལ་ནས་ཆོས་སྐུའི་རིན་ཆེན་གླིང་དུ་བྱིན་པར་བྱེད་དེ་འདི་ལྟར་)ཆགས་ བྲལ་མེད་པའི་འདོད་ཆགས་མཐའ་ཡས་ཆུ་ལ་ཞེ་སྡང་སྦྲུལ་དང་ཆུ་སྲིན་དཀྲིགས། །གཏི་ མུག་ཀླུང་ནི་རབ་མང་འགྲོ་འོང་(བྱེད་ལ་)ནོར་དང་དཔལ་ལ་བརྐམ་པའི་རླབས་ངོགས་ཅན། ། འགྱོད་སོགས་(སྒྲིབ་པ་རྣམས་དང་)གསོད་པ་ལ་སོགས་(མི་དགེ་བ་དང་དགེ་བ་ཟག་བཅས་ལུང་མ་བསྟན་ དང་བཅས་པའི་)ལས་ཀྱི་རྟ་གདོང་འཁོར་མོ་(འཇིགས་པའི་)སྒྲ་དྲག་(པ་ཅན་)སྲིད་པ་ཡི]། །ཆུ་གཏེར་ (བརྒལ་བར་འདོད་པ་)ལ་ནི་དཔལ་ལྡན་རྡོ་རྗེ་ཐེག་པ(དང་དེ་)འི་རྒྱས་འགྲེལ་(འདི་འམ་འདི་འདྲ་བ་དག་ནི་) རྟག་ཏུ་(གྲུ་གཟིངས་དང་)མཉན་པ་(བཟང་པོས་)སྟེ། །(རྣམ་པར་མི་རྟོག་པའི་)ཤེས་རབ་(ཀྱི་) རླུང་གི་དར་ གྱིས་(འཁོར་བའི་གནས་ནས་བསྐྱོད་དེ་)མྱུར་འགྲོ་མྱང་འདས་(ཆེན་པོ་སྲིད་ཞི་གཉི་གའི་)ཕ་རོལ་(ཏུ་སོན་པ་) དོན་(དུ་)གཉེར་(ཀྱི་སྲིད་ཞིའི་བདེ་བ་དོན་དུ་མི་གཉེར་བའི་སྐྱེས་བུ་)ཆེན་པོ་རྣམས། །(འགྱུར་མེད་)དམ་པའི་ བདེ་བས་(འཕོ་བའི་བག་ཆགས་ཀྱི་འཇིགས་པ་ཆེན་པོ་ལས་)མྱུར་དུ་རྒལ་བར་བྱེད་སླད་(སེམས་དཔའི་རྒྱས་ འགྲེལ་)དེ་ནི་ལམ་གྱི་འདྲེན་པ་དང༌། །ཉོན་མོངས་བདུད་(ཀྱི་ཆུ་སྲིན་དང་རྟ་གདོང་འཁོར་མོ་ལ་སོགས་དགྲའི་)ཚོགས་(རྣམས་)འཇོམས་པ་(ལ་)མཁས་པའི་(རང་བཞིན་)ཡང་དག་ཡེ་ཤེས་(འདོད་དགུ་ཐམས་ཅད་ཚང་ བས་)ཡིད་བཞིན་ནོར་བུ་(ལྟ་བུ་)སྟེ། །འཇིག་རྟེན་གསུམ་(གཞན་དོན་དམ་འོད་གསལ་གྱི་འཇིག་རྟེན་གསུམ་) གྱི་བདག་པོ་(རྡོ་རྗེ་སེམས་དཔའ་)ཉིད་སྟེར་(ཀུན་མཁྱེན་ནོར་བུའི་གླིང་)འདི་ནི་ཀུན་ཏུ་ཡང་དག་སྟོན་(པར་)བྱེད་པ(ཡིན་པས་འདི་འདྲ་ལ་བརྟེན་པར་བྱ་)འོ། ། ༈ (གཞན་དུ་སྐྱོན་དུ་མ་ཡོད་དེ་ངོ་བོ་ཆོས་ཉིད་)གང་ཞིག་(རྣམ་པ་)ཕུང་པོ་(དང་ཁམས་)ལ་སོགས་(པར་སྣང་ བ་ཅན་)སྒྲིབ་པ་(ཐམས་ཅད་གདོད་ནས་)རབ་བཅོམ་ཡུལ་(ཏེ་སྒྲིབ་བཅས་ཀྱི་ཕུང་པོ་སོགས་ལས་གཞན་སྒྲིབ་པ་མེད་ པའི་ཕུང་པོ་སོགས་སམ་ཡང་ན་ཕུང་སོགས་ཀྱི་སྒྲིབ་པ་བཅོམ་པའི་ཡུལ་ལམ་གཞི་ཆོས་ཉིད་)ནི་(མེ་ལོང་མཐེ་བོང་སྒྲོན་མེ་ཟླ། ། ཉི་མ་ཆུ་དང་རིལ་གྲི་མིག །པྲ་འབེབས་འཇུག་པ་བརྒྱད་རྣམས་ནི། །རྒྱལ་བ་རྣམས་ཀྱིས་པྲ་འབེབས་གསུངས། །ཞེས་པའི་)པྲ་ ཕབ་བརྒྱད་ལྟ་བུ། །ཀུན་མཁྱེན་བདེ་སྟེར་(དམིགས་བཅས་སྟོང་ཉིད་དོན་དམ་གཞན་སྟོང་)དེ་ཉིད་གཅིག་ 2-1-15 པུ་རྡོ་རྗེ་འཛིན་པའི་(རིག་མ་)ཕྱག་རྒྱ་ཆེན་མོ་སྟེ། ། ༈ (མཐར་ཐུག་ངེས་དོན་གྱི་ཕྱག་རྒྱ་)དེ་བོར་(ནས་)སངས་རྒྱས་ཉིད་(ཀྱི་)སླད་(དུ་)ནོར་ལ་ཆགས་ ཤིང་འཁྱོག་པོའི་སྙིང་ལྡན་(ལས་ཀྱི་ཕྱག་རྒྱ་དང་བློ་)བརྟགས་མ་(ཡེ་ཤེས་ཀྱི་ཕྱག་རྒྱ་)དག །(འཛིན་པ་མ་ཐོབ་ པ་)གང་གིས་སྟེན་བྱེད་རྣམ་བརྟགས་བློ་ཅན་(གྱི་ཕྱག་རྒྱ་)དེ་ཡིས་(བདེ་བའི་རྟེན་)དེ་ཡང་འཕོ་བ་ཐོབ་ པར་བྱེད(པས་འཕོ་མེད་བདེ་བ་འདོད་ཆགས་ཆེན་པོ་ལས་ཉམས་པར་བྱེད་ཅིང)། །འདོད་ཆགས་(ཆེན་པོ་)ཉམས་ (པ་)ལས་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལས་ནི་ཞེ་སྡང་སྐྱེ། །(ཞེ་)སྡང་ལས་གཏི་མུག་(སྐྱེ་སྟེ་ ཕྱག་རྒྱ་)འདི་ལས་རང་གི་རྡོ་རྗེ་(བདེ་བའི་ཐིག་ལེ་)ལྷུང་ལས་སེམས་ནི་རྟག་རྨོངས་ཏེ། །(དུག་གསུམ་གྱི་ བདག་ཉིད་འགྱུར་བའི་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་འཁོར་ཞིང་ཆོས་ཉིད་ཀྱི་རོ་མ་མྱོང་བས་)མཆོག་མིན་ མ་ལུས་བཟའ་དང་བཏུང་བ་ལ་སོགས་(ཆོས་ཉིད་ཀྱི་ཡུལ་ལས་)ཡུལ་གཞན་(དབང་པོ་རྣམས་ཀྱི་ཡུལ་འདོད་ ཡོན་)དག་ལ་རབ་ཏུ་འཇུག(པའི་ཉོན་མོངས་རྣམ་རྟོག)། དེ་ཡིས་སེམས་ལ་ཅོ་དྲིས་(སམ་མཚང་འབྲུ་བའམ་ སྨད་པའམ་ཐོ་འཚམས་པ་ལ་བསྒྱུར་རུང་བ་)བདེ་བ་ཉམས་ཤིང་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར(དེ་ནས་ཕྱག་ རྒྱའི་དོན་ཤེས་པ་ལ་ཡང་སེམས་འགྲེལ་ངེས་པར་དགོས་སོ)། ། ༈ (དེར་མ་ཟད་རྟོན་པ་བཞི་ཤེས་པ་ལ་ཡང་དགོས་ཏེ་)ཀུན་མཁྱེན་(ཀྱི་)ལམ་དོན་(དུ་)གཉེར་བ་རྣམས་ ལ་(རྟོན་པ་བཞི་དགོས་ཀྱི་)སྒྲ་(བཟང་པོ་)དང་སྒྲ་(བཟང་པོ་)མིན་(པ་ལས་དོན་བཟང་ངན་དུ་)རྣམ་དཔྱད་(བྱས་ ཀྱང་དོན་)ཆེན་པོ་མེད(དེ)། །སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་(སྐྱེས་བུ་)ཆེན་པོ་རྣམས་ཀྱི་ལམ་ ལ་རྟག་ཏུ་འཇུག(པས་སོ)། (སྤྱིར་ལུགས་གཉིས་ཡོད་པ་ལས་མཁའ་ཁྱབ་)སེམས་ཅན་རྣམས་ཀྱི་མོས་པའི་ སེམས་ཀྱི་དབང་གིས་(རང་རང་སོ་སོའི་སྐད་ཅི་ལྟ་བ་བཞིན་དུ་འཇུག་པ་)ཐམས་ཅད་མཁྱེན་པའི་གསུང་(ནི་ ཚིག་ལ་རྟོན་པ་ལས་ལུགས་)མཆོག་སྟེ། །བརྡ་སྤྲོད་པ་ལ་ལྷ་ཀླུས་བཀོད་པའི་སྒྲ་སོགས་རྩོད་པ་དོན་ གཉེར་རྣམས་ཀྱི་གཞན(ཞིག་ཡིན་ཏེ་སངས་རྒྱས་དང་སེམས་ཅན་གྱི་ལུགས་སོ)། ། ༈ (ལུགས་དང་པོ་ལྟར་ན་)ཡུལ་གྱི་སྐད་དང་ཟུར་ཆག་སྒྲ་ལས་ཀྱང༌། །རྣལ་འབྱོར་ལྡན་པས་ 2-1-16 དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ། །(ཆུ་ལ་མ་ནོར་འོ་མ་ལ་རྟེན་པར་)ངང་པས་ རབ་ཏུ་ཕྱུང་ནས་འཐུང་བར་བྱེད། །(དེ་བཞིན་དུ་)དོན་དམ་དེ་(ཁོ་ན་)ཉིད་(ཀྱི་)ཡུལ་ལ་རྟག་ཏུ་ནི། ། (སྐྱེ་བུ་)ཆེན་པོ་རྣམས་ནི་(དོན་ལ་རྟོན་གྱི་)ཚིག་ལ་རྟོན་པ་མིན(ཞིང)། །(དེ་ཡང་)ཡུལ་གྱི་མིང་རྣམས་ ཀྱིས་ནི་དོན་ཤེས་ན། །བསྟན་བཅོས་སྒྲ་རྣམས་ཀྱིས་ནི་ཅི་ཞིག་བྱ། །གང་ཞིག་ཟུར་ཆག་སྒྲ་ དང་(ལེགས་སྦྱར་གྱི་)སྒྲར་གྱུར་པས། །བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་(པས་དེ་ལ་རྟོན་ན་ཡེ་ཤེས་ལ་ རྟོན་པ་དང་ཡང་འགལ་)ཞིང༌། །(སཾ་སྐྲི་ལྟ་བུ་)གང་ཞིག་འགྲོ་བ་དག་ལ་ཉི་ཚེ་བ(འི་སྐད)། །དེ་ནི་ཐམས་ ཅད་མཁྱེན་པའི་གསུང་(སྐད་ཀྱི་)མ་ཡིན(པས་དེ་དག་གི་ཁྱད་པར་ཕྱེ་ནས་ཀུན་མཁྱེན་གྱི་སྐད་སྒྲུབ་པ་ལ་ཡང་སེམས་ འགྲེལ་དགོས་སོ)། ། ༈ (དེར་མ་ཟད་ཤེས་རབ་ཡེ་ཤེས་ཀྱི་ཁྱད་པར་འབྱེད་པ་ལ་ཡང་དགོས་སོ་)མཆོག་ཏུ་མི་འགྱུར་བཞི་པ་དེ་ ཉིད་ནི། །སངས་རྒྱས་རྣམས་ཀྱི་(བཞི་པ་)ཤེས་རབ་ཡེ་ཤེས་ཏེ། ། ༈ གང་ཞིག་(བཞི་པ་)དེ་ནི་(བཞི་པ་)སླར་ཡང་དེ་བཞིན་(ནོ་ཞེས་པ་རྡོ་རྗེའི་ཚིག་)འདིས། །རང་གི་ ཕྱག་རྒྱ་ཆེན་མོར་རྒྱལ་བས་(རྒྱུད་རྣམས་སུ་)གསུངས(སོ)། ། ༈ (ཟད་དང་ཡོང་བའི་གང་ཟག་ནི་ཁྱད་པར་ཤིན་ཏུ་ཆེ་སྟེ་རླུང་སེམས་མ་འཆིངས་པ། དེའི་དགོངས་པ་མི་ཤེས་པའི་ མཁས་པ་དག་གིས་ཤེས་རབ་ཡེ་ཤེས་ཀྱི་དོན་ལས་ཀྱི་ཕྱག་རྒྱ་བསྟེན་པར་བཀྲལ་པ་རྣམས་ནི་ཤིན་ཏུ་འཁྲུལ་ཏེ་ཀུན་རྫོབ་ཀྱི་) ཤེས་རབ་(མ་དང་)འགྲོགས་(པ་)ལས་(གང་ཟག་)གང་གི་(ཐིག་ལེ་)དཀར་པོ་ཟག(པ)། དེ་ཡི་བདེ་བ་ (འཛག་མེད་)ཅི་ཡིས་འཕེལ་བར་འགྱུར(ཏེ་མི་འགྱུར་བ་ཏེ)། །(དཔེར་ན་)དཔྱིད་དང་འགྲོགས་ལ་(ཙུ་ ཏའི་)མེ་ཏོག་(ཁ་འབུས་ཤིང་འདབ་)མ་རྒྱས་པ། །ལྷུང་ན་ཙུ་ཏའི་འབྲས་བུ་གང་གིས་འབྱུང་(སྟེ་མི་འབྱུང་ བ་བཞིན་ནོ། །དེ་ཡང་གྲུབ་པ་ཀུན་གྱི་གཏེར་གྱུར་པ)། ། ༈ (བྱང་ཆུབ་སེམས་ནི་ལྷུང་གྱུར་པ། །ཕུང་པོ་རྣམ་ཤེས་བརྒྱལ་བ་ན། །གྲུབ་པ་སྨན་མེད་ཀ་ལ་ཡིན། །ཞེས་པའོ། །དེ་ནས་ འཛག་བདེ་ཚོལ་བ་)གང་གིས་(ཐིག་ལེ་)འགྱུར་མེད་(ཀྱི་བདེ་བ་)མ་ཐོབ་(པའི་)སྡུག་བསྔལ་ཅན། །(དམན་ 2-1-17 པ་)དེ་(རྣམས་)ནི་(ཐིག་ལེ་)འགྱུར་བ་དང་བཅས་(པའི་)བདེ་བ་ཚོལ། (ཡང་དམ་པ་རྣམས་ནི་འཛིན་པ་ལེགས་ པར་མ་ཐོབ་པར་དུ་ཅི་ལ་ཐུག་ཀྱང་ལས་ཀྱི་ཕྱག་རྒྱ་མི་བསྟེན་ཏེ་དཔེར་ན་བྱ)། ཐམས་ཅད་(སྐོམ་ན་ས་ལ་གནས་པའི་)ཆུ་ ནི་ཚོལ་(བར་)བྱེད་(ཀྱང་)ཁུག་རྟ་ནི། །སྐོམ་པར་གྱུར་ཀྱང་ས་ལ་གནས་པ(འི་ཆུ་འཐུང་བ་)མིན(པ་ བཞིན་ནོ)། །(གཞན་ཡང་)འཁོར་བ་ཡི་ནི་བདེ་བ་མི་རྟག་པ། །འཐོབ་པ་མིན་ཡང་རྨོངས་ཆེན་ཚོལ་ བར་བྱེད(པ་དང་)། །ཡང་དག་(འཁོར་ལོ་བསྒྱུར་བའི་) རྒྱལ་སྲིད་(ཀྱི་)བདེ་བ་ཐོབ་པ་ཡང༌། །ཐར་ བའི་དོན་དུ་མཁས་པས་(དབང་བཞིན་)འདོར་བར་བྱེད། (བདག་ཀྱང་ཁྱད་པར་ཤིན་ཏུ་ཆེ་བས་སྔ་མ་དག་སྤངས་ ཤིང་ཕྱི་མ་དག་བླངས་ནས་རླུང་སེམས་ཀྱི་རྒྱུན་འགགས་པའི་ཐབས་མཆོག)། ༈ (རྡོ་རྗེའི་རྣལ་འབྱོར་ངེས་པར་བསྒོམ་དགོས་ཏེ་གཞན་དུ་ན་དཀའ་ཐུབ་ཅན་གྱིས་ཀྱང་འཛག་པའི་བག་ཆགས་མི་སྤོང་ བའི་ཕྱིར་ཏེ་)ཇི་ལྟར་ལོ་ཡི་མཚམས་སུ་རྒྱ་ལམ་ན། །རི་དྭགས་ཟས་ཅན་(སེང་གེ་རྣམས་)འཁྲིག་པའི་ བདེ་བ་ཚོལ(ལ)། །རྡོ་ཡི་ཕྱེ་མ་དག་གི་ཁ་ཟས་ཅན། །ཕུག་རོན་རྣམས་ནི་(ཉིན་བཞིན་)རྟག་ཏུ་ བྱེད་པ་(ཆགས་རྟོགས་ཆེ་ཆུང་ཟས་ཀྱི་རྗེས་སུ་མི་འགྲོ་བ་)སྟེ། །(དེ་དག་ལས་ལོ་གཅིག་ལ་)ལན་ཅིག་(ཁུ་བ་ལྷུང་བ་ དང་)རྟག་ཏུ་(སྟེ་ཉིནརེ་བཞིན་)ཁུ་བ་ལྷུང་བའི་ཕྱིར། །(སྲོག་ཆགས་དེ་)གཉི་ག་ལ་ཡང་(འཛག་པའི་གྲངས་ མང་ཉུང་ཡོད་ཀྱང་འགྱུར་མེད་)མཆོག་གི་བདེ་བ་མེད། །(པར་མཚུངས་པ་)དེ་བཞིན་(དུ་ཚངས་པར་སྤྱོད་པའི་)དཀའ་ཐུབ་ཅན་དང་འདོད་ལྡན་ལ(ཁྱིམ་པ་དག)། །(ཡང་རིམ་པ་ལྟར་)རྨི་ལམ་(གྱི་དུས་སུ་གྲངས་ཉུང་བར་ འཛག་པ་དང་)སད་པ(འི་དུས་སུ་)དག་ལ་(གྲངས་མང་བར་)འཛག་(པའི་)ཕྱིར་རོ(དེ་གཉིས་ག་ལའང་འགྱུར་མེད་ མཆོག་གི་བདེ་བ་མེད་པར་མཚུངས་སོ)། ། ༈ (གལ་ཏེ་རྨི་ལམ་དུ་འཛག་པ་ལ་སྐྱོན་མེད་པར་གསུངས་མོད་ཅེ་ན། གཉིད་ལོག་པ་ལ་འཛག་ན་དྲང་དོན་)ཇི་ལྟར་ གཉིད་ལོག་ལ་ཡང་(དུག་)སྦྲུལ་གྱི་ནི། །སོས་བཏབ་(ན་)མི་འཚོ་(བ་)དེ་བཞིན་(དུ་)དཀའ་ཐུབ་ པ(གཉིད་ལོག་པ་ལ་ཡང་འཛག་ན་དྲང་དོན་གྱི་ཚུལ་ཁྲིམས་ཀྱི་ལྟུང་བར་མི་འགྱུར་ཡང་ངེས་དོན་གྱི་ཚུལ་ཁྲིམས་ལས་ཉམས་པ་ ཡིན་ཏེ)། །ཁུ་བ་སྡུད་པ་མེད་(པའི་)ཕྱིར་(ཁྱིམ་པའི་ཁུ་བ་)སྟོབས་མེད་མ(མི་མོ་)འི། །སྐྱེ་གནས་དེ་ཡིས་ 2-1-18 ཉམས་པར་བྱས་(དང་མཚུངས་)པའོ། ། ༈ (དེ་ལྟ་བས་ན་རླུང་སེམས་འཆིང་བའི་ཐབས་ཀྱི་འཛིན་པ་མ་ཐོབ་ན་དཀའ་ཐུབ་དང་ལྡན་ཡང་སངས་རྒྱས་མི་འཐོབ་ལ་ འཛིན་པ་ཐོབ་ན་བུད་མེད་ལ་སྦྱར་ཡང་སྐྱོན་མེད་ཀྱི་སྟེང་དུ་སླར་དག་པའི་ཐབས་སུ་འགྱུར་བ་ཡོད་དེ་)ཇི་ལྟར་རྡོ་དྲེག་སྐུད་ པའི་གོས་དག་ནི། །(དྲི་མས་གོས་ན་)མེ་ཡིས་བསྲེགས་པ་ཉིད་ཀྱིས་(གོས་མི་ཚིག་པར་དྲི་མ་)དག་(པར་) འགྱུར་བ། །དེ་བཞིན་(དུ་འཛིན་པ་ལེགས་པར་ཐོབ་པའི་)སྐྱེས་བུ་རྣམས་ཀྱི་(ཐིག་ལེ་འགྱུར་མེད་)དམ་པ་ཡི། ། (བདེ་བའི་)སེམས་(གོང་ནས་གོང་དུ་དྲི་མའི་བག་ཆགས་ཕྲ་བ་དང་ཆེས་ཕྲ་བ་རྣམས་ཀྱིས་དག་པར་བྱེད་པ་)ནི་(ཀུན་རྫོབ་ ཀྱི་)ཤེས་རབ་ཡེ་ཤེས་དག་གིས་སོ། ། ༈ (དེ་ལྟ་ན་ཡང་རླུང་སེམས་མ་འཆིང་བས་དེ་བྱས་ན་འགལ་ཚབ་ཅན་དུ་འགྱུར་ཏེ་)ཇི་ལྟར་དངུལ་ཆུ་མེ་ཡིས་ རེག་པ་ལས། །འབྲོས་པར་བྱེད་ཀྱི་གཡོ་བ་མེད་མི་འགྱུར། །དེ་བཞིན་(དུ་རླུང་སེམས་འཆིང་བའི་) ཐབས་དང་བྲལ་བའི་ཁུ་བ་ནི། །རྟག་ཏུ་(བུད་མེད་ཀྱི་)སྐྱེ་གནས་(ལ་)རེག་པ་དག་ལས་(འཛག་ཅིང་ དེས་འཁོར་བ་ངན་འགྲོའི་རྒྱུར་གྱུར་པས་)སོ། ། ༈ (ཐབས་ཀྱིས་ཟིན་ན་ཡོན་ཏན་དུ་འགྱུར་ཏེ་)ཇི་ལྟར་(དངུལ་ཆུ་)གཡོ་བ་དེ་ཡང་སྨན་སོགས་ཀྱི། ། སྟོབས་ཀྱིས་(ཟིན་ན་)མེ་དང་ཕྲད་པས་ཡང་དག་འཆིང་(བ)། །དེ་བཞིན་(དུ་)ཁུ་བ་(འཆིང་བའི་ ཐབས་མཆོག་)ཤིན་ཏུ་རྣལ་འབྱོར་(རྡོ་རྗེའི་རྣལ་འབྱོར་)གྱིས། །(འཛིན་པ་ལེགས་པར་ཐོབ་ན་ཀུན་རྫོབ་ཀྱི་)ཤེས་ རབ་(མ་)དག་དང་ཡང་དག་ཕྲད་པས་(འགྱུར་མེད་མཆོག་གི་བདེ་བའི་སྐད་ཅིག་རྣམས་གོང་ནས་གོང་དུ་འཕེལ་ བ་ལ་ས་ལ་མྱུར་དུ་བགྲོད་པས་)སོ(འདི་འདྲ་ལ་དགོངས་ནས་མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་ཞེས་སོགས་དང༌། རྒྱལ་བའི་ ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ་ཞེ་སོགས་དང༌། དོན་དམ་བསྙེན་པ་ལ་ སོགས་པར་གསུངས་པ་རྣམས་ཏེ་རྒྱུད་གཞན་དང་གཞན་རྣམས་སུ་ཡང་ཡང་གསུངས་པ་རྣམས་ཀྱང་ངོ༌། །དེས་ན་དེ་དག་གི་ཁྱད་ པར་ལེགས་པར་ཕྱེད་པ་ལ་ཡང་སེམས་འགྲེལ་དགོས་སོ)། ། ༈ (དེ་བཞིན་དུ་རང་བཞིན་འོད་གསལ་མཐོང་བར་བྱེད་པ་ལ་ཡང་དགོས་ཏེ་)ཇི་ལྟར་མེ་ནི་ཤིང་ལ་རྟག་ 2-1-19 གནས་ཀྱང༌། །གཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །རྩུབ་[གཙུབ]ཤིང་རྩུབ་ [གཙུབ]སྟན་ལག་པས་བསྲུབས་པ་ལས། །(ཤིང་)དེ་ལ་གནས་པ(འི་མེ་)ཡང་ནི་མཐོང་འགྱུར་ བ། །དེ་བཞིན་སེམས་ཀྱི་འོད་གསལ་(ལྷ་དང་སྔགས་དང་རྒྱུད་དང༌། དཀྱིལ་འཁོར་གྱི་ངོ་བོ་བདེ་གཤེགས་སྙིང་པོ་ ལུས་སེམས་ལ་རྟག་ཏུ་བཞུགས་པ་ཡང་)རྟོག་པ་ཡི། །བསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། ། དེ་ཉིད་དུ་(དོ་དམ་གཞན་སྟོང་རྣམ་པ་ཐམས་ཅད་རྣམ་པ་མེད་པ་)ནི་(གཡོན་)རྐྱང་མ་དག་དང་ནི(གཡས)། །རོ་ མ(འི་རླུང་དག་དབུ་མ་ཨ་བ་དྷཱུ་ཏི་ལ་)གཅིག་ཏུ་སྦྱོར་བ(བྱེད་པ་བཅིང་བའི་ཐབས་ཁྱད་པར་ཅན་རྣམ་པར་མི་རྟོག་པའི་ཡེ་ ཤེས་ཀྱི་)ས་མཐོང་བར་འགྱུར། ། ༈ (དེ་ལྟར་རྒྱུ་སྟོང་ཉིད་མཐོང་བའི་མན་ངག་ལ་སེམས་འགྲེལ་དགོས་པར་འབྲས་བུ་བདེ་ཆེན་འཐོབ་པ་ལ་ཡང་སེམས་ འགྲེལ་གྱི་མན་ངག་དགོས་ཏེ། སྟོང་པ་དང་ལྷར་རྟོགས་པ་ལ་སོགས་པ་)སྣ་ཚོགས་རྣམ་རྟོག་(དང་ཞི་གནས་ལྡེངས་སོ་) ལ་སོགས་(པ་དབུགས་ཀྱི་རྒྱུན་འགགས་མི་ནུས་པ་)ལམ་གྱིས་ནི། །(འབྲས་བུ་བདེ་བ་ཆེན་པོའི་)དེ་(ཁོ་ན་)ཉིད་ དེ་བཞིན་གཤེགས་པས་གང་གསུངས་པ། །(རྣམ་པ་)བཅུ་དྲུག་(དང་དགའ་བ་)བཞི་ཡི་རབ་ཏུ་དབྱེ་ བ་ཅན། །(དོན་དམ་པའི་བདེ་བ་ནི་དེའི་ཉེ་)ལམ་(མཐར་ཐུག་ཡན་ལག་དྲུག་གི་རྣལ་འབྱོར་)དང་བྲལ་བས་འཐོབ་ པ་མ་ཡིན་ནོ། ། ༈ (འོ་ན་གང་གིས་འཐོབ་ཅེ་ན་)སྐྱེད་པའི་རིམ་པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་ སོགས་(ཀྱི་བརྗོད་པ་དང་)རྟོག་པ་(ཐམས་ཅད་)དང་བྲལ་(ཞིང་དབུགས་འགག་ཅིང་ཆོས་ཉིད་མངོན་སུམ་དུ་འཆར་)བ(འི་ཡེ་ཤེས)། །རྫོགས་པའི་རིམ་པའི་རྣལ་འབྱོར་(ཡན་ལག་དྲུག་པོ་)དེ་ཉིད་(ཀྱིས་ཐོབ་པ་ཡིན་)དེ། ། (རྫོགས་རིམ་མཐར་ཐུག་དེ་དང་བྲལ་ནས་འབྲས་བུ་མཐར་ཐུག་གི་)དེ་(ཁོ་ན་)ཉིད་ཀྱི་ནི་སྒྲུབ་ཐབས་གཞན་ཡོད་ མིན(ནོ)། ། ༈ (དེ་ཉིད་བཤད་ན་སོར་སྡུད་བསམ་གཏན་གྱི་)དུ་བ་(གཞན་དོན་དམ་ཆོས་ཉིད་ཀྱི་དུ་བ་)ལ་སོགས་མཚན་ མ(འི་མཐར་སྣ་ཚོགས་གཟུགས་མཐོང་ཞིང་བརྟན་པ་)རྣམས་དང་ནི། །སྲོག་རྩོལ་(དང་འཛིན་པ་དག་)གྱིས་ 2-1-20 ནི་(དབུགས་ཐམས་ཅད་)དབུ་མར་འབབ་(ཅིང་ཐིག་ལེ་མི་འཛག་པར་འཛིན་)པ་དང༌། །རིག་མའི་བརྟུལ་ ཞུགས་(རྗེས་དྲན་)དག་གིས་རྡོ་རྗེ་(བདེ་བའི་ཐིག་ལེ་)ནི། །(རྡོ་རྗེ་ནོར་བུའི་མཐར་ཐུག་པར་བབས་ནས་དེ་ལས་ཕྱི་ རོལ་ཏུ་)ལྟུང་མིན་དེ་བཞིན་(སླར་ཡང་)སྟེང་དུ་ཁུ་བ་(གཤེགས་པ་ཏིང་ངེ་འཛིན་གྱི་ཡན་ལག་)སྟེ། །(དེ་ལྟར་ཡན་ ལག་གི་)ལམ་འདི་རྣམས་ཀྱིས་སངས་རྒྱས་རྣམས་ཀྱི་ནི། །བདེ་བ་མཆོག་ཏུ་འགྱུར་བ་མེད་པ་ ཞེས། །མངོན་པར་བརྗོད་པའམ་(མིང་གཞན་)ཕོ་ཉ་མོ་(སྟོང་ཉིད་རྣམ་པ་ཐམས་ཅད་པ་)ཀུན་གྱི(ཐབས)། ། ལྷན་ཅིག་སྐྱེས་པ(འི་ཡེ་ཤེས་)རྣལ་འབྱོར་པས་ཐོབ་འགྱུར། ། ༈ (འོ་ན་བསྐྱེད་རིམ་གྱིས་ཀྱང་མཆོག་གི་དངོས་གྲུབ་ཐོབ་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ་ལྷའི་)གཟུགས་ལ་ སོགས་པར་རྟོག་པ་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་གོམས་པར་གྱུར་པས་ནི། །གྲུབ་ པ་(གང་ཡིན་ན་)འཇིག་རྟེན་པ(འི་གྲུབ་པ་བརྒྱད་ལ་སོགས་པ་འོག་མིན་གྱི་མཐར་ཐུག་པ་)རྣམས་འགྲུབ་འགྱུར་ གྱི། །འདོད་པའི་དངོས་གྲུབ་ཆེན་པོ་(འཇིག་རྟེན་ལས་འདས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་)ག་ལ་ ཞིག(འགྲུབ་དེས་ན་དེ་དག་གི་བྱེ་བྲག་ལེགས་པར་བྱེད་པ་ལ་ཡང་སེམས་འགྲེལ་དགོས་སོ)། ༈ (འོ་ན་མཁས་པའི་ང་རྒྱལ་ཙམ་གྱིས་རྒྱུད་སྡེ་འཆད་པ་དེ་རྣམས་ལ་ཡང་ལམ་བཟང་རིན་ཆེན་དེའི་མན་ངག་ཡོད་པ་ མ་ཡིན་ནམ། ཞེ་ན་མ་ཡིན་ཏེ་གང་ཟག་)གང་ཞིག་(མཁའ་ཁྱབ་)སེམས་ཅན་རྣམས་ལ་(མཚུངས་པར་)བརྩེ་བ་ ཡིས། །གཞན་དོན་(དུ་)དགེ་(བ་ཚོགས་གཉིས་རྫོགས་པ་)ལ་རྟག་ཏུ་བརྩོན་པ་ཡི། །སློབ་མ་(བཟང་ པོ་ང་རྒྱལ་ལ་སོགས་པ་སྐྱོན་གྱིས་)དག་པ་(སྔགས་མཐར་ཐུག་གི་སྐལ་བ་དང་ལྡན་པ་)རྣམས་ལ་(རྣམ་དག་ལེགས་པའི་) ལམ་(ཡན་ལག་དྲུག་གི་རྣལ་འབྱོར་)དག་ནི། །བླ་མ་དམ་པ(རྩ་རྒྱུད་དང་སེམས་འགྲེལ་གྱི་མན་ངག ཡོད་པ་མཉེས་པ་)འི་དྲིན་ལས་འབྱུང་བ་ཡིན(གྱི་གང་རུང་རུང་ཐམས་ཅད་ལས་བྱུང་བ་མིན་པས་སོ)། ། ༈ (དེ་འདྲའི་)ལམ་བཟང་རིན་ཆེན་འདི(འི་སྣོད་དུ་རུང་བ་ལ་)ནི་(བག་དང་ལྡན་པ་དགོས་ཀྱི་)བག་མེད་ པའི། །སེམས་ཅན་གཞན་པ་རྣམས་ལ་བྱིན་པ་ན(གནས་དབེན་པར་བསྒོམ་ཞིང་མི་སྡོད་པར)། །རང་ ཁྱིམ་(འམ་ནོར་ཁྱིམ་གྱི་འབྲོག་)དགོན་པ་དག་ཏུ་(ལམ་བཟང་གི་རིན་པོ་ཆེ་ཐོགས་ནས་)རབ་(ཏུ་)ཞུགས་(ཏེ་འདུ་ 2-1-21 འཛིར་གནས་པ་རྣམས་)ལ། །(གཟུགས་སྒྲ་ལ་སོགས་པ་)ཡུལ་ངན་(པ་འདོད་ཡོན་ལ་ཆགས་པའི་)ཆོམ་རྐུན་རྣམས་ ཀྱིས་(ལམ་བཟང་རིན་པོ་ཆེ་དེ་)འཕྲོག་པར་བྱེད། ། ༈ (དེར་མ་ཟད་)ཐེ་ཚོམ་(དང་)འགྱོད་པ་དག་དང་གཉིད་དང་ནི། །ལེ་ལོ་(དང་)རྒོད་པ(སྟེ་སྒྲིབ་ པ་ལྔ་)འི་ཆོམ་རྐུན་རྣམས་ཀྱིས་ཀྱང༌། །གཉེན་འདུན་(ཀྱི་ནགས་)ཐིབས་པོའི་ནང་དུ་ཞུགས་པ་ ཡི(སློབ་མ་བག་མེད་རྣམས་ལ)། །ལམ་བཟང་(གི་)རིན་པོ་ཆེ་ནི་འཕྲོག་པར་བྱེད། ། ༈ (དེ་བཞིན་དུ་)སྲོག་གཅོད་(པ་དང་)མ་བྱིན་(པར་ལེན་པ་དང་)གཞན་གྱི་བུད་མེད་(སྟེན་པ་)དང༌། ། རྫུན་དང་ཚིག་རྩུབ་རྣམས་དང་ཕྲ་མ་དང༌། །འཁྱལ་བར་གྱུར་པའི་ཚིག་དང་བརྣབ་སེམས་ དང༌། །གནོད་སེམས་(དང་)ལྟ་བ་ངན་པ(ལོག་ལྟ་སྟེ་མི་དགེ་བཅུ་)འི་ཆོམ་རྐུན་དང༌། ། ༈ ཡོད་པའི་སྡིག་(ཅེས་པ་བསླབ་གཞི་ལྔ་ཉམས་པ་)དང་(ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་གློག་ དང་འབྱུང་བོ་ལྷ་མིན་དབང་པོའི་ཆོས་ཞེས་པ་)ཉེ་བའི་སྡིག་པ་(ལྔ་)དང༌། །(བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་ གསོད་པ་དང་སྐུ་གཟུགས་དང་མཆོད་རྟེན་བཤིགས་པ་སྟེ་)གསོད་(པ་ལྔ་དང་གྲོགས་པོ་རྗེ་བོ་སངས་རྒྱས་དགེ་འདུན་རང་ལ་ ཡིད་བརྟན་བྱས་པ་རྣམས་ལ་)འཁུ་(བ་སྟེ་འཁུ་བ་ལྔ་དང་ཡུལ་ལྔ་ལ་)དབང་པོ་མངོན་པར་ཞེན་པ་སྟེ། །(བརྟུལ་ ཞུགས་ཉེར་ལྔ་ཉམས་པའི་)ཆོམ་རྐུན་ལྔ་པ་ལྔ་པོ་འདི་རྣམས་ཀྱིས། །(ལམ་བཟང་གི་)རིན་པོ་ཆེ་ནི་རྟག་ཏུ་ འཕྲོག་པར་བྱེད། ། ༈ (དེར་མ་ཟད་)ཤིན་ཏུ་བཟའ་དང་བཏུང་བ་སྣ་ཚོགས་དང༌། །ལོངས་སྤྱོད་དུ་མ(ལ་ཆགས་པ་)འི་ཆོམ་རྐུན་དེ་རྣམས་ཀྱིས། །བརྩོན་འགྲུས་ལྡན་དུ་ཟིན་ཀྱང་བག་མེད་ཅིང༌། །བརྒྱལ་བ(སྟེ་ དྲན་ཤེས་བཞིན་ཉམས་པ་)ར་གྱུར་པ་ཉིད་ལ་འཕྲོག་པར་བྱེད(ན་བརྩོན་མི་ལྡན་པ་དག་ལ་ལྟ་ཅི་སྨོས)། ། ༈ (རིན་ཆེན་དེའི་རང་བཞིན་རང་གིས་མི་ཤེས་པར་གཞན་ལ་དྲི་དགོས་ན་ལ་ལས་ལོག་པར་བསྟན་པ་ལས་དེ་འདོར་ བ་ཡང་སྲིད་དེ་དཔེར་ན་ནོར་བུ་ལ་མི་མཁས་པ་ཞིག་གིས་རིན་པོ་ཆེ་རྙེད་པ་ལ་)རང་ཉིད་ཡོངས་སུ་རྟོག་པ་པོ་མིན་ ཕྱིར། །རིན་ཐང་ཆེན་པོར་འགྱུར་རམ་ཤེས་ཆེད་དུ། །གཡོན་ཅན་གཞན་ལ་སྟོན་ཏེ་མི་འགྱུར་ 2-1-22 ཞེས། །(གཡོ་སྒྱུའི་ཅན་)དེ་ཡི་ཚིག་གིས་རིན་ཆེན་(དེ་)འདོར་བར་བྱེད(པ་བཞིན་ནོ)། ། ༈ (རང་གི་ཤེས་ཤིང་དམ་པ་དག་ལ་ཡང་དྲིས་པ་ལ་ནི་སྐྱོན་དེ་མེད་དེ་)གང་དག་རིན་ཆེན་བཟང་པོ་རིག་ པ་རྣམས། །(དམ་པ་དག་ལ་)རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་གཞུག །(དམ་པ་)དེ་དག་རྣམས་ཀྱི་ རྣམ་དག་ཚིག་(དང་རང་གི་རྟགས་པ་དག་)གིས་ནི། །རང་གིས་{གི}རིན་ཆེན་(ཇི་ལྟ་བ་བཞིན་)རྣམ་པར་ ཤེས་པར་བྱ(ཞིང་མི་འདོར་བར་བྱ་སྟེ་འདི་དག་དཔེ་དོན་སོ་སོར་སྦྱར་རོ)། ། ༈ (ཆོས་ཟབ་པའི་ཕྱིར་བདུད་ཀྱི་བར་ཆད་ཀྱང་འབྱུང་སྟེ་)རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་དང༌། །ཕ་དང་མ་དང་བུ་མོ་(དང་)སྲིང་མོ་དང༌། །བུ་དང་སྤུན་ཟླ་(དང་)འདོད་པའི་ཆུང་མ་ (ལ་སོགས་པ་མི་སླུ་ཞིང་ཕན་འདོགས་པ་ལྟ་བུ་)ཡི། །གཟུགས་རྣམས་ཀྱིས་ནི་བདུད་རྣམས་གེགས་བྱེད་དོ། ། ༈ (ནོར་བཟང་པོ་ལ་དགྲ་མང་བ་ལྟར་འདིར་ཡང་ཆོམ་རྐུན་དང་གེགས་བྱེད་པ་མང་བ་)དེ་(འི་)ཕྱིར་བླ་མ་དམ་ པས་གནང་བ་ཡི། །ལམ་བཟང་རིན་པོ་ཆེ་ནི་སློབ་མ་ཡིས། །ཆོམ་(དང་བདུད་ཀྱི་རང་བཞིན་)རྐུན་ རྩ་ལག་(གཉེན་འདུན་དང་ཟང་ཟིང་ལ་སོགས་པ་ལམ་བཟང་གི་མི་མཐུན་ཕྱོགས་རྣམས་)ཡོངས་སུ་སྤངས་བྱས་ཏེ། ། (གུས་པ་དང་)འབད་པས་ཤིན་ཏུ་ལེགས་པར་སྦ་(ཞིང་མ་ཤོར་)བར་བྱ། ། ༈ (གལ་ཏེ་དེ་ཤོར་ཡང་བསྐྱེད་རིམ་ལྟ་བུ་ལམ་གཞན་ཡང་ཡོད་མོད་ཅེ་ན་བསྐྱེད་རིམ་གྱིས་ལྷ་དྲག་པོ་བསྒྲུབ་པ་) དཔའ་བོའི་རིམ་པ་(དང་ལྷ་ཞི་བ་བསྒྲུབ་པ་)བདག་བྱིན་(ཀྱིས་)བརླབ་པ་ཡི། །རིམ་པ་དག་ཀྱང་ཐར་ པའི་ལམ་མ་ཡིན(ན་དོན་དམ་པར་ཆོས་སྐུ་མེད་པར་འདོད་པ་དང་འཛག་བདེ་དང་བསད་ཤ་བསྟེན་པ་ལ་སོགས་པ་ལྟ་ སྨོས་ཀྱང་ཅི་དགོས)། །(དེས་ན་དག་པའི་རིམ་པའི་དབང་སྔོན་དུ་སོང་བ་ཅན་)ཤིན་ཏུ་རྣམ་དག་(གི་)རིམ་པ་(རྒྱུད་ ཐམས་ཅད་ཀྱི་རྫོགས་རིམ་གཅིག་པ་མེད་པས་)གཅིག་པུ་ནི(ཁོ་ནར་གྱུར་པ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ)། །ཐར་ བ(མྱུར་དུ་ཐོབ་པ་)འི་སླད་དུ་སངས་རྒྱས་རྣམས་ཀྱིས་བསྟན(ཏེ)། །(དེས་ནི་ཚེ་སྟོད་ལ་)མཚམས་མེད་ ལྔ་པོ་རྣམས་ནི་བྱས་པ་རྣམས(ཀྱང་ཕྱིས་འགྱོད་པ་སྐྱེས་ནས་དབང་གི་ཆོ་ག་བླངས་ཏེ)། །དབང་(གི་)དོན་ 2-1-23 (འཛག་མེད་)བདེ་བ་ཉིད་ནི་(བསྒོམ་པ་)གང་ཞིག་གིས། །ཐབས་དང་ཤེས་རབ་(ཀྱི་)བདག་ཉིད་ (གཉིས་སུ་མེད་པའི་)རྒྱུད་རྣམས་སུ། །རྒྱལ་བའི་དབང་པོས་(མི་དེ་སྲིད་ཞི་བའི་གཡང་སར་ལྷུང་བ་ལ་)ཡང་ དག་བཟུང་བར་གྱུར(དེ་ཅི་སྐད་དུ་གདོལ་པ་སྙིག་མ་མཁན་སོགས་དང་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའོ)། ། (དག་པའི་རིམ་པ་དང་ཤིན་ཏུ་རྣམ་དག་གི་རིམ་པ་ཚང་ན་རིམ་པ་གཞན་གཉིས་པོ་ཆེད་དུ་མ་བསྒྲུབས་ཀྱང་དེ་དག་གི་ངེས་དོན་ ཚང་སྟེ་)དཔའ་བོའི་རིམ་པ་(ནི་ཡེ་ཤེས་ཀྱི་)ཕྱི་རོལ་(རྟོག་པས་བརྟག་པའི་ལྷ་བསྒོམ་)ལ་(གསུངས་པ་)མིན་(གྱི་) ཏེ། །(རང་གི་)ལུས་ལ་སྲོག་ཟད་(པར་བྱས་པ་)ཉིད་ལ་(དཔའ་བོའི་དོན་)འདི་གསུངས་(ཏེ་ཇི་སྐད་དུ་དཔའ་ བོ་གང་ཡིན་གང་གི་མཉམ་དང་མི་མཉམ་ལམ་ལ་སྲོག་དང་ཐུར་སེལ་རླུང་ནི་གསོར་བྱེད་པའོ་ཞེས་)སོ། །བདག་བྱིན་བརླབ་ པ་དག་ནི་(ནམ་མཁའ་)སྟོང་པ་ལ། །(བེམ་པོའི་ཁམས་གསུམ་པ་མེད་པར་བེམ་པོ་མ་ཡིན་པའི་)ཁམས་གསུམ་པོ་ (དོན་དམ་ཆོས་སྐུ་)ནི་(ཤའི་སྤྱན་ལ་སོགས་པས་)མཐོང་བའི་མིང་ཡིན་ནོ། ། ༈ (ལམ་དེས་རླུང་སེམས་ཐམས་ཅད་ཟད་པར་བྱས་པས་)འཁོར་བ་སྙིང་པོ་མེད་དེ་ཟད་གྱུར་པ། །དེ་ ལས་(ལམ་བསྒོམ་པ་)སྐྱེས་བུ(དེ་)འི་(རྒྱུད་ལ་གདོད་ནས་རྟག་ཏུ་བཞུགས་པའི་)སངས་རྒྱས་(གློ་བུར་)ཉིད་(དྲི་མ་ བྲལ་བས་ཐོབ་པའི་བྲལ་) འབྲས་ཏེ(དེ་མ་བྲལ་ན་དེ་མི་འཐོབ་པོ)། །(དཔེར་ན་)ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་རྣམས། །ཆུ་ ཤིང་ཉམས་པས་ཡང་དག་འབྱུང་(གི་དེ་མ་ཉམས་དེ་སྨིན་)བ་བཞིན(ནོ)། །སྡིག་པ་(རྭ་ཅན་)དང་ནི་ ཤིང་(གི་)སྲིན་(བུའི་)སེམས་ཅན་རྣམས། །(རང་རང་)གང་ལས་བྱུང་བ་(སྡིག་པ་རྭ་ཅན་གྱི་མ་དེ་)དེ་དང་ (ཤིང་)དེ་ཉམས་(པར་)བྱེད། །(པ་)དེ་བཞིན་(དུ་)རྣལ་འབྱོར་རྣམས་ཀྱི་(ལམ་གྱི་)སེམས་(ཀུན་གཞི་རྣམ་ ཤེས་སྒྱུ་མ་ལྟ་བུ་ལ་བསྒོས་པའི་དགེ་བའི་ས་བོན་ལས་བྱུང་བ་)དེ་ནི། །(ཀུན་གཞིའི་རྣམ་ཤེས་)སྒྱུ་མ་(ལྟ་བུར་དོན་ལ་མེད་ ཀྱང་འཁྲུལ་ངོར་ཡོད་པ་དེ་)རྣམ་པར་ཉམས་པར་བྱེད་པ་ཡིན(ཞིང་དེ་ཉམས་པས་ཚོགས་བདུན་འཁོར་བཅས་དང་ གཟུགས་ཀྱི་ས་བོན་ཡང་ཉམས་ནས་ཕུང་པོ་ཟད་པའི་མྱང་འདས་ཆེན་པོ་འཐོབ་པོ)། ། ༈ (ཐོབ་བྱ་བདེ་གཤེགས་སྙིང་པོ་དེ་ནི་མིང་དུ་མ་ཅན་ཏེ་)གཉིས་མེད་(ཡེ་ཤེས་དང་)གཡོ་བ་མེད་(པའི་བདེ་ 2-1-24 བ་)དང་(དང་པོའི་སངས་རྒྱས་)རིས་མེད་དང༌། །འདོད་(བྱའི་མཐར་ཐུག་)དང་མཆོག་ཏུ་མི་འགྱུར་(བས་ བདེ་བ་དང་མཆོད་པ་ཆེན་པོ་)འདོད་ཆགས་ཆེ(ཡོད་དང་མེད་ལས་འདས་པས་ཀུན་རྫོབ་ཀྱི)། །དངོས་(པོ་ཡོད་པ་) དང་(དོན་དམ་གྱི་)དངོས་པོ་མེད་པ་(སྟེ་དེ་གཉིས་ནས་)མེད་པ་དང༌། །(རང་བྱུང་གི་)ཡེ་ཤེས་(ལྔ་)དང་ནི་ སེམས་དཔའ་(སྲིད་གསུམ་གཅིག་པ་དང་)ཀུན་ཏུ་བཟང་(པོ་དང)། །(ཀུན་རྫོབ་ཀྱི་)ཉོན་མོངས་(གདོད་ནས་) མེད་(པའི་གཞི་)དང་(དོན་དམ་གྱི་)ཉོན་མོངས་(ཞེ་སྡང་ཆེན་པོ་གཏི་མུག་)ཆེན་པོ་(ལ་སོགས་པ་)དང༌། །ལྷན་ སྐྱེས་(དགའ་བ་ལྷན་སྐྱེས་ཡེ་ཤེས་ལྷན་ཅིག་སྐྱེས་སྐུ་ལྷ་ཅིག་སྐྱེས་སྦྱོར་ལ་སོགས་པ་དང་)དཔལ་ལྡན་(དེ་ཤྲི་ཡིག་དང་ དོན་དམ་)བྱང་སེམས་(དང་ཨ་ལི་)ཐིག་ལེ་འཛིན(པ་དང་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པ་ལ་སོགས་པ་དང)། ། དཔལ་ལྡན་དུས་ཀྱི་འཁོར་ལོ་(དང་དགྱེས་པ་རྡོ་རྗེ་དང་བདེ་མཆོག་འཁོར་ལོ་དང་གསང་བ་འདུས་པ་དང་སྒྱུ་འཕྲུལ་ དྲ་བ་དང་མ་ཧཱ་མཱ་ཡ་དང་རྡོ་རྗེ་གདན་བཞི་དང་སངས་རྒྱས་ཐོད་པ་དང་རྡོ་རྗེ་མཁའ་འགྲོ་དང་མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་ ཡེ་ཤེས་ཀྱི་རྒྱུད་དང་སྔགས་དང་ལྷ་དང་དཀྱིལ་འཁོར་ཅི་སྙེད་པའི་མིང་ཅི་སྙེད་པས་བརྗོད་པ་ཀུན་དང་)རྡོ་རྗེ(འི་སྐུ་གསུང་ ཐུགས་ཡེ་ཤེས་དང་རྡོ་རྗེའི་སྐྱེད་བྱེད་ལ་སོགས་པ་)དང༌། །ཐབས་དང་ཤེས་རབ་(དབྱེར་མེད་ཀྱི་)བདག་ཉིད་ རྣལ་འབྱོར་(ལ་སོགས་པ་མིང་མཐའ་ཡས་པ་ཅན་ཡིན་པས་འདི་རྣམས་ཀྱི་དོན་ཐ་དད་དུ་བཟུང་བར་མི་བྱ་སྟེ་དོན་དམ་བདེ་ གཤེགས་སྙིང་པོ་ཆ་མེད་ཀུན་འགྲོ་དབྱིངས་རིག་དབྱེར་མེད་འདུས་མ་བྱས་ཀྱི་ཡེ་ཤེས་སྐད་ཅིག་ལས་འདས་ཤིང་རྣལ་འབྱོར་པས་ རང་རིག་པར་བྱ་བ་ཉིད་དུ་གཅིག་པའི་ཕྱིར་)རོ། ། ༈ (དེས་ན་དམིགས་མེད་)སྙིང་རྗེ་དང་ནི་(དམིགས་བཅས་)སྟོང་ཉིད་(ཟུང་འཇུག་གི་)སྐུ(ལ་དུས་འཁོར་དུ་ གསུངས་ཏེ)། །དུས་ནི་(ཕྱག་རྒྱ་ཆེན་པོ་)ཀུན་རྫོབ་(ཀྱི་)གཟུགས་ཅན་(དོན་དམ་གྱི་བདེ་བ་)དང༌། །འཁོར་ ལོ་(ནི་ཕྱག་རྒྱ་ཆེན་མོ་དོན་དམ་)སྟོང་ཉིད་(ཀུན་རྫོབ་གཟུགས་ཅན་མ་)ཅེས་བརྗོད་དེ། །(དེ་འདྲ་བའི་བདེན་གཉིས་ དབྱེར་མེད་ནི་)དུས་ཀྱི་འཁོར་ལོར་གཉིས་མེད་(ཡེ་ཤེས་སུ་)འདོད། ། ༈ (ཡེ་ཤེས་)འདི་ཡི་དཔལ་ནི་མྱུར་(དུ་)ཐོབ་(པར་བྱ་བའི་)སླད(དུ)། །རྟག་ཏུ་རྣལ་འབྱོར་མ་(རྡོ་ རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་)རྣམས་(ཀྱི་བདག་ཉིད་འོད་གསལ་གྱི་)ཞབས(དང་ཨ་བ་དྷུ་ཏཱིའི་ཞབས་ནི)། 26། རྣལ་འབྱོར་གང་ཞིག་(ཅི་ཡང་མི་བསྒོམ་པའི་ཚུལ་གྱིས་)སྒོམ་པ་དེའི། །བགེགས་ནི་རྟག་ཏུ་ཉམས་ པར་འགྱུར(ཏེ)། ། ༈ དགྲ་དང་༡སེང་གེ་༢(དང་)གླང་ཆེན་དབང་བོ་༣(དང་)མེ་དང་༤ལྟོས་འགྲོའི་བདག་(པོ་) དང་༥ཆོམ་རྐུན་༦(དང་)ཞགས་པས་འཆིང་༧ (བ་དང)། །ཆུ་གཏེར་འཁྲུག་(པ་)དང་༨ཤ་ཟ་(དང་)འཆི་བའི་འཇིགས་(པ་)བྱེད་༩(པ་)ནད་དང་༡༠(བདུད་ཀྱི་)དབང་པོའི་ཉེ་བར་འཚེ་བ་༡༡དང༌། ། དབུལ་(བའི་འཇིགས་པ་)དང་༡༢བུད་མེད་དང་བྲལ་༡༣མི་བདག་འཁྲུགས་པའི་༡༤འཇིགས་(པ་) དང་རྡོ་རྗེ་ལྟུང་དང་༡༥དོན་ཉམས་(པའི་འཇིགས་པ་)རྣམས(དོན་ཉམས་ཏེ་བཅུ་དྲུག་པོ)། །(དྲན་པ་མེད་ཅིང་ ཡིད་ལ་བྱེད་པ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ཡིན་ནོ། །ཞེས་གསུངས་པ་ལྟར་གང་ཟག་)གང་ཞིག་རྣལ་འབྱོར་མ་ རྣམས་ཞབས་ནི་(ཉིན་ཞག་སོ་སོར་དྲན་པ་མེད་པའི་ཚུལ་གྱིས་)གསལ་བར་དྲན་བྱེད་(ཤིན་ཏུ་རྣལ་འབྱོར་བསྒོམ་ པ་)དེ་ལ་རབ་ཏུ་ཉམས་པར་འགྱུར(དེ་ཟླ་བ་ཁུ་བའི་ཆ་བཅུ་དྲུག་ཉམས་པ་ལས་འཇིགས་པ་བཅུ་དྲུག་ལ་སོགས་པ་ འཇིགས་པ་མཐའ་དག་འབྱུང་བའི་ཕྱིར་དང༌། ཤིན་ཏུ་རྣལ་འབྱོར་གྱིས་དབུགས་རྣམས་འགགས་ནས་ཀུན་རྫོབ་ཀྱི་ཟླ་བ་ཁུ་བ་ འགགས་པའི་དོན་དམ་པའི་ཟླ་བ་ཁུ་བ་འཐོབ་པའི་ཕྱིར་རོ། །དེས་ན་ཤིན་ཏུ་རྣལ་འབྱོར་གྱིས་ནང་གི་དགྲ་རྣམས་འཇོམས་ཤིང་ དེ་ཆོམས་ན་ཕྱིའི་དགྲ་རྣམས་ངང་གིས་ཆོམས་པའི་ཕྱིར་རོ། །དེ་ལ་ནང་གི་དགྲ་ནི་རྣམ་ཤེས་ཀྱི་བཞོན་པ་དབུགས་ཉི་ཁྲི་ཅིག་སྟོང་ དྲུག་བརྒྱ་སྟེ་དེས་ཁུ་རྡུལ་ཉམས་པར་བྱེད་ཅིང་དེ་ལས་འཇིགས་པ་ཀུན་འབྱུང་ངོ་)། ། ༈ (དེ་ལ་དང་པོ་དགྲའི་འཇིགས་པ་ནི་)གླང་ཆེན་(ཞོན་པ་དང་)ཤིང་རྟ་(ལ་གནས་པ་དང་)རྟ་(པ་)དང་རབ་ ཏུ་མང་བའི་མི་མཆོག་(དབུང་བུ་ཆུང་སྟེ་དེ་ལྟར་དཔུང་གི་ཚོགས་ཡན་ལག་བཞི་པོ་)ཐམས་ཅད་ལུས་ལ་གོ་(ཆ་ སྲ་བ་)བགོས་ཤིང༌། །ལག་ན་མདུང་དང་འཁོར་ལོ་(དང་)རལ་གྲི་(དང་)མདའ་གཞུ(ལ་སོགས་མཚོན་ ཆ་དུ་མ་ཐོགས་པ་)ས་དགྲ་རྣམས་ཀྱིས་ནི་(དེ་ཁོ་ན་ཉིད་མེད་པ་རྣམས་)གཡུལ་དུ་འཇོམས་བྱེད་པ། །འཆི་ སྟེར་དྲག་པོའི་གཟུགས་ཅན་ཕྱོགས་དང་མཚམས་སོན་(ཏེ་ཕྱོགས་ཀུན་ཁྱབ་པའི་)དགྲ་(སྟེ་དེ་ཙམ་དུ་ འཇིགས་པ་)དེ་ཐམས་ཅད་(ཀྱང་)རང་གི་མཚོན་གྱིས་ནི། །(ཕར་)བཅོམ་སྟེ་(རང་ཉིད་)རྒྱལ་བའི་ 2-1-25 གྲགས་པ་(ཐོབ་པར་འདོད་ན་)གང་ཞིག་རྣལ་འབྱོར་མ་རྣམས་ཞབས་དྲན་(ཤིན་ཏུ་རྣལ་འབྱོར་བསྒོམ་པར་ རླུང་སེམས་འགགས་པའི་མཐུ་ལས་)བྱེད་པས་ཀུན་ནས་འཐོབ(སྟེ་ནང་གི་དགྲ་ཆོམས་ནས་གྲགས་ཆེན་སྙན་གྲགས་ ཆེན་པོ་འཐོབ་པའི་ཕྱིར་རོ)། ། ༈ (གཉིས་པ་སེང་གེའི་འཇིགས་པ་ནི་)ཀུན་ནས་སེང་གེ་སྒྲ་སྒྲོགས་ཤིན་ཏུ་རྣམ་པར་འགྱུར་བའི་ གདོང་ལྡན་མཆེ་བ་རྣོན་པོ་གཙིགས། །རྔ་མ་གཡོ་ཞིང་སྡེར་མོ་གུག་ལ་བརྟན་པས་གླང་ཆེན་ མྱོས་པའི་ཀླད་པ་རབ་ཏུ་འགེམས། །རབ་ཁྲོས་ཉི་མ་འཆར་ཀ(ལྟར་དམར་ལ་ཟླུམ་ཞིང་ལྟ་མི་བཟོད་ པ་)འི་མིག་ཅན་རོ་འཛིན་(ལྕེའི་)རལ་གྲི་གཡོ་ཞིང་(ཕྲད་ཚད་)གསོད་(པར་)འདོད་(པའི་)རལ་པ་ ཅན(རྣམས་དང་ཕྲད་པ་སྟེ)། །(དེ་ཙམ་དུ་འཇིགས་པ་དེ་ལས་ཀྱང་ཐར་བར་འདོད་ན་)གང་གིས་རྣལ་འབྱོར་མ་ རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་(ཤིན་ཏུ་རྣལ་འབྱོར་བསྒོམ་དགོས་ཏེ་དེ་ལྟར་བསྒོམ་པ་)དེ་ལ་ (འཇིགས་པ་དེ་ཡང་)རིང་དུ་འགྲོ་བར་འགྱུར(ཏེ་ནང་གི་འཇིགས་པ་རེངས་དུ་སོང་བའི་ཕྱིར་རོ)། ། ༈ (གསུམ་པ་གླེང་ཆེན་གྱི་འཇིགས་པ་ནི་)མདོག་སྔོ་(ལ་)མིག་ནི་དམར་སེར་འགྲམ་པ་གཉིས་པོ་ མྱོས་པའི་(རྔུལ་གྱི་)ཆུ་བོས་རབ་ཏུ་མང་བས་གང༌། །རྣམ་མང་ལྗོན་པ་མཆོག་རྣམས་རྩད་ནས་ འབྱིན་ཞིང་རབ་ཏུ་གྲུགས་བྱེད་འབྲུག་བཞིན་སྒྲ་སྒྲོགས་པ། །སྣ་ཡིས་བཅིང་བ་བྱས་ནས་སོ་ ཡི་རྩེ་མོས་འབྱེད་བྱེད་རབ་མཆོག་གླང་པོའི་བདག་པོ་(དང་ཕྲད་པ་)ནི(དེ་ཙམ་དུ་འཇིགས་པ་སྟཻ་དེ་ལས་ ཀྱང་ཐར་བར་འདོད་ན)། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་(དྲན་པ་མེད་ཅིང་ ཡིད་ལ་བྱེད་པ་མེད་པའི་ཚུལ་གྱིས་)དྲན་(དགོས་ཤིང་དེ་ལྟར་དྲན་)པ་དེ་ཡི་ལུས་ནི་(དེས་མི་འཛིན་ཅིང་གལ་ཏེ་བཟུང་ ནའང་བདེ་བར་)གཏོང་བར་བྱེད(དེ་ནང་གི་འཇིགས་པ་རྣམས་ཀྱིས་བཏང་བའི་ཕྱིར་རོ)། ། ༈ (བཞི་པ་མེའི་འཇིགས་པ་ནི་)ཀུན་ནས་མེ་ལྕེ་རབ་འབར་ཕྱོགས་དང་མཚམས་སུ་དུ་བ་ཀུན་ གྱིས་མུན་པ་ཆེན་པོ་གཏིབས། །གྲོང་དང་དགོན་པ་དུས་གཅིག་སྲེག་ཅིང་སྐར་མདའ་ལྟུང་ བ་བཞིན་དུ་མེ་སྟག་འཕྲོ་བར་བྱེད། །(ཤིན་ཏུ་རྣལ་འབྱོར་མའི་བསྒོམས་པའི་)སེམས་ཅན་རྣམས་ལ་ 2-1-26 དུས་ཀུན་ཏུ་ནི་འཆི་བའི་འཇིགས་བྱེད་ཕྱོགས་ཀུན་ཁྱབ་པར་གྱུར་པའི་མེ(ནང་དུ་ཚུད་པ་སྟེ་དེ་ཙམ་ དུ་འཇིགས་པ་དེ་ལས་ཀྱང་ཐར་བར་འདོད་ན)། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་ འཕྲོག་དྲན་པ་(སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་བསྒོམ་དགོས་ཤིང་དེ་བསྒོམ་པ་)དེ་ལ་བསིལ་བ་ ཉིད་དུ་འགྱུར(དེ་ནང་གི་གདོང་[གདུང]བ་དང་བྲལ་བའི་ཕྱིར་རོ)། ། ༈ (ལྔ་པ་སྦྲུལ་གདུག་ནི་)ཁྲོས་ཤིང་མིག་སྨན་སྔོན་པོའི་མདོག་དང་འཁྱོག་པོར་བགྲོད་པའི་ ལུས་ཅན་དྲག་པོའི་ཕུད་{ཕཊ}སྒྲ་སྒྲོགས། །མཆེ་བ་འཁྱོག་པོ་ལྕེ་གཉིས་དང་ལྡན་འཆི་བའི་ འཇིགས་བྱེད་རླུང་གི་ཤུགས་ཅན་རབ་ཏུ་གཏུམ། །དྲག་པོའི་མིག་དང་གདེངས་ཀ་གསལ་ བྱས་(གང་དང་)ཡང་དག་ཕྲད་པ(འི་སྲོག་ཆགས་ཏེ་)ཟ་བར་བྱེད་པའི་གདེངས་ཅན་དབང་(པོ་དང་ ཕྲད་པ་སྟེ་དེ་ཙམ་དུ་འཇིགས་པ་དེ་ལས་ཀྱང་ཐར་བ་འདོད་ན)། །གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་ འཇིགས་འཕྲོག་དྲན་པ་(ལྷན་ཅིག་སྐྱེས་སྦྱོར་བསྒོམ་དགོས་ཤིང་དེ་ལྟར་བསྒོམ་པ་)དེ་ལ་(འཇིགས་པ་དེ་ཡང་)རབ་ ཏུ་ཉམས་པར་འགྱུར(དེ་ནང་གི་སྦྲུལ་གདུག་རབ་ཏུ་ཉམས་པའི་ཕྱིར་རོ)། ། ༈ (དྲུག་པ་ཆོམ་རྐུན་གྱི་འཇིགས་པ་ནི་)སྡང་བའི་སེམས་ལྡན་ལག་པའི་མཐིལ་གྱི་གཞུ་དང་རྣ་ བའི་བར་དུ་མདའ་བཀང་མདུང་དང་ནི། །འཁོར་ལོ་རལ་གྲི་(ལ་སོགས་མཚོན་ཆ་དུ་མ་)ལག་(ཏུ་) ཐོགས་(ནས་)ཕྱོགས་དང་མཚམས་སུ་གནས་པས་དམ་པ(འམ་རྣལ་མ་)འི་ལམ་གྱི་ས་བཀག་ནས། ། (འབྲོག་)དགོན་པར་ལམ་མགྲོན་སྐྱེ་བོ་རྒྱུ་བ་དང་ཕྲད་འཇོམས་བྱེད་དྲག་པོའི་མིག་ཅན་ཆོམ་ རྐུན་པ(དང་ཕྲད་པ་སྟེ་དེ་ཙམ་དུ་འཇིགས་པ་དེ་ལས་ཀྱང་ཐར་བར་འདོད་ན)། །གང་གིས་རྣལ་འབྱོར་མ་རྣམས་ ཞབས་དག་འཇིགས་འཕྲོག་(ཕྱག་རྒྱ་ཆེན་མོ་དྲན་པ་མེད་པའི་ཚུལ་གྱིས་)དྲན་པ་དེ་ལ་རིང་བ་ཉིད་དུ་ འགྱུར(དེ་ནང་གི་ཆོམ་རྐུན་རིང་དུ་སོང་བའི་ཕྱིར་རོ)། ། ༈ (བདུན་པ་འཆིང་བས་བཅིང་པའི་བཙོན་དུ་བཟུང་བའི་འཇིགས་པ་ནི་)ལག་པ་དག་ནི་ཞགས་པས་ བཅིངས་ཤིང་རྐང་པའི་པད་མ་ཟུང་ནི་ལྕགས་སྒྲོག་དག་གིས་{གཏམས{བསྡམས}། །དགེ་ 2-1-27 བ(སྟེ་བཏུང་དུ་རུང་བ་)འི་ཆུ་དང་བྲལ་བས་ལྕེ་དང་མགྲིན་པ་མཆུ་སྐམས་[སྐམ]ལུས་པོ་སྐེམ་ཞིང་ བཀྲེས་པས་གཟིར། །ཉིན་མཚན་དུས་སུ་རྗེ་བོ་ཁྲོས་པའི་བཀའ་ཡིས་(བསྐུལ་ནས་)ཀུན་ཏུ་ བསྲུངས་མ་(བཙོན་སྲུང་)རྣམས་ཀྱིས་སྲུང་བྱེད་པ(སྟེ་དེ་འདྲའི་འཇིགས་པ་དེ་ལས་ཀྱང་ཐར་བར་འདོད་ན)། ། གང་གིས་རྣལ་འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་(ཡུམ་ཆེན་མོའི་རྣལ་འབྱོར་ བསྒོམས་པས་)དེ་ཡང་(བཙོན་གྱི་སྡུག་བསྔལ་)དེ་ལས་གྲོལ་བར་འགྱུར(དེ་སྲིད་པའི་བཙོན་ར་ལས་ཐར་བར་གྱུར་ བའི་ཕྱིར་རོ)། ། ༈ (བརྒྱད་པ་རྒྱལ་པོ་འཁྲུགས་པའི་འཇིགས་པ་ནི་)ཆུ་གཏེར་བཞོན་པ་ལ་ཞོན་མཐའ་ཡས་དྲག་པོའི་ རླུང་གིས་ཆུ་ཡི་གཏེར་ནི་འཁྲུགས་བྱེད་ཅིང༌། །ཀུན་(རྟ་གདོང་འཁོར་མོ་)ཏུ་འཁོར་བར་བྱེད་ལ་ཆུ་ གཏེར་(ཀྱི་)ཆོམ་རྐུན་(དང་)ཆུ་སྲིན་ཉ་ཡི་རིགས་(དུ་མ་རྣམས་)ཀྱིས་(ཕྱོགས་ཀུན་ཁྱབ་ཅིང་)བཀག་གྱུར་ ཏེ། །(སྟེང་ནས་)མེ་ཡི་ཏིལ་མར་(འབྱུང་པོ་)གདུག་པས་འཕངས་པའི་མེ་ཡི་ཆར་ཆེན་ཀུན་ནས་ རྒྱུན་དུ་འབབ་པ་ལ(སྟོད་དགོས་པ་སྟེ་དེ་འདྲའི་འཇིགས་པ་དེ་ལས་ཀྱང་ཐར་བར་འདོད་ན)། །གང་གིས་རྣལ་ འབྱོར་མ་རྣམས་ཞབས་དག་འཇིགས་འཕྲོག་དྲན་པ་(སྲིད་ཞི་མཉམ་ཉིད་ཀྱི་རྣལ་འབྱོར་བསྒོམ་པས་)དེ་ ཡང་(འཇིགས་པ་)དེ་ལས་ཕ་རོལ་འགྲོ(སྟེ་འཁོར་བའི་རྒྱ་མཚོའི་ཕ་རོལ་སོན་པའི་ཕྱིར་རོ)། ། ༈ (དགུ་པ་ཤ་ཟའི་འཇིགས་པ་ནི་)ཕཊེ་ཅེས་འཇིགས་རུང་སྒྲ་སྒྲོགས་ཁ་ནས་མེ་འབར་ལག་ན་ གྲི་གུག་དང་ནི་ཐོད་པ་ཡིས། །(མི་རྣམས་)འཇིགས་པར་བྱེད་ཅིང་རོ་ལངས་གདུག་པའི་སེམས་ ལྡན་(གནས་)ཕྱོགས་བཅུའི་དཀྱིལ་འཁོར་(ཏེ་འཁོར་ཡུག་ལྟ་བུའི་ཕྱོགས་ཆ་)རྣམས་ལ་ཡང་དག་གནས། ། བཀྲེས་པས་གཟིར་ཏེ་(མིའི་)ཤ་(རྗེན་)དག་ཟ་ཞིང་མི་ཁྲག་ལ་དགའ་ལུས་སྐམས་[སྐམ]གོས་ དང་བྲལ་བ་རྣམས(ཀྱིས་གཙེས་པ་སྟེ་དེ་ལས་ཀྱང་ཐར་བར་འདོད་ན)། །གང་གིས་རྣལ་འབྱོར་མ་རྣམས་ ཞབས་དག་འཇིགས་འཕྲོག་དྲན་པ་(དབུ་མ་སྣང་མེད་སྣང་བཅས་པ་གནད་གཅིག་པའི་དོན་བསྒོམ་པས་)དེ་ལ་ སྲུང་བ་བྱེད་པར་འགྱུར(དེ་ནང་གི་གདོན་ཐམས་ཅད་ཐུལ་བའི་ཕྱིར་རོ)། ། 2-1-28 ༈ (བཅུ་པ་ནད་དྲག་པོའི་འཇིགས་པ་ནི་)ཉིན་བཞིན་འཁུན་ཞིང་(ཤ་ལུས་བྲི་ནས་)སོར་མོའི་རྩེ་མོ་ ཟླུམ་པོ་ཉམས་ཏེ་སྣ་དང་མཆུ་དང་རྣ་བ་ཉམས། །གདོང་དང་མགྲིན་པ་རྐང་ལག་རྣམས་ཀྱི་རྨ་ རུལ་ལས་ནི་རྣག་རྣམས་མང་པོ་རབ་ཏུ་འབབས། །རུལ་པའི་དྲི་ངའི་མཐུ་ལས་གཉེན་བཤེས་ ཚོགས་ཀྱིས་(འཁོར་མི་ནུས་པར་)ཤི་བའི་ལུས་བཞིན་ཡོངས་སུ་སྤངས་(པར་)གྱུར་པ(སྟེ་དེ་ལས་ཐར་བར་ འདོད་ན)། །གང་ཞིག་རྣལ་འབྱོར་མ་རྣམས་ཞབས་བཟང་དྲན་བྱེད་(ཤིན་ཏུ་རྣལ་འབྱོར་གོམས་པ་དེ་ནི་)ནད་ཀྱིས་བཏང་ཞིང་འདོད་དང་ལྡན་པར་འགྱུར(དེ་རྣམ་ཤེས་ཀྱི་ནད་དང་བྲལ་ཞིང་ཡེ་ཤེས་ཀྱི་བདེ་བ་དང་ ལྡན་པའི་ཕྱིར་རོ)། ། ༈ (བཅུ་གཅིག་པ་དབང་པོའི་ཕོ་ཉའི་འཇིགས་པ་ནི་མེ་ལྕེ་)འབར་(བ་དང་)བཅས་(ཤིང་)མཆེ་རྣོན་(ཅན་) གདེངས་ཅན་(དང་)སེང་གེ་(དང་)ཤ་ར་བྷ་དང་སྟག་དང་གླང་ཆེན་(ལ་སོགས་པའི་)གདོང་(པ་འཇིགས་ འཇིགས་རྣམས་དང་)ལྡན་ཞིང༌། །ལག་ན་འཁོར་ལོ་(དང་)རལ་གྲི་(དང་)མདའ་དང་རྩེ་གསུམ་(དང་)ལྕགས་ཀྱུ་(དང་)རྡོ་རྗེ་(ལ་སོགས་མཚོན་ཆ་སྣ་ཚོགས་)ཐོགས་པས་ཕྱོགས་ཀུན་ཏུ(ཁྱབ་པར་བྱས་ནས)། ། བྱང་ཆུབ་(ཀྱི་)བསམ་གཏན་(ལ་)གཅིག་(ཏུ་)གཞོལ་(ཞིང་)མཆོག་བདེ་ལ་གནས་(པའི་)སྒྲུབ་ པ་པོ་(ལ་)བསྡིགས་(པར་བྱེད་པ་བདུད་ཀྱི་)དབང་པོའི་ཕོ་ཉ(འི་དམག་ཚོགས་)གང་(གང་ཡིན་པ་སྟེ)། །དེ་ རྣམས་(ལས་ཐར་བར་འདོད་ན་)རྣལ་འབྱོར་དབང་ཕྱུག་མ(འི་)ཞབས་(རིགས་ལྡན་མ་མཆོད་པ་)གང་གིས་ རང་ཡིད་ལ་བྱེད་(པ་ཤིན་ཏུ་རྣལ་འབྱོར་བསྒོམ་པ་)དེ་ལ་(འཇིགས་པ་དེ་ཡང་)ཉམས་པར་འགྱུར(དེ་ནང་གི་ བདུད་ཆོམས་པའི་ཕྱིར་རོ)། ། ༈ (བཅུ་གཉིས་པ་དབུལ་བའི་འཇིགས་པ་ནི་)དབྱར་ནི་ནགས་ནས་གྲོང་གི་བར་དུ་འདམ་རྫབ་ཀྱིས་ གང་ལམ་དག་ལ་ཡང་ཁུར་ཁྱེར་ཞིང༌། །རྒུན་ནི་གོས་དང་བྲལ་བས་ཁ་བའི་ལམ་དུ་བགྲོད་ ཅིང་ཡུལ་གཞན་དག་ཏུ་འགྲོ་བར་བྱེད། །སོ་ཀ་ཆུ་མེད་འཇིགས་བཅས་མྱ་ངན་ལམ་དུ་ཉི་མའི་ འོད་ཟེར་གྱིས་གདུངས་དབུལ་བོ་གང་(ཡིན་པ་སྟེ་དེ་ལས་ཐལ་བར་འདོད་པས)། །རྣལ་འབྱོར་མ་རྣམས་ 2-1-29 (ཀྱི་)ཞབས་བཟང་(བདེ་གཤེགས་སྙིང་པོ་མངོན་སུམ་དུ་)སྒོམ་(པར་)བྱེད་(ན་དེ་དབུལ་བའི་)སྡུག་བསྔལ་དེ་ དག་གིས་བཏང་(ན་གང་)འདོད་(པའི་དོན་དེ་)དང་ལྡན་པར་འགྱུར(དེ་བྱང་ཆུབ་སེམས་ཀྱི་དབུལ་བ་དང་བྲལ་ ཞིང་བདེ་བ་ཆེན་པོ་ནོར་གྱིས་ཕྱུག་པའི་ཕྱིར་རོ)། ། ༈ (བཅུ་གསུམ་པ་བུད་མེད་དང་བྲལ་བའི་སྡུག་བསྔལ་ནི་)མཆན་ཁུང་མིག་དང་རྣ་བ་སྣ་དང་ཁ་ལུས་ བརྗོད་པ་དག་ལས་མི་བཟད་དྲི་འབྱུང་ཞིང༌། །བུད་མེད་ཀུན་དང་བྲལ་བས་དུས་ཀུན་ཏུ་ནི་ དགའ་བའི་བདེ་བ་དང་བྲལ་སྐལ་ངན་ཏེ། །མི་དགེ་འབྲས་བུའི་དབང་གིས་རྟག་ཏུ་གང་ལ་ བུད་མེད་སྡང་བར་གྱུར་པ་(སྟེ་)དེ་རྣམས་ཀུན(གྱིས་ཀྱང)། །རྣལ་འབྱོར་མ་རྣམས་ཞབས་ནི་ བདེ་བ་མཆོག་སྦྱིན་(མངོན་སུམ་དུ་)བསྒོམས་པ(ན་དེའི་རྒྱུ་མཚན་གྱི་)ས་སྐལ་བཟང་ཁ་དོག་གཟུགས་ (སོགས་ཕུན་སུམ་ཚོགས་པ་)ཅན་(དུ་)འགྱུར(དེ་དགའ་སྟེར་གནས་སྟེར་ཀྱི་ལྷ་མོ་སྣ་ཚོགས་གཟུགས་ཅན་ཡིད་འོང་མ་ལ་ རྟག་ཏུ་འཁྱུད་པའི་དགའ་བ་དང་ལྡན་པར་འགྱུར་བའི་ཕྱིར་རོ)། ། ༈ (བཅུ་བཞི་པ་མི་བདག་འཁྲུགས་པའི་འཇིགས་པ་ནི་རང་གིས་)འཁུས་ཕྱིར་(ནག་ཕོག་པའི་)གཡོག་འཁོར་ གང་(ཡིན་པ་དེ་)ལ་མི་དབང་འཁྲུགས་ཏེ་འཇིགས་པའི་གཤིན་རྗེ་ལྟ་བུར་མཐའ་གཅིག་ཏུ། ། གསོད་པ་ལ་ཞེན་(ནས་)འཆི་བའི་འཇིགས་པ་བྱེད་པ(གཤེད་མ་)འི་སྡེ་རྣམས་(ལ་ངན་པ་འདི་མྱུར་ ཏུ་སོད་ཅིག་ཅེས་)མྱུར་དུ་ཡང་དག་སྐུལ་(བར་)བྱེད་པ(སྟེ་དེ་ཙམ་དུ་འཇིགས་པ་དེ་ལས་ཀྱང་ཐར་བར་འདོད་ན)། ། རྣལ་འབྱོར་མ་རྣམས་ཞབས་ནི་འཇིག་རྟེན་གསུམ་པོ་ཀུན་གྱི་མགོན་(དུ་གྱུར་པ་)དག་རང་ཡིད་ ལ་བསྒོམས་པས། །(སྒོམ་མཁན་)དེ་རྣམས་ཀྱི་ནི་(སྡུག་བསྔལ་སྔར་སྨོས་པ་)དེ་ཡང་རབ་ཏུ་ཞི་ཞིང་(སླར་ མི་དབང་དེ་མགུ་ནས་)འདོད་པ་ཐམས་ཅད་སྦྱིན་པས་མཆོག་སྦྱིན་(དེ་དེ་ལས་ཀྱི་ཆད་པ་དང་བྲལ་ཞིང་ཆོས་ཀྱི་ རྒྱལ་པོ་མཉེས་ནས་མཆོག་སྩོལ་བའི་ཕྱིར་རོ་)འགྱུར། ། ༈ (བཅོ་ལྔ་པ་རྡོ་རྗེ་རྣམ་གཉིས་ལྟུང་བའི་འཇིགས་པ་ནི་གང་ཟག་)གང་དག་(ལ་ཡུལ་དུས་)འགའ་ཞིག་ཏུ་ནི་ མཁའ་ལས་རྡོ་རྗེ་(གནམ་ལྗགས་)རབ་(ཏུ་)ལྟུང་(བའི་སྡུག་བསྔལ་དང་)བུད་མེད་(དང་)འགྲོགས་ལས་ 2-1-30 (རྡོ་རྗེ་ཐིག་ལེ་ལྷུང་བས་)རྟག་པར་ཡང༌། །སྐྱེ་དང་སྐྱེ་བ་གཞན་(དང་གཞན་རྣམས་)ལ་འཆི་དང་བརྒྱལ་ དང་(ཐིག་ལེ་ཟད་པའི་)ཆགས་བྲལ་(ལ་སོགས་པ་ཀུན་འབྱུང་དང་སྡུག་བསྔལ་གྱི་འཁོར་ལོ་)སླར་ཡང་(འཁོར་བར་) བྱེད་པས་(དེ་དག་ལས་ཐར་བར་འདོད་ན་)རྣལ་འབྱོར་མ(དོན་དམ་གྱི་མཁའ་འགྲོ་མ)འི། །དཔལ་ལྡན་ལས་ དང་ཡེ་ཤེས་མཆོག་གི་ཆུ་སྐྱེས་(སེམས་དཔའ་སྲིད་པ་གསུམ་གཅིག་པ་)ལ་གནས་(པ་)རྡོ་རྗེ(མི་ཕྱེད་བདེ་བ) འི་ཞབས་(ཨ་བ་དྷུ་ཏཱི་རིགས་ལྡན་མ་མཆོད་པའི་རྣལ་འབྱོར་)དག་བསྒོམས་པ་ཡིས། །(སྒོམ་མཁན་)དེ་རྣམས་ ཀྱི་ནི་(རྡོ་རྗེ་ལྟུང་བའི་སྡུག་བསྔལ་)དེ་ཡང་རབ་ཞི་སླར་ཡང་འཆི་བ་དང་ནི་སྐྱེ་བ་ལྡན་པ་མིན(དེ་རྡོ་རྗེའི་ སྐུ་འཐོབ་པའི་ཕྱིར་རོ)། ། ༈ (དམྱལ་བ་ལ་སོགས་པ་འཇིགས་པ་གཞན་ཡང་མོད་ཀྱི། འདིར་བཅོ་ལྔ་པོ་ཙམ་སྨོས་པ་ནི་མི་རྣམས་ལ་མངོན་སུམ་དུ་ གྲུབ་པས་ཡིད་ཆེས་པར་སླ་བ་དག་གོ། དོན་ལ་ནི་མཐོ་རིས་ཀྱི་བདེ་བ་ཡང་འཇིགས་ཆེན་ཉིད་ཡིན་པས་དེ་མ་སྤངས་ན་ཐར་པའི་ དོན་ལས་ཉམས་པའི་ཕྱིར། བཅུ་དྲུག་པ་དོན་ཉམས་པའི་འཇིགས་པ་ནི་)གང་དག་ཉིན་དང་མཚན་མོར་བུད་མེད་ འགྲོགས་ལ་རྣམ་པར་ཆགས་པས་(ཐར་པའི་)དོན་ཀུན་ཉམས་འགྱུར་ཞིང༌། །སྐྱེ་བ་གཞན་དུ་ (འཛག་བདེའི་)བག་ཆགས་བསྒོས་པའི་སེམས་ལས་(ཆགས་རྟོག་)དེ་ནི་སླར་ཡང་མང་བོ་རབ་འབྱུང་ བ(རྟེན་འབྲེལ་ཡན་ལག་བཅུ་གཉིས་འཁོར་བའི་ཕྱིར་ཐར་པའི་དོན་ཀུན་ཉམས་པར་འགྱུར་བ་སྟེ)། །(དེ་ལས་ཐར་བར་འདོད་ ན་)ཤེས་རབ་(ཀྱི་ཕ་རོལ་དུ་ཕྱིན་པའི་རང་བཞིན་དོན་དམ་པའི་)རྣལ་འབྱོར་མ་རྣམས་དག་གི་མི་མཉམ་ (པ་ཐབས་དང་)མཉམ་པ(ཤེས་རབ་སྟེ་དེ་དག་དབྱེར་མེད་པ་)འི་ཞབས་ནི་(ཆོས་ཉིད་)སྣ་ཚོགས་གཟུགས་ ཅན་གང་(ཡིན་པ)། །རྒྱལ་བ་མཆོག་གིས་མཆོད་ཅིང་བསྟོད་པ(འི་གནས་ཏེ་ཤིན་ཏུ་རྣལ་འབྱོར་གྱིས་) བསྒོམས་པས་(སྒོམ་མཁན་)དེ་ནི་(དོན་གྲུབ་ཅིང་བྱ་བ་འགྲུབ་པར་འགྱུར་བའི་ཕྱིར་)དོན་(ཆེན་པོ་)ཀུན་ཉམས་ པར་མི་འགྱུར་རོ(དེ་ལྟར་འཇིགས་པ་བཅུ་དྲུག་གི་དེ་ཉིད་བཅུ་དྲུག་གི་མི་མཐུན་ཕྱོགས་སུ་ཡང་སྦྱོར་ཏེ་དེ་ཡང་དབུགས་ཉི་ ཁྲི་ཅིག་སྟོང་དྲུག་བརྒྱ་ལས་འབྱུང་བའི་ཕྱིར་འཇིགས་པ་རེའང་དབུགས་སྟོང་དང་སུམ་བརྒྱ་ལྔ་བཅུ་འབབ་པ་ལས་དགའ་རེ་རེ་ ཉམས་པར་རིག་པར་བྱའོ)། ། 2-1-31 ༈ (རྩ་གཡས་གཡོན་)དམར་སེར་ལུག་དང་(དབུས་)ཀུན་དོར་མ་སྟེ་(གྲངས་བཞིན་དུ་) ཉི་ཟླ་སྒྲ་ གཅན་ལམ་གསུམ་བགྲོད་རྣམས་རྣལ་འབྱོར་མ(འི)། །དངོས་དང་དངོས་མེད་རབ་(ཏུ་)ཉམས་ མཉམ་བགྲོད་(དུ་གྱུར་ཅིང་)ཞབས་དེ་དག་ནི་(རྒྱལ་བ་)དེ་དག་རྣམས་ཀྱི་ཡེ་ཤེས་སྐུ། །དེ་ཡི་ལྷན་ སྐྱེས་བདེ་བའི་གནས་དང་འགྱུར་མེད་(བདེ་བ་ཟླ་མེད་པས་)གཅིག་(བུ་)འདི་(སྟེ་)དེ་དག་(དྲན་པ་དང་ ཡིད་ལ་བྱེད་པ་མེད་པས་)དེ་བཞིན་གང་གིས་དྲན(ན)། །(མི་)དེ་ཡི་སྐྱེ་བ་འདི་ལ་(འཇིགས་པ་བཅུ་དྲུག་ལ་ སོགས་པ་)མ་ལུས་འཇིགས་(པ་)འཕྲོག་(ཅིང་)འདིར་བརྗོད་(ཟིན་པ་དང་བརྗོད་འགྱུར་གྱི་)འབྲས་བུ་མྱུར་ དུ་འབྱུང་བར་འགྱུར། །དཔལ་ལྡན་རྣལ་འབྱོར་མ་རྣམས་དག་གི་གནས་ནི་རྡོ་རྗེ་(དོན་དམ་སྟོང་ ཉིད་དང་)ནོར་བུ(དོན་དམ་བདེ་བ་)འི་ཁྱིམ་(སངས་རྒྱས་རིན་ཆེན་ཟ་མ་ཏོག་)སྟེ་དེར་(ཁྱིམ་)འཇུག་(པའི་)ལམ། ། (ཤིན་ཏུ་རྣལ་འབྱོར་གྱི་གསང་གནས་རྡོ་རྗེ་ནོར་བུ་བརྟན་པར་བྱས་པ་)ཉོན་མོངས་(གཡོན་རླུང་)མེད་ཅིང་བདུད་ (གཡས་རླུང་)ཉམས་(པ་)སྔོན་དུ་རྒྱལ་བས་(དབང་ལེའི་མཐར་འཇིགས་པ་བཅུ་དྲུག་ཉམས་པར་)གསུངས་པ་ བསྟོད་ཁ༽པ(འི་སྒོ་ན་)ས་བདག་ཀ༽གིས་འདིར་ག༽བརྗོད་དོ། །སྐྱེས་བུ་གང་དག་བདུད་ཀྱི་ གྲོགས་ཀྱིས་(བསླུས་ནས་)རྟག་ཏུ་མི་བདེན་(པའི་)མུན་པར་སོང་ཞིང་(རྣམ་དག་ལེགས་པའི་)ལམ་(ལས་)ཉམས་པ། །དེ་རྣམས་(ཀྱིས་རྣམ་དག་ལེགས་པའི་)ལམ་(ཤིན་ཏུ་རྣལ་འབྱོར་)འདི་ཐོབ་ནས་རྡོ་རྗེ་ནོར་ བུ(དབྱེར་མེད་ཡེ་ཤེས་ཀྱི་སྐུ་)འི་ཁྱིམ་དང་རིང་བ་མིན་པར་(ཉེ་བར་)འོང་གྱུར་ཅིག ། (ཕྱག་རྒྱ་ཆེན་མོ་)དུ་བ་ལ་སོགས་(པའི་)ལམ་གྱིས་ལྷན་ཅིག་སྐྱེས་པའི་བདེ་བའི་གོ་འཕང་ བསྒོམས་ན་དེ་ནི་འདིར། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་འདི་(འཐོབ་སྟེ་ དེའང་དོན་དམ་གྱི་)ཆོས་ཀྱི་འཁོར་ལོར་ཡང་དག་གནས(པ་ནི་དང་པོ་གཉིས་པའི་རྟེན་ཡིན་ནོ་ཞེས་པ་ལྟར་རོ)། ། (འཇིག་རྟེན་ན་ཆེ་བར་གྲགས་པའི་)ལྷ་(དབང་)རྣམས་(ཀྱི་འང་)མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ ཚོགས་ཀྱིས་ཞབས་ཀྱི་པད་མོ་ལ་གཏུགས་ཤིང༌། །དམ་པའི་ལམ་ནི་སྟོན་མཛད་ཉིད་བྱེད་ བཞིན་དུ་(རྣམ་ཤེས་)མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོ(འཐོབ་པ་)ར་འགྱུར། ། 2-1-32 ༈ ལྷ་ཀླུ་མི་དང་ལྷ་མིན་དབང་བོའི་ཅོད་པན་རྣམས་ཀྱིས་ཞབས་པད་ལ་གཏུགས་ གང་(ཡིན་པ)། །འགྲོ་བ་གསུམ་གྱི་(མུན་པ་འཇོམས་པའི་)ཉིན་བྱེད་ཡང་དག་ཡེ་ཤེས་(ཀྱི་)དཔལ་ ལྡན་(སྟོབས་དང་མི་འཇིགས་པ་ལ་སོགས་དོན་དམ་གྱི་)ཆོས་ཀྱི་(ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་)འཁོར་ལོར་ གནས(ཤིང)། །བདུད་དང་ཉོན་མོངས་(ཀྱི་)རི་དྭགས་(རྣམས་)གཏུམ་པས་གསོད་བྱེད་དཔལ་ ལྡན་ཤཱཀྱ་སེང་གེ་(གང་ཡིན་པ་དེས་ལུང་བསྟན་ཅིང་)དེའི། །ཤེས་རབ་(འཇམ་པའི་དབྱངས་)ཀྱིས་བསྐུལ་ (ནས་སངས་རྒྱས་)དེ་ཡི་རྟག་ཏུ་འགྲོ་ལ་བརྩེ་བ་བདག་(ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་)གིས་རྒྱས་ འགྲེལ་བྲི། ། ༈ (དེ་ལ་བཤད་པར་བྱ་བ་ནི་འདིར་དོན་དམ་ཆོས་ཉིད་ཀྱི་སྐུ་བཞི་གཅིག་ཏུ་སྦྱོར་བ་ཀཱ་ལ་ཙཀྲ་སྟེ་)ཀཱ་ཡིག་ལས་ ནི་(འདུ་བྱེད་པའི་)རྒྱུ་ཞི་བ(རྡུལ་བྲལ་སྤྲུལ་སྐུ་དང)། །ལ་ཡིག་(ནི་ཆོས་ཀྱི་དབྱིངས་)འདི་ལ་(སྲོག་)ཐིམ་པ་ ཉིད(གཞོམ་མེད་ལོང་སྐུ་དང)། །ཙ་ཡིག་གིས་ནི་གཡོ་བའི་སེམས(བཅིངས་པ་མི་རྟོག་ཆོས་ཀྱི་སྐུ་དང་)། །ཀྲ་ ཡིག་(ནི་ཐིག་ལེ་)རིམ་པ་(ནས་རིམ་པར་འཕོ་བ་)བཅིངས་(པ་)ལས་(བདེ་ཆེན་དག་པའི་སྐུ་སྟེ་མཐར་ཐུག་འོད་ གསལ་གྱི་སྐུ་བཞི་རྣམས་)སོ། ། ༈ དུས་ནི་འགྱུར་མེད་བདེ་(བ་སྟེ་)ཤེས་པ(གཞན)། །ཐབས་དང་སྙིང་རྗེའི་བདག་ཉིད་ དེ། །འཁོར་ལོ་(ནི་)ཤེས་བྱའི་རྣམ་(པ་ཅན་དོན་དམ་སྟོང་ཉིད་ཤེས་བྱ་གཞན་ཏེ་དེ་ཡང་དཔལ་ནི་)འགྲོ་(བའི་) དཔལ(ཡིན་ལ)། །ཤེས་རབ་(དང་)སྟོང་ཉིད་(ཀྱི་)བདག་ཉིད་དོ། །(དེ་ལྟར་འགྲོ་བའི་དཔལ་དུ་གྱུར་པ་གཅིག་ གམ་ཤེས་དང་ཤེས་བྱ་ཐབས་དང་ཤེས་རབ་སྙིང་རྗེ་དང་སྟོང་ཉིད་ཟུང་འཇུག་)འདི་ནི་དཔལ་ལྡན་དུས་འཁོར་ལོ(སྟེ་ དེ་དང་དབྱེར་མེད་པ་སྔར་བཤད་པའི)། །རྡོ་རྗེའི་རྣལ་འབྱོར་(དུས་)ཐམས་ཅད་ནས། །(རྣམ་པ་ཐམས་ཅད་པ་ ཀུན་རྫོབ་དང་དོན་དམ་གྱི་)བདེན་པ་གཉིས་སུ་(རིམ་པ་ལྟར་ཐ་དད་དང་དབྱེར་མེད་དུ་)གནས་པ་འདི། །མངོན་ པར་བརྗོད་པའི་རྗོད་བྱེད་(དུ་འགྱུར་བ་ལྟར་འགྲེལ་པ་འདི་དང་ཤྲི་ཀ་ལ་ཙཀྲ་ཞེས་པ་འདི་ཡང་)འགྱུར(རོ)། ། ༈ (འགྲེལ་པ་མཛད་པའི་རྒྱུའི་ཁྱད་པར་ནི་)བདེ་བར་གཤེགས་པས་(རྒྱས་འགྲེལ་བྱེད་པ་པད་ཀར་འཛིན་ཞེས་ 35)ལུང་བསྟན་ཅིང༌། །(དང་པོར་ཁྱོད་ཀྱིས་རྒྱུད་ཀྱི་རྒྱལ་པོ་མཐའ་དག་མ་ཚང་མེད་པ་གླེགས་བམ་དག་ལ་གནས་པ་དང་དེ་ ནས་རང་གི་འདོད་པས་རྒྱས་འགྲེལ་བྱས་ནས་གཞན་གྱི་གནས་སུ་བགྲོད་པར་བྱའོ་འཇིག་རྟེན་གཉེན་ཞེས་)འཇམ་དཔལ་ གྱིས་ནི་བསྐུལ་གྱུར་པས། །འཇིག་རྟེན་མགོན་པོ་བདག་གིས་ནི། །(བསྡུས་པའི་)རྒྱུད་འདིའི་ རྒྱས་འགྲེལ་བྲི་བར་བྱ(བ་ནི་འཕགས་པའི་མཁས་པ་དོན་དམ་ལ་མ་རྨོངས་པ་དག་ལ་མི་དགོས་ཀྱང)། །བྱིས་པའི་ མཁས་པ་(དོན་དམ་ལ་)རྨོངས་(པ་)རྣམས་ལ(འམ་ཡང་ན་བྱིས་པ་རྨོངས་པ་དང་མཁས་པ་རྨོངས་པ་རྣམས་ལའམ་ ཡང་ན་བྱིས་པའི་མཁས་པ་དང་རྨོངས་པ་རྣམས་ལ་ཁྱད་པར་མེད་པར)། །རྒྱུད་(རྣམས་ཀུན་)ཀྱི་གསང་བ་(ཟབ་མོ་བདེ་ སྟོང་ཡེ་ཤེས་ཆོས་ཉིད་ཀྱི་སྐུ་མཁའ་ལྟར་ཀུན་ཁྱབ་ཏུ་གཞི་ལ་བཞུགས་ཚུལ་དང་དེའི་སྒྲིབ་གཡོགས་སེལ་བའི་ལམ་མཆོག་འཁོར་ བཅས་དང་དེས་དྲི་མ་བྲལ་བའི་གཞི་ལ་ཡེ་བཞུགས་རང་བཞིན་རྣམ་དག་དེ་འཐོབ་ཚུལ་འཁོར་དང་བཅས་པ་)གསལ་(བར་)བྱེད་དེ། །(དེ་ཡང་གྲགས་འདོད་ལ་སོགས་པ་)མ་ཡིས་བུ་ལ་(བརྩེ་བས་)ཕན་པ་(འབའ་ཞིག་བྱེད་པ་)བཞིན། ། ལུས་ཅན་ཐམས་ཅད་(ཀུན་ཀྱི་གནས་སྐབས་དང་མཐར་ཐུག་)བདེ་(བ་ཐོབ་པའི་)དོན་དུའོ། ། ༈ (དེའང་མྱུར་དགོས་ཏེ་)རྡོ་རྗེ་སེམས་དཔའི་ལམ་མཆོག་(མཐར་ཐུག་ཤིན་ཏུ་རྣལ་འབྱོར་)འདི། །(རྒྱས་ འགྲེལ་)གང་གི(དྲིན་ལ་)ས་རྣལ་འབྱོར་པས་རིག་(པའམ་ཐོབ་པར་)བྱེད(པས་ཤིན་ཏུ་དོན་ཆེ་ཞིང་གལ་ཆེ་བས)། ། དེ(འི་)ཕྱིར་དྲི་མ་མེད་པའི་འོད། །རྒྱས་འགྲེལ་འདི་ནི་(ཞག་གཅིག་ཙམ་གྱིས་མྱུར་ནའང་དོན་ཆེ་བས་)མྱུར་ དུ་བྲི(དེས་མཚོན་ནས་ཀློག་པ་དང་ཉན་པ་དང་སེམས་པ་དང་བསྒོམ་ལ་སོགས་པ་ཡང་མྱུར་དགོས་པར་རིག་པར་བྱའོ་)། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་(བྱིས་པའི་མཁས་པ་ལྟར་སྦས་ པའི་བསྡུས་རྒྱུད་ཙམ་གྱིས་རྗེས་སུ་འཇུག་པ་མ་ཡིན་གྱི་)རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་(ཡིན་པས་ཆེས་ཁྱད་པར་ དུ་འཕགས་པ་ཚིག་བཅད་)སྟོང་ཕྲག་བཅུ་གཉིས་པ་(སྟེ་རྩ་རྒྱུད་འགྲེལ་པ་པོ་ཟླ་བ་བཟང་པོ་ནི་རྡོ་རྗེ་ཟླ་བ་ཡིན་པའི་ཕྱིར་ དེས་མཛད་པའི་འགྲེལ་པ་ཡང་དྲི་མེད་འོད་ཡིན་པ་ལྟར་དེའི་དོན་བསྡུས་ནས་བྲིས་པའི་འགྲེལ་པ་འདི་ཡང་)དྲི་མ་མེད་པའི་ འོད་ཅེས་བྱ་བ་ལས་(ཨ་ཙ་ལ་གརྦྷས་འཆད་དོ་)བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་ པ་མཆོག་གི་འདོད་པའི་ལྷ་(ལ་མཆོད་པར་བརྗོད་པ་)དང་(བཤད་པར་དམ་བཅའ་བ་ལ་འཕྲོས་ནས་)དམ་པའི་ 2-1-33 ལམ་ངེས་པ(འམ་གཏན་ལ་འབེབས་འདིའི་བཤད་སྦྱར་སྙིང་པོ་རྣམ་པར་བཤད་པ་ཨ་ཙ་ལ་གརྦྷས་མཛད་པ་དཔང་ལོའི་ འགྱུར་སྣང་མོད་ཀྱི་གཞན་དང་མཐུན་མི་མཐུན་ཅི་རིགས་པ་སྣང་བས་བརྟག་པ་གསུམ་དང་རྟོན་པ་བཞིའི་ལུང་རིགས་ལ་བརྟེན་ ནས་བླང་དོར་བྱའི་རང་བཟོའི་རྗེས་སུ་འབྲང་མི་རུང་ངོ་)འི་མདོར་བསྡུས་ཆེན་པོ་སྟེ་དང་པོའོ།། །། ༈ (དུས་ཀྱི་འཁོར་ལོའི་རྒྱ་ཆེར་འགྲེལ་བ་)〈རྒྱ་ཆེར་འགྲེལ〉འདིར་དང་པོར་རེ་ཤིག་རྩ་བའི་རྒྱུད་ཀྱི་ རྗེས་སུ་འབྲངས་ཏེ་བརྗོད་བྱ་དང་རྗོད་བྱེད་དང་འབྲེལ་བ་ལ་སོགས་པ་དང་བསྡུས་པའི་རྒྱུད་ 〈དང་དེ་སྡུད་པ་པོ་དང་དེའི་རྒྱས་འགྲེལ་མཛད་པོ་རྒྱུད་སྟོན་པ་པོ〉 ལ་སོགས་པ(རྩ་རྒྱུད་བསྡུས་ རྒྱུད་ཀྱི་སྡུད་པ་པོ་དང་དེ་དག་གི་རྒྱས་འགྲེལ་མཛད་པ་པོ་དང་རྒྱུད་སྟོན་པ་པོ་)ལུང་བསྟན་པ་(རྩ་བའི་རྒྱུད་དང་པོའི་སངས་ རྒྱས་ཀྱི་གནས་ཚུལ་)བརྗོད་པར་བྱ་སྟེ་(དེའི་)ཕྱི་ནས་བསྡུས་པའི་རྒྱུད་ལ་དགོས་པ་དང་དགོས་པའི་ དགོས་པ་ལ་སོགས་པ་ཡང་ངོ་(དོན་གྱིས་ཤེས་པར་བྱའོ)། ། ༈ (རྩ་བའི་རྒྱུད་ཀྱི་རྒྱལ་པོ་)འདི་ལ་དང་པོར་རེ་ཤིག་བརྗོད་བྱ་དང་རྗོད་བྱེད་དང་འབྲེལ་པ་ དང་དགོས་པ་དང་དགོས་པའི་དགོས་པ་རྣམས་མངོན་པར་གཟིགས་ནས། གདུལ་བྱའི་སྐྱེ་ བོ་ངེས་པ་དང་བྲལ་བ་རྣམས་ལ་རང་གི་སེམས་ཀྱི་བསམ་པས་སྐྱེ་བ་འདི་ལ་སངས་རྒྱས་ ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་བདེ་བ་ཆེན་པོའི་གནས་མཆོག་གི་དང་པོའི་སངས་རྒྱས་རྡོ་ རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ། སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་དང་ལྷ་དང་ཀླུ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་ བསྐོར་བ། ཁམས་གསུམ་པས་ཞབས་ཀྱི་པད་མ་ལ་ཕྱག་བྱས་པ། ཁམས་གསུམ་གྱི་འཁོར་ ལོ་བསྒྱུར་བ་གཅིག་པུ། མཆོག་གི་དང་པོའི་སངས་རྒྱས་རིས་མེད་པ། བཅོམ་ལྡན་འདས་ དཔལ་དུས་ཀྱི་འཁོར་ལོ་ཟླ་བ་བཟང་པོས་གསོལ་བ་བཏབ་པར་གྱུར་པས། མཆོག་གི་དང་ པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ། རིས་མེད་པ་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ། རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པའི་མཚན་ཡང་དག་པར་བརྗོད་པས་འཁྱུད་ 2-1-34 པ། རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མངོན་དུ་གྱུར་པ། སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་ འབྱེད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ། རྫོགས་པའི་ བྱང་ཆུབ་པ་རྣམ་པ་བཞི་དང་རྡོ་རྗེ་རྣམ་པ་བཞིས་ཡོངས་སུ་དག་པ། སྐུ་བཞི་དང་རིགས་དྲུག་ དང་བདེན་པ་བཅུ་གཉིས་དང་དེ་ཁོ་ན་ཉིད་བཅུ་དྲུག་དང་སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་ བཅུ་དྲུག་གི་བདག་ཉིད་ཀྱི་བརྗོད་པར་བྱ་བ་རྗོད་པར་བྱེད་པ། དབང་བསྐུར་བ་འཇིག་རྟེན་ པའི་བཅུ་དང་འཇིག་རྟེན་ལས་འདས་པའི་བཅུ་གཅིག་པ་རབ་ཏུ་གསལ་པར་བྱེད་པ། ལས་ ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་མོ་དང༌། འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་དངོས་གྲུབ་རབ་ཏུ་གསལ་བར་བྱེད་པ། འཇིག་རྟེན་གྱི་ཁམས་དང་ནང་དང་ མངོན་པར་དབང་བསྐུར་བ་དང་སྒྲུབ་ཐབས་དང་ཡེ་ཤེས་ཏེ་ལེའུ་ལྔའི་བདག་ཉིད་དམ་བརྟག་ པ་ལྔའི་བདག་ཉིད་ནི་མི་ལ་སོགས་པའི་སེམས་ཅན་མཐའ་དག་གིས་ཡང་དག་པར་རྫོགས་ པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་བསྟན་ཏོ། ། ༈ (རྩ་བའི་རྒྱུད་)དེ་ལས་བསྡུས་པའི་རྒྱུད་ཡང་དག་པར་སྡུད་པར་བྱེད་པ་ལ་འཇམ་དཔལ་ དང༌། རྒྱས་འགྲེལ་བྱེད་པ་ལ་བདག་དང་རྒྱུད་སྟོན་པའི་དོན་དུ་གཤིན་རྗེ་མཐར་བྱེད་ལ་ སོགས་པ་གཞན་རྣམས། མ་འོངས་པའི་དུས་སུ་ཚངས་པའི་དྲང་སྲོང་རྣམས་གདུལ་བར་བྱ་ བའི་དོན་དང༌། ཤམ་བྷ་ལའི་ཡུལ་ལ་སོགས་པ་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་ པའི་སེམས་ཅན་ཐམས་ཅད་དམ་པའི་ལམ་ཐོབ་པའི་ཆེད་དུ་དེ་བཞིན་གཤེགས་པས་ལུང་ བསྟན་ཏོ། ། ༈ 〈དེ་རྣམས། འདིར་ཤམ་བྷ་ལའི་ཡུལ་ནི་ཀེ་ལ་ཤའི་སྟེང་ན་གྲོང་བྱེ་བ་ལྷག་པར་གནས་ ཏེ། དེ་ལྟར་གྲོང་བྱེ་བ་དགུ་བཅུ་རྩ་བདུན་ནི་ཤམ་བྷ་ལའི་ཡུལ་ལ་སོགས་པ་གྲོང་བྱེ་བ་ཕྲག་ དགུ་བཅུ་རྩ་དྲུག་ཅེས་པའི་གསུང་སྟེ། དཔེར་ན་ཚོང་དཔོན་གྱི་བུ་མོ་ལྔ་བརྒྱ་ཞེས་པ་ལྟར〉 2-1-35 (དང་པོར་རྩ་རྒྱུད་ཀྱི་ལེའུ་ལྔའི་གོ་རིམ་གྱི་འབྲེལ་སྟོན་པའི་རྩ་བའི་རྒྱུད་)འདིར་〈རྒྱས་པར་བཤད་ན〉(རེ་ཞིག་དང་ པོར་འཇིག་རྟེན་ཁམས་ལེ་དང་དེ་ནས་ནང་གི་ལེའུ་ལ་སོགས་པ་རིམ་པ་ལྟར་འབྱུང་བའི་རྒྱུ་མཚན་གྱིས་ས་ལ་སོགས་པ་འབྱུང་ བ་བཞིའི་)རྡུལ་ཕྲ་རབ་འདུས་པ་སྔོན་དུ་འགྲོ་བ་ནི་འཇིག་རྟེན་གྱི་ཁམས་སོ། །(སྣོད་ཀྱི་)འཇིག་ རྟེན་གྱི་ཁམས་སྔོན་དུ་འགྲོ་བ་ནི་སེམས་ཅན་རྣམས་སོ། །སེམས་ཅན་སྔོན་དུ་འགྲོ་བ་ནི་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་དབང་བསྐུར་བའོ། །མངོན་པར་ དབང་བསྐུར་བ་སྔོན་དུ་འགྲོ་བ་ནི་བསོད་ནམས་ཀྱི་ཚོགས་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་ པ་གོམས་པ(བསྐྱེད་པའི་རིམ་པ་)ས་(ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་འདོད་པ་ན་སྤྱོད་པའི་ལྷའི་སྲིད་པ་དྲུག་དང་ཡེ་ཤེས་ ཀྱི་ཕྱག་རྒྱའི་དངོས་གྲུབ་གཟུགས་ན་སྤྱོད་པ་)འོག་མིན་གྱི་སྲིད་པའི་མཐར་ཐུག་པ(བཅུ་དྲུག་གི་ཕུན་ཚོགས་ཐོབ་ པ་)འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའོ། །འཇིག་རྟེན་པའི་དངོས་གྲུབ་སྔོན་དུ་འགྲོ་བ་ནི་ (བསྐྱེད་རིམ་ཡན་ལག་དང་བཅས་པ་)བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་(རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་)དག་སྟེ་སྐྱེ་བ་སྔ་མ〈ལ་གོམས་པ〉འི་སྟོང་པ་ཉིད་དང་སྙིང་རྗེ་(རིམ་པ་ལྟར་)ཀུན་རྫོབ(ཀྱི་རྣམ་པ་ཅན་ ཆོས་ཉིད་འོད་གསལ་དམིགས་བཅས་)〈ཀྱི་གཟུགས་ཅན་དོན་དམ་གཞན་སྟོང་〉དང་དམིགས་པ་མེད་ པ(འགྱུར་མེད་བདེ་བ་ཟུང་འཇུག་དུ་བ་ལྟ་བུ་ལ་སོགས་པ་སྟོང་ཉིད་ཀྱི་གཟུགས་སྒོམ་པ་གོམས་པ་)འི་〈བདེ་བ་ཆེན་པོ〉 བག་ཆགས་ཀྱི་སྟོབས་ཀྱིས་(ས་ལ་སོགས་པའི་རྣམ་པར་སྣང་ཡང་)རྡུལ་ཕྲ་རབ་འདུས་པ་ལས་འདས་ ཤིང་དཀྱིལ་འཁོར་ལ་སོགས་པ་རྣམ་པར་རྟོག་པའི་སྒོམ་པ་དང་བྲལ་བ་ཕྱག་རྒྱ་ཆེན་པོའི་ཡེ་ ཤེས་ཀྱི་དངོས་གྲུབ་སྒྲུབ་པའོ། ། ༈ (དེ་ལྟར་ལེའུ་ལྔའི་བརྗོད་བྱ་ཕྱི་སྣོད་ཀྱི་འཇིག་རྟེན་སོགས་སྔ་མ་སྔ་མ་སྔོན་དུ་སོང་བ་ལ་བརྟེན་ནས་ནང་སེམས་ཅན་ སོགས་ཕྱི་མ་ཕྱི་མ་འབྱུང་བའི་རྒྱུ་མཚན་)〈རྒྱུ་མཚན〉དེ་བས་ན་དང་པོར་འཇིག་རྟེན་གྱི་ཁམས་ཀྱི་བརྟག་ པ་དང་དེ་ནས་ནང་གི་བརྟ ག་པ་〈སྟེ་དེ་གཉིས་ལ་དྲི་བཅས་དེ་བཞིན་ཉིད་རྟོགས་པར་བྱ་བ〉 དང་དེ་ནས་དབང་བསྐུར་བའི་བརྟག་པ་དང་དེ་ནས་〈ཤས་ཆེར་〉(གཙོ་ཆེར་)འཇིག་རྟེན་པའི་ 2-1-36 དངོས་གྲུབ་སྒྲུབ་པའི་བརྟག་པ་དང་དེ་ནས་〈གཞན་ནམ〉མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ སྒྲུབ་པའི་བརྟག་པ་སྟེ〈དེ་གཉིས་དྲི་མ་བསལ་བའི་དེ་བཞིན་ཉིད་ཐོབ་པ་ནི་འབྲས་བུའོ〉། དེ་ ལྟར་ན་རིམ་པ་ཇི་ལྟ་བ་བཞིན〔རྩ་བའི〕། རྒྱུད་ཀྱི་རྒྱལ་པོ་ནི་བརྟག་པ་ལྔའམ་ལེའུ་ལྔའི་བདག་ ཉིད་དོ(དེ་ལ་ལེའུ་དང་པོ་གཉིས་ནི་དྲི་བཅས་དེ་བཞིན་ཉིད་སྟོན་པས་གཞིའི་རྒྱུད་དང༌། དེ་ནས་ལེའུ་གཉིས་ནི་དྲི་མ་དང་བྲལ་ བར་བྱེད་པའི་ཐབས་སྟོན་པས་ལམ་ཀྱི་རྒྱུད་དང༌། ལེའུ་ལྔ་པ་ནི་དྲི་བྲལ་གྱི་ཡེ་ཤེས་སྟོན་པས་འབྲས་བུའི་རྒྱུད་ཡིན་པར་བཞེད་ དོ། །ལེའུ་ལ་རྒྱུད་ཅེས་བརྗོད་པ་ནི་བརྗོད་བྱའི་མིང་གིས་ཉེ་བར་བཏགས་པའོ)། །འདིར་ཐབས་དང་ཤེས་རབ་ཀྱི་ བདག་ཉིད་རྡོ་རྗེའི་རྣལ་འབྱོར་དང་པོའི་སངས་རྒྱས་རིས་མེད་པ་བཅོམ་ལྡན་འདས་དུས་ཀྱི་ འཁོར་ལོ་ནི་བརྗོད་པར་བྱ་བའོ། །དེ་ཡང་ལེའུ་ལྔ་པོ་འདིའི(དོན་གྱི་)ངོ་བོ་ཉིད་ཀྱིས་གནས་ཏེ། ༈ (གནས་པ་བརྒྱད་ཅུ་རྩ་གཅིག་པོ་འདི་རྣམས་རྩ་རྒྱུད་ཀྱི་ཡིན་ཡང་བསྡུས་རྒྱུད་ཀྱི་ཚིགས་བཅད་རྣམས་དང་སྦྱར་ན་)དང་པོར་རེ་ཤིག་འཇིག་རྟེན་གྱི་ཁམས་ཀྱི་ལེའུ་ལ(གནས་པ་ཉེར་བཞི་ལས་)ཐམས་ཅད་མཁྱེན་ པ་ཞེས་པ་ལ་སོགས་པ་སྟོན་པ་པོའི་ངོ་བོ་ཉིད་ཀྱིས་གནས་པ་དང༌། གནས་བསྟན་པའི་ངོ་ བོ་ཉིད་ཀྱིས་གནས་པ་དང༌། འཁོར་ཆེན་པོ་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་ཀྱིས་གནས་པ་ དང༌། གསོལ་བ་འདེབས་པ་པོའི་ངོ་བོ་ཉིད་ཀྱིས་གནས་པ་(བསྟན་པ་)དང༌། རྡོ་རྗེའི་རྣལ་འབྱོར་ བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་དགོས་པ་དང་དགོས་པའི་དགོས་པ་ལ་སོགས་པ་ ཞུས་པའི་ངོ་བོ་ཉིད་ཀྱིས་གནས་པ(སྟེ་ལྔ་པོ་འདི་བསྡུས་རྒྱུད་ཀྱི་ཚིགས་བཅད་དང་པོས་བསྟན་པ་)〈སྟེ་ལྔ་པོ་ འདི་ལ་བསྡུས་རྒྱུད་ཀྱི་ཚིགས་བཅད་དང་པོ〉དང༌། སྟོང་པ་ཆེན་པོ་འགྱུར་མེད་ལྔ་ལ་སོགས་ པ་དང་སྣ་ཚོགས་འབྱུང་བ་དང་དཀྱིལ་འཁོར་དང་དབང་བསྐུར་བར་གསོལ་བ་འདེབས་པའི་ ངོ་བོ་ཉིད་ཀྱིས་གནས་པ(ནི་ཚིགས་བཅད་གཉིས་པས་བསྟན་པ་)〈ལ་ཚིགས་བཅད་གསུམ་པ〉དང༌། སྟོན་ པ་པོའི་ལན་གྱི་ངོ་བོ་ཉིད་ཀྱིས་གནས་པ(ནི་གསུམ་པ་བསྟན་པ་)དང༌། འཇིག་རྟེན་གྱི་ཁམས་དང་ གཟའ་དང་རྒྱུ་སྐར་དང་སེམས་ཅན་དང་སྔགས་དང་སྲོག་ལ་སོགས་པ་འབྱུང་བ་དང་སྡུད་ 2-1-37 པའི་ངོ་བོ་ཉིད་ཀྱིས་གནས་པ(ནི་བཞི་པ་སོགས་)དང༌། རླུང་ལ་སོགས་པའི་དཀྱིལ་འཁོར་དང་རྒྱ་ མཚོ་དང་གླིང་དང་རིའི་གྲངས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བཅུ་པ་སོགས་)〈ལ་བཅུ་པ་སོགས〉 དང༌། སྲིད་པ་སུམ་ཅུ་རྩ་གཅིག་གི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བཅུ་བཞི་པ་སོགས་)〈 ལ་བཅུ་བཞི་ པ་སོགས〉དང༌། འཁོར་ལོ་སྒྱུར་བ་ཆེན་པོ་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་ཉེར་གཉིས་པ་ སོགས་)དང༌། ཤིན་ཏུ་ཕྲ་བའི་དབུགས་ལ་སོགས་པས་ཉིན་མོའི་ཚད་ལ་སོགས་པའི་ངོ་བོ་ཉིད་ ཀྱིས་གནས་པ་(ནི་ཉེར་བཞི་པོ་གས་)དང༌། འཇམ་དཔལ་ལུང་བསྟན་པའི་ངོ་བོ་ཉིད་ཀྱིས་གནས་ པ་(ནི་ཉེར་{ལྔ་{དྲུག}པ་སོགས་)དང༌། གྲུབ་པའི་མཐའ་དང་བྱེད་པའི་སྐར་རྩིས་ཀྱི་ངོ་བོ་ཉིད་ཀྱིས་ གནས་པ་(ནི་ཉེར་བདུན་པ་སོགས་)དང༌། རྩ་དབུ་མའི་དབུགས་རྣམས་ལས་གཟའི་རྐང་པ་དང་རྒྱུ་ སྐར་གྱི་རྐང་པ་སྐྱེ་བའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་དྲུག་ཅུ་རྩ་བཞི་པ་སོགས་)དང༌། ཁྱིམ་བཅུ་གཉིས་ ཀྱིས་རྣམ་པས་ས་འཁོར་བའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་ལྔ་ཅུ་རྩ་གཉིས་པའི་རྐང་པ་ཐ་མ་སོགས་)དང༌། དབྱངས་འཆར་བ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་གོ་ལྔ་པ་སོགས་)དང༌། སྒྲ་གཅན་ ལ་སོགས་པ་སའི་སྟོབས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་(ནི་བརྒྱ་དགུ་བཅུ་པ་སོགས་)〚ནི་བརྒྱ་བཅུ་དགུ་པ་ སོགས〛དང༌། རྫོང་འཇོམས་པ་དང་བསྲུང་བའི་འཁྲུལ་འཁོར་གྱི་ངོ་བོ་ཉིད་ཀྱིས་གནས་པ་(ནི་ བརྒྱ་ཉེར་བརྒྱད་པ་སོགས་)དང༌། འཁོར་ལོ་སྒྱུར་བ་ས་དུམ་བུ་བཅུ་གཉིས་སུ་འཁོར་བའི་ངོ་བོ་ཉིད་ ཀྱིས་གནས་པ་(ནི་བརྒྱ་ལྔ་བཅུ་པ་སོགས་)དང༌། ཀླ་ཀློའི་ཆོས་བཅོམ་ནས་སངས་རྒྱས་ཀྱི་ཆོས་རབ་ ཏུ་འཇོག་པའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བརྒྱ་དྲུག་ཅུ་པ་སོགས་)དང༌། སེམས་ཅན་མཐའ་དག་ ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ལམ་སྦྱིན་པའི་ངོ་བོ་ཉིད་ཀྱིས་ གནས་པ་(ནི་བརྒྱ་དྲུག་ཅུ་རྩ་བཞི་པའི་ཕྱེད་ཕྱི་མ་སོགས་)དང༌། འཇམ་དཔལ་དང་འཇིག་རྟེན་དབང་ཕྱུག་ རྒྱབ་དང་མདུན་དུ་སྟོན་པ་པོའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བརྒྱ་དྲུག་ཅུ་རྩ་ལྔ་པའི་ཕྱིད་ཕྱི་མ་སོགས་) དང༌། འཁོར་ལོ་སྒྱུར་བ་ཆེན་པོ་ལ་སོགས་པ་རིགས་ལྡན་གྱི་མཐར་ཐུག་པར་མི་རྣམས་མཆོག་ 2-1-38 གི་ཚེའི་ངོ་བོ་ཉིད་ཀྱིས་གནས་པ་〈ལ་བརྒྱ་དྲུག་ཅུ་རྩ་བརྒྱད་པ་སོགས〉ཞེས་བྱ་བ་ནི་(བརྒྱ་དྲུག་ཅུ་ རྩ་བརྒྱད་པ་སོགས་ཀྱིས་བསྟན་པ་སྟེ་)འཇིག་རྟེན་ཁམས་ཀྱི་ལེའུ་ལའོ། །དེ་ནས་ནང་གི་ལེའུ་ལ་(གནས་ པ་བཅོ་བརྒྱད་ལས་)དང་པོར་མངལ་འཛིན་པ་དང་སྡུད་པའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་ཚིགས་བཅད་ བཞི་པ་སོགས་ཀྱིས་བསྟན་པ་)དང༌། རྡུལ་དང་ཁུ་བ་དང་ཀུན་གཞིའི་རྣམ་པར་ཤེས་པ་ཡང་དག་པར་ སྦྱོར་བའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་དྲུག་པའི་རྐང་པ་དང་པོ་སོགས་)དང༌། ཟླ་བ་སོ་སོ་རེ་རེ་ཞིང་ མངལ་འབྱུང་པའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བརྒྱད་པའི་རྐང་པ་ཐ་མ་སོགས་)དང༌། ཉ་ལ་སོགས་ པ་གནས་སྐབས་བཅུའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་དྲུག་པའི་རྐང་པ་གཉིས་པ་སོགས་)དང༌། སྐུ་བཞི་ དང་རྡོ་རྗེ་བཞིས་དག་པའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བཅུ་གཉིས་པ་སོགས་)དང༌། རྫོགས་པའི་ བྱང་ཆུབ་པ་བཞིས་མངལ་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ(འདི་བསྡུས་རྒྱུད་ན་གསལ་པོ་མེད་ཀྱང་ བཅུ་གཉིས་པ་སོགས་དང་དོན་གཅིག་པ་)དང༌། དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་ དང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་ཚིགས་ཀྱི་གནས་སུམ་བརྒྱ་དྲུག་ཅུ་དང་ཁམས་དྲུག་ དང་རོ་དྲུག་དང་དབང་བོ་དྲུག་དང་ཡུལ་དྲུག་དང་ལས་ཀྱི་དབང་པོ་དྲུག་དང་ལས་ཀྱི་དབང་ པོའི་ཡུལ་དྲུག་དང་རྣམ་པར་ཤེས་པ་དྲུག་དང་འདུ་བྱེད་དྲུག་དང་ཚོར་བ་དྲུག་དང་འདུ་ཤེས་ དྲུག་དང་གཟུགས་དྲུག་དང་ཡེ་ཤེས་དྲུག་དང་འཁོར་ལོ་དྲུག་དང་དཀྱིལ་འཁོར་དྲུག་སྟེང་དང་ འོག་གི་ངོ་བོ་ཉིད་ཀྱིས་གནས་པ་(འདི་གོ་རིམ་ལ་སོགས་པ་བསྡུས་རྒྱུད་དུ་ཅི་རིགས་པར་གསུངས་པ་བཅོ་བརྒྱད་པ་ སོགས་)དང༌། ལྟེ་བའི་ཆུ་སྐྱེས་ལ་སོགས་པའི་འདབ་མ་དང་སྣ་བུག་དག་ལ་གཡོན་དང་གཡས་ ཀྱི་དཀྱིལ་འཁོར་ཕུང་པོ་ལྔ་དང་ཁམས་ལྔ་འབབ་པའི་ངོ་བོ་ཉིད་ཀྱིས་གནས་པ་(འདི་ནི་སོ་བརྒྱད་ པ་སོགས་)དང༌། དབུ་མ་ལས་རྒྱུད་མཐའ་དག་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ་(འདི་ནི་ང་ གཅིག་པ་སོགས་)དང༌། སྲོག་ལ་སོགས་པ་རླུང་གི་བྱ་བའི་ངོ་བོ་ཉིད་ཀྱིས་གནས་པ་(འདི་ནི་ཞེ་གསུམ་ པ་སོགས་)དང༌། ཁམས་རྣམས་ལས་ལྷའི་མཚན་མ་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ་(འདི་ནི་ 2-1-39 བསྡུས་རྒྱུད་དུ་སྒྲུབ་ལེར་དྲུག་ཅུ་རྩ་དགུ་པའི་ཕྱེད་ཕྱི་མ་སོགས་)དང༌། ཟླ་བ་དང་ཉི་མ་དང་མེའི་འཆི་ལྟས་ཀྱི་ངོ་ བོ་ཉིད་ཀྱིས་གནས་པ་(ནི་དྲུག་ཅུ་རྩ་གཅིག་པ་སོགས་)དང༌། ལས་ཀྱི་རྣམ་པར་སྨིན་པས་འགྲོ་བ་དྲུག་ ཏུ་སྐྱེ་བའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་གྱ་གཉིས་པ་སོགས་)དང༌། རྩ་ལ་སོགས་པ་དང་གཟའི་རྐང་ པ་འཆད་པའི་ངོ་བོ་ཉིད་ཀྱིས་གནས་པ(ནི་དྲུག་ཅུ་རེ་བདུན་པ་སོགས་)དང༌། དབུ་མར་ཞུགས་པའི་ དགའ་བ་ལ་སོགས་པ་རྣམས་ཀྱིས་འཆི་ལྟས་ཀྱི་འཆི་བ་བསླུ་བའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་ བརྒྱ་དང་བདུན་པ་སོགས་)དང༌། ཕྱི་རོལ་འཇིག་རྟེན་པའི་བྱ་བ་སྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་ (ནི་བརྒྱ་ཉེར་ལྔ་པ་སོགས་)དང༌། ལྟ་བ་ཐམས་ཅད་རྗེས་སུ་དཔག་པས་ཡོངས་སུ་བརྟག་པའི་ངོ་བོ་ ཉིད་ཀྱིས་གནས་པ་(ནི་བརྒྱ་ང་ལྔ་པ་སོགས་)དང་། སེམས་ཅན་སྣ་ཚོགས་ཀྱི་འདོད་པ་དང་རྗེས་སུ་ མཐུན་པར་ཆོས་རབ་ཏུ་བཞག་པའི་ངོ་བོ་ཉིད་ཀྱིས་གནས་〈ལ་བརྒྱ་དོན་གཉིས་པ་སོགས〉པ་ ཞེས་བྱ་བ་ནི་(བརྒྱ་དོན་གཅིག་པ་སོགས་ཀྱིས་བསྟན་པ་སྟེ་)ནང་གི་ལེའུ་ལའོ།། །། དེ་ནས་དབང་གི་ལེའུ་ལ་(གནས་པ་བཅུ་གཉིས་ལས་)དང་པོར་བླ་མ་ཡོངས་སུ་བརྟག་པའི་ངོ་ བོ་ཉིད་ཀྱིས་གནས་པ་(ནི་གཉིས་པ་སོགས་ཀྱིས་བསྟན་པ་)དང༌། མཆོག་དང་འབྲིང་དང་ཐ་མའི་སློབ་ མ་ཡོངས་སུ་བརྟགས་ཏེ་བསྡུ་བའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བཞི་པ་སོགས་)དང༌། ལས་རབ་ འབྱམས་སྒྲུབ་པ་ལ་གྲོང་ལ་སོགས་པའི་ཕྱོགས་ཀྱི་ཆ་དང་ས་ལ་སོགས་པའི་མཚན་ཉིད་ཀྱི་ངོ་ བོ་ཉིད་ཀྱིས་གནས་པ་(ནི་དྲུག་པ་སོགས་)དང༌། ཐབ་ཁུང་དང་སྦྱིན་སྲེག་གི་རྫས་དང་བགྲང་ཕྲེང་ དང་གདན་དང་ཕུར་བུ་དང་བུམ་པ་དང་རྡུལ་ཚོན་དང་ཐིག་སྐུད་དང་འཁྲུལ་འཁོར་དགོད་ པའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བཅུ་པ་སོགས་)དང༌། ས་ཡོངས་སུ་གཟུང་བ་དང་ དཀྱིལ་འཁོར་བྲི་བ་དང་(རྩ་བའི་རྒྱུད་དུ་)དེ་ཉིད་བཅུ་ཡོངས་སུ་ཤེས་པ(བཞུགས་ཀྱང་བསྡུས་རྒྱུད་འདིར་དེ་ ཉིད་བཞི་)འི་ངོ་བོ་ཉིད་ཀྱིས་གནས་པ་(འདི་ནི་ཉེར་གསུམ་པ་སོགས་)དང༌། འཇིག་རྟེན་པ་དང་འཇིག་ རྟེན་ལས་འདས་པའི་དབང་སྦྱིན་པའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་གྱ་བཞི་པའི་རྐང་པ་ཐ་མ་སོགས་) 2-1-40 དང༌། ཐམས་ཅད་རབ་ཏུ་གནས་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བརྒྱ་དང་བཞི་ ལ་སོགས་)དང༌། དམ་ཚིག་གི་འཁོར་ལོ་འདུས་པ་དང་དམ་ཚིག་གི་མཆོད་པའི་ངོ་བོ་ཉིད་ཀྱིས་ གནས་པ་(ནི་བརྒྱ་ཉེར་བདུན་པ་སོགས་)དང༌། རིགས་སུམ་྄ཅུ་རྩ་དྲུག་གི་ལྷ་མོ་དང་ཕྱག་རྒྱ་དང་ལྟ་ སྟངས་དང་མཚན་མ་དང་དམ་ཚིག་གི་བརྡ་དང་རིགས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གནས་ པ་(ནི་{བརྒྱ་}བདུན་ཅུ་པ་སོགས་)དང༌། དཀྱིལ་འཁོར་གྱི་འཁོར་ལོ་གཤེགས་སུ་གསོལ་བའི་ངོ་ བོ་ཉིད་ཀྱིས་གནས་པ་(ནི་ཉིས་བརྒྱ་པ་སོགས་)དང༌། ཆུ་བོ་ཆེན་པོ་ལ་སོགས་པ་དང་རང་རང་གི་ ཁྱིམ་དུ་རྡུལ་ཚོན་དང་ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ཏེ་མཆོད་པའི་ངོ་བོ་ཉིད་ཀྱིས་ གནས་པ་(ནི་ཉིས་བརྒྱ་གཉིས་པ་)དང༌། དཔལ་ལྡན་བླ་མ་དབུལ་བ་ཐམས་ཅད་ཀྱིས་མཉེས་པའི་ ངོ་བོ་ཉིད་ཀྱིས་གནས་པ་〈ལོ་བརྒྱ་གོ་བརྒྱད་པ〉ཞེས་བྱ་བ་ནི་( བརྒྱ་གོ་བརྒྱད་པ་སོགས་ཀྱིས་ བསྟན་པ་སྟེ་)དབང་གི་ལེའུ་ལའོ།། །། དེ་ནས་སྒྲུབ་ཐབས་ཀྱི་ལེའུ་ལ་(གནས་པ་བདུན་ལས་)དང་པོར་སྲུང་བའི་འཁོར་ལོ་ལ་སོགས་ པ་དང་ཁ་དག་པ་དང་རང་གི་སྙིང་ཁའི་ཟླ་བའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་དེ་བཞིན་ གཤེགས་པ་སྤྲོ་བའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བཞི་པའི་ཕྱེད་སྔ་མས་བསྟན་པ་)དང༌། བླ་ན་མེད་ པའི་མཆོད་པ་དང་སྡིག་པ་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་གསུམ་ ལ་སྐྱབས་སུ་འགྲོ་བ་དང་བདག་ཉིད་དབུལ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལམ་ བསྟེན་པ་དང་སྟོང་པ་ཉིད་ལ་དམིགས་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བཞི་པའི་ ཕྱེད་ཀྱི་ཕྱི་མ་སོགས་)དང༌། བསྐྱེད་པའི་རིམ་པ་ལ་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་ དང་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་ལ་སོགས་པའི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ ཀྱིས་གནས་པ་(ནི་བརྒྱད་པ་སོགས་)དང༌། ཕྱི་རོལ་འཇིག་རྟེན་པའི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ ངོ་བོ་ཉིད་ཀྱིས་གནས་པ་(ནི་བརྒྱ་སོ་བཞི་པ་སོགས་)དང༌། མཆོད་སྦྱིན་ལ་སོགས་པ་དང་རིག་བྱེད་ 2-1-41 ཀྱི་མཐའ་གསང་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དང་ཡན་ལག་དྲུག་གི་སྦྱོར་བ་ལ་སོགས་པའི་ སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་(ནི་ཉིས་བརྒྱ་གཅིག་པ་སོགས་)དང༌། སྦྱིན་པ་ལ་སོགས་པ་ བསོད་ནམས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་(ནི་ཉིས་བརྒྱ་བཅུ་གཉིས་པ་སོགས་)དང༌། མངོན་ སུམ་དང་ལྐོག་ཏུ་གྱུར་པའི་སེམས་སྒོམ་པའི་ངོ་བོ་ཉིད་ཀྱིས་གནས་པ་〈ལ་ཉིས་བརྒྱ་སོ་གཉིས་ པ་སོགས〉ཞེས་བྱ་བ་ནི་(ཉིས་བརྒྱ་སོ་གཅིག་པ་སོགས་ཀྱིས་བསྟན་པ་སྟེ་)སྒྲུབ་ཐབས་ཀྱི་ལེའུ་ལའོ།། །། དེ་ནས་ཡེ་ཤེས་ཀྱི་ལེའུ་ལ་(གནས་པ་ཉི་ཤུ་ལས་)དང་པོར་ལུས་ཀྱི་རུས་པ་ལ་སོགས་པའི་ ཁམས་རྣམ་པར་དག་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཀྱིས་གནས་པ་(ནི་ཚིགས་བཅད་གཉིས་པ་ སོགས་ཀྱིས་བསྟན་པ་)དང༌། སྐུ་དང་གསུང་དང་ཐུགས་དང་རིགས་དྲུག་གི་ལྷའི་ངོ་བོ་ཉིད་ཀྱིས་ གནས་པ་(ནི་བཞི་པའི་རྐང་པ་{གཅིག་{གཉིས}པ་སོགས་)དང༌། ཨ་ལ་སོགས་པ་དང་ཀ་ལ་སོགས་པ་ སྔགས་ཀྱི་རིགས་དྲུག་གི་ངོ་བོ་ཉིད་ཀྱིས་གནས་པ་(ནི་ལྔ་པ་སོགས་)དང༌། ཤེས་རབ་དང་ཐབས་ ཀྱི་རྒྱུད་སུམ་ཅུ་རྩ་དྲུག་གི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བརྒྱད་པ་སོགས་)དང༌། ཤེས་རབ་དང་ ཐབས་དང་བྱ་བ་དང་རྣལ་འབྱོར་རྗེས་སུ་རིག་པ་དང་སྡོམ་པ་ཆེན་པོ་དང་འཁོར་ལོ་སྒྱུར་བ་ དྲུག་སྤྲོ་བའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བཅོ་བརྒྱད་པ་སོགས་)དང༌། དབང་བཞི་པ་མཆོག་ཏུ་མི་ འགྱུར་བ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་ (ནི་གྱ་དགུ་པ་སོགས་)〈ལ་ཉེར་བདུན་པ〉དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲོ་བའི་ངོ་བོ་ཉིད་ཀྱིས་ གནས་པ་(ནི་བཅུ་གསུམ་པ་སོགས་)དང༌། བྱང་ཆུབ་ཀྱི་སེམས་བརྟེན་པའི་སྒྲུབ་ཐབས་ཀྱི་ངོ་བོ་ཉིད་ ཀྱིས་གནས་པ་(ནི་དོན་བདུན་པ་སོགས་)དང༌། ཤེས་པ་དང་ཤེས་བྱ་རྣམ་པ་ཀུན་གྱི་བདག་ཉིད་ཕྱག་ རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ངོ་བོ་ཉིད་ཀྱིས་གནས་〈ལ་ཉེར་བདུན་པ〉པ་(ནི་བརྒྱ་ཉེར་བདུན་པ་སོགས་) 〈ལ་གྱ་དགུ་པ་སོགས〉དང༌། སྐུ་དང་གསུང་དང་ཐུགས་ཀྱི་མཛད་པ་ཐམས་ཅད་བརྟག་པའི་ ངོ་བོ་ཉིད་ཀྱིས་གནས་པ་(ནི་གོ་དྲུག་པ་སོགས་)དང༌། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ 2-1-42 བསྟན་པའི་ངོ་བོ་ཉིད་ཀྱིས་གནས་པ་(འདི་བསྡུས་རྒྱུད་ན་རྒྱས་པར་མི་བཞུགས་ཀྱང་ཅུང་ཟད་བརྒྱ་གོ་གཉིས་པ་ སོགས་ཀྱིས་སྟོན་པ་)དང༌། སངས་རྒྱས་ཀྱི་ཞིང་བསྡུ་བའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བརྒྱ་དྲུག་ཅུ་རྩ་ལྔ་ པ་སོགས་)དང༌། ནམ་མཁའི་ཁམས་ལ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་གཅིག་ཏུ་བཞུགས་པའི་ངོ་བོ་ཉིད་ཀྱིས་གནས་ པ་(ནི་བརྒྱ་དྲུག་ཅུ་རྩ་དྲུག་པ་སོགས་)དང༌། སངས་རྒྱས་ཀྱི་ཞིང་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་ བརྒྱ་{བདུན་ཅུ་{དྲུག་ཅུ}རྩ་བདུན་པའི་རྐང་པ་གཉིས་པ་སོགས་) དང༌། སངས་རྒྱས་ཀྱི་ཞིང་རྡོ་རྗེར་བྱིན་གྱིས་ བརླབ་པའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་བརྒྱ་དྲུག་ཅུ་རྩ་དགུ་པ་སོགས་)དང༌། མོས་པ་སྣ་ཚོགས་པའི་ སེམས་ཅན་གྱི་བསམ་པའི་དབང་གིས་ཆོས་བསྟན་པའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་ང་བཞི་པ་ སོགས་)དང༌། བཅུད་དང་བཅུད་ལེན་ལ་སོགས་པ་ལུས་ཀྱི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་ངོ་ བོ་ཉིད་ཀྱིས་གནས་པ་(ནི་ཉིས་བརྒྱ་དང་གཅིག་པ་སོགས་)དང༌། མཆོག་ཏུ་མི་འགྱུར་བའི་བདེ་བས་ སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་ཉིས་བརྒྱ་སོ་གཉིས་པ་སོགས་)དང༌། ཆོས་ཡང་དག་པར་བསྡུ་བ་དང་རྩིས་ཀྱི་མིང་བསྡུ་བའི་ངོ་བོ་ཉིད་ཀྱིས་གནས་པ་(ནི་ཉིས་ བརྒྱ་སོ་བརྒྱད་པ་སོགས་)དང༌། འགྱུར་མེད་ལྔ་དང་འགྱུར་མེད་དྲུག་གི་སྟོང་པ་ཆེན་པོ་དང་ཐིག་ལེ་ སྟོང་པ་ལ་བསྟོད་པའི་ངོ་བོ་ཉིད་ཀྱིས་གནས་པ་〈ལ་ཉིས་བརྒྱ་ཞེ་བཞི་པ་སོགས་〉ཞེས་བྱ་བ་ནི་ (ཉིས་བརྒྱ་ཞེ་བཞི་པ་སོགས་ཀྱིས་བསྟན་ཏེ་)ཡེ་ཤེས་ཀྱི་ལེའུ་ལའོ(དེ་ལྟར་ན་གནས་པ་འདི་རྣམས་རྩ་རྒྱུད་ཀྱི་ཡིན་པས་ བསྡུས་རྒྱུད་འདིར་ལ་ལ་མི་གསལ་ཞིང་ལ་ལ་གོ་རིམ་མི་མཐུན་ཡང་སྐྱོན་མེད་དོ)།། །། ༈ དེས་ན་རིམ་པ་འདིས་གསུངས་པའི་ཕྱིར་ལེའུ་ལྔའི་ངོ་བོ་ཉིད་ཀྱིས་གནས་པའི་བཅོམ་ ལྡན་འདས་དུས་ཀྱི་འཁོར་ལོ་〈བདེ་གཤེགས་སྙིང་པོ〉ནི་འདིར་བརྗོད་པར་བྱ་བའོ། །འདི་སྟོན་ པར་བྱེད་པའི་ལེའུའི་ཚོགས་རྒྱུད་ཀྱི་རྒྱལ་པོ་ནི་རྗོད་པར་བྱེད་པའོ། ། ༈ བརྗོད་བྱ་དང་རྗོད་བྱེད་འདི་དག་〈ཁམས་དང་རིགས་ལ་སོགས་པས〉ཕན་ཚུན་བརྗོད་ 2-1-43 བྱ་རྗོད་བྱེད་ཀྱི་མཚན་ཉིད(བརྗོད་བྱ་དོན་ལ་གནས་པ་ལྟར་རྗོད་བྱེད་ཀྱིས་བརྗོད་ཅིང་རྗོད་བྱེད་ཀྱིས་ཇི་ལྟར་བརྗོད་ པ་ལྟར་བརྗོད་བྱ་དོན་ལ་གནས་པ་)〈དུ་གྲུབ་པ〉ནི་(བརྗོད་བྱ་རྗོད་བྱེད་ཀྱི་)〈ཁམས་དང་རིགས་ལ་སོགས་པ〉 འབྲེལ་པ་(ཞེས་བྱ་)སྟེ། བརྗོད་པར་བྱ་བ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལེའུ་ལྔའི་ངོ་ བོ་ཉིད་ཀྱིས་བཞུགས་པ་ཡིན་ལ་རྗོད་པར་བྱེད་པ་ནི་དུས་ཀྱི་འཁོར་ལོ་〈བདེ་གཤེགས་སྙིང་པོ〉 རྗོད་པར་བྱེད་པ་ལེའུ་ལྔའི་བདག་ཉིད་དོ། །ཡང་(སེམས་ཅན་ཐམས་ཅད་ལ། གདོད་མ་ནས་བཞུགས་པའི་ ཆོས་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་)དང་པོའི་སངས་རྒྱས་བཅོམ་ལྡན་འདས་ནི་བརྗོད་པར་བྱ་བ་ ཡིན་ལ་རྗོད་པར་བྱེད་པ་ནི་〈བདེ་གཤེགས་སྙིང་པོ〉དང་པོའི་སངས་རྒྱས་རྗོད་པར་བྱེད་པའོ་ ཞེས་བྱ་བ་སྟེ་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་ནི་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པའོ། ། ༈ དེ་ནས་དཀྱིལ་འཁོར་དུ་ཞུགས་པ་ལས་འཇིག་རྟེན་པའི་དབང་〈བདུན〉(བཅུ་)སྦྱིན་〈པ་ དང་བསྐྱེད་པའི་རིམ་པ〉པས་(བསྐྱེད་པའི་རིམ་པ་དང་བྱང་སེམས་མི་འཛག་པའི་ཚུལ་ཁྲིམས་ཀྱི་ཚོགས་ཏེ་)བསོད་ ནམས་ཀྱི་ཚོགས་ཀྱི་དོན་བྱེད་པ་(བསོད་ནམས་ཀྱི་ཚོགས་བསགས་པ་)ནི་དགོས་པའོ(འདིར་དབང་གོང་མ་ འཇིག་རྟེན་པ་གསུམ་ལ་བརྟེན་པའི་ཚུལ་ཁྲིམས་ཀྱི་ཚོགས་ནི་བསོད་ནམས་ཀྱི་ཚོགས་སུ་བསྡུས་པ་ཡིན་ཏེ་རྩ་བའི་རྒྱུད་ལས། ཆགས་བྲལ་ལས་གཞན་སྡིག་པ་མེད། །བདེ་བ་ལས་གཞན་བསོད་ནམས་མེད། །ཅེས་གསུངས་པ་ལྟར་རོ)། ། ༈ (དེ་ནས་)〈དབང་གོང་མ་རྣམས་བསྐུར་ནས〉ཤེས་རབ་ཆེན་པོ་འཇིག་རྟེན་ལས་འདས་ པའི་དབང་བཞི་པ་〈རྫོགས་རིམ〉སྦྱིན་པ(ལ་བརྟེན་ན་)ས་〈ཐབས་སམ་ཤེས་རབ་ཀྱི〉(རྫོགས་རིམ་སྦྱོར་ བ་ཡན་ལག་དྲུག་བསྒོམས་པས་ཐབས་ཤེས་སོ་སོའི་)རིས་(སུ་ཆད་པ་)〈སུ་ལྟ་བུ་པ〉མེད་〈ཅིང་དབྱེར་མེད་དུ་ འདྲེས་པ〉པ་(ཐབས་ཤེས་དབྱེར་མེད་{པ་ནི་}མ་ནིང་གི་གོ་འཕང་)ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་བྱེད་པ(ཚོགས་གཉིས་རྫོགས་པས་སྐུ་གཉིས་ཐོབ་པ་)ནི་ དགོས་པའི་དགོས་པ་སྟེ། ། ༈ (དེ་ལྟར་རྩ་བའི་རྒྱུད་ཀྱི་)བརྗོད་བྱ་ལ་སོགས་པའི་མཚན་ཉིད་འདི་དག་ཉིད་(བཅོམ་ལྡན་འདས་ 2-1-44 ཀྱིས་)མངོན་པར་གཟིགས་ནས་(སྔར་མདོར་བསྟན་པའི་དོན་རྒྱས་པར་འཆད་པ་)གདུལ་བྱའི་སྐྱེ་བོ་ངེས་ པ་དང་བྲལ་བ་རྣམས་ལ་རང་གི་སེམས་ཀྱི་བསམ་པས་ཞེས་བྱ་བ་ལ་(རྒྱུད་གཞན་ལས་ཀྱང་དམྱལ་ བར་འགྲོ་བ་བྱང་ཆུབ་ཀྱི་གཏན་གྱི་གེགས་བྱེད་མ་ཡིན་གྱི་ཉན་ཐོས་དང་ནི་རང་སངས་རྒྱས་བྱང་ཆུབ་ཀྱི་ནི་གཏན་གྱི་གེགས་ཞེས་ གསུངས་པ་ལྟར་)ངེས་པ་ནི་ཉན་ཐོས་པའི་མཆོག་གི་སྡོམ་པ་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་ པ་དང་བྲལ་བའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡི་(ངེས་པ་)〈ངེས་པ〉སྟེ་དེ་〈ངེས་ངེས〉དང་བྲལ་བ་(སྟེ་ཇི་ སྲིད་འཚོའི་བར་དུ་སོ་སོར་ཐར་བའི་སྡོམ་པ་ཁོ་ན་བསྲུང་པའི་ངེས་པ་མེད་པ་)ནི་ངེས་པ་དང་བྲལ་བའོ། །(དེ་ལྟ་བུའི་ གདུལ་བྱ་)〈ངེས་པ་དང་བྲལ་བ〉དེ་དག་གི་རང་གི་སེམས་ཀྱི་བསམ་པ་ནི་(མི་འགྱུར་བའི་བདེ་བ་ཆེན་ པོའི་སྐད་ཅིག་མ་རྣམས་འཕེལ་བར་བྱ་བའི་ཕྱིར་)〈ཡེ་ཤེས་འཕེལ་བའི་རྐྱེན་དུ་གྱུར་ན〉འདོད་པ་ལྔ་ལ་ཉེ་ བར་ལོངས་སྤྱོད་པར་འདོད་〈ཅིང་མི་འགྱུར་ན་འདོད་པས་མ་ངེས〉པའོ། །དེ་བཞིན་དུ་དབང་ པོ་གཉིས་(སྦྱོར་ཡང་བྱང་སེམས་མི་འཛག་པ་ཉིད་)ཀྱི་བདེ་བ་ཆེན་པོ་〈རྗེས་དྲན་གྱི་སྐབས་སུ〉འདོད་པ་ (སྟེ་དོན་དུ་གཉེར་བ་)〈འམ་དགོས་པ་གཞན་ལའང་སྟེ་དེ〉ནི་ངེས་པ་དང་བྲལ་བ་རྣམས་ཀྱི་རང་གི་ སེམས་ཀྱི་བསམ་པ་〈དོན་ཆེ་ཆུང་གིས་བླང་དོར་བྱེད་པ〉སྟེ། རང་གི་སེམས་ཀྱི་བསམ་པ་ 〈དོན་ཆེ་ཆུང་གིས་བླང་དོར་བྱེད་པ〉འདིས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ ཏུ་སྟེར་བ་ཞེས་པ་ནི་སྐྱེ་བ་འདི་སྟེ་མིའི་སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ རྒྱུད་ཀྱི་རྒྱལ་པོའ(ོཉན་ཐོས་ཀྱི་རིགས་ལྔའི་དེ་དག་ལ་ནི་གསང་སྔགས་ཀྱི་དེ་ཁོ་ན་ཉིད་མི་བསྟན་ཏེ་བཅོམ་ལྡན་འདས་ཀྱིས་ གང་ཞིག་དགེ་སློང་དངོས་གནས་དང་གང་ཡང་རྟོག་ལ་དགའ་བའི་མི་གང་ཞིག་གི་རྒོད་པར་གནས་འགྱུར་པ། དེ་ལ་དེ་ཉིད་མི་ བསྟན་ནོ། །ཞེས་གསུངས་པ་དང༌། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང༌། ཐབས་དང་མི་ལྡན་ཡེ་ཤེས་ དང༌། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོའི་ཉན་ཐོས་རྣམས། །དེ་ལ་གཟུད་པའི་ཕྱིར་བཤད་དོ། །ཞེས་གསུངས་ པ་དང༌། རྩ་བའི་མདོ་ལས་ཀྱང༌། དགེ་བ་བཅུ་ཡི་ལས་ཀྱི་ལམ། །འདོད་པའི་ཡེ་ཤེས་སྤངས་པའོ། །ཞེས་གསུངས་པ་དང༌། དེ་ བས་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་ཉན་ཐོས་ཀྱི་ཐེག་པ་ལ་མི་བསླབ་བྱང་ཆུབ་བསླབ་སྤྱོད་པ་དེ་ལ་བསླབ་པར་བྱ་སྟེ། བྱང་ 2-1-45 ཆུབ་སྤྱོད་པ་སྤྱད་པར་སངས་རྒྱས་ཡོན་ཏན་དང༌། གླིང་འདི་ལ་རང་བྱུང་དག་ཏུ་འགྱུར། ཞེས་གསུངས་དང་དེ་བས་ན་ཁྱད་པར་ གྱི་རྒྱུ་ལས་ཁྱད་པར་གྱི་འབྲས་བུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་མཆོད་པ་ལྔའི་ཡུལ་རྣམས་ལ་ཁྱད་ པར་གྱི་ལོངས་སྤྱོད་ཀྱི་དངོས་པོར་གྱུར་པས་ཁྱད་པར་གྱི་འབྲས་བུ་ཐོབ་པར་གྱུར་བ་ཡིན་པར་ཤེས་པར་བྱའོ། །གཞན་དུ་ན་སྤྱོད་ པར་དགའ་བ་རྣམས་ཀྱིས་སེམས་རྩེ་གཅིག་པ་ཐོབ་པར་མི་འགྱུར་ཏེ་དབང་པོ་ལྔ་ཚར་གཅད་པའི་ཕྱིར་རོ། །ཇི་སྐད་དུ་བཅོམ་ ལྡན་འདས་ཀྱིས་དཔལ་མཆོག་དང་པོའི་རྒྱུད་ལས། དཀའ་ཐུབ་སྡོམ་པ་མི་བཟད་པས་ལུས་སྐམ་འགྱུར་ཞིང་སྡུག་བསྔལ་ལ་སྡུག་ བསྔལ་གྱིས་ནི་སེམས་གཡེངས་པས། དངོས་གྲུབ་ཕལ་པ་གཞན་དུ་འགྱུར་ཞེས་གསུངས་པ་དང༌། རྩ་བའི་རྒྱུད་ལས་ཀྱང༌། དཀའ་ ཐུབ་དཀའ་བ་མི་བཟད་པ། །བསྟེན་ན་གྲུབ་པར་མི་འགྱུར་གྱི། །འདོད་པ་ཀུན་ལ་ལོངས་སྤྱོད་པ། །བསྟེན་ན་མྱུར་ཏུ་འགྲུབ་པར་ འགྱུར། །ཞེས་སོགས་ཨཱརྱ་དེ་བས་སྤྱོད་བསྡུས་སྒྲོན་མར་དྲངས་སོ)། །ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་ མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། (དེ་རྣམས་)ལས་ཀྱི་ས་མ་ཡིན་པར་སྐྱེས་པའི་ཕྱིར་རོ། །འདིར་ 〈ཚོགས་བསགས་པའི〉ལྷ་ལ་སོགས་པ་རྣམས་ལ་ཡང་(ཚོགས་བསགས་ཏེ་)མིའི་སྐྱེ་བ་ཐོབ་ནས་ (རྟེན་དེ་{ལས{ལ}་)སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བར་འགྱུར་རོ་ཞེས་པ་ནི་བཅོམ་ ལྡན་འདས་ཀྱི་(དམ་བཅའ་བའི་)ངེས་པའོ། །(དེ་ཡང་མིའི་སྐྱེ་བ་ཐོབ་ཙམ་གྱི་སྐྱེ་བ་གཅིག་པུ་དེ་ལ་སྟེར་བ་ནི་མ་ཡིན་ གྱི་སྐྱེ་བ་སྔ་མ་ཡང་དག་ཏུ་)〈མིའི་སྐྱེ་བ་ཡང་〉བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་〈དང་ལྡན་པ〉དག ( བསགས་པ་) ལས་ཁམས་དྲུག་གི་བདག་ཉིད་ཅན་( གཞན་དོན་དུ་ཚོགས་གཉིས་ཀྱི་དགེ་བ་ ལ་བརྩོན་པ་དང་ལྡན་པའི་)སྐྱེས་བུ་ཆེན་པོའི་གང་ཟག་ལའོ་ཞེས་པ་སྟེ། (སྔོན་ཚོགས་བསགས་པ་ལ་)རྣམ་པ་གཞན་དུ་(ཚོགས་མ་བསགས་པས་ཚེ་འདིར་)〈སྔོན〉ལས་ངན་པ་(མི་དགེ་བ་སྤྱོད་པ་)དང་ལྡན་པའི་ མིའི་སྐྱེ་བ་(དམན་པ་)འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ནི་མ་ཡིན་ནོ་ཞེས་པ་ དེ་བཞིན་གཤེགས་པའི་ངེས་པའོ། ། ༈ ཅི་སྟེ་(མི་དགེ་བ་སྤྱོད་པའི་གང་ཟག་གིས་སྐྱེ་བ་འདི་ལ་སངས་རྒྱས་ཐོབ་པར་མི་ནུས་པ་མི་འཐད་དེ་)སྔགས་ཀྱི་ ཐེག་པ་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་(འདུས་པ་ལ་སོགས་པར་)གསུངས་པ་ནི་འདི་ 2-1-46 ལྟ་སྟེ། གདོལ་པ་སྨྱིག་མ་མཁན་སོགས་དང༌། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། 〈ཞེས་པ་དང༌། དཔལ་བརྟགས་ པ་གཉིས་པའི་ཕྱི་མར་ཡང༌། མཚམས་མེད་ལྔ་ནི་བྱེད་པ་དང༌། །སྲོགས་ཆགས་གསོད་ལ་ དགའ་གང་དང༌། །གཞན་ཡང་སྐྱེ་བ་དམན་གང་དང༌། །རྨོངས་དང་མ་རུངས་ལས་བྱེད་དང༌། ། གཟུགས་ངན་ཡན་ལག་མ་ཚང་བ། །དེ་རྣམས་ཀྱིས་ཀྱང་བསམ་པས་འགྲུབ། །〉། ཞེས་པ(དང་ དཔལ་ལྡན་བརྟག་པ་གཉིས་པའི་ཕྱི་མར་ཡང༌། མཚམས་མེད་ལྔ་ནི་བྱེད་པ་དང༌། །སྲོག་ཆགས་གསོད་ལ་དགའ་བ་དང༌། །གཞན་ ཡང་སྐྱེ་བ་དམན་གང་དང༌། །རྨོངས་དང་མ་རུངས་ལས་བྱེད་དང༌། །གཟུགས་ངན་ཡན་ལག་མ་ཚང་བ། །དེ་རྣམས་ཀྱིས་ཀྱང་ བསམ་པས་འགྲུབ། །ཅེས་གསུངས་པས་མི་དགེ་བ་བྱེད་ཀྱང་སྔགས་ཀྱི་ཐེག་པ་ལ་ཞུགས་ན་སྐྱེ་བ་གཅིག་ལ་སངས་རྒྱས་ཐོབ་པ་) 〈ལས་ངན་པས་མི་གནོད་པར་གསུངས་པ་དང་འགལ་བ〉ཡིན་ནོ་ཞེ་ན། ། ༈ བཅོམ་ལྡན་འདས་ཀྱི་གསུང་འདི་ནི་བདེན་ཏེ། (འོན་ཀྱང་དེའི་དགོངས་པ་)〈དེའི་དགོངས་པ〉སྐྱེ་ བ་འདི་ལ་སྔར་མཚམས་མེད་པ་ལྔ་ལ་སོགས་པ་མི་བཟད་པའི་ལས་གང་བྱས་པ(འི་ལས་ཀྱི་སྒྲིབ་ པ་)དེ་རྣམས་〈ཕྱིས〉(ལས་བྱེད་པ་པོའི་གང་ཟག་དེ་ཕྱིས་)སྔགས་ཀྱི་ཐེག་པ་འདིར་(ཞུགས་ནས་དབང་བསྐུར་བ་ བླངས་ཏེ་དབང་བཞི་བའི་དོན་)〈ཞུགས་ནས་བསྒོམ་པས〉 ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་བ(བསྒོམས་ པ་)འི་ཏིང་ངེ་འཛིན་གྱིས་བཅོམ་(པ་སྟེ་ལས་ཀྱི་སྒྲིབ་པ་དེ་ཟད་པར་བྱས་)ནས། མི་དགེ་བ་(སྡིག་པ་)གློ་ བུར་པ་(སྟེ་གསར་དུ་བྱུང་བ་)གཞན་མི་འཇུག་པར་བྱ་བའི་ཕྱིར་རྡོ་རྗེ་ཆོས་འབྱུང་(ཕྱག་རྒྱ་ཆེན་པོ་འོད་ གསལ་བ་ཆོས་དབྱིངས་)〈བདེ་སྟོང་〉གི་ཁང་པར་〈ཞུགས་ནས〉བདུད་བཞི་(གནོད་སེམས་རྣམ་འཚེ་མི་དགེ་བ་ ཆགས་སྡང་སོགས་)དང་བགེགས་ཀྱི་(སེམས་ཞུགས་ནས་ལུས་ངག་སེམས་དང་ཡེ་ཤེས་ཀྱི་སྒྲིབ་པའི་)དགྲ་〈གནོད་ སེམས་ལ་སོགས་པ〉འཇུག་པའི་(སེམས་ཀྱི་)སྒོ་རྣམས་ལ་བྱམས་པ་དང་སྙིང་རྗེ་དང་དགའ་བ་ དང་བཏང་སྙོམས་(ཏེ་ཚངས་པའི་གནས་བཞི་དང་དགེ་བ་བཅུ་)ལ་སོགས་པ་དང་(དྲན་པ་ཉེ་བར་བཞག་པ་བཞི་ ལ་སོགས་པ་)བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྒོ་གླེགས་རྣམས་བཅུག་ནས་(ཆོས་འབྱུང་གི་ཁང་པ་)དེ་ 2-1-47 ཉིད་དུ་(ཐབས་)རྡོ་རྗེ་སེམས་དཔའ་(བདེ་བ་ཆེན་པོའི་སྐུ་ཤེས་རབ་འོད་གསལ་སྟོང་ཉིད་)ཕྱག་རྒྱ་ཆེན་མོ་དང་ ལྷན་ཅིག་〈དབྱེར་མེད〉ཏུ་བསྒྲུབས་ན་(ཚེ་སྟོད་ལ་)〈སྔར〉མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང་ སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་ པས་བཞེད་ཀྱི་〈གཞན་དག་འདོད་པ་ལྟར〉སྔགས་ཀྱི་ཐེག་པར་ཞུགས་པའི་རྗེས་ལ་མཚམས་ མེད་པ་ལྔ་ལ་སོགས་པ་མི་བཟད་པའི་ལས་བྱེད་པ་རྣམས་ཀྱང་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་པས་ཡང་དག་པར་བཞེད་པ་ མ་ཡིན་ནོ། །(དེའི་རྒྱུ་མཚན་སངས་རྒྱས་ཀྱི་བསྟན་པ་)〈དེའི་རྒྱུ་མཚན〉འདིར་ཐེག་པ་གསུམ་ཀ་ལ་ཡང་ བཅོམ་ལྡན་འདས་ཀྱི་གསུང་(དམ་པའི་ཆོས་)ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་ བ་ཞེས་བཅོམ་ལྡན་ཀྱིས་གསུངས་〈ཀྱི་ཐོག་མར་མི་དགེ་བ། པར་དུ་མི་དགེ་བ། ཐ་མར་མི་ དགེ་བ་ཞེས་མ་གསུངས〉པའི་ཕྱིར་སྔགས་ཀྱི་ཐེག་པ་ལ་ཞུགས་པའི་རྗེས་ལ་སྡིག་པ་བྱས་ཀྱང་ སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་པ་ནི་〈པར་དུ་མེ་དགེ་བར་སོང་བས་ན〉 དེ་བཞིན་གཤེགས་པའི་ངེས་པ་མ་ཡིན་ནོ(དེས་ན་ལས་ངན་པ་དང་ལྡན་པའི་མིའི་སྐྱེ་བ་འདི་ལ་སངས་རྒྱས་ཀྱི་ འབྲས་བུ་མི་སྟེར་ཞེས་པ་ནི་སྔགས་ཀྱི་ཐེག་པར་ཞུགས་ནས་ཀྱང་མི་དགེ་བ་སྤྱོད་པའི་གང་ཟག་གིས་སྐྱེ་བ་དེ་ལ་སངས་རྒྱས་མི་ འཐོབ་ཅེས་པའི་དོན་{ཡིན}པས་ལུང་དེ་དང་མི་འགལ་ཞེས་པ་ཡིན་ནོ)། ། ༈ (སྔགས་ཀྱི་ཐེག་པར་ཞུགས་ནས་སྡིག་པ་སྤང་དགོས་པ་ཡིན་པ་)འོ་ན་སྔགས་ཀྱི་ཐེག་པ་འདིར་〈སྡིག་ པ་སྤོང་དགོས་ན〉རྣལ་འབྱོར་པ་རྣམས་ཀྱིས་ཤ་བཟའ་བར་བཅོམ་ལྡན་འདས་ཀྱིས་གསུངས་ ལ་(ཤ་)དེ་ཉིད་ཀྱང་རྟག་ཏུ་སྲོག་བཅད་པ་ལས་འབྱུང་སྟེ་སྲོག་བཅད་པ་མེད་པར་〈རང་གི་ ལས་ཀྱི་ཤི་བ〉ནི་བརྒྱ་ལམ་(སྟེ་རེ་འགའ་)ན་སྲིད་དོ། །〈དེའི་རྒྱུ་མཚན〉གལ་ཏེ་(ཤ་)〈གསོད་པ་པོ་ མེད་ན་གསོད་པ་པོ་མི་འབྱུང་ལྟར〉ཟ་བ་པོ་མེད་ན་(སྲོག་ཆགས་)གསོད་པ་པོ་ཡང་མི་འབྱུང་ངོ༌། ། དེའི་ཕྱིར་ཟ་བ་པོ་དང་གསོད་པ་པོ་(གཉི་ག་)དག་གིས་〈མཐུན་པར〉སྲོག་གཅོད་པར་འགྱུར་ 2-1-48 རོ། །(དེས་ན་ཤ་ཟ་བ་པོ་རྣལ་འབྱོར་བས་ཤ་བཟའ་བར་རུང་བ་དང་སྲོག་གཅོད་ཀྱི་ལས་བྱ་བར་རུང་བ་ལ་ཁྱད་པར་མེད་པས་ སྔགས་ཀྱི་ཐེག་པར་ཞུགས་པའི་རྗེས་ལ་སྡིག་པ་བྱས་ཀྱང་ཉེས་པ་མེད་དོ། །སྔགས་ཀྱི་ཐེག་པར་རྣལ་འབྱོར་པས་ཤ་བཟའ་བར་ཇི་ ལྟར་གསུང་ན་སྔགས་ཀྱི་ཐེག་པ་)〈སྔགས་ཀྱི་ཚུལ〉འདིར་ཡང་ཉི་མ་སོ་སོར་སྔགས་པས་(ཤ་དང་བདུད་རྩི་ལྔ་ དང་ཆང་དང་ཕྱག་རྒྱ་བསྟེན་པའི་)〈ཤ་དང་བདུད་རྩི་ཆང་དང་ཕྱག་རྒྱ〉དམ་ཚིག་བཞི་(བསྟེན་པར་)〈བསྟེན་ པར〉བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ་ཞེ་ན〈དེས་ན་དེ་དག་ཕན་ཚུན་འགལ་ ལོ〉། ༈ (སྔགས་པས་ཤ་བཟའ་བར་གསུངས་པ་)〈གསུངས་པ〉དེ་ནི་བདེན་〈པས་དེའི་དགོངས་པ་ཤེས་ དགོས〉ཏེ(འོན་ཀྱང་དེའི་དགོངས་པ་ནི་)རྒྱུ་གང་གི་ཕྱིར་མཚན་མ་(མཆོད་སྦྱིན་ལ་སོགས་པའི་ཆེད་དུ་)དང་ཁ་ ན་མ་ཐོ་བ་དང་བཅས་པས་(སྟེ་ནོར་རྫས་ལ་སོགས་རིན་ཐོབ་པའི་ཆེད་དུ་)སྲོག་གཅོད་པར་འགྱུར་བ་རྒྱུ་ དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་མཚན་མ་མེད་པ་(སྟེ་མཆོད་སྦྱིན་ལ་སོགས་པའི་དོན་དུ་བསད་པ་མ་ ཡིན་པ་)དང་ཁ་ན་མ་ཐོ་བ་མེད་པ་(རིན་གྱི་ཆེད་དུ་བསད་པ་མ་ཡིན་པའི་)གོ་ཀུ་ལ་སོགས་པ་(ད་ཧ་ནའི་ཤ་ལྔ་)བཟའ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་ཡུལ་གང་ན་འཇིག་རྟེན་པ་རྣམས་ ཀྱིས་གང་བཟའ་བ་མ་ཡིན་པ་དང་གང་བཙོང་བ་མ་ཡིན་པ་གོ་ཀུ་ལ་སོགས་པ་རང་གི་ལས་ (ནད་དང་གཡང་སར་ལྷུང་བ་དང་གཅན་གཟན་གྱིས་བསད་པ་ལྟ་བུའི་དབང་)ཀྱིས་ཤི་བ་དང་གཡུལ་དུ་ལས་ངན་ པ(ཕན་ཚུན་མཚོན་གྱིས་བསྣུན་པ་)ས་〈བསད་པ་རྣམས་〉སམ་ཆོམ་རྐུན་ལ་སོགས་པ་རང་གི་སྐྱོན་(རྒྱལ་ པོའི་ཁྲིམས་དང་འགལ་བའི་ཉེས་པ་བྱས་པའི་དབང་)གྱིས་བསད་པ་དེ་རྣམས་ཐམས་ཅད་རྣལ་འབྱོར་པས་ བཟའ་བར་དེ་བཞིན་གཤེགས་པས་གསུངས་སོ། །རྫས་ཀྱིས་ཉོས་པ་〈བཟའ་བར་གསུངས་ པ〉ནི་མ་ཡིན་ཞིང་ཕ་མེས་ལ་སོགས་པ་(སྟེ་དུར་གྱི་ལྷ་གསོལ་བར་གྲགས་པ་ལྟ་བུ་)དང་(མུ་སྟེགས་བྱེད་ཀྱི་སྲོག་ གི་)མཆོད་སྦྱིན་ལ་སོགས་པའི་བྱ་བ་ལ་བསད་པ་ཡང་(བཟའ་པར་གསུངས་པ་)མ་ཡིན་ཏེ་མཚན་ མ་དང་བཅས་པའི་ཤ་བཟའོ་ཞེས་དེ་བཞིན་གཤེགས་པས་མ་གསུངས་སོ། །(འཇམ་དཔལ་གྱི་ 2-1-49 རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། གསོད་པོ་ནོར་ལ་སྲེད་པ་དག །སྐལ་བ་འབུམ་དུ་འཚེད་པ་སྟེ། །ཟ་བོ་ཤ་ལ་སྲེད་པ་ དག །བསྐལ་པ་བྱེ་བར་འཚེད་པ་ཡིན། །ཞེས་པ་དང༌། ཤ་ཟ་བའི་མི་གང་ཞིག དང་བོ་ཡི་དྭགས་འགྲོ་བ་སྟེ། །ཕྱི་ནས་ངུ་འབོད་ འགྲོ་བ་ཡིན། །ཞེས་སོ། །)〈འཇམ་དཔལ་གྱི་རང་གི་ལྟ་བ་འདོད་པ་མདོར་བསྟན་པ་ལ། གསོད་པོ་ ནོར་ལ་གསོད་པ་དག །སྐལ་བ་འབུམ་དུ་འཚེད་པ་སྟེ། །ཟ་བོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་ བར་འཚེད་པ་ཡིན། །ཞེས་པ་དང༌། ཤ་ཟ་བའི་མི་གང་ཞིག་དང་བོ་ཡི་དྭགས་སུ་འགྲོ་བ་སྟེ། །ཕྱི་ ནས་ངུ་འབོད་དུ་འགྲོ་བ་ཡིན། །ཞེས་གསུངས་སོ། །〉ཡང་གང་ཞིག་ཉི་མ་སོ་སོར་དམ་ཚིག་(བཞི་) བྱ་བ་( ར་གསུངས་པ་) དེ་〈འི་དགོངས་པ་གཉིས་ལས་ནང་ལེས་དོན་ནི་སྒྲུབ་ལེའི་ཚིགས་བཅད་ བརྒྱ་ཉེར་བདུན་པ་ལ་སོགས་པར་སྟོན་པར་འགྱུར་ལ་ཕྱི་དྲང་དོན་དུ〉ནི( ཕྱི་རོལ་དྲང་དོན་དུ་) ཁ་ ན་མ་ཐོ་བ་མེད་པའི་གོ་ཀུ་ལ་སོགས་པ་(ཤ་)ལྔ་དང་རྣམ་པར་སྣང་མཛད་(བཤང་བ་)ལ་སོགས་ པ་(བདུད་རྩི་)ལྔ〈ལ་ཤ་སྦྲང་དང་སྐྱུགས་པ་བསྲེས་པ〉འི་རི་ལུ་ཉུངས་དཀར་གྱི་ཚད་ཙམ་ཉི་མ་སོ་ སོར་དམ་ཚིག་གི་དོན་དུ་བསྟེན་པར་བྱའོ(ནང་ངེས་པའི་དོན་དུ་དམ་ཚིག་བཞི་བྱ་བའི་ཚུལ་ནི་སྒྲུབ་ལེའི་ཚིགས་ བཅད་བརྒྱ་ཉེར་བདུན་པ་ལ་སོགས་པས་སྟོན་པར་འགྱུར་བ་ལྟར་རོ)། །རྟག་པར་ཁ་ན་མ་ཐོ་བ་མེད་པའི་ཆང་ དང་བུད་མེད་(བསྟེན་པའི་ཚུལ་)〈ཡེ་ཤེས〉ནི(གསུང་གི་རྡོ་རྗེ་མཆོད་པ་དང་ཐིག་ལེ་མི་འཕོ་ཞིང་འཕེལ་བའི་བདེ་བ་ཆེན་ པོའི་སྐད་ཅིག་མ་)སྒོམ་〈འཕེལ་བ〉པའི་སླད་དུ་(ཆང་གིས་མྱོས་པ་དང་ཐིག་ལེ་ཉམས་པའི་)〈གསུངས་དེ་དེ་ཡང་〉 རྨོངས་པ་མེད་པའི་ཆོས་ཀྱིས་(བསྟེན་པར་)གསུང་སོ། ། ༈ (དོན་དེ་དག་)རྩ་བའི་རྒྱུད་ལས་ཀྱང་བཅོམ་ལྡན་འདས་ཀྱིས་〈བཟའ་བར་རུང་མི་རུང་ སྡིག་པ་ལྕི་ཡང་དང་ཅི་ལྟར་བཟའ་བའི་ཚུལ་དང་ཟོས་པའི་དགོངས་པ་རྣམས〉གསུངས་པ་ འདི་ལྟ་སྟེ། ལྷ་(མཆོད་པའི་ཕྱིར་)དང་རང་འཇིགས་(པ་བསལ་བའི་དོན་དུ་)〈པ་བསལ་བ་དང་〉ཕ་མེས་ (ཀྱི་དུར་ལྷ་མཆོད་པ་)〈ཀྱི་དོན〉དང༌། །(འཇིག་རྟེན་)དངོས་གྲུབ་དོན་དང་བཙོང་ཕྱིར་ཡང༌། །[ཡིད་ འདོད་(ཀྱི་)སྒྲུབ་དོན་འཚོང་བ་དང་](རྩ་མིའི་འགྱུར་ལ་ཡོད)། །(གསོད་པ་པོ་)གདུལ་དཀའ་སྡིག་ 2-1-50 པ་བྱེད་རྣམས་ཀྱིས། །(བསད་བྱ་)གནོད་བྱེད་མིན་(སྟེ་ཉེས་པ་མེད་)པའི་སེམས་ཅན་〈ཉེས་མེད〉 བསད〈པ〉། །དེ་ཡི་ཤ་དེ་ཉོ་བ〈འམ〉་དང༌། །〈ཟ〉ཟ་འདོད་〈ན〉ཁ་ན་མ་ཐོ་(བ་སྡིག་པ་)བཅས(སོ)། ། (རིན་གྱིས་)མ་བསླངས་(པར་)སྣོད་དུ་ལྷུང་〔བར〕གྱུར་པ(དང་འདྲ་བའི་རང་གི་ལས་ཀྱི་ཤི་བའི་ཤ)། །དེ་ཉིད་ (ཟ་བ་ནི་)ཁ་ན་མ་ཐོ་མེད(པའོ)། །(ཁ་ན་མ་ཐོ་བ་དང་བཅས་པའི་ཤ་ལ་ཡང་སྡིག་པ་ལྕི་ཡང་ནི་)སྲོག་ཆགས་ གཅིག་གི་ཤ་དག་ནི། །མང་པོ་རྣམས་ཀྱིས་ཟོས་ཀྱང་བླ(སྟེ་སྡིག་པ་ཡང་ལ་)〈སྟེ་ཡང་བའི་ལས་སོ〉། ། སྲོག་ཆགས་དུ་མའི་ཤ་དག་ནི། །ཡིད་སྐྱེས་(དེ་མི་)གཅིག་གིས་བཟའ་བ(ར་བྱ་བ་)མིན(དེ་ཟོས་ ན་སྡིག་པ་ལྕིའོ། །)〈པས་གལ་ཏེ་ཟོས་ན་སྡིག་ལྕི〉། །(ཁ་ན་མ་ཐོ་བ་མེད་པའི་ཤ་ལ་སྤྱོད་པའི་ཚུལ་ཡང་སྲོག་ཆགས་ དེ་ལ་)〈དེ་དག་ལས་ཁ་ན་མ་ཐོ་བར་འགྱུར་བ་རྣམས་སྤ ངས་ནས་ཁ་ན་མ་ཐོ་བ་མི་འགྱུར་བའི་ ཤ་ལ་སྤྱོད་པའི་ཚེ〉སྙིང་རྗེ་བསྐྱེད་དེ་དེ་〔ཁོ་ན〕ཉིད་ལས(མ་གཡོས་པ)། །རྣམ་པར་མི་རྟོག་སེམས་ ཀྱིས་ནི། །རྣལ་འབྱོར་ལྡན་པས་བཟའ་བྱ་བ། །(དེ་ཉིད་)ཁ་ན་མ་ཐོ་མེད་(པ་ཡིན་གྱི་)གཞན་(ནི་) མིན(ནོ)། །ཤ་ལྔ་བཟའ་བ་ལ་སོགས་པ་ཅིའི་དོན་དུ་གསུངས་ན་)རིགས་སུ་འཛིན་པ་གཞོམ་ པའི་ཕྱིར། །རྟག་ཏུ་(ཤ་ལྔ་ལ་སོགས་པ་)བཟའ་(བ་)དང་(ཆང་)བཏུང་བ་དང༌། །(གདོལ་པ་མོ་ལ་སོགས་པ་) རིགས་(ངན་མོ་རྩ་མི་ཟེར་)མིན་(པ་ལ་)མངོན་(པར་)བགྲོད་(པ་ནི་)རྡོ་རྗེ་ཅན། །དེ་(ཁོ་ན་)ཉིད་གཟིགས་ པ(སངས་རྒྱས་)རྣམས་ཀྱིས་གསུངས། །ཞེས་པའོ། ། ༈ དེ་ལྟར་གསུངས་པའི་རིམ་པས་(སོ་སོ་ཐར་བའི་སྡོམ་པའི་)〈དོན་ཆེ་ཆུང་གིས་བླང་དོར་བྱེད་ ཀྱིས་ཕྱོགས་རེའི〉ངེས་པ་དང་བྲལ་བ་〈བས་རྩེ་གཅིག་ཏུ་བསྒོམ〉རྣམས་ལ་སངས་རྒྱས་ཉིད་ ཀྱི་འབྲས་བུ་རབ་ཏུ་སྟེར་བ་ནི་རྒྱུད་ཀྱི་རྒྱལ་པོའོ། །སངས་རྒྱས་ཉིད་ནི་(ས་དང་པོ་ལ་སོགས་པ་ལ་ སངས་རྒྱས་སུ་བཏགས་པ་ཙམ་ནི་མ་ཡིན་གྱི་)ཐམས་ཅད་མཁྱེན་པ་ཉིད་(ངོ་བོ་ཉིད་ཀྱི་སྐུ་)〈རང་བཞིན་པའི་ སྐུ〉དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་(སྤྲུལ་བའི་སྐུ་)དང་ལམ་མཁྱེན་པ་ཉིད་(ལོངས་སྐུ་)དང་ ལམ་གྱི་རྣམ་པ་མཁྱེན་པ་ཉིད་(ཆོས་སྐུ་)དེ་སྟོབས་བཅུ་དང་མི་འཇིགས་པ་(བཞི་དང་)ལ་སོགས་ 2-1-51 པ(སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ་བྲལ་བ་)〈འདུས་མ་བྱས་ཤིང་མི་འདྲ〉འི་ཡོན་ཏན་(སུམ་ཅུ་རྩ་ གཉིས་སོགས་)〈གང་གཱའི་ཀླུང་གི་ཕྱེ་མ་སྙེད་ལས་འདས་པ〉རྣམས་པར་འབྱོར་པ(རྫོགས་པའི་སངས་ རྒྱས་དངོསཔོ་)〈དོན་དམ་བདེ་གཤེགས་སྙིང་པོ〉འོ། །དེ་〈རྟག་ཏུ་བཞུགས་ཀྱང་མངོན་དུ་གྱུར་ཅིག་ ཐོབ་པའི་ཚུལ་གྱིས〉སྟེར་བ་ནི་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བའོ(ཞེས་པ་རྒྱུད་འདི་ལས་ གསུངས་པ་ལྟར་བརྩོན་པ་ཆེན་པོས་ལམ་ཉམས་སུ་བླངས་ན་སྐྱེ་བ་གཅིག་ལ་སངས་རྒྱས་དངོས་ཉིད་ཐོབ་ཅེས་པའོ། །སློབ་དཔོན་ དཔལ་དབྱངས་ལ་སོགས་པས། གསང་སྔགས་སྤྱོད་པའི་ཆོ་ག་ཡིས། །ཚེ་ལ་དབང་བའི་རིགས{རིག}འཛིན་ཐོབ། །རིག་པ་འཛིན་ པའི་ཚེ་ཉིད་ཀྱིས། །སངས་རྒྱས་འགྲུབ་པར་བཤད་པ་ཡིན། །ཞེས་འདོད་པ་དང༌། ཁ་ཅིག་སྐྱེ་བ་གཅིག་ལ་སངས་རྒྱས་ཐོབ་ཅེས་ པ་དེ། མཐོང་ལམ་ཐོབ་པ་ཙམ་ལ་དགོངས་པ་ཡིན་ཞེས་འདོད་པ་ནི་བླ་མེད་ཀྱི་རྒྱུད་ཀྱི་དགོངས་པ་མ་རྟོགས་པར་ཟད་དོ། །སྐྱེ་བ་ གཅིག་ལ་སངས་རྒྱས་ཐོབ་པའི་གང་ཟག་གིས་ཚོད་ནི་ཕར་ཕྱིན་ཐེག་པར་བསྐལ་བ་གྲངས་མེད་གསུམ་གྱི་མགོ་རྩོམ་པའི་གང་ ཟག་གི་ཚོགས་ལམ་ཁྱད་པར་ཅན་ལ་གནས་པ་ཙམ་ཞིག་ཡིན་ནོ)། ། ༈ (རྩ་རྒྱུད་སྟོན་པའི་གནས་ཕུན་སུམ་ཚོགས་པ་བསྟན་པ་)བདེ་བ་ཆེན་པོའི་གནས་ཞེས་པ་ནི་བདེ་བ་ ཆེན་པོའི་གནས་〈བདེ་གཤེགས་སྙིང་པོ〉ཆོས་ཀྱི་དབྱིངས་(དམིགས་པ་དང་བཅས་པའི་སྟོང་པ་ཉིད་)ནམ་ མཁའི་མཚན་ཉིད་ཅན་(ཡངས་ཤིང་རྒྱ་ཆེ་བ་)དོག་པ་མེད་པའི་ཆོས་འབྱུང་འཇིག་རྟེན་གྱི་དཔེ་ལས་ འདས་པ་(ཐོག་མཐའ་བར་གསུམ་དུ་དགེ་བས་)ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་གནས་སོ། །མཆོག་ གི་〈བཞུགས་པས་གསུངས་སོ〉དང་པོའི་སངས་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ ཞེས་པ་ནི་(ཐབས་ཤེས་སམ་གཟུང་འཛིན་གྱི་)རིས་མེད་པ་(ཕྱོགས་སུ་མ་ཆད་པས་)ཤེས་པ་(གཞན་བདེ་ཆེན་) དང་ཤེས་བྱ་(གཞན་སྟོང་ཆེན་)〈གཞན〉གཅིག་ཏུ་(གདོད་མ་ཉིད་ནས་)〈གདོད་མ་ཉིད་ནས〉འདྲེས་པར་ གྱུར་ཅིང་(རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པའི་རྣམ་པར་ཤེས་པའི་གྲི་གུག་གིས་)〈འདུས་མ་བྱས་ཀྱི་དབྱིངས་ཡིན་ པས〉གཅད་དུ་མེད་ལ་(རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར་གཟུང་འཛིན་གྱི་གྲི་གུག་གིས་)དབྱེར་ མེད་པ་རྣམ་པ་ཐམས་ཅད་པ་(ཆོས་ཀྱི་)〈རྣམ་པར་མེད་པས〉དབྱིངས་ཀྱི་མཚན་ཉིད་ཅན་མེ་ 2-1-52 ལོང་ལ་པྲ་ཕབ་པ(འི་སྣང་བ་)དང་མཚུངས་པ་(འོད་གསལ་སྟོང་པ་ཉིད་ཀྱི་གཟུགས་)སྟེ་རྡོ་རྗེ་དབྱིངས་ཀྱི་ དཀྱིལ་འཁོར་ཆེན་པོ་དེར་རོ། ། ༈ རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ་ནི་རྡོ་རྗེ་སེང་གེའི་ཁྲི་(རྡོ་རྗེ་)ཟླ་བ་དང་(རྡོ་རྗེ་)ཉི་མ་ དང་(རྡོ་རྗེ་དུས་)མེའི་དཀྱིལ་འཁོར་(གཞན་)གཅད་དུ་(རྡོ་རྗེ་དུས་)མེད་ཅིང་དབྱེར་མེད་པའམ་ཨེ་ ཡིག་ནམ་མཁའི་དབྱིངས་ནི་རྡོ་རྗེ་སེང་གེའི་ཁྲིའོ། །དེ་ལ་བཞུགས་པ་(སྟོན་པ་པོ་ཕུན་སུམ་འཚོགས་ པ་)ནི་རྡོ་རྗེས་སེང་གེའི་ཁྲི་ལ་བཞུགས་པ་སྐུ་(རྡོ་རྗེ་)དང་གསུང་(རྡོ་རྗེ་)དང་ཐུགས་(རྡོ་རྗེ་)དང་ཡེ་ ཤེས་ཀྱི་(རྡོ་རྗེའི་)བདག་ཉིད་ཝཾ་ཡིག་སྟེ་རྡོ་རྗེ་སེང་གེའི་ཁྲི་ལ་(དབྱེར་མེད་དུ་)བཞུགས་པ་དེ་ཡིས་ (གསུངས་)སོ། ། ༈ (འཁོར་ཕུན་སུམ་ཚོགས་པ་དཀྱིལ་འཁོར་ལ་བཀོད་པའི་འཁོར་ནི་)སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་དང་ཁྲོ་བོའི་རྒྱལ་པོ་དང་ལྷ་དང་ཀླུ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཞེས་ པ་ལ་སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པ〈ཕུང་པོ་གཞན་ལྔ〉(ལྔ་)དང་བྱང་ཆུབ་སེམས་ དཔའ་ནི་ཀུན་ཏུ་བཟང་པོ་ལ་སོགས་〈དབང་པོ་གཞན〉པ་(དྲུག་)〔དབང་གཞན་དྲུག〕དང་ཁྲོ་བོའི་རྒྱལ་ པོ་ནི་གཙུག་ཏོར་ལ་སོགས་པ་(བཅུ་)དང་ལྷ་ནི་དབང་ཕྱུག་ལ་སོགས་པ་(བཅུ་གཉིས་)〈རྐང་ལག་ གི་གཞ ན་བཅུ་གཉིས〉དང་ཀླུ་ནི་མཐའ་ཡས་ལ་སོགས་〈ཀླུ་གཞན་དང་རྐང་པའི་སོར་གཞན་ བཅུ〉པ(བཅུ་)འོ། །ལྷ་མོ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་(དྲུག་)〈ཁམས་གཞན་ལྔ〉 དང་ཆོས་ཀྱི་ཁམས་མ་ལ་སོགས་པ་〈ཡུལ་གཞན〉(དྲུག་)དང་ཤིན་ཏུ་སྔོན་མོ་ལ་སོགས་པ་(བཅུ་)〈ཁྲོ་མོ་བཅུ〉དང་ཙར་ཙི་〈འབྱུང་མོ་གཞན་བརྒྱད〉ཀཱ་ལ་སོགས་པ་(བརྒྱད་)དང་གཽ་རཱི་ལ་སོགས་ 〈མ་མོ་དྲུག་ན་དྲུག་བཅུ་རྩ་བཞི〉པ་(དྲུག་ཅུ་རྩ་བཞི་)དང་ཁྱི་གདོང་མ་ལ་སོགས་པ་(བཅུ་)〈ལྷན་ཅིག་ མོ་གཞན་དང་ལག་པའི་སོ་སོར་གཞན་བཅུ〉སྟེ་དེ་རྣམས་ཀྱི་འདུས་པ་ནི་ཚོགས་སོ། །དེས་ ཡོངས་སུ་བསྐོར་བ་ནི་ལྷ་དང་ཀླུ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་སྟེ། ལྷ་དང་ 2-1-53 ཀླུ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་(དུས་ཀྱི་འཁོར་ལོ་དང་པོ་)དེ་ཡིས་(གསུངས་)〈བདེ་ གཤེགས་སྙིང་པོ་རྡོ་རྗེ་སེམས་དཔའ་འོ〉སོ(དེ་ལྟར་དཀྱིལ་འཁོར་ལ་བཀོད་པའི་འཁོར་རྣམས་ནི་ཀྱེའི་རྡོ་རྗེ་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །ཞེས་གསུངས་པ་ལྟར་གཙོ་བོ་དུས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་སྐུ་ཉིད་ ཀྱི་སྒྲིབ་པ་མེད་པའི་ཕུང་པོ་དང་ཁམས་ལ་སོགས་པ་སེན་མོའི་མཐར་ཐུག་པའི་ཡན་ལག་གི་ཚོགས་ཡིན་པས་གཙོ་བོ་ཉིད་དང་ དབྱེར་མེད་པ་ཡིན་ཞིང་ཕུང་པོ་གཞན་ཞེས་སོགས་སུ་གསུངས་པ་ཡིན་ནོ)། ། ༈ (དེ་ལ་གདུལ་བྱའི་འཁོར་ནི་)ཁམས་གསུམ་པས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ་ཞེས་པ་ལ་ ཁམས་གསུམ་པ་ནི་〈འདིར〉འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ་དེ་རྣམས་ཀྱིས་ 〈བདེ་གཤེགས་སྙིང་པོ་རྡོ་རྗེ་སེམས་དཔའ་འོ〉གང་གི་ཞབས་ཀྱི་པད་མ་ལ་ཕྱག་བྱས་པ་དེ་ནི་ ཁམས་གསུམ་པས་ཞབས་ཀྱི་པད་མ་ལ་ཕྱག་བྱས་པ་སྟེ་ཁམས་གསུམ་པས་ཞབས་ཀྱི་པད་མ་ ལ་ཕྱག་བྱས་པ་དེ་ཡིས་(གསུངས་)སོ། །〔འདི་ཡང་སྟོན་པ་པོ་ཕུན་ཚོགས〕〈འཕྲིན་ལས〉ཁམས་གསུམ་གྱི་ འཁོར་ལོ་སྒྱུར་བ་གཅིག་པུ་ཞེས་པ་ནི་〔དུས་ཀྱི་འཁོར་ལོ〕 〈དབྱིངས་རིག་དབྱེར་མེད〉གང་གིས་ཆོས་ ཀྱི་འཁོར་ལོ་ཁམས་གསུམ་དུ་ཅིག་ཆར་རབ་ཏུ་བསྐོར་བ་དེ་ནི་ཁམས་གསུམ་པའི་འཁོར་ལོ་ སྒྱུར་བ་གཅིག་པུ་སྟེ། ཁམས་གསུམ་པའི་འཁོར་ལོ་སྒྱུར་བ་དེ་ཡིས་〔གསུངས་〕སོ། ། ༈ མཆོག་གི་དང་པོའི་སངས་རྒྱས་ཞེས་པ་ལ་མཆོག་གི་དང་པོའི་སངས་རྒྱས་ནི་(དབུགས་ ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་ཟད་ཅིང་བདེ་བའི་སྐད་ཅིག་གི་གྲངས་དེ་{སྙེད{ཉིད་}རྫོགས་པའི་)སྐད་ཅིག་གཅིག་དང་ (ཕུང་ཁམས་ལ་རྣམ་པར་དག་པ་ཡེ་ཤེས་)རྣམ་པ་ལྔ་དང་(དབང་པོ་ཡུལ་ལས་དབང་དེའི་བྱ་བ་ལྔ་ལྔ་རྣམས་སྒྲིབ་པ་མེད་ པ་)རྣམ་པ་ཉི་ཤུ་དང་(མཐའ་ཡས་པའི་སྤྲུལ་པ་སྤྲོ་བའི་སྐུ་རྣམ་པ་ཐམས་ཅད་པ་)སྒྱུ་འཕྲུལ་དྲ་བས་〈གདོད་མ་ ནས〉མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཅན་(འདུས་མ་བྱས་)འགྱུར་བ་མེད་པའི་ བདེ་བ་ནི་མཆོག་(གམ་གཞན་ནམ་ཕ་རོལ་)ཡིན་ལ་དེས་དང་པོར་(ཏེ་ཐོག་མ་མེད་པའི་དུས་སུ་)སངས་རྒྱས་ པ་ནི་མཆོག་གི་དང་པོའི་སངས་རྒྱས་ཏེ་མཆོག་གི་དང་པོའི་སངས་རྒྱས་(སེམས་ཅན་ཐམས་ཅད་ལ་ 2-1-54 བདེ་གཤེགས་སྙིང་པོའི་ཚུལ་དུ་བཞུགས་པ་)དེ་ཡིས་སོ། ། ༈ རིས་མེད་པ་ཞེས་པ་ལ་རིས་ནི་ཤེས་རབ་དང་ཐབས་(སོ་སོ་བ་ཉིད་)ཀྱི་བདག་ཉིད་ གཟུང་བ་དང་འཛིན་པའི་བདག་(ཤེས་པ་དང་ཤེས་བྱ་ཐ་དད་པ་)ཉིད་ཀྱི་ཆོས་(ཕྱོགས་སོ་སོར་ཆད་པ་)ཏེ་ རིས་( སམ་ཕྱོགས་) དེ་〈སོ་སོའི་ཕྱོགས་སུ་ལྷུང་པ་ནི་རྒྱུད་དམ་རིས〉ག ང་〈དོན་དམ་པ་རང་ཉིད་ ཀྱིས་རང་རིག་པ〉གིས་〈གདོད་མ་ཉིད་ནས〉སྤངས་པ་(ཐབས་ཤེས་སོགས་དབྱེར་མེད་པ་)དེ་ནི་རིས་ མེད་པ་སྟེ་རིས་མེད་པ་དེ་〈བདེ་གཤེགས་སྙིང་པོ་རྡོ་རྗེ་སེམས་དཔའ〉ཡིས་〈གསུངས〉སོ། ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཞེས་པ་ལ་བཅོམ་ལྡན་ནི་(ཀྱེའི་རྡོ་རྗེར། ཡང་ན་ཉོན་མོངས་ལ་ སོགས་བདུད། །འཇོམས་ཕྱིར་བཅོམ་ལྡན་འདས་ཞེས་བྱ། །ཞེས་འབྱུང་བ་ལྟར་)བདུད་(གཡས་རླུང་)དང་ཉོན་མོངས་ པ་(གཡོན་རླུང་)བཅོམ་པའི་ཕྱིར་བཅོམ་པའམ། དབང་ཕྱུག་ལ་སོགས་པ་(ནི་རྩ་བའི་རྒྱུད་ལས། དབང་ ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་རྣམས་ བྷ་ག་ཞེས་པར་བཤད། །ཞེས་གསུངས་པ་ལྟར་)ཐམས་ཅད་མཁྱེན་པའི་〈བདེ་གཤེགས་སྙིང་པོ་ཟླ་བ〉ཡོན་ ཏན་གྱི་ཚོགས་ཀྱི་སྐལ་བ་སྟེ། དེ་འདི་ལ་ལྡན་པའི་ཕྱིར་བཅོམ་ལྡན་ནོ〈དཔལ་ཕྱག་ན་རྡོ་རྗེས་ བསྟོད་འགྲེལ་དུ་དྲངས་པ། དབང་ཕྱུག་ལ་སོགས་ཡོན་ཏན་ལྡན། །བྷ་ག་ཡང་བདུད་བཅོམ་ ཕྱིར། གང་ལ་དེ་མངའི་ཕྱིར་ན་ནི། །བཅོམ་ལྡན་ཁམས་སུ་དབང་ཕྱུག་གསུངས། །ཞེས་པ་དང༌། ཀྱཻའི་རྡོ་རྗེར་ཡང༌། སངས་རྒྱས་འདི་ལ་བྷ་ག་མངའ། །བཅོམ་ལྡན་འདས་ཞེས་བརྗོད་པར་བྱ། ། བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་ སོགས་བདུད། །འཇོམས་ཕྱིར་བཅོམ་ལྡན་འདས་ཞེས་བྱ། །ཞེས་གསུངས་སོ〉། །དུས་ནི་མཆོག་ ཏུ་མི་འགྱུར་པའི་བདེ་བ་ཆེན་པོའི་མཚན་ཉིད་(འདུས་མ་བྱས་པ་རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་བ་ཉིད་) དེ་(མི་འགྱུར་བའི་བདེ་བ་ཆེན་པོ་)དེས་གང་གི་(སྐུ་)ལུས་(གདོད་ནས་)〈གདོད་མ་ནས〉སྒྲིབ་པ་མེད་པའི་ ཕུང་པོ་དང་ཁམས་ལ་སོགས་པའི་འཁོར་ལོར་(སྲིད་གསུམ་ཀུན་ནས་དང་བ་)བསྐྱེད་པ་(དུས་ཀྱི་འཁོར་ལོ་ 58)དེ་ནི་དུས་ཀྱི་འཁོར་ལོའ(ོའདིར་མི་འགྱུར་བའི་བདེ་བ་ཆེན་པོ་དེ་ཉིད་ཀྱི་སྐུ་སྒྲིབ་པ་མེད་པའི་ཕུང་པོ་སོགས་ཀྱི་འཁོར་ ལོར་བསྐྱེད་པ་ནི་གཙོ་བོ་དུས་ཀྱི་འཁོར་ལོས་སངས་རྒྱས་ལྔ་ལ་སོགས་པ་སྤྲོ་བ་དང་དོན་གཅིག་པ་སྟེ་བསྐྱེད་བྱ་སྐྱེད་བྱེད་ཀྱི་ངོ་བོ་ དབྱེར་མེད་པ་མཐར་ཐུག་སྔགས་ཀྱི་ཐེག་པའི་དགོངས་པའོ། །གཞན་དག་ལམ་གྱི་བདེ་བ་ཆེན་པོའི་སྐད་ཅིག་མས་རྣལ་འབྱོར་ པའི་ལུས་སྒྲིབ་པ་མེད་པའི་ཕུང་པོ་ཁམས་སོགས་ཀྱིས་འཁོར་ལོ་སྐྱེད་པར་འཆད་པར་བྱེད་པ་ནི་དུས་དང་འཁོར་ལོ་དབྱེར་མེད་ པ་དང་དུས་འཁོར་དང་པོའི་སངས་རྒྱས་{འབྱུང་{རང་བྱུང་}གི་སྐུ་ཁོང་དུ་མ་ཆུད་པ་ཡིན་ནོ་)〈འདིར་སྐྱེས་པ་ཞེས་པ་ནི་ སྐྱེས་པ་གཞན་མི་སྐྱེད་པའི་སྐྱེད་པ། རྣམ་པ་མེད་པའི་རྣམ་པ་ཞེས་པའམ་ཡུལ་མེད་ཡུལ་ཞེས་ པ་ལྟར་དོན་དམ་པའོ། །ཀུན་རྫོབ་ཏུ་ནི་མི་སྐྱེད་པའི་སྐྱེས་པས་གལ་ལོ〉། །གཞན་ཡང་ཡི་གེ་ (བཞི་པོ་)སོ་སོ་རེ་རེས་(དུས་ཀྱི་འཁོར་ལོའི་དོན་ཤེས་པར་བྱས་)ཏེ། །ཀཱ་ཡིག་གིས་ནི་རྒྱུ་ཞི་བ(སྤྲུལ་པ)། །ལ་ ཡིག་འདི་ལ་ཐིམ་པ་(ལོངས་སྐུ་)〈ལོངས་སྐུ〉ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས(བཅིངས་པ་ཆོས་ སྐུ)། །ཀྲ་ཡིག་རིམ་པ་བཅིངས་(པ་དག་པའི་སྐུ་སྟེ་དོན་དམ་པའི་སྐུ་བཞི་)ལས་〈དག་པའི་སྐུ་སྟེ་དོན་དམ་ བདེ་གཤེགས་སྙིང་པོ〉སོ། །རིམ་པ་ནི་ལུས་ལ་སོགས་པའི་ཐིག་ལེ་(བཞི་པོ་)རྣམས་〈རིམ་པ་ རིམ་པས〉འཕོ་བ་ཡིན་ལ་དེ་(རང་བཞིན་)ལྷན་ཅིག་སྐྱེས་པའི་བདེ་བས་བཅིངས་པ་(སྟེ་ལྷན་ཅིག་ སྐྱེས་པའི་དགའ་བ་དག་པའི་སྐུ་ལ་གདོད་མ་ནས་ཐིག་ལེ་བཞི་འཕོ་བ་མེད་པའོ། །དེ་ལྟར་དོན་དམ་པའི་སྐུ་བཞི་)〈འཕོ་མེད་ བདེ་བ〉ནི་ཀཱ་ལ་ཙཀྲ་སྟེ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དེ་ཡིས(གསུངས་)སོ། ། ༈ (ཞུ་བ་པོའི་འཁོར་ནི་)ཟླ་བ་བཟང་པོས་གསོལ་བ་བཏབ་པར་གྱུར་པས་ཞེས་པ་ལ་འདི་ ནི་ཟླ་བ་ཡང་ཡིན་ལ་བཟང་པོ་ཡང་ཡིན་པའི་ཕྱིར་ཟླ་བ་བཟང་པོ་སྟེ་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་(ཤོང་འགྱུར་མ་བཅོས་པ་ལ་ཉན་པ་པོར་ཞེས་པ་ཡོད་ལ་)སྙན་(རང་གི་ཚོགས་ལྡན་ཉན་པ་ང་ཞེས་སྟོན་པ་ པོ་དང་ཉན་པ་པོ་དབྱེར་མེད་པས་སྙན་དུ་མ་བཅོས་ཀྱང་རུང་ངོ་)དུ་གྱུར་པ་(གཅད་དུ་མེད་ཅིང་དབྱེར་མེད་པ་)རྡོ་རྗེ་ཟླ་ བ་དྲི་མ་མེད་པའི་འོད་དོ། །སེམས་ཅན་ཐམས་ཅད་ཀྱི་སྐད་ཐ་དད་པ་རྣམས་ཀྱིས་དེ་བཞིན་ གཤེགས་པས་ཆོས་གསུངས་པ་རྣམས་ཡང་དག་པར་འཛིན་པ་པོ(འམ་སྡུད་པ་པོ་ཡིན་པ་)ཉིད་ཀྱི་ 2-1-55 ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙན་དུ་གྱུར་པ་སྟེ་གསང་བའི་བདག་པོའོ། །གསང་ བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ལས་མཆོག་ཏུ་གྱུར་པ་རྡོ་རྗེའི་ཐེག་པ(སྟེ་ ཉན་རང་གི་ཡུལ་ལས་འདས་པས་དེ་དག་ལ་གསང་བར་གྱུར་པ་)〈བདེ་གཤེགས་སྙིང་པོ〉འོ། །དེའི་ཡང་དག་པར་ སྡུད་པ་པོ〈འམ་འཛིན་པ་པོ〉་ཡིན་པས་ན་བདག་པོ་སྟེ་གསང་བའི་བདག་པོ(སྟེ་གཞན་ངེས་པའི་དོན་ དུ་)འོ། །དེ་བཞིན་དུ་(དྲང་བའི་དོན་དུ་ན་)ཕྱི་རོལ་ཏུ་(འཇིག་རྟེན་གྱི་ཁམས་ལ་)ནི་འཇིག་རྟེན་གྱི་བདེན་ པས་གསང་བའི་སྒྲས་གནོད་སྦྱིན་རྣམས་ཏེ་དེ་རྣམས་ཀྱི་བདག་པོ་ནི་གསང་བའི་བདག་པོའོ། ། རོ་ལྡན་ན་གནས་པ་ནི་ཕྱི་རོལ་ཏུ་རོའི་སྒྲས་སྲོག་ཉམས་པ་ཤི་བའི་ཚོགས་སོ། །དེ་འདི་ལ་ ཡོད་པའི་ཕྱིར་རོ་ལྡན་ཏེ་དུར་ཁྲོད་ཀྱི་སའོ། །དེ་ན་གནོད་སྦྱིན་ཆེན་པོ་སེམས་ཅན་རྣམས་ལ་ རྣམ་པར་ཐོ་འཚམ་ཞིང་བགེགས་དུ་མ་བྱེད་པ་པོ་རྣམས་ཡོད་ལ་དེ་རྣམས་གསོད་པར་བྱེད་ པ་པོ་ནི་རོ་ལྡན་ན་གནས་པ་(གསང་བའི་བདག་པོ་)སྟེ་(གནོད་སྦྱིན་རྣམས་གསོད་པར་བྱེད་པ་པོ་ལ་གནོད་སྦྱིན་གྱི་ བདག་པོ་ཞེས་བརྗོད་པར་མི་རིགས་སོ་སྙམ་ན་སྐྱོན་མེད་དེ་ནགས་གྱི་རི་དྭགས་གསོད་པར་བྱེད་པའི་སེང་གེ་ལ་)〈ནགས་ཀྱི་ རི་དྭགས་གསོད་པར་བྱེད་པ་སེང་གེ་ལ〉ནགས་ཀྱི་རི་དྭགས་ཀྱི་བདག་པོ་ཞེས་(བརྗོད་)〈བརྗོད〉 པ་བཞིན་དུ་རོ་ལྡན་ན་གནས་པ་གནོད་སྦྱིན་ཆེན་པོ་རྣམས་〈གསོད་པ་ཡིན་པ་དེ་རྣམས〉ཀྱི་ བདག་པོའོ། །ནང་དུུ་(ལུས་ལ་)ནི་(ཀྱེའི་རྡོ་རྗེར། དབུགས་སོང་ཞེས་བྱའི་རིགས་པ་འདིས། །དུར་ཁྲོད་ཅེས་ནི་མངོན་ པར་བརྗོད། །ཅེས་འབྱུང་བ་ལྟར་)〈དབུགས་སུང་ཞེས་བྱའི་རིགས་པ་འདིས། །དུར་ཁྲོད་ཅེས་ནི་མངོན་ པར་མངོན་པར་བརྗོད། །ཅེས་ཀྱེ་རྡོར་དུ་འབྱུང་བ་ལྟར〉རོ་ཞེས་པ་དབུགས་འབྱུང་བ་དང་ འཇུག་པ་སུམ་སྟོང་དྲུག་བརྒྱ(སྟེ་དུས་སྦྱོར་གཉིས་ཀྱི་དབུགས་ཀྱི་)ས་དམན་པའི་ཉི་ཁྲི་ཅིག་སྟོང་དྲུག་ བརྒྱ་(སྟེ་དུས་སྦྱོར་བཅུའི་དབུགས་)རྣམས་འགགས་པའོ། །དེ་འདི་ལ་ཡོད་པ་ནི་(ས་བཅུ་པ་)ཆོས་ཀྱི་ སྤྲིན་གྱི་ས་སྟེ་དེ་ལ་གནས་པ་ནི་རོ་ལྡན་ན་གནས་པའོ། །(ལུས་ངག་སེམས་ཡེ་ཤེས་ཀྱི་སྒྲིབ་པ་མེད་པ་) བདུད་(བཞི་)དང་(སེར་སྣ་སོགས་)ཉོན་མོངས་པ་དང་(འཁོར་གསུམ་དུ་རྟོག་པ་)ཤེས་བྱ་དང་(རྣམ་ཐར་བརྒྱད་ 2-1-56 ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་)སྙོམས་འཇུག་གི་སྒྲིབ་པའི་གནོད་སྦྱིན་རྣམས་གསོད་པར་ བྱེད་པ་ནི་གནོད་སྦྱིན་གྱི་བདག་པོ་སྟེ། སེམས་ཅན་ཐམས་ཅད་ལ་སོ་སོའི་སྐད་དུ་དེ་བཞིན་ གཤེགས་པས་སེང་གེའི་སྒྲས་ཆོས་བསྟན་པའི་ཆོས་རྣམས་(སྡུད་པ་དང་)རབ་ཏུ་སྟོན་པར་བྱེད་པ་ པོ་སྤྲུལ་པའི་སྐུ་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོས་གསོལ་བ་བཏབ་པར་གྱུར་པ་(དུས་ཀྱི་འཁོར་ལོ་དང་ པོའི་སངས་རྒྱས་)དེ་ཡིས་(གསུངས་)〈བདེ་གཤེགས་སྙིང་པོ་རྡོ་རྗེ་སེམས་དཔའ〉སོ། ། ༈ (ཆོས་ཕུན་སུམ་ཚོགས་པ་ནི་)〈རྒྱུད〉མཆོག་གི་དང་པོའི་སངས་རྒྱས་ཞེས་པ་ནི་〈བདེ་གཤེགས་ སྙིང་པོ་རྡོ་རྗེ་སེམས་དཔའ〉བརྗོད་བྱ་མཆོག་གི་དང་པོའི་སངས་རྒྱས་རྗོད་པར་བྱེད་པའི་ཕྱིར་ ཏེ་བརྗོད་བྱ་འདི་རྗོད་པར་བྱེད་པའི་ངོ་བོ་ཉིད་ཀྱིས་གནས་པའི་ཕྱིར་(རྗོད་བྱེད་ཀྱི་རྒྱུད་)〈རྒྱུད་〉 མཆོག་གི་དང་པོའི་སངས་རྒྱས་སོ། །དུས་ཀྱི་འཁོར་ལོ་ནི་བརྗོད་བྱ་དུས་ཀྱི་འཁོར་ལོ་རྗོད་ པར་བྱེད་པའི་ཕྱིར་དུས་ཀྱི་འཁོར་ལོའི་རྗོད་བྱེད་(ཀྱི་རྒྱུད་)〈རྒྱུད་〉དོ། །〈གཞུང་ཚད་ནི་〉སྟོང་ ཕྲག་བཅུ་གཉིས་པ་ཞེས་པ་ནི་(གཞུང་གི་ཚད་)སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལྷག་པའི་འབུམ་ཕྲག་ གསུམ་གྱི་ཡི་གེའི་ཚོགས་ཏེ་ཡི་གེ་སུམ་ཅུ་རྩ་གཉིས་པ(འི་ཚིགས་བཅད་)རྗེས་སུ་བསྔགས་པ(འི་ སྡེབ་སྦྱོར་གྱིས་བཅིངས་པ་)སྟོང་ཕྲག་བཅུ་གཉིས་ཡོད་པ་ནི་སྟོང་ཕྲག་བཅུ་གཉིས་པའོ། ། ༈ རིས་མེད་པ་ཞེས་པ་ནི་བརྗོད་བྱ་རིས་མེད་པ་རྗོད་པར་བྱེད་པའི་ཕྱིར་རོ། །འདིར་ རིས་ནི་ཤེས་རབ་ཀྱི་ཕྱོགས་དང་ཐབས་ཀྱི་ཕྱོགས་ཏེ་ཕྱོགས་སྤངས་པ་གང་གི་ཕྱིར་རིས་དེ་ མེད་པའི་རྒྱུད་དེ་ནི་རིས་མེད་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་(གཅིག་ཏུ་)སྦྱོར་བའི་རྒྱུད་ ཅེས་རྒྱལ་བས་(དོན་དམ་པར་ཐབས་ཤེས་)གཉིས་〈ཐབས་ཤེས་དབྱིངས་རིག་〉སུ་མེད་པར་(འི་རྒྱུད་དུ་)གསུངས་སོ། །(གཉིས་མེད་ཀྱི་རྒྱུད་ཀྱི་དོན་གཏན་ལ་དབབ་པ་ནི་)〈དེ་དག་གཏན་ལ་ཕབ་ན་〉བརྗོད་པར་ བྱ་བ་ཐབས་དང་ཤེས་རབ་〔དབྱེར་མེད〕ཀྱི་བདག་ཉིད་ཅན་གྱི་རྒྱུད་ཀྱི་རྒྱལ་པོ་〔དང་པོའི་སངས་རྒྱས〕 འདི་ལ་〔བརྗོད་བྱ〕ཐབས་〈ཕ་རྒྱུད་〉དང་ཤེས་རབ་〈མ་རྒྱུད〉ཀྱི་ཕྱོགས་ཐ་དད་〈དུ་འདོད〉ན་〈འོ་ན〉 2-1-57 ཐབས་དང་ཤེས་རབ་〔དབྱེར་མེད〕ཀྱི་བདག་ཉིད་ཅན་གྱི་བརྗོད་པར་བྱ་བ་མེད་པར་འགྱུར་རོ། ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་བརྗོད་པར་བྱ་བ་མེད་ན་〔རྒྱུད་ཀྱི་རྒྱལ་པོ་འདི་ལ་བརྗོད་ བྱ〕གཉིས་སུ་མེད་པའི་ཡེ་ཤེས་མེད་པར་འགྱུར་རོ། །〔བརྗོད་བྱ〕གཉིས་སུ་མེད་པའི་ཡེ་ཤེས་མེད་ ན་(བརྗོད་བྱ་)སངས་རྒྱས་ཉིད་ཀྱང་མེད་པར་འགྱུར་རོ། །(བརྗོད་བྱ་)སངས་རྒྱས་ཉིད་མེད་ན(རྒྱུད་ ཀྱི་རྒྱལ་པོ་འདིའི་བརྗོད་བྱ་)འཁོར་བ(ཡིན་པར་ཧ་ཅང་ཐལ་བ་)འོ། 〈འདིར་རྐྱེན་གཞན་ཡང་ཡོད་དེ་འགའ་ ཞིག་འདོད་པ་ལྟར་ན〉། (སྔགས་ཀྱི་ཐེག་པ་)འདིར་(དང་པོའི་སངས་རྒྱས་ལྟ་བུ་གཉིས་མེད་ཀྱི་རྒྱུད་ཀྱི་བརྗོད་བྱ་ ཐབས་ཤེས་གཉིས་མེད་ཡིན་ནའང་དཔལ་འདུས་པ་ལྟ་བུ་རྣལ་འབྱོར་གྱི་རྒྱུད་དང་འཁོར་ལོ་སྡོམ་པ་ལ་སོགས་པ་རྣལ་འབྱོར་ མའི་རྒྱུད་ལ་ཐབས་ཤེས་གཉིས་མེད་ཀྱི་བརྗོད་བྱ་མེད་དོ་ཞེས་དེ་ལ་སྐྱོན་སྤོང་བརྗོད་པ་)རྗོད་པར་བྱེད་པ་(རྣལ་འབྱོར་ ཞེས་པ་)དང་བརྗོད་པར་བྱ་བ་(ཐབས་ཤེས་གཉིས་མེད་ཕན་ཚུན་)འབྲེལ་པ་མེད་པར་〈དོན་གྱི་བླངས་ དགོས་པའི་སྐྱོན་དུ་འགྱུར་བ〉རྣལ་འབྱོར་གྱི་རྒྱུད་ནི་ཐབས་(ཉིད་)ཀྱི་མིང་ཡིན་ན་〈འོ་ན་ཐབས་ ཀྱི་རྒྱུད་དེ〉(རྗོད་བྱེད་རྣལ་འབྱོར་ཀྱི་རྒྱུད་དེ་བརྗོད་བྱ་)ཐབས་དང་ཤེས་རབ་(དབྱེར་མེད་)ཀྱི་བདག་ཉིད་ གཉིས་སུ་མེད་པའི་རྣལ་འབྱོར་དང་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་དུ་(འབྲེལ་བར་)མི་འགྱུར་ ཏེ། (དེའི་བརྗོད་བྱ་ཐབས་རྐྱང་བ་ཡིན་པའི་ཕྱིར། འདོད་ན་རྒྱུད་མ་ཡིན་པར་ཐལ་བར་འགྱུར་རོ་)(དེས་ན་)རྣལ་འབྱོར་གྱི་ སྒྲ་ནི་ཐབས་ཀྱི་དོན་(རྐྱང་བ་)〈གཉིས་སུ〉རྗོད་པར་བྱེད་པའམ་ཤེས་རབ་ཀྱི་དོན་(རྐྱང་པ་)〈གཅིག་པུ〉 རྗོད་པར་བྱེད་པ་མ་ཡིན་གྱི་རྣལ་འབྱོར་གྱི་སྒྲ་ནི་ཐབས་དང་ཤེས་རབ་ཀྱི་དོན་རྗོད་པར་བྱེད་ པའོ〈ཡིན་པའི་ཕྱིར་ཞེས་པ〉། །དེ་སྐད་དུ་(རྩ་བའི་རྒྱུད་དུ་)ཡང་གསུངས་པ། 〈འདིར〉རྣལ་འབྱོར་(གྱི་ དོན་)ཐབས་ཀྱི་ལུས་དང་(གཅིག་པུ་)ནི། །ཤེས་རབ་(ཀྱི་ལུས་)གཅིག་པུ་དག་གིས་མིན〔གྱི〕། །ཐབས་ དང་ཤེས་རབ་(དབྱེར་མེད་དུ་)སྙོམས་འཇུག་〈གང་ཡིན〉པ། 〈དེ་ནི〉། རྣལ་འབྱོར་(གྱི་དོན་དུ་)དེ་བཞིན་ གཤེགས་པས་གསུངས། །ཞེས་སོ། །(དཔལ་འདུས་པ་སོགས་)དེའི་ཕྱིར་རྒྱུད་གང་ལ་ཐབས་དང་ ཤེས་རབ་ཀྱི་(རྒྱུད་)བདག་ཉིད་ཀྱི་བརྗོད་པར་བྱ་བ་ཡོད་པའི་རྒྱུད་དེ་ནི་དོན་དམ་པར་ཤེས་ 2-1-58 རབ་ཀྱི་རྒྱུད་ཀྱང་མ་ཡིན་ལ་ཐབས་ཀྱི་རྒྱུད་ཀྱང་མ་ཡིན་(གྱི་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་ཡིན་)ནོ། ། (འོ་ན་བཅོམ་ལྡན་འདས་ཀྱིས་དཔལ་འདུས་པ་སོགས་ཐབས་ཀྱི་རྒྱུད་དང་འཁོར་ལོ་སྡོམ་པ་སོགས་ཤེས་རབ་ཀྱི་རྒྱུད་གསུངས་ པའི་དགོངས་པ་ཅི་ཡིན་སྙམ་ན་)〈འོན་ཀྱང་〉འཇིག་རྟེན་ཀུན་རྫོབ་ཏུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་ པའི་དབྱེ་བས་ཕུང་པོ་དང་ཁམས་རྣམ་པར་དག་པ་〈སྟེ་རྣམ་པར་དག་པའི་ཕུང་པོ་ལྔ་ལ་ཡེ་ ཤེས་ལྔར་བརྗོད་པ་དང་ཁམས་ལྔ་ལ་ཡེ་ཤེས་ལྔར་བརྗོད་པ〉( སྟེ་ཐབས་ཀྱི་ཡེ་ཤེས་ལྔ་དེ་བཞིན་གཤེགས་ པའི་ལྔར་རྣམ་པར་དག་པར་སྟོན་པ་དང་ཤེས་རབ་ཀྱི་ཡེ་ཤེས་ལྔ་དེ་བཞིན་གཤེགས་མ་ལྔར་རྣམ་པར་དག་པར་སྟོན་པའི་ཁྱད་ པར་)ལས་(རིམ་པ་ལྟར་)ཐབས་(ཀྱི་རྒྱུད་)དང་ཤེས་རབ་ཀྱི་(རྒྱུད་ཀྱི་)ཕྱོགས་སུ་(དེ་ལ་དགོས་པ་)དབང་ པོ་རྟུལ་པོའི་སེམས་ཅན་གྱི་བསམ་པའི་དབང་གིས་(དབང་རྟུལ་དྲང་བའི་དོན་དུ་)དེ་བཞིན་གཤེགས་ པས་གསུངས་〈ཤེས་རབ་རྐྱང་པ་དང་རྣལ་འབྱོར་ཞེས་པ་བརྗོད་བྱ་རྗོད་བྱེད་དུ་མི་འགྱུར་རོ〉 སོ(ཇི་སྐད་དུ་རྡོ་རྗེ་གུར་གྱི་ལེའུ་བཅུ་གསུམ་པར། སྐྱེས་པ་རྣམས་ནི་གདུལ་བྱའི་རྒྱུར། །རྣལ་འབྱོར་རྒྱུད་ནི་ཡང་དག་བཤད། ། བུད་མེད་རྣམས་ནི་བསྡུ་ཆེད་དུ། །རྣལ་འབྱོར་མ་རྒྱུད་རབ་ཏུ་བཤད། །ཅེས་སོ)། 〈ཐབས་རྐྱང་པ་དང་རྣལ་འབྱོར་ ཞེས་པ་བརྗོད་བྱ་རྗོད་བྱེད་དུ་མ་གྱུར་པ〉། (རྣལ་འབྱོར་གྱི་རྒྱུད་ཀྱི་བརྗོད་བྱ་ཐབས་རྐྱང་བ་ཡིན་པ་ལ་སྐྱོན་ཡོད་ པ་)དེ་བཞིན་དུ་རྣལ་འབྱོར་མའི་མིང་ཅན་(གྱི་རྒྱུད་ཀྱི་བརྗོད་བྱ་ཤེས་རབ་རྐྱང་བ་ཡིན་པ་)〈ཤེས་རབ་རྐྱང་ དུ〉ལ་ཡང་ངོ༌། །(སྔགས་ཀྱི་ཐེག་པ་)འདིར་(ཐབས་)〈དེ་བསྒོམ་པའི་གང་ཟག་ཀྱང་སྐྱེས་པ〉འདི་ལ་ (ཐབས་ཤེས་སྦྱོར་བའི་)རྣལ་འབྱོར་གྱི་ངང་ཚུལ་ཡོད་པའི་ཕྱིར་རྣལ་འབྱོར་པ་(ཞེས་བྱ་)སྟེ་དེ་བཞིན་ དུ་(ཤེས་རབ་འདི་ལ་ཐབས་ཤེས་སྦྱོར་བའི་ངང་ཚུལ་ཡོད་པའི་ཕྱིར་)རྣལ་འབྱོར་མ་(ཞེས་བྱ་བར་)ཡང་(སྦྱོར་རོ་) 〈སྦྱོར་བའི་ཚུལ་ཡོད་པའི་བུད་མེད་དོ〉 ངོ༌། །དེའི་ཕྱིར་〈དོན་ལ་དབྱེར་མེད་པར་ཀྱང་ཕུང་པོ་ ཁམས་ཞེས་པ〉གཞན་(གདུལ་བྱ་དབང་པོ་རྟུལ་པོའི་བསམ་པ་)ལ་ལྟོས་པ་ཉིད་ལས་(ཀུན་རྫོབ་)〈ཀུན་རྫོབ་ ཏུ་བསམ་པའི་དབང་གིས〉རྣལ་འབྱོར་གྱི་〈ཤེས་རབ〉རྒྱུད་〈ཐབས〉དང་རྣལ་འབྱོར་མའི་རྒྱུད་དུ་ ཡང་འགྱུར་རོ། །(དོན་དམ་པར་རྒྱུད་ཐམས་ཅད་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་ཡིན་པ་)དེས་ན་(འདིར་ཡང་)དོན་ 2-1-59 དམ་པའི་བདེན་པས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་སྦྱོར་བའི་རྒྱུད་རིས་མེད་པ་དུས་ཀྱི་ འཁོར་ལོའ(ོཀུན་རྫོབ་ཏུ་ནི་རྒྱུད་འདི་ཡང་རྣལ་འབྱོར་མའི་རྒྱུད་ཡིན་པར་ནང་ལེར་བཤད་ཡོད་དོ)། ། ༈ རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པའི་མཚན་ཡང་དག་པར་བརྗོད་པས། འཁྱུད་པ་ཞེས་པ་ནི་(བརྗོད་བྱ་དབྱིངས་རང་བཞིན་རྣམ་དག་)དང་བོའི་སངས་རྒྱས་〈བདེ་གཤེགས་སྙིང་ པོ་ཡེ་ཤེས་ཀྱི་སྐུ〉 མངོན་པར་བརྗོད་པ་ཉིད་ཀྱི་ཕྱིར་རོ། །འདིར་ཇི་ལྟར་མཚན་ཡང་དག་པར་ བརྗོད་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ གསུངས་པ་དང་གསུང་བར་འགྱུར་བ་དང་གསུང་པ་དེ་བཞིན་དུ་དང་པོའི་སངས་རྒྱས་ཀྱང་ ངོ༌། །དང་པོའི་སྒྲས་ནི་〈ཐབས་རྐྱང་པ་དང་རྣལ་འབྱོར་ཞེས་པ་བརྗོད་བྱ་རྗོད་བྱེད་དུ་མ་གྱུར་ པ〉ཐོག་མ་དང་ཐ་མ་མེད་པའི་དོན་(ཏེ་འདུས་མ་བྱས་ནམ་མཁའ་ལྟར་རྟག་པ་ཐེར་ཟུག་ཏུ་གནས་ཞེས་པའི་དོན་) ཏོ། །(རྒྱུད་ཀྱི་བརྗོད་བྱ་དང་པོའི་སངས་རྒྱས་བསྟན་པའི་སྙིང་པོ་འདི་ནི་)ཐོག་མ་མེད་པའི་དུས་སུ་〈ནམ་མཁའ་ ལྟར་འདུས་མ་བྱས་པ་ཡིན་པས〉ཐོག་མ་མེད་པའི་སངས་རྒྱས་(རྣམས་)ཀྱིས་བསྟན་པ་དང་(མ་ འོངས་བའི་སངས་རྒྱས་རྣམས་ཀྱིས་)〈མ་འོངས་པ〉སྟོན་པར་འགྱུར་བ་དང་(ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་)〈ད་ལྟར〉སྟོན་པ་སྟེ་དེ་བཞིན་གཤེགས་པ་མར་མེ་མཛད་དང་ཤཱཀྱ་ཐུབ་པ་འབའ་ཞིག་གིས་ གསུངས་པ་ནི་མ་ཡིན་ནོ། །འདིར་ཕྱག་ན་རྡོ་རྗེས་〈ཞུས〉 〈བདེ་གཤེགས་སྙིང་པོ་ཡེ་ཤེས་ཀྱི་སྐུ〉 འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ ལྟར་བྱུང་བ་རྫོགས་སངས་རྒྱས། །ཡང་ཡང་གསུང་བ་གང་ཡིན་པ། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ འདིར། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་〈བདེ་གཤེགས་སྙིང་པོ་ཡེ་ཤེས་ཀྱི་སྐུ〉། །〈བདེ་ གཤེགས་སྙིང་པོ་ཡེ་ཤེས་ཀྱི་སྐུ〉དཔག་མེད་རྣམས་ཀྱིས་དགྱེས་པ་ཡིས〈བདེ་གཤེགས་སྙིང་པོ་ ཡེ་ཤེས་ཀྱི་སྐུ〉། །གང་ཡང་ཡང་དག་གླུར་བླངས་པ། །ཞེས་གསུངས་སོ། །མཚན་ཡང་དག་ པར་བརྗོད་པ་གསོལ་བ་འདེབས་པའི་ཚིག་འདིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ 2-1-60 ཀྱིས་སྔགས་ཀྱི་ཐེག་པ་གསུངས་པ་ཡིན་ནོ། །འདིར་(དཔལ་གསང་བ་)འདུས་པ་ལས་དེ་བཞིན་ གཤེགས་པ་མར་མེ་མཛད་ནས་ཤཱཀྱ་ཐུབ་པའི་བར་དུ་དེ་བཞིན་གཤེགས་པ་གང་གིས་ཀྱང་ སྔགས་ཀྱི་ཐེག་པ་མ་གསུངས་སོ་ཞེས་(འབྱུང་)པ་གང་ཡིན་པ་དེ་ནི་དེའི་ཚེ(འི་འཁོར་དེ་དག་ལ་) དེའི་དུས་ན་(མ་གསུངས་)ཞེས་པ་སྟེ། (དེའི་རྒྱུ་མཚན་)འཕགས་པའི་ཡུལ་དུ་ཆོས་སྟོན་པའི་དུས་ན་ རིགས་བཞིའི་མངོན་པའི་ང་རྒྱལ་དང་ལྡན་ཞིང་(སྔགས་ཀྱི་)སྐལ་བ་མེད་པའི་སེམས་ཅན་ རྣམས་ཀྱི་བསམ་པའི་དབང་གིས་འཕགས་པའི་ཡུལ་གྱི་འཁོར་རྣམས་ལ་མ་བསྟན་པ་སྟེ། དུས་གཞན་དུ་ཡུལ་གཞན་གྱི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་〈གཞན〉ལ་ཡང་〈བདེ་གཤེགས་ སྙིང་པོ་ཡེ་ཤེས་ཀྱི་སྐུ〉མ་བསྟན་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པའི་གསུང་འདིའི་ཕྱིར་ དེ་བཞིན་གཤེགས་པ་ཐམས་ཅད་ཐེག་པ་གསུམ་(ཡོངས་སུ་རྫོགས་པར་)སྟོན་པ་པོ་ཡིན་ནོ། །རྣམ་ པ་གཞན་དུ་ན་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་ཏེ་རྡོ་རྗེའི་ཐེག་པ་སྟོན་པ་པོ་ཉིད་མ་ ཡིན་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པ་ ཐམས་ཅད་ཐེག་པ་གསུམ་སྟོན་པ་པོ་དང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པ་པོ་ཡིན་ ནོ། །དེའི་ཕྱིར་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པའི་མཚན་ཡང་དག་པར་བརྗོད་ པས་འཁྱུད་པའོ། ། ༈ 〈སྦས་པའི〉 རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མངོན་དུ་གྱུར་པ་ཞེས་པ་ནི་རྡོ་ རྗེ་ཐེག་པ་འདིར་སེམས་ཅན་གྱི་བསམ་པའི་དབང་གིས་(འདུས་པ་ལ་སོགས་པ་)རྒྱུད་ཀྱི་རྒྱལ་བོ་ ཐམས་ཅད་དུ་〈དབང་བཞི་པ་ཤེས་རབ་ཡེ་ཤེས〉 རྡོ་རྗེའི་ཚིག་ཏུ་(དབང་བཞི་པའི་དོན་མཆོག་ཏུ་མི་འགྱུར་ བའི་བདེ་བ་དུ་བ་ལྟ་བུ་ལ་སོགས་པ་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཀྱི་གཟུགས་འོད་གསལ་ཕྱག་རྒྱ་ཆེན་པོའི་དོན་འདི་)སྦས་ཏེ་(དབང་གསུམ་པ་ཤེས་རབ་ཡེ་ཤེས་གསལ་བར་བསྟན་པའི་རྗེས་སུ་)བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་ དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །(དེ་ལ་གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་པ་ཤེས་རབ་ 2-1-61 ཡེ་ཤེས་ཀྱི་དབང་མ་ཡིན་ནམ་སྙམ་ན་)〈ཤེས་རབ་ཡེ་ཤེས〉བཞི་པ(འི་ཤེས་རབ་ཡེ་ཤེས་)ནི་གསུམ་པ་མ་ཡིན་ཏེ་ བཞི་པ་ཞེས་(གསུམ་པ་ལས་ཐ་དད་དུ་)གསུངས་པའི་ཕྱིར་རོ། །དེ་ཡང་དེ་བཞིན་ནོ་ཞེས་གསུངས་ པའི་ཕྱིར་བཞི་པ་དེ་ཉིད་〈མཐར་ཐུག་གི〉ཤེས་རབ་ཡེ་ཤེས་སོ(མཚན་ཉིད་པའོ)། །བཅོམ་ལྡན་ འདས་ཀྱི་གསུངས་འདིའི་ཕྱིར་རྡོ་རྗེའི་ཚིག་ཏུ་སྦས་པ་ཡིན་ནོ། །(འདུས་པ་ལ་སོགས་པ་)〈སྦས་པའི〉 རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལ་རྡོ་རྗེའི་ཚིག་རབ་ཏུ་གསལ་བ་མ་ཡིན་ཞིང་བླ་མ་〈རིགས་ལྡན〉 བརྒྱུད་པའི་རིམ་པ(འི་ཞལ་ལ་)ས་རྟོགས་པར་བྱ་〈དགོས་པ〉བ་ཡིན་ཏེ་〈སྦས་པའི་བསྡུས〉རྒྱུད་ནི་ རྒྱུད་〈མ་སྦས་པའི་བསྡུས་པའི་རྩ〉གཞན་དག་གིས་རྟོགས་པར་བྱ་ཞེས་དེ་བཞིན་གཤེགས་ པས་གསུངས་པའི་ཕྱིར་རོ(རྡོ་རྗེ་སྙིང་པོའི་འགྲེལ་པར་ཡང༌། ཀྱེའི་རྡོ་རྗེ་ཡིས་ནི་བདེ་མཆོག་འཁོར་ལོ་དང་ནི་གདན་ བཞི་ཤེས་པར་བྱ། །ཀྱེའི་རྡོ་རྗེ་དང་ནི་བདེ་མཆོག་འཁོར་ལོ་ཉུང་ངུ་འདི་ནི་གདན་བཞིས་ཤེས་པར་བྱ། །མཆོག་གི་དང་པོའི་སངས་ རྒྱས་ཚིག་དང་བདེ་མཆོག་ཆེན་པོས་ངེས་དོན་ཤེས་པར་བྱ། །དེ་ལ་སོགས་པའི་རྒྱུད་རྣམས་ནི། །རྒྱུད་གཞན་རྣམས་ཀྱིས་རྟག་ཏུ་ནི། ། བསྟན་དང་རྒྱས་བཤད་ཀྱིས་ཤེས་བྱ། །འགྲེལ་པས་ལམ་འདོད་རྣམས་ཀྱིས་སོ། །ཞེས་གསུངས་པ་ལྟར་རོ)། །སྔགས་ཀྱི་ ཚུལ་འདི་ལ་རྡོ་རྗེའི་ཚིག་རྣམ་པ་གཉིས་ཏེ་གཅིག་ནི་འཇིག་རྟེན་ཀུན་རྫོབ་ཡིན་ལ་གཉིས་པ་ ནི་དོན་དམ་པའོ། །དེ་དག་ལས་འཇིག་རྟེན་ཀུན་རྫོབ་ཀྱི་རྡོ་རྗེའི་ཚིག་ནི་[བསད[གསོད](ཅེས་ པ་འགྱུར་སྔ་མ་དང་གཞན་ལ་ཡང་ཡོད་)པ་〔དང་མ་བྱིན་ལེན〕ལ་སོགས་པའི་ལས་(བྱས་པ་)〈དང་བསད་བསྐྲད་ ལ་སོགས་པ〉ལ་དམ་ཚིག་〔གི〕གྲུབ་པ་(སྟེ་དངོས་གྲུབ་)སྟེར་བར་བྱེད་པ(སྟེ་ཐོབ་པ་)འོ(ཞེས་སྟོན་པའི་ཚིག་ སྟེ། ཀྱེའི་རྡོ་རྗེར། ཁྱོད་ཀྱིས་སྲོག་ཆགས་བསད་པ་དང༌། །རྫུན་གྱི་ཚིག་ཀྱང་སྨྲ་བ་དང༌། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང༌། །ཕ་ རོལ་བུད་མེད་བསྟེན་པར་གྱིས། །ཞེས་དང་རྒྱུད་འདིར། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ། ཞེས་གསུངས་ པ་ལྟ་བུའོ། །བསད་པ་དང་བསྐྲད་པ་ལ་སོགས་པའི་ལས་ལ་ཡང་སྦྱར་ཏེ་གསུངས་སོ)། །དོན་དམ་པའི་བདེན་པའི་ རྡོ་རྗེའི་ཚིག་ནི་བཞི་པ་དེ་ཡང་དེ་བཞིན་ཏེ་ཞེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་འབྲས་ བུ་སྟེར་བར་བྱེད་པའོ། །དང་པོའི་སངས་རྒྱས་འདི་ལ་རྡོ་རྗེའི་ཚིག་(རྣམ་གྲངས་གཉིས་པོ་)〈རྣམ་པ་ 2-1-62 གཉིས་པོ〉དེ་དག་ཉིད་རབ་ཏུ་གསལ་བར་བསྟན་པ་དང་བཤད་པ་དང་རབ་ཏུ་བཤད་པ་དག་ གིས་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་དོ། །(རྡོ་རྗེའི་ཚིག་ཕྱི་མའི་དོན་ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་)འདི་ཉིད་(མྱུར་དུ་)〈 མངོན་སུམ་དུ〉 སྒྲུབ་པ་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་ པ་(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་ཡིད་ཆེས་པའི་)མཚན་མ(འམ་རྟགས་དང་ལྡན་པ་)〈མཐོང་བ〉འི་ལམ་〈མཐར་ ཐུག་པ〉རབ་ཏུ་གསལ་བར་མཛད་དེ། (ཇི་སྐད་དུ་མུན་ནག་གི་ནམ་མཁའ་)སྟོང་པར་རྩེ་གཅིག་(ཏུ་རྣམ་ པར་མི་རྟོག་པའི་)ཡིད་(དུ་)བྱས་ཏེ། ཉི་མ་གཅིག་ནི་(ཕྱག་རྒྱ་ཆེན་པོ་)〈བདེ་གཤེགས་སྙིང་པོ〉ཡོངས་སུ་ བརྟག་(པར་བྱའོ་)ཅེས་(གསུངས་པས་)སོ། 〈བརྟག་པ་གཉིས་པའི་ཕྱི་མར་ཡང༌། བསམ་གཏན་ཉོན་ མོངས་འཇིགས་བྱེད་པ། །རྡོ་རྗེ་སྙིང་པོ་ང་ཡིས་བཤད། །དངོས་གྲུབ་དོན་དུ་ལྟད་མོས་ཀྱང༌། ། ཟླ་བ་ཕྱེད་དུ་ཡོངས་བརྟགས་བྱ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་གཟུགས་ སུ་སེམས་དཔའ་ཡིས། །ཉི་མ་གཅིག་ནི་མ་ཆད་པར། །བསྒོམས་ནས་ཡོངས་སུ་བརྟག་པར་གྱིས། ། རང་གཞན་དུ་ནི་རབ་བསྒྲུབ་ཆེད། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །ལན་གཅིག་རིག་ མ་གོམས་བྱས་པས། །འཕྲལ་དུ་ཡིད་ཆེས་བྱེད་པ་ཅན། །ཞེས་འབྱུང་ངོ༌། །〉བཅོམ་ལྡན་འདས་ ཀྱིས་གསུང་འདིའི་ཕྱིར་མཆོག་གི་དང་པོའི་སངས་རྒྱས་སུ་རྡོ་རྗེའི་ཚིག་ཕྱག་རྒྱ་ཆེན་པོ་བསྒོམ་ པའི་ལམ་དུ་བ་ལ་སོགས་པ་(སྦྱོར་བ་ཡན་ལག་དྲུག་)རབ་ཏུ་གསལ་བ་ཡིན་གྱི་བླ་མ་བརྒྱུད་པའི་ རིམ་པས་འོངས་པ〈འི་འགའ་ཞིག་གཞན་ལས་ལྟོས་དགོས་པ〉་(སྟེ་བླ་མའི་ཞལ་ལས་ཤེས་དགོས་པ་)མ་ ཡིན་ལ་བླ་མའི་བཀས་བྱིན་གྱིས་བརླབས་པ་(ཙམ་གྱིས་གྲོལ་བར་འགྱུར་རོ་ཞེས་སྨྲ་བ་ལྟ་བུ་བླ་མའི་བཀའི་བྱིན་ གྱིས་བརླབས་པ་ཙམ་གྱིས་དུ་བ་ལ་སོགས་པའི་མཚན་མ་མཐོང་བ་)ཡང་མ་ཡིན་(གྱི་རང་གིས་འབད་ནས་བསྒོམ་དགོས་ པ་ཡིན་)ནོ། །(སོ་སོར་སྡུད་པ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པའི་)〈འོད་གསལ་བདེ་གཤེགས་སྙིང་པོ〉ལམ་ འདི་ལ་ནི་(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རང་ཉིད་ལ་གདོད་མ་ནས་ཡོད་པ་ལ་)〈བསྒོམས་ནས〉ཡིད་ཆེས་པ་(སྐྱེ་བའི་ རྒྱུ་མཚན་མའམ་རྟགས་)ཡོད་དེ་〈སྟོང་པར་རྩེ་གཅིག་ཡིད་བྱས་ནས〉ཉི་མ་གཅིག་ནི་ཡོངས་སུ་བརྟག་ 2-1-63 ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །འདིར་དུ་བ་ལ་སོགས་པའི་མཚན་མ་ (མཐོང་བ་ཅན་གྱི་སོ་སོར་སྡུད་པའི་ཏིང་ངེ་འཛིན་བསྒོམ་པ་)〈མཐོང་བ་ཙམ་གྱི་ཉེ་ལམ〉བོར་ནས་གཞན་སྔགས་ 〔ཟློས་པ〕〈ཟློས་པ〉ལ་སོགས་པ(རྟོག་པའི་བསྒོམ་པ་)འི་〈བཏགས་པའི〉སྒྲུབ་ཐབས་ཉི་མ་གཅིག་གིས་ རྣལ་འབྱོར་པས་(ཕྱག་རྒྱ་ཆེན་པོ་འོད་གསལ་ཆོས་ཀྱི་སྐུ་)〈བདེ་གཤེགས་སྙིང་པོ〉ཡོངས་སུ་བརྟག་པར་བྱ་ བ་མ་ཡིན་ནོ། །〔མཚན་མའི་ལམ་ཞེས་པ་ལ〕མཚན་མ་ཡང་རྣམ་པ་གསུམ་སྟེ་དང་པོའི་མཚན་མ་དང་ བར་བའི་མཚན་མ་དང་ཐ་མའི་མཚན་མའོ། །དང་པོ(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉེ་བར་གྱུར་པ་ལ་ཡིད་ ཆེས་པའི་རྒྱུ་)འི་མཚན་མ་ནི་དུ་བ་ལ་སོགས་པའི་ལམ་སྦྱོར་བ་ཡན་ལག་དྲུག་གིས་(སྟོང་པ་ཉིད་ཀྱིས་)གཟུགས་(རྣམ་པ་ཐམས་ཅད་པ་)རྫོགས་ནས་(ཐིག་ལེ་)འགྱུར་བ་(སྟེ་འཕོ་བ་)མེད་པའི་(བདེ་བའི་)སྐད་ ཅིག་(ཏེང་ངེ་འཛིན་ཡན་ལག་གི་ཐོག་མ་)ཐོབ་པའོ(འདིར་དུ་བ་ལ་སོགས་པ་འོད་གསལ་སྟོང་གཟུགས་ཉིད་ཕྱག་རྒྱ་ཆེན་པོ་ བསྒོམ་པའི་ལམ་ཡིན་པར་བསྟན་པ་ཡང་བསྒོམ་པའི་ལམ་གྱི་དམིགས་པ་ལ་བསྒོམ་པའི་ལམ་ཞེས་བརྗོད་པ་ཡིན་གྱི་བསྒོམ་པའི་ ལམ་དངོས་ནི་མ་ཡིན་ཏེ་དུ་བ་ལ་སོགས་པ་ནི་ནམ་མཁའ་ལས་བྱུང་རང་བྱུང་བ། ཞེས་པའི་གསུང་ལས་ཆོས་ཉིད་འོད་གསལ་ འདུས་མ་བྱས་ཡིན་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ལམ་ཡན་ལག་དྲུག་ནི་ལམ་འདུས་བྱས་ཡིན་པའི་ཕྱིར་རོ། །དུ་སོགས་རྟགས་ བཅུ་ནི་དེ་ཁོ་ན་ཉིད་ཀྱི་འབྲས་བུའི་སྔ་ལྟས་སུ་གྱུར་བའི་ཕྱིར། མཚན་མ་ཞེས་བྱ་བར་དཔལ་ནཱ་རོ་པས་བཤད་དོ། །དུ་བ་ལ་སོགས་ པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་ཡིད་ཆེས་པའི་མཚན་མའམ་རྟགས་སུ་འགྱུར་བའང་དུ་བ་ལ་སོགས་ཕྱག་རྒྱ་ཆེན་པོ་དངོས་ཡིན་ ཞིང༌། དེ་སོ་སོར་སྡུད་པའི་རྣལ་འབྱོར་བས་མངོན་སུམ་དུ་མཐོང་བ་ལས་ཕྱག་རྒྱ་ཆེན་པོ་ལ་ཡིད་ཆེས་པའི་སྒོ་ནས་ཡིན་གྱི་མཚན་ མའམ་རྟགས་ཞེས་བཤད་པས་ཕྱག་རྒྱ་ཆེན་པོ་དངོས་མ་ཡིན་པར་མི་འགྱུར་རོ། །གལ་ཏེ་འགྱུར་ན་ཐ་མའི་མཚན་མ་ལ་ཡང་ཧ་ ཅང་ཐལ་བར་མཚུངས་སོ། །དེས་ན་དུ་བ་སོགས་ཕྱག་རྒྱ་ཆེན་པོ་དངོས་མ་ཡིན་པར་སྨྲ་བ་ནི་རྒྱུད་ཀྱི་གསང་བའི་དོན་མི་ཤེས་པའི་ མུན་སྤྲུལ་ལོ)། །བར་མ(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོག་མ་ཐོབ་པ་ལ་ཡིད་ཆེས་པའི་རྒྱུ་)འི་མཚན་མ་ནི་མཆོག་ ཏུ་མི་འགྱུར་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ས་དང་པོ་ཐོབ་པ་དང་མངོན་པར་ཤེས་ པ་ལྔ་དང་(ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཅིག་གི་)མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང་ 2-1-64 (མཁའ་ལ་སྤྱོད་པ་སོགས་)〈སངས་རྒྱས་ལ་ལྟོས་ན〉འཇིག་རྟེན་པའི་དངོས་གྲུབ་(རྣམས་ཀྱང་)ཐོབ་པ(ས་ དང་པོ་ལ་འཇིག་རྟེན་པའི་དངོས་གྲུབ་ཐོབ་པ་ནི་སྔགས་ཀྱི་ཐེག་པའི་ཁྱད་ཆོས་སོ་)འོ། །ཐ་མ(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ ཡོངས་སུ་རྫོགས་པར་ཐོབ་པ་ལ་ཡིད་ཆེས་པའི་རྒྱུ་)འི་མཚན་མ་ནི་སངས་རྒྱས་ཉིད་དང་〈རྣམ་གྲངས〉རྡོ་རྗེ་ འཆང་ཉིད་དེ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་ གིས་ས་བཅུ་གཉིས་པ་ཐོབ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ(སྐབས་འདིར་མཚན་མ་ གསུམ་ལ་མོས་སྤྱོད་མཐོང་ལམ་སོགས་སློབ་ལམ་མི་སློབ་པའི་ལམ་སྟེ་གསུམ་ལ་རིམ་པ་ལྟར་སྦྱར་བ་ཡང་སྣང་ངོ)། །(དོན་ དམ་པའི་བདེན་པའི་)རྡོ་རྗེའི་ཚིག་(དབང་བཞི་པའི་དོན་)ལ་སོགས་པ་(ཀུན་རྫོབ་ཀྱི་རྡོ་རྗེའི་ཚིག་གི་དོན་)མཚན་ མ་〔སྟེ་སྦྱོར་བ་ཡན་ལག་དྲུག་གི་ལམ〕སྔོན་དུ་འགྲོ་བ་ཅན་འདི་དག་རབ་ཏུ་གསལ་བར་རྒྱུད་ཀྱི་རྒྱལ་པོ་ མཆོག་གི་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་〈དུས་ཀྱི་འཁོར་ལོས〉གསུངས་སོ། ། 〈དུས་ཀྱི་འཁོར་ལོ〉དེའི་ཕྱིར་(རྩ་བའི་)རྒྱུད་(དང་པོའི་སངས་རྒྱས་)〈འདུས་པ་དགྱེས་རྡོར་ལ་སོགས་པ〉 ནི་རྒྱུད་གཞན་( གྱི་ངེས་པའི་དོན་)ཚོལ་བ་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་(གི་ དོན་)མངོན་དུ་གྱུར་པ(སྟེ་གསལ་བར་སྟོན་པ་)འོ། ། ༈ སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་པ་ལ་སངས་རྒྱས་རིན་ཆེན་ནི་(དང་ པོའི་སངས་རྒྱས་)〈བདེ་གཤེགས་སྙིང་པོ〉མཆོག་ཏུ་མི་འགྱུར་བ(ལྷན་ཅིག་སྐྱེས་པ་)འི་བདེ་བ་ཡིན་ལ་ཟ་ མ་ཏོག་ནི་རྡོ་རྗེ་ནོར་བུ(འི་རྩ་མི་དང་ར་ཟེར་བ་ལེགས་)དང་པད་མ་( ཞེས་པ་ནི་རྡོ་རྗེ་ནོར་བུའི་ཁྱིམ་ཞེས་གསུངས་ པ་དང་དོན་གཅིག་པ་སྟེ་རྡོ་རྗེ་ནོར་བུ་ནི་བདེ་བ་ཆེན་པོ་ཡིན་ལ་དེའི་པད་མ་ཞེས་པས་པད་མ་རྟེན་ཡིན་པར་བསྟན་པས་པད་མ་ནི་ རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་)〈ཡི་ལྟེ་བའམ་ཡང་ན་རྡོ་རྗེ་སྤྱི་ག ཙུག་གི་ཧྂ་དང་པདྨའི་ལྟེ་བའི་ཨ་ ཡིག་གོ་ཞེས་གསུང༌། སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་པའི་བྱང་ལས། རྡོ་རྗེ་ཡང་སྟོང་ ཉིད་པདྨ་ཡང་སྟོང་ཉིད་ཡིན་པས་སྙིང་པོ་བདེན་ཆེན་ལ་ཀུན་ནས་ག ཡོགས་པའི་སྟོང་པ་ ཆེན་པོ〉 སྟེ་〔དེ་ལ་བདེ་ཆེན་གནས་པ་ནི〕〈དེ་བདེན་གནས་པ་ནི〉སངས་རྒྱས་རིན་ཆེན་ཟ་མ་ཏོག་གོ། (ཟ་ 2-1-65 མ་ཏོག་)དེ་ཉིད་རྒྱུད་ཀྱི་རྒྱལ་པོ་གང་གིས་ཁ་འབྱེད་པ་(སྟེ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ལ་གནས་པའི་ ལྷན་སྐྱེས་བདེ་བ་གསལ་བར་སྟོན་པ་)དེ་ནི་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པའོ། ། ༈ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་རྟེན་པ་ཞེས་པ་ལ་འཇིག་ རྟེན་པའི་བདེན་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་རྟོག་པའི་བསྒོམ་པ་བསྐྱེད་པའི་ རིམ་པས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །འཇིག་རྟེན་ལས་འདས་པའི་ བདེན་པ་ནི་(དམིགས་པ་)དུ་བ་ལ་སོགས་པའི་མཚན་མ་དང་(དེ་བསྒོམ་པའི་ལམ་)རྣམ་པར་མི་རྟོག་ པའི་སེམས་རྫོགས་པའི་རིམ་པ(སྦྱོར་བ་ཡན་ལག་དྲུག་གི་)ས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་ པར་བྱེད་པའོ། །རྫོགས་པའི་རིམ་པ་(དམིགས་པ་)ནི་ལྷན་ཅིག་སྐྱེས་པ(འི་ཡེ་ཤེས་)རྣམ་པར་མི་ རྟོག་པ་རྣམ་པ་ཐམས་ཅད་པ་སྟེ་ཞལ་དང་ཕྱག་དང་ཁ་དོག་དང་དབྱིབས་ཀྱི་རྟོག་པ་དང་བྲལ་ བ(མངོན་སུམ་དུ་བསྒོམ་པ་)འོ། །བདེན་པ་འདི་དག་ལ་བརྟེན་པ་ནི་འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་བདེན་པ་ལ་བརྟེན་པ་སྟེ་ལམ་(རིམ་པ་)གཉི་ག་སྟོན་པའི་ཕྱིར་རོ། ༈ མངོན་པར་རྫོགས་པར་བྱང་ཆུབ་པ་བཞི་དང་རྡོ་རྗེ་བཞིས་ཡོངས་སུ་དག་པ་ཞེས་པ་ ནི་〈མི་འགྱུར་བའི་བདེ་བ་ཆེན་པོ་སྐ ད་ཅིག་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་རྫོགས་པའི〉སྐ ད་ཅིག་ གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་〈ཡེ་ཤེས་རྡོ་རྗེ〉། 〈ཡེ་ཤེས〉རྣམ་པ་ལྔས་ མངོན་པར་རྫོགས་པར་བྱང་ཆུབ་པ་དང་〈ཐུགས་རྡོ་རྗེ〉། 〈སྲོགས་པའི་ལ་སོགས་པའི་རླུང་བཅུ་ དང་དཀྱིལ་འཁོར་བཅུ་སྟེ〉རྣམ་པ་〈འགགས་པའམ་སྲོགས་ལ་སོགས་པ་བཅུ་རྟེན་གྱི་རྩ་བཅུ་ སྟེང་དང་བཅས་ཏེ་འགགས་པ་ལ་དོན་དམ་གྱི་སོ་སོར་ཉི་ཤུ〉ཉི་ཤུས་མངོན་པར་རྫོགས་པར་ བྱང་ཆུབ་〈གསུང་རྡོ་རྗེ〉པ་དང༌། 〈མཐའ་ཡས་པའི〉སྒྱུ་འཕྲུལ་དྲ་〈པྲ་ཕབ་པ་ལྟ་བུ〉བས་མངོན་པར་ རྫོགས་པར་བྱང་ཆུབ་པ་〈སྐུ་རྡོ་རྗེ〉སྟེ་འདི་རྣམས་ཀྱིས་ཡོངས་སུ་དག་པ་(སྟེ་མངོན་བྱང་བཞིའི་ངོ་བོ་ངོས་ བཟུང་བ་)ནི་མངལ་སྐྱེས་(རྣམས་ཀྱིས་མངོན་བྱང་བཞི་ནི་མངལ་དུ་ལུས་)〈དང་མཐུན་པར〉བསྐྱེད་པའི་རིམ་ 2-1-66 པ་(སྟེ་མངལ་དུ་དང་བོ་ཁུ་རྡུལ་རོ་མཉམ་པ་ཀུན་གཞིའི་རྣམ་ཤེས་བདེ་བའི་སྐད་ཅིག་རིག་པ་དང་བཅས་ཤིང་ལུས་ཀྱང་ཉ་རོ་ཧི་ ཏ་ལྟར་རྣམ་པ་གཅིག་པ་ནི་སྐད་ཅིག་གཅིག་དང༌། དེ་ནས་གཟུགས་སོགས་ཀྱི་བག་ཆགས་ཀྱི་ཤེས་པ་ལྔ་རིག་ཅིང་ལུས་རུ་སྦལ་ ལྟར་འབུར་པོ་ལྔ་འཐོན་པ་ནི་རྣམ་པ་ལྔ་དང༌། དེ་ནས་ཤེས་པ་ལྔ་བོ་ཁམས་བཞིའི་བག་ཆགས་ཀྱི་དབྱེ་བས་ལུས་ཀྱང་སོར་མོ་ ཉི་ཤུ་རྫོགས་པ་ནི་རྣམ་པ་ཉི་ཤུ་དང༌། དེ་ནས་མངལ་ནས་འཐོན་ཏེ་སྒྱུ་མའི་དྲ་བ་ལྟར་དངོས་པོ་དུ་མ་རིག་པ་ནི་སྒྱུ་འཕྲུལ་དྲ་བས་ མངོན་པར་རྫོགས་པར་བྱང་ཆུབ་པའོ། །དེའི་ཆོས་མི་མཐུན་པས་སངས་རྒྱས་ཀྱི་ནི་དབུགས་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་ཟད་ཅིང་ བདེ་བའི་སྐད་ཅིག་གྲངས་དེ་སྙེད་རྫོགས་པའི་སྐད་ཅིག་ལ་སངས་རྒྱས་པ་སྐད་ཅིག་གཅིག་དང༌། ཁམས་དང་ཕུང་པོའི་དཀྱིལ་ འཁོར་ལྔ་འགགས་པ་ཡེ་ཤེས་ལྔ་འཐོབ་པ་རྣམས་དང༌། དབང་པོ་ལྔ་ཡུལ་ལྔ་ལས་དབང་ལྔ་དེའི་བྱ་བ་ལྔ་སྒྲིབ་པ་མེད་པ་ནི་རྣམ་ པ་ཉི་ཤུ་དང༌། ཅིག་ཆར་མཐའ་ཡས་པའི་སྤྲུལ་པ་སྤྲོ་བའི་སྐུ་རྣམ་པ་ཐམས་ཅད་པ་པྲ་ཕབ་པ་ལྟ་བུ་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་ རྫོགས་པར་བྱ ང་ཆུབ་པ་ཞེས་ཤེས་པར་བྱ འོ་)〈བདེ་གཤེགས་སྙིང་པོ་ལ་མོས་པ་ཡིད་ལ་བྱེད་པ〉དང་〈མཐར་ ཐུག་བདེ་གཤེགས་སྙིང་པོ〉དུ་བ་ལ་སོགས་པ་(སྟོང་པ་ཉིད་ཀྱི་)གཟུགས་〈སྣ་ཚོགས་གཟིགས〉 (ཆུང་ ངུ་དང་འབྲིང་དང་ཆེན་པོ་དང་ཤིན་ཏུ་ཆེན་པོའི་དབྱེ་བས་)རྫོགས་པ་རྫོགས་པའི་རིམ་〈དེ་ཁོ་ན་ཉིད་ཡིད་ལ་ བྱེད་པ་སྟེ་བསམ་གཏན་དང་ཡེ་ཤེས་ཀྱི་ཚོགས་ཀྱི〉པས་སོ( མངོན་པར་རྫོགས་པར་བྱ ང་ཆུབ་པ་བཞིའོ། ། ཞེས་པ་ནཱ་རོ་པའི་བཞེད་པ་དང་མཐུན་པར་བཤད་པ་སྟེ་འདིའི་བསྐྱེད་རིམ་ཞེས་པ་རིམ་གཉིས་ཀྱི་ཡ་གྱལ་གྱི་བསྐྱེད་རིམ་ལ་སྦྱོར་ བ་ནི་དགོངས་པ་མ་ཡིན་ཏེ་བསྐྱེད་རིམ་ལ་མངོན་རྫོགས་བྱང་ཆུབ་བཞི་རྫོགས་པར་སྦྱར་བ་དང༌། སྦྱོར་དྲུག་ལའང་བཞི་པོ་རྫོགས་ པར་སྦྱར་བ་རྒྱུད་འགྲེལ་ལས་བསྟན་པ་མེད་དོ)། །དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་བཞིས་(རྩ་ བའི་རྒྱུད་)ཡོངས་སུ་དག་པའོ(ཞེས་པ་རྩ་རྒྱུད་ཀྱི་མངོན་བྱང་བཞི་ཇི་ལྟ་བ་བཞིན་སྟོན་པར་བྱེད་ཅེས་པའོ་རྡོ་རྗེ་བཞི་དང་ སྦྱར་བ་ནི་གོ་སླའོ)། ། ༈ སྐུ་བཞི་དང་རིགས་དྲུག་དང་བདེན་པ་བཅུ་གཉིས་དང་དེ་ཁོ་ན་ཉིད་བཅུ་དྲུག་དང་ སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་བཅུ་དྲུག་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ དབང་དང་ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་ཀྱི་ལམ་རབ་ཏུ་གསལ་བར་ 2-1-67 བྱེད་པ་ཞེས་པ་ལ། 〈བདེ་གཤེགས་སྙིང་པོའི〉སྐུ་བཞི་ནི་དག་པ་དང་ཆོས་དང་ལོངས་སྤྱོད་ རྫོགས་པ་དང་སྤྲུལ་པ་རྣམས་〈རང་བཞིན་གྱིས་དག་ཅིང་མི་འབྲལ་བའི་ཡོན་ཏན་མཐའ་ཡས་ པ་ཅན〉ཏེ་(ཞེས་པ་སྤྱིར་བསྟན་ནས་)དེ་རྣམས་ཀྱང་མངལ་སྐྱེས་(ཀྱིས་མཚོན་པ་སེམས་ཅན་)རྣམས་ཀྱི་བཞི་ པ་(ཐིག་ལེ་འཕོ་བ་)དང་ཤིན་ཏུ་གཉིད་ལོགས་པ་དང༌། རྨི་ལམ་དང་(གཉིད་ལས་)སད་པའི་གནས་ སྐབས་ཀྱི་མཚན་ཉིད་ཅན་(དེ་བཞི་པོ་དེ་རྣམས་ཉིད་)ཡིན་〈པས་སྒྲིབ་པ་ཀླུར་དང་བཅས་པ་ཡིན〉ལ་ སངས་རྒྱས་〈ཐོབ་པ〉རྣམས་ཀྱི་(སྐུ་བཞི་)ནི་སྒྲིབ་པ་(གནས་སྐབས་བཞི་པོ་དེ་རྣམས་)〈གློ་བུར་བ་རྣམས〉 དང་〈ཡང་〉བྲལ་བའོ། །རིགས་དྲུག་ནི་མི་འགྱུར་བའི་བདེ་བ་(སྟེ་ཡེ་ཤེས་ཀྱི་ཕུང་པོ་)ཡེ་ཤེས་ཀྱི་ ཁམས་( པ་)〈དང་རྡོ་རྗེ་སེམས་དཔའ་དང་སྣ་ཚོགས་ཡུམ〉དང་〈མི་འགྱུར་བའི〉རྣམས་པར་ཤེས་ པ( འི་ཕུང་པོ་)ནམ་མཁའི་ཁམས་( པ་)〈མི་བསྐྱོད་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ〉དང་〈མི་ འགྱུར་བའི〉འདུ་བྱེད་(ཀྱི་ཕུང་པོ་དང་)རླུང་གི་ཁམས་(པ་)〈དོན་ཡོད་སྒྲོལ་མ〉དང་〈མི་འགྱུར་བའི〉ཚོར་ བ(འི་ཕུང་པོ་)མེའི་ཁམས་(པ་)〈རིན་ཆེན་འབྱུང་ལྡན་དཀར་མོ〉དང་〈མི་འགྱུར་བའི〉འདུ་ཤེས་(ཀྱི་ ཕུང་པོ་)ཆུའི་ཁམས་(པ་)〈འོད་དཔག་མེད་མ་མི་ཀཱི〉དང་〈མི་འགྱུར་བའི〉གཟུགས་(ཀྱི་ཕུང་པོ་)སའི་ ཁམས་( པ་)〈རྣམ་སྣང་སྤྱན་མ་རྣམས་རང་བཞིན་གྱིས་དག་ཅིང་མི་འབྲལ་བའི་ཡོན་ཏན་ཅན〉 ཏེ་(ཞེས་པ་རིགས་དྲུག་གི་གཙོ་བོ་རྣམས་དངོས་སུ་སྨོས་ནས་ལྷག་མ་རྣམས་ཤུགས་ལ་བསྟན་པ་སྟེ་དེ་ལྟར་)རིགས་དྲུག་〈དེ་ རྣམས་ནི〉ནི་མངལ་སྐྱེས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་(སྟེ་མ་དག་པ་ཀུན་རྫོབ་ཀྱི་རིགས་དྲུག་པོ་དེ་རྣམས་)ཡིན་ལ་སངས་རྒྱས་〈མཐར་ཐུག་བདེ་གཤེགས་སྙིང་པོ〉རྣམས་ཀྱི་ནི་(ཡེ་ཤེས་ཀྱི་ཕུང་པོ་གཞན་རྡོར་ སེམས་སོགས་རིགས་དྲུག་རྣམས་)སྒྲིབ་པ་(སྟེ་མ་དག་པ་ཀུན་རྫོབ་ཀྱི་རིགས་དྲུག་པོ་དེ་རྣམས་)〈མཐར་ཐུག་བདེ་ གཤེགས་སྙིང་པོ〉དང་〈ཡང་〉བྲལ་བའོ། །བདེན་པ་བཅུ་གཉིས་ནི་〈མི་འགྱུར་བའི〉མ་རིག་པ་དང་ 〈མི་འགྱུར་བའི〉འདུ་བྱེད་དང་〈མི་འགྱུར་བའི〉རྣམ་པར་ཤེས་པ་དང་〈མི་འགྱུར་བའི〉མིང་དང་ གཟུགས་དང་〈མི་འགྱུར་བའི〉སྐྱེ་མཆེད་དྲུག་དང་〈མི་འགྱུར་བའི〉རེག་པ་དང་〈མི་འགྱུར་བའི〉ཚོར་ 2-1-68 བ་དང་〈མི་འགྱུར་བའི〉སྲེད་པ་དང་〈མི་འགྱུར་བའི〉ལེན་པ་དང་〈མི་འགྱུར་བའི〉སྲིད་པ་དང་〈མི་ འགྱུར་བའི〉སྐྱེ་བ་དང་〈མི་འགྱུར་བའི〉རྒ་ཤི་〈མི་འགྱུར་བའི〉〈གདོད་ནས་གྲོལ་ཞིང་ཆོས་སྐུའི་ཡོན་ ཏན་དང་ལྡན་པ〉སྟེ་བདེན་པ〈འི་དོན་ས〉་བཅུ་གཉིས་ནི་(ཞེས་པ་སྤྱིར་བསྟན་ནས་)མངལ་སྐྱེས་ རྣམས་ཀྱི་སྒྲིབ་པ་〈གློ་བུར་བ་རྣམས〉དང་བཅས་པ་(སྟེ་མ་དག་པ་ཀུན་རྫོབ་ཀྱི་རྟེན་འབྲེལ་ཡན་ལག་བཅུ་ གཉིས་)ཡིན་ལ་སངས་རྒྱས་〈ཐོབ་པ〉རྣམས་ཀྱི་ནི་(བདེན་དོན་རྣམ་པ་བཅུ་གཉིས་དོན་དམ་པ་སྟེ་)སྒྲིབ་པ་(སྟེ་ ཀུན་རྫོབ་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་)〈གློ་བུར་བ་རྣམས〉དང་བྲལ་〈ཡང་〉བའོ། །(དེ་དག་གི་རྒྱུ་མཚན་ནི་) 〈དེ་དག་ཀྱང་〉འཕོ་བ་བཅུ་གཉིས་ཀྱི་སྲོག་གི་དབྱེ་བས་སྲོག་གི་རླུང་རྒྱུ་བའི་ཕྱིར་〈ན〉མངལ་ ནས་སྐྱེས་པ་རྣམས་ཀྱི་(རིགས་དྲུག་སོགས་)སྒྲིབ་པ་དང་བཅས་པ་ཡིན་ལ་(དུས་སྦྱོར་དང་རྟེན་འབྲེལ་) ཡན་ལག་བཅུ་གཉིས་འགགས་པའི་ཕྱིར་〈ནི〉སངས་རྒྱས་〈ཐོབ་པ〉རྣམས་ཀྱི་ནི་(རིགས་དྲུག་སོགས་) སྒྲིབ་པ་དང་བྲལ་བའོ། །〈མཐར་ཐུག་བདེ་གཤེགས་སྙིང་པོ〉དེ་ཁོ་ན་ཉིད་བཅུ་དྲུག་ནི་སྤྲུལ་པའི་ སྐུ་དང་སྤྲུལ་པའི་གསུང་དང་སྤྲུལ་བའི་ཐུགས་དང་སྤྲུལ་པའི་ཡེ་ཤེས་དང་ལོངས་སྤྱོད་རྫོགས་ པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་གསུང་དང་ལོངས་སྤྱོད་རྫོགས་པའི་ཐུགས་དང་ལོངས་ སྤྱོད་རྫོགས་པའི་ཡེ་ཤེས་དང་ཆོས་ཀྱི་སྐུ་དང་ཆོས་ཀྱི་གསུང་དང་ཆོས་ཀྱི་ཐུགས་དང་ཆོས་ཀྱི་ ཡེ་ཤེས་དང་ལྷན་ཅིག་སྐྱེས་པའི་སྐུ་དང་ལྷན་ཅིག་སྐྱེས་པའི་གསུང་དང་ལྷན་ཅིག་སྐྱེས་པའི་ ཐུགས་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། (ལུས་ངག་སེམས་དང་ཡེ་ཤེས་ཀྱི་)དགའ་བ་(བཞི་)དང་ མཆོག་དགའ་(བཞི་)དང་ཁྱད་པར་དགའ་བ་(བཞི་)དང་ལྷན་ཅིག་སྐྱེས་པའི་(དགའ་བའི་)དབྱེ་བས་ དེ་ཁོ་ན་ཉིད་བཅུ་དྲུག་(ཅེས་པ་སྤྱིར་བསྟན་ནས་)〈དང་པོར་སངས་རྒྱས་ཤིང་ཡེ་ཤེའི་སྐུའི་ཡོན་ཏན་ ཀུན་ཚང་བའི་དེ་ཉིད〉མངལ་སྐྱེས་རྣམས་ཀྱི་ནི་སྒྲིབ་པ་〈གློ་བུར་བ་རྣམས〉 དང་བཅས་པ་(སྟེ་མ་ དག་པ་ཀུན་རྫོབ་ཀྱི་དགའ་བ་བཅུ་དྲུག་)ཡིན་ཏེ་བཅུ་དྲུག་(གི་)ཕྱེད་(ཀྱི་)ཕྱེད་ཐིག་ལེ་(བཞི་)འདོར་བའི་ ཕྱིར་རོ། །སངས་རྒྱས་〈ཐོབ་པ〉རྣམས་ཀྱི་ནི་སྒྲིབ་〈གློ་བུར་བ་རྣམས〉པ་(སྟེ་མ་དག་པ་ཀུན་རྫོབ་ཀྱི་དགའ་ 2-1-69 བ་བཅུ་དྲུག་)དང་བྲལ་པ་ཡིན་ཏེ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་(བཞི་)འཛིན་པ་ཉིད་ཀྱི་ཕྱིར་རོ། ། 〈མཐར་ཐུག་བདེ་གཤེགས་སྙིང་པོའི〉སྟོང་པ་ཉིད་བཅུ་དྲུག་ཅེས་པ་ནི་ནག་པོའི་ཕྱོགས་〈གཞན〉 དང་ཉི་མ་〈གཞན〉དང་ཤེས་རབ་(རྣམ་པར་དག་པ་)པོ། །〈ཕུང་པོ་དྲུག་པ་ཁམས་དྲུག་པ་དབང་པོ་ དྲུག་པ་སྟོང་པ་སྟེ〉སྙིང་རྗེ་བཅུ་དྲུག་ཅེས་པ་ནི་དཀར་པོའི་ཕྱོགས་〈གཞན〉དང་ཟླ་བ་〈གཞན〉དང་ 〈ཁུ་བ་གཞན་ཏེ། མཐར་ཐུག་གི〉ཐབས་(རྣམ་པར་དག་པའོ་)སོ། །〈འདིར་ཆོས་ཉིད་ཀྱིས་སྟོང་པའི་ གཞི་མ〉སྟོང་པ་ཉིད་ལ་(རྩ་བའི་)དབྱེ་བ་གསུམ་སྟེ་སྟོང་པ་ཉིད་དང་ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དོ། །དེ་ལ་སྟོང་པ་ཉིད་ནི་(སྒྲིབ་པ་མེད་པའི་)ཕུང་པོ་ལྔ་〔མ་དག་པའི་ཕུང་པོ་ལྔ་ ལས〕〈གཞན〉སྟོང་པ་ཉིད་( ཡིན་)དེ་(ཕྱི་ནང་གི་)ནག་པོའི་ཚེས་གཅིག་ལ་སོགས་པ་ཚེས་ལྔ་(རྣམ་པར་ དག་པ་)〈གཞན〉འོ། །ཆེན་པོ་སྟོང་པ་ཉིད་ནི་(སྒྲིབ་པ་མེད་པའི་)ཁམས་ལྔ་(མ་དག་པའི་ཁམས་ལྔས་)〈གཞན〉 སྟོང་པ་ཉིད་དེ་(ཕྱི་ནང་གི་)དྲུག་པ་ལ་སོགས་པ་ཚེས་ལྔ〔རྣམ་པར་དག་པ〕〈གཞན〉འོ། །དོན་དམ་པ་སྟོང་ པ་ཉིད་ནི་〔སྒྲིབ་པ་མེད་པའི་〕དབང་པོ་ལྔ་(མ་དག་པའི་དབང་པོ་ལྔ་)〈གཞན〉སྟོང་པ་ཉིད་དེ་(ཕྱི་དང་ནང་གི་) བཅུ་གཅིག་པ་ལ་སོགས་པ་ཚེས་ལྔ〔རྣམ་པར་དག་པ〕〈གཞན〉འོ། །དེས་ན་གནམ་སྟོང་གི་མཐར་ ཐུག་པ་ཚེས་བཅོ་ལྔ་〔རྣམ་པར་དག་པ〕ནི་སྟོང་པ་ཉིད་〈འོད་གསལ་གྱི་རྣམ་པ〉བཅོ་ལྔའོ། །(ཕྱི་ནང་གི་)〈གཞན་ སྟོང་ཆོས་ཉིད་ཀྱིས〉གནམ་སྟོང་གི་མཐའ་དང་དཀར་པོའི་ཚེས་གཅིག་འཇུག་པའི་དང་པོའི་ དབུས་སུུ་(ཕྱི་ནང་གི་ནག་པོའི་ཆ་)〈 〉བཅུ་དྲུག་པ་(རྣམ་པར་དག་པ་ནི་)རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ 〈དེ་བཅུ་དྲུག་པོ་འདིར་རྣམས་མཐར་ཐུག་གི་ཨེ་ཡིག་ཤིན་ཡིན་པར་རང་སྟོང་ནི་མ་ཡིན་གྱི་ ཆོས་ཐམས་ཅད་སྟོང་པའི་གཞི་ཉིད〉དོ། །དེ་བཞིན་དུ་〈དོན་དམ་གྱི〉སྙིང་རྗེ་(ལ་རྩ་བའི་དབྱེ་བ་)རྣམ་ པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ་དང་དམིགས་པ་མེད་པའོ། ། དེ་ལ་སེམས་ཅན་ལ་དམིགས་〈དོན་དམ་གྱི་ཕུང་པོ་ལྔའམ་ཡུལ་ལྔ་བདེ་བ་སྟེ〉པ་ནི་(སྒྲིབ་པ་མེད་ པའི་ཕུང་པོ་ལྔའི་བདེ་བའམ་དགའ་བ་དང་པོ་ལྔ་སྟེ་ཕྱི་དང་ནང་གི་)དཀར་པོའི་ཚེས་གཅིག་ལ་སོགས་པ་ཚེས་ལྔ 2-1-70 〔རྣམ་པར་དག་པ〕〈གཞན〉འོ། །ཆོས་ལ་དམིགས་པ་ནི་(སྒྲིབ་པ་མེད་པའི་ཁམས་ལྔའི་བདེ་བའམ་དགའ་བའི་ལྔ་ཚན་ གཉིས་པ་སྟེ་ཕྱི་དང་ནང་གི་)〈དོན་དམ་གྱི་ཁམས་ལྔའམ་ལས་དབང་ལྔ་བདེ་བ་སྟེ〉དྲུག་པ་ལ་སོགས་པ་ ཚེས་〈གཞན〉ལྔ〔རྣམ་པར་དག་པ〕འོ། །དམིགས་པ་མེད་པ་ནི་(སྒྲིབ་པ་མེད་པའི་དབང་པོ་ལྔའི་བདེ་བའམ་དགའ་ བའི་ལྔ་ཚན་གསུམ་པ་སྟེ་ཕྱི་དང་ནང་གི་)〈དོན་དམ་གྱི་དབང་པོ་ལྔའམ་ལས་དབང་གི་བྱ་བ་ལྔ་བདེ་བ་སྟེ〉 བཅུ་གཅིག་པ་ལ་སོགས་པ་ཚེས་ལྔ་〈གཞན〉སྟེ་(དེ་ལྟར་)ཉའི་མཐར་ཐུག་པ〔རྣམ་པར་དག་པ〕འོ། །(ཕྱི་ ནང་གི་)〈དོན་དམ་གྱི〉ཉའི་མཐའ་དང་ནག་པོའི་ཚེས་གཅིག་འཇུག་པའི་དང་པོའི་དབུས་སུ་(དཀར་ པོའི་ཆ་བཅུ་དྲུག་རྣམ་པ་དག་པ་ནི་)〈ཡུལ་དྲུག་པ་ལས་དབང་དྲུག་པ་ལས་དབང་གི་བྱ་བ་དྲུག་པ་རྣམས་ བདེ་བ་སྟེ་རྣམ་པ་ཐམས་ཅད་པའི〉སྙིང་རྗེ་བཅུ་དྲུག་པའོ། །(དེ་ལྟ་བུའི་སྟོང་ཉིད་སྙིང་རྗེ་)འདི་དག་ 〈དོན་དམ་གྱི་སྟོང་ཉིད་སྙིང་རྗེ〉(དབྱེར་མེད་ཅིང་རོ་)གཅིག་པ་ཉིད་〈ཀྱེའི་རྡོ་རྗེར། ཕྱག་བཅུ་དྲུག་དང་ ཐོད་པ་བཅུ་དྲུག་གིས་བསྟ ན་ཅིང་འཁོར་ལོ་སྡོམ་ཆེན་དུ་པད་འདབ་བཅུ་དྲུག〉ནི་〈དོན་དམ་ གྱི〉སྟོང་པ་ཉིད་བཅུ་དྲུག་དང་〈དོན་དམ་གྱི〉སྙིང་རྗེ་བཅུ་དྲུག་གི་(དབྱེར་མེད་པའི་)བདག་ཉིད་〈དོན་ དམ་གྱི་ལྷ་སུམ་ཅུ་སོ་གཉིས་ཀྱི་དཀྱིལ་འཁོར〉བརྗོད་པར་བྱ་བ་དེའི་རྗོད་པར་བྱེད་པའོ(འདི་དག་ ཀྱེའི་རྡོ་རྗེ་ནི་ཕྱག་བཅུ་དྲུག་དང་ཐོད་པ་བཅུ་དྲུག་ཏུ་བསྟན་ལ་འདིར་ནི་ཀ་བ་བཅུ་དྲུག་ལ་སོགས་པར་བསྟན་ནོ)། །འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་དབང་བསྐུར་བ་ཞེས་པ་ལ་རེ་ཞིག་འཇིག་ རྟེན་པ་ནི་ཆུ་དང་ཅོད་པན་དང་དར་དཔྱངས་དང་རྡོ་རྗེ་དྲིལ་བུ་དང་བརྟུལ་ཞུགས་ཆེན་པོ་དང་ མིང་དང་རྗེས་སུ་གནང་བ་(དབང་འོག་མ་བྱིས་པ་འཇུག་པའི་དབང་བདུན་)དང་(དབང་གོང་མ་)བུམ་པ་དང་ གསང་བ་དང་ཤེས་རབ་ཡེ་ཤེས་(གསུམ་)ཏེ་འཇིག་རྟེན་ཀུན་རྫོབ་ཀྱི་དབང་བཅུ་ནི་མངལ་ནས་ སྐྱེས་པ་རྣམས་ཀྱི་(དབང་དང་པོ་གཉིས་ཀྱིས་)〈བུམ་དབང་གིས〉ལུས་དང༌། (དེ་ནས་གཉིས་ཀྱིས་)〈གསང་ དབང་གིས་གསུམ་པས〉ངག་དང་སེམས་〈རྗེས་གནང་གྱིས〉དང་(དེ་ནས་གཅིག་གིས་)ཡེ་ཤེས་དང་(དེ་ བཞིན་དུ་ཆུ་ཡིས་)ཁམས་དང་(ཅོད་པན་གྱིས་)ཕུང་པོ་དང་(བརྟུལ་ཞུགས་ཀྱིས་)སྐྱེ་མཆེད་དང་(མིང་གིས་) 2-1-71 ལས་ཀྱི་དབང་པོ་(དང་)ལ་སོགས་པ་(དར་དཔྱངས་དང་རྡོ་རྗེ་དྲིལ་བུ་དང་བརྟུལ་ཞུགས་དང་མིང་དང་རྗེས་གནང་ རྣམས་ཀྱིས་རིམ་པ་ལྟར་ཕ་རོལ་ཏུ་ཕྱིན་པ་དང་ཉི་ཟླའི་རྩ་དང་ཡུལ་དབང་དང་བྱམས་སོགས་དང་ཡེ་ཤེས་དང་དབང་གོང་མ་ གསུམ་གྱིས་སླར་ཡང་ལུས་དང་ངག་དང་སེམས་) 〈དར་དཔྱངས་དང་རྡོ་རྗེ་དྲིལ་བུས་རླུང་དང་རྩ〉ཡོངས་སུ་ དག་པར་བྱེད་པའོ། །འཇིག་རྟེན་ལས་འདས་པ་བཅུ་གཅིག་པ་ནི་〔རྒྱུད་གཞན་དུ〕བཞི་པ་ 〈གསུམ་པ〉དེ་ཡང་དེ་བཞིན་ནོ་〈དུ་ཤེས་རབ་ཡེ་ཤེས་ཡིན་ཏེ་དོན་མི་མཐུན་ཡང་མིང་མཐུན〉 ཞེས་(དབང་གསུམ་པའི་བདེ་བ་དཔེར་བྱས་ནས་དབང་བཞི་པ་མི་འགྱུར་བའི་བདེ་བ་བསྟན་)པ( རྡོ་རྗེའི་ཚིག་ཏུ་སྦས་ པ་) འི་ངེས་པས་བླ་མའི་ཞལ་( གྱི་མན་ངག་)〈གྱི་གདམས་པ་མཐར་ཐུག་སྦྱོར་བ་ཡན་ལག་དྲུག〉 ལས་(ཤེས་པར་བྱ་དགོས་པའི་)ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་མཚན་ ཉིད་ཅན་སྒྲིབ་པ་མེད་པ་ཉིད་ཀྱིས་ལུས་དང་ངག་ལ་སོགས་པ་སྦྱོང་བར་བྱེད་པའོ། །ལས་དང་ 〈ཤེས་པ〉ཡེ་ཤེས་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅེས་པ་ལ་ལས་ཀྱི་ཕྱག་རྒྱ་ནི་ནུ་མ་དང་སྐྲར་ ལྡན་པ(མི་མོ་)འོ། །ཡེ་ཤེས་ཀྱི་〈སྟེ་ཤེས་པའི〉ཕྱག་རྒྱ་ནི་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་ པ(ལྷ་མོའི་རྣམ་པ་)འོ། །ཕྱག་རྒྱ་ཆེན་མོ་ནི་[རྣམ་པར་རྟོག་པ་[དངོས་པོ་དང་དངོས་པོ་མེད་པ་གྱི་རྨ་ ཟེར་)]དང་བྲལ་བ་〔དུ་བ་སོགས་སྟོང་གཟུགས〕པྲ་ཕབ་པའི་རང་བཞིན་ཅན་ནོ། །འདི་རྣམས་ ཀྱི་དངོས་གྲུབ་ནི་རྣམ་པ་གསུམ་སྟེ་འདོད་པ་ན〈འི་ལོངས་སྤྱོད་འཛག་པའི་བདེ་བ〉་སྤྱོད་པ་ (ལྷའི་བདེ་བ་ཐོབ་པ་)ནི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་པོ། །གཟུགས་ཀྱི་སྲིད་པའི་དངོས་པོའི་ མཚན་ཉིད་(ཀྱི་བདེ་བ་ཐོབ་པ་)ནི་〈གཡོ་བའི་བདེ་བ〉ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་པོ། །དངོས་ པོ་(རྟག་པའི་མཐའ་)དང་དངོས་པོ་མེད་པ་(ཆད་པའི་མཐའ་)དང་བྲལ་བ་རྣམ་པ་ཀུན་གྱི་མཆོག་དང་ ལྡན་པ་(མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཐོབ་པ་)ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །སྐུ་བཞི་ལ་ སོགས་པ་འདི་རྣམས་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་རབ་ཏུ་གསལ་ བར་བྱེད་པ་ནི་(རྩ་བའི་རྒྱུད་)མཆོག་གི་དང་པོའི་སངས་རྒྱས་སོ། ། 2-1-72 ༈ དེ་ལྟར་བརྗོད་པའི་རིམ་པས་འཇིག་རྟེན་གྱི་ཁམས་དང་ནང་དང་དབང་དང་སྒྲུབ་ ཐབས་དང་ཡེ་ཤེས་ཏེ་ལེའུ་ལྔའི་བདག་ཉིད་དམ་བརྟག་པ་ལྔའི་བདག་ཉིད་མི་ལ་སོགས་པའི་ སེམས་ཅན་མཐའ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པའི་ཆེད་དུ་ ཡང་དག་པར་བསྟན་ཏོ་ཞེས་པ་ནི་ཡང་དག་པའི་རྣམ་པས་(རབ་ཏུ་གསལ་བར་)དེ་རྡོ་རྗེའི་ཚིག་ཏུ་ སྦས་པའི་རྣམ་པས་ནི་མ་ཡིན་ནོ། ། ༈ མཆོག་གི་དང་པོའི་སངས་རྒྱས་འདི་ལས་བསྡུས་པའི་རྒྱུད་ཡང་དག་པར་སྡུད་པར་ མཛད་པ་ལ་འཇམ་དཔལ་དང༌། རྒྱས་འགྲེལ་བྱེད་པ་ལ་བདག་དང་རྒྱུད་སྟོན་པ་ལ་གཤིན་ རྗེ་མཐར་བྱེད་ལ་སོགས་པ་རྣམས་མ་འོངས་པའི་དུས་སུ་ཚངས་པའི་དྲང་སྲོང་རྣམས་གདུལ་ བར་བྱ་བའི་དོན་དང་ཤམ་བྷ་ལའི་ཡུལ་ལ་སོགས་པ་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ ན་གནས་པའི་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་ལམ་ཐོབ་པའི་ཆེད་དུ་དེ་བཞིན་ གཤེགས་པས་ལུང་བསྟན་ཏོ་ཞེས་པ་ནི་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་ པ་འདི་ལས་བསྡུས་པའི་རྒྱུད་ཡང་དག་པར་སྡུད་པར་མཛད་པ་ལ་འཇམ་དཔལ་དེ་བཞིན་ གཤེགས་པས་ལུང་བསྟན་ཏེ། མ་འོངས་པའི་དུས་སུ་གྲོང་ཀ་ལཱ་པར་གནས་པའི་ཚངས་པའི་ དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་རྣམས་གདུལ་བར་བྱ་བའི་དོན་དུའོ། །བསྡུས་པའི་རྒྱུད་ཀྱི་ རྒྱས་འགྲེལ་བྱེད་པ་ལ་འཇིག་རྟེན་དབང་ཕྱུག་བདག་ཀྱང་ལུང་བསྟན་ལ། གཞན་ཁྲོ་བོའི་ རྒྱལ་བོ་〈བཅུ〉དང་བྱང་ཆུབ་སེམས་དཔའ་〈གཞན་བཅུ་གསུམ་སྟེ〉ཉི་ཤུ་རྩ་གསུམ་པོ་རྣམས་ཀྱང་ སྟེ། སྤྲུལ་བའི་སྐུ་བསྡུས་པའི་རྒྱུད་སྟོན་པ་[པོ〈རྣམས་ཀྱི〉ས[པོར་](ར་དང་རྩ་མི་ཟེར་)གྲོང་བྱེ་བ་ཕྲག་ དགུ་བཅུ་རྩ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་ལམ་ཐོབ་པའི་ཆེད་ དུ་ལུང་བསྟན་ཏོ〈འཁོར་ལོས་ཕྱེད་ཅན་དང་དུམ་བུ་ཅན་རྣམས་ཀྱང་འབྱུང་ངོ་〉། །ཐེག་པ་ཆེན་ པོའི་ལམ་ནི་འཇམ་དཔལ་གྱིས་རྡོ་རྗེའི་རིགས་ཀྱི་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ 2-1-73 ཤེས་〈གསུམ〉ཀྱི་དབང་བསྐུར་བ་སྟེ་དེ་འཐོབ་པའི་ཆེད་དུ་ནི་ཐེག་པ་ཆེན་པོའི་ལམ་ཐོབ་པའི་ ཆེད་དུའོ(དབང་བཞི་པ་ནི་མན་ངག་ལས་ནོད་དགོས་པའི་ཕྱིར་དང་བྲམ་ཟའི་རིགས་སུ་འཛིན་པ་གཞོམ་པ་ལ་དབང་གོང་མ་ གསུམ་གྱིས་ཆོག་པའི་ཕྱིར་འདིར་དབང་བཞི་པ་མ་སྨོས་སོ)། །བུམ་པ་དང་གསང་བ་〈ཀུན་རྫོབ་དོན་དམ་གྱི〉 དང་ཤེས་རབ་ཡེ་ཤེས་〈གསུམ〉ཀྱི་དབང་བསྐུར་བ་འདི་ལས་(བྲམ་ཟེ་ལ་སོགས་པའི་)རིགས་ཐམས་ ཅད་( རྡོ་རྗེའི་) རིགས་ག ཅིག་ཏུ་〈རླུང་ཐམས་ཅད་དབུ་མར་གཅིག་ཏུ་གྱུར་པ་བཞིན་ནོ〉འགྱུར་ཏེ་ (རིགས་བཞི་)རིགས་(གཅིག་ཏུ་བྱས་པ་)དེ་(འཇམ་དཔལ་གྲགས་པ་)འདི་ལ་ཡོད་པའི་ཕྱིར་〔འདི་ནི〕རིགས་ ལྡན་ནོ། །〔འཇམ་དཔལ་གྲགས་པ〕དེའི་རིགས་ནི་རིགས་ལྡན་གྱི་རིགས་ཏེ་(ཚངས་པའི་དྲང་སྲོང་ལ་ སོགས་པ་)སྔགས་པ་མཐའ་དག་རྡོ་རྗེའི་རིགས་ཀྱི་དབང་བསྐུར་བའི་ཕྱིར་རོ་ཞེས་པ་ངེས་པའི་ དོན་ཏོ། །དེ་ལྟར་འཇམ་དཔལ་གྲགས་པ་ནི་རིགས་ལྡན་དུ་ལུང་བསྟན་ཅིང་གྲགས་པ་འདིའི་ རིགས་ལ་འཇིག་རྟེན་དབང་ཕྱུག་བདག་རིགས་ལྡན་གཉིས་པར་ལུང་བསྟན་ཏོ། །དེ་བཞིན་ དུ་རིམ་པ་ཇི་ལྟ་བར་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་བཅུ་དང་སའི་སྙིང་ པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་རྣམས་ཏེ། གཤིན་རྗེ་མཐར་བྱེད་ལ་ སོགས་པ་ཁྲོ་བོའི་རྒྱལ་པོ་དེ་རྣམས་ཀྱི་བར་བར་དུ་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་ རྣམས་ལུང་བསྟན་པ་སྤྲུལ་པའི་སྐུས་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ཀྱི་ རྒྱལ་པོར་གྱུར་པ་སེམས་ཅན་མཐའ་དག་ལ་དེ་བཞིན་གཤེགས་པའི་ཆོས་རབ་ཏུ་སྟོན་པར་ མཛད་པ་ཀླ་ཀློ་ལ་སོགས་པའི་ཆོས་ངན་པ་འཇོམས་པར་མཛད་པ་སྐྱེས་བུ་ཆེན་པོའི་མཚན་ སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་མངོན་པར་ཤེས་པ་ལྔ་ལ་སོགས་པ་དབང་ཕྱུག་ གི་ཡོན་ཏན་ཡོངས་སུ་རྫོགས་པའོ། །དེའི་ཕྱིར་མཆོག་གི་དང་པོའི་སངས་རྒྱས་འདི་ལས་ བསྡུས་པའི་རྒྱུད་ཡང་དག་པར་སྡུད་པར་མཛད་པ་ལ་འཇམ་དཔལ་དང་རྒྱས་འགྲེལ་བྱེད་པ་ ལ་བདག་དང་ཆོས་སྟོན་པ་ལ་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ལུང་བསྟན་ཏོ། ། 2-1-74 ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་ སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ། དྲི་མ་མེད་པའི་འོད་ལས་བརྗོད་བྱ་དང་རྗོད་བྱེད་དང་ འབྲེལ་པ་དང་དགོས་པ་དང་དགོས་པའི་དགོས་པ་མངོན་པར་གཟིགས་ནས་བཅོམ་ལྡན་ འདས་ཀྱིས་(དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་རྩ་བའི་)རྒྱུད་བསྟན་པ〈འི་དོན་བསྡུས་ནས་ བཀྲལ་བ〉འི་(ཚུལ་བསྡུས་ནས་བསྟན་པའི་)མདོར་བསྡུས་པ་སྟེ་གཉིས་པའོ།། །། ༈ ད་ནི་འདིར་(རྩ་བའི་རྒྱུད་ཀྱི་)སྟོན་པ་པོ་དང་གསོལ་བ་འདེབས་པ་པོའི་འབྲེལ་པ་ཡང་ བརྗོད་པར་བྱའོ། ། ༈ གལ་ཏེ་ན་སྔ་མ་(རྩ་རྒྱུད་)དང་ཕྱི་མ(བསྡུས་རྒྱུད་འདི་)ར་རྒྱུད་དང་རྒྱས་འགྲེལ་མ་ཐོས་ པ(རྒོལ་བ་)འི་ཚིག་འབྱུང་པར་འགྱུར་ཏེ། རྡོརྗེའི་ཐེག་པ་འདི་ལ་རོ་ལྡན་ན་གནས་པའི་གནོད་ སྦྱིན་གྱི་བདག་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ ལ་གསོལ་བ་འདེབས་པ་པོ་དང་ཡང་དག་པར་སྡུད་པ་པོ་མ་ཡིན་ནམ། ཇི་ལྟར་ཤམ་བྷ་ལའི་ ཡུལ་གྱི་ཀ་ལཱ་པའི་གྲོང་གི་བདག་པོ་ཉི་མའི་འོད་ཀྱི་ལྷ་མོ་རྣམ་པར་རྒྱལ་མའི་མངལ་ནས་བྱུང་ བ་རྒྱལ་པོ་ཟླ་བ་བཟང་པོ་(རྩ་རྒྱུད་ཀྱི་)གསོལ་བ་འདེབས་པ་པོར་གྱུར(ནས་གསོལ་བ་འདེབས་པ་པོ་མ་ ཡིན་པར་འགྱུར་ཏེ་མངལ་ནས་སྐྱེས་པ་ཡིན་པའི་ཕྱིར་རོ)། 〈མངལ་ནས་སྐྱེས་པས་རྒྱུད་ཀྱི་ཞུ་བ་བྱས་པ་ནི〉(ཟླ་ བཟང་རྒྱུད་ཀྱི་གསོལ་བ་འདེབས་པ་པོ་ཡིན་པ་)རྒྱུད་གཞན་འགའ་ཞིག་ཏུ་ཡང་མ་ཐོས་ཤིང་ལུང་བསྟན་པ་ མེད་པའི་ཕྱིར་ཕན་ཚུན་སྟོན་པ་པོ་དང་གསོལ་བ་འདེབས་པ་པོ་འབྲེལ་པ་འགལ་ལོ་ཞེ་ན། ༈ དེའི་ཕྱིར་བརྗོད་པར་བྱ་སྟེ་འདིར་སྔགས་ཀྱི་ཐེག་པ་ལ་མངལ་ནས་བྱུང་བ་དེ་བཞིན་ གཤེགས་པ་ལ་གསོལ་བ་འདེབས་པ་པོར་མི་འགྱུར་རོ་ཞེས་གང་འགའ་ཞིག་གིས་བརྗོད་ པ་〈དེ་ལྟ〉དེ་ནི་(རིགས་པ་)མ་ཡིན་ཏེ་གང་གི་ཕྱིར་(རྒྱུད་སྟོན་པ་པོ་)བཅོམ་ལྡན་འདས་ཀྱང་མངལ་ ནས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །སྔགས་ཀྱི་ཐེག་པ་འདི་ལ་གལ་ཏེ་མངལ་ནས་བྱུང་བ་དེ་ 2-1-75 བཞིན་གཤེགས་པ་ལ་གསོལ་བ་འདེབས་པ་པོ་དང་སྡུད་པ་པོར་མི་འགྱུར་ན། (འོ་ན་)དེའི་ཚེ་ ཤཱཀྱའི་རིགས་མིའི་དབང་པོ་ཟས་གཙང་མའི་སྒྱུ་འཕྲུལ་ཆེན་མོའི་ལྷུམས་ནས་བལྟམས་པ་ ཤཱཀྱ་ཐུབ་པ་ཐམས་ཅད་མཁྱེན་པ་(རྒྱུད་ཀྱི་)སྟོན་པ་པོར་མི་འགྱུར་ཏེ་མངལ་ནས་བྱུང་བ་ཉིད་ ཡིན་པའི་ཕྱིར་རོ། ། ༈ (དེ་ལ་)ཡང་འགའ་ཞིག་གིས་(ཉེས་སྤོང་གི་ལན་)སྨྲས་པ་(སངས་རྒྱས་བཅོམ་ལྡན་འདས་མངལ་ནས་ བྱུང་བ་ཡིན་པའི་གཏན་ཚིགས་མ་གྲུབ་སྟེ)། (ཤཱཀྱ་ཐུབ་པ་)དེས་(ཐམས་ཅད་མཁྱེན་པ་སྟོན་པ་པོར་མ་གྱུར་བའི་)སྔར་(བྱང་ ཆུབ་ཀྱི་ཤིང་དྲུང་དུ་)བདུད་བཅོམ་པ་བྱས་ཤིང་བྱང་ཆུབ་〈ཏུ་འོས་པ་མ་ཡིན་པས་བདུད་འཇོམས་ བྱེད་དུ་མ་གྲུབ་པས་ཀྱང་བདུད་བཅོམ་པ〉བསྐྱེད་དེ་དེ་ནས་ཐམས་ཅད་མཁྱེན་པ་ཆོས་སྟོན་པ་ པོར་གྱུར་(བའི་ཕྱིར་རོ་)ཏོ། །(རྩ་མཆོག་གི་གྲོང་དུ་)མྱ་ངན་ལས་འདས་པའི་རྗེས་ལ་སླར་ཡང་མངལ་ དུ་འཇུག་པ་མེད་དོ་ཞེས་པའི་ཚིག་ལས་ནི་(རིགས་པ་དང་)ཤིན་ཏུ་འགལ་བ་སྟེ་(སྔར་བདུད་བཅོམ་པ་ ཞེས་པའི་སྒྲུབ་བྱེད་)〈སྤྱིར〉རང་(ཉིད་དོན་ལ་)མ་གྲུབ་པ་(དེ་བསྒྲུབ་བྱ་)གཞན་གྱི་(བཅོམ་ལྡན་འདས་མངལ་ནས་བྱུང་ བ་མ་ཡིན་པའི་)སྒྲུབ་བྱེད་(དུ་རིགས་པ་)མ་ཡིན་པའི་ཕྱིར་རོ། །(སྔར་བདུད་བཅོམ་པ་ཇི་ལྟར་མ་གྲུབ་ན་)འདིར་ (ཕྱི་རོལ་ཏུ་བདུད་འཇོམས་པའི་)〈བདུད་བཅོམ་པའི〉དང་པོར་སངས་རྒྱས་ཉིད་མེད་ན་ལྷ་དང་མི་དང་ ལྷ་མ་ཡིན་གྱི་ནང་ནས་གང་གིས་ཀྱང་(ཕྱི་རོལ་ཏུ་)བདུད་འཇོམས་པར་མི་བྱེད་དོ(གལ་ཏེ་སངས་ མ་རྒྱས་པར་ཡང་ཕྱིར་རོལ་ཀྱི་བདུད་འཇོམས་པར་བྱེད་ན་འཁོར་བ་པ་གཞན་གྱིས་ཀྱང་ཅིའི་ཕྱིར་ཕྱི་རོལ་ཀྱི་བདུད་འཇོམས་ པར་མི་བྱེད་དེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ)། །〔ཕྱི་རོལ་ཏུ་བདུད་འཇོམས་པའི་〕དང་པོར་མངོན་པར་ རྫོགས་པར་སངས་རྒྱས་ནས་ཀྱང་(བདུད་འཇོམས་པར་)མི་བྱེད་དེ་(སངས་རྒྱས་པ་ན་)སྒྲིབ་པ་ཐམས་ ཅད་མེད་〈པས་གཞོམ་བྱའི་བདུད〉(པས་གཞོམ་བྱའི་བདུད་མེད་)པ་ཡིན་པའི་ཕྱིར་རོ། །(བདུད་འཇོམས་པ་ དང་སངས་རྒྱས་པ་དུས་)〈སངས་རྒྱས་པ་དང་བདུད་འཇོམས་པ་གཉིས〉ཅིག་ཆར་(དུ་)ཡང་མི་བྱེད་དེ་ 〈དེ་གཉིས་འཚོགས་པ་མི་སྲིད་པའི་ཕྱིར་ཏེ〉གང་གི་ཚེ་བདུད་ཡོད་པ་དེའི་ཚེ་སངས་རྒྱས་ཉིད་མ་ 2-1-76 ཡིན་ཏེ་སེམས་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །གང་གི་ཚེ་སངས་རྒྱས་ཉིད་ཡིན་པ་དེའི་ཚེ་ བདུད་མེད་དེ་སེམས་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །ཞེས་པ་(བདུད་འཇོམས་ཚུལ་གསུམ་པོ་དེ་)ལས་ (བདུད་འཇོམས་ཚུལ་)གཞན་པ་ཅི་ཡོད(དེ་མེད་པས་བཅོམ་ལྡན་འདས་ཀྱིས་ཕྱི་རོལ་ཀྱི་བདུད་འཇོམས་པར་མ་གྲུབ་ པོ) །〈དས་ན་སངས་རྒྱས་གཟུགས་ཅན་དང་བདུད་གཟུགས་ཅན་གཡུལ་འགྱེད་པ་མ་ཡིན་གྱི་ རླུང་སེམས་འགག་པ་ཙམ་ཁོ་ན་སངས་རྒྱས་པ་ཡིན་ལ་བདུད་བཅོམ་པ་ཡང་ཡིན་ཞིང་རླུང་ སེམས་འགག་པའི་ཐབས་ཀྱི་མཆོག་ནི་སྦྱོར་བ་ཡན་ལག་ཉིད་བཅོམ་ལྡན་འདས་ནི་སྔོན་ཉིད་ ནི་སྦྱོར་བ་ཡན་ལག་དྲུག་བསྒོམ་པས་རླུང་སེམས་འགག་ནས〉 (དེས་ན་བཅོམ་ལྡན་འདས་མངལ་ནས་བྱུང་ བ་ཡིན་པའི་རྒྱུ་མཚན་ནི་)ལས་ཀྱི་ས་(འཛམ་གླིང་ཆེན་པོ་)འདིར་〈བདུད་འཇོམས་པ་དང་སངས་རྒྱས་པར་ སྟོན་པ་ཙམ་སྟེ〉སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པ་བུད་མེད་ཀྱི་མངལ་ནས་སྐྱེས་ པ་གཞན་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་མཛོད་སྤུ་ (རས་བལ་གྱི་སྐུད་པ་ལྟར་དཀར་ཞིང་ཤིན་ཏུ་ཕྲ་བར་)སུམ་ཅུ་རྩ་གཉིས་〔གཡས་སྐོར་དུ〕ཡོངས་སུ་འཁྱིལ་པ་ དང་མངོན་པར་ཤེས་པ་དྲུག་དང་ལྡན་པ་མ་ཡིན་(ལ་བཅོམ་ལྡན་འདས་ལ་ནི་ཡུམ་གྱི་ལྷུམས་ནས་བལྟམས་ པའི་དུས་ཉིད་ནས་ཡོན་ཏན་དེ་རྣམས་མངའ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངལ་ནས་བྱུང་བ་ཡིན་པར་ གྲུབ་ལ་མངལ་སྐྱེས་ཕལ་པ་དང་མཚུངས་པ་ནི་མ་ཡིན་)〈ལ་ཟས་གཙང་སྲས་པོ་ལ་ནི་དེ་རྣམས་མངའ་བ་ཡིན〉 ནོ། ། (འོ་ན་བཅོམ་ལྡན་འདས་ཀྱིས་བདུད་བཅོམ་པར་གསུངས་པ་དང་འགལ་ལོ་སྙམ་ན་བདུད་བཅོམ་པར་གསུངས་པའི་ དགོངས་པ་ནི་ཕྱི་རོལ་ཀྱི་བདུད་བཅོམ་པ་མ་གྲུབ་པ་)དེའི་ཕྱིར་བདུད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ (སད་པའི་གནས་སྐབས་སོགས་)འཁོར་བའི་སེམས་ཀྱི་བག་ཆགས་ཀྱི་དྲི་མ( གློ་བུར་བ་)འོ། །སངས་ རྒྱས་ཉིད་ཅེས་བྱ་བ་ནི་འཁོར་བའི་བག་ཆགས་དང་བྲལ་བ(མྱ་ངན་ལས་འདས་པ་)འི་སེམས་(རང་ བཞིན་དོན་དམ་བྱང་ཆུབ་ཀྱི་སེམས་)སོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ 2-1-77 ཏུ་ཕྱིན་པ་ལས་(མྱ་ངན་ལས་འདས་པའི་)〈དོན་དམ་པའི〉སེམས་གང་ཞིག་(རང་བཞིན་པར་)ཡོད་པའི་ སེམས་〈གཞན་འོད་གསལ་བར〉དེ་ནི་( འཁོར་བ་གློ་བུར་བའི་) སེམས་〈དང་ཡིད་དང་རྣམ་ཤེས〉མ་ ཡིན་ནོ་ཞེས་(སེམས་ཅན་ཐམས་ཅད་ལ་གདོད་མ་ནས་གནས་པའི་བདེ་གཤེགས་སྙིང་པོ་མྱ་ངན་ལས་འདས་པའི་སེམས་ དེ་)〈བདེ་གཤེགས་སྙིང་པོ〉རང་བཞིན་གྱིས་འོད་གསལ་བར་གསུངས་ཏེ་〈འོད་གསལ་བ〉དེ་ཉིད་ ནི་(རང་གི་རང་བཞིན་)〈རང་གི་ངོ་བོ〉འཁོར་བའི་བག་ཆགས་དང་(གདོད་ནས་)བྲལ་པ〈ཡིན་ཞིང་དེ་ དྲི་མ་གློ་བུར་བ་དང་བྲལ་བས་སངས་རྒྱས་ཐོབ་པ〉འོ། །དེའི་ཕྱིར་བདུད་ནི་དྲི་མ་དང་བཅས་ པ(འཁོར་བ་)འི་སེམས་(རྣམ་པ་བཞི་)ཡིན་ལ་སངས་རྒྱས་ཉིད་ནི་(རང་བཞིན་གྱིས་འོད་གསལ་བའི་སེམས་ དེ་འཁོར་བའི་སེམས་ཀྱི་བག་ཆགས་ཀྱི་)དྲི་མ་(གློ་བུར་བ་ཡང་)མེད་པའི་སེམས་(ཆེན་པོ་)〈རང་བཞིན〉ཡིན་ ནོ(དཔལ་འདུས་པར། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་གསུངས་ཤིང་འདི་ཉིད་ཀྱི་ནང་ལེར་གསལ་བར་སྟོན་ནོ)། །(འོ་ན་ བཅོམ་ལྡན་འདས་ཀྱིས་ཕྱི་རོལ་ཏུ་བདུད་བཅོམ་པའི་མཛད་པ་དེ་མི་བདེན་ནམ་སྙམ་ན་)འདིར་ཕྱི་རོལ་ཏུ་སངས་རྒྱས་ ཀྱིས་བདུད་བཅོམ་པ་གང་ཡིན་པ་དེ་ནི་(སྣང་བ་ལྟར་ན་བདེན་པ་མ་ཡིན་གྱི་)རྨི་ལམ་བཞིན་དུ་སེམས་ ཅན་རྣམས་ཀྱི་རང་གི་སེམས་ཀྱི་སྣང་བ་(སྟེ་གདུལ་བྱའི་སྣང་ངོར་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པའི་ མཛད་པ་)ཡིན་ནོ། །དོན་དམ་པ་དེ་བཞིན་གཤེགས་པའི་(ཐུགས་ཞེས་པ་འགྱུར་སྔ་མ་ན་ཡོད་)སྙིང་པོ་ ( མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་) ནི་〈རྣམ་པར་ཤེས་པའི་ཆོས་ལས་འདས་པས་གཟུགས་ཅན་མ་ཡིན་ པ་དང་ཉི་ཚེ་བའི་ཡུལ་མ་ཡིན་པ་ལ་སོགས་པ〉ལེའུ་ལྔ་པར་རྒྱས་པར་བརྗོད་པར་བྱའོ། ། ༈ འདིར་སེམས་ཅན་གྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཁོར་ བར་འཇུག་པ་ནི་(བསམ་གྱི་མི་ཁྱབ་པས་མངལ་ནས་འབྱུང་བར་མི་རིགས་སོ་ཞེས་)འཁོར་བ་པ་རྣམས་ཀྱིས་ 〈འོས་མི་འོས་སུ〉བརྗོད་པར་བྱ་བ་མ་ཡིན་ནོ། །འཇིག་རྟེན་དབང་ཕྱུག་བདག་སེམས་ཅན་གྱི་ དོན་ལ་དམྱལ་བར་ཞུགས་པའི་དུས་སུ་གཤིན་རྗེའི་ཕོ་ཉ་རྣམས་དང་གཤིན་རྗེའི་རྒྱལ་པོ་ 2-1-78 རྣམས་ཀྱིས་(རྣམ་འཇོམས་ཀྱི་བཤད་རྒྱུད་དུ། འཕགས་པ་རྡོ་རྗེ་སྙིང་པོས་ཆོ་འཕྲུལ་བསྟན་པ་ལ་དད་པས་ངན་སོང་ལས་ གྲོལ་ནས་ལྷར་སྐྱེས་པས་སངས་རྒྱས་ལ་བསྟོད་པ་ལྟར་ཚིག་འདི་ཉིད་ཀྱིས་)བསྟོད་པ་བརྗོད་པ། གང་ཞིག་སྲིད་ པའི་འཆིང་བ་རྣམས་ལས་གྲོལ་ཡང་སེམས་ཅན་དོན་དུ་སྲིད་པ་འཛིན། །དེ་ནི་སྟོང་པའི་དོན་ དག་སྟོན་མཛད་དུས་ལས་ལས་ཀྱི་འབྲས་བུ་{གཏོང་{སྟོང་}མ་ལགས། །སེམས་ཀྱི་དྲི་མ་ ཡང་དག་ཡེ་ཤེས་མེས་བསྲེགས་རྟག་ཏུ་ཡང་དག་བརྩེ་བས་བརླན། །མཛད་སྤྱོད་བརྟག་མིན་ སེམས་ཅན་དོན་ལ་དགྱེས་པའི་སངས་རྒྱས་དེ་ལ་བདག་ཅག་འདུད། །ཅེས་(འགལ་བའི་རྒྱན་གྱི་སྒོ་ ནས་བསྟོད་)པའོ། །དེའི་ཕྱིར་སེམས་ཅན་གྱི་དོན་གྱི་ངོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ རྣམས་མངལ་དུ་འཇུག་པའམ་དམྱལ་བར་གཤེགས་པ་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱིས་རྣམ་ པར་བརྟག་པར་མི་ནུས་སོ། །ཕ་རོལ་ཏུ་ཕྱིན་པ་བཅུ་བསྒྲུབས་པ་ས་བཅུའི་དབང་ཕྱུག་དབང་ བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཅིག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་སུ་སྤྲུལ་བའི་སྐུ་དུ་མ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་གདུལ་བྱ་རྣམས་ལ་ བྱང་ཆུབ་སེམས་དཔའི་ཆོས་སྟོན་པར་མཛད་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དུ་མ་ནི་མ་ ཡིན་ནོ། །དེ་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ ཡོངས་སུ་རྫོགས་〈པས་གློ་བུར་དྲི་མ་མཐའ་དག་སྤང་〉ཤིང་མི་འཇིགས་པ་ལ་སོགས་པ་དབང་ ཕྱུག་གི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ〈ཐོབ་པ〉འི་སངས་རྒྱས་བཅོམ་ལྡན་འདས་ 〈ཀྱི་གཟུགས་སྐུ〉(ཡེ་ཤེས་ཀྱི་སྐུ་)ནི་སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་རྣམས་སུུ་(ཡེ་ཤེས་ཀྱི་)སྒྱུ་མའི་སྤྲུལ་བའི་སྐུ་སྒྲིབ་པ་དང་བྲལ་བ་མཐའ་ཡས་པ་མཐའ་ ཡས་པ་རྣམས་ཀྱིས་སེམས་ཅན་མཐའ་ཡས་པ་མཐའ་ཡས་པ་རྣམས་ཀྱི་སྐད་མཐའ་ཡས་པ་ མཐའ་ཡས་པ་རྣམས་ཀྱིས་གསོལ་བ་འདེབས་པ་པོ་སྣ་ཚོགས་ཀྱིས་གསོལ་བ་བཏབས་པ་ ན་སེམས་ཅན་ཐམས་ཅད་ཀྱི་སྐད་ལ་རབ་ཏུ་འཇུག་པ་ཐམས་ཅད་མཁྱེན་པའི་གསུང་གིས་ 2-1-79 འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པར་མཛད་དེ་ཐམས་ཅད་མཁྱེན་པ་ (ཡེ་ཤེས་ཀྱི་སྐུ་)དེ་དུ་མ་ནི་མ་ཡིན་ནོ། །དཔེར་ན་སྐྱེས་བུ་སྒྱུ་མ་ཆེན་པོ་འགའ་ཞིག་གིས་སྒྱུ་མའི་ གཟུགས་དུ་མ་སྤྲུལ་ཏེ་(སྒྱུ་མ་མཁན་)དེས་སྤྲུལ་པའི་གཟུགས་དེ་རྣམས་ཀྱིས་ཤིང་རྣམས་རྩ་བ་ ནས་འབྱིན་པར་བྱེད་ཅིང་རིའི་རྩེ་མོ་ཡང་སྐྱོད་པར་བྱེད་ལ། ལྷ་ཆེན་པོ(དབང་ཕྱུག་ལ་སོགས་པ་)འི་ གཟུགས་〈ཏེ་དབང་ཕྱུག〉ལྟ་བུ་དང་ཁྱབ་འཇུག་ལྟ་བུས་ལྷ་སྦྱིན་ལ་སོགས་པ་འཆིང་བར་བྱེད་ དེ་སྐྱེས་བུ་སྒྱུ་མ་ཆེན་པོ་དེ་དུ་མ་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་(ཡེ་ཤེས་ཀྱི་)སྒྱུ་མའི་སྤྲུལ་པའི་སྐུ་〈མཐའ་ཡས་པ〉རྣམས་ཀྱིས་སྲིད་པ་གསུམ་དུ་ སེམས་ཅན་གྱི་དོན་མཛད་པའོ། ། ༈ དེས་ན་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ བསྟན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་སྔོན་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གྱུར་ པ་མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་བ་སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་དང་ལྡན་པ〈འི་བདེ་ གཤེགས་སྙིང་པོ་མངོན་སུམ་དུ་མཛ ད་ཟིན་ནས་དེའི་སྤྲུལ་པ་སྒྱུ་མ་ལྟ་བུ〉་འཕགས་པའི་ཡུལ་ ལུམ་བི་ནིར་ཤཱཀྱའི་རིགས་མིའི་དབང་པོ་ཟས་གཙང་མའི་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་ ནས་བལྟམས་པ་ནི་གཞོན་ནུ་དོན་གྲུབ་ཡིན་ལ། ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་ཡང་ ཤམ་བྷ་ལའི་ཡུལ་གྱི་ཀ་ལཱ་པའི་གྲོང་དུ་ཉི་མའི་འོད་ཀྱི་ལྷ་མོ་རྣམ་པར་རྒྱལ་མའི་མངལ་ལས་ འཁྲུངས་པ་ཟླ་བ་བཟང་པོའོ། །སངས་རྒྱས་བཅོམ་ལྡན་འདས་ནི་ས་བཅུ་གཉིས་མངོན་དུ་ མཛད་〈ཟིན་〉ནས་སངས་རྒྱས་ཀྱི་ཞིང་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ བསྟན་པའི་དོན་དུ་ཤཱཀྱ་ཐུབ་པར་〈སྤྲུལ་པ་སྒྱུ་མ་ལྟ་བུ་བསྟན་པར〉གྱུར་ཏོ། །བྱང་ཆུབ་སེམས་ དཔའ་ཕྱག་ན་རྡོ་རྗེ་ནི་ཆུ་བོ་ཤཱི་ཏའི་བྱང་ཕྱོགས་གྲོང་བྱེ་བ་ཕྲག་དགུ་ཅུ་རྩ་དྲུག་ན་གནས་པའི་ གདུལ་བྱ་རྣམས་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་ཀྱིས་ཡང་དག་པར་རྫོགས་ 2-1-80 པའི་སངས་རྒྱས་ཀྱི་ལམ་ཐོབ་པར་བྱ་བའི་ཆེད་དུ་རྒྱལ་པོ་ཟླ་བ་བཟང་པོར་གྱུར་ཏོ། །སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་འདི་གཉིས་སྟོན་པ་པོ་དང་གསོལ་བ་འདེབས་པ་པོར་ འབྲེལ་བ་ནི་(ལས་ཀྱི་ས་འདིར་སྟོན་པ་ཤཱཀྱ་ཐུབ་པ་དང་གསོལ་བ་འདེབས་པ་པོ་རྒྱལ་བོ་ཟླ་བ་བཟང་བོ་)སྤྲུལ་པའི་ སྐུའམ་(འོག་མིན་དུ་སྟོན་པ་པོ་ངེས་པ་ལྔ་ལྡན་གྱི་རྡོ་རྗེ་འཆང་དང་གསོལ་བ་འདེབས་པ་པོ་ཕྱག་ན་རྡོ་རྗེ་)ལོངས་སྤྱོད་ རྫོགས་པའི་སྐུས་ཀྱང་(སྟོན་པ་པོ་དང་གསོལ་བ་འདེབས་པ་པོར་)རུང་སྟེ་〈ལོངས་སྐུ་དུས་འཁོར་དང་ ཕྱག་ན་རྡོ་རྗེའི་ཚུལ〉སྔ་མ(ཕྱག་ན་རྡོ་རྗེ་ཡིན་པ་)དང་ཕྱི་མ་(ཟླ་བ་བཟང་པོ་ཡིན་པ་)ལ་〈སྤྲུལ་སྐུ་ཤཱཀྱ་ཐུབ་ པ་ཟླ་བ་བཟང་པོའི་ཚུལ〉འགལ་བ་མེད་དོ། ། ༈ ཕྱག་ན་རྡོ་རྗེའི་སྤྲུལ་བའི་སྐུ་རྒྱལ་པོ་ཟླ་བ་བཟང་པོ་དེས་སེམས་ཅན་ཐམས་ཅད་ ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་{སྒྲུབ་{བསྒྲུབ}པའི་དོན་དུ་དེ་ བཞིན་གཤེགས་པ་ལ་གསོལ་བ་བཏབ་པོ། །དེ་བཞིན་གཤེགས་པས་ཀྱང་ཆུ་བོ་ཤཱི་ཏའི་བྱང་ ཕྱོགས་ཤམ་བྷ་ལའི་ཡུལ་ལ་སོགས་པ་གྲོང་བྱེ་བ་ཕྲག་དགུ་ཅུ་རྩ་དྲུག་ན་གནས་པ་རྣམས་ཀྱི་ སེམས་རྣམ་པར་དག་པ་སྐལ་བ་དང་ལྡན་པ་ཉིད་དུ་གནས་པ་གཟིགས་ནས་རྡོ་རྗེའི་ཚིག་ཁ་ མ་ཕྱེ་བ་མེད་པ་རྡོ་རྗེའི་ཚིག་རབ་ཏུ་གསལ་བར་བྱེད་པ་མཆོག་གི་དང་པོའི་སངས་རྒྱས་སྟོང་ ཕྲག་བཅུ་གཉིས་པ་ཡང་དག་པར་བསྟན་ཏོ། ། ༈ མ་འོངས་པའི་དུས་སུ་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་དང་གྲོང་བྱེ་བ་ ཕྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ཡོངས་སུ་སྨིན་པར་གཟིགས་ནས་རྒྱུད་ཀྱི་རྒྱལ་པོ་ སྟོང་ཕྲག་བཅུ་གཉིས་པ་འདི་ལས་བསྡུས་པའི་རྒྱུད་(དུས་ཀྱི་འཁོར་ལོ་འདི་)མཛད་པ་དང་རྩ་བའི་ རྒྱུད་ཀྱི་རྒྱལ་པོ་(ལོ་བརྒྱའི་བར་དུ་)སྟོན་པ་དང་རྡོ་རྗེའི་རིགས་ཀྱི་དབང་བསྐུར་བས་རིགས་ཐམས་ ཅད་རིགས་གཅིག་ཏུ་མཛད་པ་ལ་འཇམ་དཔལ་གྲགས་པ་རིགས་ལྡན་དུ་དེ་བཞིན་གཤེགས་ པས་〈རྩ་རྒྱུད་བསྟན་པ〉ལུང་བསྟན་ཏོ། །རྒྱས་འགྲེལ་བྱེད་པ་པོ་པད་མ་དཀར་པོ་བདག་ཀྱང་ 2-1-81 རིགས་ལྡན་གཉིས་པར་ལུང་བསྟན་ཏོ། །དེའི་འོག་ཏུ་བདག་གི་ཕྱི་ནས་གཤིན་རྗེ་མཐར་བྱེད་ ལ་སོགས་པ་རྣམས་(བསྡུས་རྒྱུད་སྟོན་པ་པོར་)ལུང་བསྟན་ཏེ། (རྩ་རྒྱུད་)འདིར་བཅོམ་ལྡན་འདས་ ཀྱིས་(བཅོམ་ལྡན་འདས་སངས་རྒྱས་ནས་ལོ་གཉིས་པ་ལ་རྩ་རྒྱུད་བསྟན་པའི་) ལོ་འདི་ནས་ནི་དྲུག་བརྒྱའི་ལོས། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །འཇམ་དབྱངས་མི་ བདག་གྲགས་པ་ནི། །ཤམ་བྷ་ལ་ཞེས་བྱ་བར་འབྱུང༌། །འདི་ཡི་ལྷ་མོ་(སྟེ་བཙུན་མོ་)སྒྲོལ་མ་ཆེ། ། སྲས་ནི་པད(དཀར་)འཛིན་འཇིག་རྟེན་དབང་(ཕྱུག་འབྱུང་ངོ)། །(གང་གི་རིགས་ལས་འབྱུང་ན་ཤཱཀྱ་ཐུབ་པ་)བདག་གིས་ཤཱཀྱའི་རིགས་རྒྱུད་ལས། །བྱུང་བ་ཟླ་བཟང་ཁྱོད་(ཀྱི་)རིགས་(རྒྱུད་)ལའོ(འདིས་ནི་ ཤམ་བྷ་ལའི་རྒྱལ་པོ་ཆེན་པོ་རྣམས་ཤཱཀྱའི་རིགས་ཀྱི་རྒྱལ་རྒྱུད་དུ་གསལ་བར་བསྟན་ཏོ)། 〈གྲགས་པ་རིགས་ལྡན་དུ་ འཇོག་པ་རྒྱུ་ནི〉། (གྲགས་པ་དེ་ནི་)སྨྲ་མཁས་(དེ་འཇམས་དབྱངས་ཀྱི་སྤྲུལ་པ་ཡིན་ལ་)〈འཇམ་དབྱངས་གྲགས་ པ〉རྡོ་རྗེའི་རིགས་དང་ལྡན〈ཚུལ〉། །(པས་རིགས་ལྡན་ཞེས་བྱའོ་དེའི་དོན་རྒྱས་པར་བསྟན་པ་)གྲགས་པ་རྡོ་ རྗེའི་རིགས་ལ་ནི། །(བྲམ་ཟེའི་རིགས་སོགས་)〈མིའི〉རིགས་བཞི་〈རྡོ་རྗེའི〉རིགས་གཅིག་(ཏུ་)བྱས་(པ་) གང་(ཡིན་པ་)དེས། །རིགས་ལྡན་(དུ་འཇོག་གི་མུ་སྟེགས་པས་འདོད་པ་ལྟར་རིགས་ཐམས་ཅད་)〈དུ་འཇོག་གི་ མུ་སྟེགས་འདོད་པ་ལྟར་རིགས་ཐམས་ཅད་〉ཚངས་པའི་རིགས་( སུ་བྱེད་པའི་རྒྱུ་མཚན་)〈རིགས་ལྡན་ དུ་འཇོག་པ〉ཀྱིས་〔ནི〕མིན(ནོ)། །(རྩ་རྒྱུད་ཀྱི་གླེང་གཞིར་ཨེ་ཝཾ་སོགས་མ་གསུངས་པའི་རྒྱུ་མཚན་ནི་རྩ་རྒྱུད་དུ་ཨེ་ཝཾ་ སོགས་ཀྱི་གླེང་གཞི་བསྟན་ན་བསྡུས་རྒྱུད་འདིར་ཡང་བསྟན་དགོས་ལ་བསྡུས་རྒྱུད་དུ་)〈དུས་འཁོར་དུ〉འདི་སྐད་བདག་ གིས་ཐོས་པ་(ཞེས་སོགས་ཀྱི་རྒྱུད་ཀྱི་གླེང་གཞི་བསྟན་པའི་ཚུལ་)འདིས། །(ཉི་མའི་ཤིང་རྟ་སོགས་)〈བྲམ་ཟེའི〉དྲང་ སྲོང་རྣམས་ལ་ཆོས་བསྟན་ན། 〈དེ་དག་གི་བསམ་པ་ལ་སྟོན་པ་དེས〉། གཞན་ལས་ཐོས་ཕྱིར་ ཀུན་མཁྱེན་མིན། །ཞེས་(དྲང་སྲོང་རྣམས་ལོག་པར་རྟོག་)པའི་རྩོད་པ་འབྱུང་བར་འགྱུར། (བས་འདི་ སྐད་བདག་ཐོས་མ་སྨོས་ཏེ་ཆོས་སྟོན་ཚུལ་གྱི་)། རྣམ་པ་(གདུལ་བྱའི་སྣོད་དང་འཚམ་པ་)གང་དང་གང་དག་གིས། ། སེམས་ཅན་རྣམས་ནི་ཡོངས་(སུ་)སྨིན་(པར་)བྱེད(པའི)། །རྣམ་པ་དེ་དང་དེ་དག་གིས། །ཆོས་ 2-1-82 ནི་བསྟན་པར་བྱ་བ་ཡིན(ནོ་)〈པས་སོགས〉། 〈དེས་འདིར་ཨེ་ཝྂ་སོགས་མ་སྨོས་ཀྱང་སྐྱོན་མེད་དེ〉། (སྒྲ་བཟང་བོ་ལེགས་པར་སྦྱར་བའི་སྒྲ་ལ་མངོན་པར་ཞེན་པ་དགག་པ་)སྒྲ་དང་སྒྲ་ཉམས་དག་གིས་ཆོས། །རྣལ་ འབྱོར་པས་ནི་འབད་པས་འཛིན། །(ལེགས་པར་སྦྱར་བའི་སྒྲ་མ་ཡིན་པ་)ཡུལ་(སྣ་ཚོགས་)གྱི་སྒྲ་ཡིས་(ཆོས་ ཀྱི་)དོན་རྙེད་པ(སྟེ་གོ་བར་བྱེད་པ)། །དེ་ལ་བསྟན་བཅོས་སྒྲ་ཡིས་ཅི(ཞིག་བྱ)། །(དཔེ་)〈མིང་ཐ་དད་ པས་དོན་ཐ་དད་པར་མི་འགྱུར་ཏེ〉 ཇི་ལྟར་ས་ལ་རིན་ཆེན་(གཅིག་ཉིད་ལ་)མིང་(གི)། །དབྱེ་བ་ཐ་ དད་ཐ་དད་ནི། །ཡུལ་དང་ཡུལ་གྱི་དབང་གིས་བརྗོད། (ཀྱང་དོན)། རིན་ཆེན་(གཅིག་པོ་དེ་ལ་)དབྱེ་བ་ (སྟེ་ཐ་དད་)འགར་ཡང་མེད། །དེ་བཞིན་(དུ་ཐམས་ཅད་མཁྱེན་པ་)བདག་གི་(ཐོག་མཐའ་བར་གསུམ་ དུ་དགེ་བ་རྣམ་པར་)དག་པའི་ཆོས། (གཅིག་ཉིད་ཀྱང)། སྡུད་པར་བྱེད་པ་(པོ་)སྣ་ཚོགས་ཀྱིས། ། སེམས་ཅན་བསམ་པའི་དབང་གིས་མིང༌། །སྣ་ཚོགས་ཐ་དད་ཐ་དད་〈ཀྱིས་དོན་གཅིག་ཉིད〉 (ཀྱིས་)བརྗོད〈ཏོ〉(ཀྱང་ཆོས་གཅིག་པུ་དེ་ལ་ཐ་དད་མེད་དོ)། །(ཆོས་སེམས་ཅན་གྱི་བསམ་པའི་དབང་གིས་བསྟན་པར་བྱ་བ་ ཡིན་པ་)དེས་ན་(ཐེག་པ་ཐམས་ཅད་ཀྱི་)〈བདེ་གཤེགས་སྙིང་པོ〉སྙིང་པོའི་དོན་བསྡུས་(པ་དང་པོའི་སངས་རྒྱས་ ཀྱི་རྒྱུད་)འདི(ལ)། །ཐམས་ཅད་མཁྱེན་(པ་ཡེ་ཤེས་སྐུ་ཞེས་)〈པའི་ཡེ་ཤེས་སྐུ་ཉི་མའི་སྐུ་གང་མི་བཟད་ པ། །ཅེས〉སོགས་(ཀྱིས་སྟོན་པ་པོ་དང་གནས་ལ་སོགས་པ་རྒྱུད་ཀྱི་གླེང་གཞིའི་དོན་སྟོན་པར་)〈གྱིས་ཨེ་ཝྂ་གི་དོན་ སྟོན་པར〉བདག་འདོད་དོ། (དུས་འཁོར་བསྡུས་པའི་རྒྱུད་འདི་འབྱུང་བར་ལུང་བསྟན་པ་ནི་མེ་ཏོག་)〈མེ་ཏོག〉། ཕྲེང་ འཛིན་(གྱི་སྡེབ་སྦྱོར་གྱིས་བཅིངས་པའི་)〈ཀྱི་སྡེབ་སྦྱོར་ཅན་གྱི〉ཚིགས་བཅད་སུམ་ཅུ་ནི། །ལྷག་པའི་ ཕྱོགས་(ཏེ་བཅུ་ཕྲག་)བརྒྱ་(སྟེ་སྟོང་ཡོད་པའི་)ལེའུ་ལྔས། །དཔལ་ལྡན་(བསྡུས་པའི་)རྒྱུད་དག་རྫོགས་ པར་ནི། །སྨྲ་བའི་རྒྱལ་པོ(འཇམ་དབྱངས་གྲགས་པ་)ས་སྟོན་འགྱུར་ཏེ། །སྡུད་པར་བྱེད་པ་པོ་ཡང་ འདི(ཡིན་ནོ)། །(བསྡུས་པའི་རྒྱུད་དེའི་)རྒྱས་འགྲེལ་བྱེད་པ(པོ་)པད་དཀར་འཛིན(ནོ)། །རྒྱུད་འདིར་ དྲང་སྲོང་རིགས་སོགས་ལ། །སངས་རྒྱས་ལམ་ནི་གསལ་བྱེད་པ། །༡ཟླ་བ་(བཟང་པོ་དང་)༢ལྷ(འི་)དབང་(པོ་དང་)༣གཟི་བརྗིད་ཅན(དང)། །༤ཟླ་བས་བྱིན་དང་༥ལྷ(འི་)དབང་ཕྱུག(དང)། །༦སྣ་ 2-1-83 ཚོགས་གཟུགས་དང་༧ལྷ(འི་)དབང་ལྡན(དང)། །༨གྲགས་པ་(དང་)༩པད་(མ་)དཀར་(པོ་)རིམ་ པས་སོ། །(ཟླ་བ་བཟང་པོས་ཡབ་)འདས་པའི་རྒྱལ་པོ་ཉི་མའི་འོད། །དེ་ནི་(ཁྲོ་བོ་)བགེགས་དགྲའི་ སྤྲུལ་པ་སྟེ། །ཕྱག་ན་རྡོ་རྗེ(འི་སྤྲུལ་བ་ནི་)༡ཟླ་བཟང་ཁྱོད། །(ལྷ་དབང་སོགས་ལྔ་ནི་)༢ས་སྙིང་༣གཤིན་ རྗེ་མཐར་བྱེད་དང༌། །༤སྒྲིབ་པ་ཐམས་ཅད་རྣམས་སེལ་དང༌། །༥རྨུགས་བྱེད་༦ཁེངས་བྱེད་ (རྣམས་ཀྱི་སྤྲུལ་བའི་སྐུ་)རིམ་པ་(བཞིན་ཡིན་)སྟེ། །(ལྷའི་དབང་ལྡན་སོགས་གསུམ་ནི་)༧ནམ་མཁའི་སྙིང་པོ་ (དང་)༨འཇམ་དབྱངས་དང༌། །༩འཇིག་རྟེན་མགོན་པོ(འི་སྤྲུལ་བའི་སྐུ་)གོ་རིམ་བཞིན(ཡིན་ནོ)། ། (དེའི་རྗེས་ནས་)གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །དེ་བར་བྱང་ཆུབ་སེམས་དཔའ་(ཁྲོ་བོ་བཅུ་ ལས་)གཞན། །བཅུ་གསུམ་དེ་རྣམས་རིམ་པ་ཡིས། །རིགས་ལྡན་རིགས་ལ་འབྱུང་བར་འགྱུར། ། (རིགས་ལྡན་གྱི་མགོ་གང་ནས་རྩོམ་ན་)༡གྲགས་པ་རིགས་ལྡན་རིགས་ཀྱང་སྟེ། །དེ་ནས་རིགས་ལྡན་ ༢པད་མ་དཀར། །(གཤིན་རྗེ་གཤེད་ཀྱི་སྤྲུལ་བ་)༣བཟང་པོ་རིགས་ལྡན་གསུམ་པ་སྟེ། །དེ་བཞིན་ བཞི་པ་(ས་སྙིང་)༤རྣམ་རྒྱལ་ལོ། །(བགེགས་དགྲ་)༥བཤེས་གཉེན་བཟང་པོ་(དང་)༦རིན་ཆེན་ ཕྱག(ན་རྡོ་རྗེ)། །བདུན་པ་(ས་སྙིང་)ཁྱབ་འཇུག་སྦས་པའོ༧། །(གཤིན་རྗེ་མཐར་བྱེད་ཀྱི་)༨ཉི་མ་གྲགས་ དང་(སྒྲིབ་པ་རྣམས་སེལ་གྱི་)༩ཤིན་ཏུ་བཟང་(པོ་དང)། །(རྨུགས་བྱེད་ཀྱི་)༡༠རྒྱ་མཚོ་རྣམ་རྒྱལ་(དང་)(ཁེངས་ བྱེད་ཀྱི་)༡༡རྒྱལ་དཀའ་དང༌། །(ནམ་མཁའི་སྙིང་པོ་)༡༢རིགས་ལྡན་ཉི་མ་བཅུ་གཉིས་པ། །(འཇམ་ དབྱངས་ཀྱི་)༡༣སྣ་ཚོགས་གཟུགས་དང་(འཇིག་རྟེན་མགོན་པོའི་)༡༤ཟླ་བའི་འོད། །(གཤིན་རྗེ་གཤེད་ཀྱི་)༡༥མཐའ་ཡས་དང་ནི་(སའི་སྙིང་པོ་)༡༦ས་སྐྱོང་དང༌། །(དགེགས་དགྲའི་)༡༧དཔལ་སྐྱོང་(དང་)(ཕྱག་ ན་རྡོ་རྗེའི་)༡༨སེང་གེ(དང་)(སའི་སྙིང་པོ་)༡༩རྣམ་པར་གནོན། །(གཤིན་རྗེ་མཐར་བྱེད་ཀྱི་)༢༠སྟོབས་པོ་ ཆེ་དང་(སྒྲིབ་པ་རྣམ་སེལ་གྱི་)༢༡མ་འགགས་པ(དང)། །(རྨུགས་བྱེད་ཀྱི་)༢༢མི་ཡི་སེང་གེ་(དང་)(ཁེངས་ བྱེད་ཀྱི་)༢༣དབང་ཕྱུག་ཆེ(ན་པོ་དང)། །(ནམ་མཁའི་སྙིང་པོའི་)༢༤མཐའ་ཡས་རྣམ་རྒྱལ་རིགས་ལྡན་ དང༌། །(སྔར་གྱི་འཇམ་དབྱངས་ཀྱི་སྤྲུལ་པ་)གྲགས་པ་རིགས་ལྡན་(ནི་)དེ་ནས་སླར(ཡང་མཐའ་ཡས་རྣམ་ 2-1-84 རྒྱལ)། །དེ(འི་)སྲས་(པོ་)འཁོར་ལོ་ཆེན་པོ་ཅན། །༢༥རིགས་ལྡན་དྲག་པོ་(ཞེས་བྱ་བ་)འབྱུང་འགྱུར་ ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །(སྤྲུལ་པའི་དམག་དཔུང་གིས་)ཀླ་ཀློའི་ཆོས་ནི་མཐར་ བྱེད་པའོ། །ཉི་མའི་ཤིང་རྟ་ལ་སོགས(དྲང་སྲོང་རྣམས་)ཀྱི། །སྟོན་པ་(ནི་)སྨྲ་མཁས་(འཇམ་དབྱངས་ གྲགས་པ་)འབྱུང་འགྱུར་གང་(ཡིན་པའོ)། །ཟླ་བཟང་ཁྱོད་ནི་རྩ་བའི་རྒྱུད། །དེ་ནི་སྡུད་པར་བྱེད་ པ་སྟེ། །(རྩ་རྒྱུད་ཀྱི་)རྒྱས་འགྲེལ་བྱེད་པ་པོ་ཡང་ཁྱོད(ཡིན་ཞིང)། །(དེ་རྣམས་ཀྱི་)འདིར་ནི་སེམས་ ཅན་ཡོངས་སྨིན་བྱེད། །{ཁྱོད་ཉིད་འགྲེལ་བཤད་བྱེད་པའོ། །}འཇམ་པའི་རྡོ་རྗེའི་བསྡུས་ (པའི་)རྒྱུད་ལ། །རྒྱས་འགྲེལ་བྱེད་པ་པད་འཛིན་རང། །ཞེས་གསུངས་སོ། །རྩ་བའི་རྒྱུད་ལས་ ཇི་ལྟར་གསུངས་པའི་རིམ་པས་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་ལུང་བསྟན་པ་ རྣམས་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་འཁོར་ལོས་སྒྱུར་བ་སྔགས་ཀྱི་ཚུལ་སྟོན་པ་པོར་དེ་ བཞིན་གཤེགས་པས་ལུང་བསྟན་ཏོ། ། ༈ དེ་བཞིན་གཤེགས་པའི་ངེས་པ་དེའི་ཕྱིར་རྩ་བའི་རྒྱུད་ཀྱི་རྒྱལ་པོ་སྟོང་ཕྲག་བཅུ་ གཉིས་པ་དང་རྒྱས་འགྲེལ་སྟོང་ཕྲག་དྲུག་ཅུ་པ་ཡང་ཤམ་བྷ་ལ་ལ་སོགས་པའི་ཡུལ་གྱི་སྐད་ (ལེགས་སྦྱར་གྱི་སྒྲ་ལས་)གཞན་གྱིས་གླེགས་བམ་ལ་བྲིས་ནས་རྒྱལ་པོ་ཟླ་བ་བཟང་པོས་གྲོང་བྱེ་བ་ ཕྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ལ་རབ་ཏུ་བསྟན་ཏོ། །དེ་ཉིད་དེ་ལ་མོས་པ་རྣམས་ ཀྱིས་མཉན་ཞིང་ཀླགས་ཏེ་རང་གི་སེམས་ལ་བཟུང་ནས་གཞན་དག་ལ་ཡང་རྒྱ་ཆེར་རབ་ ཏུ་བསྟན་ཏོ། །རྒྱུད་བསྟན་པའི་དུས་དེ་ནས་ལོ་གཉིས་པ་ལ་སེམས་ཅན་རྣམས་ཀྱི་དངོས་ གྲུབ་ཀྱི་རྒྱུའི་སླད་དུ་དཀྱིལ་འཁོར་གྱི་འཁོར་ལོ་དང་རྫུ་འཕྲུལ་བསྟན་ནས་སྤྲུལ་པའི་སྐུ་གང་ ནས་བྱོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་དུ་གཤེགས་སོ། །དེ་ནས་ལྷའི་དབང་གིས་ ལོ་བརྒྱའི་བར་དུ་རྒྱུད་སྟོན་པར་མཛད་དེ་དེ་བཞིན་དུ་གཟི་བརྗིད་ཅན་དང་ཟླ་བས་བྱིན་དང་ ལྷའི་དབང་ཕྱུག་དང་སྣ་ཚོགས་གཟུགས་དང་ལྷའི་དབང་ལྡན་གྱིས་ཀྱང་ངོ༌། །ནམ་མཁའི་ 2-1-85 སྙིང་པོའི་སྤྲུལ་བའི་སྐུ་ལྷའི་དབང་ལྡན་འདིའི་ལྷ་མོ་སྣ་ཚོགས་ཡུམ་གྱི་མངལ་དུ་འཇམ་དཔལ་ རྒྱལ་པོ་གྲགས་པར་གྱུར་ཏེ་བྱང་ཆུབ་སེམས་དཔའི་སེང་གེའི་ཁྲི་དེ་ལ་ལོ་བརྒྱའི་བར་དུ་ཆོས་ (རྩ་རྒྱུད་)བསྟན་ཏོ། ། ༈ དེ་ནས་ལོ་བརྒྱ་རྫོགས་པའི་རྗེས་ལ་དེ་བཞིན་གཤེགས་པས་ལུང་བསྟན་པའི་བྱིན་ གྱིས་བརླབས་ཀྱི་སྟོབས་ཀྱིས་དྲང་སྲོང་རྣམས་ཡོངས་སུ་སྨིན་པའི་དུས་སུ་གཟིགས་ཤིང་ མངོན་པར་ཤེས་པ་ལྔའི་སྟོབས་ཀྱིས་ཡང་དག་པའི་ལམ་ཐོབ་པར་མཁྱེན་ནས་(རྡོ་རྗེ་ཐེག་པའི་ ལམ་གྱི་)ངེས་པ་སྟེར་བར་བཞེད་པའི་རྒྱལ་པོ་གྲགས་པས་(དྲང་སྲོང་)ཐམས་ཅད་བོས་པར་གྱུར་ ཏོ། །(འདིར་ཤམ་བྷ་ལའི་གནས་ཚུལ་ནི་འཛམ་གླིང་ཆུང་ངུའི་ལྷོ་ནས་བྱང་གངས་ལྡན་ཆེན་པོའི་བར་ལ་སའི་དུམ་བུ་དྲུག་ཏུ་ བྱས་པའི་བྱང་གི་དུམ་བུ་ལྔ་པའི་ས་ལ་ཤམ་བྷ་ལའི་ཡུལ་ཡོད་དེ་དེ་ཡང་ས་གཞི་པད་མ་འདབ་བརྒྱད་ཀྱི་རྣམ་པ་མཐའ་གངས་རི་ སོགས་ཀྱིས་ཡོངས་སུ་བསྐོར་ཞིང་དབུས་ཀྱི་སུམ་ཆ་པད་མའི་ལྟེ་བའི་རྣམ་པའི་རི་བོ་ཆེན་པོ་ཀཻ་ལ་ཤ་ཞེས་གྲགས་པའི་གངས་ རིས་མཐའ་ཀུན་ནས་བསྐོར་བ་སྟེ་ས་པད་མ་འདབ་བརྒྱད་ལྟ་བུ་དེའི་མཐའ་ནས་མཐར་ཐད་ཀའི་ཚད་ལ་འདིར་གསུངས་པའི་ དཔག་ཚད་ལྔ་བརྒྱ་དང་མངོན་པའི་ལུགས་ཀྱིས་དཔག་ཚད་སྟོང་ཕྲག་གཅིག་ཡོད་ལ་མཐའ་སྐོར་དུ་ནི་དེའི་སུམ་འགྱུར་རོ། ། དབུས་ཀྱི་ལྟེ་བའི་རི་མཐའ་ཀཻ་ལ་ཤའི་གངས་ཀྱིས་བསྐོར་བའི་དབུས་ཀྱི་ཕྱེད་བྱང་གི་ཕྱོགས་ལ་ཤམ་བྷ་ལ་ཞེས་བྱ་བ་{གྲོང་བྱེ་བ་}ལྷག་པར་གནས་ཤིང་དེའི་དབུས་ཀྱི་ཆ་ལ་ཡང་རྒྱལ་པོའི་ཕོ་བྲང་གི་ཉེ་འཁོར་གྱི་གྲོང་ཁྱེར་ཀ་ལཱ་པ་ཞེས་པ་ཡོད་དོ། །ལྟེ་བའི་རིའི་ མཐའ་སྐོར་དུ་ནི་འདི་ལུགས་ཀྱི་དཔག་ཚད་ལྔ་བརྒྱར་ཉེ་བ་ཞིག་ཡོད་ཅིང་པད་མ་འདབ་བརྒྱད་ཀྱི་འདབ་མ་རེ་རེ་ལ་གྲོང་བྱེ་བ་ ཕྲག་བཅུ་གཉིས་རེ་དང༌། སྤྱིར་ནི་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་དེ་དག་ལ་སྤྲུལ་བའི་རྒྱལ་པོ་ཡང་དགུ་བཅུ་རྩ་དྲུག་དང་དེ་ རྣམས་ཀྱི་གཙོ་བོ་རྒྱལ་པོ་ཆེན་པོ་ནི་ཀ་ལཱ་པའི་གྲོང་གི་དབུས་ན་ལྷ་ཡིས་བཀོད་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་ཆེན་ པོ་ན་བཞུགས་པའི་ཆོས་རྒྱལ་རིགས་ལྡན་རྣམས་སོ། །ཕོ་བྲང་འདིའི་ཚད་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་རྡོ་རྗེ་ ཕྲེང་བའི་མཐའ་ནས་མཐའ་དང་མཉམ་པར་རིགས་སོ། །དེ་ལྟ་བུའི་རྣམ་པ་དང་ཚད་ནི་ལེའུ་འདི་ཉིད་ཀྱིས་གོ་སླའི་སྐབས་ནས་ རྒྱས་པར་སྟོན་ཅིང་ཞིབ་ཏུ་ཁོ་བོས་ཡིག་ཆ་ཟུར་དུ་བཀོད་པ་དེ་ལས་ཤེས་པར་བྱའོ་)ཀ་ལཱ་པའི་གྲོང་གི་ལྷོ་ཕྱོགས་ན་ 2-1-86 མ་ལ་ཡའི་(ཙན་དན་གྱི་)སྐྱེད་མོས་ཚལ་རྒྱར་དཔག་ཚད་བཅུ་གཉིས་པ་ཀ་ལཱ་པའི་གྲོང་དང་ མཉམ་པའོ། །(ཚལ་)དེའི་ཤར་ཕྱོགས་ན་ཉེ་བའི་ཡིད་ཀྱི་མཚོ་རྒྱར་དཔག་ཚད་བཅུ་གཉིས་པ་ དང་(ཚལ་དེའི་)ནུབ་ཕྱོགས་ན་པད་མ་དཀར་པོའི་མཚོ་ཚད་དེ་དང་འདྲ་བ་སྟེ་མཚོ་དེ་གཉིས་ཀྱི་ བར་ན་མ་ལ་ཡའི་སྐྱེད་མོས་ཚལ་ལོ། །མ་ལ་ཡའི་སྐྱེད་མོས་ཚལ་གྱི་དབུས་ན་རྒྱལ་པོ་ཟླ་བ་ བཟང་པོས་མཛད་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ་ རིན་པོ་ཆེ་ལྔའི་རང་བཞིན་ལྷ་དང་ལྷ་མོའི་བདག་ཉིད་(སྐུ་དང་རྒྱན་ལ་སོགས་པའི་མཚན་ཉིད་དང་ལྡན་པར་)ཡོངས་སུ་གྲུབ་པ་གྲུ་བཞི་པ་(སྐུ་དཀྱིལ་གྱི་ར་བའི་ནང་གི་)རྒྱར་ཁྲི་བཞི་བརྒྱ་ཡོད་པ་(སྟེ་གསུང་གི་)ཕྱི་ རོལ་ཏུ་སྐུའི་དཀྱིལ་འཁོར་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞི་དང་དུར་ཁྲོད་བརྒྱད་ཀྱིས་ བརྒྱན་པ་ར་བ་ལྔས་བསྐོར་པ་ཕྱི་རོལ་ཏུ་ས་ལ་སོགས་པའི་འཁོར་ཡུག་བཞི་དང་རྡོ་རྗེ་ཕྲེང་ བས་བསྐོར་བ་སྟེ་(སྐུ་དཀྱིལ་གྱི་ར་བའི་ནང་མཚམས་ནས་)རྡོ་རྗེ་ཕྲེང་བའི་མཐར་ཐུག་པའི་རྒྱར་ནི་(ཕྱོགས་ ནི་སོ་སོར་ཁྲུ་བཞི་བརྒྱ་བཞི་བརྒྱ་སྟེ་དེ་ལྟར་ན་)ཁྲུ་བརྒྱད་བརྒྱའོ། །སྐུའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ དབུས་སུ་གྲུ་བཞི་པ་ནི་གསུང་གི་དཀྱིལ་འཁོར་ཏེ་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞིས་ བརྒྱན་པ་ར་བ་ལྔས་བསྐོར་བའོ། །(གསུང་དཀྱིལ་དེའི་དབུས་སུུ་)གསུང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ ཚད་ནི་ཐུགས་ཀྱི་དཀྱིལ་འཁོར་ཏེ་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ་ར་བ་ གསུམ་གྱིས་བསྐོར་བའོ། །(ཐུགས་དཀྱིལ་གྱི་དབུས་སུ་ཐུགས་དཀྱིལ་)དེའི་ཕྱེད་ཀྱིས་ཡེ་ཤེས་ཀྱི་འཁོར་ ལོ་སྟེ་ཀ་བ་བཅུ་དྲུག་གིས་ཉེ་བར་མཛེས་པའོ། །(ནང་དུ་ཡང་ཕྱི་རོལ་ཀྱི་ཀ་བ་རྣམས་ཀྱི་ཐད་སོར་རྡོ་རྗེའི་གདུང་ ནང་མ་འདེགས་པའི་ཀ་བ་བཅུ་གཉིས་ཡོད་ལ་ངོས་སུ་ཀ་བ་བཅུ་དྲུག་སྨོས་པ་ནི་ཀ་བ་བཅུ་དྲུག་པོ་ར་བའི་དོད་ཡིན་པས་སོ་) དེའི་ཕྱིད་ཀྱིས་(དབུས་སུ་གཙོ་བོའི་)པད་མ་འདབ་མ་བརྒྱད་པ་སྟེ་པད་མ(འདབ་མ་བརྒྱད་པ་སྟེ་པད་མ་)འི་ སུམ་ཆ་ནི་ལྟེ་བའོ(འདིར་དཀྱིལ་འཁོར་གསུམ་གྱི་སྟེགས་བུའི་འགྲམ་ནས་ཀྲ་མ་ཤཱིར་ཥའི་རྩེ་མོའི་བར་ལ་དཔངས་སུ་རང་ རང་གི་སྒོ་ཚད་གསུམ་གསུམ་དང་རྟ་བབས་ཀྱི་འོག་གི་སྟེགས་བུའི་རྨིང་ནས་རྟ་བབས་ཀྱི་རྩེ་མོའི་བར་ལ་རང་རང་གི་སྒོ་ཚད་ལྔ་ལྔ་ 2-1-87 ཡོད་ཅིང་དོ་ཤལ་གྱི་སྟེང་ཀྲ་མ་ཤཱིར་ཥའི་རྩ་བར་ནང་དུ་ལྷ་སྣམ་ཁེབ་ཅིང་ཕྱི་རོལ་ཏུ་སྟེགས་བུ་ཁེབས་པའི་བྱ་འདབ་དང་བཅས་ པའི་ཐོག་ཕུབ་ལག་མཐིལ་ལྟར་མཉམ་པར་ཡོད་པ་སྟེ་ནང་ན་ཡང་ཐོག་ཕུབ་འདེགས་པའི་ཀ་བ་རྣམས་ལྷ་སྣམ་གྱི་ནང་རོལ་ན་ ཡོད་དོ་རྒྱས་པར་ཁོ་བོས་ཡིག་ཆ་ཟུར་དུ་བཀོད་ཡོད་པ་ལས་ཤེས་པར་བྱའོ)། །དེ་ལྟར་སྐུ་དང་གསུང་དང་ཐུགས་ ཀྱི་དཀྱིལ་འཁོར་རྣམས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དོ་ཤལ་དང་དོ་ཤལ་ཕྱེད་ པ་དང་ཡང་དག་པར་ལྡན་པ་རིན་པོ་ཆེའི་སྣམ་བུ་དང་སྟེགས་བུ་དང་བ་ཀུ་ལཱི་དང་བཅས་པ་ མེ་ལོང་དང་ཟླ་བ་ཕྱེད་པ་དང་དྲིལ་བུས་རྣམ་པར་མཛེས་པའོ། །དཀྱིལ་འཁོར་གསུམ་གྱི་ བདག་ཉིད་ཀྱི་དཀྱིལ་འཁོར་གྱི་ཁང་པ་དེར་དབོའི་ཟླ་བའི་ཉ་ལ་ཉི་མའི་ཤིང་རྟ་ལ་སོགས་པ་ ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་རྒྱལ་པོ་གྲགས་པས་〔བཀའི〕[ངེས་པ་བྱིན་པ་ [བཀའ་སྩལ་བ་རྩ་མི་ཟེར་བཀའ་སྩལ་བྱིན་ཏེ་ར་ཟེར]ནི་ཀྱེ་ཉི་མའི་ཤིང་རྟ་ལ་སོགས་པ་ ཚངས་པའི་དྲང་སྲོང་རྣམས་བདག་གི་ཚིག་ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་(ཐོབ་ པར་)བྱེད་པ་ཉོན་ཅིག །(ཟླ་བ་ཕྱི་མ་)ནག་པའི་ཟླ་བའི་ཉ་འདི་ལ་རིག་བྱེད་(ངག་དུ་འདོན་པ་ཡིན་)[ཀྱི་ གཞུང་གི་[དང་དྲན་པའི་](རྩ་མི་དང་ར་ཟེར་)ངེས་པ་སྐྱོང་བར་བྱེད་པ་ཁྱེད་རྣམས་ལ་བདག་གིས་ (རྡོ་རྗེ་ཐེག་པའི་)བསྟན་པ་སྦྱིན་པར་བྱའོ། །དེ་བས་ན་ཁྱེད་ཀྱིས་ཡུལ་སྣ་ཚོགས་པ་གཞན་གྱི་ རིགས་དང་ལྡན་པའི་བྲམ་ཟེ་གང་ཡིན་པ་དེ་རྣམས་(གཞན་ལས་)ཐ་དད་དུ་བྱས་(པས་དེ་ལོགས་སུ་ བཀར་)ཏེ་བདག་ལ་བསྟན་ཀ༽པར་བྱའོ་ཞེས་(གསུངས་)སོ། །གསུང་དེ་ལས་ཡུལ་སྣ་ཚོགས་ཀྱི་ (བྲམ་ཟེའི་)སྤྱོད་པ་ཅན་(འདི་ཤོང་ལ་མེད་)ཁ༽དེ་དག་གིས་རྣམ་པར་དཔྱད་པ་ན་(འགའ་ཞིག་)ཐོད་ པར་ཟ་བ་དང་〔འགའ་ཞིག〕བ་ལང་གི་ཤ་དང་〔འགའ་ཞིག〕མ་ཧེའི་ཤ་ཟ་བ་དང་〔འགའ་ཞིག〕 ཆང་འཐུང་བ་དང་〔འགའ་ཞིག〕མ་ལ་སོགས་པ་འཛིན་པ[འི་[རྣམས་དང་]ཡུལ་གྱི་ཐ་སྙད་(འདི་ ལ་ཤོང་མེད་)དག་ཕན་ཚུན་འགལ་བས་(འདི་ཤོང་ལ་མེད་)ག༽ཐམས་〔གག་[ཀ]ཐོ་ལྟར་བསྡེབ་ན་ ཤོང་དང་མཐུན་ཞིང་བདེའོ〕ཅད་ཀྱང་(རང་གི་རིགས་ཀྱི་སྤྱོད་པ་སོ་སོར་ངེས་པ་རྣམས་དོར་ནས་ཐམས་ཅད་ 2-1-88 བཟའ་བཏུང་ལ་སོགས་པའི་སྤྱོད་པ་བསྲེ་དགོས་པ་དེ་བློ་ལ་ཧ་ཅང་མ་འཚམ་པའི་སྟོབས་ཀྱི་)འགྱེལ་བར་གྱུར་ཏོ། །དེ་ ལྟར་(ཡུལ་སྣ་ཚོགས་ཀྱི་བྲམ་ཟེ་)དེ་རྣམས་འགལ་བ(སྟེ་ཕན་ཚུན་མི་མཐུན་པ་)ར་གཟིགས་ནས་རྒྱལ་པོ་ གྲགས་པས་(ཡང་)གསུངས་པ། (གནས་སྐབས་)འདིར་བདག་གིས་བཅོམ་ལྡན་འདས་དུས་ཀྱི་ འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པ་འདིར་ཁྱེད་རྣམས་གཞུག་པར་བྱ་ཞིང་འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་དབང་སྦྱིན་པར་བྱའོ། །གཞན་ཡང་བདག་གི་བཀས་ཁྱེད་རྣམས་ ཀྱིས་རྡོ་རྗེའི་རིགས་དང་ལྷན་ཅིག་ཏུ་བཟའ་བ་དང་བཏུང་བ་དང་བག་མ་བླང་བའི་འབྲེལ་པ་ རྣམས་ཀྱང་བྱའོ། །ཅི་སྟེ་ཁྱེད་རྣམས་ཀྱིས་བདག་གི་བཀའ་མི་བྱེད་པ་དེ་ལྟ་ན་བདག་གི་གྲོང་ བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོར་ལ་གང་དང་གང་དུ་ཁྱེད་ཅག་མོས་པ་དེ་དང་དེར་ཁྱེད་རྣམས་ སོངས་ཤིག །རྣམ་པ་གཞན་དུུ་ན་(ཁྱེད་རྣམས་རྡོ་རྗེ་ཐེག་པ་ལ་མ་ཞུགས་)ལོ་བརྒྱད་བརྒྱ་འདས་པའི་ རྗེས་ལ་ཁྱེད་ཀྱི་རིགས་ཀྱི་བུ་དང་ཚ་བོ་ལ་སོགས་པས་ཀླ་ཀློའི་ཆོས་དར་བར་བྱས་ནས་ཤམ་ བྷ་ལ་ལ་སོགས་པའི་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་ཏུ་ཀླ་ཀློའི་ཆོས་སྟོན་པར་བྱེད་པར་འགྱུར་ རོ། །ཀླ་ཀློའི་ལྷ་[བི་ཥ་མིལ་ལཱའི་[བི་ཥ་བིལ་ལཱའི](རྒྱ་དཔེ་གཉིས་ལ་སྣང་)དུག་ཞི་བའི་སྔགས་ཀྱི་ ཆེད་དུུ་རྩ་མི་ཟེར]སྔགས་ཀྱིས་ཕྱུགས་ཀྱི་མགྲིན་པ་གྲི་གུག་(སོག་པོའི་གྲི་སྒུར་)གིས་བཅད་དེ་དེ་ ནས་ལྷའི་སྔགས་ཀྱིས་[བསད་པའི་[བརྒྱབ་པའི(ར་ཟེར་)[བཏབ་པའི་(རྩ་མི་ཟེར་)]ཕྱུགས་དེ་ རྣམས་ཀྱི་ཤ་ཟ་བར་བྱེད་ཅིང་རང་གི་ལས་ཀྱིས་ཤི་བ་རྣམས་ཀྱི་ཤ་ཟ་བར་མི་བྱེད་པར་འགྱུར་ རོ། །(ཀླ་ཀློའི་)ཆོས་(སྲོག་གཅོད་པ་)དེ་ཡང་ཁྱེད་ལ་ཚད་མ་སྟེ་(བྱེད་པོས་)མཆོད་སྦྱིན་དོན་དུ་ཕྱུགས་ དག་སྤྲོས། །ཞེས་པའི་[གཞུང་གི་[དྲན་པའི་(རྩ་མི་དང་ར་ཟེར་)ཚིག་ལས་སོ། །ཀླ་ཀློའི་ཆོས་དང་ རིག་བྱེད་ཀྱི་ཆོས་དག་ལ་སྲོག་གཅོད་པ་ཉིད་དུ་ཁྱད་པར་མེད་དོ། །དེའི་ཕྱིར་ཁྱེད་ཀྱི་རིགས་ ཀྱི་བུ་དང་ཚ་བོ་ལ་སོགས་པ་རྣམས་ཀྱིས་(བདུད་ཀྱི་སྟོབས་རྒྱས་པའི་དུས་སུ་)ཀླ་ཀློ་དེ་རྣམས་ཀྱི་གཟི་ བྱིན་དང་གཡུལ་དུ་བདུད་ཀྱི་ལྷ་(ཀླ་ཀློའི་གྲོགས་ལ་)འཇུག་པ་ཡང་མཐོང་ནས་མ་འོངས་པའི་དུས་ 2-1-89 སུ་ལོ་བརྒྱད་བརྒྱ་འདས་པ་ན་ཀླ་ཀློར་འགྱུར་རོ། །དེ་རྣམས་ཀླ་ཀློར་གྱུར་པ་ན་གྲོང་བྱེ་བ་ཕྲག་ དགུ་བཅུ་རྩ་དྲུག་ན་གནས་པའི་རིགས་བཞི་ལ་སོགས་པ་ཐམས་ཅད་ཀྱང་ཀླ་ཀློར་འགྱུར་ཏེ་ སྐྱེ་བོ་ཆེན་པོ་གང་ནས་བགྲོད་པ་དེ་ནི་ལམ་མོ་ཞེས་ཚངས་པའི་དྲང་སྲོང་གིས་སྨྲས་པའི་ཕྱིར་ རོ། །འདིར་ཀླ་ཀློའི་ཆོས་དང་རིག་བྱེད་ཀྱི་ཆོས་ལ་ཡང་ལྷ་དང་ཕ་མེས་ཀྱི་དོན་དུ་སྲོག་གཅད་ པར་བྱ་བ་ཡིན་ལ་རྒྱལ་རིགས་ཀྱི་ཆོས་ལ་ཡང་ངོ༌། །(དེ་སྐད་དུ་ཡང་)ལྷ་དང་ཕ་མེས་ཚིམ་བྱས་ ནས། །ཤ་ཟོས་སྐྱོན་གྱི་ཆ་ཡོད་མིན། །ཞེས་པ་དང༌། དེ་བཞིན་དུ། གང་ཞིག་གདུག་ལ་གདུག་ སྤྱོད་པ། །དེ་ལ་སྐྱོན་ནི་མ་མཐོང་ངོ༌། །ཞེས་བྲམ་ཟེས་སྨྲས་པའི་ཕྱིར་རོ། །དེ་ལྟར་རིག་བྱེད་ཀྱི་ ཆོས་ཚད་མར་བྱས་ནས་ཀླ་ཀློའི་ཆོས་ཡོངས་སུ་འཛིན་པར་འགྱུར་ཏེ། རྒྱུ་དེས་ན་མ་འོངས་པ་ ན་ཀླ་ཀློའི་ཆོས་མི་འཇུག་པར་བྱ་བའི་ཕྱིར་ཁྱེད་རྣམས་ལ་བདག་གིས་[ངེས་པ[བཀའ་སྩལརྩ་ མི་ཟེར]སྦྱིན་ནོ། །དེ་བས་ན་ཁྱེད་རྣམས་ཀྱིས་བདག་གི་བཀའ་བཞིན་བྱའོ་ཞེས་སོ། །དེ་སྐད་ གསུངས་པས་རྒྱལ་པོ་གྲགས་པའི་གསུང་ཆད་པ་དང་བཅས་པའི་བཀའ་འདི་མགོ་བོར་ཐོག་ ལྷུང་བ་བཞིན་གྱུར་ནས་ཚངས་པའི་དྲང་སྲོང་རྣམས་ཀྱིས་ཉི་མའི་ཤིང་རྟ་ལ་སྨྲས་པ། ཀྱེ་ཉི་ མའི་ཤིང་རྟ་ཁྱོད་ཀྱིས་མིའི་དབང་པོ་གྲགས་པ་ལ་བདག་ཅག་ནི་རིག་བྱེད་ལས་བཤད་པ་ རིགས་ཀྱི་ཆོས་དོར་ནས་རྡོ་རྗེའི་རིགས་ཀྱི་དབང་བསྐུར་བའི་ཆོས་ལ་མི་འཇུག་སྟེ་དེ་བས་ བདག་ཅག་ཁྱོད་ཀྱིས་བཀས་ཆུ་བོ་ཤཱི་ཏ་དང་ཁ་བ་ཅན་གྱི་ལྷོ་ལང་ཀའི་གླིང་གི་བྱང་འཕགས་ པའི་ཡུལ་དུ་འགྲོ་བ་[མཆོག་གོ[སླའོ་](རྩ་མི་དང་ར་ཟེར་)ཞེས་ཞུ་བ་མཛོད་ཅིག་ཅེས་སོ། །ཚངས་ པའི་དྲང་སྲོང་དེ་རྣམས་ཀྱི་ཚིག་གིས་ཉི་མའི་ཤིང་རྟས་མིའི་དབང་པོ་གྲགས་པ་ལ་ཞུས་པ། ཀྱེ་ རྒྱལ་པོ་ཆེན་པོ་མཆོག་གི་རྒྱལ་པོ། དབང་ཕྱུག་དམ་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་དང་དཔེ་བྱད་བརྒྱད་ཅུའི་ཡན་ལག་ཡོངས་སུ་རྫོགས་པ་དཔལ་ལྡན་ཤཱཀྱའི་རིགས་ཀྱི་ ཐིག་ལེ་མཆོག་གི་ཐུགས་རྗེ་ཅན་རང་རང་གི་རིགས་ཀྱི་ཆོས་ལ་ཞུགས་པ་རྣམས་ལ་ཐུགས་རྗེ་ 2-1-90 མཛོད་ཅིག ། ཅི་སྟེ་བདག་ཅག་གིས་གདོན་མི་ཟ་བར་ཁྱོད་ཀྱིས་བཀའ་བཞིན་བྱ་བ་ཡིན་པ་དེ་ལྟ་ན་ བདག་ཅག་རྡོ་རྗེའི་རིགས་ཀྱི་དབང་བསྐུར་བ་ལ་འཇུག་པར་མི་བགྱི་སྟེ་ཁྱོད་ཀྱི་བཀས་ཆུ་བོ་ ཤཱི་ཏའི་ལྷོ་ཁ་བ་ཅན་དང་ལང་ཀའི་གླིང་གི་བར་འཕགས་པའི་ཡུལ་དུ་འགྲོ་བ་[མཆོག་གོ[འཆི་ བར་བགྱིའོ་(ཙ་མི་ཟེར་)]ཞེས་སོ། །དེ་ནས་ཉི་མའི་ཤིང་རྟས་ཞུས་པ་ལས་རྒྱལ་པོ་གྲགས་པས་ བཀའ་སྩལ་པ་ཁྱེད་རྣམས་ཤམ་བྷ་ལའི་ཡུལ་ནས་མྱུར་དུ་བྱུང་ལ་སོངས་ཤིག །གང་གིས་ཆུ་ བོ་ཤཱི་ཏའི་བྱང་ཕྱོགས་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་ སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལམ་ཡོངས་སུ་སྤངས་ནས་བཅོམ་ལྡན་འདས་དུས་ ཀྱི་འཁོར་ལོའི་བྱིན་བརླབས་ཀྱིས་ཡང་དག་པའི་ཡེ་ཤེས་ཀྱི་ལམ་ཐོབ་པར་འགྱུར་རོ་ཞེས་ སོ། །རྒྱལ་པོ་གྲགས་པའི་བཀའ་དེས་ཚངས་པའི་དྲང་སྲོང་དེ་དག་ཐམས་ཅད་ཀ་ལཱ་པའི་གྲོང་ ནས་ངེས་པར་བྱུང་སྟེ་(མ་ལ་ཡའི་ཚལ་ཐོན་པའི་བར་ལ་ཉིན་ལམ་དྲུག་དང་དེ་ནས་ཀྱང་ཉིན་ལམ་བཞི་ཕྱིན་ཏེ་)ཉི་མ་ [བཅུ་པ་[བཅུའི་སར་(ར་ཟེར་)བཅུར་(རྩ་མི་ཟེར་)]ལ་(ཀེ་ལ་ཤའི་གངས་ཀྱི་ནང་རོལ་གྱི་འགྲམ་གྱི་)ནགས་ ཚལ་གྱི་ནང་དུ་རབ་ཏུ་ཞུགས་སོ། །ནགས་ཚལ་གྱི་ནང་དུ་རབ་ཏུ་ཞུགས་པ་དེ་རྣམས་ཐམས་ ཅད་རྒྱལ་པོ་གྲགས་པས་མངོན་པར་ཤེས་པ་ལྔའི་སྟོབས་ཀྱིས་མཁྱེན་ཏེ། ཇི་ལྟར་ཚངས་པའི་ དྲང་སྲོང་འདི་རྣམས་འཕགས་པའི་ཡུལ་དུ་སོང་ན་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་ པའི་སེམས་ཅན་ཐམས་ཅད་མི་བཟད་པའི་སེམས་དང་ལྡན་པར་འགྱུར་ཏེ། འདིར་རྒྱུ་གང་ ཞིག་རྡོ་རྗེའི་ཐེག་པར་གསུངས་པ(འི་ལམ་དེ་)ཡང་དག་པའི་ཡེ་ཤེས་ཀྱི་ལམ་མ་ཡིན་པའི་རྒྱུ་ དེས་དྲང་སྲོང་ཐར་པ་དོན་དུ་གཉེར་བ་འདི་རྣམས་ཐམས་ཅད་དཔལ་ལྡན་རྒྱལ་པོ་གྲགས་ པའི་འཇིགས་པས་རང་གི་གནས་ཡོངས་སུ་སྤངས་ཏེ་རང་གི་[གཉེན་བཤེས་བཟུང་[གཟའ་ མི་ཁྱེར་(རྩ་མི་ཟེར་)]ནས་འཕགས་པའི་ཡུལ་དུ་སོང་ངོ༌། །ཞེས་རྒྱལ་རིགས་ལ་སོགས་པའི་སྐྱེ་ 2-1-91 བོ་རྣམས་སེམས་པར་བྱེད་ཅིང་སྐལ་པ་ངན་པར་འགྱུར་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ སྣོད་ལ་སེམས་ལེགས་པ་དང་མི་ལྡན་པའི་ཕྱིར་རོ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་རང་ གི་སེམས་ཀྱི་བསམ་པ་མཁྱེན་ནས་མིའི་དབང་པོ་གྲགས་པས་ཁྱབ་འཇུག་དང་ཚངས་པ་དང་ དྲག་པོའི་རིགས་ཐམས་ཅད་རྨོངས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་སོ། །ཏིང་ངེ་འཛིན་དེ་དང་ལྷའི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་དྲང་སྲོང་དེ་རྣམས་ ཐམས་ཅད་ནགས་ཚལ་དེ་ཉིད་དུ་རྨོངས་པར་གྱུར་པ་དང་ནགས་ཚལ་དེ་ན་གནས་པའི་རི་ ཁྲོད་པ་(མི་མ་ཡིན་)ལ་སོགས་པ་རྣམས་ཀྱིས་དྲང་སྲོང་ཐམས་ཅད་བཅིངས་ནས་སླར་ཡང་ དཀྱིལ་འཁོར་གྱི་ཁང་པ་དེ་ཉིད་དུ་ཁྱེར་འོངས་ཏེ་མིའི་དབང་པོ་གྲགས་པའི་ཞབས་ཀྱི་དྲུང་དུ་ དོར་བ་དང་(རྨོངས་པ་དེ་ལས་)རབ་ཏུ་སད་དེ་མིའི་དབང་པོ་གྲགས་པ་དང་དཀྱིལ་འཁོར་གྱི་ཁང་ པ་དེ་ཉིད་དང་མ་ལ་ཡའི་སྐྱེད་མོས་ཚལ་མཐོང་བར་གྱུར་ཏོ། །དེ་མཐོང་བ་ན་ཡ་མཚན་ཐོབ་ ནས་ཨེ་མ་ཧོ་འདི་ནི་ངོ་མཚར་ཆེ་སྟེ་བདག་ཅག་རབ་ཏུ་མ་སད་པར་ནགས་ཚལ་ཆེན་པོ་ནས་ དཀྱིལ་འཁོར་གྱི་ཁང་པ་ཆེན་པོ་སུས་ཁྱེར་ཏེ་འོངས་ཞེས་པའི་ཚིག་འདི་སྨྲས་སོ། །ཚངས་པའི་ དྲང་སྲོང་རྣམས་ཀྱི་ཚིག་དེ་ལྟ་བུ་འདི་རྒྱལ་པོ་གྲགས་པའི་བློན་པོ་སྤྲུལ་པའི་སྐུ་རྒྱ་མཚོའི་བློ་ གྲོས་གྱིས་ཐོས་ནས་སྨྲས་པ། ཀྱེ་ཉི་མའི་ཤིང་རྟ་ལ་སོགས་པ་ཚངས་པའི་དྲང་སྲོང་རྣམས་ཡ་ མཚན་པར་མ་བྱེད་ཅིག །རྒྱལ་པོ་གྲགས་པ་འདི་ནི་ཕྱོགས་གཅིག་པ་མ་ཡིན་ཏེ་ཁྱེད་རྣམས་ རྗེས་སུ་གཟུང་པའི་དོན་དུ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱུང་བའི་བྱང་ཆུབ་སེམས་ དཔའ་ཆེན་པོ་ཞིག་གོ། དེའི་ཕྱིར་འདིའི་ཞབས་ལ་སྐྱབས་སུ་སོང་ལ་རྒྱུད་ཀྱི་རྒྱལ་པོ་དང་པོའི་ སངས་རྒྱས་སུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ལམ་དབང་ བསྐུར་བར་གསོལ་བ་ཐོབ་ཅིག་ཅེས་སོ། །དེ་ནས་རྒྱ་མཚོའི་བློ་གྲོས་ཀྱི་ཚིག་དེ་དང་སངས་ རྒྱས་གྱི་བྱིན་གྱིས་བརླབས་ཀྱིས་ཉི་མིའི་ཤིང་རྟ་ལ་སོགས་པ་ཚངས་པའི་དྲང་སྲོང་རྣམས་(ཆོས་ 2-1-92 ལ་རྨོངས་པ་ལ་སེམས་)རབ་ཏུ་སད་དེ་ཚིག་འདི་སྨྲས་པ། ལེགས་སོ་ལེགས་སོ་རྒྱ་མཚོའི་བློ་གྲོས་ ཁྱོད་ཀྱི་ཚིག་གང་གིས་བདག་ཅག་གི་སེམས་(རྨོངས་པ་ལས་)རབ་ཏུ་སད་པར་གྱུར་ཏོ། ། དེའི་ཕྱིར་ད་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ་སེམས་ཅན་མཐའ་དག་གིས་ སྐྱེ་བ་འདི་ཉིད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་སླད་དུ་རྒྱུད་ཀྱི་ རྒྱལ་པོ་དུས་གྱི་འཁོར་ལོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་ པའི་ལམ་དབང་བསྐུར་བར་གསོལ་བ་གདབ་པར་བགྱིའོ་ཞེས་སོ། ། ༈ དེ་སྐད་སྨྲས་ནས་དྲང་སྲོང་དེ་རྣམས་ཀྱིས་ཚངས་པའི་རིགས་ཀྱི་རྒྱལ་པོ་ཉི་མའི་ཤིང་ རྟ་ལ་བོས་ཏེ། ཀྱེ་ཉི་མའི་ཤིང་རྟ་ཁྱོད་ནི་རིག་བྱེད་ལ་སོགས་པའི་བསྟན་བཅོས་ཀྱི་གླེགས་ བམ་གཅིག་པུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ཐམས་ཅད་ཀྱི་ གཞལ་བྱ་འཛིན་པའི་ཐུགས་ཅན་ནོ། །དེས་ན་བདག་ཅག་གི་གསོལ་བ་འདེབས་པའི་ཚིག་ གིས་རྒྱལ་པོ་གྲགས་པ་ལ་གསོལ་བ་གདབ་པར་མཛོད་ཅིག །བདག་ཅག་ཀྱང་མཎྜལ་སྔོན་ དུ་འགྲོ་བ་ཅན་གྱིས་སྐྱབས་སུ་སོང་སྟེ་ཐམས་ཅད་གྱིས་གསོལ་བ་གདབ་པར་བགྱིའོ་ཞེས་ སོ། །དེ་ནས་ཚངས་པའི་དྲང་སྲོང་རྣམས་གྱི་ཚིག་དེས་ཉི་མའི་ཤིང་རྟས་རིན་པོ་ཆེ་དང་གསེར་ གྱི་རང་བཞིན་གྱི་མེ་ཏོག་རྣམས་གྱིས་མཎྜལ་བྱས་ནས་མིའི་དབང་པོ་གྲགས་པའི་ཞབས་ཀྱི་ དྲུང་དུ་རིན་པོ་ཆེའི་མེ་ཏོག་གི་སྙིམ་པ་གཏོར་ཏེ་པུས་མོ་གཉིས་ས་ལ་བཙུགས་ཤིང་ལག་པ་ གཉིས་སྤྱི་བོར་སོན་པས་ཚངས་པའི་དྲང་སྲོང་རྣམས་དང་ཐབས་གཅིག་ཏུ་གྲགས་པའི་ཞབས་ ལ་ཕྱག་འཚལ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཤིང་ཐལ་མོ་སྦྱར་བ་དཔྲལ་ བར་བཀོད་དེ་མིའི་དབང་པོ་གྲགས་པ་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་གང་དུ་ མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ཐོབ་པར་ལུང་ སྟོན་ཅིང་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཆོག་ཏུ་མི་འགྱུར་བའི་བདེ་བས་ཡང་དག་ 2-1-93 པར་བསྡུས་པའི་ཕྱག་རྒྱ་ཆེན་པོ་འཐོབ་པར་ལུང་སྟོན་པ་རྒྱུད་གྱི་རྒྱལ་པོ་དང་པོའི་སངས་རྒྱས་ བསྟན་དུ་གསོལ། འདིར་དེ་བཞིན་གཤེགས་པས་རྒྱལ་པོ་ཟླ་བ་བཟང་པོ་ལ་བསྟན་པའི་དང་ པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་གང་ཡིན་པ་དེ་ཉིད་གཞུང་ཉུང་ངུས་མཆོག་གི་དང་ པོའི་སངས་རྒྱས་ལས་བསྡུས་པའི་རྒྱུད་གྱི་རྒྱལ་པོ་ཡང་དག་པར་བསྡུ་བ་མཛད་ནས་ཚངས་ པའི་དྲང་སྲོང་རྣམས་ལ་སྟོན་པས་བསྟན་དུ་གསོལ་ཞེས་སོ། ། ༈ དེ་ནས་ཉི་མའི་ཤིང་རྟས་གསོལ་བ་བཏབ་པ་གསན་ནས་ཚངས་པའི་དྲང་སྲོང་རྣམས་ ཀྱི་མོས་པའི་སེམས་ཀྱི་དབང་ལས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ ཀྱིས་བསྡུས་པ་ཡང་དག་པར་སྡུད་པར་མཛད་པ་པོ་ཉིད་ཀྱིས་ཕྲེང་བ་འཛིན་པའི་སྡེབ་སྦྱོར་ གྱིས་ཐམས་ཅད་མཁྱེན་པ་སྟོན་པ་པོ་ལ་སོགས་པ་ཡང་དག་པར་སྡུད་པར་བྱེད་པ་དག་གིས་ རྒྱུད་ཀྱི་རྒྱལ་པོ་སྟོན་པར་མཛད་དོ། །སྒྲ་བཟང་པོ་སྨྲ་བ་དེ་རྣམས་ཀྱི་སྒྲ་བཟང་པོ་ལ་ཞེན་པ་ སྤང་པའི་སླད་དུ་དོན་ལ་[རྟོན་པ་[ཤ་ར་ཎ]ཉིད་ལ་བརྟེན་ཏེ་ཚིགས་སུ་བཅད་པ་ཁ་ཅིག་ཏུ་ (ངལ་བསོའི་སྐབས་ལ་སོགས་པ་)སྒྲ་ཉམས་དང་ཚིགས་སུ་བཅད་པ་ཁ་ཅིག་ཏུ་(ངལ་བསོའི་སྐབས་ལ་སོགས་ པར་)གཅོད་མཚམས་ཉམས་པ་དང་ཁ་ཅིག་ཏུ་རྣམ་དབྱེ་(ཐོབ་པ་ལ་)མེད་པའི་ཚིག་དང་ཁ་ ཅིག་ཏུ་དབྱངས་དང་གསལ་བྱེད་(དགོས་པ་ལ་)ཕྱིས་པ་དང༌། ཚིགས་བཅད་ཁ་ཅིག་ཏུ་རིང་པོ་ (ཐོབ་པ་)ལ་{ཡང་}ཐུང་ངུ་དང་ཐུང་ངུུ་(ཐོབ་པ་)ལ་ཡང་རིང་པོ་དང༌། ཁ་ཅིག་ཏུ་ལྔ་པའི་དོན་ལ་ བདུན་པ་དང༌། བཞི་པའི་དོན་ལ་དྲུག་པ་(གསལ་བའི་དཔེར་བརྗོད་དེ་མ་ཐག་ཏུ་འཆད་པར་འགྱུར་བ་)དང༌། ཁ་ཅིག་ཏུུ་(དེ་ལ་པ་ཙ་པི་ལ་པ་ཙ་མི་ཞེས་པ་ལྟ་བུ་)གཞན་གྱི་ཚིག་ཅན་གྱི་བྱིངས་ལ་བདག་ཉིད་ཀྱི་ཚིག་ དང༌། (དེ་ལས་བཟློག་པ་)བདག་ཉིད་ཀྱི་ཚིག་ཅན་ལ་གཞན་གྱི་ཚིག་དང༌། ཁ་ཅིག་ཏུ་གཅིག་གི་ ཚིག་ལ་མང་པོའི་ཚིག་དང༌། ཁ་ཅིག་ཏུ་མང་པོའི་ཚིག་ལ་གཅིག་གི་ཚིག་དང༌། ཁ་ཅིག་ཏུ་ (སརྦཿལ་སརྦ་ལྟ་བུ་)ཕོའི་རྟགས་ལ་མ་ནིང་གི་རྟགས་དང་(དེ་ལས་བཟློག་པ་ལྟ་བུ་)མ་ནིང་གི་རྟགས་ལ་ 2-1-94 ཕོའི་རྟགས་དང༌། ཁ་ཅིག་ཏུ་རྐན་ལས་བྱུང་བ་ཤ་ཡིག་ལས་སོ་དང་སྤྱི་བོ་ལས་བྱུང་བ་དང་ (ས་དང་ཥ་ལྟ་བུ)། ཁ་ཅིག་ཏུ་སྤྱི་བོ་ལས་བྱུང་བ་〔ཥ་ལྟ་བུ〕ལ་སོ་དང་རྐན་ལས་བྱུང་བ་དང༌། (སོ་དང་ ཤ་ལྟ་བུ་)ཁ་ཅིག་ཏུ་སོ་ལས་བྱུང་བ་〔ས〕ལ་རྐན་དང་སྤྱི་བོ་ལས་བྱུང་བ་〔ཤ་དང་ཥ་ལྟ་བུ〕སྟེ་དེ་ལྟ་ བུ་གཞན་ཡང་རྒྱུད་སྟོན་པ་པོའི་མན་ངག་གི་རྗེས་སུ་འབྲང་བར་བྱའོ། །དེ་བཞིན་དུ་རྩ་བའི་ རྒྱུད་ལས་བཅོམ་ལྡན་འདས་ཀྱིས་(བཞི་པའི་དོན་ལ་དྲུག་པ་ནི་ཀྱཻ་)ཟླ་བཟང་སངས་རྒྱས་ཐམས་ཅད་ ཀྱི། །བླ་མ་རྣམས་ཀྱི་སློབ་མ་ཡིས། །ཆུང་མ་བུ་མོ་བུ་སྡུག་དང༌། །རྟག་ཏུ་འདོད་པའི་དངོས་ པོ་དབུལ། །(ལྔ་པའི་དོན་ལ་བདུན་པ་)དྲི་ནི་ས་ལ་འབྱུང་བ་སྟེ། །ཆུ་ལ་གཟུགས་དང་མེ་ལ་རོ། །རླུང་ (ལ་)རེག་(པ་)འགྱུར་བ་མེད་(པའི་ཡེ་ཤེས་)ལ་སྒྲ། །ནམ་མཁའ་ཆེ་ལ་ཆོས་ཀྱི་ཁམས(ཞེས་སོ)། །དྲི་ དང་སྤོས་སོགས་མར་མེ་དང༌། །བཟའ་དང་བཏུང་སོགས་གོས་རྣམས་ཀྱིས། །རྟག་ཏུ་ཕྱག་ རྒྱ་མཆོད་བྱས་ཏེ། །དམ་པའི་བུ་ཡི་(གསུམ་པ་ལ་དྲུག་པ་)བླ་མའི་དབུལ(བཞི་པ་ལ་དྲུག་པ)། །ཞེས་ གསུངས་ཏེ། དེ་ལྟ་བུ་ལ་སོགས་པའི་སྒྲ་ཉམས་གཞན་ཡང་རྣལ་འབྱོར་པས་ལུང་ཀླགས་པ་ ལས་རྟོགས་པར་བྱའོ། །དེ་བཞིན་དུ་རྒྱས་འགྲེལ་ལ་ཡང་སྒྲ་བཟང་པོས་མངོན་པར་ཁེངས་པ་ ཉམས་པར་བྱ་བའི་སླད་དུ་བདག་གིས་དོན་ལ་རྟོན་པ་ཉིད་ལ་བརྟེན་ནས་བྲི་བར་བྱ་སྟེ། རྣམ་ པ་གང་དང་གང་གིས་རིགས་དང་རིག་པ་དང༌། སྒྲ་བཟང་པོས་མངོན་པར་ཁེངས་པ་ཟད་པར་ འགྱུར་བའི་རྣམ་པ་དེ་དང༌། དེས་དོན་ལ་རྟོན་པ་ཉིད་ལ་བརྟེན་ཏེ། ཡུལ་གྱི་སྐད་གཞན་དང་ སྒྲའི་བསྟན་བཅོས་ཀྱི་སྐད་གཞན་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐར་བའི་དོན་ དུ་ཆོས་སྟོན་ཏོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་སྟོན་པ་པོ་དང་གསོལ་བ་འདེབས་ པ་པོ་དང་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ཀྱི་འབྲེལ་བའི་མདོར་བསྡུས་ཏེ་གསུམ་པའོ།། །། 2-1-95 ༈ ད་ནི་འཇམ་དཔལ་གྱི་སྤྲུལ་པ་མིའི་དབང་པོ་གྲགས་པ་དང་ཉི་མའི་ཤིང་རྟ་སྟོན་པ་པོ་ དང་གསོལ་བ་འདེབས་པ་པོ་ལ་སོགས་པའི་འབྲེལ་པ་ལ་སོགས་པས་བསྡུས་པའི་རྒྱུད་ཀྱི་ རྒྱལ་པོ་[རྣམ་པར་[བི་ཏ་ནོ་མི]རྒྱས་པར་〔རྣམ་པར་གསལ་ལ་ཡང་ངོ་〕བྱ་སྟེ། འདིར་དཔལ་ ལྡན་དུས་ཀྱི་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་གྱི་ཁང་པའི་(དཀྱིལ་འཁོར་གྱི་ཁང་པ་ཞེས་པས་དཀྱིལ་ འཁོར་གྱི་འཁོར་ལོ་ཉིད་ནི་མ་ཡིན་གྱི་དཀྱིལ་འཁོར་ནང་དུ་ཆུད་ཅིང་དཀྱིལ་འཁོར་ལ་གཡོགས་པའི་ཁང་པ་ཆེན་པོ་སྒོ་བཞི་དང་ ལྡན་པ་ཞིག་ཡིན་ནོ་)ཤར་སྒོའི་མཐར་ནོར་བུ་རིན་པོ་ཆེའི་སྒོ་ཁྱམས་ཆེན་པོར་(རྩ་མིའི་འགྱུར་ལ་དཀྱིལ་ འཁོར་ཆེན་པོའི་ཁང་བའི་ཤར་གྱི་སྒོ་རུ་ཟེར། འབྲོ་འགྱུར་ལ་དཀྱིལ་འཁོར་གྱི་ཁྱིམ་གྱི་ཤར་གྱི་སྒོའི་མཐར་ནོར་བུ་རིན་པོ་ཆེ་ ཆེན་པོའི་བུ་སྟེན་ཁང་ན་ཟེར། ར་འགྱུར་ལ་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་མཐར་ནོར་བུ་རིན་པོ་ཆེས་སྤྲས་པའི་ཁྱམས་སུ་ ཟེར། ཤོང་འགྱུར་མ་བཅོས་པར་དཀྱིལ་འཁོར་གྱི་ཁང་པའི་ཤར་གྱི་སྒོ་དང་ཉེ་བར་ནོར་བུ་རིན་པོ་ཆེའི་ཁྱམས་ཆེན་པོར་ཟེར། འགྱུར་འདིར་དེ་དག་དང་མི་འདྲ་བར་བྱུང་ཡང་ཤོང་འགྱུར་ཉིད་ལེགས་ཏེ་དབང་བསྐུར་བ་དང་རྒྱུད་སྟོན་པའི་གནས་དཀྱིལ་ འཁོར་གྱི་ཤར་གྱི་འོད་ཟེར་ཕྲེང་བ་ཐོན་པའི་ཕྱི་རོལ་ཏུ་བྱེད་པ་རིགས་ཀྱི་མཆོད་པའི་ས་དང༌། ཁོར་ཡུག་རྣམས་ཀྱི་སྟེང་དུ་བྱེད་ པར་མི་རིགས་པའི་ཕྱིར་ཏེ་ཧ་ཅང་འགོམས་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །་)རིན་པོ་ཆེ་སེང་གེའི་ཁྲི་ཆེན་པོ་ལ་ བཞུགས་པ་ལྷ་དང་ལྷ་མིན་དང་ཀླུའི་སྤྲུལ་བའི་སྐུ་རྒྱལ་པོའི་རིགས་ཆེན་པོ་དགུ་བཅུ་རྩ་དྲུག་ ཏུ་སྐྱེས་པ་རིན་པོ་ཆེ་ཆེན་པོའི་ཅོད་པན་བཅིངས་པ་གྲོང་བྱེ་བ་བྱེ་བའི་བདག་པོ་རྣམས་ཀྱིས་ ཞབས་ཀྱི་པད་མ་ལ་ཕྱག་བྱས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་སྐུ་ལ་ཉི་ མའི་ཤིང་རྟས་གསོལ་བ་བཏབ་པ་དང་མིའི་དབང་པོ་གྲགས་པས་ཉི་མའི་ཤིང་རྟ་ལ་འདི་སྐད་ ཅེས་གསུངས་སོ། །ཉི་མའི་ཤིང་རྟ་ཁྱོད་ཚངས་པའི་དྲང་སྲོང་གི་རིགས་ལ་སོགས་པ་སེམས་ ཅན་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཐོབ་པར་བྱ་བའི་ཆེད་དུ་ རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་[དམ་པའི་དངོས་པོ་[སང་བྷ་བ་(དམ་པའི་བསམ་ 2-1-96 པས་ཞེས་པར་ཡང་ངོ་)]ཉན་པར་འདོད་ཅིང་ཡང་དག་པར་བརྩོན་པ་གང་ཡིན་པ་དེ་ནི་ལེགས་སོ་ ལེགས་སོ། །ཁྱོད་ཀྱི་འདི་ལེགས་པ་དེ་བས་ན་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་ དམ་པའི་དངོས་པོ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་ དུས་ཀྱི་འཁོར་ལོ་རྡོ་རྗེའི་རྣལ་འབྱོར་ཁྱོད་ཀྱིས་དྲིས་པ་དེ་ཐམས་ཅད་བདག་གིས་བསྟན་པར་ བྱའོ། །སྡུད་པར་བྱེད་པ་པོ་རྒྱལ་པོ་གྲགས་པ་བདག་གིས་དེ་བཞིན་གཤེགས་པས་བྱིན་གྱིས་ བརླབས་ཀྱི་སྟོབས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཟླ་བ་བཟང་པོ་སྟོན་པ་པོ་ དང་གསོལ་བ་འདེབས་པ་པོར་འབྲེལ་པས་ཕྲེང་བ་འཛིན་པའི་སྡེབ་སྦྱོར་གྱིས་ཡང་དག་པར་ བསྡུས་ཏེ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཕྱུང་བ་སྔོན་(ཉིད་)དུ་(སྟོན་པས་)ལུང་བསྟན་པའི་བསྡུས་ པའི་རྒྱུད་ཀྱི་རྒྱལ་པོ་དམ་པའི་དངོས་པོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ ཁྱོད་ཀྱིས་ཀྱང་རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག་ཅེས་སོ། ། ༈ དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་བའི་སྐུ་མིའི་དབང་པོ་གྲགས་པས་ མཆོག་གི་དང་པོའི་སངས་རྒྱས་ལས་དེ་བཞིན་གཤེགས་པས་ལུང་བསྟན་པ་སྟོན་པ་པོ་ལ་ སོགས་པ་ཡང་དག་པར་སྡུད་པའི་ཚིགས་སུ་བཅད་པ་དང་པོ་གསུངས་པ་(ལེའུ་དང་པོའི་དོན་ཉེར་ བཞི་ལས་དང་པོ་ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པ་སྟོན་པ་པོའི་ངོ་བོ་ཉིད་ཀྱིས་གནས་པ་དང༌། གཉིས་པ་གནས་བསྟན་ པའི་ངོ་བོ་ཉིད་ཀྱིས་གནས་པ་དང༌། གསུམ་པ་འཁོར་ཆེན་པོ་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང༌། བཞི་པ་གསོལ་ བ་འདེབས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་)ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་ སྐུ་སྟེ་པད་མའི་འདབ་མ་རྒྱས་པའི་སྤྱན། སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་ལྷའི་མཆོག་ རྣམས་ཀྱིས་ནི་བཏུད་ལ་རྒྱལ་པོ་ཟླ་བ་བཟང་པོ་ཡིས། །མགོ་བོས་རབ་ཏུ་ཕྱག་འཚལ་ལག་ པའི་པད་མ་སྦྱར་བ་ཡན་ལག་མཆོག་ལ་བཞག་ནས་ཞུས་པ་ནི། །རྣལ་འབྱོར་དཔལ་ལྡན་ དུས་འཁོར་ཀ་ཕྲེང་ལྡན་པའི་ཨ་འདུས་སུ་སྟེ་མི་རྣམས་དགྲོལ་བའི་དོན་དུའོ།། །། 2-1-97 ༈ རྒྱུད་ཀྱི་རྒྱལ་པོ་འདིར་སྟོན་པ་པོ་ལ་སོགས་པ་རྣམས་བསྡུ་བའི་དོན་དུ་ཚིགས་སུ་ བཅད་པ་དང་པོ་འདི་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གསུངས་སོ། །འདིར་སྟོན་པ་ པོ་ལ་སོགས་པ་རྣམས་ནི་སྟོན་པ་པོ་དང་གནས་དང་འཁོར་ཆེན་པོ་དང་གསོལ་བ་འདེབས་ པ་པོ་དང་ཆོས་བསྟན་པ་དང་དགོས་པ་དང་དགོས་པའི་དགོས་པའོ། །འདི་རྣམས་ལས་རེ་ ཞིག་སྟོན་པ་པོ་བསྡུ་བ་ནི་ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པད་ མའི་འདབ་མ་རྒྱས་པའི་སྤྱན། སངས་རྒྱས་ཞེས་པ་ཡི་གེ་ཉི་ཤུ་རྩ་གསུམ་པོ་འདིས་བཅོམ་ ལྡན་འདས་ཀྱིས་སྟོན་པ་པོ་བསྡུ་བར་མཛད་དོ། །སེང་གེའི་ཁྲི་ལ་བཞུགས་ཞེས་པ་ཡི་གེ་ལྔ་ པོ་འདིས་གནས་བསྡུ་བ་མཛད་དོ། །[ལྷའི་མཆོག་རྣམས་ཀྱིས་ནི་བཏུད་ལ་[ལྷ་མཆོག་རྣམས་ ཀྱིས་བཏུད་ལ་(ཞེས་པ་ཤོང་འགྱུར་མ་བཅོས་པ་ན་ཡོད་)]ཞེས་པ་ཡི་གེ་བདུན་པོ་འདིས་འཁོར་ཆེན་པོ་ བསྡུ་བ་མཛད་དོ། །རྒྱལ་པོ་ཟླ་བ་བཟང་པོ་ཡིས། །མགོ་བོས་རབ་ཏུ་ཕྱག་འཚལ་ལག་པའི་ པད་མ་སྦྱར་བ་ཡན་ལག་མཆོག་ལ་བཞག་ནས་ཞུས་པ་ནི་ཞེས་པ་ཡི་གེ་ཉི་ཤུ་རྩ་བརྒྱད་པོ་ འདིས་གསོལ་བ་འདེབས་པ་པོ་བསྡུ་བ་མཛད་དོ། །རྣལ་འབྱོར་དཔལ་ལྡན་དུས་འཁོར་ཀ་ ཕྲེང་ལྡན་པའི་ཨ་འདུས་སུ་སྟེ་ཞེས་པ་ཡི་གེ་བཅུ་བཞི་པོ་འདིས་ཆོས་བསྟན་པ་བསྡུ་བ་མཛད་ དོ། །མི་རྣམས་དགྲོལ་བའི་དོན་དུའོ་ཞེས་པ་ཡི་གེ་བདུན་པོ་འདིས་དགོས་པ་དང་དགོས་པའི་ དགོས་པ་བསྡུ་བ་མཛད་དེ། དེ་ལྟར་ན་ཡི་གེ་བརྒྱད་ཅུ་རྩ་བཞི་པོ་འདི་རྣམས་ཀྱིས་རིམ་པ་ཇི་ ལྟ་བ་བཞིན་སྟོན་པ་པོ་དང་གནས་དང་འཁོར་ཆེན་པོ་དང་གསོལ་བ་འདེབས་པ་པོ་དང་ཆོས་ བསྟན་པ་དང་དགོས་པ་དང་དགོས་པའི་དགོས་པ་རྣམས་དེ་བཞིན་གཤེགས་པས་ལུང་བསྟན་ པའི་བཅོམ་ལྡན་འདས་འཇམ་དཔལ་གྱིས་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ལས་ཕྱུང་སྟེ་བསྡུ་བ་མཛད་ དོ། ། ༈ རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་(ཨེ་ཝྃ་མ་ཡཱ་ཤྲུ་ཏམ་)འདི་སྐད་བདག་གིས་ཐོས་པ་ཞེས་པ་ 2-1-98 ལ་སོགས་པས་(རྒྱུད་སྟོན་པ་པོ་)བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་(བདེ་བ་ཆེན་པོ་)བཞུགས་པའི་ གནས་(སྟོང་པ་ཆེན་པོ་)ངེས་པར་བསྟན་པ་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ། ཇི་ ལྟར་རྒྱུད་ཀྱི་རྒྱལ་པོ་འདིར་འདི་སྐད་བདག་གིས་ལ་སོགས་པ་དང་བྲལ་བར་ཐམས་ཅད་ མཁྱེན་པ་ཞེས་པ་ལ་སོགས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྟན་ པ་ཡིན། འདི་སྐད་བདག་གིས་ལ་སོགས་པས་བཞུགས་པའི་གནས་ངེས་པར་བསྟན་པ་མེད་ པའི་ཕྱིར་རྒྱུད་ཀྱི་རྒྱལ་པོ་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནོ། ། ཞེས་(ཐ་སྙད་དང་ཡི་གེའི་རྗེས་སུ་འབྲངས་པ་ལ་བརྟེན་ནས་ཞེས་པ་སྔ་འགྱུར་དག་ན་ཡོད་)མིང་དང་ཚིག་ལ་རྟོན་པ་ ལ་བརྟེན་པ་འགའ་ཞིག་གི་ཚིག་འདིར་འབྱུང་བར་འགྱུར་ཏེ། ༈ དེའི་ཕྱིར་བརྗོད་པ་འདིར་མ་འོངས་པའི་དུས་ན་བྱིས་པའི་སྐྱེ་བོ་མིང་དང་ཚིག་ལ་ རྟོན་པ་ལ་བརྟེན་པ་རྣམས་ཀྱིས་རྒྱུད་ཀྱིས་རྒྱལ་པོ་ཐམས་ཅད་དུ་འདི་སྐད་བདག་གིས་ཐོས་ པ་ཞེས་པ་ལ་སོགས་པས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་བཞུགས་པའི་གནས་ངེས་པར་ བསྟན་པ་དེ་བཞིན་གཤེགས་པས་གསུངས་པར་གང་བརྗོད་པ་དེ་ནི་(དེ་ལྟར་རིགས་པ་)མ་ཡིན་ ཏེ། གང་གི་ཕྱིར་ཆོས་སྟོན་པ་པོ་དོན་ལ་རྟོན་པ་(དེ་ལ་སངས་རྒྱས་ནི་གདུལ་བྱ་སྨིན་པར་བྱེད་པའི་ཐབས་ལ་ མཁས་པ་དོན་གྱི་རྗེས་སུ་འབྲང་བ་ཟེར་)ཉིད་ཀྱི་ཕྱིར་དང་སྡུད་པར་བྱེད་པ་པོ་རྣམས་ཀྱང་ཡུལ་སྣ་ཚོགས་ ཀྱི་སྐད་གཞན་གྱིས་ཡང་དག་པར་སྡུད་པར་བྱེད་པའི་ཕྱིར་རོ། །འདིར་གལ་ཏེ་ཨེ་བྃ་མ་ཡཱ་ཤྲུ་ ཏམ་(ཨེ་ཀ་སྨིན་པ་མ་ཡོ་བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཱག་ཙིཏྟཱ་བཛྲ་ཡོ་ཥིད་བྷ་གེ་ཥུ་བི་ཛ་ཧཱ་ར་)ཞེས་པ་ལ་སོགས་ པ་ལེགས་པར་སྦྱར་བའི་ཚིག་མགྲིན་པ་དང་རྐན་ལ་སོགས་པའི་འབད་རྩོལ་གྱིས་བསྐྱེད་པ་ (ལྷ་རྣམས་ཁོ་ནའི་སྐད་དུ་གྱུར་པའི་)ཉི་ཚེ་བས་(ཕྱོགས་གཅིག་པ་ཁོ་ན་)དེ་བཞིན་གཤེགས་པས་ཆོས་སྟོན་ པར་བྱེད་(ཀྱི་སྐད་གཞན་གྱིས་མི་སྟོན་)པ་དེ་ལྟ་〔ཡིན〕ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུས་དུ་ མར་ཡང་དེ་བཞིན་གཤེགས་པས་བསྟན་པ་དང་སྡུད་པ་པོས་ཀྱང་བྲི་བར་མི་ནུས་(པར་འགྱུར་) 2-1-99 ཏེ་(སངས་རྒྱས་ཀྱི་ཆོས་སྟོན་པའི་སྐད་)ཉི་ཚེ་བ་ལེགས་པར་སྦྱར་བའི་ཚིག་གཅིག་པུ་ཡིན་པའི་ཕྱིར་རོ། ། འདིར་(སངས་རྒྱས་ལྷའི་སྐད་ཁོ་ནས་ཆོས་སྟོན་པར་མཛད་ན་)སྤྲུལ་པའི་སྐུ་མཐའ་ཡས་པ་མེད་པའི་ཕྱིར་ མཐའ་ཡས་པ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་མཐའ་ཡས་པ་མཐའ་ཡས་ པའི་སེམས་ཅན་རྣམས་ཀྱི་སྐད་རྣམས་ཀྱིས་ཅིག་ཆར་ཆོས་སྟོན་པ་ཡང་མེད་པར་འགྱུར་རོ། ། (དེ་འདོད་ན་སངས་རྒྱས་ཀྱིས་)ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པར་བྱེད་པ་མེད་པ(ར་འགྱུར་བ་) འི་ཕྱིར་(སངས་རྒྱས་དེ་)ཐམས་ཅད་མཁྱེན་པ་མ་ཡིན་པར་(ཐལ་བར་)འགྱུར་ཏེ་དེ་ལྟར་ཡང་མ་ཡིན་ (པས་བསལ་བ་ཡིན་)ནོ། །(དེས་ན་ཐེག་པ་ཆེན་པོའི་ལུགས་)འདིར་སངས་རྒྱས་(སྤྲུལ་བའི་སྐུའི་རྣམ་གྲངས་)ཚད་ མེད་པ་དང་(གསུང་རབ་ཀྱི་)ཆོས་(ཀྱི་རྣམ་གྲངས་)ཚད་མེད་པ་དང་(བཀའ་སྡུད་པ་པོ་)དགེ་འདུན་(གྱི་གྲངས་)ཚད་མེད་པར་དེ་བཞིན་གཤེགས་པས་གསུངས་པ་འདིའི་ཕྱིར་སྟོན་པ་པོ་ཐམས་ཅད་མཁྱེན་ པ་(སྤྲུལ་པའི་སྐུ་)གཅིག་མ་ཡིན་ནོ། །ཐམས་ཅད་མཁྱེན་པའི་གསུང་གིས་སེམས་ཅན་ཐམས་ཅད་ ལ་(ཆོས་ཀྱི་སྐུ་)དོན་སྟོན་པར་བྱེད་པ་(ལེགས་པར་སྦྱར་བ་ལྟ་བུ་)སྐད་ཅིག་གིས་མ་ཡིན་ནོ། །བཞུགས་ པའི་གནས་ངེས་པར་བསྟན་པ་(ཨེ་{ཝཾ}ལྟ་བུ་རྣམ་གྲངས་)གཅིག་མ་ཡིན་ནོ། །དེ་བཞིན་གཤེགས་ པ་ལ་གསོལ་བ་འདེབས་པ་པོ་(དང་སྡུད་པ་པོ་)ཉན་ཐོས་ཀྱི་དགེ་འདུན་གཅིག་མ་ཡིན་གྱི། འདིར་ སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་དབང་གིས་ཐམས་ཅད་མཁྱེན་པ་དུ་མ་དང་ཐམས་ ཅད་མཁྱེན་པའི་གསུང་དུ་མ་(སྟེ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་རྣམ་པ་)དང་བཞུགས་པའི་གནས་ (སེང་གེའི་ཁྲི་དང་གསང་བ་ལ་སོགས་པ་རྣམ་གྲངས་)དུ་མ་དང་གསོལ་བ་འདེབས་པ་པོ་〔དང་སྡུད་པ་པོ་〕དུ་ མ་དང་ཆོས་བསྟན་པ་(བརྒྱད་ཁྲི་བཞི་སྟོང་སོགས་)དུ་མ་ཡིན་ནོ། དེའི་ཕྱིར་དེ་བཞིན་གཤེགས་པས་ ཨེ་ཝཾ་མ་ཡཱ་ཤྲུ་ཏམ་ཞེས་པ་ལ་སོགས་པ་མགྲིན་པ་དང་རྐན་ལ་སོགས་པའི་འབད་རྩོལ་གྱིས་ བསྐྱེད་པ་ལྷའི་སྐད་གཅིག་པུས་རྒྱུད་ཐམས་ཅད་བསྟན་པ་མ་ཡིན་ནོ། ། ༈ འདིར་(སྐད་དུ་མས་ཆོས་སྟོན་པའི་ཚུལ་ནི་)དང་པོར་རེ་ཞིག་ཉན་ཐོས་ཀྱི་ཚུལ་སྡེ་སྣོད་གསུམ་ 2-1-100 ལ་སོགས་པ་མཱ་ག་ངྷའི་སྐད་ཀྱིས་ཆོས་སྟོན་པ་ནི་འདི་ལྟ་སྟེ། ཨི་ཏྱ་པི་སོ་བྷ་ག་བཱ་སྃ་མཱ་སྃ་བུད་ དྷོ་བི་ཛྫཱ་ཙ་ར་ཎ་སྃ་པནྣཿ(འདི་ལྟར་ཡང་བཅོམ་ལྡན་འདས་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ ཞབས་སུ་ལྡན་པ་)སུ་ག་ཏོ་ལོ་ཀ་བི་ཏུ་ཨ་ནུད་ཏ་རོ་(བདེ་བར་གཤེགས་པ་འཇིག་རྟེན་རིག་པ་བླ་ན་མེད་པ་)ཞེས་ པ་ལ་སོགས་པས་ཆོས་བསྟན་ཏོ། །དེ་བཞིན་དུ་ཆུ་བོ་ཤཱི་ཏའི་བྱང་ཙམ་པ་ཀའི་ཡུལ་དུ་གྲོང་བྱེ་ བའི་སྐད་ཀྱིས་ཆོས་སྟོན་པ་ནི་འདི་ལྟ་སྟེ། ཨ་ཀར་ཥུ་ཁུ་ཥྞུ་ཀ་ག་གཎ་ཀུ་ཛིཎ་མ་ཀ་བི་ཛི་རིཊ་ ཀུ་དུ་དུ་རུ་བ་ཀ་(འདི་ལྟར་ཡང་བཅོམ་ལྡན་འདས་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་ པ་བདེ་བར་གཤེགས་པ་འཇིག་རྟེན་རིག་པ་བླ་ན་མེད་པ་)ཅེས་པ་ལ་སོགས་པས་ཆོས་བསྟན་ཏོ། །དེ་བཞིན་ དུ་རུག་མྨའི་〔གསེར〕བྱང་སུ་རམྨའི་ཡུལ་དུ་གྲོང་བྱེ་བའི་སྐད་ཀྱིས་ཆོས་སྟོན་པ་ནི་འདི་ལྟ་སྟེ། ཨ་ཀ་མ་ཡ་སད་བ་ལ་ད་དད་ཏ་བི་རཊ་མི་ནི་ཀ་ཨ་ཀུ་ཊ་བ་ར་དད་ཛི་གི་ཏི་བ་ར་དཏ་(འདི་ལྟར་ ཡང་བཅོམ་ལྡན་འདས་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་ རྟེན་རིག་པ་བླ་ན་མེད་པ་)ཅེས་པ་ལ་སོགས་པས་ཆོས་བསྟན་ཏོ། །དེ་ལྟར་དེ་བཞིན་གཤེགས་པས་ ཡུལ་དུ་མའི་ཡུལ་གྱི་སྐད་ཀྱིས་ཐེག་པ་གསུམ་སྟོན་པའི་ཕྱིར་ཨེ་བྃ་མ་ཡཱ་ཤྲུ་ཏམ་ཞེས་པ་ལ་ སོགས་པ་ལེགས་པར་སྦྱར་བའི་སྐད་གཅིག་པུས་མ་ཡིན་ནོ། །དེས་ན་སྡུད་པར་བྱེད་པ་པོ་ རྣམས་ཀྱིས་ལེགས་པར་སྦྱར་བའི་སྐད་ཀྱིས་བྲིས་པའི་རྒྱུད་ཀྱིས་རྒྱལ་པོ་རྣམས་ལ་ཡང་ཁ་ ཅིག་ཏུ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་(རྒྱུད་སྟོན་པ་པོ་དོན་དམ་པའི་བདེ་བ་ཆེན་ པོའི་སྐུ་)བཞུགས་པའི་གནས་(རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་)ངེས་པར་བསྟན་ཏེ། ཁ་ཅིག་ཏུ་ནི་མ་ ཡིན་ནོ། །(བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ལས། རྣལ་འབྱོར་རྒྱུད་ཀྱི་ཚད་དག་ནི། །བྱེ་བ་ཕྲག་དྲུག་ཉིད་དུ་ངེས། །བྱེ་ བ་ཕྲག་ནི་བཅུ་དྲུག་གྲངས། །རྣལ་འབྱོར་མ་ཡི་རྒྱུད་དུ་གྲགས། །ཐེག་ཆེན་གྱི་གཞན་མདོ་སྡེ་ནི། །བྱེ་བ་བརྒྱད་ཅུུ་དག་ཏུ་བརྗོད། ། འབུམ་ཕྲག་ལྔ་བཅུ་བྱེ་བ་གཅིག །ཕ་རོལ་ཕྱིན་པའི་ཚུལ་ཉིད་དོ། །འདི་རྣམས་ཐམས་ཅད་བྱས་པ་སྟེ། །ཐུབ་དབང་སྐུ་གསུམ་རང་ བཞིན་ཅན། །བདེ་བར་གཤེགས་པའི་བསྟན་པའོ། །འདུལ་བའི་སྡེ་སྣོད་ལ་སོགས་ཀུན། །ཉན་ཐོས་རྣམས་ལ་བདག་ཉིད་བསྟན། 105། སྣ་ཚོགས་མདོ་སྡེ་ཆེ་བཤད་པ། །བྱང་ཆུབ་སེམས་དཔས་བསྟན་པའོ། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཀྱི། །གསང་བ་སངས་ རྒྱས་སྤྱོད་ཡུལ་ལོ། །ཞེས་གསུངས་པ་དང་གསང་འདུས་ཀྱི་བཤད་རྒྱུད་དང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་ཀྱང༌། རྣལ་ འབྱོར་ཆེན་པོའི་རྒྱུད་ཀྱི་མིང༌། །སྟོང་ཕྲག་བཅུ་གཉིས་ཤེས་བྱ་སྟེ། །རྒྱས་པར་ནི་གྲངས་མེད་དོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་ གོ། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །རྟོག་པའི་རྒྱུད་སྟོང་ཕྲག་བཞིའོ། །དེ་དག་ནི་རྒྱུད་སྡེ་སྟོང་ ཕྲག་སུམ་ཅུ་རྩ་བཞི་སྟེ་ཞེས་པ་ལྟར་སེམས་ཅན་གྱི་མོས་པ་བསམ་པ་དབང་པོ་མཐའ་ཡས་པའི་དབང་གིས་སྡེ་སྣོད་དང་རྒྱུད་སྡེ་ མཐའ་ཡས་པ་ཡོད་ལ་)དང་པོར་རེ་ཞིག་དཔལ་འདུས་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང་སྒྱུ་འཕྲུལ་དྲ་ བ་སྟོང་ཕྲག་བཅུ་དྲུག་པ་ལ་སོགས་པ་རྒྱུད་ཀྱི་རྒྱལ་པོ་དུ་མར་ནི་འདི་སྐད་བདག་གིས་ཐོས་པ་ ཞེས་པ་ལ་སོགས་པས་བཞུགས་པའི་གནས་ངེས་པར་བསྟན་ཏོ། །ལ་ལར་ནི་མ་ཡིན་ཏེ་དང་ པོར་རེ་ཞིག་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་དང་རྣལ་འབྱོར་རྗེས་སུ་ རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་དང་མངོན་པར་བརྗོད་པ་འབུམ་པ་ཆེན་པོ་རྣམས་སུ་སྟེ། དེ་བཞིན་དུ་རྒྱུད་ཀྱི་རྒྱལ་བོ་དུ་མ་རྣམས་སུ་ཡང་ངོ༌། རྩ་བའི་རྒྱུད་ཀྱི་རྒྱལ་བོ་རྣམས་ལ་ཇི་ལྟ་ བ་དེ་བཞིན་དུ་དེ་ནས་ཕྱུང་བའི་བསྡུས་པའི་རྒྱུད་རྣམས་ལ་ཡང་ཁ་ཅིག་ཏུ་ནི་འདི་སྐད་བདག་ གིས་ཐོས་པ་ཞེས་པ་ལ་སོགས་པས་བསྟན་ལ་ཁ་ཅིག་ཏུ་ནི་མ་ཡིན་ནོ། ། ༈ འདིར་དཔལ་འདུས་པར་བཅོམ་ལྡན་འདས་ཀྱིས་འདི་སྐད་བདག་གིས་ཐོས་པའི་ དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ ཐུགས་(དབྱེར་མེད་པའི་བདག་ཉིད་དམིགས་མེད་སྙིང་རྗེ་བདེ་བ་ཆེན་པོ་)རྡོ་རྗེ་བཙུན་མོའི་བྷ་ག་(དམིགས་བཅས་ སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་)རྣམས་ལ་བཞུགས་ཏེ་ཞེས་གནས་ངེས་པར་{བསྟན་པ}གསུངས་ སོ། །དེ་བཞིན་དུ་སྒྱུ་འཕྲུལ་དྲ་བར་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་ བཞུགས་པའི་གནས་ངེས་པར་བསྟན་ཏོ། །དེ་བཞིན་དུ་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ ཀྱི་རྒྱལ་བོ་གཞན་རྣམས་སུ་ཡང་(ཨེ་ཝྃ་མ་ཡ་ཞེས་པ་ལ་སོགས་པས་)བཞུགས་པའི་གནས་ངེས་པར་ 2-1-101 བསྟན་ཏོ། །འདིར་མཆོག་གི་དང་པོའི་སངས་རྒྱས་སུ་བཅོམ་ལྡན་འདས་ཀྱིས། ཐམས་ཅད་ མཁྱེན་པའི་(ལྷན་ཅིག་སྐྱེས་པའི་སྐུུ་དང་)ཡེ་ཤེས་སྐུ(ཆོས་སྐུ་དང)། །ཉི་མའི་སྐུ་གང་མི་ཟད་པ(ལོངས་སྐུ་ དང)། །དཔལ་ལྡན་པད་འདབ་རྒྱས་པའི་སྤྱན(སྤྲུལ་སྐུ་སྟེ་དོན་དམ་པའི་སྐུ་བཞིའི་བདག་ཉིད)། །སངས་ རྒྱས་(ནི་སྟོན་པ་པོ་ཕུན་སུམ་ཚོགས་པ་བདེ་བ་ཆེན་པོ་སྟེ་དེ་གནས་གང་ལ་བཞུགས་ན་)སེང་གེའི་ཁྲི(སྟོང་པ་ཆེན་པོ་)ར་ བཞུགས་པ(འོ)། །(དེ་ཉིད་)སྐུ་གསུང་ཐུགས་(རྡོ་རྗེ་)དང་ཆགས་པ་(ཡེ་ཤེས་རྡོ་རྗེ་སྟེ་རྡོ་རྗེ་བཞི་)ཡི(ཚུལ་ གྱི་)ས། །སྐུ་གསུང་ཐུགས་ཀྱི་(ཡང་དག་པའི་)དཀྱིལ་འཁོར་ལ(བཞུགས་པ་ཡང་ཡིན་ནོ)། །(སྟོན་པ་པོ་ཕུན་ ཚོགས་རྒྱས་པར་བཤད་པ་ནི་)སྐུ་གསུང་ཐུགས་དང་ཆགས་པ(རྡོ་རྗེ་བཞི་)འི་བདག(ཉིད་ཅན་གྱི)། །རྡོ་རྗེ་ སེམས་དཔའ་(ལྷའི་ཡང་ལྷར་གྱུར་པ་ན་)ལྷག་པའི་ལྷ། །(ཐབས་ཤེས་དབྱེར་མེད་)མི་ཕྱེད་(པ་གཞི་འབྲས་) རྡོ་རྗེའི་རྣལ་འབྱོར་འདི(ནི)། །དུས་ཀྱི་འཁོར་ལོ་(དེ་ལ་ཞེས་ཀྱང་བྱ་མཆོག་ཏུ་)མི་འགྱུར་(བའི་)བདེ(བ་ ཞེས་ཀྱང་བྱ)། །(གདོད་མ་ཉིད་ནས་)སངས་རྒྱས་(ཤིང་ཐེར་ཟུག་འགྱུར་མེད་དུ་གནས་པས་ཚུལ་གྱིས་)ཐོག་མ་(དང་)ཐ་མ་མེད(པས)། །དང་པོའི་སངས་རྒྱས་རིས་མེད་པ(ཞེས་ཀྱང་བྱ)། །(སྐུ་དང་ཡན་ལག་)ཀུན་ནས་ (སྲ་ཞིང་སྙིང་པོ་ཁོང་སྟོང་མེད་པའི་)རྡོ་རྗེ་(དང་དབང་ཕྱུག་ལ་སོགས་པ་དྲུག་གི་)སྐལ་(བ་)བཟང་(པོ་དང་ལྡན་པ་དང་) ཉིད(དང་)། །ཀུན་ནས་སྣ་ཚོགས་(ཏེ་རྣམ་པ་ཐམས་ཅད་པའི་སྐུ་དང་ཐིག་ལེ་བཞི་མི་འཕོ་བའམ་རྣམ་པ་དུ་མ་ཡིན་ ཡང་གཅིག་ཏུ་གྱུར་བས་ན་)སྡོམ་པ་སྟེ། །(རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས་པས་)བདེན་དོན་རྣམ་པ་ བཅུ་གཉིས་(ཏེ་དོན་དམ་པ་ས་བཅུ་གཉིས་ཀྱི་དབང་ཕྱུག་)དང༌། །(སྐུ་བཞི་སྐུ་གསུང་ཐུགས་ཡེ་ཤེས་ཀྱིས་ ཕྱེ་བའི་)དེ་(ཁོ་ན་)ཉིད་(དགའ་བ་)རྣམ་པ་བཅུ་དྲུག་འཛིན(པ་ནི་སྟོན་པ་པོ་ཕུན་སུམ་ཚོགས་པ་སྟོང་པ་ཉིད་ཀྱི་ རྣམ་པ་ཀྱི)། །ཞེས་པ་ལ་སོགས་པས་མཆོག་གི་དང་པོའི་སངས་རྒྱས་སུ་བཞུགས་པའི་གནས་ ངེས་པར་བསྟན་པ་གསུངས་སོ། །དེ་བཞིན་དུུ་(རྡོ་རྗེ་འཇིགས་བྱེད་ཀྱི་རྩ་རྒྱུད་)རྣལ་འབྱོར་རྗེས་སུ་ རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པར་བཅོམ་་་་་་་ལྡན་འདས་ཀྱིས། ལྷག་པའི་ལྷ་ནི( འགྲན་ཟླ་ མེད་པ་)གཅིག་པུུ་( རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་)འདི། །རྡོ་རྗེ་མཁའ་འགྲོའི་པད་མར་(ཞེས་པ་རྣམ་ 2-1-102 པ་ཐམས་ཅད་པའི་སྟོང་པ་ཉིད་ལ་)གནས(སོ)། །(ཚུལ་ཇི་ལྟར་གནས་ན་སྟོང་བ་ཉིད་དང་)ལྷན་(ཅིག་ཏུ་)སྐྱེས་(པའི་)དགའ་བའི་གཟུགས་(སམ་རང་བཞིན་)ཀྱིས་ནི། །〔སྟོང་པ་ཉིད〕[སྲིད་(པ་)གསུམ་〔གྱི་རྣམ་པ་ཅན〕 [བདག་[པོ(ར་ཟེར་)]ཉིད་〔དུ་དབྱེར་མེད་པར〕[ལ་གནས་སོ། །[ཡང་དག་གནས། །(རྩ་མི་ཟེར་བ་ལེགས་)]ཞེས་པ་ལ་སོགས་པས་རྣལ་འབྱོར་རྗེས་སུ་རིག་པར་བཞུགས་པའི་གནས་ངེས་པར་བསྟན་ པ་གསུངས་སོ། །དེ་བཞིན་དུུ་(བདེ་མཆོག་གི་རྩ་རྒྱུད་)མངོན་པར་བརྗོད་པ་འབུམ་པར་བཅོམ་ལྡན་ འདས་ཀྱིས། (མཁའ་འགྲོ་མ་)ཕོ་ཉ་ཀུན་གྱི་གསང་བ་(སྟོང་གཟུགས་རྣམ་པ་ཐམས་ཅད་པ་)ལ། །སེམས་ དཔའ་(སྲིད་གསུམ་གཅིག་པ་)ཀུན་གྱི་བདག་(པོ་)ཉིད་(བདེ་བ་ཆེན་པོ་)གནས(སོ)། །(དེ་ཡང་)སེམས་ དཔའ(འི་དོན་ནི་)ཕོ་ཉ་(སྟེ་མཁའ་འགྲོ་མ་འོད་གསལ་རྣམ་པ་ཐམས་ཅད་པ་)ཀུན་(གྱི་)རང་བཞིན་(ཤེས་རབ་ ཡིན་ལ་དེའི)། །(བདག་ཉིད་དམ་བདག་པོ་ནི་)རྡོ་རྗེ་སེམས་དཔའ་བདེ་བ་ཆེ(ཐབས་སོ)། །ཞེས་པ་ལ་ སོགས་པས་བཞུགས་པའི་གནས་ངེས་པར་བསྟན་པ་གསུངས་ཏེ། དེ་ཡང་(རྒྱུད་དེ་དག་ཏུ་རྡོ་རྗེའི་ ཚིག་ཏུ་སྦས་པའི་ཕྱིར་)བླ་མ(ས་བཅུ་པ་)འི་མན་ངག་ལས་རྟོགས་པར་བྱའོ། །དེ་བཞིན་དུ་གསོལ་བ་ འདེབས་པ་པོ་ནི་དཔལ་འདུས་པར། དེ་ནས་ཕྱག་ན་རྡོ་རྗེ་དེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་ པས་བྱིན་གྱིས་བརླབས་པར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ རྒྱུད་ཐམས་ཅད་ཀྱི་བླ་ན་མེད་པ་སངས་རྒྱས་ཐམས་ཅད་ཀྱི་དཔལ་(བདེ་བ་ཆེན་པོའི་སྐུ་གཅིག་ཏུུ་) འདུས་པ་(བརྗོད་བྱ་)སངས་རྒྱས་ཐམས་ཅད་(ཀྱི་དོན་དམ་ཡེ་ཤེས་ཀྱི་སྐུ་)མངོན་པར་བརྗོད་པ་བཅོམ་ ལྡན་འདས་ཀྱིས་བསྟན་དུ་གསོལ་ཞེས་པ་དེ་ལྟ་བུ་ལ་སོགས་པས་ཕྱག་ན་རྡོ་རྗེས་གསོལ་བ་ བཏབ་པོ། །དེ་བཞིན་དུ་སྒྱུ་འཕྲུལ་དྲ་བར་ཕྱག་ན་རྡོ་རྗེ་གསོལ་བ་འདེབས་པ་པོ་སྟེ་མཚན་ ཡང་དག་པར་བརྗོད་པ་ལས་རབ་ཏུ་གྲགས་སོ། །འདིར་མཆོག་གི་དང་པོའི་སངས་རྒྱས་སུ་ གསོལ་བ་འདེབས་པ་པོ་ནི། སེམས་ཅན་ཉོན་མོངས་གཞིལ་བའི་སླད། །བཅོམ་ལྡན་འདས་ ཀྱིས་བསྐུལ་གྱུར་པས། །ལུས་ངག་ཡིད་ཀྱི་སྦྱོར་བ་ཡིས། །སྟོན་པའི་ཞབས་ཀྱི་པད་མ་གཉིས། 108། རིན་ཆེན་མེ་ཏོག་རྣམས་ཀྱིས་མཆོད། །སླར་ཡང་སྙིམ་པ་རིན་ཆེན་བཅས། །པུས་མོ་གཉིས་ ནི་སར་བཙུགས་ཤིང༌། །སྤྱི་བོ་ཡིས་ཀྱང་ཕྱག་འཚལ་ཏེ། །དེ་ནས་པུས་མོ་གཡས་པ་ཡི། །ལྷ་ ང་ས་ལ་བཙུགས་ནས་ནི། །དཔྲལ་བར་ཐལ་མོ་སྦྱར་བྱས་ཏེ། །མི་བདག་(ཟླ་བ་བཟང་པོ་)གསོལ་ བ་འདེབས་པར་བྱེད(ཅེས་པ་གསོལ་བ་འདེབས་པ་པོ་ཕུན་ཚོགས་པའོ)། །(ཆོས་ཕུན་སུམ་ཚོགས་པ་རྗོད་བྱེད་ཀྱི་རྒྱུད་ ནི་)རྒྱུད་རྣམས་ཀུན་གྱི་བླ་ན་མེད། །དང་པོའི་སངས་རྒྱས་(ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་པ་)རྟག་ཏུ་ ནི། །དངོས་གྲུབ་ཀུན་རྫོགས་(སྟོན་པར་བྱེད་པའི་)མཚན་ཉིད་ཅན། །(རྗོད་བྱེད་)ཨཱ་ལི་(དབྱངས་དང་)ཀཱ་ ལི་(གསལ་བྱེད་ཀྱི་ཚོགས་)ལེགས་(པར་)ལྡན་(པ་བརྗོད་བྱའི་མིང་གིས་ཉེ་བར་བཏགས་པ་)དཔལ(ལྡན)། །དུས་ འཁོར་(གྱི་རྒྱུད་)འདི་ལ་〔བརྗོད་བྱ་རྡོ་རྗེའི〕རྣལ་འབྱོར་ནི། །སྐད་ཅིག་གཅིག་(གིས་)མངོན་རྫོགས་ སངས་རྒྱས(པའི)། །སྐད་ཅིག་(སྟེ་ལྷན་ཅིག་སྐྱེས་པའི་སྐུ་གཅིག་པུ་ཉིད་སྐུ་)བཞིའི་རྣམ་(པར་)དབྱེ་(བས་ཕྱེ་ བ་)ཅན(རྣམ་པ་སྣ་ཚོགས་པ་རྣམ་པར་སྨིན་པ་རྣམ་པར་འཇོམས་པ་མཚན་ཉིད་མེད་པའི་སྐད་ཅིག་མ་སྟེ་སྐད་ཅིག་བཞིའོ་ཞེས་ ཀྱང་གསུང་ངོ)། །(སྐུ་བཞི་རེ་རེ་ལ་སྐུ་གསུང་ཐུགས་ཡེ་ཤེས་བཞི་བཞི་སྟེ་)དེ་ཉིད་བཅུ་དྲུག་དབྱེ་བ་ཡིས། །ཐ་ དད་(པ་ཅན་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་)ཐིག་ལེ་བཞི་(མི་འཕོ་བ་དང་)འཛིན་པ(དང)། །སྟོང་(པ་) དང་ཡེ་ཤེས་(དང་)ཐིག་ལེ་དང༌། །མཆོག་དང་(སླར་ཡང་མཆོག་གི་མིང་གིས་བསྟན་པའི་)རྡོ་རྗེ་འཛིན་པ་ ཆེ(ན་པོ)། །སྟོང་པ་ཆེན་པོ་འགྱུར་མེད་ལྔ(དང་དེའི་རྟེན)། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག(སྟེ་དེ་ དག)། ཕྱི་དང་ལུས་དང་གཞན་ལ་ཡང་(སྦྱར་བ་དང)། །སངས་རྒྱས་ལྷ་དང་ལྷ་མིན་ཉིད། །(ཅེས་ པ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་དང་)དེ་བཞིན་(དུ་)རང་བཞིན་(ཉེར་བཞི་པོ་)རྣམས་ལ་ནི། ། སྐྱེས་བུ་ཉི་ཤུ་ལྔ་པ་གཞན(དང)། །(ནང་)ལུས་ལ་(ཕྱི་)སྣ་ཚོགས་ཚད་དང་(སྦྱར་བ་)གང་(ཡང)། ། འཇིག་རྟེན་གསུམ་པོ་འབྱུང་བའི་རྒྱུ(སྟེ་བཀོད་པ་དང)། །ལྷ་(རྣམས་ཉིན་མོ་)དང་ལྷ་མིན་(རྣམས་མཚན་ མོ་)ལོངས་སྤྱོད་པ(འི་ཚུལ)། །ཇི་བཞིན་གསལ་བར་འདི་རྣམས་ཀུན། །མ་ལུས་(པ་ལྷ་དང་མིའི་) སྟོན་པས་བཤད་དུ་གསོལ(རྐང་པ་འདི་མི་བདག་གསོལ་བ་འདེབས་པར་བྱེད་ཅེས་པའི་རྗེས་སུ་སྟོན་པས་མཐའ་ 2-1-103 དག་བསྟན་དུ་གསོལ་ཞེས་པ་རྩ་མི་དང་ར་འགྱུར་ལ་སྣང་ཞིང་རྒྱ་དཔེ་ལའང་འདུག་གསུང་ངོ)། །ཞེས་པ་དེ་ལྟ་བུ་ལ་ སོགས་པས་མཆོག་གི་དང་པོའི་སངས་རྒྱས་སུ་རྒྱལ་པོ་ཟླ་བ་བཟང་པོས་གསོལ་བ་བཏབ་པོ། ། དེ་བཞིན་དུ་རྣལ་འབྱོར་རྗེས་སུ་རིག་པའི་རྒྱུད་དུ་སྣ་ཚོགས་གཟུགས་ཅན་མས། དཔལ་ལྡན་ སྣ་ཚོགས་གཟུགས་ཅན་མ(ཡུམ་ཆོས་ཉིད་འོད་གསལ་སྟོང་པ་ཉིད་ཀྱི་)ས། །(ཡབ་)རྡོ་རྗེ་འཇིགས་བྱེད་ (ལྷན་སྐྱེས་བདེ་ཆེན་)ལ་བཏུད་(ནས་)ཞུས་(པ)། །རྣལ་འབྱོར་རྗེས་སུ་རིག་པའི་རྒྱུད(ཀྱི་དོན)། །རྡོ་རྗེ་ སེམས་དཔའི་མཆོག་བདེ་ཅི(ལྟར་ལགས)། །ཞེས་པ་ལ་སོགས་པས་རྣལ་འབྱོར་རྗེས་སུ་རིག་པ་ གསོལ་བ་གདབ་པ་གསུངས་སོ། །དེ་བཞིན་དུ་མངོན་པར་བརྗོད་པ་འབུམ་པར། རྡོ་རྗེ་ཕག་ མོས། (སྐད་ཅིག་རྣམ་བྲལ་རང་བཞིན་མེད་པའི་)སྲིད་〔པ〕གསུམ་(འོད་གསལ་ཕྱག་རྒྱ་ཆེན་མོའི་)བདག་[ཉིད་(ར་ ཟེར་)[པོ]ཧེ་རུ་ཀར། །(སྲིད་པའི་ཡུམ་)རྡོ་རྗེ་ཕག་མོས་ཕྱག་འཚལ་ཏེ། །(སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ ཀྱི་སྐུ་)མངོན་པར་བརྗོད་པ་(ཤོ་ལོ་ཀ་)འབུམ་པའི་རྒྱུད(ཀྱི་དོན)། །རྡོ་རྗེ་སེམས་དཔའི་མཆོག་བདེ་ ཅི(ལྟར་ལགས)། །ཞེས་པ་ལ་སོགས་པས་མངོན་པར་བརྗོད་པ་འབུམ་པར་གསོལ་བ་{གདབ་ {བཏབ}པ་གསུངས་སོ། །དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་གཞན་རྣམས་སུ་ཡང་གསོལ་བ་ འདེབས་པ་རྣལ་འབྱོར་པས་ཤེས་པར་བྱའོ། ། ༈ བཅོམ་ལྡན་འདས་(སྐད་མཐའ་ཡས་པའི་སྒོ་ནས་)མཐའ་ཡས་པའི་ཆོས་སྟོན་པ་པོ་ཉིད་ཡིན་ པ་འདིའི་ཕྱིར་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ ཅད་དུ་བཞུགས་པའི་གནས་ངེས་པར་བསྟན་ཅེས་པ་སངས་རྒྱས་པ་རྣམས་ཀྱིས་བརྗོད་པར་ མི་བྱའོ། །(བརྗོད་ན་རྒྱུད་ཀྱི་རྒྱལ་པོ་མང་པོ་ལ་སྐུར་པ་བཏབ་པས་ཆོས་སྤོང་གི་ལས་དང་རྩ་བའི་ལྟུང་བར་འགྱུར་རོ་) སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་རང་བཞིན་ཅན་ཐམས་ཅད་མཁྱེན་པའི་གསུང་མེད་པར་ ལེགས་པར་སྦྱར་བའི་སྐད་[ཉི་ཚེ་བ་[ཕྱོགས་གཅིག་པ(རྩ་མི་དང་ར་ཟེར་)]གཅིག་པུ་འདིས་ཡིན་ ན་སངས་རྒྱས་ཀྱང་ཉི་ཚེ་བར་འགྱུར་རོ། །[འཕགས་པའི་ཡུལ་འདིར་[འདིར་འཕགས་པའི་ 2-1-104 ཡུལ་དུ(རྩ་མི་ཟེར་)]སྒྲ་སྨྲ་བ་པོ་མུ་སྟེགས་པ་མཁས་པས་མངོན་པར་ཁེངས་པ་རྣམས་མཐོང་ ནས། ཇི་ལྟར་[བྲམ་ཟེ་[ཚངས་པ་པ་(རྩ་མི་དང་ར་ཟེར་)]དང་ཁྱབ་འཇུག་པ་དང་ཞི་བ་པ་ལ་སོགས་ པ་རྣམས་ཀྱི་འདོད་པའི་ལྷ་ཚངས་པ་དང་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ལེགས་ པར་སྦྱར་བ་སྨྲ་བ་པོ་ཡིན་པ་དེ་བཞིན་དུ་བདག་ཅག་གི་འདོད་པའི་ལྷ་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་རྣམས་ལེགས་པར་སྦྱར་བ་གསུང་བ་པོ་ཡིན་ནོ། །ཞེས་པ་ནི་སངས་རྒྱས་ པ་(སངས་རྒྱས་དོན་ལ་རྨོངས་པ་མཁས་པའི་ཟླ་དྲངས་པའི་)བྱིས་པའི་བློ་ཅན་རྣམས་ཀྱི་བསམ་པ་སྟེ་འདིར་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཐམས་ཅད་མཁྱེན་པའི་གསུང་མེད་པར་ ལེགས་པར་སྦྱར་བའི་སྐད་ཉི་ཚེ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པ་ པོ་དང་ཡང་དག་པར་སྡུད་པར་བྱེད་པ་པོར་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་རྣམས་ནི་ལྷའི་སྐྱེ་བ་དང་འབྲེལ་པ་(སཾ་སྐྲྀ་ཏིའི་སྐད་)ཉི་ཚེ་བས་ (ཆོས་སྟོན་པ་)མ་ཡིན་ཏེ་སེམས་ཅན་སྣ་ཚོགས་ཀྱི་སྐད་ཀྱིས་ཆོས་སྟོན་པ་པོ་ཡིན་པའི་ཕྱིར་རོ། ། ༈ སྔགས་ཀྱི་ཚུལ་འདི་ལ་ཨེ་བྃ་ཉིད་(གནས་དང་སྟོན་པ་པོའི་)མིང་མ་ཡིན་ཏེ་(དོན་གྱི་)དངོས་ པོ་གཅིག་ལ་ཡང་མིང་དུ་མའོ། །མིང་མང་པོ་ཉིད་ཀྱི་ཕྱིར་མྱིང་གཅིག་ཁོ་ན་གཙོ་བོ་མ་ཡིན་ཏེ་ མིང་ཐམས་ཅད་ཀྱིས་དངོས་པོ་གཅིག་གོ་བར་བྱེད་པའི་ཕྱིར་རོ། །དཔེར་ན་བུད་མེད་དང་མི་ མོ་དང་ན་ཆུང་མ་རྣམས་ལས་བུད་མེད་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ་ཐམས་ཅད་ཀྱིས་ནུ་ མ་དང་སྐྲར་ལྡན་པའི་དངོས་པོ་གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཨེ་ཡིག་དང་གསང་ ཆེན་དང་པད་མ་དང་ཆོས་འབྱུང་དང༌། ནམ་མཁའི་[དབྱིངས་[ཁམས]དང་བདེ་བ་ཆེན་པོའི་ གནས་དང་སེང་གེའི་ཁྲི་དང་བྷ་ག་དང་གསང་བའི་མིང་རྣམས་ཀྱི་ནང་ནས་ཨེ་ཡིག་གཅིག་ པུུ་(བཞུགས་གནས་པའི་སྟོང་པ་ཆེན་པོའི་)གཙོ་བོའི་མིང་མ་ཡིན་ཏེ་ཐམས་ཅད་ཀྱིས་(བདེ་བ་ཆེན་པོའི་གནས་ འདུས་བྱས་གློ་བུར་བའི་ཆོས་རྣམས་སྟོང་པའི་གཞི་)རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་〔ཆོས་ཉིད་འོད་ 2-1-105 གསལ་གཞན་སྟོང་ཕྱག་རྒྱ་ཆེན་པོ〕གོ་བར་བྱེད་པའི་ཕྱིར་རོ། ། ༈ དེ་བཞིན་དུ་ཝྃ་ཡིག་དང་བདེ་བ་ཆེན་པོ་དང་ཆགས་པ་ཆེན་པོ་དང་ལྷན་ཅིག་སྐྱེས་ པ་དང་མཆོག་ཏུ་མི་འགྱུར་བ་དང་ཐིག་ལེ་དང་དེ་ཁོ་ན་དང་ཡེ་ཤེས་དང་རྣམ་པར་དག་བའི་ སེམས་ཀྱི་མིང་རྣམས་ཀྱི་ནང་ནས་ཝྃ་ཡིག་གཅིག་པུ་(སྟོན་པ་པོ་བདེ་ཆེན་གྱི་)གཙོ་བོའི་མིང་མ་ཡིན་ ཏེ་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་(འོད་གསལ་ཕྱག་རྒྱ་ཆེན་མོ་དང་)ལྷན་ཅིག་({རྟག}ཏུ་)སྐྱེས་པའི་ དགའ་བ་(རང་བཞིན་གྱི་ཐིག་ལེ་)འགྱུར་བ་མེད་པ(དོན་དམ་པ་)འི་བདེ་བ་གོ་བར་བྱེད་པའི་ཕྱིར་རོ། ། ༈ དེ་བཞིན་དུ་ཨེ་ཡིག་དང་ཝྃ་ཡིག་དག་གིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་ པའི་སྟོང་པ་ཉིད་དང་ཆོས་ཐམས་ཅད་ལ་དམིགས་པ་མེད་པའི་སྙིང་རྗེ་དབྱེར་མེད་པ(དོན་དམ་ པ་)འི་བྱང་ཆུབ་ཀྱི་སེམས་ཀྱི་དངོས་པོ་གོ་བར་བྱེད་པའི་ཕྱིར་རོ། །ཨེ་ཝྃ་གི་ཡི་གེ་དང་རྡོ་རྗེ་ སེམས་དཔའ་(དོན་དམ་པ་)དང་བྱང་ཆུབ་ཀྱི་སེམས་དང་དུས་ཀྱི་འཁོར་ལོ་དང་དང་པོའི་སངས་ རྒྱས་(རྒྱུ་མེད་)དང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དང་སྦྱོར་བ་དང་ཤེས་པ་དང་ཤེས་བྱའི་ བདག་ཉིད་དང་གཉིས་སུ་མེད་པ་དང་(སངས་རྒྱས་)ཐོག་མ་དང་ཐ་མ་མེད་ཅིང་ཞི་བ་དང་(གསང་ བ་)འདུས་པ་དང་(འཁོར་ལོ་)སྡོམ་པ་སྟེ། དེ་ལྟ་བུ་ལ་སོགས་པ(རྒྱུད་ཀྱི་རྒྱལ་པོ་དུ་མ་ལས་གསུངས་པ་)འི་ མིང་དུ་མ་རྣམས་ཀྱིས་〔ཡང་དག་པའི་ཡེ་ཤེས་ཀྱི་ལམ་ལ་གནས་པའི〕རྣལ་འབྱོར་པས་ཤེས་ རབ་དང་ཐབས་ཀྱི་བདག་ཉིད་གཉིས་སུ་མེད་པ(གཞི་དང་འབྲས་བུའི་རྡོ་རྗེ་)འི་རྣལ་འབྱོར་རིས་མེད་ པ་རྟོགས་པར་བྱའོ། ། ༈ འདིར་འདུས་པ་(དང་དགྱེས་རྡོར་)ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་ལ་རྒྱུད་ཀྱི། དང་པོར་ (གླེང་གཞིའི་ཡི་གེ་ལ་)ཨེ་ཡིག་དང་ཝྃ་ཡིག་བཅོམ་ལྡན་འདས་ཀྱིས་ངེས་པའི་ཚིག་གི་ཚུལ་ གྱིས་ངེས་པར་བསྟན་ཅིང་སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་རྒྱུད་ཀྱི་དང་པོར་བྲིས་པ་གང་ ཡིན་པ་དེ་ནི་ལྷ་རྣམས་ལྷའི་སྐད་ཀྱིས་ཡོངས་སུ་སྨིན་པར་བྱ་བའི་སླད་དུའོ། །དེའི་ཕྱིར་འདུས་ 2-1-106 པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོར་ཡི་གེ་གཉིས་པོ་འདི་དབྱེ་བར་མི་འདོད་དེ་ཡི་གེ་གཉིས་པོ་ འདི་བཅོམ་ལྡན་འདས་ཀྱི་རྐན་ལ་སོགས་པས་(ཀུན་རྫོབ་ཏུ་གདུལ་བྱའི་སྣང་ངོར་)མ་གསུངས་པ་ཡང་ མ་ཡིན་ལ་སྡུད་པར་བྱེད་པ་པོ་རྣམས་ཀྱིས་མ་ཐོས་པར་བྲིས་པ་ཡང་མ་ཡིན་ནོ། ། ༈ དེའི་ཕྱིར་ཡི་གེ་གཉིས་པོ་འདིའི་ངེས་པའི་(ཚིག་གི་)དོན་བརྗོད་པར་བྱ་སྟེ་(གཡས་སྐོར་ གྱིས་)དང་པོར་ཨ་ཡིག་ནམ་མཁའི་ཁམས་དང་གསང་བའི་པད་མའོ། །དེའི་འོག་ཏུ་རྣམ་པར་ བཅད་པ་ཉི་མ་དང་རྡུལ་ལོ། །དེའི་འོག་ཏུ་ཨ་ཡིག་སྒྲ་གཅན་དང་རྣམ་པར་ཤེས་པ་བདེ་བས་ བྱིན་གྱིས་བརླབས་པའོ། །དེའི་འོག་ཏུ་རྗེས་སུ་ང་རོ་ཟླ་བ་དང་ཁུ་བ(དགོད་པར་བྱ་)འོ(འདིར་ཡི་ གེ་ཉིད་ནམ་མཁའི་ཁམས་ལ་སོགས་པར་བྱས་པ་ཡིན་གྱི་ཡི་གེའི་བརྗོད་བྱ་ནམ་མཁའི་ཁམས་སོགས་ལ་བཤད་པར་མི་བྱའོ)། ། (དེ་ལ་)ཨ་ཡིག་(དང་པོ་)ནམ་མཁའི་ཁམས་དང་( ཨ་ཡིག་གཉིས་པ་)སྒྲ་གཅན་རྣམས་ཤེས་(ཏེ་ཨ་ཡིག་)འདི་གཉིས་ཀྱི་བར་དུ་(གནས་པའི་)རྣམ་པར་བཅད་པ་ཉི་མ་དང་རྡུལ་ནི་(ཨ་ཡིག་དེ་དག་གི་བར་གྱི་ ཨུའོ་ཞེས་པའི་མདོ་ལས་)ཨུ་ཉིད་(དུ་)འཐོབ་སྟེ། དེའི་ཕྱིར་རྣམ་པར་བཅད་པ་ཉི་མ་དང་རྡུལ་ཨུ་ཉིད་ ཐོབ་པར་གྱུར་པ་ན་(ཨ་ཡིག་སྔ་མ་ཨུ་དང་མཚམས་སྦྱར་ནས་ཡོན་ཏན་གྱི་ཨོ་ཡིག་ཏུ་ཐོབ་ན་ཡང་འདིར་)དོན་དམ་ པའི་བདེན་པ་(ཨ་ཡིག་སྔ་མ་ཝྃ་ཡིག་གི་རྟེན་ཨེ་ཡིག་ཏུ་སྒྲུབ་དགོས་པའི་དབང་)ལ་{ལས}ཡོན་ཏན་(ཨོ་ཡིག་ཏུ་ མཚམས་སྦྱོར་བ་)མེད་དོ། །ཡོན་ཏན་(ཨོ་ཡིག་ཏུ་ཐོབ་པ་)མེད་པའི་ཕྱིར་(ཨུ་ཡི་ཕ་རོལ་ཏུ་ཨ་ཡིག་མཐོང་བས་ཨུ་ ཝའོ་ཞེས་པའི་མདོ་ལས་)ཡ་ཎར་བསྒྱུར་བ(ཝ་སྲོག་མེད་པ་)ར་འགྱུར་ཏེ་ཕྱི་མའི་ཨ་ཡིག་སྒྲ་གཅན་དང་ རྣམ་པར་ཤེས་པ་དང་ལྷན་ཅིག་ཝ་ཉིད་དོ། །རྗེས་སུ་ང་རོ་ཟླ་བ་དང་ཁུ་བ་དང་ཡང་དག་པར་ སྦྱར་ཏེ་དེའི་ཕྱིར་ཝྃ་ཡིག་གོ། དེ་བཞིན་དུ་དང་པོའི་ཨ་ཡིག་ནམ་མཁའི་ཁམས་དང་གསང་ བའི་པད་མ་ནི་(ཝྃ་ཡིག་གནས་པའི་གཞིར་བསྒྲུབ་པའི་ཕྱིར་)བདུན་པའི་(གནས་གཞིའི་རྣམ་དབྱེ་དང་པོ་གཅིག་ཚིག་)མཐའ་ཅན་ཏེ་(ཨའི་མཐའ་ངི་བྱིན་པ་ལ་ངའི་སྲོག་གི་ཨི་ཕྲལ་ཏེ་ང་ཡིག་རྟགས་ཀྱི་དོན་ཕྱིས་ལ་ཨི་བཞག་པ་ན་ཨིའི་ཡི་ གེ་ལ་ཨེའོ་ཞེས་པའི་མདོ་ལས་)ཨ་ཡིག་ཕ་རོལ་ཀྱི་ཨི་ཡིག་དང་ལྷན་ཅིག་(མཚམས་སྦྱར་བས་ཨེ་ཡི་)ཡོན་ 2-1-107 ཏན་དང་ལྡན་པར་འགྱུར་ཏེ་དེའི་ཕྱིར་(ཨ་ཡིག་ནི་)ཨེ་ཡིག་གོ། ཨེ་ཡིག་ནམ་མཁའི་ཁམས་རྟེན་ འདིའི་དབུས་སུ་ཝྃ་ཡིག་རྣམ་པར་བཅད་པ་དང་ཨ་ཡིག་དང་རྗེས་སུ་ང་རོ་དང་ཉི་མ་དང་སྒྲ་ གཅན་དང་ཟླ་བ་དང་རྡུལ་དང་ཀུན་གཞིའི་རྣམ་པར་ཤེས་པ་དང་ཁུ་བའི་བདག་ཉིད་རྟེན་པ་ ཡིན་པར་ཕྱི་དང་ལུས་དང་གཞན་ལ་ཡང་རྟོགས་པར་བྱའོ(དེ་ཡང་ཕྱི་རོལ་ཏུ་རྟེན་ཨེ་ཡིག་ནམ་མཁའི་ ཁམས་ལ་རྣམ་པར་བཅད་པ་ཉི་མ་དང་ཨ་ཡིག་སྒྲ་གཅན་དང་ཐིག་ལེ་ཟླ་བ་རྣམས་གཅིག་ཏུ་གྱུར་པའི་ཝྃ་ཡིག་རྟེན་པ་དང་ནང་དུ་ རྟེན་ཨེ་ཡིག་མའི་གསང་བའི་པད་མ་ལ་རྣམ་པར་བཅད་པ་རྡུལ་དང་ཨ་ཡིག་རྣམ་པར་ཤེས་པ་དང༌། ཐིག་ལེ་ཁུ་བ་རྣམས་གཅིག་ ཏུ་གྱུར་པའི་ཝྃ་ཡིག་རྟེན་པ་ཡིན་ལ་གཞན་ཡེ་ཤེས་ཀྱི་སྐུ་ལ་སྦྱར་བ་ནི་རྩ་རྒྱུད་ཀྱི་ལུང་དྲངས་པ་ལས་བཤད་པར་བྱའོ)། ། ༈ འདིར་(རྟེན་ཨེ་ཡིག་ལ་ཝྃ་ཡིག་བརྟེན་པ་གཞན་དོན་དམ་ཡེ་ཤེས་ཀྱི་སྐུ་ལ་སྦྱར་བའི་ཚུལ་)རྩ་བའི་རྒྱུད་ལས་ བཅོམ་ལྡན་འདས་ཀྱིས་གསུངས་པ། སངས་རྒྱས་ཀུན་གྱི་བདེ་བའི་གཞི་(འམ་རྟེན་)ཨེ་ཡིག་ (ནམ་)མཁའ(ཡི་)ཁམས་དབུས་སུ་ནི། །(རྟེན་པ་)ཝྃ་ཡིག་རྡོ་རྗེ་སེམས་དཔའ(བདེ་ཆེན་)འདི། །སྐུ་ གསུང་ཐུགས་ཀྱི་(སྦྱོར་བ་ཉིད་)རྣལ་འབྱོར་ལས(དེ་སྐུ་གསུང་ཐུགས་དབྱེར་མེད་པའི་ཚུལ་གྱིས་ བཞུགས་སོ)། །(དེ་ཡང་གཅད་དུ་མེད་ཅིང་དབྱེར་མེད་པ་དོན་དམ་པའི་)ཐིག་ལེ་(དང་)ཟླ་བ་(དང་)ཁུ་བ་(ནི་) སྐུ(དང)། །རྣམ་པར་བཅད་པ་(དང་)རྡུལ་(དང་)ཉི་(མ་ནི་)གསུང་(དང)། །ཐུགས་ནི་རྣམ་ཤེས་སྒྲ་ གཅན་ཨ(ར་ཟེར)། །ཨ་ཡིག་མུན་ཅན་(དང་རྣམ་ཤེས་ནི་)ཐུགས་(སུ་)རབ་(ཏུ་)བརྗོད(དེ་དག་དབྱེར་མེད་ པའི་ཝྃ་ཡིག་བདེ་ཆེན་ནི)། །(སྟོང་ཆེན་རྣམ་པ་ཐམས་ཅད་པ་)མཁའ་ཁམས་ཨེ་ལ་རྣམ་པར་གནས(སོ)། །(དེ་ ཉིད་དཀྱིལ་འཁོར་དང་རྟེན་དང་བརྟེན་པ་སྦྱར་བ་དང་རིག་བཞིར་ཡང་སྟོན་པ་ནི་)སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ གྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། །སྐུ་གསུང་ཐུགས་དང་ཆགས་པ(སྟེ་ཡེ་ཤེས་དང་ བཅས་པ་རིགས་བཞི་)ཡིས། །སྲིད་གསུམ་(གཞན་གྱི་)བདག་ཉིད་[དག་ལ་[ཡང་དག( རྩ་མི་ཟེར་)] གནས། །ཞེས་སོ། ། ༈ (ཨེ་ཡིག་གི་ངེས་པའི་ཚིག་གི་)རྒྱུ་མཚན་(གྱི་བཤད་པ་)འདིས་ལྷ་རྣམས་ཡོངས་སུ་སྨིན་པར་བྱ་བ་ 2-1-108 དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་སླད་དུ་དེ་བཞིན་གཤེགས་ པས་འདུས་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་སུ་འདི་སྐད་བདག་གིས་ཐོས་པ་ཞེས་ པ་ལ་སོགས་པས་(ལྷ་རྣམས་ཀྱི་བསམ་པ་དང་མཐུན་པར་བདེ་བ་ཆེན་པོ་)བཞུགས་པའི་གནས་ངེས་པར་ བསྟན་པ་གསུངས་སོ། ། ༈ (དོན་དམ་བདེ་སྟོང་གི་)དངོས་པོ་གང་ཞིག་དཔལ་འདུས་པ་ལ་སོགས་པར་ཨེ་ཝྃ་ཞེས་ པའི་མིང་འདིས་བརྗོད་པའི་དངོས་པོ་དེ་ཉིད་མངོན་པར་བརྗོད་པ་འབུམ་པ་ལ་སོགས་པའི་ རྒྱུད་ཀྱི་རྒྱལ་པོ་རྣམས་སུ་གསང་བ་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པས་བསྟན་ཏོ། ། (བསྟན་པའི་ཚུལ་)དེ་ཡང་(འདུས་པ་དང་སྡོམ་པ་ལ་སོགས་པ་)རྒྱུད་དང་རྒྱུད་གཞན་དུུ་(ཨེ་ཝྃ་དང་གསང་བ་ལ་ སོགས་པ་)དགོངས་པའི་སྐད་(སྣ་ཚོགས་)ཀྱིས་(བསྟན་པར་)བླ་མའི་མན་ངག་ལས་རྟོགས་པར་བྱའོ། ། ༈ འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། (སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་ མོ། །འབྱུང་དང་སྡུད་པར་བྱེད་པ་མོ། །རང་ཉིད་བྱེད་པོ་རང་འཕྲོག་པོ། །རང་ཉིད་རྒྱལ་པོ་རང་གཙོ་བོ། །ཞེས་སོགས་ལྟ་བུ་དོན་ གཞན་པ་)དགོངས་པའི་སྐད་དང་དེ་བཞིན་མིན(པ་དོན་དྲང་ཐད་དུ་སྟོན་པའི་ཚིག་དང)། །(ལྷ་དང་དཀྱིལ་འཁོར་ ལ་སོགས་པ་སྟོན་པའི་ཚིག་ལྟ་བུུ་)ཇི་བཞིན་(པའི་)སྒྲ་དང་(སྐྱེས་པ་རྡོ་རྗེ་འཛིན་རྣམ་པ། །བུད་མེད་རྡོ་རྗེ་བཙུན་མོའོ། ། ཞེས་པའམ་བུམ་སྨན་ལ་བུད་མེད་ཀྱི་མིང་བཏགས་པ་ལྟ་བུ་སྒྲ་ཇི་བཞིན་པ་)དེ་བཞིན་མིན(པ་དང)། །(ཀུན་རྫོབ་སྟོན་པ་)དྲང་བའི་དོན་དང་(དོན་དམ་སྟོན་པ་)ངེས་དོན་ཏེ། །རྒྱུད་ནི་མཐའ་དྲུག་(གིས་རྒྱས་བཏབ་པའི་)མཚན་ ཉིད་དོ། །ཞེས་པ་བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་མིང་གཅིག་ནི་གཙོ་བོ་མ་ཡིན་ནོ། ། ༈ སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་ གསུངས་ཏེ་དང་པོ་རེ་ཞིག་རྒྱུད་ལས་ཡིད་ཆེས་པ་དང་དེ་ནས་བླ་མ་ལས་ཡིད་ཆེས་པ་དང་ དེ་ནས་བདག་ཉིད་ལས་ཡིད་ཆེས་པ་སྟེ་ཡིད་ཆེས་པ་འདི་གསུམ་གྱིས་ཡང་དག་པར་རྫོགས་ 2-1-109 པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་རོ། །རྣམ་པ་གཞན་དུ་ཡིད་ཆེས་པ་ གསུམ་མེད་པར་(རྣམ་པར་རྟོག་པའི་བསྒོམ་པའི་)ལམ་གང་བླ་མས་སློབ་མ་ལ་(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ ཀྱི་ལམ་དུ་)བསྟན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་པོར་ མི་འགྱུར་ཏེ་སློབ་མ(ལམ་རྣམ་དག་ཡིན་མིན་གྱི་རྣམ་དབྱེ་ལ་རྨོངས་པ་)འི་བླུན་པའི་དད་པ་(སྟེ་བསྐྱེད་རིམ་གྱི་ བསྒོམ་པ་མཆོག་གི་དངོས་གྲུབ་ཀྱི་ལམ་མ་ཡིན་པ་ལ་ལམ་དུ་མངོན་པར་ཞེན་ནས་བསྒོམ་པ་)ཉིད་ཀྱི་ཕྱིར་(མཆོག་གི་དངོས་ གྲུབ་མི་འཐོབ་ཀྱི་)ཀུན་རྫོབ་ཀྱི་བདེན་པ(ལ་བརྟེན་པ་ཐུན་མོང་གི་དངོས་གྲུབ་ཀྱི་ལམ་བསྒོམ་པ་)ས་འཇིག་རྟེན་ པའི་འབྲས་བུ(ཐུན་མོང་གི་དངོས་གྲུབ་ཐོབ་པ་)ར་འགྱུར་རོ། །(སྔགས་ཀྱི་ཐེག་པ་)འདིར་(སྦྱོར་བ་ཡན་ལག་དྲུག་ གི་ལམ་འདི་ལ་ཡིད་ཆེས་པ་གསུམ་ཚང་བ་ཡིན་ཏེ་དང་པོར་རྒྱུད་ལ་ཡིད་ཆེས་པ་ནི་དུས་ཀྱི་འཁོར་ལོའི་རྩ་བའི་)རྒྱུད་དང༌། (འདུས་པ་དང་སྡོམ་པ་ལ་སོགས་པ་)རྒྱུད་གཞན་དུ་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་མཛད་དེ་ (བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ ཡིན། །ཞེས་སོགས་སོ་)སེམས་རྣམ་པར་རྟོག་པ་དང་བྲལ་བར་བྱས་ནས་ཉི་མ་གཅིག་(ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་ལ་ཡིད་ཆེས་པའི་)མཚན་མ་ཡོངས་སུ་བརྟག་པར་བྱའོ། །(ཞེས་པའོ། །བརྟག་པ་གཉིས་པའི་ཕྱི་མར་ ཡང༌། བསམ་གཏན་ཉོན་མོངས་འཇིགས་བྱེད་པ། །རྡོ་རྗེ་སྙིང་པོ་ང་ཡིས་བཤད། །དངོས་གྲུབ་དོན་དུ་ལྟད་མོས་ཀྱང༌། །ཟླ་བ་ཕྱེད་ དུ་ཡོངས་སུ་བརྟགས། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་གཟུགས་སུ་སེམས་པ་ཡིས། །ཉི་མ་གཅིག་ནི་མ་ཆད་ པར། །བསྒོམས་ནས་ཡོངས་སུ་བརྟག་པར་གྱིས། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་མ་ཡིན། ། ལན་གཅིག་རིག་མ་གོམས་བྱས་པས། །འབྲས་བུ་ཡིད་ཆེས་བྱེད་པ་ཅན། །ཞེས་འབྱུང་ངོ་)གལ་ཏེ་རྒྱུད་ལས་གསུངས་ པའི་(མི་རྟོག་པའི་ཏིང་ངེ་འཛིན་ནི་བསྒོམ་པའི་)ཆོ་ག་དང་བླ་མའི་མན་ངག་གིས་(ཞེས་པ་ནི་བླ་མ་ལས་ཡིད་ཆེས་ པ་སྟེ་མན་ངག་བཞིན་བསྒོམས་ཀྱང་)སློབ་མ་(ལ་མཚན་མ་མ་བྱུང་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་)ཡིད་ཆེས་པར་ མ་གྱུར་བ་དེ་ལྟ་ན་བཅོམ་ལྡན་འདས་བརྫུན་གསུངས་པར་འགྱུར་རོ(སློབ་མ་ཡིད་ཆེས་པར་མ་གྱུར་ན། ཞེས་བརྟག་པ་མཐའ་བཟུང་མཛད་པས་རྒྱུད་ལས་གསུངས་པ་དང་བླ་མའི་མན་ངག་བཞིན་བསྒོམ་ན་འོད་གསལ་ཕྱག་རྒྱ་ཆེན་པོ་ 2-1-110 ཉི་མ་གཅིག་ལ་མངོན་སུམ་དུ་མཐོང་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་ཡིད་ཆེས་པར་འགྱུར་རོ། །ཞེས་བསྟན་ཏེ་བདག་ཉིད་ ལས་ཡིད་ཆེས་པའོ)། །ཅི་སྟེ་བླ་མས་རྒྱུད་ནས་གསུངས་པའི་ཆོ་གས་སློབ་མ་ལ་ལམ་སྟེར་བ་པོར་ མ་གྱུར་པ་དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་དམ་བཅས་པ་བརྫུན་དུ་མི་འགྱུར་ཏེ་བླ་མས་(སྦྱོར་ བ་ཡན་ལག་དྲུག་གི་)ལམ་ཡོངས་སུ་མི་ཤེས་པའི་ཕྱིར་དང་(ཅི་ཡང་མི་བསམ་པ་ཙམ་ལ་སོགས་པ་)ཕྱིན་ཅི་ ལོག་དང་རྣམ་པར་མ་དག་པའི་ལམ་(བསྐྱེད་རིམ་སོགས་རྟོག་པའི་)བསྒོམ་པ་སྟོན་པར་བྱེད་པ་ཉིད་ ཀྱི་ཕྱིར་རོ(བླ་མ་ལ་ཡིད་ཆེས་པ་མ་ཚང་བས་སོ)། །འདིར་དུ་བ་ལ་སོགས་པའི་མཚན་མ་(སྟེ་སོ་སོར་སྡུད་པའི་ བསྒོམ་པ་)བོར་ནས་གཞན་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་པ་ནི་ཉི་མ་གཅིག་གིས་མཚན་མ་ ཡོངས་སུ་བརྟག་པར་བྱ་བ་མ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ(འདིར་གཞུང་གི་གོང་ འོག་གི་འབྲེལ་ནི་འདུས་པ་ལ་སོགས་པར་ཨེ་ཝྃ་གིས་རྡོ་རྗེ་འཛིན་པ་བཞུགས་པའི་གནས་ངེས་པར་བསྟན་པ་ན་ཝྃ་ཡིག་རིགས་ གསུམ་གྱི་བདག་ཉིད་ཡིན་པས་སྐུ་བཞི་པ་ཡེ་ཤེས་ཀྱི་རིགས་མ་བསྟན་པའི་ཕྱིར་རིགས་གསུམ་གྱི་བདག་ཉིད་ཀྱི་རྒྱུད་དུ་འགྱུར་ ཞིང་དབང་བཞི་པའི་དོན་དུ་བ་ལ་སོགས་པ་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ལམ་ཡང་གསལ་བར་མ་གསུངས་ལ་དུས་ཀྱི་འཁོར་ལོ་ འདིར་དབང་བཞི་པའི་དོན་དུ་བ་ལ་སོགས་པ་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ལམ་ཡིད་ཆེས་པ་རྣམ་པ་གསུམ་ཚང་བ་གསལ་བར་ སྟོན་པས་གླེང་གཞིར་ཡང་ཐམས་ཅད་མཁྱེན་པ་ཞེས་སོགས་ཀྱིས་རིགས་བཞི་པ་དང་སྐུ་བཞི་པ་བསྟན་པའི་སྒོ་ནས་རྡོ་རྗེ་འཛིན་པ་ བཞུགས་པའི་གནས་ངེས་པར་བསྟན་ལ་རིགས་བཞིའི་བདག་ཉིད་ཀྱི་རྒྱུད་དུ་ཡང་འགྱུར་རོ་ཞེས་ཤེས་པར་བྱའོ)། ། ༈ (སྔགས་ཀྱི་ཚུལ་)འདིར་རིགས་གསུམ་གྱི་བདག་ཉིད་ཀྱི་རྒྱུད་ཀྱི་རྒྱལ་པོར་(གླེང་གཞིར་ཨེ་ ཝྃ་སོགས་སྨོས་པ་འདུས་པ་ལ་སོགས་པ་)སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་(ཝྃ་ཡིག་གི་དོན་ རིགས་གསུམ་མཚོན་པའི་)ཞལ་གསུམ་པ་བརྗོད་པར་བྱའོ། །རིགས་བཞིའི་བདག་ཉིད་(དུས་ཀྱི་འཁོར་ ལོའི་རྒྱུད་ལྟ་བུ་)ལ་(གླེང་གཞིའི་ཚིགས་བཅད་ཐམས་ཅད་མཁྱེན་པ་ཞེས་སོགས་ཀྱིས་བསྟན་པ་)སྐུ་དང་གསུང་དང་ ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་(རིགས་བཞིའམ་སྐུུ་བཞི་མཚོན་པའི་{ཝཾ་ཡིག་དོན་རིགས་གསུམ་མཚོན་ པའི}་)ཞལ་བཞི་པ་བརྗོད་པར་བྱ་བ་སྟེ། (རིགས་གསུམ་པོ་)རང་བཞིན་གྱི་རིགས་གཅིག་〔ཡེ་ཤེས〕 2-1-111 དང་ལྷན་ཅིག་རིགས་བཞིའི་བདག་ཉིད་ཅན་གྱི་རྒྱུད་དང་བརྗོད་པར་བྱ་བར་འགྱུར་རོ། །དེ་ བཞིན་དུུ་(རིགས་གསུམ་གྱི་བདག་ཉིད་ཀྱི་རྒྱུད་དུ་རིགས་ལྔ་ལས་མི་སྟོན་ཞིང་)རིགས་ལྔའི་བདག་ཉིད་(ཀྱང་) རང་བཞིན་གྱི་(ཡེ་ཤེས་)གཅིག་དང་ལྷན་ཅིག་རིགས་དྲུག་གི་བདག་ཉིད་དུ་འགྱུར་རོ། །(དེ་ལ་དུས་ ཀྱི་འཁོར་ལོ་)འདིར་རིགས་བཞིའི་བདག་ཉིད་ཀྱི་རྒྱུད་དུ་རིགས་བཞིའི་བདག་ཉིད་བརྗོད་པར་ བྱ་བ་སྟེ། (རྡོ་རྗེ་)ཉི་མ་དང་(རྡོ་རྗེ་)ཟླ་བ་དང་(རྡོ་རྗེ་)སྒྲ་གཅན་དང་(རྡོ་རྗེ་དུས་)མེ་དང༌། (སྒྲིབ་པ་མེད་པའི་)རྡུལ་དང་ཁུ་བ་དང་སེམས་(རྣམ་ཤེས་)དང་ཡེ་ཤེས་གཅིག་ཏུ་སྦྱོར་བ( དོན་དམ་པའི་སྐུ་བཞི་)འོ། ། འདིར་མཚན་ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པར་ཚིགས་ སུ་བཅད་པ་སུམ་ཅུ་རྩ་གསུམ་པ་ལ་སོགས་པ་གསུམ་གྱིས་རྡོ་རྗེའི་རྣལ་འབྱོར་(རྣམ་པ་བཞི་དང་སྐུ་ བཞི་)གསལ་བར་དེ་བཞིན་གཤེགས་པས་གསུངས་པ་འདི་ལྟ་སྟེ། རྡོ་རྗེ་ཉི་མ་(ཨེ་ཡིག་ཐིག་ལེ་སྟོང་ པ་ཡི་གེ་དྲུག་ཡེ་ཤེས་ཀྱི་)སྣང་བ་ཆེ(ནི་སྔགས་དང)། །རྡོ་རྗེ་(ཡེ་ཤེས་ཀྱི་)ཟླ་བ་(སྟོང་ཆེན་ཡི་གེ་ལྔ་རྟོགས་པའི་)དྲི་ མེད་འོད(ནི་དབྱིབས་དང)། །ཆགས་བྲལ་(གྱི་)དང་པོ་(ཆགས་པ་མཐར་ལྷན་སྐྱེས་དགའ་བ་མཐའ་གཉིས་ལས་ འདས་པ་)ཆགས་པ་ཆེ〔ནི་དག་པ་དང་〕། །(སྟོང་གཟུགས་)ཁ་དོག་སྣ་ཚོགས་འབར་བའི་འོད(ནི་ཆོས་ཀྱི་ རྣལ་འབྱོར་རོ)། །རྡོ་རྗེ་(བདེ་བ་ཆེན་པོ་)རྫོགས་སངས་རྒྱས་པ(སྟེ་རབ་ཏུ་སད་པ་)འི་གདན(རྣམ་པ་ཐམས་ཅད་ པའི་སྟོང་གཟུགས་སྐུ་དང)། །སངས་རྒྱས་(ཀྱི་གསུང་གཞོམ་དུ་མེད་པའི་སྒྲས་)[བརྗོད་པའི་[གསུང་གི]ཆོས་ འཛིན་པ(ནི་གཞོམ་མེད་ཀྱི་སྒྲ་ཉིད་དེ་གསུང་དང)། །(གཉིས་མེད་ཡེ་ཤེས་ཀྱི་)དཔལ་ལྡན་སངས་རྒྱས་(བདེ་ཆེན་)པད་མ་(སྟེ་སྟོང་ཉིད་རྣམ་པ་ཐམས་ཅད་པ་ལས་)སྐྱེས(པ་ནི་ཡེ་ཤེས)། །(ཇི་ལྟ་བ་དང་ཇི་སྙེད་པ་)ཀུན་མཁྱེན་ (པའི་)ཡེ་ཤེས་མཛོད་འཛིན་པ(ནི་ཐུགས་རྡོ་རྗེ)། །(མཐའ་ཡས་པའི་སྤྲུལ་པའི་)སྒྱུ་འཕྲུལ་སྣ་ཚོགས་འཆང་ བ(སྟེ་སྟོན་པ་)འི་རྒྱལ(པོ་{ཆོས}སྐུ་རྣམ་པ་ཐམས་ཅད་པ་ནི་སྤྲུལ་པ་དང)། །སངས་རྒྱས་(ཀྱི་གསུང་གཞོམ་མེད་ཀྱི་ སྒྲ་)རིགས་སྔགས་ཆེན་པོ་འཛིན(པ་སྟེ་རིགས་སྔགས་ཀྱི་ངོ་བོ་ཉིད་ནི་ལོངས་སྤྱོད་རྫོགས་པ་དང)། །(ཡེ་ཤེས་ཀྱི་)རྡོ་རྗེ་རྣོན་པོ་(རྣམ་རྟོག་གཅོད་པའི་)རལ་གྲི་ཆེ(ན་པོ་ནི་ཆོས་དང)། །(འཕོ་བའི་བག་ཆགས་ཀྱིས་)རྣམ་(པར་) 2-1-112 དག་(པའི་ཐིག་ལེ་བཞི་)འགྱུར་པ་མེད་པ་མཆོག (ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་གོ་རིམ་ཅི་རིགས་སུ་སྦྱར་)ཅེས་ སོ། །(རྡོ་རྗེ་རྣོན་པོ་སོགས་ནི་དྲི་བྲལ་སོགས་འབྲས་བུ་བཞི་ལ་སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ཀྱིས་སྦྱར་ཡོད་དོ་)བཅོམ་ ལྡན་འདས་ཀྱི་གསུང་འདིའི་ཕྱིར་རིགས་བཞིའི་བདག་ཉིད་མངོན་པར་བརྗོད་པ་རྡོ་རྗེ་སེམས་ དཔའ་རྣམ་པར་དག་པ་དང་ཆོས་དང་སྔགས་དང་དབྱིབས་ཀྱི་(རྣལ་འབྱོར་སྟེ་རྡོ་རྗེའི་རྣལ་འབྱོར་བཞིའི་) བདག་ཉིད་ཅན་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའོ། །དེ་བཞིན་དུ་(སྒྲིབ་པ་མེད་པའི་)ཕུང་པོ་ དང་ཁམས་(གཞན་)གྱི་(ལྔའི་)དབྱེ་བས་རིགས་ལྔའི་བདག་ཉིད་དེ། དེ་སྐད་དུ་སྒྱུ་འཕྲུལ་དྲ་བར་ བཅོམ་ལྡན་འདས་ཀྱིས་གསུངས་པ། གདོང་ལྔ་(ནི་རིགས་ལྔ་དང་)[ཟུར་ཕུད[གཙུག་ཕུད་ཟེར་] (ནི་སྣང་བ་སྣང་བ་མཆེད་པ་སྣང་བ་ཐོབ་པ་འོད་གསལ་པ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་རྣམས་ལ་འཆད་དོ་)ལྔ་དང་ལྡན། ། ཟུར་ཕུད་ལྔ་པ་(ནི་སད་པ་རྨི་ལམ་གཉིད་འཐུག་བཞི་པ་དང་བཞི་པ་ལས་ཤིན་ཏུ་འདས་པའོ་ཞེས་འཆད་དོ་)མེ་ཏོག་ 〔དང་ལྡན་པ་〕ཐོད〔ཟེར〕། །(འཕོ་བའི་བག་ཆགས་ཀྱི་སྐྲ་བྲེགས་པ་)མགོ་ཟླུམ་(ཕུང་པོ་སོགས་རང་བཞིན་མེད་པར་ བྱེད་པ་ནི་)བརྟུལ་ཞུགས་ཆེན་པོ་འཆང༌། །(ཐིག་ལེ་འཕོ་བ་མེད་པ་ཉིད་)ཚངས་པར་སྤྱོད་པ་(དང་དེ་ཉིད་) བརྟུལ་ཞུགས་མཆོག(གོ)། ཅེས་སོ། །དེ་བཞིན་དུ་(སྒྲིབ་པ་མེད་པའི་)ཕུང་པོ་དང་ཁམས་(དྲུག་)ཀྱི་ དབྱེ་བས་རིགས་དྲུག་གི་བདག་ཉིད་ཀྱིས་བརྗོད་པར་བྱ་བ་དང་དེ་བཞིན་དུ་ཞལ་(བརྒྱའི་)གྱི་ དབྱེ་བས་རིགས་བརྒྱའི་བདག་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་ དག་{པ་ལ་བསྟོད་}པའི་མཐའི་ཚིགས་སུ་བཅད་པའི་རྐང་པ་དང་ལྷན་ཅིག་མེ་ལོང་ལྟ་བུའི་ ཡེ་ཤེས་ལ་བསྟོད་པར་ཚིགས་སུ་བཅད་པ་དང་པོས་གསུངས་པ་འདི་ལྟ་སྟེ། རྡོ་རྗེ་(བདེ་བ་ཆེན་ པོ་ནི་སེམས་ཅན་ལ་)འཇིགས་(པ་)བྱེད་(པའི་ཉོན་མོངས་པ་དང་རྣམ་རྟོག་)འཇིགས་པ(སྟེ་མེད་པ་)ར་བྱེད(ལ་དེ་ ཉིད་ཀྱིས་ན)། །ཁྲོ་བོའི་རྒྱལ་པོ་(སྟེ་དེའི་སྒྲིབ་པ་མེད་པའི་ཕུང་པོ་རིགས་དྲུག་ནི་)གདོང་དྲུག་འཇིགས(པའོ)། ། མིག་དྲུག་(ནི་མངོན་ཤེས་དྲུག་དང་)ལག་དྲུག་(ནི་མཆོག་གི་ཡུལ་དྲུག་ལ་སྤྱོད་པ་སྟེ་འདོད་ཆགས་ཆེན་པོས་མ་དག་པའི་ ཕུང་པོ་དྲུག་འཇོམས་པའི་ཕྱིར་)སྟོབས་དང་ལྡན〔པའོ〕། །(ཀཾ་བདེ་བ་ནི་)ཀེང་རུས་(སྟེ་ཡེ་ཤེས་ཀྱི་མེ་འབར་བ་རྩེ་ 2-1-113 མོར་གྱུར་བའི་ཕྱིར་)མཆེ་བ་གཙིགས་པ་པོ(འོ)། །ཧ་ལཱ་ཧ་ལ་(ནི་ནམ་མཁའ་དང་ཡེ་ཤེས་དབྱེར་མེད་པ་སྟེ་རིགས་ བརྒྱ་ནི་)གདོང་བརྒྱ་པ(འོ)། །ཞེས་སོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར། རྒྱུད་དང་ རྒྱུད་གཞན་དག་ཏུ་བརྗོད་པར་བྱ་བ་ནི། (ཀྱེའི་རྡོ་རྗེར། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔའི་གཟུགས་ཀྱིས་ རྣམ་པར་མཚོན། །ཞེས་སོགས་གསུངས་པ་ལྟར་བདེ་བ་ཆེན་པོའི་སྐུ་གཅིག་ལ་རྣམ་པ་ཐ་དད་པ་ཙམ་དང་རྣམ་དག་གི་སྒོ་ནས་ཕྱེ་ བའི་རིགས་སམ་)ཞལ་གསུམ་པ་དང་ཞལ་བཞི་པ་དང་ཞལ་ལྔ་པ་དང་ཞལ་དྲུག་པ་དང་ཞལ་བརྒྱ་ བ(ལ་སོགས་པ་མཐའ་ཡས་པ་)ར་རྟོགས་པར་བྱའོ། ། ༈ (རིགས་གསུམ་གྱི་བདག་ཉིད་ཀྱི་རྒྱུད་)འདིར་འདུས་པ་ལ་སོགས་པར་གནས་གང་ཞིག་བཅོམ་ ལྡན་འདས་ཀྱིས་ཨེ་ཡིག་གིས་གསུངས་པའི་གནས་དེ་ཉིད་མངོན་པར་བརྗོད་པ་འབུམ་པ་ལ་ སོགས་པར་གསང་བ་ལ་སོགས་པའི་སྒྲས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བརྗོད་པར་ བྱ་བ་རྡོ་རྗེ་སེམས་དཔའ་གང་ཞིག་(རིགས་གསུམ་གྱི་བདག་ཉིད་)ཝྃ་ཡིག་གིས་གསུངས་པ་དེ་ཉིད་ བདེ་བ་ཆེན་པོའི་སྒྲས་གསུངས་སོ། །དེ་ལྟར་གསུངས་པའི་རིམ་པས་རིགས་བཞིའི་བདག་ ཉིད་དང་རིགས་དྲུག་གི་བདག་ཉིད་ཅན་མཆོག་གི་དང་པོའི་སངས་རྒྱས་སུ་རིགས་བཞིའི་ བདག་ཉིད་དང་རིགས་དྲུག་གི་བདག་ཉིད་བརྗོད་པར་བྱ་བ་ཡིན་(པས་དབང་བཞི་པའི་དོན་བསྒོམ་པ་ ཡན་ལག་དྲུག་གི་རྣལ་འབྱོར་གསལ་བར་བསྟན་པ་ཡིན་)ནོ། །(དུས་འཁོར་བསྡུས་པའི་རྒྱུད་འདིར་)ཐམས་ཅད་མཁྱེན་ པ་ཞེས་པ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་གསུམ་གྱིས་བཅོམ་ལྡན་འདས་ཀྱིས་(རྒྱུད་ཀྱི་སྟོན་པ་ པོ་)བསྟན་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་(དོན་དམ་)བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ བདེ་བ་ཆེན་པོའ(ོརིགས་བཞིའི་བདག་ཉིད་ཀྱི་སྐུ་བཞི)། །(རྒྱུད་)འདིར་སེང་གེའི་ཁྲིའི་སྒྲས་ནམ་མཁའི་ (ཁམས་)དབྱིངས་(ཆོས་ཀྱི་དབྱིངས་)རྣམ་པ་ཐམས་ཅད་པ་(ཨེ་ཡིག་)སྟེ་སེང་གེའི་ཁྲི་དེ་ལ་བཞུགས་ པ་ནི་སེང་གེའི་ཁྲི་ལ་བཞུགས་པ་ཡིན་ལ་སངས་རྒྱས་ཞེས་པ་ནི་རྡོ་རྗེ་སེམས་དཔའ་(བདེ་བ་ ཆེན་པོ་ཝྃ་ཡིག་)སྟེ་རྣལ་འབྱོར་ཞེས་པ་ནི་(ཐོབ་བྱ་མཐར་ཐུག་ཡིན་པས་)དོན་ཆེན་པོ་མཆོག་ཏུ་མི་འགྱུར་ 2-1-114 བའོ། །རྣལ་འབྱོར་འདི་(དོན་དམ་པའི་)མཚན་ཡང་དག་པར་བརྗོད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ འཁོར་ཆེན་པོ་ལ་བསྟོད་པར་ཚིགས་སུ་བཅད་པ་བཅུ་བཞིས་གསུངས་པ། འདི་ལྟར་སངས་ རྒྱས་(མཆོག་ཏུ་མི་འགྱུར་པའི་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་སྐུ་ནི་མི་འགྱུར་བའི་བདེ་བ་སྐད་ཅིག་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་རྫོགས་ ཤིང་འགྱུར་བའི་མ་རིག་པའི་གཉིད་རྟག་ཏུ་སད་པས་)བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་(དེ་ནི་ཆོས་ ཉིད་འོད་གསལ་ཕྱག་རྒྱ་ཆེན་པོའམ་ཡུམ་ཆེན་མོ་རྣམ་པ་ཐམས་ཅད་པ་པྲ་ཕབ་པའི་སྣང་བ་དང་མཚུངས་པའི་)ཨ་ལས་བྱུང་ (བ་ཡིན་ལ)། །ཨ་ནི་(གཞོམ་དུ་མེད་པ་སྒྲིབ་པ་མེད་པའི་ཕུང་པོ་ཁམས་སོགས་གཅིག་ཏུ་འདྲེས་པའི་ངོ་བོ་ཡིན་པའི་ཕྱིར་) ཡིག་འབྲུ་ཀུན་གྱི་མཆོག་(དང་སངས་རྒྱས་ཀྱི་བདེ་བ་སྟེར་བ་པོ་ཡིན་པས)། །དོན་ཆེན་(པོ་དང་སྐྱེ་འཇིགས་དང་ བྲལ་བས་)འགྱུར་མེད་(དང་དེ་ཉིད་ཀྱིས་ན་)དམ་པ(འམ་མཆོག་)ཡིན(ནོ)། །(དེ་ཉིད་སེམས་ཅན་ཀུན་གྱི་སྙིང་ལ་ གནས་པའི་)སྲོག་ཆེན་པོ་སྟེ་སྐྱེ་བ་(དང་འཇིགས་པ་)མེད(པའོ)། །(དེ་ནི་ངག་གི་ཡུལ་ལས་འདས་པས་)ཚིག་ཏུ་ བརྗོད་པ་སྤངས་པ་སྟེ། །(དབྱངས་དང་གསལ་བྱེད་རྣམས་ཀྱི་སྐྱེ་བའི་གནས་ཡིན་པས་)བརྗོད་པ་ཀུན་གྱི་རྒྱུ་ཡི་ མཆོག །(དབྱངས་དང་གསལ་བྱེད་ཀྱི་)ཚིག་ཀུན་རབ་ཏུ་གསལ་བར་བྱེད(པའོ)། །ཅེས་པ་ལ་སོགས་ པ་ནས། (ཡེ་ཤེས་ཀྱི་སྐུ་ནི་སྐྱབས་ཀྱི་མཐར་ཐུག་པ་ཡིན་པས་)མགོན་པོ་(དང་ནང་རིགས་འགྱུར་མེད་ཡིན་པའི་ཕྱིར་) རིགས་མཆོག་ཆེན་པོ་སྟེ། །(གདུལ་བྱ་ལ་ཡང་མི་འགྱུར་བའི་བདེ་བ་སྟོན་པས་)བླ་མ་(དང་བདེ་བ་ཆེན་པོའི་ཡེ་ཤེས་ ཡིན་པས་)གསང་སྔགས་ཆེ་བའི་མཆོག(ཡིན་ལ)། (དེ་ཉིད་)ཐེག་པ་ཆེན་པོ(རྒྱུའི་ཐེག་པ་)འི་ཚུལ་(སྟོང་ པ་ཉིད་)ལ་གནས(པ་འབྲས་བུའི་ཐེག་པ་བདེ་བ་ཆེན་པོ་ཡིན་ལ་དེ་ཉིད)། །ཐེག་པ་ཆེན་པོ(རྒྱུའི་ཐེག་པ་)འི་ཚུལ་ (སྟོང་པ་ཉིད་)གྱི་མཆོག(སྟེ་རྒྱུ་དང་འབྲས་བུ་གཅིག་ཏུ་འདྲེས་པར་གྱུར་པ་མཐར་ཐུག་གི་ཐེག་པའོ)། །ཅེས་པ(ཚིགས་ བཅད་བཅུ་བཞི་པ་)འི་མཐར་ཐུག་པས་(བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་)རྒྱུད་ཀྱི་ རྒྱལ་པོ་ཐམས་ཅད་དུ་བརྗོད་པར་བྱ་བ་(དོན་དམ་པའི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་) འདི་(དབང་པོ་དང་སྐལ་བ་)དམན་པ་དང་འབྲིང་དང༌། མཆོག་གི་སེམས་ཅན་གྱི་བསམ་པའི་དབང་ གིས་(རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྷག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་ 2-1-115 མཆོག །རྣལ་འབྱོར་བླ་མེད་དེ་ལྷག་ལ། །ཞེས་འབྱུང་བ་ལྟར་)བཅོམ་ལྡན་འདས་ཀྱིས་ཡང་དག་པར་གསུངས་ སོ། །དེ་བཞིན་དུ། (འདིར་{བཞུགས་{ཞུས}པའི་སྐབས་སུ་)སྟོང་པ་ཡེ་ཤེས་ཞེས་པ་ལ་སོགས་པ་ཡི་གེ་ བཅུ་བཞིས་རིགས་དྲུག་གི་བདག་ཉིད་བརྗོད་པར་བྱ་བ་དེ་ཉིད་མཚན་ཡང་དག་པར་བརྗོད་ པའི་བྱ་བ་གྲུབ་པའི་ཡེ་ཤེས་ལ་བསྟོད་པར་ཡང༌། ཚིགས་སུ་བཅད་པ་གཉིས་པས་ཡང་དག་ པར་བསྡུས་ཏེ་གསུངས་པ་འདི་ལྟ་སྟེ། (ཡིད་སྐྱོབ་པས་ན་)གསང་སྔགས་(སྟེ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ པ་ཡིན་ལ་དེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་མཛད་པས་)དོན་ཀུན་སྐྱེད་པ་པོ(དང་དེ་ཉིད་སྤྲོས་པ་མེད་ཅིང་མི་ འཕོ་བས)། །ཐིག་ལེ་ཆེན་པོ་ཡི་གེ་མེད། (པའམ་འགྱུར་བ་མེད་པ་སྟེ་དེ་ཉིད)། སྟོང་པ་ཆེན་པོ་འགྱུར་མེད་ ལྔ(ཝཾ་ཡིག་དང)། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག(ཨེ་ཡིག་གཉིས་སུ་མེད་པའོ)། །ཅེས་སོ། ། ༈ དེས་ན་མིང་མཐའ་ཡས་པ་རྣམས་ཀྱིས་ཆོས་སྟོན་པ་པོ་ཉིད་ཀྱི་ཕྱིར་འདི་སྐད་བདག་ གིས་ཐོས་པ་ཞེས་པ་ལ་སོགས་པས་(རྡོ་རྗེ་འཛིན་པ་བཞུགས་པའི་གནས་ངེས་པར་)བསྟན་པའི་རྒྱུད་ཀྱི་ རྒྱལ་པོ་འདི་དེ་བཞིན་གཤེགས་པས་གསུངས་པ་ཡིན་ལ། གསང་བ་ཞེས་པ་ལ་སོགས་པ་དང་ ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པས་བསྟན་པ་ནི་དེ་བཞིན་གཤེགས་པས་གསུངས་ པ་མ་ཡིན་ནོ། །ཞེས་བྱ་བ་སངས་རྒྱས་པ་རྣམས་ཀྱིས་བརྗོད་པར་མི་བྱ་སྟེ་(ནང་པ་སངས་རྒྱས་པ་) རང་གི་གྲུབ་པའི་མཐའ་(སངས་རྒྱས་ཀྱིས་གསུངས་པ་ལ་མ་གསུངས་སོ་ཞེས་པ་)དང་གཞན་(ཕྱི་རོལ་མུ་སྟེགས་ བྱེད་)གྱི་གྲུབ་པའི་མཐའ་(སངས་རྒྱས་ཀྱི་གསུང་པ་དང་མཚུངས་པ་)ལ་(ཆོས་མ་ཡིན་ནོ་ཞེས་མ་མཐོང་བའི་)སྐྱོན་ འཛིན་ན་རྩ་བའི་ལྟུང་བ་དྲུག་པར་འགྱུར་རོ། །(ཡང་ན་རང་གི་གྲུབ་མཐའ་ཨེ་ཝཾ་སོགས་ཡོད་པའི་རྒྱུད་ནི་ སངས་རྒྱས་ཀྱིས་གསུངས་ལ། གཞན་གྱི་གྲུབ་མཐའ་ཨེ་ཝཾ་སོགས་མེད་པའི་རྒྱུད་ནི་སངས་རྒྱས་ཀྱིས་མ་གསུངས་སོ། །ཞེས་སྐྱོན་ འཛིན་ན་རྩ་ལྟུང་དུ་འགྱུར་རོ། །ཞེས་སྦྱར་རོ་)དེའི་ཕྱིར(ཨེ་ཝཾ་སོགས་སྨོས་པའི་རྒྱུད་ལས་)རྒྱུད་གཞན་(ཨེ་ཝཾ་སོགས་ མེད་པའི་རྒྱུད་རྣམས་)ལ་སྔ་མ་(ཨེ་ཝཾ་ལ་སོགས་པ་)དང་ཕྱི་མར་(གསང་བ་སོགས་དང་ཐམས་ཅད་མཁྱེན་སོགས་ཀྱིས་ བསྟན་པ་དོན་མཐུན་པ་)འབྲེལ་པ་ཤེས་(པར་བྱས་)ནས་(རྒྱུད་ལ་གུས་པའི་)ཡོན་ཏན་དང་(སྐུར་བ་བཏབ་པའི་ 122)སྐྱོན་རྟོགས་པར་བྱའོ(འདིར་སྔ་མ་དང་ཕྱི་མ་ཞེས་པ་ནི་སྐྱོན་བརྗོད་པ་པོས་རྒྱུད་མཐོང་བ་སྔ་ཕྱིའི་དབང་དུ་བྱས་པ་སྟེ་ སངས་རྒྱས་ཀྱིས་གསུངས་པ་སྔ་ཕྱི་ནི་མ་ཡིན་ནོ)། །རྣམ་པ་གཞན་དུ་ན་(དོན་དམ་བསྙེན་པར་བླ་མ་ངན་པ་འགྲོ་བ་ རྣམས་ལ་བྱ་དཀར་བཞིན་ཞེས་གསུངས་པ་ལྟར་ཆུ་སྐྱར་གྱི་གཡོ་སྒྱུ་འཛིན་པའི་)གདུག་པའི་སློབ་དཔོན་(ངེས་པའི་དོན་ གྱིས་མདོ་རྒྱུད་རྣམས་ཀྱི་བརྗོད་བྱའི་སྙིང་པོ་)དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱི་རོལ་ཏུ་གྱུར་པ་(སྟེ་ མ་རྟོགས་ཤིང་ནང་ཟག་པ་མེད་པའི་བདེ་བ་ཉམས་སུ་མ་མྱོང་བས་ཕྱི་རོལ་ཀྱི་འདོད་པའི་)ཡུལ་ལ་དབང་པོ་ཉེ་བར་ ལོངས་སྤྱོད་པ་ལ་ཆགས་ཤིང་(ཕུང་པོ་འདི་ཉིད་སངས་རྒྱས་ཡིན་ནོ་ཞེས་པའི་རྒྱུད་ཀྱི་གསང་བའི་དོན་མ་ཤེས་ཀྱང་ ཤེས་སོ་ཞེས་)བརྫུན་དུ་སྨྲ་བ་རྣམས་མ་མཐོང་བའི་སྐྱོན་({ཏེ་སྐྱོན}མེད་པའི་ཆོས་ལ་སྐྱོན་)བཟུང་བ་ལས་ (ཆོས་སྤོང་གི་ལས་བསགས་པས་)མནར་མེད་པར་འགྲོ་བར་འགྱུར་རོ། །དེ་ལྟར་བརྗོད་པའི་རིམ་པ་ ལུང་དང་རིགས་པ་དམ་པས་སྔ་མ་དང་ཕྱི་མ་མི་འགལ་བར་ཐམས་ཅད་མཁྱེན་པ་ཞེས་པ་ལ་ སོགས་པས་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་དག་ པར་བསྟན་ཏོ། ། ༈ འདིར་འགའ་ཞིག་ལ་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཉིད་སངས་རྒྱས་བཅོམ་ ལྡན་འདས་མ་ཡིན་ནམ་མིང་གཉིས་ཀྱིས་དངོས་པོ་གཅིག་གོ་བར་བྱེད་པའི་ཕྱིར་ན་སངས་ རྒྱས་ཞེས་པ་ཟློས་པའི་ཚིག་འདི་བཅོམ་ལྡན་འདས་ཀྱིས་ཅིའི་དོན་དུ་གསུངས་ཞེས་པའི་ བསམ་པ་འབྱུང་བར་འགྱུར་ཏེ། (ལོག་རྟོག་དེ་ལྟ་བུ་འབྱུང་བ་)དེའི་ཕྱིར་(དེ་སྤང་བའི་ལན་)བརྗོད་པར་ བྱའོ། །འདིར་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་ཞེས་ པའི་ཚིག་འདི་བདེན་ཏེ། འོན་ཀྱང་(སངས་རྒྱས་ཞེས་སྨོས་པ་ཟློས་པའི་ཚིག་ཏུ་མི་འགྱུར་ཞིང་སྨོས་པ་ལ་དགོས་པ་ ཡོད་དེ་)ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་(ཀུན་མཁྱེན་ལས་)གཞན་(པ་ཀུན་མཁྱེན་མ་ཡིན་)ཡང་བྱིས་ པའི་སྐྱེ་བོ་(མུ་སྟེགས་བྱེད་ལ་སོགས་པ་)རྣམས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བརྟགས་ པས་(འདིར་གསུངས་པ་ཐམས་ཅད་མཁྱེན་པ་ཡང་མུ་སྟེགས་སོགས་བྱིས་པ་)དེ་རྣམས་ཀྱི་(ལུགས་ཀྱི་)ཐམས་ཅད་ 2-1-116 མཁྱེན་པ་ཉིད་(ཡིན་ནམ་སྙམ་པའི་དོགས་པ་)བསལ་བར་བྱ་བའི་སླད་དུ་ཐམས་ཅད་མཁྱེན་པ་སངས་ རྒྱས་བཅོམ་ལྡན་འདས་ཞེས་གསུངས་ཏེ། ཁམས་གསུམ་པོ་འདི་ན་ཁྱབ་འཇུག་དང་དྲག་ པོ་ལ་སོགས་པ་རྣམས་ཀྱི་ནང་ན་གང་ཞིག་ཆོས་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་སྐད་ ཀྱིས་ཆོས་སྟོན་པར་བྱེད་པ་པོ་ཐམས་ཅད་མཁྱེན་པ་(སངས་རྒྱས་ལས་)གཞན་(དུ་གྱུར་པ་)ནི་མེད་དོ། ། འདིར་(ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་)དེ་རྣམས་ཀྱི་ནང་ན་ཆོས་ཐམས་ཅད་སེམས་ཅན་ཐམས་ ཅད་ཀྱི་སྐད་ཀྱིས་སྟོན་པར་བྱེད་པ་པོའི་ཐམས་ཅད་མཁྱེན་པ་ཅིའི་ཕྱིར་མེད་ཅེ་ན། བརྗོད་ པར་བྱ་སྟེ། ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་འགྲོ་བ་དྲུག་གི་འཁོར་བ་འདིར་ལྷའི་ སྐྱེ་བར་སྐྱེས་པ་ཉིད་ཀྱི་ཕྱིར་དང་(ཐམས་ཅད་མཁྱེན་པ་)སངས་རྒྱས་བཅོམ་ལྡན་འདས་འཁོར་བའི་ ཕ་རོལ་གྱི་མཐར་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་རོ། །འདིར་(ཐམས་ཅད་མཁྱེན་པ་ཡིན་ན་འཁོར་བ་ ལས་འདས་དགོས་པའི་ཤེས་བྱེད་ནི་)དེ་བཞིན་གཤེགས་པས་མཚན་ཡང་དག་པར་བརྗོད་པའི་ཆོས་ཀྱི་ དབྱིངས་ཤིན་ཏུ་རྣམ་པར་དག་པ་ལ་བསྟོད་པར་ཚིགས་སུ་བཅད་པ་བཅུ་གསུམ་པས་(ཐམས་ ཅད་མཁྱེན་པའི་མཚན་ཉིད་)གསུངས་པ་འདི་ལྟ་སྟེ། འཁོར་བའི་ཕ་རོལ་མཐར་[སོན་[གནས]པ། ། (དབང་བཞི་པའི་ཡེ་ཤེས་སྟེར་བའི་ཞེས་འཆད་)བྱ་བ་བྱས་པ་(མྱང་འདས་བདེ་བའི་)སྐམ་སར་གནས། །ཤེས་ པ་(ཡེ་ཤེས་)འབའ་ཞིག་(པ་སྒྲིབ་པ་མཐའ་དག་)ངེས་[གསལ་[འབྱུང་(ཟེར་)]བ། །(རྣམ་པ་ཐམས་ཅད་པའི་ སྟོང་པ་ཉིད་ཀྱི་)ཤེས་རབ་(ཀྱི་)མཚོན་ཆས་(རྟོག་པའི་དྲ་བ་)རྣམ་འཇོམས་པ་ཞེས་སོ། །(རྒྱུ་མཚན་)དེའི་ ཕྱིར་(འདིར་གསུངས་པ་ཐམས་ཅད་མཁྱེན་པ་ནི་ཉན་རང་)ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་ འདས་ཏེ་སངས་རྒྱས་ཞེས་པ་ཟློས་པའི་ཚིག་(སྐྱོན་ཅན་)ཏུ་མི་འགྱུར་རོ། ། ༈ ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཉིད་ཡེ་ཤེས་སྐུ་མ་ཡིན་ནམ་(དོན་གཅིག་ལ་)བཅོམ་ ལྡན་འདས་ཀྱིས་ཡེ་ཤེས་སྐུ་ཞེས་ཟློས་པ་ཅིའི་དོན་དུ་གསུངས་ཞེ་ན། (ཡེ་ཤེས་སྐུ་ཞེས་སྨོས་པའི་ དགོས་པ་)དེ་ཉིད་བརྗོད་པར་བྱ་སྟེ། འདིར་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཉིད་ཡེ་ཤེས་ 2-1-117 སྐུ་ཞེས་པ་དེ་ནི་བདེན་ཏེ། འོན་ཀྱང་(ཡེ་ཤེས་སྐུ་ཞེས་པ་ཟློས་པར་ཡང་མི་འགྱུར་ཞིང་སྨོས་པ་ལ་དགོས་པ་ཡོད་དེ་ གནས་ལུགས་ཀྱི་སངས་རྒྱས་ལས་)སངས་རྒྱས་གཞན་ཉན་ཐོས་དང་རང་སངས་རྒྱས་ཀྱི་(ལུགས་ཀྱི་སངས་ རྒྱས་ཕུང་པོའི་ལྷག་མ་དང་བཅས་པ་)ཡང་ཡོད་པས་(འདིར་གསུངས་པའི་ཐམས་ཅད་མཁྱེན་པའི་ཉན་རང་)དེ་དག་ གི་(ལུགས་ཀྱི་)ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་(ཡིན་ནམ་སྙམ་པའི་དོགས་པ་)བསལ་བར་ བྱ་བའི་སླད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་ཞེས་བཅོམ་ལྡན་འདས་ཀྱིས་[ཟློས་པ་[ཡང་(རྩ་མི་ཟེར་བ་ལེགས་)]གསུངས་སོ། །འདིར་(ཡེ་ཤེས་སྐུ་ཞེས་སྨོས་པས་ཉན་རང་གི་ལུགས་ཀྱི་སངས་རྒྱས་དེ་ཡིན་ནམ་སྙམ་པའི་དོགས་པ་ སེལ་ནུས་པའི་རྒྱུ་མཚན་)ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནང་ན་ཡེ་ཤེས་སྐུ་ཡང་དག་པར་ རྫོགས་པའི་སངས་རྒྱས་སུུ་(འདོད་པར་)གྱུར་བ་ནི་འགའ་ཡང་མེད་དོ། །འདིར་ཅིའི་ཕྱིར་ཉན་ ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཀྱི་ སྐུར་(འདོད་པར་)གྱུར་བ་འགའ་ཡང་མེད་ཅེ་ན། བརྗོད་པར་བྱ་སྟེ། འདིར་ཉན་ཐོས་དང་རང་ སངས་རྒྱས་རྣམས་[ནི[ཀྱི་(ར་ཟེར་)](སངས་རྒྱས་དེའི་ཕུང་པོའི་)ལྷག་མ་དང་བཅས་པའི་མྱ་ངན་ལས་ འདས་པ་(ཡིན་པའི་ལྟ་བ་)ལ་གནས་པའི་ཕྱིར་དང་ཡང་དག་པར་རྫོགས་པའི་སངས་རྒྱས་(ནི་ཕུང་ པོའི་)ལྷག་མ་ཐམས་ཅད་ལས་རྣམ་པར་གྲོལ་བ(ཡིན་པ་)འི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་ འདས་ཀྱིས་(ཉན་རང་གི་ལུགས་ཀྱི་སངས་རྒྱས་དེ་ཡིན་ནམ་སྙམ་པའི་དོགས་པ་སེལ་ནུས་པའི་རྒྱུ་མཚན་)མཚན་ཡང་ དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པར་ཚིགས་སུ་བཅད་པ་བཅུ་གཅིག་ པས་གསུངས་པ་འདི་ལྟ་སྟེ། (སངས་རྒྱས་ཡེ་ཤེས་ཀྱི་སྐུ་ནི་ཕུང་པོའི་)ལྷག་མ་ཀུན་ལས་རྣམ་གྲོལ་ཞིང༌། ། ནམ་མཁའི་ལམ་(སྟོང་པ་ཉིད་ཀྱི་གཟུགས་རྣམ་པ་ཐམས་ཅད་པ་)ལ་རབ་གནས་པ། །(བདེ་བ་ཆེན་པོའི་)ཡིད་ བཞིན་ནོར་བུ་ཆེན་པོ་འཆང(བ་སྟེ་དེ་ཉིད་ཡིན་པ)། །(བརྟན་གཡོ་ཀུན་ལ་)ཁྱབ་(ཅིང་)བདག་(གི་མཐར་ཕྱིན་ པ་དང་བླ་ན་མེད་པའི་དགའ་བ་སྟེར་བའི་ཕྱིར་)རིན་ཆེན་ཀུན་གྱི་མཆོག(གོ)། ཅེས་སོ། །དེའི་ཕྱིར་ཐམས་ 2-1-118 ཅད་མཁྱེན་པ་ཡེ་ཤེས་སྐུ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཡེ་ ཤེས་ཀྱི་སྐུ་ཞེས་བཅོམ་ལྡན་འདས་ཀྱིས་ཟློས་[པ་[ཡང་(རྩ་མི་ཟེར་)]གསུངས་སོ། ། ༈ གང་ཡེ་ཤེས་སྐུ་ཡིན་པ་དེ་ཉིད་མི་ཤེས་པའི་མུན་པ་འཇོམས་པར་བྱེད་པའི་ཕྱིར་ཉིན་ མོར་བྱེད་པའི་སྐུ་མ་ཡིན་ནམ། བཅོམ་ལྡན་འདས་ཀྱིས་ཉིན་མོར་བྱེད་པའི་སྐུ་ཞེས་ཟློས་པ་ ཅིའི་དོན་དུ་གསུང་ཞེས་འགའ་ཞིག་སྨྲ་བར་འགྱུར་བ་དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར་ གང་ཡེ་ཤེས་སྐུ་ཡིན་པ་དེ་ཉིད་མི་ཤེས་པའི་མུན་པ་འཇོམས་པར་བྱེད་པའི་ཕྱིར་ཉིན་མོར་ བྱེད་པའི་སྐུའོ་ཞེས་པའི་ཚིག་འདི་ནི་བདེན་ཏེ། འོན་ཀྱང་(ཡིན་ལུགས་ཀྱིས་སངས་རྒྱས་ལས་སངས་རྒྱས་)གཞན་རྣམ་པར་ཤེས་པར་སྨྲ་བ་པོའི་(འདོད་ལུགས་ཀྱི་)སངས་རྒྱས་ཀྱང་(རྣམ་ཤེས་ཀྱིས་བདག་ཉིད་) ཡོད་པས་(འདིར་གསུངས་པའི་སངས་རྒྱས་འདི་རྣམ་རིག་པ་)དེ་རྣམས་ཀྱི་(ལུགས་ཀྱི་སངས་རྒྱས་)རྣམ་པར་ཤེས་ པའི་ཆོས་ཉིད་(དེ་{བདག་ཉིད་}ཡིན་ནམ་སྙམ་པའི་དོགས་པ་)བསལ་བར་བྱ་བའི་སླད་དུ་ཡེ་ཤེས་ཀྱི་སྐུ་ ནི་(མི་ཤེས་པའི་མུན་པ་འཇོམས་པས་)ཉིན་མོར་བྱེད་པའི་སྐུ་སྟེ་རྣམ་པར་ཤེས་པའི་ཆོས་ཉིད་ལས་ འདས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་ཉིན་མོར་བྱེད་པའི་སྐུ་ཟློས་པ་གསུངས་ སོ། །(ཉིན་མོར་བྱེད་པའི་སྐུ་ཞེས་པ་སྨོས་པས་དོགས་པ་དེ་སེལ་བའི་རྒྱུ་མཚན་ནི་)འདིར་རྣམ་པར་ཤེས་པར་སྨྲ་ བ་རྣམས་ཀྱི་ནང་ན་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་རྫོགས་པའི་སངས་ རྒྱས་སུུ་(འདོད་པར་)གྱུར་པ་ནི་འགའ་ཡང་མེད་དོ། །འདིར་ཅིའི་ཕྱིར་རྣམ་པར་ཤེས་པར་སྨྲ་བ་ རྣམས་ཀྱི་ནང་ན་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་ སུུ་(འདོད་པར་)གྱུར་པ་འགའ་ཡང་མེད་ཅེ་ན། བརྗོད་པར་བྱ་སྟེ། འདིར་རྣམ་པར་ཤེས་པར་སྨྲ་ བ་རྣམས་(ཀྱི་ལྟ་བ་ནི་)རྣམ་པར་ཤེས་པའི་ཆོས་ལ་གནས་(པས་སངས་རྒྱས་རྣམ་ཤེས་ཀྱི་བདག་ཉིད་དུ་འདོད་) པའི་ཕྱིར་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་ཤེས་པའི་ཆོས་ཉིད་(དེ་དངོས་པོ་) ལས་འདས་པ(ཡིན་པ་)འི་ཕྱིར་རོ། །དེ་ལྟར་ཡང་དེ་བཞིན་གཤེགས་པས་མཚན་ཡང་དག་པར་ 2-1-119 བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པར་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་པས་ གསུངས་པ་འདི་ལྟ་སྟེ། (མིག་ལ་སོགས་པའི་དངོས་པོ་མེད་པ་ཀུན་གཞིའི་རྣམ་ཤེས་ནི་)རྣམ་པར་ཤེས་པའི་ ཆོས་ཉིད་(དེ་དེ་ལས་ཤིན་ཏུ་)འདས(ཤིང་གཟུང་འཛིན་ནམ་ཤེས་པ་དང་ཤེས་བྱ)། །གཉིས་(སུ་)མེད་(པའི་)ཡེ་ ཤེས་(ཀྱི་)ཚུལ་འཆང་བ། །(སེམས་ཅན་གྱི་དོན་བྱའོ་སྙམ་པའི་)རྣམ་པར་རྟོག་(པ་)མེད་(པར་གཞན་ཕན་གྱི་ མཛད་པ་)ལྷུན་གྱིས་གྲུབ( ཅིང)། །དུས་གསུམ་སངས་རྒྱས་(ཀྱི་ཡེ་ཤེས་ཀྱི་)སྐུ་[ཀཱཪྻ]འཆང་བ(ཞེས་ པ་ལྟར་ན་ལས་བྱེད)། །ཞེས་སོ། །དེའི་ཕྱིར་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཞེས་བཅོམ་ལྡན་འདས་ཀྱིས་ཟློས་པ་གསུངས་སོ། ། ༈ འདིར་འགའ་ཞིག་ལ་རྒྱུད་ཀྱི་བརྗོད་པར་བྱ་བ་ཡེ་ཤེས་ཀྱི་སྐུ་གང་ཡིན་པ་དེ་ནི་(རྡུལ་ ཕྲ་རབ་འདུས་པའི་)གཟུགས་ཅན་མ་ཡིན་པ་ཡིན་ལ་པད་མའི་འདབ་མ་རྒྱས་པའི་སྤྱན་གང་ཡིན་ པ་དེ་ནི་(རྡུལ་ཕྲ་རབ་འདུས་པའི་)གཟུགས་ཅན་མ་ཡིན་ནམ་(སྟེ་ཡིན་མོད་རྒྱུ་མཚན་)ཅིའི་[དོན་[ཕྱིར] (རྩ་མི་དང་ར་ཟེར་)དུ་པད་མའི་འདབ་མ་རྒྱས་པའི་སྤྱན་ཞེས་བཅོམ་ལྡན་འདས་ཀྱིས་(འགལ་བ་) གསུངས་ཞེས་པའི་བསམ་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ། །འདིར་(རྒྱུད་ ཀྱི་གསང་བའི་དོན་ལ་མི་མཁས་པའི་)བྱིས་པའི་སྐྱེ་བོ་རྣམས་ཀྱིས་པད་མའི་འདབ་མ་རྒྱས་པའི་སྤྱན་ རྒྱུད་ཀྱི་བརྗོད་པར་བྱ་བ་གཟུགས་ཅན་དུ་བརྗོད་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ། (རྒྱུད་ཀྱི་གླེང་ གཞིའི་སྐབས་)འདིར་ངེས་པའི་དོན་དུ་པད་མའི་སྒྲས་ནམ་མཁའི[དབྱིངས[ཁམས་] (ཟེར་)(ཆོས་ ཉིད་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་)བརྗོད་དོ། །པད་མ་ནམ་མཁའི་[དབྱིངས་[ཁམས] (རྩ་མི་དང་ ར་ཟེར་)དེ་ལ་པད་མའི་འདབ་མ་རྣམས་(རིང་པོར་གནས་པ་)བཞིན་དུ་(སངས་རྒྱས་ཀྱི་རང་བཞིན་དུ་གནས་ པའི་)[རིགས་བརྒྱ་(སྟེ་དཔག་ཏུུ་མེད་པ་)རིང་བའི་ངོ་བོ་(སྟེ་ནམ་མཁའ་ལྟར་ཁྱབ་པ་)ཉིད་ཀྱིས་གནས་པའི་ སེམས་ཅན་(བདེ་གཤེགས་སྙིང་པོ་ཅན་)རྣམས་སོ[སེམས་ཅན་རྣམས་ཀྱི་རིགས་བརྒྱ་རིང་པོའི་རང་ བཞིན་གྱིས་གནསཞེས་རྩ་མི་ཟེར་བ་ལྟར་རིགས་ཀྱི་སེམས་ཅན་ཐམས་ཅད་ལ་རིང་བོའི་ཚུལ་ 2-1-120 དུ་ཁྱབ་པ་པད་མའི་འདབ་མའི་དོན་དུ་སྦྱར་ན་ལེགས]། །པད་མའི་འདབ་མ་(སྟེ་རིགས་ཀྱི་)དེ་ རྣམས་ཀྱི་མཐའ་ཇི་སྲིད་པར་བཅོམ་ལྡན་འདས་གང་གི་(ཡེ་ཤེས་ཀྱི་)སྤྱན་བརྒྱ་(མཐའ་ཡས་པ་)རྒྱས་ པ་(སྟེ་ཁྱབ་པ་)དེ་ནི་པད་མའི་འདབ་མ་རྒྱས་པའི་སྤྱན་ནོ( རྒྱུད་བླར། ཤེས་བྱ་མཐར་ཐུག་རྟོགས་པའི་བློས། ། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་གསུངས་པ་ དང་དོན་མཐུན་ནོ)། །འདིར་བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་མེ་ལོང་ལྟ་ བུའི་ཡེ་ཤེས་ལ་བསྟོད་པར་ཚིགས་སུ་བཅད་པ་དྲུག་པས(ཡེ་ཤེས་ཀྱི་སྐུའི་སྤྱན་)གསུངས་པ་འདི་ལྟ་ སྟེ། (ཡེ་ཤེས་ཀྱི་སྐུའི་སྤྱན་ནི་)རྡོ་རྗེ་(སྟེ་ཡེ་ཤེས་ཀྱི་མེ་)འབར་བ(འི་)མིག་མི་བཟད(པའམ་{གཙིགས་{གཟིགས} པ་རྣམ་པ་ཐམས་ཅད་པས་སྟོང་པ་ཉིད་མ་ལུས་པ་གཟིགས་པའོ)། །(དེ་བཞིན་དུ་)སྐྲ་ཡང་རྡོ་རྗེ་ (ཡེ་ཤེས་ཀྱི་མེ་)འབར་བ་སྟེ། །རྡོ་རྗེ(འི་སྐུ་སྟེ་)འབེབས་པ་(སྟེ་སེམས་ཅན་ལ་ཡེ་ནས་བཞུགས་པ་སྒྲིབ་པ་དང་བྲལ་ བར་བྱེད་པ་ནི་)འབེབས་པ་ཆེ(ན་པོ་ཡེ་ཤེས་འབེབས་པའོ)། །(ཡེ་ཤེས་ཀྱི་སྤྱན་དེས་ནི་རྣམ་པ་ཐམས་ཅད་གཟིགས་པ་ ནས་)མིག་བརྒྱ་པ་(དཔག་ཏུ་མེད་པ་)སྟེ་(གཞོམ་དུ་མེད་པ་)རྡོ་རྗེའི་མིག(ཀུན་ནས་སྤྱན་ནོ)། །ཅེས་སོ། ། བཅོམ་ལྡན་འདས་ཀྱི་གསུངས་འདིའི་ཕྱིར་(རྒྱུད་ཀྱི་བརྗོད་བྱ་)པད་མའི་འདབ་མ་རྒྱས་པའི་སྤྱན་ ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་(རྡུལ་ཕྲ་རབ་འདུས་པའི་)གཟུགས་ དང་བྲལ་བ་(རང་བྱུང་ཡེ་ཤེས་ཀྱི་སྐུ་)ཡིན་(པས་འགལ་བ་མ་ཡིན་)ནོ〔དེ་རྣམས་ལས་གཞན་ཡང་མདོ་སྡེ་ དང་རྒྱུད་སྡེའི་རིམ་པ་ལྟར་འབྲས་བུ་སངས་རྒྱས་ཀྱ ང་བླ་བཅས་ཀྱི་སངས་རྒྱས་དང་བླ་མེད་ ཀྱི་སངས་རྒྱས་ཀྱི་རིམ་པའང་འདི་ལྟར་གོ་དགོས་ཏེ་པཎྜི་ཏ་སྨྲི་ཏིས་གསང་འདུས་ཀྱི་རྒྱུད་ལྷ་ མོ་བཞིས་ཞུས་པའི་འགྲེལ་པ་ལས། མདོ་སྡེ་རྣམས་དང་བྱ་རྒྱུད་རྣལ་འབྱོར་གྱི་རྒྱུད་རྣམས་ལ་ སངས་རྒྱས་པ་ནི་ཐེག་པ་བླ་བཅས་ཡིན་པས་སངས་རྒྱས་ཀྱ ང་བླ་བཅས་ཡིན་ལ་གསང་འདུས་ རྡོ་རྗེ་ཐེག་པ་ལས་སངས་རྒྱས་པ་ནི་བླ་མེད་ཡིན་ཏེ་ཐེག་པ་བླ་མེད་ཡིན་པའི་ཕྱིར། ཞེས་ སོགས་བཤ ད་ལ་བླ་མེད་ཀྱི་རྒྱུད་ལའང་རྣལ་འབྱོར་ཕ་མའི་རྒྱུད་གཉིས་དྲང་དོན་གཉིས་སུ་ 2-1-121 མེད་པའི་རྒྱུད་དོན་དམ་པར་ངེས་དོན་མཐར་ཐུག་ཡིན་པར་འདིར་གསུངས་པས་ག ཞི་ལམ་ འབྲས་གསུམ་བླ་བཅས་བླ་མེད་ཀྱི་རྣམ་བཞག་སོགས་ལུང་རིགས་ཀྱིས་གྲུབ་པོ〕། ། ༈ (དོན་དམ་པའི་སྐུ་བཞིའི་བདག་ཉིད་)སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་པ་སྟེ་སེང་གེའི་ ཁྲི་ནི་མཁའ་ཁམས་(གཞན་འོད་གསལ་སྟོང་གཟུགས་)ཡིན་(ཏེ་ནམ་མཁའ་ལྟར་ཁྱབ་པ་)ལ་〔ཕྱི་ནང་གཉིས་ ལས〕གཞན་(རྡོ་རྗེ་)ཟླ་བ་དང་〔རྡོ་རྗེ་〕 ཉི་མ་དང་མེའི་དཀྱིལ་འཁོར་(དབྱིངས་དང་ཡེ་ཤེས་ཀྱི་རང་བཞིན་)ནི་སེང་གེའི་ཁྲི་སྟེ་དེ་ལ་བཞུགས་པ་ནི་སེང་གེའི་ཁྲི་ལ་བཞུགས་པའོ། །འདིར་རྩ་བའི་རྒྱུད་ ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། (ཡིག་འབྲུ་ཀུན་གྱི་མཆོག་ཏུ་གྱུར་ཅིང་སྐྱེ་བ་མེད་པས་ན་)ཨེ་ (དང་ཉན་རང་དང་སོ་སྐྱེས་ཕལ་བས་རྟོགས་བྱ་མ་ཡིན་པས་)གསང་(བ་དང་བརྟན་གཡོ་ཐམས་ཅད་དང་ཁྱད་པར་དུ་རྡོ་རྗེ་ཟླ་ ཉི་སྒྲ་གཅན་གྱི་རྟེན་དུ་གྱུར་པས་)མཁའ་[ཁམས་[དབྱིངས](དང་ཆོས་ཐམས་ཅད་ལ་གནས་ཀྱང་མི་མཐོང་བས་)བྷ་ གའམ། །(སྟོབས་དང་མི་འཇིགས་པ་ལ་སོགས་པ་ཟག་མེད་ཀྱི་ཆོས་རྣམས་རང་བཞིན་ཉིད་ཀྱིས་ལྡན་པའི་ཚུལ་གྱིས་ཆོས་ ཀྱི་འབྱུང་གནས་ཡིན་པས་)ཆོས་འབྱུང་(དང་པད་འདབ་ལྟར་རིགས་བརྒྱ་རིང་བར་གནས་པས་)ཆུ་སྐྱེས་(དང་བདག་ཏུ་ སྨྲ་བའི་རི་དྭགས་སྐྲག་པར་བྱེད་པས་བདག་མེད་པ་)སེང་གེའི་ཁྲི(སྟེ་རྟེན་དེ་)ར། །བཞུགས་པའི་(བརྟེན་པ་)རྡོ་ རྗེ་ཅན་(ནི་རིགས་གསུམ་གྱི་བདག་ཉིད་)ཝྃ་དང༌། །(སྐུ་གསུང་ཐུགས་མི་ཕྱེད་པ་རྡོ་རྗེ་བཞིན་དུ་སྤྱོད་པས་)རྡོ་རྗེ་ཅན་ དང་(མི་ཕྱེད་ཅིང་སྲིད་གསུམ་གཅིག་པའི་རྣམ་པར་གནས་པས་)རྡོ་རྗེ་སེམས(དཔའ་དང)། །(བདུད་དང་ཉོན་མོངས་ སྐྲག་པར་མཛད་པས་)རྡོ་རྗེ་འཇིགས་བྱེད་(ཆོས་ཐམས་ཅད་ལ་མངའ་བསྒྱུར་བས་)དབང་ཕྱུག་དང༌། །(ཧེ་ནི་རྒྱུ་ སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པའམ་བདུད་བཞིའི་ཁྲག་འཐུང་ བས་)ཧེ་རུ་ཀ་དང་དུས་འཁོར་དང༌། །དང་པོའི་སངས་རྒྱས་ལ་སོགས་མིང༌། །སྣ་ཚོགས་ཡུལ་ གྱི་ཐ་སྙད་ཀྱིས། །(དང་པོའི་སངས་རྒྱས་ཀྱི་རྒྱུད་འདི་དང་)རྒྱུད་གཞན་དག་ཏུུ་(རྡོ་རྗེ་འཛིན་པ་)བདག་གིས་ བརྗོད། །(དེ་ལྟར་བརྗོད་པའི་རྒྱུ་མཚན་ནི་)སྣ་ཚོགས་སེམས་ཅན་བསམ་པས་ཀྱང༌། (སྟེ་གདུལ་བྱའི་དབང་ གིས)། རྟེན་གྱི་མཚན་ཉིད་(ཅན་གྱི་)གནས་(སྟོང་ཉིད་རྣམ་པ་ཐམས་ཅད་པ་)དང་ནི། །བརྟེན་པ་(མཆོག་ 2-1-122 ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་)དག་ཀྱང་བདག་གིས་(མིང་སྣ་ཚོས་ཀྱིས་)བརྗོད(ལ)། །(རྒྱུད་འདིར་ནི་)ཀུན་ མཁྱེན་(སོགས་ཀྱི་སྒྲས་བརྟེན་པ་)སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་(བསྟན་ལ་རྟེན་གྱི་མིང་ནི་)སེང་གེའི་ ཁྲི་(སྟེ་དེ་)ལ་བཞུགས་(པའི་བདེ་ཆེན་སྐུ་བཞི་ནི་)དུས་ཀྱི་འཁོར་ལོའི་སྟོན་པ་པོ(ཡིན་ལ)། །(དེ་ལ་)ཟླ་ བཟང་ཁྱོད་ཀྱིས་གསོལ་(བ་)བཏབ་པ(ཡིན་ནོ)། །ཞེས་སོ། ། ༈ དེའི་ཕྱིར་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་(ཀུན་རྫོབ་) དང་འཇིག་རྟེན་ལས་འདས་པ(དོན་དམ་པ་)འི་ཆོས་སྟོན་པ་པོ། ལྷ་དང་ལྷ་མ་ཡིན་དང་མི་རྣམས་ ཀྱི(ས་མཚོན་པ་ཁམས་གསུམ་གྱི་)སྟོན་པ་(དམིགས་པ་མེད་པ་)མཆོག་གི་ཐུགས་རྗེ་ཅན་(ཕན་པ་མཛད་པའི་) རྒྱུུ་(ལན་སོགས་གང་ལ་ཡང་ལྟོས་པ་)མེད་པར་(གཞན་ལ་ཕན་པ་རྒྱ་ཆེན་མཛད་པ་ལ་དགྱེས་ཤིང་དུལ་བས་)མཉེས་ གཤིན་པ་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བའོ། ། ༈ དེས་ན་(འཇིག་རྟེན་གྱི་ལྷ་མཆོག་)ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱི་ཡང་སྟོན་ པ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་སྟེ་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ན་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་རྣམས་ལ་མཐའ་ཡས་ པ་མཐའ་ཡས་པའི་སྐད་ཀྱིས་ཅིག་ཅར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ སྟོན་པ་པོ་(སངས་རྒྱས་ལས་)གཞན་(ཁྱབ་འཇུག་ལ་སོགས་པ་)ནི་འགའ་ཡང་མེད་དེ་གང་གི་ཕྱིར་(ཁྱབ་ འཇུག་ལ་སོགས་པ་ནི་)ལྷའི་སྐྱེ་བ་གཅིག་པུ་ཉི་ཚེ་བར་སྐྱེས་པ(ས་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་མི་ནུས་པ་)འི་ ཕྱིར་དང་ལེགས་པར་སྦྱར་བ་གཅིག་པུ་ཉི་ཚེ་བ་སྨྲ་(བས་གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་མེད་)པའི་ ཕྱིར་དེ་རྣམས་ནི་ཐམས་ཅད་མཁྱེན་པའི་སྐད་དེས་མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ ལ་རང་རང་གི་སྐད་ཐ་དད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པར་ བྱེད་པ་པོ་མ་ཡིན་ནོ(ཁྱབ་འཇུག་སོགས་ཀྱི་སྐྱེ་བ་དང་སྐད་ཉི་ཚེ་བ་ནི་མུ་སྟེགས་པ་རྣམས་ཉིད་འདོད་པ་ལྟར་བསྟན་པའམ་ སངས་རྒྱས་ལ་ལྟོས་ནས་བཞག་པར་ཤེས་པར་བྱའོ)། །(དེ་ཉིད་རྒྱས་པར་བཤད་པ་)མིའི་འཇིག་རྟེན་འདིར་(ཁྱབ་ 2-1-123 འཇུག་སོགས་)དེ་རྣམས་ཀྱིས་ལེགས་པར་སྦྱར་བའི་སྐད་ཀྱིས་བསྟན་པ་(ཁྱབ་འཇུག་པའི་)གླུུ་(འི་ཆོས་)དང་གྲུབ་པའི་མཐའ་དང་སྔོན་རབས་ཀྱི་(ལོ་རྒྱུས་ཀྱི་)ཆོས་ཐམས་ཅད་ཉི་ཚེ་བར་མངོན་སུམ་ དུ་མཐོང་ངོ་(ཆོས་འདི་དག་ཁྱབ་འཇུག་སོགས་ཀྱིས་བསྟན་པར་མུ་སྟེགས་པ་རྣམས་འདོད་པ་ལྟར་བཤད་པ་ཡིན་གྱི་དོན་ ལ་ཁྱབ་འཇུག་སོགས་ཀྱིས་བསྟན་པ་མ་ཡིན་དེ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པའི་ཕྱིར་རོ)། །རིག་བྱེད་ བཞི་པོ་རྣམས་ཀྱང་(ཉི་ཚེ་བ་)སྟེ་གང་གི་ཕྱིར། (མུ་སྟེགས་པ་ཉིད་ཀྱི་ལུགས་ཀྱི་)རིག་བྱེད་ཀློག་པར་བྱེད་ པ་ནི་བྲམ་ཟེ་དང་རྒྱལ་རིགས་ཉིད་ཡིན་པའི་ཕྱིར་རོ། །འདིར་བྲམ་ཟེ་དང་རྒྱལ་རིགས་དག་ གིས་རིག་བྱེད་བཀླག་པར་བྱ་བའི་རྗེ་རིགས་དང་དམངས་རིགས་ལ་སོགས་པ་རྣམས་ཀྱིས་ ནི་མ་ཡིན་ནོ་ཞེས་དང༌། དེ་བཞིན་དུ་གླུ་དང་གྲུབ་པའི་མཐའ་དང་སྔོན་རབས་ཀྱི་ཆོས་རྣམས་ བྲམ་ཟེའི་ཁ་ལས་བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་དམངས་རིགས་ཏེ་རིགས་ བཞི་རྣམས་ཀྱིས་མཉན་པར་བྱའི་རབ་ཏུ་བྱུང་བ་འཛིན་པ་མེད་པས་ན་ཉ་བ་ལ་སོགས་པ་ རྣམས་ཀྱིས་ནི་མ་ཡིན་ནོ། །ཞེས་པ་ཆོས་དགག་པའི་ཚིག་འདིའི་ཕྱིར་དེ་རྣམས་ཀྱིས་བསྟན་ པའི་ཆོས་རྣམས་ནི་ཉི་ཚེ་བ་སྟེ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་མ་ཡིན་ནོ། །མིའི་ ཡུལ་འདིར་ལེགས་པར་སྦྱར་བའི་སྐད་ཉི་ཚེ་བ་ཡིན་པའི་རྒྱུ་གང་གིས་མོས་པ་སྣ་ཚོགས་པའི་ སེམས་ཅན་རྣམས་ལ་སྣ་ཚོགས་པའི་སྐད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ ཆོས་བརྟན་པར་བྱ་བར་མི་ནུས་པ་དེས་ན་མིའི་ཡུལ་འདིར་རྗེ་རིགས་དང་དམངས་རིགས་ ལ་སོགས་པ་སྐྱེ་གནས་དམན་པར་སྐྱེས་པ་རྣམས་ཀྱིས་རིག་བྱེད་ཀླག་པ་དང་རབ་ཏུ་བྱུང་བ་ དབྱུག་པ་འཛིན་པ་ཡང་མི་བྱའོ། །ཞེས་རྗེ་རིགས་དང་དམངས་རིགས་ལ་སོགས་པ་(ལ་ཆོས་) དགག་པ་(བྲམ་ཟེ་རྣམས་ཀྱིས་)བྱས་སོ། །སྒྲ་གཅིག་པུ་ལེགས་པར་རབ་ཏུ་སྦྱར་བས་(ཏེ་སཾ་སྐྲྀ་ཏའི་སྐད་ སྒྲ་མ་ཉམས་པར་འདོན་ཤེས་པ་ཉིད་ཀྱིས་)མཐོ་རིས་སུ་འདོད་པ་འཇོའོ། །ཞེས་པ་ནི་(ཡོན་ཏན་མ་ཡིན་པ་ ལ་ཡོན་ཏན་དུ་རློམ་པ་)ལོགས་པའི་ང་རྒྱལ་གྱིས་(རྒྱུད་)ཟིལ་གྱིས་གནོན་པ་རྣམས་ཀྱི་བསམ་པ་སྟེ་ 2-1-124 ཐམས་ཅད་མཁྱེན་པའི་གསུང་དང་བྲལ་བའོ། །(གང་གིས་གང་གི་དོན་དུ་ཆོས་ལ་འཇུག་པ་ལ་དགག་པ་བྱས་ ན་)མིའི་འཇིག་རྟེན་འདིར་གལ་ཏེ་དམངས་རིགས་ལ་སོགས་པའི་མི་ཐམས་ཅད་ཀྱིས་རིག་ བྱེད་དང་གླུ་དང་གྲུབ་པའི་མཐའ་དང་རྟོག་གེའི་བསྟན་བཅོས་ལ་སོགས་པ་རིག་པར་གྱུར་པ་ དེ་ལྟ་ན་བྲམ་ཟེ་རྣམས་ལ་སུ་ཞིག་གུས་པར་བྱེད་པར་འགྱུར་ཏེ། རིགས་པ་དང་ཆོས་དང་ཤེས་ པ་ཐུན་མོང་བར་ཡོངས་སུ་ཤེས་པའི་ཕྱིར་དང༌། ཁྱིམ་པ་འཁོར་བའི་ལོངས་སྤྱོད་ལ་ཆགས་པ་ ཐམས་ཅད་དང་བྲམ་ཟེ་རྣམས་ཡོན་ཏན་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བར་ཤེས་ནས། རྫས་ལ་ཆགས་པའི་དྲང་སྲོང་གདུག་པ་རྣམས་ཀྱིས་གླུ་དང་གྲུབ་པའི་མཐའ་དང་སྔོན་རབས་ ལ་སོགས་པའི་ཆོས་རྣམས་ལེགས་པར་སྦྱར་བའི་སྐད་ཀྱིས་གླེགས་བམ་ལ་བྲིས་ཤིང་རིག་ བྱེད་ཀྱང་ཁ་ཏོན་གྱིས་བཀླག་པར་བྱའོ་ཞེས་པའི་ངེས་པ་བྱས་པ་ནི་ཐམས་ཅད་ཤེས་པར་མི་ སྟོན་པའི་བསམ་པས་བྱིས་པའི་སྐྱེ་བོ་རྣམས་རྨོངས་པ་ཆེན་པོ་སྐྱེད་པར་བྱེད་པ་སྟེ་འདིར་སྔོན་ གྱི་དུས་ན་རིགས་བྱེད་དང་གླུ་དང་གྲུབ་པའི་མཐའ་དང་སྔོན་རབས་ཀྱི་ཆོས་རྣམས་གླེགས་ བམ་ལ་བྲིས་པར་མ་གྱུར་བ་ན་སྡོམ་བརྩོན་རྣམས་ཀྱི་ཁ་ལ་གནས་སོ། །དེ་ནས་སྙིགས་མ་ ལྔ(ནི་གནོད་འཇོམས་ལས། ཉོན་མོངས་པ་མི་དགེ་བ་བཅུ་དར་བའི་དུས་ནི་མུ་གེ་དང་ནད་དང་མཚོན་གྱི་སྐལ་པ་ཚེ་ནི་དཔག་ མེད་ནས་བཅུའི་བར་ངེས་པ་མེད་པ་ལྟ་ངན་དྲུག་ཅུ་རྩ་གཉིས་ཡོད་པ། སེམས་ཅན་ནི་རང་བཞིན་གྱི་སྣོད་དུ་མ་གྱུར་པ། ཚ་སྒོ་ཅན་ དང་སྒོག་སྐྱ་ལྟ་བུ་ཆོས་ཀྱི་སྒོར་མི་བཏུབ་པའོ་ཅེས་སོ་)འི་དུས་ཀྱི་དབང་གིས་ཤེས་རབ་དམན་པ་ཉིད་ཀྱི་ཕྱིར་ སྡོམ་བརྩོན་རྣམས་ཀྱིས་གླེགས་བམ་ལ་བྲིས་སོ་ཞེས་སོ། །འདིར་ཁྱབ་འཇུག་དང་དྲག་པོ་ལ་ སོགས་པ་རྣམས་ཀྱིས་བསྟན་པའི་ཆོས་(བསྟན་པར་མུ་སྟེགས་པ་རྣམས་འདོད་)ཉི་ཚེ་བ་(རིགས་དམན་པ་ཆོས་ ལ་འཇུག་པ་བཀགས་པས་)སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་བྲལ་བ་(སྲོག་གི་མཆོད་སྦྱིན་ཆོས་སུ་སྨྲ་ བས་)འཁོར་བའི་སྡུག་བསྔལ་སྟེར་བར་བྱེད་པ་(སྒྲ་མ་ཉམས་པར་འདོན་ཤེས་པ་ཙམ་གྱིས་ལྷའི་བདེ་བ་ཐོབ་པོ་ ཞེས་སྨྲ་བས་)ལོག་པའི་ང་རྒྱལ་སྐྱེད་པར་བྱེད་པ་(བྲམ་ཟེ་ལ་སོགས་པའི་)རིགས་(བཟང་པོ་དང་ངན་པའི་ཁྱད་ 2-1-125 པར་)སུ་སྨྲ་བ་(བྲམ་ཟེའི་རིགས་རྣམས་ཁོ་བོ་ཅག་ནི་མཆོག་གོ་ཞེས་)མངོན་པར་ཁེངས་པར་བྱེད་པ་རྣམས་ལ་ སངས་རྒྱས་པ་རྣམས་ཀྱིས་རྗེས་སུ་ཡི་རང་བར་མི་བྱའོ། ། ༈ ཁམས་གསུམ་པོ་འདིར་ཐམས་ཅད་མཁྱེན་པས་ཐམས་ཅད་མཁྱེན་པའི་གསུང་གིས་ བསྟན་པའི་ཆོས་གང་ཡིན་པ་སྡུད་པར་བྱེད་པ་པོ་རྣམས་ཀྱི་སེམས་ཅན་སྣ་ཚོགས་པའི་སྐད་ ཀྱིས་གླེགས་བམ་ལ་བྲིས་པ་(བཟོ་དང་གསོ་བ་དང་གཏན་ཚིགས་ཀྱི་)རིག་བྱེད་ལ་སོགས་པ་འཇིག་ རྟེན་པའི་དོན་སྟོན་པར་བྱེད་པ་དང་ཐེག་པ་གསུམ་གྱི་(སྡེ་སྣོད་གསུམ་གྱི་)དོན་སྟོན་པར་བྱེད་པ་ སྟེ་(བརྗོད་བྱ་)འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ(ལ་བརྩམས་ན་)ས་ བསྟན་པ་ནི་སེམས་ཅན་ཐམས་ཅད་ཀྱིས་མཉན་པ་དང་བརྗོད་པའི་ཆེད་དུ་ཡང་སྟེ། (ཡང་གི་ སྒྲས་བསྒོམ་པའི་དོན་ལ་སོགས་པ་བསྟན་ཏེ་)དེ་ལ་མོས་པའི་སེམས་ཅན་རྣམས་ཀྱིས་ཐམས་ཅད་མཁྱེན་ པས་བསྟན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འཇིག་རྟེན་དང་འཇིག་རྟེན་ལས་འདས་ པའི་དོན་སྟོན་པར་བྱེད་པ་དེ་རྣམས་ཉན་པར་བྱེད་ཀློག་པར་བྱེད་འདོན་པར་བྱེད་འཆང་ བར་བྱེད་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་རབ་ཏུ་གནས་པར་ བྱེད་མེ་ཏོག་སྣ་ཚོགས་དང་(བདུག་)སྤོས་སྣ་ཚོགས་དང་དྲི་(བཟང་པོ་)སྣ་ཚོགས་དང་(སྤོས་ཀྱི་)ཕྱེ་ མ་སྣ་ཚོགས་དང༌། གོས་སྣ་ཚོགས་དང་མེ་ལོང་སྣ་ཚོགས་དང་དྲིལ་བུ་སྣ་ཚོགས་དང་བ་དན་ སྣ་ཚོགས་དང་རྔ་ཡབ་སྣ་ཚོགས་དང་གདུགས་སྣ་ཚོགས་དང་བླ་རེ་སྣ་ཚོགས་དང་མུ་ཏིག་གི་ དོ་ཤལ་སྣ་ཚོགས་དང་མར་མེ་སྣ་ཚོགས་དང༌། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཆོད་པ་ བྱེད་དེ། མཆོད་པ་བྱས་ནས་དེ་རྣམས་ལ་ཡན་ལག་ལྔས་ཕྱག་འཚལ་བར་བྱེད་དོ། །དེ་ལྟར་ ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་གཞན་ལ་ཕན་པར་བྱེད་པ་དེ་རྣམས་ནི་མོས་པའི་ དབང་གིས་གཞན་ལ་ཕན་པར་བྱེད་པའི་ཆེད་དུ་དེ་རྣམས་དེ་བཞིན་གཤེགས་པས་རིགས་ དང་རིགས་མ་ཡིན་པའི་དབང་གིས་(ཏེ་རིགས་བཟང་པོ་བསྟན་པ་ལ་འཇུག་པར་བྱ་ཡི་རིགས་ངན་པ་བསྟན་པ་ལ་ 2-1-126 འཇུག་པར་མི་བྱའོ་ཞེས་)འགའ་ཞིག་ལ་ཡང་བསྒྲུབས་པ་དང་བཀག་པ་མེད་དེ་ད་ལྟ་ཡང་ནུབ་པར་ མ་གྱུར་ཏོ། །རེ་ཞིག་ཡུལ་གྱི་ཁྱད་པར་གཞན་ལྟ་ཞོག་གི་དེ་བཞིན་གཤེགས་པ་མངོན་པར་ རྫོགས་པར་སངས་རྒྱས་པ་འཕགས་པའི་ཡུལ་འདིར་(འཕགས་པའི་ཡུལདུ་དེ་བཞིན་གཤེགས་པ་མངོན་ པར་རྫོགས་པར་སངས་རྒྱས་ཏེ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན་ཞེས་རྩ་མིའི་འགྱུར་ལ་ཡོད་ལ། འཕགས་པའི་ཡུལ་ འགྲེལ་ཆེན་འདི་བརྩམས་པའི་གནས་མིན་པས་འདིར་ཞེས་པའི་སྦྱོར་ལུགས་འགྱུར་རྙིང་ལྟར་ལེགས་སམ་སྙམ་སྟེ་སྐབས་གཞན་ དུ་ཡང་ངོ་)བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན་སྡུད་པར་བྱེད་པ་པོ་ རྣམས་ཀྱིས་ཐེག་པ་གསུམ་གླེགས་བམ་དུ་བྲིས་ཏེ་དེ་བཞིན་གཤེགས་པའི་ངེས་པས་སྡེ་སྣོད་ གསུམ་མཱ་ག་ངྷའི་སྐད་ཀྱིས་བྲིས་སོ། །མདོ་སྡེ་ནི་སིན་ངྷུའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་ པའི་ཚུལ་ནི་ལེགས་པར་སྦྱར་བ(སཾ་ཀྲྀ་ཏ་)འི་སྐད་ཀྱིས་སོ། །སྔགས་ཀྱི་ཚུལ་ལ་རྒྱུད་དང་རྒྱུད་ གཞན་དག་ན་ལེགས་པར་སྦྱར་བའི་སྐད་དང༌། ཐ་མལ་བ(པྲ་ཀྲྀ་ཏ་)འི་སྐད་དང་ཟུར་ཆག་(ཨ་བ་ བྷྲཾ་ཤ་)གི་སྐད་དང་ལེགས་པར་སྦྱར་བ་མ་ཡིན་པར་རི་ཁྲོད་པ་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་ ཏེ་དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་རྣམས་སྡུད་པར་བྱེད་པ་པོ་ རྣམས་ཀྱིས་བྲིས་སོ། །དེ་བཞིན་དུ་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ་ རྒྱ་ནག་ཏུ་རྒྱ་ནག་གི་སྐད་ཀྱིས་སོ། །རྒྱ་ནག་ཆེན་པོར་རྒྱ་ནག་ཆེན་པོ(དམན་ཙེ་)འི་སྐད་ཀྱིས་སོ། ། (སོག་པོ་)པཱར་སི་ཀའི་ཡུལ་དུ་པཱར་སི་ཀའི་སྐད་ཀྱིས་སོ། །ཆུ་བོ་ཤཱི་ཏ(ཞེས་པ་བསིལ་བ)འི་བྱང་དུ་ (ཤམ་བྷ་ལའི་ཡུལ་དགུ་བཅུ་རྩ་དྲུག་གི་ཁྱད་པར་)ཙམ་པ་ཀའི་ཡུལ་གྱི་སྐད་དང་སྤྲེའུ་ཡི་ཡུལ་གྱི་སྐད་དང་ གསེར་ཞེས་བྱ་བའི་ཡུལ་གྱི་སྐད་གྱིས་སོ། །དེ་བཞིན་དུ་ཆུ་བོ་སྔོན་པོའི་བྱང་དུ་རུག་མ་ཞེས་ བྱ་བའི་ཡུལ་གྱི་སྐད་དང་སུ་རྃ་མའི་ཡུལ་གྱི་སྐད་ཀྱིས་སོ། །དེ་ལྟར་གྲོང་བྱེ་བ་བྱེ་བའི་བདག་ ཉིད་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་ཡུལ་དགུ་བཅུ་རྩ་དྲུག་གི་སྐད་ཀྱིས་བྲིས་སོ། །དེ་བཞིན་ དུ་(འཛམ་གླིང་ཆེན་པོའི་ས་)དུམ་བུ་བཅུ་གཉིས་དང་མཐོ་རིས་དང་མི་ཡུལ་དང་ས་འོག་རྣམས་སུ་ 2-1-127 སེམས་ཅན་སྣ་ཚོགས་ཀྱི་སྐད་ཀྱིས་སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཐེག་པ་གསུམ་བྲིས་ཏེ་ ཉན་ཐོས་རྣམས་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་རྣམས་ཀྱིས་རང་སངས་རྒྱས་ ཀྱི་ཐེག་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་{བྱང་ཆུབ་སེམས་དཔའི་}ཐེག་པ་ཆེན་ པོ་ཕ་རོལ་ཏུ་ཕྱིན་པ་དང་ཐེག་པ་ཆེན་པོ་གསང་སྔགས་(རིམ་པ་ལྟར་)རྒྱུ་( དོན་དམ་སྟོང་ཉིད་)དང་ འབྲས་བུ(དོན་དམ་བདེ་བ་)འི་བདག་ཉིད་དེ་(ཇི་སྐད་དུ། སྟོང་བ་ལས་བྱུང་གཟུགས་བརྙན་རྒྱུ། །མི་འགྱུར་ལས་སྐྱེས་ བདེ་བ་འབྲས། །རྒྱུ་ནི་འབྲས་བུ་རྒྱས་བཏབ་པ། །འབྲས་བུ་རྒྱུ་ཡིས་རྒྱས་བཏབ་པའོ། །སྟོང་ཉིད་གཟུགས་བརྙན་འཛིན་པ་རྒྱུ། ། སྙིང་རྗེ་འགྱུར་མེད་བདེ་བ་འབྲས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་དེ་མི་འཕོ་བའོ། །ཞེས་པ་རྩ་བའི་རྒྱུད་དུ་ གསུངས་སོ་)སྡུད་པར་བྱེད་པ་པོ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་གདུལ་བར་བྱ་བའི་དོན་དུའོ། ། སྡུད་པར་བྱེད་པ་པོ་སྣ་ཚོགས་ཀྱིས་ཡུལ་སྣ་ཚོགས་ཀྱི་སྐད་ཀྱིས་བྲིས་པའི་ལུང་དང་རིགས་ པ་འདིས་རྣམ་པར་དཔྱད་པ་ན་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་གསུང་ གིས་ཆོས་སྟོན་པ་པོ་ཡིན་གྱི་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་གཞན་ནི་མ་ཡིན་ནོ། ། ༈ ཇི་སྟེ་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱི་ནང་ན་ཡོན་ཏན་འདི་དག་ཡོངས་ སུ་རྫོགས་པ་འགའ་ཞིག་ཡོད་ན་དེ་ཡང་བདག་ཅག་གིས་རྣམ་པ་ཐམས་ཅད་དུ་ཕྱག་བྱ་བ་དང་ མཆོད་པར་བྱ་བ་དང་བཀུར་བར་བྱ་བ་ཡིན་ནོ། །མཁས་(པ་)རྣམས་(ཡོན་ཏན་ཡོད་མེད་དཔྱད་ནས་) ཡོན་ཏན་(ཅན་)ལ་གུས་ཀྱི། །(ཡོན་ཏན་ཡོད་མེད་མི་དཔྱོད་པར་)སངས་རྒྱས་(དང་)དབང་ཕྱུག་སོགས་ (ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ནས་དེ་དག་)ལ་(གུས་པ་དང་མ་གུས་པར་བྱེད་པ་)མིན་(ནོ)། །ཡོན་ཏན་མེད་ལའང་ (ཞེན་པ་ཙམ་གྱིས་)གུས་པ་གང་(ཡིན་པ)། །དེ་བླུན་(ཞིང་)མི་དགེའི་ལས་ལས་སྐྱེས(སོ)། །(དེ་ལ་སངས་ རྒྱས་པ་རྣམས་ནི་)སེམས་ཅན་རྣམས་ལ་ཕན་པའི་ཆོས། །(ཕན་སེམས་དང་ལྡན་པའི་)ཐ་མལ་(སྟེ་ལེགས་སྦྱར་ གྱི་སྐད་ལ་མི་མཁས་)པས་ཀྱང་སྟོན་པར་བྱེད(དེ་དམ་པའི་བྱམས་ལྡན་རྨོངས་པའི་ཚིག་ལས་མཆོག་གི་བདེ་བ་བྱེད་ཅིང་ སེམས་ཅན་བདེ་ལ་རྗེས་སུ་ཆགས་ཞེས་སོ)། །(མུ་སྟེགས་བྱེད་ལེགས་སྦྱར་གྱི་སྒྲ་ལ་མཁས་པ་རྣམས་ཀྱང་)གསལ་པ(སྟེ་ 2-1-128 ངེས་པ་)ར་བདག་གི་[དགའ་མི་དགས[དགེ་མི་དགེ་(རྩ་མི་ཟེར་)](ཞེས་པ་དགེ་བ་བསྒྲུབ་པ་དང་མི་དགེ་བ་ སྤང་བའི་དོན་ནོ)། །སེམས་ཅན་རྣམས་ལ་འཚེ་བ་(སྲོག་གི་མཆོད་སྦྱིན་ཆོས་སུ་)སྟོན(ནོ་དེས་ན་སངས་རྒྱས་ཁོ་ན་ ལ་གུས་པར་བྱ་དགོས་པ་ཡིན་ནོ)། །(བྲམ་ཟེ་རྣམས་ནི་ངན་པའི་ཆོས་ལ་སྤྱོད་པ་སྟེ་དཔེར་ན་)མ་ཡང་སྲིན་མོ་འཇིག་ རྟེན་ན། །རང་གི་བུ་ལ་(བསད་ནས་)བཟའ་བར་སེམས(ལ)། །གང་ཞིག་(རང་གི་)བུ་ལ་བརྩེ་མེད་ པ། །དེ་ལ་སྐྱེ་བོ་གཞན་(ལ་བརྩེ་བ་)ལྟ་ཅི(སྨོས་ཏེ་བརྩེ་བ་མེད་དོ)། །མཆོད་སྦྱིན་ལ་སོགས་ཆོས་ཀྱི་ རྒྱུར། །གང་ལ(རང་གི་)ཕ་(དང་)མ་(ཡང་)གསོད་པར་ནི། །རང་དོན་ལྷུར་ལེན་(གྱི་)བྲམ་ཟེས( སཾ་ ཀྲྀ་ཏ་ལ་མཁས་པ་)བརྗོད(ཕ་མ་ཡང་གསོད་པ)། །དེ་ལ་(སེམས་ཅན་)གཞན་ནི་(གསོད་པར་མི་བྱེད་པ་ལྟ་)[ལྟ་ཅི་ སྨོས[ཅི་ཞིག་གཏམ(རྩ་མི་ཟེར་ར་དང་མཐུན་)] ཏེ་(སྨོས་པ་སེམས་ཅན་གཞན་ལ་འཚེ་བ་ལས་འོས་མེད་ཅིང་བྲམ་ཟེ་ རྣམས་གུས་པར་བྱ་བའི་གནས་མ་ཡིན་ནོ)། ། ༈ (སྟོན་པ་པོ་དང་གསོལ་བ་འདེབས་པ་པོའི་འབྲེལ་བསྒྲུབ་པའི་མཇུག་བསྡུ་བ་ནི་)དེའི་ཕྱིར་མཆོག་གི་དང་ པོའི་སངས་རྒྱས་སུ་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་ཐམས་ ཅད་ལ་ཐུགས་བརྩེ་བ་ཅན་ཐམས་ཅད་མཁྱེན་པ་སྐད་ཐམས་ཅད་ཀྱིས་ཆོས་སྟོན་པ་པོ་ཡིན་ ལ། དེ་བཞིན་དུ་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོ་ནི་གསོལ་བ་འདེབས་པ་པོ་ དང་སྡུད་པ་པོ་ཡིན་པར་རབ་ཏུ་གྲུབ་པོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་ཐམས་ཅད་མཁྱེན་པ་ཞེས་པ་ལ་ སོགས་པས་རྒྱུད་ཀྱི་རྒྱལ་པོ་སྟོན་པ་པོ་དང་གསོལ་བ་འདེབས་པ་པོ་སྒྲུབ་པའི་མདོར་བསྡུས་ ཏེ་བཞི་པའོ།། །། ༈ (ལྔ་པ་རྡོ་རྗེའི་རྣལ་འབྱོར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་དགོས་པ་དང་དགོས་པའི་དགོས་པ་ལ་སོགས་ པ་ཞུས་པའི་ངོ་བོ་ཉིད་)ད་ནི་རྡོ་རྗེའི་རྣམ་འབྱོར་བསྡུ་བ་གསུངས་པ་རྣལ་འབྱོར་དཔལ་ལྡན་དུས་ 2-1-129 འཁོར་ཞེས་པ་ལ་སོགས་པ་སྟེ་སྔགས་ཀྱི་ཚུལ་འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་ པའི་བདེན་པ་ལ་ཡང་དག་པར་བརྟེན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུད་དང་རྒྱུད་ གཞན་དག་ཏུ་དོན་རྣམ་པ་གཉིས་ངེས་པར་བསྟན་ཏེ་གཅིག་ནི་འཇིག་རྟེན་ཀུན་རྫོབ་ཀྱིས་ ཡིན་ལ་གཉིས་པ་ནི་དོན་དམ་པས་སོ། །དེ་ལ་གང་(བརྗོད་བྱ་)འཇིག་རྟེན་ཀུན་རྫོབ་ཀྱི(བདེན་པ་ ལས་བརྩམས་ན་)ས་བསྟན་པ་དེ་ནི་(རིགས་པས་མི་གནས་པ་སྟོན་པ་)དྲང་བའི་དོན་ཡིན་ལ་གང་(བརྗོད་བྱ་)ལ་དོན་དམ་པ(འི་བདེན་པ་ལ་བརྩམས་ན་)ས་བསྟན་པ་དེ་ནི་(རིགས་པས་དཔྱད་བཟོད་པ་སྟོན་)ངེས་པའི་ དོན་ཏོ། །དོན་རྣམ་པ་གཉིས་པོ་འདི་སློབ་མ་རྣམས་ཀྱིས་བླ་མ(རིགས་ལྡན་ཆེན་པོ་)འི་མན་ངག་ ལས་ཁུང་དུ་ཆུད་པར་བྱ་བའོ། །དེ་ལྟར་རྒྱུད་དང་རྒྱུད་གཞན་ཐམས་ཅད་ལ་བརྗོད་པར་བྱ་ བ་རྣམ་པ་གཉིས་ཏེ་གཅིག་ནི་འཇིག་རྟེན་ཀུན་རྫོབ་ཀྱིས་ཡིན་ལ་གཉིས་པ་ནི་དོན་དམ་པས་ སོ། །གང་འཇིག་རྟེན་ཀུན་རྫོབ་ཀྱིས་ཡིན་པ་དེ་ནི་(ལྷའི་)ཁ་དོག་དང་ཕྱག་དང་མཚན་མ་དང་ དབྱིབས་ཀྱི་(རྣམ་པར་རྟོག་པས་བརྟགས་པའི་)མཚན་ཉིད་ཅན་ནོ། །གང་དོན་དམ་པའི་བདེན་པས་ ཡིན་པ་དེ་ནི་(ཕྱི་ནང་གི་)ཁ་དོག་དང་ཕྱག་དང་མཚན་མ་དང་དབྱིབས་དང་བྲལ་བའོ། །འདི་ དག་ལས་གང་འཇིག་རྟེན་ཀུན་རྫོབ་ཀྱིས་བསྟན་པ་དེ་ནི་(དགོས་པ་)ཕྱི་དང་ནང་ལ་འཇིག་རྟེན་ པའི་དངོས་གྲུབ་སྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་ཏེ་འཇིག་ རྟེན་པའི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བར་བྱེད་པའོ། །གང་དོན་དམ་པའི་བདེན་པས་བསྟན་ པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་སྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ་ (རྫོགས་རིམ་གྱི་དམིགས་པ་)གཞོན་ནུ་མ་རྣམས་ཀྱིས་མེ་ལོང་(དང་མཐེ་བོ་)ལ་སོགས་པ་ལ་ཕྲ་ཕབ་ པ(འི་སྣང་པ་)བཞིན་དུ་(སོ་སོར་སྡུད་བསྒོམ་པ་ལ་སོགས་པའི་)རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་ ཀྱི་(རང་བཞིན་)འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་(དུ་བ་སྨིག་རྒྱུ་ལ་སོགས་པའི་རྣམ་པར་)སྣང་བ་ 2-1-130 འདོད་པའི་དོན་གྱི་འབྲས་བུ་སྟེར་བ་(པོ་རྒྱུ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་སེམས་)སྟེ་འབྲས་བུ་ནི་ འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་སེམས་སོ། ། ༈ (རྒྱུ་སྟོང་ཉིད་འབྲས་བུ་འགྱུར་མེད་བདེ་བའི་)སེམས་འདི་གཉིས་(མེའི་འོད་དང་བསྲེགས་པར་བྱེད་པ་ལྟར་ གདོད་མ་ནས་རོ་)གཅིག་པ་ཉིད་ནི་ཤེས་རབ་དང་ཐབས་(དབྱེར་མེད་)ཀྱི་བདག་ཉིད་(ཅེས་པ་དང་)རྡོ་ རྗེའི་རྣལ་འབྱོར་དོན་(དེ་འབྲས་བུ་)ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་སངས་རྒྱས་རིས་མེད་ པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔ(རྡོ་རྗེ་འཆང་ཆེན་པོ་ཞེས་པ་)ར་(དུས་འཁོར་ གྱི་རྒྱུད་ཁོ་ནར་མ་ཟད་)རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་གྲགས་སོ། །བཅོམ་ལྡན་འདས་དེ་ཉིད་ (འགྱུར་མེད་བདེ་བའི་)རྒྱུའི་(སྟོང་ཉིད་གཙོ་བོར་སྟོན་པ་)མཚན་ཉིད་(དེ་བདག་ཉིད་)ཕ་རོལ་ཏུ་ཕྱིན་པའི་ཚུལ་ ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངོ་བོ་ཉིད་(དམ་རང་བཞིན་)ཀྱི་སྐུ་ཞེས་གསུངས་ཏེ་དེ་སྐད་ དུ་ཡང་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་(ལུས་རྣམ་བཞག་གི་ཆོས་སྐུའི་སྐབས་ སུ་སྐུ་གསུམ་)མཛད་པ་དང༌། བཞིར་ངེས་པར་(མགོན་པོ་)བྱམས་པས་གསུངས་པ། ངོ་བོ་ཉིད་(ཀྱི་ སྐུུ་)ལོངས་རྫོགས(པའི་སྐུ་དང་)བཅས་(པ་)དང༌། །དེ་བཞིན་གཞན་པ་སྤྲུལ་པ(འི་སྐུ་སྟེ་སྐུ་གསུམ་) ནི། །(དངོས་པོ་བརྒྱད་ལས་)ཆོས་(ཀྱི་)སྐུ་(ཡིན་ལ་)མཛད་པར་(འཕྲིན་ལས་དང་)བཅས་པ་སྟེ། །རྣམ་པ་ བཞིར་ནི(མདོ་ལས་)ཡང་དག་བརྗོད། །(འདི་ལ་ཁ་ཅིག་ངོ་བོ་ཉིད་སོགས་གསུམ་ཆོས་སྐུ་དང་བཅས་པ་སྐུ་བཞིར་ འཆད་པ་ནི་དགོངས་པ་མ་ཡིན་ཏེ་ཕར་ཕྱིན་ཐེག་པའི་གཞུང་གཞན་རྣམས་སུ་ཡང་སྐུ་གསུམ་ལས་མ་བསྟན་པས་སོ། །དེས་ན་ འདིར་སྐུ་གསུམ་གྱི་ཡ་གྱལ་ཆོས་སྐུ་ནི་ངོ་བོ་ཉིད་སྐུ་དང་དོན་གཅིག་ལ་འདིར་སྨོས་པའི་ཆོས་སྐུ་ནི་དངོས་པོ་བརྒྱད་ཀྱི་ཡ་གྱལ་ སངས་རྒྱས་ཀྱི་ས་ཙམ་ལ་ཆོས་སྐུར་བརྗོད་པ་དེ་ཡིན་ནོ་ཞེས་འཕགས་པ་གྲོལ་སྡེ་སོགས་བཞེད་པ་ལྟར་ཡིན་ནོ། །འཇམ་དཔལ་ གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། སྐུ་བཞི་སྟོན་པ་ལ་ཚིགས་བཅད་འདི་དང་འདྲ་བ་མཛད་པ་ནི་ཚིག་འདྲ་བར་ཡིན་ གྱི་གཞུང་འདིས་སྐུ་བཞི་བསྟན་པར་སྦྱོར་བ་ནི་མ་ཡིན་ནོ། །འདིར་ཡང་མཛད་པ་དང་བཞི་ཞེས་གསུངས་པ་ནི་ཉིད་ཀྱིས་གཞུང་ འདིའི་དོན་སྐུ་བཞི་ཡིན་པར་མ་བསྟན་ནོ་)ཅེས་སོ། །བཅོམ་ལྡན་འདས་དེ་ཉིད་(དམིགས་བཅས་སྟོང་ཉིད་ཀྱི་) 2-1-131 འབྲས་བུ(ལྷན་སྐྱེས་བདེ་བ་གསལ་བར་སྟོན་པ་)འི་མཚན་ཉིད(དེ་བདག་ཉིད་)སྔགས་ཀྱི་ཚུལ་ལ་(དམིགས་ བཅས་སྟོང་ཉིད་)ལྷན་ཅིག་སྐྱེས་པའི་དགའ་བ་དང་ལྷན་ཅིག་སྐྱེས་པའི་སྐུ་ཞེས་གསུངས་ཏེ་གཟུང་ བ་(ཤེས་བྱ་)དང་འཛིན་པ་(ཤེས་པ་ཐ་དད་)སྤངས་པ་རྣམ་པར་ཤེས་པའི་ཆོས་ཉིད་(ནི་མིག་ལ་སོགས་ པའི་དངོས་པོ་མེད་པ་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་པར་ར་ཝི་ཤྲིས་འཆད་དེ་དེ་)ལས་འདས་པ་སྲིད་པ་དང་མྱ་ ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་སངས་རྒྱས་རྣམས་ཀྱི་(དཔལ་ལམ་སྐུ་)འདུས་པ་དང་ ལྷ་མོ(མཁའ་འགྲོ་མ་)རྣམས་ཀྱི་(འཁོར་ལོ་གཅིག་ཏུ་)སྡོམ་པ་ཡང་སྟེ་འདི་ནི་ཡེ་ཤེས་ཀྱི་སྐུ་དང་ལྷན་ ཅིག་རོ་མཉམ་པ་ཉིད་དོ་ཞེས་པ་ངེས་པའི་དོན་ཏོ། ། ༈ འདིར་རྣལ་འབྱོར་པ་རྣམས་ཀྱི་(མ་རིག་པའི་ངོ་བོ་ཡོད་མེད་ལ་སོགས་པ་)ཕྱོགས་སུ་འཛིན་པ་( ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཁམས་གསུམ་པའི་སེམས་དང་སེམས་བྱུང་)ཐམས་ཅད་ཉམས་པར་བྱ་བའི་སླད་ དུ་(སངས་རྒྱས་རྣམས་ཀྱི་དོན་དམ་པའི་ཡེ་ཤེས་ཀྱི་སྐུ་ཐབས་ཤེས་དབྱེར་མེད་པ་)རྡོ་རྗེའི་རྣལ་འབྱོར་རིས་མེད་པ་ རྟག་པ་དང་(དངོས་པོ་)ཆད་པ་(དངོས་པོ་མེད་པ་)སྤངས་པ་འཇིག་རྟེན་པའི་དཔེ་ལས་འདས་པ་(སྟེ་ དཔེ་གང་གིས་ཀྱང་ཇི་ལྟ་བ་བཞིན་མཚོན་དུ་མེད་པ་ལུས་ལ་ཡེ་ཤེས་ཆེན་པོ་གནས་རྟོག་པ་ཐམས་ཅད་ཡང་དག་སྤང་ཞེས་པ་ལྟར་)ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་པ་(སྟེ་རྟོག་པའི་དྲི་མ་དང་བྲལ་བ་)གཞོན་ནུ་མའི་མེ་ལོང་ ལ་པྲ་ཕབ་པ་བཞིན་(སོ་སོར་རྟོག་པའི་བསྒོམ་པ་སོགས་ཀྱི་)རང་གི་སེམས་ཀྱིས་མ་བརྟགས་པ་(དུ་བ་སྨིག་ རྒྱུ་སོགས་ཀྱི་རྣམ་པར་རྣལ་འབྱོར་པ་ཡིས་)མངོན་སུམ་དུ་མཐོང་པ་(ཕྱག་རྒྱ་ཆེན་པོ་རང་ཉིད་ལ་གདོད་མ་ནས་བཞུགས་ པ་ལ་)ཡིད་ཆེས་པའི་དོན་(ཏེ་འབྲས་བུ་)ཅན་(རྒྱུར་གྱུར་པ་འཁོར་འདས་ཀྱི་)རྣམ་པ་ཐམས་ཅད་པ་ནམ་ མཁའ་ལས་བྱུང་བ་(ཐོག་མཐའ་བར་དུ་དགེ་བས་)ཀུན་ཏུ་བཟང་པོ་(ཡེ་ཤེས་ཀྱི་སྐུའི་དབང་པོ་གཅིག་གིས་ཀྱང་ མཆོག་གི་ཡུལ་ཐམས་ཅད་རིག་པས་དབང་པོ་གཅིག་ཉིད་དབང་པོ་ཀུན་གྱི་བདག་ཉིད་ཡིན་པའི་)དབང་པོ་ཐམས་ཅད་ པ་(སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཡིན། །དམ་ཚིག་ མཆོག་གི་འདོད་པ་མཆོག །ཅེས་འབྱུང་བ་ལྟར་)སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་(རང་བཞིན་འོད་གསལ་) 2-1-132 དུ་གནས་པ་(སྟེ་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་བཞུགས་པའི་བདེ་གཤེགས་སྙིང་པོ་ཡིན་ལ་)ལྷན་ཅིག་སྐྱེས་ པའི་དགའ་བ་གཏན་ཚིགས་དང་དཔེ་སྤངས་པ་(སྟེ་རྟགས་ལ་བརྟེན་ནས་རྗེས་སུ་དཔག་པར་མི་ནུས་ཤིང་ དཔེས་མཚོན་དུ་མེད་པ་ཆོས་དབྱིངས་འོད་གསལ་)འདི་ཡི་དཔེར་དངོས་པོ་དང་དངོས་པོ་མེད་པ་གཅིག་པ་ ཉིད་(འཇིག་རྟེན་ན་སྲིད་ན་)འགྱུར་ཏེ། (དངོས་པོ་དང་དངོས་མེད་གཉིས་)ཆོས་མི་མཐུན་པའི་ཕྱིར་རོ། ། ༈ (དེ་རྒྱས་པར་བཤད་པ་ནི་)དཔེར་ན་འཇིག་རྟེན་པའི་(དངོས་པོར་ཡོད་པའི་)དཔེ་བུམ་པ་དང་(ཆུ་ འཛིན་ལ་སོགས་པའི་)ཆོས་མི་མཐུན་པའི་ཕྱིར་ནམ་མཁའི་མེ་ཏོག་ནི་(དངོས་པོ་)མེད་པ་(སྟེ་ཆུ་ འཛིན་པའི་དོན་བྱེད་པ་སོགས་དང་དངོས་པོའི་ཆོས་)ཐམས་ཅད་ཀྱིས་མེད་དོ། །དེ་བཞིན་དུ་(དངོས་པོ་མེད་པའི་ དཔེ་)ནམ་མཁའི་མེ་ཏོག་དང་(དོན་བྱེད་ནུས་པས་སྟོང་པ་སོགས་ཀྱི་)ཆོས་མི་མཐུན་པའི་ཕྱིར་བུམ་པ་ནི་ (ཆུ་འཛིན་པའི་དོན་བྱེད་ནུས་པ་སོགས་རང་གི་)དངོས་པོ་ཐམས་ཅད་ཀྱིས་ཡོད་དོ་ཞེས་(ནམ་མཁའི་མེ་ཏོག་དང་ བུམ་པ་)འདི་གཉིས་ཕན་ཚུན་(དོན་བྱེད་ནུས་པ་དང་མི་ནུས་པ་)ཆོས་མི་མཐུན་པའི་ཕྱིར་(འདི་གཉིས་གཅིག་ ཏུ་འདུས་པ་ཞིག་འཇིག་རྟེན་ན་སྲིད་ན་ཆོས་ཉིད་འོད་གསལ་རྡོ་རྗེའི་རྣལ་འབྱོར་གྱི་)དཔེར་(རུང་བར་)འགྱུར་རོ། །དེ་ བཞིན་དུ་(ཅི་ཡང་མེད་པའི་)ཆད་པ་དང་ཆོས་མི་མཐུན་པའི་ཕྱིར་སྲིད་པ་ནི་དངོས་པོ་(ཡོད་པ་སྟེ་དངོས་ པོའི་ཆོས་)ཐམས་ཅད་ཀྱིས་ཡོད་དོ། །(དངོས་པོ་ཡོད་པ་)སྲིད་པ་དང་ཆོས་མི་མཐུན་པའི་ཕྱིར་ཆད་པ་ ནི་(དངོས་པོ་)མེད་པ་(སྟེ་དངོས་པོའི་ཆོས་)ཐམས་ཅད་ཀྱིས་མེད་དོ། །(འདིར་)ཆད་པ(ཞེས་པ་)འི་སྒྲས་ ནི(ཉན་རང་རྣམས་འདོད་པའི་)མྱ་ངན་ལས་འདས་པ་(ཕུང་པོའི་)དངོས་པོ་(ཐམས་ཅད་)མེད་པ(ཙམ་གྱི་)འི་ མཚན་ཉིད་(ཅི་ཡང་མེད་པ་ཉིད་)དོ། ། ༈ དེ་བཞིན་དུ་འཇིག་རྟེན་ལས་འདས་པ(འོད་གསལ་རྡོ་རྗེའི་རྣལ་འབྱོར་འདི་)འི་དཔེར་བུམ་པ་ དང་ནམ་མཁའི་མེ་ཏོག་འདི་གཉིས་གཅིག་པ་ཉིད་(འཇིག་རྟེན་ན་སྲིད་པ་ཡིན་ན་)འགྱུར་ཏེ། (བུམ་པ་ དང་ནམ་མཁའི་མེ་ཏོག་ཕན་ཚུན་)ཆོས་མི་མཐུན་པའི་ཕྱིར་རོ། །(འོ་ན་བུམ་པ་དང་ནམ་མཁའི་མེ་ཏོག་གཅིག་པ་ ཞིག་འཇིག་རྟེན་ན་སྲིད་དམ་སྙམ་ན་)བུམ་པ་དང་ནམ་མཁའི་མེ་ཏོག་འདི་དག་འཇིག་རྟེན་ཀུན་རྫོབ་ཏུ་ 2-1-133 གཅིག་པ་ཉིད་མེད་དེ་(ཡོད་མེད་)ཕན་ཚུན་འགལ་བའི་ཕྱིར་རོ། །(ཡོད་མེད་གཉིས་ཕན་ཚུན་འགལ་བའི་ ཚུལ་ནི་ཆོས་)གང་གིས་གང་(ཞིག་)ཡོད་པ(ར་གྱུར་པ་)དེ་ནི་མེད་པར་མི་འགྱུར་ཞིང་(ཆོས་གང་གིས་)གང་ (ཞིག་)མེད་པ(ར་གྱུར་པ་)དེ་ནི་ཡོད་པར་མི་འགྱུར་ཏེ། (ཆོས་དེ་གང་ཡིན་ན་དངོས་པོ་དང་དངོས་ པོ་མེད་པའི་(ཆོས་ཀྱི་)རང་བཞིན་ལས་སོ། །(དངོས་པོའི་ཆོས་)གང་གིས་(དངོས་པོ་)ཡོད་པའི་མཚན་ ཉིད་ཀྱི་སེམས་སུ་འགྱུར་པ་དེས་མེད་པའི་མཚན་ཉིད་(ཀྱི་)ཏུ་(སེམས་སུ་)དུ་མི་འགྱུར་རོ། །(དངོས་ པོ་མེད་པའི་ཆོས་)གང་གིས་མེད་པའི་མཚན་ཉིད་ཀྱི་སེམས་སུ་འགྱུར་བ་དེས་ཡོད་པའི་མཚན་ ཉིད་(ཀྱི་སེམས་སུ་)དུ་མི་འགྱུར་ཏེ་འགལ་བའི་ཕྱིར་རོ། །(དེ་ལྟར་ན་སྤྱིར་དངོས་པོ་དང་དངོས་པོ་མེད་པ་གཅིག་ ཡིན་པ་འཇིག་རྟེན་ན་མི་སྲིད་ཅིང་བྱེ་བྲག་ཏུ་བུམ་པ་དང་ནམ་མཁའི་མེ་ཏོག་གཅིག་ཡིན་པ་འཇིག་རྟེན་ན་མི་སྲིད་པའི་ཕྱིར་དེ་དག་ ཆོས་ཉིད་འོད་གསལ་རྡོ་རྗེའི་རྣལ་འབྱོར་གྱི་དཔེར་མི་རུང་ལ་དེ་དག་ལས་གཞན་པའི་དཔེ་ཡང་མེད་པའི་ཕྱིར་རྡོ་རྗེའི་རྣལ་འབྱོར་ འདི་འཇིག་རྟེན་པའི་དཔེ་ཐམས་ཅད་ལས་འདས་པ་སྟེ་འཇིག་རྟེན་ལས་ཤིན་ཏུ་འདས་པའོ་ཞེས་དགོངས་པ་ཡིན་ནོ། །དངོས་ པོ་དངོས་མེད་གཅིག་པ་ཞིག་སྲིད་ན་དཔེར་རུང་ཞེས་པའི་ཆོས་མཐུན་པ་དོན་ལ་སྦྱར་བ་ནི་)འདིར་ཡང་(དམིགས་བཅས་)སྟོང་པ་ཉིད་དང་(དམིགས་མེད་)སྙིང་རྗེའི་བདག་ཉིད་ཀྱི་[གཟུགས་[སྐུ་](རྩ་མི་དང་ར་ཟེར་)(འཁོར་ བ་ཐམས་ཅད་ཀྱི་ལུས་ལ་གནས་ཀྱང་འཁོར་བའི་བག་ཆགས་དང་བྲལ་བ་)རྣམ་པར་དག་པའི་སེམས་གཞོན་ནུ་ མའི་པྲ་ཕབ་པ་ལྟ་བུུ་(ཆོས་ཉིད་འོད་གསལ་ལྟ་བུ་)ནི་(ས་ལ་སོགས་པ་)གཟུགས་ཀྱི་(རྣམ་པར་མཉམ་བཞག་ཡེ་ ཤེས་སྤྱན་སོགས་ལ་སྣང་ཡང་གཟུགས་ཀྱི་)མཚན་ཉིད་(གཟུགས་སུ་རུང་བ་)མ་ཡིན་ཏེ་(གཟུགས་ཀྱི་)རྡུལ་ཕྲ་རབ་ མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་(ཅི་ཡང་མེད་པ་)མ་ཡིན་ཏེ་སྟོང་པའི་གཟུགས་ (སུ་སྣང་བ་)ཡོད་པའི་ཕྱིར་རོ(དེ་བཞིན་དུ་སྒྲ་ལ་སོགས་པའི་རྣམ་པ་ཐམས་ཅད་ལ་སྦྱར་བར་བྱ་སྟེ་དབང་མདོར་བསྟན་ པར། གཟུགས་དང་གཟུགས་མིན་རྣམ་པར་གྲོལ། །པྲ་ཕབ་མེ་ལོང་ལ་བཞིན་ནོ། །ཞེས་སོ། །དེ་ཉིད་སྟོང་པའི་གཟུགས་སུ་ ཡོད་པས་དངོས་པོ་ལྟ་བུ་ཡང་ཡིན་ལ། རྡུལ་ཕྲ་རབ་མེད་པས་དངོས་མེད་ལྟ་བུ་ཡང་ཡིན་ཏེ། དབང་མདོར་བསྟན་པར། དངོས་ པོ་དངོས་མེད་ཡང་དག་སྦྱོར། །རྡོ་རྗེའི་རྣལ་འབྱོར་གཉིས་མེད་མཆོག །ཅེས་སོ། །དེས་ན་རྡོ་རྗེའི་རྣལ་འབྱོར་ནི་རྟོག་གེའི་བློས་ 2-1-134 བསམ་གྱིས་མི་ཁྱབ་པོ)། ། ༈ དེའི་ཕྱིར་(རྡོ་རྗེའི་རྣལ་འབྱོར་གཟུགས་སོགས་)ཀུན་རྫོབ་(ཀྱི་རྣམ་པར་སྣང་ཡང་རྡུལ་ཕྲ་རབ་ཀྱིས་)སྟོང་ པ་ཉིད་ཀྱི་[གཟུགས་[ཚུལ་(རྩ་མི་ཟེར་)]ཅན་དང་སྟོང་པ་ཉིད་(ཡིན་ཡང་གཟུགས་སོགས་)ཀུན་རྫོབ་ཀྱི་ གཟུགས་(སམ་རྣམ་པ་)ཅན་ཏེ་འཇིག་རྟེན་པའི་དཔེ་ལས་འདས་པ་ཉིད་ཀྱི་ཕྱིར་སེམས་གང་(དོན་ དམ་པར་མྱ་ངན་ལས་འདས་པར་བྱ་སེམས་ཅན་ཀུན་གྱི་སེམས་ཆེན་པོའམ་སེམས་གཞན་)ཡོད་པའི་སེམས་(འོད་གསལ་)དེ་ནི་(འཁོར་བའི་)སེམས་མེད་པ་རྟག་པ་དང་ཆད་པའི་ཆོས་ཀྱི་མཚན་ཉིད་དང་བྲལ་བ་སྟོང་པ་ ཉིད་དང་སྙིང་རྗེ་དབྱེར་མེད་པའོ། ། ༈ དོན་དམ་པའི་བདེན་པས་(དོན་དམ་པར་ཡོད་པ་དང་མེད་པའི་)སེམས་གཉི་ག་ཆོས་མི་མཐུན་ པའི་ཕྱིར་(དོན་དམ་པར་ཡོད་པའི་སེམས་དེ་རྡུལ་ཕྲ་རབ་ཏུ་)ཡོད་པ་དང་(ཅི་ཡང་)མེད་པ་(སྟེ་རྟག་ཆད་ཀྱི་མཐའ་ གཉིས་)ལས་འདས་པ་(རྡུལ་ཕྲ་རབ་ཀྱི་)དངོས་པོ་དང་དངོས་པོ་མེད་པ་(སྟེ་ཅི་ཡང་མེད་པ་གདོད་ནས་)ཟད་ པ་རྡོ་རྗེའི་རྣལ་འབྱོར་(གཟུང་འཛིན་སོགས་)གཉིས་སུ་མེད་པ་སྟེ་དེ་བཞིན་གཤེགས་པའི་གསུང་ (ངེས་པའི་དོན་གྱི་བརྗོད་བྱ་)རིས་མེད་པ་ཉིད་ཀྱི་ཕྱིར་རོ། །འདིར་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ ཀྱིས་གསུངས་པ། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་ མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་(ལྷན་ཅིག་སྐྱེས་པའི་)བདེ་བ་ཆེ། ། (མཉམ་བཞག་ཤའི་སྤྱན་སོགས་ལ་གཟིགས་སོགས་ཀྱི་རྣམ་པར་སྣང་ཡང་)ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས་(ཤིང་ སྟོང་ཉིད་ཡིན་ཡང་ཆད་པའི)། །སྟོང་པའི་ཆོས་(རང་སྟོང་སྣང་མེད་)ནི་རྣམ་པར་སྤངས། །རྟག་དང་ཆད་ ལས་རྣམ་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིས་མེད་པ། །ཞེས་སོ། ། ༈ དེ་བཞིན་དུ་(དུས་འཁོར་ལས་)རྒྱུད་གཞན་(དང་གཞན་)དག་ཏུ་ཡང་དེ་བཞིན་གཤེགས་པས་ རྡོ་རྗེའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་པོ་གསུངས་སོ། ། ༈ རྡོ་རྗེའི་རྣམ་འབྱོར་རྣམ་པར་དག་པ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་ 2-1-135 སངས་རྒྱས་པ་དམ་པའི་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་ལྷན་ཅིག་སྐྱེས་པའི་དགའ་བ་འདི་ ནི་(རྣལ་འབྱོར་པའི་མངོན་སུམ་ལ་སྲིད་པ་གསུམ་གྱི་རྣམ་པར་སྣང་ཡང་)འདོད་པའི་སྲིད་པ་ལ་(རྟེན་དང་བརྟེན་པར་ འགྲེལ་བའི་ཚུལ་གྱིས་)མི་གནས་གཟུགས་ཀྱི་སྲིད་པ་ལ་〔རྟེན་དང་བརྟེན་པར་འགྲེལ་བའི་ཚུལ་ གྱིས་〕མི་གནས་གཟུགས་མེད་པའི་སྲིད་པ་ལ་〔རྟེན་དང་བརྟེན་པར་འགྲེལ་བའི་ཚུལ་གྱིས་〕མི་ གནས། འདོད་པའི་(ཟད་པ་ཙམ་གྱི་)མྱ་ངན་ལས་འདས་པ་(ཆད་པ་)ལ་མི་གནས་གཟུགས་(ཁམས་ ཟད་པ་ཙམ་)ཀྱི་མྱ་ངན་ལས་འདས་པ་(ཆད་པ་)ལ་མི་གནས་གཟུགས་མེད་པའི་(ཟད་པ་ཙམ་གྱི་)མྱ་ ངན་ལས་འདས་པ་ལ་〔རྟེན་དང་བརྟེན་པར་འགྲེལ་བའི་ཚུལ་གྱིས་〕མི་གནས་ཏེ་སྲིད་པ་དང་ མྱ་ངན་ལས་འདས་པ་(གང་)ལ་(ཡང་)མི་གནས་པ་ཉིད་ཀྱི་ཕྱིར་རོ། །(སྲིད་འདས་)གཉི་ག་(ཡིན་)ལ་ ཡང་མི་གནས་ཏེ་(སྲིད་འདས་)ཕན་ཚུན(གཉིས་ཀ་ཡིན་པ་)འགལ་བ(སྟེ་མི་སྲིད་པ་)འི་ཕྱིར་རོ། །(དངོས་ པོ་)སྲིད་པ་དང་(ཆད་པའི་)མྱ་ངན་ལས་འདས་པ་(དངོས་པོ་མེད་པ་)ནི་གཅིག་པ་ཉིད་མ་ཡིན་ཏེ་གྲིབ་ མ་དང་ཉི་མ་བཞིན་ནོ། ། ༢ གང་ལ་ཡང་མི་གནས་པ། ༈ དཔེར་ན་མེ་ནི་(རིགས་པས་རྣམ་པར་དཔྱད་ན་)གཙུབ་སྟན་ལ་མི་གནས་གཙུབ་ཤིང་ལ་མི་ གནས་སྐྱེས་བུའི་ལག་པའི་རྩོལ་བ་ལ་མི་གནས་(ཀྱང་མེད་པ་མ་ཡིན་)པ་དེ་བཞིན་དུ་རྡོ་རྗེའི་རྣལ་ འབྱོར་ཡང་ཕྱི་དང་ནང་དང་གཞན་ཐམས་ཅད་ལ་( རྟེན་དང་བརྟེན་པའི་འབྲེལ་བས་མི་གནས་ཀྱང་དེ་ཁོ་ན་ ཉིད་དུ་མེད་པ་མ་ཡིན་པར་)རྣལ་འབྱོར་པས་རྟོགས་པར་བྱའོ། ། ༈ འདིར་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་པ་ནི་〔རྣལ་ འབྱོར་པའི་ལམ་གྱི་གནས་སྐབས་སུ་ཐིག་ལེ་〕མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ ཅིག་(འདུས་བྱས་)སྟེ། (དེས་)སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་པ་འདི་ ནི་(རྣལ་འབྱོར་པའི་)དབུགས་ཀྱི་གྲངས་(ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་རྣམས་)ཀྱི་མཐའ་(འགགས་པའི་དུས་)ཇི་ 2-1-136 སྲིད་པར་(འཛག་མེད་བདེ་བའི་)སྐད་ཅིག་( ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་པ་)ཐམས་ཅད་རྣམ་པར་བསྒོམ་པ་ པོ་ཡིན་ནོ། ། ༈ དེ་ནས་(འཛག་མེད་བདེ་བའི་སྐད་ཅིག་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་)རྫོགས་པའི་སྐད་ཅིག་དེ་ལ་(རྣལ་ འབྱོར་པ་)མངོན་པར་རྫོགས་པར་སངས་རྒྱས་པ་སྟེ་(དེ་ནས་རྣལ་འབྱོར་པ་དེ་)ཡང་དག་པར་རྫོགས་ པའི་སངས་རྒྱས་སོ(ཞེས་བྱའོ)། །འདིར་(མི་འགྱུར་བའི་བདེ་བའི་སྐད་ཅིག་གི་གྲངས་)རྫོགས་པའི་སྐད་ ཅིག་གང་ལ་(སྔར་རྣལ་འབྱོར་པ་ཡིན་པའི་)དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་ སངས་རྒྱས་པའི་སྐད་ཅིག་དེ་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པ་གནས་པ་མེད་པ་འཇིག་པ་ མེད་པ་(ཡང་དག་པའི་མཐའ་མངོན་དུ་མཛད་པ་)སྟེ་(གཟུང་འཛིན་ལ་སོགས་པའི་)རིས་(ཐ་དད་པ་)མེད་པའི་ཕྱིར་ རོ། ། ༈ (ཡང་དག་པའི་མཐའ་འམ་དོན་དམ་པ་ལ་ཆོས་རྣམས་སྐྱེ་གནས་འཇིག་པ་མེད་པའི་རིགས་པ་ནི་དོན་དམ་དཔྱོད་ པའི་སྐབས་)འདིར་སྐད་ཅིག་གང་ལ་(རྟེན་ཅིང་འབྲེལ་བར་འབྱུང་བའི་)ཆོས་རྣམས་སྐྱེ་བར་འགྱུར་བའི་ སྐད་ཅིག་དེ་ལ་གནས་པ་དང་འཇིག་པ་མེད་དོ། །འདིར་སྐད་ཅིག་གང་ལ་གནས་པར་འགྱུར་ བའི་སྐད་ཅིག་དེ་ལ་འཇིག་པ་དང་སྐྱེ་བ་མེད་དོ། །འདིར་སྐད་ཅིག་གང་ལ་ཆོས་ཐམས་ཅད་ འཇིག་པར་འགྱུར་བའི་སྐད་ཅིག་དེ་ལ་སྐྱེ་བ་དང་གནས་པ་མེད་དོ། །དེ་ལྟར་ན་རིམ་པ་ཇི་ལྟ་ བ་བཞིན་ཆོས་ཐམས་ཅད་(ཀྱི་ཆོས་རེ་རེ་)སྐད་ཅིག་སྐྱེ་བ་དང་སྐད་ཅིག་གནས་པ་དང་སྐད་ཅིག་ འཇིག་པ(ཚང་བ་)ར་མི་འགྱུར་(ཏེ་སྐྱེ་བའི་སྐད་ཅིག་ལ་གནས་པ་དང་འཇིག་པ་མ་ཚང་བ་སོགས་ཡིན་པའི་ཕྱིར་)རོ། ། (སྐྱེ་གནས་འཇིག་པའི་སྐད་ཅིག་མ་རྣམས་དུས་)ཅིག་ཅར་(དུ་འབྱུང་བ་)ཡང་མི་སྲིད་དེ་ཆོས་ཐམས་ཅད་དུས་ གཅིག་ཏུ་སྐྱེ་བ་དང་གནས་པ་དང་འཇིག་པའི་སྐད་ཅིག་རྣམས་གཅིག་པ་ཉིད་ཡོད་པ་མ་ཡིན་ (ཏེ་སྐྱེ་བ་དང་གནས་པ་དང་འཇིག་པའི་སྐད་ཅིག་མ་རྣམས་ཕན་ཚུན་གཅིག་ཡིན་ན་ཅིག་ཤོས་ཡིན་པར་འགལ་བའི་ཕྱིར་རོ་) ནོ། །ཅི་སྟེ། རིམ་པ་ཇི་ལྟ་བར་སྐྱེ་བའི་སྐད་ཅིག་ལས་གནས་པའི་སྐད་ཅིག་དང་གནས་པའི་ 2-1-137 སྐད་ཅིག་ལས་འཇིག་པའི་སྐད་ཅིག་དང་འཇིག་པའི་སྐད་ཅིག་ལས་སྐྱེ་བའི་སྐད་ཅིག་འབྱུང་ ངོ་ཞེ་ན། འདི་ཉིད་དོན་དམ་པ(དཔྱོད་པ་)འི་རིགས་པས་མི་འཐད་དེ་འདིར་སྐད་ཅིག་སྔ་མ་མ་ འགགས་པ་ལས་སྐད་ཅིག་གཞན་མི་འབྱུང་(སྟེ་འབྱུང་ན་སྐད་ཅིག་སྔ་ཕྱི་དུས་མཉམ་པར་ ཐལ་པར་འགྱུར་)ཞིང་དེ་བཞིན་དུ་(སྐད་ཅིག་སྔ་མ་)འགགས་པ་ལས་ཀྱང་(སྐད་ཅིག་ཕྱི་མ་)མི་འབྱུང་ (སྟེ་མེད་པ་རྒྱུ་མ་ཡིན་པའི་ཕྱིར་རོ་)ངོ༌། །(རིགས་པས་རྣམ་པར་དཔྱད་ན་)དཔེར་ན་ས་བོན་མ་ཉམས་པ་ལས་ མྱུ་གུ་མི་འབྱུང་ཞིང་ཉམས་པ་ལས་ཀྱང་མི་འབྱུང་བ་བཞིན་ནོ། །དེ་ལྟར་ན་དོན་དམ་པར་ཡོད་ པའི་དངོས་པོ་མེད་པའི་ཕྱིར་སྐད་ཅིག་གཅིག་མེད་དེ་གཅིག་དང་དུ་མ་འགལ་བའི་ཕྱིར་རོ། ། ༈ (མི་འགྱུར་བའི་བདེ་བའི་)འདིར་སྐད་ཅིག་ཐམས་ཅད་རྣམ་པར་སྒོམ་པ་པོ་(རྣལ་འབྱོར་པ་)སྐད་ ཅིག་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་ཞེས་པ་གང་ཡིན་པ་དེ་ནི། (ཐིག་ལེ་)མཆོག་ ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་སྒོམ་པ་ པོ་(རྣལ་འབྱོར་པ་དེ་)མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་གི(གྲངས་རྫོགས་པ་)ས་(མཐར་ཐུག་གི་ སངས་རྒྱས་ཐོབ་པའི་)དང་པོར། (ཤེར་ཕྱིན་ཏུ་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་སུ་བརྗོད་པར་ལྟར་གནས་སྐབས་ཀྱི་) མངོན་པར་རྫོགས་པར་སངས་རྒྱས་(པ་ཐོབ་)ནས་དེའི་རྗེས་ལ་(མཐར་ཐུག་གི་)སངས་རྒྱས་རྣམས་ ཀྱི་(བདེ་སྟོང་དབྱེར་མེད་པ་རྡོ་རྗེའི་)རྣལ་འབྱོར་སྐད་ཅིག་ཐམས་ཅད་(གདོད་ནས་)མེད་པ་(དངོས་པོ་) གཅིག་དང་དུ་མ་དང་བྲལ་བ་མཆོག་(གམ་གཞན་ནམ་ཕ་རོལ་)གི་(ཤེས་པ་དང་ཤེས་བྱ་ལ་སོགས་)གཉིས་ སུ་མེད་པ། དོན་དམ་པ་(འདུས་བྱས་ཀྱི་དངོས་པོ་)སྟེ་ཡོད་པ་( རྟག་པའི་མཐའ་)དང་( ཅི་ཡང་)མེད་པ་(ཆད་ པའི་མཐའ་)དང་བྲལ་བ་ཉིད་ཀྱི་(ཡང་དག་པའི་མཐའ་མངོན་དུ་མཛད་པའི་)ཕྱིར་རོ། ། ༈ ཇི་སྲིད་དུ་འཇིག་རྟེན་(ཁམས་གསུམ་)པའི་སེམས་ཡོད་པ་དེ་སྲིད་དུ་(རྟེན་འབྲེལ་གྱི་)ཆོས་ རྣམས་གཅིག་དང་དུ་མས་རྣམ་པར་དཔྱོད་(ཅིང་རྟོག་)དེ་སྐད་ཅིག་མ(འདུས་བྱས་པ་)འི་སེམས་སྣང་ བ(སྟེ་མ་འགགས་པ་)འི་ཕྱིར་རོ། །གང་གི་ཚེ་(འོད་གསལ་དོན་དམ་པའི་)སེམས་(དེ་)སྐད་ཅིག་གི་ཆོས་ 2-1-138 (འཇིག་རྟེན་པའི་སེམས་)དང་བྲལ་པ་དེའི་ཚེ་(སྐད་ཅིག་མའི་ཆོས་རྣམས་ཀྱི་)རང་བཞིན་མེད་པ་ཞེས་བརྗོད་ དོ། ། ༈ དེའི་ཕྱིར་(སྐད་ཅིག་མ་གཅིག་དང་དུ་མ་ལ་སོགས་སྤྲོས་པའི་)རང་བཞིན་མེད་པའི་(གཞིའམ་) ཕྱོགས(རང་བཞིན་གྱིས་མྱ་ངན་ལས་འདས་པ་རྣམ་པར་དག་པའི་སེམས་)ནི་བཅོམ་ལྡན་འདས་ཀྱིས་ཕྱོགས་ མེད་པར་གསུངས་སོ། །ཕྱོགས་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ(འི་མཐའ་)དང་ ཡོད་པ་དང་མེད་པ〔འི་མཐའ་〕་དང་ཡིན་པ་(ཐ་དད་པ་)དང་མ་ཡིན་པ〔འི་མཐའ་〕་དང་གཅིག་ དང་གཅིག་མ་ཡིན་པ་(ཐ་དད་པ་)དང་རྟག་པ་དང་ཆད་པ〔འི་མཐའ་〕་དང་སྲིད་པ་དང་(ཆད་པའི་)མྱ་ངན་ལས་འདས་པ〔འི་མཐའ་〕་དང་གཟུགས་དང་གཟུགས་མ་ཡིན་པ〔འི་མཐའ་〕་དང་སྒྲ་ དང་སྒྲ་མ་ཡིན་པ〔འི་མཐའ་〕་དང་སྐད་ཅིག་དང་སྐད་ཅིག་མ་ཡིན་པ〔འི་མཐའ་〕་དང༌། ཆགས་ པ་དང་ཆགས་པ་མ་ཡིན་པ〔འི་མཐའ་〕་དང༌། ཞེ་སྡང་དང་ཞེ་སྡང་མ་ཡིན་པ〔འི་མཐའ་〕་ དང་གཏི་མུག་དང་གཏི་མུག་མ་ཡིན་པ〔འི་མཐའ་〕་ཞེས་པ་དེ་ལྟ་བུ་ལ་སོགས་པ(འི་སྤྲོས་པ་) རྣམས་ནི་ཕྱོགས་ཏེ་(དགག་བྱ་དང་བཀག་པ་)ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་ རོ། །ཕྱོགས་འདི་དག་དང་བྲལ་བ(འི་སེམས་རང་བཞིན་གྱི་འོད་གསལ་བ་)ནི་སངས་རྒྱས་རྣམས་ཀྱི་མི་ གནས་པའི་མྱ་ངན་ལས་འདས་པ་རང་བཞིན་མེད་པ(འི་གཞི་)སྟེ་སྐད་ཅིག་གཅིག་དང་དུ་མ་ དང་བྲལ་བའི་(རང་བྱུང་གི་)ཡེ་ཤེས་(འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་)ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ ཉིད་(དོན་དམ་པའི་བདེན་པ་)ཅེས་གསུངས་སོ། ། ༈ (དེ་ལྟར་རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོ་ངོས་བཟུང་ནས་དེའི་རབ་ཏུ་དབྱེ་བ་བསྟན་པ་ནི་རྡོ་རྗེའི་རྣལ་འབྱོར་རང་བྱུང་གི་ ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་དོན་གཅིག་པུ་)དེ་ཉིད་(གདུལ་བྱ་)སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བསམ་ པ(རྣམ་པར་དག་པ་)འི་དབང་གིས་རྣམ་པ་བཞི་དང་རྣམ་པ་བཅུ་དྲུག་ཏུ་ཡང་སོ་སོར་སྣང་སྟེ་(དང་པོ་ ནི་)དགའ་བ་དང་མཆོག་དགའ་དང་ཁྱད་པར་དགའ་བ་དང་ལྷན་ཅིག་སྐྱེས་པའི་དབྱེ་བས་རྣམ་ 2-1-139 པ་བཞིའོ། ། ༈ དེ་ནས་(གཉིས་པ་ནི་)སྐུའི་དགའ་བ་དང་གསུང་གི་དགའ་བ་དང་ཐུགས་ཀྱི་དགའ་བ་ དང་ཡེ་ཤེས་ཀྱི་དགའ་བ་དང་དེ་བཞིན་དུ་སྐུའི་མཆོག་དགའ་དང་གསུང་གི་མཆོག་དགའ་ དང་ཐུགས་ཀྱི་མཆོག་དགའ་དང་ཡེ་ཤེས་ཀྱི་མཆོག་དགའ་དང༌། དེ་བཞིན་དུ་སྐུའི་ཁྱད་པར་ དགའ་བ་དང་གསུང་གི་ཁྱད་པར་དགའ་བ་དང་ཐུགས་ཀྱི་ཁྱད་པར་དགའ་བ་དང་ཡེ་ཤེས་ ཀྱི་ཁྱད་པར་དགའ་བ་དང་དེ་བཞིན་དུ་སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་དང་གསུང་གི་ལྷན་ ཅིག་སྐྱེས་པའི་དགའ་བ་དང་ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང་ཡེ་ཤེས་ཀྱི་ལྷན་ ཅིག་སྐྱཻས་པའི་དགའ་བ་སྟེ་དེ་ལྟ་བུའི་(དགའ་བའི་རབ་ཏུ་དབྱེ་བས་ཕྱེ་བ་)དེ་ཉིད་རྣམ་པ་བཅུ་དྲུག་(དུས་ སྦྱོར་བཅུ་གཉིས་ཀྱི་དབུགས་འགགས་ཤིང་མི་འགྱུར་བའི་བདེ་བའི་སྐད་ཅིག་མ་རྣམས་རྫོགས་པའི་དུས་)གང་གི་ཚེ་རྣལ་ འབྱོར་པས་རིགས་པ་(སྟེ་མངོན་དུ་བྱས་པ་)དེའི་ཚེ་དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་བཅོམ་ལྡན་ འདས་ཀྱིས་གསུངས་སོ། ། ༈ (རྡོ་རྗེའི་རྣལ་འབྱོར་གཅིག་པུ་)དེ་ཉིད་དེ་ཁོ་ན་ལ་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དེ་དེའི་ འོག་ཏུ་(ཞེས་བཤད་པའི་རིམ་པ་སྟེ་)ཆོས་ཀྱི་སྐུ་དང་དེའི་འོག་ཏུ་ལོངས་སྤྱོད་རྫོགས་པའི་སྐུ་དང་དེའི་ འོག་ཏུ་སྤྲུལ་བའི་སྐུའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་གསུང་དང་ལྷན་ཅིག་སྐྱེས་པའི་ ཐུགས་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། དེ་བཞིན་དུ་ཆོས་ཀྱི་གསུང་དང་ཆོས་ཀྱི་ཐུགས་ དང་ཆོས་ཀྱི་ཡེ་ཤེས་དང༌། ལོངས་སྤྱོད་རྫོགས་པའི་གསུང་དང་ལོངས་སྤྱོད་རྫོགས་པའི་ ཐུགས་དང་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་དང༌། སྤྲུལ་པའི་གསུང་དང་སྤྲུལ་པའི་ཐུགས་ དང་སྤྲུལ་པའི་ཡེ་ཤེས་ཏེ་དེ་ལྟར་(རྡོ་རྗེའི་རྣལ་འབྱོར་གཅིག་ཉིད་སྐུའི་རབ་ཏུ་དབྱེ་བས་)དེ་(ཁོ་ན་)ཉིད་རྣམ་ པ་བཅུ་དྲུག་ཏུ་(གདུལ་བྱ་)སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ལྷག་པར་མོས་པ(རྣམ་པར་དག་པ་) འི་དབང་གིས་རབ་ཏུ་སྣང་ངོ༌། ། 2-1-140 ༈ 〔རྡོ་རྗེའི་རྣལ་འབྱོར་གཅིག་པུ་〕དེ་ཉིད་(སྐུ་བཞི་ལས་)ལྷན་ཅིག་སྐྱེས་པའི་སྐུ་(རྣམ་ཐར་བཞི་ ལས་)སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་རྣམ་པར་དག་པ་(རྡོ་རྗེ་བཞི་ལས་)ཡེ་ཤེས་རྡོ་རྗེ་(འདིར་གླེང་ གཞིའི་སངས་རྒྱས་བཞི་ལས་)ཐམས་ཅད་མཁྱེན་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་(རྣལ་འབྱོར་བཞི་ ལས་)རྣམ་པར་དག་པའི་རྣལ་འབྱོར་ཞེས་བརྗོད་དོ། །(གཅིག་པུ་)དེ་ཉིད་(བཅུ་དྲུག་པོ་)ཆོས་ཀྱི་སྐུ་ མཚན་མ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་ཤེས་རབ་ དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །(གཅིག་པོ་)དེ་ ཉིད་(བཅུ་དྲུག་པོ་)ལོངས་སྤྱོད་རྫོགས་པའི་སྐུུ་སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་ པ་(རྡོ་རྗེ་བཞི་ལས་)གསུང་རྡོ་རྗེ་(འདིར་གླེང་གཞིའི་སངས་རྒྱས་བཞི་ལས་)ཉིན་མོར་བྱེད་པའི་སྐུ་ཤེས་རབ་ དང་ཐབས་ཀྱི་བདག་ཉིད་(རྣལ་འབྱོར་བཞི་ལས་)སྔགས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །(གཅིག་པོ་)དེ་ཉིད་(བཅུ་དྲུག་པོ་སྐུ་བཞི་ལས་)སྤྲུལ་པའི་སྐུ་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་ རྣམ་པར་དག་པ་སྐུ་རྡོ་རྗེ་〔འདིར་གླེང་གཞིའི་སངས་རྒྱས་བཞི་ལས〕པད་མའི་འདབ་མ་རྒྱས་ པའི་སྤྱན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་(རྣལ་འབྱོར་བཞི་ལས་)དབྱིབས་ཀྱི་རྣལ་འབྱོར་ཞེས་ བརྗོད་དེ་དེ་ལྟ་བུའི་རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི་པོ་འདི་སངས་རྒྱས་ལ་ཕྱག་ན་རྡོ་རྗེས་ ཞུས་སོ། ། ༈ སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་རྣམ་པར་དག་པ་ཡེ་ཤེས་རྡོ་རྗེ་ཤེས་རབ་དང་ ཐབས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་སྐུུ་(མཁྱེན་པ་བཞི་ལས་མཐར་ཐུག་གི་འབྲས་བུའི་རྣམ་པ་)ཐམས་ ཅད་མཁྱེན་པ་ཉིད་ཐོབ་པ་ནི་ཐམས་ཅད་མཁྱེན་པ་སྟེ་(ཐོབ་བྱའི་མཐར་ཐུག་དོན་ཆེན་པོ་དམ་པའི་དོན་) ཐམས་ཅད་(རང་རིག་པའི་ཡེ་ཤེས་ཀྱིས་)གཟིགས་པ་ཉིད་ཀྱི་ཕྱིར་རོ། །མཚན་མ་མེད་པའི་རྣམ་པར་ ཐར་པས་རྣམ་པར་དག་པ་ཐུགས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་སྐུ་ལམ་ གྱི་རྣམ་པ་(ཡེ་ཤེས་ཀྱི་བྱེ་བྲག་མ་ལུས་པ་)མཁྱེན་པ་ཉིད་ཐོབ་པ་ནི་ཡེ་ཤེས་སྐུ་སྟེ་མཆོག་ཏུ་མི་འགྱུར་ 2-1-141 བའི་བདེ་བ(ལ་བརྟེན་ན་)ས་(སྔ་འགྱུར་འགའ་ཡར་ལ་ཡོད་)གནས་པ་ཉིད་ཀྱི་ཕྱིར་རོ། །སྨོན་པ་མེད་པའི་ རྣམ་པར་ཐར་བས་རྣམ་པར་དག་པ་གསུང་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་(དོན་དམ་ པའི་)ལོངས་སྤྱོད་རྫོགས་པའི་སྐུ་ལམ་(གྱི་བྱེ་བྲག་ཐམས་ཅད་མཁྱེན་པའི་གསུང་གཞོམ་མེད་ཀྱི་སྒྲ་རྣམ་པ་ཐམས་ ཅད་པ་མཁྱེན་པ་)ཉིད་ཐོབ་པ་ནི་ཉིན་མོར་བྱེད་པའི་སྐུ་སྟེ་(གདུལ་བྱ་མཐའ་ཡས་པ་ལ་)མཐའ་ཡས་པ་ མཐའ་ཡས་པའི་སེམས་ཅན་གྱི་སྐད་ཀྱིས་ཅིག་ཆར་འཇིག་རྟེན་དང་འཇིག་རྟེན་ལས་འདས་ པའི་ཆོས་སྟོན་པ་པོ་(མི་ཤེས་པའི་མུན་པ་སེལ་བ་)ཉིད་ཡིན་པའི་ཕྱིར་རོ། །མངོན་པར་འདུས་མ་བྱས་ པའི་རྣམ་པར་ཐར་པས་རྣམ་པར་དག་པ་སྐུ་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་(དོན་ དམ་པའི་)སྤྲུལ་པའི་སྐུ་(སྒྱུ་འཕྲུལ་དྲ་བ་རྣམ་པ་ཐམས་ཅད་པའི་སྟོང་བ་ཉིད་ཀྱི་)རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པ་ནི་པད་མའི་འདབ་མ་རྒྱས་པའི་སྤྱན་ཏེ། (ཞིང་མཐའ་ཡས་པ་རྣམས་སུ་)མཐའ་ཡས་པ་ མཐའ་ཡས་པའི་སྤྲུལ་པའི་སྐུ་རྣམས་ཀྱིས་ཅིག་ཆར་རྣམ་པ་ཐམས་ཅད་པའི་སྐུའི་བཀོད་པའི་ རྫུ་འཕྲུལ་སྤྲོ་བའི་ཕྱིར་རོ། ། ༈ དེ་བཞིན་དུ་(མངོན་བྱང་བཞི་ལས་)སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་ རྒྱས་པ་ནི་ཡེ་ཤེས་རྡོ་རྗེ་སྟེ་(ཐོབ་བྱ་མཐར་ཐུག་པའི་)དོན་(ཆེན་པོ་)ཐམས་ཅད་གཟིགས་པའོ། །རྣམ་ པ་ལྔས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཐུགས་རྡོ་རྗེ་སྟེ་མཆོག་ཏུ་མི་འགྱུར་པའི་བདེ་ བའོ། །རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་གསུང་རྡོ་རྗེ་བདེན་དོན་རྣམ་ པ་བཅུ་གཉིས་པ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པ་པོའོ། །སྒྱུ་འཕྲུལ་དྲ་བས་ མངོན་པར་རྫོགས་པར་སངས་རྒྱས་པ་ནི་སྐུ་རྡོ་རྗེ་སྟེ་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་མཐའ་ ཡས་པའི་སྒྱུ་འཕྲུལ་དྲ་བ་རྣམས་ཀྱིས་སྤྲོས་པའི་སྐུའོ། ། ༈ འདིར་(ཁམས་གསུམ་པའི་སེམས་མེད་པ་དོན་དམ་པའི་)སེམས་ཀྱི་རྡོ་རྗེ་རྣམ་པ་བཞི་(རང་བཞིན་གྱི་ རྣམ་པར་དག་པ་གློ་བུར་གྱི་དྲི་མས་ཀྱང་)རྣམ་པར་དག་པ་ནི་(སངས་རྒྱས་རྣམས་ཀྱི་)སྐུ་བཞིའི་མཚན་ཉིད་དུ་ 2-1-142 འགྱུར་ཏེ་(འཁོར་བ་པ་རྣམས་ཀྱིས་)བཟློག་པ(སྟེ་སྤང་བ་)ར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་ཀུན་ ནས་བསྒོས་པ་བྷ་ག་དང་དབང་པོ(སྦྱོར་བ་)འི་བདག་ཉིད་(སེམས་ཅན་ཀྱི་གནས་སྐབས་)བཞི་པའི་ སེམས་ཀྱི་དངོས་པོ་(གློ་བུར་བ་)མེད་པའི་(གཞི་རང་བཞིན་རྣམ་དག་གཉུག་མའི་)སེམས་ནི་ངོ་བོ་ཉིད་ ཀྱི་སྐུ་སྟེ་(སྟོན་པ་པོ་ཕུན་སུམ་ཚོགས་པ་)ཐམས་ཅད་མཁྱེན་པ་ཞེས་པའོ། །(རྣམ་ཤེས་ཚོགས་དྲུག་གི་སྣང་བ་ མེད་པ་)མུན་པའི་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པའི་སེམས་ཀྱི་དངོས་པོ་(གློ་བུར་བ་) མེད་པའི་〔ག ཞི་རང་བཞིན་རྣམ་དག་གཉུག་མའི་〕སེམས་ནི་ཆོས་ཀྱི་སྐུ་སྟེ་〔སྟོན་པ་པོ་ཕུན་ སུམ་ཚོགས་པ་〕ཡེ་ཤེས་སྐུ་ཞེས་པའོ། །སྲོག་གིས་བསྐྱེད་པ་ཡོད་པ་དང་མེད་པའི་(བག་ཆགས་ ཀྱི་སྣང་བ་ཅན་)རྨི་ལམ་གྱི་སེམས་ཀྱི་དངོས་པོ་གློ་བུར་བ། མེད་པའི་〔གཞི་རང་བཞིན་རྣམ་དག་ གཉུག་མའི་〕སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་〔སྟོན་པ་པོ་ཕུན་སུམ་ཚོགས་པ་〕ཉིན་མོར་ བྱེད་པའི་སྐུ་ཞེས་པའོ། །རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་(གཉིད་ལས་)སད་པའི་ སེམས་ཀྱི་དངོས་པོ་(གློ་བུར་བ་)མེད་པའི་〔གཞི་རང་བཞིན་རྣམ་དག་གཉུག་མའི་〕སེམས་ནི་ སྤྲུལ་བའི་སྐུ་སྟེ་〔སྟོན་པ་པོ་ཕུན་སུམ་ཚོགས་པ་〕པད་མའི་འདབ་མ་རྒྱས་པའི་སྤྱན་ཞེས་པའོ། ། རྡོ་རྗེའི་རྣལ་འབྱོར་(དོན་དམ་པའི་སྐུ་བཞིའི་བདག་ཉིད་)འདི་ཡེ་ཤེས་ཀྱི་ལེའུར་རྒྱ་ཆེར་བརྗོད་པར་བྱ་ སྟེ་འཇིག་རྟེན་ཁམས་ཀྱི་ལེའུ་འདིར་ནི་མདོར་བསྟན་པ་ཙམ་ཞིག་བསྟན་ཏོ(དེ་ལྟར་ན་སྟོན་པ་པོ་ ཕུན་ཚོགས་སྐུ་བཞི་པོ་ཉིད་ཆོས་ཕུན་སུམ་ཚོགས་པ་རྡོ་རྗེའི་རྣལ་འབྱོར་ཉིད་ཡིན་དེ་ཀྱེའི་རྡོ་རྗེར་འཆད་པ་པོ་ང་ཆོས་ཀྱང་ང་ཞེས་ པའི་དོན་དོ)། ། ༈ དེ་ལྟར་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་(རྡོ་རྗེ་དབྱེར་མེད་པའི་)བདག་ཉིད་ཀྱི་(རྡོ་ རྗེའི་)རྣལ་འབྱོར་ཞུས་ཏེ་(གང་དུ་ཞུས་ན་)དཔལ་ལྡན་དུས་འཁོར་རྒྱུད་ཀྱི་རྒྱལ་པོར་རོ། །ཇི་ལྟར་ གྱུར་པར་ཞེ་ན། ཀ་ཕྲེང་ལྡན་པའི་ཨ་འདུས་སུ་སྟེ། ཀ་ཕྲེང་ལྡན་པའི་ཨ་འདུས་ཞེས་པ་ལ་ ཀའི་ཕྲེང་བ་ནི་ཀ་ཕྲེང་སྟེ་ཀ་ཡིག་ལ་སོགས་པ་གསལ་བྱེད་ཀྱི་ཕྲེང་བའོ། །ཀ་ཡིག་ནི་དང་ 2-1-143 པོར་བསྟན་པ་ཉིད་ཀྱི་ཕྱིར་གསལ་བྱེད་ཐམས་ཅད་ཀྱི་(ཞེས་པར་འགྱུར་སྔ་མ་རྣམས་ན་ཡོད་ཅིང་)[སྒོ་ [གཙོ་བོ(ཤོང་གིས་རྡུལ་གྱི་ངོ་བོ་ཡིན་པ་ཡང་གཙོ་བོའི་རྒྱུ་མཚན་དུ་སྦྱར་རོ་)]སྟེ་རྡུལ་གྱི་ངོ་བོ་ཉིད་དུ་ཡང་རིག་ པར་བྱའོ། །དེ་བཞིན་དུ་ཨའི་འདུས་པ་ནི་ཨ་འདུས་ཏེ་དབྱངས་ཀྱི་ཚོགས་པ་ཞེས་བརྗོད་དོ། ། འདིར་ཀའི་ཕྲེང་བ་ནི། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཐ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཏ་ཐ་ ད་ངྷ་ན། ས་ྉྤ་ཥ་ཤ་ྈྐ་ཞེས་པ་སྟེ་ཀའི་ཕྲེང་བ་ནི་གསལ་བྱེད་ཀྱི་ཕྲེང་བའོ། །འདིར་ཨའི་འདུས་ པ་ནི་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨ་ཨཱ་ཨེ་ཨཱཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ ཝཱ་ལ་ལཱ་ཞེས་པ་སྟེ་ཨའི་འདུས་པ་ནི་དབྱངས་ཀྱི་ཚོགས་སོ། །(ཐབས་ཀྱི་ངོ་བོ་སྲོག་)ཨ་འདུས་འདི་ ལ་(ཤེས་རབ་ཀྱི་ངོ་བོ་ལུས་)ཀ་ཕྲེང་དང་ལྡན་པའི་ཕྱིར་ཀ་ཕྲེང་ལྡན་པ་སྟེ་ཀ་ཕྲེང་ལྡན་པའི་ཨ་འདུས་ (དབྱངས་དང་གསལ་བྱེད་མཚུངས་པར་ལྡན་པ་)ནི་དུས་ཀྱི་འཁོར་ལོའི་རྗོད་པར་བྱེད་པ་ཨ་ལ་སོགས་ པ་དང་ཀ་ལ་སོགས་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྦྱོར་བའི་རྒྱུད་དང་པོའི་སངས་ རྒྱས་(ཞེས་པ་ནི་རྗོད་བྱེད་ལ་བརྗོད་བྱའི་མིང་གིས་ཉེ་བར་བཏགས་པ་སྟེ་)རིས་མེད་པ་དེར་དུས་ཀྱི་འཁོར་ལོའི་ བརྗོད་པར་བྱ་བ་རྡོ་རྗེའི་རྣལ་འབྱོར་གྱི་(རྟག་ཏུ་འགྱུར་མེད་ཀྱི་རྒྱུན་ཆགས་པ་)རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་ གནས་པ་དང་པོའི་སངས་རྒྱས་ནི་ཟླ་བ་བཟང་པོས་ཞུས་པ་ཞེས་པ་ཆོས་བསྟན་པ་བསྡུས་ པའོ། ། ༈ ད་ནི་དགོས་པ་དང་དགོས་པའི་དགོས་པ་བསྡུས་པ་གསུངས་པ། (གདུལ་བྱའི་གཙོ་བོར་ གྱུར་པ་)མི་རྣམས་དགྲོལ་བའི་དོན་དུའོ། །ཞེས་པ་སྟེ། མི་རྣམས་དགྲོལ་བའི་དོན་ནི་དང་པོར་ རེ་ཞིག་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་ནི་དགོས་པ་ སྟེ་བསོད་ནམས་ཀྱི་ཚོགས་དང་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་(མོས་པ་ཡིད་ལ་བྱེད་པ་) བསྒོམ་པའི་སྟོབས་དང་(དྲང་དོན་གྱི་རང་)བྱིན་གྱིས་བརླབས་པ་བསྒོམ་པའི་སྟོབས་དང་(ལྷ་ཁྲོ་བོ་ བསྒྲུབ་པ་)དཔའ་བོའི་རིམ་པ་དང་(ལྷ་ཞི་བ་བསྒྲུབ་པ་)བྱིན་གྱིས་བརླབས་པའི་རིམ་པས་འཇིག་རྟེན་ 2-1-144 པའི་དངོས་གྲུབ་སྒྲུབ་པ་ཡང་དགོས་པའོ། ། ༈ དེ་ནས་གོང་ནས་གོང་དུ་དགོས་པའི་ཡང་དགོས་པ་ནི་དགོས་པའི་དགོས་པ་སྟེ། འདི་ ནི་ནམ་མཁའི་ཁམས་ལ་རྣམ་པར་རྟོག་པ་མེད་པའི་སེམས་(སོ་སོར་སྡུད་པ་ལ་སོགས་པའི་ཏིང་ངེ་འཛིན་)དང་(ཏིང་ངེ་འཛིན་གྱི་དམིགས་པ་)དུ་བ་ལ་སོགས་པའི་མཚན་མ(མཐོང་བ་སྔོན་དུ་འགྲོ་བ་)ས་ཕྱག་རྒྱ་ ཆེན་པོ་རྣམ་པ་ཐམས་ཅད་སྣ་ཚོགས་པའི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་བསྒོམ་པ་མཆོག་ཏུ་མི་ འགྱུར་བའི་བདེ་བའི་སྒྲུབ་ཐབས་དང་བསོད་ནམས་(ཏེ་ཐིག་ལེ་མི་འཕོ་བའི་ཚུལ་ཁྲིམས་)དང་ཡེ་ཤེས་ ཀྱི་ཚོགས་དག་གིས་མི་རྣམས་ཀྱི་སྐྱེ་བ་འདི་ལ་སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་(ཐོབ་པ་)དེ་དགོས་པ་དང་དགོས་པའི་དགོས་པ་བསྡུས་པའོ། ། ༈ (སངས་རྒྱས་ཐམས་ཅད་ཀྱི་དོན་དམ་པའི་སྐུ་སེམས་ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོའི་ཚུལ་དུ་བཞུགས་ པའི་)མཆོག་གི་དང་པོའི་སངས་རྒྱས་ཀྱི་རྣལ་འབྱོར་འདི་ནི་འདས་པའི་སངས་རྒྱས་རྣམས་ ཀྱིས་བསྟན་ཏོ། །ད་ལྟར་བྱུང་བ་རྣམས་ཀྱིས་སྟོན་ཏོ། །མ་འོངས་པ་རྣམས་ཀྱིས་ཀྱང་སྟོན་པར་ འགྱུར་ཏེ་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དང་འདས་པ་དང་ད་ལྟར་བྱུང་ བ་དང་མ་འོངས་པའི་དུས་ཀྱི་འཁོར་རྣམས་ལ་མཐའ་ཡས་པ་མཐའ་ཡས་པའི་སངས་རྒྱས་ ཀྱི་ཞིང་རྣམས་སུ་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་རྣམས་ལ་མཐའ་ཡས་པ་མཐའ་ ཡས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཉིད་ཀྱི་སླད་དུ་ཡང་དག་པར་བསྟན་ ཏོ་སྟོན་ཏོ་སྟོན་པར་འགྱུར་རོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་ འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་སྟོན་པ་པོ་ལ་སོགས་པ་བསྡུས་ པའི་མདོར་བསྡུས་ཏེ་ལྔ་པའོ།། ༡ །། ༈ (དྲུག་པ་སྟོང་པ་ཆེན་པོ་ཡི་གེ་ལྔ་ལ་སོགས་པ་དང་{སྣོད་{སྣ་ཚོགས}འབྱུང་བ་དང་དཀྱིལ་འཁོར་དང་དབང་བསྐུར་ 2-1-145 བ་གསོལ་བ་འདེབས་པ་པོའི་ངོ་བོ་ཉིད་ཀྱིས་གནས་པ་)ད་ནི་ཉི་མའི་ཤིང་རྟས་གསོལ་བ་བཏབ་པར་གྱུར་ པ་བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ་མིའི་དབང་པོ་གྲགས་པས་མཆོག་གི་ དང་པོའི་སངས་རྒྱས་ལས་དེ་བཞིན་གཤེགས་པས་ལུང་བསྟན་པ་ཟླ་བ་བཟང་པོས་གསོལ་ བ་འདེབས་པ་ཚིགས་སུ་བཅད་པ་གཉིས་པས་གསུངས་པ། སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་ མཆོག་དང་རྡོ་རྗེ་འཛིན་པ་སངས་རྒྱས་ལྷ་དང་ལྷ་མིན་ཡང༌། །ཕྱི་དང་ལུས་དང་གཞན་ལ་ཡང་ སྟེ་རང་བཞིན་རྣམས་དང་སྐྱེས་བུ་ཉི་ཤུ་ལྔ་པའི་བདག་ཉིད་དང༌། །ལུས་ལ་སྣ་ཚོགས་ཚད་དང་ སྲིད་པ་གསུམ་གྱི་བཀོད་པ་ལྷ་དང་ལྷ་མིན་རྣམས་ཀྱི་ལོངས་སྤྱོད་དང༌། །དཀྱིལ་འཁོར་དང་ ནི་དབང་སྟེ་སྐབས་གསུམ་པ་(ལྷའི་མངོན་བརྗོད་)དང་མི་ཡི་བླ་མ་འདི་རྣམས་ཡང་དག་བཤད་དུ་ གསོལ། ། ༈ འདིར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔ་ དང་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་དང་རིགས་དྲུག་ལ་སོགས་པའི་དོན་བསྡུས་པར་བཅོམ་ ལྡན་འདས་ཀྱིས་གསུངས་ཏེ་དེའི་ཕྱིར་འདི་བདག་གིས་དགྲོལ་བར་བྱའོ། །འདིར་དང་པོར་ གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་སྟོང་པ་ཞེས་པ་ལ་སོགས་པས་རྒྱུད་ཀྱི་སྦས་པའི་ དོན་(སྟོང་ཆེན་འགྱུར་མེད་དམ་ཡི་གེ་ལྔ་ལ་སོགས་པ་སྒྲིབ་པ་དང་བཅས་པའི་ཕུང་པོ་སོགས་)རབ་ཏུ་གསལ་བར་ བྱས་ན། འཆད་པར་འགྱུར་བ་རྣམས་བྱིས་པའི་བློ་ཅན་རྣམས་ཀྱིས་རྟོགས་སླ་བར་འགྱུར་རོ། ། དེས་ན་དང་པོ་རྒྱས་འགྲེལ་དུ་མདོར་བསྡུས་པས་བརྗོད་པར་བྱའོ། ། ༈ འདིར་སྟོང་པ་ཞེས་པ་ལ་སོགས་པའི་མིང་རྣམས་ཀྱིས་(འཁོར་བ་པས་)མ་མཐོང་བ་དང་ མཐོང་བའི་དངོས་པོ་ཉི་ཚེ་བའི་དབང་པོའི་སྤྱོད་ཡུལ་མ་ཡིན་པ་(སྒྲིབ་པ་མེད་པའི་ཕུང་པོ་སོགས་) དང༌། ཉི་ཚེ་བའི་དབང་པོའི་སྤྱོད་ཡུལ་རྣམས་རབ་ཏུ་སྟོན་ཏོ། །(འཇིག་རྟེན་ན་ཡང་)མེད་པ་དང་ ཡོད་པ་དང་དངོས་པོ་མ་ཡིན་པ་དང་དངོས་པོ་ཡིན་པ་ཐམས་ཅད་ལ་ཡང་(རང་རང་གི་)མིང་ 2-1-146 (བཏགས་པ་)སྔོན་དུ་འགྲོ་བས་ཐ་སྙད་བྱེད་དེ་ནམ་མཁའི་མེ་ཏོག་(ཞེས་པ་)ལ་སོགས་པ་དང་བུམ་ པ་ལ་སོགས་པ་བཞིན་ནོ། །འདིར་(དོན་དང་མཐུན་པའི་)ནམ་མཁའི་མེ་ཏོག་གི་མིང་གིས་བསྟན་ པའི་དངོས་པོ་མེད་པ་ནི་དངོས་པོ་མ་ཡིན་ནོ། །དེ་བཞིན་དུ་〔དོན་དང་མཐུན་པའི་〕བུམ་པའི་ མིང་གིས་བསྟན་པའི་དངོས་པོ་ནི་དངོས་པོ་མེད་པའི་མཚན་ཉིད་མ་ཡིན་ཏེ་(དངོས་པོ་མེད་པ་) རང་(རང་)གི་(དོན་མཐུན་གྱི་)མིང་གིས་བརྗོད་པའི་ཕྱིར་རོ། །དེ་བཞིན་དུ་རྒྱུད་དང་རྒྱུད་གཞན་ རྣམས་སུ་བསྟན་བཅོས་(ལས་གྲགས་པའི་ལྷ་ལ་སྐབས་གསུམ་པ་ཞེས་པ་ལ་སོགས་པ་ལྟ་བུ་)ཀྱི་མིང་དང་ཡུལ་ (སྐད་)གྱི་མིང་(དུ་མ་)དང་(ཀ་ལ་ཙཀྲ་ལྟ་བུ་)སྔགས་ཀྱི་ཡི་གེའི་མིང་དང་(ཤྲི་ནི་གཉིས་མེད་ཡེ་ཤེས་ཏེ་ཞེས་ སོགས་ལྟ་བུ་)ཡི་གེ་རེ་རེའི་མིང་རྣམས་ཀྱིས་དངོས་པོ་གང་དག་དེ་བཞིན་གཤེགས་པས་ངེས་ པར་བསྟན་ཅིང་སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་བྲིས་པ་དེ་ཐམས་ཅད་རྣལ་འབྱོར་པ་ རྣམས་ཀྱིས་(མིང་གཅིག་གིས་བསྟན་པ་ཡང་)དྲང་བའི་དོན་(དུ་བཤད་པ་)དང་ངེས་པའི་དོན་(དུ་བཤད་པའི་ ཚུལ་)གྱིས་རྟོགས་པར་བྱའོ། །འདིར་(དོན་)གཅིག་ལ་ཡང་དངོས་པོ་དང་དངོས་པོ་མེད་པའི་ མིང་(བསྟན་བཅོས་ལ་གྲགས་པ་སོགས་)སྣ་ཚོགས་ཏེ་དེའི་ཕྱིར་དངོས་པོ་གཅིག་ལ་ཡང་མིང་སྣ་ཚོགས་ ཀྱིས་བསྟན་པ་ལ་རྣལ་འབྱོར་པ་རྣམས་ཀྱིས་མིང་གི་(རྗེས་སུ་འབྲང་བའི་)རྣམ་པར་རྟོག་པ་མི་བྱ་སྟེ་ (རྒྱུད་ཀྱི་གསང་བའི་དོན་ཐུགས་སུ་ཆུད་པའི་)བླ་མ་དམ་པའི་མན་ངག་གིས་(བསྲེག་བཅད་བདར་བའི་)གསེར་ བཞིན་དུ་ལེགས་པར་ཡོངས་སུ་བརྟགས་ཏེ་དོན་ལ་རྟོན་པ་ལ་རྟེན་པ་ཉིད་ལས་སོ། ། ༈ (ཀྱེའི་རྡོ་རྗེ་འབུམ་ལྔར། རྒྱུ་དང་འབྲས་བུས་འགགས་པ་ཡིས། །རྒྱལ་བའི་དབང་པོའི་སྐུ་གཞན་ཡིན། །སྐུ་གསུང་ ཐུགས་དང་བདེ་བ་གཞན། །ཕུང་པོའི་ཚོགས་ནི་གཞན་ཡིན་ཏེ། །ས་ཡི་ཁམས་ལ་སོགས་པ་གཞན། །ཡུལ་དང་དབང་པོ་རྣམས་ དང་ནི། །དེ་བཞིན་ལས་ཀྱི་དབང་པོ་དང༌། །ལས་ཀྱི་དབང་པོའི་བྱ་བ་གཞན། །ཀུན་ནས་ཕྱག་དང་ཞབས་ལ་སོགས། །ཀུན་ ནས་སྤྱན་དང་ཞལ་དང་དབུ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་དུ་ནི་ཁྱབ་པར་བཞུགས། །ཞེས་པ་ལྟར་སྒྲིབ་ པ་དང་བཅས་པའི་ཕུང་པོ་སོགས་ལས་གཞན་སྒྲིབ་པ་མེད་པའི་ཆོས་ཉིད་འོད་གསལ་གྱི་ཕུང་པོ་སོགས་དུ་མ་རོ་གཅིག་རྡོ་རྗེ་ 2-1-147 སེམས་དཔའི་སྐུ་ཡིན་པར་སྟོན་པ་)འདིར་སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་མཆོག་དང་རྡོ་རྗེ་འཛིན་པ་ ཞེས་པའི་ཡི་གེ་བཅུ་བཞི་པོ་འདིས་སྟོང་པ་ཞེས་པ་ལ་སོགས་པའི་མིང་རྣམས་ཀྱིས་(སྒྲིབ་པ་དང་ བཅས་པ་དང་སྒྲིབ་པ་མེད་པའི་)ཁམས་དྲུག་གི་སྐྱེས་བུ་ཆེན་པོའི་གང་ཟག་འདི་བསྡུས་པ་འདི་ལྟ་སྟེ་ (ཕུང་པོ་རྣམས་ལས་)ཡེ་ཤེས་ཀྱི་ཕུང་པོ་དང་རྣམས་པར་ཤེས་པའི་ཕུང་པོ་དང་(ཁམས་རྣམས་ལས་)ཡེ་ ཤེས་ཀྱི་ཁམས་དང་ནམ་མཁའི་ཁམས་དང་(དབང་པོ་རྣམས་ལས་)ཡིད་དང་རྣ་བ་དང་(ཡུལ་རྣམས་ ལས་)སྒྲ་དང་ཆོས་ཀྱི་ཁམས་དང་(ལས་དབང་རྣམས་ལས་)མཆོག་གི་དབང་པོ་དང་བྷ་ག་དང་(ལས་ དབང་གི་ཡུལ་རྣམས་ལས་)དྲི་ཆུ་འཛག་པ་དང་ཁུ་བ་འཕོ་བའོ། །འདི་རྣམས་(སེམས་ཅན་རྣམས་ཀྱིས་སྒྲིབ་ པ་དང་བཅས་པ་ཡིན་ལ་སངས་རྒྱས་རྣམས་ཀྱིས་ནི་སྒྲིབ་པ་དང་བཅས་པ་འདི་རྣམས་འགགས་པས་)སྒྲིབ་པ་མེད་པ་ཉིད་ དང་རོ་མཉམ་པ་ཉིད་དང་གཅིག་ཏུ་འདྲེས་པར་གྱུར་པ་(ཡེ་ཤེས་ཀྱི་ཕུང་པོ་གཞན་རྡོ་རྗེ་སེམས་དཔའ་རྣམ་ ཤེས་ཀྱི་ཕུང་པོ་གཞན་མི་བསྐྱོད་པ་སོགས་དེ་བཞིན་གཤེགས་པ་དང་གཤེགས་མ་སེམས་དཔའ་དང་སེམས་མ་ཁྲོ་བོ་དང་ཁྲོ་མོ་ ཡེ་ཤེས་དང་ནམ་མཁའི་ཁམས་པ་ཆོས་ཉིད་འོད་གསལ་པྲ་ཕབ་པ་ལྟ་བུ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་)ཉིད་ལ་སྟོང་པ་ ཞེས་བརྗོད་དོ། །ཐམས་ཅད་དངོས་པོ་མེད་པ་ནི་མ་ཡིན་ཏེ་རྣལ་འབྱོར་པ(ཤའི་སྤྱན་ལ་སོགས་པ་) ས་རང་རིག་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་(དམ་ཡི་གེ་པ་)ནི་རྒྱལ་བ་རྣམས་ཀྱིས་(མི་མཐུན་ཕྱོགས་ཀྱིས་) གཞོམ་དུ་མེད་པར་གསུངས་ཏེ་གཞོམ་དུ་མེད་པ་(དེ་ཉིད་ཅི་བཞིན་པས་བསྟན་པར་{དགའ་བ་{དཀའ་བས}་)འདིའི་(ཕྱོགས་ཙམ་སྟོན་པའི་)མིང་གི་མཚན་མ(འམ་བརྡ་)ནི་ལྷོ་དང་བྱང་དང་ཤར་དང་ནུབ་ཀྱི་དབུས་ སུ་གྲི་གུག་གི་རྣམ་པ་རི་མོ་ཙམ་(དབྱངས་དང་གསལ་བྱེད་ལྟར་)བརྗོད་དུ་མེད་པ་སྟེ་སྟོང་པ་ཆེན་པོ་ 〔ཨཀྵ་ར〕འགྱུར་མེད་(དམ་ཡི་གེ་)དང་པོའོ། དེའི་འོག་ཏུ་ཡེ་ཤེས་ཀྱང་ཞེས་པ་འདིར་ཀྱང་ཡིག་ནི་ སྡུད་པའི་དོན་དུ་བསྟན་ཏེ་སྡུད་པའི་དོན་གོ་བར་བྱེད་པའི་ཕྱིར་རོ། །ཡེ་ཤེས་ཞེས་པའི་མིང་ འདིས་སྟོང་པ་(ཆེན་པོ་འགྱུར་མེད་)གསུམ་པ་ཞེས་པ་རྟོགས་པར་བྱ་བ་འདི་ལྟ་སྟེ་(ཕུང་པོ་རྣམས་ལས་) ཚོར་བའི་ཕུང་པོ་དང་(ཁམས་རྣམས་ལས་)མེའི་ཁམས་དང་(དབང་པོ་རྣམས་ལས་)མིག་དང་(ཡུལ་རྣམས་ 2-1-148 ལས་)རོ་དང་(ལས་དབང་རྣམས་ལས་)ལག་པ་དང་(ལས་དབང་གི་ཡུལ་རྣམས་ལས་)འགྲོ་བའོ། །འདི་རྣམས་ སྒྲིབ་པ་མེད་པ་ཉིད་དང་རོ་མཉམ་པ་ཉིད་དང་གཅིག་ཏུ་འདྲེས་པར་གྱུར་པ་(ཚོར་བའི་ཕུང་པོ་གཞན་ རིན་ཆེན་འབྱུང་ལྡན་སོགས་ཆོས་ཉིད་འོད་གསལ་པྲ་ཕབ་པ་ལྟ་བུ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་)ཉིད་ནི་ཡེ་ཤེས་ཏེ་སྟོང་ པ་ཆེན་པོ་འགྱུར་མེད་(དམ་ཡི་གེ་)གསུམ་པའོ། །འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་ དུ་མེད་པའི་མཚན་མའི་ལྷོ་རུ་ཐིག་ལེ་གཉིས་ཏེ་བརྗོད་དུ་མེད་པའོ། །ཐིག་ལེ་ཞེས་པའི་མིང་ འདིས་སྟོང་པ་བཞི་པ་རྟོགས་པར་བྱ་སྟེ་སྔ་མའི་ཀྱང་ཡིག་གི་ཕྱིར་རོ། །འདི་ལྟ་སྟེ། འདུ་ཤེས་ ཀྱི་ཕུང་པོ་དང་ཆུའི་ཁམས་དང་ལྕེ་དང་གཟུགས་དང་རྐང་པ་དང་ལེན་པའོ། །འདི་རྣམས་ (སེམས་ཅན་རྣམས་ཀྱི་ནི་སྒྲིབ་པ་དང་བཅས་པ་ཡིན་ལ་སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བཅས་པ་འདི་རྣམས་འགགས་པ་)སྒྲིབ་པ་མེད་པ་ཉིད་དང་རོ་མཉམ་པ་ཉིད་དང་གཅིག་ཏུ་འདྲེས་པར་གྱུར་པ་(འདུ་ཤེས་ཀྱི་ཕུང་ པོ་གཞན་འོད་དཔག་མེད་སོགས་ཆོས་ཉིད་འོད་གསལ་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་)ཉིད་ནི་ཐིག་ལེ་སྟེ་སྟོང་པ་ཆེན་ པོ་འགྱུར་མེད་བཞི་པའོ། །འདིའི་མིང་གི་མཚན་མ་ནི་དབུས་ཀྱི་མཚན་མའི་བྱང་དུ་ཐིག་ལེ་ གཅིག་སྟེ་བརྗོད་དུ་མེད་པའོ། །ཐིག་ལེ་མཆོག་དང་རྡོ་རྗེ་འཛིན་པ་ཞེས་པ་མཆོག་དང་མཆོག་ དང་རྡོ་རྗེ་འཛིན་པ་ནི་མཆོག་དང་རྡོ་རྗེ་འཛིན་པ་སྟེ་(མཆོག་)གཅིག་ཟླས་དབྱེ་བའི་(ཚུལ་གྱིས་ བསྟན་པའི་)ཕྱིར་རོ། །སྔར་གྱི་ཀྱང་ཡིག་ལས་གསུམ་པོ་འདི་སྟོང་པ(ཆེན་པོ་)འི་མིང་དུ་འགྱུར་རོ། ། མཆོག་དང་པོའི་མིང་གིས་སྟོང་པ་གཉིས་པ་ཞེས་བརྗོད་པ་འདི་ལྟ་སྟེ། འདུ་བྱེད་ཀྱི་ཕུང་པོ་ དང་རླུང་གི་ཁམས་དང་སྣ་དང་རེག་བྱ་དང་ངག་གི་དབང་པོ་དང་བཤང་བ་འཛག་པའོ། །འདི་ རྣམས་སྒྲིབ་པ་མེད་པ་ཉིད་དང་རོ་མཉམ་པ་ཉིད་དང་གཅིག་ཏུ་འདྲེས་པར་གྱུར་པ་(འདུ་བྱེད་ཀྱི་ ཕུང་པོ་གཞན་དོན་ཡོད་གྲུབ་པ་སོགས་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་)ཉིད་ནི་མཆོག་སྟེ་སྟོང་པ་ཆེན་པོ་འགྱུར་མེད་ གཉིས་པའོ། །འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་ཤར་དུ་དབྱུག་པའི་ རྣམ་པ་རི་མོ་ཙམ་བརྗོད་དུ་མེད་པའོ། །མཆོག་གཉིས་པའི་མིང་གིས་སྟོང་པ་(ཆེན་པོ་འགྱུར་མེད་) 2-1-149 ལྔ་པ། ཞེས་བརྗོད་པ་འདི་ལྟ་སྟེ། གཟུགས་ཀྱི་ཕུང་བོ་དང་སའི་ཁམས་དང་ལུས་ཀྱི་དབང་པོ་ དང་དྲི་དང་བཤང་ལམ་དང་བརྗོད་པའོ། །འདི་རྣམས་〔སེམས་ཅན་རྣམས་ཀྱི་ནི་སྒྲིབ་པ་དང་ བཅས་པ་ཡིན་ལ་སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བཅས་པ་འདི་རྣམས་འགགས་པ〕སྒྲིབ་ པ་མེད་པ་ཉིད་དང་རོ་མཉམ་པ་ཉིད་དང་གཅིག་ཏུ་འདྲེས་པར་གྱུར་པ་(གཟུགས་ཀྱི་ཕུང་པོ་གཞན་ རྣམ་སྣང་སོགས་ཆོས་ཉིད་འོད་གསལ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་)ཉིད་ནི་མཆོག་སྟེ་སྟོང་པ་ཆེན་པོ་འགྱུར་མེད་ ལྔ་པའོ། །འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་ནུབ་ཏུ་ཐོང་པའི་རྣམ་པ་ བརྗོད་དུ་མེད་པའོ། །དེ་ལྟར་བརྗོད་དུ་མེད་པའི་རིམ་པས་(གྲི་གུག་ལུས་དབྱུག་པ་རྣམས་རྐང་པ་ཐོང་པ་ མགོ་བོ་རྣམ་བཅད་སྟེང་དུ་ཟླ་ཚེས་དེའི་སྟེང་དུ་ཐིག་ལེ་སྟེ་མཚན་མ་རྣམས་དང་མཚན་མས་ཤེས་པར་བྱ་བ་སྒྲིབ་པ་མེད་པའི་ཕུང་ པོ་ཁམས་སོགས་)གཅིག་ཏུ་འདྲེས་པར་གྱུར་པ་ལྔ་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔ་པ་ཝྃ་ཡིག་(གི་ གཟུགས་སུ་གྲུབ་ཅིང་དེའི་དོན་ནི་)རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་(རྟེན་པ་)རྡོ་རྗེར་བརྗོད་དོ(དེ་ལ་དྲུག་ དྲུག་སུམ་ཅུ་རྩ་དྲུག་གཞན་གྱི་ངོ་བོ་ནི་དང་པོའི་སངས་རྒྱས་ཡིན་པས་གདོད་མ་ནས་སྒྲིབ་པ་མེད་པ་སོགས་ཡིན་ལ་རྣལ་འབྱོར་པ་ དྲུག་དྲུག་སུམ་ཅུ་རྩ་དྲུག་གཞན་ཐོབ་པའི་དབང་དུ་བྱས་པ་ལ་ནི་སུམ་ཅུ་རྩ་དྲུག་རང་བཞིན་གྱི་རྣམ་པར་དག་པ་དེ་སྒྲིབ་པ་གློ་བུར་ བ་སུམ་ཅུ་རྩ་དྲུག་འདུས་བྱས་རྣམས་གསར་དུ་མེདཔར་གྱུར་པའི་གནས་གྱུར་ཡིན་པར་ཤེས་པར་བྱ་སྟེ་ཚུལ་འདི་ནི་སྔ་ཕྱིའི་སྐབས་ གཞན་དུ་ཡང་སྦྱར་རོ)། ། ༈ འདིར་དབྱངས་ཀྱི་མིང་ཅན་བརྗོད་དུ་མེད་པའི་ཡི་གེ་ལྔ་ནི་འདི་ལྟ་སྟེ། དབུས་སུ་ ཨ་ཡིག་སྟོང་པ(འི་མཚན་མ་)གྲི་གུག་གི་རྣམ་པ་དང་ལྷོར་རྀ་ཡིག་སྟོང་པ〔འི་མཚན་མ་〕་ཐིག་ལེ་ གཉིས་དང་བྱང་དུ་ཨུ་ཡིག་སྟོང་པ〔འི་མཚན་མ་〕་ཐིག་ལེ་གཅིག་དང་ཤར་དུ་ཨི་ཡིག་སྟོང་ པ〔འི་མཚན་མ་〕་དབྱུག་པའི་རྣམ་པ་དང་ནུབ་ཏུ་ལྀ་ཡིག་སྟོང་པ〔འི་མཚན་མ་〕་ཐོང་པའི་ རྣམ་པ་སྟེ་དེ་བཞིན་དུ་ཡོན་ཏན་དང་འཕེལ་བ་དང་ཡ་ཎར་བསྒྱུར་བའི་རྣམ་པར་འགྱུར་བ་ རྣམས་(ཀྱི་མིང་གི་མཚོན་མ་ཡང་ཁམས་ཀྱི་དབང་གིས་གྲི་གུག་གི་རྣམ་པ་སོགས་སུ་)ཤེས་པར་བྱའོ། །དེ་ལྟར་ཝཾ་ 2-1-150 ཡིག་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔ་པ་དམིགས་པ་མེད་པའི་སྙིང་རྗེ(བདེ་བ་ཆེན་པོ་)འི་བདག་ ཉིད་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་(རྣམ་པ་ཐམས་ཅད་པའི་སྟོང་གཟུགས་)པྲ་ཕབ་པའི་རང་ བཞིན་དང་མཚུངས་པ་(སོ་སོར་སྡུད་ཀྱི་ཏིང་ངེ་འཛིན་ལ་མངོན་སུམ་དུ་སྣང་བ་འདི་ཉིད་ཡིན་པར་)རྣལ་འབྱོར་ པས་རྟོགས་པར་བྱ་བའོ། །འདིར་(སྒྲིབ་པ་དང་བཅས་པ་དང་སྒྲིབ་པ་མེད་པའི་)ཡེ་ཤེས་དང་རྣམ་པར་ ཤེས་པའི་ཕུང་པོ་ལ་སོགས་པའི་དབྱངས་རྣམས་ནི་འདི་ལྟ་སྟེ། (འོག་ཏུ་)ཡེ་ཤེས་ཀྱི་ཕུང་པོ(འི་ ཡི་གེ་)ཨཾ་(སྟེང་དུ་)རྣམ་པར་ཤེས་པའི་ཕུང་པོ〔འི་ཡི་གེ་〕་ཨ་(འོག་ཏུ་)ཡེ་ཤེས་ཀྱི་ཁམས་(ཀྱི་ཡི་གེ་) ཨཿ(སྟེང་དུ་)ནམ་མཁའི་ཁམས་〔ཀྱི་ཡི་གེ〕 ཨཱའ་(འོག་ཏུ་)ཡིད་ཀྱི་དབང་པོ〔འི་ཡི་གེ་〕་ཨཾ་(སྟེང་དུ་)རྣ་ བའི་དབང་པོ་ཨ་(འོག་ཏུ་)སྒྲ་ཨཿ ཆོས་ཀྱི་ཁམས་ཨཱ་བྷྲ་ག་ཧ་(འདིར་བྷ་གའི་གནས་སུ་མཆོག་གི་དབང་པོ་ དང་མཆོག་གི་དབང་པོའི་གནས་སུ་བྷ་ག་ཐོབ་པོ་)དྲི་ཆུ་འཛག་པ་ཧཿ མཆོག་གི་དབང་པོ་ཧྃ་ཁུ་བ་འཕོ་བ་ ཧཱའ་(ཡི་གེ་འདི་རྣམས་ཁམས་ཀྱི་སྒོ་དང་ཕྱོགས་སྟེང་འོག་ཏུ་འགྱུར་ཡང་སྟོང་ཆེན་ཡི་གེ་ལྔའི་སྐབས་འདིར་དབུས་ཀྱི་ཡི་གེར་ སྦྱར་རོ་)འདི་རྣམས་(སེམས་ཅན་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ་སངས་རྒྱས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་འདི་ རྣམས་འགགས་པས་)སྒྲིབ་པ་མེད་པ་ནི་དབུས་མ་གཞོམ་དུ་མེད་པ་སྟེ་གྲི་གུག་གི་རྣམ་པའི་མིང་གི་ མཚན་མས་རྟོགས་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོ་ཨི་རླུང་གི་ཁམས་ཨཱི་སྣའི་དབང་པོ་ཨཻ་ རེག་བྱ་ཨཻ་ངག་གི་དབང་པོ་ཡ་བཤང་བ་འཛག་པ་ཡཱ་འདི་རྣམས་〔སེམས་ཅན་རྣམས་ཀྱི་སྒྲིབ་ པ་དང་བཅས་པ་ཡིན་ལ་སངས་རྒྱས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་འདི་རྣམས་འགགས་ པས་〕སྒྲིབ་པ་མེད་པ་ནི་ཤར་དུ་དབྱུག་པའི་རྣམ་པའི་མཚན་མས་རྟོགས་པར་བྱའོ། །ཚོར་ བའི་ཕུང་པོ་རྀ་མེའི་ཁམས་རཱྀ་མིག་གི་དབང་པོ་ཨར་རོ་ཨཱར་ལག་པའི་དབང་པོ་ར་འགྲོ་བ་ རཱ་འདི་རྣམས་〔སེམས་ཅན་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ་སངས་རྒྱས་རྣམས་ཀྱི་ སྒྲིབ་པ་དང་བཅས་པ་འདི་རྣམས་འགགས་པས་〕སྒྲིབ་པ་མེད་པ་ནི་ལྷོར་ཐིག་ལེ་གཉིས་ཀྱི་ མཚན་མས་རྟོགས་པར་བྱའོ། །འདུ་ཤེས་ཀྱི་ཕུང་བོ་ཨུ་ཆུའི་ཁམས་ཨཱུ་ལྕེའི་དབང་པོ་ཨོ་ཡུལ་ 2-1-151 གཟུགས་ཨཽ་རྐང་པའི་དབང་པོ་ཝ་ལེན་པ་ཝཱ་འདི་རྣམས་〔སེམས་ཅན་རྣམས་ཀྱི་སྒྲིབ་པ་དང་ བཅས་པ་ཡིན་ལ་སངས་རྒྱས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་འདི་རྣམས་འགགས་པས་〕སྒྲིབ་ པ་མེད་པ་ནི་དབུས་ཀྱི་མཚན་མའི་བྱང་དུ་ཐིག་ལེའི་མཚན་མས་རྟོགས་པར་བྱའོ། །གཟུགས་ ཀྱི་ཕུང་པོ་ལྀ་སའི་ཁམས་ལཱྀ་ལུས་ཀྱི་དབང་པོ་ཨལ་ཡུལ་དྲི་ཨཱལ་བཤང་ལམ་གྱི་དབང་པོ་ ལ་བརྗོད་པ་ལ་འདི་རྣམས་〔སེམས་ཅན་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ་སངས་རྒྱས་ རྣམས་ཀྱི་སྒྲིབ་པ་དང་བཅས་པ་འདི་རྣམས་འགགས་པས་〕སྒྲིབ་པ་མེད་པ་ནི་ནུབ་ཏུ་ཐོང་པའི་ རྣམ་པའི་མཚན་མས་རྟོགས་པར་བྱའོ། །འདི་རྣམས་ནི་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཐ་དད་ པ་དབྱངས་དང་ཡོན་ཏན་དང་འཕེལ་བ་དང་ཡ་ཎར་བསྒྱུར་བའི་རྣམ་པར་འགྱུར་བའོ། །གང་ དུ་ཕུང་པོ་(རེ་རེ་དྲུག་དྲུག་)རྣམས་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཐ་དད་པར་གྱུར་བ་དེར་(ནི་ཁམས་ ཀྱང་སུམ་ཅུ་རྩ་དྲུག་ཏུ་དབྱེ་བས་དགོས་པས་དེའི་ཚེ་)ཕུང་པོའི་གནས་སུ་རོ་དྲུག་གཟུང་བར་བྱ་སྟེ་སྐྱུར་བ་ (ཡེ་ཤེས་)དང་སྐ་བ་(ནམ་མཁའ་)དང་ཁ་བ་(རླུང་)དང་ཚ་བ་(མེ་)དང་དངར་བ་(ཆུ་)དང་ལན་ཚྭ་(སའི་ ཁམས་)རྣམས་སོ། །(དེ་རྣམས་ཀྱི་ཡི་གེ་ཡང་རིམ་པ་ལྟར་)ཨཾ་ཨ་ཨི་རྀ་ཨུ་ལྀ་ཞེས་པ་རོ་དྲུག་སྟེ་ལྷག་མ་ (སུམ་ཅུ་)ནི་(སྔར་)བརྗོད་པའི་རྣམ་པས་སོ། །སྟོང་པ་ཆེན་པོ་འགྱུར་མེད་ལྔ་ནི་(སྒྲིབ་པ་མེད་པའི་ཕུང་ པོ་དྲུག་སོགས་དོན་དམ་གྱི་ལྷ་)སུམ་ཅུ་རྩ་དྲུག་གི་བདག་ཉིད་དེ་དེ་ཉིད་རྒྱལ་བ་རྣམས་ཀྱིས་རྡོ་རྗེར་ གསུངས་སོ། །དེ་འཛིན་པའི་ཕྱིར་རྡོ་རྗེ་འཛིན་པའོ(དེ་ལྟར་སངས་རྒྱས་རྣམས་ཀྱི་སྒྲིབ་པ་མེད་པའི་ཕུང་པོ་ ཁམས་སོགས་ནི་སེམས་ཅན་གྱི་ཕུང་པོ་ཁམས་སོགས་ཀྱི་ཆོས་དབྱིངས་རང་བཞིན་གྱི་འོད་གསལ་པྲ་ཕབ་པ་ལྟ་བུ་ཡིན་གྱི་སེམས་ ཅན་གྱི་ཕུང་པོ་ཁམས་སོགས་དེ་དག་ཏུ་ཡོངས་སུ་གྱུར་པ་ནི་མ་ཡིན་དེ་གལ་ཏེ་ཡིན་ན་དྲུག་དྲུག་སུམ་ཅུ་རྩ་དྲུག་རྡོ་རྗེ་དབྱིངས་ཀྱི་ དཀྱིལ་འཁོར་ཆེན་པོ་འདི་སྔར་མེད་གསར་དུ་བྱུང་བས་འདུས་བྱས་སུ་འགྱུར་བ་དང་རྡོ་རྗེའི་སྐུ་མ་ཡིན་པའི་སྐྱོན་དུ་འགྱུར་རོ)། ། ༈ ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ནི་(ཝཾ་ཡིག་གི་རྟེན་)ཨེ་ཡིག་ཆོས་འབྱུང་(སོ་སོར་སྡུད་པའི་ རྣལ་འབྱོར་ལ་མངོན་སུམ་དུ་སྣང་བའི་དུ་བ་སོགས་)རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་སོ། 159། འདི་ལྟ་སྟེ་རྣམ་པར་ཤེས་པའི་ཕུང་པོ་(གཞན་)དང་ནམ་མཁའི་ཁམས་དང་རྣ་བ་དང་ཆོས་ཀྱི་ ཁམས་དང་བྷ་ག་དང་ཁུ་བ་འཕོ་བ་སྟེ་འདི་རྣམས་(ཀྱང་སེམས་ཅན་རྣམས་ཀྱིས་སྒྲིབ་པ་དང་བཅས་པ་ཡིན་ ལ་སངས་རྒྱས་ཀྱི་སྒྲིབ་བཅས་རྣམས་འགགས་པས་)སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ དོ། །དབུས་མ་གཞོམ་དུ་མེད་པ(གྲི་གུག་གི་རྣམ་པ་)འི་སྟེང་དུ་འདིའི་མིང་གི་མཚན་མ་ཀ་སྡེའི་ བདག་ཉིད་(མཚོན་པ་)ཀ་ཡིག་གསལ་བྱེད་(དབྱངས་མེད་པས་)བརྗོད་དུ་མེད་པ་སྟེ་ཐིག་ལེ་ སྟོང་བ་(ཡི་གེ་འགྱུར་མེད་)དང་པོའོ། །འདུ་བྱེད་ཀྱི་ཕུང་པོ་དང་རླུང་གི་ཁམས་དང་སྣ་དང་རེག་བྱ་ དང་ངག་དང་བཤང་པ་འཛག་པ་སྟེ་འདི་རྣམས་སྒྲིབ་པ་མེད་པ་(འོད་གསལ་)རྣམ་པ་ཐམས་ཅད་ པའི་སྟོང་པ་ཉིད་དོ། །ཤར་གྱི་མཚན་མ(དབྱུག་པའི་རྣམ་པ་)འི་ཤར་དུ་འདིའི་མིང་གི་མཚན་མ་ཙ་ སྡེའི་བདག་ཉིད་ཙ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་(འགྱུར་མེད་)གཉིས་ པའོ། །ཚོར་བའི་ཕུང་པོ་དང་མེའི་ཁམས་དང་མིག་དང་རོ་དང་ལག་པ་དང་འགྲོ་བ་སྟེ་འདི་ རྣམས་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །ལྷོའི་མཚན་མ(རྣམ་པར་བཅད་ པ་)འི་ལྷོར་འདིའི་མིང་གི་མཚན་མ་ཊ་སྡེའི་བདག་ཉིད་ཊ་ཡིག་གསལ་བྱེད་བརྗོད་དུ་མེད་པ་ སྟེ་ཐིག་ལེ་སྟོང་པ་གསུམ་པའོ། །འདུ་ཤེས་ཀྱི་ཕུང་པོ་དང་ཆུའི་ཁམས་དང་ལྕེ་དང་གཟུགས་ དང་རྐང་པའི་དབང་པོ་དང་ལེན་པ་སྟེ་འདི་རྣམས་〔སེམས་ཅན་རྣམས་ཀྱི་སྒྲིབ་པ་དང་བཅས་ པ་ཡིན་ལ་སངས་རྒྱས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་འདི་རྣམས་འགགས་པས་〕སྒྲིབ་པ་ མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །བྱང་གི་མཚན་མ(ཐིག་ལེ་)འི་བྱང་དུ་འདིའི་ མིང་གི་མཚན་མ་པ་སྡེའི་བདག་ཉིད་པ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་ བཞི་པའོ། །གཟུགས་ཀྱི་ཕུང་པོ་དང་སའི་ཁམས་དང་ལུས་ཀྱི་དབང་པོ་དང་དྲི་དང༌། བཤང་ ལམ་དང་བརྗོད་པ་སྟེ་འདི་རྣམས་〔སེམས་ཅན་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ་སངས་ རྒྱས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་འདི་རྣམས་འགགས་པས་〕སྒྲིབ་པ་མེད་པ་རྣམ་པ་ཐམས་ 2-1-152 ཅད་པའི་སྟོང་པ་ཉིད་དོ། །ནུབ་ཀྱི་མཚན་མའི་ནུབ་ཏུ་འདིའི་མིང་གི་མཚན་མ་ཏ་སྡེའི་བདག་ ཉིད་དེ་ཏ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་(ཡི་གེ་འམ་འགྱུར་མེད་)ལྔ་པའོ། ། ཡེ་ཤེས་ཀྱི་ཕུང་པོ་དང་ཡེ་ཤེས་ཀྱི་ཁམས་དང་ཡིད་དང་སྒྲ་དང་མཆོག་གི་དབང་པོ་དང་དྲི་ ཆུ་འཛ ག་པ་སྟེ་འདི་རྣམས་〔སེམས་ཅན་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ་སངས་རྒྱས་ རྣམས་ཀྱི་སྒྲིབ་པ་དང་བཅས་པ་འདི་རྣམས་འགགས་པས་〕སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་ པའི་སྟོང་པ་ཉིད་དོ། །དབུས་མ་གཞོམ་དུ་མེད་པའི་མཚན་མའི་འོག་ཏུ་འདིའི་མིང་གི་མཚན་ མ་ས་སྡེའི་བདག་ཉིད་ས་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་(ཡི་གེའམ་འགྱུར་ མེད་)དྲུག་པའོ། །དེ་ལྟར་ན་ཐིག་ལེ་སྟོང་པ་འགྱུར་མེད་(དམ་ཡི་གེ་)དྲུག་ནི་ཆོས་འབྱུང་རྡོ་རྗེ་ འཛིན་པ་ཨེ་ཡིག་སྟེ་(ཆོས་འབྱུང་ཨེ་ཡིག་གཟུགས་བསྒྲུབ་པའི་ཚུལ་ནི་ཕྱོགས་དྲུག་གིས་གསལ་བྱེད་དབྱངས་མེད་པ་ རྣམས་ཐིག་ལེ་དྲུག་ཏུ་བྱས་ཏེ་ཐིག་ལེ་གཉིས་གཉིས་བསྐྱང་ཞིང་འཐུད་པ་ཆོས་འབྱུང་ཨེ་ཡིག་ཟུར་གསུམ་དང་ལོགས་གསུམ་གྱི་ རྣམ་པ་ཅན་དུ་གྲུབ་ལ་དེ་ཉིད་བདེ་བ་ཆེན་པོ་ཝཾ་ཡིག་གི་རྟེན་)སྟོང་པ་ཉིད་དམིགས་པ(འམ་སྣང་བ་)དང་བཅས་ པ་པྲ་ཕབ་པའི་རང་བཞིན་ཅན་ནོ(དེ་ལྟར་དབྱངས་རྣམས་ལས་གསལ་བྱེད་རྣམས་ལས་ཀྱང་དབྱངས་ཨེ་ཡིག་གྲུབ་ པ་ལས་ནི་བདེ་སྟོང་ཡང་གཉིས་ཀའི་རང་བཞིན་དུ་གནས་པས་རིས་མེད་པ་དང་མ་ནིང་དུ་གྲུབ་སྟེ་སྔགས་ཀྱི་དེ་ཁོ་ན་ཉིད་སངས་ རྒྱས་རིན་ཆེན་ཟ་མ་ཏོག)། ། ༈ འདིར་ཕུང་པོ་དང་ཁམས་ལ་སོགས་པའི་གསལ་བྱེད་རྣམས་ནི་ཀ་ཁ་ག་གྷ་ང་ཙ་ཚ་ཛ་ ཛྷ་ཉ་ཊ་ཋ་ཌ་ཌྷ་ཎ་པ་ཕ་བ་བྷ་མ་ཏ་ཐ་ད་དྷ་ན་ས་ྉྤ་ཥ་ཤ་ྈྐ་ཧ་ཡ་ར་ཝ་ལ་ཀྵ་ཞེས་པ(སྡེ་བའི་ཡི་གེ་ལྔ་ ལྔ་ཧ་ཡ་ར་ཝ་ལ་ཀྵ་ཞེས་པ་དྲུག་པོའི་ཡི་གེ་རེ་རེ་དང་བཅས་པ་ཡི་གེ་དྲུག་དྲུག་ཕུང་པོ་ཁམས་སོགས་དྲུག་ཚན་རེ་རེའི་ཡི་གེར་སྦྱར་ བར་བྱ་)འོ། ། ༈ དབྱངས་དང་གསལ་བྱེད་འདི་རྣམས་ཀྱི་ཡང་ཐུང་ངུ་དང་རིང་པོའི་དབྱེ་བས་ཕུངཔོ་ དང་ཁམས་ལ་སོགས་པས་དབྱེ་བ་ཤེས་པར་བྱ་སྟེ་ལུས་ཀྱི་དབྱེ་བ(སྟེ་གཙོ་ཆེ་བའི་དབང་དུ་བྱས་པ་ལ་ 161)ས་ཕུང་པོ་དང་དབང་པོ་(སྟེ་སྐྱེ་མཆེད་ཀྱི་དང་ལས་ཀྱི་དབང་པོ་)ནི་དབྱངས་དང་གསལ་བྱེད་ཐུང་ངུའི་ ཆོས་རྣམས་ཡིན་ལ་ཁམས་དང་ཡུལ་(སྟེ་སྐྱེ་མཆེད་ཀྱི་དང་ལས་དབང་གི་ཡུལ་)ནི་དབྱངས་དང་གསལ་ བྱེད་རིང་པོའི་ཆོས་རྣམས་སོ(བསམ་པའི་དབྱེ་བ་ནི་དེ་ལས་བཟློག་སྟེ་འདིར་ལུས་དང་བསམ་པ་ནི་གཙོ་བོ་དང་ཕལ་ པའོ)། ། ༈ རོ་དྲུག་དང་ཁམས་ཀྱི་རྣམ་པར་འགྱུར་བ(སྟེ་འབྲས་བུ་)འི་དབྱེ་བས་ཁམས་སུམ་ཅུ་རྩ་ དྲུག་ཏུ་འགྱུར་བ་དང་ཕུང་པོ་དྲུག་དབང་པོ་དྲུག་གི་དབྱེ་བས་ཕུང་པོ་སུམ་ཅུ་རྩ་དྲུག་ཏུ་འགྱུར་ བ་འདི་ལྟ་སྟེ། རོ་དྲུག་དང་ཁམས་དྲུག་དང་དབང་པོ་དྲུག་དང་ཡུལ་དྲུག་དང་ལས་ཀྱི་དབང་ པོ་དྲུག་དང་ལས་ཀྱི་དབང་པོའི་ཡུལ་དྲུག་ནི་རོ་དྲུག་དང་ཁམས་ཀྱི་རྣམ་པར་འགྱུར་པའོ། །རྣ་ བའི་རྣམ་པར་ཤེས་པ་ལ་སོགས་པ་(ཡིད་ཀྱི་རྣམ་ཤེས་ཀྱི་མཐར་ཐུག་)རྣམ་པར་ཤེས་པ་དྲུག་དང་དེ་ བཞིན་དུ་(རྣ་བའི་འདུ་བྱེད་ནས་ཡིད་ཀྱི་འདུ་བྱེད་ཀྱི་བར་)འདུ་བྱེད་དྲུག་དང་(རྣ་བའི་ཚོར་བ་ནས་ཡིད་ཀྱི་ཚོར་བའི་ བར་)ཚོར་བ་དྲུག་དང་(རྣ་བའི་འདུ་ཤེས་ནས་ཡིད་ཀྱི་འདུ་ཤེས་ཀྱི་བར་)འདུ་ཤེས་དྲུག་དང་(རྣ་བའི་གཟུགས་ནས་ ཡིད་ཀྱི་གཟུགས་ཀྱི་བར་)གཟུགས་ཀྱི་ཕུང་པོ་དྲུག་དང་(རྣ་བའི་ཡེ་ཤེས་ནས་ཡིད་ཀྱི་ཡེ་ཤེས་ཀྱི་བར་)ཡེ་ཤེས་ ཀྱི་ཕུང་པོ་དྲུག་ནི་ཕུང་པོའི་རྣམ་པར་འགྱུར་བའོ། །(དེ་རྣམས་ལྷ་ལ་སྦྱར་ན་མི་བསྐྱོད་པ་སོགས་རྒྱལ་བ་དྲུག་ པོ་རེ་རེ་ལའང་དྲུག་དྲུག་ཏུ་ཕྱེ་བས་རྒྱལ་བ་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །རྩ་རྒྱུད་འབུམ་ལྔ་ལས། ས་སོགས་འབྱུང་བ་བཞི། ཁུ་ རྡུལ་གཉིས་ཏེ་ཁམས་དྲུག་ནི་གཟུགས་ཕུང་དྲུག་དང༌། མགྲིན་རྐན་སྤྱི་བོ་མཆུ་སོ་སྣ་ལྡན་རྣམས་འདུ་ཤེས་དྲུག་དང༌། མིག་སོགས་ དབང་པོ་དྲུག་རྣམ་ཤེས་དྲུག་དང༌། གཟུགས་སོགས་ཡུལ་དྲུག་ཚོར་བ་དྲུག་དང༌། དབང་པོ་དྲུག་གི་སྒོ་ནས་རྣམ་ཤེས་འཇུག་པ་ འདུ་བྱེད་དྲུག་དང་སྟེང་འོག་གི་རྩ་དྲུག་ཏུ་སྲོག་དང་ཐུར་སེལ་འབབ་པ་ཡེ་ཤེས་ཀྱི་ཕུང་པོ་དྲུག་ཏུ་གསུངས་པ་དང་འདི་མི་འདྲ་སྟེ་ དེ་ནི་{ཡུལ}སུམ་ཅུ་རྩ་དྲུག་གི་དབྱེ་བ་སྤྱིར་བསྟན་པ་ཡིན་ལ་འདི་ནི་བྱེ་བྲག་ཏུ་ཕུང་པོ་དྲུག་པོ་དབང་པོ་དྲུག་གི་སྒོ་ནས་སུམ་ཅུ་རྩ་ དྲུག་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ་)འཆད་པར་འགྱུར་བ(ནང་གི་ལེའུ་)ར་རྒྱ་ཆེར་བརྗོད་པར་བྱ་སྟེ་ལེའུ་དང་པོ་ འདིར་ནི་མདོར་བསྡུས་པ་ཙམ་ཞིག་ཉེ་བར་བསྟན་ཏོ། ། 2-1-153 ༈ འདིར་སྟོང་པ་ཆེན་པོ་འགྱུར་མེད་(དམ་ཡི་གེ་)ལྔ་ནི་དབྱངས་ཀྱི་ཚོགས་ཏེ་ཁུ་བ་དང་ཟླ་ བ་ཞེས་(པའི་མིང་གིས་)བརྗོད་དོ། །ཐིག་ལེ་སྟོང་པ་འགྱུར་མེད་(དམ་ཡི་གེ་)དྲུག་ནི་གསལ་བྱེད་ཀྱི་ ཚོགས་ཏེ་རྡུལ་དང་ཉི་མ་ཞེས་(པའི་མིང་གིས་)བརྗོད་དོ། །(དོན་དམ་བདེན་པ་སྟོན་པའི་སྐབས་)འདིར་ཁུ་ བ་དང་ཟླ་བ་ནི་(ཞེས་པའི་དོན་)ཝྃ་ཡིག་སྟེ་རྡོ་རྗེའོ། །(ཐབས་བདེ་བ་ཆེན་པོ་)རྡུལ་དང་ཉི་མ་(ཞེས་པའི་ དོན་)ནི་ཨེ་ཡིག་སྟེ་པད་མའོ་(ཤེས་རབ་སྟོང་པ་ཉིད་དོ་)རྡོ་རྗེ་དང་པད་མ་(དོན་དམ་པའི་ཐབས་ཤེས་)འདི་ གཉིས་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའ་སྟེ། (མི་ཕྱེད་)རྡོ་རྗེ་ནི་(འགྱུར་མེད་)མཆོག་གི་བདེ་བ་ དང་ཤེས་པ་(གཞན་)དང་(སྒྲིབ་པ་མེད་པའི་)ཁུ་བ(དང་ཟླ་བ་དང་སྐུ་)འོ། །སེམས་དཔའ་(སྲིད་གསུམ་གཅིག་ པ་)ནི་རྣམ་པ་ཐམས་ཅད་པའི་ཤེས་རབ་(སྟོང་པ་ཉིད་)ཀྱི་གཟུགས་དང་ཤེས་བྱ་(གཞན་)དང་(སྒྲིབ་པ་ མེད་པའི་)ཉི་མ་(རྡུལ་དང་གསུང་)སྟེ་(ཁུ་བ་དང་སྐུ་)ཡེ་ཤེས་(རྡོ་རྗེ་)དང་(ཉི་མ་དང་གསུང)། རྣམ་པར་ཤེས་ པ(ཐུགས་རྡོ་རྗེ་)ས་བྱིན་གྱིས་བརླབས་པ་(སྐུ་གསུང་ཐུགས་ཡེ་ཤེས་དབྱེར་མེད་པ་)དང་(གདོད་མ་ནས་)སྒྲིབ་པ་ མེད་པ་དང་གཅིག་ཏུ་འདྲེས་པར་གྱུར་པ་དང་(སྔགས་ཀྱི་)དེ་ཁོ་ན་ཉིད་(དོན་དམ་པའི་བདེན་པ་)དང་ (ཡིད་བཞིན་གྱི་ནོར་བུ་ལྟར་)འགྲོ་བའི་དོན་མཛད་པ་པོ་ཡིན་ནོ། ། ༈ (རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་སྐུའི་)སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་གཅིག་ཏུ་སྦྱོར་ བ་འདི་ཉིད་(དུས་ཀྱི་འཁོར་ལོའི་)ཞལ་བཞིའི་(མཚན་ཡིན་པ་)རྒྱུར་འགྱུར་ཏེ་ཡེ་ཤེས་(རྡོ་རྗེ་)ནི་ནུབ་ ཀྱི་ཞལ་སེར་པོ་དང་རྣམ་པར་ཤེས་པ་(ཐུགས་རྡོ་རྗེ་)ནི་ཤར་གྱི་ཞལ་ནག་པོ་དང་ཟླ་བ་དང་སྐུ་ (རྡོ་རྗེ་)ནི་བྱང་གི་ཞལ་དཀར་པོ་དང་ཉི་མ་དང་གསུང་(རྡོ་རྗེ་)ནི་ལྷོའི་ཞལ་དམར་པོའོ། །(དེ་ལྟར་ སྟོང་ཆེན་འགྱུར་མེད་ལྔའི་བདག་ཉིད་ཀྱི་ཁུ་བ་དང་ཟླ་བ་སྟེ་ཟླ་བ་དང་ཁུ་བ་གཞན་དང་འགྱུར་མེད་དྲུག་གི་བདག་ཉིད་ཀྱི་རྡུལ་ དང་ཉི་མ་གཞན་ཡིན་ལ་དེ་དག་རིམ་པ་ལྟར་དུས་ཀྱི་འཁོར་ལོ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་རིགས་དྲུག་དྲུག་ཏུ་འགྱུར་བར་ ཤེས་པར་བྱ་བའི་ཕྱིར་མངལ་སྐྱེས་ཀྱི་ཟླ་ཉི་ཁུ་རྡུལ་ལས་ཁམས་དྲུག་དྲུག་དང་ལུས་ངག་སེམས་གསུམ་དུ་འགྱུར་བར་སྟོན་པ་ ཀུན་རྫོབ་ཀྱི་)ཟླ་བ་དང་ཉི་མ་འདི་དག་ནི་གཙོ་བོ་དང་ཕལ་པའི་དབྱེ་བས་ཁམས་དྲུག་དྲུག་ཏུ་ 2-1-154 རྟོགས་པར་བྱ་སྟེ་(དྲུག་པོ་)དེ་རྣམས་ཀྱང་ས་དང་ཆུ་དང་མེ་དང་རླུང་དང་རོ་དང་རོ་ཆེན་པོའི་ཆ་ ཤས་སོ། །འདི་རྣམས་ལ་ཁུ་བ་ལས་(གཙོ་བོར་)བྱུང་བ་གསུམ་དང་བྱུང་བ་མ་ཡིན་པ་གསུམ་སྟེ་ ཆུའི་ཁམས་དང་རླུང་གི་ཁམས་དང་རོའི་ཁམས་སོ། །ཁམས་འདི་རྣམས་ནི་ཁུ་བ་ལས་(གཙོ་ བོར་)བྱུང་བ་སྟེ་རོའི་ཁམས་ནི་ནམ་མཁའི་ཁམས་ཀྱི་མིང་ངོ༌། །རྡུལ་ལས་〔གཙོ་བོར་〕བྱུང་བ་ གསུམ་དང་〔གཙོ་བོར་〕བྱུང་བ་མ་ཡིན་པ་གསུམ་སྟེ་སའི་ཁམས་དང་མེའི་ཁམས་དང་རོ་ཆེན་ པོའི་ཁམས་སོ། །ཁམས་འདི་རྣམས་ནི་རྡུལ་ལས་〔གཙོ་བོར་〕བྱུང་པ་སྟེ་འདིར་རོ་ཆེན་པོ་ནི་ཡེ་ ཤེས་ཀྱི་ཁམས་ཀྱི་མིང་ངོ༌། །(ཁུ་རྡུལ་གཙོ་བོར་བྱུང་བའི་)ཁམས་ལྷག་མ(ས་མེ་ཡེ་ཤེས་དང་ཆུ་རླུང་ནམ་མཁའ་)རྣམས་ནི་ཁུ་བ་དང་རྡུལ་ལས་(གོ་རིམ་བཞིན་དུ་གཙོ་བོ་མ་ཡིན་པས་)བྱུང་བའོ། །དེ་ལྟར་ཟླ་བ་དང་ ཉི་མ་དག་ལས་བྱུང་བའི་ཁམས་གསུམ་པོ་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་མངལ་ནས་ སྐྱེས་པ་རྣམས་ཀྱི་ལུས་དང་ངག་དང་སེམས་སུ་འགྱུར་ཏེ་ཟླ་བ(ཁུ་བ་ལས་བྱུང་བ་)འི་ཁམས་རྣམས་ ཐབས་(ཕོ་ཉིད་)ཀྱི་ལུས་དང་ངག་དང་སེམས་དང་ཉི་མ(རྡུལ་ལས་བྱུང་བ་)འི་ཁམས་རྣམས་ཤེས་ རབ་(མོ་ཉིད་)ཀྱི་ལུས་དང་ངག་དང་སེམས་ཏེ་ཁུ་བ་དང་རྡུལ་ལས་(རིམ་པ་ལྟར་གཙོ་བོར་)བྱུང་བའི་ རྒྱུའི་ཕྱིར་རོ། །(དྲུག་པོ་)ཁམས་འདི་རྣམས་ནི་དབང་པོ་དྲུག་ལ་སོགས་པ་རྣམས་ཀྱི་རིགས་དྲུག་ གོ་(ཡིད་ལ་དབང་པོ་དྲུག་སོགས་ཁམས་དྲུག་སོགས་དྲུག་གི་རིགས་ཅན་ཡིན་ནོ་)དེ་བཞིན་དུ་(མངལ་སྐྱེས་རྣམས་ཀྱི་ལུས་)སྐུ་དང་(ངག་)གསུང་དང་(སེམས་)ཐུགས་ཀྱི་རིགས་ནི་ངོ་བོ་ཉིད་ཀྱི་རིགས་(ཡེ་ཤེས་)དང་ལྷན་ ཅིག་རིགས་བཞིར་འགྱུར་ཞིང་(ནང་ལེར་འཆད་པ་ལྟར་མངལ་སྐྱེས་རྣམས་ཀྱི་)སྐུ་གསུམ་ནི་སྐུ་བཞིར་ འགྱུར་ཏེ་(སད་རྨི་གཉིད་སྟུག་ནི་)གནས་སྐབས་གསུམ་(བཞི་པ་དང་བཅས་པ་)གནས་སྐབས་བཞིར་ འགྱུར་རོ། །(འདིར་མངལ་སྐྱེས་ལ་སྐུ་བཞིར་སྦྱར་བ་ནི་བཏགས་པ་ཙམ་དུ་ཤེས་པར་བྱའོ་)དེ་བཞིན་དུ་(མངལ་སྐྱེས་ རྣམས་ཀྱིས་ནམ་མཁའ་ལ་སོགས་)ཁམས་ལྔའི་རིགས་ནི་ཡེ་ཤེས་ཀྱི་ཁམས་དང་(ཁུ་བ་འཕོ་བ་)ལྷན་ཅིག་ རིགས་དྲུག་ཏུ་འགྱུར་རོ། །དེ་བཞིན་དུ་མངལ་ནས་སྐྱེས་པ་རྣམས་ཀྱི་ཕུང་པོ་(ཁུ་བ་འཕོ་བ་)ལྔའི་ 2-1-155 རིགས་ནི་ཡེ་ཤེས་ཀྱི་ཕུང་པོ་དང་ལྷན་ཅིག་རིགས་དྲུག་ཏུ་འགྱུར་རོ། །བུ་མོ་(ཡེ་ཤེས་ཀྱི་ཁམས་དང་ ཕུང་པོ་དེ་ཡང་)ལ་(ཟླ་བ་གཅིག་དང་ཞག་ཉི་ཤུ་རྩ་ཕྱེད་དང་གསུམ་ལྷག་པའི་)ལོ་བཅུ་གཉིས་དང༌། སྐྱེས་པ་ལ་ ལོ་བཅུ་དྲུག་གིས་(སྨིན་)ཏེ་བུ་མོ་ལ་རྡུལ་གྱི་(འཕོ་བའི་)དུས་ཇི་སྲིད་པར་(སད་རྨི་གཉིད་སྟུག་སྟེ་ལུས་ངག་ སེམས་ཀྱི་)རིགས་གསུམ་དང་(ཕུང་པོ་ཁམས་)རིགས་ལྔར་རིག་པར་བྱའོ། །སྐྱེས་པ་ལ་ཁུ་བ་འཕོ་ བའི་དུས་ཇི་སྲིད་པར་རིགས་གསུམ་དང་རིགས་ལྔར་རིག་པར་བྱའོ། །ཡེ་ཤེས་ཀྱི་ཁམས་(ཁུ་ རྡུལ་འཕོ་བ་)བྱུང་བའི་དུས་ནས་འཆི་བའི་བར་དུ་གཉི་ག་ལ་(བཞི་པའི་གནས་སྐབས་ཡེ་ཤེས་ཀྱི་རིགས་དང་ བཅས་པ་)རིགས་བཞི་དང་(ཡེ་ཤེས་ཀྱི་ཁམས་དང་བཅས་པ་)རིགས་དྲུག་གོ། (ཀུན་རྫོབ་མངལ་སྐྱེས་རྣམས་ཀྱི་ རིགས་ཀྱི་དབྱེ་བ་ཅི་ལྟ་བ་)དེ་བཞིན་དུ་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་(དོན་དམ་ཡེ་ཤེས་ཀྱི་སྐུའི་ རིགས་ཀྱི་དབྱེ་བ་)གསུངས་པ། (ཡེ་ཤེས་ཀྱི་སྐུ་གསུང་ཐུགས་ཀྱི་)རིགས་གསུམ་(སྐུའི་)དང་ནི་(ཕུང་པོ་དང་ཁམས་ ལྔའི་)རིགས་ལྔ་ནི་ཉིད(དོ)། །(དེ་ཡང་)རང་བཞིན་(གྱི་རིགས་)གཅིག་དང་(བཅས་པ་བཞི་དང་དྲུག་པོ་དེ་ བཞིན་དུ་)རིགས་(སོ་དྲུག་དང་དྲུག་ཅུ་རྩབཞི་འདུས་པ་)བརྒྱའོ་ཞེས་སོ། ། ༈ ད་ནི་(བཤད་མ་ཐག་པའི་ཕུང་པོ་དང་ཁམས་ཀྱི་)རིགས་(དྲུག་པོ་རྣམས་)ཀྱི་རིགས་ཅན་གསུངས་པ་ སངས་རྒྱས་ཞེས་པ་ལ་སོགས་པའོ། །(འདིར་རིགས་ནི་རྒྱུའི་དོན་ཡིན་ལ་རིགས་ཅན་ནི་འབྲས་བུ་ཡིན་ཞིང་རྒྱུ་ འབྲས་ཀྱང་ངོ་བོ་དབྱེར་མེད་པར་ཤེས་པར་བྱའོ་)འདིར་སངས་རྒྱས་ནི་ཡེ་ཤེས་(རྡོ་རྗེ་སེམས་དཔའ་)དང་རྣམ་ པར་ཤེས་པ་(མི་བསྐྱོད་པ་)ལ་སོགས་པ་ཕུང་པོ་(གཞན་)དྲུག་གོ། ལྷ་དང་ལྷ་མིན་ཡང་ཞེས་པའི་ ཡང་ཡིག་གིས་བྱང་ཆུབ་སེམས་དཔའ་ཡིད་ཀྱི་དབང་པོ་(ཀུན་ཏུ་བཟང་པོ་)ལ་སོགས་པ་(དབང་ པོ་གཞན་དྲུག་)དྲུག་དང་དེ་བཞིན་དུ་ཁམས་(གཞན་དེ་བཞིན་གཤེགས་མ་)དྲུག་དང་ཡུལ་(གཞན་སེམས་ མ་)དྲུག་དང་དེ་བཞིན་དུ་ཁྲོ་བོ་དྲུག་ལས་ཀྱང་དབང་པོ་དྲུག་དང་ཁྲོ་བོའི་ལྷ་མོ་དྲུག་ལས་ཀྱི་ དབང་པོའི་བྱ་བ་དྲུག་གོ། ལྷ་ནི་(དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་)ལག་པ་དང་རྐང་པའི་ཚིགས་ བཅུ་གཉིས་ལ་(སྒྲུབ་ལེར་)འཆད་པར་འགྱུར་བ་(ལྷ་ཆེན་གཞན་བཅུ་གཉིས་)རྣམས་ཏེ་དེ་བཞིན་དུ་རྣལ་ 2-1-156 འབྱོར་མ་ནི་ཙར་ཙི་ཀཱ་ལ་སོགས་པ་(འབྱུང་སྐྱེས་གཞན་)བརྒྱད་དོ། །ལྷ་མིན་ནི་ཀླུའི་རྒྱལ་པོ་རྣམས་ དང་ལྷ་མོ་ཁྱི་གདོང་མ་ལ་སོགས་པ་(ལྷ་མིན་གཞན་སྒྲུབ་ལེར་འཆད་པར་འགྱུར་བ་)རྣམས་སོ། ། ༈ ད་ནི་མུ་སྟེགས་པ་རྣམས་(སྔགས་ཀྱི་ཐེག་པ་ལ་)འཇུག་པར་བྱ་བའི་ཕྱིར་(མུ་སྟེགས་པའི་ འདོད་ལུགས་ཀྱི་)རང་བཞིན་དང་སྐྱེས་བུ་(དང་མིང་མཐུན་ཞིང་དོན་ལ་གནས་པའི་དེ་ཉིད་ཉི་ཤུ་རྩ་ལྔ་)བརྗོད་ པར་བྱ་སྟེ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་(མུ་སྟེགས་པ་ནང་སྔགས་ཀྱི་ཐེག་པ་ལ་གཞུག་པའི་དོན་དུ་) རྒྱུད་གཞན་(མ་ཧཱ་མཱ་ཡ་ལ་སོགས་པ་)ལས་(ཀྱང་མུ་སྟེགས་པའི་འདོད་པ་དང་མིང་ཙམ་མཐུན་པའི་ཚུལ་)གསུངས་ པ། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་དང་སྡུད་པར་བྱེད་པ་མོ(ཞེས་པ་དང)། །(ཀྱེའི་ རྡོ་རྗེར་ཡང་)རང་ཉིད་བྱེད་པོ་རང་འཕྲོག་པོ། །རང་ཉིད་རྒྱལ་པོ་རང་གཙོ་བོ། །ཞེས་པ་(སྣོད་བཅུད་ ཀྱི་འཇིག་རྟེན་སྐྱེད་པ་དང་སྡུད་པའི་བྱེད་པ་པོ་ཡོད་པ་ལྟ་བུ་དང་གང་ཟག་གི་བདག་ཡོད་པ་ལྟ་བུར་བསྟན་པ་ནི་)བརྫུན་པ་ 〔དྲང་དོན〕སྟེ་དོན་དམ་པར་ཕྱེད་པ་པོ་དང་འཕྲོག་པ་པོ་མེད་དོ། །(ལུང་དེའི་དགོངས་པ་ནི་ཆོས་ཉིད་འོད་ གསལ་རྣམ་པ་ཐམས་ཅད་པ་ཡིན་པས་སྒྱུ་འཕྲུལ་ཆེན་མོ་དང༌། དབུགས་ཐམས་ཅད་འགོག་པས་དྲག་ཆེན་མོ་དང༌། འགྲོ་བ་ ཀུན་གྱི་གཞི་ཡིན་པས་འབྱུང་བར་བྱེད་པ་མོ་དང༌། ཐར་པ་ཐོབ་པ་ན་དེ་ཉིད་ཀྱི་དབྱིངས་སུ་མ་དག་པའི་ཕུང་པོ་སོགས་འགགས་ པས་སྡུད་པར་བྱེད་པ་མོ་དང༌། ཀུན་རྫོབ་ཏུ་བདེ་སྡུག་རང་གི་ལས་ཀྱི་བྱས་པ་ལ་དགོངས་ནས་གསུངས་པ་ཡིན་ནོ་)(དེ་བཞིན་དུ་)མུ་སྟེགས་བྱེད་རྣམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་རང་བཞིན་དང་སྐྱེས་བུ་ལ་སོགས་ པ་གཞན་ཡང་(རྫུན་པ་ཡིན་ནོ་)ངོ༌། །འདིར་མུ་སྟེགས་པ་རྣམས་ཀྱི་རང་བཞིན་ཉི་ཤུ་རྩ་བཞིའི་ བདག་ཉིད་དང་སྐྱེས་བུ་ཉི་ཤུ་རྩ་ལྔ་པའོ། །དེ་ལ་རྩ་བའི་རང་བཞིན་(རྒྱུའི་བདག་ཉིད་)ནི་རྣམ་པར་ འགྱུར་བ་(འབྲས་བུ་)མ་ཡིན་(པ་རང་བཞིན་ཁོ་ན་ཡིན་པའི་མུ་)ཏེ་(དེའི་ངོ་བོ་ནི་)སེམས་ཅན་རྣམས་ཀྱི་བཞི་ པའི་གནས་སྐབས་སྐྱེད་པར་བྱེད་པ་ནམ་མཁའི་ཁམས་སོ། །ཆེན་པོ་ལ་སོགས་པ་བདུན་ནི་ རང་བཞིན་དང་རྣམ་པར་འགྱུར་བ་(གཉིས་ཀ་ཡིན་པའི་མུ་)སྟེ་ས་དང་ཆུ་དང་མེ་དང་རླུང་དང་ཡིད་ དང་བློ་དང་ང་རྒྱལ་ལོ། །རྣམ་པ་བཅུ་དྲུག་ནི་རྣམ་པར་འགྱུར་བ་〔ཁོ་ན་ཡིན་པའི་མུ〕སྟེ་དབང་ 2-1-157 པོ་ལྔ་དང་ཡུལ་ལྔ་དང་ལས་ཀྱི་དབང་པོ་ལྔ་དང་མཆོག་གི་དབང་པོ་སྟེ་(བཅུ་དྲུག་པོ་དེ་ལྟར་ན་)རང་ བཞིན་དང་རྣམ་པར་འགྱུར་པ་ཉི་ཤུ་རྩ་བཞི(ནི་སྐྱེས་བུའི་གཟུང་བྱ་)འོ། །འདིར་སྐྱེས་བུ་ནི་(དེ་ཐམས་ ཅད་ཀྱི་)ཁྱབ་བྱེད་(ལོངས་སྤྱོད་པ་པོ་)ཉིད་ཡིན་པའི་ཕྱིར་རང་བཞིན་ཡང་མ་ཡིན་རྣམ་པར་འགྱུར་བ་ ཡང་མ་ཡིན་(པའི་མུ་)ཏེ་(དེ་དག་)ངོ་བོ་ཉིད་དང་བྲལ་བའོ། །ཁ་ཅིག་(ཟད་བྱེད་པ་)ནི་དབང་པོ་(ལྔ་དང་)ལ་སོགས་པ་(ཡུལ་ལྔ་སྟེ་བཅུ་པོ་)རྣམས་དང་འཚོ་བ(སྟེ་སྲོག་གནས་པ་)འི་ལུས་དྲུག་ཅེས་(པ་ས་ཆུ་མེ་རླུང་ ནགས་དང་འབྲུ་སྟེ་རྣམ་འགྱུར་བཅུ་དྲུག་ཏུ་འདོད་དོ་)སོ(ད་ལྟ་ཡོངས་སུ་གྲགས་པའི་གྲངས་ཅན་པའི་གྲུབ་མཐའ་ནི་སྙིང་སྟོབས་ རྡུལ་མུན་པ་གསུམ་ཆ་མཉམ་པ་གཙོ་བོ་དང་དེ་ལས་གཞན་ཆེན་པོའམ་བློ་ཞེས་པ་སྐྱེ་ཞིང་དེ་ལས་ང་རྒྱལ་སྐྱེ་དེ་ལ་གསུམ་གྱི་དང་ པོ་སྙིང་སྟོབས་ཤས་ཆེ་བ་ལས་མིག་སོགས་བློའི་དབང་པོ་ལྔ་དང་ལས་དབང་ལྔ་དང་གཉིས་ཀའི་དབང་པོ་ཡིད་དང་བཅུ་གཅིག་ སྐྱེའོ། །གཉིས་པ་མུན་པ་ཤས་ཆེ་བ་ལས་གཟུགས་སོགས་དེ་ཙམ་ལྔ་དང་དེ་ཙམ་ལྔ་ལས་འབྱུང་བ་ལྔ་སྐྱེས་ཏེ་དབང་པོ་བཅུ་གཅིག་ དང་འབྱུང་བ་ལྔ་སྟེ་{ཏེ་དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་སྟེ་}བཅུ་དྲུག་ནི་རྣམ་འགྱུར་ཁོ་ན་ཡིན་པའི་མུའོ། །དབང་ཕྱུག་ནག་ པོས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཡིན། །དེ་ལས་བཅུ་དྲུག་གི་ནི་ཚོགས་རྣམས་སོ། །བཅུ་དྲུག་པོ་ནི་དེ་དག་རྣམས་ལས་ ཀྱང༌། །ལྔ་པོ་རྣམས་ལས་འབྱུང་བ་ཆེན་པོ་ལྔ། །ཞེས་སོ། །ཤེས་རིག་གི་སྐྱེས་བུ་ནི། དེ་ཐམས་ཅད་ཀྱི་ཟ་བ་པོ་སྟེ། དེ་ལྟར་དེ་ཉིད་ ཉི་ཤུ་རྩ་ལྔའོ་ཞེས་འཆད་དོ། །དེ་ལྟར་འདིར་བཤད་པ་དང་རྣམ་བཞག་ཅུང་ཟད་མི་འདྲ་བ་ནི་འདིར་བཤད་པ་ནི་སྔོན་གྱི་གྲངས་ ཅན་གྱི་ལུགས་དང་ཡོངས་གྲགས་ཀྱི་དེ་ནི་ཕྱིས་ཀྱི་གྲངས་ཅན་པའི་ལུགས་ཡིན་པའམ་ཡང་ན་ཤམ་བྷ་ལའི་ཡུལ་གྱི་གྲངས་ཅན་ པ་དང་འཕགས་པའི་ཡུལ་གྱི་གྲངས་ཅན་པའི་འདོད་ལུགས་ཀྱི་ཁྱད་པར་དུ་ཤེས་པར་བྱའོ)། །(རང་གི་ལུགས་ཀྱི་ནི་)ཕྱི་དང་ ལུས་དང་གཞན་ལ་ཡང་ཉི་ཤུ་རྩ་ལྔའི་བདག་ཉིད་(མུ་སྟེགས་ཀྱིས་དེ་ལས་གཞན་དོན་ལ་གནས་པ་ཞིག་) གྲུབ་སྟེ་ཕྱི་རོལ་ཏུ་ཁམས་ལྔ་དང་(ཡིད་ནི་)སྒྲ་གཅན་དང་(བློ་ནི་)ཉི་མ་དང་(ང་རྒྱལ་ནི་)ཟླ་བ་ཞེས་པ་ ནི་རང་བཞིན་བརྒྱད་དོ། །(དེ་བཞིན་དུ་དབང་པོ་ལྔ་ནི་)བཀྲ་ཤིས་ལ་སོགས་པ་གཟའ་ལྔ་དང་དབང་ པོ་ལྔ་རྣམས་ཀྱི་ཡུལ་ལྔ་དང་(ལས་དབང་ལྔ་དང་མཆོག་གི་དབང་པོ་ནི་)ས་ལ་སོགས་པ་རྣམས་ཀྱི་(འབྲས་ བུ་)རོ་དྲུག་〔སྟེ་དེ་རྣམས〕ནི་རྣམ་པར་འགྱུར་བ་བཅུ་དྲུག་གོ(ནང་དང་གཞན་ལ་ནི་འོག་ཏུ་འཆད་པར་འགྱུར་ 2-1-158 ལ་ཕྱི་ནང་གཉིས་ཀ་ལ་སྐྱེས་བུ་ནི་ཀུན་རྫོབ་ཙམ་དུ་ལས་འབྲས་ལ་ལོངས་སྤྱོད་པར་བྱེད་པ་པོའི་བདག་ཡིན་ནོ)། ། ༈ དེ་བཞིན་དུ་ལུས་ལ་(ཕྱི་རོལ་ཀྱི་)སྣ་ཚོགས་ཚད་(བསྟན་པར་ཚང་བར་)ནི་ནང་གི་ལེའུར་ བརྗོད་པར་བྱའོ། །སྲིད་པ་གསུམ་གྱི་བཀོད་པ་ཞེས་པ་ལ་འདིར་ཕྱི་རོལ་ཏུ་སྲིད་པ་གསུམ་ (སྣོད་ཀྱི་)ནི་འཇིག་རྟེན་གྱི་ཁམས་(གསུམ་)ཡིན་ལ་ནང་དུ་ནི་ལུས་ཀྱི་ཁམས་(ནང་ལེར་འཆད་པ་རྣམས་) སོ། །དེའི་བཀོད་པ་འཆད་པར་འགྱུར་བའི་རིམ་པས་བཤད་དུ་གསོལ་ཞེས་བྱ་བའི་ངེས་པའོ། ། ལྷ་དང་ལྷ་མིན་རྣམས་ཀྱི་ལོངས་སྤྱོད་དང་ཞེས་པ་ནི་འདིར་ལྷ་(ཞེས་པ་ལྷ་དང་འདྲ་བའི་སངས་རྒྱས་ པའི་དཀའ་ཐུབ་པ་)རྣམས་(བཟའ་བ་ལ་)ཉིན་མོ(འི་ཕྱེད་སྔ་མའི་དུས་སུ་)ལོངས་སྤྱོད་ཅིང་ལྷ་མ་ཡིན་(ཀླ་ཀློའི་ དཀའ་ཐུབ་པ་)རྣམས་(བཟའ་བ་ལ་)མཚན་མོ〔འི་ཕྱེད་སྔ་མའི་དུས་སུ་〕་ལོངས་སྤྱོད་དེ་དེ་བཞིན་དུ་(ཉི་ མ་)བྱང་དུ་བགྲོད་པ་(འདྲ་བར་ལྷ་རྣམས་མཐོ་རིས་སུ་འགྲོ་བ་)དང་ལྷོར་བགྲོད་པ(དང་འདྲ་བར་ལྷ་མིན་རྣམས་ ཀླུའི་འཇིག་རྟེན་དུ་འགྲོ་བ་)འོ། ། ༈ དཀྱིལ་འཁོར་དང་ནི་དབང་སྟེ་སྐབས་གསུམ་པ་(ལྷ་)དང་མི་ཡི་བླ་མ་(ཞེས་བོད་པ་སྟེ་)འདི་རྣམས་ཡང་དག་བཤད་དུ་གསོལ་ཞེས་པ་ལ་འདིར་འཇིག་རྟེན་གྱི་བདེན་པས་ཚོན་ དང་ཐིག་གདབ་པས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་དོན་དམ་པའི་བདེན་པས་ནམ་མཁའི་ ཁམས་ལ་ཐིག་གདབ་པ་དང་བྲལ་ཞིང་ཚོན་དགྱེ་བ་དང་བྲལ་བ་ཁ་དོག་དང་ཕྱག་དང་ དབྱིབས་ཀྱི་གཟུགས་ཀྱི་ལྷ་རྣམ་པར་རྟོག་པས་བསྒོམ་པའི་སེམས་དང་བྲལ་བ་(སོ་སོར་སྡུད་ པའི་ཏིང་ངེ་འཛིན་ལ་མངོན་སུམ་དུ་སྣང་བའི་སྟོང་གཟུགས་)རྣམ་པ་ཐམས་ཅད་པ་མེ་ལོང་གི་པྲ་ཕབ་པ་ལྟ་བུ་ བཤད་དུ་གསོལ་ཞེས་པའོ(འདིས་ནི་དུ་བ་ལ་སོགས་སྟོང་གཟུགས་ཉིད་ཡང་དག་པའི་དཀྱིལ་འཁོར་ཆོས་དབྱིངས་ ཡིན་པར་གྲུབ་པོ)། །དེ་བཞིན་དུ་འཇིག་རྟེན་པའི་དབང་ནི་ཆུ་དང་ཅོན་པན་དང་དར་དཔྱངས་དང་ རྡོ་རྗེ་དྲིལ་བུ་དང་བརྟུལ་ཞུགས་ཆེན་པོ་དང་མིང་དང་རྗེས་སུ་གནང་བ་སྟེ་(འོག་)བདུན་དང་ དེ་བཞིན་དུ་གོང་མ་ནི་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་དང་(གོང་མ་ལས་ཀྱང་གོང་མ་) 2-1-159 འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པ་ནི་བཞི་པ་(རྡོ་རྗེའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ ཏེ་རབ་ཏུ་གསལ་བར་)སྟེ་ཐམས་ཅད་ཡང་དག་པར་བཤད་དུ་གསོལ་ཞེས་པའོ། ། ༈ དེ་ཅི(དོན་དེ་རྣམས་རྒྱུད་གཞན་ཐམས་ཅད་དུ་ཡང་གསལ་བར་གསུངས་པ་ཡིན་མོད་འདིར་དེ་ལྟར་ལྷག་པར་ཞུ་བ་)འི་ཕྱིར་ཞེ་ན། (ཞུ་བའི་རྒྱུ་མཚན་གཙོ་ཆེ་བར་དབང་བཞི་བའི་དོན་དཔལ་འདུས་པ་དང་འཁོར་ལོ་སྡོམ་པ་དང་ཀྱེའི་རྡོ་རྗེ་ ལ་སོགས་པ་རྒྱུད་གཞན་རྣམས་སུ་གསལ་པོར་བསྟན་ན་འཕགས་པའི་ཡུལ་གྱི་གདུལ་བྱ་རྣམས་ལ་དོན་དུ་མི་འགྱུར་བར་དགོངས་ ནས་རྡོ་རྗེའི་ཚིག་ཏུ་སྦས་ཏེ་གསལ་བར་མ་གསུངས་པའི་ཕྱིར་རོ། །དེ་ཇི་ལྟར་ན་)འཕགས་པའི་ཡུལ་འདིར་མ་ འོངས་པའི་དུས་ན་རྡོ་རྗེ་སློབ་དཔོན་རྫས་ལ་བརྐམ་པ་དག་འབྱུང་བར་འགྱུར་ཏེ། (རྒྱུད་དེ་དག་ཏུ་ བཞི་པ་གསལ་པོར་བསྟན་ན་མཐོང་བ་ཙམ་གྱིས་ཤེས་ཏེ་)ཕྱུག་པོ་རྫས་ཀྱིས་མངོན་པར་ཁེངས་པ་(སྟེ་ང་རྒྱལ་དང་ ལྡན་པ་)རྣམས་ཀྱི་ཁྱིམ་དུ་སོང་ནས་རྫས་ཀྱི་དོན་དུ་ཆོས་(དབང་བཞི་བའི་མན་ངག་)འཚོངས་བར་བྱེད་ པར་འགྱུར་བ་དང་རྫས་ལ་ཆགས་པས་སྐལ་བ་དང་མི་ལྡན་པ་རྣམས་ལ་(བཞི་པ་)འཇིག་རྟེན་ ལས་འདས་པའི་དབང་སྟེར་བར་འགྱུར་བ་དང་དང་པོ་རྒྱལ་པོ་ལ་སོགས་པའི་མངག་གཞུག་ པ་(ཐོབ་པ་དེ་ཉིད་བཅུ་ལ་སོགས་པ་མི་ཤེས་པ་སྡིག་པ་ཅན་ཡང་)ཕྱི་ནས་(རྒྱུད་མཐོང་བ་ཙམ་གྱིས་བཞི་པའི་མན་ངག་ཤེས་ ནས་གཞན་གྱི་)བླ་མར་འགྱུར་བ་དང༌། རྫས་ཀྱིས་དམན་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་ སུ་སྤངས་ཤིང་སེམས་ཅན་སྐལ་པ་དང་ལྡན་པར་གྱུར་པ་(ཀུན་སྤངས་ཀྱི་སློབ་མ་)གཞན་རྣམས་ལ་ ཡང་(རྫས་དབུལ་{རྒྱུ་མེད་པའི་}རྒྱུ་མཚན་གྱིས་)འཇིག་རྟེན་ལས་འདས་པའི་དབང་མི་སྟེར་བར་འགྱུར་ བ་དང་〔ཀུན་སྤངས་ཀྱི་སློབ་མ〕དེ་རྣམས་ལ་(ཆོས་འདོད་ཀྱང་མ་ཐོབ་པས་)ཉོན་མོངས་པ་(སྟེ་ཡིད་མི་བདེ་ བ་)སྐྱེད་པར་འགྱུར་བ་དང་རྫས་ཀྱི་དབང་གིས་གདུག་པའི་སེམས་ཅན་(མི་དགེ་བ་བཅུ་མི་སྤོང་པ་) རྣམས་ལ་རྡོ་རྗེའི་ཚིག་(བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པའི་དོན་དབང་བཞི་པ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་)རབ་ཏུ་ གསལ་བར་བྱེད་པར་འགྱུར་བ(འི་ཕྱིར་འཕགས་པའི་ཡུལ་དུ་)དང་(བྱོན་པའི་རྒྱུད་རྣམས་སུ་དབང་བཞི་པ་གསལ་ བར་མ་གསུངས་སོ་)གཞན་ཡང་〔འཕགས་པའི་ཡུལ་དུ་རྡོ་རྗེ་སློབ་དཔོན་〕རྡོ་རྗེའི་ཚིག་མི་ཤེས་པ་ 2-1-160 ཕན་ཚུན་རྩོད་པ་བྱེད་པར་འགྱུར་བ་དང་(སྒྲ་ཚད་ལ་སོགས་པ་ཕྱིའི་རིགས་པ་དང་མཚན་ཉིད་ཐེག་པའི་སྡེ་སྣོད་ ཙམ་ལ་)མཁས་པའི་མངོན་པར་ཁེངས་པས་རྒྱུད་ཀྱི་དོན་(དང་པོའི་སངས་རྒྱས་བདེ་གཤེགས་སྙིང་པོ་རྡོ་རྗེ་ འཛིན་པའི་ཡེ་ཤེས་ཀྱི་སྐུ་)མི་ཤེས་པ་རྣམས་ཀྱང་རྒྱུད་ཀྱི་རྒྱས་འགྲེལ་བྱེད་པར་འགྱུར་པ་དང་བདུད་ ཀྱིས་རིས་རྣམས་སེམས་ཅན་རྣམས་ཀྱི་བླ་མར་གྱུར་ནས་རྡོ་རྗེའི་ཚིག་(གི་དོན་)ཕྱིན་ཅི་ལོག་ཏུ་ སྟོན་པར་འགྱུར་བ་(སྟེ་སེམས་ཅན་གྱི་ཕུང་པོ་ལྔ་པོ་ཉིད་རྒྱལ་བ་རིགས་ལྔའོ་ཞེས་པ་དང༌། ཉོན་མོངས་པ་དང་རྣམ་རྟོག་ཡེ་ ཤེས་ལྔའི་ངོ་བོ་ཞེས་པ་དང༌། ལྷའི་རྣལ་འབྱོར་དང་ལྡན་པས་མི་དགེ་བ་བཅུ་བྱས་པ་ལ་སྡིག་པ་མེད་དོ་ཞེས་སོགས་སྟོན་པ་)དང་ སངས་རྒྱས་ཀྱི་ཡེ་ཤེས་(ནི་སྤྱིར་ཕོ་མོ་)དབང་པོ་གཉིས་ལས་སྐྱེས་པའི་བདེ་བར་བྱིས་པའི་བློ་ཅན་ (བླུན་པོ་)རྣམས་ལ་སྟོན་པར་འགྱུར་བ་དང་(བྱེ་བྲག་ཏུ་)གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་ པ་སྟེ་(རྒྱུད་ལས་བཞི་པ་)དེ་ཡང་དེ་བཞིན་ནོ་ཞེས་པའི་སྒྲས་རྒྱུ་(གསུམ་པའི་ཡེ་ཤེས་)དང་འབྲས་བུ་(བཞི་ པའི་ཡེ་ཤེས་དག་)དབྱེ་བ་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་གསུམ་པའི་ཡེ་ཤེས་ (འཛག་བདེ་བཞི་བའི་ཡེ་ཤེས་)སངས་རྒྱས་ཀྱི་ཡེ་ཤེས་སུ་སྨྲ་བར་འགྱུར་བ་དང་(གཞན་ཡང་འདུས་པ་སོགས་ རྒྱུད་གཞན་རྣམས་སུ་དབང་བཞི་པའི་དོན་གསལ་པོར་བསྟན་ན་)འཕགས་པའི་ཡུལ་གང་དུ་མཁས་པའི་མངོན་ པར་ཁེངས་པས་གླེགས་བམ་མཐོང་(བ་ཙམ་གྱིས་རྒྱུད་ཀྱི་དོན་ཤེས་)ནས་(བླ་མ་ལས་)དབང་བསྐུར་(པ་ ཐོབ་པ་)མེད་པར་རྡོ་རྗེ་ཐེག་པ་སྟོན་པ་པོ་བྱེད་པར་འགྱུར་བ་དེའི་ཕྱིར། དེ་ལྟར་མ་འོངས་པའི་ དུས་ཀྱི་གདུག་པའི་སློབ་དཔོན་རྣམས་ཀྱི་(ཕྱིན་ཅི་ལོག་གི་)འཇུག་པ་(འབྱུང་བར་)གཟིགས་ནས་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་(འདུས་པ་དང་སྡོམ་པ་ལ་སོགས་པའི་)རྒྱུད་དང་རྒྱུད་གཞན་ཐམས་ ཅད་དུ་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གསལ་པོར་མ་མཛད་དེ་རྩ་བའི་རྒྱུད་(ཕལ་ཆེར་)དང་ བསྡུས་པའི་རྒྱུད་རྣམས་སུ་བཞི་པ་ཤེས་རབ་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་ སོགས་(པས་མཚོན་)པའི་(སྦྱོར་བ་ཡན་ལག་དྲུག་གི་)ལམ་ཤིན་ཏུ་སྦས་ཤིང་རྩ་བ(མངོན་བརྗོད་འབུམ་པ་ལྟ་བུ་)འི་རྒྱུད་(དང་བསྡུས་པའི་རྒྱུད་ཅེས་འགྱུར་གཞན་ལ་སྣང་)འགའ་ཞིག་ལ་རབ་ཏུ་གསལ་ལོ། ། 2-1-161 ༈ རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་དང་བསྡུས་པའི་རྒྱུད་འདི་ལ་ཡང་བཞི་ པ་ཤེས་རབ་ཡེ་ཤེས་རབ་ཏུ་གསལ་ཞིང་ཕྱག་རྒྱ་ཆེན་པོ་སྒོམ་པ་དུ་བ་ལ་སོགས་པའི་ལམ་ ཡང་རབ་ཏུ་གསལ་བ་རྡོ་རྗེ་སློབ་དཔོན་བརྒྱུད་པའི་རིམ་པས་འོངས་པ(འི་མན་ངག་གཞན་ལ་ལྟོས་ དགོས་པ་)མ་ཡིན་པ་(རྒྱུད་ཉིད་ན་རབ་ཏུ་གསལ་ལ་རྫོགས་པ་)སྟེ་དཔེར་ན་སྔགས་ཀྱི་ལྷ་དང་ཕྱི་རོལ་གྱི་ དངོས་གྲུབ་སྒྲུབ་པའི་ཐབས་དང་དཔའ་བོའི་རིམ་པ་དང་རང་བྱིན་གྱིས་བརླབ་པའི་རིམ་པ་ ཡང་བླ་མ་བརྒྱུད་པའི་རིམ་པས་འོངས་པ་མ་ཡིན་པ་བཞིན་ནོ། །རྣམ་པར་དག་པའི་རིམ་པ་ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་པོ་(བཞི་པ་ཕྱག་རྒྱ་ཆེན་པོའི་ལམ་དང་དེ་བསྒོམ་པའི་ལམ་རྡོ་ རྗེའི་རྣལ་འབྱོར་)འདི་མཆོག་གི་དང་པོའི་སངས་རྒྱས་སུ་རབ་ཏུ་གསལ་བར་གླེགས་བམ་དུ་བྲིས་ ཏེ་ཆུ་བོ་ཤཱི་ཏའི་བྱང་དུ་སེམས་ཅན་སྐལ་པ་དང་ལྡན་པ་(སེམས་རྣམ་པར་དག་པ་)རྣམས་ཀྱི་སེམས་ ཀྱི་(དམིགས་བཅས་སྟོང་པ་ཉིད་དང་དམིགས་མེད་སྙིང་རྗེ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་)ལྷག་པར་མོས་པ་མཁྱེན་ ནས་བཅོམ་ལྡན་འདས་ཀྱིས་བསྟན་ཞིང་ཕྱག་ན་རྡོ་རྗེས་གླེགས་བམ་དུ་བྲིས་སོ། །(ཤེས་བྱེད་ཀྱི་ རྒྱུ་མཚན་)གང་གིས་སེམས་ཅན་རྣམས་(མཆོག་གི་དང་པོའི་སངས་རྒྱས་ལ་རྒྱུད་རྣམ་དག་ཡིན་ནམ་མ་ཡིན་སྙམ་པའི་)ཐེ་ཚོམ་མེད་པར་འགྱུར་བ་མཚན་ཡང་དག་པར་བརྗོད་པ་(ལུང་)ཚད་མར་བྱས་ནས་ཏེ་དེས་ ན་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ངེས་པའི་དོན་(དབང་བཞི་པ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དེ་)མཚན་ཡང་ དག་པར་བརྗོད་པར་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་སྔགས་ཀྱི་ཐེག་པས་ཡང་དག་ པར་བསྟན་ཏོ། ། ༈ དེའི་ཕྱིར་གང་གིས་མཆོག་གི་དང་པོའི་སངས་རྒྱས་(སེམས་ཅན་ཐམས་ཅད་ལ་ནམ་མཁའ་ལྟར་ གདོད་མ་ནས་{ཁྱབ་པར་}བཞུགས་པའི་སེམས་ཀྱི་ཆོས་ཉིད་ཆོས་ཀྱི་སྐུའི་ཡོན་ཏན་ཐམས་ཅད་རང་བཞིན་གྱིས་ལྡན་པའི་དེ་ བཞིན་གཤེགས་པའི་སྙིང་པོ་)མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་ གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་ 2-1-162 སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། ། གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ་བཅོམ་ལྡན་འདས་རྡོ་ རྗེ་འཛིན་པའི་ལམ་དང་[བྲལ་བའོ[བས་སོ](རྩ་མི་ཟེར)། །(ཤེས་ན་ཕན་ཡོན་དང་མི་ཤེས་ན་ཉེས་དམིགས་ ཤིན་ཏུ་ཆེ་བ་)དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་བསྟན་ པར་བྱ་ཞིང་ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉམ་པར་བྱའོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་ སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་དཀྱིལ་འཁོར་དང་དབང་ལ་ སོགས་པ་བསྡུས་པའི་མདོར་བསྡུས་ཏེ་དྲུག་པའོ།། ༢ །། ༈ (བདུན་པ་སྟོན་པ་པོའི་ལན་གྱིས་ངོ་བོ་ཉིད་ཀྱི་གནས་པ་)ད་ནི་མཆོག་གི་དང་པོའི་སངས་རྒྱས་ལས་ བཅོམ་ལྡན་འདས་ཀྱི་ལན་གྱི་གསུང་སྡུད་པར་བྱེད་པ་པོ་འཇམ་དཔལ་གྱིས་ཟླ་བ་བཟང་པོ་ ཁྱོད་ལ་བདག་མགུ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་པས་ཡང་དག་པར་ བསྡུས་པ་དེ་ཉིད་བདག་གིས་དགྲོལ་བར་བྱའོ། །ཟླ་བ་བཟང་པོ་ཁྱོད་ལ་བདག་མགུ་ཞེས་པ་ ལ་ཟླ་བ་བཟང་པོ་ནི་བོད་པ་སྟེ་ཀྱེ་ཟླ་བ་བཟང་པོ་ཁྱོད་ལ་བདག་མགུའོ། ། ༈ གང་ལས་ཅིའི་ཕྱིར་ཞེ་ན། གང་ཞིག་ཁྱོད་ཀྱིས་དྲིས་པ་དུས་ཀྱི་འཁོར་ལོའི་རྣལ་ འབྱོར་འདི་ནི་རབ་མཆོག་ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ཤེས་པ་མ་ཡིན་(ཞིང་ཤེས་པ་པོ་ལ་ དྲིས་)པས་དེའི་ཕྱིར་བདག་མགུའོ། །འདིར་རབ་མཆོག་ལྷ་རྣམས་ནི་རྒྱལ་ཆེན་བཞིའི་རིས་ལ་ སོགས་པ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་མཐར་ཉེ་བར་སོན་པ་རྣམས་ སོ། །མི་ནི་འཁོར་ལོས་བསྒྱུར་བ་ལ་སོགས་པ་དང་སྲིན་པོ་ནི་བདེན་བྲལ་ལ་སོགས་པ་དང་ ལྷ་མིན་ནི་གཞན་གྱིས་མི་ཐུབ་པ་དང་ཀླུ་ནི་མཐའ་ཡས་ལ་སོགས་པ་དང་ཆགས་བྲལ་ནི་ འཕགས་པ་ཀུན་དགའ་བོ་ལ་སོགས་པ་དང་(འདི་མདོ་ལས་དགྲ་བཅོམ་པ་མ་ཡིན་པར་བཤད་པ་དང་འགལ་ 2-1-163 བར་མི་བཟུང་སྟེ་ཕྱིས་བཀའ་བསྡུ་བ་མཛད་པའི་སྔོན་ཙམ་དུ་དགྲ་བཅོམ་ཐོབ་པའི་ཕྱིར་དང་འདིར་དེ་དང་མཐུན་པར་གསུངས་ པའི་ཕྱིར་རོ་)ཐུབ་མཆོག་ནི་དྲང་སྲོང་མེ་སྦྱིན་ལ་སོགས་པ་སྟེ་འདི་རྣམས་ཀྱི་རིགས་རྣམས་ཀྱིས་ (མི་ཤེས་)སོ། །རབ་མཆོག་ལྷ་དང་མི་ལ་སོགས་པ་འདི་རྣམས་ཀྱིས་ཤེས་པ་མ་ཡིན་པ་དུས་ ཀྱི་འཁོར་ལོའི་རྣལ་འབྱོར་མྱ་ངན་ལས་འདས་པ་ལ་སོགས་འཛིན་མའི་མཐར་ཐུག་ཅེས་པ་ གང་གི་དང་པོ་(རང་བཞིན་གྱིས་)མྱ་ངན་ལས་འདས་པ་(ཆེན་པོ་དང་པོའི་སངས་རྒྱས་དོན་དམ་བདེན་པ་)ཡེ་ ཤེས་ཀྱི་ཁམས་དང་མཐའ་(ནོར་)འཛིན་མ་ས་སྟེ་དབུས་སུུ་མ་བརྗོད་པ་ཉིད་ལས་ནམ་མཁའ་ དང་རླུང་དང་མེ་དང་ཆུའི་ཁམས་སོ། །ནམ་མཁའ་ལ་སོགས་པའི་ཁམས་(ཀུན་རྫོབ་པ་ལྔ་པོ་)འདི་ རྣམས་ནི་ཁྱབ་པར་བྱ་བ་སྟེ་ཁྱབ་པར་བྱེད་པ་ནི་(གཞན་དྲུག་པ་)ཡེ་ཤེས་ཀྱི་ཁམས་སོ། །དེ་ལྟར་ ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་འབྲེལ་པས་(སྟེ་དང་པོའི་སངས་རྒྱས་བརྟན་གཡོ་ཐམས་ཅད་ལ་ཁྱབ་ པའི་ཚུལ་གྱིས་)རྣལ་འབྱོར་ཏེ། (འདིར་ཁྱབ་བྱ་ཁམས་ལྔ་པོ་དོན་དམ་དུ་བཞེད་པ་ནི་འོག་ནས་ཁམས་ལྔའི་ཡི་གེ་རྣམས་ ཀུན་རྫོབ་པར་བཤད་པ་དང་འགལ་ལོ་) དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་(རྩ་བའི་རྒྱུད་ལས་)གསུངས་ པ། ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའི་ཁམས་དང་ནི། །རྣམ་ཤེས་ཁམས་ དྲུག་པར་བརྗོད་པ། །སྐྱེས་བུ་ཆེན་པོའི་གང་ཟག་གོ། ཞེས་སོ། །ཚིག་གི་གནས་དང་བཅས་ ཞེས་པ་ལ་ཚིག་ནི་རྣམ་པ་གཉིས་ཏེ་ཨཱ་ལི་ཀཱ་ལིའི་བདག་ཉིད་ཅན་ནོ། །དེ་དག་གི་གནས་ ནི་ཚིག་གི་[གནས་[བགྲོད་པ་(ཤོང་ཟེར་)]ཏེ་(དེས་འགྲེ་)མགྲིན་པ་དང་རྐན་དང་སྤྱི་བོ་དང་མཆུ་ དང་སོའི་གནས་རྣམས་ལས་དབྱངས་དང་གསལ་བྱེད་རྣམས་བརྗོད་པ(སྟེ་མགྲིན་པ་ལ་སོགས་ནས་ དབྱངས་གསལ་བྱེད་རྣམས་བརྗོད་པ་ལ་ཚིག་གི་བགྲོད་པ་ཞེས་བྱ)འོ། །གནས་དེ་དང་བཅས་པ་ནི་སྔགས་ཀྱི་ བརྡས་རབ་ཏུ་བརྗོད་པ(སྟེ་གསལ་བྱེད་ཀྱི་ཡི་གེ་ལ་སྔགས་ཞེས་པའི་བརྡ་བྱས་པ་)འོ། །འདིར་སྔགས་ཀྱི་བརྡ་ ནི་རྣམ་པ་གཉིས་ཏེ་གཅིག་ནི་(ཀུན་རྫོབ་ཀྱི་)སྔགས་ཀྱི་བརྡ་ཡིན་ལ་གཉིས་པ་ནི་དེ་བཞིན་ཉིད་ ཀྱི་བརྡ(སྟེ་ཀུན་རྫོབ་ཀྱི་སྔགས་དང་དོན་དམ་པའི་སྔགས་གཉིས་པོ་)འོ། །དེ་ལ་སྔགས་ཀྱི་བརྡ་(སྟཻ་ཀུན་རྫོབ་ཀྱི་ 2-1-164 སྔགས་)ནི་(མགྲིན་རྐན་སོགས་ལས་)རབ་ཏུ་བརྗོད་པ་སྟེ་འཇིག་རྟེན་པའོ། །དེ་བཞིན་ཉིད་(དོན་དམ་པའི་ སྔགས་)ནི་དམ་པའི་དོན་ཅན་ཚིག་ཏུ་བརྗོད་པ་སྤངས་པའོ། །གང་དུ་རབ་ཏུ་བརྗོད་པའི་བརྡ་ ཡིན་པ་དེར་(ཞེས་པ་ཀུན་རྫོབ་ཀྱི་སྔགས་ནི་)ༀ་ཨཱཿཧཱུཾ་ཞེས་པ་ལ་སོགས་པ་སྔགས་ཀྱི་མིང་ངོ༌། །གང་ དུ་དེ་བཞིན་ཉིད་ཀྱི་བརྡ་ཡིན་པ་དེར་(དོན་དམ་པའི་སྔགས་ནི་)ཨ་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་ སྟེ་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ་ཞེས་(གསུངས་པ་སྟེ་ཨ་ཡིག་གི་དོན་ཆོས་ཀྱི་དབྱིངས་སྐྱེ་བ་མེད་ པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ནི་དོན་དམ་པའི་སྔགས་སོ་)དང༌། དེ་བཞིན་དུ་སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་ བཅུ་དྲུག་པར་བཅོ་ལྡན་འདས་ཀྱིས་གསུངས་པ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། ། རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་འགྱུར་ མེད་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་དང་(འདི་དག་གི་དོན་ནི་སྔར་བཤད་ ཟིན་ཏོ་)ཡང་དེ་ཉིད་ཀྱི་ཏིང་ངེ་འཛིན་དྲ་བའི་ལེའུར་(དོན་དམ་པའི་)གསང་སྔགས་(འགྱུར་མེད་བདེ་བའི་)སྐྱེ་གནས་(ནི་)ཡི་གེ་མེད(པ་སྟེ་བརྗོད་དུ་མེད་པའི་དམིགས་བཅས་སྟོང་པ་ཉིད་ཨེ་ཡིག་གོ)། །(དེ་ལ་དོན་དམ་སྐྱེས་ པའི་དོན་དམ་པའི་)གསང་སྔགས་ཆེན་པོ་(སྐུ་གསུང་ཐུགས་ཀྱི་)རིགས་གསུམ་པ། །(དམིགས་མེད་སྙིང་རྗེ་ཝཾ་ ཡིག་གོ་)སྟོང་པ་ཆེན་པོ་འགྱུར་མེད་ལྔ། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག །ཅེས་སོ། །དེ་བཞིན་ ཉིད་དམ་པའི་དོན་ཅན་གྱི་བརྡ་སྔགས་ཀྱི་ཐེག་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། འདི་ ལྟར་(ཁྱབ་བྱེད་རང་བཞིན་གྱིས་)མྱ་ངན་ལས་འདས་པ་(ཆེན་པོ་དྲུག་པ་)ཡེ་ཤེས་ཀྱི་ཁམས་(གཉེན་པོ་གང་ གིས་ཀྱང་)གཞོམ་དུ་མེད་ཅིང་(མགྲིན་པ་སོགས་ལས་)བརྗོད་དུ་མེད་པ་སྟེ་(དབྱངས་དང་གསལ་བྱེད་གཞན་)བརྗོད་དུ་མེད་པའི་དབྱངས་དང་གསལ་བྱེད་ཀྱི་མཚན་ཉིད་ཅན་(སེམས་ཅན་ཀུན་གྱི་སྙིང་ལ་རྟག་ཏུ་ གནས་པ་ནཱ་དའི་རང་བཞིན་ཅན་)ནོ། །ཞེས་པའོ། །(ཁྱབ་བྱ་)ནམ་མཁའི་ཁམས་ལ་སོགས་པ(ཁམས་ལྔ་) འི་སྔགས་ཀྱི་བརྡ་རབ་ཏུ་བརྗོད་པའི་མཚན་ཉིད་ཅན་མགྲིན་པ་ལ་སོགས་པ་ནས་བརྗོད་པའི་ 2-1-165 ཆོས་བཅོམ་ལྡན་འདས་ཀྱིས་( རྒྱུད་ཀྱི་རྒྱལ་པོ་རྣམས་སུ་)གསུངས་ཏེ། འདིར་(དབྱངས་ཀྱི་)ཨ་ཀུ་(སྟེ་ ཀ་སྡེ་ཡ་ཎའི་)ཧ་(ས་སྡེའི་)རྣམ་པར་བཅད་པ་(ལྕེ་རྩ་ཅན་གྱི་ྈྐ་)ནི་མགྲིན་པ་ལས་སོ། །ཨི་ཙུ་ཡ་ཤ་ནི་ རྐན་ལས་སོ། །རྀ་ཊུ་ར་ཥ་ནི་སྤྱི་བོ(འམ་རྩེ་མོའམ་སྟེང་)ལས་སོ། །ཨུ་པུ་ཝ་ྉྤ་ནི་མཆུ་ལས་སོ། །ལྀ་ ཏུ་ལ་ས་ནི་སོ་ལས་སོ། །དེ་བཞིན་དུུ་(ཀི་ལྟ་བུ་)གནས་གཉིས་པ་དང་(ཀྲི་ལྟ་བུ་)གནས་གསུམ་པ་ དང༌། (ཀྵལྟ་བུ་)གནས་བཞི་པ་དང་(ཧ་ཡ་ར་ཝ་ལ་ལྟ་བུ་)གནས་ལྔ་པའི་སྔགས་ཏེ་(གཉིས་གསུམ་བཞི་ལྔ་ ལ་སོགས་པ་)བརྩེགས་པའི་སྔགས་རྣམས་ཀྱང་(གནས་ལྔ་ལྔས་)རབ་ཏུ་བརྗོད་པའི་བརྡས་(ཁམས་ལྔ་ ལས་མི་འདའ་བར་)རིགས་པར་བྱའོ། །མིང་གི་རང་བཞིན་ཅན་དེ་རྣམས་ཐམས་ཅད་ཀྱང་(བཟླས་པ་ ལ་སོགས་པས་)འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་སླད་དུ་མིང་ཅན་གྱི་དངོས་པོ་རྣམས་གོ་ བར་བྱེད་(ཅིང་འགྲུབ་པར་རུང་)པའོ། །དེ་བཞིན་ཉིད་ཀྱི་བརྡ་(དོན་དམ་པའི་སྔགས་ནི་)ཚིག་ཏུ་བརྗོད་པ་ སྤངས་པ་དམ་པའི་དོན་ཅན་(ཏེ་དོན་དམ་པའི་བདེན་པ་)ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་ དངོས་གྲུབ་[སྤངས་པ་[དང་བྲལ་བ་(རྩ་མི་ཟེར་)]ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ སླད་དུ་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་ངེས་པར་བསྟན་ཏོ། ། ༈ (ཁྱབ་པར་བྱེད་པ་དྲུག་པ་ཡེ་ཤེས་ཀྱི་ཁམས་དོན་དམ་པའི་བདེན་པ་དང་སངས་རྒྱས་ཡེ་ཤེས་ཀྱི་སྐུ་དང་དེའི་ཁྱབ་ བྱ་ཁམས་ལྔའི་ཡི་གེའི་མིང་དོན་དང་བཅས་པའི་)སྦྱོར་བ་འདི་མཐའ་དག་ནི་(སེམས་ཅན་ཐམས་ཅད་ཀྱི་)ལུས་ དབུས་སུ་(གནས་པ་)སྟེ་དཀྱིལ་འཁོར་དག་དང་དབང་ནི་འཆད་པར་འགྱུར་བའི་རིམ་པས་ སེམས་ཅན་ཐམས་ཅད་ཀྱི〔ཆོས་སྐུ་རང་བཞིན་རྣམ་དག་གློ་བུར་གྱི་དྲི་མས་ཀྱ ང་དག་པའི་ དག་པ་གཉིས་ལྡན་གྱི〕ས་སྒྲིབ་པ་མེད་པའི་གནས་(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་གོ་འཕང་)ཐོབ་པར་བྱ་ བའི་སླད་དུ་བདག་གིས་བཤད་པར་བྱ་ཡིས་མི་ཡི་བདག་པོ་བཟང་པོ་ཁྱོད་ཉོན་ཅིག་ཅེས་པ་ སྟེ་བཅོམ་ལྡན་འདས་ཀྱི་ལན་གྱི་གསུང་བསྡུས་པའི་མདོར་བསྟན་པའོ། ༣ ། ༈ (བརྒྱད་པ་འཇིག་རྟེན་གྱི་ཁམས་དང་གཟའ་དང་རྒྱུ་སྐར་དང་སེམས་ཅན་དང་སྔགས་དང་སྲོག་ལ་སོགས་པ་འབྱུང་བ་ 2-1-166 དང་སྡུད་པའི་ངོ་བོ་ཉིད་)ད་ནི་བཅོམ་ལྡན་འདས་ཀྱིས་མཆོག་གི་དང་པོའི་སངས་རྒྱས་ལས་འཇིག་ རྟེན་གྱི་ཁམས་བསྡུས་པ་སྡུད་པར་མཛད་པ་པོ་འཇམ་དཔལ་གྱིས་དུས་ཀྱི་སྟོང་པ་རྣམས་ལས་ ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་པས་བསྟན་པ་བདག་གིས་དགྲོལ་བར་བྱའོ། ། (འདིར་རྡུལ་ཕྲ་རབས་ཀྱི་བདག་ཉིད་ཕྱི་རོལ་གྱི་དོན་དམ་པར་མ་གྲུབ་པ་ལ་ཕྱི་རོལ་འཇིག་རྟེན་གྱི་ཁམས་འཆད་པ་ཇི་ལྟར་དུ་ རུང་ཞེ་ན། ཐེག་པ་གསུམ་ལ་མཁས་པར་བྱ་བའི་ཕྱིར་ཀུན་རྫོབ་ཏུ་ཕྱི་རོལ་འཇིག་རྟེན་གྱི་ཁམས་ཉན་ཐོས་ཀྱི་གཞུང་ལ་བརྟེན་ ནས་འཆད་དོ་ཞེས་པ་)སྔགས་ཀྱི་ཚུལ་འདི་ལ་སྔགས་(ལམ་ལ་འཇུག་པའི་རིམ་པ་)ནི་(གནས་སྐབས་སམ་གཞན་ དོན་དུ་)ཐེག་པ་གསུམ་གྱི(ལམ་གྱི་)ས་(ཐེག་པ་འོག་མ་འོག་མ་ནས་གོང་མ་གོང་མར་)ངེས་(པར་)འབྱུང་ལ། ཐེག་པ་གཅིག་(བླ་ན་མེད་པའི་ཐེག་པ་མཆོག་)གིས་འབྲས་བུར་གནས་པར་(དེ་འབྲས་བུ་བླ་མེད་ཀྱི་ཐེག་པར་ གནས་པར་)བཅོམ་ལྡན་འདས་ཀྱིས་གསུངས་(པས་ཐེག་པ་གསུམ་གྱི་དགོངས་པ་ཤེས་དགོས་)ཏེ། གང་ཐེག་ པ་གསུམ་གྱི་དགོངས་པ་མི་ཤེས་པ(འི་སྔགས་པ་)དེ་ནི་དུས་(ལ་བབས་པ་)ལས་ཐམས་ཅད་མཁྱེན་ པའི་ལམ་ལས་ཉམས་པར་འགྱུར་རོ། །སྔགས་ཀྱི་ཐེག་པ་ལ་ལྡེམ་པོར་དགོངས་པའི་སྐད་ གཞན་(གྱི་དགོངས་པ་)མི་ཤེས་པས་(སྲོག་གཅོད་པ་ལ་སོགས་སྒྲ་ཇི་བཞིན་པར་བཟུང་ནས་)སྲོག་གཅོད་པ་ལ་ སོགས་པ་དང་(ཁྱིམ་པ་དང་གང་ཟག་རེ་རེས་དགེ་འདུན་གྱི་)ཚོགས་ཁང་དང་གཙུག་ལག་ཁང་གི་རྫས་ལ་ ཉེ་བར་ལོངས་སྤྱོད་པ་བྱས་པ་དང་( དབུ་མའི་ལྟ་བ་མི་ཤེས་པར་)རྟག་པ་དང་ཆད་པའི་ཕྱོགས་(ཀྱི་ལྟ་ བ་)[བཟུང་བས་[འཛིན་པ་(རྩ་མི་ཟེར་)](དང་འདོད་ཡོན་བསྟེན་པར་གསུངས་ཞེས་)ཕྱི་རོལ་གྱི་ཡུལ་ཉེ་བར་ ལོངས་སྤྱོད་པ་ལ་ཆགས་པར་གྱུར་ན་སློབ་དཔོན་གྱི་ཆ་ལུགས་ཀྱིས(དཀོན་མཆོག་གསུམ་གྱི་བསྟན་པ་ ཉམས་པར་བྱས་པས་)དཀོན་མཆོག་གསུམ་ལ་[ཅོ་དྲིས་[སྨ་ཕབ་(རྩ་མི་དང་ར་ཟེར་)]ནས་དམྱལ་བར་ འགྲོ་བར་འགྱུར་རོ། ། ༈ (སྤྱིར་འཇིག་རྟེན་)འདིར་འཇིག་རྟེན་ཕ་རོལ་དང་འཇིག་རྟེན་འདི་ཡི་དོན་དུ་སེམས་ཅན་ རྣམས་ཀྱིས་མཉེས་པར་བྱ་བའི་རྒན་པ་བཞི་སྟེ་དེ་རྣམས་ལས་ཡེ་ཤེས་ཀྱི་རྒན་པ་ནི་མངོན་ 2-1-167 པར་ཤེས་པ་ཐོབ་པ་དང་རབ་ཏུ་དགའ་བ་ལ་སོགས་པ་ས་ཐོབ་པའི་རྡོ་རྗེ་སློབ་དཔོན་དགེ་ སློང་ངམ་(དགེ་བསྙེན་)ཁྱིམ་པ་མཆོད་པར་འོས་པ་དགེ་སློང་བཅུ་དང་མཉམ་པར་བཅོམ་ལྡན་ འདས་ཀྱིས་གསུངས་པའོ། ། དེ་མེད་ན་དཀའ་ཐུབ་ཀྱིས་རྒན་པ་ནི་ངུར་སྨྲིག་འཛིན་པ་སྟེ་ངུར་སྨྲིག་འཛིན་པ་རྣམས་ལ་ ལོ་སྔ་ཞིང་སྔགས་པ་རྣམས་ཀྱིས་དབང་བསྐུར་བ་ནི་ཁྱིམ་པའི་སློབ་དཔོན་རྣམས་ཀྱིས་ཐམས་ ཅད་དུ་ཕྱག་བྱ་བ་སྟེ་དཀའ་ཐུབ་ཀྱིས་རྒན་པའི་ཕྱིར་དང་ཁྱིམ་པ་(ཐིག་ལེ་འཕོ་བ་)རྣམས་ལ་ མངོན་པར་ཤེས་པ་མེད་པའི་ཕྱིར་རོ། །ཐོས་པས་རྒན་པ་ནི་(ཐེག་པ་གསུམ་ལ་)མཁས་པ་མཆོད་ པར་འོས་པ་བསྟན་པ་གསལ་བར་བྱེད་པ་ཕས་ཀྱི་རྒོལ་བ་བདུད་ཀྱི་རིས་རྣམས་འདུལ་བར་ བྱེད་པ་སྟེ་(གསུམ་པོ་)འདི་རྣམས་ནི་འཇིག་རྟེན་ཕ་རོལ་གྱི་དོན་དུ་སེམས་ཅན་རྣམས་ཀྱིས་ མཉེས་པར་བྱ་བའོ། །(དགེ་བསྙེན་)ནོར་གྱིས་རྒན་པ་ནི་རྒྱལ་པོ་སྟེ་འཇིག་རྟེན་འདིའི་ལོངས་ སྤྱོད་དོན་དུ་གཉེར་བ་རྣམས་ཀྱིས་མཉེས་པར་བྱ་བའོ། །དེ་ལྟར་རྒན་པོ་བཞི་ནི་སེམས་ཅན་ རྣམས་ཀྱིས་མཉེས་པར་བྱ་བའོ། །དེའི་ཕྱིར་ཐེག་པ་གསུམ་ཤེས་པ་པོ་(ཐོས་པས་རྒན་པ་)ནི་ དཀའ་ཐུབ་ཀྱིས་རྒན་པ་(ཡང་ཡིན་)སྟེ་ཁྱིམ་པ་ལ་ནི་ཇི་སྲིད་དཀའ་ཐུབ་པར་མ་གྱུར་པར་ཉན་ ཐོས་ཀྱི་ཐེག་པ་ལས་སོ་སོར་ཐར་པ་མཉན་པའི་སྐབས་མེད་(པས་ཐོས་པས་རྒན་པ་ཡང་མེད་)དོ། ། (ཁྱིམ་པ་ལ་ཡེ་ཤེས་དང་དཀའ་ཐུབ་དང་ཐོས་པས་རྒན་པ་མེད་པ་)དེའི་ཕྱིར་ཁྱིམ་པ་ནི་མངོན་ཤེས་དང་ལྡན་པ་ མ་གཏོགས་པ་(འཇིག་རྟེན་ཕ་རོལ་གྱི་དོན་དུ་མཉེས་པར་བྱ་བ་ཡིས་)རྒན་པོར་མི་འགྱུར་ཞིང་ཁྱིམ་པ་རབ་ ཏུ་བྱུང་བ་དང་བྲལ་བ་རྣམས་ཚོགས་ཁང་དང་གཙུགས་ལག་ཁང་ལ་ཉེ་བར་ལོངས་སྤྱོད་པ་ ཡང་བཅོམ་ལྡན་འདས་ཀྱིས་ཐེག་པ་གང་དུ་ཡང་མ་གསུངས་སོ། །དེ་བས་ན་ཐེག་པ་གསུམ་ ཡོངས་སུ་ཤེས་པར་བྱ་བའི་སླད་དུ་དང་པོར་བྱེ་བྲག་ཏུ་སྨྲ་བའི་གཞུང་ལ་བརྟེན་ནས་(ཀུན་རྫོབ་ ཏུ་)རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཀྱི་འཇིག་རྟེན་གྱི་ཁམས་ཡོད་ཅིང་དེ་བཞིན་དུ་(ཁུར་ཁུར་ 2-1-168 བའི་མདོར་སངས་རྒྱས་ལ་གང་ཟག་དྲིས་པའི་ལན་དུ་)ཁུར་ཁུར་བའི་གང་ཟག་ཡོད་དེ་རྟག་པའམ་མི་རྟག་ པར་བདག་མི་སྨྲའོ་ཞེས་བཅོམ་ལྡན་འདས་ཀྱིས་(ལྡེམ་པོར་དགོངས་པ་)གསུངས་པའི་ཕྱིར་(ཀུན་རྫོབ་ ཏུ་ལས་འབྲས་ལ་སྤྱོད་པའི་གང་ཟག་ཀྱང་ཁས་བླང་བར་བྱའོ་)རོ། །(དེ་བཞིན་དུ་)འཇིག་རྟེན་གྱི་ཁམས་འབྱུང་བ་ དང་འགག་པ་སྟེ་ཆགས་པ་དང་འཇིག་པའི་དུས་ཀྱང་(ཀུན་རྫོབ་ཏུ་ཡོད་པར་)རིག་པར་བྱའོ། ། ༈ དེས་ན་(འཇིག་རྟེན་)འཆགས་པ་ནི་(སྟོང་པ་རྫོགས་ནས་འཆགས་པ་)འབྱུང་བའི་དུས་ཀྱི་དབང་ གིས་སྟོང་པ་རྣམས་ལས་ཞེས་པ་ལ་སྟོང་པ་རྣམས་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་མིག་ལ་ སོགས་པའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་རྡུལ་ཕྲ་རབ་(སོ་སོ་བ་ཉིད་)ཀྱི་ངོ་བོས་རྣམ་ པར་གནས་པ་ས་དང་ཆུ་དང་མེ་དང་རླུང་དང་རོའི་རྫས་(རིམ་པ་ལྟར་)ཡོན་ཏན་ལྔ་དང་བཞི་དང་ གསུམ་དང་གཉིས་དང་གཅིག་གི་རང་བཞིན་རྣམས་(ཁྱབ་པར་བྱ་བ་)དང་ཡོན་ཏན་དྲུག་པ་ཆོས་ ཀྱི་དབྱིངས་(ཀུན་ཏུ་འགྲོ་བ་ནམ་མཁའ་ལྟར་)ཐམས་ཅད་དུ་ཁྱབ་པར་བྱེད་པ་ནི་སྟོང་པ་རྣམས་སོ། ། (ཁྱབ་བྱ་)སྟོང་པ་རྡུལ་ཕྲ་རབ་(སོ་སོ་བ་)དེ་རྣམས་(འབྱོར་བ་)ལས་འབྱུང་(འཇིག་རྟེན་)བའི་དུས་ཀྱི་ དབང་གིས་(རགས་པ་རྩོམ་སྟེ་)རླུང་ཞེས་བྱ་བ་ནི་རྡུལ་ཕྲ་རབ་(སོ་སོ་བ་)དེ་རྣམས་ཀྱི་ནང་ནས་དང་ པོར་རེ་ཞིག་རླུང་གི་རྡུལ་ཕྲ་རབ་རྣམས་ཕན་ཚུན་འབྱར་བ་དེ་ལས་ཡང་ཞིང་གཡོ་བ་ཉིད་དུ་ བགྲོད་པ་ནི་(ནམ་མཁའ་དང་ལྡན་པ་དང་པོའི་)རླུང་(ཡོན་ཏན་གཉིས་པ་)ཞེས་བརྗོད་དོ། །དེ་བཞིན་དུ་མེའི་ རྡུལ་ཕྲ་རབ་རྣམས་ཀུན་ཏུ་འབྱར་བར་གྱུར་པ་(ནམ་མཁའ་དང་)རླུང་དང་ལྡན་པའི་གློག་ནི་(དང་ པོའི་)མེ་(ཡོན་ཏན་གསུམ་པ་)ཞེས་བརྗོད་དོ། །དེ་བཞིན་དུ་ཆུའི་རྡུལ་ཕྲ་རབ་རྣམས་འདུས་པ་ཀུན་ ཏུ་འབྱར་པར་གྱུར་པ་རླུང་དང་མེ་དང་ལྡན་པའི་ཆར་ནི་(དང་པོའི་)ཆུ་(ཡོན་ཏན་བཞི་པ་)ཞེས་བརྗོད་ དོ། །དེ་བཞིན་དུ་སའི་རྡུལ་ཕྲ་རབ་ཀུན་ཏུ་འབྱར་བ་ནམ་མཁའ་ལ་དབང་པོའི་གཞུར་སྣང་བ་ ནི་(དང་པོ་ནོར་)འཛིན་མ(ས་ཡོན་ཏན་ལྔ་པ་)ཞེས་བརྗོད་དོ། །རོའི་རྡུལ་ཕྲ་རབ་རྣམས་ནི་(ཁམས་བཞི་ པོ་)ཐམས་ཅད་དུ་ཁྱབ་པར་བྱེད་པ་སྟེ་དེ་ལྟར་ཡང་སྟོང་པ་ལྔ་རྣམས་ལས་རླུང་དང་འབར་བྱེད་ 2-1-169 (མེ་དང་)ཆུ་དང་འཛིན་མ(ས་)རྣམས་སུ་འགྱུར་རོ། །(མི་ལྟུང་བར་)ཡང་དག་པར་འཛིན་(པར་བྱེད་)པ་ དང་སྲུབ་པ་དང་དབྱིབས་(སུ་བྱེད་པ་ཉིད་)ཀྱི་རླུང་གི་མཐུ་ལས་གླིང་དང་རི་བོ་རྒྱ་མཚོ་དང༌། ཞེས་ པ་ལ་གླིང་ནི་བདུན་དང་རི་བོ་ནི་བདུན་དང་རྒྱ་མཚོ་ནི་བདུན་ནོ། །རྒྱུ་སྐར་དང་ནི་ཉི་ཟླ་སྐར་ མ་གཟའི་ཚོགས་དང་དྲང་སྲོང་ཞེས་པ་ལ་རྒྱུ་སྐར་ནི་ཉི་ཤུ་རྩ་བདུན་དང་དེའི་འབྲེལ་བ་མཐའ་ ཡས་པའོ། །ཉི་ཟླ་ནི་ཟླུམ་པོའི་རྣམ་པ་དང་སྐར་མ་གཟའི་ཚོགས་ཞེས་པ་ནི་དེ་བཞིན་ཉིད་དུ་ སྐར་མའི་རྣམ་པ་ཅན་བཀྲ་ཤིས་ལ་སོགས་པ་རྣམས་སོ། །དྲང་སྲོང་ནི་སྐར་མ་བདུན་ནོ། །ལྷ་ དང་འབྱུང་པོ་ཀླུ་རྣམས་དང༌། ཞེས་པ་ལ་ལྷ་ནི་རྒྱལ་ཆེན་བཞིའི་རིས་ལ་སོགས་པ་དང་འབྱུང་ པོ་ནི་གཞན་གྱིས་མི་ཐུབ་པ་དང་ཡི་དྭགས་ལ་སོགས་པ་དང་ཀླུ་ནི་མཐའ་ཡས་ལ་སོགས་པའོ། ། དུད་འགྲོ་སྐྱེ་གནས་རྣམ་པ་བཞི་དང་ཞེས་པ་ལ་སྒོ་ང་ལས་སྐྱེས་པ་ནི་མཁའ་ལྡིང་ལ་སོགས་ པ་སྟེ་རླུང་གི་སྐྱེ་གནས་སོ། །མངལ་ནས་སྐྱེས་པ་ནི་གླང་པོའི་དབང་པོ་ལ་སོགས་པ་སྟེ་མེའི་ སྐྱེ་གནས་སོ། །དྲོད་གཤེར་ལས་སྐྱེས་པ་ནི་སྲིན་བུ་དང་ཕྱེ་མ་ལེབ་དང་གྲོགས་སྦུར་ལ་སོགས་ པ་སྟེ་ཆུའི་སྐྱེ་གནས་སོ། །བརྫུས་ཏེ་སྐྱེས་པ་ནི་ལྗོན་ཤིང་(དང་ལྷུན་པོ་)ལ་སོགས་པ་(བསྟན་པ་རྣམས་)སྟེ་སའི་སྐྱེ་གནས་སོ། །(འདི་རྩ་ཚིགས་ལ་དངོས་སུ་མེད་ཀྱང་ཞར་ལས་འོངས་པའོ་)དེ་བཞིན་དུ་བརྫུས་ཏེ་ སྐྱེས་པ་ཆེན་པོ་ནི་(ཡོངས་སུ་གྲགས་པའི་བརྫུས་སྐྱེས་རྣམས་ཏེ་)རོའི་སྐྱེས་གནས་སོ། །(དེ་ལྟར་གཡོ་བའི་སྐྱེ་ གནས་བཞི་དང༌། བརྟན་པའི་སྐྱེ་གནས་གཅིག་སྟེ་སྔགས་ཀྱི་ཚུལ་ལ་གྲགས་པའོ། །འོན་ཀྱང་འདིར་བརྟན་པ་རྣམས་བརྫུས་སྐྱེས་ སུུ་གསུངས་པ་ནི་ཡོངས་སུ་གྲགས་པའི་སྐྱེ་གནས་བཞིའི་ཡ་གྱལ་གྱི་བརྫུས་སྐྱེས་མ་ཡིན་གྱི་དེ་ནི་འདིར་བརྫུས་སྐྱེས་ཆེན་པོའོ་ ཞེས་གསུངས་སོ་)སྣ་ཚོགས་ས་དང་འོག་ཏུ་ཞེས་པ་ལ་ས་ཞེས་པ་(མ་ཧཱི་རིང་པོ་དགོས་པ་ལ་མ་ཧི་ཐུང་ངུ་བྱུང་ བ་)ནི་ལུང་གི་ཚིག་གོ། (ཡང་ན་གཞི་མཐུན་གྱི་བསྡུ་བ་ལ་མ་ནིང་གི་རྟགས་དགོས་པ་ལ་དེ་མེད་པས་ཞེས་ཟེར་ཏེ་དཔྱད་ དོ་)སྣ་ཚོགས་ཀྱང་དེ་ཡིན་ལ་ས་ཡང་ཡིན་པའི་ཕྱིར་སྣ་ཚོགས་ས་སྟེ་གླིང་བདུན་གྱི་རང་བཞིན་ དང་(གླིང་བདུན་པ་ལ་)དུམ་བུ་བཅུ་གཉིས་ཀྱི་རང་བཞིན་ནོ། །དེའི་འོག་ནི་སྣ་ཚོགས་སའི་འོག་ 2-1-170 སྟེ་ཀླུའི་སྲིད་པ་དང་དམྱལ་བའི་སྲིད་པ་བདུན་ནོ། །སྣ་ཚོགས་ས་དེ་ལ་(སྟེང་དུ་)མི་རྣམས་དང་ འོག་ཏུ་དམྱལ་བའི་སྲིད་པར་དམྱལ་བ་རྣམས་ཏེ་ཡང་ཡིག་ནི་(ཀླུའི་སྲིད་པ་)བསྡུ་བའི་དོན་ཏོ། ། སྟོང་པའི་དབུས་སུ་ཡང་དག་འབྱུང་སྟེ་ཆུ་ལ་ལན་ཚྭ་དང་ནི་སྒོ་ངའི་དབུས་སུ་སྒོང་སྐྱེས་བཞིན་ ཞེས་པ་ནི་འདིར་བརྟན་པ་རྣམས་སྐྱེད་པ་ལ་ལན་ཚྭ་དང་གཡོ་བ་རྣམས་སྐྱེད་པ་ལ་སྒོ་ང་དཔེར་ འགྱུར་ཏེ་དང་ཞེས་པ་ནི་སྡུད་པ(ཕྱི་མ་)འོ། །དཔེར་ན་ཉི་མའི་འོད་ཀྱི་སྦྱོར་བ་ལས་ལན་ཚྭའི་ཆུ་ ཡི་རྡུལ་ཕྲ་རབ་རྣམས་ལན་ཚྭ་སྲ་བ་ཉིད་དུ་འགྱུར་བ་དེ་བཞིན་དུ་ལྷུན་པོ་ལ་སོགས་པ་བརྟན་ པ(འི་བརྫུས་སྐྱེས་)རྣམས་སོ། །དཔེར་ན་ཁུ་བ་ཞུ་བའི་རྡུལ་ཕྲ་རབ་རྣམས་སྒོ་ངའི་དབུས་སུ་ལུས་ ཀྱི་གདོང་པ་ལ་སོགས་པའི་ཆ་ཤས་ཉིད་དུ་འགྱུར་བ་དེ་བཞིན་དུ་གཡོ་བ་སེམས་ཅན་(སྐྱེ་གནས་ ལྷག་མ་བཞི་ལས་སྐྱེས་པ་)རྣམས་རིག་པར་བྱའོ། །འཇིག་རྟེན་གྱི་ཁམས་འདིའི་འབྱུང་བ་ནི་(སེམས་ ཅན་རྣམས་ཀྱི་ལས་རླུང་ཡིན་པ་ལ་སོགས་པ་)ལེའུ་ལྔ་པར་རྒྱས་པར་བརྗོད་པར་བྱའོ། །འཇིག་རྟེན་གྱི་ ཁམས་བསྡུས་པའི་མདོར་བསྡུས་ཆེན་པོའོ། ༤ ། ༈ ད་ནི་འཇམ་དཔལ་གྱིས་སྐུ་དང་ཞེས་པ་ལ་སོགས་པ་སྔ་མའི་རིམ་པས་བསྟན་པ་རྡོ་ རྗེའི་སྐུ་(དང་པོའི་སངས་རྒྱས་རྣམ་བཅུ་དབང་ལྡན་)བསྡུས་པའི་ཚིགས་སུ་བཅད་པ་ལྔ་པ་བདག་གིས་ དགྲོལ་བར་བྱ་སྟེ་སྐུ་ཞེས་པ་ནི་ཟླ་བ་(གཞན་རང་བཞིན་རྣམ་དག་གདོད་ནས་)སྒྲིབ་པ་མེད་པའོ། །ཡེ་ ཤེས་ཞེས་པ་ནི་ཉི་མ་〔གཞན་རང་བཞིན་རྣམ་དག་གདོད་ནས་〕སྒྲིབ་པ་མེད་པའོ། །ནམ་ མཁའ་ཞེས་པ་ནི་ནམ་མཁའི་ཁམས་〔གཞན་རང་བཞིན་རྣམ་དག་གདོད་ནས་〕སྒྲིབ་པ་མེད་ པ་སྟེ་དེ་བཞིན་དུ་རླུང་གི་ཁམས་དང་མེའི་ཁམས་དང་ཆུའི་ཁམས་དང༌། སའི་ཁམས་(གཞན་ རང་བཞིན་རྣམ་དག་གདོད་ནས་སྒྲིབ་པ་མེད་པ་རྣམས་)སོ། །བརྟན་པ་ཞེས་པ་ནི་ཁམས་ལྔའི་བདག་ཉིད་ བརྟན་པའི་ཁམས་〔གཞན་རང་བཞིན་རྣམ་དག་གདོད་ནས་〕སྒྲིབ་པ་མེད་པའོ། །གཡོ་བ་ ཞེས་པ་ནི་ཁམས་(གཞན་དོན་དམ་བདེན་པ་)དྲུག་གི་བདག་ཉིད་ཀྱི་གང་ཟག་གི་ཁམས་〔གཞན་ 2-1-171 རང་བཞིན་རྣམ་དག་གདོད་ནས་〕སྒྲིབ་པ་མེད་པའོ། །ལྷ་ནི་མཐོང་བ་སྐྱེད་མིན་དག་དང་ ཞེས་པ་ནི་ལྷ་ཡང་དེ་ཡིན་ལ་མཐོང་བ་(གཟུང་འཛིན་གྱི་ཤེས་པ་)སྐྱེད་(པ་)མིན་ཡང་ཡིན་པ་དེ་ནི་ མཐོང་བ་སྐྱེད་མིན་ཏེ་གཟུགས་མེད་པའི་སྲིད་པ་རྣམ་པར་ཤེས་པའི་ང་རྒྱལ་ཙམ་དང་ལྡན་པ་ ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་རྣམ་པ་བཞི(པོ་གཞན་རང་བཞིན་རྣམ་དག་གདོད་ནས་ སྒྲིབ་པ་མེད་པ་)འོ། །དེ་ལྟར་ན་སྐུ་ལ་སོགས་(ཆོས་ཉིད་འོད་གསལ་རང་བཞིན་རྣམ་དག་གི་ཟླ་ཉི་ནམ་མཁའ་རླུང་ མེ་ཆུ་ས་ལྷུན་པོ་གཡོ་བ་ཁམས་གསུམ་པའི་རྣམ་པ་པྲ་ཕབ་པ་དང་མཚུངས་པ་རྣམ་)པ་རྡོ་རྗེ་དང་ཤེས་པ(དོན་དམ་བདེ་ བ་)འི་རྟེན་(སེམས་དཔའ་པད་མ་དང་ཤེས་བྱ་སྟོང་གཟུགས་ཏེ་)སྲིད་པ་རྣམ་པ་བཅུར་དེ་བཞིན་གཤེགས་ པས་གསུངས་པ་རྡོ་རྗེའི་སྐུ་(དེ་ཉིད་)ལས་སྔགས་ཀྱི་སྐྱེ་གནས་ཐིག་ལེ་ལ་སོགས་པ་འབྱུང་ བར་འགྱུར་རོ། །མིའི་བདག་པོ་(ཞེས་པ་)ནི་བོད་པའོ། །འདིར་སྔགས་ཀྱི་སྐྱེ་གནས་ནི་ཟླ་བ་ ལས་ཐིག་ལེ་དང་ཉི་མ་ལས་རྣམ་པར་བཅད་པ་དང་ནམ་མཁའི་ཁམས་ལས་ཨ་དང་རླུང་ གི་ཁམས་ལས་ཨི་དང་མེའི་ཁམས་ལས་རྀ་དང་ཆུའི་ཁམས་ལས་ཨུ་དང་སའི་ཁམས་ལས་ ལྀ་དང་བརྟན་པའི་ཁམས་ལས་གསལ་བྱེད་མ་དང་གཡོ་བའི་ཁམས་ལས་གསལ་བྱེད་ཀྵ་ དང༌། གཟུགས་མེད་པའི་ཁམས་ལས་གསལ་བྱེད་ཧ་ཡིག་(སྔགས་ཀྱི་སྐྱེ་གནས་རྣམས་སྐྱེ་)སྟེ་སྔགས་ ཀྱི་ཚིག་འདི་རྣམས་གཡོན་སྐོར་གྱིས་དགོད་པར་བྱའོ། །དེ་ནས་(སྲོག་མེད་པ་)གསལ་བྱེད་སྔ་མ་ གསལ་བྱེད་ཕྱི་མའི་སྟེང་དུ་འགྲོའོ། །ལྀ་ཡིག་ལ་སོགས་པ་རྣམས་ནི་(སྒྲ་མདོར་)ཨི་(རྀ་ཨཱུ་ལྀ་)ཀ་ ནི་(ཕ་རོལ་ཏུ་)ཨ་(ཨི་རྀ་ཨུ་ལྀ་ཀ་ཨ་ཨེ་ཨར་ཨོ་ཨལ་)ཙ་(མཐོང་བ་)ལ་ཡ་(ར་ཝ་ལ་)ཎ(རྣམས་སྲོག་མེད་དུ་འགྱུར་བ་) འོ་ཞེས་པས་ཡ་ཎར་བསྒྱུར་(བས་ལ་ཝ་ར་ཡ་སྲོག་མེད་དུ་འགྱུར་)ཏེ་(སྔ་མ་ཕྱི་མའི་སྟེང་དུ་བརྩེགས་པའི་ཡ་སྲོག་མེད་ ལ་)མཐའི་ཨ་ཡིག་གིས་(སྲོག་)ཡང་དག་པར་སྦྱར་རོ། །རྣམ་པར་བཅད་པ་(སྟེང་དུ་)ཟླ་བ་ཕྱེད་ པའི་རྣམ་པ་དང་(དེའི་སྟེང་དུ་)ཐིག་ལེ་ཟླུམ་པོ་དང་ཡེ་ཤེས་རྩེ་མོའི་རྣམ་པའོ། །ཡོན་ཏན་དང་ འཕེལ་བ་ལ་སོགས་པའི་སྔགས་རྣམས་ཀྱི་སྔགས་ཀྱི་སྐྱེ་གནས་ནི་འདི་ལྟ་སྟེ་ཧ་ཀྵ་མ་ལྀ་ཨུ་རྀ་ 2-1-172 ཨི་ཨཿཧྐྵྨླྺ ྼྻ ⁽14bb⁾་ཞེས་པ་ནི་འཇིག་རྟེན་གྱི་ཁམས་ཀྱི་ཚོགས་(ཀྱི་ས་བོན་ཡིན་ལ་དེའི་ཆོས་ཉིད་དེ་ བཞིན་ཉིད་ནི་གཞན་དང་བོའི་སངས་རྒྱས་)རྡོ་རྗེའི་སྐུ་ནི་(སྔགས་ཀྱི་ཡི་གེ་དེ་དག་དང་དེ་དག་གི་ཆོས་ཉིད་རྡོ་རྗེའི་སྐུ་ལས་ འཇིག་རྟེན་ཀུན་རྫོབ་ཀྱི་སྲིད་པ་རྣམ་པ་བཅུ་འབྱུང་བ་ནི་)ནམ་མཁའི་ཁམས་ལ་ཡ་ཡིག་རླུང་གི་དཀྱིལ་འཁོར་ དང་དེའི་སྟེང་དུ་ར་ཡིག་མེའི་དཀྱིལ་འཁོར་དང་དེའི་སྟེང་དུ་ཝ་ཡིག་ཆུའི་དཀྱིལ་འཁོར་དང༌། དེའི་སྟེང་དུ་ལ་ཡིག་སའི་དཀྱིལ་དང་དེའི་སྟེང་དུ་མ་ཡིག་ལྷུན་པོ་(ཁམས་ཀྱི་དབང་གིས་རིན་པོ་ཆེ་ཁ་ དོག་)རྣམ་པ་ལྔ་པའོ། །དེའི་སྟེང་དུ་ཀྵ་ཡིག་པད་མའི་ཚུལ་གྱིས་གཡོ་བའི་ཚོགས་དང་དེའི་སྟེང་ དུ་གཟུགས་མེད་པའི་ཚོགས་ཧ་ཡིག་གོ། ཧ་ཡིག་ལས་(སྟེང་དུ་)རྣམ་པར་བཅད་པ་ཉི་མ་དང་ ཐིག་ལེ་ཟླ་བ་(སྟེ་འཇིག་རྟེན་ཀུན་རྫོབ་ཀྱི་སྲིད་པ་རྣམ་པ་བཅུ་)དང་(དེ་དག་ལ་ཁྱབ་པར་བྱེད་པ་ཆོས་ཉིད་འོད་གསལ་ དོན་དམ་པའི་སྲིད་པ་རྣམ་པ་བཅུ་མཚོན་པ་)ནཱ་ད་རྡོ་རྗེ་རྩེ་གཅིག་པའི་མཚན་མ་སྟེ་དེ་ལྟར་(དོན་དམ་བདེན་པ་ དང་པོའི་སངས་རྒྱས་)རྡོ་རྗེའི་སྐུ་(སོ་སོ་རང་རིག་ཡེ་ཤེས་ལ་པྲ་ཕབ་པ་ལྟར་སྣང་བའི་སྲིད་པ་རྣམ་པ་བཅུ་གཞན་ཆོས་ཉིད་ཀྱི་ ངོ་བོར་བཞུགས་པའི་ཆོས་ཅན་ཀུན་རྫོབ་ཀྱི་)འཇིག་རྟེན་གྱི་ཁམས་(དེ་ལྟར་དོན་དམ་པ་ཆོས་ཉིད་འོད་གསལ་གྱི་འཇིག་ རྟེན་གྱི་ཁམས་སྲིད་པ་རྣམ་པ་བཅུ་པྲ་ཕབ་པ་ལྟ་བུ་རྡོ་རྗེའི་སྐུ་ལས་ཕྱི་རོལ་ཀུན་རྫོབ་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སྲིད་པ་རྣམས་པ་ བཅུ་འབྱུང་བར་གསུངས་པར་རིག་པར་བྱའོ། །འཇིག་རྟེན་གྱི་ཁམས་འཇིག་པའི་དུས་སུ་ཡང་འབྱུང་བ་བཞི་པོ་རང་རང་གི་རྡུལ་ ཕྲ་རབ་སོ་སོའི་ངོ་བོར་ཞིག་ནས་ཐ་མལ་པའི་དབང་པོས་མི་མཐོང་)སོ། །(རྡོ་རྗེའི་སྐུ་སྲིད་པ་རྣམ་པ་བཅུ་པོ་དེ་ལ་མོས་པ་ཡིད་ ལ་བྱེད་པ་)དཀྱིལ་འཁོར་གྱི་རྣམ་པ་ནི་〔སྒྲུབ་ལེར〕འཆད་པར་འགྱུར་བས་བཤད་པར་བྱའོ། །དེ་ ལྟར་སྔགས་ཀྱི་སྐྱེ་གནས་འབྱུང་བར་འགྱུར་ཞིང༌། སླར་ཡང་(རྣལ་འབྱོར་པའི་རང་སྣང་ལ་ཀུན་རྫོབ་ཀྱི་ སྲིད་པ་རྣམ་བཅུ་)འདི་ཉིད་དུ་གྲོལ་ཏེ། ཞེས་པ་ནི་སླར་ཡང་སྡུད་པའི་(ཐར་པ་ཐོབ་)དུས་སུ་འདི་ཉིད་ ལ་གྲོལ་པ་སྟེ་(ཀུན་རྫོབ་ཀྱི་སྲིད་པ་རྣམ་པ་བཅུ་པོ་)ཐིམ་པར་འགྱུར་ཞེས་པ(ནམ་མཁའ་ལ་སྤྲིན་ཡལ་བ་ལྟ་བུར་ ཡལ་བ་)འོ། །དེ་ལྟར་གང་གིས་ཡང་དག་པར་རིག་པ་ཞེས་པ་ནི་དེ་ལྟར་བརྗོད་པའི་རིམ་པ་ འདིས་སྒྲིབ་པ་དང་བྲལ་བའི་རྡོ་རྗེའི་སྐུ་(ཆོས་ཉིད་འོད་གསལ་པྲ་ཕབ་པ་ལྟ་བུའི་སྲིད་པ་རྣམ་པ་བཅུ་པོ་)འདི་ 2-1-173 གང་སུ་ཞིག་གིས་རིག་པ(སྟེ་མངོན་དུ་བྱས་པ་)འོ། །དེ་ནི་ཕྱུགས་(ལྟ་བུ་)མིན་ཞེས་པ་ཕྱུགས་(ལྟ་བུ་)སྟེ་ མི་ཤེས་པའོ། །སེམས་ཀྱི་ཀུན་ཏུ་རྟོག་པ་དག་ལས་གྲོལ་ཞེས་པ་ལ་(འདིར་)ཀུན་ཏུ་རྟོག་པ་ནི་ དཀྱིལ་འཁོར་དུ་བརྟགས་པའི་ཆོས་ཏེ་དེ་ལས་(ཀྱང་)གྲོལ་བ་ནི་སེམས་ཀྱི་ཀུན་ཏུ་རྟོག་པ་དག་ ལས་གྲོལ་བ(རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པ་)འོ། ། ༈ རྣམ་པ་བཅུ་པོ་འདི(འི་ངེས་པའི་དོན་)མདོར་བསྡུས་པ་(མཚན་བརྗོད་དུ་)ཆོས་ཀྱི་དབྱིངས་ ཤིན་ཏུ་རྣམ་པར་དག་པ་ལ་བསྟོད་པར་དེ་བཞིན་གཤེགས་པས་གསུངས་པ་འདི་ལྟ་སྟེ། (རྡོ་རྗེ་ ཡེ་ཤེས་ཀྱི་སྐུའི་ཟླ་བ་ལ་སོགས་པ་)རྣམ་པ་བཅུ་པོ་(ནི་)དོན(སྔགས་ཀྱི་སྐྱེ་གནས་རྣམས་)བཅུའི་དོན། (ཏེ་དེ་ལ་ སྔགས་ཀྱི་སྐྱེ་གནས་རྣམས་འབྱུང་ཞིང་རྡོ་རྗེའི་སྐུ་དེ་ནི་བདུད་དང་ཉོན་མོངས་རྣམས)། ཐུབ་(པའི་)དབང་(པོ་)སྟོབས་ བཅུ་(པ་མཁའ་ལྟར་)ཁྱབ་པའི་བདག(ཅེས་པ་བདག་གི་ཕ་རོལ་ཏུ་ཕྱིན་པ)། (སེམས་ཅན་)ཀུན་གྱི་དོན་ནི་མ་ ལུས་བྱེད། (པ་པོའི་རྡོ་རྗེའི་སྐུའི་སྲིད་པ་གཞན)། རྣམ་(པ་)བཅུ་(ལ་)དབང་(བ་དང་)ལྡན་(པ་སྟེ་དབང་དུ་གྱུར་པ་ འཇིག་རྟེན་གསུམ་གྱི་བདག་པོར་གྱུར་པའི་ཕྱིར་)ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་(པ་)མེད་(པའི་སངས་རྒྱས་ཡོད་ མེད་ལ་སོགས་པའི་)བདག །དེ་བཞིན་ཉིད་(ཀྱི་)བདག་(རང་བཞིན་གྱིས་)དག་པའི་བདག །(དོན་དམ་ པའི་དབྱངས་དང་གསལ་བྱེད་ཡིན་པས་)བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་ བྱེད་(པ)། །(ཐབས་ཤེས་)གཉིས་(སུ་)མེད་(ཅིང་)གཉིས་སུ་མེད་པར་གསུངས། །ཡང་དག་མཐའ་ (ཨེ་ཡིག་)ལ་རྣམ་པར་གནས(པ་ཝཾ་ཡིག་བདེ་བའོ)། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་ རི་དྭགས་ངན་འཇིགས་བྱེད། །ཅེས་སོ། །རྡོ་རྗེའི་སྐུ་བསྡུས་པའི་མདོར་བསྡུས་སོ། ༥ ། ༈ ད་ནི་(སྟོང་ཆེན་ཡི་གེ་ལྔ་ལུས་མེད་རྡོ་རྗེ་ལས་)སྒྲ་གཅན་ལ་སོགས་པར་འབྱུང་བ་བསྡུས་པའི་ ཚིགས་བཅད་དྲུག་པ་གཡོན་གྱི་ཡན་ལག་ཅེས་པ་ལ་སོགས་པ་བདག་གིས་དགྲོལ་བར་བྱ་ སྟེ། གཡོན་གྱི་ཡན་ལག་ཏུ་ནི་དཀར་པོ་འབར་བ་ཞེས་པ་ལ་སྔར་བརྗོད་པའི་གཞོམ་དུ་མེད་ པ་དབུས་ན་གནས་པ་ཕྱེད་འཁྱོག་(གྲི་གུག་)གི་མཚན་མའི་མིང་ཅན་གྱི་གཡོན་གྱི་ཡན་ལག་ཏུ་ 2-1-174 ཐིག་ལེ་གཅིག་སྟེ། དེ་ཡང་དཀར་པོ་འབར་བ་ཅེས་པ་ཡེ་ཤེས་དཀར་པོ(སོ་སོར་རྟོག་པ་)འི་འོད་ ཟེར་རོ། །འགྲོ་བའི་བདུད་རྩིའི་ཆ་ནི་ཆ་ཤས་(ཐིག་ལེ་)ཉིད་དོ། །གཡས་སུ་དམར་པོའི་མདོག་ ཅེས་པ་ནི་གཞོམ་དུ་མེད་པ་(གྲི་གུག་)དེའི་གཡས་སུ་རྣམ་པར་བཅད་པའི་མཚན་མའི་མིང་ ཅན་དམར་པོ་འབར་བ་ཡེ་ཤེས་དམར་པོའི་(མཉམ་པ་ཉིད་ཀྱི་)འོད་ཟེར་རོ། །དེ་དག་གི་ཕྱི་རོལ་ གཡོན་དང་གཡས་སུ་ཡང་གྲངས་ཇི་ལྟ་བར་སྒྲ་གཅན་དང་དུས་མེར་འགྱུར་རོ། །དེ་ནས་ཟླ་ བ་དང་ཉི་མར་འགྱུར་རོ། །དེ་བཞིན་དུ་གཟའ་ལག་དང་བཀྲ་ཤིས་དག་དང་པ་སངས་དང་ ཕུར་བུ་དག་དང་མཇུག་རིངས་དང༌། སྤེན་པ་དག་དང་ཆར་དང་གློག་དག་དང༌། ཆུ་དང་མེ་ དག་སྟེ་ཟུང་བདུན་པའོ། །འཇིག་རྟེན་ལ་ནི་འཇིག་རྟེན་གྱི་ཁམས་ལ་གནས་པ་སྟེ་དེ་ཉིད་ནི་ (ཀུན་རྫོབ་ཏུ་དོན་ལ་གནས་པའི་)ངེས་པའི་དོན་ཏོ། །འདི་རྣམས་ལ་སྔགས་ཀྱི་ཚིག་ནི་གྲངས་ཇི་ལྟ་བ་ བཞིན་གཡོན་དང་གཡས་སུ། ཨཾ་ཨཿཨུ་རྀ་ཨཱུ་རཱྀ། ཨོ་ཨར་ཨཽ་ཨཱར་ཝ་ར་ཝཱ་རཱ། ཞེས་པ་ཟུང་ བདུན་ནི་གཟའ་བདུན་པོ་རྣམས་ཀྱི་ལྷག་པའི་ལྷའོ། །མུན་པ་མེད་པ་ཟུང་གཅིག་དག་ནི་མུན་ པའི་མཐའ་ལའོ། །ཞེས་པ་(རྣམ་རྟོག་མ་རིག་པའི་)མུན་པ་དང་བྲལ་བ་དཀར་པོ་དང་དམར་པོའི་ཡེ་ ཤེས་ཀྱི་འོད་ཟེར་གྱི་རང་བཞིན་(དབུས་མ་)གཞོམ་དུ་མེད་པའི་གཡོན་དང་གཡས་ལ་གནས་པ་ ནི་གཞོམ་དུ་མེད་པའི་ཡན་ལག་ཡིན་གྱི་(དེ་ལས་དོན་)གཞན་(པ་)ནི་མ་ཡིན་ནོ། ༦ ། རྒྱབ་ཏུ་སེར་པོ་ཡང་ཞེས་པ་ལ་ཡང་ཡི་གིས་ནི་ཡེ་ཤེས་སེར་པོ(མེ་ལོང་ལྟ་བུ་)འི་འོད་ཟེར་ རོ་ཞེས་པའི་དོན་ཏོ། །གཞོམ་དུ་མེད་པའི་རྒྱབ་ཏུ་ཐོང་པའི་རྣམ་པའི་མཚན་མའི་མིང་ཅན་ ནོ། །(ཐོང་པའི་)རྣམ་པ་དང་བཅས་པ་དེའི་ཕྱི་རོལ་ནུབ་ཏུ་སེར་པོ་འབར་བའོ། །(ཞེས་པ་སའི་ཁམས་ སྤྱིར་བསྟན་ནས་དེ་ཟུང་བདུན་གྱི་དང་པོར་བགྲང་ངོ༌། །ཡང་ན་ཕྱི་རོལ་གྱི་ཁ་དོག་གམ་འོད་ཟེར་སེར་པོ་དང་པོར་བགྲང་ངོ་)དེ་ ནས་སྐར་མ་ཕྲ་མོ་དང་སྐར་མ་སྦོམ་པོའོ། །དེ་བཞིན་དུ་ལྷའི་གཞུ་དང་(འདི་གཅིག་ཏུ་བགྲང་བ་འཐད་)ས(འི་གཟུགས་)ནི་རྣམ་པ་གཉིས་ཏེ་ས་དང་རྡོ་བའི་གཟུགས་སོ། །དེ་ལྟར་སེར་པོ་འབར་བ་[དེ་ 2-1-175 ནི་[དང་](རྩ་མི་ཟེར་བ་ལེགས་)](སའི་ཁམས་སམ་ཕྱི་རོལ་གྱི་ཁ་དོག་སེར་པོ་དང་སྐར་མ་གཉིས་དང་ལྷ་གཞུ་སྟེ་)རྣམ་པ་ བཞི་དང་(ས་རྡོ་)རྣམ་པ་གཉིས་(ཏེ་དྲུག་པོ་རྣམས་)སུ་འགྱུར་(ཞིང་བདུན་པ་ནི་འོག་ནས་ནོར་རྒྱལ་གྱི་རླུང་གིས་ཁ་ བསྐང་ངོ་)རོ། །སྲོག་ཅེས་བྱ་བ་གཅིག་པུའི་རླུང་ནི་(འདི་ནི་རླུང་བཅུའི་ཡ་གྱལ་གྱི་སྲོག་གི་རླུང་ནི་མིན་གྱི་རླུང་སྤྱིའི་ མིང་དུ་གྱུར་པའི་སྲོག་ཅེས་པ་ཡིན་ལ་དེ་ལ་དབྱེ་ན་)རྣམ་བཅུར་འགྱུར་ཏེ་སྤྱི་བོར་རྩ་བ་དག་དང་མདུན་དུའོ་ ཞེས་པ་ནི་གཞོམ་དུ་མེད་པ་(གྲི་གུག་གི་རྣམ་པ་)དེའི་སྟེང་དུ་(ཆོས་དབྱིངས་ཡེ་ཤེས་ཀྱི་ཆ་)འོད་ཟེར་ལྗང་ ཁུ་སྟེ་(དེའི་)ཕྱི་རོལ་ཏུ་སྟོང་པའི་ས་བོན་ལས་བྱུང་བ་སྲོག་གི་རླུང་ངོ༌། །འོག་ཏུ་〔ཆོས་དབྱིངས་ ཡེ་ཤེས་ཀྱི་ཆ་〕འོད་ཟེར་སྔོན་པོ་སྟེ་(དེའི་)ཕྱི་རོལ་ཏུ་ཡེ་ཤེས་ཀྱི་ས་བོན་ལས་བྱུང་བ་ཐུར་དུ་སེལ་ བའི་རླུང་ངོ༌། །མདུན་དུ་(བྱ་གྲུབ་ཡེ་ཤེས་ཀྱི་)འོད་ཟེར་ནག་པོ་སྟེ་(དེའི་)ཕྱི་རོལ་ཏུ་མཉམ་གནས་ ཞེས་བྱ་བའི་རླུང་ངོ༌། །དེ་ནས་གྱེན་དུ་རྒྱུ་བ་དང་དེ་བཞིན་དུ་ཁྱབ་བྱེད་དང་ཀླུ་དང་རུས་སྦལ་ དང་རྩངས་པ་དང་ལྷ་སྦྱིན་དང་ནོར་ལས་རྒྱལ་བ་སྟེ་རླུང་བཅུའོ(དེ་ལ་ནོར་རྒྱས་ཀྱི་རླུང་ལ་ས་ཁམས་པར་ ནང་ལེར་འཆད་པས་ནུབ་ཏུ་ས་བདུན་གྱི་ཁ་སྐོང་དུ་སྦྱར་རོ)། །འདི་རྣམས་ལས་འོག་དང་སྟེང་དུ་ཟུང་གཅིག་ སྟེ། ཤར་དང་ནུབ་ཏུ་ནི་རླུང་དང་ས་ཟུང་བདུན་ནོ། །(ནོར་རྒྱལ་པའི་ཚན་པར་བགྲང་པའི་རྒྱུ་མཚན་)ནོར་ ལས་རྒྱལ་བ་ནི་(རླུང་དང་ས་གཉིས་ཀ་ཡིན་པའི་)མ་ནིང་སྟེ་ཤི་བའི་ལུས་(ཁུ་རྡུལ་དང་ཀུན་གཞིའི་རྣམ་ཤེས་མ་ འཕོས་པར་དུ་)ཡོངས་སུ་མི་གཏོང་བ(ར་སྡོད་པ་)འི་ཕྱིར་རོ། ། (དེས་ན་ནུབ་ཏུ་སའི་བདུན་ཚན་དུ་བགྲང་ངོ༌། །གཞན་དག་ནི་སྐར་མ་ས་རྡོ་རྣམས་ཕྲ་རགས་ཀྱིས་ཕྱེ་བ་དྲུག་དང་ལྷའི་གཞུ་ སྟེ་བདུན་དུ་བྱས་ནས་ནོར་ལས་རྒྱལ་ནི་མ་ནིང་ཡིན་པས་ཤར་ནུབ་ཀྱི་བདུན་ཟུང་གང་དུ་ཡང་མི་བགྲང་ཞེས་བཞེད་པ་དང་སེར་ པོ་འབར་བ་ས་བདུན་གྱི་ཡ་གྱལ་དུ་བགྲང་ཡང་ལྷ་གཞུ་ལ་ཕྲ་སྦོམ་གཉིས་སུ་ཕྱེ་ནས་ནོར་རྒྱལ་མི་བགྲང་བར་བཞེད་པ་ཡང་ཡོད་ མོད། གཞུང་ལ་མི་འགྲིག་ཅིང་ནོར་རྒྱལ་{རླུང་{ཟུང་བདུན་}ལ་མ་གཏོགས་ན་ཁམས་གང་ཡང་མ་ཡིན་པར་འགྱུར་པ་དང་དབུས་ ཀྱི་སྟོང་ཆེན་ལྔས་ནོར་རྒྱལ་ལ་མ་ཁྱབ་པར་འགྱུར་བས་དབུས་ཀྱི་སྟོང་ཆེན་ལྔ་ཀུན་འགྲོ་ཁྱབ་པ་པོ་མ་ཡིན་པའི་སྐྱོན་དུ་ཡང་འགྱུར་ རོ་)འདི་རྣམས་ལ་སྔགས་ཀྱི་ཚིག་ནི་སྟེང་དང་འོག་ཏུ་ཧ་ཧཱའོ། །ཤར་དང་ནུབ་ཏུ་གྲངས་ཇི་ལྟ་ 2-1-176 བས། ཨ་ཨཱཿ ཨཱི་ལཱྀཿཨཱི་ལཱྀ། ཨེ་ཨལ། ཨཻ་ཨཱལཿཡ་ལཿ ཡཱ་ལཱཿ ཀྵ་(ཀྵ་འདི་གཞན་དག་ནོར་རྒྱལ་གྱི་ས་བོན་དུ་འཆད་པ་ནི་མི་འཐད་ཅིང་འདིར་དབྱངས་འདི་རྣམས་འདུས་པ་དབུས་ཀྱི་སྟོང་ ཆེན་ལྔ་པོ་ཧཾ་ཡིག་ཏུ་གྱུར་པའི་རྟེན་ཐིག་ལེ་སྟོང་པ་ཉིད་ཡི་གེ་དྲུག་གི་གསལ་བྱེད་འདུས་པའི་ཀྵ་ཡིག་ཡིན་པར་སྦྱར་རོ་)ཞེས་པ་ ཟུང་བདུན་ནི་ཤར་དང་ནུབ་ཏུའོ། །སྟེང་འོག་(གི་འོད་ཟེར་ལྗང་ཁུ་དང་སྔོན་པོ་)ཟུང་གཅིག་ནི་(རྣམ་རྟོག་ གི་)མུན་པའི་མཐར་(གྱུར་པ་མི་རྟོག་པའི་ཡེ་ཤེས་ཀྱི་འོད་ཟེར་ཡིན་ལ་སྲོག་ཐུར་སེལ་གཉིས་ཀྱང་ཟུང་དེ་ཉིད་དུ་བསྡུའོ་) རོ། །(དེ་ལྟར་ཡེ་ཤེས་ཀྱི་འོད་ཟེར་དྲུག་པོ་འདི་ཉིད་ཀྱེའི་རྡོ་རྗེར་ཡང༌། དང་པོར་ནག་པོ་རབ་ཏུ་བསྒོམ། གཉིས་པར་དམར་བོ་ རྣམ་པར་བསྒོམ། །གསུམ་པ་ལ་ནི་སེར་པོ་བསྒོམ། བཞི་པར་ལྗང་ཁུ་རབ་ཏུ་བསྒོམ། །ལྔ་པར་ཁ་དོག་སྔོན་པོ་དང༌། །དྲུག་པར་ དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་པ་དང༌། བདེ་བ་ ནག་ཅིང་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་ཁུ་བདེ་བ་སྔོ། །བདེ་བ་རྒྱུ་དང་མི་རྒྱུ་ཀུན། །བདེ་བ་ཤེས་ རབ་བདེ་བ་ཐབས། །ཀུན་ཏུ་རྒྱུ་སྐྱེས་བདེ་དེ་བཞིན། །བདེ་བ་དངོས་པོ་དངོས་མེད་བདེ། །བདེ་བ་རྡོ་རྗེ་སེམས་དཔར་བརྗོད། ། ཅེས་པའི་ཚིག་གིས་བསྟན་ཏོ་)ཟུང་བདུན་པོ་རྣམས་ནི་ཐུན་མཚམས་བཞིའི་དབྱེ་བས་གཟའ་བདུན་ པོ་རྣམས་ཀྱི་ལྷག་པའི་ལྷའོ། །གཟའ་ཉི་མ་ལ་མཚན་ཕྱེད་ནས་ཤར་[ནས་[དུ] (ཞེས་པ་འགྱུར་ རྙིང་འགའ་ཞིག་ལ་འདུག་པ་ལེགས་)འཆར་བ་ལ་ཨ་(སྔ་དྲོ་)ལྷོ་[ནས་[རུ་(ཟེར་)]འཆར་བ་ལ་ཨཿ (ཉིན་ཕྱེད་)ནུབ་[ནས་[ཏུ(ཟེར་)]འཆར་བ་ལ་ཨཱ་(ཉི་མ་ནུབ་དུས་)བྱང་[ནས་[དུ(ཟེར་)]འཆར་བ་ལ་ཨཾ་(ཞེས་ པའི་དོན་ནི་གླིང་འདིར་རེས་གཟའ་སྤེན་པ་ཡོད་པའི་ཞག་དེའི་མཚན་ཕྱེད་ཀྱི་དུས་ན་ཤར་ལུས་འཕགས་པོ་ན་སྔ་དྲོ་དང་པོ་ཡོད་ལ་ དེའི་དུས་ན་ཤར་དུ་རེས་གཟའ་ཉི་མ་འཆར་བ་སྟེ་འགོ་འཛུགས་ཤིང་དེ་ནས་ལྷོ་ཞེས་པ་གླིང་འདིར་ནམ་ལངས་པའི་དུས་ན་འདིར་ རེས་གཟའ་ཉི་མ་འཆར་ལ་གླིང་འདིར་ཉི་མ་ཕྱེད་དུས་ནུབ་བ་ལང་སྤྱོད་ན་སྔ་དྲོ་དང་པོ་ཡོད་པས་དེར་རེས་གཟའ་ཉི་མ་འཆར་ ཞིང་འདིར་ཉི་མ་ནུབ་དུས་བྱང་སྒྲ་མི་སྙན་ན་སྔ་དྲོ་དང་པོ་ཡོད་པས་དེར་རེས་གཟའ་ཉི་མ་འཆར་རོ། །དེ་ལྟར་ཞག་གཅིག་ལ་རེས་ གཟའ་ཉི་མ་ཕྱོགས་བཞིར་འཆར་བ་ལས་ས་བོན་གྱི་ཡི་གེ་མི་འདྲ་བ་བཞིར་འགྱུར་ཞིང་རེས་གཟའ་ཟླ་བ་སོགས་ལ་ཡང་དེ་བཞིན་ དུ་ཤེས་པར་བྱའོ་)ཟླ་བ་ལ་ཨི་རྀ་ལྀ་ཨུ་བཀྲ་ཤིས་ལ་ཨཱི་རཱྀ་ལཱྀ་ཨཱུ། གཟའ་ལག་ལ་ཨེ་ཨར་ཨལ་ཨོ། 2-1-177 ཕུར་བུ་ལ་ཨཻ་ཨཱར་ཨཱལ་ཨཽ། པ་སངས་ལ་ཡ་ར་ལ་ཝ། སྤེན་པ་ལ་ཡཱ་རཱ་ལཱ་ཝཱ་ཞེས་པ་རིམ་པ་ ཇི་ལྟ་བ་བཞིན་གཟའ་བདུན་པོ་རྣམས་ཀྱི་ས་བོན་(ཡང་ཡིན་)ནོ། ། ༈ དབུས་ཀྱི་རྡོ་རྗེའི་སྟེང་དུ་ས་བོན་ཞེས་པ་ནི་སྟེང་དང་འོག་དང་ཤར་དང་ལྷོ་དང་ནུབ་ དང་བྱང་གི་ས་བོན་རྣམས་ཀྱི་དབུས་ཀྱི་གཞོམ་དུ་མེད་པ་གྲི་གུག་གི་རྣམ་པ་(ནི་དབུས་ཀྱི་)རྡོ་ རྗེའོ། །(རྡོ་རྗེ་)དེའི་སྟེང་གི་ས་བོན་(ཞེས་པ་ནི་)རྗེས་སུ་ང་རོ་སྟེ་གཡོན་གྱི་ཡན་ལག་ལ་གང་གནས་ པ་དེ་(གྲི་གུག་གི་)སྟེང་དུ་འགྱུར་རོ། །(ཐིག་ལེ་ནི་རྣམ་བཅད་དེ་)རང་གི་ནུས་པ་(དེའི་འོད་ཟེར་དམར་པོའི་) ཡོན་ཏན་ཚོགས་དང་བཅས་པ་(ནི་ཟླ་ཚེས་ཀྱི་རྣམ་པ་ཐིག་ལེའི་)འོག་ཏུ་གནས་ཞེས་པ་ནི་རྗེས་སུ་ང་ རོའི་ནུས་པ་(ཞེས་པ་ནི་)རྣམ་པར་བཅད་པའོ། །(རྣམ་བཅད་)དེའི་ཡོན་ཏན་ནི་འོད་ཟེར་དམར་པོ་ (མཉམ་ཉིད་ཡེ་ཤེས་)ཡིན་ལ་དེ་དང་བཅས་པའི་ནུས་པ་ནི་ཡོན་ཏན་ཚོགས་དང་བཅས་པ་སྟེ་རྗེས་ སུ་ང་རོའི་འོག་ཏུ་ཟླ་བ་ཕྱེད་པའི་རྣམ་པས་གནས་པའོ། །རང་གི་ནུས་པ་ཞེས་པ(འི་ཚིག་ནུས་པ་)ས་(དངོས་སུ་)མ་གསུངས་པ་(ཡང་ན་དོན་གྱི་{མཐའ་ཡས{ཤུགས}་)ཉིད་ལས་(ཤེས་པས་)ཤར་དང་ནུབ་ ཀྱི་མཚན་མ་(དབྱུག་པ་དང་ཐོང་པའི་རྣམ་པ་)ནི་གཞོམ་དུ་མེད་པ(གྲི་གུག་གི་རྣམ་པ་)འི་རྐང་པ་དང་མགོ་ བོ་ལའོ། །དེ་ལྟར་ན་སྟོང་པ་ཆེན་པོ་འགྱུར་མེད་ལྔ་ནི་རྡོ་རྗེ་སེམས་དཔའི་ཡུལ་ལ་ཝཾ་ཡིག་སྟེ་ ལུས་མེད་རྡོ་རྗེའི་སྒྲུབ་པ་ལ་ཧྃ་ཡིག་གོ། དེའི་ཕྱི་རོལ་ཏུ་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ནི་ཝཾ་ ཡིག་གི་ཕྱོགས་ལ་རྟེན་ཨེ་ཡིག་ཅེས་བརྗོད་ཅིང་ཧྃ་ཡིག་གི་ཕྱོགས་ལ་སྐྱེ་གནས་ཀྵ་ཡིག་སྟེ་རྡོ་ རྗེ་དང་པད་མ་(དང་དུས་དང་འཁོར་ལོ་དང་ཧེ་དང་བཛྲ་ལ་སོགས་པ་)ཡང་ངོ༌། ། ༈ ཀུན་ཏུ་ཡེ་ཤེས་དང་ནི་སྟོང་པ་ཞེས་པ་ལ་ཡེ་ཤེས་ཀྱི་སྒྲས་གཞོམ་དུ་མེད་པའི་སྟེང་ གི་རྣམ་པར་བཅད་པ་ཟླ་བ་ཕྱེད་པའི་རྣམ་པ་སྟེ་ཀུན་ཏུ་ཞེས་པ་ནི་ཕྱི་རོལ་གྱི་(སྟོང་ཆེན་ལྔའི་)ཡི་ གེ་ཐམས་ཅད་ལ་(ཁྱབ་པར་)འགྱུར་རོ། །སྟོང་པ་(ཞེས་པ་)ནི་ཐམས་ཅད་ལ་(རྗེས་སུ་ང་རོ་)ཐིག་ ལེའོ། །ཞི་བ་གནས་དང་བཅས་པ་དངོས་པོ་ཀུན་གྱིས་རྣམ་པར་གྲོལ་ཞེས་པ་ལ་ཞི་བ་ནི་ 2-1-178 (དབུས་མ་)གཞོམ་དུ་མེད་པའོ། །དེའི་གནས་ནི་ཤར་དང་ནུབ་ཀྱི་མཚན་མ་(དབྱུག་པ་དང་ཐོང་པ་)སྟེ་ དེ་དང་བཅས་པའི་ཞི་བ་དངོས་པོ་ཀུན་[གྱིས་[ལས་(རྩ་མི་གྱི་རྨ་ཟེར་)]རྣམ་པར་གྲོལ་བའོ། །དེ་ ཉིད་ཀུན་ཏུ་སྟེ་ཕྱི་རོལ་གྱི་(སྟོང་ཆེན་ལྔའི་)ཡི་གེའི་ཆོས་ཐམས་ཅད་ལ་རྐང་པ་དང་མགོར་(དབྱུག་པ་)རླུང་དང་ས་(ཐོང་པ་)དག་གྲངས་ཇི་ལྟ་བ་བཞིན་ནོ། །མགོའི་སྟེང་དུ་ཆ་(རྣམ་པར་བཅད་པ་ཟླ་ཚེས་) དང་ཆའི་སྟེང་དུ་(རྡོ་རྗེ་རྩེ་གཅིག་པའི་རྣམ་པ་)ཐིག་ལེ་དང་ཐིག་ལེའི་སྟེང་དུ་ནཱ་ད་གཞོམ་དུ་མེད་པར་ བརྗོད་པར་བྱའོ། །འདིའི་སྔགས་ཀྱི་ཚིག་རྣམས་ནི་ཨ??་ཝྃ་ཀྵྃ་ཧྃ་ཨྂ་ཨྂཿ ཨ་ཨཱ་ཨ??་ཨཱ??་ར??་རཱ??་ལ??་ ལཱ་??ཨུྃ་ཨཱུྃ་ཨ??་ཨ??་ཨརྂ་ཨཱརྂ་ཨལྂ་ཨཱལྂ་ཨ??་ཨ??་ཧྃ་ཧཱྃ་ཡྃ་ཡཱྃ་རྃ་རཱྃ་ལྃ་ལཱྃ་ཝྃ་ཝཱྃ་ཀྵྂ། (འདིར་ཀྵཾ་྄ཡིག་ གཅིག་ཉིད་ལན་གཉིས་སུ་སྨོས་པ་ནི་སྔ་མ་ཧཾ་ཡིག་གི་རྟེན་དུ་གྱུར་བའི་ཆ་ནས་སྨོས་པ་ཡིད་ལ་ཀྵྂ་ཕྱི་མ་ནི་གསལ་བྱེད་ཀྱི་ཡི་གེ་ ཐམས་ཅད་ལའང་སྟོང་ཆེན་ཡི་གེ་ལྔས་ཁྱབ་པར་མཚོན་པའི་དོན་ནོ། །དེས་ན་ཀྵྂ་ཡིག་ཕྱི་མ་འདི་ནོར་རྒྱལ་གྱི་རླུང་གི་ས་བོན་དུ་ འདོད་པ་ནི་{གཞུང་གི་}དགོངས་པ་མ་ཡིན་ནོ་)དེ་ལྟར་ཁྱབ་པར་བྱ་བ་སྔགས་ཀྱི་ཚིག་ཐམས་ཅད་ལ་སྟོང་ པ་ཆེན་པོ་ཡི་གེ་ལྔ་ཁྱབ་པར་བྱེད་པ་པོར་རིག་པར་བྱ(ཞིང་སྟོང་པ་ཆེན་པོ་ཡི་གེ་ལྔའི་དོན་དང་པོའི་སངས་ རྒྱས་ཡེ་ཤེས་ལྔའི་སྐུས་ཀྱང་བརྟན་པ་དང་གཡོ་བའི་འཇིག་རྟེན་ཐམས་ཅད་ལ་བདེ་གཤེགས་སྙིང་པོའི་ཚུལ་དུ་ཁྱབ་པར་ཤེས་ པར་བྱ་)འོ། ། ༈ (དང་པོའི་སངས་རྒྱས་ཆ་མེད་ཀུན་འགྲོ་)འདིའི་(དོན་)མདོར་བསྡུས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ དྲ་བར་བཅོམ་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། (རྡོ་རྗེའི་སྐུ་རྣམ་པ་ཐམས་ཅད་པ་ཉིད་ཀྱིས་སྒྲ་གཅན་ ལ་སོགས་སྤྲོ་བའི་ཕྱིར་)སྒྱུ་འཕྲུལ་སྣ་ཚོགས་འཆང་བའི་རྒྱལ། །སངས་རྒྱས་རིག་སྔགས་ཆེན་པོ་ འཛིན། །(གཞོམ་དུ་མེད་ཅིང་སྒྲིབ་པ་ཐམས་ཅད་གཅོད་པས་)རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །རྣམ་དག་འགྱུར་བ་ མེད་པ་མཆོག །ཅེས་དང༌། དེ་བཞིན་དུ་(སྟོང་ཆེན་འགྱུར་མེད་ལྔའི་སྐུ་ནི་ཆོས་ཀྱི་དབྱིངས་ཡིན་པས་)ཆ་མེད་ (ཅིང་ཚེས་གཅིག་སོགས་ཆ་བཅོ་ལྔ་ལས་)འདས་པའི་ཕྱིར་(ཆ་མེད་པ་ཞེས་ཉི་མ་དཔལ་ཡེ་ཤེས་འཆད་)ཀུན་འགྲོ་(བ་ ཀུན་ལ་)ཁྱབ་པ་པོ། །(ཤིན་ཏུ་ཟབ་ཅིང་བལྟ་དཀའ་བས་)ཕྲ་མོ་(བདེ་བ་ཆེན་པོ་ལྷུན་གྲུབ་ཏུ་སྐྱེ་བའི་ཕྱིར་)ས་བོན་ 2-1-179 (དང་འདོད་པའི་ཟག་པ་སོགས་)ཟག་པ་མེད། །(དཀར་ཕྱོགས་ཆགས་པའི་)རྡུལ་མེད་(པ་འདོད་ཆགས་ཆེན་པོ་དང་ རང་བཞིན་རྣམ་དག་ཡིན་པའི་ཕྱིར་)རྡུལ་བྲལ་(དང་གློ་བུར་གྱི་)དྲི་མ་མེད(པ་དང་ཐ་མལ་པ་ཐམས་ཅད་སྤངས་པའི་ ཕྱིར)། །ཉེས་པ་སྤངས་པ་(རྣམ་གཡེང་གི་ནད་ཟད་པའི་ཕྱིར་)སྐྱོན་མེད་པ། །ཞེས་སོ། །སྟོང་ཆེན་འགྱུར་མེད་ལྔ་ ལས་)སྒྲ་གཅན་ལ་སོགས་པ་འབྱུང་བ་བསྡུས་པའི་མདོར་བསྡུས་སོ། ༧ ། ༈ ད་ནི་ཨ་སོགས་སུམ་ཅུ་ཞེས་པ་ལ་སོགས་པ་ཟླ་བའི་ཆ་འཕེལ་བ་དང་འགྲིབ་པ་དང་ (ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་ཉམས་པ་རྫོགས་པ་སྟེ། །ཟླ་བ་ཆ་དང་རྫོགས་པ་ མིན། །དེ་བཞིན་ཡེ་ཤེས་ཤར་རིམ་པས། །{ཆ་{ས}རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་ལ་སོགས་ཉམས་པ་རྫོགས། ། ཡེ་ཤེས་ཆད་དང་རྫོགས་པ་མིན། །ཞེས་རྩ་རྒྱུད་དུ་གསུངས་པ་ལྟར་)ཉི་མའི་(ལྷོ་བྱང་གི་)བགྲོད་པས་མཚན་མོ་དང་ ཉིན་མོ་འཕེལ་བ་དང་འགྲིབ་པ་ལ་སོགས་པ་བསྡུས་པའི་ཚིགས་བཅད་བརྒྱད་པ་བདག་གིས་ དགྲོལ་བར་བྱའོ། །ཨ་སོགས་སུམ་ཅུའི་དབྱངས་གང་ཧ་ཡ་ར་ཝ་ལར་ལྡན་དེ་རྣམས་ཟླ་བའི་ ཆ་དང༌། ཞེས་པ་ནི་ཨ་ཡིག་དང་པོ་ཡིན་པའི་ཨི་ཡིག་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱང་ ཨ་ལ་སོགས་པ་སྟེ་ཧ་ཡ་ར་ཝ་ལར་ལྡན་ཐུང་ངུ་དང་རིང་པོ་དང་ཡོན་ཏན་དང་འཕེལ་བའོ། ། ཧ་ལ་སོགས་པ་ཡ་ཎར་བསྒྱུར་བ་ཐུང་ངུ་དང་རིང་པོའི་དབྱེ་བས་(དབྱངས་)སུམ་ཅུར་འགྱུར་རོ། ། ཟླ་བའི་ཆ་(གྲིབ་མའམ་མུན་པ་རིམ་པ་ལྟར་ཉམས་པས་)འཕེལ་བ་དང་(གྲིབ་མའམ་མུན་པས་བསྒྲིབས་པས་) འགྲིབ་པའི་རྒྱུར་གྱུར་པ་(དབྱངས་སུམ་ཅུ་པོ་)དེ་རྣམས་ཀྱང་ཚེས་གཅིག་ལ་སོགས་པ་ལྔའི་དབྱེ་ བས་(སྡེ་ཚན་)གསུམ་དུ་འགྱུར་རོ། །དགའ་བ་ལ་སོགས་པའི་དབྱེ་བས་དགའ་བ་རྣམ་པ་གསུམ་ དང་བཟང་པོ་རྣམ་པ་གསུམ་དང་རྒྱལ་བ་རྣམ་པ་གསུམ་དང་སྟོང་པ་རྣམ་པ་གསུམ་དང་ རྫོགས་པ་རྣམ་པ་གསུམ་སྟེ། (ལྔ་ཚན་གསུམ་ནི་རིམ་པ་ལྟར་)མུན་པ་དང་རྡུལ་དང་སྙིང་སྟོབས་ཀྱི་ དབྱེ་བ་དང་ཆུང་ངུ་དང་འབྲིང་དང་ཆེན་པོའི་(ཚད་ཀྱིས་)དབྱེ་བས་སོ། །འཕེལ་བའི་ཆ་བཅོ་ལྔ་ དཀར་པོའི་ཕྱོགས་ལ་ནམ་མཁའ་ལ་སོགས་པ(སྤྲོ་བའི་རིམ་པ་)འི་ཁམས་ཀྱི་ངོ་བོས་གནས་པ་ 2-1-180 རྣམ་པ་གསུམ་མོ། །འདིར་ཚེས་གཅིག་ཨ། གཉིས་པ་ཨི། གསུམ་པ་རྀ། བཞི་པ་ཨུ། ལྔ་པ་ལྀ། དགའ་བ་དང་བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་རྫོགས་པ་ནི་ནམ་མཁའ་དང་རླུང་དང་མེ་ དང་ཆུ་དང་སའི་ཁམས་རྣམ་གྲངས་ཇི་ལྟ་བ་བཞིན་ཏེ་(ལྔ་ཚན་དང་པོ་)མུན་པ(འི་ཡོན་ཏན་ལ་སྒྲིབ་བྱེད་ ཀྱི་མུན་པ་)བསལ་བ་དང་པོ་ཆུང་ངུའི་ཚད་དོ། །དེ་ནས་རིམ་པ་གཉིས་པ་ལ་ཡོན་ཏན་གྱི་དབྱེ་ བས། དྲུག་པ་ཨ། བདུན་པ་ཨེ། བརྒྱད་པ་ཨར། དགུ་པ་ཨོ། བཅུ་པ་ཨལ། དགའ་བ་དང་ བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་རྫོགས་པ་ནི་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ སའི་ཁམས་རྣམས་ཏེ། དང་པོའི་སྡེ་ཚན་གྱི་[མུན་པ་བསལ་བ་དང་པོ་ཆུང་ངུའི་ཚད་གང་ཡིན་ པ་དེ་(སྡེ་ཚན་གཉིས་པ་འདི་དང་ལྷན་ཅིག་)འབྲིང་པོའི་ཚད་དུ་གྱུར་པ་དང་(སྡེ་ཚན་གཉིས་པ་རང་ཉིད་ནི་)རྡུལ་ བསལ་(འབྲིང་བོ་ཡང་ཟེར་)བ་ཆུང་ངུའི་(ཆུང་ངུ་ཞེས་པ་མི་བདེ་ཞིང་རྒྱ་དཔེ་མ་དག་པར་གསལ་)ཚད་དོ། །[མུན་ པ་སེལ་བ་དང་པོའི་ཆུང་ངུ་ཙམ་ནི་སྔ་མའི་སྡེ་ཚན་ནོ། །གང་དབུས་མ་ཙམ་དུ་གྱུར་པ་ནི་རྡུལ་ སེལ་བ་ཙམ་འབྲིང་པོའོ་ཞེས་བྱའོ། །(རྩ་མི་ཟེར་ར་ཡང་དེ་དང་མཐུན་ནོ་)]དེ་ནས་སྡེ་ཚན་གསུམ་པ་ལ་ ཧ་ལ་སོགས་པ་ཡ་ཎར་བསྒྱུར་བ་རྣམས་ཏེ། བཅུ་གཅིག་པ་ཧ། བཅུ་གཉིས་པ་ཡ། བཅུ་གསུམ་ པ་ར། བཅུ་བཞི་པ་ཝ། ཟླ་བ་ཉ་བ་ལ། དགའ་བ་དང་བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་ རྫོགས་པ་ནི་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཁམས་རྣམས་ཏེ། [མུན་པ་བསལ་ བ་ཆུང་ངུའི་ཚད་དོ། །སྡེ་ཚན་གཉིས་པ་རྡུལ་ནི་འབྲིང་པོའི་ཚད་དོ། །སྡེ་ཚན་གསུམ་པ་ནི་ཆེན་ པོའི་ཚད་དོ། །སྙིང་སྟོབས་ཀྱི་ཡོན་ཏན་གྱི་དབྱེ་བ་འདི་ལ་དབྱེ་བ་རྣམ་པ་ལྔ་སྟེ། (འདིར་བུ་མོ་ལ་ སོགས་པའི་དབྱེ་བ་ཚེས་གཅིག་གི་ཆ་ལ་བྱེད་དགོས་པའི་ཕྱིར་དང་སྙིང་སྟོབས་ཀྱི་ཡོན་ཏན་ལྔ་ཚན་གསུམ་པ་ཡིན་པའི་ཕྱིར་སྙིང་ སྟོབས་ཀྱི་ཡོན་ཏན་གྱི་དབྱེ་བ་འདི་ལ་དབྱེ་བ་རྣམ་པ་ལྔ་སྟེ་ཞེས་པ་འདི་མི་བདེའོ་)དང་པོའི་ཚེས་གཅིག་གི་ཆ་ཆེན་ པོའི་ཚད། བཅུ་གཅིག་པ་ལ་བུ་མོ་དང་][གཉིས་པའི་སྡེ་ཚན་གྱི་རྡུལ་(ནི་རང་དུས་ན་མུན་པ་བསལ་བ་) འབྲིང་པོའི་ཚད་(དུ་གནས་པ་)དང༌། (ལྔ་ཚན་)དང་པོའི་སྡེ་ཚན་གྱི་མུན་པ་(སྡེ་ཚན་དང་པོ་ཆེན་པོའི་ཚད་ 2-1-181 དང་ལྷན་ཅིག་)བསལ་བ་(རང་དུས་ན་)ཆུང་ངུའི་ཚད་(དུ་གྱུར་པ་ཉིད་)ནི་ཆེན་པོའི་ཚད་(སྡེ་ཚན་དང་པོ་སྡེ་ཚན་ གསུམ་པའི་དུས་སུ་ཆེན་པོའི་ཚད་དུ་གྱུར་)དོ། །འདིའི་དབྱེ་བ(འི་སྒོ་ན་)རྣམ་པ་ལྔ་སྟེ་སྙིང་སྟོབས་ཀྱི་དབྱེ་ བ(འི་སྒོ་ན་)ས་(ཚེས་)བཅུ་གཅིག་པ་ལ་(སྡེ་ཚན་)དང་པོའི་ཚེས་གཅིག་གི་ཆ་(སྡེ་ཚན་གསུམ་པའི་དུས་སུ་) ཆེན་པོའི་ཚད་(དུ་གྱུར་པ་དེ་)བུ་མོའ(ོཞེས་ཤོང་འགྱུར་སོར་བཞག་ལ་ཡོད་པ་ལྟར་བཤད་པ་བདེའོ)། །]བཅུ་ གཉིས་པ་ལ་གཞོན་ནུ་མ་དང༌། བཅུ་གསུམ་པ་ལ་ལང་ཚོ་མ་དང༌། བཅུ་བཞི་པ་ལ་རྒན་མོ་ དང༌། བཅོ་ལྔ་པ་ལ་ཡོངས་སུ་སྨིན་པར་གྱུར་པའོ། །དེ་ལྟར་(ཟླ་བའི་དཀྱིལ་འཁོར་གྱི་ནུབ་མཐའི་ཆར་ གྱུར་པ་)ཚེས་གཅིག་གི་ཆ་(དེ་ཟླ་བའི་དཀྱིལ་འཁོར་གྱི་ཤར་མཐའི་ཆར་གྱུར་པའི་ཚེས་)བཅོ་ལྔ་པ་ལ་(ཤར་བ་ན་) ཡོངས་སུ་སྨིན་པར་གྱུར་པ་(དཀར་ཕྱོགས་)ནི་རྫོགས་པ་ཞེས་མངོན་པར་བརྗོད་དེ། དེ་ལྟར་ན་ དཀར་པོའི་ཕྱོགས་ལ་ཟླ་བའི་ཆ་འཕེལ་བ་བཅོ་ལྔའི་དབྱེ་བས་ཐ་དད་དེ། (རྫོགས་པ་)དེའི་ མཐའ་ནག་པོའི་ཚེས་གཅིག་གི་མུན་པ་འཇུག་པའི་དུས་ཀྱི་དང་པོ་ནི་བཅུ་དྲུག་པའི་ཆ་ཞེས་ བརྗོད་དོ། །(བཅུ་དྲུག་པའི་ཆ་)དེའི་མཐར་དཀར་པོའི་ཚེས་གཅིག་གི་(ནག་པོའི་ཚེས་བཞི་པ་ལ་སོགས་པ་ བཅོ་ལྔ་པའི་མཐར་ཐུག་པའི་)ཆ་ནག་པོའི་ཚེས་གཅིག་གི་མུན་པ་ལ་འཇུག་པར་འགྱུར་ཏེ། (དེ་དུས་ན་) དཀར་པོའི་ཆ་(ཚེས་)གཉིས་པ་ཡོངས་སུ་སྨིན་པར་འགྱུར་རོ། །དེ་ནས་(དཀར་པོའི་ཆ་)གཉིས་པ་ ཡང་(ནག་པོའི་ཚེས་ཉའི་མཐར་)གཉིས་པའི་མུན་པ་ལ་འཇུག་པར་འགྱུར་ཏེ། (དེའི་ཚེ་དཀར་པོའི་ཆ་) གསུམ་པ་ཡོངས་སུ་སྨིན་པར་འགྱུར་རོ། །དེ་བཞིན་དུ་(དཀར་པོའི་ཆ་གསུམ་པ་)དེ་ཡང་ནག་པོའི་ (ཚེས་)གསུམ་པའི་མུན་པ་ལ་འཇུག་པར་འགྱུར་ཏེ། དེ་བཞིན་དུ་(དཀར་པོའི་ཆ་)བཞི་པ་ལ་སོགས་ པ་ཆ་བཅོ་ལྔ་པའི་མཐར་ཐུག་པ་ཡོངས་སུ་སྨིན་པ་རྣམས་(ནག་པོའི་ཚེས་བཞི་པ་ལ་སོགས་པ་བཅོ་ལྔ་པའི་ མཐར་ཐུག་པའི་)མུན་པ་ལ་འཇུག་པར་འགྱུར་〚འདིར་ཆ་བཅྭ་ལྔ་ལ་སྒྲིབ་པར་བྱེད་པའི་མུན་པ་ རྣམས་ནི་སྒྲ་གཅན་གྱི་མུན་པ་སྟེ་སྒྲ་གཅན་གྱི་ཤིན་ཏུ་རིང་པོ་ཉིད་ལ་མུན་པ་རྣམ་པ་གསུམ་ སྟེ་ཆུང་ངུ་དང་འབྲིང་དང་ཆེན་པོའི་བདག་ཉིད་དོ་ཞེས་པ་དང༌། འདི་ལ་མུན་པ་ཡོད་པའི་ 2-1-182 ཕྱིར་མུན་ཅན་ནོ་ཞེས་པ་ལ་སོགས་པ་དང༌། ཡོན་ཏན་གསུམ་ལས་ཀྱང་སྒྲ་གཅན་ནི་མུན་ པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འོ་ན་དེ་ཟླ་བ་འཛིན་བྱེད་ཡིན་ནམ་ཅི་ཞེ་ན་མ་ཡིན་ཏེ་ འཛིན་བྱེད་ནི་རྩ་བའི་སྒྲ་གཅན་ཡིན་པའི་ཕྱིར〛རོ( དེས་ན་དཀ ར་པོའི་ཆ་གཉིས་པ་ནས་བཅོ་ལྔ་པའི་བར་ ཐམས་ཅད་ཀྱང་རང་རང་གི་དུས་ནས་བགྲངས་པའི་ཚེས་བཅུ་གཅིག་པ་ནས་བཅོ་ལྔ་པའི་བར་ལ་བུ་མོ་ལ་སོགས་པའི་གནས་ སྐབས་ལྔ་ལྔར་འགྱུར་བར་ཤེས་པར་བྱའོ)། །དེ་ནས་གནམ་སྟོང་གི་མཐར་ཆ་དང་པོ་འཆར་བའི་མཚམས་ སུ་དང་ཆ་བཅུ་དྲུག་པའི་(འཆར་བ་རྩ་མི་ཟེར་)དང་〔ཉའི་མཐར〕པོའི་ཆ་ལ་སྒྲ་གཅན་(ཟླ་བ་ལ་)འཇུག་ པར་འགྱུར་རོ། །དེ་ལྟར་ན་ཟླ་བ་གཟས་ཟིན་པ་རྣམ་པ་གཉིས་ཏེ། ཉ་ལ་ཆ་རྫོགས་པའི་མཐར་ དང་གནམ་སྟོང་ལ་ཆ་དང་པོ་འཆར་བའི་ཐོག་མར་སྒྲ་གཅན་གྱིས་འཛིན་པའོ། །འདིར་ནག་ པོའི་ཕྱོགས་ལ་ས་ལ་སོགས་པ་སྡུད་པའི་རིམ་པའི་(ནག་པོའི་ཚེས་ཀྱིས་)མུན་པ་འཇུག་སྟེ་དེའི་ཕྱིར་ (དཀར་པོའི་ཚེས་གྲངས་)སྤྲོ་བའི་རིམ་པས་ཤར་བ་རྣམས་འཛད་(པ་སྟེ་མི་སྣང་བ་ཉིད་)དོ། །ནག་པོའི་ ཚེས་གཅིག་སའི་མུན་པ་ལ་དཀར་པོའི་ཚེས་གཅིག་ནམ་མཁའི་ཁམས་ཀྱི་ཆ་ཞུགས་ཏེ་མུན་ པས་སྒྲིབ་པར་འགྱུར་(ཏེ་ཟླ་བའི་དཀྱིལ་འཁོར་གྱི་ནུབ་མཐའ་ནས་རིམ་པ་ལྟར་མི་སྣང་བར་འགྱུར་)རོ། །གཉིས་ པ་རླུང་གི་ཆ་ཆུའི་མུན་པས་སྒྲིབ་པར་འགྱུར་རོ། །གསུམ་པ་མེའི་ཆ་མེའི་མུན་པས་སྒྲིབ་པར་ འགྱུར་རོ། །བཞི་པ་ཆུའི་ཆ་རླུང་གི་མུན་པས་སྒྲིབ་པར་འགྱུར་རོ། །ལྔ་པ་སའི་ཆ་ནམ་མཁའི་ ཁམས་ཀྱི་མུན་པས་སྒྲིབ་པར་འགྱུར་ཏེ། དེ་ལྟར་དང་པོའི་སྡེ་ཚན་(དཀར་པོའི་ཚེས་གཅིག་ནས་ལྔའི་ བར་)ལ་མུན་པ་འཇུག་པ་(དང་པོ་)ཆུང་ངུའི་ཚད་དུ་འགྱུར་རོ། །དེ་ནས་གཉིས་པའི་སྡེ་ཚན་(དཀར་ པོའི་ཚེས་དྲུག་པ་ནས་བཅུ་པའི་བར་)ལ་ཡང་མུན་པས་སྒྲིབ་པའི་བྱ་བ་(སྔར་)བརྗོད་པའི་རིམ་པས་(དཀར་ པོའི་ཆ་སྤྲོ་རིམ་གྱིས་ཤར་བ་རྣམས་ལ་མུན་པ་སྡུད་རིམ་གྱིས་སྒྲིབ་)ཏེ། སྡེ་ཚན་དང་པོ(ལ་སྒྲིབ་པ་)འི་མུན་པ་(དང་པོ་) ཆུང་ངུའི་ཚད་(དེ་)ནི་སྡེ་ཚན་གཉིས་པ་དེ་ལ་(སྒྲིབ་པའི་མུན་པ་)གཉིས་པ་(དང་ལྷན་ཅིག་)འབྲིང་བོའི་ ཚད་(དུ་གྱུར་པ་ཉིད་)དོ། །དེ་བཞིན་དུ་གསུམ་པའི་སྡེ་ཚན་ལ་ཡང་མུན་པས་སྒྲིབ་པའི་བྱ་བ་(སྔ་མ་ 2-1-183 བཞིན་)སྟེ་(མུན་པ་དང་པོ་)ཆུང་ངུའི་ཚད་གཉིས་པའི་སྡེ་ཚན་ལ་(སྒྲིབ་པའི་མུན་པ་དང་ལྷན་ཅིག་མུན་པ་) འབྲིང་པོའི་ཚད་(དུ་གྱུར་པ་ཉིད་)ནི་གསུམ་པ་ཆེན་པོའི་ཚད་དོ། །(མུན་པ་)དེ་ལ་ཆེན་པོའི་ཚད་ཀྱི་ དབྱེ་བ་རྣམ་པ་ལྔ་སྟེ་(སྡེ་ཚན་དང་པོ་ལ་སྒྲིབ་པའི་མུན་པ་ཆུང་ངུ་སྡེ་ཚན་གསུམ་པ་མུན་པས་སྒྲིབ་པའི་དུས་ན་མུན་པ་ཆེན་ པོར་གྱུར་པའི་)མུན་པ་ཆེན་པོའི་ཚད་ཀྱི་(ནག་པོའི་ཚེས་གཅིག་གི་མུན་པ་དེའི་)དབྱེ་བ་(ནི་ནག་པོའི་ཚེས་)བཅུ་ གཅིག་པ་ལ་བྱིས་པ་དང༌། བཅུ་གཉིས་པ་ལ་གཞོན་ནུ་དང༌། བཅུ་གསུམ་པ་ལ་ལང་ཚོ་དང༌། བཅུ་བཞི་པ་ལ་རྒན་པོ་དང༌། གནམ་སྟོང་ལ་ཡོངས་སུ་སྨིན་པར་འགྱུར་(ཞིང་ནག་པོའི་ཚེས་གཉིས་པ་ ནས་ལྔ་པའི་བར་རང་རང་ས་ནས་བགྲངས་པའི་ཚེས་བཅུ་གཅིག་པ་ནས་བཅོ་ལྔ་པའི་བར་ལ་བྱིས་པ་ལ་སོགས་པ་གནས་སྐབས་ ལྔ་ལྔར་འགྱུར་)རོ། །(འདིར་དཀར་ཕྱོགས་ལ་བུ་མོ་སོགས་དང་ནག་ཕྱོགས་ལ་བྱིས་པ་ལ་སོགས་སུ་འབྱུང་བ་ནི་བསམ་པའི་ དབྱེ་བའམ་ཕོ་མོའི་རྟགས་གོ་བཟློག་པར་གསལ་ཞེས་གསུང་ངོ༌། །འགྱུར་རྙིང་ལ་ལར་འདི་ལས་བཟློག་པར་ཡང་སྣང་ངོ་)[དེ་ ལྟར་ན་[དེ་བཞིན་དུ་(ཤོང་བཞིན་བདེ་)]གཉིས་པའི་སྡེ་ཚན་ལ་(སྒྲིབ་པའི་མུན་པ་)འབྲིང་པོའི་ཚད་ དང༌། གསུམ་པའི་སྡེ་ཚན་ལ་(སྒྲིབ་པའི་མུན་པ་ཆེན་པོའི་ཚད་ཀྱི་ནག་པོའི་ཚེས་རྣམས་ལ་ཡང་སྔར་)མུན་པ་ཆུང་ ངུའི་ཚད་ཀྱི་(བདག་ཉིད་དུ་གནས་པ་དེ་སྡེ་ཚན་གསུམ་པ་སྒྲིབ་པའི་དུས་ན་མུན་པ་ཆེན་པོར་གྱུར་པ་དེ་ལ་བྱིས་པ་ལ་སོགས་ པའི་དབྱེ་བ་བྱས་པ་ལྟར་སྦྱར་བར་བྱ་)འོ། །དེ་ནས་(ཟླ་བ་ཕྱི་མ་)དཀར་པོའི་ཚེས་གཅིག་འོངས་པ་ན་(སྔར་གྱི་ ནག་པོའི་ཚེས་གཅིག་)སའི་ཁམས་ཀྱི་མཚན་ཉིད་ཀྱི་མུན་པ་(གནམ་སྟོང་ལ་)སྨིན་པ་(དེ་)སེལ་བར་ འགྱུར་རོ། །(དཀར་པོའི་ཚེས་ཤར་བ་)གཉིས་པ་(ནག་པོའི་ཚེས་གཉིས་པ་)ལ་ཆུའི་མུན་པ་དང༌། (དེ་བཞིན་དུ་)གསུམ་པ་ལ་མེའི་མུན་པ་དང༌། བཞི་པ་ལ་རླུང་གི་མུན་པ་དང༌། ལྔ་པ་ལ་ནམ་མཁའི་ཁམས་ ཀྱི་མུན་པའོ་(སྨིན་པ་སེལ་ལོ་)དེ་ལྟར་(ན་ཟླ་བ་ཕྱི་མའི་)ཆ་དང་པོ་(ཚེས་གཅིག་དེ་དཀར་པོའི་སྡེ་ཚན་)ཆུང་ངུའི་ ཚད་(ཀྱི་)ས(འི་ཆ་ཚེས་ལྔ་པ་)རྫོགས་པ་(ན་)ནི་སྨིན་པར་འགྱུར་རོ། །(དེ་ཉིད་ཀྱི་ཚེ་དཀར་པོའི་ཆ་ཚེས་) གཉིས་པ་རྒན་མོ་དང༌། (ཚེས་)གསུམ་པ་ལང་ཚོ་མ་དང༌། 〔ཚེས་〕བཞི་པ་གཞོན་ནུ་མ་དང༌། 〔ཚེས་〕ལྔ་པ་བུ་མོ་སྟེ། 〔ཚེས་〕དྲུག་པ་ལ་སོགས་པ་(ནག་ཕྱོགས་ཀྱི་ཚེས་ལ་)ནུབ་པར་འགྱུར་བ་རྣམས་ 2-1-184 གནས་སོ། (ཞེས་པ་དཀར་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཐམས་ཅད་རང་རང་ཤར་བའི་ཉིན་ཞག་དེ་ནས་ཚེས་ལྔ་པའི་ བར་ལ་ཡང་བུ་མོ་ནས་སྨིན་པའི་བར་ཀྱི་གནས་སྐབས་ལྔ་ལྔར་འགྱུར་ཏེ། འོན་ཀྱང་སྨིན་པ་འདི་ནི་གནས་སྐབས་ཀྱི་སྨིན་པ་ཡིན་ གྱི་མཐར་ཐུག་ཆེན་པོའི་གནས་སྐབས་ཀྱི་སྨིན་པ་ནི་མ་ཡིན་ཏེ་དབྱངས་འཆར་བའི་སྐབས་སུ་ཚེས་གཅིག་ལ་ཤར་བའི་དབྱངས་དེ་ ཚེས་ལྔའི་བར་དུ་བྱིས་པ་ནས་ནུབ་པའི་བར་དུ་འགྱུར་བ་དང་ཕྱོགས་མཐུན་ཙམ་ཡིན་ནོ)། དེ་ལྟར་(དཀར་ཕྱོགས་ཀྱི་དང་པོ་) ཆུང་ངུའི་སྡེ་ཚན་(གྱི་ཚེས་ལྔ་པ་)ལ་ཆ་ཆུང་ངུ་(ཚེས་གཅིག་གི་ཆ་དེ་)སྨིན་ཡང་ཇི་སྲིད་(གནས་སྐབས་) གསུམ་པ་ཆེན་པོའི་ཚད་(ཀྱི་)སྨིན་པ(སྔར་བཤད་པ་ལྟ་བུ་)ར་མ་གྱུར་གྱི་བར་དུ་ནག་པོའི་ཕྱོགས་ཀྱི་ (ཚེས་གཅིག་གིས་)མུན་པ་ལ་འཇུག་པར་མི་འགྱུར་ཏེ། (དཀར་པོའི་ཕྱོགས་ཀྱི་ཚེས་གཉིས་པ་ལ་སོགས་པ་རྣམས་ ཀྱང་དེ་བཞིན་ནོ། །དཀར་པོའི་ཚེས་)བཅོ་ལྔའི་ཆ་འདི་རྣམས་སོ་སོར་(ཉིན་ཞག་གང་ལ་)ནུབ་པར་གྱུར་བ་ རྣམས་ནི་(ཉིན་ཞག་དེ་ནས་བགྲངས་པའི་)ཉི་མ་བཅུ་དྲུག་པ་ལ་འཆར་རོ། །ཤར་བ་རྣམས་ཉི་མ་བཅུ་ དྲུག་པ་ལ་ནུབ་པར་འགྱུར་རོ། །དེ་ལྟར་ཨ་སོགས་སུམ་ཅུའི་དབྱངས་ནི་ཟླ་བའི་ཆའི་མིང་(ཡིན་)སྟེ་དཀར་པོའི་ཆ་རྣམས་དང་(དེ་རྣམས་ལ་)མུན་པ་ཞུགས་པ་ལ་(ནག་པོར་)ཉེ་བར་བཏགས་པས་ ནག་པོའི་མིང་ཅན་རྣམས་སོ། །དཀར་པོ་དང་ནག་པོའི་ཚེས་གཅིག་ལ་སོགས་པ་འདི་རྣམས་ ཀྱི་དབྱངས་{ཀྱི}སྔགས་ཀྱི་ཚིག་རྣམས་(དེ་ཉིད་ཀྱི་ཚེ་དཀར་པོའི་ཆ་ཚེས་)ནི་ཨཾ་ཨིཾ་ར??་ཨུཾ་ལ??་ཨཾ་ཨེཾ་ ཨརཾ་ༀ་ཨལཾ་ཧཾ་ཡཾ་རཾ་ཝཾ་ལཾ། ལཱཿཝཱཿརཱཿཡཱཿཧཱཿཨཱལཿཨཽཨཱརཿཨཻཿཨཱཿལཱྀཿཨཱུཿརཱྀཿཨཱིཿཨཱཿ ཞེས་ པ་སྟེ་དཀར་པོའི་ཕྱོགས་ལ་ཟླ་བ་(སྟེ་དབྱངས་ཐུང་ངུ་སྤྲོ་བའི་རིམ་པ་)ཐིག་ལེས་བརྒྱན་པ་ཆ་བཅོ་ལྔའི་ བདག་ཉིད་དོ། །ནག་པོའི་ཕྱོགས་ལ་ཉི་མ་(སྟེ་དབྱངས་རིང་པོ་སྡུད་པའི་རིམ་པ་)རྣམ་པར་བཅད་པས་ བརྒྱན་པ་ཟླ་བའི་ཆ་བཅོ་ལྔ་སྒྲིབ་པར་བྱེད་པའོ། །(དབྱངས་)ཐུང་ངུ་ནི་ཟླ་བ(འི་ཡི་གེ་)དང་རིང་པོ་ ནི་ཉི་མ〚འི་ཡི་གེ〛འོ། །དེ་བཞིན་དུ་ཡོན་ཏན་ནི་ཟླ་བ་དང་འཕེལ་བ་ནི་ཉི་མ་སྟེ་ཧ་ལ་སོགས་པ་ ནི་སྔ་མ་བཞིན་(ཐུང་རིང་ཟླ་ཉིའི་ཡི་གེ་ཡིན་)ནོ(འདིར་ཟླ་བའི་ཆ་བཅོ་ལྔ་ལ་སྒྲིབ་པར་བྱེད་པའི་མུན་པ་འདི་མངོན་པ་ མཛོད་པའི་ལུགས་ཀྱི་ཉི་མའི་འོད་ཟླ་བ་ལ་རེག་པ་ལས་བྱུང་བའི་ཟླ་བ་རང་གི་གྲིབ་མ་ཡིན་པར་འདོད་པ་ནི་མི་རིགས་ཏེ་ཉི་མའི་ 2-1-185 འོད་ཀྱིས་སའི་དཀྱིལ་འཁོར་གྱི་ཕྱེད་ཁོ་ན་ཁྱབ་པ་ལྟར་རྒྱུ་སྐར་གྱི་འཁོར་ལོ་ཟླུམ་པོའི་ཕྱེད་ལས་ལྷག་པར་མི་ཁྱབ་ཅིང་ཚེས་བདུན་ གྱི་ཚེ་ན་ཉི་ཟླ་གཉིས་ལ་རྒྱུ་སྐར་བདུན་ཙམ་གྱི་བར་ཐག་ཡོད་པས་ཉི་མའི་འོད་ཀྱིས་ཀྱང་ཤར་དུ་རྒྱུ་སྐར་བདུན་ཙམ་དང་ནུབ་ཏུ་རྒྱུ་ སྐར་བདུན་ཙམ་གྱི་བར་དུ་ཁྱབ་པས་ཟླ་བ་ཤར་ན་ཡོད་པ་ལ་ཉི་མའི་འོད་ཀྱིས་རེག་པ་ཙམ་ཡིན་ནའང་ཚེས་བརྒྱད་ནས་བཅུ་ བཞིའི་བར་ལ་ཉི་མའི་འོད་ཀྱིས་ཟླ་བ་ལ་མི་སླེབ་པའི་ཕྱིར་རོ། །དེ་བཞིན་དུ་ཚེས་བཅུ་དྲུག་ན་མར་ངོའི་ཚེས་བདུན་གྱི་བར་གྱི་ཡང་ ཉི་མའི་འོད་ཀྱིས་ཟླ་བ་ལ་མི་སླེབ་པས་ཟླ་བ་སྒྲིབ་བྱེད་ཀྱི་གྲིབ་མ་དེ་ཉི་མའི་འོད་ཟླ་བ་ལ་རེག་པ་ལས་བྱུང་བའི་གྲིབ་མར་མི་ རིགས་སོ། །ཡང་མུན་པ་འདི་སྒྲ་གཅན་གྱི་མུན་པར་བཞེད་པ་ལ་ཡང་ཤེས་བྱེད་འགྲིག་པོ་མི་སྣང་ངོ༌། །དེས་ན་འདིའི་མེ་ལོང་ལ་ སྣ་འབུའི་རས་མ་ནག་པོ་བཅོ་ལྔས་ཕྱོགས་གཅིག་ནས་རིམ་པ་བཞིན་སྒྲིབ་པ་ལྟར་རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་སའི་རྡུལ་ལྟ་བུའི་ རྡུལ་ཕྲན་ནག་པོ་རྣམས་ཀྱིས་རིམ་པ་ལྟར་ཟླ་བའི་ཆ་རྣམས་སྒྲིབ་པ་ཞིག་ཡིན་པར་སེམས་སོ)། ། ༈ ཉིན་བྱེད་ཀྱང་ཀ་སོགས་སྡེ་རྣམས་དབྱངས་དང་བཅས་པ་ཉིན་ཞག་སྟོང་པ་དྲུག་དང་ མེ་ཡི་ཚད་ཀྱིས་སྤྱོད་པར་བྱེད་ཅེས་པ་ནི་འདིར་ཀ་ཡིག་སྡེ་པ་གང་གི་དང་པོ་ཡིན་པ་དེ་ནི་ཀ་ ཡིག་ལ་སོགས་པའི་སྡེ་སྟེ། སྡེ་ཞེས་པ་ནི་ཡི་གེ་ལྔའི་ཚོགས་སོ། །(སྤྱིར་སྡེ་ཚན་རྣམས་)ནམ་མཁའ་ ལ་སོགས་པ་དང་(སྡེ་བ་སོ་སོའི་ནང་ཚན་རྣམས་)ས་ལ་སོགས་པའི་དབྱེ་བས་(ཁམས་)ལྔར་ཀློག་སྟེ་ དབྱངས་ཀྱི་ཚོགས་ནི་ཐམས་ཅད་དུ་ནམ་མཁའ་ལ་སོགས་པའི་དབྱེ་བས་ཀློག་གོ། འདིར་(ཡི་ གེ་རྣམས་ཀྱང་)སོ་སོར་བསྡུ་བ་ཤེས་པར་བྱེད་པ་ནི་གསལ་བྱེད་ཀླག་པ་ཐམས་ཅད་ལ་(འཕགས་ པའི་ཡུལ་གྱི་སྒྲ་བ་རྣམས་ཀྱི་ལུགས་ལ་གསལ་བྱེད་ཀྱི་ཡི་གེ་སྡེ་བ་ལྔ་ལྔ་ཉི་ཤུ་རྩ་ལྔ་དང་མཐར་གནས་བཞི་དང་དྲོ་བ་བཞི་སྟེ་སུམ་ ཅུ་རྩ་གསུམ་དུ་འདོད་ཀྱང་)འདིར་གསལ་བྱེད་དག་པ་སུམ་ཅུ་(ཁོ་ན་)སྟེ་ཡ་ཡིག་ལ་སོགས་པ་ནི་(བཞི་ པོ་)གཞན་(རྩ་བའི་རྒྱུད་དང་འཇམ་དཔལ་གྱི་བྱ་ཀ་ར་ཎའི་ནང་)དུ་ཀ་ཡིག་ལ་སོགས་པ་གསལ་བྱེད་ཀླག་ པར་མ་བསྡུས་ཤིང་ཨ་ལ་སོགས་པ་དབྱངས་ཀྱི་སྡེ་ཚན་དུ་ཀླག་པ་རྣམས་(ཀྱིས་རྒྱུ་མཚན་)ནི་(ཨི་ཀོ་ ཡ་ཎ་ཙི་ཞེས་པའི་མདོ་ལས་)དབྱངས་ཀྱི་རྣམ་པར་འགྱུར་བ(ཡིན་པས་སོ་)འོ། །འདི་ལྟ་སྟེ། ཨ་ཨི་རྀ་ཨུ་ ལི་ཀ་ཨ་ཨེ་ཨར་ཨོ་ཨལ་ཙ་ཧ་ཡ་ར་ཝ་ལཊ་ཅེས་དང༌། དེའི་འོག་ཏུ་ང་ཉ་ཎ་མ་ནན། གྷ་ཛྷ་ 2-1-186 ཌྷ་བྷ་ངྷངྷ། ག་ཛ་ཌ་བ་དད། ཁ་ཚ་ཋ་ཕ་ཐཐ། ཀ་ཙ་ཊ་པ་ཏཏ། ྈྐ་་ཤ་ཥ་ྉྤ་སས་ཞེས་པ་སྟེ་དང་ པོ་དང་མཐའ་ཀླགས་པ་ལས་སོ(ཏེ་ཨི་ཀ་ཞེས་པས་ཨི་ནས་ཀའི་བར་གྱི་ཡི་གེ་བཞི་སྡུད་པ་ལྟ་བུའོ)། །ཡ་ཡིག་ ལ་སོགས་པ་(བཞི་པོ་)ནི་ཀ་ཡིག་ལ་སོགས་པས་སྡེ་པའི་ནང་དུ་མི་འགྱུར་ཏེ། (ཡ་ཎའི་ཨི་ཀའོ་ཞེས་ པས་ཡ་ཎར་ཨི་ཀར་)རབ་ཏུ་[བཟློག་[བརྗོད](ཤོང་གསུངས་པ་ལྟར་ཨི་ཀོ་ཡ་ཎ་ཙི་ཞེས་པའི་མདོའི་རབ་ཏུ་བརྗོད་) པས་དབྱངས་ཀྱི་ཆོས་ཅན་(ཏེ་རྣམ་པར་འགྱུར་བ་)ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གསལ་བྱེད་ཀྱི་ བདག་ཉིད་(དག་པ་)ནི་སུམ་ཅུ་(ཁོ་ན་)སྟེ་ཀ་ལ་སོགས་པ་སྡེ་བ་དྲུག་པོ་ཀ་ཙ་ཊ་པ་ཏ་ས་རྣམས་ནི་ ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་དང་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཏེ། མགྲིན་ པ་དང་རྐན་དང་སྤྱི་བོ་དང་མཆུ་དང་སོ་ལས་བརྗོད་པའི་དབང་གིས་སོ། །〔སྡེ་བ〕དྲུག་པ་སོ་སོ་ ནས་བརྗོད་པ་ལས་ཁམས་ལྔའི་བདག་ཉིད་དོ། །ཀ་ལ་སོགས་པའི་སྡེ་བ་དེ་རྣམས་དབྱངས་ དང་བཅས་པ་སྟེ་དབྱངས་ནི་ཨ་ལ་སོགས་པ་ཐུང་ངུ་ལྔ་དང་རིང་པོ་ལྔ་སྟེ་བསྲེས་པ་ནི་བཅུར་ འགྱུར་རོ། །ཐུང་ངུའི་མཐར་རྗེས་སུ་ང་རོ་ནི་དབྱངས་དྲུག་པའོ། །རིང་པོའི་མཐར་རྣམ་པར་ བཅད་པ་ནི་དབྱངས་དྲུག་པའོ། །དེ་རྣམས་ཀྱང་དབྱངས་དང་གསལ་བྱེད་མཚུངས་པར་ལྡན་ པས་བརྗོད་པར་བྱ་སྟེ་དབྱངས་དེ་རྣམས་དང་ལྡན་པ་ནི་དབྱངས་དང་བཅས་པའོ། ། ༈ ཉིན་ཞག་སྟོང་པ་དྲུག་དང་མེའི་ཚད་ཀྱིས་སྤྱོད་པར་བྱེད་ཅེས་པ་ནི་(ཁྱིམ་ཞག་གི་དབང་དུ་ བྱས་པའི་)ཉིན་ཞག་སུམ་བརྒྱ་དྲུག་ཅུས་ཏེ་སྟོང་པ་དྲུག་དང་མེའི་ཚད་དེ་རྣམས་ཀྱིས་ཟླ་བ་བཅུ་ གཉིས་དང་བགྲོད་པ་གཉིས་སུ་ཡང་འགྱུར་རོ། །ལྷོ་དང་བྱང་གི་བགྲོད་པ་སོ་སོ་ལ་〔ཁྱིམ་ཞག་ གི་དབང་དུ་བྱས་པའི་〕ཉིན་ཞག་བརྒྱ་བརྒྱད་ཅུར་འགྱུར་རོ། །(ཉི་མས་ཁྱིམ་རེ་ལ་)འཕོ་བའི་(བར་ལ་ ཞག་སུམ་ཅུར་བྱས་པའི་)ཟླ་བའི་དབྱེ་བས་ཀར་ཀ་ཊ་ལ་སོགས་པ་ལྷོར་བགྲོད་པ་ལ་ནམ་མཁའ་ལ་ སོགས་པ་སྤྲོ་བའི་རིམ་པས་དབྱངས་ཐུང་ངུ་དྲུག་དང་བཅས་པའི་སྡེ་བ་དྲུག་ཉི་མས་ཟླ་བ་དྲུག་ གིས་སྤྱོད་དོ། །དེ་ནས་བྱང་དུ་བགྲོད་པ་ལ་ས་ལ་སོགས་པའི་དབྱེ་བས་དབྱངས་རིང་པོ་དང་ 2-1-187 བཅས་པའི་སྡེ་བ་དྲུག་ཟླ་བ་དྲུག་གིས་སྤྱོད་དོ། །གང་དུ་དབྱངས་ཐུང་ངུ་དང་བཅས་པ་སྤྱོད་པ་ དེར་མཚན་མོ་འཕེལ་བར་འགྱུར་རོ། །གང་དུ་དབྱངས་རིང་པོ་དང་བཅས་པ་སྤྱོད་པ་དེར་ཉིན་ མོ་འཕེལ་བར་འགྱུར་རོ། །འདིར་ལྷོར་བགྲོད་པ་ནི་ཟླ་བ་དང༌། བྱང་དུ་བགྲོད་པ་ནི་ཉི་མ་སྟེ་ གསལ་བྱེད་གཅིག་ནི་ཟླ་བ་དང་གསལ་བྱེད་གཉིས་བརྩེགས་པ་ནི་ཉི་མ་དང༌། གསལ་བྱེད་ གསུམ་བརྩེགས་པ་ནི་སྒྲ་གཅན་ནོ། །དེ་བཞིན་དུ་དབྱངས་ཐུང་ངུ་ནི་ཟླ་བ་དང་རིང་བོ་ནི་ཉི་མ་ སྟེ་ཤིན་ཏུ་རིང་པོ་ནི་སྒྲ་གཅན་ནོ་ཞེས་པ་ཐམས་ཅད་དུ་ཡིན་ནོ། །དེ་ལྟར་སྒྲ་གཅན་གྱི་ཤིན་ཏུ་ རིང་པོ་(ཡི་གེ་གསུམ་གྱི་ཡུན་དུ་བརྗོད་པ་)ཉིད་ལ་མུན་པ་རྣམ་པ་གསུམ་སྟེ་ཆུང་ངུ་དང་འབྲིང་དང་ཆེན་ པོའི་བདག་ཉིད་དོ། ། ༈ འདིར་ཀར་ཀ་ཊའི་(ཁྱིམ་དུ་ཉི་མ་)འཕོ་བའི་ཉིན་ཞག་ལ་སྤྲོ་བའི་དབྱེ་བས་ཀ་སྡེའི་ང་ ཡིག་(ལུས་)ཨ་ཡིག་(སྲོག་)དང་བཅས་པ་(ཞེས་པ་ང་སྲོག་གི་ཕ་རོལ་ན་ཨ་ཡོད་པ་ནི་དབྱངས་མེད་པ་ལ་དབྱངས་ ཡང་དག་པར་སྦྱར་རོ་ཞེས་པ་ང་སྲོག་ཅན་དུ་འགྱུར་ཏེ་ཕྱི་མ་རྣམས་ཀྱང་དེས་{འདྲ་{འགྲེ་}བ་)ཉི་མས་སྤྱོད་དོ། །གཉིས་ པ་ལ་ངི་གསུམ་པ་ལ་ངྼྀ་བཞི་པ་ལ་ངུ་ལྔ་པ་ངྼླྀ་དྲུག་པ་ལ་ངྃ་དེ་བཞིན་དུ་ཉིན་ ཞག་བདུན་པ་དང་པོར་བྱས་ནས་ཉིན་ཞག་བཅུ་གཉིས་པའི་མཐར་(ཐུག་པ་)གྷ་ཡིག(དབྱངས་ དྲུག་པ་དང་བཅས་པ་)སྤྱོད་དེ་ཇི་ལྟར་ང་ཡིག་རྣམ་པར་སྤྱོད་པ་བཞིན་ནོ། །དེ་བཞིན་དུ་ཉིན་ཞག་ བཅོ་བརྒྱད་ཀྱི་མཐར་ཐུག་པ་ག་ཡིག་དབྱངས་〔དྲུག〕དང་བཅས་པ་སྤྱོད་དོ། །ཉིན་ཞག་ཉི་ཤུ་ རྩ་བཞི་པའི་བར་དུ་ཁ་ཡིག་〔དབྱངས་དྲུག་པ་དང་བཅས་པ་〕སྤྱོད་དོ། །དེ་བཞིན་དུ་ཉིན་ཞག་ སུམ་ཅུ་པའི་བར་དུ་ཀ་ཡིག་དབྱངས་དང་བཅས་པ་སྤྱོད་དེ་(ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུར་བྱས་ པ་དེ་རགས་པ་ཡིན་ཞིང་ཞིབ་པར་ན་ཉིན་མཚན་ཁ་སྦྱོར་གྱི་ཞག་སུམ་བརྒྱ་དང་དྲུག་ཅུ་རྩ་ལྔ་ཡོད་པས་ཉི་མས་ཁྱིམ་རེ་འཕོ་བ་ལ་ སྤྱིར་ཉིན་ཞག་སུམ་ཅུ་སུམ་ཅུ་དང་ཁྱིམ་འགའ་ཞིག་འཕོ་བ་ལ་ཉིན་ཞག་རེ་ལྷག་པར་འགྱུར་བས་ལྷག་པའི་ཆ་དེ་ཉི་མའི་ལོངས་ སྤྱོད་ཆད་པའི་ཡེ་ཤེས་ཀྱི་ཆའི་ཉིན་ཞག་ཡིན་པས་སྟོང་པའི་ཉིན་ཞག་ཅེས་བྱ་སྟེ་དེ་ལྟ་བུའི་)སྟོང་པའི་ཉིན་ཞག་(ལྷག་པ་) 2-1-188 འགའ་ཞིག་ལ་(ཡི་གེ་མེད་པས་ན་)གཞོམ་དུ་མེད་པ(ཡེ་ཤེས་ཀྱི་ཆ་ཞེས་བྱ་)འོ། །དེ་བཞིན་དུ་སེང་གེའི་ (ཁྱིམ་དུ་ཉི་མ་)འཕོ་བའི་ཟླ་བའི་ཉིན་ཞག་སུམ་ཅུ་པོ་རྣམས་ཀྱིས་ཉ་ཡིག་ལ་སོགས་པ་(ཙའི་མཐར་ ཐུག་པ་ལྔ་)དབྱངས་(དྲུག་)དང་བཅས་པ་རྣམས་སྤྱོད་དོ། །བུ་མོའི་འཕོ་བའི་ཉིན་ཞག་རྣམས་ ཀྱིས་ཎ་ཡིག་ལ་སོགས་པ་(ལྔ་)དབྱངས་(དྲུག་)དང་བཅས་པ་རྣམས་སྤྱོད་དོ། །སྲང་གི་འཕོ་ བའི་ཉིན་ཞག་རྣམས་ཀྱིས་མ་ཡིག་ལ་སོགས་པ་(ལྔ་)དབྱངས་(དྲུག་)དང་བཅས་པ་རྣམས་སྤྱོད་ དོ། །སྡིག་པའི་འཕོ་བའི་ཉིན་ཞག་རྣམས་ཀྱིས་ན་ཡིག་ལ་སོགས་པ་དབྱངས་དང་བཅས་པ་ རྣམས་སྤྱོད་དོ། །གཞུའི་འཕོ་བའི་ཉིན་ཞག་རྣམས་ཀྱིས་ྈྐ་ལ་སོགས་པ་དབྱངས་དང་བཅས་ པའི་གསལ་བྱེད་རྣམས་སྤྱོད་དོ། །དེ་ལྟར་ན་ལྷོར་བགྲོད་པ་ལ་ཟླ་བ་དྲུག་གི་ཉིན་ཞག་རྣམས་ ཀྱིས་སྡེ་པ་དྲུག་དབྱངས་(དྲུག་)དང་བཅས་པ་གྲངས་བརྒྱ་བརྒྱད་ཅུ་རྣམས་ཟླ་བའི་རང་བཞིན་ མཚན་མོ་འཕེལ་བའི་དབྱེ་བས་སྤྱོད་དོ། །དེ་ནས་བྱང་དུ་བགྲོད་པའི་དབྱེ་བ་ནི་ས་ཡིག་ལ་ སོགས་པ་ལུག་ལས་བཟློག་པས་བརྗོད་དེ། ཆུ་སྲིན་ལ་སོགས་པ་འཕོ་བའི་ཟླ་བའི་ཉིན་ཞག་ གི་དབྱེ་བས་སྡེ་པ་དྲུག་དབྱངས་དང་བཅས་པ་ནི་སྡུད་པའི་རིམ་པས་དབྱངས་རིང་པོ་(དྲུག་) དང་བཅས་པའི་ཡི་གེ་(བརྒྱ་བརྒྱད་ཅུ་)རྣམས་ཉི་མས་སྤྱོད་དོ། །འདིར་ཆུ་སྲིན་གྱི་འཕོ་བའི་ཉིན་ ཞག་ལ་སྶཱཿདབྱངས་དང་བཅས་པ་སྤྱོད་དོ། །གཉིས་པ་ལ་སླཱྀ་གསུམ་པ་ལ་སྶཱུ་བཞི་ པ་ལ་སྼཱྀ་ལྔ་པ་ལ་སྶཱི་དྲུག་པ་ལ་སྶཱ་དེ་བཞིན་དུ་ཉིན་ཞག་དྲུག་པ་གཞན་རྣམས་ཀྱིས་ ྉྤཱཿྉྤླཱྀ་ྉྤཱུ་ྉྤྼཱྀ་ྉྤཱི་ྉྤཱ་དེ་བཞིན་དུ་ཥ་དང་དེ་བཞིན་དུ་ཤའོ། །དེ་བཞིན་དུ་ྈྐཱཿྈྐླཱྀ་ྈྐཱུ་ ྈྐྼཱྀ་ྈྐཱི་ྈྐཱ་ཞེས་པ་ས་སྡེ་དབྱངས་དང་བཅས་པ་རྣམས་ཆུ་སྲིན་གྱི་འཕོ་བའི་ཉིན་ཞག་ སུམ་ཅུས་སྤྱོད་དོ། །དེ་བཞིན་དུ་བུམ་པ་དང་ཉ་དང་ལུག་དང་གླང་དང་འཁྲིག་པའི་འཕོ་བའི་ ཉིན་ཞག་རྣམས་ཀྱིས་ཏ་སྡེ་དང་པ་སྡེ་དང་ཊ་སྡེ་དང་ཙ་སྡེ་དང་ཀ་སྡེ་རྣམས་དབྱངས་དང་ བཅས་པ་ཉིན་ཞག་བརྒྱ་བརྒྱད་ཅུས་སྤྱོད་དོ། །(ཆུ་སྲིན་གྱི་འཕོ་བ་ནས་)ཀར་ཀ་ཊའི་འཕོ་བ(ལ་འཇུག་ 2-1-189 པ་)འི་བར་དུ་ཉིན་མོ་འཕེལ་བ་ཡིན་ལ་ཉིན་མོ་འཕེལ་བ་ནི་ཉི་མ་(དེའི་ཕྱིར་རིང་པོ་)སྟེ། སྡུད་པའི་ (ཤེས་རབ་)ངོ་བོས་རིག་པར་བྱའོ(ལྷོར་བགྲོད་པ་ལ་མཚན་མོ་འཕེལ་བ་ནི་ཟླ་བ་ཐབས་ཏེ་དེའི་ཕྱིར་ཐུང་ངུ་སྤྲོ་བའི་ རིམ་པས་སོ)། ། ༈ འདིར་མཚན་མོ་དང་ཉིན་མོ་འཕེལ་བའི་རང་བཞིན་གྱི་ཡི་གེ་རྣམས་ནི་འདི་ལྟ་སྟེ། (ལྷོར་ བགྲོད་ལ་)མཚན་མོ་འཕེལ་བ་ལ་ང་ངི་ངྼྀ་ངུ་ངླྀ་ངྂ༌། གྷ་གྷི་གྷྼྀ་གྷུ་གྷླྀ་གྷཾ། ག་གི་གྼྀ་གུ་གླྀ་གཾ། ཁ་ཁི་ཁྼྀ་ ཁུ་ཁླྀ་ཁཾ། ཀ་ཀི་ཀྼྀ་ཀུ་ཀླྀ་ཀཾ། ཞེས་པ་ནི་ཀར་ཀ་ཊའི་(ཁྱིམ་ལ་ཉི་མ་སྤྱོད་པའི་བར་ལ་མཚན་མོ་)འཕེལ་ བའོ། །ཉ་ཉི་ཉྼྀ་ཉུ་ཉླྀ་ཉཾ། ཛྷ་ཛྷི་ཛྷྼྀ་ཛྷུ་ཛྷླྀ་ཛྷ། ཛ་ཛི་ཛྼྀ་ཛུ་ཛླྀ་ཛཾ། ཚ་ཚི་ཚྼྀ་ཚུ་ཚླྀ་ཚཾ། ཙ་ཙི་ཙྼྀ་ཙུ་ཙླྀ་ ཙཾ། ཞེས་པ་ནི་སེང་གེའི་〔ཁྱིམ་ལ་ཉི་མ་སྤྱོད་པའི་བར་ལ་མཚན་མོ〕འཕེལ་བའོ། །ཎ་ཎི་ཎྼྀ་ཎུ་ཎླྀ་ ཎཾ། ཌྷ་ཌྷི་ཌྷྼྀ་ཌྷུ་ཌྷླྀ་ཌྷཾ། ཌ་ཌི་ཌྼྀ་ཌུ་ཌླྀ་ཌཾ། ཋ་ཋི་ཋྼྀ་ཋུ་ཋླྀ་ཋཾ། ཊ་ཊི་ཊྼྀ་ཊུཊླྀ་ཊཾ། ཞེས་པ་ནི་བུ་ མོའི་〔ཁྱིམ་ལ་ཉི་མ་སྤྱོད་པའི་བར་ལ་མཚན་མོ〕འཕེལ་འོ། །མ་མི་མྼྀ་མུ་མླྀ་མཾ། བྷ་བྷི་བྷྼྀ་ བྷུ་བྷླྀ་བྷཾ། བ་བི་བྼྀ་བུ་བླྀ་བཾ། ཕ་ཕི་ཕྼྀ་ཕུ་ཕླྀ་ཕཾ། པ་པི་པྼྀ་པུ་པླྀ་པཾ། ཞེས་པ་ནི་སྲང་གི་〔ཁྱིམ་ལ་ ཉི་མ་སྤྱོད་པའི་བར་ལ་མཚན་མོ〕འཕེལ་བའོ། །ན་ནི་ནྀ་ྼནུ་ནླ་ྀནཾ། །ངྷ་ངྷི་དྷྼྀ་ངྷུ་དྷླྀ་དྷཾ། ད་ དི་དྼྀ་དུ་དླྀ་དཾ། ཐ་ཐི་ཐྼྀ་ཐུ་ཐླྀ་ཐཾ། ཏ་ཏི་ཏྼྀ་ཏུ་ཏླྀ་ཏཾ། ཞེས་པ་ནི་སྡིག་པའི་〔ཁྱིམ་ལ་ཉི་མ་སྤྱོད་པའི་ བར་ལ་མཚན་མོ〕འཕེལ་བའོ། །ྈྐ་ྈྐི་ྈྐྼྀ་ྈྐུ་ྈྐླྀ་ྈྐྂ། ཤ་ཤི་ཤྼྀ་ཤུ་ཤླྀ་ཤཾ། ཥ་ཥི་ཥྼྀ་ ཥུ་ཥླྀ་ཥཾ། ྉྤ་ྉྤི་ྉྤྼྀ་ྉྤུ་ྉྤླྀ་ྉྤྂ། ས་སི་སྼྀ་སུ་སླྀ་སཾ། ཞེས་པ་ནི་གཞུའི་འཕོ་བ་ལ་(མཚན་མོ་འཕེལ་བ་)སྟེ། (དེ་ལྟར་)ཟླ་བ་དྲུག་གི་ཉིན་ཞག་རྣམས་ཀྱིས་མཚན་མོ་འཕེལ་ཞིང་(སྔར་)ཉིན་མོ་(འཕེལ་པ་དེ་ རིམ་གྱིས་)འགྲིབ་པོ། །དེ་ནས་ཆུ་སྲིན་ལ་སོགས་པ་ཉིན་མོ་འཕེལ་བ་ནི། སྶཱཿསྶླཱྀ་སྶཱུ་སྶྼཱ་སྶཱི་སྶཱ། ྉྤྉྤཿྉྤྉྤླཱི་ྉྤྉྤཱུ་ྉྤྉྤྼཱྀ་ྉྤྉྤཱི་ྉྤྉྤཱ། ཥྵཱ་ཥྵླཱམ་ཥྵཱུ་ཥྵྼཱྀ་ཥྵཱི་ཥྵཱ། ཤྴཱཿཤྴླཱྀ་ཤྴཱུ་ཤྴྼཱྀ་ཤྴཱྀ་ཤྴཱི་ཤྴཱ། ྈྐྈྐཱཿྈྐྈྐླཱྀ་ྈྐྈྐཱུ་ྉྤྉྤྼཱྀ་ྉྤྉྤཱི་ྉྤྉྤཱ། ཞེས་ 2-1-190 པ་ནི་ཆུ་སྲིན་གྱི་( ཁྱིམ་ལ་ཉི་མ་ལོངས་སྤྱོད་པའི་བར་ལ་ཉིན་མོ་) འཕེལ་ བའོ། །ཏྟཱཿཏྟླཱྀ་ཏྟཱུ་ཏྟྼཱི་ཏྟཱི་ཏྟཱ། ཐྠཱཿཐྠླཱྀ་ཐྠཱུ་ཐྠྼཱི་ཐྠཱི་ཐྠཱ། དྡཱཿདྡླཱྀ་དྡཱུ་དྡྼཱི་དྡཱི་དྡཱ། དྷྡྷཱཿདྷྡྷླཱྀ་དྷྡྷཱུ་དྷྡྷྼཱི་ དྷྡྷཱི་དྷྡྷཱ། ནྣཱཿནྣླཱྀ་ནྣཱུ་ནྣྼཱི་ནྣཱི་ནྣཱ། ཞེས་པ་ནི་བུམ་པའི་འཕེལ་བའོ། །པྤཱཿཔྤླཱྀ་པྤཱུ་པྤྼཱི་པྤཱི་ པྤཱ། ཕྥཱཿཕྥླཱྀ་ཕྥཱུ་ཕྥྼཱི་ཕྥཱི་ཕྥཱ། བྦཱཿབྦླཱྀ་བྦཱུ་བྦྼཱི་བྦཱི་བྦཱ། བྷྦྷཱཿབྷྦྷླཱྀ་བྷྦྷཱུ་བྷྦྷྼཱི་བྷྦྷཱི་བྷྦྷཱ། མྨཱཿམྨླཱྀ་མྨཱུ་མྨྼཱི་མྨཱི་མྨཱ། ཞེས་པ་ནི་ཉའི་འཕེལ་བའོ། །ཊྚཱཿཊྚླཱྀ་ཊྚཱུ་ཊྚྼཱི་ཊྚཱི་ཊྚཱ། ཋྛཱཿཋྛླཱྀ་ཋྛཱུ་ཋྛྼཱི་ཋྛཱི་ཋྛཱ། ཌྜཱཿཌྜླཱྀ་ཌྜཱུ་ ཌྜྼཱི་ཌྜཱི་ཌྜཱ། ཌྷྜྷཱཿཌྷྜྷླཱྀ་ཌྷྜྷཱུ་ཌྷྜྷྼཱི་ཌྷྜྷཱི་ཌྷྜྷཱ། ཎྞཱཿཎྞླཱྀ་ཎྞཱུ་ཎྞྼཱི་ཎྞཱི་ཎྞཱ། ཞེས་པ་ནི་ལུག་གི་འཕེལ་ བའོ། །ཙྩཱཿཙྩླཱྀ་ཙྩཱུ་ཙྩྼཱི་ཙྩཱི་ཙྩཱ། ཚྪཱཿཚྪླཱྀ་ཚྪཱུ་ཚྪྼཱི་ཚྪཱི་ཚྪཱ། ཛྫཱཿཛྫླཱྀ་ཛྫཱུ་ཛྫྼཱི་ཛྫཱི་ཛྫཱ། ཛྷྫྷཱཿཛྷྫྷླཱྀ་ཛྷྫྷཱུ་ཛྷྫྷྼཱི་ ཛྷྫྷཱི་ཛྷྫྷཱ། ཉྙཱཿཉྙླཱྀ་ཉྙཱུ་ཉྙྼཱི་ཉྙཱི་ཉྙཱ། ཞེས་པ་ནི་གླང་གི་འཕེལ་བའོ། །ཀྐཱཿཀྐླཱྀ་ཀྐཱུ་ཀྐྼཱི་ཀྐཱི་ ཀྐཱ། ཁྑཱཿཁྑླཱྀ་ཁྑཱུ་ཁྑྼཱི་ཁྑཱི་ཁྑཱ། གྒཱཿགྒླཱྀ་གྒཱུ་གྒྼཱི་གྒཱི་གྒཱ། ངྔཱཿངྔླཱྀ་ངྔཱུ་ངྔྼཱི་ངྔཱི་ ངྔཱ་ཞེས་པ་ནི་འཁྲིག་པ་ལ་ཉིན་མོ་འཕེལ་བ་སྟེ་〔དེ་ནས་ཡང་〕། ཟླ་བ་དྲུག་ཇི་ སྲིད་པའི་མཐར་ནི་(ཉིན་མོ་)འགྲིབ་པའོ། ། ༈ དེ་ལྟར་ན་ལྷོར་བགྲོད་པ་ལ་དབྱངས་ཐུང་ངུ་དང་ལྡན་པའི་གསལ་བྱེད་དེ་(དབྱངས་གསལ་ བྱེད་)གཉི་ག་ཟླ་བའི་ཆའི་མཚན་ཉིད་དོ། །བྱང་དུ་བགྲོད་པ་ལ་གསལ་བྱེད་གཉིས་བརྩེགས་ པ་དབྱངས་རིང་པོ་དང་ལྡན་པ་སྟེ་(གསལ་བྱེད་དང་དབྱངས་)གཉི་ག་ཉི་མའི་མཚན་ཉིད་ཡིན་ནོ། ། གསལ་བྱེད་གཅིག་དབྱངས་རིང་པོ་དང་ལྡན་པ་ནི་ཟླ་བ་དང་ཉི་མའི་བདག་ཉིད་དུ་འགྱུར་ ལ་དེ་བཞིན་དུ་གསལ་བྱེད་གཉིས་བརྩེགས་པ་དབྱངས་ཐུང་ངུ་དང་ལྡན་པ་ནི་ཉི་མ་དང་ཟླ་ བའི་བདག་ཉིད་དུ་འགྱུར་ཏེ། དེ་ལྟར་ན་དབྱངས་〔ཐུང་རིང་ཟླ་ཉི་〕དང་གསལ་བྱེད་(གཅིག་པ་ 2-1-191 དང་གཉིས་བརྩེགས་པ་ཟླ་བ་དང་ཉི་མ་ཉིད་)ཀྱི་དབྱེ་བས་ཟླ་བ་རྣམ་པ་གཉིས་དང་ཉི་མ་རྣམ་པ་གཉིས་ སོ། །དེ་བཞིན་དུ་(ལོ་གཉིས་པ་ལ་)ཡོན་ཏན་དང་འཕེལ་བ་དང་ལྡན་པའི་གསལ་བྱེད་རྣམས་(དང་ པོ་གསུམ་པ་ལ་ཡ་ཎར་བསྒྱུར་བ་ཐུང་རིང་དང་ལྡན་པའི་གསལ་བྱེད་རྣམས་)རིག་པར་བྱའོ། །ཞེས་པ་སྟེ་བགྲོད་ པའི་དབྱེ་བས་ཉི་མ་རྒྱུ་བ་དབྱངས་ཀྱི་དབྱེ་བའོ། །དབྱངས་ཀྱི་དབྱེ་བ་གཞན་ནམ་མཁའ་ལ་ སོགས་པ་དཀྱིལ་འཁོར་ལྔ་འབབ་པས་སུམ་བརྒྱ་དྲུག་ཅུས་དབྱེ་བས་ཐ་དད་པ་ནི་(དབང་བསྒྲུབ་ ཏུ་)འཆད་པར་འགྱུར་བས་བཤད་པར་བྱའོ། ། ༈ (ཟླ་བའི་ཆ་ཤས་ཀྱི་འཕེལ་འགྲིབ་དང་ཉི་མའི་ཉིན་མཚན་གྱི་འཕེལ་འགྲིབ་)འདིའི་(ཆོས་ཉིད་འོད་གསལ་པྲ་ཕབ་ པ་ལྟ་བུའི་ངེས་པའི་དོན་རྡོ་རྗེ་ཉི་ཟླ་)མདོར་བསྡུས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བར། སངས་རྒྱས་ ཀུན་གྱི་ཐུགས་ཆེན་པོ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེན་ པོ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། ། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་བཅོམ་ལྡན་ འདས་ཀྱིས་གསུངས་སོ། །འདིར་(ཟླ་བའི་)དཀར་པོའི་ཕྱོགས་ལ་(ཚེས་གཅིག་ནས་)ལྔ་པ(འི་བར་) དང་(དྲུག་པ་ནས་)བཅུ་པ〔འི་བར〕་དང་(བཅུ་གཅིག་པ་ནས་)ཉ〔འི་བར〕་ནི་ཆགས་པ(འི་མཐའ་)འོ། །(ཟླ་ བའི་)ནག་པོའི་ཕྱོགས་ལ་(དྲུག་)ལྔ་པ་དང་(དྲུག་པ་ནས་)བཅུ་པ་དང༌། (བཅུ་གཅིག་པ་ནས་)གནམ་ སྟོང་(གི་བར་)ནི་ཆགས་བྲལ་(གྱི་མཐའ་)ལོ། །(མཐའ་)འདི་གཉིས་ཀྱི་དབུས་(དཀར་པོའི་)རྫོགས་པ་ གསུམ་གྱི་མཇུག་དགའ་(སྟེ་ཆགས་པ་)བྲལ་[བྲལ་བ(རྩ་མི་དང་ར་ཟེར་)](བ་སྟེ་ནག་ཕྱོགས་)གྱི་(ཐོག་མའི་) མཐར་སྟོང་པ་ཆེན་པོ་འགྱུར་མེད་ལྔ་གཅིག་ཏུ་འདྲེས་པར་གྱུར་པའི་རྣལ་འབྱོར་(ཏེ་དཀར་ཕྱོགས་ དང་ནག་ཕྱོགས་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བ་དབུ་མ་ཆེན་པོའི་དོན་མི་འགྱུར་བའི་བདེ་བ་ཆེན་པོ་)ནི་དེ་བཞིན་ གཤེགས་པ་རྣམས་ཀྱི་[སྙིང་པོ་[ཐུགས་(ཤོང་ལ་ཡོད་)(རྩ་མི་ཡང་སྙིང་པོ་ཟེར་)]སྟེ། དེའི་ཕྱིར་སངས་ རྒྱས་ཀུན་གྱི་ཐུགས་ཆེན་པོ་ནི་ཟླ་བ་(དཀར་ཕྱོགས་ཀྱི་)ཆ་བཅུ་དྲུག་པའི་མཐར་(ཏེ་ཡོད་པའི་མཐའ་དང་ 2-1-192 བྲལ་བ་)སྟོང་པ་ཆེན་པོ(འགྱུར་མེད་ལྔ་)འོ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས་ནི་གནམ་སྟོང་གི་ མཐའ་〔དཀར་ཕྱོགས་ཀྱི་〕ཆ་དང་པོ་འཆར་བའི་མཚམས་ཉི་མ་མུན་པ་བཅུ་དྲུག་པའི་མཐར་(ཏེ་ མེད་པའི་མཐའ་དང་བྲལ་བ་)ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གོ(དེ་ལྟར་མཐའ་གཉིས་དང་བྲལ་བའི་དབུ་མ་དོན་ དམ་པའི་ལྷན་སྐྱེས་དགའ་བ་རང་བཞིན་གྱིས་འོད་གསལ་བ་ནི་ཆགས་བྲལ་དང་པོ་ཆགས་པ་ཆེ་ཞེས་པའི་དོན་ཏེ་ཕྱི་ནང་གི་ཟླ་ བ་དཀར་ཕྱོགས་ཀྱི་མཐའ་ནག་ཕྱོགས་ཀྱི་དང་པོའི་ཆ་བཅུ་དྲུག་པ་ནི་ཆགས་བྲལ་དང་པོ་ཆགས་པ་ཆེའི་དོན་{མ}ཡིན་ནོ)། དེ་ བཞིན་དུ་སངས་རྒྱས་ཀུན་གྱི་སྐུ་ཆེ་བ་ནི་སྟོང་པ་ཆེན་པོའོ། །སངས་རྒྱས་ཀུན་གྱི་གསུང་ཡང་ ཡིན་ནི་ཐིག་ལེ་སྟོང་པའོ། །རྡོ་རྗེ་ཉི་མ་སྣང་བ་ཆེ་ནི་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གོ། རྡོ་རྗེ་ ཟླ་བ་དྲི་མེད་འོད་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔའོ། །ཤེས་རབ་དང་ཐབས་ཀྱི་ཆོས་ནི་འཆད་ པར་འགྱུར་བ་(ནང་གི་ལེའུ་སོགས་)ལས་རྒྱ་ཆེར་བརྗོད་པར་བྱ་སྟེ་གསང་སྔགས་སྐྱེ་གནས་ཡི་གེ་ མེད(པ་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་དང)། གསང་སྔགས་ཆེན་པོ་རིགས་གསུམ་པ་(སྟོང་པ་ཆེན་པོ་འགྱུར་ མེད་ལྔའི་རྣམ་གྲངས་གཞན་)ཡང་རྒྱ་ཆེར་(འཆད་པར་འགྱུར་)རོ། ། ༈ ད་ནི་ཉིན་ཞག་སོ་སོའི་མཚན་མོ་དང་ཉིན་མོའི་ཆུ་ཚོད་གསུངས་པ་ཧ་སོགས་དབྱངས་ རྣམས་དག་ཀྱང་ཆུ་ཚོད་ཅེས་པ་སྟེ་ཧ་ལ་སོགས་པ་དེ་རྣམས་དབྱངས་ཀྱང་ཡིན་པས་ན་ཧ་ སོགས་དབྱངས་རྣམས་སོ། །ཀྱང་ཡིག་གིས་(དབྱངས་ལས་)གཞན་(སུམ་ཅུ་རྩ་དྲུག་གི་)གསལ་བྱེད་ (དུ་གཏོགས་པ་ཉིད་)དོ། །(ཧ་སོགས་ལྔ་པོ་)དེ་རྣམས་དབྱངས་(ཐུང་རིང་)བཅུ་གཉིས་དང་བཅས་པ་ནི་ དབྱངས་དྲུག་ཅུར་འགྱུར་རོ། །དེ་ལ་མཚན་མོ་འཕེལ་བ་ལ་(ཨ་སོགས་)དབྱངས་ཐུང་ངུ་དང་ ལྡན་པའི་(ཧ་སོགས་ཡ་ཎར་བསྒྱུར་བའི་)དབྱངས་སུམ་ཅུའི་བདག་ཉིད་ཉི་མ་ཕྱེད་ནས་མཚན་ཕྱེད་ ཀྱི་བར་དུ་(ཆུ་ཚོད་སུམ་ཅུའི་ཡི་གེར་)འགྱུར་(ལ་མཚན་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་གྱི་ཆུ་ཚོད་སུམ་ཅུའི་ཡི་གེ་ཡང་དེ་ རྣམས་ཉིད་དུ་འགྱུར་)རོ། །ཉིན་མོ་འཕེལ་བ་ལ་〔ཨ་སོགས་〕དབྱངས་རིང་པོ་དང་ལྡན་པ་(ཧ་སོགས་ ཡ་ཎར་བསྒྱུར་)སུམ་ཅུ་མཚན་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་དུ་(ཆུ་ཚོད་སུམ་ཅུའི་ཡི་གེར་)འགྱུར་(ལ་ 2-1-193 ཉི་མ་ཕྱེད་ནས་མཚན་ཕྱེད་ཀྱི་བར་གྱི་ཆུ་ཚོད་སུམ་ཅུའི་ཡི་གེར་ཡང་དེ་ཉིད་འགྱུར་)རོ། །དེ་ལྟར་ན་ཉིན་ཞག་སོ་སོ་ ལ་མཚན་མོ་དང་ཉིན་མོ་འཕེལ་བ་རིག་པར་བྱའོ། །འདིར་སྔགས་ཀྱི་ཚིག་རྣམས་ནི་མཚན་ མོ་འཕེལ་བ་ལ་སྤྲོ་བའི་རིམ་པ་དང་ཉིན་མོ་འཕེལ་བ་ལ་སྡུད་པའི་རིམ་པས་འདི་ལྟ་སྟེ། ཧ་ ཧི་ཧྼྀ་ཧླྀ་ཧྂ། ཡ་ཡི་ཡྼྀ་ཡུ་ཡླྀ་ཡཾ། ར་རི་ར༹ྼྀ་རུ་རླྀ་རཾ། ཝ་ ཝི་ཝྼྀ་ཝུ་ཝླྀ་ཝཾ། ལ་ལི་ལྼྀ་ལླྀ་ལུ་ལཾ། ཞེས་པ་(རིམ་པ་གཉིས་ནི་)མཚན་ མོ་(འཕེལ་བ་ལ་ཆུ་ཚོད་དྲུག་ཅུའི་ཡིག་གེ་)སྟེ་(གཙོ་ཆུང་བ་)བསམ་པའི་དབྱེ་བས་ཤེས་རབ་(གཙོ་ཆེ་བ་)དང་ ལུས་ཀྱི་དབྱེ་བས་ཐབས་སོ། །ལླཱཿལླླཱྀ་ལླཱུ་ལླྼཱྀ་ལླཱི་ལླཱ། ཝྺཱཿཝྺྺཱྀ་ཝྺཱུ་ ཝྺྼཱྀ་ཝྺཱི་ཝྺཱཿ ར༹ྼཿར༹ླྀ་ར༹ྼུ་ར༹ྼྀ་ར༹ྼི་ར༹ྼ། ཡྻཱཿཡྻླཱྀ་ཡྻཱུ་ཡྻྼཱྀ་ཡྻཱི་ ཡྻཱ། ཧྷཱཿཧྷླཱྀ་ཧྷཱུ་ཧྷྼཱྀ་ཧྷཱི་ཧྷཱ། ཞེས་པ་ནི་〔རིམ་པ་གཉིས་ནི་〕ཉིན་མོ་〔འཕེལ་བ་ལ་ ཆུ་ཚོད་དྲུག་ཅུའི་ཡིག་གེ་་་་་་〕སྟེ་(གཙོ་ཆུང་བ་)བསམ་པའི་དབྱེ་བས་ཐབས་དང་(གཙོ་ཆེ་བ་)ལུས་ ཀྱི་དབྱེ་བས་ཤེས་རབ་པོ། (འདིར་མཚན་མོ་འཕེལ་བ་ལ་མཚན་ཕྱེད་ནས་ཉིན་ཕྱེད་ཀྱི་བར་གྱི་ཆུ་ཚོད་སུམ་ཅུ་ལ་ཡི་གེ་ རིང་བོ་རྣམས་སྦྱོར་བ་དང་ཉིན་མོ་འཕེལ་བ་ལ་ཉིན་ཕྱེད་ནས་མཚན་ཕྱེད་ཀྱི་བར་གྱི་ཆུ་ཚོད་སུམ་ཅུ་ལ་ཡི་གེ་ཐུང་ངུ་རྣམས་སྦྱོར་བ་ ནི་མི་རིགས་ཏེ་མཚན་མོ་འཕེལ་བའི་ཆུ་ཚོད་རྣམས་ཟླ་བའི་ཆ་དང་ཉིན་མོ་འཕེལ་བའི་ཆུ་ཚོད་རྣམས་ཉི་མའི་ཆ་ཡིན་པའི་ཕྱིར་རོ)། ཁུ་བ་དང་ཟླ་བ་ནི་ཤེས་རབ་ཀྱི་བསམ་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཤེས་རབ་དང་ཐབས་ཀྱི་ ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར་ཐབས་སོ། །དེ་བཞིན་དུ་རྡུལ་དང་ཉི་མ་ནི་ཐབས་ཀྱི་བསམ་པ་ ལས་བྱུང་བ་ཉིད་ཀྱི་ཕྱིར་ཐབས་དང་ཤེས་རབ་ཀྱི་ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར་ཤེས་རབ་སྟེ་ དེ་ལྟར་ཐམས་ཅད་དུ་རྗེས་སུ་རྟོགས་པར་བྱའོ། ། ༈ ད་ནི་(ཕྱི་སྣོད་ཀྱི་འཇིག་རྟེན་)བརྟན་པ་དང་གཡོ་བ་(ནང་བཅུད་)ཁམས་གསུམ་པའི་སྔགས་ གསུངས་པ་ལྷ་མི་གདེངས་ཅན་འབྱུང་པོའི་སྐྱེ་གནས་རྣམས་ཀྱང་སྔགས་ཞེས་པ་སྟེ། ལྷ་ནི་ འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ་ལྷ་མ་ཡིན་ཡང་དེའི་ནང་དུ་འདུས་སོ། །མི་ 2-1-194 དང་གདེངས་ཅན་ནི་རབ་ཏུ་གྲགས་པ་སྟེ་(འཁོར་ལོ་བསྒྱུར་བ་སོགས་)རྒྱལ་པོ་དང་མཐའ་ཡས་ལ་ སོགས་པའོ། །འབྱུང་པོའི་སྐྱེ་གནས་ནི་སྔར་བརྗོད་པ་(སྒོང་སྐྱེས་མངལ་སྐྱེས་དྲོད་གཤེར་སྐྱེས་བརྫུས་སྐྱེས་ ཆེན་པོ་སྟེ་)རྣམ་པ་བཞིའོ། །བརྟན་པའི་སྐྱེ་གནས་ནི་ལྷུན་པོ་དང་ལྗོན་ཤིང་ལ་སོགས་པ་(བརྫུས་ སྐྱེས་)སྟེ། དེ་རྣམས་ཐམས་ཅད་(རང་རང་གི་)སྔགས་ཀྱི་མིང་གིས་མིང་ཅན་དུ་བྱས་པའི་སྔགས་ སུ་འགྱུར་རོ། །འདིར་ཁམས་གསུམ་པོ་གང་གི་མིང་གང་ཡིན་པ་དེའི་དེ་བསྒྲུབ་པའི་སླད་དུ་ སྔགས་ཀྱི་བརྡར་འགྱུར་ཏེ། །དང་པོའི་ཡི་གེ་ནི་(བསྒྲུབ་བྱའི་)ཡེ་ཤེས་ཀྱི་ས་བོན་དུ་འགྱུར་ཞིང་ མིང་མཐའ་དག་ནི་བཟླས་པ(དང་མཆོད་པ་)འི་སྔགས་སུ་འགྱུར་རོ། །(སྒྲུབ་པ་པོ་དང་རང་རང་གི་འདོད་ པའི་)དོན་སྣ་ཚོགས་བསྒྲུབ་པའི་སླད་དུ་〔བསྒྲུབ་བྱ་〕སེམས་ཅན་མཐའ་ཡས་པའི་མིང་གི་དབྱེ་ བས་(བསྒྲུབ་བྱ་དང་བཟླས་བྱའི་)སྔགས་མཐའ་ཡས་པར་ཁོང་དུ་ཆུད་པར་བྱའོ། །དཔེར་ན་(གཡུལ་ ལས་རྒྱལ་བ་ལ་སོགས་པའི་)དགེ་བ་དང་མི་དགེ་བའི་འབྲས་བུའི་དོན་དུ་མིང་གི་ཡི་གེ་དང་པོས་ ཁྱིམ་དང་མིང་གི་ཡི་གེ་ཐམས་ཅད་ཀྱིས་ཀྱང་དབྱངས་དམན་པ་དང་ལྷག་པ་གཡུལ་འགྱེད་ པ་དེ་བཞིན་དུ་(བསྒྲུབ་བྱའི་མིང་གིས་)དང་པོའི་ཡི་གེ་དང་མིང་ཐམས་ཅད་ཀྱིས་ཀྱང་སྒོམ་པ་དང་ བཟླས་པའི་བྱ་བ་འགྲུབ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཁྲུལ་པ་མེད་ཅིང་ནོར་བུ་ དང་སྔགས་དང་སྨན་རྣམས་ཀྱི་མཐུ་དང་(བསྒོམ་པའི་སྟོབས་ཀྱིས་)རང་གི་སེམས་ཡོངས་སུ་གྱུར་པ་ ལས་འབྱུང་བ་ནི་བསམ་གྱིས་མི་ཁྱབ་པོ། །ཨ་སོགས་ཀ་སོགས་ལྡན་པ་དག་ལས་ཞེས་པ་ལ་ (མིང་མཐས་ཀྱང་ཨཱ་ལི་ཀཱ་ལི་འདུས་པས་)ཨ་སོགས་ནི་ཨ་ཡིག་ལ་སོགས་པ་སྟེ་དབྱངས་ཀྱི་ཚོགས་སོ། ། ཀ་སོགས་ལྡན་པ་ནི་ཀ་ཡིག་ལ་སོགས་པ་གསལ་བྱེད་དང་ལྡན་པ་དག་ལས་སོ། །དེ་ལྟར་ན་ བརྗོད་པའི་རིམ་པ་འདིས་སོ། །ཁམས་གསུམ་དག་ནི་འདོད་པ་དང༌། གཟུགས་དང་གཟུགས་ མེད་པའི་ཁམས་ཏེ་ངེས་པར་བསྐྱེད་པར་འགྱུར་རོ། །མི་ཡི་བདག་ཅེས་པ་ནི་བོད་པའོ། །ཟླ་ བའི་ཆ་(དང་)ལ་སོགས་པ་〔ཉིན་མཚན་གྱི་འཕེལ་འགྲིབ་ཆུ་ཚོད་ཀྱི་ཡི་གེ〕དང་སྣ་ཚོགས་པའི་ 2-1-195 སྔགས་བསྡུས་པའི་མདོར་བསྡུས་སོ། ༨ ། ༈ ད་ནི་དབྱངས་ནི་ཞེས་པ་ལ་སོགས་པས་དབྱངས་རྣམས་ཀྱི་སྐྱེ་བའི་གནས་ལ་སོགས་ པ་བསྡུས་པའི་ཚིགས་སུ་བཅད་པ་དགུ་པ་བདག་གིས་དགྲོལ་བར་བྱའོ། །དབྱངས་ནི་ཀ་ཙ་ ཊ་པ་ཏར་ལྡན། ྈྐ་ལ་སོགས་པ་ཡང་དག་སྦྱར་བ་རྣམས་ཀྱི་སྐྱེ་བའི་གནས་ཞེས་པ་ལ་འདིར་ དབྱངས་ནི་སྔར་བརྗོད་པའི་ཨ་ཡིག་ལ་སོགས་པ་རྣམས་ཏེ་ཨ་ཨི་རྀ་ཨུ་ལྀ་ལྔའོ། །འདི་རྣམས་ ཀྱི་སྐྱེ་བའི་གནས་རྣམ་པ་ལྔ་(མགྲིན་པ་སོགས་)གྲངས་ཇི་ལྟ་བ་(སྔར་བཤད་པ་)བཞིན་ནོ། །ཇི་ལྟར་ གྱུར་པ་རྣམས་ཀྱི་ཞེ་ན་ཀ་ཙ་ཊ་པ་ཏར་ལྡན་པ་དང་ྈྐ་ལ་སོགས་པ་ཡང་དག་པར་སྦྱར་བ་ རྣམས་ཀྱི་ཞེས་པ་གྲངས་ཇི་ལྟ་བ་བཞིན་ཀ་ཡིག་ལ་སོགས་པའི་སྡེ་བ་དང་སྦྱར་པ་དང་ྈྐ་ལ་ སོགས་པ་རྣམས་ཀྱི་ཡི་གེ་སོ་སོ་དང་སྦྱར་བ་ནི་ྈྐ་་ཤ་ཥ་ྉྤ་ས་དང་ཡང་དག་པར་སྦྱར་བ་རྣམས་ ཀྱི་སྟེ་སོགས་པ་སྨོས་པའི་ཕྱིར་ཧ་ཡ་ར་ཝ་ལ་དང་ལྡན་པ་རྣམས་ཀྱིའོ། །དེ་ཡང་ཨ་ཀུ་ཧ་རྣམ་ པར་བཅད་པ་ནི་མགྲིན་པ་ལས་བྱུང་བའོ། །ཨི་ཙུ་ཡ་ཤ་ནི་རྐན་ལས་བྱུང་བའོ། །རི་ཊུ་ར་ཥ་ ནི་སྦྱི་བོ་ལས་བྱུང་པའོ། །ཨུ་པུ་ཝ་ྉྤ་ནི་མཆུ་ལས་བྱུང་བའོ། །ལི་ཏུ་ལ་ས་ནི་སོ་ལས་བྱུང་བའོ། ། ཞེས་སྐྱེ་བའི་གནས་(རྣམ་པ་ལྔ་)གསུངས་སོ། །མགྲིན་(པ་དང་)རྐན་(དང་)སྟེང་གི་ཆ་(སྟེ་སྤྱི་བོ་རྣམས་ ནི་)ཇི་ལྟར་གྱུར་པ(འི་གནས་ཡིན་)ཞེ་ན་(ནམ་)མཁའ་(དང་)རླུང་(དང་)བསྲེག་བྱ་ལས་སྐྱེས་པ(མེ་)འི་གནས་སོ། །མཆུ་དང་སོ་ནི་ཆུ་དང་ས་དག་གི་སྐྱེ་བའི་གནས་སོ། །ཨ་ཡིག་ལ་སོགས་པ་ རྣམས་གྲངས་ཇི་ལྟ་བ་བཞིན་དུ་(དེ་དང་དེ་ལས་)སྐྱེ་བ་སྟེ་སྐྱེ་བ་ཞེས་པ་ནི་གནས་དེ་དག་ཏུ་ བརྗོད་པ་རྣམས་ཀྱི་སྒྲའི་དོན་(ཁམས་ལྔ་པོ་)རྟོགས་པའོ། །འདིར་སྔགས་(ཀྱི་)བཟླས་པའི་ ཆོ་ག་སྒྲུབ་པའི་དོན་དུ་(རང་དང་བསྒྲུབ་བྱའི་མིང་གི་ཡི་གེ་དང་པོ་དང་ཡུད་ཙམ་གང་ལས་སྐྱེས་པའི་ཡུད་ཙམ་གྱི་ཡི་ གེ་)སྐྱེས་པའི་གནས་རིགས་པར་བྱ་སྟེ་(སྐྱེ་བའི་གནས་ལྔ་ལས་)གཞན་ནི་སྒོམ་པའི་གནས་ཀྱི་དོན་ དུ་ལུས་ཀྱི་འཁོར་ལོའི་དབྱེ་བས་བརྗོད་པ། ཨ་སོགས་རྣམས་ནི་གཙུག་ཏོར་འཁོར་ལོ་སྙིང་ 2-1-196 ཁ་མགྲིན་པ་སྤྱི་བོ་ལྟེ་བའི་འཁོར་ལོར་རིམ་པ་སྟཻ། ཞེས་པ་ལ་ཨ་སོགས་ཞེས་པ་ཨ་ཡིག་ལ་ སོགས་པ་དབྱངས་རྣམས་ཀྱི་གྲངས་བཞིན་དུ་གཙུག་ཏོར་ལ་སོགས་པའི་འཁོར་ལོ་རྣམས་ལ་ བསྒོམ་པའི་དོན་དུ་སྐྱེ་བའི་གནས་སུ་རིག་པར་བྱའོ། །འདིར་ཨ་ཀུུ་ཧ་རྣམ་པར་བཅད་པ(འི་ཡི་ གེ་ནམ་མཁའི་ཁམས་རྣམས་)ནི་གཙུག་ཏོར་གྱི་འཁོར་ལོ་(ནམ་མཁའི་ཁམས་)ལ་བསྒོམ་པར་བྱའོ། །ཨི་ཙུ་ ཡ་ཤ་(རླུང་ཁམས་པའི་ཡི་གེ་རྣམས་)ནི་སྙིང་ཁའི་འཁོར་ལོ་(རླུང་གི་ཁམས་)ལའོ། །རྀ་ཊུ་ར་ཥ་(མེ་ཁམས་ པའི་ཡི་གེ་རྣམས་)ནི་མགྲིན་པའི་འཁོར་ལོ་(མེའི་ཁམས་)ལའོ། །ཨུ་པུ་ཝ་ྉྤ་( ཆུ་ཁམས་པའི་ཡི་གེ་རྣམས་)ནི་ དཔྲལ་བའི་འཁོར་ལོ་(ཆུ་ཁམས་)ལའོ། །ལྀ་ཏུ་ལ་ས་(ས་ཁམས་པའི་ཡི་གེ་རྣམས་)ནི་ལྟེ་བའི་འཁོར་ལོ་ (སའི་ཁམས་པ་)ལ་བསྒོམ་པར་བྱའོ། །སྣ་ཚོགས་ནི་(དེ་རྣམས་ཀྱི་ཁ་དོག་ཀྱང་)ཁ་དོག་སྣ་ཚོགས་ལྗང་ ཁུ་སྟེ་གཙུག་ཏོར་གྱི་འཁོར་ལོ་ལའོ། །ནག་པོ་ནི་སྙིང་ཁའི་འཁོར་ལོ་ལའོ། །དམར་པོ་ནི་ མགྲིན་པའི་འཁོར་ལོ་ལའོ། །རི་བོང་ཅན་གྱི་མདོག་ནི་དཔྲལ་བའི་འཁོར་ལོ་ལའོ། །གསེར་ འདྲ་བ་ནི་ལྟེ་བའི་འཁོར་ལོ་ལའོ། །ཕུང་པོ་ཁམས་ཀྱི་ལྷག་པའི་ལྷའོ་ཞེས་པ་ནི་གྲངས་ཇི་ལྟ་ བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོ་དང་ནམ་མཁའི་ཁམས་ཀྱི་ལྷག་པའི་ལྷ་(མི་བསྐྱོད་པ་རྡོ་རྗེ་ དབྱིངས་ཕྱུག་མ་)ནི་གཙུག་གཏོར་གྱི་འཁོར་ལོ་ལའོ། །འདུ་བྱེད་དང་རླུང་གི་ཁམས་ཀྱི་ལྷག་པའི་ ལྷ་(དོན་གྲུབ་སྒྲོལ་མ་)ནི་སྙིང་ཁའི་འཁོར་ལོ་ལའོ། །དེ་བཞིན་དུ་ཚོར་བ་དང་མེའི་ཁམས་ཀྱི་ལྷག་ པའི་ལྷ་(རིན་འབྱུང་གོས་དཀར་མོ་)ནི་མགྲིན་པའི་འཁོར་ལོ་ལའོ། །འདུ་ཤེས་དང་ཆུའི་ཁམས་ཀྱི་ ལྷག་པའི་ལྷ་(སྣང་མཐའ་མཱ་མ་ཀི་)ནི་དཔྲལ་བའི་འཁོར་ལོ་ལའོ། །གཟུགས་དང་སའི་ཁམས་ ཀྱི་ལྷག་པའི་ལྷ་(རྣམ་སྣང་སྤྱན་མ་)ནི་ལྟེ་བའི་འཁོར་ལོ་ལའོ། །ཞེས་པ་ཕུང་པོ་ཁམས་ཀྱི་ལྷག་པའི་ ལྷ་སྟེ། འཆད་པར་འགྱུར་བ་ལ་(དེ་རྣམས་)ཡན་ལག་ལ་དགོད་པ་ལ་སོགས་པ་རིག་པར་བྱའོ། ། དབྱངས་རྣམས་ཀྱི་སྐྱེ་བའི་གནས་ངེས་པར་བསྟན་པའོ། ། ༈ དཔལ་མཆོག་གི་དང་པོའི་སངས་རྒྱས་ལས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ 2-1-197 ཀྱི་འཁོར་ལོའི་རྒྱས་འགྲེལ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་འཇིག་རྟེན་གྱི་ ཁམས་བསྡུས་པའི་མདོར་བསྡུས་ཏེ་བདུན་པའོ།། ༩ །། ༈ (དགུ་པ་རླུང་ལ་སོགས་པའི་དཀྱིལ་འཁོར་དང་རྒྱ་མཚོ་དང་གླིང་དང་རིའི་གྲངས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་)ད་ནི་ བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་བསམ་པའི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་ གསུངས་པ་སྡུད་པར་མཛད་པ་པོ་འཇམ་དཔལ་གྱིས་ཚིགས་སུ་བཅད་པ་བཅུ་པ་ལ་སོགས་ པས་མཆོག་གི་དང་པོའི་སངས་རྒྱས་ལས་བསྡུས་པ་རླུང་གི་མཐའ་ནས་ལྷུན་པོའི་མཚམས་ ཞེས་པ་ལ་སོགས་པ་དེ་ཉིད་བདག་གིས་དགྲོལ་བར་བྱའོ། །རླུང་གི་མཐའ་ནས་ལྷུན་པོའི་ མཚམས་སུ་དམྱལ་བ་དང་ནི་གདེངས་ཅན་གྲོང་ལ་དཔག་ཚད་འབུམ་ཕྲག་གཉིས་ཞེས་པ་ ལ་(འཇིག་རྟེན་གྱི་ཁམས་ཀྱི་ཚད་འཆད་པའི་སྐབས་)འདིར་འཇིག་རྟེན་ཀུན་རྫོབ་ཏུ་(ཁམས་དང་)མོས་པ་སྣ་ ཚོགས་པའི་སེམས་ཅན་གྱི་བསམ་པའི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་(སྣ་ཚོགས་)སེམས་ཅན་རྣམས་ལ་གསུངས་ཤིང་(སེམས་ཅན་རྣམས་ལ་)རབ་ཏུ་སྣང་ངོ༌། །དོན་དམ་པར་ནི་ འཇིག་རྟེན་གྱི་ཁམས་ལ་ཚད་(འདི་ལྟ་བུ་ཁོ་ནའོ་ཞེས་མཐའ་གཅིག་ཏུ་)གཞལ་དུ་མེད་དེ། སེམས་ཅན་ རྣམས་ཀྱི་བསོད་ནམས་དང་སྡིག་པའི་དབང་གིས་(སྣ་ཚོགས་སུ་སྣང་བས་)སོ། །འདིར་ཕུག་ཁྲུ་ ལྔ་པའི་ཚད་གང་དུ་(ཉན་རང་)འདོད་ཆགས་དང་བྲལ་བའམ། བྱང་ཆུབ་སེམས་དཔའ་(ཆེན་པོ་) གནས་པའི་ཕུག་དེར་བསོད་ནམས་དང་ཡེ་ཤེས་བསྟེན་པ་དེའི་མཐུ་དང་རྫུ་འཕྲུལ་གྱི་སྟོབས་ ཀྱིས་འཁོར་ལོ་བསྒྱུར་བ་སྡེ་དང་བཅས་པ་འོངས་ཤིང་རབ་ཏུ་འཇུག་སྟེ་(ཕུག་)དེ་སུས་ཀྱང་མ་ བསྐྱེད་ཅིང་ཕུག་དེར་ཞུགས་པའི་འཁོར་ལོ་བསྒྱུར་བའི་སྡེ་ཡང་དོག་པ་ཉིད་མ་ཡིན་ནོ། །དོན་ དམ་པར་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཀྱང་དེ་བཞིན་དུ་(སེམས་ཅན་རྣམས་ཀྱི་རང་རང་གི་སྣང་བ་ཙམ་དུ་)རིག་པར་བྱའོ། །འདིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་(གསུངས་པ་)གང་ཡིན་པ་དེ་ནི་(ཅིའི་དོན་ དུ་གསུངས་ན་)ཇི་ལྟར་ཕྱི་རོལ་དེ་བཞིན་ལུས་(ཇི་ལྟར་ལུས་ལ་དེ་བཞིན་གཞན་)ཞེས་གསུངས་པའི་ཕྱིར་ 2-1-198 འཇིག་རྟེན་གྱི་ཁམས་ཀྱི་ཚད་ནི་འཇིག་རྟེན་གྱི་ཁམས་ཀྱི་དཀྱིལ་འཁོར་གྱི་དོན་དང༌། ལུས་ཀྱི་ ཚད་ནི་ལུས་ཀྱི་དཀྱིལ་འཁོར་གྱི་དོན་དུ་(ཤེས་ནས་བསྒོམ་པའི་དོན་དུ་)སྟེ་ལུས་ནི་དཀྱིལ་འཁོར་ཞེས་ བརྗོད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཚད་ཀྱིས་ལྷུན་པོའི་ དཔངས་དཔག་ཚད་འབུམ་ཡིན་པ་དེ་བཞིན་དུ་ལུས་ཀྱི་སྒལ་ཚིགས་ཀྱི་དཔངས་ཁྲུ་གང་སྟེ་ ཁྲུའི་ཚད་དེས་ལུས་ནི་ཁྲུ་བཞིའོ་ལྷུན་པོ་དཔག་ཚད་འབུམ་གྱི་ཚད་ཀྱིས་འཇིག་རྟེན་གྱི་ཁམས་ འབུམ་ཁྲག་བཞིའོ། །རྣམ་པ་གཞན་དུ་ན་ཇི་ལྟར་ཕྱི་རོལ་དེ་བཞིན་ལུས་སུ་མི་འགྱུར་ཏེ་མི་ མཐུན་པའི་ཕྱིར་རོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཀུན་རྫོབ་ཏུ་(རྒྱུད་འདིར་གསུངས་པ་) ཇི་ལྟ་བ་དེ་བཞིན་དུ་(གནས་པར་)འགྱུར་རོ། །འདིར་བསྲེག་བཅད་(བདར་བའི་གསེར་བཞིན་ དུ་)ཅེས་པ་ལ་སོགས་པས་(ཡོངས་སུ་བརྟགས་ནས་)བཅོམ་ལྡན་འདས་ཀྱིས་(ཚད་འདི་ཁོ་ནའོ་ཞེས་) ཞེས་དམ་བཅས་པ་ནི་མ་ཡིན་ཏེ་འོན་ཀྱང་(འདིར་འབུམ་ཕྲག་བཞི་དང་ཁྲུ་བཞི་ཞེས་)དམ་ བཅས་པ་ནི་(བསྐྱེད་རིམ་)བསོད་ནམས་དང་(རྫོགས་རིམ་)ཡེ་ཤེས་ཀྱི་ཚོགས་ཀྱི་ཡུལ་ལ་(འཇུག་པའི་ དོན་དུ་)ཡིན་ནོ། །གང་གི་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་ཡུལ་ལ་(ཆོས་མངོན་པ་)མཛོད་ཀྱི་འདོད་ པ་དང་(མུ་སྟེགས་པའི་)རིག་བྱེད་ཀྱི་གྲུབ་པའི་མཐའི་བསམ་པས་(འདོད་པ་)རྣམ་པ་སྣ་ཚོགས་པ་ སྟེ། ཚངས་པའི་སྒོ་ང་གཅིག་ནི་དཔག་ཚད་བྱེ་བའི་ཁྱོན་ནོ་ཞེས་བརྫུན་དུ་སྨྲ་བའི་ཕྱིར་(རྒྱུད་ འདིར་)ཉི་མའི་ཤིང་རྟ་ལ་སོགས་པ་ཡོངས་སུ་སྨིན་པར་བྱ་བའི་སླད་དུ་ཚངས་པའི་སྒོ་ངའི་ཚད་ དེ་རྣམ་པར་གཞོམ་པའི་དོན་དུ་གཟའ་དང་རྩིས་དང་ཁྱིམ་གྱི་འཁོར་ལོ་དང་ལྡན་པའི་འཇིག་ རྟེན་གྱི་ཁམས་ཀྱི་ཚད་རབ་ཏུ་བཀོད་དོ། །དེའི་ཕྱིར་ཚད་འདི་ལ་སངས་རྒྱས་པའི་(ཆོས་མངོན་པ་)མཛོད་མཐོང་ནས་འདི་འཁྲུལ་བར་མི་བྱ་སྟེ། (ཇི་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་ འབུམ་ཕྲག་སུམ་ཅུ་སོ་དྲུག་ལྷག་པ་དང་ཇི་ལྟར་འཇིག་རྟེན་གྱི་ཁམས་དཔག་ཚད་འབུམ་བཞིའི་ཚད་དུ་གསུང་ཞེས་ཤོང་འགྱུར་ སོར་བཞག་ལ་ཡོད་པ་ལྟར་བདེའོ་)བཅོམ་ལྡན་འདས་ཀྱིས་(གླིང་བཞིའི་)འཇིག་རྟེན་གྱི་ཁམས་ཀྱི་ཚད་ 2-1-199 (མཛོད་ལས། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང༌། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། །ཞེས་འབྱུང་པ་ལྟར་གླིང་བཞི་པའི་འཇིག་རྟེན་ཁམས་ཀྱི་མཐའ་ སྐོར་དུ་དཔག་ཚད་)འབུམ་ཕྲག་སུམ་ཅུ་སོ་དྲུག་ལྷག་པར་གསུངས་པ་ཇི་ལྟ་བ་ཡིན་ན་(རྒྱུད་འདིར་) འཇིག་རྟེན་གྱི་ཁམས་(ཀྱི་ཐད་ཀར་)དཔག་ཚད་འབུམ་ཕྲག་བཞི(དང་མཐའ་སྐོར་དུ་འབུམ་ཕྲག་བཅུ་གཉིས་ པ་)འི་ཚད་ཇི་ལྟར་(གསུངས་པ་)ཡིན། འདིར་བཅོམ་ལྡན་འདས་བརྫུན་གསུངས་པ་པོ་ཡིན་ནམ་ ཅི་ཞེས་པ་འགའ་ཞིག་འདོད་པར་གྱུར་ན་དེའི་ཚིག་མཁས་པ་རྣམས་ཀྱིས་ཁས་བླང་བར་མི་ བྱ་སྟེ། སེམས་ཅན་གྱི་བསམ་པའི་དབང་གིས་སོ། །(འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་བཀོད་པ་མི་འདྲ་ བར་གསུང་རབ་ཐ་དད་དུ་གསུངས་ཤིང་སེམས་ཅན་སོ་སོའི་སྣང་བ་ལ་དེ་ལྟར་སྣང་བ་ཡང་ཡིན་པ་ཀུན་རྫོབ་ཙམ་དུ་གཉིས་ཀ་ ལྟར་ཡང་གནས་མོད། ལུགས་འདི་ཐེག་པ་གོང་མར་གསུངས་པས་ན་གཙོ་ཆེར་འདི་དོན་ལ་གནས་པར་རིག་པར་བྱའོ་)དེ་སྐད་ དུ་ཡང༌། སེམས་ཅན་མོས་པ་སྣ་ཚོགས་པ། །(རྟོག་གེའི་བསྟན་བཅོས་སོགས་འཇིག་རྟེན་ན་རིག་པའི་གནས་ སུ་གྲགས་པའི་)གྲུབ་མཐའ་སྣ་ཚོགས་རིག་པ་པོ། །(རང་རང་གི་ལྟ་སྒོམ་སྤྱོད་པ་)སྣ་ཚོགས་(པའི་)ལམ་ ལ་རབ་གནས་པ། །(ཐུན་མོང་གི་རིག་པ་སྣ་ཚོགས་)ཤེས་པའི་ང་རྒྱལ་(གྱིས་)ཁེངས་པ་ཅན། །དེ་དག་ རང་(དང་)གཞན་(གྱི་)གྲུབ་མཐའ་ལ། །ཇི་སྲིད་(དུ་སྒྲུབ་བྱེད་དང་གནོད་བྱེད་ཀྱི་)རིགས་པ་མ་བསྟན་ པའི། །དེ་སྲིད་(དུ་)ཁེངས་པ་ཅན་དེ་དག །ཀུན་མཁྱེན་གྱི་ཡང་དབང་(དུ་)མི་འགྱུར(དེ་གདུལ་ བར་མི་ནུས་པས་རྒྱུད་འདིར་རིགས་པ་དང་མཐུན་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་བཀོད་པ་བསྟན་ནོ)། །(སྤྱིར་གདུལ་བྱའི་ དོན་དུ་འགྱུར་ན་མི་བདེན་པ་གསུངས་ཀྱང་སྐྱོན་མེད་དེ་)སེམས་ཅན་ཕན་ལས་མི་བདེན་པ། །བསོད་ནམས་ ཚོགས་ཀྱི་རྒྱུ་ཡིན་ཏེ། །གཞན་ལ་གནོད་པས་བདེན་པ་ནི། །མནར་མེད་ལ་སོགས་རབ་ཏུ་ སྟེར(རོ)། །(སེམས་ཅན་གྱི་ལས་ཀྱི་དབང་གིས་དངོས་པོ་གཅིག་ཉིད་ཀྱང་མི་འདྲ་བ་དུ་མར་སྣང་སྟེ་)གཏོང་བ་པོ་མིན་ (པ་སེར་སྣ་ཅན་)ཡི་དྭགས་(སུ་སྐྱེ་བ་རྣམས་)ཀྱིས། །(སྔར་མིར་སྐྱེས་པའི་དུས་ཀྱི་)ཁྱིམ་གྱི་གནས་(ལོངས་སྤྱོད་ ཅན་)ནི་(བཟའ་བཏུང་མེད་པའི་)རིར་མཐོང་སྟེ། །སྡིག་པ་བྱེད་པ་(དམྱལ་བར་སྐྱེས་པ་)རྣམས་ཀྱི་(སྔར་གྱི་ 2-1-200 རང་)ཁྱིམ(བཟང་པོ་ཡང)། །ཁབ་རྩེ་རི་ཡི་རྣམ་པར་(མཐོང་ནས་རང་ལ་གནོད་པར་སྣང་ངོ་)རོ། །(རྣལ་འབྱོར་ པ་)ས་འོག་དངོས་གྲུབ་ཐོབ་གྱུར་ནས། །ལྷ་མོ་རྣམས་ཀྱི་[ ལྷ་མིན་ར་ཟེར་][མིའམ་ཅི་རྩ་མི་ ཟེར] གྲོང་འགྲོ་བ། །གྲུབ་པ་རྣམས་ཀྱིས་རབ་བརྟན་ས(ཡང)། །ཀུན་ནས་བུག་པ་བཅས་པར་ མཐོང༌། །ཞེས་གསུངས་སོ། །དེའི་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་བཅོམ་ལྡན་འདས་ཀྱིས་ གསུངས་པ་ནི་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་[རབ་ཏུ་ [སོ་སོར་(རྩ་མི་དང་ར་ཟེར་)]སྣང་བ་སྟེ་དེ་བཞིན་གཤེགས་པས་མངོན་པར་ཞེན་པ(སྟེ་ཡང་དག་པ་མ་ ཡིན་པའི་ཀུན་ཏུ་རྟོག་པ་)ས་(ཕྱི་རོལ་)འཇིག་རྟེན་གྱི་ཁམས་གཟིགས་ནས་གཟུང་བ་དང་འཇིན་པའི་ ངོ་བོས་དངོས་པོའི་ཚད་གསུངས་པ་ནི་འགའ་ཡང་མེད་དོ། །(སངས་རྒྱས་ཀྱི་ཀུན་ཏུ་རྟོག་པ་ཐམས་ཅད་ སྤངས་པས་ཀུན་རྫོབ་མ་དག་པའི་སྣང་པ་འགའ་ཡང་མེད་པའི་ཕྱིར་རོ་)དེ་ལྟར་(སེམས་ཅན་གྱི་རང་རང་གི་སེམས་ཀྱི་སྣང་བ་)ཐམས་ཅད་ཡོངས་སུ་མཁྱེན་ནས་དྲང་སྲོང་རྣམས་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་འཇིག་ རྟེན་གྱི་ཁམས་ཀྱི་ཚད་དང་ལུས་ཀྱི་ཚད་(ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། །ཇི་ལྟར་ལུས་ལ་དེ་བཞིན་གཞན། །ཞེས་ པ་ལྟར་)དཀྱིལ་འཁོར་གྱི་(ཚད་ཀྱི་)དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། ༈ འདིར་(འཇིག་རྟེན་ཁམས་ཀྱི་དཔངས་ཚད་གསུངས་པ་)རླུང་གི་མཐའ་ནས་ལྷུན་པོའི་མཚམས་ སུ་ཞེས་པ་ནི་ས་དང་ཆུ་དང་མེའི་དཀྱིལ་འཁོར་རྣམས་ཀྱི་འོག་ན་རླུང་གི་དཀྱིལ་འཁོར་ནམ་ མཁའི་ཁམས་ལ་རྣམ་པར་གནས་ཏེ། རླུང་གི་མཐའ་དེ་ནས་ལྷུན་པོའི་བར་དུ་དམྱལ་བའི་ གནས་བདུན་དང་བརྒྱད་པ་ནི་གདེངས་ཅན་གྱི་གྲོང་སྟེ་དམྱལ་བ་གདེངས་ཅན་གྲོང་དག་ལ་ ནི་〔རྔམས་སུ〕དཔག་ཚད་འབུམ་ཕྲག་གཉིས་ཡིན་ནོ། །འདིར་རླུང་གི་དཀྱིལ་འཁོར་(གྱི་དཔངས་ སུ་དཔག་ཚད་)སྟོང་ཕྲག་ལྔ་བཅུར་འགྱུར་ཏེ་དྲག་པོའི་རླུང་དེ་ལ་(འོག་ན་)དམྱལ་བ་ངུ་འབོད་ཆེན་ པོ་དང༌། (དེའི་སྟེང་ན་དམྱལ་བ་)མུན་པ་ཆེན་པོའི་གནས་གཉིས་ནི་སྟེང་འོག་ཏུ་དཔག་ཚད་སྟོང་ ཕྲག་ཉི་ཤུ་རྩ་ལྔ་རྩ་ལྔའི་ཆའོ། །རྒྱའི་ཚད་ནི་སའི་དཀྱིལ་འཁོར་གྱི་ཚད་དོ། །དེ་བཞིན་དུ་མེའི་ 2-1-201 དཀྱིལ་འཁོར་ལ་དམྱལ་བའི་གནས་གཉིས་ཏེ། མེའི་དམྱལ་བ་གཅིག་དང་དེའི་སྟེང་དུ་དུ་བ་ མི་བཟད་པའི་དམྱལ་བའོ། །དེ་བཞིན་དུ་ཆུའི་དཀྱིལ་འཁོར་ལ་དམྱལ་བ་གཉིས་ཏེ་(འོག་ན་) འདམ་གྱི་ཆུ་འདམ་དང་ཆུ་ཡང་དག་པར་ལྡན་པ་དང་(དེའི་སྟེང་ན་)བྱེ་མའི་ཆུ་བྱེ་མ་དང་ཆུ་ཡང་ དག་པར་ལྡན་པ་སྟེ་གྲང་བ་ཆེན་པོའོ། །སའི་དཀྱིལ་འཁོར་ལ་(འོག་ན་)གསེག་མ་ཆུའི་དམྱལ་ བ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །དེའི་སྟེང་དུ་གདེངས་ཅན་གྱི་གྲོང་སྟེང་འོག་ཏུ་དཔག་ ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །དེ་ཉིད་ལ་ཚད་རྣམ་པ་གཉིས་ཏེ་ཕྱེད་(གོང་མ་)ནི་ལྷ་མ་ཡིན་གྱི་ གནས་ཡིན་ལ་ཕྱེད་(འོག་མ་)ནི་ཀླུའི་འཇིག་རྟེན་གྱི་གནས་སོ། །དེ་བཞིན་དུ་ལུས་ལ་(སྦྱར་ན་) རྐང་པའི་མཐིལ་ནས་རྐེད་པའི་བར་དུ་ཁྲུ་གཉིས་ཏེ་ཁྲུ་གཉིས་པོ་དེ་ཉིད་ཆ་བརྒྱད་དུ་བྱས་ནས་ ཆ་རེ་རེ་ལ་རིམ་པ་བཞིན་དུ་དམྱལ་བ་དང་གདེངས་ཅན་གྱི་གྲོང་རྣམས་(ཀྱི་ཚད་སྦྱར་བ་)རིག་ པར་བྱའོ། །ལྷུན་པོའི་{དཔག}ཚད་ནི་འབུམ་ཕྲག་གཅིག་སྟེ། ཞེས་པ་སའི་དཀྱིལ་འཁོར་(གྱི་ སྟེང་)དེ་ནས་ལྷུན་པོའི་ཚད་ནི་སྟེང་འོག་ཏུ་དཔག་ཚད་འབུམ་ཕྲག་གཅིག་སྟེ་ལུས་ལ་རྐེད་པ་ ནས་མགྲིན་པའི་འོག་གི་བར་དུ་ཁྲུ་གང་ངོ༌། །(ལྷུན་པོ་)དེ་ཉིད་(ཀྱི་སྟེང་)ལ་གཟའི་ཚོགས་རྣམས་ འཁོར་ཏེ་གཟའི་ཚོགས་ཀྱི་གནས་(ལྷུན་པོའི་སྟེང་)དེ་ནས་(སྟེང་དུ་)སྟོང་ཕྲག་དག་ནི་ཉི་ཤུ་ལྔ། ལྷུན་ པོའི་མགྲིན་པ་སྟེ་ལུས་ལ་(སྦྱར་ན་མགྲིན་པ་)སོར་དྲུག་གོ། དེ་ནས་གདོང་ལ་(སྟོང་ཕྲག་)ལྔ་ཅུ་ནི་ལྷུན་ པོའི་གདོང་མགྲིན་པ(འི་སྟེང་)ནས་དཔྲལ་བའི་མཐའི་བར་དུ་སྟེ་ལུས་ལ་(སྦྱར་ནས་གོས་{ཀོ་{བསྐོན་}ནས་དཔྲལ་བའི་བར་)སོར་བཅུ་གཉིས་སོ། །དེ་ནས་བརྟན་པའི་གནས་ནི་གཡོ་མེད་[གཙུག་ཏོར་ [སྤྱི་བོ་(རྩ་མི་དང་ར་ཟེར་)](ཏེ་སྤྱི་བོའི་དཔངས་)ལ་སྟོང་ཕྲག་ཉི་ཤུ་{རྩ}ལྔ་སྟེ་ལུས་ལ་(སྦྱར་ན་)དཔྲལ་ བའི་མཐའ་ནས་གཙུག་ཏོར་གྱི་གནས་ཀྱི་བར་དུ་སོར་དྲུག་གི་ཚད་དོ། །དེ་ཡི་ཕྱི་རོལ་སྟོང་པ་ གཅིག་པུ་སྲིད་པ་གསུམ་བྲལ་ཡོན་ཏན་མེད་ཅིང་དེ་ཉིད་ཀྱིས་དམན་པའོ། །ཞེས་པ་ནི་འོག་ རླུང་གི་དཀྱིལ་འཁོར་དང་སྟེང་(ལྷུན་པོའི་)[གཙུག་ཏོར་[སྤྱི་བོ(ར་ཟེར་)] (གྱི་གནས་)ཏེ། དེའི་ཕྱི་ 2-1-202 རོལ་སྟོང་པ་གཅིག་པུ་ནི་(འབྱུང་བ་རྣམས་ཀྱི་)རྡུལ་ཕྲ་རབ་སོ་སོའི་ངོ་བོ་ཁམས་ལྔ་པ་སྟོང་པ་ གཅིག་པུའོ(འདིར་ལྷུན་པོའི་མགྲིན་པ་དང་གདོང་དང་གཙུག་ཏོར་གྱི་གནས་རྣམས་མིའི་མགྲིན་པ་སོགས་ཀྱིས་རྣམ་པར་ནི་ ཡོད་པ་མ་ཡིན་གྱི་ལྷའི་གནས་རྣམས་ཀྱི་མཐོ་དམན་གྱི་ས་མཚམས་ལ་མགྲིན་པ་སོགས་ཀྱི་བརྡ་བྱས་པའོ)། །(འདིར་སྟོང་པ་ གཅིག་པུ་ཞེས་པ་)ནམ་མཁའ་ནི་མ་ཡིན་ཏེ། (དེ་ནི་འཇིག་རྟེན་ཡོད་མེད་ཀྱི་ཁུངས་)ཐམས་ཅད་དུ་ཁྱབ་པར་ བྱེད་པའི་ཕྱིར་(དེའི་ཕྱི་རོལ་)སྟོང་པ་གཅིག་པུར་རྟོགས་པར་མི་བྱའོ། །(ལྷུན་པོ་)དེ་ལྟར་(གྱི་སྟེང་ལ་) འཇིག་རྟེན་གྱི་ཁམས་ཀྱི་ཚད་(དཔངས་ལ་དཔག་ཚད་)འབུམ་ཕྲག་བཞི་སྟེ་ལུས་ལ་ཁྲུ་བཞིའོ། །ཁྲུ་ ཡང་སོར་ཉི་ཤུ་རྩ་བཞིའི་བདག་ཉིད་དོ། ༡༠ ། ༈ ད་ནི་འདིར་ཞེང་གི་ཚད་གསུངས་པ་རླུང་གི་མཐའ་ནས་རླུང་གི་མཚམས་ལ་འབུམ་ ཕྲག་བཞི་སྟེ་(དཀྱིལ་འཁོར་ཟླུམ་པོའི་)རླུང་ནས་རླུང་གི་མཐའ་ཤར་ནས་ནུབ་ཀྱི་རླུང་གི་དཀྱིལ་ འཁོར་གྱི་མཐའི་བར་དང་དེ་བཞིན་དུ་ལྷོ་ནས་བྱང་གི་མཐའི་བར་རོ། །བརྟན་པ་འཛིན་མའི་ གཞི་ལ་གླིང་དང་རི་དང་རྒྱ་མཚོ་རྣམས། །ཞེས་པ་ནི་དེ་ནས་རླུང་གི་དཀྱིལ་འཁོར་གྱི་དབུས་ སུ་མེའི་དཀྱིལ་འཁོར་ཟླུམ་པོའི་རྣམ་པ་དང་དེ་བཞིན་དུ་མེའི་དཀྱིལ་འཁོར་གྱི་དབུས་སུ་ཆུའི་ དཀྱིལ་འཁོར་དང་ཆུའི་དཀྱིལ་འཁོར་གྱི་དབུས་སུ་སའི་དཀྱིལ་འཁོར་རོ། །དེ་ཉིད་ནི་བརྟན་ མ་འཛིན་མའི་གཞི་སྟེ་དེ་ལ་གླིང་དྲུག་དང་རི་དྲུག་དང་རྒྱ་མཚོ་དྲུག་གོ། བདུན་པ་ཆུའི་དཀྱིལ་ འཁོར་དང་བཅས་པས་རྒྱ་མཚོ་བདུན་དང་བདུན་པ་འཛམ་བུའི་གླིང་དང་བཅས་པས་གླིང་ བདུན་དང་རྡོ་རྗེའི་རི་དང་བཅས་པས་རི་བདུན་ནོ། །རྡོ་རྗེའི་རི་ནི་རྟ་གདོང་གི་མེ་སྟེ་ལན་ཚྭའི་ རྒྱ་མཚོ་ཆུའི་དཀྱིལ་འཁོར་གྱི་མཐར་འོག་དང་(ལོགས་ཀྱི་)ཐད་ཀའི་ཆ་ལ་གནས་སོ། །ས་འཛམ་ བུའི་གླིང་ཆེན་པོའི་མཐར་ཕྱོགས་ཐམས་ཅད་དང་འོག་ཏུ་ལན་ཚྭའི་རྒྱ་མཚོ་རྣམ་པར་གནས་ སོ(དེ་ལྟར་ན་དཀྱིལ་འཁོར་བཞི་པོ་ཕྱི་མ་ཕྱི་མས་ནང་མ་ནང་མ་རྣམས་ཀྱི་ལོགས་ནས་ཀྱང་བསྐྱོར་བའི་ཚུལ་དུ་ཡོད་ཅིང་སྟེང་ ཁད་མཉམ་དུ་གནས་སོ)། །ལན་ཚྭའི་རྒྱ་མཚོའི་མཐའ་ནས་ལན་ཚྭའི་རྒྱ་མཚོའི་མཐར་འབུམ་ཕྲག་ 2-1-203 བཞིའི་ཕྱེད་ནི་བཞི་ཕྱེད་འབུམ་ཕྲག་གཉིས་ཏེ་ཞེས་པ་ལྷུན་པོའི་དབུས་ནས་གཡས་གཡོན་ དུ་ལན་ཚྭའི་རྒྱ་མཚོའི་དཀྱིལ་འཁོར་གྱི་མཐར་འབུམ་ཕྲག་གཉིས་ཏེ་གཡས་སུ་འབུམ་ཕྲག་ གཅིག་དང་གཡོན་དུ་འབུམ་ཕྲག་གཅིག་གོ། དེ་བཞིན་དུ་ཤར་དང་ནུབ་དང་རླུང་དང་མེ་དང་ བདེན་བྲལ་དང་དབང་ལྡན་དུའོ། །རྩེ་མོ་ཅན་དང་གཡོ་བའི་དཀྱིལ་འཁོར་དཔག་ཚད་དག་ ནི་འབུམ་ཕྲག་གཉིས་ཞེས་པ་ལན་ཚྭའི་ཆུའི་དཀྱིལ་འཁོར་དེ་ལས་(ཕྱི་རོལ་)གཡས་དང་གཡོན་ དུ་མེ་དང་རླུང་གི་དཀྱིལ་འཁོར་འབུམ་ཕྲག་གཉིས་སུ་འགྱུར་བ་ནི། གཡས་སུ་འབུམ་ཕྲག་ གཅིག་དང་གཡོན་དུ་འབུམ་ཕྲག་གཅིག་སྟེ་ཕྱོགས་ཐམས་ཅད་དུ་དེ་བཞིན་ནོ། །དབུས་ན་ ལྷུན་པོ་གང་གི་སྟེང་གི་ཁྱིམ་གྱི་འཁོར་ལོ་སྐར་བཅས་ཉིན་དང་མཚན་མོར་འཁོར་བ་སྟེ། ཞེས་ པ་ནི་དབུས་ན་ལྷུན་པོའོ། །དེ་ཅི་འདྲ་བ་ཞིག་ཅེ་ན་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པ་ སྐར་མའི་ཕུང་པོ་མཐའ་ཡས་པ་དང་བཅས་པའི་སྐར་བཅས་ཉིན་དང་མཚན་མོར་འཁོར་ བའོ། །འདིར་(ལྷུན་པོ་ཞེས་པས་ཆོག་མོད་དབུས་ན་ཞེས་པའི་)ཚིག་འདི་ལ་རིགས་པ་ཅི་ཞིག་ཡོད། (རྒྱུ་) གང་གིས་(དབུས་ཀྱི་ཞེས་པ་)འདི་བརྗོད་པར་བྱ་བ་ལྷུན་པོ་གཞན་ཡང་ཡོད་དམ་ཅི་ཞེ་ན། བརྗོད་ པ་འདིར་(རི་དྲུག་གི་ནང་ཚན་)མན་ད་ར་ཡང་ལྷུན་པོའི་མིང་གིས་སྨོས་པ་དེས་ན་མན་ད་ར་ལས་ཐ་ དད་དུ་བྱ་བའི་སླད་དུ་ཚིག་འདི་རིགས་སོ། །ཆ་དྲུག་ལ་ནི་འབུ་ཕྲག་གཉིས་གཉིས་ཞེས་པ་ནི་ འདིར་བརྗོད་པའི་རིམ་པས་འོག་དང་སྟེང་དང་ཤར་དང་ནུབ་དང་ལྷོ་དང་བྱང་གི་ཆ་དྲུག་ལ་ སའི་དཀྱིལ་འཁོར་གྱི་དབུས་ནས་འབུམ་ཕྲག་གཉིས་གཉིས་སོ། །སྲིད་གསུམ་མཐའ་དག་ནི་ མཐོ་རིས་(ལྷ་ཡུལ་)དང་མི་ཡུལ་དང་ས་འོག་སྟེ་སྲིད་གསུམ་མཐའ་དག་དུས་ཀྱི་སྦྱོར་བ་དག་ལ་ རབ་ཏུ་སྐྱེས་ཞེས་པ་(འཇིག་རྟེན་)ཆགས་པ་ནི་སྐྱེ་བའི་དུས་ཀྱི་དབང་གིས་ཡང་དག་པར་འཛིན་ པ་དང་སྲུབ་པ་དང་དབྱིབས་ཀྱི་རླུང་གི་དུས་ཀྱི་སྦྱོར་བ་དག་ལས་སེམས་ཅན་རྣམས་ཀྱི་དགེ་ བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པའི་དོན་དུ་སྐྱེས་སོ། ༡༡ ། 2-1-204 ༈ ད་ནི་འདིར་ཁོར་ཡུག་གི་ཚད་གསུངས་པ་འཇིག་རྟེན་ཁམས་ཀྱི་ཀུན་ནས་ཁོར་ཡུག་ ཏུ་ནི་ཐད་ཀའི་ཚད་ཀྱི་སུམ་འགྱུར་དུ་ཡང་འགྱུར་བ་སྟེ། ཞེས་པ་འདིར་འཇིག་རྟེན་གྱི་ཁམས་ ཐམས་ཅད་ལ་ཐད་ཀའི་ཚད་ཀྱི་སུམ་འགྱུར་ནི་ཁོར་ཡུག་གི་ཚད་དུ་འགྱུར་ཏེ། ལྷུན་པོ་ལ་ སོགས་པ་ནས་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་པ་གླིང་དང་རི་དང་རྒྱ་མཚོ་ལ་སོགས་པ་ ཐམས་ཅད་ཀྱིའོ། །(དེ་ཉིད་བཤད་པ་)སའི་ཁོར་ཡུག་འབུམ་ཕྲག་གསུམ་ཞེས་པ་ལ་ས་ཡི་ནི་སའི་ དཀྱིལ་འཁོར་གྱི་ཐད་ཀའི་ཚད་(དཔག་ཚད་)འབུམ་ཕྲག་གཅིག་སྟེ་ཁོར་ཡུག་གི་ཚད་འབུམ་ ཕྲག་གསུམ་དུ་འགྱུར་རོ། །དེ་བཞིན་དུ་ཆུ་མེ་རླུང་རྣམས་ཀྱི་ཞེས་པ་ནི་ཆུ་དང་མེ་དང་རླུང་གི་ དཀྱིལ་འཁོར་རྣམས་ཀྱི་རང་རང་གི་དཀྱིལ་འཁོར་གྱི་མཐའ་ནས་རང་རང་གི་དཀྱིལ་འཁོར་ གྱི་མཐའ་བར་དུ་ཐད་ཀའི་ཚད་ནི་འབུམ་ཕྲག་གསུམ་དང་འབུམ་ཕྲག་བཞིའོ། །ཁོར་ཡུག་ གི་ཚད་ནི་དྲུག་དགུ་ཉི་མ་རིམ་པས་སོ། །ཞེས་པ་ཆུའི་དཀྱིལ་འཁོར་ལ་འབུམ་ཕྲག་དྲུག་དང་ མེའི་དཀྱིལ་འཁོར་ལ་འབུམ་ཕྲག་དགུ་དང་རླུང་གི་དཀྱིལ་འཁོར་ལ་ཉི་མ་སྟེ་འབུམ་ཕྲག་བཅུ་ གཉིས་སུ་རིམ་པས་རིག་པར་བྱའོ། ། ༈ མི་ཡི་དབང་པོའི་ཕྱི་རོལ་སྲིད་པ་གསུམ་གྱི་གནས་ལ་དཔག་ཚད་འབུམ་ཕྲག་གཅིག་ ཉིད་གང་ཡིན་པ་དེ་ནི་སའི་སྟེང་གི་གནས་སུ་ལུས་ལ་རང་རང་དག་ནི་ཚད་ཀྱིས་ཡང་དག་ཁྲུ་ གང་ངོ༌། །ཞེས་པ་ནི་སྔར་བརྗོད་པའི་རིམ་པས་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་ལ་དཔག་ ཚད་འབུམ་ཕྲག་གཅིག་གང་ཡིན་པ་དེ་ཉིད་རང་གི་ལུས་ལ་རང་གི་ཁྲུ་ཡིས་ཁྲུ་གང་གི་ཚད་དུ་ འགྱུར་རོ། ༡༢ ། ༈ ད་ནི་ཕྲ་རབ་ཅེས་པ་ལ་སོགས་པས་རྡུལ་ཕྲ་རབ་ལ་སོགས་པ་རྣམས་ཀྱིས་དཔག་ཚད་ གསུངས་པ། ཕྲ་རབ་བརྒྱད་རྣམས་ཀྱིས་ནི་ཕྲ་མོ་འདི་གཅིག་ཅེས་པ་ནི་འདིར་རྡུལ་ཕྲ་རབ་ བརྒྱད་ཕྲེང་བར་གནས་པས་ཕྲ་མོ་གཅིག་སྟེ་ཕྲ་མོ་གཅིག་གི་ཚད་དུ་འགྱུར་རོ། །ཕྲ་མོ་འདི་ 2-1-205 བརྒྱད་ཀྱིས་མི་རྣམས་ཀྱི་སྐྲ་ཡི་རྩེ་མོར་འགྱུར་རོ། །སྐྲའི་རྩེ་མོ་འདི་བརྒྱད་ཕྲེང་བར་གནས་ པས་[སྐེ་ཚེའི་[རཱཛྫི་]ཚད་དོ། །དེ་རྣམས་(བརྒྱད་)ཀྱིས་ཤིག་གི་ཚད་དོ། །དེ་རྣམས་(བརྒྱད་)ཀྱིས་ ནས་ཀྱི་ཚད་དོ་ལྟོས་འགྲོ་ནས་ཞེས་པ་ནི་དེ་བརྒྱད་ཀྱིས་(མཐེ་བོའི་)སོར་དུ་འགྱུར་རོ། །སོར་མོ་ ཉི་མ་ནི་ཟུང་(གཉིས་)གིས་ཞེས་པ་ཉི་མ་ནི་བཅུ་གཉིས་ཡིན་ལ་ཟུང་རྣམས་པ་གཉིས་ཀྱིས་ཉི་ ཤུ་རྩ་བཞི་སྟེ་སོར་མོ་ཉི་ཤུ་རྩ་བཞི་ཕྲེང་བར་གནས་པས་ཁྲུའི་ཚད་དུ་འགྱུར་རོ། །དེ་བཞིས་ གཞུ(འི་འདོམས་པ་)ར་འགྱུར་ཏེ་འདིར་ནི་སྟོང་ཕྲག་གཉིས་ཀྱི་གཞུ་ཡིས་རྒྱང་གྲགས་དག་ཏུ་ འགྱུར་རོ། །དེ་བཞིས་དཔག་ཚད་དུ་འགྱུར་རོ། །དཔག་ཚད་དེ་ཡིས་ལྷ་ཡུལ་ལ་ལྷ་རྣམས་ ཀྱི་(ཡུལ་གྱི་)ཚད་དང་ས་ལ་མི་རྣམས་ཀྱི་(ཡུལ་གྱི་)ཚད་དང༌། ནམ་མཁའ་ལ་ཉི་མ་དང་ཟླ་བ་ལ་ སོགས་པ་འཁོར་བའི་(འགོ་ལའི་)དོན་དུ་(འཇལ་བྱེད་)ཚད་ཡིན་ནོ། ༡༣ ། ༈ (བཅུ་པ་སྲིད་པ་སུམ་ཅུ་རྩ་གཅིག་གི་ངོ་བོ་ཉིད་ཀྱི་གནས་པ་)ད་ནི་གཟུགས་མེད་པའི་སྲིད་པ་ལ་ སོགས་པ་སྲིད་པ་སུམ་ཅུ་རྩ་གཅིག་གསུངས་པ་དང་པོར་ཆོས་བཟང་བསྐལ་པ་ཞེས་པ་སྟེ་ དང་པོར་ནི་ཐོག་མར་རོ། །ཆོས་བཟང་གི་སྒྲས་ནི་གཟུགས་མེད་པའི་སྲིད་པ་ཞེས་བརྗོད་དོ། ། བསྐལ་པ་ཞེས་པ་ནི་(གནས་)གང་དུ་ལྷ་རྣམས་ཚེ་བསྐལ་བར་གནས་པའོ། །གནས་དེ་ནི་ཆོས་ བཟང་བསྐལ་པ་ཞེས་པ་སྟེ་མཐོ་རིས་ཀྱི་སའོ(འདིར་ཆོས་བཟང་བསྐལ་པ་ཞེས་པ་ལྷ་གནས་ཀྱི་མིང་དུ་སྦྱར་གྱི་ ཚེའི་ཚད་ཀྱི་བསྐལ་པ་ནི་མ་ཡིན་ནོ)། །ཟུང་ནི་ཟུང་དང་ལྡན་པ་དག་སྟེ། ཞེས་པ་ལ་ཟུང་ནི་གཉིས་ཡིན་ ལ་དེ་དག་ཟུང་དང་ལྡན་པ་ནི་བཞི་སྟེ། ཟུང་ནི་ཟུང་དང་ལྡན་པ་དག་སྟེ་ཞེས་པ་གཟུགས་མེད་ པའི་སྲིད་པའི་གནས་རྣམ་པ་བཞི་ཞེས་པའི་དོན་ཏོ། །(གཟུགས་མེད་བཞི་པོའི་ཚེའི་ཚད་ནི་འོག་ནས་འཆད་ པའི་)བསྐལ་པ་ཆེན་པོ་གཅིག་དང་བསྐལ་པ་ཆེན་པོ་གཉིས་དང་གསུམ་དང་བཞིའི་ཚེའོ་ཞེས་ དགོངས་སོ། །(བསྐལ་ཆེན་ཞེས་པ་ཆོས་བཟང་བསྐལ་པ་ནི་མ་ཡིན་ནོ་)རི་རབ་ཀྱི་གཙུག་ཏོར་གྱི་(ཚད་ཀྱི་)འོག་ སྐྲའི་གནས་(དཔྲལ་བའི་བར་དུ་)ཏེ་ཟད་པར་སྟོང་པ་བསྒོམས་པ་རྣམས་ཀྱི་རྣམ་པ་བཞིའོ། །དེ་ 2-1-206 བཞིན་དུ་ཚངས་པའི་བསྐལ་པ་ཟུང་ནི་ཟུང་དང་ལྡན་པ་དག་དཔྲལ་བའི་གནས་ཏེ་ཟད་པར་ རླུང་བསྒོམས་པ་རྣམས་ཀྱི་རྣམ་པ་བཞིའོ། །དེ་བཞིན་དུ་ཚངས་པ་འཇིག་རྟེན་ལས་འདས་པ་ ཟུང་ནི་ཟུང་དང་ལྡན་པ་དག་སྣའི་གནས་ཏེ་ཟད་པར་མེ་བསྒོམས་པ་རྣམས་ཀྱི་རྣམ་པ་བཞིའོ། ། དེ་བཞིན་དུ་དཔལ་གྱི་བསྐལ་བ་ཟུང་ནི་ཟུང་དང་ལྡན་པ་དག་སྣའི་འོག་ཀོས་ཀོའི་མཐར་ཏེ་ ཟད་པར་ཆུ་བསྒོམས་པ་རྣམས་ཀྱི་རྣམ་པ་བཞིའོ། །དེ་བཞིན་དུ་དཀར་པོའི་བསྐལ་པ་ཟུང་ནི་ ཟུང་དང་ལྡན་པ་དག་མགྲིན་པའི་གནས་ཏེ་ཟད་པར་ས་བསྒོམས་པ་རྣམས་ཀྱི་རྣམ་པ་བཞིའོ། ། དེ་ལྟར་ན་གཟུགས་ཅན་རྣམས་ཀྱི་(གནས་)བསྐལ་པ(འི་མིང་ཅན་)བཅུ་དྲུག་སྟེ་(ཚེའི་ཚད་ནི་)བསྐལ་ པ་(མཆོག་གི་གོང་མ་བརྒྱད་དང་བསྐལ་པ་བར་མ་འོག་མ་བརྒྱད་ལ་སྦྱར་ཏེ་བསྐལ་པ་)བཅུ་དྲུག་ནས་བརྩམས་ ནས(བཅོ་ལྔ་ལ་སོགས་པ་)བསྐལ་པ་རེ་རེའི་བར་(ཁྱད་)གྱི་ཚེའོ(གཟུགས་མེད་པའི་ཚེ་ཚད་ལ་བསྐལ་པ་ཆེན་ པོ་དང་འདོད་ལྷའི་ཚེ་ཚད་ལ་བསྐལ་བ་ཆུང་ངུ་སྦྱར་བའི་ཕྱིར་གཟུགས་ཁམས་པའི་ཚེ་ཚད་ལ་བསྐལ་པ་མཆོག་དང་བར་མ་དོན་ གྱི་ཐོབ་བོ)། །མགྲིན་པ(སུམ་གཉིས་)འི་འོག་དེ་ནས་བརྩམས་ནས་འོག་རླུང་གི་དཀྱིལ་འཁོར་གྱི་ མཐའི་བར་དུ་འདོད་པའི་སྲིད་པ་བཅུ་གཅིག་ཏེ་ཤིན་ཏུ་དབང་གྱུར་(དགའ་རབ་དབང་ཕྱུག་བདུད་ཀྱི་)གནས་ནས་འདོད་པ་བཅུ་གཅིག་གོ། ཞེས་གསུངས་ཏེ་འདོད་པ་བཅུ་གཅིག་གི་དབྱེ་བས་ ཐ་དད་དོ་ཞེས་པའི་དོན་ཏོ། །(དེ་རྣམས་ཀྱི་ཡི་གེ་)གཟུགས་མེད་{པ}དག་ནི་ཨ་སོགས་བཞི་པོ་ཧ་ འཁྲིག་བྲལ་བ་རྣམས་ཏེ། ཞེས་པ་ནི་འདིར་གཟུགས་མེད་པ་ལ་སོགས་པ་རྣམས་ཀྱི་ས་བོན་ གྱི་ཡི་གེ་ནི་ཨ་ཡིག་ལ་སོགས་པ(འཆད་པར་འགྱུར་བ་)འི་དབྱངས་བཞི་སྟེ་དེ་རྣམས་ཀྱང་(འདོད་ ལྷའི་ཡི་གེ་)ཧ་ཡིག་གཉིས་དང་བྲལ་བའོ། །(ཧ་འཁྲིག་བྲལ་ཞེས་པ་)འདི་ནི་(ཟད་པར་)སྟོང་པ་དྲུག་ཏུ་ དོགས་པ(འི་གནས་)མེད་(པར་བྱེད་)པའི་ཚིག་གོ། ཨི་ལ་སོགས་པ་བཅུ་དྲུག་གཟུགས་ཞེས་པ་ ནི་འདིར་དབྱངས་བཅུ་དྲུག་པོ་གང་དག་གི་དང་པོ་ཨི་ཡིག་ཡིན་པ་དེ་དག་ནི་ཨི་ལ་སོགས་པ་ ཞེས་བརྗོད་དེ་ཨི་ལ་སོགས་པ་བཅུ་དྲུག་ནི་གཟུགས་རྣམས་སོ། །ཧ་སོགས་ལ་མཐའ་ཡང་ནི་ 2-1-207 འདོད་པ་རྣམས་བཅུར་རབ་ཏུ་གསལ་ཏེ། ཞེས་པ་ནི་དབྱངས་བཅུའི་རྣམ་པར་འགྱུར་བ་གང་ དག་གི་དང་པོ་ཧ་ཡིག་ཡིན་ལ་མཐའ་ལ་ཡིག་ཡིན་པ་དེ་དག་ནི་ཧ་སོགས་ལ་མཐའ་སྟེ་འདོད་ པ་རྣམ་པ་བཅུར་འགྱུར་རོ། །རབ་ཏུ་གསལ་ཏེ་ལུང་ལས་གསུངས་པ་ཡོད་པའོ། །གསལ་ བྱེད་གཅིག་པ་ཀ་སའོ། །ཞེས་པ་ནི་གསལ་བྱེད་ཀ་ཡིག་ལ་སོགས་པ་མཐའ་དག་(ནི་ཀ་ཙ་ཌ་པ་ ཏ་ྈྐ་ཤ་ཥ་ྉྤ་སས་ཞེས་)སོ་སོར་བསྡུ་བས་ཡང་དག་པར་བསྡུས་པ་(ཀ་ནས་སའི་བར་གྱི་ཡི་གེ་སུམ་ཅུ་)ནི་ཡི་གེ་ གཅིག་པ་ཀ་སར་འགྱུར་ཏེ་ཀ་དང་ས་(ཙན་ཏྲ་པར་ཀུ་ལས་ཀྱང་ཞེས་པས་ས་ཡིག་ཥ་ཡིག་སྟེ་)བརྩེགས་པ་ཀྵ་ ཡིག་གོ་ཞེས་པའི་དོན་ཏོ། །དེ་ཡང་འདོད་པའི་སྲིད་པ་བཅུ་གཅིག་པ(དམྱལ་བ་)འོ། ༡༤ ། ༈ སྲིད་པ་སུམ་ཅུ་རྩ་གཅིག་རྣམས་ཀྱིས་འདིར་ནི་སྲིད་གསུམ་དུ་འགྱུར་ཞེས་པ་ནི་ཨ་ ཡིག་ལ་སོགས་པ་སྲིད་པ་སུམ་ཅུ་རྩ་གཅིག་པོ་འདི་རྣམས་ཀྱིས་སྲིད་པ་གསུམ་སྟེ་འདོད་པའི་ སྲིད་པ་དང་གཟུགས་ཀྱི་སྲིད་པ་དང་གཟུགས་མེད་པའི་སྲིད་པར་འགྱུར་རོ། །འདིར་སྲིད་པ་ སུམ་ཅུ་རྩ་གཅིག་ཅེས་པ་ནི་གཟུགས་མེད་ལ་སོགས་པ་སྟེ་(ཅི་ཡང་མེད་པའི་འདུ་ཤེས་ཀྱང་རགས་པར་ མཐོང་ནས་བཟློག་པས་)འདུ་ཤེས་མེད་(ལ་འདུ་ཤེས་ཕྲ་མོ་ཡོད་པས་)འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་ བར་འགྲོ་བ་དང་(གཟུགས་ཅན་དང་གཟུགས་མེད་ཀྱི་ཆོས་)ཅི་ཡང་མེད་པ(ར་འདུ་ཤེས་པ་)འི་སྐྱེ་མཆེད་དུ་ ཉེ་བར་འགྲོ་བ་དང་(ནམ་མཁའི་འདུ་ཤེས་ཀྱང་བཤིག་ནས་)རྣམ་ཤེས་མཐའ་ཡས་(སོ་ཞེས་དམིགས་ཤིང་འདུ་ ཤེས་པའི་)སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་(གཟུགས་ཀྱི་འདུ་ཤེས་བཤིག་སྟེ་)ནམ་མཁའ་མཐའ་ཡས་(སོ་ སྙམ་པའི་འདུ་ཤེས་འབྱུང་བའི་)སྐྱེ་མཆེད་དུ་ཉེ་བར་འགྲོ་བ་ཞེས་པ་ནི་གཟུགས་མེད་པ་བཞིའོ། །འོག་ མིན་ལ་སོགས་པ་གཟུགས་བཅུ་དྲུག་སྟེ། (གཟུགས་ཁམས་ཀྱི་མཐར་ཐུག་ཅིང་གོང་ན་གཟུགས་ཀྱི་གནས་གཞན་ མེད་པས་)འོག་མིན་དང་(ཡེ་ཤེས་གཟུགས་པ་ཤིན་ཏུ་དག་པས་)ཤིན་ཏུ་མཐོང་བ་དང་(ཉོན་མོངས་པའི་གདུང་བ་ མེད་པས་)མི་གདུང་བ་དང་(གཙང་མའི་ལྷ་གོང་མ་བས་བསོད་ནམས་ཆུང་བའམ་འོག་མ་ཡིན་པས་)མི་ཆེ་བ་དང་(སོ་ སྐྱེའི་བསོད་ནམས་མཆོག་ལས་སྐྱེས་པས་)འབྲས་བུ་ཆེ་བ་དང་(མི་གཡོ་བའི་བསོད་ནམས་ལས་སྐྱེས་པས་)བསོད་ 2-1-208 ནམས་སྐྱེས་དང་(སྤྲིན་འཁྲིགས་པ་དང་འདྲ་བར་གནས་འདབ་ཆགས་པ་མེད་པས་)སྤྲིན་མེད་དང་(དེ་བས་ལྷག་པའི་ དགེ་བ་དེ་མན་ཆད་ལ་མེད་པའི་འཇིག་རྟེན་གྱི་བསམ་གཏན་གྱི་བདེ་བ་རྫོགས་པས་)དགེ་རྒྱས་དང་(འོག་མས་ཚད་བཟུང་ དུ་མེད་པའི་དགེ་བ་ལས་གྲུབ་པས་)ཚད་མེད་དགེ་བ་དང་(གོང་མ་གཉིས་ལས་དགེ་བ་ཆུང་བས་)དགེ་ཆུང་(འོད་ ཀྱི་གནས་ཀུན་ཏུ་དགེ་བ་ཆུང་བས་)འོད་གསལ་བ་དང་(འོད་ཀྱི་རྒྱ་དང་གསལ་བ་འོག་མས་ཚད་གཟུང་མི་ནུས་པས་) ཚད་མེད་འོད་དང་( གོང་མ་གཉིས་ལས་འོད་ཀྱི་གསལ་རྒྱ་གཉིས་ཀ་ཆུང་བས་)འོད་ཆུང་དང་(ཚེ་གཟུགས་སོགས་ ཚངས་པ་ཕལ་བ་ལས་ཁྱད་པར་འཕགས་ཤིང་མི་འབྱེད་ཀྱི་བདག་པོ་བྱེད་པས་)ཚངས་ཆེན་དང་(ཚངས་ཆེན་གྱིས་ བསྙེན་བཀུར་བྱེད་ཅིང་སྨྲང་འདོན་པས་)ཚངས་པ་འདུན་ན་འདོན་དང་(འདོད་ཁམས་ཀྱི་མི་དགེ་ བས་ཚངས་ཤིང་དག་པའི་རིགས་སུ་གཏོགས་པས་)ཚངས་རིས་ཞེས་པ་ནི་གཟུགས་བཅུ་དྲུག་གོ། གཞན་ འཕྲུལ་དབང་བྱེད་ལ་སོགས་པ་འདོད་པ་བཅུ་གཅིག་སྟེ། (འདོད་ཡོན་གཞན་གྱི་སྤྲུལ་པ་ལ་དབང་བྱེད་ པས་)གཞན་འཕྲུལ་དབང་བྱེད་དང༌། (འདོད་ཡོན་རང་གི་སྤྲུལ་པ་ལ་ཅི་དགར་སྤྱོད་པས་)འཕྲུལ་དགའ་ དང་(ཐེག་ཆེན་གྱི་ཆོས་ཀྱི་དགའ་བདེ་དང་ལྡན་པས་)དགའ་ལྡན་དང་(ལྷ་མ་ཡིན་གྱི་འཐབ་མོའི་འཇིག་པ་ དང་བྲལ་བས་)འཐབ་བྲལ་དང་(གཙོ་བོ་སུམ་ཅུ་རྩ་གསུམ་ཡོད་པའམ་ཡིད་འཁྲུགས་ཀྱི་གནས་ལ་སོགས་པ་གནས་ གཞན་སུམ་ཅུ་རྩ་གསུམ་ཡོད་པས་)སུམ་ཅུ་རྩ་གསུམ་དང་(རྒྱལ་ཆེན་བཞིའི་རིས་སུ་གཏོགས་པས་)རྒྱལ་ཆེན་ བཞིའི་རིས་ཞེས་བྱ་བ་སྟེ། འདོད་པ་ན་སྤྱོད་པའི་ལྷ་དྲུག་ནི་བསྐལ་པ་ཆུང་ངུ་དྲུག་དང་ལྔ་དང་ བཞི་དང་གསུམ་དང་གཉིས་དང་གཅིག་གི་བསྐལ་པའི་ཚེ་དང་ལྡན་པའོ། །འདིར་(ལྷ་)དེའི་ ནང་དུ་འདུས་པའི་ལྷ་མ་ཡིན་དང་མི་དང་དུད་འགྲོ་དང་ཡི་དྭགས་དང་དམྱལ་བ་ཞེས་བྱ་བ་ནི་ འདོད་པའི་སྲིད་པ་ལྔ་སྟེ། དེ་ལྟར་ན་སྲིད་པ་སུམ་ཅུ་རྩ་གཅིག་གོ། གཟུགས་མེད་པ་ལ་སོགས་ པ་འདི་རྣམས་ཀྱི་མིང་གི་སྔགས་ཨ་ཡིག་ལ་སོགས་པ་རྣམས་བརྗོད་པའི་རིམ་པས་གྲངས་ བཞིན་དུ་འདི་ལྟ་སྟེ། ཨ་ཨཱ་ཨྂ་ཨཱཿཞེས་པ་ནི་གཟུགས་མེད་པ་སྟེ་ཟད་པར་ནམ་མཁ(བཞིའི་ ཡི་གེ་)འོ་ཨི་ཨཱི་ཨེ་ཨཻ་ཞེས་པ་ནི་ཟད་པར་རླུང་དང༌། རྀ་རཱྀ་ཨར་ཨཱར་ཞེས་པ་ནི་ཟད་པར་མེ་ 2-1-209 དང༌། ཨུ་ཨཱུ་ཨོ་ཨཽ་ཞེས་པ་ནི་ཟད་པར་ཆུ་དང༌། ལྀ་ལཱྀ་ཨལ་ཨཱལ་ཞེས་པ་ནི་ཟད་པར་ས(འི་ ཡི་གེ་)སྟེ། ཚུལ་ཁྲིམས་ཀྱི་སྟོབས་དང་ཟད་པར་རླུང་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྟོབས་ ཀྱིས་འོག་མིན་ལ་སོགས་པ་གཟུགས་བཅུ་དྲུག་ཏུ་(སྐྱེ་བར་)འགྱུར་རོ། །ཧ་ཧཱ་ཡ་ཡཱ་ར་རཱ་ཞེས་ པ་འདོད་པ་ན་སྤྱོད་པ་དྲུག་ཏུ་སྦྱིན་པའི་སྟོབས་དང་སྔགས་བཟླས་པའི་སྟོབས་ཀྱིས་འགྱུར་རོ། ། ཝ་ཝཱ་ཞེས་པ་ནི་ལྷ་མ་ཡིན་དང་མི་སྟེ་སྦྱིན་པའི་སྟོབས་ཀྱིས་ལྷ་མ་ཡིན་དང་(འཕེན་བྱེད་)དགེ་ བ་དང་(རྫོགས་བྱེད་ཕལ་ཆེར་)མི་དགེ་བའི་ལས་ཀྱི་སྟོབས་ཀྱིས་མིར་འགྱུར་རོ། །ལ་ལཱ་ཞེས་པ་ནི་ དུད་འགྲོ་དང་ཡི་དྭགས་ཏེ་སྡིག་པ་ཆུང་ངུས་དུད་འགྲོ་དང་སྡིག་པ་འབྲིང་གིས་ཡི་དྭགས་སོ། ། ཀྵ་ཡིག་གིས་དམྱལ་བ་སྟེ་སྡིག་པ་ཆེན་པོས་འགྱུར་རོ། །ཀླུའི་འཇིག་རྟེན་དང་པོར་བསོད་ ནམས་ཀྱི་སྟོབས་དང་དམྱལ་བའི་གནས་དང་པོར་སྡིག་པའི་སྟོབས་ཀྱིས་བསྐལ་པ་ཆུང་ངུའི་ ཚེའོ། །དམྱལ་བའི་གནས་གཉིས་པ་དང་གསུམ་པར་བསྐལ་པ་བར་མའི་ཚེའོ། །དམྱལ་བའི་ གནས་བཞི་པ་དང་ལྔ་པར་བསྐལ་པ་མཆོག་གི་ཚེའོ། །དམྱལ་བའི་གནས་དྲུག་པ་དང་བདུན་ པར་བསྐལ་པ་ཆེན་པོའི་ཚེའོ། །བརྒྱད་པར་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པའི་ཚེ་སྟེ་དེ་ ལྟར་སྲིད་པ་སུམ་ཅུ་རྩ་གཅིག་གིས་སྲིད་པ་གསུམ་མོ་ཞེས་པའི་དོན་ཏོ། །ཁམས་ཀྱི་དབྱེ་བས་ ནི་ཁམས་གསུམ་མོ། །སྲིད་གསུམ་མ་ལུས་ནི་མཐོ་རིས་དང་མི་ཡུལ་དང་ས་འོག་གོ། (སྲིད་པ་ གསུམ་པོ་)འདི་ཡང་(རྣམ་པར་དག་པའམ་ནང་ལ་སྦྱར་ན་)སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གསུམ་དུ་ འགྱུར་ཏེ། (དེ་ཡང་)ཨ་སོགས་(ཐབས་དང་)ཀ་སོགས་(ཤེས་རབ་ཀྱི་)རབ་ཏུ་དབྱེ་བ་ལས་(ཡབ་ཡུམ་གྱི་ རིགས་དྲུག་ཏུ་འགྱུར་)ཞེས་ཤེས་པར་བྱའོ། ། ༈ བསྐལ་པ་ཆུང་ངུའི་ཚད་ནི་ཆུ་དང་ཞིང་ལ་དཔག་ཚད་གཅིག་པའི་དོང་སྟེ་དེ་ཡང་སྐྲའི་ རྩེ་མོ་ཕྲ་མོ་རྣམས་ཀྱིས་ཡོངས་སུ་བཀང་བ་ལས་〔མིའི་〕ལོ་བརྒྱ་ན་སྐྲའི་རྩེ་མོ་རེ་རེ་ཕྱུང་བས་ གང་གི་ཚེ་སྟོང་པར་གྱུར་པ་དེའི་ཚེ་བསྐལ་པ་ཆུང་ངུའི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ 2-1-210 ཅུའི་ཚད་ཀྱིས་ཟླ་བ་དང་ཟླ་བ་བཅུ་གཉིས་ཀྱི་ལོ་དང་ལོ་བརྒྱ་ལ་བསྐལ་པ་ཞེས་བརྗོད་དོ། ། དེ་བཞིན་དུ་དེའི་སྟེ་(བསྐལ་ཆུང་ལ་ཞག་ཏུ་བྱས་པའི་ལོ་བརྒྱ་)ནི་བསྐལ་པ་བར་མ་སྟེ་བསྐལ་པ་བར་ མ(ལ་ཞག་ཏུ་བྱས་པའི་ལོ་བརྒྱ་)འི་སྡེས་མཆོག་གི་བསྐལ་པ(དང་དེ་ལ་ཞག་ཏུ་བྱས་པའི་ལོ་བརྒྱ་ལ་བསྐལ་པ་ཆེན་ པོ་ཞེས་གསུངས། ཡང་ན་བསྐལ་པ་སྔ་མ་སྔ་མ་བརྒྱ་བརྒྱ་ལ་བསྐལ་པ་ཕྱི་མ་རེ་རེ་བྱས་པ་ཡིན་ནོ་)འོ། །དེ་ལྟར་སེམས་ ཅན་རྣམས་སྡིག་པའི་དབང་གིས་བསྐལ་པའི་གྲངས་དུ་མར་དམྱལ་བ་ལ་སོགས་པའི་སྡུག་ བསྔལ་བར་འགྱུར་རོ། །ལྷ་རྣམས་བསོད་ནམས་ཀྱི་དབང་གིས་བསྐལ་པ་དུ་མར་མཐོ་རིས་ ལ་སོགས་པའི་བདེ་བར་འགྱུར་རོ། ། ༈ ད་ནི་ཀླུའི་གནས་ལ་སོགས་པ་རྣམས་ཀྱི་མིང་གསུངས་ཏེ་མིང་དེ་ལ་རྩོད་པ་མེད་ དོ། །རིན་ཆེན་སྣང་ནས་གསེག་མའི་ཆུ་ནི་དམྱལ་བར་ངེས་པར་བརྗོད་དེ། ཞེས་པ་ནི་འདིར་ གནས་གང་ན་རིན་པོ་ཆེ་རྣམས་ཀྱིས་སྣང་བའི་གནས་དེ་ནི་རིན་ཆེན་སྣང་སྟེ་ལྷ་མ་ཡིན་དང་ ཀླུའི་འཇིག་རྟེན་དེ་ནས་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའི་ཚད་ནི་རིན་ཆེན་སྣང་དེ་ ནས་གསེག་མའི་ཆུ་ནི་དམྱལ་བར་ངེས་པར་བརྗོད་དེ་བཤད་ཅེས་པའི་དོན་ཏོ། །བྱེ་མའི་ཆུ་ ཞེས་པ་ནི་གཉིས་པ་དང༌། འདམ་གྱི་ཆུ་ནི་གསུམ་པ་སྟེ་གྲང་བའི་དམྱལ་བ་གཉིས་སོ། །དེའི་ འོག་ཏུ་མི་བཟད་པའི་དུ་བ་ནི་བཞི་པ་དང་མེ་ནི་ལྔ་བ་སྟེ་ཚ་བའི་དམྱལ་བ་གཉིས་སོ། །དེའི་ འོག་ཏུ་མུན་པ་ནི་དྲུག་པ་དང༌། ངུ་འབོད་ཆེན་པོ་དང་ནི་བདུན་པ་སྟེ་དྲག་པོའི་རླུང་གི་དམྱལ་ བ་གཉིས་སོ། །རྡོ་རྗེའི་མེ་ལྕེ་དང་བཅས་པ( འི་དམྱལ་བ་)བརྒྱད་པ་ནི་དང་ཡིག་གིས་ཏེ། རྡོ་རྗེ་ ཁབ་རྩེའི་སའི་ཆ་རྟག་ཏུ་རབ་ཏུ་འབར་བ(ར་གནས་ཤིང་དམྱལ་བ་བདུན་པའི་མཐའ་ན་)འོ། །དམྱལ་བ་ ཆེན་པོ་བརྒྱད་པོ་རྣམས་ནི་ས་འོག་ནའོ། ༡༥ ། ལན་ཚྭ་ཆང་དང་ཆུ་དང་འོ་མ་ཞོ་དང་མར་དང་སྦྲང་རྩིའི་རྒྱ་མཚོ་བདུན་ཏེ། ཞེས་པའི་ ལན་ཚྭ་ནི་སའི་དཀྱིལ་འཁོར་གྱི་ཕྱི་རོལ་ནའོ། །ཆང་ལ་སོགས་པ་ནི་སའི་སྟེང་ནའོ། །རི་བོ་ 2-1-211 ནི་བདུན་ཏེ་(ནང་ནས་)འོད་སྔོན་(དང་)མན་ད་ར་(སྟེ་དཀྱིལ་འཁོར་འཛིན་གྱི་)རི་(དང་)ནི་ཥ་ཊ་(རྩུབ་ལྡན་ ནམ་མཚན་མོ་སྣང་)དང་ནོར་བུའི་འོད་ཟེར་(དང་)དྲོ་ཎ་(ཚད་ལྡན་དང་)བསིལ་རི་(དང་)རྡོ་རྗེའོ་ཞེས་པ་ རྡོ་རྗེ་ནི་ལན་ཚྭའི་རྒྱ་མཚོའི་ཕྱི་རོལ་ནའོ། །ཁ་བ་ཅན་ལ་སོགས་པའི་རི་རྒྱུད་སོ་སོ་ནི་ཆང་ལ་ སོགས་པའི་རྒྱ་མཚོ་སོ་སོའི་ཕྱི་རོལ་ན་ཆུའི་ཕྲེང་བ་འཆིང་བ(འམ་སྐྱོར་པ་)བཞིན་ནོ། །(ནང་ནས་) གླིང་ནི་ཟླ་བ(འི་གླིང་དང་)འོད་དཀར་(གྱི་གླིང་)དག་དང་རབ་མཆོག་ཀུ་ཤ(འི་གླིང་)དང་ནི་མིའམ་ ཅི(འི་གླིང་)དང་ཁྲུང་ཁྲུང་(གི་གླིང་)དང་དྲག་པོ(འི་གླིང་)ཡང་ནི་ལོངས་སྤྱོད་ས་སྟེ་(བདུད་རྩིའི་འབྲས་བུའི་ ཁ་ཟས་ཅན་གཞན་ལྷ་ལ་སོགས་པའོ་)བདུན་པ་འཛམ་བུ(འི་གླིང་)མི་རྣམས་གནས་པ་དག་ནི་ལས་ཀྱི་ ས་ཞེས་པ་བདུན་པ་འཛམ་བུའི་གླིང་ཆེན་པོ་ཟླུམ་པོའི་རྣམ་པ་ཞིང་དུ་དཔག་ཚད་འབུམ་ཕྲག་ གཅིག་དང་ཁོར་ཡུག་ཏུ་འབུམ་ཕྲག་གསུམ་ཡོད་པ་གང་དུ་མི་རྣམས་གནས་པ་དེ་ནི་(དགེ་མི་ དགའི་)ལས་(སྟོབས་ལྡན་)ཀྱི་ས་དང་དྲུག་ནི་ལོངས་སྤྱོད་ཀྱི་སར་རིག་པར་བྱའོ། །འཛམ་བུའི་གླིང་ ནི་ལན་ཚྭའི་རྒྱ་མཚོའི་ངོགས་ན་སྟེ། ལྷག་མ་(དྲུག་)ནི་ཆང་(དང་)ལ་སོགས་པ(ཆུ་འོ་མ་ཞོ་མར་སྦྲང་རྩི་) འི་ངོགས་ནའོ། ༡༦ ། ༈ ད་ནི་འཛམ་བུའི་གླིང་ཆེན་པོ་ལ་གླིང་བཞི་རྣམས་གསུངས་པ། ཤར་དུ་རླུང་ནི་ཤིན་ ཏུ་ཟླུམ་པོ་ཞེས་པ་ནི་(སའི་དུམ་བུ་ཐམས་ཅད་ཚད་མཉམ་ཞིང་དབྱིབས་མཚུངས་ཀྱང་ཁམས་ཀྱི་དབང་གིས་རང་རང་གི་ དབུས་སུ་ཚད་དང་དབྱིབས་ཐ་དད་པས་མཚན་པ་སྟེ་)ཤར་དུ་རླུང་གི་དཀྱིལ་འཁོར་གྱི་རང་བཞིན་གྱིས་ཤིན་ ཏུ་ཟླུམ་པོ་སྟེ། (དཔག་ཚད་བདུན་སྟོང་པས་མཚན་པས་)ཟླ་བ་ཉ་བའི་རྣམ་པའོ། །ལྷོ་རུ་མེའི་དཀྱིལ་ འཁོར་གྱི་རང་བཞིན་གྱིས་གྲུ་གསུམ་(དཔག་ཚད་བརྒྱད་སྟོང་པ་)དང་བྱང་དུ་ཆུའི་དཀྱིལ་ འཁོར་གྱི་རང་བཞིན་གྱིས་ཟླུམ་པོ་ཕྱེད་པ་(དཔག་ཚད་དགུ་སྟོང་པ་)དང་ནུབ་ཏུ་སའི་དཀྱིལ་འཁོར་ གྱི་རང་བཞིན་གྱིས་གྲུ་བཞི་(དཔག་ཚད་ཁྲི་པ་)སྟེ་ཆུ་ཡི་གཏེར་གྱི་ཟུར་ཞེས་སོ། །དབུས་སུ་ལྷུན་པོ་ སྟོང་པའི་དཀྱིལ་འཁོར་གྱི་རང་བཞིན་གྱིས་ཐེག་ལེའི་རྣམ་པ(སྟེ་ཟླུམ་པོ་རྩ་བའི་རྒྱ་ལ་དཔག་ཚད་ཁྲི་དྲུག་ 2-1-212 སྟོང་པ་)འོ། །རྡོ་རྗེ་མཆོག་གི་རང་བཞིན་དཀྱིལ་འཁོར་རྣམས་ཀྱི་དབུས་སུ་སྟེ། ཞེས་པ་ནི་ཤར་ དང་ལྷོ་དང་བྱང་དང་ནུབ་ཀྱི་དཀྱིལ་འཁོར་རྣམས་ཀྱི་དབུས་སུ་ལྷུན་པོ(ཤར་ཨིན་དྲ་ནི་ལ་ལྷོ་པདྨ་ར་ ག་ནུབ་ཀར་ཀེ་ཏ་བྱང་ཟླ་བ་ཆུ་ཤེལ་དབུས་རིན་པོ་ཆེ་ལྗང་ཁུ་)འོ(དེའི་ཕྱིར་ལྷུན་པོ་ཁོང་སྟོང་ནི་མ་ཡིན་ནོ)། །ས་ཡི་སྟེང་ དུ་དཔག་ཚད་སྟོང་ཕྲག་རྣམས་ནི་རི་དང་ཀླུ་དང་གཟའ་དང་ཕྱོགས་རྣམས་དག་ཏུ་འགྱུར་ཏེ། (གླིང་བཞི་པ་རྣམས་ཀྱི་དབུས་སུ་མཚན་པ་ནི་)དཀྱིལ་འཁོར་ཆེན་པོ་བཞི་པོ་འདི་རྣམས་ཀྱི་དཔག་ཚད་ ཀྱི་ཚད་ནི་གྲངས་བཞིན་དུ་སའི་སྟེང་དུ་རི་ཞེས་པ་སྟོང་ཕྲག་བདུན་དང་ཀླུ་ཞེས་པ་སྟོང་ཕྲག་ བརྒྱད་དང་གཟའ་ཞེས་པ་སྟོང་ཕྲག་དགུ་དང༌། ཕྱོགས་ཞེས་པ་སྟོང་ཕྲག་བཅུ་སྟེ་གླིང་བཞི་ རྣམས་ཀྱི་དཔག་ཚད་ཀྱི་ཚད་(ཤར་དང་ལྷོ་དང་བྱང་དང་ནུབ་རྣམས་སོ་)རིམ་པ་བཞིན་ནོ། །འདིར་གང་ ཞིག་ཤར་ཟླུམ་པོ་དང་ནུབ་གྲུ་བཞི་ཡིན་པ་དེའི་ཕྱིར་རང་གི་ལུས་རང་བཞིན་གྱིས་མདུན་དང་ རྒྱབ་རླུང་དང་སའི་རང་བཞིན་དང༌། གཡོན་དང་གཡས་ཀྱི་ལུས་ནི་ཆུ་དང་མེའི་རང་བཞིན་ ནོ། །དེའི་ཕྱིར་དཀྱིལ་འཁོར་བཞིའི་རྣམ་པས་གླིང་བཞི་རྣམས་ཀྱི་(ཁམས་དང་ཁྱད་པར་གྱི་དབྱིབས་ཀྱི་)མཚན་ཉིད་དོ། ༡༧ ། ༈ ད་ནི་ལྷུན་པོ་ལ་སོགས་པ་རྣམས་ཀྱི་རྒྱའི་ཚད་གསུངས་པ་ལྷུན་པོ་ཡི་ནི་སྟེང་གི་རྒྱ་ ཤར་ནས་{ནུབ་དང་བྱང་ནས}ལྷོའི་ཆའི་བར་དུ་སྟོང་ཕྲག་ལྔ་བཅུའོ། །ས་གཞི་དག་གི་གནས་ ལ་(རྩ་བའི་ཐད་ཀའི་)རྒྱར་སྟོང་ཕྲག་བཅུ་དྲུག་གོ། སྟོང་ཕྲག་གཅིག་ནི་(ལྷུན་པོའི་རྩ་བར་འགྲམ་སྟེགས་ ལྟ་བུ་)ཁོར་ཡུག་(ཏུ་གནས་པ་)དག་གི་ཡང་དག་པའི་ཞིང་ངོ༌། །སྟེང་གི་[རྩེ་མོ་[རྭ]ལྔ་པོ་རྣམས་ ནི་ས་གཞིའི་གནས་(གླིང་དང་མཚོ་དང་རི་དྲུག་)རྣམས་(ཀྱི་སྟེང་)ལ་(རི་དྲུག་པ་གངས་ལྡན་གྱི་སྟེང་གི་ཐད་ཀར་) ཕྱིར་སོན་པ་སྟེ། ཕྱོགས་ཀུན་ཏུ་ནི(སྟོང་ཕྲག་གཅིག་པའི་)ཁོར་ཡུག་ཀྱང་ངོ་(འདིར་སྟེང་གི་རྩེ་མོ་ལྔ་པོ་ཞེས་ པ་རྩ་མིའི་འགྱུར་ལ་ཡང་ཡོད་མོད། ར་དང་ཤོང་གི་འགྱུར་ལ་རྭ་ལྔ་པོ་ཞེས་པར་ཡོད་པ་ལྟར་ལེགས་ཏེ་ལྷུན་པོའི་རྩ་བ་ནས་སྟེང་ དུ་ཅུང་ཟད་འཕགས་པ་ནས་ལྷུན་པོའི་ངོ་བོ་ལས་ཕྱིར་འབུར་བའི་བང་རིམ་ཁོར་ཡུག་ཏུ་ཡོད་པ་ལྔ་པར་དང་བཅས་པ་སྟེང་ནས་ 2-1-213 སྟེང་དུ་བརྩེགས་པའི་བང་རིམ་འོག་མ་འོག་མ་ལས་གོང་མ་གོང་མ་རྣམས་རྒྱ་ཆེ་བར་ཡོད་ལ་དེ་ལྟ་བུའི་བང་རིམ་ལྔ་ལ་རྭ་ལྔ་ཞེས་ ཐ་སྙད་བྱས་པ་སྟེ་རྭ་སྟེང་མ་ནི་འོག་གི་ཁ་བའི་རི་དང་རྒྱ་མཉམ་ཞིང་རྭ་འོག་མ་རྩ་བའི་ཁོར་ཡུག་དང་རྒྱ་མཉམ་པ་ཡོད་དེ་བང་ རིམ་འོག་མ་བཞི་ནི་རྒྱལ་ཆེན་རིགས་བཞི་པའི་ལྷའི་གནས་སོ། །རྣམ་པ་འདི་དག་ཡེ་ཤེས་ལེའུ་ལས་ཀྱང་གསལ་བར་བསྟན་ ཡོད་ཅིང་འཇིག་རྟེན་ཁམས་ཀྱི་བཀོད་པ་ཁོ་བོས་རི་མོར་གསལ་བར་བཀོད་ཡོད་པ་ལས་ཤེས་པར་བྱའོ)། །དེ་ཡི་ཕྱི་རོལ་ གླིང་དང་རི་བོ་དག་དང་ཞེས་པ་ནི་ཁོར་ཡུག་དེའི་ཕྱིར་རོལ་[རྩེ་མོ[རྭ]། བཞིའི་ཁོངས་སྐྱིབས་ (སྟེ་རྭ་འོག་མ་ལས་སྟེང་མ་རྒྱ་ཇེ་ཆེར་སོང་ཡོད་པའི་བྱ་སྐྱིབས་)ཀྱི་(འོག་གི་)གནས་སུ་གླིང་དྲུག་དང་མཚོ་དྲུག་ དང་རི་དྲུག་སྟེ་(བཅོ་བརྒྱད་པོ་)དེ་རྣམས་ལས་(ཐ་མའི་)ཁ་བའི་རི་དང་[རྩེ་མོ་[རྭ](སྟེང་མ་རྒྱ་)མཉམ་ པ(རྭ་ལྔ་ཡོད་པ་ལ་རྭ་བཞིའི་ཁོངས་སྐྱིབས་ཞེས་འབྱུང་བ་ནི་རྭ་འོག་མའི་ཁོངས་སྐྱིབས་ན་ལྷུན་པོའི་འགྲམ་སྟེགས་ཀྱི་ཁོར་ཡུག་ གནས་པས་ཁོར་ཡུག་གི་ཕྱི་རོལ་གྱི་གླིང་ལ་སོགས་པ་རྣམས་རྭ་སྟེང་མ་བཞིའི་ཁོངས་སྐྱིབས་ཀྱི་འོག་ན་གནས་པ་ཡིན་ནོ་)འོ། ། (གླིང་)བདུན་པ་ནི་འཛམ་བུའི་གླིང་སྟེ་དེའི་(འོག་དང་ལོག་ཐམས་ཅད་ཀྱི་)ཕྱི་རོལ་ན་ལན་ཚྭའི་ཆུ་ གཏེར་གྱི་དཀྱིལ་འཁོར་དང་(དེའི་ཡང་འོག་དང་ལོགས་)ཐམས་ཅད་ནས་མེའི་དཀྱིལ་འཁོར་དང་ རླུང་གི་དཀྱིལ་འཁོར་རོ། ༡༨ ། ཆུ་གཏེར་དྲུག་པོ་ཐམས་ཅད་ཀྱང་ནི་ཟླ་བ་ཟླ་བ་གཅིག་གིས་དམན་པའི་སྟོང་ཕྲག་རེ་རེ་ སྟེ། ཞེས་པ་ནི་རྒྱ་མཚོ་དྲུག་སྟེ་རྒྱ་མཚོ་སོ་སོ་ལ་(དཔག་ཚད་)བཅུ་གཅིག་ལྷག་པའི་བརྒྱས་དམན་ པའི་སྟོང་ཕྲག་(སྟེ་དཔག་ཚད་བརྒྱད་བརྒྱ་བརྒྱད་ཅུ་རྩ་དགུ་ཉིད་)ཏུ་འགྱུར་རོ་ཞེས་པའི་དོན་ཏོ། །(བཅུ་གཅིག་ ལྷག་པའི་བརྒྱ་ནི་སྟོང་ཕྲག་བཅུ་དྲུག་དང་བཅོ་བརྒྱད་ཀྱི་བར་ཁྱད་སྟོང་ཕྲག་གཉིས་ལ་བཅོ་བརྒྱད་ཀྱིས་བགོས་པའི་ཐོབ་ནོར་རོ་) དེ་བཞིན་དུ་གླིང་རྣམས་དྲུག་དང་རི་རྒྱུད་མཆོག་རྣམས་དྲུག་ཉིད་དེ། གླིང་དང་རི་དང་རྒྱ་མཚོ་ བཅོ་བརྒྱད་པོ་འདི་རྣམས་(ཞིང་གི་)ཚད་མཉམ་མོ། །དེ་ཉིད་ཞིབ་མོར་ནི་སྟོང་ཕྲག་བཅུ་དྲུག་ ལས་བཅོ་བརྒྱད་ཀྱིས་ཐོབ་པའི་ཆས་ཚད་གསལ་བར་འགྱུར་རོ། །ཟླ་བ་ཟླ་བ་གཅིག་གིས་ དམན་པ་ཞེས་པ་ནི་རྩིང་གེའི་ཚད་མདོར་བསྡུས་ཏེ་བརྗོད་པའོ། །འདིར་ལྷུན་པོའི་འོག་གི་ཆ་ 2-1-214 ལ་ཚངས་པའི་གནས་ནས་ཕྱོགས་ཐམས་ཅད་དུ་དཔག་ཚད་སྟོང་ཕྲག་བརྒྱད་དང་ཁོར་ཡུག་ གི་གཅིག་གོ། དཔག་ཚད་སྟོང་ཕྲག་དགུའི་ཕྱི་རོལ་དཔག་ཚད་སྟོང་ཕྲག་བཅུ་དྲུག་གི་བར་ དུ་གླིང་དྲུག་ལ་སོགས་པ་རྣམས་གནས་སོ། །དེའི་ཕྱིར་སྟོང་ཕྲག་བཅུ་དྲུག་ལས་བཅོ་བརྒྱད་ ཀྱིས་ཐོབ་པའི་ཆས་ཚད་གསལ་བར་འགྱུར་རོ(ཐོབ་པའི་ནོར་ནི་དཔག་ཚད་བརྒྱད་བརྒྱ་བརྒྱད་ཅུ་རྩ་བརྒྱད་རྒྱང་ གྲགས་གསུམ་གཞུ་སྟོང་དང་བརྒྱ་ཅུ་གཅིག་པོར་བཅུ་ནས་ལྔ་ཤིག་གཉིས་སྐྱེ་ཚེ་ལྔ་སྐྲ་རྩེ་གཉིས་རྡུལ་ཕྲ་མོ་ལྔ་དང་ཕྲ་མོའི་སུམ་ཆ་ གཅིག་གོ)། །(བཅོ་བརྒྱད་པོ་)དེའི་ཕྱི་རོལ་ལྷུན་པོའི་ཕྱོགས་བརྒྱད་དུ་སྟོང་ཕྲག་ཉི་ཤུ་རྩ་ལྔ་ནི་འཛམ་ བུའི་གླིང་ཆེན་པོའི་ཡངས་པ་(ཁ་ཞིང་)སྟེ་ཟླུམ་པོའི་རྣམ་པའོ། །དེའི་ཕྱི་རོལ་ཕྱོགས་ཐམས་ཅད་ དུ་ལན་ཚྭའི་ཆུ་གཏེར་(གྱི་ཁ་ཞིང་)འབུམ་ཕྲག་ཕྱེད་ཀྱི་ཚད་དུ་འགྱུར་རོ། །སྲིད་པ་གསུམ་པོ་ འཛིན་པ་(ཞེས་པ་ནི་མོའི་རྟགས་ལ་ཕོའི་རྟགས་སུ་བྱས་པ་སྟེ་)ཡི་ནི་མཐའ་མ་དག་གི་མེའི་དཀྱིལ་འཁོར་ དང་རླུང་གི་དཀྱིལ་འཁོར་གྱི་ཚད་དག་(ཆུ་)དེ་བཞིན་ནོ། །དེ་ལྟར་ན་ལྷུན་པོ(འོག་གཞི་)འི་ཚངས་ པའི་གནས་(དེའི་དབུས་)ནས་(རླུང་གི་མཐར་ཐུག་པའི་)ཕྱོགས་ཐམས་ཅད་དུ་དཔག་ཚད་འབུམ་ཕྲག་ གཉིས་གཉིས་སུ་འགྱུར་ཏེ་(ཚད་དེ་ནང་)ལུས་ལ་(སྦྱར་ན་)བྲང་གི་(དབུས་ནས་)ཕྱེད་(ཕྱོགས་གཅིག་)ནི་ སའི་དཀྱིལ་འཁོར་རོ། །(དེ་ནས་)དཔུང་པ(འི་མཐའི་བར་)ནི་ཆུའི་དཀྱིལ་འཁོར་དང༌། ཉེ་བའི་ དཔུང་པ་ནི་(ལག་ངར་གྱི་མཐའི་བར་)མེའི་དཀྱིལ་འཁོར་དང༌། ནོར་བུ་འཆིང་བ་(འཁྲིག་མ་)ནས་ ལག་པའི་(སོར་མོའི་རྩེ་མོའི་)མཐར་ནི་རླུང་གི་དཀྱིལ་འཁོར་ཏེ། དེ་ལྟར་ན་(ཕྱི་ནང་གི་)འཇིག་རྟེན་ གྱི་ཁམས་ཀྱི་ཚད་དོ། ༡༩ ། ༈ ད་ནི་ཚངས་པའི་གནས་སུ་དུས་ཀྱི་འཁོར་ལོ་ཞེས་པ་ལ་སོགས་པས་དུས་ཀྱི་འཁོར་ ལོ་དང་ལྷ་དང་ཀླུ་དང་གནས་དང་ཉེ་བའི་གནས་ལ་སོགས་པ་(ཕྱི་དང་ནང་ལ་སྦྱར་བ་)རྣམས་ཀྱི་ གནས་གསུངས་ཏེ། ཕྱི་རོལ་ཏུ་(ལྷུན་པོའི་)ཚངས་པའི་གནས་(དེ་སྟེང་གི་དབུས་)དང་ལུས་ལ་གཙུག་ ཏོར་གྱི་ནོར་བུ་ལ་དུས་ཀྱི་འཁོར་ལོ(རྡོ་རྗེ་སེམས་དཔའ་བཞུགས་པ་)འོ། །(འདིས་ནི་དུས་ཀྱི་འཁོར་ལོ་རྡོ་རྗེ་ 2-1-215 སེམས་དཔའ་ཉིད་བརྟན་གཡོ་ཐམས་ཅད་ཀྱི་སྙིང་པོའི་དོན་དུ་བསྟན་པའོ་)དེ་ཉིད་ནི། རྒྱལ་བ་མཆོག་བཅས་ཡང་ དག་བསྟོད་པ་སྟེ། (མི་བསྐྱོད་པ་ལ་སོགས་པ་)སངས་རྒྱས་ཐམས་ཅད་དང་བཅས་པ་འདུས་ཤིང་ (རང་བཞིན་གྱིས་)གཅིག་ཏུ་འདྲེས་པར་གྱུར་པ་དང་(དཀྱིལ་འཁོར་ལ་བཀོད་པའི་)ལྷའི་ཚོགས་བྱང་ཆུབ་ སེམས་དཔའ་དང་ཚངས་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་བསྟོད་པ(སྟེ་དེ་ཐམས་ཅད་ཀྱི་ གཙོ་བོར་གྱུར་པ་)འོ། །ལྷུན་པོ(འི་སྐྲའི་གནས་ནས་གདོང་དང་མགྲིན་པ་དང་སྟེང་དང་བང་རིམ་གྱི་རྣམ་པའི་རྭ་རྣམས་)ལ་ ནི་ཚིག་མདའ་ཚངས་པ་ལ་སོགས་པ་(གཟུགས་དང་གཟུགས་མེད་པ་དང་འདོད་པའི་ལྷ་)རྣམས་ཀྱི་ཚོགས་ ཏེ་ས་གཞིའི་འོག་ན་གནས་པ་ཀླུ་རྣམས་དག་ནི་(རྒྱལ་རིགས་སོགས་)རིགས་ལྔའི་ཚོགས་སོ། །(དེ་ ལུས་ལ་སྦྱར་བ་ཡང་དོན་གྱིས་རིག་པར་བྱའོ་)དཔལ་ལྡན་ལྷུན་པོའི་ཕྱོགས་རྣམས་ཀུན་ཏུ་སྟེ་ཕྱོགས་ བརྒྱད་དུ་སའི་དཀྱིལ་འཁོར་ལ་སོན་གནས་རྣམས་ཀུན་དང་ཉེ་བའི་གནས་ཞེས་པ་ལ་གནས་ (ཕྱི་ལ་སྦྱར་བ་)ནི་ཕྱོགས་བཞིར་རླུང་དང་མེ་དང་ཆུ་དང་སའི་རང་བཞིན་གྱིས་གནས་པ། ཤར་གྱི་ ལུས་འཕགས་དང་འཛམ་བུའི་གླིང་ཆུང་ངུ་དང་བྱང་གི་སྒྲ་མི་སྙན་དང་ནུབ་ཀྱི་བ་ལང་སྤྱོད་དོ། ། ཉེ་བའི་གནས་〔ཕྱི་ལ་སྦྱར་བ་〕ནི་(ཁམས་ཀྱི་)རང་བཞིན་དེ་ཉིད་ཀྱིས་ཕྱོགས་མཚམས་རྣམས་ སུ་སྟེ་མེ་དང་བདེན་བྲལ་དང་དབང་ལྡན་དང་རླུང་གི་ཕྱོགས་སུའོ། །དེ་བཞིན་དུ་ཞིང་དང་ཉེ་ བའི་ཞིང་ནི་རྒྱ་མཚོའི་ཕྱེད་(ནང་མའི་ཕྱོགས་བཞི་དང་མཚམས་བཞི་)ལའོ། །འདུན་པ་དང་ཉེ་བའི་འདུན་ པ་ནི་རྒྱ་མཚོའི་ཕྱེད་གཞན་(ཕྱི་མའི་ཕྱོགས་བཞི་དང་མཚམས་བཞི་)ལའོ། །འདུས་པ་ཅན་དང་ཉེ་བའི་ འདུས་པ་ཅན་ནི་མེའི་དཀྱིལ་འཁོར་གྱི་ཕྱེད་(ནང་མའི་ཕྱོགས་བཞི་དང་མཚམས་བཞི་)ལའོ། །ཁང་པ་ དང་ཉེ་བའི་ཁང་བ་ནི་མེའི་ཕྱེད་གཞན་(ཕྱི་མའི་ཕྱོགས་བཞི་དང་མཚམས་བཞི་)ལའོ། །དུར་ ཁྲོད་དང་ཉེ་བའི་དུར་ཁྲོད་ནི་རླུང་གི་དཀྱིལ་འཁོར་གྱི་ཕྱེད་ལའོ། །(འདིར་དུར་ཁྲོད་ཀྱི་སྔོན་དུ་བེཤྨ་ལྷག་ ཅིང་ཕྱི་ནས་བཱི་ལ་བ་ཆད་པ་ལ་ནི་རྒྱ་དཔེ་འགའ་ཞིག་གི་སྐྱོན་ནོ་ཞེས་གསུང་ངོ༌། །་)དུར་ཁྲོད་ཆེན་པོ་བརྒྱད་ནི་རླུང་གི་ དཀྱིལ་འཁོར་གྱི་མཐའ་ལ་(སྟེ་ཕྱེད་ཕྱི་མ་)དང༌། དེ་ལྟར་གནས་ལ་སོགས་པ་(བཅུ་གཉིས་པོ་)རྣམས་ 2-1-216 (ཕྱིའི་འཇིག་རྟེན་ལ་སྦྱར་བའི་)ས་བཅུ་གཉིས་སུ་རིག་པར་བྱ་སྟེ་(ནང་)ལུས་ལ་ཡང་ས་བཅུ་གཉིས་(སྦྱར་ བ་)ནི་ལག་པ་དང་རྐང་པ་དག་གི་ཚིགས་(ཆེན་)བཅུ་གཉིས་སོ། ༢༠ ། ༈ ད་ནི་ཕྱོགས་སྐྱོང་རྣམས་ཀྱི་གནས་གསུངས་པ་ཤར་དུ་བརྒྱ་བྱིན་ཞེས་པ་སྟེ་ཤར་དུ་ བརྒྱ་བྱིན་ནི་ལྷུན་པོའི་སྟེང་གི་ཤར་ཕྱོགས་སུ་བརྒྱ་བྱིན་ནོ། །མེར་ནི་མེ་ལྷ་དང༌། གཤིན་རྗེའི་ ཕྱོགས་སུ་གཤིན་རྗེ་དང་བདེན་བྲལ་དུ་སྲིན་པོ་དང་ནུབ་ཕྱོགས་སུ་ཆུ་ལྷ་དང་རླུང་དུ་རླུང་ལྷ་ དང༌། ནོར་སྦྱིན་དུ་གནོད་སྦྱིན་དང་འཕྲོག་བྱེད་ཀྱི་ཕྱོགས་སུ་དྲག་པོ་དང༌། སྟེང་གི་ཆར་ཚངས་ པ་དང༌། འོག་ཏུ་ཁྱབ་འཇུག་གོ། བརྒྱ་བྱིན་ལ་སོགས་པ་འདི་རྣམས་མཚོན་(ཆ་སྣ་ཚོགས་དང་) ལྡན་(ཞིང་རང་རང་གི་)འཁོར་གྱི་སྐྱེ་བོ་དང་བཅས་རང་རང་ཕྱོགས་(ན་གནས་པའི་སེམས་ཅན་ རྣམས་)ནི་སྲུང་ཞིང་སྐྱོང་བ་སྟེ(ཕྱོགས་སྐྱོང་འདི་དག་གཞན་ཡིན་པར་ཡང་བཞེད་མོད་ཀྱི་ཕྱོགས་སྐྱོང་ཀུན་རྫོབ་པ་ཉིད་ ལ་སྦྱར་ན་བདེའོ)། དེ་རྣམས་ཀྱི་དབུས་སུ་དུས་ཀྱི་འཁོར་ལོ་(རྡོ་རྗེ་སེམས་དཔའ་)རྒྱལ་བ་(མི་བསྐྱོད་པ་ལ་ སོགས་པ་)རྣམས་ཀྱི་སྐྱེད་མཛད་གཞོམ་དུ་མེད་པ་རྡོ་རྗེའི་སྐུ་སྟེ་ཕྱོགས་སྐྱོང་རྣམས་ཀྱི་གཙོ་བོ་(སྟེ་ ཕྱག་དང་སྐྱབས་ཀྱི་གནས་སོ་)ཞེས་བྱ་བའི་དོན་ཏོ། ༢༡ ། ༈ (བཅུ་གཅིག་པ་འཁོར་ལོ་བསྒྱུར་བ་ཆེན་པོ་འབྱུང་བའི་ངོ་བོ་ཉིད་ཀྱི་གནས་པ་དང་)ད་ནི་(མ་འོངས་པའི་དུས་ན་ འཛམ་གླིང་ཆེན་པོའི་)ས་དུམ་བུ་བཅུ་གཉིས་ལ་(ཐུབ་པའི་བསྟན་པ་རིམ་གྱིས་དར་བའི་མཇུག་ཏུ་ཀླ་ཀློའི་བསྟན་པ་ ཉམས་པར་བྱ་སྟེ་རྩོད་ལྡན་དུ་གྱུར་བ་ན་ཀླ་ཀློ་གཞོམ་པའི་དོན་དུ་ཆོས་ཀྱི་)འཁོར་ལོ་སྒྱུར་བ་ཆེན་པོ་(འཇམ་དབྱངས་ ཉིད་སའི་དུམ་བུ་འདིར་རིགས་ལྡན་གྱི་རྒྱལ་པོ་དྲག་པོ་དང་སའི་དུམ་བུ་གཞན་རྣམས་སུ་རྒྱལ་པོའི་སྐྱེ་བ་གཞན་དང་གཞན་ དུ་བསྒྱུར་བའི་ཚུལ་གྱིས་)འཁོར་བ་གསུངས་པ་ལྷུན་པོའི་རྒྱབ་ཀྱི་ཕྱོགས་ཞེས་པ་ལ་སོགས་པ་སྟེ། (འདིར་ཐུབ་པའི་བསྟན་པའི་དབང་དུ་བྱས་པའི་དུས་བཞི་རིམ་པ་གཉིས་འབྱུང་བར་གསལ་ཏེ་འཛམ་གླིང་ཆུང་ངུ་འདིར་ནི་དང་པོ་ དེ་བཞིན་གཤེགས་པའི་ཆོས་བསྟན་པའི་དུས་ནས་མ་འོངས་པའི་རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པའི་བར་ལ་དུས་བཞི་རིམ་ པ་གཅིག་དང་དེ་ནས་འཁོར་ལོ་ཅན་གྱི་དུས་བཞི་འབྱུང་བའོ། །དེ་ལ་འདིར་དངོས་སུ་ཚང་བར་གསུངས་པའི་དུས་བཞི་ནི་འཁོར་ 2-1-217 ལོ་ཅན་གྱི་སྟེ་དུས་བཞི་སྔ་མ་ཡང་ཚིག་ཟུར་གྱིས་བསྟན་ཏོ། །དེ་ལ་ཀླ་ཀློ་འཇོམས་པའི་དོན་དུ་འཁོར་ལོ་བསྒྱུར་བ་འཁོར་ཚུལ་ནི་) ལྷུན་པོའི་[རྒྱབ་ཀྱི་[འོག་གི] (ར་ཟེར་)ཕྱོགས་རྣམས་སུ་ནི་ས་གཞི་(དུམ་བུ་བཅུ་གཉིས་པོ་)དག་ལ་ ལྷ་མིན་(གྱི་ཆོས་ལུགས་སྤྱོད་པ་)ཀླ་ཀློ་(སོག་པོ་)རྣམས་ཀྱིས་རྒྱལ་པར་དཀའ་བ(འི་རིགས་ལྡན་གྱི་རྒྱལ་པོ་ འཁོར་ལོ་ཅན་)འཁོར་རོ། །སའི་དུམ་བུ་གང་དུ་(ཐོག་མར་སངས་རྒྱས་ཀྱི་བསྟན་པ་རྫོགས་ལྡན་བྱུང་སྟེ་དེ་ནས་)དེ་ བཞིན་གཤེགས་པའི་ཆོས་ནི་(རིམ་གྱིས་གསུམ་ལྡན་དང་གཉིས་ལྡན་དང་རྩོད་ལྡན་དུ་གྱུར་ཏོ་)རྣམ་པར་ཉམས་ ཤིང་(སངས་རྒྱས་ཀྱི་ཆོས་)དེ་རྣམས་[ལས་[ཀྱི་ར་ཟེར་]བཟློག་པ(ཀླ་ཀློ་)འི་ཆོས་(ཤས་ཆེར་)འཇུག་ པ(དུས་བཞི་སྔ་མའི་རྩོད་ལྡན་དུ་གྱུར་པ་)འི་ས་གཞི་དེར་འཁོར་ལོ་ཅན་འཁོར་ཏེ་རྩོད་(ལྡན་གྱི་)དུས་ལ་ ཆོས་མིན་རབ་ཏུ་(སྟེ་ཤས་ཆེར་)འཇུག་པ་དེ་ཉིད་རྩོད་(ལྡན་གྱིས་)དུས་འཇུག་པ་ཞེས་པའི་དོན་ཏོ། ། ཆོས་མ་ཡིན་པའི་བདག་ཉིད་དེ་ཉིད་(ཤས་ཆེར་འབྱུང་པའི་དུས་ཡིན་པས་)རྩོད་པའི་དུས་སོ། (འདིར་སྨོས་ པའི་རྩོད་དུས་ནི་དུས་བཞི་སྔ་མའི་རྩོད་དུས་ཏེ་འཁོར་ལོ་ཅན་ཀླ་ཀློ་འཇོམས་པ་ལ་འབྱོན་པའི་སྔོན་དུ་འབྱུང་བའི་རྩོད་དུས་ཡིན་ པའི་ཕྱིར་རོ། །དེའི་ཤུགས་ཀྱི་དུས་བཞི་སྔ་མའི་རྫོགས་ལྡན་སོགས་གསུམ་ཡང་བསྟན་ནོ། །རྩོད་དུས་ཀླ་ཀློའི་ཆོས་འཇིག་པར་ བསྟན་པར་ཡང་ཀླ་ཀློའི་ཆོས་ཤས་ཆེ་བར་སོང་བའི་དབང་དུ་བྱས་པས་ཡིན་ལ་རྩོད་དུས་འཇུག་པའི་སའི་དུམ་བུར་འཁོར་ལོ་ ཅན་འཁོར་བར་གསུངས་པ་ཡང་རྩོད་དུས་ཞུགས་མ་ཐག་འཁོར་ལོ་ཅན་འཁོར་བ་ནི་མ་ཡིན་གྱི་རྩོད་ལྡན་ཀྱི་མཐར་འཁོར་ལོ་ ཅན་འབྱོན་པ་ལ་དགོངས་པ་ཡིན་ནོ)། དུམ་བུ་གང་དང་གང་དུ་ཀླ་ཀློའི་ཆོས་(ཤས་ཆེར་)ཞུགས་པ(དུས་བཞི་སྔ་ མའི་རྩོད་ལྡན་གྱི་མཐར་གྱུར་པ་)འི་དུམ་བུ་དེ་དང་དེར་ནི་རབ་(ཕུལ་དང་མཆོག་)ཏུ་གྱུར་པས་བགྲོད་པར་ བྱེད་པ་ནི་རབ་ཏུ་བགྲོད་པར་བྱེད་པ(སྟེ་འཁོར་ལོ་ཅན་འཁོར་བས་བྱ་བ་མཛད་ཚུལ་ནི་)འོ། ། ཀླ་ཀློ་རྣམས་དང་ཀྱང་ཡིག་གིས་ལྷ་མིན་ལ་སོགས་པ་〔ནག་པོའི་ཕྱོགས་གཞན་〕རྣམས་ཀྱང་ གཡུལ་དུ་བཅོམ་སྟེ་(འཁོར་ལོ་ཅན་)རང་གི་ཆོས་ལ་ཀླ་ཀློ་ལ་སོགས་པ་དེ་རྣམས་དགོད་པར་བྱས་ ནས་(འཁོར་ལོ་ཅན་རིགས་ལྡན་གྱི་རྒྱལ་པོ་ནི་རང་གི་)མདུན་(ནམ་སྔོན་ན་གནས་པ་བདེ་བ་ཆེན་པོའི་གནས་ཉིད་)དུ་ རྣམ་པར་རྒྱུ(བ་སྟེ་གཤེགས་པར་མཛད་དོ་)འོ(ལེའུ་འདི་ཉིད་ལས་དུམ་བུ་དག་ཏུ་ཀླ་ཀློའི་ཆོས་ནི་བཅོམ་ནས་འཁོར་ལོ་ཅན་ 2-1-218 ཡང་བདེ་བའི་གནས་སུ་འགྲོ་ཞེས་གསུངས་པ་དང་དོན་གཅིག་གོ)། ། ༈ (དེ་ལྟར་དུས་བཞི་སྔ་མའི་མཐར་འཁོར་ལོ་ཅན་གྱི་ཀླ་ཀློ་བཅོམ་སྟེ་དེ་ནས་འཁོར་ལོ་ཅན་གྱི་དུས་བཞི་འབྱུང་བའི་ ཚུལ་ནི་)རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དག་དང་རྩོད་དུས་གཞན་ནི་དུས་ཀྱི་སྦྱོར་བ་དག་ གིས་འབྱུང་བར་འགྱུར་ཞེས་པ་ནི་འདིར་(གསུང་པའི་དུས་བཞི་ནི་)རྫོགས་ལྡན་ལ་སོགས་པ་དུས་ བཞི་གཞན་(འཁོར་ལོ་ཅན་གྱི་བསྟན་པའི་དབང་དུ་བྱས་པའི་དུས་བཞི་ཡིན་ནོ་)ཏེ་(འོག་ནས་འཆད་པར་འགྱུར་བའི་) རྫོགས་ལྡན་ཆེན་པོ་ལ་སོགས་པ་(དུས་བཞི་ཆེན་པོ་ནི་)མ་ཡིན་ནོ་ཞེས་པའི་དོན་ཏོ། །དུས་བཞི་ འདི་ནི་དུས་ཀྱི་སྦྱོར་བས་འབྱུང་བར་འགྱུར་ཏེ་དུས་ནི་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་ པའོ། །དེ(འཆར་བ་)འི་སྦྱོར་བ་ནི་དུས་ཀྱི་སྦྱོར་བ་སྟེ་(འཆར་བ་ཞེས་འབྲོ་ར་རྩ་མིའི་འགྱུར་ལ་ཡོད་པ་ལེགས་) མཚམས་བཞིའི་དབྱེ་བ(སྔ་ཕྱི་རིམ་ཅན་དུ་འབྱུང་བ་)ས་(དེ་དང་འདྲ་བར་དུས་བཞི་སྔ་ཕྱི་རིམ་ཅན་དུ་)འབྱུང་བར་ འགྱུར་རོ། ༢༢ ། (དེ་ལ་སའི་)དུམ་བུ་གང་དུ་(དུས་བཞི་སྔ་མའི་རྩོད་ལྡན་གྱི་མཐར་ཀླ་ཀློ་འཇོམས་པའི་)སྟོབས་ལྡན་འཁོར་ ལོ་ཅན་(རིགས་ལྡན་གྱི་རྒྱལ་པོ་)དེ་རབ་ཏུ་ཞུགས་པ་(སའི་དུམ་བུ་)དེར་ནི་རྫོགས་ལྡན་དུས་བགྲོད་དེ་ རྫོགས་ལྡན་དུས་ཞེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་(རྐང་བ་བཞི་ཡོངས་སུ་ རྫོགས་པ་)བགྲོད་དོ་ཞེས་པའི་དོན་ཏོ། །རྒྱལ་པོ(ཞེས་པ་སངས་རྒྱས་ཀྱི་ཆོས་སྟོན་པ་པོ་སྟེ་དེ་)འི་རྒྱབ་ཏུ་(སྟེ་ རྗེས་སུ་)གསུམ་ལྡན་ཞེས་པ་ནི་རྒྱལ་པོའི་རྒྱབ་ཏུ་རྫོགས་ལྡན་གྱི་མཐར་ཆོས་ཀྱི་རྐང་པ་(སྟེ་བཞི་ ཆ་)གཅིག་མེད་པ་(གསུམ་གྱི་མགོ་)དང་གསུམ་ལྡན་གྱི་མཐར་རྐང་པ་གཉིས་མེད་པ་ནི་གསུམ་ ལྡན་དུ་འགྱུར་རོ། །(དུས་བཞི་སྔ་མའི་)རྩོད་པའི་དུས་ཀྱང་(འཁོར་ལོ་ཅན་རིགས་ལྡན་གྱི་)རྒྱལ་པོ(འབྱུང་ བ་)འི་མདུན་(ཏེ་སྔོན་འབྱུང་)དག་ཏུ་སྟེ། (ཞེས་པ་འདི་ནི་ཀྱང་གི་སྒྲས་ཞར་ལ་འོངས་པའོ། །ཡང་ན་རྩ་མིའི་འགྱུར་ལ་ རྩོད་པའི་དུས་ཀྱི་རྒྱལ་པོ་འཁོར་ལོ་ཅན་གྱི་གཉིས་དང་ལྡན་པ་གཉིས་དབུས་ཞེས་བྱ་བ་ནི་རྩོད་ལྡན་དང་གསུམ་ལྡན་གྱི་དབུས་སུ་ གཉིས་ལྡན་ཆོས་ཀྱི་རྐང་པ་གསུམ་མེད་དོ། །རྩོད་ལྡན་གྱི་མཐར་ཆོས་ཀྱི་རྐང་བ་བཞི་མེད་པར་འགྱུར་རོ། །ཞེས་འབྱུང་བ་ལྟར་ 2-1-219 དུས་བཞི་འདི་ཉིད་ཀྱི་རྩོད་དུས་ཀྱི་སྔོན་དུ་གཉིས་ལྡན་འབྱུང་བ་སྦྱར་རོ། །ར་འགྱུར་ལ་ནི་རྒྱལ་པོ་ལྟ་བུ་ཞེས་པ་འདི་ཡང་མེད་ དོ། །འཁོར་ལོ་ཅན་གྱི་དུས་བཞིའི་ནང་ནས་)རྩོད་པའི་མཐར་ཆོས་ཀྱི་རྐང་པ་བཞི་མེད་པའོ། །གཉིས་ཀྱི་ བར་དུ་གཉིས་ལྡན་ནོ། །ཞེས་པ་ནི་རྩོད་དུས་དང་གསུམ་ལྡན་གཉིས་ཀྱི་བར་དུ་ཆོས་ཀྱི་རྐང་ པ་གསུམ་མེད་པ་ནི་གཉིས་ལྡན་ནོ(འདིར་རྒྱབ་ཏུ་ཞེས་པ་རྩ་མིས་ཕྱིར་ཏུ་ཞེས་པ་དང་ར་དང་རྨ་རྗེས་སུ་ཞེས་པ་དང་ མདུན་ཞེས་པ་འདི་ར་དང་རྨ་ཡང་ཟེར་བ་ལྟར་ལེགས་སོ། །འགྱུར་འདིའི་སྒྲ་དྲང་ཐད་ལྟར་སའི་དུམ་བུ་གཅིག་ན་རྫོགས་ལྡན་དང་ དེའི་རྒྱབ་ཀྱི་དུམ་བུ་ན་གསུམ་ལྡན་དང་མདུན་གྱི་དུམ་བུ་ན་རྩོད་ལྡན་དང་{གསུམ་ལྡན་གྱི་}པར་གྱི་དུམ་བུ་ན་གཉིས་ལྡན་ཡོད་ པར་འཆད་པ་ལ་ནི་མི་འགྲིག་པའི་སྐྱོན་ཆེན་པོ་ཡོད་དེ་ངག་ལས་ཤེས་པར་བྱའོ)། ། ༈ དུས་བཞི་པོ་རྣམས་དག་གི་ལོའི་ཚད་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་དག་དང་ བཅས་པ་སྟེ་རོ་བརྒྱ་ཞེས་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་ཚད་དེར་འགྱུར་ (ཞེས་པ་ཐོག་མར་འཛམ་གླིང་ཆུང་ངུ་འདི་རིགས་ལྡན་དྲག་པོས་ཀླ་ཀློ་བཅོམ་སྟེ་སངས་རྒྱས་ཀྱི་ཆོས་རྫོགས་ལྡན་དུ་མཛད་ཅིང་ འཁོར་ལོ་ཅན་གྱི་དུས་བཞི་ལོ་སྟོང་བརྒྱད་བརྒྱར་གནས་པ་ནས་བཟུང་སྟེ་ས་དུམ་བུ་བཅུ་གཉིས་པོ་ཐམས་ཅད་དུ་དུས་བཞི་ལོ་ སྟོང་བརྒྱད་བརྒྱ་རེ་གནས་པས་དུས་བཞི་ས་དུམ་བུ་བཅུ་གཉིས་པོ་འཁོར་བ་ལ་མི་ལོ་ཉི་ཁྲི་ཅིག་སྟོང་དྲུག་བརྒྱར་འགྱུར་)རོ། ། (དུས་བཞི་པོ་)རེ་རེ་དག་གི་ཚད་ནི་(ཞེས་པ་དུམ་བུ་བཅུ་གཉིས་པོ་ཐམས་ཅད་དུ་འཁོར་བའི་དུས་བཞི་པོ་རེ་རེའི་ལོ་ གྲངས་ནི་)དུས་དང་མདའ་ཡིས་བསྒྱུར་བའི་ཞེས་པ་ལ་དུས་ནི་བཞི་དང་མདའ་ནི་ལྔ་སྟེ་ལྔ་བཅུ་ རྩ་བཞི་པོ་དེ་དག་གིས་བསྒྱུར་བ་ནི་དུས་དང་མདའ་ཡིས་བསྒྱུར་བའོ། །མི་རྣམས་དག་གི་ལོ་ བརྒྱ་གང་ཡིན་པའོ། །ཞེས་པ་ལོ་བརྒྱ་བསྒྱུར་བ་བཞི་བརྒྱ་ལྷག་པའི་སྟོང་ཕྲག་ལྔར་འགྱུར་ཏེ་ དུས་སོ་སོའི་ཚད་མཉམ་མོ(འདི་བསྟན་པའི་གནས་ཚད་ཡིན་པར་བཞེད་པ་མང་ན་ཡང་མི་རིགས་ཏེ་ལོ་ཉིས་ཁྲི་ཅིག་ སྟོང་དྲུག་བརྒྱ་ལ་ས་དུམ་བུ་བཅུ་གཉིས་ཀྱི་བགོས་པས་ལོ་སྟོང་བརྒྱད་བརྒྱ་རེ་ཐོབ་ཅིང་སངས་རྒྱས་ཀྱི་ཆོས་གསུངས་ནས་ལོ་ཉིས་ སྟོང་དང་ཉིས་བརྒྱ་ལྷག་པ་ཙམ་འདས་པས་སའི་དུམ་བུ་འདིར་བསྟན་པ་ནུབ་ནས་ལོ་བཞི་བརྒྱ་ལྷག་པ་ཙམ་ལོན་པར་འགྱུར་བ་ ལས་བསྟན་པ་ད་དུང་ཡང་ལོ་མང་བོར་གནས་པའི་ཕྱིར་རོ་དེས་ན་འདི་ནི་འཁོར་ལོ་ཅན་གྱི་དུས་བཞི་ལ་སྤྱིར་བསྟན་པའི་གནས་ 2-1-220 ཚད་དུ་འཁྲུལ་བའི་སྐྱོན་ནོ། །སྤྱིར་བསྟན་བའི་གནས་ཚད་དང་སྔར་ཅི་ཙམ་འདས་པ་དང་བསྟན་པའི་དུས་བཞི་རིམ་པ་གཉིས་ཀྱི་ རྣམ་པར་བཞག་པ་ལ་སོགས་པ་ནི་ཁོ་བོས་བསྟན་རྩིས་ཀྱི་ཡི་གེ་ལོགས་སུ་བཀོད་པ་ལས་ཤེས་པར་བྱའོ)། ༢༣ ། ༈ (བཅུ་གཉིས་པ་ཤིན་ཏུ་ཕྲ་བའི་དབུགས་ལ་སོགས་པ་ཉིན་མོའི་ཚད་ལ་སོགས་པའི་ངོ་བོ་ཉིད་)ད་ནི་མིའི་ལུས་ སྐྱེས་ལ་སོགས་པ་རྣམས་ཀྱི་དབུགས་ཀྱི་ཚད་གསུངས་པ། ཕྲ་དབུགས་ཞེས་པ་ལ་སོགས་པ་ སྟེ། ཕྲ་ཞེས་པ་ནི་མིའི་དབུགས་འཇུག་པ་དང་འབྱུང་བ་གཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ ཉི་ཤུ་རྩ་གཅིག་ཏུ་གྱུར་པའི་ཆ་གཅིག་ནི་(སྲོག་ཆགས་)ཕྲ་མོའི་དབུགས་སོ། །དབུགས་དེ་དྲུག་ནི་ ལུས་སྐྱེས་(ཀྱི་)སྲིན་བུའི་རིགས་(དང་)ལ་སོགས་པ(དེ་ལས་གཞན་པའི་སྲིན་བུ་ཕྲ་མོ་)འི་ཆུ་སྲང་གཅིག་ དང༌། ཆུ་སྲང་དྲུག་ཅུ་ནི་ཆུ་ཚོད་དང༌། ཆུ་ཚོད་དྲུག་ཅུ་ནི་ཉིན་ཞག་སྟེ། ཉིན་ཞག་ཅེས་བྱ་བ་ནི་ ལུས་སྐྱེས་ལ་སོགས་པ་(ཕྲ་མོ་)རྣམས་ཀྱི་དབུགས་འཇུག་པ་དང་འབྱུང་བ་དྲུག་བརྒྱ་ལྷག་པའི་ སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་གྲངས་སོ། །དབུགས་དེ་རྣམས་འདས་པས་མི་རྣམས་ཀྱི་(དབུགས་ གཅིག་སྟེ་གྲངས་དེ་སྙེད་ཀྱིས་)རང་གི་ཉིན་ཞག་གོ། དྷྲུ་རྣམས་ཀྱིས་འབྱུང་པོ་ཡི་དྭགས་རྣམས་ཀྱི་རང་ གི་ཉིན་ཞག་སྟེ། དྷྲུ་ཞེས་པ་ནི་མིའི་དབུགས་སུམ་ཅུ་འགྱུར་གྱི་དབུགས་སོ། །(ཟླ་བའི་)ནག་པོའི་ ཕྱོགས་ཉིན་མོ་དང་དཀར་པོའི་ཕྱོགས་མཚན་མོ་ནི་ཡི་དྭགས་ཕ་མེས་ལ་སོགས་པ་རྣམས་ཀྱི་ རང་གི་ཉིན་ཞག་གོ། ཆུ་ཚོད་ཅེས་པ་ནི་མི་རྣམས་ཀྱི་དབུགས་སུམ་བརྒྱ་དྲུག་ཅུ་སྟེ། (འདོད་པའི་)ལྷ་རྣམས་ཀྱི་དབུགས་གཅིག་གོ། ཉིན་ཞག་ཅེས་པ་ནི་མི་རྣམས་ཀྱི་དབུགས་དྲུག་བརྒྱ་ལྷག་ པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་སྟེ་ལྷ་མི་རྣམས་ཀྱི་དབུགས་གཅིག་གོ། དྷུ་ཞེས་པ་ནི་མི་རྣམས་ ཀྱི་ལོ་སྟེ་ནུས་པའི་དབུགས་གཅིག་གོ། ནུས་པ་ཞེས་པ་ནི་འོག་མིན་པའི་སྐྱེ་བའོ། །དུས་བཞི་ ཞེས་པ་ནི་མི་རྣམས་ཀྱི་ལོའི་ཚོགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་སྟེ་གཙོ་བོའི་ དབུགས་གཅིག་གོ། གཙོ་བོ་ཞེས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་ འགྲོ་བའི་སྐྱེ་བའོ། །ཕྲ་(མོ་དང་)དབུགས་(དང་)དྷྲུ་དང་ཆུ་ཚོད་(དང་)ཉིན་ཞག(དང་)དྷུ་དང་(འཁོར་ 2-1-221 ལོ་ཅན་གྱི་)དུས་བཞི་དག་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་རྣམས་ནི་རིམ་པས་ལུས་ སྐྱེས་(ལ་སོགས་)ཕྲ་(མོ་)དང་མི་དང་འབྱུང་པོ་(དང་)ལྷ་དང་ལྷ་མིན་རྣམས་དང་ནི། ནུས་(པ་)དང་ གཙོ་བོའི་ཉིན་ཞག་གཅིག་གི་ཚད་དེ། དེ་ལྟར་སྔར་བརྗོད་པའི་རིམ་པས་ལུས་སྐྱེས་ལ་སོགས་ པ་འདི་རྣམས་ཀྱི་རང་རང་གི་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་(རང་ རང་གི་)ཉིན་ཞག་ཏུ་འགྱུར་རོ། ། ༈ ཚད་འདི་རྣམས་ལས་ནུས་པའི་ཚད་ནི་འོག་མིན་གྱི་ལྷའི་(ཉིན་ཞག་གཅིག་གི་ཚད་)ཚད་དེ་ (ལས་ཀྱི་)ས་གཞི་(དུམ་བུ་བཅུ་གཉིས་)དག་ལ་འཁོར་ལོ་ཅན་གྱི་དུས་བཞི་ནུས་པའི་(ཞག་གཅིག་མི་ལོ་ ཉིས་ཁྲི་ཅིག་སྟོང་དྲུག་བརྒྱའི་)ཚད་དུ་འཇུག་ཅེས་སོ། །(སའི་)དུམ་བུ་དུམ་བུར་(འཁོར་ལོ་ཅན་གྱི་དུས་བཞི་ འཇུག་པའི་དོན་དུ་)ཞི་བའི་གོ་འཕང་(ཐོབ་པའི་རིགས་ལྡན་)འཁོར་ལོ་ཅན་(ཤམ་བྷ་ལ་ནས་བྱོན་ཞིང་དུམ་བུ་སོ་ སོར་)བགྲོད་〔ཅེས་པ་གཤེགས་〕དེ་དུམ་བུ་སོ་སོར་སངས་རྒྱས་ཀྱི་ཆོས་རབ་ཏུ་བསྐོར་ནས་ཞི་ བའི་གོ་འཕང་(ཐོབ་པའི་རིགས་ལྡན་ཏེ་)བདེ་བ་ཆེན་པོའི་གནས་(ཆོས་ཀྱི་དབྱིངས་སུ་)བགྲོད་(དེ་གཤེགས་ སོ་)དོ། །(ནུས་པའི་)ཉིན་ཞག་གཅིག་ལ་(ཆོས་སྟོན་པ་པོའི་)ཉི་མ་བཅུ་གཉིས་སོ། །དུམ་བུ་སོ་སོ་རེ་ རེར་འཁོར་ལོ་བསྒྱུར་བ་ཆོས་རབ་ཏུ་སྟོན་པ་པོ་ཡང་སོ་སོ་རེ་རེ་སྟེ་(ནུས་པའི་)ཉིན་ཞག་གཅིག་ (གི་བར་)ལ་(ཆོས་སྟོན་པ་པོ་)འཁོར་ལོ་བསྒྱུར་བ་བཅུ་གཉིས་སུ་འགྱུར་རོ། །(དེ་ཡང་སའི་དུམ་བུ་འདིར་མ་ ཁའི་ཡུལ་དུ་ཀླ་ཀློ་ཞུགས་ནས་ལོ་སྟོང་བརྒྱད་བརྒྱ་ལོན་པ་ན་ཤམ་བྷ་ལ་ནས་རིགས་ལྡན་དྲག་པོ་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་སུ་བྱོན་ ཏེ་ཀླ་ཀློ་རྣམས་རང་གི་ཆོས་ལ་བཀོད་ནས་འཁོར་ལོ་ཅན་གྱི་དུས་བཞི་ལོ་སྟོང་བརྒྱད་བརྒྱར་གནས་ཤིང་དེ་བཞིན་དུ་སའི་དུམ་ བུ་གཞན་རྣམས་སུ་ཀླ་ཀློ་ལོ་བརྒྱད་བརྒྱ་རེ་གནས་པའི་རྗེས་སུ་འཁོར་ལོ་ཅན་གྱི་དུས་བཞི་ཡང་ལོ་སྟོང་བརྒྱད་བརྒྱ་རེ་གནས་ལ་ གཡས་སྐོར་གྱི་དང་པོའི་ཀླ་ཀློའི་གནས་ཚད་རྫོགས་པ་ན་དུམ་བུ་གཉིས་པར་ཀླ་ཀློ་འཇུག་ཅིང་དུམ་བུ་དང་པོའི་དུས་བཞི་རྫོགས་ པ་ན་དུམ་བུ་གཉིས་པར་དུས་བཞི་འཇུག་པའི་ཚུལ་གྱིས་)ནུས་པའི་དབུགས་དང་མི་རྣམས་ཀྱི་ལོ་བརྒྱ་ཕྲག་ བཅོ་བརྒྱད་བཅོ་བརྒྱད་ཀྱིས་(འཁོར་ལོ་ཅན་གྱི་བཅོ་བརྒྱད་ལ་དུམ་བུ་)རེ་རེ་བགྲོད་དེ། དེ་ལྟར་ན་ཆོས་ 2-1-222 ཀྱི་ཉིན་མོར་བྱེད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ལམ་རབ་ཏུ་སྟོན་པའི་ཉི་མ་(འཇམ་དབྱངས་ རིགས་ལྡན་དྲག་པོ་གཅིག་ཉིད་ས་དུམ་བུ་བཅུ་གཉིས་ལ་རྒྱལ་བོའི་སྐྱེ་བ་མི་འདྲ་བ་)བཅུ་གཉིས་(སུ་འགྱུར་དེ་དཔེར་ན་)སོ། ། ཕྱི་རོལ་ཏུ་ལོ་ལ་ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་ཉི་མ་(གཅིག་ཉིད་)བཅུ་གཉིས་སུ་འགྱུར་(བ་ལྟར་) རོ། ༢༤ ། ༈ ད་ནི་ཕྲ་མོ་ལ་སོགས་པ་རྣམས་ཀྱི་དབུགས་ཀྱི་དབྱེ་བས་ཉིན་ཞག་སོ་སོ་ལ་དུས་ཀྱི་ དབྱེ་བ་གསུངས་པ་ཕྱོགས་ཞེས་པ་ལ་སོགས་པ་སྟེ། འདིར་ལུས་སྐྱེས་ལ་སོགས་པ་རྣམས་ ཀྱི་ཉིན་ཞག་སོ་སོ་(ནི་ཕྱིར་ལོ་སོ་སོ་སྟེ་དེ་)ལ་ཕྱོགས་(ལོའི་དབྱེ་བ་དང་ཡན་ལག་བརྩི་བའི་ཚུལ་ལ་ལོའི་དབྱེ་བ་ནི་ ལོ་གཅིག་ལ་ཟླ་བའི་)ཉི་ཤུ་རྩ་བཞི་དང་ཟླ་བ་མཐའ་དག་ཅེས་པ་ཟླ་བ་བཅུ་གཉིས་དང་(ཟླ་བ་གཉིས་ ཀྱི་བདག་ཉིད་)དུས་དྲུག་དང་(གསུམ་གྱི་བདག་ཉིད་)དུས་བཞི་དང་མེ་དུས་ཞེས་པ་(ཟླ་བ་བཞིའི་བདག་ཉིད་)དུས་གསུམ་དང་(ཟླ་བ་དྲུག་གི་བདག་ཉིད་)བགྲོད་པ་གཉིས་ཏེ་རྒྱལ་པོ་(ཞེས་བོད་པ་སྟེ་)ལོ་ནི་མཐའ་ དག་ཅེས་པ་འདི་མཐའ་དག་ལོའི་དབྱེ་བར་ཤེས་པར་བྱའོ། །དེ་བཞིན་དུ་(ཕྱོགས་ལ་སོགས་པའི་)རྗེས་སུ་ཉིན་ཞག་ནི་ཉིན་ཞག་སུམ་བརྒྱ་དྲུག་ཅུའོ། །དུས་སྦྱོར་ཆུ་ཚོད་དག་དང་ཆུ་ཡི་སྲང་ རྣམས་ཏེ། དུས་སྦྱོར་ནི་སུམ་བརྒྱ་ཉི་ཤུ་ལྷག་པའི་སྟོང་ཕྲག་བཞིའོ། །ཆུ་ཚོད་ནི་དྲུག་བརྒྱ་ ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་གྲངས་སོ། །ཆུ་སྲང་ནི་སྟོང་ཕྲག་དགུ་བཅུ་རྩ་དྲུག་ལྷག་ པའི་འབུམ་ཕྲག་བཅུ་གཉིས་སོ། །(དབུགས་ནི་སྟོང་ཕྲག་བདུན་ཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག་བདུན་ཅུ་རྩ་བདུན་ ནོ། །་)འདི་རྣམས་དེ་ལྟར་བགྲོད་པ་ལུས་སྐྱེས་ལ་སོགས་པ་(ཕྲ་མོ་དང་མི་ལ་སོགས་པ་)རྣམས་ ཀྱི་(རང་རང་གི་)ཉིན་ཞག་སོ་སོ་ལ་(ཕྱི་རོལ་)ལོའི་ཡན་ལག་(ཕྱོགས་ལ་སོགས་པ་)འདི་རྣམས་(ནང་དུ་) དབུགས་ཀྱི་དབྱེ་བས་བགྲོད་(དེ་ཕྱི་ནང་ཆོས་མཚུངས་པའི་ཕྱིར་རོ་)དོ། །དེ་ལ་དབུགས་དགུ་བརྒྱས་ (ལོའི་ཡན་ལག་དགུ་བརྒྱས་ཉིན་ཞག་ལ་སྦྱར་བའི་{ཕྱེད་དུ་དུས་སྦྱོར་བཞིའི་བདག་ཉིད་ཀྱི་དུས་ཉིད་}་)ཕྱོགས་སུ་〔ཕྱེད་ དུ་〕འགྱུར་ཏེ། (ནང་དང་ཕྱིའི་)ཕྱོགས་ཉི་ཤུ་རྩ་བཞིས་(ནང་དུ་)ཉིན་ཞག་(ཕྱིར་)དང་ལོར་འགྱུར་རོ། 232། (ལོ་ལ་ཆུ་ཚོད་སྟོང་བརྒྱད་བརྒྱས་ཟླ་བར་འགྱུར་བ་ལྟར་ཉིན་ཞག་ལ་)དབུགས་སྟོང་བརྒྱད་བརྒྱས་〔ལོའི་ཡན་ ལག་དགུ་བརྒྱས་ཉིན་ཞག་ལ་སྦྱར་བའི་〕ཟླ་བ་( དུས་སྦྱོར་) སྟེ་ཟླ་བ་〔ནང་དང་ཕྱིའི་〕བཅུ་གཉིས་ ཀྱིས་ཉིན་ཞག་དང་ལོར་འགྱུར་རོ། །(དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་བར་བྱ་སྟེ་)དབུགས་སུམ་ སྟོང་དྲུག་བརྒྱས་〔ལོའི་ཡན་ལག་དགུ་བརྒྱས་ཉིན་ཞག་ལ་སྦྱར་བའི་〕དུས་(སྦྱོར་གཉིས་ཀྱི་བདག་ཉིད་)ཏེ་དུས་〔ནང་དང་ཕྱིའི་〕དྲུག་གིས་〔ནང་དུ་〕ཉིན་ཞག་དང་〔ཕྱིར〕ལོར་འགྱུར་རོ། །དབུགས་ ལྔ་སྟོང་བཞི་བརྒྱས་〔ལོའི་ཡན་ལག་དགུ་བརྒྱས་ཉིན་ཞག་ལ་སྦྱར་བའི་〕དུས་( སྦྱོར་གསུམ་གྱི་ བདག་ཉིད་ཀྱི་དུས་)སུ་འགྱུར་ཏེ། 〔ནང་དང་ཕྱིའི་〕དུས་བཞིས་〔ནང་དུ་〕ཉིན་ཞག་དང་〔ཕྱིར〕 ལོར་འགྱུར་རོ། །དབུགས་བདུན་སྟོང་ཉིས་བརྒྱས་〔ལོའི་ཡན་ལག་དགུ་བརྒྱས་ཉིན་ཞག་ལ་ སྦྱར་བའི་〕དུས་ག ཅིག་〔དུས་སྦྱོར་བཞིས་བདག་ཉིད་ཀྱི་དུས་ཉིད〕ཏུ་འགྱུར་ཏེ་〔ནང་དང་ཕྱིའི་〕དུས་གསུམ་གྱིས་〔ནང་དུ་〕ཉིན་ཞག་དང་〔ཕྱིར〕ལོར་འགྱུར་རོ། །དབུགས་ཁྲི་བརྒྱད་བརྒྱས་ 〔ལོའི་ཡན་ལག་དགུ་བརྒྱས་ཉིན་ཞག་ལ་སྦྱར་བའི་〕བགྲོད་པ(དུས་སྦྱོར་དྲུག་གི་ཡིན་པ་)ར་འགྱུར་ཏེ་ 〔ནང་དང་ཕྱིའི〕བགྲོད་པ་གཉིས་ཀྱིས་〔ནང་དུ་〕ཉིན་ཞག་དང་〔ཕྱིར〕ལོར་འགྱུར་རོ། །དེ་ལྟར་ན་ ལུས་སྐྱེས་ལ་སོགས་པ་རྣམས་ཀྱི་རང་རང་གི་ཚད་ཀྱི་དབུགས་ཉི་ཁྲི་གཅིག་སྟོང་དྲུག་བརྒྱས་ སོ་སོའི་(ནང་དུ་)ཉིན་ཞག་དང་(ཆུ་ཚོད་ཀྱི་གྲངས་དེ་སྙེད་ཀྱི་ཕྱིར་)ལོར་འགྱུར་རོ། །དེ་བཞིན་དུ་(ལོའི་ཡན་ ལག་ལ་ཆུ་ཚོད་དྲུག་ཅུས་ཉིན་མཚན་དུ་འགྱུར་བ་ལྟར་ཉིན་ཞག་ལ་)དབུགས་དྲུག་ཅུས་(ཉིན་ཞག་ལ་ལོའི་ཡན་ལག་སྦྱར་ བའི་)ཉིན་མཚན་(ཞག་གིས་སུམ་བརྒྱ་དྲུག་ཅུ་ཆ་ཉིད་)དུ་འགྱུར་ཏེ། (ནང་དང་ཕྱིའི་)ཉིན་མཚན་སུམ་བརྒྱ་ དྲུག་ཅུས་(ནང་དུ་)ཉིན་ཞག་དང་(ཕྱིར་)ལོར་འགྱུར་རོ། །(ལོའི་ཡན་ལག་ལ་ཆུ་ཚོད་ལྔས་དུས་སྦྱོར་དུ་འགྱུར་ བ་ལྟར་ཉིན་ཞག་ལ་)དབུགས་ལྔས་དུས་སྦྱོར་(ཞེས་པ་དུས་སྦྱོར་མཚན་ཉིད་པའི་སུམ་བརྒྱ་དྲུག་ཅུའི་ཆ་གཅིག་)དུ་ འགྱུར་ཏེ་དུས་སྦྱོར་བཞི་སྟོང་སུམ་བརྒྱ་ཉི་ཤུས་〔ནང་དུ་〕ཉིན་ཞག་དང་〔ཕྱིར〕ལོར་འགྱུར་རོ། ། (ལོའི་ཡན་ལག་ལ་ཆུ་ཚོད་གཅིག་ཉིད་ཆུ་ཚོད་དུ་འགྱུར་བ་ལྟར་ཉིན་ཞག་ལ་)དབུགས་གཅིག་གིས་ཆུ་ཚོད་(ཅེས་པ་ 2-1-223 ཆུ་ཚོད་ཀྱི་སུམ་བརྒྱ་དྲུག་ཅུའི་ཆ་གཅིག་ལ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་)དུ་འགྱུར་རོ། །(ལོའི་ཡན་ལག་ལ་ཆུ་ཚོད་གཅིག་གི་ དྲུག་ཅུའི་ཆ་གཅིག་ཆུ་སྲང་དུ་འགྱུར་བ་ལྟར་ཉིན་ཞག་ལ་)དབུགས་གཅིག་གི་དྲུག་ཅུའི་ཆས་ཆུ་སྲང་(ཞེས་པ་ཆུ་ སྲང་དུ་གཅིག་གི་སུམ་བརྒྱ་དྲུག་ཅུའི་ཆ་ལ་ཆུ་སྲང་དུ་བྱས་པའི་ཆུ་སྲང་)དུ་འགྱུར་རོ། །(ནང་དང་ཕྱིའི། ལོའི་ཡན་ལག་ལ་ ཆུ་ཚོད་ཀྱི་སུམ་བརྒྱ་དྲུག་ཅུའི་ཆ་གཅིག་དབུགས་སུ་འགྱུར་པ་ལྟར་ཉིན་ཞག་ལ་)དབུགས་སུམ་བརྒྱ་དྲུག་ཅུའི་ཆས་ དབུགས་(ཞེས་པ་དབུགས་ཀྱི་སུམ་བརྒྱ་དྲུག་ཅུའི་ཆ་ལ་དབུགས་སུ་བྱས་པའི་དབུགས་)སུ་འགྱུར་ཏེ། (ཆུ་ཚོད་ཀྱི་སུམ་ བརྒྱ་དྲུག་ཅུའི་ཆ་དང་ཉིན་ཞག་གི་དྲུག་ཅུའི་ཆའི་)ཆུ་ཚོད་ཉི་ཁྲི་ཅིག་སྟོང་དྲུག་བརྒྱས་(རིམ་པ་ལྟར་)ཉིན་ཞག་ དང་ལོར་འགྱུར་རོ། །(ཆུ་སྲང་གི་སུམ་བརྒྱ་དྲུག་ཅུའི་ཆ་དང་ཆུ་ཚོད་ཀྱི་སུམ་བརྒྱ་དྲུག་ཅུའི་ཆའི་)ཆུ་སྲང་སྟོང་ཕྲག་ དགུ་བཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག་བཅུ་གཉིས་(ཀྱིས་རིམ་པ་ལྟར་)ཉིན་ཞག་དང་ལོར་འགྱུར་ རོ། །(དབུགས་ཀྱི་སུམ་བརྒྱ་དྲུག་ཅུའི་ཆའི་)དབུགས་སྟོང་ཕྲག་བདུན་ཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག་ བདུན་ཅུ་རྩ་བདུན་གྱིས་(རིམ་པ་ལྟར་)ཉིན་ཞག་དང་ལོར་འགྱུར་རོ། །དེ་བཞིན་དུ་དབུགས་ འབུམ་ཕྲག་བདུན་ཅུ་རྩ་དྲུག་ལྷག་པའི་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་གྱིས་(ནང་དུ་)ཉིན་ཞག་ བརྒྱ་དང་(ཕྱིར་)ལོ་བརྒྱར་འགྱུར་རོ། ། ༈ (དེ་བཞིན་གཤེགས་པས་ཆོས་གསུངས་པའི་དུས་ཀྱི་)མཆོག་གི་ཚེ་(ཚད་ལོ་བརྒྱ་ཡིན་པ་)འདི་(སེམས་ཅན་ གྱི་)ནི་ལས་ཀྱི་དབང་གིས་(སེམས་ཅན་གྱི་)རང་རང་གི་(ཚེ་)ཚད་(ལོ་བརྒྱ་)ལས་ལྷག་པ་དང་དམན་ པར་འགྱུར་རོ། །རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་གྱི་སྟོབས་དང་དཀའ་ཐུབ་པ་རྣམས་ ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་(ཚེ་ལོ་བརྒྱ་ལས་)ལྷག་པར་འགྱུར་ཏེ་དབུགས་གཅིག་ཆུ་ཚོད་དུ་ (འཕེལ་བར་)འགྱུར་རོ། །སེམས་ཅན་སྡིག་པ་ཅན་རྣམས་ཀྱི་སྡིག་པའི་སྟོབས་ཀྱིས་དམན་པར་ འགྱུར་རོ། །(མཆོག་གི་ཚེ་ཚད་ལོ་བརྒྱ་ཞེས་པ་)འདི་ལུང་དང་རིགས་པ་དམ་པས་ངེས་པ་ནི་མེད་དེ། འོན་ཀྱང་(ཕྱི་རོལ་བའི་)རིག་བྱེད་དག་ལས་སྐྱེས་བུ་ཚེ་ལོ་བརྒྱ་པ་དབང་པོ་བརྒྱ་པ་ཞེས་བརྗོད་ (པ་སྟེ་གྲགས་པ་ཙམ་ཉིད་)དོ། །འདིར་མི་རྣམས་ཀྱི་མཆོག་གི་ཚེ་ལོ་བརྒྱའོ་ཞེས་པའི་ཚིག་འདི་ནི་ 2-1-224 (དེ་བཞིན་གཤེགས་པའི་དུས་ན་ལྟོས་ནས་)སྤྲོས་པ(འམ་བརྟགས་ལ་)སྟེ་རྫོགས་ལྡན་གྱི་དུས་ཀྱི་མི་རྣམས་ཀྱི་ ཚེ་འཕེལ་བའི་དབང་གིས་(ཏེ་ལོ་བརྒྱ་ཐུབ་ངེས་པ་རྣམས་ཀྱི་དབང་དུ་བྱས་པས་)སོ། །འདིར་ངེས་པའི་དོན་ དུ་(སྟེ་དོན་ལ་གནས་པ་ལ་)སྐྱེས་བུ(ཚེ་ལོ་བརྒྱ་པ་ཞེས་པའི་སྐྱེས་བུ་)འི་སྒྲས་ནི་ཉིན་ཞག་སོ་སོ་དང་ལོ་སོ་སོ་ བརྗོད་དེ། ཉིན་ཞག་བརྒྱ་དང་ལོ་བརྒྱས་ནང་དང་ཕྱི་ལའོ། །(ཞེས་པ་ནང་དུ་ཉིན་ཞག་བརྒྱ་དང་ཕྱི་རོལ་ ལོ་བརྒྱ་ལ་སྐྱེས་བུ་ཞེས་བརྗོད་དེ་དེའི་རྒྱུ་མཚན་ཉིན་ཞག་བརྒྱའི་དབུགས་དང་ལོ་བརྒྱའི་ཆུ་ཚོད་ཀྱི་གྲངས་ཁྲི་ཕྲག་ཉིས་བརྒྱ་བཅུ་ དྲུག་དང་འོག་ནས་འཆད་པའི་གཙོ་བོའི་རྩ་གཡོན་ལ་རྒྱུ་བའི་དཀྱིལ་འཁོར་ལྔ་ལོ་གྲངས་མཉམ་པས་ཞག་བརྒྱ་དང་ལོ་བརྒྱ་ལ་ སྐྱེས་བུ་ཚེ་ལོ་བརྒྱ་པ་ཞེས་བཏགས་ཤིང་)སླར་ཡང་(གཙོ་བོའི་དཀྱིལ་འཁོར་ལྔའི་)དབུགས་ཀྱི་འཁོར་ ལོ་གཞན་(རྩ་གཡས་པ་ལ་རྒྱུ་བ་)ལ་(སྔ་མ་དང་ལོ་གྲངས་མཚུངས་པར་)འཇུག་པའི་ཕྱིར་(གཙོ་བོའི་རྩ་གཡས་ པ་ལ་རྒྱུ་བའི་དཀྱིལ་འཁོར་ལྔའི་ལོ་གྲངས་དབུགས་དང་ཆུ་ཚོད་ཀྱི་གྲངས་མཚུངས་པའི་ཉིན་ཞག་བརྒྱ་དང་ལོ་བརྒྱ་ལ་སྐྱེས་བུ་ དབང་པོ་བརྒྱ་པ་ཞེས་བཏགས་པས་)སྐྱེས་བུ་ཚེ་ལོ་བརྒྱ་པ་དབང་པོ་བརྒྱ་པ་ཞེས་སོ། །དེ་ལྟར་ནང་དུ་ ཉིན་ཞག་བརྒྱ་ཕྲག་གཉིས་(ཀྱི་དབུགས་ཀྱི་གྲངས་)ཀྱིས་དུས་བཞི་(ཆེན་པོའི་ལོ་གྲངས་)རྣམས་སུ་འགྱུར་ ཏེ། དབུགས་སྟོང་ཕྲག་ཉི་ཤུ་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་གྱིས་སོ། །ཕྱི་རོལ་ཏུ་ ནི་ལོ་(གྲངས་དེ་སྙེད་)རྣམས་ཀྱིས་(དུས་བཞི་ཆེན་པོ་རྫོགས་)སོ(དེ་ལྟར་ན་དུས་བཞི་ཆེན་པོ་དང་ལོ་གྲངས་མཉམ་པའི་ གཙོ་བོའི་རྩ་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུའི་མཐར་དཀྱིལ་འཁོར་བཅུའི་གཟའ་བཅུ་དབུ་མར་འཇུག་པ་ལྟར་སྐྱེས་བུ་ ཚེ་ལོ་བརྒྱ་བའི་ལོ་བརྒྱའི་མཐར་ཡང་དཀྱིལ་འཁོར་བཅུའི་རླུང་དབུ་མར་འཇུག་ལ་དུས་བཞི་ཆེན་པོའི་མཐར་ཡང་གཟའ་བཅུ་པོ་ རྣམས་སྟོང་པ་ལ་འཇུག་ཅིང་གཙོ་བོའི་དཀྱིལ་འཁོར་བཅུ་དང་དུས་བཞི་ཆེན་པོའི་ལོ་གྲངས་དང་ཞག་དང་ལོ་ཉིས་བརྒྱའི་དབུགས་ དང་ཆུ་ཚོད་གྲངས་མཉམ་པའི་རྒྱུ་མཚན་གྱི་གཙོ་བོའི་གཡོན་གྱི་དཀྱིལ་འཁོར་ལྔ་དང་མཚུངས་པའི་ཉིན་ཞག་བརྒྱ་དང་ལོ་བརྒྱ་ལ་ སྐྱེས་བུ་ཚེ་ལོ་བརྒྱ་པ་ཞེས་བརྗོད་ཅིང་གཡས་ཀྱི་དཀྱིལ་འཁོར་ལྔ་དང་མཚུངས་པའི་ཉིན་ཞག་བརྒྱ་དང་ལོ་བརྒྱས་སྐྱེས་བུ་དབང་ པོ་བརྒྱ་པ་ཞེས་བརྗོད་ཅེས་པའོ་གཙོ་བོའི་དོན་ནི་འོག་ཏུ་བཤད་པར་བྱའོ)། །དེ་ལྟར་(གཙོ་བོའི་རྩ་གཡོན་དང་གཡས་ཀྱི་ དུས་སྦྱོར་)གཉི་གའི་འཁོར་ལོ་ཡོངས་སུ་འཁོར་བ(འི་ལོ་གྲངས་དང་ཞག་ཉིས་བརྒྱའི་དབུགས་ཀྱི་གྲངས་མཚུངས་ 2-1-225 པ་)ས་(ཞག་ཉིས་བརྒྱ་ལ་ཚེ་ལོ་བརྒྱ་པ་དང་དབང་པོ་བརྒྱ་པར་བཏགས་པའི་)སྐྱེས་བུ་གཉི་གའི་ཚེ(ཞག་ཉིས་བརྒྱ་) འི་ཟླ་བ་གཉིས་(སྟེ་ཞག་དྲུག་ཅུའི་དབུགས་ཀྱི་གྲངས་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་དགུ་བཅུ་རྩ་དྲུག་)ལ་དུས་ (བཞིའི་ནང་ནས་)གཅིག་(གསུམ་ལྡན་གྱི་ལོ་གྲངས་འཇོག་)གོ(དེ་བཞིན་དུ་ཞག་ཉིས་བརྒྱའི་ནང་ནས་ཟླ་བ་གཉིས་དང་ ཞག་ཉི་ཤུ་དབུགས་ཀྱི་གྲངས་ལ་རྫོགས་ལྡན་དང་{ཟླ་བ་གཅིག་དང་}ཞག་བཅུའི་དབུགས་ཀྱི་གྲངས་ལ་གཉིས་ལྡན་དང་ཞག་ཉི་ ཤུའི་དབུགས་ཀྱི་གྲངས་ལ་རྩོད་ལྡན་གྱི་ལོ་གྲངས་འཇོག་གོ)། (གཙོ་བོའི་)གཡོན་དང་གཡས་ཀྱི་དཀྱིལ་འཁོར་ བཅུ་སྟེ་(མིའི་)ལོ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ལྷག་པའི་འབུམ་ཕྲག་བཞིས་(གཙོ་བོའི་རྩ་ལ་རྒྱུ་བའི་) དཀྱིལ་འཁོར་གཅིག་ཏུ་སྲོག་རབ་ཏུ་འབབ་(ཞེས་པ་གཙོ་བོའི་ཆུ་ཚོད་གཅིག་གི་དབུགས་ཀྱི་སུམ་བརྒྱ་དྲུག་ཅུ་ལ་ མིའི་ལོ་གྲངས་དེ་སྙེད་ཡོད་ཅེས་པའོ་)པོ། །(དེ་ལྟར་ན་)དེ་བཞིན་དུ་(གཡོན་དང་གཡས་ཀྱི་)དཀྱིལ་འཁོར་(ལྔ་)ལྔ་ རྣམས་ཀྱིས་(གཙོ་བོའི་དཀྱིལ་འཁོར་བཅུའི་གཟའ་རྣམས་དབུ་མར་འཇུག་ལ་གཙོ་བོའི་དཀྱིལ་འཁོར་བཅུ་པོ་དེ་ལོ་གྲངས་ ཀྱིས་ཕྱི་རོལ་ཏུ་དུས་བཞི་ཆེན་པོའི་ལོ་གྲངས་རྫོགས་པས་ཕྱི་རོལ་ཀྱི་)གཟའ་ཐམས་ཅད་རང་རང་གི་སྐྱེ་བའི་ གནས་ལ་སྟོང་པར་འཇུག་གོ། (གཙོ་བོའི་གཡོན་གྱི་དཀྱིལ་འཁོར་ལྔ་རྫོགས་པ་)དེ་ནས་སླར་ཡང་(དཀྱིལ་ འཁོར་)རྒྱུ་བ་གཞན་(གཙོ་བོའི་རྩ་གཡས་ལ་རྒྱུ་བ་)ལ་འཇུག་པས་སྐྱེས་བུ་གཞན་(དབང་པོ་བརྒྱ་བ་གཙོ་བོའི་ རྩ་)དབུ་མ་ལས་ངེས་པར་འབྱུང་ཞེས་པ་སྟེ་(ལེའུ་འདི་ཉིད་ཀྱི་ཚིགས་བཅད་བརྒྱད་ཅུ་རྩ་བདུན་པ་ལ་སོགས་པ་) འཆད་པར་འགྱུར་བས་(གཙོ་བོའི་དུས་སྦྱོར་གཉིས་ལ་དུས་བཞི་ཆེན་པོའི་ལོ་གྲངས་རྫོགས་པའི་ཚུལ་དང་དུས་བཞི་སོ་ སོའི་ལོ་གྲངས་ཀྱི་ཚད་ལ་སོགས་པ་)བརྗོད་པར་བྱའོ། ། ༈ དཔལ་མཆོག་གི་དང་པོའི་སངས་རྒྱས་ལས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ ཀྱི་འཁོར་ལོའི་རྒྱས་འགྲེལ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་འཇིག་རྟེན་གྱི་ ཁམས་ཀྱི་ཚད་བསྡུས་པའི་མདོར་བསྡུས་ཏེ་བརྒྱད་པའོ།། ༢༥ །། ༈ (བཅུ་གསུམ་པ་འཇམ་དཔལ་ལུང་བསྟན་པའི་ངོ་བོ་ཉིད་ཀྱིས་གནས་པ་)ད་ནི་ལོ་འདི་ནས་ནི་ཞེས་པ་ལ་ སོགས་པ་ཤམ་བྷ་ལའི་ཡུལ་དུ་འཇམ་དཔལ་འབྱུང་བ་དང་ཀླ་ཀློའི་ཆོས་བྱུང་ནས་(མུ་སྟེགས་པའི་ 236)སྐར་རྩིས་ཀྱི་གྲུབ་པའི་མཐའ་རྣམ་པར་ཉམས་པ་དང་(སངས་རྒྱས་པའི་)ཉུང་ངུའི་བྱེད་པ་རབ་ཏུ་ འཇུག་པ་དེ་བཞིན་གཤེགས་པས་ལུང་བསྟན་པ་བདག་གིས་དགྲོལ་བར་བྱའོ། །ལོ་འདི་ནས་ ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམ་བྷ་ལ་ཞེས་བྱ་བར་འབྱུང་ཞེས་ པ་ལ་ལོ་འདི་ནས་ནི་ཞེས་པ་དེ་བཞིན་གཤེགས་པས་ཆོས་(རྩ་རྒྱུད་)བསྟན་པའི་ལོ་སྟེ་དེ་ནས་ ལོ་དྲུག་བརྒྱ་ན་ཆུ་བོ་ཤཱི་ཏའི་བྱང་ཤམ་བྷ་ལ་ཞེས་བྱ་བའི་ཡུལ་དུ་གྲགས་པ་(ཡ་ཤཿཞེས་རྣམ་དབྱེ་ དང་པོའི་གཅིག་ཚིག་ཐོབ་ཀྱང་ཡ་ཤ་)ཞེས་པ་ནི་ལུང་གི་བརྗོད་པ་(ཁ་ཅིག་རྣམ་དབྱེ་མེད་པ་)སྟེ་འཇམ་དཔལ་ གྲགས་པ་ཆེན་པོ་གསལ་བར་འབྱུང་ཞེས་པ་སྤྲུལ་པའི་སྐུ་འཛིན་པར་མཛད་པར་འགྱུར་ཞེས་ པའི་དོན་ཏོ། །དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ཞེས་པ་ནི་གྲགས་པ་མྱ་ངན་ལས་འདས་པ་ དེ་ནས་ཀླུ་ཞེས་པ་ལོ་བརྒྱད་བརྒྱ་ནས་ངེས་པར་ཞེས་པ་ནི་གདོན་མི་ཟ་བར་མ་ཁའི་ཡུལ་དུ་ཀླ་ ཀློའི་ཆོས་དག་རབ་ཏུ་འཇུག་པར་འགྱུར་ཏེ། ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་(རྒྱ་གར་ནུབ་ཕྱོགས་ཀྱིའང་ནུབ་ ཕྱོགས་ན་ཡོད་པ་)མ་ཁའི་ཡུལ་གྲོང་བྱེ་བས་རྣམ་པར་བརྒྱན་པར་ཀླ་ཀློ་སྟག་གཟིགས་རྣམས་ཀྱི་ ལྷ་མ་ཡིན་གྱི་ཆོས་རབ་ཏུ་འཇུག་པར་འགྱུར་རོ། །ཀླ་ཀློ་དེ་ཡི་དུས་སུ་འཛིན་མ་〔ས་གཞི་〕ལ་ནི་ 〔དུས་འཁོར་གྱི་〕ཉུང་ངུ་ཡི་བྱེད་པ་གསལ་བར་མི་རྣམས་དག་གིས་རིག་པར་བྱའོ། ། ༈ གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་ཞེས་པ་ནི་(ཚངས་པ་ལ་ལྷར་འཛིན་པའི་)ཚངས་ པ་བ་དང་(ཉི་མ་ལ་ལྷར་འཛིན་པའི་)ཉི་མ་པ་དང་(དྲང་སྲོང་རྒྱལ་བ་དམ་པ་ལ་ལྷར་འཛིན་པའི་)གཅེར་བུ་པ་དང་ (དབང་ཕྱུག་ལ་ལྷར་འཛིན་པའི་)སྐྲ་ཅན་གྱི་(བྱེད་རྩིས་ཀྱི་)གྲུབ་པའི་མཐའ་སྟེ་འདི་བཞི་རྣམ་པར་ཉམས་ པ་ནི་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པའོ། །མཐའ་དག་ས་གཞི་ལ་ནི་ཞེས་པ་ལ་ མཐའ་དག་ནི་གང་དུ་མུ་སྟེགས་པའི་གྲུབ་པའི་མཐའ་ཞུགས་པ་དེ་མཐའ་དག་གོ། ས་གཞི་ ནི་ཆུ་བོ་ཤཱི་ཏའི་ལྷོ་སྟེ་ས་གཞི་དེར་རོ། །ཤམ་བྷ་ལ་ལ་སོགས་པའི་ཡུལ་རྣམས་སུ་སངས་རྒྱས་ པའི་གྲུབ་པའི་མཐའ་རྣམ་པར་ཉམས་པ་ནི་མ་ཡིན་ནོ། །དུས་ཀྱི་སྦྱོར་བ་ལ་འབྱུང་འགྱུར་ 2-1-226 ཞེས་པ་ལ་དུས་ཀྱི་སྦྱོར་བ་ནི་ཀླ་ཀློའི་ཆོས་ཏེ་དེའི་གྲུབ་པའི་མཐའ་རྣམས་ལ་སྦྱོར་བ་ནི་དུས་ ཀྱི་སྦྱོར་བ་(སྟེ་དེ་)ལས་འབྱུང་བར་འགྱུར་རོ། །དུས་ཀྱི་སྦྱོར་བ་ལ་ཞེས་པ་ནི་(ལས་ཞེས་ལྔ་པ་ཐོབ་ ཀྱང་ལ་ཞེས་བདུན་པ་བྱས་པས་)ལྔ་པའི་དོན་ལ་བདུན་པའོ། །(མུ་སྟེགས་པའི་)གྲུབ་པའི་མཐའ་རྣམ་ པར་ཉམས་པ་དེའི་ཕྱིར་ཉུང་ངུའི་བྱེད་པ་གསལ་ཞེས་པ་ནི་(མུ་སྟེགས་པའི་བྱེད་རྩིས་ལ་ལྟོས་ནས་)མའི་ ལ་{ངུའི་{དུའི}ཚིག(གིས་བྱིས་པ་འདྲིད་པ་ལྟར་བརྫུན་པ་)སྟེ་དོན་དམ་པར་(དེ་དོན་ལ་)ནི་མུ་སྟེགས་པ་ རྣམས་ཀྱི་ཉུང་ངུའི་བྱེད་པ་(དང་)ལ་སོགས་པ་(གྲུབ་མཐའི་ལོངས་སྤྱོད་)གསལ་བ་མ་ཡིན་ནོ། །གང་ གི་ཕྱིར་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་ཞེས་པའི་ཚིག་ཟུར་གྱི་ཕྱིར་རོ། །གལ་ཏེ་(མུ་ སྟེགས་པའི་)བྱེད་པ་ལ་སོགས་པ་〔མུ་སྟེགས་པའི་〕གསལ་བ་ཡིན་པ་དེ་ལྟ་ན་〔མུ་སྟེགས་པའི་〕གྲུབ་ པའི་མཐའ་རྣམས་རྣམ་པར་ཉམས་པ་མེད་དེ་(དེ་དག་གི་)བྱེད་པ་ལས་ཀྱང་གཟའ་འགྲུབ་པའི་ ཕྱིར་རོ། །བྱང་དུ་བགྲོད་པའི་ཉིན་ཞག་ལ་གྲིབ་མས་ཡོངས་སུ་བརྟགས་པས་བྱེད་པ་གཞན་ (མུ་སྟེགས་པའི་བྱེད་རྩིས་)ལ་ཡང་ཉི་མ་དག་པ་མ་མཐོང་ངོ༌། །(དེ་ཅིའི་ཕྱིར་ཞེ་ན་མུ་སྟེགས་པའི་བྱེད་རྩིས་ཀྱི་ ལུགས་ཀྱི་ཉི་མ་བྱང་དུ་བགྲོད་པའི་ཉིན་ཞག་དེ་ལ་ཐུར་མའི་གྲིབ་མ་ལ་བརྟགས་ན་གྲིབ་མ་བྱང་ནས་ལྡོག་པ་མེད་པས་སོ་)བྱང་ དུ་བགྲོད་པ(འི་ཉིན་ཞག་དང་པོ་)ལ་(ཐུར་མའི་)གྲིབ་(བྱང་ནས་ལྡོག་པའི་)མ་དག་པ་མེད་ན་(བྱང་དུ་བགྲོད་ པ་མ་དག་པས་)ཉི་མའི་ལོངས་སྤྱོད་མ་དག་གོ། ཉི་མའི་ལོངས་སྤྱོད་མ་དག་པས་ཟླ་བའི་ལོངས་ སྤྱོད་མ་དག་སྟེ་(ཉི་མའི་ལོངས་སྤྱོད་གཞིར་བྱས་པ་ལ་ཟླ་བའི་ལོངས་སྤྱོད་བཙལ་དགོས་པའི་ཕྱིར་རོ་)དེ་བཞིན་དུ་ བཀྲ་ཤིས་ལ་སོགས་པ་(གཟའ་ལྔ་)རྣམས་ཀྱང་ཉི་མའི་ལོངས་སྤྱོད་ལས་དག་པར་འགྱུར་བས་ ན་ཉི་མའི་ལོངས་སྤྱོད་མ་དག་པ་ཉིད་ཀྱི་ཕྱིར་དེ་རྣམས་ཀྱི་ལོངས་སྤྱོད་ཀྱང་མ་དག་གོ། དེ་ ལྟར་གཟའི་ལོངས་སྤྱོད་མ་དག་པ་ཉིད་ཀྱི་ཕྱིར་མུ་སྟེགས་པ་རྣམས་ཀྱི་གཟའི་(ལོངས་སྤྱོད་བརྩི་བའི་)འབྲས་བུ་སྐྱེས་རབས་(ཀྱི་དབྱངས་དང་གསལ་བྱེད་འཆར་ཚུལ་དང་གཡུལ་རྒྱལ་གྱི་རྩིས་)ལ་སོགས་པ་རྣམས་ དོན་མེད་དོ། ། 2-1-227 ༈ འདིར་(མུ་སྟེགས་པའི་བྱེད་པ་མ་དག་པར་འགྱུར་བའི་རྒྱུ་ནི་བྱེད་རྩིས་ཀྱི་)གྲུབ་པའི་མཐའ་ལ་གཟའ་ རྣམས་ཀྱི་བགྲོད་པ་བུད་མེད་དང་བྱིས་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་(བྱེད་རྩིས་ཀྱི་རྣམ་བཞག་ གསལ་བར་བྱས་པ་)ཡིན་ན་བྱིས་པའི་སྐྱེ་བོ་ལ་སོགས་པ་དེ་རྣམས་ཀྱིས་གཟའ་མྱུར་དུ་ཤེས་པར་ འགྱུར་རོ། །དེས་ན་ཕྲག་དོག་གི་ཆ་ལས་སྐྱེས་པའི་མུ་སྟེགས་གདུག་པ་རྣམས་ཀྱིས་གལ་ཏེ་ བུད་མེད་དང་བྱིས་པ་ལ་སོགས་པ་ཐམས་ཅད་ཀྱིས་གཟའི་རྒྱུ་བ་ཤེས་པར་གྱུར་པ་དེ་ལྟ་ན་ བདག་ཅག་ལ་སུ་ཞིག་གུས་པར་བྱེད་པར་འགྱུར་དེའི་ཕྱིར་གྲུབ་པའི་མཐའ་སྦས་ཏེ་རྒྱུད་དང་ བྱེད་པ་ལ་སོགས་པ་བྱའོ་ཞེས་གྲོས་བྱས་ནས་གྲུབ་པའི་མཐའ་རྣམས་སྦ་བར་བྱས་ཤིང་རྒྱུད་ དང་བྱེད་པ་ལ་སོགས་པ་གསལ་བར་བྱས་ཏེ་(ཤེས་པར་དཀའ་བའི་རྒྱུ་)གང་གིས་བྱིས་པའི་སྐྱེ་བོ་ རྣམས་ཀྱིས་མི་བཟད་པར་མཐོང་ནས་རིང་དུ་འབྲོས་པར་བྱེད་ཅིང་སྐར་རྩིས་ཀྱི་མིང་ཡང་མི་ བྱེད་པར་འགྱུར་བ་རྒྱུད་ལ་ཉིན་ཞག་གི་ཚོགས་ཀྱི་ཕུང་པོ་དུ་མ་དང་བྱེད་པ་ལ་ཡང་དལ་བ་ དང་མྱུར་བ་ལ་སོགས་པ་(འཁྱོག་འགྲོས་དང་འབྱུང་འགྲོས་ཏེ་)ལས་བཞིའི་སྤྲོས་པ་བྱས་སོ། །དེ་ལྟར་ (སྙིགས་མ་ལྔའི་)དུས་ཀྱི་དབང་གིས་བྱེད་པ་ལ་ངེས་པ་མི་གསལ་བ་ཉིད་ཀྱི་ཕྱིར་ཉི་མའི་ལོངས་ སྤྱོད་མི་དག་གོ། ཉི་མའི་ལོངས་སྤྱོད་མ་དག་པས་གཟའ་ཐམས་ཅད་ཀྱི་ལོངས་སྤྱོད་མ་དག་ པར་འགྱུར་རོ། །འདིར་གདུག་པའི་མུ་སྟེགས་རྣམས་ཀྱིས་གཞན་དག་གིས་མི་ཤེས་པར་བྱ་ བའི་དོན་དུ་བྱེད་པ་ལ་སོགས་པ་བཀོད་པ་གང་ཡིན་པ་དེ་ཉིད་དུས་ཀྱི་དབང་གིས་(ཕྱི་རབས་ཀྱི་ མུ་སྟེགས་བྱེད་)ཡོངས་སུ་མི་ཤེས་པར་འགྱུར་ཞིང་(རྩིས་འབྲས་ལོགས་པར་བསྟན་པའི་སྒོ་ནས་)གཞན་ལ་ གནོད་པར་བྱས་པར་འགྱུར་རོ། །དེའི་ཕྱིར་གཞན་ལ་གནོད་པ་བྱེད་པ་ནི་ཐམས་ཅད་དུ་(དམ་ པའི་ལུགས་དང་)འགལ་བ་ཡིན་ནོ། །འདིར་ཉིན་ཞག་སོ་སོ་ལ་གཟའ་རྣམས་ཀྱི་ལོངས་སྤྱོད་ བགྲོད་པ(འི་ཚུལ་)ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། ༢༦ ། ༈ (བཅུ་བཞི་པ་གྲུབ་པའི་མཐའ་དང་བྱེད་པའི་སྐར་རྩིས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་)ད་ནི་རེ་ཞིག་ཉུང་ངུའི་ 2-1-228 བྱེད་པ་གསུངས་པ་མེ་མཁའ་རྒྱ་མཚོ་རྣམས་ཞེས་པའོ། །རྒྱུད་ཀྱི་རྒྱལ་པོ་འདི་ལ་(བྱེད་རྩིས་ཀྱི་ དྷྲུ་བའམ་)ངེས་པ་ནི་(ཡང་དང་ཡང་དུ་འཕོ་བས་)མི་རྟག་པ་སྟེ་ལོ་དྲུག་ཅུའི་མཐར་(འདས་ལོ་མང་པོ་རྣམས་ དོར་ནས་)སླར་ཡང་(ད་ལྟར་གྱི་ལོ་ཟླ་དང་པོའི་)ངེས་པ་(དང་ལྡན་པའི་བྱེད་རྩིས་ཀྱི་གཞི་)དགོད་པའི་ཕྱིར་རོ། ། འདིར་(ཉུང་ངུའི་)བྱེད་པ་ལ་(ལོ་དག་གི་ཡ་མཐའི་གཟའ་ལ་སོགས་པའི་)ངེས་པ་(འཆར་བའི་དུས་)ནི་དེ་བཞིན་ གཤེགས་པ(ས་རྩ་རྒྱུད་ནས་བསྟན་པ་)འི་དུས་ནས་ལོ་དྲུག་བརྒྱ་ན་(ཤམ་བྷ་ལའི་ཡུལ་དུ་)འཇམ་དཔལ་ (གྲགས་པ་འཁྲུངས་ནས་ཆོས་སྟོན་)གྱི་དུས་སོ། །(གྲགས་པ་ལོ་བརྒྱར་ཆོས་བསྟན་པ་རྫོགས་པ་)དེ་ནས་ལོ་བརྒྱད་ བརྒྱ་ན་(མ་ཁའི་ཡུལ་དུ་)ཀླ་ཀློ(འཇུག་པ་)འི་དུས་སོ། །ཀླ་ཀློ(ཞུགས་པ་)འི་དུས་དེ་ལས་(དེ་ཀླ་ཀློ་ཞུགས་ ཕྱིན་ཆད་ཀྱི་འདས་ལོ་ཅི་སྙེད་སོང་བ་རྣམས་ལ་)བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པ་(ལོ་སྟེ་ཀླ་ཀློ་ ཞུགས་ནས་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་འདས་པ་)ནི་(རིགས་ལྡན་)རྒྱལ་དཀའ་གང་གིས་(རྒྱུད་འདིར་གསུངས་ པའི་)ཉུང་ངུའི་བྱེད་པ་རྣམ་པར་སྦྱོང་བ་(སྟེ་བྱེད་རྩིས་ཀྱི་ལག་ལེན་ཐོག་མར་མཛད་པ་པོ་)རིགས་ལྡན་རྒྱལ་ དཀའི་(ཉུང་ངུའི་བྱེད་པ་སྦྱོར་བའི་)དུས་སོ། །དུས་དེ་ཉིད་ནི་བྱེད་པ་ལ་(ལོ་དག་གི་ཡ་མཐའི་གཟའ་ལ་སོགས་ པའི་དྷྲུ་བའམ་)ངེས་པར་(འཆར་བའི་དུས་སུ་ཞུགས་པ་འདིས་)འགྱུར་ཏེ་ཀླ་ཀློའི་ལོ་(ཇི་སྙེད་པ་རྣམས་)ལས་(ལོ་ བརྒྱ་དང་བརྒྱད་ཅུ་རྩ་གཉིས་དམན་པར་བྱས་པ་ལས་ངེས་)སོ། །རབ་བྱུང་ལ་སོགས་འདས་པ་ཞེས་པ་ནི་ལོ་ དྲུག་ཅུ་པོ་གང་གི་དང་པོ་རབ་བྱུང་ཡིན་པ་དེ་ནི་རབ་བྱུང་ལ་སོགས་པ་(བདེ་མཆོག་བསྟོད་འགྲེལ་དུ་ གསུངས་པ་ལྟར་དྲུག་ཅུ་)སྟེ། དེ་དག་ལས་སོ་སོར་ད་ལྟར་བའི་ལོ་སྔ་མའི་ལོ་ནི་རབ་བྱུང་ལ་སོགས་ འདས་པའོ། །(འདས་ལོ་ནི་ཀླ་ཀློ་ཞུགས་ནས་རྒྱལ་དཀའ་འདས་པའི་བར་གྱི་ལོ་སྟེ་)དེ་དག་གསུམ་ལྷག་པའི་ བཞི་བརྒྱའི་ཕུང་པོ་(དེ་)ལ་བསྲེས་པ་ནི་ཀླ་ཀློ(ཞུགས་ནས་ད་ལྟར་གྱི་ལོ་གང་ཡིན་པའི་པར་གྱི་འདས་པ་)འི་ ལོར་རབ་ཏུ་གྲུབ་པར་འགྱུར་རོ། །(རབ་བྱུང་ལ་སོགས་)ལོ་(གང་ཡང་རུང་བ་)གཅིག་དང་པོར་བྱས་ ནས་ལོ་དྲུག་ཅུ་ཇི་སྙེད་པ་དེ་སྙེད་(བསྲེས་པ་)ནི་རབ་བྱུང་ལ་སོགས་པ་འདས་པ་རྣམས་བསྲེས་ སུ་འགྱུར་རོ། །ལོ(འི་དང་པོ་རབ་བྱུང་ཡིན་པ་)དེ་ཉིད་ནི་བྱེད་པ་གཞན་ཐམས་ཅད་ལ་རབ་ཏུ་གྲགས་ 2-1-229 པ་ཡིན་ཏེ་གཟའ(འི་དང་པོ་)ཉི་མ་( ཡིན་པར་གྲགས་པ་)བཞིན་ནོ། །གསུམ་ལྷག་པའི་བཞི་བརྒྱའི་ ལོའི་ཕུང་པོ་ལ་(འདས་ལོ་)དེས་བསྲེས་པ་ནི་ཀླ་ཀློ(ཞུགས་པ་འདས་པ་)འི་ལོར་རབ་ཏུ་གྲུབ་སྟེ། (ཀླ་ ཀློ་ཞུགས་པའི་དུས་ཀྱི་)ཀླ་ཀློ(འི་སྟོན་པ་)ནི་(ཨ་གྲ་ལ་སོགས་བརྒྱད་ཡོད་པ་ལས་འདི་བདུན་པ་)སྦྲང་རྩི་ལྡན་པ་སྟེ་ རཧྨ་ཎའི་འཇུག་པ་ཀླ་ཀློའི་ཆོས་སྟོན་པ་པོ་ཀླ་ཀློ་སྟག་གཟིགས་རྣམས་ཀྱི་བླ་མ་དང་རྗེ་བོའོ། ། (དེ་ལྟར་ན་)ཀླ་ཀློའི་དབང་པོ(ཞུགས་པ་ནི་ཕྱིན་ཆད་ཀྱི་འདས་པ་)འི་ལོ་ནི་(ཇི་སྙེད་པའི་སྟེང་ནས་)ལག་པ་ གདེངས་ཅན་ཟླ་བས་དམན་པ་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པ་ནི་ལག་པ་ གདེངས་ཅན་ཟླ་བས་དམན་པ་(དེའི་ལྷག་མའི་ལོ་རྣམས་ཀྱི་ཐོག་མའི་ལོ་དེ་ནི་)སྟེ་ཤམ་བྷ་ལའི་ཡུལ་དུ་ རིགས་ལྡན་རྒྱལ་དཀ(ཉུང་ངུའི་བྱེད་པ་སྦྱོང་བ་)འི་དུས་ཀྱི་ལོ(སྟེ་ལོ་དག་གི་ཡ་མཐའ་)འོ། །〔དེ་ལྟར་ལག་ པ་གདེངས་ཅན་ཟླ་བས་དམན་པར་བྱ ས་པའི་ལྷ ག་མའི་ལོའི་ཚོགས་〕དེ་ཉིད་ནི་ཉུང་ངུའི་བྱེད་ པ་ལ་ལོའི་ཚོགས་སོ(དེ་ལྟར་ན་མ་མཁའི་ཡུལ་དུ་ཀླ་ཀློ་ཞུགས་ནས་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ན་རྒྱལ་དཀའ་ཉུང་ ངུའི་བྱེད་པ་སྦྱོང་བ་མཛད་ཅིང་བྱེད་རྩིས་ཀྱི་ལོ་དག་གི་མགོ་ཚུགས་ལ། དེ་ནས་རྒྱལ་དཀའ་འདས་པའི་བར་ལ་ལོ་ཉིས་བརྒྱ་དང་ ཉེར་གཅིག་ཡོད་པས་མེ་མཁའ་རྒྱ་མཚོ་རྩིས་གཞིར་འཇོག་པའི་རྒྱུ་མཚན་ནི་ཀླ་ཀློ་ཞུགས་ནས་རྒྱལ་དཀའ་འདས་པའི་བར་གྱི་ ལོ་གྲངས་སྡོམ་ནས་བཞག་པ་ཡིན་ལ་རབ་བྱུང་ལ་སོགས་འདས་ལོ་ནི་རྒྱལ་དཀའ་འདས་ནས་བསྲེའོ། །དེ་ལ་ལག་པ་གདེངས་ ཅན་ཟླ་བ་འབྲིད་པ་ནི་ཀླ་ཀློ་བས་བྱེད་རྩིས་ཀྱི་ལོ་དག་གི་མགོ་འཛུགས་པ་ལ་ལོ་དེ་སྙེད་ཀྱི་འཕྱི་བས་སོ། །དེས་ན་ཀླ་ཀློ་ཞུགས་ ནས་ལོ་ཅི་ཙམ་ཞིག་འདས་པ་དང་བྱེད་རྩིས་ཀྱི་མགོ་ཚུགས་ནས་ལོ་ཅི་ཙམ་ཞིག་འདས་པ་གཉིས་སུ་ཤེས་པར་བྱའོ)། །ལྷག་ མ་དག་ཀྱང་ཉི་མས་བསྒྱུར་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པའི་ལྷག་མའི་ལོའི་ ཚོགས་དེ་ཉིད་ཟླ་བའི་ཚོགས་ཀྱི་དོན་དུ་ཉི་མས་བསྒྱུར་བ་ནི་བཅུ་གཉིས་ཀྱིས་བསྒྲེས་པ་སྟེ་ ཟླ་བའི་ཚོགས་སུ་འགྱུར་རོ། །ནག་པ་ལ་སོགས་ཟླ་བ་བསྲེས་ཏེ། ཞེས་པ་ནི་ཟླ་བའི་ཚོགས་ དེ་ཉིད་ད་ལྟར་གྱི་ཟླ་བ(གཟའ་ལ་སོགས་པའི་ངེས་པ་བཙལ་བ་)འི་དོན་དུ་ནག་པ་ལ་སོགས་པ་(ལོ་)ད་ ལྟར་པའི་ཟླ་བ་(འདས་པ་)རྣམས་ཀྱིས་བསྲེས་པའོ། །( ལོ་རེ་ལ་ཟླ་བ་བཅུ་གཉིས་སུ་བརྩིས་པ་སྟེ་ཉི་མས་ཟླ་ 2-1-230 བ་རེ་ཁྱིམ་རེ་བགྲོད་པ་རགས་རྩིས་ཀྱི་དབང་དུ་བྱས་པ་ཁྱིམ་གྱི་ཟླ་བ་རེ་)འོག་ཏུ་[དུས་[ཡུ་ཀ]ཀྱིས་བསྒྱུར་ཞེས་ པ་ནི་འོག་དང་སྟེང་གི་ཕུང་པོ་ལ་ཟླ་བའི་ཚོགས་དེ་ཉིད་དེ། འོག་གི་ཕུང་པོ་ལ་ཟླ་བའི་ཚོགས་ བྱས་ནས་ལྷག་པའི་ཟླ་བ་གཟུང་བའི་དོན་དུ་དུས་ཀྱིས་བསྒྱུར་བ་ནི་བཞིས་བསྒྲེས་པ་ཡིན་ནོ། ། མཁའ་མེ་ཟླ་བས་རྣམ་པར་དབྱེ་ཞེས་པ་ནི་(ཁྱིམ་གྱི་)འདིར་ཟླ་བ་ཕྱེད་དང་བཅས་པའི་སུམ་ཅུ་ རྩ་གཉིས་ན་ལྷག་པའི་ཟླ་བར་འགྱུར་ཏེ་(ཚེས་གཅིག་ནས་)གནམ་སྟོང་(གི་བར་ཟླ་བ་རེ་)ལ་ཉི་མའི་ (ཁྱིམ་རེ་)འཕོ་བ་མེད་པའི་ཕྱིར་རོ། །དེས་ན་(ཉི་མས་ཟླ་བ་རེ་ལ་ཁྱིམ་རེ་)ལོངས་སྤྱོད་པར་མི་འགྱུར་ རོ། །དེའི་ཕྱིར། (ཉི་མས་ཁྱིམ་རེ་སྤྱོད་པ་ལ་ཟླ་བ་རེ་དང་ཚེས་གཅིག་གི་བཅུ་གཉིས་ཆས་དམན་པའི་ཚེས་རེ་དགོས་པས་ཉི་ མས་ཁྱིམ་བཅུ་གཉིས་རྫོགས་པར་ལོངས་སྤྱོད་པ་ལ་ལོ་གཅིག་ལ་ཚེས་གྲངས་བཅུ་གཅིག་ལྷག་པར་འགྱུར་ཞིང་དེ་བསགས་པས་ ཟླ་བ་ཕྱེད་དང་བཅས་པའི་སོ་གཉིས་ན་ཟླ་བ་གཅིག་ཡོད་པ་ལ་ལྷག་པར་འགྱུར་ལ་ཟླ་བཞི་ཆ་བ་བརྒྱད་དང་སུམ་ཅུ་ན་ཟླ་ལྷག་ གཅིག་འབྱུང་བས་དེ་བཟུང་བའི་དོན་དུ་ཁྱིམ་གྱི་ཟླ་བ་ཕྱེད་དང་བཅས་པའི་སོ་གཉིས་ཀྱི་)ཕུང་པོ་བཞིས་བསྒྱུར་བ་ནི་ ༤ཆའི་ཕུང་པོར་འགྱུར་རོ། །༢ ཆིའི་ཕུང་པོར་(འགོད་བྱེད་ཟླ་བ་ཕྱེད་དང་བཅས་པའི་སོ་གཉིས་པོ་)༡བཞིའི་ ༣བསྒྱུར་པར་གྱུར་པ་ན་(བགོ་བར་བྱ་བའི་)རྒྱུ་མེད་ན་(བགོས་པས་ཐོབ་པའི་)རྒྱུ་ཅན་(འབྲས་བུ་)ཡང་མི་ འབྱུང་ངོ་ཞེས་པའི་རིགས་པས་བགོ་བར་བྱ་བ(ཁྱིམ་གྱི་ཟླ་བ་)འི་ཕུང་པོ་(འོག་མ་ཡང་)བཞིས་བསྒྱུར་ བར་འགྱུར་(ཏེ་ཕྱེད་བསྒྱུར་གྱི་གནད་ཡིན་ནོ་)རོ། །དེའི་ཕྱིར་བགོ་བར་བྱ་བ(ཁྱིམ་གྱི་ཟླ་བ་བཞི་ཆ་)འི་ཕུང་ པོ་ལ་(འགོད་བྱེད་ཁྱིམ་གྱི་ཟླ་བ་ཕྱེད་དང་བཅས་པའི་ཉེར་བཞི་)ཆའི་ཕུང་པོ(ར་གྱུར་པ་)ས་རྙེད་པ་ནི་འབྲས་ བུར་འགྱུར་ཏེ་(བཞིས་བསྒྱུར་བ་ནི་སྡེབ་སྦྱོར་གྱི་དབང་གིས་མཛད་པ་སྟེ་ཕྱེད་བསྒྱུར་གྱི་དོན་ཕུང་བོ་འོག་མ་གཉིས་ཀྱིས་ བསྒྱུར་བ་ལ་དྲུག་ཅུ་རྩ་ལྔས་བགོས་པས་ཀྱང་འབྲས་བུ་འགྲུབ་པོ་)རྙེད་པ་སྟེང་དུ་བསྲེས་པ་ཞེས་པ་ནི་རྙེད་པ་ཟླ་ བ་ལྷག་པའི་ཚོགས་དེ་ཉིད་སྟེང་གི་ཕུང་པོའི་(ཁྱིམ་གྱི་)ཟླ་བའི་ཚོགས་ལ་བསྲེས་པ་དག་ནི་མིའི་ བདག་པོ་(ཞེས་བོད་པ་སྟེ་)ཟླ་བའི་ཚོགས་རྣམ་པར་དག་པར་འགྱུར་ཏེ་ད་ལྟར་གྱི་ཟླ་བ་ལ་ཚེས་ སུམ་ཅུའི་རྩིས་ཀྱི་དོན་དུའོ། ༢༧ ། 2-1-231 ༈ ད་ནི་ཟླ་བའི་ངེས་པ་གསུངས་པ་ཟླ་བ་གནས་གསུམ་གྱུར་པའི་དབུས་མའི་ཕུང་པོ་ དག་ལ་གང་གནས་ལག་པ་རྩེ་མོ་ཅན་གྱིས་བསྒྱུར་ཞེས་པ་སྟེ་འདིར་ཟླ་བ་དག་པ་གནས་ གསུམ་དུ་བྱས་ནས་གང་ཞིག་དབུས་མའི་ཕུང་པོ་ལ་གནས་པའི་ཟླ་བ་དེ་དག་ཟླ་བ་སོ་སོའི་ རེས་གཟ(ཉེར་དགུ་ལ་འཁོར་ལོ་དོར་བའི་ལྷག་མ་གཟའ་གཅིག་ཡོད་པ་)འི་ཆུ་ཚོད་(རགས་པར་ན་སུམ་ཅུ་རྩ་གཉིས་ ཡོད་པས་དེ་ཉིད་)ཀྱི་དོན་དུ་ལག་པ་རྩེ་མོ་ཅན་གྱིས་བསྒྱུར་བ་ནི་སུམ་ཅུ་རྩ་གཉིས་ཀྱིས་བསྒྱུར་ བ་ཡིན་ནོ། །རྩ་བ་(སྟེ་གནས་འོག་མ་)དག་ལ་དྲུག་གི་ཆས་རྙེད་ཅེས་པ་ནི་(ཟླ་བ་སོ་སོའི་ཆུ་ཚོད་སོ་གཉིས་ སུ་བྱས་པ་དེ་རགས་རྩིས་ཡིན་ཞིང་ཆུ་ཚོད་རེའི་དྲུག་ཆ་རེ་ལྷག་པོར་སོང་ཡོད་པས་)རྩ་བའི་ཕུང་པོ་ལ་དྲུག་གི་ཆས་ རྙེད་པ་དབུས་མའི་ཕུང་པོ་ལ་བུ་ལོན་དུ་འགྱུར་རོ། །དེས་དབུས་མའི་ཕུང་པོ་ལ་སྦྱང་བར་བྱ་ སྟེ་བུ་ལོན་ཡིན་པའི་ཕྱིར་རོ། །སྟེང་འོག་དག་ལ་མིག་དང་སུམ་ཅུའི་ནོར་ནི་བསྲེས་པ་གསལ་ བར་བྱ་སྟེ། ངེས་པ་འདི་ནི་(ཉུང་ངུའི་བྱེད་རྩིསའདིའི་ལོ་དག་གི་ཐོག་མར་རེས་གཟའི་དྷྲུ་བ་ལ་)བཀྲ་ཤིས་ལ་ སོགས་པ་(ལྔ་རི་མོ་ལ་)ནུབ་པ(སྟེ་མི་འཆར་བ་)ར་བྱེད་པ་ལ་འོངས་པ་སྟེ་དེས་ན་ཉི་མ་ལ་སོགས་པ་ (སྟེ་ཉི་མ་དང་ཟླ་བ་གཉིས་རི་མོ་ལ་)འཆར་བར་བྱེད་པའི་དོན་དུ་སྟེང་གི་ཕུང་པོར་གཟའ་གཉིས་ནོར་དུ་ འགྱུར་རོ། །འོག་གི་ཕུང་པོར་ཆུ་ཚོད་སུམ་བཅུ་ནོར་དུ་འགྱུར་རོ། 〔ཞེས་པ་བྱེད་རྩིས་འདིའི་ལོ་ དག་གི་ཐོག་མའི་ཟླ་བ་དང་པོའི་རེས་གཟའི་དྷྲུ་བ་ལ་གཟའི་གནས་ན་གཉིས་དང་ཆུ་ཚོད་ན་ སུམ་ཅུ་ཡོད་པ་〕། དེའི་ཕྱིར་སྟེང་དང་འོག་ལ་གྲངས་བཞིན་དུ་མིག་དང་སུམ་ཅུ་བསྲེའོ། །དྲུག་ ཅུའི་ཆ་དག་གིས་རྙེད་པ་རྩ་བའི་ཆུ་ཚོད་ཀྱི་ཕུང་པོ་ལ་དྲུག་ཅུའི་ཆས་རྙེད་པ་ནི་གཟའི་ཚོགས་ སུ་འགྱུར་ཏེ། ལྷག་མ་ནི་རེས་གཟའི་ལོངས་སྤྱོད་ལ་ཆུ་ཚོད་ཀྱི་ཕུང་པོར་འགྱུར་རོ། །སྟེང་དུ་ རབ་བསྲེས་ནི་དྲུག་ཅུའི་ཆས་རྙེད་པའི་གཟའི་ཚོགས་དེ་ཉིད་སྟེང་གི་གཟའི་ཕུང་པོ་ལ་རབ་ཏུ་ བསྲེས་པ་ཡིན་ནོ། །ཐུབ་པ་མཆོག་རྣམས་དག་གིས་ཞེས་པ་བདུན་གྱིས་བཅད་པ་སྟེ་རྣམ་པར་ ཕྱེ་བར་གྱུར་པའི་ལྷག་མ་དེ་ནི་རེས་གཟའ་ཉིད་དོ་ཟླ་བའི་ངེས་པ་ལ་གཟའ་ནི་སྟེང་དུ་དགོད་ 2-1-232 པར་བྱ་ཞིང་གཟའི་འོག་ཏུ་ཆུ་ཚོད་ཀྱི་ཚོགས་སོ། ༢༨ ། ༈ ད་ནི་གཟའི་རྐང་པ་རྣམས་གསུངས་པ་གནས་གཉིས་ཉི་ཟླ་བསྲེས་པ་ཞེས་པ་སྟེ་ གནས་གཉིས་ལ་ཟླ་བའི་ཚོགས་དེ་ཉིད་ཉི་ཟླ་བསྲེས་པ་ནི་རྒྱ་རྩ་བཅུ་གཉིས་བསྲེས་པ་སྟེ་ཉི་ ཟླ་ཞེས་པ་ནི་བྱེད་པ(འི་རྩིས་)ལ་(རྐང་པའི་ཆ་ཤས་ཀྱི་མཚམས་གཟུང་བའི་དོན་དུ་ལོ་དག་གི་ཐོག་མར་རྐང་པའི་ཆ་ ཤས་སྔར་སྤྱད་པ་འཁོར་ལོ་མ་ལོངས་པ་རྣམས་འདིར་བསྲེ་དགོས་པས་དེ་ལ་)ལྟོས་པ་ཡིན་གྱི་གྲུབ་པའི་མཐའ་ ལ་ལྟོས་པ་(སྟེ་སླར་ཡང་འདས་ལོ་རྣམས་དོར་ནས་བརྩི་བའི་རྩིས་གཞི་ཕྱི་མའི་དྷྲུ་བ་ཡང་ངེས་པར་སྦྱིན་དགོས་པ་)ནི་མ་ ཡིན་ནོ། །(གནས་གཉིས་ཆར་ལ་ཉི་ཟླ་བསྲེ་པ་ནི་སྡེབ་སྦྱོར་གྱི་དབང་གིས་ཏེ་གནས་འོག་མ་ཁོ་ན་ལ་བསྲེ་རྒྱུ་ཡིན་ལ་གོང་མ་ ལ་བསྲེས་ཀྱང་མ་དག་པར་མི་འགྱུར་ཏེ་འཁོར་ལོས་བགོས་པ་ལ་ལྷག་མ་མེད་པའི་ཕྱིར་རོ་)དུས་དང་ཉི་མས་ཐོབ་པ་ འོག་གི་ཟླ་བའི་ཚོགས་ལ་བརྒྱ་ཉི་ཤུ་རྩ་དྲུག་གིས་ཐོབ་པ་སྟེ་རྙེད་པ་ནི་སྟེང་གི་ཕུང་པོར་ནོར་དུ་ འགྱུར་རོ། །སྟེང་གི་ཕུང་པོ་ལ་སྦྱིན་པར་བྱ་སྟེ་ཟླ་བ་སོ་སོ་ལ་ཚོགས་གཉིས་ཀྱི་དོན་དུ་དང་པོ་ ལག་པས་བསྒྱུར་ལ་ཕྱི་ནས་སྦྱིན་པར་བྱའོ། །འབྱུང་བ་བསྲེས་པ་མཐའ་དག་ཅེས་བྱ་བ་ནི་(ལོ་ དག་གི་ཐོག་མའི་ཚོགས་ཀྱི་དྷྲུ་བ་ན་ལྔ་ཡོད་པས་)བྱེད་པ་ལ་ལྟོས་པའོ། །དུས་དང་ཉི་མས་ཆ་ཐོབ་པ་ནི་(ཆ་ ཤས་རྐངཔའི་{བརྒྱ་}ཉེར་དྲུག་གི་ཆ་ཡིན་པས་དུས་ཉིས་འགོད་པ་ཆ་ཤས་ཀྱི་རྩ་བའི་ངེས་པ་ཡིན་པས་)གྲུབ་པའི་མཐའ་ སྟེ་གང་གི་ཕྱིར་ཟླ་བ་བརྒྱ་ཉི་ཤུ་རྩ་དྲུག་ན་ཚོགས་ཀྱི་གནས་སུ་ཚོགས་གཅིག་ལྷག་པར་འགྱུར་ བ་ཟླ་བའི་རྐང་པའི་དབང་གིས་སོ། །བརྒྱད་དང་གཉིས་ཀྱིས་ཕྱེ་བ་ཚོགས་ཞེས་པ་ནི་ཉི་ཤུ་རྩ་ བརྒྱད་ཀྱིས་ཕྱེ་བ(འི་ལྷག་མ་)ཚོགས་སུ་འགྱུར་རོ། །(རེས་)གཟའ་བདུན་གྱི་རྐང་པ་ཡིན་པ(ལ་རྐང་ པ་ཡང་བཞི་ཆའི་དོན་ཡིན་པ་)འི་ཕྱིར་ཉི་ཤུ་རྩ་བརྒྱད་ཀྱི་ཆར་འགྱུར་རོ། །ཆ་དེས་ཐོབ་པ(འི་ལྷག་མ་)ནི་ ཟླ་བ་སོ་སོའི་རེས་གཟའི་རྐང་པར་འགྱུར་ཏེ་རེས་གཟའི་ཆུ་ཚོད་ཀྱི་འོག་ཏུའོ། །དུས་དང་ཉི་ མས་ཆ་ཐོབ་པའི་ལྷག་མ་ནི་ཚོགས་ཀྱི་ཆ་ཤས་སུ་འགྱུར་ཏེ་ཚོགས་ཀྱི་འོག་ཏུ་བཞག་པར་བྱའོ། ། 2-1-233 ༈ ད་ནི་ཉི་མའི་སྐར་མའི་ངེས་པ་གསུངས་པ་གནས་གསུམ་དབུས་མ་དག་ནི་དབང་ ཕྱུག་གིས་བསྒྱུར་ཞེས་པ་སྟེ་ཟླ་བ་དག་པ་དེ་དག་སྟེང་དང་དབུས་དང་འོག་གི་གནས་གསུམ་ དུ་འགྱུར་རོ། །གང་ཞིག་དབུས་མ་ལ་གནས་པའི་ཟླ་བ་དེ་དག་དབང་ཕྱུག་གིས་བསྒྱུར་ཏེ་ བཅུ་གཅིག་གིས་བསྒྱུར་རོ། །བཅུ་གཅིག་གིས་བསྒྱུར་བ་ནི་བྱེད་པ(འི་རྩིས་ལ་ཉི་མའི་ཚེས་རེའི་ལོངས་ སྤྱོད་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུར་བཅས་པ་སྟེ་)ལ་ལྟོས་པ་(སྟེ་དབང་དུ་བྱས་པ་)མ་ཡིན་གྱི་གྲུབ་པའི་མཐའ་ (སྟེ་ཟླ་བ་རེ་ལ་ཉི་མས་སྐར་མ་གཉིས་དང་རགས་པར་ན་ཆུ་ཚོད་བཅུ་གཅིག་རེ་སྤྱོད་པས་ཉི་མས་ལོངས་སྤྱོད་ཀྱི་རྩ་བའི་ངེས་པ་)ལ་ལྟོས་པ་ཡིན་ནོ། །(ཤོང་འགྱུར་ལ་འདི་ལས་བཟློག་པར་ཡོད་པ་ལ་ཡང་བཤད་པར་བྱས་ཡོད་དོ་)འོག་མ་དགུ་ དང་ཡོན་ཏན་རྣམས་ཀྱི་ཆ་ཐོབ་པར་གཉིས་བསྲེས་ཞེས་པ་ནི་འོག་གི་ཕུང་པོ་ལ་དགུ་དང་ཡོན་ ཏན་རྣམས་ཀྱིས་ཏེ་སུམ་ཅུ་རྩ་དགུ་རྣམས་ཀྱིས་ཆ་ཐོབ་པ(ས་འབྲིད་པ་ནི་ཉི་མས་ཟླ་བ་རེ་ལ་སྐར་མ་གཉིས་ དང་ཆུ་ཚོད་བཅུ་གཅིག་སྤྱོད་པའི་དབང་དུ་བྱས་པ་དེ་རགས་པ་ཡིན་གྱི་ཞིབ་མོར་ན་ཟླ་བ་རེ་རེ་ཞིང་ཆུ་སྲང་གཅིག་དབུགས་གསུམ་ འདོད་ཆ་ལྷག་པོར་སོང་བ་དེ་བསགས་ན་ཟླ་བ་སོ་དགུ་ན་ཆུ་ཚོད་རེ་ལྷག་པ་དེ་འབྲིད་པ་)འོ། །གཉིས་བསྲེས་ཞེས་པ་ ནི་བྱེད་པ་ལ་ལྟོས་པས་བསྲེས་པའོ། །དབུས་ལ་དམན་པ་ནི་དབུས་ཀྱི་ཕུང་པོ་ལ་དམན་པ་སྟེ་ (ལོ་དག་གི་ཐོག་མའི་དུས་ན་སྐར་མའི་ངེས་པ་ལ་སྐར་གནས་ན་ཉེར་དྲུག་དང་ཆུ་ཚོད་ན་ང་བརྒྱད་ཡོད་པ་ལ་རེ་ཞིག་འཁོར་ལོ་ ལོངས་པ་ཡིན་དུ་བཅུག་ནས་དྷྲུ་བ་ཕྱི་མ་རྣམས་ལ་མ་བསྲེས་ཤིང་དེ་ལ་ཆུ་ཚོད་གཉིས་ལྷག་པོར་སོང་ཡོད་པས་དེ་འབྲིད་དགོས་ པས་བྱེད་པ་ལ་ལྟོས་པའི་)བུ་ལོན་ནོ་ཞེས་པའི་དོན་ཏོ། །ཆུ་ཚོད་དག་གིས་ཐོབ་པ་ནོར་ཏེ། ཞེས་པ་ནི་ དབུས་མའི་ཕུང་པོ་ལས་ཆུ་ཚོད་དག་གིས་ཏེ་དྲུག་ཅུས་ཐོབ་པའི་རྙེད་པ་ནི་སྐར་མའི་ཚོགས་ཏེ་ སྟེང་གི་ཕུང་པོ་ལ་ནོར་དུ་འགྱུར་རོ། །དྲུག་ཅུའི་ཆའི་ལྷག་མ་ནི་སྐར་མའི་ཆུ་ཚོད་དུ་འགྱུར་རོ། ། ནོར་དེ་ཉིད་(ཟླ་བ་སོ་སོའི་སྐར་མའི་ངེས་པ་ལ་གཉིས་ཡོད་པའི་ཕྱིར་)སྟེང་གི་ཕུང་པོར་གཉིས་ཀྱིས་ནི། ༢༩ བསྒྱུར་ནས་བྱིན་ལ་སྐར་མས་བགོས་པ་སྟེ་ཉི་ཤུ་རྩ་བདུན་གྱིས་བགོས་པའི་ལྷག་མའོ། །མི་ བདག་ནི་བོད་པ་སྟེ་ཉི་མའི་སྐར་མ་ལ་སོགས་ལོངས་སྤྱོད་དག་ཏུ་འགྱུར་རོ། །འདིར་སྟེང་དུ་ 2-1-234 སྐར་མའི་ཚོགས་དང་འོག་ཏུ་སྐར་མའི་ཆུ་ཚོད་ཀྱི་ཚོགས་སོ། ། ༈ སླར་ཡང་མ་དག་པ་ལས་ཀྱང་(སྟེ་དྷྲུ་བ་སྔ་མ་རགས་རྩིས་སུ་བྱས་པའི་སྟེང་དུ་)མ་དག་པའི་ངེས་ པ་(སྟེ་རགས་རྩིས་སུ་བྱས་པ་སྦྱིན་པའི་ཚུལ་)བྱིས་པ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱ་བའི་དོན་དུ་(སླ་ ཆོས་སུ་)བཀོད་པ་གཟའ་ལ་གཟའ་ནི་རབ་སྦྱིན་ཏེ་གཟའི་གནས་སུ་གཟའ་གཅིག་སྦྱིན་པར་ བྱའོ། །མི་བདག་ཉིས་འགྱུར་ཆུ་ཚོད་རྣམས་ཏེ་མི་བདག་ཅེས་པ་ནི་བཅུ་དྲུག་སྟེ་མི་བདག་ གཉིས་འགྱུར་ཆུ་ཚོད་ཆུ་ཚོད་སུམ་ཅུ་རྩ་གཉིས་ཆུ་ཚོད་ཀྱི་གནས་སུ་སྦྱིན་པར་བྱའོ། །འོག་ཏུ་ ཚོགས་དག་ལ་ཡང་གཉིས་ཞེས་པ་ནི་ཆུ་ཚོད་ཀྱི་འོག་ཚོགས་ཀྱི་གནས་སུ་གཉིས་སྦྱིན་པར་བྱ་ བར་འགྱུར་རོ། །སྐར་མའི་གནས་སུ་སྐར་མར་གཉིས་དང་ཆུ་ཚོད་དྲག་པོ་སྐར་མའི་ཆུ་ཚོད་ ཀྱི་གནས་སུ་དྲག་པོ་ཞེས་པ་ཆུ་ཚོད་བཅུ་གཅིག་སྦྱིན་པར་བྱ་བའི་ཕྱིར་ནོར་དུ་རབ་ཏུ་གསལ་ ཏེ་ཉི་མའི་ལོངས་སྤྱོད་དག་ལ་རབ་ཏུ་སྦྱིན་ཞེས་པ་ནི་སྐར་མ་ལ་སོགས་པའོ། །〔དེ་ལས་〔འདི་ དག་རྒྱུད་ལས་བྱུང་〕ཟླ་བའི་ངེས་པ(སྟེ་རགས་པ་)ར་འགྱུར་ཏེ་སླར་ཡང་ཟླ་བ་ཟླ་བ་དག་ལ་རབ་ ཏུ་སྦྱིན་པར་གསུངས་ཟླ་བའི་ངེས་པ་(གཟའི་ཆུ་ཚོད་སུམ་ཅུ་རྩ་གཉིས་ལ་གནས་འོག་མ་ལ་དྲུག་གིས་ཐོབ་པའི་ནོར་ གྱིས་འབྲིད་དགོས་པ་དང་ཚོགས་ཀྱི་གནས་སུ་འོག་མ་ལ་དུས་ཉིའི་ཆས་ཐོབ་པ་སྦྱིན་དགོས་པ་དང་སྐར་མའི་ཆུ་ཚོད་དུ་འོག་ལ་ སོ་དགུའི་ཆས་ཐོབ་པ་འབྲིད་དགོས་པ་)བྱེད་པ་ལ་ལྟོས་པའི་དབང་གིས་ཟླ་བ་སོ་སོ་ལ་རབ་ཏུ་སྦྱིན་པར་ བྱའོ། །ཞེས་བཅོམ་ལྡན་འདས་ཀྱིས་མ་འོངས་པ(འི་རྩིས་རྣམས་)ཉིད་ལུང་བསྟན་ཏོ། ༣༠ ། ༈ ད་ནི་ཟླ་བའི་ངེས་པ་ལས་ཚེས་ལ་སོགས་པའི་རྩིས་གསུངས་པ་ཚེས་རྣམས་སྦྱིན་དང་ དོར་དང་སླར་ཡང་སྦྱིན་པ་དག་ནི་གཟའ་དང་ཆུ་ཚོད་རྐང་པ་རྣམས་སུ་སྟེ། ཞེས་པ་ནི་འདིར་ ཟླ་བ་སོ་སོའི་ངེས་པ་ལ་དཀར་པོའི་ཚེས་གཅིག་ལ་སོགས་པའི་ཚེས་གཅིག་ནས་བརྩམས་ ནས་སུམ་ཅུ་པ་གནམ་སྟོང་གི་བར་ཇི་སྙེད་པ་དེ་སྙེད་ཀྱི་ཚེས་རྣམས་སྦྱིན་དང་དོར་དང་སླར་ ཡང་སྦྱིན་ཞེས་པ་ནི་(དྷྲུ་བའི་)གཟའི་གནས་སུ་སྦྱིན་ཏེ་ཞག་སོ་སོ(ལ་དབང་བྱེད་པ་)འི་རེས་གཟའི་ 2-1-235 དོན་དུའོ། །(ཞེས་པ་རགས་རྩིས་ལ་རེས་གཟའ་དང་ཚེས་ཞག་མཉམ་པའི་དབང་དུ་བྱས་པའོ་)ཆུ་ཚོད་ཀྱི་གནས་ སུ་དོར་ཏེ་ཟླ་བའི་ཆ(ཚེས་ཀྱི་)ས་(ཆུ་ཚོད་དྲུག་ཅུ་མ་ཐུབ་པར་)ཆུ་ཚོད་རེ་དམན་(པ་སྟེ་ཆུ་ཚོད་ང་དགུ་ལས་མ་ ཐུབ་)པའི་ཕྱིར་རོ། །(ཞེས་པ་རགས་པ་སྟེ་ཞིབ་མོར་ན་ཆུ་ཚོད་གཅིག་ཏུ་ཆུ་སྲང་གསུམ་དང་དབུགས་བཞིས་མ་ལོངས་པ་ རེ་དམན་ནོ་)ཚོགས་ཀྱི་གནས་སུ་སླར་ཡང་སྦྱིན་ཏེ་(ཚེས་རེ་རྐང་པའི་གནས་རེ་འཁྱུད་ཡོད་པས་སོ་) ཟླ་བའི་ རྐང་པ་རྣམས་ཀྱི་ནོར་དང་བུ་ལོན་ཡོངས་སུ་དག་པར་བྱ་བའི་ཕྱིར་རོ། །ཚོགས་ཀྱི་ཆ་ལ་ཆུ་ གཏེར་ཟླ་བས་མཉམ་དང་མི་མཉམ་ཐོབ་པ་དག་ལ་སྦྱིན་དོར་རྐང་པའི་དོན་ཞེས་པ་ནི་ཚོགས་ ཀྱི་གནས་སུ་ཚོགས་ལ་ཆུ་གཏེར་ཟླ་བ་སྟེ་བཅུ་བཞིའི་ཆས་(འགོད་པའི་རྒྱུ་མཚན་ཚེས་གྲངས་བཅུ་བཞི་ལ་ རྐང་པའི་རིམ་པའམ་རིམ་བཞིན་རྫོགས་པའི་ཕྱིར་བཅུ་བཞིས་འགོད་དེ་)མཉམ་པ་ཐོབ་པ(ནི་རིམ་པ་ཡིན་པ་)ས་རྐང་ པའི་དོན་ནོར་དུ་འགྱུར་རོ། །མི་མཉམ་པ་ཐོབ་(པ་ནི་རིམ་{མིན་{བཞིན་}ཡིན་)པས་རྐང་པའི་དོན་བུ་ ལོན་དུ་འགྱུར་རོ། །འདིར་མཉམ་པའི་ཆ་ནི་གཉིས་ཐོབ་པའམ་བཞི་ཐོབ་པ་སྟེ་མ་ཐོབ་པ་ཡང་ མཉམ་པའོ། །མི་མཉམ་པའི་ཆ་ནི་གཅིག་ཐོབ་པའམ་གསུམ་ཐོབ་པའོ། །དེ་ལས་ལྷག་པའི་ ཆ་ནི་མེད་དེ་ཚེས་སུམ་ཅུ་(ལས་མེད་ཅིང་དེ་)དང་བཅས་པའི་ཚོགས་སུ་(ཉེར་བརྒྱད་ནི་འཁོར་ལོ་ལོངས་ པས་དེའི་ལྷག་མ་)ཉི་ཤུ་རྩ་བདུན་(ལས་ལྷག་པ་མེད་ལ་དེ་)ནི་ལྔ་བཅུ་རྩ་བདུན་ལས་ལྷག་པར་མི་འགྱུར་ རོ། །དེ་ལས་ཆ་བཅུ་བཞིས་རྣམ་པར་ཕྱེ་བ་ནི་(ལྷག་མ་གཅིག་དང་ཐོབ་པ་)བཞིར་འགྱུར་རོ། །མཉམ་ པ་དང་མི་མཉམ་པའི་ཆ་དེས་རྐང་པའི་དོན་སྦྱིན་པའམ་དོར་བར་རིག་པར་བྱའོ། །རྐང་པའི་ དོན་ཞེས་པ་ནི་ཟླ་བའི་རྐང་པ་(ཚེས་ཀྱི་ལོངས་སྤྱོད་ཆུ་ཚོད་ང་དགུ་ལས་ལྷག་པ་དང་དམན་པའི་ཆུ་ཚོད་)རྣམས་ ཏེ་གནས་བཅུ་བཞིར་སྟེང་དང་འོག་གི་རྐང་པ་བདུན་བདུན་བཟློག་པ་ས་ལ་སོགས་པའི་ཡོན་ ཏན་གྱི་དབྱེ་བས་ཐ་དད་པ་རྣམས་སོ། །རྐང་པའི་དོན་དེ་དག་ཀྱང་(གཟའི་ལོངས་སྤྱོད་ལ་)སྦྱིན་ པའམ་དོར་བར་འགྱུར་རོ། །སྟོང་ལ་སྟོང་པ་རྣམ་དག་ཅེས་པ་ནི་བཅུ་བཞིའི་ཆའི་ལྷག་མ་གལ་ ཏེ་སྟོང་པར་གྱུར་ན་དེའི་ཚེ་རྐང་པའི་དོན་ཡང་སྟོང་པ་སྟེ་སྦྱིན་པ་དང་དོར་བ་མེད་དོ་ཞེས་པ་ནི་ 2-1-236 བྱེད་པ་ལ་རིགས་པའོ། །(གྲུབ་པའི་མཐའ་ལ་ནི་ཚེས་ལ་རྐང་པའི་དོན་མེད་པ་མི་སྲིད་དོ་)བཅུ་གསུམ་ཟླ་བའི་ རྐང་པར་ལྔ་སྟེ་ཞེས་པ་ནི་ལྷག་མ་རྐང་པ་བཅུ་གསུམ་པའམ་རྐང་པ་གཅིག་པ་མཐོང་ན་ཆུ་ ཚོད་ལྔ་ནོར་རམ་བུ་ལོན་དུ་འགྱུར་རོ། །དེ་བཞིན་དུ་མིག་དང་ཉི་མ་དག་ལ་ཕྱོགས་ཞེས་པ་ནི་ ལྷག་མ་རྐང་པ་གཉིས་པའམ་བཅུ་གཉིས་པ་ལ་(སྔ་རྐང་ལ་སྤྱོད་པ་སྡོམ་པ་དང་ཕྱི་རྐང་ལ་མ་སྤྱད་པ་སྡོམ་པའི་)ཆུ་ཚོད་བཅུ་སྦྱིན་པའམ་དོར་བར་འགྱུར་རོ། །བཅུ་གཅིག་པ་དང་མེ་ལ་ཞེས་པ་གསུམ་པ་ལ་ ཚེས་ཞེས་བྱ་སྟེ་ཞེས་པ་བཅོ་ལྔར་འགྱུར་རོ། །རྐང་པ་བཅུ་པ་དང་ཆུ་གཏེར་ཞེས་པ་ཆའི་ལྷག་ མ་རྐང་པ་བཞི་པ་མཐོང་ན་ཉི་ཤུར་གཅིག་གིས་དམན་པར་འགྱུར་རོ། ༣༡ ། ལྔ་དང་བུག་པར་ཉི་ཤུ་རྩ་གཉིས་ཞེས་པ་ལྔ་པ་དང་དགུ་པ་ལ་འགྱུར་རོ། །དུས་ཞེས་པ་ དྲུག་དང་ནོར་ཞེས་པ་རྐང་པ་བརྒྱད་པ་ལ་རྒྱལ་བ་སྟེ་ཉི་ཤུ་རྩ་བཞིར་འགྱུར་རོ། །ཆའི་ལྷག་ མ་རྐང་པ་བདུན་པ་མཐོང་ན་ཆུ་ཚོད་ཉི་ཤུ་རྩ་ལྔ་མཉམ་པ་ལ་སྦྱིན་པ་དང་མི་མཉམ་པ་ལ་དོར་ བར་འགྱུར་ཏེ་ཟླ་བའི་ཆ་(རྫོགས་པའི་ཡུན་ཆུ་ཚོད་ང་དགུ་ལས་དྲུག་ཅུ་རྩ་བཞིའི་བར་དུ་)འཕེལ་བ་དང་(ཆུ་ཚོད་ང་ དགུ་ལས་ལྔ་བཅུ་རྩ་བཞིའི་བར་དུ་)འགྲིབ་པའི་དབང་གིས་སོ། །དེ་ལ་ཉི་མའི་རབ་ཏུ་དབྱེ་བས་གསལ་ བྱས་ཉི་མའི་རྐང་པ་དག་ནི་སྦྱིན་དང་དོར་བར་འགྱུར། (ཉི་མ་ཁྱིམ་སོ་སོ་ལ་རྐང་པ་དང་ནོར་དང་བུ་ལོན་ དུ་འགྱུར་བ་ལྟར་དེ་དུས་ཀྱི་)ཚེས་ཀྱི་ལོངས་སྤྱོད་དེ་ལ་ཉི་མའི་རྐང་པ་རྣམས་ཉི་མའི་(ལོངས་སྤྱོད་ལ་བུ་ ལོན་དང་ནོར་གྱི་)རབ་ཏུ་དབྱེ་བས་(ཇི་ལྟ་བ་བཞིན་སྦྱིན་དོར་དུ་)འགྱུར་ཏེ་ཉི་མས་བུ་ལོན་ནི་(ཚེས་ཀྱི་ལོངས་ སྤྱོད་)དེ་ལ་བུ་ལོན་ནོ། །ཉི་མའི་ནོར་ནི་དེ་ལ་ནོར་ཉིད་དོ་ཞེས་པ་ནི་ཉི་མའི་རབ་ཏུ་དབྱེ་བའོ། ། འདིར་ཟླ་བའི་རྐང་པ་རྣམས་ནི་འབྱུང་བ་དང་འབྱུང་བ་མདའ་དང་རིག་བྱེད་མེ་ལག་རི་བོང་ ཅན་ནི་སྔ་མའི་ཆ་དང་གཞན་ལ་ཡང་ཞེས་པ་སྟེ་འབྱུང་དང་ཞེས་པ་ལྔ་དང་སླར་ཡང་འབྱུང་ བ་ཞེས་པ་དེའི་འོག་ཏུ་ལྔ་དང་མདའ་ཞེས་པ་དེའི་འོག་ཏུ་ལྔ་དང་(དེ་ལྟར་ལྔ་པ་གསུམ་ནི་ས་ཡོན་ཏན་ ལྔ་པ་ཉིད་ལ་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་སོ་)རིག་བྱེད་ཅེས་པ་དེའི་འོག་ཏུ་(ཆུའི་ཡོན་ཏན་)བཞི་ 2-1-237 དང་མེ་ཞེས་པ་དེའི་འོག་ཏུ་(མེའི་ཡོན་ཏན་)གསུམ་དང་ལག་པ་ཞེས་པ་དེའི་འོག་ཏུ་(རླུང་གི་ཡོན་ ཏན་)གཉིས་དང་རི་བོང་ཅན་ཞེས་པ་དེའི་འོག་ཏུ་རྐང་པ་(ནམ་མཁའི་ཡོན་ཏན་)གཅིག་སྟེ། དེ་ལྟར་ གནས་བདུན་པོ་རྣམས་སུ་རྐང་པ་རྣམས་སོ། །གཞན་གནས་བདུན་པོ་རྣམས་སུ་གཅིག་ལ་ སོགས་པ་ལུགས་ལས་བཟློག་པ་སྟེ་གནས་བཅུ་བཞི་པོ་རྣམས་སུ་རྐང་པ་ལྔའི་བར་དུའོ། །དེ་ ལྟར་གནས་བཅུ་བཞི་པོ་རྣམས་སུ་ཟླ་བའི་རྐང་པ་རྣམས་དགོད་པར་འགྱུར་རོ། །ཚོགས་ཀྱི་ ཆ་ལ་ཆུ་གཏེར་ཟླ་བས་མཉམ་དང་མི་མཉམ་ཐོབ་ལ་རྒྱུ་བ་རྣམས་(སྟེ་རྐང་པ་)ནི་སྦྱིན་དང་དོར་ ཞེས་པ་ནི་འདིར་ཡང་ཆ་བཅུ་བཞིའི་ལྷག་མར་མཐོང་བར་གྱུར་པ་ན་མཉམ་པར་ཐོབ་པ་ལ་རྒྱུ་ བ་〔སྟེ་རྐང་པ་〕ལྔ་ལ་སོགས་པ་རྣམས་སྦྱིན་ནོ། །མི་མཉམ་པར་ཐོབ་པ་ལ་དོར་རོ་ཞེས་པ་སྟེ་ཆ་ བཅུ་བཞིའི་ལྷག་མ་གཅིག་མཐོང་ན་ཆུ་ཚོད་ལྔ་གཟུང་བར་བྱའོ། །(ལྷག་མ་)གཉིས་པ་ལ་(རྐང་ པ་)གཉིས་པའི་གནས་ན་གནས་པ་(ལྔ་)དང་ལྷན་ཅིག་བཅུའོ། ། གསུམ་པ་ལ་གསུམ་པའི་གནས་ན་གནས་པ་(ལྔ་)དང་ལྷན་ཅིག་བཅོ་ལྔའོ། །བཞི་པ་ལ་ བཞི་པའི་གནས་ན་གནས་པ་བཞི་དང་ལྷན་ཅིག་ཉི་ཤུར་གཅིག་གིས་དམན་པའོ། །ལྔ་པ་ལ་ ལྔ་པའི་གནས་ན་གནས་པ་གསུམ་དང་ལྷན་ཅིག་ཉི་ཤུ་རྩ་གཉིས་སོ། །དྲུག་པ་ལ་དྲུག་པའི་ གནས་ན་གནས་པ་གཉིས་དང་ལྷན་ཅིག་ཉི་ཤུ་རྩ་བཞིའོ། །བདུན་པ་ལ་བདུན་པའི་གནས་ན་ གནས་པ་གཅིག་དང་ལྷན་ཅིག་ཉི་ཤུ་རྩ་ལྔའོ། །དེ་ནས་ཟླ་བའི་རྐང་པ་(ནོར་རམ་བུ་ལོན་དུ་)འཕེལ་ བ་བཟློག་སྟེ་(འགྲིབ་པ་ནི་)བརྒྱད་པ་མཐོང་བར་གྱུར་པ་ན་རྐང་པ་བརྒྱད་པ་སྔ་མ་བདུན་དང་ བཅས་པ་རྣམས་དོར་ཏེ་གཞན་མ་སྤྱད་པའི་རྐང་པ་དྲུག་པོ་རྣམས་ཚོགས་གཅིག་ཏུ་བྱས་ནས་ ཆུ་ཚོད་ཉི་ཤུ་རྩ་བཞི་སྦྱིན་པའམ་དོར་བར་འགྱུར་རོ། །དགུ་པ་ལ་རྐང་པ་ལྔ་པོ་རྣམས་ཀྱི་ཆུ་ ཚོད་ཉི་ཤུ་རྩ་གཉིས་སོ། །བཅུ་པ་ལ་རྐང་པ་བཞི་པོ་རྣམས་ཀྱི་ཉི་ཤུར་གཅིག་གིས་མ་ཚང་པའོ། ། བཅུ་གཅིག་པ་ལ་རྐང་པ་གསུམ་པོ་རྣམས་ཀྱི་བཅོ་ལྔའོ། །བཅུ་གཉིས་པ་ལ་རྐང་པ་གཉིས་ 2-1-238 པོ་དག་གི་བཅུའོ། །བཅུ་གསུམ་པ་ལ་རྐང་པ་གཅིག་གི་ལྔའོ། །བཅུ་བཞི་པ་ལ་(ལྷག་མ་མེད་པས་ རྐང་པའི་དོན་)སྟོང་པ(སྟེ་སྦྱིན་དོར་མེད་དོ་)འོ་ཞེས་པ་ནི་(རྣམ་པ་ཐམས་ཅད་དུ་མཐའ་གཅིག་ཏུ་ངེས་པ་)གྲུབ་པའི་ མཐའི་ངེས་པའོ། །རྒྱུ་ཞིང་ཡོད་པས་ལྷག་མ་བསྒྱུར་བ་ལས་ནི་དུས་དང་ཉི་མས་ཆ་ཐོབ་དག་ ཀྱང་དེ་བཞིན་ནོ། །ཞེས་པ་ལ་འདིར་རྒྱུ་ཞིང་ཡོད་པ་ཞེས་པ་ནི་ཚོགས་ཀྱི་འོག་ན་གནས་པའི་ ཚོགས་ཀྱི་ཆ་ཤས་དུས་དང་ཉི་མའི་ཆ་ཐོབ་པའི་ལྷག་མ་རྣམས་རྒྱུ་ཞིང་ཡོད་པ་སྟེ་ཚོགས་ལས་ བཅུ་བཞིའི་ཆའི་ལྷག་མ་རྒྱུ་བའི་རྐང་པ་གང་ཡིན་པ་དེའི་སྔོན་མ་ནི་རྒྱུ་ཞིང་ཡོད་པའི་རྐང་ པ་སྟེ་ཚོགས་ཀྱི་ཆ་ཤས་རྣམས་ཡོད་པའི་རྐང་པར་འགྱུར་རོ། །(རྐང་པའི་ཆ་ཤས་)དེར་གཟའ་ (ལོངས་སྤྱོད་པ་ལ་)རབ་ཏུ་ཞུགས་ཏེ་དེའི་ཕྱིར་སྦྱིན་པ་དང་དོར་བའི་དོན་དུ་(ཆ་ཤས་ཀྱི་ལོངས་སྤྱོད་དེ་) གཟུང་བར་བྱའོ། །(ཇི་ལྟར་གཟུང་ན་རྒྱུ་ཞིང་ཡོད་པའི་)རྐང་པ་དེས་ལྷག་མ་ཚོགས་ཀྱི་ཆ་ཤས་བསྒྱུར་ ཏེ་དེ་ལ་བརྒྱ་ཉི་ཤུ་རྩ་དྲུག་གིས་ཆ་ཐོབ་པ་ཡང་(རྐང་པའི་ལོངས་སྤྱོད་)དེ་བཞིན་དུ་སྦྱིན་ཏེ་ཐམས་ ཅད་སྔར་གྱི་རྐང་པའི་ཆུ་ཚོད་ཀྱི་ཚོགས་(ཀྱི་སྦྱིན་དོར་)ཇི་ལྟ་བ་དེ་བཞིན་ནོ། །དེ་ཉིད་ལ་ཉི་མའི་ རབ་ཏུ་དབྱེ་བས་སྔར་བཞིན་དུ་ཉི་མའི་རྐང་པ་རྣམས་སྦྱིན་པའམ་དོར་བར་འགྱུར་རོ་ཞེས་པ་ ནི་གྲུབ་པའི་མཐའོ། ༣༢ ། ༈ ད་ནི་ཉིན་ཞག་སོ་སོའི་ཉི་མའི་ལོངས་སྤྱོད་གསུངས་པ་གང་ཞིག་རིག་བྱེད་རྣམས་ ཀྱིས་ཚེས་བསྒྱུར་གསལ་བར་ནོར་ཏེ་དེ་ཡི་སུམ་ཆ་དག་གིས་བསྲེས་པའོ། །ཞེས་པ་ལ་རིག་ བྱེད་རྣམས་ཀྱིས་ཚེས་བསྒྱུར་བ་ནི་བསྒྲེས་པ་སྟེ་རིག་བྱེད་རྣམས་ཀྱིས་ཚེས་བསྒྱུར་བ་ནི་ཉི་ མའི་ཆུ་ཚོད་ཀྱི་གནས་སུ་གསལ་བར་ནོར་དུ་འགྱུར་རོ་(ཏེ་ཉི་མའི་ཚེས་རེའི་པར་ལ་རྒྱུ་སྐར་ཀྱི་ཆུ་ཚོད་ བཞི་སྤྱོད་པས་སོ་)བསྒྱུར་བའི་ཚེས་གྲངས་དེ་ཡི་སུམ་ཆ་དག་གིས་བསྲེས་པ་ནི་ནོར་ཏེ་ཆུ་ཚོད་ཀྱི་ གནས་སུ་སྦྱིན་པར་བྱའོ(ཞེས་ཚེས་རེའི་བར་ལ་ཆུ་ཚོད་བཞིའི་སྟེང་དུ་ཆུ་སྲང་ཉི་ཤུ་སྤྱོད་པའི་དབང་དུ་བྱས་པ་རགས་པ་ སྟེ་གསུམ་གྱིས་འགོད་པའི་རྒྱུ་མཚན་ནི་ཚེས་གྲངས་གསུམ་ན་ཆུ་ཚོད་གཅིག་ཏུ་ལོངས་པས་སོ། །ཞིབ་མོར་ཆུ་སྲང་ཉེར་གཅིག་ 2-1-239 དབུགས་ལྔ་དབུགས་ཀྱི་འདོད་ཆ་དགུ་ཡོད་དོ)། །དུས་ཀྱི་རྒྱུ་སྐར་རྐང་པ་གསུམ་བཅས་བུ་ལོན་དག་སྟེ་ཉི་ མའི་ལོངས་སྤྱོད་དབུས་ནས་སྦྱང་པར་བྱ་ཞེས་པ་ནི་འདིར་ཉི་མའི་རྐང་པ་རྣམ་པར་དག་པར་ བྱ་བའི་དོན་དུ་(སྐྱེས་ཁྱིམ་གཟུང་བའི་རྒྱུ་)གང་གིས་ཉི་མའི་ལོངས་སྤྱོད་ཉིན་ཞག་སོ་སོ་ལ་རྒྱུ་བའི་ (རྐང་པའི་ལོངས་སྤྱོད་)ཆུ་ཚོད་དང་ཆུ་སྲང་ལ་སོགས་པ་རྣམས་(འཛིན་པ་)ཤེས་པར་བྱེད་པ་ཉི་མའི་ སྐྱེ་བའི་ཁྱིམ་སྦྱང་བར་བྱའོ། །རྣམ་པ་གཞན་དུ་(སྐྱེས་ཁྱིམ་མ་སྦྱངས་)ན་(འོག་ན་འཆད་པ་)བྱེད་པ་ལ་ཉི་ མའི་ཉིན་ཞག་སོ་སོ་དག་པ་མེད་དོ། །དེའི་ཕྱིར་ཐ་སྐར་ལ་སོགས་པའི་སྐར་མའི་ལོངས་སྤྱོད་ ལས་རྒྱུ་སྐར་དྲུག་དང་རྐང་པ་གསུམ་བཅས་ཞེས་པ་ཆུ་ཚོད་བཞི་བཅུ་རྩ་ལྔ་སྟེ་ཉི་མའི་རྐང་པ་ དག་པར་བྱ་བའི་ཕྱིར་ལུག་ལ་སོགས་པའི་ཁྱིམ་གསུམ་ཡོངས་སུ་སྦྱང་བར་འགྱུར་ཞིང་(ཁྱིམ་ བཞི་པ་)ཀར་ཀ་ཊ་(ནི་ཉི་མ་)སྐྱེ་བའི་ཁྱིམ་དུ་འགྱུར་རོ། །དེའི་ཕྱིར་དུས་ཀྱི་རྒྱུ་སྐར་རྐང་པ་གསུམ་ བཅས་བུ་ལོན་དག་སྟེ་ཉི་མ(བར་པ་)འི་ལོངས་སྤྱོད་དབུས་ནས་སྦྱང་བར་བྱའོ། །ལོངས་སྤྱོད་ ནི་སྐར་མ་ལ་སོགས་པའི་ལོངས་སྤྱོད་དེ། ཉི་མ(བར་པ་)འི་ལོངས་སྤྱོད་ཐ་དད་དུ་(སྟེ་གནས་གཉིས་ སུ་)བྱས་ལ་ལོངས་སྤྱོད་དེའི་དབུས་ནས་སྐར་མའི་གནས་ནས་སྐར་མ་(དྲུག་)སྦྱང་བར་བྱ་ཞིང་ ཆུ་ཚོད་ཀྱི་གནས་ནས་ཆུ་ཚོད་(ཞེ་ལྔ་)〔བཞིས〕སྦྱང་བར་བྱའོ། ༣༣ །བྱ་བ་ལྷག་མ་མིག་དམར་ ཇི་བཞིན་ཞེས་པ་ནི་འདིར་བྱ་བ་ལྷག་མ་རྣམས་མིག་དམར་གྱི་ཇི་ལྟ་བ་དེ་བཞིན་དུ་ཉི་མའི་ ཡང་(སྐྱེས་ཁྱིམ་སྦྱོང་བ་ལ་མ་ལྡང་ན་འཁོར་ལོ་བསྲེ་བ་སོགས་)ཤེས་པར་བྱ་སྟེ་འོན་ཀྱང་མིག་དམར་གྱི་རྒྱུ་ བའི་རྐང་པ་རྣམས་(ནི་ཉི་རྐང་ལས་)ཐ་དད་དོ། །ཉི་མ་ཡི་ནི་རོ་དུས་རི་བོང་ཅན་རྣམས་དལ་བའི་ ལས་ལ་རྐང་པ་སྟེ་རོ་ཞེས་པ་དྲུག་དང་དུས་ཞེས་པ་དེའི་འོག་ཏུ་བཞི་དང༌། རི་བོང་ཅན་ཞེས་ པ་དེའི་འོག་ཏུ་གཅིག་སྟེ་(ཉི་མའི་ཡོན་ཏན་གྱི་དབྱེ་བས་)ཁྱིམ་གསུམ་ལ་ཕྱེད་སྔ་མའོ། །ཕྱེད་ཕྱི་མ་ནི་ ལུག་ལས་བཟློག་པ་སྟེ་ཁྱིམ་བཞི་པ་ལ་གཅིག་དང་ཁྱིམ་ལྔ་པ་ལ་བཞི་དང༌། ཁྱིམ་དྲུག་པ་ལ་ དྲུག་སྟེ་ཁྱིམ་འདི་རྣམས་ཀྱི་ལས་ནི་དལ་བའི་ལས་སོ། །དལ་བའི་ལས་འདི་ལ་ཀར་ཀ་ཊ་ལ་ 2-1-240 སོགས་པའི་ཁྱིམ་དྲུག་པོ་རྣམས་སུ་དྲུག་པོ་འདི་རྣམས་རྐང་པར་འགྱུར་རོ། །གཞན་ནི་མིག་ དམར་ལ་བརྗོད་པར་བྱའོ། ། ལོངས་སྤྱོད་ཀྱིས་ནི་ཆུ་ཚོད་བསྒྱུར་ནས་མདའ་དང་ཡོན་ཏན་ཟླ་བས་ཆ་ཐོབ་ལོངས་སྤྱོད་ དང་བཅས་པ་(བྱང་དང་ལྷོར་)བགྲོད་པ་འགྲོ་བའི་དབང་གིས་ཉི་མ་ལ་ནི་སྦྱིན་དང་དོར་ཏེ་གཞན་ དུ་དག་པ་ཡོད་མ་ཡིན་ཞེས་པའི་ཚིག་འདི་ནི་(ཀུན་རྫོབ་ཏུ་)ངེས་པའི་དོན་ཏོ། །ཇི་ལྟར་བཀྲ་ ཤིས་ལ་རྒྱུ་བའི་རྐང་པས་ཆུ་ཚོད་བསྒྱུར་ཏེ་དེ་ལས་མདའ་དང་ཡོན་ཏན་ཟླ་བས་ཞེས་པ་ཁྱིམ་ གཅིག་གི་ཆུ་ཚོད་ཀྱི་ཚོགས་བརྒྱ་སུམ་ཅུ་རྩ་ལྔའོ། །ཆ་དེས་ཐོབ་པ་ནི་ཆུ་ཚོད་ཀྱི་ཚོགས་ཏེ་ ཆུ་ཚོད་ཀྱི་གནས་སུ་ནོར་དུ་འགྱུར་རོ། །བགྲོད་པ་འགྲོ་བའི་དབང་གིས་བུ་ལོན་དུ་ཡང་འགྱུར་ ཏེ་བགྲོད་པ་འགྲོ་བའི་དབང་གིས་ཆུ་སྲིན་ལ་སོགས་པ་ལ་ནོར་དང་ཀར་ཀ་ཊ་ལ་སོགས་པ་ལ་ བུ་ལོན་དུ་འགྱུར་རོ། །(དེ་ལས་)གཞན་དུ་བྱེད་པ་ལ་བརྗོད་པའི་ཚོགས་ནི་(ཕྱོགས་ཀྱི་ལོངས་སྤྱོད་ཙམ་ དག་ཀྱང་)ཉིན་ཞག་སོ་སོ་དག་པ་མེད་དོ། ། ༈ འདིར་བྱེད་པ་ལ་བརྗོད་པའི་ཆོ་ག་གསུངས་པ་ཉི་མ་ལ་ནི་དུས་རོ་ཞེས་པ་སྟེ་ཀར་ ཀ་ཊ་ལ་(སྤྱོད་པའི་)བུ་ལོན་ནི་ཕྱོགས་(ཟླ་ཕྱེད་)དང་པོ་ལ་དུས་ཞེས་པ་(རྐང་པ་དང་པོའི་ཕྱེད་)ཆུ་ཚོད་ གསུམ་དང་ཀར་ཀ་ཊ(ལ་སྤྱོད་པ་)འི་ཕྱོགས་གཉིས་པ་ལ་(ཀར་ཀ་ཊ་རྫོགས་པའི་)རོ་ཞེས་པ་དྲུག་གོ། དེ་བཞིན་དུ་སེང་གེ(འི་ཕྱོགས་དང་པོ་)ལ་(རྐང་པ་གཉིས་པའི་ཕྱེད་བསྣན་པས་)ཀླུ་ཞེས་པ་བརྒྱད་(ཕྱོགས་ གཉིས་པ་ལ་ཁྱིམ་རྫོགས་པས་)དང་བཅུའོ། །དེ་བཞིན་དུ་བུ་མོ་(ཕྱོགས་དང་པོ་)ལ་འཕྲོག་བྱེད་དེ་(རྐང་ པ་གསུམ་པའི་ཕྱེད་བསྣན་པས་རགས་པར་ན་)བཅུ་གཅིག་དང་(ཕྱོགས་གཉིས་པ་ལ་ཁྱིམ་རྫོགས་པས་)སླར་ཡང་ འཕྲོག་བྱེད་དེ་བཅུ་གཅིག་གོ། དེ་ནས་(ལུག་ལས་བཟློགས་པས་)སྲང་ལ་དྲག་པོ་ཞེས་པ་(རགས་ པར་ན་)བཅུ་གཅིག་དང་ཕྱོགས་ཞེས་པ་(རྐང་པ་གསུམ་པ་ཕྲི་བས་)བཅུའོ། །དེ་བཞིན་དུ་སྡིག་པ་ལ་ ཀླུ་ཞེས་པ་(རྐང་པ་གཉིས་པ་ཕྲི་བས་)བརྒྱད་དང་དྲུག་གོ༣༤ ། 2-1-241 དེ་ནས་གཞུ་ལ་མེ་ཞེས་པ་(རྐང་པ་དང་པོའི་ཕྱེད་ཕྲི་བས་)གསུམ་དང་ནམ་མཁའ་ཞེས་པ་(ཕྱེད་ ཕྱི་མ་ཕྲི་བས་)སྟོང་པ་སྟེ་བགྲོད་པ(རེ་རེ་)འི་མཐར་རོ། །དེ་བཞིན་དུ་ཆུ་སྲིན་ལ་སོགས་པ་ལ་ནོར་ རོ་ཞེས་པ་(རྐང་པའི་རྒྱུན་སྡོམས་ནས་བརྩི་བ་)ནི་བྱེད་པ(འི་བརྩིས་)ལ་སྟེ་(ཚེས་སོ་སོ་)ཐམས་ཅད་དུ་(རྐང་ པ་ལོངས་སྤྱོད་པ་)གྲུབ་པའི་མཐའ་ལ་དགོངས་པ་ནི་མ་ཡིན་ནོ། །(འདིས་དགོངས་པ་ནི་བྱེད་རྩིས་རགས་པ་ བྱེད་སླ་བའི་དོན་དང་ཁྱིམ་རྐང་བཞི་བཅུ་རྩ་བརྒྱད་སྟོན་པའི་དོན་ཡིན་ནོ་)དེ་ལྟར་ན་ཟླ་བའི་(དུས་ལ་ཉི་མས་ཁྱིམ་)འཕོ་ བའི་(དབང་དུ་བྱས་པའི་རྐང་པའི་)དབྱེ་བ་དག་ལས་ཕྱོགས་ཀྱི་(རྐང་པའི་)དབྱེ་བས་ཟླ་བ་དྲུག་ནི་ཉིན་ མོར་བྱེད་པས་སྤྱོད་དོ། ། ༈ ད་ནི་ཟླ་བའི་ལོངས་སྤྱོད་གསུངས་པ་ཉི་མ་ལ་བྱིན་ཞེས་པ་སྟེ་ཉི་མའི་ལོངས་སྤྱོད་ལ་ ཚེས་གྲངས་བྱིན་ནས་འོག་ཏུ་རོ་ཡིས་བསྒྱུར་ལ་ཞེས་པ་ནི་ཚེས་གྲངས་དེ་དག་འོག་ཏུ་དྲུག་ གིས་བསྒྱུར་བའོ། །རེས་གཟའི་ལོངས་སྤྱོད་བསྲེས་པ་དག་ཅེས་པ་ནི་རེས་གཟའི་ལོངས་སྤྱོད་ ཆུ་ཚོད་ལ་སོགས་པ་རྣམས་བསྲེས་པ་དག་ཆུ་ཚོད་ཀྱི་གནས་ནས་དམན་པར་གྱུར་པ་ནི་རི་ བོང་མཚན་མའི་ལོངས་སྤྱོད་དུ་འགྱུར་(ཏེ་ཟླ་བས་ཉི་མའི་ལོངས་སྤྱོད་ལས་ཆུ་ཚོད་ལྔ་བཅུ་རྩ་བཞིས་ལྷག་པ་རྟག་ཏུ་ སྤྱོད་པས་སོ་)རོ། ། ༈ ཉི་ཟླ་བསྲེས་པ་སྦྱོར་བའོ་ཉི་མ་དང་ཟླ་བའི་ལོངས་སྤྱོད་བསྲེས་པ་དག་སྦྱོར་བར་ འགྱུར་རོ(དེའི་ཕྱིར་སྦྱོར་བའི་ལོངས་སྤྱོད་ཆུ་ཚོད་དྲུག་ཅུ་ལས་ལྷག་པས་ན་སྦྱོར་བའི་འཕོ་མཚམས་ངག་ལས་ཤེས་པར་བྱའོ)། ༣༥ ། ༈ བྱེད་པ་དག་ནི་ཚེས་ལ་མིག་གིས་བསྒྱུར་བ་ཟླ་བྲལ་གང་ཞིག་ཅེས་པ་ནི་མིག་སྟེ་ གཉིས་ཀྱིས་ཚེས་གྲངས་རྣམས་བསྒྱུར་བ་ལས་གཅིག་དང་བྲལ་བ་བདུན་གྱི་ལྷག་མ་ནི་བྱེད་ པར་འགྱུར་(ཏེ་དཀར་པོའི་ཚེས་གཅིག་གི་ཕྱེད་ཕྱི་མ་ནས་ནག་པོའི་བཅུ་བཞིའི་ཕྱེད་སྔ་མའི་བར་ཚེས་ཀྱི་ཕྱེད་ཕྱེད་ལ་སྤྱོད་ པས་སོ་)རོ། །(དེའི་ཕྱིར་)རེས་གཟའི་ལོངས་སྤྱོད་(ཆུ་ཚོད་རྣམས་)ནི་(བྱེད་པའི་)ལོངས་སྤྱོད་དུ་(ཚེས་ཀྱི་ཆུ་ 2-1-242 ཚོད་རྣམས་སུ་)འགྱུར་རོ། ། ༈ འདིར་ཡན་ལག་ལྔ་ནི་རེས་[གཟའ་[བཱ་ར]དང་ཚེས་དང་རྒྱུ་སྐར་དང་སྦྱོར་པ་དང་བྱེད་ པའོ། །དེ་ལ་རེས་གཟའ་ནི་ཉི་མ་དང་ཟླ་བ་དང་མིག་དམར་དང་གཟའ་ལག་དང་ཕུར་བུ་དང་ པ་སངས་དང་སྤེན་པ་སྟེ་བདུན་ནོ། །ཚེས་ནི་ཚེས་གཅིག་ལ་སོགས་པ་བཅོ་ལྔའོ། །(ཉིན་ཞག་ རེ་རེ་)རྒྱུ་(ཞིང་)སྐར་(མ་)ནི་ཐ་སྐར་(ནི་སྐར་མ་གསུམ་སྟེ་དབྱིབས་རྟ་མགོའི་མགུལ་པ་ལྟ་བུ་སྐར་ཁོངས་ལ་རྟག་པའི་ ལོངས་སྤྱོད་ཡུད་ཙམ་སུམ་ཅུ་ཚད་ཅན་)དང་བྲ་ཉེ་(་ནི་གསུམ་ཏེ་མོ་མཚན་ལྟ་བུ་ཡུད་ཙམ་སུམ་ཅུ་)དང་སྨིན་དྲུག་(ནི་ དྲུག་སྟེ་སྤུ་གྲི་ལྟ་བུ་ཡུད་ཙམ་སུམ་ཅུ་)དང་སྣར་མ་(ནི་ལྔ་སྟེ་ཤིང་རྟ་ལྟ་བུ་ཡུད་ཙམ་སུམ་ཅུ་)དང་མགོ་(ནི་གསུམ་སྟེ་རི་ དྭགས་ཀྱི་མགོ་ལྟ་བུ་ཡུད་ཙམ་སུམ་ཅུ་)དང་ལག་(ནི་གཅིག་སྟེ་པོ་ལི་འདྲ་བ་ཡུད་ཙམ་བཅོ་ལྔ་)དང་ནམ་[ནབ]སོ་(ནི་ གཉིས་ཏེ་ཁམས་པའི་གདུང་འདྲ་བ་ཡུད་ཙམ་ཞེ་ལྔ་)དང་རྒྱལ་(ནི་གསུམ་སྟེ་རིལ་བ་ལྟ་བུ་ཡུད་ཙམ་སུམ་ཅུ་)དང་སྐག་ (ནི་དྲུག་གམ་ལྔ་སྦྲུལ་མགོ་གདེངས་པ་འདྲ་བ་ཡུད་ཙམ་བཅོ་ལྔ་སྟེ་སྨིན་དྲུག་ལ་སོགས་པ་བདུན་ནི་ཤར་གྱི་སྐར་མ་)དང་མཆུ་ (ནི་ལྔའམ་དྲུག་སྟེ་ཆུ་བོ་ལྟ་བུ་ཡུད་ཙམ་སུམ་ཅུ་)དང་གྲེ་(ནི་གཉིས་ཏེ་རྩིག་པ་ལྟ་བུར་བརྩིགས་པ་ཡུད་ཙམ་ སུམ་ཅུ་)དང་དབོ་(ནི་གཉིས་ཏེ་ཁྲི་ལྟར་ཕྲེད་ལ་གནས་པ་ཡུད་ཙམ་ཞེ་ལྔ་)དང་མེ་བཞི་(ནི་ལྔ་སྟེ་ལག་པ་འདྲ་ བ་ཡུད་ཙམ་སུམ་ཅུ་)དང་ནག་པ་(ནི་གཅིག་སྟེ་པད་མའི་སྙིང་པོ་ལྟ་བུ་ཡུད་ཙམ་སུམ་ཅུ་)དང་ས་རི་(ནི་ནོར་བུ་ལྟ་ བུ་ཡུད་ཙམ་བཅོ་ལྔ་)དང་ས་ག་(ནི་བཞི་སྟེ་རིའི་རྟེན་མགོ་འདྲ་བ་ཡུད་ཙམ་ཞེ་ལྔ་)དང་ལྷ་འཚམས་(ནི་བཞི་སྟེ་གླང་པོ་ ཆེའི་མགོ་དང་སྣ་འདྲ་བ་ཡུད་ཙམ་སུམ་ཅུ་)དང་སྣྲོན་(ནི་གསུམ་སྟེ་ཐེམ་སྐས་ལྡོག་པོ་ལྟ་བུ་ཡུད་ཙམ་བཅོ་ལྔ་)དང་སྣྲུབས་ (ནི་གསུམ་སྟེ་སེང་གེ་རལ་བ་འདྲ་བ་ཡུད་ཙམ་སུམ་ཅུ་)དང་ཆུ་སྟོད་(ནི་བཞི་སྟེ་མཆོད་རྟེན་འདྲ་བ་ཡུད་ཙམ་སུམ་ཅུ་)དང་ ཆུ་སྨད་(ནི་བཞི་སྟེ་གོམ་པ་གཡོན་པའི་རྗེས་ལྟ་བུ་ཡུད་ཙམ་སུམ་ཅུ་)དང་གྲོ་བཞིན་(ནི་གསུམ་སྟེ་རྔ་མ་ལྟ་བུ་ཡུད་ཙམ་ སུམ་ཅུ་)དང་མོན་གྲེ་(ནི་བཞི་སྟེ་བྱ་འདྲ་བ་ཡུད་ཙམ་སུམ་ཅུ་)དང་མོན་གྲུ་(ནི་བརྒྱའམ་གཅིག་སྟེ་མོག་གི་ཕུང་པོ་འདྲ་བ་ ཡུད་ཙམ་སུམ་ཅུ་)དང་ཁྲུམས་སྟོད་(ནི་གཉིས་ཏེ་བྲིང་རྟ་བ་འདྲ་བ་ཡུད་ཙམ་སུམ་བཅུ་)དང་ཁྲུམས་སྨད་(ནི་གཉིས་ ཏེ་བྲིང་འདྲ་བ་ཡུད་ཙམ་ཞེ་ལྔ་)དང་ནམ་གྲུ་(ནི་སོ་གཉིས་ཏེ་སྐར་མ་གཅིག་འབྲེལ་པ་གྲུ་ལྟ་བུ་ཡུད་ཙམ་སུམ་ཅུ་དང་ལྡན་ 2-1-243 པ་ཐ་སྐར་བྲ་ཉེ་སྟེ་བདུན་ནི་བྱང་སྐར་)སྟེ་ཉི་ཤུ་རྩ་བདུན་ནོ། །དེ་བཞིན་དུ་སྦྱོར་བ་(ཆུ་ཚོད་གསུམ་སྤང་བར་ བྱ་བ་)ནི་སེལ་བ་དང་མཛའ་བ་དང་ཚེ་དང་ལྡན་པ་དང་སྐལ་བཟང་དང་བཟང་པོ་དང་ཤིན་ཏུ་ སྐྲང་དང་(ཆུ་ཚོད་དྲུག་སྤང་བར་བྱ་བ་)ལས་བཟང་དང་འཛིན་པ་དང་ཟུག་རྔུ་(ཆུ་ཚོད་ལྔ་སྤང་བར་བྱ་བ་)དང་ སྐྲང་བ་དང་འཕེལ་བ་དང་ངེས་པ་དང་ཀུན་འཇོམས་(ཆུ་ཚོད་དགུ་སྤང་བར་བྱ་བ་)དང་དགའ་བ་དང་ རྡོ་རྗེ་〔ཆུ་ཚོད་དགུ་སྤང་བར་བྱ་བ་〕དང་གྲུབ་པ་དང་ཤིན་ཏུ་(རིལ་པོ་སྤང་བ་དང་)ལྷུང་དང་མཆོག་ ཅན་དང་ཡོངས་འཇོམས་དང་ཞི་བ་དང་གྲུབ་པ་དང་བསྒྲུབ་བྱ་དང་དགེ་བ་དང་དཀར་པོ་དང་ ཚངས་པ་དང་དབང་པོ་དང་ཁོན་འཛིན་ཞེས་པ་སྟེ་སྦྱོར་བ་ཉི་ཤུ་རྩ་བདུན་ནོ། །དཀར་པོའི་ ཚེས་གཅིག་གི་ཕྱེད་ཕྱི་མ་ལ་བྱེད་པ་དང་པོ་ལ་བ་བྂ་མོ(གདབ་པའོ)། །གཉིས་པའི་ཕྱེད་སྔ་མ་ དང་ཕྱི་མ་ལ་བཱ་ལ་བམ་(བྱིས་པ་)དང་ཀཽ་ལ་བཾ་མོ(རིགས་ཅན་ནོ)། །གསུམ་པའི་ཕྱེད་སྔ་མ་དང་ཕྱི་ མ་ལ་ཏཻ་ཏི་ལྃ་(ཏིལ་བརྡུང་)དང་ག་ར་ཛཾ་མོ( ཁྱིམ་སྐྱེས་སོ)། །བཞི་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ ཛཾ་(ཚོང་པ་)དང་(ཤར་ཕྱོགས་སུ་འཆར་བ་)བིཥྚིའོ(འཇུག་ཕོད་དོ)། །དེ་བཞིན་དུ་ལྔ་པ་ལ་བ་བི་དང་བཱ་ལ་ བྂ་མོ། །དྲུག་པ་ལ་ཀཽ་ལ་བཾ་དང་ཏཻ་ཏི་ལཾ་མོ། །བདུན་པ་ལ་ག་ར་ཛཾ་དང་བ་ནི་ཛཾ་མོ། །བརྒྱད་ པའི་ཕྱེད་སྔ་མ་ལ་བིཥྚི(ལྷོ་ཕྱོགས་སུ་འཆར་བ་)འོ། །བརྒྱད་པའི་ཕྱེད་ཕྱི་མ་ལ་བ་བཾ་མོ། །དགུ་བའི་ ཕྱེད་སྔ་མ་དང་ཕྱི་མ་ལ་བཱ་ལ་བཾ་དང་ཀཽ་ལ་བཾ་མོ། །བཅུ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ཏཻ་ཏི་ལཾ་ དང་ག་ར་ཛཾ་མོ། །བཅུ་གཅིག་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་པ་ནི་ཛཾ་དང་བིཥྚི་(ནུབ་ཕྱོགས་སུུ་འཆར་ བ་)འོ། །སླར་ཡང་བཅུ་གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་བྂ་དང་བཱ་ལ་བྂ་མོ། བཅུ་གསུམ་ པ་ལ་ཀཽ་ལ་བཾ་དང་ཏཻ་ཏི་ལཾ་མོ། །བཅུ་བཞི་པ་ལ་ག་ར་ཛཾ་དང་བ་ནི་ཛཾ་མོ། །ཟླ་བ་ཉ་བའི་ཕྱེད་ སྔ་མ་ལ་བིཥྚི་(བྱང་ཕྱོགས་སུ་འཆར་བ་)འོ། །ཕྱེད་ཕྱི་མ་ལ་བ་བྂ་མོ་ནག་པོའི་ཚེས་གཅིག་གི་ཕྱེད་སྔ་ མ་དང་ཕྱེད་ཕྱི་མ་ལ་བྂ་དང་ཀཽ་ལ་བྂ་མོ། །གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ཏཻ་ཏི་ལྂ་དང་ག་ ར་ཛྂ་མོ། །གསུམ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛྂ་དང་བིཥྚི་(མེ་མཚམས་སུ་འཆར་བ་)འོ། །དེ་ 2-1-244 བཞིན་དུ་བཞི་པ་ལ་བ་བྂ་དང་བཱ་ལ་བྂ་མོ། །ལྔ་པ་ལ་ཀཽ་ལ་བྂ་དང་ཏཻ་ཏི་ལྂ་མོ། །དྲུག་པ་ལ་ག་ ར་ཛྂ་དང་བ་ནི་ཛྂ་མོ། །བདུན་པའི་ཕྱེད་སྔ་མ་ལ་བིཥྚི་(བདེན་བྲལ་དུ་འཆར་བ་)འོ། །ཕྱེད་ཕྱི་མ་བ་བྂ་ མོ། །བརྒྱད་པ་ལ་བཱ་ལ་བྂ་དང་ཀཽ་ལ་བྂ་མོ། །དགུ་པ་ལ་ཏཻ་ཏི་ལྂ་དང་ག་ར་ཛྂ་མོ། །བཅུ་པའི་ ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛྂ་དང་བིཥྚི་(རླུང་དུ་འཆར་བ་)འོ། །དེ་བཞིན་དུ་བཅུ་གཅིག་པ་ལ་བ་ བྂ་དང་བཱ་ལ་བྂ་མོ། །བཅུ་གཉིས་པ་ལ་ཀཽ་ལ་བྂ་དང་ཏཻ་ཏི་ལྂ་མོ། །བཅུ་གསུམ་པ་ལ་ག་ར་ཛྂ་ དང་བ་ནི་ཛྂ་མོ། །བཅུ་བཞིའི་ཕྱེད་སྔ་མ་ལ་བིཥྚི་(དབང་ལྡན་དུ་འཆར་བ་)སྟེ། བྱེད་པ་བདུན་(ལན་ བརྒྱད་དུ་)ཡོངས་སུ་(འཁོར་བས་)ལོངས་སྤྱོད་དོ། །དེ་ནས་ནག་པོའི་བཅུ་བཞིའི་ཕྱེད་ཕྱི་མ་ལ་ཤ་ ཀུ་ནིའོ(བཀྲ་ཤིས་སོ)། །གནམ་སྟོང་གི་ཕྱེད་སྔ་མ་ལ་རྐང་བཞིའོ། །ཕྱེད་ཕྱི་མ་ལ་ཀླུའོ། །དཀར་ པོའི་ཚེས་གཅིག་གི་ཕྱེད་སྔ་མ་ལ་ཀིཾ་སྟུགྷྣཾ་ངོ་(མི་སྡུག་པའོ)། །ཕྱེད་ཕྱི་མ་ལ་སླར་ཡང་བ་བཾ་མོ། ། དེ་ལྟར་ན་བྱེད་པ་བཅུ་གཅིག་སྟེ་ཡན་ལག་ལྔའི་རིམ་པའོ། ། ༈ ཐ་སྐར་དང་བྲ་ཉེ་དང་སྨིན་དྲུག་གི་རྐང་པ་གཅིག་ནི་ལུག་གོ། དེ་བཞིན་དུ་རྐང་པ་ དགུ་དགུ་ནི་ལུག་ལ་སོགས་པའི་ཁྱིམ་བཅུ་གཉིས་པོར་རིག་པར་བྱའོ། ། ༈ མིག་དམར་དང་པ་བ་སངས་དང་གཟའ་ལག་དང་ཟླ་བ་དང་ཉི་མ་དང་གཟའ་ལག་ དང་པ་བ་སངས་དང་ས་སྐྱེས་དང་བླ་མ་དང་སྤེན་པ་དང་ཉི་མའི་བུ་དང་ལྷའི་བླ་མ་སྟེ། འདི་ རྣམས་གྲངས་བཞིན་དུ་ལུག་ལ་སོགས་པའི་ཁྱིམ་རྣམས་ལ་ཞིང་བདག་གོ། ༈ ད་ནི་མུ་སྟེགས་པ་རྣམས་ཀྱིས་ཁྱིམ་གཟུང་བའི་དོན་དུ་མིང་གི་ཡི་གེ་བརྟགས་པ་ བརྗོད་པར་བྱ་སྟེ། འདིར་སྐྱེས་རབས་ཀྱི་དཀྱིལ་འཁོར་དབྱངས་དང་གསལ་བྱེད་ཡོངས་སུ་མ་ ཤེས་པའི་ཕྱིར་དྲང་སྲོང་རྣམས་ཀྱིས་མིང་གི་ཡི་གེ་བརྟགས་ནས་བཀོད་པ་འདི་ལྟ་སྟེ། ཨ་ཨི་ ཨུ་ཨེ་ནི་སྨིན་དྲུག་གོ། ཨོ་ཝཱ་ཝི་ཝུ་ནི་སྣར་མའོ། །ཝེ་ཝོ་ཀཱ་ཀཱི་ནི་མགོའོ། །ཀུ་གྷ་ང་ཚ་ནི་ལག་ གོ། ཀེ་ཀོ་ཧཱ་ཧཱི་ནི་ནམ་{ནབས}སོའོ། །ཧུ་ཧེ་ཧོ་ཌཱ་ནི་རྒྱལ་ལོ། །ཌི་ཌུ་ཌེ་ཌོ་ནི་སྐག་གོ། མ་མི་ 2-1-245 མུ་མེ་ནི་མཆུའོ། །མོ་ཊ་ཊི་ཊུ་ནི་གྲེའོ། །ཊེ་ཊོ་པཱ་པི་ནི་དབོའོ། །པུ་ཥ་ཎ་ཋ་ནི་མེ་བཞིའོ། །པེ་པོ་ རཱ་རི་ནི་ནག་པའོ། །རུ་རེ་རོ་ཏ་ནི་ས་རིའོ། །ཏི་ཏུ་ཏེ་ཏོ་ནི་ས་གའོ། །ནཱ་ནི་ནུ་ནེ་ནི་ལྷ་མཚམས་ སོ། །ནོ་ཡཱ་ཡི་ཡུ་ནི་སྣྲོན་ནོ། །ཡེ་ཡོ་བྷཱ་བྷཱི་ནི་སྣྲུབས་སོ། །བྷུ་ངྷ་ཕ་ཌྷ་ནི་ཆུ་སྟོད་དོ། །བྷེ་བྷོ་ཛཱ་ཛི་ ནི་ཆུ་སྨད་དོ། །ཛུ་ཛེ་ཛོ་ཁཱ་ནི་གྲོ་བཞིན་ནོ། །ཁི་ཁུ་ཁེ་ཁོ་ནི་བྱི་བཞིན་ནོ། །ག་གི་གུ་གེ་ནི་མོན་ གྲེའོ། །གོ་ཤ་ཤི་ཤུ་ནི་མོན་གྲུའོ། །ཤེ་ཤོ་དཱ་དཱི་ནི་ཁྲུམས་སྟོད་དོ། །དུ་ཥ་ཤ་ས་ནི་ཁྲུམས་སྨད་དོ། ། དེ་དོ་ཙ་ཙི་ནི་ནམ་གྲུའོ། །ཙུ་ཙེ་ཙོ་ལཱ་ནི་ཐ་སྐར་རོ། །ལི་ལུ་ལེ་ལོ་ནི་བྲ་ཉེའོ། །ཞེས་པ་ནི་ཁྱིམ་ བཅུ་གཉིས་ཀྱི་མིང་གི་དབྱེ་བའི་ཡི་གེ་རྣམས་ཏེ་ཡི་གེ་འདི་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་ ཁྱིམ་ཤེས་པར་བྱ་ཞིང་དེས་དགེ་བ་དང་མི་དགེ་བའི་འབྲས་བུ་ཤེས་པར་བྱའོ་ཞེས་བྱ་བ་ནི་མུ་ སྟེགས་རྣམས་ཀྱི་བསམ་པ་རིགས་པས་སྟོང་པའོ། ། ༈ དོན་དམ་པར་(ཏེ་དོན་ལ་)དགེ་བ་དང་མི་དགེ་བ་(སྟེ་བདེ་སྡུག་)ནི་རང་གི་ལས་ཀྱི་དབང་ གིས་ཡིན་(གྱི་བྱེད་པ་པོ་གཞན་མེད་)ཏེ་དེ་ལྟར་ཡང་གཟའ་ཚེས་རྒྱུ་སྐར་སྦྱོར་བ་དང༌། བྱེད་པ་ཉིད་ དང་དུས་སྦྱོར་དང༌། །གདུག་པའི་གཟའ་སྟེ་འདི་རྣམས་ནི། །བསོད་ནམས་བྱེད་པ་རྣམས་ལ་ དགེ(བས་སོ)། །(གཟའ་ཚེས་རྒྱུ་སྐར་སྦྱོར་བ་བྱེད་པ་སོགས་མཐུན་པའི་)སྐད་ཅིག་གཅིག་ལ་(སེམས་ཅན་མང་པོ་ དུས་མཉམ་དུ་)སྐྱེས་རྣམས་ཀྱི། །སྐྱེས་རབས་(ཀྱི་དཀྱིལ་འཁོར་)ཐ་དད་(ཅིང་)ཐ་དད་(དེ་)འབྲས(བུ་བདེ་ སྡུག་ཀྱང)། །རང་རང་ལས་ལ་ཉེར་སྤྱོད་པས། །དེ་རྣམས་འབྲས་བུ་གཅིག་པ་མིན(ནོ)། །གཡུལ་ དང་ནགས་བསྲེགས་པ་དང་ནི། །ཉ་བས་རྒྱ་ནི་བཅིངས་པ་ལ། །(གཟའ་ཚེས་རྒྱུ་སྐར་སྦྱོར་བ་བྱེད་པ་ ལ་སོགས་མི་མཐུན་པ་ལས་སྐྱེས་པའི་)ལུས་ཅན་མང་པོ་ཅིག་ཅར་དུ། །(རྒྱུ་)གང་གིས་འཆི་བར་འགྱུར་ བ་ཡིན(ལ་དེ་རྣམས་ལས་གཞན་མི་འཆི་བ་རང་གི་ལས་ཉིད་ཡིན་ཅེས་པའི་དོན་ནོ)། །(གཟའ་སྐར་ལ་སོགས་པ་ངན་ཡང་) བསོད་ནམས་ཀྱིས་ནི་ལུས་ཅན་རྣམས། །ཚེ་(དང་)སྟོབས་(དང་)བརྩོན་འགྲུས་(དང་)རྫུ་འཕྲུལ་ དང༌། །སྐལ་བཟང་(དང་)གཟུགས་(མཆོག་)ཉིད་(དུ་འགྱུར་ལ་)སྡིག་པས་ནི། །(གཟའ་སྐར་ལ་སོགས་པ་ 2-1-246 བཟང་ཡང་)ཚེ་ཟད་(ཅིང་)བརྩོན་འགྲུས་(དང་)རྫུ་འཕྲུལ་(ལ་སོགས་པ་)ཉམས(པར་འགྱུར་རོ)། །ཞེས་ གསུངས་སོ། །ཡན་ལག་ལྔའི་བྱེད་པ་མདོར་བསྡུས་པའོ། ། ༈ ད་ནི་བྱེད་པ་ལ་ལོའི་འཕོ་བའི་ངེས་པ་གསུངས་པ་(ལོ་{དག་{བདག}གི་རྩིས་ཞེས་གྲགས་པ་)དག་པའི་ལོ་ལ་ཀླུ་བསྲེས་ཞེས་པ་སྟེ་དག་པའི་ལོ་ནི་བྱེད་པའི་ལོ(དག་པ་)འོ། །ཀླུ་བསྲེས་ནི་ བརྒྱད་བསྲེས་པ་སྟེ་(རྩིས་གཞི་འདིའི་གོང་གི་འདས་པའི་ལོ་བརྒྱད་བསྡེབ་པའོ་)མཁའ་དང་ནམ་མཁའ་ཆུ་ གཏེར་གྱིས་བསྒྱུར། ཞེས་པ་ནི་(ལོའི་ཕུང་པོ་དེ་གནས་གཉིས་སུ་བཞག་པའི་སྟེང་མ་)བཞི་བརྒྱས་བསྒྱུར་བ་ ཡིན་ནོ། །ཀླུ་བསྲེས་རྣམས་ཀྱིས་སྦྱངས་པ་དག་ཅེས་པ་ནི་བྱེད་པའི་ལོ་བརྒྱད་བསྲེས་པ་(འོག་མ་)རྣམས་ཀྱིས་སྦྱངས་པ་སྟེ་དམན་པར་བྱས་པ〔ལོ་དེ་རྣམས་སུམ་བརྒྱ་གོ་དགུའི་ཆའི་ཕུང་པོར་ བྱས་པ〕འོ། །(དེ་ལ་)རི་ཟླ་མེ་ཡིས་རབ་ཏུ་ཕྱེ་སྟེ་ཞེས་པ་ནི་སུམ་བརྒྱ་བཅུ་བདུན་གྱིས་ཕྱེ་བས་ གཟར་འགྱུར་རོ། །ནམ་མཁའ་རོས་བསྒྱུར་ཞེས་པ་ནི་སླར་ཡང་ཆའི་ལྷག་མ་ཆུ་ཚོད་ཀྱི་དོན་དུ་ དྲུག་ཅུས་བསྒྱུར་ཏེ། རི་ལ་སོགས་པས་ཕྱེ་བ་ནི་ཆུ་ཚོད་དུ་འགྱུར་རོ། ། གཉིས་དང་སུམ་ཅུའི་གཟའ་དང་ཆུ་ཚོད་ངེས་པ་འདིར་ལྡན་ཞེས་པ་འདི་ནི་བཀྲ་ཤིས་ལ་ སོགས་པ(འཆར་བ་)འི་ངེས་པ་ཉི་མ་(དང་)ལ་སོགས་པ(ཟླ་བ་དང་གཉིས་པོ་འདས་པ་)ས་བྱེད་པའི་དོན་ དུ་གཟའི་གནས་སུ་གཉིས་སྦྱིན་ཞིང་ཆུ་ཚོད་ཀྱི་གནས་སུ་སུམ་ཅུ་སྟེ། (སྔར་གྱི་རྩིས་འཕྲོ་བསྲེ་བའི་ཆུ་ ཚོད་ཀྱི་ཚོགས་ལས་)དྲུག་ཅུའི་ཆས་ཐོབ་པ་ནི་གཟར་འགྱུར་ཞིང་ལྷག་མ་ནི་གཟའི་ཆུ་ཚོད་དུ་འགྱུར་ རོ། །གཟའི་གནས་སུ་(རེས་གཟའ་)བདུན་གྱི་ཆ(ཐོབ་པར་དོར་བ་)འི་ལྷག་མ་གཟའ་སྟེ་(བྱེད་པའི་)ཟླ་ བ་(བཅུ་གཉིས་)དག་ལ་ལོ་ཡི་(བདག་པོ་)འཕོ་བ(འི་ངེས་པ་)ར་འགྱུར་རོ་ཞེས་པ་ནི་རིགས་པའོ(དེ་ཡང་ ལོ་གཅིག་སུམ་བརྒྱ་གོ་དགུས་བསྒྱུར་ཏེ་རི་ཟླ་མེ་ཡིས་ཐོབ་པ་ལ་ལོ་དག་གི་གཟའ་གཅིག་དང་ཆུ་ཚོད་བཅོ་ལྔ་ཆུ་སྲང་སོ་གཅིག་ དབུགས་གཅིག་དབུགས་གཅིག་གི་སུམ་བརྒྱ་བཅུ་བདུན་གྱི་ཆ་བརྒྱ་ཉི་ཤུ་རྩ་གཅིག་ཡོད་པས་ལོ་དག་གནས་ལྔར་བཞག་པ་ལ་དེ་ རྣམས་ཀྱིས་བསྒྱུར་བས་ཀྱང་རྟོགས་མོད་ཀྱི་བྱེད་པ་སླ་བའི་དོན་དུ་གཟའ་ལ་སོགས་པ་རྣམས་སུམ་བརྒྱ་བཅུ་བདུན་གྱིས་བསྒྱུར་ 2-1-247 ཏེ་སྟེང་དུ་བཅུག་པས་སུམ་བརྒྱ་གོ་དགུར་འགྱུར་བ་ཡིན་ལ་དེས་ལོ་དག་རྣམས་བསྒྱུར་བ་ལ་རི་ཟླ་མེ་ཡིས་ཐོབ་པའི་གཟའ་དང་ཆུ་ ཚོད་ལ་སོགས་པ་ལོ་སྔ་མའི་མཐའ་འདས་པ་ཡིན་ལ་ཆུ་ཚོད་ལ་སོགས་པ་ལ་ནི་གཟའ་ཕྱི་མས་དབང་བྱེད་དོ)། ༣༦ ། ༈ ད་ནི་ལོ(འཕོ་བ་)འི་ངེས་པ(ཏེ་)ར་(ཉི་མས་)ལུག་ལ་སོགས་པའི་(ཁྱིམ་)འཕོ་བ(འི་དུས་ཀྱི་ གཟའ་དང་དུས་ཚོད་ཀྱི་ངེས་པ་སྔ་མ་སྔ་མ་)ལ་(ངེས་པ་ཕྱི་མ་ཕྱི་མ་)སྣོན་པར་བྱེད་པའི་སྣོན་བྱེད་བཅུ་གཉིས་ གསུངས་པ་ལུག་ལ་སོགས་རྣམས་ཀྱི་སྣོན་བྱེད་དག་ལ་གཟའ་དང་ཆུ་ཚོད་ཅེས་པ་སྟེ་གཟའི་ གནས་དང་ཆུ་ཚོད་ཀྱི་གནས་སུ་གཟའ་དང་ཆུ་ཚོད་རིམ་པར་ཡོངས་བཀོད་བཅུ་གཉིས་འདི་ རྣམས་ཏེ་(དེ་ཡང་ལོ་འཕོ་བའི་ངེས་པའི་གཟའ་དང་ཆུ་ཚོད་རྣམས་གཞིར་བྱས་པ་ལ་བྱེད་པའི་ཟླ་བ་རེ་ལ་གཟའ་ཉེར་དགུ་ དང་ཆུ་ཚོད་སོ་གཉིས་ཡིན་ཞིང་དེ་ལ་ཉི་མས་ཁྱིམ་རེ་མི་འཕོ་བས་འོག་ནས་འཆད་པའི་བྱེད་རྩིས་ཀྱི་ཆུ་ཚོད་ཉེར་ལྔ་བསྣན་པས་ སྤྱིར་གཟའ་ཉེར་དགུ་དང་ཆུ་ཚོད་ང་བདུན་གྱི་ཉི་མས་ཁྱིམ་རེ་འཕོ་བ་ཡིན་པ་ལ་ཉི་རྐང་བུ་ལོན་དུ་གྱུར་པ་ན་ཁྱིམ་འཕོ་བ་བུལ་ ཞིང་ནོར་དུ་གྱུར་པ་ན་ཁྱིམ་འཕོ་བ་མྱུར་རོ། །དེ་ལ་ལུག་ལ་རགས་རྩིས་སུ་བྱས་ན་གཟའ་ཉེར་དགུ་དང་ཆུ་ཚོད་ང་བདུན་གྱི་ཁྱིམ་ འཕོ་བར་བསྟན་ལ་ཁྱིམ་གཞན་རྣམས་ལ་གཟའ་དང་ཆུ་ཚོད་སྔ་མ་འདི་གཞིར་བཞག་པའི་སྟེང་དུ་ཉི་རྐང་ལ་ལྟོས་པའི་ཆུ་ཚོད་ རྣམས་སྣོན་འབྲིད་བྱས་པ་དེ་ཁྱིམ་སྔ་མ་སྔ་མའི་ངེས་པའི་སྟེང་དུ་བསྣན་པས་ཁྱིམ་སོ་སོ་འཕོ་བའི་གཟའ་དང་ཆུ་ཚོད་ཀྱི་ངེས་པ་ འཆར་བར་འགྱུར་རོ། །དེ་ནས་ལུག་གི་ཁྱིམ་འཕོ་བ་ལ་)ཟླ་བ་རི་འབྱུང་ཞེས་པ་ལ་ཟླ་བ་ནི་གཟའི་གནས་སུ་ (འཁོར་ལོ་དོར་བའི་ལྷག་མ་)གཅིག་དང་རི་འབྱུང་ཞེས་པ་ནི་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་བདུན་ ནོ། །འདིར་ལོའི་ངེས་པ་དང་བཅས་པས་གཟའི་གནས་སུ་གཟའ་གང་བྱུང་བའི་གཟའ་དེས་ (ཉི་མས་)ལུག་གི་(ཁྱིམ་)འཕོ་བར་འགྱུར་ཏེ། ཆུ་ཚོད་ཀྱི་གནས་སུ་ཆུ་ཚོད་གང་བྱུང་བའི་ཆུ་ཚོད་དེ་ རྣམས་ཀྱིས་སོ་ཞེས་བྱ་བ་ནི་(ཚེས་ཞག་སུམ་ཅུ་དང་ཆུ་ཚོད་ཉེར་ལྔས་ཁྱིམ་འཕོ་བའི་དབང་དུ་བྱས་པས་)བྱེད་པའི་ རིགས་པའོ། །རིག་བྱེད་དག་དང་ཞེས་པ་གཉིས་ཀྱི་ཚིག་ནི་སྡེབ་སྦྱོར་གྱི་དབང་གིས་ཏེ་(ལུག་ གི་ངེས་པའི་སྟེང་དུ་གཟའ་ཉེར་དགུ་ཆུ་ཚོད་ང་བདུན་རྐང་པའི་དབང་གི་ཆུ་ཚོད་ང་དགུ་བསྣན་པས་)རིག་བྱེད་ནི་གཟའི་ གནས་སུ་བཞི་དང་ཡོན་ཏན་མདའ་སྟེ་ཞེས་པ་ནི་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་གསུམ་སྟེ་ 2-1-248 གླང་གི་འཕོ་བ་ལ(སྣོན་བྱེད་སྔ་མ་ནི་འོག་མ་ཐམས་ཅད་ལ་ཤེས་པར་བྱ་)འོ། །རི་བོང་ཅན་ཞེས་པ་གཟའི་ (རྐང་པའི་དབང་གིས་ཆུ་ཚོད་གྱ་བདུན་བསྣན་པས་)གནས་སུ་གཅིག་དང་རི་ཟླ་ཞེས་པ་ཆུ་ཚོད་ཀྱི་གནས་ སུ་བཅུ་བདུན་ཏེ་གསུམ་པ་ལ་ཞེས་པ་ནི་འཁྲིག་པའི་འཕོ་བ་ལའོ། །རིག་བྱེད་ཅེས་པ་ནི་(རྐང་ པའི་དབང་གིས་ཆུ་ཚོད་གོ་དགུ་བསྣན་པས་)གཟའི་གནས་སུ་བཞི་དང་མེ་འབྱུང་ཞེས་པ་ནི་ཆུ་ཚོད་ཀྱི་ གནས་སུ་ལྔ་བཅུ་རྩ་གསུམ་སྟེ་ཀར་ཀ་ཊའི་འཕོ་བ་ལའོ། །ཟླ་བ་ཞེས་པ་(རྐང་པའི་དབང་གིས་ཆུ་ ཚོད་གོ་གཉིས་བསྣན་པས་)གཟའ་ལ་གཅིག་དང་མིག་དང་ལག་པ་ཞེས་པ་ཆུ་ཚོད་ཀྱི་གནས་སུ་ཉི་ཤུ་ རྩ་གཉིས་ཏེ་སེང་གེ་ལའོ། །དུས་ཞེས་པ་(ཆུ་ཚོད་རེ་ལྔ་བསྣན་པས་)གཟའི་གནས་སུ་བཞི་དང་རིག་ བྱེད་མིག་ཅེས་པ་ཆུ་ཚོད་ཀྱི་གནས་སུ་ཉི་ཤུ་རྩ་བཞི་སྟེ་དྲུག་པ་དག་ལའོ་ཞེས་པ་བུ་མོའི་འཕོ་ བ་ལའོ། །(ཆུ་ཚོད་སུམ་བཅུ་བསྣན་པས་)གཟའ་ལ་དྲུག་དང་ཟླ་བ་མདའ་ཞེས་པ་ཆུ་ཚོད་ཀྱི་གནས་སུ་ ལྔ་བཅུ་རྩ་གཅིག་སྲང་གི་འཕོ་བ་ལའོ། 〔༣༧〕། ཟླ་བ་ཞེས་པ་(ཆུ་ཚོད་གཅིག་ཕྲི་བས་)གཟའ་ལ་གཅིག་དང་རི་དུས་ཞེས་པ་ཆུ་ཚོད་ཀྱི་གནས་ སུ་བཞི་བཅུ་རྩ་བདུན་ཏེ་སྡིག་པའི་འཕོ་བ་ལའོ། །མེ་ཞེས་པ་(ཆུ་ཚོད་ཉེར་བརྒྱད་ཕྲི་བས་)གཟའི་ གནས་སུ་གསུམ་དང་དྲུག་ཟླ་ཞེས་པ་ཆུ་ཚོད་ཀྱི་གནས་སུ་བཅུ་དྲུག་སྟེ་གཞུའི་འཕོ་བ་ལའོ། ། རིག་བྱེད་ཅེས་པ་(ཆུ་ཚོད་སོ་དྲུག་ཕྲི་བས་)གཟའི་གནས་སུ་བཞི་དང་རི་དང་འཇིག་རྟེན་ཞེས་པ་ ཆུ་ཚོད་ཀྱི་གནས་སུ་སུམ་ཅུ་རྩ་བདུན་ཏེ་ཆུ་སྲིན་གྱི་འཕོ་བ་ལའོ། །(ཆུ་ཚོད་སུམ་ཅུ་ཕྲི་བས་)གཟའི་ གནས་སུ་དྲུག་དང་རིག་བྱེད་སྟོང་པ་དག་ཅེས་པ་ཆུ་ཚོད་ཀྱི་གནས་སུ་བཞི་སྟེ་བུམ་པའི་འཕོ་ བ་ལའོ། 〚༣༧〛། སྟོང་པ་ཞེས་པ་(ཆུ་ཚོད་དགུ་ཕྲི་བས་)གཟའི་གནས་སུ་ཅི་ཡང་སྦྱིན་པར་མི་བྱའོ། ། མིག་མདའ་ཞེས་པ་ཆུ་ཚོད་ཀྱི་གནས་སུ་ལྔ་བཅུ་རྩ་གཉིས་ཏེ་ཉི་མའི་གོ་འཕང་ཉའི་ཁྱིམ་ལ་ སྦྱིན་པར་བྱ་བར་འགྱུར་རོ(རྐང་པའི་དབང་གིས་ཆུ་ཚོད་སྣོན་འབྲིད་བྱེད་པའི་རྒྱུ་མཚན་ནི་ཉི་མས་དུས་ཀྱི་ཆུ་ཚོད་ང་ དགུའི་བར་ལ་ཡུལ་གྱི་ཆུ་ཚོད་བཞི་ཙམ་སྤྱོད་པའི་དབང་དུ་བྱས་པ་ཡིན་ནོ་)ཞེས་པ་ནི་(ཚེས་སུམ་ཅུ་དང་བྱེད་པའི་ཆུ་ཚོད་ཉི་ 2-1-249 ཤུ་རྩ་ལྔས་ཁྱིམ་འཕོ་བ་)བྱེད་པ་ལ་འཕོ་བའི་(རེས་གཟའི་)ལོངས་སྤྱོད་དུ་ཤེས་པར་བྱ་ཡི་ (ཉི་མའི་ཉིན་ཞག་གི་དཀྱིལ་འཁོར་བཅུ་གཉིས་ཆ་རེས་ཁྱིམ་འཕོ་བ་)གྲུབ་པའི་མཐའ་ལ་(བྱེད་པ་ལ་འཕོ་བ་)ནི་ འདི་འཕོ་བའི་ལོངས་སྤྱོད་དུ་མི་འགྱུར་(ཞེས་པ་ལ་ལོ་གཅིག་ལ་གཟའ་སུམ་བརྒྱ་རེ་ལྔ་དང་ཆུ་ཚོད་བཅུ་དྲུག་ལྷག་ ཙམ་ཡོད་པ་ལ་འདིར་གཟའ་སུམ་བརྒྱ་ང་དགུ་དང་ཆུ་ཚོད་ཉེར་བཞི་ལས་མེད་པས་ཅུང་ཟད་མ་དག་པ་ཡིན་ནོ། །དེའི་རྒྱུ་མཚན་ནི་ ཉི་མས་ཁྱིམ་རེ་{འཕོ་བ་{འཕོས་པ}ལ་ཉིན་ཞག་སུམ་ཅུ་དང་ཆུ་ཚོད་ཉེར་ལྔ་རེ་དགོས་པ་ལ་འདིར་ཚེས་ཞག་སུམ་ཅུ་དང་ཆུ་ཚོད་ ཉེར་ལྔ་ན་ཉི་མས་ཁྱིམ་རེ་འཕོ་བའི་དབང་དུ་བྱས་ཤིང་ཉི་མའི་ཚེས་རེའི་ལོངས་སྤྱོད་ལ་རགས་པར་ན་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ ཤུ་ལས་མེད་ཅིང་ཞིབ་མོར་ན་ཡང་ཆུ་ཚོད་བཞི་དང་ཆུ་སྲང་ཉེར་གཅིག་ལྷག་ཙམ་ལས་མེད་པས་སོ་དེ་ཡང་འདི་ལྟར་)རོ། ། ༈ གང་ཞིག་རིག་བྱེད་རྣམས་ཀྱིས་ཚེས་བསྒྱུར་གསལ་བར་ནོར་ཏེ་དེའི་སུམ་ཆ་དག་ གིས་བསྲེས་པའོ་ཞེས་པ་འདིས་(བྱེད་པའི་ཚེས་རེ་ལ་ཆུ་སྲང་གཉིས་གཉིས་ཆད་པས་)ཟླ་བའི་ནང་དུ་ཆུ་ཚོད་ གཅིག་མེད་དེ་སྤྲོས་པས་ཀྱང་ངོ་(ཞེས་པ་ཅུང་ཟད་མ་དག་པའོ)། །གནས་གསུམ་དབུས་མ་དབང་ ཕྱུག་གིས་བསྒྱུར་ཞེས་པ་འདིས་ཡང་(དྷྲུ་བ་ཀའི་དུས་སུ་སྔར་)ཉམས་པ(འི་ཆུ་ཚོད་གཅིག་པུ་དེ་)སོས་ནས་ ཉི་མའི་(ཚེས་ཞག་གི་)ལོངས་སྤྱོད་གསལ་བར་འགྱུར་རོ། །(ཉམས་པ་སོས་པ་དེས་)ལོ་གཅིག་གིས་ བར་དུ་(ཚེས་ཀྱི་)ཉིན་ཞག་སོ་སོའི་ལོངས་སྤྱོད་དག་པར་འགྱུར་ཏེ་ཉི་མའི་དཀྱིལ་འཁོར་གྱི་ ཉིན་ཞག་(གཅིག་)གི་(ལོངས་སྤྱོད་ཚེས་ཀྱི་ལོངས་སྤྱོད་ལས་ལྷག་པའི་)ཆ་(ཆུ་སྲང་བཞི་དང་དབུགས་གསུམ་)ནི་མ་ གཏོགས་སོ། །སླར་ཡང་ལོ་གཞན་(ཕྱི་མ་རྣམས་)ལ་(ལོ་)འཕོ་བའི་(གཟའི་)ངེས་པ་(སྔར་བསྟན་པ་ལས་)གཞན་དུ་འགྱུར་(ཏེ་ལོ་བཞི་ན་ལོ་བདག་གི་གཟའ་རེ་ལྷག་པར་འགྱུར་བའི་ཕྱིར་)རོ། །དེས་ན་(གནས་གསུམ་ དབུས་མ་དྲག་པོས་བསྒྱུར་བས་)ནག་པའི་ཟླ་བ་ནས་སླར་ཡང་ནག་པའི་ཟླ་བའི་བར་(བྱེད་པའི་)ལོ་སོ་ སོ་ཙམ་ཉི་མའི་ལོངས་སྤྱོད་དག་པའོ། །དེའི་ཕྱིར་བྱེད་པའི་ལོ་གཞན་(ཞེས་པ་ལོ་ཅུང་ཟད་མ་དག་པ་ སྟེ་དེ་)ལ་ལྟོས་ནས་(ཏེ་དེའི་དབང་དུ་བྱས་ནས་དབུས་མ་དྲག་པོས་བསྒྱུར་བ་)དེས་ཟླ་བ་གཅིག་གི་(ལོངས་སྤྱོད་) ངེས་པ་ཅུང་ཟད་དག་པའོ། །དེ་ལས་ཉི་མའི་ཉིན་ཞག་གི་ལོངས་སྤྱོད་(རྒྱུ་སྐར་ཉེར་བདུན་གྱི་ཆུ་ཚོད་ལ་ 2-1-250 ཉི་མའི་དཀྱིལ་འཁོར་གྱི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རྩ་ལྔས་ཐོབ་པ་ཆུ་ཚོད་བཞི་ཆུ་སྲང་ཉེར་དྲུག་དབུགས་གཉིས་ཡོད་པས་ཚེས་ ཀྱི་)ཉིན་ཞག་སོ་སོ་ལ་དབུགས་བཞི་[གསུམ]དང་ཆུ་སྲང་(དབུགས་བཞི་དང་ཆུ་སྲང་གསུམ་ཞེས་པ་ནི་རྒྱ་ དཔེའམ་བོད་དཔེ་གང་རུང་གཅིག་མ་དག་པའི་སྐྱོན་ཡིན་ཏེ་ཚེས་ཞག་དང་ཉིན་ཞག་གི་ལོངས་སྤྱོད་ཀྱི་ཁྱད་པར་ལ་དེ་མི་རྙད་པས་ སོ། །ཉིན་ཞག་དང་ཁྱིམ་ཞག་གི་བར་ཁྱད་ལ་དེ་ཡོད་ཀྱང་གཞུང་ལ་མི་འགྲིག་གོ། རྩ་མི་དང་ར་འགྱུར་ལ་དབུགས་གསུམ་དང་ ཆུ་སྲང་བཞི་ཞེས་པ་ཡོད་ཅིང་ཤོང་འགྱུར་སྔ་མ་དག་ལ་ཡང་ཡོད་པས་དེ་ཉིད་དག་པ་ཡིན་ནོ་)གསུམ་[བཞི]མེད་པས་ མ་དག་སྟེ་ལོངས་སྤྱོད་ཀྱི་དབང་གིས་བྱང་དུ་བགྲོད་པ་ནས་བྱང་དུ་བགྲོད་པའི་བར་ལ་(ཉིན་ ཞག་སུམ་བརྒྱ་དྲུག་ཅུར་བྱས་ན་)ཉིན་ཞག་ལྔ་ཆད་པར་འགྱུར་ཞིང་〔ཉི་མའི་ཁྱིམ་ཞག་དང་ཉིན་ཞག་ གཉིས་ཀྱི་བར་ཁྱད་ལ་སྲང་གསུམ་དབུགས་བཞི་ལ་ཞག་ལྔ་བཟོ་བའི་ཚུལ་ནི་དབུགས་བཞི་ ལ་དབུགས་བྱེད་བསྣན་པས་བསྒྱུར་བྱེད་བཅུ་གསུམ་དང་སུམ་ཆ་གཅིག་གསུམ་གྱིས་བསྒྱུར་ བས་བཞི་བཅུ་འོང་བ་དེས་སྲང་གསུམ་སོགས་ཀྱང་བསྒྱུར་བས་དབུགས་བྱེད་གཉིས་ཀྱི་བགོ་ སྟེང་ལ་བསྣན་སྟེང་མ་དྲུག་གིས་ཕུད་ལ་ཆུ་སྲང་ལ་བསྣན་པས་དེ་གསུམ་གྱིས་ཕུད་པས་ཆུ་ སྲང་ལྔ་བཅུ་པའོ། །དེ་ཞག་གི་བར་ཁྱད་ཡིན། དེ་སུམ་བཅུས་བསྒྱུར་ལ་འཁོར་ལོ་ཕུད་པ་ཆུ་ ཚོད་ཉི་ཤུ་རྩ་ལྔའོ། །དེ་བཅུ་གཉིས་ཀྱིས་བསྒྱུར་བ་དེ་སུམ་བགོས་པས་ཞག་ལྔ་འོང་བ་ཡིན་ནོ〕 ཟླ་བ་སོ་སོ་ལ་ཆུ་ཚོད་ཉི་ཤུ་རྩ་ལྔ་ཆད་པར་འགྱུར་(དེའི་རྒྱུ་མཚན་ཉི་མའི་ཉིན་ཞག་གི་ལོངས་སྤྱོད་ལ་ཁྱིམ་ ཞག་གི་ལོངས་སྤྱོད་དུ་མ་[སློངས་[ལོངས་]པའི་ཆ་ཆུ་སྲང་གསུམ་དང་དབུགས་བཞི་པོ་ཉིན་ཞག་སུམ་བརྒྱ་དྲུག་ཅུས་བསྒྱུར་བ་ལ་ ཆུ་ཚོད་ཉེར་གཉིས་འབྱུང་ཞིང་ཆུ་ཚོད་ཉེར་གཉིས་ཉི་མས་སྤྱོད་པ་ལ་ཉིན་ཞག་ལྔ་དགོས་པས་ཉི་མའི་དཀྱིལ་འཁོར་ཉིན་ཞག་སུམ་ བརྒྱ་དྲུག་ཅུར་བྱས་ན་ཉིན་ཞག་ལྔ་ཆད་ཅིང་ལྔ་པོ་ཟླ་བ་སོ་སོ་ལ་བགོས་ན་ཆུ་ཚོད་ཉེར་ལྔ་ཆད་པར་འགྱུར་ཞེས་པའོ། །ཡང་ཉི་མ་ ལུག་གི་ཁྱིམ་དུ་འཕོ་བའི་)རོ། །(འོན་ཀྱང་གྲུབ་མཐའི་ལོངས་སྤྱོད་ཀྱི་ཆས་མ་དག་པ་ནི་རྒྱུ་སྐར་ཉེར་བདུན་གྱི་ཆུ་ཚོད་ལ་ཚེས་ ཞག་སུམ་བརྒྱ་དོན་གཅིག་གིས་ཐོབ་པ་ཆུ་ཚོད་བཞི་ཆུ་སྲང་ཉེར་གཅིག་དབུགས་ལྔ་ཡོད་ལ་)བྱེད་པ་འཕོ་བའི་དུས་ནས་ (སླར་ཡང་ལུག་གི་ཁྱིམ་དུ་འཕོ་བའི་)བྱེད་པ་འཕོ་བའི་དུས་ཀྱི་ཟླ་བ་སོ་སོ་ལ་ཆུ་ཚོད་ཉི་ཤུ་རྩ་ལྔ་ལྷག་སྟེ་ 2-1-251 (དེ་རྣམས་བསགས་པས་)ལོའི་མཚམས་སུ་གཟའ་(ཞག་)ལྔ་ལྷག་གོ(དེས་ན་གྲུབ་མཐའི་དབང་དུ་བྱས་པའི་ཉི་ མའི་དཀྱིལ་འཁོར་ནི་ཆུ་ཚོད་དྲུག་ཅུའི་བདག་ཉིད་ཀྱི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རྩ་ལྔ་གྲུབ་པོ)། ༈ འདིར་ཆད་པ་དང་ལྷག་པ་ཇི་ལྟར་ཤེས་ན་བྱང་དུ་བགྲོད་པའི་ཟླ་བ་དང་པོ་(ཆུ་སྲིན་དུ་ཉི་ མ་འཕོ་བ་)ལ་(སྔ་རོལ་ནས་)ཉི་མ་བཅུའི་བར་དུ་ཐུར་མའི་གྲིབ་མ(བྱང་ན་ལོག་པ་)ས་(ཉིན་ཞག་གང་ལ་ཉི་མ་ བྱང་དུ་ལྡོག་པ་)ཡོངས་སུ་བརྟགས་པར་བྱ་སྟེ། ཉིན་ཞག་གང་ནས་བརྩམས་ཏེ་ཐུར་མའི་གྲིབ་མ་ བྱང་ནས་ལོག་པར་གྱུར་པ་དེ་ནི་གཟའ་དེ་དང་ཚེས་དེ་དང་སྦྱོར་བ་དེ་དང་བྱེད་པ་དེས་ཉི་མ་ འཕོ་བའི་ཉིན་ཞག་གོ(དེ་ལྟར་བརྟགས་པས་བྱང་བགྲོད་ནས་བྱང་བགྲོད་ཀྱི་པར་ལ་ནམ་ལངས་ནས་ནམ་ལངས་ཀྱི་པར་ གྱི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རྩ་ལྔ་འབྱུང་བས་སྔར་གྱི་ཆད་ལྷག་ཤེས་སོ། །ཞེས་པའི་དོན་ཏོ)། (ཐུར་མའི་གྲིབ་མ་བྱང་ནས་ ལོག་པའི་)ཉིན་ཞག་དེ་ལ་ཉི་མའི་ལོངས་སྤྱོད་སྐར་མའི་གནས་སུ་ཉི་ཤུ་དང་ཆུ་ཚོད་ཀྱི་གནས་ སུ་བཅོ་ལྔ་(འཆར་)ཞེས་པ་རྩ་བའི་ངེས་པའོ། །ངེས་པ་དེ་ལ་ཉིན་ཞག་སོ་སོར་ཉི་མའི་དཀྱིལ་ འཁོར་གྱི་ཉིན་ཞག་རྣམས་ཀྱིས་ཐོབ་པ(འི་ཉིན་ཞག་རྟག་པའི་ལོངས་སྤྱོད་)རབ་ཏུ་བསྲིས་ཏེ་དེ་ནས་ སྔར་བརྗོད་པའི་ཆོ་གས་ཉི་མའི་རྐང་པ་རྣམས་དག་པར་བྱའོ། ། ༈ རྩ་བའི་རྒྱུད་ལས་ཉི་མའི་དཀྱིལ་འཁོར་གྱི་ཉིན་ཞག་དང་ཆུ་ཚོད་དང་ཆུ་སྲང་དང་ དབུགས་དང་(དཀྱིལ་འཁོར་དེས་)ཁྱིམ་གྱི་འཁོར་ལོ་ལོངས་སྤྱོད་པའི་མཐར་ཐུག་པ་(རྣམས་) གསུངས་པ་འདི་ལྟ་སྟེ། ལོ་གཅིག་མཁའ་དུས་མེས་བསྒྱུར་ཏེ། །(ཞེས་པ་ལོ་གཅིག་ལ་ཞག་སུམ་བརྒྱ་ དྲུག་ཅུར་བྱས་པ་སྟེ་རགས་པའི་ཁྱིམ་ཞག་གི་དབང་དུ་བྱས་པའོ། །དེས་ཚེས་ཀྱི་ཞག་བཙལ་བ་ནི་ཁྱིམ་ཞག་ཕྱེད་དང་བཅས་པའི་ སོ་གཉིས་ནས་ཚེས་ཞག་རེ་ལྷག་པར་འགྱུར་བས་དེ་གཟུང་བའི་དོན་དུ་)གནས་གཉིས་(སུ་བྱས་པའི་)འོག་མ་གཉིས་ ཀྱིས་བསྒྱུར(བ་ནི་ཕྱེད་བསྒྱུར་གྱི་གནད་དོ)། །(དེ་ལ་)དྲུག་ཅུ་རྩ་ལྔས་བགོས་ཐོབ་པ(བཅུ་གཅིག)། །སྟེང་ གི་ཕུང་པོར་ནོར་དུ་སྦྱིན(པས་ཚེས་ཞག་སུམ་བརྒྱ་བདུན་ཅུ་རྩ་གཅིག)། །སླར་ཡང་(འོག་)ལྷག་མ་དྲུག་ ཅུས་བསྒྱུར། །ཆ་ཐོབ་(པ་བཞི་སྟེང་གི་ཞག་)དེ་ཡི་འོག་ཏུ་ཡང་(ངོ)། །སླར་ཡང་ལྷག་མ་དྲུག་ཅུས་ 2-1-252 བསྒྱུར། །ཆ་ཐོབ་(པ་སུམ་ཅུ་རྩ་དྲུག་)དེ་ལས་ཀྱང་འོག་ཏེ། །སླར་ཡང་ལྷག་མ་དྲུག་གིས་བསྒྱུར། ། དྲུག་ཅུ་རྩ་ལྔས་བགོས་ཐོབ་པ(ལྔ)། །དབུགས་ཀྱི་ཚོགས་ཏེ་མི་ཡི་བདག (ཅེས་པ་ནི་བོད་པའོ)། དེ་ ཡི་ཡང་ནི་འོག་ཏུ་བཞག (སྟེ་ལོ་གཅིག་གི་ཚེས་ཞག་གི་གྲངས་སོ)། (དེ་ལས་ཉིན་ཞག་བཙལ་བ་ནི་ཚེས་ཞག་དྲུག་ཅུ་ རྩ་བཞི་ན་ཞག་རེ་དང་ཞག་གཅིག་གི་བདུན་བརྒྱ་དང་བདུན་གྱི་ཆ་རེ་ཆད་པས་དེ་གཟུང་བའི་དོན་དུ་)ཉིན་ཞག་ཆུ་ཚོད་ཆུ་ སྲང་རྣམས། །དབུགས་སུ་(མཚུངས་པར་)བྱས་ནས་(གནས་)རྣམས་གསུམ་(དུ་བཞག་སྟེ་)སླར(ཡང)། ། འོག་ལ་རི་མཁའ་རིས་ཐོབ་པ། །དབུས་ཀྱི་ཕུང་པོར་ནོར་དུ་སྦྱིན། །དེ་ལས་དྲུག་ཅུ་རྩ་ བཞིས་ཐོབ། །སྟེང་གི་ཕུང་པོར་བུ་ལོན་དབྲོག། ལྷག་མ་འདིར་ནི་ཉིན་ཞག་(སུམ་བརྒྱ་དྲུག་ཅུ་རྩ་ ལྔ་)དང༌། །ཆུ་ཚོད་(བཅུ་དྲུག་)ཆུ་སྲང་(བཅུ་བཞི་)དག་དང་དབུགས(གཉིས་ཏེ་ལོ་གཅིག་གི་ཉིན་ཞག་གི་གྲངས་ སོ)། །(ཞག་གསུམ་གྱི་རྣམ་པར་དབྱེ་བ་)འདི་དག་(གིས་ཉི་མ་རྒྱུ་སྐར་གྱི་)འཁོར་ལོ་(རྫོགས་པར་)ལོངས་སྤྱོད་ པས(ན)། །(ཞག་རྣམ་གསུམ་གྱི་གྲངས་དེ་རྣམས་)ཉི་མའི་དཀྱིལ་འཁོར་དུ་འགྱུར་རོ། །(ཞེས་པ་ཉི་མའི་ཁྱིམ་ ཞག་དང་ཚེས་ཞག་དང་ཉིན་ཞག་གི་དཀྱིལ་འཁོར་གསུམ་དུ་འགྱུར་རོ། །དེ་ལ་ཉི་མ་རྒྱུ་སྐར་ལ་སྤྱོད་པའི་ཉིན་ཞག་རེའི་ལོངས་ སྤྱོད་ནི་)ཉིན་གཅིག་རྒྱུ་སྐར་གྱིས་བསྒྱུར་གང༌། །ཆུ་ཚོད་དྲུག་ཅུས་དེ་བཞིན་(དུ་བསྒྱུར་)ཏེ། །(དེ་ལ་)ཉི་མའི་དཀྱིལ་འཁོར་ལོངས་སྤྱོད་(ཉིན་ཞག་སུམ་བརྒྱ་དྲུག་ཅུ་རྩ་ལྔ་སོགས་)ཀྱིས། །ཐོབ་པ་(བཞི་སྟེ་དེ་ ནི་)ཞག་རེའི་ཆུ་ཚོད་དོ། །སླར་ཡང་དྲུག་ཅུས་བསྒྱུར་ཆུ་སྲང་(ཉེར་དྲུག)། །དྲུག་གིས་བསྒྱུར་ལས་ དབུགས་(གཅིག་གི་གྲངས་)སུ་འགྱུར(ཅུང་ཟད་རགས་པའོ)། །ལོངས་སྤྱོད་འདི་ནི་ཉི་མ་ཡི། །རྒྱུ་སྐར་ (གྱི་)ཆུ་ཚོད་སོགས་ལ་སྦྱར(དེ་ཉི་མའི་ཉིན་ཞག་རེའི་ལོངས་སྤྱོད་ཡིན་དེ་ཉི་མ་བྱང་དུ)། །བགྲོད་པ་ནས་ཡང་ (བྱང་དུ་)བགྲོད་འགྱུར་གྱི། །བར་དུ་ཉིན་ཞག་སོ་སོར་སྦྱིན(སྔར་བཤད་པའི་རྩ་བའི་ངེས་པ་ལ)། ། (ཉིན་ཞག་སོ་སོར་ཉི་མའི་རྐང་པ་ནོར་དང་བུ་ལོན་)བརྗོད་པའི་ལས་ཀྱི་ཆོ་ག་ཡིས། །ཉི་མའི་རྐང་པ་སྦྱང་ བ(སྟེ་དག་པ་)ར་བྱ། །(དེ་ལས་)གཞན་དུ་བྱེད་པའི་ལས་(ཁྱིམ་གྱི་ཕྱོགས་རེ་བརྗོད་པའི་རྐར་རྩིས་)གྱིས་ནི། ། ཉི་མ་རྟག་ཏུ་(སྟེ་ཉིན་ཞག་སོ་སོའི་ལོངས་སྤྱོད་)དག་པ་མེད། །ཉི་མའི་ལོངས་སྤྱོད་མ་དག་ན། །(ཉི་མའི་ 2-1-253 ལོངས་སྤྱོད་)འདི་ལ(ལྟོས་ན་)ས་དག་པའི་མིག་དམར་སོགས། །རྩ་བ་ཉམས་པའི་ལྗོན་པ་བཞིན། ། འདིར་ནི་གསལ་བ་ཉིད་མི་འགྱུར། །ཁྱིམ་གྱི་འཁོར་ལོ་ལོངས་སྤྱོད་པས། །ཟླ་བའི་དཀྱིལ་ འཁོར་བཤད་(པར་)བྱ་(བ་)ལ། །(རྒྱུ་སྐར་གྱི་)འཁོར་ལོའི་ཆུ་ཚོད་(སྟོང་དྲུག་བརྒྱ་ཉི་ཤུ་དང་)ཉི་མའི་ཚེས་ རེའི་ལོངས་སྤྱོད་)ཆུ་ཚོད(ལ་སོགས་པ)། །ཟླ་བ(གཅིག་ཏུ་བསགས་པ་)འི་ལོངས་སྤྱོད་བསྲེས་(ཆུ་ཚོད་སྟོང་ བདུན་བརྒྱ་ང་གཅིག་ཏུ་གཅིག་གི་སོ་དགུ་ཆས་དམན་)པ་དག(ལ)། །སུམ་ཅུའི་ཆས་ཐོབ་(པ་ཆུ་ཚོད་ང་བརྒྱད་ནི་) ཟླ་(བའི་)ལོངས་སྤྱོད(དེ)། །ཉིན་ཞག་(སྟེ་ཚེས་ཞག་)སོ་སོའི་ཆུ་ཚོད་(དུ་)འགྱུར(ཞིང་ཆུ་སྲང་ཉེར་གཅིག་ དབུགས་ལྔ་དབུགས་ཀྱི་འདོད་ཆ་དགུ)། །ཟླ་བས་ཉིན་ཞག་(ལ་)ཆུ་ཚོད་དང༌། །ཆུ་སྲང་དབུགས་ནི་(བཤད་ མ་ཐག་པ་)གང་དག་གིས། །འཁོར་ལོའི་ཆུ་ཚོད་མཐར་(སྟེ་རྫོགས་པར་)སྤྱོད་པ(འི་ཚེས་ཞག་གི་གྲངས)། ། དེ་ནི་(ཟླ་བ་)དེ་ཡི་དཀྱིལ་འཁོར་(དུ་)འགྱུར(རོ)། །ཉིན་ཞག་སྟོང་ཕྲག་དྲུག་དང་ནི། །དགུ་བརྒྱ་ སྒྲ་གཅན་དཀྱིལ་འཁོར་ཏེ། །མིག་དམར་ལ་སོགས་དཀྱིལ་འཁོར་ནི། །རང་རང་(གིས་འཁོར་ ལོ་ཆུ་ཚོད་རྫོགས་པར་)རྒྱུ་བ་(འི་ཞག་གྲངས་)ལས་རབ་(ཏུ་)གྲུབ(པོ)། །(སྒྲ་གཅན་སོགས་ཀྱི་ཞག་རེའི་ལོངས་ སྤྱོད་ནི་)ཉིན་གཅིག་རྒྱུ་སྐར་རྣམས་ཀྱིས་བསྒྱུར། །(རང་རང་གི་)དཀྱིལ་འཁོར་གྱིས་ནི་རྣམ་པར་ དབྱེ། །ཐོབ་པ་དག་(སྲིད་ན་)ནི་སྐར་མར་འགྱུར། །ལྷག་མ་སླར་ཡང་དྲུག་ཅུས་བསྒྱུར། །དཀྱིལ་ འཁོར་ཆ་ཡིས་ཆུ་ཚོད་དེ། །དེ་བཞིན་ཆུ་སྲང་དབུགས་དག་ཀྱང༌། །དཀྱིལ་འཁོར་ཆེས་ཐོབ་ གཟའ་རྣམས་ཀྱི། །ཉིན་ཞག་སོ་སོར་(སྤྱོད་པའི་ལོངས་སྤྱོད་དོ་)མི་ཡི་བདག །(ལོངས་སྤྱོད་)དེ་ཉིད་ (རང་རང་གི་རྩ་བའི་ངེས་པ་ཞག་དེ་བཞིན་)སྦྱིན་པ་བྱས་ནས་ནི། །གཟའ་[གྲ་ཧ་]ཡི་རྐང་པས་གཟའ་ དག་(པར་)བྱ། །གང་ཚེ་གཟའ་ཡི་ལོངས་སྤྱོད་དག(པ)། །དེ(འི་)ཚེ་ཟླ་བའི་ཆ་འཆར་བ(འི་ཚེས་ གྲངས་ནི)། །ཟླ་བའི་(ཉིན་རྩིས་ཀྱི་)ལོངས་སྤྱོད་(དུ་གང་ཤར་)གྱིས་(ནམ་མཁར་ལྟས་པ་ལས་)ཤེས་(པར་) བྱ། །བགྲོད་པའི་(དང་བོ་ཐུར་མའི་གྲིབ་མ་ལྡོག་པའི་མཚམས་ཀྱི་)རི་མོ་ལ་(དབང་དུ་བྱ་སྟེ་)གནས་པ(སྟེ་ལྟོས་པ་)འི། །བགྲོད་པ(དག་པ་དེ་)ས་ཉི་མ་དག་པར་བྱ། །ལོངས་སྤྱོད་ཆ་གཅིག་(ཉི་མ་)ལ་གནས་པ(སྟེ་ 2-1-254 ལྟོས་པ་)འི། །ཟླ་བ(འི་ལོངས་སྤྱོད་)ཉི་མ(འི་ལོངས་སྤྱོད་གཞིར་བྱས་པ་ལ་)ས་དག་པར་བྱ(ཞིང)། །ཟླ་བ(འི་ ཆ་ཚེས་གྲངས་ལ་)ས་མིག་དམར་ལ་སོགས་(དག་པར་བྱ་སྟེ་ཚེས་གསལ་ཞག་བསྒྲུབ་ནས་)སོ། །དཀར་པོ་ནག་ པོའི་ཚིགས་མཚམས་(ཉ་དང་གནམ་སྟོང་)ལ། །(ཉ་དང་ནག་པོའི་ཚེས་གཅིག་དང་གནམ་སྟོང་དང་དཀར་པོའི་ཚེས་ གཅིག་སྟེ་)ཚེས་གྲངས་གཉིས་ཀའི་དབུས་སུ་ནི། །ཟླ་བ་ཉི་མ་རྣམ་འཇོམས་པ། །སྒྲ་གཅན་(ཟླ་ ཉི་ལ་)འཇུག་པ(དེ་)ས་ཚེས་(དཀར་པོ་དང་ནག་པོའི་)གྲངས་(ཀྱི་མཐའ་རྟོགས་)སོ། །དེ་ལྟར་ཐམས་ཅད་ ཡོངས་ཤེས་ནས། །གྲུབ་མཐའི་ལོངས་སྤྱོད་(ནི་བྱེད་པ་པོའི་ལོངས་སྤྱོད་ལས་)རྣམ་པ་གཞན( ཡིན་ཞིང)། ། (གྲུབ་མཐའི་ལོངས་སྤྱོད་ལས་)རྣམ་(པ་)གཞན་(དུ་གྱུར་པའི་)ཉུང་ངུའི་བྱེད་(པའི་ལོངས་སྤྱོད་)ལས་སོགས(པ་ ཡང)། །(རྩ་རྒྱུད་ཀྱི་ལུང་)འདི་ལ(བརྟེན་ན་)ས་མ་དག་(པ་)རྣམ་པར་སྤངས(དེ་དག་པར་བྱའོ)། །ཞེས་སོ། ། དེ་ལྟར་བརྗོད་པའི་རིམ་པས་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་ལས་གྲུབ་པའི་ མཐའི་མཚན་ཉིད་གསུངས་སོ། ། ༈ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་ཞེས་པའི་ ཚིག་གིས་བསྡུས་ཏེ་རྒྱུད་ལས་གསལ་པོར་མ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན་འདིར་མུ་སྟེགས་ པ་རྣམས་ཀྱིས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་མཐོང་སྟེ། ཉི་མའི་ལོངས་སྤྱོད་རྣམ་པར་དག་པ་ མཐོང་ནས་བདག་ཅག་གི་བྱེད་པ་ལ་ཡང་ཉི་མའི་ལོངས་སྤྱོད་རྣམ་པར་དག་པ་ཡོད་དོ་ཞེས་ རང་གི་བྱེད་པའི་ནང་དུ་འབྲི་བར་འགྱུར་ཏེ་རྒྱུ་དེས་ན་རྒྱས་འགྲེལ་ལ་ལྟོས་ནས་གསལ་པོར་ མ་མཛད་དོ། ། ༈ ད་ནི་ཉིན་མོ་དང་མཚན་མོ་འཕེལ་བ་དང་འགྲིབ་པ་གསུངས་པ་ཟླ་དྲུག་འཕེལ་བ་དང་ འགྲིབ་པ་ཞེས་པ་སྟེ་གྲངས་བཞིན་དུ་འཕེལ་བ་དང་འགྲིབ་པ་གཉིས་སུ་འགྱུར་རོ། །ཉིན་དང་ མཚན་མོ་དག་ཀྱང་ཞེས་པ་ནི་ཉིན་མོ་དང་མཚན་མོ་དག་གོ། ཉི་མ་རབ་ཏུ་རྒྱུ་བས་སོ་ཞེས་པ་ ལ་ཉི་མ་བྱང་དུ་རྒྱུ་བ་དང་ལྷོར་རྒྱུ་བས་ནི་ཉི་མ་རབ་ཏུ་རྒྱུ་བ(འི་དབང་གི་)ས་ཏེ། ཆུ་གཏེར་སྲོག་ 2-1-255 དང་ཆུ་སྲང་མེ་ནི་ཉིན་ཞག་སོ་སོའི་དུས་སུ་འཕེལ་འགྲིབ་བགྲོད་པའི་ཡན་ལག་(སྟེ་བགྲོད་པའི་ ཕྱེད་ཀྱི་ཉིན་ཞག་)གིས་སོ། ། (ཞག་རེ་ཞིང་ཉིན་མཚན་འཕེལ་འགྲིབ་ཏུ་འགྱུར་བའི་)ཚད་འདི་ནི་(འཛམ་གླིང་ཆུང་ངུའི་ལྷོ་མཐའ་ནས་བྱང་གངས་ ལྡན་ཆེན་པོའི་བར་ལ་ས་དུམ་བུ་དྲུག་ཏུ་བགོས་པའི་ལྷོ་ནས་བགྲངས་པའི་དུམ་བུ་ལྔ་པ་)ཀཻ་ལ་ཤའི་བྱང་གི་ཆ་(ས་དུམ་ བུ་དྲུག་པ་)ཁ་བ་ཅན་གྱི་(ཆེན་པོའི་)བར་དུ་སྟེ་ཉིན་ཞག་སོ་སོ་ལ་དབུགས་བཞི་དང་ཆུ་སྲང་གསུམ་ བགྲོད་པའི་ཡན་ལག་གིས་འཕེལ་ཞིང་འགྲིབ་བོ། །བགྲོད་པའི་ཡན་ལག་ནི་ཕྱེད་དང་བཅས་ པའི་བརྒྱད་ཅུ་རྩ་གཉིས་ལྷག་པའི་ཉིན་ཞག་བརྒྱ་སྟེ་(ཉི་མའི་ཉིན་ཞག་གི་དཀྱིལ་འཁོར་གྱི་ཕྱེད་དོ་)བགྲོད་ པའི་ཡན་ལག་ཉིན་ཞག་དེ་རྣམས་ཀྱིས་ལྷོ་ཕྱོགས་སུ་མཚན་མོ་འཕེལ་བར་འགྱུར་ཏེ་བྱང་དུ་ ཉིན་མོའོ། །ཀཻ་ལ་ཤའི་(སའི་དུམ་བུ་དང་དེའི་)ལྷོ་ཕྱོགས་(རྒྱ་ནག་དང་ལི་དང་བོད་དང་འཕགས་པའི་ཡུལ་)ལ་ ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །(ཀཻ་ལ་ཤའི་བྱང་གི་)ཚད་འདི་ལ་ལྷོར་བགྲོད་པའི་ (དང་པོའི་ཁྱིམ་)འཕོ་བའི་ཉིན་ཞག་ལ་ཆུ་ཚོད་སུམ་ཅུ་རྩ་དྲུག་གིས་ཉིན་མོར་འགྱུར་ཞིང་ཉི་ཤུ་རྩ་ བཞིས་མཚན་མོར་འགྱུར་རོ། །དེ་བཞིན་དུ་བྱང་དུ་བགྲོད་པ་ལ་མཚན་མོ་དང་ཉིན་མོའི་ཚད་ བཟློག་པས་ཤེས་པར་བྱའོ། ༣༨ ། ༈ ད་ནི་སྒྲ་གཅན་རྒྱུ་སྐར་ལ་ལོངས་སྤྱོད་པ་གསུངས་པ་ཟླ་བ་ཞེས་པ་སྟེ་ཟླ་བ་ནི་བྱེད་ པའི་ཟླ་བ(དག་པ་)འོ། །མིག་དང་ཉི་མ་བསྲེས་པ་ཞེས་པ་ནི་(ལོ་དག་གི་ཐོག་མར་སྒྲ་གཅན་སྐར་མ་ ནམ་གྲུ་ནས་ཞུགས་སྟེ་ཟླ་བ་ཅི་སྙེད་འདས་པ་བསྲེས་པའི་)བྱེད་པ་ལ་ལྟོས་པ་ཡིན་གྱི་(ལོངས་སྤྱོད་ཀྱི་རྩ་བའི་ངེས་ པ་)གྲུབ་པའི་མཐའ་ལ་ལྟོས་པ་ནི་མ་ཡིན་ནོ། །མིག་དང་ཉི་མ་ཞེས་པ་བརྒྱ་ཉི་ཤུ་རྩ་གཉིས་ བསྲེས་པ་སྟེ་མིག་གིས་རྣམ་བསྒྱུར་ཞེས་པ་ནི་(ཟླ་བའི་)ཕྱོགས་ཀྱི་ཕུང་པོའི་དོན་དུ་གཉིས་ཀྱིས་ བསྒྱུར་བའོ། །ཟླ་བའི་ཚིགས་ལ་གཅིག་བསྲེས་ཏེ་ཞེས་པ་ནི་ཉའི་ལོངས་སྤྱོད་ཀྱི་དོན་དུ་ ཕྱོགས་གཅིག་བསྲེས་པ་དང་གནམ་སྟོང་གི་ལོངས་སྤྱོད་ཀྱི་དོན་དུ་ཕྱོགས་གཉིས་བསྲེས་པ་ 2-1-256 ཕྱོགས་ཀྱི་ཕུང་པོར་འགྱུར་རོ། །མཁའ་དུས་ཆུ་ཡིས་རབ་ཕྱེ་ཞེས་པ་ནི་སྒྲ་གཅན་གྱི་ཕྱོགས་ཀྱི་ ལོངས་སྤྱོད་ཀྱི་དོན་དུ་(ཟླ་ཕྱེད་བཞི་བརྒྱ་དང་དྲུག་ཅུ་ན་རྒྱུ་སྐར་རྫོགས་པར་འཁོར་བའི་ཕྱིར་)ཕྱོགས་ཀྱི་འཁོར་ ལོ་ཕྱོགས་བཞི་བརྒྱ་དྲུག་ཅུས་བགོ་སྟེ་མཁའ་དུས་ཆུ་དེས་རབ་ཏུ་ཕྱེ་བའི་ལྷག་མའི་ཕྱོགས་ གང་ཡིན་པ་དེ་དག་ཐུབ་པ་ལག་པས་བསྒྱུར་བར་འགྱུར་རོ། །སྐར་མའི་ལོངས་སྤྱོད་ཀྱི་དོན་ དུ་མཁའ་སོགས་ཆ་ཡིས་སྐར་མའོ་ཞེས་པ་ནི་སྟོང་པ་ལ་སོགས་པ་བཞི་བརྒྱ་དྲུག་ཅུའི་ཆས་ ཐོབ་པ་སྐར་མར་འགྱུར་རོ། །སླར་ཡང་ལྷག་མ་ནི་ལྷག་མ་དྲུག་ཅུས་བསྒྱུར་བ་གང་ཡིན་པ་ ལས་ཆ་དེ་ཉིད་ཀྱིས་ཐོབ་པ་ཆུ་ཚོད་དུ་འགྱུར་རོ། །དེ་བཞིན་དུ་དྲུག་ཅུས་བསྒྱུར་བ་ལས་ཆ་དེ་ ཉིད་ཀྱིས་ཆུ་སྲང་དུ་འགྱུར་རོ། །དྲུག་གིས་བསྒྱུར་བ་ལས་ཆ་དེ་ཉིད་ཀྱིས་དབུགས་སུ་འགྱུར་ (འདི་ནི་སྒྲ་གཅན་ནམ་གྲུ་ནས་བཟུང་སྟེ་ཁྱིམ་གྱི་འཁོར་ལོ་ལ་གཡས་སྐོར་གྱིས་སྤྱོད་པའི་ལོངས་སྤྱོད་དོ་)རོ། །ཐོབ་པས་ དམན་པའི་འཁོར་ལོ་གདོང་སྟེ་འདིར་མཁའ་དུས་ཆུ་ཡིས་ཐོབ་པའི་སྐར་མ་(ནམ་གྲུ་)ལ་སོགས་ པ་(གཡས་སྐོར་དུ་སྤྱོད་པ་)གང་ཡིན་པ་དེ་དག་གིས་འཁོར་ལོ་སྐར་མ་ཉི་ཤུ་རྩ་བདུན་གྱི་བདག་ཉིད་ ལ་དམན་པར་བྱས་པའི་(རྒྱུ་སྐར་གྱི་)འཁོར་ལོ་(ལྷག་མ་)ནི་གདོང་དུ་འགྱུར་ཏེ་ཐ་སྐར་ལ་སོགས་ པ(ན་)ས་(བགྲངས་པ་)གདོང་གི་སྐར་མའི་ལོངས་སྤྱོད་དུ་འགྱུར་རོ། །མུན་ཅན་ནི་སྒྲ་གཅན་ཏེ་ འདི་ལ་མུན་པ་ཡོད་པའི་ཕྱིར་མུན་ཅན་ནོ། །མུན་ཅན་དེའི་མཇུག་མ་དག་ཀྱང་རྒྱུ་སྐར་ཕྱེད་ བསྲེས་པའོ། །ཞེས་པ་ལ་རྒྱུ་སྐར་ཕྱེད་ནི་སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་སྟེ་དེ་དག་ གདོང་གི་ལོངས་སྤྱོད་ལ་བསྲེས་པ་ནི་{མཇུག་པ་ཞེས་པ་} མཇུག་མའི་ལོངས་སྤྱོད་དུ་འགྱུར་ རོ། ༣༩ ། ༈ ད་ནི་བཀྲ་ཤིས་ལ་སོགས་པ་རྣམས་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ་ཉིན་ཞག་གི་ ཚོགས་གསུངས་པ་ཟླ་བ་ཞེས་པ་བྱེད་པའི་ཟླ་བ་སྟེ་ཉིན་ཞག་གི་ཕུང་པོའི་དོན་དུ་སུམ་ཅུས་ བསྒྱུར་བས་དེ་དག་(ཚེས་ཀྱི་)ཉིན་ཞག་ཏུ་འགྱུར་ཞིང་ཉིན་ཞག་དེ་དག་ད་ལྟར་བའི་ཟླ་བའི་ཉིན་ 2-1-257 ཞག་(སྟེ་ཚེས་ཞག་)སོ་སོ་དང་བཅས་པ(རྣམས་ཆུ་ཚོད་དྲུག་ཅུའི་བདག་ཉིད་ཀྱི་ཉིན་ཞག་ཏུ་བྱ་བའི་ཕྱིར་)གནས་ གསུམ་དུ་འགྱུར་རོ། །འོག་གི་ཕུང་པོ་ལས་རི་མཁའ་རིས་ཐོབ་པ་(ཚེས་ཞག་བདུན་བརྒྱ་དང་བདུན་ ན་ཞག་གཅིག་གི་དྲུག་ཅུ་རྩ་བཞི་ཆ་གཅིག་ཆད་ལ་ཚེས་ཞག་བདུན་བརྒྱ་པ་དྲུག་ཅུ་རྩ་བཞི་ན་ཞག་གཅིག་ཆད་པས་དེ་དབྲི་བའི་ ཕྱིར་)ཞེས་པ་བདུན་བརྒྱ་བདུན་གྱིས་ཆ་ཐོབ་པ་དབུས་མའི་ཕུང་པོར་རྣམ་པར་བསྲེའོ། །དབུ་ མའི་ཕུང་པོ་དེ་དག་ལས་ཀྱང་(ཚེས་ཞག་དྲུག་ཅུ་རྩ་བཞི་ན་ཞག་གཅིག་དང་ཞག་གཅིག་གི་བདུན་བརྒྱ་དང་བདུན་གྱི་ ཆ་གཅིག་ཆད་པས་)ཆུ་གཏེར་རོ་སྟེ་དྲུག་ཅུ་རྩ་བཞིས་ཆ་ཐོབ་པས་(སྟེང་ལ་)དམན་པ(ར་བྱས་པའི་ལྷག་ མ་ནི་)མི་གསལ་ཉིན་ཞག་(ཞེས་པ་ཉིན་ཞག་གི་ཚོགས་དེ་ལས་ཉིན་ཞག་ད་ལྟར་བའི་གཟའ་ཕལ་ཆེར་རྟོགས་ཀྱང་ཁ་ ཅིག་ཏུ་མི་རྟོགས་པ་སྲིད་པས་མི་གསལ་བའི་ཉིན་ཞག་ཅེས་བྱའོ་)གོ། ཁ་ཅིག་ཏུ་(ད་ལྟར་གྱི་ཟླ་བའི་ཚེས་གྲངས་ཀྱིས་ཉིན་ ཞག་གི་གྲངས་མ་ཐུབ་པར་ཚེས་ཀྱི་)ཉིན་ཞག་སོ་སོ(ལ་ལོངས་སྤྱོད་པ་)འི་གཟའ་(སྟེ་ཉིན་ཞག་གཅིག་བསྲེ་བ་)ལྷག་ པ(སྲིད་པ་)ས་གསལ་བའི་དོན་དུ་(གནས་གཉིས་སུ་བཀོད་པའི་གཅིག་ལ་བདུན་གྱིས་བགོས་པའི་ལྷག་མ་ཚེས་དེའི་ རེས་གཟའ་དང་གྲངས་མི་མཐུན་ན་ཅིག་ཤོས་ལ་)གཟའ་གཅིག་དམན་པར(བྱ་དགོས་པར་)འགྱུར་རོ། །དེའི་ ཕྱིར་(ཞག་གྲངས་དེ་ལས་ད་ལྟར་བའི་གཟའ་ཇི་{ལྟ་བ་}བཞིན་རྟོགས་པས་)གསལ་བའི་ཉིན་ཞག་གི་ཚོགས་སུ་ འགྱུར་རོ། ། ༈ ད་ནི་བཀྲ་ཤིས་གསུངས་ཏེ་རི་དུས་གཅིག་གིས་བསྲེས་པ་ཞེས་པ་ནི་(རྩིས་གཞི་འདིའི་ ལོ་དག་གི་ཡ་མཐའི་དུས་ན་མིག་དམར་གྱི་དཀྱིལ་འཁོར་དོར་བའི་ལྷག་མ་སླར་ཡང་རྒྱུ་སྐར་ལ་སྤྱོད་ནས་ཞག་བརྒྱ་དྲུག་ཅུ་རྩ་ བདུན་སོང་བ་དེའི་རྩིས་འཕྲོ་ཡིན་པས་བསྲེ་དགོས་པའི་)བྱེད་པ་ལ་ལྟོས་པ་ཡིན་གྱི་གྲུབ་པའི་མཐའ་ལ་ལྟོས་ པ་(སྟེ་སླར་ཡང་འདས་ལོ་རྣམས་དོར་བའི་རྩིས་གཞི་ཕྱི་མ་རྣམས་ཀྱི་གསལ་གཞག་ལ་ཡང་ངེས་པར་བསྲེ་དགོས་པ་ནི་)མ་ ཡིན་ནོ། །བརྒྱ་དྲུག་ཅུ་རྩ་བདུན་གྱིས་བསྲེས་པ་ནི་རི་དུས་གཅིག་གིས་བསྲེས་པའོ། །གསལ་ བའི་ཉིན་ཞག་ཚོགས་ཏེ་རི་ཀླུ་དུས་ཀྱིས་བགོས་པ་ཡི་ཉིན་ཞག་གི་ཚོགས་དེ་ཡང་མིག་དམར་ གྱི་དཀྱིལ་འཁོར་ཉིན་ཞག་དྲུག་བརྒྱ་བརྒྱད་ཅུ་རྩ་བདུན་གྱིས་བགོས་པ་ནི་རི་ཀླུ་དུས་ཀྱིས་ 2-1-258 བགོས་པའོ། །(འགོད་བྱེད་ཀྱི་ཞག་གྲངས་)འདི་ལས་(རྒྱུ་སྐར་ལ་)མིག་དམར་གྱི་ཡོངས་སུ་བསྐོར་བ་ ཤེས་ནས་(ཐོབ་ནོར་དོར་རོ་)ལྷག་མ་སྐར་མས་བསྒྱུར་ཞེས་པ་ཉི་ཤུ་རྩ་བདུན་གྱིས་བསྒྱུར་བ་སླར་ ཡང་རི་ཀླུ་དུས་རྣམས་ཀྱིས་ཐོབ་པ་ནི་སྐར་མར་འགྱུར་རོ། །ནམ་མཁའ་རོ་སྟེ་དྲུག་ཅུས་བསྒྱུར་ བ་ལས་ཀྱང་རི་ལ་སོགས་པ་རྣམས་ཀྱིས་ཐོབ་པ་ནི་ཆུ་ཚོད་དེ་མིག་དམར་གྱི་ལོངས་སྤྱོད་ལ་ ཐོབ་པར་འགྱུར་རོ། །(ལྷག་མ་དྲུག་ཅུས་བསྒྱུར་བ་ལས་ཐོབ་པ་)ཆུ་སྲང་ལ་སོགས་པ་ནི་སྔར་བརྗོད་པའི་ ཆོ་གས་སོ། །འདིར་གཟའ་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་གནས་རྣམ་པ་ལྔར་འགྱུར་ཏེ་ཁྱིམ་ གྱི་གནས་དང་སྐར་མའི་གནས་དང་ཆུ་ཚོད་ཀྱི་གནས་དང་ཆུ་སྲང་གི་གནས་དང་དབུགས་ཀྱི་ གནས་རྣམས་འོག་ནས་འོག་ཏུ་འགྱུར་རོ། །དབུགས་ཀྱི་གནས་སུ་དབུགས་དྲུག་ལས་ལྷག་ པ་མི་གནས་ཏེ་དྲུག་གི་ཆས་ཐོབ་པ་ནི་ཆུ་སྲང་ལ་གཞུག་གོ། ཆུ་སྲང་ནི་དྲུག་ཅུ་ལས་ལྷག་པར་ མི་གནས་ཏེ་དྲུག་ཅུའི་ཆས་ཐོབ་པ་ནི་ཆུ་ཚོད་ཀྱི་ཕུང་པོར་གཞུག་གོ། ཆུ་ཚོད་རྣམས་ཀྱང་དེ་ བཞིན་དུ་རྒྱུ་སྐར་གྱི་ཕུང་པོར་གཞུག་གོ། སྐར་མ་ནི་(དལ་བ་དང་མྱུར་བའི་)ལས་གཉིས་ལ་ཕྱེད་ དང་བཅས་པའི་བཅུ་གསུམ་པས་ལྷག་པར་མི་གནས་ཤིང་ཁྱིམ་དྲུག་ཏུ་གནས་སོ་ཞེས་བྱ་བ་ ནི་ངེས་པའོ། ༤༠ ། ༈ ད་ནི་མིག་དམར་དག་པ་གསུངས་པ་མིག་དམར་ལ་ནི་ཕྱེད་བཅས་དགུ་སྦྱང་ཞེས་པ་ སྟེ་འདིར་(མིག་དམར་མཆུའི་ཕྱེད་དུ་སྐྱེས་པའི་ཕྱིར་)མིག་དམར་གྱི་སྐར་མ་ལ་སོགས་པའི་ལོངས་སྤྱོད་ ཐ་དད་དུ་བྱས་ཏེ། མིག་དམར་གྱི་ལོངས་སྤྱོད་གཅིག་ལ་སྐྱེ་བའི་རྐར་མ་གཟུང་བའི་དོན་དུ་ སྐར་མ་དགུ་སྦྱང་བར་བྱའོ། །ཕྱེད་བཅས་ཞེས་པ་ནི་ཆུ་ཚོད་སུམ་ཅུ་ཆུ་ཚོད་ཀྱི་གནས་ནས་སྦྱང་ བར་བྱའོ། །ཐ་སྐར་ལ་སོགས་པའི་སྐར་མའི་ལོངས་སྤྱོད་ལ་གལ་ཏེ་བུ་ལོན་ལྷག་ན་འཁོར་ ལོ་བསྲེས་ལ་རྣམ་པར་སྦྱང་ཞེས་པ་ནི་འདིར་སྐར་མའི་ལོངས་སྤྱོད་ཐ་སྐར་ལ་སོགས་པ་ལ་ གདོན་མི་ཟ་བར་བུ་ལོན་སྦྱང་བར་བྱ་སྟེ། གལ་ཏེ་བུ་ལོན་གྱི་ཕུང་པོ་ལྷག་པ་དང་བཅས་ཤིང་ 2-1-259 ལོངས་སྤྱོད་ཀྱི་ཕུང་པོ་དམན་པར་གྱུར་ན་དེའི་ཚེ་འཁོར་ལོ་བསྲེས་ལ་རྣམ་པར་སྦྱང་ངོ༌། །(སྔར་ དོར་བའི་)འཁོར་ལོ་དེ་ནི་སྐར་མ་ཉི་ཤུ་རྩ་བདུན་གྱི་ཚོགས་ཏེ་དེ་རྣམས་བསྲེས་ལ་བུ་ལོན་རྣམ་ པར་སྦྱང་ངོ་ཞེས་པའི་དོན་ཏོ། །འཁོར་ལོ་ཕྱེད་ནི་དོར་བར་བྱ་སྟེ། ཞེས་པ་ནི་འདིར་གལ་ཏེ་ སྦྱངས་པའི་ལྷག་མ་འཁོར་ལོ་ཕྱེད་དུ་གྱུར་ན་དེའི་ཚེ་དོར་བར་བྱ་སྟེ་ཕྱེད་པས་ལྷག་པར་གྱུར་ ནའང་འདིར་ལྷག་མ་གང་ཡིན་པ་ཕྱེད་པས་ལྷག་པར་གྱུར་ན(ལྷོར་བགྲོད་རྫོགས་པས་ན་འདོར་བ་)འོ། ། དོར་བའི་ལྷག་མ་དེ་ནི་རིམ་པ་མིན་པར་འགྱུར་ཞིང་གཟའ་ཐམས་ཅད་ཀྱི་དལ་བའི་ལས་ ལ་རིམ་པ་མིན་པས་ནོར་དུ་འགྱུར་ཏེ་རིམ་པས་ནི་བུ་ལོན་ནོ། །སྐར་མ་དྲུག་ཅུས་བསྒྱུར་ཏེ་ ཆུ་ཚོད་དག་དང་རབ་ཏུ་ལྡན་པར་གྱུར་པ་ཞེས་པ་ནི་ཆུ་ཚོད་ཀྱི་ཚོགས་ཀྱི་དོན་དུ་རྒྱུ་སྐར་གྱི་ ཚོགས་དྲུག་ཅུས་བསྒྱུར་བར་གྱུར་པ་ལ་འོག་ན་གནས་པའི་ཆུ་ཚོད་ཀྱི་ཚོགས་སྟེང་དུ་ལྡན་པར་ འགྱུར་རོ། །འབྱུང་མེ་ཟླ་བས་བགོ་ཞེས་པ་ནི་ཁྱིམ་གྱི་རྐང་པའི་དོན་དུ་ཆུ་ཚོད་ཀྱི་ཕུང་པོ་ལ་ བརྒྱ་སུམ་ཅུ་རྩ་ལྔས་བགོས་ཏཻ། གང་ཐོབ་པ་དེ་ཁྱིམ་གྱི་རྐང་པ(འདས་པ་)ར་འགྱུར་རོ། །དལ་ བའི་ལས་དག་ལ་ཡང་ནོར་དང་བུ་ལོན་དག་ནི་རིམ་པ་མིན་དང་རིམ་པས་ཏེ་གྲངས་བཞིན་དུ་ རིགས་པར་བྱའོ། ༤༡ ། འདིར་ཁྱིམ་རྒྱུ་བའི་རྐང་པ་ནི་དེ་ཉིད་ཅེས་པ་སྐྱེ་བ་ནས་ཁྱིམ་དང་པོ་ལ་ཉི་ཤུ་རྩ་ལྔ་དང་ གཉིས་པ་ལ་བཅོ་བརྒྱད་དང༌། གསུམ་པ་ལ་རི་ཞེས་པ་བདུན་ཏེ་ཁྱིམ་སྔ་མ་གསུམ་ལའོ། །དེ་ ནས་འཁོར་ལོ་ཕྱེད་ཀྱི་ཕྱེད་གཞན་ལ་ནི་ཁྱིམ་བཞི་པ་ལ་བདུན་དང༌། ལྔ་པ་ལ་བཅོ་བརྒྱད་ དང༌། དྲུག་པ་ལ་ཉི་ཤུ་རྩ་ལྔའོ། །རབ་ཏུ་གསལ་བར་རོ་རྐང་འཁོར་ལོ་བྱེད་ལ་སྟེང་དང་འོག་ ཏུ་སྟེ་ཞེས་པའོ། །ལོངས་སྤྱོད་ཀྱིས་ནི་ཆུ་ཚོད་བསྒྱུར་ལས་ཞེས་པ་ནི་ཆུ་ཚོད་ཀྱི་ཚོགས་ལས་ བརྒྱ་སུམ་ཅུ་རྩ་ལྔའི་ཆས་ཐོབ་པ་ནི་(འདས་པའི་)ཁྱིམ་གྱི་ལོངས་སྤྱོད་དུ་འགྱུར་ཏེ་(ཐོབ་པའི་གྲངས་) དེ་ཉིད་(ཀྱིས་)རྐང་པ་དྲུག་གི་ནང་ནས་རྐང་པ(འཛིན་པ་)འོ། །དེ་ནས་གཉིས་པ་(སྔོན་མ་)ནི་ལོངས་ 2-1-260 སྤྱོད་པའི་ཕྱིར་ལོངས་སྤྱོད་(བཞིན་པ་ཡིན་)དེ་ལོངས་སྤྱོད་ལྷག་མ་དེས་ཆུ་ཚོད་ལྷག་མ་བསྒྱུར་ བ་ལས་མདའ་དང་ཡོན་ཏན་ཟླ་བས་འཁོར་ལོ་ཕྱེད་ལས་ཆ་ཐོབ་པ། ལོངས་སྤྱོད་ཀྱིས་ཆུ་ ཚོད་བསྒྱུར་བའི་ཕུང་པོ་ལས་བརྒྱ་སུམ་ཅུ་རྩ་ལྔའི་ཆས་ཐོབ་པ་ནི། སྔ་མ་ཕྱེད་ལ་(སྟེར་བས་ན་) གཟུང་བྱར་འདོད་དེ་རྐང་པའི་དབང་གིས་ཞེས་པ་གཟའ་(རྣམས་རྐང་པའི་)ཕྱེད་ཕྱི་མར་མ་བགྲོད་ ཀྱི་བར་དུའོ། །དེའི་འོག་ཏུ་དེ་བཞིན་ཕྱི་མ་ཕྱེད་ལ་དོར་བྱར་འགྱུར་ཞེས་པ་ནི་ལོངས་སྤྱོད་དེ་ ཉིད་ཕྱེད་ཕྱི་མ་ལ་དོར་བྱར་འགྱུར་རོ། །ཟོས་པ་ཚོགས་གཅིག་བྱས་ནས་ཞེས་པ་ནི་སྔ་མ་ཕྱེད་ ལ་གནས་པ་ལ་གཟའ་རྣམས་ཀྱིས་ཁྱིམ་གྱི་དབང་གིས་རྐང་པ་ཟོས་པ་གང་ཡིན་པ་དེ་དག་ ཚོགས་གཅིག་ཏུ་བྱས་པ་དང་ཕྱི་མ་ཕྱེད་ལ་སྔ་མ་དང་ཕྱི་མ་ཟོས་པ་དོར་ནས་མ་ཟོས་པ་ཚོགས་ གཅིག་ཏུ་བྱས་ཏེ། གཟའི་བགྲོད་པའི་དབང་གིས་སྦྱིན་དང་དོར་བ་དག་ཀྱང་ཆུ་ཚོད་ལའོ། ། ཞེས་པ་ལ་གཟའ་རྣམས་ཀྱིས་བགྲོད་པ་ནི་རིམ་པ་མིན་པ་དང་རིམ་པ་སྟེ་དེའི་དབང་གིས་ སྦྱིན་པ་དང་དོར་བ་ནི་རིམ་པ་མིན་པའི་དབང་གིས་སྦྱིན་པ་དང་རིམ་པའི་དབང་གིས་དོར་ བའོ། །ཆུ་ཚོད་ལའོ་ཞེས་པ་ནི་ཆུ་ཚོད་ཀྱི་ཕུང་པོ་དང་སྐར་མའི་ཕུང་པོ་སྟེ་གཟའི་ལོངས་སྤྱོད་ ལའོ་ཞེས་པ་ངེས་པ་སྟེ། ཐམས་ཅད་དུ་བཀྲ་ཤིས་ལ་སོགས་པ་རྣམས་ཀྱི་དལ་བའི་ལས་ལ་ ཁྱིམ་གྱི་ལས་ཀྱི་ཆོ་ག་སྐྱེ་བའི་རྒྱུ་བ་དག་པའོ། ༤༢ ། ༈ ད་ནི་མྱུར་བའི་ལས་ཀྱི་ཆོ་ག་གསུངས་པ་དེ་ནས་ཉི་མར་ས་སྐྱེས་རྣམ་པར་སྦྱངས་ ཏེ་བླ་མ་ཉི་སྐྱེས་དག་ཀྱང་མྱུར་བའི་ལས་ལའོ། །ཞེས་པ་སྟེ་དེ་ནས་ནི་དེ་མ་ཐག་ཉིད་ལའོ། ། སླར་ཡང་ཁྱིམ་གྱི་ལས་ཀྱིས་རྣམ་པར་དག་པའི་གཟའི་ལོངས་སྤྱོད་ཀྱིས་ཉི་མའི་ལོངས་ སྤྱོད་ལ་སྦྱང་བར་བྱའོ། །ཉི་མར་ས་སྐྱེས་རྣམ་པར་སྦྱང་སྟེ་ཞེས་པ་ནི་(ས་སྐྱེས་ཀྱི་)དལ་བ(དག་པ་)འི་ལོངས་སྤྱོད་(དེས་ཉི་མའི་ལོངས་སྤྱོད་)ཉི་རྐང་(གི་རྩིས་)དང་བྲལ་བ་ལས་(སྦྱངས་)ཏེ་(དེ་ཡང་སྦྱོང་བྱེད་)གཟའི་ལོངས་སྤྱོད་ཐ་དད་དུ་བྱས་ནས་(གཅིག་གིས་)སོ། །དེ་ནས་ཞེས་པ་སྟེ་བླ་མ་ཡང་སྦྱང་ 2-1-261 བར་བྱ་ཞིང་ཉི་སྐྱེས་སྤེན་པ་ཡང་སྦྱང་བར་བྱ་སྟེ་ཀྱང་གི་སྒྲས་མིག་དམར་ཇི་ལྟ་བ་བཞིན་དུའོ། ། (ལས་)གང་ལ་ཞེ་ན་མྱུར་བའི་ལས་ལའོ། །དེ་བཞིན་དུ་ཟླ་སྐྱེས་ཏེ་ཟླ་སྐྱེས་ཀྱི་ལོངས་སྤྱོད་ ལ་གཟའ་ལག་གི་ལོངས་སྤྱོད་ཀྱི་དོན་དུ་ཉི་མ(དག་པ་)ས་སྦྱང་བར་བྱའོ། །དཀར་པོ་ལ་ཡང་ སྟེ་དཀར་པོའི་ལོངས་སྤྱོད་ལ་ཡང་དཀར་པོའི་ལོངས་སྤྱོད་ཀྱི་དོན་དུ་ཉི་མས་སྦྱང་བར་བྱའོ། ། འདིར་(གཟའ་ཐམས་ཅད་དུ་)གཟའ་མཐོན་པོས་གཟའ་དམའ་མོ་ལ་རྣམ་པར་སྦྱང་ངོ་ཞེས་པ་ནི་ ངེས་པ་སྟེ་དེས་ན་ཟླ་སྐྱེས་དང་དཀར་པོ་ལ་ཡང་ཉི་མ་(དག་པ་)ཡིས་སྦྱང་བར་བྱའོ། ། མྱུར་བའི་ལས་ལ་ངེས་པར་རིམ་པས་ནོར་དུ་འགྱུར་ཞེས་པ་ནི་འདིར་མྱུར་བའི་ལས་ཏེ་ མྱུར་བའི་བྱ་བ་ལ་རིམ་པས་ནོར་དུ་འགྱུར་རོ། །ངེས་པར་ཞེས་པ་གདོན་མི་ཟ་བར་རོ། །རིམ་ པ་མིན་པས་བུ་ལོན་དུ་འགྱུར་རོ། །གཟའ་མཐོན་པོའི་ལོངས་སྤྱོད་སྦྱངས་པའི་ལྷག་མ་ལས་ འཁོར་ལོ་ཕྱེད་(ལྷག་ན་)ཡོངས་སུ་དོར་ཏེ། སྦྱངས་པའི་ལྷག་མ་ནི་(མྱུར་བའི་སྐབས་)འདིར་རྐང་ པ(འཛིན་པ་)འོ། །གཟའ་མཐོན་པོའི་ལོངས་སྤྱོད་རྣམ་པར་སྦྱངས་པའི་ལྷག་མའི་སྐར་མ་ནི་ གཟའ་རྣམས་ཀྱི་ཉིན་ཞག་གི་ལོངས་སྤྱོད་ཀྱི་དབང་གིས་རྒྱུ་བ(སྟེ་རྐང་པ་འཛིན་པ་)འི་སྐར་མར་ འགྱུར་རོ། །(རྐང་འཛིན་གྱི་ལོངས་སྤྱོད་)དེ་ཉིད་གཟའ་རྒྱུ་བའི་རྐང་པ་སྟེ་ཆུ་ཚོད་དུ་མའི་བདག་ཉིད་ ཅན་ནོ། །(རྐང་བཟུང་གི་སྔོན་མ་)གཟའ་རྒྱུ་(བཞིན་པའི་)རྐང་པའི་ཆུ་ཚོད་དེ་རྣམས་ཀྱིས་ལྷག་མའི་ ཆུ་ཚོད་བསྒྱུར། དྲུག་ཅུའི་ཆ་ཡིས་ཐོབ་པ་གཟའ་རྒྱུ་རྐང་པ་དག་ལས་གཟུང་བྱ་དང་ནི་དབྲོག་ བྱ་དེ་བཞིན་ཉིད་ཅེས་པ་ནི་སྔ་མ་བཞིན་དུ་ཕྱེད་སྔ་མ་ལ་གཟུང་བར་བྱ་བ་དང་ཕྱེད་ཕྱི་མ་ལ་ དབྲོག་པར་བྱའོ། ༤༣ ། ཟོས་པ་དག་ནི་ཚོགས་གཅིག་བྱས་ནས་གཟའི་བགྲོད་པའི་དབང་གིས་སྦྱིན་དང་དོར་བ་ མཐའ་དག་སྟེ། ཞེས་པ་ནི་འདིར་མྱུར་བའི་ལས་ལ་〔དལ་བའི་ལས་དང་མི་མཚུངས་པར〕རིམ་ པས་སྦྱིན་པ་དང༌། རིམ་པ་མིན་པས་དོར་བ་སྟེ་ཕྱེད་སྔ་མ་ལ་ཟོས་པའི་ཚོགས་དང་ཕྱེད་ཕྱི་མ་ 2-1-262 ལ་མ་ཟོས་པའི་ཚོགས་(བསྡོམས་པ་)ནི་སྔ་མ་(དལ་བའི་ལས་ལ་བརྗོད་པ་)བཞིན་ནོ། །ས་སྐྱེས་ལ་ནི་ རྐང་པ་རྒྱལ་བ་ལ་སོགས་ཏེ། ཞེས་པ་ལ་རྒྱལ་བ་ནི་ཉི་ཤུ་རྩ་བཞི་སྟེ། དེ་ཡང་དང་པོ་ལ་གནས་ པའོ། །མ་ནུའི་གནས་ཏེ་གནས་བཅུ་བཞི་ལ་གནས་པའི་རྐང་པ་བཅུ་བཞི་པོ་གང་གི་གནས་ དང་པོ་ལའོ། །ས་སྐྱེས་ལ་དེ་ལ་སོགས་པའི་རྐང་པ་ནི་རྐང་པ་རྒྱལ་བ་སོགས་ཏེ་རབ་གསལ་ མ་ནུའི་གནས་ཞེས་པ་རྒྱུ་སྐར་གྱི་གནས་བཅུ་བཞི་ལ་མཐའ་དག་གཞག་པར་བྱ་སྟེ། དེ་ལྟར་ གཟའ་རྣམས་ཐམས་ཅད་ཀྱི་ནི་རིམ་པར་ཡོངས་སུ་བརྩི་བར་རིག་པར་བྱའོ་མི་ཡི་དབང་ཞེས་ སོ། །ཟླ་སྐྱེས་ཏེ་ཟླ་སྐྱེས་ཀྱི་ལོངས་སྤྱོད་དང་དཀར་པོ་ལ་ཉི་མ(དག་པས་སྦྱངས་པ་)ས་རྣམ་པར་ དག་པ་ནི་ཟླ་བའི་བུ་གཟའ་ལག་ཏུ་འགྱུར་ཞིང་དཀར་པོ་ལ་རྣམ་པར་དག་པར་གྱུར་པ་ནི་ དཀར་པོར་འགྱུར་ཏེ་ཟླ་སྐྱེས་དང་དཀར་པོའི་ལོངས་སྤྱོད་ལས་སོ། །བཀྲ་ཤིས་རྣམ་པར་དག་ པའོ། ༤༤ ། ༈ ད་ནི་གཟའ་ལག་གསུངས་པ་སྟོང་དང་ནམ་མཁའ་ཟླ་བས་བསྒྱུར་བའི་མཐའ་དག་ ཉིན་ཞག་ཚོགས་ལ་ཞེས་པ་སྟེ། སྔར་རྣམ་པར་དག་པའི་ཉིན་ཞག་གི་ཚོགས་མཐའ་དག་ བརྒྱས་བསྒྱུར་བ་ནི་སྟོང་དང་ནམ་མཁའ་ཟླ་བས་བསྒྱུར་བའོ(དེའི་རྒྱུ་མཚན་ནི་གཟའ་ལག་གི་རྐང་པའི་ དཀྱིལ་འཁོར་ཞག་གྱ་བདུན་ཆུ་ཚོད་ང་བརྒྱད་ཆུ་སྲང་བཅུ་གཉིས་ཡིན་ཞིང་དེ་རྣམས་ཀྱིས་གསལ་ཞག་ལ་འགོད་པ་མི་བདེ་བས་ འགོད་བྱེད་དེ་རྣམས་གནས་གཅིག་ཏུ་བསྡུ་བའི་དོན་དུ་དེ་རྣམས་བརྒྱ་ཡིས་བསྒྱུར་ནས་གནས་གཅིག་ཏུ་དྲིལ་བ་ནི་འགོད་བྱེད་ རི་བུག་རི་ཀླུ་ཡིན་པའི་ཕྱིར་བགོ་བྱ་གསལ་ཞག་ཀྱང་བརྒྱས་བསྒྱུར་བའོ)། །མེ་དང་ཉི་མ་རི་ཡིས་དམན་ཞེས་པ་ ནི་(ལོ་དག་འདིའི་ཡ་མཐའི་དུས་ན་གཟའ་འདིའི་རྐང་པའི་དཀྱིལ་འཁོར་གྱི་ཞག་བརྒྱས་བསྒྱུར་བ་ལས་སྟོང་དྲུག་བརྒྱ་དོན་ བཞི་སྤྱད་ནས་བདུན་སྟོང་དང་བརྒྱ་ཉེར་གསུམ་མ་སྤྱད་པས་དེ་བསྲེ་རྒྱུ་ཡིན་ན་འང་སྤྱོད་འཕྲོ་འདི་དཀྱིལ་འཁོར་དུ་སློངས་ཕྱིན་ ཆད་ཀྱི་རྩིས་སླ་བའི་དོན་དུ་འདིའི་འཕྲོ་མ་སློངས་ཀྱི་བར་དཀྱིལ་འཁོར་བསྲེས་ནས་མེ་དང་ཉི་མ་རི་ཡིས་འབྲིད་ལ་དཀྱིལ་འཁོར་ སློངས་ནས་དཀྱིལ་འཁོར་མི་འདོར་བར་མེ་དང་ཉི་མ་རི་ཡིས་ཕྲི་བ་ཉིད་ཀྱིས་སྔར་སྤྱད་པ་བསྲེས་པ་དང་འདྲ་བར་འགྱུར་པས་) 2-1-263 བརྒྱས་བསྒྱུར་བའི་ཉིན་ཞག་གི་ཚོགས་དེ་ཉིད་བདུན་སྟོང་བརྒྱ་ཉི་ཤུ་རྩ་གསུམ་གྱིས་དམན་ པའོ། །རི་ནས་བུག་པ་རི་དང་ཀླུ་ཡིས་བགོ་སྟེ། ཞེས་པ་ལ་རི་ནས་ནི་བདུན་ནས་ཏེ་བུག་པ་ རི་དང་ཀླུ་ཞེས་པ་ནི་བརྒྱད་སྟོང་བདུན་བརྒྱ་དགུ་བཅུ་རྩ་བདུན་ནོ། །རང་གི་རྐང་པའི་དཀྱིལ་ འཁོར་གྱི་ཉིན་ཞག་རི་ནས་བུག་པ་རི་དང་ཀླུ་དེ་རྣམས་ཀྱིས་བགོ་སྟེ་རྣམ་པར་དབྱེའོ། །སླར་ ཡང་ལྷག་མ་སྐར་མ་ལ་སོགས་དབྱེ་བས་བསྒྱུར་ཞེས་པ་ནི་དཀྱིལ་འཁོར་གྱི་ཉིན་ཞག་གི་ཆའི་ ལྷག་མའི་ཉིན་ཞག་གི་ཚོགས་སླར་ཡང་བསྒྱུར་ཏེ་སྐར་མ་ལ་སོགས་དབྱེ་བ་ཉི་ཤུ་རྩ་བདུན་ གྱིས་བསྒྱུར་རོ། །སོགས་པའི་སྒྲས་སླར་ཡང་དཀྱིལ་འཁོར་གྱི་ཆའི་ལྷག་མ་དྲུག་ཅུས་བསྒྱུར་ ཏེ། དེ་བཞིན་དུ་ཆུ་སྲང་རྣམས་ཀྱིས་བསྒྱུར་ཞིང་དབུགས་དྲུག་གིས་བསྒྱུར་རོ། །རབ་བརྗོད་ (རྐང་པའི་)དཀྱིལ་འཁོར་གྱི་ཉིན་ཞག་གི་ཆ་ཡིས་ཐོབ་པ་ནི་སྐར་མར་འགྱུར་རོ། །སླར་ཡང་ཆུ་ ཚོད་ཀྱི་གནས་སུ་ཆུ་ཚོད་དེ། དེ་བཞིན་དུ་ཆུ་སྲང་དང་དབུགས་ནི་ཐོབ་པའོ། །ཟླ་སྐྱེས་ལོངས་ སྤྱོད་དེ་རྐང་པ(འཛིན་པ་)འི་ལོངས་སྤྱོད་དག་ཏུ་འགྱུར་རོ། །ཟླ་སྐྱེས་དོར་ཏེ་ཉི་མའི་དབུས་ནས་ མི་བདག་བཟང་པོ་མི་བདག་སྐར་མ་ཕྱེད་ཀྱང་ཡང་དག་སྤང་ཞེས་པ་ནི་རི་ལ་སོགས་པ(རྐང་ པ་)འི་དཀྱིལ་འཁོར་གྱིས་ཐོབ་པ་ཟླ་སྐྱེས་ཀྱི་(རྐང་པའི་)ལོངས་སྤྱོད་གང་ཡིན་པ་དེ་དག་མྱུར་ བའི་ལས་ལ་(རྐང་རྩིས་ཀྱིས་)རྣམ་པར་དག་པའི་དོན་དུ་དོར་(བ་སྟེ་རེ་ཞིག་ལོགས་སུ་བཞག་པར་བྱ་)ཞིང་ དེ་ནས་(དལ་རྐང་འཛིན་པ་ལ་འདིའི་དལ་ཉི་མ་དང་མཚུངས་པས་ན་དལ་བ་བར་པ་ལ་ཡང་ཉི་མ་བར་པ་དང་མཚུངས་པས་) ཉི་མ(པར་པ་)འི་དབུས་ནས་ཀྱེ་མི་བདག་བཟང་པོ་(ཞེས་པ་བོད་པའོ་)མི་བདག་སྟེ། བཅུ་དྲུག་དང་ སྐར་མ་ཕྱེད་ཀྱང་ཞེས་པ་ཆུ་ཚོད་སུམ་ཅུ་ཉི་མའི་ཆུ་ཚོད་ཀྱི་ལོངས་སྤྱོད་ལས་(ཏེ་ལྷ་མཚམས་ཀྱི་ཕྱེད་ དུ་སྐྱེས་པས་)སོ། །ཅི་སྟེ་བུ་ལོན་དག་པར་མ་གྱུར་ན་དེའི་ཚེ་རྒྱུ་སྐར་གྱི་འཁོར་ལོ་རབ་ཏུ་བསྲེས་ ནས་བུ་ལོན་རྣམ་པར་སྦྱང་བར་བྱ་བ་ནི་སྔ་མའི་ངེས་པ་ལས་སོ། ༤༥ ། (རྐང་པ་འཛིན་པ་ལ་སོགས་པ་)ལྷག་མའི་བྱ་བ་ནོར་དང་བུ་ལོན་དལ་དང་མྱུར་བའི་ལས་ཀྱང་ 2-1-264 མིག་དམར་ཇི་ལྟ་བཞིན་དུ་འགྱུར་ཞེས་པ་ནི་གོ་སླའོ། །ཟླ་སྐྱེས་རྐང་པ་དལ་བའི་ལས་ལ་བཅུ་ རི་མེ་སྟེ་ཞེས་པ་ལ་ཟླ་སྐྱེས་ནི་གཟའ་ལག་སྟེ་དལ་བའི་ལས་ལ་ནི་ཁྱིམ་གྱི་ལས་ལ་སྔ་མ་དང་ ཕྱི་མའི་གནས་དྲུག་ལ་ཁྱིམ་གྱི་གནས་དང་པོ་ལ་བཅུ་དང༌། ཁྱིམ་གྱི་གནས་གཉིས་པ་ལ་རི་ ཞེས་པ་བདུན་དང་ཁྱིམ་གྱི་གནས་གསུམ་པ་ལ་མེ་ཞེས་པ་གསུམ་སྟེ་ཕྱེད་སྔ་མ་ལའོ། །དེ་ནས་ ཕྱེད་ཕྱི་མ་ལ་ཁྱིམ་གྱི་གནས་བཞི་པ་ལ་གསུམ་དང༌། ཁྱིམ་གྱི་གནས་ལྔ་པ་ལ་བདུན་དང༌། ཁྱིམ་གྱི་གནས་དྲུག་པ་ལ་བཅུ་སྟེ། བཅུ་རི་མེ་ནི་དལ་བའི་ལས་ལ་རྐང་པའོ། །མྱུར་བའི་ ལས་ཏེ་རྒྱུ་སྐར་གྱི་ལས་ལ་མི་བདག་ལ་སོགས་ནི་བཅུ་དྲུག་ལ་སོགས་པ་སྟེ་གནས་བཅུ་བཞི་ ལ་རྐང་པ་བཅུ་བཞིར་འགྱུར་རོ། །དེ་དག་ཀྱང་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། ། གཟའ་ལག་ཡོངས་སུ་དག་པའོ། ། ༈ ད་ནི་ཕུར་བུ་གསུངས་པ་ཉིན་ཞག་ཚོགས་ནི་མཁའ་མཁའ་རོ་དང་མིག་གིས་དམན་ པ་བྱས་ནས་ཞེས་པ་ཉིན་ཞག་ཚོགས་ནི་སྔར་གྱི་ཉིན་ཞག་གི་ཚོགས་ཏེ་བརྒྱ་ཕྲག་ཉི་ཤུ་རྩ་དྲུག་ གིས་དམན་པ་བྱས་ནས་སོ། །མཁའ་མཁའ་རོ་དང་མིག་གིས་དམན་ཞེས་པ་ནི་(ལོ་དག་དེའི་ཡ་ མཐར་དཀྱིལ་འཁོར་གྱི་ཞག་སོ་མེ་ཆུ་གཏེར་ལས་སྟོང་བདུན་བརྒྱ་སོ་གཉིས་འདས་ཤིང་ཞག་ཉིས་སྟོང་དྲུག་བརྒྱ་ན་{དཀྱིལ་ འཁོར་སློངས་པས་}དཀྱིལ་འཁོར་སློངས་པ་ན་དཀྱིལ་འཁོར་མི་འདོར་བར་ཞག་བརྒྱ་ཕྲག་ཉི་ཤུ་རྩ་དྲུག་ཕྲི་བ་ཉིད་ཀྱིས་སྔར་ འདས་པའི་ཞག་བསྲེས་པ་དང་འདྲ་བར་འགྱུར་བའི་)བྱེད་པ་ལ་ལྟོས་པ་(ཞིབ་པར་མིག་དམར་ལ་བཤད་པ་)ཡིན་གྱི་ (རྩིས་གཞི་ཕྱི་མ་རྣམས་ཀྱི་གསལ་ཞག་ལ་ཡང་ངེས་པར་ཕྲི་དགོས་པའི་)གྲུབ་པའི་མཐའ་ལ་ལྟོས་པ་ནི་མ་ཡིན་ ནོ། །སོ་མེ་ཆུ་གཏེར་དག་གིས་བགོ་ཞེས་པ་ནི་བཞི་སྟོང་སུམ་བརྒྱ་སུམ་ཅུ་རྩ་གཉིས་ཀྱིས་བགོ་ བའོ། །ལྷག་མ་ནི་བགོས་པའི་ལྷག་མ་སྟེ་སྐར་མས་བསྣུན་པ་ནི་ཉི་ཤུ་རྩ་བདུན་གྱིས་བསྒྱུར་བ་ ལས་དཀྱིལ་འཁོར་གྱི་ཆས་སྐར་མར་འགྱུར་རོ། །སླར་ཡང་སྔར་བརྗོད་པའི་རིམ་པས་བླ་མ་ ཡི་ལོངས་སྤྱོད་ལ་ཡང་ཆུ་ཚོད་ལ་སོགས་པར་འགྱུར་རོ། ༤༦ ། 2-1-265 རྒྱུ་སྐར་ཉི་མ་སྦྱང་སྟེ་ཞེས་པ་ནི་(འདིར་མེ་བཞི་ལས་སྐྱེས་པས་ན་)ཕུར་བུའི་ལོངས་སྤྱོད་འདི་ལས་ སྐར་མ་བཅུ་གཉིས་སྦྱང་བར་བྱ་སྟེ་བྱ་བ་ལྷག་མ་ནི་མིག་དམར་བཞིན་ནོ། །འཕྲོག་བྱེད་དགུ་ དང་རྩེ་མོ་ཅན་ནི་དལ་བའི་ལས་ལ་རྐང་པའོ། །ཞེས་པ་ནི་སྔར་བཞིན་དུ་ཁྱིམ་གྱི་གནས་དྲུག་ ལ་སྟེ་འཕྲོག་བྱེད་ཅེས་པ་བཅུ་གཅིག་དང༌། དེ་ནས་དགུ་དང་དེ་ནས་རྩེ་མོ་ཅན་ཞེས་པ་གསུམ་ སྟེ་དེ་བཞིན་དུ་ཕྱེད་ཕྱི་མ་ལ་ཡང་ལུགས་ལས་བཟློག་པས་སོ། །སླར་ཡང་མྱུར་བའི་ལས་དག་ ལ་རྐང་པ་རབ་གསལ་མ་ནུའི་གནས་ཏེ་གནས་བཅུ་བཞི་ལ་ཕྱོགས་རྐང་ལ་སོགས་དེ་དག་གོ། ཞེས་པ་ལ་ཕྱོགས་ཞེས་པ་བཅུ་ལ་སོགས་པ་སྟེ་རྒྱུ་སྐར་རྒྱུ་བའི་རྐང་པ་ནི་འཆད་པར་འགྱུར་ བ་ལས་བརྗོད་པར་བྱའོ། །ཕུར་བུ་དག་པའོ། ། ༈ ད་ནི་པ་སངས་གསུངས་པ་ཉིན་ཞག་མཁའ་དང་ཟླ་བས་བསྒྱུར་ཞེས་པ་སྟེ་བཅུས་ ཉིན་ཞག་གི་ཚོགས་བསྒྱུར་ནས་(ཞེས་པ་དཀར་པོའི་དཀྱིལ་འཁོར་ཞག་ཉིས་བརྒྱ་ཉི་ཤུ་རྩ་བཞི་དང་ཆུ་ཚོད་ཞེ་གཉིས་ ཡིན་ཞིང་དེ་གཉིས་པོས་གསལ་ཞག་ལ་འགོད་པ་མི་བདེ་བས་དེ་དག་གནས་གཅིག་ཏུ་བྱ་བའི་དོན་དུ་གནས་གཉིས་ཀ་བཅུ་ཡིས་ བསྒྱུར་ནས་གནས་གཅིག་ཏུ་དྲིལ་བ་ནི་འགོད་བྱེད་རི་རྒྱལ་མིག་ཡིན་པའི་ཕྱིར་བགོ་བྱ་གསལ་ཞག་ཀྱང་བཅུས་བསྒྱུར་བའོ་)ཆུ་ གཏེར་ནོར་གྱིས་དམན་པ་ཞེས་པ་(ལོ་དག་འདིའི་ཡ་མཐར་རྐང་པའི་དཀྱིལ་འཁོར་གྱི་ཞག་བཅུས་བསྒྱུར་བ་ལས་ ཉིས་སྟོང་དང་〚དྲུག〛བརྒྱ་དྲུག་ཅུ་རྩ་གསུམ་སྤྱད་ནས་བརྒྱད་ཅུ་རྩ་བཞི་ན་རྐང་པའི་དཀྱིལ་འཁོར་སློངས་པས་དཀྱིལ་འཁོར་ སློངས་པ་ན་དཀྱིལ་འཁོར་མི་འདོར་བར་བརྒྱད་ཅུ་ཕྲི་བ་ཉིད་ཀྱིས་སྔར་འདས་པའི་ཞག་བསྲེས་པ་དང་འདྲ་བར་འགྱུར་བས་) བརྒྱད་ཅུ་རྩ་བཞིས་དམན་པར་བྱས་ཏེ་རི་དང་རྒྱལ་བ་མིག་གིས་བགོ། ཞེས་པ་ནི་རྐང་པའི་ དཀྱིལ་འཁོར་གྱི་ཉིན་ཞག་ཉིས་{སྟོང་}བརྒྱ་བཞི་བཅུ་རྩ་བདུན་གྱིས་ཏེ་མྱུར་བའི་རྐང་པ་དག་ པའི་དོན་དུའོ། །ལྷག་མ་སྐར་མས་བསྒྱུར་བ་ལས་ཀྱང་སྐར་མའི་ལོངས་སྤྱོད་སླར་ཡང་ཆུ་ ཚོད་ཀྱི་ལོངས་སྤྱོད་མིག་དམར་བཞིན་ཏེ་དེ་བཞིན་དུ་ཆུ་སྲང་ལ་སོགས་པའི་ལོངས་སྤྱོད་(གང་ སྙེད་པ་འདི་)ནི་མྱུར་བའི་ལས་ལ་པ་སངས་ཀྱི་ཡིན་ནོ། །པ་སངས་ཀྱི་(རྐང་འཛིན་གྱི་ལོངས་སྤྱོད་)དལ་ 2-1-266 བའི་ལས་ལ་ཡང་༤༧ རྒྱུ་སྐར་དུས་ནི་ཞེས་པ་(ནམ་སོ་ལས་སྐྱེས་པས་)རྒྱུ་སྐར་དྲུག་གོ། ཉི་མ་ལ་ སྦྱང་ཞེས་པ་ཉི་མ(པར་བ་)འི་ལོངས་སྤྱོད་ལ་སྟེ་ཐམས་ཅད་དུ་(ལས་སྦྱངས་ཞེས་)ལྔ་པའི་དོན་ ལ་(〚ལ་〚མ་〛སྦྱངས་ཞེས་གསུང་པ་ནི་ལུང་གི་ཚིག་ཏུ་)བདུན་པར་རིག་པར་བྱའོ། །མདའ་དུས་རི་བོང་ཅན་ ནི་དལ་བའི་ལས་ལ་རྐང་པ་སྟེ་ཞེས་པ་ནི་སྔ་མ་བཞིན་དུ་ཁྱིམ་གྱི་གནས་དྲུག་ལ་མདའ་ཞེས་ པ་ལྔ་དང༌། དུས་ཞེས་པ་བཞི་དང་རི་བོང་ཅན་ཞེས་པ་གཅིག་སྟེ་ཕྱེད་སྔ་མ་ལའོ། །དེ་བཞིན་ དུ་ཕྱེད་ཕྱི་མ་ལ་ལུགས་ལས་བཟློག་པས་སོ། །མྱུར་ལ་སྟེ་མྱུར་བའི་ལས་ལ་དེ་ཉིད་ལ་སོགས་ དབྱེ་བས་ཞེས་པ་ནི་ཉི་ཤུ་རྩ་ལྔ་ལ་སོགས་པའི་དབྱེ་བས་ཏེ་དེ་ཉིད་ལ་སོགས་དབྱེ་བས་ཞེས་ སོ། །རབ་གསལ་མ་ནུའི་གནས་དག་ལ་སྟེ་ཞེས་པ་རྒྱུ་སྐར་གྱི་རྐང་པའི་གནས་བཅུ་བཞི་ལའོ། ། སྦྱིན་དོར་མིག་དམར་བཞིན་ཞེས་པ་ནི་བཀྲ་ཤིས་ལ་ཇི་ལྟ་བ་དེ་བཞིན་དུ་(མྱུར་བའི་ལས་ལ་)རྒྱུ་ བའི་རྐང་པ་(རིམ་པས་)སྦྱིན་པ་དང་(རིམ་མིན་གྱིས་)དོར་བར་ཡང་འགྱུར་རོ། །པ་སངས་དག་པའོ། ། ༈ ད་ནི་སྤེན་པ་གསུངས་པ་མཁའ་མིག་ཀླུ་དང་རིག་བྱེད་ཀྱིས་དམན་གསལ་བའི་ཉིན་ ཞག་ཚོགས་ནི་ཞེས་པ་སྟེ་སྔར་གྱི་ཉིན་ཞག་གི་ཚོགས་གསལ་བ་ལ་བཞི་སྟོང་བརྒྱད་བརྒྱ་ཉི་ ཤུས་དམན་པ་སྟེ། དམན་པ་ཞེས་པ་ནི་(ལོ་དག་འདིའི་ཡ་མཐར་དཀྱིལ་འཁོར་གྱི་ཞག་ལས་ལྔ་སྟོང་དགུ་བརྒྱ་ཞེ་ དྲུག་འདས་ཤིང་ཞག་བཞི་སྟོང་བརྒྱད་བརྒྱ་ཉི་ཤུ་ན་དཀྱིལ་འཁོར་སློངས་པས་དཀྱིལ་འཁོར་སློངས་པ་ན་དཀྱིལ་འཁོར་མི་འདོར་ བར་ཞག་བཞི་སྟོང་བརྒྱད་བརྒྱ་ཉི་ཤུ་ཕྲི་བ་ཉིད་ཀྱིས་སྔར་འདས་པའི་ཞག་བསྲེས་པ་དང་འདྲ་བར་འགྱུར་བའི་)བྱེད་པ་ལ་ ལྟོས་པ་ཡིན་གྱི་(རྩིས་གཞི་ཕྱི་མ་རྣམས་ཀྱི་གསལ་ཞག་ལ་ཡང་ངེས་པར་དབྲི་དགོས་པའི་)གྲུབ་པའི་མཐའ་ལ་ ལྟོས་པ་ནི་མ་ཡིན་ནོ། །དྲུག་རོ་རི་མཁའ་ཟླ་བ་ཡིས་བགོ་ཞིང་ཞེས་པ་ནི་དཀྱིལ་འཁོར་གྱི་ཉིན་ ཞག་ཁྲི་བདུན་བརྒྱ་དྲུག་ཅུ་རྩ་དྲུག་གིས་བགོ་བའོ། །ལྷག་མ་སྐར་མས་བསྒྱུར་བ་ལས་དཀྱིལ་ འཁོར་གྱི་ཉིན་ཞག་གི་ཆས་ཐོབ་པ་ནི་སྐར་མར་འགྱུར་ཏེ། དེ་བཞིན་དུ་ཆུ་སྲང་ལ་སོགས་པའི་ 2-1-267 ལོངས་སྤྱོད་དུ་འགྱུར་རོ། །སྤེན་པ་ཡི་ནི་དོར་བྱ་དག་ཀྱང་བཅོ་བརྒྱད་དོ། །ཞེས་པ་ནི་(སྣྲུབས་ལ་ སྐྱེས་པ་ན་)སྤེན་པའི་ལོངས་སྤྱོད་ལས་རྒྱུ་སྐར་བཅོ་བརྒྱད་དོར་བར་བྱ་བར་འགྱུར་ཞིང་བུ་ལོན་ ལྷག་ན་འཁོར་ལོ་བྱིན་ནས་སྦྱང་བར་འགྱུར་རོ་ཞེས་བྱ་བ་ནི་སྔ་མ(བཀྲ་ཤིས་ལ་བཤད་པ་)འི་(ཆོ་གའི་)ངེས་པ་(ཐམས་ཅད་སྦྱར་བར་བྱ་བ་)སྟེ་སྐྱེ་བའི་སྐར་མ(འི་མཚམས་བཟུང་བ་ལ་བརྟེན་ནས་དལ་བའི་)རྒྱུ་བ(སྟེ་ རྐང་པ་རྟོགས་པ་)འི་དོན་དུའོ། ༤༨ ། འདིའི་དལ་བའི་ལས་ལ་རྐང་པ་ཉི་ཤུ་རྩ་གཉིས་ཚེས་དུས་ཞེས་པ་ནི་ཁྱིམ་གྱི་གནས་དྲུག་ ལ་རྐང་པ་རྣམས་ཏེ་ཁྱིམ་དང་པོ་ལ་ཉི་ཤུ་རྩ་གཉིས་དང་དེ་ནས་ཚེས་ཞེས་པ་བཅོ་ལྔ་དང་དེ་ ནས་དུས་ཞེས་པ་དྲུག་གོ། དེ་བཞིན་དུ་ཕྱེད་ཕྱི་མ་ལ་ཡང་ཤེས་པར་བྱ་སྟེ། རབ་གསལ་རོ་ ཡིས་གནས་ལའོ་ཞེས་གསུངས་པའི་ཕྱིར་རོ། །(དལ་བ་དག་པས་ཉི་མ་བར་བ་སྦྱོང་པ་ལ་སོགས་པ་)མྱུར་ བའི་ལས་ལ་རོ་ལ་སོགས་ཞེས་པ་ནི་མྱུར་བ་སྟེ་རྒྱུ་སྐར་གྱི་ལས་ལ་གནས་བཅུ་བཞིར་རོ་ལ་ སོགས་པ་ནི་དྲུག་ལ་སོགས་པའི་རྐང་པ་རྣམས་སྦྱིན་པ་དང་དོར་བའོ། །དེ་དག་ཀྱང་འཆད་ པར་འགྱུར་བར་བརྗོད་པར་བྱ་སྟེ། གཟའི་རྐང་པའི་ཚོགས་ལ་རྣམ་པ་ཐམས་ཅད་དོ། །སྤེན་ པ་དག་པའོ། ། ༈ ད་ནི་རྒྱུ་བའི་མཚན་ཉིད་གསུངས་པ། མྱུར་དལ་རྒྱུ་བ་དག་ཀྱང་རིམ་པས་རྐང་པ་ བགྲོད་པ་ལ་〔འབྱུང་〕སྟེ་ཞེས་པ་ནི་མྱུར་བའི་ལས་(གཟའ་ལྔ་ཉི་མའི་དཀྱིལ་འཁོར་ལ་ནུབ་སླར་ཡང་)ལ་ཉི་ མའི་དཀྱིལ་འཁོར་ལས་(ཤར་རམ་ནུབ་ཏུ་)ཤར་བ(འཁོར་ལོ་ཕྱེད་{པ་{མ་}དོར་བ་)འི་གཟའི་རྐང་པ་བཅུ་ བཞིའི་ཆུ་ཚོད་ཕྱེད་སྔ་མ་ལ་(སྔ་རྐང་)ལོངས་སྤྱོད་པ་ནི་མྱུར་བར་རྒྱུ་བ་ཞེས་བརྗོད་དོ། །རིམ་ པས་རྐང་པ་བགྲོད་པར་བྱེད་པའི་ཕྱིར་རིམ་པས་རྐང་པ་བགྲོད་པ་ལ་སྟེ་ཕྱེད་ཕྱི་མ་(ཕྱི་རྐང་)ལ་ གང་ཞིག་ལོངས་སྤྱོད་པ་དེ་ནི་དལ་བར་རྒྱུ་བ་ཞེས་བརྗོད་དོ། །འཁྱོག་པོ་ཉིད་ནི་རིམ་མིན་ གྱིས་ཞེས་པ་ནི་དེ་ནས་འཁོར་ལོ་ཕྱེད་ཡོངས་སུ་དོར་བ་ལ་གཟ(ལྔ་)འི་རིམ་པ་མིན་པར་འགྱུར་ 2-1-268 རོ། །རིམ་པ་མིན་པ་དེ་ཡང་འཁྱོག་པོར་རྒྱུ་བ་ཞེས་བརྗོད་དེ། ཕྱེད་སྔ་མ་(སྔ་རྐང་)ལའོ། །ཕྱེད་ ཕྱི་མར་(ཕྱི་རྐང་)ཡང་ཉི་མ་འགྲོ་བའི་དབང་གིས་གཟའ་རྣམས་ཀྱིས་ནི་འབྱུང་བ་ཡང་ཞེས་པ་ འབྱུང་བར་རྒྱུ་བ་ཞེས་བརྗོད་དེ་འཁྱོག་པོ་ཡོངས་སུ་བཏང་བ་ལས་སོ། །འདིར་(ཉི་མ་ལ་ཤར་ནུབ་ ཏུ་)ཤར་ནས་རིམ་པར་བགྲོད་པ་ལ་(རྐང་བའི་)ཕྱེད་སྔ་མའི་བར་དུ་(དལ་བ་དག་པའི་ལོངས་སྤྱོད་ལས་ལྷག་ པར་སྤྱོད་པས་)ནོར་འཕེལ་ལོ། །དེ་ནས་ཕྱེད་ཕྱི་མ་ལ་འཁོར་ལོ་ཕྱེད་(རྫོགས་)ཀྱི་བར་དུ་(སྔ་རྐང་ལ་ འཕེལ་བའི་)ནོར་འགྲིབ་པོ། །དེ་ནས་འཁོར་ལོ་(རྫོགས་)ཕྱེད་ཡོངས་སུ་དོར་ནས་རིམ་པ་མིན་པས་ ཕྱེད་སྔ་མ་ལ་(དལ་བ་དག་པའི་ལོངས་སྤྱོད་ལས་དམན་པར་སྤྱོད་པས་)བུ་ལོན་འཕེལ་ལོ། །ཕྱེད་ཕྱི་མ་ལ་ཉི་ མའི་རྒྱུ་སྐར་ལ་རབ་ཏུ་ཞུགས་ཀྱི་བར་དུ་(སྔ་རྐང་ལ་འཕེལ་བའི་)བུ་ལོན་འགྲིབ་པོ། དེ་ནས་(ཉི་མའི་ དཀྱིལ་འཁོར་ལ་)ནུབ་སྟེ་སླར་ཡང་(ཉི་མ་ལས་)འཆར་བ་ནི་རིམ་པ་དེ་ཉིད་ཀྱིས་རིག་པར་བྱའོ། ། ༈ སུམ་ཅུ་རྩ་བདུན་ལག་པས་བསྒྱུར་བ(སྟེ་ཟླ་བ་བདུན་ཅུ་རྩ་བཞི་)འི་ཟླ་བ་རྣམས་ཀྱིས་མཇུག་ རིངས་དག་ནི་མྱུར་དང་འཁྱོག་པོར་འགྱུར་ཞེས་པ་འདིར་(འདིའི་དཀྱིལ་འཁོར་ཉི་མ་དང་མཐུན་པའི་ ཕྱིར་རྟག་པའི་ལོངས་སྤྱོད་ཉི་མ་དང་མཚུངས་ཀྱང་རྐང་པའི་དབང་གིས་མྱུར་བར་རྒྱུ་བ་ལ་ཉི་མ་དང་མཇུག་རིངས་ལྷན་ཅིག་ཏུ་ གནས་པ་ནས་ལོ་གསུམ་དང་ཕྱོགས་གཉིས་ན་ཉི་མའི་ཤར་དུ་དུ་བ་དང་བཅས་པར་སྣང་ཞིང་འཁྱོག་པོར་རྒྱུ་བ་ལ་མཇུག་རིངས་ ཉི་མ་དང་ལྷན་ཅིག་གནས་པ་ནས་ལོ་གསུམ་དང་ཕྱོགས་གཉིས་ན་ཉི་མའི་ནུབ་ཏུ་དུ་བ་དང་བཅས་པར་སྣང་སྟེ་དེ་ལྟར་ལོ་དྲུག་ དང་ཕྱོགས་བཞི་ལ་ཟླ་བ་བདུན་བཅུ་རྩ་བཞི་ཡོད་དེ་དེའི་བར་ལ་མཇུག་རིངས་མྱུར་དང་འཁྱོག་པོར་འགྱུར་ཞེས་པའོ་)མཇུག་ རིངས་མདོར་བསྟན་པའི་རྐང་པ་འདི་ནི་(མྱུར་བར་རྒྱུ་བ་ལ་ལོ་གསུམ་གྱི་བར་དུ་ཞག་རེ་ལ་ཆུ་སྲང་ཕྱེད་དང་ གསུམ་ཕྱོགས་གསུམ་གྱི་པར་དུ་ཞག་རེ་ལ་ཆུ་ཚོད་གཉིས་ནོར་དུ་སྤྱོད་ཅིང་འཁྱོག་པོར་རྒྱུ་བ་ལ་དེ་དག་བུ་ལོན་དུ་སྤྱོད་པ་ལ་ སོགས་པ་འོག་ནས་)འཆད་པར་འགྱུར་བ་ལས་རྒྱ་ཆེར་བརྗོད་པར་བྱའོ། །གཟའི་སྐབས་སོ། ༤༩ ། ༈ ད་ནི་གཟའ་རྣམས་ཀྱི་འཆར་བ་དང་ནུབ་པའི་དུས་གསུངས་པ་གང་དག་སུ་ཞིག་ཉི་ མའི་ལོངས་སྤྱོད་ལ་ནི་རབ་ཞུགས་གཟའ་དེ་དག་ཀྱང་ངེས་པར་ནུབ་པར་འགྱུར། ཞེས་པ་ 2-1-269 སྟེ་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་གྱིས་མི་མཐོང་བའི་ཕྱིར་ནུབ་པར་གྱུར་པ་ཞེས་བརྗོད་ ཀྱི་གཟའ་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ནོ། །ཉི་མ་དོར་ནས་འཆར་བར་འགྱུར་ཏེ་ ཞེས་པ་ནི་ནུབ་པར་གྱུར་བའི་གཟའ་དེ་ཉིད་ཀྱིས་རང་གི་རྒྱུ་བའི་དབང་གིས་ཉི་མ་དོར་བར་ གྱུར་པ་ན་འཆར་བར་འགྱུར་ཏེ། ཉི་མའི་འོད་ཟེར་གྱིས་ཡོངས་སུ་དོར་བའི་ཕྱིར་རོ། །དེ་ཡི་ ལམ་ཡང་བགྲོད་པ་འགྲོ་བའི་རྣམ་པར་དབྱེ་བས་སོ། །ཞེས་པ་ནི་(ཉི་མའི་དཀྱིལ་འཁོར་)འཆར་ བའི་གཟའ་དེ་ཡི་ལམ་ཡང་བགྲོད་པ་འགྲོ་བའི་རྣམ་པར་དབྱེ་བས་སོ། །བགྲོད་པ་དག་གི་ རྣམ་པར་དབྱེ་བ་ནི་བགྲོད་པའི་རྣམ་པར་དབྱེ་བ་སྟེ་(ས་དུམ་བུ་བཅུ་གཉིས་པོ་ལྷོ་)མེའི་དཀྱིལ་འཁོར་ ནས་ཀཻ་ལ་ཤའི་བྱང་དུ་གངས་ཅན་གྱི་བར་དང་(བྱང་)གངས་ཅན་(ཆེན་པོ་)ནས་ལྷོར་མེའི་དཀྱིལ་ འཁོར་གྱི་བར་དུ་ཕྱེད་དང་བཅས་པའི་ཉིན་ཞག་བརྒྱ་བརྒྱད་ཅུ་རྩ་གཉིས་(ཉི་མའི་དཀྱིལ་འཁོར་གྱི་ ཉིན་ཞག་རྣམས་ཀྱི་ཕྱེད་)ཀྱི་རྣམ་པར་དབྱེ་བ་སྟེ་དེས་ཉི་མའི་བགྲོད་པ་(ལྷོ་དང་བྱང་དུ་)འགྲོ་བའི་(ལྷོ་དང་ བྱང་གི་)རྣམ་པར་དབྱེ་བའོ། །ཉི་མ་འགྲོ་བའི་〔ལྷོ་བྱང་གི་〕རྣམ་པར་དབྱེ་བ་དེས་(ཉི་མ་ལས་)འཆར་ བའི་གཟའ་དེ་དག་གི་(ལྷོ་བྱང་དུ་འགྲོ་བའི་)ལམ་དུ་ཡང་འགྱུར་རོ། །གཡོན་པའི་ལམ་ལ་གནས་ པ་གང་ཡིན་པ་དེ་ནི་ཉི་མ་བགྲོད་པའི་དབང་གིས་གཡོན་ནས་འགྲོ་བ་སྟེ། ཞེས་པ་ནི་འདིར་ (ཉི་མའི་)གཡོན་གྱི་ལམ་ལ་གནས་པ་ནི་ཞི་བའི་གཟའ་ཟླ་སྐྱེས་ལ་སོགས་པ་(ཟླ་བའི་རིགས་ཅན་) རྣམས་ཏེ། གཟའ་ལག་དང་པ་སངས་དང་མཇུག་རིངས་རྣམས་ནི་(ཉི་མའི་)གཡོན་གྱི་ཡན་ལག་ ཏུ་ཡང་དག་པར་བྱུང་བའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་ལ་ནུབ་པའི་དུས་སུ་ཡང་གཡོན་ གྱི་ཡན་ལག་ནས་རབ་ཏུ་འཇུག་ཅིང་འཆར་བ་ཡང་གཡོན་གྱི་ཡན་ལག་ནས་སོ། །དེའི་ཕྱིར་ གཡོན་པའི་ལམ་ལ་གནས་པའི་གཟའ་གང་ཡིན་པ་དེ་རྣམས་ནི་དྲག་པོའི་གཟའ་རྣམས་(དང་ ཕྲད་པའི་ཚེ་དེ་རྣམས་)ཀྱི་གཡོན་ནས་འགྲོ་སྟེ་ཉི་མའི་(གཡོན་ནས་{ཉི་མའི་{འགྲོ་བ་}་)ཇི་ལྟ་བ་བཞིན་ནོ། ། གཡས་ལ་གནས་པ་གཡས་པ་ཡིས་ཞེས་པ་ལ་འདིར་(ཉི་མའི་)གཡས་ལ་གནས་པ་(ཉི་མའི་ 2-1-270 རིགས་ཅན་)ནི་གང་ཞིག་གཡས་ཀྱི་ལམ་ནས་ཉི་མའི་དཀྱིལ་འཁོར་ལ་ནུབ་པར་འགྱུར་བ་སྟེ་ བཀྲ་ཤིས་དང་ཕུར་བུ་དང་སྤེན་པའོ། །དྲག་པོ་རྣམས་ནི་ཞི་བའི་གཟའ་རྣམས་〔དང་ཕྲད་པའི་ ཚེ་དེ་རྣམས་〕ཀྱི་གཡས་ནས་(བསྐོར་ཏེ་)འགྲོ་སྟེ་གཡས་ཀྱི་ཡན་ལག་ཏུ་ཡང་དག་པར་བྱུང་བའི་ ཕྱིར་རོ། །འདིར་མཇུག་རིངས་ནི་གཡོན་གྱི་ཡན་ལག་ཏུ་ཡང་དག་པར་བྱུང་བའི་ཕྱིར་ལུས་(དེ་ རིགས་)ཀྱི་དབྱེ་བས་ཞི་བའོ། །ཕུར་བུ་ནི་གཡས་ཀྱི་ཡན་ལག་ཏུ་ཡང་དག་པར་བྱུང་བའི་ཕྱིར་ ལུས་〔དེ་རིགས་〕ཀྱི་དབྱེ་བས་དྲག་པོའོ། ། ༈ དེ་བཞིན་དུ་སླར་ཡང་གསལ་བར་འདིར་ནི་ཕན་ཚུན་འཐབ་སྟེ་དགྲ་ཡིན་ཕྱིར་ཞེས་པ་ ནི་ཞི་བ་དང་དྲག་པོ་ནི་གཟའ་ལག་དང་བཀྲ་ཤིས་དག་དང་ཕུར་བུ་དང་པ་སངས་དག་དང༌། སྤེན་པ་དང་མཇུག་རིངས་འདི་དག་ཕན་ཚུན་འཐབ་པར་འགྱུར་ཏེ་དགྲ་ཉིད་ཡིན་པའི་ཕྱིར་རོ། ༥༠ །(ཡུལ་གང་ལ་དུས་ནམ་གྱི་ཚེ་འཐབ་ན་)རང་གི་ཞིང་(སྟེ་དབང་རིས་སུ་བཅད་པའི་ཡུལ་)ལ་ཡང་དག་གནས་ རྣམས་གལ་ཏེ་དེ་ལ་དགྲ་དག་གྱུར་ན་ངེས་པར་འཐབ་པའོ། །ཞེས་པ་ནི་མིག་དམར་གྱི་རང་ གི་ཞིང་ལུག་གི་ཁྱིམ་དང་སྡིག་པའི་ཁྱིམ་སྟེ་ཞིང་དེ་ལ་མིག་དམར་ཡང་དག་པར་གཉིས་པ་ དེའི་ཚེ་གལ་ཏེ་ཞིང་དེ་ལ་གཟའ་ལག་ལོངས་སྤྱོད་པར་གྱུར་ན་དེའི་ཚེ་ངེས་པར་འཐབ་པོ། ། དེ་བཞིན་དུ་གཟའ་ལག་གི་ཞིང་འཁྲིག་པ་དང་བུ་མོར་གལ་ཏེ་མིག་དམར་རྒྱུ་བའི་དབང་ གིས་ལོངས་སྤྱོད་པར་གྱུར་པ་དེ་ལྟ་ན་ཡང་འཐབ་པོ། །དེ་བཞིན་དུ་ཕུར་བུའི་ཞིང་གཞུ་དང་ཉ་ ལ་གལ་ཏེ་པ་སངས་གྱུར་ན་དེའི་ཚེ་ཕུར་བུ་དང་པ་སངས་འཐབ་པོ། །དེ་བཞིན་དུ་པ་སངས་ ཀྱི་ཞིང་གླང་དང་སྲང་ལ་ཡང་ངོ༌། །དེ་བཞིན་དུ་སྤེན་པའི་ཞིང་ཆུ་སྲིན་དང་བུམ་པ་ལ་གལ་ཏེ་ མཇུག་རིངས་གྱུར་ན་དེའི་ཚེ་འཐབ་པོ། །དེ་བཞིན་དུ་རི་བོང་ཅན་གྱི་ཞིང་ཀར་ཀ་ཊ་ལ་གལ་ ཏེ་སྤེན་པ་གྱུར་ན་དེའི་ཚེ་མཇུག་རིངས་དང་(སྤེན་པ་)ལྷན་ཅིག་རྩོད་དེ་མཇུག་རིངས་གཡོན་ གྱི་ཡན་ལག་ཏུ་སྐྱེས་པ(ཟླ་བའི་རིགས་ཅན་ཡིན་པ་)འི་ཕྱིར་རོ། །སྐར་མ་ལ་སྟེ་གཞན་ལ་འཐབ་པ་ 2-1-271 མིན་པར་ཞེས་པ་ནི་འདིར་སླར་ཡང་གཟའ་རྣམས་ཀྱི་སྐྱེ་བའི་སྐར་མ་ལ་ལྟོས་ནས་སྐར་མ་ ལ(འཐབ་པ་)འོ། །རང་གི་ཞིང་གི་ཁྱིམ་འབའ་ཞིག་ལ་འཐབ་པ་མ་ཡིན་ཞིང་སྐྱེ་བའི་སྐར་མ་ ལ་ཡང་དགྲ་དག་འཐབ་པར་འགྱུར་ཏེ་(དེ་རྣམས་གང་སྐར་མ་གང་ལ་སྐྱེས་ན་)པ་སངས་སྐར་མ་ནམ་ [ནབས]སོ(འི་མགོ་)ལའོ། །བཀྲ་ཤིས་སྐར་མ་མཆུ(འི་ཕྱེད་)ལའོ། །ཕུར་བུ་སྐར་མ་མེ་བཞི(འི་མགོ་)ལའོ། །གཟའ་ལག་སྐར་མ་ལྷ་མཚམས་(ཀྱི་ཕྱེད་)ལའོ། །སྤེན་པ་སྐར་མ་སྣྲུབས་(ཀྱི་མགོ་)ལའོ། ། མཇུག་རིངས་སྐར་མ་ཆུ་སྨད་ལའོ། །ཟླ་སྐྱེས་དང་བཀྲ་ཤིས་དག་རང་རང་གི་(སྐྱེ་བའི་)སྐར་མ་ ལ་འཐབ་སྟེ་དེ་བཞིན་དུ་པ་སངས་དང་ཕུར་བུ་དག་དང་སྤེན་པ་དང་མཇུག་རིངས་དག་གོ། ༈ རང་རང་གི་སྐར་མ་མ་གཏོགས་པ་སྐར་མའམ་ཞིང་གཞན་ལ་འཐབ་པ་མིན་པར་ འགྱུར་བར་ངེས་པ་ནི་གདོན་མི་ཟ་བའོ། །སྐར་མ་གཞན་ལ་ཕན་ཚུན་མཚུངས་པ་(སྟེ་མཐུན་པ་) དག་ཏུ་ལྡན་པར་འགྱུར་རོ། ། ༈ དེ་བཞིན་དུ་ཟླ་བའི་[རྩེ་མོ་[རྭ](ར་དང་ཤོང་རྭ་ཟེར་ཞིང་རྩ་མིས་རྩེ་མོ་ཟེར་)མཐོ་བ་ཡང་གལ་ཏེ་ ཉི་མ་ཡི་ནི་གཡོན་ཟླ་བ་ཞུགས་(པ་སྟེ་ནུབ་)པར་གྱུར་ཞིང་འབྱུང་བ་(སྟེ་འཆར་བ་)ཡང་ནི་གཡོན་པ་ ཡིས་ཡིན་པར་གྱུར་ན་དེའི་ཚེ་(ཟླ་བའི་)རྩེ་མོ་བྱང་དུ་མཐོ་བར་འགྱུར་ཏེ་(འདི་ནི་རང་བཞིན་)ཁ་ཅིག་ ཏུ་ནི་བགྲོད་པའི་དབང་གིས་(རྩེ་མོ་)ལྷོ་རུ་(མཐོ་བ་)སྟེ་ལྷོར་བགྲོད་པ་ལའོ(འདིར་ལྷོར་བགྲོད་པ་ཞེས་ པ་ཟླ་བ་ལྷོ་བྱང་དུ་བགྲོད་པའི་ལྷོར་བགྲོད་ནི་མ་ཡིན་ཏེ་གལ་ཏེ་ཡིན་ན་ཟླ་བའི་རྩེ་མོ་ལྷོ་རུ་མཐོ་བ་ལོ་རེ་ཞིང་འབྱུང་བའི་སྐྱོན་དུ་ འགྱུར་བའི་ཕྱིར་རོ། །དེས་ན་སྤྱིར་ཟླ་བ་ཉི་མ་ལ་ནུབ་པ་ན་ཡང་གཡོན་ནས་ནུབ་ཅིང་ཉི་མ་ལས་འཆར་བ་ན་ཡང་གཡོན་ནས་ འཆར་པ་ཡིན་པ་ལ་ཁ་ཅིག་ཏུ་མི་ཤེས་པའི་རྒྱུ་ལས་ཉི་མའི་གཡས་ནས་ནུབ་ཅིང་གཡས་ནས་འཆར་བ་ལ་ལྷོར་བགྲོད་པ་ཞེས་ ཡིན་ནོ)། །(འདི་ནི་)མུ་གེ་དང་ཆར་མི་འབབ་པ་ལ་སོགས་པའི་རྒྱུ་ལས་ཡིན་གྱི་ངོ་བོ་ཉིད་ཀྱིས་ནི་ མ་ཡིན་ནོ། ༥༡ ། ༈ ད་ནི་སྒྲ་གཅན་རབ་ཏུ་འཇུག་པ་གསུངས་ཏེ་ཚིགས་མཚམས་སུ་ནི་ཉ(རྫོགས་པ་)འི་ 2-1-272 མཚམས་སུ་སྟེ་ཡང་ཡིག་གིས་གནམ་སྟོང་གི་(མཐའི་)མཚམས་སུ་{ཡང་ངོ༌། །} སྒྲ་གཅན་ (གྱི་)གདོང་དང་ཟླ་བ་མཉམ་པར་འགྲོ་སྟེ་མངོན་དུ་ཕྱོགས་པར་འཛིན་པ་ཁོ་ནར་འགྱུར་རོ། ། འདིར་མངོན་དུ་ཕྱོགས་པ་(ཞེས་པ་)ནི་(སྒྲ་གཅན་ཟླ་བའི་)ཤར་(གྱི་ཕྱོགས་སུ་གནས་)ནས་འཛིན་ པའོ(ཞེས་པ་ཁ་ཅིག་གི་ཚེའོ)། །(སྒྲ་གཅན་གྱི་ཟླ་བ་འཛིན་པ་)དེ་ཉིད་སྒྲ་གཅན་(ཁྱིམ་གྱི་འཁོར་ལོ་ལ་གཡས་སུ་) འཁོར་བའི་དབང་གིས་ཤེས་པར་བྱ་སྟེ་བྱེད་པ་གཞན་(ཕྱི་རོལ་པའི་ཕྱེད་པ་)ཐམས་ཅད་ལ་རབ་ཏུ་ གྲགས་པའི་ཕྱིར་འདིར་བཅོམ་ལྡན་འདས་འཇམ་དཔལ་གྱིས་འབད་པ་མ་མཛད་དོ། །གཡོན་ དུ་རྒྱུ་བ་དག་ལ་གཡས་མིན་དུ་སྟེ་ཞེས་པ་ནི་(ཉ་འམ་གནམ་སྟོང་གི་དུས་སུ་ཟླ་བ་སྒྲ་གཅན་གྱི་ལྷོ་ཕྱོགས་སུ་ བགྲོད་པའི་ཚེ་ཟླ་བའི་)གཡོན་དུ་སྒྲ་གཅན་འཁོར་བ་ལ་གཡས་མིན་གཡོན་དུ་(སྒྲ་གཅན་གནས་པས་)ཟླ་ བ་འཛིན་པར་འགྱུར་རོ། །ཉི་མའི་བགྲོད་པའི་དབང་གིས་གཡས་ལ་གཡས་པའི་ཆར་ཞེས་ པ་ནི་ཉི་མའི་ལོངས་སྤྱོད་(གཞིར་བཞག་པ་)ལས་བྱུང་བའི་ཟླ་བའི་བགྲོད་པའི་དབང་གིས་ཏེ་〔དེ་ ལ་〕ཉི་མའི་བགྲོད་པའི་དབང་གིས་ཞེས་(གསུངས་)སོ། །གཡས་ལ་སྟེ་(ཟླ་བ་སྒྲ་གཅན་གྱི་བྱང་དུ་ བགྲོད་པའི་ཚེ་ཟླ་བའི་)གཡས་སུ་(སྒྲ་གཅན་)འཁོར་བ་ལས་གཡས་སུ་(སྒྲ་གཅན་)ཟླ་བ་(ལ་)འཛིན་པར་ འགྱུར་རོ། །དེ་ལྟར་སྒྲ་གཅན་གྱིས་ནི་ཕྱོགས་མཚམས་སུ་འཛིན་རི་བོང་འཛིན་པ་ཞེས་པ་ནི་ དེ་ལྟར་བརྗོད་པའི་རིམ་པས་འཁོར་བའི་དབང་གིས་རི་བོང་འཛིན་པ་སྒྲ་གཅན་གྱིས་ཕྱོགས་ (གཉིས་ཀྱི་)མཚམས་སུ་(སྒྲ་གཅན་གནས་པས་ཀྱང་)འཛིན་ནོ། །འབྱུང་བ་དག་ནི་རྒྱབ་ཏུ་ཡང་སྟེ་(སྒྲ་ གཅན་གྱི་ཟླ་བའི་)ཤར་ལ་སོགས་པ་འཁོར་ནས་འབྱུང་བ་དག་ནི་ནུབ་ཏུ་འཁོར་བས་(ཟླ་བའི་)རྒྱབ་ (སྟེ་ནུབ་ཏུ་གནས་)ནས་འཛིན་ནོ(དེ་ལྟར་ཟླ་བའི་བགྲོད་བའི་དབང་གིས་སྒྲ་གཅན་ཟླ་བའི་ཕྱོགས་དང་མཚམས་སུ་གནས་ པས་ཟླ་བ་འཛིན་ཡང་ཟླ་བའི་ཆ་བཅུ་དྲུག་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་ཤར་མཐའ་ཁོ་ན་ཡིན་པའི་ཕྱིར་དཀྱིལ་འཁོར་གྱི་ཤར་ ཉིད་ནས་འཛིན་པར་ངེས་ཤིང་དཀྱིལ་འཁོར་གྱི་ཕྱོགས་གཞན་ནས་ཀྱང་ཟླ་བ་བཟུང་བར་སྣང་བ་ནི་ཟླ་བའི་འཁོར་ཚུལ་གྱི་དབང་ གིས་ཡིན་ནོ་)། །རྩ་བའི་རྒྱུད་དམ་གཞན་(མུ་སྟེགས་ཅན་)གྱི་བྱེད་པ་གཞན་ལ་ཡང་སྒྲ་གཅན་འཁོར་ 2-1-273 བ་ལ་སོགས་པ་ཤེས་པར་བྱའོ། ། ༈ (བཅུ་དྲུག་པ་ཁྱིམ་བཅུ་གཉིས་ཀྱི་རྣམ་པས་འཁོར་བའི་ངོ་བོ་ཉིད་ཀྱིས་གནས་པ་)ད་ནི་རྒྱུ་སྐར་གྱི་འགོ་ལ་ གསུངས་པ་ཐ་སྐར་ལ་སོགས་ནག་པ་ཕྱེད་དུ་ཉིན་དང་མཚན་མོ་མཉམ་པའི་དབུས་སུ་འགོ་ ལའི་རི་མོའོ། །ཞེས་པ་ཐ་སྐར་ལ་སོགས་པ་ནས་ནག་པ་ཕྱེད་དང་ནག་པ་ཕྱེད་ལ་སོགས་ པ་ནས་ནམ་གྲུའི་མཐར་(སའི་དུམ་བུ་འདིར་)ལུག་དང་སྲང་དང་)ལ་སོགས་པ་(སའི་དུམ་བུ་གཞན་རྣམས་ སུ་གླང་དང་སྡིག་པ་ལ་སོགས་པ་རྣམས་ལ་ཉི་མ་གནས་པའི་ཚེ་དཔྱིད་དང་སྟོན་གྱི་)ཉིན་མཚན་མཉམ་པ་ལ་(གླིང་དུམ་ བུ་སོ་སོའི་བྱང་གངས་ལྡན་ཆེན་པོའི་སྟེང་ནས་ལྷོ་རྟ་གདོང་གི་རིའི་སྟེང་གི་བར་གྱི་)དབུས་སུ་(ལན་ཚྭའི་རྒྱ་མཚོའི་ཕྱེད་ནང་ མའི་ཕྱེད་ཀྱི་སྟེང་དུ་)ཉིན་མཚན་མཉམ་པའི་འགོ་ལའི་རི་མོ་སྟེ་(དེ་ལ་ཉི་མ་གནས་པའི་ཚེ་དུམ་བུ་སོ་སོར་)ཉི་ མ་འཆར་བ་དང་ནུབ་པའི་རྒྱུ་ལས་(ཉིན་མོ་དང་མཚན་མོ་)ཆུ་ཚོད་སུམ་ཅུ་སུམ་ཅུའི་བདག་ཉིད་ཅན་ དུ་འགྱུར་〚རོ། ༥༢ །འགོ་ལ་དེ་ཉིད་ནི་རྒྱུ་སྐར་གྱི་དབྱེ་བས་འགྱུར་ཏེ〛བ་དེ་ཉིད་ལ་འགོ་ལ་ནི་ རྒྱུ་སྐར་གྱི་དབྱེ་བས་འགྱུར་ཏེ་༥༢ རྒྱུ་སྐར་(རྣམས་ཉིན་མཚན་མཉམ་པའི་འགོ་ལའི་རི་མོ་ལས་)གཡས་ (རྟ་གདོང་གི་རིའི་བར་)དང་གཡས་མིན་( གངས་ལྡན་ཆེན་པོའི་བར་)དག་ལ་ངེས་པར་སྲིད་པའི་གནས་སུ་ (སྟེ་བཅུ་བཞི་ལ་)ཁྱིམ་གྱི་དབྱེ་བས་ཡང་དག་གནས་ཞེས་པ་ལ། ༈ ལས་ཀྱི་ས་འདིར་(མུ་སྟེགས་པ་དག་)མི་ཤེས་པའི་དབང་གིས་འགོ་ལའི་འདོད་པ་རྣམ་པ་ སྣ་ཚོགས་གནས་ལ་སོགས་པའི་དབྱེ་བ་གཞན་དུ་སྨྲ་བ་ནི། འདིར་འགོ་ལ་ལ་གཟའ་བརྒྱད་ པོ་དག་གི་མྱུར་བ་དང༌། དལ་བར་འགྲོ་བའི་དབྱེ་བས་ཁྱིམ་〔རྫོགས་པར་〕ལོངས་སྤྱོད་པ་ནི་ (གྲངས་)མཉམ་སྟེ་དཔེར་ན་(འབྲས་)སོ་བ་འཆག་པ་ལ་བ་ལང་(སོ་བའི་ཕུང་པོའི་དབུས་ཀྱི་)ཀ་བ་ལས་ རིང་དུ་འཁོར་བ་གང་ཡིན་པ་དེ་ནི་མགྱོགས་པར་འགྲོ་ཞིང་གོམ་པ་མང་པོ་དག་གིས་སྐོར་ བར་བྱེད་ལ་ཀ་པ་ལ་ཉེ་བར་འཁོར་བ་གང་ཡིན་པ་དེ་ནི་དལ་བར་འགྲོ་ཞིང་གོམ་པ་ཉུང་ངུས་ སྐོར་བ་བྱེད་དེ་དེ་བཞིན་དུ་གཟའ་རྣམས་ཀྱང་(ལྷུན་པོ་ལ་ཐག་རིང་ནས་ཁྱིམ་གྱི་འཁོར་ལོ་ལ་འགྲོ་བ་རྣམས་ 2-1-274 མྱུར་བར་འགྲོ་ཞིང་ལྷུན་པོ་ལ་ཉེ་བ་རྣམས་ཁྱིམ་གྱི་འཁོར་ལོ་ལ་འགྲོ་བ་རྣམས་དལ་བར་འགྲོ་ཡང་གཟའ་རྣམས་ཀྱི་ཁྱིམ་གྱི་འཁོར་ ལོ་ལ་འཁོར་བའི་གྲངས་མཉམ་པར་)རིག་པར་བྱའོ་ཞེས་གྲག་གོ། འཇིག་རྟེན་(མུ་སྟེགས་)པའི་འདོད་ པ་དང་པོར་རིགས་པས་རྣམ་པར་དཔྱད་ན་འདིར་(གཟའ་སོ་སོའི་དཀྱིལ་འཁོར་དང་རྟག་པའི་ལོངས་སྤྱོད་ དང་རྐང་པ་ལ་སོགས་པའི་)རྩིས་ཀྱི་རྣམ་བཞག་(མཐའ་གཅིག་ཏུ་ངེས་པ་)མེད་པར་རང་རང་གི་གྲུབ་པའི་ མཐའི་བསམ་པའི་དབང་གི་ཕྱིར་(འགོ་ལ་ལ་སོགས་པའི་)འདོད་པ་གཅིག་ཏུ་(སྟེ་མཐུན་པར་)མི་འགྱུར་ རོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་དཔྱད་པར་བྱ་སྟེ། འདིར་འགོ་ལ་(འམ་ཁྱིམ་གྱི་འཁོར་ལོ་)ལ་གཟའ་ གང་ཞིག་ཉི་མ་ལས་མྱུར་བ་དང་དལ་བར་འགྲོ་བ་(བ་ལང་སོ་བ་འཆག་པ་ལྟར་རང་གནས་མི་གཏོང་བ་)དེ་ དག་ཅི་སྟེང་ནས་སྟེང་དང༌། འོག་ནས་འོག་ཏུ་གནས་སམ་འོན་ཏེ་གཡོན་གྱི་ཆ་དང་གཡས་ ཀྱི་ཆར་གནས་རྣམ་པ་གཉི་ག་ཡང་འགལ་ཏེ། གལ་ཏེ་ཉི་མ་ལས་འོག་དང་སྟེང་དུ་(སྟེ་ཐད་ཀའི་ གནས་སོ་སོ་ན་གནས་ཀྱང་འགའ་ཞིག་ཉི་མ་ལས་དམའ་བ་དང་འགའ་ཞིག་ཉི་མ་ལས་མཐོ་བར་)རྣམ་པར་གནས་(ཤིང་ རང་རང་གི་འཁོར་བའི་གནས་མི་གཏོང་)ན་དེའི་ཚེ་མྱུར་བ་དང་དལ་བ་དག་ཏུ་ཕྲད་པར་མི་འགྱུར་ཏེ་རང་ གི་གནས་(ཉི་མ་ལས་དམའ་བ་དང་མཐོ་བས་ས་དེ་)ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཅི་སྟེ་ཕ་རོལ་གྱི་ གྲུབ་པའི་མཐའ་སྨྲ་བ་པོས་སྨྲས་པ་(སྟེང་དང་འོག་ན་གནས་པའི་གཟའ་ཕྲད་པ་མེད་ཀྱང་)འོག་ན་གནས་ པའི་སེམས་ཅན་རྣམས་ཀྱིས་འོག་དང་སྟེང་གི་གཟའ་མཉམ་པར་འགྲོ་བ་མཐོང་སྟེ། འོག་ གི་གཟས་སྟེང་གི་གཟའ་བསྒྲིབས་པ་ནི་མཉམ་པ་(སྟེ་ཕྲད་པ་)ཉིད་དོ་ཞེ་ན། འདི་ལ་བརྗོད་པ་ འདིར་(འོག་མས་སྟེང་མ་བསྒྲིབས་པས་)མཉམ་པ་ཉིད་(དུ་མཐོང་བ་)ནི་(ཉི་མས་སྟེང་གི་གཟའ་སྒྲིབ་པ་ལ་མཚོན་ན་)ཉི་མ་གུང་གི་དུས་ལ་(སྟེང་གི་གཟའ་སྒྲིབ་པ་ཡིན་ཞིང་གཟའ་གཞན་གྱི་སྟེང་སྒྲིབ་པ་ཡང་ན་ནམ་མཁའི་གོང་དུ་སླེབ་ པའི་དུས་)སྟེ་འཆར་བ་དང་ནུབ་པའི་དུས་ལ་མ་ཡིན་ནོ། །(དེ་ལ་)འཆར་བའི་དུས་སུ་(སྟེང་འོག་གི་)གནས་ཐ་དད་པའི་མཐུ་ལས་སེམས་ཅན་རྣམས་ཀྱིས་འོག་དང་སྟེང་དུ་གཟའ་རྣམས་བལྟ་ བར་བྱ་བར་འགྱུར་རོ། །དེ་བཞིན་དུ་ནུབ་པའི་དུས་སུ་ཡང་(སྟེང་དང་འོག་ཏུ་གནས་པས་མཐོང་བར་འགྱུར་ 2-1-275 དགོས་)སྟེ་དེ་ལྟར་ཡང་(མཐོང་བ་)མ་ཡིན་ནོ། །དེ་བཞིན་དུ་(ཉི་མའི་)གཡས་དང་གཡོན་ལ་གནས་ པ་རྣམས་ཀྱང་ཉི་མ་དང་ལྷན་ཅིག་མཉམ་པར་འགྲོ་བ་མེད་(པར་འགྱུར་)དེ་རང་གི་གནས་(ཉི་མའི་ གཡས་གཡོན་གྱི་ས་)ཡོངས་སུ་མི་གཏོང་བའི་ཕྱིར་རོ། །དེ་ལྟར་ན་གཟའ་རྣམས་ཉི་མའི་དཀྱིལ་ འཁོར་ལ་ནུབ་པ་དང་འཆར་བ་ཡང་མེད་པར་འགྱུར་རོ། །དེའི་ཕྱིར་དོན་དམ་པར་(ཏེ་དོན་ལ་) གཟའ་རྣམས་ཀྱི་(ཁྱིམ་གྱི་འཁོར་ལོ་ལ་འགྲོ་བའི་)གནས་གཞན་(དང་གཞན་སོ་སོར་ངེས་)པ་མེད་དོ། ། ༈ བྱིས་པ་རྣམས་ཀུན་ཏུ་རྨོངས་པ་སྐྱེད་པར་བྱེད་པའི་ཚིག་རིགས་པ་དང་བྲལ་བ་འདི་ དག་ཀྱང་(མུ་སྟེགས་པའི་)སྐྱེ་བོ་མི་ཤེས་པ་རྣམས་ཀྱིས་བཀོད་པ་སྟེ་འདིར་(ཁྱིམ་གྱི་འཁོར་ལོའི་མཐའ་ ནས་རིམ་པ་ལྟར་)གནས་དང་པོ་ལ་ཟླ་བ་དང་གཉིས་པ་ལ་གཟའ་ལག་དང༌། གསུམ་པ་ལ་པ་ སངས་དང༌། བཞི་པ་ལ་ཉི་མ་དང༌། ལྔ་པ་ལ་ས་སྐྱེས་དང༌། དྲུག་པ་ལ་ཕུར་བུ་དང༌། བདུན་ པ་ལ་སྒྲ་གཅན་དང༌། བརྒྱད་པ་ལ་སྤེན་པ་གནས་སོ་ཞེས་འབྱུང་ངོ་(ཞེས་པ་ཁྱིམ་གྱི་འཁོར་ལོ་ལ་ཕྱོགས་ ཐ་དད་པ་རྣམས་སུ་ལྷུན་པོ་ལ་རིང་བ་དང་ཉེ་བའི་ཚུལ་གྱིས་གནས་པར་འདོད་ཀྱི་དེ་ཕྱོགས་གཅིག་ཉིད་ན་གྲལ་དུ་སྒྲིག་པ་ལྟ་བུ་ནི་ མི་འདོད་དོ)། ། ༈ འདིར་(གནས་ལུགས་ལ་)ཁྱིམ་གྱི་འཁོར་ལོ་ལ་གཟའ་ཐམས་ཅད་བྱང་དུ་འགྲོ་བ་དང་ལྷོར་ འགྲོ་བ་ཡོད་དེ་དཔེར་ན་ཉི་མའི་རྒྱུ་སྐར་ལོངས་སྤྱོད་པའི་དབང་དང་ཁྱིམ་དྲུག་ལོངས་སྤྱོད་ པའི་དབང་གིས་(བྱང་དང་ལྷོར་འགྲོ་བ་)བཞིན་ནོ། །བྱང་དུ་འགྲོ་བ་དང་ལྷོར་འགྲོ་བའི་ཉི་མ་དེ་དང་ མཉམ་པ(སྟེ་ཕྲད་པ་)ར་འགྲོ་བ་ན་གཟའ་འགའ་ཞིག་(ཡིན་སྟེ་དྲག་གཟའ་བཞི་གསུམ་པ་)ཉི་མའི་སྟེང་དུ་ འགྲོ་བ་དང་འགའ་ཞིག་(ཏུ་)འོག་ཏུ་འགྲོ་བ་ནི་མེད་དོ། །འདིར་ཁྱིམ་གྱི་འཁོར་ལོ་ལ་དལ་བར་ འགྲོ་བའི་དབང་གིས་གཟའ་འགའ་ཞིག་(སྟེ་དྲག་གཟའ་གསུམ་པོ་)ཉི་མའི་རྒྱབ་ནས་འོང་ངོ༌། །ཤར་ བར་གྱུར་པ་ན་ཟླ་བ་ནི་(ཉི་མའི་)མདུན་ནས་འགྲོ་སྟེ་(ཉི་མ་བས་)མྱུར་བར་བགྲོད་པའི་དབང་གིས་ སོ། །གཟའ་ལག་དང་པ་སངས་ནི་རྐང་པའི་དབང་གིས་རེས་འགའ་(ཉི་མའི་)མདུན་དང་རེས་ 2-1-276 འགའ་རྒྱབ་ཏུ་ཤར་ནས་བགྲོད་དོ། །འདི་རྣམས་ཀྱི་བགྲོད་པ་ཡོངས་སུ་ཤེས་པར་བྱ་བའི་དོན་ དུ་ཁྱིམ་གྱི་འགོ་ལ་གསུངས་ཏེ་རྒྱུ་སྐར་(ཉིན་མཚན་མཉམ་པའི་གོ་ལའི་རི་མོ་ལས་)གཡས་སུ་གནས་བཅུ་ བཞི་དང་གཡས་མིན་དུ་གནས་(ཏེ་)བཅུ་བཞི་དག་ལ་ཁྱིམ་གྱི་དབྱེ་བས་ཡང་དག་གནས་ཞེས་ པ་ནི་ཁྱིམ་རྣམས་ཀྱི་དབྱེ་བ་རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་ཏེ། ཁྱིམ་སོ་སོའི་ཁྱིམ་གྱི་ དབྱེ་བ་དེ་དག་གིས་ཁ༽བྱང་དུ་(ཉིན་མཚན་མཉམ་པའི་)ཀ༽འགོ་ལའི་རི་མོའི་དབུས་སུ་ག༽ཐ་སྐར་ ལ་སོགས་པ་ནག་པ་ཕྱེད་ཀྱི་བར་ཕྱེད་དང་བཅས་པའི་རྒྱུ་སྐར་བཅུ་གསུམ་མོ། །ལྷོ་རུ་ཡང་ (ཉིན་མཚན་མཉམ་པ་)འགོ་ཀ༽ལའི་རི་མོའི་དབུས་སུ་ནག་པ་ཕྱེད་ལ་སོགས་པ་ནམ་གྲུའི་མཐར་ ཕྱེད་དང་བཅས་པའི་རྒྱུ་སྐར་བཅུ་གསུམ་མོ། །གཞུའི་རྣམ་པའི་དུས་ཁྱིམ་དག་ལ་འགོ་ལའི་ དབུས་ནས་ལྷོར་ནི་མེའི་དཀྱིལ་འཁོར་ལ་གནས་ཤིང་ཞེས་པ་ནི་(ཁྱིམ་བཅུ་གཉིས་ཀྱི་འཁོར་ལོའི་ཕྱེད་)གཞུའི་རྣམ་པ(ཟླུམ་པོ་ཕྱེད་པ་)འི་ཁྱིམ་དྲུག་ལ་འགོ་ལ་ཉིན་མཚན་མཉམ་པའི་རི་མོའི་དབུས་ ནས་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ཀྱི་རྒྱུ་སྐར་གྱི་འཁོར་ལོ་ལྷོར་གནས་སོ(ཞེས་པ་སའི་དུམ་བུ་འདིའི་ནམ་ མཁའ་ལ་ཉིན་མཚན་མཉམ་པའི་རི་མོའི་དབུས་ནས་ལྷོར་རྟ་གདོང་གི་མེའི་བར་དུ་སྲང་ལ་སོགས་པའི་ཁྱིམ་གསུམ་རིམ་པ་ལྟར་ གཅིག་གི་ཕྱི་རོལ་ནས་གཅིག་འཁོར་ཞིང་ལྷོ་རྟ་གདོང་ནས་ཉིན་མཚན་མཉམ་པའི་རི་མོའི་བར་དུ་ཆུ་སྲིན་ལ་སོགས་པའི་ཁྱིམ་ གསུམ་རིམ་པ་ལྟར་གཅིག་གི་ནང་ནས་གཅིག་འཁོར་བ་ནི་ཉིན་མཚན་མཉམ་པའི་རི་མོའི་དབུས་ནས་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ ལྷོར་ཁྱིམ་དྲུག་ལ་གནས་པའི་དོན་ཡིན་ནོ)། །བྱང་དུ་དེ་ནི་བསིལ་བའི་རི་སྟེ་པད་འདབ་བཟང་པོ་བཞིན་ དུ་ཤར་དུ་ལུག་དང་སྲང་སོགས་ལའོ་ཞེས་པ་ནི་(བྱང་དུ་དེ་ནི་བསིལ་བའི་རི་སྟེ་ཞེས་པའི་དོན་)ལྷོར་ཁྱིམ་ དྲུག་ལ་སོ་སོར་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་གནས་པ་ཇི་ལྟ་བ་དེ་བཞིན་དུ་འགོ་ལའི་རི་མོའི་ དབུས་ནས་བྱང་དུ་ཁྱིམ་སོ་སོའི་དབྱེ་བས་ཁྱིམ་དྲུག་ལ་གནས་སོ(ཞེས་པ་ཉིན་མཚན་མཉམ་པའི་རི་ མོའི་དབུས་ནས་བྱང་བསིལ་རིའི་བར་དུ་ལུག་ལ་སོགས་པའི་ཁྱིམ་གསུམ་རིམ་པ་ལྟར་གཅིག་གི་ནང་ནས་གཅིག་འཁོར་ཞིང་ བསིལ་རི་ནས་ཉིན་མཚན་མཉམ་པའི་རི་མོའི་བར་དུ་ཀར་ཀ་ཊ་ལ་སོགས་པའི་ཁྱིམ་གསུམ་རིམ་པ་ལྟར་གཅིག་གི་ཕྱི་རོལ་ནས་ 2-1-277 གཅིག་འཁོར་བ་ནི་ཉིན་མཚན་མཉམ་པའི་རི་མོའི་དབུས་ནས་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་བྱང་དུ་ཁྱིམ་དྲུག་ལ་གནས་པའི་དོན་ ཡིན་ནོ་ཁྱིམ་དང་རྒྱུ་སྐར་དེ་ལྟར་འཁོར་བའི་དབང་གིས་ཉི་མ་ཡང་དེ་ལྟར་འཁོར་བ་ཡིན་ཏེ་ཁྱིམ་གྱི་གོ་ལ་འཁོར་ཚུལ་ཤོག་ཁྲར་ བཀོད་པ་ལས་ཀྱང་ཕྱོགས་ཙམ་ཤེས་པར་བྱའོ། །སའི་དུམ་བུ་གཞན་དུ་ནི་ཁྱིམ་གཞན་དང་གཞན་ལ་འཁོར་ཚུལ་དེ་སྦྱར་པར་ བྱའོ)། །(པད་འདབ་བཟང་པོ་བཞིན་དུ་ཤར་དུ་ལུག་དང་སྲང་སོགས་ལའོ་ཞེས་པའི་དོན་ནི་ཁྱིམ་དང་རྒྱུ་སྐར་གྱི་འཁོར་ཚུལ་ བཤད་མ་ཐག་པ་ལྟར་ཡིན་ཡང་སྤྱིར་ཁྱིམ་དང་རྒྱུ་སྐར་གྱི་གནས་ཚུལ་ནི་)ཤར་དུ་ལུག་དང་སྲང་སོགས་ཏེ་(ལུག་ནས་)བུ་མོའི་མཐར་ཐུག་པ་(ཟླུམ་པོའི་ཕྱེད་)ལ་(རྒྱུ་སྐར་གྱི་འཁོར་ལོའི་ཕྱེད་)གནས་ཤིང་དེ་བཞིན་དུ་སྲང་ལ་ སོགས་པ་ཉའི་མཐར་ཐུག་པ་ལ་(ཟླུམ་པོ་ཕྱེད་)གནས་སོ། །(དེ་རྒྱས་པར་བཤད་པ་ནི་སའི་དུམ་བུ་)འདིར་ (ལུག་གི་ཁྱིམ་འཆར་བའི་དུས་ན་)ཤར་གྱི་ཕྱེད་དུ་ལུག་དང་དབང་ལྡན་དུ་གླང་དང༌། བྱང་གི་ཕྱེད་དུ་ འཁྲིག་པའོ། །སླར་ཡང་བྱང་གི་ཕྱེད་དུ་ཀར་ཀ་ཊ་དང༌། རླུང་དུ་སེང་གེ་དང་ནུབ་ཀྱི་ཕྱེད་དུ་ བུ་མོའོ། །སླར་ཡང་ནུབ་ཀྱི་ཕྱེད་དུ་སྲང་དང་བདེན་བྲལ་དུ་སྡིག་པ་དང༌། ལྷོའི་ཕྱེད་དུ་གཞུའོ། ། སླར་ཡང་ལྷོའི་ཕྱེད་དུ་གཞུའོ། །སླར་ཡང་ལྷོའི་ཕྱེད་དུ་ཆུ་སྲིན་དང་མེ་རུ་བུམ་པ་དང༌། ཤར་ གྱི་ཕྱེད་དུ་ཉའོ་ཞེས་པ་ནི་(རྒྱུ་སྐར་གྱི་)འགོ་ལ་ལ་ཁྱིམ་དགོད་པའོ། །འདིར་ལུག་ཤར་བ་ན་སྲང་ ནུབ་པ་དང་གླང་ཤར་བ་ན་སྡིག་པ་ནུབ་སྟེ། དེ་ལྟར་ཐམས་ཅད་དུ་ཉིན་མཚན་གྱི་ཤར་བའི་ ཁྱིམ་ནས་ཁྱིམ་བདུན་པ་ནི་ནུབ་པར་རིག་པར་བྱའོ(དེ་ལྟར་ན་རྒྱུ་སྐར་གཉིས་དང་བཞི་ཆ་ནི་ཁྱིམ་གྱི་ཚད་ཡིན་ ལ་དེ་དག་སོ་སོར་ལྷུན་པོ་ལ་ཟླུམ་པོ་ཡོན་པོ་མཐོ་དམན་གྱི་རྣམ་པ་ཅན་དུ་འཁོར་བའི་གཞི་འཁོར་ལོའི་རླུང་གི་ཤུགས་ལྟ་བུ་ནི་ འགོ་ལ་ཞེས་བྱའོ)། ། ༈ ཞེས་པ་ནི་ནམ་མཁའ་རྒྱ་ཆེན་པོ་མཐོང་བའི་ཕྱིར་མཚན་མོ་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ མཐོང་བ་ལས་ཤེས་པར་བྱའོ། །དེ་ལྟར་སའི་དུམ་བུ་སོ་སོའི་ལྷོ་རྟ་གདོང་ནས་བྱང་བསིལ་ རིའི་བར་ལ་ཁྱིམ་གྱི་འགོ་ལ་འཁོར་ཚུལ་བཤད་ནས་)ད་ནི་འཇིག་རྟེན་སྤྱིའི་ལུགས་ཀྱི་འགོ་ ལའི་རྒྱ་གསུངས་པ་མེ་ནས་བསིལ་བའི་རིའི་མཚམས་སུ་དཔག་ཚད་སྟོང་ཕྲག་མཁའ་དང་ 2-1-278 ནམ་མཁའ་མཁའ་དང་མདའ་རིའོ། །ཞེས་པ་སྟེ་(སའི་དུམ་བུ་)འདིར་ལྷོ་མེ(རི་)འི་དཀྱིལ་འཁོར་ (གྱི་ནང་མཚམས་རྟ་གདོང་གི་རིའི་སྟེང་)ནས་བྱང་ཁ་བ་ཅན་ཆེན་པོའི་(སྟེང་གི་)མཚམས་སུ་འགོ་ལའི་ཚད་ དཔག་ཚད་སྟོང་ཕྲག་བདུན་བཅུ་རྩ་ལྔ(སྟེ་ཆུའི་དཀྱིལ་འཁོར་ལ་སྟོང་ཕྲག་ལྔ་བཅུ་དང་སའི་དཀྱིལ་འཁོར་ལ་སྟོང་ ཕྲག་ཉེར་ལྔ་ཡོད་པའི་སྟེང་ཐད་ཀྱི་ཉི་མ་ལྷོ་བྱང་དུ་བགྲོད་པ་མཐར་ཐུག་པའི་བར་དུ་ཁྱིམ་གྱི་འཁོར་ལོ་འཁོར་བ་དང་འགོ་ལའི་རྒྱ་)འོ། །(སའི་དུམ་བུ་འདིའི་སྟེང་གི་འགོ་ལའི་རྒྱ་ཇི་ལྟ་བ་)དེ་བཞིན་དུ་ཤར་དང་(བྱང་དང་)ནུབ་འཁོར་བ་ནས་ ཏེ་(སའི་དུམ་བུ་ཐམས་ཅད་ཀྱི་སྟེང་དུ་འགོ་ལའི་རྒྱའི་ཚད་དེ་དང་འདྲའོ་)གསལ་བར་ལེའུ་ལྔ་པ་ལས་བརྗོད་པར་ བྱ(འདིར་ལེའུ་ལྔ་པའི་ཚིགས་བཅད་བརྒྱ་གྱ་དགུ་པའི་རྗེས་ལ་འདི་དང་མཐུན་པའི་ཚིག་བཅད་གཅིག་གྱི་སྨ་ལ་སྣང་བས་དང་ པོའི་རྒྱ་དཔེ་ལ་ཡོད་པར་གསལ་མོད་ཀྱི་ཕྱིས་ཀྱི་རྒྱ་དཔེ་ལ་ཆད་འདུག་གསུང་ངོ་)འོ། ༥༣ ། དབུས་སུ་འཁོར་ལོ་ཕྱེད་ཀྱི་རི་མོ་ཞེས་པ་ནི་ཁྱིམ་གྱི་འཁོར་ལོའི་དབུས་སུ་ཉིན་མཚན་ མཉམ་པའི་རི་མོ་སྟེ་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔའི་དབུས་སུ་(སྟེ་བྱང་ཁ་བ་ཅན་ཆེན་པོའི་སྟེང་ ཐད་ལྷུན་པོའི་རྭ་ནས་ཕྱི་རོལ་ཏུ་)ཕྱེད་དང་བཅས་པའི་སྟོང་ཕྲག་སུམ་ཅུ་རྩ་བདུན་གྱི་མཐར་འགྱུར་རོ། ། ༈ དེ་ལ་བགྲོད་པ་ནི་དབུས་སུ་འཁོར་ལོ་ཕྱེད་ཀྱི་རི་མོ་ཉི་མའི་བགྲོད་པ་དག་ཀྱང་ཞེས་ པ་སྟེ་ཀྱང་གི་སྒྲ་ལས་གཟའ་ཐམས་ཅད་ཀྱི་འཁོར་ལོ་ཕྱེད་ཀྱི་དབུས་ཀྱི་རི་མོ་བགྲོད་པ་ནི་ (གཟའ་རྣམས་)རང་རང་གི་(ཤར་བ་ནས་ནུབ་པའི་བར་དང་ནུབ་པ་ནས་ཤར་བའི་བར་དུ་རིང་ཐུང་)མཉམ་པ་ལ་ ཉིན་མཚན་གཅིག་ཡིན་གྱི་དུས་ཐམས་ཅད་དུ་ནི་མ་ཡིན་ནོ། །ཕྱི་ནས་གཡས་དང་གཡས་མིན་ དག་ཏུ་རྒྱུ་སྟེ། ཞེས་པ་ནི་ཕྱི་ནས་མཉམ་པའི་དུས་ཀྱི་ཉིན་ཞག་ལས་ལྷོར་བགྲོད་པ་ལ་ལྷོར་ རྒྱུ་ཞིང་བྱང་དུ་བགྲོད་པ་ལ་བྱང་དུ་རྒྱུ་སྟེ། གཡས་དང་གཡས་མིན་དག་ལ་ནི་(ཉི་མ་སྟོན་གྱི་ཉིན་ མཚན་མཉམ་པ་ནས་ལྷོ་{བགྲོད་}མཐར་ཐུག་གི་བར་ཕར་འགྲོ་བ་ལ་ཁྱིམ་གསུམ་དང་ཚུར་འོང་པ་ལ་ཁྱིམ་གསུམ་སྟེ་)སྲང་ལ་ སོགས་པ་(ཁྱིམ་དྲུག་)དང་(དཔྱིད་ཀྱི་ཉིན་མཚན་མཉམ་པ་ནས་བྱང་{བགྲོད་}མཐར་ཐུག་གི་བར་དུ་ཕར་འགྲོ་བ་ལ་ཁྱིམ་ 2-1-279 གསུམ་དང་ཚུར་འོང་པ་ལ་ཁྱིམ་གསུམ་སྟེ་)ལུག་ལ་སོགས་པ་(ཁྱིམ་དྲུག་)ལ(རྒྱུ་)འོ། །ཉིན་དང་མཚན་མོ་རྒྱུ་ སྐར་དབྱེ་བས་རིམ་པ་ཡིས། ལམ་རྣམས་མཁའ་ཀླུ་ཟླ་བ་ཞེས་པ་ནི་(ལྷོར་རྟ་གདོང་གི་སྟེང་ནས་བྱང་ཁ་ བ་ཅན་ཆེན་པོའི་སྟེང་གི་བར་ལ་ཉིན་རེ་བཞིན་བགྲོད་པའི་)ལམ་རྣམས་ཀྱི་གྲངས་(ཁྱིམ་ཞག་གི་གྲངས་དང་མཚུངས་ པར་)བརྒྱ་བརྒྱད་ཅུ་སྟེ། (ལྷོ་ནས་བྱང་དང་བྱང་ནས་ལྷོར་རིམ་པ་བཞིན་)འདོར་ཞིང་ཉིན་དང་མཚན་མོ་ དག་ཀྱང་(སྟེ་ཁྱིམ་ཞག་རེ་རེ་ཞིང་འདོར་ལ་དུས་ཅི་ཙམ་དུ་འདོར་ན་)ཇི་སྲིད་བགྲོད་པ་དག་གི་མཐར་ཞེས་པ་ ནི་བྱང་དུ་བགྲོད་པ་ནས་ལྷོར་བགྲོད་པའི་བར་དང༌། ལྷོར་བགྲོད་པ་ནས་བྱང་དུ་བགྲོད་པའི་ བར་དུ(འདོར་རོ་)འོ། ། ༈ ཉི་མ་རི་བོང་ཅན་གྱི་ཉིན་མཚན་ཆུ་ཚོད་དྲུག་ཅུ་དག་ལས་འགྲིབ་དང་འཕེལ་བ་དྲུག་ ཆས་སོ། །ཞེས་པ་ནི་(ཀཻ་ལ་ཤའི་ཡུལ་)འདིར་དྲུག་ཆས་འགྲིབ་པར་འགྱུར་ཞིང་འཕེལ་བར་འགྱུར་ ཏེ་ཆུ་ཚོད་དྲུག་ཅུའི་དྲུག་ཆ་ཆུ་ཚོད་བཅུས་(ཉི་མ་)ཆུ་སྲིན་(ཞུགས་པ་)ནས་འཁྲིག་པའི་མཐར་ ཐུགས་པ(ར་བགྲོད་པ་)འི་བར་དུ་མཚན་མོ་འགྲིབ་ཅིང་ཉིན་མོ་འཕེལ་ལོ། །(ཞེས་པ་འཁྲིག་པའི་ ཁྱིམ་གྱི་མཐར་བགྲོད་པའི་ཉིན་ཞག་དེ་ལ་ཆུ་ཚོད་བཅུས་ཉིན་མོ་རིང་ཞིང་མཚན་མོ་ཐུང་སྟེ་ཉིན་མོ་ལ་ཆུ་ཚོད་སུམ་ཅུ་སོ་ལྔ་དང་ མཚན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་ལྔ་ཡོད་དོ། །ཞག་རེ་རེ་ཞིང་འཕེལ་འགྲིབ་ཏུ་འགྱུར་བ་ནི་ཆུ་སྲང་གསུམ་དབུགས་གཅིག་དབུགས་ཀྱི་ འདོད་ཆ་དགུ་དང་འདོད་ཆ་གཅིག་གི་སུམ་ཆ་ཅུང་མེད་གཅིག་གིས་ཞག་རེ་ཞིང་ཉིན་མོ་འཕེལ་ཞིང་མཚན་མོ་འགྲིབ་པོ་)ཀར་ ཀ་ཊ་ནས་གཞུའི་མཐར་ཐུག་པའི་བར་དུ་ཉིན་མོ་འགྲིབ་ཅིང་མཚན་མོ་འཕེལ་ཏེ་ངེས་པར་ཉི་ མ་(ཉིན་མོ་དང་)རི་བོང་ཅན་(མཚན་མོ་)ནི་འགྲིབ་དང་འཕེལ་ཞེས་པ་དྲུག་ཆས་(སྟེ་སྔ་མ་ལས་བཟློག་པས་)སོ། །ཀཻ་ལ་ཤའི་དུམ་བུ་ལ་(ལྷུན་པོའི་)གྲིབ་མའི་(དབང་གིས་ཉིན་མཚན་འཕེལ་འགྲིབ་)ངེས་པ་འདི་ནི་ འཕགས་པའི་ཡུལ་དུ་མ་ཡིན་ཏེ། འཕགས་པའི་ཡུལ་དུ་ནི་བྱང་དུ་བགྲོད་པ་ནས་ལྷོར་བགྲོད་ པའི་མཐའ་དང་ལྷོར་བགྲོད་པ་ནས་བྱང་དུ་བགྲོད་པའི་མཐར་(ལྷུན་པོའི་)གྲིབ་མའི་ངེས་པའི་ དབང་གིས་བཅུའི་ཆ(ཆུ་ཚོད་དྲུག་གི་)ས་འགྲིབ་ཅིང་འཕེལ་ལོ། །(ཞེས་པ་འཕགས་པའི་ཡུལ་དུ་བྱང་བགྲོད་ 2-1-280 ཀྱི་མཐར་ཉིན་མོ་ལ་ཆུ་ཚོད་སུམ་ཅུ་རྩ་གསུམ་དང་མཚན་མོ་ཆུ་ཚོད་ཉི་ཤུ་རྩ་བདུན་ཡོད་དོ་)དེ་བཞིན་དུ་བོད་དང་ལི་ དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་སུ་དགུ་ཆ་(ཆུ་ཚོད་དྲུག་ཆུ་སྲང་བཞི་བཅུ་)དང་བརྒྱད་ཆ་(ཆུ་ཚོད་ བདུན་ཆུ་སྲང་སུམ་ཅུ་)དང་བདུན་ཆ་(ཆུ་ཚོད་བརྒྱད་ཆུ་སྲང་སོ་བཞི་དབུགས་གཅིག་དབུགས་ཀྱི་བདུན་ཆ་ལྔ་)དག་གིས་ ({ཤམ་བྷ་ལའི་{ཀཻ་ལ་ཤའི་}ཡུལ་གྱི་གཙོ་བོས་)ཤམ་བྷ་ལའི་ཡུལ་ལ་ཐུག་པའི་བར་དུ་(ལྷུན་པོའི་)གྲིབ་མའི་ དབང་གིས་(ལྷུན་པོ་ལ་ཉེ་བའི་སར་ཉིན་མཚན་འཕེལ་འགྲིབ་ཀྱི་ཁྱད་པར་ཆེ་ཞིང་རིང་བའི་སར་ཁྱད་པར་ཆུང་བའི་ཚུལ་ གྱིས་)འགྲིབ་ཅིང་འཕེལ་བར་རིག་པར་བྱའོ(ལི་དང་རྒྱ་ནག་བོད་ཀྱི་བྱང་དྲང་ཐད་{ན་མེད་ཀྱང་བྱང་དྲང་ཐད་}ཀྱི་ སའི་དུམ་བུ་གཅིག་གི་ནུབ་ན་ལི་དང་གཅིག་གི་ཤར་ན་རྒྱ་ནག་ཡོད་པས་བྱང་དྲང་ཐད་ཀྱི་སའི་དུམ་བུ་གཉིས་དང་གནད་གཅིག་ ཅིང་སའི་དུམ་བུ་དེ་དག་ངོས་བཟུང་བའི་ཕྱིར་ལི་དང་རྒྱ་ནག་སྨོས་པ་ཡིན་ནོ)། ༥༤ ། ༈ ད་ནི་སྟེང་དུ་ཉི་མ་འཁོར་བའི་དབང་གིས་(འོག་ཏུ་ས་)དུམ་བུ་བཅུ་གཉིས་ལ་སའི་འགོ་ ལ་(དུས་ཚིགས་རྣམས་འཁོར་ཚུལ་)གསུངས་པ་(སའི་འགོ་ལ་ནི་སའི་དྲོད་མཐོ་དམན་དུ་འཁོར་བ་ཡིན་གསུང་ཡང་དུས་ ཚིགས་འཁོར་བ་ཉིད་སའི་འགོ་ལ་ཡིན་པར་སེམས་སོ་)གང་ཕྱིར་རི་ལ་སྐྱེ་བོ་རྣམས་ཀྱི་ཉིན་མཚན་མཉམ་ པར་འགྱུར་ཏེ་ལུག་ཉི་སྲང་གི་ཉི་མ་ལའོ། །ཞེས་པ་སྟེ་སའི་དུམ་བུ་(འཛམ་གླིང་ཆུང་ངུ་)གང་དུ་ ལུག་གི་ཉི་མ་ལ་དཔྱིད་ཕྱེད་ཉིན་མཚན་མཉམ་པར་འགྱུར་ན་སྲང་གི་ཉི་མ་ལ་སྟོན་ཕྱེད་དུ་ འགྱུར་རོ། །དེའི་ཕྱིར་དེ་བཞིན་དུ་(བྱང་གི་སའི་དུམ་བུ་སྒྲ་མི་སྙན་)ལུག་གི་ཉི་མ་ལ་སྟོན་ཕྱེད་དུ་འགྱུར་ ན་སྲང་གི་ཉི་མ་ལ་དཔྱིད་ཀྱི་དུས་ཕྱེད་ཀྱི་ཉིན་མཚན་མཉམ་པར་འགྱུར་རོ། །དེ་བཞིན་དུ་(དེ་ ལྟར་སྟོན་དཔྱིད་ཀྱི་དུས་ཚིགས་)ཕན་ཚུན་ལྟོས་པ་ལས་གང་གི་ཕྱིར་སའི་དུམ་བུ་དང་པོ་ལ་རི་ཞེས་པ་ སའི་དུམ་བུ་བདུན་པ་ལ་སྟེ་ལྷུན་པོའི་ལྷོ་ནས་བྱང་དང་བྱང་ནས་ལྷོར་སའི་དུམ་བུ་བདུན་པ་ ལ་(དཔྱིད་དང་སྟོན་གྱི་དུས་སུ་)ཉིན་མཚན་མཉམ་པར་འགྱུར་རོ། །དེ་ཕྱིར་གཉིས་བརྒྱད་དུམ་བུ་ དག་ལ་ངེས་པར་གླང་ལ་གནས་དང་སྡིག་པ་ལ་གནས་དེ་བཞིན་ནོ། །ཞེས་པ་ནི་འདིར་ཇི་ ལྟར་སྔར་བརྗོད་པ་ལ་ལྷུན་པོའི་ལྷོ་དང་བྱང་གི་སའི་དུམ་བུར་ལུག་གི་ཉི་མ་དང་སྲང་གི་ཉི་མ་ 2-1-281 ལ་ཉིན་མཚན་མཉམ་པར་འགྱུར་བ་དེ་བཞིན་དུ་(དུམ་བུ་གཉིས་ལ་)ཅུང་ཟད་བདེན་བྲལ་གྱི་ཟུར་ དུ་གནས་པ་(ལྷོའི་གླིང་ཕྲན་ནུབ་མ་)དང་(དུམ་བུ་བརྒྱད་པ་)དབང་ལྡན་གྱི་ཟུར་ཕྱེད་ཀྱི་ཆར་གནས་པ་ (བྱང་གི་གླིང་ཕྲན་ནུབ་མ་)ལ་ཡང་ངེས་པ་ཞེས་པ་གདོན་མི་ཟ་བར་ཉི་མ་གླང་ལ་གནས་པ་དང་སྡིག་ པ་ལ་གནས་པ་ལ་དེ་བཞིན་དུ་དཔྱིད་ཕྱེད་དང་སྟོན་ཕྱེད་ཉིན་མཚན་མཉམ་པར་འགྱུར་རོ། ། དེ་བཞིན་དུ་(ཐམས་ཅད་གཡས་སྐོར་དུ་རིག་པར་བྱ་སྟེ་)བུག་པ་ཞེས་བྱ་དགུ་པ་དང་མེ་གྲངས་ཏེ་གསུམ་ པའི་སའི་དུམ་བུར་བདེན་བྲལ་གྱི་ཟུར་གྱི་ཕྱེད་གཞན་ལ་གནས་པ་དང་དབང་ལྡན་གྱི་ཟུར་གྱི་ ཕྱེད་ལ་གནས་པ་ལ་ཉིན་མཚན་མཉམ་པར་འགྱུར་ཏེ་ཉི་མ་འཁྲིག་པ་ལ་གནས་པ་དང་གཞུ་ ལ་གནས་པ་ལ་དཔྱིད་ཕྱེད་དང་སྟོན་ཕྱེད་དུ་འགྱུར་རོ། །ཕྱོགས་ཀྱི་ཚད་བཅུ་པ་དང་བཞི་པ་ དག་ལ་ནི་ལྷུན་པོའི་ཤར་གྱི་སའི་དུམ་བུ། (ལུས་འཕགས་པོ་)དང་ནུབ་ཀྱི་སའི་དུམ་བུར་(བ་ལང་སྤྱོད་ དུ་)ཉིན་མཚན་མཉམ་པར་འགྱུར་ཏེ། ཉི་མ་ཀར་ཀ་ཊ་ལ་གནས་པ་དག་དང་ཆུ་སྲིན་ལ་གནས་ པ་ལ་དཔྱིད་ཕྱེད་དང་སྟོན་ཕྱེད་དུ་འགྱུར་རོ། །ལྔ་པ་བཅུ་གཅིག་པ་ལ་ཡང་སྟེ། ༥༥ སེང་གེ་ བུམ་པར་རབ་ཏུ་ཞུགས་པར་གྱུར་པ་ན་ལྔ་པ་རླུང་གི་ཟུར་གྱི་ཕྱེད་ལ་ཉི་མ་གནས་པ་དང་བཅུ་ གཅིག་པ་མེའི་ཟུར་གྱི་ཕྱེད་ལ་གནས་པ་ལ་ཉིན་མཚན་མཉམ་པར་འགྱུར་ཏེ་དཔྱིད་ཕྱེད་དང་ སྟོན་ཕྱེད་དུ་འགྱུར་རོ། །བཅུ་གཉིས་རོ་ཡི་སར་ནི་ཞེས་པ་བཅུ་གཉིས་པ་མེའི་ཟུར་གྱི་ཕྱེད་ གཞན་ལ་གནས་པ་དང་རོ་རླུང་གི་ཟུར་གྱི་ཕྱེད་གཞན་ལ་གནས་པ་ལ་སྟེ་ས་(མ་ཧྱཱན་ཞེས་ཐོབ་པ་ལ་ མ་ཧཽ་)ཞེས་པ་(སྒྲ་ཉམས་ནི་)ལུང་གི་ཚིག་གོ། ཉི་མ་ཉ་ལ་གནས་པ་དང་བུ་མོ་ལ་གནས་པ་ལ་ཉིན་ མཚན་མཉམ་པ་གཉིས་སུ་འགྱུར་ཏེ་དཔྱིད་ཕྱེད་དང་སྟོན་ཕྱེད་དུ་འགྱུར་རོ། །དེ་ལྟར་ས་(དུམ་ བུ་)བཅུ་གཉིས་སུ་ཁྱིམ་བཅུ་གཉིས་ཀྱི་དབང་གིས་(སའི་དུམ་བུ་དང་པོར་)ཉི་མ་འཆར་བ་དང་(དུམ་བུ་ བདུན་པར་ཉི་མ་)ནུབ་པའི་རྣམ་པར་དབྱེ་བས་(བཅུ་གཉིས་ཡོད་པ་ལྟར་)ཟླ་བ་བཅུ་གཉིས་དང་དུས་དྲུག་ ཏུ་འགྱུར་རོ། ། 2-1-282 ༈ ད་ནི་ཉི་མའི་ཁྱིམ་འཁོར་བའི་དབང་གིས་ས་དུམ་བུ་བཅུ་གཉིས་སུ་བྱང་དུ་བགྲོད་པ་ བཅུ་གཉིས་དང་ལྷོར་བགྲོད་པ་བཅུ་གཉིས་གསུངས་པ། འདིར་ནི་གཡོན་བགྲོད་དུ་འགྱུར་ ཞེས་པ་སྟེ་འདིར་ནི་ཞེས་པ་ལྷུན་པོའི་ལྷོའི་སའི་དུམ་བུར་རོ། །(འདི་ནས་མགོ་རྩོམ་པ་)ཅིའི་ཕྱིར་ ཞེ་ན་ལྷོ་འཛམ་བུའི་གླིང་ཆུང་ངུར་དེ་བཞིན་གཤེགས་པས་ཆོས་བསྟན་པའི་དབང་གིས་ སོ། །དེའི་ཕྱིར་ལྷོའི་སའི་དུམ་བུར་གཡོན་བགྲོད་ཅེས་པ་བྱང་དུ་བགྲོད་པ(འི་དང་པོ་)སྟེ་ཉི་མ་ ཆུ་སྲིན་དུ་གནས་པ་ལའོ། །དེ་བཞིན་དུ་(གཡས་སྐོར་གྱིས་)བུམ་པར་ཉི་མ(གནས་པ་)ས་སའི་དུམ་ བུ་གཉིས་པ་ལ་(བྱང་བགྲོད་ཀྱི་དང་པོ་)སྟེ་ཉ་ལ་དུམ་བུ་གསུམ་པར་(བྱང་གི་བགྲོད་པའི་དང་པོར་འགྱུར་) རོ། །མི་རྣམས་ཀྱི་ནི་བགྲོད་པ་དག་ཀྱང་ལུག་གི་ཉི་མས་བཞི་པར་ཏེ་ནུབ་ཀྱི་སའི་དུམ་བུ་ནི་ བཞི་པའོ། །འབྱུང་བ་ཞེས་བྱ་ལྔ་པར་ཉི་མ་གླང་ལ་གནས་པར་གྱུར་པས་སོ། །(བྱང་བགྲོད་ཀྱི་ དང་པོར་འགྱུར་རོ་)འཁྲིག་པར་ཉི་མ་གནས་པས་ས་དྲུག་པ་ལ་བྱང་དུ་བགྲོད་པ(འི་དང་པོ་)ར་གྱུར་ རོ། །བདུན་པ་ལྷུན་པོའི་བྱང་དུ་ཡང་༥༦ ཉི་མ་ཀར་ཀ་ཊ་ལ་གནས་པས་བྱང་དུ་བགྲོད་པ(འི་ དང་པོ་)ར་འགྱུར་རོ། །སེང་གེ་ལ་གནས་པས་སའི་དུམ་བུ་བརྒྱད་པར་འགྱུར་རོ། །བུ་མོ་ལ་ཉི་ མ་གནས་པས་བུག་པ་སྟེ་སའི་དུམ་བུ་དགུ་པར་(འགྱུར་)རོ། །སྲང་གི་ཉི་མས་སའི་དུམ་བུ་བཅུ་ པར་འགྱུར་རོ། །སྡིག་པར་ཉི་མ་ཡིས་དྲག་པོའི་དུམ་བུ་བཅུ་གཅིག་པ་ལའོ། །གཞུ་ལ་གནས་ པས་དུམ་བུ་བཅུ་གཉིས་པར་འགྱུར་ཏེ་མི་རྣམས་བགྲོད་པ་དག་ཀྱང༌། ཡང་དག་འབྱུང་བ་ ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་རྩིབས་བཅུ་གཉིས་ཀྱི་ས་ལ་གནས་པའི་འཇིག་རྟེན་པ་རྣམས་ ཀྱི་བྱང་དུ་བགྲོད་པའོ། །དེ་བཞིན་ལྷོར་བགྲོད་དུ་འགྱུར་ཞེས་པ་དེ་ལྟར་བརྗོད་པའི་རིམ་པས་ ལྷོར་བགྲོད་པ་སྟེ་ཉི་མ་བགྲོད་པའི་དབང་གིས་ཀར་ཀ་ཊ་སོགས་ཁྱིམ་རྣམས་དག་ལ་འགྱུར་ རོ། །ལྷུན་པོའི་ལྷོ་འཛམ་བུའི་གླིང་ཆུང་ངུའི་སའི་དུམ་བུ་འདིར་ཀར་ཀ་ཊར་ཉི་མ་གནས་པས་ ལྷོར་བགྲོད་པ(འི་དང་པོ་)ར་འགྱུར་རོ། །དེ་བཞིན་དུ་གཡས་སྐོར་གྱིས་ཏེ་གཉིས་པར་སེང་གེའི་ 2-1-283 ཉི་མས་སོ། །གསུམ་པར་བུ་མོའི་ཉི་མས་སོ། །བཞི་པར་སྲང་གི་ཉི་མས་ཏེ་ལྷུན་པོའི་ནུབ་ ཏུ་ལྷོར་བགྲོད་པར་འགྱུར་རོ། །ལྔ་པ་ལ་སྡིག་པའི་ཉི་མས་སོ། །དྲུག་པ་ལ་གཞུའི་ཉི་མས་སོ། ། བདུན་པ་ལ་ཆུ་སྲིན་གྱི་ཉི་མས་ཏེ་ལྷུན་པོའི་བྱང་དུའོ། །བརྒྱད་པ་ལ་བུམ་པའི་ཉི་མས་སོ། ། དགུ་པ་ལ་ཉའི་ཉི་མས་སོ། །བཅུ་པ་ལ་ལུག་གི་ཉི་མས་སོ། །བཅུ་གཅིག་པ་ལ་གླང་གི་ཉི་ མས་སོ། །སའི་དུམ་བུ་བཅུ་གཉིས་པ་ལ་འཁྲིག་པའི་ཉི་མས་ཏེ་ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་ འཇིག་རྟེན་པ་རྣམས་ཀྱི་ལྷོར་བགྲོད་པར་འགྱུར་རོ། ༥༧ ། ༈ ད་ནི་སའི་དཀྱིལ་འཁོར་ལ་ཉི་མ་སྟེང་དུ་འགྲོ་བའི་ཚད་གསུངས་པ་སྟེང་དུ་དྲུག་དང་ ཀླུ་ཡི་གྲངས་ཞེས་པ་སྟེ་འདིར་(གླིང་)བདུན་པ་སའི་དཀྱིལ་འཁོར་ལས་སྟེང་དུ་དཔག་ཚད་ སྟོང་ཕྲག་བརྒྱད་ཅུ་རྩ་དྲུག་གི་གྲངས་ནི་ཉི་མའི་གདུང་བྱེད་དག་ཀྱང་བྱང་དུ་བགྲོད་པ་དག་གི་ མཐར་ཏེ་ལྷོར་བགྲོད་པའི་དང་པོ་ལའོ། །(དེའི་ཚེ་ཉི་མའི་དཀྱིལ་འཁོར་ནི་ལྷུན་པོའི་རྭ་ལ་རེག་པར་གསུངས་ པས་སའི་དཀྱིལ་འཁོར་ནས་ཉི་མའི་བར་ལ་དཔག་ཚད་འབུམ་ཕྲག་གཅིག་ཡོད་ལ་ཉི་མའི་དཀྱིལ་འཁོར་ནས་གདུང་བྱེད་ཀྱི་ མ་མཐའི་བར་ལ་དཔག་ཚད་སྟོང་ཕྲག་བཅུ་བཞི་ཡོད་དོ་དེའང་)རང་རང་གི་དུམ་བུར་ཀར་ཀ་ཊ་ལ་སོགས་ པ་རང་རང་གི་ལྷོར་བགྲོད་པའི་འཕོ་བའི་ཉིན་ཞག་(སྟེ་ཉི་མ་ལྡོག་ཉིན་གཅིག་)ལ་འགྱུར་ཏེ་དུམ་ བུ་བཅུ་གཉིས་པོ་རྣམས་ལ་རིམ་པ་བཞིན་ནོ། །དེ་ནས་གཡས་ཕྱོགས་སུ་ཡང་(རིམ་གྱིས་)ཟད་ པར་འགྱུར་ཏེ་མི་ཡི་བདག་པོ་(ཞེས་བོད་པ་སྟེ་ཅི་ཙམ་ཟད་པར་གྱུར་ན་)སྟོང་ཕྲག་དག་ནི་དྲག་ པོའི་གྲངས་ཞེས་པ་ནི་ལྷོར་བགྲོད་པའི་(དང་པོ་ཉི་མ་ཀར་ཀ་ཊའི་ཁྱིམ་དུ་)འཕོ་བའི་ཉིན་ཞག་དེ་ནས་ གཡས་སུ་བགྲོད་པ་ལ་བྱང་དུ་བགྲོད་པའི་(ཐོག་མའི་)བར་དུ་སྟོང་ཕྲག་བཅུ་གཅིག་ཟད་པ(སྟེ་ དམའ་བ་)ར་འགྱུར་ཏེ་ཉི་མའི་གདུང་བར་བྱེད་པ་ནི་སྟེང་དུ་སྟོང་ཕྲག་བདུན་ཅུ་རྩ་ལྔར་རིག་པར་ བྱའོ། །སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་མདའ་ནི་སྟེ་ལྔ་བརྒྱ་དང་བྲལ་བར་གྱུར་པ་(དཔག་ཚད་སྟོང་ ཕྲག་བརྒྱད་ཅུ་དང་ལྔ་བརྒྱ་)དབུས་ནས་(ཉིན་མཚན་མཉམ་པའི་)འགོ་ལའི་རི་མོར་(ཉི་མ་གནས་པའི་དུས་ཀྱི་ཉི་མའི་ 2-1-284 གདུང་བྱེད་ཀྱི་དཔངས་སུ་)འགྱུར་ཏེ་དཔག་ཚད་ཀྱི་ཚད་ནི་འགོ་ལའི་རི་མོ་དེ་ལས་(ཉི་མ་གནས་པའི་གདུང་ བྱེད་ཀྱི་དཔངས་ལ་)གང་ཞིག་ཉི་མའི་(ཉི་མའི་གདུང་བྱེད་ཀྱི་དཔངས་)འཕེལ་བ་དང་འགྲིབ་པར་གྱུར་པ་ དེ་ནི་མཁའ་མཁའ་མདའ་དང་མདའ་ཞེས་པ་དཔག་ཚད་ལྔ་བརྒྱ་ལྷག་པའི་སྟོང་ཕྲག་ལྔ་སྟེ། (ཉིན་མཚན་མཉམ་པའི་འགོ་ལའི་)རི་མོ་(གནས་པའི་ཉི་མའི་གདུང་བྱེད་ཀྱི་དཔངས་)ལས་བྱང་དང་ལྷོར་ཉི་མའི་ གདུང་བར་བྱེད་པ་སྟེང་དུ་(མཐོ་དམན་དུ་འགྱུར་ཏེ་གླིང་བཅུ་གཉིས་པོ་)རང་རང་གི་དུམ་བུར་རང་རང་གི་ (ཉིན་མཚན་མཉམ་པའི་)ཁྱིམ་དུ་(ཉི་མ་)ལོངས་སྤྱོད་པའི་དབང་གིས་རིག་པར་བྱའོ( ཞེས་པ་ཉིན་མཚན་ མཉམ་པའི་འགོ་ལའི་རི་མོ་ལ་ཉི་མ་གནས་པའི་དུས་ཀྱི་ཉི་མའི་གདུང་བྱེད་ཀྱི་དཔངས་ལས་བྱང་དང་ལྷོར་བགྲོད་པའི་མཐའི་བར་ ལ་དཔག་ཚད་ལྔ་སྟོང་དང་ལྔ་བརྒྱ་ཉི་མའི་གདུང་བྱེད་ཀྱི་དཔངས་འཕེལ་འགྲིབ་བྱེད་ཅེས་པའོ)། ༥༨ ། ༈ ད་ནི་དུམ་བུ་བཅུ་གཉིས་ལ་ལྷོ་དང་བྱང་དུ་ཉིན་ཞག་སོ་སོར་ཉི་མ་ཐད་ཀར་འགྲོ་བ་ གསུངས་པ། ལན་ཚྭའི་རྒྱ་མཚོ་འགོངས་ནས་ཉིན་མོར་བྱེད་པ་དག་ནི་ལྷོ་རུ་མེ་ཡི་བར་དུ་ འགྲོ་བར་བྱེད་ཅེས་པ་སྟེ། འདིར་རྩིབས་བཅུ་གཉིས་ཀྱི་ས་ལ་དུམ་བུ་སོ་སོ་རེ་རེར་ཁྱིམ་གྱི་ དབང་གིས་ལན་ཚྭའི་རྒྱ་མཚོ་འགོངས་ནས་ལྷོར་བགྲོད་པ་ལ་གནས་པའི་ཉི་མ་མེ་ཡི་དཀྱིལ་ འཁོར་གྱི་དང་པོའི་བར་རྒྱ་མཚོའི་མཐའི་མཚམས་སུ་འགྲོ་བར་བྱེད་དོ། །མེའི་དཀྱིལ་འཁོར་ གྱི་མཚམས་དེ་ནས་ཀཻ་ལ་ཤའི་བྱང་དུ་འགྲོ་སྟེ་གངས་ཅན་གྱི་རི་ལ་བྱང་གི་ལམ་དུ་ཡང་བྱང་ བགྲོད་ལ་གནས་པའི་ཉི་མ་ལྷོ་བགྲོད་ཀྱི་དང་པོའི་ཉིན་ཞག་གི་བར་དུའོ(འདིས་ནི་ཁ་ཅིག་ཉི་མའི་ དཀྱིལ་འཁོར་ཉིད་རྟ་གདོང་གི་རིའི་སྟེང་དང་བྱང་གངས་ལྡན་ཆེན་པོའི་སྟེང་ཐད་ཀྱི་བར་དུ་མི་འགྲོ་སྟེ་ཉི་མ་བྱང་བགྲོད་མཐར་ ཐུག་པའི་དུས་ཀྱི་ཉི་མ་ཕྱེད་ཀྱི་ཐུར་ཤིང་གི་གྲིབ་མ་ཅུང་ཟད་བྱང་དུ་ཡོ་བའི་ཕྱིར་ཉི་མའི་གདུང་བྱེད་ལྷོ་བྱང་གི་མཐའ་དེ་ཙམ་ དུ་འགྲོ་བར་འདོད་པ་ཡང་བཀག་པ་ཡིན་ཏེ་ཉི་མའི་གདུང་བྱེད་ཀྱི་འོག་ཏུ་འབབ་པ་ཡིན་གྱི་ཐད་ཀར་མི་འགྲོ་ལ་འདིར་ཉི་མའི་ གདུང་བྱེད་ཅེས་མ་གསུངས་པའི་ཕྱིར་རོ)། །མདའ་རྣམས་ཚེས་ཀྱིས་བསྒྱུར་བ་ཞེས་པ་ལ་མདའ་རྣམས་ ཞེས་པ་ལྔ་དང་ཚེས་ཞེས་པ་བཅོ་ལྔ་སྟེ་བཅོ་ལྔ་པོ་དེ་དག་གིས་བསྒྱུར་བ་ནི་མདའ་རྣམས་ཚེས་ 2-1-285 ཀྱིས་བསྒྱུར་བ་ཞེས་པ་བདུན་ཅུ་རྩ་ལྔར་འགྱུར་རོ། །དཔག་ཚད་ཀྱི་གྲངས་སྟོང་ཕྲག་བདུན་ཅུ་ རྩ་ལྔ་པོ་དེ་[ཕྱོགས་[རྣམས]ཀྱི་བགྲོད་པ་དག་ལ་ཉིན་མོར་བྱེད་པས་འགྲོ་བར་བྱེད་དེ་གངས་ ཅན་ནས་མེའི་བར་དང་མེ་ནས་གངས་ཅན་གྱི་བར་སྟོང་ཕྲག་བདུན་ཅུ་རྩ་ལྔ་ནི་ལྷོ་བགྲོད་ལ་ སོགས་པ(བྱང་དུ་བགྲོད་པ་)འི་ཕྱོགས་ཀྱི་ཆའོ། །(ལྷོ་བྱང་གི་)ཕྱོགས་ཀྱི་ཆ་དེ་ཟླ་བ་དྲུག་གིས་རིམ་པ་ བཞིན་དུ་བྱང་དུ་བགྲོད་པ་དང་ལྷོར་བགྲོད་པ་དག་ལ་བགྲོད་དོ། །ཕྱེད་བཅས་མིག་ཀླུ་ཟླས་ ཐོབ་ཉིན་དང་ཉིན་ལ་འདོར་བ་ཞེས་པ་ནི་(བགྲོད་པ་གཅིག་གི་ཉིན་ཞག་གི་གྲངས་)ཕྱེད་དང་བཅས་པའི་ བརྒྱ་བརྒྱད་ཅུ་རྩ་གཉིས་ཀྱིས་ཆ་ཐོབ་པ་(དཔག་ཚད་བཞི་བརྒྱ་དང་བཅུ་རྒྱང་གྲགས་གསུམ་གཞུ་སྟོང་དྲུག་བརྒྱ་ བདུན་ཅུ་རྩ་གཅིག་ལྷག་ཙམ་)ནི་སྟོང་ཕྲག་བདུན་ཅུ་རྩ་ལྔ་ལས་ཉིན་ཞག་སོ་སོར་དཔག་ཚད་རྣམས་ ཀྱི་ཕྱོགས་ཀྱི་ཆ་ཉི་མས་འདོར་རོ། །(ཞེས་པ་ཉི་མས་ཉིན་རེ་བཞིན་ལྷོ་བྱང་དུ་འགྲོ་བའི་ཚད་དོ་)དེ་ལྟར་བགྲོད་ པ་གཉི་གའི་ལོངས་སྤྱོད་ཀྱིས་ཉི་མའི་ཁྱིམ་གྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཉིན་ཞག་གི་ གྲངས་ནི་དྲུག་ཅུ་རྩ་ལྔ་ལྷག་པའི་སུམ་བརྒྱར་འགྱུར་རོ། །དེ་ལྟར་དུམ་བུ་བཅུ་གཉིས་སུ་ཉི་མ་ ཐད་ཀར་བགྲོད་པར་རིག་པར་བྱའོ། ༥༩ ། ༈ ད་ནི་དུམ་བུ་བཅུ་གཉིས་སུ་(ཁྱིམ་བཅུ་གཉིས་)འཁོར་བའི་དབང་གི་ཉི་མ་ཁྱིམ་སོ་སོ་ལ་ གནས་པའི་ཟླ་བ་བཅུ་གཉིས་ཀྱི་དབྱེ་བ་གསུངས་པ། ཁྱིམ་གཅིག་ལ་ནི་ཉི་མ་གནས་པས་ མཐའ་དག་དུས་ཀྱི་ཚོགས་དང་ཟླ་བ་དང་ནི་ཕྱོགས་རྣམས་བྱེད་ཅེས་པ་སྟེ་འདིར་ལུག་ལ་ སོགས་པའི་ཁྱིམ་གང་ཡང་རུང་བ་གཅིག་ལ་ཉི་མ་གནས་པས་(དེ་ཉིད་ཀྱི་དུས་ན་)དུམ་བུ་བཅུ་ གཉིས་སུ་དུས་དྲུག་དང་ཟླ་བ་བཅུ་གཉིས་དང་ཕྱོགས་ཉི་ཤུ་རྩ་བཞི་བྱེད་དེ་ཁྱིམ་གྱི་འཁོར་ལོ་ འཁོར་བའི་དབང་གིས་སོ། །འདིར་ལྷུན་པོའི་ཕྱོགས་ཀྱི་ཆ་ཐམས་ཅད་དུ་ཁྱིམ་གྱི་འཁོར་ལོ་ (བཅུ་གཉིས་པོ་སོ་སོར་)འཁོར་བའི་དབང་གིས་མེ་(རིའི་སྟེང་གི་ཐད་ཀ་)ལ་རེག་པ་གང་ཡིན་པ(འི་ཁྱིམ་) དེ་ནི་(ཁྱིམ་)བདུན་པ(མེ་རིའི་སྟེང་གི་ཐད་ཀ་ལ་རེག་པ་)འི་ཕྱོགས་ཐོབ་པ་(སྟེ་དེར་སླེབ་པ་)ན་ལྷུན་པོའི་ 2-1-286 རྩེ་མོ་(སྟེ་རྭ་)ལ་རེག་ཅིང་གངས་ཀྱི་རི་ཡི་(ཐད་ཀའི་)སྟེང་དུ་འགྲོའོ་ཞེས་པ(ཁྱིམས་སོ་སོར་འཁོར་བ་) འི་རིགས་པས་(ཁྱིམ་ལ་གནས་པའི་)ཉི་མ་ཁྱིམ་སོ་སོར་གནས་པའི་དུས་ཀྱི་ཚོགས་ལ་སོགས་པ་ མཐའ་དག་སྟེ་ཐམས་ཅད་རིག་པར་བྱའོ། །དུམ་བུ་དུམ་བུ་དག་ཏུ་ཟླ་བར་འགྱུར་ཏེ་ས་གཞི་ བཅུ་གཉིས་རྩིབས་རྣམས་ལ་ནི་རིམ་པས་སོ་ཞེས་པ་ནི་འདིར་ས་གཞི་རྩིབས་བཅུ་གཉིས་པ་ ལ་དུམ་བུ་སོ་སོ་དག་ཏུ་ཟླ་བ་(བཅུ་གཉིས་པོ་)སོ་སོར་(ཡོད་པར་)འགྱུར་རོ། ། ༈ ཉི་མ་ཁྱིམ་གཅིག་ལ་གནས་པའི་རྣམ་པ་གང་གིས་(ས་དུམ་བུ་བཅུ་གཉིས་པོ་རྣམས་སུ་དུས་ ཀྱི་ཚོགས་སོ་སོར་ངེས་པ་)ཡིན་པ་དེ་ལྟར་(ཐོག་མར་)བརྗོད་པར་བྱ་སྟེ་འདིར་ཁྱིམ་གཅིག་ངེས་པར་ བསྟན་པས་ཁྱིམ་ཐམས་ཅད་རིག་པར་བྱའོ། །ལྷུན་པོའི་ལྷོ་འཛམ་བུའི་གླིང་ཆུང་ངུ་འདིར་ ལུག་ལ་སོགས་པའི་ཁྱིམ་རྣམས་དང་དཔྱིད་ལ་སོགས་པའི་དུས་རྣམས་དང་ནག་པ་ལ་སོགས་ པའི་ཟླ་བ་རྣམ་དང་དེ་བཞིན་དུ་ཕྱོགས་རྣམས་ཐམས་ཅད་རབ་ཏུ་གྲགས་སོ། །དེའི་ཕྱིར་ ལུག་གི་ཁྱིམ་དེ་ལ་ཉི་མ་གནས་པས་དུས་ཀྱི་ཚོགས་ལ་སོགས་པ་བྱེད་པ་ཇི་ལྟ་བ་དེ་བཞིན་ དུ་དུམ་བུ་བཅུ་གཉིས་པོ་ཐམས་ཅད་ལ་བརྗོད་པར་བྱ་སྟེ་ལྷུན་པོའི་ལྷོའི་དུམ་བུ་(འཛམ་གླིང་ཆུང་ ངུ་)འདིར་ལུག་ལ་ཉི་མ་གནས་(པ་རྫོགས་)པས་དཔྱིད་ཀྱི་དུས་སུ་ས་གའི་ཟླ་བ་(སྟེ་དཔྱིད་ཟླ་ཐ་ཆུང་) བྱེད་དོ། །མེ(དེའི་དུས་ཉིད་ན་གཡོན་སྐོར་གྱིས་བགྲངས་པ་)འི་ཟུར་གྱི་ཕྱེད་དུམ་བུ་གཉིས་པ་ལ་སྣྲོན་གྱི་ ཟླ་བ་(སྟེ་དབྱར་ཟླ་ར་བ་)བྱེད་དོ། །དེ་བཞིན་དུ་མེའི་ཟུར་གྱི་ཕྱེད་གཞན་གྱི་དུམ་བུ་གསུམ་པ་ལ་ ཆུ་སྟོད་ཀྱི་ཟླ་བ་(སྟེ་དབྱར་ཟླ་འབྲིང་པོ་)བྱེད་དོ། །དེ་བཞིན་དུ་བཞི་པ་ལ་ལྷུན་པོའི་ཤར་གྱི་དུམ་བུ་ ལ་ཤར་ལུས་འཕགས་པོར་གྲོ་བཞིན་གྱི་ཟླ་བ་(སྟེ་དབྱར་ཟླ་ཐ་ཆུང་)བྱེད་དོ། །ལྔ་པ་དབང་ལྡན་ གྱི་ཕྱེད་ཀྱི་དུམ་བུར་ཁྲུམས་ཀྱི་ཟླ་བ་(སྟོན་ཟླ་ར་བ་)བྱེད་དོ། །དབང་ལྡན་གྱི་ཟུར་གྱི་ཕྱེད་གཞན་ ལ་དུམ་བུ་དྲུག་པར་ཐ་སྐར་གྱི་ཟླ་བ་(སྟེ་སྟོན་ཟླ་འབྲིང་པོ་)བྱེད་དོ། །ལྷུན་པོའི་བྱང་དུམ་བུ་བདུན་ པར་སྨིན་དྲུག་གི་ཟླ་བ་(སྟེ་སྟོན་ཟླ་ཐ་ཆུང་)བྱེད་དོ། །རླུང་གི་ཟུར་གྱི་ཕྱེད་ལ་དུམ་བུ་བརྒྱད་པར་ 2-1-287 མགོའི་ཟླ་བ་(སྟེ་དགུན་ཟླ་ར་བ་)བྱེད་དོ། །རླུང་གི་ཟུར་གྱི་ཕྱེད་གཞན་ལ་དུམ་བུ་དགུ་པར་རྒྱལ་ གྱི་ཟླ་བ་(སྟེ་དགུན་ཟླ་འབྲིང་པོ་)བྱེད་དོ། །ལྷུན་པོའི་ནུབ་ཏུ་དུམ་བུ་བཅུ་པར་མཆུའི་ཟླ་བ་(སྟེ་དགུན་ ཟླ་ཐ་ཆུང་)བྱེད་དོ། །བདེན་བྲལ་གྱི་ཟུར་གྱི་ཕྱེད་ཀྱི་དུམ་བུ་ལ་དབོའི་ཟླ་བ་(སྟེ་དཔྱིད་ཟླ་ར་བ་)བྱེད་ དོ། །བདེན་བྲལ་གྱི་ཟུར་གྱི་ཕྱེད་གཞན་གྱི་དུམ་བུ་ལ་ནག་པའི་ཟླ་བ་(སྟེ་དཔྱིད་ཟླ་འབྲིང་པོ་)བྱེད་ དོ། །(དེ་ལྟར་སྣྲོན་གྱི་ཟླ་བ་ལ་སོགས་པ་སྨོས་པ་ནི་གླིང་འདིར་གྲགས་པ་དང་བསྟུན་པ་ཡིན་ནོ། །འགྱུར་གཞན་ལ་ནི་ཟླ་བའི་ མིང་མཆན་བུར་བཏབ་པ་ལྟར་དོན་འགྱུར་དུ་ཡོད་)དེ་བཞིན་དུ་(དཔྱིད་ཟླ་འབྲིང་པོ་ལྟ་བུའི་)ཟླ་བ་གཉིས་ཀྱི་དུམ་ བུ་གཉིས་[སུ་དུས་[རི་ཏུ་]སུ་འགྱུར་རོ། །དུམ་བུ་སོ་སོར་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་ དབྱེ་བས་ཕྱོགས་གཉིས་སུ་འགྱུར་ཏེ། དེ་ལྟར་ན་དུས་དྲུག་དང་ཟླ་བ་བཅུ་གཉིས་དང་ཕྱོགས་ ཉི་ཤུ་རྩ་བཞི་པོ་རྣམས་དུམ་བུ་བཅུ་གཉིས་ལ་འཁོར་ལོའི་རྣམ་པས་འཁོར་བར་{ཤེས་པར་} བྱའོ། །ལྷོའི་དུམ་བུ་འདིར་ཁྱིམ་བཅུ་གཉིས་ཀྱི་དབང་གིས་འཕོ་བ་ལ་ཟླ་བ་(དཔྱིད་ཟླ་འབྲིང་པོ་ལྟ་ བུ་)གང་ཞིག་གྱུར་པ(འི་དུས་ཚིགས་)དེ་ནི་འཕོ་བ་གཞན་ལ་གཡས་སྐོར་གྱིས་བདེན་བྲལ་གྱི་ཟུར་ དུ་འགྲོའོ། །བདེན་བྲལ་གྱི་ཟུར་ཕྱེད་ན་གནས་པ་(དཔྱིད་ཟླ་ར་བའི་དུས་ཚིགས་)ནི་ཟུར་ཕྱེད་གཞན་ དུ་འགྲོའོ། །ཟུར་ཕྱེད་གཞན་ན་གནས་པ་(དགུན་ཟླ་ཐ་ཆུང་)ནི་ལྷུན་པོའི་ནུབ་བ་ལང་སྤྱོད་ དུ་འགྲོའོ། །ནུབ་བ་ལང་སྤྱོད་ན་གནས་པ་(རྒུན་འབྲིང་)ནི་རླུང་གི་ཟུར་ཕྱེད་དུ་འགྲོའོ། །རླུང་གི་ ཟུར་ཕྱེད་ན་གནས་པ་(དགུན་ར་)ནི་ཟུར་ཕྱེད་གཞན་དུ་འགྲོའོ། །ཟུར་ཕྱེད་གཞན་ན་གནས་ པ་(སྟོན་ཐ་)ནི་བྱང་སྒྲ་མི་སྙན་དུ་འགྲོའོ། །བྱང་སྒྲ་མི་སྙན་ན་གནས་པ་(སྟོན་འབྲིང་)ནི་དབང་ལྡན་ གྱི་ཟུར་ཕྱེད་དུ་འགྲོའོ། །དེ་ན་གནས་པ་(སྟོན་ར་)ནི་ཟུར་ཕྱེད་གཞན་དུ་འགྲོའོ། །ཟུར་ཕྱེད་ གཞན་ན་གནས་པ་(དབྱར་ཐ་)ནི་ཤར་ལུས་འཕགས་པོར་འགྲོའོ། །ཤར་ལུས་འཕགས་པོ་ན་ གནས་པ་(དབྱར་འབྲིང་)ནི་མེའི་ཟུར་གྱི་ཕྱེད་ཀྱི་དུམ་བུར་འགྲོའོ། །ཕྱེད་སྔ་མ་ན་གནས་པ་(དབྱར་ ར་)ནི་ཟུར་ཕྱེད་གཞན་དུ་འགྲོའོ། །ཟུར་ཕྱེད་གཞན་ན་གནས་པ་(དཔྱིད་ཐ་)ནི་ལྷོ་འཛམ་བུའི་ 2-1-288 གླིང་དུ་འགྲོ་སྟེ་དེ་ལྟར་ཟླ་བ་བཅུ་གཉིས་པོ་རྣམས་འཕོ་བ་སོ་སོའི་དབང་གིས་དུམ་བུ་བཅུ་ གཉིས་པོ་རྣམས་སུ་ཡང་དག་པར་རྒྱུ་བར་ཤེས་པར་བྱའོ། །ཚད་གང་དུམ་བུ་གང་དུ་ཉིན་མོའི་ དབང་གིས་(ཏེ་དབང་དུ་བྱས་པའི་འཕེལ་བའམ་ཉམས་པ་)ཡིན་པ་དེ་ནི་(དུམ་བུ་)བདུན་པ་དག་ཏུ་མཚན་ མོ་ལ་(འཕེལ་བའམ་ཉམས་པར་)འགྱུར་རོ། །འདིར་བྱང་དུ་བགྲོད་པ(མཐར་ཐུག་པ་)འི་འཕོ་བ་ལ་ལྷོའི་ དུམ་བུར་(འདི་)ཉིན་མོའི་ཚད་ཉམས་པ་(ལ་ཞུགས་པ་)དང་མཚན་མོའི་ཚད་འཕེལ་བ་(ལ་ཞུགས་པ་)དེ་ཉིད་བྱང་སྒྲ་མི་སྙན་དུ་(བཟློག་པ་)སྟེ་སའི་དུམ་བུ་བདུན་པ་ཉི་མ་(སྟེ་ཉིན་མོ་)འཆར་བ(སྟེ་འཕེལ་ བ་)འི་དབང་དང་(དེ་དུས་ན་)ལྷོར་མཚན་མོ་འཕེལ་བའི་དབང་གིས་སོ། །དེ་ཡི་ཚད་ཀྱང་གཞན་ དུ་མ་ཡིན་ཏེ་ལྷོ་འཛམ་བུའི་གླིང་དུ་(མཚན་མོ་འཕེལ་བ་)འཆར་བའི་དབང་གིས་དང་(དེ་ནས་བགྲངས་ པའི་དུམ་བུ་)བདུན་པར་མཚན་མོ་ཉམས་པའི་དབང་གིས་ཏེ་(མཚམས་)དེ་ནས་(ཉི་མ་)ལྷོ་ལ་(བགྲོད་ པར་)འགྱུར་རོ། །དེ་ལྟར་(དུས་ཚིགས་ཀྱི་ས་)ཐམས་ཅད་དུམ་བུ་སོ་སོ་ལ་(འཁོར་བར་)རིག་པར་བྱའོ། ། ལམ་ཕྱེད་འབུམ་ཕྲག་གསུམ་པོ་དག་ལ་ཉི་མའི་མདུན་དུ་ཉིན་མོ་དང་ནི་རྒྱབ་ཏུ་མཚན་མོའོ། ། ཞེས་པ་ནི་(རྩ་མིའི་འགྱུར་ལ་འདིར་མཐའ་སྐོར་གྱི་ཚད་ལ་འབུམ་ཕྲག་དྲུག་སྟེ་ཞེས་པ་དང་རའི་འགྱུར་ལ་འདིར་བ་ཚྭའི་རྒྱ་ མཚོའི་མཐའ་སྐོར་གྱི་ཚད་ལ་འབུམ་ཕྲག་དྲུག་ལས་ཞེས་པ་ཡོད་དོ་)འདིར་(ལྷུན་པོའི་ཕྱོགས་ཐམས་ཅད་དུ་ཉི་མ་ལྷོར་བགྲོད་ པ་{མཐར་ཐུག་པའི}མཚམས་རྟ་གདོང་མེ་རིའི་སྟེང་གི་ཐད་ཀར་བསྐོར་བའི་)ཟླུམ་པོའི་ཚད་(དཔག་ཚད་)འབུམ་ཕྲག་ དྲུག་སྟེ་(ས་དུམ་བུ་བཅུ་གཉིས་པོ་ཐམས་ཅད་དུ་)ཉི་མའི་བགྲོད་པའི་དབང་གིས་(ལྷོ་བགྲོད་མཐར་ཐུག་ པ་བཅུ་གཉིས་ཀྱི་མཚམས་ཀྱི་ཟླུམ་པོའི་)ལམ་ཕྱེད་ལ་འབུམ་ཕྲག་གསུམ་(གྱི་ས་)ནི་(ཉི་མའི་འོད་ ཀྱིས་ཁྱབ་པས་)ཉིན་མོ་ཞེས་པ་ཤར་བ་ནས་ནུབ་པའི་བར་རོ། །ནུབ་པ་ནས་འཆར་བའི་བར(གྱི་ ས་)ནི་(ཉི་མའི་འོད་གྱིས་མ་ཁྱབ་པས་)མཚན་མོ་སྟེ་(ཟླུམ་པོའི་ཕྱེད་ཀྱི་ས་ལ་)འབུམ་ཕྲག་གསུམ་མོ། །དེ་ལྟར་ ཉིན་མཚན་(གྱི་ཟླུམ་པོ་ཕྱེད་པ་གཉིས་)ལ་(དཔག་ཚད་འབུམ་ཕྲག་གསུམ་གསུམ་དུ་)རིག་པར་བྱའོ། ༦༠ ། ༈ ད་ནི་དུམ་བུ་བཅུ་གཉིས་ལ་གནས་པ་རྣམས་ཀྱི་ལྷུན་པོའི་གནས་པ་གསུངས་པ་རིའི་ 2-1-289 རྒྱལ་པོ་དག་ནི་སྐྱེ་བོ་ཐམས་ཅད་ཀྱི་ཡང་བྱང་ན་གནས་པར་འགྱུར་རོ། །མི་ཡི་བདག་ཅེས་པ་ སྟེ་(ཉི་མ་འཁོར་བའི་དབང་གིས་)འདིར་རིའི་རྒྱལ་པོ་ལྷུན་པོ་ནི་དུམ་བུ་བཅུ་གཉིས་ལ་གནས་པའི་སྐྱེ་ བོ་རྣམས་ཀྱི་བྱང་དུ་འགྱུར་རོ། །ཉི་མ་འཆར་བ་ཤར་དུ་འགྱུར་ཏེ་ཞེས་པ་ནི་ལྷུན་པོ(ལ་བསྐོར་ བ་)འི་དུམ་བུ་ཐམས་ཅད་ལ་གནས་པ་ཀུན་གྱི་གང་ནས་ཉི་མ་འཆར་བ་དེ་ནི་ཤར་གྱི་ཕྱོགས་ སུ་འགྱུར་ཏེ་ལྷོ་འཛམ་བུའི་གླིང་ལ་གནས་པ་རྣམས་ཀྱི་ཤར་ལུས་འཕགས་པོ་ཤར་གྱི་ཕྱོགས་ སོ། །ནུབ་བ་ལང་སྤྱོད་ན་གནས་པ་རྣམས་ཀྱི་ལྷོ་འཛམ་བུའི་གླིང་ཤར་གྱི་ཕྱོགས་སོ། །བྱང་ སྒྲ་མི་སྙན་ན་གནས་པ་རྣམས་ཀྱི་ནུབ་བ་ལང་སྤྱོད་ཤར་གྱི་ཕྱོགས་སོ། །ཤར་ལུས་འཕགས་ པོ་ན་གནས་པ་རྣམས་ཀྱི་བྱང་སྒྲ་མི་སྙན་ཤར་གྱི་ཕྱོགས་ཏེ་ཉི་མ་འཁོར་ཞིང་འཆར་བའི་དབང་ གིས་སོ། །དེ་བཞིན་དུ་ཟུར་ན་གནས་པ་བརྒྱད་པོ་རྣམས་ལ་ཡང་ཤེས་པར་བྱ་སྟེ་དུམ་བུ་སོ་ སོར་དབྱུག་གུ་ལྔ་ལྔའི་(དུསཀྱི་)བར་གྱིས་ཉི་མ་འཆར་བར་འགྱུར་རོ། །རི་དང་མཉམ་པ་བགྲོད་ པ་དག་དང་ཞེས་པ་ནི་དུམ་བུ་སོ་སོར་རི་(རབ་)དང་མཉམ་པ་སྟེ་ལྷུན་པོ་ལ་མངོན་དུ་ཕྱོགས་ པར་(སྟེ་གཡས་སྐོར་གྱིས་)ཉི་མ་(ཞག་རེ་ལྷུན་པོ་ལ་འཁོར་བས་)བགྲོད་པ(འི་གཡས་)ནི་བྱང་དང༌། (གཡོན་ནི་)ལྷོ་དག་གོ། (འདི་ནི་ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་ཉི་མ་ལྷུན་པོ་ལ་གཡས་སུ་འཁོར་བའི་སྒོ་ནས་ཕྱོགས་བཞི་ ངོས་བཟུང་བ་ཡིན་པས་ཉི་མའི་རང་འགྲོ་ལྷུན་པོ་ལ་གཡོན་སྐོར་བྱེད་པའི་ཚུལ་དང་མི་འདྲའོ་)དེ་ནི་ནུབ་པ་ནུབ་སྟེ་དེ་ བཞིན་དུ་དུམ་བུ་བཅུ་གཉིས་སུ་ཇི་ལྟར་འཆར་བ་ཤར་གང་ཡིན་པ་དེ་བཞིན་དུ་དེ་ནུབ་པ་ནི་ ནུབ་ཏུ་རིག་པར་བྱའོ། ། ༈ (ཉི་མ་ཞག་རེ་བཞིན་ལྷུན་པོ་ལ་གཡས་སུ་འཁོར་བའི་དབང་གིས་དུས་རྣམས་འཁོར་བ་ཡང་)དུས་ནི་གསུམ་སྟེ་ སྔ་དྲོ་དང་ཉིན་གུང་དང་ཕྱི་དྲོའོ། །ཐུན་མཚམས་བཞི་ནི་མཚན་ཕྱེད་ཀྱི་ཐུན་མཚམས་དང་སྔ་ དྲོའི་ཐུན་མཚམས་དང་ཉིན་གུང་གི་ཐུན་མཚམས་དང་ཕྱི་དྲོའི་ཐུན་མཚམས་སོ། །ཐུན་ཚོད་ནི་ བརྒྱད་དེ། ཉིན་མོ་ལ་བཞི་དང་དང་མཚན་མོ་ལ་བཞིའོ། །ཉིན་དང་མཚན་མོ་དུས་ཀུན་ཏུ་ནི་ 2-1-290 ཡང་དག་རྒྱུ་བ་རྣམས་ཏེ་དེ་ལྟར་དུས་〔གསུམ་〕ལ་སོགས་པ་རྣམས་ཉིན་མཚན་གྱི་དུས་ཐམས་ ཅད་ཡང་དག་པར་རྒྱུ་བ་ནི་དུམ་བུ་ནས་དུམ་བུར་ལྷུན་པོའི་ཕྱོགས་རྣམས་སུ་(གཡས་སྐོར་དུ་) འཁོར་རོ། །རབ་གསལ་ཉི་མའི་ས་ལ་ཞེས་པ་ནི་རྩིབས་བཅུ་གཉིས་པའི་ས་ལའོ། །དུས་སྦྱོར་ དབྱེ་བས་ཕྱེ་བར་གྱུར་པ་ཞེས་པ་ལ་དུས་སྦྱོར་ནི་བཅུ་གཉིས་ཏེ་དེ་རྣམས་ཀྱི་དབྱེ་བས་ཕྱེ་བར་ གྱུར་པའི་དུས་ལ་སོགས་པ་རྣམས་འཁོར་ཏེ། དུས་ནི་དུས་སྦྱོར་བཞི་བཞིས་འཁོར་རོ། །ཐུན་ མཚམས་སོ་སོ་ནི་དུས་སྦྱོར་གསུམ་གྱིས་འཁོར་རོ། །ཐུན་ཚོད་སོ་སོ་ནི་དུས་སྦྱོར་ཕྱེད་དང་ གཉིས་ཀྱིས་འཁོར་རོ། དེ་བཞིན་དུ་དུས་སྦྱོར་སོ་སོ་ནི་དབྱུག་གུ་ལྔས་འཁོར་རོ། །ཐུན་ཚོད་ ཕྱེད་ནི་ཐུན་ཚོད་ཕྱེད་(དེ་དུས་སྦྱོར་ཞེ་གསུམ་)ཀྱིས་འཁོར་རོ། །ཡུད་ཙམ་(སོ་གཉིས་སོ་སོ་)ནི་ཐུན་ཚོད་ ཕྱེད་ཀྱི་ཕྱེད་ཀྱིས་འཁོར་རོ། །ཆུ་ཚོད་ནི་ཆུ་སྲང་དྲུག་ཅུའི་འཁོར་རོ། །ཆུ་སྲང་སོ་སོ་ནི་དབུགས་ དྲུག་གིསའཁོར་ཏེ་དེ་ལྟར་ན་ཉིན་མཚན་དུ་ལུས་ཅན་རྣམས་ཀྱི་དབུགས་ཀྱི་དབྱེ་བ་དང་དུས་ སྦྱོར་གྱི་དབྱེ་བས་དུས་རྣམས་འཁོར་ཞིང་བགྲོད་དོ། ༦༡ ། ༈ ད་ནི་ལྷུན་པོའི་ཕྱོགས་ཐམས་ཅད་དུ་(ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་)ཉི་མ་(ལྷུན་པོ་ལ་ གཡས་སྐོར་དུ་)འཁོར་བའི་ཚད་གསུངས་པ་ཆུ་ཚོད་དུས་ལ་དཔག་ཚད་སྟོང་ཕྲག་དྲུག་ནི་རྐང་ པ་དང་བཅས་ཉིན་མོར་བྱེད་པ་འགྲོ་བ་སྟེ་ཞེས་པ་ཆུ་ཚོད་དུས་ལ་ཞེས་པ་(ཆུ་ཚོད་གཅིག་གི་ཡུན་)ནི་དབུགས་སུམ་བརྒྱ་དྲུག་ཅུའི་གྲངས་གྱི་དུས་ལའོ། །དྲུག་ནི་རྐང་པ་དང་བཅས་ཞེས་པ་ ནི་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ལྷག་པའི་སྟོང་ཕྲག་དྲུག་སྟེ་ཁྱིམ་ལ་གནས་པའི་ཉིན་མོར་ བྱེད་པ་འདི་ནམ་མཁའ་ལ་(གཡས་སྐོར་དུ་)འགྲོ་བ་(དེ་བཞིན་དུ་དབུགས་གཅིག་གི་བར་ ལ་དཔག་ཚད་བཅུ་བདུན་རྒྱང་གྲགས་གཅིག་གཞུ་བརྒྱད་བརྒྱ་བརྒྱད་ཅུ་རྩ་བརྒྱད་ལྷག་པ་ གཅིག་འགྲོ་ཡང་འདི་ནས་འགྲོ་བ་ཙམ་དུ་ཡང་མི་མཐོང་བ་ནི་ཤིན་ཏུ་མཐོ་བའི་དབང་གིས་ཏེ་ དཻས་ན་ཉི་ཟླའི་དཀྱིལ་འཁོར་གྱི་ཚད་ཆོས་མངོན་པར་བཤད་པ་ལས་ཆེ་བར་ཡོད་པ་རིགས་ 2-1-291 ཞེས་གསུངས་སོ་)དེའི་ཕྱིར་(ཉི་མ་ལྷུན་པོ་ལ་གཡས་སུ་)འཁོར་བའི་ཤུགས་(ཤིན་ཏུ་མགྱོགས་པ་)འདི་ནི་ ཁྱིམ་གྱི་(འཁོར་བའི་ཤུགས་ཀྱིས་འགྲོ་བ་)ཡིན་གྱི་ཁྱིམ་གྱི་གཞི་ལ་གནས་པའི་ཉི་མ་ཡི་(རང་འགྲོས་)ནི་ མ་ཡིན་ནོ(དེ་ལྟར་ཉི་མ་གཡས་སུ་འཁོར་བའི་མགྱོགས་ཚད་ནི་མྱང་འདས་ཆེན་པའི་མདོར་ འཕོང་སྐྱེན་པའི་མི་བཞིས་ཕྱོགས་བཞིར་མདའ་བཞི་དུས་མཉམ་དུ་འཕངས་པ་ས་ལ་མ་ལྷུང་ བར་གང་ཟག་གཅིག་གིས་ཟིན་ན་ཤིན་ཏུ་མགྱོགས་ཏེ་དེ་བས་ཀྱང་ས་ལ་འགྲོ་བའི་ཡི་དྭགས་ མགྱོགས་དེ་བས་ཀྱང་མཁའ་ལ་འགྲོ་བའི་ཡི་དྭགས་མགྱོགས་དེ་བས་ཀྱང་རྒྱལ་ཆེན་རིགས་ བཞི་པ་མགྱོགས་དེ་བས་ཀྱང་ཉི་ཟླའི་ལྷ་མགྱོགས་པར་གསུངས་སོ། །དེ་ལྟར་འཁོར་བའི་ཤུགས་ འདི་རླུང་འགྲོས་ཡིན་པ་དང་མ་ཡིན་པར་བཞེད་པ་ལ་ནི་རླུང་གི་ཤུགས་ཀྱིས་འཁོར་བ་ཉིད་འཐད་པར་སེམས་སོ)། །འདིར་ ཁྱིམ་གྱི་འཁོར་ལོ་ནི་(ལྷུན་པོ་ལ་ནི་)གཡས་སྐོར་གྱིས་འཁོར་ཏེ་གཟའ་(བརྒྱད་པོ་)རྣམས་ནི་ཁྱིམ་ དག་ལ་གཡས་མིན་གྱིས་(ཤར་དུ་མངོན་པར་ཕྱོགས་པས་)རྒྱུའོ། །ཇི་ལྟར་ཁྱིམ་གྱི་འཁོར་ལོ་འཁོར་ བ་དེ་བཞིན་དུ་སྒྲ་གཅན་ཡང་ནུབ་ཏུ་མངོན་པར་ཕྱོགས་ནས་རི་རབ་ལ་གཡས་སྐོར་བྱེད་ཅིང་ (ཁྱིམ་གྱི་འཁོར་ལོ་ལ་)ཡང་དག་པར་རྒྱུའོ། །(ཉི་མ་ལ་སོགས་པ་)ཤར་དུ་ཕྱོགས་པའི་གཟའ་རྣམས་ནི་ ལྷུན་པོ་ལ་(རང་འགྲོས་ཀྱིས་)གཡས་མིན་དུ་སྐོར་བ་བྱེད་ཅིང་ཁྱིམ་གྱི་འཁོར་ལོ་ལ་ཡང་དག་པར་ བགྲོད་པར་བྱེད་དོ། །དེ་ལྟར་ན་དོན་དམ་པ(སྟེ་དོན་ལ་གནས་པ་)འི་རིགས་པས་སྒྲ་གཅན་ནི། (དྲན་ པ་ཉེར་བཞག་གི་མདོར་གསུངས་པ་ལྟར་)བསོད་ནམས་དང་ལྡན་པ་ཡིན་ཞིང་ཉི་མ་ལ་སོགས་པ་རྣམས་ ནི་གདུག་པ་སྟེ་སྡིག་པའི་གཟར་བརྗོད་དོ། །དྲུག་ཅུ་ལ་ནི་མེ་འབུམ་དག་དང་ཞེས་པ་ནི་ཆུ་ ཚོད་དྲུག་ཅུའི་དུས་ཀྱི་ཡུན་ལ་སྟེ་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་ གྲངས་ཀྱི་དུས་ལའོ། །མེ་འབུམ་སྟེ་འབུམ་ཕྲག་གསུམ་དང་ལྔ་དང་རི་བོའི་སྟོང་ཕྲག་ཅེས་པ་ ནི་སྟོང་ཕྲག་བདུན་ཅུ་རྩ་ལྔའི་དཔག་ཚད་ཀྱི་གྲངས་(གཡས་སྐོར་དུ་)འཁོར་ཏེ་ཉིན་དང་མཚན་མོ་ དག་ཏུ་ཞེས་པ་ནི་ཉིན་མཚན་ཏུའོ(དེ་ལྟར་ཉི་མས་ཞག་གཅིག་གི་བར་ལ་དཔག་ཚད་སུམ་འབུམ་བདུན་ཁྲི་ལྔ་སྟོང་ 2-1-292 གིས་རྒྱ་གཡས་སྐོར་དུ་འཁོར་བ་ནི་ཁྱིམ་གྱི་འཁོར་ལོ་འཁོར་བའི་ཤུགས་ཡིན་པའི་ཕྱིར་ཉི་མ་ཇི་ལྟར་འཁོར་བ་ལྟར་ཁྱིམ་རྣམས་ ཀྱང་འཁོར་དགོས་པས་ཁྱིམ་རྣམས་སོ་སོ་ནས་ས་དུམ་བུ་བཅུ་གཉིས་པོ་སོ་སོའི་ཉི་མ་ལྷོར་བགྲོད་མཐར་ཐུག་པའི་མཚམས་དང་ དེ་ལ་ལྟོས་པ་ལྷུན་པོའི་བྱང་གི་རྭ་ལ་རེག་པ་ནས་འཁོར་བ་ཡིན་ལ་རྒྱུ་སྐར་རྣམས་ཀྱང་འཁོར་ཚུལ་དེ་ཁོ་ན་ལྟར་ཟླུམ་པོའི་ཚད་ མཉམ་པར་འཁོར་བས་ཉི་མ་རྒྱུ་སྐར་གང་ལ་གནས་པའི་རྒྱུ་སྐར་དང་ཉི་མ་ལྷན་ཅིག་ཏུ་འཁོར་བ་ཡིན་ནོ། །དེས་ན་གཞན་དག་ ཁྱིམ་གྱི་འཁོར་ལོ་གདུགས་འཁོར་བའི་རྣམ་པ་ལྟར་བྱས་ནས་རྒྱུ་སྐར་ཁ་ཅིག་ལྷུན་པོ་ལ་ཉེ་བ་ཉིད་ནས་འཁོར་བ་དང་ཁ་ཅིག་ ལྷུན་པོ་ལས་རིང་བ་ཉིད་ནས་འཁོར་བར་འདོད་པ་ལ་ནི་སྔར་ཉིན་མཚན་མཉམ་པའི་རི་མོ་ལས་གཡས་དང་གཡོན་དུ་རྒྱུ་སྐར་གྱི་ འཁོར་ལོ་ཕྱེད་ཕྱེད་གནས་པར་གསུངས་པས་གནོད་ཅིང་ཉི་མ་དང་རྒྱུ་སྐར་ལྷན་ཅིག་ཏུ་མི་འགྲོགས་པར་འགྱུར་བའི་སྐྱོན་ཡོད་དོ། ། རྒྱུ་སྐར་གྱི་འཁོར་ཚུལ་དེ་ལྟ་བུར་མིག་གིས་མཐོང་བ་དང་མི་མཐུན་ནོ་སྙམ་ན་ཉི་མ་འཁོར་ཚུལ་ཡང་མིག་གིས་མཐོང་བ་དང་མི་ མཐུན་པའི་ཕྱིར་དོན་ལ་མི་གནས་པར་ཧ་ཅང་ཐལ་བར་འགྱུར་བས་མིག་གིས་ཇི་ལྟ་བ་བཞིན་མཐོང་བ་མ་ཡིན་ནོ)། ། ༈ ཉིན་དང་མཚན་མོར་འགོ་ལ་ཕྱེད་ལ་མཁའ་མེ་ཆུ་ཚོད་བགྲོད་དེ་ཞེས་པ་ནི་འདིར་ ཉིན་མཚན་མཉམ་པའི་འཕོ་བའི་ཉིན་ཞག་ལ་སྔར་བརྗོད་པའི་འགོ་ལའི་རི་མོ་(ལ་ཉི་མ་གནས་ པ་)ལས་མཁའ་མེ་སྟེ་སུམ་ཅུའི་ཆུ་ཚོད་ཉི་མ་ཉིན་མོ་བགྲོད་ཅིང་སུམ་ཅུའི་ཆུ་ཚོད་མཚན་མོ་ བགྲོད་དེ་ཉིན་མཚན་མཉམ་མོ་ཞེས་པའི་དོན་ཏོ། །འགོ་ལ་དག་ལ་གཡས་དང་ནི་གཡས་ མིན་དག་ཏུ་འགྲིབ་དང་འཕེལ་བ་ལྔ་སྟེ་ཞེས་པ་(ཀཻ་ལ་ཤའི་དུམ་བུ་)ནི་འགོ་ལའི་ཕྱེད་(ཉིན་མཚན་ མཉམ་པའི་རི་མོ་ལ་ཉི་མ་གནས་པའི་ཉིན་ཞག་)དེ་ལས་གཡས་དང་གཡས་མིན་དག་ཏུ་སྟེ་(ཉི་མ་རྟ་གདོང་མེ་ རིའི་བར་དུ་བགྲོད་པ་ལ་)གཡས་སུ་ཟླ་བ་གསུམ་གྱིས་མཚན་མོ་ཆུ་ཚོད་ལྔ་འཕེལ་(བས་སུམ་ཅུ་རྩ་ལྔར་ འགྱུར་)ཞིང་གཡས་མིན་དུ་(གངས་ལྡན་ཆེན་པོའི་བར་དུ་བགྲོད་པ་ལ་)ཟླ་བ་གསུམ་གྱིས་ཉིན་མོ་ཆུ་ཚོད་ ལྔ་འཕེལ་(བས་སུམ་ཅུ་རྩ་ལྔར་འགྱུར་རོ་)ལོ། །འདིར་མཚན་མོ་འཕེལ་བས་ཉིན་མོ་འགྲིབ་པ་དང་ ཉིན་མོ་འཕེལ་བས་མཚན་མོ་འགྲིབ་པར་ཤེས་པར་བྱའོ། །ཉིན་ཞག་སོ་སོར་དེ་ནི་དབུགས་ ཟུང་ཆུ་སྲང་གསུམ་ཞེས་པ་ནི་འདིར་(ཉིན་མཚན་མཉམ་པའི་རི་མོ་ལས་)གཡས་དང་གཡས་མིན་དག་ 2-1-293 ཏུ་ཟླ་བ་གསུམ་པོ་རྣམས་ཀྱི་ཉིན་ཞག་སོ་སོ་ལ་ཉིན་མོ་དང་མཚན་མོ་འཕེལ་བའམ་འགྲིབ་པ་ ནི་དབུགས་གཉིས་དང་ཆུ་སྲང་གསུམ་མོ་ཚད་འདི་ནི་ཀཻ་ལ་ཤའི་དུམ་བུ་ལ་ཡིན་གྱི་འཕགས་ པའི་ཡུལ་ལ་སོགས་པ་ལ་མ་ཡིན་ནོ། །འཕགས་པའི་ཡུལ་དུ་ཡང་ཉིན་མཚན་སོ་སོ་ལ་ཆུ་སྲང་ གཉིས་འཕེལ་བའམ་འགྲིབ་པར་ཤེས་པར་བྱ་སྟེ་ཟླ་བ་གསུམ་གྱིས་ཉིན་མཚན་མཉམ་པའི་ དབུས་སུ་ཉིན་མཚན་གྱི་ཚད་སུམ་ཅུར་མཚུངས་པ་ལས་(གཡས་དང་གཡོན་དུ་)བགྲོད་པའི་དབང་ གིས་ཆུ་ཚོད་གསུམ་འཕེལ་བའམ་འགྲིབ་པར་རིག་པར་བྱའོ། ༦༢ ། ༈ ད་ནི་ཀཻ་ལ་ཤའི་དུམ་བུས་དབྱེ་བས་དུས་སྦྱོར་བཅུ་གཉིས་འཆར་བའི་དུས་གསུངས་ པ་ལུག་གི་དུས་སྦྱོར་ལ་ནི་ཆུ་སྲང་དུ་འགྱུར་ཞེས་པ་སྟེ་འདིར་ལུག་གི་དུས་སྦྱོར་ལ་དང་པོ་ཤར་ བ་ནས་དུས་སྦྱོར་ཕྱི་མ་(གླང་)འཆར་བའི་བར་གྱི་དུས་ལ་ཆུ་སྲང་གི་ཚོགས་མཁའ་དགུ་ལག་སྟེ་ ཞེས་པ་དགུ་བཅུ་ལྷག་པའི་ཉིས་བརྒྱར་འགྱུར་རོ། །འདི་ལས་དྲུག་ཅུའི་ཆས་ཆུ་ཚོད་བཞི་དང་ ཆུ་སྲང་ལྔ་བཅུ་ནི་ལུག་གི་དུས་སྦྱོར་འཆར་བའི་དུས་སོ། །ཞེས་པ་ནི་ཀཻ་ལ་ཤའི་ཡུལ་དུ་ངེས་ པ(དེ་བཞིན་དུ་རྒྱ་ནག་ལ་ཆུ་ཚོད་བཞི་ཆུ་སྲང་ང་གཅིག་དབུགས་གཉིས་དབུགས་གཅིག་གིས་བདུན་ཆ་བཞིའོ། །ལི་ལ་ཆུ་ཚོད་ བཞི་ཆུ་སྲང་ང་གཉིས་དབུགས་གསུམ་མོ། །བོད་ལ་ཆུ་ཚོད་བཞི་ཆུ་སྲང་གསུམ་དབུགས་གཉིས་སོ། །རྒྱ་གར་ལ་ཆུ་ཚོད་བཞི་ཆུ་ སྲང་ང་བཞིའོ་)འོ། །མཁའ་དུས་མིག་ནི་གླང་ལ་འགྱུར་ཞེས་པ་ནི་དེ་བཞིན་དུ་གླང་གི་དུས་སྦྱོར་ འཆར་བའི་དུས་ལ་(་ཀཻ་ལ་ཤའི་བྱང་གི་དུམ་བུ་ལ་ཆུ་ཚོད་བཞི་བཅུ་གཉིས་ཡིན་ལ་ཀཻ་ལ་ཤར་ནི་)ཆུ་སྲང་གི་ཚོགས་ ཉིས་བརྒྱ་དྲུག་ཅུ་སྟེ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་འཆར་བའི་དུས་སོ། (དེ་བཞིན་དུ་རྒྱ་ནག་ལ་ཆུ་ ཚོད་བཞི་ཆུ་སྲང་ཉེར་ལྔ་དབུགས་བཞི་དབུགས་གཅིག་གི་བདུན་ཆ་གཉིས་སོ། །ལི་ལ་ཆུ་ཚོད་བཞི་ཆུ་སྲང་སུམ་ཅུའོ། །བོད་ལ་ ཆུ་ཚོད་བཞི་ཆུ་སྲང་སོ་གསུམ་དབུགས་གཉིས་སོ། །རྒྱ་གར་ལ་ཆུ་ཚོད་བཞི་ཆུ་སྲང་སོ་དྲུག་གོ)། ཟུང་དག་ལ་ཡང་མཁའ་ མཁའ་གཉིས་ཏེ། ཞེས་པ་ནི་ཟུང་སྟེ་འཁྲིག་པ་འཆར་བའི་དུས་ལ་ཆུ་སྲང་གི་ཚོགས་ཉིས་བརྒྱ་ སྟེ་ཆུ་ཚོད་གསུམ་དང་ཆུ་སྲང་ཉི་ཤུའོ། །མདའ་རོའི་ཆུ་ཚོད་དུ་འགྱུར་ཞེས་པ་ནི་མདའ་སྟེ་ཆུ་ 2-1-294 ཚོད་ལྔ་ནི་ཀུ་ལཱི་ར་སྟེ་ཀར་ཀ་ཊའི་དུས་སྦྱོར་འཆར་བའི་དུས་སོ། །དེ་ནས་རོ་ཞེས་པ་ཆུ་ཚོད་ དྲུག་ནི་སེང་གེའི་དུས་སྦྱོར་འཆར་བའི་དུས་སོ། (དེ་བཞིན་དུ་རྒྱ་ནག་ལ་ཆུ་ཚོད་ལྔ་ཆུ་སྲང་ང་གཅིག་དབུགས་ གཅིག་གི་བདུན་ཆ་བཞིའོ། །ལི་ལ་ཆུ་ཚོད་ལྔ་ཆུ་སྲང་ཞེ་ལྔའོ། །བོད་ལ་ཆུ་ཚོད་ལྔ་ཆུ་སྲང་བཞི་བཅུའོ། །རྒྱ་གར་ལ་ཆུ་ཚོད་ལྔ་ཆུ་ སྲང་སོ་དྲུག་གོ)། བུ་མོ་ལ་ནི་ཕྱེད་བཅས་དྲུག་སྟེ། ཞེས་པ་ནི་བུ་མོའི་དུས་སྦྱོར་འཆར་བའི་དུས་ལ་ (ཀཻ་ལ་ཤའི་བྱང་གི་དུམ་བུ་ལ་ཆུ་ཚོད་དྲུག་ཆུ་སྲང་ཞེ་བརྒྱད་ཡིན་ལ་ཀཻ་ལ་ཤར་ནི་)ཆུ་ཚོད་དྲུག་དང་ཆུ་སྲང་སུམ་ཅུ་ སྟེ་ཕྱེད་བཅས་དྲུག་(གོང་དེ་བཞིན་)ཏུ་(རྒྱ་ནག་ལ་ཆུ་ཚོད་དྲུག་ཆུ་སྲང་བདུན་དབུགས་གཅིག་གི་བདུན་ཆ་དྲུག་གོ། ལི་ ལ་ཆུ་ཚོད་དྲུག་ཆུ་སྲང་བདུན་དབུགས་གསུམ་མོ། །བོད་ལ་ཆུ་ཚོད་དྲུག་གོ། རྒྱ་གར་ལ་ཆུ་ཚོད་ལྔ་ཆུ་སྲང་ང་བཞིར་)འགྱུར་རོ། ། སྲང་སོགས་རིམ་པ་མིན་པས་དེ་བཞིན་ཐམས་ཅད་འགྱུར་ཞེས་པ་ནི་དུས་སྦྱོར་དྲུག་གི་དུས་ ཀྱི་མཚམས་འདི་ནས་སྲང་ལ་སོགས་པའི་དུས་སྦྱོར་ཕྱི་མ་དྲུག་ལ་(སྔ་མ་དེ་རྣམས་)རིམ་པ་མིན་པ (ཏེ་ལུགས་ལ་བཟློག་པ་)ས་དེ་བཞིན་ཏེ་རྣམ་པ་འདིས་(དུས་སྦྱོར་འཆར་བའི་ཚུལ་)ཐམས་ཅད་དེ་མ་ལུས་ པ(འཆར་བ་)ར་འགྱུར་རོ། །ཞེས་པ་ནི་ངེས་པའོ། །འདིར་དུས་སྦྱོར་འཆར་བའི་དུས་ནི་སྲང་ལ་ ཆུ་ཚོད་དྲུག་དང་ཆུ་སྲང་སུམ་ཅུ་དང༌། སྡིག་པ་ལ་དྲུག་དང༌། གཞུ་ལ་ལྔ་དང༌། ཆུ་སྲིན་ལ་ཆུ་ ཚོད་གསུམ་དང་ཆུ་སྲང་ཉི་ཤུ་དང༌། བུམ་པ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་དང༌། ཉ་ལ་ཆུ་ ཚོད་བཞི་དང་ཆུ་སྲང་ལྔ་བཅུའོ། །ཞེས་པ་ནི་ཀཻ་ལ་ཤའི་ཡུལ་དུ་ངེས་པ(འཕགས་པའི་ཡུལ་ལ་སོགས་ པར་ནི་དེ་ལས་གཞན་དུ་འཆར་བར་འགྱུར་ཏེ་ཉིན་མཚན་འཕེལ་འགྲིབ་ཀྱི་ཁྱད་པར་མི་འདྲ་བའི་དབང་གིས་སོ་)འོ། །དུས་ སྦྱོར་དྲུག་གིས་དེ་ནུབ་གང་ཕྱིར་འཆར་བ་དག་ཀྱང་དེ་བཞིན་ཞེས་པ་ནི་གང་གི་ཕྱིར་(དུས་སྦྱོར་ སོ་སོར་ནུབ་པ་ནས་)འཆར་བ་ཡང་དུས་སྦྱོར་དྲུག་(དྲུག་)གིས་ཡིན་པ་དེའི་ཕྱིར་(འཆར་བའི་དུས་སྦྱོར་)དེ་ ནི་(དྲུག་པར་འཆར་བ་ན་)ནུབ་པར་འགྱུར་རོ། །ཉི་མའི་རྒྱུ་སྐར་དབྱེ་བས་སོ། །ཞེས་པ་ནི་(དུས་སྦྱོར་ འཆར་བ་དེ་ཡང་ནམ་མཁའ་ལ་སྐར་ཁྱིམ་འཆར་བ་ཉིད་ཡིན་པའི་ཕྱིར་ད་ལྟར་འཆར་བའི་དུས་སྦྱོར་དེ་)ཕྱེད་དང་བཅས་ པའི་རྒྱུ་སྐར་བཅུ་གསུམ་གྱི་མཐར་ནུབ་པ་སྟེ་དེ་བཞིན་དུ་དེ་འཆར་བ་ནི་ཕྱེད་དང་བཅས་པའི་ 2-1-295 རྒྱུ་སྐར་བཅུ་གསུམ་གྱི་མཐར་རོ། །ཉིན་མཚན་གྱི་དབྱེ་བས་དུས་སྦྱོར་དྲུག་དང་སྐར་མ་ཕྱེད་ དང་་བཅས་པའི་བཅུ་གསུམ་གྱིས་ཉིན་མོའི་དུས་སུ་འགྱུར་རོ། །དུས་སྦྱོར་དྲུག་དང་སྐར་མ་ ཕྱེད་དང་བཅས་པའི་བཅུ་གསུམ་གྱིས་མཚན་མོའི་དུས་སུ་འགྱུར་རོ། །(དེ་ལྟར་)དུས་སྦྱོར་(རྣམས་ ཡུན་དུ་ཐུང་པ་དང་རིང་པར་)འཆར་བའི་དུས་ཀྱི་དབང་གིས་ཉིན་མོ་དང་མཚན་མོ་དམན་པ་དང་ལྷག་ པར་འགྱུར་ཏེ་ཉི་མ་ཡང་དག་པར་རྒྱུ་བའི་དབང་གིས་སོ(ཞེས་པ་ཀཻ་ལ་ཤའི་ཡུལ་དུ་ཀར་ཀ་ཊ་ནས་གཞུའི་ བར་གྱི་དུས་སྦྱོར་དྲུག་འཆར་བའི་ཡུན་གྱི་ཆུ་ཚོད་ཆུ་སྲང་རྣམས་བསྡོམས་པ་ལ་ཆུ་ཚོད་སུམ་ཅུ་སོ་ལྔ་ཡོད་ལ་དེ་ཉིད་ཀར་ཀ་ཊའི་ ཁྱིམ་འཆར་བ་ནས་ནུབ་པ་ལ་འཇུག་པའི་བར་གྱི་དུས་ཀྱི་ཡུན་ཚད་ཡིན་པས་བྱང་བགྲོད་ཀྱི་མཐར་ཉི་མ་ཀར་ཀ་ཊའི་ཁྱིམ་དུ་འཕོ་ བའི་ཉིན་ཞག་དེ་ལ་ཉིན་མོ་ལ་ཆུ་ཚོད་སུམ་ཅུ་སོ་ལྔ་དང་དེའི་ཚེ་ཆུ་སྲིན་ནས་འཁྲིག་པའི་དུས་སྦྱོར་གྱི་བར་འཆར་བའི་ཡུན་ལ་ ཆུ་ཚོད་ཉེར་ལྔ་ཡོད་ཅིང་དུས་སྦྱོར་དྲུག་པོ་དེ་མཚན་མོ་འཆར་བས་མཚན་མོ་ལ་ཆུ་ཚོད་ཉེར་ལྔ་ཡོད་དེ་ཞག་གཅིག་གི་དྲུག་ཆས་ འཕེལ་འགྲིབ་བྱེད་པ་ཡིན་ནོ། །འཕགས་པའི་ཡུལ་ལ་སོགས་པ་ལ་ཡང་དུས་སྦྱོར་འཆར་ཚུལ་དང་ཉིན་མཚན་འཕེལ་འགྲིབ་ལ་ སོགས་པ་རྒྱས་པར་ཁོ་བོས་ཡིག་ཆ་ཟུར་དུ་བཀོད་པ་ལས་ཤེས་པར་བྱའོ)། ༦༣ ། ༈ (བཅོ་ལྔ་པ་རྩ་དབུ་མའི་དབུགས་རྣམས་ལས་གཟའི་རྐང་པ་དང་རྒྱུ་སྐར་གྱི་རྐང་པ་འབྱུང་བའི་ངོ་བོ་ཉིད་ཀྱི་གནས་པ་)ད་ནི་ལུས་ལ་དབུ་མའི་ལོ་བརྒྱའི་ཉིན་ཞག་དང་དབུགས་ལ་སོགས་པ་གསུངས་པ་སྟོང་ཕྲག་ ཉི་ཤུ་རྩ་གཅིག་ཅེས་པ་ལ་སོགས་པ་སྟེ་སྟོང་ཕྲག་ཉི་ཤུ་རྩ་གཅིག་ནི་སྟོང་ཕྲག་གཅིག་ལྷག་ པའི་ཁྲི་ཕྲག་གཉིས་སོ། །རོ་བརྒྱ་ལྡན་པ་དག་ཅེས་པ་ནི་དྲུག་བརྒྱ་དང་ལྡན་པའོ། །སོ་ཡི་ཆ་ ཡིས་ངེས་པར་ཕྱུང་གྱུར་པ་ཞེས་པ་ནི་ཕུང་པོ་དེ་ལས་སུམ་ཅུ་རྩ་གཉིས་ཀྱི་ཆ་དག་གིས་ངེས་ པར་ཕྱུང་བའོ། །ལུས་ལ་ནི་ལུས་ལ་(རོ་རྐྱང་གཉིས་ལས་རྒྱུ་བའི་དབུགས་ལས་)སྟེ་དབུགས་ལྷག་གང་ དག་ཉིན་ཞག་སོ་སོའི་དུས་སུ་(ལྔ་བཅུ་རྩ་དྲུག་རྐང་པ་དང་བཅས་པ་རེ་རེ་དབུ་མར་འཇུག་པའི་ཕྱིར་ཞག་རེ་ལ་) དུས་སྦྱོར་གྱི་འཕོ་བ་བཅུ་གཉིས་ཀྱི་དུས་སུ་འབྱུང་བ་རི་དང་དུས་རྣམས་དག་གི་གྲངས་བདུན་ ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱའི་གྲངས་སོ། །(དེ་ལོ་བརྒྱའི་ཞག་)སྟོང་ཕྲག་སུམ་ཅུ་རྩ་དྲུག་དག་གིས་ 2-1-296 བསྒྱུར་བ་རྣམས་ཀྱང་ལོ་བརྒྱའི་(དབུ་མའི་དབུགས་ཀྱི་)ཚད་དུ་རབ་ཏུ་གྲགས་པ་སྟེ་དབུགས་(དྲུག་ བརྒྱ་བདུན་ཅུ་རྩ་ལྔ་པོ་)དེ་རྣམས་ལོ་བརྒྱའི་ཉིན་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་གིས་བསྒྱུར་བ་དེ་ རྣམས་ནི་ལོ་བརྒྱའི་(དབུ་མའི་)དབུགས་ཀྱི་ཚད་(བྱེ་བ་གཉིས་དང་འབུམ་ཕྲག་བཞི་བཅུ་རྩ་གསུམ་)དུ་འགྱུར་ རོ། །(དེ་ཡང་གང་ལས་ཤེས་ན་)འདིར་ཉིན་ཞག་སོ་སོ་ལ་(གཡས་གཡོན་དབུས་ཀྱི་)རྩ་གསུམ་གྱི་དབུགས་ བརྒྱ་ཕྲག་བཅུ་དྲུག་ལྷག་པའི་ཁྲི་ཕྲག་གཉིས་ཀྱི་གྲངས་ལ་ལོ་བརྒྱའི་ཉིན་ཞག་(སུམ་ཁྲི་དྲུག་སྟོང་)གིས་བསྒྱུར་བ་ནི་འབུམ་ཕྲག་བདུན་ཅུ་རྩ་དྲུག་ལྷག་པའི་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་དུ་ འགྱུར་རོ། །དེ་རྣམས་ལས་སུམ་ཅུ་རྩ་གཉིས་ཀྱི་ཆས་ཐོབ་པ་འབུམ་ཕྲག་བཞི་བཅུ་རྩ་གསུམ་ ལྷག་པའི་བྱེ་བ་ཕྲག་གཉིས་ཀྱི་གྲངས་ནི་དབུ་མ་ཨ་བ་དྷཱུ་ཏཱིའི་དབུགས་སུ་འགྱུར་རོ། །ལྷག་ མ་འབུམ་ཕྲག་སུམ་ཅུ་རྩ་གསུམ་ལྷག་པའི་བྱེ་བ་ཕྲག་བདུན་ཅུ་རྩ་ལྔ་ནི་ལ་ལ་ནཱ་དང་ར་ས་ནཱ་ དག་གི་དཀྱིལ་འཁོར་ལྔ་ལས་འབབ་སྟེ་(ནད་མེད་ཅིང་ཁམས་)ཆ་མཉམ་པར་གྱུར་པ་ལས་གཡོན་ དང་གཡས་ནས་ཕྱེད་ལ་ལ་ནཱ་ནས་འབབ་ཅིང་ཕྱེད་ར་ས་ནཱ་ནས་འབབ་སྟེ་ལོ་བརྒྱའི་མཚམས་ ཀྱི་འོ། །སྟོང་དུས་མེ་ཡིས་རབ་ཏུ་ཕྱེ་བ་རྣམས་ནི་ཆུ་ཚོད་དུ་འགྱུར་ཞེས་པ་ནི་(དབུ་མ་དང་གཡས་ གཡོན་གྱི་)དབུགས་ཀྱི་ཕུང་པོ་དེ་རྣམས་ལས་(སོ་སོར་)སུམ་བརྒྱ་དྲུག་ཅུས་རབ་ཏུ་ཕྱེ་བའི་རྙེད་པ་ ནི་(རང་རང་གི་)ཆུ་ཚོད་ཀྱི་ཕུང་པོར་འགྱུར་རོ། །དྲུག་ཅུའི་ཆ་ཡིས་ཉིན་ཞག་ཀྱང་ཞེས་པ་ནི་ཆུ་ ཚོད་ཀྱི་ཕུང་པོ་དེ་ལས་དྲུག་ཅུའི་ཆས་ཐོབ་པ་ནི་ཉིན་ཞག་གི་ཚོགས་སུ་འགྱུར་ཏེ་(སྤྱིར་)སྟོང་ ཕྲག་སུམ་ཅུ་རྩ་དྲུག་ལས་(ལོ་བརྒྱའི་)དབུ་མའི་(དབུགས་ཞག་གྲངས་སུ་དྲིལ་བ་ནི་)ཉི་ཤུ་རྩ་ལྔ་ལྷག་པའི་ བརྒྱ་ཕྲག་བཅུ་གཅིག་གི་གྲངས་སོ། །ལྷག་མའི་ཉིན་ཞག་གི་ཚོགས་བརྒྱ་ཕྲག་བཞི་བཅུ་རྩ་ བརྒྱད་དང་བདུན་ཅུ་རྩ་ལྔ་ལྷག་པའི་ཁྲི་ཕྲག་གསུམ་ནི་ལ་ལ་ནཱ་དང་ར་ས་ནཱ་དག་གི་ལོ་བརྒྱའི་ མཚམས་ཀྱི་ཡིན་པར་རིག་པར་བྱའོ། ༦༤ ། ༈ ད་ནི་ལོ་བརྒྱའི་ཚད་གཅིག་ཏུ་བསྡུས་པ་(དེ་ཡེ་ཤེས་ཀྱི་ཆ་)དུས་ཀྱི་འཁོར་ལོ་དང་(ལོ་གསུམ་ 2-1-297 དང་ཕྱོགས་གསུམ་)བྲལ་བ་ལ་གཟའ་བརྒྱད་ཀྱི་(རྒྱུ་སྐར་གྱི་)འཁོར་ལོ་ཕྱེད་དང་གཉིས་ལོངས་སྤྱོད་ པ་གསུངས་པ་ཟླ་བའི་ཕྱོགས་ཞེས་པ་ལ་སོགས་པ་སྟེ་(དང་པོ་སྙིང་སྟོབས་ཀྱི་རང་བཞིན་འཁོར་ལོའི་ཕྱེད་ ནི་)ཟླ་བའི་ཕྱོགས་ཏེ་ཞེས་པ་ནི་ཟླ་བའི་(འཁོར་ལོ་ཐུན་མོང་མ་ཡིན་པ་ཞག་སུམ་ཅུ་ཡིན་པས་དེའི་)ཕྱོགས་ གཅིག་(མཚན་མོའི་ཆ་)དབྱུག་གུ་སུམ་ཅུའི་བདག་ཉིད་ཀྱི་མཚན་མོར་འགྱུར་ཏེ་ཁྱིམ་གྱི་འཁོར་ ལོ་ཕྱེད་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །ཉི་མའི་བགྲོད་པ་ཞེས་པ་ནི་ཉི་མའི་བགྲོད་པ་ ཉིད་ཉིན་མཚན་ཕྱེད་དུ་འགྱུར་ཏེ་འཁོར་ལོ་ཕྱེད་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །ས་ སྐྱེས་ཟླ་བ་དགུ་རྣམས་དག་གི་མཚན་མོའོ་ཞེས་པ་ནི་(ས་སྐྱེས་ཀྱི་ཟླ་བ་བཅོ་བརྒྱད་ནས་འཁོར་བར་འཇིག་ རྟེན་ན་གྲགས་པ་ལ་བརྟེན་པའི་)བྱེད་པ་བརྗོད་པར་འདོད་པས་སོ། །(དེ་གྲགས་པ་ལ་བརྟེན་པས་)དེ་བཞིན་ དུ་བླ་མའི་ལོ་དྲུག་ཏུ་འགྱུར་རོ། །ཉི་མའི་ཇི་ལྟ་བ་དེ་བཞིན་དུ་པ་སངས་ཀྱི་ཡང་བགྲོད་པ་སྟེ་ ཟླ་སྐྱེས་གཟའ་ལག་གི་ཡང་བགྲོད་པའོ། །ཚེས་ཞེས་བྱ་བའི་ལོ་ནི་སྟེ་ལོ་བཅོ་ལྔ་ནི་སྤེན་པའི་ འོ། །མུན་ཅན་སྒྲ་གཅན་གྱི་ནི་ལོ་དགུ་ཉིན་མཚན་ཕྱེད་དུ་འགྱུར་ཏེ་རྒྱུ་སྐར་ཕྱེད་ཀྱི་འཁོར་ལོ་ ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །དེ་རྣམས་ཐམས་ཅད་གཅིག་ཏུ་བསྡུས་པ་ནོར་གྱིས་བསྒྱུར་ བའི་དུས་ཀྱི་ལོ་ཞེས་པ་སུམ་ཅུ་རྩ་གཉིས་དང་ཕྱེད་བཅས་ཟླ་བ་གསུམ་དུ་འགྱུར་ཏེ་(དེ་རྣམས་ནི་) སེམས་ཅན་རྣམས་ཀྱི་སྙིང་སྟོབས་ཀྱི་ཡོན་ཏན་གྱི་དབྱེ་བས་སོ། ༦༥ ། (དེ་ལྟར་གཟའ་བརྒྱད་པོ་རང་རང་གི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་ལ་ཉིན་ཞག་དུ་བཏགས་པའི་)ཕྱེད་དང་ བཅས་པའི་ཉིན་ཞག་གི་གྲངས་ལས་ཕྱེད་དང་བཅས་པའི་རྒྱུ་སྐར་གྱི་འཁོར་ལོ་ལ་ཉེ་བར་ ལོངས་སྤྱོད་པའི་ཕྱིར་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་(སུམ་འགྱུར་ནི་)ལོ་བརྒྱར་ འགྱུར་ཏེ་(འོན་ཀྱང་)དུས་ཀྱི་འཁོར་ལོས་དམན་ནོ་ཞེས་པ་ནི་(དབུ་མའི་)ལོ་གསུམ་དང་ཕྱོགས་ གསུམ་གྱིས་དམན་པ་སྟེ་(དེའི་ལྷག་མ་)གཟའ་བརྒྱད་པོ་རྣམས་ཀྱི་གཅིག་ཏུ་བསྡུས་པ་ལས་ཕྱེད་ དང་བཅས་པའི་ཟླ་བ་བཅུ་ལྷག་པའི་ལོ་དགུ་བཅུ་རྩ་དྲུག་གི་ཚོགས་སུ་འགྱུར་རོ། །འདིར་ 2-1-298 སྲོག་ནི་སྙིང་སྟོབས་ལ་འབབ་ཅེས་པ་ནི་ཕྱེད་དང་བཅས་པའི་ཟླ་བ་གསུམ་ལྷག་པའི་ལོ་སུམ་ ཅུ་རྩ་གཉིས་ཀྱི་བར་དུ་སེམས་ཅན་རྣམས་ཀྱི་སྲོག་ནི་སྙིང་སྟོབས་ལ་སྟེ་སྙིང་སྟོབས་ཀྱི་ཡོན་ ཏན་གྱིས་འབབ་པོ། །དེའི་འོག་ཏུ་རྡུལ་གྱི་བར་དུ་ཚད་(སྔ་མ་)དེ་ཉིད་ཀྱིས་སོ། །དེའི་འོག་ ཏུ་མུན་པ་ལ་ཡང་(ཚད་ཀྱི་)རིམ་པ་དེ་ཉིད་ཀྱིས་སོ། །ལྷ་མི་ལག་འགྲོ་རྣམས་ཀྱི་རང་རང་གི་ (དབུགས་ནས་བརྩམས་པའི་)ལོ་བརྒྱའི་ཚད་ལས་སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་ཀྱི་མཐའི་ མཚམས་(ཕྱེད་བཅས་ཟླ་བས་དམན་པའི་ཕྱིར་བུ་ལོན་གནས་སྐབས་)དེ་ནས་ལྔ་པ་(སྨིན་པའི་གནས་སྐབས་)ཉིད་ དུ་འགྱུར་རོ། །(དེ་ནས་)ཟླ་བ་ཕྱེད་བཅས་མཚན་མོ་དག་གིས་ཞེས་པ་ནི་དུས་ཀྱི་འཁོར་ལོའི་ ཕྱོགས་གསུམ་གྱིས་ཏེ་ཀྱང་ཞེས་པས་སྔར་གྱི་ལོ་གསུམ་གྱིས་(ཀྱང་རྩ་རྣམས་ཆད་ཅིང་ལོ་བརྒྱ་རྫོགས་) སོ། །འདིར་འཁོར་བ་པ་རྣམས་(བྱས་པ་ལ་སོགས་ནས་)ལྔ་པ་ཉིད་(དུ་གྱུར་བ་ནི་)འཆི་བར་འགྱུར་ཏེ་ སྐྱེས་བུ་ཚེ་ལོ་བརྒྱ་པ་ཞེས་པའི་ཚིག་འཇིག་རྟེན་པའི་ཐ་སྙད་ལས་སོ། །དོན་དམ་པ(སྟེ་དོན་ལ་ གནས་པ་)འི་རིགས་པས་ནི(ཚེ་ལོ་བརྒྱ་པར་)ངེས་པ་མེད་དེ་སེམས་ཅན་རྣམས་ཀྱི་རང་རང་གི་ལས་ ཀྱི་དབང་གིས་སྐྱེ་བ་དང་འགག་པར་སངས་རྒྱས་པ་རྣམས་ཀྱིས་རྟོགས་པར་བྱ་སྟེ། སྐྱེས་བུ་ ཚེ་ལོ་བརྒྱ་པ་དབང་བ་བརྒྱ་པ་ཞེས་པ་ནི་(སྔར་བཤད་པ་ལྟར་ནང་དུ་ཞག་ཉིས་བརྒྱ་དང་ཕྱི་རོལ་ཏུ་ལོ་ཉིས་བརྒྱ་ ལ་)དགོངས་(ཏེ་གསུངས་)པའི་སྐད་དོ། །(དེ་ལྟར་དགོངས་པའི་སྐད་གསུངས་པའི་རྒྱུ་མཚན་ནི་)ཕྱི་རོལ་ཏུ་དུས་ བཞིའི་བདག་ཉིད་ཀྱི་ལོ་ཁྲི་ཕྲག་གཉིས་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་ནི་(ནང་དུ་) སྐྱེས་བུའི་དབུགས་(དེ་སྙེད་)ཀྱི་མཚན་ཉིད(ལ་སྦྱོར་)ཏེ་ནང་དུ་(ཞག་ཉིས་བརྒྱའི་)དབུགས་ཀྱི་(གྲངས་) ཚད་(སྔར་གྱི་གྲངས་)དེ་ཉིད་ཀྱིས་དུས་བཞིའི་བདག་ཉིད་(ཀྱི་ལོ་གྲངས་རྫོགས་པ་ཉིད་)དོ། །(དུས་བཞི་ཆེན་ པོའི་ལོ་གྲངས་རྫོགས་པ་)གང་གི་དུས་སུ་གཟའ་(བཅུ་པོ་)ཐམས་ཅད་ཀྱི་རྒྱུ་བ་(སྐར་མ་ནམ་གྲུའི་མཐར་)སྟོང་ པ་ལ་འཇུག་པར་འགྱུར་བ(ཡིན་ལ་སྐྱེས་བུ་ཚེ་ལོ་བརྒྱ་བའི་མཐར་ཡང་དཀྱིལ་འཁོར་བཅུའི་རླུང་རྣམས་རྩ་དབུ་མར་ སྟོང་པར་འཇུག་པར་འགྱུར་བའི་ཕྱིར་དུས་བཞིའི་ལོ་གྲངས་དང་དབུགས་ཀྱི་གྲངས་མཚུངས་པའི་ཞག་ཉིས་བརྒྱ་ལ་སྐྱེས་བུ་ཚེ་ལོ་ 2-1-299 བརྒྱ་པ་)འོ། །ཞེས་(བཏགས་)པ་ནི་དོན་དམ་(ཏེ་དོན་ལ་གནས་)པའི་རིགས་པའོ། །སེམས་ཅན་རྣམས་ ཀྱི་དགེ་བ་དང་མི་དགེ་བའི་དབང་གིས་ཀྱང་ཚེ་(ལོ་བརྒྱ་ལས་)དམན་པ་དང་ལྷག་པར་འགྱུར་ ཞིང་(སྐྱེས་བུ་)ཚེ་ལོ་བརྒྱ་པ་ཞེས་བྱ་བའི་ངེས་པ་མེད་དེ་དེ་བཞིན་གཤེགས་པའི་གསུང་གི་ཕྱིར་ རོ། །(དེ་ལྟར་ལོ་བརྒྱའི་དབུགས་སྤྱི་དང་བྱེ་བྲག་ཏུ་ལོ་བརྒྱའི་དབུ་མའི་དབུགས་ལས་ལོ་གསུམ་ཕྱོགས་གསུམ་གྱི་)གྲངས་ ནི་ཤིན་ཏུ་ངེས་པ་འདི་དག་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོར་རབ་ཏུ་གྲགས་པ་ཡིན་ནོ་མི་ཡི་ དབང་ཞེས་པ་ནི་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོ་ལ་བོད་པའོ། ༦༦ ། ༈ ད་ནི་(ལོ་བརྒྱའི་)དབུ་མ་ཨ་བ་དྷཱུ་ཏཱིའི་(ཞག་རྣམས་ཀྱི་)དྲུག་ཅུའི་ཆུའི་ཆུ་ཚོད་རྣམས་གཟའ་ ལྔ་རྒྱུ་སྐར་ལ་འཆར་བའི་རྐང་པ(སྟེ་སྤྱོད་པ་)འི་ཆུ་ཚོད་ཀྱི་ཚོགས་གསུངས་པ་མ་བཅད་ཅེས་པ་ ལ་སོགས་པ་སྟེ་མ་བཅད་དུས་ཀྱི་འཁོར་ལོ་ནི་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་མ་ གཅད་པ་(ཞག་)ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གི་(ཞག་རེའི་དྲུག་ཅུའི་ཆའི་ཆུ་ཚོད་)བགྲོད་ པ་(ཞག་གྲངས་དང་མཉམ་པ་)དག་ལ་བུ་ལོན་དགུ་ནི་ཞེས་པ་མངལ་གྱི་ཟླ་བ་དགུའི་(ཞག་གྲངས་ལ་སུམ་ ཅུ་སོ་གཉིས་ཀྱིས་ཐོབ་པའི་)བུ་ལོན་(རགས་པ་ཞག་དགུ་ཡིན་ལ་ཞག་དགུ་པོའི་ཞག་རེའི་དྲུག་ཅུའི་ཆའི་)ཆུ་ཚོད་དགུ་ བསྲེས་པར་གྱུར་པ་མཐའ་དག་རྣམས་ཏེ་(དེ་ལྟར་)ཆུ་ཚོད་ཀྱི་ཚོགས་སུམ་ཅུ་རྩ་བཞི་ལྷག་པའི་ བརྒྱ་ཕྲག་བཅུ་གཅིག་གི་གྲངས་རྣམས་ནི་བཀྲ་ཤིས་ལ་སོགས་གཟའ་ནི་ལྔ་པོ་རྣམས་ཀྱི་མྱུར་ བའི་ལས་ཞེས་པ་སྐར་མ(ལ་ལོངས་སྤྱོད་པ་)འི་ལས་དག་ལ་ཡང་རྐང་བའི་ཆུ་ཚོད་དུ་འགྱུར་རོ། ། (དེ་རྣམས་བཤད་པ་)ས་སྐྱེས་ལ་ནི་རིག་བྱེད་དུས་མེ་ཞེས་པ་(སྔར་གྱི་ཆུ་ཚོད་ཀྱི་གྲངས་)དེ་རྣམས་ལས་ བཀྲ་ཤིས་(ཀྱི་མྱུར་རྐང་)ལ་ཆུ་ཚོད་ཀྱི་ཚོགས་དྲུག་ཅུ་རྩ་བཞི་ལྷག་པའི་སུམ་བརྒྱའི་གྲངས་སུ་ འགྱུར་རོ། །སྲིད་པའི་གནས་རྣམས་དག་ལ་ཞེས་པ་ནི་(ཆུ་ཚོད་ཀྱི་གྲངས་དེ་ཡང་)རྐང་པའི་གནས་ བཅུ་བཞི་ལ་(དགོད་པར་བྱ་)སྟེ་སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ(གྱི་སྐར་མ་རེ་རེ་དང་སྐར་མ་ ཕྱེད་ལ་རིམ་པ་མིན་པའི་མྱུར་རྐང་གནས་རེ་རེ་སྤྱོད་པའི་ཚུལ་གྱིས་མྱུར་རྐང་རྣམས་རྫོགས་པར་)ལོངས་སྤྱོད་པའི་ཕྱིར་ 2-1-300 རོ། །རྒྱུ་བའི་དབྱེ་བ་ཡིས་ཞེས་པ་ནི་(ཆུ་ཚོད་)ཉི་ཤུ་རྩ་བཞི་ལ་སོགས་པའི་དབྱེ་བས་སོ། །སྔ་ཕྱི་ ཕྱེད་ལ་མཚུངས་པར་ཕྱེད་སྔ་མ་ལ་རྒྱུ་སྐར་གྱི་རྐང་པའི་དབང་གིས་བརྒྱ་བརྒྱད་ཅུ་རྩ་གཉིས་ དང་ཕྱེད་ཕྱི་མ་ལ་བརྒྱ་བརྒྱད་ཅུ་རྩ་གཉིས་ཏེ་(རྐང་འཛིན་གྱི་)རྒྱུ་སྐར་(ཕྱེད་དང་བཅུ་བཞི་པོ་)རྣམས་ཀྱི་ (སྟེང་ན་ཡོད་པའི་རྐང་པའི་ལོངས་སྤྱོད་ཀྱི་)ཕྱེད་ཕྱེད་ཡིན་པའི་ཕྱིར་རོ། །བུ་ལོན་ནོར་གྱི་བགྲོད་པ་དག་ ལ་ཞེས་པ་ནི་རིམ་པ་མིན་པས་བུ་ལོན་གྱི་བགྲོད་པ་དང་རིམ་པས་ནོར་གྱི་བགྲོད་པ་རྣམས་ལ་ (རྐང་པའི་)གནས་ཀྱིས་དབྱེ་བས་ངེས་པར་སྦྱར་ཏེ་(མིག་དམར་)ཉི་མའི་དཀྱིལ་འཁོར་ལས་(ནུབ་ ཕྱོགས་སུ་)ཤར་བའི་(ཚེ་ཉི་མ་དང་སྐར་མ་གཅིག་གི་ཁྱད་ཞུགས་པའི་)སྐར་མ་ནི་(རྐང་པའི་)གནས་དང་པོའོ། ། གནས་ཀྱི་དབྱེ་བ་དེ་ལས་གཞན་གནས་བཅུ་བཞི་རྣམས་ཏེ་གནས་ཀྱི་དབྱེ་བ་དེ་དག་གིས་ (རྐང་བའི་)ཆུ་ཚོད་དེ་དག་〔སོ་སོར་〕ངེས་པར་སྦྱར་རོ། ༦༧ ། (རྐང་པའི་གནས་)དང་པོར་རྒྱལ་དབང་གྲངས་ཏེ་(རྟག་པའི་ལོངས་སྤྱོད་)རྒྱུ་སྐར་དང་པོ་སྤྱད་པའི་ (དབང་དུ་བྱས་པའི་རྒྱུ་སྐར་དང་པོ་རྫོགས་པའི་)གནས་ལ་ཉི་ཤུ་རྩ་བཞིའོ། །མེ་དང་མིག་ནི་རྣམ་གསུམ་ དག་ཏུ་རབ་ཏུ་འགྱུར། ཞེས་པ་དང་པོའི་གནས་ནས་གཉིས་པ་དང་གསུམ་པ་དང་བཞི་པ་ལ་ ཉི་ཤུ་རྩ་གསུམ་དུ་འགྱུར་ཏེ་རྣམ་གསུམ་ཞེས་སོ། །གནས་གཉིས་དག་ལ་གཅིག་དང་མིག་ སྟེ་ཞེས་པ་གནས་བཞི་པ་དེ་ནས་ལྔ་པ་དང་དྲུག་པའི་གནས་ལ་ཉི་ཤུ་(དབང་དུ་བྱས་པའི་རྒྱུ་སྐར་དང་ པོ་རྫོགས་པའི་)རྩ་གཅིག་སྟེ་གནས་གཉིས་ཞེས་སོ། །བཅོ་བརྒྱད་ཚེས་དང་དྲག་པོ་སྟེ་གནས་ དྲུག་པ་དེ་ནས་བདུན་པ་དང་བརྒྱད་པ་དང་དགུ་པའི་གནས་རྣམས་ལ་གྲངས་བཞིན་དུ་བཅོ་ བརྒྱད་དང་ཚེས་ཞེས་པ་བཅོ་ལྔ་དང་དྲག་པོ་ཞེས་པ་བཅུ་གཅིག་གོ། མེ་དང་རྩ་བར་དྲག་པོ་ དང་སྟེ་གནས་དགུ་པ་དེ་ནས་གནས་བཅུ་པ་ལ་མེ་ཞེས་པ་རྐང་པ་གསུམ་མོ་དེ་ནས་རྩ་བར་ ཕྱེད་ཕྱི་མ་སྟེ་ཕྱེད་ཕྱི་མ་ལ་གནས་བཅུ་གཅིག་པར་དྲག་པོ་ཞེས་པ་བཅུ་གཅིག་གོ། སུམ་ཅུ་ རྩ་བརྒྱད་བརྒྱད་ཅུ་དག་དང་སྟེ་བཅུ་གཉིས་པ་ལ་སུམ་ཅུ་རྩ་བརྒྱད་དང་བཅུ་གསུམ་པ་ལ་ 2-1-301 བརྒྱད་ཅུའོ། །རྐང་པ་སྲིད་པའི་གནས་ཞེས་པ་གནས་བཅུ་བཞི་པ་ལ་འདིར་ནི་གསུམ་བཅས་ ལྔ་བཅུའོ་ཞེས་པ་ལ་གསུམ་དང་བཅས་པའི་ལྔ་བཅུ་ནི་གསུམ་བཅས་ལྔ་བཅུ་སྟེ་ལྔ་བཅུ་རྩ་ གསུམ་ནི་གནས་བཅུ་བཞི་པ་འདི་ལ་ངེས་པའོ། །(〔རྐང་པའི་ལོངས་སྤྱོད་དལ་རྐང་དང་〔རྟག་ པའི་ལོངས་སྤྱོད་དེ་ལ་རྐང་པ་དང་〕བཅས་པས་)རྒྱུ་སྐར་གྱི་འཁོར་ལོ་ཕྱེད་པོ་(ཅི་རིགས་པའམ་རྫོགས་ པར་ལོངས་སྤྱོད་སྤྱད་པའི་དཀྱིལ་འཁོར་བ་དག་པ་)དེ་ཡིས་ཉི་མ་〔བར་ས་ལ་སྦྱངས་པས་〕རྣམ་དག་གྱུར་པའི་ (རྐང་འཛིན་དེས་རྐང་པ་བཟུང་བའི་)རྗེས་(རྐང་པའི་ལོངས་སྤྱོད་རྣམས་མྱུར་བའི་ལས་ཀྱི་སྐབས་འདིར་)ལ་རིམ་པ་མིན་ པས་(ཏེ་རྐང་པ་ལུགས་བཟློག་ཏུ་བཟུང་བས་)བུ་ལོན་དུ་འགྱུར་ཞིང་རིམ་པས་(ཏེ་རྐང་བ་ལུགས་འབྱུང་དུ་བཟུང་ བས་)ནོར་དུ་འགྱུར་རོ། །མིག་དམར་ལ་སོགས་པའི་སྐར་མའི་ལོངས་སྤྱོད་(དཀྱིལ་འཁོར་བ་དག་པ་) ལ་བུ་ལོན་དོར་བར་བྱ་ཞིང་ནོར་སྦྱིན་པར་བྱའོ། ༦༨ ། རིགས་བྱེད་དག་དང་བུག་པ་ཟླ་བའི་གྲངས་ནི་གཟའ་ལག་མྱུར་བའི་ལས་ལ་ཆུ་ཚོད་ རྣམས་སུ་འགྱུར་ཞེས་པ་ནི་འདིར་གཟའ་ལག་གི་(མྱུར་རྐང་)ཆུ་ཚོད་ཀྱི་ཚོགས་བརྒྱ་དགུ་བཅུ་རྩ་ བཞིའོ། །བཀྲ་ཤིས་ཀྱི་རང་གི་ཆུ་ཚོད་ཀྱི་ཚོགས་རྣམས་གནས་བཅུ་བཞི་ལ་ཇི་ལྟ་བ་དེ་བཞིན་ དུ་གཟའ་ལག་གི་ཡང་རྟོགས་པར་བྱ་སྟེ་མྱུར་བའི་ལས་ཞེས་པ་རྒྱུ་སྐར་གྱི་ལས་ལའོ། །གནས་ གཉིས་ལ་ནི་བཅུ་དྲུག་ཅེས་པ་ནི་གནས་དང་པོ་ལ་བཅུ་དྲུག་སྟེ་གནས་གཉིས་པ་ལ་ཡང་བཅུ་ དྲུག་གོ་གཞན་ལ་ཚེས་དང་མ་ནུ་མྱོས་བྱེད་ཅེས་པ་ནི་གསུམ་པ་ལ་བཅོ་ལྔ་དང་བཞི་པ་ལ་བཅུ་ བཞི་དང་ལྔ་པ་ལ་བཅུ་གསུམ་མོ། །དྲག་པོ་རི་དང་དབང་པོ་མཁའ་ཞེས་པ་དྲུག་པ་ལ་བཅུ་ གཅིག་དང་བདུན་པ་ལ་བདུན་དང་བརྒྱད་པ་ལ་ལྔ་དང་དགུ་པ་ལ་སྟོང་པའོ། །རྩ་བ་དག་ལ་ རིག་བྱེད་དྲག་པོ་དང་ནི་ཞེས་པ་ནི་གནས་དགུ་པ་དེ་ནས་རྩ་བར་ཕྱེད་ཕྱི་མ་སྟེ་གནས་བཅུ་པ་ ལ་བཞི་དང་བཅུ་གཅིག་པ་ལ་བཅུ་གཅིག་དང༌། བཅུ་གཉིས་པ་ལ་ཉི་ཤུ་དང༌། བཅུ་གསུམ་པ་ ལ་ཉི་ཤུ་རྩ་བརྒྱད་དང༌། བཅུ་བཞི་པ་ལ་སུམ་བཅུ་རྩ་བཞི་གཞག་པར་བྱ་སྟེ་དེ་ལྟར་ན་གོ་རིམ་ 2-1-302 ཇི་ལྟ་བ་བཞིན་དུ་གཟའ་ལག་གི་ཆུ་ཚོད་རྣམས་རྒྱུ་བའི་དབྱེ་བས་ཡང་དག་པར་གནས་པར་ རིགས་པར་བྱའོ། ༦༩ ། ཆུ་གཏེར་ནམ་མཁའ་དག་དང་ཟླ་བའི་གྲངས། བརྒྱ་རྩ་བཞི་ནི་བླ་མའི་(མྱུར་རྐང་གི་)ཆུ་ ཚོད་ཀྱི་ཚོགས་ཏེ་རྒྱུ་བའི་དབྱེ་བ(བཅུ་ལ་སོགས་པ་)ས་རྣམས་པར་ཕྱེ་བ་དག་གནས་བཅུ་བཞི་ལ་ འགྱུར་བ་ནི་ཆུ་ཚོད་ཀྱི་ཚོགས་དེ་ལས་གནས་གཉིས་དག་ལ་ཕྱོགས་ཀྱི་ཚད་དེ་(ཞེས་པ་)གནས་ དང་པོ་ལ་བཅུ་དང་གཉིས་པ་ལ་ཡང་བཅུའོ། །དགུ་ནོར་དུས་ཞེས་པ་ནི་གསུམ་པ་ལ་དགུ་ དང༌། བཞི་པ་ལ་བརྒྱད་དང་ལྔ་པ་ལ་དྲུག་གོ། དྲུག་དང་ལག་པ་ཟླ་བ་དག་དང་ཞེས་པ་ནི་ དྲུག་པ་ལ་དྲུག་དང་བདུན་པ་ལ་གཉིས་དང་བརྒྱད་པ་ལ་གཅིག་གོ། རྩ་བར་ནི་ཕྱེད་ཕྱི་མ་ ལ་མེ་དྲུག་བུག་པ་དང་ནི་དྲག་པོ་ཞེས་པ་ནི་དགུ་པ་ལ་གསུམ་དང་བཅུ་པ་ལ་དྲུག་དང་བཅུ་ གཅིག་པ་ལ་དགུ་དང་བཅུ་གཉིས་པ་ལ་བཅུ་གཅིག་གོ། མི་བདག་ཐུབ་པ་རྣམས་ཏེ་ཞེས་པ་ནི་ བཅུ་གསུམ་པ་ལ་བཅུ་དྲུག་དང་གནས་བཅུ་བཞི་པ་ལ་བདུན་ནོ། །རྒྱུ་བ་ཐམས་ཅད་རིམ་པས་ སོ། །ཞེས་པ་ནི་དེ་ལྟར་གཟའ་ཐམས་ཅད་ཀྱི་རྐང་པའི་ཆུ་ཚོད་རྣམ་པ་ཐམས་ཅད་གོ་རིམ་ཇི་ ལྟ་བས་རིག་པར་བྱའོ། །མྱུར་ཞེས་པ་ནི་མྱུར་བའི་རྒྱུ་བ་སྟེ་(ཉི་མའི་དཀྱིལ་འཁོར་ལས་)གཟའ་ཤར་ བའི་(རིམ་པས་)ཕྱེད་སྔ་མ་ལའོ། །དལ་བ་ཡང་ཕྱེད་ཕྱི་མ་ལའོ། །འཁྱོག་པོ་ནི་རིམ་པ་མིན་པས་ ཕྱེད་སྔ་མ་ལ་སྟེ་ཡང་ཡིག་གིས་འབྱུང་བ་ནི་རིམ་པ་མིན་པའི་ཕྱེད་ཕྱི་མ་ལའོ། །གཟའི་ཚོགས་ ནི་ངེས་པར་ཉི་མའི་དབྱེ་བ་དག་གིས་ཏེ་ཉི་མ་ལ་རྣམ་པར་དག་པའི་དབྱེ་བས་རྒྱུ་བར་བྱེད་དོ། ༧༠ ། དྲུག་དང་ཟླ་བ་ཆུ་གཏེར་གྲངས་ཞེས་པ་ནི་བཞི་བརྒྱ་བཅུ་དྲུག་གི་ཚོགས་འདི་རྣམས་ནི་ པ་སངས་(ཀྱི་མྱུར་རྐང་ཡིན་)ཏེ་དཀར་པོའི་གནས་བཅུ་བཞི་ལ་འགྱུར་རོ། །དེ་ལས་ཆུ་ཚོད་རྣམས་ གནས་གསུམ་དག་ལ་ཉི་ཤུ་ལྔ་སྟེ་ཞེས་པ་ནི་དང་པོའི་གནས་ལ་ཉི་ཤུ་ལྔ་སྟེ་གཉིས་པ་དང་ 2-1-303 གསུམ་པ་ལ་ཡང་ངོ༌། །གཉིས་ནི་རྒྱལ་བ་ཞེས་པ་བཞི་པ་ལ་ཉི་ཤུ་རྩ་བཞི་སྟེ་ལྔ་པ་ལ་ཡང་དེ་ བཞིན་ནོ། །ལག་མིག་རྣམས་པ་གཉིས་ཞེས་པ་ནི་དྲུག་པ་ལ་ཉི་ཤུ་རྩ་གཉིས་ཏེ་བདུན་པ་ལ་ ཡང་ངོ༌། །སྐྱོན་དང་ཚེས་དང་བརྒྱད་དེ་ཞེས་པ་ནི་བརྒྱད་པ་ལ་བཅོ་བརྒྱད་དང༌། དགུ་པ་ལ་ བཅོ་ལྔ་དང༌། བཅུ་པ་ལ་བརྒྱད་དོ། ། དེ་ནས་རྩ་བར་ཕྱེད་ཕྱི་མ་ལ་དྲུག་དང་ནམ་མཁའ་ཡོན་ཏན་དག་དང་ཞེས་པ་ནི་བཅུ་ གཅིག་པ་ལ་དྲུག་དང༌། བཅུ་གཉིས་པ་ལ་སུམ་ཅུ་དང༌། བཅུ་གསུམ་པ་ལ་གཅིག་གིས་ དམན་པའི་བརྒྱའོ། །མཐར་བཅུ་བཞི་པ་ལ་མེ་དང་རི་ཡི་གྲངས་ཞེས་པ་བདུན་ཅུ་རྩ་གསུམ་ མོ། །རྐང་པ་སྲིད་པའི་གནས་ལ་སྟེ་གནས་བཅུ་བཞི་ལ་པ་སངས་ཀྱི་རྒྱུ་བ་རིམ་པས་རྟོགས་ པར་བྱའོ། ༧༡ ། ཉི་མའི་བུ་ལ་དྲུག་དང་འབྱུང་བའི་གྲངས་ཏེ་སྤེན་པའི་གནས་བཅུ་བཞི་ལ་ཆུ་ཚོད་ཀྱི་ ཚོགས་ལྔ་བཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལས་དྲུག་དང་འབྱུང་བ་དག་དང་འབྱུང་བ་རིགས་ བྱེད་ཅེས་པ་ནི་གནས་དང་པོ་ལ་དྲུག་དང་གཉིས་པ་ལ་ལྔ་སྟེ་གསུམ་པ་ལ་ཡང་ངོ༌། །བཞི་པ་ ལ་བཞིའོ། །ཆུ་གཏེར་མིག་དང་ཞེས་པ་ནི་ལྔ་པ་ལ་བཞི་དང༌། དྲུག་པ་ལ་གཉིས་སོ། །བདུན་ པ་ལ་ཟུང་ཞེས་པ་གཉིས་ཏེ་བརྒྱད་པ་ལ་སྟོང་པའོ། །དེ་ནས་རྩ་བར་ཕྱེད་ཕྱི་མ་ལ་ཕྱོགས་དང་ རིག་བྱེད་དག་དང་འབྱུང་བ་ཞེས་པ་ནི་དགུ་པ་ལ་གཉིས་དང༌། བཅུ་པ་ལ་བཞི་དང༌། བཅུ་ གཅིག་པ་ལ་ལྔའོ། །རོ་དང་ནོར་དང་རྩེ་མོ་ཅན་ཞེས་པ་ནི་བཅུ་གཉིས་པ་ལ་དྲུག་དང༌། བཅུ་ གསུམ་པ་ལ་བརྒྱད་དང༌། བཅུ་བཞི་པ་ལ་ཆུ་ཚོད་གསུམ་སྟེ་སྤེན་པའི་གནས་བཅུ་བཞི་པ་ལ་ རིམ་པས་གཞག་པར་བྱའོ། །དེ་ལྟར་གཟའ་རྣམས་ཀྱི་ནི་རྒྱུ་བ་མཐའ་དག་དུས་ཀྱི་འཁོར་ལོ་ དག་ལས་ཤིན་ཏུ་ངེས་པར་འགྱུར་ཞེས་པ་ནི་དབུ་མའི་ལོ་བརྒྱའི་དབུགས་ཀྱི་འཁོར་ལོ་ལ་ དུས་ཀྱི་འཁོར་ལོ་ཞེས་བྱ་སྟེ་(དེའི་ལོ་གསུམ་ཕྱོགས་གསུམ་གྱི་ཞག་རྣམས་ཀྱི་དྲུག་ཅུའི་ཆུའི་ཆུ་ཚོད་ཞག་གྲངས་དང་ 2-1-304 མཉམ་པ་རྣམས་)གཟའ་(ལྔ་)རྣམས་འཆར་བ(མྱུར་རྐང་རྒྱུ་བ་)འི་རྒྱུ་བའི་ཆུ་ཚོད་ཀྱི་ལོངས་སྤྱོད་དོ། ༧༢། ༈ ད་ནི་དལ་བའི་བྱ་བ་ལ་སྐྱེ་བའི་ཁྱིམ་གྱི་ཆུ་ཚོད་དལ་བའི་རྐང་པ་རྣམས་(དབུ་མའི་ དབུགས་ལོ་གསུམ་ལ་འཆར་བ་)གསུངས་པ་སུམ་ཅུ་རྩ་དྲུག་ཅེས་པ་ལ་སོགས་པ་སྟེ་སུམ་ཅུ་རྩ་དྲུག་ ཕྱེད་བཅས་ཟླ་བ་ནི་(ལོ་བརྒྱའི་དབུ་མའི་དབུགས་)ལོ་གསུམ་གྱི་ཟླ་བ་སུམ་ཅུ་རྩ་དྲུག་དང་ཕྱོགས་ གསུམ་ལས་(གཉིས་སྒྲ་གཅན་དང་དུ་བ་ལ་བཞག་ནས་འདིར་)ཕྱོགས་གཅིག་བཟུང་བ་(རྣམས་ཞག་གིས་བསྒྱུར་ བ་ལ་ཉི་མའི་ཡེ་ཤེས་ཆ་སུམ་ཅུས་བགོས་པའི་ཐོབ་ནོར་ཞག་ཕྱེད་བཅས་སོ་དྲུག་ཆུ་ཚོད་གྱིས་བསྒྱུར་བ་ལ་ཟླ་བའི་ཡེ་ཤེས་ཆ་ དྲུག་ཅུས་བགོས་པའི་ཐོབ་ནོར་ཆུ་ཚོད་ཕྱེད་བཅས་སོ་དྲུག་)སྟེ་ངེས་པར་ཞེས་པ་གདོན་མི་ཟ་བར་རོ། །ནོར་ གྱིས་བསྒྱུར་བ་དག་ཅེས་པ་ལ་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་དང་སྙིང་སྟོབས་ དང་རྡུལ་དང་མུན་པ་ནི་ཡོན་ཏན་བརྒྱད་དེ་ཡོན་ཏན་བརྒྱད་པོ་འདི་རྣམས་ཀྱིས་བསྒྱུར་བ་ནི་ གཟའ་ལྔ་པོ་རྣམས་ཀྱི་དལ་བའི་བྱ་བ་ལ་རྐང་པར་འགྱུར་རོ། །(ཟླ་བ་སོ་དྲུག་པ་བརྒྱད་ལ་ཉིས་བརྒྱ་ བརྒྱད་ཅུ་རྩ་བརྒྱད་དང་ཕྱེད་པ་བརྒྱད་ལ་བཞི་སྟེ་)མིག་བུག་མིག་གིས་གྲངས་ནི་གཟའ་ལྔའི་)ཁྱིམ་གྱི་(རྐང་པའི་)ཆུ་ཚོད་ཉིས་བརྒྱ་དགུ་བཅུ་རྩ་གཉིས་ཀྱི་གྲངས་སུ་འགྱུར་རོ། །(ཆུ་ཚོད་)དེ་(རྣམས་)ལས་རབ་ཏུ་ གསལ་བར་བཀྲ་ཤིས་ལ་སོགས་པ་རྣམས་ཀྱི་(ཁྱིམ་)གནས་དྲུག་གི་ཕྱེད་སྔ་མ་དང་ཕྱེད་ཕྱི་མ་ ལ་རིམ་པ་(སྟེ་ལུགས་འབྱུང་)དང་རིམ་པ་མིན་པ(སྟེ་ལུགས་བཟློག་པ་)ས་ཤེས་པར་བྱའོ། །དེ་ཉིད་བཅོ་ བརྒྱད་རི་རྣམས་བརྟན་པ་ས་ཡི་བུ་ཡི་ཕྱི་མ་ཕྱེད་དང་སྔ་མའི་ཆ་ལ་སྟེ་དེ་བཞིན་དུ་ཕྱོགས་རི་མེ་ ནི་གཟའ་ལག་གིའོ། །དེ་བཞིན་དུ་དབང་ཕྱུག་དགུ་མེ་བླ་མའི་སྔ་ཆ་དང་གཞན་གྱི་ཆ་ལ་ཡང་ ངོ༌། ༧༣ ། དེ་བཞིན་དུ་ཀར་པོའི་མདའ་དང་ཆུ་གཏེར་ཟླ་བའོ། །དེ་བཞིན་དུ་སྤེན་པའི་ཡང་མིག་ བཅས་མིག་དང་ཉིན་ཞག་དུས་སུ་འགྱུར་ཏེ་(དལ་རྐང་གི་)རིམ་པ་འདི་ནི་སྔར་བརྗོད་པ་ཡིན་ 2-1-305 ནོ། །དེ་ལྟར་དུས་ཀྱི་འཁོར་ལོའི་(ལོ་གསུམ་ཕྱོགས་གསུམ་གྱི་)ཟླ་བ(སོ་དྲུག་ཕྱེད་དང་བཅས་པ་)འི་ཡོངས་ སུ་ལོངས་སྤྱོད་པ་བརྒྱད་ཀྱིས་བསྒྱུར་བ་ལས་དྲུག་ཅུའི་ཆ་ཤས་ནི་ཁྱིམ་གྱི་རྐང་པའི་ཆུ་ཚོད་དུ་ རིག་པར་བྱའོ། ། ༈ ད་ནི་ཟླ་བ་ཞེས་པ་ལ་སོགས་པས་བཀྲ་ཤིས་ལ་སོགས་པ་གཟའ་ལྔ་རྣམས་ཀྱི་ཁྱིམ་ (གྱི་ཟླ་བ་)གསུམ་(གྱི་བར་དུ་རྒྱུ་སྐར་ལ་)ཡོངས་སུ་ལོངས་སྤྱོད་པ་ལས་(ལོ་བརྒྱའི་དབུ་མའི་དབུགས་ལོ་གསུམ་ ཕྱོགས་གསུམ་ལས་)ལོ་གསུམ་གྱི་ཉིན་ཞག་(གི་གྲངས་)དང་མཚུངས་པའི་ཆུ་ཚོད་ཡོངས་སུ་ལོངས་ སྤྱོད་པ་གསུངས་པ་ཟླ་བ་ལ་ནི་ས་སྐྱེས་ལ་སོགས་ལོངས་སྤྱོད་ཆུ་ཚོད་དགུ་བཅུ་རྣམས་ཏེ་ཞེས་ (པ་ས་སྐྱེས་ཀྱི་ཁྱིམ་གྱི་ཟླ་བ་གཅིག་གི་ལོངས་སྤྱོད་ཆུ་ཚོད་དགུ་བཅུ་ཡིན་)པ་ནི་འཇིག་རྟེན་ལ་གྲགས་པ་(ཟླ་བ་བཅོ་ བརྒྱད་ཀྱི་ཁྱིམ་རྣམས་འཁོར་བ་ཞག་རེ་ལ་ཆུ་ཚོད་གསུམ་གསུམ་སྤྱོད་པའི་དབང་དུ་བྱས་)སྟེ་རང་གི་ངོ་བོས་(ཏེ་གྲུབ་ མཐའི་ལོངས་སྤྱོད་)ནི་(ས་སྐྱེས་ཀྱི་)དཀྱིལ་འཁོར་གྱི་ཆ(རི་ཀླུ་རོ་)ས་ཐོབ་པའི་ཆུ་ཚོད་(གཉིས་ཆུ་སྲང་ཉེར་ གཅིག་དབུགས་གཉིས་བཅུ་ཆ་དགུ་)རྣམས་སུ་འགྱུར་ཞིང་(ཁྱིམ་གྱི་)ཟླ་བར་ཡང་ཕྱེད་དང་བཅས་པའི་ ཉིན་ཞག་སུམ་ཅུས་འགྱུར་རོ(དེས་ན་ཉིན་ཞག་རེའི་ལོངས་སྤྱོད་དེ་ཞག་ཕྱེད་དང་སོ་གཅིག་གིས་བསྒྱུར་བས་ཆུ་ཚོད་ དོན་གཅིག་ཆུ་སྲང་ང་ལྔ་དབུགས་གཅིག་དབུགས་ཀྱི་བཅུ་ཆ་ཕྱེད་དང་ལྔའོ)། །གྲུབ་པའི་མཐའི་(ལོངས་སྤྱོད་ཀྱི་)ཚད་ དེས་ཕུར་བུ(འི་ཞག་རེའི་ལོངས་སྤྱོད་ཆུ་སྲང་ཉེར་གཉིས་དབུགས་གཉིས་བཅུ་ཆ་དྲུག་)དང་སྤེན་པའི་(ཞག་རེའི་ལོངས་ སྤྱོད་ཆུ་སྲང་དགུ་དབུགས་ཀྱི་བཅུ་ཆ་གཅིག་རྣམས་ཁྱིམ་ཟླ་གཅིག་ཏུ་བསགས་པའི་)ལོངས་སྤྱོད་(སྡོམ་པ་ཆུ་ཚོད་བཅོ་ལྔ་ ཆུ་སྲང་དགུ་དབུགས་གཅིག་ལྷག་ཙམ་)དང་ལྷན་ཅིག་ཉི་མ་ལ་རྣམ་པར་སྦྱོང་བ་གསུམ་པོ་རྣམས་ཀྱི་ཆུ་ ཚོད་དགུ་བཅུར་འགྱུར་རོ་ཞེས་པ་ནི་གྲུབ་པའི་མཐའོ། (ཞེས་པ་ས་སྐྱེས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་ཟླ་བ་ ཉེར་གཅིག་ཟླ་གཅིག་བཅུ་གཅིག་ཆར་བྱས་པའི་དགུ་དང་བཅས་པ་ཡོད་པས་དེ་རྣམས་གནས་གཅིག་ཏུ་བསྡུས་པའི་ཕྱིར་ཟླ་བ་ རྣམས་བཅུ་གཅིག་གིས་བསྒྱུར་ལ་ཟླ་བ་བཅུ་གཅིག་ཆའི་དགུ་ཆ་བསྲེས་པ་དེས་རྒྱུ་སྐར་གྱི་ཆུ་ཚོད་བཅུ་གཅིག་གིས་བསྒྱུར་བ་ལ་ བགོས་པས་ཆུ་ཚོད་དོན་བཞི་དང་ཆུ་སྲང་བཅོ་ལྔ་ནི་ས་སྐྱེས་ཀྱི་ཞག་ཕྱེད་བཅས་སུམ་ཅུའི་ལོངས་སྤྱོད་དོ། །ཕུར་བུ་ལ་ཆུ་ཚོད་ 2-1-306 བཅུ་གཅིག་དང་ཆུ་སྲང་བཅོ་ལྔ་སྤེན་པ་ལ་ཆུ་ཚོད་བཞི་དང་ཆུ་སྲང་སུམ་ཅུ་སྟེ་དེ་རྣམས་ལྷན་ཅིག་ཏུ་བསྡུས་པས་ཁྱིམ་གྱི་ཟླ་བ་རེའི་ ལོངས་སྤྱོད་བསྡུས་པ་རགས་པའི་དབང་དུ་བྱས་པ)། ལྔ་དང་འཇིག་རྟེན་ཟླ་བའི་གྲངས་པ་སངས་ཀྱི་སྟེ་(ཉི་ མའི་ཁྱིམ་གྱི་ཟླ་བ་གཅིག་གི་ལོངས་སྤྱོད་ཡིན་པས་པ་སངས་ཀྱི་ཟླ་བའི་ལོངས་སྤྱོད་ཡིན་པ་)མི་རིགས་སོ་ཞེ་ན་(སྐྱོན་མེད་ དེ་རྒྱུད་ལས་གསུངས་པའི་)གྲུབ་པའི་མཐའ་ཚད་མ་ཡིན་པའི་ཕྱིར་རོ། །(དེ་ཡང་)གང་གི་ཕྱིར་(ན་)ཉི་ མའི་ལོངས་སྤྱོད་ཀྱིས་པ་སངས་(ཀྱི་རྐང་འཛིན་གྱི་ལོངས་སྤྱོད་)ལ་རྣམ་པར་སྦྱངས་པ་ལས་པ་སངས་ སུ་(དག་པར་)འགྱུར་བ་དེས་ན་(པ་སངས་ཀྱི་དཀྱིལ་འཁོར་ནི་ཉི་མ་དང་མཐུན་པས་)པ་སངས་ཀྱི་ཟླ་བའི་ ལོངས་སྤྱོད་〔དྲག་གཟའ་〕ཀྱི་ཆུ་ཚོད་ཀྱི་ཚོགས་ནི་བརྒྱ་སུམ་ཅུ་རྩ་ལྔ་སྟེ། གཟའ་ལག་གི་(དཀྱིལ་ འཁོར་)ཡང་(ཉི་མ་དང་མཐུན་པས་གཟའ་ལག་གི་ཟླ་བའི་ལོངས་སྤྱོད་ཀྱང་)དེ་བཞིན་ནོ། །དེ་རྣམས་གཅིག་ཏུ་ བསྡུས་པ་མཁའ་རོ་བསྲེག་ཟ་སྟེ་(གཟའ་)ལྔ་པོ་རྣམས་ཀྱི་(ཁྱིམ་གྱི་ཟླ་བ་རེའི་ལོངས་སྤྱོད་བསྡུས་པ་)ཆུ་ ཚོད་ཀྱི་ཚོགས་སུམ་བརྒྱ་དྲུག་ཅུར་འགྱུར་རོ། །འདི་དག་(ཁྱིམ་གྱི་)ཟླ་བ་གསུམ་གྱིས་(བསྒྱུར་བ་ ནི་)ལོ་(བརྒྱ་)ཡི་ཉིན་ཞག་(ལས་སོ་གཉིས་ཀྱིས་ཐོབ་པ་རོ་རྐྱང་གཉིས་ལ་)བུ་ལོན་(དུ་གྱུར་པའི་དབུ་མའི་ཡེ་ཤེས་ ཀྱི་རླུང་གཅིག་ཏུ་བསྡུས་པ་ལོ་གསུམ་ཕྱོགས་གསུམ་ལས་ལོ་གསུམ་གྱི་ཞག་དང་གྲངས་མཉམ་པའི་)ཆུ་ཚོད་དེ་ཆུ་ཚོད་ སྟོང་བརྒྱད་ཅུའོ། །(ཁྱིམ་གྱི་ཟླ་བ་རེའི་)ལོངས་སྤྱོད་(ཆུ་ཚོད་དགུ་བཅུ་པོ་)འདི་ནི་(དྲག་གཟའ་)གསུམ་གྱིའོ། ། ཞེས་པ་ནི་འཇམ་དཔལ་གྱི་ཚིག་ཟུར་གྱིས་(དྲག་གཟའ་གསུམ་གྱི་ལོངས་སྤྱོད་ཀྱི་)གྲུབ་པའི་མཐའ་ གསུངས་པའོ། ༧༤ །(དྲག་གཟའ་གསུམ་གྱི་གྲུབ་མཐའི་ལོངས་སྤྱོད་ལས་ཕུར་བུ་དང་སྤེན་པའི་ལོངས་སྤྱོད་ནི་)ཟླ་ བར་བླ་མའི་ལོངས་སྤྱོད་དུ་འགྱུར་ཞེས་པ་ལ་སོགས་པ་གྲུབ་པའི་མཐའི་ཚིགས་སུ་བཅད་པ་ འདི་ནི་འཇིག་རྟེན་གྱི་གྲགས་པ་(ས་སྐྱེས་ཀྱི་ཟླ་བའི་ལོངས་སྤྱོད་ཆུ་ཚོད་དགུ་བཅུ་ཞེས་པ་དེ་)ཉམས་པར་བྱ་ བའི་དོན་དུ་(གོང་གི་)ཚིག་ཟུར་གྱི་དོན་(གྲུབ་མཐའི་ལོངས་སྤྱོད་)གསུངས་པའོ། །(རྒྱུད་)འདིར་ཕྱོགས་ གསུམ་པོ་གང་ཡིན་པ་དེ་རྣམས་ནི་(གཟའ་ལྔའི་ཟླ་བ་གསུམ་གྱི་ལོངས་སྤྱོད་ལ་མི་སྦྱོར་གྱི་)མཇུག་རིངས་ (ཉི་མ་ལས་)འཆར་བའི་(ལོ་གསུམ་གྱི་རྐང་པའི་)ལོངས་སྤྱོད་(ཆུ་ཚོད་ཞེ་ལྔ་)དང་འབྲེལ་པར་གཟའ་ལྔ་ 2-1-307 རྣམས་ཀྱི་རྩ་བའི་གྲུབ་པའི་མཐའ་(སྟོན་པའི་ཚིགས་བཅད་དོན་བཞི་པ་དང་དོན་ལྔ་པ་འདི་དག་ཉིད་)ལས་ གསུངས་སོ། །དེའི་ཕྱིར་(ཕྱོགས་གསུམ་པོ་)དེ་རྣམས་ཕུར་བུ་དང་སྤེན་པའི་ལོངས་སྤྱོད་ལ་སྦྱིན་ པ(སྟེ་སྦྱར་བ་)ར་མི་བྱ(འི་མཇུག་རིངས་གཉིས་ལ་སྦྱར་བར་བྱ་)འོ། ༧༥ ། ༈ ད་ནི་སྒྲ་གཅན་གྱི་ལོངས་སྤྱོད་ལས་མཇུག་རིངས་ཀྱི་ལོངས་སྤྱོད་(འབྱུང་བ་)གསུངས་ པ་ཟླ་གཅིག་ཅེས་པ་ལ་སོགས་པ་སྟེ། འདིར་སྔར་གྱི་དལ་བའི་བྱ་བ་(སྟེ་གཟའ་ལྔའི་དལ་རྐང་)ལ་ (ཕྱོགས་གསུམ་གྱི་ནང་ནས་)ཟླ་བ་ཕྱེད་དང་བཅས་པའི་(ལོ་གསུམ་གྱི་ཟླ་བ་)སུམ་ཅུ་རྩ་དྲུག་གི་(སྦྱར་བའི་) ལྷག་མའི་ཟླ་བ་(གཅིག་པོ་)གང་ཞིག་གཟའ་རྣམས་ཀྱིས་(དལ་རྐང་གི་)[མ་སྤྱད་པའི་ཟླ་བ་དེ་ཉིད་ (ཟླ་ཉའི་)ཡོན་ཏན་བརྒྱད་ཀྱིས་བསྒྱུར་ཏེ་(བརྒྱད་ཆའི་ཕུང་པོ་)དེ་ལས་དྲུག་ཅུའི་ཆས་ཆུ་ཚོད་བརྒྱད་ གཟུང་བར་བྱའོ། །དེ་ལས་ཆུ་ཚོད་ཕྱེད་དང་བཅས་པའི་བདུན་ནི་སྒྲ་གཅན་གྱི་ལོངས་སྤྱོད་དེ་ (ཅི་ཙམ་གྱི་ལོངས་སྤྱོད་ཡིན་ན་)འདི་ཉིད་ལ་ཞེས་པ་ནི་ཉི་མའི་(ཁྱིམ་འཕོ་བའི་)ཟླ་བའི་ཚད་(ཞག་ཕྱེད་དང་སོ་ གཅིག་)ལའོ། །(ལོངས་སྤྱོད་དེའི་རྒྱུ་མཚན་ནི་)སྒྲ་གཅན་ཟླ་བའི་ལོངས་སྤྱོད་ཉི་མ་དང་བཅས་ཟླ་བའི་ རྐང་པ་ཞེས་པ་ནི་ཉི་མའི་སྙིང་སྟོབས་དང་རྡུལ་དང་མུན་པ་སྟེ། (ཉི་མའི་ཁྱིམ་གྱི་ཕྱོགས་དང་པོའི་)རྐང་ པ་(ཆུ་ཚོད་)གསུམ་མོ། །ཟླ་བའི་དྲི་དང་གཟུགས་དང་རོ་དང་རེག་བྱ་དང་སྒྲའི་ཡོན་ཏན་ཏེ་རྐང་ པ་(དང་པོའམ་བཅུ་གསུམ་པ་ཆུ་ཚོད་)ལྔའོ། །(ཉི་ཟླའི་)རྐང་པ་བརྒྱད་པོ་འདི་རྣམས་(ལས་)ནི་སྒྲ་གཅན་ གྱི་(ཁྱིམ་གྱི་ཟླ་བ་གཅིག་གི་ལོངས་སྤྱོད་)ཆུ་ཚོད་ཕྱེད་དང་བཅས་པའི་བདུན་གྱི་རང་བཞིན་ནོ། །ལྷག་མ་ ཆུ་ཚོད་ཕྱེད་ནི་(སྒྲ་གཅན་གྱི་ལོངས་སྤྱོད་མ་ཡིན་པས་)མུན་པ་མེད་པའི་རང་བཞིན་ཏེ་དེས་དམན་པ་ནི་ ཆུ་ཚོད་ཕྱེད་ཀྱིས་རྣམ་པར་དམན་པའོ། །(ཉི་མའི་རྐང་པ་བརྒྱད་པོ་བཤད་པ་ནི་)ཉི་མའི་བགྲོད་པ་དང་ པོ་ལ་གསུམ་ཞེས་པ་(བྱང་བགྲོད་ཀྱི་ཐོག་མར་)ཆུ་སྲིན་གྱི་འཕོ་བའི་(ཟླ་བའི་)ཕྱོགས་དང་པོ་ལ་ཆུ་ཚོད་ གསུམ་སྟེ་(ཉི་མའི་ཡོན་ཏན་)སྙིང་སྟོབས་དང་རྡུལ་དང་མུན་པའི་བདག་ཉིད་ནོར་གྱི་ལོངས་སྤྱོད་ དོ། །དེ་བཞིན་དུ་(ལྷོར་བགྲོད་ཀྱི་ཐོག་མ་)ཀར་ཀ་ཊའི་(འཕོ་བའི་ཟླ་བའི་)ཕྱོགས་དང་པོ་ལ་བུ་ལོན་ 2-1-308 གྱི་ལོངས་སྤྱོད་དོ། །ཟླ་བ་(དང་)མྱོས་བྱེད་ཉིན་ཞག་དག་ལ་ཞེས་པ་ནི་(གཟའི་རྐང་པ་)ཚོགས་ཀྱི་ གནས་སུ་བཅུ་བཞིའི་ཆའི་ལྷག་མ་ཉིན་ཞག་དང་པོ་སྟེ། རྐང་པ་དང་པོའམ་བཅུ་གསུམ་པ་ ལ་ཟླ་བའི་ཆུ་ཚོད་ལྔ་སྟེ་ཡོན་ཏན་ལྔའི་བདག་ཉིད་དུ་འགྱུར་རོ(དེས་ནི་ཉི་ཟླ་ལ་འཇུག་པའི་སྒྲ་གཅན་གྱི་ ལོངས་སྤྱོད་ཀྱང་ཆུ་ཚོད་ཕྱེད་ཀྱིས་དམན་པའི་དེ་སྙེད་ཡིན་ལ་ཁྱིམ་ཞག་རེའི་ལོངས་སྤྱོད་ནི་ཆུ་སྲང་བཅོ་ལྔའོ)། ༧༦ ། ༈ གང་ཞིག་མ་སྤྱད་ཕྱེད་ཀྱི་ཆུ་ཚོད་ཅེས་པ་ནི་སྒྲ་གཅན་གྱིས་མ་སྤྱད་པའོ། །དུས་(ཞེས་པ་ ཟླ་བ་གཉིས་)ཀྱི་ཉིན་ཞག་(དྲུག་ཅུའི་)དུས་ལ་(ཞེས་པ་རགས་པ་)སྟེ་(ཞིབ་མོར་ན་ཚེས་ཀྱི་)ཉིན་ཞག་དྲུག་ཅུ་ རྩ་བཞི་ལ་(ཉིན་ཞག་རེ་ཆད་ཅིང་སྒྲ་གཅན་གྱིས་ཟླ་བའི་རྐང་བ་མ་སྤྱད་པའི་ཆུ་ཚོད་ཕྱེད་པོ་)དེ་ནི་ཆ་དམན་ཟླ་བ་སྟེ་ (ཚེས་ཞག་དྲུག་ཅུ་རྩ་བཞི་ལ་ཞག་རེ་ཆད་པའི་རྒྱུ་མཚན་)ཟླ་བའི་ཆ་(ཚེས་རེ་ལ་ཆུ་ཚོད་ང་དགུ་ཆུ་སྲང་གསུམ་དབུགས་བཞི་ ལས་མེད་པས་ཞག་གཅིག་གི་དྲུག་ཅུ་རྩ་བཞིའི་ཆ་རེ་)ཉམས་པའོ་ཞེས་པའི་དོན་ཏོ། །(ཚེས་རེ་ལ་ཞག་གཅིག་གི་དྲུག་ ཅུ་རྩ་བཞིའི་ཆ་ཉམས་པ་)དེ་ནི་ཉི་མའི་(ཚེས་ཞག་གི་དཀྱིལ་འཁོར་སུམ་བརྒྱ་དྲུག་ཅུ་ལས་)ལྷག་པར་འགྱུར་ཏེ་ཉི་ མའི་〔ཚེས་ཞག་གི་དཀྱིལ་འཁོར་སུམ་བརྒྱ་དྲུག་ཅུ་བྱས་པ་ལ་〕ཆུ་ཚོད་གཉིས་སུ་གྱུར་ནས་ཉིན་ ཞག་སོ་སོར་ལྷག་སྟེ་དུས་ཀྱིས་བསྒྱུར་བ་རིག་བྱེད་རྣམས་ཀྱིས་ཚེས་གྲངས་བསྒྱུར་ཞེས་པ་ལ་ སོགས་པས་(ཉི་མའི་ཚེས་རེ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་ལས་མི་སྤྱོད་ཅིང་ཁྱིམ་〔གཅིག་〔ཞག་〕གི་སུམ་ཅུའི་ཆ་ལ་ ཆུ་ཚོད་བཞི་དང་ཆུ་སྲང་སུམ་ཅུ་ཡོད་པས་ལྷག་མ་ཡུལ་གྱི་ཆུ་སྲང་བཅུ་པོ་དེ་སྤྱོད་པ་ལ་དུས་ཀྱི་ཆུ་ཚོད་གཉིས་དགོས་པས་)སོ། ། (དེ་ལྟར་ཚེས་ཞག་རེ་ལ་ཆུ་ཚོད་གཉིས་གཉིས་ལྷག་མ་རགས་པའི་དབང་དུ་བྱས་པ་)གང་ཞིག་ཟླ་བའི་ནང་དུ་(རགས་ པ་)ཉིན་ཞག་ཏུ་གྱུར་པ་དེ་ཉིད་ནི(ཉི་མའི་ཚེས་ཞག་〚གི་དཀྱིལ་འཁོར་〛སུམ་བརྒྱ་དྲུག་ཅུ་ལས་)ལྷག་པར་ འགྱུར་ཞིང་ཉི་མའི་ཟླ་བ་སྟེ་(ཁྱིམ་)འཕོ་བའི་ཟླ་བ་ལ་ཉིན་ཞག་གཅིག་ལྷག་པ་དེ་ཉིད་(ཉི་མས་ ཚེས་རེ་ཁྱིམ་གཅིག་གི་སུམ་ཅུ་ཆ་རེ་མི་སྤྱད་པས་ཚེས་གྲངས་སུམ་ཅུ་ལ་ཁྱིམ་གཅིག་གི་སོ་གཉིས་ཆ་གཅིག་མི་སྤྱད་པའི་ཕྱིར་ཉི་ མའི་ལོངས་སྤྱོད་ལས་སོ་གཉིས་ཆ་བུ་ལོན་དུ་གྱུར་པ་ཡེ་ཤེས་ཀྱི་ཆ་སྟེ་ནང་དུ་)དབུ་མའི་ཡན་ལག་(སྟེ་དབུ་མའི་དབུགས་ རོ་རྐྱང་གི་དབུགས་ལས་ཆད་ཅིང་དབུ་མར་ལྷག་པ་དང་འདྲ་བ་ཉིད་)ཏུ་རིག་པར་བྱའོ། ། 2-1-309 ༈ སྒྲ་གཅན་ཟླ་བའི་ལོངས་སྤྱོད་མིག་གིས་རྣམ་པར་བསྒྱུར་ཏེ་ཞེས་པ་ནི་སྒྲ་གཅན་གྱི་ དུས་(ཏེ་ཟླ་བ་གཉིས་)ཀྱི་ལོངས་སྤྱོད་ཆུ་ཚོད་བཅོ་ལྔ་ལ་ཕྱོགས་(ཟླ་ཕྱེད་)ཀྱི་ལོངས་སྤྱོད་དག་གིས་ བགོས་པ་ལས་ཏེ་རྐང་པས་དམན་པའི་བཞིས་(ཞེས་པ་ཆུ་ཚོད་གསུམ་དང་ཆུ་སྲང་ཞེ་ལྔས་བགོས་པས་)ཐོབ་ པ་(བཞི་པོ་)དག་ནི་མཇུག་རིངས་ཀྱི་ཆུ་ཚོད་བཞི་སྟེ་ཉིན་ཞག་སོ་སོའི་དུས་སུ(ལོངས་སྤྱོད་པ་)འོ། ། སླར་ཡང་སྒྲ་གཅན་གྱི་ཟླ་བའི་ལོངས་སྤྱོད་(ཆུ་ཚོད་ཕྱེད་དང་བརྒྱད་)ལས་༧༧ ཆུ་སྲང་བདུན་དང་ ཕྱེད་ཕྲོགས་ཏེ་ཆུ་སྲང་བདུན་དང་དབུགས་གསུམ་པོ་འདི་དག་ཡོན་ཏན་གསུམ་གྱིས་བསྒྱུར་ བ་ནི་(མཇུག་རིངས་ཀྱི་ལོངས་སྤྱོད་ཆུ་ཚོད་བཞིའི་སྟེང་དུ་)ཕྱེད་དང་བཅས་པའི་ཆུ་སྲང་ཉི་ཤུ་གཉིས་སུ་ འགྱུར་ཏེ་བྱེད་པ(འི་རྩིས་ལ་ཚེས་ཞག་གི་ལོངས་སྤྱོད་ཅུང་ཟད་མ་དག་པ་)བརྗོད་པར་འདོད་པས་སོ། །རང་ གི་ངོ་བོས་(ཏེ་ཉིན་ཞག་ལ་སྤྱོད་པ་གྲུབ་མཐའི་ལོངས་སྤྱོད་)ནི་(དེའི་སྟེང་དུ་)གང་ཞིག་ཕྱེད་དང་བཅས་པའི་ 〔ཆུ་སྲང་〕གསུམ་གྱིས་(ལྷག་དགོས་)ཏེ་གང་དུ་ཉི་མས་ཉིན་ཞག་སོ་སོ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ ཉི་ཤུ་རྩ་དྲུག་ལོངས་སྤྱོད་པ(དེ་ཉིད་དུ་བས་ཀྱང་ལོངས་སྤྱོད་པ་)འོ(དེའི་རྒྱུ་མཚན་རྐང་པའི་དབང་མ་གཏོགས་པ་ མཇུག་རིངས་ཉི་མ་དང་ལྷན་ཅིག་གནས་པས་ཉི་མ་དང་དཀྱིལ་འཁོར་མཐུན་པའི་ཕྱིར་རོ་)། །(དུ་བའི་རྐང་པའི་དོན་དུ་)ཉི་ མའི་ལོངས་སྤྱོད་དག་ནི་(དུ་བའི་ལོངས་སྤྱོད་ལ་)སྦྱང་བར་བྱ་སྟེ་(སྦྱོང་བྱེད་)ཉི་མའི་ལོངས་སྤྱོད་ཉིན་ ཞག་སོ་སོ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་པོ་འདི་ནི་བྱེད་པ(འི་རྩིས་ལ་རེ་ཞིག་མ་དག་ཀྱང་དྷྲུ་བ་ཀའི་ སྐབས་སུ་ཉམས་པ་སོས་པའི་ཚེས་ལ་སྤྱོད་པའི་ལོངས་སྤྱོད་)བརྗོད་པར་འདོད་པས་སོ། །གྲུབ་པའི་མཐའ་ (ཉིན་ཞག་ལ་སྤྱོད་པའི་ལོངས་སྤྱོད་)ལ་ནི་(དེའི་སྟེང་དུ་)ཆུ་སྲང་དྲུག་ལྷག་གོ(དེས་ན་དུ་བའི་ལོངས་སྤྱོད་སྔར་བཤད་ པ་)དེ་ལ་ཉི་མའི་(བྱེད་པའི་)ལོངས་སྤྱོད་(ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་)སྦྱང་པར་བྱ་སྟེ་སྦྱངས་པའི་ལྷག་ མ་(ཆུ་སྲང་ཕྱེད་དང་གསུམ་པོ་)ནི་(མཇུག་རིངས་ལོའི་ལོངས་སྤྱོད་ལ་རྒྱུ་བའི་)རྐང་པར་འགྱུར་རོ། ། ༈ མཇུག་རིངས་ཉི་མ་དག་དང་ལྷན་ཅིག་(རྟག་པའི་ལོངས་སྤྱོད་མཚུངས་པར་)རྣམ་པར་རྒྱུ་སྟེ་(དེ་ ལ་རྐང་པ་ནོར་དང་བུ་ལོན་དུ་འགྱུར་བ་ནི་)མྱུར་བར་རྒྱུ་བ་ལ་(ཉི་མའི་)མདུན་ནས་(ཏེ་ཤར་དུ་)རིམ་པ་དང་ 2-1-310 འཁྱོག་པོར་རྒྱུ་བ་ལ་(ཉི་མའི་)རྒྱབ་(སྟེ་ནུབ་)ནས་རིམ་པ་མིན་པས་རྐང་པ་(རིམ་པ་བཞིན་ནོར་དང་བུ་ ལོན་)སྤྱོད་དོ། །(ཅི་ཙམ་སྤྱོད་ན་ལོའི་ལོངས་སྤྱོད་ལ་)རྒྱུ་བར་ཆུ་སྲང་ཕྱེད་བཅས་གཉིས་སྤྱོད་ཉིན་དང་ ཉིན་ལ་ཉི་མའི་ལོངས་སྤྱོད་དག་ལ་(སྤྱོད་པ་ལ་)རིམ་པ(ལ་ལྷག་པ་)ས་སམ་རིམ་པ་མིན་པ(ལ་དམན་ པ་)ས་སོ། །རང་གི་ཟླ་བ་སུམ་ཅུ་དྲུག་གིས་(ཞག་རེ་ཞིང་ཆུ་སྲང་ཕྱེད་དང་གསུམ་པོ་)དེ་རྒྱུ་(བ་དྲིལ་བས་)ཆུ་ ཚོད་དག་ཀྱང་འཇིག་རྟེན་གྱིས་ནི་ཚེས་གྲངས་བསྒྱུར་ཞེས་པ་གསུམ་གྱིས་བཅོ་ལྔ་བསྒྱུར་བ་ ནི་བཞི་བཅུ་རྩ་ལྔའོ། ༧༨ ། (དེ་ནས་ཕྱོགས་ཀྱི་ལོངས་སྤྱོད་ལ་རྒྱུ་བ་ནི་)ཕྱེད་བཅས་ཟླ་བར་ཆུ་ཚོད་གཉིས་(གཉིས་)ནི་ཉིན་ཞག་སོ་ སོར་འཆར་ཏེ། ལོ་གསུམ་གྱི་མཐར་ཆུ་སྲང་གི་ལོངས་སྤྱོད་རྣམས་ཡོངས་སུ་དོར་ནས་ཕྱོགས་ གསུམ་གྱི་བར་དུ་ཉིན་ཞག་སོ་སོར་ཆུ་ཚོད་གཉིས་(གཉིས་)ལོངས་སྤྱོད་དེ་མྱུར་བ་ལ་(ཉི་མའི་ ལོངས་སྤྱོད་ལས་ལྷག་པར་སྤྱོད་པས་ཉི་མའི་)མདུན་དང་འཁྱོག་པོ་ལ་(ཉི་མའི་ལོངས་སྤྱོད་ལ་དམན་པར་སྤྱོད་པས་ ཉི་མའི་)རྒྱབ་ཏུའོ། །དེ་ལྟར་ཕྱེད་བཅས་ཟླ་བའི་བར་དུ་(མཇུག་རིང་)དེ་(ཉི་མའི་ཤར་དུ་སྲོད་ཀྱི་དུས་སམ་ ཉི་མའི་ནུབ་ཏུ་ཐོ་རངས་ཀྱི་དུས་སུ་)འཆར་ཏེ་འོན་ཀྱང་ཟླ་བ་གཅིག་ནི་དུ་བ་(སྣང་བ་)མེད་པ(སྐར་མ་གཞན་ དང་འདྲ་བ་)འོ། །དེ་ནས་(ཉི་མ་ལས་རིང་བའི་)མཐའི་(བར་དུ་)ཕྱོགས་གཅིག་དུ་བ་(སྣང་བ་)དང་བཅས་ པའོ། །དེས་ན་སེམས་ཅན་(ས་སྟེང་ན་གནས་པའི་མི་)རྣམས་ལ་དུ་བ་མཇུག་རིངས་རབ་ཏུ་གསལ་ ཏེ་(ཕར་ཉི་མ་ལས་རིང་མཐར་ཐུག་གི་བར་དུ་)འགྲོ་བ་དང་(ཚུར་ཉི་མ་ལ་ཉེ་བར་)འོང་བའི་དབྱེ་བས་ཟླ་བ་ གཅིག་ཏུ་(དུ་བ་དང་བཅས་པ་སྣང་བར་)འགྱུར་རོ། །(ཉི་མ་ལ་ཉེ་བར་འོང་བའི་ཟླ་བ་གཅིག་གི་བར་དུ་)དུ་བ་དོར་ ནས་སྐར་མ་(ཕལ་བ་)བཞིན་རབ་ཏུ་སྣང་བར་འགྱུར་རོ། །སླར་ཡང་དཔལ་དུས་ཀྱི་འཁོར་ལོར་ ལོ་གསུམ་གྱི་ལོངས་སྤྱོད་ལ་རབ་འཇུག་(མཇུག་རིངས་)དེ་ནི་གང་ཚེ་ལོ་ཡི་ལོངས་སྤྱོད་ལ་ཞུགས་ པ་དེའི་ཚེ་(སྐར་མ་ཕལ་བ་བཞིན་དུ་ཡང་)མཐོང་བ་མིན་པར་འགྱུར་རོ། །དེ་ཡི་འཆར་བའི་ཆ་དག་ ཤེས་པར་གྱུར་ན་སྟེ། དེ་ལྟར་མཇུག་རིངས་དེ་ཡི་འཆར་བའི་ཆ་དག་ཤེས་པར་གྱུར་ན་དེ་ཡི་ 2-1-311 འཆར་བ་མཐའ་ཡས་པའི་དུས་ཀྱང་ཤེས་པར་འགྱུར་རོ(ཞེས་པ་ནི་དོན་གྱི་ཉི་མའི་ཤར་དུ་དུ་བ་དང་བཅས་ པ་ཐོག་མ་མཐོང་བ་ནས་ལོ་དྲུག་དང་ཟླ་བ་གསུམ་ན་ཉི་མའི་ནུབ་ཏུ་དུ་བ་དང་བཅས་པར་མཐོང་ཞིང་〔ནུབ་ཏུ་〕ཐོག་མར་མཐོང་ ནས་ལོ་དང་ཟླ་བ་དེ་ཙམ་ཉིད་ན་ཤར་དུ་མཐོང་བར་འགྱུར་རོ། །ཤར་དུ་ཐོག་མར་མཐོང་བ་ནས་སླར་ཡང་ཤར་དུ་མཐོང་བའི་བར་ ལ་ལོ་བཅུ་གཉིས་དང་ཟླ་བ་དྲུག་ཡོད་ཅིང་ནུབ་ཏུ་ཐོག་མ་མཐོང་བ་ནས་སླར་ཡང་ནུབ་ཏུ་མཐོང་བའི་བར་ལ་ཡང་ལོ་དང་ཟླ་བ་དེ་ ཙམ་ཉིད་ཡོད་དོ། །ཉི་མ་དང་མཉམ་དུ་གནས་པ་ནས་མྱུར་འགྲོས་ལ་ལོ་གསུམ་དང་ཟླ་བ་གཅིག་ན་ཉི་མའི་ཤར་དུ་མཐོང་ཞིང་ འཁྱོག་འགྲོས་ལ་ལོ་གསུམ་དང་ཟླ་བ་གཅིག་ན་ཉི་མའི་ནུབ་ཏུ་མཐོང་བར་འགྱུར་རོ)། ༧༩ ། ༈ ད་ནི་དུས་ཀྱི་འཁོར་ལོ་ལོ་གསུམ་གྱི་ཉིན་ཞག་དེ་ཉིད་ཉི་ཤུ་རྩ་ལྔས་བསྒྱུར་ཞིང་ བགྲོད་པའི་ཉིན་ཞག་གིས་དམན་པ་ལ་དགུ་བསྲེས་པ་རྣམས་གཟའ་རྣམས་ཀྱི་དཀྱིལ་འཁོར་ དུ་གསུངས་པ་ལོ་ཡི་ཉིན་ཞག་ཅེས་པ་ལ་སོགས་པ་སྟེ་(དུས་ཀྱི་འཁོར་ལོའི་)ལོ་(གསུམ་པོ་)ཡི་ཉིན་ ཞག་ནི་སྟོང་ཕྲག་གཅིག་དང་བརྒྱད་ཅུའོ། །དེ་ཉིད་(གཟའ་)ལྔ་ཡིས་བསྒྱུར་ཏེ་སླར་ཡང་མདའ་ ཞེས་པ་(ཡོན་ཏན་)ལྔས་བསྣུན་པ་ནི་བསྒྱུར་ཞེས་པའི་དོན་ཏོ། །(ཡང་ན་སྡེབ་སྦྱོར་གྱི་དོན་དུ་)དེ་ལྟར་ དུམ་བུར་བསྒྱུར་བ་ནི་ཉི་ཤུ་རྩ་ལྔས་བསྒྱུར་བར་འགྱུར་རོ། །བགྲོད་པའི་ཉིན་ཞག་ནི་བརྒྱ་ བརྒྱད་ཅུ་སྟེ་དེས་དམན་པའོ། །བགྲོད་པ་གཅིག་(སྟེ་རེ་རེ་)ལ་གཟའ་རྣམས་(རིམ་པའམ་རིམ་མིན་ རྫོགས་པར་)ལོངས་སྤྱོད་པའི་དབང་གིས་(འཁོར་ལོ་ཕྱེད་འདོར་བ་ལྟར་)བགྲོད་པ་གཅིག་གི་ཉིན་ཞག་ རྣམས་ཀྱིས་དམན་པར་འགྱུར་རོ། །བུག་པ་བསྲེས་པ་རྣམས་ནི་བུག་པ་ཞེས་པ་(མངལ་གྱི་ཟླ་བ་ དགུའི་བུ་ལོན་ཞག་)དགུ་སྟེ་(འདི་འབྲོ་འགྱུར་ལ་ཡང་ཡོད་མོད་ཀྱི་ར་དང་ཤོང་འགྱུར་ལ་མེད་ཅིང་)དྲུག་དང་གསུམ་གྱི་ ཡོན་ཏན་ནོ(ཡོན་ཏན་ཞེས་པ་རྩ་མིའི་འགྱུར་ལ་ཡང་མེད་ལ་ཟླ་ཉིའི་ཡོན་ཏན་དགུར་གསུངས་པ་མེད་པས་དོར་བར་བྱའོ)། ། དེ་དག་གིས་བསྲེས་པ་རྣམས་ནི་རང་རང་གི་བགྲོད་པའི་དབང་གིས་གཟའ་ལྔ་པོ་རྣམས་ཀྱི་ ཉིན་ཞག་གི་དཀྱིལ་འཁོར་དུ་འགྱུར་རོ། །གཅིག་ཏུ་བསྡུས་པ་ལས་དྲུག་སྟོང་བརྒྱད་བརྒྱ་ཉི་ཤུ་ རྩ་དགུ་ལྷག་པའི་ཁྲི་ཕྲག་གཉིས་ཏེ་དེ་ལས་ས་སྐྱེས་ལ་ནི་རི་ཀླུ་དྲུག་ཅེས་པ་དྲུག་བརྒྱ་བརྒྱད་ 2-1-312 ཅུ་རྩ་བདུན་གྱི་ཉིན་ཞག་གི་ཚོགས་སུ་འགྱུར་རོ། །རི་བུག་རི་ཀླུ་སྟེ་ཟླ་སྐྱེས་ལ་སྟོང་ཕྲག་ བརྒྱད་དང་བདུན་བརྒྱ་དགུ་བཅུ་རྩ་བདུན་དུ་འགྱུར་རོ། །ལྷ་ཡི་བླ་མ་དག་ལ་སོ་མེ་རིག་བྱེད་ དེ། བཞི་སྟོང་སུམ་བརྒྱ་སུམ་ཅུ་རྩ་གཉིས་སུ་འགྱུར་རོ། །པ་སངས་ལ་ནི་རི་དང་རྒྱལ་བ་མིག་ ཅེས་པ་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་རྩ་བདུན་དུ་འགྱུར་རོ། ༨༠ །ཉི་མའི་བུ་ལ་དྲུག་དྲུག་རི་ དང་ནམ་མཁའ་གཅིག་ཅེས་པ་ཁྲི་ཕྲག་གཅིག་དང་བདུན་བརྒྱ་དྲུག་ཅུ་རྩ་དྲུག་གི་ཉིན་ཞག་གི་ ཚོགས་ནི་དཀྱིལ་འཁོར་དུ་འགྱུར་རོ། ། ༈ ས་སྐྱེས་ལ་ནི་རི་དུས་གཅིག་ཀྱང་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ ཀྱི་བར་ནི་རྒྱས་འགྲེལ་ལ་སྔར་བརྗོད་ཟིན་ཏོ། ༨༢ ། ༈ ད་ནི་གཟའ་(ལྔ་)རྣམས་ཀྱི་སྐྱེ་བ(འི་སྐར་མའི་མཚམས་བཟུང་ནས་རྐང་འཛིན་)དག་པར་བྱ་བའི་ དོན་དུ་(སྦྱང་བྱ་སྐྱེས་སྐར་གྱི་མཚམས་ཀྱི་)རྒྱུ་སྐར(དྲུག་ཅུ་རྩ་གཉིས་)གྱི་ཚོགས་གསུངས་པ་ཟླ་བ་དྲུག་གིས་ ཟླ་བའི་ལོངས་སྤྱོད་ཅེས་པ་(ལ་སོགས་པ་)ནི་(སྐྱེས་ཁྱིམ་སྦྱོང་བྱེད་ཀྱི་བུ་ལོན་གྱི་རྒྱུ་མཚན་སྟེ་བུ་ལོན་གྱི་རྒྱུ་སྐར་ སྦྱངས་པ་)དེའི་སྟེང་དུ་(རྐང་པའི་ལོངས་སྤྱོད་སྦྱིན་པའམ་དོར་བས་)དག་པ་སྟེ་གྲུབ་པའི་མཐའ་ལའོ། །འོན་ ཀྱང་(སྐྱེས་ཁྱིམ་སྦྱཽང་པའི་བུ་ལོན་གྱི་རྒྱུ་མཚན་འདི་ནི་)སེམས་ཅན་གྱི་བསམ་པའི་དབང་གིས་(ཏེ་བསམ་པ་དང་ མཐུན་པར་ས་སྐྱེས་ཀྱི་ཟླ་བའི་ལོངས་སྤྱོད་ཆུ་ཚོད་དགུ་བཅུ་ཞེས་སོགས་བུ་ལོན་དང་བཅས་པའི་བུ་ལོན་སྦྱང་དགོས་པའི་)བྱེད་ པ་ལ་ལྟོས་པའོ། ། ༈ མཇུག་རིངས་(ཉི་མ་ལས་)འཆར་བ་ལ་ཡང་ཕྱོགས་གསུམ་གྱི་ཉིན་ཞག་(བཞི་བཅུ་རྩ་ལྔ་དག་)གིས་(མཇུག་རིངས་ལོའི་ལོངས་སྤྱོད་ལ་)རྒྱུ་བའི་རྐང་པ་(ཆུ་སྲང་ཕྱེད་དང་གསུམ་པོ་)བསྒྱུར་བ་ནི་ཆུ་སྲང་གི་ ཚོགས་ཕྱེད་དང་བཅས་པའི་བརྒྱ་བཅུ་གཉིས་སུ་འགྱུར་(ཞིང་རྐང་བ་དང་བཅས་པའི་ཆུ་སྲང་ལྔ་བཅུ་རྩ་ དྲུག་ལ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་གཉིས་)ཏེ་དེ་ཉིད་མཇུག་རིངས་(ཉི་མ་ལས་སྐར་མ་ཕལ་བ་ལྟར་བུར་)ཤར་བ་ ནས་(ཕྱོགས་གསུམ་གྱི་)ཉིན་ཞག་སོ་སོ་ལ་(སྤྱོད་པ་)འགྱུར་རོ་ཞེས་པ་ནི་(ཕྱོགས་ཀྱི་ལོངས་སྤྱོད་ལ་སྤྱོད་པའི་) 2-1-313 བྱ་བར་རིག་པར་བྱའོ། །(ལོ་གསུམ་ཕྱོགས་གསུམ་ན་དུ་བ་དང་ཉི་མའི་བར་དུ་ཁྱིམ་རེའི་ཁྱད་འཇུག་གོ་)གང་ཞིག་ (སྔར་བཤད་པའི་གཟའ་ལྔའི་ལོངས་སྤྱོད་ཆུ་ཚོད་སུམ་བརྒྱ་བདུན་ཅུ་རྩ་ལྔ་དྲུག་གིས་བསྒྱུར་ཏེ་ལོ་གསུམ་གྱིས་ཟླ་བ་སོ་དྲུག་གིས་ ཐོབ་པའི་ནོར་དྲུག་ཅུ་རྩ་གཉིས་གཟའ་ལྔའི་སྐྱེས་ཁྱིམ་སྦྱོང་བའི་བུ་ལོན་གྱི་རྒྱུ་སྐར་གྱི་གྲངས་)ཕྱེད་ཀྱི་ཆུ་ཚོད་རྒྱུ་སྐར་(ཏེ་ གཟའ་ལྔའི་སྐྱེས་ཁྱིམ་སྦྱོང་བྱེད་)གྱི་བུ་ལོན་(དྲུག་ཅུ་རྩ་གཉིས་)གྱི་(ཐོབ་པའི་ལྷག་མ་)གནས་ནས་(བཅོ་བརྒྱད་པོ་ དྲུག་གིས་བསྒྱུར་བ་)ཐོབ་པ་(དེ་མཇུག་རིངས་ཀྱི་ལོངས་སྤྱོད་དུ་འགྱུར་)ཞེས་པ་ནི་སེམས་ཅན་རྣམས་སྨིན་པར་ བྱ་བའི་སླད་དུ་(འཇིག་རྟེན་གྱི་གྲགས་པ་དང་བསྟུན་པ་སྟེ་དེ་ལྟར་དོན་ལ་གནས་པ་མེད་པས་)མའི་ལ་{ངུའི་{དུའི་} ཚིག་གོ(དེས་ན་དོན་ལ་ནི་མཇུག་རིངས་ཀྱི་ཆུ་སྲང་གི་ལོངས་སྤྱོད་ཀྱང་སྔར་བཤད་པ་ལྟར་སྒྲ་གཅན་གྱིས་མ་སྤྱད་པའི་ཆུ་ཚོད་ ཕྱེད་ཡིན་ལ་དེ་ཡང་སྒྲ་གཅན་གྱིས་ལོངས་སྤྱོད་ལས་ཕྲོགས་པ་ཉིད་ཡིན་ནོ)། ༨༣ ། ༈ ད་ནི་གཟའ་རྣམས་ཀྱི་རྒྱུ་བའི་སྟོབས་གསུངས་པ་ཟླ་སྐྱེས་ཞེས་པ་ལ་སོགས་པ་སྟེ་ ཟླ་སྐྱེས་གཟའ་ལག་དང་བློན་པོ་ཕུར་བུ་ནི་མྱུར་པ་སྟེ་མྱུར་བར་རྒྱུ་བ་(རིམ་པའི་)བྱེད་སྔ་མ་ལ་ ཤར་བར་གྱུར་པ་ན་སྟོབས་དང་ལྡན་པར་འགྱུར་རོ། །ས་སྐྱེས་དང་མཇུག་རིངས་ནི་ས་སྐྱེས་ མཇུག་རིངས་ཏེ་འཁྱོག་པོ་ལ་ཞེས་པ་དཀྱིལ་འཁོར་ཕྱེད་ཡོངས་སུ་དོར་ནས་རིམ་པ་མིན་པ་ ལ་ལོངས་སྤྱོད་པ་ལ་སྟོབས་དང་ལྡན་པར་འགྱུར་རོ། །(རང་འགྲོས་ཞན་པས་)དམན་པ་(སྟེ་)སྤེན་པ་ དང་པ་སངས་ནི་དལ་བ་ལ་སྟེ་རིམ་པའི་ཕྱེད་ཕྱི་མ་ལ་སྟོབས་དང་ལྡན་ནོ། །རང་བཞིན་ཡོན་ ཏན་དབང་གིས་ཞེས་པ་ནི་ཁམས་ཀྱི་ཡོན་ཏན་གྱི་དབང་གིས་སོ། །རྒྱུ་བ་ལྷག་མ་ལ་སྟེ་རྒྱུ་ བ་(ལྷག་མ་)གསུམ་ལས་ས་སྐྱེས་ལ་སོགས་པ་རྣམས་སྟོབས་མེད་དོ། །མྱུར་ལ་ཤར་དུ་གདོང་ ཕྱོགས་འགྱུར་ཏེ་གཟའ་ཐམས་ཅད་མྱུར་བར་རྒྱུ་བ་(རིམ་པའི་)ཕྱེད་སྔ་མ་ལ་ཤར་དུ་གདོང་ ཕྱོགས་པར་འགྱུར་རོ། །སླར་ཡང་དེ་རྣམས་འཁྱོག་པོར་རྒྱུ་བ་(རིམ་མིན་གྱི་ཕྱེད་སྔ་མ་)ལ་རབ་ཏུ་ ཞུགས་པར་གྱུར་པ་ན་གཞན་དུ་མངོན་པར་ཕྱོགས་ཏེ་ནུབ་ཏུ་མངོན་པར་ཕྱོགས་སོ། །དལ་བ་ རིམ་པའི་ཕྱེད་ཕྱི་མ་ལ་ལྷོ་རུ་གདོང་ཕྱོགས་པར་འགྱུར་རོ། །རང་བགྲོད་ཡོན་ཏན་དབང་གིས་ 2-1-314 འབྱུང་བ་ལ་ཡང་སྟེ་རིམ་པ་མིན་པའི་ཕྱེད་ཕྱི་མ་ལ་བྱང་དུ་གདོང་ཕྱོགས་པར་འགྱུར་ཏེ་(འགྲོས་ བཞི་ལ་ཕྱོགས་བཞིར་གདོང་ཕྱོགས་པར་སྟོན་པའི་ཚིག་)འདི་ནི་དབྱངས་འཆར་བ་ལ་སའི་སྟོབས་ཀྱི་དོན་དུ་ གསུངས་སོ། ༨༤ ། ༈ ད་ནི་ཉི་མ་དང་ཟླ་བའི་རྐང་པ་གསུངས་པ་ཟླ་བའི་ཉིན་ཞག་སུམ་ཅུ་གང་དག་ཆུ་ གཏེར་གྱིས་བསྒྱུར་ཞེས་པ་བཞིས་བསྒྱུར་བ་དེ་དག་མཁའ་མིག་ཟླ་བ་ཟླ་བའི་རྐང་པ་སྟེ། ཉིན་ཞག་བདུན་གྱི་བར་དུ་ཟླ་བའི་ཆ་འཕེལ་བའི་དོན་དུ་རྐང་པ་བརྒྱ་ཉི་ཤུ་འགྱུར་ཏེ་(ནང་ལེར་) འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །ཁྱིམ་ནི་བཅུ་གཉིས་པོ་རྣམས་བཞིས་བསྒྱུར་བ་ བརྒྱད་དང་རིག་བྱེད་དག་ཀྱང་(བགྲོད་པ་རེའི་)ཟླ་བ་དྲུག་གི་བར་དུ་ཉི་མའི་(ཕྱོགས་རེ་རེ་ལ་འཆར་བའི་)རྐང་པར་འགྱུར་རོ། །དེ་ཡང་འཆད་པར་འགྱུར་བ་ལས་བརྗོད་པར་བྱ་སྟེ་འདིར་ནི་མདོར་ བསྡུས་པ་ཙམ་གྱིས་རྐང་པ་འདི་རྣམས་ཀྱི་ངེས་པའོ། །(ཟླ་བ་དྲུག་པོ་)དེ་ཡི་ནང་དུ་(རྐང་པའི་ལོངས་ སྤྱོད་)འགྲིབ་དང་འཕེལ་བ་དག་ཀྱང་བགྲོད་པ་འགྲོ་བའི་དབང་གིས་རིམ་མིན་(ལ་འཕེལ་བ་དང་) རིམ་པ་(ལ་འགྲིབ་པ་)སྟེ། འཁོར་ལོ་ཕྱེད་(ཀྱི་)ཕྱེད་(བཞི་ཆ་)དག་ལ་(ཉི་རྐང་གསུམ་གྱི་ཆུ་ཚོད་དྲུག་དང་བཞི་ དང་གཅིག་རྣམས་ཀྱི་ཕྱེད་ཕྱེད་ཕྱོགས་རེ་ལ་འཆར་བའི་རྐང་པའི་ཆུ་ཚོད་)མཐའ་དག་(གཅིག་ཏུ་བསྡོམ་པ་ན་)ནོར་དང་ དུས་ཀྱི་གྲངས་རྣམས་ཏེ་(ཕྱོགས་དང་པོ་ལ་གསུམ་གཉིས་པ་ལ་དྲུག་གསུམ་པ་ལ་བརྒྱད་བཞི་པ་ལ་བཅུ་ལྔ་པ་ལ་བཅུ་ དྲུག་པ་ལ་བཅུ་གཅིག་སྟེ་སྡོམ་པ་)བཞི་བཅུ་རྩ་བརྒྱད་ཀྱི་གྲངས་རྣམས་(ཁྱིམ་གྱི་ཕྱོགས་རེའི་)བྱེད་པ་བརྗོད་ པར་འདོད་པ་(སྔར་ཚིགས་བཅད་སོ་ལྔ་པར་བསྟན་པ་དེ་)ལ་(སྦྱོར་བར་)རིག་པར་བྱའོ། ༨༥ ། ༈ ད་ནི་ཟླ་བའི་དཀྱིལ་འཁོར་ལ་སྒྲ་གཅན་འཇུག་པའི་མཚན་ཉིད་གསུངས་པའི་ཚིགས་ མཚམས་ཞེས་པ་ལ་སོགས་པ་སྟེ་ཚིགས་མཚམས་ནི་ཉའི་མཐའ་འམ་གནམ་སྟོང་གི་མཐར་ རོ། །(དུས་དེར་)རི་བོང་ཅན་གྱི་དཀྱིལ་འཁོར་ལ་ནི་སྒྲ་གཅན་རབ་ཏུ་འཇུག་སྟེ་དཀྱིལ་འཁོར་ ཡང་ཞེས་པའོ། །(སྒྲ་གཅན་དང་ཉི་ཟླའི་བར་གྱི་ཆུ་ཚོད་ཀྱི་གྲངས་མང་ཉུང་ལས་ཟླ་ཉིའི་ཆ་ཆུང་བ་དང་ཆེ་བ་འཛིན་པའི་ 2-1-315 ཁྱད་པར་བསྟན་པའི་ཕྱིར་)དཀྱིལ་འཁོར་གྱི་སྒྲས་ནི་འདིར་ཆུ་ཚོད་དྲུག་ཅུའི་བདག་ཉིད་རྒྱུ་སྐར་ གཅིག་གི་ལོངས་སྤྱོད་(བརྗོད་)དེ་(དཀྱིལ་འཁོར་)དེ་ཡང་ཐམས་ཅད་འཛིན་པའི་དབང་གིས་(ཉི་མ་)ཁྱིམ་བཅུ་གཉིས་ཀྱི་བདག་ཉིད་(ཡིན་པས་ཆ་བཅུ་གཉིས་)དང་(ཟླ་བ་)ཆ་བཅུ་དྲུག་གི་བདག་ཉིད་དུ་ (ཕྱེ་ནས་ཆ་ཅི་ཙམ་འཛིན་པ་)རིགས་པར་བྱའོ། །རྣམ་དག་གྱུར་ན་ཐམས་ཅད་འཛིན་ཏེ་གལ་ཏེ་སྒྲ་ གཅན་གྱི་ལོངས་སྤྱོད་ཀྱིས་ཟླ་བའི་ལོངས་སྤྱོད་(ལ་སྦྱང་བས་)ཡོངས་སུ་དག་ན་དེའི་ཚེ་ཆུ་ཚོད་ དྲུག་ཅུའི་མཐར་ཐུག་པར་(ཏེ་དཀྱིལ་འཁོར་)ཐམས་ཅད་འཛིན་ཞིང་ལོངས་སྤྱོད་ཕྱེད་དག་པར་ འགྱུར་(ཏེ་པར་ན་ཆུ་ཚོད་སུམ་ཅུ་ཙམ་ཡོད་)ན་(དཀྱིལ་འཁོར་)ཕྱེད་འཛིན་ནོ། །རི་བོང་ཅན་གྱི་རྒྱུ་བའི་ དབང་གིས་དཀྱིལ་འཁོར་(གྱི་སྒྲས་)ཆུ་ཚོད་དྲུག་ཅུ་(བརྗོད་པ་)སྟེ་(རང་གི་ངོ་བོ་)ཟླ་བའི་ཆ་བཅུ་དྲུག་ གི་བདག་ཉིད་དོ། །དེ་བཞིན་དུ་རི་བོང་ཅན་གྱི་རྒྱུ་བའི་དབང་གིས་(སྒྲ་གཅན་དང་གཉིས་ཀྱི་ལོངས་ སྤྱོད་གཅིག་གིས་གཅིག་ལ་སྦྱངས་པའི་ལྷག་མ་)ཆུ་ཚོད་དག་ནི་(དྲུག་ཅུའི་བཞི་ཆ་གསུམ་ཆ་ལ་སོགས་པ་བཅུ་དྲུག་ཆ་མ་ གཏོགས་པའི་ལྷག་མ་)ཇི་སྙེད་ཡོད་པ་སྟེ། སྒྲ་གཅན་གྱི་ལོངས་སྤྱོད་ལ་རབ་ཏུ་ཞུགས་པ་(ཆུ་ཚོད་དྲུག་ ཅུའི་བཞི་ཆ་གཅིག་དག་པ་ལ་སོགས་པས་)དེ་སྙེད་(ཀྱི་ཟླ་བའི་ཆ་)ནི་(འཛིན་ཏེ་སྒྲ་གཅན་དང་ཟླ་བའི་ལོངས་སྤྱོད་གང་ ཉུང་བ་དེས་མང་བ་ལ་སྦྱངས་པས་དྲུག་ཅུའི་བཞི་ཆ་དག་ནས་བར་ན་ཆུ་ཚོད་བཞི་བཅུ་རྩ་ལྔ་ཙམ་ཡོད་ན་ཟླ་བའི་དཀྱིལ་འཁོར་ གྱི་བཞི་ཆ་གཅིག་འཛིན་པ་དང་བཅུ་དྲུག་ཆ་གཅིག་དག་ནས་བར་ན་རྐང་པ་དང་བཅས་པའི་ཆུ་ཚོད་ལྔ་བཅུ་རྩ་དྲུག་ཡོད་ན་བཅུ་ དྲུག་ཆ་གཅིག་འཛིན་ཏེ་དེའི་ཡུན་ནི་ཆུ་ཚོད་དྲུག་ཅུའི་བཅུ་དྲུག་)ཆ་གཅིག་(ནི་རྐང་པས་དམན་པའི་ཆུ་ཚོད་བཞི་པོ་དག་)གི་ བཞི་(ཆུ་སྲང་ལྔ་བཅུ་རྩ་དྲུག་རྐང་པ་དང་བཅས་པ་)ཆའི་བར་དུ་གཟའ་དང་འགྲོགས་པར་ཤེས་པར་བྱ(སྟེ་ དེས་མཚོན་ནས་བཞི་ཆ་གཅིག་ལ་སོགས་པ་འཛིན་པ་ལ་སོགས་པའི་ཡུན་ཡང་ཤེས་པར་བྱ་)འོ(དེ་ལྟར་ན་ཡང་བཅུ་དྲུག་ཆ་ གསུམ་ཙམ་འཛིན་ཡང་མི་མཐོང་སྟེ་ཞིབ་པར་ལོགས་སུ་ཤེས་པར་བྱའོ)། །སྒྲ་གཅན་འཁོར་བ་ལ་སོགས་པ་འདི་ དག་(ཕྱི་རོལ་པའི་)གྲུབ་པའི་མཐའ་ལས་ཕྱི་རོལ་ཤེས་པའི་དོན་དུ་རྒྱ་ཆེར་རིག་པར་བྱའོ། །རྒྱུད་ འདིར་ནི་བསྡུས་པའི་རྒྱུ་མཚན་གྱིས་{འཇམ་དཔལ་གྱིས}གསལ་པོར་མ་བསྟན་ཏེ་འདིར་ནི་ 2-1-316 གང་ཞིག་ནང་(ལུས་ཀྱི་དོན་ནམ་ངེས་པའི་དོན་)ལ་ཉེ་བར་མཁོ་བ་དེ་ཉིད་མདོར་བསྡུས་པས་བརྗོད་ དོ། །དེ་བཞིན་དུ་གཟའ་འཐབ་པ་ལ་སོགས་པ་མཐའ་དག་གྲུབ་པའི་མཐའ་ལས་ཤེས་པར་ བྱ་སྟེ་རྒྱུད་འདིར་ནི་སྐར་རྩིས་ཀྱི་ཡུལ་གཟའ་འཐབ་པ་ལ་སོགས་པ་གྲུབ་པའི་མཐའ་ལ་ལྟོས་ སོ། །ནང་དུ་ནི་གཟའ་འཐབ་པ་བརྗོད་པར་འདོད་པ་མེད་དོ། །ཞེས་པ་བཅོམ་ལྡན་འདས་ ཀྱི་ངེས་པ་སྟེ་ཕྱི་རོལ་ཏུ་ཟླ་བ་འཛིན་པ་བྱུང་པར་གྱུར་བ་ན་ནང་དུ་སེམས་ཅན་རྣམས་ཀྱི་ཁུ་ བ་འཛིན་པར་འགྱུར་བ་མ་ཡིན་ཞིང་ཉི་མ་འཛིན་པས་རྡུལ་འཛིན་པར་འགྱུར་རོ་ཞེས་པའི་ ངེས་པ་ཡང་ཐམས་ཅད་དུ་མེད་དོ། །དེའི་ཕྱིར་སངས་རྒྱས་པ་རྣམས་ཀྱིས་ཕྱི་རོལ་ཡོངས་སུ་ ཤེས་པའི་དོན་དུ་ཚངས་པ་པ་དང་ཉི་མ་པ་དང༌། གཅེར་བུ་པ་དང་སྐྲ་ཅན་གྱི་གྲུབ་པའི་མཐའ་ རྣམས་ཤེས་པར་བྱའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། ༨༦ ། ༈ ད་ནི་གཟའ་ཐམས་ཅད་ཀྱི་རྒྱུ་བ་དུས་བཞིའི་མཐར་སྟོང་པ་ལ་འཇུག་པ་གསུངས་པ་ མི་རྣམས་ཀྱི་ནི་ཞེས་པ་ལ་སོགས་པ་སྟེ་མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་དག་གཟའ་རྣམས་ དག་གི་ལོ་ཡི་ལོངས་སྤྱོད་ཀྱིས་ནི་བསྒྱུར་བར་བྱ་ཞེས་པ་ནི་དུས་ཀྱི་འཁོར་ལོ་(ལོ་གསུམ་ཕྱོགས་ གསུམ་)དང་བཅས་པའི་གཟའ་རྣམས་ཀྱིས་(རང་རང་གི་དཀྱིལ་འཁོར་ལ་ཉིན་ཞག་དུ་བྱས་པའི་)ཉིན་ཞག་ ཕྱེད་དང་གཉིས་ཀྱིས་ལོ་བརྒྱ་ལོངས་སྤྱོད་དེ་(དེ་ཉིས་འགྱུར་)ཉིན་ཞག་གསུམ་གྱིས་(ལོ་)ཉིས་བརྒྱ་ དང་(དེ་བཅུ་འགྱུར་)ཉིན་ཞག་སུམ་ཅུས་(ལོ་)སྟོང་ཕྲག་གཉིས་སོ། །(དེ་བཅུ་གཉིས་འགྱུར་)ཉིན་ཞག་ སུམ་བརྒྱ་དྲུག་ཅུས་ལོ་སྟོང་ཕྲག་ཉི་ཤུ་རྩ་བཞི་ལོངས་སྤྱོད་པར་འགྱུར་ཏེ་དེས་(གཟའི་)ལོ་བརྒྱ་ བསྒྱུར་བ(ལ་མིའི་ལོ་འབུམ་ཕྲག་ཉི་ཤུ་རྩ་བཞི་)འོ(གཟའ་རྣམས་ཀྱི་ལོ་དགུ་བཅུས་བསྒྱུར་བས་ཆོག་ན་ཡང་ལོ་བརྒྱས་བསྒྱུར་ ཏེ་བཅུ་ཆ་འབྲིད་པ་ནི་རྒྱུད་དུ་སྡེབ་སྦྱོར་གྱི་དོན་དུ་ཡིན་ནམ་སྙམ་མོ)། །(དེ་)གནས་གཉིས་(སུ་བཞག་པའི་འོག་མ་ལ་)ཕྱོགས་ཀྱི་ཆས་ཐོབ་ཞེས་པ་བཅུའི་ཆས་ཐོབ་པ་སྟེང་གི་ཕུང་པོ་དག་ལ་བུ་ལོན་སྦྱང་བར་བྱ་ བར་འགྱུར་ཏེ་ལྷག་མ་འབུམ་ཕྲག་ཉི་ཤུ་གཅིག་དང༌། ཞེས་པ་ནི་འབུམ་ཕྲག་ཉི་ཤུ་རྩ་གཅིག་ 2-1-317 དང་ཁྲི་ཕྲག་དྲུག་གི་(མེའི་)ལོ་གྲངས་གང་དག་རྣམས་ནི་དུས་(བཞི་རྣམས་)ཀྱི་ཕྱེད་ལ་འགྱུར་ རོ། །དུས་ཀྱི་ཕྱེད་ཀྱི་མཐའ་(བར་)ལ་(རྫོགས་ལྡན་གྱི་ཆ་བཞི་ཆ་གཅིག་ལ་རྐང་པར་བྱས་པའི་)རྐང་པ་ལྔ་སྟེ་ རྫོགས་ལྡན་གྱི་རྐང་པ་བཞི་དང་གསུམ་ལྡན་གྱི་རྐང་པ་གཅིག་གོ། དུས་ཀྱི་ཕྱེད་ནི་ནམ་མཁའ་ དང་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་གྱི་བདག་ཉིད་དེ་(དཀྱིལ་འཁོར་རེ་རེ་ལ་མིའི་ལོ་བཞི་ འབུམ་སུམ་ཁྲི་ཉིས་སྟོང་སྟེ་)རིམ་པ་བཞིན་དུ་གཙོ་བོ(སྲིད་རྩེ་བ་)འི་རྩ་གཡོན་པ་ལ་སྲོག་ཡང་དག་པར་ རྒྱུའོ། །སླར་ཡང་ཕུང་པོ་གཉིས་ཀྱིས་ཞེས་པ་སླར་ཡང་གཉིས་པའི་ཕུང་པོ་རྐང་པ་ལྔའི་བདག་ ཉིད་ཀྱིས་ཏེ་དེ་ལ་གསུམ་ལྡན་གྱི་རྐང་པ་གཉིས་དང་གཉིས་ལྡན་གྱི་རྐང་པ་གཉིས་དང་རྩོད་ ལྡན་གྱི་རྐང་པ་གཅིག་ཏེ་ས་དང་ཆུ་དང་མེ་དང་རླུང་དང་སྟོང་པའི་བདག་ཉིད་(མིའི་ལོ་གྲངས་སྔ་ མ་དང་འདྲ་བ་)ནི་གོ་རིམ་ཇི་ལྟ་བ་བཞིན་དུ་གཙོ་བོ་(སྲིད་རྩེ་བ་)འི་རྩ་གཡས་པ་ནས་སྲོག་ཡང་དག་ པར་རྒྱུ་བའི་དཀྱིལ་འཁོར་ལྔའི་བདག་ཉིད་དོ། །དེ་ལྟར་ན་(གཙོ་བོའི་)རྩ་གཉིས་ཀའི་དཀྱིལ་ འཁོར་གྱི་ལོའི་ཕུང་པོ་གཉིས་ཀྱིས་དུས་བཞི་པོ་རྣམས་ཀྱི་ལོ་ཡི་གྲངས་(རྫོགས་)ཏེ་མི་རྣམས་ཀྱི་ ལོ་ཁྲི་ཕྲག་གཉིས་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་སྟེ་གཙོ་བ〔སྲིད་རྩེ་བ〕འི་(བྱེ་བྲག་ འགའ་ཞིག་གི་)དུས་སྦྱོར་གཉིས་གཡོན་དང་གཡས་ཀྱི་རྩའི་དཀྱིལ་འཁོར་ཡང་དག་པར་རྒྱུ་བ་ ལས་སོ(འདིར་ཁ་ཅིག་གཙོ་བོ་ཞེས་པ་སྲིད་རྩེ་བའི་ལྷ་ཡིན་པ་མི་རིགས་ཏེ་སྲིད་རྩེ་བའི་དབུགས་རེ་ལ་མི་ལོ་ཉི་ཁྲི་གཅིག་སྟོང་ དྲུག་བརྒྱ་ཡོད་ཅིང་འདིའི་དབུགས་རེ་ལ་མི་ལོ་སྟོང་དང་ཉིས་བརྒྱ་ལས་མེད་པས་སོ་སྙམ་ན་སྲིད་རྩེ་བའི་དབུགས་ཀྱི་ཚད་དེ་ལྟར་ གསུངས་པ་ནི་རིང་མཐའ་ལ་དགོངས་པ་སྟེ་སྲིད་རྩེ་བའི་བྱེ་བྲག་ལ་ལ་ལ་དབུགས་ཀྱི་ཚད་སྔ་མའི་བཅོ་བརྒྱད་ཆ་མི་ལོ་སྟོང་ཉིས་ བརྒྱ་ལས་མེད་པ་ཡང་ཡོད་པར་གསལ་བར་བསྟན་པ་ཡིན་ནོ། །དེས་ན་གཙོ་བོའི་འདི་དག་དགོངས་པ་ཅན་དུ་འཆད་པ་ཡང་མི་ འཐད་ལ་འདིའི་དཀྱིལ་འཁོར་རྣམས་གཙོ་བོའི་དབུགས་ཉི་ཤུའི་བདག་ཉིད་དུ་མཛད་ནས་དུས་སྦྱོར་འདི་དུས་སྦྱོར་བཅུ་གཉིས་ཀྱི་ ཡ་གྱལ་མ་ཡིན་པར་བཞེད་པ་ཡང་མི་འཐད་དེ་དུས་བཞིའི་མཐར་གཟའ་རྣམས་སྟོང་པ་ལ་འཇུག་པ་དང་འདིའི་དུས་སྦྱོར་གཉིས་ ཀྱི་མཐར་ནང་གི་གཟའ་བཅུ་སྟོང་པ་ལ་འཇུག་པ་རྫོགས་པ་དང་སྦྱར་དགོས་པའི་ཕྱིར་རོ། །ཡང་གཙོ་བོ་ཆེ་ཆུང་གཉིས་སུ་ཡོད་པ་ 2-1-318 ལས་འདི་གཙོ་བོ་ཆུང་བ་ཡིན་པར་འཆད་པ་ཡང་ཡོད་ཅེས་ཟེར་རོ)། ༨༧ ། ༈ འདིར་དུས་སོ་སོ་རྣམས་ཀྱི་ཚད་ནི་སྟོང་པ་སྟོང་པ་ནམ་མཁའ་ཀླུ་དང་ལག་པ་ཐུབ་པ་ རི་བོང་ཅན་རྣམས་ཞེས་པ་ནི་ལོ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ལྷག་པའི་འབུམ་ཕྲག་བཅུ་བདུན་ རྫོགས་ལྡན་དུས་ཀྱི་ཚད་དེ་(གཙོ་བོའི་རྩ་གཡོན་པའི་)དཀྱིལ་འཁོར་དང་རྐང་པ་བཞི་ཉེ་བར་ལོངས་ སྤྱོད་པའི་ཕྱིར་རོ། །གསུམ་ལྡན་ལ་ནི་ནམ་མཁའ་མཁའ་སྟོང་རོ་དང་དགུ་དང་ཉིན་བྱེད་ཅེས་ པ་སྟོང་ཕྲག་དགུ་བཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག་བཅུ་གཉིས་ཀྱི་ལོ་ཡི་གྲངས་སུ་རབ་ཏུ་ གྲགས་སོ། །སྟོང་པ་སྟོང་པ་མཁའ་དང་རིག་བྱེད་རོ་དང་ལག་འགྲོ་ཞེས་པ་ནི་སྟོང་ཕྲག་དྲུག་ ཅུ་རྩ་བཞི་ལྷག་པའི་འབུམ་ཕྲག་བརྒྱད་དེ་གཉིས་ལྡན་ལོར་ནི་ཡང་དག་པར་འགྱུར་རོ། །སྟོང་ པ་ནམ་མཁའ་མཁའ་མིག་ཡོན་ཏན་ཆུ་གཏེར་རྣམས་ཞེས་པ་ནི་སྟོང་ཕྲག་སུམ་ཅུ་རྩ་གཉིས་ ལྷག་པའི་འབུམ་ཕྲག་བཞི་རྣམས་ཀྱི་ལོ་ཡི་གྲངས་ནི་རྩོད་པའི་དུས་ལ་འགྱུར་རོ། །དེ་ལྟར་ན་ གསུམ་ལྡན་(གྱི་དུས་)ལ་(གཙོ་བོའི་རྩ་གཡོན་གྱི་དཀྱིལ་འཁོར་གཅིག་དང་གཡས་ཀྱི་དཀྱིལ་འཁོར་གཉིས་དང་)རྐང་ པ་གསུམ་དང་གཉིས་ལྡན་(གྱི་དུས་)ལ་(རྩ་གཡས་ཀྱི་དཀྱིལ་འཁོར་དང་རྐང་པ་)གཉིས་དང་རྩོད་ལྡན་ (གྱི་དུས་)ལ་(རྩ་གཡས་ཀྱི་དཀྱིལ་འཁོར་ལ་)རྐང་པ་གཅིག་གོ། དཀྱིལ་འཁོར་གསུམ་དང་གཉིས་དང་ གཅིག་གི་བདག་ཉིད་དེ་(གཙོ་བོའི་གཡོན་དང་གཡས་ཀྱི་)དཀྱིལ་འཁོར་སོ་སོ་ནི་རྩོད་ལྡན་གྱི་དུས་ཀྱི་ ལོའི་ཚད་དོ། ༨༨ ། ༈ ལོ་ནི་འདི་དག་རྣམས་ཀྱིས་དུས་ཀྱི་མཐའ་རུ་གཟའ་ཚོགས་རྒྱུ་བ་ཁྱིམ་ནི་སྟོང་པ་ དག་ལ་གནས་ཞེས་པ་ལ་ལོ་ནི་སྔར་བརྗོད་པ་འདི་དག་རྣམས་ཀྱིས་དུས་ཀྱི་མཐའ་རུ་སྟེ་དུས་ བཞིའི་མཐར་གཟའ་ཚོགས་(བརྒྱད་)རྒྱུ་བ་ནམ་གྲུའི་(ཤར་མཐའ་དང་སྒྲ་གཅན་ཐ་སྐར་གྱི་ནུབ་མཐའ་དང་ དུས་མེའི་ནག་པའི་ཕྱེད་ཀྱི་)མཐར་ཁྱིམ་ནི་སྟོང་པ་དག་ལ་གནས་སོ། །སླར་ཡང་ཐ་སྐར་ལ་སོགས་ པ(དང་ནམ་གྲུ་ལ་སོགས་པ་)འི་རྒྱུ་སྐར་རྣམས་གཟའ་(བརྒྱད་དང་སྒྲ་གཅན་དུས་མེ་)རྣམས་ཀྱི་ལོངས་སྤྱོད་ 2-1-319 དུ་འགྱུར་རོ། །(ལོ་དང་པོ་)རབ་བྱུང་ཞེས་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་(ཟླ་བ་དང་པོ་)ནག་ པའི་ཟླ་བར་ཡང་འགྱུར་རོ། །རེས་གཟའ་སྦྱོར་བ་ཚེས་དང་བྱེད་པ་རྣམས་ཀྱང་དེ་བཞིན་དང་ པོ་དག་སྟེ་དེ་ཡི་དུས་སུ་ནི་རེས་གཟའ་ཉི་མ་དང་སྦྱོར་བ་སེལ་བ་དང་ཚེས་དཀར་པོའི་ཕྱོགས་ ཀྱི་ཚེས་གཅིག་དང་(ཚེས་གཅིག་གི་ཕྱེད་ཕྱི་མ་ལ་)བྱེད་པ་བ་བྃ་ཞེས་པ་(བྱེད་པ་བདུན་གྱི་)དང་པོ་དག་ སྟེ་(རྩོད་ལྡན་གྱི་མཇུག་)དེའི་དུས་སུ་ལྷ་རྣམས་དག་དང་ལྷ་མིན་ཀླ་ཀློ་རྣམས་ཀྱི་འཁྲུགས་པ་དྲག་ པོ་ས་གཞིའི་གནས་(རྒྱ་གར་ནུབ་ཕྱོགས་ཀྱིའང་ནུབ་ཕྱོགས་མ་ཁའི་ཡུལ་གྱི་)བཱ་ག་དཱ་རྣམས་སུ་འབྱུང་བར་ འགྱུར་ཏེ་(དུས་བཞི་ཆེན་པོ་འདིའི་རྩོད་ལྡན་གྱི་མཇུག་དང་བསྟན་པ་འདི་ཡི་དུས་བཞིའི་རྩོད་ལྡན་གྱི་མཇུག་མཉམ་དུ་རྫོགས་ པ་ན་ཤམ་བྷ་ལ་ནས་རིགས་ལྡན་དྲག་པོ་ལྷ་ཆེན་བཅུ་གཉིས་སོགས་ཀྱི་འཁོར་དང་བཅས་པ་བྱོན་ནས་ཀླ་ཀློ་འཇོམས་པར་མཛད་ དོ། །ཞེས་པའི་དོན་ཡིན་ནོ། །རྩོད་ལྡན་རྫོགས་པ་)དེ་ནས་(དུས་བཞི་ཆེན་པོ་དང་འཁོར་ལོ་ཅན་གྱི་དུས་བཞིའི་)རྫོགས་ ལྡན་གྱི་དུས་འཇུག་པར་འགྱུར་རོ། ༨༩ ། ༈ ད་ནི་ཚེས་ལ་སོགས་པ་གཟའི་ལོངས་སྤྱོད་ཐམས་ཅད་( སྐར་མ་ནམ་གྲུའི་མཐར་ཁྱིམ་)སྟོང་ པ་ལ་གནས་པ་ན་སླར་ཡང་(གཟའ་ལ་སོགས་པའི་)ངེས་པ་འབྱུང་བ་གསུངས་པ་དེ་ནས་རྒྱུ་སྐར་ རྣམས་ཀྱིས་ཉིན་ཞག་གཅིག་ནི་བསྒྱུར་བར་འགྱུར་ཏེ་ཆུ་ཚོད་དྲུག་ཅུ་རྣམས་ཀྱིས་(རྒྱུ་སྐར་ཉེར་ བདུན་པོ་བསྒྱུར་བ་ལས་)ཀྱང་གཟའ་རྣམས་ཀྱི་ནི་དཀྱིལ་འཁོར་དག་གིས་ངེས་པར་ཆ་ནི་རབ་ཏུ་ ཐོབ་པར་གྱུར་པ་(སོ་སོའི་ཞག་རེའི་)ལོངས་སྤྱོད་(དུ་)འགྱུར། (རེས་གཟའི་དྷྲུ་བ་སྟོང་པ་ལ་ཟླ་བ་གཅིག་གི་ བར་དུ་ཚེས་རེའི་ལོངས་སྤྱོད་སྦྱིན་ཏེ་)ཟླ་བ་(གཅིག་)རྫོགས་(པ་)ན་(ཟླ་བའི་)ངེས་པར་འགྱུར་ཏེ་(དྷྲུ་བ་སྟོང་པ་ ལ་)སླར་ཡང་(རེས་)གཟའ་(ཉེར་དགུ་ལ་འཁོར་ལོ་དོར་བའི་ལྷག་མ་གཅིག་)དང་ཆུ་ཚོད་(དྲུག་ཆས་དམན་པའི་སོ་ གཉིས་)དང་ནི་རྐང་པ(འི་འཁོར་ལོ་ལོངས་པའི་ལྷག་མ་གཉིས་)རྣམས་སུ་འགྱུར། རྒྱུ་སྐར་(ཆུ་ཚོད་)ལ་(ཉི་ མའི་ཚེས་ཞག་གི་དཀྱིལ་འཁོར་གྱིས་ཐོབ་པ་)ནི་ཉི་མའི་(ཚེས་རེའི་)ལོངས་སྤྱོད་དུ་འགྱུར་(ཞིང་དེ་ཉིད་ཚེས་ཀྱི་) ཉིན་ཞག་(སུམ་ཅུའི་)ཚོགས་(ཀྱི་བར་དུ་བསགས་པ་)ལས་དག་པ་(སྐར་མ་གཉིས་དང་ཆུ་ཚོད་བཅུ་གཅིག་ཏུ་གཅིག་ 2-1-320 གི་སོ་དགུ་ཆས་དམན་པ་ནི་)ཟླ་བ་གཅིག་གི་(སྐར་མའི་ངེས་པ་)འོ་ཞེས་སོ། ༩༠ ། ༈ ད་ནི་དུས་ཀྱི་འཁོར་ལོའི་ལོ་དང་ཕྱོགས་ལས་ཟླ་བའི་ངེས་པ་གསུངས་པ་སྡེ་པ་དྲུག་ ནི་ཉི་མའི་དབྱངས་བཅས་ཞེས་པ་ལ་སྡེ་པ་དྲུག་ནི་ཀ་ཙ་ཊ་པ་ཏ་ས་རྣམས་ཏེ་གསལ་བྱེད་ཀྱི་ མཚན་ཉིད་ཡི་གེ་སུམ་ཅུའོ། །(གསལ་བྱེད་རེ་རེ་ཡང་)དབྱངས་བཅུ་གཉིས་(སྲོག་ཏུ་ཞུགས་པ་)དང་ བཅས་པས་སུམ་བརྒྱ་དྲུག་ཅུར་འགྱུར་ཏེ། ཡི་གེ་རྣམས་ཐུང་ངུ་དང་རིང་པོའི་དབྱངས་(བཅུ་ གཉིས་རྣམས་)ཀྱིས་ཕྱེ་བས་སོ། །ཨ་ཨཱ་ཨི་ཨཱི། རྀ་རཱྀ། ཨུ་ཨཱུ། ལྀ་ལཱྀ། ཨྃ་ཨཱཿ འདི་རྣམས་ཀྱིས་ ཀ་ཡིག་ལ་སོགས་པའི་ཡི་གེ་སོ་སོ་ལ་བཅུ་གཉིས་ཀྱི་དབྱེ་བས་ཐ་དད་པར་འགྱུར་རོ། །དེས་ ན་གསལ་བྱེད་སུམ་ཅུ་པོ་རྣམས་བཅུ་གཉིས་ཀྱི་དབྱེ་བས་ཐ་དད་རྣམས་ནི་སུམ་བརྒྱ་དྲུག་ཅུ་ སྟེ་སླར་ཡང་ཀ་ཡིག་ལ་སོགས་པ་དེ་རྣམས་ཡོན་ཏན་གཞན་གྱིས་ཕྱེ་བ་དང༌། ཡ་ཎར་བསྒྱུར་ བས་ཕྱེ་བ་དག་སྟེ། ངེས་པར་ཡོན་ཏན་གྱིས་བསྒྱུར་ཞེས་པ་ཡོན་ཏན་ནི་ཨ་ཨེ་ཨར་ཨོ་ཨལ་ ཨྃ། འཕེལ་བ་ནི་ཨཱ་ཨཻ་ཨཱར་ཨཽ་ཨཱལ་ཨཱཿ ཡ་ཎར་བསྒྱུར་བ་ནི་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧྃ་ ཧཱཿ ཞེས་པའོ། །དེ་ལྟར་ན་ལོ་གསུམ་ཉི་མ་དག་ལ་སྟེ། ཀ་ཡིག་ལ་སོགས་པ་དེ་རྣམས་ཉིན་ ཞག་སྟོང་བརྒྱད་ཅུར་འགྱུར་རོ། །ཨ་སོགས་ཐུང་ངུ་ཉིན་ཞག་ཅེས་བྱ་བཅོ་ལྔ་སྟེ་སུམ་འགྱུར་ རི་བོང་ཅན་ཆ་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོའི་དབྱེ་བས་ཕྱེད་བཅས་ཟླ་བ་ནི་ཕྱོགས་ གསུམ་དུ་ཟླ་བ་ལ་འགྱུར་རོ། །དེ་ལ་(ཕྱོགས་དང་པོའི་)ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ ཡ་ར་ཝ་ལ། (ཕྱོགས་གཉིས་པའི་)ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། (ཕྱོགས་ གསུམ་པའི་)ཨཱྃ་ཨཱིཾ་རཱྀཾ་ཨཱུྂ་ལཱིཾ། ཨཱྃ་ཨེཾ་ཨཱརྂ་ཨཱཽཾ་ཨཱལྂ། ཧཱྃ་ཡཱྃ་རཱྃ་ཝཱྃ་ལཱྃ་ཞེས་པ་ནི་ཕྱོགས་ གསུམ་གྱི་དབྱངས་སོ། །(ཞག་རེའི་)ཆུ་ཚོད་(ཀྱི་ཡི་གེ་ནི་)ཧ་སོགས་(ལྔ་པོ་དབྱངས་བཅུ་གཉིས་ཀྱི་བསྒྱུར་བ་)རྣམས་སུ་འགྱུར་ཏེ་དྲུག་ཅུའི་གྲངས་ལ་དུས་སྦྱོར་གྱི་དབྱེ་བས་བཅུ་གཉིས་སོ། །(ཚིགས་བཅད་ བརྒྱད་པར་)སྔར་བརྗོད་པའི་རྣམ་པས་(མཚན་མོ་འཕེལ་བ་ལ་)ཉི་མ་ཕྱེད་ནས་མཚན་མོ་ཕྱེད་ཀྱི་བར་ 2-1-321 དུ་ཐུང་ངུ་(དང་ལྡན་པ་ཧ་སོགས་སུམ་ཅུ་དང་མཚན་ཕྱེད་ནས་ཉིན་ཕྱེད་ཀྱི་བར་ལ་ཡང་དེ་)རྣམས་སོ། །(ཉིན་མོ་འཕེལ་ བ་ལ་)མཚན་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་དུ་(དབྱངས་)རིང་པོ་(དང་ལྡན་པ་ལླཱ་སོགས་)སུམ་ཅུ་(དང་ཉི་ མ་ཕྱེད་ནས་མཚན་ཕྱེད་གྱི་བར་ལ་ཡང་ཡི་གེ་སུམ་ཅུ་པོ་དེ་རྣམས་ཁོ་ན་)འོ། །དཔལ་ལྡན་སྟོང་པ་གཞོམ་མེད་ལ་ སོགས་(སྟོང་ཆེན་ཡི་གེ་)ལྔ་པོ་གང་ཡིན་པ་དེ་རྣམས་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པའི་རང་བཞིན་གྱིས་(ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་ པོའི་དབྱངས་ལྔ་ཚན་གསུམ་པོ་)དེ་རྣམས་ནི་(རིམ་པ་ལྟར་ཟླ་བ་དང་ཉི་མ་དང་)སྒྲ་གཅན་ཏེ་(ནང་དུ་)སྲོག་གི་རླུང་ གི་དུས་སྦྱོར་གསུམ་དུ་འགྱུར་རོ་ཞེས་པ་ནི་ངེས་པའོ། ༩༡ ། ༈ (ལོ་བརྒྱའི་དབུ་མིའི་ཞག་གྲངས་)འབྱུང་བ་ཉི་མ་ཟླ་བའི་གྲངས་ནི་སླར་ཡང་ལོ་གསུམ་དང་ ཕྱོགས་གསུམ་གྱི་ཉིན་ཞག་སྟེ་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་ཏུ་འགྱུར་རོ། །ཀྱེ་ མི་ཡི་བདག་པོ་ཞེས་པ་སྟེ་ཕྱེད་བཅས་ཟླ་བ་ཞེས་པ་ནི་ཕྱོགས་གསུམ་མོ། །ཕྱེད་དང་བཅས་ པའི་ཟླ་བ་དོར་ནས་ཞེས་པ་ནི་(ཞག་གྲངས་)དེ་ལས་(ཐབས་ཀྱི་ཆ་)ཕྱེད་དང་བཅས་པའི་ཟླ་བ་དོར་ ནས་གཞན་(ཞག་)ནི་(ཤེས་རབ་ཀྱི་ཆ་)སྟོང་བརྒྱད་ཅུར་འགྱུར་རོ། །དེ་ནས་ལྷག་མ་(སྟོང་བརྒྱད་ཅུ་པོ་ ལ་)ཐུབ་མཆོག་བདུན་རྣམས་ཀྱིས་བཅད་པའི་ཐོབ་པ་(བརྒྱ་ལྔ་བཅུ་རྩ་བཞི་དང་ལྷག་མ་གཉིས་པ་གཙོ་བོ་ ཡབ་ཡུམ་སྟེ་བརྒྱ་ལྔ་བཅུ་རྩ་དྲུག་པོ་)དག་ནི་བསྡུས་པའི་དུས་ཀྱི་འཁོར་ལོར་འགྱུར་རོ། །དེ་ཉིད་ཟླ་བའི་ ངེས་པ་ལ་གཟའ་གཅིག་(ནི་ཆུ་ཚོད་དྲུག་ཅུར་བསྒྱུར་བ་)དང་(ལོངས་སྤྱོད་དུ་)ཆུ་ཚོད་སུམ་ཅུ་རྩ་གཉིས་(ཏེ་ གོ་གཉིས་)དང་ཚོགས་གཉིས་རབ་ཏུ་བསྲེས་ནས་(སྟེ་གོ་བཞི་དང་)ཚེས་གཅིག་(གི་ངེས་པ་ལ་གཟའ་དང་ རིལ་པོར་སྟེར་པའི་ཚེས་གཅིག་པོ་)དང་རྒྱུ་བའི་རྐང་པ་(གསུམ་པ་ཟིན་ནས་རང་པའི་ཆུ་ཚོད་)ལྔ་(སྟེ་བརྒྱ་ཐམ་པ་)འོ། ། (གཟའ་དང་རྐང་བའི་)འཁོར་ལོ་དག་གིས་རྣམ་པར་ཕྱེ་བ་(ལྔ་བཅུ་རྩ་དྲུག་)རྣམས་ནི་གཟའ་(དང་རྐང་པ་) འགྱུར་ཏེ། (དེ་ལྟར་བརྒྱ་ལྔ་བཅུ་རྩ་དྲུག་གོ་དེ་ལ་)ལྷ་མོ་དྲུག་ཅུ་རྣམས་ཀྱིས་ནི་(གཟའ་གཅིག་པོ་)ཆུ་ཚོད་དྲུག་ ཅུ་(ཉིད་དུ་བསིལ་བ་)རྣམས་ཀྱིས་སོ་ཞེས་པའི་དོན་ཏོ། ༩༢ ། 2-1-322 ལྷ་མོ་སུམ་ཅུ་རྩ་གཉིས་ཀྱི་ཆུ་ཚོད་རྣམས་ཀྱིས་ཟླ་བའི་ངེས་པ་ལ་ཆུ་ཚོད་ཀྱི་གནས་སུ་ སུམ་ཅུ་རྩ་གཉིས་སོ། །(སྔར་གཟའ་དང་རྐང་པའི་འཁོར་ལོ་དོར་བ་རྣམས་ནི་)ཐུབ་པ་ནོར་གྱིས་བསྒྱུར་བ་ ལྔ་བཅུ་རྩ་དྲུག་གི་ལྷ་མོ་རྣམས་དང་ཚོགས་ཀྱི་གནས་སུ་ཚོགས་གཉིས་(ནི་ལྷ་མོ་གཉིས་)སུ་འགྱུར་ ཏེ་(ཚེས་གཅིག་གི་རྩིས་ལ་)སྦྱིན་དོར་སྦྱིན་པ་དག་ནི་ལྷ་མོ་གཅིག་ཏུ་འགྱུར་ཞིང་རྐང་པ་(གསུམ་པའི་ཆུ་ ཚོད་)ལྔ་ནི་ལྷ་མོ་ལྔར་འགྱུར་ཏེ་ལྔ་པོ་གཅིག་དང་བཅས་པ་དྲུག་གིས་སོ། །(དེ་ལྟར་དུས་འཁོར་བསྡུས་ པའི་ལྷ་བརྒྱ་ལྔ་བཅུ་རྩ་དྲུག་གོ་)ཟླ་བའི་ཕྱོགས་གསུམ་ཉིན་ཞག་རྣམས་ནི་ཉིན་ཞག་བཞི་བཅུ་རྩ་ལྔ་ཏེ་ སུམ་འགྱུར་སྙིང་སྟོབས་དང་རྡུལ་དང་མུན་པའི་བདག་ཉིད་(ཀྱིས་བསྒྱུར་བ་)རྣམས་ཀྱང་ཉི་མའི་ (ཟླ་བ་གཅིག་གིས་)ལོངས་སྤྱོད་ལ་ནི་རབ་ཏུ་གྲགས་སོ། །(དེ་ལ་)སྐར་མ་གཉིས་ནི་དྲུག་ཅུས་དབྱེ་ ཞིང་ཞེས་པ་ཆུ་ཚོད་བརྒྱ་ཉི་ཤུས་རྒྱུ་སྐར་གྱི་(ཟླ་བའི་)ངེས་པ་ལ་གཉིས་སུ་འགྱུར་རོ། །(དེ་ནས་) ཉི་མའི་ཉིན་ཞག་དང་པོ་(སྟེ་ཚེས་གཅིག་གི་ངེས་པ་)ལ་བཞིས་བསྒྱུར་བའི་ཆུ་ཚོད་བཞི་ལ་སོགས་པ་ དང་ལྡན་པའི་དབང་ཕྱུག་ཆུ་ཚོད་དེ་(ཆུ་ཚོད་བཞི་དང་བཅས་པའི་)ཆུ་ཚོད་བཅུ་གཅིག་(སྟེ་ཆུ་ཚོད་བཅོ་ལྔ་)ཆུ་ཚོད་ཀྱི་གནས་སུ་འགྱུར་རོ(དེ་ལྟར་གཟའི་ངེས་པ་ལ་ཟླ་བ་གཅིག་གི་དྷྲུ་བ་དང་ཚེས་གཅིག་གི་ངེས་པ་རྣམ་པར་ དག་པ་ནི་དུས་འཁོར་བསྡུས་པའི་ལྷ་གྲངས་ཏེ་དེ་ཡང་ལོ་གསུམ་གྱི་ཞག་ལ་གཟའ་བདུན་གྱིས་བགོས་པ་ལས་བྱུང་པའོ། །ཕྱོགས་ གསུམ་གྱི་ཞག་རྣམས་ཡོན་ཏན་གསུམ་གྱིས་བསྒྱུར་བ་ནི་ཉི་མའི་ཟླ་བ་གཅིག་གི་དྷྲུ་བ་ལ་ཚེས་གཅིག་གི་ངེས་པ་བསྣན་པ་དང་ སྦྱར་བ་ཡིན་ནོ་)ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། ༩༣ ། ༈ དཔལ་ལྡན་དུས་ཀྱི་འཁོར་ལོ་གཟའི་ཚོགས་དང་བཅས་པ་འདི་རྣམས་ཞེས་པ་ལ་ སོགས་པ་བརྗོད་པའི་རིམ་པས་ཕྱི་(འཇིག་རྟེན་)དང་(ནང་)ལུས་ལ་(དུས་ཀྱི་འཁོར་ལོ་ཆོས་ཉིད་ངོ་བོ་ཐ་ དད་དུ་)དབྱེར་མེད་པར་(ཁྱབ་བྱེད་དུ་བཞུགས་སོ་ཅིའི་དོན་དུ་ན་འཇིག་རྟེན་)བསྡུ་བ་དང་ནི་སྤྲོ་བའི་སླད་དུ་ (གནས་གང་དུ་ན་)སྲིད་པ་གསུམ་འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ་གནས་དེར་རོ། ། ཉི་མ་ཞེས་པ་ནི་ཀྱེ་ཉི་མའི་ཤིང་རྟ་བསྡུས་པའི་རྒྱུད་ཡང་དག་པར་འཆིང་བ་(སྦྲེལ་བའམ་སྦྱོར་བ་ལ་ 2-1-323 ཡང་འཇུག་)ལ་གསོལ་བ་འདེབས་པ་པོ་ཞེས་འཇམ་དཔལ་གྱིས་བོད་པའོ། །དུས་ཀྱི་གཟུགས་ ནི་སྲོག་གི་(རླུང་གི་)གཟུགས་ཀྱིས་(ཏེ་དུས་འཁོར་ཆོས་ཀྱི་དབྱིངས་དེ་སེམས་ཅན་མ་དག་པ་ལ་སྲོག་རླུང་གི་རྣམ་པར་ སྣང་བས་)སོ། །(དེ་བཞིན་དུ་)ཤེས་རབ་ཐབས་ཀྱི་དབྱེ་བ་ནི་ཉིན་མོ་(འཕེལ་བ་བྱང་བགྲོད་)མཚན་མོ་ (འཕེལ་བ་ལྷོ་བགྲོད་)དང་མཚན་མོའི་དབྱེ་བ་དང་ཟླ་བ(དཀར་ཕྱོགས་)དང་ཉི་མའི་(ནག་ཕྱོགས་)དབྱེ་བ་ ལ་སོགས་པ་(སྔར་བཤད་པ་)འོ། །(གཞན་ཡང་)མཉམ་དང་མི་མཉམ་རིགས་ནི་མཉམ་པ་(ཤེས་རབ་ ཀྱི་རིགས་དབྱངས་དང་གསལ་བྱེད་)རིང་པོ་དང་མི་མཉམ་པ་(ཐབས་ཀྱི་རིགས་དབྱངས་དང་གསལ་བྱེད་)ཐུང་ངུ་ དང་(གཟའ་རྣམས་ཀྱི་)མྱུར་འཁྱོག་ལ་སོགས་པའི་རྒྱུ་བ(ཀུན་རྫོབ་ཀྱི་རྣམ་པ་)ས་(བཞུགས་)སོ(དེ་ལྟར་དང་ པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་ནི་སེམས་ཅན་མ་དག་པ་རྣམས་ལ་ཀུན་རྫོབ་བརྟན་གཡོའི་རྣམ་པར་སྣང་ བ་ཡིན་ཏེ་མྱང་འདས་ཆེན་པོའི་མདོར་མ་རིག་པ་དང་རིག་པ་གཉིས་སུ་མེད་མོད་ཀྱི་སེམས་ཅན་རྣམས་ཀྱི་ལས་ཀྱི་ཉེས་པས་ རིག་པ་གང་ཡིན་པ་དེ་ཉིད་མ་རིག་པ་ལྟ་བུར་འགྱུར་ཏེ་ཞེས་གསུངས་ཏེ་རིག་པ་ནི་སངས་རྒྱས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ ལ་གསུངས་སོ། །རྒྱུད་བླ་དང་ཆོས་དབྱིངས་བསྟོད་པར་ཡང་དེ་བཞིན་ཉིད་དྲི་མ་དང་བཅས་པ་ལ་སེམས་ཅན་ཞེས་བརྗོད་པར་ གསུངས་པ་དང་ཀྱེའི་རྡོ་རྗེར་ཡང༌། འཁོར་བ་གཟུགས་དང་སྒྲ་ལ་སོགས་ཞེས་སོགས་ནས། འདི་རྣམས་ཆོས་ནི་མྱང་ངན་འདས། ། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །ཅེས་སོགས་གསུངས་པ་བཞིན་ནོ)། །ཆགས་བྲལ་དང་ནི་ཐུབ་མཆོག་ རིགས་དང་ཚངས་དང་དྲག་པོ་ལ་སོགས་ལྷ་རྣམས་ཀྱིས་ནི་ཤེས་མ་ཡིན། ཞེས་པ་ནི་དེ་ལྟར་ སྔར་བརྗོད་པའི་རྣམས་པས་ཚངས་པ་ལ་སོགས་པ་(ལྷ་རྣམས་དང་ཆགས་བྲལ་ཐེག་དམན་དགྲ་བཅོམ་དང་ ཐུབ་མཆོག་དྲང་སྲོང་གི་རིགས་)འདི་རྣམས་ཀྱིས་ཤེས་པ་མ་ཡིན་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ ལོ་(དང་པོའི་སངས་རྒྱས་བདེ་གཤེགས་སྙིང་པོ་ཉིད་སེམས་ཅན་ལ་བརྟན་གཡོ་ཀུན་རྫོབ་ཀྱི་རྣམ་པར་སྣང་བས་ན་)ཀུན་ རྫོབ་ཀྱི་ཚུལ་གྱིས་རྣམ་པར་གནས་པ་(སྟེ་མྱང་འདས་ཆེན་པོའི་མདོར་དེ་བཞིན་གཤེགས་པའི་སྙིང་པོ་ནི་མར་གྱི་ ཉིང་ཁུ་ལྟ་བུའི་རང་བཞིན་ཅན་ཡིན་མོད་ཀྱི་ཉོན་མོངས་པའི་ཉེས་པའི་རྣམ་པས་གཞན་དུ་སྣང་བར་གྱུར་ཏོ། །ཞེས་གསུངས་པ་ ལྟར་)ཁྱབ་པར་བྱ་བ་(ཆོས་ཅན་)བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལ་ཁྱབ་པར་བྱེད་ 2-1-324 པ་(ཆོས་ཀྱི་དབྱིངས་རང་བཞིན་གྱི་འོད་གསལ་བ་དེ་)ཇི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ ལྡན་འདས་ཐམས་ཅད་མཁྱེན་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་(ཆོས་ཅན་)ཀུན་ རྫོབ་(བརྟན་གཡོའི་རྣམ་པ་)དང་(ཆོས་ཉིད་)དོན་དམ་པའི་ངོ་བོ་ཉིད་ཀྱིས་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོ་ ལ་(རྩ་བའི་རྒྱུད་དུ་)རབ་ཏུ་བསྟན་པ་བཞིན་དུ་མིའི་དབང་པོ་འཇམ་དཔལ་གྲགས་པ་བདག་གིས་ ཀྱང་ཉི་མའི་ཤིང་རྟ་ཁྱོད་ལ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དེ་ཉིད་མདོར་བསྡུས་པས་ རབ་ཏུ་བསྟན་ཏོ། ། ༈ དཔལ་ལྡན་དང་པོའི་སངས་རྒྱས་ལས་ཕྱུང་བ་བསྡུས་པའི་རྒྱུད་ཀྱིས་རྒྱལ་པོ་དུས་ ཀྱི་འཁོར་ལོའི་རྒྱས་འགྲེལ་སྟོང་ཕྲང་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་སྐར་རྩིས་ཤེས་ པའི་ཆོ་གའི་མདོར་བསྡུས་ཆེན་པོ་སྟེ་དགུ་པའོ།། ༩༤ །། ༈ (བཅུ་བདུན་པ་དབྱངས་འཆར་བ་ལ་སོགས་པའི་ངོ་བོ་ཉིད་ཀྱི་གནས་པ་)ད་ནི་དབྱངས་འཆར་བ་གསུངས་ པ་ཨ་སོགས་ཞེས་པ་ལ་སོགས་པའོ། །དབྱངས་གང་དག་གི་དང་པོ་ཨ་ཡིག་ཡིན་པ་དེ་དག་ནི་ ཨ་སོགས་ལྔ་སྟེ། ཨ་ཨི་རྀ་ཨུ་ལྀ་ཞེས་པ་རང་བྱུང་གིས་བཤད་པ(ཚིག་གོ་ཞེས་པ་ར་དང་ཤོང་ཟེར་རྩ་མི་ ངག་གོ་ཟེར་)འོ(རང་བྱུང་ནི་ཁ་ཅིག་དབང་ཕྱུག་ཆེན་པོ་ཡིན་ཟེར་ཞིང་ཁ་ཅིག་གཞོན་ནུ་སྨིན་དྲུག་བསྒྲུབ་པའི་ཚེ་ནམ་མཁའ་ལ་ སྒྲ་རང་བྱུང་དུ་བྱུང་བར་ཕྱི་རོལ་པ་འདོད་ཟེར་རོ། །ཡང་ན་ཤོང་འགྱུར་ལྟར་ཏེ་དབྱངས་ལྔ་པོ་འདི་བསྒྲུབ་པ་མ་ཡིན་པ་རང་བཞིན་ གྱི་ཡི་གེ་ཡིན་པས་རང་བྱུང་གི་ཚིག་གོ)། །ཨ་ཨི་ཨུཎ་རྀ་ལྀ་ཀ་ཅེས་པ་ནི་(ཨ་ཀ་ནི་ཞེས་པ་དང་ཨི་ཀ་ཞེས་སོགས་) སོ་སོར་བསྡུ་བ་གཟུང་བའི་ཕྱིར་རོ། །ཨེ་ཨོ་ཙ་ཞེས་བཀླགས་པ་ལས་མཚམས་སྦྱོར་གྱི་ཡིག་ གེ་སྟེ་ཨི་ཡིག་དང་ཨུ་ཡིག་དག་གི་ཡོན་ཏན་གྱིས་སོ། །(ཨ་ཡིག་ཕ་རོལ་ཏུ་ཨི་མཐོང་བ་ལས་ཨེ་དང་ཨུ་ མཐོང་བ་ལས་ཨོ་རུ་འགྱུར་བའོ་)རི་ཀའི་(སྟེ་རི་ལི་གཉིས་ཕ་རོལ་ཏུ་)ཨཎ་(ཏེ་ཨ་ཨི་ཨུ་གང་རུང་མཐོང་བ་)ལས་ར་ (ལ་དག་གོ་ཞེས་པའི་མདོའི་ཕྱིར་རྀ་ལྀ་དག་ནི་)གཞན་དག་འདོད་པ་ལྟར། མ་ནིང་དུ་མི་འགྱུར་ཏེ་(ཅིའི་ཕྱིར་ ཞེ་ན་)རྀ་ཡིག་ལྀ་ཡིག་དག་ཀྱང་(ཕ་རོལ་ཏུ་ཨཎ་གྱི་ཡི་གེ་མཐོང་བ་ལས་ར་དང་ལ་བསྐྱེད་པའི་)ཡོན་ཏན་དང་ 2-1-325 ལྡན་པས་ཨི་ཡིག་ལ་སོགས་པ་རྣམས་དང་(རང་བཞིན་གྱི་དབྱངས་ཉིད་དུ་)ཁྱད་པར་མེད་དོ། །དེའི་ ཕྱིར་ཨ་ཨི་ཨུ་ཨེ་ཨོ་ཞེས་(རི་ལི་གཉིས་རང་བཞིན་གྱི་ཡི་གེ་མ་ཡིན་)པ་ནི་བྱིས་པ་རྣམས་ལ་འཇིག་རྟེན་ དུ་གྲགས་པའོ། །(ཨ་ཡིག་ཕ་རོལ་ཏུ་རི་ལི་གཉིས་མཐོང་བ་ལས་ཨར་ཡིག་དང་ཨལ་ཡིག་ཏུ་འགྱུར་བས་)ཡོན་ཏན་ དང་(བཤད་མ་ཐག་པ་ལྟར་)ཡ་ཎ་བསྐྱེད་པའི་ཕྱིར་ཨ་ཨི་ཨུཎ་རྀ་ལྀཀ་ཅེས་(རང་བཞིན་གྱི་ཡི་གེར་མཚུངས་)པར་རིགས་ཏེ་ཨིཀ་ནི་ཨ་ཙ་ལ་ཡ་ཎའོ་ཞེས་པའི་(ཨི་རི་ཨུ་ལི་རྣམས་ཕ་རོལ་ཏུ་ཨ་ཙིའི་ཡི་གེ་མཐོང་བ་ལས་ རིམ་པ་ལྟར་ཡ་ར་ཝ་ལ་རྣམས་སུ་འགྱུར་བའི་)ཁྱད་པར་གྱི་ཕྱིར་དང་ཨཀ་ནི་ཨ་ཀ་ལ་རིང་པོའི་ཞེས་པ(ཨ་ ནས་ཀའི་བར་གྱི་ཡི་གེ་རྣམས་ཕ་རོལ་ཏུ་རང་དང་འདྲ་བའི་ཡི་གེ་རྣམས་མཐོང་བ་ལ་སྔ་མ་རྣམས་རིང་པོར་འགྱུར་བ་)འི་ཤེས་ པར་བྱེད་པའི་ཕྱིར་རོ། །(དེས་ན་)དང་པོར་དབྱངས་(ཨ་ཨི་རི་ཨུ་ལི་)ལྔ་གང་ཡིན་པ་དེ་དག་རང་ བྱུང་(དུ་ལུང་བསྟན་)གིས་བརྡ་སྤྲད་(ཞེས་ཤོང་གསུངས་པ་བདེ་)པས་(རང་བཞིན་གྱི་ཡི་གེར་)མཉམ་པའི་ངོ་བོ་ སྟེ་དེ་དག་ཀྱང་ནམ་མཁའ་ལ་སོགས་པའི་རང་བཞིན་གྱི་དབང་གིས་གྲངས་བཞིན་དུ་འཇམ་ དཔལ་གྱིས་རང་གི་བརྡ་སྤྲོད་པ་ལས་བྲིས་པ་ཨ་ཨི་རྀ་ཨུ་ལྀཀ་ཅེས་པ་སྟེ་ནམ་མཁའ་དང་ རླུང་དང་མེ་དང་ཆུ་དང་སའི་རང་བཞིན་རིམ་པ་བཞིན་ནོ། །(རིམ་པ་)དེ་བཞིན་དུ་ཨ་ཨེ་ཨར་ ཨོ་ཨལ་ཙ་དང་དེ་བཞིན་དུ་ཧ་ཡ་ར་ཝ་ལ་ཊ་འཇམ་དཔལ་གྱིས་ངེས་པར་བསྟན་ཏེ་ཡོན་ཏན་ དང་ཡ་ཎར་བསྒྱུར་བ་ལས་(དབྱངས་ལྔ་ཚན་གསུམ་པོ་)རང་རང་གི་(ཁམས་ཀྱི་)རང་བཞིན་དང་(ཡོན་ཏན་ གྱི་)ངོ་བོ་ཉིད་ལ་བརྟེན་པའི་ཕྱིར་རོ། ། ༈ དབྱངས་ལྔ་པོ་དེ་དག་དང་པོའི་ཚེས་གྲངས་དབང་གིས་ཞེས་པ་ནི་དང་པོའི་ཚེས་ གྲངས་ལྔ་མུན་པའི་〔ཡོན་ཏན་གྱི་〕དབྱེ་བས་ཏེ་དཀར་པོའི་ཚེས་གཅིག་པ་དང་གཉིས་པ་དང་ གསུམ་པ་དང་བཞི་པ་དང་ལྔ་པའོ། །དེ་རྣམས་ཀྱི་དབང་གིས་ནི་དང་པོའི་ཚེས་གྲངས་དབང་ གིས་ཏེ་དགའ་བ་ལ་སོགས་པ་རྣམས་ལྔ་པོ་དང་ལྡན་པར་གྱུར་པ་སྟེ་དབྱངས་ལྔ་པོ་རྣམས་ཀྱི་ དང་པོའི་ཚེས་ནི་དགའ་བ་དང་གཉིས་པ་ནི་བཟང་པོ་དང༌། གསུམ་པ་ནི་རྒྱལ་བ་དང༌། བཞི་ 2-1-326 པ་ནི་སྟོང་པ་དང༌། ལྔ་པ་ནི་རྫོགས་པའོ། །དེ་བཞིན་དུ་དྲུག་པ་ལ་སོགས་པ་དང༌། དེ་བཞིན་ དུ་བཅུ་གཅིག་པ་ལ་སོགས་པའོ། །དགའ་བ་ལ་སོགས་པ་ལྡན་པ(འི་ཚེས་ལྔ་པོ་)འདི་ལ་(དབྱངས་ དང་པོ་ལྔ་པོ་)དེ་རྣམས་འདིར་ནི་འཆར་བར་བྱེད་དེ་གལ་ཏེ་དེ་ལ་ས་སྐྱེས་ལ་སོགས་གཟའ་དག་ མ་གྱུར་ནའོ་ཞེས་པ་དགའ་བ་ལ་ས་སྐྱེས་དང་བཟང་པོ་ལ་གཟའ་ལག་དང་རྒྱལ་བ་ལ་ཕུར་ བུ་དང་སྟོང་པ་ལ་པ་སངས་དང་རྫོགས་པ་ལ་སྤེན་པ་སྟེ། དགའ་བ་ལ་སོགས་པ(འི་ཚེས་)འདི་ རྣམས་ལ་གལ་ཏེ་(རེས་གཟའ་)ས་སྐྱེས་ལ་སོགས་པའི་གཟའ་དག་(ཤར་བར་)མ་གྱུར་ན་དེའི་ཚེ་ (ཤིས་པ་)འཆར་བར་འགྱུར་རོ། །རྣམ་པ་གཞན་དུ་ན་མི་ཤིས་པ་འཆར་ཏེ་ཀྱེ་མིའི་བདག་པོ་ (རེས་གཟའ་)ས་སྐྱེས་མི་ཤིས་ཤར་བར་གྱུར་ཅིང་དགའ་བ་ལ་གལ་ཏེ་སླར་ཡང་(རྒྱུ་སྐར་)སྨིན་དྲུག་ དག་དང་ལྡན་པ་ཉིད་དུ་གྱུར་པའི་དགའ་བའི་ཚེས་དེ་ལ་གལ་ཏེ་གཡུལ་ལམ་ནད་དུ་གྱུར་ན་ མི་རྣམས་དག་ནི་འཆི་བར་འགྱུར་ཏེ་དང་པོའི་དབྱངས་ཀྱིའོ། །ཞེས་པ་ཐོག་མ་ནམ་མཁའི་ དབྱངས་ཀྱི་ཞེས་པའི་དོན་ཏེ་སྐྱེས་པའམ་བུད་མེད་གང་གི་མིང་གི་དང་པོ་ཨ་ཡིག་ཡིན་པ་ དེའོ། ༩༥ ། དེ་བཞིན་དུ་བཟང་པོ་དང་གཟའ་ལག་ལ་གལ་ཏེ་རྒྱུ་སྐར་མཆུར་གྱུར་ན་དེའི་ཚེ་གཉིས་ པ་ཨི་ཡིག་གི་དབྱངས་ཀྱི་མིང་ཅན་འཆི་བར་འགྱུར་རོ། །དེ་བཞིན་དུ་རྒྱལ་བ་དང་ཕུར་བུ་ ལ་གལ་ཏེ་སྐག་ཏུ་གྱུར་ན་དེའི་ཚེ་གསུམ་པ་རྀ་ཡིག་གི་དབྱངས་ཀྱི་མིང་ཅན་འཆི་བར་འགྱུར་ རོ། །དེ་བཞིན་དུ་སྟོང་པ་དང་པ་སངས་ལ་གལ་ཏེ་མོན་གྲུར་གྱུར་ན་དེའི་ཚེ་བཞི་པ་ཨུ་ཡིག་ གི་དབྱངས་ཀྱི་མིང་ཅན་འཆི་བར་འགྱུར་རོ། །དེ་བཞིན་དུ་རྫོགས་པ་དང་སྤེན་པ་ལ་གལ་ཏེ་ བྲ་ཉེར་གྱུར་ན་དེའི་ཚེ་ལྔ་པའི་ལྀ་ཡིག་གི་དབྱངས་ཀྱི་མིང་ཅན་འཆི་བར་འགྱུར་རོ། །དེ་ལྟར་ དབྱངས་འཆར་བ་རྣམས་ལ་ཡང་རྒྱུ་སྐར་དང་གཟའི་དབང་གིས་འཆི་བའི་སྦྱོར་བར་འགྱུར་རོ། ༩༦ ། 2-1-327 དེ་བཞིན་དུུ་(རེས་)གཟའ་ཉི་མ་དག་ལ་〔ཚེས་〕དགའ་བ་འཆར་བ་རྣམས་ཀྱི་གཡུལ་དུ་རྨར་ འགྱུར་ཏེ་〔ནད་ཀྱིས་〕གཟིར་བ་རྣམས་ཉོན་མོངས་པར་〚སྟེ་ནད་ཚབས་ཆེན་པོར་〛འགྱུར་རོ། ། དེ་བཞིན་དུ་གཟའ་ཟླ་བ་ལ་ནི་བཟང་པོ་འཆར་བ་རྣམས་ཀྱི་ཡང་(འབྲས་བུ་སྔ་མ་བཞིན་དུ་)ཤེས་ པར་བྱའོ། །བདེན་པར་འཆར་བ་ལྔ་པོ་རྣམས་ཀྱི་སྟེ་ཨ་ཡིག་ལ་སོགས་པ་རང་རང་གི་ཚེས་ ལ་ཤར་བ་རྣམས་ཀྱི་འབྲས་བུ་མང་པོར་འཆི་བའི་སྦྱོར་བས་དམན་པ་དག་ལ་འགྱུར་ཏེ། ནད་ དང་གཡུལ་དང་ཡུལ་དུ་བགྲོད་པ་དང་བག་མ་ལེན་པའི་དུས་དག་ཏུ་དགེ་བ་དང་མི་དགེ་བའི་ འབྲས་བུ་དེ་ཉིད་(རེས་གཟའ་འཆར་བ་དང་རྒྱུ་སྐར་གྱི་)མཚན་མས་ཤེས་པར་བྱའོ། ༩༧ ། ༈ དེ་ལྟར་རྒྱུ་སྐར་གཟའ་སྔར་བརྗོད་པའི་རིམ་པས་ཏེ་དབྱངས་ཚོགས་ཚེས་རྣམས་དག་ ནི་དེ་ཉིད་ལྔ་ཡི་རབ་ཏུ་དབྱེ་བ་ཡིས་ཞེས་པ་ནི་སླར་ཡང་དབྱངས་འཆར་བ་འདི་ཉིད་ཕྱོགས་ དང་ཟླ་བ་དང་བགྲོད་པ་དང་ལོ་སྟེ་ལོ་དྲུག་ཅུ་ལ་ཡང་(འཆར་བར་)འགྱུར་རོ། །འདིར་ནག་པ་ ལ་སོགས་པ་ནས་འཆར་བ་ནི་ནག་པ་ལ་སོགས་པའི་ཟླ་བ་གཉིས་ལ་ཉིན་ཞག་དྲུག་ཅུ་སྟེ་དེ་ དག་ལ་ཉིན་ཞག་བཅུ་གཉིས་ཀྱིས་རིམ་པ་བཞིན་དུ་ཨ་ཡིག་ལ་སོགས་པ་རྣམས་འཆར་བར་ འགྱུར་ཏེ་ནག་པའི་དཀར་པོའི་ཚེས་གཅིག་ལ་སོགས་པ་(གནམ་སྟོང་གི་མཐར་ཐུག་པ་)ནས་ཇི་སྲིད་ ཟླ་བ་གཉིས་པ(ས་ག་)འི་ཡང་དཀར་པོའི་ཚེས་གཅིག་གོ(ལ་སོགས་པའོ་ར་ཟེར)། དེ་ལྟར་ན་ལོ་ (གཅིག་)ལ་(ཟླ་བ་གཉིས་ཀྱི་)དུས་ཀྱི་དབྱེ་བས་དབྱངས་ལྔ་པོ་རྣམས་ལན་དྲུག་ཡོངས་སུ་འཁོར་ བར་འགྱུར་རོ། །ཕྱོགས་ལ་(དབྱངས་)འཆར་བའི་ཡུལ་ལ་ཡང་ཉིན་ཞག་བཅུ་གཉིས་ཀྱིས་(འདིར་)ཕྱོགས་ཀྱི་དབྱེ་བའོ། །དེ་བཞིན་དུ་ལོའི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལ་(ཞག་)བདུན་ཅུ་རྩ་ གཉིས་(ལ་ཟླ་བར་བྱས་པ་ཉིད་)ཀྱིས་ཨ་ཡིག་ལ་སོགས་པ་(ལྔ་པོ་)རྣམས་རིམ་པས་(ལན་གཅིག་)འཆར་ བར་ཤེས་པར་བྱ་སྟེ་དེ་ཉིད་ནི་ནག་པ་ལ་སོགས་པའི་དཀར་པོའི་ཚེས་གཅིག་ལ་སོགས་པའི་ (ཚེས་གྲངས་བདུན་ཅུ་རྩ་གཉིས་ལ་ཟླ་བར་བྱས་པའི་)ཟླ་བའི་དབྱེ་བའོ། ༩༨ ། 2-1-328 དེ་བཞིན་དུ་དབྱངས་ལྔ་པོ་རྣམས་རིམ་པ་བཞིན་དུ་དབྱངས་རེ་རེ་(བགྲོད་པ་རེའི་)ཟླ་བ་དྲུག་ (དྲུག་)གིས་འཆར་སྟེ་སླར་ཡང་སྔར་གྱི་ཆོ་གས་རབ་བྱུང་ལ་སོགས་པའི་ལོ་དྲུག་ཅུ་ལ་(དབྱངས་ལྔ་ ལན་)ཉི་ཤུ་རྩ་བཞི་འཁོར་བས་ཞེས་པ་བགྲོད་པ་ལ་འཆར་བའོ། །དེ་བཞིན་དུ་(དབྱངས་ལྔ་)ཡོངས་ སུ་འཁོར་བ་རབ་བྱུང་ལ་སོགས་ཞེས་པ་རབ་བྱུང་ལ་སོགས་པའི་ལོ་བཅུ་གཉིས་ལ་(དབྱངས་རེ་)འཆར་བ་ནི་ལོ་ལ་འཆར་བར་ཤེས་པར་བྱའོ། །དེ་ལྟར་དབྱངས་ནི་ལྔ་པོ་རྣམས་དག་(རང་པ་) འདིར་ནི་འཆར་བར་འགྱུར་ཏེ་དེ་ནི་སླར་ཡང་(ལྔ་པར་)ནུབ་པའོ། །ཞེས་པ་ནི་འདིར་ཕྱོགས་ཀྱི་ དབྱེ་བ་ལ་ཉིན་ཞག་བཅུ་གཉིས་ནི་དགའ་བ་སྟེ་དེ་བཞིན་དུ་(དེའི་རྗེས་ཀྱི་ཞག་བཅུ་གཉིས་པ་རེ་རེ་ནི་) བཟང་པོ་ལ་སོགས་པའོ། །ཟླ་བའི་དབྱེ་བ་ལ་ཉིན་ཞག་བདུན་ཅུ་རྩ་གཉིས་ནི་དགའ་བ་སྟཻ་དེ་ བཞིན་དུ་བཟང་པོ་ལ་སོགས་པ་ཡང་ངོ༌། །བགྲོད་པའི་དབྱེ་བ་ལ་བགྲོད་པ་〔གཅིག་〕ནི་དགའ་ བ་སྟེ་དེ་བཞིན་དུ་བཟང་པོ་ལ་སོགས་པའོ། །ལོའི་དབྱེ་བ་ལ་ལོ་བཅུ་གཉིས་ནི་དགའ་བ་ སྟེ་དེ་བཞིན་དུ་བཟང་པོ་ལ་སོགས་པ་ཡང་ངོ༌། ། ༈ (དབྱངས་རྣམས་ཀྱི་རང་རང་གི་ཚེས་)དང་པོ་ལ་ནི་དབྱངས་དང་པོ་རྣམས་བྱིས་པ་སྟེ་རང་ཚེས་ ཡོན་ཏན་དབང་གིས་ཞེས་པ་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཡོན་ཏན་གྱི་དབང་ གིས་དང་སྒྲ་དང་རེག་དང་རོ་དང་གཟུགས་དང་དྲིའི་ཡོན་ཏན་གྱི་དབང་གིས་ཏེ་གྲངས་བཞིན་ ནོ། །འདིར་དགའ་བ་ལ་ཨ་ཡིག་འཆར་བའོ། །བཟང་པོ་ལ་ཨི་ཡིག་དང་རྒྱལ་བ་ལ་རྀ་ཡིག་ དང༌། སྟོང་པ་ལ་ཨུ་ཡིག་དང་རྫོགས་པ་ལ་ལྀ་ཡིག་གོ། དེ་བཞིན་དུ་(དབྱངས་རྣམས་)རང་རང་གི་ འཆར་བའི་ཉིན་ཞག་ལས་ཉིན་ཞག་གཉིས་པ་ལ་དཔལ་ལྡན་གཞོན་ནུ་ཡང་སྟེ་བཟང་པོ་ལ་ ཨ་ཡིག་གཞོན་ནུ་དང་རྒྱལ་བ་ལ་ཨི་ཡིག་དང་སྟོང་པ་ལ་རྀ་ཡིག་དང༌། རྫོགས་པ་ལ་ཨུ་ཡིག་ དང༌། དགའ་བ་ལ་ལྀ་ཡིག་གོ། དར་བབ་རྒན་པོ་རིམ་པས་མེ་དང་ཆུ་གཏེར་ཉིན་ཞག་ལ་སྟེ་ ཞེས་པ་ནི་〔དབྱངས་རྣམས་〕རང་གི་ཉིན་ཞག་ལས་མེ་ཞེས་པ་ཉིན་ཞག་གསུམ་པ་ལ་དར་ལ་ 2-1-329 བབ་པར་འགྱུར་ཏེ་རྒྱལ་བ་ལ་ཨ་ཡིག་དར་ལ་བབ་པ་དང་སྟོང་པ་ལ་ཨི་ཡིག་དང༌། རྫོགས་ པ་ལ་རྀ་ཡིག་དང་དགའ་བ་ལ་ཨུ་ཡིག་དང་བཟང་པོ་ལ་ལྀ་ཡིག་གོ། རྒན་པོ་ཆུ་གཏེར་ཞེས་པ་ ནི་རང་གི་ཚེས་ལས་ཉིན་ཞག་བཞི་པ་ལ་སྟེ་འདིར་སྟོང་པ་ལ་ཨ་ཡིག་རྒན་པོའོ། །རྫོགས་པ་ ལ་ཨི་ཡིག་དང་དགའ་བ་ལ་རྀ་ཡིག་དང༌། བཟང་པོ་ལ་ཨུ་ཡིག་དང༌། རྒྱལ་བ་ལ་ལྀ་ཡིག་གོ། ལྔ་པ་ལ་ནི་ནུབ་པར་འགྱུར་ཞེས་པ་ནི་རྫོགས་པ་ལ་ཨ་ཡིག་ནུབ་པར་གྱུར་པ་སྟེ་དགའ་བ་ལ་ ཨི་ཡིག་དང་བཟང་པོ་ལ་རྀ་ཡིག་དང༌། རྒྱལ་བ་ལ་ཨུ་ཡིག་དང་སྟོང་པ་ལ་ལྀ་ཡིག་གོ། ཞེས་ པ་སྟེ་དབྱངས་རྣམས་ཀྱི་འཆར་བ་ལ་སོགས་པ་རྣམ་པ་ལྔའི་དབྱེ་བ་ཤེས་པར་བྱའོ། ༩༩ ། ༈ ཨ་སོགས་དབྱངས་ལྔ་གང་དག་ངེས་པར་ཡོན་ཏན་གྱིས་བསྒྱུར་ཞེས་པ་ནི་སྙིང་སྟོབས་ དང་རྡུལ་དང་མུན་པའི་ཡོན་ཏན་གྱིས་བསྒྱུར་བས་བཅོ་ལྔར་འགྱུར་རོ། །དེ་རྣམས་སླར་ཡང་ རྣམ་གཉིས་སུམ་ཅུ་ཉིད་དེ། ཨ་ཨི་རྀ་ཨུ་ལྀ་ཨ་ཨེ་ཨར་ཨོ་ཨལ་ཧ་ཡ་ར་ཝ་ལ་ཞེས་པ་དགའ་ བ་ལ་སོགས་པ་སུམ་འགྱུར་ཏེ་དཀར་པོའི་ཕྱོགས་ལ་(ལན་གསུམ་ལ་འཆར་བ་)འོ། །དེ་བཞིན་དུ་ ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཞེས་པ་ནི་དགའ་བ་ལ་ སོགས་པ་སྟེ་ནག་པོའི་ཕྱོགས་ལ〔ལན་གསུམ་ལ་འཆར་བ〕འོ། །དེ་ལྟར་ན་ཕྱོགས་གཉི་ག་ལ་ ཚེས་སུམ་ཅུ་རྣམས་གྲངས་བཞིན་ནོ། །ཀ་སོགས་སྡེ་པའི་ཡིག་གེ་རྣམས་ལ་རང་བཞིན་ཡོན་ ཏན་དབང་གིས་དབྱངས་དེ་དག་མཐའ་དག་སྦྱར་བར་བྱ་སྟེ། ཐུང་ངུ་རྣམས་ནི་འདིར་ཡང་ དཀར་པོའི་ཕྱོགས་ལ་འཆར་བར་འགྱུར་ཏེ་དེ་ཉིད་ལྔའི་དབྱེ་བ་ཡིས་ཞེས་པ་ནི་འདིར་གསལ་ བྱེད་གང་ཞིག་དབྱངས་ཐུང་ངུས་བརྗོད་པ་དེ་ནི་(ཟླ་བ་མཚན་མོ་འཕེལ་བ་)དཀར་པོའི་ཕྱོགས་(ཏེ་ལྷོར་ བགྲོད་)ལ་འཆར་རོ། །རིང་བོ་རྣམས་ནི་ནག་པོའི་ཕྱོགས་ལ་སྟེ་དེ་བཞིན་དུ་གང་ཞིག་དབྱངས་ རིང་པོས་བརྗོད་པའི་གསལ་བྱེད་རིང་པོ་དེ་ནི་(ཉི་མ་ཉིན་མོ་འཕེལ་བ་)ནག་པོའི་ཕྱོགས་(ཏེ་བྱང་བགྲོད་)ལ་འཆར་རོ། །འདིར་གསལ་བྱེད་ཀྱི་ཡུལ་ལ་(དཀར་ཕྱོགས་དང་ནག་ཕྱོགས་ནི་)ཉི་མ་(ལྷོ་བྱང་དུ་)འཕོ་ 2-1-330 བ(བགྲོད་པ་)འི་ཕྱོགས་སུ་རིག་པར་བྱ་སྟེ་(ལྷོ་བགྲོད་ལ་ཐུང་ངུ་)སྤྲོ་བ་དང་(བྱང་བགྲོད་ལ་རིང་པོ་) བསྡུ་བའི་སྦྱོར་བས་སོ(ཞེས་པ་སྔར་ཚིགས་བཅད་བརྒྱད་པར་བཤད་པ་ལྟར་རོ)། ༡༠༠ ། ༈ (དུས་སྦྱོར་གྱི་འབྲས་བུས་བསྟན་པ་ནི་)ཉི་ཤུ་རྩ་བདུན་རྒྱུ་སྐར་དེ་ལ་ཞེས་པ་རྒྱུ་སྐར་གྱི་ཚོགས་ཉི་ ཤུ་རྩ་བདུན་དེ་དེ་དག་ལས་རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་ཀྱིས་(ལུག་ལ་སོགས་པའི་)ཉི་ མའི་དུས་སྦྱོར་བཅུ་གཉིས་སོ། །གསལ་བར་མདའ་ཞེས་པ་ནི་(དུས་སྦྱོར་)དེ་དག་(འཆར་བའི་ཡུན་ནི་ སྤྱིར་)ཆུ་ཚོད་ལྔ་ལྔའི་བདག་ཉིད་(དེ་རྣམས་ཙ་མི་ཟེར་)ཀྱི་(རྒྱུ་སྐར་རེ་རེའི་རྐང་པ་ཟེར་)ཆ་དགུ་པའོ། །འདི་ དག་རྣམས་ཀྱང་རང་བཞིན་གསུམ་ཏེ་གཡོ་བ་ལུག་ལ་སོགས་པ་དང་(སྙིང་སྟོབས་)བརྟན་པ་ གླང་ལ་སོགས་པ་དང་(རྡུལ་)མཉམ་པ་གཉིས་ཀྱི་རང་བཞིན་འཁྲིག་པ་ལ་སོགས་པ(མུན་པ་)འོ། ། ལུག་དང་ཀར་ཀ་ཊ་དང་སྲང་དང་ཆུ་སྲིན་ནི་གཡོ་བ་བཞིའོ། །གླང་དང་སེང་གེ་དང་སྡིག་པ་ དང་བུམ་པ་ནི་བརྟན་པའོ། །འཁྲིག་པ་དང་བུ་མོ་དང་གཞུ་དང་ཉ་ནི་(བརྟན་གཡོ་)གཉིས་ཀྱི་རང་ བཞིན་ནོ། །དེ་ལྟར་(དུས་སྦྱོར་སྐར་ཁྱིམ་གྱི་བདག་ཉིད་)དེ་དག་རྟག་པ་ཉིད་དུ་འཆར་ཏེ་ཉིན་མཚན་ ལ་བཅུ་གཉིས་སོ། །འདིར་(དུས་སྦྱོར་མཁན་པོ་ལ་འགའ་ཞིག་གིས་བྱ་བ་འདི་འགྲུབ་བམ་མི་འགྲུབ་ཅེས་)འདྲི་ བའི་དུས་སུ་(དུས་སྦྱོར་)གཡོ་བ་རྣམས་(འཆར་བའི་སྐབས་)ཀྱི་བྱ་བ་(དེ་)མྱུར་དུ་(འགྲུབ་པར་)འགྱུར་རོ། ། (དུས་སྦྱོར་)བརྟན་པ་རྣམས་ཀྱིས་བརྟན་པ(སྟེ་བྱ་བ་བུལ་པ་)འོ། །(དུས་སྦྱོར་)གཉིས་ཀྱི་རང་བཞིན་ རྣམས་〔འཆར་བའི་སྐབས་〕ཀྱིས་བྱ་བ་(མྱུར་བུལ་)འབྲིང་པོའོ། ༡༠༡ ། ༈ དེ་ལ་ཡུད་ཙམ་སུམ་ཅུ་རྣམས་དང་ཞེས་པ་དུས་སྦྱོར་གྱི་ཚོགས་(བཅུ་གཉིས་པོ་)དེ་ལ་ཡུད་ ཙམ་སུམ་ཅུའོ། །ཉིན་ཞག་(གཅིག་)དུས་ཐུན་བརྒྱད་ཀྱི་བདག་ཉིད་ལ་ཆུ་ཚོད་དག་ཀྱང་དྲུག་ཅུ་ ཁོ་ནར་འགྱུར་རོ། །དང་པོར་ཏེ་ཐོག་མར་སུམ་ཅུ་དབྱངས་རྣམས་འདིར་ནི་(ཚེས་རང་རང་གི་བདག་ པོའི་དབྱངས་ནས་བརྩམས་ཏེ་)འཆར་པར་འགྱུར་བ་ཉིད་དེ་ཡུད་ཙམ་ཡུད་ཙམ་དག་ལའོ། །ཟླ་བའི་ དབུས་སུ་ཚེས་ཀྱི་ཆ་ལ་ཞེས་པ་ནི་ཚེས་གྲངས་གཅིག་ཡུད་ཙམ་སུམ་ཅུའི་ཆར་བྱས་ནས་ཡུད་ 2-1-331 ཙམ་རེ་རེའི་ཆ་ལ་སྟེ་ཚེས་གཅིག་ལ་ཨ་ཡིག་ལ་སོགས་པ་(སུམ་ཅུ་)སྟེ་གཉིས་པ་ལ་ཨི་ཡིག་ལ་ སོགས་པ་(ཉེར་དགུ་དང་མཐར་ཨ་ཡིག་སྟེ་སུམ་ཅུ་)དང༌། གསུམ་པ་ལ་རྀ་ཡིག་ལ་སོགས་པ་(ཉེར་བརྒྱད་ ཀྱི་མཐར་ཨ་དང་ཨི་སྟེ་སུམ་ཅུ་)དང༌། (དེ་བཞིན་དུ་ཕྱི་མ་རྣམས་ལ་ཡང་རིམ་པ་ལྟར་སྦྱར་ཏེ་)བཞི་པ་ལ་ཨུ་ཡིག་ ལ་སོགས་པ་དང༌། ལྔ་པ་ལ་ལྀ་ཡིག་ལ་སོགས་པ་དང༌། དྲུག་པ་ལ་ཡོན་ཏན་གྱི་ཨ་ཡིག་ལ་ སོགས་པ་དང༌། བདུན་པ་ལ་ཨེ་ཡིག་ལ་སོགས་པ་དང༌། བརྒྱད་པ་ལ་ཨར་ཡིག་ལ་སོགས་པ་ དང༌། དགུ་པ་ལ་ཨོ་ཡིག་ལ་སོགས་པ་དང༌། བཅུ་པ་ལ་ཨལ་ཡིག་ལ་སོགས་པ་དང༌། བཅུ་ གཅིག་པ་ལ་ཧ་ཡིག་ལ་སོགས་པ་དང༌། བཅུ་གཉིས་པ་ལ་ཡ་ཡིག་ལ་སོགས་པ་དང༌། བཅུ་ གསུམ་པ་ལ་ར་ཡིག་ལ་སོགས་པ་དང༌། བཅུ་བཞི་པ་ལ་ཝ་ཡིག་ལ་སོགས་པ་དང་ཉ་ལ་ལ་ ཡིག་ལ་སོགས་པ་སྟེ། དབྱངས་སུམ་ཅུ་རྣམས་སྤྲོ་བའི་རིམ་པས་དཀར་པོའི་ཕྱོགས་ཀྱི་ཚེས་ གྲངས་སོ་སོ་ལ་སུམ་ཅུའི་དབྱེ་བས་འཆར་རོ། །དེ་ནས་ནག་པོའི་ཕྱོགས་ཀྱི་ཚེས་གཅིག་གི་ ཚེས་དགའ་བ་ལ་དབྱངས་སུམ་ཅུ་པོ་རྣམས་སྡུད་པའི་རིམ་པས་འཆར་རོ། །དེ་ལ་ཚེས་གཅིག་ ལ་ལཱ་ཡིག་ལ་སོགས་པ་(སུམ་ཅུ་)དང་གཉིས་པ་ལ་ཝཱ་ཡིག་ལ་སོགས་པ་(ཉེར་དགུའི་མཐར་ལ་ཡིག་སྟེ་ སུམ་ཅུ་དང་གསུམ་པ་ལ་ར་ཡིག་ལ་སོགས་པ་ཉེར་བརྒྱད་ཀྱི་མཐར་ལཱ་ཡིག་དང་ཝཱ་ཡིག་)སྟེ་(སུམ་ཅུའོ་ཚུལ་)དེ་བཞིན་དུ་ ཐམས་ཅད་དོ། །(དེ་རྣམས་)ཟླ་བའི་དབུས་སུ་ཚེས་ཀྱི་ཆ་(རེ་རེའི་ཡུད་ཙམ་རེ་)ལ་འཆར་བར་བརྗོད་ དེ་(དབྱངས་)དེ་རྣམས་ནུབ་པ་དག་ཀྱང་དེ་ཉིད་ལའོ་ཞེས་པ་ཟླ་བ་ལ་སྟེ། འདིར་དབྱངས་ཡིག་ གང་དཀར་པོའི་ཚེས་གཅིག་ལ་སོགས་པ་ལ་ཤར་བ་དེ་དག་ནག་པོའི་ཚེས་གཅིག་ལ་སོགས་ པ་ལ་ནུབ་པའོ། ༡༠༢ ། ༈ སྟོང་པ་རླུང་མེ་ཆུ་དང་ས་རྣམས་དག་ཀྱང་ཨ་ལ་སོགས་པ་དབྱངས་ནི་ལྔ་པོ་རྣམས་ཀྱི་ རིགས་ཞེས་པ་ནི་སྔར་བརྗོད་པའི་རིམ་པས་ནམ་མཁའ་ལ་སོགས་པ་རྣམས་ནི་ཨ་ཡིག་ལ་ སོགས་པ་རྣམས་ཀྱི་རིགས་སོ། །སྒྲ་གཅན་ལ་སོགས་པའི་གཟའ་རྣམས་ནི་གྲངས་བཞིན་དུ་ 2-1-332 ཐུང་ངུ་དང་རིང་པོ་རྣམས་ཀྱི་ལྷག་པའི་ལྷ་སྟེ་སྒྲ་གཅན་དང་དུས་མེ་ནི་ཨ་ཡིག་ཐུང་ངུ་དང་རིང་ པོ་དག་གིའོ། །ཟླ་བ་དང་ཉི་མ་ནི་ཨི་ཡིག་དག་དང་གཟའ་ལག་དང་ས་སྐྱེས་ནི་རྀ་ཡིག་དག་ དང་པ་སངས་དང་བླ་མ་ནི་ཨུ་ཡིག་དག་དང་མཇུག་རིངས་དང་སྤེན་པ་ནི་ལྀ་ཡིག་དག་གི་སྟེ་ འདིར་ཅི་ལྟར་རིགས་པར་〔དབྱངས་ཀྱི་བདག་པོའམ་〕ལྷག་པའི་ལྷའོ། ། ༈ དེ་བཞིན་དུས་སྦྱོར་བཅུ་གཉིས་ལས་དུས་སྦྱོར་སོ་སོ་དེ་དག་ལ་ཉིན་དང་མཚན་མོའི་ དབང་གིས་ཆུ་ཚོད་རྣམས་ནི་བསྒྲུབ་པར་བྱ་སྟེ་ད་ལྟར་གྱི་དུས་སྦྱོར་འཆར་བ་ལ་(ཆུ་ཚོད་)ཆ་ལྔ་ པའོ། །(ལྔ་པོ་)དེའི་དབུས་སུ་དབྱངས་གང་བྱུང་བའི་(བདག་པོའི་)གཟའ་ཞེས་བྱ་བ་སྟོབས་ལྡན་ (པས་གཟའ་)དེའི་ཡིས་དཀྱིལ་འཁོར་བསྒྲུབ་པར་བྱ་(གཡོན་)མི་མཉམ་པ་དང་(གཡས་)མཉམ་པའི་ དུས་སྦྱོར་གྱི་དབྱེ་བས་(རིམ་པ་བཞིན་)སྟོང་པ་ལ་སོགས་པ་དང་ས་ལ་སོགས་པ་བསྒྲུབ་པར་བྱའོ། ༡༠༣ ། གཡོན་པ་དག་ལ་ཐུང་ངུའི་དབྱངས་རྣམས་འདིར་ནི་འཆར་ཏེ་གཡོན་པ་མི་མཉམ་པའི་ དུས་སྦྱོར་ལ་དབྱངས་དང་གསལ་བྱེད་ཐུང་ངུ་རྣམས་འཆར་བར་འགྱུར་རོ། །གཡས་པ་མཉམ་ པའི་དུས་སྦྱོར་ནས་གཞན་རིང་པོར་བརྗོད་པའི་གསལ་བྱེད་རྣམས་སུ་(འཆར་བར་)འགྱུར་ རོ། །དེ་བཞིན་དུ་གཡོན་ལ་སྟོང་པ་ལ་སོགས་པ་དེ་ཉིད་དཀྱིལ་འཁོར་ལྔ་སྟེ་(དེའི་བདག་པོ་ནི་) སྒྲ་གཅན་ལ་སོགས་པ་གཅིག་གིས་བར་དུ་ཆོད་པའི་གཟའི་ཚོགས་ནི་སྒྲ་གཅན་ལ་སོགས་ མཐའ་དག་ཅེས་པ་སྒྲ་གཅན་དང་ཟླ་བ་དང་གཟའ་ལག་དང་པ་སངས་དང་མཇུག་རིངས་ སོ། །གཡས་པ་ལྷོའི་དུས་སྦྱོར་ལ་དེ་ཉིད་འཛིན་མ་ལ་སོགས་དཀྱིལ་འཁོར་ལྔའི་དབྱེ་བ་སྟེ་ (དེའི་བདག་པོའི་)གཟའི་ཚོགས་ནི་ངེས་པར་ཉི་མའི་བུ་ལ་སོགས་པ་ཞེས་པ་ནི་སྤེན་པ་དང་ཕུར་ བུ་དང་བཀྲ་ཤིས་དང་ཉི་མ་དང་དུས་མེའོ། །འདིར་མཉམ་པའི་དུས་སྦྱོར་ཆུ་སྲིན་ལ་ཆུ་ཚོད་ ལྔ་ནི་གྲངས་བཞིན་དུ་ཨཱ་ཡིག་ལ་སོགས་པའི་(རང་བཞིན་གྱི་)དབྱངས་རྣམས་དང་ཡོན་ཏན་དང་ 2-1-333 འཕེལ་བ་རྣམས་ཀྱིས་དབྱངས་རིང་པོས་བརྗོད་པའི་གསལ་བྱེད་རྣམས་འཆར་རོ། །དེ་ལ་ཆུ་ ཚོད་དང་པོ་སའི་དཀྱིལ་འཁོར་ལ་ཀཱ་དང༌། གཉིས་པ་ཆུའི་དཀྱིལ་འཁོར་ལ་ཁཱ་དང༌། གསུམ་ པ་མེའི་དཀྱིལ་འཁོར་ལ་གཱ་དང༌། བཞི་པ་རླུང་གི་དཀྱིལ་འཁོར་ལ་གྷཱ་དང༌། ལྔ་པ་སྟོང་པའི་ དཀྱིལ་འཁོར་ལ་ངཱ་སྟེ། དེ་ལྟར་ཀཱ་ལ་སོགས་པའི་གསལ་བྱེད་ཨཱ་ཡིག་ལ་སོགས་པ(དབྱངས་ རིང་པོ་)ས་བརྗོད་པ་དག་ནི་ཆུ་སྲིན་གྱིས་དཀྱིལ་འཁོར་ལྔ་ལ་རིམ་པ་བཞིན་དུ་འཆར་རོ། །དེ་ བཞིན་དུ་བུམ་པའི་སྟོང་པ་ལ་སོགས་པའི་དཀྱིལ་འཁོར་ལྔ་ལ་དབྱངས་ཐུང་ངུས་བརྗོད་པའི་ ང་ལ་སོགས་པ་རྣམས་ལུག་ལས་བཟློག་པས་རིག་པར་བྱ་སྟེ་དེ་ལ་ཆུ་ཚོད་དང་པོ་ནམ་མཁའི་ དཀྱིལ་འཁོར་ལ་ང་དང༌། གཉིས་པ་ལ་གྷ་དང༌། གསུམ་པ་ལ་ག་དང་བཞི་པ་ལ་ཁ་དང་ལྔ་ པ་སའི་དཀྱིལ་འཁོར་ལ་ཀ་འཆར་རོ། །དེ་བཞིན་དུ་ཉ་ལ་ཙཱ་ཚཱ་ཛཱ་ཛྷཱ་ཉཱ་དང་ལུག་གི་དཀྱིལ་ འཁོར་ལྔ་རྣམས་ལ་ཉ་ཛྷ་ཛ་ཚ་ཙའོ། །དེ་བཞིན་དུ་གླང་ལ་ཊཱ་ཋཱ་ཌཱ་ཌྷཱ་ཎཱ་དང་འཁྲིག་པའི་ དཀྱིལ་འཁོར་ལྔ་ལ་ཎ་ཌྷ་ཌ་ཋ་ཊའོ། །དེ་བཞིན་དུ་ཀར་ཀ་ཊ་ལ་པཱ་ཕཱ་བཱ་བྷཱ་མཱ་དང་སེང་གེའི་ དཀྱིལ་འཁོར་ལྔ་ལ་མ་བྷ་བ་ཕ་པའོ། །བུ་མོ་ལ་ཏཱ་ཐཱ་དཱའ་དྷཱ་ནཱ་དང༌། སྲང་གི་དཀྱིལ་འཁོར་ ལྔ་ལ་ན་དྷ་ད་ཐ་ཏའོ། །དེ་བཞིན་དུ་སྡིག་པ་ལ་སཱ་ྉྤ་ཱཥཱ་ཤཱ་ྈྐ་ཱདང༌། གཞུའི་དཀྱིལ་འཁོར་ལྔ་ལ་ ྈྐ་ཤ་ཥ་ྉྤ་ས་སྟེ། ཆུ་ཚོད་འཆར་བ་ལ་གསལ་བྱེད་རྣམས་ནི་ལྷག་པའི་ལྷའོ། །འདིར་གསལ་ བྱེད་(ཀྱི་སྲོག་ཏུ་ཞུགས་ནས་)བརྗོད་པའི་དབྱངས་ནི་གསལ་བྱེད་ཀྱི་ཡི་གེའི་དབྱངས་སུ་འགྱུར་ཞིང་ དབྱངས་〔རྐྱང་པ་〕ནི་སྲོག་གི་དབྱངས་སུ་འགྱུར་རོ། །སྲོག་གི་དབྱངས་དེ་ཡང་ཐུང་ངུ་དང་རིང་ པོའི་དབྱེ་བས་ཟླ་བའི་ཆ་〔ཚེས་〕དང་ཡུད་ཙམ་གྱི་དབྱེ་བ་ལ་སྔར་བརྗོད་པ(འི་དབྱེ་བ་)ས་(འཆར་ བར་)ཤེས་པར་བྱའོ། །གསལ་བྱེད་འཆར་བ་ནི་(བཤད་མ་ཐག་པ་ལྟར་)དུས་སྦྱོར་གྱི་ཆུ་ཚོད་ཀྱི་དབྱེ་ བས་ཤེས་པར་བྱའོ། ། ༈ (དབྱངས་གསལ་བྱེད་ཀྱི་འབྲས་བུ་ནི་)འདིར་གཡུལ་དུ་(འཇུག་པ་ན་མིང་གི་ཡིག་གེ་དང་པོའི་)སྲོག་གི་ 2-1-334 དབྱངས་ནུབ་པར་གྱུར་ན་འཆི་ཞིང་ཡི་གེའི་དབྱངས་ནུབ་པར་གྱུར་ན་སྨྲ་སྟེ་ནད་པ་རྣམས་ནི་ འཆི་བ་དང་ཉོན་མོངས་པའོ། །དེ་བཞིན་དུ་གང་ལ་མིང་གི་ཡི་གེ་དང་པོ་ལ་གསལ་བྱེད་མེད་ པ་དེ་ལ་དབྱངས་ཉིད་སྲོག་གི་དབྱངས་ཏེ་གཅིག་ཤོས་(གསལ་བྱེད་ཡོད་པ་)ནི་ཡི་གེའི་དབྱངས་སོ། ། དེ་ལྟར་ན་ནང་ལ་གཡོན་དང་གཡས་ཀྱི་སྣ་བུག་ནས་དཀྱིལ་འཁོར་འབབ་པའི་དབྱེ་བས་ གསལ་བྱེད་འཆར་བར་ཤེས་པར་བྱའོ། །ཕྱི་རོལ་ཏུ་ཡང་དུས་ཀྱི་ཆུ་ཚོད་ཅེས་པ་ནི་དེ་ལས་ དུས་ཅན་འཆར་བའི་ཆུ་ཚོད་ནི་ཕྱི་རོལ་གྱི་གཟའི་གནས་དང་མཉམ་པའོ། །གཟའི་གནས་ནི་ དཀྱིལ་འཁོར་ཏེ་དེ་དང་མཉམ་པའི་དབྱངས་བཅས་གསལ་བྱེད་དང་བཅས་པ་དག་ནི་བསྒྲུབ་ པར་བྱ་སྟེ་དགེ་བ་དང་མི་དགེ་བ་ཡོངས་སུ་ཤེས་པའི་དོན་དུའོ། ༡༠༤ ། ༈ ད་ནི་དྲིས་ན་ཞེས་པ་ལ་སོགས་པས་དྲིས་པ་ལས་དགེ་བ་དང་མི་དགེ་བའི་འབྲས་བུ་ གསུངས་པ་(ཕོ་ཉས་)དྲིས་པར་གྱུར་ན་གཡུལ་གྱི་དུས་སུ་རབ་ཏུ་འཆི་བར་འགྱུར་ཏེ་(གང་ལས་ འགྱུར་ན་)སྟོང་པ་ལ་ནི་དུས་དག་ཤར་བ་ནའོ། །(ཞེས་པ་དགེ་མི་དགེ་ལུང་སྟོན་པ་པོའི་སྣ་བུག་)གཡས་ཀྱི་ རྩར་སྟོང་པའི་དཀྱིལ་འཁོར་(གྱི་རླུང་)ལ་(ལྷག་པའི་ལྷ་)དུས་མེ་ཤར་བར་གྱུར་པ་ན་གཡུལ་གྱི་ སླད་དུ་གང་ཞིག་དང་པོར་འབོད་པར་བྱེད་ན་རྒྱལ་པོའམ་མི་བདག་དེ་ནི་རབ་ཏུ་འཆི་བར་ འགྱུར་རོ། །དེ་བཞིན་དུ་རླུང་དུ་སྟེ་རླུང་གི་དཀྱིལ་འཁོར་དུ་(བདག་པོ་)ཉི་མ་ཤར་བ་ལ་(དང་པོར་ འབོད་པ་དེ་)ཕམ་པར་འགྱུར་རོ། །མེའི་དཀྱིལ་འཁོར་ལ་ས་སྐྱེས་ཤར་བར་གྱུར་པ་ལ་〔དང་པོར་ འབོད་པ་དེ་〕རྨ་(འབྱུང་བ་)འོ། །ཆུའི་དཀྱིལ་འཁོར་ལ་བླ་མ་ཤར་བ་ལ་ནི་(གཉིས་ཀ་)འདུམ་པར་ འགྱུར་རོ། །ས་ལ་སྤེན་པ་ཤར་བ་ལ་གཡུལ་དུ་འཐབ་པར་མི་འགྱུར་རོ། །ཞེས་པ་ནི་(ཕོ་ཉ་མ་) འདྲི་བའི་(ཚུལ་ལས་འབྲས་བུས་)ངེས་པའོ། །དེ་བཞིན་དུ་ནད་པ་ལ་ནི་སྟོང་པའི་དཀྱིལ་འཁོར་ལ་ སོགས་པ་ལ་གྲངས་བཞིན་དུ་(སྟོང་པ་ལ་)འཆི་བ་དང་(རླུང་ལ་)ཉོན་མོངས་པ་དང་(མེ་ལ་)རྨ་དང་ (ཆུ་ལ་)བདེ་བ་དང་(ས་ལ་)མཉམ་པ་ཉིད་དུ་འགྱུར་ཏེ་འདྲི་བྱེད་ཀྱིས་དྲིས་པར་གྱུར་པ་ན་ནད་པ་ 2-1-335 རྣམས་ལ་འགྱུར་རོ་ཞེས་བྱའོ། ༡༠༥ ། གཡུལ་དུ་དགྲ་ནི་ངེས་པར་རབ་ཏུ་ཉམས་ཞེས་པ་འདིར་སྔར་བརྗོད་པའི་གཡུལ་དུ་དགྲ་ ནི་ངེས་པར་རབ་ཏུ་ཉམས་པར་འགྱུར་ཏེ་(དགེ་མི་དགེ་ལུང་སྟོན་པ་པོ་)གཡོན་གྱི་རྩར་སྒྲ་གཅན་སྟོང་ པའི་དཀྱིལ་འཁོར་ལ་ཤར(བ་)ན(ཕོ་ཉ་བས་དགྲ་བོའི་མིང་དང་པོར་བརྗོད་དེ་དྲིས་ནས་)འོ། །ཡང་ཡིག་ནི་ ཚིག་ཁ་བསྐང་བའི་དོན་ཏོ། །(དེ་བཞིན་དུ་)རླུང་སྟེ་རླུང་གི་དཀྱིལ་འཁོར་ལ་ཟླ་བ་ཤར་བ་ན་(དགྲ་ བོ་)ཕམ་པར་འགྱུར་རོ། །ཟླ་སྐྱེས་མེ་ལ་ཤར་བ་དག་ལ་ཕོ་ཉས་དྲིས་པ་ནི་དགྲ་ལ་རྨ་(འབྱུང་བ་) ཡང་ངོ༌། །ཆུའི་དཀྱིལ་འཁོར་ལ་པ་སངས་ཤར་བ་ལ་དོན་རྙེད་པར་འགྱུར་རོ། །ས་ལ་མཇུག་ རིངས་ཤར་བ་དག་ལ་དང་པོར་བརྗོད་པའི་དགྲ་ཡང་དབང་དུ་འགྱུར་ཏེ་གཡུལ་གྱི་ཡུལ་ ལའོ། །དེ་བཞིན་〔དུ་ཡུལ་གཞན་དུ་〕བགྲོད་(པ་)དང་བག་མ་(ལེན་པ་)དག་ལ་གཡོན་གྱི་ལམ་ ལ་གཟའ་རྣམས་ཀྱི་ནི་(དགེ་བ་)མང་བའི་འབྲས་བུར་འགྱུར་ཏེ་དྲི་བ་བྱས་པར་གྱུར་ནའོ་ཞེས་པ་ སྟེ་འདྲི་བའི་དུས་སུ་(ལུང་སྟོན་པ་པོའི་)སྣ་ལས(གཟའ་རྣམས་)འཆར་བའི་(དབང་གིས་དྲིས་པའི་འབྲས་བུས་) ངེས་པའོ། ༡༠༦ ། ༈ ད་ནི་དྲིས་པའི་དབྱངས་གསུངས་པ་ཕོ་ཉས་ཞེས་པ་ལ་སོགས་པ་སྟེ། ཕོ་ཉས་བརྗོད་ པའི་དབྱངས་རྣམས་(གསལ་བྱེད་རྐྱང་བ་རྣམས་དོར་ནས་དབྱངས་ཡིག་བགྲང་བ་སྟེ་བོད་ ཡིག་ཡིན་ན་ཚེག་བར་བགྲངས་པ་)གང་དག་ངེས་པར་བཅུ་ཡིས་བསྒྱུར་ཏེ་ཞེས་པ་གཡོན་དང་ གཡས་ཀྱི་དཀྱིལ་འཁོར་རྣམས་ཀྱིས་བསྒྱུར་བའོ། །ཁྱིམ་གྱི་འཁོར་ལོ་(དུས་སྦྱོར་)བཅུ་གཉིས་ དག་གིས་བསྲེའོ། །(དུས་སྦྱོར་རེ་རེ་འཆར་བ་ལ་ཆུ་ཚོད་ལྔ་ལྔ་ཡོད་པས་)སླར་ཡང་དེ་རྣམས་འབྱུང་བས་ བསྣུན་པ་ནི་ལྔས་བསྒྱུར་བའོ། །ཉེ་བའི་སྐྱེ་བོ་དང་ལྡན་ནི་མཚན་མ་མཁན་པོ་མ་གཏོགས་པའི་ ཉེ་བའི་སྐྱེ་བོ་(དུ་ཡོད་པའི་གྲངས་བསྲེས་པ་)དང་ལྡན་པའོ། །(དེ་ལ་)བདུན་གྱི་ཆའི་ལྷག་མ་ནི་ཞེས་པ་ རེས་གཟའི་ཆའི་ལྷག་མ་ནི་ཟླ་བ་སྟེ་གཟའ་གཅིག་ལ་གནས་པ་དང༌། མེ་སྟེ་གཟའ་གསུམ་པ་ 2-1-336 དང༌། མདའ་སྟེ་གཟའ་ལྔ་པ་དང༌། རི་བོ་སྟེ་གཟའ་བདུན་པ་ལ་ལྷག་མ་གནས་པར་གྱུར་ན་མི་ རྣམས་ལ་གྲུབ་པ་ཡོད་པ་མ་ཡིན་ཏེ་ཉི་མ་དང་བཀྲ་ཤིས་དང་ཕུར་བུ་དང་སྤེན་པ་སྟེ་མི་མཉམ་ པ་རྣམས་ལའོ། །མིག་སྟེ་གཟའ་གཉིས་པ་དང་རིག་བྱེད་དེ་གཟའ་བཞི་པ་དང༌། རོ་སྟེ་དྲུག་ པ་ལ་བྱ་བ་འགྲུབ་པར་འགྱུར་ཏེ་ཤིན་ཏུ་མཉམ་པའི་གནས་སུ་གྱུར་པ་ཟླ་བ་དང་གཟའ་ལག་ དང་པ་སངས་རྣམས་ལ་ལྷག་མ་གནས་པར་གྱུར་ནའོ་ཞེས་པ་སྟེ་དྲིས་པའི་དབྱངས་ཀྱི་ངེས་ པའོ། ༡༠༧། ༈ ད་ནི་ལོ་ལ་སོགས་པའི་(དུས་ཀྱི་)ཁྱད་པར་ལས་(དུས་སྦྱོར་)ཁྱད་པར་(གཙོ་བོ་ཡིན་པར་) གསུངས་པ་ལོ་དང་ཞེས་པ་ལ་སོགས་པ་སྟེ། ལོ་སྟེ་ལོ་དྲུག་ཅུ་དང་ཟླ་བ་བཅུ་གཉིས་དང་ ཕྱོགས་ཉི་ཤུ་རྩ་བཞི་དང་ཉིན་དང་མཚན་མོའི་དུས་ཉིན་མཚན་དང་ཐུན་བརྒྱད་ནི་དུས་སྦྱོར་ བཅུ་གཉིས་ཀྱི་དབུས་སུ་རབ་ཏུ་ཞུགས་པ་སྟེ་(ལོ་ལ་སོགས་པ་)དེ་དག་ལ་དགེ་བ་དང་མི་དགེ་ བའི་འབྲས་བུས་སླད་དུ་དུས་སྦྱོར་དབུས་སུ་རབ་ཏུ་ཞུགས་ཤིང་དུས་སྦྱོར་གྱི་འབྲས་བུ་ལ་ ནུབ་(ཅིང་རྫོགས་)པར་འགྱུར་བ་སྟེ། (ལོ་ལ་སོགས་པ་)འདི་དག་གི་སྟོབས་དུས་སྦྱོར་རྒྱུ་བ(འི་སྟོབས་)ལས་གཞན་པ་མེད་དོ། །(དེའི་ཕྱིར་འགལ་བ་དུ་མ་འདུས་ནས་དུས་སྦྱོར་གྱི་སྟོབས་ཉིད་གཙོ་བོར་འགྱུར་རོ་)ཞེས་ པའོ། །དུས་སྦྱོར་གཅིག་ནི་(འབྱུང་བ་)ལྔའི་དབྱེ་བས་(མི་མཉམ་པའི་དུས་སྦྱོར་ལ་སྒྲ་གཅན་ལ་སོགས་པ་ དང་མཉམ་པའི་དུས་སྦྱོར་ལ་དུས་མེ་ལ་སོགས་པའི་)གཟའ་ཚོགས་དང་ལྡན་དབྱངས་དང་བཅས་པའི་དེ་ ཉིད་ཐ་དད་དུ་འགྱུར་ཏེ་སྔར་བརྗོད་པའི་ཆོ་གས་སོ། །(དུས་སྦྱོར་)དེ་ཉིད་(ཀྱི་ཆུ་ཚོད་)གཅིག་ནི་ དབུགས་རྣམས་དྲུག་ཅུས་མངོན་ལྷག་ཡོན་ཏན་བརྒྱ་སྟེ་སུམ་བརྒྱ་ཡི་དུས་ཀྱི་ཆུ་ཚོད་དེ་ཆུ་ཚོད་ ཀྱི་དཀྱིལ་འཁོར་དག་ལ་གནས་སོ། །ཆུ་ཚོད་ཀྱི་ཆ་ཤས་ཆུ་སྲང་དྲུག་ཅུའོ། །དེ་ཡི་ཆ་ཤས་ཞེས་ པ་ཆུ་སྲང་གི་ཆ་ཤས་ཏེ་དབུགས་དྲུག་རྣམས་སོ(དབུགས་ཉི་ཁྲི་ཅིག་སྟོང་དྲུག་བརྒྱའི་ཡི་གེ་ནི་ཀ་སོགས་གསལ་ བྱེད་རེ་རེའང་གསལ་བྱེད་སུམ་ཅུས་ཕྱེ་བ་དགུ་བརྒྱར་གྱུར་པ་ལ་དབྱངས་ཐུང་རིང་བཅུ་གཉིས་ཀྱིས་ཕྱེ་བ་ནམ་ཕྱེད་ནས་ཉི་མ་ཕྱེད་ 2-1-337 ཀྱི་བར་ལ་འཆར་ཞིང་སླར་ཡང་དབྱངས་ཐུང་རིང་བཅུ་གཉིས་ཀྱིས་ཕྱེ་བ་ཉི་མ་ཕྱེད་ནས་མཚན་ཕྱེད་ཀྱི་བར་ལ་འཆར་རོ། །དེས་ ན་གསལ་བྱེད་བརྩེགས་མ་རེ་རེ་ལ་དབྱངས་དྲུག་གིས་འཁྱུད་པ་ནི་ཆུ་སྲང་རེ་རེའི་ཡི་གེ་སྟེ་དེ་དག་གང་དུ་གང་འཆར་བ་ཞིབ་ཏུ་ རྟོགས་པར་བྱའོ)། །མི་ཡི་དབང་ཞེས་པ་ནི་བོད་པ་སྟེ་(ལོ་ལ་སོགས་པའི་)ཁྱད་པར་ལས་(དུས་སྦྱོར་གྱིས་) ཁྱད་པར་གྱི་དབུགས་ཀྱི་སྟོབས་ངེས་པའོ། ༡༠༨ ། ༈ ད་ནི་དབུགས་འབྱུང་བ་དང་འཇུག་པའི་དབུས་སུ་དགེ་བ་དང་མི་དགེ་བའི་འབྲས་ བུ་ནི་གསུངས་པ་དབུགས་འབྱུང་བ་དང་འཇུག་པ་དག་གི་དབུས་སུ་གྲངས་བཞིན་དུ་མི་དགེ་ བ་དང་དགེ་བའི་འབྲས་བུ་ནི་འདྲི་བའི་དུས་སུ་དབུགས་འབྱུང་བ་སྟེ་ལྟེ་བ་ནས་སྲོག་ཕྱིར་ འབྱུང་ན་(སྡུད་པའི་རིམ་པ་འཆི་བ་དང་མཐུན་པས་)མི་དགེ་བའི་འབྲས་བུར་འགྱུར་རོ། །འདྲི་བའི་དུས་ སུ་དབུགས་འཇུག་པ་སྟེ་ཕྱི་རོལ་ནས་ལྟེ་བར་སྲོག་རབ་ཏུ་འཇུག་པར་གྱུར་ན་(སྤྲོ་བའི་རིམ་པ་སྐྱེ་ བ་དང་མཐུན་པས་)དགེ་བའི་འབྲས་བུར་འགྱུར་རོ། །དེ་ཉིད་ནི་གང་ཞིག་(རྡོ་རྗེའི་བཟླས་པ་དང་ཕྲ་མོའི་) རྣལ་འབྱོར་ལྡན་པས་ཤེས་པར་བྱེད་དེ་གཞན་རྣམས་ཀྱིས་ནི་མ་ཡིན་ནོ། །(སྟེ་གཟའ་རྣམས་རྒྱུ་སྐར་ ལ་སྤྱོད་ཚུལ་)ལྷ་ཤེས་(པ་)སྐར་རྩིས་པ་རྣམས་ཀྱིས་ཀྱང་(ཕྱི་རོལ་ཀྱི་)དུས་ཀྱི་ཆུ་ཚོད་ཤེས་པར་བྱེད་ དེ་ཉིན་ཞག་འདས་པའི་དབང་གིས་ཉི་མ་ཟླ་བ་བསྒྲུབས་ནས་ཏེ་མི་མཉམ་པ་དང་མཉམ་པའི་ དུས་སྦྱོར་གཡོན་དང་གཡས་ཀྱི་དཀྱིལ་འཁོར་གྱི་ཆུ་ཚོད་ཕྱི་རོལ་ལ་(ཆུ་དང་ཏིང་ཕོར་ལ་སོགས་པ་) བསྒྲུབས་ནས་སོ། །ད་ལྟར་བྱུང་བ་ཤེས་པ་མིན་པར་ཏེ་དེ་ལྟར་སྔར་བརྗོད་པ་དག་ད་ལྟར་བྱུང་ བའི་དུས་སུ་ཤེས་པར་གྱུར་པ་མ་ཡིན་པར་དགེ་དང་མི་དགེ་བའི་འབྲས་བུ་འཇིག་རྟེན་འདིར་ ནི་གང་བརྗོད་པ། དེ་ནི་ལོང་བ་ཡིས་ཀྱང་ལོང་བ་བཟུང་ནས་གླང་ཆེན་སེང་གེས་གཏམས་ པའི་ཐིབས་པོར་རབ་ཏུ་འཇུག་(རང་གཞན་གཉིས་ཀའི་དོན་ཉམས་པ་)ཅེས་པ་སྟེ་དགེ་བ་དང་མི་དགེ་ བ་སྟོན་པའི་འབྲས་བུའི་ངེས་པའོ། ༡༠༩ ། ༈ ད་ནི་དུས་སྦྱོར་གྱི་སྦྱོར་བ་གསུངས་པ་ཕྲ་མོ་ཞེས་པ་ལ་སོགས་པ་སྟེ་ཕྲ་མོའི་རྣལ་ 2-1-338 འབྱོར་མི་ཤེས་པ་ལ་ཞེས་པ་ནི་སྔར་བརྗོད་པའི་ཕྲ་མོའི་རྣལ་འབྱོར་དབུགས་འབྱུང་པ་དང་ འཇུག་པའི་སྦྱོར་བ་མི་ཤེས་པར་གྱུར་པ་ལ་འཇིག་རྟེན་གྱི་ཐ་སྙད་ཀྱིས་གཟའ་ཡི་སྟོབས་དང་ བཅས་པའི་དུས་སྦྱོར་གྱི་སྦྱོར་བ་སྦྱིན་པ་ནི་(དགེ་བའི་བྱ་བ་བསྒྲུབ་པའི་དུས་སུ་ནམ་མཁའ་ལ་སྐར་ཁྱིམ་) འཆར་བའི་དུས་སྦྱོར་(ཞེས་པ་སྐྱེས་ཁྱིམ་ལ་བྱ་སྟེ་དེ་)དང་(སྐར་ཁྱིམ་གྱི་དུས་སྦྱོར་)འཆར་བ་ལས་(སྟེ་དེ་བགྲངས་ པའི་)བདུན་པའི་དུས་སྦྱོར་(སྐར་ཁྱིམ་)ལ་གལ་ཏེ་(གཟའ་)དུས་ཀྱི་མེ་ཡོད་ན་དེའི་ཚེ་དགེ་བའི་བྱ་ བ་དོན་དུ་གཉེར་བ་རྣམས་འཆི་བར་འགྱུར་རོ། །གལ་ཏེ་ཉི་མ་ཡོད་ན་དེའི་ཚེ་ནད་ཀྱིས་ཐེབས་ པར་འགྱུར་རོ། །གལ་ཏེ་ས་སྐྱེས་ཡོད་ན་རྨ་འབྱུང་བར་འགྱུར་རོ། །གལ་ཏེ་སྤེན་པ་ཡོད་ན་ དེའི་ཚེ་ནོར་རྣམ་པར་ཉམས་པར་འགྱུར་ཏེ་དེ་ལྟར་ན་(དགེ་བ་བསྒྲུབ་པའི་དུས་སུ་)སྐྱེ་བའི་དུས་སྦྱོར་ ཏེ་འཆར་བའི་དུས་སྦྱོར་དང་(དེ་ནས་བགྲངས་པའི་)བདུན་པ་དེ་ལ་(དུས་མེ་ལ་སོགས་པ་དྲག་པོའི་)གཟའ་ རྣམས་ཀྱིས་(འཆི་བ་ལ་སོགས་པ་)འདི་དག་ཐམས་ཅད་བྱེད་པ་གང་ཡིན་པ་དེའི་ཕྱིར་དེ་དག་(དགེ་ བའི་བྱ་བ་ལ་)སྤང་བར་བྱ་སྟེ་གསལ་བར་(དུས་སྦྱོར་མཁན་པོ་)བདག་གི་ཚིག་གིས་དུས་སྦྱོར་གཞན་ (དགེ་བ་)ནི་སྔགས་པས་རབ་ཏུ་སྦྱིན་པར་བྱའོ(དེ་ལ་སྔ་དྲོ་དང་པོ་ནི་ཉི་མ་ཁྱིམ་གང་གི་ཐོག་མ་ན་ཡོད་པའི་ཁྱིམ་གྱི་ དུས་སྦྱོར་དེ་འཆར་ཞིང་དེ་ནས་བགྲངས་པའི་ཁྱིམ་གྱི་དུས་སྦྱོར་བདུན་པ་ནི་ཉི་མ་ནུབ་པའི་འཆར་བས་དེའི་བར་གྱི་ཉིན་མཚན་གྱི་ དུས་ཆ་རྣམས་ཀྱི་འཆར་ཚུལ་ཡང་ཤེས་པར་བྱའོ། །དེ་ནས་སྔ་དྲོའི་ཐུན་མཚམས་ཀྱི་ཐོག་མ་ནི་དུས་རྟག་ཏུ་དགེ་བའི་བྱ་བ་ལ་ཡང་ དགོས་པར་གསལ་ལོ)། ༡༡༠ ། འདིར་འཆར་པའི་དུས་སྦྱོར་དང་བདུན་པ་ལ་གལ་ཏེ་སྒྲ་གཅན་ཡོད་ན་དེའི་ཚེ་དགྲ་ ཉམས་པར་འགྱུར་རོ། །གལ་ཏེ་ཟླ་བ་ཡོད་ན་དེའི་ཚེ་རང་ཉིད་རྒྱས་པར་འགྱུར་རོ། །གལ་ ཏེ་ཟླ་སྐྱེས་ཡོད་ན་དེའི་ཚེ་གཡུལ་དུ་རྣམ་པར་རྒྱལ་བར་འགྱུར་རོ། །གལ་ཏེ་པ་སངས་ཡོད་ ན་དེའི་ཚེ་དགའ་མ་དང་བཅས་ཏེ་བུད་མེད་དང་བཅས་པའི་ནོར་དག་ཐོབ་པར་འགྱུར་རོ། ། ཡང་དག་དུས་སྦྱོར་ཐམས་ཅད་ཀྱིས་ཏེ་གལ་ཏེ་སླར་ཡང་(འཆར་བའི་དུས་སྦྱོར་ནས་)དུས་སྦྱོར་ 2-1-339 བཅུ་གཉིས་པོ་ཞི་བའི་གཟའ་དང་བཅས་པར་གྱུར་ན་དགེ་བར་འགྱུར་རོ། །སླར་ཡང་གལ་ ཏེ་(ནང་གི་དུས་སྦྱོར་བརྩི་བ་ནི་)རང་ལུས་གཡོན་གྱི་རྩ་ལ་གྱུར་པ་ན་(བསྐྱེད་རིམ་ཡིན་པས་)ངེས་པར་དོན་ ནི་ཐམས་ཅད་འགྲུབ་སྟེ་མཐའ་དག་སའི་སྟེང་དུ་དག་པའི་གཟའ་དང་(དག་པའི་)ཚེས་(ཞེས་པ་ བསྲེག་ཚེས་སྤངས་པ་)ལ(དོན་ཐམས་ཅད་འགྲུབ་པ་)འོ། །འདིར་དག་པའི་གཟའ་ནི་རྒྱུ་སྐར་མེ་བཞི་དང་ ཉི་མའོ། །རྒྱལ་དང་བླ་མའོ། །ལྷ་མཚམས་དང་གཟའ་ལག་གོ། སྣར་མ་དང་སྤེན་པའོ། །གྲོ་ བཞིན་དང་ཟླ་བའོ། །ཐ་སྐར་དང་བཀྲ་ཤིས་སོ། །ནམ་གྲུ་དང་པ་སངས་དེ་གྲུབ་པའི་སྦྱོར་ བའོ། །འདིར་མི་དགེ་བ་ནི་ལྷ་མཚམས་དང་ཉི་མའོ། །སྨིན་དྲུག་དང་ཟླ་བའོ། །མོན་གྲུ་དང་ (ཤ་ར་བྷི་ཥ་ཞེས་པ་འདི་བྷུར་པ་དང་མོན་གྲེ་བསྒྱུར་ཡང་འདི་ཉིད་ཀྱི་ཚིགས་བཅད་སུམ་ཅུ་རྩ་གཅིག་པའི་འགྲེལ་པར་མོན་གྲུར་ ཡོད་ངྷ་ནིཥྛ་ཅེས་པ་མོན་གྲེར་ཡོད་པས་འདི་དག་ཅང་སྤ་གྲོ་བར་མི་བྱའོ་)ས་སྐྱེས་སོ། །ཐ་སྐར་དང་གཟའ་ལག་ གོ། མགོ་དང་བླ་མའོ། །སྣར་མ་དང་པ་སངས་སོ། །མེ་བཞི་དང་སྤེན་པ་སྟེ་འདི་རྣམས་ནི་ འཆི་བའི་སྦྱོར་བའོ། །བསྲེག་པའི་ཚེས་རྣམས་སྤངས་ནས་གཟའ་ཐམས་ཅད་དང་ཚེས་ཐམས་ ཅད་དག་པ་སྟེ་བིཥྚིའི་ལོངས་སྤྱོད་ནི་སྤང་བར་བྱའོ། །འདིར་བསྲེག་པའི་ཚེས་རྣམས་ནི་ཉི་མ་ དང་བཅུ་གཉིས་པ་ལ་བསྲེགས་པའོ། །ཟླ་བ་དང་བཅུ་གཅིག་པའོ། །བཀྲ་ཤིས་དང་བཅུ་པའོ། ། གཟའ་ལག་དང་གསུམ་པའོ། །ཕུར་བུ་དང་དྲུག་པའོ། །པ་སངས་དང་གཉིས་པའོ། །སྤེན་པ་ དང་བདུན་པ་སྟེ་ཚེས་གྲངས་འདི་དག་དགེ་བའི་བྱ་བ་ལ་སྤང་བར་བྱའོ། མི་དགེ་བའི་བྱ་བ་ལ་ ནི་གདུག་པའི་གཟའ་དང་ཚེས་ལ་སོགས་པ་ཐམས་ཅད་གཟུང་པར་བྱའོ། །འདིར་(བཅུ་བདུན་ པ་)ཤིན་ཏུ་ལྟུང་དང་(བཅུ་དགུ་པ་)ཡོངས་འཇོམས་དང་(ཉེར་བདུན་པ་)ཁོན་འཛིན་སྤངས་པའི་སྦྱོར་ བ་ཐམས་ཅད་ནི་དགེ་བའི་བྱ་བ་ལ་ཤིས་པ་སྟེ། དེ་བཞིན་དུ་(སྦྱོར་བ་དང་པོ་)སེལ་བ་ལ་ཆུ་ཚོད་ གསུམ་སྤང་བར་བྱའོ། །(དགུ་པ་)ཟུག་རྔུ་ལ་ཡང་ལྔ་སྤང་བར་བྱའོ། །(བཅུ་པ་)སྐྲང་པ་དང་(དྲུག་པ་)ཤིན་ཏུ་སྐྲང་པ་ལ་དྲུག་གོ། (བཅུ་གསུམ་པ་)ཀུན་འཇོམས་དང་(བཅོ་ལྔ་པ་)རྡོ་རྗེ་ལ་དགུའོ། །ཞེས་ 2-1-340 པ་ནི་སྦྱོར་བ་མ་དག་པའོ། །དེ་བཞིན་དུ་དག་པའི་གཟའ་དང་ཚེས་ལའོ་ཞེས་པ་ནི་འཇིག་རྟེན་ པའི་ཐ་སྙད་ཀྱིས་གཟའ་ལ་སོགས་པ་ཡོངས་སུ་དག་པ་སྟེ་དོན་དམ་པར་སེམས་ཅན་རྣམས་ ཀྱི་སྔར་བསྒྲུབས་པའི་ལས་ཀྱིས་དགེ་བ་དང་མི་དགེ་བའི་འབྲས་བུར་འགྱུར་རོ། །ཞེས་པ་ནི་ དེ་བཞིན་གཤེགས་པའི་ངེས་པའོ། ༡༡༡ ། ༈ ད་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་སྐར་མ་ལ་སོགས་པའི་སྟོབས་གསུངས་པ་རྒྱུ་སྐར་ ཞེས་པ་ལ་སོགས་པ་སྟེ་རྒྱུ་སྐར་རྣམས་ནི་ཆ་གསུམ་བྱས་ནས་ཞེས་པ་ནི་རྒྱུ་སྐར་ཉི་ཤུ་རྩ་ བདུན་པོ་འདི་དག་ཆ་གསུམ་སྟེ་དགུ་དང་དགུ་དང་དགུ་ཡིས་སོ། །དགུ་པོ་དེ་དག་སོ་སོ་ལ་ ནད་པའམ་གཡུལ་དུ་འཐབ་མོ་པའི་སྐྱེས་པའི་རྒྱུ་སྐར་ནི་དགུ་དགུ་ལས་དང་པོ་སྟེ་ཐོག་མར་ འགྱུར་རོ། །(རང་གི་སྐྱེས་སྐར་དང་པོར་བྱས་པའི་དགུ་ཚན་གསུམ་དུ་བྱས་ལ་རང་གི་སྐྱེས་སྐར་)དེ་ནས་གཅིག་གིས་ པར་དུ་ཆོད་པའི་སྐར་མ་(གསུམ་པ་ལྔ་པ་བདུན་པ་དགུ་པ་)ནི་མི་མཉམ་པའི་གནས་(ཀྱི་སྐར་མ་ཡིན་)ཏེ་མི་ མཉམ་པའི་གནས་དེ་ལ་གལ་ཏེ་གདུག་པ(སྟེ་སྡིག་པ་)འི་(གཟའ་)ཉི་མ་དང་བཀྲ་ཤིས་དང་སྤེན་པ་ དང་དུས་མེ་རྣམས་ནི་ཟླ་བ་དག་དང་ལྷན་ཅིག་ཏུ་གྱུར་ན་དེའི་ཚེ་ནད་པ་རྣམས་སམ་གཡུལ་དུ་ འཐབ་མོ་པ་རྣམས་ནི་འཆི་བ་ཉིད་དེ་(རང་གི་སྐྱེས་སྐར་ནས་བགྲངས་པའི་སྐར་མ་གཉིས་པ་བཞི་པ་དྲུག་པ་བརྒྱད་ པ་ནི་)མཉམ་པའི་གནས་(ཡིན་)ལ་(དེ་ལ་ཟླ་བ་དང་སྡིག་པའི་གཟའ་ལྷན་ཅིག་ཏུ་ཡོད་པ་ལ་)རྒྱལ་བའོ་ཞེས་པ་ ནི་སྐར་མའི་སྟོབས་ཀྱིས་ངེས་པའོ། ། ༈ ད་ནི་གདེངས་ཅན་གྱི་འཁོར་ལོ་གསུངས་པ་ཐ་སྐར་ཞེས་པ་ལ་སོགས་པ་སྟེ་ཐ་སྐར་ལ་ སོགས་པ་རྒྱུ་སྐར་ཉི་ཤུ་རྩ་བདུན་རྣམས་ཀྱིས་རྩ་གསུམ་(པ་ལ་འཁྱོག་ལྔ་པའི་)སྦྲུལ་(གྱི་རྩ་རེ་རེ་)ཡང་ (སྐར་མ་རེ་རེ་)སྤྲས་པར་གྱུར་པ་རྒྱུ་སྐར་ནམ་གྲུ་ཉིད་ཀྱི་བར་དུ་(བཀོད་)སྟེ་(དེ་ནས་སྐྱེས་སྐར་གང་་ཡོད་ པའི་རྩ་དེ་ལ་)སྡིག་ཟླ་ཞེས་པ་སྡིག་པའི་གཟའ་དང་ཟླ་བ་ནི་སྡིག་ཟླ་སྟེ་ནད་པའམ་འཐབ་མོ་པའི་ སྐྱེས་པའི་རྒྱུ་སྐར་གལ་ཏེ་རྩ་གཅིག་དག་ལ་གྱུར་ན་དེའི་ཚེ་མི་རྣམས་དག་ནི་རྣམ་པར་ཉམས་ 2-1-341 ཏེ་འཆི་བར་འགྱུར་རོ། །ཞེས་པ་རྩ་གསུམ་པ་གདེངས་ཅན་གྱི་འཁོར་ལོའི་ངེས་པའོ། །རྩ་ གསུམ་(འཁྱོག་པའི་སྦྲུལ་)ལ་སྨིན་དྲུག་ལ་སོགས་པ་(ལས་སྐར་མ་གསུམ་གསུམ་རྩ་ལ་གནས་ཤིང་རྩ་ལ་མ་སོང་ བ་)གཅིག་གིས་པར་དུ་ཆོད་པ་དང་དེ་བཞིན་རྩ་གསུམ་(འཁྱོག་གསུམ་པའི་སྦྲུལ་)ལ་ལག་ལ་སོགས་ པ་(རྩ་ལ་མ་སོང་བ་)རྒྱུ་སྐར་གསུམ་གྱི་བར་དུ་ཆོད་པ་རྣམས་ལ་(སྐྱེས་སྐར་རྩ་ལ་ཞུགས་ཤིང་རྩ་ལ་)ཟླ་བ་ གནས་ན་གང་ཐོག་མར་གཡུལ་གྱི་སར་ཞུགས་པ་དེ་རྣམ་པར་རྒྱལ་བར་འགྱུར་རོ། །རྩའི་ཕྱི་ རོལ་གྱི་རྒྱུ་སྐར་གསུམ་པོ་རྣམས་ལ་ཟླ་བ་གནས་ན་གང་ཕྱི་ནས་ཞུགས་པ་དེ་རྣམ་པར་རྒྱལ་ བར་འགྱུར་རོ་ཞེས་པ་ནི་གདེངས་ཅན་གྱི་འཁོར་ལོ་གསུམ་པའི་ངེས་པའོ། ༡༡༢ ། ༈ ཚེའི་གནས་སྐབས་ཀྱི་འབྲས་བུ་གསུངས་པ་དྲུག་དང་ཚེས་དང་ཞེས་པ་ལ་སོགས་པ་ སྟེ་འདིར་(སྐྱེས་བུ་ཚེ་ལོ་བརྒྱ་རྩ་བརྒྱད་ཐུབ་པའམ་དེ་བས་ཚེ་ཐུང་བ་རྣམས་ལ་ཡང་རུང་སྟེ་ཚེའི་གནས་སྐབས་ཀྱི་བདག་པོའི་ གཟའ་རྣམས་ཀྱི་དགེ་མི་དགེ་བའི་འབྲས་བུ་བྱེད་པ་ཤེས་པར་བྱ་བའི་ཕྱིར་)རྩིབས་བརྒྱད་པའི་འཁོར་ལོ་བྱས་ལ་ དེ་ནས་ཤར་ནས་དབང་ལྡན་གྱི་བར་དུ་ཉི་མ་ལ་སོགས་པའི་གཟའ་རྣམས་ཀྱི་ལོངས་སྤྱོད་ལོ་ བརྒྱ་རྩ་བརྒྱད་དགོད་པར་བྱའོ། །ཤར་གྱི་རྩིབས་ལ་དྲུག་དང་མེར་ཚེས་ཞེས་པ་བཅོ་ལྔ་དང་ གཤིན་རྗེར་བརྒྱད་དང་བདེན་བྲལ་དུ་རི་ཟླ་ཞེས་པ་བཅུ་བདུན་དང་ཆུ་རུ་བཅུ་དང་རླུང་དུ་བཅུ་ དགུ་ཞེས་པ་གཅིག་གིས་མ་ཚང་བའི་ཉི་ཤུ་དང་བྱང་དུ་ཉི་མ་ཞེས་པ་བཅུ་གཉིས་དང་དབང་ ལྡན་དུ་ཉི་ཤུ་གཅིག་སྟེ་ཉི་མས་དྲུག་ལོངས་སྤྱོད་དོ། །ཟླ་བས་བཅོ་ལྔའོ། །མིག་དམར་གྱིས་ལོ་ བརྒྱད་སྤྱོད་དོ། །གཟའ་ལག་གིས་བཅུ་བདུན་སྤྱོད་དོ། །ཉི་སྐྱེས་ཀྱིས་བཅུ་སྤྱོད་དོ། །བླ་མས་དེ་ ཕུར་བུས་བཅུ་དགུ་སྤྱོད་དོ། །ལག་འགྲོ་ཞེས་པ་སྒྲ་གཅན་དེ་ལོ་བཅུ་གཉིས་སྤྱོད་དོ། །དཀར་ པོ་སྟེ་པ་སངས་ཀྱིས་ལོ་ཉི་ཤུ་རྩ་གཅིག་སྤྱོད་དོ། །དེ་ལྟར་ན་ལོ་བརྒྱ་རྩ་བརྒྱད་གྲངས་བཞིན་ དུ་ཉི་མ་ལ་སོགས་པ་རྣམས་ཀྱིས་ཏེ་དེ་རྣམས་རིམ་པས་སྤྱོད་ཅེས་སོ། །སླར་ཡང་དེ་དང་ནང་ གི་གནས་སྐབས་ལ་ཞེས་པ་སྟེ་འདིར་རགས་པའི་གནས་སྐབས་ལ་དྲག་པོ་རྣམས་ཀྱིས་ཞི་བ་ 2-1-342 མིན་པ་(སྡུག་བསྔལ་)བྱེད་དེ་ཉི་མ་དང་བཀྲ་ཤིས་དང་སྤེན་པ་དང་སྒྲ་གཅན་རྣམས་ཀྱིས་སོ། །ཞི་ བ་རྣམས་ཀྱིས་ཞི་བ་(བདེ་བ་)བྱེད་དེ་ཟླ་བ་དང་ཕུར་བུ་དང་པ་སངས་རྣམས་ཀྱིས་སོ་ཞེས་སོ(དེ་ ཡང་སྐྱེས་བུ་དེ་མངལ་ནས་སྐྱེས་པའི་ཉིན་ཞག་ལ་རེས་གཟའ་གང་ཡོད་པའི་རེས་གཟའ་དེ་དང་པོར་བྱས་ནས་ལོངས་སྤྱོད་དེ་སྒྲ་ གཅན་ནི་ཕུར་བུའི་རྗེས་སུ་ལོངས་སྤྱོད་པར་ངེས་སོ། །ཚེ་ལོ་བརྒྱ་རྩ་བརྒྱད་ཐུབ་པའི་ཚེའི་གནས་སྐབས་ལ་ནི་གཟའ་བརྒྱད་ཀྱིས་ རྫོགས་པར་ལོངས་སྤྱོད་ཅིང་དེ་བས་ཚེ་ཐུང་བ་རྣམས་ལ་ནི་ཅི་རིགས་པར་ལོངས་སྤྱོད་དོ)། །འདིར་ལོ་དྲུག་ལ་སོགས་ པ་གནས་སྐབས་གཅིག་ལ་སླར་ཡང་ནང་གི་གནས་སྐབས་རྣམ་པ་བརྒྱད་དུ་འགྱུར་(བ་ལ་ཡང་ གཟའ་བརྒྱད་ཀྱི་ལོངས་སྤྱོད་ཚུལ་སྔ་མ་བཞིན་དུ་འགྱུར་)རོ། །(རགས་པའི་གནས་སྐབས་བརྒྱད་པོ་)དེ་དང་(ཕྲ་བ་)ནང་ གི་གནས་སྐབས་ལ་ཡང་དེ་ལས་སྡེ་བ་བརྒྱད་པོ་རྣམས་ཀྱི་ཡི་གེ་དག་གིས་ཞེས་པ་ལ་འདིར་ སྡེ་པའི་ཡི་གེ་རྣམས་ནི་རྣམ་པ་གཉིས་ཏེ། གཅིག་(གཡུལ་རྒྱལ་བ་འདོད་པ་)ནི་འཇིག་རྟེན་ལ་གྲགས་ པའི་བརྗོད་པས་ཡིན་ལ་གཞན་ནི་རང་བྱུང་གི་བརྗོད་པས་སོ། །འདིར་འཇིག་རྟེན་པའི་ བརྗོད་པས་ཨའི་སྡེ་བ་ནི་ཨ་ཨི་ཨུ་ཨེ་ཨོ་སྟེ་ཨ་ཨི་རྀ་ཨུ་ལྀཀ་ཅེས་པ་ནི་རིགས་པའོ། །ཀའི་སྡེ་ པ་ནི་ཀ་ཁ་ག་གྷ་ང་སྟེ། དེ་བཞིན་དུ་ཙའི་སྡེ་པ་དང་ཊའི་སྡེ་པ་དང༌། ཏའི་སྡེ་པ་དང༌། པའི་སྡེ་ པ་དང༌། ཡའི་སྡེ་པ་ཡ་ར་ལ་ཝ་དང༌། ཤའི་སྡེ་པ་ཤ་ཥ་ས་ཧ་ཞེས་པ་ནི་འཇིག་རྟེན་པའི་བརྗོད་ པས་སོ། །ཧ་ཡ་ར་ཝ་ལཎ། ཉ་མ་ང་ཎ་ནམ། ཛྷ་བྷ་ཉ། གྷ་ཌྷ་དྷ་ཥ། ཛ་བ་ག་ཌ་དཤ ཁ་ཕ་ ཚ་ཋ་ཐ་ཙ་ཊ་ཏབ། ཀ་པ་ཡ་ཤ་ཥ་སར་ཞེས་པ་(དང་)ལ་སོགས་པ(སྒྲས་ཧ་ལ་ཞེས་པ་སྒྲ་མདོར་འབྱུང་བ་) འི་རིགས་པའི་ཞེའོ། །འདི་ཉིད་ལ་ནམ་མཁའ་(རླུང་མེ་ཆུ་ས་)ལ་སོགས་པ(ཡེ་ཤེས་ཀྱི་)ས་སྡེ་པ(སོ་སོ་ དང་དེ་རེ་རེ་)འི་ཡི་གེ(འི་ནང་ཚན་)རྣམས་(ལ་ཁམས་ཀྱི་རིམ་པ་)ཡོངས་སུ་དག་པ་མེད་དེ་བདེ་བྱེད་སྤྲོས་ པས་བརྗོད་པའི་ཕྱིར་རོ། །འདིར་ཡང་ཨ་ཨི་རྀ་ཨུ་ལྀཀ་ཞེས་པ་ནི་ཉི་མའི་རགས་པའི་གནས་ སྐབས་ལོ་དྲུག་དང་ནང་གི་གནས་སྐབས་ལ་རྣམ་པ་བརྒྱད་ལོངས་སྤྱོད་དོ། །དེ་བཞིན་དུ་ཧ་ ཡ་ར་ཝ་ལཊ་ཞེས་པ་ནི་ཟླ་བའི་ལོ་བཅོ་ལྔ་དང་ནང་གི་གནས་སྐབས་ལའོ། །ང་གྷ་ག་ཁ་ཀ་ནི་ 2-1-343 བཀྲ་ཤིས་ཀྱི་ལོ་བརྒྱད་དང་ནང་གི་གནས་སྐབས་ལའོ། །ཉ་ཛྷ་ཛ་ཚ་ཙ་ནི་གཟའ་ལག་གི་ལོ་ བཅུ་བདུན་དང་ནང་གི་གནས་སྐབས་ལའོ། །ཎ་ཌྷ་ཌ་ཋ་ཊ་ནི་སྤེན་པའི་ལོ་བཅུ་དང་ནང་གི་ གནས་སྐབས་ལའོ། །མ་བྷ་བ་ཕ་པ་ནི་ཕུར་བུའི་ལོ་བཅུ་དགུ་དང་ནང་གི་གནས་སྐབས་ལའོ། ། ན་དྷ་ད་ཐ་ཏ་ནི་སྒྲ་གཅན་གྱི་ལོ་བཅུ་གཉིས་དང་ནང་གི་གནས་སྐབས་ལའོ། །ྈྐ་ཤ་ཥ་ྉྤ་ས་ནི་ དཀར་པོའི་ལོ་ཉི་ཤུ་རྩ་གཅིག་དང་ནང་གི་གནས་སྐབས་ལ་རྣམ་པ་བརྒྱད་ལོངས་སྤྱོད་དོ། །དེ་ བཞིན་དུ་སྡེ་བའི་རང་བཞིན་ནི་ཉི་མ་དང་ཟླ་བ་དང་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ ས་དང་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཏེ་རིམ་པ་བཞིན་དུ་ཡི་གེ་ལྔ་ལྔའི་བདག་ཉིད་ཀྱི་སྡེ་ པ་བརྒྱད་པོ་རྣམས་སོ། །གང་དུ་ཨེ་ཨཱོ་ཨར་ཨཱར་ཨལ་ཨཱལ་ཡོད་པ་དེར་རྩ་བའི་རང་བཞིན་ (ཨུ་རྀ་ལྀ་རྣམས་ཀྱི་རིགས་སུ་)གཟུང་བར་བྱའོ། །དེ་ལྟར་སྡེ་པ་བརྒྱད་ཀྱི་ཡི་གེ་(ལྔ་པ་)རྣམས་ལས་ཡི་ གེ་ལྔ་རྣམས་ལ་ཉི་མ་ལ་སོགས་པ་རྣམས་ལོ་དྲུག་ལ་སོགས་པ་རྣམས་ལ་དབྱངས་(རྣམས་)ཀྱིས་ ཡུད་ཙམ་དང་གསལ་བྱེད་(རྣམས་)ཀྱིས་དཀྱིལ་འཁོར་ལོངས་སྤྱོད་དེ་(ལོ་དྲུག་ལ་སོགས་པ་རེ་རེ་ཡང་ ཆ་ལྔ་)ལྔར་རྣམ་པར་ཕྱེ་བ་ལས་སོ། །ལོ་དྲུག་ལ་སོགས་པ་(རགས་པ་བརྒྱད་པོ་)རྣམས་ཀྱི་ནང་གི་ གནས་སྐབས་(ཕྲ་བ་)ལ་ཆ་བརྒྱད་ཀྱིས་(ཕྱེ་བ་སྤྱོད་པ་རྣམས་)སོ་ཞེས་པ་ནི་གནས་སྐབས་ཀྱི་འཁོར་ ལོའི་ངེས་པའོ། །གཟའི་ལོངས་སྤྱོད་(རགས་པའི་གནས་སྐབས་དང་ནང་གི་གནས་སྐབས་གཉིས་ཀའི་ཆ་བརྒྱད་པོ་)སོ་སོའི་དང་པོའི་ཆ་ལ་ཚེའི་གནས་སྐབས་ཀྱི་བདག་པོ་(གང་ཡིན་པ་)སྟེ་དེ་ནས་གཞན་བདུན་པོ་ གོ་རིམ་བཞིན་ནོ་ཞེས་པ་ནི་ཚེའི་གནས་སྐབས་ཀྱི་ངེས་པའོ། ༡༡༣ ། ༈ ད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པ་རྒྱལ་ཞེས་པ་ལ་སོགས་པ་སྟེ་རྒྱལ་ གྱི་ཟླ་བ་ཞེས་པ་རྒྱལ་(གྱིས་ཉ་བ་)འདས་ཤིང་(དེའི་ནག་ཕྱོགས་ལ་)མཆུ་འཇུག་པའི་ཉིན་ཞག་ལ་མ་ རིག་པའོ། །འདིར་ཆུ་སྲིན་ལ་སོགས་པའི་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པའོ། །དེ་ལ་ དང་པོའི་རྩིབས་ལ་ཆུ་སྲིན་ཏེ་དེར་ཉི་མ་སོན་པ་ལ(མ་རིག་པ་)འོ། །བུམ་པར་ཉི་མ་མཆུ་ལ་ཡང་ 2-1-344 (ཞེས་པ་)ཡང་ཡིག་གིས་མཆུ(ཡིས་ཉ་བ་)འི་མཐའ་འདི་ཉིད་དུ་(དེའི་ནག་པོའི་ཚེས་གཅིག་ལ་)དབོ་འཇུག་ པའི་ཉིན་ཞག་ལ་འདུ་བྱེད་དོ། །དེ་བཞིན་དུ་དབོའི་(ཡིས་ཉ་བ་)མཐའ་ནག་པ(འཇུག་པ་)འི་དང་ པོ་ཉའི་ཉིན་ཞག་ལ་རྣམ་པར་ཤེས་པའོ། །དེ་བཞིན་དུ་ནག་པ(ཡིས་ཉ་བ་)འི་མཐའ་ས་གའི་ དང་པོ་ལུག་གི་ཉིན་ཞག་ལ་མིང་དང་གཟུགས་སོ། །དེ་བཞིན་དུ་(ཕྱི་མ་རྣམས་ལ་ཡང་རིག་པར་བྱ་སྟེ་)ས་གའི་མཐའ་སྣྲོན་གྱི་དང་པོ་གླང་གི་ཉིན་ཞག་ལ་སྐྱེ་མཆེད་དྲུག་གོ། དེ་བཞིན་དུ་སྣྲོན་གྱི་ མཐའ་ཆུ་སྟོད་ཀྱི་དང་པོ་འཁྲིག་པའི་འཕོ་བའི་ཉིན་ཞག་ལ་རེག་པའོ། ༡༡༤ །དེ་བཞིན་དུ་ཆུ་ སྟོད་ཀྱི་མཐའ་གྲོ་བཞིན་གྱི་དང་པོ་ཀར་ཀ་ཊའི་འཕོ་བའི་ཉིན་ཞག་ལ་ཚོར་བའོ། །དེ་བཞིན་དུ་ གྲོ་བཞིན་གྱི་མཐའ་ཁྲུམས་ཀྱི་དང་པོ་སེང་གེའི་འཕོ་བའི་ཉིན་ཞག་ལ་སྲེད་པའོ། །དེ་བཞིན་དུ་ ཁྲུམས་ཀྱི་མཐའ་ཐ་སྐར་གྱི་དང་པོ་བུ་མོའི་འཕོ་བའི་ཉིན་ཞག་ལ་ལེན་པའོ། །དེ་བཞིན་དུ་ཐ་ སྐར་གྱི་མཐའ་སྨིན་དྲུག་གི་དང་པོ་སྲང་གི་འཕོ་བའི་ཉིན་ཞག་ལ་སྲིད་པའོ། །དེ་བཞིན་དུ་སྨིན་ དྲུག་གི་མཐའ་མགོའི་དང་པོ་སྡིག་པའི་འཕོ་བའི་ཉིན་ཞག་ལ་སྐྱེ་བའོ། །དེ་བཞིན་དུ་མགོའི་ མཐའ་རྒྱལ་གྱི་དང་པོ་གཞུའི་འཕོ་བའི་ཉིན་ཞག་ལ་རྒ་ཤི་སྟེ་རྩིབས་བཅུ་གཉིས་པོ་རྣམས་ལ་ རིམ་པ་བཞིན་ཡན་ལག་བཅུ་གཉིས་པོ་རྣམས་ཤེས་པར་བྱའོ། །ཉི་མའི་(ཁྱིམ་གྱི་)དབྱེ་བ་(བཅུ་ གཉིས་)དང་ཟླ་བའི་(ཚེས་ཀྱི་)དབྱེ་བ་(བཅོ་ལྔའམ་བཅུ་དྲུག་)ནི་རྒྱལ་གྱི་ཚེས་གཅིག་ལ་སོགས་པས་ ཐམས་ཅད་དུ་རབ་ཏུ་གྲགས་སོ། །(ཉི་ཟླ་)གཉི་གའི་བགྲོད་པའི་དབང་གིས་ཞེས་པ་ནི་(ཉི་མ་)འཕོ་བའི་བགྲོད་པའི་དབང་དང་ཟླ་བའི་ཕྱོགས(གཉིས་པོ་རེ་རེ་)ལ་ཚེས་(བཅོ་ལྔའམ་བཅུ་དྲུག་)ཀྱི་ བགྲོད་པའི་དབང་གིས་(རྟེན་འབྲེལ་རྣམས་འཆར་)ཏེ་ཡན་ལག་བཅུ་གཉིས་པོ་རྣམས་སོ། ༡༡༥ ། ༈ རྒྱལ་(གྱིས་ཉ་བ་འདས་པ་)དང་མཆུ(འཇུག་པ་)འི་མཚམས་སུ་ཆུ་སྲིན་དག་ལ་ཉི་མ་གནས་ པའི་གཟའ་(ནག་པོའི་ཚེས་གཅིག་)དེ་ལ་ནི་མ་རིག་པའོ། །ཉིན་ཞག་དེ་ནས་ཉིན་ཞག་གཉིས་པ་ ལ་རྒ་ཤི་དང་གཟའ་(ཞག་)གསུམ་པ་ལ་སྐྱེ་བ་དང༌། བཞི་པ་ལ་སྲིད་པ་དང༌། ལྔ་པ་ལ་ལེན་པ་ 2-1-345 དང༌། དྲུག་པ་ལ་སྲེད་པ་དང༌། བདུན་པ་ལ་ཚོར་བ་དང༌། བརྒྱད་པ་ལ་རེག་པ་དང༌། དགུ་པ་ ལ་སྐྱེ་མཆེད་དྲུག་དང༌། བཅུ་པ་ལ་མིང་དང་གཟུགས་དང༌། བཅུ་གཅིག་པ་ལ་རྣམ་པར་ཤེས་ པ་དང༌། བཅུ་གཉིས་པ་ལ་འདུ་བྱེད་དོ། །གཟའ་(ཞག་)གསུམ་པ་ལ་ཇི་ལྟ་བ་དེ་བཞིན་དུ་བཅུ་ གསུམ་པ་ལ་སྐྱེ་བ་དང༌། བཅུ་བཞི་པ་ལ་སྲིད་པ་དང༌། བཅོ་ལྔ་པ་ལ་ལེན་པའོ། །རེས་འགའ་ (ཁྱིམ་ཞག་པས་)གཟའ་(ཞག་གི་གྲངས་ལྷག་པར་འགྱུར་བ་དེའི་ཚེ་ཉིན་ཞག་)བཅུ་དྲུག་པ་ལ་ཡང་སྲེད་པ( སྟེ་ དྲུག་པ་ལ་ཇི་ལྟ་བ་བཞིན་དུ་)འོ། ༡༡༦ ། ཉི་མའི་བགྲོད་པའི་དབྱེ་བས་ཡན་ལག་རྣམས་(འཆར་)ཏེ་(ཁྱིམ་)འཕོ་བའི་ཕྱོགས་འགའ་ ཞིག་ལ་(ཁྱིམ་ཞག་བཅོ་ལྔ་ལས་ལྷག་པར་མི་འགྱུར་བར་ཡང་)གཟའ་(ཞག་)བཅུ་དྲུག་ཏུ་འགྱུར་རོ་ཞེས་པ་སྟེ་ (དེ་ལྟར་སྡུད་རིམ་དུ་འཆར་བ་ནི་ནང་དུ་)གཡས་ཀྱི་རྩ་ལ་ཆུ་སྲིན་གྱི་དུས་སྦྱོར་མཉམ་པའི་དབང་གིས་(ཕྱི་ རོལ་ཏུ་ནག་ཕྱོགས་འདི་ལ་རྟེན་འབྲེལ་བཅུ་གཉིས་སྡུད་རིམ་གཙོ་ཆེ་བའོ་)སོ། །དེ་བཞིན་དུ་མཆུ་(ཡི་ཉ་འདས་པ་)དང་ དབོ(འཇུག་པ་)འི་མཚམས་སུ་བུམ་པར་ཉི་མ་སོན་པའི་གཟའ་(ཞག་)དེ་ལ་འདི་བྱེད་དང་གཉིས་ པ་ལ་རྣམ་པར་ཤེས་པ་དང་གསུམ་པ་ལ་མིང་དང་གཟུགས་དང་བཞི་པ་ལ་སྐྱེ་མཆེད་དྲུག་ དང་ལྔ་པ་ལ་རེག་པ་དང་དྲུག་པ་ལ་ཚོར་བ་དང་བདུན་པ་ལ་སྲེད་པ་དང༌། བརྒྱད་པ་ལ་ལེན་ པ་དང༌། དགུ་པ་ལ་སྲིད་པ་དང༌། བཅུ་པ་ལ་སྐྱེ་བ་དང༌། བཅུ་གཅིག་པ་ལ་རྒ་ཤི་དང༌། བཅུ་ གཉིས་པ་ལ་མ་རིག་པ་སྟེ་(ནང་དུ་)གཡོན་གྱི་རྩ་ལ་བུམ་པའི་དུས་སྦྱོར་མི་མཉམ་པའི་དབང་ གིས་(འདི་ནི་ཕྱི་རོལ་ཏུ་ནག་ཕྱོགས་འདི་ལ་རྟེན་འབྲེལ་བཅུ་གཉིས་གཙོ་ཆེར་)སྤྲོ་བའི་རིམ་པས་སོ། །འདིར་ གསུམ་པ་ལ་ཇི་ལྟ་བ་དེ་བཞིན་དུ་བཅུ་གསུམ་པ་ལ་མིང་དང་གཟུགས་དང༌། བཅུ་བཞི་པ་ལ་ སྐྱེ་མཆེད་དྲུག་དང་བཅོ་ལྔ་པ་ལ་རེག་པའོ། །ཁ་ཅིག་ཏུ་བཅུ་དྲུག་པ་ལ་ཚོར་བའོ། །དེ་ལྟར་ (ནག་ཕྱོགས་ཕྱི་མ་)ཐམས་ཅད་དུ་(གཡས་)ཉི་མ་དང་(གཡོན་)ཟླ་བའི་རྒྱུ་བ་མཉམ་པ་དང་མི་མཉམ་ པའི་དབྱེ་བས་(བསྡུ་བ་དང་སྤྲོ་བའི་རིམ་པ་གཙོ་ཆེར་)ཤེས་པར་བྱ་སྟེ་ཕྱོགས་གཉི་གའི་འཕོ་བ་ལ་རེས་ 2-1-346 གཟའི་(ལོངས་སྤྱོད་ཉིན་ཞག་གི་)དབྱེ་བ(ཉིན་ཞག་རེ་རེ་ལ་རྟེན་འབྲེལ་རེ་རེ་འཆར་བ་)ས་སོ(འདིར་ཉི་མ་ཆུ་སྲིན་ལ་ གནས་ཞེས་པ་ལ་སོགས་པ་ནི་ཁྱིམ་དེ་དང་དེར་གནས་པ་ཡིན་གྱི་ཉི་མ་འཕོ་བའི་ཉིན་ཞག་ཏུ་ནི་རྟོགས་པར་མི་བྱའོ)། ༡༡༧ ། ༈ འདིར་མ་རིག་པ་ལ་སོགས་པ་ཡན་ལག་མི་མཉམ་པ་ནི་ཞི་བའི་བྱ་བ་ཀུན་ལ་དགེ་བ་ སྟེ་མ་རིག་པ་དང་རྣམ་པར་ཤེས་པ་དང་སྐྱེ་མཆེད་དྲུག་དང་ཚོར་བ་དང་ལེན་པ་དང་སྐྱེ་བ་ནི་ མི་མཉམ་པའི་ཡན་ལག་གོ། གང་ཞིག་འདུ་བྱེད་ལ་སོགས་པ་མཉམ་པ་ནི་ཞི་བའི་བྱ་བ་ལ་མི་ དགེ་བ་སྟེ་འདུ་བྱེད་དང་མིང་དང་གཟུགས་དང་རེག་པ་དང་སྲེད་པ་དང་སྲིད་པ་དང་རྒ་ཤི་ནི་ མཉམ་པ་སྟེ་མཉམ་པ་ནི་དྲག་པོའི་ལས་ལ་ཤིས་པར་འགྱུར་རོ། ། ༈ (དེ་ལྟར་ནག་ཕྱོགས་བཅུ་གཉིས་ལ་རྟེན་འབྲེལ་རྣམས་བསྡུ་བ་དང་སྤྲོ་བའི་རིམ་པས་སྤེལ་མར་འཆར་བ་)དེ་ བཞིན་དུ་(དཀར་ཕྱོགས་བཅུ་གཉིས་ལ་རྟེན་འབྲེལ་རྣམས་སྤྲོ་བ་དང་བསྡུ་བའི་རིམ་པས་སྤེལ་མར་འཆར་ཏེ་)རྒྱལ་གྱི་ ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་མ་རིག་པ་དང་གཉིས་པ་ལ་འདུ་བྱེད་དེ་སྤྲོ་བའི་ རིམ་པས་སོ། །ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་མ་རིག་པ་དང་གཉིས་པ་ལ་རྒ་ཤི་སྟེ་དེ་ ལྟར་ཉེ་བར་སྡུད་པའི་རིམ་པས་ཚེས་བཅུ་གཉིས་པོ་རྣམས་ལ་ཡན་ལག་བཅུ་གཉིས་སོ། །(དེ་ ལྟར་)རྒྱལ་གྱི་ཟླ་བ་ལ་དཀར་པོ་དང༌། ནག་པོའི་ཕྱོགས་ཀྱི་དབྱེ་བས་མ་རིག་པ་ལ་སོགས་པའི་ ཡན་ལག་རྣམས་(འཆར་བ་)ཇི་ལྟ་བ་དེ་བཞིན་དུ་མཆུ་ལ་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་དབྱེ་ བས་འདུ་བྱེད་ལ་སོགས་པ་རྣམས་(བསྡུ་བ་དང་སྤྲོ་བས་རྟོགས་པར་བྱ་སྟེ་འདིར་རྒྱུད་དུ་)སྤྲོ་བ་དང་བསྡུ་བའི་ དབྱེ་བས་(གསུངས་པ་ནི་སྡེབ་སྦྱོར་གྱི་ངོར་གོ་བཟློག་པར་)རྟོགས་པར་བྱའོ(གཞན་དུ་ན་ནག་ཕྱོགས་རྣམས་ལ་བསྡུ་བ་ དང་སྤྲོ་བ་སྤེལ་མ་དང་དཀར་ཕྱོགས་རྣམས་ལ་སྤྲོ་བ་དང་བསྡུ་བ་སྤེལ་མར་གསུངས་པ་དང་འགལ་བའི་ཕྱིར་རོ)། །དེ་བཞིན་ དུ་དབོ་ལ་སོགས་པ〔ཟླ་བ་ལྷག་མ་བཅུ〕འི་དཀར་པོ་དང་ནག་པོའི་ཕྱོགས་རྣམས་ལ་རྣམ་པར་ ཤེས་པ་ལ་སོགས་པ་སྟེ་ཡན་ལག་བཅུ་གཉིས་རྣམས་(སྤྲོ་བསྡུའི་རིམ་པ་)སོ་སོར་(སྤེལ་མར་)འགྱུར་ རོ། །འདིར་འཇིག་རྟེན་པའི་ཐ་སྙད་ཀྱིས་སྐར་རྩིས་ཤེས་པ་ལ་ཅི་ལྟ་བ་དེ་བཞིན་དུ་མངོན་ 2-1-347 པར་ཤེས་པ་དང་བྲལ་བ་རྣམས་ཀྱིས་ཤེས་པར་བྱའོ་ཞེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་ བའི་ངེས་པ་སྟེ་དེས་ན་རྒྱས་པར་མ་གསུངས་སོ། ༡༡༨ ། ༈ (བཅོ་བརྒྱད་པ་སྒྲ་གཅན་ལ་སོགས་པའི་སྟོབས་ཀྱིས་ངོ་བོ་ཉིད་ཀྱི་གནས་པ་)ད་ནི་སའི་སྟོབས་གསུངས་ པ་ཉི་མ་ཞེས་པ་ལ་སོགས་པ་སྟེ། འདིར་སའི་དཀྱིལ་འཁོར་ཕྱོགས་བརྒྱད་ཀྱི་བདག་ཉིད་དང་ ཁྱིམ་གྱི་འཁོར་ལོ་ལ་གཟའི་འཁོར་ལོ་འཁོར་བ་ཤེས་ནས་སའི་ཕྱོགས་བརྒྱད་པོ་དེ་དག་ལ་ གང་དུ་ཉི་མ་(དང་)མིག་དམར་(དང་)མཇུག་རིངས་(བསམ་པའི་དབྱེ་བས་དྲག་པོ་དང་)སྤེན་པ་ཐམས་ ཅད་(རང་གི་)གཡས་ཏེ་གཡས་སམ་རྒྱབ་ཏུ་ཡང་དག་གནས་པས་དགྲ་ནི་འཆི་བར་བྱེད་དེ་དགྲ་ རྣམས་ཀྱི་མདུན་དང་གཡོན་དུ་གནས་པས་(དགྲ་)འཆི་བར་བྱེད་དོ། །གཡོན་དང་མདུན་དུ་ཞི་ བའི་རང་བཞིན་གཟའ་ཚོགས་མཐའ་དག་གཡུལ་གྱི་སར་ནི་དེ་བཞིན་ཁོ་ནར་དགྲ་ནི་འཆི་ བར་བྱེད་དེ་ཟླ་བ་དང་གཟའ་ལག་དང་པ་སངས་དང་(བསམ་པའི་དབྱེ་བས་)བླ་མ་ནི་ཞི་བའི་རང་ བཞིན་གཟའ་ཚོགས་ཏེ་དགྲ་རྣམས་ཀྱི་གཡས་དང་རྒྱབ་ན་གནས་ན་དགྲ་ནི་འཆི་བར་བྱེད་ དོ། །ཞེས་པ་ངེས་པའོ། །དེ་བཞིན་དུ་འཆད་པར་འགྱུར་བའི་རྣལ་འབྱོར་མ་དང་བིཥྚི་(དང་)དྲག་པོ(རྣམས་)རླུང་དང་བཅས་པ་(རང་གི་)གཡས་དང་རྒྱབ་ཏུ་(གནས་པས་)བདེ་བ་སྦྱིན་པ་སྟེ་ དགྲ་རྣམས་ཀྱི་གཡོན་དང་མདུན་དུ་གནས་པས་འཆི་བར་བྱེད་པར་འགྱུར་རོ། །མཉམ་དང་ མི་མཉམ་གྱུར་པ་སྟེ་དྲག་པོ་ཕྱེད་དགྲ་རྣམས་ཀྱི་གཡས་དང་རྒྱབ་ཏུ་ཡིན་ལ་དྲག་པོ་ཕྱེད་ནི་ མ་ཡིན་ཞིང་ཞི་བ་ཕྱེད་གཡོན་དང་མདུན་དུ་ཡིན་ལ་ཞི་བ་ཕྱེད་ནི་མ་ཡིན་པ་དེའི་ཚེ་གཉི་གའི་ དཔུང་ནི་འཇོམས་པར་འགྱུར་དེ་གཉི་གའི་དཔུང་རྣམས་འཆི་བར་འགྱུར་རོ་ཞེས་པ་ནི་ངེས་ པའོ། ༡༡༩། ༈ ད་ནི་ཚངས་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཀྱི་སྟོབས་གསུངས་པ་ཚངས་མ་ ཞེས་པ་ལ་སོགས་པ་སྟེ་འདིར་དཀར་པོའི་ཕྱོགས་སམ་ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་ 2-1-348 བརྒྱ་བྱིན་དུ་ཚངས་མ་དང་གཉིས་པ་ལ་གནོད་སྦྱིན་དུ་དྲག་མོ་དང་གསུམ་པ་ལ་མེ་མཚམས་ སུ་གཞོན་ནུ་མ་དང་བཞི་པ་ལ་བདེན་བྲལ་(ལྷོ་ནུབ་)དུ་ཁྱབ་མཇུག་མ་དང་ལྔ་པ་ལ་གཤིན་རྗེར་ (ལྷོ་)ཕག་མོ་དང་དྲུག་པ་ལ་ཆུར་(ནུབ་ཏུ་)དབང་མོ་དང་བདུན་པ་ལ་རླུང་(ནུབ་བྱང་)དུ་ཙཱ་མུཎ་ཌཱ་ དང་བརྒྱད་པ་ལ་དབང་ལྡན་(བྱང་ཤར་)དུ་དཔལ་མོ་ཆེན་མོ་སྟེ་ནོར་གྱི་ཚེས་ལ་ཞེས་པ་བརྒྱད་ ཀྱི་ཚེས་ལའོ། །དང་པོ་ནི་ཚེས་གཅིག་ལ་སོགས་པ་ལའོ། །དགུ་པ་ལ་ཞེས་པ་ནི་སླར་ཡང་ དགུ་པ་ལ་བརྒྱ་བྱིན་དུ་ཚངས་མ་དང་བཅུ་པ་ལ་གནོད་སྦྱིན་དུ་དྲག་མོ་དང་བཅུ་གཅིག་པ་ལ་ མེར་གཞོན་ནུ་མ་དང་བཅུ་གཉིས་པ་ལ་བདེན་བྲལ་དུ་ཁྱབ་འཇུག་མ་དང་བཅུ་གསུམ་པ་ལ་ གཤིན་རྗེར་ཕག་མོ་དང་བཅུ་བཞི་པ་ལ་ཆུར་དབང་མོ་དང་བཅོ་ལྔ་པ་ལ་ཉའམ་གནམ་སྟོང་ གི་ཚེས་ཕྱེད་ལ་ཙཱ་མུཎ་ཌཱ་དང༌། ཚེས་ཕྱེད་ལ་དཔལ་མོ་ཆེན་མོའོ་ཞེས་པ་ནི་རིགས་པའོ། །དེ་ ལྟར་ཕྱོགས་བརྒྱད་པོ་འདི་དག་ཏུ་རྣལ་འབྱོར་མ་དེ་དག་འཆར་བར་བྱེད་དོ། །སླར་ཡང་ཚེས་ གཅིག་ལ་སོགས་པའི་ཚེས་རྣམས་(རེ་རེ་)ལ་(ལན་གཉིས་འཆར་ཏེ་ཚེས་སོ་སོའི་)ཕྱེད་སྔ་མ་བརྒྱད་དུ་ དབྱེ་ཞིང་ཕྱེད་ཕྱི་མ་བརྒྱད་དུ་དབྱེ་སྟེ་དེ་ལྟར་ན་ཚེས་དེ་དག་ཏུ་བརྒྱད་གཉིས་ཀྱི་དབྱེ་བ་རྣམས་ ལ་(སྔ་མ་བཞིན་རྣལ་འབྱོར་མ་བརྒྱད་ཕྱོགས་བརྒྱད་དུ་)འཆར་བར་ཤེས་པར་བྱའོ། །དེ་རྣམས་ཀྱི་རང་ རང་གི་ཚེས(ཕྱེད་སྔ་མ་)ལ་བརྒྱད་ཆ་དང་པོ་ལོངས་སྤྱོད་པ(འི་རྣལ་འབྱོར་མ་གང་ཡིན་པ་དེ་)ནི་ཚེས་ ཀྱི་བདག་མོ་(ཚངས་མ་ལ་སོགས་པ་)སྟེ་(དེའི་)ཕྱི་ནས་(སྔར་)ཇི་ལྟར་བརྗོད་པའི་རིམ་པས་བདུན་ པོ་ལོངས་སྤྱོད་པ་ནི། (ལྷག་མ་)བདུན་པོ་རྣམས་སོ། །ཞེས་པ་རིགས་པའོ། །དེ་བཞིན་དུ་ཚེས་ ཀྱི་ཕྱེད་ཕྱི་མ་ལ་ཡང་ཤེས་པར་བྱའོ་ཞེས་པ་ནི་རྣལ་འབྱོར་མའི་འཁོར་ལོ་འཆར་བའི་ངེས་ པའོ(རྣལ་འབྱོར་མ་འདི་རྣམས་གསུང་དཀྱིལ་གྱི་རྣལ་འབྱོར་མ་རྣམས་ནི་མ་ཡིན་ཏེ་དེ་རྣམས་ཡེ་ཤེས་ཀྱི་སྐུའི་ཡན་ལག་ཡིན་ལ་ འདི་རྣམས་ནི་འཇིག་རྟེན་པ་ཡིན་པའི་ཕྱིར་རོ)། ༡༢༠ ། ༈ ད་ནི་བིཥྚིའི་སྟོབས་གསུངས་པ་བིཥྚི་རྣམས་ནི་དཀར་པོའི་ཕྱོགས་ཀྱི་བཞི་པ་དང་ 2-1-349 བརྒྱད་པ་དང་བཅུ་གཅིག་པ་དང་ཉ་ལ་འཆར་ཏེ་རིམ་པ་བཞིན་དུ་བརྒྱ་བྱིན་དང་གཤིན་རྗེ་ དང་ནུབ་དང་བྱང་དུའོ། །ནག་པོའི་ཕྱོགས་ཀྱི་གསུམ་པ་དང་བདུན་པ་དང་བཅུ་པ་དང་བཅུ་ བཞི་པ་ལ་འཆར་ཏེ་རིམ་པ་བཞིན་དུ་མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་དུའོ་ཞེས་ པ་ནི་བིཥྚི་འཆར་བའི་ངེས་པ་སྟེ་(རྣལ་འབྱོར་མ་དང་བིཥྚི་)འདི་དག་གི་བྱ་བ་ནི་(གཡས་དང་རྒྱབ་ཏུ་གནས་ པས་བདེ་བ་ལ་སོགས་པ་)སྔར་ཉིད་དུ་གསུངས་སོ། ། ༈ (ཕྱོགས་མཚམས་བརྒྱད་པོ་ཤར་ནས་རླུང་གི་བར་བཞི་པོ་བྱང་གི་ཕྱོགས་དང་ནུབ་ནས་མེའི་བར་བཞི་པོ་ལྷོའི་ཕྱོགས་ སུ་བྱས་པ་ལ་)ད་ནི་དྲག་པོའི་སྟོབས་གསུངས་པ་དྲག་པོ་ཤར་ནས་ཏེ་ཤར་གྱི་ཕྱོགས་ནས་གཞན་ ཕྱེད་ཆུའི་པར་དུ་(བྱང་གི་ཕྱོགས་ལ་)འགྲོ་སྟེ་ཉིན་ཞག་དབང་གིས་ནི་(ཉི་མའི་ཁྱིམ་)འཕོ་བ་རྒྱུ་བའི་ དབང་གིས་སོ། །བྱང་དུ་ཞེས་པ་ནི་གཡོན་སྐོར་གྱིས་སོ། །བྱང་གི་ཉི་མ་ལ་ཞེས་པ་ནི་བྱང་ བགྲོད་ལ་གནས་པ་སྟེ་ཆུ་སྲིན་དང་བུམ་པའི་ཕྱེད་ལ་ཤར་དུའོ། །བུམ་པའི་ཕྱེད་དང་ཉ་ལ་ དབང་ལྡན་དུའོ། །ལུག་དང་གླང་གི་ཕྱེད་ལ་བྱང་དུའོ། །གླང་གི་ཕྱེད་དང་འཁྲིག་པ་ལ་རླུང་ དུའོ། །དེའི་འོག་ཏུ་ཆུ་ནས་མེ་ལྡན་ཞེས་པ་ནི་ཉི་མ་ལྷོར་(ཏེ་ལྷོའི་ཕྱོགས་ལ་)བགྲོད་པར་གནས་པ་ ལ་དྲག་པོ་ལྷོར་འགྲོ་སྟེ་ཀར་ཀ་ཊ་དང་སེང་གེའི་ཕྱེད་ལ་ཆུ་རུའོ། །སེང་གེའི་ཕྱེད་དང་བུ་མོ་ལ་ བདེན་བྲལ་དུའོ། །སྲང་དང་སྡིག་པའི་ཕྱེད་ལ་གཤིན་རྗེར་རོ། ། སྡིག་པའི་ཕྱེད་དང་གཞུ་ལ་མེ་རུའོ་ཞེས་པ་ནི་དྲག་པོ་འཆར་བའི་ངེས་པ(སྟེ་འབྲས་བུ་ནི་གཡས་ དང་རྒྱབ་ཏུ་བདེ་བ་སྦྱིན་ཞེས་སོགས་ཀྱིས་སྔར་བསྟན་པ་)འོ། །(གཡུལ་རྒྱལ་བ་འདོད་པ་ལྟར་)ཟླ་བའི་དྲག་པོ་དང་ ཕྱོགས་ཀྱི་དྲག་པོ་དང་ཉིན་ཞག་གི་དྲག་པོ་དང་དུས་ཀྱི་དྲག་པོ་ལ་སོགས་པ་རྣམ་པ་དྲུག་ནི་ དོན་མེད་པ་སྟེ་དེས་ན་མ་གསུངས་སོ། ༡༢༡ ། ༈ ད་ནི་ཐུན་ཕྱེད་པའི་སྒྲ་གཅན་གྱི་སྟོབས་གསུངས་ཏེ་འདིར་གཟའ་བདུན་པོ་རྣམས་ (རེས་གཟའ་)ལས་ཉི་མ་འཆར་བ་(སྟེ་ཡོད་པའི་ཉིན་ཞག་དེ་)ལ་(ཐུན་ཕྱེད་པའི་སྒྲ་གཅན་རྒྱུ་ཚུལ་སྔ་དྲོ་དང་པོ་)ཤར་ 2-1-350 ནས་(མགོ་རྩོམ་པ་ཡིན་)ཏེ་ཤར་གྱི་ཕྱོགས་ཀྱི་ཆ་ནས་ཐུན་ཕྱེད་ཀྱི་མཇུག་ཏུ་རླུང་དུ་རབ་ཏུ་འཇུག་ གོ། (དེའི་ཚེ་ཤར་ནས་རླུང་དུ་ལྟ་བ་རྒྱལ་ཞིང་དེ་ལས་བཟློག་པར་ལྟ་ན་ཕམ་སྟེ་དེ་བཞིན་དུ་གཞན་རྣམས་ལ་ཡང་ངོ་)དེ་ ནས་ཐུན་ཕྱེད་གཞན་གྱི་མཐར་ལྷོ་རུ་འགྲོ་བར་བྱེད་དོ། །སླར་ཡང་ཐུན་ཕྱེད་གཞན་གྱི་མཐར་ དབང་ལྡན་དུ་འགྲོའོ། །དེ་ནས་ཐུན་ཕྱེད་གཞན་གྱིས་མཐར་ཆུ་རུ་འགྲོའོ། །དེ་ནས་ཐུན་ཕྱེད་ གཞན་གྱི་མཐར་མེར་རོ། །དེ་ནས་ཐུན་ཕྱེད་གཞན་གྱི་གནོད་སྦྱིན་དུའོ། །དེ་ནས་ཐུན་ཕྱེད་ གཞན་གྱི་མཐར་བདེན་བྲལ་དུ་འཇུག་གོ་ཞེས་པ་ནི་ཕྱོགས་བརྒྱད་པོ་རྣམས་ལ་ཉི་མ་འཆར་ བ་ནས་ཉི་མ་ནུབ་པའི་པར་དུ་ངེས་པ་སྟེ་དེ་བཞིན་དུ་མཚན་མོ་ལ་ཤེས་པར་བྱའོ(རེས་གཟའ་ཟླ་ བ་ཡོད་པའི་ཉིན་ཞག་ལ་སྔ་དྲོ་བྱང་ནས་མགོ་རྩོམ་ཞིང་མིག་དམར་ལ་མེ་མཚམས་དང་གཟའ་ལག་ལ་བདེན་བྲལ་དང་ཕུར་བུ་ ལ་ལྷོ་དང་པ་སངས་ལ་ནུབ་དང་སྤེན་པ་ལ་རླུང་མཚམས་ནས་བརྩམས་ཏེ་ཟླ་སྟོད་ལ་ཉིན་མོ་གཡས་སྐོར་དང་མཚན་མོ་གཡོན་ སྐོར་དུ་རྒྱུ་ཞིང་ཟླ་སྨད་དེ་ལས་བཟློག་པར་རྒྱུའོ། །ཞེས་གཡུལ་རྒྱལ་བ་འདོད་དོ། །རྒྱུད་འགྲེལ་ཉིད་ཀྱི་དགོངས་པ་ནི་མགོ་རྩོམ་ ཚུལ་གཡུལ་རྒྱལ་བའི་འདོད་ཚུལ་དང་འདྲ་བ་ལ་རྒྱུ་ཚུལ་རེས་གཟའ་ཉི་མ་ཡོད་པའི་ཉིན་ཞག་ལ་གསུངས་པ་བཞིན་ཉིན་ཞག་ ཐམས་ཅད་ལ་རྒྱུ་བ་ཡིན་པར་གསལ་ལོ)། །དཔལ་ལྡན་རྩ་བའི་སྒྲ་གཅན་དོར་ནས་རླུང་དག་(སྟེ་ཐུན་ཕྱེད་ པའི་སྒྲ་གཅན་གྱི་གདོང་དང་བསྟུན་པ་)ལས་ཀྱང་(གཡུལ་དུ་འཇུག་པ་པོ་)འདི་ནི་རྣམ་པར་རྒྱལ་པར་འགྱུར་ཏེ་ (འོན་ཀྱང་)འགྲན་པའི་འཐབ་མོ་ནི་འཐབ་མོ་པ་གཉིས་ཀྱི་འཐབ་མོ་དང་འཁྲུག་པ་དག་ལ་ཡང་ རྩ་བའི་སྒྲ་གཅན་གྱིས་ནི་དགྲ་ཡི་སྟོབས་འཇོམས་ཏེ་ཟླ་བ་ལ་སོགས་པ་རྣམས་ཀྱི་ནང་ན་སྒྲ་ གཅན་དེ་དང་མཚུངས་པའི་སྒྲ་གཅན་གཞན་ཡོད་པ་མ་ཡིན་ནོ་ཞེས་པ་ནི་ངེས་པའོ། ༡༢༢ ། ༈ ད་ནི་འགྲན་པའི་འཐབ་མོ་ལ་འཐབ་མོ་པའི་སྟོབས་གསུངས་པ་དབྱངས་དམན་ འཐབ་མོ་པ་ནི་མཉམ་པའི་གཡུལ་(ཏེ་དཔའ་བོ་གཉིས་)འགྲན་པའི་འཐབ་མོ་དང་མི་མཉམ་པའི་ གཡུལ་(ནི་དཔུང་ཚོགས་མང་པོ་གྲངས་མི་མཉམ་པ་འཁྲུག་པ་སྟེ་དེ་)གཉི་གའི་དཔུང་གི་འཁྲུག་པ་ལ་སྟེ་ མཉམ་དང་མི་མཉམ་གཡུལ་ལ་ལྷག་པ་དག་གིས་ཞེས་པ་དབྱངས་ཀྱི་ཡི་གེ་ལྷག་པའི་མིང་ 2-1-351 གིས་(དམན་པ་)འཇོམས་པར་བྱེད་པ་སྟེ་དབྱངས་ཐུང་ངུ་ནི་དབྱངས་རིང་པོས་འཇོམས་པར་ བྱེད་དོ། །དབྱངས་རིང་པོ་ནི་དབྱངས་ཤིན་ཏུ་རིང་པོས་འཇོམས་པར་བྱེད་དོ། །སླར་ཡང་ མཚན་མ་གཞན་ནི་(ལུང་སྟོན་པ་པོའི་)དབུགས་(བརྟག་པ་ནི་འཐབ་མོ་པ་)ལ་གཉིས་ཀྱི་མིང་ གང་(ལུང་སྟོན་པ་པོའི་དབུགས་)སྙིང་ལ་(སྟེ་ནང་དུ་)རབ་ཏུ་འཇུག་(པ་)ན་(སྨོས་པའི་མིང་ཅན་)དེ་ནི་འཁྲུག་ པ་དག་ལ་རྒྱལ་བར་འགྱུར་ཞིང་གང་གི་མིང་དབུགས་ཕྱིར་འཐོན་པ་ལ་ཡིན་པ་དེ་ནི་འཆི་ བར་འགྱུར་རོ(རྒྱུ་མཚན་ནི་དབུགས་ནང་དུ་འཇུག་པ་བསྐྱེད་རིམ་དང་ཕྱིར་འབྱུང་བ་སྡུད་རིམ་ཡིན་པས་སོ)། །སྦྱོར་ བ་གཞན་ནི་ཕོ་ཉས་བརྗོད་པ་དང་པོའི་མིང་དེ་རྣམ་པར་རྒྱལ་བར་འགྱུར་ཏེ་ཕྱིས་ཀྱི་མིང་ནི་ ཕམ་པར་འགྱུར་ཞེས་པ་ནི་ངེས་པའོ། །འདུ་བ་ཞེས་པ་ནི་རྒྱལ་མཚན་དང་དུ་བ་དང་སེང་གེ་ དང་ཁྱི་དང་གླང་དང་བོང་བུ་དང་གླང་བོ་དང་བྱ་རོག་ཅེས་པའི་འདུ་བ་རྣམས་སོ(ཞེས་པའི་དོན་ནི་ ཞིང་དུ་རེ་ཁཱ་བཅུ་གཉིས་དང་ཆུར་དྲུག་པའི་རི་མོ་བྲིས་ཏེ་སྟེང་མ་ལ་གྲངས་ཡིག་བཅུ་བཞི་དང་ཉེར་བདུན་དང་གཉིས་དང་བཅུ་ གཉིས་དང་བཅོ་ལྔ་དང་དྲུག་དང་བཞི་དང་གསུམ་དང་བཅུ་བདུན་དང་བརྒྱད་དང་དགུ་རིམ་པ་བཞིན་བྲི། དེའི་འོག་ཏུ་རྀ་རཱྀ་ལྀ་ ལཱྀ་ཨ་ཀྵ་རྣམས་བོར་ཏེ་ཨ་ལི་ཀ་ལི་ལྷག་མ་རྣམས་རིམ་པ་བཞིན་བྲི། དེ་ནས་མིང་གི་ཡི་གེའི་དབྱངས་གསལ་བྱེད་ཀྱི་གྲངས་ཅི་ སྙེད་པ་སྟེང་གི་གྲངས་ཡི་གེས་བསྒྱུར་བ་ལ་བརྒྱད་ཀྱིས་བགོས་པའི་ལྷག་མ་རྒྱལ་མཚན་ལ་སོགས་པ་སྟེ། ལྷ༷ག་མ་མེད་ན་བྱ་རོག་ ཡིན་ཅིང་དེའི་སྟོབས་གང་ཆེ་བ་དེ་རྒྱལ་ལ་ཆུང་བ་དེ་ཕམ་མོ། །སྟོབས་ནི་བྱ་རོག ཁྱི། བོང་བུ། གླང༌། གླང་པོ་ཆེ། སེང་གེ། རྒྱལ་ མཚན། དུ་བ་རྣམས་སྔ་མ་སྔ་མའི་སྟོབས་ཉིས་འགྱུར་ཕྱི་མ་ཕྱི་མ་ལ་ཡོད་དོ་ཞེས་མུ་སྟེགས་འདོད་པ་ལྟར་རོ)། །(གཟའ་རྣམས་ ཀྱི་)ཁ་དོག་ནི་(གཟའ་ལག་)ལྗང་ཁུ་དང་(ཟླ་བ་)དཀར་པོ་དང་(ཉི་མ་)དམར་པོ་དང་(སྤེན་པ་)ནག་ པོ་སྟེ་(ཕུར་བུ་པ་སངས་)དེ་བཞིན་དུ་བྲམ་ཟེ་(ཉི་མ་མིག་དམར་)དང་རྒྱལ་རིགས་དང་(ཟླ་བ་)རྗེ་རིགས་ དང་(གཟའ་ལག་)དམངས་རིགས་(སྒྲ་གཅན་གདོལ་བའི་རིགས་)སོ། །(ཞེས་པ་དང་)དབྱངས་ལ་སོགས་ པ་ནི། (རང་དང་དགྲའི་མིང་གི་)ཡི་གེའི་ཚོགས་(གསལ་བྱེད་)ཉིས་འགྱུར་དང་དབྱངས་ཀྱི་ཚོགས་བཞི་ འགྱུར་བདུན་གྱི་ཆའི་ལྷག་མ་ནི་འབྲས་བུུ་སྟེ་(མཉམ་ན་འདུམ་པར་འགྱུར་ཞིང་མི་མཉམ་ན་སྟོབས་བརྟགས་ཏེ་ 2-1-352 སྟོབས་དང་ལྡན་པ་རྒྱལ་ལོ་)དབྱངས་ལ་སོགས་པ་འདི་དག་དང་དབང་ཕྱུག་གིས་སྤྲོས་པས་བརྗོད་པ་ གཞན་(རང་དང་དགྲའི་མིང་གཅིག་གིས་གཅིག་ལ་སྦྱངས་པས་ལྷག་མ་ཡོད་པ་རྒྱལ་ཞིང་མེད་པ་ཕམ་པ་དང་གཉིས་ཀ་མཉམ་ ན་འདུམ་པ་དང་མིང་གི་དབྱངས་གསལ་བྱེད་ལེགས་པར་བགྲངས་པས་)མཉམ་པ་(བྱུང་ན་ཕམ་པ་)དང་མི་མཉམ་ པར་གྱུར་པ། (བྱུང་ན་རྒྱལ་ལོ་ཞེས་པ་ལ་སོགས་པ་)རྣམས་ཀྱིས་ཀྱང་འབྲས་མེད་སྟོན་པ་ཉིད་དེ་གང་གི་ ཕྱིར་མངོན་པར་ཤེས་པ་ལྔ་མེད་པའི་ཕྱིར་རོ། །འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ཀྱིས་བྱིས་ པ་རྣམས་ཀུན་ཏུ་རྨོངས་པ་སྐྱེད་པར་བྱེད་པའི་ཚིག་རང་གི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་ པ་དང་བྲལ་བ་ནི་གཟའ་ལ་སོགས་པའི་འབྲས་བུའི་ཟོལ་གྱིས་དྲང་སྲོང་རྣམས་ཀྱིས་བརྫུན་ གྱི་བཀོད་པ་བྱས་པའོ། །དབང་ཕྱུག་གི་ཆོས་ལ་གནས་པ་རྣམས་ཀྱིས་དབྱངས་འཆར་བའི་ བཀོད་པ་བྱས་ཏེ། དབང་ཕྱུག་གིས་གསུངས་སོ་ཞེས་པའི་བརྫུན་གྱི་ཚིག་གིས་འཇིག་རྟེན་པ་ རྣམས་རབ་ཏུ་བསླུ་བར་བྱེད་དོ། །སྤྲོས་པ་འདི་ནི་(གཟའ་སྐར་གྱིས་དོན་བྱེད་པར་སྣང་བ་ལྷའི་བུའི་བདུད་ཡིན་ པ་ལ་སོགས་པ་)རྒྱ་ཆེར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱ་སྟེ་འདིར་ནི་ ཆོག་གོ༡༢༣ ། ༈ ད་ནི་རྩ་བའི་སྒྲ་གཅན་གྱི་སྟོབས་གསུངས་པ་དུས་ཞེས་པ་ལ་སོགས་པ་སྟེ། ༡༢༤ འདིར་ས་ལ་རྒྱུ་སྐར་བྱས་ནས་ཞེས་པ་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་ཏེ་རྒྱུ་སྐར་གང་ལ་ ཉི་མ་ཡོད་པའི་རྒྱུ་སྐར་དེ(སྔ་དྲོ་དང་པོ་ལྟ་བུ་ལ)། ཤར་གྱི་སྐར་མ་བདུན་པོ་རྣམས་ཀྱི་དབུས་སུ་ ཡིན་ཞིང་(དེའི་)གཡས་དང་གཡས་མིན་དུ་རྒྱུ་སྐར་གསུམ་གསུམ་སྟེ་ཐུབ་པ་ཞེས་པ་བདུན་ནི་ ཤར་དུའོ། །དུས་ཀྱིས་བསྒྱུར་བ་ནི་ཤར་དུ་ཇི་ལྟ་བ་དེ་བཞིན་དུ་བྱང་དང་ནུབ་དང་གཤིན་རྗེར་ རོ། །(ཁྱིམ་གྱི་)འཁོར་ལོ་འཁོར་བར་བྱེད་པ་ནི་གཡས་སྐོར་གྱིས་རྒྱུ་སྐར་དགོད་པ་ནི་གཡོན་ སྐོར་གྱིས་སོ། །ཉིན་མཚན་གྱིས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་སོ་སོར་འཆར་བ་ལ་(སྒྲ་ གཅན་)ལོངས་སྤྱོད་དོ། །འདིར་(ཁྱིམ་)འཁོར་བའི་དབང་གིས་རྒྱུ་སྐར་གང་ལ་དུས་ཏེ་སྒྲ་གཅན་ 2-1-353 གྱི་མཇུག་མར་གྱུར་པ་དང་མུན་ཅན་དུ་ཡང་རབ་གྱུར་ཞེས་པ་སྟེ། འཐབ་མོའི་ས་ལ་(འོག་ནས་ འཆད་པ་ལྟར་གདོང་མཇུག་གི་བར་གྱི་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ཆ་གསུམ་དུ་བྱས་པ་ལ་)མི་བདག་རྣམས་ཀྱི་གཡས་ སུ་(སུམ་ཆ་གཅིག་ལ་གནས་པའི་)དུས་(མེ་)དང་གལ་ཏེ་གཡས་མིན་དུ་〔སུམ་ཆ་གཅིག་ལ་གནས་པའི་〕མིན་ཅན་སྒྲ་གཅན་གྱི་གདོང་དུ་གྱུར་པ་ན་དེའི་ཚེ་གཡུལ་དུ་ལྷ་ཡི་མགོན་པོ་དག་ནི་འཕྲོག་ བྱེད་དྲག་པོ་དང་བཅས་མི་རྣམས་ཀྱིས་ཀྱང་འཇོམས་པར་འགྱུར་རོ། །(སྒྲ་གཅན་གྱི་)ལྟ་བ་(དགྲ་བོ་ ལ་)ལྷུང་བ(སྟེ་ཕྱོགས་པ་)ས་གདོང་དང་མཇུག་མའི་སྒྲ་གཅན་གཉིས་པོ་དེ་དག་ལ་(དགྲའི་གདོང་ལྟས་ པ་)ཡང་གཡུལ་དུ་དགྲ་ཡི་སྡེ་རྣམས་དག་ནི་འཕྲལ་དུ་ངེས་པར་ལྟུང་སྟེ་(ཕམ་པར་འགྱུར་ལ་རང་ཉིད་ ཀྱི་སྟེ་སྒྲ་གཅན་གྱི་)ལྟོ་ཡི་དབུས་སུ་(གནས་ནས་སྒྲ་གཅན་གྱི་གདོང་དང་ལྟ་ལུགས་མཐུན་པས་)རྒྱལ་བར་འགྱུར་ རོ། །འདིར་གལ་ཏེ་ཤར་དུ་གདོང་པ་དང་ནུབ་ཏུ་མཇུག་མ་ཡོད་ན་དེའི་ཚེ་ལྷོར་ལྟ་བ་དང་བྱང་ དུ་ལྟོ་བའོ། །གང་གི་ཚེ་མེ་ལ་གདོང་བ་ཡོད་ན་དེའི་ཚེ་རླུང་དུ་མཇུག་མ་དང་བདེན་བྲལ་དུ་ ལྟ་བ་དང་དབང་ལྡན་དུ་ལྟོ་བའོ། །གང་གི་ཚེ་ལྷོར་གདོང་པ་ཡོད་པ་དེའི་ཚེ་བྱང་དུ་མཇུག་མ་ དང་ཆུར་ལྟ་བ་དང་ཤར་དུ་ལྟོ་བའོ། །གང་གི་ཚེ་བདེན་བྲལ་དུ་གདོང་པ་ཡོད་པ་དེའི་ཚེ་དབང་ ལྡན་དུ་མཇུག་མ་དང་རླུང་དུ་ལྟ་བ་དང་མེར་ལྟོ་བའོ། །གང་གི་ཚེ་ཆུར་གདོང་པ་ཡོད་པ་དེའི་ ཚེ་ཤར་དུ་མཇུག་མ་དང་བྱང་དུ་ལྟ་བ་དང་ལྷོར་ལྟོ་བའོ། །གང་གི་ཚེ་རླུང་དུ་གདོང་པ་ཡོད་པ་ དེའི་ཚེ་མེར་མཇུག་མ་དང་དབང་ལྡན་དུ་ལྟ་བ་དང་བདེན་བྲལ་ཏུ་ལྟོ་བའོ། །གང་གི་ཚེ་བྱང་ དུ་གདོང་པ་ཡོད་པ་དེའི་ཚེ་ལྷོར་མཇུག་མ་དང་ཤར་དུ་ལྟ་བ་དང་ནུབ་ཏུ་ལྟོ་བའོ། །གང་གི་ཚེ་ དབང་ལྡན་དུ་གདོང་པ་ཡོད་པ་དེའི་ཚེ་བདེན་བྲལ་དུ་མཇུག་མ་དང་མེར་ལྟ་བ་དང་རླུང་དུ་ལྟོ་ བའོ། ༡༢༥ ། དེ་ལྟར་(འཁོར་བ་ལས་)སྒྲ་གཅན་དུས་ལ་གནས་པ་རྣམས་ཏེ་(དཔུང་གིས་སྡེ་གཅིག་)གདོང་ (གི་ས་ཆ་)ལ་གནས་པ་དང་(དཔུང་གིས་སྡེ་གཅིག་)མཇུག་མ(འི་ས་ཆ་)ལ་གནས་པ་རྣམས་ནི་(དཔུང་ 2-1-354 གིས་སྡེ་གཉིས་པ་)འཆི་བར་འགྱུར་རོ། །(སྡེ་གཉིས་ཀ་)དཔུང་རྣམས་མཉམ་དུ་ལྟུང་བ(སྟེ་འཆི་བ་)ར་ འགྱུར་བ་ནི་(གདོང་མཇུག་གཉིས་ཀའི་)ལྟ་བའི་ཆ་ལ་གནས་པ་རྣམས་ཏེ་འདིར་ལྟ་བའི་ཆ་ནི་ལྟ་བ་ ལ་གནས་པའི་རྒྱུ་སྐར་བཅུ་གཉིས་རྣམས་ཀྱི་(ཆ་གསུམ་དུ་ཕྱེ་བའི་)གཡས་དང་གཡོན་ནས་གསུམ་ པའི་ཆ་རྒྱུ་སྐར་བཞི་ནི་སྒྲ་གཅན་གྱི་〔ས་〕ཡིན་ལ་བཞི་ནི་དུས་ཀྱི་〔ས་〕སྟེ། བྲང་འགྲོ་(རྒྱུ་སྐར་གྱི་ འཁོར་ལོ་བསྐོར་བ་བཞིན་)འགྲོ་བའི་དབང་གིས་(ཏེ་གཅིག་གདོང་གི་ལྟ་བའི་ཆ་དང་གཅིག་མཇུག་མའི་ལྟ་བའི་ཆ་ལ་ གནས་པའི་སྐབས་)དེར་ནི་(དཔུང་གཉིས་ཀའི་)སྡེ་རྣམས་བཅོམ་པར་འགྱུར་རོ། །ལྟ་བའི་ཆ་ནི་སྤངས་ པ་རྣམས་ལྟོ་ལ་གནས་པའི་རྒྱུ་སྐར་བཅུ་གཉིས་རྣམས་ཀྱི་གསུམ་པའི་ཆ་(དབུས་མིའི་རྒྱུ་སྐར་བཞི་) ནི་ལྟོར་ཞུགས་པ་སྟེ་རྒྱུ་སྐར་བཞི་གཡས་དང་བཞི་གཡས་མིན་དུའོ(འདིར་ལྟ་བའི་ཕྱོགས་ལ་རྒྱུ་སྐར་ བཅུ་བཞི་དང་ལྟོ་བའི་ཕྱོགས་ལ་རྒྱུ་སྐར་བཅུ་བཞི་ཡོད་ཀྱང་རྒྱུ་སྐར་བཅུ་གཉིས་པ་གཉིས་སུ་བྱས་པ་ནི་ཕྱོགས་གཉིས་ཀ་ལ་སུམ་ ཆ་གསུམ་དུ་འགོད་པ་ལ་ཆ་རེ་ལ་རྒྱུ་སྐར་བཞི་བཞི་འགོད་བདེ་པའི་དོན་དུ་སྟེ་དོན་ལ་ཆ་རེ་ལ་རྒྱུ་སྐར་བཞི་ལྷག་ཙམ་རེ་ཡོད་དོ)། ། (དཔུང་གི་སྡེ་གཉིས་ཀ་འཆི་བའི་{ཐབས་{སྐབས}་)འདིར་ལྟ་བའི་ཆ་(གསུམ་གྱི་གཡས་གཡོན་གྱི་ཆ་གང་ཡང་རུང་ བ་)ལ་གནས་པ་རྣམས་ལྟོ་བའི་ཆར་〔གསུམ་གྱི་གཡས་གཡོན་གྱི་ཆ་གང་ཡང་རུང་བ་〕ཞུགས་ པ་རྣམས་ལ་མངོན་པར་ཕྱོགས་པར་འགྱུར་ཏེ་དེ་རྣམས་དང་ལྷན་ཅིག་འཐབ་པོ། །དེ་ལྟར་ དཔལ་ལྡན་རྩ་བའི་སྒྲ་གཅན་བླ་མའི་གསུང་ལ་གནས་པ་དུས་ཀྱི་འཁོར་ལོར་ཤེས་པར་བྱ་སྟེ་ བླ་མའི་གསུང་ནི་སངས་རྒྱས་ཀྱི་གསུང་ངོ༌། །རྒྱུ་དེའི་ཕྱིར་དཔལ་ལྡན་རྩ་བའི་སྒྲ་གཅན་སྲིད་ གསུམ་རྣམ་རྒྱལ་འཁྱོག་པོ་ཞེས་པ་ནི་གཟའ་དྲག་པོ་(ལྟོས་འགྲོ་ཟླུམ་པོའི་ཕྱེད་པའི་རྣམ་པ་)སྟེ། ལྷ་མིན་ ནི་རྣལ་འབྱོར་མ་དྲུག་ཅུའོ། །འཁྱོག་པོ་དྲག་པོ་ནི་ལྷ་མིན་དེ་དག་གི་ནང་ན་རྣམ་པར་རྒྱལ་ བའོ། །གཡུལ་གྱི་དུས་སུ་(སྟེང་གི་ནམ་མཁའ་ལ་སྒྲ་གཅན་ཞག་རེ་ལ་ཕྱོགས་བརྒྱད་དུ་འཁོར་བ་ལྟར་)སའི་དཀྱིལ་ འཁོར་ལ་(ཕྱོགས་བརྒྱད་དུ་)གནས་(ཚུལ་)ཤེས་པར་བྱ་སྟེ་གཞན་དུ་དགྲ་ནི་ཉམས་པ་མེད་དོ། །དེ་ ལྟར་བརྗོད་པའི་རིམ་པས་སྒྲ་གཅན་ཤེས་པར་བྱའོ་ཞེས་པ་ནི་ངེས་པའོ། ༡༢༦ ། 2-1-355 ༈ འདིར་རྣལ་འབྱོར་མ་ལ་སོགས་པའི་སྟོབས་ཐམས་ཅད་སྤངས་ནས་རྒྱལ་རིགས་ རྣམས་ཀྱིས་སྒྲ་གཅན་འདི་གཅིག་པུ་གཟུང་བར་བྱ་སྟེ་གང་གིས་ཉི་མ་ཟླ་བ་ཟ་ཞིང་སྐབས་ གསུམ་པ་(ལྷ་)རྣམས་འཇིགས་པར་བྱེད་ལ་དྲག་པོའི་གཟུགས་ཅན་མིག་སྨན་གྱི་མདོག་སྟེ་ ས(འི་སྟེང་གི་ནམ་མཁའ་)ལ་གང་ཞིག་ཉིན་མཚན་གྱིས་ཤར་དང་ནུབ་དང་ལྷོ་དང་བྱང་གི་ཕྱོགས་ ཀྱི་ཆ་སྟེ་ཕྱོགས་བརྒྱད་པོ་རྣམས་སུ་འཁོར་བ་དེ་ཉིད་གཟུང་བར་བྱའོ་ཞེས་པ་ནི་གཡུལ་གྱི་ སྟོབས་ལ་ངེས་པའོ(སྤྱིར་རྩིས་ཀྱི་བསྟན་བཅོས་ལ་ཀླུ་སྒྲུབ་ཀྱིས་མཛད་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་གཙུག་ལག་ གི་དེ་ཁོ་ན་ཉིད་དང༌། ཤཱ་རིའི་བུས་མཛད་པའི་རྩིས་མཚན་མ་བརྒྱད་པ་དང༌། ཞི་བ་ལྷས་མཛད་པའི་རྩིས་ཀྱི་བསྟན་བཅོས་མི་འདྲ་ བ་གཉིས་དང༌། པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པའི་དུས་འཁོར་ཀྱི་རྩིས་གཞི་ཉི་ཟླ་འཛིན་པའི་མན་ངག་གཟའ་ལྔ་སོ་སོའི་རྐྱང་རྩིས་ རྣམས་དང༌། དབང་ཕྱུག་ཆེན་པོས་མཛད་པའི་གཡུལ་རྒྱལ་གྱི་རྩིས་རྒྱུད་དང༌། རྩིས་ཀྱི་རྟེན་འབྲེལ་རྟགས་བརྒྱད་པ་ལ་སོགས་པ་ དང་གཞན་ཡང་གཟའ་དང་སྐར་མ་སྦྱོར་བའི་བྲིས་རྩིས་དང༌། གཟའ་སྐར་གྱི་རྩིས་འབྲས་ཆེན་མོ་ལ་སོགས་པ་འཕགས་པའི་ཡུལ་ ནས་བྱུང་བ་རྣམས་དང༌། གངས་ཅན་དུའང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་གཟའ་རྣམས་གསལ་བའི་སྒྲོན་མེ་དང༌། སྒྲ་ཚད་པ་རིན་རྒྱལ་གྱིས་མཛད་པའི་རྩིས་ཀྱི་བསྟན་བཅོས་འདོད་འཇོ་རྩ་འགྲེལ་དང༌། བུ་སྟོན་གྱིས་མཛད་པའི་མཁས་པ་དགའ་ བྱེད་ལ་སོགས་པ་དང༌། མཁས་པའི་མཛད་པའི་རྩིས་ཀྱི་བསྟན་བཅོས་གཞན་རྣམས་ལ་ཡང་བྱ་ཞིང་འདྲེས་པར་བྱའོ)། ༡༢༧ ། ༈ (བཅུ་དགུ་པ་རྫོང་གཞོམ་པ་དང་བསྲུང་བའི་འཁྲུལ་འཁོར་གྱི་ངོ་བོ་ཉིད་ཀྱི་གནས་པ་)ད་ནི་གདུག་པའི་ དགྲའི་རྫོང་གཞོམ་པའི་དོན་དུ་འཁྲུལ་འཁོར་རྣམས་གསུངས་པ་གཡུལ་དུ་ཞེས་པ་ལ་སོགས་ པ་སྟེ་གཡུལ་དུ་ཕམ་པའི་དགྲ་བོ་དག་ནི་གལ་ཏེ་འཕྲལ་ལ་མཁར་གྱི་ནང་དུ་ཞུགས་པར་གྱུར་ ན་དེའི་ཚེ་ཕྱི་རོལ་ཏུ་འཁྲུལ་འཁོར་བྱ་སྟེ་འཁྲུལ་འཁོར་དེ་དག་གིས་འཕངས་པ་རྒྱུན་ཆད་མེད་ པར་ལྟུང་བའི་རྡོ་དང་མེ་མདའ་རབ་ཏུ་འབབ་པ་དང༌། རལ་གྲི་ལ་སོགས་གཅོད་པའི་འཁྲུལ་ འཁོར་དག་གིས་རང་གི་ཁྱིམ་བསྲུང་པར་བྱས་ནས་ས་གཞིའི་གནས་ལ་རྡོ་རྗེའི་གུར་དང་ཅོག་ ནི་དབྱེ་བ་དག་གིས་ཀྱང་དེ་ཡི་རྫོང་ནི་ཕྱེ་མར་བྱས་ཏེ་ཉིན་ཞག་ཉུང་ཟད་དག་གིས་གདུག་པ་ 2-1-356 དེ་ནི་བསྒྲུབ་པར་བྱ་ཞེས་པ་ནི་རིགས་པའོ། ༡༢༨ ། ༈ འདིར་ཐང་གི་ར་བའི་རྫོང་ལ་རྡོའི་འཁྲུལ་འཁོར་གྱི་མཚན་ཉིད་གསུངས་པ་ཀ་བ་བཞི་ ཞེས་པ་ལ་སོགས་པ་སྟེ། ཀ་བ་བཞི་ནི་བརྒྱད་གཉིས་ཁྲུ་ལྡན་ཞེས་པ་ཁྲུ་བཅུ་དྲུག་པ་གྲུ་བཞི་ པ་ཞེང་དུ་སོར་བཅུ་དྲུག་པ་སྟེ་འཁྲུལ་འཁོར་རབ་ཀྱིའོ། །འབྲིང་གི་ཀ་བ་ནི་ཁྲུ་བཅུ་བཞི་པ་ སྟེ་ཞེང་དུ་སོར་བཅུ་བཞི་པའོ། །ཐ་མའི་ཀ་བ་ནི་ཁྲུ་བཅུ་གཉིས་པ་སྟེ་ཞིང་དུ་སོར་བཅུ་གཉིས་ པའོ། །(ཀ་བ་གྲུ་བཞི་པ་)དེ་དག་ཀྱང་གནས་བརྒྱད་དུ་(གདང་བུ་འཇུག་པའི་བུག་པ་)ཕུག་པར་གྱུར་པ་ སྟེ་མཉམ་དང་མི་མཉམ་གནས་ནས་སོ། །མཉམ་པ་ནི་ཤར་དང་ནུབ་ཀྱི་མཐའ་སྟེ་མི་མཉམ་ པ་ནི་ལྷོ་དང་བྱང་གི་མཐའོ། །གནས་བརྒྱད་པོ་དེ་དག་ཏུ་ཕུག་པར་གྱུར་པ་སྟེ་བུག་པའི་ཚད་ ནི་(ཀ་བའི་ཞེང་གི་)གསུམ་གྱི་ཆའོ། །དེ་དག་ཐ་དད་པ་རྣམས་ནི་(སྟེ་སྒྱོགས་རྡེག་པའི་ཕྱོགས་སུ་)མདུན་ དུ་རྡང་བུ་བཞི་དང་གཡས་སུ་བཞི་དང་གཡོན་དུ་བཞི་དང་རྒྱབ་ཏུ་འོག་གི་ཆར་གཅིག་གིས་(ཏེ་ སྒྱོགས་མདའ་འཁོར་དགོས་པས་)སོ། །(དེའི་ཕྱིར་)རྒྱབ་ཀྱི་ཀ་བ་དག་ལ་བུག་པ་(ཤར་དུ་བསྟན་པ་བཞི་བཞི་དང་ ལྷོ་བྱང་དུ་བསྟན་པ་རེ་རེ་སྟེ་དེ་ལྟར་)ལྔ་(ལྔ་)ཉིད་དེ་མདུན་གྱི་ཀ་བ་དག་ལ་ནི་(བུག་པ་)བརྒྱད་དོ། །འཁྲུལ་ འཁོར་གྱི་(ཀ་བ་བཞི་པོ་བཙུགས་པའི་རྒྱའི་)ཚད་ནི་རྩ་བར་ཁྲུ་བཅུ་སྟེ་སྟེང་དུ་ཁྲུ་ལྔ(པ་གྲུ་བཞི་)འོ། །སྒྱོགས་མདའ་ནི་ཀ་བ་རྣམས་ལས་ཁྲུ་གཉིས་ཀྱིས་དམན་པའོ། །འཁྲུལ་ཤིང་གི་(རྩ་མི་ གཉའ་ཤིང་དང་ར་དང་ཤོང་ཨོ་ལོག་ཅུ་ཟེར་)ཚད་ནི་ཁྲུ་དྲུག་པ་སྟེ་འཁྲུལ་ཤིང་གི་ནི་གཡོན་དང་གཡས་སུ་ བ་ལང་གི་མཇུག་མའི་རྣམ་པ(ཟླུམ་པོ་)འོ། ༡༢༩ ། དབུས་ཀྱི་ཟླུམ་པོར་བྱེད་བཅས་ཁྲུ་གཉིས་དག་སྟེ་ངོས་(གཡས་གཡོན་)གཉི་གར་(སྦོམས་སུ་) སོར་ཉི་ཤུའོ། །(འདི་ནི་ལྷོ་དང་བྱང་གི་རྡང་བུ་སྟེང་མ་གཉིས་ཀྱི་ཕྱེད་ཀྱི་སྟེང་དུ་གཉའ་ཤིང་ལྟར་བཀལ་ཞིང་རྩེ་མོ་གཉིས་པོ་ འཁྲུལ་མིག་གི་བུ་གར་བཅུག་པ་སྟེ་བུག་པ་ལས་ཕྱིར་ཐོན་པའི་)རྩེ་མོའི་བུམ་པ་(གཉིས་པོ་)དག་ལ་སོར་སུམ་ཅུ་ (སུམ་ཅུ་)འོ། །དབུས་ཀྱི་ཟླུམ་པོའི་དབུས་སུ་བུག་པ་སོར་བཅུ་བཞི་པ་ཞེང་དུ་སོར་བདུན་པའོ། 368། འཁྲུལ་ཤིང་གི་བུག་པ་དེར་སྒྱོགས་མདའ་(འི་མགོ་བོ་)ཁྲུ་གང་(ཟླུམ་པོའི་བུག་པའི་ཕྱི་རོལ་ཏུ་)དོར་ནས་ ཁྲུ་བཅུ་གསུམ་པོ་རྣམས་བ་ལང་གི་མཇུག་མའི་རྣམ་པར་(ཟླུམ་པོ་ཇེ་ཕྲ་སོང་བ་)བྱས་ཏེ་སྒྱོགས་ མདའ་དེ(འི་མགོ་བོ་འཁྲུལ་ཤིང་)དེའི་བུག་པར་རབ་ཏུ་གཞུག་པར་བྱའོ། །ལྕགས་ཀྱི་གཟེར་གྱིས་ རྒྱབ་ཀྱི་ཆར་གཟེར་གྱིས་གདབ་སྟེ་བརྟན་པར་འགྱུར་རོ། །སྒྱོགས་མདའི་མགོ་བོ་ཁྲུ་གང་གི་ ཚད་ལ་སུམ་ཆའི་བར་དུ་བུག་པ་གཉིས་སོ། །བུག་པ་དེ་དག་ཏུ་ཨ་ལོང་གཉིས་ཏེ་ཟླུམ་སྐོར་ དུ་སོར་དྲུག་ཅུ་པ་ལྕགས་ཀྱི་དབྱུག་གུ་ཟླུམ་པོའི་རྒྱར་སོར་དྲུག་པའོ། །རེ་རེ་ལ་ཐག་པ་ལྔ་བཅུ་ གདགས་པར་བྱ་སྟེ་མགོ་བོར་ཨ་ལོང་དག་ལ་ཞེས་སོ། །སྒྱོགས་མདའི་མཐར་གཉའ་ནོན་ ཟླུམ་པོ་སོར་བཅུ་གཉིས་པའོ། །(གཉའ་ནོན་དེ་)སྒྱོགས་མདའི་རྩེ་མོར་(འུར་ཐིལ་གྱི་ཐག་པ་གདོང་ཕྱོགས་ ཀྱི་རྩེ་མོའི་འགུག་མོར་འཇུག་པའི་ལྗགས་ཀྱི་)མཛུབ་མོ་དང་བཅས་པ་བཅུག་སྟེ་གཟེར་གཉིས་ཀྱིས་(གཉའ་ ནོན་)སྒྱོགས་མདའ་དང་བཅས་པ་དང་(སྒྱོགས་མདའ་)ལྕེ་དང་བཅས་པ་ལ་གདབ་པོ་(ལྕགས་ཀྱི་འཛུབ་ མོའི་རྩ་བ་ལེབ་མོར་བྱས་པའི་)ལྕེའི་རྩེ་མོ་མཛུབ་མོར་ཤེས་པར་བྱ་སྟེ་སོར་དྲུག་ནི་ལྕེའི་གཉའ་ནོན་གྱི་ (ལེབ་མོའི་)ཚད་ཡིན་ལ་(གཉའ་ནོན་)དེའི་བུག་པར་སྒྱོགས་མདའི་གཉའ་ནོན་གྱི་བར་དུ་(འཛུབ་མོའི་ རྩ་བ་ལྕེ་དང་འདྲ་བ་)བཅུག་པར་འགྱུར་རོ། ༡༣༠ ། སྒྱོགས་མདའི་འཛུབ་མོ་འདི(འི་རྩ་བ་གཉའ་ནོན་གྱི་མཚམས་)ལ་འུར་མཐིལ་ཐག་པ་དང་བཅས་ པ་ལ་ཁྲུ་གསུམ་པ་(གདགས་པར་བྱ་)སྟེ་འདིར་ལྤགས་པའི་འུར་མཐིལ་(དཀྱུས་སུ་)སོར་ཉི་ཤུ་རྩ་ བཞི་པ་དབུས་ཀྱི་ཞེང་ལ་སོར་བཅུ་གཉིས་པ་གཡས་དང་གཡས་མིན་དུ་བ་ལང་གི་མཇུག་ མའི་རྣམ་པ(རིམ་གྱིས་ཕྲ་བ་སྟེ་ནས་འདྲ་བ་)འོ། །དེའི་ངོས་གཉི་གར་སྲད་པུའི་རང་བཞིན་གྱི་ཐག་པ་ གཉིས་ཏེ་ཕྱེད་དང་བཅས་པའི་ཁྲུ་གཉིས་(དེ་སྔར་གྱི་ཁྲུ་གང་ལས་)ལྷག་པའོ། །(དེ་ལྟར་ན་ཐག་པ་ཕྱོགས་རེ་ ལ་ཁྲུ་བྱེད་དང་བཞིའོ་)འུར་འཐིལ་དེ་ཡི་ནང་དུ་རྡོ་བ་རབ་ཏུ་བཅུག་སྟེ་སྟོབས་ལྡན་འཐེན་བྱེད་(ཕྱོགས་ རེ་ལྔ་བཅུ་སྟེ་བརྒྱ་)རྣམས་ཀྱིས་ཐག་པ་རྣམས་འཐེན་པར་གྱུར་པ་དག་བཏང་བ་ནི་འཕྲལ་ལ་མྱུར་ 2-1-357 དུ་ནམ་མཁར་འགྲོ་སྟེ་སོང་ནས་འཕྲལ་ལ་ངེས་པར་ལྟུང་ཞིང་ཁང་སྟེང་ལ་སོགས་པའམ་ར་ བའམ་ལམ་སྲང་དག་ཏུ་ཕྱེ་མར་བྱས་ནས་རྡོ་བ་ས་ཡི་གཞི་ལ་འགྲོ་སྟེ་རྡོ་རྗེ་འབབ་པ་ཇི་བཞིན་ ཉིད་དུའོ། ༡༣༡ ། འཁྲུལ་འཁོར་དེ་ཡི་མཛུབ་མོ་ཟླ་བ་ཕྱེད་པའི་རྣམ་པ་ནི་ས་བཞིའི་གནས་སུ་(དཀྱིལ་དུ་) ཚངས་པའི་རི་མོ་(སྟེ་ཐིག་)མཛུབ་མོའི་མགོ་དང་མཉམ་པར་འགྱུར་རོ་(བརྡེག་པ་མི་འདྲ་བ་རྣམས་ སུ་བརྡེག་པའི་ཕྱིར་ཚངས་ཐིག་)དེའི་ངོས་གཉིས་སུ་མཐོ་རེ་རེའི་བར་གྱིས་རྡོ་བ་བཏང་བའི་གནས་ བརྒྱད་དུ་འགྱུར་རོ། །(སྒྱོགས་མཁན་གྱི་)ལག་པ་གཉི་གའི་ཁུ་ཚུར་བཅིངས་པ་ལས་ནི་གཏང་བར་ བྱ་བ་ཡིན་ཏེ་(ཐག་པ་ཅུང་ཟད་འཐེན་པས་སྒྱོགས་མདའ་ནམ་མཁར་ཐད་ཀ་ཙམ་དུ་བཏེགས་ནས་)གཏོང་བའི་དུས་ སུ་རྡོ་བ་(ཅུང་ཟད་མནན་པས་)ས་ལ་རེག་པར་(བྱས་ནས་བཏང་བར་)འགྱུར་རོ། །མཉམ་པའི་རྐང་པ་ནི་ (རྡོ་བ་འཛིན་པ་པོ་སྒྱོགས་མཁན་གྱིས་)རྐང་པ་གཡས་པ་འཁྲུལ་འཁོར་གྱི་ནང་དུ་ཞུགས་པ་སྟེ་མི་མཉམ་ པའི་རྐང་པ་ནི་རྐང་པ་གཡོན་པ་ཞུགས་པའོ། །རང་འདོད་རྡོ་བ་ལྷུང་སྟེ་རྣམ་གསུམ་བགྲོད་ པའི་དབང་གིས་ནི་(རྡོ་བ་གཏོང་བའི་ཐོག་མར་ཚངས་ཐིག་ཉིད་དང་དེའི་གཡས་གཡོན་གྱི་རི་མོ་ལ་རྡོ་བར་རེག་པར་བྱས་ ལ་རྡོ་བ་དེ་)གཡོན་དང་གཡས་དང་དབུས་ཀྱི་(ལམ་རྣམས་ནས་)བགྲོད་པའི་དབང་གིས་(བརྡེག་པ་ཐ་ དད་པ་རྣམས་སུ་ཕོག་པ་ཡིན་)ཏེ་རྫོང་ནི་རྣམ་པར་གཞོམ་པའི་དོན་དུའོ། །ཞེས་པ་ཐང་གི་རྫོང་གཞོམ་ པའི་ངེས་པའོ། ༡༣༢ །གང་ཞིག་བསྣུན་པས་གླང་ཆེན་ཞེས་པ་ལ་སོགས་པ་ནི་གོ་སླའོ(འདིར་ རྡོའི་འཁྲུལ་འཁོར་གྱི་དགྲའི་རྫོང་འཇོམས་པའི་སྒྲས་ནི་སྦྱོར་བ་ཡན་ལག་དྲུག་གི་འཁྲུལ་འཁོར་གྱིས་བདུད་དང་ཉོན་མོངས་པའི་ རླུང་གི་དཀྱིལ་འཁོར་བཅུའི་རྫོང་གཞོམ་པར་བྱའོ་ཞེས་པའི་དོན་གྱིས་བསྟན་པར་རིག་པར་བྱའོ་གསུངས་སོ)། ༡༣༣ ། ༈ ད་ནི་ཆུའི་རྫོང་བླང་〔ཞིང་དབྲོག་〕བའི་སླད་དུ་ཆུའི་འཁྲུལ་འཁོར་གྱི་མཚན་ཉིད་ གསུངས་པ་ཀ་བ་ཞེས་པ་ལ་སོགས་པ་སྟེ་འདིར་ཆུའི་འཁྲུལ་འཁོར་(གཟིངས་)གྱི་དོན་དུ་ཤིང་ སྦོམས་སུ་སོར་དྲུག་པ་ཁྲུ་བཅུ་བཞི་པའོ། །གླང་པོ་ཆེ(འཇུག་པ་)འི་འཁྲུལ་འཁོར་ལ་སོར་ཉི་ 2-1-358 ཤུ་རྩ་བཞིའོ། །རྟའི་འཁྲུལ་འཁོར་ལ་སོར་ཉི་ཤུའོ། །མིའི་འཁྲུལ་འཁོར་ལ་སོར་བཅུ་དྲུག་གོ། ཁྲུ་བཅུ་གཉིས་ཀྱི་བར་བར་ན་གནས་པའི་ཀ་བ་དྲུག་པོ་དག་གིས་(སྟེང་འོག་)གཉི་གའི་ནང་ནི་ མཉམ་པ་ལྷག་ཆད་མེད་པ་ཉིད་དོ། ། སྙིང་པོ་(སྟེ་རེ་མིག་)རེ་རེ་ནི་ཁྲུ་བཅུ་གཉིས་སོ། །འོག་གི་ནང་དང་སྟེང་གི་ནང་ལ་ཁྲུ་ནི་ཟུང་ གི་བར་དག་ལ་སྟེ་ཁྲུ་གཉིས་ཀྱི་བར་(ཕུབ་པ་སྟོང་པ་)ལའོ། །ཀ་བ་དྲུག་དང་ནང་གཉིས་ཀྱི་སྙིང་པོ་ རེ་རེ་འགྱུར་རོ། །ཞེས་པ་ནི་ངེས་པའོ། །སོ་སོའི་རེ་མིག་ཀུན་ལ་སྤང་ལེབ་དག་གིས་གཡོགས་ པ་སྟེ་འདིར་ངོས་གཉི་གར་དཔུང་པ་རྣམས་བྲུས་ཤིང་སྤང་ལེབ་སོ་སོའི་ངོས་གཞན་ལ་འོག་ དང་སྟེང་གི་སྤང་ལེབ་ཀྱི་རྩེ་མོ་བསྲུང་ནས་དབུས་སུ་ངོས་གཅིག་བྲུས་ཏེ་སྤང་ལེབ་ལས་སོར་ མོ་གཅིག་སྤང་ལེབ་ཀྱི་དབུས་སུ་བཅུག་ལ་ཇི་ལྟར་ཆུ་འཇུག་པར་མི་འགྱུར་བར་བསྡམ་པར་ བྱའོ། །དེ་བཞིན་དུ་འོག་དང་སྟེང་དང་ཤར་དང་ནུབ་དང་བྱང་དང་ལྷོ་ཐམས་ཅད་དུ་བྱའོ། ། གླང་པོ་ཆེ་རྣམས་ཀྱི་སྙིང་པོ་ནི་དཔངས་སུ་ཁྲུ་གསུམ་མོ། །རྟ་རྣམས་ཀྱི་ནི་ཕྱེད་དང་བཅས་ པའི་ཁྲུ་གཉིས་སོ། །མི་རྣམས་ཀྱི་ནི་ཁྲུ་གཉིས་སོ། །ལྤགས་པ་སྤྲ་ཚིལ་གོས་རྣམས་ཀྱིས་ཞེས་ པ་ནི་སྤང་ལེབ་སོ་སོའི་མཚམས་ཀྱིས་གནས་དེ་རྣམས་སུ་ལྤགས་པ་དང་བཞུ་བའི་སྤྲ་ཚིལ་ དང་གོས་རྣམས་ཀྱིས་སྟེང་དུ་རྒྱས་གདབ་པར་བྱའོ། །ཇི་ལྟར་སྙིང་པོའི་དབུས་སུ་རླབས་ཀྱི་ ཆུ་མི་འཇུག་པར་ཁྲུ་གཉིས་ཀྱི་དཔངས་ནི་(གྲུ་བོ་ཆེའི་)མགྲིན་པའི་གནས་སུ་སྙིང་པོའི་དབུས་སུ་ འཇུག་པའི་སླད་དུ་བྱའོ། །སྙིང་པོ་དམན་པ་དང་འབྲིང་དང་མཆོག་གི་དབྱེ་བ་འདི་རྣམས་ཀྱིས་ འཁྲུལ་འཁོར་དུ་མར་འགྱུར་རོ། །(དེ་ཉིད་བཤད་པ་)དུས་ཞེས་པ་སྙིང་པོ་དྲུག་གིས་འཁྲུལ་འཁོར་ དུ་འགྱུར་ཏེ་བརྒྱད་ཀྱིས་སམ་སྐྱོན་དེ་བཅོ་བརྒྱད་གྱིས་སམ་སུམ་འགྱུར་ཉིན་བྱེད་དེ་སུམ་ཅུ་ རྩ་དྲུག་གིས་སམ་ཉིས་འགྱུར་དེ་སྙིང་པོ་དེའི་ཉིས་འགྱུར་དག་གིས་འཁྲུལ་འཁོར་དུ་འགྱུར་རོ། ། རྒྱ་མཚོ་ཆེན་པོ་རྒལ་བའི་སླད་དུ་སྙིང་པོ་སྟོང་ཕྲག་གི་མཐར་ཐུག་པའོ། ༡༣༤ ། 2-1-359 འདིར་ཕྱི་རོལ་ཏུ་[དཔུང་པ་[བྷུ་ཛ་] (ཞེས་པ་འདི་རས་ཁ་གདང་དུ་བསྒྱུར་)བཞི་རྣམས་ལ་སྟེ་(བཞི་ པོ་གང་ན་)སྙིང་པོ་སོ་སོའི་ཤར་དང་ནུབ་ཀྱི་དཔུང་པ་དག་དང་(སྟེང་འོག་གི་)ནང་གཉིས་ཀྱི་ལུས་ ལ་བྱང་དང་ལྷོར་གཡས་དང་གཡས་མིན་དག་ལའོ། །དཔུང་པ་བཞི་པོ་དེ་རྣམས་དང་ཀ་བའི་ ཤིང་དཔུང་པ་ཕུག་པའི་བུག་པ་ནས་(ཕྱིར་)ཕྱུང་བ་རྒྱར་དཔུང་བའི་སུམ་ཆ་དང་ལྡན་པ་རྣམས་ ལ་སྤང་ལེབ་ཁྲུ་གསུམ་པ་རྩེ་མོ་གཉི་ག་ཕུག་པས་སྙིང་པོ་ཐམས་ཅད་ཕན་ཚུན་བསྡམ་པར་ བྱ་སྟེ། སྙིང་པོའི་གྲ་བཞིར་རོ། །(རྒྱ་ཡིས་བཏབ་པའི་)ལྷག་མ་སྣང་བའི་[པྲ་ཀཱའ་ཤ་(རབ་ཏུ་གསལ་)]གནས་རྣམས་སུ་སྐྱ་བ་རྣམས་རྒྱུ་བར་བྱེད་དོ། །སྐྱ་བ་རྒྱུ་བའི་གནས་སྤངས་ནས་སྟེང་ངམ་ ཤར་དང་ནུབ་ཀུན་ནས་(སྤང་ལེབ་ཀྱི་)རྒྱ་ཡིས་བཏབ་པའོ། །འཁྲུལ་འཁོར་ཐམས་ཅད་ཀྱི་རྒྱབ་ ཏུ་(སྙིང་བོ་དྲུག་ཡོད་ན་)སྐྱ་བ་འཛིན་པ་དྲུག་སྟེ་དེ་བཞིན་དུ་བཅུ་གཉིས་དང་སུམ་ཅུ་དང་བརྒྱའི་ མཐར་ཐུག་པའོ། །སྐྱ་བ་འཛིན་པ་དེ་རྣམས་ཀྱིས་མདུན་ནས་དཔུང་པ་གཉི་ག་མཉམ་པ་ འཁྲུལ་འཁོར་འདྲེན་པས་འཁྲུལ་འཁོར་དང་རྗེས་སུ་མཐུན་པ་སྟོང་གི་མཐར་ཐུག་པར་འགྱུར་ རོ། །ཡང་ན་རླུང་རྗེས་སུ་མཐུན་པར་ཤེས་ནས་ཀ་བའི་ཁུང་བུར་རབ་ཏུ་བཙུགས་པ་གཡོ་བའི་ རླུང་གི་དར་རྣམས་ཀྱིས་ནི་སྟེ་རླུང་དར་རྣམས་ཀྱིས་འཁྲུལ་འཁོར་དེ་རླུང་གིས་བསྐྱོད་གྱུར་པ་ དེ་ལ་ཞོན་པ་རང་གི་སྡེ་ནི་ཆུ་ཡི་རྫོང་དག་ཉམས་པའི་དོན་དུ་ཆུ་ཡི་གཏེར་ལ་འགྲོ་བ་ནི་གླིང་ གཟུང་བའི་དོན་དུའོ་ཞེས་པ་རིགས་པ་སྟེ་གདུག་པ་རྣམས་འདུལ་པའི་དོན་དུའོ་ཞེས་པ་ཆུའི་ འཁྲུལ་འཁོར་གྱི་མཚན་ཉིད་དོ(སྔ་མ་བཞིན་དུ་འདིར་ཡང་སྟེ་རྡོ་རྗེའི་རྣལ་འབྱོར་གྱི་གཟིངས་ལ་ཞུགས་ནས་འཕོ་ བའི་ཆགས་པའི་རྒྱ་མཚོ་རྒལ་ཏེ་བདེ་གཤེགས་སྙིང་པོ་བདེ་བ་ཆེན་པོའི་གླིང་ཐོབ་པར་བྱའོ་ཞེས་པ་ཡང་དོན་གྱིས་རིག་པར་བྱའོ་ གསུངས)། ༡༣༥ ། ༈ ད་ནི་རིའི་རྫོང་བཤིག་པའི་དོན་དུ་མེའི་འབྲུ་མར་འཕེན་པ་ལ་རླུང་གི་འཁྲུལ་འཁོར་ གསུངས་པ་ཆུ་གཏེར་ཞེས་པ་ལ་སོགས་པ་སྟེ་འདིར་ཡང་སྤང་ལེབ་གྲུ་བཞི་པ་ཁྲུ་བཞི་པའི་ 2-1-360 སྟེགས་བུའི་དབུས་སུ་ཀ་བ་ཁྲུ་གསུམ་པ་རྒྱར་ཟླུམ་པོར་སོར་བཅུ་གཉིས་པའོ། །(སྤང་ལེབ་ཀྱི་)གཡོན་དང་གཡས་དང་རྒྱབ་དང་མདུན་གྱི་ཟུར་རྣམས་སུ་ལྕགས་ཀྱི་ཕུར་པ་ཨ་ལོང་དང་ བཅས་པའོ། །ཨ་ལོང་དེ་རྣམས་ལ་ཐག་པ་རྣམས་ཀྱི་ག་བའི་མགོ་བཅིང་བར་བྱའོ། །འཁྲུལ་ འཁོར་གྱི་ཆ་གཉིས་སྟེང་དང་འོག་གི་མཐར་ཐུག་པར་སྲ་བའི་གོས་རྣམས་ཀྱིས་གཡོགས་པར་ བྱའོ། །འདིར་(སྤང་ལེབ་ཀྱི་)ཟུར་དུ་རྒྱལ་མཚན་རྣམས་ནི་ཁྲུ་ལྔ་པ་སྟེ་རྒྱར་ཁྲུ་གཅིག་པའོ། །འོག་ དང་གཡོན་དང་གཡས་ཀྱི་ཟུར་གྱི་ཨ་ལོང་ལ་ཁྲུ་གཉིས་ཀྱི་བར་དུ་ཐག་པ་གསུམ་མོ། །དེར་ གཅིག་ཏུ་བསྡོམས་པས་རིའི་རྫོང་གི་དཔངས་ཀྱི་ཚད་དང་མཚུངས་པའོ། །ཐག་པ་དེས་(རྫོང་གི་)རྒྱབ་ནས་མི་རྣམས་དག་གིས་དྲངས་ཤིང་ས་ལས་ཐག་པས་སྟེང་དུ་འགྲོ་སྟེ་འཁྲུལ་འཁོར་དེ་ ནི་རླུང་གིས་རབ་ཏུ་བསྐྱོད་པར་གྱུར་པ་ངེས་པར་བྲག་རྫོང་བཤིག་པའི་དོན་དུ་མཁའ་ལ་འགྲོ་ བ་སྟེ་དེའི་སྟེང་དུ་འཁྲུལ་འཁོར་དེ་མེའི་འབྲུ་མར་དང་མེ་དང་བཅས་པའི་སྐྱེས་བུ་ཞིག་གཞུག་ པར་བྱའོ། །མི་དེས་རླུང་གི་འཁྲུལ་འཁོར་དེ་ནས་མེ་ཡི་འབྲུ་མར་འཕངས་པས་དགྲ་ཡི་དཔུང་ དང་རྫོང་ནི་ཐམས་ཅད་ཀུན་ནས་སྲེག་པར་བྱེད་ཅེས་པ་སྟེ་ངེས་པར་རིའི་རྫོང་གཞོམ་པའི་ ངེས་པའོ(སྔ་མ་བཞིན་དུ་འདིར་ཡང་སྟེ་རླུང་བཅུ་ཨ་བ་དྷུ་ཏཱིར་ཚུད་པ་ལས་ལྟེ་བའི་གཏུམ་མོ་འབར་བའི་འཁྲུལ་འཁོར་གྱིས་གློ་ བུར་གྱི་དྲི་མའི་རྫོང་གཞོམ་པར་བྱའོ། །ཞེས་པ་དང་དོན་གྱིས་རིག་པར་བྱའོ། །ཞེས་གསུང་ངོ)། ༡༣༦ ། ༈ གྲི་གུག་གི་འཁྲུལ་འཁོར་ནི་མངོན་སུམ་དུ་མཐོང་བས་རྟོགས་པར་བྱ་སྟེ་ཚིགས་སུ་ བཅད་པས་ཀྱང་གསལ་བར་གསུངས་སོ(སྔ་མ་བཞིན་དུ་འདིར་ཡང་སྟེ་བྱེད་པ་བཅིང་བའི་ཐབས་ཀྱི་གྲི་གུག་གི་ འཁྲུལ་འཁོར་གྱིས་ཉི་ཟླའི་རྒྱུ་བ་བཅད་པར་བྱའོ་ཞེས་པ་ཡང་དོན་གྱིས་རིག་པར་བྱའོ། །ཞེས་གསུང་ངོ)། ༡༣༧ ། དེ་བཞིན་དུ་རྩེ་མོ་འབྱེད་པ་ལ་རླུང་གི་འཁྲུལ་འཁོར་ཡང་རབ་ཏུ་གསལ་བར་བྱས་ཤིང་ ཚིགས་སུ་བཅད་པ་ཡང་གསལ་ཏེ་འདིར་རྒྱས་འགྲེལ་གྱིས་རྣམ་པར་བཤད་པ་མེད་དོ། ༡༣༨། 2-1-361 ༈ དེ་བཞིན་དུ་རྡོ་རྗེའི་གུར་ལ་ཡང་རྣམ་པར་བཤད་པ་མེད་དོ། ༡༣༩ ། ༈ ད་ནི་གཡུལ་དུ་གླང་པོ་ཆེ་གོ་ཆ་དང་བཅས་པ་འབུགས་པའི་སླད་དུ་ལྕགས་མདའི་ འཁྲུལ་འཁོར་གསུངས་ཏེ་ཆུར་སོར་དྲུག་པ་ལ་(ཞེང་དུ་)ལྕགས་མདའི་ཚད་ཀྱིས་ཝ་བྱས་ནས་ ཝ་དེའི་འོག་དང་སྟེང་དང་གཡས་དང་གཡོན་གྱི་ཆར་ལྕགས་ཀྱི་དབྱུག་པ་སོར་དྲུག་པ་གྲུ་བཞི་ པའི་རྩེ་མོར་(གཟེར་གྱིས་)རྒྱས་བཏབ་པའི་བུག་པ་ལ་ལྕགས་ཀྱི་ཕུར་པ་རྣམས་ཀྱིས་(གཡས་གཡོན་)མཚམས་གཉིས་དང་དབུ་མ་ལ་རྒྱུད་དང་བཅས་པའི་གཞུ་ནི་གཡོ་བ་མེད་པར་བཏགས་བྱས་ ནས་སླར་ཡང་(འཁྲུལ་འཁོར་)སྟེགས་བུ་དེའི་རྒྱབ་ཀྱི་ཆར་གཡས་དང་གཅིག་ཤོས་སུ་ལྕགས་ཀྱི་ ཕུར་པ་གྲུ་བཞི་པ་གཉིས་སོ། །(སྔར་)ལྕགས་ཀྱི་དབྱུག་པའི་རྩེ་མོར་ཕུར་(པ་བཏབ་སྟེ་ཕུར་)བའི་ (སྣའི་)བུག་པར་འཁྲུལ་ཤིང་གི་རྩེ་མོ་གཉིས་པོ་གཞུག་པར་བྱའོ། །འཁྲུལ་ཤིང་གི་དབུས་སུ་(བྲེ་ བའི་སོ་ལྟ་བུའི་)སོར་མོ་རྣམས་དེ་དྲུག་གམ་ལྔའམ་བཞིའམ་གསུམ་མམ་གཉིས་སོ། །(སྟེགས་བུའི་)འོག་ཏུ་ལྕགས་ཀྱི་དབྱུག་གུ་མཐེ་ཆུང་གི་ཚད་ཆུར་སོར་གསུམ་པ་ཞིག་འོག་གི་ཕུར་པའི་ཨ་ ལོང་གཡོ་བ་དང་བཅས་པ་ལ་གཞུག་པར་བྱའོ། །སྟེང་དུ་རྒྱུད་རྣམས་སོར་མོའི་རྩེ་མོར་བཅིང་ བར་བྱའོ། །སོར་མོའི་རྩེ་མོ་དེ་ལ་(རྩེ་མོ་)སོ་སོའི་མཚམས་སུ་ལྕགས་མདའ་དང་རྒྱུད་རྣམས་སོ། ། རྒྱུད་དེས་མང་ཞིང་མཉམ་པའི་མདའ་འམ་ལྕགས་མདའ་རྣོན་པོ་རྣམས། གཡུལ་གྱི་དུས་སུ་ འཕངས་པས་གོ་ཆ་དང་བཅས་གླང་ཆེན་ལུས་པོ་ཕུག་ནས་རབ་ཏུ་འགྲོ་བར་འགྱུར་ཞེས་པ་ནི་ ལྕགས་མདའི་འཁྲུལ་འཁོར་གྱི་ངེས་པའོ(སྔ་མ་བཞིན་དུ་འདིར་ཡང་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ལྕགས་ མདས་སེམས་དང་ཡིད་དང་རྣམ་པར་ཤེས་པ་འཁོར་དང་བཅས་པའི་དཔུང་ཚབས་ཆེར་བསྣན་པར་བྱའོ། །ཞེས་པ་ཡང་དོན་གྱིས་ བསྟན་པར་རིག་པར་བྱའོ་གསུང་ངོ)། ༡༤༠ ། ༈ ད་ནི་རྒྱལ་པོའི་ཕོ་བྲང་བསྲུང་བའི་དོན་དུ་ས་འོག་གི་རལ་གྲིའི་འཁྲུལ་འཁོར་ གསུངས་པ་ཀ་བ་གཉིས་ཞེས་པ་སྟེ་འདིར་ཀ་བ་གྲུ་བཞི་པ་རྒྱར་སོར་བཅུ་གཉིས་ཀྱི་ཚད་ཁྲུ་ 2-1-362 བཞི་པ་གཉིས་ཏེ་ཁྲུ་གཉིས་ནི་བརྐོས་པའི་འོག་ཏུ་ས་ལ་ནུབ་ཅིང་ཁྲུ་གཉིས་བརྐོས་པའི་ནང་ དུ་གནས་པ་དག་གོ། དེ་ལ་བརྐོས་པའི་གནས་(ཀྱིས་)ནས་སྟེང་དུ་(ཀ་བའི་རྩེ་མོ་ལ་)ཁྲུ་ཕྱེད་དང་ གཉིས་དོར་ཏེ་དེ་ནས་གཡོན་དང་གཡས་ཀྱི་ཀ་བའི་བུག་པ་ལ་རྡང་བུ་གཞུག་པར་བྱའོ། །〔ཀ་ བའི་རྩེ་མོ་ལ་〕སྟེང་དུ་སོར་དྲུག་དོར་ནས་ཐག་པ་རྣམས་ཀྱིས་དཀྲི་བར་བྱ་སྟེ་ཟླུམ་པོ་གཡོ་བའི་ དོན་དུའོ། །ཐག་པ་དེ་དག་གི་དབུས་ཀྱི་ཟླུམ་པོའི་དབུས་སུ་རལ་གྲིའི་ཆང་གཟུངས་བཅུག་པ་ སྟེ་དང་པོར་ཟླུམ་པོ་བསྐོར་བ་དུ་མ་རྣམས་ཀྱིས་བསྐོར་ཏེ་ཟླུམ་པོའི་དབུས་སུ་རལ་གྲིའི་ཆང་ གཟུངས་བཅུག་པ་རྩེ་མོའི་ཆར་(འཁྲིལ་ཤིང་གི་)གཟེར་གྱིས་བཏབ་པའོ། །དེ་བཞིན་དུ་མདུན་ ནས་ཀ་བ་གཉིས་པོ་ལུགས་ལས་བཟློག་པས་བསྐོར་བ་སྟེ་རལ་གྲིའི་རྩེ་མོ་(ཆང་ཟུང་ཀྱི་)ལ་ གནས་པའི་ཕྱག་རྒྱའི་(འཁྲུལ་ཤིང་གི་)རྩེ་མོའི་ཆ་ལ་མནན་པའི་རལ་གྲིའི་རྩེ་མོའི་ཕྱག་རྒྱའི་རྩེ་མོ་ ལ་(ལུགས་བཟློག་ཏུ་བསྐོར་བའི་)ཐག་པས་མནན་པའོ། །རལ་གྲིའི་ཆང་གཟུངས་ཀྱི་རྩེ་མོའི་འཁྲུལ་ ཤིང་གི་ཆ་ལ་འཁྲུལ་ཤིང་སོར་དྲུག་པའི་ཚད་དོ། ༡༤༡ ། དེ་ནས་(འཐོན་ནས་)རལ་གྲི་འབྱུང་བ(འི་ས་)སྤངས་ནས་སྤང་ལེབ་རྣམས་ཀྱིས་བརྐོས་པའི་ སྟེང་དུ་གཡོག་པར་བྱའོ། །(སྤང་ལེབ་ལ་རྐང་བ་བཞག་པ་)གང་གིས་བསྐུལ་བར་གྱུར་པ་ལ་འཐོན་ པར་འགྱུར་(བའི་འཁྲུལ་ཤིང་བྱས་)ཏེ་ལྕགས་ལས་བྱས་པའི་ཡང་མོའོ། །ཟླ་བ་ཞེས་པ་ནི་(འཁྲུལ་ཤིང་ གི་)གསང་བའི་སྐད་དོ། །དབུས་ཞེས་པ་ནི་(སྤང་ལེབ་)སྤྲོས་(པས་བརྗོད་)པ་སྟེ་འདིར་རལ་གྲིའི་ ཆང་གཟུངས་ཀྱི་རྩེ་མོར་འཁྲུལ་ཤིང་གི་སྟེང་དུ་སྤང་ལེབ་སྦྱིན་པར་བྱའོ། །སྤངས་ལེབ་དེ་ལ་ གང་གི་རྐང་པ་བཞག་པ་དེ་ནི་རལ་གྲི་ཡིས་ནི་གཅོད་པར་བྱེད་དོ་ཞེས་པ་རང་བཞིན་དུ་ཤེས་ པར་བྱའོ། །རལ་གྲིའི་འཁྲུལ་འཁོར་གྱི་ངེས་པ་ཞེས་པ་སྟེ་རལ་གྲིའི་འཁྲུལ་འཁོར་གྱི་མཚན་ ཉིད་དོ། །དེ་ལྟར་གཡུལ་གྱི་དུས་སུ་མཁར་གྱི་སྒོ་ཡི་མཐའ་དང་མི་ཡི་བདག་པོའི་ཁང་པར་ རྟག་ཏུ་རྩ་བའི་སྒོ་ཡི་ལམ་སྤངས་ནས་འཁྲུལ་འཁོར་དུ་མ་རྣམས་ཏེ་འཁྲུལ་འཁོར་ཁོ་ན་མཚོན་ 2-1-363 ཆའོ་ཞེས་པ་ས་འོག་གི་རལ་གྲིའི་འཁྲུལ་འཁོར་གྱི་ངེས་པའོ(སྔ་མ་བཞིན་དུ་འདིར་ཡང་སྟེ་བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་རྣམས་ཀྱི་རལ་གྲིའི་འཁྲུལ་འཁོར་གྱིས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ཕོ་བྲང་ཡོངས་སུ་བསྲུང་ངོ་ ཞེས་ཀྱང་རིག་པར་བྱའོ་གསུང་ངོ)། ༡༤༢ ། ༈ ད་ནི་རྒྱལ་རིགས་འཐབ་པ་ལ་ཤིང་རྟའི་མཚན་ཉིད་གསུངས་པ་སྲོག་ཤིང་སྟེང་དུ་ ཞེས་པ་ལ་སོགས་པ་སྟེ་འདིར་ཤིང་རྟའི་དོན་དུ་དང་པོར་སྲོག་ཤིང་བརྟན་པོར་བྱའོ། །རྟ་ རྣམས་ཀྱི་ཤིང་རྟའི་འཁོར་ལོའི་ཚད་ནི་(ཐད་ཀར་)ཕྱེད་དང་བཅས་པའི་ཁྲུ་གཉིས་སོ། །སྲོག་ ཤིང་ནི་(འཁོར་ལོའི་ཚད་ལས་)བཞི་འགྱུར་ཅུང་ཟད་ལྷག་པ་དང་བཅས་པ་སྟེ་ཚད་དེ་ཉིད་ཀྱིས་ (དགའ་བའི་ཤིང་རྟ་)གྲུ་བཞི་དང་(པདྨའི་ཤིང་རྟ་)ཟླུམ་པོའོ། །དེ་ནས་སྲོང་ཤིང་གི་སྟེང་དུ་གདན་ཏེ་ ཕྱོགས་བརྒྱད་དང་དབུས་སུ་འཁོར་ལོའི་ཚད་ལས་དགུ་ཆའི་རེ་མིག་དགུའི་བདག་ཉིད་དོ། ། དེ་ཉིད་ནི་ཉི་མའི་དཔུང་པ་ཞེས་པ་རྒྱར་སོར་དྲུག་པའི་དཔུང་པ་བཅུ་གཉིས་ཀྱིས་ཏེ་ཤར་དང་ ནུབ་ཀྱི་དྲུག་དང་ལྷོ་དང་བྱང་གི་དྲུག་གིས་གདན་དུ་འགྱུར་རོ། །སྲོག་ཤིང་རྒྱར་སོར་བཅུ་བཞི་ པ་སྟེ་དེ་ཆ་གསུམ་དུ་བྱས་ནས་དབུས་ཀྱི་ཆ་སྤངས་ཏེ་རྩེ་མོ་གཉིས་ཀྱི་གནས་སུ་བུག་པ་བྱའོ། ། བུག་པ་དེ་དག་ཏུ་འཁོར་ལོའི་རྩིབས་བཅུག་ནས་སྲོག་ཤིང་དང་ལྷན་ཅིག་གཟེར་གདབ་པར་ བྱའོ། །འཁོར་ལོའི་མུ་ཁྱུད་ལ་ལྕགས་ཀྱི་འཁྲུལ་ཤིང་གཡོ་བ་མེད་པ་སྟེ་གཞིའི་བུག་པ་ཟླུམ་ པོ་ལ་བཅུག་པ་འཁོར་ལོ་དང་བཅས་པ་འཁོར་བའོ། །དེ་ནས་གདན་དེའི་ཟུར་བཞི་རྣམས་ སུ་རྒྱར་གནས་ཀྱི་དཔུང་པ་དང་ཆུར་ཉིས་འགྱུར་གྱི་ཀ་བ་བཞི་སྟེ་དེ་རྣམས་ཀྱང་རྡང་བུ་རྣམས་ ཀྱིས་ཕྱོགས་བཞི་རྣམས་སུ་ཕྱེ་བ་དང་འོག་དང་སྟེང་དུ་ཕྱེ་བའོ། །མཉམ་པའི་ཤིང་རྟ་ནི་མཉམ་ པའི་རྟ་རྣམས་ཀྱིས་བསྐྱོད་པ་སྟེ་མི་མཉམ་པའི་ཤིང་རྟ་ནི་མི་མཉམ་པའི་རྟ་རྣམས་ཀྱིས་བསྐྱོད་ པའོ། །གཉིས་དང་བཞི་དང་དྲུག་ནི་མཉམ་པའི་རྟ་རྣམས་ཏེ་གསུམ་དང་ལྔ་དང་བདུན་ནི་ མི་མཉམ་པའི་རྟ་རྣམས་སོ། །མི་མཉམ་པའི་ཤིང་རྟ་ནི་གནས་ལས་མཉམ་པའི་ཕྱེད་ཀྱི་ཚད་ 2-1-364 ཀྱིས་སོ། །སྟེང་གི་ཆ་ཕྱེད་དག་ལ་འཐབ་མོ་པ་ཡིས་ས་སྟེ་ཞེས་པ་ནི་སྟེང་གི་ཀ་བ་རྣམས་ཀྱི་ (རྒྱར་གནས་གཉིས་ཡོད་པའི་)ཆ་གཅིག་གནས་ཀྱི་ཚད་(གཅིག་)དོར་ནས་ཆ་ཕྱེད་ལ་གནས་ཀྱི་སྟེང་དུ་ འཐབ་མོ་པའི་སའོ། །གནས་ཀྱི་ཕྱེད་ཀྱི་ཚད་དུ་འགྱུར་ཏེ་མཉམ་དང་མི་མཉམ་འདྲེན་བྱེད་ རྟ་འམ་གླང་པོ་རྣམས་ཀྱི་དཔངས་ཀྱིས་འགྱུར་རོ། །(འཐབ་མོ་པའི་ས་)རྒྱར་སོར་བརྒྱད་དང་ཆུར་ གནས་ཀྱི་ཉིས་འགྱུར་ཏེ་རྡང་བུ་རྣམས་དང་ལྷན་ཅིག་གཟེར་གདབ་པོ། །དེ་ནས་གནས་ཀྱི་ ཆའི་འོག་དང་སྟེང་དུ་མཚན་མའི་ཕྱེད་ཀྱི་སར་འགྱུར་ཏེ་སོར་མོ་བཞིའི་སྟེང་དུའོ། །(མཚན་མའི་)ས་དེ་ལ་མེ་ལོང་དོ་ཤལ་རྒྱལ་མཚན་ལ་སོགས་བཀོད་(པ་)སྟེ་སོགས་པའི་སྒྲས་རྔ་ཡབ་དང་ བླ་རེ་དང་དྲིལ་བུ་ལ་སོགས་པ(འི་མཚན་མ་)འོ། །འཐབ་མོ་པའི་ས་དང་མཚན་མའི་ས་དག་གི་ དབུས་སུ་འཐབ་མོའི་དོན་དུ་ཕྱོགས་བཞི་རྣམས་སུ་རབ་ཏུ་གསལ་བའོ། ༡༤༣ ། གཅིག་ཕྱེད་ཆ་གཉིས་དག་སྟེ་ཞེས་པ་ནི་རྩ་བའི་གནས་ཀྱི་འོག་ཏུ་འཐབ་མོ་པའི་ས་ལ་ ཆ་གཅིག་གོ། རབ་ཏུ་གསལ་བ(འི་ལྟས་)ལ་ཆ་ཕྱེད་དང་མཚན་མ་(དགོད་པ་ལ་ཆ་ཕྱེད་)དག་སྟེ་འདི་ དག་ནི་ཆ་གཉིས་སོ། །ཟླ་བ་ལག་པ་རྩེ་མོ་ཅན་རྣམས་ཞེས་པ་ནི་ཀ་བའི་རྡང་བུ་རྣམས་ཀྱི་རྩ་ བའི་གནས་ཀྱི་སྟེང་དུ་(ཤིང་རྟ་)འདྲེན་པའི་གནས་ལ་སོར་བཞི་པ་རྣམས་ཀྱི་ཆ་གཅིག་གོ། དེ་ ནས་ཀ་བ་རྣམས་ཀྱི་འཐབ་མོ་པ་འཐབ་པའི་གནས་ལ་སོར་བཞི་པ་རྣམས་ཀྱི་ཆ་གཉིས་སོ། ། དེ་ནས་ཀ་བ་རྣམས་ཀྱི་སྟེང་དུ་སོར་བཞི་པ་རྣམས་ཀྱི་ཆ་གསུམ་སྟེ་དེའི་སྟེང་དུ་རྒྱལ་མཚན་ལ་ སོགས་པ་རྣམས་ཀྱི་མཚན་མའི་སའོ། །ཟླུམ་པོ་ཕྱེད་བཅས་གཅིག་གི་ཆ་ལ་གནས་དང་སྟེང་ དུ་སྔར་བརྗོད་པ་རྣམས་སོ། །ཕྱེད་དང་བཅས་པའི་ཆ་ལས་པད་མའི་ཤིང་རྟ་ཟླུམ་པོའི་སར་ འགྱུར་ཞིང་དགའ་བའི་དབྱེ་བ་དག་ལ་ཞེས་པ་དགའ་བའི་ཤིང་རྟའི་དབྱེ་བས་གྲུ་བཞི་པའི་ སར་འགྱུར་རོ། །དེ་ལྟར་གསུངས་པའི་རིམ་པས་རྟེན་〔གནས་〕དང་བཅས་པའི་འཁོར་ལོའི་ ཚད་ནི་རྟའི་ཤིང་རྟ་ལ་ཕྱེད་དང་བཅས་པའི་ཁྲུར་འགྱུར་རོ། །གླང་པོའི་ཤིང་རྟ་ལ་རྟའི་ཤིང་ 2-1-365 རྟའི་ཚད་ལས་ཚད་རྣམ་པ་གཉིས་སུ་འགྱུར་རོ། །འཁོར་ལོ་དང་གནས་དང་རྡང་བུ་དང་མཚན་ མ་ལ་སོགས་པ་རྣམས་ཀྱིའོ། །ཞེས་པ་ངེས་པའོ། །འདིར་ལྷ་རྣམས་ཀྱི་ནི་པད་མའི་རིགས་ཀྱི་ ཤིང་རྟ་ཟླུམ་པོར་འགྱུར་རོ། །ལྷ་ཡི་བུ་ཡིས་བཀོད་པ་ཞེས་པ་སྲིད་སྒྲུབ་ཀྱི་ཤིང་རྟ་ནི་དགའ་ བའི་རིགས་ཏེ་གྲུ་བཞིའོ། །མི་གཞན་རྣམས་ཀྱི་ཡང་ཤིང་རྟ་བཀོད་པ་ནི་གྲུ་བཞི་སྟེ་རྒྱལ་ རིགས་རྣམས་ཀྱིའོ། ༡༤༤ ། བརྒྱད་དང་ཆུ་གཏེར་སྲོག་ཤིང་འཁོར་ལོ་རྣམས་ཀྱིས་རྣམ་གསུམ་འདིར་ན་ཤིང་རྟ་ཆེན་ པོ་ཕྱེད་དང་མཉམ་ཞེས་པ་ནི་འདིར་སྲོག་ཤིང་བཞི་དང་འཁོར་ལོའི་བརྒྱད་ཀྱིས་གཡུལ་དུ་ ཕྱིར་མི་ལྡོག་པའི་ཤིང་རྟ་ཆེན་པོར་འགྱུར་རོ། །འོག་དང་སྟེང་དུ་སྲོག་ཤིང་དག་དང་འཁོར་ ལོ་བཞི་ཡིས་ཤིང་རྟ་ཕྱེད་དུ་འགྱུར་རོ། །དེའི་ཕྱིར་བརྒྱད་ཅེས་པ་ནི་འཁོར་ལོའོ། །ཆུ་གཏེར་ ཞེས་པ་ནི་སྲོག་ཤིང་བཞིའོ། །དེ་ལྟར་རྣམས་གསུམ་ཞེས་པ་སྟེ་འཁོར་ལོ་བཞི་དང་དེ་བཞིན་ དུ་གཉིས་སོ། །དེ་བཞིན་དུ་སྲོག་ཤིང་ངོ༌། །ཤིང་རྟ་ནི་ཤིང་རྟའི་ཕྱེད་དང་མཉམ་པ་སྟེ་མཚུངས་ པའོ། །ཉི་མའི་ཤིང་རྟ་མཆོག་གི་འཁོར་ལོ་གཅིག་པ་ཞེས་པ་ནི་འཁོར་ལོ་གཅིག་གིས་ལྷ་ རྣམས་ཀྱི་ཤིང་རྟར་འགྱུར་ཏེ། དེ་བཞིན་དུ་ཉི་མ་ལ་འགྱུར་རོ། །མི་མཉམ་ཞེས་པ་ལ་སོགས་ པ་ནི་གོ་སླའོ། །སྲོག་ཤིང་གཅིག་དང་འཁོར་ལོ་གཉིས་ཀྱིས་མཉམ་པའི་ཤིང་རྟ་སྟེ་གཉའ་ ཤིང་གི་རྒྱབ་བཅོམ་པར་འགྱུར་རོ། །ཞེས་པ་ནི་ཤིང་རྟའི་མཚན་ཉིད་ངེས་པའོ(༼ཁ༽ སྔ་མ་ བཞིན་དུ་འདིར་ཡང་སྟེ་སོ་སོར་སྡུད་པ་ལ་སོགས་པའི་འཁོར་ལོའི་ཁང་བརྩེགས་ལ་གནས་ནས་ཤའི་མིག་ལ་སོགས་པ་རྣམས་ ཀྱིས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ཡུལ་གྱི་ལྟད་མོ་དང་དགའ་སྟོན་ལ་སྤྱད་པར་བྱའོ་ཞེས་ཀྱང་རིག་པར་བྱའོ་ཞེས་ གསུངས)། ༡༤༥ ། ༈ ད་ནི་ལྷ་རྣམས་ཀྱི་གཞལ་ཡས་ཁང་ངམ། མི་བདག་རྣམས་ཀྱིས་ལྟད་མོ་ལ་བསྐྱོད་ པའི་ཁང་བའི་མཚན་ཉིད་གསུངས་པ། དྲུག་ཅེས་པ་ལ་སོགས་པ་སྟེ། འདིར་ཀ་བ་ཁྲུ་ཉི་ཤུ་པ་ 2-1-366 རྒྱར་སོར་ཉི་ཤུ་པ་བཞི་སྟེ་འདི་རྣམས་ཀྱི་མཐའ་བཞིར་བུག་པ་མཉམ་པ་རྣམས་སུ་འགྱུར་ཏེ་ བུག་པའི་མཐའ་གཅིག་ནི་ཁྲུ་དྲུག་གི་ཆ་ལའོ། །གཉིས་པ་ནི་(དེ་ནས་)ཁྲུ་ལྔའི་ཆ་ལའོ། །དེ་ལ་ གསུམ་པ་ནི་ཁྲུ་བཞིའི་ཆ་ལ་འགྱུར་རོ། །བཞི་པ་ནི་ཁྲུ་གསུམ་གྱི་ཆ་ལ་འགྱུར་རོ། །(ཁྲུ་གང་གི་) འོག་དང་(གསུམ་གྱི་)སྟེང་དུ་ཁྲུ་རེ་རེ་དོར་ནས་བུག་པའི་མཐའ་མངོན་དུ་ཕྱོགས་པར་འགྱུར་རོ། ། རྩ་བའི་ཆ(འོག་གཞི་)ར་ས་ལ་(ཐད་ཀར་)ཁྲུ་བཅུ་གསུམ་དུ་འགྱུར་རོ། །རྩ་བའི་ཆ་ལས་སྟེང་དུ་ས་ ལ་(རྩ་བའི་)ཕྱེད་ཀྱི་ཆ་ཁྲུ་ཕྱེད་དང་བདུན་དུ་འགྱུར་ཏེ་རྩེག་མ་སོ་སོའི་དབང་གིས་རྩེག་མའི་ས་ ལ་འགྱུར་རོ། །(ལྷའི་)ཚོགས་ཀྱི་གཞལ་ཡས་ཁང་ལ་རྡང་བུ་བཞི་བཞིའི་སྟེང་དུ་སར་འགྱུར་རོ། ། དེ་བཞིན་དུ་ས་ལ་མི་བདག་རྣམས་ཀྱི་རྩེག་མ་རྣམ་པ་གསུམ་གྱི་དབང་གིས་ཡུལ་གྱི་ལྟད་མོ་ དང་དགའ་སྟོན་རྣམས་ལ་ཡང་ངོ༌། །(སུམ་རྩེག་གི་)དང་པོའི་རྩེག་མ་ལ་ཀ་བའི་ཕྱི་རོལ་གྱི་བུག་ པ་ལས་ཕྱི་རོལ་ཏུ་བྱུང་བའི་རྡང་བུའི་སྟེང་དུ་སྤང་ལེབ་རྣམས་ཀྱིས་ཐམས་ཅད་དུ་འཁོར་བ་ནི་ (ཞེང་དུ་)ཁྲུ་གསུམ་གྱིས་འཁོར་བའོ། །གཉིས་པའི་རྩེག་མ་ལ་ཕྱོགས་ཐམས་ཅད་དུ་ཁྲུ་གཅིག་ འཁོར་བའོ། །ལྷའི་གཞལ་ཡས་ཁང་དང་(མི་བདག་ལྟད་མོ་ལ་)བགྲོད་པའི་ཁང་བའི་མཚན་ཉིད་ ངེས་པའོ(༼ཀ༽སྔ་མ་བཞིན་དུ་འདིར་ཡང་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་འཁོར་ལོས་བགྲོད་པའི་ཤིང་ རྟ་ལ་ཞོན་ནས་བྲལ་བ་དང་བསྐྱེད་པའི་འབྲས་བུ་སྐུ་གཉིས་ཀྱི་གྲོང་ཁྱེར་ཐོབ་པར་བྱའོ། །ཞེས་ཀྱང་རིག་པར་བྱའོ་གསུངས)། ༡༤༦ ། ༈ ད་ནི་དཔྱིད་ཀྱི་དགའ་སྟོན་གྱི་སླད་དུ་འཁོར་ལོའི་ཁྱོགས་ཀྱི་མཚན་ཉིད་གསུངས་ པ་འཁོར་ལོའི་སྟེང་དུ་ཞེས་པ་ལ་སོགས་པ་སྟེ། འདིར་སྔར་གྱི་ཤིང་རྟ་བཞིན་དུ་འཁོར་ལོ་ བརྒྱད་དང་རྩ་བའི་གནས་སོ། །(རྩ་བའི་གནས་)དེའི་སྟེང་དུ་གླང་པོ་ཆེའི་ཤིང་རྟའི་ཀ་བའི་ཁྱོན་ གྱིས་ཀ་བ་བཞིའོ། །(གོང་གི་)གཞལ་ཡས་ཁང་བཞིན་དུ་རྩེག་མ་རྣམ་པ་གསུམ་གྱི་བདག་ཉིད་ ཀྱི་ཁྱོགས་སུ་འགྱུར་རོ། །རྡང་བུ་བཞི་བཞིའི་སྟེང་དུ་བརྒྱད་གཉིས་བརྒྱད་དང་དེ་ནས་ཕྱེད་ 2-1-367 དེ་ཞེས་པ་ནི་རྩེག་མ་དང་པོ་ལ་ཕྱོགས་བཞི་རྣམས་སུ་ཁྱོགས་བཅུ་དྲུག་ཏུ་འགྱུར་རོ། །གཉིས་ པ་ལ་བརྒྱད་དོ། །གསུམ་པ་ལ་བཞིའོ། །རྩེག་མ་དང་པོ་ལ་ཕྱོགས་དེ་(ཁྱོགས་ཀྱི་)དཔུང་བ་བཅུ་ རྡང་བུའི་སྟེང་ན་གནས་ཤིང་གཡས་(ཏེ་ལྷོ་)དང་གཡོན་(ཏེ་བྱང་)དང་ཤར་དང་ནུབ་ན་གནས་ པ་རྣམས་ཀྱི་ཁྱོགས་སོ། །(རྩེག་མ་)གཉིས་པ་ལ་དུས་ཏེ་(ཁྱོགས་ཀྱི་ལག་པ་)དྲུག་གིས་འགྱུར་རོ། ། གསུམ་པ་ལ་བཞིས་སོ། །ཁྱོགས་རྣམས་ཀྱི་དཔུང་བ་རྟེན་ཉིད་ས་གསུམ་ལ་ཞེས་པ་སྟེ་དཔུང་ པ་གཉིས་གཉིས་ལ་འཁྲུལ་ཤིང་རེ་རེ་(ལག་པའི་)བུག་པའི་གཞི་ལ་བཅུག་པའོ། །འཁྲུལ་ཤིང་ རེ་རེ་ལ་བཙུན་མོ་རྣམས་ཀྱི་གདན་བཞི་བཞིར་འགྱུར་ཏེ་(གདན་དེ་ཡང་)ནང་དང་ཕྱི་རོལ་དག་ཏུ་ གནས་པ་འོག་དང་སྟེང་དུ་སོན་ཞིང་ཕྱོགས་བརྒྱད་དུ་ནི་གཡོ་བ་རྣམས་ཞེས་པ་ནི་འཁོར་ལོའི་ ཁྱོགས་ཀྱི་མཚན་ཉིད་ངེས་པའོ(སྔ་མ་བཞིན་དུ་འདིར་ཡང་སྟེ་གཏུམ་མོའི་མེས་རབ་ཏུ་བཞུ་བའི་བྱང་ཆུབ་ཀྱི་སེམས་ ཀྱི་འཁོར་ལོའི་ཁྱོགས་ལ་གནས་ནས་འགྱུར་བ་མེད་པའི་བདེ་བ་ཆེན་པོའི་དཔྱིད་ཀྱི་དགའ་སྟོན་ཉམས་སུ་མྱོང་བར་བྱའོ་ཞེས་ཀྱང་ རིག་པར་བྱའོ་གསུངས)། ༡༤༧ ། ༈ ད་ནི་ལྡུམ་ར་ལ་སོགས་པ་བཅུ་བའི་དོན་དུ་ཆུའི་འཁྲུལ་འཁོར་གྱི་མཚན་ཉིད་གསུངས་ པ་སྟེང་ཞེས་པ་ལ་སོགས་པ་སྟེ། སྟེང་དང་འོག་དང་གཡོན་དང་གཡས་སུ་འཁྲུལ་འཁོར་ འཁྱོག་པོ་སྦུབས་ཀྱི་རྣམ་པའོ། །དབུས་སུ་(རྩ་བ་དང་རྩེ་མོར་)བུག་པ་དང་བཅས་པའི་དབུས་མ་ ཁྲུ་བཞི་པ་ནི་རྩ་བའི་འཁྲུལ་འཁོར་རོ། །དེའི་སྦུབས་ཀྱི་རྩེ་མོ་ལ་(ཆུ་འབབ་པ་ངོས་ཀྱི་)བུམ་པའི་ ཁའི་མགྲིན་པའི་སྦུབས་ཀྱི་རྩེ་མོ་བཅུག་པར་གྱུར་པའོ། འོག་ཏུ་བུམ་པ་ལ་བུག་པ་ནི་སྦུབས་ ཀྱི་བུག་པའི་ཚད་དོ། །(རྩ་བའི་)འཁྲུལ་འཁོར་གྱི་རྒྱབ་ཏུ་སྦུབས་ཀྱི་རྩེ་མོར་སྦུབས་གཞན་(དྲངས་ པའི་)ཆུའི་ནང་དུ་གཞུག་པར་བྱའོ། །དེ་ནས་བུམ་པའི་བུག་པ་དང་ཆུར་སོན་པའི་སྦུབས་ཀྱི་ བུག་པའམ་སྦུབས་ཀྱི་བུག་པ་མདུན་ནས་རྒྱས་གདབ་(ཅིང་དགག་)པར་བྱའོ། །དེ་ནས་ཇི་སྲིད་ འཁྲུལ་འཁོར་ཆུས་གང་བར་གྱུར་གྱི་བར་དུ་རྩ་བའི་འཁྲུལ་འཁོར་གྱི་དབུས་ཀྱི་བུག་པ་ནས་ 2-1-368 ཆུ་གཞུག་པར་བྱའོ། །དེ་ནས་ཆུའི་ནང་གི་(རྩ་བའི་འཁྲུལ་འཁོར་གྱི་)བུག་པའམ། བུམ་པའི་བུག་ པ་དང༌། (འཁྱོག་པའི་)སྦུབས་ཀྱི་བུག་པས་ཅིག་ཅར་མཚོ་ལས་བུམ་པར་ཆུ་འདྲེན་པར་བྱེད་དོ། ། ཆུ་དེ་ཉིད་སྐྱེད་མོས་ཚལ་ལམ་ལྡུམ་རར་འགྲོ་སྟེ་མཉམ་པའི་ས་ལ་(སྟེ་)གང་དུ་དྲངས་པ་དེ་ནི་ འགྲོ་བར་འགྱུར་ཞེས་པ་ཆུ་བཅུ་བའི་འཁྲུལ་འཁོར་གྱི་མཚན་ཉིད་ངེས་པའོ(སྔར་བཞིན་དུ་འདིར་ ཡང་སྟེ་སྲོག་དང་ཐུར་སེལ་རབ་ཏུ་འགགས་པའི་ཆུའི་འཁྲུལ་འཁོར་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྡོ་རྗེ་ནོར་བུ་ནས་རྡོ་རྗེ་ གཙུག་ཏོར་ཆེན་པོར་དྲངས་ཏེ་རྩ་བདུན་ཁྲི་ཉིས་སྟོང་དང་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞིའི་མཐར་ཐུག་པའི་ལྡུམ་ར་སྐྱེད་མོས་ཚལ་ ལ་སོགས་པ་ཡོངས་སུ་གང་བར་བྱའོ། །ཞེས་ཀྱང་དོན་གྱིས་བསྟན་པར་རིག་པར་བྱའོ་གསུངས)། ༡༤༨ ། ༈ ད་ནི་འཇམ་དཔལ་གྱིས་ཉི་མའི་ཤིང་རྟ་ལ་(རྩ་བའི་འཁྲུལ་འཁོར་གྱི་)ངེས་[ཨ་ས་མན་དྲཎ་ (བོད་པ་ཟེར་)]པ་སྦྱིན་པ་གསུངས་པ་རབ་མཆོག་ཅེས་པ་ལ་སོགས་པ་སྟེ་འདིར་གདུག་པ་ཅན་ རྣམས་སྒྲུབ་པའི་དོན་དུ་དང་པོའི་སངས་རྒྱས་སུ་ནི་སྲིད་གསུམ་བླ་མ་ཤཱཀྱ་སེང་གེས་ཕྱག་ན་ རྡོ་རྗེའི་སྤྲུལ་བའི་སྐུ་ཟླ་བ་བཟང་པོ་ལ་〔དཔལ་ལྡ ན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་〕 དབྱངས་འཆར་བ་དང་འཁྲུལ་འཁོར་གྱི་མཚན་ཉིད་ཐམས་ཅད་སྔོན་(རྩ་རྒྱུད་)དུ་གསུངས་པ་ གང་ཡིན་པ་དེ་ཡི་ནང་ནས་ཏེ། དབྱངས་འཆར་བ་དང༌། འཁྲུལ་འཁོར་བརྗོད་པ་དེའི་ནང་ ནས། འདིར་ནི་དེ་རིང་ཤམ་བྷ་ལ་ཞེས་བྱ་བའི་ཡུལ་འདིར། ཉི་མའི་ཤིང་རྟ་ཁྱོད་ལ། འཇམ་ དཔལ་མིའི་དབང་པོ་གྲགས་པ། བདག་གིས་གསལ་བར་བསྟན་ཏོ། །རང་གནས་བསྲུང་བའི་ དོན་དུ་འདི་རྣམས་མཐའ་དག་གྱིས་ཤིག་ཞེ་སྡང་ཆགས་པས་མིན་ནོ་ཉི་མ་ཀྱེ་ཞེས་པ་སྟེ། ཉི་ མའི་ཤིང་རྟ(ལ་དབྱངས་འཆར་བ་དང་འཁྲུལ་འཁོར་རྣམས་བྱ་བའི་གདམས་པ་)འི་ངེས་པ་ཇི་ལྟ་བ་དེ་བཞིན་དུ། དུས་ཀྱི་འཁོར་ལོ་ཡོངས་སུ་ཤེས་པ་དང་ལྡན་པ(འི་གང་ཟག་རྒྱུད་སྟོན་པ་པོ་)གཞན་རྣམས་ཀྱི་ཡང་ (གཡུལ་རྒྱལ་དང་འཁྲུལ་འཁོར་རྣམས་བྱེད་པའི་གདམས་ངག་ཡིན་པར་)བཅོམ་ལྡན་འདས་ཀྱི་ངེས་པའོ། ༡༤༩། 2-1-369 ༈ མཆོག་གི་དང་པོའི་སངས་རྒྱས་ལས། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ། དུས་ཀྱི་འཁོར་ ལོའི་རྒྱས་འགྲེལ། སྟོང་ཕྲག་བཅུ་གཉིས་པ། དྲི་མ་མེད་པའི་འོད་ལས། དབྱངས་འཆར་བ་ དང་འཁྲུལ་འཁོར་གྱི་ཆོ་ག་ངེས་པའི་མདོར་བསྡུས་ཆེན་པོ་སྟེ་བཅུ་པའོ(ཞེས་པ་ནི་དང་པོའི་སངས་ རྒྱས་རང་བྱུང་ཡེ་ཤེས་ཀྱི་སྐུའི་རྣམ་བཅུ་དབང་ལྡན་ཉེ་བར་མཚོན་པའི་དོན་ནོ)། ། ༈ ད་ནི་འཁོར་ལོས་སྒྱུར་བ་ཆེན་པོས་ཀླ་ཀློའི་ཆོས་འཇོམས་པ་དང་སངས་རྒྱས་ཀྱི་ཆོས་ རབ་ཏུ་འཇོག་པ་ཉིད་ལ་སོགས་པ་གོ་སླ་སྟེ། དེས་ན་རྒྱས་འགྲེལ་དུ་མ་བརྗོད་དོ(དངོས་སུ་ན་སྒྲ་ ཇི་བཞིན་པ་ལས་ཀྱང་དེ་དང་དེ་ལ་མོས་པའི་སེམས་ཅན་རྣམས་དེ་དང་དེའི་ཐབས་ཀྱིས་དྲངས་ནས་རྡོ་རྗེའི་རྣལ་འབྱོར་ལ་སྦྱོར་ བར་མཛད་དེ་དེ་ལྟ་བས་ན་སེམས་ཅན་གྱི་བསམ་པའི་དབང་གིས་འདི་དག་ཀྱང་དོན་ཆེན་པོ་དང་ལྡན་ནོ་ཞེས་རྟོགས་པར་བྱ་བའི་ རང་གི་བསམ་པ་དང་མི་མཐུན་པ་ཙམ་གྱིས་རྒྱུད་ཀྱི་རྒྱལ་པོ་ལ་སྨད་པར་ནི་མི་བྱ་སྟེ་འཕགས་པ་ལ་སྐུར་བ་དང་དམ་པའི་ཆོས་སྤོང་ བར་འགྱུར་བའི་ཕྱིར་རོ)། ༡༧༠ ། ༈ 〚ཕྱི་〛འཇིག་རྟེན་ཁམས་ཀྱི་〚དྲི་མ་དང་བཅས་པའི་དེ་བཞིན་ཉིད་སྟོན་པའི་〛ལེའུའི་ རྒྱས་འགྲེལ་རྫོགས་སོ། །༒ །།མངྒ་ལཾ། བྷཝནྟུ། དགེའོ། །