1-1-1 ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་ གསུང་འབུམ། ༼ཀ༽ 1-1-2 ༄༅། །ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྣམ་པར་ ཐར་བ་རིན་པོ་ཆེའི་ཕྲེང་བ་ བཞུགས། ༄༅། །ན་མོ་གུ་རུ། ཆོས་རྗེ་དགུང་ལོ་བརྒྱད་ཅུ་རྩ་གཅིག་བཞེས་པ་སྟག་གི་ལོ་སྐུ་ ཁམས་ཅུང་ཟད་མ་སྙོམས་པར་མནལ་བསྲུང་བའི་དུས། བླ་མ་ཆོས་ཀྱི་རིན་ཆེན་གྱིས་སྔར་ དྲུང་ནས་སྐུ་ཁམས་ཤིན་ཏུ་བཟང་བ་ལགས་ན། ད་ལོ་སྐུ་རིམ་གསོལ་སྨན་ཅི་དྲངས་ཀྱང་སྐུ་སྐྱེད་ ཆུང་བར་གདའ་ཞིང་ཅུང་ཡིད་མ་ཆེས་པར་གདའ་ལགས། གལ་ཏེ་གསོལ་བ་མ་ཐེབས་ན་ རྣམ་པར་ཐར་བ་ཅིག་འཚལ་བར་གདའ་བས། སྐུ་ཚེ་འདི་ཉིད་ཀྱི་འཁྲུངས་ཚུལ་དང༌། གསན་ སྦྱོང་འགྲོ་དོན་མཛད་ཚུལ་རྣམས་ཡི་གེར་ཡོད་པ་ཞིག་ཞུ་ཞུས་པས། རང་རེ་སྤྲང་པོ་བྱ་བྲལ་བ་ ལ་རྣམ་ཐར་དགོས་པའི་ལུགས་མ་ལགས། ཁམས་ཀྱིས་མི་བཅོགས་པར་འདུག་གསུང་བ་ལ་ ནན་ཆེ་བར་ཞུས་ནས། ཐོག་མཐའ་གཉིས་སུ་རྩོམ་པའི་འཇུག་སྒོ་དང༌། བརྩམས་པའི་དགོས་ པ་ཚིག་འགའ་མ་གཏོགས་པ། སྒྲོ་འདོགས་སྐུར་འདེབས་མེད་པ། དྲུང་གི་ཞལ་ནས་གསུངས་ པ་འདི་ལྟ་སྟེ། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྣམ་པར་ ཐར་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། དམིགས་པ་མེད་པའི་མཁྱེན་རབས་དང་ཐུགས་རྗེ་ཕུན་ སུམ་ཚོགས་པ། དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་ཏུ་བསྡུས་པ་ཆོས་ཀྱི་རྒྱལ་པོ་ཉིད་ ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། ། མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས་པས་སྒྲིབ་གཉིས་དམག་དཔུང་མཐའ་དག་སྤངས། ། 1-1-3 རྡོ་རྗེ་ཐེག་པའི་རྒྱ་མཚོ་གོས་ཅན་ཀུན་ནས་ལྷང་ངེར་གསལ་བར་མཛད། །སྐལ་ལྡན་རྐང་ དྲུག་ལྡན་པའི་ཚོགས་ལ་ངེས་དོན་སྦྲང་རྩི་སྦྱིན་མཛད་པ། །ཆོས་རྗེ་རྟ་བདུན་རྒྱལ་པོའི་ཞབས་ པད་བདག་གི་གཙུག་ན་བརྟན་གྱུར་ཅིག །ལྷ་དང་ལྷ་མིན་མིའམ་ཅི་དང་ཀླུ་དབང་གྲུབ་པ་ རིག་འཛིན་སོགས། །འཇིག་རྟེན་འདི་ན་ཆེ་བར་ཀུན་རློམ་ཀུན་གྱིས་ཁྱོད་ཞབས་ཉེར་བླངས་ ཤིང༌། །རྒྱལ་བའི་དབང་པོ་སྲས་བཅས་ཀྱིས་ཀྱང་ཉིན་བཞིན་བསྔགས་ན་གཞན་གྱི་སྨོས་ཅི་ འཚལ། །འོན་ཀྱང་དད་པས་སྒྲོ་སྐུར་སྤངས་ཏེ་བཀའ་བཞིན་མདོར་བསྡུས་བརྗོད་པར་སྤྲོ། ། དེ་ཡང་ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཉིད་ཀྱིས་བྱིན་གྱིས་བརླབས་ཤིང༌། ལུང་བསྟན་ པ་ཁ་བ་ཅན་གྱི་ལྗོངས་གངས་རི་དཔལ་དང་ལྡན་པས་བསྐོར་བ། ཆུ་བོ་གཙང་ཞིང་བསིལ་ བའི་རྒྱུན་དུ་མ་འབབ་པས་ཉེ་བར་བརྒྱན་པ་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་བྱིན་ གྱིས་བརླབས་པས། སྐྱེ་དགུ་རྣམས་ཀྱང་རང་བཞིན་གྱི་སྙིང་རྗེ་ཆེ་ཞིང༌། ཟབ་པ་དང་རྒྱ་ཆེ་བའི་ ཆོས་ལ་མོས་པ་འབྱུང་བ། བོད་ཀྱི་ཡུལ་འདིར་སྤྲུལ་བའི་རྒྱལ་བློན་བྱང་ཆུབ་སེམས་དཔའ་ རྣམས་ཀྱིས། ལྔ་རིགས་པའི་པནྜི་ཏ་དུ་མ་དང༌། གྲུབ་པའི་སྐྱེས་བུ་མང་དུ་སྤྱན་དྲངས་ནས་དམ་ པའི་ཆོས་ཀྱི་དབུ་བརྙེས། སྲོལ་བཏོད། དར་ཞིང་རྒྱས་པར་མཛད་པ་ལ། དུས་ཀྱི་དབང་གིས་ བསྟན་པ་ཅུང་ཟད་ནུབ་པར་གྱུར་པ་ན། རྒྱལ་བའི་བསྟན་པ་ལྔ་བརྒྱ་པ་ཕྲག་བརྒྱད་ལ་ཉེ་བར་ གྱུར་པ་ན། ཁ་བ་ཅན་ན་གནས་པའི་སྙིགས་དུས་ཀྱི་སེམས་ཅན་རྣམས་སྡུག་བསྔལ་དུ་མས་ གཙེས་ཏེ་ཉམས་ཐག་པར་གནས་པ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་བསྟན་པ་ རིན་པོ་ཆེ་དང༌། ཁྱད་པར་དུའང་མཐར་ཐུག་ངེས་པའི་དོན་དཔལ་དུས་ཀྱི་འཁོར་ལོ་མན་ངག་ ཡན་ལག་དྲུག་དང་བཅས་པས་རྡོ་རྗེ་ཐེག་པའི་བསྟན་པ་གསལ་བར་བྱ་བའི་ཆེད་དུ། རིགས་ ལྡན་པའི་སྤྲུལ་པ་ཆོས་ཀྱི་རྒྱལ་པོ་མཚན་གཞན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ ཞེས་ས་གསུམ་ན་གྲགས་པ་དེ་ཉིད་བསོད་ནམས་ཀྱི་དཔལ་དུ་བྱོན་པར་གྱུར་ཏོ། ། 1-1-4 དེ་ཡང་སྐྱེས་བུ་དམ་པ་འདི་ནི། བསྐལ་པ་དཔག་ཏུ་མེད་པ་ནས་ཚོགས་གཉིས་ཉེ་བར་ སྦྱངས་པས་འགྲོ་བ་མ་ལུས་པའི་མ་རིག་པའི་འཐིབས་པོ་སེལ་བར་མཛད་པས། ཉི་མའི་ དཀྱིལ་འཁོར་ལྟ་བུར་ཉོན་མོངས་པའི་འཐིབས་པོ་གསལ་བར་མཛད་པས། ཟླ་བའི་དཀྱིལ་ འཁོར་ཡོངས་སུ་རྫོགས་པ་ལྟ་བུ། ཐེག་པ་ཆེན་པོའི་ཆོས་ཀྱི་ཆར་རྒྱུན་དུ་འབེབས་པས། རྫོགས་ལྡན་གྱི་དུས་ཀྱི་སྤྲིན་ལྟ་བུ། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་ཅིང༌། དེ་ཁོ་ན་ ཉིད་སེང་གེའི་ང་རོ་སྒྲོག་པས་རི་དྭགས་ཀྱི་རྒྱལ་པོ་ལྟ་བུ་ཀུན་ནས་དུལ་ཞིང༌། བརྟུལ་ཞུགས་ ཀྱི་ཁུར་ཆེན་པོ་ཁྱེར་བས་གླང་པོ་ཆེ་ལྟ་བུ། ལྟ་བ་ངན་པའི་སེར་བུས་གཡོ་བར་མི་ནུས་པའི་ རིའི་རྒྱལ་པོ་རི་རབ་ལྟ་བུ། ཡོན་ཏན་རིན་ཆེན་དུ་མའི་འབྱུང་གནས་སུ་གྱུར་པས་རྒྱལ་པོ་ ཆེན་པོ་ལྟ་བུ། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འབྱུང་བས་ནོར་བུ་རིན་པོ་ཆེ་དབང་ གི་རྒྱལ་པོ་ལྟ་བུ། འདི་ཉིད་ཀྱི་ཡོན་ཏན་མཐའ་དག་ས་ཆེན་པོ་ལ་གནས་པ་རྣམས་ཀྱིས་ཀྱང་ དཔག་པར་དཀའ་ན་ཡང༌། བདག་ལྟ་བུས་མཁྱེན་རབ་ཀྱི་ཆ་ཤས་ཙམ་ཡང་རྟོགས་པར་ལྟ་ ཅི་སྨོས། འོན་ཀྱང་སྐུ་ཚེ་འདི་ཐ་མལ་པའི་ཚུལ་བཟུང་ནས་སྙིགས་དུས་ཀྱི་གདུལ་བྱ་སྐལ་བ་ དམན་པ་རྣམས་ཀྱི་སྣང་ངོར་མཛད་པ་ཇི་ལྟར་བསྟན་པའི་ཚུལ་རགས་རིམ་བཞིན། རྗེ་བླ་ མ་ཉིད་ལ་ཇི་ལྟར་ཐོས་པ་ལྟར་སྒྲོ་(ཤོག་གྲངས་གསུམ་པ་ནས་དྲུག་པའི་བར་མི་ཚང་)དོན་གསུམ་དམར་ ཁྲིད་དུ་བསྐྱངས་སོ། །སློབ་དཔོན་བློ་གྲོས་བཟང་པོ་ལ་འཇམ་དབྱངས་ཨ་ར་པ་ཙ་ན་སྒྲུབ་ ཐབས་ཆོས་རྗེ་པཎ་ཆེན་གྱིས་མཛད་པ། བྱང་སེམས་ཟླ་རྒྱལ་གྱི་གཏོར་མ་བརྒྱ་རྩའི་ལུང་ཞུས་ སོ། །ཚལ་སྒོམ་སྡེ་བ་བླ་མ་གཞོན་ནུ་འོད་ཟེར་ཞེས་པ་ལ། ཕྱག་ན་རྡོ་རྗེ་མདོ་ལུགས་ཀྱི་སྒྲུབ་ ཐབས་དང༌། དཔལ་རྒ་ལོ་ནས་བརྒྱུད་པའི་བ་སུ་ཀའི་གཏོར་མ་དང༌། ཉང་ལུགས་ཀྱི་ཆབ་ གཏོར་འཇམ་དཔལ་མའི་ལུང་ཞུས་སོ། །ཡར་ཀླུངས་ཀྱི་མཁན་པོ་རྒྱལ་ཚ་གཞོན་ནུ་གྲགས་ ཞེས་པ་ལ། སོ་སོར་ཐར་པའི་མདོའི་བཤད་པ་དང༌། སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ 1-1-5 ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ཁྲོ་བོ་རྨེ་བརྩེགས་ཀྱི་རྗེས་གནང་སྒྲུབ་ཐབས་ རྣམས་ཞུ། རིན་པོ་ཆེ་ཀརྨ་པ་རང་བྱུང་རྡོ་རྗེ་ལ་སྐུ་གསུམ་ངོ་སྤྲོད་དང༌། ཐུགས་རྗེ་ཆེན་པོ་ཡི་ གེ་དྲུག་པའི་བསྒོམ་བཟླས་ཞུས། བླ་མ་རྟོགས་ལྡན་ཡེ་གཞོན་པ་ལ། ཞི་བྱེད་ཀྱི་མཐའ་བྲལ་ སྐོར་གསུམ། བླ་མའི་རྣལ་འབྱོར་དང་བཅས་པ་ཞུས། བསམ་ཡས་ཀྱི་སློབ་དཔོན་བར་ཁང་ པ་བརྩོན་འགྲུས་དར་ལ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས། ས་ལུགས་ཀྱི་མི་གཡོ་བ་མགོན་ པོའི་སྒྲུབ་ཐབས་ཞུས། ཚད་མ་རྣམ་འགྲེལ་གྱི་ལུང་དང༌། ལེགས་བཤད་ཀྱི་ལུང༌། ཚད་མ་ སྡེ་བདུན་གྱི་ཆ་ལག་གཉིས་ཙམ་ཞུས། མཁན་པོ་རི་ཟན་རྟོག་པ་ཞེས་བྱ་བ། བསླབ་པ་ཀུན་ ལས་བཏུས་དང་། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ལུང་ཞུས། བླ་མ་རྔོག་ གཞུང་པ་རིན་ཆེན་བཟང་པོ་ལ་མཚན་བརྗོད་འདོན་ཐབས་དང་བཅས་པ་ཞུས། གཡོ་པོ་དྲང་ ཐང་དུ། སློབ་དཔོན་དབུ་མ་པ་ཟེར་བ་ཅིག་ལ་སྒྲོལ་མ་མཎྜལ་བཞི་པའི་ལུང་ཞུས། གྲ་ཐང་ ནས་སྒྲོལ་མ་གསུང་འབྱོན་བཞུགས་པ་ལ་གསོལ་བ་བཏབ་པས་བྱིན་རླབས་ཆེ་བར་བྱུང་། དེ་ ནས་གསང་སྔགས་རྡོ་རྗེ་ཐེག་པ་ལ་ལྷག་པར་མོས་པ་སྐྱེས་ནས། བླ་མ་ར་ག་བྲག་པ་ཤཱཀྱ་སེང་ གེ་དྲུང་དུ་ཕྱིན་ནས། བདེ་མཆོག་དྲིལ་བུ་པའི་དབང་དང་། དྲིལ་བུ་སྐོར་གསུམ་གྱི་བྱིན་རླབས་ དང་བཅས་པ། རྗེ་བཙུན་གྲགས་རྒྱལ་གྱིས་མཛད་པའི་སྒྲུབ་ཐབས་རྣམས་ཞུས། རྡོ་རྗེ་འཇིགས་ བྱེད་ཀྱི་དབང་བཀའ་དང་། རྒྱུད་རྟོག་པ་བདུན་པ་དང་། ཨ་མོ་གྷ་བཛྲའི་མཛད་པའི་དཀྱིལ་ ཆོག འཇམ་པའི་དབྱངས་ཀྱིས་མཛད་པའི་ཕྱག་གཉིས་པའི་སྒྲུབ་ཐབས་ལ། ལ་ལི་ཏ་བཛྲ་ རས་མཛད་པའི་གཏོར་ཆོག སྦྱིན་སྲེག་ཤྲཱི་བཛྲ་རས་མཛད་པའི་སྒྲུབ་ཐབས། ཨ་ཀ་ར་ཤནྟིས་ མཛད་པའི་ཚོགས་འཁོར། བླ་མ་ཆེན་པོས་མཛད་པའི་མངོན་རྟོགས། ཙུ་བཙུན་དྷ་རའི་ཆོ་ ག་འཁྲུལ་འཁོར། དེའི་གསལ་བྱེད་ར་ཡེ་ཤེས་སེང་གེས་མཛད་པའི་མངོན་རྟོགས། དཀྱིལ་ ཆོག་ཚོགས་འཁོར་རྣམས་དང་། གཤིན་རྗེ་གཤེད་དམར་པོ་ལྷ་ལྔ་དང་བཅུ་གྱི་དབང་། འབིར་ 1-1-6 ཝ་པས་མཛད་པའི་སྒྲུབ་ཐབས་གཉིས། གཏོར་ཆོག འཁྲུལ་འཁོར། དེའི་གསལ་བྱེད། སློབ་ དཔོན་དཔལ་འཛིན་གྱིས་མཛད་པའི་དཀྱིལ་ཆོག ཆོས་རྒྱལ་འཕགས་པས་མཛད་པའི་མངོན་ རྟོགས་རྣམས་དང༌། གཤིན་རྗེ་དགྲ་ནག་དང་གདོང་དྲུག་གི་དབང་དང་སྒྲུབ་ཐབས་ཞུས། ཀྱཻ་ རྡོ་རྗེ་ས་ལུགས་དང༌། རྔོག་ལུགས་གཉིས་ཀྱི་དབང་ཞུས་ཤིང༌། དབང་བསྐུར་བའི་གནས་ སྐབས་རྣམས་སུ་ཡེ་ཤེས་ཕེབས་པའི་རྣམ་པ་མ་བྱུང་བ་ཅིག་ཀྱང་མེད་ཅིང་བྱིན་བརླབས་ཤིན་ ཏུ་ཆེ་བར་བྱུང་ངོ༌། ། གཞན་ཡང་རྒོད་ཚང་པ་ནས་བརྒྱུད་པའི་ནད་འདོན་ཧའི་སྐོར་དང༌། དབང་ཕྱུག་ཆོས་ཀྱི་ ལུང༌། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར། གཅོད་ཀྱི་སྐོར། ནམ་མཁའ་སྒོ་འབྱེད། རིན་ཆེན་ ཕྲེང་བ། མ་ཅིག་གི་འཁྲུལ་གཅོད་རྣམས་ཞུས། ལོ་ཉི་ཤུ་རྩ་བདུན་པ་ལ་གཙང་ལ་ཡོང་བའི་ ཡ་རེས། སྟག་གྲུ་ཁ་ནས་མཁན་ཆེན་རིན་པོ་ཆེ་བསོད་ནམས་གྲགས་པའི་ཚོགས་པ་བཞུགས་ འདུག་ཅིང༌། སློབ་དཔོན་ཆེན་པོ་དཀོན་མཆོག་བཟང་པོ་ཡང་ཚོགས་པའི་གསེབ་ན་བཞུགས་ པ་ལ་མཇལ་འཕྲད་མཛད། ཚོགས་པའི་གསེབ་ཏུ་ཞག་འགའ་ངལ་གསོ་ཞིང་བསྡད། དེ་ནས་ ཡར་འོང་བར་བྱས་པ་ན། སློབ་དཔོན་ཆེན་པོ་དཀོན་བཟང་བའི་གསུང་གིས། ཁྱེད་བྲག་རམ་ ཕྱོགས་སུ་འགྲོ་བ་དེ་ལེགས་པས། ང་ཡང་བྲག་རམ་ན་མཁན་ཆེན་ཆོས་རྒྱལ་དཔལ་དང༌། བླ་ མ་ཀུན་མཁྱེན་སེང་གེ་འབུམ་གཉིས་ལ་ཆོས་ཀྱི་འབྲེལ་བ་ཡོད་ཅིང༌། ཐུགས་སྣང་ཤིན་ཏུ་དག་ པ་ཡོད་པས་མཇལ་བ་དང༌། བུ་སློབ་དད་གུས་ཅན་རྣམས་དང་ཡང་འཕྲད་ན་དགའ་བར་ འདུག་གསུང་བས། རང་རེའི་དཔོན་སློབ་བསྡོངས་ནས་འགྲོ་བར་བྱའོ་གསུང་ནས་ཐོག་མར་ བྲག་རམ་དུ་ཕྱགས་ཕབ་ནས་མཇལ་འཕྲད་རྣམས་མཛད། ཟླ་བ་གཅིག་ཙམ་བཞུགས། དེ་ ནས་ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོའི་སྙན་པ་ཐོས་པ་དང༌། སྐུ་འབུམ་ཆེན་མོ་ངོ་མཚར་ཅན་ ཅིག་ཀྱང་བཞེངས་གྱིན་ཡོད་ཟེར་བའི་སྙན་པ་ཐོས་པ་ལ་བརྟེན་ནས། མཁན་ཆེན་པ་དང་ 1-1-7 སློབ་དཔོན་པ་ལ་བདག་ཇོ་ནང་དུ་འགྲོ་བར་ཞུ་ཞུས་ནས། ཇོ་ནང་དུ་ཆོས་རྗེ་སྐུ་འབུམ་ལ་ བསྐོར་བ་མཛད་པ་དང་མཇལ་བས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཤིང༌། ཕྱག་མང་དུ་ བཙལ། ཕྱག་རྟེན་གྱི་དངོས་པོ་མཚོན་ཙམ་ཡོད་པ་ཕུལ། བདག་ཅག་དྲུང་གི་སྐུའི་སྙན་པ་ཚད་ མེད་པ་ཐོས་པ་དང༌། སྐུ་འབུམ་ལྟ་བ་ལ་ཡོང་བ་ལགས་པས་ཐུགས་བརྩེ་བ་ཆེན་པོས་གཟུང་ དུ་གསོལ། ཞེས་ཞུས་པ་སློབ་དཔོན་ཉིད་ཇི་འདྲ་ཅིག་ཡིན་ནམ། འདིར་མཇལ་དུ་ཡོང་བ་ཤིན་ ཏུ་དགའ་ཞེས་གསུང་བ་ལ། བདག་ཅག་མངའ་རིགས་ཕྱོགས་ཅིག་པ་ལགས་ཤིང༌། དབུས་ གཙང་དུ་ཕར་ཚད་ཀྱི་སློབ་གཉེར་བགྱིད་པ་ལ་ཡོང་ཞིང། སློབ་གཉེར་ཡང་འཕེལ་རབ་བྱུང་ བ་ཅིག་ལགས་ཞུས་པས། དྲུང་གི་གསུང་གི་ད་འོ་ན་ཞག་འགའ་བླ་བྲང་དུ་བཞུགས། ཆོས་ཀྱི་ གསུང་གླེང་ཅི་རིགས་པ་བྱེད་པ་ཡིན་གསུང༌། ཤིན་ཏུ་ཐུགས་ལ་བཏགས། དེ་བཞིན་བགྱིད་ པར་ཞུ་འཚལ་ཞེས་ཞུས་ནས། ཆོས་ཀྱི་གསུང་གླེང་མང་དུ་ཞུས་ཤིང༌། ཁྱད་པར་དཔལ་དུས་ ཀྱི་འཁོར་ལོའི་ཆོས་ཀྱི་གསུང་གླེང་མང་དུ་ཞུས་ཤིང་བྱུང་བ་ལ་རྟེན་ནས། བདག་ཀྱང་དུས་ཀྱི་ འཁོར་ལོ་ལ་དོན་གཉེར་ཅིག་བགྱིད་པ་ཞུ་འཚལ་ཞེས་ཞུས་པས། དུས་ཀྱི་འཁོར་ལོ་ལ་དོན་ གཉེར་བྱེད་པ་དེ་ཤིན་ཏུ་ལེགས་གསུང༌། དེ་ལ་སྔོན་དུ་ཟབ་ལམ་ཁྲིད་ཐོབ་པ་ཅིག་དགོས་ པས། ཐོག་མར་དོ་ཞག་ཉིད་དུ་ཁྲིད་ཞུས་པ་ལ་འཐད་གསུང་ནས་ཁྲིད་ཞུ་བའི་ཆས་ཀ་ཐམས་ ཅད་བླ་བྲང་ནས་གནང་ཞིང༌། བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་རྫོགས་རིམ་ཟབ་ལམ་སྦྱོར་ བ་ཡན་ལག་དྲུག་གི་ཁྲིད་ཡོངས་སུ་རྫོགས་པར་མནོས་ཤིང་། གཞན་ཡང་ཆོས་རྗེ་ཉིད་ལ་དབང་ཆོས་སྐོར་ཞུས་པ་ནི། དུས་ཀྱི་འཁོར་ལོ་རྭ་ལུགས་དང་ འབྲོ་ལུགས་ཀྱི་དབང་ཡོངས་རྫོགས་ལན་བཞི་ཙམ་ཐོབ། རྡོ་རྗེ་ཕྲེང་བའི་དབང༌། འཇིགས་ བྱེད་གཤེད་དམར་གྱི་དབང༌། ཕྱག་ན་རྡོ་རྗེའི་དབང༌། སྒྲོལ་མ་ས་ལུགས་ཀྱི་དབང༌། ཚེ་ དཔག་མེད་འཆི་མེད་རྔ་སྒྲའི་དབང༌། རྟ་མགྲིན་ཡང་གསང་གི་དབང༌། ལམ་འབྲས་ཀྱི་ལུང༌། 1-1-8 སྒྲུབ་ཐབས་རྒྱ་མཚོ། འཇམ་དབྱངས་སྨྲ་སེང་གི་རྗེས་གནང༌། ཞི་བྱེད་ཀམ་ལུགས་ཀྱི་མན་ ངག་དང་བྱམས་ཁྲིད། སྐྱེ་བ་སོགས་བརྟག་པ། དཔའ་བོ་ཅིག་སྒྲུབ་ཀྱི་རྒྱུད་ལ་རྟེན་པ། ར་ ཧུ་ལའི་བསྲུང་བ། ཚེ་དཔག་མེད་གྲུབ་པའི་རྒྱལ་མོའི་ལུགས། ནམ་མཁའ་སྒོ་འབྱེད། ཀྱཻ་རྡོ་ རྗེའི་རྒྱུད། བདེ་མཆོག་རྩ་རྒྱུད། རྡོ་རྗེ་གུར། སམྦྷུ་ཊི། གསང་བ་འདུས་པ། རྩ་རྒྱུད་ལེའུ་བཅུ་ བདུན་པ། དེའི་རྒྱུད་ལེའུ་བཅོ་བརྒྱད་པ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལེའུ་དྲུག་ཅུ་རྩ་བརྒྱད་པ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། ལྷ་མོ་བཞིས་ཞུས་པའི་ལེའུ་བཞི། ཞལ་བཞི་པའི་རྗེས་ གནང༌། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་མོ་དང༌། འགྲེལ་པ་སྐོར་གསུམ་མང་དུ་ ཐོས་ཤིང་ཁོང་དུ་ཆུད་པར་བྱས། གཞན་ཡང་བྱམས་པའི་ཆོས་ལྔ་འགྲེལ་པ་དང་བཅས་པ། ས་ ལུགས་དང༌། འབྲོ་ལུགས་ཀྱི་བླ་མའི་རྣལ་འབྱོར། དམར་ཁྲིད། གེགས་སེལ་གཟེར་ལྔ་རྣམས་ ཞུས། དེའི་སྐབས་ནས་ས་སྐྱར་བླ་མ་ཀུན་སྤངས་ཆོས་གྲགས་དཔལ་བཟང་བོ་ལའང་དུས་ འཁོར་ཚར་ཅིག་ཉན། དྲུང་པཎ་ཆེན་པ་དགའ་ལྡན་ལྷ་ཁང་གི་གདན་ས་མཛད་པ་ན། སྒྲ་ཀ་ལཱ་ པའི་མཚམས་སྦྱོར་ལྔ་པ་དང༌། མིང་ལེ་དང་པོ་ཉན་ནས་ཁོང་དུ་ཆུད་པར་བྱས། བླ་མ་བྱ་རྡོར་ བ་བྱང་ཆུབ་རིན་ཆེན་ལ། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་སྒྲུབ་ཐབས། རྫོགས་རིམ། བསྲུང་བ་བཞི་ལྡན། སྨན་བླའི་མདོ་ཆོག་རྗེས་གནང་རྣམས་ཞུས། བླ་མ་དེ་ཉིད་ཀྱིས་བསྟན་པ་ དང་གདུལ་བྱ་མང་པོ་སྨིན་གྲོལ་ལ་འགོད་པར་མཛད་པའི་དགེ་བའི་བཤེས་གཉེན་དུ་འགྱུར་རོ། ། ཞེས་བདག་ལ་ལུང་བསྟན་བཟང་པོ་ཡང་གནང་ངོ༌། ། ལོ་ཉི་ཤུ་རྩ་བདུན་པ་ནས་སུམ་ཅུ་རྩ་གསུམ་གྱི་བར་ཇོ་ནང་དུ་བསྡད། སོ་བཞི་ པ་ལ་ལྷ་སར་བྱོན། ཇོ་བོ་རིན་པོ་ཆེ་ལ་བསྟན་པའི་བྱ་བ་དང་གཞན་ཕན་འགྲུབ་པའི་གསོལ་ བ་བཏབ་པས། རྨི་ལྟས་བཟང་པོ་ཡང་བྱུང༌། སླར་ཡང་གཙང་དུ་བྱོན་ནས། ཇོ་ནང་དུ་ཆོས་ རྗེ་རིན་པོ་ཆེའི་དྲུང་དུ་ཉེ་བར་བསྙེན། ཆོས་རྗེ་གདུལ་བྱ་མང་པོའི་དོན་མཛད་པ་ལ་གདན་ས་ 1-1-9 ཆེན་པོ་དཔལ་ལྡན་ས་སྐྱ་ལ་སོགས་པ་རྣམས་སུ་བྱོན་པའི་ཕྱགས་ཕྱི་དང༌། མཆོད་གཡོག་པའི་ རྒན་པ་བྱས་ནས། རྗེ་པའི་ཕྲིན་ལས་རྣམ་དག་གི་ཞབས་ཏོག་ཏུ་འགྱུར་བ་མང་དུ་གྲུབ་ཅིང༌། ཁྱད་པར་ཇོ་ནང་དུ་སྟོན་དཔྱིད་ཁྲིད་བརྒྱ་ལྷག་རེ་ཡོང་བའི་འཁྲིད་བསྐོར་དང༌། དབྱར་དགུན་ རང་རེས་ཀྱང་འཚམས་དམ་པོ་བྱས་པས་དགེ་སྦྱོར་ལའང་བོགས་ཆེན་པོ་བྱུང༌། ལོ་སུམ་བཅུ་ སོ་བཞི་པའི་དུས། ཇོ་ནང་གི་གདན་སར་བླ་མ་ལོ་ཙཱ་བ་ཕེབས་ནས་བདག་ལ། ཆོས་རྗེ་སེམས་ དཔའ་ཆེན་པོ་བདེ་བར་གཤེགས་པའི་གནས་ཕུག་མོ་ཆེན་པོ་བྱིངས་འཛིན་པ་ལ་འགྲོ་དགོས་ གསུང་ནས། ན་བཟའ་བེར་ཐུལ་ལ་སོགས་པ་གནང་སྦྱིན་བཟང་པོ་མཛད་ནས་ཆོས་དབྱིངས་ སུ་སེམས་དཔའ་ཆེན་པོའི་སྐུ་འབུམ་གྱི་ཞབས་ཏོག་དང༌། ཕྱོགས་རིས་ཀྱི་འཁྲིད་ཞུ་བ་རྣམས་ ལ་འཁྲིད་དང་དབང་ཆོས་སོགས་ཀྱི་གཞན་ཕན་སྒྲུབ་ཅིང༌། རང་ཉིད་ཀྱི་དགེ་སྦྱོར་ཡང་འཕེལ་ བར་བྱུང༌། དེ་དུས་དགོན་པའི་ཡོན་བདག་སྤུན་གསུམ་གྱི་དཔོན་བསོད་ནམས་བྱ་བས། ཕུག་ མོའི་མདའ་བྱམས་པའི་གླིང་དུ། མཁོན་གྱི་གདུང་རྒྱུད་རྣམས་དང༌། ཆོས་ཀྱི་རྗེ་པཎ་ཆེན་ཀུན་ མཁྱེན་པ་དང༌། བུ་སྟོན་རིན་པོ་ཆེ་རྣམས་ལ་སོགས་པ། བཤེས་གཉེན་ཁྱད་པར་དུ་འཕགས་ པ་མང་པོའི་མཁན་པོར་གྱུར་པ། པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་མཁན་ཆེན་དོན་གྱི་སླད་ དུ་མཚན་ནས་སྨོས་ན་རིན་པོ་ཆེ་བསོད་ནམས་གྲགས་པ་གདན་དྲངས་པ་དེ་ལ། སྔར་ཀྱང་ ཆོས་ཀྱི་འབྲེལ་བ་ཅི་རིགས་སུ་ཡོད་ནའང༌། པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་མཁན་རྒྱུད་ འདི་ཤིན་ཏུ་རྒྱུད་ཐག་ཉེ་བར་འདུག་པས། སྔར་གུང་ཐང་དུ་མཁན་དོན་གྲུབ་དཔལ་བའི་ དྲུང་དུ། བསྙེན་རྫོགས་བྱས་པ་ལ་ཐེ་ཚོམ་དང་སོམ་ཉི་གང་ཡང་མེད་ཕམ་ལྷག་གི་ཉེས་པ་དྲི་ མ་ཅུང་ཟད་གོས་པ་མེད་ནའང༌། རིན་པོ་ཆེ་པ་ལ་མཁན་པོ་ཞུས། མཁན་ཆེན་བསོད་ནམས་ བཟང་པོ་ལ་ལས་ཀྱིས་སློབ་དཔོན་ཞུས། དབུ་མཛད་བགྲེས་པ་ཅིག་གིས་གསང་སྟེ་སྟོན་པའི་ སློབ་དཔོན་མཛད། དད་པའི་དགེ་འདུན་ཁ་ཚང་བ་ཅིག་གི་དབུས་སུ་བསྙེན་པར་རྫོགས་པའི་ 1-1-10 སྡོམ་པ་སྐྱར་ནས་བླངས་སོ། ། དེའི་དུས་སུ་དཔོན་བསོད་ནམས་གྲུབ་ཀྱིས་ཟབ་ལམ་གྱི་ཁྲིད་ཞུས་པས་མི་ཕྱེད་པའི་ དད་པ་ཐོབ་ནས་སྐུ་ཚེ་དགོན་པ་འདིར་འབྱིད་པར་ཞུ། ཡོ་བྱད་ཀྱང་མི་ཕོངས་པ་སྒྲུབ། ཕྱིས་ ཉེ་ནས་ཀྱང་ཁོ་རང་གིས་བགྱིད་ཟེར་ཅིང༌། ལག་ལེན་ལའང་ཁེལ་བར་མཛད་པའི་དུས་སུ། ངམ་རིངས་ནས་དཔོན་ནམ་མཁའ་བསྟན་པ་རྒྱལ་མཚན་དཔལ་ཡུམ་སྲས་པ་ལ་དུས་འཁོར་ གྱི་དབང་མོ་ཆེ་དང༌། རྒྱུད་འགྲེལ་གསུང་པར་ཞུ་བ་ལ་ཇོ་ནང་ནས་ཆོས་རྗེ་པ་ཐོག་མར་རིན་ ཆེན་སྡིངས་སུ་གདན་དྲངས་ཤིང༌། བདག་ལའང་ཆོས་རྗེའི་ཞལ་མངའ་ནས་ཀྱི་ལས་ཀྱི་སློབ་ དཔོན་བྱེད་པ་དང༌། རྒྱུད་འགྲེལ་པའི་དཀའ་བའི་གནས་ལ་འཛུབ་ཁྲིད་བྱེད་པ་ལ་ཅིས་ཀྱང་ འོང་དགོས་གསུངས་ནས་བཀའ་མ་ཆོགས་པར་ཕྱག་ཕྱི་ལ་ཕྱིན་ནས། རིན་ཆེན་སྡིངས་སུ་ དུས་ཀྱི་འཁོར་ལོ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་བཞེངས་ནས། དཔོན་ཆེན་ཡུམ་སྲས་ཀྱིས་ གཙོ་མཛད་ལ། དཔོན་སྐྱ་རགས་རིམ་ཅིག་ལ་ཞག་ལྔའི་དབང་མཛད། ཟབ་ལམ་གྱི་ཁྲིད་ བཏབ། རྒྱུད་འགྲེལ་གྱིས་བཤད་པ་ཤིན་ཏུ་རྒྱས་པ་ཅིག་ཟླ་བ་ཕྱེད་དང་གསུམ་ལ་གསུངས། དེའི་དབྱར་བདག་གི་ཕུག་མོ་ཆོས་དབྱིངས་སུ་ཕྱིན། སྟོན་ངམ་རིངས་སུ་ཆོས་རྗེ་གདན་དྲངས་ ནས། བདག་ལའང་སྔར་བཞིན་ཡར་ཡོང་དགོས་གསུངས་པའི་ཞལ་ཏ་བྱུང་ནས། ངམ་རིང་ དུ་གཙུག་ལག་ཁང་དུ་སླར་ཡང༌། དཔོན་ཆེན་ཡུམ་སྲས་ཀྱི་དབང་མོ་ཆེ་དང༌། ཟབ་ལམ་གྱི་ འཁྲིད་སྐྱར་མ་ཅིག་ཞུས། དེའི་དུས་སུ་ཇོ་གདན་ཚོགས་པའི་དགེ་བཤེས་རྣམས་དང༌། ཕར་ ཚད་ཀྱི་སྒྲོག་གླེང་མང་པོ་བྱེད་དགོས་བྱུང་ཞིང༌། བཤད་ཉན་བཞག་ནས་ལོ་སྐོར་ཅིག་ཙམ་ སོང་ནའང༌། དང་པོ་ཐུགས་ཆུད་དར་བྱས་པས་མ་བརྗེད་པར། གཞུང་སྒྲོག་གླེང་གཉིས་ལ་ དཔོན་ཆེན་པ་མཉེས་ཤིང༌། ངམ་རིང་དུ་མཁན་པོ་ལ་ཁ་འདྲེན་པའི་ཐབས་ལ། དུས་ཀྱི་འཁོར་ ལོ་ནི་རྒྱུད་འགྲེལ་ཆེན་མོ་འདི་ཆོས་ཟབ་ལ་རྒྱ་ཆེ་བ། བསྟན་པའི་མཐར་ཐུག་རང་དུ་གདའ་ 1-1-11 ཞིང༌། ཆོས་རྗེ་རིན་པོ་ཆེའི་དྲུང་དུ་ཡང་ཡང་བཤད་པ་ཞུ་བ་འདི་མི་སྤོབས་པར་གདའ་བས། སློབ་དཔོན་ཕྱོགས་ལས་རྣམ་རྒྱལ་འདི་རྒྱུད་འགྲེལ་ཚར་རེ་ཙམ་བཤད་པ་ལ། འདི་ཕྱོགས་ སུ་འབྱོན་པ་ལ་ཞུ་བ་བགྱིད་ཅིང༌། ཆོས་རྗེའི་དྲུང་ནས་ཀྱང་འདི་བཞིན་གྱི་ཞལ་ཏ་ནན་ཏན་ གནང་བར་ཞུ་གསུང་ནས། ཡོན་མཆོད་གཉིས་ཀས་རྒྱུད་འགྲེལ་འཆད་པ་ལ་ཐོག་རེ་ཙམ་ ཡོང་དགོས་གསུང་ནན་ཏན་བྱུང་ནས་གསུང་བཅག་པ་དཀའ་བྱུང་ཞིང༌། ཁས་བླངས་ཤིང༌། དབྱར་ངམ་རིང་དུ་འོངས་ནས་མཁན་ཆེན་བྱང་སེང་པ་ལ་སོགས་པ་དགེ་བའི་བཤེས་གཉེན་ བཅུ་ཙམ་ལ། ཟབ་ལམ་གྱི་འཁྲིད་ཕོག་ནས། དཔོན་ཆེན་པ་རང་གི་གཙོ་མཛད་དོན་གཉེར་ བ་རྣམས་ལ་རྒྱུད་འགྲེལ་ཚར་གཅིག་བཤད། སང་ནས་ཀྱང་རྒྱུད་འགྲེལ་ཆེན་མོ་འཆད་པ་ལ་ འོང་བའི་གནས་ཁང་ལ་དམིགས་ནས། ད་ལྟའི་ཆོས་སྡེའི་བླ་བྲང་དེ་བརྩིགས། དེའི་དབྱར་ སོའང་ཆོས་དབྱིངས་སུ་བྱོན། སྟོན་ངམ་རིང་དུ་རྒྱུད་འགྲེལ་འཆད་པ་ལ་འོངས་དུས། ཆོས་ རྗེ་རིན་པོ་ཆེའི་དྲུང་ནས་ཀྱང་ངམ་རིང་དུ་གདན་དྲངས་ནས། སེམས་འགྲེལ་གཞན་གཉིས་ པོའང་གསུང་བར་ཞུས། དེ་དུས་དཔོན་ཆེན་པའི་དྲུང་ནས། ཆོས་རྗེ་པ་ལ་ཞུ་བ་ནན་ཅན་ མཛད་ཅིང༌། བདག་རང་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཞུ་བ་ནན་ཅན་བྱུང་བ་ལ་བརྟེན་ ནས། ལོ་སོ་དགུ་པ་སྤྲེའུ་ལོ་ནས། ངམ་རིང་གི་གདན་ས་བྱེད་དགོས་པ་བྱུང་ཞིང༌། དེ་དུས་ དཔོན་ཆེན་པ་ལ་འདིའི་མཁན་པོ་བྱེད་དགོས་པའི་ལུགས་ལ། འཚལ་གུང་ཐང་ཆོས་འཁོར་ གླིང་གི་བཤད་གྲྭ་བཀའ་གདམས་ཀྱི་ཕྱག་ལེན་གཙང་མ་ཡོད་པའི་ལུགས་བཞིན། འདིར་ ཡང་རྣམ་ཐར་གཙང་མ་དགོས་ཞེས་དཔོན་ཆེན་པ་ལ་ཞུས་ནས། སྤྱིར་ཆོས་ཁྲིམས་ཤིན་ཏུ་ དམ་པ་དང༌། དབྱར་གྱི་དུས་སུ་དབྱར་ཁས་ལེན་དང༌། དབྱར་ཆོས་གྲོལ་བའི་དུས་སུ་དགག་ དབྱེའི་ཆོ་ག་དང༌། དབྱར་དགུན་གཉིས་ཀར་ཉ་དང་གནམ་སྟོང་ལ་གསོ་སྦྱོང་གི་ཆོ་ག་བྱེད་ དགོས། གཞན་ཡང་དགེ་བའི་བཤེས་གཉེན་དང་བྲལ་ནན་ཏན་གྱིས་བྱེད་པ་རྣམས་ཀྱི་རྒྱགས་ 1-1-12 ཤིང་གཙང་མར་འདོན་པ་ལ་སོགས་སྐྱང་རན་བཟང་པོ་མ་མཛད་ན་རང་རེའི་ས་ཕྱོགས་འདི་ འདྲར་བསྟན་པའི་བྱ་བ་འཆད་ཉན་ལ་སོགས་པ་ཚུགས་པར་དཀའ་ཞེས་ཡུམ་སྲས་གཉིས་ལ་ གདམ་ཞག་ལེགས་པར་བྱས་ཤིང༌། ཡུམ་སྲས་པས་ཀྱང་ཁྱེད་ཇི་ལྟར་གསུང་པ་བཞིན་བྱེད་ དགོས་གསུངས་ནས་ཕྱག་ལེན་ལ་ཐེབས་པར་མཛད་པའི་རྒྱུ་མཚན་གྱི་དིང་སང་གི་བར་དུ་ ཆོས་སྡེའི་ཚུགས་དང་ཕར་ཚད་ཀྱི་བཤད་ཉན་བཟང་པོ་ཚུགས་ཤིང༌། བདག་རང་གིས་ཀྱང་ ཚད་མ་རྣམ་ངེས་རྣམ་འགྲེལ་ལ་བསྒྱུར་ནས་ཕར་ཚད་གཉིས་ཀྱི་བཤད་པ་དང༌། ཚོགས་ཆོས་ ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་བཤད་ཅིང༌། ཆོས་བར་གྱི་དུས་སུ། སློབ་མ་ སྐལ་བ་དང་ལྡན་པ་མང་དག་ལ། དཔལ་དུས་ཀྱི་འཁོར་ལོ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ དང༌། དུས་ཀྱི་འཁོར་ལོའི་དབང་མོ་ཆེ་ལ་སོགས་པ་དབང་བཀའ་ ཟབ་མོའང་བསྐུར་ཞིང༌། རྒྱུད་འགྲེལ་ཆེན་མོའང་ཚར་མང་དུ་བཤད། གཞན་ཡང་བྱམས་ ཆོས་ཕྱི་མ་བཞིའི་བཤད་པ་དང། འདུལ་བ་མདོ་རྩ་བའང་ལན་མང་དག་ཏུ་བཤད། མངོན་ པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་ལ་མི་ཕམ་པའི་དགོངས་པའི་རྒྱན་ཞེས་པའི་ཊི་ ཀ་ལེགས་པ་ཅིག་ཀྱང་བརྩམས། དེ་དག་གི་སྐབས་ནས་ལོ་བཅུ་བཞིའི་བར་དུ་བསྟན་པའི་བྱ་ བ་ཤིན་ཏུ་འཕེལ་བར་བྱུང་ངོ༌། ། ཆོས་རྗེ་གྲགས་པ་དཔལ་བའི་དྲུང་དུ་དབེན་གནས་ཆེན་པོ་སྤང་ཁང་དུ་ཕྱིན་ནས། ལམ་ འབྲས་བུ་དང་བཅས་པ་ལམ་སྐོར་ཆ་ལག་ཚང་བ་རྫོགས་པའི་ཁྲིད་ཀ དབང་བྱིན་རླབས་ ཐམས་ཅད་རྫོགས་པར་ཞུས་ཤིང༌། གཞན་ཡང་ཕྱག་རྒྱ་ཆེན་པོ་གའུ་མ། ནཱ་རོ་ཆོས་དྲུག ནི་གུ་ ཆོས་དྲུག་ལ་སོགས་པ་མང་དག་ཞུས། ངམ་རིང་གི་གདན་ས་བྱས་ནས་ལོ་བཅུ་སོང་བ་དང༌། རྟ་ལོའི་འཇུག་ཏུ། དཔལ་ཇོ་ནང་གི་དབེན་གནས་ཆེན་པོར། ཆོས་རྗེ་ལོ་ཙཱ་བས་གདན་ས་ལོ་ བཅོ་བརྒྱད་མཛད་པའི་དུས་བདེ་བར་གཤེགས་པའི་ཚུལ་བསྟན་ཅིང༌། དེའི་གསོལ་འདེབས་ 1-1-13 ལ་ཕྱིན་ནས་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས། དྲུང་ཀུན་སྤངས་པ། ཆོས་རྗེ་པཎ་ཆེན་པ། ས་སྐྱ་བུ་སྟོན་ལ་སོགས་པས་གསོལ་འདེབས་ཀྱི་ཆོ་ག་ཞག་བདུན་གྱི་བར་དུ་མཛད་ཅིང༌། གསོལ་འདེབས་ཆོ་ག་ཐོན་པའི་སང་ཉིན་བདག་དང༌། མཁན་ཆེན་བུ་སྟོན་པ་གཉིས་ལ་ དགེ་བའི་བཤེས་གཉེན་འགའ་ཞིག་རྒྱུད་དར་བཅུག་ནས་གཉིས་པོ་གང་རུང་ཅིག་གིས་རི་ ཁྲོད་ཆེན་པོ་འདིའི་གདན་ས་བྱེད་དགོས་ཞེས་ཐམས་ཅད་ཀྱིས་ཞལ་ཏ་ནན་ཅན་བྱུང་བ་ལ། བདག་ཅག་གྲོགས་མཆེད་གཉིས། གདན་ས་ཁྱེད་ཀྱི་མཛོད་འབུལ་རེས་ཀྱི་སྒང་ལ། ཆོས་ རྗེས་གཙོ་མཛད་ཐམས་ཅད་ཞལ་ཕྱོགས་གཅིག་ཏུ་དྲིལ་ནས་བདག་ལ་གདན་ས་བྱེད་དགོས་ གསུང་བའི་ཞལ་ཏ་ནན་ཅན་བྱུང་བ་ལ། བདག་གིས་སྤྱིར་རི་ཁྲོད་ཆེན་པོའི་གདན་ས་ཕེར་ བའི་ལུགས་མ་ལགས་ཤིང༌། ཁྱད་པར་དཔོན་ཆེན་ནམ་མཁའ་བསྟན་པ་ལ་བཀའ་གྲོས་མ་ བསྡུར་བར་བགྱིས་ན་མི་མཆི་ཞེས་ཞུ་བ་ནན་ཅན་ཕུལ་ཡང༌། འོས་གཞན་མེད་གསུང་ནས་ གདན་སའི་ཞུ་འབུལ་གནང་ནས་མི་བྱེད་ཀ་མེད་བྱུང་བ་ལ། དཔོན་ཆེན་པའང་མ་མཉེས་པ་ ཆེར་བྱུང༌། རྟིང་དུ་ཡི་གེ་ཕར་བརྒྱུད་ཚུར་རྒྱུད་འདྲ་བྱས་ནས། གཉིས་འཛིན་བྱེད་དགོས་པ་ ཡིན་གསུང་ནས། ལོ་བཞིའི་བར་དུ་དབྱར་དགུན་གཉིས་ཀ་ངམ་རིང་དུ་བཤད་ཉན་ལ་སླེབ་པ་ དང༌། སྟོན་དཔྱིད་གཉིས་ཇོ་ནང་དུ་ཁྲིད་འདེབས་པ་དང༌། ཚོགས་བཤད་པ་ལ་སླེབ་པ་བྱེད་ དགོས་བྱུང༌། ལོ་བཞི་པོའི་བར་ལ། དགེ་བཤེས་དོན་གཉེར་བ་རྣམས། སོས་ཀ་རྒྱུད་འགྲེལ་ ཚར་རེ་མ་ཆག་པ་དང༌། སོས་ཁྲིད་སྟོན་ཁྲིད་ལ་ཁྲིད་གསར་བ་བརྒྱ་ལྷག་རེ་ལ་ཁྲིད་ཆོས་དང༌། དགེ་བཤེས་དང་བྱ་བྲལ་ཕྱོགས་རིས་ནས་བྱོན་པ་རྣམས་ལ་རྗེས་དྲན་སྲོག་རྩོལ་ཡན་ལག་ དྲུག་ཀ་རྫོགས་པ་དེའི་བར་སྐབས་ནས་དབང་བཀའ་དང༌། ལུང་ཕྲན་ཚེགས། ཚོགས་ཆོས་ལ་ ངེས་དོན་རྒྱ་མཚོ་དང་སྤྱོད་འཇུག རྒྱུད་བླ། མདོ་སྡེ་སྐྱེས་རབས་ལ་སོགས་པ་བཤད་ཅིང༌། ཟབ་ལམ་གྱི་འགྲོ་དོན་འཕེལ་བར་བྱུང༌། ཇོ་ནང་གི་གདན་ས་ལ་དྲིལ་བས་ཆོག་པ་ཅིག་ཡོང་དུ་ 1-1-14 རེ་བ་བྱས་ནའང༌། དཔོན་ཆེན་པ་མ་གྲོལ། གཉིས་འཛིན་ནི་ལོ་འགྱངས་པས་མ་རྫོགས་པར། ངམ་རིང་གི་གདན་ས་མཁན་ཆེན་འཕགས་པ་ལ་ཕོག་ཅིང་ཇོ་ནང་གི་གདན་ས་ཡང༌། དྲུང་ དཀོན་མཆོག་རྒྱལ་མཚན་པ་ལ་བསྐོས་ཤིང༌། དེ་ནས་རང་རེ་སྣང་བ་ཤིན་ཏུ་བདེ་མོ་བྱུང་བས། སྔར་གྱི་ཕུག་མོ་ཆོས་དབྱིངས་སུ་ཕྱིན་ནས་ཤིན་ཏུ་དབེན་པ་དགེ་སྦྱོར་རྩེ་གཅིག་བྱེད་དགོས་ སྙམ་པ་བྱུང་ནའང༌། དཔོན་ཆེན་པས་གཙོ་མཛད་བྱང་གི་བུ་སློབ་རྣམས་མ་གསན་པར། ཡོན་ མཆོད་འབྲེལ་ཆད་པར་འདུག་པས། བྱང་གི་ས་ཆ་ལ་བཞུགས་པ་ཅིག་ཅིས་ཀྱང་ཞུ་འཚལ་ ཟེར་ཞིང་སྐུ་ངོ་མ་ཆོགས་པར། དེ་ནས་སེ་སྟོན་ཀུན་རིག་དང་ཀུན་སྤངས་ཆོས་རྗེས་ཀྱང་ཐོག་ རེ་བཞུགས། བྱིན་གྱིས་བརླབས་པའི་གནས་བྱིན་རླབས་ཅན་དུ་འདུག་པའི་སྟོབས་ཀྱི་རེ་ ཞིག་ལ་སེ་མཁར་ཆུང་དུ་བསྡད་པ་གྲག་པ་འདུག་སྙམ་དུ་བྱུང༌། དེ་དུས་མཁར་ཆུང་མཁན་ ཆེན་གྲགས་པ་དཔལ་བས་བདག་མཛད་གིན་འདུག་པས། དགོན་པ་འདི་རེ་ཞིག་བདག་དགེ་ སྦྱོར་བྱེད་པ་ལ་ཇི་ལྟར་འོས་པའི་རིན་འབུལ་བ་ལགས་པས་བཏང་ན་མཆིའམ་ཞེས་གླེངས་ པས། ཁྱེད་ལྟ་བུ་བཞུགས་དགོངས་པ་ལ། དགོན་པ་ཕྱེད་འབུལ་ཞིང་ཕྱེད་ལ་རིན་གང་བྱུང་གི་ ཚིམ་གསུང་ནས། ཕྱེད་རིན་ལ་དམར་ནས་སྲང་ལྔ་ཙམ་ཕུལ་ནས་བཟུང༌། དགོན་པའི་བླ་བྲང་ ལ་མཁར་ལས་ཅི་རིགས་པ་བྱས། ཨེན་ཇུ་དཔལ་རྒྱལ་བ་ངམ་རིང་གི་ཉེ་གནས་ལ་བཞུགས་ པ་ཤིན་ཏུ་མོས་པར་བྱུང་ནས། དགོན་པ་བྱིན་ལ་ལྕགས་རི་བཟང་པོ་མཛད། ངམ་རིང་ནང་ པ་དང་ཁོང་པ་རང་གི་བྲང་ཁང་དེ་ཡང་རྩིགས། ཉེ་གནས་ཆེན་པོ་ཆོས་དཔལ་མགོན་པོ་བ་ དང༌། བདེ་ལེགས་པ་དཔོན་ཁྲོ་བོ་རིན་ཆེན་གྱི་འང་བྲང་ཁང་བཟང་པོ་རེ་རྩིགས། གཞན་ ཡང་གང་ཟག་མང་པོའི་བྲང་ཁང་རིམ་པ་བཞིན་འཕེལ། སྣང་བ་བདེ་མོའི་ངང་ནས། དཔལ་ དུས་ཀྱི་འཁོར་ལོའི་བཤད་པ་དང༌། དབང་མོ་ཆེའང་ལན་མང་དག་གི་བར་བྱས། ཟབ་ལམ་ གྱི་ཁྲིད་བཀའ་ཡང་ལེགས་པར་བསྐྱངས། དུས་འཁོར་གྱི་ཆོས་འབྱུང༌། མདོར་བསྡུས་དང་ 1-1-15 པོའི་འགྲེལ་པ། རྒྱུད་འགྲེལ་གྱི་མཆན། བསྟན་རྩིས་སྒྲུབ་དཀྱིལ་ལ་སོགས་དུས་འཁོར་གྱི་ སྙན་རྒྱུད་ལ་ཕན་པའི་རྩོམ་པ་མང་དག་གྲུབ། དེ་དུས་བར་སྐབས་ཅིག་ལ་དྲུང་ཏ་དབེན་ནམ་ མཁའ་བརྟན་པའི་གསུང་གིས། ད་ལོ་དབྱར་སོ་འདི། ཆོས་རྗེ་གངས་པའི་དྲུང་ནས་ཀྱང་རྟ་ ཟུར་གྱི་རྩེར་ལམ་འབྲས་རྒྱས་པ་ཅིག་གསུང་བར་བདོག་ཅིང༌། ཆོས་རྗེ་ཁྱེད་ཉིད་ཀྱི་དྲུང་ནས་ ཀྱང་སྔར་ལམ་འབྲས་གསན་པའི་བསྙེལ་གསོ་བ་དང༌། ལམ་འབྲས་རྫོགས་པའི་རྗེས་སུ། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་མོ་ཤིན་ཏུ་རྒྱས་པ་ཅིག་ཉན། དབྱར་གུང་ནས་ཏ་དབེན་ རིན་པོ་དང༌། གཞན་ཡང་གཞི་བྱེས་ཀྱི་དགེ་བཤེས་དོན་གཉེར་བ་མང་དག་ཅིག་ལ། དུས་ འཁོར་རྒྱུད་འགྲེལ་དང་། སེམས་འགྲེལ་གཞན་གཉིས་དང་བཅས་པ་རྒྱས་པ་ཅིག་བཤད། དེ་ དུས་ཏ་དབེན་རིན་པོ་ཆེ་པའི་དྲུང་ནས། ཐུགས་ཤིན་ཏུ་དགེས་པའི་སྟོབས་ཀྱིས་རྒྱུད་འགྲེལ་ ཆེན་མོའི་ཚུགས་སྟོན་དང༌། ལེའུ་རེ་རེའི་འཚམས་སུ་རྒྱུད་མཆོད་རྒྱས་པ་རེ་དང༌། གནས་ ཉམས་དགའ་དགའ་རྣམས་སུ་ཚོགས་འཁོར་བཟང་པོ་མཛད་ཅིང༌། གྲོལ་སྟོན་ཡང་ཤིན་ཏུ་ རྒྱས་པ་མཛད། རྒྱུད་མཆོད་རྣམས་ཀྱི་སྐབས་སུ་ཐུགས་ཤིན་ཏུ་དགེས་པ་ལ་ཆོས་བཤད་མང་ པོ་མཛད། ཟུར་ནས་ཀྱང་བསྙེན་བསྐུར་འདྲེན་མཁན་མང་པོ་བྱུང་བས་ཐམས་ཅད་མཉེས་ པར་བྱུང་ངོ༌། ། མཁར་ཆུང་དུ་བསྡད་ནས་ལོ་བདུན་སོང་བའི་དུས་སྦྲུལ་གྱི་ལོ། ཆོས་རྗེ་དཀོན་མཆོག་རྒྱལ་ མཚན་པས་ཇོ་ནང་བདེ་ཆེན་གཉིས་འཛིན་མཛད་པའི་ཐད་དུ། སྤྱན་ཅུང་མི་གསལ་དུ་སོང་ བས། དགོན་པ་ཆེན་པོ་གཉིས་མི་ཟིན་པར་འདུག་གསུང་ནས། ཆོས་རྗེ་པཎ་ཆེན་པ་དང༌། མཁན་ཆེན་རིན་པོ་ཆེ་ནམ་མཁའ་ཡེ་ཤེས་པ། ཏ་དབེན་པ་ལ་སོགས་པའི་ཆེ་གཉན་རྣམས་ལ་ ཞུ་བ་མཛད་ནས། ཡང་བདག་ལ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཀའ་དྲིན་དང༌། དམ་ཚིག་ ལ་སོམས་ལ་ཇོ་ནང་གི་གདན་ས་སྐྱར་མ་གསུང་དགོས་གསུང་པ་བྱུང་བ་ལ། ན་སོ་རྒས་པ་ 1-1-16 ལ་སོགས་པའི་རྒྱུ་མཚན་ཞུས་ཀྱང་མ་གསན་པར། རང་རེས་ལོ་དྲུག་ཅུ་ལྟེ་བ་ལ། ཆུ་མོ་སྦྲུལ་ གྱི་དཔྱིད་ནས་གདན་ས་བཟུང་སྟེ། རྒྱུད་འགྲེལ་དོན་འགྲེལ་རྣམས་ལ་ལོ་རེ་ལ་ཚར་གཉིས་ རེ་བཤད། ཟབ་ལམ་གྱི་ཁྲིད་དང༌། དབང་གདམ་ངག་ལུང་བཀའ་སོགས་གཞན་ཕན་རྣམ་ དག་བསྒྲུབས། རྟ་ལོ་སྟོན་ལྷ་རྩེར་དྲུང་བསོད་ནམས་པ་དང༌། བླ་མ་བྱམས་ཆེན་པས་གཙོ་ མཛད་རྣམས་ལ་དུས་འཁོར་དབང་མོ་ཆེ་རྒྱས་པ་ཅིག་བྱས། སྤྲེལ་ལོའི་དཔྱིད་དྲུང་དཀོན་ མཆོག་རྒྱལ་མཚན་པ་བདེ་ཆེན་གྱི་གདན་ས་མཛད་ཅིང་ཡོད་པ་བོ་དོང་དུ་བྱོན་སྐུ་འབུམ་ན་ བཞུགས་པ་སྐུ་ཁམས་མ་སྙོམས་པར་དམ་ཚིག་གསོ་བ་ལ་ཤོག་གསུང་དུས་ཕྱིན་ནས། དྲུང་ གི་ཞལ་ཏ་ནད་འདི་ཕན་པའི་རིགས་སུ་མི་གདའ་ཞིང༌། བདེ་ཆེན་གྱི་གདན་ས་འདི་ཡང་དྲུང་ ནས་ཅིས་ཀྱང་མཛད་དགོས་གསུང་བའི་ཞལ་ཏ་ནན་ཅན་གནང་དུས། དོན་ལ་བྱེད་སྙམ་པ་ མེད་ནའང་དྲུང་གི་ཐུགས་གསོ་བའི་ཕྱིར་ཞལ་ཏ་བཞིན་བགྱིད་པར་ཞུ། དྲུང་ནས་ཐུགས་བདེ་ མོའི་ངང་ནས་ཐུགས་དམ་ཟབ་མོའི་ངང་ལ་མ་གཡོ་བར་འཇོག་པར་ཐུགས་ལ་འདོགས་པར་ ཞུ་ཞིང༌། དྲུང་ནས་བདེ་བར་གཤེགས་པའི་ཚུལ་བསྟན། ཡ་རེས་ལྡན་དཀར་ན། ཏའི་དབེན་ པ་བཞུགས་པས་ཤོག་གསུང་ནས། བླ་མའི་གསུང་དང་མཐུན་པར་ཇོ་ནང༌། བདེ་ཆེན་གཉིས་ འཛིན་དགོས་བྱུང་པ་ལ། བླ་མའི་ཐུགས་གསོ་བའི་ཕྱིར་མ་ལགས་པར། དོན་ལ་གཉིས་འཛིན་ གར་མཆི་ཟེར་བ་ཞུས། དེར་རྗེས་བདེ་ཆེན་དུ་གསོལ་འདེབས་ལ་འོང་དུས། བདག་པོ་བསོད་ ནམས་པ། ཏའི་དབེན་པ། བླ་མ་བྱམས་པ། བདེ་ཆེན་པའི་ཆེ་བགྲེས་ཀུན་གྱི་གསུང་ནན་ཅན་ བྱོན་ནས། ཁས་བླངས་དགོས་བྱུང༌། ཞུ་འབུལ་གནང༌། དེའི་ཉིན་ཀ་ཚོགས་པ་ཐམས་ཅད་ལ་ སེམས་བསྐྱེད་རྒྱས་པ་ཅིག་གི་ཆོས་འབྲེལ་རྟགས། དེ་ནས་ཇོ་ནང་དུ་སོས་ཁྲིད་འབོགས་པ་ ལ་ཕྱིན། དབྱར་འཚམས་གྲོལ་བ་དང༌། སྟོན་བདེ་ཆེན་དུ་སེམས་དཔའ་ཆེན་པོའི་དུས་མཆོད་ འབུལ་བ་དང། དགུན་ཁྲིད་ཕོག་ཅིང༌། དེ་ནས་བཟུང་སྟེ། སྟོན་དཔྱིད་གཉིས་ཀྱི་མགོ་ལ་བདེ་ 1-1-17 ཆེན་དུ་ཁྲིད་དང་ཚོགས་ཆོས་བཤད་པ་ལ་སླེབ་པ་བྱས། སྟོན་དང་དཔྱིད་སྨད་དབྱར་དགུན་ ཇོ་ནང་དུ་བཤད་སྒྲུབ་ཀྱི་བྱ་བ་བྱས་ཤིང༌། བྱ་ལོ་དཔྱིད་ཀ་བདེ་ཆེན་གྱི་ཚོགས་ཁང་ཆེན་པོར། ཞག་ཉེར་ལྔའི་བར་ལ་གཞི་བྱེས་ཀྱིས་དགེ་བའི་བཤེས་གཉེན་ཕྱེད་དང་སུམ་བརྒྱ་ཙམ་ལ་ རྡོ་རྗེ་ཕྲེང་བའི་དབང་ཐམས་ཅད་རྫོགས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་བསྐུར་ ཅིང༌། དེའི་ཐད་དུ་དཔོན་སྐྱ་དང༌། ཡོན་བདག་ཕོ་མོ་རྣམས་ལ་འདོད་ཆོས་ཀྱི་དབང་དང༌། ཁྱད་པར་མཇུག་ཏུ་དུས་འཁོར་གྱི་དབང་མོ་ཆེ་མི་བཞི་བརྒྱ་ཙམ་ལ་བསྐུར་རོ། ། བདེ་ཆེན་གྱི་གདན་ས་ལོ་གསུམ་གྱི་ཁས་བླངས་ཡོད་པ་ཐིམ་ནས་གཏོད་པའི་ཞུ་བ་བྱས་ ནའང་། བདེ་ཆེན་པའི་ཆེ་བསྒྲེས་པ་རྣམས་ཀྱིས་བདག་པོ་སྐུ་མཆེད་པ། དྲུང་ནམ་མཁའ་པ་ལ་ སོགས་པ་སྐུ་ངོར་བསྐུལ་ནས་གསུང་བཅག་ཐབས་མ་བྱུང༌། ཁྱད་པར་དགོན་པའི་གང་ཟག་ དང་ཡོན་བདག་རྣམས་ཀྱིས་མོས་གུས་རྣམ་པར་དག་པ་མཛད་པ་ལ་བརྟེན་ནས། ཇོ་ནང་ ནམ་འཛིན་གྱི་བར་གཉིས་འཛིན་བྱེད་པར་ཁས་བླངས། ཁྱི་ལོ་དབྱར་ཏའི་དབེན་པས། ལྡན་ དཀར་དུ་དུས་འཁོར་བཤད་དགོས་གསུང་ནས། དྲུང་ཏའི་དབེན་པ། མཁན་ཆེན་བསྟན་པ། མཁན་རྩོན་པ། མཁན་ཆེན་ཀུན་དགའ་བ། མཁན་ཆེན་ཆོས་གྲགས་པ། བླ་མ་སྨོན་མཆོག་པ། བླ་མ་ཤེར་དབང༌། བླ་མ་ཆོས་རིན་པ། བོ་དོང་བའི་སྒྲ་པ་ནམ་བཟང༌། དགེ་བའི་བཤེས་ གཉེན་དོན་གཉེར་བ་བརྒྱ་ཙམ་ལ་དུས་འཁོར་རྒྱས་པ་ཅིག་བཤད་ཅིང༌། ཆོས་པ་རྣམས་ལ་ ནས་གྲྭ་རྒྱགས་ལེ་སྟོན་ཕུན་སུམ་ཚོགས་པ་དང༌། ཟུར་ནས་ཀྱང་བསྙེན་བསྐུར་སྒྲུབ་པ་མང་ རབ་བྱུང་ངོ༌། ། ཕག་ལོ་དབྱར་འཇམ་དབྱངས་པའི་གཙོ་ལ་བྱོན་དུས་སུ་ཇ་ཞལ་དང་། བསུ་སྐྱེལ་རིམ་ པར་བྱས་པས། རི་ཁྲོད་གོང་འོག་ལ་ཐོ་གསན་མ་བྱུང་བར་མང་པོའི་སྐྱབས་གནས་ཐུབ་པ་ སེམས་ཅན་ལ་ཕན་པ་ཆེར་བྱུང་། གླང་ལོ་དབྱར་ལྷ་རྩེར་བདག་པོས་གཙོ་མཛད་དགེ་བའི་ 1-1-18 བཤེས་གཉེན་མང་དག་ལ་དུས་འཁོར་རྒྱས་པ་ཚར་གཅིག་བཤད་ཅིང༌། ཡོས་ལོ་དཔྱིད་ཀྱང་ དྲུང་གི་གཙོ་མཛད་རྣམས་ལ་མཁར་ཆུང་དུ་དུས་འཁོར་བཤད་དོ། ། དེའི་ཕྱི་ལོ་འབྲུག་གི་ལོ་བདེ་ཆེན་དུ་དུས་འཁོར་ཅིག་བཤད། རྟ་ལོ་ཟླ་བ་དང་པོ་ལ་ དབུས་ཕྱོགས་སུ། ཇོ་བོ་རིན་པོ་ཆེ་ལ་མཇལ་བ་དང༌། སྔར་བླ་མ་སློབ་དཔོན་བདེ་གཤེགས་ རྣམས་ཀྱི་རྟེན་ནང་རྟེན་ལ་ཕྱག་འཚལ་བ། ཆོས་འཁོར་གླིང་སྔར་གྱི་གྲྭ་ས་ཡིན་པའི་སྟོབས་ཀྱི་ བསྙེན་བསྐུར་བསྒྲུབ་པ་ལ་ཕྱིན་ཞིང༌། ཡ་རེས་འདུལ་གྲྭ་དཔལ་སྡིང༌། ཆོས་སྡེ་ཆེན་པོ་སྣར་ ཐང༌། གནས་རྙིང༌། རྩེ་ཆེན་རྣམས་སུ་དགེ་འདུན་གྱི་མང་ཇ་མཁན་སློབ་རྣམས་ལ་འབུལ་བ་ རྟ་རེ་དང་བཅས་པ་བསྒྲུབས་ཤིང༌། དེ་དུས་རྩེ་ཆེན་དུ་མཁན་ཆེན་ཀུན་དགའ་བ་དང༌། ནང་ ཆེན་ཀུན་དགའ་འཕགས་སྐུ་མཆེད་པས་གཙོ་མཛད་དགེ་བཤེས་དང་དཔོན་སྐྱ་རྣམས་དབང་ ཆེ་བགྱིས་ཤིང༌། ལྷ་སར་སློབ་དཔོན་ཨརྱ་བ་དང་མཚལ་བའི་ཉེ་གནས་ཀྱིས་བཀོད་པ་བྱས་ ནས་ཇོ་གདན་སྡེ་གཉིས། དམར་པོ་རི་ན་བཞུགས་པའི་དགེ་འདུན་དང་བཅས་པའི་བསུ་བ། སེར་ཕྲེང༌། ཇ་ཕོར་རིམ་པས་བྱུང་ཞིང༌། ཇོ་བོ་ལ་མཇལ། སང་ཉིད་གུང་ཐང་དུའང་མཁན་ སློབ་དགེ་འདུན་དང་བཅས་པས་བསུ་བ་སེར་ཕྲེང་མང་ཇ་དང་བཅས་པ་ཆུ་ཁར་བསྣམས་ བྱོན། ཆོས་འཁོར་གླིང་གི་གཙུག་ལག་ཁང་དུ་སླེབ་དུས། ཇ་བུར་དྲངས་ནས་ཐམས་ཅད་ཀྱིས་ མེ་ཏོག་གི་འབུལ་བ་བཟང་པོ་ཕུལ། དེ་རྟིང་རང་ལ་སེམས་བསྐྱེད་བཤད། རང་རེས་ཀྱང་ཇ་ དང་བུ་རམ་གྱི་བསྙེན་ཅིང་བསྐུར་བ། སྤྱན་སྔ་བ་ཁུ་དབོན་པོ་ཞལ་ངོ་རྣམས་དང༌། བླ་ཆོས་པ་ དགེ་བཤེས་དང་བཅས་པ་རྣམས་ལ་འབུལ་བ། སྔར་གྱི་མཁན་སློབ་བདེ་བར་གཤེགས་པ་ རྣམས་ཀྱི་ནང་རྟེན་དྲུང་དུ་དཀར་མེ་དུས་མཆོད། གཞི་རྟེན་ལ་ས་ཞིང་ཉོ་བའི་རིན་ལ་ཇ་སིག་ ཆེན་རྟ་ལ་སོགས་པ་ཕུལ་ཞིང་དགེ་འདུན་རྣམས་ཀྱི་ཕྱག་ཏུ་གསེར་དང༌། སྤོས་དཀར། ཨ་ རུ་རའི་གསུམ་འགྱེད་བསྒྲུབས་ཏེ་སྔར་གྱི་བླ་མ་སློབ་དཔོན་རྣམས་ཀྱི་བཀའ་དྲིན་དྲན་པ་དང་ 1-1-19 གྲྭ་སའི་ཞེན་པ་རྫོགས་པར་གྲུབ། དེ་རྗེས་སི་ཏུ་དགེ་སློང་པའི་དྲུང་དུ་ཞལ་ཏ་ཞུས་ནས། ཇོ་ བོ་གསེར་ཆབ་གསོལ་བའི་གསེར་བཟོ་བ་མཁས་པ་ཁྲིད་ནས་ལྷ་སར་གསེར་ཆབ་གསོལ། དཀར་མེ་ཕུལ། གསེར་སྟོན་ལ་ཇོ་གདན་སྡེ་གཉིས་ཀྱིས་གཙོ་བྱས་མང་དག་ལ་བསྙེན་བསྐུར་ འབུལ་ནོད། རྒྱལ་བོ་སྲོང་བཙན་གྱི་དུས་མཆོད་དང་ཆུ་རགས་ལ་ཀ་རུ་མ་ཇ་རྟ་ལ་སོགས་ པ་ཕུལ། ཕྱག་དང་བསྐོར་བ་ཡིད་ཆེས་པའི་གསོལ་འདེབས་སྨོན་ལམ་རྣམ་པར་དག་པ་ལ་ སོགས་པ་ཇི་ལྟར་སེམས་པ་རྣམས་གྲུབ། དེ་ན་ཟླ་བ་གཉིས་ཙམ་གྱི་བར་ལ་ལྷ་ས་སྡེ་བའི་དགེ་ འདུན་སྐྱེ་བོ་རྣམས་དང༌། གཞན་ཡང་ཁོ་བོ་ལ་བསམ་ནས་ཕྱོགས་རིས་ནས་བྱོན་པ་རྣམས་ལ། རང་གང་འདོད་པའི་ཆོས་ཀྱི་འབྲེལ་བ་བྱས་ཤིང༌། ཁྱད་པར་གཙུག་ལག་ཁང་ར་མོ་ཆེར་ཆོས་ ར་བཅས་ནས་ཟབ་ལམ་གྱི་ཁྲིད་པ་བདུན་བརྒྱ་ཙམ་ལ་ཁྲིད་བཏབ། དེ་སྐབས་སུ་རྒྱལ་ལྷ་ཁང་ པའི་ཚོང་པ་ཐམས་ཅད་དང༌། དུས་འཁོར་དབང་མོ་ཆེ་ཞུ་བ་གཞི་བཏེག་བྱས་བྱུང་པ་ལ་དབང་ མོ་ཆེ་བསྐུར། གསང་ཕུ་ནེའུ་ཐོག་ཏུ་གདན་འདྲེན་བྱུང་ཞིང༌། རྒྱང་གྲགས་ཅིག་ནས་སེར་ཕྲེང་ གི་བསུ་བ། རྔོག་ལོ་ཙཱ་བ་ཆེན་པོའི་བཞུགས་ཁྲི་ལ་གདན་བཤམས་ནས། བསྙེན་བསྐུར་ འབུལ་ནོད་དང་བཅས་པ་བྱས། གླིང་སྟོད་སྨད་ཀྱི་གདན་ས་པ་ཡོན་ཏན་རྒྱ་མཚོ་དང༌། བླ་མ་ ཡེ་ཤེས་པས་གཙོ་མཛད་དགེ་འདུན་སྟོང་ཙམ་ལ་སེམས་བསྐྱེད་བཤད། རང་རེས་ཀྱང་མང་ ཇ་འབུལ་བ་དང་བཅས་པ་བསྒྲུབས། དེའི་ཞོར་ལ་བསང་མདར། གླིང་དབོན་ཟླ་བས་གདན་ དྲངས་ནས་རྟ་མགྲིན་དང་སྒྲོལ་མའི་དབང༌། རྣམ་སྲས་ཀྱི་རྗེས་གནང་སོགས་ཞུས། ཆོས་རྗེ་ རིན་པོ་ཆེ་ཀུན་མཁྱེན་པའི་བུ་ཆེན་མཁན་ཆེན་རིན་ཚུལ་བ། བླ་མ་སྨན་ཆུ་ཁ་པ། བླ་མ་ཤེས་ རིན་ལ་སོགས་པ་རྣམས་ཀྱིས་བསྙེན་བསྐུར་འབུལ་ནོད་བཟང་པོ་མཛད་ཅིང་མཇལ་བ་དང༌། འདོད་ཆོས་ཅི་རིགས་པའང་ཞུས། དེར་རྗེས་འཚལ་དུ་ཡོངས། བླ་མ་ཞང་གི་དུས་མཆོད་མེ་ ཏོག་མཆོད་པའི་སྐབས་སུའང་ཚོགས་སུ་མང་ཇ་བསྐོལ། འབུལ་བ་རྟ་རེ་བསྒྲུབས། དེ་རྗེས་ 1-1-20 བཤེས་གཉེན་དོན་གཉེར་བ་མང་པོ་ལ་རྒྱུད་འགྲེལ་རྒྱས་པ་བཤད་དབང་ཆེ་བསྐུར། ཁྱད་ པར་ཟབ་ལམ་ཁྲིད་ཚར་གསུམ་ཙམ་དུ་བྱས་པ་ལ་ཁྲིད་པ་ལྔ་བརྒྱ་ཙམ་བྱུང་ཞིང༌། དཔལ་དུས་ཀྱི་ འཁོར་ལོའི་བཤད་སྒྲུབ་རྣམ་དག་གི་འགྲོ་དོན་ཆེ་བར་བྱུང༌། དེ་དུས་རྫོང་ཕྱི་གོང་དཀར་ནས་ ཕེབས་ནས་གཙང་ལ་བྱོན་པ་ལ། གཞུང་ཀོ་ལ་ཡོངས་ནས་ཇ་ཞལ་ཞུས། རི་ཁྲོད་གོང་འོག་ ལ་ཐོ་མ་ཕོག་པའི་ཞལ་ཆད་བཟང་པོ་དང༌། ཡར་ཀྱང་བསྲུང་ཡིག་གནང༌། ཡར་རེས་ཡར་ འབྲོག་དཔོན་ཆེན་གྱིས་གདན་དྲངས། དབང་གདམ་ངག་སེམས་བསྐྱེད་ཀྱིས་ཡར་འབྲོག་ གདུལ་བྱར་གྱུར་པ་རྣམས་ཀྱང་དགོངས་པ་བཞིན་བསྒྲུབས། ཇོ་ནང་དུ་བསླེབས་ནས་རི་ ཁྲོད་གོང་འོག་དང༌། ངམ་རིང་མཁར་ཆུང་རྣམས་སུ། དད་པ་ཅན་གྱི་འབུལ་བའི་རྫས་རྣམས་ ཚོགས་གཉིས་རྫོགས་ཕྱིར་ཚ་བ་དང་འབུལ་བ་གྲལ་འགྱེད་བསྒྲུབས། གཞན་གདན་ས་ཆེན་ མོས་གཙོ་བྱས་ལྷ་སྡེ་གཞུང་གི་དགོན་སྡེ་རྣམས་སུ་ཡང་མང་ཇ་བསྔོ་བ་ཞུ་བའི་རྟེན་དང་བཅས་ པ་བསྒྲུབས། ཁྱད་པར་སེ་སྟོན་ཀུན་རིག་གིས་བཞེངས་པའི་གཙུག་ལག་ཁང་ལ་ཞིག་གསོས་ བྱས་ནས། རྟེན་གསུམ་ཇོ་བོའི་སྐུ་ཚད་ཀྱིས་གཙོ་བྱས་པའི་ཞིང་ཁམས་དག་བཞེངས༌། མདོར་ ན་ལོ་བརྒྱད་ཅུ་རྩ་གཅིག་གི་བར་ལ་ཐོས་བསམ་བཤད་སྒྲུབ་ཀྱི་བྱ་བས་ཉིན་མཚན་དུ་ཟླ་བར་ གྱིས་སོ། ། མེ་ཕོ་སྟག་གི་ལོ་ཟླ་བ་དང་པོ་ནས་སྐུ་ཁམས་མ་སྙོམས་པ་དང༌། སྐུ་རིམ་གསོལ་སྨན་ སྙུང་གཡོག་ལ་སོགས་པ་ཐམས་ཅད་ཀྱིས་འབད་པ་ཆེན་པོས་ཕུལ་ནའང་། སྤྱིར་སྐུ་ནས་བྱོན་ པ་དང་གསོལ་མི་གདའ་བས་ཡར་བསྐྱེད་མ་བྱུང་ཞིང༌། མ་ཕན་པར་གྱུར་ན་བདེ་ཆེན་བླ་བྲང་ པ་སྐོག་པས། བན་རྒན་གྱི་ན་ཁང་འཆི་ཁང་དབེན་གནས་མཁར་ཆུང་རང་ཡིན་པས། ཕར་ འགྲོ་བ་བྱེད། བླ་མ་ཆོས་དང༌། ཉེ་གནས་ཀྱིས་རྟ་བདེ་བར་བསྐྱེལ། དེ་ཐུག་བླ་མ་རྡོ་རྗེ་སྐྱབ་པ་ ལ་བསུ་བ་ལ་ཤོག་གྱིས་གསུང་ནས། འདུ་ལེ་ལ་བྱོན། ནེ་རིངས་སུ་ཞག་གཅིག་བཞུགས་པའི་ 1-1-21 དགོངས་གཟིམས་ཐེར་དུ། བླ་མ་རྡོ་རྗེ་སྐྱབ་པདང༌། བླ་མ་ཆོས་ངའི་རྩར་ཉོལ་གསུང༌། ནང་ པར་སྐུ་ཁམས་ཞུས་པའི་དུས། ཞབས་དབང་ཞུས་གསོལ་བ་མ་ཐེབས་ན་བྱང་ཆུབ་མ་ཐོབ་བར་ དུ་འཁོར་གྱི་ཐོག་མར་སྐྱེ་བའི་སྨོན་ལམ་འདེབས་པས་ཐུགས་བརྩེ་བ་ཆེན་པོས་བཟུང་བར་ ཞུ་ཞུས་པས། དེ་ཀ་ལགས་ཀྱི་ཉིད་ཅག་ཀྱང་བྲེལ་པ་བསྐྱུངས་ལ་བསྟན་པ་དང་སེམས་ཅན་ལ་ ཕན་པ་དང༌། ཁྱད་པར་དགེ་སྦྱོར་ལ་འབད་པ་ཐོན། ངེད་ཤི་ཡང་ཁ་ཆེམས་དེ་ཀ་ལས་མེད་དོ་ གསུང་ངོ༌། །གསུང་གི་ཐ་མ་དེ་ཡིན། ཞལ་ཆེམས་ཐུགས་ཀྱི་ཉིང་ཁུ་འདི་གནང་བ། ། བདག་གི་རྣ་བའི་བུ་གར་རབ་བླུག་པས། ། མཚོན་རྣོན་བཞིན་དུ་སྙིང་གི་དཀྱིལ་དུ་ཟུག ། གསུང་འདི་རི་བོ་བས་ཀྱང་རབ་ཏུ་ལྗིད། ། འདི་ལ་བསམ་ཞིང་མྱ་ངན་ལྷག་པར་གདུངས། ། ཐོག་མཐའ་བར་དུ་བསྐྱངས་པའི་བཀའ་དྲིན་ཅན། ། ཆོས་ཀྱིས་བསྐྱངས་པའི་ཡོངས་འཛིན་མང་ན་ཡང༌། ། བཀའ་དྲིན་མཉམ་མེད་མཚུངས་མེད་ཆོས་རྗེ། ། གཞན་ལས་ལྷག་པར་ཐུགས་རྗེ་ཆེན་པོས་བསྐྱངས། ། ཆོས་དང་ཟང་ཟིང་བསྡུ་བཞིས་ལེགས་བཏུས་ཏེ། ། སྐྱེ་དང་སྐྱེ་བའི་བླ་མའི་ཞལ་བཞེས་ཤིང་། ། མི་འབྲལ་སྙིང་གི་དཀྱིལ་དུ་རྟག་བཞུགས་ནས། ། བརྩེ་བས་བྱིན་གྱིས་རློབས་མཛད་དེ་ལ་འདུད། ། མཁར་ཆུང་དུ་ཕེབས་ནས་ཀྱང་ཟླ་བ་གཉིས་ཙམ་གྱི་བར་བུ་སློབ་དད་གུས་ཅན་རྣམས་ 1-1-22 ཀྱིས་སྐུ་རིམ་ཐུན་ཆ་མང་པོ་བཙུགས་ནས། དེ་དག་ལའང༌། བླ་བྲང་དང་། གང་ཟག་སོ་སོས་ གཉེན་པོ་བསྙེན་བསྐུར་འབུལ་སྣོད་བསྒྲུབས་ནའང་། སྤྱིར་བསྟན་པ་མར་འགྲིབ་ཏུ་སོང་པ་ དང༌། དགོས་བུ་སློབ་རྣམས་བསོད་ནམས་དམན་ཞིང༌། ཞིང་ཁམས་གཞན་དུ་གདུལ་བྱ་རྒྱ་ཆེ་ བ་ལ་དགོངས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྲོས་མེད་ཕྱག་རྒྱ་ཆེན་པོ་དང༌། དམིགས་ པ་མེད་པའི་སྙིང་རྗེ་ཆེན་པོ་ཟུང་དུ་ཆུག་པའི་ངང་ནས། ས་གའི་ཟླ་བའི་ཚེས་བཅུ་གཅིག་གི་ ཉི་ཤར་ལ། བདེ་བ་ནས་བདེ་བར་གཤེགས་པའི་ཚུལ་བསྟན་ཞིང༌། དེ་དུས་ནམ་མཁའ་ལ་ འཇའ་དང༌། འོད་དང༌། སྣ་ཆ་ལ་སོགས་པ་ཀུན་གྱི་མིག་གི་དབང་པོས་མཐོང་ཞིང༌། ཤངས་ ནས་བྱང་སེམས་དཀར་པོ་མང་པོ་བྱོན། སྤུར་བཞུ་བའི་དུས་ཐུགས་བྱོན་གདུང་ལ་རིང་སྲེལ་ ཁ་དོག་སྣ་ལྔ་བྱོན། ཕྱག་རྫས་ཀྱི་དངོས་པོ་རྣམས། དགེ་འདུན་སྐྱེ་བོའི་ཚོགས་ལ་ཚོགས་ འཁོར་མཛད། མཁན་ཆེན་བསྟན་པ། མཁན་ཆེན་ཟླ་མགོན། མཁན་ཆེན་མདོག་ལོད་པ། བླ་མ་རྒྱལ་མཆོག་པ། བླ་མ་རྡོ་རྗེ་སྐྱབས། བླ་མ་ཆོས་རིན། བླ་མ་བྱང་རྒྱལ། བླ་མ་བྱམས་ མགོན། བླ་མ་རྡོར་རྒྱལ། བླ་མ་དགའ་ལྡན་པ་རྣམས་ཀྱིས་ཞག་བདུན་གྱི་བར། དཀྱིལ་འཁོར་ ཕྱི་ནང་ཞལ་ཕྱེ་སྟེ་གསོལ་བ་བཏབ། ཕྱི་རྟེན་སྐུ་འབུམ་བཞེངས་པ་སོགས་ཐུགས་དགོངས་ རྫོགས་པའི་བྱ་བ་རྣམས་བསྒྲུབས། ཇོ་ནང་དུའང༌། མོས་པའི་རྟེན་སྐུ་འདྲ། སློབ་དཔོན་ལྷ་རྗེ་ རིན་རྒྱལ་གྱིས་གཞི་ལེན་མཛད་ནས་བཞེངས། བདེ་ཆེན་དུ་བུ་སློབ་གཙོ་ཕལ་རྣམས་ཀྱི་མོས་ པའི་རྟེན། རང་རེའི་དོ་དམ་གཞི་ལེན་བྱས་ནས་སྐུ་འདྲ་བཞེངས། རབ་གནས་གསོལ། རབ་ སྟོན་གསོལ། རབ་སྟོན་གྲངས། ན་བཟའ་ཏ་ཧུང་གི་བེར་ཐུལ། བདག་པོའི་དྲུང་དུ་ཐུགས་ ལ་བཏགས། ན་བཟའ་ན་ལིམ་གྱི་བེར་ཐུལ། བཞུགས་འབོལ། མཆོད་ཆ་ཁ་ཚང་བླ་མ་རྒྱལ་ མཆོག་པས་ཕུལ། བླ་གོས་དབོན་མོ་སངས་རྒྱས་རྒྱལ་བས་ཕུལ། དབུ་ཞྭ་གདན་དམར། རབ་ གནས་ཀྱི་སྟ་གོན། ཚོགས་འཁོར་ཉེ་གནས་དགེ་སློང་གིས་བསྒྲུབས། 1-1-23 ཕྱག་འོས་མཆོད་འོས་བསྟོད་འོས་ཆོས་ཀྱི་རྗེ། ། ཆོས་ཀྱི་རྒྱལ་པོ་ཕྱོགས་ལ་རྣམ་པར་རྒྱལ་བ་ཉིད། ། མེ་ཕོ་རྟ་ལ་བལྟམས་ནས་སྟག་གི་བར། ། བརྒྱད་ཅུ་རྩ་གཅིག་ཞིང་འདིར་གཞན་དོན་མཛད། ། ས་ག་ཆེན་པོའི་བཅུ་གཅིག་ཉི་ཤར་དུས། ། སྨོན་ལམ་དབང་གིས་བདེ་བ་ཅན་དུ་གཤེགས། ། ལོ་ཟླ་ཞག་གི་དུས་མཆོད་ཅི་འབྱོར་ཕུལ། ། མོས་པས་གསོལ་བ་ཐོབ་ཅིག་དད་ལྡན་ཀུན། ། རྒྱལ་སྲས་འཇིགས་མེད་ཀྱི་དཔེའོ། །དགེའོ། །བཀྲ་ཤིས། འདིའི་མ་ཡིག་ནི། ཕོ་བྲང་པོ་ཏ་ལ་ནས་གསར་དུ་རྙེད་པའི་ཡིག་རྙིང་བྲིས་མ་ཞིག་ཡིན། མ་ཡིག་ལྡེབ་གསུམ་པ་ནས་དྲུག་པའི་ བར་མི་ཚང་། 1-1-24 ༄༅། །ཆོས་ཀྱི་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་པར་ ཐར་པ་ཡོན་ཏན་རིན་པོ་ཆེའི་གཏེར་མཛོད་ ཀུན་ལས་བཏུས་པ་ཞེས་བྱ་བ་ བཞུགས་སོ། ། ༄༅། །དཔལ་ལྡན་བླ་མ་ཆོས་ཀྱི་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཞབས་ལ་གུས་ པས་ཕྱག་འཚལ་ལོ། །བདེན་གཉིས་ཚུལ་གྱིས་རྣམ་པར་ཕྱེ་བའི་བྱང་ཆུབ་སེམས་གཉིས་ རབ་བསྐྱེད་ནས། །ཇི་བཞིན་ཇི་སྙེད་མངོན་པར་གཟིགས་པ་རྒྱལ་བའི་ཡེ་ཤེས་མཆོག་བརྙེས་ ཏེ། །ཐབས་མཁས་ཚུལ་གྱིས་གདུལ་བྱ་འདུལ་སླད་རྒྱལ་སྲས་སེམས་དཔའི་སྐུར་སྟོན་པ། ། རྨད་བྱུང་ཡོན་ཏན་ཀུན་གྱི་གཏེར་ཆེན་བྱང་སེམས་ཆོས་རྗེའི་ཞབས་ལ་འདུད། །འགྲོ་མགོན་ དཔལ་ལྡན་བླ་མ་རིན་ཆེན་གྱི། །རྣམ་ཐར་མངོན་མཐོའི་དཔག་བསམ་ལྗོན་ཤིང་ལས། །ངོ་ མཚར་མེ་ཏོག་ཆེ་ལོང་འགའ་ཙམ་ཞིག །ལེགས་བཏུས་ཕྲེང་མཛེས་རྣམ་པར་སྤེལ་བར་བགྱི། ། རྗེ་བཙུན་དཔལ་ལྡན་བླ་མ་ཆོས་ཀྱི་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་མཚན་དོན་ དང་ལྡན་པར་ཡོངས་སུ་གྲགས་པ་འདི་ཉིད་འོད་གསལ་ཆོས་སྐུའི་ངང་ལས་མ་གཡོས་བཞིན་ དུ་སྤྲུལ་པའི་སྐུ་བསྟན་ནས་འགྲོ་བའི་དོན་དང་ཐུབ་པའི་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ ནི། ལས་ཀྱི་ས་འཛམ་བུའི་གླིང་ཆེན་པོ་ས་དུམ་བུ་བཅུ་གཉིས་ཀྱི་བདག་ཉིད་ཅན་ལས། རི་ རབ་ལྷུན་པོའི་ལྷོ་ཕྱོགས་ཀྱི་སའི་དུམ་བུ་འཛམ་བུའི་གླིང་ཆུང་ངུ་འདིར། རྒྱ་གར་འཕགས་ 1-1-25 པའི་ཡུལ་ལས་བྱང་ཕྱོགས་ཀྱི་རྒྱུད། ཐེག་པ་ཆེན་པོའི་ཆོས་དར་བར་ལུང་བསྟན་པའི་བོད་ ཁ་བ་ཅན་གྱི་ཡུལ་ལས་སྨད་མདོ་ཁམས་ཀྱི་སའི་ཆ། པུ་འབོར་སྒང་ཆུང་གི་སའི་སྔོ་མདོ་ཞེས་ བྱ་བའི་སྡེ་ཆེན་པོར། ཡབ་དབྲ་ཡོན་བདག་ཤེས་རབ་འབར་ཞེས་བྱ་བ། རིགས་བཟང་ཞིང་ འབྱོར་པ་ཕུན་སུམ་ཚོགས་པ། དཀོན་མཆོག་གསུམ་ལ་གུས་ཤིང་སྡེ་རིས་ཆོས་ལྡན་དུ་སྐྱོང་ བར་བྱེད་པ་དེ་དང༌། ཡུམ་མདོག་བཟའ་ཞེས་བྱ་བ་རིགས་གཟུགས་ཕུན་སུམ་ཚོགས་ཤིང༌། བླ་མ་དང་དཀོན་མཆོག་ལ་མི་ཕྱེད་པའི་དད་པ་དང་ལྡན་པ། དབུལ་ཕོངས་དང་དམན་པ་ རྣམས་ལ་སྙིང་རྗེ་ཆེན་པོས་སྐྱོང་བ་དེའི་སྲས་སུ་སྐུ་འཁྲུངས་ཏེ་སྐུ་མཚོ་ནང་གི་པད་མོ་ལྟར་ སྐྱེད་ཆེ་ཞིང་སྐྱེ་བོ་རྣམས་ཀྱིས་མཐོང་ན་དགའ་ཞིང་ཡིད་འཕྲོག་པར་གྱུར་ལ། གཞོན་ནུའི་ དུས་ཉིད་ནས་བློ་གསལ་ཞིང་ཡིད་གཞུངས་པ་རིག་པའི་གནས་ཐུན་མོང་བ་རྣམས་ཀྱང་ལན་ རེ་གཟིགས་པ་ཙམ་གྱིས་མཁྱེན་པ་དང༌། རྒན་པ་རྣམས་ལ་བཀུར་སྟི་དང་དམན་པ་རྣམས་ ལ་བརྩེ་བས་ཕན་པར་མཛད་པ་དང༌། འཇིག་རྟེན་གྱི་བྱ་བ་གང་ལའང་སྙིང་པོ་མི་འདུག་ པས་གཡའ་ཁྲོད་གངས་ཁྲོད་རྣམས་སུ་སྡོད་པ་རེ་བྱ་དགོས་བསམ་པའི་ངེས་འབྱུང་གི་ཐུགས་ དགོངས་དྲག་པོ་དང་ལྡན་པ་དང་བྱང་ཆུབ་ཀྱི་སེམས་ཆེན་པོ་དང་ལྡན་པ་ལ་སོགས་པ་རང་ བཞིན་གྱི་ཡོན་ཏན་དུ་མ་དང་ལྡན་པར་གྱུར་ཏོ། །སྐྱེས་བུ་ཆེན་པོ་བླ་མ་རང་བྱུང་རྡོ་རྗེ་པས། རྗེ་ བཙུན་བླ་མ་འདི་ཉིད་ཀྱི་རྣམ་ཐར་མཛད་པ་ལས་ཀྱང་བསྟོད་པ་འདི་ལྟར་མཛད་དེ། བྱང་ཆུབ་སེམས་དཔའ་རྒྱལ་བ་ཡེ་ཤེས་ནི། ། སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱས། ། དེ་དག་གིས་ཀྱང་དགྱེས་པའི་སྤྱན་གྱིས་གཟིགས། ། བློ་གྲོས་མཆོག་ཏུ་ལུང་ཡང་སྟོན་པར་འགྱུར། ། སྔོན་ཚེ་རྒྱལ་སྲས་དྲུག་ཅུ་ལུང་སྟོན་དུས། ། 1-1-26 ཐུབ་པའི་དབང་པོས་གངས་ཅན་ཁྲོད་འདི་རུ། ། འགྲོ་བའི་དོན་བྱེད་བསྔགས་པ་མཛད་པ་ལས། ། བློ་གྲོས་རྨད་བྱུང་འདི་ལ་བསྔགས་པ་སྙམ། ། དེ་འོག་རིགས་མཆོག་གཞན་གྱིས་མ་སྨད་པ། ། ལྷ་དང་མི་ཡི་ཁྲོད་དུ་ཡང་ཡང་སྐྱེས། ། རྟག་ཏུ་རྒྱལ་བའི་བསྟན་པ་འཛིན་ལ་བརྩོན། ། ཡོན་ཏན་ཕྲེང་བས་བརྒྱན་པའི་ཚུལ་ལྡན་པ། ། བདག་ལ་མངོན་སུམ་བཞིན་དུ་འགྱུར་སྲིད་ཀྱང༌། ། རྨོངས་པ་རྣམས་ཀྱིས་བཟོད་པར་དཀའ་བ་ཡིན། ། ཞེས་གསུངས་པ་ཡིན་ནོ། །དེ་ནས་དགུང་ལོ་བཅུ་གསུམ་ལོན་པའི་དུས་སུ། བླ་མ་ཀརྨ་ པ་ཆེན་པོ་སྔོ་མདོའི་ཉེ་འཁོར་དུ་བྱོན་པ་ལ། མི་ཐམས་ཅད་མཇལ་དུ་སོང་ནས། སེམས་ དཔའ་ཆེན་པོ་འདི་ལྕམ་སྲིང་གཉིས་ཁང་པ་སྲུང་བ་ལ་གཞག་དེའི་དུས་སུ་བླ་མ་ཀརྨ་པས་ང་ ཕྱག་ཕྱི་ལ་ཁྲིད་པར་འདུག་དགོངས་པ་ཐུགས་ལ་ཤར་ནས་མཇལ་དུ་སོང་བ་རྣམས་འོང་མི་ འོང་ཁང་ཐོག་ནས་ཡང་ཡང་གཟིགས། བླ་མ་ཀརྨ་པ་ཆེན་པོའི་ཐུགས་མངོན་ཤེས་ཀྱིས་ཀྱང་ སེམས་དཔའ་ཆེན་པོ་འདི་ཉིད་ཡོན་ཏན་དང་ལྡན་པའི་སྐྱེས་བུ་དམ་པ་གདུལ་བྱ་དཔག་ཏུ་ མེད་པ་ལ་ཕན་པ་རྒྱ་ཆེན་འབྱུང་བ་ཞིག་ཡིན་པར་མཁྱེན་ནས། མི་མང་པོ་ཚོགས་པའི་གསེབ་ ཏུ། ཡོན་བདག་ཤེས་རབ་འབར་གྱི་བུ་བར་པ་དེ་ང་ལ་ཕུལ། དགོས་པ་ཆེན་པོ་ཡོད་པ་ཡིན་ ཞེས་གསུང་བྱོན། ཡབ་ཀྱིས་ཡིད་དུ་འོང་ཞིང་ཕངས་པའི་སྲས་འབུལ་བ་ལ་མི་སྤྲོ་བའི་ཕྱིར། གཞན་ཅི་འཚལ་བ་འབུལ་འདི་མི་འབུལ་ཞུས་ནས། དཔོན་གཡོག་གསུམ་ནགས་གསེབ་ཏུ་ འབྲོས་སུ་བཅུག ཁྱོད་ཀྱི་འབུལ་བ་གཞན་གྱིས་དགོས་པ་མེད་བུ་འབུལ་ན་དི་རིང་ལ་ཕུལ། 1-1-27 མི་འབུལ་ན་ལྷ་འདྲེ་མི་གསུམ་རྩར་བྱེད་དུ་འཇུག་ཅིང་ཁྱོད་ཀྱི་ཁང་པ་དེར་དོ་རེ་ལ་ཅི་འོང་ལྟ་བ་ ཡནི་པས་ཁྱོད་གཟབོས་གསུང་ནས་བཀའ་བཀྱོན་དྲག་པོ་བྱོན། དེར་མི་གཞན་རྣམས་ཀྱིས་ ཀྱང་གཞན་འབུལ་བ་ཆེན་པོ་བྱས་ངོ་ཆེན་སྦྲན་ནས་ཞུ་བ་བྱས་ཀྱང་ཕྱག་ཕྱི་ལ་ཁྲིད་པ་དཀའ་ བ་ཡིན་པ་ལ། ཁྱེད་ལ་ཚུར་གསུང་ནན་ཅན་བྱོན་པ་འདི། བླ་མའི་ཐུགས་འདོགས་ཆེན་པོ་ཡིན་ པས་ཕྱག་ཕྱི་ལ་གཏོང་བ་ཤིན་ཏུ་འཐད་པ་ཡིན་པས་ཐོང་ཞེས་གྲོས་བཏབ་བྱས་པས། དེར་ ཀུན་གྱིས་གྲོས་བཏབ་བྱས་པ་དང་བཀའ་བཀྱོན་དྲག་པོའི་གཟི་བརྗིད་མ་བཟོད་པར་སེམས་ དཔའ་ཆེན་པོ་ནགས་གསེབ་ནས་བོས་ནས་དེ་ཀའི་ཉིན་པར་ཕྱགས་ཕྱི་ལ་བཏང༌། ཁོང་པས་ ཀྱང་ཞལ་ཏ་ཞིབ་པར་མཛད་ནས་གསོལ་ཇ་བའི་གསེབ་ཏུ་བཞག དེར་ཉེ་གནས་རྒན་པ་ཀུན་ གྱིས་ཞྭ་དང་གོས་ལ་སོགས་པ་བསྐུར་བ་བླ་མ་པས་གཟིགས་ནས། ངན་པ་ཁྱེད་རྣམས་ཀྱི་ གཡོག་ལ་ཁྲིད་འོངས་པ་མིན། ངས་དགོས་པ་ཆེན་པོ་ཡོད་པའི་ཕྱིར་དཀའ་ཐུབ་ཆེན་པོ་བྱས་ ནས་བཀུག་པ་ཡིན་པས། འདི་ལ་ཁྱེད་སུ་གང་གིས་ཀྱང་བརྙས་པ་མ་བྱེད་ཅེས་བཀའ་བཀྱོན་ མཛད། བླ་མ་ཀརྨ་པ་གནས་སྒོར་ཆགས་ཕེབས་དུས། ཡབ་ཀྱིས་རྟ་དང་ན་བཟའ་ཁྱེར་ཕྱིན་ པས་ཁྱོད་ཀྱིས་རྟ་དང་གོས་ཁྱེར་ལ་འོང་མི་དགོས་གང་དགོས་ང་རང་གིས་སྒྲུབ་པ་ཡིན་གསུང་ ནས་རྟ་དང་ན་བཟའ་དང་བཅས་པ་བླ་མ་པ་རང་གི་དབོན་པོ་དགེ་བའི་བཤེས་གཉེན་བློ་གྲོས་ སེང་གེ་ལ་གཏད་ནས། དབུས་གཙང་དུ་ཁྲིད་པ་ཡིན་པས་ཆས་རྣམས་ལེགས་པར་སྒྲུབས་ ཞེས་གསུང་བྱོན། དེ་ནས་དགེ་བའི་བཤེས་གཉེན་དབོན་པོ་བློ་གྲོས་སེང་གེ་དང༌། མདོག་ ཤཱཀྱ་བྱང་ཆུབ་ཀྱི་དྲུང་དུ་དགེ་ཚུལ་གྱི་བསླབ་པ་བླངས་མཚན་རྒྱལ་བའི་ཡེ་ཤེས་ཞེས་བྱ་བར་ བཏགས། དབུས་གཙང་དུ་བྱོན་ནས་དགུང་ལོ་བཅུ་དྲུག་ནས་བཅོ་བརྒྱད་ཀྱི་བར་དུ་གསོལ་ཇ་ བའི་དངོས་གཞི་མཛད་ནས་དད་ཅིང་གུས་པའི་སྒོ་ནས་ཞབས་ཏོག་ཚུལ་བཞིན་དུ་བསྒྲུབས་ ཏེ། བླ་མ་ཤིན་ཏུ་མཉེས་པར་མཛད་དོ། །དེ་དུས་ན་བླ་མ་དེ་ཉིད་ཐམས་ཅད་ལ་གསུང་དྲག་པོ་ 1-1-28 བྱོན་པ་དང༌། བཀའ་བཀྱོན་དྲག་པོ་མཛད་ཀྱིན་འདུག་པས་འཇིགས་པའི་སྣང་བ་འབའ་ཞིག་ བྱུང༌། ལན་ཅིག་ཤིང་ཁུར་འོངས་པ་དང་ཁོང་པ་བྱོན་པ་འཛོམ་ནས་བྲོས་པས་ཡར་ཤོག (མ་ཡིག་ཤོག་གྲངས་གསུམ་པའི་སྲིབ་སྡེཔ་མི་ཚང་)སེལ་དང༌། ། ཕྱི་རྒྱུད་གསུམ་གྱི་རྒྱ་མཚོ་མཐའ་ཡས་དང༌། ། རྒྱལ་བ་རྒྱ་མཚོ་རྡོ་རྗེ་ཕག་མོའི་སྐོར། ། དགྱེས་རྡོར་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད། ། དེ་དག་བཀའ་ལུང་སྒྲུབ་ཐབས་མང་པོ་དང༌། ། བདེ་མཆོག་ལྷན་སྐྱེས་ལྷ་ལྔ་བཅུ་གསུམ་དང༌། ། དྲུག་ཅུ་རྩ་བཞི་ངེས་བརྗོད་རྗེས་འབྲང་དང༌། ། ཕག་མོ་ཞལ་བཞི་སྙན་བསྒྱུད་བསྐྱེད་རྫོགས་དང༌། ། ནཱ་རོའི་ཆོས་དྲུག་སྐུ་གསུམ་ངོ་སྤྲོད་དང༌། ། ཐོབ་བཅས་ལྷན་ཅིག་སྐྱེས་སྦྱོར་ལམ་ཅིག་ཆོད། ། བསམ་གཏན་ཐུན་འཇོག་ལ་སོགས་ཕྱག་ཆེན་སྐོར། ། གདམས་ངག་རྒྱ་མཚོ་ཟབ་མོ་རྒྱ་མཚོ་དང༌། ། འཁོར་ལོ་ལྔ་པ་གཟེར་ལྔ་གེགས་སེལ་ཏེ། ། ཟབ་ཆོས་སྐོར་ལྔ་རྫོགས་ཆེན་མན་ངག་དང༌། ། འདི་རྣམས་གསན་པ་ཀུན་སྣང་དང་བ་དང༌། ། མཚུར་ཕུར་གསན་པ་མཛད་ཅིང་གཞན་ཡང་ནི། ། དཔལ་ལྡན་ཀརྨ་པ་ཡི་གསོལ་ཇ་མཛད། ། དེ་དུས་གཞན་ཡང་གདམས་ཕྲན་མང་དུ་གསན། ། 1-1-29 ཆོས་སྐྱོང་མ་མགོན་བཀའ་ལུང་བཅས་པ་མཛད། ། འཇིག་རྟེན་བྱ་བ་སྤོངས་ལ་རི་ཁྲོད་འགྲིམས། ། རང་གཞན་དོན་གཉིས་འགྲུབ་ཅེས་ལུང་བསྟན་མཛད། ། ཅེས་འབྱུང་བ་ཡིན་ནོ། །དེ་ནས་ཆོས་གྲྭ་ཆེན་པོ་གསང་ཕུ་ནེའུ་ཐོག་ཏུ་བྱོན་ནས། སློབ་ དཔོན་ཆེན་པོ་འོད་ཟེར་མགོན་པོས་མཁན་པོ་མཛད། ཟུལ་ཕུ་བའི་འདུལ་བ་འཛིན་པ་མཁས་ བཙུན་བསོད་ནམས་རིན་ཆེན་གྱིས་ལས་ཀྱི་སློབ་དཔོན་མཛད་ནས། གསང་སྟེ་སྟོན་པའི་སློབ་ དཔོན་དང་དད་པའི་དགེ་འདུན་གྲངས་དང་མཚན་ཉིད་ཕུན་སུམ་ཚོགས་པ་ཚང་བའི་དབུས་ སུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་དག་བླངས་ནས་འདུལ་འཛིན་མཁས་ བཙུན་དེ་ཉིད་ཀྱི་དྲུང་དུ། འདུལ་བ་མདོ་རྩ། སོ་སོར་ཐར་བའི་མདོ། ཀརྨ་ཤ་ཏཾ། ལུང་རྣམ་ འབྱེད་ལ་སོགས་པ་རྒྱ་ཆེར་གསན་ཞིང༌། ཚུལ་ཁྲིམས་རྣམ་དག་མིག་གི་འབྲས་བུ་དང་གཡག་ རྔའི་རྩེ་མོ་ལྟར་སྲུང་བར་མཛད་དོ། ། མཁན་པོ་འོད་ཟེར་མགོན་པོའི་དྲུང་དུ། ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ འཇུག་པ་གསན་ཞིང་ཤིན་ཏུ་མཁས་པར་མཁྱེན་ནོ། ། དེ་ནས་གཙང་གི་ཕྱོགས་སུ་བྱོན་ཏེ། མཁན་ཆེན་གཡའ་ལུང་བ་ཆེན་པོའི་དྲུང་དུ། ཇོ་བོ་ ཆེན་པོ་རྗེའི་ལུགས་ཀྱི་བཀའ་གདམས་ཀྱི་ལམ་རིམ་སྐྱེས་བུ་གསུམ་གྱི་ཁྲིད་ཞུས་ནས་ཉམས་ ལེན་མཛད་པས་དེ་དག་གི་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས་ཤིང༌། མཁན་པོ་དེ་ ཉིད་ལ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་བསླབ་བྱ་དང་བཅས་པ་ཞུས། འགྲོ་བའི་མགོན་ པོ་ཆོས་རྒྱལ་འཕགས་པའི་དྲུང་དུ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཞུས་ནས་སྨོན་པ་དང་ འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཚད་མེད་པ་རྒྱུད་ལ་འཁྲུངས་སོ། །གཞན་ 1-1-30 ཡང་མཁན་པོ་གཡའ་ལུང་བ་ཆེན་པོའི་དྲུང་དུ། རྒྱུ་འབྲས་སྟོན་པའི་མདོ་དང་བྱང་ཆུབ་ལམ་ སྒྲོན་ལ་སོགས་པ་གསན་ཞིང༌། ཐེག་པ་ཆེན་པོ་བློ་སྦྱོང་གི་ཁྲིད་མཛད་པས་བདག་གཞན་མཉམ་ པ་དང་བརྗེ་བའི་རྟོགས་པ་ཁྱད་པར་ཅན་འཁྲུངས། དབུ་མ་བདེན་གཉིས་ལ་སོགས་པ་དབུ་ མའི་ཆོས་སྐོར་མང་དུ་གསན། དབུ་མ་ཆེན་པོའི་ཁྲིད་ཞུས་པས་འཁོར་འདས་ཀྱི་ཆོས་ཐམས་ ཅད་སྟོང་ཞིང་བདག་མེད་པ་ནམ་མཁའ་ལྟ་བུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ དང༌། སྣང་ལ་རང་བཞིན་མེད་པ་རྨི་ལམ་སྒྱུ་མ་ལྟ་བར་ཐུགས་སུ་ཆུད་པའི་རྟོགས་པ་བརྟན་པོ་ འཁྲུངས་སོ། ། གཞན་ཡང་བྱམས་པའི་ཆོས་ལྔ་དང་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་ དང་སྡོམ་རྣམ་གཉིས་དང༌། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རབ་ཏུ་བྱེད་པ་སྡེ་ བརྒྱད་ལ་སོགས་པ་མང་དུ་གསན་ཞིང་ཐུགས་སུ་ཆུད་པར་མཛད་དོ། ། དཔལ་ལྡན་ས་སྐྱར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཐུགས་ཤིན་ཏུ་མཉེས་བཞིན་པའི་ སྒོ་ནས་བདེ་མཆོག་དྲིལ་བུ་པའི་དབང་དང་གདམས་སྐོར་དང༌། མ་ཧཱ་མ་ཡའི་དབང་དང་ཆོས་ སྐོར་མང་དུ་ཞུས་སོ། །དཔལ་ས་སྐྱར་ཆོས་རྗེ་བླ་མ་འཇམ་དབྱངས་ཆེན་པོའི་དྲུང་དུ་མདོ་ཀུན་ ལས་བཏུས། ཟབ་མོ་མདོ་ལྔ། དབུ་མ་རིགས་པའི་ཚོགས་དྲུག་དང༌། ཚིག་གསལ་ལ་སོགས་ ཐལ་འགྱུར་གྱི་སྐོར་རྣམས་དང༌། དབུ་མ་བདེན་གཉིས་སྣང་བ། རྒྱན་ཏེ། རང་རྒྱུད་ཤར་ གསུམ་དང༌། མདོ་སྡེ་ཀུན་ལས་བཏུས་ལ་སོགས་པ་ཐེག་ཆེན་གྱི་མདོ་དང་བསྟན་བཅོས་མང་ པོ་དང༌། གདུགས་དཀར་གྱི་དབང་དང་ཆོས་སྐོར་རྣམས་ཚང་བ་དང༌། གསང་བ་སྤྱི་རྒྱུད་དང༌། རབ་གནས་ཀྱི་རྒྱུད་ལ་སོགས་པ་མང་དུ་གསན་ཞིང༌། རྣལ་འབྱོར་བླ་མེད་ཀྱི་སྐོར་བདེ་མཆོག་ ནག་པོ་པའི་དབང་དང༌། ཀྱེའི་རྡོ་རྗེའི་དབང་དང༌། འཇིགས་བྱེད་སྐྱོ་ལུགས་ཀྱི་དབང་རྣམས་ ཞུས་ཤིང་དེ་དག་གི་སྒྲུབ་ཐབས་རྣམས་ཀྱང་གསན་ནོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་དང༌། རྡོ་རྗེ་ 1-1-31 འཇིགས་བྱེད་ཀྱི་རྒྱུད་དང༌། དུས་ཀྱི་འཁོར་ལོའི་རྩ་མིའི་རྒྱུད་གསུམ་དུ་གྲགས་པ་ལ་སོགས་ པ་གསན། མན་ངག་གི་སྐོར་ནི། ཕྱག་རྒྱ་ཆེན་པོ་གྲུབ་པའི་སྐོར་ལ། གསང་བ་གྲུབ་པ། ཡེ་ ཤེས་གྲུབ་པ། ཐབས་དང་ཤེས་རབ་གཏན་ལ་དབབ་པ་གྲུབ་པ། གཉིས་མེད་གྲུབ་པ། དངོས་ པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པ། བསམ་གྱིས་མི་ཁྱབ་པའི་རིམ་པ། ལྷན་ཅིག་སྐྱེས་གྲུབ། བདག་གྲུབ་པ། སྙིང་པོ་སྐོར་ལ། དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ། དབུ་ མ་དྲུག་པ། དབང་གི་དགོས་པ་མདོར་བསྡུས་པ། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་ པར་བཤད་པ། བདེ་ཆེན་གསལ་བ། ལྷན་ཅིག་སྐྱེས་པ་དྲུག་པ། མི་ཕྱེད་པ་ལྔ་པ། ཐེག་པ་ཉི་ ཤུ་པ། དེ་ཁོ་ན་ཉིད་བཅུ་པ། ཡིད་ལ་མི་བྱེད་པ། བདག་མེད་གསལ་བ། དེ་ཁོ་ན་ཉིད་རབ་ཏུ་ བསྟན་པ། རྨི་ལམ་ངེས་པར་བསྟན་པ། སྒྱུ་མ་ངེས་པར་བསྟན་པ། ཟུང་འཇུག་རབ་ཏུ་གསལ་ བ། དགའ་གཅུགས་ལྔ་པ། ལྟ་བ་ངན་སེལ་རྩ་འགྲེལ། ཐབས་ཤེས་རབ་བརྩེ་བ་ལྔ་པ། དབང་ བསྐུར་ངེས་པར་བསྟན་པ་རྩ་འགྲེལ། རབ་ཏུ་མི་གནས་པ་གསལ་བ། གནས་པ་བསྡུས་པ། རྡོ་ རྗེའི་ཚིག ཤེས་རབ་ཡེ་ཤེས་གསལ་བ། ཕྱག་རྒྱ་བཞིའི་རྗེས་སུ་བསྟན་པ། དྷོ་ཧ་དྷི་ཞེས་བྱ་ བའི་དེ་ཁོ་ན་ཉིད། ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ། ལྷན་ཅིག་སྐྱེས་པ་མཆོག་གི་སྦྱོར་བ། རང་བཞིན་གྲུབ་པའི་རིམ་པ། ཤེས་རབ་སྤྲིང་ཡིག་གྲུབ་པ། བརྡ་རྒྱུད་གསང་སྒྲོན། བརྡ་རྩ་ བཅུ་གསུམ་གྱི་གདམས་ངག་རྣམས་དང༌། ནཱ་རོ་པའི་གཟེར་ལྔའི་བྱིན་རླབས། ཁྲིད་གླན་སྒོམ་ རས་པའི་རླུང་ཁྲིད། ས་ར་ཧ་པའི་དྷོ་ཧ་སྐོར་གསུམ་ཞུས། ཞི་བྱེད་ཀྱི་སྐོར་ལ། ཞི་བྱེད་ཀམ་ ལུགས་ཀྱི་བརྒྱུད་པའི་ལོ་རྒྱུས། ཞི་བྱེད་སྐབས་དང་པོ་བདེན་བཞི། ཆོས་ཆུང་དྲུག་པའི་ཁྲིད། བྱང་ཆུབ་སེམས་སྐྱོང༌། སྐྱབས་འགྲོ། གཉིས་མེད། གོ་བཟློག ཐབས་ལམ། བྱིན་རླབས་ལ་ སོགས་ཀམ་ལུགས་ཀྱི་མན་ངག་རྣམས་མ་ལུས་པར་གསན། ཞི་བྱེད་རྨ་ལུགས་ཀྱི་ཆོས་སྐོར་ ལ་བརྒྱུད་པའི་ལོ་རྒྱུས། རྩ་བ་ཐུན་བཅུད་ཀྱི་ཁྲིད། རྒྱབ་སྐོར་ཆེན་མོ། སེམས་བསྐྱེད་ཆོ་ག་ལ་ 1-1-32 སོགས་རྣམས་དང༌། ཞི་བྱེད་སོ་ལུགས་ཀྱི་ཆོས་སྐོར་ལ། སྤྱན་རས་གཟིགས་ལམ་རིག་པ་དྲི་ མ་མེད་པ། ཕྱག་ན་རྡོ་རྗེ་རིག་པ་བརྟུལ་ཞུགས་ལ་ངོ་སྤྲད་པ། རྗེ་བཙུན་སྒྲོལ་མ་དངོས་གྲུབ་ ཀྱི་དོན་རྒྱུད་ལ་ངོ་སྤྲད་པ། ཕག་མོ་བྱིན་རླབས་ཀྱི་དོན་རྒྱུད་ལ་ངོ་སྤྲད་པ་པོའི་རིག་པ་ཅེར་ མཐོང་གི་མན་ངག མཁའ་འགྲོ་མ་སུ་ཀ་སི་ཏིའི་ཕྱི་ནང་གསང་སྒྲུབ་ཕྲིན་ལས་བཞི་དང་བཅས་ པ་གསན། ལམ་འབྲས་ཀྱི་སྐོར་ལ། ལམ་རྒྱས་པ་སྒྲུབ་པ་ལུང་སྦྱིན་དང་བཅས་པ་ལམ་སྦས་ བཤད། གྲུབ་ཆེན་བཅུ། ཕྲ་མོ་བརྒྱད། ཏོག་ཙེ་པའི་བསམ་མི་ཁྱབ། སློབ་དཔོན་ཀླུ་སྒྲུབ་ཀྱི་ མཆོད་རྟེན་གྱི་དྲུང་དུ་སེམས་ཐག་བཅད་པ། ཌོཾ་བི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ། ངག་གི་ དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ། ནག་པོ་པའི་གཏུམ་མོ་ལམ་རྫོགས་པ་དང་ཡོན་ པོ་བསྲང་བ། པད་མ་བཛྲའི་ཟབ་པའི་ཚུལ་དགུ། ཨིན་དྲ་བོ་དྷིའི་ཕྱག་རྒྱ་བཞི་པ། ས་སྐྱ་པའི་ བླ་མའི་རྣལ་འབྱོར་ལ་སོགས་དང༌། མ་ཧཱ་ཀ་ལའི་རྗེས་གནང་སྒྲུབ་ཐབས། གདོང་བཞི་པའི་ རྗེས་གནང་སྒྲུབ་ཐབས་རྣམས་ཞུས། མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔ། སློབ་དཔོན་ཨཱརྱ་དེ་བའི་ སྤྱོད་བསྡུས་སྒྲོན་མ། སེམས་ཀྱི་སྒྲིབ་སྦྱོང༌། མངོན་པར་བྱང་ཆུབ་པའི་རིམ་པ། བདག་བྱིན་ གྱིས་བརླབ་པའི་རིམ་པ། ཀླུའི་བྱང་ཆུབ་ཀྱི་སྒྲུབ་ཐབས་རྣམ་བཞག་རིམ་པ་ལ་སོགས་པ་མང་ དུ་གསན་ཞིང་ཐུགས་སུ་ཆུད་པར་མཛད་དོ། །ཆོས་རྗེ་འཇམ་དབྱངས་ཆེན་པོའི་གསུང་གིས། ངས་དགེ་བའི་བཤེས་གཉེན་ཇི་སྙེད་ཅིག་མཐོང་སྟེ། ཡང་དག་པའི་དོན་ཕྱོགས་མེད་དུ་གོ་ བར་ནུས་པའི་སྐྱེས་བུ་འདི་ལྟ་བུ་གཅིག་ཀྱང་མ་མཐོང་ཞེས་གསུང་ངོ༌། ། བླ་མ་དུས་འཁོར་བ་ཆེན་པོ་ཡེ་ཤེས་རིན་ཆེན་པའི་དྲུང་དུ། སྒྲོལ་མ་ལས་སྣ་ཚོགས་ཀྱི་ རྒྱུད་དང་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་སྐོར་དང༌། ཀྱེའི་རྡོ་རྗེའི་རྒྱུད་གསུམ་དང་དགྲ་ནག་ ཞང་ལུགས་ཀྱི་དབང་དང་ཆོས་སྐོར་རྣམས་གསན། དུས་འཁོར་རྒྱུད་འགྲེལ། མཚན་བརྗོད་ འགྲེལ་པ་དྲི་མེད་འོད། དཀའ་འགྲེལ་པད་མ་ཅན། དོན་དམ་བསནྙེ་པ། སཱ་དྷུ་པུ་དྲའི་དབང་ 1-1-33 ཆོག་ལ་སོགས་པ་མང་དུ་གསན་ནོ། །བླ་མ་གྲུབ་པ་དཔལ་བའི་དྲུང་དུ། རྒྱལ་སྲས་ལམ་བཟང༌། སྡོམ་གསུམ་རབ་དབྱེ། ལེགས་བཤད། བྱང་ཆུབ་ལམ་གྱི་སྙིང་པོ། དབང་ཕྱུག་འབུམ་གྱི་ཞུས་ ལན། མཾ་ག་ལ་ལ་གདམས་པ་བཀྲ་ཤིས་ཕྲེང་བ་ལ་སོགས་པ་དང༌། དབུ་མ་ལུགས་ཀྱི་སེམས་ བསྐྱེད་དང༌། བ་རི་བའི་སྒྲུབ་ཐབས་རྒྱ་མཚོ། སྒྲོལ་མའི་བསྟོད་སྒྲུབ་ཀྱི་སྐོར། གཟུངས་གྲྭ་ ལྔའི་ཆོས་སྐོར་བླ་མ་ཆོས་ཀྱི་རྒྱལ་པོས་མཛད་པ་བཅུ་གསུམ། སེང་གེ་སྒྲའི་སྐོར་ཚང་བ། རྣམ་འཇོམས་གནུར་ལུགས་དང༌། བ་རི་བའི་ལུགས་ཀྱི་སྐོར་ཚང་བ། རྣམ་རྒྱལ་གྱི་སྐོར། གཟའ་ཆོག་གི་སྐོར། གདུགས་དཀར་ས་སྐྱ་པ་ནས་བརྒྱུད་པ། འོད་ཟེར་ཅན་གྱི་སྐོར་ཚང་བ། གདུགས་དཀར་གྱི་སྒྲུབ་ཐབས་བི་མ་ལ་མི་དྲས་མཛད་པ། བླ་མ་ཆེན་པོས་མཛད་པ་གཟུངས་ ལྷ་ཡུལ་མ། མི་ཡུལ་མ། རྣམ་འཇོམས་ཀྱི་ཡིག་སྣ་རྗེ་བཙུན་པས་མཛད་པ། ཆབ་གཏེར་འཇམ་ དཔལ་མ། ཤཱཀ་ཐུབ་མ། རྒྱུན་གཏོར་ས་སྐྱ་པའི་ཕྱག་ལེན། གཏོར་མ་ཆ་གསུམ་དང༌། གཞན་ ཡང་བྱ་སྤྱོད་ཀྱི་ཆོས་སྐོར། རྒྱུད་གཟུངས། རྟོག་པ། དགོངས་འགྲེལ་རྣམས་གསན། སྦྱོང་རྒྱུད་ ཀྱི་དཀྱིལ་འཁོར་ཆེན་པོ་བཅུ་གཉིས་ལ་སོགས་པའི་རྣལ་འབྱོར་གྱི་དབང་རྣམས་ཞུས། རྒྱུད། འགྲེལ་པ། མན་ངག སྒྲུབ་ཐབས་དང་བཅས་པ་གསན། བདེ་མཆོག་གི་ཆོས་སྐོར། དྲིལ་བུ་ སྐོར་གསུམ་རིམ་ལྔའི་ཁྲིད་ལ་སོགས་ཞུས། ཀྱེའི་རྡོ་རྗེའི་དབང༌། བདག་མེད་མའི་དབང༌། བྱིན་རླབས། སྒྲུབ་ཐབས་ལ་སོགས་དང༌། རྩ་ལྟུང་འཁྲུལ་སྤོང༌། ས་ཆོག ཞི་བའི་སྦྱིན་སྲེག ལས་བཞིའི་སྦྱིན་སྲེག་ལ་སོགས་དང༌། ཆོས་སྐྱོང་ནག་པོ་ཆེན་པོའི་སྒྲུབ་སྐོར་དང༌། བསྟོད་ སྐོར་དང༌། མ་ཧཱ་མ་ཡའི་དབང་སྒྲུབ་ཐབས་དང་བཅས་པ་དང༌། འཇིགས་བྱེད་ར་ལུགས་ཀྱི་ དབང༌། དྲག་པོའི་རྗེས་གནང་སྒྲུབ་ཐབས་ལ་སོགས་ཆོས་སྐོར་རྣམས་གསན་ཞིང་སྦྱངས་པ་ མཛད་དོ། ། བླ་མ་སངས་རྒྱས་འོད་ཟེར་ལ། ཇོ་བོའི་ཆོས་ཆུང་བརྒྱ་རྩ་གསན། རྟེན་འབྲེལ་སྙིང་པོའི་ 1-1-34 ཁྲིད་ཞུས་པས་འགྲོ་དྲུག་གི་སྡུག་བསྔལ་ལ་མ་བཟོད་པའི་སྙིང་རྗེ་དྲག་པོ་རྒྱུད་ལ་འཁྲུངས། ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས་ཞུས་ནས། ཕྱི་བཀའ་ཚོམས་ཞིབ་རྒྱས་སུ་བཤད་པ། ནང་ ལེ་ལག་ངོ་སྤྲོད་དུ་བཤད་པ། དོན་ཁོང་བཀོལ་གནད་འཐེམས་སུ་བཤད་པ། གསང་བ་བརྡ་ ཆོས་ལ་ཟླ་རུ་བཤད་པ། ཕོ་རྒྱུད་བརྡའི་རྒྱུད་པ། མོ་རྒྱུད་བྱིན་རླབས་ཀྱི་རྒྱུད་པ་ལ་སོགས་པའི་ གཅོད་སྐོར་མང་པོ་ཞུས་ནས་གཟུང་འཛིན་དང་འཁྲུལ་པའི་བདུད་རྣམས་སྤྲོས་བྲལ་སྟོང་ཉིད་ རྟོགས་པས་ཆོད་པར་མཛད། འཕོ་བ་གཡང་ཅན་མ་དང༌། རས་ཆུང་བའི་ཚེ་བསྲིང་ལུགས་ གཉིས། ཆོས་དྲུག་ཚིགས་བཅད་མ། གསུང་སྒྲོས་མ། སྔགས་ཁྲུས་དམ་པ་གསུམ་གྱི་བཞེད་ དགོངས། མེ་ལོང་སྐོར་གསུམ། སྙིང་པོ་དོན་གསུམ་ལ་སོགས་པ་དང༌། ཀོ་བྲག་པའི་ལམ་ འབྲས་འབྲིང་པོ་དང༌། གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དབང་དང་ཆོས་སྐོར་ རྣམས་དང༌། འཇམ་དཔལ་ཟབ་དོན་གྱི་རྗེས་གནང་དང༌། མཚན་བརྗོད་འདོན་ཐབས་ལ་ སོགས་མང་དུ་གསན་ནོ། ། བླ་མ་ཤར་པ་ཀུན་དགའ་སེང་གེ་བ་ལའང་དབང་དང་ཆོས་སྐོར་ཅི་རིགས་པ་ཞུས་སོ། ། པཎྜི་ཏ་བི་མ་ལ་ཤྲཱི་ལ། རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་དབང་བྱིན་བརླབས། རྒྱུད་ འགྲེལ་པ་སྒྲུབ་ཐབས་དང་བཅས་པ་དང༌། རྡོ་རྗེ་མཁའ་འགྲོའི་དབང་དང་ཕག་མོའི་སྒྲུབ་ ཐབས་རྣམས་ཞུས་སོ། །བླ་མ་ཡེ་ཤེས་རྒྱལ་མཚན་ལ་ནག་པོའི་ཆོས་དྲུག་གསན། བླ་མ་ཡེ་ ཤེས་བརྩོན་འགྲུས་ལ་དྲིལ་བུ་པ་མར་དོ་ལུགས་ཀྱི་དབང་དང་ཆོས་སྐོར་རྣམས་ཞུས། བླ་མ་ ཐང་གཞོན་ནུ་དཔལ་ལ། བདེ་མཆོག་ཇོ་བོ་ལུགས་ཀྱི་དབང་དང་ཆོས་སྐོར་རྣམས་ཚང་བར་ ཞུས། བླ་མ་གཞོན་ནུ་རིན་ཆེན་ལ། དགྱེས་རྡོར་རྔོག་ལུགས་ཀྱི་དབང་དང་རྒྱུད་ལག་ལེན་གྱི་ སྐོར་ཁྲིད་བཀའ་དང་བཅས་པ་དང༌། མ་ཧཱ་མ་ཡ་མེ་ལུགས་ཀྱི་དབང་དང་ཆོས་སྐོར་རྣམས་ ཞུས། བླ་མ་འཇམ་དཔལ་སེང་གེ་ལ། ཀྱེའི་རྡོ་རྗེ་མེ་ལུགས་ཀྱི་ཡབ་བཀའ་ཡུམ་བཀའི་དབང་ 1-1-35 དང་ཆོས་སྐོར་རྣམས་དང༌། རྔོག་ལུགས་ཀྱི་ལྷ་མོ་བཅོ་ལྔའི་དབང་དང༌། ཨུ་རྒྱན་སྒྲོལ་མའི་ དབང་དང་སྒྲུབ་སྐོར་རྣམས་དང༌། འཇིགས་བྱེད་དགྲ་ནག་གདོང་དྲུག་ལ་སོགས་པའི་དབང༌། སྒྲུབ་ཐབས་མན་ངག་ལ་སོགས་ཆོས་སྐོར་རྣམས་ཞུས། བླ་མ་ར་ཤེས་རབ་རྒྱལ་མཚན་ལ། ཕག་མོ་མངོན་འབྱུང་གི་དབང་དང༌། འཇིགས་བྱེད་ཀྱི་ཆོས་སྐོར་མང་པོ་ཞུས་སོ། །བླ་མ་ལོ་ཙཱ་ བ་གྲགས་པ་རྒྱལ་མཚན་ལ། དུས་འཁོར་རྩ་རྒྱུད་ཀྱི་དབང་མདོར་བསྟན་དང༌། བརྟག་གཉིས་ ཀྱི་ནཱ་རོ་འགྲེལ་ཆེན་ལ་སོགས་པ་ཆོས་མང་དུ་གསན། བླ་མ་བརྟན་པའི་སེང་གེ་ལ། མཚན་ བརྗོད་ཙན་དྲི་པའི་ལུགས་ཀྱི་དབང༌། ཁྲིད་བཤད་བཀའ་ལ་སོགས་ཞུས། བླ་མ་དུས་འཁོར་ བ་ཀུན་ཤེ་བ་ལ། གསང་འདུས་ཀྱི་རྩ་རྒྱུད་ལེའུ་བཅུ་བདུན་པ་དང༌། རྒྱུད་ཕྱི་མ་དང༌། བྱང་ ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་དང༌། མཚན་བརྗོད་ཀྱི་འགྲེལ་པ་དཔེ་མེད་འཚོས་ མཛད་པ་དང༌། མཚན་བརྗོད་འགྲེལ་པ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་དང༌། དུས་ ཞབས་པ་ཆུང་བའི་སྦྱོར་དྲུག་དང༌། ར་པ། འབྲོ་པ། རྩ་མི་ལ་སོགས་ཀྱི་སྦྱོར་དྲུག་གི་སྐོར་མང་ པོ་གསན། བླ་མ་དོན་མོ་རི་པ་གྲགས་ཆེན་པ་ལ། ཇོ་བོ་རྗེ་ནས་རྒྱུད་པའི་རྡོ་རྗེ་ཕག་མོ་རིན་ ཆེན་རྒྱན་གྱི་བྱིན་རླབས། སྒྲུབ་ཐབས་དམར་ཆུང་མ་དང་ཡེར་པ་མ། དེ་ལ་སོགས་པའི་ཡིག་ སྣ་ཆ་ལག་དང་བཅས་པ། ནཱ་རོའི་ཆོས་དྲུག བླ་མ་ཏཻ་ལོ་ནཱ་རོའི་ཆོས་ཚན་དགུ་པ། ལྟ་སྒོམ་ཆེ་ ཆུང་གསུམ། ལྷན་ཅིག་སྐྱེས་སྦྱོར། གོ་ཆ་ལམ་ཁྱེར། རྐྱེན་བཞི་མདོར་བསྡུས། རྐྱེན་བཞི་རྒྱས་ བཤད། བརྡ་གདུང་བ་བཅད་པ། པུ་རངས་ལོ་ཆུང་ནས་བརྒྱུད་པའི་ཕག་མོ་མཁའ་སྤྱོད་བྱིན་ རླབས་དང་བཅས་པ། རྗེ་བཙུན་མར་པའི་ཤོག་རིལ་བཞི། བ་རེག་པ་ནས་བརྒྱུད་པའི་ཕྱག་ རྒྱ་ཆེན་པོ་བརྡ་རྩ་བཅུ་གསུམ་ཁ་འཐོར་རྒྱབ་རྟེན་དང་བཅས་པ། དེའི་བརྡ་དབང་ལ་སོགས་ པ་དང༌། ཐུགས་རྗེ་ཆེན་པོའི་དམར་ཁྲིད་རྣམས་ཞུས་ཤིང༌། གྱི་ལྗང་དབུ་དཀར་ནས་བརྒྱུད་པའི་ མགོན་པོའི་དབང༌། སྒྲུབ་ཐབས་རྒྱས་བསྡུས། བླ་མ་མལ་ནས་བརྒྱུད་པའི་མགོན་པོའི་རྐྱང་ 1-1-36 སྒྲུབ། སྦག་སྒྲུབ། ཚོགས་བདག་ཏུ་སྒྲུབ་པ། བཀའ་སྡོད་དུ་སྒྲུབ་པ་ལ་སོགས་པ་དང༌། རྒྱལ་ བློན་གྱི་དུས་ཀྱི་མགོན་པོ་དང་ལྷ་མོའི་སྒྲུབ་ཐབས། སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པའི་གུར་ མགོན་གྱི་སྒྲུབ་ཐབས། བཀའ་གདམས་པའི་ལུགས་ཀྱི་མགོན་པོ་བསྐུལ་བ་ལ་སོགས་མང་དུ་ གསན་ནོ། །དེ་ལྟར། བྱ་བ་དང༌། སྤྱོད་པ་དང་། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའི་རྒྱུད་ དེ། རྒྱུད་སྡེ་ཆེན་པོ་བཞི་པོ་རྣམས་སོ་སོའི་འགྲེལ་པ་ཅི་རིགས་པ་དང་བཅས་པ་ལ་སྦྱངས་པ་ ཕྱོགས་མེད་དུ་མཛད་ནས་ཚིག་དང་དོན་རྒྱ་ཆེར་ཐུགས་སུ་ཆུད་པར་མཛད་ཅིང༌། སྒྲུབ་ཐབས་ སོ་སོ་རྣམས་ཀྱང་མང་དུ་ཐུགས་ཉམས་སུ་བཞེས་པས་བསྐྱེད་རིམ་བརྟན་ཞིང༌། བཟླས་པ་ དང་བསྙེན་པ་ཚད་ལྡན་གྱིས་ནུས་མཐུ་ཕུན་སུམ་ཚོགས་པ་ལ་དབང་ཐོབ་ལ། བདུད་དང་ བགེགས་དང་ལོག་འདྲེན་མ་རུངས་པ་ཚར་བཅད་ཅིང་བྱང་ཆུབ་ཀྱི་ལམ་ལ་འགོད་པར་མཛད་ ལ། རྒྱུད་སོ་སོའི་རྫོགས་རིམ་རླུང་དང་འདོ་གསལ་བསྒོམ་པའི་རིམ་པ་དང༌། མན་ངག་ཟབ་མོ་ མང་པོ་རྣམས། བརྩོན་པ་ཆེན་པོས་ཐུགས་ཉམས་སུ་བཞེས་ཤིང་སྦྱངས་པ་མཐར་ཕྱིན་པར་ མཛད་པས་ཉམས་མྱོང་དང་རྟོགས་པ་མཆོག་ཏུ་གྱུར་པའི་ཏིང་ངེ་འཛིན་ཐུགས་རྒྱུད་ལ་མངའ་ བ་ཡིན་ནོ། ། ཁྱད་པར་དུ་སྙིགས་མའི་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་ཆོས་ཀྱི་རྗེ་ཀུན་སྤངས་པ་ཆེན་ པོའི་དྲུང་དུ། དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་དང༌། ཟབ་ལམ་རྡོ་རྗེའི་ རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་ཞུས། དེའི་ཆོས་སྐོར་རྒྱུད་ཕྱི་མ། དབང་མདོར་ བསྟན་རྩ་འགྲེལ། དབང་རབ་བྱེད་རྩ་འགྲེལ། རྒྱུད་ཀྱི་སྙིང་པོ་རྩ་འགྲེལ། སྦས་པ་མིག་འབྱེད་ རྩ་འགྲེལ། གསུང་རབ་རིན་ཆེན་འདུས་པ་རྩ་འགྲེལ། ཤ་བ་རི་པའི་གཞུང་འགྲེལ། དུས་ ཞབས་སྙན་བརྒྱུད་རྩ་འགྲེལ། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་རྩ་འགྲེལ། ཉི་ཟླ་སྒྲུབ་ པ། ཡེ་ཤེས་སྤྱན་སྒྲུབ། ཤ་བ་རི་པའི་མན་ངག་བཞི་སྦྱོར། ནཱ་རོ་པཎ་ཆེན་གྱི་སྦྱོར་དྲུག་སྒྲོམ་ལྡེ་ 1-1-37 རྩ་འགྲེལ། བྲམ་ཟེ་བསོད་སྙོམས་པའི་སྙིང་པོ་རྒྱན་གྱི་སྒྲུབ་ཐབས། ཁ་ཆེ་པཎ་ཆེན་གྱི་སྦྱོར་ དྲུག རྡོ་རྗེ་ཚིག་གི་སྙིང་པོ་བསྡུས་པ་རྩ་འགྲེལ། ཨ་བྷ་ཡ་ཀ་རའི་སྦྱོར་དྲུག རྩ་མི་པཎ་ཆེན་གྱི་ སྦྱོར་དྲུག་རྒྱས་པ། རྩ་མིའི་སྦྱོར་དྲུག་འབྲིང་བོ་ནོར་བུ་འདོན་པའི་དཔེས་བསྟན་པ། རྩ་མིའི་ སྦྱོར་དྲུག་འབྲིང་པོ་སྒོམ་ཐབས་འཁྲུལ་འཁོར་ཉི་ཤུ་རྩ་ལྔ་པ། བསྡུས་པ་སྙིང་པོ་གསུམ་དང་ དོན་དམ་བཞིར་བསྟན་པ། སྦྱོར་དྲུག་བསྡུས་པའི་སྒོམ་ཐབས་ཆུ་བོ་དང་གྲུའི་དཔེ་ཡན་ལག་ དྲུག་བསྟན་པ། གེགས་སེལ་དང་ཉམས་རྟགས་བསྟན་པ། རྩ་མིའི་རྡོ་སྐོར། རྩ་མིའི་སྦྱོར་ཕྲེང༌། དེའི་ལག་ལེན་རླུང་སྦྱོར་བཞི་ལམ་གྱི་ཆ་རྐྱེན་བཅུད་ལེན་དང་བཅས་པ། གྱི་ཇོའི་སྦྱོར་དྲུག་གི་ སྐོར། གྱི་ཇོ་པད་མ་འོད་ཟེར་གྱི་སྦྱོར་དྲུག་གི་རྒྱབ་རྟེན། འབྲོ་ལོ་ཙཱ་བའི་སྦྱོར་དྲུག་བསྙེན་སྒྲུབ་ བཞིས་བཅིངས་པ་དང་སྐབས་བསྟན་པ། འབྲོ་པའི་ལོ་རྒྱུས་ཆེན་མོ། འབྲོ་ཤེས་རབ་གྲགས་ ཀྱི་སྦྱོར་དྲུག ཡུ་མོའི་སྦྱོར་དྲུག་རྒྱས་བསྡུས་གསུམ། གསལ་སྒྲོན་བཞི། གཅེས་བསྡུས་སྒྲོན་མ། རྡོ་རྗེ་ཚིག་གི་མདུད་འགྲོལ་གྱི་སྐོར། སེམས་ཐག་བཅད་པ། ཉམས་རྟགས་ཀྱི་ཡིག་ཆུང༌། བླ་ མའི་རྣལ་འབྱོར། འཇམ་གསར་གྱི་སྦྱོར་དྲུག ནང་གི་ཉི་ཟླ་གཟས་འཛིན། གསུང་སྒྲོས་རྒྱས་ པ་འོད་ཟེར་ཕྲེང་བ། ཁྱུང་གི་ཊི་ཀ་དྲི་མེད་རྒྱན། རྗེ་ཡུ་མོའི་སྦྱོར་དྲུག་གི་ལུང་སྦྱོར། ར་པའི་ སྦྱོར་དྲུག་གི་ཁུངས་ཀྱི་དུམ་བུ། ཕྱག་རྒྱ་བརྟག་པ་དང་ཉམས་སུ་བླང་བའི་རྒྱུད་དྲང་བ། འཆི་ ལྟས་བརྟག་ཅིང་འཆི་བ་སླུ་བའི་རྒྱུད་ལུང༌། རྩ་རྒྱུད་ཀྱི་ལུང་གིས་སྦྱོར་བ་ཡན་ལག་དྲུག་སྟོན་ པ། བརྩོན་འགྲུས་ཅན་ཚེ་འདིར་སངས་རྒྱ་བའི་སྦྱོར་དྲུག་སྟན་ཐོག་གཅིག་མ། གདམས་ ངག་ཅན་བར་དོར་སངས་རྒྱ་བ་བྱང་སེམས་སྤྲིན་འོག་ཏུ་སྦ་བ། ལམ་གྱི་བོགས་འདོན་ཕྱག་ རྒྱ་བཞིའི་གདམས་ངག ལམ་གྱི་གགས་སེལ། ལམ་རིམ་གྱིས་པ་རྣམ་རྟོག་ལ་བརྟེན་ནས་མི་ རྟོག་པ་བསྐྱེད་ཐབས། རྣལ་འབྱོར་གྱི་ཡན་ལག་འཕོ་བའི་གདམས་ངག་འཆི་ལྟས་བརྟག་པ་ དང་བཅས་པ། ཕ་རྒྱུད་གསང་བ་འདུས་པའི་སྦྱོར་དྲུག་སྒོམ་ཐབས་དབང་པོ་རབ་འབྲིང་གི་ 1-1-38 མན་ངག མ་རྒྱུད་ཀྱེའི་རྡོ་རྗེའི་སྦྱོར་དྲུག་གེགས་སེལ་དང་བཅས་པ། གཉོས་ཁྱི་ཞུང་པའི་སྦྱོར་ དྲུག བི་བྷུ་ཏའི་གསུང་ལ་དཔྱལ་ཨ་མོ་གྷའི་ཟིན་བྲིས། ལྷོ་པ་ཚུལ་གཞོན་གྱི་ཟིན་བྲིས། སྲེག་ པ་ཚང་བའི་ཟིན་བྲིས། སྒང་པོའི་སྦྱོར་དྲུག ཞང་ཚལ་པའི་སྦྱོར་དྲུག་ལ་སོགས་སྦྱོར་བ་ཡན་ ལག་དྲུག་པའི་ཆོས་སྐོར་མཐའ་ཡས་པ་གསན་ཅིང་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་པར་ མཛད་དོ། ། ཆོས་རྗེ་ཀུན་སྤངས་པའི་གསུང་གིས་འདིའི་ཐུགས་རྒྱུད་ཀྱི་མཐའ་སུས་ཀྱང་བརྟག་པར་ མི་ནུས་པའི་སྐྱེས་བུ་ཆེན་པོར་འདུག་ཅེས་གསུང་ངོ༌། །མདོར་ན་གཉིས་མེད་ཀྱི་རྒྱུད། འགྲེལ་ པ། མན་ངག་ལ་སོགས་ལ་སྦྱངས་པ་ཕྱོགས་མེད་དུ་མཛད་ནས། ཕྱི་ནང་གཞན་གསུམ་དེ་ ཁོ་ན་ཉིད་ལ་སོགས་པའི་རྣམ་གཞག་དང༌། མཐའ་དྲུག་ཚུལ་བཞི་ལ་སོགས་པ་ལ་མཁས་པ་ མཐར་ཕྱིན་པར་མཛད་དེ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམས་པས། བདེ་སྟོང་གི་ཏིང་ངེ་ འཛིན་རྒྱུན་ཆད་མེད་པ་དང༌། སེམས་ཅན་གྱི་སེམས་རྒྱུད། བར་དོའི་སྣང་ཚུལ། དུས་གསུམ་གྱི་ དངོས་པོ་ལ་སོགས་ཇི་ལྟ་བ་བཞིན་མཁྱེན་པའི་རྟོགས་པ་ཁྱད་པར་ཐུགས་རྒྱུད་ལ་མངའ་འོ། ། གཞན་ཡང་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ། བདེ་མཆོག་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ། མངོན་ བརྗོད་བླ་མ་དང༌། མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་དང༌། བདེ་མཆོག་ར་ལའིི་སྐོར་ག་ྱིརྒྱུད་ རྣམས་དང༌། འབིར་ཝ་པའི་འཆི་མེད་གྲུབ་པའི་དབང་བྱིན་རླབས། དེའི་ཆོས་སྐོར་རྣམས་ཚང་ བར་ཞུས། གྲུབ་ཆེན་གསུམ་གྱི་ལམ་འབྲས། གྷ་ན་ཤྲཱིའི་ཆོས་སྐོར་དང་མཁའ་འགྲོའི་གསང་ ཚིག་ལ་སོགས་ཐུན་མོང་མ་ཡིན་པའི་མན་ངག་གི་སྐོར་མང་པོ། ཕྱག་རྒྱ་ཆེན་པོ་ཐོག་བབས། གཾ་ག་མ། ཡི་གེ་བཞི་པ། ལྷན་ཅིག་སྐྱེས་སྦྱོར། རས་ཆུང་པའི་ཕྱག་རྒྱ་ཆེན་པོའི་ཐུན་འཇོག ཇོ་ བོ་རྗེའི་རོ་སྙོམས་གསུམ་གྱི་གེགས་སེལ། བསམ་གཏན་ཆོས་དྲུག་རྩ་འགྲེལ། ཐུགས་རྗེ་ཆེན་ པོའི་དམར་ཁྲིད། བདེ་ཆེན་རལ་གཅིག་གི་དབང༌། སྒྲུབ་ཐབས། རྒྱུད། མན་ངག་དང་བཅས་ 1-1-39 པའི་སྐོར་རྣམས་ཚང་བ། བདེ་མཆོག་ཁ་ཆེ་ལུགས་ཀྱི་དབང༌། སྒྲུབ་ཐབས། རྒྱུད། མན་ངག་ ལ་སོགས་ཞུས་ཤིང་ཐུགས་སུ་ཆུད་པར་མཛད། ཞི་བྱེད་ཀམ་ལུགས། རྨ་ལུགས། སོ་ལུགས་ ཀྱི་སྐོར་རྣམས་ཀྱང་གསན་ནོ། ། ཆོས་རྗེ་ཀུན་སྤངས་པ་ཆེན་པོ་དེ་ཉིད་ལ། ལམ་འབྲས་གཉག་མ། དམར་མ། ཞ་ ལུགས། འབྲོམ་ལུགས་ཀྱི་སོ་སོའི་དཀྱུས། འཕྲོས། ཁ་འཐོར་མན་ངག་གི་སྐོར་གེགས་སེལ་ དང་བཅས་པའི་སྐོར་དཔག་ཏུ་མེད་པ་དང༌། མ་ཧཱ་མ་ཡའི་རྒྱུད་དང་མན་ངག་རྣམས་གསན། གདན་བཞིའི་དབང༌། སྒྲུབ་ཐབས། རྒྱུད་མན་ངག་དང་བཅས་པ་གསན་ཅིང་ཐུགས་སུ་ཆུད་ པར་མཛད་དོ། ། ཆོས་རྗེ་དེ་ཉིད་ཀྱི་དྲུང་དུ། དཔལ་གསང་བ་འདུས་པའི་དབང་དང༌། རིམ་ལྔའི་དམར་ ཁྲིད་རྣམས་ཞུས། དེ་དག་གི་སྒྲུབ་ཐབས། རྒྱུད། འགྲེལ་པ། མན་ངག་དཔག་ཏུ་མེད་པ་ཞུས་ ནས་ཐུགས་སུ་ཆུད་པར་མཛད་དོ། ། ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ། གསང་སྔགས་རྙིང་མའི་སྐོར་སྒྱུ་འཕྲུལ་གསང་བ་སྙིང་ པོའི་དབང་ཞུས། དེའི་རྒྱུད། འགྲེལ་པ། སྤར་ཁབ། མན་ངག་ལམ་རིམ་ལ་སོགས་ཀྱི་སྐོར་ མང་དུ་གསན། ཡོངས་སུ་རྣལ་འབྱོར་གྱི་མདོ་དགོངས་པ་འདུས་པའི་དབང་ཞུས། མན་ངག་ དང་པོ་ལྟ་བས་ཐག་བཅད་པ་ལ་ལྟ་བའི་བྱུང་ཚུལ་བཅུ་གཉིས་ལ་སོགས་པ། བར་དུ་བསམ་ གཏན་བསྒོམ་པའི་རིམ་པ་བཅུ་གཅིག་ལ་སོགས་པ། བྱུང་ཚུལ་ཐ་མ་བསླབ་པའི་གནས་ བཅུ་ལ་སོགས་པ་རྒྱ་ཆེར་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཨ་རོའི་ཐེག་ཆེན་རྣལ་ འབྱོར་དང༌། ཞེན་ལོག་ཡོང་སྒྲོན་ལ་སོགས་པ་དང༌། རྫོགས་ཆེན་སྙིང་ཏིག་གི་སྐོར་གྱི་རྒྱུད། མན་ངག་ལ་སོགས་མ་ལུས་པར་གསན་ཅིང༌། ཡེ་ཤེས་སྤྱི་བླུགས་ཀྱི་དབང༌། རྒྱལ་ཐབས་སྤྱི་ བླུགས་ཀྱི་དབང༌། བཀའ་སྡོད་མཁའ་འགྲོ་ཙ་མུན་ཌིའི་བྱིན་རླབས་གཏེར་ཡིག་དང་བཅས་ 1-1-40 པ་ཞུས། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་ལྟ་བ་ནམ་མཁའ་ལྟར་མཐའ་ དབུས་མེད་པ་སྟོན་པར་བྱེད་པའི་རྒྱུད་ཀུན་བྱེད་རྒྱལ་པོའི་རྩ་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། བཤད་རྒྱུད་མདོ་བཅུ་དང༌། ཟབ་མོ་རྒྱུད་བཞི། འགྲེལ་པ་བཞི། རྩ་བ་བཞི། མན་ངག་སྙན་ བརྒྱུད་ཡི་གེ་མེད་པའི་མན་ངག་དང༌། རྒྱ་ཆོས་ཉི་ཤུ་རྩ་གཅིག ཀློང་གི་སྐོར་ལ། རྒྱ་མཚོའི་ ཀློང༌། རྨད་དུ་བྱུང་བའི་ཀློང༌། ནམ་མཁའ་ཀློང་ཡངས་ལ་སོགས་པ་གསན། བག་པའི་སྐོར་ ལ། བག་པ་འཁོར་ལོ་དང༌། ལྟ་བའི་སྙིང་པོ་དང༌། བག་པ་བཅོ་བརྒྱད་ལ་སོགས་གསན། གསང་བའི་སྐོར་ལ། ཡེ་ཤེས་གསང་བ་དང༌། ཡེ་ཤེས་རྫོགས་པ་དང༌། ཉ་མོ་འཁོར་ལོ་དང༌། ཉ་མོ་བག་ལ་སོགས་པ་གསན། ཟབ་མོའི་སྐོར་ལ། རིན་པོ་ཆེ་རྒྱས་པ་དང༌། རིན་པོ་ཆེ་སྤུངས་ པ་དང༌། ནམ་མཁའ་རོལ་པ་དང༌། བང་མཛོད་ལྡེ་མིག་དང༌། འཁོར་བ་རྩད་གཅོད་དང༌། ཡེ་ ཤེས་བདུན་བྱུང་དང༌། རིན་པོ་ཆེ་འཁོར་ལོ་ཡེ་ཤེས་རྫོགས་པ་དང༌། འཁོར་བ་དོང་སྤྲུག་ལ་ སོགས་པ་གསན་ནོ། །བཻ་རོ་ཙ་ནའི་འདྲ་འབག་ཆེན་མོ། ཁོག་དབུབ་གསེར་གྱི་ཡང་ཐེམས་ བཅུ་གསུམ། ཨ་རོ་ནས་བརྒྱུད་པའི་ཆོས་སྐོར་ལ། རྩ་བ་ཡེ་ཤེས་འཁོར་ལོ། དཔལ་ཨ་པ་ར་ ཀིར་ཏིས་མཛད་པ། དེའི་ཕྱག་ཆ་ལ། སེམས་འདུལ་གྱི་སེམས་བསྐྱེད་ཁྲིད་ཡིག་དང་བཅས་ པ། མན་ངག་སྤུ་གྲི་ལྟ་བུ། རང་བྱུང་ཡེ་ཤེས་མ་ཤར་བ་ཤར་བར་བྱེད་པ། ཡེ་ཤེས་ངོས་བཟུང་ བའི་མན་ངག བྱང་སེམས་ཅོག་གཞག་གི་མན་ངག ཉམས་མྱོང་བཅུ་གསུམ་གྱི་མན་ངག ནད་ མེད་ཐིགས་པ། སྙན་བརྒྱུད་ཀྱི་སྐོར་ལ། སྙན་བརྒྱུད་གདབ་པ་དང༌། སྤུངས་པ། སྤུངས་པ་ལ་ ཐུན་མོང་སྤུངས་པ་དང་ཁྱད་པར་སྤུངས་པ་གཉིས། སྙན་བརྒྱུད་ཀྱི་སྙིང་པོ་སྟོབས་གསུམ་གྱི་ མན་ངག ཁ་འཐོར་ལྡེ་མིག་གི་སྐོར་ལ། ལོ་ཙཱ་བ་ཟངས་དཀར་མཛོད་ཁུར་ནས་རྒྱུད་པ་རྩ་ འགྲེལ་མན་ངག་ཐོར་བུ་པ་དང་བཅས་པ། བར་དོ་ལྔའི་བདར་ཤ་བཅད་པ། རྒྱབ་རྟེན་མདོ་ རྒྱུད་ཀྱི་སྐོར་ལ། རྒྱུད་ཡེ་ཤེས་གསང་བའི་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད། རྫོགས་པ་ 1-1-41 ཆེན་པོ་སྐོར་ལུགས་ཀྱི་སྐོར་ལ། སྐོར་ལུགས་ཀྱི་སྟོང་ཐུན། སེམས་སྡེ་བཅོ་བརྒྱད་ཀྱི་བཤད་ ལུགས། རྫོགས་པ་ཆེན་པོ་རྩོལ་མེད་ཀྱི་ཁྲིད་དང་བཅས་པ། ཟུར་ཆུང་ཤེས་རབ་གྲགས་ ཀྱི་ཞལ་གདམས་བརྒྱད་བཅུ་པ། སེམས་ཉིད་ལྟ་བའི་མེ་ལོང༌། བསམ་གཏན་མིག་སྒྲོན་རྩ་ འགྲེལ། ཡེ་ཤེས་གསང་སྒྲོན་ལ་སོགས་པ། མདོར་ན་དབང༌། སྲུང་བྲལ་དམ་ཚིག་གི་རྣམ་ གཞག རྒྱུད་སྡེ་བཞི་བཅུ་རྩ་བདུན་ལ་སོགས་པ་དང༌། སེམས་སྡེ་བཅོ་བརྒྱད་ཀློང་ཆེན་པོ་དགུ། སྒོམ་ལུང་བརྒྱད་ཅུ་ལ་སོགས་པ། བཀའ་རྫོགས་པ་ཆེན་པོ་རྩོལ་མེད་ཆིག་ཆོད་ཀྱི་དགོངས་པ་ མཐར་ཕྱིན་པའི་ཚིག་དོན་མཐའ་དག་ལ་མཁས་པར་སྦྱངས་ཏེ། རྩོལ་བྲལ་ཡེ་ཤེས་ཀྱི་ངང་ལ་ མཉམ་པར་གཞག་པས་འཁོར་འདས་བདེ་ཆེན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་ རྟོགས་པ། དཔལ་ཀུན་ཏུ་བཟང་པོ་དང་དགོངས་པ་མཉམ་པ་ལྟ་བུར་བཞུགས་སོ། ། མདོར་ན་རིགས་ལྡན་སྤྲུལ་པའི་སྐུ་ཆེན་པོ་ཆོས་རྗེ་ཀུན་སྤངས་པ་ཆེན་པོ་ཞེས་མཚན་ ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཡོན་ཏན་བརྗོད་ཀྱིས་མི་ལང་བ་རྣམས་བུམ་པ་གང་བྱོའི་ཚུལ་ དུ་ཐོབ་པར་མཛད་ཅིང༌། ཆོས་རྗེ་དེ་ཉིད་ཀྱི་ཐུགས་ལས་འཁྲུངས་པའི་སྲས་ཀྱི་ཐུ་བོ་ཆེན་པོར་ བཞུགས་པ་ཡིན་ནོ། །སྐྱེས་མཆོག་ཀརྨ་པ་རང་བྱུང་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། ཆོས་རྗེ་དཔལ་ ལྡན་བླ་མ་འདི་ཉིད་ཀྱི་རྣམ་ཐར་དུ་བསྔགས་པ་འདི་ལྟར་མཛད་དེ། དེ་ལྟར་གསན་པའི་དོན་ལ་སྒྲུབ་པ་ཡིས། ། རང་གཞན་རྒྱུད་ལ་སྨིན་གྲོལ་མཛད་པའི་ཕྱིར། ། བསླབ་གསུམ་དྲི་མེད་ཉེས་པའི་སྐྱོན་མ་གོས། ། ཐོས་མང་རྒྱ་མཚོར་ལྡན་ཡང་ཁེངས་པ་མེད། ། ཆེན་པོར་བཀུར་ཀྱང་ཆེ་བའི་སྐྱོན་བྲལ་ཞིང༌། ། དམན་པ་རྣམས་ལ་བུ་གཅིག་བཞིན་དུ་དགོངས། ། 1-1-42 ལོངས་སྤྱོད་སྣ་ཚོགས་སྙིང་པོ་མེད་གཟིགས་ནས། ། བླ་མ་མཆོད་ཅིང་དམན་ལ་སྦྱིན་པ་མཛད། ། ཐུགས་དམ་དམ་བཅའ་རྒྱུན་དུ་བསྟེན་པར་མཛད། ། སྐྱེས་ཆེན་མཛད་པའི་རྣམ་ཐར་བླ་ན་མེད། ། འདི་ཡིས་མཉམ་པར་གཞག་པའི་ངང་ནས་ནི། ། གཞན་གྱི་སེམས་རྒྱུད་ཕལ་ཆེར་མཁྱེན་པ་དང༌། ། སངས་རྒྱས་ཞིང་ཁམས་རྟག་ཏུ་སྤྱན་གྱིས་གཟིགས། ། ཐེག་ཆེན་སྒྲ་དབྱངས་རྒྱུན་མི་འཆད་པར་གསན། ། དེ་སོགས་ཡོན་ཏན་དཔག་མེད་མངའ་མོད་ཀྱི། ། སྐྱེས་བུ་མཆོག་དེ་གཞན་ལ་མི་སྒྲོག་ཅིང༌། ། སློབ་མ་ཕལ་གྱིས་རྟོགས་པར་མ་གྱུར་ལ། ། གཞན་སྣང་ཚུལ་དུ་བདག་དང་མ་མཇལ་བས། ། བདག་གིས་བརྗོད་ཀྱང་ཕལ་ཆེར་ཡིད་ཆེས་དཀའ། ། དེ་ཕྱིར་འདིར་ནི་ཞིབ་ཏུ་མ་བརྗོད་དོ། ། ཞེས་གསུངས་པ་བཞིན་དང༌། ཆོས་ཀྱི་རྗེ་ཡོན་ཏན་རྒྱ་མཚོ་པའི་ཞལ་སྔ་ནས་མཛད་པའི་ རྣམ་ཐར་ལས། གདོད་ནས་ཤེས་བྱའི་དཀྱིལ་འཁོར་ཡོངས་རྫོགས་ཤིང༌། ། མི་ཤེས་རྨོངས་པའི་བདུད་ལས་ངེས་རྒྱལ་ཕྱིར། ། སྒོ་གསུམ་རྩོལ་བའི་སློབ་སྦྱོང་མི་འཚལ་ཡང༌། ། ཡིན་ལུགས་རྩོལ་མེད་དགོངས་པ་མི་གོ་ཞིང༌། ། 1-1-43 རྩོལ་བཅས་ཐེག་པས་རིམ་གྱིས་དྲང་དགོས་པའི། ། གདུལ་བྱའི་དོན་ཕྱིར་སྦྱངས་པའི་ཚུལ་མཛད་ནི། ། ལུང་རྟོགས་མཐར་ཕྱིན་ཐུགས་རྗེ་དང་ལྡན་ཞིང༌། ། མཚན་ཉིད་ཕུན་སུམ་ཚོགས་པས་བརྒྱན་པ་ཡི། ། བཤེས་གཉེན་དམ་པ་རྣམས་ཀྱི་དྲུང་ཉིད་དུ། ། ཁམས་གསུམ་འཁོར་བའི་སྡུག་བསྔལ་སྐྱབ་པའི་ཕྱིར། ། དམ་ཆོས་གསན་པའི་ཚུལ་ལུགས་འདི་ལྟར་མཛད། ། སྣོད་ཀྱི་དྲི་མ་གསུམ་གྱིས་མ་གོས་ཤིང༌། ། ཉན་པའི་སྐྱོན་དྲུག་བྲལ་བའི་ངང་ཉིད་ནས། ། དགའ་བའི་མདངས་ཕྱུང་གུས་པས་ཐལ་སྦྱར་ཏེ། ། རྣམ་དག་དགོངས་པ་བཞི་དང་རབ་ལྡན་པས། ། ཐུབ་པའི་གསུང་རབ་རྒྱ་མཚོ་ལྟ་བུ་ཡི། ། ཚིག་དོན་མཐའ་དག་ཐུགས་སུ་ཆུད་པར་མཛད། ། སོ་སོའི་གཞི་ལམ་འབྲས་བུའི་རྣམ་གཞག་དང༌། ། བླང་དོར་ས་ལམ་བགྲོད་ཚུལ་ལ་སོགས་པ། ། ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་ནི། ། ཐུབ་དབང་ཆོས་འཁོར་རིམ་གསུམ་སྐོར་དང་མཚུངས། ། རྡོ་རྗེ་འཆང་དབང་བླ་མ་མཆོག་རྣམས་ལ། ། རྣམ་དག་དབང་བཞི་ཞུས་ནས་རིམ་གཉིས་ཀྱི། ། ལམ་ལ་སྒྲུབ་པ་ཉམས་ལེན་མཛད་པ་ཡིས། ། 1-1-44 སྣོད་བཅུད་ལྷ་ཡི་དཀྱིལ་འཁོར་གཟིགས་པ་དང༌། ། ནང་དུ་དགའ་བཞིའི་འཁོར་ལོ་རབ་བསྐོར་ནས། ། རྣམ་དག་རྒྱུད་སྡེ་རྒྱ་མཚོའི་དོན་བསྡུས་པ། ། རིམ་གཉིས་བདེན་གཉིས་དྲང་དོན་ངེས་དོན་གྱི། ། དམ་ཚིག་ས་ལམ་འབྲས་བུ་ཐོབ་ཚུལ་སོགས། ། མ་འདྲེས་གསལ་ལ་རྫོགས་པར་ཐུགས་ཆུད་པ། ། རྡོ་རྗེ་འཆང་དབང་ཉིད་དང་མཚུངས་པར་མཛད། ། བླ་མ་དུས་གསུམ་སངས་རྒྱས་འདི་ཉིད་ཀྱི། ། མཁྱེན་དང་བརྩེ་དང་རྟོགས་པའི་ཡོན་ཏན་རྣམས། ། ཆ་ཤས་ཙམ་ལས་ཇི་བཞིན་རྟོགས་པ་ནི། ། འཕགས་ཆེན་མིན་པ་གཞན་གྱི་སྤྱོད་ཡུལ་མིན། ། ཞེས་འབྱུང་བ་ལྟར་ཤེས་པར་བྱ་ཞིང༌། ཤེས་ནས་ཀྱང་དད་པ་ཐོབ་པར་བྱའོ། །དེ་ནས་ འགྲོ་དོན་མཛད་པའི་ཚུལ་ནི། ཆོས་ཀྱི་རྗེ་སེམས་དཔའ་ཆེན་པོ་འདི་ཉིད་ལ་བདེ་སྟོང་ཟུང་དུ་ འཇུག་པའི་ཏིང་ངེ་འཛིན་བཟང་པོ་རྒྱུན་ཆད་མེད་པ་ཐུགས་རྒྱུད་ལ་མངའ་བའི་ཕྱིར། འཇིག་ རྟེན་གྱི་མཐུན་འཇུག་དང༌། མིའི་མགོ་དཔོན་ལ་སོགས་པ་ལ་སྙིང་པོ་གང་ཡང་མི་འདུག གནས་ལའང་ཕྱོགས་གཅིག་པའི་ངེས་པ་མེད། གང་དབེན་པའི་ས་ཕྱོགས་སུ་ཐུགས་དམ་གང་ འཕེལ་གྱི་སྒྲུབ་པ་རྩེ་གཅིག་མཛད་དགོངས་པ་ལ། ཆོས་ཀྱི་རྗེ་འཇམ་དབྱང་ཆེན་པོས་གསུང་ བྱོན་ནས། ཁྱེད་ལྟ་བུ་གཞན་དོན་ནུས་པའི་སྐྱེས་བུ་རང་ཞི་བདེ་བྱས་པས་ག་ན་འོང༌། འུ་ སྐོལ་ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས་ཕན་ཆད་སེམས་ཅན་ལ་གང་ཕན་བྱ་དགོས་པ་ཡིན་ པས། དགོན་པ་ཐོབ་ལ་འགྲོ་དོན་གྱིས་ཞེས་གསུང་ནས་གསུང་ཞལ་ཏ་ནན་ཆེ་བར་བྱོན། དེ་ 1-1-45 དང་རྗེས་སུ་མཐུན་པར་ཆོས་ཀྱི་རྗེ་ཀུན་སྤངས་པ་ཆེན་པོས་ཀྱང་གསུང་བྱོན་ནས། བདེ་ཆེན་ དུ་དགོན་པ་བཙལ། ཆོས་རྗེ་རྣམ་པ་གཉིས་ཀྱིས་ཞབས་ཀྱིས་བཅགས། མེ་ཏོག་གཏོར་ནས་ དགོན་པ་བཏབ་སྟེ་བཞུགས། དེར་བུ་སློབ་དགེ་བའི་བཤེས་གཉེན་མང་པོ་དང༌། མི་ཆེ་བཙུན་ ནང་དུ་ཡང་དག་འཇོག་ལ་གཞོལ་བ་མང་པོས་ཀྱང་བྲང་ཁང་བརྩིགས་ནས་དགོན་པ་ཆེན་པོ་ བྱུང་ཞིང༌། སྟོན་དཔྱིད་ལ་སོགས་དུས་ཆོས་ཀྱི་དུས་ན་ཁྲིད་རེའང་མཛད། གཞན་ཡང་ཆོས་ ཅི་རིགས་པར་གསུངས་ནས། དབྱར་དགུན་ལ་སོགས་ཐུགས་དམ་དམ་པོ་འབའ་ཞིག་ལ་ བཞུགས་སོ། ། དེ་ནས་ཆོས་རྗེ་འཇམ་དབྱངས་ཆེན་པོ་གོང་དུ་གཤེགས་དགོས་པར་བྱུང་ནས། དེའི་ དུས་སུ་ངེད་ཀྱི་རྩར་ཡང་ཁྱེད་ལྟ་བུ་རེ་ཡོད་ན་དགའ་བར་འདུག་སྟེ། དེས་མི་ཕན། ད་ངེད་ཀྱང་ འགྲོ་དགོས་པར་འདུག ཆོས་རྗེ་ཀུན་སྤངས་པ་ཡང་བགྲེས་འདུག་པས། ཁྱེད་འདིར་ཟབ་ ལམ་གྱི་བསྟན་པ་འཛིན་པ་ལ་འཇོག་པ་ཡིན་པས། གོ་ཆ་བསྐྱེད་ལ་ཟབ་ལམ་གྱི་བསྟན་པ་ ཟུང་གསུང་ནས་ཞལ་ཏ་ཞིབ་པར་བྱོན། དེར་བླ་མའི་བཀའ་བཞིན་ཅི་ནུས་སྒྲུབ་པར་ཞུ་ཞེས་ ཞལ་གྱིས་བཞེས། དེ་ན་མར་ལ་ཟབ་ལམ་དོན་དུ་གཉེར་བ་བྱུང་བ་རྣམས་ལ་དབྱར་དགུན་སྟོན་ དཔྱིད་ལ་སོགས་ནམ་བྱུང་ཡང་ཆོས་ནར་མར་གསུངས་ཤིང༌། བདེ་ཆེན་དུའང་འགྲོ་དོན་ཡུན་ རིང་དུ་མཛད། དེ་ནས་ཆོས་རྗེ་ཀུན་སྤངས་པའི་གསུང་གིས་ད་ངེད་ཀྱང་རྒས་འདུག་པས་ གཟིམས་ཁང་དབེན་པ་དེར་འཚམས་བྱས་ནས་སྡོད་པ་ཡིན། ཁྱེད་ཀྱིས་ཇོ་མོ་ནང་ཡང་ཟུང་ ལ་དུས་ཁྲིད་རེའང་ཐོབ། གཞན་ཡང་ཆོས་གང་དགོས་ཤོད་ཅེས་གསུང་ཡང་ཡང་བྱོན་ཡང༌། སླར་ཕྱག་འཚལ་ནས་ཞུ་བ་མཛད། ཆོས་རྗེའི་ཕྲིན་ལས་རྣམ་པར་དཀར་བའི་རྒྱུན་འདི་ལྟ་བུ་ མཛད་འཕྲོ་ལ་གཟིམས་ཁང་དེར་བཞུགས་ནས། ངེད་ཀྱིས་འགྲོ་དོན་བྱེད་ལོ་བྱས་ཀྱང་ཞོ་ལམ་ དར་བས་འགག་པར་ཡང་འགྲོ། ཟབ་ལམ་ཡང་དར་དུ་མི་འགྲོ་ཞེས་ཞུ་བ་ཡང་ཡང་མཛད་ 1-1-46 པས། རེས་འགའ་ད་དེ་ཀ་ཡིན། ང་རང་གིས་ཀྱང་བླ་མའི་གསུང་མང་པོ་བཅག་ཅིང་གདན་ ས་མང་པོ་སྐྱུར་བ་ཡིན་ཏེ། ད་དེའི་མཐོང་ཆོས་བྱུང་བ་ཡིན་ཞེས་གསུང་འབྱོན་དུ་བྱུང་ནས་ཅུང་ འཇིགས་པར་བྱུང་གསུང༌། དེ་ནས་ཆོས་རྗེ་བཞུགས་པའི་དུས་ནའང་ཇོ་མོ་ནང་དུ་ཁྲིད་ཆོས་ དང༌། ཚོགས་ཆོས་ཀྱང་ཅི་རིགས་པར་གསུངས། དེ་གཏིང་ཆོས་རྗེ་ཉིད་བདེ་བར་མི་གཤེགས་ པ་ཙམ་གྱི་གོང་དུ་གདན་དྲངས་ནས། ད་ངེད་འགྲོ་བ་ཡིན། ན་ནིང་ནས་ཀྱང་རི་ཁྲོད་འདི་ཟུང་ ལ་ཆོས་ཤོད། ངེད་དལ་དུ་ཆུག་ཡང་ཡང་བྱས་པ་ཡིན་ནའང་འཛིན་དུ་མ་འདོད། ད་ཁྱེད་ལས་ འོས་མེད་པས་ངེད་ཀྱིས་སྔར་ཇི་ལྟར་སྐྱོང་བའི་རྣམ་ཐར་བཞིན་དུ་སྐྱོངས་གསུང་ནས། ཐང་ སྐུ། ཀ་པ་ལ། ཕྱག་དཔེ། ཐུགས་དམ་རྡོ་རྗེ་དྲིལ་བུ་ལ་སོགས་པ་གསང་སྔགས་ཀྱི་ཆས་རྣམས་ དང༌། དགོན་པ་བུ་སློབ་ཡོན་བདག་དང་བཅས་པ་རྣམས་གཏད་ནས་གདན་ལ་བསྐོས་སོ། ། དེ་ནས་བླ་མ་དམ་པས། ཆོས་ཀྱི་རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དེ་ཉིད་ ཀྱི་གསུང་སྒྲུབ་པའི་ཕྱིར། ཇོ་མོ་ནང་དུའང་ཐུགས་ཕབ། ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་རྒྱ་ ཆེན་པོ་དང༌། གནང་སྦྱིན་དང་ཞལ་ཏའི་རིམ་པ་གང་ལ་གང་དགོས་མཛད། གཉོམ་ཆུང་དང་ ནད་པ་རྣམས་ལའང་ལྟོ་གོས་ཆོས་གསུམ་གྱི་གནང་སྦྱིན་ཞལ་ཏ་དང་བཅས་པ་མཛད་པས། ཀུན་ཀྱང་བླ་མ་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང་ཡིད་ཚིམ་པར་གྱུར་ཏོ། ། དེ་ལྟར་ཇོ་མོ་ནང་དང་བདེ་ཆེན་གཉིས་ཀ་བཟུང་ནས་འགྲོ་དོན་མཛད་པའི་ཚུལ། བླ་ མ་ཀུན་དགའ་བསོད་ནམས་ལ་སོགས་པའི་ཡང་དག་པའི་དགེ་བའི་བཤེས་གཉེན་ཆེན་པོ་ ལུང་རིགས་ཀྱི་མངའ་བདག་བསམ་གྱིས་མི་ཁྱབ་པ་རྣམས་དང༌། དཔོན་བྱང་ཆུབ་རྡོ་རྗེ་དང་། དཔོན་ཆེན་ཡོན་བཙུན་ལ་སོགས་པའི་མི་ཆེན་པོ་མང་པོ་དང༌། བུ་སློབ་ཡོན་བདག་དཔག་ཏུ་ མེད་པ་དང༌། གཞན་ཡང་དབུས་གཙང་རུ་བཞི། མངའ་རིས་སྐོར་གསུམ། མདོ་ཁམས་སྒང་ གསུམ་གྱི་དད་འདུས་འཁོར་རྣམ་བཞིའི་ཚོགས་དཔག་ཏུ་མེད་པ་འདུས་ཤིང་བསྡུ་བ་རྣམ་པ་ 1-1-47 བཞིའི་སྒོ་ནས་སྨིན་ཅིང་གྲོལ་བར་མཛད་པ་ཡིན་ནོ། ། དེ་ཡང་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་གསུམ་གྱིས་འགྲོ་བའི་དོན་མཛད་དེ། སྐུའི་ཕྲིན་ལས་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་འདི་ནི། སྔོན་ཚུལ་ཁྲིམས་དང་བཟོད་པའི་ཕར་ ཕྱིན་ལ་གོམས་པར་མཛད་པའི་རྒྱུས། སྐུ་རང་བཞིན་གྱིས་མཚན་བཟང་པོ་དང་གཟི་བྱིན་ ཆེན་པོ་དཔལ་ལྡན་ཞིང༌། ཁྱད་པར་དུ་སོ་སོར་ཐར་པའི་སྡོམ་པ་ཤིན་ཏུ་རྣམ་པར་དག་པས་ མཛེས་ཤིང་ཚུལ་ཁྲིམས་ཀྱི་དྲི་བཟང་པོ་དང་ཡང་ལྡན་ཅིང༌། རྡོ་རྗེ་ཐེག་པའི་ཟབ་ལམ་རྡོ་རྗེའི་ རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་པའི་སྟོབས་ཀྱིས། བྱང་ཆུབ་ཀྱི་སེམས་ཁམས་ དྭངས་མ་ཟླ་བ་བདུད་རྩི་བརྟན་ཞིང་རྒྱས་པའི་སྐུ་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་ པ་འབར་བ། གང་གིས་མཐོང་བ་དེའི་ཡིད་རབ་ཏུ་དང་བའི་དད་པ་འཕེལ་བ། དོན་ཆེན་པོ་ དཔལ་ལྡན་པར་མཛད་ཅིང༌། སྤྱོད་ལམ་རྣམ་པ་བཞི་པོ་ཐམས་ཅད་འགྲོ་བའི་དོན་ཁོ་ནར་ འགྱུར་བར་མཛད་ལ་ཕྱག་ཞབས་ཀྱིས་གང་ལ་རེག་པ་དེའི་གནས་སྐབས་སུ་ཡང་ནད་གདོན་ བར་ཆད་ཐམས་ཅད་སེལ་བར་མཛད་པའི་སྒོ་ནས་སྐུའི་ཕྲིན་ལས་ཕུན་སུམ་ཚོགས་པ་མངའ་ བ་ཡིན་ནོ། ། ཐུགས་ཀྱི་ཕྲིན་ལས་ནི། རྗེ་བཙུན་དཔལ་ལྡན་བླ་མ་འདིའི་ཐུགས་ཏིང་ངེ་འཛིན་གྱི་བྱིན་ རླབས་ཀྱིས། གདུལ་བྱ་ཕ་རོལ་པོའི་རྒྱུད་ལ་ཡང་མི་རྟོག་པའི་ཏིང་ངེ་འཛིན་ངང་གིས་སྐྱེ་བ་ དང༌། ཐུགས་རྗེའི་བྱིན་རླབས་ཀྱིས། ཞེ་སྡང་རབ་ཏུ་འབར་བའི་སྐྱེ་བོ་ཡང༌། དྲུང་དུ་འོང་ པ་ཙམ་གྱིས་ཞེ་སྡང་ངང་གིས་ཞི་བར་འགྱུར་བ་དང༌། གདུལ་བྱའི་ནད་གདོན་ལ་སོགས་ལ་ ཐུགས་ཀྱིས་དམིགས་པ་མཛད་པ་ཙམ་གྱིས་སེལ་བར་ནུས་པ་ལ་སོགས་པའི་སྒོ་ནས། ཐུགས་ ཀྱི་ཕྲིན་ལས་ཕུན་སུམ་ཚོགས་པ་མངའ་བ་ཡིན་ནོ། ། གསུང་གི་ཕྲིན་ལས་ནི། མདོར་བསྡུས་ན། གདུལ་བྱ་རང་རང་གི་སྐལ་བ་དང༌། དབང་ 1-1-48 པོའི་རིམ་པ་དང་འཚམ་པའི་ཆོས་བསྟན་པའི་སྒོ་ནས་དོན་མཛད་པ་ཡིན་ལ། དེ་ཡང་མཐར་ ཐུག་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ཆོས་ཟབ་པ་དང་རྒྱ་ཆེ་བ་བསྟན་པའི་སྒོ་ནས་གྲོལ་ བར་མཛད་པ་ཡིན་ན་ཡང༌། རེ་ཤིག་སྐལ་བ་དང་མི་ལྡན་པ་རྣམས་ཐབས་ཀྱིས་དྲང་དགོས་ པས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན། བཀའ་འཁོར་ལོ་རིམ་པ་གསུམ་གྱི་ཆོས་བསྟན་ ནས། དྲི་མ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་སྦྱོང་བར་གསུངས་པ་ལྟར་རམ། སྔགས་ཀྱི་ ཐེག་པ་ལྟར་ན། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་སོགས་ གསུངས་པ་དང༌། མཚན་ཡང་དག་པར་བརྗོད་པ་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། ། ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་གསུངས་པ་ལྟར། ལམ་གྱི་གཞི་བསླབ་སྡོམ་ གྱི་དབང་དུ་བྱས་ན་གདུལ་བྱ་ངེས་འབྱུང་གི་བསམ་པ་ཅན་སོ་སོར་ཐར་པའི་སྡོམ་པའི་སྣོད་ དུ་གྱུར་པ་རྣམས་ལ། སོ་སོ་ཐར་པ་རིགས་བདུན་ནམ་བརྒྱད་ཀྱི་སྡོམ་པ་ཕོག་ནས། སོ་སོའི་ བསླབ་བྱ་རྣམས་ལེགས་པར་གསུངས་ཏེ་ལམ་གྱི་གཞི་ཕུན་སུམ་ཚོགས་པ་ལ་འགོད་པར་ མཛད་དོ། ། སོ་སོར་ཐར་པ་རིགས་བདུན་མཐའ་དག་གམ་གང་ཡང་རུང་བ་དང་ལྡན་པ་བྱང་ཆུབ་ སེམས་དཔའི་སེམས་བསྐྱེད་དང་སྡོམ་པའི་སྣོད་དུ་གྱུར་པ་རྣམས་ལ། བྱང་ཆུབ་སེམས་དཔའི་ སེམས་བསྐྱེད་དང་སྡོམ་པའི་ཆོ་ག་ཕུན་སུམ་ཚོགས་པ་མཛད་ཅིང༌། བསླབ་བྱ་རྣམས་ལེགས་ པར་གསུངས་ནས། ཐེག་པ་ཆེན་པོའི་ལམ་གྱི་གཞི་ཕུན་སུམ་ཚོགས་པ་ལ་འགོད་པར་མཛད་ དོ། ། ཐེག་པ་ཆེན་པོའི་སེམས་བསྐྱེད་དང༌། བྱང་སེམས་ཀྱི་སྡོམ་པ་དང་ལྡན་པ་རིག་པ་འཛིན་ པའི་སྣོད་དུ་གྱུར་པ་རྣམས་ལ། སྐལ་བ་དང་འཚམ་པར་རྒྱུད་སྡེ་བཞིའི་དབང་དང་རྗེས་གནང་ བྱིན་རླབས་ཀྱི་རིམ་པ་ཆོ་ག་ཕུན་སུམ་ཚོགས་པའི་སྒོ་ནས་གནང་ཞིང༌། སོ་སོའི་དམ་ཚིག་དང་ 1-1-49 སྡོམ་པའི་རྣམ་གཞག་ཐམས་ཅད་ལེགས་པར་གསུངས་ནས། རིག་པ་འཛིན་པའི་སྡོམ་པ་དང་ ལྡན་པར་མཛད་དེ། རྡོ་རྗེ་ཐེག་པའི་ལམ་གྱི་གཞི་ཕུན་སུམ་ཚོགས་པ་ལ་འགོད་པར་མཛད་དོ། ། ལམ་གྱི་ངོ་བོའི་དབང་དུ་བྱས་པ་ལ། བཀའ་གདམས་ལམ་རིམ་དང་བསྟུན་ནས། གདུལ་ བྱ་ལས་དང་པོ་པ་རྣམས་ལ། ཉན་རང་གི་ལམ་དང་རྗེས་སུ་མཐུན་པ་སྐྱེས་བུ་ཆུང་ངུ་དང་ འབྲིང་གི་ལམ་བསྟན་ནས། དལ་འབྱོར་རྙེད་དཀའ་བ་དང༌། འཆི་བ་མི་རྟག་པ་རྗེས་སུ་དྲན་ པས་ཚེ་འདི་ལས་བློ་ལྡོག་པ་དང༌། འཁོར་བ་རྒྱུ་འབྲས་ཀྱི་ཉེས་དམིགས་དྲན་པས་འཁོར་བ་ མཐའ་དག་ལས་བློ་ལྡོག་པར་མཛད། དེ་ནས་སྐྱེས་བུ་ཆེན་པོའི་ལམ་བསྟན་ནས་ཐེག་པ་ཆེན་ པོར་བློ་སྦྱོང་དུ་བཅུག་སྟེ། ཐེག་ཆེན་གྱི་མདོ་བསྟན་བཅོས་མན་ངག་གི་སྐོར་དཔག་ཏུ་མེད་པ་ གསུངས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཕྱོགས་མཐུན་སོ་བཅུ་སོ་བདུན་གྱི་ལམ་ལ་འགོད་ པའི་སྒོ་ནས་འགྲོ་བའི་དོན་མཛད་དེ། སྤྱིར་དུ་ན་ཆོས་དོན་དུ་གཉེར་ཡང་ཆ་རྐྱེན་མ་འཛོམ་ པའི་རིགས་རྣམས་ལ། རྒྱགས་ཆུ་སྡོར་གོས་སྟན། ཆོས་ཞུ་བའི་ཆས་ལ་སོགས་པ་ཅི་དགོས་ པའི་ཟང་ཟིང་གི་སྦྱིན་པ་དང༌། གཞན་ཡང་རྫས་དང་ཡོ་བྱད་ལ་ཆགས་པ་ཅུང་ཟད་ཀྱང་མི་ མངའ་བས། གང་ལ་གང་འོས་ཀྱི་གནང་སྦྱིན་རྒྱ་ཆེན་པོས་བསྡུ་བ་ལ་སོགས་བསྡུ་བའི་དངོས་ པོ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་པ་ཡིན་ནོ། །གདུལ་བྱ་གསང་སྔགས་རྒྱུད་སྡེ་འོག་མ་ བྱ་སྤྱོད་རྣལ་འབྱོར་ལ་མོས་པ་རྣམས་ལ། རྒྱུད་སྡེ་དེ་དང་དེ་དག་གི་གཞུང་དང་སྒྲུབ་ཐབས་ མན་ངག་གི་སྐོར་དུ་མ་རྣམས་གསུངས་ནས་རྒྱུད་སྡེ་འོག་མ་རྣམས་ཀྱི་ལྟ་སྒོམ་སྤྱོད་པའི་ལམ་ ལ་འགོད་པའི་སྒོ་ནས་དོན་མཛད་ཅིང༌། རྣལ་འབྱོར་བླ་མེད་ཀྱི་རྒྱུད་མ་རྒྱུད་ཀྱི་སྐོར་ལ་མོས་ པ་རྣམས་ལ། བདེ་མཆོག་དང་ཀྱེའི་རྡོ་རྗེ་དང༌། གདན་བཞི་དང༌། མ་ཧཱ་མ་ཡ། ཕྱག་རྒྱ་ཆེན་ པོ་ཐིག་ལེ་ལ་སོགས་པའི་རྩ་རྒྱུད་བཤད་རྒྱུད་འགྲེལ་པ་དང་བཅས་པ་དང༌། དེ་དག་གི་སྒྲུབ་ ཐབས། མན་ངག་ཕྱག་རྒྱ་ཆེན་པོའི་སྐོར་རྣམས་དང༌། ལམ་འབྲས་ཀྱི་སྐོར་རྣམས་དང༌། ནག་ 1-1-50 པོ་པའི་ཆོས་དྲུག་ལ་སོགས་པ་དཔག་ཏུ་མེད་པ་གསུངས་ནས་དེ་དག་གི་བསྐྱེད་རྫོགས་ཀྱི་ རྣལ་འབྱོར་ཟབ་མོའི་ལམ་ལ་བཀོད་ཅིང༌། རྣལ་འབྱོར་ཆེན་པོ་ཕ་རྒྱུད་ཀྱི་ཕྱོགས་ལ་མོས་ པ་རྣམས་ལ། གསང་བ་འདུས་པའི་རྩ་རྒྱུད་དང་རྒྱུད་ཕྱི་མ་དང་བཤད་རྒྱུད་དང་རྒྱུད་འགྲེལ་ དང༌། སྒྲུབ་ཐབས་དང་མན་ངག་གི་སྐོར་རིམ་ལྔ་ལ་སོགས་མང་དུ་གསུངས་ནས། དེ་དག་གི་ བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཟབ་མོའི་ལམ་ལ་བཀོད་དེ། ཉམས་མྱོང་དང་རྟོགས་པའི་ཡོན་ ཏན་དུ་མ་དང་ལྡན་པར་མཛད་དོ། ། རྫོགས་པ་ཆེན་པོ་ལ་མོས་པ་རྣམས་ལ་ཡང༌། རྫོགས་པ་ཆེན་པོའི་སྐོར་གྱི་རྒྱུད་མན་ ངག་གང་ལ་གང་དགོས་རྣམས་གསུངས་ནས་ཉམས་རྟོགས་ཕུན་སུམ་ཚོགས་པ་བསྐྱེད་པར་ མཛད་དོ། ། ཁྱད་པར་དུ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་ཁ་འབྱེད་པ་དཔལ་དུས་ཀྱི་ འཁོར་ལོའི་རྒྱུད་དང༌། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་ལ་མོས་པའི་གང་ཟག་ མཆོག་རྣམས་ལ། དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་ རྫོགས་པ་ལན་མང་དུ་མཛད་ཅིང༌། ཟབ་ལམ་གྱི་སྣོད་དུ་གྱུར་པ་ལྟོས་པ་བཞི་དང་བྲལ་བའི་ གདུལ་བྱ་སྐལ་ལྡན་དཔག་ཏུ་མེད་པ་ལ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་བཏབ་པས། རབ་ཀྱིས་དང་པོར་རྟོགས་པའི་གང་ཟག་ཀྱང་མང་དུ་བྱུང༌། འབྲིང་གིས་སྲོག་རྩོལ་གྱིས་བདེ་ སྟོང་གི་ཏིང་ངེ་འཛིན་ལ་སྦྱོར་ནུས་པའང་མང་དུ་བྱུང༌། གཞན་ཡང་རྣམ་ཀུན་མཆོག་ལྡན་གྱི་ སྟོང་གཟུགས་མཐོང་བའང་དཔག་ཏུ་མེད་པ་བྱུང༌། ཐ་མས་ཀྱང་རྟགས་བཅུའི་སྣང་བ་རྫོགས་ པ་ཙམ་བྱུང༌། ཆོས་རྗེ་འདི་ཉིད་ཀྱི་གསུང་གིས་སྤྱིར་གྱིས་ཐེག་པ་ཆེན་པོའི་ཆོས་འདི་ཟབ། དེའི་ ནང་ནས་ཀྱང་འབྲས་བུའི་ཐེག་པ་གསང་སྔགས་རྡོ་རྗེའི་ཐེག་པ་འདི་ཟབ། དེའི་ནང་ནས་ཀྱང་ ཟབ་ལམ་རྡོ་རྗེའི་རྣལ་འབྱོར་འབྲས་བུ་མངོན་སུམ་དུ་ལྟ་བ་འདི་ཟབ་པར་འདུག འདི་ལྟ་ 1-1-51 བུ་དང་མཇལ་བ་འདིའང་བསྐལ་པ་མང་པོའི་གོང་ནས་བསོད་ནམས་བསགས་པར་འདུག་ གསུང༌། རྣལ་ལམ་དུ་བར་ཁང་ཅིག་ནས་སྟེང་ཁང་ན་མར་སྐུ་གདུང་མང་པོ་ཆོས་རྗེ་ཉིད་ཀྱིས་ གཏོང་གིན་འདུག ཆོས་རྗེ་འཇམ་དབྱངས་པ་དང༌། ཆོས་རྗེ་ཀུན་སྤངས་པ་གཉིས་ཀྱིས་ སྟེང་ནས་ལེན་གྱིན་འདུག དེར་སྐུ་གདུང་ལ་ལ་ཆོས་རྗེ་རྣམ་པའི་ཕྱག་ཏུ་བླངས་མ་ཐག་ནམ་ མཁའ་ལ་ཡལ་ནས་སོང༌། ལ་ལ་སྟེང་ན་གཞག་འདུག བར་ཁང་གི་སྐུ་གདུང་ཐམས་ཅད་ ཡར་ཐེངས་པ་དང༌། ཡར་གཏོང་བའི་ལམ་ན་འོག་ཁང་གི་འཐོངས་ཁ་འདུག་པས་དེ་ལ་ལྷུང་ མ་ལྷུང་བལྟས་པས། ལྷུང་བ་ཅིག་ཀྱང་མི་འདུག་པས་ཐམས་ཅད་ཡར་ཐེངས་པ་རྨི་ལམ་དུ་ རྨིས། དེར་རྣལ་སད་ནས་བརྟག་གཞིག་བཏང་བས། བར་ཁང་ན་ཡོད་པའི་སྐུ་གདུང་མང་པོ་ དེ་རྣམས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་ལས་འབྲེལ་ཡོད་པའི་གདུལ་བྱ་རྣམས་ཡིན་པར་ འདུག ཆོས་རྗེ་རྣམ་པ་གཉིས་ཀྱིས་བླངས་ཤིང་ངེད་ཀྱིས་ཡར་བཏང་བ་བླ་མའི་གདམས་ངག་ ཟབ་མོའི་བཀའ་སྲོལ་ཟིན་པའི་རྟགས་སུ་འདུག སྐུ་གདུང་ནམ་མཁའི་དབྱིངས་སུ་ཡལ་བ་ རྣམས་སྐུ་བཞི་ལ་འབྱོར་ནུས་པར་འདུག སྟེང་ན་གཞག་པ་རྣམས་ཀྱང་རིང་པོ་མི་ཐོགས་པར་ མཆོག་ཐོབ་པའི་རྟགས་སུ་འདུག འོག་ཁང་དུ་ལྷུང་བ་མི་འདུག་པ་དེ་ཟབ་ལམ་འདིར་ཞུགས་ ཤིང་ལམ་སྣ་དུམ་རེ་ཟིན་པ་ཡང་ངན་སོང་གསུམ་དུ་མི་འགྲོ་བའི་རྟགས་སུ་འདུག དེས་ན་ ཟབ་ལམ་འདི་ལ་འབྲེལ་པ་དུམ་རེ་ཞོགས་ནའང་ཕན་ཡོན་བསམ་གྱིས་མི་ཁྱབ་པར་འདུག་ གསུང༌། ཟབ་ལམ་གྱི་རྒྱབ་རྟེན་ནམ་ངོ་སྤྲོད་ཀྱི་སྐོར། རྩ་མི་གྱི་ཇོ་འབྲོ་ར་པ་ལ་སོགས་པའི་ སྦྱོར་དྲུག་གི་སྐོར་དཔག་ཏུ་མེད་པ་དང༌། དཔལ་དུས་ཀྱི་འཁོར་ལོའི་རྒྱུད། བྱང་ཆུབ་སེམས་ དཔའི་འགྲེལ་པ་སྐོར་གསུམ། རྒྱུད་ཕྱི་མ་བཀོལ་པ་དུམ་བུའི་རྒྱུད་ཀྱི་སྐོར་མང་པོ། དེ་རྣམས་ ཀྱི་ཆ་ལག་གེགས་སེལ་བོགས་འདོན་དང་བཅས་པའི་སྐོར་དཔག་ཏུ་མེད་པ་གསུངས་ནས། གདུལ་བྱ་དཔག་ཏུ་མེད་པ་ཟུང་འཇུག་གསུམ་གྱི་ལམ་ལ་བཀོད་ཅིང་ཟབ་ལམ་རྡོ་རྗེའི་རྣལ་ 1-1-52 འབྱོར་གྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། ། མདོར་ན་ཆོས་སྟོན་པ་ན་གསུང་གི་གདངས་སྙན་ཞིང་བརྗིད་ལ་བརྡ་རྣམ་པར་དག་པ་ དང༌། གང་ནས་གསུངས་ཀྱང་འབྲེལ་ཆགས་ཤིང༌། ཇི་ཙམ་གསུངས་ཀྱང་རན་ཞིང་འཚམ་ པ་དང༌། ཇི་ལྟར་གསུངས་ཀྱང་འཐད་པ་དང༌། གང་ལ་ཡང་འཇིགས་པ་མེད་པའི་སྤོབས་པ་ ཕུན་སུམ་ཚོགས་པའི་སྒོ་ནས་ཆོས་སྟོན་པ་ལ་དབང་འབྱོར་པ་ཡིན་ནོ། །བཀའ་མདོ་རྒྱུད་ཀྱི་ དགོངས་པ་ཟབ་མོ་རྣམས་བདེ་བླག་ཏུ་རྟོགས་པར་བྱེད་པའི་བསྟན་བཅོས་རྒྱས་བསྡུས་མང་ པོ་དང༌། ཞུས་ལན་ཕྲིན་ཡིག་ལ་སོགས་པའི་སྒོ་ནས་ཀྱང་ཟབ་མོའི་དོན་གསལ་བར་སྟོན་ པའི་རྩོམ་པ་དུ་མ་མཛད་དེ། གསུང་རབ་མཐའ་དག་ལ་ཐོས་པ་དང་བསམ་པ་ལས་བྱུང་བའི་ ཐུགས་ཀྱི་སྣང་བ་ཚད་མེད་པ་རྒྱས་ཤིང༌། བསྒོམ་པ་ལས་བྱུང་བའི་ཡེ་ཤེས་ཀྱི་སྣང་བ་ཕུལ་དུ་ བྱུང་བ་ཐོབ་པའི་ཕྱིར། ལེགས་བཤད་རྩོམ་པ་ལ་སྤོབས་པ་ཐོགས་པ་མི་མངའ་བ་ཡིན་ནོ། ། དེ་དག་གི་དོན་བསྡུས་པ་ནི། ཆོས་ཀྱི་རྗེ་ཡོན་ཏན་རྒྱ་མཚོ་པའི་ཞལ་སྔ་ནས་མཛད་པའི་རྣམ་ ཐར་ལས། ཟབ་ཡང་མདོ་རྒྱུད་རྒྱ་མཚོ་ཆེན་པོ་ཡི། ། ཚིག་དོན་མ་ལུས་ཐུགས་སུ་ཆུད་མཛད་ནས། ། གདུལ་བྱའི་ལས་དང་སྐལ་བ་དང་འཚམ་པར། ། བརྩེ་བས་འགྲོ་དོན་ཕྱོགས་མེད་མཛད་ཚུལ་ཡང༌། ། ནམ་མཁའ་མཛོད་ལྟར་དཔལ་འབྱོར་རྒྱ་ཆེན་གྱིས། ། འགྲོ་མང་དབུལ་བའི་སྡུག་བསྔལ་རབ་ཏུ་བསལ། ། སྒོ་གསུམ་རྣམ་དག་ཚུལ་ཁྲིམས་དྲི་ལྡན་པས། ། ཚུལ་ཁྲིམས་ལྟར་སྣང་འཆལ་ཚུལ་ཟིལ་མནན་ཞིང༌། ། 1-1-53 འགྲོ་མང་རྣམ་དག་ཚུལ་ཁྲིམས་ལ་བཀོད་ནས། ། འདུས་པ་རྒྱ་མཚོའི་གཙུག་གི་རྒྱན་གྱུར་མཛད། ། མཐའ་བྲལ་ཟུང་འཇུག་ཆེན་པོའི་ངང་བཞུགས་ནས། ། མཐར་འཛིན་ལོག་ལྟའི་ཚོགས་རྣམས་སུན་ཕྱུང་སྟེ། ། འགྲོ་མང་ཡང་དག་ལྟ་ལ་རབ་བཀོད་ནས། ། མདོ་རྒྱུད་དགོངས་པའི་ལྟ་བ་མཐར་ཕྱིན་མཛད། ། བདེ་གསལ་འགྱུར་བ་མེད་པའི་ངང་བཞུགས་ནས། ། རྟག་ཆད་མཐའ་ལ་ཞེན་པའི་སྒོམ་པ་ཡིས། ། འབྲས་བུ་ཐོབ་པར་འདོད་རྣམས་སུན་ཕྱུང་ནས། ། འགྲོ་མང་ཟུང་འཇུག་གསུམ་གྱི་ལམ་ལ་བཀོད། ། རྒྱུ་འབྲས་གཞུང་ལུགས་རྒྱ་ཆེན་མ་ཐོས་པར། ། སློབ་དཔོན་རྨོངས་པའི་རྗེས་སུ་འབྲངས་པ་ཡི། ། སྤྱོད་རྩིང་ངན་འགྲོའི་རྒྱུ་རྣམས་སུན་ཕྱུང་སྟེ། ། མདོ་རྒྱུད་དགོངས་པ་རྣམ་དག་ལེགས་བླངས་ནས། ། སྤྱོད་པ་དུས་ཚོད་དག་དང་འབྲེལ་པ་ཡིས། ། ཅི་སྤྱད་སངས་རྒྱས་ལམ་དུ་འགྱུར་བར་མཛད། ། རྒྱལ་བའི་གསུང་རབ་ཕྱོགས་མེད་དོན་རྣམས་ལ། ། རྩོལ་མེད་ཐོགས་ཆགས་མེད་པར་གསུངས་པ་ཡིས། ། མི་ཚེ་རིལ་པོ་བཤད་པ་ལ་འབད་ཀྱང༌། ། ཐེག་པ་ཕྱོགས་རེའི་དོན་ཡང་མི་ཁྲོལ་བའི། ། 1-1-54 རྩོལ་བཅས་སྡུག་བཙིར་ཅན་རྣམས་ཟིལ་མནན་ནས། ། མཐའ་དྲུག་དགོངས་པ་ཕྱོགས་མེད་དཀྲོལ་བར་མཛད། ། རྣམ་པར་རྟོག་པའི་འགལ་འབྲེལ་ཕྱོགས་རེ་ལ། ། ཐམས་ཅད་མཁྱེན་པ་ལྟ་བུར་རབ་རློམ་ཡང༌། ། འདུ་ཤེས་ཚུ་རོལ་ལུས་པའི་སྐྱེས་བུ་རྣམས། ། འདུ་ཤེས་རྣམ་པར་བཤིག་པའི་ཏིང་འཛིན་དང༌། ། ལུང་རིགས་ཕྱོགས་མེད་མཁྱེན་པས་ཟིལ་མནན་ནས། ། ཕས་རྒོལ་ལོག་ལྟའི་ཚོགས་རྣམས་ཕམ་པར་མཛད། ། མདོ་རྒྱུད་དགོངས་པ་རྣམ་དག་མ་ལོངས་པས། ། ངེས་དོན་ཟབ་མོའི་སྡེབ་སྦྱོར་མི་ཤེས་ཤིང༌། ། དྲང་དོན་ཐ་སྙད་ཚིག་གི་རྩོམ་པ་ལ། ། ཐམས་ཅད་མཁྱེན་ལྟར་རློམ་པ་ཟིལ་མནན་ཕྱིར། ། མདོ་རྒྱུད་སོ་སོའི་དགོངས་པ་འགྲེལ་བ་ཡི། ། ཚིག་དོན་གསལ་བའི་བསྡུས་འགྲེལ་མང་པོ་དང༌། ། རྡོ་རྗེའི་ཚིག་རྣམས་ཕྱོགས་མེད་ཁྲོལ་བ་ཡི། ། ཚིག་ཉུང་དོན་གསལ་བསྟན་བཅོས་དཔག་མེད་མཛད། ། མདོར་ན་སྙིགས་མ་ལྔ་ཡི་དུས་འདི་རུ། ། སངས་རྒྱས་བསྟན་པའི་སྒྲོན༌མ་རབ་བཟུང་ནས། ། འགྲོ་བའི་མ་རིག་མུན་པ་བསལ་ཚུལ་ཡང༌། ། ཕྱི་ལྟར་ཐུབ་པ་ཆེན་པོ་དང་མཚུངས་ཤིང༌། ། 1-1-55 ནང་ལྟར་རྡོ་རྗེ་འཆང་དང་དབྱེར་མེད་དོ། ། ཞེས་གསུངས་པ་ལྟར་ཤེས་པར་བྱ་ཞིང༌། ཤེས་ནས་ཀྱང་དད་པ་ཐོབ་པར་བྱའོ། ། དེ་ལྟར་གདུལ་བྱའི་དབང་པོའི་བྱེ་བྲག་དང་འཚམ་པར་གང་ལ་གང་འདུལ་གྱིས་འགྲོ་ དོན་རྒྱ་ཆེན་པོ་མཛད་ནས། སྔར་རང་རེའི་སྟོབས་དང་བསྟུན་པའི་བསྡུ་བ་རྣམ་བཞིའི་སྒོ་ནས་ འགྲོ་དོན་ཡང་ཅི་རིགས་པར་བསྒྲུབས་པ་ཡིན། ཆོས་རྗེའི་དགོངས་པ་རྣམས་ཀྱང་ཞབས་ ལེགས་པར་ཚུད་ཡོད། ད་རྒས་པའི་སྟོབས་ཀྱིས་ཡར་འགྲོ་མར་འགྲོ་མང་པོ་ཡང་མི་ནུས་པར་ འདུག རེ་ཤིག་དབེན་ས་འདྲར་སྒྲུབ་པ་གང་འཕེལ་བྱེད། དེའི་ཐད་དུ་ལས་འཕྲོ་སད་པ་རེ་རེ་ ཙམ་གྱི་མ་རིག་སྒོང་ངའི་སྦུབས་འབྱེད་དགོས་བྱུང་ནའང༌། རྩོལ་བ་ཆུང་བའི་ངང་ནས་འཕྲལ་ ལ་གང་འཐད་བལྟས་ཤིང་བྱེད་པ་ཡིན་གསུང༌། དེར་སློབ་དཔོན་ཉེ་གནས་བསོད་ནམས་ རིན་ཆེན་ལ་གསུང་བྱོན་ནས། ཁྱོད་ཀྱིས་ཇོ་མོ་གངས་དཀར་འཐད་དམ། གཞན་འགོལ་ས་ ཅིག་ཏུ་བྲག་ཕུག་གམ་བསྡད་ཉན་གྱི་ས་ཆ་ཅིག་འཚོལ། དེར་འགྲོ་ནས་སྒྲུབ་པ་གང་འཕེལ་ བྱེད་པ་ཡིན་ཞེས་གསུང་བྱོན། ཉེ་གནས་པས་སླར་ཕྱག་འཚལ་ནས་ཞུ་བ་མཛད། དེ་ལྟ་བུའི་རི་ ཁྲོད་ཐག་རིངས་སུ་བྱོན་ན་བུ་སློབ་ཐམས་ཅད་ཀྱང་ཡི་ཆད། ངེད་ལ་ཡང་ཁག་འགྱེལ་དུ་མཆི། རབ་ཏུ་དགོན་པ་གོང་འོག་ཐུགས་ལ་གང་འཕྲོད་ཀྱི་གཟིམས་ཁང་དེར་དབེན་པ་མཛད་པར་ ཞུ། དེ་ཅིས་ཀྱང་ཐུགས་ལ་མི་བབ་ན་ཐག་ཉེ་ས་ཅིག་ཏུ་གནས་གང་འཐད་ཅིག་ཚོལ་བར་ཞུ་ བྱས་ནས་ཞུ་བ་ནན་ཆེར་ཕུལ་བས། འོ་ན་ཉིན་ལམ་གཉིས་ཕན་ཆད་ཀྱི་གང་འཐད་ཅིག་ཏུ་ ཚོལ་གསུང་ནས། ཁོང་གིས་ཕུག་མོའི་བྲག་ལ་གཟིགས་སུ་བྱོན་ནས། གནས་འདི་ལྟ་བུ་གདའ་ ཞེས་ལོན་སྤྲད་པས། འོ་ན་དེར་མི་ཟང་མར་འོང་དུ་མི་འདོད་ཙམ་གྱི་འཁར་ལན་ཅིག་མངོན་ མཚན་ཆུང་བའི་སྒོ་ནས་གྱིས། ངེད་ཀྱིས་ད་ཡང་ཡང་ཐོན་པ་མི་འོང་བས། ད་ལན། གདན་ས་ ཆེན་པོར་ཕྱིན་ལ་བླ་མ་རྣམས་ལ་མཇལ་ཕྲད་བྱ། མར་ལམ་བདེ་ཆེན་དུའང་བུ་སློབ་རྣམས་ལ་ 1-1-56 ཕྲད་ལ་ཁ་ཏ་བྱས་ལ་འོང་ཞེས་གསུང་བྱོན། དེ་ནས་གདན་ས་ཆེན་པོར་གཤེགས་དུས་ཇོ་ནང་ ན་ཡོད་པ་རྣམས་ལའང༌། འཇིག་རྟེན་ཐམས་ཅད་འཁྲུལ་པའི་བྱ་བ་སྐྱུངས་ལ་སྒྲུབ་པ་ལ་སྙིང་ པོར་གྱིས། དུས་རྟག་ཏུ་འགྲོགས་སུ་ཡོད་པ་ཡང་དག་པའི་དོན་འདི་ཡིན་པས་སངས་ནས་ འབད་པ་ཐོན། ངེད་ཀྱང་ས་སྐྱ་དང་བདེ་ཆེན་སྐོར་ལ་འོང་ཞེས་ཞལ་ཏ་ཞིབ་པར་མཛད་ནས། ནད་པ་དང་མ་ནུས་པ་སྐོར་དགོས་རྣམས་ཀྱང་སྐོར་ནས། གདན་ས་ཆེན་པོ་ས་སྐྱར་བྱོན་ཏེ། མར་ལམ་བདེ་ཆེན་དུའང་ཞལ་ཏ་མཛད་ནས། དགོན་པ་གོང་འོག་གཉིས་ཀ་ལ་གསང་བའི་ ཚུལ་དུ་ཆབ་ཀྱི་གཞུང་ལ་བྱོན་ནས་ཕུག་མོའི་བྲག་ལ་ཆགས་ཕབ་ནས་བྲག་ཆེན་པོ་ཞིག་གི་ རྐེད་ན་བྲག་ཕུག་ཆེན་པོ་ཡོད་པ་ལ་ཆོས་དབྱིངས་ཞེས་པའི་མིང་བཏགས་ཏེ། དེར་བདེ་བར་ གཤེགས་ས་མཛད་པར་དགོངས་པ་ཡིན་ནོ། །དེར་བཞུགས་ནས་ཐུགས་ཕེབས་ཤིང་ཚ་ཚ་ ཕུག་མོའི་བྲག་ལ་སྐྱོལ་བྱ་བ་ཡིན་གསུངས་ནས་སྐུ་འཚམས་དམ་པོ་མཛད་དོ། །དབེན་གནས་ སུ་བྱོན་ནས་ཟླ་བ་བཞི་ལྔ་སོང་བའི་དུས་ན། ཆོས་རྗེ་ཡོན་ཏན་རྒྱ་མཚོ་པས། མངོན་མཚན་ ཆུང་བའི་སྒོ་ནས། མཇལ་དུ་བྱོན་ཏེ་འདི་སྐད་ཅེས་ཞུས། ཁམས་གསུམ་གྱི་མགོན་པོ་ཁྱེད་ཀྱིས་ སྤྱིར་འགྲོ་བ་མཐའ་དག་བུ་གཅིག་པ་ལྟར་བསྐྱངས། ཁྱད་པར་དུ་བདག་ཅག་བཀའ་དྲིན་གྱིས་ བསྐྱངས་པའི་ཚུལ་ཡང༌། དང་པོར་མཇལ་ནས་ཞལ་མཐོང་བའི་དུས་ཉིད་དུ་དང་སྤྲོའི་མོས་ གུས་ཆེན་པོ་སྐྱེ་བར་བྱུང༌། དྲུང་པས་བདག་གི་ཁམས་དང་བསམ་པའི་གནས་ལུགས་ལེགས་ པར་མཁྱེན་ནས། ཁྱེད་ཡང་དག་པའི་ལམ་ལ་ཞུགས་པ་མཐར་ཕྱིན་པར་བྱེད་པ་ལ་སློབ་ཚུལ་ འདི་ལྟར་དགོས་གསུང་བའི་ཞལ་སྐོས་མཛད་ནས། ཆོས་རྗེ་ཀུན་སྤངས་པ་ཆེན་པོའི་དྲུང་དུ་ མཇལ་བའི་རྟེན་འབྲེལ་ཡང་དྲུང་པས་བསྒྲིགས་ནས་བདག་ཟབ་ལམ་ལ་ཞུགས་ནས་ཆོས་རྗེ་ ཡབ་སྲས་ཀྱི་གསུང་རྒྱུན་འཛིན་ལོ་ཙམ་འདི་བྱུང་བ་ལགས་ཤིང༌། དེ་ལས་གཞན་ཡང་ཐུགས་ རྗེས་གཟུང་ཚུལ་མཐའ་ཡས་པའི་ལུགས་ལགས། ད་ལགས་ནའང༌། སྤྱིར་གྱིས་དྲུང་པ་ཉིད་ 1-1-57 སྐུ་ཁམས་བཟང་བས་ཁྱབ་ཅིང༌། གནས་གང་དུ་བཞུགས་ཀྱང་ཁྱད་མེད་ནའང༌། ཁྱད་པར་དུ་ བདག་ཅག་བུ་སློབ་རྣམས་རྗེས་སུ་གཟུང་བའི་ཕྱིར། རེ་ཤིག་བསྙེལ་སོས་པ་དང་ཅི་མྱུར་གྱིས་ ཡར་གྱི་དགོན་པ་རྣམས་སུ་ཆགས་ཕབ་ནས་ཐུགས་རྗེས་འཛིན་འཚལ་བར་གདའ། བདག་ ཅག་ལྟ་བུ་ལ་ནི་བཞི་སྤྲུག་མི་དགོས་རང་ལོངས་བྱུང་བས་ཆོག་པའི་གནས་ལུགས་བླ་མ་པ་ ཉིད་ཀྱི་ཐུགས་ལ་གསལ་ལགས་པས་ཐུགས་རྗེས་འཛིན་པར་ཞུ་ཞེས་ཞུས་པས། ཆོས་རྗེ་བླ་ མའི་གསུང་གིས་ངེད་ཀྱང་བླ་མའི་གདན་ས་ལ་ཞེན་པ་མེད་པའང་མ་ཡིན། དེ་ཕྱོགས་ན་གནས་ པ་བློས་བཏང་བའང་མ་ཡིན། ས་ཐག་རིངས་སུ་འགྱངས་པའང་མ་ཡིན། དུས་ཚོད་ཅིག་ལ་དེ་ བཞིན་བྱེད་པ་ལས་འོས་མེད་ཀྱིས། ཁྱེད་རང་ཡང་རི་ཁྲོད་དེར་ཆོས་ཟབ་མོ་དོན་དུ་གཉེར་བ་ བྱུང་ན་ཕན་ཅི་ཐོགས་གྱིས། དེ་ལས་གཞན་འཇིག་རྟེན་དང་འབྲེལ་པའི་བྱ་བ་ལ་སོགས་ཀྱི་ འཚེར་ངོ་གང་ཡང་དགོས་པའི་ལུགས་མ་ཡིན། དེ་བས་ན་བླ་བྲང་ངམ་སྤྱིལ་པོ་གང་བཞུགས་ སྙིང་འདོད་པར་བཞུགས་ལ། རི་ཁྲོད་ན་སྒྲུབ་པ་བྱེད་པ་རྣམས་ཀྱི་མགོ་འདྲེན་དང་ཁྱེད་རང་ ཡང་མཉམ་གཞག་གི་སྒྲུབ་པ་ཅི་འཕེལ་མཛོད། དེ་ལས་གཞན་པའི་བྱ་རྒྱུ་རང་རེ་ཐམས་ཅད་ ལ་མི་བདོག ད་གདོད་ཀྱང་གླེང་ལངས་རིམ་གྱིས་བྱས་པས་མཆི་གསུང་བ་ཙམ་བྱུང་གསུང༌། དེ་ལྟར་སྒྲུབ་པ་དམ་པོ་ལ་གཞན་གྱིས་མ་ཚོར་བའི་ཚུལ་དུ་བཞུགས་ཀྱང༌། པད་མོའི་འབྱུང་ གནས་ཉམས་དགའ་ལ། །ངང་པའི་ཚོགས་འདུ་ཇི་ལྟ་བར། །ཡོན་ཏན་ལྡན་པའི་སྐྱེ་བོ་ལ། ། མ་བསྡུས་པར་ཡང་སྐྱེ་བོ་འདུ། །ཟེར་བའི་ཚུལ་དུ་ཕྱོགས་མཐའ་དག་ནས་དགེ་བའི་བཤེས་ གཉེན་ཆོས་ཞུ་ཟེར་བ་དང༌། གཞན་ཡང་ཆོས་ཞུ་ཟེར་བའི་སྐྱེ་བོ་མང་པོ་བུག་སྒོར་ཡང་ཡང་ བྱུང་ནས། ཟླ་བ་བཅུ་ཙམ་སྐུ་འཚམས་དམ་པོ་མཛད་པའི་རྗེས་ལ། ཆོས་དབྱིངས་ནས་མར་ ཅུང་ཟད་འོངས་པ་ན་བྲག་སྒོ་བྱ་བའི་ཕུག་ཅིག་ཡོད་པར་བཞུགས་ས་སྐྱེས་ནས་ཅུང་ཞིག་སྐུ་ འཚམས་གསེངས་ནས་ཡོད་པའི་སྐབས་སུ། བྲག་རམ་པ་དང༌། ནགས་ཕུག་པའི་མཁན་པོ་སོ་ 1-1-58 སོའི་གསུང་ཡིག་ཞིབ་པོ་མཛད། སློབ་དཔོན་སེང་གེ་འབུམ་དང་སློབ་དཔོན་རིན་སེང་གཉིས་ གདན་འདྲེན་གྱི་ཞུ་བ་ལ་བྱོན་ནས། མཁན་པོ་སོ་སོའི་གསུང་ཡིག་དང་ཞུ་རྟེན་ཕྱག་ཏུ་ཕུལ་ ནས། སློབ་དཔོན་རྣམ་པའི་གསུང་གིས་ན་ནིང་ནས་དགོན་པ་གོང་འོག་གཉིས་ཀྱི་བསྐྱང་རན་ལ་ ཡར་གཤེགས་མར་གཤེགས་མང་པོ་དང་ཁྲིད་བཀའ་དང་ཆོས་བཀའ་མང་པོ་གསུང་དགོས་ པར་བྱུང་བས་ཐུགས་དུབ་པའི་ཕྱིར་ས་ཆ་འདི་ཕྱོགས་སུ་བསྙེལ་སོ་བའི་ཕྱིར་བྱོན་པ་ལགས། ན་ནིང་གཤེགས་མ་ཁད་ཞུ་བ་ལ་འོངས་ཀྱང་སྐུ་ཁམས་ལ་མ་འཕྲོད་ཀྱིས་དོགས་པས་འོང་མ་ ནུས། ད་ཅུང་ཞིག་བསྙེལ་ཡང་སོས་པའི་ལུགས་ལགས། བཞུགས་སའི་གནས་ཀྱང་འདི་ལྟ་ བུ་ལ་མི་འོང་བར་གདའ། ཡ་གི་ཕྱོགས་ཀྱི་བུ་སློབ་རྣམས་ཀྱང་ཡི་ཆད་ནས་གང་བྱུང་དུ་འཐོར་ ནས་དགོན་པ་སྟོངས་པའི་གཞིར་ཡང་འགྱུར་བར་གདའ། བླ་མས་དགོན་པ་བུ་སློབ་དང་བཅས་ པ་སྐྱུར་ནས་གཤགེ ས་འདུག་ཟེར་བའི་གྲགས་པ་ངན་པའང་འབྱུང་བར་གདའ་བས། ད་ཡར་ ལ་ཅིས་ཀྱང་བྱོན་ནས་སྔར་བཞིན་འགྲོ་དོན་མཛད་ནའང་ཐུགས་ལ་བཏགས། མི་མཛད་ ནའང་དགོན་པ་གོང་འོག་གང་འཐད་ཅིག་གི་གཟིམས་ཁང་དུ་སྐུ་མཚམས་ལ་བཞུགས་པར་ ཞུ། དེ་ལ་ཐུགས་དང་འགལ་བའི་གཡེང་བ་གང་ཡང་མི་འོང་བ་ངེད་རང་བུ་སློབ་རྣམས་གྲོས་ བྱས་ནས་སྒྲུབས་པ་ལགས་པས། ཅིས་ཀྱང་ཐུགས་ལ་འདོགས་པར་ཞུ་ཞེས་ཞུ་བ་ནན་ཆེན་པོ་ མཛད་པས། ཆོས་རྗེ་བླ་མའི་གསུང་གིས། མཁན་པོ་རྣམ་པའི་ཐུགས་བརྩེ་བའི་གསུང་ཡིག་ དང༌། ཁྱེད་རྣམ་པའང་ས་བགྲོད་པ་དཀའ་མོ་ལ་མ་གཟིགས་པར་བྱོན་པ་ཐུགས་ལ་བཏགས། ངེད་ཀྱི་ཕྱོགས་ལའང་དབེན་པའི་སར་འོངས་པའི་རྒྱུ་མཚན་ཡང༌། ངེད་རང་དང་པོ་ཆུང་ངུའི་ དུས་གྲུབ་མཐའ་ལ་སོགས་གང་གིའང་སྒོར་མ་ཞུགས་པའི་དུས་ནའང་འཇིག་རྟེན་གྱི་བྱ་བ་ གང་ལའང་སྙིང་པོ་མི་འདུག གཡའ་ཁྲོད་གངས་ཁྲོད་རེར་སྡོད་པ་རེ་བྱ་དགོས་པར་འདུག་ བསམ་པའི་ངེས་འབྱུང་གི་བསམ་པ་དྲག་པོ་ཡོད། དེ་གཏིང་བླ་མ་ཀརྨ་པ་ངེད་ཀྱི་ཡུལ་ཕྱོགས་ 1-1-59 ལ་བྱོན་པའི་དུས་སུ། ངེད་ཀྱི་ཕ་ལ་ལོ་རྒྱུས་བྱས་ནས་བུ་ཚ་འདི་ངེད་ལ་བྱིན། མི་སྟེར་ན་མཐུ་ བྱེད་པ་ཡིན་ཞེས་བསྡིགས་ཏེ། ཁོང་པའི་ཕྱི་ལ་ཁྲིད་འཁོར་བ་ནས་འདོན་པའི་བླ་མ་ཁོང་གིས་ བྱས་པས་བཀའ་དྲིན་ཆེ་བར་བྱུང༌། ཞེས་པ་ལ་སོགས་པ་དང༌། དེ་གཏིང་ས་སྐྱར་བླ་མ་གྲུབ་པ་ དཔལ་དང༌། བླ་མ་ཀུན་ཤེ་ལ་སོགས་དང་མཇལ། བླ་མ་ཀུན་ཤེ་བའི་དྲུང་དུ་སྦྱོར་དྲུག་གི་ཁྲིད་ ཅིག་ཞུས། རང་རེའི་བསམ་པ་ལ་རི་ཁྲོད་འབའ་ཞིག་འགྲིམ་སྙམ་ནའང༌། བླ་མ་རྣམས་ཀྱིས་ གསུང་བྱོན་ནས་སློབ་གཉེར་འདྲ་དང་བསྲེས་མ་ལས་མ་བྱུང༌། དེ་ནས་ཆོས་རྗེ་ཀུན་སྤངས་པ་ ཆེན་པོ་དང༌། ཆོས་རྗེ་འཇམ་དབྱངས་ཆེན་པོ་དང་མཇལ་ནས། ཟབ་པ་དང་རྒྱ་ཆེ་བའི་ཆོས་ དཔག་ཏུ་མེད་པ་ཐོབ། ཕྱི་ནང་གི་སྤྲོས་པ་ཐམས་ཅད་ཆོད་ནས་ད་ནི་སྒྲུབ་པ་བྱ་བའི་དུས་ལ་ བབ། དེའང་ཇོ་མོ་གངས་དཀར་ལ་སོགས་གང་དབེན་པའི་ས་ཕྱོགས་ལ་སྒྲུབ་པ་བྱེད་པར་ཞུ་ བྱས་ནས། ཆོས་རྗེ་འཇམ་དབྱངས་པའི་དྲུང་དུ་ཞུས་པས། དེ་བཞིན་བྱས་པས་མི་འོང་སེམས་ ཅན་ལ་གང་ཕན་བྱ་དགོས་གསུང་ནས་གསུང་ནན་ཅན་བྱོན། དམ་ལ་བསྒར་ནས་འགྲོ་དབང་ མ་བྱུང་པར་ལོ་མང་དུ་འགྱངས། དེ་གཏིང་ཆོས་རྗེ་ཀུན་སྤངས་པས་དམ་ལ་བསྒར་གདན་ས་ ལ་བསྐོས་ནས་འཆུག་པ་མ་བྱུང༌། ད་ཡིན་ན་བླ་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པའི་བྱ་བ་ ཡང་གྲུབ། དབེན་པ་བསྙེག་པའང་མདང་ཞག་གློ་བུར་དུ་དྲན་པ་མིན། དང་པོ་ནས་བསམས་ པ་ཡིན། ཡར་འགྲོ་མར་འགྲོ་མང་པོ་སེམས་ཀྱིས་ནུས་ཀྱང་ལུས་ཀྱིས་ནུས་པའི་ལུགས་སུ་མི་ འདུག དེ་ཚེ་ལྷག་ཅི་གནས་འདི་ལ་གང་ནུས་ཀྱི་སྒྲུབ་པ་རེ་བྱེད། དེའི་ཐད་དུ་ལས་འཕྲོ་སད་ པ་རེ་རེ་ཙམ་བྱུང་ནའང་མ་རིག་སྒོང་ངའི་སྦུབས་འབྱེད་པ་རེ་ཙམ་བྱེད། ཁྱེད་རྣམ་པ་བྱོན་པའི་ སྐབས་དོན་ལའང༌། རང་རེ་ལུས་སྣ་མ་བསྟུངས་ན། སེམས་སྣ་མི་སྟུང་བ་ཡིན། འདི་ཙམ་ ནས་འོང་བྱས་པའི་ཁ་རུ་མི་འགྲོ། ཁམས་དང་བསྟུན་པའི་ཅི་མྱུར་ལ་འོངས་ལ་མཁན་པོ་རྣམ་ པའི་དྲུང་དུ་ཡང་མཇལ། དགོན་པ་གོང་འོག་གི་བླ་མའི་སྐུ་འབུམ་གྱི་དྲུང་དུའང་ཕྱག་འཚལ། 1-1-60 མཆེད་གྲོགས་དང་བུ་སློབ་རྣམས་དང་ཡང་ཆོས་ཟབ་མོའི་གསུང་གླེང་བྱེད་པ་ཡིན་ཞེས་པ་ལ་ སོགས་ཀྱི་གསུང་ཞིབ་པར་བྱོན་ནས། མཁན་པོ་སོ་སོའི་དྲུང་དུའང་ཞུ་ཡིག་གི་ལན་བསྐུར་རོ། ། དེ་ནས་བླ་མ་སེང་གེ་རྒྱལ་མཚན་པས་གཙོ་མཛད་པའི་བདེ་ཆེན་པའི་ཆེ་བགྲེས་རྣམས་ བྱོན་ནས། བླ་མའི་དྲུང་དུ་ཕྱག་རྟེན་དང་འབུལ་བ་བཟང་པོ། དགེ་འདུན་ལ་བསྙེན་བཀུར་ བཟང་པོ་མཛད་ནས། སྔར་ཡང་སྤྱིར་གྱིས་ཁམས་གསུམ་སེམས་ཅན་ཐམས་ཅད་ཐུགས་ རྗེས་གཟུང་ཞིང༌། ཁྱད་པར་དུ་དགོན་པ་གོང་འོག་གིས་གཙོ་བྱས་པའི་བུ་སློབ་མཐའ་རྒྱ་དང་ བཅས་པ་བཀའ་དྲིན་གྱིས་བསྐྱངས་པ་ལགས། ད་ལགས་ནའང་གནས་འདི་ལྟ་བུ་ལ་དྲུང་ པའི་བཞུགས་ས་མི་འོང་བར་གདའ་བས་དགོན་པ་གོང་འོག་གང་འཐད་ཅིག་ཏུ་བཞུགས་ ནས་སྔར་བཞིན་ཐུགས་རྗེས་འཛིན་པར་ཞུ། དེ་ལ་ཐུགས་དང་འགལ་བའི་རྣམ་གཡེང་མེད་ པ་ངེད་རང་བུ་སློབ་རྣམས་སྒྲུབ་པ་ལགས་པས་ཐུགས་རྗེས་འཛིན་པར་ཞུ་ཞེས་དང་ཞུ་བ་ནན་ ཅན་དུ་མཛད་པས། བླ་མའི་གསུང་གིས། སྔར་བླ་མ་རྣམས་ཀྱི་ཐུགས་དགོངས་སྒྲུབ་པའི་ཕྱིར་ དགོན་པ་གོང་འོག་གི་བསྐྱང་རན་དང་འགྲོ་དོན་ཡང་ཅི་ནུས་བྱས་པ་དེ་ཡིན། ད་རེ་ཤིག་བླ་ མ་རྣམས་ཀྱི་ཐུགས་ཀྱི་དགོངས་པའང་གྲུབ་པར་བྱས། དགོན་པ་གོང་འོག་ཀྱང་སོ་ཟིན་པའི་ ལུགས་སུ་བྱས་པ་ཡིན། སྒོམ་ཆེན་ཕོ་མོ་ཐམས་ཅད་ལའང་སེམས་ལ་ལྟ་ཤེས་རེ་བྱས་ཡོད་པ་ དེ་ཡིན། ངེད་ཀྱིས་ཡར་འགྲོ་མར་འགྲོ་མ་ནུས་པའི་ཕྱིར་དབེན་ས་བསྙགས་པ་ཡིན་པས། ད་ འགྲོ་དོན་ལ་སོགས་ལ་ཁྱེད་བླ་མ་རྣམ་པ་གཉིས་ཀྱིས་འབད་དགོས་པ་ཡིན་མོད། སྤྱིར་བབས་ ཀྱིས། འཇིག་རྟེན་ན་ལ་ལ་རིགས་ཀྱི་ང་རྒྱལ། ལ་ལ་ནོར་གྱི་ང་རྒྱལ། ལ་ལ་འཁོར་འདབ་ལ་ སོགས་པའི་ང་རྒྱལ་མང་པོ་བྱེད་དེ། རང་གི་སེམས་ཉིད་འདི་འོད་གསལ་ལ་མ་ཐིམ་བར་དུ་ འདུས་བྱས་གང་གིས་ཀྱང་རྟག་མི་ཐུབ། རིགས་མཐོ་ཡང་རྟག་མི་ཐུབ། འཁོར་ལོས་བསྒྱུར་ 1-1-61 རྒྱལ་ཉིད་དུ་གྱུར་ནས་ཀྱང༌། །འཁོར་བ་ན་ནི་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུངས། ནོར་ གྱིས་ཀྱང་རྟག་མི་ཐུབ། བསག་དང་བརླག་པའི་སྡུག་བསྔལ་གྱིས། །ནོར་ནི་ཕུང་ཁྲོལ་མཐའ་ ཡས་ཤེས་པར་བྱ། །ཞེས་པ་དང༌། བསགས་པའི་མཐའ་ནི་འཛད་པ་ཡིན། །ཞེས་གསུངས། གཉེན་འཁོར་གྱིས་ཀྱང་རྟག་མི་ཐུབ། འབྱོར་པའི་ཚེ་ན་ཀུན་ཀྱང་གཉེན། །རྒུད་པའི་ཚེ་ན་ ཀུན་ཀྱང་དགྲ། །ཞེས་པའམ། འདུས་པའི་མཐའ་ནི་འབྲལ་བ་ཡིན། ། ཞེས་གསུངས། མདོར་ན་འདུས་བྱས་ཀྱི་ཆོས་ལ་རྟག་ཐུབ་པའི་དངོས་པོ་གང་ཡང་མེད། ཟླ་ བ་ཕྱི་མའི་གདོང་ལ་ཚེ་ཕྱི་མ་འོང་བ་ལ་བཀག་པ་མེད། ཚེ་འདིའི་སྣང་བ་ནུབ། ཕ་རོལ་མུན་ པའི་སྨག་རུམ་ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་གཅེར་བུ་ལག་སྟོང་དུ་འགྲོ་བའི་དུས་སུ་ཆོས་ མིན་པ་གང་གིས་ཀྱང་མི་ཕན། དེ་ཡང་ལུང་ཆོས་དང་ཤེས་ཆོས་ལ་སོགས་པས་ཀྱང་ཕན་པ་ དཀའ། སྐྱབས་གནས་དང་སྐྱེལ་མ་ཐམས་ཅད་རང་སེམས་འོད་གསལ་བ་འདི་འབའ་ཞིག་ ཡིན་པས། ཐམས་ཅད་ཀྱིས་སྒྲུབ་པ་ལ་འབད་དུ་ཐོན། ངེད་ཀྱང་ཁམས་ཀྱི་ཚོད་དང་སྦྱར་ ནས་ཅི་མྱུར་གྱིས་བླ་མའི་སྐུ་ལྡེར་ལ་ཕྱག་འཚལ་བ་དང༌། མཆེད་གྲོགས་དང་བུ་སློབ་རྣམས་ ལ་ཕྲད་པ་ལ་འོང་བ་ཡིན། ད་ལན་ཁྱེད་རྣམ་པ་བྱོན་པ་ཡང་གསུང་གླེང་འཕེལ་རྗེས་སུ་ཡིད་ རང་ཞེས་གསུང་ཞལ་ཏ་མང་པོ་བྱོན། དེ་གཏིང་སློབ་དཔོན་དབོན་པོ་དང༌། སློབ་དཔོན་ནམ་ མཁའ་དང༌། སྟོན་པ་བསོད་ནམས་དཔལ་ལ་སོགས་པའི་དྲུང་སྐོར་བ་རགས་རིམ་ཅིག་བོས་ ནས། ངེད་འདིར་འོངས་པའང་འཆི་ས་སྙོག་ཏུ་འོངས་པ་ཡིན། ཁྱེད་རྣམས་ཀྱང་རང་རེ་ལ་ འཁོར་བརྒྱ་སྟོང་ཕྲག་མང་པོ་ཡོད་པའི་གསེབ་ནས་སེམས་ཅན་ལ་འཐད་པ་ཁྲིད་འོངས་པ་ ཡིན་པས། ཁྱེད་རྣམས་ཀྱང་རང་སེམས་དཔང་དུ་བཙུགས་པའི་དམ་ཚིག་སྲུང་སྡོམ་དང་དགེ་ སྦྱོར་ལ་འབད་པ་བྱ་དགོས་པ་ཡིན། འོག་མ་རྣམས་ལའང་ཁ་ཏ་ཞིབ་པར་གྱིས་ལ་ཆོས་མིན་ གྱི་སྤྱོད་པས་མ་གོས་པ་གལ་ཆེ་བ་ཡིན། ལུང་ཕུགས་འདིར་འོངས་པ་ཐམས་ཅད་ཀྱང་རང་རེ་ 1-1-62 ལ་བསམ་པ་མ་གཏོག་པའི་མི་གཅིག་ཀྱང་མི་འོང་བས་ཐམས་ཅད་ལ་ལྟ་མཐོང་ལེགས་པར་ གྱིས། མདོར་ན་བླ་མ་བཟང་པོ་དང་མཇལ། ཆོས་ཟབ་མོ་ཐོས་པ་དོན་ཡོད་པ་རེ་ལ་འབད་ པ་བྱ་དགོས་པ་ཡིན། ཡང་ཡང་གླེང་སློང་བ་དཀའ་བར་འདུག་པས་སོ་སོ་ནས་གོ་བར་གྱིས་ གསུང་ནས་གསུང་ཞལ་ཏའི་རིམ་པ་ཞིབ་པར་བྱོན་ནོ། ། དེ་ནས་ཕྱོགས་ཕྱོགས་ནས་བྱོན་པའི་དགེ་བའི་བཤེས་གཉེན་མང་པོ་ལ་ཟབ་པ་དང་རྒྱ་ ཆེ་བའི་ཆོས་དཔག་ཏུ་མེད་པ་གསུངས། སྐལ་ལྡན་ལས་འཕྲོ་སད་པའི་གང་ཟག་རྣམས་ལ་ ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་མཛད་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་དོ། ། དེ་ནས་ཆོས་ཀྱི་འཕྲོ་རྣམས་རེ་ཤིག་གྲུབ་པར་མཛད་ནས། ཁྱེད་རང་རྣམས་ཀྱང་འཚམས་ གྱིས། ངེད་ཀྱང་རེ་ཤིག་དབེན་པར་སྡོད་པ་ཡིན་གསུངས་ནས་ཐམས་ཅད་ལ་ཞལ་ཏ་བྱོན། ཞབས་ཐོག་པ་རྣམས་ཀྱང་དྲུང་དུ་འགའ་ཞིག་མ་གཏོགས་པ་རྣམས་བྲག་སྒོའི་ཕུག་པ་ནས་ ཨེན་ཙམ་མར་འོངས་པ་ན་ཆོས་རྫོང་བྱ་བ་ཅིག་ཡོད་པར་གཞག་ནས་དེ་རྣམས་ཀྱི་ཁ་ཏ་དང་ ཕྱིའི་མགྲོན་པོའི་ངོས་ལེན་དང༌། ཡར་ལོན་མར་ལོན་དགོས་པ་རྣམས་དགེ་སློང་རྒྱལ་མཚན་ བཟང་པོས་གྱིས་ཞེས་པའི་གསུང་ཞལ་ཏ་བྱོན་ནས་དབེན་པ་ལ་བཞུགས། དེ་དུས་སྔར་རླུང་ ཚུབ་ཆེན་པོའི་གསེབ་ཏུ་ཆོས་ཡུན་རིང་གསུངས་པའི་སྟོབས་ཀྱིས། མགུར་གློ་དེའང་ཐུར་ སོང༌། དེར་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཀྱང་ཐུགས་ཀྱིས་མ་བཟོད་པར། སྐྱབས་ འགྲོ་ཡིག་བརྒྱ། རྣམ་འཇོམས་ལ་སོགས་པའི་ཐུན་དང༌། གསུང་སྒྲོགས་ལ་སོགས་པའི་སྐུའི་ རིམ་གྲོ་ལ་འབད་པ་མཛད། ནང་པས་ཀྱང་ཡིག་བརྒྱ་རྣམ་འཇོམས་གསུང་སྒྲོགས་པའི་ཐུན་ དང༌། ཆོས་སྐྱོང་གི་གཏོར་མ་ནར་མ་དང༌། ཆུ་མིག་སྟོང་སྐོར་གྱི་ས་ཆ་ལ་བཞུགས་པའི་མཁན་ སློབ་དགེ་འདུན་དང་བཅས་པ་ལ་མང་ཇ་ལ་སོགས་པའི་སྐུའི་རིམ་གྲོ་དང༌། ལྷ་རྗེས་ཀྱང་ སྨན་སྤྱད་ལ་འབད་པ་བྱས་པས་ལན་ཅིག་ལ་མགུར་བློ་ཆད་ཅིང་སྐུ་ཁམས་ཕན་པར་བྱུང༌། 1-1-63 དེའི་དུས་སུ་སྔ་དྲོ་ཉི་མ་ལ་བྱོན་པའི་དུས་སུ་རང་རེ་ཐམས་ཅད་སྐྱིད་པོ་ཡིན། གཞན་མི་མང་ པོའི་གསེབ་ཏུ་ཡིན་ན་ལུས་ལ་ཤེད་མེད་ཀྱང་ཕོ་ཚུགས་བསྐྱེད་ལ་གཏམ་ལན་མང་པོ་མཇལ་ དགོས། མི་བརྩེ་བའི་བརྩེ་བརྩེ་བཞིན་བྱེད་པ་མང་པོ་འོངས་ནས་སོ་སོད་དུ་མི་སྟེར་བ་ཡིན་ པ་ལ། ད་འདིར་རང་རེ་མ་ཤིའི་བར་ལ་སྤྱོད་པ་བག་ཡངས་ཀྱིས་གནས་པས་ཆོག སྤྱོད་པ་ བཅོས་མ་མི་དགོས་པ་འདི་སྐྱིད་པོ་ཡིན་པས། ཁྱེད་ལག་ལེན་པ་རྣམས་ཀྱིས་ཇ་ཞིམ་པོ་གྱིས་ ལ་དྲོངས་གསུངས་ནས། གནས་དང༌། དྲུང་སྐོར་བ་རྣམས་ལ་བག་ཕེབས་པའི་གསུང་ཡང་ མང་དུ་བྱོན། དེ་ནས་བསྙུང་བ་འདི་ཡིན་ཙམ་མེད་ཀྱང༌། གསོལ་ཅུང་མི་བདའ་བའི་སྟོབས་ ཀྱིས་སྐུ་ཁམས་ཇེ་ཞན་ལ་སོང༌། ཇོ་མོ་ནང་དང་བདེ་ཆེན་གཉིས་སུ་ཡང་སྐུའི་རིམ་གྲོ་ཐུན་ཆ་ མང་པོ་དང༌། དཀྱིལ་འཁོར་སྒྲུབ་མཆོད། གསུང་སྒྲོགས་ལ་སོགས་པ་མང་པོ་བྱས་ནས་སོ་ སོ་ནས་བུམ་ཆུ་འདྲེན་པ་བཏང༌། དེ་ནས་ལྷ་རྗེ་སངས་རྒྱས་བཟང་པོས་ཀྱང་ཉེ་གནས་པ་ལ་ ཞུས་ནས་བསྙུང་བ་འདི་ཡིན་ཙམ་ནི་མི་གདའ། ངེད་སྨན་པའི་ལུགས་ཀྱིས་སྐུ་ལུས་ཀྱི་ཟུངས་ གསོ་བའི་ཐབས་འདྲ་མ་གཏོགས་པ་བྱ་རྒྱུ་མི་གདའ་བས། དེའི་ལུགས་ཀྱི་ཞུ་བ་གཅིག་མཛོད་ བྱས་པས། དེ་ང་གཅིག་པུས་ཞུས་ཀྱང་མི་གནང་བས་དགེ་བཤེས་རྣམས་དང་ཁྱེད་རང་ལྷ་ རྗེ་གཉིས་པོ་དང་ཐམས་ཅད་ཀྱིས་ཞུས་པ་འཐད་གསུང་ནས། ཆུ་མིག་མཁན་པོ་ལ་སོགས་ པའི་དགེ་བའི་བཤེས་གཉེན་རྣམས་དང༌། ཉེ་གནས་པ་དང་ལྷ་རྗེ་གཉིས་དང་ཐམས་ཅད་ ཀྱིས་སེམས་ཅན་ཐམས་ཅད་ཐུགས་རྗེས་གཟུང་བའི་ཕྱིར། སྐུ་ཟུངས་གསོ་བ་ལ་ཕན་པའི་ ཐབས་འདྲ་བདོག་པས་ཐུགས་ལ་འདོགས་པར་ཞུ་ཞེས་ཞུ་བ་ནན་ཅན་བྱས་པས། ཆོས་རྗེ་བླ་ མའི་གསུང་གིས། ཁྱེད་རྣམས་ཀྱི་ཞུ་བལའང་ཐུགས་འདོད་མེད། ངེད་ཀྱིས་དང་པོ་ཡང་ཆོས་ འདི་ལ་དཀའ་སྤྱད་མ་ནུས་ན་གཏད་ས་མི་འདུག་བསམ་ནས། ཤ་ཆང་གཉིས་ཀ་ལྕེ་ཐོག་ཏུ་ མི་འཁྱེར་བའི་དཀའ་སྤྱད་མང་པོ་བྱས། དུས་ཕྱིས་ཆོས་རྗེ་འཇམ་དབྱང་ཆེན་པོ་དང་མཇལ་ 1-1-64 དུས། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ཉམས་སུ་ལེན་པ་ལ་ཕུང་པོ་གསོ་དགོས་ པ་ཡིན། དེ་འདྲའི་དམ་པོའི་ཁ་ན་མེད་ཅེས་གསུང་བྱོན་པ་དང༌། ཁོང་པའི་ཚོགས་འཁོར་གྱི་ གྲལ་དུ་ཡང་ཡང་འགྲོ་དགོས་པར་བྱུང་བའི་སྟོབས་ཀྱིས། རང་རེའི་བཙུན་བཙུན་དེའང་མི་ འཐད་བསམ་ནས་ལོ་འགའ་ཁོང་བའི་གསུང་བཞིན་སྒྲུབས། དེ་གཏིང་ཆོས་རྗེ་ཀུན་སྤངས་ པའི་དྲུང་དུ་ཞུས་ནས། ཤ་འདི་རྣམ་པ་ཐམས་ཅད་དུ་སྤངས་པའི་ལུགས་སུ་བྱས་པ་ཡིན། དེའི་ རྒྱུ་མཚན་ཡང་ཉན་ཐོས་པ་དང་བསྟུན་ན་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ལས་གྲུབ་པའི་ མི་གཙང་བ་འབའ་ཞིག་ཡིན། བྱང་ཆུབ་སེམས་དཔའ་དང་བསྟུན་ན་ཐམས་ཅད་ཕ་མ་ཡིན་ པས་ཕ་མའི་ཤ་ཟ་བར་འགྲོ། གསང་སྔགས་དང་བསྟུན་ནའང་ཐམས་ཅད་ཡི་དམ་གྱི་ལྷར་ མ་གྱུར་པ་མེད་པས་བཟར་མི་རུང་བ་ཡིན། འཕྲལ་ལའང་ཤ་ཟོས་པས་ཁམས་བཟང་བའི་ ངེས་པ་མི་འདུག རང་བཞིན་ཡང་དམ་བཅའ་པའི་དོན་དེ་སྲོག་ལ་བབ་ཀྱང་བསྲུང་དགོས་ པ་ཡིན། ཚེ་འདིའི་སྲོག་ཆད་པ་དར་ཙམ་ཡུད་ཙམ་ཡིན། དམ་བཅས་པ་མ་སྲུང་ན་ཐར་བའི་ སྲོག་རྩ་འཆད་པ་ཡིན། ད་ལན་གྱི་ལུགས་ལའང་དེ་ལྟ་བུས་ཕན་གནོད་གང་ཡང་མེད། འོན་ ཀྱང་ཁྱེད་རྣམ་པའི་ཐུགས་བརྩེ་བའི་སྒོ་ནས་ཞུས་པ་ཡིན་པས་གང་འཐད་གྲོས་སུ་བྱ། ཡང་ དོན་གཅིག་ལ་ཁ་རིང་ནས་ཁྱེད་དགེ་བའི་བཤེས་གཉེན་ཆོས་ལ་དོན་གཉེར་ཅན་མང་པོ་བྱོན་ འདུག་པའི་དོན་ལ་ངེད་ཀྱིས་ཀྱང་མན་ངག་མ་འདུས་པར་ཁྱེད་རང་རྣམས་ལ་བྱིན་པ་ཡིན། ད་ངེད་ཀྱང་ཇི་ཙམ་སྡོད་ཀྱང་མི་ཤེས། ཁྱེད་རང་རྣམས་ལ་ཟབ་ལམ་གྱི་བསྟན་པ་གཏད་པ་ ཡིན་པས་སོ་སོ་ནས་ཟབ་ལམ་གྱི་འགྲོ་དོན་ལ་འབད་པ་མཛོད། སེམས་ཅན་རེ་རེའི་མ་རིག་ སྒོང་ངའི་སྦུབས་ཕྱེ་ནའང་ཕྱིའི་བཤད་ཉན་གྱི་འགྲོ་དོན་མང་པོ་ལས་དགའ་བ་ཡིན། ཞེས་པ་ ལ་སོགས་པའི་གསུང་ཞལ་ཏ་མང་པོ་བྱོན། དེ་ནས་དགོངས་ཅིག་དྲུང་སྐོར་བ་རྣམས་ལ་ཤོག་ གསུང་ནས། ཉེ་གནས་བྱང་སེང་དང་གཞན་ཡང་བདུན་ཚིག་ཀྱི་ཆོ་ག་གཅིག་གཉིས་ཡོད་པ་ལ་ 1-1-65 གསུང་འཕྲོས་ནས་ཞལ་ཏ་མཛད། སང་ནུབ་ནས་བསོད་རིན་གྱིས་མགོ་གྱིས་ལ་ནང་གི་ཆོ་ག་ རེ་གྱིས །སྟོན་པས་མགོ་གྱིས་ལ་ཕྱིའི་ཆོ་ག་རེ་གྱིས། ཁྱེད་རྣམས་ལ་སྟོད་སྒྲའང་མ་ཡིན་ཏེ། ཕྱི་ ནས་བདུན་ཚིགས་མཁན་པོ་བོས་ཀྱང་ཁྱེད་རྣམ་པ་བས་ལྷག་པ་མེད་པ་ཡིན། ཁྱེད་རྣམས་ལ་ ཆོ་གའི་སྒོ་ནས་བརྡ་སྤྲད་རྒྱུའང་ཡོད། ནང་སེམས་ཉིད་འོད་གསལ་ལ་བརྡ་སྤྲད་རྒྱུ་རེའང་ཡོད་ པ་ཡིན། ཆོ་གའི་ཚུལ་ཡང་ཕྱིའི་རྒྱུད་སྡེ་དང་འབྲེལ་བའི་ཆོ་ག་རྣམ་དག་ལ་ཕྱི་ཞེས་ཟེར། ནང་ གི་རྒྱུད་སྡེ་དང་འབྲེལ་པའི་ཆོ་ག་རྣམ་དག་བརྡ་སྤྲོད་པ་ལ་ནང་ཞེས་ཟེར། འདི་གཉིས་ཐམས་ ཅད་ལ་ཡོངས་སུ་གྲགས་པའང་ཡིན། གསང་བ་དེ་ཁོ་ན་ཉིད་ཀྱི་ཆོ་ག་བྱ་བ་ཅིག་ཡོད་དེ་གཞན་ ལ་མ་གྲགས། དེ་སེམས་མ་བཅོས་པའི་ངང་ནས་འོད་གསལ་བ་འདི་ཡིན། བདུན་ཚིགས་བྱ་རྒྱུའི་ རྣམ་པ་དང་ཆ་ལུགས་གསལ་པོར་བྱས་ནས་འོད་གསལ་གྱི་ངང་ལ་མཉམ་པར་གཞག་ན། ཕ་ རོལ་བར་དོ་ན་གདོས་བྱས་ཀྱི་ལུས་མེད་པའི་ཕྱིར་འོད་གསལ་དང་འདྲེས་ནུས་པ་ཡིན། མདོར་ ན་མི་ཆུང་བ་རྣམས་ལ་བདུན་ཚིགས་ཟེར་གྱིན་འདུག གོང་མའི་དེ་ལ་གསོལ་འདེབས་ཟེར་ བ་ཡིན། གཞན་རྟོག་ཅན་ལ་སོགས་པ་མ་བྱུང་ན་ཆོ་ག་ཚིག་ཏུ་མ་བརྗོད་ཀྱང་ཆགོཕ་རོལ་གྱི་ དེ་རྣམ་པ་གསལ་པོ་བྱས་ནས་དེའི་ངང་ལ་མཉམ་པར་འཇོག་པ་ཡིན། གཞན་རྟོག་ཅན་འགའ་ རེ་བྱུང་ན་ཕྱི་ནང་གི་བཀོད་པ་དང་མཆོད་པ་ལེགས་པར་ཤོམས། རྣམ་པ་གསལ་པོའི་སྒོ་ནས་ ཆོ་ག་རྣམས་ཀྱང་ངག་ཏུ་ཐོན་པ་གྱིས། སྐབས་དོན་དུ་སེམས་མཉམ་པར་འཇོག་པ་བས་ལྷག་ པ་མེད། སེམས་མཉམ་པར་གཞག་ན་བླ་མ་དང་ཡང་དུས་རྒྱུན་ཆད་མེད་པར་མཇལ་བ་ཡིན། དབང་བསྐུར་ཡང་དུས་རྒྱུན་ཆད་མེད་པར་ཐོབ་པ་ཡིན། ཕྱིའི་ཆུ་གྲང་མོ་ཐོར་ཐོར་ལ་གཏད་པ་ ཙམ་མེད། རང་གི་བདུན་ཚིགས་ཀྱང་དེ་བས་ལྷག་པ་མེད་པས་མཉམ་བཞག་ལ་འབད་པ་གྱིས། ཁྱེད་ཐམས་ཅད་ཀྱིས་མོས་གུས་ཀྱི་སྒོ་ནས་ཞབས་ཐོག་ལ་འབད་པ་བྱས་པ་ཡིན། ཁྱད་པར་ དུ་ལྷ་རྗེ་སངས་རྒྱས་བཟང་པོས་ལུས་སྲོག་ལ་མ་ལྟོས་པའི་ཞབས་ཐོག་བྱས་པ་ཡིན་པས་རྗེས་ 1-1-66 སུ་ཡིད་རང་ཞེས་པ་ལ་སོགས་པའི་ཞལ་ཏ་རྣམས་བྱོན་ནོ། ། དེ་ནས་ཉེ་གནས་པའི་གསུང་གིས། ད་ཆ་རྐྱེན་གང་འདུག་སྤོང་དག་ལ་གཏོང་བའི་དུས་ ལ་བབ་འདུག སྐུ་ཁམས་བཟང་ན་གང་བྱས་ཀྱང་བླ། ངན་ནའང་ཆ་རྐྱེན་མེད་པ་དངོས་པོ་ གཙང་བ་ཡིན་གསུང་ནས། ཆོས་དབྱིངས་ན་ཡོད་པ་རྣམས་ཀྱང་ཕྱག་དཔེ་དང་ན་བཟའི་སྐོར་ དུམ་ཅིག འཕྲལ་གྱི་གསོལ་ཞལ་ཆ་གཅིག་མ་གཏོགས་པའི་དངོས་པོ་ཐམས་ཅད་མ་ལུས་ པར་ཆུ་མིག་གི་སྟོང་སྐོར་ཆེན་པོ་རྣམས་ཀྱིས་གཙོ་བྱས་པའི་ཐག་གང་ཉེའི་དགོན་པ་རྣམས་ སུ་འབུལ་བ་དང་བསྙེན་བཀུར་ཅི་འགྲུབ་མཛད། ཇོ་མོ་ནང་ན་ཡོད་པའི་ཡང་དགེ་འདུན་ལ་ དམིགས་པའི་གདན་ཆ་འགའ་ཞིག་མ་གཏོགས་པ་ཐམས་ཅད། གདན་ས་ཆེན་པོས་གཙོ་བྱས་ པའི་ལྷ་སྡེ་གཞུང་གི་ས་ཆ་ལ་བཞུགས་པའི་བླ་མ་དགེ་འདུན་ལ་འབུལ་བ་དང་བསྙེན་བཀུར་ ཅི་འགྲུབ་མཛད། བདེ་ཆེན་ན་ཡོད་པའི་ཕྱག་རྫས་རྣམས་ཀྱང་བླ་མ་པས་ཞལ་ཏ་མཛད་ནས། ཕྱག་ལེན་པ་རྣམས་ཀྱིས་གདན་ས་ཆེན་པོས་གཙོ་བྱས་པའི་ལྷ་སྡེ་གཞུང་གི་ས་ཆ་ལ་བཞུགས་ པའི་བླ་མ་དགེ་འདུན་ལ་འབུལ་བ་དང་བསྙེན་བཀུར་ཅི་འགྲུབ་མཛད། རི་ཁྲོད་ཆེན་པོ་ཇོ་ ནང་དུའང་དཀྱིལ་འཁོར་སྒྲུབ་མཆོད། གསུང་སྒྲོགས། གཟུངས་སྒྲུབ། ཆོས་སྐྱོང་གི་གཏོར་མ་ ལ་སོགས་མང་དུ་བགྱིས་ནས་བུམ་ཆུ་འབུལ་བ་དང༌། སྤྲུལ་པའི་སྐུ་ཡུན་རིང་དུ་བཞུགས་སུ་ གསོལ་བའི་ཞུ་ཡིག་འབུལ་དུ་བཏང་བའི་གསུང་ལན་དུ། སྤྲུལ་སྐུའི་ཚོགས་ཀྱང་བསྙུང་བའི་ ཚུལ་བསྟན་ན། །ལས་ཀྱི་ལུས་ལ་སྨོས་ཀྱང་ཅི་ཞིག་འཚལ། །རླུང་གིས་བཏེག་པའི་བློ་ཅིག་ ཅུང་ཟད་ཤར། །བསྒྲགས་ན་སྐྱེ་འགྲོ་འགའི་བློ་ལ་གཟན། །དེ་ཕྱིར་མ་བསྒྲགས་དབེན་པར་ གནས་བྱས་ཀྱང༌། །སྐྱེ་བོ་འགའ་ཡིས་མ་བཟོད་བསྒྲགས་པའི་ཕྱིར། །ཁྱེད་ཀྱིས་མདོ་རྒྱུད་ གཟུངས་ཚོགས་མང་བསྒྲུབས་ནས། །བུམ་རྒྱུན་གསེར་དང་ཀ་ཏན་བཅས་པ་དག །བརྩེ་བའི་ བསྐུར་བ་འདི་རུ་ལེགས་པར་འཕྲོད། །ཆོས་ཀྱི་སྙིང་པོ་སེམས་ཡིན་ཅིང༌། །སེམས་ཀྱི་སྙིང་པོ་ 1-1-67 འོད་གསལ་ཡིན། །སྒྲུབ་པ་རྣམས་ཀྱི་བྱིན་བརླབས་ཀྱིས། །འདིར་ཡང་ཁམས་བདེ་དགེ་སྦྱོར་ འཕེལ། །སྔར་ནས་ཞལ་ཐོན་མཉམ་གཞག་ལ། །བརྩོན་པ་ཇི་བཞིན་བསྐུལ་བའི་ཕྱིར། །ཆབ་ གསེར་ཞོ་དོའི་ཡིག་རྟེན་འབུལ། །ཞག་གཅིག་གསོལ་བ་བཏབ་ནས་ཀྱང༌། །ཐམས་ཅད་ མཉམ་བཞག་མཛད་པར་ཞུ། །ཞེས་པའི་གསུང་ཡིག་བྱུང་ནས། ཆོས་རྗེ་ཡོན་ཏན་པས་ཐུགས་ ཀྱིས་ཤིན་ཏུ་མ་བཟོད་པར་མྱུར་པོར་སྤྱན་སྔར་བྱོན་ནས་མཎྜལ་ཕུལ། གསོལ་བ་དྲག་ཏུ་ཡང་ ཡང་བཏབ་ཅིང༌། དེའི་རྗེས་སུ་བླ་མ་སེང་གེ་རྒྱལ་མཚན་པའང་མྱུར་པོར་བྱོན་ནས། མཎྜལ་རྒྱ་ ཆེན་པོ་ཕུལ་ནས་སྐུ་བརྟན་པར་བཞུགས་སུ་གསོལ་ཞེས་ལ་སོགས་པའི་ཞུ་བ་དྲག་ཏུ་མཛད། དྲུང་ན་རྒྱུན་དུ་གནས་པ་རྣམས་ཀྱིས་ཀྱང་གསོལ་བ་དྲག་ཏུ་བཏབ་པ་ལ། ཆོས་རྗེ་བླ་མའི་ གསུང་གིས་ཁྱེད་རྣམས་བྱོན་པ་ཐུགས་ལ་བཏགས། གསུང་གླེང་གི་རིམ་པ་ནི་སྔར་དུ་བྱུང་བ་ དེ་ཡིན། དའང་སྔར་གསུང་གླེང་ཇི་ལྟར་བྱུང་བ་བཞིན་དུ་འགྲོ་དོན་ལ་འབད་པ་མཛོད་ཅེས་ བྱ་བ་ལ་སོགས་པའི་ཞལ་ཏ་ཅི་རིགས་པ་བྱོན་པ་ཙམ་ལས་མ་བྱུང༌། དྲུང་ན་ཡོད་པ་ཀུན་གྱིས་ རྣལ་བསྲུངས་པའི་དུས་ན་འོ་སྐོལ་ཚོ་འདོད་པ་མི་མཐུན་པར་འདུག ཁྱེད་རྣམས་ཀྱི་བསམ་པ་ ལ་ང་གཉིད་དུ་འགྲོ་བསམ། ང་ལ་ནི་སྣང་བ་ཐམས་ཅད་སྐུ་དང་འོད་གསལ་གྱི་ཞིང་ཁམས་མ་ གཏོགས་པ་ཐ་མལ་གྱི་གཉིད་མེད་གསུང་ངོ༌། །དེ་ནས་སྤྲུལ་པའི་སྐུ་དེ་ཉིད་ཀྱིས་འདུལ་བའི་ གདུལ་བྱ་རྣམས་ཀྱི་ཕྲིན་ལས་རེ་ཤིག་གྲུབ་པའི་ཕྱིར། ལྕགས་ཕོ་སྤྲེའུ་ཡི་ལོ་དཔྱིད་ཟླ་ར་བའི་ ཚེས་བཅུའི་ཉི་མ་གྲོས་ཙམ་ལ་སྤྲུལ་པའི་འོད་གསལ་ཆོས་སྐུའི་ངང་དུ་གཤེགས་སོ། ། བདེ་བར་མི་གཤེགས་པའི་གོང་སྔ་མོ་ནས། སྒྲ་དང་འོད་དང་ས་གཡོ་བ་ལ་སོགས་པའི་ ལྟས་མང་པོ་བྱུང་ཞིང༌། སྐུ་གཤེགས་ནས་ཀྱང་ནམ་མཁའ་ལ་འཇའ་འོད་ཀྱི་ཚོགས། ཁ་དོག་ དང་དབྱིབས་ཀྱི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་སྐྱེ་བོ་ཐམས་ཅད་ཀྱིས་མཐོང་བ་ཟླ་བ་ མང་པོར་བྱུང་ཞིང༌། སྐུ་གདུང་རིང་བསྲེལ་ཡང་དུ་མ་བྱོན་ནོ། ། 1-1-68 དེ་ནས་སྐུ་གདུང་རིང་བསྲེལ་གྱི་ཕུང་པོ་རྣམས་རི་ཁྲོད་ཆེན་པོ་ཇོ་མོ་ནང་དང་བསམ་གྲུབ་ བདེ་ཆེན་དང༌། གདན་ས་ཆེན་པོ་ས་སྐྱ་རྣམས་སུའང་གདན་དྲངས་ཏེ། བུ་ཆེན་བླ་མ་དགེ་བའི་ བཤེས་གཉེན་དུ་མ་རྣམས་དང༌། དད་ལྡན་གྱི་བུ་སློབ་དཔག་ཏུ་མེད་པ་རྣམས་ཀྱིས་མཆོད་པ་ དང༌། གསོལ་བ་འདེབས་པ་ཡུན་རིང་དུ་བསྒྲུབས་ནས། འགྲོ་བ་མང་པོའི་དོན་དང་དད་ལྡན་ རྣམས་ཀྱི་མོས་པའི་རྟེན་དུ་དབེན་གནས་རི་ཁྲོད་ཆེན་པོ་ཇོ་མོ་ནང་དུ། སློབ་དཔོན་ཉེ་གནས་ བསོད་ནམས་རིན་ཆེན་ལ་སོགས་པས་ཕྱག་ལེན་མཛད་ནས། སྐུ་འདྲའི་རས་བྲིས་ཆེན་པོ་ རྒྱུད་རིས་ཀྱིས་བསྐོར་བ་དང་གསེར་འབུམ་བྱང་ཆུབ་ཆེན་པོ་ཤིན་ཏུ་ངོ་མཚར་བ་བཞེངས་ ཤིང༌། བསམ་གྲུབ་བདེ་ཆེན་དུ་ཡང་བསྟན་པའི་གཙོ་བོའི་གསེར་སྐུ་ཆེན་པོ་དང་སྐུ་འབུམ་ བྱང་ཆུབ་ཆེན་པོ་བྱིན་བརླབས་དང་ལྡན་པ་བཞེངས་ནས། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་བདེ་ བར་གཤེགས་པའི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་མཛད་དོ། །དེ་ལ་ཆོས་ཀྱི་རྗེ་ བྱང་སེམས་ཆེན་པོ་དེ་ཉིད་ཀྱི་ཆོས་ཀྱི་རྒྱལ་ཚབ་དམ་པ། ཆོས་རྗེ་ཡོན་ཏན་རྒྱ་མཚོ་པའི་ཞལ་ སྔ་ནས་གདུང་དབྱངས་ཀྱི་ཚིགས་སུ་བཅད་པ་མཛད་པ། སྐུ་མཆོག་གསེར་གྱི་ལྷུན་པོ་ཆེན་པོ་ལ། ། ཉི་མ་འབུམ་གྱི་གཟི་འོད་འབར་བ་ལྟར། ། འོད་འཕྲོ་མཚན་དཔེས་བརྒྱན་པ་བླ་མའི་སྐུ། ། གདུལ་བྱས་མཐོང་བའི་ཐབས་ཚུལ་བྲལ་བར་གྱུར། ། དཀར་ལ་ཐགས་བཟང་མཉམ་པའི་ཚེམས་བར་ནས། ། ཐེག་མཆོག་སྙིང་པོའི་གསུང་དབྱངས་རབ་བསྒྲགས་ནས། ། ཐར་པའི་ལམ་མཆོག་སྟོན་པ་བླ་མའི་གསུང༌། ། གདུལ་བྱས་ཐོས་པའི་ཐབས་ཚུལ་བྲལ་བར་གྱུར། ། 1-1-69 ཆོས་དབྱིངས་མཁའ་ལ་གཟུགས་སྐུའི་དཀྱིལ་འཁོར་རྒྱས། ། མཁྱེན་རྩེའི་འོད་ཟེར་བྱེ་བ་རབ་འཕྲོ་བས། ། གདུལ་བྱའི་པད་ཚལ་དཔག་མེད་རྒྱས་མཛད་དེ། ། ནུབ་རི་འདས་བཞིན་མྱ་ངན་མུན་པས་འཐོམས། ། མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་ཡིས། ། ཆོས་དང་ཟང་ཟིང་གང་ལ་ཅི་དགོས་པས། ། འགྲོ་བའི་རེ་འདོད་ཡིད་བཞིན་སྐོང་བ་ཡི། ། དབང་གི་རྒྱལ་པོ་རྒྱལ་མཚན་རྩེ་ནས་སྟོར། ། ཕས་རྒོལ་ལོག་ལྟའི་ཚང་ཚིང་ཀུན་སྲེག་ཅིང༌། ། རྟོགས་པའི་གཟི་འོད་དྲི་མེད་འབར་བ་ཡིས། ། མ་རིག་མུན་སེལ་ཆོས་ཀྱི་སྒྲོན་མ་དེ། ། མི་རྟག་ཤུགས་དྲག་རླུང་གིས་ཡོངས་སུ་སྐྱོད། ། ལྷག་བསམ་ཡིད་བཞིན་ནོར་བུས་ལེགས་བརྒྱན་ཅིང༌། ། ལུང་རིགས་ལྷ་རྫས་བཀོད་པ་ཡིད་འོང་ལྡན། ། ཏིང་འཛིན་རྟོགས་པའི་ཏོག་གིས་མཛེས་པ་ཡི། ། དྲི་མེད་ཆོས་ཀྱི་རྒྱལ་མཚན་མཐོན་པོ་འགྱེལ། ། ཚོགས་གཉིས་དག་པའི་ཞིང་ལས་ལེགས་འཁྲུངས་ཤིང༌། ། ལེགས་བཤད་ཡལ་འདབ་ཕན་བདེའི་ལོ་འབྲས་རྒྱས། ། གཞན་ཕན་གྲིབ་བསིལ་ཕྱོགས་ཀུན་ཁྱབ་པ་ཡི། ། ཆོས་ཀྱི་དཔག་བསམ་འདོད་དགུ་འབྱུང་བ་སྐམས། ། 1-1-70 ཐེག་གསུམ་གངས་རིར་སྦྱངས་སྟོབས་རྩལ་རྫོགས་ཤིང༌། ། བསླབ་གསུམ་གཡུ་རལ་ལུང་རིགས་མཆེ་སྡེར་གྱིས། ། བདུད་དཔུང་གླང་ཆེན་ཀླད་པ་མྱུར་འགེམས་པའི། ། མི་ཡི་སེང་གེ་གདུལ་བྱའི་དབུས་ནས་བསྐྱོད། ། ལེགས་རྟོགས་ཡིད་བཞིན་ནོར་མཆོག་དུ་མ་ཡང༌། ། གཞན་དོན་མཁྱེན་བརྩེའི་པད་སྡོང་མཛེས་པས་བརྒྱན། ། དོན་གཉིས་མཐར་ཕྱིན་ཆོས་ཀྱི་རྒྱ་མཚོ་དེ། ། སྐལ་ལྡན་གདུལ་བྱའི་གླིང་དུ་སྐམས་པར་གྱུར། ། མདོ་རྒྱུད་ལུང་རིགས་ཚོགས་ལ་ལེགས་སྦྱངས་པའི། ། མཁས་བཙུན་སྟོང་ཕྲག་དུ་མའི་ཐེ་ཚོམ་རྣམས། ། ངེས་ལུང་ཡང་དག་རིགས་པས་རྣམ་བསལ་ནས། ། ལམ་མཆོག་སྟོན་མཛད་ཆོས་སྐུའི་ཞིང་དུ་གཤེགས། ། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། ། ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི། ། འགྲོ་བའི་གཉེན་གཅིག་དཔལ་ལྡན་བླ་མ་དེ། ། དད་ལྡན་གདུལ་བྱའི་མིག་ལམ་མི་སྣང་གྱུར། ། འོན་ཀྱང་བླ་མའི་ཐུགས་རྗེ་རྒྱུན་ཆད་མེད། ། ཉི་མས་གླིང་བཞིའི་མུན་པ་སེལ་བ་ལྟར། ། ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། ། འགྲོ་བའི་མ་རིག་མུན་པ་སེལ་བར་མཛད། ། 1-1-71 ད་དུང་ཁྱེད་ཀྱི་ཐུགས་རྗེ་ཆེན་པོ་ཡིས། ། གདུལ་བྱའི་གནས་སྐབས་རིགས་བཞི་གནས་བསྒྱུར་ཏེ། ། ཁྱེད་གནས་དག་པ་སྐུ་བཞིའི་ཞིང་ཁམས་སུ། ། མྱུར་དུ་མཇལ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའོ། ། ཆོས་རྗེ་འདི་ཉིད་ཞིང་གང་དུ་གཤེགས་པའི་ཚུལ་ནི། སྐྱེས་མཆོག་དམ་པ་བླ་མ་ཀརྨ་པ་ རང་བྱུང་རྡོ་རྗེ་པའི་ཞལ་སྔ་ནས་མཛད་པའི་རྣམ་ཐར་ལས། རྒྱལ་བའི་སྲས་པོ་རྨད་བྱུང་རྣམས་ནི་སྐྱེ་དང་འགགས་པ་མེད་མོད་ཀྱང༌། ། སྐྱེ་དང་མྱ་ངན་འདའ་ཚུལ་སྟོན་པ་རྨད་དུ་བྱུང་བའི་སྤྱོད་པ་ཡིན། ། ཐར་པའི་ལམ་དུ་རང་ཉིད་སོན་ཀྱང་སླར་ཞིང་ལམ་མེད་སྐྱེ་བོ་ལ། ། ལམ་སྟོན་མཛད་ཅིང་སླར་ཞིང་འཁོར་བར་རོལ་བ་རྨད་བྱུང་སྟོན་པར་མཛད། ། འདི་ནི་རྒྱལ་བའི་སྲས་ཀྱི་ཐུ་བོ་རྒྱལ་བའི་ཡེ་ཤེས་རྨད་བྱུང་བ། ། སྐྱེ་བོའི་ཚོགས་ལ་རྒྱལ་སྲས་སྤྱོད་པ་རྨད་བྱུང་བསྟན་ཚུལ་རེ་ཤིག་བསྟན། ། ཀྱེ་མ་སྐྱེས་བུ་དམ་པ་འདི། ། འདི་ལས་སྟེང་ཕྱོགས་འདོད་ཁམས་ཀྱི། ། ལྷ་གནས་ཐམས་ཅད་འདས་པ་ཡི། ། བསམ་གཏན་བཞི་ལྡན་རྒྱལ་བའི་གནས། ། དེར་ནི་རེ་ཤིག་བཞུགས་སོ་ཞེས། ། བདག་གི་ཡིད་ཀྱིས་མཐོང་སྙམ་བྱེད། ། དེ་ནས་བདེ་བ་ཅན་བྱོན་གསུང༌། ། དད་ལྡན་སློབ་མ་ཟབ་དོན་ལ། ། 1-1-72 རྩེ་གཅིག་ཉམས་ལེན་བྱེད་རྣམས་ཀྱང༌། ། རྒྱལ་སྲས་འདི་ཡིས་རྗེས་གཟུང་བས། ། རིམ་གྱིས་ཡོན་ཏན་ཐོབ་འགྱུར་ཞིང༌། ། སངས་རྒྱས་ཀུན་གྱིས་རྗེས་འཛིན་འགྱུར། ། དེ་བས་བརྩོན་པས་ཉམས་ལེན་མཛོད། ། ཅེས་འབྱུང་བ་ལྟར་ཤེས་པར་བྱ་ཞིང༌། མོས་པའི་ཡིད་ཀྱིས་གསོལ་བ་བཏབ་ན་ཐུགས་ རྗེས་རྗེས་སུ་འཛིན་པར་ཐེ་ཚོམ་མེད་པ་ཡིན་ནོ།། །། མཚུངས་མེད་ཆོས་རྗེ་རྒྱལ་བའི་ཡེ་ཤེས་སྤྲུལ་པའི་སྐུ་ཡི་རྣམ་ཐར་འདི། ། རྗེ་བཙུན་བླ་མ་དཔག་མེད་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཞལ་སྔ་ནས། ། ལེགས་པར་གསུངས་པའི་རྣམ་ཐར་ཡོན་ཏན་རིན་ཆེན་གཏེར་མཛོད་ཅེས་བྱ་ལས། ། དོན་རྫོགས་ཡི་གེ་ཉུང་ངུའི་ཚུལ་དུ་ལེགས་པར་བཏུས་ཏེ་སྦྱར་བ་ཡིན། ། དེ་ལྟར་བླ་མའི་རྣམ་ཐར་བྲིས་པ་ཡི། ། དགེ་བ་བླ་མེད་རྣམ་པར་དཀར་བའི་མཐུས། ། བདག་ཀྱང་བླ་མའི་རྣམ་ཐར་སྒོར་ཞུགས་ནས། ། མྱུར་དུ་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག ། ཆོས་ཀྱི་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེའི་ གཏེར་མཛོད་ཀུན་ལས་བཏུས་པ་ཞེས་བྱ་བ། ཀུན་སྤངས་ཀྱི་སྒོམ་ཆེན་པ་ཡི་གེ་ཉུང་ངུ་ལ་ མོས་པ་རྣམས་ཀྱི་དོན་དང༌། རང་གིས་ཀྱང་བླ་མའི་རྣམ་ཐར་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་ བའི་ཕྱིར། དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ་ཤཱཀྱའི་དགེ་སློང་ཆོས་ཀྱི་རྒྱལ་པོ་མིང་གཞན་ ཕྱོགས་ལས་རྣམ་རྒྱལ་གྱིས། ཆོས་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད་བདེ་བར་གཤེགས་ 1-1-73 ནས་ལོ་བཞི་བཅུ་རྩ་གཉིས་འདས་པའི་དུས། ཆུ་ཕོ་སྟག་གི་ལོའི་དབྱར་ཟླ་ཐ་ཆུང་གི་ངོ་ལ། མཐུ་སྟོབས་ཀྱི་དབང་ཕྱུག་རྗེ་བཙུན་སེ་སྟོན་ཀུན་རིག་དང༌། རིགས་ལྡན་ས་བཅུའི་དབང་ཕྱུག་ སྤྲུལ་པའི་སྐུ་ཆོས་ཀྱི་རྗེ་ཀུན་སྤངས་པ་ཆེན་པོས་བྱིན་གྱིས་བརླབས་པའི་དབེན་གནས་དཔལ་ མཁར་ཆུང་གི་བསམ་གཏན་མཁར་དུ་སྦྱར་བའོ། །འདིས་འགྲོ་བ་མང་པོ་ལ་ཕན་ཐོགས་པར་ གྱུར་ཅིག །མཾ་ག་ལཾ་བྷ་བ་ཏུ། མ་ཡིག་ནི་དབུས་གཙང་གི་ཡིག་རྙིང་ཞིག་ཡིན། གདོང་རྟགས་སོགས་མི་གསལ། ༄༅། །ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་མཆན་གྱིས་གསལ་བར་ མཛད་པའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་ འཁོར་ལོ་ཞེས་བྱ་བ་ བཞུགས་སོ། ། 1-1-74 ༄༅། །རྒྱ་གར་སྐད་དུ། པ་ར་མ་ཨཱ་དི་བུད་དྷོད་དྷྲི་ཏ་ཤྲཱི་ཀཱ་ལ་ཙཀྲ་ནཱ་མ་ཏན་ཏྲ་རཱ་ཛཱ། བོད་སྐད་དུ། མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་ འཁོར་ལོ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། ། ༈ ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པད་མའི་འདབ་མ་ རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་ལྷའི་མཆོག་རྣམས་ཀྱིས་ནི་བཏུད་ལ་ རྒྱལ་པོ་ཟླ་བ་བཟང་པོ་ཡིས། །མགོ་བོས་རབ་ཏུ་ཕྱག་འཚལ་ལག་པའི་པད་མ་སྦྱར་བ་ཡན་ ལག་མཆོག་ལ་བཞག་ནས་ཞུས་པ་ནི། །རྣལ་འབྱོར་དཔལ་ལྡན་དུས་འཁོར་ཀ་ཕྲེང་ལྡན་པའི་ ཨ་འདུས་སུ་སྟེ་མི་རྣམས་དགྲོལ་བའི་དོན་དུའོ། ༡ ། ༈ སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་མཆོག་དང་རྡོ་རྗེ་འཛིན་པ་སངས་རྒྱས་ལྷ་དང་ལྷ་མིན་ ཡང་། །ཕྱི་དང་ལུས་དང་གཞན་ལ་ཡང་སྟེ་རང་བཞིན་རྣམས་དང་སྐྱེས་བུ་ཉི་ཤུ་ལྔ་པའི་བདག་ ཉིད་དང་། །ལུས་ལ་སྣ་ཚོགས་ཚད་དང་སྲིད་པ་གསུམ་གྱི་བཀོད་པ་ལྷ་དང་ལྷ་མིན་རྣམས་ ཀྱི་ལོངས་སྤྱོད་དང་། །དཀྱིལ་འཁོར་དང་ནི་དབང་སྟེ་སྐབས་གསུམ་པ་དང་མི་ཡི་བླ་མ་འདི་ རྣམས་ཡང་དག་བཤད་དུ་གསོལ། ༢ ། ༈ ཟླ་བ་བཟང་པོ་ཁྱོད་ལ་བདག་མགུ་གང་ཞིག་ཁྱོད་ཀྱིས་དྲིས་པ་འདི་ནི་རབ་མཆོག་ལྷ་ རྣམས་དང་། །མི་དང་སྲིན་པོ་ལྷ་མིན་ཀླུ་དང་ཆགས་བྲལ་ཐུབ་མཆོག་རིགས་རྣམས་དག་གིས་ ཤེས་པ་མིན་པས་སོ། །མྱ་ངན་འདས་པ་ལ་སོགས་འཛིན་མའི་མཐར་ཐུག་ཚིག་གི་བགྲོད་ པ་དང་བཅས་༈སྦྱོར་བ་མཐའ་དག་ནི། །ལུས་དབུས་སུ་སྟེ་དཀྱིལ་འཁོར་དག་དང་དབང་ནི་ བཤད་པར་བྱ་ཡིས་མི་ཡི་བདག་པོ་བཟང་པོ་ཉོན། ༣ ། ༈ དུས་ཀྱི་སྟོང་པ་རྣམས་ལས་རླུང་དང་འབར་བྱེད་ཆུ་དང་འཛིན་མ་གླིང་དང་རི་བོ་རྒྱ་ 1-1-75 མཚོ་དང་། །རྒྱུ་སྐར་དང་ནི་ཉི་ཟླ་སྐར་མ་གཟའ་ཡི་ཚོགས་དང་དྲང་སྲོང་ལྷ་དང་འབྱུང་པོ་ཀླུ་ རྣམས་དང་། །དུད་འགྲོ་སྐྱེ་གནས་རྣམ་པ་བཞི་དང་སྣ་ཚོགས་ས་དང་འོག་ཏུ་མི་རྣམས་དང་ནི་ དམྱལ་བ་ཡང་། །སྟོང་པའི་དབུས་སུ་ཡང་དག་འབྱུང་སྟེ་ཆུ་ལ་ལན་ཚྭ་དང་ནི་སྒོང་ངའི་དབུས་ སུ་སྒོང་སྐྱེས་བཞིན། ༤ ། ༈ སྐུ་དང་ཡེ་ཤེས་ནམ་མཁའ་དང་ནི་རླུང་དང་མེ་དང་ཆུ་དང་ས་དང་བརྟན་དང་གཡོ་ བ་དང་། །ལྷ་ནི་མཐོ་བ་སྐྱེད་མིན་དག་དང་སྲིད་པ་རྣམ་བཅུར་གསུངས་པ་རྡོ་རྗེ་ཡི་ནི་སྐུ་དག་ ལས། །སྔགས་ཀྱི་སྐྱེ་གནས་དག་ནི་འབྱུང་བར་འགྱུར་ཞིང་མི་ཡི་བདག་པོ་སླར་ཡང་འདི་ཉིད་ དུ་དགྲོལ་ཏེ། །དེ་ལྟར་གང་གིས་ཡང་དག་རིག་པ་དེ་ནི་ཕྱུགས་མིན་སེམས་ཀྱི་ཀུན་ཏུ་རྟོག་པ་ དག་ལས་གྲོལ། ༥ ། ༈ གཡོན་གྱི་ཡན་ལག་ཏུ་ནི་དཀར་པོ་འབར་བ་འགྲོ་བའི་བདུད་རྩིའི་ཆ་དང་གཡས་སུ་ དམར་པོའི་མདོག །སྒྲ་གཅན་དུས་མེ་ཟླ་བ་ཉི་མ་རི་བོང་ཅན་གྱི་བུ་དང་ས་སྐྱེས་དཀར་པོ་བླ་ མ་དང་། །མཇུག་རིངས་དམན་པ་ཆར་དང་གློག་དང་ཆུ་དང་རྩེ་མོ་ཅན་ཏེ་འབར་བ་རྣམས་ནི་ ཟུང་བདུན་པོ། །འཇིག་རྟེན་ལ་ནི་གནས་པ་ཉིད་དེ་མུན་པ་མེད་པ་ཟུང་གཅིག་དག་ནི་མུན་ པའི་མཐའ་ལ་འོ། ༦ །རྒྱབ་ཏུ་སེར་པོ་ཡང་ནི་སྐར་མ་ལྷ་གཞུ་ས་སྟེ་དེ་ནི་རྣམ་བཞི་གཉིས་ཀྱི་ དབྱེ་བས་སོ། །སྲོག་ཅེས་བྱ་བ་གཅིག་པུའི་རླུང་ནི་རྣམ་བཅུར་འགྱུར་ཏེ་སྤྱི་བོ་རྩ་བ་དག་དང་ མདུན་དུ་འོ། ། ༈ དབུས་ཀྱི་རྡོ་རྗེའི་སྟེང་དུ་ས་བོན་རང་གི་ནུས་པ་ཡོན་ཏན་ཚོགས་དང་བཅས་པ་འོག་ ཏུ་གནས། །༈ཀུན་དུ་ཡེ་ཤེས་དང་ནི་སྟོང་པའོ་ཞི་བ་གནས་དང་བཅས་པ་དངོས་པོ་ཀུན་གྱིས་ རྣམ་པར་གྲོལ། ༧ །༈ ཨ་སོགས་སུམ་བཅུའི་དབྱངས་གང་ཧ་ཡ་ར་ཝ་ལར་ལྡན་དེ་རྣམས་ ཟླ་བའི་ཆ་དང་༈ཉིན་བྱེད་ཀྱང་། །ཀ་སོགས་སྡེ་རྣམས་དབྱངས་དང་བཅས་པ་ཉིན་ཞག་སྟོང་ 1-1-76 པ་དྲུག་དང་མེ་ཡི་ཚད་ཀྱིས་སྤྱོད་པར་བྱེད། ༈ །ཧ་སོགས་དབྱངས་རྣམས་དག་ཀྱང་ཆུ་ཚོད་ ༈ལྷ་མི་གདེངས་ཅན་འབྱུང་པོའི་སྐྱེ་གནས་རྣམས་ཀྱང་སྔགས་ཞེས་པ། །ཨ་སོགས་ཀ་སོགས་ ལྡན་པ་དག་ལས་དེ་ལྟར་ཁམས་གསུམ་དག་ནི་ངེས་པར་སྐྱེད་འགྱུར་མི་ཡི་བདག ༨ ། ༈ དབྱངས་ནི་ཀ་ཙ་ཊ་པ་ཏར་ལྡན་ྈྐ་ལ་སོགས་པ་ཡང་དག་སྦྱར་བ་རྣམས་ཀྱི་སྐྱེ་བའི་ གནས། །མགྲིན་རྐན་སྟེང་གི་ཆ་ནི་མཁའ་རླུང་བསྲེག་བྱ་ལས་སྐྱེས་མཆུ་དང་སོ་ནི་ཆུ་དང་ས་ དག་གོ། ཨ་སོགས་རྣམས་ནི་གཙུག་ཏོར་འཁོར་ལོ་སྙིང་ཁ་མགྲིན་པ་སྤྱི་བོ་ལྟེ་བའི་འཁོར་ ལོར་རིམ་པས་ཏེ། །སྣ་ཚོགས་དང་ནི་ནག་དང་དམར་དང་རི་བོང་ཅན་དང་གསེར་འདྲ་ཕུང་པོ་ ཁམས་ཀྱི་ལྷག་པའི་ལྷའོ།། ༩ །། ༈ རླུང་གི་མཐའ་ནས་ལྷུན་པོའི་འཚམས་[མཚམས་]སུ་དམྱལ་བ་དང་ནི་གདེངས་ཅན་ གྲོང་ལ་དཔག་ཚད་འབུམ་ཕྲག །གཉིས། །ལྷུན་པོའི་ཚད་ནི་འབུམ་ཕྲག་གཅིག་སྟེ་གཟའ་ཡི་ ཚོགས་ཀྱི་གནས་ནས་སྟོང་ཕྲག་དག་ནི་ཉི་ཤུ་ལྔ། །མགྲིན་པའོ་གདོང་ལ་ལྔ་བཅུ་བརྟན་པའི་ གནས་ནི་གཡོ་མེད་དག་ལ་དེ་བཞིན་ཉིད་དུ་ཉི་ཤུ་ལྔ། །དེ་ཡི་ཕྱི་རོལ་སྟོང་པ་གཅིག་པུ་སྲིད་པ་ གསུམ་བྲལ་ཡོན་ཏན་མེད་ཅིང་དེ་ཉིད་ཀྱིས་དམན་པའོ། ༡༠ ། ༈ རླུང་གི་མཐའ་ནས་རླུང་གི་འཚམས་[མཚམས་]དང་བརྟན་པ་འཛིན་མའི་གཞི་ལ་ གླིང་དང་རི་དང་རྒྱ་མཚོ་རྣམས། །བཞི་ཕྱེད་འབུམ་ཕྲག་གཉིས་ཏེ་རྩེ་མོ་ཅན་དང་གཡོ་བའི་ དཀྱིལ་འཁོར་དཔག་ཚད་དག་ནི་འབུམ་ཕྲག་གཉིས། །དབུས་ན་ལྷུན་པོ་གང་གི་སྟེང་དུ་ཁྱིམ་ གྱི་འཁོར་ལོ་སྐར་བཅས་ཉིན་དང་མཚན་མོར་འཁོར་བ་སྟེ། །ཆ་དྲུག་ལ་ནི་འབུམ་ཕྲག་གཉིས་ གཉིས་སྲིད་གསུམ་མཐའ་དག་དུས་ཀྱི་སྦྱོར་བ་དག་ལས་རབ་ཏུ་སྐྱེས། ༡༡ ། ༈ འཇིག་རྟེན་ཁམས་ཀྱི་ཀུན་ནས་ཁོར་ཡུག་ཏུ་ནི་ཐད་ཀའི་ཚད་ཀྱི་སུམ་འགྱུར་དུ་ཡང་ འགྱུར་བ་སྟེ། །ས་ཡི་ཁོར་ཡུག་འབུམ་ཕྲག་གསུམ་དང་ཆུ་མེ་རླུང་རྣམས་ཀྱི་ནི་དྲུག་དགུ་ཉི་མ་ 1-1-77 རིམ་པས་སོ། ། ༈ མི་ཡི་དབང་པོ་ཕྱི་རོལ་སྲིད་པ་གསུམ་གྱི་གནས་ལ་དཔག་ཚད་འབུམ་ཕྲག་གཅིག་ ཉིད་གང་ཡིན་པ། །དེ་ནི་ས་ཡི་སྟེང་གི་གནས་སུ་ལུས་ལ་རང་རང་དག་གི་ཚད་ཀྱིས་ཡང་དག་ ཁྲུ་གང་ངོ་། ༡༢ ། ༈ ཕྲ་རབ་བརྒྱད་རྣམས་ཀྱིས་ནི་ཕྲ་མོ་འདི་གཅིག་ཕྲ་མོ་བརྒྱད་ཀྱིས་སྐྲ་ཡི་རྩེ་མོ་ཕྲ་མོ་ སྟེ། །འདི་རྣམས་ཀྱིས་ནི་སྐེ་ཚེ་ཤིག་དང་ནས་ཏེ་ལྟོ་འགྲོ་ནས་ཀྱིས་སོར་དང་སོར་མོ་ཉི་མ་ནི། ། ཟུང་གིས་ཁྲུ་འོ་ཁྲུ་བཞིས་གཞུ་སྟེ་འདིར་ནི་སྟོང་ཕྲག་གཉིས་ཀྱི་གཞུ་ཡིས་རྒྱང་གྲགས་དག་ཏུ་ འགྱུར། །རྒྱང་གྲགས་བཞི་རྣམས་ཀྱིས་ནི་དཔག་ཚད་དེ་ཡིས་ལྷ་ཡུལ་ས་དང་ནམ་མཁའ་དག་ ལ་ཚད་ཡིན་ནོ། ༡༣ ། ༈ དང་པོར་ཆོས་བཟང་སྐལ་པ་ཟུང་ནི་ཟུང་དང་ལྡན་པ་དག་ཏེ་ཚངས་དང་འཇིག་རྟེན་ འདས་པ་དང་། །དཔལ་གྱི་སྐལ་པ་དཀར་པོའི་སྐལ་པ་ཡང་སྟེ་ཤིན་ཏུ་དབང་གྱུར་གནས་ནས་ འདོད་པ་བཅུ་གཅིག་གོ། གཟུགས་མེད་དག་ནི་ཨ་སོགས་བཞི་པོ་ཧ་འཁྲིག་བྲལ་བ་རྣམས་ཏེ་ ཨི་ལ་སོགས་པ་བཅུ་དྲུག་གཟུགས། །ཧ་སོགས་ལ་མཐའ་ཡང་ནི་འདོད་པ་རྣམ་བཅུར་རབ་ཏུ་ གསལ་ཏེ་གསལ་བྱེད་གཅིག་པ་ཀ་ས་འོ། ༡༤ ། ༈ སྲིད་པ་སུམ་ཅུ་རྩ་གཅིག་རྣམས་ཀྱིས་འདིར་ནི་སྲིད་གསུམ་དུ་འགྱུར་ཁམས་ཀྱི་དབྱེ་ བས་ཁམས་གསུམ་མོ། །སྲིད་གསུམ་མ་ལུས་འདི་ཡང་རྡོ་རྗེ་གསུམ་དུ་འགྱུར་ཏེ་ཨ་སོགས་ཀ་ སོགས་རབ་ཏུ་དབྱེ་བས་སོ། ། ༈ རིན་ཆེན་སྣང་ནས་གསེག་མའི་ཆུ་ནི་དམྱལ་བར་ངེས་པར་བརྗོད་དེ་བྱེ་མའི་ཆུ་ནི་ གཉིས་པ་འོ། །འདམ་གྱི་ཆུ་དང་མི་བཟད་དུ་བ་དག་དང་མེ་དང་མུན་པ་དང་ནི་ངུ་འབོད་ བདུན་པ་དང་། ༡༥ །ལན་ཚྭ་ཆང་དང་ཆུ་དང་འོ་མ་ཞོ་དང་མར་དང་སྦྲང་རྩིའི་རྒྱ་མཚོ་བདུན་ཏེ་ 1-1-78 རི་བོ་ནི། །འོད་སྔོན་མན་ད་ར་རི་ནི་ཥ་ཊ་དང་ནོར་བུའི་འོད་དང་དྲོ་ཎ་བསིལ་རི་རྡོ་རྗེའོ། །གླིང་ ནི་ཟླ་བ་འོད་དཀར་དག་དང་རབ་མཆོག་ཀུ་ཤ་དང་ནི་མི་འམ་ཅི་དང་ཁྲུང་ཁྲུང་དང་། །དྲག་པོ་ ཡང་ནི་ལོངས་སྤྱོད་ས་སྟེ་བདུན་པ་འཛམ་བུ་མི་རྣམས་གནས་པ་དག་ནི་ལས་ཀྱི་ས། ༡༦ ། ༈ཤར་དུ་རླུང་ནི་ཤིན་ཏུ་ཟླུམ་པོར་འགྱུར་ཏེ་མི་ཡི་བདག་པོ་ལྷོ་རུ་མེ་ནི་གྲུ་གསུམ་མོ། ། བྱང་དུ་ཆུ་ནི་ཟླ་བ་ཕྱེད་པ་དག་དང་ནུབ་ཏུ་གསེར་མཆོག་ས་ནི་ཆུ་ཡི་གཏེར་གྱི་ཟུར། །རི་ རབ་ལྷུན་པོ་སྟོང་པའི་རྣམ་པ་རྡོ་རྗེ་མཆོག་གི་རང་བཞིན་དཀྱིལ་འཁོར་རྣམས་ཀྱི་དབུས་སུ་སྟེ། ། ས་ཡི་སྟེང་དུ་དཔག་ཚད་སྟོང་ཕྲག་རྣམས་ནི་རི་དང་ཀླུ་དང་གཟའ་དང་ཕྱོགས་རྣམས་དག་ཏུ་ འགྱུར། ༡༧ །ལྷུན་པོ་ཡི་ནི་སྟེང་གི་རྒྱ་དང་ས་གཞི་དག་གི་གནས་ལ་དཔག་ཚད་རྣམས་ནི་སྟོང་ ཕྲག་ནི། །ལྔ་བཅུ་བཅུ་དྲུག་དག་གོ་གཅིག་ནི་རབ་མཆོག་ས་ཡི་གཞི་ལ་ཁོར་ཡུག་དག་གི་ཡང་ དག་སྟེ། །སྟེང་གི་རྩེ་མོ་ལྔ་པོ་རྣམས་ནི་ས་གཞིའི་གནས་རྣམས་ལ་སྟེ་ཕྱོགས་ཀུན་དུ་[ཏུ་]ནི་ ཁོར་ཡུག་གོ། དེ་ཡི་ཕྱི་རོལ་གླིང་དང་རི་བོ་དག་དང་ཆུ་གཏེར་རྣམས་ཏེ་ཕྱོགས་རྣམས་ཀུན་དུ་ [ཏུ་]མེ་དང་རླུང་། ༡༨ །ཆུ་གཏེར་དྲུག་པོ་ཐམས་ཅད་ཀྱང་ནི་ཟླ་བ་ཟླ་བ་གཅིག་གིས་དམན་ པའི་སྟོང་ཕྲག་རེ་རེ་སྟེ། །གླིང་དང་རི་རྒྱུད་མཆོག་རྣམས་དག་ཀྱང་དེ་ལྟའི་སྟོང་ཕྲག་རྣམས་ ཏེ་སྟོང་ཕྲག་ཉི་ཤུ་རྩ་ལྔ་ནི། །འཛམ་བུའི་གླིང་གི་ཡངས་པ་དག་དང་ལན་ཚྭའི་ཆུ་ཡི་གཏེར་ནི་ འབུམ་ཕྲག་ཕྱེད་ཀྱི་ཚད་ཡིན་ཏེ། །སྲིད་པ་གསུམ་པོ་འཛིན་པ་ཡི་ནི་མཐའ་མ་དག་གི་མེ་དང་ རླུང་གི་ཚད་དག་དེ་བཞིན་ནོ། ༡༩ ། ༈ ཚངས་པའི་གནས་སུ་དུས་ཀྱི་འཁོར་ལོ་རྒྱལ་བ་མཆོག་བཅས་ལྷ་ཡི་ཚོགས་ཀྱིས་ ཡང་དག་བསྟོད་པ་སྟེ། །ལྷུན་པོ་ལ་ནི་ཚིག་མདའི་ཚོགས་དང་ས་གཞིའི་འོག་ན་གནས་པ་ཀླུ་ རྣམས་དག་ནི་རིགས་ལྔའོ། །དཔལ་ལྡན་ལྷུན་པོའི་ཕྱོགས་རྣམས་ཀུན་ཏུ་ས་ཡི་དཀྱིལ་འཁོར་ ལ་སོན་གནས་རྣམས་ཀུན་དང་ཉེ་བའི་གནས། །ཞིང་དང་འདུན་པ་དག་དང་འདུས་པ་ཅན་ 1-1-79 དང་རོ་ཁང་གནས་ནི་མེ་དང་རླུང་གི་འཚམས་[མཚམས་]ཀྱི་མཐར། ༢༠། ༈ཤར་དུ་བརྒྱ་བྱིན་མེར་ནི་མེ་ལྷ་གཤིན་རྗེ་བདེན་བྲལ་ནུབ་ཕྱོགས་སུ་ནི་གཤིན་རྗེ་ སྲིན་པོ་ཆུ། །རླུང་དང་ནོར་སྦྱིན་འཕྲོག་བྱེད་ཕྱོགས་སུ་རླུང་དང་གནོད་སྦྱིན་དྲག་པོ་སྟེང་གི་ཆ་ དང་འོག་ཏུ་ཡང་། །ཚངས་དང་ཁྱབ་འཇུག་མཚོན་ལྡན་འཁོར་གྱི་སྐྱེ་བོ་དང་བཅས་རང་རང་ ཕྱོགས་ནི་སྲུང་ཞིང་སྐྱོང་བ་སྟེ། །དེ་རྣམས་དབུས་སུ་དུས་ཀྱི་འཁོར་ལོ་རྒྱལ་བ་མཆོག་གི་སྐྱེད་ མཛད་གཞོམ་དུ་མེད་པ་རྡོ་རྗེའི་སྐུ། ༢༡། ༈ལྷུན་པོའི་རྒྱབ་ཀྱི་ཕྱོགས་རྣམས་སུ་ནི་ས་གཞི་དག་ལ་ལྷ་མིན་རྣམས་ཀྱིས་རྒྱལ་བར་ དཀའ་བ་འཁོར། །གང་དུ་ཆོས་ནི་རྣམ་པར་ཉམས་ཤིང་རྩོད་དུས་འཇུག་པ་དེ་དང་དེར་ནི་ རབ་ཏུ་བགྲོད་པར་བྱེད། །ཀླ་ཀློ་རྣམས་ཀྱང་གཡུལ་དུ་བཅོམ་སྟེ་རང་གི་ཆོས་ལ་དགོད་པ་ བྱས་ནས་མདུན་དུ་རྣམ་པར་རྒྱུ། ། ༈ རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དག་དང་རྩོད་དུས་གཞན་ནི་དུས་ཀྱི་སྦྱོར་བ་ དག་གིས་འབྱུང་བར་འགྱུར། ༢༢། དུམ་བུ་གང་དུ་སྟོབས་ལྡན་འཁོར་ལོ་ཅན་དེ་རབ་ཏུ་ཞུགས་ པ་དེར་ནི་རྫོགས་ལྡན་དུས་བགྲོད་དེ། །རྒྱལ་པོའི་རྒྱབ་ཏུ་གསུམ་ལྡན་རྩོད་པའི་དུས་ཀྱང་ མདུན་དག་ཏུ་སྟེ་གཉིས་ཀྱི་བར་དུ་གཉིས་ལྡན་ནོ། ༈ །དུས་རྣམས་དག་གི་ལོ་ཡི་ཚད་ནི་སྟོང་ ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་དག་དང་བཅས་པ་སྟེ། །རེ་རེ་དག་གི་ཚད་ནི་དུས་དང་༥༤མདའ་ ཡིས་བསྒྱུར་བའི་མི་རྣམས་དག་གི་ལོ་བརྒྱ་གང་ཡིན་པའོ། ༢༣། ༈ ཕྲ་དབུགས་དྷྲུ་དང་ཆུ་ཚོད་ཉིན་ཞག་དྷུ་དང་དུས་བཞི་དག་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་ དང་། །དྲུག་བརྒྱ་རྣམས་ནི་རིམ་པས་ལུས་སྐྱེས་ཕྲ་དང་མི་དང་འབྱུང་པོ་ལྷ་དང་ལྷ་མིན་རྣམས་ དང་ནི། །ནུས་དང་གཙོ་བོའི་ཉིན་ཞག་གཅིག་གི་ཚད་དེ་༈ས་གཞི་དག་ལ་དུས་བཞི་ནུས་པའི་ ཚད་དུ་འཇུག། དུམ་བུ་དུམ་བུར་ཞི་བའི་གོ་འཕང་འཁོར་ལོ་ཅན་བགྲོད་ཉིན་ཞག་གཅིག་ལ་ཉི་ 1-1-80 མ་བཅུ་གཉིས་སོ། ༢༤། ༈ ཕྱོགས་༢༤དང་ཟླ་བ་མཐའ་དག༡༢་དང་ནི་དུས་༦དང་དུས་བཞི་དང་ནི་མེ་དུས་ ༣བགྲོད་པ་རྣམ་པ་གཉིས། །རྒྱལ་པོ་ལོ་ནི་མཐའ་དག་རྗེས་སུ་ཉིན་ཞག་དུས་སྦྱོར་ཆུ་ཚོད་ དག་དང་ཆུ་ཡི་སྲང་རྣམས་ཏེ། །འདི་རྣམས་དེ་ལྟར་བགྲོད་པ་ལུས་སྐྱེས་ཕྲ་དང་མི་དང་འབྱུང་ པོ་ལྷ་དང་ལྷ་མིན་རྣམས་དང་ནི། །ནུས་དང་གཙོ་བོའི་ཞག་རེ་ལ་སྟེ་སྲིད་པ་གསུམ་གྱི་གནས་ དང་ལུས་ཀྱི་དབུས་སུ་དེ་བཞིན་ནོ། ༢༥ ། ༈ ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམ་བྷ་ལ་ཞེས་ བྱ་བར་འབྱུང་། །དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་ རབ་ཏུ་འཇུག །དེ་ཡི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་ རིག་པར་བྱ། ། ༈ མཐའ་དག་ས་གཞི་ལ་ནི་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་དུས་ཀྱི་སྦྱོར་བ་ ལ་འབྱུང་འགྱུར། ༢༦། ༈ མེ་མཁའ་རྒྱ་མཚོ་རྣམས་ལ་རབ་བྱུང་ལ་སོགས་འདས་པ་རྣམས་ བསྲེས་ཀླ་ཀློའི་ལོ་ནི་རབ་ཏུ་གྲུབ། །ཀླ་ཀློའི་དབང་པོའི་ལོ་ནི་ལག་པ་གདེངས་ཅན་༡༨༢ཟླ་ བས་དམན་པའི་ལྷག་མ་དག་ཀྱང་ཉི་༡༢མས་བསྒྱུར། །ནག་པ་ལ་སོགས་ཟླ་བ་བསྲེས་ཏེ་ འོག་ཏུ་དུས་༤ཀྱིས་བསྒྱུར་བ་མཁའ་༡༣༠མེ་ཟླ་བས་རྣམ་པར་དབྱེ། །རྙེད་པ་སྟེང་དུ་བསྲེས་ པ་དག་ནི་མི་ཡི་བདག་པོ་ཟླ་བའི་ཚོགས་པ་རྣམ་པར་དག་པར་འགྱུར། ༢༧ ། ༈ ཟླ་བ་གནས་གསུམ་གྱུར་པའི་དབུས་མའི་ཕུང་པོ་དག་ལ་གང་གནས་ལག་པ་རྩེ་མོ་ ཅན་གྱིས་བསྒྱུར། །རྩ་བ་དག་ལ་དྲུག་གི་ཆས་རྙེད་དེ་ཡང་བུ་ལོན་དུ་འགྱུར་དབུས་མ་ལ་ནི་ སྦྱང་བར་བྱ། །སྟེང་འོག་དག་ལ་མིག་༢དང་སུམ་བཅུའི་[ཅུའི་]ནོར་ནི་བསྲེས་པ་གསལ་བར་ བྱ་སྟེ་དྲུག་བཅུའི་[ཅུའི་]ཆ་དག་གིས། །རྙེད་པ་སྟེང་དུ་རབ་བསྲེས་ཐུབ་པ་༧མཆོག་རྣམས་ 1-1-81 དག་གིས་བཅད་པའི་ལྷག་མ་དག་ནི་རེས་གཟར་འགྱུར། ༢༨ ། ༈ གནས་གཉིས་ཉི་ཟླ་བསྲེས་པ་དག་ལས་དུས་དང་ཉི་མས་ཐོབ་ལ་འབྱུང་བ་བསྲེས་ པ་མཐའ་དག་ནི། །དེ་ཡི་སྟེང་གི་ཕུང་པོར་སྦྱིན་ཏེ་དང་པོ་ལག་པས་བསྒྱུར་ལའོ་བརྒྱད་དང་ གཉིས་ཀྱིས་ཕྱེ་བ་ཚོགས། ༈ །གནས་གསུམ་དབུས་མ་དག་ནི་དབང་ཕྱུག་གིས་བསྒྱུར་འོག་ མ་དགུ་དང་ཡོན་ཏན་རྣམས་ཀྱིས་ཆ་ཐོབ་པར། །གཉིས་བསྲེས་དབུས་ལ་དམན་པ་ཆུ་ཚོད་ དག་གིས་ཐོབ་པ་ནོར་ཏེ་སྟེང་གི་ཕུང་པོར་གཉིས་ཀྱིས་ནི། ༢༩ །བསྒྱུར་ནས་བྱིན་ལ་སྐར་མས་ བགོས་ལྷག་མི་བདག་ཉི་མའི་སྐར་མ་ལ་སོགས་ལོངས་སྤྱོད་དག་ཏུ་འགྱུར། ༈ །གཟའ་ལ་ གཟའ་ནི་རབ་སྦྱིན་མི་བདག་ཉིས་འགྱུར་ཆུ་ཚོད་རྣམས་ཏེ་འོག་ཏུ་ཚོགས་དག་ལ་ཡང་གཉིས། ། སྐར་མར་གཉིས་དང་ཆུ་ཚོད་དྲག་པོ་ནོར་དུ་རབ་གསལ་ཉི་མའི་ལོངས་སྤྱོད་དག་ལ་རབ་ཏུ་ སྦྱིན། །འདི་དག་ཟླ་བའི་ངེས་པར་འགྱུར་ཏེ་སླར་ཡང་ཟླ་བ་ཟླ་བ་དག་ལ་རབ་ཏུ་སྦྱིན་པར་ གསུངས། ༣༠ ། ༈ ཚེས་རྣམས་སྦྱིན་དང་དོར་དང་སླར་ཡང་སྦྱིན་པ་དག་ནི་གཟའ་དང་ཆུ་ཚོད་རྐང་པ་ རྣམས་སུ་སྟེ། །ཚོགས་ཀྱི་ཆ་ལ་ཆུ་གཏེར་ཟླ་བས་མཉམ་དང་མི་མཉམ་ཐོབ་པ་དག་ལ་སྦྱིན་ དོར་རྐང་པའི་དོན། །སྟོང་ལ་སྟོང་པ་རྣམ་དག་བཅུ་གསུམ་ཟླ་བའི་རྐང་པར་ལྔ་སྟེ་མིག་དང་ ཉི་མ་དག་ལ་ཕྱོགས། །བཅུ་གཅིག་མེ་ལ་ཚེས་ཞེས་བྱ་སྟེ་བཅུ་དང་ཆུ་གཏེར་རྐང་པར་ཉི་ཤུར་ གཅིག་གིས་དམན་པའོ། ༣༡ །ལྔ་དང་བུག་པར་ཉི་ཤུ་རྩ་གཉིས་དུས་དང་ནོར་ལ་རྒྱལ་བ་ བདུན་པར་ཉི་ཤུ་རྩ་ལྔ་སྟེ། །དེ་ལ་ཉི་མའི་རབ་ཏུ་དབྱེ་བས་གསལ་བྱས་ཉི་མའི་རྐང་པ་དག་ནི་ སྦྱིན་དང་དོར་བར་འགྱུར། །འབྱུང་དང་འབྱུང་བ་མདའ་དང་རིག་བྱེད་མདའ་དང་མེ་ལག་རི་ བོང་ཅན་ནི་སྔ་མའི་ཆ་དང་གཞན་ལ་ཡང་། །ཚོགས་ཀྱི་ཆ་ལ་ཆུ་གཏེར་ཟླ་བས་མཉམ་དང་མི་ མཉམ་ཐོབ་ལ་རྒྱུ་བ་རྣམས་ནི་སྦྱིན་དང་དོར། ༣༢ །རྒྱུ་ཞིང་ཡོད་པས་ལྷག་མ་བསྒྱུར་བ་ལས་ 1-1-82 ནི་དུས་དང་ཉི་མས་ཆ་ཐོབ་དག་ཀྱང་དེ་བཞིན་ནོ། །དེ་ཉིད་ལ་ནི་ཉི་མའི་རབ་ཏུ་དབྱེ་བས་ཉི་ མའི་རྐང་པའི་ཆུ་ཚོད་སྦྱིན་དང་དོར་བར་འགྱུར། ། ༈ གང་ཞིག་རིག་བྱེད་རྣམས་ཀྱིས་ཚེས་བསྒྱུར་གསལ་བར་ནོར་ཏེ་དེ་ཡི་སུམ་ཆ་དག་ གིས་བསྲེས་པའོ། །དུས་ཀྱི་རྒྱུ་སྐར་རྐང་པ་གསུམ་བཅས་བུ་ལོན་དག་སྟེ་ཉི་མའི་ལོངས་སྤྱོད་ དབུས་ནས་སྦྱང་བར་བྱ། ༣༣ །བྱ་བ་ལྷག་མ་མིག་དམར་ཇི་བཞིན་རོ་དུས་རི་བོང་ཅན་རྣམས་ དལ་བའི་ལས་ལ་རྐང་པ་སྟེ། །ལོངས་སྤྱོད་ཀྱིས་ནི་ཆུ་ཚོད་བསྒྱུར་ནས་མདའ་དང་ཡོན་ཏན་ ཟླ་བས་ཆ་ཐོབ་ལོངས་སྤྱོད་དང་བཅས་པ། །བགྲོད་པ་འགྲོ་བའི་དབང་གིས་ཉི་མ་ལ་ནི་སྦྱིན་ དང་དོར་ཏེ་གཞན་དུ་དག་པ་ཡོད་མ་ཡིན། ། ༈ ཉི་མ་ལ་ནི་དུས་རོ་ཀླུ་དང་བཅུ་དང་འཕྲོག་བྱེད་འཕྲོག་བྱེད་དྲག་པོ་ཕྱོགས་དང་ཀླུ་དང་ དྲུག ༣༤ །མེ་དང་ནམ་མཁའ་དག་ཀྱང་བགྲོད་པའི་མཐར་ཏེ་བྱང་དང་ལྷོ་རུ་ནོར་དང་བུ་ལོན་ དག་ཏུ་འགྱུར། །ཟླ་བ་འཕོ་བའི་དབྱེ་བ་དག་ལས་ཕྱོགས་ཀྱི་དབྱེ་བས་ཟླ་བ་དྲུག་ནི་ཉིན་མོར་ བྱེད་པས་སྤྱོད། ། ༈ ཉི་མ་ལ་བྱིན་ཚེས་གྲངས་དག་ཀྱང་འོག་ཏུ་རོ་ཡིས་བསྒྱུར་ལ་རེས་གཟའི་ལོངས་སྤྱོད་ བསྲེས་པ་དག །དམན་པར་གྱུར་པའི་རི་བོང་མཚན་མར་འགྱུར་ཏེ་༈མི་ཡི་བདག་པོ་ཉི་ཟླ་ བསྲེས་པ་སྦྱོར་བ་འོ། ༣༥ ། ༈ བྱེད་པ་དག་ནི་ཚེས་ལ་མིག་གིས་བསྒྱུར་བ་ཟླ་བྲལ་གང་ཞིག་བདུན་གྱི་ཆ་ཡི་ལྷག་ མའོ། ༈ །དག་པའི་ལོ་ལ་ཀླུ་བསྲེས་མཁའ་དང་ནམ་མཁའ་ཆུ་གཏེར་གྱིས་བསྒྱུར་ཀླུ་བསྲེས་ རྣམས་ཀྱིས་སྦྱངས་པ་དག །རི་ཟླ་མེ་ཡི་རབ་ཏུ་ཕྱེ་སྟེ་ནམ་མཁའ་རོས་བསྒྱུར་རི་ལ་སོགས་ པས་བགོས་པ་ཆུ་ཚོད་ཏེ[དེ]། །གཉིས་དང་སུམ་ཅུའི་གཟའ་དང་ཆུ་ཚོད་ངེས་པར་འདིར་ ལྡན་ཟླ་བ་དག་ལ་ལོ་ཡི་འཕོ་བ་འོ། ༣༦ ། 1-1-83 ༈ ལུག་སོགས་རྣམས་ཀྱི་སྣོན་བྱེད་དག་ལ་གཟའ་དང་ཆུ་ཚོད་རིམ་པར་ཡོངས་བཀོད་ བཅུ་གཉིས་འདི་རྣམས་ཏེ། །ཟླ་བ་རི་འབྱུང་རིག་བྱེད་དག་དངཡོན་ཏན་མདའ་ཏེ་[སྟེ་]རི་ བོང་ཅན་དང་རི་ཟླ་གསུམ་པ་ལའོ། །རིག་བྱེད་མེ་འབྱུང་ཟླ་བ་མིག་དང་ལག་པ་དུས་དང་ རིག་བྱེད་མིག་ནི་དྲུག་པ་དག་ལ་འོ། །དྲུག་དང་ཟླ་བ་མདའ་དང་ཟླ་བ་རི་དུས་མེ་དང་དྲུག་ཟླ་ རིག་བྱེད་རི་དང་འཇིག་རྟེན་དང་། ༣༧ ། ༈ དྲུག་དང་རིག་བྱེད་སྟོང་པ་དག་སྟེ་སྟོང་པ་མིག་མདའ་ཉི་མའི་གོ་འཕང་ཉ་ཡི་ཁྱིམ་ལ་ འོ། ༈ །ཟླ་དྲུག་འཕེལ་དང་འགྲིབ་པར་འགྱུར་ཏེ་ཉིན་དང་མཚན་མོ་དག་ཀྱང་ཉི་མ་རབ་ཏུ་ རྒྱུ་བས་སོ། །ཆུ་གཏེར་སྲོག་དང་ཆུ་སྲང་མེ་ནི་ཉིན་ཞག་སོ་སོའི་དུས་སུ་འཕེལ་འགྲིབ་བགྲོད་ པའི་ཡན་ལག་གིས། །ལྷོ་ཕྱོགས་སུ་ནི་མཚན་མོ་དག་ཀྱང་འཕེལ་བར་འགྱུར་ཏེ་ཁ་བའི་རི་ཡི་ བྱང་དུ་ཉིན་མོ་འོ། ༣༨ ། ༈ ཟླ་བ་དག་ལ་མིག་དང་ཉི་མ་བསྲེས་པ་མིག་གིས་རྣམ་བསྒྱུར་ཟླ་བའི་ཚིགས་ལ་ གཅིག་བསྲེས་ཏེ། །མཁའ་དུས་ཆུ་ཡིས་རབ་ཕྱེ་ཐུབ་པ་ལག་པས་བསྒྱུར་བ་ལས་ཀྱང་མཁའ་ སོགས་ཆ་ཡིས་སྐར་མ་འོ། །ལྷག་མ་དྲུག་བཅུས་[ཅུས་]བསྒྱུར་བ་གང་ཡིན་དེ་ལས་ཆུ་ཚོད་ སླར་ཡང་དེ་བསྒྱུར་ལས་ཀྱང་ཆུ་སྲང་སྟེ། །ཐོབ་པས་དམན་པའི་འཁོར་ལོ་གདོང་དུ་འགྱུར་ཏེ་ མུན་ཅན་མཇུག་མ་དག་ཀྱང་རྒྱུ་སྐར་ཕྱེད་བསྲེས་པའོ། ༣༩ ། ༈ ཟླ་བ་སུམ་ཅུས་བསྒྱུར་བ་ཉིན་ཞག་སོ་སོ་དག་དང་བཅས་པ་ལས་ནི་རི་མཁའ་རིས་ ཐོབ་པ། །གནས་གསུམ་དབུས་སུ་རྣམ་པར་བསྲེས་པ་ལས་ཀྱང་ཆུ་གཏེར་རོས་ཐོབ་དམན་ པ་མི་གསལ་ཉིན་ཞག་གོ༈ །རི་དུས་གཅིག་གིས་བསྲེས་པ་དག་ཀྱང་གསལ་བའི་ཉིན་ཞག་ ཚོགས་ཏེ་རི་ཀླུ་དུས་ཀྱིས་བགོས་པ་ཡི། །ལྷག་མ་སྐར་མས་བསྒྱུར་ཐོབ་སླར་ཡང་ནམ་མཁའ་ རོ་ཡིས་བསྒྱུར་ལས་རི་ལ་སོགས་པས་ཆུ་ཚོད་དོ། ༤༠ ། 1-1-84 ༈ མིག་དམར་ལ་ནི་ཕྱེད་བཅས་དགུ་སྦྱང་གལ་ཏེ་བུ་ལོན་ལྷག་ན་འཁོར་ལོ་བསྲེས་ལ་ རྣམ་པར་སྦྱང་། །ཕྱེད་ལས་ལྷག་པར་གྱུར་ནའང་འཁོར་ལོ་ཕྱེད་ནི་དོར་བར་བྱ་སྟེ་དོར་བའི་ ལྷག་མ་རིམ་མིན་འགྱུར། །སྐར་མ་དྲུག་བཅུས་[ཅུས]བསྒྱུར་ཏེ་ཆུ་ཚོད་དག་དང་རབ་ཏུ་ལྡན་ པར་གྱུར་པ་འབྱུང་མེ་ཟླ་བས་བགོ། གང་ཐོབ་དལ་བའི་ལས་དག་ལ་ཡང་ནོར་དང་བུ་ལོན་ དག་ནི་རིམ་པ་མིན་དང་རིམ་པས་སོ། ༤༡ །དེ་ཉིད་བཅྭ་བརྒྱད་རི་ནི་རབ་ཏུ་གསལ་བར་རོ་ རྐང་འཁོར་ལོ་ཕྱེད་ལ་སྟེང་དང་འོག་ཏུ་སྟེ། །ལོངས་སྤྱོད་ཀྱིས་ནི་ཆུ་ཚོད་བསྒྱུར་ལས་མདའ་ དང་ཡོན་ཏན་ཟླ་བས་འཁོར་ལོ་ཕྱེད་ལས་ཆ་ཐོབ་པ། །སྔ་མ་ཕྱེད་ལ་གཟུང་བྱར་འདོད་ཏེ་[དེ་] རྐང་པའི་དབང་གིས་དེ་བཞིན་ཕྱི་མ་ཕྱེད་ལ་དོར་བྱར་འགྱུར། །ཟོས་པ་ཚོགས་གཅིག་བྱས་ ནས་གཟའ་ཡི་བགྲོད་པའི་དབང་གིས་སྦྱིན་དང་དོར་བ་དག་ཀྱང་ཆུ་ཚོད་ལའོ། ༤༢ ། ༈ དེ་ནས་ཉི་མར་ས་སྐྱེས་རྣམ་པར་སྦྱང་སྟེ་བླ་མ་ཉི་སྐྱེས་དག་ཀྱང་མྱུར་བའི་ལས་ལ་འོ། ། ཟླ་སྐྱེས་དཀར་པོ་ལ་ཡང་ཉི་མ་ཡིས་ཏེ་མྱུར་བའི་ལས་ལ་ངེས་པར་རིམ་པས་ནོར་དུ་འགྱུར། ། སྦྱངས་པའི་ལྷག་མ་འདིར་ནི་རྐང་པ་རྣམས་ཏེ་གཟའ་རྒྱུ་རྐང་པ་རྣམས་ཀྱིས་ལྷག་མའི་ཆུ་ ཚོད་བསྒྱུར། །དྲུག་ཅུའི་ཆ་ཡིས་ཐོབ་པ་གཟའ་རྒྱུ་རྐང་པ་དག་ལས་གཟུང་བྱ་དང་ནི་དབྲོག་ བྱ་དེ་བཞིན་ཉིད། ༤༣ །ཟོས་པ་དག་ནི་ཚོགས་གཅིག་བྱས་ནས་གཟའ་ཡི་བགྲོད་པའི་དབང་ གིས་སྦྱིན་དང་དོར་བ་མཐའ་དག་སྟེ། །ས་སྐྱེས་ལ་ནི་རྐང་པ་རྒྱལ་བ་སོགས་ཏེ་རབ་གསལ་མ་ ནུའི་གནས་ལ་མཐའ་དག་གཞག་པར་བྱ། །དེ་ལྟར་གཟའ་རྣམས་ཐམས་ཅད་ཀྱི་ནི་རིམ་པར་ ཡོངས་སུ་བརྩི་བ་རིག་པར་བྱ་འོ་མི་ཡི་དབང་། །ཟླ་སྐྱེས་དཀར་པོ་ལ་ནི་ཉིན་མོར་བྱེད་པས་ རྣམ་དག་ཟླ་སྐྱེས་དཀར་པོ་དག་ཏུ་ཡང་དགའགྱུར། ༤༤ ། ༈ སྟོང་དང་ནམ་མཁའ་ཟླ་བས་བསྒྱུར་བའི་མཐའ་དག་ཉིན་ཞག་ཚོགས་ལ་མེ་དང་ཉི་མ་ རི་ཡིས་དམན། །རི་ནས་བུག་པ་རི་དང་ཀླུ་ཡིས་བགོ་སྟེ་སླར་ཡང་ལྷག་མ་སྐར་མ་ལ་སོགས་ 1-1-85 དབྱེ་བས་བསྒྱུར། །རབ་བརྗོད་ཆ་ཡིས་རྒྱུ་སྐར་དག་དང་སླར་ཡང་ཆུ་ཚོད་རྣམས་ནི་ཟླ་སྐྱེས་ ལོངས་སྤྱོད་དག་ཏུ་འགྱུར། །ཟླ་སྐྱེས་དོར་ཏེ་ཉི་མའི་དབུས་ནས་མི་བདག་བཟང་པོ་མི་བདག་ སྐར་མ་ཕྱེད་ཀྱང་ཡང་དག་སྤང་། ༤༥ །ལྷག་མའི་བྱ་བ་ནོར་དང་བུ་ལོན་དལ་དང་མྱུར་བའི་ ལས་ཀྱང་མིག་དམར་ཇི་ལྟ་བཞིན་དུ་འགྱུར། །ཟླ་སྐྱེས་རྐང་པ་དལ་བའི་ལས་ལ་བཅུ་རི་མེ་དེ་ མྱུར་བའི་ལས་ལ་མི་བདག་ལ་སོགས་སོ། ། ༈ ཉིན་ཞག་ཚོགས་ནི་མཁའ་མཁའ་རོ་དང་མིག་གིས་དམན་པ་བྱས་ནས་སོ་མེ་ཆུ་ གཏེར་དག་གིས་བགོ། ལྷག་མ་སྐར་མས་བསྣུན་ལས་སྐར་མ་སླར་ཡང་ཆུ་ཚོད་བླ་མ་ཡི་ཡང་ དལ་བའི་ལས་ལ་འོ། ༤༦ །རྒྱུ་སྐར་ཉི་མ་སྦྱང་སྟེ་འཕྲོག་བྱེད་དགུ་དང་རྩེ་མོ་ཅན་ནི་དལ་བའི་ ལས་ལ་རྐང་པ་འོ། །སླར་ཡང་མྱུར་བ་དག་ལ་རྐང་པ་རབ་གསལ་མ་ནུའི་གནས་ལ་ཕྱོགས་ རྐང་ལ་སོགས་དེ་དག་གོ། ༈ ཉིན་ཞག་མཁའ་དང་ཟླ་བས་བསྒྱུར་ནས་ཆུ་གཏེར་ནོར་གྱིས་དམན་པ་རི་དང་རྒྱལ་ བ་མིག་གིས་བགོ། སྐར་མས་བསྒྱུར་བ་ལས་ཀྱང་སྐར་མའི་ལོངས་སྤྱོད་སླར་ཡང་ཆུ་ཚོད་མྱུར་ བའི་ལས་ལ་པ་སངས་ཀྱི། ༤༧ །རྒྱུ་སྐར་དུས་ནི་ཉི་མ་ལ་སྦྱང་མདའ་དུས་རོ་བོང་ཅན་ནི་དལ་ བའི་ལས་ལ་རྐང་པ་སྟེ། །མྱུར་ལ་དེ་ཉིད་ལ་སོགས་དབྱེ་བས་རབ་གསལ་མ་ནུའི་གནས་དག་ ལ་སྟེ་སྦྱིན་དོར་མིག་དམར་བཞིན། ། ༈ མཁའ་མིག་ཀླུ་དང་རིག་བྱེད་ཀྱིས་དམན་གསལ་བའི་ཉིན་ཞག་ཚོགས་ནི་དྲུག་རོ་རི་ མཁའ་ཟླ་བ་ཡིས། །བགོ་ཞིང་སྐར་མས་བསྒྱུར་ལས་སྐར་མར་འགྱུར་ཏེ་སྤེན་པ་ཡི་ནི་དོར་ བྱ་དག་ཀྱང་བཅྭ་བརྒྱད་དོ། ༤༨ །རྐང་པ་ཉི་ཤུ་རྩ་གཉིས་ཚེས་དུས་རབ་གསལ་རོ་ཡི་གནས་ ལའོ་མྱུར་བའི་ལས་ལ་རོ་ལ་སོགས། ། ༈ མྱུར་དལ་རྒྱུ་བ་དག་ཀྱང་རིམ་པས་རྐང་པ་བགྲོད་པ་ལ་སྟེ་འཁྱོག་པོ་ཉིད་ནི་རིམ་མིན་ 1-1-86 གྱིས། །ཕྱེད་སྔ་མ་དང་ཕྱེད་ཕྱི་མར་ཡང་ཉི་མ་འགྲོ་བའི་དབང་གི་གཟའ་རྣམས་ཀྱི་ནི་འབྱུང་ བ་ཡང་། ༈ །སུམ་ཅུ་རྩ་བདུན་ལག་པས་བསྒྱུར་བའི་ཟླ་བ་རྣམས་ཀྱིས་མཇུག་རིངས་དག་ནི་ མྱུར་དང་འཁྱོག་པོར་འགྱུར། ༤༩ ། ༈ གང་དག་སུ་ཞིག་ཉི་མའི་ལོངས་སྤྱོད་ལ་ནི་རབ་ཞུགས་གཟའ་དེ་དག་ཀྱང་ངེས་པར་ ནུབ་པར་འགྱུར། །ཉི་མ་དོར་ནས་འཆར་བར་འགྱུར་ཏེ་དེ་ཡི་ལམ་ཡང་བགྲོད་པ་འགྲོ་བའི་ རྣམ་པར་དབྱེ་བས་སོ། །གཡོན་པའི་ལམ་ལ་གནས་པ་གང་ཡིན་དེ་ནི་ཉི་མ་བགྲོད་པའི་དབང་ གིས་གཡོན་ནས་འགྲོ་བ་སྟེ། །གཡས་ལ་གནས་པ་གཡས་པ་ཡིས་སོ་༈སླར་ཡང་གསལ་བར་ འདིར་ནི་ཕན་ཚུན་འཐབ་སྟེ་དགྲ་ཡིན་ཕྱིར། ༥༠ །རང་གི་ཞིང་ལ་ཡང་དག་གནས་རྣམས་ གལ་ཏེ་དེ་ལ་དགྲ་དག་གྱུར་ན་ངེས་པར་འཐབ་པའོ། །སྐར་མ་ལ་སྟེ་༈གཞན་ལ་འཐབ་པ་ མིན་པར་ངེས་ཤིང་འདིར་ནི་ཕན་ཚུན་མཚུངས་པ་དག་ཏུ་ལྡན། ༈ །གལ་ཏེ་ཉི་མ་ཡི་ནི་གཡོན་ དུ་ཟླ་བ་རབ་ཞུགས་གྱུར་ཅིང་འབྱུང་བ་ཡང་ནི་གཡོན་པ་ཡིས། །རྩེ་མོ་བྱང་དུ་མཐོ་བར་འགྱུར་ ཏེ་ཁ་ཅིག་ཏུ་ནི་བགྲོད་པའི་དབང་གིས་ལྷོ་རུ་གཡས་པ་ཡང་། ༥༡ ། ༈ ཚིགས་མཚམས་སུ་ཡང་སྒྲ་གཅན་གདོང་དང་མཉམ་པར་འགྲོ་སྟེ་མངོན་དུ་ཕྱོགས་ པར་འཛིན་པ་ཁོ་ནའོ། །གཡོན་དུ་རྒྱུ་བ་དག་ལ་གཡས་མིན་དུ་སྟེ་ཉི་མའི་བགྲོད་པའི་དབང་ གིས་གཡས་ལ་གཡས་པའི་ཆར། །དེ་ལྟར་སྒྲ་གཅན་གྱིས་ནི་ཕྱོགས་མཚམས་སུ་འཛིན་རི་ བོང་འཛིན་པ་འབྱུང་བ་དག་ནི་རྒྱབ་ཏུ་ཡང་། ། ༈ ཐ་སྐར་ལ་སོགས་ནག་པ་ཕྱེད་དུ་ཉིན་དང་མཚན་མོ་མཉམ་པའི་དབུས་སུ་འགོ་ལའི་ རི་མོ་འོ། ༥༢ །རྒྱུ་སྐར་གཡས་དང་གཡས་མིན་དག་ལ་ངེས་པར་སྲིད་པའི་གནས་སུ་ཁྱིམ་གྱི་ དབྱེ་བས་ཡང་དག་གནས། །གཞུ་ཡི་རྣམ་པའི་དུས་ཁྱིམ་དག་ལ་འགོ་ལའི་དབུས་ནས་ལྷོར་ ནི་མེ་ཡི་དཀྱིལ་འཁོར་ལ་གནས་ཤིང་། །བྱང་དུ་དེ་ནི་བསིལ་བའི་རི་སྟེ་པད་འདབ་བཟང་པོ་ 1-1-87 བཞིན་དུ་ཤར་དུ་ལུག་དང་སྲང་སོགས་ལའོ། ། ༈ མེ་ནས་བསིལ་བའི་རི་ཡི་འཚམས་[མཚམས་]སུ་དཔག་ཚད་སྟོང་ཕྲག་མཁའ་དང་ ནམ་མཁའ་མཁའ་དང་མདའ་རི་འོ། ༥༣ །དབུས་སུ་འཁོར་ལོ་ཕྱེད་ཀྱི་རི་མོ་༈ཉི་མའི་བགྲོད་ པ་དག་ཀྱང་ཉིན་མཚན་གཅིག་ནི་མཉམ་པ་ལའོ། །ཕྱི་ནས་གཡས་དང་གཡས་མིན་དག་ཏུ་ རྒྱུ་སྟེ་ཉིན་དང་མཚན་མོ་རྒྱུ་སྐར་དབྱེ་བས་རིམ་པ་ཡིས། །ལམ་རྣམས་མཁའ་ཀླུ་ཟླ་བ་འདོར་ ཞིང་ཉིན་དང་མཚན་མོ་དག་ཀྱང་ཇི་སྲིད་བགྲོད་པ་དག་གི་མཐར། ། ༈ ཉི་མ་རི་བོང་ཅན་གྱི་ཉིན་མཚན་ཆུ་ཚོད་དྲུག་ཅུ་དག་ལས་འགྲིབ་དང་འཕེལ་བ་དྲུག་ ཆས་སོ། ༥༤ ། ༈ གང་ཕྱིར་རི་ལ་སྐྱེ་བོ་རྣམས་ཀྱི་ཉིན་མཚན་མཉམ་པར་འགྱུར་ཏེ་ལུག་ཉི་སྲང་གི་ཉི་མ་ ལའོ། །དེ་ཕྱིར་གཉིས་བརྒྱད་དུམ་བུ་དག་ལ་ངེས་པར་གླང་ལ་གནས་དང་སྡིག་པ་ལ་གནས་ དེ་བཞིན་ནོ། །བུག་པ་ཞེས་བྱ་མེ་གྲངས་དག་ལ་འཁྲིག་པ་གཞུར་གནས་ཕྱོགས་ཀྱི་ཚད་ དང་བཞི་པ་དག་ལ་ནི། །ཉི་མ་ཀར་ཀ་ཊ་ལ་གནས་པ་དག་དང་ཆུ་སྲིན་ལ་གནས་ལྔ་པ་བཅུ་ གཅིག་པ་ལ་ཡང་། ༥༥ །སེང་གེ་བུམ་པར་རབ་ཞུགས་བཅུ་གཉིས་རོ་ཡི་སར་ནི་ཉ་དང་བུ་ མོར་གནས་པ་དག་ལ་འོ། ། ༈ འདིར་ནི་གཡོན་བགྲོད་དུ་འགྱུར་ཉི་མ་ཆུ་སྲིན་གནས་པ་ལ་སྟེ་བུམ་པར་ཉི་མས་ གཉིས་པ་ལ། །ཉ་ལ་དུམ་བུ་གསུམ་པར་མི་རྣམས་ཀྱི་ནི་བགྲོད་པ་དག་ཀྱང་ལུག་གི་ཉི་མས་ བཞི་པར་རོ། །འབྱུང་བ་ཞེས་བྱར་ཉི་མ་གླང་ལ་གནས་པས་འཁྲིག་པར་ཉི་གནས་ས་ནི་དྲུག་ པ་བདུན་པར་ཡང་། ༥༦ །ཉི་མ་ཀར་ཀ་ཊ་ལ་གནས་པས་འགྱུར་ཏེ་སེང་གེ་ལ་གནས་ས་ཡི་ དུམ་བུ་བརྒྱད་པར་རོ། །བུ་མོས་བུག་པར་སྲང་གི་ཉི་མས་བཅུ་པར་འགྱུར་ཏེ་སྡིག་པ་ཡིས་ ཀྱང་དྲག་པོའི་དུམ་བུ་ལའོ། །གཞུ་ལ་གནས་པས་བཅུ་གཉིས་པར་འགྱུར་མི་རྣམས་བགྲོད་པ་ 1-1-88 དག་ཀྱང་བཅུ་གཉིས་རྩིབས་ཀྱི་ས་ལ་འོ། །དེ་བཞིན་ལྷོར་བགྲོད་དུ་འགྱུར་ཉི་མ་བགྲོད་པའི་ དབང་གིས་ཀར་ཀ་ཊ་སོགས་ཁྱིམ་རྣམས་དག་ལ་འོ། ༥༧ ། ༈ སྟེང་དུ་དྲུག་དང་ཀླུ་ཡི་གྲངས་ནི་ཉི་མའི་གདུང་བྱེད་དག་ཀྱང་བྱང་དུ་བགྲོད་པ་དག་ གི་མཐར། །དེ་ནས་གཡས་ཕྱོགས་སུ་ཡང་ཟད་པར་འགྱུར་ཏེ་མི་ཡི་བདག་པོ་སྟོང་ཕྲག་དག་ ནི་དྲག་པོའི་གྲངས། །སྟོང་ཕྲག་བརྒྱད་བཅུ་རྩ་གཅིག་མདའ་ནི་བརྒྱ་དང་བྲལ་བར་གྱུར་པ་ དབུས་ནས་འགོ་ལའི་རི་མོ་སྟེ། །དེ་ལས་གང་ཞིག་འཕེལ་དང་འགྲིབ་པར་འགྱུར་བ་མཁའ་ མཁའ་མདའ་དང་མདའ་ནི་བྱང་དང་ལྷོར་ཡང་ངོ་། ༥༨ ། ༈ ལན་ཚྭའི་རྒྱ་མཚོ་འགོངས་ནས་ཉིན་མོར་བྱེད་པ་དག་ནི་ལྷོ་རུ་མེ་ཡི་བར་དུ་འགྲོ་བར་ བྱེད། །ཀཻ་ལ་ཤ་ཡི་བྱང་དུ་འགྲོ་སྟེ་གངས་ཀྱི་རི་ལ་བྱང་དུ་ཡང་ནི་བྱང་ལ་གནས་པའོ། །མདའ་ རྣམས་ཚེས་ཀྱིས་བསྒྱུར་བའི་དཔག་ཚད་སྟོང་ཕྲག་རྣམས་ནི་ཕྱོགས་ཀྱི་བགྲོད་པ་དག་ལ་འགྲོ་ བར་བྱེད། །ཕྱེད་བཅས་མིག་ཀླུ་ཟླས་ཐོབ་ཉིན་དང་ཉིན་ལ་འདོར་བ་ལྔ་དང་ས་འཛིན་སྟོང་ ཕྲག་དག་ལས་སོ། ༥༩ ། ༈ ཁྱིམ་གཅིག་ལ་ནི་ཉི་མ་གནས་པས་མཐའ་དག་དུས་ཀྱི་ཚོགས་དང་ཟླ་བ་དང་ནི་ ཕྱོགས་རྣམས་བྱེད། །དུམ་བུ་དུམ་བུ་དག་ཏུ་ཟླ་བར་འགྱུར་ཏེ་ས་གཞི་བཅུ་གཉིས་རྩིབས་ རྣམས་ལ་ནི་རིམ་པས་སོ། ༈ །ཚད་གང་དུམ་བུ་གང་དུ་ཉིན་མོའི་དབང་གིས་ཡིན་པ་དེ་ནི་ བདུན་པ་དག་ཏུ་མཚན་མོ་ལའོ། །ལམ་ཕྱེད་འབུམ་ཕྲག་གསུམ་པོ་དག་ལ་ཉི་མའི་མདུན་དུ་ ཉིན་མོ་དང་ནི་རྒྱབ་ཏུ་མཚན་མོ་འོ། ༦༠ ། ༈ རི་ཡི་རྒྱལ་པོ་དག་ནི་སྐྱེ་བོ་ཐམས་ཅད་ཀྱི་ཡང་བྱང་ན་གནས་པར་འགྱུར་རོ་མི་ཡི་ བདག །ཉི་མ་འཆར་བ་ཤར་དུ་འགྱུར་ཏེ་རི་དང་མཉམ་པར་བགྲོད་པ་དག་དང་དེ་ནི་ནུབ་པ་ ནུབ། ། 1-1-89 ༈ དུས་དང་ཐུན་མཚམས་བཞི་དང་ཐུན་ཚོད་ཉིན་དང་མཚན་མོ་དུས་ཀུན་དུ་ནི་ཡང་དག་ རྒྱུ་བ་རྣམས། །དུས་སྦྱོར་དབྱེ་བས་ཕྱེ་བར་གྱུར་པ་ལྷུན་པོའི་ཕྱོགས་རྣམས་སུ་ནི་རབ་གསལ་ ཉི་མའི་ས་ལ་འཁོར། ༦༡ ། ༈ ཆུ་ཚོད་དུས་ལ་དཔག་ཚད་སྟོང་ཕྲག་དྲུག་ནི་རྐང་པ་དང་བཅས་ཉིན་མོར་བྱེད་པ་འགྲོ་ བ་སྟེ། །དྲུག་བཅུ་[ཅུ་]ལ་ནི་མེ་འབུམ་དག་དང་ལྔ་དང་རི་བོའི་སྟོང་ཕྲག་ཉིན་དང་མཚན་མོ་ དག་ཏུ་འཁོར། ། ༈ ཉིན་དང་མཚན་མོ་འགོ་ལ་ཕྱེད་ལ་མཁའ་མེ་ཆུ་ཚོད་བགྲོད་ཏེ་[དེ་]འགོ་ལ་དག་ ལ་གཡས་དང་ནི། །གཡས་མིན་དག་ཏུ་འགྲིབ་དང་འཕེལ་བ་ལྔ་སྟེ་ཉིན་ཞག་སོ་སོར་དེ་ནི་ དབུགས་ཟུང་ཆུ་སྲང་གསུམ། ༦༢ ། ༈ ལུག་གི་དུས་སྦྱོར་ལ་ནི་ཆུ་སྲང་དུ་འགྱུར་མཁའ་དགུ་ལག་སྟེ་མཁའ་དུས་མིག་ནི་གླང་ ལ་འགྱུར། །ཟུང་དག་ལ་ཡང་མཁའ་མཁའ་གཉིས་ཏེ་མདའ་རོའི་ཆུ་ཚོད་དུ་འགྱུར་ཀུ་ལཱི་ར་ དང་སེང་གེ་ལའོ། །བུ་མོ་ལ་ནི་ཕྱེད་བཅས་དྲུག་སྟེ་ངེས་པར་སྲང་སོགས་རིམ་པ་མིན་པས་དེ་ བཞིན་ཐམས་ཅད་འགྱུར། །དུས་སྦྱོར་དྲུག་གིས་དེ་ནུབ་གང་ཕྱིར་འཆར་བ་དག་ཀྱང་དེ་བཞིན་ ཉི་མའི་རྒྱུ་སྐར་དབྱེ་བས་སོ། ༦༣ ། ༈ སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་ལྡན་པ་དག་ལས་སོ་ཡི་ཆ་ཡིས་ངེས་པར་ཕྱུང་གྱུར་ པ། །ལུས་ལ་དབུགས་ལྷག་གང་དག་ཉིན་ཞག་སོ་སོའི་དུས་སུ་འབྱུང་བ་རི་དང་དུས་རྣམས་ དག་གི་གྲངས། །སྟོང་ཕྲག་སུམ་ཅུ་རྩ་དྲུག་དག་གིས་བསྒྱུར་བ་རྣམས་ཀྱང་ལོ་བརྒྱའི་ཚད་དུ་ རབ་ཏུ་གྲགས་པ་སྟེ། །སྟོང་དུས་མེ་ཡིས་རབ་ཏུ་ཕྱེ་བ་རྣམས་ནི་ཆུ་ཚོད་དུ་འགྱུར་དྲུག་ཅུའི་ཆ་ ཡིས་ཉིན་ཞག་ཀྱང་། ༦༤ ། ༈ ཟླ་བའི་ཕྱོགས་ཏེ་ཉི་མའི་བགྲོད་པ་དག་དང་ས་སྐྱེས་ཟླ་བ་དགུ་རྣམས་དག་གི་མཚན་ 1-1-90 མོ་འོ། །བླ་མའི་ལོ་དྲུག་ཏུ་འགྱུར་པ་སངས་ཀྱི་ཡང་བགྲོད་པར་འགྱུར་ཏེ་ཟླ་སྐྱེས་ཀྱི་ཡང་ བགྲོད་པ་འོ། །ཚེས་ཞེས་བྱ་བའི་ལོ་ནི་ཉི་སྐྱེས་དེ་བཞིན་དགུ་ནི་མུན་ཅན་གྱི་སྟེ་རྒྱལ་པོ་མཇུག་ རིངས་དམན། །དེ་རྣམས་ཐམས་ཅད་གཅིག་ཏུ་བསྡུས་པ་ནོར་གྱིས་བསྒྱུར་བའི་དུས་ཀྱི་ལོ་ དང་ཕྱེད་བཅས་ཟླ་བ་གསུམ། ༦༥ །ཕྱེད་དང་བཅས་པའི་ཉིན་ཞག་གྲངས་ལས་ཀྱང་ནི་ལོ་ བརྒྱར་འགྱུར་ཏེ་དུས་ཀྱི་འཁོར་ལོས་དམན་ནོ་འདིར། །སྲོག་ནི་སྙིང་སྟོབས་ལ་འབབ་རྡུལ་གྱི་ བར་དང་མུན་པ་ལ་ཡང་ལུས་ངག་སེམས་ཀྱི་དབྱེ་བས་སོ། །ལྷ་མི་ལག་འགྲོ་རྣམས་ཀྱི་དེ་ནས་ ལྔ་པ་ཉིད་འགྱུར་ཟླ་བ་ཕྱེད་བཅས་མཚན་མོ་དག་གིས་ཀྱང་། །གྲངས་ནི་ཤིན་དུ་[ཏུ་]ངེས་པ་ འདི་དག་དུས་ཀྱི་འཁོར་ལོར་རབ་ཏུ་གྲགས་པ་ཡིན་ནོ་མི་ཡི་དབང་། ༦༦ ། ༈ མ་བཅད་དུས་ཀྱི་འཁོར་ལོའི་བགྲོད་པ་དག་ལ་བུ་ལོན་དགུ་ནི་བསྲེས་པར་གྱུར་པ་ མཐའ་དག་རྣམས། །བཀྲ་ཤིས་ལ་སོགས་གཟའ་ནི་ལྔ་པོ་རྣམས་ཀྱི་མྱུར་བའི་ལས་དག་ལ་ ཡང་རྐང་པའི་ཆུ་ཚོད་ཏེ[དེ]། །ས་སྐྱེས་ལ་ནི་རིག་བྱེད་དུས་མེར་རབ་འགྱུར་སྲིད་པའི་གནས་ རྣམས་དག་ལ་རྒྱུ་བའི་དབྱེ་བ་ཡིས། །སྔ་ཕྱི་ཕྱེད་ལ་མཚུངས་པར་བུ་ལོན་ནོར་གྱི་བགྲོད་པ་ དག་ལ་གནས་ཀྱི་དབྱེ་བས་ངེས་པར་སྦྱར། ༦༧ །དང་པོ་རྒྱལ་དབང་གྲངས་ཀྱི་ཆུ་ཚོད་རྣམས་ ཏེ་མེ་དང་མིག་ནི་རྣམ་གསུམ་དག་ཏུ་རབ་ཏུ་འགྱུར། །གནས་གཉིས་དག་ལ་གཅིག་དང་མིག་ སྟེ་བཅྭ་བརྒྱད་ཚེས་དང་དྲག་པོ་མེ་དང་རྩ་བར་དྲག་པོ་དང་། །སུ་ཅུ་རྩ་བརྒྱད་བརྒྱད་བཅུ་དག་ དང་བརྟན་པ་སྲིད་པའི་གནས་ལ་འདིར་ནི་གསུམ་བཅས་ལྔ་བཅུ་འོ། །དེ་ཡིས་ཉི་མ་རྣམ་དག་ གྱུར་ལ་བུ་ལོན་དག་དང་ནོར་ཡང་རིམ་པ་མིན་དང་རིམ་པས་སོ། ༦༨ །རིག་བྱེད་དག་དང་ དབུག་པ་ཟླ་བའི་གྲངས་ནི་གཟའ་ལག་མྱུར་བའི་ལས་ལ་ཆུ་ཚོད་རྣམས་སུ་འགྱུར། །གནས་ གཉིས་ལ་ནི་བཅུ་དྲུག་གཞན་ལ་ཚེས་དང་མ་ནུ་མྱོས་བྱེད་དྲག་པོ་རི་དང་དབང་པོ་མཁའ། །རྩ་ བ་དག་ལ་རིག་བྱེད་དྲག་པོ་དང་ནི་རབ་གསལ་ངེས་པར་བཅུ་གཉིས་པ་ལ་ཉི་ཤུ་སྟེ། །ཉི་ཤུ་ 1-1-91 བརྒྱད་དང་སུམ་ཅུ་རྩ་བཞི་དག་ཀྱང་མ་ནུའི་གནས་ལ་རྒྱུ་བའི་དབྱེ་བས་ཡང་དག་གནས། ༦༩། ཆུ་གཏེར་ནམ་མཁའ་དག་དང་ཟླ་བའི་གྲངས་ཏེ་འདི་དག་རྣམས་ནི་བླ་མའི་ཆུ་ཚོད་ཚོགས་སུ་ འགྱུར། །གནས་གཉིས་དག་ལ་ཕྱོགས་ཀྱི་ཚད་དང་དགུ་ནོར་དུས་དྲུག་ལག་པ་ཟླ་བ་དག་དང་ རྩ་བར་ནི། །མེ་དྲུག་བུག་པ་དང་ནི་དྲག་པོ་མི་བདག་ཐུབ་པ་རྣམས་ཏེ་རྒྱུ་བ་ཐམས་ཅད་རིམ་ པས་སོ། །མྱུར་དལ་འཁྱོག་པོ་ལ་ཡང་གཟའ་ཡི་ཚོགས་ནི་ངེས་པར་ཉི་མའི་དབྱེ་བ་དག་གིས་ རྒྱུ་བར་བྱེད། ༧༠ །དྲུག་དང་ཟླ་བ་ཆུ་གཏེར་གྲངས་ཀྱི་ཆུ་ཚོད་དག་ནི་པ་སངས་ཀྱི་ཡང་མྱུར་ བའི་ལས་ལ་འགྱུར། །གནས་གསུམ་དག་ལ་ཉི་ཤུ་ལྔ་སྟེ་གཉིས་ནི་རྒྱལ་བ་ཞེས་དང་དེ་བཞིན་ ལག་མིག་རྣམ་པ་གཉིས། །སྐྱོན་དང་ཚེས་དང་བརྒྱད་ཏེ་[དེ་]རྩ་བར་དྲུག་དང་ནམ་མཁའ་ ཡོན་ཏན་དག་དང་གཅིག་གིས་དམན་པའི་བརྒྱ། །མཐར་ནི་མེ་དང་རི་ཡི་གྲངས་ཏེ་བརྟན་ པ་སྲིད་པའི་གནས་ལ་པ་སངས་རྒྱུ་བ་རིམ་པས་སོ། ༧༡ །ཉི་མའི་བུ་ལ་དྲུག་དང་འབྱུང་བའི་ གྲངས་ཀྱི་ཆུ་ཚོད་ཚོགས་པ་འདི་དག་ཏུ་འགྱུར་མི་ཡི་དབང་། །དྲུག་དང་འབྱུང་བ་དག་དང་ འབྱུང་བ་རིག་བྱེད་ཆུ་གཏེར་མིག་དང་ཟུང་དང་སྟོང་པ་རྩ་བར་ནི། །ཕྱོགས་དང་རིག་བྱེད་དག་ དང་འབྱུང་བ་རོ་དང་ནོར་དང་རྩེ་མོ་ཅན་ནི་རིམ་པས་གཞག་པར་བྱ། །དེ་ལྟར་གཟའ་རྣམས་ ཀྱི་ནི་རྒྱུ་བ་མཐའ་དག་དུས་ཀྱི་འཁོར་ལོ་དག་ལས་ཤིན་དུ་[ཏུ་]ངེས་པར་འགྱུར། ༧༢ ། ༈ སུམ་བཅུ་[ཅུ་]རྩ་དྲུག་ཕྱེད་བཅས་ཟླ་བ་ངེས་པར་ནོར་གྱིས་བསྒྱུར་བ་དག་ནི་བཀྲ་ ཤིས་ལ་སོགས་པ། །གཟའ་རྣམས་དག་གི་དལ་བའི་ལས་ལ་རྐང་པར་འགྱུར་ཏེ་མིག་བུག་ མིག་གི་གྲངས་ཀྱི་ཆུ་ཚོད་དོ། །དེ་ཉིད་བཅྭ་བརྒྱད་རི་རྣམས་བརྟན་པ་ས་ཡི་བུ་ཡི་ཕྱི་མ་དང་ ནི་སྔ་མའི་ཆ་ལ་སྟེ། །ཕྱོགས་རི་མེ་ནི་གཟའ་ལག་གི་འོ་དབང་ཕྱུག་དགུ་མེ་བླ་མའི་སྔ་ཆ་དག་ དང་གཞན་ལ་ཡང་། ༧༣ །དཀར་པོའི་མདའ་དང་ཆུ་གཏེར་ཟླ་བ་སྤེན་པ་ཡི་ཡང་མིག་བཅས་ མིག་དང་ཉིན་ཞག་དུས་སུ་འགྱུར། ། 1-1-92 ༈ ཟླ་བ་ལ་ནི་ས་སྐྱེས་ལོངས་སྤྱོད་ཆུ་ཚོད་དགུ་བཅུ་རྣམས་ཏེ་ལྔ་དང་འཇིག་རྟེན་ཟླ་བའི་ གྲངས། །པ་སངས་ཀྱི་སྟེ་དེ་བཞིན་གཟའ་ལག་གི་ཡང་གཅིག་ཏུ་བསྡུས་པ་མཁའ་རོ་བསྲེག་ ཟ་དག་ཏུ་འགྱུར། །འདི་དག་ཟླ་བ་གསུམ་གྱིས་ལོ་ཡི་ཉིན་ཞག་བུ་ལོན་ཆུ་ཚོད་ལོངས་སྤྱོད་ འདི་ནི་གསུམ་གྱི་འོ། ༧༤ །(ཁྱིམ་གྱི)ཟླ་(གཅིག་གི)བར་(ལ་ལྷའི)བླ་མའི་(རྩ་བའི་)ལོངས་སྤྱོད་དུ་ འགྱུར་(བ་ནི)རབ་(ཏུ)གསལ་(བར)ཆུ་༡༡ཚོད་དྲག་པོའི་གྲངས་ནི་རྐང་པ་དང་བཅས་(ཞེས་པ་ཡིན) ཏེ་(རགས་པའོ་ཞིབ་མོར་ན་ཞག་རེའི་ལོངས་སྤྱོད་ཆུ་སྲང་ཉེར་གཉིས་དབུགས་གཉིས་འདོད་ཆ་བརྒྱད་ལྷག་ཙམ་ཡོད་པ་དེ་ཞག་ ཕྱེད་དང་སོ་གཅིག་གིས་བསྒྱུར་བས་ཆུ་ཚོད་བཅུ་གཅིག ཆུ་སྲང་ཉེར་བཞི་དབུགས་གཅིགའདོད་ཆ་བཅུ་ལྷག་ཙམ་མོ། །)(དེ་བཞིན་ དུ)ཆུ་སྲང་སུམ་ཅུ་རྣམས་དང་གསལ་བར་དུས་ཀྱི་ཆུ་ཚོད་དག་(དེ་ཆུ་ཚོད་བཞི)ནི་ཉི་མའི་བུ་(སྤེན་པ) ཡི་ལོངས་སྤྱོད་དོ། །འདི་ཡང་ཞིབ་མོར་ན་ཞག་རེའི་ལོངས་སྤྱོད་ཆུ་སྲང་དགུ། འདོད་ཆ་གཉིས་ལྷག་ཙམ་ཡོད་པ་དེ་ཕྱེད་ དང་སོ་གཅིག་གིས་བསྒྱུར་བས་ཆུ་ཚོད་བཞི་ཆུ་སྲང་སོ་ལྔ་དབུགས་གཅིག་འདོད་ཆ་དགུའོ། །)(དེ་གཉིས་)གཅིག་ཏུ་(སྡོམ་ པར)གྱུར་པ་(ཆུ་ཚོད་བཅྭ་ལྔ་ཆུ་སྲང་ང་དགུ། དབུགས་གསུམ། ཆ་དྲུག་པོ་བཀྲ་ཤིས་ལ་བསྣན་པས་ཆུ་ཚོད་གྱ་བདུན་ཆུ་སྲང་ ང་བཞི་དབུགས་བཞི་ལྷག་ཙམ་ལས་མེད་ཀྱང་ཆུ་ཚོད་དགུ་བཅུ་ཞེས་རགས་པ་གསུངས་སོ། །དེ་ལྟར་གཟའ་ལྔ་ལོ་གསུམ་དང་ སྦྱར་ནས་མཇུག་རིངས་ཕྱོགས་གསུམ་དང་སྦྱོར་བ་ནི་ལོ་གཅིག་གི་སྐང་པའི་ལོངས་སྤྱོད་ཆུ་ཚོད)ཉིན་ཞག་ཅེས་བྱ་(ཞེས་ པ་བཅྭ་ལྔ་པོ་ལོ)གསུམ་གྱིས་བསྒྱུར་བ་(ཆུ་ཚོད་ཞེ་ལྔ་པོ)དེ་ཡང་ཕྱེད་བཅས་ཟླ་བ(ཞེས་པ་ཕྱོགས་གསུམ་ པོ)འི་ཉིན་ཞག་(དང་མཚུངས་པ་ཆུ་ཚོད་ཞེ་ལྔ་དུ་བས་སྤྱོད་དེ་དེ་ལྟར་གཟའ་དྲུག་གིས་ལོ་གསུམ་པོ་ཕྱོགས་གསུམ་དང་) བཅས(པའི་ཞག་གྲངས་དང་མཚུངས་པར་ཆུ་ཚོད་དེ་སྙེད་སྤྱོད་དོ)། །(དེའི་ཕྱིར)གཙོ་བོ(དབུ་མ)འི་ལོངས་སྤྱོད་ ཉིན་(རེ)བཞིན་(གཡས་གཡོན་ལ)བུ་ལོན་གྱི་ནི་ཉིན་ཞག་(ཉེར་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག)རྣམས་ལ་ གཟའ་(ལྔ་མཇུག་རིངས་དང་)དྲུག་རྣམས་ནི་ལོངས་སྤྱོད་(དེ་ལོ་གསུམ་ལ་གཟའ་ལྔ་སྤྱོད་ཅིང་ཕྱོགས་གསུམ་ལ་ མཇུག་རིངས་སྤྱོད)དོ། ༧༥ ། ༈ ཟླ་གཅིག་ལྷག་པ་གང་ཞིག་དལ་བའི་ལས་ལ་ཁྱབ་བདག་རྗེས་སུ་གཟའ་རྣམས་ཀྱིས་ 1-1-93 ནི་ལོངས་མ་སྤྱད། །དེ་ལས་རབ་ཏུ་གསལ་བར་ཕྱེད་བཅས་བདུན་གྱི་ཆུ་ཚོད་དག་ནི་ཟླ་བ་ (གཅིག་པོ)འདི་ཉིད་ལ་(སྒྲ་གཅན་གྱིས)སྤྱོད་དེ། །སྒྲ་གཅན་ཟླ་བའི་ལོངས་སྤྱོད་ཉི་མ་དང་བཅས་ ཟླ་བའི་རྐང་པ་ཆུ་ཚོད་ཕྱེད་ཀྱིས་རྣམ་པར་དམན། །ཉི་མའི་བགྲོད་པ་དང་པོ་ལ་གསུམ་ཟླ་བ་ (གཅིག་དང་)མྱོས་བྱེད་(གཅིག་གསུམ་གྱི་)ཉིན་ཞག་དག་ལ་ཟླ་བའི་ཆུ་ཚོད་ལྔ། ༧༦ ། ༈ གང་ཞིག་མ་སྤྱད་ཕྱེད་ཀྱི་ཆུ་ཚོད་དེ་ནི་དུས་ཀྱི་ཉིན་ཞག་དུས་ལ་ཆ་དམན་ཟླ་བ་སྟེ། ། དེ་ནི་ཉི་མའི་ལྷག་པར་འགྱུར་ཏེ་ངེས་པར་དུས་ཀྱིས་བསྒྱུར་བ་ཉི་མའི་ཟླ་བ་ཉིན་ཞག་དེའོ། ། སྒྲ་གཅན་ཟླ་བའི་ལོངས་སྤྱོད་མིག་གིས་རྣམ་པར་བསྒྱུར་ཏེ་ཕྱོགས་ཀྱི་ལོངས་སྤྱོད་དག་གིས་ བགོས་པ་ལས། །ཐོབ་པ་དག་ནི་མཇུག་རིངས་(ཀྱི)ཆུ་ཚོད་(བཞི)ཉིན་ཞག་སོ་སོའི་དུས་སུ་(ཟ་ སྟེ་དེར་མ་ཟད་སླར་ཡང་)སྒྲ་གཅན་ཟླ་བའི་ལོངས་སྤྱོད་ལས། ༧༧ །ཆུ་སྲང་བདུན་དང་ཕྱེད་ཕྲོགས་ ངེས་པར་ཡོན་ཏན་གྱིས་བསྒྱུར་(མེད་ལ)ཉི་མའི་ལོངས་སྤྱོད་དག་ནི་སྦྱང་བར་བྱ། ། ༈ མཇུག་རིངས་ཉི་མ་དག་དང་ལྷན་ཅིག་རྣམ་པར་རྒྱུ་སྟེ་མྱུར་འཁྱོག་དག་ལ་(རིམ་པ་བཞིན) མདུན་དང་རྒྱབ་ནས་སོ། །རྒྱུ་བར་ཆུ་སྲང་ཕྱེད་བཅས་གཉིས་སྤྱོད་ཉིན་དང་ཉིན་ལ་ཉི་མའི་ ལོངས་སྤྱོད་དག་ལ་རིམ་པས་ཏེ། །རང་གི་ཟླ་བ་སུམ་ཅུ་དྲུག་གིས་(ཞག་རེ་ལ་སྔར་གྱི་ཚད)དེ་རྒྱུ་(སྟེ་ བསགས་པ)ཆུ་ཚོད་དག་ཀྱང་འཇིག་རྟེན་གྱིས་ནི་ཚེས་གྲངས་བསྒྱུར(བ་ཞེ་ལྔའོ)། ༧༨ །ཕྱེད་བཅས་ ཟླ་བར་ཆུ་ཚོད་གཉིས་ནི་ཉིན་ཞག་སོ་སོར་འཆར་ཏེ་མྱུར་འཁྱོག་དག་ལ་མདུན་དང་རྒྱབ་ཏུ་ འོ། །ཕྱེད་བཅས་ཟླ་བའི་བར་དག་ཏུ་ནི་དེ་ཡི་འཆར་བ་མི་ཡི་འཇིག་རྟེན་དག་ཏུ་མཐོང་བར་ འགྱུར། །སླར་ཡང་དཔལ་དུས་འཁོར་ལོར་རབ་འཇུག་དེ་ནི་གང་ཚེ་ལོ་ཡི་ལོངས་སྤྱོད་དག་ ལ་མཐོང་མི་འགྱུར། །དེ་ཡི་འཆར་བའི་ཆ་དག་ཤེས་པར་གྱུར་ན་དེ་ཡི་འཆར་བ་མཐའ་ཡས་ དུས་ཀྱང་ཤེས་པར་འགྱུར། ༧༩ ། ༈ ལོ་ཡི་ཉིན་ཞག་ལྔ་ཡིས་བསྒྱུར་ཏེ་སླར་ཡང་མདས་བསྣུན་བགྲོད་པའི་ཉིན་ཞག་དག་ 1-1-94 གིས་རབ་ཏུ་དམན། །བུག་པ་བསྲེས་པ་རྣམས་ནི་རང་གི་བགྲོད་པའི་ཡོན་ཏན་དབང་གིས་ གཟའ་རྣམས་དཀྱིལ་འཁོར་དག་ཏུ་འགྱུར། །ས་སྐྱེས་ལ་ནི་རི་ཀླུ་དྲུག་གི་ཉིན་ཞག་ཚོགས་སུ་ འགྱུར་ཏེ་རི་བུག་རི་ཀླུ་ཟླ་སྐྱེས་ལའོ། །ལྷ་ཡི་བླ་མ་དག་ལ་སོ་མེ་རིག་བྱེད་དུ་འགྱུར་པ་སངས་ ལ་ནི་རི་དང་རྒྱལ་བ་མིག ༨༠ །ཉི་མའི་བུ་ལ་དྲུག་དྲུག་རི་དང་ནམ་མཁའ་གཅིག་གི་ཉིན་ཞག་ ཚོགས་ནི་དཀྱིལ་འཁོར་དུ་འགྱུར་རོ། ། ༈ ས་སྐྱེས་ལ་ནི་(གསལ་ཞག་ལ)རི་དུས་གཅིག་ཀྱང་ངེས་པར་ནོར་དུ་འགྱུར་ཏེ་ཟླ་བའི་བུ་ ལ་(གསལ་ཞག)བརྒྱས་བསྣུན་པ(ལ)། །མེ་དང་ཉི་མ་རི་ཡིས་དམན་(པར་བྱ)ཞིང་པ་སངས་དག་ལ་ (གསལ་བའི)ཉིན་ཞག་བཅུས་བསྒྱུར་(བ་ལ)ཆུ་གཏེར་བརྒྱད་ཀྱིས་དམན(པར་བྱའོ)། །སྟོང་མཁའ་ དུས་མིག་(སྟེ་ཉིས་སྟོང་དྲུག་བརྒྱ)དག་དང་མཁའ་ལག་གདེངས་ཅན་དུས་(སྟེ་བཞི་སྟོང་བརྒྱད་བརྒྱ་ཉི་ཤུ) རྣམས་(རིམ་པ་ལྟར་ལྷའི)བློན་པོ་(དང་)ཉི་སྐྱེས་དག་ལ་བུ་ལོན་(དུ)འགྱུར(ཏེ་འབྲིད་པའི་རྒྱུ་མཚན་ནི་རྐྱང་ རྩིས་ཀྱིས་སྐབས་སུ་བསྟན་ཟིན་ཏོ)། ༨༡ ། ༈ ས་སྐྱེས་ལ་ནི་(སྐྱེ་སྐར་གྱི་མཚམས་ལ་གཟུང་བའི་དོན་དུ་དལ་བ་བར་པ་ལ་སྐར་མ)ཕྱེད་བཅས་དགུ་(སྦྱང་)སྟེ་ལག་ལ་ཕྱེད་ལྷག་(པའི་རྒྱུ་སྐར)མི་བདག་(དང་)རྒྱུ་སྐར་ཉི་མ་(ནི)བླ་མ་ལ་(སྦྱང་བར་བྱ)འོ། །པ་ སངས་ལ་(སྐར་མ)དྲུག་(དང་)ཉི་སྐྱེས་ལ་(སྐར་མ)སྐྱོན་(དེ་བཅྭ་བརྒྱད)བུ་ལོན་དུ་འགྱུར་(ཏེ་དེ་རྣམས) མཐའ་དག་(རང་རང་གི་དལ་བ་བར་པའི)ལོངས་སྤྱོད་(ཀྱི)དབུས་ནས་སྦྱང་བར་བྱ། །(དེའི)ཕྱི་ནས་ (གཟའ་ལྔ་པོ)དེ་དག་རྣམས་ནི་(དལ་བའི་ལས་ཀྱི)དག་པར་འགྱུར་ཏེ་(གང་གིས་དག་ན་ཀྱེ)མི་ཡི་བདག་པོ་ (རང་རང་གི)སྐྱེ་བའི་རྒྱུ་སྐར་རྒྱུ་བ(འི་མཚམས་གཟུང་བ)ལས་(བྱུང་བའི་དལ་རྐང་གི་ལོངས་སྤྱོད་ཀྱིས་སོ)། །(དེས་ ན་མྱུར་བའི་ལས་ཀྱི་དག་པ་ནི་གཟའ)དམའ་བ་(ཞི་གཟའ་གཉིས་པོ)རང་གི་ཡན་ལག་(རྐང་འཛིན་གྱི་ལོངས་སྤྱོད) དག་ལ(ཉི་དག་གི་སྦྱངས་པ)ས་དག་འགྱུར་(མཐོ་དམན་དུ)བགྲོད་པའི་དབང་གིས་མཐོན་པོ་(དྲག་གཟའ་ གསུམ་ནི་རང་རང་གི་དལ་བ་དག་པས)ཉི་མ(བར་པ)འི་དབུས་ནས་(སྦྱངས་པས)སོ། ༨༢ ། 1-1-95 ༈ (སྐྱེས་སྐར་གྱི་གྲངས་ཀྱི་རྒྱུན་མཚན་ནི་བགྲོད་པ་གཅིག་གི)ཟླ་བ་དྲུག་གིས་(ཁྱིམ་གྱི)ཟླ་བ(རེ་རེ)འི་(བར་ ལ་གཟའ་ལྔས)ལོངས་སྤྱོད་(པ་ས་སྐྱེས་ལ་འཇིག་རྟེན་གྱི་གྲགས་པ་ལྟར་ཆུ་ཚོད་དགུ་བཅུ་དེའི་ཚེ་དེར་མ་བསྡུས་པ་ཕུར་ སྤེན་གྱི་བཅྭ་ལྔ་ཆུ་སྲང་ང་དགུ་དབུགས་གསུམ་ཞི་གཟའ་གཉིས་ལ་ཉིས་བརྒྱ་བདུན་ཅུ་སྟེ་དེ་རྣམས)བསྒྱུར་བ་ལས་ཀྱང་ དུས་ཀྱི་འཁོར་ལོའི་ལོ་(གསུམ་པོ)ཡི་ཟླ་བ་(སོ་དྲུག་པོ)ཡིས། །ཆ་ཐོབ་(པ་དྲུག་ཅུ་རྩ་གཉིས་པོ)དག་ཀྱང་ (གཟའ་ལྔ་སྐྱེས་སྐར་དྲུག་ཅུ་རྩ་གཉིས་ཏེ་དེ་རྣམས་སྦྱོང་བའི་ཕྱིར)བུ་ལོན་དུ་འགྱུར་(བའོ། །ལྷག་མ་གཉིས་ཀྱིས་བསྒྱུར་བ་ ལས་ཆུ་ཚོད་ཕྱེད་ཐོབ་པ་འཇུག་རིངས་ཀྱི་ལོངས་སྤྱོད་དུ་བྱས་ན་མའི་ལ་དུའི་ཚིག་ལྟར་འགྱུར་བས་དོར་བར་བྱའོ། །དེས་ན་འཇུག་ རིངས་ནི་སྔར་བསྟན་པ་ལྟར་ཟླ་བ་གཅིག)༈ ཉི་མ་(དང་)རི་བོང་ཅན་གྱི(ཡོན་ཏན་བརྒྱད་ཀྱི་བསྒྱུར་བ་ལ)རྗེས་སུ་ (ལོངས)མ་སྤྱད་(པ)ཆུ་ཚོད་ཕྱེད་(ནི་དུ་བའི་ཁྱིམ་ཞག་གི་ཆུ་སྲང་གི་ལོངས་སྤྱོད་དོ)། །སླར་ཡང་མཇུག་རིངས་ ཀྱི་ནི་(མྱུར་བར་རྒྱུ་བའི་ལོངས་སྤྱོད)གང་ཞིག་(ཉི་མ་ལས་ཆུ་སྲང་ཕྱེད་དང་གསུམ)ལྷག་པ་ཉིན་ཞག་སོ་སོའི་ དུས་སུ་(སྤྱོད་པ་དེ)ཟླ་བའི་(ཕྱོགས་གསུམ་གྱི)ཉིན་(ཞག་རྣམས)གྱིས་བསྒྱུར(བ་ལ)། །དྲུག་ཅུའི་ཆ་ཡིས་ (ཐོབ་པ་ཆུ་ཚོད་གཅིག་ཆུ་སྲང་ང་གཉིས་དབུགས་གསུམ་ལས་མེད་ཀྱང་རགས་པར་ན)ཆུ་ཚོད་(གཉིས་སུ་བྱས་པ་ཕྱོགས་ གསུམ་གྱི)ཉིན་ཞག་སོ་སོའི་དུས་སུ་མྱུར་(བར་རྒྱུ་ལ་ཉི་མའི་མདུན)དང་འཁྱོག་པོར་(རྒྱུ་བ་ལ་ཉི་མའི་རྒྱབ་ཏུ) འཆར་བ་དག་ལ་ཡང་(ནོར་དང་བུ་ལོན་དུ་འགྱུར་རོ)། ༨༣ ། ༈ ཟླ་སྐྱེས་བློན་པོ་མྱུར་བ་དག་ལ་སྟོབས་དང་ལྡན་པར་འགྱུར་ཏེ་ས་སྐྱེས་མཇུག་རིངས་ འཁྱོག་པོ་ལ། །དམན་པ་པ་སངས་དལ་བ་ལ་སྟེ་རང་བཞིན་ཡོན་ཏན་དབང་གིས་རྒྱུ་བ་ལྷག་ མ་ལ་སྟོབས་མེད། །མྱུར་ལ་ཤར་དུ་གདོང་ཕྱོགས་འགྱུར་ཏེ་སླར་ཡང་འཁྱོག་པོར་རྒྱུ་ལ་རབ་ ཞུགས་གཞན་དུ་མངོན་པར་ཕྱོགས། །དལ་ལ་ལྷོ་རུ་གདོང་ཕྱོགས་འགྱུར་ཏེ་རང་བགྲོད་ཡོན་ ཏན་དབང་གིས་འབྱུང་བ་ལ་ཡང་བྱང་དུ་གདོང་། ༨༤ ། ༈ ཟླ་བའི་ཉིན་ཞག་སུམ་བཅུ་[ཅུ་]གང་དག་ཆུ་གཏེར་གྱིས་བསྒྱུར་མཁའ་མིག་ཟླ་བ་ ཟླ་བའི་རྐང་པ་སྟེ། །ཁྱིམ་ནི་བཅུ་གཉིས་པོ་རྣམས་དུས་ཀྱིས་བསྒྱུར་བ་བརྒྱད་དང་རིག་བྱེད་ 1-1-96 དག་ཀྱང་ཉི་མའི་རྐང་པ་འོ། །དེ་ཡི་ནང་དུ་འགྲིབ་དང་འཕེལ་བ་དག་ཀྱང་བགྲོད་པ་འགྲོ་བའི་ དབང་གིས་རིམ་མིན་རིམ་པ་སྟེ། །འཁོར་ལོ་ཕྱེད་ཕྱེད་དག་ལ་མཐའ་དག་ནོར་དང་དུས་ཀྱི་ གྲངས་རྣམས་རིག་པར་བྱ་འོ་མི་ཡི་དབང་། ༨༥ ། ༈ ཚིགས་འཚམས་[མཚམས]དག་ལ་རི་བོང་ཅན་གྱི་དཀྱིལ་འཁོར་ལ་ནི་སྒྲ་གཅན་ རབ་ཏུ་འཇུག་སྟེ་དཀྱིལ་འཁོར་ཡང་། །རྣམ་དག་གྱུར་ན་ཐམས་ཅད་འཛིན་ཏེ་རི་བོང་ཅན་ གྱི་དབང་གིས་དཀྱིལ་འཁོར་ཆུ་ཚོད་དྲུག་བཅུ་[ཅུ་]འོ། །ཕྱེད་དག་གྱུར་ན་ཕྱེད་འཛིན་རི་བོང་ ཅན་གྱི་དབང་གིས་ཆུ་ཚོད་དག་ནི་ཇི་སྙེད་ཡོད་པ་སྟེ། །ནག་དང་དཀར་བའི་ཚིགས་མཚམས་ དག་ལ་ཉིན་དང་མཚན་མོའི་དུས་སུ་ཉི་མ་དང་ནི་ཟླ་བ་འཛིན། ༨༦ ། ༈ མི་རྣམས་ཀྱི་ནི་ལོ་བརྒྱ་དག་ཀྱང་གཟའ་རྣམས་དག་གི་ལོ་ཡི་ལོངས་སྤྱོད་ཀྱིས་ནི་ བསྒྱུར་བར་བྱ། །གནས་གཉིས་ཕྱོགས་ཀྱི་ཆས་ཐོབ་དེ་ནི་བུ་ལོན་དུ་འགྱུར་སྟེང་གི་ཕུང་པོ་ དག་ལ་སྦྱང་བར་བྱ། །འབུམ་ཕྲག་ཉི་ཤུ་གཅིག་དང་ཁྲི་ཕྲག་དྲུག་གི་ལོ་གྲངས་གང་དག་ རྣམས་ནི་དུས་ཀྱི་ཕྱེད་ལ་འོ། །སླར་ཡང་ཕུང་པོ་གཉིས་ཀྱིིས་ངེས་པར་བཞི་པོ་རྣམས་ཀྱི་ལོ་ཡི་ གྲངས་དག་ཏུ་ནི་རབ་ཏུ་འགྱུར། ༨༧ ། ༈ སྟོང་པ་སྟོང་པ་ནམ་མཁའ་ཀླུ་དང་ལག་པ་ཐུབ་པ་རི་བོང་ཅན་རྣམས་རྫོགས་ལྡན་དུས་ ཀྱི་ཚད། །གསུམ་ལྡན་ལ་ནི་ནམ་མཁའ་མཁའ་སྟོང་རོ་དང་དགུ་དང་ཉིན་བྱེད་ལོ་ཡི་གྲངས་སུ་ རབ་ཏུ་གྲགས། །སྟོང་པ་སྟོང་པ་མཁའ་དང་རིག་བྱེད་རོ་དང་ལག་འགྲོ་ཞེས་པ་གཉིས་ལྡན་ ལོར་ནི་ཡང་དག་སྟེ། །སྟོང་པ་ནམ་མཁའ་མཁའ་མིག་ཡོན་ཏན་ཆུ་གཏེར་རྣམས་ཀྱི་ལོ་ཡི་ གྲངས་ནི་རྩོད་པའི་དུས་ལ་འགྱུར། ༨༨ ། ༈ ལོ་ནི་འདི་དག་རྣམས་ཀྱིས་དུས་ཀྱི་མཐའ་རུ་གཟའ་ཚོགས་རྒྱུ་བ་ཁྱིམ་ནི་སྟོང་པ་དག་ ལ་གནས། །སླར་ཡང་ཐ་སྐར་ལ་སོགས་རྣམས་དང་རབ་བྱུང་ཞེས་དང་དེ་བཞིན་ནག་པའི་ཟླ་ 1-1-97 བ་ལ་སོགས་དང་། །རེས་གཟའ་སྦྱོར་བ་ཚེས་དང་བྱེད་པ་རྣམས་ཀྱང་དེ་བཞིན་དང་པོ་དག་ སྟེ་དེ་ཡི་དུས་སུ་ནི། །ལྷ་རྣམས་དག་དང་ལྷ་མིན་རྣམས་ཀྱི་འཁྲུག་པ་དྲག་པོ་ས་གཞིའི་གནས་ རྣམས་སུ་ནི་འབྱུང་བར་འགྱུར། ༨༩ ། ༈ དེ་ནས་རྒྱུ་སྐར་རྣམས་ཀྱིས་ཉིན་ཞག་གཅིག་ནི་བསྒྱུར་བར་འགྱུར་ཏེ་ཆུ་ཚོད་དྲུག་ཅུ་ རྣམས་ཀྱིས་ཀྱང་། །གཟའ་རྣམས་ཀྱི་ནི་དཀྱིལ་འཁོར་དག་གི་ངེས་པར་ཆ་ནི་རབ་ཏུ་ཐོབ་པར་ གྱུར་པ་ལོངས་སྤྱོད་འགྱུར། །ཟླ་བ་རྫོགས་ན་ངེས་པར་འགྱུར་ཏེ་སླར་ཡང་གཟའ་དང་ཆུ་ཚོད་ དང་ནི་རྐང་པ་རྣམས་སུ་འགྱུར། །རྒྱུ་སྐར་ལ་ནི་ཉི་མའི་ལོངས་སྤྱོད་དུ་འགྱུར་ཉིན་ཞག་ཚོགས་ ལས་དག་པ་ཟླ་བ་གཅིག་གི་འོ། ༩༠ ། ༈ སྡེ་པ་དྲུག་ནི་ཉི་མའི་དབྱངས་བཅས་ངེས་པར་ཡོན་ཏན་གྱིས་བསྒྱུར་ལོ་གསུམ་ཉི་མ་ དག་ལ་སྟེ། །ཨ་སོགས་ཐུང་ངུ་ཉིན་ཞག་ཅེས་བྱ་སུམ་འགྱུར་རི་བོང་ཅན་ཆ་ཕྱེད་བཅས་ཟླ་ བ་ཟླ་བ་ལ། །ཆུ་ཚོད་ཧ་སོགས་དབྱངས་བཅས་སུམ་འགྱུར་གང་ཡིན་དེ་དག་རྣམས་ཀྱང་སྒྲ་ གཅན་གྱི་ནི་མཚན་མོ་གསུམ། །དཔལ་ལྡན་སྟོང་པ་གཞོམ་མེད་ལ་སོགས་སུམ་འགྱུར་གང་ དེ་རྣམས་ཀྱང་སྒྲ་གཅན་གྱི་ནི་དུས་སྦྱོར་གསུམ། ༩༡ ། ༈ འབྱུང་བ་ཉི་མ་ཟླ་བའི་གྲངས་ནི་མི་ཡི་བདག་པོ་ཕྱེད་བཅས་ཟླ་བ་དག་དང་ལོ་གསུམ་ མོ། །ཕྱེད་དང་བཅས་པའི་ཟླ་བ་དོར་ནས་ཐུབ་མཆོག་རྣམས་ཀྱིས་བཅད་པ་དག་ནི་དུས་ཀྱི་ འཁོར་ལོར་འགྱུར། །ཟླ་བ་བསྲེ་བ་གཟའ་གཅིག་དང་ནི་མི་བདག་ཉིས་འགྱུར་ཆུ་ཚོད་ཚོགས་ ལ་གཉིས་དང་རྐང་པ་མདའ། །འཁོར་ལོ་དག་གིས་རྣམ་པར་ཕྱེ་བ་རྣམས་ནི་གཟར་འགྱུར་ ངེས་པར་ལྷ་མོ་དྲུག་ཅུ་རྣམས་ཀྱིས་སོ། ༩༢ །སུམ་ཅུ་རྩ་གཉིས་ཀྱིས་ཀྱང་ཆུ་ཚོད་ཐུབ་པ་ནོར་ གྱིས་བསྒྱུར་བའི་ལྷ་མོ་རྣམས་དང་ཚོགས་ལ་གཉིས། །སྦྱིན་དོར་སྦྱིན་པ་དག་དང་རི་བོང་ཅན་ གྱི་རྐང་པ་དང་པོ་ལྔ་སྟེ་འདིར་ནི་དྲུག་གིས་སོ། །ཟླ་བའི་ཕྱོགས་གསུམ་ཉིན་ཞག་རྣམས་ནི་ 1-1-98 སུམ་འགྱུར་རྣམས་ཀྱང་ཉི་མའི་ལོངས་སྤྱོད་ལ་ནི་རབ་ཏུ་གྲགས། །སྐར་མ་གཉིས་ནི་དྲུག་ཅུས་ དབྱེ་ཞིང་ཉི་མའི་ཉིན་ཞག་དང་པོར་སྤྱོད་ལྡན་དབང་ཕྱུག་ཆུ་ཚོད་དོ། ༩༣ ། ༈ དཔལ་ལྡན་དུས་ཀྱི་འཁོར་ལོ་གཟའ་ཡི་ཚོགས་དང་བཅས་པ་འདི་རྣམས་ཕྱི་དང་ལུས་ ལ་དབྱེར་མེད་པར། །བསྡུ་བ་དང་ནི་སྤྲོ་བའི་སླད་དུ་སྲིད་པ་གསུམ་གྱི་གནས་སུ་ཉི་མ་དུས་ ཀྱི་གཟུགས་དང་ནི། །ཤེས་རབ་ཐབས་ཀྱི་རབ་དབྱེ་དང་ནི་མཉམ་དང་མི་མཉམ་རིགས་དང་ མྱུར་འཁྱོག་ལ་སོགས་རྒྱུ་བས་ཏེ། །ཆགས་བྲལ་དང་ནི་ཐུབ་མཆོག་རིགས་དང་ཚངས་དང་ དྲག་པོ་ལ་སོགས་ལྷ་རྣམས་ཀྱིས་ནི་ཤེས་མ་ཡིན།། ༩༤ །། ༈ ཨ་སོགས་ལྔ་ཡི་དབྱངས་གང་༈དང་པོའི་ཚེས་གྲངས་དབང་གིས་དགའ་བ་ལ་སོགས་ ལྔ་དང་ལྡན་གྱུར་པ། །དེ་རྣམས་འདིར་ནི་འཆར་བྱེད་མི་བདག་གལ་ཏེ་དེ་ལ་ས་སྐྱེས་ལ་ སོགས་གཟའ་དག་མ་གྱུར་ནའོ། །ས་སྐྱེས་མི་ཤིས་ཤར་བར་གྱུར་ཅིང་གལ་ཏེ་སླར་ཡང་སྨིན་ དྲུག་དག་དང་ལྡན་པ་ཉིད་གྱུར་པ། །དེ་ལ་གལ་ཏེ་གཡུལ་ལམ་ནད་དུ་གྱུར་ན་མི་རྣམས་འཆི་ བར་འགྱུར་ཏེ་དང་པོའི་དབྱངས་ཀྱི་འོ། ༩༥ །བཟང་པོ་ཟླ་སྐྱེས་དག་གི་གཟའ་འདི་ལ་ནི་གལ་ ཏེ་མཆུ་ཉིད་ལྡན་ན་གཉིས་པ་འཆི་བར་འགྱུར། །རྒྱལ་བ་བླ་མ་དག་ལ་གལ་ཏེ་སྐག་ཏུ་གྱུར་ན་ གསུམ་པ་དག་ནི་འཆི་བར་འགྱུར་བ་ཡིན། །སྟོང་པའི་ཚེས་དང་པ་སངས་དག་ལ་གལ་ཏེ་མོན་ གྲུར་གྱུར་ན་བཞི་པ་དག་ནི་འཆི་བར་འགྱུར། །རྫོགས་པ་སྤེན་པ་དག་དང་ལྷན་ཅིག་ཏུ་ནི་བྲ་ ཉེར་གྱུར་ན་ལྔ་པ་འཆི་བ་ཉིད་དུ་འགྱུར། ༩༦ །ཉི་མ་དག་ལ་དགའ་བ་འཆར་བ་རྣམས་ཀྱི་རྨར་ ཡང་འགྱུར་ཏེ་གཟིར་བ་རྣམས་ནི་ཉོན་མོངས་ཉིད། །ཟླ་བ་ལ་ནི་བཟང་པོ་འཆར་བ་རྣམས་ཀྱི་ ངེས་པར་གཡུལ་དང་ནད་དག་ལ་ཡང་དེ་བཞིན་འགྱུར། །བདེན་པར་འཆར་བ་ལྔ་པོ་རྣམས་ ཀྱི་འབྲས་བུ་མང་པོར་འཆི་བའི་སྦྱོར་བས་དམན་པ་དག་ལ་འགྱུར། །ནད་དང་གཡུལ་དང་ ཡུལ་དུ་བགྲོད་དང་བག་མ་དག་ལ་དགེ་དང་མི་དགེའི་འབྲས་བུ་ཤེས་པར་བྱ། ༩༧ ། 1-1-99 ༈ དེ་ལྟར་རྒྱུ་སྐར་གཟའ་སྟེ་དབྱངས་ཚོགས་ཚེས་རྣམས་དག་ནི་དེ་ཉིད་ལྔ་ཡི་རབ་ཏུ་དབྱེ་ བ་ཡིས། །འདི་ཉིད་ཕྱོགས་དང་ཟླ་བ་བགྲོད་པ་དག་དང་ལོ་སྟེ་དྲུག་ཅུའི་ལོ་རྣམས་ལ་ཡང་ འཆར་བར་འགྱུར། །ནག་པ་སོགས་ལ་འདིར་ནི་ཡན་ལག་བཅུ་གཉིས་རྣམས་ཀྱིས་འཆར་ འགྱུར་ཕྱོགས་ཀྱི་དབྱེ་བ་དེ་ཉིད་དོ། །ཉིན་ཞག་དབྱངས་རྣམས་བདུན་ཅུ་རྩ་གཉིས་རྣམས་ ཀྱིས་འདིར་ནི་འཆར་བར་འགྱུར་ཏེ་ཟླ་བའི་དབྱེ་བ་ལའོ། ༩༨ །ཟླ་བ་དྲུག་གིས་བགྲོད་པའི་ ཡན་ལག་དག་སྟེ་རབ་བྱུང་ལ་སོགས་བཅུ་གཉིས་ལོ་རྣམས་དག་གིས་ལོ། །དེ་ལྟར་དབྱངས་ ནི་ལྔ་པོ་རྣམས་དག་འདིར་ནི་འཆར་བར་འགྱུར་ཏེ་དེ་ནི་སླར་ཡང་ནུབ་པ་འོ། ། ༈ དང་པོ་ལ་ནི་དབྱངས་རྣམས་བྱིས་པ་རང་ཚེས་ཡོན་ཏན་དབང་གིས་དཔལ་ལྡན་ གཞོན་ནུ་གཉིས་པ་ལ། །དར་བབ་རྒན་པོ་རིམ་པས་མེ་དང་ཆུ་གཏེར་ཉིན་ཞག་ལ་སྟེ་ལྔ་པ་ལ་ ནི་ནུབ་པར་འགྱུར། ༩༩ ། ༈ ཨ་སོགས་དབྱངས་ལྔ་གང་དག་ངེས་པར་ཡོན་ཏན་གྱིས་བསྒྱུར་དེ་དག་རྣམས་ནི་རྣམ་ གཉིས་སུམ་བཅུ་[ཅུ་]ཉིད། །ཀ་སོགས་སྡེ་པའི་ཡི་གེ་རྣམས་ལ་རང་བཞིན་ཡོན་ཏན་དབང་ གིས་མཐའ་དག་སྦྱར་བར་བྱ་བ་སྟེ། །ཐུང་ངུ་རྣམས་ནི་འདིར་ཡང་དཀར་པོའི་ཕྱོགས་ལ་ འཆར་བར་འགྱུར་ཏེ་དེ་ཉིད་ལྔ་ཡི་དབྱེ་བ་ཡིས། །རིང་པོ་རྣམས་ནི་ནག་པོའི་ཕྱོགས་ལ་ཤིན་ ཏུ་ངེས་པར་འགྱུར་ཏེ་སྤྲོ་དང་བསྡུ་བའི་སྦྱོར་བས་སོ། ༡༠༠ ། ༈ ཉི་ཤུ་རྩ་བདུན་རྒྱུ་སྐར་དེ་ལ་གསལ་བར་མདའ་ཡི་ཆུ་ཚོད་ཉི་མའི་དུས་སྦྱོར་ཆ་དགུ་ པ། །ལུག་གི་དུས་སྦྱོར་ལ་སོགས་འདི་དག་རྣམས་ཀྱང་འདིར་ནི་རང་བཞིན་གསུམ་སྟེ་བརྟན་ གཡོ་ཤིན་ཏུ་མཉམ། །ལུག་དང་ཀར་ཀ་ཊ་སྲང་ཆུ་སྲིན་འདིར་ནི་གཡོ་བ་དག་སྟེ་དེ་ལས་གཉིས་ པ་བརྟན་པ་འོ། །ལྷག་མ་གཞན་ནི་གཉིས་ཀྱི་རང་བཞིན་དེ་དག་ཉིན་དང་མཚན་མོའི་དུས་སུ་ རྟག་པ་ཉིད་དུ་འཆར། ༡༠༡ ། 1-1-100 ༈ དེ་ལ་ཡུད་ཙམ་སུམ་བཅུ་[ཅུ་]རྣམས་དང་ཉིན་ཞག་དུས་ལ་ཆུ་ཚོད་དག་ཀྱང་དྲུག་ བཅུ་[ཅུ་]ཁོ་ན་སྟེ། །དང་པོར་སུམ་བཅུའི་[ཅུའི་]དབྱངས་རྣམས་འདིར་ནི་འཆར་བར་འགྱུར་ བ་ཉིད་ཏེ་[དེ་]ཡུད་ཙམ་ཡུད་ཙམ་དག་ལ་འོ། །སྡེ་པའི་ཡི་གེ་སུམ་བཅུ་[ཅུ་]ཆུ་ཚོད་རྣམས་ལ་ རབ་ཏུ་འགྱུར་ཏེ་ཐུང་དང་རིང་པོ་རབ་དབྱེ་བས། །ཟླ་བའི་དབུས་སུ་ཚེས་ཀྱི་ཆ་ལ་འཆར་བར་ བརྗོད་ཏེ་[དེ་]དེ་རྣམས་ནུབ་པ་དག་ཀྱང་དེ་ཉིད་ལའོ། ༡༠༢ ། ༈ སྟོང་པ་རླུང་མེ་ཆུ་དང་ས་རྣམས་དག་ཀྱང་ཨ་ལ་སོགས་པ་དབྱངས་ནི་ལྔ་པོ་རྣམས་ ཀྱི་རིགས། །སྒྲ་གཅན་མེ་དང་ཟླ་ཉི་ཟླ་སྐྱེས་མིག་དམར་པ་སངས་བླ་མ་མཇུག་རིངས་སྤེན་པ་ འདིར་ལྷག་ལྷ། ། ༈ སྔར་བརྗོད་དུས་སྦྱོར་རེ་རེ་དེ་ལ་ཉིན་དང་མཚན་མོའི་དབང་གིས་ཆུ་ཚོད་རྣམས་ནི་ བསྒྲུབ་པར་བྱ། །དེ་ཡི་དབུས་སུ་དབྱངས་གང་བྱུང་བའི་གཟའ་ཞེས་བྱ་བ་སྟོབས་ལྡན་དེ་ཡིས་ དཀྱིལ་འཁོར་བསྒྲུབ་པར་བྱ། ༡༠༣ །གཡོན་པ་དག་ན་ཐུང་ངུའི་དབྱངས་རྣམས་འདིར་ནི་ འཆར་བར་འགྱུར་ཏེ་གཡས་པ་ནས་ཀྱང་གཞན་དག་གོ། གཡོན་པ་སྟོང་པ་ལ་སོགས་དེ་ཉིད་ དག་དང་གཟའ་ཚོགས་རྒྱུ་བ་སྒྲ་གཅན་ལ་སོགས་མཐའ་དག་སྟེ། །གཡས་པ་དེ་ཉིད་འཛིན་ མ་སོགས་དང་གཟའ་ཡི་ཚོགས་ནི་ངེས་པར་ཉི་མའི་བུ་ལ་སོགས་པ་ཉིད། ༈ །ཕྱི་རོལ་དུ་ཡང་ དུས་ཀྱི་ཆུ་ཚོད་གཟའ་ཡི་གནས་དང་མཉམ་པ་དབྱངས་བཅས་དག་ནི་བསྒྲུབ་པར་བྱ། ༡༠༤ ། ༈ དྲིས་ན་གཡུལ་གྱི་སླད་དུ་འཆི་བར་འགྱུར་ཏེ་སྟོང་པ་ལ་ནི་དུས་དག་ཤར་བར་གྱུར་ ནའོ། །རླུང་དུ་ཉི་མ་དག་ལ་འཕམ་ཞིང་མེ་ལ་ས་སྐྱེས་ཤར་བ་དག་ལ་རྨ་རུ་འགྱུར་བ་ཡིན། །ཆུ་ དང་བླ་མ་ལ་ནི་འདུམ་པར་འགྱུར་ཏེ་ས་ལ་སྤེན་པ་ཤར་ལ་འཁྲུག་པར་མི་འགྱུར་རོ། །འཆི་ དང་ཉོན་མོངས་རྨར་འགྱུར་བདེ་བ་དག་དང་མཉམ་པ་ཉིད་ནི་འདྲི་བྱེད་ནད་པ་རྣམས་ཀྱི་འོ། ༡༠༥ །གཡུལ་དུ་དགྲ་ནི་ངེས་པར་རབ་ཏུ་ཉམས་པར་འགྱུར་ཏེ་སྒྲ་གཅན་སྟོང་པ་དག་ལ་ཤར་ 1-1-101 ན་ཡང་། །རླུང་དང་ཟླ་བ་དག་ལ་འཕམ་དང་གཡུལ་དུ་རྨ་ཡང་ཟླ་སྐྱེས་མེ་ལ་ཤར་བ་དག་ལ་ འོ། །ཆུ་ལ་པ་སངས་ལ་ནི་དོན་རྙེད་ས་ལ་མཇུག་རིངས་ཤར་བ་དག་ལ་དགྲ་ཡང་དབང་དུ་ འགྱུར། །དེ་བཞིན་བགྲོད་དང་བག་མ་དག་ལ་གཡོན་གྱི་ལམ་ལ་གཟའ་རྣམས་ཀྱི་ནི་མང་ བའི་འབྲས་བུར་འགྱུར། ༡༠༦ ། ༈ ཕོ་ཉས་བརྗོད་པའི་དབྱངས་རྣམས་གང་དག་ངེས་པར་བཅུ་ཡིས་བསྒྱུར་ཏེ་ཁྱིམ་གྱི་ འཁོར་ལོ་དག་གིས་བསྲེ། །སླར་ཡང་དེ་རྣམས་འབྱུང་བས་བསྣུན་ཏེ་ཉེ་བའི་སྐྱེ་བོ་དང་ལྡན་ བདུན་གྱི་ཆ་ཡི་ལྷག་མ་ནི། །ཟླ་མེ་མདའ་དང་རི་བོ་མི་མཉམ་གནས་སུ་གྱུར་ན་མི་རྣམས་ལ་ ནི་རྙེད་པ་ཡོད་མ་ཡིན། །མིག་དང་རིག་བྱེད་རོ་སྟེ་ཤིན་དུ་[ཏུ་]མཉམ་པའི་གནས་སུ་གྱུར་ན་ བྱ་བ་དག་ཀྱང་འགྲུབ་པར་འགྱུར། ༡༠༧ ། ༈ ལོ་དང་ཟླ་བ་ཕྱོགས་དང་ཉིན་དང་མཚན་མོའི་དུས་ནི་དུས་སྦྱོར་དབུས་སུ་རབ་ཏུ་ ཞུགས་པ་སྟེ། །དུས་སྦྱོར་གཅིག་ནི་ལྔ་ཡི་དབྱེ་བས་གཟའ་ཚོགས་དང་ལྡན་དབྱངས་དང་ བཅས་པའི་དེ་ཉིད་ཐ་དད་དོ། །དེ་ཉིད་གཅིག་ནི་དབུགས་རྣམས་དྲུག་བཅུས་[ཅུས་]མངོན་ ལྷག་ཡོན་ཏན་བརྒྱ་ཡི་དུས་ཀྱི་ཆུ་ཚོད་དག་ལ་གནས། །ཆུ་ཚོད་ཆ་ཤས་ཆུ་སྲང་དྲུག་ཅུ་དེ་ཡི་ཆ་ ཤས་ཞེས་པ་དབུགས་དྲུག་རྣམས་སོ་མི་ཡི་དབང་། ༡༠༨ ། ༈ དབུགས་འབྱུང་འཇུག་པའི་དབུས་སུ་མི་དགེ་བ་དང་དགེ་བའི་འབྲས་བུ་རྣལ་འབྱོར་ ལྡན་པས་ཤེས་པར་བྱེད། །ལྷ་ཤེས་རྣམས་ཀྱིས་དུས་ཀྱིས་ཆུ་ཚོད་ཉིན་ཞག་འདས་པའི་དབང་ གིས་ཉི་མ་ཟླ་བ་བསྒྲུབས་ནས་སོ། །ད་ལྟར་བྱུང་བ་ཤེས་པ་མིན་པར་དགེ་དང་མི་དགེའི་ འབྲས་བུ་འཇིག་རྟེན་འདིར་ནི་གང་བརྗོད་པ། །དེ་ནི་ལོང་བ་ཡིས་ཀྱང་ལོང་བ་གཟུང་ནས་ གླང་ཆེན་སེང་གེས་གཏམས་པའི་ཐིབས་པོར་རབ་ཏུ་འཇུག ༡༠༩ ། ༈ ཕྲ་མོའི་རྣལ་འབྱོར་མི་ཤེས་པ་ལ་གཟའ་ཡི་སྟོབས་དང་བཅས་པའི་དུས་སྦྱོར་སྦྱོར་བ་ 1-1-102 སྦྱིན་པ་ནི། །སྐྱེ་དང་བདུན་པར་གནས་པའི་ཁྱིམ་ལ་དུས་མེ་ཉི་མ་ས་སྐྱེས་ཉིན་མོར་བྱེད་པའི་ བུ་རྣམས་ཀྱིས། །དེ་ལ་འཆི་དང་ནད་དང་རྨ་དང་ངེས་པར་མཐའ་དག་ནོར་ནི་རྣམ་པར་ཉམས་ པ་དག་ཀྱང་བྱེད། །དེ་ཕྱིར་སྤང་བར་བྱ་སྟེ་ངེས་པར་བདག་གི་ཚིག་གིས་དུས་སྦྱོར་གཞན་ནི་ རབ་ཏུ་སྦྱིན་པར་བྱ། ༡༡༠ །སྐྱེ་དང་བདུན་པར་གནས་པའི་ཁྱིམ་ལ་སྒྲ་གཅན་ཟླ་བ་ཟླ་སྐྱེས་ བླ་མ་པ་སངས་དང་བཅས་པས། །དགྲ་ཉམས་རང་ཉིད་རྒྱས་ཤིང་གཡུལ་དུ་རྣམ་པར་རྒྱལ་ཏེ་ དགའ་མ་དང་བཅས་ནོར་དག་འཐོབ་པར་འགྱུར། །ཡང་དག་དུས་སྦྱོར་ཐམས་ཅད་ཀྱིས་ཏེ་ སླར་ཡང་གལ་ཏེ་རང་ལུས་གཡོན་གྱི་རྩ་ལ་གྱུར་པ་ན། །ངེས་པར་དོན་ནི་ཐམས་ཅད་འགྲུབ་ སྟེ་མཐའ་དག་ས་ཡི་སྟེང་དུ་དག་པའི་གཟའ་དང་ཚེས་ལ་འོ། ༡༡༡ ། ༈ རྒྱུ་སྐར་རྣམས་ནི་དགུ་དང་དགུ་དང་དགུ་ཡིས་ཆ་གསུམ་བྱས་ཏེ་སྐྱེས་པའི་རྒྱུ་སྐར་དང་ པོ་ལས། །གདུག་པ་རྣམས་ནི་ཟླ་བ་དག་དང་ལྷན་ཅིག་མི་མཉམ་གནས་གྱུར་ནད་པ་རྣམས་ ནི་འཆི་བ་ཉིད། ༈ །ཐ་སྐར་ལ་སོགས་རྣམས་ཀྱིས་རྩ་གསུམ་སྦྲུལ་ཡང་སྤྲས་པར་གྱུར་པ་ནམ་ གྲུ་ཉིད་ཀྱི་བར་དུ་སྟེ། །སྡིག་ཟླ་སྐྱེས་པའི་རྒྱུ་སྐར་གལ་ཏེ་རྩ་གཅིག་དག་ལ་གྱུར་ན་མི་རྣམས་ དག་ནི་རྣམ་པར་ཉམས། ༡༡༢ ། ༈ དྲུག་དང་ཚེས་དང་བརྒྱད་དང་རི་ཟླ་བཅུ་དང་བཅུ་དགུ་ཉི་མ་ཉི་ཤུ་གཅིག་གི་ལོ་བཟང་ རྣམས། །ཉི་ཟླ་མིག་དམར་གཟའ་ལག་ཉི་སྐྱེས་བླ་མ་ལག་འགྲོ་དཀར་པོ་རྣམས་ཀྱིས་དེ་ རྣམས་རིམ་པས་སྤྱོད། །དེ་དང་ནང་གི་གནས་སྐབས་ལ་ཡང་དེ་ལས་སྡེ་པ་བརྒྱད་པོ་རྣམས་ ཀྱི་ཡི་གེ་དག་ལ་ནི། །དྲག་པོ་རྣམས་ཀྱིས་ཞི་བ་མིན་པ་བྱེད་ཅིང་མཆོག་ཏུ་བདེ་བྱེད་ཞི་བའི་ རང་བཞིན་གཟའ་གང་དག། ༡༡༣ ། ༈ རྒྱལ་གྱི་ཟླ་བ་ཉི་མ་ཆུ་སྲིན་ལ་སོན་མ་རིག་པ་སྟེ་བུམ་པར་ཉི་མ་མཆུ་ལ་ཡང་། །འདུ་ བྱེད་དུ་འགྱུར་མི་ཡི་བདག་པོ་ཉ་རུ་ཉི་མ་དབོ་དག་ལ་ནི་རྣམ་པར་ཤེས་པ་སྟེ། །ལུག་ཏུ་ཉི་མ་ 1-1-103 ནག་པ་ལ་ནི་མིང་དང་གཟུགས་སོ་གླང་འཁྲིག་ལ་སོན་ས་ག་སྣྲོན་དག་ལ། །མིག་སོགས་(སྐྱེས་ མཆེད་དྲུག)དང་ནི་རེག་པ་དག་སྟེ་ཉི་མ་ཀར་ཀ་ཊར་གནས་ཆུ་(སྟོད་ཀྱི)ཟླ་(བའི་མཐའ་གྲོ་བཞིན་གྱི་དང་ པོ)ལ་ནི་ཚོར་བར་འགྱུར། ༡༡༤ །སེང་གེར་ཉི་མ་གྲོ་བཞིན་ལ་ཡང་སྲེད་པ་བུ་མོ་དང་ནི་སྲང་ དུ་སོན་པ་ཁྲུམས་དང་ནི། །ཐ་སྐར་ཟླ་བ་དག་ལ་ལེན་པ་ཉིད་དང་སྲིད་པར་འགྱུར་ཏེ་སྨིན་ དྲུག་སྡིག་པའི་ཉི་མ་ལ། །སྐྱེ་བ་དང་ནི་གཞུ་ལ་ཉི་མ་གནས་པ་མགོ་དག་ལ་ཡང་དེ་བཞིན་རྒ་ ཤི་རིམ་པ་སྟེ། །དེ་ལྟར་ཉི་ཟླའི་དབྱེ་བ་དག་ལས་གཉི་ག་བགྲོད་པའི་དབང་གིས་རྒྱལ་པོ་ཡན་ ལག་བཅུ་གཉིས་སོ། ༡༡༥ ། ༈ རྒྱལ་དང་མཆུ་ཡི་མཚམས་སུ་ཆུ་སྲིན་དག་ལ་ཉི་མ་གནས་པའི་གཟའ་དེ་ལ་ནི་མ་ རིག་པ། །དེ་ནས་གཉིས་པ་ལ་ནི་རྒ་ཤིར་འགྱུར་ཏེ་མི་ཡི་བདག་པོ་དེ་བཞིན་སྐྱེ་བ་གསུམ་པ་ ལའོ། །དེ་བཞིན་སྲིད་པ་ལ་སོགས་ཐམས་ཅད་ཡན་ལག་བཅུ་གཉིས་བར་དུ་རིམ་པ་དག་ གིས་ཡོངས་སུ་འགྱུར། །དེ་ནས་མེ་དང་ཆུ་གཏེར་མདའ་སྟེ་ཆུ་སྲིན་བགྲོད་པའི་དབང་གིས་ རེས་འགའ་ཡན་ལག་དྲུག་པའོ། ༡༡༦ །ཚེས་ཞེས་བྱ་བའི་གཟའ་ཡིས་ཕྱོགས་ཏེ་ཉི་མ་རྒྱུ་བའི་ དབང་གིས་རེས་འགའ་ཡན་ལག་བཅུ་དྲུག་གིས། །འདུ་བྱེད་མཆུ་ཡི་འཚམས་[མཚམས] དག་ཏུ་སྟེ་བུམ་པར་ཉི་མ་སོན་པ་དེ་ལ་འདུ་བྱེད་ཁོ་ན་འོ། །དེ་ནས་གཉིས་པ་ལ་ནི་རྣམ་པར་ ཤེས་པར་འགྱུར་ཏེ་ཉིན་ཞག་གསུམ་པ་ལ་ནི་མིང་དང་གཟུགས། །དེ་ལྟར་ཟླ་བ་གཉིས་ལ་ ཡན་ལག་ཏུ་འགྱུར་ཉི་མའི་དབང་གིས་སྤྲོ་དང་བསྡུ་བའི་སྦྱོར་བས་སོ། ༡༡༧ ། ༈ དེ་ལ་མ་རིག་ལ་སོགས་ཡན་ལག་མི་མཉམ་པ་ཡང་བྱ་བ་ཀུན་ལ་དགེ་བར་འགྱུར་བ་ སྟེ། །གང་ཞིག་འདུ་བྱེད་ལ་སོགས་མཉམ་པའང་རྟག་ཏུ་དབང་དང་བགྲོད་དང་བག་མ་རྣམས་ ལ་དགེ་བ་མིན། ། ༈ དེ་བཞིན་ཕྱོགས་ཀྱི་དབྱེ་བ་དག་ལ་རི་བོང་ཅན་གྱི་བགྲོད་པའི་དབང་གིས་ཡན་ལག་ 1-1-104 བཅུ་གཉིས་གང་། །དཀར་དང་ནག་པོའི་ཕྱོགས་ལ་དང་པོའི་ཚེས་གྲངས་དབང་གིས་སྤྲོ་དང་ བསྡུ་བའི་སྦྱོར་བ་དག་གིས་སོ། ༡༡༨། ༈ ཉི་མ་མིག་དམར་མཇུག་རིངས་སྤེན་པ་གཡས་སམ་རྒྱབ་ཏུ་ཡང་དག་གནས་པས་ དགྲ་ནི་འཆི་བར་བྱེད། །གཡོན་དང་མདུན་དུ་ཞི་བའི་རང་བཞིན་གཟའ་ཚོགས་མཐའ་དག་ གཡུལ་གྱི་སར་ནི་དེ་བཞིན་ཁོ་ན་འོ། །རྣལ་འབྱོར་མ་དང་བིཥྚི་དྲག་པོ་རླུང་དང་བཅས་པ་ གཡས་དང་རྒྱབ་ཏུ་བདེ་བ་སྦྱིན་པ་སྟེ། །གཡོན་དང་མདུན་དུ་འཆི་བའི་རང་བཞིན་མཉམ་དང་ མི་མཉམ་གྱུར་པས་གཉི་གའི་དཔུང་ནི་འཇོམས་པར་འགྱུར། ༡༡༩། ༈ ཚངས་མ་དྲག་མོ་གཞོན་ནུ་མ་དང་མཁའ་འགྲོའི་བདག་པོས་འགྲོ་མ་ཕག་མོ་རྡོ་རྗེ་ ལག་མ་དང་། །ཙཱ་མུན་ཊཱ་ཉིད་དཔལ་མོ་དག་ནི་ནོར་གྱི་ཚེས་ལ་འགྱུར་ཏེ་དང་པོའི་ཚེས་དང་ དགུ་པ་ལ། །བརྒྱ་བྱིན་དུ་སྟེ་གནོད་སྦྱིན་མེ་མཚམས་ལྷ་མིན་གཤིན་རྗེ་ཆུ་ལྷ་རླུང་དང་དབང་ ལྡན་ས་ལ་འོ། །འདིར་ནི་འཆར་བ་དག་ཏུ་བྱེད་དེ་སླར་ཡང་ཚེས་རྣམས་ལ་ནི་བརྒྱད་གཉིས་ དབྱེ་བས་ཐ་དད་དོ། ༡༢༠ ། ༈ བིཥྚི་རྣམས་ནི་དཀར་པོའི་ཕྱོགས་ལ་བརྒྱ་བྱིན་གཤིན་རྗེ་ཆུ་དང་གནོད་སྦྱིན་དུ་ཡང་ འདིར་འཆར་འགྱུར། །སླར་ཡང་ནག་པོའི་ཕྱོགས་ལ་རྩེ་མོ་ཅན་དང་ལྷ་མིན་རླུང་དང་དབང་ ལྡན་ཟུར་དུ་རིམ་པས་སོ། ། ༈ དྲག་པོ་ཤར་ནས་གཞན་ཕྱེད་དུ་འགྲོ་ཉིན་ཞག་དབང་གིས་བྱང་དུ་ཡང་སྟེ་བྱང་གི་ཉི་ མ་ལ་འོ། །ཆུ་ནས་མེ་ལྡན་དག་ཏུ་དེ་ནས་ངེས་པར་འགྲོ་སྟེ་ལྷོ་རུ་ལྷོ་ཡི་ཉི་མ་དག་ལ་འོ། ༡༢༡། ༈ ཤར་ནས་ཐུན་ཕྱེད་དག་ལ་རླུང་དུ་རབ་ཏུ་འཇུག་སྟེ་དེ་བཞིན་དུ་ནི་ལྷོ་རུ་འགྲོ་བར་ བྱེད། །དབང་ལྡན་ཆུ་དང་མེ་དང་གནོད་སྦྱིན་ལྷ་མིན་གྲོང་ཁྱེར་དུ་འགྲོ་རླུང་དུ་ཉི་མ་ནུབ་པར་ 1-1-105 འགྱུར། །དཔལ་ལྡན་རྩ་བའི་སྒྲ་གཅན་དོར་ནས་རླུང་དག་ལས་ཀྱང་རྣམ་པར་རྒྱལ་འགྱུར་ འགྲན་པའི་འཐབ་མོ་དང་། །འཁྲུག་པ་དག་ལ་རྩ་བའི་སྒྲ་གཅན་གྱིས་ནི་དགྲ་ཡི་སྟོབས་ འཇོམས་དེ་དང་མཚུངས་པ་གཞན་ཡོད་མིན། ༡༢༢ ། ༈ དབྱངས་དམན་འཐབ་མོ་པ་ནི་མཉམ་དང་མི་མཉམ་གཡུལ་ལ་ལྷག་པ་དག་གིས་ འཇོམས་པར་བྱེད་པ་སྟེ། །དབུགས་ལ་གཉིས་ཀྱི་མིང་གང་སྙིང་ལ་རབ་ཏུ་འཇུག་ན་དེ་ནི་ འཁྲུག་པ་དག་ལ་རྒྱལ་བར་འགྱུར། །ཕོ་ཉས་བརྗོད་པ་དང་པོའི་མིང་དེ་རྣམ་པར་རྒྱལ་བར་ འགྱུར་ཏེ་ཕྱིས་ཀྱི་མིང་ནི་འཕམ་པར་འགྱུར། །འདུ་བ་ཁ་དོག་དབྱངས་ལ་སོགས་པ་མཉམ་ དང་མི་མཉམ་གྱུར་པ་རྣམས་ཀྱིས་འབྲས་མེད་སྟོན་པ་ཉིད། ༡༢༣ ། ༈ དུས་ནི་འཐབ་མོའི་ས་ལ་མི་བདག་རྣམས་ཀྱི་གཡས་དང་གལ་ཏེ་གཡས་མིན་དག་ལ་ མུན་ཅན་གྱུར། །གཡུལ་དུ་ལྷ་ཡི་མགོན་པོ་དག་ནི་འཕྲོག་བྱེད་དྲག་པོ་དང་བཅས་མི་རྣམས་ ཀྱིས་ཀྱང་འཇོམས་པར་འགྱུར། །དེ་ཕྱིར་དཔལ་ལྡན་རྩ་བའི་སྒྲ་གཅན་འཁྱོག་པོ་དྲག་པོ་ལྷ་ མིན་རྣམས་ལས་སྲིད་གསུམ་རྣམ་རྒྱལ་བ། །གཡུལ་གྱི་དུས་སུ་ས་ཡི་དཀྱིལ་འཁོར་ལ་གནས་ ཤེས་པར་བྱ་སྟེ་གཞན་དུ་དགྲ་ནི་ཉམས་པ་མེད། ༡༢༤ །ས་ལ་རྒྱུ་སྐར་བྱས་ནས་ཐུབ་པ་དུས་ ཀྱིས་བསྒྱུར་བ་དབང་པོ་གནོད་སྦྱིན་ཆུ་དང་གཤིན་རྗེར་ནི། །དེ་ཡི་འཁོར་ལོ་འཁོར་བར་བྱེད་ དེ་ཉིན་ཞག་བགྲོད་པའི་དབང་གིས་མཐའ་དག་རྣམས་ནི་རིག་པར་བྱ། །རྒྱུ་སྐར་གང་ལ་དུས་ དང་མུན་ཅན་དུ་ཡང་རབ་གྱུར་ལྟ་བ་ལྷུང་ན་གཉིས་པོ་དག་ལ་ཡང་། །གཡུལ་དུ་དགྲ་ཡི་སྡེ་ རྣམས་དག་ནི་འཕྲལ་ལ་ངེས་པར་ལྟུང་སྟེ་ལྟོ་ཡི་དབུས་སུ་རྒྱལ་བར་འགྱུར། ༡༢༥ །སྒྲ་གཅན་ དུས་ལ་གནས་པ་རྣམས་ནི་འཆི་དང་བཅས་པར་འགྱུར་ཞིང་དཔུང་རྣམས་མཉམ་དུ་ལྷུང་བ་ ནི། །ལྟ་བའི་ཆ་ལ་ངེས་སོང་རྣམས་ཏེ་བྲང་འགྲོ་འགྲོ་བའི་དབང་གིས་དེར་ནི་སྡེ་རྣམས་བཅོམ་ པར་འགྱུར། །ལྟ་བའི་ཆ་ནི་སྤངས་པ་རྣམ་དག་རྣམ་པར་རྒྱལ་བར་འགྱུར་ཏེ་ལྟོ་བར་ཞུགས་པ་ 1-1-106 གཉིས་པོ་ཡང་། །དེ་ལྟར་དཔལ་ལྡན་རྩ་བའི་སྒྲ་གཅན་བླ་མའི་གསུང་ལ་གནས་པ་དུས་ཀྱི་ འཁོར་ལོར་ཤེས་པར་བྱ། ༡༢༦ ། ༈ རྣལ་འབྱོར་མ་དང་བིཥྚི་དྲག་པོ་གཟའ་ཚོགས་དང་བཅས་དབྱངས་ནི་འཆར་བ་དག་ དང་བཅས་གྱུར་པ། །དེ་རྣམས་ཐམས་ཅད་སྤངས་ནས་རྒྱལ་རིགས་རྣམས་ཀྱིས་སྲིད་གསུམ་ རྣམ་རྒྱལ་གཅིག་པུ་གཟུང་བར་བྱ་བ་སྟེ། །གང་གིས་ཟླ་བ་ཉི་མ་ཟ་ཞིང་སྐབས་གསུམ་པ་དག་ འཇིགས་བྱེད་དྲག་པོའི་གཟུགས་ཅན་མིག་དམན་མདོག། །ས་ལ་གང་ཞིག་ཉིན་དང་མཚན་ མོར་ཤར་དང་ནུབ་དང་ལྷོ་དང་བྱང་དུ་ཡང་ནི་འཁོར་བ་འོ། ༡༢༧ ། ༈ གཡུལ་དུ་འཕམ་པའི་དགྲ་བོ་དག་ནི་གལ་ཏེ་འཕྲལ་ལ་རྫོང་གི་ནང་དུ་ཞུགས་པར་ གྱུར་པ་ན། །ཕྱི་རོལ་དུ་[ཏུ་]ནི་འཁྲུལ་འཁོར་བྱ་སྟེ་རྒྱུན་ཆད་མེད་པར་རྡོ་དང་མེ་མདའ་རབ་ ཏུ་འབབ་པ་དང་། །རལ་གྲི་ལ་སོགས་གཅོད་པའི་འཁྲུལ་འཁོར་དག་དང་ས་གཞིའི་གནས་ ལ་གུར་དང་ཅོག་ནི་དབྱེ་བ་ཡིས། །དེ་ཡི་རྫོང་ནི་ཕྱེ་མར་བྱས་ཏེ་ཉིན་ཞག་ཉུང་ཟད་དག་གིས་ གདུག་པ་དེ་ནི་བསྒྲུབ་པར་བྱ། ༡༢༨ ། ༈ ཀ་བ་བཞི་ནི་བརྒྱད་གཉིས་ཁྲུ་ལྡན་མཉམ་དང་མི་མཉམ་གནས་ནས་གནས་བརྒྱད་ དུ་ནི་ཕུག་གྱུར་པ། །ཐ་དད་རྣམས་ནི་གདང་བུ་ཆུ་གཏེར་དུས་དང་དུས་རྣམས་ཀྱིས་ཏེ་རྒྱབ་ཏུ་ ཡང་ནི་གཅིག་གིས་སོ། །འཁྲུལ་འཁོར་ཚད་ནི་རྩ་བར་ཁྲུ་བཅུ་རྣམས་སུ་འགྱུར་ཏེ་སྟེང་གི་ཆ་ དག་ལ་ནི་དེ་ཡི་ཕྱེད། །སྒྱོགས་མདའ་ཁྲུ་གཉིས་དག་གིས་དམན་པར་འགྱུར་ཏེ་འཁྲུལ་ཤིང་ གི་ནི་སྟེང་གི་ཆ་ཡིས་ལྷག་པ་འོ། ༡༢༩ །ཟླུམ་པོར་ཕྱེད་བཅས་ཁྲུ་གཉིས་དག་སྟེ་སོར་མོ་ཐུབ་ པ་མ་ནུར་ངེས་པའི་བུག་པ་གཅིག་ཏུ་ནི། །ཁྲུ་གང་དོར་ནས་སྒྱོགས་མདའ་རབ་ཏུ་གཞུག་ པར་བྱ་སྟེ་འཁྲུལ་ཤིང་རྒྱབ་ཀྱི་ཆ་ལ་གཟེར་གྱིས་གདབ། །མགོ་བོར་ཨ་ལོང་དག་ལ་ཐག་པ་ ལྔ་བཅུ་གདགས་པར་བྱ་སྟེ་སྟེང་གི་ཚད་ནི་ཟླུམ་པོ་ཕྱེད། །སྒྱོགས་མདའི་མཐར་ནི་འཛུབ་མོ་ 1-1-107 དང་བཅས་རབ་ཏུ་འཇུག་སྟེ་གཉན་ནོན་ཟླུམ་པོ་དག་ནི་མཐོ་གང་ངོ་། ༡༣༠ །སྒྱོགས་མདའི་ འཛུབ་མོ་ལ་ནི་འུར་མཐིལ་ཐག་པར་བཅས་པ་དག་ལས་ངེས་པར་ཁྲུ་གསུམ་དག་ཏུ་འགྱུར། ། དེ་ཡི་ནང་དུ་རྡོ་བ་རབ་ཏུ་བཅུག་ཏེ་སྟོབས་ལྡན་འཐེན་བྱེད་རྣམས་ཀྱིས་འཐེན་པར་གྱུར་པ་ དག །བཏང་བ་མྱུར་དུ་ནམ་མཁར་འགྲོ་སྟེ་འཕྲལ་ལ་ངེས་པར་ལྟུང་ཞིང་ཁང་སྟེང་སོགས་དང་ ལམ་སྲང་དུ། །མཐའ་དག་ཕྱེ་མར་བྱས་ནས་ས་ཡི་གཞི་ལ་འགྲོ་སྟེ་རྡོ་རྗེ་འབབ་པ་ཇི་བཞིན་ ཉིད་དུ་འོ། ༡༣༡ །དེ་ཡི་འཛུབ་མོ་ཟླ་བ་ཕྱེད་པས་ས་གཞིའི་གནས་སུ་ཚངས་པའི་རི་མོ་ངོས་ གཉིས་དག་ཏུ་ནི། །བརྒྱད་གཉིས་བཏང་བའི་གནས་རྣམས་དག་སྟེ་ལག་པ་གཉི་གའི་ཁུ་ཚུར་ བཅིངས་པ་ལས་ནི་བཏང་བར་བྱ། །གཏོང་བ་ས་ལ་རེག་པ་ཉིད་ཏེ་[དེ་]མཉམ་དང་མི་མཉམ་ རྐང་པ་འཁྲུལ་འཁོར་ནང་དུ་གནས་པས་ནི། །རང་འདོད་རྡོ་བ་ལྟུང་སྟེ་རྣམ་གསུམ་བགྲོད་ པའི་དབང་གིས་རྫོང་ནི་རྣམ་པར་གཞོམ་པའི་དོན་དུ་འོ། ༡༣༢ །(སྒྱོགས་རྡོ)གང་ཞིག་བསྣུན་ པས་གླང་ཆེན་འཕྲལ་ལ་ངེས་པར་ལྟུང་(ཞིང་འཆི་བར་འགྱུར)བ་དེ་ལ་སྲོག་ཆགས་ཕྲ་མོ་དག་ནི་ (ལྟ་སྨོས་ཀྱང་)ཅི་(དགོས་ཏེ་སྒྱོགས་ཀྱི་འཁྲུལ་འཁོར་དེས)རྫོང་གི་སྟེང་ཁང་ལ་གནས་(པའི)དགྲ་དཔུང་མ་ ལུས་(པ)གང་དག་ཕྱི་རོལ་(དུ)གནས་པར་ལྟུང་བར་བྱེད་པ་སྟེ། །ས་སྟེང་གནས་སུ་རྫོང་གི་ འཐབ་མོ་ལ་ནི་གཞུ་འཛིན་(ཏེ་འཕོང་སྐྱེན་པ)རྣམས་ཀྱིས་(འཁྲུལ་འཁོར)དེ་དང་ལྷན་ཅིག་སུ་ཞིག་ འགྲན(པར་ནུས་ཏེ)། །(རྫོང་)གང་དུ་འཁྲུལ་འཁོར་(དེ)རབ་(ཏུ)བསྣུན་(པའི)རྫོང་དེར་དགྲ་བོ་སུ་ ཞིག་ཞུགས་པ་དག་ནི་གཤིན་རྗེའི་ཁ་རུ་(འགྲོ་བ)འོ། ༡༣༣ ། ༈ ཀ་བ་དཔུང་པ་དྲུག་དྲུག་དག་གིས་གཉི་གའི་ནང་ནི་མཉམ་པ་ཁྲུ་ནི་ཟུང་གི་བར་དག་ ལ། །སྙིང་པོ་རེ་རེ་ཉི་མའི་ཁྲུ་རུ་འགྱུར་ཏེ་གཉི་ག་ནང་ནི་མཉམ་པ་ལྷག་ཆད་མེད་པ་ཉིད། །སོ་ སོའི་རེ་མིག་ཀུན་ལ་སྤང་ལེབ་དག་དང་ལྤགས་པ་སྤྲ་ཚིལ་གོས་རྣམས་ཀྱིས་ཀྱང་གཡོགས་ པ་སྟེ། །སྙིང་པོ་དུས་དང་བརྒྱད་དང་སྐྱོན་དང་སུམ་འགྱུར་ཉིན་བྱེད་ཀྱིས་ཀྱང་འཁྲུལ་འཁོར་ 1-1-108 གཅིག་ནི་རབ་ཏུ་བྱ། ༡༣༤ །གཉིས་གཉིས་སྙིང་པོའི་བར་དུ་འཁྲུལ་བ་དག་ཀྱང་དཔུང་པ་ རྣམས་ཀྱིས་རྒྱ་ཡིས་བཏབ་པའམ་ཀུན་ནས་སོ། །རྒྱབ་ཏུ་སྐྱ་བ་འཛིན་པ་དྲུག་སྟེ་མདུན་ནས་ དཔུང་པ་གཉི་ག་མཉམ་པ་འཁྲུལ་འཁོར་འདྲེན་པ་འམ། །ཀ་བའི་ཁུང་བུར་རབ་ཏུ་བཙུགས་ པ་གཡོ་བའི་རླུང་གི་དར་རྣམས་ཀྱིས་ནི་རླུང་གིས་བསྐྱོད་གྱུར་པ། །དེ་ལ་ཞོན་པ་རང་གི་སྡེ་ནི་ ཆུ་ཡི་རྫོང་དག་ཉམས་པའི་དོན་དུ་ཆུ་ཡི་གཏེར་ལ་འགྲོ། ༡༣༥ ། ༈ ཆུ་གཏེར་ཟུར་ལྡན་སྟེགས་བུ་གཅིག་ལ་གཡོ་བའི་རླུང་གིས་དར་དང་རྒྱལ་མཚན་ བཅས་པ་ཀ་བར་གདགས། །རྒྱབ་ཀྱི་ཕྱོགས་ནས་མི་རྣམས་དག་གིས་དྲངས་ཤིང་ས་ལས་ ཐག་པ་དག་གིས་སྟེང་དུ་འགྲོ་བ་ནི། །རླུང་གིས་རབ་ཏུ་བསྐྱོད་པར་གྱུར་པ་ངེས་པར་བྲག་གི་ རྫོང་གི་སྟེང་དུ་མཁའ་ལ་འགྲོ་བ་སྟེ། །དེ་ནས་མེ་ཡི་འབྲུ་མར་འཕངས་པས་དགྲ་ཡི་དཔུང་ དང་རྫོང་ནི་ཐམས་ཅད་ཀུན་ནས་སྲེག་པར་བྱེད། ༡༣༦ ། ༈ (རལ་གྲི་འཁོར་བ་གྲི་གུག་གི་འཁྲུལ་འཁོར་)འཁོར་ལོའི་རྩ་བར་(སྲོག་ཤིང་གི་སྣ་ལ་ལྕགས་ལས་བྱས་པའི) གནམ་གདན་རྩེ་གཅིག་པ་ནི་(འོག་གི་ཁུང་བུར)གཞུག་ཅིང་(གནམ་གདན་གྱི)སྟེང་དུ་ཡང་ནི་འཁོར་ ལོ་དག་ལ་ནི། །སོར་མོ་གཉིས་གཉིས་(ཀྱི)བར་དུ་(འཁོར་ལོའི)རྩིབས་སུ་འགྱུར་ཏེ་(སྲོག་ཤིང་) ཟླུམ་པོའི་མཐའ་མ་མ་ལུས་པ་ནི་དགོད་པར་བྱ། །འཁོར་ལོ་(ཚད་ནི་ཐད་ཀར)ཁྲུ་ནི་ཕྱེད་དང་ གསུམ་པར་འགྱུར་ཞིང་གནམ་གདན་(གྱི)སྟེང་དུ་གཞན་ཡང་དེར་ནི་སྲོག་ཤིང་སྟེ། །སྲོག་ཤིང་ སྟེང་དུ་རལ་གྲི་རྣོན་པོ་(གཅིག་གམ་དུ་མ་བརྟན་པར་བཏགས་པ་ནི)མྱུར་བར་འཁོར་(བས་དགྲའི་ལུས་གཅོད) ཏེ་འཁྲུལ་འཁོར་གྱི་ནི་རྩ་བ་(ཆུ་འམ་རླུང་གིས)འཁོར་བ(འི་དབང་གི)ས་སོ། ༡༣༧ །(རྫོང་གི་རྩེ་མོ་འབྱེད་ པ་རླུང་གི་འཁྲུལ་འཁོར་ནི)ཐག་པ་ཡིས་ནི་(མེའི་འབྲུ་མར་འཕེན་པ་ལ་རླུང་གི་འཁྲུལ་འཁོར་བཤད་པ་ལྟ་བུའི)རླུང་གི་ འཁྲུལ་འཁོར་(མི་རྣམས་ཀྱིས་དྲངས་པས)ནམ་མཁའ་དག་ལ་འགྲོ་སྟེ་རང་གི་ཕྱོགས་ནས་(དགྲའི་རྫོང་ གི[ཕྱོགས་སུ])རིམ་པས་སོ། །(འཁྲུལ་འཁོར་དེ)རྫོང་གི་སྟེང་དང་དགྲ་ཡི་ཁྱིམ་དུ་སོ་སོར་འགྲོ་བ་ངེས་ 1-1-109 པ་ཉིད་དུ་(མི་རྣམས་ཀྱིས)ཐག་པ་དྲངས་བྱས་ནས། །ས་ལ་(ཐག་པའི)ཚད་ཀྱང་(རྫོང་གི་བར་གྱི་ཚད)དེ་ ཡིས་བརྗོད་པར་འགྱུར་ཏེ་དགྲ་རྣམས་ཀྱི་ནི་རྫོང་གི་རྩེ་མོ་འབྱེད་པ་ཡིས། །(རླུང་གི་འཁྲུལ་འཁོར་ གྱི་)རྩེ་ལ་(སྐྱེས་བུ་མེ་ལྡན)བཀོད་དེ་དགྲ་ཡི་ཁང་པའི་གཞི་དང་མདུན་ས་དག་ལ་མེ་ནི་རབ་ཏུ་སྦྱིན་ པར་བྱ། ༡༣༨ ། ༈ (རྡོ་རྗེ་གུར་གྱི་འཁྲུལ་འཁོར་ནི་ཤིང་རྟའི་འཁོར་ལོ་ལྟ་བུའི)འཁོར་ལོ་རྣམས་ཀྱི་སྟེང་གི་ཆ་ལ་ལྕགས་ དང་ཤིང་རྣམས་དག་གིས་(གུར་གྱི་རྣམ་པའི)ཁང་པ་ཆེན་པོ་བཀོད་པ་ནི། །(ནང་དུ)སྤང་ལེབ་དང་ ནི་(ཕྱི་ནས)མ་ཧེའི་ལྤགས་པ་རྣམས་ཀྱིས་ཀུན་ནས་གཡོགས་པར་གྱུར་པ་ཟླུམ་པོའི་རྣམ་པ་སྟེ། ། (འཁོར་ལོ་འདྲེན་པའི)མི་རྣམས་དག་གིས་བསྐྱོད་པར་གྱུར་པ་(གཞི)མཉམ་པའི་ས་ལ་(དགྲའི་མཁར་ གྱི)འོབས་(ཀྱི་བར)ནི་ཇི་སྲིད་ཉིད་དུ་འགྲོ་བར་འགྱུར་(ཏེ)། །འོབས་དེ་(ས་རྡོས)བཀང་ནས་(མཉམ་ པར་བྱས་ཏེ)མཁར་གྱི་རྩིག་པ་དང་ནི་ལམ་སྲང་དག་ཏུ་འཕྲལ་ལ་རབ་ཏུ་འཇུག་པར་འགྱུར(རོ)། ། (སྔ་མ་བཞིན་དུ་འདིར་ཡང་སྟེ་ལུས་ལ་སོགས་པའི་ལོངས་སྤྱོད་ལ་མི་ལྟོས་པའི་རྡོ་རྗེའི་གུར་དུ་ཞུགས་ནས་རྣམ་པར་ཐར་བའི་སྒོ་ བཞི་དང་ཚངས་པའི་གནས་བཞི་ལ་སོགས་པའི་ཐབས་ཀྱིས་གཟུང་བ་དང་འཛིན་པའི་གྲོང་ཁྱེར་གཞོམ་པར་བྱའོ། །ཞེས་པ་འང་ དོན་གྱིས་རིག་པར་བྱའོ། །)༡༣༩། ༈ སྟེགས་བུར་ཕུར་པ་གཉིས་ལ་ངེས་པར་རྒྱུད་དང་བཅས་པའི་གཞུ་ནི་གཡོ་བ་མེད་ པར་བཏགས་བྱས་ནས། །རྒྱབ་ཏུ་ལྕགས་ཀྱི་ཕུར་པ་གཉིས་ལ་ལེགས་བཀོད་འཁྲུལ་ཤིང་ ལ་ནི་སོར་མོ་ལྟ་བུ་ཕྱེད་འཁྱོག་རྣམས། །སོར་མོའི་རྩེ་མོ་དག་ལ་གཞུ་རྒྱུད་ཀྱིས་ནི་མང་ཞིང་ མཉམ་པའི་མདའ་འམ་ལྕགས་མདའ་རྣོན་པོ་རྣམས། །གཡུལ་གྱི་དུས་སུ་འཕངས་པས་གོ་ཆ་ དང་བཅས་གླང་ཆེན་ལུས་པོ་ཕུག་ནས་རབ་ཏུ་འགྲོ་བར་འགྱུར། ༡༤༠ ། ༈ ཀ་བ་གཉིས་ནི་ས་ཡི་ནང་དུ་བརྟན་པར་བཙུགས་པ་ཐག་པ་རྣམས་ཀྱིས་དཀྲིས་ པར་གྱུར་པ་སྟེ། །ཐག་པའི་དབུས་སུ་རལ་གྲིའི་ཆ་གཟུངས་[འཆང་གཟུང་]ཆུད་པ་ཟླུམ་པོ་ 1-1-110 དང་བཅས་སྐོར་བ་དུ་མས་བསྐོར་གྱུར་པ། །དེ་ཡི་དབུས་སུ་རལ་གྲིའི་ཆང་གཟུངས་[འཆང་ གཟུང་]ངེས་པར་གཡོ་བ་མེད་པར་གཟེར་གྱིས་བཏབ་པར་རབ་ཏུ་འགྱུར། །གཟེར་དང་ཐག་ པར་བཅས་པ་གཡོག་པར་བྱ་ཞིང་རལ་གྲིའི་སོ་ཡི་རྩེ་མོའི་ཆ་ཡང་མནན་པར་བྱ། ༡༤༡ །དེ་ ཡི་སྟེང་དུ་བུག་པའི་རེ་ཁཱ་ཅན་གྱི་སྤང་ལེབ་ལས་ནི་བསྐུལ་བར་གྱུར་པ་འཐོན་པ་འོ། །རལ་ གྲིའི་སྟེང་དུ་ཟླ་བའི་དབུས་ཀྱི་ཆ་ལ་ལྕགས་ལས་བྱས་པའི་ཡང་མོ་གཅིག་ཀྱང་གཞག་པར་བྱ། ། ཟླ་བའི་སྟེང་དུ་གང་གི་རྐང་པ་གཞག་པ་དེ་ནི་འཕྲལ་ལ་རལ་གྲི་ཡིས་ནི་གཅོད་པར་བྱེད། ། མཁར་གྱི་སྒོ་ཡི་མཐའ་རྣམས་དང་ནི་མི་ཡི་བདག་པོའི་ཁང་པར་འཁྲུལ་འཁོར་ཁོ་ན་མཚོན་ ཆ་འོ། ༡༤༢ ། ༈ སྲོག་ཤིང་སྟེང་དུ་ཉི་མའི་དཔུང་པས་རྩ་བའི་གནས་སུ་འགྱུར་ཏེ་འཁོར་ལོའི་ཚད་ལ་ དགུ་ཆ་འོ། །ཟུར་དུ་ཀ་བ་འཕྲེད་གདང་མཉམ་དང་མི་མཉམ་ཤིང་རྟ་གནས་ལས་གཉིས་དང་ ཕྱེད་ཀྱི་ཚད་ཀྱིས་སོ། །ཆ་ཕྱེད་དག་ལ་འཐབ་མོ་པ་ཡི་ས་སྟེ་མཉམ་དང་མི་མཉམ་འདྲེན་བྱེད་ རྟ་འམ་གླང་པོ་རྣམས། །དེ་ནས་འཁོར་ལོའི་ཕྱེད་ཀྱི་ས་ལ་སྟེང་དུ་མེ་ལོང་དོ་ཤལ་རྒྱལ་མཚན་ ལ་སོགས་བཀོད་པ་འོ། ༡༤༣ །གཅིག་ཕྱེད་ཆ་གཉིས་དག་སྟེ་ཟླ་བ་ལག་པ་རྩེ་མོ་ཅན་རྣམས་ རྩ་བའི་གནས་དང་གདན་རྣམས་ཀྱི། །ཟླུམ་པོ་ཕྱེད་བཅས་གཅིག་ཆ་པད་མའི་ཤིང་རྟའི་ས་ ནི་དགའ་བའི་དབྱེ་བ་དག་ལ་མཉམ་པར་འགྱུར། །རྟེན་དང་བཅས་པ་འཁོར་ལོའི་ཚད་ནི་རྟ་ དང་གླང་པོའི་དབང་གིས་ཕྱེད་དང་བཅས་པ་རྣམ་གཉིས་ཀྱང་། །ལྷ་རྣམས་ཀྱི་ནི་པད་མའི་ རིགས་ཏེ་ལྷ་ཡི་བུ་ཡིས་བཀོད་པ་དགའ་བའི་རིགས་ནི་མི་རྣམས་ཀྱི། ༡༤༤ །བརྒྱད་དང་ཆུ་ གཏེར་སྲོག་ཤིང་འཁོར་ལོ་རྣམས་ཀྱིས་རྣམ་གསུམ་འདིར་ནི་ཤིང་རྟ་ཆེན་པོ་ཕྱེད་དང་མཉམ། ། ཉི་མའི་ཤིང་རྟ་མཆོག་ནི་འཁོར་ལོ་གཅིག་པ་མི་མཉམ་རྟ་ཡང་ལྷ་མ་ཡིན་རྣམས་རྣམ་པར་ འཇོམས། །གཡུལ་དུ་ཕྱིར་མི་ལྡོག་པར་འགྱུར་བ་མི་མཉམ་མཉམ་པའི་ཤིང་རྟ་ཆེན་པོ་རྒྱལ་ 1-1-111 རིགས་རྣམས་ཀྱི་འོ། །སྟེང་དང་མངོན་དུ་ཕྱོགས་པ་འཇོམས་ཏེ་མཉམ་དང་མི་མཉམ་གཡུལ་ དུ་རྒྱབ་ནི་འཇོམས་པ་མཉམ་པར་འགྱུར། ༡༤༥ ། ༈ དྲུག་ལྔ་ཆུ་གཏེར་མེ་ཡི་ཆ་རྣམས་དག་གིས་ཀ་བའི་རྩེ་མོར་བུག་པ་མཉམ་པར་རབ་ ཏུ་འགྱུར། །རྩ་བ་དག་ལས་སྟེང་དུ་ཕྱེད་ཀྱི་ཆ་ནི་རྩེག་མའི་དབང་གིས་འགྱུར་ཏེ་ལྷ་རྣམས་ གཞལ་མེད་ཁང་། །དེ་བཞིན་ས་ལ་མི་བདག་རྣམས་ཀྱི་རྣམ་གསུམ་རྩེག་མའི་དབང་གིས་ ཡུལ་གྱི་ལྟད་མོ་དགའ་སྟོན་ལ། ཁྲུ་ནས་ཁྲུ་ཡི་བར་དག་གིས་ནི་ཕྱོགས་རྣམས་ཀུན་དུ་[ཏུ་] འཁོར་བ་དང་ལྡན་ཆེན་པོར་རབ་ཏུ་འགྱུར། ༡༤༦ ། ༈ འཁོར་ལོའི་སྟེང་དུ་ཀ་བའི་རྩེ་མོ་དག་ལ་རྣམ་གསུམ་རྩེག་མའི་དབང་གིས་ཁྱོགས་ རྣམས་ཕྱོགས་ཀུན་དུ[ཏུ]། །བརྒྱད་གཉིས་བརྒྱད་དང་དེ་ནས་ཕྱེད་ཏེ་[དེ་]ཕྱོགས་དང་དུས་ དང་དུས་དང་དཔུང་པ་རྟེན་ཉིད་ས་གསུམ་ལ། །སྟེང་དང་འོག་ཏུ་འཁོར་བར་བྱེད་པ་ལག་ པས་གཟུང་བའི་འཁྲུལ་ཤིང་ལ་ནི་བཙུན་མོ་རྣམས་ཀྱི་སྟན། །ནང་དང་ཕྱི་རོལ་དག་ཏུ་གནས་ པ་འོག་དང་སྟེང་དུ་སོན་ཞིང་ཕྱོགས་བརྒྱད་དུ་ནི་གཡོ་བ་རྣམས། ༡༤༧ ། ༈ སྟེང་དང་འོག་ཏུ་སྦུབས་ནི་འཁྱོག་པོར་འགྱུར་ཏེ་ཀུན་ནས་སྦུབས་ཀྱི་རྣམ་པ་དག་གི་ འཁྲུལ་འཁོར་རོ། །སྦུབས་ཀྱི་རྩེ་མོར་བུམ་པའི་གཟུགས་ལ་བུག་པ་ཡང་ནི་སྦུབས་ཀྱི་བུག་ པ་དག་གི་ཚད་དུ་འགྱུར། །ཆུ་ནི་འདྲེན་པར་བྱེད་ཅིང་དྲངས་པའི་ཆུ་ནི་བཏང་བར་གྱུར་པ་ དག་ཀྱང་བུམ་པའི་བུ་ག་ནས། །སྐྱེད་མོས་ཚལ་དང་ལྡུམ་ར་དག་གི་མཉམ་པའི་ས་ལ་གང་དུ་ དྲངས་པ་དེར་ནི་འགྲོ་བར་འགྱུར། ༡༤༨ ། ༈ རབ་མཆོག་ས་གཞི་དག་ལ་གདུག་པ་ཅན་རྣམས་བསྒྲུབ་པའི་དོན་དང་ཆོས་དང་ལྡན་ པ་རྒྱལ་དོན་དུ། །དང་པོའི་སངས་རྒྱས་སུ་ནི་སྲིད་གསུམ་བླ་མས་ཟླ་བ་བཟང་ལ་ཐམས་ཅད་ སྔོན་དུ་གསུངས་པ་གང་། །དེ་ཡི་ནང་ནས་ཅུང་ཟད་ཙམ་ཞིག་འདིར་ནི་དེ་རིང་ཡུལ་འདིར་ 1-1-112 ཁྱོད་ལ་བདག་གིས་གསལ་བར་བསྟན། །རང་གནས་བསྲུང་བའི་དོན་དུ་འདི་རྣམས་མཐའ་ དག་གྱིས་ཤིག་ཞེ་སྡང་ཆགས་པས་མིན་ནོ་ཉི་མ་ཀྱེ། ༡༤༩། ༈ (ཉི་ཤུ་པ་འཁོར་ལོས་བསྒྱུར་བ་ས་དུམ་བུ་བཅུ་གཉིས་སུ་འཁོར་བའི་ངོ་བོ་ཉིད་ཀྱིས་གནས་པ)ཆང་(གི་ཆུ་གཏེར) དང་ལན་ཚྭའི་ཆུ་གཏེར་(དག་གི)དབུས་སུ་(གླིང་)ཐུབ་པ་(སྟེ་བདུན་པ)ས་ཡི་དཀྱིལ་འཁོར་ལ་ནི་ (འཛམ་གླིང་ཆེན་པོ)ལས་(ཀྱི)ས་ཡང་དག་གནས། (པའི་མཐའ་སྐོར་གྱི་ཚད)། དཔག་ཚད་འབུམ་ཕྲག་ གསུམ་ལ་ཉི་མའི་དུམ་བུ་(སྟེ་གླིང་བཅུ་གཉིས་པོ་ཐམས་ཅད་ལྷོ་བྱང་དུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་དང་ལྡན་པ) རྣམས་སུ་(ཀླ་ཀློའི་ཆོས་འཇོམ་པར་མཛད་པའི)མི་ཡི་བདག་པོ་(རིགས་ལྡན་དྲག་པོ་ལ་སོགས་པས་འཁོར་ལོ་ཅན་བཅུ་ གཉིས)རིམ་པས་འཁོར་བར་འགྱུར(ཞིང་འཁོར་ལོ་ཅན་གྱི་དུས་བཞི་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་དུ་གནས་ པར་འགྱུར་རོ)། ། ༈ {(ཁྱད་པར་དུ)དུམ་བུ་གཅིག་(འཛམ་གླིང་ཆུང་ངུ་འདི་)ལ་(ལྷོ་བྱང་དུ)དཔག་ཚད་སྟོང་ཕྲག་ཉི་ཤུ་ ལྔ་སྟེ་(གླིང་འདིའི་བྱང་ཕྱོགས་ཀྱི་ཆ་ལ་ཤམ་བྷ་ལའི་ཡུལ)ནོར་གྱི་འདབ་མ་(སྟེ་ས་པད་མ་འདབ་བརྒྱད་ཀྱི་རྣམ་པར་ ཡོད་པ)དག་དང་བཅས་པའོ(ཞེས་པ་གླིང་འདིའི་བྱང་ནས་པད་མ་འདབ་བརྒྱད་ཀྱི་རྣམ་པར་གནས་པའི་ཤམ་བྷ་ལ་ཡོད་ ཅེས་པ་ཡིན་གྱི་གླིང་འདི་ལ་པད་མ་འདབ་བརྒྱད་ལྟ་བུས་སྐོར་ནས་ཡོད་ཅེས་པ་ནི་མ་ཡིན་ནོ)། །(ས་པད་མ་འདབ་བརྒྱད་ཀྱི་ རྣམ་པ)དེ་ཡི་དབུས་ན་(པད་མའི་ལྟེ་བ་ལྟ་བུ)ཀཻ་ལ་ཤ(འི་རི་བོ)སྟེ་མཆོག་གི་གངས་རི་ཡིས་ནི་(ཀཻ་ལ་ཤའི་ རི་བོ་དེ་ཡིས)ཕྱོགས་རྣམས་ཀུན་ཏུ་བསྐོར་བའོ། །ས་ལ་(པད་མ་འདབ་བརྒྱད་ཀྱི་ལྟེ་བ་ལྟ་བུ)ཀཻ་ལ་ཤའི་ དུམ་བུ་གངས་ཀྱི་རི་དང་བཅས་པ་དེ་ནི་ཀུན་ནས་(ས་པད་མ་འདབ་བརྒྱད་ཀྱི་རྣམ་པ་དེ་ཡི)སུམ་ཆ་སྟེ། ། (པད་མའི་ལྟེ་བ་ལྟ་བུའི་ཀཻ་ལ་ཤའི་རི་བོ་དེ་ཡི)ཕྱི་རོལ་ཏུ་ནི་(པད་འདབ་ལྟ་བུའི་སའི་[སྟེང])འདབ་མ་(བརྒྱད་པོ) རེ་རེ་དག་ཀྱང་ཉིན་བྱེད་ཡུལ་(ཏེ་ཡུལ་ཆེན་པོ་བཅུ་གཉིས)དང་(ཡུལ་རེ་རེའང་)གླིང་གི་ཡུལ་(གྲོང་འབུམ་ ཕྲག་རེ་རེ་བ་བརྒྱ་བརྒྱ)རྣམས་དག་གིས་བརྒྱན(པའོ)། །(ཀཻ་ལ་ཤའི་རི་བོའི་སྟེང་ལ་ལྷོ་བྱང་ཕྱེད་མར་བྱས་པའི) གཡས་ཀྱི་ཕྱེད་ན་(ཞེས་པ་ཕྱེད་གཡས་ཕྱོགས་མ་སྟེ་གཡས་སྐོར་བྱེད་པའི་ལུགས་ཀྱི་གཡས་ཡིན་པས་ཕྱེད་བྱང་མ་ཡིན་ལ་ 1-1-113 དེ་ལ)ཤམ་བྷ་ལར་གྲགས་ཐུབ་(པ)མཆོག་(ཆོས་རྒྱལ་རིགས་ལྡན་[དག])གི་(བཞུགས)གནས་གྲོང་ནི་བྱེ་ བ་ལྷག་པར་གནས་པ་སྟེ(ཞེས་པར་ཤོང་འགྱུར་མ་བཅོས་པ་ལ་ཡོད་པའི་སྟེང་ནས་བཤད་པར་བྱའོ)། །}དུམ་བུ་ གཅིག་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་ལྔ་སྟེ་གཡས་ཀྱི་ཕྱེད་ལ་ཤམ་བྷ་ལར་གྲགས་པ། །ཐུབ་ མཆོག་གི་གནས་གྲོང་ནི་བྱེ་བ་ལྷག་པར་གནས་ཏེ་ནོར་གྱི་འདབ་མ་རྣམས་དང་བཅས་པ་ ཡི། ༡༥༠། ཕྱོགས་རྣམས་ཀུན་ཏུ་མཆོག་གི་གངས་རི་ཡིས་ནི་རྣམ་པར་བསྐོར་ཏེ་དེ་ཡི་དབུས་ ན་ཀཻ་ལ་ཤ །ས་ལ་ཀཻ་ལ་ཤ་ཡི་དུམ་བུ་དེ་ནི་གངས་ཀྱི་རི་དང་བཅས་པའི་ཀུན་ནས་སུམ་ ཆ་སྟེ། །ཕྱི་རོལ་ཏུ་ནི་འདབ་མ་རེ་རེ་དག་ཀྱང་ཉིན་བྱེད་ཡུལ་དང་གླིང་གི་ཡུལ་རྣམས་དག་ གིས་བརྒྱན། །(ཡུལ་ཆེན་པོ་རེ་རེའི་ཚད་ནི)བྱེ་བའི་གྲོང་གིས་ངེས་པར་བཅིངས་པ་ཡུལ་དུ་འགྱུར་ ཏེ་འབུམ་ཕྲག་གྲོང་རྣམས་ཀྱིས་ནི་ཡུལ་འཁོར་རོ(ཞེས་པ་གྲོང་འབུམ་ཕྲག་རེ་ལ་ཡུལ་འཁོར་ཞེས་བྱ་སྟེ་ཡུལ་ འཁོར་དང་གླིང་གི་ཡུལ་ནི་དོན་གཅིག་གོ)། ༡༥༡ ། ༈ (ཡུལ་དེར་རིགས་ལྡན་ཉི་ཤུ་རྩ་ལྔའི་མཐར་རིགས་ལྡན་དྲག་པོ་བྱོན་ནས་སའི་དུམ་བུ་འདིར་ཀླ་ཀློ་འཇོམས་པར་མཛད་ པའི་ནི་འཁོར་ལོ་ཅན)གཅིག་(སྟེ་དང་པོ་དང་དེ་ནས་སའི་དུམ་བུ་བཅུ་གཅིག་པོ་རྣམས་སུ་གཡས་སྐོར་གྱིས་རིམ་པ་ལྟར་ཀླ་ ཀློ་འཇོམས་པར་མཛད་པའི་འཁོར་ལོ་ཅན)གཉིས་(པ་དང་)གསུམ་(པ)དང་ཆུ་གཏེར་དབྱེ་བ་(སྟེ་བཞི་པ་དང་) མདའ་(ལྔ་པ་དང་)རོ་(དྲུག་པ་དང་)ཐུབ་པ་(བདུན་པ་དང་)ལྔ་དང་འཇིག་རྟེན་(ཏེ་བརྒྱད་པ་དང་)ལ་སོགས་ (པའི་སྒྲས་དགུ་པ་དང་བཅུ་པ་དང་བཅུ་གཅིག་པ་དང་བཅུ་གཉིས་པའི་བར་གྱི)དབྱེ་བ་ཡིས(རིགས་ལྡན་དྲག་པོ་གཅིག་ཉིད་ ལ)། །ཕྱེ་བ་(སྟེ་རིགས་ལྡན་དྲག་པོ་[གཅིག་]ཉིད་ས་དུམ་བུ་བཅུ་གཉིས་ལ་ཀླ་ཀློ་འཇོམས་པ་པོ་བཅུ་གཉིས་སུ་འགྱུར་བའི) མི་དབང་འཁོར་ལོ་ཅན་(རིགས་ལྡན་དྲག་པོ)ནི་ས་ཡི་གཞི་(དུམ་བུ་བཅུ་གཉིས)ལ་(སའི་དུམ་བུ་འདིར་འཁོར་ ལོ་ཅན་རིགས་ལྡན་དྲག་པོ་བྱོན་ནས་ལོ་སྟོང་བརྒྱད་བརྒྱ་ན་སའི་དུམ་བུ་གཉིས་པར་འཁོར་ལོ་ཅན་གཉིས་པ་འབྱོན་པ་ལ་སོགས་ པ་འཁོར་ལོ་ཅན་སྔ་ཕྱིའི་བར་དུ་ལོ་སྟོང་བརྒྱད་བརྒྱ་རེ་རེ་ཡོད་པའི་ཚུལ་གྱིས། )འཁོར་ཏེ་(དེ་རྣམས)རྣམ་ཤེས་ལྡན་ པས་(དངོས་གྲུབ་ཀྱི་དོན་དུ)བཙལ་བར་བྱ། ། 1-1-114 ༈ (དེ་ལ་རིགས་ལྡན་དྲག་པོ་ནི་རྒྱལ་པོ་གཅིག་ཉིད་ཡིན་པས)འཁོར་ལོ་ཅན་དང་(དེའི་རྗེས་སུ་ཚངས་པ་དང་ལྷ་ དབང་གཉིས་ཅིག་པར་འབྱུང་བ་ནི་འཁོར་ལོ)ཕྱེད་ཅན་(དང་དེ་ནས་ཚངས་པ་ལ་སོགས་པ་ལ་སྲས་མང་པོ་ཅིག་ཆར་འབྱུང་ བར་འགྱུར་བ་རྣམས་ལ)དུམ་བུ་ཅན་(ཞེས་བྱ་སྟེ་དེ་རྣམས)ནི་ཡུལ་གྱི་མི་བདག་ཕྱག་རྒྱའི་ལག་(ཅན་སྤྲུལ་ པའི་སྐུ་རྣམས)དང་དེ་ནས་གཞན(མི་དབང་ཐུབ་པ་ཕལ་བ་རྣམས་ཀྱང་འབྱུང་ངོ་)། །(དེ་ལྟར་འཁོར་ལོ་ཕྱེད་ཅན་དང་ དུམ་བུ་ཅན་དུ་མ་ཅིག་ཆར་འབྱུང་བ་རྣམས་ཀྱི་ནང་ནས་སའི་དུམ་བུ་བཅུ་གཅིག་པོ་རྣམས་སུ་ཀླ་ཀློ་འཇོམས་པ་ལ་རྒྱལ་པོ་རེ་རེ་ འབྱོན་པ་ནི་འཁོར་ལོ་ཅན་རིགས་ལྡན་དྲག་པོ་ཉིད་སྐྱེ་བ་མི་འདྲ་བའི་ཚུལ་གྱིས་ཡང་ཡང་དུ་འབྱོན་པ་ཡིན་ལ་དེའི་སྟོབས་ཀྱིས) ཕྱི་རོལ་ཏུ་ནི་(ས་དུམ་བུ་བཅུ་གཉིས་ལ)དུས་ཀྱི་དབྱེ་བ་(སྟེ་འཁོར་ལོ་ཅན་གྱི་དུས་བཞི་རེ་རེ)ངེས་པར་(འབྱུང་ བར)འགྱུར་ཏེ་ཇི་ལྟར་འཇིག་རྟེན་མགོན་(པོ་སངས་རྒྱས)གྱི་(བསྟན་པའིདུས་བཞི་སངས་རྒྱས་ཀྱིས་ཆོས་བསྟན་ པ་ནས་དྲག་པོས་ཀླ་ཀློ་འཇོམས་པའི་བར་ལ་འབྱུང་བ)དེ་བཞིན་(དུ་འབྱུང་བ་ཡིན་[མི་དབང་ཐུབ་པ་ཕལ་པ་རྣམས་ཀྱང་ འབྱུང་བ་བཞིན])ནོ། ༡༥༢ ། ༈ (ཤོང་ལྟར་ཀ་ཐོ་སྡེབ་ལ་བཤད)ཁབདུན་དང་(ཆོས་ཀྱི)ཀའོད་ཟེར་(འཕྲོ་བའི་རིགས་ལྡན་གྱི་རྒྱལ་པོ་ནི་)གརི་(བདུན་དང་)གཟའ་ཐུབ་པ་(བདུན་ཏེ་དེ་ལྟར་ཉི་ཤུ་རྩ་བརྒྱད་ནི་གྲགས་པ་ནས་དྲག་པོའི་བར་ཉེར་ལྔ་དང་། དྲག་ པོའི་སྲས་ཚངས་པ་དང་ལྷ་དབང་གཉིས་དང་དེའི་རྗེས་སུ་འོག་ནས་འབྱུང་བའི་འོད་སྲུང་སྟེ་)འདི་རྣམས་(གྲགས་པའི་གོང་ གི་ཟླ་བཟང་ལ་སོགས་པ་བདུན་པོ་ལྷའི་སྐྱེ་གནས་ཅན་ཡིན་པ་)དེ་བཞིན་(དུ་)སྙིང་སྟོབས་(ཀྱི་ཡོན་ཏན་དང་)ལྡན་པ་ ལྷ་ཡི་སྐྱེ་གནས་(ཅན་)ཏེ། ། ༈ (དེ་དག་གི་ནང་ནས་དྲག་པོ་དང་ཚངས་པ་དང་འོད་སྲུང་གསུམ་གྱིས་ས་དུམ་བུ་གསུམ་དུ་ཀླ་ཀློ་འཇོམས་ལ་དེའི་རྗེས་ སུ་དུམ་བུ་ཅན་རྣམས་ཀྱི་ནང་ནས་)ཉ་དང་རུས་སྦལ་(དང་)ཕག་པ་(དང་)མི་ཡི་སེང་གེ་དངབཅས་མིའུ་ ཐུང་དང་ཡཱ་མད་ཨག་ནི་དང་། །རཱ་མ་(དང་)ནག་པོ་(ཞེས་བྱ་བ་)དེ་ལྟར་བརྒྱད་ནི་(དུམ་བུ་བརྒྱད་དུ་ རིམ་པ་ལྟར་ཞུགས་པའི་)ལྷ་མིན་(གྱི་)རིགས་(ཀླ་ཀློ་རྣམས་)ལ་འཇིགས་(པ་)སྟེར་(བ་སྟེ་འཇོམས་པ་པོ་ཡིན་ལ་) རྟུལ་གྱིས་(ཡོན་ཏན་གྱི་)འབྱུང་པོའི་སྐྱེ་གནས་སོ(གདུལ་བྱའི་ངོར་སྐྱེ་གནས་བཟང་བ་ལྷའི་སྐྱེ་གནས་དང་འབྲིང་པོ་ 1-1-115 འབྱུང་པོའི་སྐྱེ་གནས་སུ་སྣང་བ་ཡིན་གྱི་ཀླ་ཀློ་འཇོམས་པ་པོ་རྣམས་ནི་ངོ་བོ་འཇམ་དབྱངས་ཉིད་ཡིན་ནོ། །དེ་དག་གི་མཐར་འོག་ ནས་འབྱུང་བའི་འཕྲོག་བྱེད་ཀྱི་རིགས་ལྡན་གྱི་དུམ་བུ་བཅུ་གཉིས་པར་ཀླ་ཀློ་འཇོམས་སོ)། ། ༈ (དེ་ལ་ཟླ་བཟང་ནས་བགྲངས་པའི་རྒྱལ་པོ་)སུམ་ཅུ་རྩ་གཉིས་(ཀྱི་)གདན་གྱི་མཐར་(ཏེ་ཐ་མ་)ནི་ལྷ་ མིན་(ཀླ་ཀློའི་)དགྲ་བོ་(འཇམ་དཔལ་གྱི་སྤྲུལ་པ་)ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོ(ཅན་དྲག་པོ)ར་འགྱུར(ཏེ་ དེ་ནས་སའི་དུམ་བུ་འདིར་ཀླ་ཀློ་བཅོམ་ནས་འཁོར་ལོ་ཅན་གྱི་དུས་བཞིའི་འགོ་འཛུགས་སོ)། ༡༥༣། ༈ (སའི་དུམ་བུ་འདིར་ཀླ་ཀློ་འཇུགས་པའི་དུས་ཀྱི་ཀླ་ཀློའི་སྟོན་པ་གང་ཡིན་ན་སྤྱིར་ཀླ་ཀློའི་སྟོན་པ)[ཨར་དོ་ཨ་ ནོ་གྷ་[གཤེད་པོ་ནད་མེད་ཟེར་]དང་ཕག་ལྡན་(དང་)ལྷ་མིན་(གྱི་)ལག་འགྲོའི་རིགས་ལ་(སྐྱེས་ པ་)མུན་པ་ཅན་(ཞེས་པ་)ཏེ་(གསུམ་དང་)གཞན་ཡང་ལྔ(ནི)། །བྱི་བ་(དང་)དབང་པོ་(དང་)གོས་དཀར་ ཅན་དང་སྦྲང་རྩི་ལྡན་པ་(དང་)འཇོམས་བྱེད་(ནི་)བརྒྱད་པ་(སྟེ་དེ་ལྟར་བརྒྱད་པོ་)གང་(ཡིན་པ་)དེ་ (རྣམས་ནི་)[ལོང་བ་ཡང་[མུན་པ་ཅན(ཤོང་ལ་ཡོད་པར་བཤད)](ལྷ་མིན་ལག་འགྲོའི་སྐྱེས་གནས་ལས་སྐྱེས་པའོ)། ། (སའི་དུམ་བུ་འདིར་)གསལ་བར་མ་ཁའི་ཡུལ་(ཏེ་སོག་པོའི་ཡུལ་)གྱི་བཱ་ག་ད་(ངག་སྦྱིན་ལ་)སོགས་(པའི་)གྲོང་ཁྱེར་དུ་ནི་(ཀླ་ཀློའི་སྟོན་པ་)བདུན་པ་(སྦྲངརྩའི་བློ་གྲོས་)ཡང་དག་སྐྱེས་པ་སྟེ(དེས་སའི་དུམ་བུ་འདིར་ ཀླ་ཀློའི་ཆོས་དར་བར་བྱེད་དོ)། །(ཀླ་ཀློའི་ཡུལ་)གང་དུ་འཇིག་རྟེན་ལྷ་མིན་(བདུད་རིགས་ཀྱི་)ཡན་ལག་(སྟེ་ རྩ་ལག་ཕ་རོལ་འཇོམས་པའི)སྟོབས་དང་ལྡན་པར་གནས་ཤིང་(སེམས་ཅན་ལ)བརྩེ་བ་མེད་པ་ཀླ་ཀློའི་ གཟུགས(སམ་རང་བཞིན་ནོ)། ༡༥༤། (ཀླ་ཀློའི་སྤྱོད་ཚུལ་ནི)རྔ་མོ་(དང)རྟ་དང་བ་གླང་(ལ་སོགས་པ)བསད་ ནས་ཁྲག་དང་བཅས་པའི་ཤ་ནི་ཅུང་ཟད་བཙོས་པ་འབའ་ཞིག་དང་། །བ་ལང་(གི་)ཤ་དང་ དངུལ་ཆུ་(དང་)ཆུ་དང་མར་དང་ཚ་བ་མཉམ་པ་འབྲས་དང་ལོ་མ་བསྲེས་པ་ནི། །གཅིག་ཏུ་མེ་ ལ་བཙོས་པ་ནགས་ཀྱི་འབྲས་བུ་དག་དང་བཅས་པ་གང་དུ་(ཀླ་ཀློའི་)མི་རྣམས་དག་གི་ཟས(ཡིན་ ལ)། །བཏུང་བ་(ནི)བྱ་རྣམས་དག་གི་སྒོང་ང(འི་ཁུ་བ)ར་འགྱུར་རོ་(ཀྱེ་)མི་ཡི་བདག་པོ་དེ་ནི་ལྷ་ མིན་རྣམས་ཀྱི་གནས(ལུགས་སོ)། ༡༥༥ ། 1-1-116 ༈ (དེའི་གཉེན་པོ་ཡེ་ཤེས་སྐུ་ནི་བདེ་སྟོང་དབྱེར་མེད་པ་ཉིད་དང་མ་མཐོང་བ་མཐོང་བར་བྱེད་པ་ཉིད་དང་ཉོན་མོངས་ པའི་སྦྲུལ་གདུག་ཟ་བ་ཉིད་དང་དྲི་མ་མཐའ་དག་འཁྲུད་པ་ཉིད་དང་དྲང་སྲོང་གི་མཆོག་ཉིད་དང་འདོད་དོན་འབྱུང་བ་ཉིད་དང་ དགྲའི་འཇིགས་པ་མེད་པ་ཉིད་དང་ནམ་མཁར་གསལ་ཞིང་མཛེས་ལ་སྟོང་པ་ཉིད་ཀྱི་ང་རོ་འདྲེན་པ་ཉིད་དང་མ་རིག་པའི་གཉེན་ པོ་ཉིད་དང་འཕོ་བའི་བག་ཆགས་སྤངས་པ་ཉིད་དང་སེམས་ཅན་ཀུན་གྱི་སྐད་དུ་ལེགས་པར་སྦྱར་བ་ཉིད་དང་ཆ་མེད་ཀུན་འགྲོ་ ཉིད་ཀྱིས་རིམ་པ་ལྟར་)ཐིག་ལེ་(ཐབས་དང་)ནུས་མ་(ཤེས་རབ་དབྱེར་མེད་པ་དང་)མིག་སྨན་(གྱི་མཆོག་)དག་ དང་མཁའ་ལྡིང་(གི་མཆོག་དང་)ལྷ་ཡི་ཆུ་བོ་(གཾ་གཱའི་མཆོག་དང་དྲང་སྲོང་གི་གཙོ་བོ་)མི་སྦྱིན་(གྱི་མཆོག་)དང་ ནི་འདོད་འཇོ(འི་མཆོག་)དང་། །རྫོང་(གི་མཆོག་)དང་ཀློག་(གི་མཆོག་)དང་རིག་པ་བཟང་པོ(འི་མཆོག་ དང་)འགྱུར་མེད་མཆོག་གི་ཆ་དང་ལྷ་ཡི་སྐད་(ཀྱི་མཆོག་)དང་ལུས་མེད་ཏེ[དེ](ལུས་ཏེ་ལུས་ཀྱི་མཆོག་ དང་)། །ཡང་དག་རྒྱུ་བའི་གཟུགས་(སམ་རང་བཞིན་)འདི་རྣམས་ཀྱིས་ས་ལ་འཇུག་པར་འགྱུར་རོ་ (གང་འཇུག་ན་)རྒྱལ་བ་ཡི་ནི་ཡེ་ཤེས་སྐུ(འོ)། །(ཞུགས་ནས་ཅི་མཛད་ན་)བྱུང་བར་གྱུར་དང་བྱུང་དང་ འབྱུང་འགྱུར་(ཏེ་དུས་གསུམ་གྱི་དོན་རྣམས་དང་བཟོ་དང་གསོ་བ་ལ་སོགས་པའི་)རིག་བྱེད་(དང་)རྟོག་གེ་(དངོས་ པོ་སྟོབས་ཞུགས་ཀྱི་ཚད་མ་དང་)ལ་སོགས་(པ་སྡེ་སྣོད་གསུམ་ལ་སོགས་པའི་)བསྟན་བཅོས་མཐའ་དག་(སེམས་ ཅན་གྱི་ཁམས་དང་བསམ་པ་དང་མཐུན་པར་)རབ་ཏུ་སྨྲ(བ་སྟེ་སྟོན་པའི་སྒོ་ནས་དོན་མཛད་དོ)། ༡༥༦ ། ༈ དཔལ་ལྡན་རྒྱལ་པོ་(ཟླ་བཟང་ཁྱོད་)ཉི་མ་འགའ་ཞིག་དག་གིས་(རྩ་རྒྱུད་ཀྱིས་འགྲེལ་བ་དང་ དཀྱིལ་འཁོར་གྱི་ཁང་པ་བཞེངས་པ་ལ་སོགས་པའི་བྱ་བ་རྫོགས་པར་བྱས་ནས)ཤམ་བྷ་ལ་ཞེས་རབ་ཏུ་གྲགས་ པའི་(གྲོང་ཁྱེར་གྱི་གཙོ་བོ་)ཀ་ལཱ་པ(ཞེས་པ་གཙོ་བོ་དངོས་སུ་སྨོས་པའི་ཚུལ་གྱིས་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་པོ་ཐམས་ཅད་ བསྟན་པ་སྟེ་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་ཕྱིའི)། །ཕྱོགས་བཞི་དག་ནི་(གངས་ལ་སོགས་པའི་)རི་ཡིས་བསྐོར་ ཞིང་(གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོའི་ས་པད་མ་འདབ་བརྒྱད་ཀྱི་རྣམ་པ་མཐའ་སྐོར་གྱི་རི་དང་བཅས་པའི་ཐད་ཀའི་རྒྱ་ ལ)མདའ་ཡིས་བསྒྱུར་བ་བརྒྱ་ཡི་དཔག་ཚད་(དེ་དཔག་ཚད་ལྔ་བརྒྱ་)རྣམས་ཀྱི་ཚད་དུ་ནི(ཞེས་པ་ཤོང་ འགྱུར་ལ་ཡོད་པའི་སྟེང་ནས་བཤད་པ་ལེགས་སོ། །དེས་ན་དཔག་ཚད་ལྔ་བརྒྱ་པོ་འདི་ཤམ་བྷ་ལའི་ཡུལ་གྲོང་བྱེ་བ་ཕྲག་དགུ་ 1-1-117 བཅུ་རྩ་དྲུག་དང་བཅས་པའི་རྒྱའི་ཚད་དུ་གསུངས་པ་ཡིན་གྱི་མཐའ་སྐོར་གྱི་གངས་རིའི་སྦོམས་ཀྱི་ཚད་དུ་བཞེད་པ་ནི་འཐད་པ་མ་ ཡིན་ནོ)། །དཔག་ཚད་བརྒྱ་ལ་མདའ་ཡིས་བསྒྱུར་བའི་ཚད་དང་ལྡན་པའི་རི་ཡིས་ཕྱོགས་བཞི་ རྣམས་ནི་བསྐོར་བ་ཡི། །ཤམ་བྷ་ལ་ཞེས་རབ་ཏུ་གྲགས་པའི་ཀ་ལཱ་པར་ནི་དཔལ་ལྡན་རྒྱལ་ པོ་ཉི་མ་འགའ་ཞིག་གིས། །(ཟླ་བཟང་ཉིད་ཀྱི་སྲས་ས་ཡི་སྙིང་པོའི་སྤྲུལ་པ་)ལྷ་ཡི་དབང་པོ་རབ་མཆོག་ (ཤམ་བྷ་ལའི་ཡུལ་གྱི)མི་ཡི་བདག་པོར་བཞག་ནས་(ཟླ་བཟང་སྤྲུལ་པའི་སྐུ་)ཁྱོད་ནི་(གང་ནས་བྱོན་པའི་ལོངས་ སྤྱོད་རྫོགས་པའི་སྐུ་)རང་གི་གནས་སུ་འགྲོ་བར་གྱིས། ། ༈ དཔལ་ལྡན་ཤཱཀྱའི་རིགས་(ཀྱི་རྒྱལ་པོ་ཉི་མའི་འོད་ཀྱི་རྒྱུད་)ལ་རབ་(ཏུ་)གསལ་(བར་)མི་ཡི་ བདག་པོ་(ཟླ་བཟང་ནས་ལྷ་ཡི་དབང་ལྡན་གྱི་བར་)བདུན་ཏེ་བརྒྱད་པ་དཔལ་ལྡན་གྲགས་པ་ཡང་(ཉི་ མའི་འོད་ཀྱི་རིགས་རྒྱུད་ཡིན་ནོ)། ༡༥༧ །(གྲགས་པ་)འདི་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ(འི་སྤྲུལ་པའི་སྐུ་) ལྷ་ཡི་མཆོག་གིས་བཏུད་པ་(རིགས་བཞི་པོ་)རྡོ་རྗེའི་རིགས་(སུ་མཛད་པ་ཉིད་)ཀྱིས་རིགས་ལྡན(མིན་) ཏེ། །(འདི་ལྟར་)རྡོ་རྗེའི་དབང་བསྐུར་བྱིན་ནས་མཐའ་དག་ཐུབ་པ(དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི)འི་ རིགས་རྣམས་དག་ནི་(རྡོ་རྗེའི་)རིགས་གཅིག་དག་ཏུ་བྱེད་པར་འགྱུར་(བས་སོ)། །(རིགས་ལྡན་དེ་ནི་)ཡང་དག་ཐེག་པར་མངོན་འཛེགས་(ས་བཅུ་བགྲོད་པ་)ལྷ་མིན་རིགས་(ཀླ་ཀློའི་ཚོགས་)ལ་འཇིགས་ (པ་)སྟེར་(བ་)དཔལ་ལྡན་གྲགས་པ་ཕྱག་ན་(བདུད་ལ་འབིག་པའི་)མདུང་ཐུང་ཅན་(ཏེ)། །(དེས་) སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་ས་ལ་དུས་ཀྱི་འཁོར་ལོ་(རྒྱུད་)རབ་ཏུ་གསལ་བར་བྱེད་ པར་འགྱུར(རོ)། ༡༥༨ །(གྲགས་པ་ནས་གཟུང་སྟེ་)གདན་ནི་ཉི་ཤུ་རྩ་ལྔ་པོ་རྣམས་རིམ་པར་ཡོངས་ སུ་བགྲངས་པ་དེ་ཡི་ནང་ནས་དུས་(བཞི་རྣམས་)ཀྱི་མཐར(ཞེས་པ་བསྟན་པའི་དུས་བཞི་རིམ་པ་གཉིས་འབྱུང་ བའི་དུས་བཞི་སྔ་མའི་མཐའ་ཡིན་ལ་དུས་བཞི་ཆེན་པོའི་མཐའ་ཡང་ཡིན་ཏེ་དེའི་དུས་སུ)། །རིགས་ལྡན་(གྲགས་པའི་) རིགས་ལ་ལྷ་(ཆེན་བཅུ་གཉིས་པོ་)ཡི་དབང་པོ་ལྷ་ཡི་མཆོག་གིས་བཏུད་པ་(སྔར་གྱི་འཇམ་དཔལ་དྲག་པ་ དེ་ཉིད་ཀྱི་སྐྱེ་བ་ཀླ་ཀློ་འཇོམས་པར་བྱེད་པ་)དྲག་པོ(ཞེས་བྱ་བ)འི་རིགས་ལྡན་འབྱུང་བར་འགྱུར(རོ)། །(དེ་ 1-1-118 ནི་)དམ་པ་རྣམས་ལ་ཞི་བའི་གཟུགས་ཀྱིས་བདེ་བ་སྟེར་ཞིང་དེ་བཞིན་(དུ་དམ་པ་མིན་པ་)ཀླ་ཀློའི་ རིགས་ལ་(འཇིགས་པ་སྟེར་བའི་)མཐར་བྱེད་ཉིད(དོ)། །རྡོ་ཡི་རྟ་བཅིབས་འཁོར་ལོ་ཅན་(དྲག་པོ་)ནི་ ཕྱག་ན་མདུང་ཐུང་(བསྣམས་ནས་)མཐའ་དག་དགྲ་(ཀླ་ཀློ་རྣམས་)ལ་བསྣུན་(པར་)བྱེད་(ཅིང་)ཉི་མའི་ གཟི་(བརྗིད་ཅན་ནོ)། ༡༥༩། ༈ (ཉེར་གཅིག་པ་ཀླ་ཀློའི་ཆོས་བཅོམ་ནས་སངས་རྒྱས་ཀྱི་ཆོས་རབ་ཏུ་འཇོག་པའི་ངོ་བོ་ཉིད། སའི་དུམ་བུ་འདིར་ཀླ་ཀློ་ འཇུག་པའི་དུས་ནི་)རིགས་ལྡན་(གྲགས་པའི)རིགས་ཀྱི་ནང་ནས་ལགས་པས་བསྒྱུར་བའི་དུས་(ཏེ་བཞི་ གཉིས་བརྒྱད་)ཀྱི་བུ་(པད་དཀར་)དང་ཚ་བོ་(བཟང་པོ་ནས་ཤིན་དུ་བཟང་པོ་ལ་ཐུག་པ)དག་(གྲགས་པ་འདས་ནས་ལོ་ བརྒྱ་བརྒྱའི་བར་ལ)ནི་འདས་གྱུར་པ། །དེ་ཡི་དུས་སུ་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ནི་རབ་ ཏུ་འཇུག་པ་དག་ཏུ་འགྱུར། །ཀླ་ཀློའི་དབངཔོ་གདུག་པ་(ཅན་ས་དུམ་བུ་བཅུ་གཉིས་སུ་རིམ་པ་ལྟར་འཇུག་ པ)ཇི་སྙེད་པ་དང་ཇི་སྙེད་(དེ་རིམ་པ་བཅུ་གཉིས་འབྱུང་བ་ལྟར་)ལྷ་མཆོག་གིས་བཏུད་དྲག་པོའི་རིགས་ ལྡན་ཡང་(ས་དུམ་བུ་བཅུ་གཉིས་པོ་རེ་རེར་ཀླ་ཀློ་འཇོམས་པའི་དོན་དུ་རྒྱལ་པོའི་སྐྱེ་བ་མི་འདྲ་བ་རེ་རེར་འབྱུངབར་འགྱུར་ ཏེ)། །(དེ་དང་)དེ་ཡི་དུས་སུ་(ས་དུམ་བུ་བཅུ་གཉིས་པོ་རྣམས་སུ་རིགས་ལྡན་དང་ཀླ་ཀློ་)གཉིས་པོ་དག་ཀྱང་ས་ ཡི་སྟེང་གི་གནས་སུ་འཁྲུག་པ་དྲག་པོ་འབྱུང་བར་འགྱུར། ༡༦༠ ། ༈ (ཚུལ་ནི་དེ་དག་གི་)གཡུལ་དུ་ཀླ་ཀློ་དག་ལ་མཐའ་དག་ས་ཡི་སྟེང་དུ་བསྣུན་བྱེད་འཁོར་ ལོས་བསྒྱུར་བ་རང་གི་དཔུང་། །ཡན་ལག་བཞི་ལྡན་(མཐའ་གངས་ཀྱིས་བསྐོར་བའི་)ཀཻ་ལ་ཤ་ཡི་རི་ བོ(འི་སྟེང་དུ་)ལྷ་ཡིས་བཀོད་པའི་གྲོང་(ཤམ་བྷ་ལ་)ནས་དུས་(བཞི་སྔ་མའི་)མཐར་འབྱུང་བར་འགྱུར། ། (འཁོར་ལོ་ཅན་གྱི་འཁོར་ནི་)དྲག་པོ་(དབང་ཕྱུག་དང་)གདོང་དྲུག་(དང་)ཚོགས་ཀྱི་དབང་པོ་(ཚོགས་བདག་ དང་)འཕྲོག་བྱེད་(དེ་ཁྱབ་འཇུག་དང་དབང་པོ་ལ་སོགས་པ་ལྷ་གཞན་བརྒྱད་པོ་)རྣམས་ཀྱང་རིགས་ལྡན་ལ་ནི་ གྲོགས་དག་སྦྱིན་འགྱུར་ཏེ། །(རྟ་མཆོག་གི་ཏིང་ངེ་འཛིན་གྱིས་སྤྲུལ་བའི་)རྡོ(འི་)རྟ་(དང་)གླང་པོའི་དབང་ པོ་(དང་)གསེར་གྱི་ཤིང་རྟ་(དང་གྲོང་བྱེ་བ་བྱེ་བའི)མི་བདག་(ཅོད་པན་བཅིངས་པ་དང་)དཔའ་བོ་ཕྱག་ན་ 1-1-119 མཚོན་(ཆ་)ལྡན་(པ་)རྣམས་ཀྱང་(རིགས་ལྡན་གྱི་འཁོར་དུ་འབྱུང་)ངོ་། ༡༦༡ ། ༈ (དེ་ལ་དཔུང་གི་གྲངས་ནི་)རྡོ་ཡི་རྟ་ནི་རླུང་གི་ཤུགས་ཅན་ཡོན་ཏན་(གསུམ་)གྱིས་བསྒྱུར་(བའི་)ཡོན་ཏན་བྱེ་བ་(སྟེ་བྱེ་བ་ཕྲག་དགུ་ཐམས་ཅད་ཀྱང་)ཁ་དོག་སྣ་ཚོགས་པ(འོ)། །ཆང་གིས་དྲེགས་པའི་ གླང་ཆེན་རིག་བྱེད་(བཞི་)ཅེས་པའི་འབུམ་ཕྲག་གྲངས་དང་ཤིང་རྟ་འབུམ་ཕྲག་འབྱུང་བ་(སྟེ་ལྔ་)དང་། །ཨ་ཀྵཽཧི་ཎི་(དཔའ་བོ་མི་འཁྲུགས་པ་ཡིན་ནམ་སྙམ་)དྲུག་དང་མི་ཡི་དབང་པོ་(རིན་པོ་ཆེ་ཆེན་པོའི་) ཅོད་པན་བཅིངས་པའི་རིགས་ནི་རོ་དང་དགུ་བཅུ་སྟེ། །རིགས་ལྡན་(དྲག་པོའི་འཁོར་)ཁྱབ་འཇུག་ (དང་)དྲག་པོ་(ལ་སོགས་པ་)དག་དང་བཅས་པ་(དཔུང་གི་ཚོགས་ཡན་ལག་བཞིའི་)སྡེ་འདི་དག་གིས་ཀླ་ ཀློ(འི་ཚོགས་)བརླག་པར་བྱེད་པར་འགྱུར(ཏེ་འདི་ལྟར)། ༡༦༢ ། ༈ (རིགས་ལྡན་གྱི་འཁོར་)མཆོག་ཏུ་(འཁྲུག་པ་)ཚ་བའི་དཔའ་བོ་རྣམས་ཀྱིས་ཀླ་ཀློའི་ཚོགས་ལ་ བསྣུན་ཞིང་གླང་པོའི་དབང་པོས་(ཀླ་ཀློའི་)གླང་པོ་ལ(བསྣུན)། །རྡོ་ཡི་རྟ་ཡིས་(ཀླ་ཀློའི་)རྟ་རྣམས་ ལ་(བསྣུན་པ་)སྟེ་མཉམ་དང་མི་མཉམ་(གྱི་དཔུང་འཐབ་པའི་)གཡུལ་དུ་ས་སྐྱོང་(དགུ་བཅུ་རྩ་དྲུག་)རྣམས་ ཀྱིས་(ཀླ་ཀློའི་)ས་སྐྱོང་ལ(བསྣུན་ཞིང་)། །(ཀླ་ཀློའི་དམག་དཔོན་)རྟ་ལ་གནས་པ་ཟླ་བ་ཆེན་པོའི་བུ་ལ་ (རིགས་ལྡན་གྱི་དམག་དཔོན་)ཧ་ནུ་མན་གྱི་མཚོན་ཆ་རྣོན་པོ་བསྣུན་པར་འགྱུར། །(རིགས་ལྡན་གྱི་དམག་ དཔོན་)དྲག་པོས་(ཀླ་ཀློའི་དམག་དཔོན་)ཀླ་ཀློའི་དབང་མགོན་(ཞེས་བྱ་བ་)ལ་(བསྣུན་པ་)སྟེ་ལྷ་མིན་ཀུན་ བདག་བྱེད་པའི་བློ་ལ་རིགས་ལྡན་དྲག་[པོ་ཡིས་(བསྣུན་པར་འགྱུར)[པོས་སོ་(ཞེས་པར་བདེ)]། ༡༦༣ ། ༈ (དེ་ལྟར་རིགས་ལྡན་དྲག་པོའི་)དཔུང་ནི་ཐམས་ཅད་དག་གིས་གཡུལ་དུ་ཀླ་ཀློ་བཅོམ་ནས་ ཁྱབ་འཇུག་(དང་)དྲག་པོ་(ལ་སོགས་པའི་འཁོར་)དང་བཅས་(པའི་)རིགས་ལྡན་ནི། །(མཐའ་གངས་ཀྱིས་ བསྐོར་བའི་)ཀཻ་ལ་ཤ་ཡི་རི་བོ(འི་སྟེང་དུ་)ལྷ་ཡིས་བཀོད་པའི་གྲོང་ཁྱེར་(ཤམ་བྷ་ལ་)གང་དུ་(ཆོས་ཀྱི་) འཁོར་ལོ་ཅན་དག་གནས་པ(དེ)ར་འགྲོ(འོ)། 1-1-120 ༈ (ཉེར་གཉིས་པ་སེམས་ཅན་མཐའ་དག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ལམ་སྦྱིན་ པའི་ངོ་བོ་ཉིད་)དེ་ཡི་དུས་སུ་འཛིན་མ་(ས་གཞི་)དག་ལ་མཐའ་དག་སྐྱེ་བོའི་རིགས་ནི་(སངས་རྒྱས་ཀྱི་) ཆོས་དང་(གནས་སྐབས་ཀྱི་)འདོད་པ(འི་དོན་)ནོར་(གྱི་ལོངས་སྤྱོད་)རྣམས་རྫོགས(པ་སྟེ་འཁོར་ལོ་ཅན་གྱི་དུས་ བཞི་དང་དུས་བཞི་ཆེན་པོ་གཉི་གའི་རྫོགས་ལྡན་འབྱུང་ཞིང་དེའི་དུས་སུ)། །འབྲུ་རྣམས་དགོན་པར་སྐྱེ་བ་དང་ནི་ (ལྗོན་)ཤིང་རྣམས་འབྲས་བུ་བརྟན་པོ(སྟེ་མི་འབོགས་པ)ས་(ཡལ་ག་)དུད་པ་(ལྟ་བུ་)དེ་རྣམས་འབྱུང་ བར་འགྱུར། ༡༦༤ །ཀླ་ཀློའི་ཚོགས་(ཀྱི་ཆོས་རྣམས་)ནི་(རྒྱུན་)རབ་ཏུ་བཅད་ནས་འཁོར་དང་ བཅས་པའི་(ཀླ་ཀློའི་)སྐྱེ་བོ་(རྣམས་)མི་ཡི་ལོ་ནི་བརྒྱ་ཕྱེད་(ལྔ་བཅུ་)ན། །རིགས་ལྡན་(ཏེ་ཕྱག་རྒྱ་ ཆེན་པོ་)གྲུབ་པར་འགྱུར་ཏེ་(གནས་གང་དུ་གྲུབ་ན་)ལྷ་ཡིས་བཀོད་པའི་ཕོ་བྲང་མཐོ་བ་ཀཻ་ལ་ཤ་ཡི་ རྒྱབ་(སྟེ་སྟེང་)ཏུ་འོ། ། ༈ (ཉེར་གསུམ་པ་འཇམ་དཔལ་དང་འཇིག་རྟེན་དབང་ཕྱུག་རྒྱབ་དང་མདུན་དུ་སྟོན་པའི་ངོ་བོ་ཉིད་)ལྷ་དང་མི་ཡི་ བླ་མ(འཁོར་ལོ་ཅན་དྲག་པོ)འི་སྲས་ནི་(འཁོར་ལོ་ཕྱེད་ཅན་)ཚངས་པ་(དང་)ལྷ་ཡི་དབང་པོ་(སྟེ་)ཟུང་དག་ ཆོས་(སྟོན་པ་)ལ་འབྱུང་བ་ཉིད(དེ)། །དེ་ཡང་འཇམ་དཔལ་གྱི་སྤྲུལ་པ་ཚངས་པ་(ཚང་པ་ནི་ཀཻ་ལ་ ཤའི་)རྒྱབ་ཀྱི་དུམ་བུ་(ཞེས་པ་འཛམ་གླིང་ཆུང་ངུ་ལ་ལྷོ་བྱང་དུ་འཕགས་པའི་ཡུལ་ལ་སོགས་པ་ས་དུམ་བུ་དྲུག་ཏུ་བྱས་པའི་ དུམ་བུ་)གཅིག་(ཤམ་བྷ་ལའི་ཡུལ་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་སྤྱི་)ལ་མི་ཡི་བདག་པོར་འགྱུར་ཏེ་(ཆུ་བོ་ ཤཱ་ཏའི་ལྷོ་ཕྱོགས་ཀྱི་)ས(འི་དུམ་བུ་)ཀུན་ལནི་(འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་)ལྷ་ཡི་དབང་(པོ་སྟོན་པ་པོར་འགྱུར་ རོ)། ༡༦༥། (འཁོར་ལོ་ཅན་གྱི་དུས་བཞི་དང་དུས་བཞི་ཆེན་པོ་གཉི་གའི་)རྫོགས་ལྡན་(འཇུག་པའི་)མཚམས་སུ་ཀླ་ ཀློའི་ཆོས་རྣམས་མཐའ་དག་སྲིད་པ་གསུམ་གྱི་བླ་མ་(རིགས་ལྡན་དྲག་པོ་)དག་གིས་(རྒྱུན་)བཅད་ (པར་)བྱས་ཏེ། །(ཀླ་ཀློའི་ཆོས་ཀྱི་རྒྱུན་)བཅད་ནས་ལོ་ནི་(སྟོང་དང་)བརྒྱད་བརྒྱ་རྣམས་སུ་(ཆོས་སྟོན་པ་ལ་)ཚངས་པ་གཞག་པ་མཛད་ནས་(དྲག་པོ་རང་ཉིད་)བདེ་བའི་གནས་སུ་འགྲོ་བར་འགྱུར(འདིར་ཚངས་ པ་ཆོས་སྟོན་པ་ལ་ལོ་སྟོང་བརྒྱད་བརྒྱ་ཡོད་པར་རིགས་ཀྱང་སྟོང་ལ་སྨོས་པ་ནི་དོན་གྱིས་གོ་བར་དགོངས་པ་སྟེ་སྟོང་དང་བརྒྱད་ 1-1-121 བརྒྱ་དགོས་པར་ཚངས་པའི་དུས་ཀྱི་མིའི་ཚེ་ཚད་འོག་ནས་སྟོན་པས་གསལ་ལོ)། ། ༈ སླར་ཡང་(ཚངས་པ་)དེ་ཉིད་(ཀྱི་རིགས་རྒྱུད་ཀྱི་)ནང་ནས་མི་ཡི་བདག་པོ་(ཞེས་པ་བོད་པ་སྟེ་འོད་ སྲུང་དང་ཉ་དང་རུས་སྦལ་ལ་སོགས་པ་)སྲས་(དུམ་བུ་ཅན་)རྣམས་དག་གི་རིགས་ཀྱི་དབྱེ་བ་(དུ་མ་)དག་ཏུ་ འགྱུར། ། ༈ དེ་རྣམས་(ཀྱི་)དབུས་(བར་སྐབས་)སུ་ལྷ་ཡི་དབང་པོ་(སྟེ་ལྷ་རྣམས་ཀྱིས་བཏུད་པའི་)མི་བདག་ ཐུབ་པ་(སྟེ་བྱང་སེམས་)རྣམས་ནི་ཕལ་པ་(ས་བཅུའི་དབང་ཕྱུག་ལས་)གཞན་རྣམས་(ཀྱང་)འབྱུང་བར་ འགྱུར(རོ)། ༡༦༦ ། ༈ (ས་དུམ་བུ་བཅུ་གཉིས་སུ་རིམ་པ་ལྟར་)ཀླ་ཀློ་(ཞུགས་པ་)རྣམས་ནི་གཞོམ་པའི་སླད་དུ་མི་ཡི་ བདག་པོ་(འཁོར་ལོ་ཅན་རིགས་ལྡན་དྲག་པོ་ཉིད་རང་ཉིད་ཀྱི་སྲས་ཚངས་པ་དང་རྒྱུད་པ་འོད་སྲུང་དང་ཉ་ལ་སོགས་པར་ གྱུར་ཏེ་འཁོར་)དབང་པོ་(ལ་སོགས་པ་ལྷ་ཆེན་)བཅུ་གཉིས་(ལ་སོགས་སྔར་བསྟན་པ་)དག་དང་ལྡན་པར་ འགྲོ(ཞིང་)། །(དེ་རྣམས་ཀྱིས་)དུམ་བུ་དུམ་བུ་དག་ཏུ་ཀླ་ཀློའི་ཆོས་ནི་བཅོམ་ནས་(རིགས་ལྡན་དྲག་པོ་) འཁོར་ལོ་ཅན་(དེ་)ཡང་བདེ་བའི་གནས་སུ་འགྲོ(འོ)། ། ༈ སྐབས་གསུམ་པ་(ལྷ་)དང་མི་ཡི་བླ་མ(དྲག་པོ)འི་སྲས་ནི་ཚངས་(པ་)དང་ལྷ་ཡི་དབང་ པོ་རྒྱབ་(ཀྱིས་མཚོན་ནས་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་ཐམས་ཅད་)དང་(ཀཻ་ལ་ཤའི་ས་དུམ་བུ་ནས་ལྷོ་ཕྱོགས་སུ་ བལྟས་པའི་)མདུན་དུ་(གྱུར་པ་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་ཀྱི་སའི་དུམ་བུ་ཀུན་ལ་ཆོས་སྟོན་པ་པོ་)སྟེ། །རྒྱབ་ཏུ་ཚངས་ པ་(ལ)སོགས་ཀྱི་རིགས་རྣམས་རྣམ་པ་སྣ་ཚོགས་(ཀཻ་ལ་ཤའི་དུམ་བུའི་)ས་ཡི་སྟེང་དུ་དབྱེ་བ་དུ་མར་ འགྱུར(ལ་དེ་རྣམས་ཀྱི་ནང་ནས་སའི་དུམ་བུ་སོ་སོར་ཀླ་ཀློ་འཇོམས་པ་པོ་རྣམས་ལུང་བསྟན་གྱི་གཞན་རྣམས་ནི་གསལ་བར་མ་ བསྟན་ཏོ)། ༡༦༧ ། ༈ (ཉེར་བཞི་པ་འཁོར་ལོ་བསྒྱུར་བ་ཆེན་པོ་ལ་སོགས་པ་རིགས་ལྡན་གྱི་མཐར་ཐུག་པ་མི་རྣམས་མཆོག་གི་ཚེའི་ངོ་བོ་ ཉིད་སའི་དུམ་བུ་འདིར་དྲག་པོས་ཀླ་ཀློ་བཅོམ་ནས་འཁོར་ལོ་ཅན་གྱི་དུས་བཞི་འཇུག་པའི་)དང་པོར་ཚངས་པ(འི་དུས་) 1-1-122 ལ་ནི་མི་ལོ་བརྒྱ་ཕྲག་བཅྭ་བརྒྱད་(སྟེ་སྟོང་བརྒྱད་བརྒྱ་)དང་ལྡན་(པ་)འདི་དག་(དེ་དུས་ཀྱི་)མི་རྣམས་ དག་གི་ཚེ(འི་ཚད་དེ་དུས་ཀྱི་མི་རྣམས་ཀྱི་ཚེ་ཚད་ལོ་སྟོང་བརྒྱད་བརྒྱ་ཡིན་པར་གསུངས་པ་འདིས་ཚངས་པའི་ཆོས་སྟོན་པའི་ དུས་ཚད་ལོ་སྟོང་བརྒྱད་བརྒྱ་ཡིན་པར་གྲུབ་ཅིང་ཚངས་པས་ཆོས་སྟོན་པའི་དུས་ཚོད་རྫོགས་པའི་མཐར་སའི་དུམ་བུ་གཉིས་པར་ ཀླ་ཀློ་འཇོམས་པར་མཛད་དོ)། །(ཚེ་ཚད་)དེ་ཡི་ཕྱེད་(དགུ་བརྒྱ་)ནི་(དུམ་བུ་ཅན་)འོད་སྲུང་གི་(དུས་ཀྱི་མི་རྣམས་ཀྱི་ ཚེ་)སྟེ་རབ་མཆོག་ས་ཡི་སྟེང་དུ་དཔལ་ལྡན་མི་ཡི་སེང་གེའི་(དུས་ཀྱི་མིའི་ཚེ་ནི་སྔ་མའི་)ཕྱེད(བཞི་བརྒྱ་ལྔ་ བཅུའོ)། །(དེ་ལ་)དྲུག་བཅུས་[ཅུས་]དམན་པ་(སུམ་བརྒྱ་དགུ་བཅུ་ནི་)དེ་བཞིན་ཉིད་དུ་(འཁོར་ལོ་ཅན་གྱིས་)དུས་བཞི་སོ་སོའི་དུས་སུ་མི་ཐུང་(གི་དུས་ཀྱི་མི་རྣམས་ཀྱི་ཚེ་ཚད་ཡིན་ལ་)སོགས་(སའི་སྒྲས་ཡཱ་མར་ཨགྣི་དང་ རཱ་མ་དང་ནག་པོའི་དུས་)ལ་(ཡང་སྔ་མ་སྔ་མ་ལ་དྲུག་ཅུ་དྲུག་ཅུས་དམན་པ་ཡིན་ཞིང་དེ་ནས་)འཕྲོག་བྱེད་ཀྱི། །རིགས་ ལྡན་(གྱི་དུས་སུ་མིའི་ཚེ་ཚད་བརྒྱ་དང་ལྔ་བཅུར་འགྱུར་བ་དེའི་)མཐར་ནི་ཇི་སྲིད་བརྒྱ་ཕྲག་གཅིག་གི་ལོ་ཡི་ གྲངས་ཀྱི་སྐྱེ་བོའི་ཚེ་རུ་རབ་ཏུ་འགྱུར(རོ)། ༡༦༨། ༈ (སའི་དུམ་བུ་འདིར་འཁོར་ལོ་ཅན་གྱི་དུས་བཞིའི་སྔོན་དུ་ཀླ་ཀློ་འཇུག་པ་)དེ་ལྟར་དུམ་བུ་(གཞན་)ཐམས་ ཅད་དུ་ཡང་(སངས་རྒྱས་ཀྱི་ཆོས་གསུངས་པའི་དུས་ནས་བརྩམ་པའི་)དུས་བཞི(སྔ་མ་)འི་དུས་སུ་(སངས་རྒྱས་ཀྱི་ ཆོས་ཉམས་པར་བྱེད་པའི་)ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་སྟེ། །(དུམ་བུ་སོ་སོར་ཀླ་ཀློ་ཞུགས་ནས་ཀླ་ཀློའི་ཆོས་)ལོ་ནི་བརྒྱད་དང་གཅིག་གི་བརྒྱར་(ཞེས་པ་བཅྭ་བརྒྱད་བརྒྱ་ཡིས་བསྒྱུར་བ་སྟོང་བརྒྱད་བརྒྱར་)ནི་ངེས་པར་ གནས་ཏེ་(འདི་ལ་འགྱུར་ལ་ལར་བརྒྱ་དང་བརྒྱ་ཕྲག་གཅིག་ཅེས་པ་དང་། བརྒྱད་བརྒྱ་་ཞེས་པ་ཡང་ཡོད་མོད་དོན་ལ་སྟོང་ བརྒྱད་བརྒྱ་ཡིན་པར་རིགས་ཏེ་དུས་ཀྱི་འཁོར་ལོའི་རྒྱུད་གྱི་ཕྱི་མར་ཡང་། དེ་ལ་བཅྭ་བརྒྱད་ལོ་ཡིས་བརྒྱ་ཕྲག་བསྒྱུར་ཏེ་བརྒྱ་ཡིས་ འཕགས་པའི་ཡུལ་གྱི་མ་ཁ་ལ་སོགས་པར། །ཀླ་ཀློ་རྣམས་ཀྱི་གྲགས་པ་གང་དང་གང་ཞིག་མུན་ཅན་གྱུར་པ་དེ་རྣམས་བདག་གིས་ དྲུངས་ཕྱུང་སྟེ། །ཞེས་གསུངས་པའི་ཕྱིར་རོ། །)དེ་ནས་ཀླ་ཀློའི་ཆོས་ནི་ཉམས་པ་འོ། །(དེ་ཡང་སའི་དུམ་བུ་འདིར་ རིགས་ལྡན་དྲག་པོས་ཀླ་ཀློའི་ཆོས་ཉམས་པར་བྱས་ཏེ་འཁོར་ལོ་ཅན་གྱི་དུས་བཞི་ལོ་སྟོང་བརྒྱད་བརྒྱར་གནས་ཤིང་དུས་བཞི་དེ་ རྫོགས་པ)དེ་ནས་ལོ་ནི་སྟོང་ཕྲག་ཉི་ཤུ་(ལ་)ལག་པ་བརྒྱ་(སྟེ་ཉིས་བརྒྱ་)དང་བྲལ་བ་(ལོ་ཉིས་ཁྲི་དགུ་སྟོང་ 1-1-123 བརྒྱད་བརྒྱའི་བར་དུ་སའི་དུམ་བུ་གཞན་བཅུ་གཅིག་པོ་རྣམས་སུ་རིམ་པ་ལྟར་)སངས་རྒྱས་ཆོས་(འཁོར་ལོ་ཅན་གྱི་དུས་ བཞི་)ནི་(དུམ་བུ་རེ་རེར་ལོ་སྟོང་བརྒྱད་བརྒྱ་རེ་)རབ་ཏུ་འཇུག(གོ)། (དེ་ལྟར་འཁོར་ལོ་ཅན་གྱི་དུས་བཞིའི་)རྫོགས་ ལྡན་(དང་)གསུམ་ལྡན་(དང་)གཉིས་ལྡན་(དང་)རྩོད་པའི་དུས་ནི་ནུས་པ(འོག་མིན་པའི་ཞག་རེ)འི་ ཚད་(མི་ལོ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་ཚད)ཀྱིས་ས་གཞི་(དུམ་བུ་བཅུ་གཉིས་)དག་ལ་ངེས་པར་རྒྱུ(འོ་འདི་ནི་ འཁོར་ལོ་ཅན་གྱི་དུས་བཞི་སྟེ་དུམ་བུ་སོ་སོར་ཀླ་ཀློ་བཅོམ་པའི་རྗེས་སུ་འབྱུང་བ་ཡིན་ལ་དུས་བཞི་འདིའི་གོང་དུ་དུམ་བུ་སོ་སོར་ བསྟན་པའི་དུས་བཞི་རིམ་པ་གཅིག་འབྱུང་སྟེ་དེའི་ཚུལ་ཞིབ་པར་ཁོ་བོས་བསྟན་རྩིས་ཀྱི་ཡི་གེ་ཟུར་དུ་བཀོད་པ་ལས་ཤེས་པར་ བྱའོ)། ༡༦༩ ། ༈ (དེ་ལྟར་)འཇིག་རྟེན་ཁམས་ནི་བསྐྱེད་པ(འི་ཚུལ)་དག་དང་(རྒྱུ་སྐར་ལ་)གཟའ་ཡི་(ཇི་ལྟར་) རྒྱུ་བ(འི་ཚུལ་དེ་དང་)་མཚུངས་པར་(ས་དུམ་བུབཅུ་གཉིས་ལ་)འཁོར་ལོ་ཅན་(རིགས་ལྡན་དྲག་པོ་)ནི་(ཀླ་ཀློ་ འཇོམས་པ་ལ་ཇི་ལྟར་)འབྱུང་བ་དང་། །(དེས་)ཀླ་ཀློའི་ཆོས་ནི་ཉམས་ཤིང་མཆོག་གི་བདེ་བའི་གོ་ འཕང་ཆེད་དུ་རིགས་ལྡན་གྱིས་ནི་(ཐར་པའི་)ལམ་སྦྱིན་པ། །འདི་རྣམས་ཐམས་ཅད་བདག་གིས་ ཁྱོད་ལ་དོན་ནི་ཇི་བཞིན་བཤད་དོ་ཟླ་བ་བཟང་པོ་(ཞེས་པ་བོད་པ་)སྟེ་དུས་གསུམ་ལས(བརྩམས་ ཏེ)། །སླར་ཡང་ཁྱོད་ནི་སྐྱེ་བོ་ཀུན་ལ་ཕན་པའི་དོན་དང་ཐར་པའི་སླད་དུ་བདག་ལ་ཅི་ཞིག་ འདྲི། ༡༧༠ ། ༈ དཔལ་དང་པོའི་སངས་རྒྱས་ཆེན་པོ་ལས་ཕྱུང་བ་དཔལ་དུས་ཀྱི་འཁོར་ལོ་ལས་ འཇིག་རྟེན་གྱི་ཁམས་རྣམ་པར་བཀོད་པའི་ལེའུ་སྟེ་དང་པོའོ།། །། ༈ རྒྱལ་བ་སྐྱེད་མཛད་ཁྱོད་ཀྱིས་སྣ་ཚོགས་ཚད་ནི་གང་དག་བསྟན་པ་རྣམས་ཀྱང་ བདག་གིས་མི་ཤེས་པས། །སླར་ཡང་བདག་ནི་ཉན་པར་འཚལ་ལོ་སྲིད་པ་གསུམ་པོ་མཐའ་ དག་ལུས་ཀྱི་དབུས་སུ་ཅི་ལྟར་ལགས། །ཟླ་བ་བཟང་པོའི་ཚིག་དག་གསན་ནས་བདེ་བར་ 1-1-124 གཤེགས་པས་ལེགས་ཞེས་བྱ་བ་བྱིན་ནས་རབ་གསུངས་པ། །སེམས་ཅན་རྣམས་ནི་ཐར་པའི་ སླད་དུ་མཆོག་གི་ཐུགས་རྗེས་སྣ་ཚོགས་ཚད་རྣམས་དག་ཀྱང་ལུས་ལ་འོ། ༡ ། ༈ ས་དང་ཆུ་མེ་རླུང་དང་རྡོ་རྗེ་ལྷ་ཡི་གཞུ་དང་རླུང་རྣམས་དང་ནི་ཁྱིམ་གྱི་འཁོར་ལོ་དང་། ། ཟླ་བ་ཉི་མ་སྒྲ་གཅན་ལྷུན་པོ་གདེངས་ཅན་མི་དང་ལྷ་ཡི་གནས་དང་འཁྱོག་པོ་སྐར་མར་ བཅས། །འཕོ་བ་ཟླ་བ་དག་དང་ཕྱོགས་དང་ཉིན་དང་མཚན་མོ་ཚེས་རྣམས་མཐའ་དག་ལུས་ ཀྱི་དབུས་སུ་ནི། །རང་རང་ཡི་གེས་ཤེས་བྱ་རྣམ་གསུམ་ཁྱབ་བདག་བགྲོད་པ་རྣལ་འབྱོར་པ་ ཡིས་སྟོང་པའི་དབྱེ་བས་སོ། ༢ ། ༈ ལུས་འདི་ལ་ནི་ཁམས་ཀྱི་ཚོགས་སུ་མཐའ་དག་རོ་དྲུག་ཟོས་ཤིང་འཐུངས་པ་དག་ ལས་འགྱུར་བ་སྟེ། །རོ་དྲུག་རྣམས་ཀྱང་འབྱུང་བ་ལ་སྟེ་རབ་གསལ་ངེས་པར་འབྱུང་བའི་ ཚོགས་ཀྱང་ནམ་མཁའི་ཁམས་ལས་སོ། །སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་རོ་མཉམ་ འགྱུར་མེད་རྟག་པར་ཡང་ནི་འགྱུར་བ་སྟེ། །དེ་ལྟར་འབྱུང་བ་ལ་གནས་ཞི་བ་རྣམ་གསུམ་སྲིད་ པར་གནས་པ་རང་གི་ལུས་ལ་རིག་པར་བྱ། ༣ ། ༈ ས་བོན་པད་མར་གནས་པ་དག་ནི་འཛིན་མས་འཛིན་ཏེ་དེ་ལས་ཆུ་ཡིས་སྡུད་དོ་ཕྱི་ ནས་ནི། །མེ་ཡིས་སྨིན་པར་བྱེད་ཅིང་རོ་དང་རོ་ནི་ཟ་བར་བྱེད་ཏེ་[དེ་]འདི་ཡི་འཕེལ་བ་རླུང་ གིས་སོ། །ནམ་མཁའ་དག་ཀྱང་འཕེལ་བའི་གོ་སྐབས་སྦྱིན་བྱེད་མི་ཡི་བདག་པོ་དུས་ལས་དེ་ ལྟར་འགྲུབ་པ་སྟེ། །བཙའ་བར་གྱུར་པའི་དུས་དང་བྱིས་པ་ལ་སོགས་དུས་དག་ཏུ་ཡང་ལྷ་ཡི་ གནས་སྐབས་རྣམས་བྱེད་དོ། ༤ ། ༈ ས་བོན་དག་གི་ས་ནི་གསལ་བར་ལྕི་ཞིང་སྲ་བ་ཉིད་བྱེད་ཆུ་ནི་དེ་བཞིན་གཤེར་བ་ ཉིད། །མེ་ནི་སྨིན་པར་བྱེད་ཅིང་རབ་མཆོག་རྣམ་པ་བཅུ་ཡི་རླུང་རྣམས་དག་ནི་འདི་ཡི་འཕེལ་ བའོ། །འཕེལ་བ་དག་ལ་སླར་ཡང་ནམ་མཁའ་ཉིད་ནི་གོ་སྐབས་སྦྱིན་བྱེད་དུས་ལས་དེ་ལྟར་ 1-1-125 སྐྱེད་པ་སྟེ། །སྣ་ཚོགས་དངོས་པོ་དུ་མ་རྣམས་ཀྱིས་ལུས་བཅས་སྒྲ་དང་ཡིད་དང་ནུས་པ་རྣམས་ ནི་སྤྲོ་བར་བྱེད། ༥ ། ༈ གསང་བའི་པད་མར་ཁྲག་གི་ནང་དུ་གང་ཚེ་ལྷུང་བའི་བྱང་ཆུབ་ས་བོན་སྲོག་དང་ བཅས་པ་དག །ཉ་དང་རུས་སྦལ་ཕག་པར་འགྱུར་ཏེ་མི་ཡི་སེང་གེ་མི་ཐུང་རཱ་མ་རཱ་མ་དག་དང་ ནི། །ནག་པོ་སངས་རྒྱས་མི་དབང་རྣམ་བཅུར་འགྱུར་ཏེ་འདི་དག་རྣམས་ཀྱང་གནས་སྐབས་ རྣམ་པ་བཅུ་ཡིན་ནོ། །མངལ་དུ་གསུམ་སྟེ་དེ་བཞིན་བཙའ་བའི་དུས་སུ་གཅིག་དང་བྱིས་པའི་ དུས་དག་ཏུ་ཡང་རྣམ་པ་གཉིས། ༦། གཞོན་ནུ་ལང་ཚོ་དག་ལ་གཞན་དུ་རབ་ཏུ་འགྱུར་ཏེ་རྒྱས་ པ་གཅིག་དང་ཡང་དག་དེ་བཞིན་གཅིག །རྒན་པོ་ཉིད་ལ་ཞི་བ་གཅིག་སྟེ་མངལ་སྐྱེས་རྣམས་ ཀྱི་སྲིད་པ་འཆི་བ་ཉིད་ནི་མཐའ་མ་འོ། ། ༈ ཉ་ལ་ཉ་ཡི་རྣམ་པར་འགྱུར་བ་ཉིན་ཞག་འགའ་སྟེ་རུས་སྦལ་ལ་ནི་རུས་སྦལ་དངོས་ པོ་ཡང་། །ཕག་པ་ལ་ཡང་དེ་ཡི་སྐྱེ་མཆེད་ཉི་མ་འབྱུང་སྟེ་མི་ཡི་སེང་གེ་ལ་ནི་རབ་ཏུ་སྐྱེ། ༧། མི་ ཐུང་ལ་ནི་བྱིས་པའི་དངོས་པོ་རཱ་མ་ལ་ཡང་མི་བདག་གཉིས་ཀྱི་སོ་རྣམས་འབྱུང་བར་འགྱུར། ། སླར་ཡང་རཱ་མ་ལ་ནི་ལྷུང་བར་འགྱུར་ཏེ་དེ་ཉིད་ནག་པོ་ལ་ནི་གསལ་བར་སྒྱུ་དག་བྱེད། ། སངས་རྒྱས་ལ་ཡང་ཞི་བ་དང་ནི་བརྟུལ་ཞུགས་ངེས་པར་བྱེད་ཏེ་[དེ་]རིགས་ལྡན་ལ་ནི་འཆི་ བར་འགྱུར། ། ༈ ཁུ་བ་ལ་ནི་རྐང་དང་རུས་པ་རྒྱུས་པར་འགྱུར་ཏེ་རྡུལ་ལས་ལྤགས་པ་ཁྲག་དང་ཤ་ཉིད་ དོ། ༨། མངལ་གྱི་ནང་དུ་ཟླ་བ་གཅིག་ནི་ཁྲག་དང་ས་བོན་བདུད་རྩིའི་རོར་གྱུར་རབ་ཏུ་སྐྱེ་བ་ སྟེ། །ཕྱི་ནས་ས་བོན་མྱུ་གུ་རང་གི་སྙིང་ཁར་རྣམ་པ་བཅུ་ཡི་རྩ་ནི་ཤིན་དུ་[ཏུ་]ཕྲ་བ་འོ། །ལྟེ་ བ་ལ་ཡང་བརྒྱད་པ་བརྒྱད་ནི་གཞན་ཏེ་རྐང་ལག་གདོང་རྣམས་ལ་ནི་གྱེན་དུ་བསྐྱོད་པར་ བྱེད། །ཟླ་བ་གཉིས་པ་རྫོགས་པར་གྱུར་པ་དག་ལ་འདིར་ནི་རྐང་ལག་གདོང་གི་མཚོན་པ་ 1-1-126 ཅུང་ཟད་དོ། ༩ །ཟླ་བ་གསུམ་པ་རྫོགས་པ་ན་ནི་ལག་པ་རྐང་པ་མགྲིན་པ་རྣམས་ཀྱི་མགོ་བོ་ མཉམ་པར་འགྱུར། །[ཕྲ་མོའི་རྩ་རྣམས་རྐང་པ་ལག་པ་གདོང་དང་མགྲིན་པ་དག་གི་ཕྱོགས་ སུ་ཟླ་བ་བཞི་པ་ལ་འོ[ཕྲ་མོའི་རྩ་རྣམས་ཟླ་བ་བཞི་པ་ལ་ནི་རྐང་ལག་གདོང་དང་མགྲིན་པ་ དག་གི་ཕྱོགས་སུ་སྟེ]། །[ལྔ་པ་ལ་ནི་ཤ་ལ་བརྟེན་ནས་རུས་པ་མཁའ་རོ་བསྲེག་ཟ་རྣམས་ཏེ་ ཚིགས་རྣམས་དག་ཀྱང་ངོ་། །[ལྔ་པ་ལ་ནི་ཤ་དང་ཁྲག་དང་རུས་པ་མཁའ་རོ་བསྲེག་ཟ་དག་ སྟེ་ཚིགས་རྣམས་དག་ཀྱང་ངོ་]། །ཟླ་བ་དྲུག་པ་ལ་ཡང་ཤ་དང་ཁྲག་ཏུ་འགྱུར་ཏེ་ཚོར་བ་བདེ་ བ་དང་ནི་སྡུག་བསྔལ་ཡང་། ༡༠ །སྨིན་མ་སྐྲ་དང་སྤུ་དང་བུག་པ་རྣམས་ཀྱང་ཐུབ་མཆོག་ལ་སྟེ་ རྩ་ནི་ལྷག་མར་གྱུར་པ་རྣམས། །ཟླ་བའི་མཇུག་ཏུ་ཉིན་ཞག་སོ་སོའི་དབང་གིས་སྟོང་པ་སྟོང་ པ་མིག་གི་གྲངས་ནི་སྐྱེ་བ་སྟེ། །གནད་དང་རུས་པ་རྐང་དང་རོ་འཛིན་དང་ནི་གཅི་བ་བཤང་བ་ རྣམས་ཀྱང་བརྒྱད་པ་དག་ལ་འགྱུར། །བུག་པ་ཞེས་ལ་བཙའ་བའི་དུས་སུ་སྐྱེ་གནས་ཀྱིས་ནི་ བཙིར་བ་དག་གིས་སྡུག་བསྔལ་དྲག་པོའོ། ༡༡ ། ༈ མངལ་དུ་མངལ་ན་གནས་པའི་སྡུག་བསྔལ་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་ལང་ཚོ་དག་ལ་བུད་མེད་དང་བྲལ་ནོར་དང་འབྱོར་ཉམས་ ཉོན་མོངས་སྡུག་བསྔལ་ཆེན་པོས་གང་། །རྒན་པོ་ཉིད་ལ་འཆི་བའི་སྡུག་བསྔལ་སླར་ཡང་ འགྲོ་བ་དྲུག་ཏུ་འཇིགས་སྟེར་ངུ་འབོད་ལ་སོགས་ཏེ། །སྒྱུ་མས་རྨོངས་པར་བྱས་པའི་མཐའ་ དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད། ༡༢ ། ༈ འཁོར་བར་མི་ཉིད་དུ་ནི་འགྱུར་བ་དག་ཀྱང་བརྒྱ་ལམ་ན་སྟེ་ཆོས་ཀྱི་བློ་ནི་རེས་འགའ་ ན། །དེ་ལས་དགེ་བའི་དབང་གིས་སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པར་ རབ་ཏུ་འཇུག། །དེ་ལས་དཔལ་ལྡན་རྡོ་རྗེ་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་ དག་ན་འཇུག །དེ་ལས་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་ 1-1-127 པ་ཨེ་མ་ཤིན་དུ་[ཏུ་]དཀའ། ༡༣། ༈ མངལ་དུ་ཡང་དག་དག་པའི་སྐུ་སྟེ་བཙའ་བའི་དུས་ནས་སོ་ནི་སྐྱེས་པ་དག་ཀྱང་ཆོས་ ཀྱི་འོ། །སོ་རྣམས་རབ་ཏུ་ལྟུང་བར་འགྱུར་བ་མི་ཡི་བདག་པོ་རྒྱལ་བ་ཡི་ནི་ལོངས་སྤྱོད་རྫོགས་ པའི་སྐུ། །དེ་ནས་སྤྲུལ་པའི་སྐུ་ནི་རབ་ཏུ་གསལ་ཞིང་ངེས་པར་འཆི་བའི་འཚམས་ཏེ་མི་རྣམས་ དག་གི་འོ། ། ༈ མངལ་དང་ཕྱི་རོལ་དག་ཏུ་སླར་ཡང་འདི་ནི་ཡེ་ཤེས་རྣམ་ཤེས་དབྱེ་བས་རྣམ་པ་བཞི་ རུ་འགྱུར། ༡༤། རྣམ་ཤེས་ཟླ་བ་ཉི་མ་ཡང་ནི་པད་མར་གནས་པ་དེ་ཉིད་མངལ་དུ་དག་པའི་ སྐུ་ཡིན་ཏེ། །ཁམས་དང་ཕུང་པོ་རབ་ཏུ་འབྱུངབ་རྣམ་པ་བཅུ་པོ་གང་ཡིན་རྒྱལ་བ་ཡི་ནི་ཆོས་ ཀྱི་སྐུ། །དེ་ནས་ཡོན་ཏན་དབང་གིས་རྣ་བ་སྒྲ་སོགས་སྐྱེས་པ་དག་ནི་ལོངས་སྤྱོད་རྫོགས་པའི་ སྐུ་རུ་འགྱུར། །དེ་ནས་སྐྲ་ལ་སོགས་པ་སྐྱེས་ཏེ་རབ་ཏུ་བཙའ་བའི་དུས་ཀྱང་འདིར་ནི་སྤྲུལ་པ་ དག་གི་སྐུ། ༡༥། སྐྱེས་པ་ན་ནི་ངེས་པར་དབུགས་དག་གང་ཞིག་རབ་ཏུ་འབྱུང་བར་འགྱུར་བ་དེ་ ཉིད་དག་པའི་སྐུ། །དེ་ནས་སོ་ནི་རབ་འབྱུང་གང་ཞིག་ཚིག་ནི་གསལ་མིན་དག་ཀྱང་དེ་བཞིན་ ཉིད་དུ་ཆོས་ཀྱི་སྐུ། །དེ་ནས་གཉིས་སྐྱེས་རྣམས་ནི་ལྟུང་བར་འགྱུར་བ་མི་ཡི་བདག་པོ་རྒྱལ་ བའི་ལོངས་སྤྱོད་རྫོགས་པའི་སྐུ། །སོ་རྣམས་དག་ལས་འཆི་བའི་འཚམས་ནི་ཕྱི་རུ་རྒྱལ་བའི་ བདག་པོ་དག་གི་སྤྲུལ་པའི་སྐུ་རུ་འགྱུར། ༡༦། ༈ མངལ་དུ་འདིར་ནི་དང་པོ་དཔལ་ལྡན་སྐུ་ཡི་རྡོ་རྗེར་འགྱུར་ཏེ་གསུང་གི་རང་བཞིན་ སྐྱེས་པ་ནའོ། །ཐུགས་ནི་སོ་དག་རབ་ཏུ་སྐྱེས་པ་ཉིད་ནའོ་སླར་ཡང་ལྷུང་ནས་ཡེ་ཤེས་རྡོ་རྗེར་ རབ་ཏུ་འགྱུར། །ཡེ་ཤེས་རྣམ་ཤེས་བསྲེས་ཤིང་ཉི་མ་རི་བོང་ཅན་དང་བཅས་པ་ཡེ་ཤེས་རྡོ་རྗེ་ ལ་སོགས་ཀུན། །མངལ་ན་གནས་པ་དག་ནི་སྐུ་ཡི་རྡོ་རྗེ་ལ་སོགས་རིམ་པ་ཡིས་ཀྱང་སྟོབས་ དང་ལྡན་པར་འགྱུར། ༡༧། 1-1-128 ༈ ས་ཡི་སྙིང་པོ་དག་ནི་བསྲེག་ཟར་འགྱུར་ཏེ་འཛིན་མ་དང་ནི་རླུང་དག་སྟོང་པའི་སྙིང་ པོའོ། །རླུང་དང་ས་ཡི་སྙིང་པོ་དག་ནི་ཆུ་ཉིད་དུ་འགྱུར་རང་བཞིན་མེད་པ་དང་ནི་རང་བཞིན་ ནོ། །ས་ཡི་རྟེན་ནི་ཆུ་སྟེ་འབར་བྱེད་དག་ཀྱང་ཆུ་ཡི་རླུང་ནི་སྨིན་པར་བྱེད་པ་དག་གི་འོ། །རླུང་ གི་སྟོང་པར་རབ་ཏུ་འགྱུར་ཏེ་མི་ཡི་དབང་པོ་འབྱུང་བའི་རྟེན་དང་རྟེན་[བརྟེན་]པ་ཇི་ལྟ་ བཞིན། ༡༨། ༈ ཕུང་པོའི་རྟེན་[བརྟེན་]ནི་འབྱུང་བ་རྣམས་སུ་འགྱུར་ཏེ་ལུས་མཆོག་དག་ལ་འབྱུང་ བའི་ཚོགས་ཀྱི་རྩ་རྣམས་སོ། །རྩ་རྣམས་ཀྱི་ནི་སྲོག་རླུང་རྣམ་པ་བཅུ་པོར་འགྱུར་ཏེ་སྲོག་གི་ རླུང་རྣམས་དག་གི་སེམས་ཡིན་ནོ། །སེམས་དེ་གཉིས་ཀྱི་རང་བཞིན་དུ་འགྱུར་ཡོན་ཏན་ དབང་གིས་རང་བཞིན་ཅན་དང་རང་བཞིན་མེད་པ་འོ། །དེ་དག་གི་ཡང་རྟེན་[བརྟེན་]ནི་གཙོ་ བོ་སྲིད་པ་གསུམ་གྱིས་བཏུད་ཅིང་གཞོམ་མེད་ཀུན་ཏུ་འགྲོ་བ་གང་། ༡༩། ༈ དྲི་ནི་འཛིན་མ་དག་ལས་འབྱུང་སྟེ་རོ་ཡང་རྩེ་མོ་ཅན་ལས་གཟུགས་ཀྱི་ཁམས་ནི་ཆུ་ ལས་སོ། །རླུང་ལས་རེག་བྱ་དང་ནི་ཞི་བ་ལས་ཀྱང་སྒྲ་དང་ནམ་མཁའ་ལས་ནི་ཆོས་ཀྱི་ཁམས་ སུ་འགྱུར། ། ༈ སྟོང་པ་སྒྲ་ནི་འཛིན་པར་བྱེད་དེ་ངེས་པར་རྒྱལ་བ་སྐྱེད་མཛད་ཆོས་ཀྱི་ཁམས་དང་རླུང་ དག་ནི། །དྲི་དང་མེ་ཡང་གཟུགས་ཏེ་ཆུ་དག་ཀྱང་ནི་རོ་འོ་དེ་བཞིན་འཛིན་མ་དག་ནི་རེག་བྱ་ འོ། ༢༠། ༈ གཟུགས་ནི་འཛིན་མ་དག་ལས་གྲུབ་སྟེ་སྲིད་པ་གསུམ་གྱི་གནས་སུ་ཆུ་ལ་ཡང་ནི་འདུ་ ཤེས་གྲུབ། །མེ་ལ་ངེས་པ་ཉིད་དུ་ཚོར་བར་འགྱུར་ཏེ་རླུང་ལ་ཡངནི་ཕུང་པོ་འདུ་བྱེད་ཁོ་ན་འོ། ། རྣམ་ཤེས་ཡེ་ཤེས་བསྲེས་པ་ནམ་མཁའ་དང་བཅས་རྡོ་རྗེ་དག་ལ་གྲུབ་པ་ཉིད་དེ་ལུས་འདི་ ལ། །ཁམས་དང་ཕུང་པོ་ལ་སོགས་ཐམས་ཅད་འགྱུར་བ་དག་ཀྱང་རྡུལ་དང་བྱང་ཆུབ་སེམས་ 1-1-129 སོགས་སྦྱོར་བས་སོ། ༢༡། ༈ རྣ་བ་རྡོ་རྗེའི་རང་བཞིན་དུ་འགྱུར་མི་ཡི་བདག་པོ་སེམས་ནི་ནམ་མཁའ་དག་གི་རང་ བཞིན་ནོ། །སྣ་ནི་ས་ཡི་རང་བཞིན་དག་སྟེ་དེ་བཞིན་ཁོ་ནར་ལྕེ་ནི་མེ་ཡི་རང་བཞིན་ཉིད་དུ་ འགྱུར། །མིག་ནི་ཆུའི་རང་བཞིན་དག་སྟེ་སྲིད་པ་གསུམ་གྱི་གནས་སུ་ལུས་ཀྱང་རླུང་གི་རང་ བཞིན་ནོ། །དེ་ལྟར་རྣ་བ་ལ་སོགས་ཐམས་ཅད་ཡོན་ཏན་དབང་གིས་འགྱུར་ཏེ་ཡེ་ཤེས་རྣམ་ ཤེས་སྦྱོར་བས་སོ། ༢༢། ༈ སེར་སྣ་ཡེ་ཤེས་ཁམས་ལ་འགྱུར་ཏེ་ལུས་མཆོག་དག་ལ་ནམ་མཁའ་ལ་ནི་ཞེ་སྡང་རྡོ་ རྗེ་འོ། །རླུང་ལ་ཕྲག་དོག་རྡོ་རྗེ་མེ་ལ་ཆགས་པའི་རྡོ་རྗེ་རབ་ཏུ་གསལ་མཛད་དེ་བཞིན་ཉིད་དུ་ ནི། །ཆུ་ལ་དཔལ་ལྡན་ང་རྒྱལ་རྡོ་རྗེ་ས་ལ་གཏི་མིག་རྡོ་རྗེ་རང་བཞིན་ཡོན་ཏན་དབང་གིས་སོ། ། ༈ ངག་དང་ལག་པ་རྐང་པ་བཤང་ལམ་ཐམས་ཅད་རླུང་མེ་ཆུ་དང་ས་རྣམས་དག་ལས་ འབྱུང་བར་འགྱུར། ༢༣། ༈ ཐུར་སེལ་ཡེ་ཤེས་ཁམས་ལ་རྣམ་གསུམ་ཞེས་པར་འགྱུར་ཏེ་ སྲོག་གི་རླུང་ཡང་སྟོང་པ་དག་ལ་འོ། །རླུང་གི་དབུས་སུ་མཉམ་གནས་རྩེ་མོ་ཅན་ལ་སླར་ཡང་ གྱེན་རྒྱུ་ཆུ་ལ་ཁྱབ་པར་བྱེད་པ་ཉིད། །ས་ལ་ཀླུ་སྟེ་དེ་ནས་རུས་སྦལ་རྩངས་པ་དང་ནི་ལྷ་སྦྱིན་ ནོར་ལས་རྒྱལ་བ་དག་གི་རླུང་། །བཞི་པོ་རླུང་དང་མེ་དག་དང་ནི་ཆུ་དང་ས་རྣམས་དག་ལ་ རིམ་པ་ཡིས་ནི་ཡང་དག་འགྱུར། ༢༤ ། ༈ གཙུག་ཏོར་སྟོང་པའི་ཁམས་ལ་འགྱུར་ཏེ་ལྷ་དང་མི་རྣམས་ཀྱི་ནི་ཡེ་ཤེས་ཁམས་ལ་ གསང་བ་འོ། །སྙིང་ཁའི་པད་མ་རླུང་གི་ཁམས་ལ་རབ་གསལ་རྩེ་མོ་ཅན་ལ་མགྲིན་པའི་ འཁོར་ལོ་གསལ་བར་རོ། །ཆུ་ལ་སྨིན་མའི་དབུས་ཀྱི་པད་མའོ་ནོར་ནི་ནོར་གྱི་འདབ་ལྡན་ ལྟེ་བའི་པད་མ་ས་ལ་འོ། །རྐང་པ་ལག་པ་དག་གི་ཚིགས་དྲུག་ས་དང་ཆུ་དང་བསྲེག་ཟ་རླུང་ 1-1-130 རྣམས་དག་ལ་གསུམ་གྱི་གྲངས། ༢༥། ༈ ས་སོགས་ཁམས་ལྔ་རྣམས་ལ་རྣམ་གསུམ་ཡོན་ཏན་དབང་གིས་འབྱུང་བ་རྐང་པ་ ལག་པ་དག་གི་ནི། །མཐེ་བོང་ལ་སོགས་སོར་མོ་བཅུ་ནི་གསུམ་གྱིས་བསྒྱུར་བའི་ཚིགས་ཀྱི་ གཟུགས་དང་ལྡན་པ་མཐའ་དག་སྟེ། །དེ་རྣམས་སེན་མོའི་མཐར་ཐུག་ཡང་དག་གཟུང་བྱ་༈ སླར་ཡང་སོ་རྣམས་དེ་ཉིད་རབ་ཏུ་དབྱེ་བས་སོ། ༈ །གཞན་གང་སྤུ་ཡི་མཐར་ནི་ལུས་མཆོག་ ལ་འགྱུར་དེ་དང་དེ་ནི་དེ་བཞིན་དུ་ཡང་ཁམས་ལ་འོ།། ༢༦ །། ༈ གསང་བ་གཙུག་ཏོར་ལྟེ་བ་ལ་ཡང་ལྷན་སྐྱེས་རྒྱལ་བའི་སྐུ་སྟེ་རང་བཞིན་མེད་དང་ རང་བཞིན་ནོ། །སྙིང་ཁའི་འཁོར་ལོ་ལ་ནི་ཆོས་སྐུར་འགྱུར་ཏེ་མགྲིན་པའི་ཆུ་སྐྱེས་ལ་ཡང་ ལོངས་སྤྱོད་རྫོགས་པའི་སྐུ། །ཐིག་ལེ་ལ་ཡང་སྤྲུལ་པའི་སྐུ་ནི་ཡོན་ཏན་དབང་གིས་ལྷག་པའི་ ལྷ་རུ་རིམ་པ་དག་གིས་འགྱུར། །སྙིང་ཁའི་འཁོར་ལོ་མགྲིན་པའི་འཁོར་ལོ་སྤྱི་བོའི་པད་མ་ ཆོས་དང་ལོངས་སྤྱོད་རྫོགས་དང་དག་པ་འོ། ༢༧ ། ༈ ལྟེ་བ་མགྲིན་པ་དག་དང་གསང་བ་སྤྱི་བོ་དང་ནི་སྙིང་ཁ་དེ་བཞིན་གཙུག་ཏོར་དབུས་ སུ་ནི། །ཡུམ་དང་གཙོ་བོའི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་པོ་རྣམས་ཀྱང་ རིམ་པས་འགྱུར། །འཁོར་ལོ་རིན་ཆེན་མཁའ་ཡི་པད་མ་ཆུ་སྐྱེས་རལ་གྲི་མཆོག་དང་རྡོ་རྗེ་དང་ ལྡན་རིགས་དྲུག་གོ། ༈ དེ་རྣམས་སྟེང་འོག་རྩ་གསུམ་རྣམ་གསུམ་ལམ་ལ་གནས་པ་རྣམས་ ཏེ་ཉི་ཟླ་མེ་ཡི་དབྱེ་བས་སོ། ༢༨ ། ༈ ལུས་ལ་བསམ་པ་རབ་ཏུ་ཞུགས་པ་ནམ་མཁའ་བཞིན་དུ་རོ་མཉམ་བསམ་པའི་ དབུས་སུ་ལུས་དག་ཀྱང་། །རྣལ་འབྱོར་ལྡན་པས་ཤེས་བྱ་རང་བཞིན་ཡོན་ཏན་དབང་གིས་ ཁམས་ཀྱི་ཁ་དོག་ལ་སོགས་དབྱེ་བས་ཏེ། །སེར་པོ་ནག་པོ་དག་དང་ཁ་དོག་དམར་པོ་ཞེས་ དང་དཀར་པོ་ས་རླུང་མེ་དང་ཆུ་ལ་འོ། །ཡེ་ཤེས་ནམ་མཁའ་ལ་ཡང་སྔོན་པོ་ལྗང་ཁུར་འགྱུར་ 1-1-131 ཏེ་ལུས་དང་བསམ་པའི་རབ་ཏུ་དབྱེ་བས་སོ། ༢༩ ། ༈ ཤེས་རབ་ཐབས་ནི་རུས་པ་ཤ་དང་ཆུ་དང་བཅས་པའི་ཁྲག་དང་མེ་དག་དང་ནི་གཅི་ བ་ཉིད། །རླུང་དང་བཤང་བ་སྟོང་པ་ཁུ་བ་མཆོག་གི་ལུས་ལ་དཔལ་ལྡན་རྡུལ་དང་སེམས་ཉིད་ དག་ཏུ་འགྱུར། །རྣ་བ་སྒྲ་སོགས་གཞན་རྣམས་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ངག་གི་ རང་བཞིན་ལ་སོགས་ཀྱང་། །དེ་ལྟར་ལྷ་མོ་སངས་རྒྱས་དང་བཅས་ཡུལ་དང་ཡུལ་ཅན་རྣམས་ ནི་དཀྱིལ་འཁོར་དག་ལ་རིག་པར་བྱ། ༣༠། ༈ རྩ་རྣམས་སྟོང་ཕྲག་དྲུག་ནི་ཉིན་མོར་བྱེད་པས་བསྒྱུར་བ་མངལ་གྱི་དབུས་དག་ཏུ་ཡང་ འཕེལ་བ་ནི། །བྱས་ནས་ལོ་ནི་རྫོགས་པ་ན་ཡང་གཏོང་ཏེ་རི་བོང་འཛིན་པའོ་ཉི་མ་དག་ཀྱང་ འཕེལ་བར་བྱེད། །ལོ་ནི་བཅུ་གཉིས་དག་ན་ཉིན་བྱེད་ཁམས་ནི་འཕེལ་བ་གཏོང་སྟེ་རང་གི་ ལུས་པོ་དག་ལ་འོ། །རྩ་ནི་ཆད་པ་རབ་ཏུ་སྐྱེ་ནས་ཉིན་ཞག་ཉིན་ཞག་དག་ལ་རིམ་པས་ཟུང་གི་ གྲངས་སུ་འགྱུར། ༣༡། ༈ དཔལ་ལྡན་འབྱུང་བ་དང་ནི་དབང་པོ་རྣམས་དག་བཅུ་རུ་རབ་འགྱུར་ལས་ཀྱི་དབང་ པོ་ལྔ་རྣམས་དང་། །དེ་ཙམ་ལྔ་རུ་བརྗོད་པ་རྣམས་དང་ཡོན་ཏན་རྣམས་དང་བཅས་པའི་ཡིད་ དང་བློ་དང་ངར་འཛིན་མཆོག །དེ་ཉིད་འདི་རྣམས་ལུས་ལ་སྲིད་པ་གསུམ་གྱི་གནས་སུ་འདི་ རྣམས་ཁྱབ་བདག་ལོངས་སྤྱོད་ཏེ[དེ]། །ཕུང་པོ་ལྔ་ཡི་བདག་ཉིད་རྣམ་གསུམ་སྲིད་པ་ལ་ གནས་བདག་གི་ལས་ནི་བསགས་པ་དག་གི་འོ། ༣༢ ། ༈ ས་ནི་སྲ་བ་ཆུ་ནི་གཤེར་བ་མེ་ཡང་དྲོ་བ་རླུང་ནི་ཡང་བ་ཉིད་དོ་བུག་པ་ནི། །སྟོང་པ་ དག་སྟེ་བརྟན་པའི་རུས་པ་འཆི་མེད་རི་བོ་མཆོག་དང་ཆར་པ་འདིར་ནི་བདུད་རྩིར་འགྱུར། ། རྡོ་རྗེ་སྒྲ་དང་གཞུ་ཡང་བཤང་བ་ཆུ་ཚོད་རྣམས་ནི་དབུགས་འཇུག་པ་དང་དབུགས་འབྱུང་ ཟུང་དག་གོ། ཟུང་རྣམས་དགུ་བརྒྱ་ཉིས་འགྱུར་རྣམས་ཀྱིས་འཕོ་བ་གཅིག་སྟེ་སྐར་རྩིས་པ་ 1-1-132 རྣམས་བུག་པའི་དབྱེ་བ་འོ། ༣༣། ༈ རྒྱུ་སྐར་རྣམས་ནི་སོ་ཡི་ཕྲེང་བ་རྗེས་སུ་ཉིན་ཞག་ཆུ་ཚོད་རྣམས་ནི་ཚིགས་ཀྱི་དབྱེ་བར་ འགྱུར། །རྩ་རྣམས་ཆུ་བོ་རྒྱུ་མ་སྤྲིན་ཏེ་རི་བོང་ཅན་གྱི་ཆ་གཞན་ཁམས་རྣམས་གཉིས་ཀྱི་རང་ བཞིན་ནོ། ། ༈ སྤུ་དང་ཤིག་དང་སྲིན་བུ་ཁུ་བའི་རིགས་དང་བཅས་པ་རྣམས་ནི་འབྱུང་པོའི་སྐྱེ་གནས་ རྣམ་པ་བཞི། །དགའ་བ་ལ་སོགས་མཐེ་བོ་ཚིགས་རྣམས་སྤྱི་བོའི་པད་མ་ལྟེ་བའི་པད་མ་དག་ ཀྱང་ནུས་པ་འོ། ༣༤། ༈ ཚངས་པའི་སྒོང་ང་མཐོ་རིས་འཇིག་རྟེན་ལག་མཆོག་རྐང་པ་དག་ནི་མི་ཡུལ་ས་འོག་ འཇིག་རྟེན་ནོ། །ཆུ་གཏེར་གླིང་དང་རི་བོ་རྣམས་ནི་གཤེར་དང་འཇམ་པ་སྲ་བ་གསུམ་གྱི་ རང་བཞིན་ཁམས་རྣམས་སོ། །ལན་ཚྭའི་ཆུ་གཏེར་གཅི་བ་འདི་དག་རྣམས་ཀྱི་མེ་རླུང་དཀྱིལ་ འཁོར་རྒྱལ་པོ་ཁྲག་དང་ལྤགས་པ་འོ། །སྤུ་རྣམས་གྲུབ་པ་མཐའ་དག་སྲིད་པ་གསུམ་གྱི་ གནས་སུ་དུ་མའི་དབྱེ་བ་དག་གིས་གྲུབ་པ་འོ། ༣༥ ། ༈ སྙིང་མགྲིན་ལྟེ་བའི་པད་མ་དག་ལ་རྡོ་རྗེ་ཉི་མ་རྩེ་མོ་ཅན་རྣམས་རབ་འཕྲོ་རིམ་པ་ ཡིས། །གཞུ་ཡི་རྣམ་པ་ཟླུམ་པོ་དང་ནི་ཉིན་བཞིན་སྲེག་བྱེད་ཆུ་གཏེར་ཟུར་གྱི་ཐབ་ཁུང་དག་ ལ་ཡང་། །དེ་རྣམས་གོང་ན་མེ་གཞན་དྲི་མེད་འོད་ཟེར་འཕྲོ་བ་ཡེ་ཤེས་སྐུ་ནི་མུན་པ་དག་གི་ མཐར། །གང་ཞིག་ཉི་མ་གློག་གིས་མི་གདུང་རི་བོང་འཛིན་དང་གཟའ་དང་སྐར་མ་ལ་སོགས་ མེད་པ་ནའོ། ༣༦ ། ༈ རེས་གཟའ་སྙིང་ཁའི་པད་མ་ལ་སྟེ་རབ་ཏུ་གསལ་བྱས་ཆུ་ཚོད་དྲུག་བཅུ་[ཅུ་]ལྟེ་བའི་ པད་མ་ལ། །སྨིན་མའི་དབུས་སུ་ཉིན་ཞག་རྐང་པ་མ་ནུ་སླར་ཡང་མི་བདག་ལོངས་སྤྱོད་འཁོར་ ལོར་སྐར་མ་འོ། །སླར་ཡང་ལྟེ་བའི་པད་མར་རྒྱུ་སྐར་རྣམས་ཀྱི་ཆུ་ཚོད་རྣལ་འབྱོར་ལྡན་པ་ 1-1-133 དག་གིས་རིག་པར་བྱ། །ཆུ་ཚོད་ཆུ་སྲང་གསལ་བར་མཐའ་དག་ལུས་ལ་ལག་པ་རྐང་པ་ལ་ སོགས་དག་གི་ཚིགས་ལ་འོ། ༣༧ ། ༈ ལྟེ་བའི་ཆུ་སྐྱེས་ཉི་མའི་འདབ་མ་དག་ལ་འཁོར་ཏེ་མཆོག་གི་ཆ་ནི་འཕོ་བ་རིམ་པས་ སོ། །སྲོག་ཟུང་དགུ་བརྒྱ་ཉིས་འགྱུར་རྣམས་ཀྱིས་འཕོ་བར་འགྱུར་ཏེ་དུས་སྦྱོར་ཀར་ཀ་ཊ་ནས་ མི་ཡི་དབང་། །དུས་སྦྱོར་གང་ལ་ཉི་མ་གནས་པས་ཉིན་དང་མཚན་མོར་འཁོར་བ་དེ་ལ་དེ་ནི་ རིག་པར་བྱ། །དུས་སྦྱོར་ཚད་དང་བུ་ལོན་ནོར་ནི་མཉམ་པ་དག་ཀྱང་བགྲོད་པ་གཡས་དང་ གཡོན་ལ་ཤེས་པར་བྱ། ༣༨ ། ༈ རེ་རེ་པད་མའི་འདབ་མ་དག་ལ་རབ་ཏུ་འབབ་སྟེ་ནུབ་ཏུ་འཛིན་མ་དང་ནི་བྱང་དུ་ཆུ། ། ལྷོ་རུ་མེ་དང་ཤར་དུ་རླུང་ནི་རབ་ཏུ་འབབ་སྟེ་འདབ་མའི་དབུས་དག་ཏུ་ཡང་སྟོང་པ་འོ། །དབྱེ་ བ་ལྔ་ཡིས་འཕོ་བར་འགྱུར་ཏེ་མཉམ་པ་རབ་ཏུ་འབབ་པ་དམན་པའི་དབུགས་ནི་དྲུག་བཅུ་ [ཅུ་]འོ། །དེ་ལྟར་འཕོ་བའི་དབྱེ་བ་རྣམས་ནི་ཉིན་ཞག་སོ་སོའི་དུས་སུ་དུས་སྦྱོར་དབྱེ་བ་དག་ གིས་འགྱུར། ༣༩ ། ༈ སྟོང་པ་ལ་སོགས་དེ་ཉིད་ལྔ་ནི་ངེས་པར་གཡོན་དུ་རབ་འབབ་ས་ལ་སོགས་པ་གཡས་ སུ་འོ། །སྒྲ་གཅན་དུས་མེ་ཟླ་བ་ཉི་མ་དག་དང་གཟའ་ལག་ས་སྐྱེས་ལྷ་མིན་བློན་པོ་བླ་མ་དང་། ། མཇུག་རིངས་སྤེན་པ་འདི་བཅུ་རྣམས་ནི་ནམ་མཁའ་ལ་སོགས་དཀྱིལ་འཁོར་རྣམས་ལ་ བདག་པོ་ཞིང་ཅན་ནོ། །ཟླ་བ་དྲུག་ལ་ཟླ་བ་དབང་ཕྱུག་ཏུ་འགྱུར་བྱང་དག་ཏུ་སྟེ་མི་བདག་ལྷོ་ རུ་ཉི་མ་འོ། ༤༠ ། ༈ དེ་སྟེང་སྙིང་ཁའི་ཕྱོགས་སུ་པད་མ་ནོར་གྱི་འདབ་མ་དག་ལ་རྩ་ཡི་འཁོར་ལོ་ཡང་དག་ གནས། །སྲོག་ལ་སོགས་པ་རླུང་གི་ཚོགས་ཏེ་ཟླ་བ་ཉི་མ་མེ་རྣམས་གཡོན་དང་གཡས་དང་ དབུས་སུ་འོ། །གཡོན་དུ་རྩ་ནི་རི་བོང་མཚན་མ་འབབ་སྟེ་ངེས་པར་དཀར་པོ་གཡས་སུ་དམར་ 1-1-134 པོ་ཉི་མ་འོ། །དབུས་སུ་དུས་མེའི་རང་བཞིན་རབ་ཏུ་འབབ་སྟེ་མཉམ་པ་དག་ལ་དམན་པའི་ དབུགས་ནི་དྲུག་བཅུ་[ཅུ་]འོ། ༤༡། སྲོག་དང་ཐུར་སེལ་མཉམ་གནས་པད་མ་ནོར་གྱི་འདབ་མ་ དག་ལ་རླུང་ནི་གྱེན་དུ་རྒྱུ་བ་དང་། །ཁྱབ་བྱེད་ཀླུ་དང་རུས་སྦལ་དག་དང་རྩངས་པའི་རླུང་དང་ ལྷ་སྦྱིན་དང་ནི་ནོར་ལས་རྒྱལ་ཞེས་པ། །རླུང་ནི་རྣམ་པ་བཅུ་པོ་འདི་རྣམས་རྩ་ཡི་འཁོར་ལོ་ ལ་ནི་ལས་ཀྱི་དབྱེ་བས་ཡང་དག་གནས། །དུང་ཅན་མཐའ་ཡང་ཨི་ཊ་ལ་སོགས་རང་གི་སྙིང་ ཁའི་པད་མ་རྩ་ཡི་འཁོར་ལོ་མཐའ་དག་གོ༤༢། ༈ སྲོག་ནི་ཉི་མ་ཟླ་བའི་ལམ་ལ་གནས་པ་དག་ནི་སྲོག་བྱེད་གཟའ་དང་བཏུང་བ་མ་ལུས་ པ། །དེ་རྣམས་ཐུར་སེལ་གྱིས་ནི་འོག་ཏུ་འདྲེན་ནོ་མཐའ་དག་རོ་མཉམ་ལུས་ལ་མཉམ་གནས་ དག་གིས་འཐོབ། །ལུས་ལ་གྱེན་རྒྱུས་གཡོ་བར་བྱེད་དེ་ཁ་དང་ལག་པ་རྐང་པ་རྣམས་ཀྱིས་ གླུ་དང་ཟློས་གར་བྱེད། །ཁྱབ་བྱེད་ཀྱིས་ནི་ནད་དག་བྱེད་ཏེ་[དེ་]རང་བཞིན་ཡོན་ཏན་དབང་ གིས་ལུས་ནི་འཇིག་པ་དེ་ལྟ་ཉིད། ༤༣། ཀླུ་ཡང་སྒྲེགས་པ་ཉིད་ཏེ་[དེ་]གསལ་བར་ལག་པ་ རྐང་པ་བསྐུམ་པ་དག་ནི་རུས་སྦལ་རླུང་གིས་སོ། །ཁྲོ་དང་འཁྲུག་པ་མཐའ་དག་དེ་ནི་རྩངས་ པའི་རླུང་དག་གིས་ཏེ་གླལ་བ་དག་ཀྱང་ལྷ་སྦྱིན་གྱིས། །ལུས་ནི་ལྔ་པ་ཉིད་གྱུར་གཏོང་བར་ མི་བྱེད་མི་ཡི་བདག་པོ་རླུང་གཅིག་ནོར་ལས་རྒྱལ་བ་འོ། །དེ་ལྟར་སྲོག་ལ་སོགས་པའི་རླུང་ རྣམས་ཐམས་ཅད་རང་བཞིན་གྱིས་གནས་ཡོན་ཏན་དག་ནི་གཏོང་མི་བྱེད། ༤༤། ༈ དམར་སེར་ཕྲ་མོ་དག་ཀྱང་ཨི་ཊ་ལ་སོགས་རྣམ་གསུམ་ལམ་གནས་སྣར་མ་དང་ནི་ ལག་ལྡན་ལྕེ། །དྲུག་པ་རྒྱལ་དང་རི་ཡང་རྒྱལ་བ་ནོར་དང་དགུ་པ་ཨ་ལཾ་བུ་ཥ་དཔལ་ལྡན་ཀུ་ ཧཱ་འོ། །ཕྱོགས་ཀྱི་གྲངས་ནི་དུང་ཅན་མ་གང་མི་ཡི་བདག་པོ་བྱང་ཆུབ་ས་བོན་བདེ་བའི་མཐར་ ཟག་བྱེད། །དཔལ་ལྡན་རྩ་ཡི་འཁོར་ལོ་འདི་ནི་རྣམ་པ་མང་པོར་འགྱུར་ཏེ་ཚིགས་ཀྱི་དབྱེ་བ་ དུས་མས་སོ། ༤༥། 1-1-135 ༈ དབང་པོ་མེ་དང་གཤིན་རྗེ་ལྷ་མིན་ཆུར་བཅས་རླུང་དང་གནོད་སྦྱིན་དང་ནི་དྲག་པོ་ དག་གི་དབུས། །གནས་ནི་འདི་དག་རྣམས་སུ་དེ་ཡི་རང་བཞིན་བསྟེན་ཅིང་ནུས་པ་ཉིན་དང་ མཚན་མོར་འཁོར་བར་བྱེད། ། ༈ དེ་ཡི་སྟེང་གི་མགྲིན་པའི་ཕྱོགས་སུ་གཟའ་ཡི་ཚོགས་དང་བཅས་པའི་རྒྱུ་སྐར་འཁོར་ ལོ་ཡང་དག་གནས། །ཚངས་པའི་ཡུལ་ས་དཔལ་ལྡན་དཔྲལ་བ་དག་ནས་དབྱངས་ཀྱིས་ ཡོངས་སུ་བསྐོར་བའི་ཐིག་ལེ་དཀར་པོ་ཟག༤༦། ༈རྩ་བར་ས་ཏེ་གཡོན་དུ་ཆུ་དང་གཡས་ སུ་བསྲེག་ཟ་དག་ནི་རབ་ཏུ་འབབ་སྟེ་སྟེང་དུ་རླུང་། །གཉིས་ཀྱི་དབུས་སུ་ནམ་མཁའ་དང་ནི་ མཉམ་པ་རབ་ཏུ་འབབ་སྟེ་སྣ་བུག་དག་ལ་རིམ་པས་སོ། །འདི་དག་རྣམས་ནི་འབུགས་ཏེ་ ནུས་པ་མཆོག་གི་གནས་དང་བཅུ་གཉིས་མཐའ་དང་ཆ་ཡི་མཐའ་རུ་འགྲོ། ༈ ཞིང་ལ་སོགས་ པ་ལག་པ་རྐང་པ་ལག་པད་སྦྱར་བ་དག་ལ་མཐེ་བོའི་མཐར་ཐུག་མཐའ་དག་གོ། ༤༧། ། ༈ འཁོར་ལོ་ཅན་ནི་རང་གི་ལུས་ལ་རྡོ་རྗེ་ཅན་ཏེ་ལྷ་མཆོག་བདག་རྣམས་ཡན་ལག་བཅུ་ གཉིས་འགོག །རིགས་ལྡན་དག་ནི་ཡང་དག་ཡེ་ཤེས་གླང་པོ་རྟ་དང་ཤིང་རྟ་མངག་གཞུག་ འཕགས་པའི་ཚད་མེད་རྣམས། །དྲག་པོ་རང་རྒྱལ་མིང་ཅན་དུ་འགྱུར་ཧ་ནུ་མཱན་ནི་ཉན་ཐོས་ དག་སྟེ་གདུག་པ་ཀླ་ཀློའི་དབང་། །སྲོག་ཆགས་རྣམས་ཀྱི་སྡིག་པ་དག་སྟེ་གང་ཞིག་བྱེད་པའི་ བློ་གྲོས་སྡུག་བསྔལ་སྦྱིན་བྱེད་མི་དགེའི་ལམ། ༤༨། རྟ་ལ་གནས་པ་མ་རིག་པ་སྟེ་ལྷ་མིན་ དཔུང་རྣམས་མཐའ་དག་བདུད་ཀྱི་ཕྱོགས་ནི་རྣམས་པ་བཞི། །དེ་ཡི་གཡུལ་ལ་སྡུད་པ་སྲིད་ པའི་འཇིགས་པ་འཇོམས་པ་དག་སྟེ་དཔལ་ལྡན་རྒྱལ་བ་ཐར་པའི་ལམ། །ཀཻ་ལ་ཤར་ནི་ཆོས་ དག་སྦྱིན་པ་སྲིད་པའི་འཇིགས་འཕྲོག་ཡིན་ཏེ་ས་ནི་རྫས་ཀྱིས་གང་བ་ཡང་། །སྐབས་གསུམ་ པ་དང་མི་ཡི་བླ་མའི་སྲས་པོ་ཚངས་དང་ལྷ་དབང་དག་ནི་རྒྱབ་དང་མདུན་དུ་གང་། ༤༩། འཇམ་ དཔལ་འཇིག་རྟེན་མགོན་པོ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་དཔལ་ལྡན་རྡུལ་དང་བྱང་ 1-1-136 ཆུབ་སེམས། །རྒྱབ་ཏུ་ས་གཞི་དག་ལ་ཚངས་པ་ལ་སོགས་སྣ་ཚོགས་རིགས་རྣམས་དུ་མའི་ སངས་རྒྱས་རྣམ་དག་པ་འོ། །དེ་ལྟར་ཀླ་ཀློའི་དབང་པོའི་འཁྲུག་པར་འགྱུར་ཏེ་ངེས་པར་ལུས་ ཅན་རྣམས་ཀྱི་ལུས་ཀྱི་དབུས་སུ་འོ། །སྒྱུ་མའི་གཟུགས་ཀྱང་ཕྱི་རོལ་ཏུ་ནི་ངེས་པར་མ་ཁའི་ ཡུལ་དུ་ཀླ་ཀློ་འཁྲུག་སྟེ་འཁྲུག་པ་མིན། ༥༠། ༈ དུས་ཀྱི་ལོ་ནི་མེ་གྲངས་ལོ་ཡི་ཉིན་ཞག་ཚོགས་ཀྱིས་བསྒྱུར་ཏེ་རིགས་དྲུག་བགྲོད་པའི་ ཡན་ལག་གིས། །ཟླ་བའི་དབྱེ་བས་སུམ་ཅུ་དྲུག་སྟེ་རོ་ཡིས་བསྒྱུར་བའི་རོ་ནི་རྣལ་འབྱོར་མ་ རྣམས་དག་གི་རིགས། །རེས་གཟས་བཅད་ལས་ཐོབ་པ་རབ་ཏུ་གསལ་ཞིང་ངེས་པར་དུས་ ཀྱི་འཁོར་ལོ་དག་གི་ལྷ་རྣམས་སོ། །ཕྱོགས་ཀྱིས་བཅད་པ་དག་གི་ལྷ་དང་ལྷ་མོ་རྣམས་ཀྱིས་ མངོན་པར་བརྗོད་པར་འགྱུར་རོ་མི་ཡི་བདག༥༡། ༈ སྒྱུ་འཕྲུལ་དྲ་བ་རྣམ་པ་གསུམ་ཡང་ཉིན་ཞག་ཡན་ལག་ལས་འགྱུར་ཡང་དག་བུག་པ་ རིག་བྱེད་དང་། །སླར་ཡང་འབྱུང་བ་རྒྱ་མཚོ་མེ་དང་ཆུ་གཏེར་གྱིས་འགྱུར་དཔལ་ལྡན་འདུས་ པ་དུས་ཀྱི་དབྱེ་བ་ནི། །དེ་ཉིད་ཅེས་བྱ་གཞན་ཡང་དྲུག་གིས་རྣམ་དམན་དེ་དག་ཕྱེད་ཀྱི་དབྱེ་ བས་རྣམ་པར་ཕྱེ་བ་སྟེ། །སླར་ཡང་བསྲེས་པ་དག་ནི་དབྱེ་བ་གཉིས་ཏེ་བཅུ་གསུམ་བཅུ་དགུ་ དང་ནི་བུག་པ་དེ་ཉིད་བཅས། ༥༢། ༈ ཟླ་བའི་ཆ་ཤས་སུ་ངེས་ཉིན་ཞག་ཚོགས་ལས་རེས་གཟའི་ཆ་ཡིས་ཐོབ་པ་གང་དག་ ཉིན་ཞག་དྲུག །དེ་རྣམས་རྡོ་རྗེ་ཅན་གྱི་ཕྱག་རྒྱ་དྲུག་སྟེ་གཞན་པའི་ཉིན་ཞག་ཚོགས་ནི་སྐུ་ གསུང་ཐུགས་ཀྱི་རྒྱ། །ཤེས་རབ་སྐུ་ལ་དུས་སྦྱོར་གསུམ་རྣམས་ངེས་པར་གསལ་བྱས་རྣལ་ འབྱོར་མ་དང་རྣལ་འབྱོར་རྒྱུད་ལ་འོ། ། ༈ ནུས་མ་ཁྲོ་བོ་རྣམས་ནི་རིམ་པས་བཅུ་རུ་རབ་ཏུ་འགྱུར་ཏེ་ལྔ་ནི་སངས་རྒྱས་ལྷ་མོ་ རྣམས། ༥༣། གཟུགས་སོགས་མིག་ལ་སོགས་པ་དྲུག་སྟེ་སླར་ཡང་མི་ཡི་བདག་པོ་ལྷ་ཡི་ཚོགས་ 1-1-137 ནི་དྲུག་གཉིས་སོ། །རྣལ་འབྱོར་མ་དང་ཀླུ་དང་གཏུམ་མོ་བརྒྱད་ཅེས་བྱ་སྟེ་སྲིད་པར་འདི་ རྣམས་ཐམས་ཅད་ཉིས་འགྱུར་རོ། །འདི་རྣམས་དཔལ་ལྡན་དུས་ཀྱི་འཁོར་ལོ་བཞི་ལྷག་བརྒྱ་ སྟེ་དེ་ཡི་ཕྱེད་ཀྱང་ཁམས་གསུམ་དག་ཏུ་འོ། ། ༈ ཉི་མའི་ཆ་ལས་ཉིན་ཞག་སོ་སོར་ཆུ་ཚོད་འབྱུང་བ་གང་ཞིག་ཟླ་བའི་ནང་དུ་དྲུག་བཅུ་ [ཅུ་]སྟེ། ༥༤། དེ་རྣམས་མཐའ་དག་རྣལ་འབྱོར་མ་སྟེ་སྲིད་པ་གསུམ་གྱི་གནས་སུ་དུས་སྦྱོར་ བསྲེས་པའོ་ཉིས་འགྱུར་རྣམས། །ཉི་མའི་ཆ་ལས་ཉིན་ཞག་རབ་ཕྱེ་ཉིས་འགྱུར་དག་ཀྱང་ གང་ཞིག་འདིར་ནི་རྣལ་འབྱོར་མ་ཡི་ཚོགས། །མཐའ་དག་བསྡུས་པར་གྱུར་པ་མངོན་བརྗོད་ རྣམས་དང་བཅས་པ་ཉི་མའི་ཉིན་ཞག་སུམ་འགྱུར་དུ་ནི་འགྱུར། ། ༈ ཉི་མ་ལོ་ཡི་རབ་དབྱེར་འགྱུར་ཏེ་རི་བོང་འཛིན་པ་ལ་ནི་མཐའ་དག་ཕྱོགས་ཀྱི་དབྱེ་ བ་འོ། ༥༥། དེ་ལྟར་དང་པོའི་སངས་རྒྱས་རྒྱུད་ལ་མཁའ་ལག་མི་བདག་རྣམས་ཏེ་ལྷ་དང་ལྷ་མོ་ རྣམས་ཀྱི་ནི། །ཤེས་རབ་ཐབས་དག་མཚན་མོ་ཉིན་མོར་འགྱུར་བ་མཉམ་པའི་ཆ་སྟེ་མཚན་མོ་ ཕྱེད་དང་ཉིན་ཕྱེད་ལའོ། ། ༈ གང་གིས་རང་གི་ལུས་ལ་ཉིན་མཚན་དུས་དང་ཟླ་བ་འཕོ་བའི་དབྱེ་བ་དག་གིས་ཤེས་ གྱུར་པ། །དེ་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་སྲིད་པའི་འཇིགས་འཇོམས་སངས་རྒྱས་སྐྱེ་བ་ འདི་ཉིད་ཁོ་ན་ལའོ། ༥༦། ༈ སུམ་བཅུའི་[ཅུའི་]ཆ་ཡིས་དེ་ལས་ཐོབ་པ་གསུམ་གྱིས་བསྒྱུར་བ་ངེས་པར་དུས་ཀྱི་ འཁོར་ལོའི་ལྷ་རྣམས་དང་། །ཕྱི་རོལ་གྱི་ནི་ཕྱག་རྒྱ་དྲུག་སྟེ་སླར་ཡང་དེ་ལས་༈འཁོར་ལོ་དག་ གི་རྩ་རྣམས་དེ་བཞིན་ཉིད། །གཙུག་ཏོར་ལ་ནི་ཆུ་གཏེར་སྙིང་ཁར་བརྒྱད་ཏེ་[དེ་]སྤྱི་བོར་མི་ བདག་མགྲིན་པ་ལ་ཡང་སོ་ཡི་གྲངས། །ལྟེ་བར་བརྒྱད་ནི་བརྒྱད་ཀྱིས་བསྒྱུར་བ་དག་སྟེ་ཉིས་ འགྱུར་མི་བདག་གསང་བའི་དབུས་སུ་རབ་ཏུ་གྲགས། ༥༧། རྩ་དྲུག་རྣམས་ནི་འཁོར་ལོ་འགོག་ 1-1-138 ཅིང་བཅུ་ནི་ཡུལ་རྣམས་འཕྲོག་པ་འདུས་པ་དག་གི་རང་བཞིན་ཏེ། །སླར་ཡང་ཡང་ནས་ཡང་ དུ་ཉིས་འགྱུར་བསྒྱུར་བ་དག་ཀྱང་བད་ཀན་འཁྲིས་[མཁྲིས་]པ་དག་དང་རླུང་གི་ཆ། །འདི་ རྣམས་ངེས་པར་འཆི་བ་སྟེར་བྱེད་བླ་མའི་ངེས་པའི་དབང་གིས་ཚེ་དང་ནད་མེད་དག་ཀྱང་ སྟེར། །འཁོར་ལོ་དྲུག་ལ་དུས་ཀྱི་རྩ་རྣམས་འཆི་བའི་འཇིགས་འཕྲོག་རྣལ་འབྱོར་རྣམས་ཀྱི་ འདི་ལ་ངོ་མཚར་མེད། ༥༨། གཙུག་ཏོར་ལ་ནི་ཆུ་གཏེར་དཔྲལ་བར་རྒྱ་མཚོས་བསྣུན་པའི་དུས་ རྣམས་བད་ཀན་ཁམས་ནི་རབ་འཁྲུག་པའོ། །མགྲིན་པར་སོ་དང་སྙིང་ཁའི་ཆུ་སྐྱེས་དག་ལ་ མིག་གིས་བསྒྱུར་བའི་དུས་རྣམས་འཁྲིས་[མཁྲིས་]པའི་ཁམས་རབ་འཁྲུག །ལྟེ་བ་གསང་ བ་དག་ལ་ཆུ་གཏེར་དྲུག་བཅུ་[ཅུ་]མི་བདག་དག་ཀྱང་དེ་བཞིན་རླུང་གི་ཁམས་རབ་འཁྲུག། ། གསང་བར་གཞན་ནི་ཕྱོགས་དང་དྲུག་ཀྱང་རབ་ཏུ་གསལ་བྱས་ངེས་པར་འདུས་པ་དག་སྟེ་ འགོག་པའོ། ༥༩། ༈ དྲུག་གི་རྩ་ནི་འཁོར་ལོ་འགོག་པ་ཟླ་ཉི་མེ་ཡི་དབྱེ་བས་རྣམ་གསུམ་ལམ་ལ་གནས་ པ་གང་། །སྲོག་ཆགས་རྣམས་ལ་འཆི་བ་སྟེར་བ་དེ་ནི་བླ་མའི་ངེས་པའི་དབང་གིས་ལུས་ལ་ བསྲུང་བར་བྱ། །དྲུག་པོ་རྣམས་ལ་གལ་ཏེ་སྲོག་ནི་རབ་ཞུགས་གྱུར་ན་དེ་ཚེ་མི་རྣམས་འཆི་ བས་འཇོམས་པར་ངེས། །ཕྲ་མོ་ལ་ནི་མ་ཞུགས་པ་ན་རྣལ་འབྱོར་རྣམས་ཀྱིས་འཆི་བའི་ཡུལ་ ནི་གང་དུ་གཅོད་པར་བྱེད།། ༦༠ །། ༈ སྲོག་ནི་གལ་ཏེ་རྩ་གཅིག་ཉིད་ལ་ཉིན་དང་མཚན་མོར་འབབ་ན་འཚོ་བ་དག་ནི་དུས་ ཀྱི་ལོ། །གལ་ཏེ་ཕྱོགས་གཅིག་རྣམ་པར་མ་ཆད་འབབ་ན་མི་རྣམས་ཀྱི་ནི་འཚོ་བ་ཕྱེད་དང་ བཅས་པའི་ལོ། །ཟླ་བ་གཅིག་ཏུ་རྣམ་པར་མ་ཆད་འབབ་ན་མི་ཡི་བདག་པོ་འཚོ་བ་དག་ཀྱང་ ཟླ་བ་གསུམ། །དེ་ལྟར་རྣལ་འབྱོར་པས་ནི་རང་ལུས་དག་ལ་ཟླ་བགྲོད་འཆི་བ་དུས་ཀྱི་འཁོར་ ལོར་ཤེས་པར་བྱ། ༦༡ ། 1-1-139 ༈ ལྔ་ནས་ཉིན་ཞག་ཉི་ཤུ་རྩ་ལྔར་བགྲོད་ཅིང་སྐྱེ་བ་ལྔ་ལྔ་ཡིས་ནི་སྐྱེ་ཞིང་འཕེལ་བ་སྟེ། ། དེ་ནས་རེ་རེ་ལྷག་པས་བཅུ་ནི་གསུམ་གྱིས་བསྒྱུར་བ་དག་ཀྱང་གསུམ་ནི་ལྷག་པ་ཇི་སྲིད་ ཉིད། །དུས་ནི་རྫོགས་ནའོ་ལོ་རྣམས་གསུམ་མིག་ཟླ་བ་དེ་དག་རྣམས་དང་དྲུག་གསུམ་ཟུང་ དང་ཟླ་བ་གང་། །ཟླ་བ་དེ་དག་རྣམས་དང་ཉིན་ཞག་ཚེས་ཕྱོགས་མདའ་དང་ཡོན་ཏན་གཉིས་ ཟླ་འཚོ་བའི་ལྷག་མ་འོ། ༦༢ ། ༈ རང་གི་གནས་ནས་མཆོག་གི་ཆ་ཡིས་ཁྱིམ་གྱི་འཁོར་ལོ་འདོར་ཏེ་ཉམས་དང་ལྷག་ མ་མཚུངས་པ་ཡི། །ལོ་དང་ཟླ་བ་ཞག་གིས་ཀྱང་སྟེ་གསུམ་མིག་རི་བོང་ཅན་དང་དྲུག་གསུམ་ ཟུང་དང་ཟླ་བས་ཀྱང་། །རྫོགས་པ་ནས་ནི་ལྷག་མ་མཚུངས་པའི་ཚེས་ཕྱོགས་མདའ་དང་ཡོན་ ཏན་རྣམས་དང་ལྟེ་བར་རབ་ཞུགས་པའི། སུམ་བཅུ་[ཅུ་]རྩ་དྲུག་གིས་ཏེ་ཉིན་ཞག་མཐར་ནི་ ཉིན་མོར་བྱེད་པའི་འཆི་ལྟས་སྦྱོར་བས་འཆི་བར་འགྱུར། ༦༣ ། ༈ སྔོན་དུ་ཉི་མ་ལོ་གསུམ་དག་གི་ཉིན་ཞག་ཚོགས་ནི་མདའ་དང་མེ་དང་འཇིག་རྟེན་ འདོར་བར་བྱེད། །དེ་ནས་རྒྱུ་བ་དང་བཅས་མདའ་དུས་རྩེ་མོ་ཅན་དང་མཁའ་རི་ཟླ་བ་དག་ ནི་གསུམ་པ་ལའོ། །མིག་ཀླུ་རི་བོ་མདའ་དང་ནོར་དང་ལག་པ་གཞན་ཏེ་བདུན་པ་ལ་ནི་རྒྱུ་ བ་དག་ཀྱང་ངོ་། །དེ་ནས་ཚེས་ལ་སོགས་པའི་ཉིན་ཞག་ཚོགས་པ་ཐམས་ཅད་དག་ཀྱང་གང་ ཞིག་ལྟེ་བ་ཇི་སྲིད་ཉིད། ༦༤ ། ༈ དུས་ཀྱི་ལོ་ཡི་བར་དུ་ངེས་པར་ཉིན་ཞག་བགྲོད་པའི་དབང་གིས་འཕོ་ཞིང་རྒྱུ་བར་ བྱེད་པ་སྟེ། །ཟླ་བ་ཞེས་དང་ཉི་མའི་ལམ་ལ་མི་མཉམ་མཉམ་པའི་ཉིན་ཞག་རེ་རེ་འཕེལ་བས་ རིམ་པས་སོ། །སླར་ཡང་འཕོ་བའི་དབྱེ་བ་མི་མཉམ་མཉམ་པའི་ཉིན་ཞག་རྣམས་ཀྱིས་བཅུ་ གཉིས་རྩིབས་ལ་བྱེད་པ་སྟེ། །ཕྱེད་དང་བཅས་པའི་ཟླ་བ་ཇི་སྲིད་གཞན་ནི་སུམ་ཅུ་དག་དང་ འཚོ་བ་དག་གི་ཉིན་ཞག་གསུམ། ༦༥ ། 1-1-140 ༈ དབུགས་དང་ཆུ་སྲང་དང་ནི་ཆུ་ཚོད་ཉིན་མཚན་དུས་རྣམས་དེ་ནི་རིམ་པ་དག་གིས་རྒྱུ་ བ་སྟེ། །བགྲོད་པའི་ཡན་ལག་ལས་ནི་ལོ་བདུན་རྣམས་ཀྱིས་བགྲོད་པ་འགྲོ་བའི་དབང་ལས་ ལོ་ནི་དྲུག་ཅུས་ཀྱང་། །ཟླ་བ་གསུམ་ལས་སུམ་ཅུའི་ལོ་ཡིས་ཉིན་ཞག་བགྲོད་པའི་དབང་ལས་ དུས་ཀྱི་ལོ་དང་ཕྱོགས་ཀྱིས་ཀྱང་། །༈ དུས་ཀྱི་འཁོར་ལོ་དག་ལས་བྱེད་བཅས་སུམ་ཅུ་གཉིས་ ཀྱིས་བགོས་པའི་ཉིན་ཞག་ཚོགས་ཀྱིས་རྒྱུ་བར་འགྱུར། ༦༦། ༈ ཕྱོགས་དང་ཕྱོགས་ལ་རྩ་ནི་དགུ་ཡིས་བསྣུན་པའི་ལག་འགྲོ་ལྟེ་བའི་འཁོར་ལོ་དག་ ལ་གཅོད་པར་བྱེད། །ལས་ཀྱི་འཁོར་ལོ་བྱ་བ་ཞེས་བྱའི་ཚིགས་ལས་ཉིན་ཞག་རྩེ་མོ་ཅན་གྱིས་ རྩ་ནི་རེ་རེ་འདོར། །༈མགྲིན་པ་དག་ལས་རྒྱུ་སྐར་རྩ་ནི་ཉིན་དང་ཉིན་ལ་ཟླ་བའི་ནང་དུ་རིམ་ པས་འདོར་བ་སྟེ། །ཐིག་ལེར་གནས་པ་ཟླ་བའི་རྐང་པ་ཕྱོགས་ཀྱི་ནང་དུ་འདོར་ཏེ་གཟའ་ཡི་ རྩ་དང་གསང་བར་གནས། ༦༧ ། ༈ སྡེ་པ་དབྱངས་དང་བཅས་པ་རྣམས་ལས་ཉིན་མོར་བྱེད་པ་ཁྱིམ་གྱི་དབྱེ་བས་བགྲོད་ པར་རྒྱུ་བ་སྟེ། །ཕྱི་ནས་རེ་རེ་ལྷག་པས་ཉིན་དང་ཉིན་ལ་ལྡོག་པར་འགྱུར་ཏེ་དུས་ཀྱི་ལོ་ནི་ཇི་ སྲིད་ཉིད། །༈ ལོ་ནི་ཆད་ན་ཕྱོགས་ཀྱི་ནང་དུ་དབྱངས་ཀྱི་ཉིན་ཞག་དབང་གིས་རྒྱུ་བ་དང་ནི་ ཟད་པ་ཡང་། །ཉིན་དང་མཚན་མོའི་དུས་སུ་དབུགས་ནི་འབྱུང་དང་འཇུག་པ་ཉམས་པ་འཚོ་ བ་དག་ནི་ཉིན་ཞག་གཅིག ༦༨ ། ༈ ལྟེ་བ་མགྲིན་པ་དཔྲལ་བ་རང་གི་སྙིང་ཁའི་པད་མ་དག་ལ་རྩ་ནི་ལྷག་མ་དང་བཅས་ པའོ། །ཉི་མ་རོ་དང་མེ་དག་གནས་ཏེ་རང་གི་སྙིང་ཁའི་པད་མར་ཕྱེད་བཅས་རྩ་ནི་དེ་བཞིན་ ཉིད། །ལག་པ་རྐང་པའི་ཚིགས་ལ་ཚེས་ཀྱིས་བསྒྱུར་བའི་དུས་རྣམས་ཉིན་ཞག་དྲུག་ནི་ཇི་ སྲིད་ཉིད་དུ་སྟེ། །མཐར་ནི་ཀུན་ཏུ་ཕྲ་མོ་རབ་ཏུ་འབབ་སྟེ་ཉིན་ཞག་སྙིང་གི་ཆུ་སྐྱེས་ཡང་དག་ གཏོང་བར་བྱེད། ༦༩ ། 1-1-141 ༈ སུམ་ཅུ་དྲུག་གི་སྟོང་ཕྲག་དྷུ་བརྒྱའི་ཉིན་ཞག་ཚོགས་རྣམས་དག་གིས་དུས་ཀྱི་རྩ་ནི་རྒྱུ་ བ་སྟེ། །ཉིན་མཚན་དུས་ལ་ཉི་མ་ཟླ་བས་རང་རང་རྒྱུ་བ་དག་གིས་གང་གང་རྫོགས་པར་མི་ ནུས་པ། །ཉི་མའི་ཉིན་ཞག་ཉི་མའི་རྒྱུ་བ་ལ་ཡང་བུ་ལོན་དུ་འགྱུར་དེ་ཕྱེད་ཟླ་བའི་རྒྱུ་བ་ལའོ། ། རྒྱུ་སྐར་ཉིན་ཞག་རབ་ཏུ་དབྱེ་བས་འཆི་བའི་ཉི་ཟླ་རྒྱུ་བ་སྟོང་པའི་ཟླ་བ་དག་ལ་འོ། ༧༠ ། ༈ སྲོག་ནི་ལུས་ལ་ལྷག་པ་གང་ཞིག་རབ་གསལ་མཚམས་སུ་རིག་བྱེད་རྐང་ཆད་ཀྱིས་ དམན་དྲུག་ཅུ་སྟེ། །འཕོ་བའི་དབྱེ་བ་དག་གིས་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་རྩ་ནི་ ཟུང་དག་ངེས་པར་འཇོམས། །ཡང་དང་ཡང་དུ་ལོ་ཡི་དབུས་སུ་ཉི་ཟླ་རྒྱུ་བ་དག་ལས་སྟོང་པ་ མིག་དང་རི་ཡི་གྲངས། །དེ་ལྟར་རང་རང་ཚད་ཀྱི་ལོ་བརྒྱ་དག་གིས་ལྷ་མི་རྣམས་ཀྱི་རང་གི་ཚེ་ ལ་དུས་བགྲོད་དོ། ༧༡ ། ༈ ཟོས་དང་ནད་དང་བསྣུན་པ་གལ་ཏེ་རེས་འགའ་མི་རྣམས་ལ་ནི་དུས་ཀྱི་རྩ་ལ་གྱུར་ པ་ན། །གཞི་དེ་ཡིས་ནི་འཕྲལ་ལ་མྱུར་བར་རྩ་བའི་འཁོར་ལོ་རྣམས་ལ་དུས་ནི་རབ་ཏུ་འཇུག་ པར་འགྱུར། །འཁོར་ལོ་དག་གི་རྩ་འདི་འགོག་སྟེ་ཉི་མ་རི་བོང་ཅན་གྱི་བགྲོད་པ་བཅད་ནས་ རིམ་པ་ཡིས། །དབུ་མར་ཕྲ་མོ་ལ་ནི་རྟེན་[བརྟེན་]པ་གང་ཞིག་འཕྲོག་པ་མི་བདག་སྲོག་ ཆགས་རྣམས་ཀྱི་འཚོ་བ་འོ། ༧༢ ། ༈ སྙིང་ཁའི་པད་མ་དཔལ་ལྡན་དཔྲལ་བར་འབྱུངབ་ཕྱོགས་དང་ཉིན་ཞག་ཅེས་བྱ་ཟླ་ བའི་རྐང་པ་རྒྱུ། །ལོངས་སྤྱོད་ལྟེ་བའི་འཁོར་ལོ་དག་ལ་དགུ་ལྡན་བཅུ་དང་དྲག་པོ་ཟུང་དང་ རྒྱལ་བ་ཞེས་བྱ་དང་། །དེ་ཉིད་ཅེས་བྱ་ཞག་བདུན་ནས་ནི་སླར་ཡང་རི་བོང་མཚན་མ་གང་ འདི་རིམ་པ་མིན་པས་འདོར། །ཐིག་ལེ་གང་བའི་རང་བཞིན་གྱིས་ཏེ་དཀར་པོའི་ཕྱོགས་ལ་ ནོར་གྱི་ཆེད་དུ་སྙིང་ཁར་རབ་ཏུ་འཇུག༧༣། སླར་ཡང་ནག་པོ་དག་ལ་དེ་བཞིན་འགྲོ་སྟེ་རྐང་ པའི་དབང་གིས་ལྟེ་བའི་པད་མ་དག་གི་བར། །སྙིང་ཁ་དེ་བཞིན་མགོ་བོར་རྩིབས་བརྒྱད་ 1-1-142 རྩིབས་བཅུ་དྲུག་པ་ནག་དང་དཀར་བ་དག་གི་ཆུ་སྐྱེས་མིང་། །མགྲིན་པ་ལྟེ་བ་དག་ལ་སུམ་ཅུ་ རྩ་གཉིས་རྩིབས་དང་ཉིས་འགྱུར་གཞན་ཏེ་དམར་དང་སེར་པོ་འོ། ། ༈ བརྒྱད་པ་གཉིས་ནི་ལྟེ་བ་མགྲིན་པ་ལ་སྟེ་མགོ་དང་སྙིང་ཁ་ལ་ཡང་དཀར་ནག་རྫོགས་ པ་འོ། ༧༤། ཧ་ཡ་ར་ཝ་ལར་ལྡན་ཨ་སོགས་སུམ་བཅུའི་[ཅུའི་]དབྱངས་གང་ཐིག་ལེ་དཔལ་ ལྡན་རྣམ་པར་བཅད་པ་ཡིས། །ཕྱེ་བ་དྲུག་བཅུར་[ཅུར་]འགྱུར་ཏེ་དེ་དག་དུས་དང་མི་བདག་ ནོར་དང་སོ་རྣམས་གེ་སར་རྩེ་མོ་ལ་འོ། །༈ ཐིག་ལེའི་རྣམ་པ་དང་ནི་རྣམ་པར་བཅད་པས་ པད་འདབ་མཆོག་ལ་ཀ་སོགས་སྡེ་རྣམས་རྣམ་ཕྱེ་བ། །ཉི་ཤུ་དང་ནི་བརྒྱ་ཕྲག་གཅིག་ཀྱང་ཐུན་ གྱི་བགྲོད་པའི་དབང་གིས་ཉི་མ་རྒྱུ་ཞིང་ཉམས་པར་བྱེད། ༧༥ ། ༈ ཕྱོགས་ལ་ཟླ་བ་རང་གི་རྒྱུ་བས་ཉིན་ཞག་ཅེས་བྱའི་རྐང་པ་དག་ཀྱང་བུ་ལོན་དག་ ཏུ་བྱེད། །སླར་ཡང་ཟླ་བ་གཉིས་ཀྱིས་གཞན་པ་དག་ཀྱང་ཉིན་ཞག་ལོ་ཡི་སྦྱོར་བ་དག་ལས་ འཕེལ་བ་ནི། །རྫོགས་པའི་ལོ་ལ་ཉིན་ཞག་དྲུག་ཏུ་འགྱུར་ཏེ་གཞན་ཡངདེ་བཞིན་འཆི་བ་དག་ གི་འཚམས་[མཚམས་]སུ་འཕེལ། །རྒྱལ་པོ་དེ་ལྟར་ཉི་མའི་བུ་ལོན་ཉིས་འགྱུར་འདི་ནི་ལོ་ཡི་ སྦྱོར་བ་དག་གིས་འཕེལ་བར་བྱེད། ༧༦ ། ༈ དབུགས་དྲུག་གིས་ནི་ཆུ་སྲང་གཅིག་ཏུ་རབ་ཏུ་འགྱུར་ཏེ་ཆུ་སྲང་དྲུག་བཅུ་[ཅུ་]ཡིས་ ཀྱང་ཆུ་ཚོད་དོ། །ཆུ་ཚོད་དྲུག་བཅུས་[ཅུས་]ཉིན་ཞག་ཏུ་འགྱུར་གསུམ་གྱིས་བསྒྱུར་བ་བཅུ་ཡི་ ཉིན་ཞག་དག་གིས་ཟླ་བ་གཅིག །ཟླ་བ་དྲུག་གིས་ཀྱང་ནི་བགྲོད་པར་འགྱུར་ཏེ་གཉིས་ཀྱིས་ བསྒྱུར་བའི་བགྲོད་པ་ལོ་གཅིག་ཏུ་རབ་གྲགས། །སྐྱེས་བུ་རྣམས་ཀྱི་ཚེ་ལོ་བརྒྱ་ལས་བུ་ལོན་ བགྲོད་པར་སོན་པ་དུས་ཀྱི་རྩ་ཡི་དབང་གིས་སོ། ༧༧ ། ༈ འཇིག་རྟེན་གསུམ་ན་ལྷ་མིན་ལྷ་མི་རྣམས་ལས་གང་ཞིག་རང་གི་ལུས་ལ་ཟླ་བ་ཉི་ མ་དག །རྫོགས་པར་ནུས་པའི་རྣལ་འབྱོར་ལྡན་པ་མེད་ཏེ་[དེ་]ཟླ་བས་རང་གི་རྒྱུ་བས་ཉིན་ 1-1-143 མཚན་རྒྱུ་བ་དང་། །སྲིད་པར་ལོ་ཡི་ནང་དུ་རིམ་པས་ཉི་མས་ཀྱང་ནི་རྒྱུ་སྐར་ཐམས་ཅད་རྒྱུ་བ་ མིན་པ་ཉིད། །ལོ་དང་ལོར་ནི་བུ་ལོན་དག་གིས་དེ་ནི་སྲིད་པ་ཟ་སྟེ་དུས་ཀྱི་འཁོར་ལོ་དཔའ་བོ་ གཅིག ༧༨ ། ༈ ཆད་པ་གལ་ཏེ་རྩ་གཅིག་ཡིན་ན་མི་ཡི་བདག་པོ་གཅི་བ་དག་ནི་སྐྱུར་བ་ཉིད་དུ་ འགྱུར། །དེ་ཙམ་རྣམས་ནི་ཉིན་ཞག་ལྔ་ནས་མཆོག་གི་ཆ་ཡིས་འདོར་ཏེ་གོང་བུ་འཆད་པའི་ དུས་སུ་འོ། །སྒྲ་ནི་རྣ་བ་ལ་སྟེ་རོ་ཡང་ངེས་པར་ཁ་ལས་འདོར་ཞིང་མིག་འབྲས་མིག་གི་དབུས་ ནས་སོ། །དྲི་ནི་སྣ་ལས་མི་རྣམས་དག་གི་ལག་པ་རྐང་པའི་ལུས་ལས་དྲོ་བའི་དངོས་པོ་རིམ་པ་ ཡིས། ༧༩ ། ༈ སྣ་ཡི་རྩེ་མོ་འཕྱང་བ་དང་ནི་སྤྱི་བོར་ལག་པ་བཞག་པ་དེ་ཡི་རང་བཞིན་དག་ཏུ་མཐོང་། ། ལག་པ་གཉི་གའི་འཐིལ་[མཐིལ་]ལ་རྒྱ་སྐྱེགས་ཚོན་གྱིས་རབ་ཏུ་བྱུགས་ཀྱང་དམར་པོ་ཉིད་ དུ་བྱེད་མ་ཡིན། །ཉི་མ་ཁ་དོག་ནག་པོ་དང་ནི་ཡོངས་སུ་གྱུར་པའི་རི་བོང་འཛིན་པ་ཁ་དོག་ སེར་པོར་མཐོང་། །གཅི་བ་དང་ནི་ལུས་ཀྱང་བསིལ་བར་གྱུར་ན་ཉིན་ཞག་དེ་ལ་འཆི་བ་ཉིད་ དོ་མི་ཡི་བདག༨༠། ལྕེ་འོག་ནག་པོའི་ཐིག་ཏུ་རབ་ཏུ་འགྱུར་ཏེ་མིག་ལ་ཚངས་པའི་རི་མོ་ཤིན་ དུ་[ཏུ་]ཕྲ་མོ་དང་། །དབུགས་ནི་ཟླ་བ་ཉི་མའི་ལམ་དུ་འཕྲོ་སྟེ་མི་ཡི་བདག་པོ་འཁུར་[མཁུར་] ཚོས་གཉིས་པོ་དེ་བཞིན་ཉིད། །ནུ་མའི་སྟེང་ནི་མཆན་ཁུང་དུ་ཞུགས་གཟའ་ཡི་ཚོགས་རྣམས་ མཐའ་དག་མེ་སྟག་དག་དང་བཅས་པར་མཐོང་། །མགྲིན་པ་ལུས་དང་བཅས་པ་རེངས་ཤིང་ འཁོར་བ་ཡང་ནི་ལུས་ལ་འཆི་བའི་མཚན་ཉིད་དག་ཏུ་འདོད།། ༨༡ །། ༈ སྐྱེ་བ་དང་ནི་བཙའ་བའི་དུས་དང་བྱིས་པ་གཞོན་ནུ་དག་གི་གཟུགས་ནི་བྱེད་པ་གང་ ཡིན་པ། །དེ་ཉིད་འཇིག་རྟེན་དག་ཏུ་སླར་ཡང་སྡུད་པར་བྱེད་པ་དུས་ཀྱི་འཁོར་ལོ་ཅན་ཏེ་ཉི་ མ་མིན། །ཟླ་བ་ཉི་མ་ལ་སོགས་ལྷ་རྣམས་འབྱུང་བ་དང་བཅས་མཚན་མོའི་ཆ་ལ་བཅོམ་ལྡན་ 1-1-144 དེ་ཡིས་འཛིན། །སླར་ཡང་ཉིན་མོའི་དུས་སུ་མཐའ་ཡས་རྣམས་ཀྱང་གཏོང་བར་བྱེད་ཏེ་[དེ་] སྐྱེད་པའི་རྒྱུར་ནི་རིམ་པས་སོ། ༨༢ ། ༈ སྒྲ་ལ་སོགས་པ་དྲུག་པོ་རྣམས་ཀྱི་ལས་སུ་འགྱུར་ཏེ་དབང་པོ་དྲུག་པོ་དག་ཀྱང་བྱེད་ པ་འོ། །ལོ་དང་ཟླ་བ་ཕྱོགས་དང་ཉིན་དང་མཚན་མོ་ཚེས་དང་ཟླ་བ་ཉི་མ་དག་ཀྱང་བྱེད་པ་འོ། ། དེ་རྣམས་སྡུད་པའི་བྱེད་པོ་འདིར་ནི་གཞན་འགྱུར་སྐྱེད་པའི་བྱེད་པ་པོ་ནི་བྱེད་པ་པོ་མ་ཡིན། ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་བྲལ་ཡོན་ཏན་མེད་ལ་རང་བཞིན་མེད་པ་ འོ། ༨༣ ། ༈ དྲི་དང་ཁ་དོག་དང་ནི་རོ་དང་རེག་བྱ་ཞེས་དང་འཛིན་མ་དང་ནི་ཆུ་དང་མེ་དང་རླུང་། ། ངེས་པར་གཟུགས་ཅན་བརྒྱད་པོ་རྣམས་ནི་མཐའ་དག་ཡུལ་གྱི་ཚོགས་པ་དག་སྟེ་གཅིག་ནི་ གཙོ་བོར་འགྱུར། །འཇིག་རྟེན་གསུམ་པོ་མཐའ་དག་འདི་ནི་སྤྲོ་བ་དག་དང་སྡུད་པར་འགྱུར་ ཏེ་དུས་ཀྱི་མཐུ་ལས་སོ། །སྒྲ་དང་སྟོང་པ་དང་ནི་ཆོས་ཀྱི་ཁམས་དང་ཡིད་ཀྱང་མི་ཡི་བདག་པོ་ གཟུགས་མེད་དུ་འགྱུར་རོ། ༨༤ ། ༈ བདག་ཉིད་འཆིང་སྟེ་རང་བཞིན་ལ་གནས་ཡོན་ཏན་རྣམ་རྟོག་རྣམས་ཀྱིས་དར་གྱི་ སྲིན་བུ་ཇི་བཞིན་ཉིད། །བདག་ཉིད་བདག་གིས་ངེས་པར་སླར་ཡང་རྣམ་པར་རྟོག་པ་མེད་ པའི་ཡིད་དག་ལས་ནི་གྲོལ་བར་བྱེད། །དེ་ཕྱིར་རྒྱལ་པོ་རང་གི་ལས་ནི་རང་བཞིན་ཡོན་ཏན་ ལ་གནས་སྡུག་བསྔལ་དང་ནི་བདེ་བ་བྱེད། །རང་བཞིན་རྣམ་པར་བྲལ་བ་སུ་ཞིག་བྱེད་པོ་ཅི་ ཞིག་བྱེད་དེ་མི་ཤེས་འཇིག་རྟེན་རྨོངས་པར་བྱེད། ༨༥ ། ༈ ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ནི་ཡིད་དང་བློ་དང་ངར་འཛིན་དག་ གི་སེམས། །རགས་དང་ཕྲ་མོ་གཞན་ཡང་རྣམ་གསུམ་ཡོན་ཏན་ལ་གནས་ཡི་གེ་ཐིག་ལེ་ལ་ སོགས་དབྱེ་བ་ཡིས། །རགས་པ་རགས་པའི་དབང་པོ་རྣམས་ལ་རང་བཞིན་གྱིས་ཀྱང་གནས་ 1-1-145 ཏེ་ཕྲ་མོའི་སེམས་ལ་ཕྲ་མོ་ཡང་། །ཡེ་ཤེས་ལ་ཡང་ཡེ་ཤེས་སྐུ་སྟེ་རང་བཞིན་རྣམ་འགྱུར་མེད་ པའི་འཚོ་བ་འབྱུང་བ་འབྱུང་བ་མིན། ༨༦ ། ༈ ཨ་སོགས་སྟོང་པ་ལྔ་ནི་རང་བཞིན་རྣམ་པར་འགྱུར་མིན་དཔལ་ལྡན་ཆ་དང་ཐིག་ལེ་ ནཱ་ད་དང་། །དུས་དང་སེམས་དང་བློ་སྟེ་རང་བཞིན་གཞན་པའི་དབྱངས་ནི་རླུང་ལ་སོགས་པ་ འོ། །རགས་པའི་སྡེ་པའི་ཡི་གེ་རྣམས་ནི་གསུམ་གྱིས་བསྒྱུར་བའི་བཅུ་སྟེ་བཅུ་དྲུག་གཞན་ནི་ རྣམ་འགྱུར་རོ། ། ༈ འདི་དག་དབུས་སུ་རྡོ་རྗེ་ཅན་ནི་རང་བཞིན་མིན་ཅིང་རྣམ་འགྱུར་མིན་ཏེ་ཁྱབ་བྱེད་ རང་བཞིན་མེད། ༨༧། ༈ འཁོར་བར་བདེ་དང་སྡུག་བསྔལ་རང་བཞིན་ཡོན་ཏན་ལ་གནས་ ལས་ལས་སྐྱེས་པ་དེ་ནི་སྤྱོད་པ་སྟེ། །མི་རྣམས་ཀྱི་ནི་ལས་འདི་དག་ཀྱང་རྣམ་པ་གསུམ་དུ་ འགྱུར་ཏེ་རགས་དང་ཕྲ་མོ་ཞི་བ་འོ། །བདག་ནི་བྱེད་པ་པོ་ཡང་ཁྱད་པར་ལས་ཏེ་གཞན་པ་ ཕྱུགས་བདག་ཀྱང་ཡོད་བྱེད་པོ་ཞེས་པ་ལས། །བྱེད་པོ་བདག་གམ་གཞན་པ་མིན་ཏེ་རང་ བཞིན་རྣམ་པར་བྲལ་བར་ཤེས་པ་དེ་ནི་ལས་མ་ཡིན། ༨༨ ། ༈ དེ་ཕྱིར་བྱེད་པོ་འགའ་ཡང་སྲོག་ཆགས་རྣམས་ཀྱི་བདེ་དང་སྡུག་བསྔལ་དག་ནི་མི་ སྦྱིན་མི་འཕྲོག་སྟེ། །འཁོར་བ་དག་ཏུ་རྣམ་པ་གསུམ་པོ་གང་བྱས་སྔོན་གྱི་ལས་ནི་འབྲས་བུ་ རབ་ཏུ་སྦྱིན་པར་འགྱུར། །སྐྱེད་དང་སྡུད་པའི་བྱེད་པ་པོ་འདི་སྟེར་ཞིང་དེ་ནི་འཕྲོག་པ་རྨོངས་ པ་རྣམས་ཀྱི་བློ་ཡིན་ཏེ། །ལུས་ལ་དཔག་མེད་དགེ་བ་འཕྲོག་པར་བྱེད་པའི་བུག་པ་རང་གི་ དབང་པོ་རྣམས་ཀྱིས་མཐོང་མ་ཡིན། ༨༩ ། ༈ འདོད་པའི་ནུས་དང་བྱ་བ་དང་ནི་གསུམ་པ་ཤེས་པའི་ནུས་པ་འགྲོ་བ་རང་གི་ཡིད་ལ་ སྟེ། །དངོས་པོ་གསལ་བ་དང་ནི་འཇུག་པ་དག་དང་རོ་མཉམ་རྒྱུར་ནི་དོན་ལ་ཉེ་བར་དམིགས་ པར་བྱེད། །སླར་ཡང་དོར་བ་དག་ནི་བཞི་པ་སྲིད་གསུམ་གྱིས་བཏུད་གཉིས་མེད་ཀྱིས་ཀྱང་ 1-1-146 ངེས་པར་རིམ་པས་སོ། །དེ་རྣམས་ནང་ནས་རྡོ་རྗེ་ཅན་ནི་མི་ཡི་བདག་པོ་ཅུང་ཟད་མི་ཟ་གཏོང་ བ་མིན་པ་ཉིད། ༩༠ ། ༈ བདག་ནི་བྱེད་པོ་སྡུག་བསྔལ་བདེ་བ་རབ་ཏུ་སྦྱིན་པ་པོ་དེར་འགྱུར་བ་མིན་ནོ་མི་ཡི་ བདག །འགའ་ཡང་བཅིངས་དང་གྲོལ་བར་འགྱུར་མིན་མི་ཡི་བདག་པོ་སེམས་ཀྱི་ནུས་པ་ རྣམ་པར་སྤངས་ནས་སོ། །༈ བུམ་པའི་ནང་དུ་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་ བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་ དབུས་སུ་དེ་བཞིན་ནོ། ༩༡། ༈ དེ་ལྟར་ལས་ནི་ཡོད་པར་སྨྲ་བ་པོར་འགྱུར་བཅོམ་ལྡན་སྟོན་པ་ གཅིག་པུ་དེ་ནི་བྱེད་པོ་མིན། །ཀུན་མཁྱེན་དང་པོའི་སངས་རྒྱས་སྲིད་གསུམ་གྱིས་བཏུད་དུས་ ཀྱི་འཁོར་ལོ་ཡིན་གྱི་འཁོར་ལོ་ཅན་མ་ཡིན། །ཚངས་པ་ཁྱབ་འཇུག་དྲག་པོ་དག་ཀྱང་གང་གི་ ཞབས་ཀྱི་ཆུ་སྐྱེས་དྲུང་དུ་ལྷག་པར་སྐྱབས་འགྲོ་བ། །དུས་ཀྱི་འཁོར་ལོ་རྒྱལ་བ་མཆོག་བསྐྱེད་ ཡོན་ཏན་མེད་ཅིང་རྣམ་རྟོག་མེད་པ་དེ་ལ་ཕྱག་འཚལ་ལོ། ༩༢ ། ༈ ཞི་བའི་བསམ་པ་ལ་ནི་ལྷ་ཉིད་དུ་འགྱུར་མི་ཡི་བདག་པོ་མུན་པ་ལ་ནི་དམྱལ་བ་ཉིད། ། རྡུལ་དག་ལ་ཡང་དུད་འགྲོ་ཉིད་དེ་རབ་མཆོག་ས་ཡི་སྟེང་དུ་མི་ཉིད་དག་ནི་འདྲེས་པ་ལ། ། འབྱུང་པོ་ཉིད་ནི་རྣམ་པ་གསུམ་ཏེ་རྡུལ་དང་མུན་པ་དང་ནི་སྙིང་སྟོབས་ཕན་ཚུན་འདྲེས་པ་ ལའོ། །འཆི་བའི་དུས་སུ་ཡིད་ཀྱི་བསམ་པ་གང་ཞིག་དྲན་པར་གྱུར་པ་དེར་ནི་སྐྱེ་བོ་ཡང་དག་ སྐྱེ། ༩༣ ། ༈ ལྷ་ཉིད་བརྒྱད་ཀྱི་དབྱེ་བ་དག་གིས་ལྷ་ཡི་མཆོག་གི་གནས་སུ་མི་ཉིད་གཅིག་ནི་ཇི་ལྟ་ བ། །དུད་འགྲོ་དག་ཀྱང་ཆུ་གཏེར་རྣམ་པ་ངེས་པར་དམྱལ་བའི་འགྲོ་བར་དམྱལ་བ་ཉིད་ནི་དེ་ བཞིན་གཅིག །གནས་འདི་རྣམས་སུ་རོ་ཡི་འགྲོ་བར་སྐྱེ་བོ་འཁོར་ཏེ་ལས་ཀྱི་ཞགས་པས་ངེས་ པར་བཅིང་པ་རྣམས། །སྐྱེ་བ་འབུམ་ཕྲག་དུ་མས་གྲོལ་བ་མིན་ཞིང་ཐར་མཆོག་བདེ་བའི་གོ་ 1-1-147 འཕང་དུ་ནི་འགྲོ་བ་མིན། ༩༤ ། ༈ ཕུང་པོ་ཁམས་དང་དབང་པོ་དང་ནི་རྣམ་གསུམ་སྲིད་པ་འཇིགས་པ་ལས་ཀྱི་དབང་ པོ་ལྔ་དག་དང་། །དེ་ཙམ་དང་ནི་ལས་ཀྱི་སྐྱོན་དང་ཡོན་ཏན་དང་བཅས་ཡིད་དང་བློ་དང་ངར་ འཛིན་ལ་སོགས་ཏེ། །འདི་རྣམས་ཀྱིས་བཅིངས་འཚོ་བ་དག་ནི་རོ་ཡི་འགྲོ་བར་འཁོར་ཏེ་ཕྲ་ མོའི་དངོས་པོ་དག་གིས་སླར།་། དངོས་པོ་སྤངས་ན་མི་ཟད་མཆོག་གི་གནས་སུ་རབ་ཏུ་འགྲོ་སྟེ་ སླར་ཡང་གང་དུའང་སྐྱེ་ལྡན་མིན། ༩༥ ། ༈ ཡན་ལག་དང་བཅས་རིག་བྱེད་དྲན་པའི་གཞུ་དང་བཅས་དང་རྟོག་གེ་གྲུབ་པའི་ མཐར་ལྡན་འཇིག་རྟེན་དུ། །སྙན་ངག་མཁན་པོ་རྒྱས་པ་མེ་ལ་སོགས་པ་རྣམས་ཀྱིས་བྱས་ པའི་བསྟན་བཅོས་གཞན་ཡང་རིག་པ་མིན། །རིག་པ་ཞེས་པ་ནང་རིག་འགྱུར་མེད་ཀྱང་སྟེ་ འཇིག་རྟེན་འདིར་ནི་ཐུབ་པ་རྣམས་ཀྱིས་རབ་གསུངས་ཉིད། །གང་ལས་འཇིག་རྟེན་གསུམ་ པོ་མཐའ་དག་ཏུ་འགྱུར་མི་ཡི་བདག་པོ་སླར་ཡང་གང་ལ་ཐིམ་པའོ། ༩༦ ། ༈ རྣལ་འབྱོར་དབང་པོ་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་ གྱུར་པ་ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ ལྡན་པར་སྐྱེ་བར་འགྱུར། །སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་ དག་ནི་ཀུན་དུ་[ཏུ་]འཛིན་པ་འགྱུར། །ཡེ་ཤེས་ཐོབ་ནས་མི་ཟད་མཆོག་གི་གནས་སུ་རབ་ འགྲོ་སླར་ཡང་གང་དུའང་སྐྱེ་བ་ལྡན་པ་མིན། ༩༧ ། ༈ ཡེ་ཤེས་སྐྱེ་ཏེ་[སྟེ་]རྒྱལ་བ་རྣམས་ཀྱི་ཉི་མ་ཉིན་མོའི་དུས་སུ་མཚན་མོ་ཕྱེད་དང་ མཚན་མོའི་མཐར། །ལྷ་མིན་རྣམས་ཀྱི་ཟླ་བ་མཚན་མོའི་དུས་སུ་ཉི་མ་ཕྱེད་དང་ཉིན་མོ་དག་ གི་མཇུག་ཏུ་འོ། །ཡང་དག་ཡེ་ཤེས་རྣམ་ཉམས་དག་ལ་ཚིག་ནི་ལེགས་སྦྱར་ཐ་མལ་དག་ཏུ་ རབ་ཏུ་འགྱུར་བ་སྟེ། །ཞི་དང་དྲག་པོའི་ལས་ཏེ་སྲིད་པ་གསུམ་གྱི་གནས་སུ་སྐྱེས་བུ་ཉིད་དང་ 1-1-148 ཐ་མལ་དག་ཀྱང་ངོ་། ༩༨། ༈ ཉི་མ་གུང་དང་མཚན་མོ་ཕྱེད་ནས་ཉིན་དང་མཚན་མོའི་དུས་སུ་དེ་དག་གི་ནི་ཟ་བའི་ དུས། །བཟའ་བ་ཟན་དང་བ་ལང་ཤ་སྟེ་བཏུང་བ་རྣམ་མང་བཅུད་སྟེར་དག་དང་སྒོང་ངའི་ཁུ་ བ་འོ། །གོས་ནི་དམར་དང་དཀར་པོ་དག་དང་ཉི་མ་ཟླ་བའི་བགྲོད་པ་བཞིན་དུ་མཐོ་རིས་ ས་འོག་གནས། །ཆོས་ནི་འཚེ་མེད་འཚེ་བ་ཡང་སྟེ་བླ་མའི་ངེས་པའི་དབང་གིས་རྡོ་རྗེ་ལྷ་མིན་ འདུག་སྟངས་ཀྱང་། ༩༩ ། ༈ འབྱུང་པོ་རྣམས་ཀྱི་ལས་ནི་འདྲེས་མར་རབ་ཏུ་འགྱུར་ཏེ་ཚིག་ཀྱང་འདྲེས་པ་ཤ་ཟ་ དག་གི་འོ། །ཆོས་ནི་འཚེ་མེད་འཚེ་ལྡན་ངེས་པར་བླ་མའི་ངེས་པའི་དབང་གིས་སྲོག་གཅོད་ ལ་སོགས་སྐྱོན་དག་ལ། །མཆོད་སྦྱིན་ལ་སོགས་དོན་དུ་རབ་ཏུ་འཇུག་འགྱུར་མི་ཡི་བདག་པོ་ རེས་འགའ་དག་ནི་ལྡོག་པ་འམ། །བཟའ་བ་བཏུང་བ་དག་ཀྱང་འདྲེས་པ་ཉི་ཟླའི་བགྲོད་པ་ དག་ལས་གཞན་དུ་ལམ་ནི་འདྲེས་མ་འོ། ༡༠༠ ། ༈ འོད་ཟེར་ལམ་ནི་ཉི་མའི་སྣང་བ་དཀར་པོ་ཉིན་མོ་བགྲོད་པ་བྱང་དང་ལོ་ཡི་ཕྱེད་དག་ ཀྱང་། །ཟླ་བའི་སྣང་བ་མཚན་མོ་དག་དང་དཀར་མིན་བགྲོད་པ་འདི་ནི་ལྷོ་སྟེ་དུ་བ་དག་གི་ ལམ། །འོད་ཟེར་ལྷ་རྣམས་མཐོ་རིས་སུ་སྟེ་དཀར་མིན་བགྲོད་པ་དེ་བཞིན་ལྷ་མིན་ཀླུ་ཡི་ འཇིག་རྟེན་དུ། །ཀུན་ཏུ་འདྲེས་པ་མི་བདག་མི་ཡི་འཇིག་རྟེན་དུ་ནི་ཡི་དྭགས་དུད་འགྲོ་མི་ རྣམས་དག་གིར་འགྱུར། ༡༠༡། ༈ གང་ཞིག་གང་གི་དབུས་སུ་རབ་ཞུགས་བརྟུལ་ཞུགས་ངེས་པ་ལ་དགའ་ལས་ཀྱི་ ཞགས་པས་ངེས་བཅིངས་པ། །དེ་ཡི་དབུས་སུ་རང་རང་བསམ་པས་མི་བདག་དེ་ཡི་རིགས་སུ་ དེ་ཡི་འཛིན་པ་དག་གིས་འགྱུར། །ཇི་སྲིད་སེམས་ཀྱི་རང་བཞིན་དག་ནི་རྣམ་གསུམ་སྲིད་པའི་ དབང་གིས་ཚོར་བ་བདེ་དང་སྡུག་བསྔལ་བ། །དེ་སྲིད་འཇིགས་རུང་འཁོར་བ་འདིར་འཁྱམ་ 1-1-149 མི་ཡི་བདག་པོ་མཐོ་རིས་མི་ཡུལ་དག་དང་འོག་ཏུ་ཡང་། ༡༠༢། ༈ ཀ་སོགས་སྡེ་རྣམས་དབྱངས་དང་བཅས་པ་དག་ཀྱང་ཡོན་ཏན་གྱིས་བསྒྱུར་གང་ཡང་ ཕྱོགས་གསུམ་དག་གི་དབྱངས། །ངེས་པར་སུམ་ཅུའི་གསལ་བྱེད་དེ་དག་རྣམས་ལ་རྣམ་ གསུམ་བགྲོད་པའི་དབང་གིས་འཆི་བ་རྒྱུ་བ་སྟེ། །༈གཟའ་ལྔའི་རྐང་པ་ཉི་མ་རི་བོང་ཅན་གྱི་ རྐང་པ་དག་དང་སྒྲ་གཅན་མཇུག་རིངས་རྐང་པ་དང་། །སུམ་ཅུ་རྩ་གཉིས་ལོ་དང་ཕྱོགས་ཀྱང་ ཡོན་ཏན་གྱིས་བསྒྱུར་ཟླ་བ་ཉི་མ་མེ་ཡིས་ཕྱེ་བ་འོ། ༡༠༣། ༈ ལོ་གསུམ་གྱི་ནི་ཕྱོགས་རྣམས་དག་དང་རི་བོང་ཅན་གྱིས་ཡོན་ཏན་དུས་ཀྱི་མེ་ཡི་ ཕྱོགས་གཉིས་དག །ལོ་བརྒྱ་ལས་ནི་དམན་གྱུར་ལྷག་མའི་ཕྱོགས་ནི་ཉི་ཟླ་དག་གི་མཉམ་ དང་མི་མཉམ་བགྲོད་པ་ལ། །འཇིག་རྟེན་མིག་དང་མེ་མིག་གྲངས་ཏེ་ཉིན་མཚན་དུས་རྣམས་ གཙོ་བོ་དག་གིས་དམན་པ་མཐའ་དག་སྟེ། །གསལ་བྱེད་ལ་སོགས་སྡེ་པ་དབྱངས་རྣམས་དག་ ནི་ཉི་མ་ཟླ་བའི་བགྲོད་པའི་དབང་གིས་འཆི་བས་ཟོས། ༡༠༤། ༈ ཕྱེད་བཅས་འཁོར་ལོའི་ཆུ་ཚོད་རི་བོང་ཅན་གྱི་རྐང་པ་དང་བྲལ་རེས་གཟའི་ཆུ་ཚོད་ རྣམ་དམན་པ། །དེ་དག་རྣམས་ཀྱང་ཤེས་རབ་ཐབས་ཀྱི་རབ་ཏུ་དབྱེ་བ་དག་གིས་ཉིན་མཚན་ དུས་ཀྱིས་འཆི་བས་ཟོས། །༈ དེ་ལྟར་སྡེ་པ་དབྱངས་བཅས་དབྱངས་ཀྱི་ཚོགས་དང་གསལ་ བྱེད་རྣམས་ཉིད་དག་དང་བཅས་པ་རྐང་པ་ནི། །དམན་དང་བར་མ་དུས་འཆི་ཟླ་བ་ཉི་མའི་ འཆི་བ་དང་ནི་གསལ་བྱེད་ལྷག་པའི་ལྷ་ཅན་ལའོ། ༡༠༥ ། ༈ སུམ་བཅུ་[ཅུ་]གཉིས་དང་ཉིན་ཞག་གཅིག་ཀྱང་རི་བོང་ཅན་བཅས་ཉི་མའི་བགྲོད་ ལ་རྩ་ནི་གཅོད་པ་འདི། །༈ སླར་ཡང་སུམ་བཅུ་[ཅུ་]གསུམ་གྱི་མཚན་མོས་རྡོ་རྗེ་དང་བཅས་ ཕུང་པོ་ཁམས་དང་དབང་པོ་ལ་སོགས་འདོར། །ཟླ་བ་ཉི་མའི་རྩ་དག་དོར་ནས་དུང་ཅན་ མར་ནི་སྲོག་གི་རླུང་དག་ཉིན་གཅིག་རབ་འཇུག་སྟེ། །ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་ 1-1-150 མཁའི་ཁམས་ནི་རྣམ་པར་ཆད་པ་ཇི་སྲིད་ཉིད་དུ་འོ། ༡༠༦། ༈ དང་པོར་མཐའ་དག་རྒྱལ་བའི་ལུས་ནི་དངོས་གྲུབ་རྒྱུ་རུ་སྔགས་པ་དག་གིས་ཡང་ དག་བསྲུང་བར་བྱ། །ལུས་མེད་ན་ནི་དངོས་གྲུབ་མེད་ཅིང་སྐྱེ་བ་འདི་ལ་མཆོག་གི་བདེ་བ་ ཐོབ་པར་འགྱུར་བའང་མེད། །དེ་ཕྱིར་ལུས་ཀྱི་དོན་གྱི་སྒྱུར་ནི་ཉིན་ཞག་སོ་སོའི་དུས་སུ་རྩ་ཡི་ སྦྱོར་བ་བསྒོམ་པར་བྱ། །ལུས་ནི་གྲུབ་ན་གཞན་པའི་དངོས་གྲུབ་སྲིད་པ་གསུམ་གྱི་གནས་སུ་ མངག་གཞུག་ཉིད་དུ་རབ་ཏུ་འགྱུར། ༡༠༧། ༈ སྟོང་པ་ལ་ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གིས་གཟུགས་བརྙན་ མཚམས་སུ་བསྒོམས་པར་བྱ། །དེ་ནས་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་ བརྟན་པ་དག་ཀྱང་བྱེད་པ་སྟེ། །ཕྱི་ནས་ཟླ་བ་ངེས་པར་འགོག་པ་གཟའ་བཞིན་བྱེད་དེ་བྱང་ ཆུབ་སེམས་ནི་རྣལ་འབྱོར་པ་ཡིས་སོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་དག་ནི་ཉིན་ཞག་ འགའ་ཡིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར། ༡༠༨ ། ༈ ཉི་མ་ཟླ་བ་འགོག་པ་མཉམ་དང་མི་མཉམ་བགྲོད་པ་ལ་སྟེ་དབུ་མ་མེ་ལ་རབ་ཏུ་ ཞུགས། །སྲོག་དང་ཐུར་སེལ་གཉིས་པོ་དག་ཀྱང་ཉིན་ཞག་དང་པོ་སོང་ན་དུས་མིན་འཆི་བ་སླུ་ བ་སྟེ། །ལག་པ་དང་བཅས་རྐང་པའི་མཐེ་བོའི་ཚིགས་དང་སེན་མོའི་མཐར་ནི་སྲོག་གིས་ཀུན་ ཏུ་གང་བྱས་ནས། །འཁོར་ལོ་དྲུག་ལ་སངས་རྒྱས་ལྷ་མོ་འཇིགས་མེད་ཕྱག་གི་པད་མ་རྣལ་ འབྱོར་པས་ནི་བསྒོམ་པར་བྱ། ༡༠༩ ། ༈ ཐུར་སེལ་བསྐུམ་ན་འདོད་པར་འགྱུར་ཏེ་ལུས་མཆོག་དག་ལ་རླུང་གི་ནད་ནི་མ་ལུས་ དག་ལ་འོ། །སྲོག་རྩོལ་དག་ནི་བད་ཀན་ལ་འགྱུར་སླར་ཡང་དེ་དག་གཏོང་བ་འཁྲིས་[མཁྲིས་] པ་དག་གི་སྐྱོན་ལ་འོ། །སྟེང་དང་འོག་ནི་ཡང་དག་འགོག་པ་བདེ་བ་བྱེད་པར་འགྱུར་ཏེ་ འདུས་པ་དག་དང་རིམས་ལ་ཡང་། །ལྟེ་བའི་སྟེང་དུ་སྲོག་གི་རླུང་ནི་མཐའ་དག་ནད་འཕྲོག་ལྟེ་ 1-1-151 བའི་རྩ་བར་གཞན་པ་དག་ཀྱང་ངོ་། ༡༡༠། ༈ ཐུར་སེལ་རླུང་ནི་རྣམ་པ་གསུམ་གྱི་ལམ་དུ་བགྲོད་པ་དག་ནི་བསྐུམ་ཞིང་སྲོག་ཉིད་ སྟེང་ནས་ཀྱང་། །ཇི་སྲིད་ཡང་དག་ཕྲད་དེ་མེ་ནི་སྟོབས་དང་ལྡན་ཞིང་ལུས་ཀུན་ལ་ནི་ཁྱབ་ པར་རབ་འགྱུར་བ། །དམུ་ཆུ་སྐྲན་དང་གཞང་འབྲུམ་ནད་རྣམས་དག་ཀྱང་ལྟོ་བར་སོན་པ་ཟླ་ བའི་སྦྱོར་བས་འཇོམས་པ་སྟེ། །དབུགས་བརྩེགས་དང་ནི་གློ་དང་རྣམ་པ་གསུམ་གྱི་དུག་དང་ མིག་གི་ནད་ལ་སོགས་པ་དག་ཀྱང་ངོ་། ༡༡༡ ། ༈ མཆན་ཁུང་གཡས་དང་གཡས་མིན་ལས་ནི་ནུ་མ་དག་ཀྱང་སྟོབས་ལྡན་མནན་ཏེ་ སྲོག་ནི་བཀག་པ་ལས། །གཡས་ནས་གཡོན་པའི་རྩར་ནི་འཕྲལ་ལ་རབ་ཏུ་འབབ་སྟེ་གཡོན་ པའི་མཆན་ཁུང་ལས་ཀྱང་གཡས་སུ་འོ། །ཟླ་བ་ཕྱེད་ཀྱིས་ཀྱང་ནི་འཆི་སྟེར་འཆི་ལྟས་འཕྲོག་ སྟེ་རྣལ་འབྱོར་ལྡན་པའི་རྣལ་འབྱོར་པ་ཡིས་སོ། །༈ རྡོ་རྗེ་དཀྱིལ་ཀྲུང་དུ་གནས་རྐང་པ་ལག་ པའི་པད་མོ་དག་གིས་བཟུང་བ་རྒྱབ་ཀྱི་ཟུག་རྔུ་འཇོམས། ༡༡༢ །སྟེང་དུ་རྐང་པ་དག་དང་འོག་ ཏུ་མགོ་བོ་ལུས་ལ་བད་ཀན་ནད་རྣམས་མཐའ་དག་འཕྲོག་པར་བྱེད། །སྲོག་འགོག་པ་ལས་ ཉིན་ཞག་འགའ་ཞིག་གིས་ནི་རབ་འཁྲུ་གཅི་བ་སྲི་བ་ངེས་པར་འཇོམས་པར་བྱེད། །ཐོ་རངས་ མིང་མེད་དག་གིས་ཆུ་དང་བྲལ་བའི་ཁར་ནི་སོ་ཡི་ཕྲེང་བ་དག་ལ་རབ་བདར་བ། །མིག་ རྣམས་དག་གིས་མིག་སྨན་དུ་འགྱུར་སླར་ཡང་ནད་ནི་འཕྲོག་པ་ཆུ་ཡིས་གཏོར་བ་དག་ཀྱང་ ངོ་། ༡༡༣། གན་རྐྱལ་ཉལ་ནས་ལྟེ་བ་ལག་པའི་པད་མས་བཟུང་བ་དག་ནི་མ་ཞུ་བ་ཡི་ཟུག་རྔུ་ འཇོམས། །འབྲས་རྣམས་བྱུང་བ་ལ་ནི་ངེས་པར་མར་དང་བཅས་པའི་ཚྭ་ཡིས་བདུགས་ན་ འཕེལ་བ་འཇོམས་པར་བྱེད། །དེ་ནས་ཨ་རྐའི་འོ་མ་བྱུགས་པས་ཀྱང་ངོ་འགའ་ཞིག་ཚེ་ན་ སོ་སྲིན་ཟུག་རྔུ་བཅས་གྱུར་ན། །སྟག་ལྡན་གྱི་ནི་ས་བོན་དུ་བ་སྦུགས་ལ་སོགས་པ་དག་གིས་ འདིར་བཟུང་སྲིན་བུ་ལ་སོགས་འཇོམས། ༡༡༤ ། 1-1-152 ༈ ལོ་ཕྱེད་ཀྱིས་ནི་སྔགས་པ་རྣམས་ཀྱི་མཆོག་གི་ལུས་ལ་དཀར་བའི་མཛེ་འཕྲོག་དེ་ ལས་གཞན་ལྟ་ཅི། །ཤེས་རབ་འདུས་ལ་རང་སེམས་ལྷུང་བ་དག་ཀྱང་རྟག་ཏུ་སྲོག་གི་རླུང་ གིས་འགོག་པ་དག་ལས་ཏེ། །བདུན་ཅུའི་ལོ་ཡི་རྒ་བ་སྐྲ་དཀར་བཅས་པ་དག་ཀྱང་ལོ་གཉིས་ རབ་ཏུ་རྫོགས་ན་ངེས་པར་འཕྲོག །ཉི་མ་འགའ་ཡིས་ལམ་དང་སེམས་ནི་རབ་ཏུ་འགྲོགས་པ་ དག་ལས་དེ་སྟེང་ཕྱག་རྒྱའི་དངོས་གྲུབ་འགྱུར། ༡༡༥ ། ༈ སྲོག་རྩོལ་རབ་ཏུ་བྱ་སྟེ་སྙིང་ཁ་དེ་བཞིན་མགོ་བོ་དག་ནི་ཇི་སྲིད་མེ་ཡིས་གདུང་འགྱུར་ བ། །དེ་ལས་སྟེང་དག་ཏུ་ནི་བཟང་པོའི་པད་མར་བརྒྱལ་བར་འགྱུར་ཏེ་མ་བསྡམས་པ་འམ་ སྟོབས་དག་གིས། །གཙུག་ཏོར་ཕུག་ཅིང་ཕུང་པོ་དག་དང་ཁམས་རྣམས་རྣམ་པར་སྤངས་ནས་ འཆི་བ་ཉིད་དུ་འགྲོ་འགྱུར་ཏེ། །ཕྱག་རྒྱ་འགྲོགས་པ་རབ་ཉམས་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ ཉིད་ལ་ནི་བདེ་འབྲས་སྟེར་བ་མེད། ༡༡༦ ། ༈ (ལས་ཀྱི་)ཕྱག་རྒྱ་(བསྟེན་པར་)གསུངས་པ་(ནི་བདེ་བ་ཆེན་པོ་)བསྒོམ་པའི་དོན་ཏེ་ཉིན་མཚན་ དུས་སུ་ཆགས་པ་(སྟེ་ཐིག་ལེ་དཀར་པོ་)ཟད་པའི་དོན་ནི་མིན་པ་ཉིད(དེ་ཐིག་ལེ་ཉམས་པ་ལས་ཐར་བའི་བདེ་ བ་མི་འཐོབ་ཅིང་འཁོར་བར་འཕེན་པའི་ཕྱིར་རོ)། །(དེ་བཞིན་དུ་ཆང་བཏུང་བར་གསུངས་པ་ཡང་)གསུང་གི་རྡོ་རྗེ་(སྟེ་ ཁ་ཅུང་ཟད་ཚིམ་པར་)མཆོད་པའི་དོན་ཏེ་ངེས་པར་སྔགས་པ་རྣམས་ལ་མྱོས་(པར་)བྱེད་(པའི་ཆང་འཐུང་ བར་)གསུངས་པ་ཉིད་མ་ཡིན(ཏེ་མྱོས་པ་ནི་ཉེས་པ་བསྐྱེད་པའི་གཞི་ཡིན་པའི་ཕྱིར་རོ)། །ཁ་ཟས་(ཟ་བ་)ཐམས་ ཅད་(ལུས་)བདེ་བའི་དོན་(དུ་རན་པར་བཟའ་བར་བྱ་བ་ཡིན་)ཏེ་ཉིན་ཞག་སོ་སོའི་དུས་སུ་(བཟའ་བར་བྱ་བ་)མ་ཞུའི་རྒྱུར་ཡང་མ་གསུངས་སོ། །(རྣལ་འབྱོར་གནས་དང་ཉེ་བའི་གནས་ལ་སོགས་པར་འཁྱམ་པའི་)དཔལ་ ལྡན་སྤྱོད་པ་(ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་)དངོས་གྲུབ་(ཐོབ་པའི་)རྒྱུར་ཏེ་མཚན་མོ་དུར་ཁྲོད་འཁྱམ་ པ་དག་ཀྱང་(རྣལ་འབྱོར་པ་)རྩེད་མོ(བྱེད་པ)འི་དོན་(དུ་)མ་ཡིན(ནོ)། ༡༡༧ ། ༈ མི་བསྐྱོད་པ་ནི་ཅུང་ཟད་དྲོ་བས་ཁ་ནད་ཞི་བར་བྱེད་ཏེ་[དེ་]སོ་ཡི་ཟུག་རྔུ་ཉིད་ཀྱང་ངོ་ 156། །ཐོ་རངས་མི་བསྐྱོད་བརྔུབས་པ་དག་ནི་མགོ་ཡི་ནད་འཕྲོག་དེ་བཞིན་ཉིད་དུ་ཆུ་ནི་བརྔུབས་ པས་སོ། །རྣ་བ་དག་དང་མིག་ཏུ་གཅི་བ་དྲོ་དང་གྲང་མོ་རབ་བླུགས་གཉི་ག་དག་གི་ནད་ འཕྲོག་གོ། འབྱུང་པོས་གཟིར་ལ་ཚ་བ་གསུམ་བཅས་མི་བསྐྱོད་བརྔུབས་ན་བདེ་བ་སྟེར་ཏེ་ སོས་ཟིན་ཉིད་ལ་ཡང་། ༡༡༨། ༈ བཤང་བ་གཅི་བ་ཁུ་བ་ཁྲག་ནི་མི་ཡི་ཤ་དང་བཅས་པ་ཟོས་པས་ཚེ་ནི་སྟེར་བར་ འགྱུར། །༈ བསམ་གཏན་བཅས་པས་མེ་ཏོག་བརྔུབས་ན་སྐྲ་དཀར་དང་བཅས་རྒ་བ་དང་ནི་ ལུས་སྐྱེས་རྣམས་ཀྱང་འཕྲོག། ༈ སྒྲོན་མ་ལྔ་པོ་སྦྲང་བུའི་སྐྱུགས་པ་དག་དང་བསྲེས་པ་ཟོས་ པས་མཐའ་དག་ནད་ནི་འཕྲོག་པ་སྟེ། །བུད་མེད་མེ་ཏོག་ཁུ་བ་དག་དང་བསྲེས་པ་ལོ་གཅིག་ ཟོས་ན་རྒ་བ་ངེས་པར་སེལ་བར་བྱེད། ༡༡༩ །༈ རླུང་འཇོམས་ལན་ཚྭ་སྐྱུར་བ་དག་ཏུ་རབ་ ཏུ་འགྱུར་ཏེ་དངར་དང་སྐ་བ་དག་ནི་འཁྲིས་[མཁྲིས་]པའི་དགྲ། །བད་ཀན་འཇོམས་པ་ཁ་བ་ ཀུན་དང་དེ་བཞིན་ཚ་བ་དག་ཀྱང་སྨན་རྣམས་སམ་ནི་ཁུ་བ་འམ། །བད་ཀན་འཇོམས་པ་ར་ ཡི་འོ་མ་ཚ་བ་གསུམ་བཅས་དག་སྟེ་མ་ཧེའི་འོ་མ་འཁྲིས་[མཁྲིས་]པའི་དགྲ། །རླུང་འཇོམས་ དག་ཀྱང་རྔ་མོའི་འོ་མ་རྣམ་གསུམ་ནད་འཕྲོག་བ་ཡི་འོ་མ་དང་ནི་དེ་བཞིན་མར། ༡༢༠ ། ༈ ཛཱ་ཏཱི་བསྐོལ་བའི་ཆུ་ནི་དྲོ་བས་ཁ་ནད་ཞི་བར་བྱེད་དེ་སོ་ཡི་ཟུག་རྔུ་ཉིད་ཀྱང་ངོ་། །ཏིལ་ མར་དངོས་པོའི་ཆུ་བསྐོལ་ཚ་བ་གསུམ་དང་ལན་ཚྭ་དག་གིས་རྣ་བ་ཡི་ནི་ནད་དག་འཇོམས། ། མར་དང་འོ་མ་བསྐོལ་བར་གྱུར་པ་ཀླུ་དང་དམར་པོ་དག་གིས་རྟག་ཏུ་སྣ་ཡི་ནད་དག་ འཇོམས། །ཀར་ཀོ་ཊཱི་དང་ལང་ག་ལི་དང་ཨིན་དྲཱི་བོང་བུའི་ཆུར་བཅས་བྱུགས་པས་འབྲས་ཀྱི་ ཕྲེང་བ་འཕྲོག ༡༢༡ ། ༈ ལག་པ་དག་ནི་རབ་འཕྱང་རྐང་པའི་པད་མ་མཉམ་པ་དག་དང་སྲོག་གི་རླུང་ནི་འགོག་ བྱ་སྟེ། །ཇི་སྲིད་ལུས་ནི་ས་ལ་རབ་ཏུ་ལྷུང་བར་མ་གྱུར་པ་དང་ཚ་བ་དག་ནི་གྲོལ་བར་ཡང་ 157། །ཡང་དང་ཡང་དུ་ཏིང་ངེ་འཛིན་ལའོ་འཆི་བའི་འཇིགས་པ་བྱེད་པའི་ཚེར་མ་ཅན་ནི་ངེས་ འཇོམས་ཏེ། །སྙིང་ཁའི་པད་མར་ཟླ་བའི་སྟེང་དུ་དྲི་མེད་རི་བོང་ཅན་མཚུངས་སྣ་ཚོགས་ཡུམ་ ནི་བསྒོམས་པས་སོ། ༡༢༢ ། ༈ སྲན་ཆུང་བཏགས་པ་འཐུངས་པས་ཚ་བས་རྣམ་པར་བསྣུན་པའི་མི་རྣམས་ཀྱི་ནི་ཚེར་ མ་འཇོམས་པར་བྱེད། །ཚ་བའི་མཐར་ནི་ཐོད་པ་བདར་བ་མི་བསྐྱོད་བསྲེས་པ་ཡིས་ཀྱང་ འཇིགས་པར་བྱེད་པ་འཕྲོག་པ་སྟེ། །སྔགས་ཀྱང་ཆུ་མེ་རླུང་རྣམས་དག་གི་སྔོན་དུ་ཨོཾ་ཡིག་ དང་ནི་བཛྲ་སྔོན་མ་ཅན་གྱི་མིང་། །དེ་ཉིད་ཀྱིས་ནི་བསྲུང་བར་བྱ་སྟེ་མགོ་མགྲིན་སྙིང་ཁ་ལྟེ་བ་ གསང་བ་ལ་སོགས་རྣམས་སུ་འོ། ༡༢༣ ། ༈ མཉམ་པ་དྷཱ་དྲི་དྷཱ་ནྱ་དང་ནི་གཞན་ཡང་དེ་བཞིན་ཏིན་ཏི་རི་ཡི་འདབ་མའི་ཕྱེ་མ་དག། ཉི་ཟླ་རེག་པའི་ཆུ་ནི་ངེས་པར་དྲི་མ་བྲལ་བ་དག་ལ་རྐང་པའི་ལྷག་མར་བསྐོལ་བར་བྱ། །དེ་ ཡི་ཁུ་བ་ཀ་ར་དང་བསྲེས་ཕྱི་མའི་ཉིན་ཞག་དག་ནས་ཞག་གསུམ་འཐུངས་པ་འདི་ཡིས་ནི། ། སོ་ཀ་ཉི་མའི་འོད་ཟེར་དག་གིས་བསྲེགས་པས་འཆི་སྟེར་འཕྲོག་སྟེ་ཁམས་བདུན་སོང་བ་ དག་ཀྱང་ངོ་། ༡༢༤ ། ༈ གསེར་ལ་ཉི་མ་ཁབ་ལེན་ལྕགས་དང་པ་ཊ་ལས་སྐྱེས་ལྕགས་ནི་མཱ་ཀྵི་ཀ་ཡིས་གདབ་ པར་བྱ། །ས་བོན་ཕྱེད་ཀྱིས་ཀྱང་ནི་དྲི་མ་དག་དང་བྲལ་བའི་དངུལ་ཆུ་བསྒོངས་པ་སྲང་ནི་དྲུག་ ཏུ་བྱ། །བ་ཡི་དར་བ་དྲག་པོའི་རྩེ་མོ་ཅན་གྱིས་བསད་ནས་འདིར་ནི་དངས་མ་བཟུང་བར་བྱ་ བ་ཉིད། །དཔལ་ལྡན་གོང་བུ་ཁབ་ལེན་སྣོད་དུ་སླར་ཡང་བསྐོལ་བ་དག་ཀྱངཇི་སྲིད་ཕྱེད་ཀྱི་ ཚད་དུ་འོ། ༡༢༥། རབ་ཏུ་བླངས་ཏེ་དག་པའི་ཀ་ར་སྲང་བརྒྱད་ཡང་ན་དགུ་ནི་དེ་ལ་བསྲེ་བ་ཉིད་ དུ་བྱ། །དེ་ནི་ཐམས་ཅད་དུས་སུ་བཟའ་བར་བྱ་སྟེ་ཁ་ཟས་རྣམས་སྤངས་བགྲོད་པ་ཇི་སྲིད་ཉིད་ དུ་འོ། །ཟླ་བ་དྲུག་གིས་ལྷ་ཡི་ལུས་ཏེ་སྐྲ་དཀར་གཉེར་མ་དང་བྲལ་འདི་ཡིས་འཆི་མེད་ཉིད་ 1-1-153 དུ་འགྱུར། །དེ་ཕྱིར་དེ་ནི་ཉི་མ་སོ་སོའི་དུས་སུ་བཟའ་བར་བྱ་སྟེ་འོན་ཀྱང་གོང་བུས་རྣམ་པར་ དམན། ༡༢༦། ༈ སྔར་བརྗོད་ས་བོན་རྒྱལ་པོ་མཉམ་པ་དག་སྟེ་གཞན་ཡང་དངུལ་ཆུ་ལ་ནི་བླུགས་ པ་ཕྱེད་ཙམ་མོ། །ལན་ཚྭ་སྐྱུར་པོ་དག་གིས་མཉེས་ནས་རྣམ་པ་མང་པོའི་སྨན་གྱིས་ཇི་སྲིད་ གཅིག་ཉིད་དུ་འགྱུར་བ། །འཁྲིས་[མཁྲིས་]པ་སྐྱུར་པོས་མུ་ཟི་སོགས་དང་ད་ར་ད་དང་ཤི་ལ་ དག་ཀྱང་དངུལ་ཆུ་མཚུངས་པར་མཉེ། །དེ་ཡི་དངུལ་གྱི་འདབ་མ་བྱུགས་པ་གསེར་ཉིད་དུ་ འགྱུར་སྨིན་པ་དག་ཀྱང་ཕྱེད་དང་ལྡན་པས་སོ། ༡༢༧། ༈ རྣོན་པོ་ནམ་མཁའ་ལས་སྐྱེས་ཨ་ལ་ལན་ཚྭ་ཡ་བ་ཀྵ་ར་དང་ནི་སྤོས་དཀར་རིམ་པ་ ཡིས། །འཕེལ་བ་དག་ཀྱང་ཉི་མ་ཉིས་འགྱུར་རོ་མཉམ་བྱེད་པས་ཉི་མའི་ལྷག་མ་དག་ནི་ བསྲེག་པར་བྱ། །སླར་ཡང་འགྱུར་བྱེད་དག་པ་དང་ནི་དེ་བཞིན་བ་ལས་བྱུང་བ་ལ་སོགས་ ཀྱིས་བྲན་འཇམ་པར་འགྱུར། །དངུལ་ལ་སུམ་ཆ་བྱིན་ཞིང་བཀང་སྟེ་བསྣུན་པ་དག་ཀྱང་དག་ པ་ཡི་ནི་མེ་ཏོག་ཉིད་དུ་འགྱུར། ༡༢༨། ༈ ཨེ་ལ་ག་པུར་ཕྲེང་བ་དང་ནི་གཡོ་བ་གྷ་ན་འབྲས་བུ་ཅན་དང་བྱ་རོག་རི་སྐྱེས་དང་། ། ཀཀ་ཀོ་ལ་དང་སིང་ཧ་མཱུ་ཏྲ་ཨུད་པལ་འབྲས་བུ་རི་དྭགས་སྐྱེས་དམར་དཻ་ཏྱ་པཱུ་ཏི་དང་། །ཀླུ་ དང་བསིལ་བ་ར་ཎ་འདབ་མ་པ་ལ་ཛ་ལ་འཁྲིལ་ཤིང་ཨཾ་བ་ཝག་ཀྲ་འདི་དག་ནི། །རྫས་ལྔ་ དག་གིས་དྲི་མཛོད་རི་དྭགས་རི་བོང་ཅན་སོགས་བདུག་པ་མེ་ཏོག་ཆང་ལ་སོགས་པས་སོ། ༡༢༩ ། ༈ མིག་ཟླ་མེ་དང་རྒྱ་མཚོ་མདའ་དང་ཡོན་ཏན་ཆུ་གཏེར་མདའ་དང་ལག་པ་ཟླ་བ་མདའ་ དང་མིག །ཟླ་མེ་རྒྱ་མཚོ་ཟླ་བ་དུས་དང་དུས་མདའ་མིག་དང་ཆུ་གཏེར་མདའ་མིག་ཟླ་བ་ འཇིག་རྟེན་ཏེ། །སུག་སྨེལ་ལ་སོགས་ཆ་ཤས་གྲངས་རྣམས་རིམ་པས་ཡོངས་སུ་བཀོད་པ་རེ་ 1-1-154 མིག་ལྔ་ལྔ་རྣམས་ལ་འོ། །རྫས་ནི་ལེ་ཚེ་སྦྱར་བའི་གྲོང་ཁྱེར་ལ་གནས་དག་པའི་ཆ་ཤས་ཉིན་ ཞག་ཅེས་བྱས་དྲིར་འགྱུར་རོ། ༡༣༠། ༈ ཛཱ་ཏི་ལ་སོགས་སུག་སྨེལ་འཁྲི་ཤིང་འདབ་མ་ཀ་ལ་ཤ་ཡི་གྲོང་དུ་རིམ་པས་དགོད་ བྱ་བ། །རྒྱ་སྐྱེགས་སྤོས་དཀར་དུག་དྷ་པུ་ར་སི་ཏ་རྣམས་ཏེ་བདུག་པའི་བྱ་བ་རྣམས་ལ་བདུག་ པར་བྱ། །ག་པུར་ཀ་ར་མེ་ཏོག་རོ་དང་ལྡན་པ་རྣམས་ཀྱང་ན་ཁ་དག་ནི་མེ་ཡི་ཆ་ཤས་ཀྱིས། ། དེ་རྣམས་སྦྲང་རྩི་དང་བྲལ་དྲི་ཡི་ཆུ་ཡིས་སྦྱར་བ་དག་ཀྱང་སྤོས་ཀྱི་རེང་བུར་རབ་ཏུ་བྱ། ༡༣༡ ། ༈ ལྟེ་བ་དང་པོ་སིང་ཧ་མཱུ་ཏྲ་རི་བོང་ཅན་དང་མཁའ་ཡི་གྲོང་དུ་ཁྲུས་སྦྱོར་ལ་དགོད་བྱ། ། གྲན་ཐི་བྱཱ་གྷྲ་ཧ་རེ་ཎུ་དང་ཧ་ཏ་གཞན་ཡང་དེ་བཞིན་ཤཾ་ཁ་ཤིང་ཚྭ་དག་གི་ཆ། །དྷཱ་ནྱ་མུརྦཱི་ཤ་ ཏ་ཨཾ་ཀ་ད་མ་མ་དྷུ་རི་ནི་དེ་བཞིན་དྲིལ་ཕྱིས་དག་ལ་ཡང་། །སྔར་བརྗོད་མ་བཟློག་པ་ལ་ཆུ་ སྐྱེས་བཞིན་དུ་ཏ་ནུ་གྲན་ཐི་པརྞ་དག་ཀྱང་ཏིལ་མར་ལའོ། ༡༣༢ ། ༈ ཕྱེ་མ་དག་ལ་གྲན་ཐི་དེ་བཞིན་འགྱུར་ཏེ་ཏ་ནུ་ཧ་ཏ་བཏུང་བ་བསྒོ་དང་ཁ་ལ་ཡང་། ། ཤིང་ཚ་བོ་ལ་གྲན་ཐི་ཤཾ་ཁ་འབྲས་བུ་འདབ་མ་སྦྱར་བའི་སྨིན་དང་ངང་པ་སོགས་ལ་ཡང་། ། ༈ དེ་ལྟར་རབ་དབྱེ་སུམ་བཅུ་[ཅུ་]རྣམས་ཀྱིས་ལེགས་སྤྲས་རྣམ་མང་དྲི་དང་སྤོས་ལ་སོགས་ པའི་སྦྱོར་བ་བྱ། །རྫས་ནི་རྣམ་པར་དག་ཅིང་འབྲས་བུ་སྦྱར་བས་སྨིན་དང་བསྒོས་པ་དང་ནི་ ཕུག་པ་དག་གིས་ཀྱང་། ༡༣༣ ། ༈ དང་པོར་བརྒྱད་ཆ་འདབ་མའི་དབང་གིས་སྐ་བར་འགྱུར་ཏེ་དེ་ཡི་ཉིས་འགྱུར་དག་ ནི་དྲག་པོའི་སྤོས། །ཕྱི་ནས་རྫས་ཀྱི་ཚད་ཀྱི་བུ་རམ་ཞེས་པ་བསྲེག་པར་བྱ་སྟེ་སོ་ཀའི་སྦྱོར་བ་ དག་ལས་འཕེལ། །རྐང་པའི་ཆ་ཤས་ཤཾ་ཁ་བདུག་པ་སྦྲང་རྩི་དཀར་པོ་དག་ཀྱང་རྫས་དང་ མཉམ་པ་ངེས་པར་བསྲེག །གོང་བུ་ཤཾ་ཁའི་ཚད་དེ་མ་ལ་ཡ་དང་ལ་གྷུ་ཙ་ལ་ཟླ་བ་ལྡན་པ་དེ་ བཞིན་ནོ། ༡༣༤ ། 1-1-155 ༈ སྨིན་པའི་དྲི་ནི་མེ་ཏོག་བཟང་པོ་རྣམས་ཀྱིས་ཉིན་ཞག་འགའ་ཞིག་ཇི་སྲིད་འདོད་པར་ བསྒོ་བར་བྱ། །ཕྱི་ནས་འབུགས་པ་བརྒྱ་ཡི་ཆ་ཤས་འབྲས་བུ་གསུམ་དང་ཟླ་བ་མ་ད་ཆང་དང་ བཅས་པས་བྱ། །༈ ཤི་གྲུའི་ཆུ་དང་ཚཱ་ག་མཱུ་ཏྲ་མེ་ཏོག་བཅུད་མཉམ་མེ་ཏོག་ལས་སྐྱེས་མཐར་ ནི་བསྐོལ་བར་བྱ། །ཟླ་བ་གཅིག་ནི་སོ་བའི་སྨིན་པར་འགྱུར་ཏེ་རི་དྭགས་དང་མཉམ་ཆང་དང་ ལྟེ་བ་འབིགས་པ་འོ། ༡༣༥། ༈ གསང་བ་དྲི་ལ་པཱུ་ཏི་ར་ས་ན་ཁ་ཙ་ལ་སྤོས་ཀྱི་སྦྱོར་བ་རྣམས་ལ་གསང་བ་སྟེ། །དེ་ བཞིན་བསིལ་བ་ཏུ་རུ་ཀ་དང་གུ་རུ་རི་བོང་ཅན་ཡང་བསྒོ་བའི་བྱ་བར་མེ་ཏོག་གོ། འབུགས་ པ་ལ་ནི་ག་པུར་ལྟེ་བ་འབྲས་བུ་གསུམ་དང་མ་དའི་ཆང་སྟེ་ཡང་དག་ཁྲུས་སྦྱོར་ལ། །གསང་བ་ ཤིང་ཚ་གྲན་ཐི་པརྞ་ནགས་སུ་རྒྱུ་བ་དང་བཅས་གྲན་ཐི་དྲིལ་ཕྱིས་དག་ལ་ཡང་། ༡༣༦ ། ༈ ཆུ་སྐྱེས་དག་པ་རྫས་ཀྱིས་དམན་ཞིང་དངར་བ་དག་དང་རྣམ་པར་བྲལ་བ་དྲི་ཡི་ཆུ་ ཡིས་བཏགས། །སྤོས་ཀྱིས་སྨིན་པ་སྐ་བ་དྲག་པོ་སྦྲང་རྩི་དང་བཅས་ལག་སྐྱེས་དག་གིས་ཁམ་ ཚད་རིམ་པས་འཕེལ། །ཁམ་ཚད་གཉིས་ནི་ཀ་ར་བསྲེས་པ་དག་སྟེ་མ་ལ་ཡ་དང་སི་ལ་ཨ་ གར་ག་པུར་ཡང་། །ཁམ་ཚད་ཐོག་མ་ཐ་མར་སྦྲང་རྩི་དག་དང་དཀར་པོ་ངེས་པར་བསྲེག་སྟེ་ དང་པོ་སྤོས་ལས་སོ། ༡༣༧ །ཉིན་ཞག་འགའ་ཞིག་མེ་ཏོག་བཟང་པོ་རྣམས་ཀྱིས་བསྒོ་བ་བྱས་ ནས་དྲི་ཡི་ཆུ་ཡིས་བསྲེས་པ་དག །འཇིམ་པའི་ཐོད་པ་འཛག་པ་མིན་པ་སྤྲ་ཚིལ་དང་ནི་གོས་ ཀྱིས་བཅིངས་ཏེ་བརྟན་པར་ཁ་བཀབ་ལ། །ཤིན་ཏུ་ཆེ་བའི་སྣོད་དམ་ཡང་ན་ས་འོག་ཏུ་སྟེ་བྱེ་ མ་དག་གིས་གང་བར་བྱས་ནས་ནི། །ཟླ་བ་དྲུག་གི་སྦྱོར་བས་སྨིན་པར་འགྱུར་ཏེ་ཆུ་ལ་གནས་ པ་དེ་ནི་ལྟེ་བའི་གཙོ་བོའི་དྲི། ༡༣༨ ། ༈ ཏིལ་རྣམས་འདབ་མ་བསྐོལ་བའི་ཆུ་དག་དང་ནི་སྤོས་དང་བྱུག་པ་ལ་སོགས་རྣམས་ ཀྱིས་དག་བྱས་ནས། །ཕྱི་ནས་ཛཱ་ཏི་ལ་སོགས་མེ་ཏོག་རྣམས་ཀྱིས་ཉིན་ཞག་འགའ་ཞིག་ཇི་ 1-1-156 སྲིད་འདོད་པར་བསྒོ་བར་བྱ། །འཁྲུལ་འཁོར་དག་ལས་ཏིལ་མར་བླངས་ནས་མཁས་པས་ འཆིང་བུའི་སྣོད་དུ་གཞག་པར་བྱ་འོ་མི་ཡི་བདག །ཁྲུས་སམ་ཡན་ལག་བྱུག་པ་དག་ལ་མྱོས་ བྱེད་མེ་ཏོག་ཏིལ་མར་ཉིད་ནི་སྨིན་པ་མིན་པར་འགྱུར། ༡༣༩། ༈ ས་འཛིན་ཉི་མ་ཟླ་བ་མ་ནུ་མིག་དང་འདོད་པ་ནོར་དང་དྲག་པོ་རྒྱལ་པོ་མེ་དག་དང་། ། ཕྱོགས་དང་འབྱུང་བ་བུག་པ་དྲུག་དང་ཚེས་དང་ཆུ་གཏེར་དག་ནི་མཐའ་ཡི་རེ་མིག་ལ་གཞག་ བྱ། །གྲངས་ནི་རེ་མིག་བཞི་ཡི་ཆུ་ཡི་གཏེར་དང་རྩེ་མོ་ཅན་ཏེ་དཔལ་ལྡན་འཁོར་ལོ་མཐའ་ དག་ནི། །འཇལ་བྱེད་རྒྱབ་ཏུ་བྲིས་ནས་རབ་ཏུ་བཙའ་བར་འགྱུར་བའི་དུས་སུ་སྦྲུམ་མ་རྣམས་ ལ་བསྟན་པར་བྱ། ༡༤༠། ༈ རྣལ་འབྱོར་མ་རྣམས་གང་དག་རབ་གསལ་ས་གཞི་དག་ལ་བརྒྱད་པ་བརྒྱད་ཀྱི་མ་ མོར་རབ་ཏུ་གྲགས། །མངལ་ཞེས་བྱ་དང་ཉིན་ཞག་ཅེས་བྱ་སུམ་འགྱུར་དགུ་དང་བཅུ་སྟེ་ བཅུ་གཅིག་གཞན་ནི་ལྔ་པ་གསུམ། །ཟླ་བ་ཞེས་དང་ལོ་ཞེས་བྱ་སྟེ་མཐའ་དག་ས་ཡི་སྟེང་དུ་ དེ་རྣམས་བྱིས་པ་རབ་ཏུ་འཛིན། །༈ མངལ་དུ་ཟུག་ངུ་དང་ནི་རབ་ཏུ་བཙའ་བའི་དུས་སུ་སྐྱེ་ གནས་ལ་ཡང་ཟུག་གཟེར་བྱེད་པ་ཉིད། ༡༤༡། ༈ སྐྱེས་པ་རྣམས་ལ་བྱིས་པའི་རྒྱུད་དུ་འགྱུར་ཏེ་ཉིན་ཞག་དབང་དང་ཟླ་བ་ལོ་ཡི་རབ་ དབྱེ་ལས། །༈ མ་རུངས་གཞོན་ནུ་ལྔ་རྣམས་རང་བཞིན་ཡོན་ཏན་དབང་གིས་ཚིགས་ མཚམས་དག་ལ་ཡང་དག་གནས་གྱུར་པ། །ཐམས་ཅད་རང་གི་ཚེས་ལ་འཇིགས་གྱུར་བྱིས་པ་ འཛིན་པར་བྱེད་དེ་རྒྱལ་པོ་ངེས་པར་གཏོང་མི་བྱེད། །དེ་རྣམས་ཞི་བའི་དོན་དུ་འདིར་ནི་རྣམ་ མང་དཀྱིལ་འཁོར་ཁྲུས་དང་སྦྱིན་བསྲེག་རྣམས་སུ་རབ་ཏུ་འགྱུར། ༡༤༢ ། ༈ རུ་རྟ་ཨུ་སཱི་ར་དང་ཀ་སེ་རུ་སྟེ་རྒྱ་སྤོས་དང་ནི་ཨུད་པལ་འདམ་སྐྱེས་གེ་སར་རྣམས། ། བསིལ་བའི་ཆུ་ཡིས་བཏགས་ཤིང་རྡོ་རྗེ་ཡིས་ནི་བསྔགས་པ་དག་ཀྱང་མངལ་གྱི་ཟུག་ངུ་ལ་ 1-1-157 རབ་སྦྱིན། །མངལ་ནི་རེངས་ན་ན་ཀུ་ལ་དང་གཙུག་པུད་ཅན་གྱི་སྤུ་བརྒྱད་བཏགས་ནས་ རབ་ཏུ་སྦྱིན་པར་བྱ། །༈ འོ་མ་མར་དང་ཐུག་པ་ཟན་ནི་ཞོ་དང་བུ་རམ་བཅས་པ་ཉིན་ཞག་མ་ རྣམས་དག་ལ་སྦྱིན། ༡༤༣། ༈ བཙོས་པའི་ཟས་ལྔ་ཐ་དད་ཞོ་དང་བུ་རམ་དང་བཅས་པོ་ལི་ཀ་དང་མོ་ད་ཀ་དག་དང་། ། དྲི་དང་མེ་ཏོག་མར་མེ་བཀྲུ་བ་དག་ཀྱང་འདབ་མ་རྣམས་ཀྱིས་མཚན་མོ་ལྔ་ནི་རབ་ཏུ་བྱ། །བ་ ལང་སོ་དང་ལུག་གི་རྭ་དང་རི་དྭགས་སེན་མོ་སྐྲ་དང་སྦྲུལ་གྱི་ཤུན་པ་རྣམས་ཀྱིས་སྤོས། །བྱིས་ པ་ཟླ་སྐྱེས་རྣམས་ནི་རྒྱས་པའི་དོན་དུ་མཐའ་དག་བརྗོད་པ་རྣམས་ཀྱང་གཏོར་མ་དག་ལ་ འོ། ༡༤༤། ༈ བཟའ་བ་ལྔ་དང་བཅའ་བ་ལྔ་དང་ཆུ་ལ་རྒྱུ་བ་ཤ་དང་དྲི་དང་མེ་ཏོག་མར་མེ་དང་། ། ཆང་དང་སྔར་བརྗོད་སྤོས་དང་བཀྲུ་བ་དག་ཀྱང་དེ་བཞིན་ཕྱོགས་ཀྱི་གཏོར་མ་དག་ནི་ཕྱོགས་ ཀྱི་ཆར། །བྱིས་པ་ལོར་ནི་སྐྱེས་པ་རྣམས་དག་རབ་ཏུ་གསལ་བར་ས་ལ་རྒྱས་པའི་སླད་དུ་ མི་ཡི་དབང་། །༈ མངལ་ནས་ལོ་ནི་ལྔ་པ་གསུམ་དུ་ངེས་པར་རྣལ་འབྱོར་མ་རྣམས་རབ་ཏུ་ མཆོད་པ་དག་ཏུ་འགྱུར། ༡༤༥། ༈ ཡན་ལག་རྐྱོང་ཞིང་མིག་དག་ན་སྟེ་ཁ་དང་ལག་པ་རྐང་པ་སེར་པོ་ཉིད་དུ་ཡང་དག་ འགྱུར། །གཅི་བ་ཁ་དོག་སེར་པོ་དག་དང་ཚ་བ་ཞེས་པ་དང་ནི་སྐྱུག་དང་སྐམ་དང་བརྒྱལ་བར་ འགྱུར། །མཚན་མ་ཤེས་པར་གྱུར་ནས་དེ་རྣམས་ཀྱི་ཡང་རྒྱུར་ནི་དཀྱིལ་འཁོར་སྦྱིན་སྲེག་བྱའོ་ མི་ཡི་བདག །མ་བྱིན་ན་ནི་གཏོང་བར་མི་འགྱུར་རང་བཞིན་ཡོན་ཏན་དབང་གིས་འབྱུང་བ་ ལས་སྐྱེས་མ་མོས་ཀྱང་། ༡༤༦། ༈ གང་གི་ཡན་ལག་ཐམས་ཅད་དཀར་པོར་འགྱུར་དང་མི་ཡི་བདག་པོ་འབྲུམ་པ་ཤིན་དུ་ [ཏུ]ཕྲ་མོ་དང་། །མགྲིན་པ་ལུས་དང་བཅས་པ་འཁྱོག་ཅིང་ཁ་དང་གསང་བ་བཤང་ལམ་དག་ 1-1-158 ལས་ཁྲག་ནི་ཟག་གྱུར་པ། །དེ་ལ་མཆོད་པ་བྱ་བ་མིན་ཏེ་སྔགས་པ་རྨོངས་པ་རྣམས་ནི་ཆུང་ ངུ་ཉིད་དུ་རབ་ཏུ་འགྱུར། །དེ་ནི་འཆི་བར་འགྱུར་ཏེ་ངེས་པར་ལྷ་དང་མི་དང་ལག་འགྲོ་རྣམས་ ཀྱིས་བསྲུང་བར་ནུས་པ་མིན། ༡༤༧། ༈ (བྱིས་པ་ལ་གནོད་པའི་)ཀླུ་དང་གནོད་སྦྱིན་(དང་)གང་ཡང་གཟའ་དང་ལྷ་མིན་(གྱི་)རིགས་ (ལས་)སྐྱེས་(པའི་)སྲིན་པོ་དག་དང་ཤ་ཟ་རྣམས་དང་ནི། །ས་ཀིཾ་ནྱ་(ཤེས་བྱེད་མ་ཟེར་)དང་གདུག་ པའི་ལཱ་མ་མི་ཁྲག་ལ་དགའ་(བ་དང་)མཁའ་འགྲོ་མ་དང་གཟུགས་ཅན་མ་དག་དང་། །གྲུལ་ བུམ་དག་དང་ཞིང་སྐྱོང་རྣམས་དང་ཚོགས་ཀྱི་བདག་པོ་(དང་)ཡི་དྭགས་(དང་)རོ་ལངས་དང་ དག་དང་(རིགས་སྔགས་)གྲུབ་པ་དང་། །བརྗེད་བྱེད་དང་བཅས་མཁའ་འགྲོའི་དབང་(པོ་)རྣམས་ (ཀྱིས་བྱིས་པ་གཟིར་ན)དཀྱིལ་འཁོར་དག་ལ་མཆོད་པ་(དང་སྦྱིན་སྲེག་དང་ཁྲུས་དང་གཏོར་མ་ལ་སོགས་པ)བྱས་ ན་མཆོག་བདེ་བྱེད་པར་འགྱུར། ༡༤༨། ༈ མ་རུངས་པ་རྣམས་མཆོད་པའི་དོན་དུ་དཀྱིལ་འཁོར་དུ་འགྱུར་མི་ཡི་བདག་པོ་གྲོང་གི་ ཕྱི་རོལ་དུ[ཏུ]། །ཤིང་གི་གནས་དང་དུར་ཁྲོད་དང་ནི་ལྷ་མཆོག་ཁང་པ་དག་གམ་ཆུ་བོ་འདུས་ པ་རྣམས་སུ་སྟེ། །ཁྲུ་གང་དག་གམ་གཉིས་དང་བཞི་ནི་དགུ་དང་བཅུ་གསུམ་མི་བདག་ལྷ་ རྣམས་དག་གི་ཚད་ཀྱིས་སོ། །དབུས་སུ་རྩིབས་བརྒྱད་འཁོར་ལོར་འགྱུར་ཏེ་རིགས་ཀྱི་དབང་ གིས་དཀྱིལ་འཁོར་དག་ལས་ཕྱེད་ཀྱི་ཆ་ཤས་སོ། ༡༤༩། ༈ སྒོ་ནི་འཁོར་ལོའི་བརྒྱད་ཆར་འགྱུར་ཏེ་ངེས་པར་དེ་ཡི་ཕྱེད་ཀྱིས་སྟེགས་བུ་དག་དང་ དོ་ཤལ་ལོ། །ར་བ་རྣམས་ནི་སྟེགས་བུའི་ཕྱེད་ཏེ་[དེ་]རྟ་བབས་དག་ཀྱང་སྒོ་ཡི་ཚད་ལ་སུམ་ འགྱུར་དག་ཏུ་འགྱུར། །༈ ཟླུམ་པོའི་ཐབ་ནི་ཆ་གསུམ་པད་མ་དཀར་པོའི་རང་བཞིན་དཀར་ བའི་ཚོན་རྣམས་དག་གིས་བཀང་བ་སྟེ། །དཔལ་ལྡན་ཚོན་ལྔ་རྣམས་ཀྱིས་ལྷ་རྣམས་ཀྱི་ནི་རང་ ཕྱོགས་རིགས་ཀྱི་དབང་གིས་རང་གི་མཚན་མ་བྱ། ༡༥༠། 1-1-159 ༈ རྡོ་རྗེ་དབུས་དང་རལ་གྲི་དབང་པོར་འགྱུར་ཏེ་རིགས་ཀྱི་དབང་གིས་ལྷོར་ནི་རིན་ཆེན་ དམར་པོ་འོ། །གཡོན་དུ་འདབ་མ་བརྒྱ་དང་བཅས་པའི་པད་མ་དཀར་པོ་དག་དང་ནུབ་ཏུ་ འཁོར་ལོའི་མཚན་མ་དང་། །མེར་ནི་གྲི་གུག་ངེས་པར་པད་མའི་འདབ་མ་ལ་གནས་ལྷ་མིན་ ཟུར་དུ་ལྕགས་ཀྱུ་དག་ཏུ་འགྱུར། །རླུང་དུ་རྡོ་རྗེ་ཞགས་པར་འགྱུར་ཏེ་མི་ཡི་བདག་པོ་དྲག་པོའི་ འདབ་མ་དག་ལ་རྩེ་གསུམ་མོ། ༡༥༡ ། ༈ ཤར་གྱི་སྒོར་ནི་རལ་གྲི་ནག་པོའི་སྤྲིན་དང་མཚུངས་པ་དག་སྟེ་ལྷོར་ནི་རྡོ་རྗེའི་དབྱུག་ པ་འོ། །ཆུ་རུ་དཔལ་ལྡན་བེ་ཅོན་དག་ཏུ་རབ་ཏུ་འགྱུར་ཏེ་ངེས་པར་བྱང་དུ་ཐོ་བ་དག་ཀྱང་ངོ་། ། (སེམས་ཅན་རྣམས་ཀྱི་མོས་པའི་)སེམས་ཀྱི་རྗེས་འབྲང་ཤེས་ནས་(ལྷ་དགུ་ལ་སོགས་པ་དཀྱིལ་འཁོར་)ཤིན་ཏུ་ རྣམ་པ་མང་པོ་དུས་ཀྱི་འཁོར་ལོ་དག་ནི་(དཔལ་ལྡན་རྒྱུ་སྐར་)ཇི་སྲིད་པར(བཞེངས་ནས་མཆོད་པ་ལ་སོགས་ པ)། །བུ་མེད་རྣམས་ཀྱི་བུ་ཡི་དོན་དང་གདོན་གྱིས་བཅོམ་པའི་མི་རྣམས་ཞི་རྒྱས་དོན་དུ་འདི་ དག་མཛོད། ༡༥༢ ། ༈ བུམ་པ་བརྒྱད་ནི་རིན་ཆེན་དང་བཅས་འདབ་མ་པད་མའི་ཁ་དང་སོ་མ་བཏང་བའི་ ཁམ་ཕོར་ནི། །བདུན་གྱིས་ཆུ་དང་བདུད་རྩི་ལྔ་ལ་སོགས་པས་བཀྲུ་སྟེ་སླར་ཡང་ཉུངས་དཀར་ སོགས་ཀྱིས་ངེས་པར་བྱབ། །༈ དྲི་དང་བདུག་པ་མར་མེ་རྣམ་མང་འབྲས་བུ་རོ་དང་མེ་ཏོག་ དཀར་པོ་དག་དང་གོས་རྣམས་ཀྱིས། །རྣམ་པར་བཀྲ་བའི་མཆོད་པ་བྱས་ཏེ་སླར་ཡང་དེ་ནས་ ཞི་བའི་བསྲེག་བྱ་དག་ནི་སྦྱིན་བསྲེག་བྱ། ༡༥༣ ། ༈ (འདིར་ཞི་བའི་སྲེག་རྫས་)འོ་མ་(དང་)སོ་བ་(དང་)ཏིལ་ལ་སོགས་དང་འོ་མའི་(ཟན་གྱི)རྐང་ འཐུང་(སྟེ་ཤིང་ལ་ཨ་ཤྭད་ཐ་ལ་སོགས་པ་)ལྔ་རྣམས་དག་གི་ཡམ་ཤིང་མདའ་བརྒྱ་(བཞི་བཅུ་)དང་། ། མཆོད་ཡོན་དག་དང་(མེ་ལྷ་)སྤྱན་དྲང་(བ་དང་དེ་རྣམས་ལ་)ཞལ་བསིལ་(དབུལ་བ་)དང་ནི་དེ་བཞིན་ ཉིད་དུ་བརྗེད་དང་མཆོད་པ་འདི་དག་ནི། །(ཆེད་དུ་བྱ་བ་)རབ་མཆོག་ས་ཡི་སྟེང་དུ་མ་མོ་རྣམས་ 1-1-160 ཀྱིས་(བྱིས་པ་)གཟིར་བ་རྣམས་དག་ཞི་བའི་དོན་དུ་བྱ་བ་སྟེ། །(དེ་བཞིན་དུ་རིགས་)སུམ་ཅུ་རྩ་དྲུག་ (གི་)རྣལ་འབྱོར་མ་(ཀུན་རྫོབ་པ་)རྣམས་(ཀྱང་ཞི་རྒྱས་ལ་སོགས་པའི་དོན་དུ་)དུས་ཀུན་ཏུ་ནི་མཆོད་བྱ་ཉིད་ དུ་འགྱུར་རོ་མི་ཡི་བདག། ༡༥༤ །། ༈ བདག་མེད་ལས་ཀྱི་རྣམ་སྨིན་སྲིད་པ་གསུམ་དང་དུས་ཀྱི་འགྲོ་བ་ཡན་ལག་བཅུ་ གཉིས་རྟེན་འབྲེལ་ལས། །ཡང་དག་བྱུང་དང་རིག་བྱེད་བདེན་པ་གཉིས་ཀྱིས་བསྒྱུར་བའི་ དགུ་ནི་མ་འདྲེས་སངས་རྒྱས་ཆོས་རྣམས་ཏེ། །ཕུང་པོ་ལྔ་དང་སྐུ་གསུམ་ལྷན་སྐྱེས་ཞེས་དང་དེ་ བཞིན་ཉིད་དུ་བེམས་པོ་མ་ཡིན་སྟོང་པ་ཉིད། །འདི་དག་གང་དུ་གསུངས་པ་དེ་ནི་ངེས་པར་རྡོ་ རྗེ་ཅན་གྱི་བསྟན་པ་དག་ཏུ་རབ་ཏུ་འགྱུར། ༡༥༥ ། ༈ གང་དུ་རིག་བྱེད་རང་བྱུང་ཁ་དང་ལག་པ་རྐང་པ་ལ་སོགས་དག་ཀྱང་སྐྱེ་བོའི་སྐྱེ་ གནས་ཏེ། །ཨ་ཤྭ་མེ་དྷ་དག་ལས་གཞན་པ་མཆོག་གི་ཆོས་མེད་ཅེས་པ་དེ་ནི་ཚངས་པའི་ བསྟན་པར་འགྱུར། །༈ བྱེད་པོ་བདག་དང་ལས་དང་དུས་དང་རང་བཞིན་དང་ནི་ཡོན་ཏན་ སྟོང་པ་ཉིད་ནི་ཉམས་པའི་ཆོས། །བྱེད་པོ་འབྲས་བུའི་རྒྱུ་སྟེ་རབ་ཏུ་གསལ་ཞིང་ངེས་པར་ བསྟན་པ་དེ་འདིར་ཁྱབ་འཇུག་པ་ཡི་འོ། ༡༥༦ ། ༈ ལམ་དྲུག་རྣམས་དང་དེ་ཉིད་ལྔ་དང་མཆོག་གི་གོ་འཕང་མ་ལུས་པ་ཡང་གཞན་ནི་ སྔགས་ཀྱི་ལུས། །རིག་པ་བདག་ཉིད་དམ་པའི་ཞི་བ་ཉིད་དང་རྣམ་གསུམ་གནས་ན་གནས་ པའི་སྦྱོར་དང་གཏོང་བའི་དངོས། །ཐིག་ལེའི་དབྱེ་བ་ཞི་བ་ཉིད་དང་མཐའ་དག་ལུས་ལ་ གནས་པ་བཅུ་གཉིས་མདུད་པའི་དབྱེ་བ་སྟེ། །འདི་དག་ཐམས་ཅད་གང་དུ་རབ་ཏུ་གྱུར་པ་དེ་ ནི་ངེས་པར་ཞི་བ་པ་ཡི་བསྟན་པ་འོ། ༡༥༧ ། ༈ དབང་ཕྱུག་མེད་ཅིང་ལས་ཀྱི་རྣམ་སྨིན་དག་ཀྱང་ཡོན་ཏན་ཡུལ་རྣམས་འབྱུང་བའི་ ཚོགས་ནི་ལོངས་སྤྱོད་པ། །དེ་མེད་པ་ན་འབྲས་བུ་མེད་པ་གསལ་བར་ལྷ་ཡི་བླ་མ་དག་གི་ 1-1-161 བསྟན་པར་རིག་པར་བྱ། །༈ བྱེད་པོས་རྒྱུ་དང་མི་རྒྱུ་ལས་སྐྱེས་མཐའ་དག་བསྐྱེད་ཅིང་སྟག་ གཟིག་རྣམས་ཀྱི་ཐར་པ་དག་གི་རྒྱུ། །དེ་མཉེས་པ་ལས་ངེས་པར་མི་རྣམས་མཐོ་རིས་སུ་ འགྱུར་དེ་ནི་རཧྨ་ཎ་ཡི་བསྟན་པ་འོ། ༡༥༨ ། ༈ དུས་གསུམ་ཉིད་དང་རྫས་ནི་དྲུག་སྟེ་ཚིག་དགུས་བསྒྲུབས་དང་སྲོག་ནི་དྲུག་གི་ལུས་ ལ་ཆ་ཤས་སོ། །གཞན་ནི་ཡོད་པའི་ལུས་ལྔ་བརྟུལ་ཞུགས་སྡོམ་པ་འགྲོ་དང་ཡེ་ཤེས་སྤྱོད་པ་ དག་གི་དབྱེ་བ་རྣམས། །སྲོག་ནི་ལུས་ཀྱི་ཚད་ཏེ་[དེ་]དཔག་ཏུ་མེད་པའི་སྲིད་པ་དག་གིས་ རྟག་པའི་སྲོག་གིས་ཐར་པ་འོ། །གང་དུ་ཐར་པའི་ཚད་ནི་སྟེང་དུ་ངེས་པར་བརྗོད་པ་དེ་ནི་རྒྱལ་ བ་པ་ཡི་བསྟན་པ་འོ། ༡༥༩ ། ༈ རིག་བྱེད་འདི་ནི་རང་བྱུང་མིན་ཏེ་སྲིད་པ་གསུམ་གྱི་གནས་སུ་རིག་བྱེད་སྒྲ་ནི་དོན་ རྗོད་བྱེད། །ཚངས་པའི་གདོང་བཞི་རྣམས་ཀྱིས་སྔོན་ནི་རིག་བྱེད་སྒྲ་དག་གིས་ཀྱང་དོན་ནི་ རབ་ཏུ་གསལ་བར་བྱས། །ཅི་སྟེ་སྒྲ་དང་དོན་ནི་ཐ་དད་མིན་ན་མེ་སྒྲ་བརྗོད་པ་དག་གིས་ཁ་ ནི་ཅིས་མི་བསྲེག །དེ་ཕྱིར་ངེས་པར་སྟོན་པ་པོ་ཡོད་རིག་པའི་ཡུལ་དང་མ་འོངས་དོན་དང་ འདས་པ་དག་ལ་ཡང་། ༡༦༠ །རིག་བྱེད་ནམ་མཁའ་མཚུངས་མིན་འདིར་ནི་གནས་ཀྱི་དབྱེ་ བ་དག་ལས་ཁ་ཡིས་རབ་བརྗོད་བྱས་པ་འོ། །རིགས་པས་གཉིས་སྐྱེས་ཁ་ཡིས་བཀླགས་པ་ཉི་ ཚེ་བ་སྟེ་ཀུན་དུ་[ཏུ་]འགྲོ་བ་གཞན་རྣམས་ཀློག་པ་འོ། །གང་ཕྱིར་དམངས་ལ་སོགས་པའི་ རིགས་ནི་ཀུན་འགྲོ་མིན་པའི་རིག་བྱེད་འདི་དག་ཀློག་དང་འབྲི་བ་མིན། །དེ་ཕྱིར་ཤེས་ལྡན་ མཁས་པར་གྱུར་པའི་མི་རྣམས་དག་ལ་རིག་བྱེད་དག་ནི་ཚད་མར་མི་འགྱུར་རོ། ༡༦༡ ། ༈ གལ་ཏེ་ཐམས་ཅད་བྱེད་པོ་དབང་ཕྱུག་ཡོད་ན་དེ་ཡང་འགྲོ་བའི་ལས་ལོངས་སྤྱོད་པོ་ གཞན་མ་ཡིན། །གལ་ཏེ་དབང་ཕྱུག་ལས་ཀྱི་བྱེད་པོ་མིན་ན་དེ་ཡང་ཀུན་ནས་ཐམས་ཅད་ བྱེད་པོར་མི་འགྱུར་རོ། །འདི་ནི་གལ་ཏེ་བྱེད་པོ་གཞན་དག་བསྐུལ་ན་འདི་ནི་བྱེད་པོ་དག་གི་ 1-1-162 མཆོག་ཏུ་གཞན་དབང་ཉིད། །དེ་ཕྱིར་དགེ་དང་མི་དགེའི་འབྲས་སྟེར་བྱེད་པོ་དབང་ཕྱུག་མེད་ དེ་སྲོག་ཆགས་ལས་ནི་དོར་ནས་སོ། ༡༦༢། ༈ ས་དང་ཆུ་མེ་རླུང་གི་རྡུལ་ཕྲན་འདིར་ནི་གལ་ཏེ་མཁའ་ལ་བྱེད་པོའི་དང་པོར་ཡོད་པ་ མིན། །རྫས་དག་མེད་པ་ལ་ནི་ཡུལ་དང་རྣམ་པར་བྲལ་བའི་ཐམས་ཅད་བྱེད་པོ་སྣ་ཚོགས་མི་ བྱེད་དོ། །ཡུལ་དང་རྣམ་པར་བྲལ་བ་བྱེད་པོ་འདི་ཡི་ཚད་མ་མངོན་སུམ་དང་ནི་ལྐོག་ཏུ་གྱུར་ པ་མེད། །ཡང་དག་སྦྱོར་བ་ཉིད་ལས་ཐམས་ཅད་དུ་འགྱུར་མི་ཡི་བདག་པོ་འདོད་པས་མ་ཡིན་ ལས་ཀྱི་གཟུགས། ༡༦༣ ། ༈ ཡང་དག་སྦྱོར་བ་ལས་ནི་ཆུ་ཤེལ་ལས་ཀྱང་ཆུ་རུ་འགྱུར་ཏེ་མེ་ལོང་དག་ལས་དངོས་ པོའི་གཟུགས། །སྐྱུར་བའི་རྒྱུ་ལས་ལྕེ་འཛག་རང་གི་སྒྲ་ལས་གཅིག་ཤོས་དག་པའི་ས་བོན་ ལས་ནི་མྱུ་གུར་འགྱུར། །ཁབ་ལེན་ལས་ཀྱང་ལྕགས་ཀྱི་ཐུར་མ་དག་ནི་གཡོ་བར་འགྱུར་ཏེ་ འདོད་པས་འདི་ལ་ཅི་ཡང་མིན། །དངོས་པོ་རྣམས་ཀྱི་ནུས་པ་འདི་ནི་སྲིད་པ་གསུམ་གྱི་གནས་ སུ་སུ་ཞིག་གིས་ཀྱང་སྤྲུལ་བ་མིན། ༡༦༤ ། ༈ གལ་ཏེ་བདག་ནི་ཀུན་ཏུ་འགྲོ་ན་གཉེན་དང་བྲལ་བའི་སྡུག་བསྔལ་ཅི་ལྟར་ཉམས་ སུ་མྱོང་བར་འགྱུར། །གལ་ཏེ་འདི་ནི་རྟག་པར་གྱུར་ན་འདོད་པའི་མདའ་ཡིས་བསྣུན་པའི་ གནས་སྐབས་ཉིད་དུ་ཅིས་རབ་འགྱུར། །གལ་ཏེ་བྱ་བ་དང་བཅས་གྱུར་ན་གཉིད་ལོག་དུས་ སུ་འདི་ནི་རྨོངས་པ་ཉིད་དུ་ཅི་ལྟར་འགྲོ། །དེ་ལྟར་ངེས་པར་བདག་འདི་ཀུན་འགྲོ་ཁྱབ་བདག་ དང་ནི་སྔོན་གྱི་བྱ་བ་དག་དང་བཅས་པ་མིན། ༡༦༥ ། ༈ བདག་མེད་འབྱུང་བ་ཡོད་ཅིང་དགེ་དང་མི་དགེའི་འབྲས་བུ་ཡོད་ཏེ་[དེ་]བྱེད་པ་པོ་ ཡིས་རྣམ་པར་དམན། །འགྲོ་བ་པོ་མེད་ཐར་པའི་ཆེད་དུ་འགྲོ་བ་ཡོད་ཅིང་མ་ལུས་འཆིང་བ་ ཡོད་དེ་བཅིངས་པ་མེད། །དངོས་པོ་དངོས་མེད་དག་ཀྱང་ཡོད་དེ་སྐ་ཅིག་རྣམ་བྲལ་རང་བཞིན་ 1-1-163 མེད་པ་དག་གི་སྲིད་པ་ཡོད། །འདི་རྣམས་བདག་གི་བདེན་པའི་ཚིག་སྟེ་ལྷ་དང་གདེངས་ཅན་ རྣམས་ཀྱི་གདོན་བཅས་ཚིག་གིས་འཇོམས་མི་འགྱུར། ༡༦༦ ། ༈ གང་ཞིག་དེ་ཉིད་གང་ཟག་ཅེས་བྱ་ལུས་ལ་གནས་པར་སྨྲ་བ་དེ་ནི་རང་བཞིན་དག་ གིས་ཉམས། །ཀུན་རྫོབ་དག་གིས་དོན་ནི་སྨྲ་བ་པོ་ཡང་དོན་དམ་མ་རིག་མེད་པ་དག་ཏུ་འདོད་ པ་འོ། །༈ སྲིད་གསུམ་མཐའ་དག་རྣམ་པར་ཤེས་པ་ཉིད་དུ་སྨྲ་བ་པོ་ཡང་རྣམ་པར་ཤེས་པ་ འདོད་པར་བྱེད། །༈ གང་ཞིག་སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པ་སྨྲ་པོ་ཕྱོགས་ཉམས་དེ་ནི་ མ་ཉམས་པར་འགྱུར་རོ། ༡༦༧ ། ༈ སྐྱེ་བོ་སྔོན་གྱི་ལས་རྣམ་ཉམས་སུ་མྱོང་འགྱུར་འདི་ལ་བྱས་པ་རྣམས་ནི་སྐྱེ་བ་གཞན་ ལ་འོ། །གལ་ཏེ་དེ་ལྟ་ཡིན་ན་ལས་ནི་འཇིག་པར་མི་འགྱུར་མི་རྣམས་སྐྱེ་དང་སྐྱེ་བ་གཞན་དག་ གིས། །དཔག་མེད་སྲིད་པ་དག་གིས་འཁོར་བ་ལས་ནི་འབྱུངབར་འགྱུར་དང་ཐར་པར་འཇུག་ པ་མེད་པ་ཉིད། །འདི་དག་སྟག་གཟིག་རྣམས་ཀྱང་ངེས་པར་འདོད་པར་འགྱུར་ཏེ་གཞན་པའི་ རིགས་ཀྱིས་རབ་ཏུ་དམན་པ་འོ། ༡༦༨ ། ༈ གལ་ཏེ་འབྱུང་བ་གཅིག་ཏུ་གྱུར་པས་ཆང་གི་ནུས་པ་བཞིན་དུ་དབང་བཅས་སེམས་སུ་ རབ་འགྱུར་ན། །ཤིང་རྣམས་དག་ལ་ཅི་ཕྱིར་མི་འགྱུར་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་ མཁའ་སྦྱོར་ཕྱིར་རོ། །འདི་དག་རྣམས་ལ་སྐྱེ་བོའི་ནུས་པ་མེད་ན་འབྱུང་བ་ཡང་དག་སྦྱོར་བའི་ ནུས་པ་མཆོག་ཏུ་བརྫུན། །ཚུ་རོལ་མཛེས་པའི་ཚིག་འདི་དག་ནི་མི་རྣམས་དག་ལ་བདེ་བའི་ འབྲས་བུ་སྟེར་མིན་ལམ་ཉམས་སོ། ༡༦༩ ། ༈ སྲོག་ནི་ལུས་ཀྱི་ཚད་དག་ཡིན་ན་གལ་ཏེ་ལག་པ་རྐང་པ་བཅད་པས་ཉམས་པར་ འགྱུར་རམ་ཅི། །རྟག་པ་དག་ནི་ལུས་ཀྱི་མཐུ་ལས་ཕྲ་མོ་འགྱུར་ཞིང་སྦོམ་པོར་ཡང་ནི་རབ་ ཏུ་འགྱུར་རམ་ཅི། །༈ འཁོར་བའི་ལས་ལས་གྲོལ་བ་གང་ཞིག་འཇིག་རྟེན་སྟེང་ན་གནས་པ་ 1-1-164 བདེ་བ་དག་གི་གནས་སུ་འགྲོ། །འཇིག་རྟེན་གསུམ་ཡང་ཕྲ་རབ་རྣམས་ཀྱིས་གང་ཞིག་བཀོད་ པ་དེ་ནི་དུས་ཀྱིས་རྟག་ཏུ་རྟག་པ་མིན། ༡༧༠ ། ༈ ཞེས་པ་ལ་སོགས་བསྟན་པ་དུས་ཀྱི་འཁོར་ལོས་ས་ལ་རབ་ཏུ་གསལ་མཛད་ཡེ་ཤེས་ སླད་དུ་སྟེ། །འཇམ་དང་སྲ་དང་གཞན་པའི་བག་ཆགས་སྟོབས་ཀྱིས་སྐྱེས་བུ་རྣམས་ཀྱི་སེམས་ ཀྱི་རྗེས་སུ་འབྲང་བ་སྟེ། །སེམས་ནི་ངེས་པར་དངོས་པོའི་ཚོན་གྱིས་ཉེ་བར་གཞག་པ་དག་ ལས་ཤེལ་བཞིན་ཚོན་ལྡན་ཉིད་འགྱུར་བ། །གང་ཡིན་དེ་ཕྱིར་རང་གཞན་རིགས་སུ་གྱུར་པའི་ ཆོས་ནི་འགའ་ཡང་རྣལ་འབྱོར་པ་ཡིས་སུན་མི་དབྱུང་། ༡༧༡ ། ༈ ཆོས་ནི་སེམས་ཅན་ཕན་པ་ཡུལ་དང་རྣམ་པར་བྲལ་བ་དག་སྟེ་ཆོས་མིན་དག་ཀྱང་ གནོད་པ་འོ། །འཚེ་བ་རིག་བྱེད་ཚད་མ་ཅན་ནི་བདེ་བའི་འབྲས་བུ་མི་སྟེར་དུས་ཀུན་དུ་ནི་ སྡུག་བསྔལ་སྟེར། །དམ་པའི་བྱམས་ལྡན་རྨོངས་པའི་ཚིག་ལས་མཆོག་གི་བདེ་བ་བྱེད་ཅིང་ སེམས་ཅན་བདེ་ལ་རྗེས་སུ་ཆགས། །དེ་ཕྱིར་སེམས་ཅན་དོན་ནི་གཅིག་པུ་ཉིད་དང་མི་བདག་ ཡིད་ཀྱིས་རང་བཞིན་མེད་པ་བསྒོམ་པར་གྱིས། ༡༧༢ ། ༈ ལྷ་མིའི་བླ་མ་ང་ནི་མཐོ་རིས་འཇིག་རྟེན་དག་ཏུ་དབང་པོ་ས་སྟེང་དུ་ནི་འཁོར་ལོས་ སྒྱུར། །ས་འོག་དག་ཏུ་ཀླུ་ཡི་རྒྱལ་པོ་གདེངས་ཅན་རིགས་ཀྱིས་བཏུད་དང་ཀུན་ཏུ་འགྲོ་དང་ མཆོག་ང་སྟེ། །ཡེ་ཤེས་སངས་རྒྱས་ཐུབ་དབང་འགྱུར་མེད་མཆོག་དང་ཁྱབ་བདག་རྣལ་ འབྱོར་རྣམས་ཀྱི་རྡོ་རྗེ་རྣལ་འབྱོར་དང་། །རིག་བྱེད་ཨོཾ་གྱི་ཡི་གེ་གཙང་མ་དག་སྟེ་རྒྱལ་པོ་ དངོས་པོ་ཀུན་གྱིས་བདག་ལ་སྐྱབས་སུ་སོང་། ༡༧༣ ། ༈ ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ ཡང་། །ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕུན་སུམ་ ཚོགས་པ་ཡང་། །ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་གནས་ཏེ་སྐྱོན་ 1-1-165 རྣམས་བཅོམ་པ་ཁྱོད་ཉིད་དོ། །ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་ རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི(ཞེས་པ་རྣམས་ནི་ལེའུ་དང་པོར་ཐིག་ལེ་ནུས་མ་མིག་སྨན་དག་ དང་མཁའ་ལྡིང་ལྷའི་ཆུ་བོ་མི་སྦྱིན་དང་ནི་འདོད་འཇོ་དང་། །རྫོང་དང་གློག་དང་རིག་པ་བཟང་པོ་འགྱུར་མེད་མཆོག་གི་ཆ་དང་ ལྷ་ཡི་སྐད་དང་ལུས་མེད་དེ། །ཡང་དག་རྒྱུ་བའི་གཟུགས་འདི་རྣམས་ཀྱིས་ས་ལ་འཇུག་པར་འགྱུར་རོ་རྒྱལ་བ་ཡི་ནི་ཡེ་ཤེས་སྐུ། ། ཞེས་པའི་སྐབས་སུ་བཤད་པ་དང་དོན་གཅིག་གོ)། །དཔལ་དང་པོའི་སངས་རྒྱས་ལས་ཕྱུང་བ་དཔལ་དུས་ ཀྱི་འཁོར་ལོ་ཆེན་པོ་ལས་ནང་ངེས་པ་ཞེས་བྱ་བ་སྟེ་ལེའུ་གཉིས་པའོ།། །། ༈ ལུས་ལ་སྣ་ཚོགས་ཚད་དང་ཉིན་དང་མཚན་མོའི་དུས་དང་ཟླ་བ་འཕོ་བའི་དབྱེ་བ་ རྣམས་དང་ནི། །རྩ་རྣམས་ཀྱི་ནི་ཕྲ་མོའི་གྲངས་དང་རང་བཞིན་དང་ནི་སྐྱེས་བུ་མུ་སྟེགས་ རྣམས་ཀྱི་འདོད་པ་དང་། །རིག་བྱེད་དང་ནི་བྱེད་པོ་ལ་སོགས་དབྱེ་བ་བདག་གིས་ཐོས་པས་ དཀྱིལ་འཁོར་དག་ནི་བསྟན་དུ་གསོལ། །ཟླ་བ་བཟང་པོའི་ཚིག་གསན་ནས་ནི་བདེ་བར་ གཤེགས་པས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རབ་ཏུ་གསུངས། ༡ ། ༈ དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེ་ཐེག་ལ་ལྷག་ པར་གནས། །དེ་ཉིད་བསྒོམས་ཤིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བཟོད་ པའི་ངང་ཚུལ་ལམ་ལ་ཞུགས། །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་ པ་འཕྲོག་ཅིང་དེ་ཉིད་ལས་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེ་དབྱུག་པ་དེ་ཡང་ འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔར་རབ་གྲགས་པའོ། ༢ ། ༈ ང་རྒྱལ་དང་ལྡན་ཁྲོ་བས་ཟིལ་མནན་དམ་ཚིག་རྣམ་བྲལ་རྫས་ལ་བརྐམ་ཞིང་ཐོས་པ་ དག་ཀྱང་མེད། །སློབ་མ་རྣམས་ནི་སླུ་བ་དོན་དུ་གཉེར་ཞིང་མཆོག་གི་བདེ་བའི་གནས་ལས་ སེམས་ཉམས་དབང་མ་བསྐུར། །ལོངས་སྤྱོད་དག་ལ་ཀུན་ཆགས་བག་མེད་རྩུབ་མོའི་ཚིག་ 1-1-166 དང་བཅས་ཤིང་དབང་པོའི་དོན་དུ་འདོད་ལྡན་པ། །དེ་ཉིད་དམྱལ་བ་བཞིན་དུ་སློབ་མ་མཁས་ པ་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་རྒྱུར་ནི་སྤང་བར་བྱ། ༣ ། ༈ ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་བའི་ངང་ཚུལ་དང་ལྡན་ ཡོན་ཏན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་སེམས་ལྡན་དེ་ཉིད་ ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན་ཏུ་མཁས་ པ་རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་གཞན་ཞེས་བྱ་བ་སླར་ ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར། ༤ ། ༈ ནག་པའི་མཐར་ནི་དཀར་པོའི་ཚིགས་ལ་གཞན་ལ་ཕན་པའི་བླ་མས་དཀྱིལ་འཁོར་ དག་ནི་བཞེངས་བྱས་ནས། །སྡིག་པའི་དྲི་མ་འཕྲོག་པའི་དབང་བདུན་རྣམས་ནི་བསོད་ནམས་ དོན་དུ་བུ་རྣམས་དག་ལ་སྦྱིན་པར་བྱ། །༈ ཡང་ན་མཐའ་དག་ཡོན་ཏན་གཏེར་ནི་བསྟན་པའི་ སླད་དུ་རྣལ་འབྱོར་མ་རྣམས་དག་ལ་མཆོད་པ་བྱ། །མཆོད་པ་མེད་ན་ལོ་གཅིག་ཏུ་ནི་རྒྱུད་ཀྱི་ རྒྱལ་པོ་དག་ནི་བླ་མས་བསྟན་པར་མི་བྱ་འོ། ༥ ། ༈ དབང་གི་དོན་དུ་ས་ནི་ཡོངས་(སུ་)བརྟག་(ཅིང་ལས་དང་རྗེས་སུ་མཐུན་པའི་གནས་)ནགས་དང་ གྲོང་ཁྱེར་(དང་)གྲོང་བརྡལ་(དང་)གྲོང་གི་ཕྱོགས་ཀྱི་ཆ་དག་(ལས་གང་དང་གང་ལ་ཤིས་པ་)དང་། ཐབ་ ཁུང་(བཅུ་པོ་)རྣམས་ཀྱི་མཚན་ཉིད་དང་ནི་བུམ་པ(འི་མཚན་ཉིད་)དང་བཅས་རྡུལ་ཚོན་(དང་)སྦྱིན་ སྲེག་(དང་)ཕུར་བུ་(དང་འཁྲུལ་འཁོར་)ལ་སོགས་(པའི་མཚན་ཉིད་)དང་། །སློབ་མ་རྣམས་ནི་བསྡུ་བ་ དག་དང་གང་ཡང་རྒྱལ་བའི་བདག་པོ་མཆོག་གི་དཀྱིལ་འཁོར་འབྲི་བ་དག །ཤེས་ནས་(བྱ་འོ། ། གང་གི་བྱ་ན་)སློབ་དཔོན་གྱིས་ནི་(གང་གི་སླད་དུ་བྱ་ན་)དགེ་དང་མི་དགེའི་(སྟེ་ཞི་དྲག་གི་)འབྲས་(བུའི་) སླད་(དུ་གང་བྱ་ན་)ཞི་བ་(དང་དྲག་པོ་)ལ་སོགས་མཐའ་དག་རབ་ཏུ་བྱ། ༦ ། ༈ ས་ཡི་རིགས་ནི་ཡོན་ཏན་དབང་གིས་རྣམ་བཞིར་འགྱུར་བ་དམངས་རིགས་རྗེ་རིགས་ 1-1-167 རྒྱལ་པོ་བྲམ་ཟེ་སྟེ། །ནག་དང་སེར་དང་དམར་བ་དང་ནི་རི་བོང་འཛིན་པ་དཀར་བའི་ཁ་དོག་ རྣམས་ཀྱིས་རིག་པར་བྱ། །རྣག་དང་ལན་ཚྭ་དག་དང་ཆུ་སྐྱེས་དྲི་དང་མཆོག་གི་དྲི་རྣམས་རིམ་ པས་ནོར་ལྡན་མར་ནི་འགྱུར། །སྐྱུར་དང་ལན་ཚྭ་དམངས་རིགས་དངར་དང་ཚ་བ་རྗེ་རིགས་ མི་བདག་གཞན་པ་དག་ནི་གཉིས་སྐྱེས་སོ། ༧ ། ༈ དཀར་པོ་དག་ནི་ཞི་དང་རྒྱས་པ་ལ་སྟེ་སྤྲིན་ནག་དང་མཚུངས་བསད་དང་བསྐྲད་པ་ དག་ལ་ཡང་། །དམར་པོ་དབང་དང་དགུག་པ་ལ་སྟེ་མཆོག་གི་གསེར་དང་མཚུངས་པ་རེངས་ དང་རྨོངས་པ་ལ་ཡང་འགྱུར། །ལས་ཀྱི་ཆ་ནི་ཐམས་ཅད་པ་ལ་ལྗང་ཁུར་འགྱུར་ཏེ་ལྔ་པ་དང་ ནི་མཐའ་མ་དག་གི་རིགས། །རོ་དང་དྲི་རྣམས་ཐམས་ཅད་དང་ལྡན་མཐའ་དག་ཡོན་ཏན་ གཏེར་ནི་རྣལ་འབྱོར་པ་ཡིས་རིག་པར་བྱ། ༨ ། ༈ དབངལྡན་དང་ནི་བྱང་གི་ས་གཞི་དག་ལ་ཞི་བ་དང་ནི་རྒྱས་པ་དག་ཏུ་འགྱུར་བ་སྟེ། ། མེ་ཡི་མཚམས་དང་ཤར་གྱི་ཆར་ནི་རབ་ཏུ་གསལ་ཞིང་ངེས་པར་བསད་པ་དག་དང་བསྐྲད་ པ་འོ། །བདེན་བྲལ་དང་ནི་ལྷོ་ཕྱོགས་སུ་ཡང་གསལ་བར་རྟག་ཏུ་དབང་དུ་བྱ་དང་དགུག་པ་ དག་ཀྱང་ངོ་། །མཆོག་གི་མི་བདག་རླུང་གི་མཚམས་དང་ནུབ་ཕྱོགས་སུ་ཡང་ངེས་པར་རེངས་ པ་དང་ནི་རྨོངས་པ་འོ། ༩ ། ༈ ཐབ་ཁུང་གྲོང་གི་ཕྱོགས་བརྒྱད་རྣམས་སུ་ངེས་པར་རབ་ཏུ་འགྱུར་ཏེ་ཟླུམ་པོ་དང་ནི་ཆུ་ གཏེར་ཟུར། །ཟླ་ཁམ་ཟུར་ལྔ་པ་དང་རང་བཞིན་ཡོན་ཏན་དབང་གིས་ཟུར་བདུན་པ་དང་ཟུར་ ནི་གསུམ་པ་དང་། །ཟུར་དྲུག་པ་དང་ཟུར་བརྒྱད་པར་འགྱུར་༈རིགས་ཀྱི་དབང་གིས་དེ་དག་ རྣམས་ཀྱི་སྙིང་པོའི་མཚན་མ་ནི། །པད་མ་འཁོར་ལོ་གྲི་གུག་རལ་གྲི་མདའ་ཞེས་བྱ་དང་རྡོ་རྗེ་ ལྕགས་ཀྱུ་ལྕགས་སྒྲོག་དག་དང་སྦྲུལ། ༡༠ ། ༈ གཅིག་གཉིས་ཕྱེད་དང་གཅིག་ནི་ཁྲུ་སྟེ་མཁའ་དུས་༤༠མཁའ་མིག་༢༠མཁའ་མེ་ 1-1-168 ༣༠མཁའ་དུས་༦༠དག་ནི་སོར་དུ་འགྱུར། །ཕྱེད་ཀྱི་ཡན་ལག་དྲུག་གི་ཆ་ཤས་ཉི་མ་ཉི་མའི་ཆ་ ཤས་དག་གིས་ཟབས་དང་ཁ་ཁྱེར་དང་། །མཆུ་དང་མཚན་མའི་འཕྲེང་བར་འགྱུར་ཏེ་ཁ་ཁྱེར་ དག་གི་སྟེང་དུ་རིགས་ཀྱི་དབང་གིས་ཀུན་ནས་སོ། །ཁ་ཁྱེར་ཕྱི་རོལ་དུ་[ཏུ་]ཡང་ཆུ་སྐྱེས་ འདབ་མ་རྣམས་མཛོད་མི་བདག་ཞི་རྒྱས་ལ་སྟེ་གཞན་ལ་མིན། ༡༡ །ཡང་ན་ལས་ནི་ཐམས་ ཅད་ལ་ཡང་རྡོ་རྗེར་འགྱུར་རོ་༈ས་ལ་ཕུར་པ་དག་གི་དབྱེ་བ་བརྒྱད། །ནྱ་གྲོ་དྷཱ་དང་ཨ་ཤྭད་ཐ་ ཀ་རུས་ལྕགས་སེང་ལྡེང་ལས་སྐྱེས་ཙཱུ་ཏ་བིལ་བ་ཨརྐ་སྐྱེས། །༈ དེ་བཞིན་ཤེལ་གྱི་བུམ་པ་ དང་ནི་དངུལ་མཆོག་རང་བཞིན་དཔལ་ལྡན་ཐོད་པ་དག་དང་ལྕགས་ཀྱི་དང་། །ཟངས་ཞེས་ བྱ་དང་གསེར་གྱི་བུམ་པ་རབ་གསལ་ངེས་པར་ཤིང་ལས་སྐྱེས་དང་ས་ཡི་རང་བཞིན་ནོ། ༡༢ ། ༈ ཟླུམ་པོ་བརྒྱ་གཉིས་སོར་དུ་བརྗོད་ཏེ་[དེ་]གཉིས་ཀྱིས་བསྒྱུར་བའི་བཅུ་ཡི་དཔངས་ དང་སོར་གཉིས་དག་གི་མཆུ། །དྲུག་གི་མགྲིན་པ་སོར་བརྒྱད་ཁ་སྟེ་རི་བོང་འཛིན་པ་ལྟར་ དཀར་ཞི་རྒྱས་དག་ལའོ་གཞན་ལ་མིན། །༈ སྔ་དྲོ་ནས་ནི་ཐུན་བརྒྱད་པོ་རྣམས་ཉིན་ཞག་ སོ་སོའི་དུས་སུ་ཞི་དང་རྒྱས་པ་སོགས་ལ་འགྱུར། །དེ་བཞིན་དེ་ཡི་ཐུན་ཕྱེད་དག་ལ་ཉིན་དང་ མཚན་མོའི་དུས་སུ་ལས་བརྒྱད་རྣམས་ནི་རབ་ཏུ་བྱ། ༡༣ ། ༈ ཉིན་[ཉི་]མ་གུང་དང་མཚན་ཕྱེད་དག་ནི་ཉིན་དང་མཚན་མོའི་དུས་སུ་ཞི་བ་དག་ལ་ སྤང་བར་བྱ། །དུས་སྦྱོར་གདུག་པའི་གཟའ་རྣམས་གནས་པ་དག་ནི་འཆི་བའི་འཇིགས་བྱེད་ དེ་བཞིན་ཉིད་དུ་རབ་ཏུ་གྲགས། །༈ འོ་མ་དང་བཅས་ཡམ་ཤིང་མདའ་བརྒྱ་ཞི་དང་རྒྱས་པ་ ལ་སྟེ་བསད་པ་ལ་ནི་མི་རུས་སོ། །དབྱེ་བ་ལ་ནི་བྱ་རོག་མཇུག་མ་སེང་ལྡེང་ལས་སྐྱེས་ཀིང་ ཤུ་ཀ་ནི་དགུག་དང་དབང་ལ་འོ། ༡༤ །བིལ་བ་སྨྱོ་བྱེད་དག་ནི་ཁྲུ་ཕྱེད་མདའ་བརྒྱའི་གྲངས་ རྣམས་རེངས་པ་དང་ནི་རྨོངས་པ་དག་ལ་ཡང་། །༈ འོ་མ་མར་དང་ཁྲག་དང་ཞག་དང་རྔུལ་ དང་རྡོ་རྗེའི་ཆུ་དང་མཆི་མ་ཆང་རྣམས་བསྲེག་བྱ་སྟེ། །དཱུར་བཱ་འབྲུ་དང་ཤ་དང་དུག་དང་བཅས་ 1-1-169 པ་དག་དང་དེ་བཞིན་སྐྱེ་ཚེ་མེ་ཏོག་དམར་པོ་དང་། །བིལ་བ་དང་ནི་མེ་ཏོག་རྙིངས་པའི་ཕྲེང་ བ་གསེར་ཤིང་མེ་ཏོག་རྣམས་ཉིད་ཞི་བ་སོགས་ལ་འོ། ༡༥ ། ༈ གཤིན་རྗེ་བདེན་བྲལ་ཟུར་དང་ཆུར་བཅས་རླུང་དང་གནོད་སྦྱིན་དྲག་པོ་དབང་པོ་ རྣམས་དང་མེ་རུ་ནི། །སློབ་དཔོན་དག་གི་གདན་དུ་འགྱུར་ཏེ་མི་ཡི་བདག་པོ་ཞི་བ་ལ་སོགས་ ལས་རྣམས་དག་ལ་འོ། །༈ ཚོན་ནི་ལས་གཉིས་དག་ལ་འགྱུར་ཏེ་གཙོ་བོའི་པད་མ་ལ་ཡང་ དཀར་ནག་ཉི་མ་སེར་པོ་འོ། །ཕྱི་རོལ་དུ་[ཏུ་]ནི་སངས་རྒྱས་དབྱེ་བས་ལྷ་དང་གཤིན་རྗེ་ཆུ་ དང་བྱང་རྣམས་དག་ཏུ་ཚོན་གྱི་ས། ༡༦ །ཐབ་ཁུང་རྣམས་དང་དཀྱིལ་འཁོར་ལ་ནི་རིགས་ཀྱི་ དབང་གིས་ཕྱོགས་རྣམས་སུ་ཡང་ཚོན་ནི་གདབ་པར་འགྱུར། །དགོད་པ་སོགས་དང་བསང་ གཏོར་ལ་སོགས་རང་གི་སྙིང་ཁའི་རྡོ་རྗེ་དག་ལས་ལྷ་རྣམས་སྤྲོ་བ་འོ། ། ༈ ཤེལ་ལ་སོགས་པའི་མཆོད་ཡོན་སྣོད་ལ་པད་མ་ནོར་གྱི་འདབ་མ་མཐེ་བོ་དག་ནི་བཅུ་ གཉིས་ཀྱང་། །༈ ཡུ་བའི་རྩེ་མོར་སྙིམ་པའི་སྣོད་ཏེ་[དེ་]ཁྱོར་བ་དག་ཀྱང་བསྲེག་བླུགས་སྦྱིན་ སྲེག་བྱ་བ་དག་ལ་འོ། ༡༧ ། ༈ ཞི་དང་དྲག་པོ་དག་དང་ཆགས་དང་བཅས་པར་འགྱུར་ཏེ་རིགས་ཀྱི་དབང་གིས་ལྷ་ནི་ ཁེངས་པའི་སྐུ། །དེ་བཞིན་ལས་གཉིས་དག་ལ་རབ་ཏུ་གསལ་ཞིང་ངེས་པར་དཀྱིལ་འཁོར་ ལ་ཡང་ལྷག་པའི་ལྷར་འགྱུར་རོ། །༈ རྣམ་པ་ལྔ་ནི་རྒྱལ་བའི་དབང་པོ་གང་ཕྱིར་རྣམ་གསུམ་ སྲིད་པ་ལ་གནས་ཕུང་པོ་ཁམས་སོགས་ཀྱི། །དབྱེ་བ་ཡིས་ཏེ་དེ་ལས་ཀྱང་ནི་ལྷ་རྣམས་དཀྱིལ་ འཁོར་དག་ལ་རྡུལ་ཚོན་རྣམ་པ་ལྔ་རུ་འགྱུར། ༡༨ ། ༈ ཐིག་སྐུད་ཁྲུ་ནི་བརྒྱད་པར་འགྱུར་ཏེ་སུམ་སྒྲིལ་སློབ་དཔོན་གྱི་ནི་ལག་པའི་མཐེ་བོའི་ ནས་གཅིག་གིས། །སྦོམས་སུ་འགྱུར་བ་རྣམ་པ་གསུམ་གྱི་ལམ་ན་གནས་པ་ཐིག་སྐུད་གཅིག་ སྟེ་གཞན་པ་མ་ཡིན་ནོ། །༈ ཞི་བ་ལ་སོགས་རྣམས་ལ་རིམ་པར་ཡོངས་སུ་བཀོད་པ་དཀྱིལ་ 1-1-170 དཀྲུང་རྡོ་རྗེ་ལྷ་མིན་ཙོག་པུ་དང་། །དཀྱིལ་དཀྲུང་ཕྱེད་པ་དབྱེ་བ་གཉིས་དང་བཤང་ལམ་རྐང་ པར་གནས་པའང་ལས་ཀྱི་དབྱེ་བས་འདུག་སྟངས་སོ། ༡༩ ། ༈ ཤེལ་དང་མུ་ཏིག་དང་ནི་མི་དང་བོང་བུའི་སོ་འམ་རུས་པ་དག་དང་བོ་དེ་ཙེ་དང་ནི། ། པད་མ་ཞེས་བྱ་དབང་མིག་ལོང་ཏང་བདེ་གཤེགས་རིགས་ཀྱི་དབང་གིས་སྔགས་བཟླས་པ་ ལ་ཕྲེང་བར་འགྱུར། །༈ དྲི་ཞིམ་མེ་ཏོག་དཀར་པོ་དང་ནི་ཚ་བ་དང་བཅས་ནག་པོ་དག་དང་ དམར་དང་སེར་པོས་མཆོད། །༈ བསིལ་དང་བཤང་བ་ཤ་ཡི་སྤོས་ནི་སྦྲང་རྩི་ཁྲག་ལྡན་དག་ དང་དྲག་པོའི་སྤོས་དང་སྐ་བ་འོ། ༢༠། ༈ འཁྲུལ་འཁོར་ནྱ་གྲོ་དྷ་འདབ་དུར་ཁྲོད་རོ་ཡི་རས་དང་གྲོ་གའི་འདབ་དང་ཨརྐའི་ འདབ་མ་ལ། །ཤྲཱི་ཁཎ་ཊ་དང་སཱ་ལི་བཏགས་པ་དག་དང་དུར་ཁྲོད་སར་གནས་སོལ་བ་ཁྲག་ དང་དུག་དང་ནི། །ཁ་ཆེ་ཙན་དན་དམར་དང་འབྲས་བུ་གསུམ་གྱི་ཁུ་བ་ཡུང་བ་བ་བླས་བྲི་བར་ འགྱུར་བ་སྟེ། །དཱུར་བ་བསིལ་རུས་མཇུག་སྒྲོ་གསེར་དང་སེང་ལྡེང་ལས་སྐྱེས་བིལ་བ་སྐྱེས་ དང་ཨརྐའི་མྱུ་གུ་འོ། ༢༡ ། ༈ ཁམ་ཕོར་དཔལ་ལྡན་ཐོད་པར་དངར་གསུམ་ཁྲག་དང་སྤྲ་ཚིལ་གོང་བུ་སོ་ཕག་དག་ གི་དབུས་སུ་ནི། །རླན་དང་བཅས་པའི་གནས་ནི་གཙང་མ་དག་དང་རོ་ཁང་ས་གཞི་མེ་ཡིས་ གདུང་དང་ས་གཞི་ལ། །འཁྲུལ་འཁོར་གཞག་པར་བྱ་བར་འགྱུར་ཏེ་དགེ་དང་མི་དགེའི་ དབང་གིས་སྔགས་པ་ཡིས་ནི་རིགས་པར་བྱ། །༈ ཟླ་བ་གླང་ཆེན་ཡི་དྭགས་རྔ་མོ་རི་དྭགས་རྟ་ དང་ཕྱུགས་དང་རུས་སྦལ་ལུས་ལ་རིམ་པས་སོ།། ༢༢ །། ༈ དཔལ་ལྡན་རྡོ་རྗེ་རྣམས་ཀྱིས་ཕྱོགས་ཀུན་ཏུ་གནས་མཐའ་དག་བདུད་ཀྱི་ཚོགས་ནི་ ངེས་པར་བསྲེག་བྱ་སྟེ། །ཕྱི་ནས་འཁོར་ལོའི་རྩིབས་བཅུ་རྣམས་ལ་ཕྱོགས་དང་ཕྱོགས་བྲལ་དུ་ གནས་ཁྲོ་བོའི་ཚོགས་ནི་བསྒོམ་པར་བྱ། །འཁོར་ལོའི་དབུས་སུ་གཉིས་ལྷག་རྒྱལ་བའི་ཕྱག་ 1-1-171 དང་དུས་ཀྱི་ཞལ་ལྡན་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། །དེ་ནས་བླ་མའི་ངེས་པ་དང་ལྡན་གང་ ཞིག་ཅུང་ཟད་འདོད་པ་སྒྲུབ་པ་པོ་ཡིས་བསྒྲུབ་པར་བྱ། ༢༣། རྡོ་རྗེ་གསུམ་གྱིས་ས་ཡི་དཀྱིལ་ འཁོར་ལ་གནས་ར་བ་གསུམ་ནི་རིང་དུ་མཐོང་བའི་མཐའ་རུ་སྟེ། །ཐོ་རངས་གྲིབ་མ་ཡི་ནི་ མཐའ་རུ་ས་གཞིའི་གནས་ལས་ནམ་མཁའ་དག་ལ་རྡོ་རྗེ་བརྩེགས་པ་འོ། །དབུས་སུ་ཆུ་སྐྱེས་ ཉི་མའི་ཁྲུ་སྟེ་ལྟེ་བ་གདན་དང་བཅས་པ་དག་ཀྱང་དུས་ཀྱི་ཁྲུར་འགྱུར་རོ། །དེ་ཡི་སྟེང་དུ་བདག་ ཉིད་ཉེས་པ་དག་དང་རྣམ་པར་བྲལ་བ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། ༢༤། ༈ ས་ཡི་ཕྱོགས་རྣམས་སུ་འདིར་དང་པོ་རྡོ་རྗེ་གསུམ་གྱིས་ཞིང་སྐྱོང་རྣམས་ལ་གཏོར་མ་ སྦྱིན་བྱ་སྟེ། །ཕྱི་ནས་རྡོ་རྗེ་བཞི་ཡིས་ཕྱོགས་དང་ཕྱོགས་བྲལ་ལ་གནས་བདུད་ཀྱི་ཚོགས་ནི་ ངེས་པར་བསྲེག་པར་བྱ། ། ༈ ས་ཡི་ལྷ་མོ་སྤྱན་དྲངས་ཆུ་དང་བཅས་པའི་མེ་ཏོག་དག་གིས་འདི་ལ་མཆོད་ཡོན་རབ་ ཏུ་སྦྱིན། །དེ་ལ་གསོལ་བ་བཏབ་སྟེ་ཕྱི་ནས་ས་ཡི་གནས་ལ་དག་པ་དག་ནི་ཇི་ལྟར་འདོད་པ་ མཛོད། ༢༥ །རྒྱལ་བས་ལྷ་ཡི་བདག་པོ་དང་བཅས་བདུད་ནི་བཅོམ་པ་དག་ལ་ལྷ་མོ་ཁྱོད་ནི་ དཔང་དུ་གྱུར། །དེ་ཕྱིར་ཁྱོད་ནི་མཆོད་པར་བྱ་ཡིས་ལྷ་མཆོག་གིས་བཏུད་བཞེས་ཤིག་བཞེས་ ཤིག་བདག་གི་མཆོད་ཡོན་ནོ། །ཇི་ལྟར་རྒྱལ་བས་བྱང་ཆུབ་སླད་དུ་བདུད་ཀྱི་སྡེ་ནི་སྟོབས་ ལྡན་དག་ཀྱང་རབ་ཏུ་བཅོམ་གྱུར་པ། །དེ་བཞིན་བདག་གིས་ཀྱང་ནི་སློབ་མ་རྣམས་ལ་དབང་ བསྐུར་སླད་དུ་བདུད་རྣམས་ཉམས་པ་དག་ཏུ་བྱ། ༢༦ ། ༈ གང་དག་ཕྱོགས་རྣམས་ཀུན་ན་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉེས་པ་རྣམ་བྲལ་ བཙུན་མོ་དང་བཅས་པ། །དེ་དག་རྣམས་ཀྱི་མཆོག་གི་ཐུགས་རྗེས་དཀྱིལ་འཁོར་དུ་ནི་དབང་ བསྐུར་སླད་དུ་བདག་ལ་བསྐྱང་དུ་གསོལ། །༈ དེ་དག་ཀུན་ལ་གསོལ་བ་བཏབ་ནས་སེང་ ལྡེང་རང་བཞིན་སྲ་བའི་ཕུར་བུ་རྣམས་ཀྱིས་ས་ལ་གདབ། །ཕྱོགས་ཀྱི་ཁྲོ་བོ་མཚོན་ཆ་ལྡན་པ་ 1-1-172 རྣམས་ནི་ཕྱོགས་ཀྱི་ཆ་རུ་བསྲུང་བའི་དོན་དུ་དགོད་པར་བྱ། ༢༧ ། ༈ ཟུག་ངུ་སོལ་བ་དང་བཅས་རྭ་ནི་འཆི་བའི་འཇིགས་བྱེད་ས་ཡི་སྙིང་པོར་ངེས་པར་ ཞུགས་གྱུར་ན། །གནས་དེ་རྣམས་སུ་རྣམ་པར་ཉམས་པར་འགྱུར་ཏེ་དེ་ཕྱིར་འདིར་ནི་ཡོན་ ཏན་དབང་གིས་སྦྱང་བར་བྱ། །ས་ལ་རིན་ཆེན་དུང་དང་མཆིང་བུ་དག་ནི་རྣམ་རྒྱལ་བདེ་བྱེད་ དཀྱིལ་འཁོར་དག་གི་དོན་དུ་སྟེ། །ཁང་བཟང་དོན་དང་ཁྱིམ་གྱི་དོན་དང་རབ་གསལ་ངེས་ པར་འདིར་ནི་མཆོད་སྦྱིན་ལ་སོགས་ཆེད་དུ་འོ། ༢༨ ། ༈ རྫོགས་པ་དག་ལ་ས་ནི་སྦྱང་དང་གཟུང་བ་དག་ཀྱང་དེ་བཞིན་བུ་རྣམས་དག་ནི་ཡང་ དག་བསྡུ། །བཅུ་གཉིས་པ་ལ་ཐིག་གདབ་འདོད་པ་མ་ནུའི་ཉིན་ཞག་དག་ལ་དཔལ་ལྡན་ རྡུལ་ཚོན་དགྱེ་བ་ཉིད། །དབང་ལ་སོགས་པ་ཉ་ལ་མཆོག་གི་བླ་མས་སྦྱིན་ཏེ་བདུད་ནི་བཅོམ་ པའི་ཉིན་ཞག་དག་ལ་ཡང་། །དེ་ཡི་མཚན་མོ་རྒྱལ་བའི་རིགས་ལ་རབ་ཏུ་གནས་པར་འགྱུར་ ཏེ་མཚན་མོ་གཞན་ལ་རབ་གནས་མིན། ༢༩ །དག་པའི་དུས་སྦྱོར་གཟའ་ལ་སོགས་པས་མི་ ཡི་བདག་པོ་མཚན་མོ་གཞན་ལ་རབ་ཏུ་གནས་པར་འགྱུར། །སྲོག་དང་པ་སངས་ནུབ་པར་ གྱུར་ན་དེ་ཚེ་ངེས་པར་བག་མའམ་རབ་ཏུ་གནས་པར་མི་འགྱུར་རོ། །སློབ་དཔོན་དག་གིས་ ས་གཞིའི་གནས་སུ་འཇིག་རྟེན་འཇིག་རྟེན་འདས་པ་དག་ཀྱང་མཐའ་དག་ཤེས་ནས་ནི། །བྱ་ བ་གང་གང་བྱེད་པ་དེ་དེ་མཐའ་དག་དེ་ལྟར་འབྲས་བུ་དག་ནི་རབ་ཏུ་སྦྱིན་པར་འགྱུར། ༣༠ ། ༈ སློབ་མའི་མགོ་བོ་སྙིང་ཁ་དེ་བཞིན་གཙུག་ཏོར་ལྟེ་བ་མགྲིན་པ་དཔལ་ལྡན་གསང་ བའི་པད་མར་ནི། །རྒྱལ་བ་ལ་སོགས་གཉི་གའི་རིགས་སུ་གྱུར་པ་སྐུ་གསུང་ཐུགས་ཀྱིས་ཕྱེ་ བ་དག་གིས་བསྲུང་བྱས་ཤིང་། །དེ་བཞིན་སྐུ་གཟུགས་སོགས་དང་གླེགས་བམ་རྣམས་ནི་རབ་ གསལ་ངེས་པའི་དཔལ་ལྡན་དབྱངས་རྣམས་དག་གིས་ཏེ། །སེམས་ཅན་རྣམས་ནི་ཐར་པའི་ སླད་དུ་ཆེ་གེ་བདག་ཀྱངགཙོ་བོའི་དཀྱིལ་འཁོར་དག་ནི་བཞེངས་པར་བགྱིད། ༣༡ ། 1-1-173 ༈ དག་པའི་གནས་ནི་ལེགས་པར་གང་ཞིང་ཤིན་ཏུ་མཉམ་པར་བཀོད་པ་རུས་སྦལ་རྒྱབ་ བཞིན་མཐོ་བ་དག །ཁྲུ་ཚད་གཅིག་ལ་སོགས་པས་དུས་དང་ནོར་དང་མི་བདག་དེ་བཞིན་ སྟོང་ཕྲག་དག་གི་ཚད་ལ་ནི། །ཐིག་སྐུད་རྡོ་རྗེ་རྡུལ་ཚོན་ལྷ་དང་གཤིན་རྗེ་ཆུ་བདག་ཏུ་སྟེ་བྱང་ དུ་རྡོ་རྗེ་དྲིལ་བུ་དག །བཀོད་ནས་མཚན་མ་རྙེད་ན་དང་པོ་དང་ནི་ཕྱི་མའི་ཕྱོགས་སུ་དཀྱིལ་ འཁོར་ཐིག་ནི་གདབ་པར་བྱ། ༣༢། ༈ ཐིག་སྐུད་ཆད་པར་གྱུར་ན་བླ་མ་ཉམས་ཤིང་ཡོངས་འཇོམས་འགོངས་པར་གྱུར་ན་བུ་ རྣམས་དག་ཀྱང་ངོ་། །གལ་ཏེ་རྡུལ་ཚོན་རླུང་གིས་ཁྱེར་ན་འཇིགས་པ་གསལ་བྱེད་ཡུལ་འཁོར་ དག་ཏུ་རྒྱལ་པོ་འཇིག་པ་ཡང་། །མཚན་མ་ངན་པ་དེ་དག་མཐོང་ནས་སླར་ཡང་གཙོ་བོ་དག་ གི་སྔགས་ཀྱི་བཟླས་པ་རབ་ཏུ་བྱ། །སླར་ཡང་མཚན་མ་རྙེད་ན་མཉམ་དང་མི་མཉམ་རྐང་པ་ དག་གིས་ཐིག་ནི་གདབ་པ་བསྒྲུབ་པར་བྱ། ༣༣ ། ༈ ཤེས་རབ་ཐབས་ཀྱི་ཡན་ལག་དབུས་སུ་ཡོངས་འཇོམས་སུ་འགྱུར་དེ་ནི་དཀྱིལ་ འཁོར་དག་ལ་སྤང་བར་བྱ། །ས་ལ་གཡུལ་གྱི་དུས་སུ་རྩེ་མོ་ཅན་དང་རླུང་དུ་གནས་པའི་སྡེ་ཡི་ དབུས་སུ་གདེངས་ཅན་བཞིན། །གཡུལ་དུ་སྡེ་ནི་ཉམས་པར་འགྱུར་ཏེ་ས་གཞི་དག་ཏུ་འགྲན་ པའི་འཐབ་མོ་ལ་ནི་བསྣུན་པ་འོ། །དེ་ཕྱིར་གཡུལ་དང་དབང་དག་ལ་ཡང་ཡོངས་འཇོམས་ ཤིན་ཏུ་སྟོབས་དང་ལྡན་པར་སྔགས་པས་རིག་པར་བྱ། ༣༤ ། ༈ ཨ་སོགས་ཀ་སོགས་རྡོ་རྗེ་ལྡན་པ་དག་གིས་རང་གི་སྙིང་ཁའི་པད་མར་ཟླ་ཉི་མེ་སྟེང་ དུ། །དཔལ་ལྡན་དུས་ཀྱི་འཁོར་ལོ་རི་བོང་ཅན་འཛིན་འདོད་པ་མནན་པའི་གཡས་བརྐྱང་ ཞབས་ནི་བསྒོམས་བྱས་ཤིང་། །ཤེས་རབ་གཙོ་བོའི་ཐུགས་ཁའི་པད་མ་ཉི་ཟླ་སྦྱར་ལྡན་ལ་སྟེ་ རང་རང་རྡོ་རྗེ་ལྕགས་ཀྱུ་ཡིས། །སངས་རྒྱས་ལྷ་མོ་རྣམས་བཀུག་རྡུལ་ཚོན་དག་ལ་རོ་མཉམ་ བཀོད་ཅིང་ཐིག་སྐུད་ལ་ཡང་བསྒོམ་པར་བྱ། ༣༥ ། 1-1-174 ༈ ཐིག་ནི་རོ་དང་དགུ་བཅུ་འདི་རྣམས་ཚངས་པའི་ཐིག་ལས་ཕྱོགས་ཀྱི་ཆ་རྣམས་དག་ ཏུ་རབ་སྦྱིན་བྱ། །སོར་ཕྱེད་བརྗོད་པ་ནོར་དང་དུས་ཀྱི་ཐིག་རྣམས་དག་གི་དབུས་སུ་སྙིང་པོའི་ དཀྱིལ་འཁོར་དག་ཏུ་འགྱུར། །སྙིང་པོ་ལས་ནི་ཕྱི་རོལ་མཐའ་དག་རྣམས་ཀྱིས་བཀོད་པ་དག་ ཀྱང་དཀྱིལ་འཁོར་ཆེན་པོའི་སྒོ་ཡི་མཚམས། །ར་བ་རྟ་བབས་ལ་སོཊ་རྩེ་མོ་ཅན་དང་གཡོ་ བའི་དཀྱིལ་འཁོར་ཕྱི་རོལ་ས་ལ་བལྟ་བར་བྱ། ༣༦ ། ༈ གཙོ་བོའི་འཁོར་ལོ་ཆུ་སྐྱེས་ལྷ་ལ་སོགས་པའི་གདན་ལས་སུམ་འགྱུར་དག་ཀྱང་ ཚངས་པའི་གནས་སུ་ནི། །ཉི་མའི་རེ་མིག་དག་གིས་འགྱུར་ཏེ་སླར་ཡང་རི་བོང་ཅན་གྱི་ཀ་ བ་རྡོ་རྗེའི་ཕྲེང་བར་འགྱུར། །བཞི་ཡིས་སངས་རྒྱས་ལ་སོགས་པད་མར་རབ་འགྱུར་རི་བོང་ ཅན་གྱིས་ཕྱི་རོལ་རྡོ་རྗེ་ཕྲེང་བ་ཡང་། །ལྷ་མོ་སངས་རྒྱས་དག་གི་བར་དུ་བུམ་པ་འམ་ནི་ཐོད་ པའི་གདན་དུ་རེ་མིག་གསུམ་གྱིས་འགྱུར། ༣༧། གནས་དེ་ནས་འདིར་ཇི་སྲིད་རེ་ཁཱ་གསུམ་གྱི་ བར་དུ་ཉིན་མོར་བྱེད་པས་ཚོན་གྱི་སར་འགྱུར་ཏེ། །ཕྱོགས་ཟུར་རྣམས་སུ་ཆུ་གཏེར་རེ་མིག་ དག་གིས་དྲི་ལ་སོགས་པ་རྣམས་ཀྱི་ཟླ་ཉི་པད་མ་ཉིད། །ཕྱེ་དང་བཅས་པའི་གཅིག་གིས་རེ་ཁཱ་ གསུམ་སྟེ་དུས་དང་རོ་དག་གིས་ཀྱང་སྒོ་དང་སྒོ་ཁྱུད་དོ། །དེ་བཞིན་ལོགས་དང་འགྲམ་པ་དག་ སྟེ་གསུམ་གྱིས་ཀྱང་ནི་སྟེགས་བུ་ཆེན་པོ་དག་དང་ཀ་བ་ཕྱེད། ༣༨ །དེ་ནས་ཕྱེད་དང་གཉིས་ དང་དུས་ཀྱིས་ནོར་བུའི་རང་བཞིན་སྣམ་བུ་དང་ནི་དོ་ཤལ་ས་རུ་འགྱུར། །སྒོ་ཡི་རྩ་བའི་དང་ པོ་ནས་ནི་གསུམ་གྱིས་བསྒྱུར་བའི་བཅུ་ཡིས་རྟ་བབས་ཀ་བར་བཅས་པར་འགྱུར། །ཐིག་ཕྱེད་ སྟེང་དུ་དོར་ནས་དོ་ཤལ་ཕྱེད་པ་དག་གི་མཐར་ནི་བ་ཀུ་ལཱིར་ཡང་རབ་ཏུ་འགྱུར། །༈ རེ་མིག་ དྲུག་གིས་རྟ་བབས་འོག་ཏུ་ནོར་གྱི་པད་མ་དང་ལྡན་རྣལ་འབྱོར་མ་རྣམས་སྣམ་བུའོ། ༣༩ ། ༈ དེ་ནས་རོ་ཡིས་བསྒྱུར་བའི་དུས་ཀྱིས་དཔལ་ལྡན་ཚོན་གྱི་ས་སྟེ་རེ་ཁཱ་ལྔ་ཡི་བར་དུ་ འོ། །ཕྱོགས་ཟུར་རྣམས་སུ་ཉི་མའི་པད་མ་ཉིས་འགྱུར་མ་ནུའི་འདབ་ལྡན་ཉི་མའི་རེ་མིག་ 1-1-175 དག་གིས་བྱ། །སྙིང་པོའི་སྒོ་ནི་ཉིས་འགྱུར་རྣམ་པ་གསུམ་གྱི་ཡོན་ཏན་དབང་གིས་འདིར་ནི་ ཕྱི་རོལ་སྒོ་དག་ཀྱང་། །ར་བ་སོགས་ཀྱང་དེ་བཞིན་ཉིད་དེ་ཁོར་ཡུག་གསུམ་བཀོད་རྣམས་ ནི་བརྒྱད་པ་གསུམ་གྱིས་རབ་ཏུ་བྱ། ༤༠། དེ་དག་རྣམས་ཀྱི་ཐོག་མཐའི་ཆ་ལ་ཉི་ཟླའི་དཀྱིལ་ འཁོར་དང་ནི་ཕྱི་རོལ་རྡོ་རྗེའི་ཕྲེང་བ་ཡང་། །དེ་ཕྱེད་རེ་མིག་རྣམས་ཀྱིས་བྱ་སྟེ་འཁོར་ལོ་གང་ ཡིན་དཀྱིལ་འཁོར་མཐར་ཡང་རླུང་གི་ཁོར་ཡུག་ལ། །ཀ་བའི་འོག་ཏུ་གདེངས་ཅན་རྣམས་ཀྱི་ དཀྱིལ་འཁོར་དུ་ཡང་རབ་ཏུ་འགྱུར་ཏེ་ལྷ་རྣམས་ཤིང་རྟ་ནི། །ཉི་མ་དག་གིས་སྒོ་ཡི་དབུས་དང་ མཁའ་དང་ས་གཞི་དག་ལ་ཤར་གྱི་ཆ་དང་ནུབ་ལ་ཡང་། ༤༡། ༈ རྡོ་རྗེ་སོགས་དང་རིན་ཆེན་ལྔ་དང་གསེར་དང་མ་ར་ཀ་ཏ་བྱི་རུ་མུ་ཏིག་ལ་སོགས་དང་། ། དབྱེ་བ་ལྔ་ཡིས་འབྲུ་འམ་རྣམ་མང་ནོར་བུ་དང་ནི་དེ་བཞིན་ཉིད་དུ་བཏགས་པའི་ཚོན་རྣམས་ ཀྱིས། །༈ ཕྱོགས་ཀྱི་ཆ་ལ་ཚོན་གྱི་སར་ནི་མི་ཡི་བདག་པོ་སངས་རྒྱས་དབྱེ་བས་རྡུལ་ཚོན་ གདབ་པར་འགྱུར། །སེར་དང་དཀར་དང་དམར་བ་སོགས་ཀྱིས་ས་ཆུའི་ཁོར་ཡུག་དང་ནི་མེ་ རླུང་དག་ལ་རིམ་པས་སོ། ༤༢། ༈ ཤར་དུ་དཔལ་ལྡན་ནག་པོའི་ས་རུ་འགྱུར་ཞིང་ལྷོ་རུ་ཉི་མ་མཚུངས་པ་དག་སྟེ་ནུབ་ ཏུ་ཡང་། །གསེར་མདོག་བྱངདུ་གཞན་ཏེ་རི་བོང་འཛིན་པ་ལྟར་དཀར་རྡོ་རྗེ་ཅན་གྱི་ཞལ་གྱི་ དབྱེ་བས་སོ། །༈ དཀར་དང་དམར་དང་ནག་པོ་རིམ་པར་ཡོངས་སུ་བཀོད་པའི་སྣམ་བུ་དང་ ནི་དོ་ཤལ་དག་གི་ས། །པད་མ་ཟླ་ཉིའི་ཁ་དོག་གིས་ཏེ་༈དྲི་མེད་རི་བོང་ཅན་མཚུངས་དམར་ དང་ནག་པོའི་རི་མོ་གསུམ། ༤༣། དབུས་སུ་པད་མ་འདབ་བརྒྱད་ལྗང་ཁུ་དག་སྟེ་བུང་བ་དང་ མཚུངས་ཀ་བ་རྡོ་རྗེ་ཕྲེང་བར་འགྱུར། །དབང་ལྡན་ལྷ་མིན་མེ་རླུང་རྣམས་སུ་ཟླ་བ་ཉི་མའི་ ལུས་དང་ནག་པོ་སེར་པོ་རིམ་པ་ཡིས། །དུང་དང་གཎ་ཌཱི་ནོར་བུ་དག་དང་ལྗོན་པ་ཞེས་བྱ་དེ་ བཞིན་བུམ་པ་དཀར་པོ་མཚམས་བརྒྱད་དུ། །ཟླ་བ་ཆུ་སྐྱེས་དམར་པོའི་སྟེང་དུ་རབ་ཏུ་འགྱུར་ 1-1-176 ཏེ་ཉིན་བྱེད་པད་མ་དཀར་པོའི་སྟེང་དུ་ཡང་། ༤༤། ཆུ་སྐྱེས་དམར་པོའི་ལྟེ་བ་ལ་ནི་ལྷ་མོ་རྣམས་ ཀྱི་རི་བོང་འཛིན་པ་དག་གི་གདན་དུ་འགྱུར། །ཆུ་སྐྱེས་དཀར་པོའི་ལྟེ་བ་དག་ལ་ལྷ་རྣམས་ ཀྱི་ཡང་ཉིན་མོར་བྱེད་པར་འགྱུར་ཏེ་ཕྱོགས་སུ་འོ། །ཕྱི་རོལ་ཏུ་ནི་གཙོ་བོའི་པད་མའི་དབང་ གིས་རྡོ་རྗེ་ཕྲེང་བར་འགྱུར་ཏེ་སྟེགས་བུ་དཀར་པོའི་མདོག །ཀ་བ་སེར་པོ་བ་ཀུ་ལཱི་ནི་ཁ་བའི་ མདོག་ཏུ་རབ་འགྱུར་རྟ་བབས་ཁ་དོག་སྣ་ཚོགས་སོ། ༤༥ ། ༈ དཀར་པོའི་མདོག་སྟེ་རྣལ་འབྱོར་མ་རྣམས་དག་གི་ནོར་གྱི་པད་མའི་སྣམ་བུ་དག་ ཀྱང་ཕྱོགས་ཀུན་ཏུ་འོ། །ཕྱོགས་ཀྱི་ཆར་ནི་པད་མ་དམར་པོར་འགྱུར་ཏེ་རྒྱལ་བའི་དབང་གིས་ པད་མ་དཀར་པོ་ཟུར་དུ་ཡང་། །ཟླ་བ་ཉི་མས་རྣམ་དམན་དེ་བཞིན་ཉིད་དུ་འཆི་མེད་རྣམས་ཀྱི་ ཉིས་འགྱུར་མ་ནུའི་འདབ་ལྡན་ནོ། །མཁའ་སོགས་རེ་ཁཱ་ལྔ་པོ་གང་ཡིན་དེ་རྣམས་རང་བཞིན་ ཡོན་ཏན་དབང་གིས་སུམ་ཆ་བར་དུ་གནས། ༤༦ ། ༈ ཀ་བའི་འོག་གི་སྒོ་ཡི་འཚམས་[མཚམས]སུ་གདེངས་ཅན་རྣམས་ཀྱི་རླུང་སོགས་ དཀྱིལ་འཁོར་དག་ཏུ་རབ་ཏུ་འགྱུར། །དབང་ལྡན་དང་ནི་ལྷ་མིན་ཟུར་དུ་ས་ཡི་དཀྱིལ་འཁོར་ ལ་གནས་ཟླ་ཉི་དག་གོ་མི་ཡི་དབང་། །ཕྱི་རོལ་སྒོ་ཡི་སྟེང་གི་ཆར་ནི་རི་དྭགས་དང་བཅས་ ཆོས་ཀྱི་འཁོར་ལོ་སྤྲིན་གྱི་མདོག་ཏུ་འགྱུར། །གཡས་སུ་བུམ་པ་དམར་པོར་འགྱུར་ཏེ་ནོར་སྦྱིན་ དང་བཅས་ཆུར་ནི་རྔ་བོ་ཆེ་དང་བྱང་ཆུབ་ཤིང་། ༤༧། དྲིལ་བུ་མེ་ལོང་བ་དན་རི་བོང་འཛིན་པ་ ལྟར་དཀར་རྟ་བབས་རྣམས་ལས་འཕྱང་བར་གྱུར་པ་དང་། །དོ་ཤལ་ཕྱེད་པ་ཁ་དོག་དཀར་ པོར་འགྱུར་ཏེ་རིགས་ཀྱི་དབང་གིས་ཤིང་རྟ་སྒོ་ཡི་དབུས་སུ་འོ། །འཁོར་ལོ་དཀར་དང་དམར་ པོ་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་རླུང་ལ་སྒོ་ཡི་ཕྱི་རོལ་ཏུ། །རྡོ་རྗེ་འབར་བ་འཕྲོ་བ་ དག་གིས་མི་ཡི་བདག་པོ་ཕྱི་རོལ་རྡོ་རྗེ་ཕྲེང་བ་རྣམས་སུ་འང་འགྱུར། ༤༨ ། ༈ སྦོམ་པས་ནད་དག་བྱེད་ཅིང་ཕྲ་དང་རེ་ཁཱ་ངན་པས་རྫས་ནི་ཉམས་པ་རབ་ཏུ་གསལ་ 1-1-177 བར་བྱེད། །ཆད་པས་འཆི་བ་དང་ནི་འཁྱོག་པོས་མི་ཡི་བདག་པོ་དང་བཅས་གྲོང་བརྡལ་དེ་ བཞིན་ཉིད་དུ་བསྐྱོད། །མཚན་མ་ཉི་མ་ཟླ་བ་ཆད་ན་སྔགས་པ་རྣམས་ལ་སྲིད་པའི་འཇིགས་པ་ འཇོམས་པའི་དངོས་གྲུབ་མེད། །རྣམ་པར་འདྲེས་པས་རིགས་རྒྱུད་འཆད་ཏེ་[དེ་]རྒྱལ་བའི་ རིགས་ཀྱིས་རྡུལ་ཚོན་དཀྱིལ་འཁོར་དག་ལ་རིག་པར་བྱ། ༤༩ ། ༈ གང་ཞིག་རྒྱུད་ཀྱི་ནང་དུ་རྒྱལ་བས་གསལ་བར་མ་གསུངས་མཚན་མ་དེ་ནི་མཛེས་ པའི་དོན་གྱི་རྒྱུར། །དཀྱིལ་འཁོར་དག་ལ་དགོད་པར་མི་བྱ་དེ་ཉིད་བདུད་ཀྱི་མཚན་མའོ་རྒྱལ་ བ་སྐྱེད་མཛད་རིགས་ལ་ནི། །དེ་ཕྱིར་རྒྱུད་ལས་གསུངས་པའི་མཚན་མར་འགྱུར་ཏེ་རིགས་ ཀྱི་དབང་གིས་སྒོ་ཡི་མཚམས་ནས་དཀྱིལ་འཁོར་ལའོ། །དོ་ཤལ་ཕྱེད་པའི་མཐར་ནི་ས་ཡི་ དཀྱིལ་འཁོར་གཞི་ལ་པད་མ་བུམ་སོགས་མཛེས་པ་རབ་ཏུ་བྱ། ༥༠ ། ༈ ནག་པོ་ལ་སོགས་རྐང་པ་འཕེལ་བར་འགྱུར་བ་དག་ནི་རྡུལ་ཚོན་དཔངས་ཏེ་ནས་ གཅིག་དག་ནས་ཀྱང་། །ར་བ་རྣམས་ནི་སུམ་འགྱུར་ཉིན་མོར་བྱེད་པ་རི་བོང་ཅན་དང་ཆུ་ སྐྱེས་རེ་ཁཱ་ཉིས་འགྱུར་རོ། །སྙིང་པོ་དག་ལས་ཕྱི་རོལ་དཔངས་ནི་ཉིས་འགྱུར་དུ་འགྱུར་མི་ཡི་ བདག་པོ་དཀྱིལ་འཁོར་འདི་ལ་སྟེ། །དོ་ཤལ་ཕྱེད་པའི་མཐར་ནི་ནས་གཅིག་ས་ཆུ་བསྲེག་ཟ་ རླུང་དང་རྡོ་རྗེ་ཕྲེང་བ་རྣམས་ལ་འོ། ༥༡ ། ༈ སྙིང་པོ་ནས་ནི་སྒོ་ཡི་དང་པོའི་མཚམས་ཀྱིས་ནོར་ལྡན་མར་འགྱུར་འཇིག་རྟེན་ཁམས་ ཀྱི་དཀྱིལ་འཁོར་ལ། །སྒོ་ནས་ཙར་ཙི་ཀཱ་མཐར་སུམ་འགྱུར་གདེངས་ཅན་རེ་མིག་རྣམས་ཀྱིས་ ལན་ཚྭའི་རིན་ཆེན་གནས་སུ་འགྱུར། །དེ་ནས་རྒྱལ་བའི་དབང་པོ་རེ་མིག་གིས་ཀྱང་མེ་ཡི་ དཀྱིལ་འཁོར་དེ་ནས་དེ་བཞིན་རླུང་དུ་འགྱུར། །དེ་ཡི་ཕྱི་རོལ་དུ་[ཏུ་]ནི་དེ་དག་རྣམ་པར་དག་ པའོ་ས་ཆུ་བསྲེག་ཟ་རླུང་རྣམས་བལྟ་བར་བྱ། ༥༢ ། ༈ གཙུག་ཏོར་གདོང་དང་མགྲིན་པ་སུམ་འགྱུར་གདེངས་ཅན་རེ་མིག་རྣམས་ཀྱིས་ 1-1-178 དཀྱིལ་འཁོར་ལ་ནི་སྦྱང་བར་བྱ། །དེ་ནས་ལྷུན་པོ་མཐའ་དག་སུམ་འགྱུར་གདེངས་ཅན་རེ་ མིག་རྣམས་ཀྱིས་ས་ནི་ཇི་སྲིད་ཉིད་དུ་སྟེ། །རེ་མིག་དྲུག་དྲུག་དག་གིས་རིམ་པས་གསལ་བ་ཀླུ་ ཡི་སྲིད་པ་དང་ནི་ས་འོག་བདུན་པོ་ཉིད། །དེ་བཞིན་ས་ལ་སོགས་པ་ཐམས་ཅད་སླར་ཡང་དེ་ བཞིན་རང་གི་ལུས་དག་ལ་ནི་སྦྱང་བར་བྱ། ༥༣། ༈ ༡གཉིས་དང་༢ཆུ་གཏེར་༣གཅིག་དང་༤ཆུ་གཏེར་༥གཅིག་༦ཉི་༧དུས་༦༨རོ་༩རྩེ་མོ་ཅན་ མེ་(གཉིས་སྡོམ་པ་དྲུག་ནི་)༡༠དུས་༣ཕྱེད་དུས་༣༡༡ཕྱེད་དང་། །༡༢དུས་༣དང་༡༣དུས་༣ནི་(ཕྱེད་མར་) རབ་(ཏུ་)ཕྱེ་(བ་)དག་(སྟེ་གཉིས་)དང་དུས་(རི་ཏུ་ཡོད་)རོ་དང་དག་ཀྱང་(ཕྱེད་ཕྱེད་དུ་ཕྱེ་བ)སྟེ་(དེ་ལྟར་སོར་ ཕྱེད་པ་ཕྱེད་དང་བརྒྱད་ནི་)སྐྱོན་གྱི་ཆ་རྣམས་རིམ་པ་ཡིས། །༡སྙིང་པོར་ལྟེ་བའི་ཕྱེད་དང་༢ཆུ་སྐྱེས་ འདབ་མ་ཡང་སྟེ་དེ་ནས་༣ཀ་བ་རྡོ་རྗེའི་ཕྲེང་བ་དང་། །༤པད་མ་༥རྡོ་རྗེའི་ཕྲེང་བར་འགྱུར་ཏེ་ ༦ས་དག་དང་ནི་དེ་ནས་༧སྒོ་དང་༨སྒོ་ཁྱུད་(དང་)༩ལ་སོགས་(པ་འགྲམ་དང་ལོགས་གཉིས་ལ་དྲུག་དྲུག་) དང་། ༥༤། ༡༠ཀ་བ་༡༡ར་བ་༡༢སྟེགས་བུ་དག་དང་སླར་ཡང་དེ་ནས་(རིན་ཆེན་)༡༣སྣམ་བུ་(ལ་སོར་ ཕྱེད་པ་ཕྱེད་དང་གཉིས་)དང་ནི་དོ་ཤལ་ས་དག་(སོར་ཕྱེད་པ་གསུམ་)དང་། །(བ་ཀུ་ལ་དང་ཀྲ་མ་ཤྲི་ཁ་གཉིས་ལ་) མེ་ལོང་ས་ཡི་སྣམ་བུ་(ཞེས་བརྗོད་པ་འམ་ཡང་ན་མེ་ལོང་སའི་སྟེང་གི་སྣམ་བུ་གཉིས་ལ་སོར་བྱེད་པ་གསུམ་མོ་)༡༤རྟ་ བབས་དག་ཏུ་མི་ཡི་བདག་པོ་རབ་་ཏུ་བརྗོད་པའི་ཆ་ཡིས་འགྱུར། །ཕྱི་རོལ་ཏུ་(གསུང་)ནི་སྒོ་ སོགས་ཐམས་ཅད་ཉིས་འགྱུར་དུ་འགྱུར་(དེའི་)ཕྱི་རོལ་ཏུ་ཡང་(སྐུ་ལ་)དེ་ཡི་ཉིས་འགྱུར་རོ། །ཕྱི་ རོལ་ཏུ་ནི་པད་མ་(བཅུ་གཉིས་དང་)འཁོར་ལོ་(བརྒྱད་དང་)ཤིང་རྟ་(དྲུག་)རྣམས་དང་(ཟླ་ཉིའི་)དཀྱིལ་ འཁོར་རྣམས་ནི་(སོ་སོར་)ཉིན་བྱེད་(བཅུ་གཉིས་)དག་གིས་སོ། ༥༥ ། ༈ ཨོཾ་ཡིག་ཡེ་ཤེས་ལས་སྐྱེས་རྒྱལ་བ་མཆོག་གི་པད་མ་ཟླ་བ་ཉི་མ་དག་གི་གདན་སྟེང་ དུ། །ཨ་སོགས་ཀ་སོགས་སྟོང་པར་བཅས་པ་རྣམས་དང་སྲིད་གསུམ་བསྐྱེད་པར་མཛད་པའི་ ཡུམ་ནི་གཞག་པར་བྱ། །༈ སྟོང་པ་ཨ་ཡིག་རྣམ་པར་བཅད་པ་དབྱངས་དང་བྲལ་བ་མཆོག་ 1-1-179 ལས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཡང་དག་འབྱུང་བ་སྔགས་ཀྱི་སྐྱེ་གནས་མཆོག་གི་བདེ་ བྱེད་ཡེ་ཤེས་རྡོ་རྗེ་དག་ནི་བཞི་པ་འོ། ༥༦། ༈ རྒྱལ་བའི་བདག་པོའི་པད་མ་སྣ་ཚོགས་མདོག་ལ་ཟླ་བ་ཉི་མ་མེ་ཡི་སྟེང་དུ་ཧཱུཾ་ཡིག་ སྟེ། །ཕྱོགས་འདབ་རྣམས་ལ་ཨ་སོགས་སྟོང་པ་ཕྱོགས་བྲལ་འདབ་མ་ལ་ཡང་ཧ་སོགས་སྟོང་ པ་རྣམ་པ་བཞི། །དབང་ལྡན་བདེན་བྲལ་ཟུར་དང་རྩེ་མོ་ཅན་དང་རླུང་དུ་སྐུ་དང་གསུང་དང་ ཐུགས་དང་ཆགས་པ་སྟེ། །༈ ཧཱི་ཡིག་ལ་སོགས་བུམ་པ་རྣམས་ཀྱི་བཅུ་རུ་འགྱུར་ཏེ་ཧཾ་ཧཿཞེས་ པ་དག་ནི་མཐའ་འདིར་རོ། ༥༧ །ཤར་གྱི་ཆུ་སྐྱེས་སྟེང་དུ་ཨི་ཡིག་རྩེ་མོ་ཅན་དུ་པད་མ་ལ་ གནས་ཨཱི་ཡིག་རིང་པོ་ཉིད། །གཤིན་རྗེ་ལྷ་མིན་དུ་ནི་རི་ཡིག་དག་སྟེ་ནོར་སྦྱིན་འཕྲོག་བྱེད་དུ་ གནས་ཐུང་རིང་ཨུ་ཡིག་དག །ཆུ་དང་རླུང་གི་ཟུར་དག་ཏུ་ཡང་པད་མ་ལ་གནས་ཐུང་ངུ་རིང་ པོ་དག་གི་ལི་ཡིག་སྟེ། །ནག་པོ་དམར་པོ་དག་དང་དཀར་པོ་གསེར་མཆོག་དང་མཚུངས་ཞལ་ གྱི་དབྱེ་བ་དག་གིས་དགོད་པར་བྱ། ༥༨ ། ༈ ཤར་གྱི་སྒོ་ཡི་ལྷོ་དང་མེ་ཡི་པད་མ་ལ་གནས་ཐུང་ངུ་རིང་བ་དག་ནི་དེ་བཞིན་ཉིད། ། དེ་བཞིན་ཨར་ཡིག་ཟུང་ནི་གཤིན་རྗེ་ལྷ་མིན་དག་ཏུ་གནས་ཏེ་ནུབ་ཏུ་ཨལ་ཡིག་ཟུང་དག་ གོ། ཨོ་ཨཽ་གནོད་སྦྱིན་དྲག་པོ་རུ་སྟེ་ལྷ་ཆུ་གཤིན་རྗེ་གནོད་སྦྱིན་དང་བཅས་སྒོ་ཡི་གཡོན་དུ་ནི། ། ཨཾ་ཨཿསོགས་ཏེ་༈རིམ་པ་ཡིས་ནི་སླར་ཡང་ཡ་ར་ཝ་ལ་ལྷ་སོགས་སྒོ་ཡི་པད་མ་ལ་འོ། ༥༩ ། ༈ ཤར་དང་བྱང་གི་སྒོར་ནི་རི་བོང་འཛིན་པ་དག་ཀྱང་ཁྲོ་བོ་དག་གི་གདན་དུ་འགྱུར་ བ་སྟེ། །ལྷོ་དང་ནུབ་ཏུ་པད་མར་ཉི་མ་དག་ནི་གཉིས་པོ་དག་གི་གདན་དུ་ངེས་པར་རབ་ཏུ་ འགྱུར། །ཤེས་རབ་ཐབས་ཀྱི་རབ་ཏུ་དབྱེ་བ་དག་གི་པད་མར་ཟླ་བ་ཉི་མ་དག་ཀྱང་གདན་དུ་ འགྱུར། །གཡས་དང་རྒྱབ་ཏུ་ཉི་མར་འགྱུར་ཏེ་ལྷ་ཡི་བདག་པོ་ནོར་སྦྱིན་དུ་ཡང་ཟླ་བའི་གདན་ དུ་འགྱུར། ༦༠ ། 1-1-180 ༈ ཐིག་ལེའི་རྣམ་པ་དག་གིས་རྣམ་ཕྱེ་ངེས་པར་པད་མ་ལ་གནས་ཀ་སོགས་སྡེ་ཡི་ཡི་གེ་ ཡང་། །རྩ་བ་སྡོང་བུ་འདབ་མ་དང་ནི་གེ་སར་ལྟེ་བ་དག་ལ་རིམ་པས་ཡོངས་སུ་བཀོད་པ་སྟེ། ། ས་སོགས་ནམ་མཁའི་མཐར་ཐུག་ཀ་ཁ་ག་གྷ་ང་ཞེས་ཐུང་ངུ་རིང་པོ་རང་གི་ས་ལ་འོ། །ཐིག་ལེ་ ཟླ་བ་རྣམ་པར་བཅད་པ་ཉིན་བྱེད་དུ་འགྱུར་གདན་ཡང་ལྟེ་བ་དག་གི་སྟེང་དུ་འོ། ༦༡ ། ༈ སྡེ་དྲུག་ཐུང་དང་རིང་རྣམས་རང་བཞིན་ཡོན་ཏན་དབང་གིས་སྟེགས་བུ་དག་ལ་ཀ་ བའི་ངོས་སུ་ནི། །དྲི་ལ་སོགས་རྣམས་རིམ་པས་རང་རིགས་ས་ལ་གནས་ཏེ་ཤར་གྱི་ཆ་ནས་ རང་གི་ཕྱོགས་རྣམས་སུའོ། །༈ ཕྱི་རོལ་དུ་[ཏུ་]ནི་ཐིག་ལེ་སོགས་ཀྱིས་ཕྱེ་བ་སུམ་འགྱུར་ཉི་ མས་སྟེགས་བུ་དག་ལ་དེ་བཞིན་ཉིད། །འདོད་མ་ཐམས་ཅད་ཀུན་ནས་རང་རིགས་ཕྱོགས་སུ་ གནས་ཏེ་རྒྱལ་བ་རྣམས་ཀྱི་ཁ་དོག་དབྱེ་བས་སོ། ༦༢། ༈ ཐུང་རིང་ཧ་ཡིག་དག་ནི་ལྷ་དང་ནོར་སྦྱིན་ནུབ་དང་ལྷོ་རུ་ཙར་ཙི་ཀཱ་སོགས་རྣམས་ཀྱི་ འོ། །ཁྱབ་འཇུག་མ་སོགས་རྣམས་ཀྱི་ཀྵ་ཡིག་ཨ་སོགས་ཀྱིས་ཕྱེ་མེ་དང་འཕྲོག་བྱེད་རླུང་དང་ ལྷ་མིན་དུ། །༈ ཧི་ལ་སོགས་དང་ཀྵི་ལ་སོགས་པ་གྲངས་བརྒྱད་པད་མའི་འདབ་མ་ལ་གནས་ མདུན་རྒྱབ་རང་ཕྱོགས་སུ། །ཡ་སོགས་ཐུང་དང་རིང་བ་དྲུག་རྣམས་ལྷ་ཡི་པད་འདབ་མེ་ཡི་ པད་མ་དག་ལ་རིམ་པ་ཡིས། ༦༣ །དེ་བཞིན་གཤིན་རྗེ་ལྷ་མིན་པད་མའི་འདབ་མར་ཐུང་ རིང་རབ་ཏུ་དབྱེ་བས་ར་ལ་སོགས་པ་སྟེ། །གནོད་སྦྱིན་དྲག་པོ་ཝ་ལ་སོགས་དང་ཆུ་གཏེར་ དང་བཅས་རླུང་གི་པད་འདབ་རྣམས་ལ་ལ་ལ་སོགས། །༈ ཤར་གྱི་སྒོ་ཡི་ལྷོ་དག་ཏུ་ཡང་པད་ མའི་འདབ་མ་ལ་གནས་དབྱངས་ཀྱིས་ཕྱེ་བ་ཙ་ཡིག་སྡེ། །ཐུང་ངུ་ལྷ་མིན་གྱི་སྟེ་རིང་པོ་རྣམས་ ཀྱང་མེ་ཡི་ཟུར་ན་གནས་པ་རླུང་གི་ཡིན་པར་འགྱུར། ༦༤ །དེ་བཞིན་གཤིན་རྗེར་མེ་དང་རོ་ ཡི་གདོང་པ་དག་གི་ཊ་སྡེ་ཐུང་དང་རིང་པོའི་རབ་དབྱེ་ཡིས། །གཡོན་དང་དབང་ལྡན་དུ་ཡང་ པ་སྡེར་འགྱུར་ཏེ་ཆུ་གཏེར་དང་ནི་རིང་པོའི་དབྱེ་བས་ཚོགས་ཀྱི་འོ། །བརྒྱ་བྱིན་དང་ནི་ཚངས་ 1-1-181 པ་དག་གི་ཆུར་བཅས་རླུང་དུ་ཐུང་ངུ་རིང་པོ་ཏ་ཡི་སྡེ་པ་འོ། །ཤར་གྱི་སྒོ་ཡི་བྱང་དུ་པད་མའི་ འདབ་མར་ལྷ་མིན་དགྲ་ཡི་ཀ་སྡེ་ཐུང་ངུར་འགྱུར་བ་སྟེ། ༦༥ །ལྷོ་རུ་གཤིན་རྗེ་དག་གི་རིང་ པོར་འགྱུར་ཏེ་མི་ཡི་བདག་པོ་བྱང་དག་དང་ནི་ནུབ་ཏུ་ཡང་། །ཕྱུགས་བདག་དང་ནི་ཛམ་བྷ་ ལ་ཡི་ཐུང་དང་རིང་བ་ས་སྡེར་འགྱུར་བ་ཉིད་དོ་རྒྱལ་པོ་ཀྱེ། །ལྷ་མིན་སོགས་ཀྱི་རང་གི་ས་བོན་ དུ་འགྱུར་འདབ་མ་ལ་མིན་རང་རང་སྡེ་པའི་མཐའ་དང་དབུས། །འདབ་བཟང་ཉི་ཤུ་རྩ་བརྒྱད་ ལ་ཡང་ཉིན་ཞག་དབང་གིས་རང་རང་སྡེ་བ་དག་གི་ཡི་གེ་རྣམས། ༦༦ ། ༈ ཡཱ་རཱ་ལཱ་ཝཱ་ཧཾ་ཧཿདྲུག་ཀྱང་ངེས་པར་ཤིང་རྟ་དག་ལ་སྟེང་དང་རྩ་བ་ལྷ་སོགས་སུ། །༈ སྒོ་ལས་གཡས་དང་གཡོན་དུ་གདེངས་ཅན་རྣམས་ཀྱི་ཡ་སོགས་ལ་གནས་ཧ་ཡིག་དག་ཏུ་ རབ་ཏུ་འགྱུར། །སྡེ་དྲུག་བརྩེགས་པའི་གཟུགས་དང་སླར་ཡང་ཧ་ཡ་ར་ཝ་ལ་དང་ཀྵ་སོགས་ ལྡན་པའི་ཡ་སོགས་ནི། །ཕྱོགས་ཀྱི་འཁོར་ལོར་ཀ་སོགས་སྡེ་རྣམས་གཡོ་བའི་ཁོར་ཡུག་ལ་ གནས་ཙ་སོགས་གཞན་ནི་རིམ་པས་ཏེ། ༦༧ །ཤར་དང་གཤིན་རྗེ་བྱང་དང་ཆུ་དང་མེ་དང་ ལྷ་མིན་དང་ནི་དབང་ལྡན་རླུང་གི་ཟུར་དུ་འོ། །ཨཾ་ཨཿཟླ་བ་ཉི་མ་དག་གི་དུར་ཁྲོད་ས་གཞི་ ལ་གནས་འབྱུང་པོའི་ཚོགས་ཀྱི་སྔགས་རྣམས་སོ། །ཧཱུཾ་གི་ཡི་གེ་ཆོས་ཀྱི་འཁོར་ལོ་དང་ནི་དེ་ བཞིན་ཨཱཿཡིག་བུམ་པའི་ས་བོན་དག་ཏུ་འགྱུར། །ཨོཾ་ཡིག་རྔ་བོ་ཆེ་ཡིར་འགྱུར་ཏེ་ཆུ་རུ་ཧོ་ཡང་ བྱང་ཆུབ་ཤིང་དག་གིར་ནི་རབ་ཏུ་འགྱུར། ༦༨ ། ༈ ཞེས་པ་དེ་ལྟར་དབྱངས་ལྡན་རྣམས་ནི་རིགས་ཀྱི་དབང་གིས་དཀྱིལ་འཁོར་དག་ལ་ སྔགས་ཀྱི་དབྱེ་བར་འགྱུར། །ཕྱག་རྒྱ་མཚན་མ་རྣམས་ཀྱིས་ཁ་དོག་མཐའ་དག་རྡོ་རྗེ་ཅན་གྱི་ ཞལ་གྱི་དབྱེ་བ་དག་གིས་འགྱུར། །ཐབ་ཏུ་སྦྱིན་སྲེག་དག་ཀྱང་དེ་བཞིན་ཉིད་དུ་འགྱུར་ཏེ་སླར་ ཡང་འཇུག་ངོགས་པ་རྣམས་སྤྱན་དྲང་དང་། །དཔལ་ལྡན་ས་ལ་བསང་བ་དང་ནི་མཆོད་ཡོན་ ཆོ་ག་དེ་བཞིན་བདུད་ནི་གཞོམ་པ་དག་ཀྱང་ངོ་། ༦༩ ། 1-1-182 ༈ སྒོ་རྣམས་བསྲུང་བའི་དོན་དུ་བརྟུལ་ཞུགས་ངེས་པ་དང་ལྡན་དག་པའི་སློབ་མ་རྣམས་ ནི་རབ་དགོད་བྱ། །དཔལ་ལྡན་བུམ་པའི་རྣལ་འབྱོར་མ་རྣམས་མེ་དང་ལྷ་མིན་རླུང་དང་དབང་ ལྡན་ཟུར་དུ་རིམ་པས་སོ། །སློབ་དཔོན་དཔལ་ལྡན་ཚོགས་ཀྱི་དབང་པོར་འགྱུར་ཏེ་མི་བདག་ ལས་ཀྱི་རྡོ་རྗེ་ཅན་ནི་རབ་བྱས་ནས། །སློབ་མ་མེད་ན་ཚོགས་ཀྱི་དབང་པོ་རང་གིས་ཀྱང་ནི་ སྦྱིན་སྲེག་ལས་ལ་སོགས་པ་དག་ཀྱང་བྱ།། ༧༠ །། ༈ ཟླུམ་པོ་འམ་ནི་རིག་བྱེད་ཟུར་དག་རིགས་ཀྱི་དབང་གིས་ཞི་དང་རྒྱས་པ་དག་གི་ཐབ་ ཏུ་འགྱུར། ༈ །བྱང་དང་དྲག་པོའི་ཟུར་རམ་གཞན་ཡང་དཀར་པོའི་ས་ལ་རྩ་བའི་པད་མ་དག་ ནི་ཉིས་འགྱུར་རོ། །ཟབས་ནི་པད་མའི་ཚད་དུ་འགྱུར་ཏེ་༈དེ་ཡི་ནང་དུ་རྩ་བའི་པད་མ་མཚན་ མར་བཅས་པ་འོ། །པད་མ་ཕྱེད་དང་པད་མའི་ཕྱི་རུ་བུམ་པ་དང་བཅས་རལ་གྲི་རིན་ཆེན་ སོགས་ཀྱི་མཚན་མར་འགྱུར། ༧༡ ། ༈ དེ་ཡི་ཕྱེད་ཀྱིས་ཀྱང་ནི་མཆུ་སྟེ་དེ་ལས་ཉིས་འགྱུར་དག་ཀྱང་ཁ་ཁྱེར་དག་གི་རྒྱ་ཡི་ཆ། ། སྟེང་དུ་རྡོ་རྗེ་ཕྲེང་བ་དག་ཀྱང་མཆུ་ཡི་ཕྱེད་ཀྱིས་དཔངས་དག་ཏུ་ནི་ངེས་པར་རབ་ཏུ་འགྱུར། ༈ །ཕྱི་རོལ་འོག་ཏུ་པད་མའི་འདབ་མ་རྣམས་དང་ཀུ་ཤའི་བཀོད་པ་ཕྱོགས་རྣམས་ཀུན་དུ་[ཏུ་] རབ་ཏུ་བྱ། །དེའི་མཐར་ནི་རེ་ཁཱ་གསུམ་དང་ནུབ་ཀྱི་ཕྱོགས་སུ་ངེས་པར་སྒོ་གཅིག་ཏུ་ནི་རབ་ ཏུ་འགྱུར། ༧༢ ། ༈ སློབ་དཔོན་དག་གི་གདན་ནི་ངེས་པར་མཉམ་པར་འགྱུར་ཏེ་སྙིང་པོའི་པད་མ་དག་ ལས་ཉིས་འགྱུར་རོ། །གཡོན་དུ་མཆོད་ཡོན་གདན་དུ་འགྱུར་ཏེ་མི་ཡི་བདག་པོ་སྦྱིན་སྲེག་སྣོད་ དག་གི་ཡང་གཡས་སུ་འགྱུར། །ཀུན་ལ་རྒྱལ་བའི་བདག་པོའི་མཚན་མ་རྡོ་རྗེར་འགྱུར་ཏེ་ཡང་ ན་ཡུམ་གྱི་མཁའ་ཡི་པད་མ་འོ། །༈ ཞལ་དང་གསང་བ་དག་ཀྱང་ཐབ་ཁུང་རྣམ་པ་གཉིས་སུ་ འགྱུར་ཏེ་རྒྱལ་པོ་ཕྱི་དང་ལུས་ལ་འོ། ༧༣ ། 1-1-183 ༈ ཐབ་ཀྱི་ཕྱོགས་བཅུའི་དཀྱིལ་འཁོར་དག་ལ་ཁྲོ་བོའི་རྒྱལ་པོ་ལྷ་མོར་བཅས་པས་ བསྲུང་བ་བྱས་ནས་ནི། །དཔལ་ལྡན་རྡོ་རྗེ་རྣམས་ཀྱི་བསང་བ་སོགས་དང་ཆུར་བཅས་མེ་ཏོག་ དག་གིས་མེ་ལ་མཆོད་ཡོན་ཉིད། །དེ་ཡི་རྣལ་འབྱོར་ལྡན་པས་སྦྱིན་པར་བྱ་སྟེ་རང་སྙིང་པད་ མར་ཟླ་བའི་སྟེང་དུ་བསྒོམས་ནས་སོ། །༈ ཞལ་གཅིག་ཁ་དོག་དཀར་པོ་དུས་ཀྱི་ཕྱག་གི་པད་ མ་གཡོན་ན་རིལ་བ་ཆུ་སྐྱེས་དག་དང་ནི། ༧༤། གཡས་ན་དབྱུག་པ་བགྲང་ཕྲེང་རལ་པ་ཤིན་ཏུ་ སེར་སྐྱ་དམར་སེར་མིག་ལྡན་གོས་དང་བཅས་པ་སྟེ། །མེ་ཡི་སྙིང་ཁར་ཟླ་བའི་སྟེང་དུ་དྲི་མེད་ འཕྲོ་བྱེད་ཛཿལས་ལྕགས་ཀྱུ་ངེས་པར་བསྒོམ་པར་བྱ། །དེ་ཡི་བཀུག་པའི་ཀུན་འགྲོ་ཡེ་ཤེས་ སེམས་དཔའ་རང་གི་ལུས་ལ་ཤིན་ཏུ་རོ་མཉམ་དག་ཏུ་མཛོད། །དེ་ལྟར་ཐབ་ལ་ཡང་ནི་ཡང་ དག་འགྱུར་ཏེ་མི་ཡི་བདག་པོ་དེ་བཞིན་མེ་ནི་སྤྱན་དྲང་ངོ་། ༧༥ ། ༈ མཆོག་སྦྱིན་ལག་པ་དག་གི་མཐེ་བོ་ཡིས་ཀྱང་མེ་ཡི་ཞལ་དུ་སྦྱིན་སྲེག་དག་ནི་རབ་ཏུ་ བྱ། །གཙོ་བོའི་རྡོ་རྗེ་ཡན་ལག་གིས་ཀྱང་མདའ་བརྒྱའི་ཡཾ་ཤིང་༈འབྲུ་དང་དཱུར་བ་མར་དང་ འོ་མ་ཡིས། །༈ དཀྱིལ་དཀྲུང་དུ་གནས་རབ་ཏུ་ཞི་ཞིང་གཡོ་བ་མེད་པའི་སེམས་ལྡན་གསང་ སྔགས་རིག་པ་སྔགས་ཀྱི་སྐུ། །སློབ་དཔོན་ལས་ཀྱི་རྡོ་རྗེ་ཅན་གྱིས་སླར་ཡང་མེ་ལ་བསྲེག་ བླུགས་དག་ནི་ངེས་པར་དབུལ་བར་བྱ། ༧༦ ། ༈ རིམ་པ་ཡིས་ནི་སྦྱིན་སྲེག་བྱས་ནས་བསང་གཏོར་དག་ཀྱང་དེ་བཞིན་མེ་དང་བདག་ ཉིད་དག་ལ་ཡང་། །དྲི་ལ་སོགས་དང་སྤོས་དག་ཕུལ་ནས་རང་སྙིང་པད་མར་ཡེ་ཤེས་མེ་ནི་ གཤེགས་སུ་གསོལ་བར་བྱ། །ཕྱི་ནས་སློབ་མ་ལ་ནི་དབང་བསྐུར་དཔལ་ལྡན་བླ་མ་མཐའ་ དག་ཡོན་ཏན་གཏེར་གྱིས་ངེས་པར་སྦྱིན། །༈ དང་པོར་བདུད་རྩི་ལྔ་ནི་རྒྱལ་བ་མཆོག་གི་རྡོ་ རྗེ་བྱིན་གྱིས་བརླབས་པ་དག་པའི་སླད་དུ་འོ། ༧༧ ། ༈ རང་གི་སྔགས་ཀྱིས་སྦྱིན་སྲེག་གྲུབ་ཅིང་རྡུལ་ཚོན་བཏབ་སྟེ་སྔགས་ཀྱི་མཚན་མ་རབ་ 1-1-184 ཏུ་བཀོད་པ་ན། །ཟུར་དུ་ཤེལ་གྱི་བུམ་པ་དཀར་པོ་སྐུད་པ་ལྔ་ཡིས་དཀྲིས་པ་རྣམས་ནི་ཡང་ དག་གཞག་པར་བྱ། །༈ སློབ་དཔོན་ཤར་གྱི་ཞལ་དུ་རྡོ་རྗེ་པད་མ་ལས་སྐྱེས་རབ་བགྲོད་ཁྲོ་ བོའི་རྒྱལ་པོ་རྣམས་དག་གིས། །སྤྱན་དྲངས་ནས་ནི་ཡེ་ཤེས་འཁོར་ལོ་རྡུལ་ཚོན་དག་ལ་རོ་ མཉམ་དུ་བྱ་དབང་གི་དོན་དུ་འོ། ༧༨ ། ༈ ལྷ་དང་ལྷ་མོ་རྣམས་ནི་ཐམས་ཅད་དག་གི་མིང་གི་སྔོན་དུ་ཨོཾ་ཞེས་བྱ་བར་འགྱུར་ བ་སྟེ། །སྦྱིན་སྲེག་ལ་ནི་སྭཱ་ཧཱའི་མཐར་སྔགས་སྙིང་པོ་དེ་བཞིན་ཉིད་དེ་མཆོད་པ་དག་ལ་ན་ མཿའི་མཐའ། །ཛཿཧཱུཾ་བཾ་ཧོཿལྕགས་ཀྱུ་ལ་སོགས་རིམ་པར་ཡོངས་སུ་བཀོད་རྣམས་སྤྱན་དྲངས་ གཞུག་དང་བཅིང་བ་དང་། །མཉེས་ལའོ་མཆོད་ཡོན་སྦྱིན་པ་ལ་ཡང་ཨི་དཾ་གྲིཧྣ་གྲིཧྣ་ཨརྒཾ་ཀཾ་ མེ་ཞེས་པར་འགྱུར། ༧༩ ། ༈ རྒྱས་པ་ལ་ནི་སྭཱ་ཧཱའི་མཐའ་ཅན་སྔགས་སུ་འགྱུར་ཏེ་མི་བདག་ཞི་བ་ལ་འདི་ན་མཿའི་ མཐའ། །དགུག་པ་ལ་ནི་བཽ་ཥཊ་མཐའ་ཅན་དུ་འགྱུར་བ་ཥཊ་མཐའ་ཡང་དབང་ལའོ་དེ་བཞིན་ ཉིད་དུ་ནི། །ཧཱུཾ་ཡིག་མཐའ་ཅན་མངོན་སྤྱོད་ལ་སྟེ་རང་བཞིན་ཡོན་ཏན་དབང་གིས་ཕཊ་མཐའ་ ཕུར་བུས་གདབ་སོགས་ལ་འོ། །དཀར་དང་དམར་དང་ནག་པོ་མཆོག་གི་གསེར་དང་མཚུངས་ པ་དག་སྟེ་ལས་ཀྱི་དབྱེ་བ་རྣམས་ཀྱིས་སྔགས། ༨༠། ༈ ཤར་དུ་དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་དག་ནི་སྤྲིན་ནག་དང་མཚུངས་བྱང་དུ་སྐུ་ཡི་རྡོ་ རྗེ་དང་། །ལྷོ་རུ་གསུང་གི་རྡོ་རྗེ་ནུབ་ཏུ་ཡང་ནི་རང་རིགས་ཕྱོགས་སུ་གནས་པ་ཡེ་ཤེས་རྡོ་ རྗེ་སྟེ། །དཀར་དང་དམར་དང་སེར་པོ་དག་ནི་རིགས་ཀྱི་དབང་གིས་ས་ཡི་ཆ་ལ་ཁྱབ་པར་ བྱེད་པར་འགྱུར(ཚངས་ཐིག་ཟད་མཚམས་དང་ཁོར་ཡུག་གི་དང་པོ་སྐོར་མཚམས་ལ་ཐུག་པའི་ས་གཞི་ཐམས་ཅད་ཕྱོགས་ མདོག་གིས་ཁྱབ་པར་གསུངས་པ་འདིས་ཀྱང་ཁ་ཅིག་ཕྱི་རོལ་མཆོད་པའི་ས་གཞི་ནག་འབྱམ་དང་ལྗང་འབྱམ་དང་སེར་འབྱམ་ དང་སྔོ་ལྗང་ལ་སོགས་པར་འདོད་པ་རྣམས་བསལ་བ་ཡིན་ཏེ་དེ་ལ་ཕྱོགས་མདོག་གིས་མ་ཁྱབ་པར་ཐལ་བས་གནོད་པའི་ཕྱིར་ 1-1-185 རོ་ཞེས་གསུངས)། །རླུང་མེ་ཆུ་དང་ས་ཡི་ལྷ་རྣམས་དག་གི་སྐྱེ་བའི་གནས་ནི་ཨི་རི་ཨུ་ལིའོ་མི་ཡི་ བདག༨༡། ༈ ཨོཾ་ཨཱཿཧཱུཾ་ནི་ཕྱག་རྒྱ་གསུམ་སྟེ་སྭཱ་ཧཱའི་ཚིག་དང་བཅས་པ་རིང་པོའི་དབྱེ་བ་ལས་ཀྱང་ ལྔ། །ཧཱུཾ་ཨཱཿཨོཾ་ཧོ་རང་གི་ཞལ་རྣམས་གཞན་པ་དག་ཀྱང་དེ་བཞིན་གཞོམ་དུ་མེད་པ་ལྔ་པར་ འགྱུར། །༈ ཨཱ་སོགས་དང་བཅས་ཧྲཾ་ཡིག་དྲུག་སྟེ་རོ་རྐང་ན་མཿསོགས་ཀྱིས་དཔལ་ལྡན་ ཡན་ལག་དྲུག་ཏུ་འགྱུར། །༈ ཕྲེཾ་གི་ཡི་གེ་སྣ་ཚོགས་ཡུམ་གྱིར་འགྱུར་ཏེ་རྣམ་བཅུ་བརྩེགས་ པའི་སྔགས་ནི་རྒྱལ་བ་དག་གི་འོ། ༨༢། ཧཱུཾ་ཡིག་ཡེ་ཤེས་ས་བོན་སྙིང་པོ་དག་ཀྱངབརྩེགས་པ་ ཆེན་པོའི་སྔགས་ནི་ཞལ་དང་བཅས་པ་སྟེ། །ཧྲཱཾ་ཡིག་ལ་སོགས་ཡན་ལག་དྲུག་པོ་སྐུ་ཡི་རྡོ་རྗེ་ དང་པོར་ལྡན་འདི་ཉེ་བའི་སྙིང་པོ་འོ། །ལྷ་དང་ལྷ་མོ་རྣམས་ཀྱི་ཕྲེང་བའི་སྔགས་ནི་དེ་བཞིན་ གཞན་ཏེ་ལས་ཀྱི་དབྱེ་བ་དུ་མ་ཡིས། །རྣམ་མང་དུ་འགྱུར་ཤེས་པར་བྱ་སྟེ་དུས་འཁོར་དཀྱིལ་ འཁོར་འདི་ནི་རང་བཞིན་ཡོན་ཏན་དབང་གིས་སོ། ༨༣ ། ༈ རིན་ཆེན་ཨིན་དྲ་གསེར་གྱི་མེ་ཏོག་དང་ནི་རྣམ་མང་གོས་དང་དྲི་དང་སྤོས་དང་མར་མེ་ དང་། །དྲིལ་བུ་མེ་ལོང་བླ་རེ་དང་ནི་རྣམ་མང་འབྲས་བུ་བ་དན་སོགས་དང་གར་དང་རོལ་མོ་ ཡིས། །རྣམ་བཀྲ་མཆོད་པ་བྱས་ཏེ་གཞན་པ་རྣམ་བཅུ་རྣམས་ཀྱང་༈བདག་ཉིད་ནུས་པས་ཇི་ ལྟར་གསུངས་པ་བཞིན། །སློབ་དཔོན་དག་གི་ཞབས་ཀྱི་དྲུང་དུ་མཆོག་གི་བུ་ཡིས་ཡོན་ནི་དག་ པའི་སླད་དུ་དབུལ་བྱ་སྟེ། ༨༤། དག་པ་གསུམ་གྱིས་རྫས་དང་བདག་ཉིད་བུ་དང་བུ་མོ་དང་ བཅས་རིགས་ལས་སྐྱེས་པའི་གཞོན་ནུ་མ། །༈ མི་བཟད་འཁོར་བས་འཇིགས་པ་བདག་ནི་ དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་ པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་པ་གསེར་ བཅས་མེ་ཏོག་དག་གིས་མཎ་ཌལ་བྱས་ནས་བླ་མ་ལ་ནི་གསོལ་བར་གདབ་པར་འགྱུར། ༨༥། 1-1-186 ༈ འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་གཟུང་བར་བགྱི། ། རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་ བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་རྣམས་ནི་བསྐྱང་ བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་སྐྱེད་མཛད་རིགས་ལ་བྱང་ཆུབ་ བདག་གིས་བསྐྱེད་པར་བགྱི། ༨༦ ། ༈ ཁྲུས་བྱས་དྲི་ཡིས་རྗེས་བྱུགས་བརྟུལ་ཞུགས་ངེས་པ་དང་ལྡན་ཤར་གྱི་སར་ནི་གཞག་ བྱ་ཞིང་། །དངོས་གྲུབ་དོན་དུ་སོ་ཤིང་རྒྱལ་བ་མཆོག་གི་རྡོ་རྗེ་དག་གིས་མངོན་པར་བསྔགས་ པ་རབ་སྦྱིན་བྱ། །༈ ལྕེ་ལའང་བདུད་རྩི་ངེས་པར་༈རྒྱལ་བ་མཆོག་གི་དམ་ཚིག་དག་གིས་ སྤོས་ནི་དབབ་པའི་དོན་དུ་འོ། །སྔགས་ནི་ཧཱུཾ་གི་ཡི་གེ་གཅིག་སྟེ་ཨ་ར་ལ་དང་བཅས་པ་ཁྲོ་ བོའི་གཙོ་བོ་བསྐུལ་བ་འོ། ༨༧ ། ༈ ཁྲོ་བོའི་རྒྱལ་པོ་ཕེབས་ན་མཚོན་ཆས་མཛེས་པའི་ལག་པ་དག་གིས་བདུད་ཀྱི་ཚོགས་ ལ་སྡིགས་བྱེད་ཅིང་། །གཡོན་བརྐྱང་ལ་སོགས་སྟབས་རྣམས་དང་ནི་རྣམ་མང་བྱེད་པ་ རྣམས་ཀྱིས་རྡོ་རྗེའི་གར་གྱིས་གར་བྱེད་ཏེ[དེ]། །བཞད་དང་ཧུཾ་གི་ཡི་གེ་འདྲེས་པས་དགྲ་ལ་ འཇིགས་པ་སྟེར་བ་དང་ནི་རྡོ་རྗེའི་གླུ་ཡང་བྱེད། །ངོ་ཚ་མེད་ཅིང་དོགས་པ་མེད་པར་འགྱུར་ཏེ་ ཡོན་ཏན་དབང་གིས་ལྷ་གཞན་རྣམས་ཀྱང་ཞི་བ་འོ། ༨༨ ། ༈ སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་རང་བཞིན་ཡོན་ཏན་དབང་གིས་སྐུ་ཡི་བྱ་བ་ བྱེད་པ་སྟེ། །གསུང་ཕེབས་པས་ནི་ལྷ་དང་འབྱུང་པོ་ལྷ་མིན་རྣམས་ལས་རྣམ་པར་རྒྱལ་བའི་སྨྲ་ བ་པོ་རུ་འགྱུར། །ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་དག་དང་བྱུང་དང་འབྱུང་ བ་ཐམས་ཅད་ཤེས་པར་འགྱུར། །ཡེ་ཤེས་ཕེབས་པས་སངས་རྒྱས་བླ་མ་ཡི་ཡང་བླ་མ་རྫུ་ འཕྲུལ་ལྡན་པའི་སྟོན་པ་གཅིག་པུར་འགྱུར། ༨༩ ། 1-1-187 ༈ ས་ཕེབས་པས་ནི་རྣལ་འབྱོར་པ་དག་རི་དང་མཚུངས་པར་འགྱུར་ཏེ་ཆུས་ཀྱང་བསིལ་ བར་རབ་ཏུ་འགྱུར། །མེ་ཕེབས་པས་ནི་སྲེག་པར་འགྱུར་ཏེ་རླུང་གིས་ཀྱང་ནི་དེ་བཞིན་སྐམ་པ་ དག་ཏུ་རབ་ཏུ་འགྱུར། །སྟོང་པ་ཕེབས་པས་མི་སྣང་བར་འགྱུར་ས་སྟེང་དུ་ནི་མཁའ་ལ་སྤྱོད་པ་ ཉིད་དུ་རབ་ཏུ་འགྱུར། །༈ དེ་བཞིན་གཟུགས་ལ་སོགས་པ་ཐམས་ཅད་རང་བཞིན་ཡོན་ཏན་ དབང་གིས་རིམ་པ་ཡིས་ནི་རིག་པར་བྱ། ༩༠ ། ༈ དབབ་པ་ལ་ནི་ངེས་པར་འགྱུར་ཏེ་མི་ཡི་བདག་པོ་སྔགས་པ་རྣམས་ཀྱི་བསྒོམས་པའི་ སྟོབས་དང་ནི། །བསྙེན་པའི་བྱ་བ་དང་ནི་རྣམ་མང་དམ་ཚིག་སྔགས་ཀྱི་བཟླས་པ་སོགས་ཀྱིས་ འགའ་ཞིག་དག་གི་ཚེ། །སངས་རྒྱས་རོ་མྱང་བྱེད་པས་བདུད་རྩིའི་དབང་ལས་དཀྱིལ་འཁོར་ འགའ་ཞིག་ཏུ་ནི་མཆོག་གི་བུ་ལ་འོ། །རང་བྱིན་བརླབ་པས་དམན་པ་རྣམ་མང་སྲིད་པ་རྣམས་ ཀྱིས་སྔགས་པ་རྣམས་ལ་དངོས་གྲུབ་ཡོད་མ་ཡིན། ༩༡ ། ༈ ཕེབས་པ་བཏང་སྟེ་ཕྱི་ནས་མགོ་བོ་དང་ནི་སྙིང་ཁ་སྤྱི་གཙུག་ལྟེ་བ་དག་དང་མགྲིན་ པ་དང་། །གསང་བར་རྒྱལ་བ་དང་ནི་རང་གི་རིགས་ཀྱི་སར་གནས་རང་གི་རྡོ་རྗེ་གསུམ་གྱིས་ བསྲུང་བར་བྱ། །ལུས་ལ་སེར་པོའི་གོས་དག་བྱིན་ཏེ་མིག་ནི་བསྒྲིབས་པར་གྱུར་པའི་སློབ་མ་ འདིར་ནི་གཞུག་པར་བྱ། །ཀུན་རྫོབ་དོན་དུ་བརྟུལ་ཞུགས་རབ་མཆོག་བགྲོད་པ་རྣམས་ལ་ བགྲོད་པ་དེ་རྣམས་ཉིད་ནི་སྦྱིན་པར་བྱ། ༩༢ ། ༈ འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་ བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་ པོ་འདི་རྣམས་སོ། །གང་ཞིག་གང་གི་དུས་སུ་བྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་ སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ ཀྱང་ནི་བསྐྱང་བར་བྱ། ༩༣ ། 1-1-188 ༈ ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱ་འོ། ། གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང་། ། དབང་པོ་རྣམས་ནི་ཀུན་ནས་ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ ཤུ་ལྔ། ༩༤ ། ༈ དཔལ་ལྡན་སྔགས་ཀྱིས་མངོན་པར་བསྔགས་ཏེ་ལག་པའི་པད་མ་སྦྱར་བར་མེ་ཏོག་ གཅིག་ནི་རབ་སྦྱིན་བྱ། །དང་པོར་ལན་གསུམ་བསྐོར་ཏེ་ལག་པའི་པད་མ་སྦྱར་བ་དག་ལས་ དཀྱིལ་འཁོར་དུ་ནི་མེ་ཏོག་དོར། །༈ གང་གི་གནས་སུ་མེ་ཏོག་བཟང་པོ་ལྷུང་བ་དེ་ནི་དེ་ཡི་ རིགས་སུ་ངེས་སོ་མི་ཡི་བདག། ཕྱི་ནས་དབང་ནི་བདུན་པོ་རྣམས་དང་རྣམ་གསུམ་འདིར་ནི་ཇི་ བཞིན་བླ་མེད་ཡང་དག་རབ་སྦྱིན་བྱ། ༩༥། ༈ ཀླུ་དང་བཞི་ཡི་ནོར་བུ་གསེར་གྱི་བུམ་པ་དག་གམ་རྒྱལ་པོ་ས་ཡི་རང་བཞིན་རིན་ཆེན་ བཅས། །སྨན་དང་དྲི་དང་ལྡན་པའི་རྒྱལ་དང་རྣམ་རྒྱལ་བུམ་པ་དག་གིས་༈ལྷ་མོ་རྣམས་ཀྱིས་ ཁྲུས་བྱ་འོ། །སངས་རྒྱས་རབ་ཏུ་དབྱེ་བས་ཅོད་པན་སྦྱིན་ཏེ་མཆོག་གི་བླ་མས་ནུས་མ་རྣམས་ ཀྱིས་དར་དཔྱངས་ཉིད། །རྡོ་རྗེའི་དྲིལ་བུ་ཉི་ཟླ་ལས་ཏེ་བརྟུལ་ཞུགས་དག་ཀྱང་དབང་པོར་ བཅས་པའི་ཡུལ་གྱིས་སྦྱར་བར་བྱ། ༩༦ །ཁྲོ་བོ་རྣམས་ཀྱིས་བྱམས་སོགས་མིང་སྟེ་གསལ་ བར་རྒྱལ་བའི་བདག་པོས་རྗེས་གནང་འདོགས་བཅས་རབ་ཏུ་སྦྱིན། །རྡོ་རྗེ་དྲིལ་བུ་རབ་ཏུ་ བྱིན་ནས་རབ་མཆོག་སྙིང་རྗེ་དག་གིས་དག་པའི་ཆོས་ནི་བསྟན་པར་བྱ། ༈ །ངེས་པར་རྡོ་རྗེའི་ རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་ གཞན་ནོར་དབྲོག་བྱ་མཆོག་གི་པད་མའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག ༩༧། ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་ 1-1-189 བསྟེན་པར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ ཡི་པད་མར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་ བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ ཡས་སྐལ་པས་མིན་པར་རྒྱལ་བས་གསུངས། ༩༨། ༈ ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པན་ཞེས་པ་རྒྱལ་བ་དཔའ་བོའི་དར་དཔྱངས་ ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ་དག་དང་བརྟུལ་ཞུགས་དག་ཀྱང་ཡུལ་ཏེ་མིང་ནི་བྱམས་ སོགས་སྦྱོར་བ་འོ། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་པའི་འཇིགས་འཇོམས་ དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་སྟེ། །སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་ འདི་རྣམས་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ། ༩༩། ༈ དབང་བདུན་རྣམས་ཀྱིས་མངོན་པར་དབང་བསྐུར་དགེ་བའི་དབང་གིས་ས་བདུན་གྱི་ ནི་དབང་ཕྱུག་ཉིད་དུ་འགྱུར། །བུམ་པ་གསང་བས་མངོན་པར་དབང་བསྐུར་སླར་ཡང་ཕྱིར་མི་ ལྡོག་པ་སོགས་སུ་ངེས་པར་རབ་ཏུ་འཇུག །ཤེས་རབ་ཡེ་ཤེས་དག་གིས་མངོན་པར་དབང་ བསྐུར་སྲིད་པའི་འཇིགས་པ་འཇོམས་པའི་འཇམ་དབྱངས་ཉིད་དུ་འགྱུར། །༈ གལ་ཏེ་གཡོ་ སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། ༡༠༠ ། ༈ རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་ཏེ་ཡོན་ཏན་ལྡན་པ་དབང་བདུན་ལ་གནས་ དག་གི་འོ། །བུམ་པ་གསང་བ་ལ་ནི་གལ་ཏེ་བརྟུལ་ཞུགས་ངེས་པའི་དབང་གིས་གོང་མ་ལ་ ནི་དག་པ་མེད། །རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་ འདིར་ནི་འཇུག་བྱ་སྟེ། །རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཐུ་བོའི་ མིང་ནི་ཆུང་བ་ཉིད་དུ་འགྱུར། ༡༠༡ ། ༈ དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་ 1-1-190 འཛིན་པར་འགྱུར། །དེ་ཡི་བཀའ་ལ་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་ སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་ རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པའོ་རི་བོ་དག་ ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། ༡༠༢། ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་ སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང་། །སྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བ་ བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོ་འོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ ལས་ཉི་མའོ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་ པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལ་འོ།། ༡༠༣ །། ༈ ཀླུ་དང་བཞི་ཡི་ནོར་བུ་གསེར་གྱི་བུམ་པ་རྣམས་སམ་རྒྱལ་པོ་ས་ཡི་རང་བཞིན་རིན་ ཆེན་བཅས། །སྨན་དང་དྲི་དང་ལྡན་པའི་རྒྱལ་དང་རྣམ་རྒྱལ་བུམ་པ་དག་གིས་གདན་གྱི་ དབུས་སུ་ཁྲུས་བྱ་སྟེ། །ཀླུ་རྣམས་ཀྱིས་ནི་དཔལ་ལྡན་ཅོད་པན་བཅིང་སྟེ་ནོར་འདབ་པད་མར་ བཞི་ཡིས་དར་དཔྱངས་བཅིང་བར་བྱ། །ཕྱག་རྒྱ་ལ་ནི་དཔལ་ལྡན་བུམ་པ་ཡིས་ཏེ་འདིར་ནི་ པད་མ་དང་བྲལ་རེ་ཁཱ་ལྔ་པོ་སྤངས། ༡༠༤ ། ༈ དང་པོ་ཆུ་དག་ལ་ནི་དགེ་བསྙེན་ཉིད་དུ་འགྱུར་ཏེ་བུམ་པ་ལ་ཡང་དགེ་ཚུལ་དག་ཏུ་ འགྱུར། །གསང་བའི་དབང་ལ་དགེ་སློང་དང་ནི་གོང་མའི་བྱེད་པ་ལ་ཡང་གནས་བརྟན་ཞེས་ པར་འགྱུར་བ་སྟེ། །༈ ཕྱག་རྒྱ་དར་དཔྱངས་ཅོད་པན་དག་དང་རྡོ་རྗེ་མཆོད་ཕྱིར་ཐོགས་ནི་ བླ་མ་མཆོག་གིས་སྦྱིན་པར་བྱ། །དེ་རྣམས་སློབ་དཔོན་སླད་དུ་རང་གིས་རྒྱལ་བའི་རིགས་ཀྱི་ དབང་གིས་ཕྱག་རྒྱ་རྣམ་པར་དག་པ་ཉིད། ༡༠༥ ། ༈ (རྟེན་ལྷག་གནས་ཀྱི་ཆེད་དུ་ཁྲུས་ཁང་ནི་དཀྱིལ་འཁོར་གྱི་ཤར་དུ་སྟེ་སྒོ་དཀྱིལ་འཁོར་ལ་ཕྱོགས་པ་འདོད་དེའི་)སྟེང་དུ་བླ་རེ་(ལ་སོགས་པ་དང་ཕྱོགས་མཚམས་སུ་རྒྱལ་མཚན་ལ་སོགས་པ་)བཀོད་ཅིང་ས་ཡི་མཐིལ་གྱི་ 1-1-191 གནས་དག་ཏུ་ཡང་(སྟེགས་བུ་གྲུ་བཞི་པ་ལ་ནག་པོ་དམར་པོ་དཀར་པོའི་)རི་མོ་གསུམ་ནི་ཀུན་ནས་(གྲུ་བཞི་ པས་བསྐོར་བའི་དབུས་སུ་ཁྲུས་གདན་རེ་ཚད་ནི་སྐུ་གཟུགས་ཀྱི་རྗེས་སུ་འགྲོ་བས་གཅིག་ཏུ་མ་ངེས་)སོ(སྒོ་བཞི་དང་ལྡན་པར་ བླ་མ་ར་པ་བཞེད་དོ)། །དེ་རྣམས་ཟུར་དུ་(སྟེ་དེའི་ཟུར་རྣམས་སུ་)ནོར་བུ་གསེར་གྱི་བུམ་པ་(སྔར་བཤད་པའི་ སྨན་སོགས་དང་)ཆུར་བཅས་སྐུད་པ་(དཀར་པོ་ལྔས་དཀྲིས་ཤིང་མགྲིན་པ་གོས་)དང་ལྡན་(པ་)པད་མའི་ཁ་ (རྒྱན་ཅན་)རྣམས་ལ། །དུང་(ཆོས་དང་ཉ་ཕྱིས་ལ་)སོགས་(པ་དང་)གསེར་གྱི་སྣོད་དང་ཡང་ན་དངུལ་ གྱི་རང་བཞིན་(སྣོད་)དག་ཏུ་དྲི་(བཟང་པོ་)ཡི་ཆུ་(བླུགས་པ་)ནི་(བུམ་པའི་སྟེང་དུ་)བསྒྲུབ་(སྟེ་བཞག་)པར་ བྱ། །(རེ་ཁཱ་གསུམ་གྱིས་བསྐོར་བ་དེའི་)སྙིང་པོར་(ཏེ་དབུས་སུ་)གསེར་གྱི་རང་བཞིན་གསལ་བའི་(ཁྲུས་) གདན་(པད་མ་འདབ་བརྒྱད་བྲིས་པ་)དག་རབ་ཏུ་བཀོད་དེ་དེ་ལ་(སྐུ་གཟུགས་སོགས་བཞུགས་པ་ལ་)ཁྲུས་ནི་ བརྩམས་པར་བྱ། ༡༠༦། (སྣ་མའི་)མེ་ཏོག་ལ་སོགས་དྲི་(བསྒོས་པ་)ཡི་ཏིལ་མར་ཉི་མ་(དང་)མེ་ཡིས་ སྨིན་པ་(ནང་ལེར་གསུངས་པ་)རྣམས་ཀྱིས་ལྷ་(འམ་དེའི་གཟུགས་བརྙན་ཤར་བའི་མེ་ལོང་)ལ་བྱུག་པ་བྱ། །(ནང་ ལེར་གསུངས་པའི་)ཕྱེ་མ་རྣམས་ཀྱིས་དྲིལ་ཕྱིས་(ཡང་ཡང་)བྱས་ཤིང་སྦྲང་རྩི་(དང་)མར་དང་ཞོ་དང་འོ་ མ་(དང་)ཆུ་ཡིས་(ཡང་ཡང་)བཀྲུ་བར་བྱ། །ཡུངས་དཀར་རྣམས་དང་མར་མེ་དག་དང་རྣམ་མང་ (ཤིང་ཐོག་གི་)འབྲས་བུ་མཆོག་གིས་(རྟེན་)འདི་ལ་(བྱབ་པའི་སྔགས་དང་བཅས་པས་)ངེས་པར་བྱབས་ ནས་(བགེགས་ལ་བྱིན་ནས་)ནི(སྟོང་ཆེན་ཡི་གེ་ལྔས་བསྲུང་བ་བྱས་ནས་སངས་རྒྱས་རྣམས་ལ་གསོལ་བ་གདབ་པོ)། །(དེ་ ནས་ཁྲུས་སྟེགས་)དེ་ཡི་གནས་ནས་(རྟེན་དེ་བསྐྱོད་དུ་རུང་ན་དཀྱིལ་འཁོར་ལ་ཉེ་བར་)བསྐྱོད་པར་བྱ་སྟེ་སྐུ་ཡང་ དམར་པོའི་གོས་དག་གིས་ནི་ཡང་དག་གཡོགས་པ་འོ། ༡༠༧ ། ༈ དཔལ་ལྡན་དཀྱིལ་འཁོར་(གྱི་)མཐར་(ཤར་ཕྱོགས་སུ་)ནི་མཉམ་པའི་ས་གཞིའི་གནས་ ལ་རྒྱལ་བ(རིགས་ལྔ)འི་ཆ་ཡིས་རེ་ཁཱ་ལྔ་(སྤྲོ་བའི་རིམ་པ་གྲུ་བཞིར་)བྱས་ཏེ། །(དེའི་)དབུས་སུ་པད་མ་ འདབ་མ་བརྒྱད་པ་(ལ་དབུས་དང་ཕྱོགས་བཞིར་)རང་(རང་གི་)རིགས་(གང་ཡིན་གྱི་)ཕྱོགས་སུ་གནས་ པའི་(རྒྱལ་བ་རིགས་ལྔའི་)མཚན་མ་ལྔ་ཡིས་བརྒྱན་པ་འོ། །(པད་མ་)དེ་ཡི་དབུས་སུ་(རྟེན་)གཞག་ 1-1-192 པར་བྱ་བ་ཞལ་གྱི་པད་མ་ནུབ་ཏུ་(དཀྱིལ་འཁོར་ལ་)ཕྱོགས་པའི་ལྷ་དང་ལྷ་མོ་འམ། །མཆོད་རྟེན་ (དང་བགྲང་ཕྲེང་ལ་)སོགས་དང་གླེགས་བམ་རྣམས་སམ་ཐང་སྐུ་ཞེས་པའོ་དེ་བཞིན་(དུ་དཀྱིལ་འཁོར་) དེ་ལ་སྔགས་པས་མངོན་ཕྱོགས་བྱ། ༡༠༨། ༈ (དེ་ནས་རབ་ཏུ་གནས་བྱའི་རྟེན་དེ་ཨོཾ་ཤུ་ནྱ་ཏ་ཞེས་པ་ལ་སོགས་པས་)རྒྱལ་བ་མཆོག་(ཡེ་ཤེས་རྡོ་རྗེ་)དང་ བཅས་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟོང་པའི་རང་བཞིན་(རྣམ་ཐར་སྒོ་བཞི་)དག་ཏུ་བྱས་ནས་ ནི། །ཕྱི་ནས་(རྡུལ་ཚོན་དང་ཐིག་སྐུད་ལྷག་གནས་ཀྱི་སྐབས་སུ་)སྔར་བརྗོད་(པའི་)སྦྱོར་བ་དག་གིས་(དབྱངས་ ཀྱི་བདག་ཉིད་)ཟླ་(བ་དང་གསལ་བྱེད་ཀྱི་བདག་ཉིད་)ཉི་(མ་དང་ཟླ་བའི་དབུས་སུ་)རྡོ་རྗེ་(ཧཱུཾ་ཡིག་དང་བཅས་པ་)ལས་ སྐྱེས་(པའི་)དུས་ཀྱི་འཁོར་ལོ(འི་སྐུ་)བསྒོམ་པར་བྱ(འོ)། །(སླར་ཡང་རབ་ཏུ་གནས་བྱའི་རྟེན་)རིག་པའི་ ལྷ་(དང་ལྷ་)མོ་སོགས་དང་སངས་རྒྱས་ཨ་ལི་ཀ་ལིའི་རིགས་སྐྱེས་(གང་ཡིན་པ་)རང་རང་(གི་)ས་ བོན་(དང་ཕྱག་མཚན་)གྱིས་(རྫོགས་པར་)བསྐྱེད་(པ་)རྣམས། །(དུས་འཁོར་དེའི་)སྙིང་(ཁ་དང་)མགྲིན་(པ་ དང་)ལྟེ་བ་(དང་)གསང་བ་(དང་)མགོ་དང་གཙུག་ཏོར་(གྱི་)འཁོར་ལོ་དག་ལ་རིགས་ཀྱི་དབང་ གིས་བསྒོམ་པར་བྱ(སྟེ་ནམ་མཁའི་ཁམས་པ་རྣམས་གཙུག་ཏོར་དུ་བསྒོམ་ཞེས་པའོ། །དེ་ལྟར་བསྐྱེད་པའི་རྒྱུ་མཚན་ཡང་ དུས་འཁོར་དང་པོའི་སངས་རྒྱས་ལྷ་ཐམས་ཅད་ཀྱི་ཁྱབ་བྱེད་དང་བསྐྱེད་པར་བྱེད་པ་པོ་ཡིན་ཞིང་དེའི་འཁོར་ལོ་དྲུག་ལས་རིགས་ དྲུག་གི་ལྷ་རྣམས་སོ་སོར་སྤྲོ་བར་གསུངས་པའི་ཕྱིར་རོ། །རྟེན་དུས་འཁོར་ཉིད་ཡིན་ན་དེ་ཉིད་ཀྱི་གཟུགས་སུའོ། །སཱ་དྷཱུ་སུ་དྲ་ནི་ རང་དུས་འཁོར་དུ་བསྒོམས་ནས་རྟེན་རང་རིགས་ཀྱི་ལྷར་བསྐྱེད་པའི་གནས་དྲུག་ཏུ་རིགས་དྲུག་གི་ས་བོན་དགོད་པར་འདོད་དེ་ དགོངས་པར་མི་གསལ་ལོ)། ༡༠༩ ། ༈ དེ་ལྟར་ངེས་པ་ཉིད་དུ་(དམ་ཚིག་སེམས་དཔའ)བསྒོམ་པར་བྱ་སྟེ་སླར་ཡང་མཐའ་དག་ལྷ་ (དེ་)རྣམས་ཀྱི་ནི་སྐུ་ལ་ཡང་། །(རྡོ་རྗེ་ཤུགས་སོགས་)ཁྲོ་བོའི་རྒྱལ་པོ་(ལྔ་པོ་)རྣམས་ཀྱིས་(ཀུན་རྫོབ་ཀྱི་)སྲིད་(པ་)མེད་(པ་ཆོས་ཉིད་འོད་གསལ་གྱི་)སྲིད་(གསུམ་རོ་)མཉམ་(པ་པྲ་ཕབ་པ་དང་མཚུངས་པའི་ཀུན་འགྲོ་) ཡེ་ཤེས་སེམས་དཔའ་(ཛཿཡིག་གིས་)བཀུག་སྟེ་(ཧཱུཾ་ཡིག་གིས་)གཞུག་པ་དག་དང་ནི། །(ཝཾ་ཡིག་གིས་) 1-1-193 བཅིང་(བ་)དང་(ཧོཿཡིག་གིས་)མཉེས་པ་དང་ནི་(ཧི་ཡིག་གིས་)རོ་མཉམ་བྱེད་པ་དག་ཀྱང་(རབ་ཏུ་གནས་ བྱའི་)ལྷ་རྣམས་ཀྱིས་ནི་རང་གི་སྐུ་ལ་བྱ(ཞིང་ཐུགས་ཁར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་རང་རང་གི་ས་བོན་དགོད་པ་ དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་འཆད་འགྱུར་བཞིན་བྱའོ)། །དེ་ནས་སློབ་དཔོན་ཉིད་ཀྱིས་(རྟེན་ལ་ གཡོག་པའི་གོས་དམར་པོ་བསལ་བས)ཞལ་ནི་རབ་ཏུ་གསལ་བར་བྱས་པའི་ལྷ་ལ་ཕྱག་དག་འཚལ་ བར་བྱ། ༡༡༠ ། ༈ (ས་བོན་བཀོད་ནས་བྱིན་གྱིས་བརླབ་པ་ནི)ཨ་སོགས་ཀ་སོགས་དག་ལས་(བྱུང་བའི)ལྷ་དང་ལྷ་ མོ་རྣམས་ཀྱི་རང་(རང་གི)རིགས་(ཀྱི)ཡོན་ཏན་ལ་གནས་(པའི)ས་བོན་གང་(ཡིན་པ)། །རང་གི་ ས་བོན་དེ་ནི་(རང་རང་གི)སྙིང་ཁའི་དབུས་སུ་ཟླ་ཉི་ཁ་སྦྱོར་ལ་གནས་(པར་དགོད་པ་དང་)སྐུ་གསུང་ ཐུགས་(ཀྱི་རྡོ་རྗེ་གསུམ་དང་)ལྡན་པར(བསྒོམ་ཞིང་)། །མཐའ་དག་སྐུ་ལ་གནས་པའི་སུམ་བཅུ་[ཅུ་] རྩ་གཉིས་མཚན་གྱི་ཡན་ལག་(དང་)དཔེ་བྱད་མཁའ་དང་བརྒྱད་(དེ་བརྒྱད་བཅུ)རྣམས་སོ། ། (དབྱངས་གསལ་བྱེད་ཀྱི)ཡི་གེ་རྣམས་ཀྱིས་ཕྱེ་བ་དེ་ཉིད་རབ་གསལ་འདབ་མ་འདབ་མར་གླེགས་ བམ་རྣམས་ལ་(གསུང་རྡོ་རྗེའི་ངོ་བོར)བསྒོམ་པར་བྱ། ༡༡༡། (དབྱངས་གསལ་བྱེད་སྐུ་རྡོ་རྗེའི་རང་བཞིན)མཆོད་ རྟེན་(གྱི)སྙིང་པོ་(མཚན་མ་ལྔ་སྟེ་དབུས་སུ)དཔལ་ལྡན་འཁོར་ལོ་(དང་ནུབ་ཏུ)རྡོ་རྗེ་(དང་ལྷོར)ནོར་བུ་ (དང་བྱང་དུ)པད་མ་དག་དང་(ཤར་དུ)རལ་གྲི་རྣམས་ཀྱིས་(རྒྱལ་བ)མཆོག་རྣམས་ཉིད(བསྐྱེད་པར་ བྱའོ)། །བགྲང་ཕྲེང་ལ་ནི་ཧཱུཾ་གི་ཡི་གེ་(ལས་བྱུང་བའི)ནོར་བུ(འི་ཕྲེང་རྡོག་)ཡོངས་སུ་བགྲང་བ་རྣམས་ (ཏེ་གྲངས)ནི་མཚན་དང་དཔེ་བྱད་རྣམས(ཀྱི་གྲངས་བརྒྱ་རྩ་བཅུ་གཉིས་ལས་བཞི་ནི་མདོ་འཛིན་གྱི་གདོང་བཞི་ སྟེ་ཁྱབ་བྱེད་རྡོ་རྗེའི་བཞིའི་བདག་ཉིད་དོ། །ལྷག་མ་བརྒྱ་རྩ་བརྒྱད་ནི་ཕྲེང་རྡོག་གོ)། །དྲིལ་བུའི་སྐུ་ལ་དབྱངས་ནི་ གསུམ་གྱིས་བསྒྱུར་བའི་བཅུ་(སྟེ་ཐུང་རིང་སུམ་ཅུ)རྣམས་(རྣམ་ཐར་སྒོ་བཞིའི་ངོ་བོར་བསྒོམ་པ)དག་དང་ཀ་ སོགས་སྡེ་(པ་དྲུག་གི་གསལ་བྱེད་སུམ་ཅུ་)རྣམས་རྡོ་རྗེ་ལ(ཚངས་པའི་གནས་བཞིའི་ངོ་བོར་བསྒོམ)། །དེ་དག་ ཁོ་ན་མཆོད་ཕྱིར་ཐོགས་ལ་(སྒོམ་ཞིང་)བཅུ་ཡིས་བསྒྱུར་བ་ནོར་གྱི་དཔེ་བྱད་(ཏེ་དཔེ་བྱད་བརྒྱད་བཅུའི་ 1-1-194 ཡི་གེ་གསལ་བྱེད་བརྒྱད་ཅུ་)རྣམས་ནི་སྟོད་གཡོགས་ལ(བསྒོམས)། ༡༡༢། ཀ་སོགས་སྡེ་པ(འི་གསལ་བྱེད་ སུམ་ཅུ)དབྱངས་(ཐུང་རིང་བཅུ་གཉིས་ཀྱིས་བསྒྱུར་བ)དང་བཅས་པ་མཁའ་རོ་ཡོན་ཏན་རྣམས་ནི་སུས་ འཁྱུད་དག་ལ་བསྒོམ་པར་བྱ། །ཧཾ་ཧཿ(ཅེས་པ)དཔལ་ལྡན་(གཡོན་དང་གཡས་ཀྱི)རྣ་ཆ་ལ་(བསྒོམ)སྟེ་ ཨཾ་ཨཿཞེས་པ་ཟུང་ནི་མགུལ་རྒྱན་(དང་)སྐྱེ་[སྐེ་]རགས་དག་ལ་འོ། །དེ་བཞིན་དུ་ཡང་ཨ་(དང་ ཨཱ)ཡིག་ཟུང་ནི་(གཡོན་དང་གཡས་ཀྱི)གདུ་བུ་དག་ལ་(བསྒོམ་བྱར་)འགྱུར་ཏེ་རྐང་གདུབ་དག་ལ་ཧ་ཧ་ ཡང་(ངོ་)། །(གྲི་གུག་གི་རྣམ་པ་ལ་སོགས་པ)སྟོང་པའི་རྣམ་པ་ལྔ་པོ་དག་(འདུས་པ་ཝཾ་ཡིག)ནི་མཐའ་དག་ ལུས་ལ་གནས་པའི་ཐལ་བ་དག་ལ་བསྒོམ་པར་བྱ(སྟེ་ཐམས་ཅད་སྟོང་པའི་ངང་ལས་རང་རང་གི་ས་བོན་ ཡོངས་སུ་གྱུར་པ་ལས་རང་རང་གི་གཟུགས་སུ་བསྒོམས་པ་ལ་ཡེ་ཤེས་སེམས་དཔའི་ངོ་བོ་ཡིག་འབྲུ་རྣམས་ཀྱིས་དེ་དང་དེའི་རྣམ་ པ་ཅན་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པོ། །ཁ་ཅིག་ནི་དེ་རྣམས་ལྷར་བསྐྱེད་པ་ལ་དགུག་གཞུག་དབང་བསྐུར་སོགས་བྱས་ ནས་ལྷ་རྣམས་དེ་དང་དེའི་གཟུགས་སུ་གྱུར་པར་བསྒོམ་ཞེས་འདོད་དོ)། ༡༡༣། ༈ (དེ་ལྟར་རྟེན་དེ་རྣམས་ཀྱི་ས་བོན་སོ་སོ་ལས་གྲུབ་པའི)རང་ལུས་ཡེ་ཤེས་(ཀྱི)རྣམ་པ་དག་(ཏུ་གྱུར་ པ)ལས་(སྐུ་གསུང་ཐུགས་ཀྱི)རྡོ་རྗེ་གསུམ་དང་བཅས་པའི་ཕུང་པོ་(གཞན་དང་)ཁམས་(གཞན་དང་སྐྱེ་ མཆེད་གཞན)ལ་སོགས་པ་(ལྷའི་འཁོར་ལོ་)ཀུན། །རང་རང་ས་བོན་དག་གི་རིམ་པས་ལྷ་(དམ་ཚིག་ པ་)རྣམས་ཀྱི་ནི་རང་གི་སྙིང་ཁའི་པད་མར་དགོད་པར་བྱ། (དེ་ལྟར་རྟེན་དམ་ཚིག་པ་ལ་ཡེ་ཤེས་པ་བཅུ་ གཅིག་སྟེ)། ས་བོན་བཀོད་ན་(དབང་བསྐུར་མེད་ཀྱང་དེ་ཉིད་ཀྱིས)རབ་ཏུ་གནས་པར་འགྱུར་ཏེ་(ཀྱེ)མི་ཡི་ བདག་པོ་མཆོད་རྟེན་སྐུ་གཟུགས་སོགས་ལ་འོ། །༈ (གལ་ཏེ་ཞིག་གསོ་ལ་སོགས་པ་དགོས་པ་ཆེན་པོའི་ཕྱིར་ རྟེན་དེ)ཉེ་བར་བསྡུ་བའི་དུས་སུ་(ནི་སློབ་དཔོན་གྱི)ལག་པའི་རྡོ་རྗེ་(སྟེ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ)དག་གིས་ (རྟེན་དེ་ལ་རེག་ནས་ཡེ་ཤེས་པ)རང་གི་ལུས་ལ་ས་བོན་(དང་བཅས་པ)གཞུག་(ཅིང་རང་རང་གི་ཁམས་རྣམས་ལ་ བཀོད་ནས་རྟེན་དེ་གྲུབ་པའི་ཚེ་དེ་ཉིད་ལ་དེ་སླར་གཞུག)པར་བྱ(འོ)། ༡༡༤ ། ༈ (ཨརྒར་གྲགས་པའི་དུས)འདི་དང་(རབ་གནས་ཀྱི)དང་པོ་རུ་ཡང་(ཁྲུས་བྱ་སྟེ་དེ་ཡང་)རི་མོར་བྲིས་ 1-1-195 པའི་ཐང་སྐུ་(ལ་སོགས་པ་བཀྲུར་མི་རུང་བ)རྣམས་ཀྱི་(གཟུགས་བརྙན)མེ་ལོང་ལ་(ཤར་བ་ལ)ནི་ཁྲུས་སུ་ འགྱུར(རོ)། །ཕྱི་ནས་(མངལ་དབུལ་ཏེ)དྲི་དང་སྤོས་དང་ཤིན་ཏུ་དྲི་བཟང་མེ་ཏོག་རྣམས་དང་གླུ་ དང་རོལ་མོ་དག་དང་ནི། །གར་དང་རྣམ་མང་མཆོག་གི་གོས་དང་རྔ་ཡབ་དང་ནི་གདུགས་ རྣམས་དག་གིས་(རབ་གནས་གྲུབ་པའི)ལྷ་ལ་མཆོད་(ཅིང་བསྟོད་དེ་འགྲོ་བའི་དོན་ལ་བརྟན་པར་བཞུགས་སུ་ གསོལ)པར་བྱ། །༈ དེ་ལྟར་རབ་གནས་བྱས་ནས་རྣམ་མང་མཆོག་གི་རོ་(ཁ་ན་མ་ཐོ་བ་དང་བྲལ་བ) རྣམས་དག་གིས་དགེ་འདུན་(ལ)མཆོད་སྟོན་རབ་ཏུ་སྦྱིན(པ་དང་ཡོན་དབུལ་བ་ལ་སོགས་པ་འོག་ནས་ འབྱུང་བ་རྣམས་བྱའོ)། ༡༡༥ ། ༈ ཁྲོན་པ་རྫིང་དང་འཚེ་[མཚེ་]འུར་(སྟོང་པའི་ངང་ལས་དབུས་སུ་ཆུ་ལྷ་འཆར་འགྱུར་དང་)ཕྱོགས་དང་ ཕྱོགས་བྲལ་དུ་ནི་ཀླུ་ཡི་རྒྱལ་པོ་ནོར་(ཏེ་བརྒྱད)རྣམས་(རང་རིགས་ཕྱོགས་སུ)དགོད་པར་བྱ། །(སྦྲང་ རྩི་ནས་ལན་ཚཱའི་རྒྱ་མཚོ་ལ་ཐུག་པའི)ཆུ་གཏེར་བདུན་པོ་རང་(རང)གི་ས་བོན་(མིང་ཡིག་གི་དང་པོ་ལ་གྷྲི་ད་དུ་ཨཾ་ ལ་ཀྵ་རྣམས)གྱིས་(བསྐྱེད)ཏེ་(དེ་ལ་)སྦྲང་རྩི་ཆུ་དང་ལྡན་པའི་(མར་ཞོ་འོ་མ་ཆང་ལན་ཚཱ་སྟེ)རྣམ་ལྔ་གཞུག་ པར་བྱ(སྟེ་རྒྱ་མཚོ་བདུན་གྱི་རྟེན་འབྲེལ་དུས་སོ)། །(འདིར་ས་དྷུ་སུ་དྲ་ནི་རྣམ་ལྔ་བདུད་རྩི་ལྔ་ལ་འདོད་དོ། །)སྦྱིན་སྲེག་ མཐར་ནི་རྫིང་(སྟེ་མཐར་སྦྱིན་བསྲེག་བྱའོ། །དང་པོར)བུ་ལ་སོགས་དག་ལ་(ཀླུ་བརྒྱད་ཀྱི་དབུས་སུ་)ཆུ་ལྷ་ དཀར་པོ་ཕྱག་ན་ཞགས་པ་(ཅན)བསྒོམ་པར་བྱ(སྟེ་དེ་རྣམས་ཀྱིས་བརྟེན་པའི་རྒྱ་མཚོ་བདུན་གྱིས་ངོ་བོར་བྱིན་ གྱིས་བརླབ་ཅིང་ཤིས་པ་བརྗོད་དོ)། །སྐྱེད་མོས་ཚལ་དུ་(རབ་ཏུ་གནས་པ་ནི)ཤིང་(གཙོ་བོ)གཅིག་(སྟོང་པའི་ ངང་ལས)དཔག་བསམ་ལྗོན་པ་(ཆེན་པོར་བསྒོམས་ཏེ་སྐྱེད་མོས་ཚལ)མཐའ་དག་(གི)ཤིང་ལ་(བདག་པོར) གནས་པར་དབང་ནི་བསྐུར་ནས་(མི་ཟད་ཅིང་འཕེལ་བ་ལ་སོགས་པར་བྱིན་གྱིས་བརླབ་ཅིང་ཤིས་པ་བརྗོད་པས) སོ། ༡༡༦ ། ༈ (ཆོ་གའི་ཡོ་བྱད)ཅོད་པན་(དང་)དར་དཔྱངས་དག་དང་དོ་ཤལ་(དང་)གདུ་བུ་དང་ནི་དེ་ བཞིན་རྣ་ཆ་(དང་)སྐེ་རགས་(དང་སྟོད་གཡོགས)ལ་སོགས་པ། །སློབ་དཔོན་ལ་ནི་(དང་པོར)རབ་ཏུ་ 1-1-196 སྦྱིན་བྱར་འགྱུར་ཏེ་(ཀྱེ)མི་ཡི་བདག་པོ་(ཕྱི་ནས)ཡོན་(དབུལ་བ)ཡང་བདག་ཉིད་(ལ)ནུས་པ(ཡོད་ ཚད་གྱི)ས་སོ། །སྦྱིན་བདག་གིས་ནི་བསོད་ནམས་(སྤེལ་བའི)སླད་དུ་མཐའ་དག་ཚོགས་ཀྱི་ རིགས་ལ་(མཆོད་པ་བྱས་ནས)གཞན་དོན་དོན་དུ་གཉེར་(བའི་སྨོན་ལམ)བྱ་སྟེ། །བསོད་ནམས་འདི་ ཡིས་སེམས་ཅན་རྣམས་ནི་རྣམ་གསུམ་སྲིད་པར་(ནམ་མཁའ་ལྟར་ཆ་མེད་ཀུན་འགྲོ་ཁྱབ་པ་པོར)གནས་ པ(ཡིད་བཞིན་ནོར་བུ་ལྟར་འགྲོ་བའི་དོན་མཛད་པ)འི་བླ་མེད་བྱང་ཆུབ་ཐོབ་པར་ཤོག༡༡༧། ༈ ཇི་སྲིད་ཕྱོགས་ཀྱི་ལོ་ནི་གཅིག་པུ་རྣམ་པ་བཅུ་རུ་འགྱུར་ཏེ་བལྟ་བ་དང་ནི་རེག་པར་ བྱ། །དེ་ནས་འཁྱུད་པར་བྱ་སྟེ་རོ་དང་བཅས་པའི་ཆུ་གཏེར་གཡོ་བ་ལ་སོགས་རྣམས་ནི་བསྟེན་ པར་བྱ། །ལོ་ནི་ཉི་ཤུ་ཡན་ཆད་ཕྱག་རྒྱ་མཆོག་ཏུ་འཇིགས་བྱེད་མ་སྟེ་ཁྲོ་བོ་འབྱུང་པོ་ལྷ་མིན་ཆ། ། དབང་གི་དོན་དུ་དྲུག་དང་གསུམ་སྟེ་བདེ་མཉམ་འབྲས་བུ་སྟེར་བ་གཞན་ནི་བསྒོམ་པའི་དོན་ དུ་འོ། ༡༡༨། ༈ དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་བུམ་པའི་དབང་ནི་ དེ་ཉིད་དོ། །གསང་བ་དག་ལས་རི་བོང་འཛིན་པ་མྱང་བ་དང་ནི་ལྟ་བ་དག་གིས་གསང་བའི་ དབང་དུ་འགྱུར། །ཤེས་རབ་ཡེ་ཤེས་དབང་ལ་མཐའ་དག་རྒྱལ་བའི་རིགས་ཀྱི་ཡན་ལག་ ཞལ་གྱིས་སྦྱང་བ་བྱས་ན་ནི། །རྒྱལ་བ་དག་ཀྱང་འདིར་ནི་བླ་མས་དཔང་པོར་བྱས་ནས་སློབ་ མ་ལ་ནི་ཕྱག་རྒྱ་སྦྱིན་པར་བྱ། ༡༡༩ །རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་གསེར་དང་ མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་པའི་བུ་མོ་ནི། །ཁྲག་དང་ལྡན་ལ་ཤེས་རབ་ཐབས་ ཀྱི་བདག་ཉིད་དག་གིས་རང་གི་རྡོ་རྗེ་ནོར་བུས་འདོད་སྤྱད་ནས། །ས་བོན་དང་བཅས་རྡོ་རྗེ་ དག་ཀྱང་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་བ་བྱས་ནས་ནི། །ཕྱི་ནས་རང་གི་ཕྱག་རྒྱ་ སྦྱིན་བྱ་དེ་ནས་སླར་ཡང་གཞན་ནི་དུ་བའི་ལམ་སོགས་ལྡན་པ་འོ། ༡༢༠ ། ༈ (བླ་མ་ལ་འཇིགས་ཤིང་)སྐྲག་(པ)དང་རྣམ་པར་འཁྲུལ་པའི་སེམས་ལྡན་(དོན་ལོག་པར་འཛིན་ 1-1-197 པ་དང་)གཡོ་སྒྱུ་(ཅན་སྐྱེས་པ)གཞན་(གྱི)དབང་(དུ)འགྲོ་མ་(དང་ཅོང་)ནད་དང་ལྡན་(པ)དང་བུ་སྐྱེས་ (ནས་སྐྱེས་གནས་ཡངས་པོར་གྱུར་)མ(དང་)། །ཁྲོ་(བ་སྟེ་སྤྲོ་ཐུང་བ་དང་རིགས་ལ་སོགས་པས་མངོན་པར)ཁེངས་(པ་ དང་)ནོར་ལ་སྲེད་(པས་རྔན་པ་འདོད་པ)དང་མི་བདེན་(པ་བརྫུན་སྨྲ་བ་དང་འཐབ་ཅིང་)རྩོད་པ་ལ་དགའ་(བ་ དང་)རང་གི་(རྐང་ལག་དང་མིག་ལ་སོགས་པ་ལུས་ཀྱི)ཡན་ལག་(མ་ཚང་བའམ)དམན་(པ)དང་(མཚན་ཉིད་དང་ མི་ལྡན་པས)རྣམ་དག་མིན(པ་སྟེ)། །(སྐྱོན་དེ་རྣམས་དང་ལྡན་པའི)ཤེས་རབ་འདི་རྣམས་(སློབ་མ)དབང་ (བསྐུར་བའི་རིག་མ)ལ་(ནི་སྔགས་ཀྱི་ཚུལ་ལ)ཤིན་ཏུ་མཁས་པའི་བླ་མ་དག་གིས་སྤང་བར་བྱ་(ཞིང་བསྒོམ་ པ་ལ་སོགས་པའི་དོན་དུ་ནི་བསྟེན་པར་བྱ)འོ་(ཀྱེ་)མི་ཡི་དབང་། །སྔར་བརྗོད་(པའི་རིག་མ)སངས་རྒྱས་ ལ་གུས་(ཤིང་)བླ་མའི་དམ་ཚིག་འཛིན་མ་(ལོ་བཅུ་གཉིས་མ་ལ་སོགས་པ)རྣམས་ལ་འདུད་པ་དང་ནི་ མཆོད་པར་བྱ། ༡༢༡ ། ༈ འདོད་པ་བསྐྱོད་པར་བྱེད་པ་འགྲོ་བ་རང་གི་ཡིད་ལའོ་གང་བ་དག་ནི་གང་བ་ཉིད་དུ་ འགྱུར། །གང་བ་ཡན་ལག་མཆོག་ལས་རི་བོང་འཛིན་པ་ཞུ་བར་བྱས་ནས་འབར་བའི་ཐིག་ལེ་ བཟང་པོ་འཛག །ཨོཊྚས་བཀུག་པ་མཆོག་གི་བདེ་བ་རང་བཞིན་གྱིས་སྟེར་ཐིག་ལེ་གྲོལ་བ་ དག་ནི་གསུམ་གྱི་མཐར། །(ཤེས་རབ་ལ)བལྟ་(ས་སའི་བདེ་བ)དང་རེག་(ཅིང་འཁྱུད་པའི་བདེ་བ)དང་(རྡོ་ རྗེ་པད་མ)འགྲོགས་(པ)ལ་(ཁུ་བ)འཛག་པའི་བདེ་བ་འདི་དག་གིས་ནི་དགའ་བ་(དང་མཆོག་དགའ) ལ་སོགས་(ཀྱི)དབྱེ་བ་སྟེ། ༡༢༢། འདོད་པ་(བསྐྱོད་པར་བྱེད་པ་ཞེས་པ་ནི)དགའ་(བའི་དགའ)བར་བྱེད་ དེ་(དགའ་བ་དང་པོ་དང་རྫོགས་པ)དང་པོ་དག་ཀྱང་(ཡིན་ལ་དེ་ཡང་)མི་རྣམས་ཀྱི་ནི་མིག་གིས་(ཤེས་རབ་ ལ)བལྟ་བ(འི་བདེ་བ)་རྣམས་ཀྱིས་སོ། །(དེའི)ཕྱི་ནས་གང་བ་(ཞེས་པ་རྫོགས་པ་གཉིས་པ་ནི་ཤེས་རབ་ལ) རབ་ཏུ་སྦྱར་བ་ཡིས་(ཤེས)ཏེ་(དེ་ནི)སླར་ཡང་(དགའ་བ་གཉིས་པ)མཆོག་གི་དགའ་བ་ཉིད་དོ་(རྫོགས་ པ་གསུམ་པ་ནི)རང་ལུས་ལ། (འདོད་པའི་མེ)། འབར་བ་ཉིད་ལས་ཐིག་ལེ་འཛག་པའི་དགའ་བ་ཡིས་ ཀྱང་ཁྱད་པར་དགའ་བ་(ཉིད་དོ་ཤེས་རབ་ལ་)རྡོ་རྗེས་པད་མ་ལ(སྲུབ་པ་ལས)། །ཨོཊྚ(ནི་སྐུ་གསུང་ཐུགས་ 1-1-198 ཀྱི)ཐིག་ལེ་(གྲོལ་བ)གསུམ་གྱི་མཐའ་རུ་(ཐིག་ལེ་བཞི་པ་འབྱུང་བའི་དུས་ན)འགྱུར་བ་ལ་གནས་(པ་ཡིས) ལྷན་ཅིག་སྐྱེས་པའི་དགའ་བ་(ཤེས་པར་བྱེད་དེ)རྡོ་རྗེ་(ཟླ་བའི་ཆ་བཅུ་དྲུག་པར་ཤེས་པར)བྱེད(དོ)། ༡༢༣། ༈ འདོད་དང་དགའ་བ་དང་ནི་འདར་དང་འགྱུར་མེད་དག་དང་བཞི་པོ་ཡིས་ནི་སྦྱོར་བ་ དེ་གཅིག་སྟེ། །གང་བ་དང་ནི་ནུས་དང་སྐྱེ་བ་དག་དང་མཆོག་གི་དགའ་བ་ཉིད་ནི་གཉིས་པར་ ངེས་པར་འགྱུར། །འབར་བ་དང་ནི་ཐིག་ལེ་གཉིད་ཡུར་དག་ཀྱང་སླར་ཡང་ཁྱད་པར་དགའ་ བ་ཉིད་ནི་གསུམ་པ་འོ། །ཨོཊྚ་དང་ནི་ནཱ་ད་དག་དང་གཉིད་དང་ལྷན་ཅིག་སྐྱེས་པའི་དགའ་བ་ ཉིད་ནི་བཞི་པར་འགྱུར། ༡༢༤ ། ༈ སེམས་ཀྱི་བསམ་པ་ཡིས་ནི་མ་རུ་འགྱུར་ཏེ་རེག་པ་དང་ནི་ལྟ་བ་དག་གིས་སྲིང་མོ་ འོ། །རྡོ་རྗེ་ཞུགས་པས་བུ་མོ་བྱེད་པ་དང་བཅས་ཤིན་ཏུ་དགའ་བས་སྲིང་མོའི་བུ་མོ་དེ་བཞིན་ ཉིད། །ཐིག་ལེ་ལྷུང་ན་ཆུང་མ་གཞན་གྱི་རིགས་ལ་གནས་པའི་རྣལ་འབྱོར་མ་ནི་འདོད་ཆགས་ ཉམས་ལས་སོ། །འདི་རྣམས་རྣལ་འབྱོར་ཕྱག་རྒྱ་དྲུག་སྟེ་ས་ཆུ་བསྲེག་ཟ་རླུང་དང་མཁའ་དང་ ཆད་པའི་དངོས་རྣམས་སོ། ༡༢༥ ། ༈ ཆུ་སྐྱེས་ལ་ནི་རྡོ་རྗེ་རབ་ཞུགས་རྩེ་མོ་ཅན་ལ་རླུང་དང་ཐིག་ལེ་མི་ལྟུང་གསུམ་པ་འོ། ། འདི་རྣམས་རྣལ་འབྱོར་གསུམ་གྱི་རབ་ཏུ་གསལ་ཞིང་ངེས་པར་སྐུ་དང་གསུང་དང་ཐུགས་ ཀྱི་ཕྱག་རྒྱ་སྟེ། ༈ །ཆགས་དང་ཆགས་བྲལ་མཐར་གྱུར་དང་པོ་མཆོག་བདེའི་གཏེར་ནི་རྣལ་ འབྱོར་རྣམས་ཀྱིས་རྟོགས་བྱ་བཞི་པ་འོ། །ཕྱག་རྒྱ་རྣམས་ལས་དེ་ནི་ལེགས་པའི་མ་རུ་འགྱུར་ ཏེ་རྣམ་བཅུ་དཔལ་ལྡན་བླ་མའི་ཞལ་འདི་འོ། ༡༢༦ ། ༈ ཤེས་རབ་ཡུམ་ནི་མཆོག་གི་ཡུམ་སྟེ་སྲིད་གསུམ་སྐྱེད་མ་སྤྱན་ལ་སོགས་པ་རྣམས་ ནི་སྲིང་མོ་འོ། །རྡོ་རྗེ་དྲུག་ནི་སྲིང་མོའི་བུ་མོ་ཕྱུགས་ཀྱི་སྐྱེ་བོ་འཇིགས་སྟེར་ཙར་ཙི་ཀཱ་སོགས་ ཡང་ཚ་མོ། །འཁོར་ལོ་ལ་གནས་དུས་ཀུན་དུ་ནི་རང་རིགས་ས་ལ་གནས་རྣམས་རྣལ་འབྱོར་ 1-1-199 པ་ཡིས་བསྟེན་པར་བྱ། །ཞིང་དང་གནས་དང་དུར་ཁྲོད་སྐྱེ་བོ་དང་བཅས་སྐྱེ་བོ་མེད་པར་ནམ་ ཡང་དོར་བར་མི་བྱའོ། ༡༢༧ ། ༈ དཔལ་ལྡན་རྡོ་རྗེ་ཅན་ནི་དཔལ་ལྡན་ཡབ་སྟེ་སྲིད་གསུམ་སྐྱེད་མཛད་སངས་རྒྱས་ ཐམས་ཅད་མིང་པོ་འོ། །མིག་ལ་སོགས་པ་མིང་པོའི་བུ་སྟེ་གཞན་ནི་རྣམ་མང་ཡང་ཚ་རྣམས་ དང་ཡང་ཚའི་བུ་རྣམས་སོ། །འཁོར་ལོ་ལ་གནས་རང་རིགས་སར་གནས་རབ་དགའ་རྣམས་ ནི་རྣལ་འབྱོར་མ་རྣམས་དག་གིས་བསྟེན་པ་བྱ། །ཞི་དང་གནས་དང་དུར་ཁྲོད་སྐྱེ་བོ་དང་ བཅས་སྐྱེ་བོ་མེད་པར་ནམ་ཡང་དོར་བར་མི་བྱ་འོ། ༡༢༨ ། ༈ བུད་མེད་ཟླ་བའི་བཞིན་དང་ཨུད་པལ་མིག་ཅན་མཆོག་གི་དྲི་ཡིས་རྗེས་སུ་བྱུགས་པ་ གང་སུ་དག །བསོད་ནམས་དག་གི་རྒྱུ་རུ་དག་པ་གསུམ་གྱིས་སློབ་དཔོན་ལ་ནི་རྡོ་རྗེའི་མཆོད་ པར་འབུལ་བྱེད་ན། །ས་གཞི་སྦྱིན་དང་གླང་པོ་རྟ་དང་ཤིང་རྟ་དུ་མའི་བུ་མོ་རབ་ཏུ་སྦྱིན་ལས་ བསོད་ནམས་གང་།་། བསོད་ནམས་དེ་རྣམས་ཐམས་ཅད་དེ་ལ་འགྱུར་ཏེ་མི་བདག་མཁར་ གནས་ཟླ་བ་ཉི་མའི་མཚམས་སུ་འོ། ༡༢༩ ། ༈་སྒྲོལ་མ་དམངས་མོ་རྣམ་པ་བཞི་རུ་ས་ཡི་སྟེང་དུ་འགྱུར་ཏེ་གོས་དཀར་མོ་ནི་རྒྱལ་ རིགས་མ། །ས་ནི་རྗེ་རིགས་མ་རྣམས་རྣམ་གསུམ་མཱ་མ་ཀཱི་ནི་གཉིས་སྐྱེས་སྐྱེ་བོའི་རིགས་ སྐྱེས་རྣམ་བདུན་འགྱུར། །སྒྲ་ཞེས་བྱ་བ་མཁར་བ་མཁན་མོ་ངེས་པར་རོ་ཡི་རྡོ་རྗེ་ཆང་འཚོང་ གཟུགས་ཀྱི་རྡོ་རྗེ་མ། །ཡང་དག་ངེས་པར་གསེར་མཁན་མར་འགྱུར་མི་ཡི་བདག་པོ་འཛིན་ མ་དག་ལ་དྲི་ཡི་རྡོ་རྗེ་ནི། ༡༣༠། ཕྲེང་བ་མཁན་མར་རབ་ཏུ་གྲགས་ཏེ་རང་བཞིན་ཡོན་ཏན་ དབང་གིས་རེག་བྱ་རྡོ་རྗེ་ཐགས་མཁན་མ། །རྡོ་རྗེའི་མཐའ་ཅན་ཆོས་ཀྱི་ཁམས་ནི་ནོར་བུ་ མཁན་མར་འགྱུར་བར་འཇིག་རྟེན་དུ་ནི་རབ་ཏུ་གྲགས། །ཙཱ་མིཎ་ཊཱ་ནི་ཤ་འཚོང་མར་འགྱུར་ རང་བཞིན་ཡོན་ཏན་དབང་གིས་ཁྱབ་འཇུག་མ་ནི་རྫ་མཁན་མ། །ཕག་མོ་འཁུར་བ་མཁན་ 1-1-200 མོ་ངེས་འགྱུར་གདོང་དྲུག་མ་ནི་སྨད་འཚོང་མ་སྟེ་དབང་མོ་ཚེམ་བུ་མ། ༡༣༡། ཚངས་མ་ཉ་བ་ མར་འགྱུར་ས་གཞིའི་གནས་དག་ཏུ་ཡང་དབང་ཕྱུག་མ་ནི་གར་མཁན་མ་རུ་འགྱུར། །དཔལ་ མོ་ཟླ་བ་གང་བའི་ཞལ་ནི་བརྒྱད་པ་བཙོ་བརླག་མཁན་མར་འགྱུར་ཏེ་འབྱུང་པོའི་སྐྱེ་གནས་ སོ། །རྨུགས་བྱེད་མ་ནི་རྒྱ་སྐྱེགས་མཁན་མར་འགྱུར་ཏེ་མི་བདག་རེངས་བྱེད་མ་ནི་སྲིན་བལ་ མཁན་མ་འོ། །ཁེངས་མ་ཞེས་བྱ་ཏིལ་མར་འཚིལ་མ་རབ་ཆེ་ཤིན་ཏུ་སྟོབས་ལ་ལྕགས་མཁན་ མ་སྟེ་བཞི་པ་འོ། ༡༣༢། འོད་ཟེར་ཅན་ནི་ཀོ་ལྤགས་མཁན་མར་རབ་འགྱུར་ཁྲོ་གཉེར་ཅན་ནི་ ཤིང་མཁན་མ་དང་དེ་བཞིན་ཉིད། །དཔལ་ལྡན་ཙུན་དཱ་འདྲེག་མཁན་མ་སྟེ་ས་ཡི་སྲིད་པ་ལ་ གནས་ལྕགས་སྒྲོག་མ་ནི་སྙུག་མ་མཁན། །དྲག་སྤྱན་མ་ནི་ཁྲོན་པ་བྱེད་མར་འགྱུར་ཏེ་བཅུ་པ་ འོད་མའི་གར་མ་ཤིན་དུ་[ཏུ་]སྔོན་མོ་འོ། །ཁྲོ་བོའི་ཆ་ཤས་ཁྲོ་བོ་ལས་སྐྱེས་བུད་མེད་བཅུ་པོ་ རྣམས་ནི་རྣལ་འབྱོར་པ་ཡིས་མཆོད་པར་བྱ། ༡༣༣ །དཔལ་ལྡན་ཁྱི་གདོང་མ་ནི་ཀླ་ཀློ་མར་ འགྱུར་མི་ཡི་བདག་པོ་ཕག་གདོང་མ་ནི་འཕྱག་པ་མོ། །ལྕེ་སྤྱང་གདོང་མ་གཏུམ་མོ་དག་དང་ ས་གཞིའི་གནས་ལ་སྟག་གདོང་མ་ནི་སྟག་གཟིག་མ། །བྱ་རོག་གདོང་མ་བསྙོན་ཐབས་མ་སྟེ་ རབ་ཏུ་གསལ་ཞིང་ངེས་པར་བྱ་རྒོད་གདོང་མ་རོ་བསྲེག་མ། །མཁའ་ལྡིང་གདོང་མ་དཔལ་ ལྡན་བྷིལླིར་འགྱུར་ཏེ་བརྒྱད་པ་འུག་པའི་གདོང་མ་དག་ཀྱང་རི་ཁྲོད་མ། ༡༣༤ །སུམ་ཅུ་རྩ་ དྲུག་རིགས་ཀྱི་དབྱེ་བས་ས་གཞིའི་གནས་སུ་རྣལ་འབྱོར་མ་རྣམས་དག་གི་རིགས་རྣམས་ཏེ། ། ཞིང་དང་གནས་དང་ཉེ་བའི་གནས་དང་ཡུལ་དང་གྲོང་མཆོག་དཔལ་ལྡན་ནགས་སུ་ཡང་ དག་གནས་རྣམས་ཀྱིས། །རྨོངས་པ་རྣམས་ནི་འཆིང་བར་བྱེད་ཅིང་རབ་མཆོག་ས་ཡི་སྟེང་དུ་ རྣལ་འབྱོར་རྣམས་ལ་དངོས་གྲུབ་སྟེར། །བཞི་དང་དྲུག་དང་དེ་བཞིན་བརྒྱད་དང་བཅུ་དང་ བཅས་པའི་ནོར་དང་གཅིག་པུ་གཅིག་ནི་རིམ་པས་སོ། ༡༣༥ ། ༈ བཞི་ནི་སངས་རྒྱས་དབྱེ་བ་རྣམས་ཏེ་སླར་ཡང་དུས་ནི་བྱང་ཆུབ་སེམས་དཔའི་རབ་ 1-1-201 ཏུ་དབྱེ་བ་རྣམས། །ཁྲོ་བོ་རྣམས་ནི་ཕྱོགས་ཀྱི་རབ་དབྱེ་ས་སྟེང་གནས་སུ་ཡི་དྭགས་དབྱེ་བ་ རྣམས་ནི་དེ་བཞིན་བརྒྱད། །ལྷ་མིན་དག་ཀྱང་བརྒྱད་ཀྱི་དབྱེ་བ་གདེངས་ཅན་སྲིད་པར་ གནས་རྣམས་རྣལ་འབྱོར་པ་ཡིས་རིག་པར་བྱ། །གཅིག་པུ་གཅིག་ནི་སྣ་ཚོགས་གཙོ་བོ་སྲིད་ གསུམ་གནས་སུ་དཔལ་ལྡན་རིགས་རྣམས་དག་གི་ཁྱབ་བྱེད་དོ། ༡༣༦ ། ༈ ས་འོག་རྣམས་སུ་གཏུམ་མོ་བརྒྱད་དེ་མི་ཡི་འཇིག་རྟེན་ཕྱོགས་བཅུའི་དཀྱིལ་འཁོར་ ལ་ནི་ཁྲོ་སྐྱེས་རྣམས། །ཡི་དྭགས་ཞེས་བྱ་ཡི་དྭགས་འཇིག་རྟེན་དུ་སྟེ་ལྷ་མཆོག་གནས་སུ་སྒྲ་ ཡི་རྡོ་རྗེ་ལ་སོགས་དྲུག །ཚངས་པའི་ཡུལ་སར་དཔལ་ལྡན་བཞི་སྟེ་རབ་མཆོག་ཞི་བའི་གྲོང་ དུ་ཁམས་གསུམ་དག་གི་ཡུམ་གཅིག་མ། །རབ་ཏུ་ཁྲོས་པའི་ཞལ་རྣམས་སྣ་ཚོགས་ཡང་དག་ སྡུད་བྱེད་དགྱེས་པ་རྣམས་ནི་སྐྱོང་བར་བྱེད་པ་ཉིད། ༡༣༧ ། ༈ བུ་མོ་རྒན་མོ་དར་མ་རྣམས་དང་ལུས་ནི་དྲི་མ་དང་བཅས་བྲམ་ཟེ་མོ་དང་རྒྱལ་རིགས་ མོ། །རྗེ་མོ་དམངས་མོ་མཐར་སྐྱེས་རྣམས་སམ་མིག་ལག་དང་བྲལ་རྣ་བ་མཆུ་དང་སྣ་ནི་ཆད་ མ་རྣམས། །མཐའ་དག་བྱང་ཆུབ་རྒྱུ་རུ་ཤེས་རབ་ཐབས་ཀྱིས་མཆོད་པར་བྱ་སྟེ་རྒྱལ་པོ་སློབ་ དཔོན་སྙིང་རྗེ་དང་། །བཅས་པའི་ཐུགས་ལྡན་དྲི་མ་དག་དང་རྣམ་པར་བྲལ་ཞིང་བྱང་ཆུབ་ སྤྱོད་ལ་རྗེས་སུ་གནས་པས་སོ། ༡༣༨ ། ༈ དང་པོར་བུད་མེད་གསང་བའི་ཕྱག་རྒྱར་འགྱུར་ཏེ་དམ་ཚིག་དཔལ་ལྡན་སྐྱེས་པ་ མཆོག་གི་ཕྱག་རྒྱ་འོ། །རྩེད་མོའི་ཡན་ལག་ལས་ཀྱི་ཕྱག་རྒྱར་འགྱུར་ཏེ་དབང་པོ་གཉིས་ཀྱི་ བདེ་མཉམ་ཆོས་ཀྱི་ཕྱག་རྒྱ་འོ། ། ༈ ཕོ་ཉ་མོ་རྣམས་དག་གི་དྲི་ལྔ་ལུས་དང་པད་མ་ལ་གནས་དེ་དག་རྣམས་ནི་རིགས་ལྔ་ སྟེ། །རང་བཞིན་ཡོན་ཏན་དབང་གིས་གླ་རྩི་དང་ནི་པད་མ་གཅི་བ་ཉ་དང་རྣག་གི་དྲི་རྣམས་ སོ། ༡༣༩། དཔལ་ལྡན་བཟང་མོ་པད་མ་ཅན་དུ་ངེས་འགྱུར་ཆུ་ན་རྒྱུ་མ་སྣ་ཚོགས་མ་དང་གླང་ 1-1-202 ཆེན་མ། །དཔལ་ལྡན་སྒྲོལ་མ་གོས་དཀར་ཞེས་བྱར་འགྱུར་ཏེ་རིགས་ཀྱི་དབང་གིས་མཱ་མ་ ཀཱི་དང་སྤྱན་མ་ཡང་། །རྣལ་འབྱོར་པ་ནི་སེང་གེ་རི་དྭགས་རྟ་རུ་འགྱུར་ཏེ་ཁྱུ་མཆོག་གླང་པོ་ རིགས་ཀྱི་དབྱེ་བ་ལས། །མི་བསྐྱོད་པ་དང་དོན་ཡོད་གྲུབ་པ་དྲི་མེད་ནོར་བུའི་ཕྱག་དང་ཕྱག་ ན་པད་མ་འཁོར་ལོ་ཅན། ༡༤༠ ། ༈ ཡན་ལག་ཕྲ་ལྡན་སྐྲ་རྣམས་ཕྲ་ཞིང་རྐང་ལག་འཇམ་ལ་མཉེས་གཤིན་དཔལ་ལྡན་ ཤིན་དུ་[ཏུ་]བཟང་མོ་འོ། །ཅུང་ཟད་ཕྲ་བ་དང་ལྡན་རིང་ཞིང་མིག་ནི་གཡོ་བ་མེད་ལ་སྐྲ་ནི་ འཁྱོག་པ་པད་མ་ཅན། །ངོ་ཚ་མེད་ཅིང་འདོད་པ་དྲག་ལ་རྩོད་མང་ལ་དགའ་སྐྲ་ནི་ཤིན་ཏུ་ཆུང་ བ་དུང་ཅན་མ། །རིང་ཞིང་ཡན་ལག་ཐམས་ཅད་རྫོགས་ལ་ངེས་པར་ཡང་བའི་ཡུལ་དང་སྐྲ་ ནི་རིང་བ་སྣ་ཚོགས་མ། ༡༤༡། སྦོམ་ཞིང་ཐུང་ལ་ཡན་ལག་བརྟན་ལྡན་ཤིན་དུ་[ཏུ་]སྲ་བའི་ ཡུལ་དང་སྐྲ་ནི་སྦོམ་པ་གླང་ཆེན་མ། །ཕོ་ཉ་མོ་རྣམས་དག་པའི་རིགས་ནི་འགའ་ཞིག་དག་ཏུ་ འདིར་འགྱུར་དུས་ཀུན་དུ་[ཏུ་]ནི་འདྲེས་པའི་རིགས། །༈ སེང་གེ་དག་ཀྱང་འབྲོག་ན་གནས་ ཤིང་ཡུལ་དང་རྣམ་བྲལ་འཇིགས་པ་མེད་ལ་གཏོང་བའི་ངང་ཚུལ་ཅན། །རི་དྭགས་མགྱོགས་ འགྲོ་དང་ལྡན་འགྱུར་བྱེད་ཡང་བའི་ཡུལ་དང་སྐྲག་པའི་སེམས་ཏེ་ཤིན་དུ་[ཏུ་]འཇིགས་པ་ འོ། ༡༤༢ །རྟ་ནི་ངེས་པར་འདོད་ལ་སྲེད་པར་འགྱུར་ཏེ་གཞན་དབང་གཅི་བའི་དྲི་དང་གཞན་ དོན་གཉེར་བ་འོ། །ཁྱུ་མཆོག་རེངས་པའི་མིག་དང་དམན་པར་འགྲོ་ལྡན་རང་བཞིན་ཡོན་ཏན་ བླུན་པོ་ཉ་ཡི་དྲི་རུ་འགྱུར། །གླང་ཆེན་འདོད་ལྡན་ངེས་པར་དལ་བར་འགྲོ་བར་འགྱུར་ཏེ་རྣག་ གི་དྲི་དང་ཤིན་ཏུ་རྨོངས་པ་འོ། །སུམ་ཅུ་རྩ་དྲུག་དབྱེ་བས་ཕྱེ་བ་ས་ཡི་སྟེང་གི་གནས་སུ་རིགས་ ཀྱི་དྲི་ཡི་རང་བཞིན་ནོ། ༡༤༣ ། ༈ མཆོད་པའི་དོན་དུ་འདོད་པའི་བསྟན་བཅོས་ཡོན་ཏན་མང་པོའི་གནས་ནི་རྣལ་འབྱོར་ པ་ཡིས་རིག་པར་བྱ། །ཤིན་ཏུ་ཆགས་པར་གྱུར་པས་ཚིམ་པ་མེད་ན་རྣལ་འབྱོར་མ་རྣམས་ 1-1-203 རྣལ་འབྱོར་པ་ལ་དངོས་གྲུབ་སྟེར་མི་འགྱུར། །༈ བཟང་མོ་ལྷ་མོ་དང་ནི་ཤ་ཟ་མོ་དང་མི་མོ་ དང་ནི་སྲིན་མོ་ཀླུ་མོ་དག་ཏུ་འགྱུར། །བཟང་མོ་དཔལ་ལྡན་ཆོས་ཀྱི་ཁམས་སུ་འགྱུར་ཏེ་ཡོན་ ཏན་དབང་གིས་ལྷ་མོ་སྒྲ་ཡི་རྡོ་རྗེ་མ། ༡༤༤། ཤ་ཟ་མོ་ནི་དྲི་ཡི་རྡོ་རྗེར་འགྱུར་ཏེ་མི་མོ་དག་ཀྱང་ གཟུགས་ཀྱི་རྡོ་རྗེ་མི་ཡི་དབང་། །གདུག་པ་སྲིན་མོ་གང་ཡིན་དེ་ནི་ངེས་པར་རོ་ཡི་རྡོ་རྗེ་ཀླུ་མོ་ རེག་བྱ་རྡོ་རྗེ་མ། །བཟང་མོ་སེམས་ཅན་ཕན་པ་བྱེད་མ་བརྟུལ་ཞུགས་ངེས་པ་ལ་དགའ་སྡོམ་ དང་བསམ་གཏན་ངང་ཚུལ་ཅན། །ལྷ་མོ་ལོངས་སྤྱོད་ལ་ནི་རྗེས་ཆགས་འགྱུར་ཏེ་དྲི་མ་ལྡན་ ཞིང་ལྷག་མ་ལ་ཆགས་ཤ་ཟ་མོ། ༡༤༥། མི་མོ་འདོད་ལ་རྗེས་སུ་ཆགས་མ་སྲིན་མོ་མི་ཡི་ཁྲག་ ལ་དགའ་ཞིང་གསོད་པའི་སེམས་མ་སྟེ། །ཀླུ་མོ་དག་ཀྱང་འོ་མའི་ཟས་ཅན་རབ་མཆོག་ས་ ཡི་སྟེང་དུ་རྣལ་འབྱོར་པ་ཡིས་མཆོད་པར་བྱ། །དེ་བཞིན་གཞན་པ་རང་བཞིན་རྣམས་ནི་རང་ བཞིན་ཡོན་ཏན་དབང་གིས་རྣལ་འབྱོར་པ་ཡིས་རིག་པར་བྱ། །ས་ཡི་སྟེང་གི་གནས་སུ་མཁའ་ སྤྱོད་ས་སྤྱོད་རྣམས་ནི་སུམ་བཅུ་[ཅུ་]རྩ་དྲུག་དབྱེ་བས་ཕྱེ་བ་འོ། ༡༤༦། ༈ ཆང་ནི་ཤེས་རབ་རང་བཞིན་སྦྲང་རྩི་དང་བཅས་བུ་རམ་ལས་སྐྱེས་འབྲས་ལས་སྐྱེས་ སམ་ཤིང་སྐྱེས་ཏེ། །ཕྱག་རྒྱ་དང་བྲལ་གང་ཞིག་འཐུང་བྱེད་དེ་ནི་ཡུལ་ཅན་དུ་འགྱུར་བདུད་ཀྱི་ ཚོགས་ཀྱིས་བསྐོར་བ་འོ། །དེ་ཕྱིར་ཤེས་རབ་ལྷག་ལྡན་སྡིག་པའི་དྲི་མ་འཕྲོག་ཅིང་སྔགས་པ་ རྣམས་ལ་དངོས་གྲུབ་སྦྱིན་པར་འགྱུར། །ཕྱག་རྒྱ་གང་སུ་རུང་བ་འདིར་ནི་དམ་ཚིག་རྣམ་པར་ བྲལ་ཡང་བཏུང་བའི་སླད་དུ་རབ་ཏུ་བྱ། ༡༤༧། ༈ རྒྱལ་པོ་རི་བོང་མཚན་མ་གཅིག་པུ་འཆི་བའི་འཇིགས་འཕྲོག་བྱེད་པ་ཐམས་ཅད་དུས་ སུ་བསྟེན་པར་བྱ། །ཤེས་རབ་ཆོས་འབྱུང་ལ་གནས་ཉིན་མོར་བྱེད་པ་དང་བཅས་རྣལ་འབྱོར་ ལྡན་པ་དག་ནི་སྨོས་ཅི་དགོས། །མི་བསྐྱོད་དོན་ཡོད་གྲུབ་པ་རྒྱལ་བ་མཆོག་བཅས་ཁྱི་རྟ་བ་ ལང་གླང་པོ་དང་ལྡན་གཞན་ཡང་ནི། །བརྒྱད་པ་ཤིན་དུ་[ཏུ་]དྲག་པོ་ཉོན་མོངས་རྣམས་ཀྱི་རྡོ་ 1-1-204 རྗེ་དབྱུག་པ་སྐྱེ་བོ་ཕྱུགས་ལ་འཇིགས་པ་སྟེར། ༡༤༨། ༈ ཁྱི་རྟ་བ་ལང་གླང་མོ་ལུག་དང་ར་མོ་རི་དྭགས་བོང་མོ་ཕག་མོ་རྔ་མོ་འདི་རྣམས་ཕྱོགས། ། ཀུན་བྷཱི་ར་མོ་འགྲོན་བུ་ཀུ་ལཱི་ར་མོ་ཉ་མོ་མ་ཀ་ར་མོ་སྦལ་མོ་རུས་སྦལ་དུང་། །བསེ་རུ་སྟག་མོ་ དོམ་མོ་ནེ་ལེ་མོར་བཅས་འབྲི་མོ་ལྕེ་སྤྱང་མོ་དང་སྲམ་མོ་བྱི་ལ་མོ། །འབྲོག་དགོན་ཁྱི་མོ་སེང་ གེ་མོར་བཅས་ནོར་དང་བཅུ་སྟེ་འདི་ནི་འབྱུང་པོ་སྐྱེས་དང་ཁྲོ་བོ་སྐྱེས། ༡༤༩། གོ་དྷཱ་བྱི་བ་ཤཱ་ལི་ ཛཱ་ཏ་སྤྲེ་འུ་མོ་དང་རི་བོང་གཟུངས་མོ་ཨི་ཥུ་རྩངས་མ་བརྒྱད། ༈ །ཁེངས་ལྡན་འདབ་ཆགས་ དང་ནི་ནེ་ཚོ་ཁུ་བྱུག་དག་དང་རི་སྐྱེགས་རབ་ཏུ་གསལ་བར་ཆུ་ཡི་གཏེར། །ལཱ་བ་ཕུག་རོན་ གཞན་ནི་བྱ་དཀར་ཞེས་བྱ་མཆིལ་པ་དག་དང་ངུར་པ་དང་ནི་ངང་པ་དང་། །དཔལ་ལྡན་ཁྲུང་ ཁྲུང་ཁུ་བྱུག་མིག་དང་སྲིན་བྱ་དག་དང་བྷ་ག་བ་ཏཱི་སྲེག་པ་དང་ནི་བཞད། ༡༥༠། ཆུ་ལ་འཇུག་པ་ དང་ནི་ཆུ་སྐྱར་རོ་དང་བཅས་པའི་ནོར་རྣམས་རིམ་པ་ཡིས་ནི་རིག་པར་བྱ། །བྱ་རོག་བྱ་རྒོད་ འུག་པ་རི་དྭགས་དགྲ་དང་གཙུག་པུད་ཅན་དང་བྱ་གག་བྷེ་དྲ་གྷཱ་ར་དང་། །ཧོར་པ་ལྗོན་ཤིང་ དགྲ་ནི་གཞན་ཏེ་བཅུ་པོ་ཁྲོ་བོ་ལས་སྐྱེས་ཁྲོ་བོ་ཡི་ནི་རིགས་སུ་འགྱུར། །མིག་སྔོན་དཔལ་ལྡན་ ཙ་ཀོ་ར་དང་ཨ་ནི་ལ་དང་གུ་ད་མུ་ཁ་བུག་ཀི་རྐང་སྟེང་ཉལ། ༡༥༡། བྷེ་རུཎ་ཊ་དང་ཨམ་བ་རི་ ཀ་བརྒྱད་པ་མཆོག་གི་འདབ་ཆགས་སུ་འགྱུར་མི་ཡི་བདག་པོ་ཀྱེ། ། ༈ སུམ་བཅུ་[ཅུ་]རྩ་དྲུག་རིགས་ཀྱི་དབྱེ་བས་ས་ཡི་སྲིད་པ་ལ་གནས་ས་སྤྱོད་མཁའ་ ལ་སྤྱོད་རྣམས་ཀྱི། །རིགས་སུ་གྱུར་པའི་དམ་ཚིག་མཐའ་དག་རྣམས་ནི་མཆོད་པའི་དུས་སུ་ རྣལ་འབྱོར་པ་ཡིས་བཟའ་བར་བྱ། །རྨོངས་པས་གཏི་མུག་དག་ལས་གལ་ཏེ་སྤངས་ན་མི་ཡི་ བདག་པོ་མྱུར་དུ་ཉམས་པར་རབ་ཏུ་འགྱུར། ༡༥༢། ༈ སོ་དང་སྐྲ་དང་ལྤགས་པ་ལ་སོགས་ཤ་བཅས་ཆུ་རྒྱུས་དང་བཅས་རུས་པ་སྙིང་དང་ པད་མ་དང་། །ཤིག་དང་བ་སྤུ་སྲིན་བུ་དང་ནི་རབ་མཆོག་མི་བདག་གློ་བ་རྒྱུ་མ་ཆུ་སོ་བད་ 1-1-205 ཀན་དང་། །འཁྲིས་[མཁྲིས་]པ་ཆུ་དང་རྣག་དང་ཁྲག་དང་རྔུལ་དང་ཚིལ་བུ་མཆི་མ་འཆིལ་མ་ སྣབས་དང་དྲི་ཆུ་དང་། །ཆུ་སེར་ཞག་དང་བཤང་བ་རྣམས་ཏེ་སྣ་ཚོགས་ལུས་ལ་གནས་པ་ཁ་ དོག་དང་ནི་དྲི་རྣམས་དང་། ༡༥༣། ལྕེ་དང་མིག་དང་རྣ་བ་སྣ་དང་རི་བོང་ཅན་བཅས་ཉིན་བྱེད་ རྣམས་ཀྱིས་ལྷ་རྣམས་མཆོད་པར་བྱ། ༈། སུམ་བཅུ་[ཅུ་]རྩ་དྲུག་ཡི་གེ་རྣམས་ནི་རང་བཞིན་ ཡོན་ཏན་དབང་གིས་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱང་། །སུམ་བཅུ་[ཅུ་]རྩ་དྲུག་ཁམས་ ཀྱི་དབྱེ་བ་མཐའ་དག་ལུས་ལ་གནས་པའི་རིགས་དང་མཚན་མ་ཕྱག་རྒྱ་དང་། ། ༈ སུམ་བཅུ་[ཅུ་]རྩ་དྲུག་རྣལ་འབྱོར་རྒྱུད་ནི་ས་གཞི་དག་ལ་གནས་རྣམས་འདིར་ནི་ རྣལ་འབྱོར་མ་རྣམས་ཀྱི། ༡༥༤། ༈ ཆུ་དང་མཆོད་ཡོན་དྲི་དང་སྤོས་དང་མེ་ཏོག་དང་ནི་འབྲས་ བུ་མ་ཉམས་པ་དང་མར་མེ་དང་། །ལྷ་བཤོས་དག་དང་འདིར་ནི་ན་བཟར་འགྱུར་ཏེ་བཅུ་པོ་ རྣམས་ནི་འཁོར་ལོ་འདུས་པ་དག་ལ་ཡང་། །ཁུ་བ་གཅི་བ་རྐང་དང་བཤང་བ་དག་དང་ཤ་ དང་མཆིན་པ་དག་དང་འཁྲིས་[མཁྲིས་]པ་ཁྲག་དང་ནི། །རྒྱུ་མ་ལྤགས་པ་རྣམས་ནི་རྒྱལ་པོ་ རྣམ་པ་བཅུ་རུ་འགྱུར་ཏེ་འཁོར་ལོ་འདུས་པ་དག་ལ་ཡང་། ༡༥༥། ༈ རྡོ་རྗེ་དང་ནི་རལ་གྲི་མདའ་དང་པད་མ་འདབ་མ་བརྒྱ་པ་ལྔ་པ་འཁོར་ལོའི་མཚན་མ་ སྟེ། །རྒྱུད་མང་དང་ནི་མེ་ལོང་སྣོད་དུ་འགྱུར་ཏེ་མི་ཡི་བདག་པོ་མེ་ཏོག་ཕྲེང་བ་དག་དང་གོས། ། དྲུག་པ་ཆོས་འབྱུང་ངེས་པར་ལག་པའི་འཐིལ་[མཐིལ་]དུ་འགྱུར་ཏེ་སྒྲ་ཡི་རྡོ་རྗེ་མ་སོགས་ མཚན་མ་འོ། །དེ་བཞིན་གྲི་གུག་ལ་སོགས་བུམ་པ་ཞེས་དང་དེ་བཞིན་དུ་ནི་བཅུ་གཟར་གོས་ ནི་སེར་པོ་དང་། ༡༥༦། ཁབ་བམ་ཡང་ན་ཐོ་བ་རབ་ཏུ་གསལ་ཞིང་ངེས་པ་དག་ཏུ་ཉ་ཡི་རྒྱ་དང་ རྩེ་གསུམ་སྟེ། །དཔལ་མོའི་མཚན་མ་བརྒྱད་པ་རྡོ་བར་འགྱུར་ཏེ་མི་ཡི་བདག་པོ་འབྱུང་པོ་ ལས་སྐྱེས་རྣམས་ཀྱི་འོ། །རྨུགས་བྱེད་མ་སོགས་རྣམས་ཀྱི་དམར་སྣོད་ཉིན་མོར་བྱེད་པ་དང་ མཚུངས་དར་གྱི་སྲིན་བུ་ཀུ་ཤ་དང་། །ཆུ་གྲི་དང་ནི་འཐིལ་[མཐིལ་]ལྷམ་དག་དང་སྤུ་གྲི་ཞེས་ 1-1-206 བྱ་དེ་བཞིན་ཤིང་ལྷམ་དག་དང་གདུགས་དང་ནི། ༡༥༧། སྟོག་[ཏོག]ཙེ་དང་ནི་འོད་མའི་དབྱུག་ པ་ཁྲོ་སྐྱེས་རྣམས་ཀྱི་རང་གི་མཚན་མ་བཅུ་རུ་རབ་ཏུ་འགྱུར། །བ་ལང་རྭ་དང་ཁམ་ཕོར་རྒྱུད་ ལྡན་འཕང་དང་ཤ་ཡི་གསལ་ཤིང་ལག་པའི་མཐིལ་དུ་འགྱུར་བ་སྟེ། །རྒྱུད་མང་ཉེ་བའི་ཡན་ ལག་དང་ནི་མདའ་དང་གཙུག་པུད་ཅན་གྱི་མཇུག་མ་འདིར་ནི་བརྒྱད་པར་འགྱུར། །སུམ་ཅུ་ རྩ་དྲུག་མཚན་མའི་དབྱེ་བ་རབ་མཆོག་ས་ཡི་སྟེང་དུ་རྣལ་འབྱོར་པ་ཡིས་མཆོད་པར་བྱ། ༡༥༨། ༈ སླར་ཡང་དམངས་རིགས་ལ་སོགས་མཚན་མར་འགྱུར་ཏེ་ཡོན་ཏན་དབང་གིས་ཨུད་ པ་ལ་འམ་ཐོང་གཤོལ་ལོ། །རྒྱལ་རིགས་མ་ཡི་རིན་ཆེན་པ་ཊར་འགྱུར་ཏེ་མི་ཡི་བདག་པོ་ སྨྱུ་གུ་རིན་ཆེན་ཕྲེང་བ་ནི། །རྗེ་རིགས་མ་ཡི་དེ་བཞིན་དུ་སྟེ་དེ་བཞིན་ཆུ་ན་རྒྱུ་བ་དང་བཅས་ ཟངས་སྣོད་གཉིས་སྐྱེས་མའི། །ཡུམ་གྱི་མཚན་མ་རྣམ་པ་བཞི་སྟེ་ཌ་མ་རུ་དང་རྔ་ཆེན་ཅོད་པན་ ཉིད་དང་བགྲང་ཕྲེང་ངོ་། ༡༥༩། ༈ བཤང་བ་གཅི་བ་དང་ནི་ཁྲག་དང་ཤ་དང་བཅས་པ་ལྷ་མོ་རྣམས་ནི་བཞི་པོར་འགྱུར་ བ་སྟེ། །རྣ་བ་སྣ་དང་མིག་དང་ལྕེ་དང་བཤང་ལམ་དང་ནི་བྷ་ག་སྒྲ་ཡི་རྡོ་རྗེ་ལ་སོགས་དྲུག། རྣག་དང་བད་ཀན་དང་ནི་ཤིག་དང་སྲིན་བུ་ཆུ་སེར་ཞག་དང་བ་སྤུ་སྐྲ་དང་བརྒྱད་པོ་ཡང་། ། རྒྱུ་མ་འཁྲིས་[མཁྲིས་]པ་རུས་པ་རྐང་དང་སྣ་ཚོགས་ལུས་ལ་གནས་པ་མཆིན་པ་དང་ནི་གློ་ བ་དང་། ༡༦༠། རྩ་དང་ལྤགས་པ་རྣམས་དང་སྙིང་དང་ཚིལ་བུ་ལྡན་པ་དག་ནི་བཅུ་རུ་འགྱུར་རོ་ མི་ཡི་དབང་། །རྣ་བ་དང་ནི་སྣ་དང་མིག་དང་ཁ་དང་བཤང་ལམ་དབུས་དང་བྷ་ག་དག་དང་ མཆན་ཁུང་སོགས། །ལུས་ཀྱི་ཡན་ལག་བརྒྱད་ལ་གནས་པའི་དྲི་མ་མི་ཡི་བདག་པོ་ལྷ་མིན་ མི་རྣམས་བརྒྱད་དུ་འགྱུར། །༈ སེན་མོ་དང་བཅས་སོ་དང་ཡན་ལག་བཅུ་གཉིས་ཐོད་པ་རྣལ་ འབྱོར་མ་རྣམས་བརྒྱད་པ་བརྒྱད་དུ་འགྱུར། ༡༦༡། ༈ བཤང་བ་གཅི་བ་ཁྲག་དང་ཤ་ནི་སྣ་ཚོགས་ལུས་ལ་གནས་རྣམས་གནས་ཀྱི་དབྱེ་ 1-1-207 བ་དག་ལ་བཞི། །རྣ་བ་སྣ་དང་མིག་དང་ལྕེ་དང་བཤང་ལམ་དག་དང་བྷ་ག་ཞིང་གི་དབྱེ་བ་ ལ་ཡང་དྲུག །རྣག་ལ་སོགས་པ་སྐྲ་ཡི་བར་ནི་ས་ཡི་སྟེང་གི་གནས་སུ་ཚན་དོ་ཧ་ཡི་དབྱེ་བ་ བརྒྱད། །རྒྱུ་མ་ལ་སོགས་ཚིལ་གྱི་བར་ནི་ཕྱོགས་ཞེས་བྱ་བ་མི་བདག་འདུས་པའི་རབ་ཏུ་དབྱེ་ བ་རྣམས། ༡༦༢། རྣ་བ་ལ་སོགས་ཡན་ལག་བརྒྱད་ཀྱི་ལུས་ལ་ངེས་པར་རྣམ་མང་དྲི་མ་དུར་ ཁྲོད་རབ་དབྱེ་རྣམས། །༈ དུས་མེ་ཟླ་བ་ཉི་མ་སྒྲ་གཅན་རབ་ཏུ་གསལ་ཞིང་ངེས་པར་གནས་ ཀྱི་དབྱེ་བ་དག་ལ་བཞི། །ས་སྐྱེས་ཟླ་སྐྱེས་སྔགས་པ་པ་སངས་སྤེན་པ་གདེངས་ཅན་རྣམས་ནི་ ཞིང་གི་དབྱེ་བ་ལ་ཡང་དྲུག །ས་དང་ཆུ་དང་མེ་དང་རླུང་རྣམས་དང་ནི་ས་སྐྱེས་ཆུ་སྐྱེས་མེ་སྐྱེས་ རླུང་ལས་སྐྱེས་པ་དག༡༦༣། བརྒྱད་ནི་ཚན་དོ་ཧ་ཡི་དབྱེ་བ་རྣམས་ཏེ་སླར་ཡང་དེ་བཞིན་རོ་ དྲུག་དྲི་དང་ཁ་དོག་དང་། །རེག་བྱ་སྒྲ་ནི་དེ་བཞིན་ཉིད་དུ་རབ་ཏུ་གསལ་བར་འདུས་པ་བཅུ་ ཡི་རབ་ཏུ་དབྱེ་བ་རྣམས། །ས་དང་ཆུ་དང་མེ་དང་རླུང་ནི་ཟད་པ་དག་ཀྱང་མདུན་དང་གཡོན་ དང་གཡས་དང་རྒྱབ་ཏུ་སྟེ། །ཁ་དོག་ལ་སོགས་བཞི་པོ་རྣམས་ནི་ཕྱོགས་བྲལ་དག་ཏུ་ཐིམ་པ་ དུར་ཁྲོད་བརྒྱད་ཀྱི་དབྱེ་བ་རྣམས། ༡༦༤། ༈ གནས་ནི་སྒྲོལ་མ་ལ་སོགས་ཁྱིམ་སྟེ་གསལ་བར་སྒྲ་ཡི་རྡོ་རྗེ་ལ་སོགས་དེ་བཞིན་ཞིང་ དུ་བརྗོད། །ཚན་དོ་ཧ་ནི་ཙར་ཙི་ཀཱ་ལ་སོགས་པར་རབ་ཏུ་འགྱུར་ཏེ་མི་བདག་འདུས་པ་རྨུགས་ བྱེད་སོགས། །དུར་ཁྲོད་ཁྱི་གདོང་མ་ལ་སོགས་པ་མཆོག་གི་སར་གནས་རྩ་བའི་གནས་དང་ གསང་བར་བཅས་པ་ནི། །ཡུམ་གྱི་ཁྱིམ་རྣམ་གཉིས་ཏེ་དེ་དག་རབ་ཏུ་གསལ་བར་ས་ལ་ མཐར་སྐྱེས་མ་དང་མཐར་སྐྱེས་མ། ༡༦༥། ༈ གནས་ནི་བུད་མེད་གསང་བའི་པད་མར་རབ་འགྱུར་དམ་ཚིག་དག་ལ་རྡོ་རྗེ་ཉིད་ནི་ ཉེ་བའི་གནས། །ཞིང་དང་ཚན་དོ་ཧ་དང་འདུས་པ་དག་དང་དུར་ཁྲོད་ས་གཞི་དེ་བཞིན་དེ་ ལྟར་མཐའ་དག་གོ། གནས་ནི་གཡོན་གྱི་ཡན་ལག་དག་དང་མདུན་ཏེ་གཞན་ཡང་དེ་བཞིན་ 1-1-208 གཡས་པ་དག་ཀྱང་ཉེ་བའི་གནས། །དེ་ལྟར་ཞིང་ལ་སོགས་པ་ཐམས་ཅད་ལག་པ་རྐང་པ་ལ་ གནས་སོར་མོའི་མཐའ་ཡི་མཚམས་སུ་འོ། ༡༦༦། ༈ དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ལྷ་མོ་ཆུ་གཏེར་དུ་འགྱུར་དུས་ཀྱི་འཁོར་ལོར་ རབ་ཏུ་གྲགས། །ཤེས་རབ་བྱང་ཆུབ་ཡན་ལག་ཡུམ་སྟེ་གཞན་པ་རྣམས་ཀྱང་སྒྲ་ཡི་རྡོ་རྗེ་མ་ལ་ སོགས་པ་དྲུག །ཆུ་གཏེར་ཡང་དག་སྤོང་བ་རྣམས་དང་གཞན་པ་ཆུ་གཏེར་རྫུ་འཕྲུལ་རྐང་པ་ རྣམས་ཏེ་བརྒྱད་དུ་འགྱུར། །ཁྲོ་མོ་ལྔ་ནི་སྟོབས་རྣམས་དག་སྟེ་རབ་ཏུ་གསལ་ཞིང་ངེས་པར་ དབང་པོ་རྣམས་ནི་ལྔ་ཉིད་དོ། ༡༦༧། ཡང་དག་ཡན་ལག་བརྒྱད་ཀྱི་ལམ་ནི་མི་ཡི་བདག་པོ་ལྷ་ མིན་དག་ལས་སྐྱེས་པ་བརྒྱད་དུ་འགྱུར། །སུམ་བཅུ་[ཅུ་]རྩ་བདུན་རབ་ཏུ་དབྱེ་བས་སྲིད་པ་ གསུམ་གྱི་གནས་སུ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཏེ། །དེ་རྣམས་མཐའ་དག་རྣལ་འབྱོར་མ་ རྣམས་ས་ཡི་སྟེང་གི་གནས་སུ་རྣལ་འབྱོར་པ་ཡིས་རིག་པར་བྱ། །དེ་ལྟར་གནས་ལ་སོགས་པ་ ཐམས་ཅད་མི་ཡི་བདག་པོ་ཕྱི་དང་ལུས་ལ་ཡང་ནི་དེ་བཞིན་འགྱུར། ༡༦༨། ༈ སངས་རྒྱས་པ་དང་ཞི་བ་པ་འམ་གཅེར་བུ་སྐལ་ལྡན་ཞེས་དང་དེ་བཞིན་གཙང་གནས་ བྲམ་ཟེ་འམ། །ཐོད་པ་ཅན་དང་སྐྲ་འབལ་དང་ནི་གོས་དཀར་དག་དང་ཞིང་སྐྱོང་རིགས་ཅན་ དག་དང་ཐུབ་པ་དང་། །བསྙོན་པའི་གཟུགས་ཅན་དག་དང་སྡིག་པ་མེད་པའི་སེམས་ལྡན་ མཁས་པ་དང་ནི་སློབ་གཉེར་བ་ཡང་རུང་། །རྣལ་འབྱོར་པ་ནི་དངོས་གྲུབ་དོན་སླད་མཐའ་ དག་ཡོན་ཏན་གཏེར་ཏེ་དེ་ཉིད་ཐོབ་པའོ་མི་ཡི་དབང་། །༡༦༩། ། ༈ མཐེ་བོ་དང་ནི་འཛུབ་མོ་དག་དང་སླར་ཡང་དེ་བཞིན་དུ་ནི་གུང་མོ་དང་ནི་མིང་མེད་ དང་། །དེ་ཡི་མཐར་ནི་ངེས་པར་མཐེ་ཆུང་མཐའ་དག་ཡོན་ཏན་གཏེར་དུ་རྣལ་འབྱོར་པ་ ཡིས་རིག་པར་བྱ། །ཕྱག་རྒྱའི་དོན་དུ་མིང་གི་དབྱེ་བར་འགྱུར་ཏེ་ཡོན་ཏན་དབང་གིས་སོར་ མོ་རྣམས་ཀྱི་རིམ་པས་སོ། །བཅིང་བ་བརྗོད་ན་རྡོ་རྗེ་བཅིང་བར་འགྱུར་ཏེ་ངེས་པར་ཁུ་ཚུར་ 1-1-209 བཅིང་བ་ལ་ཡང་དེ་བཞིན་ནོ། ༡༧༠། ༈ ཁུ་ཚུར་བརླ་ཡི་སྟེང་དུ་རྡོ་རྗེའི་འདུག་སྟངས་ལ་གནས་རྒྱལ་བའི་བདག་པོའི་རྡོ་རྗེའི་ ཕྱག་རྒྱར་འགྱུར། །དཀྱིལ་དཀྲུང་ལ་ནི་ལག་པ་གཡོན་པར་འགྱུར་ཏེ་གཡས་པ་པུས་མོའི་ ཕྱོགས་ནས་ས་ལ་སོན་གྱུར་པ། །ས་ལ་རེག་པ་མི་བསྐྱོད་ཕྱག་རྒྱའོ་སླར་ཡང་ལག་པ་གཡས་ པ་མཆོག་སྦྱིན་ཕྱག་ན་རིན་ཆེན་གྱི། །གཡོན་གྱི་སྟེང་དུ་ལག་པ་གཡས་པ་གན་རྐྱལ་མཉམ་ པར་གནས་པ་ཕྱག་ན་པད་མ་དག་གིར་འགྱུར། ༡༧༡། གཡོན་པ་དཀྱིལ་དཀྲུང་སྟེང་དུ་གཞན་ པ་ལག་པའི་འཐིལ་[མཐིལ་]ནི་འཇིགས་པ་མེད་པ་ཕྱག་ན་རལ་གྲི་ཡི། །གཡས་ཀྱི་ཁུ་ཚུར་ གཡས་མིན་ལ་སྟེ་ངེས་པར་སླར་ཡང་གཞན་གྱི་འཛུབ་མོ་ཁུ་ཚུར་བཅིངས་པ་དག །གསལ་ བར་སྙིང་ཁར་སོན་པ་རྣམ་པར་སྣང་མཛད་ཕྱག་རྒྱ་གཞན་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ ནི། །འཛུབ་མོ་མཐེ་བོ་སྦྱར་བ་གདུ་བུ་བཞིན་དུ་གྱུར་པ་དང་ནི་གུང་མོ་ལ་སོགས་བརྐྱང་བ་ འོ། ༡༧༢། ༈ ལག་པ་གཡོན་ལ་ཤིན་དུ་[ཏུ་]གང་བའི་དྲི་མེད་རི་བོང་འཛིན་པ་གཡས་ལ་རྡོ་རྗེ་ ཉི་མ་སྟེ། །ཉི་མ་ཟླ་བ་སྦྱར་བ་ལ་གནས་འཇིགས་བྱེད་རྡོ་རྗེ་ཁྲོ་བོ་ལས་སྐྱེས་རྩེ་མོ་ལྔ་པ་ ནི། །བསྒོམས་ནས་ཡན་ལག་ལ་ནི་རེག་བྱ་ཅོད་པན་དང་བཅས་མགོ་ནས་བརྩམས་ཏེ་རྐང་ པའི་མཐའ་ཉིད་དུ་འོ། །འདི་ནི་རྒྱལ་པོ་དུས་ཀྱི་འཁོར་ལོའི་དཔལ་ལྡན་མཆོག་གི་ཕྱག་རྒྱ་ སྡིག་པའི་དྲི་མ་འཕྲོག་པ་འོ། ༡༧༣། གང་ཞིག་ཅུང་ཟད་གཟུང་བར་བྱ་བའི་དངོས་པོ་ས་སྐྱེས་ ཆུ་སྐྱེས་མངལ་སྐྱེས་དྲོད་གཤེར་སྐྱེས་སོགས་དང་། །བཟའ་བ་བཏུང་བ་དཔའ་བོ་དང་བཅས་ བླ་མ་དང་ནི་ཞབས་དག་ལ་ཡང་ཕྱག་རྒྱས་རེག་པར་བྱ། །གང་གང་བྱ་བ་ཉེ་བར་སྦྱོར་བར་ འགྱུར་བ་ཡོན་ཏན་དབང་གིས་དེ་ལ་དེས་ནི་སྦྱར་བར་བྱ། །ས་ལ་སོགས་ལ་དཀྱིལ་འཁོར་ དོན་དང་རྐང་པ་བགྲོད་པ་ལ་ཡང་རྣལ་འབྱོར་པ་ཡིས་བསྣུན་པར་བྱ། ༡༧༤། 1-1-210 ༈ ལག་པ་དག་གིས་རྡོ་རྗེ་བཅིངས་པ་ཡིས་ནི་ངེས་པར་ཁྲོ་བོའི་མགོན་པོ་ཆེན་པོའི་ ཕྱག་རྒྱར་འགྱུར། །འཛུབ་མོ་ཐོག་མཐའ་བཅིངས་ཤིང་ཁུ་ཚུར་བཅིངས་པས་གཙོ་བོ་སྲིད་ པ་གསུམ་ལས་རྣམ་པར་རྒྱལ་བའི་སྟེ། །མཚན་མའི་རྣམ་པ་དག་ཀྱང་ལྷག་མ་རྣམས་ཏེ་རབ་ གསལ་ངེས་པར་ལྷ་དང་ལྷ་མོ་རྣམས་ཀྱི་འོ། །ལག་པ་དག་གིས་རྡོ་རྗེ་བཅིངས་ལ་གཡོ་བའི་ གདེངས་ཀའི་རྣམ་པ་གདེངས་ཅན་རྣམས་ཀྱི་ཕྱག་རྒྱར་འགྱུར། ༡༧༥། ༈ མཐེ་བོ་དག་དང་མཐེ་ཆུང་སྦྱར་བ་པད་མའི་འདབ་མ་དང་མཚུངས་གུང་མོ་དག་ནི་ བརྐྱང་བ་དང་། །འཛུབ་མོ་གཉིས་ནི་ཟླ་བ་ཕྱེད་པ་མིང་མེད་འོག་ཏུ་བསྐུམ་པ་རང་གི་ལག་ མཐིལ་སོན་གྱུར་པ། །ཕྱག་རྒྱ་འདི་ནི་རྡོ་རྗེ་ཅན་གྱི་རྡོ་རྗེ་རྩེ་མོ་ལྔ་པར་འགྱུར་ཏེ་བསྟན་པར་ བྱ་བ་འོ། །རྩིབས་ཀྱི་རྣམ་པ་སོར་མོ་རྣམས་ཏེ་ལག་པ་གཉི་གའི་མཐིལ་དུ་མཐེ་བོ་ལ་སོགས་ མཐའ་དག་རྣམས། ༡༧༦། ༈ ལག་པ་གཉིས་ནི་རྡོ་རྗེ་བཅིངས་པ་རྡོ་རྗེར་འགྱུར་ཏེ་རྡོ་རྗེ་ཁུ་ཚུར་དག་གིས་དྲིལ་བུར་ བཅས། །ཁུ་ཚུར་ཕྱེད་པ་འཛུབ་མོ་དང་ནི་གུང་མོ་མདའ་དང་མཚུངས་པ་དག་ཀྱང་རལ་གྲི་ རྣོན་པར་འགྱུར། །མཛུབ་མོ་ལ་སོགས་རྩེ་གསུམ་སླར་ཡང་བཀྲམ་པ་དག་སྟེ་ཁུ་ཚུར་ཕྱེད་པ་ ཡིས་ནི་རྩེ་གསུམ་ལ། །དཔལ་ལྡན་གྲི་གུག་ཁུ་ཚུར་བཅིངས་ཤིང་དཔལ་ལྡན་མཐེ་ཆུང་ཟླ་ བ་ཕྱེད་པ་འཇིགས་པ་བྱེད་པར་འགྱུར། ༡༧༧། རྣ་བའི་སྟེང་དུ་ཁུ་ཚུར་བཅིངས་ཤིང་གུང་མོའི་ སྟེང་དུ་མཐེ་བོར་འགྱུར་ཏེ་མདའ་ཡི་མཆོག་ལ་འོ། །ཁུ་ཚུར་བཅིངས་ཤིང་འཛུབ་མོ་ཤིན་དུ་ [ཏུ་]འཁྱོག་པར་འགྱུར་ཏེ་མི་བདག་དེ་བཞིན་ཉིད་དུ་ལྕགས་ཀྱུ་ལའོ། །རྩ་བར་འཛུབ་མོ་མིང་ མེད་དུ་འགྱུར་མདའ་དང་མཚུངས་པའི་སྟེང་དུ་གུང་མོ་ཡང་ནི་མདུང་ལ་སྟེ། །ཐད་ཀར་ཁུ་ཚུར་ དབྱུག་པ་ལ་འོ་ལག་འཐིལ་[མཐིལ་]ཤིན་ཏུ་མཉམ་ལ་མཐེ་བོ་བརྐྱང་པ་དགྲ་སྟ་ལ། ༡༧༨། ༈ སྟེང་དུ་ཁུ་ཚུར་གཉིས་དང་འཛུབ་མོར་འགྱུར་ཏེ་ལྷ་མིན་བདག་པོ་གླང་ཆེན་ལྤགས་པ་ 1-1-211 དག་ལ་འོ། །མཆེ་བ་ལ་ནི་ལག་པ་གཉི་གའི་མཐིལ་དུ་ཁུ་ཚུར་བཅིངས་ཤིང་མཐེ་ཆུང་ཟླ་བ་ ཕྱེད་པ་འོ། །༈ ཁེ་ཊ་ཀ་ལ་དཔུང་པ་གཡོན་པ་རབ་ཏུ་བརྐྱང་ཞིང་ལག་པའི་མཐིལ་ནི་སྟེང་དུ་ སོན་པར་འགྱུར། །ཁ་ཊཱཾ་ག་ལ་ཁུ་ཚུར་བུག་པར་འགྱུར་ཏེ་ངེས་པ་ཉིད་དུ་ཕྲག་པར་མཐེ་ཆུང་ བརྐྱང་བ་འོ། ༡༧༩། སོར་མོ་བུག་པ་མེད་པའི་ལག་པ་པད་འདབ་ལྟ་བུ་སྟེང་དུ་བྱས་པ་དཔལ་ ལྡན་ཐོད་པ་ལ། །གཞུ་ལ་ལག་པ་གན་རྐྱལ་ཁུ་ཚུར་དུ་འགྱུར་ངེས་པར་དཔུང་པ་གཡོན་པ་ རབ་ཏུ་བརྐྱང་བ་འོ། །གུང་མོ་དག་ནི་འཛུབ་མོ་འཁྱོག་པོ་ཀུན་དུ་[ཏུ་]བརྟེན་པར་འགྱུར་ཏེ་ ངེས་པར་རྡོ་རྗེ་ཞགས་པ་ལ། །རིན་ཆེན་ལ་ནི་སྦྱར་བའི་སོར་མོར་འགྱུར་ཏེ་མི་བདག་དེ་དག་ རྣམ་པར་ཕྱེ་བ་པད་མ་ལ། ༡༨༠། ཆུ་ན་རྒྱུ་བ་ལ་ནི་འཛུབ་མོ་མཐེ་བོ་སྦྱར་བར་འགྱུར་ཏེ་མཐེ་ བོའི་འོག་ཏུ་ཁུ་ཚུར་རོ། །མེ་ལོང་ལ་ནི་ཤིན་ཏུ་མཉམ་པའི་ལག་མཐིལ་སོར་མོ་བུག་པ་མེད་ བཅས་མངོན་དུ་ཕྱོགས་པར་འགྱུར། །མཐེ་བོ་ལ་ནི་འཛུབ་མོ་ལ་སོགས་སྟེང་དུ་འཁྱོག་པོ་ རིམ་པར་ཡོངས་སུ་བཀོད་པ་ལྕགས་སྒྲོག་ལའོ། །མགོ་བོ་ལ་ནི་མཐེ་བོ་ལ་སོགས་བཞི་པོ་ གདོང་དང་མཚུངས་ཤིང་འོག་ཏུ་མཐེ་ཆུང་བསྐུམ་པ་འོ། ༡༨༡། ༈ ཅོད་པན་ལ་ནི་ལག་པ་དག་གིས་དུང་གི་ཕྱག་རྒྱ་འཛུབ་མོ་གཉིས་པོ་སྦྱར་བ་ཉིད་ དུ་འགྱུར། །ལག་མཐིལ་དག་གི་རྒྱབ་ཏུ་སོར་མོ་ལྔ་པོ་རྣམས་ནི་གཅིག་ཏུ་སྦྱར་བ་དག་ཀྱང་ རྣ་རྒྱན་ལ། །ལག་པའི་རྒྱབ་ཏུ་སོར་མོ་རྣམས་ནི་རིམ་པར་ཡོངས་སུ་བཀོད་ཅིང་བཅིངས་པ་ མགུལ་པའི་རྒྱན་ལ་སྟེ། །ལག་པ་གཉི་གའི་སོར་མོ་གསུམ་ནི་ཕན་ཚུན་སྦྱར་ཞིང་ཐོག་མཐའ་ སྐུམ་པ་དག་ནི་སྐེ་རགས་ལའོ། ༡༨༢། ཁུ་ཚུར་བཅིངས་ནས་མཐེ་བོ་དག་དང་གུང་མོ་གཉིས་པོ་ ཟླུམ་སྐོར་ལྟ་བུར་བྱས་པ་རྐང་གདུབ་ལ། །དེ་བཞིན་དུ་ནི་དཔུང་རྒྱན་ཟུང་དང་གདུ་བུ་ལ་ཡང་ འཛུབ་མོ་ཕན་ཚུན་སྦྱར་བ་དག་ཏུ་འགྱུར། །༈ མཐེ་བོ་མཁའ་འགྲོ་མ་རྣམས་དག་གི་མཆོག་གི་ རིགས་སུ་འགྱུར་ཏེ་འཛུབ་མོ་གསང་བ་པ་རྣམས་ཀྱི། །དྲི་ཟ་རྣམས་དང་གདེངས་ཅན་རྣམས་ 1-1-212 ཀྱི་གུང་མོ་དང་ནི་མིང་མེད་རིམ་པར་ཡོངས་སུ་བཀོད་པ་འོ། ༡༨༣། འབྱུང་པོ་རྣམས་ཀྱི་དཔལ་ ལྡན་མཐེ་ཆུང་རབ་མཆོག་ལག་པའི་མཐིལ་ནི་སྲིན་པོ་རྣམས་ཀྱི་རིགས་སུ་འགྱུར། །གྲུབ་པ་ རྣམས་ཀྱི་ཁུ་ཚུར་བཅིངས་པ་མཆོག་གི་རིགས་ཏེ་ཚིགས་ཀྱི་མཚམས་ནི་ལྷ་རྣམས་དག་གི་འོ། ། ༈ ལག་པ་གཉི་གའི་འཐིལ་[མཐིལ་]དུ་སོར་མོ་ལྔ་པོ་ཕྱེད་འཁྱོག་རིགས་ཀྱི་ཕྱག་རྒྱ་ སྡེར་མོ་ཅན་རྣམས་ཀྱི། །ཁུ་ཚུར་བཅིངས་ལས་འཛུབ་མོ་གཉིས་པོ་ཕྱེད་འཁྱོག་ངེས་པར་ མགོ་བོར་སོན་པ་རྭ་ཅན་རྣམས་ཀྱི་འོ། ༡༨༤། ཕྱི་རོལ་ལག་པའི་འཐིལ་[མཐིལ་]ལ་མཐེ་ཆུང་ ཕན་ཚུན་བཅིངས་ཤིང་གཤོག་པ་སྦྱར་བ་སྒོང་སྐྱེས་རྣམས་ཀྱི་སྟེ། །སོར་མོ་ལྔ་པོ་རྩེ་མོ་འཁྱོག་ པ་གདེངས་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱ་ཁྱད་པར་འཕགས་པར་འགྱུར། །༈ ཉིན་ཞག་ སོ་སོའི་གཏོར་མ་ལ་ནི་འཛུབ་མོའི་མཐའ་རྣམས་རབ་བརྐྱང་གཞན་པ་འོག་ཏུ་སྦྱར་བྱས་ པ། །འབར་བ་དག་ལ་མཐེ་བོང་སྦྱར་ཏེ་མཆོག་གི་ལག་འཐིལ་[མཐིལ་]དག་གིས་འཛུབ་མོ་ བརྐྱང་བ་གཞན་པ་འོ། ༡༨༥། ༈ འཛུབ་མོ་བསྟན་ན་ལེགས་པར་འོངས་སམ་དག་ཀྱང་ངེས་པར་བརྗོད་པར་འགྱུར་ཏེ་ རྣལ་འབྱོར་པ་ལ་ཡང་། །གཉིས་ཀྱིས་ཤིན་དུ་[ཏུ་]ལེགས་པར་འོངས་དང་སྐལ་བཟང་དགེ་ བ་མཐེ་བོ་བཅིངས་པས་རབ་ཏུ་བརྗོད་པར་འགྱུར། །སོར་མོའི་སེ་གོལ་རྡེབས་པས་ཁྱོད་ནི་ འདི་རུ་སྔགས་པ་མཆོག་ཅེས་ངེས་པར་བརྗོད་པར་འགྱུར་བ་སྟེ། །མཐེ་བོ་དང་ནི་མིང་མེད་ དག་གིས་དམ་ཚིག་བཅས་པའི་ཆང་གིས་ཁྱོད་ནི་ཚིམ་པར་བྱེད་པ་འོ། ༡༨༦། ༈ སོར་མོ་ཐམས་ཅད་རྩེ་མོས་བརྐྱང་བས་སྐལ་བཟང་ལེགས་པར་འོངས་པ་བརྗོད་ འགྱུར་རྣལ་འབྱོར་པ་ལ་ཡང་། །གཡོན་གྱི་ཡན་ལག་རེག་པས་རྟག་ཏུ་ཁྱོད་ནི་བདག་གི་ གཉེན་གཅིག་པུ་དག་རབ་ཏུ་གསལ་བར་བྱེད། །སྐྱེ་གནས་དག་ལ་རེག་པས་ཁྱོ་སྟེ་མཆུ་དང་ 1-1-213 ནུ་མ་ཟུང་དང་ངེས་པར་སེན་མོ་འདེབས་པས་ཀྱང་། །སོར་མོ་ཕན་ཚུན་བཅིངས་ཤིང་གུང་མོ་ དང་ནི་མཐེ་བོ་བརྐྱང་བས་དམ་ཚིག་རྗོད་པར་བྱེད་པ་ཡིན། ༡༨༧། ༈ མཆུ་དང་སྨིན་མ་མིག་དག་ཡོ་ཞིང་མགོ་ལ་འཕྲུག་པར་བྱེད་ན་ཤིན་དུ་[ཏུ་]རྨོངས་ པ་རྗོད་པར་བྱེད། །མཆེ་བའི་དབུས་སུ་མཐེ་ཆུང་དང་ནི་སྙིང་ཁ་ཁ་རུ་འཛུབ་མོ་འཇིགས་པ་ རབ་ཏུ་གསལ་བར་བྱེད། །མཐེ་བོ་ཁུ་ཚུར་བཅིངས་པ་དང་ནི་ལག་པ་རྐང་པ་ས་ལ་རྡེབས་ན་ ང་ཡིས་བཟའ་བར་བྱ། །༈ ལྕེ་ལ་རེག་ན་ཟོས་པ་དང་ནི་ལྟོ་དང་སོ་ལ་བསྣུན་པ་དག་གིས་ མ་ཟོས་པ་ཉིད་དོ། ༡༨༨། ལག་པའི་རྒྱབ་ཀྱིས་སོང་ཞིག་ཅེས་པར་རབ་ཏུ་བརྗོད་དེ་མངོན་དུ་ ཕྱོགས་པས་འདུག་ཅིག་འདུག་ཅིག་གོ། བྱིན་པ་བརླ་ལ་ཉེད་ན་སྐལ་བཟང་ཁྱོད་ནི་དི་རིང་ཁོ་ ན་ངལ་སོ་ངེས་པར་བརྗོད་[རྗོད་]པར་བྱེད། །རྐང་པ་རབ་ཏུ་རྐྱོང་བས་གཉིད་དང་པུས་མོ་ ཟུང་དག་རྐྱོང་བས་བདག་ལ་ཤིན་དུ་[ཏུ་]དགའ་བ་གྱིས། །ཡན་ལག་ཀུན་ལ་རེག་པར་བྱེད་ ཅིང་ཁ་རུ་ལག་པ་གནས་པ་བདག་ལ་འདུས་པ་མེད་པ་འོ། ༡༨༩། ཕན་ཚུན་ལག་པ་བཅིངས་ པས་བདག་གི་ཁྱིམ་དུ་དི་རིང་འཁོར་ལོ་འདུས་པ་དག་ནི་བརྗོད་[རྗོད་]པར་བྱེད། །མཐེ་བོ་ མིང་མེད་རྩེ་མོ་དག་གིས་རྣམ་མང་དམ་ཚིག་རྣམས་ཀྱིས་ཇི་ལྟར་འདོད་པར་མཆོད་པར་བྱ། ། རྐང་པ་ལ་ནི་འཕྲུག་པར་བྱེད་ན་དེ་བཞིན་དུ་ནི་ཕྱི་རོལ་འདུས་པ་རྣམས་ལ་འགྲོ་བ་ཡང་། ། འཛུབ་མོ་ཕན་ཚུན་བཅིངས་ན་རྡོ་རྗེའི་གྲོགས་པོ་ཁྱོད་ནི་དི་རིང་འཇིགས་པ་འཕྲོག་པར་བྱེད་ པ་འོ། ༡༩༠། ༈ སྐྲ་ནི་རང་གི་སོ་ཡིས་གཅོད་ན་མི་ཡི་ཕྱུགས་ཁྱོད་འདིར་ནི་ལྟུང་བར་བྱ་བ་རྗོད་པར་ བྱེད། །སོ་ནི་ཕན་ཚུན་འདར་བར་བྱེད་ན་ཁྱོད་ཀྱི་ཤ་ནི་འདི་དག་བདག་གིས་དི་རིང་བཟའ་ བར་བྱ། །ལྕེ་མཆུ་གཡོ་བར་བྱེད་ན་ཁྱོད་ཀྱི་ལུས་ལས་ཁྲག་ནི་བཏུང་བར་བྱ་འོ་ངེས་པར་རྗོད་ པར་བྱེད། །མཆུ་ལ་སོ་ནི་འདེབས་པར་བྱེད་ན་ཁྱོད་ཀྱི་རྒྱུ་མ་ལྟོ་བར་གནས་འདི་བདག་གིས་ 1-1-214 བཟའ་བར་བྱ། ༡༩༡། ༈ སྒེག་པའི་སྦྱོར་བ་ཡིས་ནི་སྒེག་པར་འགྱུར་ཏེ་མི་ཡི་བདག་པོ་བཞད་པའི་སྦྱོར་བས་ བཞད་པ་འོ། །གར་གྱི་སྦྱོར་བ་ཡིས་ནི་གར་དུ་འགྱུར་ཏེ་རྣམ་པ་མང་པོའི་རོལ་མོའི་སྦྱོར་བས་ རོལ་མོ་འོ། །གླུ་ཡི་སྦྱོར་བ་ཡིས་ནི་གླུ་སྟེ་མཆོག་གི་ཡོན་ཏན་རྣམ་མང་དྲི་ཡི་སྦྱོར་བ་དག་གིས་ དྲི། །ཕྲེང་བའི་སྦྱོར་བ་ཡིས་ནི་ཕྲེང་བར་འགྱུར་ཏེ་ཡོན་ཏན་དབང་གིས་སྤོས་ཀྱི་སྦྱོར་བ་དག་ གིས་སྤོས། ༡༩༢། མར་མེའི་རྣམ་པས་མར་མེ་ངེས་པར་མུན་པ་བཅོམ་པ་དང་ནི་སྣོད་ཀྱི་ཕྱག་རྒྱ་ བདུད་རྩིར་འགྱུར། །ཞེས་པ་དེ་ལྟར་ཕྱག་རྒྱ་ཐམས་ཅད་སླར་ཡང་དེ་ནས་ལྔ་ཡི་དབྱེ་བས་རྣམ་ པར་ཕྱེ་བ་སྟེ། །གཞན་པ་ཕྱག་རྒྱ་མཐའ་ཡས་རྣམས་ཀྱང་མཐའ་དག་ལུས་ལ་གནས་པ་རྣལ་ འབྱོར་པ་ཡིས་རིག་པར་བྱ། །གང་གང་དངོས་པོའི་རང་བཞིན་དུ་འགྱུར་ས་ཡི་སྟེང་དུ་དེ་ཡི་ རང་བཞིན་དག་ཀྱང་ཕྱག་རྒྱ་རྣམས། ༡༩༣། ༈ ཕོ་ཉ་མོ་ནི་འཕྲེད་ལ་ལྟ་བས་ཁྱོད་ནི་གང་ཞིག་ནས་འོངས་སྐལ་བ་བཟང་ལ་རྗོད་ པར་བྱེད། །མགོ་བོར་ལག་བཞག་དེ་ཡི་ཕྱོགས་སུ་ངེས་པར་བལྟས་པ་རྣལ་འབྱོར་པ་ཡིས་ ལན་ནི་སྨྲས་པར་འགྱུར། །སྟེང་དུ་ལྟ་བས་ཁྱོད་ནི་དགེ་འམ་ས་ཡི་སྟེང་དུ་གནས་པས་ཁྱོད་ ནི་འདུག་ལ་ངལ་སོ་ཞིག །ཡོན་པོར་ལྟ་བས་ཁྱོད་སོང་ཆགས་པའི་ལྟ་བས་ཕོ་ཉ་མོ་ནི་ཤིན་ ཏུ་དགའ་བ་རྗོད་པར་བྱེད། ༡༩༤། ཞི་བའི་ལྟ་བས་བདག་གི་གྲོགས་པོ་༈ཁྲོ་གཉེར་ཁྲོ་བོའི་ལྟ་ བས་འཇིགས་པ་རབ་ཏུ་གསལ་བར་བྱེད། །སྐྲ་ལ་ལྟ་བས་བདག་ནི་མ་རུངས་པར་བརྗོད་ སྐལ་བཟང་ལ་ནི་རང་གི་རང་བཞིན་ཟུར་གྱིས་སོ། །མཛོད་སྤུར་ལྟ་བས་བདག་མཆོག་རྣལ་ འབྱོར་མ་ནི་སྣ་ལ་ལྟ་བས་ཡོན་ཏན་རབ་ཏུ་གསལ་བར་བྱེད། །མཆུ་ལ་ལྟ་བས་སྐལ་བ་བཟང་ སྟེ་ནུ་མ་ཟུང་ལ་ལྟ་ན་བདག་ནི་ཕྱག་རྒྱ་བཟང་མོར་བརྗོད། ༡༩༥། སྙིང་ཁར་ལྟ་བས་བསྒོམས་ པའི་བདག་ཉིད་ལག་པ་ཟུང་ལ་ལྟ་ན་བདག་ནི་རབ་ཏུ་གཏུམ་མོར་བརྗོད། །ཕྲག་པར་ལྟ་ 1-1-215 བས་བདག་ནི་ནུས་མ་སེན་མོ་དང་བཅས་ལག་པའི་མཐིལ་ལ་ལྟ་ན་སྲིན་མོ་འོ། །རྒྱབ་ཏུ་ལྟ་ན་ ལག་འགྲོ་མ་སྟེ་ལྟེ་བར་ལྟ་བས་མི་ཡི་དབང་པོ་བདག་ནི་དམ་ཚིག་ཅན། །གསང་བར་ལྟ་བས་ བདག་ནི་དག་པ་བརླ་ལ་ལྟ་བས་བདག་ནི་ཤིན་ཏུ་དགའ་ལ་གདུལ་བར་དཀའ། ༡༩༦། པུས་ མོར་ལྟ་བས་བདག་ནི་གྲུབ་པ་ངེས་པར་རྗོད་བྱེད་རྐང་པར་ལྟ་བས་རྫུ་འཕྲུལ་སྦྱིན་པ་མོ། ། རྐང་པའི་མཐེ་བོ་རེངས་པར་ལྟ་ན་བདག་ནི་སྲིད་པར་རྡོ་རྗེའི་སྐུ་སྟེ་དཔའ་མོ་གཅིག་པུ་དང་། ། སོར་མོ་ཀུན་གྱི་རྩེ་མོར་ལྟ་བས་སྲིད་པ་གསུམ་གྱི་གནས་སུ་ཀུན་ཏུ་འགྲོ་མ་སྣ་ཚོགས་ ཡུམ། །ཕོ་ཉ་མོ་རྣམས་ལྟ་སྟངས་ཉིད་ནི་ས་ཡི་སྟེང་གི་གནས་སུ་རྣལ་འབྱོར་པ་ཡིས་རིག་པར་ བྱ། ༡༩༧། ༈ དྲུག་ཆ་ལུས་ཀྱི་ནང་ནས་ལག་པ་རྐང་པ་ལུས་དག་ལས་ནི་ཡན་ལག་མཆོག་ཀྱང་སྦྱིན་ པ་སྟེ། །ལས་ཀྱི་དབང་པོ་རྣམས་ལས་ངག་དང་དབང་པོ་རྣམས་ཀྱི་ནང་ནས་ཡོན་ཏན་དང་ བཅས་ཡིད་དག་ཀྱང་། །ཁམས་ཀྱི་ཆ་ཤས་ཁམས་ཀྱི་ནང་ནས་རྐང་གཉིས་པ་དང་ཕྱུགས་ཀྱི་ ཚོགས་ལས་དེ་ཉིད་ཆ་ཡིས་གཞན། །མཆོག་གི་ཕྱག་རྒྱ་རྗེས་སུ་རིག་པ་སློབ་དཔོན་ལ་ནི་རབ་ ཏུ་ཕུལ་ན་བདེ་བའི་གནས་སུ་འགྲོ། ༡༩༨། ༈ སེམས་ཅན་གང་དག་རྣམ་གསུམ་སྲིད་པར་གནས་རྣམས་འཇིག་རྟེན་ཁམས་ལས་ ཡེ་ཤེས་རྡོ་རྗེ་ལྕགས་ཀྱུ་ཡིས། །བཀུག་སྟེ་དེ་རྣམས་མཐའ་དག་མཆོག་གི་སྙིང་རྗེས་དཀྱིལ་ འཁོར་དུ་ནི་སངས་རྒྱས་རྣམས་དང་རྡོ་རྗེ་ཡི། །བདུད་རྩི་མངོན་པར་དབང་བསྐུར་ནས་ནི་དྲི་ མེད་རི་བོང་ཅན་ལུས་རྡོ་རྗེ་ཅན་གྱི་ལམ་ཐོབ་པ། །དྲི་མ་རྣམ་པར་བྲལ་ཞིང་བྱང་ཆུབ་སྤྱོད་ལ་ རྗེས་སུ་གནས་རྣམས་རང་གི་གནས་སུ་གཏང་བར་བྱ། ༡༩༩། ༈ རྫས་རྣམས་མེད་པའི་མངོན་པར་དབང་བསྐུར་རྒྱལ་བའི་བདག་པོའི་བཀའ་ཡིས་ ཀུན་སྤངས་ལ་ནི་སྦྱིན་པར་བྱ། །དེ་བཞིན་དུ་བ་ལ་སོགས་ལམ་དང་མཐའ་དག་ཡོན་ཏན་ 1-1-216 གཏེར་ནི་རྩ་ཡི་རྣལ་འབྱོར་ལྡན་པ་སྟེ། །བསྟེན་པའི་དོན་དུ་ལག་པའི་ཕྱག་རྒྱ་རང་གི་སྙིང་གི་ དབང་སོན་སྐྱོན་རྣམས་ཀུན་ལས་རྣམ་པར་གྲོལ། །གཞན་རྣམས་ལ་ནི་རྒྱལ་བ་མཆོག་གི་སྙིང་ པོ་ཡུམ་གྱི་མཆོད་པ་རྣམ་དམན་སྦྱིན་པ་ཉིད་མི་བྱ། ༢༠༠། ༈ དབང་གི་མཐར་ནི་དཔལ་ལྡན་བུམ་པ་རྣམས་ཀྱི་འཇམ་ཞིང་ལུས་ལ་བདེ་སྟེར་སྟོད་ ཀོར་གོས་ཟུང་དག །དཔལ་ལྡན་རྣལ་འབྱོར་མ་རྣམས་དག་ལ་སྦྱིན་བྱ་གཞན་ཡང་དེ་བཞིན་ སྟོད་ཀོར་དང་ནི་གོས་ཟུང་དག །སྒོ་ན་གནས་པ་རྣམས་ལ་རབ་སྦྱིན་མཐའ་དག་ཚོགས་ཀྱི་ རིགས་ལ་བདག་ཉིད་ནུས་པས་དེ་བཞིན་གཞན། །མཐར་ནི་སྦྱིན་བསྲེག་བྱས་ནས་རང་གི་ སྙིང་ཁའི་པད་མར་ཡེ་ཤེས་སེམས་དཔའ་རབ་ཏུ་གཞུག་བྱ་སྟེ། ༢༠༡། འཇིག་རྟེན་པ་རྣམས་ རང་གི་གནས་སུ་མཐའ་དག་རྡུལ་ཚོན་རྣམས་ཀྱང་དག་པའི་ཀླུང་ལ་སྤྱན་དྲང་བྱ། །༈ ཏཱམ་ བཱུ་ལ་དང་དྲི་སྤོས་མེ་ཏོག་འབྲས་བུར་བཅས་དང་རས་ཡུག་དག་ནི་གཞོན་ནུ་མ་རྣམས་ལ། ། བྱིན་ནས་སློབ་དཔོན་སློབ་མར་བཅས་པ་མཐའ་དག་ཚོགས་ཀྱི་རིགས་ནི་ཇི་ལྟར་འདོད་པར་ མཆོད་བྱས་ཏེ། །སློབ་མ་ལ་ནི་གནང་བ་རབ་སྦྱིན་རབ་མཆོག་ཚོགས་ཀྱི་རིགས་ནི་རང་རང་ གནས་སུ་གཤེགས་སུ་གསོལ། ༢༠༢། ༈ དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོ་འཕྱེའི་བདག་པོ་ཆོམ་རྐུན་ཞགས་པས་ འཆིང་བ་དང་། །ཆུ་གཏེར་འཁྲུགས་པ་དང་ནི་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་ པོའི་ཉེ་བར་འཚེ་བ་དང་། །དབུལ་དང་བུད་མེད་བྲལ་དང་མི་བདག་འཁྲུགས་པའི་འཇིགས་ པ་དང་ནི་རྡོ་རྗེ་ལྟུང་དང་དོན་ཉམས་པ། །གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་ཉིན་ཞག་ སོ་སོར་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར་འགྱུར། ༢༠༣། ༈ དཔལ་དང་པོའི་སངས་རྒྱས་ཆེན་པོ་ལས་ཕྱུང་བའི་དཔལ་ཆེན་པོ་དུས་ཀྱི་འཁོར་ལོ་ ལས་མངོན་པར་དབང་བསྐུར་བའི་ལེའུ་སྟེ་གསུམ་པའོ།། །། 1-1-217 བཞི་པ། སྒྲུབ་ཐབས་ཀྱི་ལེའུ། ༈ རྒྱལ་བ་བསྐྱེད་མཛད་བདག་གིས་དབང་བསྐུར་བདུན་པོ་རྣམས་དང་བུམ་པ་དང་ ནི་གསང་བའི་དབང་བསྐུར་དང་། །ཤེས་རབ་ཡེ་ཤེས་དབང་བསྐུར་སྲིད་པའི་འཇིགས་པ་ འཇོམས་པ་རྣལ་འབྱོར་རྣམས་ཀྱིས་བགྲོད་བྱ་བཞི་པ་ཐོབ། །སླར་ཡང་རྒྱལ་བ་མཆོག་དང་ བཅས་པ་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་ཡང་དག་པར་ནི་བདག་ཞུ་འོ། །ཟླ་བ་བཟང་པོའི་ ཚིག་གསན་ནས་ནི་རྒྱལ་བའི་བདག་པོས་རྡོ་རྗེ་ཅན་དག་གི་ཡང་སྒྲུབ་ཐབས་གསུངས། ༡ ། ༈ ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ ཚོགས་མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པད་མ་སྟོང་པ་དྲུག་དང་ མེ་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་རྣམས་ལ་བདུད་ དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་ཅིང་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་འཁོར་ ལོ་གཅིག་པུ་དེ་ནི་བསྒྲུབ་པར་བྱ། ༢ ། ༈ སྐྱེད་མོས་ཚལ་ལམ་རི་བོ་དང་ནི་རྒྱལ་བ་མཆོག་གི་གནས་དང་ལྷ་ཡི་གནས་ནི་སྟོང་ པ་དང་། །གྲུབ་པའི་གནས་དང་དུར་ཁྲོད་དང་ནི་མཚོ་དང་བཟང་པོའི་གནས་དང་དེ་བཞིན་ ཉིད་དུ་སྦས་པའི་ས། །གང་དུ་སེམས་ནི་རབ་ཏུ་ཚིམ་པར་འགྱུར་བ་དེར་ནི་བསྒྲུབ་པར་བྱ་འོ་ མི་ཡི་བདག་པོ་ཀྱེ། །ངེས་པར་འཇམ་པའི་མལ་ཆ་དག་དང་གདན་ལ་ཉེ་བར་འདུག་ནས་སྔར་ བརྗོད་བསྲུང་བ་བྱས་ནས་ནི། ༣། ༈ དང་པོར་སྙིང་ཁར་ཟླ་བའི་དབུས་སུ་དེ་ཉིད་འོད་ཟེར་སྣ་ཚོགས་རྣམས་ནི་ཕྱོགས་ བཅུར་བསྒོམ་པར་བྱ། །ཁ་ལ་སོགས་པ་དག་པར་བྱས་ནས་༈སླར་ཡང་ནམ་མཁའ་དག་ལ་ སྤྲོས་པའི་རྒྱལ་བ་རྣམས་ལ་ནི། །མཆོད་པ་རྣམ་པ་སྣ་ཚོགས་བྱས་ནས་སྡིག་པ་རྣམ་པ་མང་པོ་ བསགས་པ་དག་ནི་བཤགས་བྱས་ཏེ། །སྒྲུབ་པ་པོ་ཡིས་ལུས་དང་ངག་དང་སེམས་རྣམས་དག་ པ་ཡིས་ནི་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། ༤། 1-1-218 རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་ རྣམ་མང་དགེ་བ་གང་མཛད་པ། །དེ་རྣམས་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་སྤྱོད་ ལ་རྗེས་སུ་གནས་པས་རྗེས་ཡིད་རང་། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་ འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །རྫོགས་སངས་རྒྱས་སུ་བདག་གྱུར་ ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། ༥། ༈ སྟོང་པ་དངོས་པོའི་ངོ་བོའི་རང་བཞིན་འགྲོ་བ་མཐའ་དག་འདི་ནི་དངོས་པོ་དག་གིས་ རྣམ་པར་དམན། །དེ་ལས་སངས་རྒྱས་བྱང་ཆུབ་མེད་ཅིང་གཞན་ཕན་སྙིང་རྗེ་དག་དང་མཚན་ མའི་དམ་བཅའ་མེད་པ་སྟེ། །མཐའ་དག་དེ་ལྟར་ཤེས་ནས་དེ་ལྟ་ན་ཡང་མི་ཡི་བདག་པོ་སྐུ་ གསུང་ཐུགས་ཀྱི་རྡོ་རྗེ་ནི། །དཔག་མེད་ཡོན་ཏན་དཀྱིལ་འཁོར་དབང་པོ་དཀྱིལ་འཁོར་ལ་ནི་ བྱང་ཆུབ་སེམས་དཔའ་རྣམ་ཀྱིས་བསྒོམ་པར་བྱ། ༦། ༈ ཆུ་ཡིས་མེ་ནི་རྣམ་པར་ཉམས་པ་དང་པོར་འདིར་ནི་ལུས་ཀྱི་དབུས་སུ་སྡོམ་བརྩོན་ རྣམས་ཀྱིས་བྱ། །ཕྱི་ནས་འཛིན་མ་དག་ནི་ཆུ་རུ་འགྱུར་ཏེ་ལན་ཚྭ་བཞིན་དུ་ཆུ་ཡི་དབུས་སུ་ རབ་ཏུ་ཞུགས། །རླུང་ནི་ཆུ་བོ་དེ་དག་བསྐམས་ནས་ནམ་མཁའ་ལ་ནི་སྣང་བ་མིན་པར་མྱུར་དུ་ འགྲོ་བར་འགྱུར། །སེམས་ནི་མེ་དང་མུན་པའི་མཐའ་སྟེ་ཡུལ་དང་རྣམ་པར་བྲལ་བ་དབུས་ཀྱི་ ས་ལ་གཞག་པར་བྱ། །༧། ། ༈ སྟོང་པ་རླུང་མེ་ཆུ་དང་ས་དང་ལྷ་ཡི་རི་བོ་ཆུ་སྐྱེས་ཟླ་བ་ཉི་མ་མེ་རྣམས་ནི། །ཁང་པ་ བརྩེགས་པ་ཀུན་ནས་དྲི་མེད་འོད་ཟེར་འཕྲོ་བ་འམ་ནི་རྡོ་རྗེ་ལས་སྐྱེས་གུར་དག་གོ། དེ་ཡི་ དབུས་སུ་རྡོ་རྗེའི་ས་ལ་ནོར་བུའི་འོད་ཟེར་ཚོགས་ཀྱིས་དཀྱིལ་འཁོར་རྣམ་པར་འཕྲོ་བ་སྟེ། ། ཨོཾ་ཡིག་ཡེ་ཤེས་ལས་སྐྱེས་རྒྱལ་བ་མཆོག་གི་པད་མ་ཟླ་བ་དང་ནི་ཉི་མ་དག་གི་གདན། ༨། ཕྱི་ རོལ་དུ་[ཏུ་]ནི་གསུང་གི་དཀྱིལ་འཁོར་ནོར་གྱི་པད་མ་འདི་ནི་ཟླ་བ་ཉི་མས་རྣམ་པར་དམན། 224། ཕྱི་རོལ་ཕྱོགས་དང་ཟུར་གྱི་ཆར་ནི་ཉིན་མོར་བྱེད་པའི་པད་མ་སྒོ་ཡི་དབུས་སུ་ཤིང་རྟ་རྣམས། ། ཉི་མའི་སྒོ་རྣམས་སུ་ནི་རྒྱལ་པོ་ནོར་བུ་གསེར་གྱི་རང་བཞིན་རྟ་བབས་རྣམས་དང་དུར་ཁྲོད་ དང་། །སྙིང་པོར་བརྒྱད་གཉིས་ཀ་བ་རྡོ་རྗེའི་རང་བཞིན་རྒྱལ་བའི་ཤིན་དུ་[ཏུ་]ལོངས་སྤྱོད་ རྫོགས་པའི་འཁོར་ལོ་འོ། ༩། ༈ ཟླ་བ་ཉི་མ་ལ་ཡང་ཨ་སོགས་ཀ་སོགས་རྡོ་རྗེ་དང་བཅས་མེ་ལོང་ལ་སོགས་ལྔ་རྣམས་ ཀྱིས། །འོད་ཟེར་ལྔ་རྣམས་འགྱེད་པར་བྱེད་ཅིང་དྲི་མ་མེད་པའི་འོད་འཕྲོ་དུས་ཀྱི་འཁོར་ལོ་ བསྒོམ་པར་བྱ། ། ༈ རྡོ་རྗེའི་རྒྱན་དང་ལྡན་པའི་སྐུ་དང་རྒྱལ་བའི་ཕྱག་གི་པད་མ་ཉི་མའི་དཔུང་པ་དུས་ ཀྱི་ཞལ། །མགྲིན་པ་གསུམ་དང་ཉི་མའི་སྤྱན་ཏེ་རྣམ་པར་རྒྱས་པའི་ཞལ་ཡང་མཆེ་བ་ཕྱེད་ནི་ གཙིགས་པ་འོ། ༡༠། དཔལ་ལྡན་ཨོཾ་ཡིག་ལས་སྐྱེས་རྒྱལ་བའི་བདག་པོའི་པད་མར་ཟླ་བ་ཉི་མ་ མེ་ཡི་སྟེང་དུ་ནི། །དྲག་པོ་ལུས་མེད་གཉིས་ཀྱི་སྙིང་ཁར་རྒྱལ་བའི་དབང་པོ་ཤིན་ཏུ་རོལ་པའི་ ཞབས་ནི་གཡས་བསྐྱང་སྟབས། །གཡས་པ་དམར་པོ་མཆོག་གི་ཞབས་ཀྱི་འོག་ཏུ་བདུད་དེ་ དཀར་པོ་གཡོན་པར་ཡང་ནི་དྲག་པོ་འོ། །དབུས་དང་གཡས་དང་གཡས་མིན་མགྲིན་པ་དག་ ཀྱང་བུང་བ་ཉི་མ་དང་མཚུངས་ཟླ་བ་དག་གི་མདོག༡༡། ཕྲག་པ་[འཐོན་འཐིང་[མཐོན་མཐིང་] དང་ནི་དམར་དང་རི་བོང་འཛིན་པ་ལྟར་དཀར་གཡས་པ་དང་ནི་གཡོན་དུ་ཡང་། །གཡས་ དང་གཡས་མིན་དཔུང་པ་གཉིས་གཉིས་དག་ནི་ནག་དང་ཉི་མའི་ལུས་དང་ཟླ་བའི་མདོག་ རྣམས་ཏེ། །དེ་བཞིན་ངེས་པར་མཚོན་ཆ་དག་དང་བཅས་པའི་ཕྱག་རྣམས་དག་ཀྱང་བརྒྱད་ གསུམ་གྱིས་ནི་རིམ་པས་སོ། །སོར་མོ་ལྔ་དང་ཚིགས་གསུམ་རྣམས་ནི་ཕྱག་གི་པད་མ་རི་ བོང་ཅན་ལ་ཁ་དོག་ལྔ་རྣམས་འཕྲོ། ༡༢། ནག་དང་དམར་དང་དཀར་བའི་རབ་མཆོག་ཕྱག་གི་ མཐིལ་དུ་མཚོན་ཆའི་ཚོགས་ནི་ཡང་དག་གནས་པ་ཡང་། །རྡོ་རྗེ་རལ་གྲི་དག་དང་རྩེ་གསུམ་ 1-1-219 པ་དང་སྲིད་པ་འཇིགས་བྱེད་གྲི་གུག་དང་ནི་མེ་ཡི་མདའ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ངེས་པར་ སྒྲ་དང་བཅས་པའི་ཌ་མ་རུ་དང་ཐོ་བ་འཁོར་ལོ་ཉིད། །མདུང་དང་དབྱུག་པ་དགྲ་སྟ་རྣམས་ནི་ རྡོ་རྗེ་ཅན་གྱི་ཉི་མའི་ཕྱག་གི་པད་མ་གཡས་ལ་འོ། ༡༣། དྲིལ་བུ་ཕུབ་དང་ཁ་ཊཱཾ་ག་ནི་རྣམ་པར་ རྒྱས་པའི་ཁ་དང་ཁྲག་གིས་གང་བའི་ཐོད་པ་དང་། །གཞུ་དང་ཞགས་པ་རིན་ཆེན་པད་མ་ཆུ་ ན་རྒྱུ་བ་དག་དང་མེ་ལོང་དང་ནི་ལྕགས་སྒྲོག་དང་། །རིག་བྱེད་གདོང་ལྡན་ཚངས་པའི་མགོ་ བོ་གང་ཞིག་པད་མས་བརྒྱན་པ་རྒྱལ་བའི་གཡོན་པའི་ཕྱག་ན་འོ། །བདུད་དང་དྲག་པོའི་ལྷ་མོ་ དག་ནི་ཞབས་ཀྱི་འཐིལ་[མཐིལ་]ལ་འཛིན་ཞིང་གདོང་ནི་དམན་པ་དག་ཏུ་བྱེད། ༡༤། གསེར་ མདོག་རིག་བྱེད་ཞལ་ལྡན་ནོར་གྱི་ཕྱག་གི་པད་མས་འཁྱུད་པ་དག་ནི་སྣ་ཚོགས་ཡུམ་ཡིན་ཏེ། ། གཡས་ན་གྲི་གུག་ལྕགས་ཀྱུ་ངེས་པར་སྒྲ་དང་བཅས་པའི་ཌ་མ་རུ་དང་བགྲང་ཕྲེང་རིམ་པས་ སོ། །གཡོན་ན་ཐོད་པ་ཞགས་པ་དང་ནི་འདབ་མ་བརྒྱ་པའི་པད་མ་མཆོག་གི་རིན་ཆེན་དེ་ བཞིན་ཉིད། །གཡོན་བརྐྱང་ཉི་མའི་སྤྱན་དང་རྒྱལ་བའི་བདག་པོའི་ཅོད་པན་ཕྱག་རྒྱ་རྣམས་ ཀྱིས་རྒྱ་ཡིས་བཏབ་པ་འོ། ༡༥། འདབ་བརྒྱད་ལ་ནི་ལྷ་མོ་བརྒྱད་རྣམས་ནོར་གྱི་ཕྱག་གི་པད་ མ་རིག་བྱེད་ཞལ་དང་ཉི་མའི་སྤྱན། །དེ་དག་རྣམས་ལས་བཞི་ནི་ཀླུ་ཡི་རྔ་ཡབ་འཛིན་ཏེ་ཟུར་ དུ་རྒྱལ་བའི་ཞལ་གྱི་དབྱེ་བས་སོ། །དབང་ལྡན་བདེན་བྲལ་དང་ནི་རྩེ་མོ་ཅན་དང་རླུང་གི་ ཟུར་དུ་ཆོས་ཀྱི་དུང་དང་གཎ་ཌཱི་དང་། །དེ་བཞིན་ཡིད་བཞིན་ནོར་བུར་འགྱུར་ཏེ་ངེས་པར་དེ་ བཞིན་དུ་ནི་དཔག་བསམ་ཤིང་དུ་རིམ་པས་འགྱུར། ༡༦། ནག་མོ་ཡི་ནི་དང་པོའི་ཕྱག་གི་འཐིལ་ [མཐིལ་]ན་སྤོས་ཀྱི་སྣོད་དང་གཉིས་པ་དག་ན་བསིལ་བའི་སྣོད། །དམར་པོ་སྦྱར་བ་གསུམ་ པ་ན་སྟེ་མྱོས་བྱེད་དང་བཅས་རི་བོང་འཛིན་པ་གཡས་ཀྱི་ཕྱག་བཞི་ན། །གཡོན་ན་དྲིལ་བུ་ པད་མ་ལྷ་ཡི་ཤིང་གི་མེ་ཏོག་དང་ནི་མེ་ཏོག་ཕྲེང་བ་རིམ་པས་སོ། །དམར་མོའི་གཡས་ན་མར་ མེ་དོ་ཤལ་དག་དང་ཅོད་པན་དང་བཅས་གདུ་བུ་རྣམས་ཏེ་ཕྱག་གཡོན་ན། ༡༧། གོས་དང་སྐེ་ 1-1-220 རགས་དང་ནི་དྲི་མ་མེད་པའི་འོད་ཟེར་འཕྲོ་བའི་རྣ་རྒྱན་དང་ནི་རྐང་གདུབ་པོ། །སེར་མོའི་ གཡས་ཀྱི་ཕྱག་ན་དུང་དང་གླིང་བུ་ནོར་བུ་དང་བཅས་ཌ་མ་རུ་ནི་རིམ་པས་ཏེ། །གཡོན་ན་ རྒྱུད་མང་དང་ནི་རྔ་དང་སིལ་སིལ་རབ་ཏུ་སྒྲོགས་པའི་འཁར་བ་དག་དང་ཟངས་དུང་ངོ་། །འོ་ མ་ཆུ་དང་སྨན་དང་ཆང་དང་བདུད་རྩི་རོ་དང་འབྲས་བུ་ཟས་ཀྱི་སྣོད་ནི་དཀར་མོ་ཡི། ༡༨། ༈ ཕྱོགས་ཀྱི་པད་མར་ཆུ་གཏེར་སངས་རྒྱས་རྣམས་ནི་ངེས་པར་སྤྱན་དགུ་མེ་ཡི་ཞལ་དང་ དུས་ཀྱི་ཕྱག །ཟུར་དུ་སྒྲོལ་མ་ལ་སོགས་ལྷ་མོ་རྣམས་དང་སླར་ཡང་དེ་དག་མཚམས་བརྒྱད་ དུ་ནི་བུམ་པ་བརྒྱད། །ལྷ་དང་ལྷ་མོ་ནག་དང་དམར་དང་སེར་བ་དང་ནི་རི་བོང་འཛིན་པ་ལྟ་ བུར་དཀར་བ་སྟེ། །ནག་པ་དཀར་བ་ཟླ་བའི་སྟེང་དུ་ཡང་ན་ཕྱོགས་བྲལ་དུ་གནས་དམར་བ་ སེར་བ་ཉིད་མའི་སྟེང་། ༡༩། མཁའ་སྙིང་ལ་སོགས་རྩིགས་པ་ལ་ནི་ཕྱོགས་དང་ཕྱོགས་བྲལ་དུ་ གནས་རེག་བྱ་རྡོ་རྗེ་མ་ལ་སོགས། །ཤར་དང་ཕྱོགས་གཞན་གྱི་ནི་གཡས་དང་གཡས་མིན་ པད་མ་དག་ལ་ཀུན་ཏུ་བཟང་པོ་དེ་བཞིན་ཉིད། །དཔལ་ལྡན་ཕྱག་ན་རྡོ་རྗེ་ངེས་པར་སྒྲ་ཡི་རྡོ་ རྗེ་མ་དང་ཆོས་ཀྱི་ཁམས་ནི་རིམ་པས་སོ། །རྨུགས་བྱེད་རེངས་བྱེད་ཁེངས་བྱེད་དག་སྟེ་ཤིན་ཏུ་ སྟོབས་ཞེས་བྱ་བ་གང་ཡིན་དེ་ནི་ཤར་དུ་འོ། ༢༠། ཤེས་རབ་ཕང་པར་ཐབས་ནི་རི་བོང་འཛིན་ པའི་པད་མ་ལ་སྟེ་ལྷ་རྣམས་ཀྱི་ཡང་ལྷ་མོ་འོ། །གཉིས་པོ་དག་ནི་རང་གི་ཕྱག་གི་ཆུ་སྐྱེས་རང་ རང་མཚན་མས་མཚན་པ་དག་གིས་ཕན་ཚུན་འཁྱུད། །མཚན་མ་གང་ཞིག་གང་གི་གཡས་ཀྱི་ དང་པོའི་ཕྱག་མཐིལ་ན་དེ་དེ་ཡི་ཕྱག་རྒྱ་ཆུ་སྐྱེས་དམན། །ཤེས་རབ་ཐབས་ཀྱིས་འཁོར་ལོ་ མཆོག་གི་བདེར་གནས་པད་མ་དང་ནི་རྡོ་རྗེའི་འདུག་སྟངས་དག་གིས་བཞུགས། ༢༡། ༈ ནག་པོ་རྣམས་ཀྱི་གཡས་ཀྱི་ཕྱག་ན་རལ་གྲི་གྲི་གུག་དག་དང་སྲིད་པ་འཇིགས་བྱེད་རྩེ་ གསུམ་སྟེ། །གཡོན་པའི་ཕྱག་གི་མཐིལ་དུ་ཕུབ་དང་ཐོད་པ་དག་དང་ཁ་ཊྲཱཾ་ག་ནི་དཀར་པོ་ཉིད་ དུ་འགྱུར། །མདའ་དང་རྡོ་རྗེ་ལྕགས་ཀྱུ་སྒྲ་དང་བཅས་པའི་ཌ་མ་རུ་ནི་གཡས་ཀྱི་ཕྱག་ན་རིམ་ 1-1-221 པ་ཡིས། །གཞུ་དང་ཞགས་པ་དག་དང་དྲི་མེད་འཕྲོ་བའི་ནོར་བུ་དམར་པོ་རྣམས་ཀྱི་གཡོན་ན་ དེ་བཞིན་ཉིད། ༢༢། སེར་པོ་རྣམས་ཀྱི་གཡས་ཀྱི་ཕྱག་ན་འཁོར་ལོ་དབྱུག་པ་དང་ནི་འཇིགས་ བྱེད་རྡོ་རྗེ་རིམ་པས་ཏེ། །གཡོན་དུ་དཔལ་ལྡན་དུང་དང་ལྕགས་སྒྲོག་དང་ནི་ངེས་པར་སྒྲ་དང་ བཅས་པའི་རྡོ་རྗེ་དྲིལ་བུར་འགྱུར། །རི་བོང་འཛིན་པ་ལྟ་བུར་དཀར་བ་རྣམས་ཀྱི་གཡས་ན་ དཔལ་ལྡན་ཐོ་བ་མདུང་དང་རྩེ་གསུམ་སྟེ། །གཡོན་ན་པད་མ་དཀར་པོ་འདབ་མ་བརྒྱ་དང་ ལྡན་པ་དག་དང་མེ་ལོང་དང་ནི་བགྲང་ཕྲེང་ངོ་། ༢༣། ལྗང་ཁུ་རྣམས་ཀྱི་གཡས་སུ་རྡོ་རྗེ་གྲི་གུག་ དང་ནི་དགྲ་སྟར་རིམ་པས་རབ་ཏུ་འགྱུར་བ་སྟེ། །གཡོན་དུ་དྲིལ་བུ་དང་ནི་ཐོད་པ་མཐའ་དག་ ཡོན་ཏན་གཏེར་དང་ཚངས་པའི་གདོང་པ་དེ་ཉིད་དོ། །ལྷ་མོ་སྔོན་མོ་རྣམས་དག་གི་ཡང་རང་ བཞིན་ཡོན་ཏན་དབང་གིས་དེ་བཞིན་དུ་ནི་རིག་པར་བྱ། །ནག་དང་དམར་དང་དཀར་དང་ མཆོག་གི་གསེར་དང་མཚུངས་པ་ཤར་གྱི་ས་ལ་སོགས་པའི་ལྷ་མོ་རྣམས། ༢༤། ༈ དུ་བ་ལ་སོགས་ལྷ་མོ་བརྒྱད་པོ་རེས་འགའ་དོར་ནས་རྒྱལ་བའི་བདག་པོ་པད་མ་དག་ ལ་ནི། །དཔལ་ལྡན་འཁོར་ལོ་སྙིང་པོའི་དབུས་སུ་མི་ཡི་བདག་པོ་ཉི་ཤུ་རྩ་ལྔའི་བདག་ཉིད་དུ་ ཡང་འགྱུར། །རང་གི་སེམས་ཀྱི་ནུས་པ་ཤེས་ནས་བཅོམ་ལྡན་འདི་ཡང་རྣལ་འབྱོར་པ་རྣམས་ དག་གིས་བསྒོམ་པར་བྱ། །དབང་གི་དོན་དུ་ཡང་ན་དཀྱིལ་འཁོར་རིགས་ཀྱི་དབང་གིས་ཕྱི་ཡི་ འཁོར་ལོས་རབ་ཏུ་དམན་པར་འགྱུར། ༢༥། ༈ ཕྱི་རོལ་ཏུ་ནི་བརྒྱད་པ་བརྒྱད་ཀྱིས་པད་འདབ་བརྒྱད་པོ་རྣམས་ལ་ཕྱོགས་བརྒྱད་ལྷ་ མོ་རྣམས་དང་ནི། །ཙར་ཙི་ཀཱ་སོགས་རྣལ་འབྱོར་མ་རྣམས་ཟླ་བ་ཉི་མ་དང་བྲལ་རིག་བྱེད་ ཕྱག་དང་སྤྱན་གསུམ་མ། །ཤར་གྱི་པད་མར་ཙར་ཙི་ཀཱ་སྟེ་མེར་ནི་མཁའ་འགྲོའི་བདག་པོས་ འགྲོ་མ་ཕག་མོ་གདོང་དྲུག་མ། །གཤིན་རྗེ་བདེན་བྲལ་ཟུར་དག་ཏུ་སྟེ་ཆུར་བཅས་རླུང་དུ་རྡོ་ རྗེ་ལག་དང་ཆུ་གཏེར་གདོང་མ་འོ། ༢༦། དྲག་མོ་དཔལ་མོ་བྱང་དང་དབང་ལྡན་དུ་སྟེ་མཚོན་ཆ་ 1-1-222 དང་བཅས་ཐབས་ཀྱི་སྐུ་ལ་འཁྱུད་པ་འོ། །བརྒྱད་པ་བརྒྱད་ཀྱིས་རྣལ་འབྱོར་མ་གང་པད་མའི་ འདབ་མ་ལ་གནས་གཙོ་མོའི་ཁ་དོག་ཞལ་རྣམས་སོ། །ཤར་ལ་སོགས་པར་དང་པོའི་ཕྱག་གི་ མཐིལ་ན་གྲི་གུག་དང་ནི་རྩེ་གསུམ་འཁོར་ལོ་བེ་ཅོན་དང་། །དབྱུག་པ་རལ་གྲི་དང་ནི་ཤག་ཏི་ ལྕགས་ཀྱུ་དག་ནི་གཡས་ཀྱི་ཕྱག་གི་པད་མ་ཟུང་ལ་འོ། ༢༧། རྡོ་རྗེ་མདའ་དང་པད་མ་དང་ནི་དྲི་ མེད་གློག་མཚུངས་ཚངས་པའི་དབྱུག་པ་དག་དང་རྩེ་གསུམ་དང་། །སྣ་ཚོགས་རིན་ཆེན་གྱིས་ བཅིངས་སྒྲ་དང་བཅས་པའི་ཌ་མ་རུ་དང་པད་མ་ཉིད་དང་བགྲང་ཕྲེང་སྟེ། །གཡོན་ན་ཐོད་པ་ དང་ནི་ཁ་ཊྭཱཾ་ག་དང་པད་མ་དུང་དང་ལྕགས་སྒྲོག་དག་དང་ཕུབ་དང་ནི། །ངེས་པར་རིན་པོ་ ཆེ་དང་ཞགས་པ་དང་ནི་རབ་ཏུ་སྒྲ་སྒྲོགས་རྡོ་རྗེ་དྲིལ་བུ་གཞུ་དག་དང་། ༢༨། སྤྱི་བླུགས་སྣོད་ དང་ཁ་ཊྭཱཾ་ག་དང་སྦྲུལ་དང་དེ་ནས་ཆུ་སྐྱེས་དང་ནི་རིན་པོ་ཆེ་ཉིད་དེ། །པད་མ་ནོར་འདབ་ལ་ ནི་བརྒྱད་པ་བརྒྱད་ཀྱི་རྣལ་འབྱོར་མ་ཡི་ཕྱག་གི་མཚོན་ཆ་དེ་བཞིན་ནོ། །འཇིགས་མ་དྲག་མོ་ དུས་ཀྱི་མཆེ་བ་མེ་འབར་གདོང་མ་རླུང་གི་ཤུགས་མ་དང་ནི་རབ་གཏུམ་མ། །དྲག་སྤྱན་སྣ་ཆེན་ མ་རྣམས་ཙར་ཙི་ཀཱ་ཡི་པད་མ་ནོར་འདབ་ལ་ནི་རང་གི་ཕྱོགས་རྣམས་སུ། ༢༩། གཡང་མོ་སྒྱུ་ མ་གྲགས་དཔལ་རབ་མཆོག་རྣམ་པར་རྒྱལ་མ་དཔལ་ལྡན་རྒྱལ་མ་དཔལ་ལྡན་རྒྱལ་བྱེད་མ། ། བརྒྱད་པ་དཔལ་ལྡན་འཁོར་ལོ་ཅན་མ་ནོར་འདབ་པད་མ་ལ་ནི་ཁྱབ་འཇུག་མ་ཡི་ཕྱོགས་ ཀྱི་ཆར། །ཀེང་རུས་མ་དང་དུས་མཚན་མ་དང་རབ་ཏུ་ཁྲོས་པའི་གདོང་མ་དུས་ཀྱི་ལྕེ་དང་ གཙིགས་མ་དང་། །ནག་མོ་འཇིགས་རུང་གཟུགས་ངན་མ་རྣམས་ནོར་འདབ་པད་མ་ལ་སྟེ་ ཕག་མོའི་འདབ་མའི་ལྷ་མོ་འོ། ༣༠། པད་མ་ལུས་མེད་གཞོན་ནུ་མ་དང་རི་དྭགས་བདག་པོས་ འགྲོ་མ་རིན་ཆེན་ཕྲེང་བ་མིག་བཟང་མ། །རུལ་མ་བཟང་མོ་གང་ན་གཙོ་མོ་མཆོག་གི་རྨ་བྱས་ འགྲོ་མའི་ཆུ་སྐྱེས་འདབ་ལ་རྒྱལ་པོ་ཀྱེ། །རྡོ་རྗེ་འོད་དང་རྡོ་རྗེ་ལུས་དང་མཆོག་གི་གསེར་ལྡན་ ཨུར་བ་སཱི་དང་བཀྲ་བའི་རི་མོ་དང་། །རམ་བྷཱ་ཟུག་མེད་ཤིན་ཏུ་སྒྲོལ་མ་པད་མ་ནོར་འདབ་ 1-1-223 རྡོ་རྗེ་ལག་མ་ལྷག་པའི་ལྷ་ཅན་ལའོ། ༣༡། སཱ་བི་ཏྲཱི་དང་པད་མའི་མིག་དང་ངེས་པར་ཆུ་སྐྱེས་མ་ ཅན་བློ་མ་ངག་གི་དབང་ཕྱུག་མ། །གཱ་ཡ་ཏྲཱི་དང་གློག་ཉིད་དྲན་མ་དག་ཀྱང་པད་མ་རིག་བྱེད་ གདོང་ནི་ལྷག་པའི་ལྷ་ཅན་ལ། །གཽ་རཱི་གཾ་གཱ་དང་ནི་རྟག་མ་ཤིན་ཏུ་མཆོག་ཏུ་མྱུར་མ་ཏོ་ཏ་ལཱ་ དང་མཚོན་བྱེད་མ། །དམར་སེར་ནག་མོ་བརྒྱད་ནི་དེ་བཞིན་གང་ན་དྲག་མོ་གཙོ་མོའི་པད་མ་ ནོར་གྱི་འདབ་མ་ལ་འོ། ༣༢། དཔལ་ལྡན་དཀར་མོ་ཟླ་བའི་རི་བོང་འཛིན་པའི་གདོང་མ་ངང་ པའི་མདོག་དང་འཛིན་མ་དང་། །པད་མའི་དབང་མོ་སྐར་མིག་དྲི་མེད་རི་བོང་འཛིན་མ་དབང་ ལྡན་པད་མ་དག་ལ་མཚན་མར་བཅས། །༈ དེ་ཡི་ཕྱི་རོལ་ཉི་མའི་པད་མ་ལ་ནི་ལྷ་མིན་གཡོ་ བ་གཤིན་རྗེ་མེ་དང་གདོང་དྲུག་དང་། །གནོད་སྦྱིན་བརྒྱ་བྱིན་ཆུ་གཏེར་གདོང་དང་ཕྱུགས་ བདག་རྒྱ་མཚོ་དཔལ་ལྡན་ཚོགས་ཀྱི་དབང་པོ་ཁྱབ་འཇུག་གོ༣༣། རལ་གྲི་གྲི་གུག་ལྗོན་ཤིང་ དབང་པོ་ལྷ་ཡི་ཤིང་གི་མེ་ཏོག་དབྱུག་པ་རལ་གྲི་ཤག་ཏི་དང་། །དབྱུག་པ་ཤག་ཏི་དག་དང་ མདུང་དང་ནོར་བུ་དང་ནི་བེ་ཅོན་རྡོ་རྗེ་ཉིད་དང་མེ་ཡི་མདའ། །ཁབ་དང་བགྲང་ཕྲེང་དག་ནི་ ཕྱག་གི་མཐིལ་དུ་འགྱུར་ཏེ་རྩེ་གསུམ་པ་དང་མདའ་དང་ཞགས་པ་དང་། །རིན་ཆེན་དགྲ་སྟ་ རྡོ་རྗེ་དང་ནི་འཁོར་ལོ་དབྱུག་པ་ཁྱབ་འཇུག་དག་གི་གཡས་ཀྱི་ཕྱག་ཏུ་འགྱུར། ༣༤། གཡོན་དུ་ ཕུབ་དང་ཐོད་པ་དཀར་པོ་མིན་པའི་ནོར་བུ་དང་ནི་ཨུད་པ་ལ་དང་ལྕགས་སྒྲོག་དང་། །ཞགས་ པ་ཆུ་སྐྱེས་སྤྱི་བླུགས་དག་ནི་ངེས་པར་གཡོན་གྱི་ཕྱག་ཏུ་རིམ་པས་འགྱུར་རོ་མི་ཡི་བདག། རིན་ཆེན་མེ་ལོང་དང་ནི་དེ་བཞིན་ནེ་ལེ་དང་བཅས་ཆུ་སྐྱེས་རྡོ་རྗེ་དྲིལ་བུ་གཞུ་དང་ནི། །པད་ མ་དང་ནི་སྤྱི་བླུགས་སྦྲུལ་དང་གཞུ་དང་དེ་བཞིན་སྦྲུལ་གྱི་ཞགས་པ་དག་དང་རིན་ཆེན་དང་། ༣༥། ཞགས་པ་རིན་པོ་ཆེ་དང་པད་མ་སྐྱེ་བ་ལྔ་པའི་དུང་ནི་ལྷ་མིན་དགྲ་བོ་དག་གིར་འགྱུར། ། པད་མའི་འདབ་མ་རྣམས་ལ་ནག་པ་སོགས་ཀྱི་ནོར་ལག་ཚེས་རྣམས་དང་ནི་ལྟེ་བར་རྫོགས་ པ་གཉིས། །མཆོག་གི་ཟླ་བའི་ཆ་རྣམས་ཐམས་ཅད་སྟོང་པ་དུས་དང་འཇིག་རྟེན་ལོ་ཡི་སྦྱོར་ 1-1-224 བས་རིག་པར་བྱ། །༈ སྒོར་ནི་ལྷ་མོ་ཤིང་རྟ་ལ་གནས་རལ་གྲི་རྡོ་རྗེ་འཛིན་དང་ལྕགས་ཀྱུ་དང་ བཅས་མདའ་ཡི་ཕྱག༣༦། དཔལ་ལྡན་འཁོར་ལོ་དབྱུག་པའི་ཕྱག་དང་རང་བཞིན་ཡོན་ཏན་ དབང་གིས་ཐོ་བ་དང་ནི་མདུང་གི་ཕྱག །དཔལ་ལྡན་གྲི་གུག་རྡོ་རྗེའི་ཕྱག་དང་ངེས་པར་ཕྱག་ ན་དགྲ་སྟ་ཕྱག་ན་རྩེ་གསུམ་གཡས་ན་སྟེ། །གཡོན་གྱི་ཕྱག་ན་ཕུབ་དང་སྦྲུལ་ཏེ་རང་བཞིན་ ཡོན་ཏན་དབང་གིས་ཞགས་པ་དང་ནི་གཞུ་ཡི་ཕྱག །དཔལ་ལྡན་དུང་དང་རིན་ཆེན་ཕྱག་ན་ པད་མ་རི་བོང་འཛིན་པ་མེ་ལོང་ཕྱག་ཀྱང་དེ་བཞིན་ནོ། ༣༧། དཔལ་ལྡན་དྲིལ་བུ་ཐོད་པའི་ ཕྱག་དང་ངེས་པར་ཕྱག་ན་ལག་འགྲོ་ཉིད་དང་ཁ་ཊྭཱཾ་ག་ཡི་ཕྱག །འོད་ཟེར་ཅན་ལ་སོགས་པ་ ཞལ་གཅིག་དུས་ཀྱི་ཕྱག་གི་པད་མ་རྣམས་ནི་རིམ་པས་རིག་པར་བྱ། །༈ ཀ་བའི་འོག་ཏུ་ཀླུ་ བརྒྱད་རྣམས་ཀྱང་བུམ་པ་རྡོ་རྗེའི་ཕྱག་དང་པད་མ་ནོར་བུ་དག་གི་ཕྱག །རླུང་ལ་སོགས་པའི་ དཀྱིལ་འཁོར་ལ་ནི་པད་མ་སྟོབས་ཀྱི་རྒྱུ་སོགས་དུས་ཀྱི་ཕྱག་གི་པད་མ་རྣམས། ༣༨། ༈ ཁྱི་གདོང་ཕག་གདོང་མ་དང་ལྕེ་སྤྱང་གདོང་མ་ངེས་པར་གཡོ་བའི་ཁོར་ཡུག་ལ་ནི་ ཕྱོགས་རྣམས་སུ། །སྟག་གདོང་མ་ནི་བྱང་དུ་གནས་ཏེ་དུར་ཁྲོད་ས་གཞི་ལ་གནས་གྲི་གུག་ དང་ནི་ཐོད་པའི་ཕྱག། །བྱ་རོག་གདོང་དང་བྱ་རྒོད་གདོང་དང་མཁའ་འགྲོའི་བདག་པོའི་ གདོང་དང་འུག་གདོང་མ་ནི་ཟུར་དུ་འོ། །རྡོ་རྗེའི་མིག་དང་ཤིན་ཏུ་སྔོན་མོ་ས་འོག་ནམ་མཁའ་ ལ་གནས་འབྱུང་པོའི་སྐྱེ་གནས་གཡོ་བའི་མཐར། ༣༩། ༈ ཡི་དྭགས་དམར་དང་མཁའ་འགྲོའི་དབང་པོ་མ་ཧེ་རྨ་བྱ་གླང་པོ་ངང་པ་གླང་དང་ཁ་ལྔ་ པ། །རིམ་པས་ཙཱ་མུན་ཌཱ་ལ་སོགས་པའི་གདན་དུ་འགྱུར་ཏེ་ཕྱོགས་དང་ཕྱོགས་བྲལ་པད་མ་ རྣམས་སུ་འོ། །ལྷ་མིན་ལ་སོགས་རྣམས་ཀྱི་དེ་བཞིན་ནོར་བདག་རྩེ་མོ་ཅན་དང་ཆུ་གཏེར་རླུང་ དང་ཚོགས་ཀྱི་ནི། །གླང་པོའི་དབང་པོ་དང་ནི་ལུག་དང་ཆུ་སྲིན་ཞེས་དང་རི་དྭགས་དང་ནི་བྱི་ བ་རིམ་པས་སོ། ༤༠། བྷེ་རུཎ་ཌ་དང་ཁྲུང་ཁྲུང་མིག་སྔོན་བྱ་མ་བྱི་ནི་བྱ་རོག་གདོང་ལ་སོགས་ 1-1-225 པའི་ཟུར་དུ་སྟེ། །བསེ་དང་དོམ་དང་སེང་གེ་འབྲི་ནི་ཁྱི་གདོང་མ་ལ་སོགས་པ་ཡི་སྟེ་ཕྱོགས་ སུ་རབ་ཏུ་འགྱུར། །རྡོ་རྗེ་མིག་མའི་རྐང་པ་བརྒྱད་པ་ས་འོག་ཤིང་རྟ་ལ་གནས་མཁའ་ལ་སྔོན་ མོའི་ཤིང་རྟ་ཡི། །མཁར་བགྲོད་ཁྲོ་བ་དང་བཅས་ཁ་དོག་ལྔ་པ་ལུས་རྒྱས་མིག་གསུམ་ལྡན་པ་ ཨ་ནི་ལ་ཞེས་པ། ༤༡། འོད་ཟེར་ཅན་དང་ཙུན་དཱ་ལྕགས་སྒྲོག་མ་དང་ཁྲོ་གཉེར་ཅན་གྱི་ཤིང་རྟ་ རྣམས་ལ་ཕག་དང་ནི། །རྟ་དང་གླང་པོ་སེང་གེ་བདུན་གྱི་གྲངས་སུ་འགྱུར་ཏེ་ལྷ་དང་གཤིན་ རྗེ་ཆུ་དང་བྱང་དུ་འོ། །༈ ཤར་དུ་དྲི་དང་ཕྲེང་བ་མ་སྟེ་གཤིན་རྗེ་ཆུ་ལ་གནས་པ་སྤོས་མ་མར་ མེ་སྒེག་མོ་དང་། །བཞད་མའོ་རོལ་མོ་མ་དང་གར་མ་ནོར་སྦྱིན་ས་གཞི་ལ་སྟེ་མཁའ་ལ་གླུ་མ་ འདོད་མ་འོ། ༤༢། སྙིང་པོར་བརྒྱད་ནི་སྟེགས་བུ་ལ་སྟེ་མཁའ་དང་འོག་ན་གནས་པ་རྟ་བབས་ འོག་ཏུ་ངེས་པར་སྦྱར། །གཟུངས་མ་རྣམས་ནི་སྣམ་བུ་ལ་སྟེ་གདེངས་ཅན་རིགས་དང་བཅས་ པའི་ཕྱིར་འདོད་མ་རྣམས་སྟེགས་བུ་ལ། །དབྱེ་བ་དང་ནི་བསྐྱོད་པར་འདོད་མར་འགྱུར་ཏེ་མི་ ཡི་བདག་པོ་དེ་བཞིན་རྒྱས་དང་རེངས་འདོད་མ། །ལྷ་མོ་སྒྲོལ་མ་ལ་སོགས་དག་པ་ཡིས་ཏེ་ སྲིད་གསུམ་སྐྱེད་མ་གསོད་པ་དང་ནི་སྐྱེད་འདོད་མ། ༤༣། རོལ་མོ་འདོད་མ་དང་ནི་རྒྱན་འདོད་ མར་འགྱུར་མི་ཡི་བདག་པོ་ཟས་འདོད་མ་ནི་གསུམ་པ་སྟེ། །དྲི་འདོད་མ་དང་གོས་ནི་འདོད་ མར་འགྱུར་ཏེ་ངེས་པར་འཁྲིག་པ་འདོད་མ་དག་ནི་དྲུག་པ་འོ། །ལུས་ལ་འཕྲུག་འདོད་མ་དང་ ཁ་ན་གནས་པའི་མཆིལ་མ་འདོར་དང་ལུས་ཀྱི་དྲི་མ་འདོད་མ་དང་། །གར་འདོད་མ་དང་སྟན་ འདོད་མ་དང་ཆུ་དང་མལ་སྟན་དག་ལ་རྐྱལ་དང་བསྙེས་པར་འདོད་མ་རྣམས། ༤༤། ཙཱ་མུཎ་ ཊཱ་སོགས་བརྒྱད་ཀྱི་བྱ་བ་རྣམས་ཏེ་དེ་བཞིན་ས་ལ་ཁྲོ་སྐྱེས་རྣམས་ཀྱི་འདོད་མ་ཡང་། །ཀུན་ཏུ་ གདུང་དང་གཉེན་འདོད་མ་དང་ངེས་པར་འཇམ་པར་སྨྲ་བ་དང་ནི་སྐེམས་དང་སྐྲོད་འདོད་མ། ། རེག་དང་དགུག་པ་དག་དང་འཆིང་དང་མི་ཡི་བདག་པོ་ཕུར་བུས་འདེབས་དང་རྒྱུག་པར་ འདོད་མར་འགྱུར། །ཡན་ལག་ཐམས་ཅད་བསྐྱོད་པར་འདོད་མ་རབ་ཏུ་གསལ་ཞིང་ངེས་པར་ 1-1-226 བཤང་གཅི་ཟག་པར་འདོད་མ་དང་། ༤༥། སེམས་ཅན་རྣམས་ལ་སླུ་འདོད་མ་དང་ངེས་པར་ རྩོད་པ་མང་པོ་ལྔ་པ་ལྷག་མ་ཟ་བ་དང་། །གཡུལ་འདོད་མ་དང་སྦྲུལ་འཆིང་མ་དང་བྱིས་པ་ཁྲོ་ བར་འདོད་མ་རྣམས་ནི་ལྷ་མིན་རིགས་ལ་འགྱུར། །སུམ་ཅུ་རྩ་བདུན་ཕྱིར་འདོད་མ་རྣམས་ སླར་ཡང་དེ་ནས་ཕྱི་ཡི་དཀྱིལ་འཁོར་དག་གི་སྟེགས་བུ་ལ། །ཉིན་ཞག་སོ་སོའི་དུས་སུ་གང་ ཞིག་ཅུང་ཟད་སེམས་ཅན་བྱ་བ་རྣལ་འབྱོར་མ་ཡི་བྱ་བ་འདིར། ༤༦། ༈ ཞེས་པ་དེ་ལྟར་རྡོ་རྗེ་ཅན་གྱིས་སྲིད་པ་གསུམ་པོ་མཐའ་དག་རྣམས་ཀྱང་དཀྱིལ་ འཁོར་རྣམ་པར་གསུངས། །ཕྱི་དང་ལུས་དང་གཞན་ལ་ཡང་ནི་སྤྲོ་དང་བསྡུ་བ་དག་ལ་དངོས་ པོའི་སྐྱེ་བ་ཡང་དག་གནས། །དེ་ལ་རྟག་པ་མཁའ་ཡི་རྡོ་རྗེ་རྣམ་གསུམ་སྲིད་པ་ལ་གནས་མི་ རྟག་ཉིད་དུ་འགྱུར་མ་ཡིན། །འབྱུང་པོའི་ཚོགས་ནི་རྟག་པ་མིན་པར་འགྱུར་ཏེ་མི་ཡི་བདག་པོ་ མིག་འཕྲུལ་ཇི་བཞིན་ཉིད་དུ་འོ། ༤༧། ༈ རྟག་དང་མི་རྟག་མཐོང་སྟེ་དེ་ལྟ་ན་ཡང་བླུན་པོའི་བློ་ཅན་སེམས་ནི་དག་པའི་དོན་སླད་ དུ། །སྒྲུབ་ཐབས་དག་ནི་བརྗོད་པར་བྱ་སྟེ་སྙིང་པོར་གྱུར་པ་འགའ་ཡང་འདིར་ནི་བསྒྲུབ་པར་ བྱ་བ་མེད། །གང་ཞིག་བསྒྲུབ་བྱ་སྒྲུབ་པ་དེ་ཉིད་འཁྲུལ་པ་ཞེས་པ་རྡོ་རྗེ་ཅན་གྱི་སྒྲུབ་ཐབས་ མཐའ་དག་གང་། །༈ དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ནི་དཀྱིལ་ འཁོར་དབང་པོར་རབ་ཏུ་བྱ། ༤༨། ༈ དཔལ་ལྡན་རྡོ་རྗེ་ཅན་ནི་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་མི་བདག་དཀྱིལ་འཁོར་སྐུ་ཡི་རྡོ་ རྗེ་འོ། །ལྷ་རྣམས་འཁོར་ལོ་ཨ་ལི་ཀ་ལིའི་རིགས་སྐྱེས་གསུང་གི་རྡོ་རྗེ་ཟླ་བ་ཉི་མའི་སྟེང་དུ་ འོ། །༈ རྩ་བ་སྡོང་བུ་དག་ནི་ཨ་ཡིག་འདབ་མ་དང་ནི་དེ་བཞིན་གེ་སར་རྣམས་ཀྱང་ཨུ་ཡིག་ གོ། །དབུས་སུ་དཔལ་ལྡན་ལྟེ་བ་དང་ནི་ཟླ་བ་ཉི་མ་རྣམ་གཉིས་རྐང་པའི་གནས་དག་མ་ཡིག་ གོ། ༤༩། ། 1-1-227 ༈ ཧོ་ཡིག་ཐོག་མ་ཐ་མའི་སྙིང་པོ་བདེ་མཉམ་འབྲས་བུ་སྟེར་བ་སྐུ་གསུང་ཐུགས་ཀྱི་རྡོ་ རྗེ་སྟེ། །དེ་ནི་ཤེས་རབ་ཆགས་པས་ཞུ་བ་ཁྱབ་བདག་རྡོ་རྗེ་ཅན་ཡང་རི་བོང་འཛིན་པ་བཞིན་ བལྟས་ནས། །ལྷ་མོ་རྣམས་ཀྱིས་གླུ་དག་མཛད་དེ་བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ ཕན་པར་མཛད་པ་པོ། །བདག་ཅག་བསྲུངས་[སྲུངས་]ཤིག་ལྷ་མའི་བླ་མ་རྡོ་རྗེ་ལྡན་པ་འདོད་ པ་དོན་གཉེར་རྣམས་ལ་འདོད་པ་མཛོད། ༥༠། ༈ རྡོ་རྗེ་ཅན་དེས་གླུ་དག་གསན་ནས་སྲིད་པ་གསུམ་པོ་མཐའ་དག་རྣམས་ཀྱང་མིག་ འཕྲུལ་ལྟ་བུར་ནི། །གཟིགས་ནས་སྐྱེད་[བསྐྱེད་]པ་མཛད་དེ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་ རང་གི་མཚན་མ་སྤྲོས་བྱས་ནས། །རྡོ་རྗེའི་རྒྱན་དང་ལྡན་ཞིང་རྒྱལ་བའི་བདག་པོའི་ཅོད་པན་ ཤེས་རབ་ཀྱིས་ནི་འཁྱུད་པར་གྱུར་པ་ཡང་། །རྒྱལ་པོ་ཤེས་རབ་ཐབས་ཀྱིས་སླར་ཡང་དཀྱིལ་ འཁོར་མ་ལུས་པ་ནི་རབ་ཏུ་སྤྲོ་བ་དག་ཀྱང་ངོ་། ༥༡། ༈ འོད་ཟེར་སྔོན་པོ་འཇིགས་པའི་སྐུ་སྟེ་རབ་ཏུ་བཞད་པའི་ཞལ་དང་མཆེ་བ་ཕྱེད་ནི་ གཙིགས་པ་དང་། །སྒྲ་དྲག་སྒྲོགས་[སྒྲོག་]བྱེད་ཉི་མའི་སྤྱན་དང་གཉིས་ལྷག་རྒྱལ་བའི་ཕྱག་ སྟེ་རིག་བྱེད་ཞལ་དང་ཞབས་གཉིས་པ། །ཤེས་རབ་ཐབས་ལས་རབ་བྱུང་མཚོན་ཆ་རྣམས་ དང་བཅས་པ་རྐང་པ་བརྒྱད་པའི་ཤིང་རྟ་དག་ལ་གནས། །རྒྱལ་བའི་དགྲ་ནི་འཇོམས་པར་ བྱེད་པ་རྡོ་རྗེ་ཤུགས་དེ་ཡེ་ཤེས་འཁོར་ལོའི་སླད་དུ་བསྐུལ་བར་བྱ། ༥༢། ༈ དྲི་མེད་འོད་ཟེར་འཕྲོ་བ་ཡེ་ཤེས་འཁོར་ལོའི་དབང་ཕྱུག་ངེས་པར་ལྟེ་བར་ལྕགས་ཀྱུ་ བསྣུན་བྱས་ཤིང་། །ཕྱག་རྣམས་རང་གི་རྡོ་རྗེ་གདེངས་ཅན་གྱིས་ནི་དེ་བཞིན་རབ་བཅིངས་ མཚོན་ཆ་རྣམས་ཀྱིས་འཇིགས་བྱས་ཏེ། །མཐའ་དག་བསྒྲུབ་བྱར་བྱས་ཤིང་འཁོར་ལོ་བཟང་ པོ་བསྐྱོད་པར་བྱས་ནས་འདི་ནི་སླར་ཡང་འགྲོ་བ་སྟེ། །གཞུག་དང་བཅིང་དང་མཉེས་པ་དང་ ནི་རོ་མཉམ་བྱེད་པ་དག་ནི་རྨུགས་བྱེད་ལ་སོགས་རྣམས་ཀྱིས་བྱེད། ༥༣། 1-1-228 ༈ སྐྱེད་པའི་རྣལ་འབྱོར་དག་ལ་སེམས་ནི་ནམ་མཁའ་དང་བཅས་སྙིང་པོའི་པད་མར་ མེ་ཡི་སྟེང་དུ་འགྱུར། །ཤར་དུ་དཔལ་ལྡན་ནག་མོ་འབར་མ་མཆོག་གི་པད་འདབ་ལ་ནི་ལྷོ་ རུ་དམར་མོ་འབར་མ་སྟེ། །བྱང་དུ་དཔལ་ལྡན་དཀར་མོ་འབར་མར་འགྱུར་ཏེ་རིགས་ཀྱི་ དབང་གིས་ནུབ་ཏུ་སེར་མོ་འབར་མ་འོ། །མེར་ནི་དུ་བ་ད་ནུའི་བུ་ཡི་ཕྱོགས་སུ་སྨིག་རྒྱུ་མ་དང་ དབང་ལྡན་ཕྱོགས་སུ་མཁའ་སྣང་མ། ༥༤། རླུང་དུ་དཔལ་ལྡན་མར་མེ་མ་སྟེ་ནོར་བུ་དང་ནི་ ཤིང་དང་ཆོས་ཀྱི་གཎ་ཊཱི་དག་དང་དུང་། །མེ་དང་རླུང་དང་ལྷ་མིན་དང་ནི་འཕྲོག་བྱེད་ཕྱོགས་ སུ་དེ་བཞིན་བར་དུ་ཟུར་གྱི་ཆ་ལ་འོ། །ཤར་དུ་འདུ་བྱེད་དང་ནི་ས་དག་ངེས་པར་པད་མ་ལ་ གནས་ལྷོ་རུ་ཚོར་བ་ཆུ་དག་གོ། བྱང་དུ་འདུ་ཤེས་དང་ནི་མེ་རུ་འགྱུར་ཏེ་ནུབ་ཏུ་ཡང་ནི་རླུང་ དང་བཅས་པའི་གཟུགས་ཉིད་དོ། ༥༥། མེ་ཡི་ཕྱོགས་སུ་རླུང་དང་གཟུགས་སུ་འགྱུར་ཏེ་ལྷ་མིན་ བདག་པོར་མེ་དང་འདུ་ཤེས་གཉིས་པོ་འོ། །དབང་ལྡན་དུ་ནི་ཆུ་དང་ཚོར་བ་དག་སྟེ་རླུང་དུ་ འཛིན་མ་འདུ་བྱེད་ཕུང་པོར་ལྡན་པ་འོ། །ལྷ་མོ་སངས་རྒྱས་བར་རྣམས་སུ་ནི་ལེ་ཚེ་བརྒྱད་ཀྱི་ གནས་སུ་བདུད་རྩིའི་རོ་ཡི་བུམ་པ་རྣམས། །སླར་ཡང་འཕར་མ་ཕྱི་མ་ལ་ནི་ཤར་དུ་སྣ་དང་དྲི་ སྟེ་ལྷོ་རུ་མིག་དང་གཟུགས་དག་གོ༥༦། བྱང་དུ་ལྕེ་དང་རོ་རུ་འགྱུར་ཏེ་ཆུར་ནི་དེ་བཞིན་ཉིད་ དུ་ལུས་དང་རེག་བྱ་དག་ཏུ་འགྱུར། །ནམ་མཁའ་ལ་ནི་རྣ་བ་སྒྲ་རུ་འགྱུར་ཏེ་རིགས་ཀྱི་དབང་ གིས་ལྷོ་ཡི་སྒོ་ཡི་གཡོན་དུ་འོ། །ས་འོག་ཏུ་ནི་ངེས་པར་སེམས་དང་ཆོས་ཀྱི་ཁམས་སུ་འགྱུར་ ཏེ་ཤར་གྱི་སྒོ་ཡི་གཡོན་དུ་འོ། །དང་པོར་ཐབས་ནི་དྲུག་པོ་དག་ཀྱང་རྒྱལ་བའི་དབང་གིས་ དཀྱིལ་འཁོར་གྱི་ནི་ལྷག་པའི་ལྷ་རུ་འགྱུར། ༥༧། ཕྱི་ནས་ཤེས་རབ་ལ་སོགས་དྲུག་ནི་རབ་ཏུ་ གསལ་བར་བདག་པོ་རང་རང་པད་མའི་གདན་ལ་འོ། །ཤར་གྱི་སྒོར་ནི་རབ་གཏུམ་རལ་གྲི་ འཛིན་པ་ཤིན་ཏུ་སྟོབས་ཏེ་དེ་ཡི་ཕྱག་རྒྱ་རེངས་བྱེད་མ། །གཡས་སུ་རྨུགས་བྱེད་དང་ནི་ང་ རྒྱལ་མར་འགྱུར་ནོར་སྦྱིན་དུ་ཡང་ཁེངས་བྱེད་དང་ནི་རྨུགས་བྱེད་མ། །ཆུ་རུ་རེངས་བྱེད་དང་ 1-1-229 ནི་མཐའ་ཡས་བརྩོན་འགྲུས་མར་འགྱུར་སྒོ་ཡི་དབུས་ན་གནས་པའི་པད་མ་ལ་འོ། ༥༨། དབྱུག་ སྔོན་འོད་ཟེར་ཅན་དང་མི་གཡོ་ཞེས་དང་ཁྲོ་གཉེར་ཅན་མ་བརྩོན་འགྲུས་མཐའ་ཡས་ལྕགས་ སྒྲོག་མ། །འདོད་པ་ཙུན་དཱ་ཤིང་རྟ་ལ་གནས་ལྷ་དང་ནོར་སྦྱིན་གཞན་དང་ལྷོ་ཡི་དབུས་སུ་སྟེ། ། གནོད་མཛེས་དྲག་སྤྱན་མ་ནི་འོག་ཏུ་འགྱུར་ཞིངམཁའ་ལ་གཙུག་ཏོར་དང་ནི་ཤིན་ཏུ་སྔོན་མོ་ ཉིད། །ཤར་གྱི་སྒོ་ཡི་སྟེང་དང་གཞན་དུ་ཡང་ནི་ངེས་པར་འགྱུར་ཏེ་གཉིས་པོ་དག་གི་ཤིང་རྟ་ ཡང་། ༥༩། ༈ གསུངས་ལས་སྐྱེས་པའི་དཀྱིལ་འཁོར་ལ་ནི་ནོར་(ཏེ་བརྒྱད)གྱི་ཕྱོགས་(རྣམས)སུ་འབྱུང་ པོ་ལས་སྐྱེས་(པ་གསུང་གི་རྣལ་འབྱོར་མ)རྣམས་ཀྱི་གདན་དུ་(གནས་སུ་དམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ་པར) འགྱུར(ཏེ)། །ཤར་དུ་(གཙོ་མོ)ཙཱ་མུཎ་ཊཱ་དང་(དེའི་ཐབས་ལྷའི)དབང་པོ(དམ་ཚིག་པ་དང་པོ་ཤེས་པ་རོ་མཉམ་ པ)ར་འགྱུར་ཏེ་རྩེ་མོ་ཅན་དུ་(སྟེ་མེར)ཁྱབ་འཇུག་མ་དང་(དེའི་ཐབས་ཚངས་པ)རིག་བྱེད་གདོང་(ངོ་) གཤིན་རྗེར་ཕག་མོ་(དང་)དྲག་པོར་འགྱུར་ཏེ་ལྷ་མིན་བདག་པོ་གདོང་དྲུག་མ་དང་(དེའི་ཐབས) བགེགས་ཀྱི་མགོན་པོ་(ཚོགས་ཀྱི་བདག་པོ)འོ། །ནུབ་ཏུ་དབང་མོ་(དང་)བདེན་བྲལ་དུ་འགྱུར་(ཞིང་) རླུང་དུ་ངེས་པར་དུས་ཀྱི་གདོང་མ་(ཚངས་མ)དང་ནི་ཁྱབ་འཇུག་ཉིད། ༦༠། གནོད་སྦྱིན་དུ་ནི་དྲག་ མོ་(དང་)གཤིན་རྗེར་(རོ་མཉམ་དུ)འགྱུར་ཏེ་ཕྱུགས་ཀྱི་བདག་པོར་(ཞེས་པ་དབང་ལྡན་དུ)དཔལ་མོ་ ཉིད་དང་གདོང་དྲུག་པ(འོ)། །༈ ཕྱི་རོལ་(སྐུའི་དཀྱིལ་འཁོར)གྱི་ནི་དབང་པོའི་(ཞེས་པ་ཤར་གྱི)སྒོ་ཡི་ གཡས་སུ་(པད་མའི་ལྟེ་བར)ལྷ་མིན་བདག་(པོ་བདེན་བྲལ)དང་དེ་ཡི་ཕྱག་རྒྱ་(མོ)སྲིན་མོར་(རོ་མཉམ་དུ) འགྱུར། །མེར་ནི་རླུང་(ལྷ)དང་(དེའི་ཤེས་རབ་མ)རབ་གཏུམ་མ་སྟེ་མེ་(ལྷ)དང་ཆུ་ལྷ་མོ་ཡང་ལྷོ་ཡི་ སྒོ་ཡི་གཡས་སུ་འོ། །ལྷ་མིན་བདག་པོར་དཔལ་ལྡན་གདོང་དྲུག་པ་དང་དཔལ་མོར་འགྱུར་ ཏེ་ནུབ་ཏུ་(སྒོའི་གཡས་སུ)དབང་པོ་(དང་)རླུང་ལྷ་མོ། ༦༡། རླུང་དུ་ཚངས་པ་དང་ནི་གློག་མར་འགྱུར་ ཏེ་ནོར་སྦྱིན་དུ་ཡང་(ཞེས་པ་བྱང་སྒོའི་གཡས་སུ)རྒྱ་མཚོ་(ཆུ)དང་ནི་ཕག་མོ་འོ། །དབང་ལྡན་དུ་ནི་ 1-1-230 ཚོགས་ཀྱི་དབང་པོ་(དང་)གཞོན་ནུ་མ་སྟེ་ནོར་སྦྱིན་(དང་)གཤིན་རྗེའི་སྒོ་ཡི་གཡོན་གྱི་ཆར(རིམ་ པ་བཞིན་དུ)། །དྲག་པོ་(དབང་ཕྱུག་དང་)དུས་(གཤིན་རྗེར་འགྱུར)ཏེ་ཁྱབ་འཇུག་དང་ནི་ནོར་སྦྱིན་ཞེས་ པ་(གཉིས་པོ་རིམ་པ་ལྟར)ལྷ་(སྟེ་ཤར)དང་ནུབ་ཀྱི་སྒོ་ཡི་གཡོན་དུ་འོ། །(བཞི་པོ)དེ་དག་རྣམས་ཀྱི་ ཕྱག་རྒྱར་རབ་(ཏུ)གྲགས་(པ་ནི་དྲག་པོའི)རི་སྲས་(མོ་དང་གཤིན་རྗེའི)གཤིན་རྗེ་མ་དང་(ཁྱབ་འཇུག་གི) དཔལ་མོ་(དང་ནོར་སྦྱིན་གྱི)ནོར་གྱི་དབང་མོར་འགྱུར། ༦༢། (སྐུ་དཀྱིལ)ཕྱི་རོལ་ཏུ་ནི་ལྷ་(སྟེ་ཤར)དང་ གཤིན་རྗེ་(སྟེ་ལྷོ་དང)ནོར་སྦྱིན་(སྟེ་བྱང་དང་)ནུབ་ཀྱི་སྟེགས་བུ་དག་ལ་ཀླུ་(རྒྱལ)རྣམས་མཐའ་དག་ སྟེ། །(དེ་ཡང་ཤར་དུ)པད་མ་དང་ནི་སྟོབས་ཀྱི་རྒྱུ་དག་གཡོ་བའི་(རླུང་གི)དཀྱིལ་འཁོར་ལ་གནས་ (ཤིང་ལྷོར)ནོར་རྒྱས་བུ་དང་དུང་སྐྱོང་ནི། །མེ(འི་དཀྱིལ་འཁོར)་ལ་གནས་པ་དག་སྟེ་(བྱང་དུ)ཆུ་ཡི་ (དཀྱིལ་འཁོར་གྱི)སྟེང་དུ་རིགས་ལྡན་(དང་)མཐའ་ཡས་(ཞེས་པ)ཀླུར་ནི་རབ་ཏུ་གྲགས་པར་འགྱུར།་། དེ་བཞིན་(ནུབ་ཏུ)ས་ཡི་དཀྱིལ་འཁོར་ལ་གནས་རིགས་ཀྱི་དབང་གིས་འཇོག་པོ་དང་ནི་པད་ མ་ཆེན་པོར་འགྱུར། ༦༣། (ཀླུ)དེ་རྣམས་(ཀྱི)ཤེས་རབ་(མ)རབ་གཏུམ་མ་(བརྒྱད)རྣམས་(ནི)དུར་ ཁྲོད་ས་ལ་གནས་པའི་ཁྱི་གདོང་མ་(དང་ཁྭ་གདོང་མ)ལ་སོགས་པ་(དམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ་པ) སྟེ ( དེ་ཡང་ཁྱི་གདོང་མ་དང་ཁཱ་གདོང་མ་ལ་པད་ཆེན་དང་འཇོག་པོས་འཁྱུད་པ་ལ་སོགས་ པ་ཕྱོགས་སོ་སོའི་གཡོན་ན་གནས་པ་དང་གཡས་ན་གནས་པ་ཕན་ཚུན་འཁྱུད་པར་བཞེད་ པ་ཡང་ཁྱི་གདོང་མ་ལ་འཇོག་པོ་དང་། ཁཱ་གདོང་མ་ལ་པད་ཆེན་གྱིས་འཁྱུད་པ་ལ་སོགས་ པར་བཞེད་པ་ཡང་ཡོད་དེ་གང་འཐད་དཔྱད་པར་བྱའོ། །(རབ་གཏུམ་མ་ལྕེ་སྤྱང་གདོང་མ་ལ་སོགས་པ) དེ་རྣམས་(ཀྱི)ཐབས་ནི་(ཀླུ)པད་མ་ལ་སོགས་(པས་སྔ་མ་བཞིན་འཁྱུད་པ་སྟེ་དེ་ལྟར)གཞན་གྱི་རིགས་ཀྱི་ དབང་གིས་(འཁྱུད་པ)བདེ་བ་དམ་པའི་དོན་དུ་འགྱུར(འདིས་ནི་ཀླུ་དང་གཏུམ་མོ་རིས་འཐུན་[མཐུན་]འཁྱུད་ པ་བསལ་ལོ)། །(རབ་གཏུམ་མ་དེ་རྣམས་གང་དུ་གནས་ན)གཡོ་བའི་ཁོར་ཡུག་ལ་གནས་ཤར་གྱི་དུར་ཁྲོད་ རྩེ་མོས་འབིགས་པར་འཁོར་ལོ་ལ་ནི་ཁྱི་གདོང་མ། །གཤིན་རྗེ་དག་ཏུ་ངེས་པར་(དུར་ཁྲོད)རོ་ 1-1-231 ནི་སྲེག་པར་ཕག་གི་གདོང་མ་(དང་)བྱང་དུ་(དུར་ཁྲོད)རུལ་པ་དང་བཅས་པར། ༦༤། སྟག་གདོང་ མ་སྟེ་ཆུ་རུ་(དུར་ཁྲོད)རྣག་གི་དྲིར་ནི་དེ་བཞིན་ཉིད་དུ་ལྕེ་སྤྱང་དག་གི་གདོང་མར་འགྱུར། །མེ་ (མཚམས)དང་ལྷ་མིན་བདག་པོར་(རིམ་པ་ལྟར་དུར་ཁྲོད)ལྷག་མ་(ཅན)དང་ནི་མི་བཟད་གཡུལ་དུ་ བྱ་རོག་གདོང་མ་(དང་)བྱ་རྒོད་(གདོང་མར)བཅས། །རླུང་དུ་སྦྲུལ་གྱིས་ཟོས་པར་མཁའ་འགྲོའི་ བདག་པོའི་གདོང་མ་(བྱ་ཁྱུང་མ་དང་)དབང་ལྡན་དུ་ཡང་(དུར་ཁྲོད)བྱིས་པ་ཤི་བར་ནི། །འཁོར་ལོ་ ལ་གནས་འུག་གདོང་མ་སྟེ་ས་ཡི་དཀྱིལ་འཁོར་ལ་(བྱང་ཤར་དང་ལྷོ་ནུབ་ཏུ)གནས་(པའི)ཟླ་ཉི་དག་ ཀྱང་(དམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ་དུ)བསྒོམ་པར་བྱ། ༦༥། ༈ གཡོན་བརྐྱང་བ(འི་སྟབས)་ནི་(སྣ་ཚོགས)ཡུམ་གྱིར་འགྱུར་ཏེ་མཉམ་པའི་སྟབས་ནི་འདབ་ མ་རྣམས་ཀྱི་ལྷ་མོ(ནུས་མ)འི་ཚོགས་ཀྱི་འོ། །(ཁྲོ་མོ)བཅུ་དང་(གསུང་གི་གཙོ་མོ)ནོར་(ཏེ་བརྒྱད་)གྱི་ ཚོགས་དག་གི་(རྐང་སྟབས)ནི་(རིམ་པ་ལྟར(གཡོན་བརྐྱང་(དང་)ས་ག་(སྟེ)ལྷ་མིན་མོ་(གཏུམ་མོ)རྣམས་ ཀྱི་ཡང་ཟླུམ་པོ(འི་སྟབས་ཀྱིས་འཁྱུད་པ་སྟེ་རྡོ་རྗེའི་གདན་ལ་པད་མའི་གདན་དང་། པད་མའི་གདན་ལ་རྡོ་རྗེའི་གདན་ གྱིས་འཁྱུད་པ)་འོ། །གཡོན་བརྐྱང་དག་ལ་གནས་པ་རྣམས་ཀྱི་སྙོམས་པར་འཇུག་པ་(པོ)གཡས་ བརྐྱང་སྟབས་སུ་ངེས་པར་འགྱུར་བ་སྟེ་། །ས་ག(འི་སྟབས་ཀྱིས་གནས་པ)་ལ་ནི་(སྙོམས་པར་འཇུག་པ་ཡང་)ས་ག(འི་སྟབས་ཅན)་ཉིད་ཅེས་བྱ་བར་འགྱུར་ཞིང་ངེས་པར་ཟླུམ་པོ(འི་སྟབས་ཅན)་ལ་ཡང་ཟླུམ་པོ་ འོ། ༦༦། (ཐུགས་ཀྱི)དཀྱིལ་འཁོར་དུ་ཡང་ལྷག་མའི་ལྷ་(རྒྱལ་བ་རྒྱལ་སྲས)རྣམས་རབ་གསལ་ངེས་ པར་རྡོ་རྗེའི་འདུག་སྟངས་ཀྱིས་ནི་གནས་པ་སྟེ། །རང་(རང་གི)རིགས་(ཀྱི)ཕྱོགས་(ན)གནས་ (པའི)ལྷ་མོ་(ཡུམ་བཞི་དང་སེམས་མ)རྣམས་ནི་རང་རང་པད་ཟླའི་སྟེང་དུ་པད་མའི་འདུག་སྟངས་ ཀྱིས་ནི་གནས། །གདེང་ཅན་(ཀླུའི)རིགས་(དང་)བཅས་(པ་རྣམས་དང་བདེན་བྲལ་ལ་སོགས་པ)རང་རང་ ཕྱོགས་ཀྱི་བཞོན་པར་གནས་པའི་ལྷ་(བཅུ་གཉིས་པོ)རྣམས་རྡོ་རྗེའི་འདུག་སྟངས་ཀྱིས་གནས་ པ(འོ)། །ལྷ་(དེ)རྣམས་(ཀྱི་པད་མའི)འདབ་མར་(གནས་པའི)ལྷ་མོ་(ཉེར་བརྒྱད)རྣམས་ནི་རོལ་པའི་ 1-1-232 སྟབས་ཏེ་(གཞན་ཡང་)འབྱུང་པོ་ལས་སྐྱེས་(གསུང་གི་རྣལ་འབྱོར་མ་པད་འདབ་ལ་གནས་པ་)རྣམས་ཀྱི་དེ་ བཞིན་ཉིད(དུ་རོལ་པའི་སྟབས་སོ)། ༦༧། ༈ (དེ་རྣམས་ཀྱི་མཚན་ཉིད་ནི་རྐང་པ)གཡས་པ་བསྐུམ་པ་དག་ཀྱང་ས་གཞི་ལ་ནི་ངེས་པར་ བཀོད་ཅིང་རྐང་པ་གཡོན་པ་(འགྱིང་བ་དང་བཅས་པའི་དྲང་པོར)བརྐྱང་བ་དག(གི)། (སོར་མོའི་མཐའ་ནས་ མཐའ་ལ་ཕྱེད)ཕྱེད་དང་བཅས་པའི་ཁྲུ་གཉིས་པ་སྟེ་(ཀྱེ་)མི་ཡི་བདག་པོ་དེ་ནི་གཡོན་པ་བརྐྱང་ བའི་སྟབས་སུ་འགྱུར། །(དེ་ལས་བཟློག་སྟེ་གཡས་བརྐྱང་ཞིང་)གཡོན་པ་སྐུམ་པ)འི་སྦྱོར་བ་ཡིས་ནི་གཡས་ བརྐྱང་དུ་འགྱུར་(ལ)རྐང་པ་ཟུང་ནི་མཉམ་(པར་གཞིབས་པ་སོར་མོ་མདུན་དུ་བསྟན)པ་དག་ཀྱང་མཉམ་ པའི་སྟབས། །(ནམ་མཁའ་དང་རླུང་གི)ཡོན་ཏན་དབང་གིས་པུས་མོ་ཟུང་ནི་(དྲག་པོར)རབ་ཏུ་བརྐྱང་ བ་(སོར་མོ་ལོགས་སུ་བསྟན་ཅིང་རྟིང་པའི་བར་དུ་སོར་ཉི་ཤུ་རྩ་དྲུག་བྱས་པ)དག་ལས་ས་ག་དང་(དེ་ཉིད་ལ་པུས་ མོ་གཉིས་ཁྲུ་དོ་པ་ངང་པའི་གཤོག་པ་ལྟར་བྱས་པ)ནི་ཟླུམ་པོར་འགྱུར། ༦༨། (པུས་མོ་གཡོན་དྲང་པོ་སོར་མོ་མདུན་ དུ་བསྟན་པ་ལས)ཅུང་ཟད་(གཡས་ཀྱི་)པུས་མོ་ཕྱེད་ནི་(གཡས་སུ)འཁྱོག་(ཅིང་སོར་མོ་ལ་ལོགས་སུ་བསྟན་པ་ རྟིང་པའི་བར་དུ་སོར་བཞི)པ་(ནི་)རོལ་(པའི་སྟབས་ཡིན)པར་འགྱུར་(ལ་རོལ་པའི་འདུག་སྟངས་ནི་གཡས་སེམས་ དཔའི་འདུག་སྟེང་དང་གཡོན་པ་འགྱིང་བ་དང་བཅས་པས་ཕྱེད་འཁྱོག་ཏུ་བརྐྱངས་བ་ཉིད)ཏེ་(རྡོ་རྗེའི་གདན་ལ་སོགས་པ) ལྷག་མ་དག་ནི་རབ་ཏུ་གྲགས་པ་ཉིད(དོ)། །སླར་ཡང་(གར་གྱི་ཚུལ་རྣམས)རྣལ་འབྱོར་པ་ཡིས་ (གར་གྱི་)བྷ་ར་ཏ་ལས་ཤེས་པར་བྱ་སྟེ་རྡོ་རྗེ་གར་གྱི་སླད་དུ་འོ(འདིར་འདུག་སྟངས་དང་སྟངས་སྟབས་ཀྱི་ ཁྱད་པར་མ་ཕྱེད་པར་ལྷ་མང་པོའི་སྟངས་སྟབས་འདུག་སྟངས་སུ་བྱས་པ་ལ་སོགས་པ་རྣམས་ནི་འཁྲུལ་བར་རིག་པར་བྱའོ)། ། ༈ ཅོད་པན་དག་ལ་ཕན་ཚུན་རྡོ་རྗེ་ཡི་ནི་རྡོ་རྗེར་འགྱུར་ཏེ་སངས་རྒྱས་ལྔ་རྣམས་རེས་འགའ་ ན། །གཟུགས་ཀྱི་སྟེང་དུ་མི་བསྐྱོད་པ་སྟེ་གསལ་བར་པད་མ་འཛིན་པའི་རྣམ་པར་སྣང་མཛད་ ཉིད་དུ་འགྱུར། ༦༩། རིན་ཆེན་དབང་པོའི་ཆུ་སྐྱེས་འཛིན་དང་དོན་ཡོད་གྲུབ་པའི་ཅོད་པན་ལ་ ནི་རབ་མཆོག་ནོར་བུའི་ཕྱག །དྲུག་ནི་རལ་པའི་ཅོད་པན་ཅན་དུ་འགྱུར་ཏེ་ཡོན་ཏན་དབང་ 1-1-233 གིས་ལྷག་མའི་འཁོར་ལོ་ཡི་ཡང་གཞན། །༈ ས་ལས་འཁོར་ལོ་རབ་ཏུ་སྐྱེ་བར་འགྱུར་ཏེ་ཆུ་ ལས་པད་མ་དང་ནི་མེ་ལས་ནོར་བུ་འོ། །རླུང་ལས་རལ་གྲི་དང་ནི་སྟོང་པ་དག་ལས་རྡོ་རྗེར་ འགྱུར་ཏེ་འགྱུར་མེད་ལས་ནི་གྲི་གུག་གོ༧༠། གོས་དང་བདུད་རྩིའི་སྣོད་དུ་འགྱུར་ཏེ་ངེས་པར་ མེ་ལོང་དང་བཅས་ཕྲེང་བ་དང་ནི་རྒྱུད་མང་དང་། །དྲུག་པ་ཆོས་འབྱུང་ངེས་པར་ས་དང་ཆུ་ དང་བསྲེག་ཟ་རླུང་དང་ནམ་མཁའ་ཞི་བ་དག་ལས་སོ། །ཕུབ་དང་མདུང་དང་མདའ་དང་དགྲ་ སྟ་དང་ནི་ཌ་མ་རུ་དག་མཚན་མ་ལྔ་སྟེ་དེ་བཞིན་དུ། །དབྱུག་པ་ཞགས་པ་ལྕགས་ཀྱུ་དག་དང་ ངེས་པར་དེ་བཞིན་ཐོ་བ་དང་ནི་རྩེ་གསུམ་དག་ཏུ་འགྱུར། ༧༡། གཞུ་དང་ཨུད་པ་ལ་དང་སླར་ ཡང་དེ་བཞིན་མགོ་བོ་དང་ནི་ཁ་ཊྭཱཾ་ག་དང་དྲིལ་བུ་དང་། །དེ་བཞིན་ལྕགས་སྒྲོག་ལ་སོགས་ ཆུ་ན་རྒྱུ་བ་ཐོད་པ་སྟག་ལྤགས་དང་ནི་གླང་པོའི་ལྤགས་པ་སྟེ། ༈ །འདིར་ནི་ལྷག་མ་ཉེ་བའི་ མཚན་མ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའ་ལས་སྐྱེས་པ། །དེ་རྣམས་རང་བཞིན་ ཡོན་ཏན་དབང་གིས་ཤེས་པར་བྱ་བ་ཉིད་དེ་ལྷ་དང་ལྷ་མོ་རྣམས་ཀྱི་འོ། ༧༢། གང་ཞིག་ལྀ་ ལ་སོགས་པ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའ་ལས་སྐྱེས་ཐུང་ངུ་དང་། །རིང་པོའི་ རབ་དབྱེས་རིམ་པར་ཡོངས་བཀོད་སུམ་ཅུའི་དབྱངས་ནི་ངེས་པར་པད་མ་ལ་གནས་ཟླ་བ་ དང་། །ཉི་མའི་གདན་ལ་གནས་པ་འཁོར་ལོ་ལ་སོགས་མཚན་མ་དེ་རྣམས་མཐའ་དག་རྣམས་ ཀྱི་རང་གི་སྔགས། །གང་ཞིག་ཁོ་ནར་མཚན་མ་དྲུག་པར་གྱུར་པ་དེར་ནི་ཡོན་ཏན་དབང་གིས་ གཞོམ་དུ་མེད་པར་འགྱུར། ༧༣། ༈ ནཱ་ད་དཔལ་ལྡན་རྡོ་རྗེ་སེམས་དཔར་འགྱུར་ཏེ་མི་ཡི་བདག་པོ་ཐུགས་ཀྱི་རྡོ་རྗེ་ཨ་ཡིག་ གོ། ཨི་ཡིག་ཐུང་ངུ་རལ་གྲི་ལྡན་པར་འགྱུར་ཏེ་སླར་ཡང་རྀ་ཡིག་དག་ནི་ཕྱག་ན་རིན་ཆེན་ ནོ། །ཨུ་ཡིག་ཐུང་ངུ་སྣང་བ་མཐའ་ཡས་སུ་འགྱུར་སླར་ཡང་འདིར་ནི་ལྀ་ཡིག་རྣམ་པར་ སྣང་མཛད་དོ། །བསམ་པའི་རབ་ཏུ་དབྱེ་བས་དབྱངས་ཀྱི་ཚོགས་པའི་རིང་པོ་མཐའ་དག་ 1-1-234 རྒྱལ་བ་དྲུག་གི་རིམ་པས་སོ། ༧༤། དཔལ་ལྡན་ཡུམ་ནི་གཞོམ་དུ་མེད་པ་ཞེས་པར་འགྱུར་ཏེ་ དེ་བཞིན་ཨཱ་ཡིག་ལས་སྐྱེས་ནམ་མཁའི་ཁམས། །རླུང་དང་མེ་དང་ཆུ་དང་ས་རྣམས་ལ་ནི་ཨཱི་ རཱྀ་ཨཱུ་ལཱྀ་ཐམས་ཅད་རིམ་པས་གནས་པར་འགྱུར། །མཆོག་གི་རྒྱལ་བདག་ དང་ནི་སྣ་ཚོགས་ཡུམ་དག་བདེ་བའི་དོན་དུ་ཕན་ཚུན་ལུས་དང་བསམ་པ་སྟེ། །མི་བསྐྱོད་ སྟོང་པའི་ཁམས་དང་ཕྱག་གི་པད་མ་རལ་གྲི་དང་ནི་སྤྱན་མ་ལུས་དང་བསམ་པ་འོ། ༧༥། རིན་ ཆེན་དབང་པོ་མཱ་མ་ཀཱི་དང་གསལ་བར་པད་འཛིན་གོས་དཀར་མོ་ནི་ལུས་དང་བསམ་པ་སྟེ། ། དེ་བཞིན་འཁོར་ལོ་ཅན་དང་སྒྲོལ་མ་རང་བཞིན་ཡོན་ཏན་དབང་གིས་ཐུང་དང་རིང་བའི་ དབྱངས་ཀྱིས་སོ། །ཨཾ་ཡིག་ཀུན་ཏུ་བཟང་པོར་འགྱུར་ཏེ་ལུས་ཀྱི་དབང་གིས་ཨ་ཡིག་དག་ ཀྱང་ཕྱག་ན་རྡོ་རྗེ་འོ། །ཨེ་ཡིག་ཐུང་ངུ་ནམ་མཁའི་སྙིང་པོ་ཨར་ཡིག་དག་ཀྱང་དེ་བཞིན་ཡང་ དག་སའི་སྙིང་པོར་འགྱུར། ༧༦། ཨོ་ཡིག་འཇིག་རྟེན་མགོན་པོ་ཨལ་ཡང་དེ་བཞིན་འདིར་ནི་ རྣམ་པར་སེལ་བར་འགྱུར་ཏེ་ལུས་ཀྱིས་སོ། །ཨཱ་ཡིག་ཆོས་ཀྱི་ཁམས་སུ་འགྱུར་ཏེ་ངེས་པར་དེ་ བཞིན་ཨཿཡིག་ལས་སྐྱེས་སྒྲ་ཡི་རྡོ་རྗེ་མ། །ཨཻ་ཡིག་རེག་བྱ་རྡོ་རྗེ་མ་སྟེ་ལུས་ཀྱི་དབྱེ་བས་ཨཱར་ ཡིག་ལས་སྐྱེས་རོ་ཡི་རྡོ་རྗེ་མ། །ཨཽ་ཡིག་གཟུགས་ཀྱི་རྡོ་རྗེ་མར་འགྱུར་ངེས་པར་དེ་བཞིན་ཨཱ་ ཡིག་ལས་སྐྱེས་དྲི་ཡི་རྡོ་རྗེ་མ། ༧༧། དཔལ་ལྡན་བཟང་པོ་ཆོས་ཀྱི་ཁམས་དང་ཕྱག་ན་རྡོ་རྗེ་དང་ ནི་སྒྲ་ཡི་རྡོ་རྗེ་མ་དག་ཟུང་། །ནམ་མཁའི་སྙིང་པོ་དྲི་ཡི་རྡོ་རྗེ་མ་དང་འཇིག་རྟེན་མགོན་པོ་རོ་ཡི་ རྡོ་རྗེ་མ་དག་ཟུང་། །ས་ཡི་སྙིང་པོ་གཟུགས་ཀྱི་རྡོ་རྗེ་མ་དང་རེག་བྱ་རྣམ་པར་སེལ་བ་དག་ནི་ ཟུང་དུ་འགྱུར། །དེ་ལྟར་རིགས་ནི་དྲུག་པོ་ངེས་པར་རང་བཞིན་ཡོན་ཏན་དབང་གིས་ཡང་དག་ པར་ནི་རིག་པར་བྱ། ༧༨། ཧཾ་ཡིག་གཙུག་ཏོར་འཁོར་ལོ་ཅན་འགྱུར་ལུས་ཀྱི་དབང་གིས་འདིར་ ནི་ཧཿཡིག་ཤིན་ཏུ་སྔོན་མོ་འོ། །ཧ་ཡིག་ཐུང་ངུ་གནོད་མཛེས་སུ་འགྱུར་ངེས་པར་དེ་བཞིན་རིང་ པོ་ལས་སྐྱེས་དྲག་པོའི་མིག་མ་འོ། །ཡཾ་ལཱཿརིམ་པས་རབ་ཏུ་གསལ་བར་ཤིན་ཏུ་སྟོབས་དང་ 1-1-235 རེངས་བྱེད་མ་སྟེ་གཉིས་པོ་དག་ཀྱང་ཟུང་། །རཾ་ཝཱཿརྨུགས་བྱེད་ང་རྒྱལ་མ་སྟེ་ཝཾ་རཱཿཞེས་པ་ ཁེངས་བྱེད་དང་ནི་རྨུགས་བྱེད་མར་འགྱུར་རོ། ༧༩། ལཾ་ཡཱཿ་རེངས་བྱེད་ཤིན་ཏུ་བརྩོན་འགྲུས་ མར་འགྱུར་ཡ་ཝ་ར་ལ་དབྱུག་པ་སྔོན་པོ་མི་གཡོ་བ། །འདོད་པ་དང་ནི་མཐའ་ཡས་བརྩོན་ འགྲུས་སུ་འགྱུར་ལུས་ཀྱི་དབང་གིས་ལྷ་མོ་རྣམས་ཀྱི་རིང་པོ་སྟེ། །ཡཱ་ཝཱ་རཱ་ལཱ་དེ་བཞིན་གླང་ པོ་རྟ་དང་སེང་གེ་དང་ནི་ཕག་གི་ཤིང་རྟ་དག་ལ་འགྱུར་། །དབྱུག་སྔོན་འོད་ཟེར་ཅན་དང་མི་ གཡོ་ཞེས་དང་ཁྲོ་གཉེར་ཅན་མ་བརྩོན་འགྲུས་མཐའ་ཡས་ལྕགས་སྒྲོག་མ། ༨༠། འདོད་པ་ཙུན་ དཱ་ཟུང་དུ་འགྱུར་ཏེ་མི་བདག་དཀྱིལ་འཁོར་ལ་ནི་བདེ་བ་དམ་པའི་དོན་དུ་འོ། །ཨ་ཡིག་དག་ དང་ཨཾ་དང་རྣམ་པར་བཅད་པ་ཧཾ་དང་ཧཿདང་ཧ་ཧཱ་ལས་སྐྱེས་ནུས་མ་བརྒྱད། །བུམ་པ་རྣམས་ ལ་དེ་བཞིན་ཧ་ཡིག་རླུང་དང་མེ་དང་ཆུ་དང་ས་ཡི་དབྱངས་ཀྱིས་ཕྱེ་བར་འགྱུར། །ཨོཾ་ཧཱུཾ་ཧོ་ ཨཱཿདུང་དང་དྲི་མེད་ཡོན་ཏན་ནོར་བུ་དང་ནི་རྐང་འཐུང་ཆོས་ཀྱི་གཎ་ཌཱི་འོ། ༨༡། ༈ ཧ་ཡིག་ཙཱ་མུན་ཌཱ་སྟེ་ཧཾ་དང་ཧཿཞེས་བྱ་བ་འདིར་ནི་དབང་ཕྱུག་མ་དང་ཕག་མོ་འོ། །ཧཱ་ དང་ཀྵ་ཀྵཱ་ཀྵཾ་ཀྵཿདབང་མོ་མཁའ་འགྲོའི་བདག་པོས་འགྲོ་མ་ཚངས་མ་དཔལ་མོ་གཞོན་ནུ་མ། ། ཧཱི་ཧྀ་ཧཱུ་ཧླཱྀ་རྒྱབ་ཏུ་པད་མ་མཆོག་གི་འདབ་མ་ལ་སྟེ་ཐུང་ངུའི་དབྱངས་རྣམས་ མདུན་དུ་འོ། །ཀྵཱི་ཀྵྀ་ཀྵཱུ་ཀྵླྀ་དེ་བཞིན་ཉིད་དེ་རབ་ཏུ་གསལ་ཞིང་ངེས་པར་ཐུང་ངུའི་ དབྱངས་རྣམས་དེ་བཞིན་ནོ། ༨༢། ཤར་དང་གཡས་དང་གཡས་མིན་ཆུ་དང་མེ་དང་ལྷ་མིན་ དབང་ལྡན་དང་ནི་རླུང་གི་པད་མ་ལ། །འདབ་མ་དྲུག་ལ་ཡ་སོགས་དབྱངས་དྲུག་གིས་ཕྱེ་ཐུང་ ངུ་རིང་པོ་རྣམས་ནི་རིམ་པར་ཡོངས་བཀོད་པ། །ཧི་ཀྵི་ལ་སོགས་ལ་མཐའ་ཐམས་ཅད་ནོར་ནི་ གདེངས་ཅན་གྱིས་བསྒྱུར་ལྷ་མོ་རྣམས་ཀྱི་འདབ་མ་ལ། །རིགས་ཀྱི་དབང་གིས་མངོན་ཕྱོགས་ ཙཱ་མུཎ་ཌཱ་ལ་སོགས་པའི་ཐབས་སུ་འགྱུར་ཏེ་སྔགས་ཀྱི་དབྱེ་བས་སོ། ༨༣། ༈ ཏཾ་ནཿབརྒྱ་བྱིན་ཆུ་གཏེར་གདོང་སྟེ་པཾ་མཿཞེས་པ་རྒྱ་མཚོ་དང་ནི་དཔལ་ལྡན་ཚོགས་ 1-1-236 ཀྱི་དབང་། །ཊཾ་ཎཿམེ་དང་གཞོན་ནུ་དག་སྟེ་ཙཾ་དང་ཉཿཞེས་བྱ་བ་སྲིན་པོའི་དབང་པོ་དག་དང་ རླུང་། །ཀཾ་ངཿཁྱབ་འཇུག་དུས་ཏེ་འཕྲོག་བྱེད་ཞེས་དང་ནོར་སྦྱིན་དག་ཀྱང་སཾ་དང་འདིར་ནི་ ྈྐཿཉིད་དོ། །ཙ་སོགས་སྡེ་པ་དབྱངས་དང་བཅས་པ་རྣམས་ནི་ལྷ་ཡི་པད་མའི་འདབ་མར་ལྷ་ མོ་རྣམས་ཀྱིར་འགྱུར། ༨༤། ནག་པའི་ཟླ་བ་སོགས་ཀྱི་ཚེས་རྣམས་དུས་ཀྱི་ངེས་པའི་དབང་ གིས་སྟོང་པ་དྲུག་དང་མེ་ཡི་གྲངས། །དེ་ཉིད་ལ་གནས་ཧ་ཡིག་རླུང་མེ་ཆུ་དང་ས་རྣམས་དག་ ལ་ཤར་ལ་སོགས་པའི་ཀླུ་རྣམས་ཀྱི། །སྡེ་བདུན་བརྩེགས་པ་ལ་གནས་ཀྵ་ཡ་ར་ཝ་ལར་ལྡན་ དུར་ཁྲོད་དུ་ནི་ལྷ་མིན་མོ་རྣམས་ཀྱི། །ཤེས་རབ་ཐབས་ཀྱི་ལུས་དང་བསམ་པས་རིགས་ཀྱི་ དབང་ལས་འདིར་ནི་གང་ཞིག་དབུས་སུ་མངོན་ཕྱོགས་འགྱུར། ༨༥། ༈ དཔལ་ལྡན་རྡོ་རྗེ་ཅན་(རྡོ་རྗེ་སེམས་དཔའ)དང་(བྱང་སེམས)ཀུན་བཟང་ཡབ་སྲས་ཡིན་པས་ རིགས་དང་རིགས་ཅན་དུ་འགྱུར་ལ། །དེ་བཞིན་དུ་ནམ་མཁའི)རིགས་ཀྱི་དབང་གིས་རྡོ་རྗེ་འཛིན་པ་ (མི་བསྐྱོད་པ་དང)ཕྱག་ན་རྡོ་རྗེ(ཡབ་སྲས་ཡིན་པ)ར་འགྱུར། །དོན་ཡོད་གྲུབ་(པ)དང་ནམ་མཁའི་སྙིང་ པོ་(ཡང་རིགས་དང་རིགས་ཅན་དུཡིན་ལ)དྲི་མེད་ནོར་བུའི་ཕྱག་(ཅན་རིན་འབྱུང་)དང་ས་ཡི་སྙིང་པོ་(རིགས་ དང་རིགས་ཅན་དུ)ཡང་དག་གོ། ཕྱག་ན་འཁོར་ལོ་(ཅན་རྣམ་སྣང་དང་སྒྲིབ་པ)རྣམ་པར་སེལ་བ(ཡབ་སྲས་ ཡིན་པ)ར་འགྱུར་ཏེ་(ཆུ་ཁམས་ཀྱི)རིགས་ཀྱི་དབང་གིས་འོད་དཔག་མེད་དང་འཇིག་རྟེན་མགོན(པོ་ ཡང་ཡབ་སྲས་སོ)། །༈ དཔལ་ལྡན་(སྣ་ཚོགས)ཡུམ་དང་(སྒྲ་ཡི་རྡོ་རྗེ་མ་སྟེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ཆོས་ ཀྱི་ཁམས)ཆོས་ཀྱི་ཁམས་(ཀྱི་རྡོ་རྗེ་མ་)ནི་(རིམ་པ་ལྟར)སྒྲ་ཡི་རྡོ་རྗེ་མ(འི་རིགས)་དང་རྡོ་རྗེ་དབྱིངས་ཀྱི་ དབང་ཕྱུག་མ(རིགས་ཅན་ནོ)(ཞེས་ཕྱིས་བསྒྱུར་ཡོད་མོད་མ་བསྒྱུར་ཡང་འགལ་བ་མེད)། ༨༦། དཔལ་ལྡན་སྒྲོལ་ མ་(དང་)རེག་བྱ་རྡོ་རྗེ་མ་(རིགས་དང་རིགས་ཅན)སྟེ་(མེ་ཁམས་ཀྱི)རིགས་ཀྱི་དབྱེ་བས་གོས་དཀར་(མོ་ དང་)རོ་ཡི་རྡོ་རྗེ་མ(ཡང་ངོ་)། །མཱ་མ་ཀཱི་དང་གཟུགས་(རྡོ་རྗེ་མ)ཞེས་གྲགས་པ(ཡང་དེ་ལྟ)ར་འགྱུར་ ཏེ་(ས་ཁམས་ཀྱི)རིགས་ཀྱི་དབང་གིས་སྤྱན་མ་(དང་)དྲི་ཡི་རྡོ་རྗེ་མ(རིགས་དང་རིགས་ཅན་ཏེ་ཡུམ་དང་སྲས་ 1-1-237 མོ་ཡིན་ནོ)། །༈ ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་(རིགས་ཅན)དང་(དེའི་རིགས་ནི)རྒྱལ་བའི་བདག་ པོ(རྡོ་རྗེ་སེམས་དཔ)ར་འགྱུར་ཏེ་ཀུན་ཏུ་བཟང་པོ(འི་རིགས་ཅན་ཡང་རྡོ་རྗེ་ཤུགས)་དེ་ཉིད་དོ(སྟེ་ཡབ་སྲས་སོ)། ། གཙུག་ཏོར་(དང་)མི་བསྐྱོད་པ་ཉིད་(རིགས་ཅན་དང་རིགས་ཅན་ཏེ)འདིར་ནི་སླར་ཡང་ཤིན་ཏུ་སྟོབས་ (རིགས་ཅན)དང་(དེའི་རིགས)དོན་ཡོད་གྲུབ་པར་རབ་ཏུ་གྲགས། ༨༧། རྨུགས་བྱེད་དང་ནི་ཕྱག་ན་ རིན་ཆེན་(རིགས་ཅན་དང་རིགས་ཅན་ཉིད)དུ་འགྱུར་(ཏེ་ཆུ་ཁམས་ཀྱི)རིགས་ཀྱི་དབང་གིས་ཁེངས་བྱེད་ དང་ནི་འོད་དཔག་མེད(ཀྱང་ངོ་)། །(དེ་བཞིན་དུ)རེངས་བྱེད་དང་ནི་རྣམ་པར་སྣང་མཛད་(རིགས་ཅན་ དང་རིགས་ཅན་ཉིད)དུ་འགྱུར(ཏེ་སངས་རྒྱས་དང་ཐུགས་ཀྱི་ཁྲོ་བོ་ཡབ་སྲས་སུ་སྦྱར་བའོ། །དེ་བཞིན་དུ)སྟོབས་ལྡན་ ཕྱག་ན་རྡོ་རྗེ་དག་དང་གནོད་མཛེས་སོ། །མཁའ་སྙིང་དང་ནི་དབྱུག་པ་སྔོན་པོ་(སྟེ་མེ་ཁམས་ཀྱི) རང་བཞིན་ཡོན་ཏན་དབང་གིས་ས་ཡིས་སྙིང་པོ་(དང་)འདོད་པ(འི་རྒྱལ་པོ)་འོ། །(སྒྲིབ་པ)རྣམ་ སེལ་དང་ཤིན་ཏུ་བརྩོན་འགྲུས་(སྟོབས་པོ་ཆེ་ཡབ་སྲས)སུ་འགྱུར་(ལ་ཆུ་ཁམས་ཀྱི)རིགས་ཀྱི་དབང་ གིས་འཇིག་རྟེན་མགོན་པོ་(དང་)མི་གཡོ་བ(རིགས་དང་རིགས་ཅན་ཏེ་སེམས་དཔའ་དང་སྐུའི་ཁྲོ་བོ་ཡབ་སྲས་སུ་ སྦྱར་བ་འོ)། ༨༨། ༈ (སྣ་ཚོགས)ཡུམ་དང་ཁྲོ་བོའི་དབང་པོའི་ཕྱག་རྒྱ(ཁྲོ་མོའི་དབང་ཕྱུག་མ་རིགས་དང་རིགས་ཅན་ཡིན་ པ)ར་འགྱུར་ཏེ་(ཡེ་ཤེས་ཀྱི་ཁམས་ཀྱི)རིགས་ཀྱི་དབང་གིས་སྒྲ་ཡི་རྡོ་རྗེ་(མ་ཡང་)དེ་བཞིན་ཉིད(དུ་རྡོ་རྗེ་ ཤུགས་ཀྱི་ཡུམ་གྱི་རིགས་ཏེ་འདིའི་ཡབ་ཡུམ་གཉིས་སངས་རྒྱས་དང་བྱང་སེམས་གཉི་གའི་སྲས་སུ་བཞག་གོ)། །སྟོང་པར་ གྲགས་པ་(རྡོ་རྗེ་དབྱིངས་ཕྱུག་མ་དང་)ཤིན་ཏུ་སྔོན་མོ་(རིགས་དང་རིགས་ཅན་ཏེ)རླུང་(སྒྲོལ་མ་དང་)མེ་(གོས་ དཀར་མོ་དང་)ཆུ་(མཱ་མ་ཀི)དང་ས་(སྤྱན་མ)རྣམས་(ལས)དང་པོ་མཐའ་ཡས་བརྩོན་འགྲུས་མ(དང་)། ། (གཉིས་པ)རྨུགས་བྱེད་མ་དང་(གསུམ་པ)ཁེངས་(བྱེད)མ་(དང་བཞི་པ)རེངས་བྱེད་མ(འི་རིགས་ཡིན་པ) ར་ནི་རིམ་པས་རབ་ཏུ་གསལ་ཞིང་ངེས་པར་རབ་ཏུ་གྲགས་(ཏེ་གཤེགས་མ་དང་ཐུགས་ཀྱི་ཁྲོ་མོ་ཡུམ་སྲས་ སུ་སྦྱར་བའོ)། །(དེ་བཞིན་དུ)དྲག་སྤྱན་ཆོས་ཀྱི་ཁམས་མར་འགྱུར་ཏེ་རིགས་ཀྱི་དབང་གིས་ལྕགས་ 1-1-238 སྒྲོག་མ་དང་རེག་བྱ་རྡོ་རྗེ་མ(ཡང་ངོ་)། ༨༩། འོད་ཟེར་ཅན་དང་དྲི་ཡི་རྡོ་རྗེ(མ)ར་རབ་ཏུ་འགྱུར་ཏེ་ ཁྲོ་གཉེར་ཅན་དང་ཙུན་དཱར་རབ་གྲགས་པ(གཉིས་ནི་མེ་དང་ཆུ་ཁམས)། །(ཀྱི)རིགས་ཀྱི་དབྱེ་བས་ ངེས་པར་རོ་ཡི་རྡོ་རྗེ་མ་དང་གཟུགས་ཀྱི་རྡོ་རྗེ(མའི་རིགས་ཅན་ཡིན་པ)ར་རིམ་པས་ཤེས་པར་བྱ(སྟེ་ སེམས་མ་དང་སྐུའི་ཁྲོ་མོ་ཡུམ་སྲས་སུ་སྦྱར་བའོ)། །༈ འདིར་ནི་(ཁྲོ་བོ)རེངས་བྱེད་(དང་)དུས་མཐར་བྱེད་པ་ (གཤིན་རྗེ་མཐར་བྱེད་མིང་གི་རྣམ་གྲངས)ཉིད་དེ་སླར་ཡང་ཤིན་ཏུ་སྟོབས་དང་བགེགས་དགྲ་(མིང་གི་རྣམ་ གྲངས་ཡིན་པ)རབ་ཏུ་གྲགས། །རྨུགས་བྱེད་(དང་)ཤེས་རབ་མཐར་བྱེད་དག་(ཀྱང་རྣམ་གྲངས་ཉིད)ཏུ་ རབ་ཏུ་འགྱུར་ཏེ་དེ་བཞིན་ཁེངས་བྱེད་དང་ནི་པད་མའི་དགྲ(རྣམ་གྲངས་སོ)། ༩༠། ༈ རླུང་མེ་ཆུ་ས་(སྟེ་གཤེགས་མ་བཞིའི་རིགས་ཅན་ནི)ཙཱ་མུཎ་ཊཱ་དང་ཕག་མོ་(དང་)དབངཕྱུག་མ་ དང་དེ་བཞིན་དབང་མོ་བཞི་པ་སྟེ(རིམ་པས་སོ)། །དྲི་དང་གཟུགས་དང་རོ་དང་རེག་བྱ་ཞེས་པ་ (སེམས་མ་བཞིའི་རིགས་ཅན་ནི)གཡོ་བ་(རླུང་དང་)འཕྲོག་བྱེད་(དབང་ལྡན་དང་)ལྷ་མིན་(བདེན་བྲལ་དང་)མེར་ ནི་གནས་པ་(ཚངས་མ་དཔལ་མོ་གཞོན་ནུ་མ་ཁྱབ་འཇུག་མ)ཡང་(རིམ་པས་ཡུམ་སྲས་སོ)། །༈ ཚངས་པ་དང་ ནི་རྣམ་པར་སྣང་མཛད་(རིགས་ཅན་དང་རིགས་ཅན་ཉིད)དུ་འགྱུར་(ལ)རིགས་ཀྱི་དབང་གིས་རྒྱ་མཚོ་ དག་དང་འོད་དཔག་མེད(རིགས་ཅན་དང་རིགས་སོ)། །མེ་(ལྷ)དང་དཔལ་ལྡན་ཕྱག་ན་རིན་ཆེན་ (རིགས་ཅན་དང་རིགས་ཅན་ཉིད)དུ་འགྱུར་རླུང་(ལྷ)དངདོན་ཡོད་གྲུབ་པ་དག་ནི་དེ་བཞིན་ཉིད(ཏེ་སྲས་ དང་ཡབ་སོ)། ༩༡། མི་བསྐྱོད་པ་དང་ལྷ་མིན་དགྲ་བོ(ཁྱབ་འཇུག་རིགས་དང་རིགས་ཅན་ཡིན་པ)ར་འགྱུར་ ཏེ་རྒྱལ་བའི་བདག་པོ་(རྡོ་རྗེ་སེམས་དཔའ)དང་ནི་བདེ་བྱེད་(དབང་ཕྱུག་རིགས་དང་རིགས་ཅན་དུ)རབ་ཏུ་ གྲགས། །(སྒྲིབ་པ)རྣམ་པར་སེལ་བ་གང་དེ་བརྒྱ་བྱིན་དུ་འགྱུར་འཇིག་རྟེན་མགོན་པོ་(དང་) ཚོགས་ཀྱི་བདག་པོ་དེ་བཞིན་ཉིད། །ས་ཡི་སྙིང་པོ་(དང་)གདོང་དྲུག་པར་འགྱུར་དཔལ་ལྡན་ མཁའ་སྙིང་(དང་)ལྷ་མིན་བདག་པོ(བདེན་བྲལ་རིགས་དང་རིགས་ཅན་ཡིན་པ)ར་རབ་ཏུ་གྲགས་པ་ཡིན། ། དཔལ་ལྡན་ཕྱག་ན་རྡོ་རྗེ་(དང་)དུས་(གཤིན་རྗེ་ཡབ་སྲས)སུ་འགྱུར་ཏེ་དྲུག་པ་ཀུན་ཏུ་བཟང་པོ་ 1-1-239 (དང)ནོར་གྱི་བདག་པོ་འོ། ༩༢། ༈ རིག་མ་(ཡུམ)དྲུག་དང་རྡོ་རྗེ་(སེམས་མ)དྲུག་(གི་རིགས་ཅན)ནི་(ཁམས་ཀྱི)རང་བཞིན་(དང་ཡུལ་ གྱི)ཡོན་ཏན་དབང་གིས་(ལྷ་བཅུ་གཉིས་པོ་)དེ་རྣམས་(ཀྱི)རང་རང་(གི)ཕྱག་རྒྱ་སྟེ། །(ལྷ་ཆེན་བཅུ་གཉིས་ ཀྱི)རིག་མ་(སམ)ཕྱག་རྒྱ་(མ)ལ་སོགས་(པའི་རྣམ་གྲངས་ཅན)ཉི་མ་(སྟེ་བཅུ་གཉིས་དང་དེ་དག་གི་ཐབས)ལྷ་ ཡི་མཆོག་གི་བདག་(པོ་བཅུ་གཉིས)རྣམས་(ནི་རིམ་པ་ལྟར་ལོ་གཅིག་གི)དཀར་པོ་(རྫོགས་པའི་ཉ་བཅུ་གཉིས་ དང་)ནག་པོ་རྫོགས་པ་(གནམ་སྟོང་བཅུ་གཉིས་རྣམ་པར་དག་པ)འོ། །(ལྷ་ཆེན་བཅུ་གཉིས་པོ)དེ་དག་རྣམས་ཀྱི་ པད་འདབ་(ཉེར་བརྒྱད)ལ་ནི་ནོར་ལག་ཚེས་(ཞེས་པ་རྡོ་རྗེའི་ཚེས་ཉེར་བརྒྱད)ཏེ་མཆུ་ཡི་ཟླ་བ་ལ་སོགས་ (ས་བཅུ་གཉིས་པོ)གང་(ཡིན་པ)དེ་རྣམས(གཉིས་གཉིས)། །(ལས)ཟླ་བ་(སྔ་མ)དྲུག་ནི་(དབྱངས་ཐུང་རིང་གིས་ ཕྱེ་བའི་སྡེ་པ་གཉིས་གཉིས་ལས)སྔ་མ་(དབྱངས་ཐུང་ངུས་ཕྱེ་བའི་སྡེ་པ)དྲུག་ཏུ་འགྱུར་ཏེ་(ཐབས་ཀྱི་རིགས་སོ་ཤེས་རབ་ ཀྱི)རིགས་ཀྱི་དབང་གིས་(གཉིས་པ་དབོའི་ཟླ་བ་ལ་སོགས་པའི་ཚེས་ཀྱི་)ལྷ་མོ་རྣམས་ཀྱི་(ཡི་གེ་ནི་སྡེ་པ)ཕྱི་མ་ (དབྱངས་རིང་པོས་ཕྱེ་བ་དྲུག་པོ་)ཡང་(ངོ་)། ༩༣། ༈ ཀླུ་བརྒྱད་(པོ)གང་(ཡིན)དེ་བུམ་པ་(བརྒྱད་པོ)རྣམས་(ཀྱི་རིགས་ཅན)ཏེ་ཁྱབ་བདག་(གཙོ་ བོའི)པད་མའི་འདབ་(མ)ལ་(གནས་པའི་)ནུས་མ་དེ་རྣམས་(ཀྱི་རིགས་ཅན་ནི)རབ་གཏུམ་མ(རྣམས་ཏེ)། ། (འདི་ལྟར)དཔལ་ལྡན་དུ་བ་(མའི་རིགས་ཅན་ནི)བྱ་རོག་གདོང་མར་འགྱུར་ཏེ་(མེ་ཁམས་ཀྱི་)རིགས་ ཀྱི་དབང་གིས་བྱ་རྒོད་གདོང་མ་(ནི)སྨིག་སྒྱུ་མ(འི་རིགས་ཅན་ནི་)། །མཁའ་སྣང་མ(འི་རིགས་ཅན་)ནི་ འུག་གདོང་མ་སྟེ་དཔལ་ལྡན་མར་མེ་(མའི་རིགས་ཅན་ནི་)མཁའ་འགྲོའི་བདག་པོའི་གདོང་མར་ རབ་ཏུ་གྲགས། །ནག་མོ་འབར་མ(འི་རིགས་ཅན་ནི་)ཁྱི་གདོང་མ་སྟེ་དམར་མོ་འབར་མ(འི་རིགས་ ཅན་ནི་)་ཤིན་ཏུ་རྣམ་འགྱུར་གདོང་ལྡན་ཕག་གདོང་མ། ༩༤། དཀར་མོ་འབར་མ(འི་རིགས་ཅན་ནི་) སྟག་གི་གདོང་མར་འགྱུར་ཏེ་(ས་ཁམས་ཀྱི)རིགས་ཀྱི་དབང་གིས་སེར་མོ་འབར་མ(འི་རིགས་ཅན་ ནི་)ལྕེ་སྤྱང་(གདོང་)མ(འོ)། །༈ དེ་བཞིན་(དུ་ནུས་མ)རྣམ་པ་བཅུ་ཡིས་སྒེག་མོ་ལ་སོགས་(མཆོད་ 1-1-240 པའི་ལྷ་མོ)ཀུན་རབ་གསལ་ཏེ་(དེ་ཡང་ཕྱོགས་བརྒྱད་ཀྱི་ནུས་མ་ནི་ཕྱོགས་བརྒྱད་ཀྱི་གཟུངས་མ་བརྒྱད་ཀྱི་རིགས་དང་)སྣ་ཚོགས་ཡུམ་གྱིས་ལྷག་མ་(སྟེང་འོག་གི་མཆོད་ལྷ་བཞི་པོ་བསྐྱེད་པ)འོ། །༈ ལྷ་མོ་སངས་རྒྱས་རིག་ མ་ཤིང་དང་བཅས་ཤིང་བུམ་པ་དང་བཅས་རྒྱལ་བ་ཡི་ནི་དག་པའི་སྐུ། །ཁྲོ་བོའི་དབང་པོ་ བྱང་ཆུབ་སེམས་དཔའ་ངེས་པར་རོ་ཡི་རྡོ་རྗེ་མ་ནི་ཆོས་ཀྱི་སྐུ་དེ་ཉིད། ༩༥། རྣལ་འབྱོར་མ་རྣམས་ ལོངས་སྤྱོད་སྐུ་སྟེ་རབ་མཆོག་ཤིང་རྟ་ལ་གནས་ལྷ་ནི་ཉི་མར་རབ་གྲགས་པ། །ཀླུ་ནི་བརྒྱ་པོ་ རྣམས་དང་རབ་གཏུམ་མ་རྣམས་འཁོར་དང་བཅས་པ་སངས་རྒྱས་ཀྱི་ནི་སྤྲུལ་པའི་སྐུ། །༈ དེ་བཞིན་སླར་ཡང་རྒྱལ་བའི་སྐུ་ནི་དབྱེ་བ་གཉིས་སུ་འགྱུར་ཏེ་ཕྱི་རོལ་དག་དང་ནང་ལ་ཡང་། །མངལ་ནས་སྐྱེས་པ་ཇི་ལྟ་བ་ཉིད་དེ་བཞིན་ཁོ་ན་དཀྱིལ་འཁོར་ལ་ནི་ངེས་པར་རབ་ཏུ་ འགྱུར། ༩༦། སྟོན་པ་ལྷ་མོ་སོགས་དང་བུམ་པ་ལྷན་སྐྱེས་རྒྱལ་བའི་སྐུ་སྟེ་དཀྱིལ་འཁོར་སྙིང་པོའི་ དབུས་སུ་འོ། །སངས་རྒྱས་ལ་སོགས་ཆོས་ཀྱི་སྐུ་སྟེ་ངེས་པར་རོ་ཡི་རྡོ་རྗེ་མ་སོགས་ལོངས་ སྤྱོད་རྫོགས་པའི་སྐུ། །ཁྲོ་བོ་སྤྲུལ་པའི་སྐུ་རུ་འགྱུར་ཏེ་རིགས་ཀྱི་དབང་གིས་དཀྱིལ་འཁོར་གྱི་ ནི་སྙིང་པོར་ཡང་དག་གནས། །ཕྱི་རོལ་དུ་ནི་ཙཱ་མུཎ་ཌཱ་ལ་སོགས་པ་ལྷ་མོ་བརྒྱད་པོ་འཁོར་ དང་བཅས་པ་དག་པའི་སྐུ། ༩༧། ལྷ་ལ་སོགས་པ་ཆོས་ཀྱི་སྐུ་སྟེ་མཐའ་དག་གདེངས་ཅན་རིགས་ ཀྱང་འདིར་ནི་ལོངས་སྤྱོད་རྫོགས་པའི་སྐུ། །གཏུམ་མོ་རྣམས་ནི་སྤྲུལ་པའི་སྐུར་འགྱུར་མི་ཡི་ བདག་པོ་སེམས་ཅན་ཀུན་གྱི་དོན་གྱི་སླད་དུ་འོ། །༈ སྐུ་ཡི་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྐུ་ནི་ཟུང་ དུ་འགྱུར་ཏེ་གཟུགས་ནི་རྫོགས་པའི་སླད་དུ་འོ། །གསུང་གི་རྡོ་རྗེ་དང་ནི་ཆོས་ཀྱི་སྐུ་ཡང་ཟུང་ དུ་འགྱུར་ཏེ་ཆོས་ཉིད་བསྟན་པའི་དོན་དུ་འོ། ༩༨། ཐུགས་དང་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ ཟུང་དུ་འགྱུར་ཏེ་སེམས་ཅན་ཀུན་གྱི་དོན་ནི་བྱེད་པ་པོ། །ཡེ་ཤེས་དང་ནི་སྤྲུལ་པའི་སྐུ་དག་ ཟུང་དུ་འགྱུར་ཏེ་སྲོག་ཆགས་རྣམས་ལ་ཐར་པ་སྟེར་བ་ཉིད། ༈ །ཤེས་རབ་ཐབས་ཀྱི་ལུས་ དང་བསམ་པ་མཉམ་དང་མི་མཉམ་རིགས་ནི་ཉི་ཟླ་ཀ་སོགས་ཨ་སོགས་དང་། །རྣམ་གསུམ་ 1-1-241 སྲིད་པ་ལ་གནས་ཡེ་ཤེས་རྣམ་ཤེས་དབྱེ་བ་དག་གིས་རྣལ་འབྱོར་པ་ཡིས་རིག་པར་བྱ། ༩༩། ༈ རྡོ་རྗེ་སྭཱ་ཧཱའི་མཐའ་ལྡན་དག་གིས་མགོ་དང་མགྲིན་པ་སྙིང་ཁ་ལྟེ་བ་གསང་བ་སྤྱི་བོར་ ཏེ། །འདི་རྣམས་ཀྱིས་ནི་བྱིན་བརླབས་ཡན་ལག་རབ་མཆོག་རྒྱལ་བའི་བདག་པོ་ལྷ་མོ་རྣམས་ ཀྱིས་བཀྲུ་བར་བྱ། །༈ སྟོང་པ་ཆོས་ཀྱི་དབྱིངས་དང་རྡོ་རྗེ་གསུམ་གྱི་དུས་དང་ཡེ་ཤེས་མཆོད་ པ་རྗེས་སུ་ཆགས་པ་ལ། །གསུམ་ལ་སྐྱབས་སུ་འགྲོ་བས་སྒྲུབ་པ་པོ་ཡིས་ཏཏ་སྭ་བྷཱ་བ་ཨཱད་མ་ ཀོ་ཧཾ་བརྗོད་པར་བྱ། ༡༠༠། ༈ བུམ་པ་རྣམས་དང་དུ་བ་ལ་སོགས་བརྒྱད་པོ་རྣམས་ཀྱིས་སྙིང་ཁར་ཆོས་ཀྱི་འཁོར་ ལོར་རབ་ཏུ་འགྱུར། །རིག་མ་རྣམས་དང་སངས་རྒྱས་ཉིད་ཀྱིས་མགོ་བོར་རྩིབས་བཅུ་དྲུག་ པ་ལྷན་ཅིག་སྐྱེས་པར་རབ་ཏུ་གྲགས། །བྱང་ཆུབ་སེམས་དཔའ་ལ་སོགས་ཉིས་འགྱུར་མི་ བདག་རྣམས་ཀྱིས་མགྲིན་པར་ལོངས་སྤྱོད་རྫོགས་པའི་འཁོར་ལོར་འགྱུར། །འཇིགས་མ་ ལ་སོགས་ནོར་ལ་གདེངས་ཅན་གྱིས་ནི་བསྒྱུར་བ་རྣམས་ཀྱིས་ལྟེ་བར་སྤྲུལ་པའི་འཁོར་ལོར་ འགྱུར། ༡༠༡། ལག་པ་རྐང་པའི་ཚིགས་ལ་ལྷ་རྣམས་ཀྱི་ནི་ལས་ཀྱི་འཁོར་ལོ་དགུ་བཅུ་དུས་ ཀྱིས་བསྣུན་པ་སྟེ། །ཀླུ་དང་གཏུམ་མོ་མི་ཡི་བདག་པོ་རྣས་ཀྱིས་སོར་མོའི་ཚིགས་ཀྱི་མཚམས་ ལ་བྱ་བ་ཞེས་བྱར་འགྱུར། །༈ དུས་ཀྱི་དག་པས་དཔལ་ལྡན་རྡོ་རྗེ་ཅན་འགྱུར་མི་བདག་ལོ་ དང་ཟླ་བ་ལ་སོགས་དབྱེ་བས་སོ། །སེམས་ཀྱི་རྣམ་པ་ཉི་མ་མ་ཡིན་ཉིན་ཞག་སོ་སོའི་དབང་ གིས་སྣ་ཚོགས་ཡུམ་ནི་རྣམ་པར་དག༡༠༢། ༈ རླུང་གི་དག་པས་དུ་བ་ལ་སོགས་རང་གི་སྙིང་ཁའི་པད་མར་རྩ་ཡི་འཁོར་ལོ་ལ་གནས་ རྣམས། །ཉོན་མོངས་རྣས་ཀྱིས་དྲག་པོ་ཆུང་མར་བཅས་པ་ཁྱབ་བདག་ཞབས་ཀྱི་འོག་ཏུ་ བདུད་ཀྱི་ཚོགས་ཀྱིས་འདུད། །དུང་དང་གཎ་ཌཱི་ནོར་བུ་ལྗོན་པ་ཞེས་པ་དག་ཀྱང་དེ་བཞིན་སྐུ་ ཡི་རྡོ་རྗེ་ལ་སོགས་ཀྱིས། །བུམ་པ་བརྒྱད་ནི་བདུད་རྩིའི་ཡན་ལག་གིས་ཏེ་རྒྱལ་དང་རྣམ་རྒྱལ་ 1-1-242 བུམ་པ་བྱང་ཆུབ་སེམས་སོགས་ཀྱིས། ༡༠༣། འདུ་བྱེད་དོན་ཡོད་གྲུབ་པ་ཚོར་བ་དྲི་མེད་ནོར་ བུའི་ཕྱག་དང་འདུ་ཤེས་སྣང་བ་མཐའ་ཡས་ཏེ། །གཟུགས་ནི་འཁོར་ལོ་ཅན་ནོ་རི་བོང་ཅན་ དང་སྟོབས་ཁྲག་བཤང་བ་གཅི་བ་རྣམ་པར་དག་པ་འོ། །ལྷ་མོ་དྲུག་ནི་ཁམས་རྣམས་ཀྱིས་ཏེ་ ཡུལ་དང་ཡུལ་ཅན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས། །ཁྲོ་བོ་ལྔ་ནི་སྟོབས་ རྣམས་ཀྱིས་ཏེ་ངེས་པར་སླར་ཡང་གཞན་པ་ལྔ་ནི་དབང་པོ་གཞན་རྣམས་ཀྱིས། ༡༠༤། ཙཱ་མུཎ་ཌཱ་ སོགས་ཐུན་བརྒྱད་ཀྱིས་ཏེ་པད་མའི་འདབ་མར་གནས་རྣམས་ཉི་མའི་དུས་སྦྱོར་ཆུ་ཚོད་ཀྱིས། ། ལྷ་མིན་ལ་སོགས་ཉི་མའི་ཟླ་བས་པད་མའི་འདབ་མར་གནས་རྣམས་ཆུ་ཚོད་དབུགས་ཀྱི་ གྲངས་ཀྱིས་སོ། །གསང་བར་མི་བདག་ཉིས་འགྱུར་རྩ་རྣམས་ཀྱིས་ཀྱང་ཀླུ་རྣམས་དང་ནི་ གཏུམ་མོ་རྣམས་ཀྱང་རྣམ་པར་དག །དེ་བཞིན་འདོད་མ་ལ་སོགས་དེ་དག་རང་བཞིན་ཡོན་ ཏན་དབངགིས་ལུས་ཀྱི་བྱ་བས་རྣམ་པར་དག༡༠༥། སྤུ་རྣམས་ཀྱི་ནི་གྲུབ་པ་མཐའ་དག་བ་སྤུ་ རྣམས་ཀྱིས་དུར་ཁྲོད་ས་གཞི་ལ་གནས་འབྱུང་པོའི་ཚོགས། །༈ དེ་ཉིད་རྣམས་ཀྱིས་གཙོ་བོའི་ མཚོན་ཆ་རང་བཞིན་ཡོན་ཏན་དབང་གིས་ཁམས་ཀྱིས་ཕྱི་ཡི་ཕྱག་རྒྱ་འོ། །རྡོ་རྗེས་ནང་གི་ཕྱག་ རྒྱ་རྡོ་རྗེ་འཛིན་པའི་ཐུགས་ཁར་ཟླ་བའི་སྟེང་དུ་ཡང་དག་གནས་པ་འོ། །དཔལ་ལྡན་རྡོ་རྗེ་ཅན་ དང་སྣ་ཚོགས་ཡུམ་ནི་རྣམ་གསུམ་སྲིད་གནས་འགྱུར་མེད་ཡེ་ཤེས་སྦྱོར་བ་ལས། ༡༠༦། ༈ དཔལ་ལྡན་དག་པ་ལས་ནི་ཆོས་སྐུར་འགྱུར་ཏེ་ཆོས་ལས་ངེས་པར་ལོངས་སྤྱོད་ རྫོགས་སྐུ་བཟང་པོ་འོ། །ལོངས་སྤྱོད་ལས་ནི་སྤྲུལ་པའི་སྐུ་རུ་འགྱུར་ཏེ་རྒྱལ་བའི་བདག་པོའི་ སེམས་ཅན་ཀུན་དོན་བྱེད་པ་པོ། །བཞི་པའི་གནས་སྐབས་ཤིན་ཏུ་གཉིད་ལོག་ངེས་པར་སླར་ ཡང་གཞན་དང་ལུས་ཀྱི་དབྱེ་བས་སད་པ་སྟེ། །དེ་ལྟར་སྐུ་ཡི་རབ་ཏུ་དབྱེ་བས་སྲོག་ཆགས་ རྣམས་ཀྱི་ལུས་ལ་ཡིད་ནི་རྣམ་པ་བཞི་རུ་གནས། ༡༠༧། ༈ སྤྲུལ་པར་ཡིད་ནི་ལོངས་སྤྱོད་བྱེད་པ་པོ་རུ་རབ་ཏུ་འགྱུར་ཏེ་ལུས་དང་ངག་དང་ 1-1-243 དབངཔོས་སོ། །ལོངས་སྤྱོད་རྫོགས་ལ་མ་མཐོང་སེམས་པར་འགྱུར་ཏེ་ཡོན་ཏན་དབང་གིས་ ཆོས་ཀྱི་སྐུ་ལ་ཉིད་ཀྱང་ངོ་། །དག་པ་ལ་ནི་བདེ་བར་རབ་འགྱུར་འདིར་ནི་ཉིན་མཚན་དུས་ སུ་ཐིག་ལེ་གྲོལ་བ་གསུམ་གྱི་མཐར། །དེ་ཕྱིར་དེ་ནི་ཉིན་མཚན་དུས་སུ་རྣལ་འབྱོར་པ་ཡིས་ བསྒོམ་པར་བྱ་སྟེ་འགྱུར་མེད་དོན་དུ་འོ། ༡༠༨། ༈ གཡོན་དུ་སྲོག་ནི་རབ་ཏུ་རྒྱུ་བར་འགྱུར་བ་དེ་བཞིན་དུ་ནི་གཡས་པ་བསྐུམ་པ་གང་ ཡིན་པ། །དེ་ནི་གཡོན་བརྐྱང་སྟབས་ཏེ་མཉམ་པའི་སྟབས་དང་གཞན་པ་གཡས་བརྐྱང་མེ་ དང་ཉི་མའི་རྒྱུ་བ་ལས། །ས་ག་དང་ནི་ཟླུམ་པོ་མཆོག་གི་རོལ་པའི་སྟབས་དང་པད་མ་དང་ ནི་རྡོ་རྗེའི་འདུག་སྟངས་རྣམས། །ནམ་མཁའ་སོགས་ལ་རབ་ཏུ་རྒྱུ་བ་མཉམ་དང་མི་མཉམ་ བགྲོད་པ་དག་ལ་སྲོག་རླུང་རྣམ་པ་ལྔ། །༡༠༩། ། ༈ གཏུམ་མོ་ལྟེ་བའི་འཁོར་ལོ་དགུ་ཡིས་བསྣུན་པའི་ལག་འགྲོ་ཙར་ཙི་ཀཱ་སོགས་ལྷག་ པའི་ལྷ་དང་ལྡན། །ཧོ་ཡིག་ཡེ་ཤེས་སྙིང་པོ་ལ་ནི་དྲི་མེད་གློག་དང་མཚུངས་པའི་ཡེ་ཤེས་མེ་ ནི་རབ་རྒྱས་པ། །ལྟེ་བར་རྣམ་པར་སྣང་མཛད་ལ་སོགས་སྲེག་ཅིང་མི་ཡི་བདག་པོ་སྤྱན་མ་ མིག་ལ་སོགས་པ་རྣམས། །ཐམས་ཅད་བསྲེགས་ནས་མགོ་བོར་ཟླ་བ་བཟང་ལས་ཐིག་ལེའི་ གཟུགས་ནི་འཛག་པ་གང་དེ་རྡོ་རྗེ་ཅན། ༡༡༠། ༈ ཤེས་རབ་ཆོས་འབྱུང་དག་ལ་གནས་པ་མཐའ་དག་སླར་ཡང་སྤྲོ་བ་བྱས་ཏེ་ངེས་ པར་ཐིག་ལེ་ཡིས། །སྣ་ཚོགས་རྒྱན་དང་ལྡན་ཞིང་མེ་ལོང་དག་ལ་གནས་པ་ལྟ་བུའི་ཡེ་ཤེས་ འཁོར་ལོ་རང་བྱུང་བ། །འདོད་པ་དང་ནི་གཟུགས་དང་གཟུགས་མེད་སྲིད་པ་རྣམ་པ་གསུམ་ པོ་རྣམས་ཀྱང་རིམ་པས་སྦྱངས་བྱས་ཏེ། །ཕྱི་ནས་ཡེ་ཤེས་མེ་ལྕེ་དག་གིས་སྲིད་པ་གསུམ་པོ་ མཐའ་དག་དུས་གཅིག་ཏུ་ནི་དགུག་པར་བྱ། ༡༡༡། ༈ ཟླ་བ་ཉི་མ་ཨ་སོགས་ཀ་སོགས་རྣམས་ཀྱིས་རྣམ་གསུམ་བགྲོད་གནས་སྐུ་ཡི་རྡོ་རྗེ་ 1-1-244 སོགས་བཟླས་པ། །སོ་སོར་སྡུད་པ་ལ་སོགས་དྲུག་གིས་གསེར་བཟང་པད་མ་ལ་ནི་སྐུ་གསུང་ ཐུགས་ཀྱི་རྣལ་འབྱོར་ཏེ། །དགའ་བ་སོགས་ཀྱིས་རྡོ་རྗེ་ཆུ་སྐྱེས་དག་ལ་རོ་མཉམ་གྱུར་པས་ བསྒོམས་པ་འདི་ནི་རྡོ་རྗེ་གསུམ། །ཤེས་རབ་པད་མར་སེམས་ཀྱི་ཐིག་ལེ་དག་ལ་ལྷན་སྐྱེས་ བདེ་བའི་དབང་གིས་བསྒོམ་པ་གཞོམ་མེད་འགྱུར། ༡༡༢། ༈ བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་བཟླས་པ་སོགས་ ཀྱིས་བསྙེན་པ་སྟེ། །སོ་སོར་སྡུད་པ་སོགས་དང་རྡོ་རྗེ་པད་མ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་ བའི་སྒྲུབ་པར་འགྱུར། །དགའ་བ་ལ་སོགས་རྣམས་ཀྱིས་རྡོ་རྗེ་གསུམ་དང་ཆུ་སྐྱེས་རོ་མཉམ་ གྱུར་པ་བསྒོམ་པ་བསྒྲུབ་པར་འགྱུར། །ཤེས་རབ་སྦྱར་ལ་གང་ཚེ་འཕོ་མེད་ཕྲ་མོའི་རྣལ་འབྱོར་ དག་ལས་ངེས་པར་སྒྲུབ་པ་ཆེན་པོར་འགྱུར། ༡༡༣། ༈ དང་པོར་སྟོངཉིད་བྱང་ཆུབ་ངེས་པར་སླར་ཡང་དེ་ནས་ཟླ་བ་ཐིག་ལེ་དག་ནི་ཡང་ དག་འཛིན། །དེ་ནས་གཟུགས་ནི་བསྐྱེད་ཅིང་རབ་མཆོག་རོ་ཡི་རིགས་རྣམས་དག་གིས་ཡི་གེ་ དགོད་པ་ཉིད་ཡིན་ཏེ། །ཆུ་ཡི་གཏེར་གྱི་རྡོ་རྗེ་འདི་ནི་སྤྱི་ཡི་བསྙེན་པར་འགྱུར་ཏེ་སྒྲུབ་པ་དག་ ནི་དབུ་མ་ཡང་། །འདི་ལ་ཐབས་ནི་རྣམ་བཞིར་འགྱུར་ཏེ་དམན་དང་བརྟན་པ་སྒྲུབ་པའི་ཡན་ ལག་དག་ལ་དེ་བཞིན་ཉིད། ༡༡༤། ༈ སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཞིང་རྣམ་པ་བཅུ་སྟེ་བསམ་གཏན་མི་ བསྐྱོད་པ་ཉིད་དོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ ཕྱག་ན་རིན་ཆེན་ནོ། །གཡུང་མོ་ལ་ནི་རྗེས་སུ་དྲན་པ་པད་མ་འཛིན་པར་འགྱུར་ཏེ་དཔལ་ལྡན་ ཏིང་འཛིན་འཁོར་ལོ་ཅན། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་སླར་ཡང་གང་ལས་ཨ་སོགས་ཀ་ སོགས་རྣམས་ཀྱིས་ཕྱེ་བ་འོ། ༡༡༥། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ ནི་རབ་ཏུ་འཇུག་པ་མེད་པ་འོ། །བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་ 1-1-245 དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པ་འོ། །སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་དག་ནི་ བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། །ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་ གཉི་གའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་པ་འོ། ༡༡༦། གཏུམ་མོའི་སྣང་བར་ གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིངངེ་ འཛིན། །འདི་རྣམས་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་ རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་ པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། ༡༡༧། ༈ སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་ གྱིས་བྱིན་གྱིས་རློབས། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་ གཏན་སྦྱོར་བས་དག་པ་འོ། །སྲོག་རྩོལ་གྱིས་ནི་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་ བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། ༡༡༨། རྗེས་སུ་དྲན་པ་ལེགས་པར་ དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །དེ་ནས་ཏིང་ངེ་ འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །༈ སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ ན། །ནཱ་ད་གོམས་པས་བཙན་ཐབས་ཆུ་སྐྱེས་སུ་གནས་རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་ བསྒྲུབ་པར་བྱ། ༡༡༩། ༈ བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་ བས་སོ། །བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བའི་སྒྲུབ་ 1-1-246 ལ་ཡན་ལག་དྲུག །ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པའི་འགྱུར་མེད་ གསུམ་ནི་བསྒྲུབ་པ་ལ། །བདེ་བ་མ་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་ འདིར་ནི་སྒྲུབ་པ་ཆེན་པོ་ལ། ༡༢༠། ༈ སྲོག་རྩོལ་དག་ནི་ཀུན་ནས་བདེ་མཉམ་འབྲས་བུ་སྟེར་བ་ཇི་སྲིད་མགོ་ཡི་བར་དུ་ འདོད་པ་སྟེ། །དེ་ལས་སྟེང་དུ་འདོད་པ་མིན་པ་འཆི་བའི་འཇིགས་པ་བྱེད་དེ་ཕུང་པོ་ངེས་པར་ འཇིག་པའི་རྒྱུ། །གཙུག་ཏོར་སྒོ་ནི་ཕུག་ནས་འགྲོ་ན་མཆོག་གི་བདེ་བའི་གོ་འཕང་དག་ལ་ ངེས་པར་སྦྱར་བར་བྱ། །ཕུང་པོ་མེད་ཀྱང་རྣལ་འབྱོར་པ་ནི་བདེ་མཉམ་འཇུག་སྟེ་འོན་ཀྱང་ འཇིག་རྟེན་དུ་ནི་གྲགས་པ་མིན། ༡༢༡། ༈ (བྱེད་པ་བཅིང་བའི་ཐབས་ཀྱིས)དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་(ན)ཡུལ་དང་རྣམས་པར་ བྲལ་(ཡང་ཡུལ་དུ་ཡེ་ཤེས་ལ་སྣང་)བའི་སྣ་ཚོགས་ཡུམ་(སྟོང་གཟུགས)ལ་འཁྱུད་པ་སྟེ། །(རྩ་འཁོར་ལོ་དྲུག་ གི)པད་མར་ཞུགས་པའི་རང་གི་རྡོ་རྗེ་(བྱང་ཆུབ་སེམས་ཀྱི་ཐིག་ལེ)སྤྲོ་བ་དག་ཀྱང་དེ་བཞིན་ཟླ་ཉིའི་ (རླུང)དབུས་སུ་རབ་ཞུགས་པའོ། །(ཕྱག་རྒྱ་དང་འགྲོགས་ཀྱང་)བདེ་བའི་ས་བོན་མ་ལྷུང་བ་ལ་རབ་ དགའི་དགའ་བར་གནས་པ་རྣལ་འབྱོར་པ་ཡི་(རྡོ་རྗེའི)རྣལ་འབྱོར་འདི(ནི)། །ཕྱག་རྒྱ(ཆེན་པོ)འི་ དངོས་གྲུབ་(ཀྱི)དོན་(གྱི)སླད་(དུ)ཁྱབ་བདག་(སངས་རྒྱས)གི་ནི་དཔལ་ལྡན་གསང་བ་ལས་ཀྱང་ མཆོག་ཏུ་གསང་(ཆེན་དུ་འགྱུར)བ་འོ། ༡༢༢། ༈ གཙུག་ཏོར་དུ་ནི་རྡོ་རྗེ་རྩེ་མོ་ལྔ་པར་འགྱུར་ཏེ་ཕྱི་རོལ་རྩེ་མོ་དག་ནི་ཉིས་འགྱུར་གྱི། ། རྡོ་རྗེ་ཆོས་ཀྱི་འཁོར་ལོར་འགྱུར་ཞིང་ཉིས་འགྱུར་གཞན་མ་དང་ནི་དེ་ཡི་ཉིས་འགྱུར་དག་ ཀྱང་གཞན། །དེ་ཡི་ཡང་ནི་ཉིས་འགྱུར་གཞན་དུ་འགྱུར་ཏེ་ལྷན་སྐྱེས་ལོངས་སྤྱོད་རྫོགས་དང་ སྤྲུལ་པའི་འཁོར་ལོར་རོ། །དེ་ཡི་སྙིང་པོར་རྩེ་མོ་གཅིག་པ་བདེ་མཉམ་འབྲས་སྟེར་གསང་ བའི་པད་མའི་ཁོངས་སུ་གནས་པ་འོ། ༡༢༣། 1-1-247 ༈ རྣལ་འབྱོར་པ་ཡིས་ཉིན་དང་མཚན་མོར་སྲོག་གཅོད་བྱ་བ་དེ་ནི་སྲོག་ཉམས་པ་ལ་ གསུངས་པ་སྟེ། །སྒྲ་ནི་གང་ཞིག་ཞལ་གྱིས་དམན་པ་དག་ཀྱང་སྙིང་ལ་གྱུར་པ་དེ་ནི་བརྫུན་དུ་ སྨྲ་བ་ཉིད། །གང་ཞིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ས་ནི་འཛིན་པ་དག་ཀྱང་རྣལ་འབྱོར་ པ་ཡི་རྐུ་བར་གསུངས། །ཐིག་ལེ་མ་ལྷུང་བ་ལས་བདེ་བར་འགྱུར་པ་ཆགས་བྲལ་མིན་ལས་ གཞན་གྱི་བུད་མེད་བསྟེན་པ་འོ། ༡༢༤། སྲོག་རྩོལ་མེ་ཡི་རི་བོང་ཅན་ནི་ཞུ་བ་དག་ཀྱང་བཏུང་ བ་ཉིད་ནི་ཆང་གི་བཏུང་བ་འོ། །མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་ཉ་ཡི་མཐར་ནི་རང་ སེམས་འགྲོ་སྟེ་ཚེས་ཀྱི་དབང་གིས་སོ། །གཙུག་ཏོར་ནས་ནི་སོར་མོ་རྣམས་སུ་སླར་ཡང་འདི་ ནི་འགྲོ་སྟེ་ནག་པོའི་ཕྱོགས་ཀྱི་མཐའ་རུ་འོ། །རྣལ་འབྱོར་པ་རྣམས་སྤྱོད་པ་གང་དེ་ཉིན་ཞག་ སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་རབ་སྟེར་བའོ། ༡༢༥། ༈ (འདོད་པའི་གནས་སྐབས་བཅུ་ནི་དང་པོ་ཆགས་ཡུལ་ལ)བསམ་(པ)དང་(དེ་ནས་དེ)འདོད་(པ)དང་ (དེའི་དབང་གིས)ལུས་ལ་རིམས་(ཏེ་དྲོད་སྐྱེ་བ)དང་(དྲོད་ཀྱི་དབང་གིས)ཁ་མཆོག་པད་མ་སྐམ་(པས་སྐོམ་ པ)དང་ཟས་ལ་རབ་ཏུ་མི་འཇུག་(སྟེ་མི་འདོད་པ)དང་། །(ལུས)འདར་དང་(སེམས་རངབཞིན་དུ་མི་གནས་ པས)བསྙོ་དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་(འཛག་བདེས)དྲག་ ཏུ་བརྒྱལ་བ་དག(རིམ་གྱིས་འབྱུང་བས་བདེ་བ་རབ་ཏུ་གསལ་བ་དེ་བཞིན་དུ)། རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་ (རྟགས་བཅུས་རིམ་པར)རབ་གསལ་(བྱས་པའི་རྗེས་དྲན)རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་ རྟེན་དུ། །རབ་ཏུ་གསལ་ཞིང་ངེས་པ(འི་གནས་སྐབས་བཅུ་པོ)་དེ་རྣམས་ཡིད་སྲུབ་(ཀྱི)གནས་སྐབས་ (བཅུ་སྟེ་གང་ཟག)སུ་ཞིག་(འདོད་པའི་གནས་སྐབས་བཅུ་པོ་དེ་ལས)རྒྱལ་བ་འདོད་པ་དེ་ནི་(རྡོ་རྗེ་རྣལ་འབྱོར་པ་ ལས་གཞན་པ)སུ། ༡༢༦། ༈ (ངེས་དོན་གྱི་དམ་ཚིག་བཞི་ལས་ཆང་བསྟེན་པ་ནི)ཉིན་དང་མཚན་མོར་(གཏུམ་མོའི་མེས་སྤྱི་བོའི)ཐིག་ ལེ་(བཞུ་བ)དག་ལས་(ཟླ་བ)དཀར་པོའི་རྒྱུན་འབབ་(པ)གང་ཞིག་(བདེ་བས་མྱོས་པར་བྱེད་པའི་ཕྱིར)མ་ 1-1-248 མ་ཀཱི་(ཆང་ཡིན་གྱི)དེ་(མྱོས་བྱེད་ཕྱི་རོལ་གྱི)ཆང་མ་ཡིན(ནོ)། །གོ་ཀུ་ལ་སོགས་(ཤ་ལྔ་བསྟེན་པ་ནི)མིག་ལ་ སོགས་པ་(དབང་པོ་ལྔ་ཡུལ་ལས་བཟློག་སྟེ)ཉིན་ཞག་སོ་སོར་(ཆོས་ཉིད་ཀྱི་ཡུལ་ལྔ་ལ་ཤའི་མིག་སོགས)སྤྲོ་(བ) སྟེ་(བསད་པའི)ཤ་གཞན་རེས་འགའ་དག་ཀྱང་(བཟའ་བྱ)མིན(ནོ)། །(བདུད་རྩི་བསྟེན་པ)ནིརང་(རང་ གི)རིགས་(ཀྱི)ས་ལ་(འཛག་མེད་དུ་)གནས་པའི་ལྷ་(རྣམ་སྣང་ལ་སོགས་པ)རྣམས་དག་གིས་དག་པའི་ ལུས་ལ་བདུད་རྩི་ལྔ་རྣམས་བསྙེན་པ་སྟེ(མི་གཙང་བ་ཟ་བ་ནི་མ་ཡིན་ནོ)། །(འཁྲིག་པ་བསྟེན་པ་ནི)སྟོང་ པ(འི་གཟུགས་ལ་རྣལ་འབྱོར་པ)ར་སེམས་(རྟོག་མེད)ནི་རབ་ཏུ་ཞུགས་པས་(བདེ་བ་ཆེན་པོར་དངོས་ཀུན)རོ་ མཉམ་བྱེད་པ་འཁྲིག་པ་(ཡིན་གྱི)དེ་ནི་(བུད་མེད་ཀྱི)སྐྱེ་གནས་ལ་(སྲུབ་པ་ནི)མ་ཡིན(ནོ)། ༡༢༧། ༈ (ངེས་དོན་གྱི་ཕར་ཕྱིན་བཅུ་ལས་སྤྲོས་པ་དང་)ནོར་རྣམས་སྤངས་པ་སྦྱིན་པ་(སྟེ)ཡིད་དང་བུད་ མེད་འགྲོགས་པ་ལས་ཀྱང་(ཐིག་ལེ)འཕོ་བ་མེད་པའི་ཚུལ་ཁྲིམས་ཏེ། །བཟོད་པ་(ནི)སྒྲ་ལ་ སོགས་(ཡུལ་དྲུག)ལ་(དབངཔོ་རྣམས)མི་འཇུག་པ་(བཟོད་པ)སྟེ་རླུང་གི་(གཡས་གཡོན)གཉི་གའི་བགྲོད་ པ་འཇིག་པ་(ལ་བརྩོན་ན)བརྩོན་འགྲུས་ཉིད། །བསམ་གཏན་(དང་)ཤེས་རབ་དག་ཀྱང་(རིམ་པ་ ལྟར)ལྷན་སྐྱེས་བདེ་ལ་(རྩེ་གཅིག་པར)གནས་པའི་སེམས་དང་(ཆོས་ཀྱི་དབྱིངས)ཀུན་དུ་[ཏུ་]འགྲོ་བ་ (རྟོགས་ཤིང་སེམས་ཅན)ཀུན་གྱི་སྐད(དུ་ཆོས་སྟོན་པའོ)། །(ཤེས་རབ)དེ་ལས་སེམས་ཅན་(གྱི)དོན་(བྱེད་པའི་ ཐབས)དང་རྫུ་འཕྲུལ་(གྱི་འདུལ་བའི་སྨོན་པ་དང་)སྲིད་པ་མཐར་བྱེད་(པའི་སྟོབས་དང་)མི་སྐྱེ་འཐོབ་(པའི་ ཡེ་ཤེས)སྟེ་(དེ་ལྟར་ཕར་ཕྱིན)གཞན་པ་བཞི་རྣམས་སོ། ༡༢༨། ༈ (ཐུན་མོང་བསྒྲུབ་པ་ལ་དཔའ་བོ)གཅིག་པུའི་སྐུ་འམ་ནུས་མ་དང་ལྡན་(པ་སྟེ་ཡུམ་ནུས་མ་དང་བཅས་ པའམ)གནས་དགུ(འི་སངས་རྒྱས་ཡབ་ཡུམ)་དང་བཅས་(པ་འམ)ཉི་ཤུ་རྩ་ལྔའི་བདག་ཉིད་ལ་སོགས་ པ། (ཡོངས་རྫོགས་ཀྱི་བར་དུ)། བསྒོམས་(ཤིང་སྲོག་གཟུགས་གྲུབ)ན་(རལ་གྲི་ལ་སོགས་པ)ཕྱག་རྒྱ(འི་རིག་པ་འཛིན་ པ་འམ་ཕྱག་རྒྱ་གསུམ་དང་མཁའ་སྤྱོད)་ལ་སོགས་གྲུབ་པ་རྣམས་སུ་ངེས་པར་ཉིན་ཞག་འགའ་ཞིག་ དག་གིས་ཡང་དག་འགྱུར།་། (རྨོངས་པ་དང་)རེངས་པ་(དག)དང་ནི་ཞི་(རྒྱས་དག)དང་དབང་(དགུག་ 1-1-249 དག)དང་སྲིད་པ་འཇིག་པ་(བསད་བསྐྲད)དག་ནི་ཞལ་གྱི་དབྱེ་བ་(རྒྱབ་དང་གཡོན་དང་གཡས་དང་མདུན) རྣམས་ཀྱིས་བྱེད(དོ)། །འབྱུང་བ་(ལྔ་པོ)རྣམས་ཀྱི་དཀྱིལ་འཁོར་ལ་གནས་ལྷ་མིན་ལག་འགྲོ(ཀླུ) འི་རིགས་འདི་བསྒོམས་པ་ཡིས་ནི་(གཞན་ལ་ཕན་པ)བསྒྲུབ་པར་བྱ། ༡༢༩། ༈ དཀར་པོ་ཡིས་ནི་ཞི་དང་རྒྱས་པ་བྱེད་དེ་རང་གི་ཡིད་ལ་དམར་པོ་ཡིས་ནི་དགུག་དང་ དབང་། །སེར་པོས་རེངས་དང་རྨོངས་པ་དག་སྟེ་ནག་པོའི་སྤྲིན་དང་མཚུངས་པས་བསད་པ་ དང་ནི་བསྐྲད་པ་འོ། །བསྒོམ་དང་བཟླས་པ་དེ་བཞིན་ཉིད་དུ་རང་གི་ཡིད་ལ་བྱེད་དེ་སྐུ་གསུང་ ཐུགས་དང་རྡོ་རྗེ་ནི། །འབྱུང་བ་རྣམས་ཀྱི་དཀྱིལ་འཁོར་ལ་གནས་སྲིད་པ་གསུམ་པོ་མཐའ་ དག་ལས་ཀྱི་དབྱེ་བས་བསྒྲུབ་པར་བྱ། ༡༣༠། ༈ ཕྱོགས་ནི་ལྷག་པ་ལས་བྱུང་བུང་བ་དང་ནི་གསེར་དང་མཚུངས་པ་གཡས་དང་གཅིག་ ཤོས་དག་གིས་ནི། །ཕུང་པོའི་བདུད་ཉིད་གླང་ཆེན་ལྤགས་པ་དག་ཀྱང་མ་ལུས་བཤུས་ཏེ་རྐང་ པ་ཟུང་ཞིག་དག་ནས་འཛིན། །ལྷ་མིན་དབང་པོའི་ཁྲག་གི་ཐོད་པ་རབ་མཆོག་ཕྱག་མཐིལ་ན་ སྟེ་འཆི་བདག་བདུད་ཀྱི་གདོང་གི་ཕྱག །ཉོན་མོངས་བདུད་ནི་ཞབས་ཀྱིས་བསྒྱེལ་བ་གཉིས་ ལྷག་རྒྱལ་བའི་ཕྱག་ཅན་གཞན་གྱི་དོན་དུ་བསྒོམ་པར་བྱ། ༡༣༡། དེ་ལ་ཡུམ་ནི་ཞལ་གཅིག་ཟུང་ གི་ཕྱག་གི་པད་མ་དག་ལ་གྲི་གུག་དཔལ་ལྡན་ཐོད་པ་སྟེ། །ཉི་མ་ལས་ནི་ཟླ་བས་རང་གི་རྒྱུ་ བ་བཅུ་གཉིས་ལྷག་པའི་གཅིག་རྒྱུ་བགྲོད་པའི་དབང་གིས་སོ། །དེ་ཕྱིར་ལུས་ཀྱི་རབ་ཏུ་དབྱེ་ བས་རྒྱལ་བའི་བདག་པོར་འགྱུར་ཏེ་སྣ་ཚོགས་ཡུམ་ནི་དེ་བཞིན་ཉིད། །ཤེས་རབ་ཐབས་ཀྱི་ ལུས་དང་བསམ་པ་བདེ་མཉམ་འབྲས་སྟེར་ཟླ་བ་ཉི་མའི་རབ་ཏུ་རྒྱུ་བས་སོ། ༡༣༢། ༈ གཅིག་ལ་སོགས་པ་མཐའ་ཡས་ཞལ་ཏེ་ཕྱག་དང་ཞབས་མང་དུ་མའི་ཁ་དོག་མུན་ པ་དག་གི་མཐར། །ཤེས་རབ་ཐབས་ཀྱི་བདག་ཉིད་ངེས་པར་བདེ་མཉམ་སྟེར་ཏེ་རྩ་ནི་ཟླ་བ་ ཉི་མ་འགོག་པ་ལས། །ས་ལ་སོགས་པ་རྣམས་ནི་ཀུན་ནས་འབིགས་བྱེད་དྲི་མེད་ནོར་བུ་དང་ 1-1-250 མཚུངས་སྟོང་པ་གཅིག་པུ་སྟེ། །ཐོག་མ་མེད་ཅིང་མཐའ་མེད་དབུས་ཀྱང་མེད་ལ་ཡུལ་མེད་ ཡུལ་ནི་བསྒྲུབས་པ་དུས་ཀྱི་འཁོར་ལོ་འོ། །༡༣༣། ། ༈ ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ནི་གཉིས་ལྷག་རྒྱལ་བའི་ཕྱག་དང་རིག་བྱེད་ཞལ་དང་ ཞབས་གཉིས་པ། །དམར་སེར་སྤྱན་དང་དབུ་སྐྲ་དམར་སེར་རྒྱལ་བའི་བདག་པོའི་ཅོད་པན་ མཆེ་བ་རྣོན་པོ་གཙིགས་པ་སྟེ། །སྦྲུལ་གྱི་རྒྱན་དང་རབ་མཆོག་སྟག་གི་ལྤགས་པའི་ཤམ་ ཐབས་དང་ནི་གཙོ་བོའི་བཞིན་དུ་མཚོན་ཆའི་ཕྱག །སྤྱི་བོར་མཐའ་དག་རྒྱལ་བའི་རིགས་ཀྱི་ ཐོད་པ་ཁ་དོག་ལྔ་རྣམས་དག་གིས་ཕྲེང་བ་ངེས་པར་བཅིངས། ༡༣༤། དྲི་མེད་འོད་ཟེར་འཕྲོ་ བ་སྣ་ཚོགས་ཆུ་སྐྱེས་ཉི་མའི་སྟེང་དུ་དཀྱིལ་འཁོར་སྣ་ཚོགས་མདོག་ལ་ནི། །ཞབས་གཉིས་ དག་གིས་འབྱུང་པོའི་མགོན་པོ་ལྷག་པའི་སྟོབས་ཀྱིས་མནན་ཞིང་གཡས་བརྐྱང་སྟབས་ཀྱིས་ ཡང་དག་གནས། །འབྱུང་པོ་རྣམས་དང་ལྷ་མིན་གདེངས་ཅན་ལྷ་རྣམས་སྐྲག་པར་བྱེད་ཅིང་ ཡེ་ཤེས་སེམས་དཔའ་གཅིག་གྱུར་པ། །བསྒོམས་ན་ཟླ་བ་གཅིག་ཉིད་ཁོ་ནས་དུར་ཁྲོད་ས་ལ་ གནས་པ་འབྱུང་པོའི་ཚོགས་ནི་བསྒྲུབ་པར་བྱ། ༡༣༥། ༈ ཀླུ་རྣམས་ཆུ་སྐྱེས་འདབ་བརྒྱད་ལ་སྟེ་རྒྱལ་དང་རྣམ་རྒྱལ་དག་ནི་ཉི་མའི་སྟེང་དུ་ བསྒྱེལ་བྱས་ནས། །ཞབས་དག་གིས་ནི་གདེངས་ཅན་བདག་པོ་ཟུང་དང་པད་མའི་འདབ་མར་ གནས་པ་རྣམས་ཀྱི་མཇུག་མ་ཡི། །རྩེད་མོ་ཐམས་ཅད་མནན་ནས་སྤྲིན་གྱི་རིགས་ནི་ལྟོ་བ་ དག་ནས་ངེས་པར་ཀུན་ཏུ་སྤྲོ་བྱེད་པ། །དེ་ལྟར་ཁྲོ་བོའི་དབང་པོ་བསྒོམས་པས་ཉིན་ཞག་ཉུང་ ཟད་རྣམས་ཀྱིས་སྤྲིན་གྱི་ཚོགས་ནི་བསྒྲུབ་པར་བྱ། ༡༣༦། ༈ ཞེས་པ་ལ་སོགས་མི་ཡི་བདག་པོ་ལྷ་རྣམས་དང་ནི་ལྷ་མོ་རྣམས་ཀྱི་སྒྲུབ་ཐབས་སོ་སོ་ རུ། །དཀྱིལ་འཁོར་འདིར་ནི་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ལས་ཀྱི་དབྱེ་བ་མཐའ་ དག་རྣམས་ཀྱིས་འགྱུར། །རེངས་དང་ཞི་བ་དག་དང་དབང་དང་གཞན་ནོར་འཕྲོག་དང་ 1-1-251 བསད་པ་དང་ནི་བསྐྲད་པ་སོགས་ལ་ཡང་། །སུམ་ཅུ་རྩ་དྲུག་རྣལ་འབྱོར་མ་རྣམས་འགྱུར་ཏེ་ སླར་ཡང་བཟླས་དང་སྦྱིན་སྲེག་རང་གི་ས་བོན་གྱིས། ༡༣༧། ༈ ཞི་བ་ལ་ནི་བསམ་གཏན་དག་ཀྱང་ཞི་བ་རི་བོང་འཛིན་པ་ལྟར་དཀར་ལྷ་ནི་ཞི་བའི་ གཟུགས། །དྲག་པོ་ལ་ཡང་བསམ་གཏན་དྲག་པོ་དང་ནི་སྤྲིན་ནག་དང་མཚུངས་ལྷ་རྣམས་ དྲག་པོ་ཉིད་ཀྱི་གཟུགས། །དབང་དུ་བྱས་ལ་བསམ་གཏན་ཆགས་པ་དང་བཅས་ཉིན་མོར་ བྱེད་པའི་སྐུ་སྟེ་ལྷ་ནི་ཆགས་པའི་གཟུགས། །རེངས་པ་ལ་ནི་བསམ་གཏན་རྨོངས་པ་དང་ བཅས་མཆོག་གི་གསེར་དང་མཚུངས་པའི་ལྷ་རྣམས་རེངས་པའི་གཟུགས། ༡༣༨། ༈ ཞི་དང་རྒྱས་པ་དག་ཀྱང་སྲས་བཅས་རྒྱལ་བའི་རིགས་དང་རྒྱལ་པོ་ལྷ་མོ་རྣམས་ ཀྱིས་འགྲུབ་པར་འགྱུར། །དབྱེ་དང་བསྐྲད་པ་དག་ཀྱང་རང་བཞིན་ཡོན་ཏན་དབང་གིས་ཁྲོ་ བོ་ལས་སྐྱེས་རྣམས་ཀྱིས་འགྲུབ་པར་འགྱུར། །དབང་སོགས་འབྱུང་སྐྱེས་རྣམས་ཀྱིས་རབ་ གསལ་ལྷ་མིན་རིགས་ལ་ཕུར་བུས་གདབ་པའང་ལྷ་མིན་མོ་རྣམས་ཀྱིས། །ཡུམ་དག་གིས་ནི་ ལས་རྣམས་ཐམས་ཅད་གཉི་གའི་རྡོ་རྗེའི་རིགས་ལ་བསད་པ་དང་ནི་གསོ་བ་ཡང་། ༡༣༩། ༈ དང་པོར་དཔལ་ལྡན་དུས་ཀྱི་འཁོར་ལོ་དང་ནི་སྲིད་གསུམ་སྐྱེད་མ་འབད་པ་ཡིས་ནི་ བསྒྲུབ་པར་བྱ། །དེ་ནས་ས་གཞིའི་གནས་དག་ཏུ་ནི་གང་ཞིག་ཞི་བ་ལ་སོགས་ལས་རྣམས་ དག་ཀྱང་བསྒྲུབ་པར་བྱ། །ཕ་དང་མ་ཡིས་རྣམ་པར་དམན་པའི་བུ་ནི་ཡོད་པ་མིན་པར་དུས་ ཀུན་དུ་ནི་འཇིག་རྟེན་གྲགས། །དེ་ཕྱིར་བདེ་མཉམ་འབྲས་སྟེར་གཉིས་པོ་བསྒྲུབ་པར་བྱ་སྟེ་ རྣམ་པ་གཞན་དུ་ལས་ནི་འགྲུབ་པ་མིན། ༡༤༠། ༈ གཙོ་བོའི་ཐུགས་ཁར་པད་མའི་དབུས་སུ་རི་བོང་ཅན་དང་ཉི་མ་མེ་ཡི་སྟེང་དུ་རྡོ་རྗེ་ ནི། །ཧཱུཾ་ཡིག་ཡེ་ཤེས་ལས་སྐྱེས་འཇིག་དུས་སྤྲིན་དང་མཚུངས་པ་རྩེ་ལྔ་འོད་ཟེར་དང་བཅས་ དགོད་པར་བྱ། །དེ་ཡི་དབུས་སུ་ཛཿཡི་ལྕགས་ཀྱུའི་འོད་ཟེར་རྣམས་ཀྱིས་སྲིད་པ་གསུམ་པོ་ 1-1-252 མཐའ་དག་བཀང་བྱས་ནས། །རྣམ་གསུམ་སྲིད་པར་གནས་པའི་ཡེ་ཤེས་འཁོར་ལོ་བཀུག་ ནས་རྡོ་རྗེའི་ལམ་དུ་རབ་ཏུ་གཞུག་བྱ་སྟེ། ༡༤༡། ཐམས་ཅད་ཟླ་བ་ཞུ་བ་དང་མཚུངས་རང་གི་རྡོ་ རྗེའི་ཁ་ནས་ཡུམ་གྱི་པད་མར་སྤྲོ་བར་བྱ། །དེར་ནི་ཉི་མར་རབ་ཏུ་ཞུགས་པ་རོ་མཉམ་དག་ཏུ་ འགྱུར་ཏེ་ཨ་སོགས་ཀ་སོགས་རབ་ལྡན་པ། །དེ་ཡི་དབུས་སུ་ཞི་བ་ལ་སོགས་ལས་ཀྱི་ཡེ་ཤེས་ ས་བོན་དུ་འགྱུར་རིགས་ཀྱི་དབང་གིས་སོ། །དེ་ཡིས་རྫོགས་པའི་ལྷ་མོ་འམ་ནི་ལྷ་ཡང་རྣལ་ འབྱོར་པ་ལ་འབྲས་བུ་སྟེར་བ་ཉིད་དུ་འགྱུར། ༡༤༢། ༈ ཛཿཧཱུཾ་བཾ་ཧོཿརིམ་པས་ལྕགས་ཀྱུ་ཞེས་དང་རྡོ་རྗེ་དང་ནི་རྡོ་རྗེ་ཞགས་པ་དྲིལ་བུ་སྟེ། ། ཨོཾ་ཨཱཿཧཱུཾ་ཧོ་དེ་བཞིན་དུ་གསུངས་ཟླ་བ་ཉི་མ་རྡོ་རྗེ་དེ་བཞིན་ཉིད་དུ་འགྱུར་མེད་དོ། །ཨཱི་ རཱྀ་ཨཱུ་ལཱྀ་དེ་བཞིན་ཉིད་དུ་རབ་གསལ་ཡ་ར་ཝ་ལ་རླུང་མེ་ཆུ་དང་ས་རྣམས་ སོ། །ཧཿཧུཾ་ཧྂ་ཕྲེཾ་ཉི་མ་དང་ནི་རྡོ་རྗེ་ཟླ་བ་དག་དང་གྲི་གུག་ཏུ་ཡང་དེ་བཞིན་གསུངས། ༡༤༣། ༈ ཟླ་བ་ཉི་མའི་དབུས་སུ་ཨ་ལི་ཀ་ལི་དང་བཅས་ཆུ་ཡི་ས་བོན་བདག་ཉིད་ཆུ་སྐྱེས་ཏེ། ། དེ་ལས་རྫོགས་པའི་ལྷ་མོ་ཟླ་བའི་མདོག་ཅན་ཞལ་གཅིག་མ་སྟེ་ཟུང་གི་ཕྱག་གི་པད་མ་ཅན། ། གླང་ཆེན་དཀར་པོ་ལ་ཞོན་ཕྱག་ན་ཆུ་སྐྱེས་དཀར་དང་མི་འཇིགས་པ་དང་གོས་ནི་དཀར་པོ་ དང་། །དཀར་བའི་རྒྱན་དང་ལྡན་ཞིང་རབ་ཏུ་བཞད་པའི་ཞལ་ནི་བསྒོམས་ནས་བསྒྲུབ་བྱའི་ ཁྱིམ་དུ་བསྐུལ་བར་བྱ། ༡༤༤། (ཁྱིམ)དེ་ནས་བསྒྲུབ་བྱ་(དེ)བཟུང་ནས་སླར་ཡང་ཁྱིམ་བདག་ (གི)དཀྱིལ་འཁོར་དུ་ནི་རབ་ཏུ་ཡང་དག་གཞུག་པར་བྱ། །(ཞུགས་པ་དེ་ལ)གཙོ་བོའི་(གསུང་གི་འདི་ ལ་ཞི་རྒྱས་ཀྱི་བྱ་བ་གྱིས་ཤིག་ཅེས་པའི)བཀའ་ནི་རབ་ཏུ་ཐོབ་ནས་སྤྱན་མ་ལ་སོགས་རབ་དགྱེས་(ཡུམ) རྣམས་ཀྱིས་བདུད་རྩིའི་བུམ་པ་ཡིས། །སླར་ཡང་བསྒྲུབ་བྱ་དེ་ནི་འཁྲུ་བར་བྱེད་ཅིང་རབ་ མཆོག་རྣམ་བཅུའི་ནུས་མ་རྣམས་ཀྱིས་(བསྒྲུབ་བྱ་དེ་ལ)མཆོད་པར་བྱེད། །གཟུགས་(རྡོ་རྗེ་མ)ལ་ སོགས་པ་རྣམས་ཀྱིས་(ཚེ་དང་དབང་ཐང་ཉམས་པ་ལ་སོགས་པ)གསོ་བར་བྱེད་ཅིང་རབ་(ཏུ)གསལ་ 1-1-253 (བར་སྟེ་ངེས་པར)སྒེག་མོ་ལ་སོགས་(གནས་བཅུའི་ལྷ་མོ)བཅུ་ཡིས་ཚིམ་པར་བྱེད། ༡༤༥། འབྱུང་པོར་ གྲགས་པ་(ཙར་ཙི་ཀཱ་ལ་སོགས་པ)རྣམས་ཀྱིས་འཇིགས་པ་མེད་(པར)བྱེད་(ལ)རབ་མཆོག་རྣམ་ བཅུ(འི)་ཁྲོ་སྐྱེས་(ཁྲོ་མོ)རྣམས་ཀྱིས་(བུ་བཞིན)སྐྱོང་བར་བྱེད། །ཀླུ་མོ་རྣམས་ཀྱིས་(དགའ་བའི་སྒོ་ནས) འོ་དག་བྱེད་ཅིང་འཆི་མེད་(ནི་ལྷ་སྟེ་བདེན་བྲལ་ལ་སོགས་པའི་བཙུན་མོ)ན་ཆུང་བཅུ་གཉིས་རྣམས་ཀྱིས་ འཁྱུད་པ་དག་ཏུ་བྱེད། །(དུར་ཁྲོད་གྱི)གཏུམ་མོ་རྣམས་ཀྱིས་སྲུང་བར་བྱེད་དེ་མཐའ་དག་ས་གཞི་ དག་ལ་(གནས་པའི་སེམས་ཅན་ལ)ཞི་རྒྱས་དོན་གྱི་སླད་དུ་འོ། །དེ་ལྟར་བསྒྲུབ་བྱ་ཡི་ནི་མཆོག་གི་ བདེ་བ(འི་ལས་ཞི་བ་ལ་རྒྱས་པ)་བྱེད་པ་ཐམས་ཅད་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། ༡༤༦། ༈ (དབང་དགུག་ནི་གཞན་སྔར་དང་འདྲ་བ་ལ)ཟླ་བ་ཉི་མ(སྦྱར་བ)འི་དབུས་སུ་ཧྲཱིཿ(དམར་པོ)སྟེ་(དེ་ཡོངས་ སུ་གྱུར་པ་ལས)ཨུད་པལ་ཁ་མ་བྱེ་བའི་(མདེའུ་ཅན་གྱི)མདའ་ཉིད་དང་ནི་བུར་ཤིང་(གི)གཞུ། །དེ་ (གྱུར་པ)ལས་རྫོགས་པ(འི་ལྷ་མོ་དམར་མོ)་ཉི་མ་ལྟར་གསལ་ཕྱག་ནི་གཉི་གས་གཞུ་དང་མདའ་ ནི་རྣ་བའི་བར་དུ་བཀང་། །པད་མ་དང་ནི་རི་བོང་འཛིན་པར་(ཏེ་ཟླ་བ་ལ)གཡོན་བརྐྱང་(གིས་ གནས་པ)རྟ་(དམར་པོ)ལ་གནས་པ་བསྒྲུབ་བྱའི་(གང་ན་གནས་པའི)ཁྱིམ་དུ་བསྐུལ་བར་བྱ། །(དེ་ནས་ལྷ་ མོ་དེས)བསྒྲུབ་བྱ་ཡི་ནི་སྙིང་ཁ་(དང་)ལྟེ་བ་(དང་)གསང་བ་དག་དང་མགོ་དང་ཁ་ལ་མདའ་ཡིས་ བསྣུན་བྱས་ཤིང་། ༡༤༧། མགྲིན་པར་གཞུ་ཡིས་བཅིངས་ནས་(ལྷ་མོ)དེ་ཡིས་བསྐྱོད་པ(འི་བསྒྲུབ་ བྱ)་དག་ཀྱང་དཀྱིལ་འཁོར་དུ་ནི་འཁྲིད་པར་བྱེད་བཞིན་པ། །(གཙོ་བོའི་བཀས)གཏུམ་མོ་རྣམས་ ཀྱིས་གོས་དང་བྲལ་བར་བྱས་ཤིང་ཀླུ་མོ་རྣམས་ཀྱིས་ཀྱང་ནི་ངེས་པར་དཀྲི་བར་(བསྐོར་བ་རྨ་ ཟེར)བྱས། །ལྷ་མོ་(བཅུ་གཉིས་པོ)རྣམས་ཀྱིས་(གཤེ་ཞིང་)སྤྱོ་བར་བྱེད་ཅིང་ཁྲོ་སྐྱེས་(མ་བཅུ་པོ)རྣམས་ ཀྱིས་གཏུན་ཤིང་(དང་)དབྱུག་པར་བཅས་པས་བསྣུན་པར་བྱེད། །འབྱུང་པོ་(སྐྱེས་མ)རྣམས་ ཀྱིས་འཇིགས་པར་བྱེད་ཅིང་སྒེག་མོ་ལ་སོགས་(མཆོད་པའི་ལྷ་མོ)རྣམས་ཀྱིས་ཀྱང་ནི་སེན་མོ་རྣོན་ པོ་འདེབས། ༡༤༨། རྡོ་རྗེ་མ་(སེམས་མ་དྲུག་པོ)རྣམས་ཀྱིས་ནི་བློ་གྲོས་ཉམས་(པར)བྱས་(ཤིང་)ས་ 1-1-254 (གཞན)དང་ཆུ་(གཞན)དང་བསྲེག་ཟ་(མེ་གཞན་དང་)རླུང་(གཞན་ཏེ་ཡུམ)རྣམས་དག་གིས་(ཡན་ལག) བཅིངས། །གཙོ་བོའི་ཞབས་ཀྱི་དྲུང་དུ་ནུས་མ་རྣམས་ཀྱིས་གོས་མེད་བསྒྱེལ་བར་བྱས་པས་ རྒྱགས་པ་མཐའ་དག་བཅོམ། (ནས་ཅི་བསྒོ་བ་ཉན་པར་བྱས་ཏེ)། དེ་ལྟར་དབང་དུ་བྱས་ནས་སླར་ཡང་ ཁྱབ་བདག་(གཙོ་བོ)དག་གིས་(དབང་དུ་འདུས་པའི་བསྒྲུབ་བྱ་དེ)ཚིམ་པར་བྱས་ཏེ་དེར་ནི་(གང་འདོད་པ) བསྒྲུབ་པར་བྱ། །དེ་བཞིན་(དུ་གཞན་ཐམས་ཅད་སྔ་མ་ལྟ་བུ་ལ་ཕྱག་མཚན་གཡོན)ཞགས་པ་ལྕགས་ཀྱུ་(ཅན་ གྱི་ལྷ་མོ)དག་གིས་(གནས)ཁམས་གསུམ་པོ་ནས་དགུག་པའི་ལས་ནི་(གང་ཟག་གི་དབང་གིས)རྣམ་པ་ མང་པོར་འགྱུར། ༡༤༩། ༈ (བསྐྲད་སོགས་ལ་ཡང་གཞན་སྔར་དང་འདྲ་བ་ལ)ཉི་མ་ཟླ་བ(རྒྱལ་བ)འི་དབུས་སུ་སྤྲིན་ནག་དང་ མཚུངས་(པའི)ཧཱུཾ་ཡིག་རིང་པོ་ལས་སྐྱེས་(པའི)རལ་གྲི་(ནག་པོ)བསྒོམས་བྱས་ནས། །དེ་ལས་བྱུང་ བ(འི་ལྷ)བུང་བའི་མདོག་ཅན་ཕྱག་གི་པད་མ་(གཡས)རལ་གྲི་དང་ནི་(གཡོན)སྡིགས་འཛུབ་(དང་ བཅས་པའི)ཞགས་པའི་ཕྱག(ཅན)། རྔ་མོའི་སྟེང་དུ་(ཞབས་གཡས་བསྐུམ)གཡོན་པ་བརྐྱང་ཞིང་རབ་ཏུ་ ཁྲོས་པའི་ཞལ་(ཅན)ནི་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱ། །(ལྷ་དེས)བསྒྲུབ་བྱ་(དེ)ཞགས་པས་ བཅིང་བ་བྱས་ནས་ཁྲོས་པའི་ཞལ་གྱིས་དཀྱིལ་འཁོར་གྱི་ནི་སྒོ་རུ་ཁྲིད་བྱས་ཏེ། ༡༥༠། (སྒོ་དེར) ཡཿཡིག་ལས་སྐྱེས་(པའི)རྔ་མོ་(ཤིན་ཏུ)མགྱོགས་པ་རླུང་ལྟར་བགྲོད་པ་དེ་ལ་གཙོ་བོའི་གསུང་ གིས་བསྒྲུབ་བྱ་ནི། །བསྐྱོན་ནས་རྩེ་མོ་ཅན་(མེ)དང་གཡོ་བའི་(རླུང་གི)དཀྱིལ་འཁོར་(གྱི་མཐའ) ཇི་སྲིད་ཉིད་དུ་(རླུང་གི)རང་བཞིན་གྱིས་ནི་བསྐུལ་བར་བྱ། །དེ་ལྟར་(བྱས་ན)ལྷ་ཡི་བདག་པོ་ (བརྒྱ་བྱིན)དག་ཀྱང་ངེས་པར་(གནས་ནས)བསྐྲད་པར་འགྱུར་ན་མི་རྣམས་དག་ནི་སྨོས་ཅི་དགོས། ། དབྱེ་བ་ལ་ཡང་(གཞན་སྔ་མ་བཞིན་ལ)རྔ་མོས་དམན་ཞིང་(དབྱེ་བྱའི་བསྒྲུབ་བྱ་དག་འཐབ་རྩོད་མང་དུ)བྱས་ པ་དག་ནི་(མཐར)གཡས་དང་གཡོན་དུ་དཀྲི་(ཞིང་ཁྲིད་ནས་ཐ་དད་དུ་འགྲོ)བར་བྱ(འོ)། །༡༥༡། ༈ (རེངས་སོགས་ལ་ཡང་གཞན་སྔར་དང་འདྲ་བ་ལ)ཉི་ཟླ(སྦྱར་བ)འི་དབུས་སུ་ལཿཞེས་བྱ་བ་(སེར་པོ) 1-1-255 ཡོངས་གྱུར་(པ་ལས)འཁོར་ལོ་བཟང་པོ་ཁ་དོག་སེར་པོ་བསྒོམས་བྱས་ནས། །དེ་ལས་བྱུང་ བ(འི་ལྷ)ཞལ་གཅིག་(ཕྱག་གཉིས)པ་སྟེ་(ཁ་དོག)མཆོག་གི་གསེར་དང་མཚུངས་པ་ཕྱག་(གཡོན)ན་ ལྕགས་སྒྲོག་(དང་གཡས་ན)འཁོར་ལོ་ཅན། །(གདན)རུས་སྦལ་ལ་ནི་(འདུག་སྟངས)ལྷ་མིན་འདུག་ སྟངས་ཀྱིས་གནས་(ཤིང་འགྲོས)ཤིན་ཏུ་དལ་(བུས)འགྲོ་(བའི་ཚུལ་གྱིས)བསྒྲུབ་བྱའི་ཁྱིམ་དུ་བསྐུལ་ བར་བྱ། །(དེས)བསྒྲུབ་བྱ་(དེ)འཁོར་ལོས་(བསྡིགས་ཏེ)འཇིགས་(ཤིང་སྐྲག)པར་བྱས་ནས་ས་ལ་ རབ་ཏུ་བསྒྱེལ་ཏེ་ལྕགས་སྒྲོག་གིས་ནི་རྐང་པ་བཅིངས(ནས)། ༡༥༢། དཀྱིལ་འཁོར་དུ་ནི་ཀུན་ཏུ་ ཁྲིད་ཅིང་རྒྱལ་བའི་བདག་པོའི་བཀའ་ཡིས་འཛིན་མ་(ས་གཞི)ལ་ནི་བསྒྱེལ་བྱས་ནས། །བསྒྲུབ་ བྱ་དེ་ཡི་ལུས་ཀྱི་སྟེང་དུ་ལྷུན་པོ་མཆོག་གི་གསེར་གྱི་རང་བཞིན་དགོད་(པར)བྱ་(བ་ནི)རེངས་ (པའི་ལས)ལ་སྟེ། །ཕུར་བུས་གདབ་པའི་དོན་དུ་(གཞན་སྔ་མ་བཞིན་ལ་བསྒྲུབ་བྱ་ས་ལ་བསྒྱེལ་བའི)ཚིགས་ དྲུག་ལ་ནི་རྡོ་རྗེའི་རང་བཞིན་ཕུར་བ་རྣམས་ཀྱིས་གདབ་པར་བྱ(འོ)། །རྨོངས་པ་ལ་ཡང་(གཞན་ སྔར་དང་མཚུངས་པ་ལ་དུག)སྦྲུལ་རྣམས་ཀྱིས་ནི་(བསྒྲུབ་བྱ)ཀུན་ཏུ་ཟ་བར་བྱེད་ཅིང་(མྱོས་ནས)ས་ལ་ འགྱེལ་བར་བསྒོམ་པར་བྱ(འོ)། །༡༥༣། ༈ (བསད་པ་ལ་ཡང་གཞན་སྔར་དང་མཚུངས་པ་ལ)ཉི་མ་ཟླ་བ(སྦྱར་བ)འི་དབུས་སུ་དྲི་མེད་གློག་དང་ མཚུངས་པའི་གྲི་གུག་ཕྲེཾ་གྱི་རང་བཞིན་(ཏེ་ཕྲེཾ་ལས་སྐྱེས་པ)བསྒོམས་བྱས་ནས། །དེ་ལས་བྱུང་ བའི་(ལྷ་མོ)རབ་ཏུ་གཏུམ་མོ་(ཁ་དོག་བསྐལ་པ)འཇིག་(པའི)དུས་(ཀྱི་ཆར)སྤྲིན་དང་མཚུངས་པ་ཕྱག་ (གཡས)ན་གྲི་གུག་(དང་གཡོན་ན)ཐོད་པ་ཅན། །རྟ་ཡི་དགྲ་(མ་སྟེ)ཡི་སྟེང་དུ་(ཞབས་གཡས་བསྐུམ) གཡོན་བརྐྱང་སྟབས་ཅན་གོས་དང་བྲལ་བ་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱ། །(དེས)བསྒྲུབ་ བྱའི་སྐྲ་རྣམས་དག་ལས་མྱུར་དུ་བཟུང་ཞིང་(ལྷ་མོ)དེ་ཡིས་དཀྱིལ་འཁོར་དུ་ནི་(བསྒྲུབ་བྱ)གོས་ ཀྱིས་དམན་པ་(གཅེར་བུར་བྱས་པ)ཡང་། ༡༥༤། ཀུན་ཏུ་ཁྲིད་དེ་དཔལ་ལྡན་དུར་ཁྲོད་དག་ཏུ་རྒྱལ་ བའི་བདག་པོ(ས་འདི་སོད་ཅིག་ཅེས་པ)འིབཀའ་ཡིས་བྱ་རྒོད་(དང་)བྱ་རོག་དང་། །ལྕེ་སྤྱང་རྣམས་ 1-1-256 ཀྱིས་བསྒྲུབ་བྱའི་ཡན་ལག་ཀུན་ལས་ཁྲག་འཐུངས་(ཤིང་)ཤ་དང་དེ་བཞིན་དུ་ནི་(རུས་པ་དང་རྐང་ ལ་སོགས་པའི)ཁམས་ཀུན་ཟོས། །དེ་ལྟར་མ་ལུས་པ་ནི་རབ་མཆོག་ས་ཡི་གཞི་ལ་བསྒོམ་པར་བྱ་ སྟེ་བསད་པ་དག་ལ་འོ། །བསམ་གཏན་འདི་ཡིས་བརྒྱ་བྱིན་དག་ཀྱང་གཤིན་རྗེའི་གྲོང་ཁྱེར་ འགྲོ་ན་མངལ་ནས་སྐྱེས་པ་སྨོས་ཅི་དགོས། ༡༥༥། ༈ ཞི་དང་རྒྱས་པ་ལ་ཡང་རིགས་ཀྱི་དབང་གིས་ཆུ་ཡི་ས་བོན་ལས་ནི་བསམ་གཏན་ དཀར་པོར་འགྱུར། །དབང་དང་དགུག་པ་ལ་ཡང་དམར་པོ་ལུས་ནི་སྲེག་པར་བྱེད་པ་མེ་ཡི་ས་ བོན་བདག་ཉིད་དོ། །དབྱེ་བ་དང་ནི་བསྐྲད་པ་ལ་ཡང་འཇིག་དུས་སྤྲིན་དང་མཚུངས་པ་རླུང་ གི་ས་བོན་བདག་ཉིད་དོ། །རེངས་པ་དང་ནི་ཕུར་བུས་གདབ་པ་སོགས་ལ་གསེར་ཞུན་དང་ མཚུངས་ས་ཡི་ས་བོན་རང་བཞིན་ནོ། ༡༥༦། སྟོང་པའི་ས་བོན་ལས་ནི་སྔོན་པོའི་མདོག་དང་ ལྗང་ཁུར་འགྱུར་ཏེ་བསད་དང་གསོ་བ་དག་ལ་འོ། །༈ ས་ཡི་ཟད་པར་ཀུན་ནས་ཆུ་ཡི་གཏེར་ དུ་འགྲོ་བ་ལ་སྟེ་རླུང་གི་ཟད་པར་ཆར་པ་ནི། །ཉམས་པའི་དོན་ཏོ་མེ་ཡི་ཟད་པར་དག་ཀྱང་ས་ ཡི་དཀྱིལ་འཁོར་བཞུ་བའི་དོན་ཏེ་མེ་དག་ཀྱང་། །ཉམས་པའི་དོན་དུ་ཆུ་ཡི་ཟད་པར་དུ་འགྱུར་ སྟོང་པའི་ཟད་པར་མཁའ་ལ་འགྲོ་དང་སྣང་མིན་ལ། ༡༥༧། ༈ གླང་པོའི་བདག་པོ་གཞོམ་པ་ལ་ནི་མེ་ཡི་ས་བོན་ཉིད་ལས་ཁ་ལྔ་པ་ཡི་བསམ་གཏན་ འགྱུར། །ཀླུ་ཡི་དབང་པོ་གཞོམ་པ་ལ་ནི་མཁའ་ལྡིང་དཀར་པོ་ཆུ་ཡི་ས་བོན་བདག་ཉིད་ཅན་ དུ་འགྱུར། །བསེ་དང་སེང་གེ་དག་ལ་རྐང་བརྒྱད་འཇིག་དུས་སྤྲིན་དང་མཚུངས་པ་རླུང་གི་ས་ བོན་བདག་ཉིད་ཅན། །རྟ་ཡི་དགྲ་ལ་བསེ་ཞེས་གྲགས་པ་ས་ཡི་རིགས་ཀྱི་དབང་གིས་ལྷ་མིན་ གཞོམ་ལ་ཁྲོ་བོ་སྐྱེས། ༡༥༨། ༈ ཁྱབ་བདག་གི་ནི་དཔལ་ལྡན་སྔགས་དང་སངས་རྒྱས་གཟུགས་ཀྱང་རྣལ་འབྱོར་པ་ ཡིས་དང་པོར་བསྒྲུབ་པར་བྱ། །ཕྱི་ནས་ཉི་མའི་དབྱེ་བ་རྣམས་ཀྱིས་གནས་པ་ཡོན་ཏན་དཔག་ 1-1-257 ཏུ་མེད་པའི་ལས་རྣམས་འགྲུབ་པར་འགྱུར། །སྔགས་དང་གཟུགས་བརྙན་མ་གྲུབ་པར་ནི་ སྲིད་གསུམ་གནས་སུ་ཅི་ཡང་འགྲུབ་པར་འགྱུར་བ་ཉིད་མ་ཡིན། །དེ་ཕྱིར་རྒྱལ་པོ་རང་སེམས་ དྲི་མ་རྣམ་པར་བྲལ་བ་དག་ལས་སྔགས་དང་གཟུགས་ནི་བསྒྲུབ་པར་བྱ། ༡༥༩། ༈ དཔའ་བོ་གཡུལ་གྱི་དུས་སུ་ལྷུང་བར་གྱུར་པ་ཞེས་པ་འམ་ནི་དེ་བཞིན་ཆོམ་རྐུན་ དཔྱངས་པ་དག །བརྒྱད་དང་འབྱུང་པོའི་མཚན་མོ་མི་ཡི་བདག་པོ་རོ་སྲེག་པར་ནི་བུམ་པ་ བརྒྱད་ཀྱིས་བཀྲུ་བར་བྱ། །དྲི་དང་སྤོས་དང་མར་མེ་དང་ནི་རྣམ་མང་ཁ་ཟས་མེ་ཏོག་དམར་ པོ་རྣམས་ཀྱིས་རབ་མཆོད་ནས། །མགོ་དང་སྙིང་ཁ་དང་ནི་སྤྱི་བོ་ལྟེ་བ་ལ་སོགས་སུ་ཡང་རྡོ་ རྗེ་དགོད་པ་རབ་བྱས་ཏེ། ༡༦༠། ཐབ་ཁུང་ཟུར་གསུམ་དུ་ནི་རྡུལ་ཚོན་དམར་པོས་སྙིང་པོའི་ པད་མ་གང་ཞིག་མཚན་མར་བཅས་པ་དང་། །འདབ་མར་རྒྱལ་རྣམས་མཚན་མ་ཕྱོགས་སུའོ་ ཕྱོགས་བྲལ་དུ་ནི་དེ་བཞིན་ལྷ་མོ་རྣམས་ཀྱི་རང་མཚན་མ། །ཕྱི་རོལ་རེ་ཁཱ་གསུམ་ལ་ཕྱོགས་ བཅུའི་དཀྱིལ་འཁོར་དུ་ནི་དེ་བཞིན་ཁྲོ་བོའི་མཚན་མ་རྣམས་བྱས་ནས། །རོ་ནི་དེ་ཡི་གཡས་ མིན་དུ་སྟེ་ལག་པད་རལ་གྲི་དཀྱིལ་འཁོར་ལས་ནི་གཡས་སུ་རྐང་པ་འོ། ༡༦༡། སྔར་བརྗོད་མ་ མོའི་སྐྱོན་ལས་རྒྱལ་བའི་བདག་པོའི་རྡོ་རྗེ་རྣམས་ཀྱིས་བདག་ཉིད་བསྲུང་བ་རབ་བྱས་ནས། ། སྔགས་པས་ཐབ་ཀྱི་གཡས་སུ་ཁྲག་དང་བཅས་པའི་ཤ་རྣམས་དག་གིས་སྦྱིན་སྲེག་ཉིད་ནི་ རབ་བྱེད་པ། །དེ་ཡི་སྔགས་ནི་ཨོཾ་ཧྲཱིཾ་ཕྲེཾ་ཧཱུྃ་ཕཊ་ཀྱི་མཐའ་སྟེ་བཅུ་ཡིས་བསྒྱུར་བའི་བརྒྱར་ནི་ སྦྱིན་སྲེག་བྱ། །རྡོ་རྗེ་དཀྱིལ་དཀྲུང་བཅས་ནས་འཆི་མེད་རི་བོ་བཞིན་དུ་གཡོ་བ་མེད་པ་ཉིད་ ཀྱིས་མཚན་མོ་ཕྱེད། ༡༦༢། སྦྱིན་སྲེག་རྫོགས་ན་རོ་འཛིན་རལ་གྲི་ལྟ་བུར་འཁྱུག་ཅིང་འབར་ ལ་མཆེ་བ་རྣོན་པོ་མིག་གསུམ་པ། །གངཞིག་རྣམ་པར་འགེམས་པའི་སྒྲ་སྒྲོགས་པ་ལ་རྐང་ པ་རྡེབས་ཤིང་སྒྲུབ་པ་པོ་ནི་འཇིགས་བྱེད་པ། །ཐབ་ཀྱི་མཐའ་རུ་གནས་ནས་ཀ་ཧ་ཀ་ཧ་རྒོད་ པར་བྱེད་ཅིང་འཇིགས་པའི་ལུས་ཀྱིས་གར་བྱེད་དེ། །དེ་མཐོང་ནས་ནི་འཇིགས་པའི་སྔགས་ 1-1-258 པ་སེམས་ཉམས་སྐད་ཅིག་གིས་ནི་གཤིན་རྗེའི་གྲོང་ཁྱེར་འགྲོ་བར་འགྱུར། ༡༦༣། ༈ རོ་བསྲེག་གནས་སུ་(སྟེ་དུར་ཁྲོད་དང་)སྔགས་པས་(འཇིག་རྟེན་པའི)དངོས་གྲུབ་རྒྱུར་ནི་ལྷ་ མིན་དབང་པོ་ལས་ཀྱང་འཇིགས་པར་མི་བྱ་སྟེ། །(སྔགས་པ)གཡོ་བ་མེད་པའི་སེམས་མཐོང་ ནས་ནི་སླར་ཡང་བསྒྲུབ་པའི་འབྱུང་པོའི་མགོན་པོ་(རོ་ལངས་དེ)འདི་སྐད་སྨྲ་བར་འགྱུར། །(ཀྱེ) དཔའ་བོ་བཟང་པོ་(ཞེས་བོས་ནས)ཁྱོད་ཀྱིས་བདག་ནི་གྲུབ་པོ་(གང་འདོད་པའི་དོན)མཐའ་དག་སྨྲོས་ ཤིག་ད་ནི་བདག་གིས་(ལས)ཅི་ཞིག་བགྱི(ཞེས)། །དེ་སྐད་བརྗོད་ན་(ལེགས་པར་གྲུབ་པ་ཡིན་པས) སྒྲུབ་པ་པོ་ཡིས་གཞན་གྱི་དོན་དུ་རང་(གི)ཡིད་ལ་འདོད་(པའི་དངོས་གྲུབ)དོན་དུ་གཉེར་བར་ བྱ། ༡༦༤། (གང་གིས་བཟུང་བ་དེ་མཁའ་ལ་འགྲོ་བར་བྱེད་པ)རལ་གྲི་(དང་)རེག་པ་(ཙམ་གྱིས་རིན་པོ་ཆེར་བྱེད་པའི་ ནོར་བུ་ཆེན་པོ་དང་། ལྕགས་སོགས་གསེར་དུ་བྱེད་ཅིང་ཟོས་པས་ཚེ་སྟེར་བའི་དངུལ་ཆུ)བཅུད་ཀྱི་དབང་པོ་(དང་ཟོས་ པས་འཆི་མེད་སྟེར་བ)བདུད་རྩིའི་འབྲས་བུ་(དང་བཟུང་བ་ཙམ་གྱིས་མཁའ་ལ་འགྲོ་བ)རི་ལུ་(འོག་ནས་འཆད་པར་ འགྱུར་བ་དང་)རོ་ཙ་ན་དང་(ས་འོག་གི་གཏེར་མཐོང་བར་བྱེད་པ)མིག་སྨན་(འཆད་འགྱུར)དང་། །རྐང་པ་བྱུག་ (པ་ཙམ་གྱིས་རྐང་མགྱོགས་འགྲུབ་པའི་རྫས)དང་ཤིང་ལྷམ་(གྱོན་པ་ཙམ་གྱིས་རྐང་མགྱོགས་འགྲུབ་པ་སྟེ་གཉིས་པོ་དེ) དག་(རྐང་མགྱོགས་ཞེ་གཅིག་ཏུ་བསྡུས་པ)དང་(དེ་ལྟར)འཇིག་རྟེན་པ་ཡི་དངོས་གྲུབ་བརྒྱད་པོ་ཁྱོད་ཀྱིས་ བདག་ལ་སྩོལ། །(གཞན་ཡང)དབྱེ་དང་བསྐྲད་པ་དང་ནི་སྲིད་པ་གཞོམ་པ་(བསད་པ)ཉིད་དང་ (རྨོངས་པ་དང་)རེངས་པ་དང་ནི་དགུགས་པ་དག་དང་དབང་(སྟེ)། །བདག་གི་(འཇིག་རྟེན་པའི)དངོས་ གྲུབ་ཐམས་ཅད་(ཁྱོད་ཀྱིས་བསྒྲུབ་པར)མཛོད་ཅིག་(ཅེས་བརྗོད་པས་རོ་ལངས)དེ་ཡིས་སླར་ཡང་(ཁྱོད་ཀྱི་ འདོད་པ)འདི་དག་ཐམས་ཅད་བདག་གིས་(སྒྲུབ་པར)བགྱི་(ཞེས)འོ་སྨྲ(བར་འགྱུར་རོ)། ༡༦༥། ༈ (དེ་ལྟར)འབྱུང་པོའི་དབང་པོ་བསྒྲུབས་ནས་(ལེགས་པར་གྲུབ་པ་ན་ཀྱེ)མི་ཡི་བདག་པོ་བསྒྲུབ་ [སྒྲུབ་]པ་པོ་ནི་ས་འོག་དག་དང་བར་སྣང་དང་། །ལྷ་ཡི་མཆོག་གི་ཁང་པ་དང་ནི་ལྷུན་པོའི་ རྩེ་དང་རྒྱ་མཚོའི་ཕ་རོལ་གང་ཡིན་དེར་འགྲོ་སྟེ། །(རོ་ལངས)དེ་ལ་ཞོན་པ་ཕྱག་ན་(གྲུབ་པའི)རལ་ 1-1-259 གྲི་ཐོགས་པས་ས་ཡི་སྟེང་གི་གནས་སུ་འཇིག་རྟེན་(པའི་འདོད་པའི)བྱ་བ་(ཐམས་ཅད)བྱེད(དོ)། །(རྒྱུ་ མཚན)དེ་ཕྱིར་སེམས་ཅན་དོན་གྱི་སླད་དུ་(སྒྲུབ་པ་པོས)མཆོག་གི་སྙིང་རྗེ་ཡིས་ནི་ལྷ་མིན་དབང་པོ་ བསྒྲུབ་པར་བྱ། ༡༦༦། ༈ མིང་གི་དང་པོ་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་མི་ཡི་བདག་པོ་ལྷ་དང་ལྷ་མོ་རྣམས་ཀྱི་འོ། ། གསུང་གི་རྡོ་རྗེ་ཐམས་ཅད་མིང་གི་ཡི་གེ་དེ་ལས་ལྷག་པ་དག་ཀྱང་སྐུ་ཡི་རྡོ་རྗེ་སྟེ། །དེ་ལས་ ཡན་ལག་སོ་སོའི་སྔགས་ནི་རྣམ་པ་མང་པོར་འགྱུར་ཏེ་བཀླགས་པས་འགྲུབ་པ་བརྒྱ་ལམ་ན། ། བསྒོམ་བྱ་མཆོད་བྱ་བཟླས་བྱ་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ཐུགས་གསུང་སྐུ་ཡི་ དབྱེ་བས་སོ། ༡༦༧། ༈ སོ་སོར་སྔགས་ཀྱི་རིགས་ནི་ངེས་པར་བྱེ་བ་བཟླས་པར་རབ་ཏུ་འགྱུར་ཏེ་རབ་ཏུ་ གྲགས་པ་འོ། །སྦྱིན་སྲེག་དེ་ལས་བཅུ་ཡི་ཆ་ཤས་རང་བཞིན་ཡོན་ཏན་དབང་གིས་གྲུབ་པར་ འགྱུར་བ་ཇི་སྲིད་ཉིད། །ཕྱི་ནས་ཞི་བ་ལ་སོགས་རྣམས་ལ་འབྲས་བུ་སྟེར་བར་རབ་འགྱུར་ རྣམ་པ་གཞན་དུ་འགྲུབ་མི་འགྱུར། །བསམ་གཏན་དང་བཅས་བཟླས་དང་སྦྱིན་སྲེག་བརྟུལ་ ཞུགས་ངེས་ལྡན་རྣམས་ཀྱིས་སྔགས་ཀྱི་སྐྱེ་གནས་བསྒྲུབ་པར་བྱ། ༡༦༨། ༈ གྲུབ་པ་ལྕགས་གསུམ་གྱིས་བཅིངས་མཁའ་ལ་འགྲོ་བའི་ཤ་ཡི་རི་ལུས་མཁའ་ལ་ སྤྱོད་པ་ཉིད་དག་སྟེར། །ཁྱི་དང་རྟ་ལ་སོགས་པའི་སྒྲོན་མ་རྣམས་ཀྱིས་ལུས་ལ་བཀྲེས་སྐོམ་ སོགས་དང་ནད་རྣམས་འཕྲོག་པར་བྱེད། །དེ་དག་རྣམས་ཀྱི་མིག་དང་འཁྲིས་[མཁྲིས་]པ་ རྣམས་ཀྱིས་མི་མཆོག་རྣམས་ཀྱི་མིག་སྨན་པ་ནི་རབ་འབྱེད་དང་། །མི་སྣང་བ་དང་དབང་དུ་བྱ་ ལ་ན་ཆུང་ཡིད་འཕྲོག་དཔལ་ལྡན་དུར་ཁྲོད་དུ་ནི་བསྒྲུབ་པ་འོ། ༡༦༩། ༈ ནག་པོའི་བརྒྱད་ཀྱི་མཚན་མོ་དག་གམ་ཡང་ན་མ་ནུའི་ཉིན་ཞག་ལ་ནི་དཀྱིལ་འཁོར་ བཞེངས་བྱས་ནས། །བསྲུང་བ་དག་ཀྱང་ཀུན་ནས་བྱས་ཏེ་དེ་ཡི་དབུས་སུ་ཤ་ཡི་རི་ལུ་རྣམས་ 1-1-260 སམ་མིག་སྨན་ནི། །བྱས་ནས་ཤིན་དུ་[ཏུ་]དྲི་བཟང་མེ་ཏོག་རྣམས་ཀྱིས་ཡང་དག་མཆོག་ཏེ་ སྔགས་ཀྱི་བཟླས་པ་རབ་ཏུ་བྱ། །ཇི་སྲིད་མཁའ་ལ་ཉི་མ་བཞིན་དུ་འོད་ཟེར་འཕྲོ་བའི་བར་ཏེ་ དེ་ནས་བླངས་ལ་གཟུང་བར་བྱ། ༡༧༠། ༈ (སྦྲུལ་ལ་སོགས་པས་བཟུང་བ་འཚོ་མི་འཚོ་བརྟག་པར་བྱ་སྟེ་དང་པོར་ཕོ་ཉ་ལ་བརྟག་པ་)འཚོ་བ(ཞེས་པ་འཆི་ བདག་དུས་ཀྱི་ཆུ་ཚོད་མེད་པ་སྟེ་དུས་དེ)ར་ཕོ་ཉ་(འོངས་ནས་འདྲི་བའི་ནད་པ)དེ་ནི་འཚོ་ལ་(ཅི་སྟེ་དེ་ལས་བཟློག་པ) ནམ་མཁའི་ཕྱོགས་(ཞེས་པ་འཆི་གཟུགས་རྒྱུ་བའི་དུས)སུ་གནས་(པའི་ཚེ་འདྲི)ན་སོས་ཟིན་(དེ)འཆི་བ་ ཐོབ་པར་འགྱུར(ཕོ་ཉ་ལྷོ་ཕྱོགས་ནས་འོངས་ནས་འདྲི་ན་འཆི་ཞེས་པར་པད་མ་ཅན་འདོད)། །ཕོ་ཉའི་དྲི་བ(འི་ཚིག་ ལ་དབྱངས་ཡིག)མི་མཉམ་པ་གང་(ཡིན་པ་དེ)ངེས་པར་བདེ་བའི་འབྲས་སྟེར་(ཏེ་འཚོ་ལ)མཉམ་པ་(ནི) འཆི་བ་སྟེར་བར་བརྗོད(དོ)། །ཕོ་ཉ་(དེས་དང་པོར)སྦྲུལ་ལ་སོགས་པའི་མིང་ནི་དང་པོར་བརྗོད་ (ཅིང་ནད་པ་ཕྱིས་བརྗོད)ན་དེ་ལས་སོས་ཟིན་འཆི་བ་ཐོབ་པར་འགྱུར(ལ་དེ་ལས་བཟློག་སྟེ་བརྗོད་ན་འཚེ་བར་ འགྱུར་རོ)། །གལ་ཏེ་སྲོག་(རླུང་)ནི་(ནང་དུ)རབ་ཏུ་འཇུག་(པའི་དུས)ལ་(ཕོ་ཉས)དྲིས་ན་(འཚོ་བས)དགེ་ བར་འགྱུར་ཏེ་(སྲོག་ཕྱིར)འབྱུང་བ(འི་དུས)ལ་(དྲིས་ན)ནི་(མི་འཚོ་བས)དགེ་མིན་འགྱུར། ༡༧༡། ཕོ་ཉའི་ རྐང་པ་གཡོན་པ་མདུན་(དུ་བཞག་སྟེ་འདྲི)ན་(ནད་པ་དེ)ན་ཆུང་མ(སྟེ་བུད་མེད་ཡིན་པ)ར་བརྗོད་གཡས་ པ་མདུན་དུ་(བཞག་སྟེ་འདྲེ་བ)ཡིན་ན་(ནད་པ་དེ)སྐྱེས་པ་(ཡིན་པར་ཤེས་པར་བྱ)འོ། །(ཕོ་ཉའི)ལག་པས་ རང་གི་ཡན་ལག་དག་ལ་གང་དུ་རེག་པའི་ཕྱོགས་དེར་མི་དེ་སོ་ཡིས་ཟིན་པ་(ཡིན་པར་ཤེས་པར་བྱ) སྟེ(འཚོ་མི་འཚོ་བརྟག་གོ)། ། ༈ (ནད་པ་དེའི)མིག་དང་ཁནི་རབ་ཏུ་གདངས་པ་དག་དང་རྣ་བའི་རྩ་བར་ནག་པོ་(བྱུང་བ) ཡང་ནི་འཆི་བར་བརྗོད(པས་ཡང་ཞིང་)། །གལ་ཏེ་སྙིང་ཁའི་པད་མ་དཀར་པོར་སྒྲ་ནི་ཅུང་ཟད་ (ཡོད་པར)གྱུར་ན་དེ་ནི་(གསོ་རྒྱུར)རབ་ཏུ་བསྡུ་བར་བྱ། ༡༧༢། ༈ དང་པོར་(རང་དང་ནད་པ་ལ)བསྲུང་བའི་ཆོ་ག་(བྱས་ན)སོ་ཡིས་ཟིན་པ(འི་ནད་པ)དང་ནི་ 1-1-261 བདག་ཉིད་ལ་ཡང་བདེ་བ་བྱེད་པར་འགྱུར(བས་བསྲུང་བར་བྱ་སྟེ)། །ས་ཆུ་མེ་རླུང་དེ་བཞིན་ནམ་ མཁའ་(འི་ཡི་གེ་ལྀ་ཨུ་རྀ་ཨི་ཨ་ཞེས་པ་རིགས་ལྔའི་ས་བོན)དག་ཀྱང་(རང་གི)མཐེ་བོ་ལ་སོགས་(སོར་ མོ་ལྔ)ལ་ནི་(རིམ་པས)ངེས་པར་སྦྱར་བར་བྱ། །(ཁྲོ་བོའི་ས་བོན)ལ་ལ་སོགས་པ་ཧ་ཡི་མཐའ་(སྟེ་ལ་ཝ་ ར་ཡ་ཧ)རྣམས་རིམ་པས་(ནད་པའི)བརླ་དང་ལྟོ་བ་(དང་)སྙིང་ཁ་(དང་)ཁ་ནང་(དང་)དཔྲལ་བ་(རྣམས) ལ(དགོད་ཅིང་)། །ཧུཾ་ཀྵཱུཾ་ཧ་ཧ་ལ་སོགས་ཀླུ་བཅུ(འི་ས་བོན་ནི)མི་མཉམ་(པ་གཡོན་དང་)མཉམ་པ་(གཡས་ ལ་རིམ་པ་ལྟར)ཐུང་ངུ་(དང་)རིང་པོའི་རབ་ཏུ་དབྱེ་བ་ཡིས(དགོད་དེ)། ༡༧༣། (མི་མཉམ་པ)གཡོན་གྱི་ལུས་ ལ་(ཀླུའི)ས་བོན་ཐུང་ངུ་(ཧུཾ་ཧ་ཧ་ཧ་ཧླ་རྣམས)རྣ་བ་(དང་)མགྲིན་པ་ལ་གནས་(དང་)མཆན་ཁུང་(དང་)དཀུ་དང་བརླ་(འི)ཕྱོགས་(རྣམས)ལ(དགོད་ཅིང་)། །(མཉམ་པ)གཡས་ཀྱི་ལུས་(ཀྱི་བརླ་དང་དཀུ་ དང་མཆན་ཁུང་དང་མགྲིན་པ་དང་རྣ་བ་རྣམས)ལ་གདེངས་ཅན་རྣམས་ཀྱི་(ས་བོན)རིང་པོ་(ཧ་ླཱཧ་ཧ་ཧ་ཀྵཱུཾ་ཞེས་པ) ཉིད་དུ་རབ་(ཏུ)འགྱུར་(ཏེ་དེ་ལྟར་གཡོན་ལ་ཐུང་ངུ་)སྤྲོ་(བ)དང་(གཡས་ལ་རིང་པོ)བསྡུ་བའི་སྦྱོར་བ་ཡིས། ། བསྲུང་བ་བྱས་ནས་༈རྒྱལ་བ་(༢༤)ཞེས་གྲགས་སོར་(ཏེ་སོར་ཉེར་བཞི་པ)ནི་ཤིན་ཏུ་མཉམ་པའི་ འདམ་བུ་(ལ)ཀླུ་ཡི་ས་བོན་(ཐུང་རིང་བཅུ་པོ)ལྡན(པ)། །ཧུྂ་ཀྵཱུྂ་(ཞེས་བརྗོད་པ་དང་)ལྡན་པས་(ནད་པའི) སྙིང་ཁར་ཤིན་ཏུ་བསྣུན་ན་སོ་ཡིས་ཟིན་པ(འི་དུག)མྱུར་དུ་བསྐྱོད་པར་བྱེད་པར་འགྱུར། ༡༧༤། ༈ ས་ཡི་ས་བོན་(ལ་ཡིག་ནད་པའི)དཔྲལ་བ་ལ་སྟེ་མཁའ་སྐྱེས་(ཧ་ཡིག)རྐང་པར་གནས་(པ་ བསྒོམས)པས་མྱུར་དུ་(དུག)རེངས་པར་བྱེད་པར་འགྱུར། །སྤྱི་བོར་ཆུ(འི་ས་བོན་ཝ་ཡིག)དང་རྩེ་མོ་ ཅན་(མེའི་ས་བོན་ར་ཡིག)ནི་ལྟོ་བར་རབ་ཏུ་བཅུག་ན་དུག་ནི་མེད་པ་ཉིད་དུ་འགྱུར། །དཔྲལ་བར་ རླུང་གི་ས་བོན་(ཡ་ཡིག)དང་ནི་སྙིང་ཁར་རྩེ་མོ་ཅན་གྱི(ས་བོན་ར་ཡིག་བསྒོམས་པ)ས་ངེས་པར་དུག་ནི་ འཕོ་བ་སྟེ། །སྤྱི་བོར་སྟོང་པ(འི་ས་བོན་ཧ་ཡིག)རབ་ཏུ་ཞུགས་ཤིང་ས(འི་ས་བོན་ལ་ཡིག)ནི་རྐང་པར་ གནས་པས་ངེས་པར་དུག་ནི་གཅོད་པར་བྱེད། ༡༧༥། ༈ (ནད་པའི)དཔྲལ་བར་ཐིག་ལེ་དཀར་པོ་(བསྒོམས་པ)ཡིས་ནི་(བརྟན་པ་གཡོ་བ་སྦྱར་བ་སྟེ)རྣམ་ 1-1-262 པ་གསུམ་གྱི་དུག་ཀྱང་ངེས་པར་དུག་ནི་མེད་པར་བྱེད། །(དཔྲལ་བར་ཐིག་ལེ)དམར་པོས་(དུག) བསྐྱོད་ཅིང་ནག་པོའི་སྤྲིན་དང་མཚུངས་(པའི་ཐིག་ལེ་བསྒོམས)པས་(དུག)འཇུག་པ་དང་ནི་ཁ་དོག་ སེར་པོས་(དུག)རེངས་པར་བྱེད། ། ༈ (སྒ་ཕོ་པི་པི་ལིང་)ཚ་བ་གསུམ་པོ་སྦྱར་བའི་སྡོང་བུ་(སྣ་བུག་གང་དུ)སྲོག་ནི་རབ་ཏུ་འབབ་པར་ བཅུག་ན་དུག་ནི་མེད་པར་བྱེད། །ཡང་ན་ཁ་ནི་རྣམ་པར་ཕྱེ་བ(སྟེ་གདངས་པ)འི་ལྕེ་འུ་ཆུང་ལ་སོར་ མོ་ཡིས་ནི་ཚ་ལ་སྦྱར་བར་བྱ། ༡༧༦། ཛཱ་ཏཱི་(སྣ་མ་དང་)བཛྲི་(ཤྲི་ཁ་ཎ་ཊ་དང་)གཞོན་ནུ་(སཱོ་སྨན་ཀུ་མ་རི་ དང)ཚ་བ་གསུམ་དང་ལན་ཚྭ་(དང་)ལང་ག་ལཱི་(ཤོག་ཤིང་)དང་དེ་བ་དཱ་ལི་དང་། །བྲཧྨ་(ཚངས་མའི་ ཤིང་)ཀྵཱ་རོ་(སྟེ་ཡ་མ་ཀྵ་ར་དང་)ཨ་ཤྭ་གན་དྷ་(རྟའི་དྲི་སྟེ་རྟ་བོན་པོ་དང་)ཉིན་མོར་བྱེད་པ་(སྟེ་ཨརྐའི་ཤིང་)དང་ བཅས་(ཤིང་)བན་དྷ་ཀར་ཀོ་ཊི་ཀ་(སྟེ་འཁན་པ་འབྲས་བུ་མེད་པ)དང་། །(མིའི)བཤང་བ་(དང་)ཤ་དང་ ཁུ་བ་(དང་)ཁྲག་(སྟེ་དེ་རྣམས་ཆ)ནི་མཉམ་པ་དག་ཀྱང་མི་བསྐྱོད་པས་བཏགས་(ཤིང་)རི་ལུ་བྱས་པ་ ནི། །(སྲོག་གང་ནས་རྒྱུ་བའི)སྣ་རུ་བཀོད་པས་འབྱུང་པོ(ས་ཟིན་པ)འམ་ནི་འབྱུང་པོའི་རིམ་(ཀྱིས་བཏབ་ པ)དང་བརྟན་(པའི་རིམ་པས་སམ་དུག)དང་ལྟོས་འགྲོའི་དུག་ནི་ངེས་པར་འཇོམས(སོ)། ༡༧༧། ༈ ཉི་མ་ལ་སོགས་གཟའ་བདུན་དག་ནི་ཉིན་དང་མཚན་མོའི་དུས་(ཀྱི་ཞག་རེ་ལ་རིམ་གྱིས་ འཆར)ཏེ་(དེ་ལྟར་ཞག་དེའི)བདུན་གྱི་ཆ་(ཞེས་པ་འདིར་[མཉམ་པོ་[མ་ཉམས་པ]བདུན་ནི་མ་ཡིན་གྱི། ཉི་མ་ལ་ཆུ་ཚོད་ བརྒྱད། ཆུ་སྲང་སོ་བཞི། དབུགས་གཅིག དབུགས་ཀྱི་བདུན་ཆ་ལྔ། ཟླ་བ་ལ་ཆུ་ཚོད་བཅུ་གཉིས། ཆུ་སྲང་ང་གཅིགདབུགས་ གཉིས། བདུན་ཆ་བཞི། བཀྲ་ཤིས་ལ་ཆུ་ཚོད་བདུན། ཆུ་སྲང་བརྒྱད། དབུགས་གསུམ། བདུན་ཆ་གསུམ། གཟའ་ལག་ལ་ཆུ་ཚོད་ ལྔ། ཆུ་སྲང་ཞེ་གཉིས། དབུགས་ལྔ། བདུན་ཆ་གཅིག ཕུར་བུ་ལ་ཆུ་ཚོད་བཅུ་གཅིག ཆུ་སྲང་ཉེར་ལྔ། དབུགས་བཞི། བདུན་ ཆ་གཉིས། པ་སངས་ལ་ཆུ་ཚོད་བཅུ། སྤེན་པ་ལ་ཆུ་ཚོད་བཞི། ཆུ་སྲང་བཅུ་བདུན། བདུན་ཆ་དྲུག་ཡོད་པས་དེ་ལྟ་བུའི་ཆ་བདུན་པོ་ དེ)ཡི་མཐའ་རུ་ནི། །སྤེན་པ་(རྫོགས་ཤིང་)ཉི་མ(འཆར་བ)འི་དབུས་སུ་སྟོང་པ་(སྒྲ་གཅན)རིགས་ལྡན་ མ་དག་གི་རང་བཞིན་འཆི་གཟུགས་ཆུ་ཚོད་ཕྱེད་ནི་རབ་ཏུ་རྒྱུ(བས)། །(དུས)དེ་ལ་སྦྲུལ་དང་རྩེ་ 1-1-263 བར་མི་བྱ་(བརྟན་གཡོ་སྦྱར་བ་སྟེ)རྣམ་པ་གསུམ་པོ་དག་གི་དུག་ཀྱང་བཟའ་བར་མི་བྱ་སྟེ། །(འཆི་ གཟུགས་ཀྱི་དུས)དེ་ཉིད་ལ་ནི་སྦྲུལ་གྱི་ཟོས་ཟིན་(པ་དང་)འབྱུང་པོས་བཏབ་དང་མཚོན་གྱིས་ཕུག་ པ་(རྣམས)གཤིན་རྗེའི་གྲོང་ཁྱེར་འགྲོ། ༡༧༨། ༈ དེ་བཞིན་དུ་ཡང་ཉིན་མཚན་དུས་སུ་རྟག་ཏུ་རྒྱུ་བའི་འཆི་བའི་དུས་ཀྱི་རབ་ཏུ་དབྱེ་བ་ (བཞི)ནི། །ཉི་མ་གུང་དང་མཚན་མོ་ཕྱེད་དང་ཐོ་རངས་དག་དང་ཉི་མ་ནུབ་པ་ལ་ཡང་ཆུ་ཚོད་(རེ་ རྒྱུ་བ་ཉིད)དེ། །(དེ་ལྟར)ཐུན་མཚམས་ཆུ་གཏེར་(ཏེ་བཞིའི་བར་རམ)དབུས་སུ་སྟོང་པ་(སྒྲ་གཅན་གྱི་ལོངས་ སྤྱོད)དག་ལ་རིགས་ལྡན་(གྱི་རང་བཞིན་འཆི་བདག)དུས་ཀྱི་སོས་ཟིན་(ལ)ཆུ་ཚོད་གཅིག་རབ་ རྒྱུ། །(འཆི་བདག་དུས་ཀྱི་ཆུ་ཚོད)འདི་དག་སྒྲ་གཅན་གདོང་པ(འི་ཆུ་ཚོད)་རྣམས་སུ་ཉིན་ཞག་སོ་སོའི་ དུས་སུ་(འཆར་བས་དེའི་དབུས་སུ་སྔ་མ་བཞིན་དུ་)ཡང་དག་པར་ནི་རིག་པར་བྱ(འོ)། ༡༧༩། ༈ (གཟའ་དང་ཀླུ་རིམ་པར་སྦྱར་བ་ལས་དུག་གི་རིགས་ཤེས་པར་བྱ་སྟེ)ཉིན་དང་མཚན་མོའི་དུས་སུ་(སྔར་ བསྟན་པའི་ཆ་བདུན་རིམ་པར་བསྟན་པ་ལས)ཉིན་མོའི་དང་པོའི་ཆ་ལ་(གཟའ)ཉི་མ་དང་ནི་(ཀླུ)མཐའ་ཡས་ ལོངས་སྤྱོད་ཅིང་། །(དེའི)ཕྱི་ནས་(གཟའ་ཟླ་བ་ལ་སོགས་པ་དང་ཀླུ་རིགས་ལྡན་ལ་སོགས་པ)ལྷག་མ་(རྣམས་སྤྱོད་ པ)ཡི་ནི་ལྟོ་འཕྱེ་(སྟེ་ཀླུ་བདུན་པོ)རྣམས་དང་འདིར་ནི་གཟའ་བདུན་རབ་ཏུ་དབྱེ་བས་འཆར་བར་ འགྱུར(ཉིན་མོའི་དང་པོའི་ཆ་ལ་གཟའ་ཉི་མ་རྟག་པར་ལོངས་སྤྱོད་པར་བཞེད་ཅིང་ཁ་ཅིག་རེས་གཟའ་གང་ཡོད་ཉིན་མོའི་དང་ པོའི་ཆ་ལ་སྤྱོད་པར་ཡང་འདོད་དོ)། །(སྔར་བསྟན་པའི་ཆ་བདུན་པོ་དེ་རྣམས་ཞག་བདུན་གྱིས་བསྒྱུར་ན་ཉི་མ་ལ)མཁའ་ དུས་(ཏེ་དྲུག་ཅུ་ཟླ་བ་ལ)མཁའ་དང་བུག་པ་(སྟེ་དགུ་བཅུ་བཀྲ་ཤིས་ལ)མཁའ་མདའ་(སྟེ་ལྔ་བཅུ་གཟའ་ལག་ ལ)མཁའ་དུས་(ཏེ་བཞི་བཅུ་ཕུར་པ་ལ)མཁའ་ནོར་(ཏེ་བརྒྱད་ཅུ་པ་སངས་ལ)མཁའ་རི་(སྟེ་བདུན་ཅུ་སྤེན་པ་ལ) མཁའ་མེ་(སྟེ་སུམ་ཅུ)དག་གི་ཆུ་ཚོད་རྣམས(སོ)། །(དེ་ལྟར)ཉི་མ་ལ་སོགས་གཟའ་ཡི་ལོངས་སྤྱོད་ ལས་ཀྱང་(མཐའ་ཡས་ལ་སོགས)གདེངས་ཅན་ནོར་(ཏེ་ཀླུ་བརྒྱད)གྱི་ལོངས་སྤྱོད་དབྱེ་བས་དུག་ཏུ་ འགྱུར(ཏེ་ཀླུ་བརྒྱད་པ་ནི་སྒྲ་གཅན་གྱི་ལོངས་སྤྱོད་ལ་འཆར་རོ)། ༡༨༠། 1-1-264 ༈ (ཀླུའི་རིགས་དང་ཁ་དོག་ནི)མཐའ་ཡས་རིགས་ལྡན་ཞེས་པ་བྲམ་ཟེ(འི་རིགས་དང་)ཁ་བའི་ མདོག་(དཀར་པོ)སྟེ་ནོར་རྒྱས་བུ་དང་དུང་སྐྱོང་(ནི)རྒྱལ་རིགས་(དང་)དམར(པོ)། །པད་མ་ཆེན་ པོ་དང་ནི་དེ་བཞིན་ཉིད་དུ་འཇོག་པོ་(ནི)རྗེ་རིགས་(དང་ཁ་དོག)མཆོག་གི་གསེར་དང་མཚུངས་ པ་འོ། །སྟོབས་ཀྱི་རྒྱུ་དང་པད་མ་(ནི)དམངས་རིགས་(དང་ཁ་དོག)སྤྲིན་ནག་དང་མཚུངས་(པའོ) མཐར་སྐྱེས་(ཀྱི་རིགས་རྒྱལ་རྣམ་རྒྱལ)དག་ནི་(ལྗང་ཁུ་དང་སྔོན་པོ་ཡིན་པས)ཁ་དོག་སྣ་ཚོགས་སོ། །(ཀླུ)དེ་ དག་རྣམས་ཀྱི་སྐྱེ་གནས་དག་ཀྱང་(བྲམ་ཟེའི་རིགས་ཀྱི)ཆུ་དང་(རྒྱལ་རིགས་ཀྱི)རྩེ་མོ་ཅན་(ཏེ་མེ)དང་(རྗེ་ རིགས་ཀྱི)འཛིན་མ་(སྟེ་ས་དང་དམངས་རིགས་ཀྱི)རླུང་དང་(མཐར་སྐྱེས་ཀྱི)ནམ་མཁའི་ཁམས། ༡༨༡། ༈ མཁའ་ལྡིང་(ཁ་དོག་ལྔ་པ)ཞེས་པ་རྐང་པ་ནས་ནི་དཔྱི(འི)་མཐར་(ཐུག་པ)སེར་པོ་དེ་བཞིན་ (དུ་དཔྱི་ནས)ལྟེ་བའི་མཚམས་སུ་ཁ་བའི་མདོག(སྟེ་དཀར་པོ)། །(ལྟེ་བ་ནས)མགྲིན་པའི་བར་དུ་ཁ་ དོག་དམར་པོ་(དང་)སྤྲིན་ནག་དང་མཚུངས་(པ་ནག་པོ་ནི་མགྲིན་པ་ནས)སྨིན་མའི་འཁྲི་ཤིང་ཇི་སྲིད་ ཉིད་དུ་སྟེ། །དེ་ལས་གོང་དུ་(སྤྱི་གཙུག་གི་མཐར་ཐུག་པ)ཁ་དོག་སྣ་ཚོགས་(ཞེས་པ་ལྗང་ཁུ་སྟེ)གདེངས་ ཅན་(ཀླུ)རིགས་(ལྔའི་རྒྱན)དང་བཅས་པ་དེ་(ཁོ་ན)ཉིད་(རྒྱལ་བ་རིགས)ལྔ་ཡིས་རྒྱས་བཏབ་པ། ། བསྒོམས་(ཏེ་སྔགས་བཟླས)ན་(མཁའ་ལྡིང་)དེ་ཡི་ཕྱག་རྒྱས་གདེངས་ཅན་(གྱི)དུག་དང་འབྱུང་པོའི་ ནད་ལ་སོགས་པ་དག་ཀྱང་ངེས་པར་འཕྲོག(པས་དེ་བསྒོམ་པར་བྱ་སྟེ)། ༡༨༢། རང་གི་སྙིང་ཁའི་པད་ མ་དག་ལ་ཉི་མའི་སྟེང་དུ་ཀྵིཾ་གི་ཡི་གེ་(ཡོངས་སུ་གྱུར་པ་ལས)འདབ་ཆགས་མགོན་པོ་(ཁ་དོག་ལྔ་པ)ནི། ། ཀླུ་(བཅུ)ཡི་རྒྱན་དང་ལྡན་ཞིང་མཐའ་དག་རིགས་ཀྱི་(འོད་ཟེར)དབང་གིས་ཁ་དོག་ལྔ་རྣམས་ འཕྲོ་བ་བསྒོམ་པར་བྱ། །དེ་ནས་འདབ་ཆགས་མགོན་པོའི་སྔགས་ནི་དང་པོར་ཨོཾ་ཡིག་དག་ དང་པ་ཀྵི་(འདབ་ཆགས)སྭཱ་ཧཱའི་མཐའ་ཅན་ཏེ། །(དེ་ལྟར་ཨོཾ་པ་ཀྵཱི་སྭཱ་ཧཱ་ཞེས་པ)དེ་ནི་བྱེ་བ་ཕྲག་གཅིག་ བཟླས་(ཞིང་བཅུ་ཆས་སྦྱིན་སྲེག་བྱས)ནས་གདེངས་ཅན་རིགས་དང་བཅས་པའི་(གཉེན་པོར་གྱུར་པའི) འདབ་ཆགས་མགོན་པོ་བསྒྲུབ་པར་བྱ། ༡༨༣། 1-1-265 ༈ (དེ་ལྟར)མཁའ་ལྡིང་གྲུབ་ན་(ཕན་ཡོན་ནི)གདེངས་ཅན་དབང་པོ་རྣམས་དང་གདེངས་ཅན་ བདག་པོའི་བུ་རྣམས་མངག་གཞུག་(པའམ་བྲན་གཡོག་ལྟ་བུ)ཉིད་དུ་འགྱུར(ཞིང་)། །རབ་མཆོག་ས་ ཡི་སྟེང་དུ་འབྱུང་པོ་(དང་)གནོད་སྦྱིན་(ལ་སོགས་པའི)གདོན་རྣམས་དག་དང་མཁའ་འགྲོ་མ་དང་ མ་མོ་རྣམས། །སྔགས་ཀྱིས་དགུག་པར་རབ་ཏུ་འགྱུར་ཏེ་(འབྱུང་པོ་ལ་སོགས་པ)གདོན་གྱི་ཚོགས་ པ་མཐའ་དག་(འཆི་བདག)དུས་ཀྱི་སོས་ཟིན་(པའི་ནད་པ་ལ་ཇི་ལྟར)རྗོད་པ(དེ་ལྟ)ར་(སྨྲ་བར་ར་ཟེར) བྱེད(པས)། །(བཀའ་ཉན་པ)དེའི་ཕྱིར་སེམས་ཅན་དོན་གྱི་སླད་དུ་དང་པོར་མི་རྣམས་ཀྱི་ནི་མཁའ་ ལྡིང་དབང་པོ་བསྒྲུབ་པར་བྱ། ༡༨༤། ༈ རིག་བྱེད་དང་ནི་འདབ་བརྒྱད་ཉིད་དང་མི་ཡི་བདག་པོ་སོ་དང་ཆུ་གཏེར་དྲུག་དང་ གཉིས་སྐྱེས་ལ། །སྙིང་པོར་བསྒྲུབ་བྱ་རང་གི་ཕྱོགས་སུ་དང་པོར་ཨ་ཨཾ་ཟུང་སྟེ་ཨི་ལ་སོགས་ པ་འདབ་བརྒྱད་ལ། །ཨེ་ཡ་ལ་སོགས་བཅུ་དྲུག་ལ་སྟེ་ཀ་སོགས་གསུམ་གྱིས་བསྒྱུར་བའི་བཅུ་ དང་ཧ་ཀྵ་གཉིས་སྐྱེས་ལ། །ཐུན་མཚམས་འདབ་མ་རྣམས་ལ་བསྒྲུབ་བྱ་ཚེས་ཀྱིས་བསྒྱུར་བའི་ དུས་ལ་ལ་མཐའ་དབྱངས་དང་བཅས་པ་རྣམས། ༡༨༥། ཨ་སོགས་དབྱངས་ནི་རེ་རེ་དག་གིས་ ཆུ་སྲིན་བུམ་པའི་དབང་ལས་རིང་པོ་ཐུང་ངུ་དག་ཀྱང་ལྔ། །ཕྱི་རོལ་འདབ་མ་སུམ་བཅུ་[ཅུ་] གཉིས་ལ་བདག་གི་སྙིང་པོ་བཛྲ་ཏཱིཀྵྞ་ལ་སོགས་ཡི་གེ་རྣམས། །༈ དེ་དག་རྣམས་ཀྱི་ཕྱི་རོལ་ཏུ་ ཡང་ཞི་སོགས་ལས་ལ་ཝ་ཡ་ར་ལ་དཀྱིལ་འཁོར་རྣམས་ཉིད་དོ། །སྙིང་པོར་ཡི་གེའི་ཡན་ལག་ མཆོག་དང་རྩེ་མོ་ལྡན་པ་རྐང་པ་དག་ནི་དབང་དང་དགུག་པ་ལ། ༡༨༦། ཞི་བ་སོགས་ལ་སྙིང་ པོར་རྐང་པ་དང་ནི་རྩེ་མོ་ལྡན་པར་མགོ་བོ་སྔགས་པས་བྲི་བར་བྱ། །༈ ཞི་བ་དང་ནི་རྒྱས་པ་ (དག་དང་)སྲིད་པ་གཞོམ་པ་(སྟེ་བསད་པ)དག་དང་བསྐྲད་(པ)དང་དགུག་དང་དབང་དུ་བྱ་བ་དང་། ། རེངས་པ་དང་བཅས་རྨོངས་པ་དག་ཀྱང་སྲིད་པ་གསུམ་གྱི་གནས་སུ་འཁོར་ལོ་འདི་(ཡིས)ནི་ བྱེད་ཏེ་[དེ་](དེ་ཡང་)འདིར། །སྔར་བརྗོད་(པ་ལྟར)བཟླས་པ་(བྱེ་བ་བཅུ་ཆའི)སྦྱིན་སྲེག་རྣམས་ཀྱིས་ 1-1-266 དང་པོར་བཛྲ་ཏཱིཀྵྞ་ལ་སོགས་སྔགས་ཆེན་བསྒྲུབ་པར་བྱ(དེ་ནས་ལས་ལ་སྦྱོར)། ༡༨༧། ༈ རྩིབས་བརྒྱད་ལ་ནི་ཕྱོགས་དང་ཕྱོགས་བྲལ་དུ་གནས་བཅུ་གཉིས་རྩིབས་དང་བཅུ་ དྲུག་རྩིབས་ལ་བར་དུ་ཡང་། །བསྒྲུབ་བྱ་ཟུར་རྣམས་སུ་སྟེ་དབུས་སུ་རབ་འགྱུར་ཡ་མ་རཱ་ཛཱ་ས་ དོ་མེ་རུ་ཎ་ལས་ཡོ། །དེ་ནས་སྙིང་པོའི་རྩིབས་ཀྱི་དབུས་ནས་ད་ནི་ར་ཡ་ཀྵེ་ཙྩ་དེ་ནས་མཐར་ ནི་ནི་རུ་འགྱུར། །དེ་ཡི་ཕྱི་རོལ་ཨོཾ་ཧྲཱིཾ་ཥྚཱིཾ་དང་བི་ཀྲི་ཏཱ་ན་ན་ལས་རྣམ་གཉིས་ཧཱུཾ་དང་ཕཊ་ཏུ་ འགྱུར། ༡༨༨། རེ་མིག་ནས་ནི་རེ་མིག་བར་ལ་འགྱུར་ཏེ་མི་ཡི་བདག་པོ་བསྒྲུབ་བྱའི་མིང་དང་ སྔགས་འདི་འོ། །དབྱེ་དང་བསད་དང་དབང་ལ་ཡ་མ་ར་ནི་རབ་ཏུ་འགྱུར་ཏེ་ཀྵེ་ད་མེ་དོ་ས་ ཙྩ་སོགས། །རེངས་དང་དགུག་དང་རྨོངས་པ་དང་ནི་སྟོབས་ནི་བྱེད་པ་དག་དང་ཞི་བ་དང་ནི་ བསྐྲད་པ་ལ། །དེར་ནི་སྙིང་པོ་དག་ནས་ཡ་ཡིག་འགྲོ་སྟེ་ཡོན་ཏན་དབང་གིས་ཕྱི་རོལ་ཐམས་ ཅད་སྔ་མ་བཞིན། ༡༨༩། ༈ ཡི་གེ་རྣམས་ཀྱི་ཡན་ལག་མཆོག་ལས་མདུན་དུ་དབྱངས་ཀྱིས་འཁྱུད་པ་དག་ནི་མ་རུ་ རབ་ཏུ་འགྱུར། །ཡི་གེ་རྣམས་ཀྱི་སྡེ་མཐའི་ཡི་གེ་རྡོ་རྗེ་རིགས་ཀྱི་དབང་གིས་ལྔ་པ་ཧཾ་དང་སཾ་དུ་ གསུངས། །ཐིག་ལེ་གཉིས་ཀྱིས་དབྱངས་མཆོག་སྦྱར་བ་ལ་ནི་འདི་ཡང་བདག་གི་ཤེས་རབ་ ཡི་གེ་ཨུ་རུ་འགྱུར། །མཾ་མུཿཧཾ་ཧུཿསཾ་སུཿམཾ་ཛུཿཉིད་ནི་པད་མ་ནོར་འདབ་ལ་སྟེ་ཉི་མའི་འདབ་ མ་ལ། ༡༩༠། ཕྱི་རོལ་ཏུ་ནི་ཤྲཱི་བཛྲ་གྷོ་ཥཿས་དང་ལྡན་པའི་མན་ཏ་བྷ་དྲ་ཧཱུཾ་དང་ཕཊ་ཏུ་འགྱུར། ། བསྒྲུབ་བྱ་འདིར་ནི་ལྟེ་བ་ལ་སྟེ་ཆེ་གེ་མོ་ཡང་མཛོད་ཅིག་དཔལ་ལྡན་ཞི་བ་སོགས་ལ་བསྐུལ། ། དེ་བཞིན་སྔར་བརྗོད་འཁོར་ལོ་རྣམས་དག་ལ་ཡང་རྟག་ཏུ་བསྒྲུབ་བྱའི་མིང་ནི་བྲི་བར་བྱ་ བར་འགྱུར། །འདི་དག་ཐམས་ཅད་བདག་གི་དྲིན་ལས་རྒྱལ་བའི་བདག་པོའི་བཀའ་ཡིས་མི་ རྣམས་ཀྱིས་ནི་འགྲུབ་པར་འགྱུར། ༡༩༡། ༈ (གཞོམ་དུ་མེད་པའི)སྒྲ་ནི་གང་ཞིག་(སེམས་ཅན་ཀུན་གྱི)སྙིང་ཁའི་ཕྱོགས་ན་(རྟག་ཏུ)ཡོད་པ་(རྡོ་ 1-1-267 རྗེའི་རྣལ་འབྱོར་དང་ལྡན་པའི)མི་མཆོག་རྣམས་ཀྱི་(ལྷའི)རྣ་བའི་བུ་གས་ཐོས་གྱུར་པ། ཆོས་ཉིད་འོད་གསལ་ གྱི་སྒྲ)། དེ་ལ་(རྣལ་འབྱོར་ལྡན་པའི)མི་ཡི་སེམས་ནི་(རྩེ)གཅིག་ཏུ་གྱུར་པར་སྦྱར་(ཞིང་བསྒོམས)བ་དག་ ཀྱང་(ཡུལ་དང་ཡུལ་ཅན)རོ་ནི་མཉམ་པ(འི་བདེ་བ་ཆེན་པོ)ར་འགྱུར་བ་སྟེ། །(དེའི་དབང་གིས)འཇིག་རྟེན་ ཀུན་ཏུ་སྒྲ་ནི་གང་ཞིག་སྲིད་པར་སྐྱེས་པ(འི་སེམས་ཅན་རྣམས་ཀྱི)ས་བརྗོད་པ་(ཆུང་ངུ་དང་རིང་དུ་གནས་པ་ དང་ལྐོག་ཏུ་གྱུར་པ་ལ་སོགས་པ)དེ་དང་དེ་ནི་(ཇི་ལྟ་བ)དེ་བཞིན་(དུ)ཐོས(ཤིང་ཅི་བསམ་པ་ཡང་ཤེས་སོ)། །(དེ་ བས་ན)ཁྱབ་བདག་གི་ནི་(གཞན་གྱི་སེམས)རྣམ་(པར)ཤེས་(པའི་མངོན་ཤེས)ཉིད་དང་རིང་དུ་(གནས་པའི་ སྒྲ་ཡང་)ཐོས་པ་(ལྷའི་རྣ་བའི་མངོན་ཤེས)དག་ཀྱང་(ཐོབ་པའི་ཐབས་ཡན་ལག་དྲུག་གི་རྣལ་འབྱོར་ནི)རྣལ་འབྱོར་ པ་ཡིས་བསྒོམ་པར་བྱ(འོ)། ༡༩༢། ༈ (བཀྲེས་སྐོམ་ལ་སོགས་པ་སེལ་བར་འདོད་ན)དཀྱིལ་དཀྲུང་བཅིངས་བ་བྱས་ནས་(ལྕེ་རྩེ་རྐན་ལ་སྦྱར་ ཞིང་)ཕན་ཚུན་སོ་(སྟེང་འོག)དག་རེག་པ་མིན་པར་ཁ་ནི་རྣམ་པར་ཕྱེ་བ་ཡིས། །ཕྱི་རོལ་རླུང་དག་ (ནང་དུ་སྟོབས་ཀྱིས)བཀུག་སྟེ་(རླུང་)དེ་དང་(ལྕེའུ་ཆུང་ལས་འཛག་པའི)བདུད་རྩིར་བཅས་པ་ལྟེ་བ་དབུས་ སུ་རབ་ཏུ་བཅུག་པ་ཡིས། །ཀུན་ཏུ་གདུང་བ་(ཚ་བའི་རིམས)དང་ནི་བཀྲེས་དང་སྐོམ་པ་འཕྲོག་ ཅིང་མཆོག་གི་ལུས་ལ་དུག་ཀྱང་ཡང་དག་འགོག(ལ་བྱང་གི་སྒྲས་དུས་མིན་འཆི་བ་ལ་སོགས་པ་ཡང་འགོག་ གོ)། (གཞན་ཡང་)དཔྲལ་བ(འི་འཁོར་ལོ)ར་ཐིག་ལེ་དཀར་པོ་དབྱངས་(བཅུ་དྲུག་རྣམས)ཀྱིས་ཡོངས་སུ་ བསྐོར་བ་(ལ)བདུད་རྩི(འི་རྒྱུན་ལྕེའུ་ཆུང་ངུ་)སྤྲོ་བར་བྱེད་པ་(བསྒོམས་པ)ཡིས་ཀྱང་(འབྲས་བུ་སྔ་མ་ལྟར་ འབྱུང་)ངོ་། ༡༩༣། ༈ (ཚེ་རིང་བ་ལ་སོགས་པ་འདོད་ན)ཁ་ཡང་བཙུམས་ཏེ་སྣ་ཡི་བུག་པ་གཉི་ག་དག་ནས་ཕྱི་རོལ་ དག་གི་རླུང་ནི་མ་ལུས་པ། །(སྟེང་)སྲོག་(རླུང་)གི་ཤུགས་ཀྱིས་(ནང་དུ)བཀུག་སྟེ་དྲི་མ་མེད་པའི་ གློག་དང་མཚུངས་པ་(འོག)ཐུར་སེལ་(གྱི)རླུང་དང་(ལྟེ་བར)སྦྱར་(ཏེ་བསྒོམ་པར)བྱས་པ། །དུས་ཀྱིས་ གོམས་པའི་སྦྱོར་བ་དག་ལས་ཟླ་བ་(གཡོན་རླུང་དང་)ཉི་མ་(གཡས་རླུང་དག)མེ་(ཨ་བ་དྷཱུ་ཏི)ཡི་དབུས་ 1-1-268 སུ་(ཀློག་གི་དབྱུག་པ་ལྟར་གཅིག་ཏུ་གྱུར་ཅིང་སྲོག་ཐུར)རོ་ནི་མཉམ་པར་འགྱུར། །(དེའི་དབང་གིས)ལུས་ལ་ (གནས་སྐབས་སུ)ཟས་ལ་སོགས་པས་བཀྲེས་པ་དང་ནི་སྐོམ་པ་འཕྲོག་སྟེ་(མཐར་ཐུག)འཆི་བ་མེད་ པ་ཉིད་ཀྱང་སྟེར། ༡༩༤། ༈ (གྲིབ་གཟུགས་ལས་གཏེར་རྟོག་ན)ཉི་མ་ལས་ནི་གཞན་དུ་(གདོང་)ཕྱོགས་ཏེ་(མདུན་དུ)ཉི་འོད་ ལ་གནས་(པའི)རང་གི་གྲིབ་མ་བརྟན་(ཅིང་མི་འགྱུར)པའི་མིག་གིས་(ཡུན་རིང་དུ)བལྟ(བར་བྱ་སྟེ)། ། ཕྱི་ནས་(སྤྲིན་མེད་པའི)ནམ་མཁའ་དག་ལ་མངོན་པར་(བལྟ་བས)བརྟགས་ན་(སྟོང་པར)རོ་མཉམ་ (པའི)སྐྱེས་བུ(འི་གཟུགས་བརྙན)དུ་བའི་མདོག་(ལྟ་བུ)ཅན་མཐོང་བར་འགྱུར། །(དེ་ལྟར)ཟླ་བ་དྲུག་ ཏུ་གོམས་པའི་སྦྱོར་བ་དག་ལས་ས་ལ་གནས་པའི་གཏེར་ནི་ས་ཡི་བུ་གར་མཐོང་(བར་འགྱུར་ རོ)། །ཡང་ན་ཤིང་གི་(དྲུང་དུ་བསྡད་ནས་ཤིང་གི)གྲིབ་མར་མིག་མི་འགྱུར་བར་རྩེ་གཅིག་(ཏུ)རབ་ཏུ་ ཞུགས་ཏེ་(བལྟས་ལ་ཕྱི་ནས)ནམ་མཁའི་མཐིལ་དུ་(གྲིབ་མའི་གཟུགས་བརྙན་གྱི་བར་བར་གྱི)ཐིག་ལེའི་ཕྲེང་ བལྟ་བུར་སྣང་བ་ཟླ་བ་དྲུག་ཏུ་གོམས་པ)ར་གྱུར་པས་སོ(ས་ལ་གནས་པའི་གཏེར་མཐོང་ངོ་)། ༡༩༥། ༈ (འོད་གསལ་གྱི་དབྱིངས་སུ་འཕོ་བར་འདོད་ན)ནུས་མ་(སྟེ་སྲོག་གི་རླུང)གང་ཞིག་ལྟེ་བའི་དབུས་ ནས་གཞན་གྱི་(ཕྱི་རོལ་གྱི)གནས་སུ་(སྣ་སྒོ་ནས་ས་རླུང་སོར)བཅུ་གཉིས་མཐའ་དང་(ཆུ་རླུང་བཅུ་གསུམ་ མེ་རླུང་བཅུ་བཞི། རླུང་བཅྭ་ལྔ། ནམ་མཁའི་རླུང་)ཆའི་(སྟེ་བཅུ་དྲུག་གི)མཐར་(ཐུག་པར)འགྲོ་བ། །(གཡས་གཡོན་གྱི་ རླུང་རྒྱུ་བ)དེ་ནི་ལྟེ་བར་འགོག་པ་དང་བཅས་(པས་དབུ་མར་ཞུགས་པ་མེའི་རང་བཞིན)དྲི་མེད་གློག་དང་ མཚུངས་པ་(དབུ་མར་དྲང་པོར་ཞུགས་པས)དབྱུག་པའི་གཟུགས་ཅན་(གྱེན་དུ)ལངས་པ་ཡང་། །(ལྟེ་བ་ ལ་སོགས་པའི)འཁོར་ལོ་ནས་ནི་འཁོར་ལོ(གོང་མ་གོང་མ)འི་བར་དུ་ངེས་པར་(འདབ་མ་ནས་འདབ་མར་ རྒྱུ་བས)དམན་ཞིང་(ལྟེ་བ་ནས་ལྟེ་བར)རོལ་པའི་བགྲོད་པས་དབུ་མའི་རྩ་ལ་བསྐྱོད(ནས)། །ཇི་སྲིད་ གཙུག་ཏོར་(ཚངས་པའི)བུག་པར་བཙན་ཐབས་(ཏེ་བཙན་དོང་)ཉིད་ཀྱིས་(གཙུག་ཏོར་གྱི)ཕྱི་རོལ་གྱི་ནི་ ལྤགས་པ་དག་ལ་ཁབ་(ཀྱིས་འབུགས་པ)བཞིན་(དུ་རླུང་གི)རེག(ནས་འབུགས་སོ)༡༩༦། 1-1-269 ༈ དེ་ཡི་དུས་སུ་ཐུར་དུ་སེལ་བ(འི་རླུང་)་མཆོག་གི་བཙན་ཐབས་(ཏེ་སྟོབས་ཤིན་ཏུ་དྲག་པོ)ཉིད་ ཀྱིས་(ལྟེ་བའི)སྟེང་གི་ལམ་དུ་བསྐུལ་བར་བྱ། །(དེ་ལྟར་བསྐུལ་བས)ཟུང་གི་རླུང་དག་འགགས་པ་ ན་ནི་གཙུག་ཏོར་ཕུག་ནས་(གཞན་ནམ)མཆོག་གི་(སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་ཐར་པ་ཆེན་ པོའི)གྲོང་ཁྱེར་(འོད་གསལ་ཆེན་པོའི་དབྱིངས)དག་ཏུ་(རྣལ་འབྱོར་པའི་སེམས)འགྲོ་བར་འགྱུར། །དེ་ལྟར་ ཡིད་ལ་རྡོ་རྗེ(འི་དབྱིངས་རྟག་ཏུ་བཞུགས་པ་དེ)རབ་ཏུ་སད་པ(སྟེ་མངོན་དུ་བྱས་པ)ས་(རྣལ་འབྱོར་པའི་སེམས) ཡུལ་དང་བཅས་པ་(ཆོས་ཀྱི་དབྱིངས་ཀྱི)མཁའ་ལ་སྤྱོད་པ་(སྟེ་ནམ་མཁའི་དབྱིངས་སུ་སྤྲིན་ཡལ་བ་ལྟ་བུ)ཉིད་ དུ་འགྱུར(རོ)། །(མཁའ་སྤྱོད་ཀྱི་ཡོན་ཏན་བརྒྱད་མན་ངག་སྙེ་མ་ལ་སོགས་པར་གྲགས་པ་ནི་འཇིག་རྟེན་པའི་དངོས་གྲུབ་ཀྱི་ མཁའ་སྤྱོད་ཀྱི་ཡོན་ཏན་ནོ། །མཁའ་སྤྱོད་ཀྱི་ཡོན་ཏན་བརྒྱད་ནི་མན་ངག་སྙེ་མར། རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་དང་ལུས་ཡང་བ་ཉིད་ དང་། འཇིག་རྟེན་གསུམ་པོ་མཐའ་དག་ཁྱབ་པར་བྱེད་པ་ཉིད་དང་། སངས་རྒྱས་ཀྱི་ཡོན་ཏན་འཐོབ་པ་དང་། ཡེ་ཤེས་ཀྱི་སྣང་བ་ དང་། དེ་ལ་བརྟན་པར་གྱུར་པ་ཉིད་དང་། སྐྱེ་བོ་ཐམས་ཅད་བདག་ཉིད་ཀྱི་དབང་དུ་གྱུར་པ་ཉིད་དང་། འདོད་དགུར་བསྒྱུར་བར་ མཐར་སྐྱེའོ། །དེ་སྐད་དུ་ཡང་གསུངས་པ། ཕྲ་མོའི་གཟུགས་དང་རེག་ཡང་བ། །ཁྱབ་དང་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་ དང་བརྟན་པ་ཉིད། །དབང་ལྡན་འདོད་དགུར་བསྒྱུར་མཐའ་ཅན། །ཞེས་སོ། །གཟུགས་ཕྲ་བ་ཉིད་ལ་སོགས་ཁོ་ན་ཤིན་ཏུ་ཕྲ་བ་ དང་ཡང་ཤིན་ཏུ་ཆེ་བ་དང་གར་ཡང་ཕྱིན་པ་དང་། གསལ་བར་འོས་པ་དང་དབང་བ་ཉིད་དང་དབང་བསྒྱུར་བ་ཉིད་དང་། གང་དུ་ འདོད་པར་གནས་པ་ཞེས་དབང་ཕྱུག་ཉིད་རྣམ་པ་བརྒྱད་དུ་བརྗོད་པར་བྱའོ་ཞེས་སོ)སླར་ཡང་འདིས་ནི་རྣལ་འབྱོར་ པ་རྣམས་མངོན་ཤེས་ལྔ་ཡི་རང་་བཞིན་སྣ་ཚོགས་ཡུམ་དུ་འགྱུར་བ་ཡིན། ༡༩༧། ༈ (བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི)ཕྱག་རྒྱ་(ཆེན་མོ་ནི་རྡོར་སྙིང་འགྲེལ་པ་ལས་སྣང་བརྙན་དེ་ཉིད་དཔེ་དགུ་ རྣམས་ཀྱིས་བསྒྲུབ་ཏེ། འདི་ལྟ་སྟེ། མིག་ཡོར་དང་། སྤྲུལ་པའི་གྲོང་ཁྱེར་དང་། ཞེས་པ་ནས་སྒྱུ་མའི་འཁྲུལ་འཁོར་དང་ཞེས་སོགས་ གསུངས་པ་ལྟར)སྒྱུ་མའི་རྗེས་སུ་མཐུན་པ་(རྣལ་འབྱོར་པའི)ཡིད་དང་ནམ་མཁའ་ལ་ནི་(པྲ་ཕབ་པའི)མེ་ ལོང་དག་ལ་གཟུགས་(སྣང་བ)བཞིན་(དུ་སྣང་བ་ཉིད)ཏེ། །(དོན་དམ་གྱི)འཇིག་རྟེན་གསུམ་པོ་(པྲ་ཕབ་ པ་ལྟར)སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་ 1-1-270 དང་ལུས་ལ་(ནམ་མཁའ་ལྟར་ཁྱབ་པས་ལོགས་སུ)དབྱེར་མེད་(ཅིང་གཟུང་འཛིན་དང་བྲལ་བས)ཡུལ་དང་རྣམ་ པར་བྲལ་བ་(སྣང་བ་ལྟར་གྱི་རྡུལ་ཕྲན་དང་དངོས་པོར་གྲུབ་པས)སྣང་བ་ཙམ་ནི་མཁའ་ལ་གནས་པ་ཡི། ། (གཟུང་བར་བྱ་བའི)སེམས་(གཞན་རང་བཞིན་འོད་གསལ)ལ་(འཛིན་པའི)སེམས་(གཞན་བདེ་བ་ཆེན་པོ་ཉིད)[ཀྱི་ རང་བཞིན་འཁྱུད་པ་གང་ཞིག་[དག་གིས་ནི་བདག་(ཉིད་གཅིག་པའི་ཚུལ)གིས་འཁྱུད་དེ་(འགྱུར་ གསར་སྔ་མ་ལ་ཡོད་པ་བདེ)]འགྲོ་བ་དུ་མའི་གཟུགས་ཅན(དེ་རྣམ་པ་ཅན་ཡིན་ཡང་ཕྱག་རྒྱ་ཆེན་མོ)དེ་ནི་(རང་ བཞིན)གཅིག་པུ་འོ། ༡༩༨། ༈ སེམས་ནི་(ཕྲག་དོག་ལ་སོགས་པའི)རྙོག་པ་དང་བཅས་ལས་ཀྱི་ཕྱག་རྒྱ་འདི་དང་(རྟོག་པས) བརྟགས་པའི་ཡེ་ཤེས་ཕྱག་རྒྱ་སྤང་བྱ་སྟེ། །ཡང་དག་རྫོགས་པའི་བྱང་ཆུབ་ཆེད་དུ་རྒྱལ་བ་ མཆོག་(རྡོ་རྗེ་འཆང)གི་སྐྱེད་མ་(སྟེ་ཡུམ)མཆོག་གི་ཕྱག་རྒྱ་(ཉོན་མོངས་དང་རྟོག་པས)གོས་པ་མེད(ཅིང་)། །(འདུས་མ་བྱས་པའི་དབྱིངས་ཡིན་པས)རྣམ་པར་འགྱུར་བ་མེད་ཅིང་(ནམ)མཁའ་(དང་)མཉམ་པ་(སྟེ་ མཚུངས་ལ་རྣམ་ཤེས་ཀྱི)མུན་བཅོམ་(བརྟན་གཡོ་ཀུན་ལ)ཁྱབ་བྱེད་(ཉི་ཟླ་དང་སྲོག་ཐུར་གཅིག་ཏུ་སྦྱོར་བའི)རྣལ་ འབྱོར་དག་གིས་བགྲོད་(པ་སྟེ་ཐོབ་པར)བྱ་(བ་གདོད་ནས)ཐེར་ཟུག་(རྟག་པར)གནས། །ཡེ་ཤེས་གཟི་ བརྗིད་(ཏེ་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ)སྲིད་པའི་(འཕོ་བའི་བག་ཆགས་ཀྱི)དྲི་མ་འཕྲོག་ཅིང་དུས་ཀྱི་འཁོར་ ལོ(བདེ་བ་ཆེན་པོ)ས་(སོ་སོ་རང་རིག་པས)རྗེས་སུ་རིག་པ་བསྒོམ་པར་བྱ། ༡༩༩། ༈ (ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་སྐུ་དེ་ཉིད་མཐར་ཐུག་ཡང་དག་པའི་དོན་ཡིན་པའི་ཚུལ་གྱིས་ཉན་ཐོས་སྡེ་པ་ དང་འདོད་པ་ལྟར)སྲིད་གསུམ་(དོན་དུ་སྣང་བ་འདི་རྡུལ)ཕྲ་རབ་(ཀྱིས་བསྡུས་པའི)གཟུགས་མིན་(གྱི་རྣམ་པར་ དཔྱད་པའི་སྐབས)འདིར་ནི་(ཁམས་གསུམ་པོ)རྣམ་པར་ཤེས་པ་(ཙམ་ཁོ་ན)འོ་(ཞེས་སེམས་ཙམ་པ་འདོད་ལ)དེ་ བཞིན་(དུ་རྣམ་པར་དཔྱད་ན)རྣམ་པར་ཤེས་པ་ཉིད་(ཀྱང་བདེན་པར)མེད་དེ། །(དེ་ལྟར་ན་ཤེས་པ་དང་ཤེས་ བྱ་གང་ཡང་གནས་ལུགས་ལ་མ་གྲུབ་པས་ཡང་དག་པར་ན)སངས་རྒྱས་(ཀྱི)ཤེས་རབ་(དང་ཡེ་ཤེས་ཀྱང་)གང་དུ་ འང་གནས་པ(སྟེ་གྲུབ་པ)མ་ཡིན་(ནོ)ཞེས་པའི་ཚིག་ནི་(མཚན་ཉིད་ཐེག་པ་ཙམ་ལ་བརྟེན་པའི)སངས་རྒྱས་ 1-1-271 པ་(དབུ་མ་པར་ཁས་འཆེ་བ)རྣམས་སྟོན་པར་འགྱུར(བས་ཆད་པ་ཆེན་པོའི་མཐར་ལྷུང་བ་ཡིན་ནོ)། །(དེ་ལྟར་སྟོན་ པའི་རྒྱུ)གང་གིས་འགྱུར་མེད་(བདེ་བ་ཆེན་པོའི་ཡེ་ཤེས་རྟོགས་པ)དང་བྲལ་(བའི)མི་རྣམས་ཀྱིས་ནི་(ཆོས་ རྣམས་རྣམ་པར་དཔྱད་ན་ཅིར་ཡང་མ་གྲུབ་པ་ཆད་པའི)སྟོང་པ་ཉིད་དེ་(ཡང་དག་པའི་དོན)བཟུང་ནས་(སངས་རྒྱས་ དོན་དམ་པའི་སྐུ་ཡང་ཅིར་ཡང་མ་གྲུབ་པའི)སྟོང་པ་ལྟ་(བར)བྱེད་པ། །(ཆད་པ་ཆེན་པོའི་མཐར་ལྷུང་བ)དེས་ན་ གཙོ་བོ(རྡོ་རྗེ་འཆང་གི)ས་(ཡེ་ཤེས་ཆེན་པོ)གང་ཞིག་(ཐིག་ལེ་གདོད་མ་ནས)འཕོ་(བ)མེད་(པ)ལྷན་སྐྱེས་ ལུས་ཀྱི་(སྐུ་ཡི་འབྲོ་ར་གཉི་ག་གསུང་བ་ལེགས)བདེ་བ་དག་ནི་སྔགས་ཀྱི་ཐེག་པར་(མཐར་ཐུག་ཡང་དག་པའི་ དོན་དུ)བསྟན། ༢༠༠། ༈ (ལྔ་པ་མཆོད་སྦྱིན་ལ་སོགས་པ་དང་རིག་བྱེད་ཀྱི་མཐའ་གསང་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དང་ཡན་ལག་དྲུག་གི་ སྦྱོར་བ་ལ་སོགས་པ་སྒྲུབ་ཐབས་ཀྱི་ངོ་བོ་ཉིད)མཆོད་སྦྱིན་དུས་སུ་བ་གླང་(དང་)བསེ་(དང་)རྟ་(དང་)གླང་པོའི་ མགོན་(པོ)སོང་(བའི་)ལུས་ཀྱི་ཡུལ་ལ་(ཟ་བས)ཁྱོད་ཀྱི་དབང་པོ་ནི། །བདེ་བར་བཟུང་བགྱི་(ཞེས་ བརྗོད་པ)གང་(ཡིན་པ)དེ་(ངེས་པའི་དོན་དུ་གཟུགས་ལ་སོགས་པའི)ཡུལ་དང་(མིག་ལ་སོགས་པའི)ཡུལ་ཅན་ རྣམས་ནི་(གཉིས་མེད)ཡེ་ཤེས་(ཀྱི)སྦྱོར་བ་དག་ལས་འགོག་པ་སྟེ། །བསླབ་ལྡན་(བྲམ་ཟེ)རྣམས་ ཀྱི་(ཞི་བའི་བཏུང་བ)བ་གླང་ལྤགས་པར་(རྒྱལ་ཕུར་འཛོམ་པའི་ཚེ་རི་བོ་ས་འཛིན་ལ་རྩ་ཞི་བ་ཞེས་པ་བཏུས་ནས་སྔགས་ སྟོང་རྩ་བརྒྱད་བཟླས་ཏེ་བརྡུངས་ན་སྨན)སོ་མ་(དང་)བལླིའི་(བ་ཀུ་རྩི་བྲཧླི་སླི་དྲས་དང་གསུམ་འདུས་པ་ལ་སོ་མ་ཞེས་སློབ་ དཔོན་ཟླ་བ་ལ་དགའ་བས་སྨན་རྣམས་ཀྱི་མིང་གི་རྣམ་གྲངས་ཀྱི་སྐབས་སུ་བཤད)བཏུང་བ་ཁྲག་དང་བཅས་པར་ གྱུར་པ་གང་(ཡིན་པ)། །དེ་ནི་(ངེས་པའི་དོན་དུ)སྤྱི་བོའི་ཟླ་བ(ལྟེ་བའི་མེས་བཞུ་བ)འི་བདུད་རྩི(འི་རྒྱུན་ འཁོར་ལོ་རྣམས་ཀྱི)བྷ་ག(ལྟེ་བ)འི་རྡུལ་ལ་གནས་(པ་དང་བཅས་པའི་འཐུངས)ཤིང་(ལུས)ཀུན་ཏུ་འགྲོ་བ(ར་ བྱས་པ་ལས)དགའ་བ(བཞི)འི་གཟུགས(ཏེ་རང་བཞིན་འཐོབ་ཅེས་པའོ)། ༢༠༡། ༈ ཚངས་པ་(ནི་དེས་ན་མཚན་ཉིད་ཐེག་པའི་དབུ་མའི་གཞུང་ལས་རྟེན་འབྲེལ་སྤྲོས་པའི་མཐའ་དང་བྲལ་བའི་དབུ་ མ་ཙམ་རྟོགས་པར་ནུས་ཀྱི་རྟེན་འབྲེལ་ལས་འདས་པ་དམིགས་བཅས་སྟོང་པ་ཉིད་དང་དམིགས་མེད་སྙིང་རྗེ་ལྷན་སྐྱེས་བདེ་ 1-1-272 བ་ཟུང་འཇུག་གི་སྐུ་དབུ་མའི་མཐར་ཐུགས་རྟོགས་པར་མི་ནུས་ཏེ། ཀྱེའི་རྡོ་རྗེ་ལས་ཀྱང་དོན་འདི་གསལ་བར་གསུངས་སོ) སྲོག་ཆགས་རྣམས་ཀྱི་ལུས་དང་འཕྲོག་བྱེད་ངག་སྟེ་ཁྱབ་འཇུག་ཀྱང་ཡིད་དེ་རྣམས་རིག་བྱེད་ གསུམ། །དེ་རྣམས་ཨོཾ་ཡིག་ཡི་གེ་གསུམ་དང་ཟླ་ཉི་སྲེག་ཟའི་རྩ་གསུམ་དང་ནི་ཡོན་ཏན་དེ་ རྣམས་སོ། །རིགས་ནི་ལུས་ལ་ཡུལ་དང་ཡོན་ཏན་ལ་གནས་གཞན་གྱི་རིགས་ཏེ་སྲིད་སྲུང་ནཱ་ དའི་རང་བཞིན་ཅན། །(སྲིད་སྲུང་)དེ་ཡི་དབུས་སུ་གཞོམ་མེད་(ཅེས་པ)གང་(བསྟན་པ)དེ་(ནི་ཤེས་ པ)ཡུལ་དང་རྣམ་པར་བྲལ་ཞིང་(ཟླ་ཉིའི)ཡོན་ཏན་མེད་པའི་(ཆོས་སྐུར)འགྱུར་མེད་(བདེ་ཆེན་ཉིད) དོ། ༢༠༢། རིག་བྱེད་(ཀྱི)མཐའ(ར་ཐུག་པ)ལས་གསང་བའི་(ཟབ་མོ)འདི་དག་ཚངས་པ་ཡིས་ནི་ རྣལ་འབྱོར་པ་རྣམས་དག་ལ་སྔོན་(རྡོ་རྗེའི་ཚིག་ཏུ་སྦས་ནས)བརྗོད་ཀྱང་། །༈ (སྙིགས་མ་ལྔའི)དུས་ ཀྱིས་(ཡང་དག་པའི)ཤེས་པ་རབ་(ཏུ)ཉམས་(པའི)ཐུབ་པ་(དྲང་སྲོང་)རྣམས་ཀྱིས་(ལས་ཀྱི་ས)འདིར་ ནི་སྲོག་ཆགས་རྣམས་ལ་(མཐོ་རིས་ཀྱི་དོན་དུ)གསོད་པ་དག་ཀྱང་(སྒྲ་ཇི་བཞིན་པར)བསྟན། །༈ མི་ རྣམས་མཐོ་རིས་(ཀྱི)དོན་དུ་(སྲོག་གཅོད་པའི་མཆོད་སྦྱིན)དེ་ལ་རབ་ཏུ་འཇུག་སྟེ་(དེས་ནི)དམྱལ་བ་ ངན་པའི་འབྲས་བུ་སྟེར་བར་འགྱུར། །(ཆོས་མིན་ཆོས་སུ་བྱས་ཀྱང་རང་བཞིན་མི་འགྱུར་ཏེ་དཔེར་ན)སོལ་བ་ འོ་མའི་རྒྱུན་གྱིས་མངོན་པར་བཀྲུས་པ་འདིར་ནི་ཟླ་བའི་མདོག་ཏུ་འགར་ཡང་འགྱུར་(བ)མ་ ཡིན(པ་བཞིན་ནོ)། ༢༠༣། ༈ (སྲོག་གཅོད་པར་མ་ཟད་འདོད་པའི་སྦྱིན་པ་ཡང་སྤངས་ཏེ)རྣལ་འབྱོར་མེད་ཅིང་དམ་ཚིག་རྣམ་པར་ བྲལ་བ་རིག་བྱེད་ཚིག་གིས་བསླུས་པའི་མི་རྣམས་གང་ཡིན་པ། །དེ་རྣམས་(རིགས་བསྲུང་བའི་ཕྱིར་ རང་གི་ཆུང་མ་ལ)གཞན་གྱི་བུ་ནི་མི་སྐྱེད་(པའི)དོན་དུ་ཉིན་མཚན་དུས་སུ་རང་གི་བུད་མེད་བསྲུང་ བྱས་ནས། །(རང་གི)བུ་(གཞན་དང་མ་འདྲེས་པ)ཡིས་(སྦྱིན་པ)བྱིན་པ་དག་ཀྱང་ཡི་དྭགས་ཀྱི་ནི་འཇིག་ རྟེན་དུ་སོང་(བའི)ཕ་(དེ)ཡི་སྦྱིན་པར་འགྱུར་རོ་ལོ། །(རྒྱུ་མཚན)དེས་ན་བདེ་མཉམ་(གྱི)འབྲས་བུ་ སྟེར་བ་འདོད་པའི་སྦྱིན་པ་འདི་ནི་གདུག་པའི་བྲམ་ཟེ་རྣམས་ཀྱིས་སྦས(སོ)། ༢༠༤། 1-1-273 ༈ (དེ་མི་རིགས་ཏེ་དཔེར་ན)གལ་ཏེ་སྐྱེས་བུ་གཞན་གྱི་རིགས་ཀྱི་རྟ་(ཕོ་བཟང་པོ)ཡིས་(རང་གི) རྒོད་མ་བཟང་མོ་ལ་ནི་(ཞུགས་པས)རྟ་མཆོག་སྐྱེས་པ་ན། །(གཞན་གྱི་ཕོ་རྟ)འདི་ཡི་མཐུ་ལས་སླར་ ཡང་(རང་ལ་རྟ་བཟང་ལྡན་པའི)དཔལ་དུ་གྱུར་བ་(དེ་རྒོད་མའི)བདག་པོ་ཡི་ནི་རྙེད་པ་དག་ཀྱང་ཅིས་ མ་ཡིན། (ཏེ་ཡིན་པ་དེ་བཞིན་དུ་རིགས་སུ་ཞེན་པའི་རྒྱུ་མཚན)། གང་གིས་ཆགས་པ་ཅན་རྣམས་ཉིན་ཞག་སོ་ སོའི་དུས་སུ་རང་རང་བུད་མེད་དག་ནི་སྲུང་བར་བྱེད(པ་ཡང་དེ་དང་མཚུངས་ལ)། །(དེ་ཙམ་དུ་འབད་ པས་བསྲུང་ཀྱང་)ཤི་བར་གྱུར་ན་ཁྱོད་སུ་ཁྱོད་ཀྱི་རང་གི་(བུ་དང་)བུད་མེད་(ལ་སོགས་པ)སུ་སྟེ་(སོ་སོར་ གྱེས་ནས་གར་འགྲོ་གཏོལ་མེད་ཀྱང་དེ་ལྟར་མི་རྟོགས་པ་དེ་ནི)ཀྱེ་མ་མི་དགེའི་ལས་ཀྱིས་བཅིངས(པ་སྙིང་རེ་ རྗེ)། ༢༠༥། ༈ (སྦྱིན་པ་དང་ཁྱད་པར་འདོད་པའི་སྦྱིན་པ་མཆོག་ཏུ་བསྟན་པ་ནི)བ་གླང་སྦྱིན་(པ)དང་ས་གཞི་སྦྱིན་ པ་(དང་)དེ་བཞིན་(དུ་ནོར)གཞན་ཡང་(བྱིན་ན)མི་ཡི་འཇིག་རྟེན་དུ་ནི་ལོངས་སྤྱོད་(ཀྱི་འབྲས་བུ) སྟེར(ལ)། །(ནད་པ་ལ)སྨན་དང་(བཀྲེས་སྐོམ་ཅན་ལ)ཁ་ཟས་(དང་བཏུང་བ)སྦྱིན་པ་དག་ནི་(གྲངས་བཞིན་དུ) མཐའ་དག་ནད་འཕྲོག་(པ་དང་)བཀྲེས་པ་དང་ནི་སྐོམ་པ་དག་ཀྱང་འཕྲོག(གོ)། འདོད་པའི་སྦྱིན་ པ་(བཏང་ན)ཐམས་ཅད་དུ་ནི་བདེ་མཉམ་(གྱི)འབྲས་(བུ)སྟེར་(ན་ཁྱད་པར་ཚོགས་ཀྱི)འཁོར་ལོའི་ དུས་སུ་(ཕྱག་རྒྱ་མོ་ཕུལ་བས་བདེ་མཉམ་གྱི་འབྲས་བུ་སྟེར་བ་ལྟ)སྨོས་ཀྱང་ཅི་ཞིག་དགོས། །(དེའི་ཕྱིར)ཡོད་ འོང་ཆུང་མ་(དང་)སྲིང་མོ་(དང་)སྐལ་བཟང་བུ་མོ་རྣམས་ཀྱང་གསང་བ(འི་ཟེར་བ་ལེགས)སྦྱིན་པ་ལ་ ནི་རབ་སྦྱིན་བྱ། ༢༠༦། ༈ (སྦྱིན་བྱའི་ཕྱག་རྒྱ་བཞི་ལས)སྨད་འཚོང་(མ)དམ་པ་(ནི་སྐྱེས་པ་ཀུན་ལ་བསྙེན་བཀུར་གྱི་ལས་བྱེད་པ)ལས་ ཀྱི་ཕྱག་རྒྱར་འགྱུར་ཞིང་གསང་(དགོས)བའི་མི་མོ་(སྐྱེས་པ)གཞན་གྱི་བུད་མེད་(ནི་གསང་དགོས་ལས) དམ་ཚིག་(གི་ཕྱག་རྒྱ)སྟེ། །རང་དབང་(རང་གི་བུ་མོ་ནི་གཞན་གྱི་དབང་དུ་མ་བྱས་པས)ཆོས་ཀྱི་ཕྱག་རྒྱ་(སྟེ) ཡུལ་ནི་མང་པོ་ལ་དགའ་རང་གི་ཆུང་མ་(ནི་རང་གི་སེམས་དང་འདྲ་བས)ཡེ་ཤེས་ཕྱག་རྒྱ་འོ། །(དེ་རྣམས་ 1-1-274 ལོ་གྲངས་ལ་སྦྱར་ན)སྨད་འཚོང་དམ་པ་(ལས་ཀྱི་ཕྱག་རྒྱ་ནི)བཅུ་གཉིས་ལོ་ལོན་(མ་སྟེ)མཆོག་གི་བདེ་བ་ ལ་དགའ་གཞན་གྱི་བུད་མེད་(དམ་ཚིག་ཕྱག་རྒྱ་ནི)བཅུ་དྲུག་ལོ(ལོན་མའོ)། །རང་དབང་མཛེས་པའི་ བུ་མོ་(ཆོས་ཀྱི་ཕྱག་རྒྱ་ནི)ཉི་ཤུའི་ལོ་ལོན་དང་ནི་རང་གི་ཆུང་མ་(ཡེ་ཤེས་ཕྱག་རྒྱ་ནི)སུམ་བཅུའི་[ཅུའི་] ལོ་རུ་འགྱུར། ༢༠༧། ༈ (འདོད་པའི་སྦྱིན་པ་མཆོག་ཏུ་བསྟན་པ་ནི)སྔོན་ཚེ་སངས་རྒྱས་རྣམས་ཀྱིས་(བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ ན)འཛིན་མ་(ས་གཞི)གླང་ཆེན་(དང་)རྟ་དང་ཤིང་རྟ་(དང་)གསེར་གྱི་ཁུར་བུ་དུ་མ་རྣམས། །སངས་ རྒྱས་(སྒྲུབ་པ)ཉིད་ཀྱི་ཆེད་དུ་བྱིན་ཞིང་སླར་ཡང་དབུ་དང་ཁྲག་དང་ཤ་རྣམས་དག་ཀྱང་རབ་ཏུ་ བྱིན(མོད་ཀྱི)། །འདི་རྣམས་ཀྱིས་ནི་བཞེད་པའི་སངས་རྒྱས་ཉིད་དུ་མ་གྱུར་དེ་ནས་འདོད་པའི་ སྦྱིན་པ་རབ་ཏུ་བྱིན། །གསང་བའི་སྦྱིན་པ་དེ་ཡིས་སྐྱེས་བུ་(དམ་པ་དེ)རྣམས་ནི་རྒྱལ་བ་སྐྱེད་ མཛད་(ཡུམ་ཆེན་མོའི)རིགས་ལ་སངས་རྒྱས་ཉིད་དུ་འཁྲུངས(སོ)། ༢༠༨། ༈ (འདོད་པའི་སྦྱིན་པ་རྒྱུ་དམན་ཡང་འབྲས་བུ་མཆོག་ཏུ་བསྟན་པ་ནི)ཟངས་མ་(བྱིན་པ)ཡིས་ནི་(འབྲས་བུ) གསེར་(ཐོབ་པ)དང་(འདོད་པའི་སྦྱིན་པ)མཚུངས་ཤིང་(ནོར་བུ)འཆིང་བུ(འི)་དུམ་བུ(བྱིན་པ)ས་ལྷ་ཡི་ ཅོད་པན་(ལ་འོས་པའི)ནོར་བུ་(རིན་ཐང་མེད་པ་ཐོབ་པ)དང་(འདོད་པའི་སྦྱིན་པ)མཚུངས་པར། །སྨད་ འཚོང་དམ་པ(ལ་རྔན་པ་བྱིན་ནས་སྟེར་བ)འི་འདོད་པའི་སྦྱིན་པས་འཆི་མེད་(ལྷའི)རིགས་ཀྱི་བུ་མོ་ (ཐོབ་ཅིང་)ལྤགས་པ་དུམ་བུས་གླ་རྩི་(འཐོབ)སྟེ། །བོང་བུ་(བྱིན་པ)ཡིས་ནི་རིགས་ཀྱི་རྟ་(མཆོག་ཐོབ་ པ)དང་ར་(བྱིན་པ)ཡིས་རབ་མཆོག་གླང་ཆེན་བདག་པོ་གང་ཞིག་རྙེད་པ་(ཡིན་པས)ན། །ཆུང་ མའི་སྦྱིན་པས་རྒྱལ་བ་སྐྱེད་མཛད་(རྡོ་རྗེ་སེམས་དཔའི)རིགས་དེ་ཉིད་ལ་ལྷ་མོ་(ཕྱག་རྒྱ་ཆེན་མོ)འདི་ནི་ རྙེདཔ་ཅིས་མ་ཡིན། ༢༠༩། ༈ (སྦྱིན་པའི་ཡུལ་ཡང་རང་ལ)བྱམས་པའི་གནས་(སམ་རང་བྱམས་པའི་གནས་སྙིང་དུ་སྡུག་པ)ལ་སྦྱིན་ པ་དག་ནི་(ཉེ་རིང་ཅན་དུ་གྱུར་པས)བདེ་མཉམ་འབྲས་སྟེར་མ་ཡིན་(གྱི་བདེ་མཉམ་འབྲས་བུ་སྟེར་བ་ནི་ཉེ་རིང་ 1-1-275 མེད་པར)སེམས་ཅན་(ཀུན་ལ)མཚུངས་པ(ར་བྱིན་པ)འི་མཐུ་ལས་ཏེ། །དེ་བཞིན་(དུ་ཀུན་ལ་སྙོམས་པའི་)བཏང་སྙོམས་(ལ)ལེགས་(པར)གནས་(པའི་སྦྱིན་སོགས་ཀྱི)སེམས་ཅན་(སྔར)བདུད་ཀྱི་རང་བཞིན་ (དུ་གནས་པ)ལས་ནི་(ཕྱིས)རབ་མཆོག་རྒྱལ་བའི་རིགས་སུ་འགྱུར། །(དེས་ན་མར་གྱི་ཞིང་)དམན་པ་ ཉིད་དང་(ཡར་གྱི་ཞིང་)མཆོག་ཉིད་ཕྱིར་ན་(རིམ་པ་ལྟར་སེམས་ཅན་ལ)སྙིང་རྗེ་(དང་དཀོན་མཆོག་ལ)དགའ་ (ཞིང་གུས་པ)དང་བཅས་པའི་(སྦྱིན་པའི)གནས་ནི་གཉིས་ལ་གཞན་དོན་དུ། །བདེ་བར་གཤེགས་ པ་པ་རྣམས་ཀྱིས་ནི་རབ་ཏུ་བྱིན་ན་ཚོགས་གཉིས་རབ་རྫོགས་མི་ཟད་བདེ་འབྲས་སྟེར། ༢༡༠། ༈ (རིགས་སུ་ཞེན་པ་ལས་འཕུང་ཁྲོལ་ཐམས་ཅད་འབྱུང་སྟེ་གང་ཟག)གང་ལ་(བྲམ་ཟེའི)རིགས་(ལ་མཆོག་ ཏུ་བྱེད་པ)ནི་ཚད་མ་མར་གྱུར་པ་དེ་ལ་(ཀྱེ)མི་ཡི་བདག་པོ་རིག་བྱེད་དག་ནི་ཚད་མར་(བྱེད་པར) འགྱུར། །གང་ལ་རིག་བྱེད་ཚད་མར་གྱུར་པ་དེ་ལ་ངེས་པར་ས་གཞིའི་གནས་སུ་(སྲོག་གི)མཆོད་ སྦྱིན་ཚད་མ(ར་འགྱུར་བ)སྟེ། །གང་ལ་(རིག་བྱེད་པའི)མཆོད་སྦྱིན་ཚད་མ(ར་གྱུར་པ)དེ་ལ་རྣམ་མང་ ཕྱུགས་དང་མི་རྣམས་དག་ལ་འཚེ་བ་ཚད་མར་འགྱུར། །གང་ལ་འཚེ་བ་ཚད་མར་གྱུར་པ་དེ་ ལ་དམྱལ་བའི་འཇིགས་པ་བྱེད་པའི་སྡིག་པ་ཚད་མ(ར་གྱུར་པ)་འོ། ༢༡༡། ༈ (དྲུག་པ་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཀྱི་ངོ་བོ་ཉིད། སྦྱིན་ཡུལ་དཀོན་མཆོག་བཞུགས་པའི)གནས་ དང་ཟས་ཀྱི་དོན་དུ་བཅོམ་ལྡན་འདས་ཀྱིས་དཔལ་ལྡན་གཙུག་ལང་ཁང་གི་རབ་གནས་ བཞེད་པར་གསུངས། །(གཙུག་ལག་ཁང་ན་བཞུགས་པའི་དགེ་འདུན)དེ་(རྣམས)ལ་སྨན་དང་ཁ་ཟས་སྦྱིན་ པ་(འབྱུང་བའི་ནད་དང་བྲུ་པའི)ནད་ནི་ཞི་བར་བྱེད་པ་(དག)སྦྱིན་པ་པོ་ཡིས་སྦྱིན་པར་བརྗོད། །(གལ་ ཏེ)སྦྱིན་པ་མེད་ན་(དགེ་འདུན་མི་བཞུགས་ཤིང་དེ་མེད་ན་ཆོས་དང་སངས་རྒྱས་ཀྱང་མི་བཞུགས་པས)གཙུག་ལག་ ཁང་འདི་ས་ཡི་སྟེང་གི་གནས་སུ་དུད་འགྲོ་རྣམས་ཀྱི་གནས་པ་སྟེ(དོན་མེད་པའོ)། །(གཙུག་ལག་ ཁང་)གང་དུ་(སྦྱིན་བདག་གི་ཡོ་བྱད་སྦྱར་ནས)དགེ་འདུན་ཉིད་ནི་ལོངས་སྤྱོད་གྱུར་པ་དེར་ནི་(ཀྱེ)མི་ཡི་ བདག་པོ་ཆོས་དང་སངས་རྒྱས་ཀྱང་(བཞུགས་སོ)། ༢༡༢། 1-1-276 ༈ སངས་རྒྱས་ཆོས་དང་དགེ་འདུན་ལ་ནི་མི་རྣམས་ཐར་པའི་ཆེད་དུ་སྐྱབས་སུ་ཉེ་བར་ འགྲོ་བ་སྟེ། །(དེ་ཡང་སྔགས་ཀྱི་ཐེག་པ)འདིར་ནི་སངས་རྒྱས་གཙུག་ལག་ཁང་ན་གནས་པ(འི་སྐུ་ གཟུགས)འདི་དང་ཡི་གེ་བྲིས་པའི་གླེགས་བམ་ཆོས་ཉིད་དང་། །དགེ་འདུན་ངུར་སྨྲིག་འཛིན་པ་ (རྣམས་ནི་སྐྱེ་བ་འདི་ལ་སངས་རྒྱས་ཀྱི་འབྲས་བུ་སྟེར་བའི་སྐྱབས་གནས་[ཡིན་ཏེ་[མ་ཡིན་ཏེ]དེ་རྣམས་ཀྱི)མཆོག་གི་ཁྱབ་ བདག་(རྡོ་རྗེ་འཆང་གི)བདེ་བ་སྐྱེ་བ་འབུམ་ཕྲག་རྣམས་ཀྱིས་(ཀྱང་)སྟེར་བ་མིན(པའི་ཕྱི་རོ)། །༈ (འོ་ ན་ཚེ་འདི་ཉིད་ལ་སངས་རྒྱས་སྟེར་བའི་དཀོན་མཆོག་གང་ཞེ་ན་རྡོ་རྗེ)སློབ་དཔོན་(སྔར་བཤད་པའི་ཡོན་ཏན་དང་ལྡན་ པ)དག་ནི་སངས་རྒྱས་ཉིད་ཏེ་[དེ་]རབ་མཆོག་ས་ཡི་གཞི་ལ་ཆོས་ནི་(རྡོ་རྗེ་སློབ་དཔོན)དེ་ཡིས་ བསྟན་པ་(སྟོང་གཞི་དོན་དམ་པའི་སྟོང་ཉིད་སྙིང་རྗེ་དང་དེ་ཐོབ་པའི་ཐབས་དམ་པ)འོ། ༢༡༣། དགེ་འདུན་(ནི)གང་ ཞིག་(རྡོ་རྗེ་སློབ་དཔོན་གྱི་ཉེ་བའི་འཁོར)དེར་གནས་(པ་འགྱུར་མེད་བདེ་བས)རབ་ཏུ་དགའ་བའི་ཐུགས་ ལྡན་སེམས་ཅན་ཀུན་ལ་རྗེས་སུ་བརྩེ་བ་སྟེ། །(དགེ་འདུན་དཀོན་མཆོག)དེ་(ལ་སྐབས)འདིར་རྣམ་ བཞི(འི་ཚན་པ)རྣམ་པ་གཉིས་གསུངས་(ཏེ)འདིར་ནི་སླར་ཡང་ཉན་ཐོས་པ(འི་བཞི་ཚན)དང་བླ་ན་ མེད་པ་(གསང་སྔགས་པའི་བཞི་ཚན་ནོ)འོ། །(དེ་ལ་དང་པོ་ནི)དགེ་སློང་རྣམས་དང་དགེ་སློང་མ་དང་སླར་ ཡང་འདིར་ནི་དགེ་བསྙེན་ཆེན་པོ་དག་དང་དགེ་བསྙེན་མ(སྟེ་འཁོར་རྣམས་བཞིའོ)། །(གཉིས་པ་ནི) རྣལ་འབྱོར་མ་དང་རྣལ་འབྱོར་པ་རྣམས་ལྷན་སྐྱེས་བདེ་བ་ལ་དགའ་(བ་རྫོགས་རིམ་ལ་གནས་པ་དང་ དབང་བདུན་ཐོབ་ནས་བསྐྱེད་རིམ་ལ་གནས་པའི)དགེ་བསྙེན་མ་དང་དགེ་བསྙེན་ཡང་(ངོ་)། ༢༡༤། ༈ (དེ་དག་ལ་བྱིན་ན་དོན་ཆེ་སྟེ)བསོད་ནམས་(དང་)ཡེ་ཤེས་(ཀྱི་ཚོགས་སྒྲུབ་པའི)དོན་གྱི་ཆེད་དུ་ རྟག་པར་(རྣལ་འབྱོར་པ་ལ)མཆོག་ཏུ་འདོད་པའི་སྦྱིན་པ་(དང་ཉན་ཐོས་རྣམས་ལ་མཆོད་སྟོན)རྣམ་པ་སྣ་ ཚོགས་ཀྱང་(བྱའོ)། །(དེ་དག་རྒྱས་པར་བཤད་ན)ཉན་ཐོས་རྣམས་ལ་(ཤ་དང་བྲལ་བའི)མཆོད་སྟོན་(དང་ སྙུང་སྨན)ལ་སོགས་(སྦྱིན་ཞིང་རྡོ་རྗེ་ཐེག་པའི)རྣལ་འབྱོར་པ་ལ་མཆོག་ཏུ་བདེ་བྱེད་འདོད་པའི་སྦྱིན་པ་ ཡང་(ཆུང་མ་ལ་སོགས་པ)། །སྦྱིན་པ་པོ་གང་(གི)རབ་ཏུ་དགའ་བའི་སྙིང་དང་དུས་ཀུན་ཏུ་ནི་(ཚོགས་ 1-1-277 གཉིས་ལ)ཆགས་(ཤིང་འདུན)པའི་སེམས་ཀྱིས་སྦྱིན་བྱེད་པ། །དེ་རྣམས་བསོད་ནམས་ཡེ་ཤེས་ རྫོགས་ཏེ་མཆོག་གི་བདེ་བའི་གནས་(འོད་གསལ་ཕྱག་རྒྱ་ཆེན་པོའི་དབྱིངས)སུ་སྐྱེ་བ་འདི་ལ་འགྲོ་བར་ འགྱུར། ༢༡༥། ༈ (ཡུལ་དམ་པ་ལ་བྱིན་ན་བསོད་ནམས་ཆེ་བ་དེ་ཙམ་དུ་སྨད་ན་སྡིག་པ་ཆེ་བ)རྒྱལ་བར་རབ་ཏུ་གསལ་བའི་ སློབ་དཔོན་ལ་ཡང་མཁས་པ་མིན་པའི་ཉན་ཐོས་(ཏེ་སློབ་མ)གང་ཞིག་སྨོད་བྱེད་པ། །དེ་རྣམས་ བགེགས་ཀྱི་མགོན་པོས་བསད་དེ་མཆོག་ཏུ་འཇིགས་པ་བྱེད་པའི་མནར་མེད་དུ་ནི་མྱུར་དུ་ འགྲོ། །(དེའི་རྒྱུ་མཚན་སློབ་མ)གང་ལ་(རྡོ་རྗེ་སློབ་དཔོན)རབ་མཆོག་རྒྱལ་བའི་བདག་པོ(འི་ངོར་བོར་གྱུར་ པ)ས་(སྐྱོབ་པའི)སྔགས་ཀྱི་མཐུ་རྣམས་ཀྱིས་ནི་རང་ཉིད་བྱིན་གྱིས་བརླབ་པ་མཛད(པས་སྐུ་དྲིན་ཆེ་ བའི་ཕྱིར་དང་)། །མི་རྣམས་དག་ལས་(འཛག་མེད་བདེ་བའི)བརྟུལ་ཞུགས་ངེས་པའི་གནས་ལ་(གནས་ པའི་རྡོ་རྗེ་སློབ་དཔོན)དེ་དང་ཚངས་པར་སྤྱོད་པ་མཚུངས་པའི་དགེ་སློང་སུ(ཞིག་ཡོད་དེ་མེད་པས་ན་ཡུལ་ ཤིན་ཏུ་བཟང་བའི་ཕྱིར་རོ)། ༢༡༦། ༈ (ཚངས་སྤྱོད་དེ་ལྟ་བུ་གཞན་ལ་མེད་དེ)མཆོག་གི་བདེ་བ་ལ་དགའ་(བས་དེ་ཐོབ་པར་བྱ་བའི་ཕྱིར་དཀའ་ ཐུབ་ཀྱིས་ཚངས་པར་སྤྱོད་པའི)དགེ་སློང་དག་གམ་(མུ་སྟེགས་ཀྱི་རབ་བྱུང་ཡུལ་གཅིག་ཏུ་མི་སྡོད་པའི)ཀུན་ཏུ་ རྒྱུ་དང་(གོས་མེད་པའི་བརྟུལ་ཞུགས་ཅན)གཅེར་བུ་(པ་དང་སྒྲ་འབལ་བའི་བརྟུལ་ཞུགས་ཅན)མགོ་ཟླུམ་(དང་) རལ་པ(འི་ཐོར་ཅོག་འཛིན་པ)ཅན(དང་)། །(བྷ་ར་ཏ་ལ་སོགས་པ)ཐོས་(པ་ལ་དགའ་བ)དང་(རིག་བྱེད་ལ་སོགས་ པ)ཀློག་པ་ལ་དགའ་(བ་དང་། སྒྲ་ཚད་སྙན་ངག་སྡེབ་སྦྱོར་ལ་སོགས་པ་ལ)མཁས་པ་(ཡིན་ཡང་དམ་པའི)ལམ་ ཉམས་(པ་དང་)ཐམས་ཅད་(ལ)བྱེད་པོ་(ཡོད་པར་ཞེན་པ)དང་ནི་བདག་ཏུ་ཞེན་པ་དང་། །འདིར་ནི་ རྟག་ཏུ་རང་གཞན་བུ་དང་ཆུང་མར་ཞེན་(པ)དང་(རིགས་དང་གོས་ཀྱི་དབང་གིས)བཟའ་(བར་བྱ་བ)དང་ བཟའ་(བར་བྱ)བ་མིན་པར་ཞེན་པ་དང་། །རིགས་(བཟང་པོ)དངརིགས་ནི་(བཟང་པོ)མིན་པ(འི་ རྣམ་དབྱེ)་ལ་དགའ་(ཞིང་ཞེན་པ་དང་བསླབ་པའི)སྣོད་དང་སྣོད་མིན་དག་ཏུ་ཞེན་པས་དཀའ་བ་(མང་པོ) 1-1-278 བྱེད་(ཀྱང་འགྱུར་མེད་བདེ་ཐོབ་དཀོན)པ་འོ། ༢༡༧། ༈ (སངས་རྒྱས་རང་ལ་ཡོད་པ་མ་རྟོག་པར་ཕྱི་རོལ་ཏུ་ཚོལ་བའི་དཀའ་སྤྱད་དོན་མེད་དེ)སངས་རྒྱས་(ཀྱི)ཞིང་ (ཆོས་འབྱུང་རྟེན་ཨེ་ཡིག)ནི་སངས་རྒྱས་(རྟེན་པ་ཝཾ་ཡིག)དང་བཅས་(པ་སྐུ་བཞིའི་བདག་ཉིད)བདེ་མཉམ་ འབྲས་(བུ)སྟེར་(བ་སེམས་ཅན་ཀུན་གྱི)ལུས་དང་ངག་དང་ཡིད་དང་ཆགས་པ་(ལ་མཁའ་ལྟར་རྟག་ཏུ་ བཞུགས་པ)སྟེ། །(རང་ལ་རྟག་ཏུ་བཞུགས་པའི་སྐུ་བཞི)འདི་རྣམས་ཀུན་ཏུ་(མངོན་དུ་བྱེད་པའི་ཐབས)བོར་ནས་ སྡིག་པའི་བློ་ཡིས་ཁྱབ་བདག་(སངས་རྒྱས་རང་ལུས་ལ་བཞུགས་པ་དེ་ལས)གཞན་པ་དག་ཀྱང་ཡང་ དག་(པར)ཚོལ་(བར)བྱེད་དེ། །(ཀཱ་མ་རུ་པ་ལ་སོགས་པའི)ཞིང་དང་(གཾ་གཱ་ལ་སོགས་པའི)འཇུག་ངོགས་ (དང་དབང་ཕྱུག་གི་རྟེན་གནས་པ་ལ་སོགས་པའི)ཡུལ་གཞན་དག་ཏུ་(མེ་ལྔ་དང་ཁྲུས་དང་ཁྱི་དང་བ་གླང་གི)བརྟུལ་ ཞུགས་(ལ་སོགས་པ)ངེས་པ་བརྒྱ་(སྟེ་མང་པོ)དང་བསྙུང་གནས་(དང་)རི་ལས་མཆོང་བ་དང་། །(མཐོ་ རིས་ཀྱི)ཡུལ་གྱི་བདེ་(བ)འདོད་(ནས)གཡུལ་དང་ཉི་མ་གཟའ་ཡིས་ཟིན་ལ་དུ་མའི་མཚོན་(ལ་ འཆོང་བ)དང་མེ་ལ་མཆོང་བས་(གྲོལ་བར་འདོད་ཀྱང་འཆིང་བས)སོ། ༢༡༨། ༈ འདི་དག་མཐའ་དག་སྔོན་གྱི་ཚེ་ཡང་བདུད་རྣམས་དག་གིས་ཁྲག་ནི་བཏུང་བའི་ཆེད་ དུ་བཀོད་པ་སྟེ། །འཇུག་ངོགས་(ཆེན་པོ་ལྔར་བཀྲུས་པའམ་ཤི་བ་དང་ཟས་གཅོད་པའི)བསྙུང་གནས་དག་ གིས་ཤི་བར་གྱུར་(པ)དང་གཡུལ་དུ་བསྣུན་པ་ཉིད་(ཀྱིས་ཤི་བ)དང་བ་གླང་(མཆོད་སྦྱིན་ལ་ཤི་བའམ་བ་ ལང་ལ་རེག་པ་དང་)ཉི་མ་(གཟས་བཟུང་བ)ནི། །གྲོལ་བའི་དོན་(དུ་ཤི་བ)དང་ཁྱིམ་དང་ནོར་གྱི་ཡུལ་དང་ བྲམ་ཟེའི་བྱ་བ་དག་ལ་ཤི་བ་(རྣམས)མཐོ་རིས་(སུ་འགྲོ་བར་འདོད་ནས་བྱེད་ཀྱང་རང་གཞན་ཕུང་བར་བྱེད་པ་ ཁོ་ནར་བས)སོ། །(རྒྱུ་མཚན)དེ་ཡི་ཕྱིར་ན་རང་དང་གཞན་གྱི་ལུས་ནི་(འགྱུར་མེད)བདེ་བ་(རོ)མཉམ་ པའི་གནས་(སམ་རྟེན་དུ་གྱུར་པ)འདི་(དོན་མེད་དུ་ཉམས་པ་ལས)བསྲུང་བར་བྱ་(ཞིང་ཉེ་ལམ་མྱུར་བདེའི་ཐབས་ མང་དཀའ་བ་མེད་པས་རང་གྲོལ་དུ་གྲོལ་བར་བྱ)བ་ཡིན(ནོ)། ༢༡༩། ༈ (འདོད་པའི་སྦྱིན་མི་ནུས་ན་དབང་མི་བླང་སྟེ་སྐྱེས་བུ)གང་ཞིག་རྒྱུད་ཀྱི་རྒྱལ་པོ་ལས་ནི་རྒྱལ་བ་ 1-1-279 མཆོག་གི་སྤྱོད་པ་(བསྐྱེད་རྫོགས་ཀྱི་རྣལ་འབྱོར)ཐོས་ཤིང་(འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི)དབང་ ནི་བླངས་ནས་ཀྱང་། །སླར་ཡང་(ཆུང་མ་མི་འབུལ་བར)ཕྲག་དོག་བྱེད་ན་དེ་ནི་དམྱལ་བ་(དང་པོ་ནས་ བཟུང་སྟེ)བརྒྱད་པ་ཇི་སྲིད་ཉིད་དུ་རབ་ཏུ་འཇུག་འགྱུར་ཏེ། །(དམྱལ་བ་བརྒྱད་པ)གང་ན་(རྡོ་རྗེ)ཁབ་ རྩེ(གཏམས་པ་མེ་འབར་བ)འི་ས་ལ་མི་དགེའི་འབྲས་བུའི་དབང་གིས་དམྱལ་བ་རྣམས་ནི་(དུས)ཀུན་ ཏུ་རྒྱུ་བར་བྱེད(དོ)། །(རྒྱུ་མཚན)དེ(འི)ཕྱིར་མི་རྣམས་སེམས་ལ་(ཆུང་མའི་ཞེན་པས)ཕྲག་དོག་ཡོད་ཀྱི་ བར་དུ་དབང་(གོང་མ)ནི་བླང་བར་བྱ་བར་མི་འགྱུར་རོ། ༢༢༠། ༈ (གསང་བ་བྱིན་པའི་ཕན་ཡོན་ནི)རྒྱལ་བ་སྐྱེད་མཛད་(རྡོ་རྗེ་སེམས་དཔའི)རིགས་ལ་(ངེས་དོན་གྱི) སྦྱིན་པ་(དང་)ཚུལ་ཁྲིམས་རབ་ཏུ་རྫོགས་དང་བཟོད་པ་(དང་)བརྩོན་འགྲུས་རྫོགས་པ་དང་། ། བསམ་གཏན་ཤེས་རབ་དང་ནི་ཐབས་དང་སྨོན་ལམ་དག་དང་སྟོབས་དང་ཡེ་ཤེས་(ཏེ་ཕ་རོལ་ ཕྱིན་བཅུ)རྫོགས་པ་(ནི)ཆུང་མ་ཡི། །སྦྱིན་པ་འདི་ཡིས་མྱུར་དུ་(འདོད་པ་སྦྱིན་པ་ལ)རབ་ཏུ་དགའ་བའི་ ཡིད་ཅན་རྣལ་འབྱོར་པ་ཡི་སྐྱེ་བ་འདི་ལ་(འཐོབ་པ)སྟེ། །གང་ཞིག་(དེ་ལྟར་མི་ཤེས་པ)རྨོངས་པའི་མི་ དེ་རྣམས་ཀྱིས་(ཆུང་མ)དེ་ལ་རྗེས་སུ་(ཆགས་པས)འཆིང་བ་བྱས་ནས་དམྱལ་བར་ཉེ་བར་འགྲོ(བས་ འདོད་པ་སྦྱིན་པ་ལ་སྤྲོ་བར་བྱའོ)། ༢༢༡། ༈ (དབང་བླངས་ནས་དམྱལ་བར་འགྲོ་བ་སྔགས་ཀྱི་སྐྱོན་ཡིན་ནོ་ཞེ་ན་མ་ཡིན་ཏེ)ས་(ཆ)དང་དཔལ་འབྱོར་ (ཐོབ་པའི)སླད་དུ་ཤིན་ཏུ་གཡོ་བའི་སྙིང་ལྡན་སྡར་མ་ཡིས་ནི་རལ་གྲི་རྣོན་པོ་དག །བཟུང་སྟེ་ (ཕྱོགས)ཀུན་ནས་འཐབ་མོ་པ་ཡིས་དཀྲིགས་པའི་(དཔུང་གི་ཚོགས)ཡན་ལག་བཞི་ལྡན་(གྱི)གཡུལ་ དུ་རབ་ཏུ་ཞུགས་པ་ན། །གླང་ཆེན་(དང་ཤིང་རྟ་དང་རྟ་དང་དཔུང་བུ་ཆུང་དུ་མའི)ཚོགས་པ་(དཔག་མེད) མཐོང་ནས་འཇིགས་(ཆེས)པ(འི་སྡར་མ)་དེ་ཡི་ལག་པའི་མཐིལ་ནས་རལ་གྲི་དག་ནི་ལྷུང་(བར) གྱུར་(ནས་རང་བསད)པ། །དེ་ལ་(རང་གི་སྐྱོན་ཡིན་གྱི)རལ་གྲིའི་སྐྱོན་དུ་འགྱུར་བ་མ་ཡིན་(པ)ཇི་ལྟ་(བ) དེ་བཞིན་ཉིད་དུ་སྔགས་ཀྱི་རིགས་ཀྱི་(དམ་ཚིག་ཉམས་ནས་དམྱལ་བར་སོང་བ་ཡང་རང་སྐྱོན་ཉིད་དུ་རིག་པར་ 1-1-280 བྱ)འོ(གཞན་ཡང་གནས་དང་དུས་དང་གདན་ལ་སོགས་པའི་ངེས་པ་དང་བྲལ་བས་སྔགས་མ་གྲུབ་པ་ཡང་སྔགས་ཀྱི་སྐྱོན་མིན་ ནོ)། ༢༢༢། ༈ (འོ་ན་ཇི་ལྟར་སྒྲུབ་ཅེ་ན་དྲག་པོའི)སྔགས་དང་(ལྷ་བསྒྲུབ་པ)དཔའ་བོའི་རིམ་པ་ཡིས་ཀྱང་ལྷ་ མིན་(དབང་པོ་དང་)གདེངས་ཅན་(ཀླུ་དང་)ལྷ་རྣམས་(གནས)དྲག་པོའི་ས་(དུར་ཁྲོད)ལ་བསྒྲུབ་པར་ བྱ(སྟེ་ངེས་དོན་དུ་ལུས་ལ་སྲོག་ཟད་པའོ)། །རང་བྱིན་བརླབ་པ(འི་རིམ་པ)ས་(ཞི་བའི་ལྷ་དང་)ལྷ་མོ་(ཞི་བའི) དམ་ཚིག་(གི)རིགས་ལ་གནས་(པ)རྣམས་(སྐྱེད་མོས་ཚལ་ལ་སོགས་པ་དཀར་པོའི)བསམ་གཏན་(དང་ན་ མཿའི་མཐའ་ཅན་གྱི)བཟླས་པ་(དང་)སྦྱིན་བསྲེག་(ལ་སོགས་)བཅས་རྣམས་ཀྱིས(བསྒྲུབ་པར་བྱ་སྟེ་ངེས་དོན་ དུ་ཁམས་གསུམ་གཞན་མཐོང་བའོ)། །དག་པའི་རིམ་པས་དབང་(དང་ཤིན་ཏུ་རྣམ་དག་གི་རིམ་པས་རྫོགས་རིམ) སྟེ་(དེ་རྣམས་གང་སྒྲུབ་ཀྱང་)སྔགས་པ་ཡིས་ནི་རྒྱུན་ཆད་པ་མེད་པར་དགའ་བ་(དང་སྤྲོ་བ)ཆེན་པོའི་ སེམས་ཀྱིས་(སྒྲུབ་དགོས)སོ། །དེ་ལས་ཀྱང་ནི་གང་ཞིག་རབ་(དང་མཆོག)ཏུ་གྱུར་པ་ཡེ་ཤེས་ཡིད་ བཞིན་ནོར་བུ་རྒྱལ་བའི་ལམ་འདི(ནི་ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ)འོ། ༢༢༣། ༈ (བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་ཆགས་པས་བཅིང་བ་དང་བྱ་བྲལ་གྱིས་བཅིང་བ་གཉིས་གསུངས་པ་ལས་འདིར་ དང་པོ་སྟོན་ཏེ། དཔེར་ན་མེ་ལ་རེག་པས་དངུལ་ཆུ་འབྲོས་པའི་ཕྱིར)མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་(ཐབས་ དང་བཅས་པའི་མེ་དེ་ཉིད་ཀྱིས་དངུལ་ཆུ་འཆིང་བའི་ཕྱིར)མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་ བ་མེད(ལ)། །མ་བཅིངས་ན་ནི་(དངུལ་ཆུ་ལྕགས་སོགས)གསེར་(དུ)བྱེད་(པ)མེད་དེ་གསེར་(དུ་བྱེད་ པ)དང་བྲལ་ན་(གསེར་འགྱུར)སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ(ས་སྡུག་བསྔལ་བ)་ཉིད(དོ)། །དེ་ བཞིན་(སྐྱེ་གནས་ལ་རེག་པས་བྱང་སེམས་འབྲོས་ཀྱང་ཐབས་དང་ལྡན་པའི)བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་ རྣལ་འབྱོར་པ་རྣམས་དག་གིས་(བྱང་ཆུབ)སེམས་ནི་འཆིང་མི་འགྱུར། །བཅིངས་པ་མེད་ན་ (བདེ་བ་ཆེན་པོས)ལུས་འབིགས་(པ)མེད་དེ་མ་ཕུག་ལུས་ཀྱིས་འདིར་ནི་ལྷན་སྐྱེས་བདེ་བ་སྟེར་བ་ མིན(ཞིང་བཅིངས་པས་ལྷན་སྐྱེས་བདེ་བ་སྟེར་རོ)། ༢༢༤། 1-1-281 ༈ (རིམ་པ་གསུམ་སྒྲུབ་པའི་གནས་ནི)སྐྱེད་མོས་ཚལ་ལམ་རི་བོ་དག་ནི་སྐྱེ་བོ་(དང་)རི་དྭགས་(དང་)བྲལ་(བའི་དབེན)བར་(རང་བྱིན་བརླབ་པའི་རིམ་པས)ཞི་བའི་སྔགས་རྣམས་བསྒྲུབ་པར་བྱ། །(དཔའ་ བོའི་རིམ་པས་བསད་པ་ལ་སོགས་པ)དྲག་པོ་རྣམས་ནི་དྲག་པོའི་(གནས)དུར་ཁྲོད་དུ་(སྒྲུབ)སྟེ་(རི་བོ་དང་)ལྷ་ མཆོག་(གི)གནས་སུ་(གྱུར་པར)རེངས་པ་དང་ནི་རྨོངས་པ་ཡང་(སྒྲུབ་ཅིང་)། །དབང་དང་དགུག་ པ་(ནི)སྔགས་པས་མཆོག་གི་ས་(སྟེ་བཟང་པོའི་གནས)ལ་(འདོད་འགྱུར་མེད)བདེ་བ་(རྫོགས་པར་བྱེད་པ་ནི) ཕྱག་རྒྱ་ཀུན་དང་རབ་ཏུ་སྦྱོར་བ་ལ(འོ)། །(དེ་ལྟར་མིན་པར་ཞི་བ་ལ་དུར་ཁྲོད་ལྟ་བུ)གནས་གཞན་དང་ ནི་(ཞི་བ་ལ་ཡ་ཡིག་ལྟ་བུའི་སྔགས་ཀྱི)སྐྱེ་གནས་གཞན་དུ་(མྱུར་པ་ལ་སོགས་པ་འཁྲུགས་ན)མི་རྣམས་ཀྱི་ནི་སྐྱེ་ བ་འབུམ་ཕྲག་གིས་ཀྱང་(ལས)འགྲུབ་མི་འགྱུར(འདི་དང་སྔར་བསྟན་པའི་གནས་ལ་མི་མཐུན་པའི་ཁྱད་པར་ནི་ གདམ་ག་ཅན་ཡིན་ནམ་ཅི་ཞེས་དཔྱད་དོ)། ༢༢༥། ༈ (རང་གི)ཁྱིམ་དང་གྲོང་དུ་བགྲང་ཕྲེང་དག་གིས་ཉིན་དང་མཚན་མོའི་དུས་སུ་སྔགས་ཀྱི་ བཟླས་པ་བྱས་ནས་ནི། །(ལུས་སེམས་དུབ་པས)ངལ་ཞིང་རྨོངས་ཏེ་(འདོད་པའི་ལྷ་ལ)ཆགས་པ་དང་ བྲལ་(ན)སླར་ཡང་(རྨོངས་པ)འདི་ནི་སྔགས་ཀྱི་དངོས་གྲུབ་མེད་(དོ་ཞེས)པ་རྗོད་པར་བྱེད(ཀྱང་ སྔགས་ཀྱི་སྐྱོན་མིན་ཏེ)། །(ལས་དང་རྗེས་སུ་མཐུན་པའི)གནས་དང་དུས་ཀྱིས་སྟོང་བ་མཆོག་ཏུ་རྨོངས་པ་ རྣམས་ཀྱིས་ཡང་དག་པར་ནི་ཤེས་པ་མིན་པ་ཉིད(ཀྱི་སྐྱོན་དེ་དཔེར་ན)། །རྐང་པའི་སོར་མོ་རྣམས་ ཀྱི་ནད་ལ་སྤྱི་བོར་སྨན་རྣམས་ཀྱིས་ནི་རབ་ཏུ་བྱུག་པ་བྱེད་པ་བཞིན(ནོ)། ༢༢༦། ༈ (ཤིན་ཏུ་རྣམ་དག་གི་རིམ་པ་ལ་ནི་ལྷའི)བསམ་གཏན་དང་ནི་སྔགས་ཀྱི་བཟླས་པ་བྱེད་པ་དག་ དང་དཀྱིལ་འཁོར་ཆེན་པོ་རྣམས་(བརྟགས་ནས་བསྒོམ་པ)དང་འདུག་སྟངས་དང། །སྦྱིན་སྲེག་ སྔགས་བཟླས་(དང་)རབ་གནས་(དང་)རྡུལ་ཚོན་(གྱི་དཀྱིལ་འཁོར)ལ་ནི་རྒྱལ་བའི་རིགས་རྣམས་ སྤྱན་དྲང་བ་དང་གཤེགས་གསོལ་དང་། །བུད་མེད་སྦྱོར་བ་རྣམ་པར་སྤངས་ནས་ནམ་མཁའི་ རྣལ་འབྱོར་(ཉིད་ཀྱིས)རབ་མཆོག་ཁྱབ་བདག་(རྡོ་རྗེ་འཆང་གི)བདེ་བ་ཕྱག་རྒྱ(ཆེན་པོ)འི་དངོས་གྲུབ་ 1-1-282 (སྐྱེ་བ་འདི་ཉིད་ལ)སྟེར་བར་བྱེད(པ)། །དེ(འི)་ཕྱིར་(འོད་གསལ་ཕྱག་རྒྱ་ཆེན་མོ)དེ་ནི་ཉིན་ཞག་སོ་སོའི་ དུས་སུ་རྣལ་འབྱོར་པ་ཡིས་ཐར་པའི་སླད་དུ་བསྒོམ་པར་བྱ། ༢༢༧། ༈ (དེ་ལ་གཞན་པའི་ལམ་མཆོག་མེད་དེ)རང་གི་སེམས་ནི་བརྒྱལ་(བ)དང་གཉིད་ལ་རབ་ཏུ་ཞུགས་ པ་(ནི་ཀྱེ)མི་ཡི་བདག་པོ་(སྣང་བའི)རང་བཞིན་མེད་པར་འགྱུར(ཞིང་)། །སད་(པ)ལ་(སྣང་བའི)རང་ བཞིན་དང་བཅས་(པས་ཡུལ)གསལ་བར་བྱེད་དེ་(གནས་སྐབས)དེ་དག་སྲོག་ཆགས་རྣམས་ཀྱི་ ཐར་པའི་ལམ་མ་ཡིན(ཏེ)། །དངོས་(པོ)དང་དངོས་མེད་(ཀྱི་བག་ཆགས)ཀྱིས་ཕྱེ་(བའི)སེམས་ཀྱི་རྡོ་ རྗེ་རྣལ་འབྱོར་པ་རྣམས་དག་ལ་བདེ་མཉམ་སྟེར་བ་མིན། །(འོ་ན་གང་གིས་སྟེར་ན་ཅིར་ཡང་མི་རྟོག་པ) གང་ཞིག་མཁའ་ཡི་ཤེས་རབ་(འོད་གསལ)ལ་འཁྱུད་(པའི)ལྷན་སྐྱེས་བདེ་བར་གནས་པའི་རང་ སེམས་(རྨི་ལམ་དང་བཞི་པའི་གནས་སྐབས་ལྟ་བུ)དེ་ནི་(རྣལ་འབྱོར་པ་ལ)ཐར་པ་སྟེར(རོ)། ༢༢༨། ༈ ཨོཾ་ཨཱཿཧཱུྃ་ཧོ་(ཞེས་པ་རྡོ་རྗེ་བཞི)རིམ་པར་(ལག་པ་ལ)གནས་པ(བསྒོམས་པ)ས་དང་པོར་(དཔའ་ བོའི་བསྙེན་བཀུར་ལ་སོགས་པའི་སྐབས)འདིར་ནི་རྟག་ཏུ་ཆང་ནི་(ཨོཾ་གྱིས་དྲི་མ)སྦྱངས་ནས་(ཨཱཿཡིས་མང་པོར) རྒྱས་པར་བྱ། །(ཧཱུྃ་གིས)རབ་ཏུ་འབར་བར་བྱས་ཏེ་(ཧོ་ཡིས་བདུད་རྩིར་བཞུ་བས)རི་བོང་ཅན་ནི་ཞུ་ བ་བཞིན་དུ་རིམ་པས་བསྒོམ་པར་བྱས་ནས་ནི། །སྣོད་དེ་ནས་ནི་(དེ་བླངས་པའི་བདུད་རྩིའི)ཐིག་ ལེ་དག་གིས་ལག་(པའི)པད་(མ)རི་བོང་ཅན་གྱི་(ཆ་གཡོན་པའི)མིང་མེད་(ཀྱི)རྩེ་མོས་(མཉམ་པའི) ས་གཞི་ལ། །ཕྱི་རོལ་ཏུ་ནི་(ཆོས་འབྱུང་སྟོང་གཟུགས་མཚོན་པའི)ཟུར་གསུམ་བྱས་ནས་དེ་ཡི་དབུས་ སུ་(ཐིག་ལེ་བདེ་བ་ཆེན་པོ་མཚོན་པ)ཉིན་མོར་བྱེད་པ་དང་མཚུངས་(པའི)ཟླུམ་པོ་(བྲི)འོ། ༢༢༩། དེ་ཡི་ དབུས་སུ་(རང་བྱུང་གི)ཡེ་ཤེས་(དཀྱིལ་འཁོར་གྱི)འཁོར་ལོ་སྲིད་གསུམ་(གྱི་རྣམ་པར)གནས་པ་དག་ ཀྱང་འདིར་ནི་སྔགས་པས་བསྒོམས་བྱས་ནས། །(གཡོན་པའི)མཐེ་བོ(ས)་དང་ནི་མིང་མེད་(རླུང་ སྟེ་ཐབས་ཤེས་ཟུང་འཇུག་མཚོན་པ)དག་གིས་(བླངས་ཏེ་ལྷ་སོ་སོའི་མིང་གི་མཐར་ན་མཿཞེས་བརྗོད་ཅིང་གཏོར་བས)ཉིན་ ཞག་སོ་སོའི་དུས་སུ་ཚིམ་པར་བྱེད་པ་(དང་དེ་ནས་བསྟོད་པ)ལ་སོགས་བྱ། །༈ ཡུལ་དང་གྲོང་གི་ 1-1-283 བདག་པོ་རྣམས་ལ་(བདུད་སྲེག་པའི)ཐོག་མ(ལ་སོགས་པ)ར་འདིར་ནི་(རྡོ་རྗེ་གསུམ་གྱིས)གཏོར་མ་(སྦྱིན་ ཏེ་སྦྱིན་ཡུལ་དེའི་མིང་ཡིག་མཉམ་ན་ཐོག་མཐའ་གཉིས་དང་མི་མཉམ་ན)དང་པོ་(དང་)དབུས་(དང་)མཐའི་མིང་ (ཡིག)གིས་ཏེ(དབང་ལེར་གསུངས་པའི་ཆོ་གས་གསལ་ལོ)། །འཕྲོག་མ་ལ་ནི་ཆང་བུ་གཉིས་དང་སླར་ཡང་ སྔགས་པས་ཁྲོ་བོའི་རྒྱལ་པོ་ལ་ནི་(དབང་ལེར་གསུངས་པའི་ཆོ་གས)གཏོར་མ་(དབུལ་བར་བྱ)འོ། ༢༣༠། ༈ ཕོ་ཉ་མོ་རྣམས་དག་ལ་ཟས་ཀྱི་ཕུད་ནི་(ཟས་ཀྱི་མཐའ་ཇི་སྲིད་པར)ས་སྟེང་གནས་སུ་(བཞག་ སྟེ)བདག་པོའི་རྡོ་རྗེ་(གསུམ་གྱི་སྔགས་ཨོཾ་ཨཱཿཧཱུཾ)རྣམས་ཀྱིས་(བསྔགས་ནས་ཨོཾ་དཱུ་ཏི་ཀཱི་ཨ་གྲ་གྲ་སཾ་པྲ་ཏིཙྪ་སྭཱ་ཧཱ་ ཞེས་པས)སྦྱིན། །(ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙིཥྛ་བ་ལིཾ་བྷ་ཀྵ་བྷ་ཀྵ་ཀ་སྭཱ་ཧཱ་ཞེས་པས་ལྷག་མ་ཟ་བའི)འབྱུང་པོ་རྣམས་ལ་ ཟོས་པའི་ལྷག་མ་(སྦྱིན་ཞིང་)སླར་ཡང་(སྦྱིན་བདག་གི)དགེ་བ(སྤེལ་བ)འི་དོན་དུ་སྦྱིན་པའི་ཚིགས་ བཅད་(ཟོས་པའི་རྗེས)འདིར་བཀླག་གོ༈ །(ཡན་ལག་དྲུག་དགོངས་པའི་སྐད་ཀྱིས་དགོད་པ་ནི)མགོ་བོ་(ལ་ཧྲིཾ) དང་མགྲིན་པ་(ལི་ཧྲཱི)སྙིང་ཁ་(ལ་ཧྲཱུཾ་དང་)ལྟེ་(བར་ཧྲཱི་ལཾ)གསང་(གནས་སུ་ཧྲཿདང་)གཙུག་ཏོར་དུ་ནི་(ཧྲཱཾ་ཞེས་ པ་རྣམས་ཨོཾ་ཧྲཱཾ་ཤཱི་ཁཱ་ཡཻ་བཽ་ཥཊ་ཞེས་སོགས་ཞེས་པ་དགོངས་པ་ཅན་ནོ། །)རང་གི་རྡོ་རྗེ་རྣམས་ཀྱི་ཡན་ལག་(དྲུག) དགོད(ངེས་དོན་ནི་དབང་ལེའི་མདོར་བསྡུས་གཉིས་པར་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་རྣམ་པར་ཕྱེ་སྟེ་གསུང་པ་དེ་ ཉིད་དོ)། །(རིགས་དྲུག་དགོད་པ་ནི་མགོ་བོར་ཨཱུ། སྙིང་ཁར་ཨཱི། གཙུག་ཏོར་དུ་ཨཱ་སྟེ་ཐབས་ཀྱི་སྐུ་གསུང་ཐུགས་དང་། ལྟེ་བར་ ལཱི། མགྲིན་པར་རཱི། གསང་བར་ཨཱཿ ཞེས་པ་ཤེས་རབ་ཀྱི་སྐུ་གསུང་ཐུགས་ཏེ་དེ་ལྟར་ཐབས་ཤེས་རབ)གཉི་གའི་རིགས་ ལ་གནས་པའི་ཡན་ལག་(ལུས་ངག་སེམས་ཀྱི)སྒོ་རྣམས་ཀྱིས་ནི་གཉིད་ཀྱི་དུས་དང་མཆོད་(པའི་ དུས)དང་འཁྲིག་པ(འི་དུས)་ལ(དགོད་པར་བྱའོ)། ༢༣༡། ༈ ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་ འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་ སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་ པ་ཡིས་ནི་བརྟགས་པ་གང་། །དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་ 1-1-284 འབྱོར་རྣམས་ཀྱི་བསྒོམ་པའི་དོན། ༢༣༢། ༈ གཟུགས་སམ་ཡང་ན་དཀྱིལ་འཁོར་དག་ཀྱང་དང་པོར་བྲིས་སྐུ་ལ་ནི་དེ་ཉིད་མིན་ པས་བསྒོམ་པར་བྱ། །ནམ་མཁའ་ལ་ནི་དེ་ཉིད་སྦྱོར་བ་རྣམས་ཀྱིས་རང་སེམས་མ་ཚང་མེད་ པ་མཐའ་དག་མཐོང་གྱུར་པ། །ལོ་ཡི་ཕྱེད་དང་ལོ་གཅིག་བླ་མའི་ངེས་པའི་དབང་གིས་ཇི་སྲིད་ ཉིད་དུ་བརྟན་པར་གྱུར་གྱི་བར། །དེ་ནས་ཕྱག་རྒྱའི་སྦྱོར་བས་ཉིན་ཞག་འགའ་ཞིག་རྣམས་ ཀྱིས་འགྱུར་བ་མེད་པ་ཉིད་དུ་རབ་ཏུ་འགྱུར། ༢༣༣། ༈ རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་ནི་ངེས་པར་རྡོ་རྗེའི་ཚིག་འདི་རྣལ་འབྱོར་པ་རྣམས་དག་ ལ་གསུངས། །བྱིས་པ་རྣམས་ནི་སྨིན་པར་བྱེད་པའི་དོན་དུ་མཆོག་གི་ཐུགས་རྗེ་དག་གིས་ སྣ་ཚོགས་གཙོ་བོས་སྦས། །༈ དེ་ཕྱིར་དེ་ནི་དབྱེ་བ་བྱས་ནས་ཉིན་ཞག་སོ་སོའི་དུས་སུ་རྣལ་ འབྱོར་པ་ཡི་བསྒོམ་པར་བྱ། །ཕྱག་རྒྱའི་དངོས་གྲུབ་དོན་སླད་རྒྱལ་བ་མཆོག་གི་སྐྱེད་མཛད་ གཞོམ་དུ་མེད་པ་དུས་ཀྱི་འཁོར་ལོ་འོ། ༢༣༤། ༈ དཔལ་དང་པོའི་སངས་རྒྱས་ཆེན་པོ་ལས་ཕྱུང་བ་དཔལ་དུས་ཀྱི་འཁོར་ལོ་ལས་སྒྲུབ་ ཐབས་ཀྱི་ལེའུ་སྟེ་བཞི་པའོ།། །། ལྔ་པ། ཡེ་ཤེས་ཀྱི་ལེའུ། ༈ གཙོ་བོའི་སྒྲུབ་ཐབས་རྒྱལ་བ་མཆོག་དང་བཅས་པ་གང་ཞིག་ཁྱོད་ཀྱིས་གསུངས་པ་ རྣམས་ནི་ཅུང་ཟད་ཤེས། །སླར་ཡང་བདག་ནི་ཉན་པར་འཚལ་ལོ་ལྷ་མིའི་བླ་མ་ཁམས་ཀྱི་ དབྱེ་བ་རྣམས་ཀྱིས་དཀྱིལ་འཁོར་དང་། །སངས་རྒྱས་རྣམས་དང་རྣལ་འབྱོར་མ་རྣམས་དག་ གི་རིགས་དྲུག་ཨ་ལི་ཀ་ལི་དག་ལ་གནས་པ་ཉིད། །ཟླ་བ་བཟང་པོའི་ཚིག་གསན་ནས་ནི་ རྒྱལ་བའི་བདག་པོས་ཁམས་ཀྱི་དབྱེ་བས་དཀྱིལ་འཁོར་ལ་སོགས་གསུངས། ༡ ། ༈ ཀ་བ་རྣམས་དང་རྡོ་རྗེ་ཕྲེང་བ་ས་ཡི་ཁོར་ཡུག་རྩིག་པ་ཉིད་ནི་རུས་པ་རྣམས་ཀྱིས་ 1-1-285 མཛོད། །ཤ་ཁྲག་ཆུ་དང་བཤང་བ་རྣམས་ཀྱིས་ལྷ་དང་གཤིན་རྗེ་ནོར་སྦྱིན་གཞན་དུ་རྡུལ་ཚོན་ གདབ་པ་སྟེ། །འཁྲིས་[མཁྲིས་]པ་བད་ཀན་གྱིས་ནི་ཉི་མ་རི་བོང་ཅན་ཡང་དེ་བཞིན་ཆུ་རྒྱུས་ རྣམས་ཀྱིས་ཆུ་སྐྱེས་རྣམས། །ར་བ་ལྔ་ཡི་རེ་ཁཱ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའ་ ལས་སྐྱེས་རྣམས་ཀྱིས་སོ། ༢ །དུས་ཀྱི་རྩ་ཡིས་གཙོ་བོའི་ཆུ་སྐྱེས་གཡོ་བ་མེ་ཡི་ཁོར་ཡུག་ལ་ སོགས་ལྤགས་པ་ལ་སོགས་ཀྱིས། །ཉི་མའི་སྒོ་རྣམས་བུག་པ་རྣམས་ཀྱིས་ནོར་བུའི་རང་བཞིན་ བཀོད་པ་སོ་ཡི་ཕྲེང་བས་དེ་བཞིན་ཉིད། །གཡོ་བའི་ཁོར་ཡུག་ལ་གནས་དུར་ཁྲོད་བརྒྱད་དུ་ འཁོར་ལོ་རྣམས་ནི་སོར་མོ་རྣམས་ཀྱི་སེན་མོ་ཡིས། །བ་སྤུ་རྣམས་ཀྱིས་རྡོ་རྗེ་མེ་ལྕེ་དཀྱིལ་ འཁོར་གྱི་ནི་མཐའ་རུ་ཕྱོགས་དང་ཕྱོགས་བྲལ་དག་ཏུ་གནས། ༣ །དེ་ལྟར་ངེས་པར་སྐུ་ཡི་རྡོ་རྗེ་ མཆོག་གི་ཡོན་ཏན་རྣམ་མང་དཀྱིལ་འཁོར་གྱི་ནི་རྣམ་པར་གསུངས། །༈ གསུང་གི་རྡོ་རྗེ་ཨ་ སོགས་ཀ་སོགས་ལྷ་ཡི་རྣམ་པ་ཉིད་ནི་མཐའ་དག་རྒྱལ་བའི་རིགས་རྣམས་ཀྱིས། །༈ སྟོང་པ་ དྲུག་གིས་ཐུགས་ཀྱི་རྡོ་རྗེ་རྣམ་གསུམ་སྲིད་པར་གནས་པས་གཙོ་བོའི་རྣམ་པ་གཅིག་པུ་འོ། ། ༈ དེ་བཞིན་དུ་ནི་ཡེ་ཤེས་རྡོ་རྗེ་ངེས་པར་སྲིད་པའི་འཇིགས་འཇོམས་སྣ་ཚོགས་ཡུམ་གྱི་རང་ བཞིན་ནོ། ༤ ། ༈ སྡེ་པ་ཀ་ལ་སོགས་པ་དྲུག་པོ་རིམ་པར་ཡོངས་སུ་བཀོད་པ་རྣམས་ཀྱི་རིགས་ནི་རིམ་ པ་ཡིས། །རྡོ་རྗེ་རལ་གྲི་རིན་ཆེན་འཁོར་ལོ་ཆུ་སྐྱེས་དེ་བཞིན་གྲི་གུག་ཉིད་ནི་རྒྱལ་བ་རྣམས་ ཀྱི་སྟེ། །༈ སླར་ཡང་སྡེ་པ་རེ་རེ་ལ་ཡང་མཐའ་དག་རྒྱལ་བ་མཆོག་གི་དབྱེ་བ་ལྔ་རྣམས་དག་ གིས་དབྱེ། །སོ་སོར་ཡི་གེའི་དབྱེ་བས་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའི་དངོས་པོ་ དག་ལས་སོ། ༥ ། ༈ དང་པོར་སྟོང་པའི་རབ་ཏུ་དབྱེ་བའང་ང་ཉ་ཎ་མ་ན་དང་དེ་བཞིན་ྈྐ་དང་དང་པོའི་ དབྱངས། །རླུང་གི་དབྱེ་བ་ཨི་ཡིག་གྷ་ཛྷ་ཌྷ་བྷ་དྷ་ཤ་རྣམས་ཏེ་མེ་ཡི་དབྱེ་བ་རི་ལ་སོགས། །ཆུ་ 1-1-286 ཡི་དབྱེ་བ་ཨུ་ཡིག་ྉྤ་ཁ་ཚ་ཋ་ཕ་ཐ་ཝ་སྟེ་ས་ཡི་དབྱེ་བ་ལི་ལ་སོགས། །དེ་ལྟར་མཆོག་གི་རྒྱལ་ བའི་རིགས་ནི་རྣམ་པ་ལྔ་ཡིས་ཀ་ལ་སོགས་པའི་སྡེ་རྣམས་རྣམ་པར་ཕྱེ། ༦ ། ༈ གཙུག་ཏོར་སྟོང་པ་ལྔ་སྟེ་རིགས་གསུམ་དག་ཀྱང་དེ་བཞིན་སྐུ་དང་གསུང་དང་ཐུགས་ ཀྱི་རྡོ་རྗེ་འོ། །ཨ་སོགས་ཕྱག་རྒྱའི་རིགས་ཏེ་ཧ་ཡ་ར་ཝ་ལ་དང་ལྡན་པའི་ཀ་སོགས་སྡེ་པ་ མཐའ་དག་རྣམས། །འཇིག་རྟེན་སྣང་ཕྱེད་དབྱངས་དང་བཅས་པའི་ཧ་ཡ་ར་ཝ་ལར་ལྡན་ འཇིག་རྟེན་འཇིག་རྟེན་འདས་པ་འོ། །རིགས་སྔགས་འཆང་གི་དབང་པོར་འགྱུར་ཏེ་ཀ་སོགས་ མཐའ་དག་བརྩེགས་པར་གནས་པའི་སྡེ་པ་བརྒྱད་རྣམས་སོ། ༧ ། ༈ ཀ་སོགས་ཡི་གེ་སུམ་ཅུ་ཧ་ཡ་ར་ཝ་ལར་ལྡན་ཀྵ་དང་བཅས་པ་སུམ་ཅུ་རྩ་དྲུག་ཉིད། ། དབྱངས་ཀྱི་རྣམ་པར་འགྱུར་བས་ཕྱེ་བ་རོ་ཡིས་བསྒྱུར་བའི་རོ་ནི་འཁོར་ལོའི་མགོན་པོ་ རྣམས་སུ་འགྱུར། །༈ སྐུ་ནི་གཅིག་པ་ངེས་པར་གཅིག་གིས་འཁོར་དང་བཅས་པ་གཉིས་ ནི་ཤེས་རབ་མ་ཡིས་འཁྱུད་པར་འགྱུར། །ལྔ་ཡི་བདག་ཉིད་ལྔ་ཡིས་འགྱུར་ཏེ་འཁོར་དང་ བཅས་པ་དགུ་ནི་འཁོར་ལོའི་མགོན་པོ་དགུ་བདག་ཉིད། ༨ །དབྱངས་ཀྱི་གྲངས་ཀྱི་བདག་ཉིད་ བཅུ་གསུམ་དགུ་དང་ཕྱོགས་རྣམས་ཀྱིས་ཀྱང་སུམ་ཅུ་རྩ་དྲུག་བདག་ཉིད་དེ། །ཡ་ལ་སོགས་ པ་རྣམས་ཀྱིས་སྒོ་སྐྱོང་མཐའ་དག་ཚོགས་ཀྱི་རིགས་ནི་ལྷག་མའི་དབྱངས་རྣམས་ཉིད་ཀྱིས་ སོ། །ཁྲོ་བོ་དྲུག་ཏུ་ཧ་སོགས་ཀྱིས་འགྱུར་རང་རིགས་ཕྱོགས་སུ་གནས་རྣམས་རླུང་གི་དབྱངས་ སོགས་དབྱེ་བ་ཡིས། །༈ སོ་སོར་ཡི་གེའི་དབྱེ་བ་རྣམས་ཀྱིས་རོ་ཡིས་བསྒྱུར་བའི་རོ་ནི་རྣལ་ འབྱོར་མ་དང་རྣལ་འབྱོར་རྒྱུད། ༩ །དེ་བཞིན་ཡི་གེ་སོ་སོ་རོ་ཡིས་བསྒྱུར་བའི་རོ་ཡི་དཀྱིལ་ འཁོར་ལ་ནི་དཀྱིལ་འཁོར་དབང་པོ་སྟེ། །༈ ཕུང་པོ་འབྱུང་བ་དབང་པོ་ལ་སོགས་དབྱངས་ཀྱི་ དབྱེ་བས་མཐའ་དག་ཚོགས་ཀྱི་རིགས་ནི་སྦྱང་བར་བྱ། །སྟོང་པ་གཞོམ་མེད་ལ་སོགས་མཐའ་ དག་རྒྱལ་བའི་རིགས་རྣམས་ཀྱིས་ནི་ལྷ་རྣམས་རྒྱ་ཡིས་གདབ་པ་སྟེ། །གཙུག་ཏོར་ནས་ནི་ཆུ་ 1-1-287 སྐྱེས་མཐའ་རུ་མི་མཉམ་མཉམ་པའི་རིགས་ལ་འཁོར་ལོའི་དབུས་ཀྱི་གདན་ལ་འོ། ༡༠ ། ༈ རྡོ་རྗེ་རྣམས་ཀྱིས་ཞལ་གྱི་དབྱེ་བར་འགྱུར་ཏེ་རྒྱལ་བའི་བདག་པོའི་ཕྱག་རྣམས་ དབྱངས་ཀྱི་དབྱེ་བ་ཡིས། །དེ་ཉིད་རྣམས་ཀྱིས་ཕྱག་རྒྱའི་རབ་ཏུ་དབྱེ་བ་གཞན་ཡང་དེ་བཞིན་ སྐུ་ཡི་རྡོ་རྗེ་ལ་སོགས་ཀྱིས། །སུམ་ཅུ་རྩ་དྲུག་སྦྱོར་བའི་རྒྱུད་ནི་དཔག་མེད་ཡོན་ཏན་ཡི་གེ་དུ་ མའི་རབ་ཏུ་དབྱེ་བ་ཅན། །ཡི་གེ་སོ་སོའི་མིང་ཅན་མཉམ་དང་མི་མཉམ་རིགས་ལ་ལྷ་མོ་དང་ ནི་ལྷ་རྣམས་དག་གི་འོ། ༡༡ ། ༈ ས་བོན་གཅིག་པུ་དཔའ་བོ་གཅིག་པ་རྡུལ་ལ་རོ་མཉམ་པ་ནི་ཤེས་རབ་མ་ཡིས་འཁྱུད་ པར་འགྱུར། །ཕུང་པོ་རྣམས་ཀྱིས་ལྔ་ཡི་བདག་ཉིད་ས་ཡི་ཁམས་སོགས་རྣམས་ཀྱིས་བྱིན་ གྱིས་བརླབས་པ་དགུ་པ་ཡང་། །བཤང་ལམ་ལ་སོགས་དང་ནི་མིག་ལ་སོགས་པས་ཡོངས་ བསྐོར་འདི་ནི་ཉི་ཤུ་རྩ་ལྔའི་བདག་ཉིད་དང་། །དེ་བཞིན་སོ་ནི་རབ་ཏུ་སྐྱེས་པ་སླར་ཡང་སོ་ རྣམས་དག་གིས་དབང་ཕྱུག་མཐའ་ཡས་འཁོར་ལོ་ཅན། ༡༢ ། ༈ དག་པར་ཡང་དག་དག་པའི་ཆུ་ལས་རི་བོང་འཛིན་པ་ལྟར་དཀར་པད་མའི་མཚན་ མ་འོད་དཔག་མེད། །ང་རྒྱལ་འཇིག་རྟེན་དབང་ཕྱུག་རྟ་ཡི་ཤིང་རྟས་འགྲོ་མ་མཱ་མ་ཀཱི་དང་ གཟུགས་ཀྱི་རྡོ་རྗེ་མ། །དྲག་མོ་ཆུ་གཏེར་ཚོགས་ཀྱི་དབང་པོ་གཉིས་སྐྱེས་གདེངས་ཅན་དང་ནི་ སྟག་གདོང་མ་དང་འུག་པར་བཅས། །འདི་རྣམས་དཔལ་ལྡན་གཡོན་གྱི་ཞལ་ནས་མཆོག་གི་ སྙིང་རྗེ་ཡིས་ནི་རྡོ་རྗེ་ཅན་གྱི་སྤྲོས་པ་འོ། ༡༣ ། ༈ ཆོས་ལ་ཡང་དག་དག་པའི་རླུང་ལས་ཕྱག་གི་པད་མ་རལ་གྲི་དོན་ཡོད་གྲུབ་པ་སྒྲོལ་ མ་དང་། །ནམ་མཁའི་སྙིང་པོ་རེག་བྱ་རྡོ་རྗེ་མ་དང་ཤིན་ཏུ་སྟོབས་བཅས་ཙར་ཙི་ཀཱ་དང་ ལྕགས་སྒྲོག་མ། །བདེན་བྲལ་དང་ནི་རླུང་ཞེས་བྱ་དང་དམངས་རིགས་ཀླུ་དང་དེ་བཞིན་ཁྱི་ གདོང་མ་དང་བྱ་རོག་བཅས། །འདི་རྣམས་ངེས་པར་བྱམས་པའི་ཐུགས་ཀྱིས་སྲིད་པ་གསུམ་ 1-1-288 གྱི་བདག་པོས་ཤར་གྱི་ཞལ་ནས་སྤྲོས་པ་འོ། ༡༤ ། ༈ ལོངས་སྤྱོད་རྫོགས་པར་དག་པའི་མེ་ལས་ཉི་མ་འཆར་ཀ་དང་མཚུངས་རིན་ཆེན་ འཛིན་དང་གོས་དཀར་མོ། །ས་ཡི་སྙིང་པོ་རྨུགས་བྱེད་དང་ནི་རོ་མཆོག་རྡོ་རྗེ་མ་དང་ཕག་མོ་ གདོང་དྲུག་མེ་ཡི་ལྷ། །གདེང་ཅན་དབང་པོ་རྒྱལ་རིགས་གཉིས་དང་རབ་གསལ་ཁྲོ་གཉེར་མ་ དང་ཕག་གདོང་མ་དང་བྱ་རྒོད་བཅས། །འདི་རྣམས་དཔལ་ལྡན་གཡས་ཀྱི་ཞལ་ནས་མཆོག་ གི་དགའ་བ་ཡིས་ནི་སྣ་ཚོགས་གཙོ་བོས་སྤྲོས་པ་འོ། ༡༥། ༈ ལྟེ་བར་ཡང་དག་དག་པའི་ས་ལས་མཆོག་གི་གསེར་དང་མཚུངས་པའི་ཐུབ་པ་ཕྱག་ ན་འཁོར་ལོ་དང་། །སྤྱན་མ་དང་ནི་རྣམ་པར་སེལ་བ་རབ་མཆོག་མི་ཡི་བདག་པོ་རེངས་བྱེད་ དྲི་ཡི་རྡོ་རྗེ་མ། །འོད་ཟེར་ཅན་དང་དབང་མོ་བརྒྱ་བྱིན་དུས་ཀྱི་གདོང་པ་དང་བཅས་རྗེ་རིགས་ ཀླུ་ལ་སོགས་པ་ཀུན། །གཙོ་བོ་ཡིས་ནི་བཏང་སྙོམས་དག་གིས་ནུབ་ཀྱི་ཞལ་ནས་སྐྱེ་བོ་ཀུན་ ལ་ཕན་རྣམས་སྤྲོས་པ་འོ། ༡༦། ༈ གཙུག་ཏོར་དག་པའི་སྟོང་པ་ལས་ནི་ཕྱག་ན་མཆོག་གི་རྡོ་རྗེ་མི་བསྐྱོད་དབྱིངས་ཀྱི་ དབང་ཕྱུག་མ། །གཙུག་ཏོར་དང་ནི་ཆོས་ཀྱི་ཁམས་ཏེ་ནམ་མཁའི་ཡོན་ཏན་དབང་གིས་ཕྱག་ ན་རྡོ་རྗེ་ལ་སོགས་གཞན། །༈ གསང་བར་དག་པ་ལས་ནི་མཐའ་དག་བདེ་མཉམ་སྟེར་ རྣམས་སྒྲ་ཡི་རྡོ་རྗེ་མ་ལ་སོགས་པ་ཡང་། །སྟེང་དང་འོག་ཏུ་ཡོན་ཏན་མང་པོའི་གནས་རྣམས་ སྲོག་ཆགས་རྣམས་ཀྱིས་ཐར་པའི་རྒྱུར་ནི་སྤྲོས་པ་འོ། ༡༧། ༈ ཕྱོགས་ཀྱི་འདབ་མར་སྤྱན་མ་ལ་སོགས་(རོ་ལ་གནས་པ་བཞི་དང་)ཕྱོགས་བྲལ་འདབ་མ་ལ་ གནས་ཁྲག་གིས་གང་བའི་ཐོད་པ་(བཞི)སྟེ(གཙོ་བོའི་པད་མ་སྣ་ཚོགས་མདོག་ལའོ)། །(དེའི་ཟེ་འབྲུ་ལ)ཉི་ མའི་སྟེང་དུ་(གཙོ་བོ)གཡོན་བརྐྱང་(གཡས་བསྐུམ་པའི་ཞབས་ཀྱིས)ཨུ་མཱ་དང་བཅས་(པའི)དབང་ཕྱུག་ (ཆེན་པོ)མནན་ཞིང་(སྐུ་མདོག་མཐིང་ཀ་བསྐལ་པ)འཇིག་པའི་དུས་ཀྱི་སྤྲིན་དང་མཚུངས། །(དབུ་རེ་རེ་ 1-1-289 ལ)ཐོད་པ་(སྐམ་པོ་ལྔ་ལྔ)རྣམས་ཀྱི་ཕྲེང་བ་བཅིངས་ཤིང་(རྡོ་རྗེ་བཞི་དག་པས)ཆུ་ཡི་གཏེར་གྱི་ཞལ་(ཏེ་ མདུན་ནག་གཡས་དམར་རྒྱབ་སེར་གཡོན་དཀར་བ)དང་(དུས་སྦྱོར་དང་རྟེན་འབྲེལ་བཅུ་གཉིས་འགགས་པས)ཉི་མའི་ ཕྱག་ལྡན་(ཏེ་ས་བཅུ་གཉིས་ཀྱི་ཕྱག)ཧེ་རུ་ཀ །ཕྱག་རྒྱ་(དྲུག་དང་)སྦྲུལ་(བཅུའི་རྒྱན)དང་སྟག་གི་ལྤགས་ པ(འི་ཤམ་ཐབས་གྲོལ་བ་དང་)མི་བཟད་གླང་པོའི་བདག་པོའི་ལྤགས་པ་བཤུས་པ་རློན་པ་(གོས་སུ) འཛིན(ཏེ་ཕྱག་གཉིས་པ་དག་གིས་སོ། །དང་པོ་གཉིས་ཀྱིས་ནི་རྡོ་རྗེ་ཕག་མོ་ལྗང་ཁུ་ལ་འཁྱུད་པའོ)། ༡༨། ཕྱི་རོལ་ཏུ་ནི་ (ཐུགས་ཀྱི་འཁོར་ལོ)ནག་དང་(གསུང་གི་འཁོར་ལོ)དམར་དང་(སྐུའི་འཁོར་ལོ)དྲི་མེད་རི་བོང་ཅན་ལུས་ (ལྟར་དཀར་པོ་སྟེ)འཁོར་ལོ་གསུམ་ལ་ལྷ་མོ་(ཉེར་བཞི་པོ)རྣམས(ཏེ)། །(དེ་རྣམས་ཀྱང་)རྡོ་རྗེ་(མ)དྲུག་ དང་ཁྲོ་སྐྱེས་(མ་བཅུ)རྣམས་ནི་ཕྱག་གཉིས་(མ)ཟླ་བའི་ཞལ་ཏེ་(ཞལ་གཅིག་མ)འབྱུང་སྐྱེས་(མ་བརྒྱད་ པོ)རྣམས་ཀྱང་དེ་བཞིན་ནོ། །སྒོ(བཞི)ར་ནི་གཏུམ་མོ་(བཞི་སྟེ)རོ་ལ་གནས་ཤིང་ཕྱོགས་བྲལ་དུ་ ཡང་(གཏུམ་མོ་རོ་ལ་གནས་པ་བཞིར)ངེས་པར་(འགྱུར་ཞིང་བརྒྱད་ཀའི)ཕྱག་ན་གྲི་གུག་ཐོད་པ་ཅན(ནོ)། ། (དེ་ལྟར་རོ་བཅུ་གཉིས་དང་རྩིབས་ཉེར་བཞིའི་གདན་ནི་ཉི་ཟླའི་རྒྱུ་བ་འགགས་པ་སྟེ། བསྟོད་འགྲེལ་དུ་ནི། སུམ་ཅུ་སོ་དྲུག་པོ་ ཐམས་ཅད་སྲོག་འགགས་པ་ཉིད་ཀྱིས་རོ་ལ་གནས་པར་གསུངས་སོ། །ཐམས་ཅད་ཀྱི་ཁ་དོག་ཀྱང་འགྲེལ་པ་གཉིས་ན་གསལ་ ལོ)དཔའ་བོ་(ཉེར་བཞི་པོ)རྣམས་ཀྱི་རིག་བྱེད་ཕྱག་(སྟེ་ཕྱག་བཞིའི་གཡས)ན་རྡོ་རྗེ་(དང་)ཌ་མ་རུ་དང་ (གཡོན་གཉིས་ན)དྲིལ་བུ་(དང་)རྡོ་རྗེ་ཁ་ཊྭཱཾ་ག(འོ)། ༡༩། ༈ དཔལ་ལྡན་ལྷུན་པོའི་ཕྱོགས་བརྒྱད་དང་ནི་ས་(དང་)ཆུའི་དཀྱིལ་འཁོར་(གྱི་ཕྱོགས་བརྒྱད) དག་ལ་(འཁོར་ལོ་གསུམ་སྟེ་རིམ་པ་ལྟར)གནས་དང་ཉེ་བའི་གནས་ཀུན་(ཐུགས་ལ)དང་། །ཞིང་དང་(ཉེ་ ཞིང་)ཚན་དོ་ཧ་དང་(ཉེ་བའི་ཚན་དོ་ཧ་གསུངས་ལ)འདུས་པ་ཅན་དང་(ཉེ་བའི་འདུས་པ)དུར་ཁྲོད་ས་(དང་ཉེ་ བའི་དུར་ཁྲོད་སྐུ་ལ)སྟེ་མེ་དང་རླུང་གི་(ཁོར་ཡུག་གི)དབུས་སུ་ཡང་(དུར་ཁྲོད་ཆེན་པོ་བརྒྱད་དེ་འདི་དག་རྒྱས་པར་ བསྟོད་འགྲེལ་དུ་བལྟའོ)། །(དེ་ལྟར་དེ་དག་འཇིག་རྟེན་སྤྱི་ལ་ཚང་བ)དེ་བཞིན་(དུ་བྱེ་བྲག)ཡུལ་དང་གྲོང་ཁྱེར་(རེ་ རེ)ལ་(ཡང་)ནི་ཕྱོགས་དང་ཕྱོགས་དུ་གནས་(པའི)ལྷ་(སྔ་མ་དེ)རྣམས་རིག་པར་བྱ་བ་སྟེ(དང་པོའི་ 1-1-290 སངས་རྒྱས་མཁའ་ལྟར་ཀུན་ལ་ཁྱབ་པའི་ཕྱིར་རོ)། །(དེ་ལྟར)ཤེས་རབ་རྒྱུད་ཀྱི་མངོན་པར་བརྗོད་པ་(ནི)སྲིད་ པ་གསུམ་གྱི་བླ་མས་(རྡོ་རྗེ་སེམས་དཔའ)ཤར་གྱི་ཞལ་ནས་སྤྲོས་པ་འོ། ༢༠། ༈ (དཔལ་འདུས་པའི)དཀྱིལ་འཁོར་ཕྱེད་ཀྱི་ཆ་ཡིས་སྙིང་པོར་འཁོར་ལོ་(རེ་མིག་གི)ཆ་དགུ་ པ་སྟེ་ཀ་བ་རྡོ་རྗེའི་ཕྲེང་བས་སྤྲས། །ཟླ་བ་ཉི་མ་དག་དང་པད་མ་ལ་ཡང་ཕུང་པོ་(ལྔ)དང་ནི་ ཁམས་(བཞི་རྣམས)ཀྱི་ལྷག་པའི་ལྷ་ཆེན་པོ(རིགས་ལྔ་ཡུམ་བཞིའོ)། །(དེའི)ཕྱི་རོལ་ཏུ་ནི་ར་བའི་རྩིག་ པ་དག་ལ་(ཉེ་བར་ལྷ་རྣམས་ལ)ཡུལ་(གཞན་སེམས་མ་དྲུག)དང་ཡུལ་ཅན་(གཞན་སེམས་དཔའ་དྲུག)ཟླ་བ་ (དང་)ཉི་མའི་གདན་ལ་གནས(ཤིང་)། །སྒོ་(བཞི)སྐྱོང་(བའི་ཁྲོ་བོ་བགེགས་དགྲ་ལ་སོགས་པ)རྣམས་ནི་ ཉི་མ་ལ་གནས་(སོ། །དེ་རྣམས་ལས)གཞན་པ་(ལྷའི)ཚོགས་ཀྱི་རིགས་(རྣམས)ནི་སྟེགས་བུ་དག་ལ་ ཀུན་ནས་སོ། ༢༡། ༈ (ཉེར་ལྔའི་འདུས་པ)འདི་(དང་)ལ་སོགས་པ་(བཅུ་དགུ་མ། བཅུ་གསུམ་མ། ལྷ་དགུ་མ། སོ་གཉིས་མ། སོ་ བཞི་མ་རྣམས)དེ་བཞིན་དུ་ནི་རྣལ་འབྱོར་རྒྱུད་ཀྱང་འདུས་པ་རྣམ་པ་དྲུག་ཏུ་གསུངས་པ་སྟེ། །(སོ་ གཉིས་མ་ལ་སྟེགས་བུའི)ཟུར་དུ་(དབྱུག་པ་སྔོན་པོ་ལ་སོགས་པ)ཁྲོ་བོ་(བཞི)རྣམས་ཀྱང་(སྟེགས་བུའི)ལོགས་སུ་ (ཤར་ནུབ་ཏུ་ལས་དབང་གི)ཡུལ་དང་(ལས་དབང་གི)ཡུལ་ཅན་(བྷ་ག་གཞན་དང་དེའི་བྱ་བ་གཞན་སྟེང་འོག་གི་ཁྲོ་བོ་ གཉིསཏེ་འདི་ལ་གཙོ་བོ་ཡབ་ཡུམ་སོ་སོར་བགྲངས་པ་སོ་གཉིས་མ་དང་)ཛམ་བྷ་ལ་(དང་ནོར་རྒྱུན་མ་གཉིས་གསུངས་པ) ནི་ཕྱག་ན་སོ་བ་(སྟེ་འབྲས་ཀྱི་སྙེ་མ)བསྣམས(པ་དང་བཅས་པ་སོ་བཞི་བའོ)། །(དེ་ལ་ཁྲོ་བོ་རྣམས་ནི་ཡེ་ཤེས་ཀྱི་ སྐུའི)ངག་དང་རྐང་(པ་དང་)ལག་(པ་དང་)བཤང་ལམ་(དང་)བྷ་ག(རྣམས་ལ་རང་རང་གི་བྱ་བ་དང་བཅས་པ་ བཅུ)འོ་ཉི་མ་རི་བོང་ཅན་དང་དུས་ཀྱི་རྩ་ཡི་རང་བཞིན་(ཡོན་ཏན་གསུམ)གྱིས། །ཤེས་རབ་དང་ནི་ ཐབས་རྣམས་མཐའ་དག་ཞལ་གསུམ་(པ་ཡུལ་དྲུག་གིས)རོ་ཡི་ཕྱག་ལྡན་(རྣམས་དུས་ཀྱི་འཁོར་ལོ་རྡོ་རྗེ་ སེམས་དཔའི)གཡས་ཀྱི་ཞལ་ནས་སྤྲོས་པ་འོ། ༢༢། ༈ (སྒྱུ་འཕྲུལ་དྲ་བའི)སྙིང་པོར་(ཡེ་ཤེས)འཁོར་ལོ་(ཆ་དགུ་པ)ཆུ་གཏེར་ཟུར་དུ་འགྱུར་ཏེ་(ཀྱེ)མི་ 1-1-291 ཡི་བདག་པོ་(ཚད་ནི)དཀྱིལ་འཁོར་ལས་ནི་གསུམ་གྱི་ཆ(འོ)། །(དེ་ལ)ཕུང་པོ་(ལྔ་དང་)ཁམས་(བཞི) རྣམས་(ཀྱི)ལྷག་པའི་ལྷ་(དགུ་པོ)ཉིད་(དོ)སླར་ཡང་(དེའི་ཕྱི་རོལ)འཕར་མ་གཞན་ལ་སྒྲ་ཡི་རྡོ་རྗེ་ལ་ སོགས་(པ་དྲུག་ལ་དྲག་སྤྱན་མ་དང་ཤིན་ཏུ་སྔོན་མོ་བསྣན་པ)བརྒྱད(དེ་སྒྱུ་འཕྲུལ་དྲ་བ་བསྡུས་རྒྱུད་དུ་ནི། སེམས་མ་རྡོ་རྗེ་ མ། རིན་ཆེན་རྡོ་རྗེ་མ། ཆོས་ཀྱི་རྡོ་རྗེ་མ། ལས་ཀྱི་རྡོ་རྗེ་མ། ཙུན་ད། རིན་ཆེན་སྐར་མདའ། ཁྲོ་གཉེར་ཅན། རྡོ་རྗེ་ལྕགས་སྒྲོག་མ་ རྣམས་ལ་བཤད་དེ་ངོ་བོ་གཅིག་པ་ལ་དགོངས་སོ)། །ཕྱི་རོལ་གནས་པའི་དཀྱིལ་འཁོར་(སྟེགས་བུ)ལ་ནི་ངེས་ པར་ཕྱོགས་བཅུར་ཉི་མ་ལ་གནས་ཁྲོ་བོའི་ཚོགས་རྣམས་དགོད། །(དཀྱིལ་འཁོར)དེར་ནི་ར་བའི་ རྩིག་པ་དག་ལ་(ཉེ་བར)དུས་(བཞི)ལ་ཆུ་གཏེར་གྱིས་བསྣུན་བྱང་ཆུབ་སེམས་དཔའ་(བཅུ་དྲུག་པོ) མཐའ་དག་རྣམས(ནི་བསྡུས་རྒྱུད་ལྟར་ན། ཤར་དུ་བྱམས་པ། འཇམ་དཔལ། སྤོས་ཀྱི་གླང་པོ། ཡེ་ཤེས་ཏོགལྷོར་བཟང་ སྐྱོང་། བློ་གྲོས་རྒྱ་མཚོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ནུབ་ཏུ་མཐུ་ཆེན་ཐོབ། ངན་སོང་ཀུན་འདྲེན། མྱ་ངན་དང་ མུན་པ་ཀུན་འཇོམས། དྲ་བ་ཅན་གྱི་འོད། བྱང་དུ་ཟླ་འོད། འོད་དཔག་མེད། ནམ་མཁའ་མཛོད། སྒྲིབ་པ་རྣམ་སེལ་ལོ། །སློབ་ དཔོན་ཨ་བྷ་ཡས་ནི་སྒོ་གསུམ་རིམ་དུ་ཡང་མཛད་དོ)། ༢༣། སྒྱུ་འཕྲུལ་དྲ་བའི་དབྱེ་བ་(ཞེ་གསུམ་མ། ཞེ་ལྔ་མ། ཞེ་དགུ་ མ)གསུམ་སྟེ་ཞལ་གསུམ་རོ་ཡི་ཕྱག་ནི་ལྷ་ཡི་སྐུ་ཡི་དབྱེ་བ་ལས། །རྟོག་པ(འི་རྒྱུད་དམ་བྱ་བའི་རྒྱུད)་ ལ་སོགས་གང་ཡིན་མཐའ་དག་བླུན་པོའི་(དམན་པའི་ར་ཟེར)སེམས་ཀྱི་(བག་ཆགས་ཀྱི)དབང་གིས་ གཡོན་གྱི་ཞལ་ནས་སྤྲོས་པ་འོ། །༈ རྣལ་འབྱོར་རྗེས་སུ་རིག་པའི་རྒྱུད་དང་༈འདིར་ནི་(འཁོར་ ལོ་སྡོམ་པ)ཉིས་འགྱུར་སྡོམ་པ་ཆེན་པོ་མཁའ་འགྲོ་མ་རྣམས་ཀྱི། །འཁོར་ལོ་དྲུག་ནི་རིགས་དྲུག་ (དག་པ)རྣམས་ཏེ་མི་བདག་(ཅེས་པ་བཅུ་དྲུག་གི)དུར་ཁྲོད་ས་རྣམས་(དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའི) ནུབ་ཀྱི་ཞལ་ནས་སྤྲོས་པ་འོ། ༢༤། ༈ ཐིག་ནི་དྲུག་དང་བུག་པའི་ཆ་ཤས་གཡོ་བའི་དཀྱིལ་འཁོར་ལ་གནས་རྣམས་ཀྱིས་ དཀྱིལ་འཁོར་ཐིག་བཏབ་ནས། །སྙིང་པོ་ལས་ནི་དྲུག་དྲུག་ཆ་རྣམས་ཀྱིས་ཏེ་པད་མའི་འདབ་ མ་ལྟེ་བར་ལྡན་པའི་ཕྱེད་ལ་ཡང་། །གྲི་གུག་འཁོར་ལོ་ཆུ་སྐྱེས་རིན་ཆེན་རལ་གྲི་མཆོག་གི་ 1-1-292 རྡོ་རྗེའི་ཕྲེང་བ་གཉིས་གཉིས་ཆ་རྣམས་ཀྱིས། །ཉི་མ་རྣམས་ཀྱིས་སྒོ་དང་སྒོ་འཁྱུད་དུས་དང་ རོ་རྣམས་ཀྱིས་ཀྱང་སྟེགས་བུ་དང་ནི་དོ་ཤལ་ས། ༢༥། གསུམ་གྱིས་ཀྱང་ནི་ར་བ་ལྔ་ཡི་རེ་ཁཱ་ རྩེ་མོ་ཅན་གྱིས་དོ་ཤལ་རྩ་བར་སྣམ་བུའོ། །ཉི་མ་རྣམས་ཀྱིས་ལོགས་དང་འགྲམ་སྟེ་སུམ་ འགྱུར་ཉིན་བྱེད་རྣམས་ཀྱིས་ཀ་བའི་སྟེང་དུ་རྟ་བབས་སོ། །ཕྱོགས་དང་ཕྱོགས་བྲལ་དག་ ཏུ་སྒོ་ནི་བརྒྱད་རྣམས་བྱ་སྟེ་དཀྱིལ་འཁོར་ཆེན་པོ་འདི་ནི་ཟླུམ་པོ་འོ། །དབུས་སུ་ཆུ་སྐྱེས་སྣ་ ཚོགས་མདོག་སྟེ་ལྟེ་བ་ལ་ནི་ཉི་མ་རི་བོང་ཅན་དག་སྦྱར་བའི་གདན། ༢༦། འཁོར་ལོ་དང་ནི་ ཕྲེང་བ་སྔོན་པོ་ས་ནི་ལྗང་ཁུ་དག་དང་ས་གཞི་ནག་པོ་འཁོར་ལོ་སེར། །ས་གཞི་དམར་ལ་ འཁོར་ལོ་དཀར་དང་ས་ནི་དཀར་པོ་ཕྲེང་བར་བཅས་པའི་འཁོར་ལོ་དམར་པོ་དང་། །ས་ནི་ སེར་པོ་སྔོན་པོ་དག་དང་འཁོར་ལོ་དཀར་པོ་མིན་པ་དང་ནི་ལྗང་ཁུའི་མདོག་ཏུ་འགྱུར། །ཆ་ དྲུག་གིས་ནི་ཚོན་གྱི་ས་སྟེ་སྐྱེད་བྱེད་ཞལ་གྱི་དབང་གིས་སྒོ་ཡི་འཁོར་ལོ་དེ་བཞིན་ནོ། ༢༧། ཕྱི་ རོལ་ཏུ་ནི་བརྒྱད་གཉིས་དུར་ཁྲོད་རྣམས་ཏེ་རིགས་ཀྱི་དབང་གིས་༈དེ་བཞིན་སྙིང་པོའི་ལྷ་མོ་ བརྒྱད། །འདབ་མ་ལ་ནི་ཐོད་པ་བདུད་རྩིའི་རོ་དང་ལྡན་པ་བརྒྱད་དེ་འདབ་མ་བརྒྱད་ལ་ལྷ་ མོ་རྣམས། །ཕྱིར་ནི་སྒེག་མོ་ལ་སོགས་ལྷ་མོ་ཕྱོགས་དང་ཕྱོགས་བྲལ་དུ་གནས་དེ་བཞིན་ཀླུ་ རྒྱལ་ཆེན་པོ་བརྒྱད། །དེ་ཡི་ཕྱི་རོལ་ཏུ་ནི་ས་ཆུ་མེ་དང་གཡོ་བའི་ཁོར་ཡུག་ཉིད་དང་རྡོ་རྗེའི་ ཕྲེང་བ་འོ། ༢༨། རིང་པོ་ཐུང་ངུའི་དབྱངས་རྣམས་ཀྱིས་ཀྱང་ས་ཏ་པ་ཊ་ཙ་ཀ་ས་སོགས་སྟོང་ སོགས་ཡི་གེ་རྣམས། །རླུང་སོགས་རྩིབས་རྣམས་ལ་ནི་ཉི་མའི་རྒྱུ་བའི་དབང་གིས་རིང་པོ་ས་ སོགས་ཁམས་ཀྱི་རང་བཞིན་རྣམས། །སྟེང་སོགས་རྩིབས་ལ་ཟླ་བའི་རྒྱུ་བའི་དབང་གིས་ཐུང་ ངུ་རང་རང་འཁོར་ལོའི་རྩིབས་ཀྱི་སྟེང་དུ་འོ། །སྒོ་དང་སྒོ་ཡི་བར་དུ་ཧ་ཀྵ་དང་ལྡན་ནམ་མཁའི་ མཐིལ་ན་གནས་པའི་སྡེ་པར་བཅས་པ་རྣམས། ༢༩། ༈ (ཤེས་རབ)མཁའ་འགྲོ་མ་རྣམས་(ཐབས་མཁའ་འགྲོ་རྣམས་ལས་སྐུ་བོང་)ཐུང་བའི་དངོས་པོ་(སྟེ་ 1-1-293 སྐུ་ཅན)རི་བོང་འཛིན་པའི་ཞལ་(གཅིག)དང་ཕྱག་(གཉིས)ན་གྲི་གུག་ཐོད་པ་ཅན། །(ཞབས)གཡས་ པ་བརྐྱང་ཞིང་རང་རང་སྣོད་(ཐོད་པ)རྣམས་ཀྱིས་ནི་ལྷ་མིན་(གྱི)ཁྲག་འཐུང་(ཞིང་)སྐྲ་གྲོལ་གོས་ དང་བྲལ་བ་(གཅེར་བུ)སྟེ། །རྐང་པ་རྐེད་པ་དཔྲལ་བ་དང་ནི་རྣ་བ་མགྲིན་པ་ལག་པར་གཡེར་ ཀ་སོགས་དང་རུས་པའི་(ཕྱག)རྒྱ(ལྔས་བརྒྱན་ཅིང་)། །མགོ་དང་རྐེད་པའི་ངོས་ལ་ཐོད་པ(སྐམ་པོ)འི་ དུམ་བུ་རྒྱལ་བ་རྣམས་ཀྱི་ཁ་དོག་ལྔ་ཡི་ཕྲེང་བ་(བྱས་པ)འོ། ༣༠། ༈ (ཐབས)མཁའ་འགྲོ་(ཞེ་བརྒྱད་ནི)ཞལ་གཉིས་(པ)ཕྱག་(བཞིའི་གཡས་གཉིས)ན་རྡོ་རྗེ་མཆོག་ དང་ཌ་མ་རུ་དང་(གཡོན་གྱི་གཉིས་པ་ན)རྡོ་རྗེ་ཁ་ཊྭཱཾ་(ག་དང་པོ་ན)དྲིལ་བུ་ཅན། །མགྲིན་པར་དཔལ་ ལྡན་མགོ་(རློན་གྱི)ཕྲེང་(བ་འཆང་ཞིང་)མགོ་བོར་ཅོད་པན་ལ་ཡང་རྡོ་རྗེ་དར་དཔྱངས་དང་ནི་(སྤྱི་ བོར)ནོར་བུ་འོ། །དཔལ་ལྡན་(མགུལ་ལ)མགུལ་རྒྱན་རྐང་ལ་རྐང་གདུབ་ཕྱག་ལ་ཕྱག་གདུབ་ དང་ནི་(རྐེད་ལ)རྐེ་རགས་དག་དང་(རྣ་བར)རྣ་རྒྱན་ཏེ། །རྫོགས་པའི་ཐོད་པ་(སྐམ་པོ་ལྔ)རྣམས་ཀྱི་ (ཕྲེང་བ་དབུ་ལ་བཅིངས་ཤིང་)མཆེ་བ་ཅན་(སྦྲུལ་གདུག་གི་རྒྱན་རྣམས)དང་མཐའ་དག་ལུས་ལ་གནས་པའི་ ཐལ་བའི་རྒྱ(སྟེ་རྒྱན་དྲུག་གོ)། ༣༡། ༈ གཙོ་བོའི་དབུ་ལ་ཐོད་པ་(སྐམ་པོ)རྣམས་ཀྱི་ཕྲེང་བ་(བཅིངས་ཤིང་)མགྲིན་པར་(བདུད་རིགས་ བརྒྱའི)གདོང་བརྒྱ་རྣམས་ཀྱི་མགོ་ཡི་ཕྲེང་བ་(འཕྱང་བ)འོ། །(དབུ་ལ)ཟླ་ཕྱེད་(དང་)རྡོ་རྗེའི་ཅོད་པན་ ཅན་ཏེ་རང་གི་རྐེད་(པ)དང་ཕྱག་(ལྷག་པོ་གཉིས་ལ)གནས་(པ་ན་རིམ་པ་ལྟར)སྟག་ལྤགས་(དང་)གླང་ པོའི་ལྤགས་པ་(རློན་པ་ཁྲག་འཛག་པ)འོ། །(པད་འདབ་བཅུ་དྲུག་པའི་ལྟེ་བར)ཟླ་(བ་དང་)ཉི་(མ་དང་)བསྲེག་ ཟའི་(སྟེ་དུས་མེ་སྒྲ་གཅན་གྱི)དཀྱིལ་འཁོར་ལ་ནི་(གཡས་བརྐྱང་)ཞབས་ཀྱི་འོག་ན་བདུད་དང་དབང་ ལྡན་ཏེ་དབང་ཕྱུག་མནན་ཅིང་སྐུ་ལ་ཐལ་བ་(ལ་སོགས་རྒྱན་དྲུག)སྟེ། །ཕྱག་རྒྱ་ཀླུ་ཡི་དབང་པོ་(བཅུ) དང་ལྡན་ཞིང་(སྐུ་མདོག་མཐིང་ཀ)འཇིག་དུས་རྩེ་མོ་ཅན་(སྤྲིན་རྨ་ཟེར་ཞིང་ཕྱིས་རྒྱ་དཔེ་མ་དག)མཚུངས་ མཁའ་འགྲོ་མ་(སྣ་ཚོགས་ཡུམ་སེར་མོ་ཞལ་གཅིག་ཕྱག་གཉིས་མ)ལ་(འཁྱུད་ཅིང་)འོ་དག་བྱེད། ༣༢། 1-1-294 ༈ ཕྱོགས་(བརྒྱད)ཀྱི་འདབ་མར་ལྷག་པའི་མཁའ་འགྲོ་མ་(དུ་བ་མ་ལ་སོགས་པ)རྣམས་(གཡས་ པ)ཌ་མ་རུ་དང་(གཡོན)རྡོ་རྗེ་ཁ་ཊྭཱཾ་ག་ཉིད་དེ། །བཤང་(བ)གཅི་(བ)ཁྲག་དང་མི་ཤ་རྣམས་ ཀྱིས་(གང་བའི་ཐོད་པ་བརྒྱད)ཕྱོགས་བྲལ་(ཞེས་པ་བར་བར་གྱི)འདབ་མ་(བརྒྱད)ལ་གནས་(ཤིང་རྡུལ་ དང་)ཁུ་བའི་སྣོད་(དག)ཀྱང་(གཙོ་མོ་དང་གཙོ་བོའི)ཕྱག་ན་འོ། །(སྣ་ཚོགས་ཡུམ)དེ་བཞིན་དུ་ནི་ལྷ་མོ་ (ནུས་མ)བརྒྱད་ཀྱང་(གཙོ་བོའི་ཡུམ་ཡིན་ལ)ཀུན་ནས་(ཐབས་ཤེས)གཉི་ག་(སྦྱོར་བའི)བདེ་ལ་སྙོམས་ པར་ཞུགས་པ(དགའ་བ)འི་འཁོར་ལོ་འོ། །༈ (ལྷ་རྣམས་ཀྱི་ཁ་དོག་ནི་ནུབ་དང་ནུབ་བྱང་གི)སེར་དང་(བྱང་ དང་བྱང་ཤར་གྱི)དཀར་པོ་(ལྷོ་དང་ལྷོ་ནུབ་ཀྱི)དམར་པོའི་མདོག་དང་(ཤར་དང་ཤར་ལྷོའི)ནག་པོ་(སྟེང་གི་ ལྷ)ལྗང་ཁུའི་ལུས་དང་(འོག་གི་ལྷ)སྔོན་པོའི་མདོག་རྣམས་(ཏེ་ཁམས་དྲུག་པོ་རང་)རང་(གི)ཕྱོགས་ སུ(འོ)། ༣༣། རྒྱལ་བ་སྐྱེད་མཛད་(རྡོ་རྗེ་སེམས་དཔའི)རིགས་ལ་གཙོ་བོའི་ཁ་དོག་(དང་)མཚན་མ་ རྣམས་ནི་སྔར་(བཤད་པའི་རྡོ་རྗེ་ཤུགས)བཞིན་(ཏེ་ཞལ་རེ་རེའང་)སྤྱན་གསུམ་(གསུམ)དག་གི་ཚོགས(སོ)། ། (ཐབས་ཤེས)ཕན་ཚུན་དུ་ནི་འཁྱུད་པ་དག་ཀྱང་རང་གཞན་རིགས་ཀྱི་དབང་གིས་(རིགས་མི་མཐུན་ པ་འཁྱུད་པར)རིག་པར་བྱ་སྟེ་ཀུན་ནས་སོ། །༈ (དེ་ལྟར་ལྷ་མོ་བདུན་ཅུ་རྩ་གཉིས་ནི)སྦྱིན་པ་སོགས་(ཕར་ ཕྱིན་བཅུ)དང་ཕུང་པོ་(གཞན་ལྔ)འབྱུང་བ་(གཞན་ལྔ་དང་)ཡུལ་(གཞན་དྲུག)དང་ཡུལ་ཅན་(གཞན་དྲུག་དང་ དེ་དག་ལས)གཞན་ཡང་དབང་པོ་ལྔ་(དང་)ལ་སོགས་པ་(སྟོབས་ལྔ)དང་། །ཕྱོགས་ས་(སྟེ་ས་བཅུ་དང་) ཕྱོགས་ཀྱི་སྟོབས་(ཏེ་སྟོབས་བཅུ)དང་དཔལ་ལྡན་རྒྱལ་སྲས་(ཀྱི)དབང་(བཅུ)རྣམས་ཀྱིས་ཀྱང་(སྡོམ་ ཆེན་གྱི)ལྷ་མོ་(དོན་གཉིས་པོ)རྣམ་པར་སྦྱང་བར་བྱ། ༣༤། ༈ ལྷུན་པོའི་ཕྱོགས་སུ་དབྱེ་བ་བརྒྱད་ཀྱིས་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཉེ་བའི་ གནས་ཀུན་དང་། །ཞིང་དང་ཚན་དོ་ཧ་དང་འདུས་པ་དུར་ཁྲོད་ས་དང་ཁྱིམ་ནི་རླུང་གི་ཕྱེད་ཀྱི་ མཚམས་སུ་སྟེ། །འདི་དག་སངས་རྒྱས་ས་ནི་ཉི་མ་ཕྲ་མོ་ལུས་སྐྱེས་མི་དང་འབྱུང་པོ་ལྷ་དང་ལྷ་ མིན་དང་། །ནུས་དང་གཙོ་བོའི་ཉིན་གཅིག་རིགས་ལྡན་མ་ནི་རྣམ་པར་རྒྱུ་སྟེ་ཉི་ཟླའི་རབ་ཏུ་ 1-1-295 རྒྱུ་བ་ལས། ༣༥། ༈ རྒྱབ་ཏུ་ལྷ་མོ་དབང་བྱེད་ཐིམ་པ་ཞེས་འདིར་མདུན་དུ་དེ་ཉིད་ལྔ་ཡི་རང་བཞིན་རྣམས་ ཀྱིས་ཏེ། །རླུང་དང་དབང་ལྡན་ལྷ་མིན་མེ་དང་འོག་དང་མཁའ་དང་ལྷ་དང་གཤིན་རྗེ་གནོད་ སྦྱིན་ནུབ་ཏུ་ཡང་། །༈ གཙུག་ཏོར་སྙིང་ཁའི་ཕྱོགས་དང་མགྲིན་པ་མགོ་བོ་ལ་གནས་ལྟེ་བ་ དང་ནི་གསང་བའི་འཁོར་ལོ་ལ། །འཁོར་ལོ་རྩིབས་བརྒྱད་འོག་དང་སྟེང་དུ་ཉིན་ཞག་སོ་སོའི་ ཆུ་སྲིན་ནས་ནི་དུས་སྦྱོར་གཉིས་གཉིས་བར། ༣༦། ༈ གཙོ་བོའི་ཆུ་སྐྱེས་རྡོ་རྗེ་ཀུན་དང་ཐིག་ལེ་འགྱུར་མེད་རྣམས་ཀྱིས་རྡོ་རྗེ་ནོར་བུར་ གནས་པ་ནི། །ཀུན་ནས་དགའ་བ་ཐམས་ཅད་རྡོ་རྗེ་ཅན་གྱི་བདེ་བ་མཉམ་པའི་གནས་ཏེ་རྡོ་ རྗེ་ཅན་ནི་ཐམས་ཅད་དག་གི་དུས། །ཟླ་བ་ཞུ་བ་བླ་མའི་ཞལ་དེ་ལ་ནི་གང་ཞིག་ཞུགས་པ་ དུས་ཀྱི་འཁོར་ལོ་དེ་ཉིད་དེ། །བདུད་རྣམས་ཀྱི་ནི་དུས་སུ་གསུངས་ཤིང་འཆི་བའི་འཇིགས་ བྱེད་མཁའ་འགྲོ་མ་ཡི་འཁོར་ལོ་འདི་་དག་གོ༣༧། ༈ ཤེས་རབ་ཐབས་ཀྱི་ཡི་གེ་དག་གིས་གཉི་གའི་རིགས་ཀྱི་དབང་ལས་མཁའ་འགྲོ་མ་ དང་མཁའ་འགྲོའི་མིང་། །རྡོ་རྗེ་གསུམ་པོ་རྐང་པ་གཞན་དང་བཅས་པས་ཐོག་མ་དབུས་དང་ མཐའ་མར་ཕྱེ་བ་བཟླས་བྱ་སྟེ། །སྲོག་གིས་བྱིན་གྱིས་བརླབས་པ་གང་ཞིག་གཉི་གའི་བགྲོད་ པའི་དབང་གིས་རང་རང་ལས་ཀྱི་རྗེས་མཐུན་པའོ། །རོ་ཡི་འགྲོ་རྣམས་ལ་གནས་མཁའ་འགྲོ་ མ་དང་རྡོ་རྗེ་མཁའ་འགྲོ་རྣམས་ནི་མྱུར་དུ་འགྲུབ་པར་འགྱུར། ༣༨། ༈ དབུགས་རྣམས་གང་དག་སྐྱེ་བའི་དུས་སུ་དབུ་མ་ལ་ནི་རྐང་པ་དང་བཅས་རོ་དང་ མདར་གྱུར་པ། །དེ་བརྒྱད་རྣམས་ཀྱིས་འཁོར་ལོར་འགྱུར་ཏེ་འོག་དང་མཁའ་ཡི་དབང་གིས་ སྒོ་ཡི་དབུས་གནས་ལྷ་མོ་རྣམས། །རྐང་པ་གཅིག་གིས་བསྐྱེད་པ་སྲིད་པ་གསུམ་གྱི་ཡུམ་སྟེ་ ཕྱག་ན་གྲི་གུག་དང་ནི་ཐོད་པ་ཅན། །བདུད་རྩི་བདེ་བའི་ཆ་ཡིས་འཁྱུད་པ་ཉི་མ་ཟླ་བའི་སྟེང་ 1-1-296 དུ་གཡས་བརྐྱང་དུས་ཀྱི་འཁོར་ལོ་འོ། ༣༩། ༈ ལྔ་གསུམ་ཆུ་གཏེར་ཡུལ་དང་ཡོན་ཏན་དབང་གིས་ཟླ་བ་ཉི་མའི་གདན་རྣམས་ཆུ་ གཏེར་རྐང་པ་ལས། །གཟའ་བདུན་དང་ནི་རྫོགས་པ་ཉི་མ་ཉིན་མོར་བྱེད་དང་རི་བོང་ཅན་ གྱི་གདན་ནི་གཞན་པ་རྣམས། །ནག་པོ་དཀར་པོའི་རྫོགས་པ་ཉི་མ་ཉིན་མོར་བྱེད་དང་རི་ བོང་ཅན་གྱི་གདན་ནི་གཞན་རྣམས་ཏེ། །འདི་ཉིད་ལ་ནི་རི་བོའི་གཟའ་རྣམས་མཉམ་དང་མི་ མཉམ་གནས་ལ་ཉི་མ་ཟླ་བའི་གདན་རྣམས་སོ། ༤༠། ༈ ཟླ་བ་ཉི་མའི་རྐང་པ་རྩིབས་རྣམས་དང་ནི་པད་མའི་འདབ་མ་སྒོ་བཞི་ཟུར་གྱི་རོ་ རྣམས་ཏེ། །༈ སླར་ཡང་རྐང་པ་ཉིས་འགྱུར་དེ་དག་རྣམས་ནི་ཉིན་མོར་བྱེད་དང་རི་བོང་ཅན་ གྱི་གདན་རྣམས་ཉིད། །༈ རྫོགས་པ་གཟའ་དང་ཉི་མའི་རྐང་པ་མཉམ་དང་མི་མཉམ་གནས་ ལ་ཆུ་གཏེར་རྐང་པ་གདན་རྣམས་ཏེ། །༈ ཉི་མ་འམ་ནི་གང་བའི་ཟླ་བ་ལ་འགྱུར་རིགས་ཀྱི་ དབང་གིས་གཙོ་བོ་ཡང་ན་ཁ་སྦྱོར་ལ། ༤༡། ༈ རླུང་ལ་རེག་བྱའི་ཞལ་གཅིག་དང་ནི་ཡོན་ཏན་གཞན་གྱི་དབང་གིས་རྒྱས་གདབ་ཞལ་ ནི་གཉིས་པ་འོ། །རྩེ་མོ་ཅན་ལ་རོ་དང་རེག་བྱའི་ཞལ་ནི་གཉིས་སུ་འགྱུར་ཏེ་རྒྱས་གདབ་ཞལ་ ནི་གསུམ་པ་འོ། །ཆུ་ལ་ཞལ་ཡང་གཟུགས་དང་རོ་དང་རེག་བྱ་ཡི་ནི་ཞལ་ཏེ་རྒྱས་གདབ་ཞལ་ ནི་བཞི་པ་འོ། །ས་ལ་དྲི་ལ་སོགས་པ་རེག་བྱའི་མཐའ་ཡི་ཡོན་ཏན་ཞལ་ཏེ་རྒྱས་གདབ་ཞལ་ ནི་ལྔ་པ་འོ། ༤༥[༤༢]། ནམ་མཁའ་ལ་ནི་ཞལ་ཡང་སྟོང་པ་རྣམ་པ་ལྔ་སྟེ་རྒྱ་ཡིས་གདབ་པའི་ ཞལ་ནི་དྲུག་པ་འོ། །དེ་བཞིན་དུ་ནི་ཡེ་ཤེས་ཁམས་ལ་འགྱུར་ཏེ་ཡོན་ཏན་དབང་ལས་སྟོང་པ་ དྲུག་གི་ཞལ་རྣམས་སོ། །༈ གཅིག་ནི་བཞི་ལ་བསྲེས་པ་བདེ་མཉམ་འབྲས་བུ་སྟེར་བ་དག་སྟེ་ གཉིས་དང་གསུམ་ནི་བསྲེས་ལ་ལྔ། །ཤེས་རབ་ཐབས་ནི་ཞལ་བཅུ༈ཡོན་ཏན་རྣམ་པ་གསུམ་ གྱི་དབང་གིས་བཞི་ལ་ཞལ་ནི་བཅུ་གཉིས་པ། ༤༣། 1-1-297 ༈ ཐུན་མཚམས་དབྱེ་བས་རྣམ་པ་བཞི་སྟེ་རྣམ་པ་གསུམ་གྱི་ཞལ་ཡང་དུས་སྦྱོར་དབྱེ་ བས་ཁ་དོག་གསུམ། །དུས་སྦྱོར་ཕྱེད་ཀྱིས་ཕྱག་གི་དབྱེ་བ་མི་མཉམ་མཉམ་པ་འཁྱུད་པ་དག་ ཀྱང་ལུས་དང་སེམས་ལ་ནི། །ཐུན་འཚམས་[མཚམས་]ཆ་ཤས་སྔ་ཕྱི་ལ་སྟེ་ཞལ་གསུམ་རོ་ཡི་ ཕྱག་ནི་འཁྱུད་པ་གུང་གི་ཆ་ཤས་ལ། །༈ ཤེས་རབ་སྦྱོར་དང་སྙོམས་པར་ཞུགས་པ་དག་ཀྱང་ རྒོད་པ་ལ་སོགས་རྣམས་ནི་ཐུན་གྱི་མངོན་འཚམས་[མཚམས་]ལ་འོ། ༤༤། ༈ ཤེས་རབ་ཡན་ལག་དམར་དང་སེར་པོ་ལ་ནི་ངེས་པར་དུས་ཀྱི་འཁོར་ལོའི་བསམ་པ་ རབ་ཏུ་འཇུག །རྡོ་རྗེ་ཅན་གྱི་གཡོན་མདུན་ཡན་ལག་དཀར་དང་སྤྲིན་ནག་མཚུངས་པ་དག་ལ་ ཤེས་རབ་བསམ་པ་འོ། །མཆོག་གི་ལུས་ལ་ཤེས་རབ་བསམ་པས་ཕྱེ་བ་གཡོན་དང་མདུན་གྱི་ ཡན་ལག་དག་ནི་ཞི་བར་འགྱུར། །དྲག་པོ་གཡས་དང་རྒྱབ་ཀྱི་ཡན་ལག་མཆོག་གི་རྒྱལ་བའི་ བདག་པོའི་བསམ་པས་ཕྱེ་བ་དེ་བཞིན་ཉིད། ༤༥། ༈ ཤེས་རབ་ཀྱིས་ཕྱེ་རྒྱལ་བ་དག་གི་རབ་མཆོག་ཚོགས་ཀྱི་རིགས་ནི་གཉིས་ཀྱི་རང་ བཞིན་ཉིད་དུ་འགྱུར། །ཤེས་རབ་ཀྱི་ནི་གཙོ་བོས་ཕྱེ་བ་ངེས་པར་ཕྱོགས་བྲལ་དུ་ཡང་རྣལ་ འབྱོར་མ་ཡི་ཚོགས་ཉིད་ཏེ[དེ]། །གཡས་དང་གཡས་མིན་ཉི་མ་དང་ནི་རི་བོང་ཅན་གྱི་སྐུ་ དག་ཟུང་སྟེ་ཤར་དང་ནུབ་ཉིད་ཀྱང་། །ནག་པོ་སེར་པོ་དག་སྟེ་སྔོན་པོ་ལྗང་ཁུ་དག་ཀྱང་དེ་ བཞིན་མཁའ་དང་ས་འོག་ཡང་དག་གནས། ༤༦། ༈ དཀར་པོ་རྣམས་ཀྱི་ཤེས་རབ་དམར་མོ་དམར་པོ་རྣམས་ཀྱི་རི་བོང་འཛིན་པ་ལྟར་ དཀར་དེ་བཞིན་ཉིད། །སེར་པོ་རྣམས་ཀྱི་ཁ་དོག་ནག་མོ་དཀར་མིན་རིགས་རྣམས་ཀྱི་ཡང་ མཆོག་གི་གསེར་དང་མཚུངས་པ་འོ། །སྔོན་པོ་རྣམས་ཀྱི་ཁ་དོག་སྣཚོགས་སླར་ཡང་ལྗང་ཁུ་ རྣམས་ཀྱི་སྔོན་མོ་རྣམས་སུ་དེ་བཞིན་གསུངས། །(ཐབས་ལ་ཇི་ལྟ་བ)དེ་བཞིན་(དུ)ངེས་པར་ལྷ་མོ་ རྣམས་ཀྱི་(ཐབས་ཀྱང་རང་རང་གི་གང་ལ་འཁྱུད་པ་དེ་དང་དེའི)རང་རིགས་ཕྱོགས་སུ་གནས་པའི་ལྷ་རྣམས་ 1-1-298 དག་ཏུ་རིག་པར་བྱ། ༤༧། ༈ (འཁོར་ལོ་སྡོམ་པ་ལ་སོགས)ཤེས་རབ་རྒྱུད་ནི་(དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའི)ཤར་(ཐུགས་ཀྱི་ ཞལ)ནས་(སྤྲོས་ཤིང་)སླར་ཡང་རྣལ་འབྱོར་རྗེས་སུ་རིག་པ(འི་རྒྱུད)ཉིད་ནི་ནུབ་(ཡེ་ཤེས)ཀྱི་ཞལ་ ནས་(སྤྲོས)སོ། །གཡས་(གསུངས་)ཀྱི་ཞལ་ནས་རྒྱལ་བའི་བདག་པོས་རྣལ་འབྱོར་རྒྱུད་གསུངས་ གཡོན་གྱི་(སྐུའི)ཞལ་ནས་བྱ་བ(འི་རྒྱུད)ལ་སོགས་(པ་འཕྲོས)སོ། །ཤར་ནས་རྣལ་འབྱོར་སྤྱོད་པ་ (སེམས་ཙམ་པའི་གྲུབ་མཐའ)ཉིད་དེ་སླར་ཡང་ནུབ་ཀྱི་ཞལ་ནས་ངེས་པར་དབུ་མ(འི་གྲུབ་མཐའ)མཐའ་ དག་གོ། མདོ་སྡེ་པ(འི་གྲུབ་མཐའ)ནི་གཡས་ཀྱི་ཞལ་ནས་གསུངས་ཏེ་དཀར་པོའི་ཞལ་ནས་དག་ པའི་བྱེ་བྲག་སྨྲ་བ(འི་གྲུབ་མཐའ་སྤྲོས་པ)འོ། ༤༨། ༈ ནུབ་ཀྱི་ཞལ་ནས་ངེས་བརྗོད་(ཀྱི)རིག་བྱེད་དང་ནི་རྒྱལ་བའི་དབང་པོས་གཡོན་གྱི་ ཞལ་ནས་མཆོད་སྦྱིན་(གྱི་རིག་བྱེད)གསུངས། །གཡས་ཀྱི་ཞལ་ནས་སྙན་ཚིག་(གི)རིག་བྱེད་(དང་) མཆོག་གི་བསྲེག་བྱ(ཟ་བ་མེ་ལྷ)འི་རིགས་ལ་སྲིད་སྲུང་(གི་རིག་བྱེད)ཤར་གྱི་ཞལ་ནས་སོ། །(མུ་སྟེགས་ པའི་ཆོས་མཐའ་དག་སྤྲོས་ཚུལ་ནི)ཤར་གྱི་ཞལ་ནས་རིགས་ཅན་རྒྱུད་(ཅེས་པ་ཀུ་ལའི་མདོ་སྤྲོས)དེ་སླར་ཡང་ ནུབ་ཀྱི་ཞལ་ནས་མཁའ་ལྡིང་དང་ནི་འབྱུང་པོའི་རྒྱུད། །གཡོན་གྱི་ཞལ་ནས་གྲུབ་པའི་མཐའ་ སྟེ་ཉི་མ་འཆར་ཀ་དང་མཚུངས་གཡས་པ་ནས་ནི་ཁྱབ་འཇུག་(གི་གླུའི)ཆོས(སྤྲོས་སོ)། ༤༩། (མུ་ སྟེགས་པའི་ལྷ་སྤྲོས་ཚུལ་ནི)རྒྱབ་ནས་འཕྲལ་(སྟེ་སྐ་ཅིག)ལ་ལྡོག་པ(འི་ལྷ་དང་)མཆོག་ཏུ་དཀར་བའི་ཞལ་ (གཡོན་པ)ནས་གཡོན་གྱི་ལྷ་དང་རབ་ཏུ་གནས་པ་སྟེ། །(ཞལ)གཡས་ནས་རིག་པ་དྲག་པོ་མིན་ དང་སླར་ཡང་(ཤར)རླུང་གི་ཞལ་ནས་རླུང་སྐྱེས་ཚངས་པ་(དང་)ཞི་བ་དག(སྤྲོས་ཤིང་)། །(ཐམས་ ཅད་འདྲེས་པ)སྟོང་པའི་ཞལ་ནས་སྟོང་པ(འི་རང་བཞིན)དབང་ཕྱུག་དག་ནི་སྲིད་གསུམ་(གཞན་གྱི) བདག་པོ(རྡོ་རྗེ་སེམས་དཔ)ས་འཇིག་རྟེན་པ་ཡི་དོན་དུ་སྤྲོས(སོ)། །༈ རྫོགས་ལྡན་གསུམ་ལྡན་ གཉིས་ལྡན་དང་ནི་གཞན་པ་རྩོད་དུས་(རྣམས)རྒྱབ་ཀྱི་ཞལ་(དང་)ལ་སོགས་པའི་དབྱེ་བ་(གཡོན་ 1-1-299 གཡས་མདུན)ལས(སྤྲོས)། ༥༠། དེ་བཞིན་(དུ་རིམ་པ་བཞི་ལ་སོགས་པ་སྤྲོས་ཚུལ་ནི)དཔའ་བོའི་རིམ་པ་(དང་) སོགས་(ཀྱི་སྒྲས་རང་བྱིན་གྱིས་བརླབ་པའི་རིམ་པ་དག་པའི་རིམ་པ་ཤིན་ཏུ་རྣམ་དག་གི་རིམ་པ་སྟེ་བཞི)དང་(དེ་བཞིན)ཉི་ མའི་བགྲོད་པའི་དབང་གིས་ཐུན་མཚམས་བཞི་པོ་ཉིད་རྣམས་ཀྱང་། །ཁ་ཟས་(ཀྱི་ལོངས་སྤྱོད) དག་ནི་གཡས་ཀྱི་ཞལ་ནས་(སྤྲོས་པ)མཆོག་ཏུ་འཇིགས་པ་(སྡུག་བསྔལ)དག་ཀྱང་རྒྱབ་ཀྱི་ཞལ་ ནས་སྤྲོས་པ་སྟེ། །མདུན་གྱི་ཞལ་ནས་འཁྲིག་པ་ཉིད་དོ་(གཡོན)མཆོག་ཏུ་དཀར་བའི་ཞལ་ནས་ (ཀྱེ)རྒྱལ་པོ་རྨི་ལམ་དག་དང་གཉིད(སྤྲོས་སོ)། །རྒྱབ་(ཞལ)ནས་རྗེ་རིགས་(གཡོན་ཞལ་ནས)གཉིས་ སྐྱེས་(བྲམ་ཟེ་དང་གཡས་ཞལ་ནས)མི་ཡི་བདག་པོ(འི་རིགས་བྱེད་རྒྱལ་རིགས)དང་ནི་དེ་བཞིན་(དུ)དམངས་ རིགས་དག་ཀྱང་རིམ་པས་(མདུན་ཞལ་ནས་སྤྲོས་པས)འགྱུར། ༥༡། ༈ རྒྱལ་བའི་བདག་པོས་མདུན་ནས་ཐམས་ཅད་ཡོད་པར་སྨྲ་བ(འི་སྡེ་པ)གསུངས་ཏེ་ གཡས་ན་མང་པོས་བཀུར་བ(འི་སྡེ་པ)འོ། །རྒྱབ་ཀྱི་ཞལ་ནས་གནས་བརྟན་པ(འི་སྡེ་པ)སྟེ་སླར་ ཡང་དགེ་འདུན་ཕལ་ཆེན་པ(འི་སྡེ་པ)་ནི་གཡོན་གྱི་ཞལ་ནས་(སྤྲོས)སོ། །མདུན་གྱི་ཞལ་ནས་ མི་རྣམས་དང་ནི་སླར་ཡང་རྒྱབ་ཀྱི་ཞལ་ནས་དུད་འགྲོ་རྣམས་ནི་ངེས་པར་སྤྲོས། །གཡས་ཀྱི་ ཞལ་ནས་འབྱུང་པོ་(སྟེ་ཡི་དྭགས་དང་)ལྷ་རྣམས་(སྤྲོས་ཤིང་)མཆོག་ཏུ་དཀར་བ(གཡོན་པ)འི་ཞལ་ནས་ དམྱལ་བ་རྣམས་དང་ལྷ་མིན་རྣམས(སྤྲོས་སོ)། (ཞེས་པའི་དོན་ཀྱེའི་རྡོ་རྗེར་ཡང་གསུངས་ཏེ། ང་ལས་འགྲོ་བ་ཐམས་ ཅད་འབྱུང་། །བཞི་ལས་གནས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་ སོ། །དེ་ལ་སངས་རྒྱས་པའི་རྒྱུད་སྡེ་དང་གྲུབ་མཐའ་བཞི་ལ་སོགས་པ་དང་ཕྱི་རོལ་པའི་རིག་བྱེད་བཞི་ལ་སོགས་པ་ཞལ་བཞི་ ལས་སྤྲོས་པའི་དོན་ནི་སེམས་ཅན་རང་རང་གི་སྐལ་བ་དང་འཚམ་པར་ཆོས་དེ་དག་ཞལ་བཞི་ལས་གསུངས་པ་ཡིན་ཞིང་དུས་བཞི་ དང་འགྲོ་བ་རིགས་དྲུག་སོགས་ཞལ་བཞི་ནས་སྤྲོས་པའི་དོན་ནི་སེམས་ཅན་ལ་བཞུགས་པའི་དང་པོའི་སངས་རྒྱས་རྡོ་རྗེ་སེམས་ དཔའི་ཞལ་བཞི་ལ་དུས་བཞི་དང་རིགས་དྲུག་ལ་སོགས་སུ་སྣང་བའི་རྒྱུ་གློ་བུར་དྲི་མའི་བག་ཆགས་རྟེན་ཅིང་བག་ཆགས་རྣམས་ ལས་དུས་བཞི་སོགས་ཀྱི་སྣང་བ་འབྱུང་བ་ལ་ཞལ་བཞི་ལས་དུས་བཞི་སོགས་བསྲེས་པར་གསུངས་པ་ཡིན་ནོ། །ཁ་ཅིག་སད་པ་ 1-1-300 ལ་སོགས་པའི་གནས་སྐབས་བཞི་རྡོ་རྗེ་ཅན་གྱི་ཞལ་བཞིར་བྱས་ནས་སད་པ་ལ་སོགས་པ་བཞིའི་བག་ཆགས་ཀྱི་དབང་གིས་གྲུབ་ མཐའ་བཞི་ལ་སོགས་པའི་སྣང་བ་སོ་སོར་བྱུང་བ་ལ་སྤྲོས་པར་བཤད། ཞེས་འཆད་པ་ནི་འཁོར་འདས་དང་རྣམ་ཤེས་དང་ཡེ་ཤེས་ ཀྱི་ཁྱད་མ་ཕྱེད་པའི་སྐྱོན་ཁོ་ནར་ཤེས་པར་བྱའོ)༥༢། ༈ (དེ་ལ)མདུན་གྱི་ཞལ་ནས་སྤྲོས་པ་(དེ)དག་ཀྱང་སྙིང་ཁའི་(ཆོས་ཀྱི)འཁོར་ལོ་ནས་(སྤྲོས་ པར)འགྱུར་(ལ)རྒྱབ་ཞལ་(ནས་སྤྲོས་པ་དེ་དག)ལྟེ་བ(སྤྲུལ་པ)འི་འཁོར་ལོ་ནས(སྤྲོས་པར་འགྱུར་ཞིང་)། ། གཡས་ཀྱི་ཞལ་ནས་(སྤྲོས་པ་དེ་རྣམས་མགྲིན་པ)ལོངས་སྤྱོད་རྫོགས་པ(འི་འཁོར་ལོ)་ནས་(སྤྲོས་པར) འགྱུར་ཀུན་ཏུ་གཡོན་གྱི་ཞལ་ནས་(སྤྲོས་པ་དེ་རྣམས་སྤྱི་བོ)ལྷན་ཅིག་སྐྱེས་པ(འི་འཁོར་ལོ)ནས(སོ)། ། (དེ་ལྟར)འཁོར་ལོ་(བཞི་པོ)རྣམས་ཀྱི་ཞལ་(བཞི་པོ་རྣམས)གྱི་དབུས་ན་ལུས་ལ་དངོས་པོ་(མཐའ་དག) སྤྲོ་བ་དང་ནི་སྡུད་པ་ཉིད་དུ་འགྱུར། །འཇིག་རྟེན་གསུམ་པོ་མཐའ་དག་རྣམས་ཀྱང་རྒྱལ་བ་ སྐྱེད་མཛད་(རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོའི)ཞལ་གྱི་དབྱེ་བ་རྣམས་ཀྱིས་(སྤྲོ་བ་དང་བསྡུ་བ)ཡང་དག་ གོ༥༣། ༈ (བཅུ་དྲུག་པ་མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་བསམ་པའི་དབང་གིས་ཆོས་བསྟན་པའི་ངོ་བོ་ཉིད)དཔལ་ ལྡན་ཟླ་བ་(ཉ་བའི་འོད)དང་ནི་(ནོར་བུ)ཟླ་བ་ཆུ་ཤེལ་(ཕྲད་པ)རྣམ་རྟོག་མེད་པའི་རང་བཞིན་ལས་ ནི་ཆུ་འབྱུང་བ། །དེ་བཞིན་(དུ)འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོ(རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་སྐུ) འི་(རྣམ་པར་དག་པའི)ཕུང་པོ་(རྣམས)ལ་བརྟེན་(ནས)ཐམས་ཅད་མཁྱེན་པའི་ཆོས་འཛག་སྟེ(དེ་ཡང་ སེམས་ཅན་གྱི་བསམ་པའི་དབང་གིས་དུ་མའོ)། །(ཇི་ལྟར)ཆུ་ནི་ས་བོན་(སྣ་ཚོགས་ཀྱི)ཁམས་(དང་ཕྲད་པ)ལ་ཀུན་ ཏུ་བརྟེན་ནས་(ཆུ་དང་ས་བོན་དུ་མ)རོ་མཉམ་(དུ)འགྱུར་(ཞིང་དེ་ལ་མྱུ་གུ་སྣ་ཚོགས་དུ་མར་འགྱུར)བ་ཇི་བཞིན་ ཉིད་དུ་(སངས་རྒྱས་ཀྱི)ཆོས་དག་ནི། །(གདུལ་བྱ)སེམས་ཅན་རྣམས་ཀྱི་དག་པའི་སེམས་(སྣ་ཚོགས) ཀྱི(དབང་གི)ས་རྣམ་པ་མང་པོར་འགྱུར་ཏེ་(སེམས་དག་ཚུལ་སྣ་ཚོགས་དེ་ཡང་)སྔོན་གྱི་ལས་(བཟང་པོ་སྣ་ ཚོགས)ཀྱི་མཐུ་ལས་སོ། ༥༤། 1-1-301 ༈ (དེ་ལྟར་སེམས་ཅན་གྱི་དོན་མཛད་ཀྱང་)སྲིད་གསུམ་གནས་ན་སེམས་ཅན་དོན་གྱི་བྱེད་(པ)པོ་ (སངས་རྒྱས)དང་ནི་ཡིད་བཞིན་ནོར་བུ་ལ་ཡང་(དོན་བྱའོ་སྙམ་པ་ལ་སོགས་པའི)བསམ་པ་མེད། །(དེ་ལྟ་ བུའི་སངས་རྒྱས་དེ་སེམས་ཅན་ཀུན་གྱི)སེམས་ལ་(རྟག་ཏུ)གནས་པ་དེ་(དང་ཡིད་བཞིན་ནོར་བུ་འཇིག་རྟེན་ན་ཡོད་པ) ནི་མི་དགེ་(བའི)འབྲས་བུའི་དབང་གིས་སྡིག་པའི་ལས་ཅན་སེམས་ཅན་གྱིས་མི་མཐོང་(ལ)། ། (མི་མཐོང་བ་ནི་སངས་རྒྱས་དང་)ཡིད་བཞིན་ནོར་བུའི་སྐྱོན་མིན་(གྱི་སྔོན་ལས)མི་དགེ་བ་དང་དགེ་བའི་ འབྲས་བུ་སེམས་ཅན་ཐམས་ཅད་རབ་ཏུ་སྤྱོད(པས་རང་གི་ལས་ཀྱི་སྐྱོན་ནོ)། །སེམས་(རང་བཞིན་འོད་ གསལ)ནི་(གློ་བུར་དྲི་མས)དག་ན་མི་དེ་ཡང་ནི་(རང་ཉིད)རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་ གཞན་གྱིས་ཅི་ཞིག་བྱ། ༥༥། ༈ (འདིར་གློ་བུར་དྲི་མ་ནི་འཕོ་བའི་སྐད་ཅིག་སྟེ། དེ་དག་བྱེད་ནི་འཕོ་མེད་བདེ་བའི་སྐད་ཅིག་གོ། དེ་དག་མཐུན་པའི་ རྒྱུ་ལས་འབྱུང་སྟེ་དཔེར་ན་ས་བོན)གང་གིས་མྱུ་གུ་འདི་སྐྱེད་(པ་ལ)སྐྱེད་པར་བྱེད་པ(འི་ས་བོན)དེ་ནི་(མྱུ་ གུའི)དངོས་པོ་སྐྱེས་ནས་རྣམ་པར་ཉམས་པར་འགྱུར(ཞིང་)། །(ས་བོན)ཉམས་པ་དེ་ཡི་(མྱུ་གུ)སྐྱེས་ (ཟིན)པར་རབ་ཏུ་འགྱུར་ཏེ་སླར་(མྱུ་གུ་དེ)ཡང་ས་བོན་རྒྱལ་པོ་(ཕྱི་མ)དག་གི་སྐྱེད་བྱེད་དོ། །སྔ་ མ་(རྒྱུ)གང་(ཡིན་པ)དེ་གཞན་གྱི་(འབྲས་བུའི)དངོས་(པོ་འབྱུང་བ)ལས་(རྒྱུ)ཤི་བ་(སྟེ་ཉམས)ཞེས་པ(དང་ འབྲས་བུ་སྐྱེས་ཞེ་པ)འི་ཚིག་(ཀུན་རྫོབ་རྟེན་འབྲེལ་ཙམ)སྟེ་(དོན་དམ་པར་སྐྱེ་བ་མེད་པའི་ཕྱིར)རང་གི་ངོ་བོས་སྐྱེས་ པ་མིན(ནོ)། །(དེས་ན་དེ་བཞིན་དུ་བདེ་བ)གང་གིས་སྟོང་པ(འི་གཟུགས)ནས་ནི་ས་(རྣམས)ལ་འོངས་ པ་(འགྱུར་མེད)བདེ་བའི་སྐ་ཅིག་དེ་ཡིས་(ལུས་ཟོས་ནས)སྟོབས་བཅུ(པ་སངས་རྒྱས་སུ)ར་འགྲོ་བར་ འགྱུར། ༥༦། ༈ (འགྱུར་མེད)བདེ་(བ)ནས་བདེ་(བ)ལ་རྗེས་ཆགས་(ཀྱི)སྐ་ཅིག་འདིར་ནི་ལྷན་སྐྱེས་(སྟོང་ ཉིད་ཀྱི)དངོས་པོ་(ལ་ཆགས་པ་ཡིན་གྱི)གཞན་(ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ)ལ་རྗེས་སུ་ཆགས་པ་(ནི)མིན། ། ཕུང་པོ་གང་དག་(འགྱུར་མེད་བདེ་བའི་སྐ་ཅིག)དེ་ཡིས་(བདེ་བར)སྐྱེད་(པ)རྣམས་སླར་ཡང་བདེ་བའི་ 1-1-302 སྐ་ཅིག་དེ་ཡིས་(བདེ་བའི་སྐ་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མ་རྫོགས་བར་དུ)སྐྱེད་པར་བྱེད་པ་སྟེ། (རྫོགས་ནས་ སྐུ་བཞི་ཐོབ་ཚུལ་ནི)། དག་པ་(ངོ་བོ་ཉིད་སྐུ)ལས་ཆོས་(སྐུ་དང་)དེ་ལས་གཞན་ཏེ་(ལོངས་སྐུ)སླར་ཡང་དེ་ ལས་གཞན་(སྤྲུལ་སྐུ)དང་དེ་ལས་རྣམ་པར་དག་པ་(ངོ་བོ་ཉིད་སྐུ་སྟེ་དེ་ལྟར་སྐུ་བཞིའི་འཁོར་ལོ)འོ། །(དཔེར་ ན)དག་པའི་ས་ལ་(དག་པའི)ས་བོན་བཏབ་པ་ལས་ནི་རྩ་བ་རྣམས་དང་ལོ་མ་(དང་)མེ་ཏོག་(དང་) འབྲས་བུ་(འབྱུང་ཞིང་དེ་ལས་ཀྱང་རྩ་བ་ལོ་མ་ལ་སོགས་འབྱུང་བ)བཞིན(ནོ)། ༥༧། ༈ (བདེ་བའི་རྟེན་ནི)ས་དང་ཆུ་དང་མེ་དང་རླུང་དང་རོ་(ནམ་མཁའ)དང་མཆོག་གི་རོ་(ཡེ་ཤེས་ཀྱི་ ཁམས་གཞན་ཆོས་ཀྱི་དབྱིངས)སྟེ་(དེ་ལྟར)ཕྲ་རབ་རྣམས་ནི་(རྣམ་པ་ལྔ་སྟེ་ཁྱབ་བྱ་ཡིན་ལ་ཁྱབ་བྱེད་ཆོས་ཀྱི་དབྱིངས་ དང་བཅས་པ)རྣམ་པ་དྲུག(ལས་ས་ལ་ཡོན་ཏན་ལྔ)། །(ཆུ་ལ་སོགས་པ་བཞི་ལ)དྲི་ལ་སོགས་པ་(ཡོན་ཏན)རེ་ རེས་དམན་(པ་སྟེ་བཞི་དང་གསུམ་དང་གཉིས་དང་གཅིག་རྣམས་ལྡན)ཞིང་མཐའ་མ་(སྟེ་དྲུག་པ་ཆོས་དབྱིངས་ནི) ཡུལ་དང་རྣམ་པར་བྲལ་བ་(མི་རྟོག)ཡེ་ཤེས་(ཀྱི)བལྟ་བྱ་(སྣ་ཚོགས་སྟོང་གཟུགས་ཏེ་ཁྱབ་བྱ་ལྔ་དང་ཁྱབ་བྱེད་ གཅིག)རྣམས(ལས)། །འདོད་པ་(དང་)གཟུགས་དང་གཟུགས་མེད་རྣམས་(ལ་ལུས་དང་ཁུ་བ་སེམས་ ཀྱི་བག་ཆགས)ནི་(ཁམས་གོང་མ་གོང་མ་ལ་མེད་པའི་ཡོན་ཏན་འདོད་ཁམས་པ་ལ་ས་ཆུ)ཟུང་དང་(གཟུགས་ཁམས་པ་ ལ་མེ་རླུང་)ཟུང་དང་(གཟུགས་མེད་པ་ལ)རི་བོང་ཅན་(ནམ་མཁའི་ཡོན་ཏན་གཅིག་པུ་ལྡན)ཏེ་མཐའ་མ་ཆོས་ ཀྱི་དབྱིངས(ནི་ཡོན་ཏན་དེ་རྣམས་དང་བྲལ་བ)། །རྣམ་པ་ཀུན་ལྡན་(རྣམ་པ་མེད་པའོ། །དྲུག་པོ)དེ་རྣམས་(ནི) ཀུན་(ཤེས)ཀུན་ནས་རྟག་ཏུ་འཕོ་མེད་བདེ་བ་ལྷན་(ཅིག)སྐྱེས་(པའི་སྐུའི)རྟེན་དུ་གྱུར་པ་འོ། ༥༨། ༈ ས་སོགས་ཁམས་ལ་(ཡོན་ཏན་དྲི་ལ་སོགས་པ)ཕན་ཚུན་དུ་(གནས་པ)ནི་གཙོ་བོའི་དངོས་པོ་ དག་ལ་སླར་ཡང་(ཡོན་ཏན་གཞན་རྣམས)ཕལ་པའི་དངོས་རྣམས་(ཀྱིས)གནས། །(དེ་ནས)ཕན་ཚུན་ ཕུང་པོ་(རྣམས་དང་)འབྱུང་བ་(རྣམས)དང་ནི་ཡུལ་དང་ཡུལ་ཅན་རྣམས་ནི་ཕན་ཚུན་བདུད་དང་ མ་རིག་པ(ཡིན་ལ)། །(ཡུལ་དང་ཡུལ་ཅན)ལྔ་པོ་ཕན་ཚུན་རྗེས་སུ་ཆགས་ན་རོ་ཡི་འགྲོ་རྣམས་ལ་ གནས་སྡུག་བསྔལ་(དང་)བདེ་བའི་སྐ་ཅིག་(ལས་མ་འདས་པ་གློ་བུར་དྲི་མའི་འཁོར་ལོ་བསྐོར་བ་དག)གོ། (གློ་ 1-1-303 བུར་གྱི་དྲི་མ་དང་བྲལ་བ་དང་པོའི་སངས་རྒྱས་ལྷན་ཅིག་སྐྱེས་པའི་སྐུ་ནི)རྣམ་པ་ཐམས་ཅད་པ(འི་སྟོང་པ་ཉིད་པྲ་ཕབ་པ་ ལྟ་བུ)རྣམས་(ཏེ)ཀུན་ནས་(ཕྱག་དང་ཞབས་ལ་སོགས་པ་དབང་པོ་ཐམས་ཅད་པ་ཕྱི་ནང་ལས)གཞན་གྱི་ཡོན་ཏན་ (ལྷན་ཅིག་སྐྱེས་པའི)དགའ་བ་(རྣམ་པར་རྟོག་ཏུ)མི་ཕྱེད་(པ)རྡོ་རྗེ(འི་གདོད་ནས)ཡང་དག་གནས(ཤིང་དེ་སྔར་ བསྟན་པའི་ཁམས་རྣམས་འཕོ་མེད་དུ་དག་པ་མངོན་དུ་འགྱུར་ཞེས་པའོ)། ༥༩། ༈ (དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་པ)དེ་དག་རྣམས་ཀྱིས་དུས་ཀྱི་འཁོར་ལོ་(ཡེ་ ཤེས་ཀྱི་སྐུ་རྣམ་པ་ཐམས་ཅད་པའི)རྫུ་འཕྲུལ་རབ་ཏུ་གསལ་(བར)བྱེད་(དོ་ཇི་ལྟ་བུ་ཞེ་ན་སྒྱུ་འཕྲུལ)ཆེན་པོ་(རྣམ་ པ)དུ་མ་སྤྲུལ་པའི་སྐུ(ཀུན་རྫོབ་པ)། །རྡོ་རྗེ་(མེ་ལྕེ)འབར་བ་འཕྲོ་བ(འི་ཁྲོ་བོ)རྣམས་ཀྱིས་འདོད་པའི་ ཁམས་ན་གནས་པ་(གདུག་པའི་ལྷ་དང་)ལྷ་མིན་དང་ནི་མི་རྣམས་(ཀྱི་དོན་མཛད་པ)དང་། །(དེ་བཞིན་ དུ)ལོངས་སྤྱོད་རྫོགས་པ(ཀུན་རྫོབ་པའི་སྐུ)ས་གཟུགས་ཅན་(ཞེས་པ་གཟུགས་ཁམས་ཀྱི་ལྷ)རྣམས་དང་ (ནམ)མཁའ་ལ་རྒྱལ་བའི་སྲས་(དག་པའི་སེམས་ལ་གནས་པ་རྣམས་དང་)སོགས་(པའི་སྒྲས་རང་རྒྱལ)དགྲ་ བཅོམ་རྣམས་ལ་(དོན་དམ)ཆོས་(ཀྱི)སྐུ་ཡིས(དོན་མཛད་དོ)། །(དོན་དམ་ཡེ་ཤེས་ཀྱི་སྐུ་ཁམས་ལྔའི་རྣམ་པར་ བསྟན་པ་ལས)སྟོང་པ(ནམ་མཁ)འི་ཆ་ཡིས་(ནི་རྣལ་འབྱོར་པ་དང་གྲུབ་པ་རྣམས་ལ)སྲིད་གསུམ་མཐའ་དག་ སྟོང་པའི་ཟད་པར་(དུ་སྟོན་ཅིང་དེ་བཞིན་དུ་)རླུང་(གི་ཆ)རྣམས་ཀྱིས་ནི་(སྲིད་གསུམ་མཐའ་དག)རླུང་གི་ ཟད་པར་(དུ་སྟོན)སྟེ། ༦༠། མེ་ཡི་ཆ་ཤས་རྣམས་ཀྱིས་(སྲིད་གསུམ་མཐའ་དག)མེ་ཡི་ཟད་པར་(དུ་སྟོན་ ལ)ཆུ(འི་ཟད་པར)ཡང་འགྲོ་(བ)ལ་(ཆུའི་རྣམ་པར)སྤྲོས་(ནས་སྟོན)པའི་(ཡེ་ཤེས་ཀྱི་སྐུའི)ཆུ་ཡི་ཆ་རྣམས་ ཀྱིས(སོ)། །འཛིན་མ(སྟེ་ས)འི་ཆ་ཤས་རྣམས་ཀྱིས་(སྲིད་གསུམ་མཐའ་དག)ས་ཡི་ཟད་པར་(དུ་སྟོན་ལ་ ཡེ་ཤེས་ཀྱི་སྐུའི)ཚོགས་པའི་ཡུལ་(གཟུགས་སོགས་གཞན)རྣམས་ཀྱིས་ནི་(ཕྱི་རོལ་ཀུན་རྫོབ་ཀྱི་གཟུགས་སོགས) དངོས་པོའི་རང་བཞིན་(མཐའ་ཡས་པ)ཀུན། (སྟོན་པར་བྱེད་དེ་རྣལ་འབྱོར་པས་གཟུགས་སོགས་གཞན་རྣམ་པ་ ཐམས་ཅད་པ་མངོན་སུམ་དུ་མཐོང་བའི་སྟོབས་ལས་ཆོས་ཅན་ཀུན་རྫོབ་ཀྱི་གཟུགས་སོགས་ཤིན་ཏུ་ལྐོག་ཏུ་གྱུར་པ་རྣམས་ཀྱང་ ཤེས་སོ་ཞེས་པའི་དོན་ཏོ)། (དེ་ལྟར་འདུས་མ་བྱས་ཤིང་རྒྱ་ཆེ་ལ་དྲི་མས་མ་གོས་པ)ཀུན་ནས་ནམ་མཁའ་དག་དང་ 1-1-304 མཚུངས་པ་(དོན་དམ་ཡེ་ཤེས་ཀྱི་སྐུ)གཅིག་གི་བདག་ཉིད་འདི་ནི་དག་པའི་ས་(སྟེ་རྣལ་འབྱོར་པའི་སེམས་ རྣམ་པར་དག་པ)ལ་སྟོན་པར་མཛད(དོ)། །དེ་ལྟར་སངས་རྒྱས་(ཡེ་ཤེས་ཀྱི)སྐུར་གྱུར་(ཞིང་རྡོ་རྗེའི་སྐུ) བདེ་བ་གཅིག་པུའི་རང་བཞིན་(ཡིན་པའི)ཕྱིར་ན་(སྐྱེ་བར་མི་འགྱུར་ཞིང་)འཆི་བར་ཡང་ནི་མི་འགྱུར་ རོ། ༦༡། ༈ (སྐ་ཅིག་གཅིག་གི་བྱང་ཆུབ་པ་ལྷན་སྐྱེས་བདེ་བའི་སྐུ)དེ་གཅིག་པུ་ལས་མཐའ་དག་རྒྱལ་བ་མཆོག་ འདི་རྣམས་ཀྱི་རྣམ་པ་ལྔ་ཡིས་མངོན་རྫོགས་བྱང་ཆུབ་(ཆོས་སྐུ)དང་། །རྣམ་པ་ཉི་ཤུའི་(བྱང་ཆུབ་ པའི)རང་བཞིན་(ལོངས་སྐུ)དང་ནི་སླར་ཡང་དེ་ནས་སྒྱུ་འཕྲུལ་(དྲ་བས་བྱང་ཆུབ་པ)དུ་མའི་རང་གི་ངོ་ བོ་(སྤྲུལ་སྐུ)འོ། །(འགྱུར་མེད་བདེ་བ)དེ་ཡི་སྐ་ཅིག་གཅིག་(པུ་སྟེ་ཁོ་ན)ནི་བདེ་མཉམ་འབྲས་བུ་སྟེར་ བར་འགྱུར་ཏེ་ལས་གཞན་གྱི་ནི་(ཞེས་པ་གཡོ་བ་དང་འཛག་པའི)རང་བཞིན་(གྱིས་ནི་བདེ་མཉམ་འབྲས་བུ་ སྟེར་བ)མིན(ལ)། །འདིར་ནི་འཕོ་མེད་ཐབས་གང་ཡིན་པའི་(བདེ་བའི)སྐ་ཅིག་མ་འདི་(ལས་དང་ཡེ་ ཤེས་ཀྱིས་ཕྱག་རྒྱ་ལ་སྙོམས་པར་ཞུགས་པས་མ་ཡིན་གྱི)ལྷན་(ཅིག)སྐྱེས་(པ་ཕྱག་རྒྱ་ཆེན་མོ)ཆོས་ཀྱི་དབྱིངས་སུ་ (རྣལ་འབྱོར་པའི་སེམས)རབ་(ཏུ)ཞུགས་པ(ལས་ཐོབ་པ)འོ། ༦༢། ༈ (དུས་ཀྱི་འཁོར་ལོ་ཤེས་པ་དང་ཤེས་བྱ་གཅིག་པའི་སྐུ་ཡིན་ལ་ཤེས་བྱ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ཚུལ་ནི) མཐའ་ཡས་སངས་རྒྱས་ཞིང་རྣམས་(ཀྱི་རྣམ་པ་པྲ་ཕབ་པ་ལྟ་བུ)དང་ནི་དཔག་མེད་ཡོན་ཏན་(སྟོབས་ སོགས་སམ་སྒྲ་སོགས)རྣམས་དང་ནམ་མཁའ་ལ་སོགས་ཁམས་(གཞན)རྣམས་དང་། །གནས་(པ) དང་སྐྱེ་(བ)དང་ཉམས་པ་རྣམ་གསུམ་(པྲ་ཕབ་པ་ལྟར་སྣང་བ)ཞེས་པའི་སྲིད་པ་(གཞན)དང་ནི་འགྲོ་ བ་དྲུག་གི་སེམས་ཅན་(གཞན)ཀུན(དང་)། །སངས་རྒྱས་(ལྔ་དང་)ཁྲོ་བོ་(བཅུ་དང་)ལྷ་(བཅུ་གཉིས་ དང་)སོགས་(ཀྱི་སྒྲས་ཀླུ་དང་རབ་གཏུམ་འབྱུང་སྐྱེས)རྣམས་དང་སྙིང་རྗེའི་ཐུགས་ལྡན་བྱང་ཆུབ་སེམས་ དཔའ་བཙུན་མོར་བཅས་རྣམས་(ལ་སོགས)ཏེ། །(ཡེ་ཤེས་ཀྱི་སྐུའི་རྣམ་པ)འདི་དག་རྣམས་ནི་(སྲིད་པ་ གསུམ་ལས་འདས་པས་ན)སྲིད་པ་གསུམ་གྱིས་ཕྱག་བྱས་(པ)རྒྱལ་བའི་(ལྷན་སྐྱེས)བདེ་(བ)འབྱུང་(བའི་ 1-1-305 གནས་དུ་མར་སྣང་ཡང་)གཅིག་པུའི་འཁོར་ལོ་གཅིག་ཡིན་ནོ། ༦༣། ༈ སྤུ་དང་ལྤགས་པ་ཤ་ཁྲག་རོ་དང་བཅས་པ་དག་དང་དེ་བཞིན་རུས་པ་དང་ནི་རྐང་དང་ རྩ། །དེ་དག་རྣམས་ལ་སྲོག་སོགས་རླུང་སྟེ་ཀུན་ནས་རླུང་གི་དབུས་སུ་ཉི་མ་ཟླ་བའི་བགྲོད་པ་ འོ། །ཟླ་བའི་དབུས་སུ་དྲི་མེད་ནོར་བུ་བཞིན་དུ་དངོས་པོ་ཀུན་གྱིས་འཁྱུད་པའི་རྣམ་པར་ཤེས་ པ་སྟེ། །དེ་ནི་དངོས་དང་དངོས་མེད་གཉིས་མེད་ཉིད་དང་མཆོག་གི་བདུད་རྩིའི་གོ་འཕང་ཁྱབ་ བྱེད་གཞོམ་མེད་དོ། ༦༤། ༈ སྤུ་ལ་སོགས་པ་ཟླ་བའི་མཐའ་ནི་མཐའ་དག་ལུས་ལ་གནས་རྣམས་༈གང་ཞིག་ས་ བཅུར་གསུངས་པ་རྣམས། །སྡེ་པ་དྲུག་དང་ལ་སོགས་གཞན་རྣམས་༈འདི་དག་དུས་ཀུན་ རྣལ་འབྱོར་རྣམས་ལ་བདེ་མཉམ་འབྲས་བུ་སྟེར། །དེ་ཕྱིར་བླ་མའི་ཞབས་ལ་གནས་པའི་རྣལ་ འབྱོར་པ་རྣམས་ཀྱིས་ནི་ཐར་པའི་སླད་དུ་བཙལ་བར་བྱ། །ལུས་ལས་མ་གཏོགས་གང་ཞིག་ ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་གཞན་ནི་འགའ་ཡང་ཡོད་པ་མིན། ༦༥། ༈ སེམས་ཅན་རྣམས་(ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བ་རང་བཞིན་གྱིས་རྣམ་པར་དག་པའི་སེམས)ནི་ (དོན་དམ་པའི)སངས་རྒྱས་(སྐུ་བཞིའི་བདག་ཉིད)ཡིན་ཏེ་སངས་རྒྱས་ཆེན་པོ་(སྟེ་མཐར་ཐུག་གི་སངས་རྒྱས) གཞན་(ཞིག་སངས་རྒྱས་ཚོལ་བའི་སྐབས)འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །(དེ་ལྟར་སངས་རྒྱས་ ཀྱི་སྙིང་པོ་ཅན་གྱི་སེམས་ཅན)དེ་རྣམས་མཉེས་པར་(ཏེ་དེ་རྣམས་ལ་ཕན་པའི་དོན)བྱས་པས་(རྣལ་འབྱོར་པའི་ དུས)དཔག་མེད་(དེ་ཐོག་མ་མེད་པ་ནས་བརྒྱུད་པའི)སྲིད་པ་གཅོད་པར་བྱེད་དེ་(དེ་ཡང་བདག་དང་སེམས་ཅན་ དུ)རྣམ་པར་མི་རྟོག་པ་ལས་(སེམས་ཅན་གྱི་དོན་བྱས་པས་)སོ། །(དེ་ལྟར་མ་ཡིན་པར)རྣལ་འབྱོར་པ་ནི་ (སེམས་ཅན་ལ)འཁུ་བ(སྟེ་མི་མཐུན་པར་གནོད་པ)ར་བྱེད་ན་ངུ་འབོད་ལ་སོགས་(རྡོ་རྗེ་མེ་ལྕེ)དམྱལ་བ་ ཆེན་པོ(བརྒྱད་པ)འི་མཐའ་རུ་འགྲོ་བར་འགྱུར། །དེ་ཕྱིར་(རྣལ་འབྱོར་པ་གཞན་ལ་ཕན་པའི)སེམས་ནི་ རྣམ་པར་དག་པས་མཁས་(པ)དང་མི་མཁས་(པའི)སྐྱེ་བོ་རྣམས་ལ་འགལ་བ(སྟེ་གནོད་པ)ར་མི་ 1-1-306 བྱ་འོ། ༦༦། ༈ (སྤྱིར་ཡང་དམ་པ་རྣམས་ནི)སེམས་ཅན་དག་དང་འགྲོགས་པ་(སྟེ་ཕྲད་པ)ཐོབ་ནས་མི་ཡི་ བདག་པོ་(ཞེས་པ་བོད་པ་སྟེ་རྣམ་འཚེ་སོགས་མི་མཐུན་ཕྱོགས་ཀྱི་དྲི་མས)དག་པའི་བྱམས་པ་(སྙིང་རྗེ)ལ་སོགས་ (པ་དགེ་བའི)སེམས་སུ་(འཕེལ་བར)འགྱུར(ཞིང་)། །(སྡིག་པ)མི་དགེའི་ཡོན་ཏན་དང་ལྡན་འཁོར་བ་ པ་(རྣམས)ནི་(གཞན་དང་འཕྲད་ཅིང་འགྲོགས་པ་ལས་འགྲོ་བ)དྲུག་པོ་རྣམས་ཀྱི་(རྒྱུ)ཞེ་སྡང་ཆགས་སོགས་ (ཀྱི)སེམས་སུ་(འཕེལ་བར)འགྱུར(རོ)། །(བྱང་ཆུབ་སེམས་དཔའ་རྣམས་ཀྱིས)དུས་ཀུན་ཏུ་ནི་(བསླབ་པར་བྱ་ བའི)བྱང་ཆུབ་སེམས་ཀྱང་(རྫོགས་པའི་བྱང་ཆུབ་ཀྱི་ལམ་དུ)འགྲོ་བ་འཇུག་པའི་སེམས་དང་ནི་(རྫོགས་ པའི་བྱང་ཆུབ་ཀྱི་ལམ་དུ)འགྲོ་བར་འདོད་པ་(སྨོན་པའི་སེམས་ཏེ་དེ་ལྟར)རྣམ་པ་གཉིས་སུ་འགྱུར། །(དེ་ལས་ བཟློག་པ)ཐར་པར་(རྫོགས་པའི་བྱང་ཆུབ་ཏུ)འཇུག་པ(འི་སེམས་ཀྱི)ས་དམན་ཞིང་(རྫོགས་པའི་བྱང་ཆུབ་ཐོབ་ པར)སྨོན་པ(འི་སེམས)་རྣམ་པར་སྤངས་པ་དག་ནི་ཐམས་ཅད་དུས་སུ་བདུད་ཀྱི་(ཕྱོགས་སུ་གྱུར་པའི) སེམས(ཡིན་ནོ)། ༦༧། ༈ (སྤྱིར་ཡང་)སྲིད་པ་གསུམ་གྱི་གནས་སུ་བདུད་རྣམས(ཀྱིས་སེམས་ཅན་ལ)ཞི་བ་(སྟེ་དགེ་བ) མིན་པ་(སྡིག་པའི་སེམས་བསྐྱེད་པ)དང་ནི་བྱང་ཆུང་སེམས་དཔའ་(སེམས་ཅན་ལ)་ཞི་བ་(སྟེ་དགེ་བའི་སེམས་ བསྐྱེད་པར)བྱེད(དོ)། །བདུད་ཀྱི་དབང་པོ་(ཉེ་ཚེ་བའི་རྫུ་འཕྲུལ་ཅུང་ཟད་དང་ལྡན་ཡང་རྣམ་པ་ཐམས་ཅད་པའི)རྫུ་ འཕྲུལ་གྱིས་དམན(ཞིང་སེམས་ཅན་ལ)མཆོག་ཏུ་འཇིགས་(པ་འཁོར་བའི་སྡུག་བསྔལ་སྐྱེད་པར)བྱེད་(པ)་ ཡིན་ཏེ་སྟོན་པ་(སངས་རྒྱས)གཅིག་པུ་(ནི་རྣམས་པ་ཐམས་ཅད་པའི)རྫུ་འཕྲུལ་(དང་)ལྡན(ཞིང་མཆོག་ཏུ་ཕན་ པ་དང་བདེ་བར་མཛད་དོ)། །བདུད་རྣམས་ཀྱི་(བྱིན་བརླབས་ལས)ནི་བདུད་ཀྱི་བློ་(སྟེ་མི་དགེ་བའི་བློ)དང་ སྐྱོབ་པ་(སངས་རྒྱས་བྱང་སེམས)རྣམས་ཀྱི་(བྱིན་བརླབས་ལ་ནི)བདེ་བའི་(རྒྱུ་དགེ་བའི)བློ་གྲོས་(སེམས་ཅན) གཞན་གྱི་སྙིང་ལ་འཇུག(པ་སྟེ་སྐྱེད་པར་མཛད་དོ)། །དེ་ཕྱིར་སངས་རྒྱས་མཐུ་རྣམས་ཀྱིས་ནི་(བདུད་ ལས་གཞོལ་པའི་དོན་དུ)སྲིད་པ་གསུམ་པོ་མཐའ་དག་(ཇི་སྲིད་གནས་པའི་བར)མཐའ་ཡས་(པའི)དུས་སུ་ 1-1-307 (ཕྲིན་ལས)འཇུག་པར་འགྱུར(རོ)། ༦༨། ༈ རྒྱལ་བ་རྣམས་ཀྱིས་འཇིག་རྟེན་ཁམས་ལ་(དཔག་ཚད་འབུམ་ཕྲག་བཞི་སོགས)ཚད་གསུངས་ (པ)གང་ཡིན་དེ་ཡང་མི་རྣམས་ཀྱི་ནི་(རྟོན་པར་བྱ་བའི)ཡེ་ཤེས་(ཀྱི་སྣང་བ)མིན(གྱི་སེམས་ཅན་གྱི་བསམ་ པའི་དབང་གིས་གསུངས་པ་རྣམ་ཤེས་ཀྱི་སྣང་བ་ཙམ་མོ)། །སངས་རྒྱས་རྣམས་ལ་(དོན་དམ་པའི་སྐུ་ནི)ལྷན་(ཅིག) སྐྱེས་(པའི)ལུས་ཀྱི་(སྐུ་ཟེར་བ་ལེགས)དབང་གིས་(རྒྱལ་བའི་སྐུ་ལ་དོན་དམ་པར)ཁྲུ་ནི་གཅིག་དང་དུ་མ་ དག་གི་ཚད་(གཞལ་དུ)མེད་དེ། །(འོན་ཀྱང་གླིང་བདུན་པ)ལས་ཀྱི་སར་ནི་(གདུལ་བྱའི)སྲོག་ཆགས་ རྣམས་ལ་སེམས་ཅན་(སོ་སོའི་སེམས་ཀྱི་སྣང་བ་དང་)རྗེས་(སུ)མཐུན་(པའི་འཇིག་རྟེན་ཁམས་དང་སངས་རྒྱས་ གཟུགས་སྐུའི)ཚད་དག་(ཀུན་རྫོབ་ཙམ་དུ)རྟག་ཏུ་རབ་ཏུ་གསལ་བར་མཛད(དོ)། །གལ་ཏེ་(འཇིག་རྟེན་ ཁམས་ཀྱི)ཚད་འདི་(སངས་རྒྱས)བདག་གི་འདོད་པ་(སྟེ་ཡང་དག་པ་ཇི་ལྟ་བར་མ་གྲུབ་པོ་ཞེས)བརྗོད་ན་(ཕྱི་ རོལ་གྱི་དོན་ལ་ཞེན་པའི)ལྷ་རྣམས་ཀྱིས་(སངས་རྒྱས)འདི་མེད་པ་(སྟེ་ཆད་པར་སྨྲ་བ)པ་(ཡིན་ནོ)ཞེས་(སེམས་ ཤིང་)བརྗོད་པར་འགྱུར(བས་དེ་བཟློག་པའི་དོན་དུ་ཚད་བསྟན་ཏོ)། ༦༩། ༈ (ལམ་དུས་ཀྱི་མི་འཕོ་བའི་བདེ་བའི་སྐ་ཅིག་འཕེལ་བ)གང་གིས་རྒྱལ་བའི་དབང་པོ་སྐྱིད་ཅིང་ཉིན་ ཞག་སོ་སོའི་(དུས་སུ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིམ་པ་ལྟར་འགོག་པའི)དབང་ལས་(མངོན་པར་རྫོགས་པར་ བྱང་ཆུབ་པ)གང་གིས་(འཁོར་བར)མངལ་(དུ་འཇུག་པ)ནས་ངེས་པར་འབྱུང་། (བར་བྱེད་པ་མི་འཕོ་བའི་བདེ་ བའི)། སྐ་ཅིག་གང་གིས་(ཐིག་ལེ)འགྱུར་བ་དག་དང་རྣམ་པར་བྲལ་བ་གྲུབ་ཅིང་(རླུང་སེམས)གཡོ་ བ་(རྣམས)གཡོ་བ་མེད་(ཅིང་འགགས་པར)གྱུར་པ(འི་མན་ངག)། །སངས་རྒྱས་(ཐོབ་པའི)བྱ་བ་(ཡན་ལག་ དྲུག་གི་རྣལ་འབྱོར)དེ་སྤངས་ནས་ནི་བདེ་མཉམ་(འོད་གསལ་སྟོང་ཉིད)དང་བྲལ་(བའི)སྟོང་པ་གཞན་ (ཆད་པའི་སྟོང་པ་སྣང་བ་མེད་པ)དག་(གང་ཟག)གང་ཞིག་སྒོམ་བྱེད་པ། །དེ་ཡི་བསྐལ་པ་བྱེ་བ་དུ་མ་ རྣམས་ཀྱི་སངས་རྒྱས་ཉིད་དང་བདེ་བ་དག་ཀྱང་(ཤིན་ཏུ)རིང་(སྟེ་དེ་དག་ཐོབ་པའི་ཐབས་མ་ཡིན་པ་བསྒོམ་ པའི་ཕྱིར)། ༧༠། 1-1-308 ༈ (དེའི་ཚུལ་རྒྱས་པར་སྟོན་པ)ནིམ་པའི་ཤིང་ལས་རྒུན་འབྲུམ་(འབྱུང་བ)མིན་ཏེ་དུག་ལས་ བདུད་རྩི་དང་ནི་ཚངས་པའི་ཤིང་(སྟེ་རྒྱ་སྐྱེགས་ཀྱི་ཤིང་)ལས་འདམ་སྐྱེས་(པད་མ)དང་། །(ཆོས་རྣམས་ རྣམ་པར་དཔྱད་ན་ཅིར་ཡང་མ་གྲུབ་ཙམ་གྱི་ཆད་པའི)སྟོང་པ་(སྣང་མེད་བསྒོམ་པ)ལས་ནི་(རབ་ཏུ་མི་གནས་པའི)མྱང་ འདས་བདེ་བ་མི་དགེའི་དབང་ལས་བདེ་བ་(དང་)སྲོག་ཆགས་གསོད་ལས་གྲུབ་པ་རྣམས(དང་)། །(ཕྱུགས་བསད་པའི)མཆོད་སྦྱིན་དག་ལས་ཕྱུགས་རྣམས་མཐོ་རིས་(སུ་འགྲོ་བ)དང་ནི་དབང་པོ་ འགོག་(པ་མི་བསམ་པ་ཙམ་གྱི་བསྒོམ་པ)ལས་མཆོག་ཏུ་ཞི་བ(ཐར་པ་ཆེན་པོ)འི་གོ་འཕང་(འབྱུང་བ)མིན། ། (མུ་སྟེགས་ཀྱི)རིག་བྱེད་(གོམས་པ)ལས་ནི་ཀུན་མཁྱེན་(གྱི)གསུང་(སྒྲ་སྐད་ཐམས་ཅད་ཀྱི་རྣམ་པ་ཅན)དང་ འགྱུར་མེད་བདེ་བ་(ཐིག་ལེ)གཡོ་མེད་(ནི)འགྱུར་བ(འི་བདེ་བ)མ་དག་(པའི་བག་ཆགས་ཀྱི)སེམས་ ལས་(འབྱུང་བ)མིན(ནོ)། ༧༡། ༈ སེམས་ཅན་རྣམས་ཀྱི་སྡིག་པའི་སེམས་ནི་བདུད་ཀྱི་ཚོགས་ཀྱིས་བྱིན་གྱིས་བརླབས་ པར་འགྱུར་རོ་མི་ཡི་བདག(ཅེས་པ་བོད་པ་སྟེ)། །བསོད་ནམས་(དང་)ཡེ་ཤེས་(ཀྱི་ཚོགས་ལ)རྗེས་ ཆགས་(ཏེ་དོན་དུ་གཉེར་བ་ལ་ཐར་པའི)བདེ་སྟེར་དག་ཀྱང་རྟག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ ཀྱིས་བྱིན་བརླབས་པའོ། །གང་ཕྱིར་(འགྱུར་མེད)བདེ་བའི་དམ་ཚིག་(ཐིག་ལེ་བཞི་བསྟེན་པའི)དབང་ གིས་བདུད་དང་ཉོན་མོངས་བཅོམ་ནས་མྱ་ངན་འདས་པར་འགྲོ་བྱེད་པ། །དེ་ཕྱིར་བདུད་ རྣམས་ཉི་མ་སོ་སོའི་དུས་སུ་(དམ་ཚིག་བསྟེན་པ)དེ་དག་རྣམས་ལ་(རྣམ་པ)དུ་མ་ཡི་ནི་བགེགས་ རྣམས་བྱེད(པས་དེ་ཤེས་ནས་སྤང་ཞེས་པའོ)། ༧༢། ༈ རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་(རྗེས་དྲན་གྱི་སྐབས་སུ) ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །(འཕེལ་བ)དེ་ནས་(བདེ་བ་ཆེན་པོའི་སྐ་ཅིག་མ་རིམ་གྱིས་འཕེལ་ནས་ཏིང་ ངེ་འཛིན་མཐར་ཕྱིན་པ་ན་ཤེས་རབ་རྡོ་རྗེ)ཉི་མའི་(སྟོང་པ་ཉིད་ཀྱི)གཟུགས་ནི་(ཀུན་ནས)ལུས་དང་(ཀུན་ནས) གདོང་དང་(ཀུན་ནས)རྐང་པ་(ཀུན་ནས)གཙུག་ཏོར་(ཀུན་ནས)ཡན་ལག་ཐམས་ཅད་རྫོགས་པ་སྟེ། 315། གློག་གི་དབྱུག་པའི་རྗེས་(སུ)མཐུན་(པར་འོད་གསལ་བ)འཕོ་མེད་བདེ་བ་སྐྱེད་པར་བྱེད་མ་(ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་མའི)མཚན་ཉིད་(དང་ཆོས་ཀྱི་སྐུའི)ཡན་ལག་རབ་ཏུ་རྫོགས། །(སྐུའི་རྡོ་རྗེ་ལ་སོགས) རྡོ་རྗེ་རྣམས་ཀྱིས་(འོད་ཟེར་གྱི་སྲིད་གསུམ་གཞན་མ་ལུས་པ)རབ་ཏུ་སྣང་བར་བྱེད་མ་(བརྟན་པ་དང་གཡོ་བ) སྲིད་གསུམ་(ལ་ཁྱབ་པར)གནས་(པའི)ལུས་(ཏེ་སྐུ)ཆོས་ཀྱི་(དབྱིངས་བདེ་བ་ཆེན་པོའི་རང་བཞིན)ནི་དེ་ནས་ (ཡོངས་སུ་རྫོགས་པར་ཐོབ་པར)འགྱུར། ༧༣། ༈ འགྱུར་བ་མེད་པའི་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་(སཾ་པུ་ཊིར། གཏི་མུག་དམ་ཚིག་ཕྱག་ རྒྱ་སྟེ། །ཞེ་སྡང་རྟག་ཏུ་ཕྱག་རྒྱ་ཆེ། །ཕྲག་དོག་ལས་ཀྱི་ཕྱག་རྒྱ་སྟེ། །འདོད་ཆགས་ཆོས་ཀྱི་ཕྱག་རྒྱའོ། །ཞེས་དང་། རྣམ་སྣང་ མངོན་བྱང་དུ་ཡང་། ལས་ཀྱི་ཕྱག་རྒྱ་མཉམ་བསྟེན་པ། །ཆོས་ཀྱི་ཕྱག་རྒྱ་རྣམ་བསྒོམ་བྱ། །དེ་ལས་གོང་དུ་ཕྱག་རྒྱ་ཆེ། །དེའི་དམ་ ཚིག་འབྱུང་བར་འགྱུར། །ཞེས་འབྱུང་བ་འམ་སྒྲུབ་ལེའི་ཚིགས་བཅད་ཉིས་བརྒྱ་བདུན་པར་གསུངས་པ)འདི་རྣམས་(བསྒོམ་ སྟེ་གནས་གང་དུ་ན)གྲོང་དང་འབྲོག་དགོན་(དང་)དུར་ཁྲོད་དང་། །མི་གཙང་བ་དང་གཙང་བའི་ གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་(ལ་སོགས་གནས)ཐམས་ཅད་དུ་ནི་(སྒོམ་མོ། །དུས་ཇི་སྲིད་དུ་ན)དུས་ ཀུན་ཏུ(འོ)། །(གང་ཟག་གང་གིས་ན་རླུང་སེམས་བཅིངས་པས)ཤིན་ཏུ་དགའ་བའི་དགའ་བ་ལ་གནས་(ཤིང་)འཇིག་རྟེན་(གྱི་སྤྱོད)ལམ་(སྟེ་ཀུན་སྤྱོད)ལས་རབ་(ཏུ)གྲོལ་(ནས)རིགས་དང་རིགས་མིན་(གང་ལ་ ཡང་)མངོན་(པར)སྤྱོད་ཅིང་། །ལུས་(ལ)སྟོབས་(དང་)བདེ་(བ)སྟེར་(བར་བྱེད་པའི)བཟའ་བ་བཏུང་ བ་ལ་སོགས་ལོངས་སྤྱོད་དང་ལྡན་རྣལ་འབྱོར་(པ)རྣམས་ཀྱིས་བསྒོམ་པར་བྱ(འོ)། ༧༤། ༈ རླུང་ནི་ཡང་དག་ཕྲད་པ་རྣམས་ཀྱིས་གློག་གི་མེ་ཡི་རྩེ་མོས་སྤྱི་བོའི་ཟླ་བ་ཞུ་བར་བྱེད། ། ཐིག་ལེ་གང་གང་ཞུ་བ་འདི་ནས་མགྲིན་པ་སྙིང་ཁ་ལ་སོན་ལྟེ་བ་གསང་བ་རྣམས་ལ་འགོག། ཐིག་ལེ་ལས་ནི་གཡོ་བའི་ཞུ་བ་རྡོ་རྗེ་ནོར་བུ་ལ་གནས་རྒྱལ་མཚན་རྩེ་ལ་འགོག་པ་གང་། །དེ་ ནི་ཤེས་རབ་ཡེ་ཤེས་སྐད་ཅིག་གལ་ཏེ་ཐིག་ལེ་ཕྲེང་བ་འཕོ་བ་མེད་པས་བདེ་སྟེར་ནའོ། ༧༥། ༈ དེ་ཕྱིར་གཡོ་མེད་བདེ་བའི་སྐད་ཅིག་ལྷན་ཅིག་སྐྱེས་པ་འདིར་ནི་ཆོས་ཀྱི་དབྱིངས་ 1-1-309 ཀྱིས་སྟེར་བྱེད་དེ། །རོ་ཡི་འགྲོ་བ་རྣམས་ལ་གནས་པའི་སྲོག་ཆགས་ཐམས་ཅད་བཀུག་ཅིང་ ཉོན་མོངས་བདུད་རྣམས་བཅོམ་བྱས་ནས། །རྫུ་འཕྲུལ་ཀུན་མཁྱེན་ས་དང་སྲིད་གསུམ་བླ་མ་ ཉིད་ནི་རྣལ་འབྱོར་རྣམས་ཀྱི་སྐྱེ་བ་འདི་ལ་སྟེ། །གལ་ཏེ་ལམ་དུ་རབ་ཞུགས་ཤི་བར་གྱུར་ན་དེ་ ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་ལ་འོ། ༧༦། ༈ གང་ཞིག་ཡོན་ཏན་མེད་ཅིང་དངོས་ཆུང་ཡུལ་དང་རྣམ་བྲལ་དེ་ནི་སྐུ་ཡི་ཕྱག་རྒྱ་རྣམ་ པ་གཉིས། །དེ་ནས་ཆགས་པ་རྗེས་ཆགས་དང་ནི་ཡོན་ཏན་གཏེར་གཞན་དག་ཀྱང་གསུང་ གི་རང་བཞིན་རྣམ་པ་གཉིས། །ནག་དང་དཀར་ལ་རྗེས་ཆགས་ཡུལ་དང་ཡོན་ཏན་ལ་དགའ་ ཐུགས་ཀྱི་ཕྱག་རྒྱ་རྣམ་པ་གཉིས་སུ་འགྱུར། །བརྒྱད་དང་གཉིས་དང་ལྔ་དང་ལྔ་དང་གསལ་ བར་མཁའ་དུས་དང་ནི་སྟོང་པ་རིག་བྱེད་དག་གིས་ལོ། ༧༧། ༈ རིན་ཆེན་དབང་པོ་མི་འབྱུང་བར་དུ་རྒྱལ་བ་མཆོག་སྐྱེད་མ་ནི་རྣལ་འབྱོར་པ་ཡིས་ བསྲུང་བར་བྱ། །རིན་ཆེན་དབང་པོ་རབ་ཏུ་འབྱུང་བའི་དུས་སུ་མཐའ་དག་ཡོན་ཏན་གཏེར་གྱི་ དཀྱིལ་འཁོར་བཞེངས་བྱས་ནས། །སངས་རྒྱས་བྱིན་བརླབས་སྔགས་རྣམས་ཀྱིས་ནི་གསང་ བའི་པད་མར་བདེ་མཉམ་སྔགས་དང་བཅས་པ་སྤྲོ་བྱས་ཏེ། །གསང་བར་བསྲུང་བ་རབ་ཏུ་ བྱས་ནས་རྡོ་རྗེ་ནོར་བུ་ལ་གནས་བྱང་ཆུབ་སེམས་ནི་མྱང་བར་བྱ། ༧༨། ༈ དེ་ལ་གང་ཞིག་བུ་རུ་གྱུར་པ་རྒྱལ་བ་སྐྱེད་བྱེད་སྲས་པོ་དེ་ནི་འཇམ་པའི་རྡོ་རྗེ་ཉིད། ། ཤེས་རབ་ལྷག་པ་ལས་ནི་འགའ་ཞིག་ཚེ་ན་བུ་མོར་འགྱུར་ཏེ་ངེས་པར་སངས་རྒྱས་ཡུམ་དུ་ འགྱུར། །དེ་ནས་གཞན་མ་མེ་ཏོག་གསུམ་གྱིས་པད་མ་དཀར་འཛིན་ཛམ་བྷ་ལ་དང་ཕྱག་ན་ རྡོ་རྗེ་སྟེ། །མེ་ཏོག་བརྒྱད་ཀྱིས་གཞན་བརྒྱད་ཕྱོགས་དང་ཕྱོགས་བྲལ་དུ་གནས་རྫུ་འཕྲུལ་ཆེ་ ལྡན་ཁྲོ་བོའི་རྒྱལ་པོ་རྣམས། ༧༩། ༈ ཟླ་བ་དེ་ལ་རྡུལ་གང་རབ་ཏུ་བྱུང་བ་དེ་ནི་སླར་ཡང་འཇམ་དབྱངས་རབ་ཏུ་སྐྱེད་པ་ 1-1-310 སྟེ། །༈ ལོ་ནི་ཉི་ཤུ་དག་གི་བར་དུ་སོ་སོའི་རྡུལ་ལ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་ པོ་སྟེ། །དེ་ནས་སྟོང་པ་དང་ནི་རིག་བྱེད་བར་དུ་ཅུང་ཟད་སྙིང་སྟོབས་ཆ་ཤས་དམན་པར་རབ་ ཏུ་འགྱུར། །སླར་ཡང་ལོ་ནི་ཉི་ཤུའི་བར་དུ་དེ་བས་ཀྱང་ནི་སྙིང་སྟོབས་ཆུང་ཞིང་བརྩོན་འགྲུས་ ཆུང་བ་འོ། ༨༠། ༈ དེ་ནས་སྐྱེ་གནས་ལ་ནི་རྡུལ་མེད་ཡུལ་ནི་རབ་བཅོམ་དེ་ཉམས་པ་ལས་དབང་བསྐུར་ མ་ཡིན་ནོ། །འོན་ཀྱང་ས་བོན་ཉམས་པ་ལ་ནི་ཤེས་རབ་དབང་བསྐུར་རྒྱལ་བའི་བདག་པོའི་ གསུང་གིས་སྦྱིན་པར་བྱ། །༈ དེ་དག་རྣམས་ཀྱི་ས་ཆུ་མེ་རླུང་ནམ་མཁའི་ཡོན་ཏན་རྒྱལ་བའི་ ཡན་ལག་དོན་དུ་བཙལ་བར་བྱ། །བྱང་ཆུབ་སེམས་ཀྱི་བསྙེན་པ་འདི་ནི་སེམས་ཅན་དོན་གྱི་ བྱེད་པ་མོ་སྟེ་འབྲས་བུ་མང་པོར་འགྱུར། ༨༡། ༈ གང་ཞིག་ཁྲག་ནི་འཐུང་བྱེད་རབ་མཆོག་ལྷ་མི་རྣམས་ཀྱི་ཤ་སྦྲང་དེ་ནི་བདུད་རྩི་ གཅིག་པུ་སྟེ། །སྐྱུགས་པ་སྙིང་ཁ་གསང་བའི་ཁ་ནས་རྡོ་རྗེ་ནོར་བུ་ལ་གནས་ཆུ་སྐྱེས་ནང་དུ་ རབ་ཞུགས་མིན། །བཤང་བ་གཅི་བ་ཁྲག་དང་ཤ་ནི་མཆོག་ཏུ་རོ་མཉམ་སྐྱུགས་པའི་ནང་དུ་ རབ་ཏུ་ཞུགས་པ་སྟེ། །འདི་དག་རྣམས་ནི་ཡེ་ཤེས་བདུད་རྩི་སྲིད་པ་གསུམ་གྱི་བླ་མ་ཡིས་ཀྱང་ རྒྱུད་རྣམས་ཀུན་ཏུ་བསྟན། ༨༢། ༈ ཤེས་རབ་ཆོས་འབྱུང་ལ་ནི་གང་ཞིག་ལྷུང་བའི་བདེ་བ་དག་ཀྱང་རབ་ཏུ་འབད་པས་ བསྲུང་བར་བྱ། །དེ་ཡི་སེམས་ཅན་གང་དག་སུ་ཞིག་བྱུང་བ་དེ་ནི་རྒྱལ་བའི་རིགས་ལ་བྱང་ ཆུབ་སེམས་དཔའ་ཉིད། །དེ་ཕྱིར་དེ་ནི་ཉིན་ཞག་སོ་སོའི་དུས་སུ་བདུད་ཀྱི་ཕོ་ཉ་སྲིན་པོ་ རྣམས་ཀྱིས་ཟ་རུ་འཇུག །ཤེས་རབ་མེ་ཏོག་དང་ལྡན་ཟོས་པ་ཞི་བ་བདེ་བའི་འབྲས་བུ་སྟེར་བ་ སྟོན་དུ་འཇུག་པར་བྱེད། ༨༣། ༈ མཆོག་གི་བདེ་བ་ལ་ནས་རྡོ་རྗེ་མ་འཁུམས་ཉིད་ཀྱི་བར་དུ་ཆུ་སྐྱེས་ལས་ནི་དབྱུང་མི་ 1-1-311 བྱ། །གང་ཚེ་འདོད་པ་གྲུབ་པ་དེ་ཡི་ཚེ་ན་འདི་ནི་སངས་རྒྱས་བྱིན་གྱིས་བརླབས་པར་རབ་ཏུ་ འགྱུར། །རྡོ་རྗེ་ཆུ་སྐྱེས་དག་ནས་གཞུག་བྱ་རང་གི་རྡོ་རྗེའི་སྙིང་ཁར་ཡེ་ཤེས་འཁོར་ལོ་རབ་ བཅུག་སྟེ། །འདི་ཡི་འོད་ཟེར་རྣམས་ཀྱིས་གཉི་གའི་ལུས་ནི་གང་བར་བྱས་ནས་རྣམས་པ་ ཐམས་ཅད་པ་ཉིད་བྱེད། ༨༤། གལ་ཏེ་འདི་ནི་གྲུབ་པར་མ་གྱུར་རྡོ་རྗེ་ནོར་བུ་ལ་ནི་ཡང་དག་ གནས་པ་བཟའ་བར་བྱ། །ཤེས་རབ་ཀྱི་ནི་ཆོས་འབྱུང་གནས་ལ་མཐའ་དག་རྒྱལ་བའི་རིགས་ ནི་བསྲུང་བའི་དོན་དུ་དགོད་པར་བྱ། །ཤེས་རབ་ལྡན་པ་ལ་འོ་དེ་ནས་གཅིག་པུ་ལ་སྟེ་སླར་ ཡང་གསུང་ནི་རབ་གསུངས་སངས་རྒྱས་སྐུ། །གང་སུ་འདི་ནི་ཉམས་ལ་མངོན་པར་དགའ་ བྱེད་གཡོན་ཅན་དེ་ནི་རྡོ་རྗེ་ཅན་གྱིས་གསོད་པར་བྱེད། ༨༥། ༈ སྲིད་པ་གསུམ་གྱི་བདག་པོས་དྲག་པོའི་ལས་ཀྱི་རང་བཞིན་དུ་མའི་སྔགས་རྣམས་ རབ་ཏུ་གསུངས་པ་གང་། །དེ་རྣམས་ཐམས་ཅད་བདུད་ཀྱི་ཕྱོགས་ཉམས་འཇིགས་པ་སྐྱེད་ བྱེད་ཡིན་གྱི་སྲོག་ཆགས་རྣམས་ལ་ནམ་ཡང་མིན། །གང་ཞིག་དྲན་པ་རྣམས་དང་བྱེད་པོ་ གཡུལ་གྱི་ཡུལ་ལ་དགའ་ཞིང་གསོད་བྱེད་གཞན་ཡང་མུ་སྟེགས་པ། །དེ་རྣམས་ལ་ནི་མཆོག་ གི་རྒྱལ་སྲས་རྣམས་ཀྱིས་སྲོག་ཆགས་བསྲུང་བའི་དོན་དུ་དེ་རྣམས་སྦྱར་བར་བྱ། ༨༦། ༈ སྔོན་དུ་རྡོ་རྗེ་མཁའ་འགྲོ་རྣམས་ལ་ཕྱུགས་ཀྱི་སྐྱེ་བོ་བསད་ཕྱིར་མཁས་པས་གསོལ་བ་ གདབ་མི་བྱ། །སེམས་ཅན་རྣམས་ནི་བསྲུང་བའི་དོན་དུ་སྲིད་པ་གསུམ་གྱི་བླ་མས་འཇིག་རྟེན་ ཁམས་སུ་སྤྲོས་པ་སྟེ། །དེ་ཕྱིར་དེ་རྣམས་ཉིན་ཞག་སོ་སོའི་དུས་སུ་བསྲུང་བར་བྱེད་ཅིང་སྒྲུབ་ པ་པོ་ལ་སྡང་བར་བྱེད། །བསྒྲུབ་བྱ་དག་ནི་ལས་ཀྱི་མཐུ་ཡིས་ཤི་བར་གྱུར་ན་འདི་ནི་སྒྲུབ་པ་ པོ་ཡི་བདུད་ཡིན་ནོ། ༨༧། ༈ སྐྱེས་བུ་རྣམས་ཀྱི་སེམས་ནི་ཀུན་ནས་མི་དགེའི་འབྲས་བུའི་དབང་གིས་ཕྲན་ཚེགས་ རིག་པ་ལ་རྗེས་ཆགས། །རིག་པ་འདི་ཡིས་སྲིད་པ་གསུམ་པོ་མཐའ་དག་སྐ་ཅིག་གིས་ནི་ 1-1-312 བདག་གི་དབང་དུ་བྱེད་པ་འོ། །ཞེས་པའི་བསམ་པ་བརྐམ་ཆགས་སེམས་ཀྱིས་སྦྱིན་དང་ཡེ་ ཤེས་རྣམ་པར་སྤངས་ནས་དམྱལ་བར་རབ་ཏུ་འཇུག །ཕྱིས་ནི་རྫས་དང་རང་གི་ཆུང་མ་གཞན་ གྱི་དབང་གྱུར་ཀྱེ་མ་ངན་པའི་ཆོས་ལ་རབ་ཏུ་འཇུག༨༨། ༈ ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆོས་ཀྱི་སྐུར་ གྱུར་པ། །ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཡེ་ཤེས་དང་ནི་རྣམ་ཤེས་ དབྱེ་བ་ལས། །འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ ནི་བྱེད་པ་པོ། །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སླར་ཡང་འདི་ནི་སངས་རྒྱས་རྣམས་ཀྱི་ སྤྲུལ་པའི་སྐུ་རུ་འགྱུར། ༨༩། ༈ རྡོ་རྗེ་སེམས་དཔའ་གཅིག་པུ་འདི་ནི་དུས་མཐའི་སྤྲིན་དང་མཚུངས་པ་ཧེ་རུ་ཀར་ ནི་བྱུང་བར་གྱུར། །གདུག་པ་རྣམས་ནི་སྨིན་པའི་དོན་ཏེ་དེ་ཡང་དམ་ཚིག་རྒྱལ་བ་རྨོངས་ པ་རྣམས་ནི་བདེ་བའི་དོན། །རིན་ཆེན་དབང་པོ་སྡུག་བསྔལ་ལྡན་པ་རྣམས་ཀྱི་དེ་ཡང་པད་ འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་སླད། །བགེགས་རྣམས་དག་ནི་གཞོམ་པའི་དོན་དུ་ ཕྱག་གི་པད་མ་རལ་གྲི་དོན་ཡོད་གྲུབ་པར་བྱུང་བར་གྱུར། ༩༠། ༈ ཞེ་སྡང་ལས་ནི་སྣ་ཚོགས་ཡུམ་གང་དུས་མཐའི་རྩེ་མོ་ཅན་མཚུངས་དེ་ནི་མཁའ་འགྲོ་ མར་བྱུང་གྱུར། །གཏི་མུག་དག་ལས་སྤྱན་མ་ཞེས་བྱ་མཆོག་གི་སྙིང་རྗེ་མཱ་མ་ཀཱི་ནི་ང་རྒྱལ་ རྒྱུ་ལས་སོ། །ཆགས་ལས་དེ་ནི་གོས་དཀར་ཞེས་བྱ་མཐའ་དག་ཡོན་ཏན་གཏེར་ཏེ་སྒྲོལ་མ་ ཡང་ནི་ཕྲག་དོག་ལས། །༈ སྣ་ཚོགས་གཟུགས་ཅན་གཉིས་པོ་འདི་དག་ཡུལ་དང་ཡུལ་ཅན་ གཞན་རྣམས་ཐམས་ཅད་དུ་ཡང་བྱུང་བར་གྱུར། ༩༡། ༈ ཕུང་པོ་ལྔ་ཡི་རང་བཞིན་རྣམས་ཀྱིས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་པ་ བརྩེ་བ་ཡིས། །ངེས་པ་རྣམ་པར་མ་བསྒྲུབས་བསོད་ནམས་བསགས་པ་མིན་པའི་སེམས་ 1-1-313 ཅན་རྣམས་ནི་སྨིན་པའི་དོན་དུ་སྟེ། །གཙང་མའི་གནས་ལ་སོགས་པར་བཅོམ་ལྡན་གང་ཞིག་ རྣམ་པར་བཞུགས་པ་ཉན་ཐོས་རྣམས་(ཀྱི་དཀྱིལ་འཁོར)ཀྱི་སླད་དུ་འོ། །གང་ཞིག་ཨེ་ཝཾ་ཡི་གེ་ལ་ གནས་མཆོག་གི་ངེས་པ་ཅན་རྣམས་མཆོག་ལ་དགོད་པའི་དོན་དུ་འོ། ༩༢། ༈ སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བ་རྣམས་ ཀྱིས་དུས་ཀུན་ཏུ། །ངེས་པར་རྡོ་རྗེ་ཅན་(དུས་འཁོར་བདེ་ཆེན)གྱི་བཞུགས་པ(འི་ཚུལ)རྣམ་(པ) གསུམ་(སྟེ)ཕྱི་(འཇིག་རྟེན)དང་ནང་(ལུས)དང་གཞན་(ཆོས་ཉིད་འོད་གསལ)དུ་ཡང་ནི་རབ་ཏུ་(བཞུགས་ པར)འགྱུར(རོ)། །(དེ་ཉིད་བཤད་པ)ཕྱི་རོལ་(དུ་སྐུའི་བཞུགས་པ་ནི་འཇིག་རྟེན)སྣ་ཚོགས་(པའི)ཕྱོགས་ (རྣམས)ལ་(གཟུགས་ཀྱི་སྐུ་སྣ་ཚོགས་ཀྱི་རྣམ་པས་བཞུགས་པར)འགྱུར་ཏེ་(ནང་)མཆོག་གི་ལུས་(ཀྱི་རྩ་རྣམས)ལ་ སྲོག་གི་རླུང་ནི་རབ་ཏུ་རྒྱུ་བ་ལ་(གསུང་རྡོ་རྗེ་སྲོག་གི་ལྷག་པའི་ལྷའི་ཚུལ་གྱིས་བཞུགས་པ)འོ། །(གཞན་ཡང་) ཁྱབ་བདག་(རྡོ་རྗེ་ཅན)གི་(བཞུགས་པ)ནི་(ལུས་ལ)ས་སོགས་དཀྱིལ་འཁོར་(དྲུག་གི་བདག་ཉིད་འཁོར་ལོ་ དྲུག་གི་ལྟེ་བ)དག་ལ་(གཏུམ་མོའི་མེས་སྤྱི་བོའི་བྱང་སེམས་ཐིག་ལེ་ཞུ་བའི་རྒྱུན་འབབ་པའི་ཚུལ་གྱིས)རབ་གྱུར་(པ) གང་(ཡིན་པ)དེ་(ཐུགས་རྡོ་རྗེ)རྡོ་རྗེ་བཙུན་མོའི་བྷ་ག་ལ(བཞུགས་པའོ)། ༩༣། (རྡོ་རྗེ་ཅན་གྱི་གཞན་དུ་བཞུགས་ པ)གང་ཞིག་(གཞོམ་མེད་ཀྱི)སྒྲ་ལ་སོགས་(པ་ཡུལ་གཞན)ལ་རང་སེམས་(ཏེ་ཡུལ་ཅན་ཐུགས་རྡོ་རྗེ་དབྱེར་མེད་ པར)འགྲོ་(བ་འམ་འཇུག་པ)སྟེ་ཡུལ་མེད་(ཡུལ་ཆོས་ཉིད་འོད་གསལ)ལ་ཡང་(ཐུགས་རྡོ་རྗེ་བཞུགས་པ)གཞན་ ལ་(བཞུགས་པ)ནི་དེ་(སྔ་མ)བཞིན་ཁོ་ན་(བྷ་ག་ལ་བཞུགས་པ)འོ། །གང་ཞིག་ཨེ་(ཡིག་གི་དབུས་སུ)ཝཾ་ (གི)ཡི་གེ(འི་རྣམ་པ)ར་གནས་པ་(ནི)མཆོག་ཏུ་བདེ་བའི་གནས་(སྟོང་ཆེན་ཨེ་ཡིག)ལ་(བདེ་ཆེན)སྐུ་ གསུང་ཐུགས་(ཀྱི་བདག་ཉིད་ཝཾ་ཡིག)ནི་བཞུགས་པ་འོ། །(དེ་ལྟར་བཞུགས་པའི་དང་པོའི་སངས་རྒྱས་ཟླ་མེད་ པ)གཅིག་པུ་རྡོ་རྗེ་ཅན་(གཙོ་བོ)ནི་(སྐུ་གསུང་ཐུགས་ཀྱི)དབྱེ་བ་གསུམ་སྟེ་ཡུལ་(གཞན་)དང་ཡུལ་ཅན་ (གཞན)ཁམས་རྣམས་ཀྱིས་ཀྱང་བསྐོར་བ་(སྟེ་ཀྱང་གི་སྒྲས་ཕུང་པོ་གཞན་དང་ལས་དབང་གཞན་ལ་སོགས་པས་ ཀྱང་བསྐོར་བ)འོ། །དུས་གསུམ་(དང་ཕྱི་ནང་གཞན་གྱི)གནས་གསུམ་དུ་བཞུགས་(ཤིང་)སྲིད་པ་གསུམ་ 1-1-314 དུའང་གནས་པ་(ནི)སེམས་ཅན་དུ་མའི་དོན་གྱི་སླད་དུ་འོ(ཞེས་པ་ནི་ཇི་སྐད་དུ། ཀུན་ནས་ཕྱག་དང་ཞབས་ ལ་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་གཡོགས་ནས་བཞུགས་པའོ། ། ཞེས་གསུངས་པ་ལྟར་རོ)། ༩༤། ༈ རྒྱུད་རྣམས་དག་ལས་(གླེང་གཞིའི་ཡི་གེ)འདི་སྐད་བདག་གིས་ཐོས་ཞེས་གསུངས་པ་གང་ (ཡིན་པ)དེ་འདི་ལྟར་(གཞན་ལས་ཐོས་པ་ནི་མ་ཡིན་གྱི་རྡོ་རྗེ་ཅན)བདག་(རང་)གིས་(འདི་ལྟར་སོ་སོར་རིག་པའི་ཡེ་ ཤེས་ཀྱིས)ཤེས་པ་སྟེ། །རྡོ་རྗེ་ཅན་གྱི་(བཞུགས་པ་ནི་གཏུམ་མོའི་མེས)ཟླ་བ་(ཧཾ་ཡིག)ཞུ་(བ)ལས་(ཐིག་ལེ) གང་ཞིག་སྤྱི་བོ་(དང་)མགྲིན་པ་(དང་)སྙིང་ཁའི་ཆུ་སྐྱེས་(དང་)ལྟེ་(བ་དང་)གསང་(བའི་ཆུ་སྐྱེས་ཀྱི་ལྟེ་ བ)སྟེ། །(དེ་ལྟར)རྡོ་རྗེ་བཙུན་མོ་རྣམས་ཀྱི་བྷ་གར་(ཞེས་པ་པད་མ་རྣམས་ཀྱི་ལྟེ་བར་རྡོ་རྗེ་ཅན)དེ་ནི་ཐིག་ ལེ་གྲོལ་བ་(སྟེ་འབབ་པའི་དགའ་བ་དང་པོ)གསུམ་(གྱི་མཐར་ལྷན་ཅིག་སྐྱེས་དགའི་རང་བཞིན)གྱིས་མཆོག་གི་ པད་མ(འཁོར་ལོ་རྣམས་ཀྱི་ལྟེ་བ)ར་(འཕོ་མེད་དུ)གནས(པ)། །དེ་(ནི་སྔགས་ཀྱི་ཚུལ)འདིར་སངས་རྒྱས་(ཀྱི) ཞིང་དུ་རབ་ཏུ་ཞུགས་པ་བཅོམ་ལྡན་འདས་སུ་རྣལ་འབྱོར་(པ)རྣམས་ཀྱིས་རིག་པར་བྱ(འོ)། (ནཱ་ རོ་འགྲེལ་ཆེན་དུ་ཡང་། ཨེ་ཝཾ་རྡོར་པད་ནོར་བུའི་མཐར། །རྡོ་རྗེ་ཅན་བཞུགས་ཐིག་ལེ་འཛིན། །དེ་ནི་དབྱེར་མེད་བདག་ཉིད་དེ། ། བདག་གིས་ཞེས་ནི་རབ་གསལ་བྱས། །བདག་གིས་ཐོས་ཞེས་རབ་གསུངས་པ། །འཁོར་ལོས་བསྒྱུར་བའི་ངང་ཚུལ་གྱིས། །རྡོ་རྗེ་ སེམས་དཔའ་བདེ་བ་ཆེ། །དེ་ཉིད་སྟོན་པ་བདེ་བའི་བདག །ཅེས་སོ། །ཐོས་པ་ནི་ཤེས་པའོ། །བདག་གིས་ནི་བདག་ཉིད་དེ་ཁོ་ན་ ཉིད་ཀྱི་བདག་ཉིད་དུའོ་ཞེས་འབྱུང་ངོ་)༩༥། ༈ (བཅུ་པ་སྐུ་གསུང་ཐུགས་ཀྱི་བྱ་བ་ཐམས་ཅད་བརྟགས་པའི་ངོ་བོ་ཉིད་ཀྱིས་གནས་པ་ཐམས་ཅད་མཁྱེན་པའི་སྐུའི་ བྱ་བ་ནི་སེམས་ཅན་རྣམས་ཀྱི)སྐྱེ་བ་སྔ་མར་རང་(རང་)གི་སྙིང་གིས་(ཏེ་སེམས་ཀྱིས)བསྐྱེད་པའི་ཞི་(བ) དང་ཆགས་པ་(དང་ཁྲོ་བ)ལ་སོགས་(པ)དངོས་པོ་རྣམས་ཀྱི་ནི། །བག་ཆགས་སྟོབས་ཀྱི་(གང་ གི་སྐུ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་དོན་དམ་གྱི་ཆོས་ཀྱི)འཁོར་ལོར་གནས་པ(འི་སངས་རྒྱས་ཡེ་ཤེས་ཀྱི་ སྐུ)གཅིག་(ཉིད)ནི་(སྤྲུལ་པའི་སྐུའི་རྣམ་པ)ནི་དུ་མར་(སེམས་ཅན་རྣམས་ཀྱིས)མཐོང་སྟེ་(སངས་རྒྱས་རྣམས་ཀྱི་ 1-1-315 སྔོན་གྱི)སྨོན་ལམ་(གྱི)ཡོན་ཏན་དབང་གིས་སོ། །དོན་གཅིག་(ཉིད་ལ)དུ་མའི་སྐད་ནི་(སེམས་ཅན) རང་རང་(གི་བསམ་པའམ་ཁམས་གྱི)དངོས་པོ་རྣམས་ཀྱིས་སྲོག་ཆགས་རྣམས་ཀྱི་སྙིང་ལ་(མཐུན་པར) རབ་ཏུ་འཇུག(ཅིང་)། །(ཁྱིམ་ན)གནས་(པ)ཅན་རྣམས་ཀྱི་བསོད་ནམས་(སྤེལ་བའི)སླད་དུ་(དོན་ དམ་པའི་སྐུ་ཆོས་ཀྱི)འཁོར་ལོར་གནས་པ(འི་སངས་རྒྱས་ཀྱི་སྤྲུལ་སྐུ)བསོད་སྙོམས་ལ་ནི་རྣམ་པར་རྒྱུ་རུ་ གཤེགས། ༩༦། ༈ (དེ་བཞིན་དུ་གསུང་གི་བྱ་བ)དུད་འགྲོ་(དང་)ཡི་དྭགས་(དང་)ལྷ་མིན་རྣམས་དང་ལྟོ་འཕྱེ་(ཆེན་པོ་ ཀླུ་དང་)ལྷ་དང་མི་ནི་འཕགས་པ(འི་ཡུལ་རྒྱ་གར་དང་)བོད་(དང་རྒྱ་ནག)ལ་སོགས་(པ)རྣམས་ལ། །བྱུང་ (བ་འདས་པ)དང་འབྱུང་འགྱུར་(མ་འོངས་པ་དང་)ད་ལྟར་བྱུང་བ་རྣམ་པ་གསུམ་(གྱི་ཆོས་ཀུན་རྫོབ)དང་ (དོན་དམ)རྟག་ཏུ་བདེན་པའི་ཆོས་(མཆོག་ཏུ་མི་འགྱུར་བའི་ཡེ་ཤེས)ནི་གསུང་བྱེད་ཅིང་། །རང་རང་སྐད་ གཞན་དག་གིས་སྲིད་པ་གསུམ་པོ་མ་ཚང་མེད་པ་(ཐར་པའི)ལམ་ལ་ཡང་དག་འགོད་བྱེད་པ། ། འདི་ནི་(གདུལ་བྱ་ལ)བདེ་མཉམ་(གྱི)འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་(ལེགས་ པར་སྦྱར་བ)ལྷ་ཡི་སྐད་ཀྱང་མ་ཡིན་ནོ(ཀྱང་གི་སྒྲས་ཉི་ཚེ་བའི་སྐད་གཞན་ཡང་མ་ཡིན་ནོ་ཞེས་པའོ)། ༩༧། ༈ (ཡོན་ཏན་གྱི་ཚད་དམ་མཐའ)སངས་རྒྱས་རྣམས་ཀྱིའང་རྟོགས་བྱ་མིན་པ་(སྟེ་ཤིན་ཏུ་རྟོགས་དཀའ་ བ)དཔག་མེད་ཡོན་ཏན་(སྟོབས་དང་མ་འདྲེས་པའི་ཆོས་ལ་སོགས་པ)དང་ལྡན་(པ)སངས་རྒྱས་(ཡེ་ཤེས་ ཀྱི་སྐུའི)སྤྲུལ་པ་སྒྱུ་མ་ནི། །སྲིད་པ་གསུམ་གྱི་གནས་སུ་(ཡེ་ཤེས་ཀྱི)བདག་ཉིད་སྟོན་པར་བྱེད་དེ་ (དཔེར་ན)བརྒྱ་བྱིན་གཞུ་(སྟེ་འཇའ་ཚོན)ནི་(རྩ་མི་མིག་འཕྲུལ་ཟེར་ཞིང་ར་དབང་པོའི་གཞུ་ཟེར། ཤོང་བརྒྱ་བྱིན་གཞུ་ ཟེར་རོ)ཇི་བཞིན་ཉིད་དུ་འོ། །(ལྷུམས་སུ་འཇུག་པ་དང་བལྟམས་པ་ལ་སོགས་པ་རྣམ་འགྱུར)སྣ་ཚོགས་(པའི) དངོས་(པོ)རྣམས་ཀྱིས་ཕྱེ་(བའི་མཛད་པ་བདུད་ལས)རྒྱལ་བ་(སངས་རྒྱས་པའི་མཛད་པ)དང་བཅས་(པ) ལྷ་མི་རྣམས་ཀྱི་རང་རང་་སེམས་ལ་རབ་ཞུགས་པ(སྟེ་སེམས་ཀྱི་སྣང་བ)། །འདི་ནི་(རྒྱུ་ལས)མ་སྐྱེས་ (པའི)ཆོས་(ཀྱི་སྐུ་ཉིད་དེ་ལྟ་བུར་སྣང་བ་ཡིན)ཏེ་(དཔེར་ན)ཆུ་(དང་བ)ལ་ནམ་མཁའ་(འི་ཁ་དོག་སྣང་བ)བཞིན་ 1-1-316 དུ་(གདུལ་བྱའི་རྒྱུད)འདིར་ནི་(ཡུམ་གྱི་མངལ་དུ)སྐྱེ་བ(ལྟ་བུ)ར་འཁྲུལ་པ་སྟེར་བ་འོ། ༩༨། ༈ (དོན་དམ་པའི)རྒྱལ་བ(རྡོ་རྗེ་སེམས་དཔ)འི་སྐུ་ཡི་རྡོ་རྗེ་(ནི)ཡུལ་དང་ཡུལ་ཅན་(གཟུང་འཛིན) རྣམས་ཀྱི་(རྟོགས་བྱ་དང་)བགྲོད་བྱ་མིན་པ་(སོ་སོ་རང་རིག་པ)རྣམ་པ་ཐམས་ཅད་པ(སྟོང་གཟུགས་པྲ་ཕབ་ པ་ལྟ་བུ་སྟེ་དབྱིབས་ཀྱི་རྣལ་འབྱོར་རོ)། །གསུང་གི་རྡོ་རྗེ་(ནི)སེམས་ཅན་ཐམས་ཅད་(ཀྱི)རང་སྙིང་(ལ་རྟག་ ཏུ་གནས་པའི་ནཱ་དའི་མཚན་ཉིད་རང་རང་གི)སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པ་འོ(སྔགས་ཀྱི་རྣལ་ འབྱོར་རོ)། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་(ནི)སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་(འོད་ གསལ་མི་རྟོག་པའི་ཡེ་ཤེས)མཐའ་དག་ས་ལ་(ཁྱབ་ཅིང་ཐེར་ཟུག་ཏུ)གནས(པ་ཆོས་ཀྱི་རྣལ་འབྱོར་རོ)། །དྲི་མེད་ ནོར་བུ་(ཆེན་པོ་གང་ལ་རེག་པ་ཐམས་ཅད་ནོར་བུར་བྱེད་པ)ལྟ་བུ་དངོས་པོ་རྣམས་(འགྱུར་མེད)ཀྱི་(བདེ་བ་ཆེན་ པོར)འཛིན་བྱེད་གང་ཡིན་དེ་ཉིད་(དག་པའི་རྣལ་འབྱོར)ཡེ་ཤེས་རྡོ་རྗེའོ། ༩༩། ༈ (དོན་དམ་པའི)སྦྱིན་པ་ལ་སོགས་(ཡེ་ཤེས་ཀྱི་ཕར་ཕྱིན་གྱི་བར)བདེ་མཉམ་འབྲས་སྟེར་དྲུག་དང་ བཞི་རྣམས་(ནག་མོ་འབར་མ་སོགས)ནུས་མ་བཅུ་པོ་དེ་དག་རྣམས་སུ་གསུངས། །(ནུ་མ་བཅུ་པོ)དེ་དག་ རྣམས་ཀྱི་ཐབས་ནི་(རྐང་དང་ཁྲག་སོགས་ནས་ཁུ་རྡུལ་གྱི་བར)དག་པ་མཆོག་གི་སེམས་ཀྱིས་གང་བའི་ བུམ་པ་རྣམ་བཅུ་དེ་རྣམས་སོ། །བདུད་དང་ཉོན་མོངས་ཉམས་པ་(མཚོན་པ་ནི་རིམ་པ་ལྟར་གཙོ་བོའི་ ཞབས་གཡས་པའི་འོག་ཏུ)འདོད་པ(འི་ལྷ)ཞེས་(པ་བདུད་མནན་པ)དང་(ཞབས་གཡོན་པས)འཕྲོག་བྱེད་(དྲག་ པོ་མནན་པའི)རྡོ་རྗེ(བཞི)འི་ཚོགས་ནི་(དཔག་བསམ་)ལྗོན་པ་ལ་སོགས་(མཚན་མ་བཞི)རྣམས(སོ)། །(སྤྱི་ བོའི་འཁོར་ལོ་སོགས)ཕྱག་རྒྱ་དྲུག་རྣམས་(ཐིག་ལེ)སྟོང་པ་(འགྱུར་མེད)དྲུག་སྟེ་སྲིད་གསུམ་བསྐྱེད་པ(སྟེ་ སྤྲོ་བ)ར་མཛད་པ་(གཙོ་བོ་ཡབ་ཡུམ་ནི)ཡེ་ཤེས་(དང་)རྣམ་ཤེས་(གཞན་དབྱེར་མེད)གཅིག་པ་འོ། ༡༠༠། ༈ འཁོར་ལོ(འི་མཚན་མ་ནི་རང་བཞིན་མེད་པའི)སྲིད་གསུམ་ཀུན་ནས་དང་བ་(པྲ་ཕབ་པ་ལྟ་བུ)ཞེས་ པ(སྟེ་དེ་མཚོན་པ)འོ་(འགྱུར་མེད)བདེ་བ་(མཚོན་པ)རིན་ཆེན་(གྱི་མཚན་མ་དང་ཡེ་ཤེས་ཀྱི་སྐུ)འདི་ཡི་ཆགས་ པ་(ཆེན་པོ)ཉིད་དག་(མཚོན་པ)ནི། །པད་མ(འི་མཚན་མ)འོ་(ཡེ་ཤེས་ཀྱི་སྐུའི)ཉོན་མོངས་ཟད་པ་ 1-1-317 (མཚོན་པ་ནི)རལ་གྲི(འི་མཚན་མ་དང་)རྡོ་རྗེ་དག་ཀྱང་(ཡེ་ཤེས་ཀྱི་སྐུའི)ཡེ་ཤེས་སྐུ་ཆེན་རྣམ་པར་མི་ཕྱེད་ པ་(མཚོན་པ)འོ། །(ཡེ་ཤེས་ཀྱི་སྐུའི)མི་ཤེས་(པ)གཅོད་པ་(མཚོན་པ་ནི)གྲི་གུག་(གི་མཚན་མའོ། །དེ་ལྟར་རྣམ་ སྣང་སོགས)མཆོག་གི་རིགས་དྲུག་རྣམས་ཏེ་(མཚན་མ་དྲུག་པོ)འདི་དག་རྣམས་ཀྱིས་བསྐྱེད་པ་གང་ ཡིན་པ། །(ཡེ་ཤེས་ཀྱི་སྐུའི)ཕུང་པོ་(དྲུག་དང་)ཁམས་(དྲུག)དང་དབང་པོ་(དྲུག་དང་)ལ་སོགས་(པ་ལས་ དབང་དེའི་བྱ་བ་དྲུག་སྟེ་དེ་ཐམས་ཅད)མཁའ་བཞིན་རོ་མཉམ་(པ་སྟེ་ཁམས་ལ་སོགས་པ)དེ་དག་རྣམས་ཀྱང་ (ཕུང་པོ་དྲུག་པོ)དེ་བཞིན་(དུ་འཁོར་ལོ་ལ་སོགས་པའི་རིགས་སུ)རིག་པ(ར)བྱ(འོ)། ༡༠༡། ༈ (རང་བྱུང་ཡེ་ཤེས་ཀྱི་དབྱིངས)གང་དུ་ངེས་པར་(འདུས་བྱས་ཀྱི)རིགས་ཀྱི་གཟུགས་ནི་(གདོད་ མ་ཉིད་ནས)ཉམས་པ་ཉིད་དུ་གྱུར་པ(འི་གཞི་སྟོང་གཟུགས་རྣམ་པ་ཐམས་ཅད་པ)དེ་ནི་(འཇིག་རྟེན་ལས་འདས་ པ)ཆེན་པོའི་གཟུགས་སུ་གསུངས། །(རང་བྱུང་ཡེ་ཤེས་ཀྱི་དབྱིངས)གང་དུ་འཁོར་བའི་སྡུག་བསྔལ་ (གདོད་ནས)ཉམས་པ་ཉིད་དུ་གྱུར་པ(འི་གཞི་ལྷན་སྐྱེས་བདེ་བ)དེར་ནི་(འཇིག་རྟེན་ལས་འདས་པའི)ཚོར་ བ་ཆེན་པོ་གསུངས་པ་སྟེ། །(རང་བྱུང་ཡེ་ཤེས་ཀྱི་དབྱིངས)གང་དུ་འཁོར་བའི་འདུ་ཤེས་(གདོད་ནས) ཉམས་པ(འི་གཞི་ཆོས་ཉིད་འོད་གསལ་གྱི་འདུ་ཤེས་ཀྱི་རྣམ་པ)ཉིད་དུ་གྱུར་པ་དེ་ནི་(འཇིག་རྟེན་ལས་འདས་པའི) རྡོ་རྗེའི་འདུ་ཤེས་ཆེན་པོ་འོ། །(རང་བྱུང་ཡེ་ཤེས་ཀྱི་དབྱིངས)གང་དུ་འཁོར་བ་འཕེལ་བ་(རང་བཞིན་ གྱིས)ཉམས་པ་ཉིད་དུ་གྱུར་པ(འི་གཞི་ཆོས་ཉིད་འོད་གསལ་གྱི་འདུ་བྱེད་ཀྱི་རྣམ་པ)དེ་ནི་(འཇིག་རྟེན་ལས་འདས་ པའི)རྡོ་རྗེའི་འདུ་བྱེད་(ཆེན་པོ)ཁོ་ན་འོ། ༡༠༢། (རང་བྱུང་ཡེ་ཤེས་ཀྱི་དབྱིངས)གང་དུ་(འཁོར་བའི)གཉིད་ལ་ སོགས་པའི་གནས་སྐབས་(བཞི་རང་བཞིན་གྱིས)ཉམས་པ་ཉིད་དུ་གྱུར་པ(འི་གཞི་ཆོས་ཉིད་འོད་གསལ་ གྱི་གནས་སྐབས་བཞིའི་རྣམ་པ)དེ་ཡང་(རྡོ་རྗེའི)རྣམ་པར་ཤེས་པ(ཆེན་པོ)ར་གསུངས། །(རང་བྱུང་ཡེ་ཤེས་ཀྱི་ དབྱིངས)གང་དུ་ཤེས་པ་མིན་པ(མ་རིག་པ)འི་(བག་ཆགས་ཀྱི)དངོས་པོ་(རང་བཞིན་གྱིས)ཉམས་པ་ཉིད་ དུ་གྱུར་པ(འི་གཞི་ཆོས་འོད་གསལ་གྱི་གཏི་མུག་གི་རྣམ་པ)་དེ་ནི་ཐུབ་པའི་ཡེ་ཤེས་(ཆེན་པོ)ཉིད། །འདི་ རྣམས་རྣམ་པར་སྣང་མཛད་ལ་སོགས་(མཆོག་གམ)དམ་པའི་རྒྱལ་བ་མཆོག་ནི་རྣམ་པ་དྲུག་སྟེ་ 1-1-318 རིགས་དྲུག་རྣམས། །(དེ་དག་ལས)གཞན་(རྣམས)ནི་(ཡེ་ཤེས་ཀྱི་སྐུའི)ཁམས་དྲུག་(གི)དབྱེ་བ་རྣམས་ ཏེ་ས་(གཞན་སྤྱན་མ)དང་ཆུ་(གཞན་མཱ་མ་ཀཱི)དང་མེ་(གཞན་གོས་དཀར་མོ)དང་རླུང་(གཞན་སྒྲོལ་མ)དང་ནམ་ མཁའ་(གཞན་རྡོ་རྗེ་དབྱིངས་ཕྱུག་མ་དང་)ཞི་བ་(སྟེ་ཡེ་ཤེས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འམ་སྣ་ཚོགས་ཡུམ) རྣམས། ༡༠༣། (རང་བྱུང་ཡེ་ཤེས་ཀྱི་དབྱིངས)གང་དུ་གཏི་མུག་མཐའ་དག་(གདོད་ནས)ཉམས་པ་ཉིད་ དུ་གྱུར་པ(འི་གཞི་གཏི་མུག་ཆེན་པོ་ནི་སངས་རྒྱས)སྤྱན་མ་ཡིན་ཏེ་དེ་ནི་འཛིན་མ(ས་གཞན་ནམ་དམ་པ)་འོ། ། གང་དུ་ང་རྒྱལ་མཐའ་དག་(གདོད་ནས)ཉམས་པ་ཉིད་དུ་གྱུར་པ(འི་གཞི་ང་རྒྱལ་ཆེན་པོ་ནི)མཱ་མ་ཀཱི་སྟེ་ དེ་ནི་ཆུ་(གཞན)ཉིད་དོ། །གང་དུ་ཆགས་པ་མཐའ་དག་(གདོད་ནས)ཉམས་པ་ཉིད་དུ་གྱུར་པ(འི་ གཞི་ཆགས་པ་ཆེན་པོ་ནི)གོས་དཀར་མོ་སྟེ་དེ་ནི་མེ་(གཞན)ཡིན་ནོ། །གང་དུ་ཕྲག་དོག་མཐའ་དག་ (གདོད་ནས)ཉམས་པ་ཉིད་དུ་གྱུར་པ(འི་གཞི་ཕྲག་དོག་ཆེན་པོ་ནི)སྒྲོལ་མ་ཡིན་ཏེ་དེ་ནི་རླུང་(གཞན་)ཡང་ ངོ་། ༡༠༤། གང་དུ་ཞེ་སྡང་མཐའ་དག་(གདོད་ནས)ཉམས་པ་ཉིད་དུ་གྱུར་པ(འི་གཞི་ཞེ་སྡང་ཆེན་པོ་ནི)རྡོ་ རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་(དེ་ནི)མཁའ(གཞན་ཡིན་ནོ)། །གང་དུ་སེར་སྣ་ཐམས་ཅད་(གདོད་ ནས)ཉམས་པ་ཉིད་དུ་གྱུར་པ(འི་གཞི་སེར་སྣ་ཆེན་པོ་ནི)སྣ་ཚོགས་ཡུམ་སྟེ་དེ་ནི་འགྱུར་མེད(ཡེ་ཤེས་ ཉིད་དོ)། །༈ (རྣལ་འབྱོར་པས་སྔར)མཐོང་(བ)དང་མ་མཐོང་(བའི)གཟུགས་(རྣམ་པ་ཐམས་ཅད་པ་པྲ་ཕབ་ པ་ལྟ་བུ་མ་ལུས་པ)ནི་ཡིད་དང་ནམ་མཁའ་ལ་ཡང་(ཇི་ལྟ་བ་བཞིན་དུ་རང་གིས་རང་རིག་པའི་ཚུལ་གྱིས)ལྟ་བར་ བྱེད་པ་གང་ཡིན་དེ་ནི་(རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་སྐུའི)མིག(སའི་སྙིང་པོའ)ོ། །(རྣལ་འབྱོར་པས་རྒྱང་)རིང་ (པོ)ནས་རབ་ཏུ་གསལ་བ་བཞིན་དུ་(ཐོས་པའི་གཞོན་མེད་ཀྱི)སྒྲ་(རྣམ་པ་ཐམས་ཅད་པ)ནི་(ཇི་ལྟ་བ་བཞིན་དུ་ རང་རིག་པའི་ཚུལ་གྱིས)ཐོས་པ་འདི་ནི(རྣ་བ་གཞན་)རྒྱལ་བ(རྡོ་རྗེ་སེམས་དཔ)འི་རྣ་བ་ཆེན་པོ་(ཕྱག་ན་རྡོ་རྗེ) འོ། ༡༠༥། མཆོག་གི་བདེ་བ་བྱེད་པའི་(གཞོམ་མེད་ཀྱི)དྲི་(རྣམ་པ་ཐམས་ཅད་པ)རྣམས་ཐམས་ཅད་(རང་ རིག་པའི་ཚུལ་གྱིས)འཛིན་པ་དེ་ནི་(སྣ་གཞན)ཁྱབ་བདག་(རྡོ་རྗེ་འཆང་)གི་ཡང་སྣ་བཟང་པོ(ནམ་མཁའི་སྙིང་ པོའ)ོ། །(རང་བྱུང་ཡེ་ཤེས་ཀྱི་སྐུ)རང་གི་ཟླ་བ(ཐིག་ལེ)འི་བདུད་རྩི་(རང་བཞིན་གྱིས་འཕོ་བ་མེད་པའི)བདེ་(བའི་ 1-1-319 རོ)སྟེར་དག་ཀྱང་རྟག་ཏུ་མྱང་བར་བྱེད་པ་གང་ཡིན་དེ་ནི་(ལྕེ་གཞན་རྡོ་རྗེ་སེམས་པའི)ལྕེ(འཇིག་རྟེན་ དབང་ཕྱུག་གོ)། །(གཞོམ་མེད)རྡོ་རྗེའི་རེག་བྱ་ཀུན་ནས་འཕྲོག་པ་(སྟེ་རང་རིག་པའི་ཚུལ་གྱིས་མྱོང་བ)གང་ ཡིན་དེ་ནི་རྟག་ཏུ་(ལུས་དབང་གཞན)རྡོ་རྗེའི་ལུས་ཀྱི་དབང་པོ་(སྒྲིབ་པ་རྣམ་སེལ)སྟེ། །ཐབས་(དོན་དམ་ བདེ་ཆེན)དང་ཤེས་རབ་(དོན་དམ་སྟོང་ཆེན་དག་དབྱེར་མེད་པར)རབ་ཏུ་འདུས་པ་(དོན་དམ་ཡེ་ཤེས་ཀྱི་སྐུ)འདི་ ཡི་ཆོས་(ཀྱི་ཁམས་ཡིན)ཏེ་(དེ་ལྟ་བུའི་ཡུལ)བདེ་མཉམ་ལ་འཇུག་གང་(པའི་ཡིད)ཡིན་དེ་ནི་(ཡིད་གཞན་རྡོ་ རྗེ་སེམས་དཔའི)ཡིད(ཀུན་ཏུ་བཟང་པོའ)ོ། ༡༠༦། (དེལྟར)དབྱེ་བ་དྲུག་གིས་ཕྱེ་བའི་ཡུལ་(གཞན་དྲུག)དང་ ཡུལ་ཅན་(གཞན་དྲུག་པོ)འདི་དག་བྱང་ཆུབ་སེམས་དཔའ་(དྲུག)བཙུན་མོར་བཅས་པ་(བཅུ་གཉིས་ པོ)རྣམས(ཏེ)། །སྣ་ཚོགས་གཟུགས་ལ་སོགས་པ་འདི་རྣམས་རྒྱལ་བ་མཆོག་གི་ཡུལ་རྣམས་ (སེམས་མ)རྣམ་པ་དྲུག་སྟེ་(དེ་ཐམས་ཅད)ཀུན་ནས་ནི། །དང་ཞིང་མ་སྐྱེས་མ་འགགས་(འགྱུར་མེད) མཆོག་གི་བདེ་བྱེད་(རྟོག་པས)གོས་པ་མེད་(བརྗོད་དུ་མེད་རྨ་ཟེར)ཅིང་(རྣམ་ཤེས་ཆོས་ལས་འདས་པས་གཉིས་ མེད)ཡེ་ཤེས་ཀྱིས་ནི་རྟོགས་བྱ་སྟེ། (དེ་ནི)། ཁམས་གསུམ་དག་ཏུ་(སྤྱན་ལྔ་ལས)གཞན་གྱི་གཟུང་བྱ་ (མིན་པ)དང་ནི་མཐའ་དག་འགྲོ་བ(དྲུག་པོ)འི་དབང་པོའི་སྒོ་ཡིས་རྟོགས་(པར)བྱ་(བའི་ཡུལ་ཀུན་རྫོབ་ ཀྱི་གཟུགས་སོགས)མིན(ནོ)། ༡༠༧། ༈ ཡེ་ཤེས་དགུགས་པ་བྱེད་པ་འདིར་ནི་སླར་ཡང་ཤིན་དུ་[ཏུ་]སྟོབས་ཏེ་དེ་ནི་གཞུག་ པ་རྨུགས་བྱེད་ཀྱིས། །དེ་ནི་བཅིང་བ་རེངས་བྱེད་ཀྱིས་ཏེ་ངེས་པར་མཆོག་བདེའི་དབང་གིས་ ཁེངས་བྱེད་ཀྱིས་ནི་མཉེས་པ་ཡང་། །ཡེ་ཤེས་འཁོར་ལོ་དག་ལ་འཁོར་ལོ་རོ་ནི་མཉམ་པར་ བྱེད་པ་རྡོ་རྗེ་ཤུགས་ཀྱིས་བྱེད་པ་སྟེ། །དེ་བཞིན་ཁྲོ་བོའི་ལྷ་མོ་རྣམས་ནི་རབ་གསལ་ངེས་པར་ རྣལ་འབྱོར་མ་ཡི་རྒྱུད་ཀྱི་སྐུ་ལ་འོ། ༡༠༨། ༈ སྲིད་པ་གསུམ་གྱི་གནས་སུ་(ཕྱི་ནང་གི)བདུད་རྣམས་དག་ལ་བསྣུན་པ་ངེས་པར་དབྱུག་ པ་སྔོན་པོས་བྱེད་པ་སྟེ། །(བདུད་རྣམས)བཅིང་བ་(ནི)ཁྲོ་བོ་མི་གཡོ་(བས་བྱེད་ལ)དུས་མཐའི་ཉི་མ་ 1-1-320 (སྤྲིན་རྨ་ཟེར)དང་མཚུངས་(པའི)མཐའ་ཡས་བརྩོན་འགྲུས་(སྟོབས་པོ་ཆེ་ཉིད)ཀྱིས་ནི་(བདུད་རྣམས་ལ) ཕུར་བུས་གདབ(པར་བྱེད)། །འདོད་པ(འི་རྒྱལ་པོ)ས་(བདུད)དེ་ཡི་བརྩོན་འགྲུས་ཉམས་པར་(བྱེད་ ཅིང་)ས་གཞི་ལ་གནས་(བདུད་རྣམས)རེངས་པར་བྱེད་པ་(ནི)གནོད་མཛེས་ཉིད་ཀྱིས་སོ། །གཙུག་ ཏོར་གྱིས་ནི་(ཕྱི་ནང་གི་བདུད་རྣམས་ཀྱི)རྫུ་འཕྲུལ་ཉམས་པ(ར་བྱེད་ལ)རབ་ཏུ་གསལ་ཞིང་ངེས་པར་ སྔར་བཞིན་(དུ)ཁྲོ་བོའི་ལྷ་མོ་རྣམས(ཀྱིས་ཀྱང་བསྣུན་པ་ལ་སོགས་པ་བྱེད་དོ)། ༡༠༩། ༈ ཡི་དྭགས་རྣམས་ནི་སྨིན་པའི་དོན་དུ་དེ་ནས་ཙར་ཙི་ཀཱ་ལ་སོགས་པ་(བརྒྱད་འཁོར་དང་ བཅས་པ་རྡོ་རྗེ་ཅན་གྱི)སྤྲོས་པར་གྱུར་པ་སྟེ། །(ཕྱོགས་བཅུའི)སྐྱེ་བོ་རྣམས་ནི་བསྲུང་བའི་དོན་དུ་དབང་ པོ་ལ་སོགས་ལྷ་(བཅུ་གཉིས་འཁོར་དང་བཅས་པ)རྣམས་དེ་བཞིན་ཕྱོགས་དང་ཕྱོགས་བྲལ་དུ(སྤྲོས་ཤིང་)། །ཀླུ་རྣམས་སྨིན་པར་བྱ་བའི་དོན་དུ་(དཀྱིལ་འཁོར་གྱི)གདེངས་ཅན་(ཀླུའི)རིགས་ནི་མཐའ་དག་ (རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྐུ)རྡོ་རྗེ་ཅན་གྱིས་ངེས་པར་སྤྲོས། །ལྷ་མིན་རྣམས་ནི་སྨིན་པར་བྱ་བའི་ དོན་དུ་ཁྱི་ཡི་གདོང་མ་ཆེན་མོ་ལ་སོགས་རྣམས་ཀྱང་སྤྲོས། ༡༡༠། ༈ གཞན་གང་ཅུང་ཟད་སྤྲོས་པ་ཡོད་པ་དག་ཀྱང་ཁྱབ་བདག་དཀྱིལ་འཁོར་ལ་ནི་འབྱུང་ པོ་ལས་སྐྱེས་མཐར། །སེམས་ཅན་ཀུན་གྱི་དོན་དུ་མཆོག་གི་ཡོན་ཏན་རྣམ་མང་འདི་རྣམས་ རང་གི་ལུས་ལ་རིག་པར་བྱ། །དེ་བཞིན་རྒྱུད་དང་སྔགས་ནི་རྣམ་མང་རིགས་ལ་གནས་རྣམས་ རྣལ་འབྱོར་མ་དང་རྣལ་འབྱོར་དབྱེ་བས་ཏེ། །འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པ་འོ། ༡༡༡། ༈ གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་གང་ ཡིན་པ། །ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐ་ཅིག་བདུད་ རྩི་རྟོགས་པ་གང་། །འདི་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ ནི་ལམ་གྱི་རྒྱུ་རུ་བསྟན། །འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་པོའི་ 1-1-321 ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བ་འོ། ༡༡༢། ༈ (ཕྱག་རྒྱ་ཆེན་མོ་ནི་རྣལ་འབྱོར་པའི)སེམས་(རྣམ་པར་མི་རྟོག་པ་ཉིད)ཀྱི་སྣང་བ་ཙམ་སྟེ་(རྣལ་འབྱོར་ པ)རང་གི་ཡིད་ལས་སྐྱེས་པ་(སྟེ་ཡིད་ཀྱིས་རང་བཞིན་འོད་གསལ་བ་པྲ་ཕབ་པའི)མེ་ལོང་གི་ནི་གཟུགས་ བརྙན་ལྟ་བུ་ཉིད(ཏེ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ)། །(དེ་ལྟར་ཕྱག་རྒྱ་ཆེན་མོ)གང་ཞིག་མཐའ་དག་ རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་(རིམ་པ་ལྟར་བསྒོམ་པ་དང་མངོན་དུ་མཛད་པའི་ཚུལ་གྱིས) བསྟེན་པ་(དེ)རྣལ་འབྱོར་དབང་པོས་(ཀྱང་)བསྟེན་(པར)བྱ་སྟེ། །(བསྟེན་པའི་ཡོན་ཏན་རྣམ་པར་མི་རྟོག་ པའི)ཡེ་ཤེས་(ཀྱི)མེ་ལྕེ་དེ་ནི་རབ་ཏུ་རྒྱས་པས་(ཤར་བས་ར་ཟེར་སད་པས་རྨ་ཟེར)(ལུས་ཀྱི་སྒྲིབ་པ་སད་པའི་ གནས་སྐབས་སོགས)བདུད་(བཞིའི)ཚོགས་(རྣམ་རྟོག)ཡུལ་དང་བཅས་པ་མཐའ་དག་སྲེག་(པ་སྟེ་ཟད་ པར)བྱེད་ཅིང་། །ལུས་ལ་ཆགས་པ་ལ་སོགས་(ཉོན་མོངས་པ་རྣམས)ཀྱང་(སྲེག་པར་བྱེད)སྟེ་རྣལ་འབྱོར་ (པ་བཟང་པོ་རྗེས་དྲན་ཐོབ་པ)རྣམས་ལ་(དུས་ཀྱི་འཁོར་ལོའི)ལོ་(གསུམ་དང་ཕྱོགས་གསུམ་པོ)ཡི་སྦྱོར་བས་བདེ་ མཉམ་(ཕྱག་རྒྱ་ཆེན་པོའི་དངོས་གྲུབ)སྟེར་བར་བྱེད(དོ)། ༡༡༣། ༈ ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེ་ཡི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་ འགྱུར། །དབང་བསྐུར་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ ཞུགས་པ་གང་ཡིན་པ། །དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་ མེད་ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་ པ་དེ་ནི་དཔལ་ལྡན་བླ་མ་འོ། ༡༡༤། ༈ ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམས་རྡོ་རྗེའི་ལམ་དུ་རབ་ ཏུ་ཞུགས་པ་ཡིས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་ དང་མར་མེ་དང་། །༈ འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་ 1-1-322 དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ༡༡༥། ནམ་མཁའ་ཆུ་འཛིན་བྲལ་བ་དག་ལ་རྣལ་འབྱོར་པ་ ཡིས་བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་ རྩ་ལ་མཐོང་བར་གྱུར་གྱི་བར་དུ་འོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུ་གོས་པ་ མེད་པ་ཁ་དོག་སྣ་ཚོགས་ཏེ། །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་ གཞན་གྱི་སེམས་ནི་མིན་པ་ཉིད། ༡༡༦། ༈ གཟུགས་ནི་མཐོང་བར་གྱུར་ན་ཉིན་ཞག་སོ་སོའི་དུས་སུ་སྲོག་གི་རླུང་ནི་འགོག་པ་ རབ་བྱ་སྟེ། །འོད་ཟེར་འཁོར་ལོ་རང་གི་ལུས་ལ་ཡོངས་སུ་བསྐོར་ཞིང་འཁོར་བར་བྱེད་པ་ མཐོང་གི་བར་དུ་འོ། །ཟླ་བ་དྲུག་གིས་སྡོམ་བརྩོན་རྣམས་ལ་རེག་བྱས་དམན་པའི་བདེ་བ་ མཉམ་པ་ལམ་གྱི་སེམས་སུ་འགྱུར། །༈ ཆགས་དང་ཆགས་བྲལ་མཐའ་ཐོག་ལ་གནས་སྐ་ ཅིག་མ་ཡང་ཁྱབ་བདག་གི་ནི་དབུགས་ཀྱི་གྲངས་འཕེལ་ལོ། ༡༡༧། ཨོཊྚ་འབར་བའི་བར་དང་ ཁྱད་པར་དགའ་བ་ལྷན་སྐྱེས་དག་དང་ཡེ་ཤེས་རྣམ་ཤེས་དག་གི་དབུས། །གཉིད་དང་གཉིད་ ཡུར་འཚམས་[མཚམས་]སུ་རྡོ་རྗེ་པད་མ་དག་གི་གཉིས་གཉིས་སྦྱོར་བ་ལ་ནི་བདེ་བ་གང་། །དེ་ཡི་འཕེལ་བ་རབ་ཏུ་བྱ་སྟེ་བླ་མའི་ངེས་པའི་དབང་གིས་འཕེལ་འགྱུར་འདི་ལ་ངོ་མཚར་ མེད། །ཉོན་མོངས་བདུད་རྣམས་བཅོམ་ནས་རྒྱལ་བའི་བདག་པོར་འཇུག་སྟེ་ལོ་ཡི་སྦྱོར་བས་ རྣལ་འབྱོར་བཟང་པོ་འོ། ༡༡༨། ༈ ས་ཡི་རྣམ་པ་སྲ་བ་མིན་ཞིང་ཞུ་བ་ཆུ་ལུས་ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེ་ ཡི་རྣམ་པ་མེ་མིན་གཡོ་བ་རླུང་གི་ལུས་ནི་གང་ཞིག་གཡོ་བ་མིན་པས་རླུང་མ་ཡིན། །སྟོང་ པའི་རྣམ་པ་ཡིན་ཡང་མཐོང་སྟེ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། ། རྣམ་པ་ཀུན་ལྡན་ཡིན་ཡང་མཐོང་བ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་ སོ། ༡༡༩། 1-1-323 ༈ ནཱ་ད་ཐིག་ལེ་ཆ་དང་ཡེ་ཤེས་བདུད་རྩིའི་གནས་སུ་སོན་པ་ལུ་གུ་རྒྱུད་དུ་བཅིངས་པའི་ རྩ། །སྲོག་དང་ཐུར་སེལ་ལམ་གསུམ་རྣམས་ཏེ་རྡོ་རྗེ་དང་བཅས་པད་མ་རྡོ་རྗེ་ཆུ་སྐྱེས་ལྡན་པ་ ཉིད། །རླུང་གཉིས་ཡང་དག་ཕྲད་པའི་དབུས་སུ་ཡུལ་ནི་ཡུལ་ཅན་རྣམས་ཉིད་འབྱུང་དང་རབ་ ཏུ་འཇུག་པ་སྟེ། །དུ་བ་ལ་སོགས་རྣམས་ཀྱི་མཚན་མ་འཛིན་པ་དག་ཀྱང་གང་ཞིག་འདི་རྣམས་ ཐམས་ཅད་གསང་བར་བྱ། ༡༢༠། ༈ དབུ་མར་སྲོག་ནི་རབ་གཞུག་ཉི་མ་དང་བཅས་རི་བོང་ཅན་གྱི་བགྲོད་པ་གཡས་དང་ གཡོན་ལ་བཅིང་། །ཕྱག་རྒྱ་རབ་ཏུ་འགྲོགས་ལ་སེམ་[སེམས་]དང་མཆོག་གི་བདེ་བ་ལ་ གནས་རྡོ་རྗེ་ཡང་དག་བསླང་བ་ཡང་། །པད་མར་རྡོ་རྗེའི་སྒྲ་འམ་རང་གི་ལག་པའི་ཆུ་སྐྱེས་ དག་གིས་གསོར་བ་བདེ་བའི་སླད་དུ་སྟེ། །ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་ འཇིགས་འཕྲོག་འདི་ནི་དཔལ་ལྡན་བླ་མའི་ཞལ། ༡༢༡། ༈ ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལ་ འོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། ། རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པ་ཡེ་ཤེས་སྐུ། ། ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ ལའོ། ༡༢༢། ༈ འདོད་པ་སྤྲུལ་པའི་སྐུར་ནི་ངེས་པར་རབ་ཏུ་འགྱུར་ཏེ་རྫོགས་པ་དག་ནི་དེ་ཡི་གསུང་ ཉིད་དོ། །འབར་བ་སྤྲུལ་པའི་ཐུགས་ཏེ་འདི་ཡི་མཆོག་གི་བདེ་བ་བྱེད་པའི་ཡེ་ཤེས་དག་ནི་ ཨོཊྚ་ཉིད། །དགའ་བ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མཆོག་དགའ་དང་བཅས་ཁྱད་པར་ དགའ་བ་རིམ་པས་འདི་ཡི་ནི། །གསུང་དང་ཐུགས་སོ་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ ཀྱང་བདེ་འབྱུང་འདི་ཡི་ཡེ་ཤེས་རྡོ་རྗེར་འགྱུར། ༡༢༣། འདར་བ་ཉིད་ནི་སྲིད་པ་གསུམ་གྱིས་ 1-1-324 བཏུད་པ་ཆོས་ཀྱི་སྐུ་སྟེ་འབྱུང་བ་དེ་ཡི་གསུང་དུ་འགྱུར། །གཉིད་ཡུར་ཉིད་ནི་ཆོས་ཀྱི་ཐུགས་ཏེ་ གཉིད་ནི་འདི་ཡི་སྲིད་པའི་འཇིགས་འཇོམས་ཡེ་ཤེས་ཁོ་ན་འོ། །ཡི་གེ་ཉིད་ནི་དག་པའི་སྐུ་སྟེ་ དབྱངས་དང་བྲལ་བའི་ཆ་དང་ཐིག་ལེ་ནཱ་ད་རིམ་པ་ཡིས། །བདེ་འབྱུང་དག་པའི་སྐུ་ཡི་གསུང་ དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམ་གསུམ་སྲིད་པར་གནས་པ་འོ། ༡༢༤། ༈ སད་པ་དང་ནི་རྨི་ལམ་རང་བཞིན་སླར་ཡང་གཞན་པ་འདི་ནི་གཉིད་དང་བཞི་པའི་ རང་བཞིན་རྣམས། །ལུས་ལ་གནས་དང་དབུགས་ལ་ཞེན་པ་ཡུལ་རྣམས་རྣམ་པར་དཔྱོད་ཅིང་ གཡོ་མེད་སེམས་ལ་ཞེན་པ་སྟེ། །ཡེ་ཤེས་ལ་གནས་བུད་མེད་རབ་ཏུ་འགྲོགས་ལས་བྱང་ཆུབ་ སེམས་ནི་ཞུ་བ་ལ་ཡང་སྐ་ཅིག་འགྱུར། །སྤྲུལ་པ་ལ་སོགས་དག་གི་སེམས་ཀྱི་རྡོ་རྗེ་རྣམ་པ་ བཞིར་ནི་རིམ་པས་ངེས་པར་རབ་ཏུ་འགྱུར། ༡༢༥། ༈ དེ་ལྟར་སེམས་ནི་རྣམ་བཞི་སྲིད་པ་གསུམ་ལ་གནས་པའི་སྲོག་ཆགས་རྣམས་ཀྱི་ཐིག་ ལེའི་དབུས་སུ་སྟེ། །རྣལ་འབྱོར་དབང་པོ་རྣམས་ཀྱིས་བདེ་མཉམ་འབྲས་སྟེར་ཁྱབ་བྱེད་དག་ ནི་ཐར་པའི་སླད་དུ་བསྲུང་བར་བྱ། །ཐིག་ལེ་བཏང་ན་རྣལ་འབྱོར་རྣམས་ཀྱི་མཆོག་གི་བདེ་ བ་སྐྱེ་བའི་ས་བོན་སོང་ལ་ཐར་པ་གང་། །དེ་ཕྱིར་འཁོར་བའི་བདེ་བའི་སྐ་ཅིག་འདི་ནི་སྡོམ་ བརྩོན་རྣམས་ཀྱིས་ཐམས་ཅད་དུས་སུ་སྤང་བར་བྱ(རྩ་བའི་རྒྱུད་དུ་ཡང་། འཕོ་པ་ལས་ནི་ཆགས་བྲལ་འགྱུར། ། ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང་། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། །ཟད་པ་ལས་ནི་འཆི་བར་བརྗོད། །ཤི་ནས་ སླར་ཡང་དེ་རྣམས་ཀྱི། །སྲིད་པའོ་སྲིད་ལས་སླར་འཆི་འཕོ། །དེ་ལྟར་སེམས་ཅན་གྱི་སྲིད་པ། །ཆགས་བྲལ་ལས་འབྱུང་གཞན་དུ་ མིན། །དེ་ཕྱིར་འབད་པས་ཐམས་ཅད་ཀྱིས། །འཕོ་བའི་ཆགས་པ་རྣམ་པར་སྤང་། །ཞེས་འབྱུང་བའོ)། ༡༢༦། ༈ གང་ཕྱིར་གཅིག་ཉིད་ཨ་སོགས་ཀ་སོགས་རི་བོང་ཅན་དང་ཉིན་བྱེད་རྡོ་རྗེ་ཅན་གྱི་ གདན་མིན་ཞིང་། །ཧཱུཾ་ཡིག་ཉིད་ཀྱིས་མཚན་མ་དང་ནི་ཡོངས་སུ་གྱུར་པ་གཞན་པ་ཁ་དོག་ གཟུགས་དག་མི་འདོད་དེ། །འགྱུར་མེད་དག་གིས་བསྐྱེད་ཅིང་འགྱུར་བ་ཉམས་པར་གྱུར་ 1-1-325 པ་མཆོག་གི་དབང་པོ་དག་དང་ལྡན་པ་ནི། །རྣམ་པ་ཀུན་ལྡན་ཐིག་ལེ་མཐའ་དག་རྒྱལ་བའི་ བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལ་འོ། ༡༢༧། ༈ ལི་སོགས་དབྱངས་བརྒྱད་གང་དག་ཡུལ་དང་ཡོན་ཏན་དུ་གྱུར་དབྱངས་ཕྱེད་ཀྱིས་ནི་ རྣམ་པར་དམན་པ་རྣམས། །ཕན་ཚུན་དབྱེ་བས་ཕྱེ་བ་རྐང་པ་དང་བཅས་རོ་དང་མདའ་རྣམས་ དབུ་མའི་དབུགས་ནི་འབབ་པ་སྟེ། །དུས་སྦྱོར་གཉིས་པ་ལ་ནི་ཡུལ་དང་ཡོན་ཏན་དབང་གིས་ རིང་པོ་ཕན་ཚུན་དབྱེ་བས་ཕྱེ་བ་རྣམས། །སླར་ཡང་ཐུན་མཚམས་གསུམ་པ་ལ་ནི་ཤིན་ཏུ་རིང་ པོ་ཡུལ་དང་ཡོན་ཏན་དབུ་མའི་དབུགས་རྣམས་འབབ། ༡༢༨། དེ་ལྟར་ཐུན་མཚམས་བཞི་ལ་ མདའ་དང་བཅས་པའི་རི་བོ་རོ་རྣམས་དབུ་མ་ཡི་ནི་དབུགས་ཀྱི་དབྱངས། །༈ ཀ་ལ་སོགས་ པའི་ཡི་གེ་སུམ་ཅུ་སུམ་ཅུའི་རབ་ཏུ་དབྱེ་བས་རབ་ཏུ་གསལ་བར་དགུ་བརྒྱ་ཉིད། །དབྱངས་ དྲུག་གི་ནི་དབྱེ་བས་ཕྱེ་བ་མཁའ་མཁའ་དུས་དང་མདའ་རྣམས་དུས་སྦྱོར་གསུམ་གྱི་རྩ་གསུམ་ ལ། །དེ་བཞིན་རིང་པོས་རབ་ཏུ་ཕྱེ་རྣམས་ཕྱི་མའི་ཉིན་མོའི་བགྲོད་པར་དུས་སྦྱོར་གསུམ་ གྱི་རྩ་གསུམ་ལ། ༡༢༩། སླར་ཡང་དབྱངས་དྲུག་དག་གིས་ཕྱེ་བ་རྣམས་ནི་མཚན་མོའི་དུས་སུ་ དུས་སྦྱོར་གསུམ་གྱི་རྩ་གསུམ་ལ། །དེ་བཞིན་རིང་པོས་རབ་ཏུ་ཕྱེ་རྣམས་ཕྱི་མའི་མཚན་མོའི་ བགྲོད་པར་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ། །ཞིན་ཞག་སོ་སོའི་དུས་སུ་དབུགས་ནི་འབྱུང་ དང་འཇུག་པ་མཁའ་མཁའ་དྲུག་དང་ཟླ་བ་མིག་རྣམས་འབབ། །སྔ་མ་སྟོང་པ་རྣམས་བསྡུས་ ནས་ནི་མཉམ་དང་མི་མཉམ་བགྲོད་པར་དབུ་མ་དག་ལ་སྦྱར་བར་བྱ། ༡༣༠། ༈ ཕྱི་རོལ་ཏུ་ནི་གང་ཞིག་ཆུ་ཚོད་བརྒྱད་པའི་ཕྱེད་གྱུར་སྒྲ་གཅན་ལོངས་སྤྱོད་དག་ལས་ གཞན་དུ་གནས། །དེ་ནི་རང་གི་ལུས་ལ་དབུགས་ཕྱེད་ངེས་པར་མུན་པ་དང་བྲལ་འཇིག་རྟེན་ ཐམས་ཅད་སྣང་བ་སྟེ། །སྔ་མ་ཕྱེད་ནི་མུན་པ་དང་བཅས་སྲིད་པ་གསུམ་པོ་མཐའ་དག་སྟོང་པ་ གང་དུ་ཐིམ་པ་འོ། །དེ་ཕྱིར་དེ་ནི་ཕྱེ་ནས་དུས་ཀྱི་འཁོར་ལོ་རྣལ་འབྱོར་ལྡན་པ་གཅིག་པུ་མུན་ 1-1-326 པ་བྲལ་བར་འཇུག༡༣༡། ༈ ཟླ་བ་དམན་ཞིང་ཉི་མར་ལྷག་གང་ཁྱབ་བདག་མཆོག་གི་ཆ་དེ་འདིར་ནི་ཐུན་མཚམས་ བཞི་ལ་སྟེ། །ཐུན་དང་ཐུན་ལ་ཉིན་དང་མཚན་མོའི་དབང་གིས་བགྲོད་ཅིང་དུས་སྦྱོར་ཕྱེད་ པའི་རབ་ཏུ་དབྱེ་བ་ཡིས། །སུམ་ཅུ་རྩ་དྲུག་དུས་ཀྱི་ཕོ་ཉ་༈ཉིས་འགྱུར་མི་བདག་གཞན་རྣམས་ ཚེས་ནི་བརྒྱད་གཉིས་དབྱེ་བ་ལ། །གཟའ་རྣམས་ཀྱི་ཡང་བརྒྱད་ཀྱི་དབྱེ་བ་ལ་སྟེ་སླར་ཡང་ གཞན་རྣམས་དུ་མའི་ཚིགས་ཀྱི་ཕྱོགས་ལ་འོ། ༡༣༢། ༈ རིག་བྱེད་དུས་ཀྱི་དབུགས་ཀྱི་ལྷག་མ་སྲིད་གསུམ་སྐྱེད་པར་མཛད་མ་མཁའ་འགྲོ་མ་ ནི་སྣ་ཚོགས་གཟུགས། །ཟླ་བའི་དབུས་སུ་དམན་པ་གང་དེ་མཆོག་གི་རྒྱལ་བའི་བདག་པོའི་ རང་གི་ཕྱག་རྒྱ་རྣམ་གཉིས་འགྱུར། །གང་ཞིག་ཉི་མ་ལ་གནས་དེ་ནི་བརྒྱད་དབྱེ་ཕྱོགས་དང་ ཕྱོགས་བྲལ་འདབ་མར་ཐུན་ཚོད་ལོངས་སྤྱོད་མཐའ། །ལྷག་མ་འཁོར་ལོའི་ལྷ་མོ་མཆོག་ཏུ་ འཇིགས་པར་བྱེད་པ་གཞན་རྣམས་མཐའ་དག་ཕྱི་དང་ལུས་ལ་འོ། ༡༣༣། ༈ སྤེན་པར་བུག་པ་མུན་ནག་ཉིན་ཞག་ཅེས་བྱ་ལྷ་ཡི་བླ་མའི་ཕྱེད་བཅས་མིག་དང་མིག་ གི་གྲངས། །ཕྱེད་བཅས་དྲུག་དང་རིག་བྱེད་དུ་འགྱུར་དེ་རྣམས་མཆོག་གི་རྒྱལ་བདག་ཐུགས་ ཀྱི་རྡོ་རྗེ་ལས་ནི་སྐྱེས། །ས་སྐྱེས་སྟོང་པ་ཀླུ་ཟླ་ཉི་མ་གཟའ་ལག་པ་སངས་མཇུག་རིངས་ལ་ ཡང་སྟོང་པ་ཀླུ་མཁའ་གཅིག །མཁའ་མིག་མིག་དང་གཅིག་ཏུ་གྱུར་པ་དེ་རྣམས་མཆོག་གི་ ཁྱབ་བདག་གི་ནི་དག་པའི་གསུང་ལས་བྱུང་། ༡༣༤། གང་ཞིག་ཟླ་བའི་དུས་ཀྱི་ལོངས་སྤྱོད་ མཁའ་མཁའ་རོ་མེ་དེ་རྣམས་སྐུ་ཡི་རྡོ་རྗེ་དག་ལས་བྱུང་། །མཐའ་དག་གཅིག་ཏུ་གྱུར་པ་རོ་ དྲུག་ཀླུ་དང་དུས་རྣམས་དག་སྟེ་ཕྱེད་ཀྱི་ཆུ་ཚོད་དེ་བཞིན་ཉིད། །མཁའ་འགྲོ་དུས་ཀྱི་གཟུགས་ ཅན་མཐའ་དག་ལུས་ལ་གནས་ཤིང་སྲོག་ཆགས་རྣམས་ཀྱི་སྲོག་ནི་འཕྲོག་བྱེད་མ། །དེ་ཕྱིར་ ཉིན་ཞག་སོ་སོའི་དུས་སུ་རང་གི་ལམ་ནི་དགག་པ་བྱས་ནས་དེ་རྣམས་བསྒྲུབ་པར་བྱ། ༡༣༥། 1-1-327 ༈ ཇི་སྲིད་(ཕྱི་རོལ་ཏུ)གཟའ་རྣམས་དག་གི་ལོངས་སྤྱོད་(ལྷོ་བྱང་ངམ་དལ་མྱུར་གྱིས)རང་གཞན་ (གྱི)བགྲོད་པ་ལ་གནས་(ཤིང་ནང་དུ་སྲོག་གི)དབུགས་(ནང་དུ)རྔུབ་(པ་དང་)དབུགས་(ཕྱིར)འབྱུང་(བའི) རྒྱུ་བ་ལས(མ་གྲོལ་བ)། །དེ་སྲིད་(དུ་འཆི་བདག)དུས་ཀྱི་ཕོ་ཉ་(སེམས་ཅན་ཀུན་ལ)ཁྱབ་བྱེད་མ་གང་(ཡིན་ པ་དེ)ཁམས་གསུམ་དུ་ནི་མཆོག་དག་སྟེར་བར་འགྱུར་རམ་ཅི(སྟེ་མི་སྟེར་ཞེས་པའོ)། །(དེས་ན་དུས་ཀྱི) ཕོ་ཉ་(མོ)ཕྲ་མོ་(སྟེ་རླུང་)རབ་ཏུ་རྒྱུ་བ་(ནི)བླ་མའི་གསུང་(སྦྱོར་བ་ཡན་ལག་དྲུག)ལ་གནས་པ(འི་ཐབས་ ཀྱི་བཀག་ནས)བྱང་ཆུབ་སེམས་ནི་འགྱུར་མེད་པ། །(འཛག་བདེ་ལ་སོགས་པའི)སྡིག་བྲལ་རྣལ་འབྱོར་ ལྡན་པ་རྣམས་ཀྱིས་(རང་གི་ལུས་ལ)ཤེས་པར་བྱ་སྟེ་གཞན་དུ་(འཕོ་བའི)འདོད་ཆགས་སེམས་ཀྱིས་ (དུས་ཀྱི་ཕོ་ཉ་མོས་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེར་བ)མ་ཡིན་ནོ། ༡༣༦། ༈ ཉི་མ་དང་ནི་ཟླ་བའི་རྐང་པ་རྣམས་ལ་གཉི་གའི་བགྲོད་པའི་དབང་གིས་སྲེད་པས་ བསྣུན་པ་རྣམས། །ཡན་ལག་རྣམས་ཀྱིས་བགོས་པའོ་ལྷག་མའི་རྐང་པ་དེ་ནི་སྒྲ་གཅན་འཇུག་ པ་ལ་ཡང་མཇུག་རིངས་ཟ། །ཐུན་མཚམས་ཀུན་དང་ཐུན་བརྒྱད་ཉིན་ཞག་སོ་སོའི་དུས་སུ་ སྲོག་ཆགས་རྣམས་ཀྱི་ཡན་ལག་བཅུ་གཉིས་རྣམས། །དུས་སྦྱོར་རེ་རེ་ལ་ནི་དབུགས་རྣམས་ དག་ཀྱང་ཉིས་འགྱུར་དགུ་བརྒྱའི་སྲོག་རྣམས་འབབ་པ་ཡན་ལག་གསུངས། ༡༣༧། ཡན་ལག་ གཉིས་གཉིས་རྣམས་ལ་ཐོག་མའི་ཉིན་ཞག་དབང་གིས་དང་པོ་མ་རིག་ཡན་ལག་བཅུ་གཉིས་ བར། །དེ་ཕྱིར་དུས་ལ་སོགས་པས་ཡན་ལག་རྣམས་ཏེ་གཞན་ནི་དགུ་པ་སྔར་བཞིན་གང་ཡིན་ དེ་རྣམས་སོ། །དེ་ལྟར་རྣམ་པ་ལྔ་པོ་རྣམས་ཀྱིས་དུས་སུ་ཡང་ནི་ཀུན་ནས་ཟླ་བ་གཉིས་གཉིས་ དག་ལ་འགྱུར། །གང་དུ་ཟླ་བའི་ཆ་གཅིག་ཉམས་པ་ཉིད་དུ་གྱུར་པ་དེ་ནི་དང་པོའི་ཟླ་བ་ཁོ་ན་ ལའོ། ༡༣༨། ཟླ་བ་དྲུག་དང་དུས་གསུམ་གྱིས་ནི་འཛིན་པར་འགྱུར་ཏེ་རྟེན་ཅིང་འབྲེལ་པ་ཡན་ ལག་བཅུ་གཉིས་ཀྱིས། །དྲུག་པ་ཉི་མའི་དུས་ཀྱི་དབྱེ་བ་རྐང་པའི་བགྲོད་པའི་དབང་གིས་ཟླ་ བའི་དབུས་སུ་རབ་ཏུ་ཞུགས། །རེག་པའི་ཡན་ལག་དབུས་དེར་སྒྲ་གཅན་རྒྱུ་བ་དེ་ཡིས་ཟླ་བ་ 1-1-328 ཉི་མ་དག་ནི་འཛིན་པར་འགྱུར། །ཉིན་དང་མཚན་མོའི་དུས་སུ་སྒྲ་གཅན་དག་གིས་བལྟས་ པའི་སྨན་རྣམས་གང་ཡིན་དེ་རྣམས་གྲུབ་པ་སྟེར། ༡༣༩། ༈ ས་སྐྱེས་པ་སངས་གཟའ་ལག་ཟླ་ཉི་གཟའ་ལག་པ་སངས་སྔགས་པ་ཉི་སྐྱེས་སྤེན་པ་ དང་། །སྔགས་པ་ལུག་ལ་སོགས་པའི་ཁྱིམ་ལ་ཉིན་ཞག་སོ་སོའི་དུས་སུ་ཞིང་ཅན་རྣམས་ནི་ དུས་ཀུན་དུ[ཏུ]། །ཞི་ལ་ཟླ་ཉིའི་ཁྱིམ་སྟེ་གཟའ་ལག་པ་སངས་ས་སྐྱེས་སྔགས་པ་ཉི་སྐྱེས་ ཁྱིམ་ནི་རྒྱས་པ་དང་། །དབང་དང་དགུག་པ་འབྲལ་དང་བསད་པ་དག་ལ་རབ་འགྱུར་གལ་ཏེ་ འདིར་ནི་ཞིང་ཅན་གྱུར་ན་འོ། ༡༤༠། ༈ ཞི་ལ་དཀར་པོའི་ཞལ་ཏེ་དང་པོར་རྒྱས་པ་ལ་ནི་དཀར་དང་གསེར་མཚུངས་ཐུན་ཚོད་ ལག་པ་ལ། །རེངས་ལ་སེར་པོ་མེ་ཡི་ཐུན་ལའོ་རྨོངས་ལ་གསེར་དང་ཉི་མཚུངས་ཆུ་གཏེར་ལ་ སྟེ་དགུག་པ་ལ། །དམར་པོ་ལྔ་པ་དག་ལ་འགྱུར་ཏེ་དབང་ལ་ཉི་མ་ཆུ་གཏེར་དང་མཚུངས་དྲུག་ པའི་ཐུན་ལ་འོ། །བསད་ལ་ནག་པོའི་ཞལ་ཏེ་རི་བོ་ལ་འོ་བསྐྲད་ལ་ནག་དང་དཀར་འདིར་ཀླུ་ ལ་མཚན་མོའི་མཐར། ༡༤༡། ༈ ས་(དང་)ཆུ་(དང་)མེ་(དང་)རླུང་(དང་)རི་བོང་ཅན་དང་ཉི་མ་(དང་)ལྷ་(སྒྲ་གཅན་ནམ་དབང་པོ་ལ་ སོགས་པ)སྟེ་འདི་རྣམས་སྲོག་ནི་ལོངས་སྤྱོད་(པར)བྱེད་པ(པོ)མིན(ཡང་)། །(ས་སོགས)འདི་རྣམས་ སྲོག་ནི་ལོངས་སྤྱོད་(པ)པོ་ཡང་(སྔོན་གྱི་ལས)མི་དགེ(བ)འི་འབྲས་བུའི་དབང་གིས་བདག་ནི་ ལོངས་སྤྱོད་(པ་པོའོ་ཞེས)སེམས་པར་བྱེད(དོ)། །སྲེད་པ(འི་དབང་གིས)སྡུག་བསྔལ་(ལ་བདེ་བར)རྗེས་ (སུ)ཆགས་(པའི)འབྱུང་པོའི་ཚོགས་(སེམས་ཅན་རྣམས)ནི་གཟའ་དང་ལག་འགྲོ་(ཀླུ་དང་)ལྷ་རྣམས་ དག་ལ་(བདེ་བ)དོན་(དུ)གཉེར་(བས་གསོལ་བ་འདེབས་པར)བྱེད(ཀྱི)། །(རྡོ་རྗེ་རྣལ་འབྱོར)གང་གི་དྲིན་ གྱིས་ཐར་པར་རབ་ཏུ་འགྱུར་བ་ཡིད་ཀྱིས་ཞི་བ་(རྡོ་རྗེའི་རྣལ་འབྱོར་བསྒོམ་པ)དེ་ནི་བྱེད་པ་མ་ཡིན་(ཏེ་ བསོད་ནམས་མ་ཡིན་པའི་དབང་གིས་བདུད་ཀྱི་ལས་ཡིན)ནོ(དེས་ན་དེ་དག་ཤེས་པར་བྱས་ལ་སྤང་ངོ་)། ༡༤༢། 1-1-329 ༈ དང་པོའི་དབུགས་ནི་ཡོན་ཏན་མེད་པའི་བདག་ཉིད་རྣམ་གསུམ་ཡོན་ཏན་དབང་གིས་ དེ་ཡང་གསུམ་གྲངས་འགྱུར། །དེ་ཡང་ཡུལ་གྱི་ཡོན་ཏན་དབང་གིས་ཚེས་ཞེས་བྱ་བར་འགྱུར་ ཏེ་དེ་རྣམས་སླར་ཡང་སུམ་འགྱུར་ནི། །འབྱུང་བ་ཆུ་གཏེར་གྲངས་འགྱུར་སླར་ཡང་དེ་ནས་རྒྱུ་ བའི་དབྱེ་བ་རྣམས་ཀྱིས་བསྣུན་པ་དེ་དག་རྣམས། །ཆུ་ཚོད་ཕྱེད་ཀྱི་དབུགས་་ཀྱི་གྲངས་རྣམས་ དག་སྟེ་སླར་ཡང་ཉིས་འགྱུར་ཆུ་ཚོད་དབུགས་ཀྱི་གྲངས་རྣམས་སོ། ༡༤༣། གཉིས་གསུམ་ཆུ་ གཏེར་མདའ་དུས་རི་བརྒྱད་གཟའ་དང་བཅུ་རྣམས་ཀྱིས་ནི་དུས་ཀྱི་རྩ་འདི་འཕེལ་བ་སྟེ། །དེ་ ནས་སྡེ་ཡི་རབ་དབྱེ་རྣམས་ཀྱིས་རྣམ་གཉིས་ལམ་ལ་གནས་པ་དུས་ཀྱི་རྩ་ནི་འཇིག་རྟེན་ གསུམ། །ཀུན་ནས་གང་བར་བྱེད་དོ་བདེ་མཉམ་འབྲས་བུ་སྟེར་བ་ཟླ་བ་ཉི་མའི་རབ་ཏུ་རྒྱུ་ བ་ལས། །༈ ཇི་སྲིད་རིག་བྱེད་ཀླུ་དང་མེ་སྟེ་ངེས་པར་ཕྱག་ན་གྲི་གུག་ཐོད་པ་ཅན་དུ་རབ་ཏུ་ འགྱུར། ༡༤༤། ༈ འཁོར་ལོ་མདའ་དང་ཆུ་གཏེར་གྲངས་ནི་ཡུལ་དང་ཡོན་ཏན་དབང་གིས་སྐུ་གསུང་ ཐུགས་ཀྱི་རབ་དབྱེ་ཡིས། །གཙོ་བོ་སྲུང་བར་བྱེད་དེ་བདེ་མཉམ་འབྲས་བུ་སྟེར་བ་དུ་བ་ལ་ སོགས་ལྷ་མོ་བརྒྱད་རྣམས་སོ། །དེ་ལྟར་ཉི་མ་ལ་གནས་གཙོ་བོ་མཆོག་གི་རི་བོང་ཅན་གྱི་ཆ་ ཡིས་འཁྱུད་པ་སྣ་ཚོགས་གཟུགས། །ལྷ་མོ་སངས་རྒྱས་འཆི་མེད་རྣམས་དང་ཡུལ་དང་ཡུལ་ ཅན་སྒྲ་གཅན་ཟླ་བ་ཉི་མས་ཕྱག་འོས་པའོ། ༡༤༥། ༈ གཙོ་བོ་(དབུ་མ་ཨ་ཝ་དྷཱུ་ཏཱི་སྒྲ་གཅན་ཏེ་དེ)ཡི་ནི་(ནང་གི་རྒྱུ་བ)ཕྲ་མོའི་ངོ་བོ་(ཡེ་ཤེས་ཀྱི་རླུང་)མཆོག་ གི་ཡོན་ཏན་(གསུམ་དང་)ཡུལ་(ལྔ་རྣམས)ཏེ་(དེ་རྣམས་རྣམ་པར་དག་པ)ནང་དང་ཕྱི་རོལ་(གྱི)ཕྱག་རྒྱ་ (གསུམ་དང་ལྔ)གང་(ཡིན་པ་བརྒྱད་པོ)། །དེ་རྣམས་ཁམས་གསུམ་དུ་ནི་(བྱིས་པ་རྣམས་ལ་འཆི་བ་སྟེར་བས) མཆོག་ཏུ་འཇིགས་བྱེད་ཁྲོ་བོའི་སེམས་ལས་རབ་(ཏུ)སྐྱེས་(པའི)མཁའ་འགྲོ་མ་(བརྒྱད)རྣམས་ སོ། །གཙོ་བོ(རྡོ་རྗེ་སེམས་དཔ)འི་དབང་པོ་(ལྔ་པོ)གང་དག་རྣམས་དང་རྣམ་གསུམ་སྲིད་པ་(ཁམས་ 1-1-330 གསུམ)ལ་གནས་(པའི)སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ(དེ་ལྟར་བརྒྱད་པོ)། །དེ་རྣམས་(དབང་པོ)རང་གི་ ཡུལ་(ལྔ་དང་)བཅས་(པ)ཡོན་ཏན་(གསུམ)གྱིས་འཁྱུད་(པ་ནི)བཀྲ་ཤིས་ལ་སོགས་(གཟའ་ལྔ་དུ་བ་ཉི་ ཟླ་རྣམ་པར་དག་པ་སྟེ)རྡོ་རྗེ་མཁའ་འགྲོ་(རིགས་ལྔ་དང་གསུམ་སྟེ་བརྒྱད་པོ)འདི་རྣམས་སོ། ༡༤༦། ༈ (དེ་ལ)གཟུགས་དང་སྒྲ་དང་རོ་དང་དྲི་དང་གཞན་པ་དག་ཀྱང་དེ་ནས་རེག་བྱ་(སྟེ་ཡུལ་ལྔ་ དང་)དུ་བ་(སྟེ་མུན་པ་དང་)རྡུལ་དང་ནི། །སྙིང་སྟོབས་(ཀྱི)སེམས་ལ་(སྔར་གྱི་གཟའ་བརྒྱད་པོ)རིམ་པས་ རབ་ཏུ་གསལ་བར་(སྟེ་ངེས་པར)ཡང་ནི་(འགྱུར་ཞིང་)དེ་བཞིན་(དུ)སྒྲ་གཅན་གྱིས་ཀྱང་(གཟའ་བརྒྱད་ པོ་ལ)འཁྱུད་པ་སྟེ། །(གཟའ་བརྒྱད་པོ)དེ་དག་རྣམས་ཀྱི་དལ་རྐང་དྲུག་དང་མྱུར་(འགྲོས་དང་)འཁྱོག་ (འགྲོས་དང་)ལ་སོགས་(པ་དལ་འགྲོ་དང་འབྱུང་འགྲོས)རྒྱུ་བ་ལས་ནི་རྣམ་མང་བགྲོད་པ་འདི། །(གཟའ) བརྒྱད་པོ་རྣམས་ཀྱི་(དལ་བའི)རྐང་པ་དྲུག་ལ་ཡུལ་(ལྔ)དང་ཡོན་ཏན་(གསུམ་ཏེ)བརྒྱད་(ཀྱི་གཟའ) རྣམས་ཡང་དག་གནས་པས་(སྒྲ་གཅན་ལ་བསྐོར་ནས)འཁོར་ལོའི་ཚུལ(དུ་གནས་སོ)། ༡༤༧། ༈ (དེ་རྣམས་ནང་དུ་ནི་བྱིས་པ་སྐྱེས་པའི)དང་པོའི་དབུགས་ནི་དབྱེ་བ་བརྒྱད་དེ་ཡུལ་(ལྔ)དང་ ཡོན་ཏན་(གསུམ་པོ་དེ་རྣམས)ལ་(ཁྱབ་བྱེད་དུ)གནས་(པའི)ཀུན་ནས་དུ་བ་(མ)ལ་སོགས་པ། །མཁའ་ འགྲོ་མ་(བརྒྱད་པོ)རྣམས་དག་གིས་(གཙོ་བོ་ལ)བསྐོར་ཞིང་(སེམས་ཅན་ཐམས་ཅད་ལ་རྟག་ཏུ་གནས་ཀྱང་ གཡས་གཡོན་དབུས་དང་)རྣམ་(པ)གསུམ་(དུ་ཉི་མ་ལྟར་རླུང་)བགྲོད་པའི་དབང་གིས་(མྱུར་རྐང་ལྟར་སྲིད་པའི་ གནས་བཅུ་བཞིར)འཁྱམས་ཏེ་(དལ་རྐང་ལྟར)འགྲོ་བ་དྲུག་ཏུ་གནས(ཤིང་བདེ་སྡུག་ནོར་དང་བུ་ལོན་གྱི་འཕེལ་ འགྲིབ་ལྟར་སྤྱོད་དོ)། །(འགྲོ་བ་དྲུག་གི་ལུས་གློ་བུར་དྲི་མ་)དེ་ཡི་དབུས་སུ་དུས་ཀྱི་འཁོར་ལོ་(དང་པོའི་སངས་ རྒྱས་ནི)བདུད་རྩི་འཕྲོ་བའི་(ཐིག་ལེ་དང་)ཆ་ཡི(བདག་ཉིད་འདུས་པ་སྣ་ཚོགས་ཡུམ་གྱི)ས་འཁྱུད་པར་གྱུར་ པ་(རང་བཞིན་གྱིས)དག་པའི་སྐུ(བདེ་གཤེགས་སྙིང་པོའི་ཚུལ་དུ་བཞུགས་སོ)། །(དེས་ན་རྣལ་འབྱོར་པ)གང་ཞིག་ དབུགས་(རྒྱུ་བ)ནི་བཅད་ནས་རྒྱལ་བའི་སྐུ་(སྟོང་ཉིད་སྙིང་རྗེའི་བདག་ཉིད)ལ་འཇུག་པ་དེ་ཉིད་ཁོ་ན་ དུས་ཀྱི་འཁོར་ལོ་(ཐོབ་པར་གྱུར་པ)འོ། ༡༤༨། 1-1-331 ༈ (རྣལ་འབྱོར་པས)དབུགས་(མ་ལུས་པ)ནི་བཅད་པ(སྟེ་འགགས་པར་བྱས་པ)འི་མཐའ་རུ་(ལུས་ འགགས་པས་གཡས་གཡོན་དབུས་ཀྱི་རྩ)རྣམ་གསུམ་(ལ་རླུང་)བགྲོད་པ་འདི་དང་(འགྲོ་བ)རྣམ་པ་དྲུག་ ཀྱང་ཡོད་པ་མ་ཡིན་ཏེ། །ཐིག་ལེ་(འཕོ་བ)བཀག་པར་གྱུར་ན་ཀུན་ནས་མཆོག་གི་ཁྱབ་བདག་ (རྡོ་རྗེ་སེམས་དཔའི)བདེ་བ་(ཆེན་པོ་ཐོབ་ནས)མཐའ་ཡས་དུས་སུ་(རྒྱུན་མི་འཆད་པར)འཇུག་པ(སྟེ་བཞུགས་ པ)ར་འགྱུར། །(དེས་ན)འཁོར་བ་དག་གི་(འཕོ་བའི)བདེ་བ་(ལ་ཆགས་པ)སྤངས་ནས་མཆོག་གི་བླ་ མའི་(སངས་རྒྱས་ཀྱི)ཞལ་(བཞི་པ་ཡེ་ཤེས་ཀྱི་ཞལ་ཕྱག་རྒྱ་ཆེན་པོ་སྟོང་གཟུགས)ནི་རྣལ་འབྱོར་པ་ཡིས་(ཉིན་དུ་ མཚན་དུ)བསྒོམ་པར་བྱ། །(དེ་མེད་ན)སྤྱོད་པ་སྒེག་པའི་གཟུགས་(ལྷ་མོའི་ཆ་བྱད་དུ་བྱེད་པ)དང་མཆོག་ ཏུ་འཇིགས་པ་(ཁྲོ་བོ་དང་ཁྲོ་མོའི་ཆ་ལུགས་སུ)བྱེད་(པ་གར་གྱི་རྣམ་འགྱུར་སོགས)ལ་རྣལ་འབྱོར་མ་རྣམས་ དགྱེས་པ་མ་ཡིན་ནོ། ༡༤༩། ༈ གཙོ་བོའི་དབུགས་ལ་གཟའ་ཡི་ཚོགས་ཀྱི་རྐང་པ་མཐའ་དག་དུས་ཀྱི་སྦྱོར་བ་དག་ གིས་ཐིམ་འགྱུར་ཏེ། །དབུགས་ནི་མཁའ་མཁའ་ནམ་མཁའ་མཁའ་མིག་མེ་དང་ཆུ་གཏེར་ སོང་ན་ཐམས་ཅད་སྟོང་པར་སྐུལ་བར་བྱེད། །ལོ་འདི་རྣམས་ཀྱིས་ཕྱི་རོལ་ཏུ་ནི་མཆོག་གི་ ཁྱབ་བདག་རྐང་པ་སྤྲོ་དང་བསྡུ་བའི་ངོ་བོ་ལ། །རང་རང་ཚད་ཀྱིས་རྒྱལ་བའི་བདག་པོའི་རྒྱུ་ བ་དབུགས་ཀྱི་དབུས་སུ་འགྲོ་དང་གནས་པ་ཤེས་པར་བྱ། ༡༥༠། ༈ (དུས་བཞིའི་མཐར)སྟོང་པ་ལ་ནི་སྤེན་པ་འཇུག་པ་རང་གི་(དཀྱིལ་འཁོར་གྱི)ཉིན་ཞག་(རྣམས་ ཀྱིས་རྒྱུ་སྐར)བགྲོད་པའི་དབང་གིས་དུས་ཀྱི་མཐར་(སྟོང་པ་ལ་འཇུག་པར)འགྱུར་ཏེ། །(དུས་བཞིའི་ལོ་ལ་ སྤེན་པའི་ལོ་སུམ་ཅུ་ཐོབ་པ)སྟོང་པ་ནམ་མཁའ་མཁའ་མཚོ་ཆུ་གཏེར་ཟླ་བའི་ཉིན་ཞག་(ཏེ་དཀྱིལ་འཁོར) ལོངས་སྤྱོད་ལྷག་མ་རྣམས་ཀྱིས་ནམ་གྲུ(འི་མཐར་སྟོང་པ)ལ་(འཇུག་པ)འོ། །(སྒྲ་གཅན་གྱི)རང་གི་ བགྲོད་པ་འགྲོ་བའི་ཉིན་ཞག་(སྟེ་དཀྱིལ་འཁོར་ལོ་བཅྭ་བརྒྱད་ཀྱིས་དུས་བཞིའི་ལོ་ལས་ཐོབ་པ)མཁའ་མཁའ་ ནམ་མཁའ་མཁའ་མཚོ་མིག་གིས་(སྟོང་པ)དེར་ནི་སྒྲ་གཅན་(དང་དུས་མེ)འཇུག །(ཕུར་བུ)རང་ 1-1-332 གི་བགྲོད་པ་འགྲོ་བའི་ཉིན་ཞག་(སྟེ་དཀྱིལ་འཁོར་ལོ་བཅུ་གཉིས་ཀྱིས་དུས་བཞི་ལས་ཐོབ་པ)མཁའ་མཁའ་ ནམ་མཁའ་མཁའ་དུས་(དྲུག)དུས་(གསུམ)ཀྱིས་ལྷ་ཡི་བློན་པོ་(སྟོང་པར)འཇུག། ༡༥༡། (བཀྲ་ཤིས་ཀྱི་ ཟླ་བ་བཅྭ་བརྒྱད་ཀྱིས། དུས་བཞི་ཟླ་བའི་ཕུང་པོར་གྱུར་པ་ལས་ཐོབ་པ)ནམ་མཁའ་མཁའ་དང་སྟོང་པ་མཁའ་ བརྒྱད་ཀླུ་དང་མིག་གི་ཉིན་ཞག་(སྟེ་དཀྱིལ་འཁོར)རྣམས་ཀྱིས་བཀྲ་ཤིས་འཇུག་པ་སྟེ། །(ལོ་གཅིག་ གིས་དུས་བཞིའི་ལོ་ལས་ཐོབ་པ(ལོ་གཅིག་གིས་དུས་བཞི་མ་ཐོབ་པདཔེ་མི་འདྲ)མཁའ་མཁའ་ནམ་མཁའ་མཁའ་ མིག་མེ་དང་ཆུ་གཏེར་གྲངས་ཀྱི་ཉིན་ཞག་(སྟེ་དཀྱིལ་འཁོར)རྣམས་ཀྱིས་ཉི་མ་(དང་)ལ་སོགས་ (པའི་སྒྲས་གཟའ་ལྷག་པ་པ་སངས་མཇུག་རིངས་རྣམས་སྟོང་པ་ལ)འཇུག །(ཟླ་བའི་དཀྱིལ་འཁོར་ཞག་སུམ་ཅུས་དུས་ཞག་ གི་ཕུང་པོར་གྱུར་པ་ལས་ཐོབ་པ)མཁའ་མཁའ་ནམ་མཁའ་མཁའ་མཚོ་བརྒྱད་དང་ཟླ་བ་མདའ་ཡི་ ཉིན་ཞག་རྣམས་ཀྱིས་ཟླ་བ་(སྟོང་པ)དེར་འཇུག་སྟེ། །(དུས་བཞི་རྫོགས་པ)དེ་ཡི་དུས་སུ་(ཀྱེ)རྒྱལ་པོ་ (ཆེན་པོ)འགྲོ་བ་(སེམས་ཅན)དག་ནི་རང་རང་ཚད་ཀྱིས་རྣམ་པར་ཉམས་པ(སྟེ་འཇིགས་པ)ར་རབ་ཏུ་ འགྱུར། ༡༥༢། ༈ (རྫོགས་པ)དེ་ནས་(སླར་ཡང་དུས་བཞི་དང་གཟའི་ལོང་སྤྱོད་པར་པ་འཇུག་པ་ལྟར་ལུས་ལ་མངལ་དུ)ཟླ་བ་ (ཞུ་བ་དང་)ཉི་མ་(རྡུལ)ཤར་བ་(རྣམ་ཤེས་དང་འདྲེས་པ)ལ་བརྟེན་ནས་ལུས་གྲུབ་པ་(ལ)ཡང་རྩ་ཡི་ཀུན་ ཏུ་སྤྱོད་པ་འདི་ནི་རབ་ཏུ་(འབྱུང་བར)འགྱུར(ཏེ)། །(འཁོར་ལོ་དྲུག་གི་ལྟེ་བ)གཅིག་(གི་སྟེ་ཨ་བ་དྷཱུ་ཏཱི་དང་དེ་ བཞིན་དུ)གཉིས་(དང་)གསུམ་དང་ཆུ་གཏེར་(དང་)མདའ་དང་རོ་དང་རི་བོ་(དང་)ནོར་(དེ་བརྒྱད་ཀྱི་ སྡེ)རྣམས་(འཁོར་ལོ་ལྔ་ལ)འཕེལ་བར་འགྱུར་བ་(དང་དེ་བཞིན་དུ)གསང་བའི་རྩ(དང་རྡོ་རྗེ་དང་རྡོ་རྗེ་ནོར་ བུ་ལ་ཡང་སྔར་བཤད་པའི་རྩ་རྣམས་སོ)། །(དང་པོར་ཆགས་པ་སྙིང་ཁའི་རྩ་བཅུ་ལས)བུག་པ་ཞེས་བྱ་གཟའ་(དགུ་ བརྟེན་པ)ཡི་རྩར་འགྱུར་(ཞིང་)བཅུ་པ་ཕྲ་མོའི་རྩ་ནི་སླར་ཡང་(དབུ་མའི)ཕྱེད་ཀྱི་ལམ་དུ་འོ། །(རྩ)དེ་ (རྣམས)ནི་(སྔར་ཚིགས་བཅད་བརྒྱ་ཞེ་བཞི་པའི་འགྲེལ་པར་གསུངས་པ་བཞིན)སྡེ་ཡིས་ཕྱེ་བ་(རྣམས་ནི)ཡོན་ཏན་ (གསུམ)དང་བཅས་(ཤིང་)ཡུལ་(ལྔ)དང་བཅས་པ་(སྟེང་འོག་གི)འཁོར་ལོ(བརྒྱད་པོ)འི་རྩ་རྣམས་དག་ 1-1-333 ཏུ་འགྱུར(ཏེ)། ༡༥༣། ༈ ཀགཙུག་ཏོར་(དང་ནོར་བུ་ལ་གཉིས་ཀྱི་སྡེ)ཁསྙིང་ཁའི་ཕྱོགས་དང་(ཟླ་བའི་སྐྱེ་གནས་གསུམ་གྱི་སྡེ) གམགོ་བོ་(དང་རྡོ་རྗེ་ལ་བཞིའི་སྡེ)ངརི་བོང་ཅན་(ཟླ་བའི)རྣམས་(ཏེ་རྐང་པ་ལ་ལྔའི་སྡེ)ཅམགྲིན་པའི་ཕྱོགས་ (དང་གཟའི་སྐྱེ་གནས་ལ་དྲུག་གི་སྡེ)ཏེ་ཆཉི་མའི་རྒྱུ་བ་(སྟེ་ཁྱིམ་རྐང་)དང་(ཉི་མའི་སྐྱེ་གནས་ལ་བདུན་གྱི་སྡེ)། །ལྟེ་ བར་འཁོར་ལོའི་རྩ་ནི་(བརྒྱད་ཀྱི་སྡེ་ཚན་ཏེ་དེ་རྣམས་རིམ་པ་བཞིན)ཀ༽དུས་(བཞི)དང་ཁ༽ལག་འགྲོ(བརྒྱད་ ཟླ་བའི་སྐྱེ་གནས་ཏེ་དགུ་དང་)ག༽མི་བདག་(བཅུ་དྲུག་དང་དཔྲལ་བའི་ཕྱི་སྐོར་དུ་)ང༽ཟླ་བའི་རྐང་པ་(ཉེར་ལྔ) རྣམས་ཀྱིས་(གནས་དཔྲལ་བ་ལས)ཐ་དད་མིན(པར་གནས་པ་དང་)། །ཅསུམ་ཅུ་རྩ་གཉིས་(དང་)ཇ༽དེ་ ཡི་ཉེས་འགྱུར་རྣམས་ཏེ་ཆ༽མཐའ་དག་ཉི་(མའི་ཁྱིམ)རྐང་(ཞེ་བརྒྱད་ཉི་མའི་སྐྱེ་གནས)བསྲེས་པ་(ཞེ་དགུ) ཡིས་ཀྱང་(གནས་མགྲིན་པ་ལས་)ཐ་མི་དད(པར་གནས་སོ)། །(བཅུའི་སྡེ)བརྒྱ་དང་(དགུའི་སྡེ)བརྒྱད་ཅུ་རྩ་ གཅིག་(ལྷག་བརྒྱ་བརྒྱད་ཅུ་པོ)གང་ཞིག་ལག་རྐང་ལ་གནས་ཚིགས་(བཅུ་གཉིས)ཀྱི་རྩ་(སུམ་བརྒྱ་དྲུག་ཅུ) ནི་(ཐབས་ཤེས)གཉིས་ཀྱི་དབྱེ་བ་རྣམས(སོ)། ༡༥༤། ༈ (དེ་ལྟར)གཙུག་ཏོར་(དུ་གཉིས་ཀྱི་སྡེ་དང་)སྙིང་ཁའི་ཕྱོགས་(སུ་གསུམ་གྱི་སྡེ་)དང་རི་བོང་ཅན་ (གྱི་རྐང་པ་ལ་ལྔའི་སྡེ་)དང་ཉི་མའི་རྐང་པ་(ལ་བདུན་གྱི་སྡེ་དང་)མགྲིན་པའི་འཁོར་ལོར་(དྲུག་གི་སྡེ་དང་) ལྷག་མ་(བརྒྱད་ཀྱི་སྡེ་དང་དགུའི་སྡེ་ལ་སོགས་པ)རྣམས། །(ཏེ་བརྒྱ)བརྒྱད་ཅུ་རྩ་གཅིག་(གི)མཐར་ཐུག་ (སྔར་བཤད་པའི་རྩ་རྣམས་ལ)རབ་(ཏུ)གསལ་(ཞིང་ངེས་པར་རླུང་)རྣམ་(པ)བཅུ་(རྒྱུ་བ)གང་ཡིན་(པ)དེ་དག་ (གཡོན་རླུང་)ཞི་(བ)དང་(གཡས་རླུང་)དྲག་པོའི་གཟའ་རྣམས་ཏེ། །(གཡས་གཡོན་གྱི་རླུང་)དེ་དག་རྣམས་ ཀྱི་ཐོག་(མ་དང་)མཐ(མ)འི་ཆ་(ཡེ་ཤེས་ཀྱི་རླུང་)ནི་ཁྱབ་བདག་(གཙོ་བོའི)ཞབས་ལ་གནས་པ་དུས་ཀྱི་ རྩ་(ཨ་ཝ་དྷཱུ་ཏཱི)ཡིས་ལོངས་སྤྱོད་ཅིང་། །གཟའ་(སྟེ་རླུང་ལྔའམ་བཅུ)ཡི་མཐའ་(དབུ་མའི་རླུང་དེ)ཡང་སྲིད་ པ་གསུམ་གྱི་སྐྱེད་མ་མཁའ་འགྲོ་མ་ནི་རྡོ་རྗེའི་སྐུ་ཡིས་ལོངས་སྤྱོད་(པ་སྟེ་ཟ་བ་ཉིད)དོ། ༡༥༥། ༈ (ནམ་མཁའ་ལ)དང་པོར་(རྣལ་འབྱོར་པས་མཐོང་བའི་མཚན་མ)གང་ཞིག་(རང་བཞིན)སྟོང་པའི་ངོ་བོ་ 1-1-334 (དུ་སོགས་བརྒྱད་ནི)ཡུལ་(ལྔ)དང་ཡོན་ཏན་(གསུམ་དག་པ)ལ་གནས་(པ་བརྒྱད་དང་དེ་རྣམས་ལ་ཁྱབ་བྱེད་ཆ་དང་ ཐིག་ལེ་སྟེ་རྟགས་བཅུ་དང་དེ་ནས་སྣ་ཚོགས་གཟུགས)དེ་ཡི་རང་བཞིན་དག་ཏུ་འགྱུར། །(དེ་ནས)ཁམས་དང་ ཕུང་པོ་རྣམས་ལ་(འགྱུར་མེད་བདེ་བའི་སྐ་ཅིག)རབ་ཞུགས་སླར་ཡང་མིག་ལ་སོགས་པའི་དབང་པོ་ རྣམས་ལ་(ཡུལ་དང་རོ)མཉམ་པ་(འཇུག)སྟེ། །སད་དང་རྨི་ལམ་ལ་སོགས་(གནས་སྐབས་བཞི་འགགས་ པ)ལ་ཞུགས་(ཤིང་འགྱུར་མེད)མཆོག་གི་བདེ་མཉམ་གཞོམ་དུ་མེད་པར་ཡང་དག་(པར)རབ་(ཏུ) ཞུགས་(པར་བྱེད)པ(དེ་འགྱུར་བའི་མ་རིག་པ་སྤོང་བས)། །རིག་མ་(དང་)སངས་རྒྱས་(ཀུན་གྱི)ཡུམ་(ཤེར་ཕྱིན་ མ)སྟེ་རྡོ་རྗེ་ཡི་ནི་ཚིག་(བཞི་པ་དེའང་དེ་བཞིན་ནོ་ཞེས་པ)ལ་གནས་པ་(དབང་བཞིའི་དོན་དེ)རྣལ་འབྱོར་པ་ ཡིས་བཙལ་བར་བྱ(ཞིང་བསྒོམ་པར་བྱའོ)། ༡༥༦། ༈ (དེ་ལྟར་བསྒོམས་པས)གཙོ་བོ(ཐབས་བདེ་བ་ཆེན་པོ)འི་སྐུ་(སྟོང་གཟུགས་མངོན་དུ་བྱས་པ)ཡི་མཐུ་ལས་ རྣལ་འབྱོར་པ་རྣམས་དག་གི་མཆོག་གི་ལུས་ལ་ལྷ་ཡི་སྤྱན་(གྱི་མངོན་ཤེས་ཐོབ་པ་ཉིད)དུ་འགྱུར། ། (ཐབས)དེ་ཡི་གསུང་(གཞོམ་མེད་ཀྱི་སྒྲ་མངོན་དུ་བྱས་པ་དག)གི་མཐུ་ལས་(ལྷའི)རྣ་བ(འི་མངོན་ཤེས་དང་ ཐབས)དེ་ཡི་ཐུགས་(མི་རྟོག་ཡེ་ཤེས་མངོན་དུ་བྱས་པ)ལས་(སེམས་ཅན)གཞན་གྱི་སྙིང་ལ་གནས་པ་(སེམས་ ཀྱི་རྣམ་གྲངས་མངོན་པར)ཤེས་པར་འགྱུར། །(རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་ཤེས་རབ་ཀྱི་ཆ་ལ་སྦྱར་བ) ཤེས་རབ་(མའི)སྐུ་(སྟོང་གཟུགས་མངོན་དུ་བྱས་པ)ཡི་མཐུ་ལས་རྣམ་གསུམ་སྲིད་པ་ལ་གནས་(པའི་རང་ གཞན་གྱི)སྔོན་གྱི་སྐྱེ་བ་(དུ་མ)རྗེས་སུ་དྲན་(པའི་མངོན་ཤེས་ཐོབ)པར་འགྱུར། །ཤེས་རབ་ཀྱི་ནི་གསུང་ (གཞོམ་མེད་ཀྱི་སྒྲ་མངོན་དུ་བྱས་པ་དག)གི་མཐུ་ལས་མཁའ་མཉམ་ཐམས་ཅད་དུས་སུ་ཀུན་འགྲོ(རྣམ་པ་ ཐམས་ཅད་པ)འི་རྫུ་འཕྲུལ་(སྤྲོ་བའི་མངོན་ཤེས་ཐོབ་པ་ཉིད་)དུ་རབ་(ཏུ)འགྱུར། ༡༥༧། ༈ ཤེས་རབ་ཐུགས་ཀྱི་རང་བཞིན་(མི་རྟོག་ཡེ་ཤེས་མངོན་དུ་བྱས་པ)ལས་ནི་གང་ཞིག་བདེ་ མཉམ་ཐམས་ཅད་དུས་སུ་གཞོམ་དུ་མེད་པ(ཟག་པ་ཟད་པའི་མངོན་ཤེས་ཐོབ་པ)ར་འགྱུར། (ཡང་ན་ཐབས་ ཀྱི་སྐུའི་རྩ་ལ་ནཱ་དང་གསུང་གི་རྩ་དྲི་ཆུའི་རྩ་དང་ཐུགས་ཀྱི་རྩ་ཨ་ཝ་དྷཱུ་ཏཱི་འགགས་པའི་མཐུ་ལས་མངོན་ཤེས་སྔ་མ་གསུམ་དང་ 1-1-335 ཤེས་རབ་ཀྱི་སྐུའི་རྩ་བཤང་བའི་རྩ་དང་། གསུང་གི་རྩ་ར་ས་ནཱ་དང་ཐུགས་ཀྱི་རྩ་དུང་ཅན་མ་འགགས་པའི་མཐུ་ལས་མངོན་ ཤེས་ཕྱི་མ་གསུམ་དུ་འགྱུར་ཞེས་གསུང་ངོ་)། ༈ (གཞན་ཡང་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་སྐུའི)ལྷ་ཡི་སྤྱན་གྱི་(བྱིན་ བརླབས་ཀྱི)མཐུ་ལས་(རྣལ་འབྱོར་པ་རྣམས་ཀྱིས་ཕལ་པའི)མིག་གིས་མ་མཐོང་བ་(ཆོས་ཉིད་རྣམ་པ་ཐམས་ཅད་ པའི་གཟུགས་རྣམས)དང་སྲིད་པ་རྣམ་པ་གསུམ་ཡང་(མངོན་སུམ་དུ)མཐོང་བར་འགྱུར། །ལྷ་ཡི་རྣ་བའི་ (བྱིན་བརླབས་ཀྱི)མཐུ་ལས་(རྣལ་འབྱོར་པས)སྲོག་ཆགས་རྣམས་ཀྱི་ཁ་ཡིས་བརྗོད་(པ)དང་(རྟག་ཏུ) སྙིང་གི་(དབུས་ན་གནས་པའི་ཆོས་ཉིད་ཀྱི)སྒྲ་(ན་དཱ)ནི་(ཐམས་ཅད)ཐོས་པར་འགྱུར། །དེ་བཞིན་(དུ་གཙོ་བོའི་ ཐབས་ཤེས་རབ་ཀྱི)སྐུ་གསུང་ཐུགས་ཀྱི་སྦྱོར་བ་(མངོན་དུ་བྱས་པ)དག་ལས་(ཀྱེ)མི་ཡི་བདག་པོ་(ཤིན་ དུ་ལྐོག་ཏུ་གྱུར་པའི)རེག་བྱ་(དང་)ལ་སོགས་(པ་དྲི་རོ་དང་ཆོས་ཉིད་ཀྱི་དྲི་རོ་སོགས)ཐམས་ཅད་(རིག་པར) འགྱུར། ༡༥༨། ༈ (རླུང་རྒྱུ་བའི)རྩ་ནི་གང་ཞིག་(ལྟེ་བའི་འོག་ཏུ)ཐུར་སེལ་དབུས་སུ་རྣམ་གསུམ་ལམ་(དུ) གནས་(པ་སྟེ)གཅི་བ་(དང་)བཤང་བ(དང་)ཁུ་བ་འབབ་པ(འི་རྩ)རྣམས(སོ)། །སྲོག་(རླུང་)ནི་(ལྟེ་ བའི་སྟེང་དུ)དེ་དག་རྣམས་ཀྱི་རབ་ཏུ་རྒྱུ་བ(འི་རྩ)རྣམ་པ་དགུ་རུ་འགྱུར་ཏེ་མཐའ་མ་(ཞེས་པ་བཅུ་པ་ ནི)སངས་རྒྱས་ཞལ(ཞེས་པ་ཡེ་ཤེས་ཀྱི་ཞལ་ལོ)། །(སྔ་མ་དགུ་ནི)རྣ་བ་(གཉིས་དང་)སྣ་(གཉིས)དང་མིག་ལ་ རྣམ་གཉིས་ཞེས་པར་འགྱུར་ཏེ་ལྕེའུ་ཆུང་ནི་ལྕེ་དང་བཅས་པ་(གཉིས)དང་། །ཐིག་ལེ(འི་གནས) གཙུག་ཏོར་(གྱི)བུག་པ(དང་དགུ)ར་འགྱུར་ཏེ་བཅུ་པ་(སངས་རྒྱས་ཞལ་ནི)ཤེས་པ་ཡིས་ནི་རྒྱ་ཡིས་ བཏབ་པ་གང་ཡིན་པའོ། ༡༥༩། ༈ (དེ་ལྟར་སོ་སོར་སྡུད་ལས)སྲོག་དང་ཐུར་སེལ་(ཕྱི་རོལ་ཏུ་རྒྱུ་བ)འགགས་པར་གྱུར་ན་(སྤྱི་བོའི) རི་བོང་འཛིན་པ་(ཧཾ་ཡིག)བསྐྱོད་པ་(སྟེ་ཞུ་བར་བྱེད་པའི)ཉི་མ(གཏུམ་མོའི་མེ)འི་གཟུགས་སུ་(གསལ་བར) རབ་ཏུ་འགྱུར། །(རྗེས་དྲན་གྱི་སྐབས་སུ་ཐབས་ཀྱི)རྡོ་རྗེ་(ཤེས་རབ་ཀྱི)པད་མས་རབ་ཏུ་སད་ན་(ལྟེ་བའི་ གཏུམ་མོ་རབ་ཏུ་འབར་བས)སླར་ཡང་(ཟླ་བ་ཧཾ་ཡིག)འདི་ནི་ཉི་མའི་གཟུགས་ཀྱི་(གཏུམ་མོའི)མེ་ལྕེས་ཞུ་ 1-1-336 བར་བྱེད། །(ཡན་ལག་དྲུག་གི་སྦྱོར་བས་སྲོག)རླུང་དང་ཟླ་བ་(ཁུ་བ་དང་)ཉི་མ་(རྡུལ)འགགས་པར་གྱུར་ ན་རྣམ་པར་ཤེས་པ་དང་ནི་ཡེ་ཤེས་གཅིག་ཏུ་འགྱུར(ཞེས་པ་རྣམ་ཤེས་རང་བྱུང་ཡེ་ཤེས་ཀྱི་དབྱིངས་སུ་ནམ་ མཁའ་ལ་སྤྲིན་ཡལ་བ་ལྟ་བུར་གྱུར་པའི་ཚུལ་གྱིས་ཡེ་ཤེས་དང་འདྲེས་པ་ལྟ་བུར་གྱུར་པའོ)། །(སྲོག་ཐུར་སེལ་ཕྱི་རོལ་ཏུ་རྒྱུ་ བ་འགག་པས་གཏུམ་མོའི་མེ་གསལ་བ་)དེ་ལྟར་(གཏུམ་མོའི་མེས་ཟླ་བ་ཧཾ་ཡིག་ཞུ་བར་གྱུར་པ)དེ་ལྟར་དང་ནི་(བྱང་ སེམས་ཐིག་ལེ་ཞུ་བ)དེ་བཞིན་(དུ་བདེ་བའི་སྐད་ཅིག་མ་རྣམས་རྫོགས་ནས)དེ་ལྟར་(ཁུ་རྡུལ་རྣམ་ཤེས་འགགས་པ་སྟེ) རྣམ་(པ)གསུམ་དུ་འགྱུར་(བས་ཡེ་ཤེས་ཀྱི་སྐུ་ལས)གཞན་(མ་དག་པའི་ཕུང་པོ་སོགས)ནི་ཅུང་ཟད་(ཀྱང་) ཡོད་མ་ཡིན(ནོ)། ༡༦༠། ༈ (གནམ་སྟོང་གི་མཐར)ཟླ་བ་(དང་)ཉི་མའི་གཟུགས་ནི་(སྒྲ་གཅན་གྱིས)ཟོས་ན་མཁའ་ལ་ཉིན་ མོ་དང་ནི་མཚན་མོ་ནམ་ཡང་མིན་པ་ཉིད(ཀྱི)། །ཐུན་མཚམས་(ཇི་ལྟ་བ)དེ་ནི་རྣལ་འབྱོར་རྣམས་ ཀྱི་ལུས་ཀྱི་དབུས་སུ་དུས་ཀུན་(དུ)བདུད་རྩི(འཆི་བ་མེད་པ)འི་གོ་འཕང་(ཟླ་བའི་ཆ་བཅུ་དྲུག་པ)ལ་ གནས་པའོ། །(དཀར་པོ་དང་ནག་པོའི)ཕྱོགས་ཟད་(པ་གནམ་སྟོང་གི་མཐར)ཟླ་བ་མཁའ་ལ་གནས་པ་ ཉི་མའི་གཟུགས་ལ་རོ་ནི་མཉམ་པར་འགྱུར་བ་ཇི་ལྟ་བར། །སྲོག་དང་ཐུར་སེལ་ཟད་པར་ གྱུར་ན་གསལ་བར་ཡང་ནི་(རྣལ་འབྱོར་པའི)ལུས་ལ་(མཆོག་གི)དངོས་གྲུབ་དུས་སུ་(ཉི་ཟླ)དེ་འགག་ གོ༡༦༡། ༈ (དེ་ལྟར)ཟླ་བ་(ཁུ་བ་དང་)ཉི་མ(འི་རྡུལ་གྱི)རྒྱུ་བ་(སྟེ་འཕོ་བ)ཉམས་ཤིང་(གཡས་གཡོན་གྱི)ལམ་ ནི་གཉི་ག་ཡི་ཡང་སྲོག་གི་རླུང་ནི་ཆེན་པོ་འགགས། །(རྗེས་དྲན་གྱི་སྐབས་སུ་ཤེས་རབ་ཀྱི)ཆུ་སྐྱེས་ (ཀྱིས་ཐབས་ཀྱི)རྡོ་རྗེ་རབ་ཏུ་སད་ཅིང་(ལྟེ་བའི་ཨ་ཡིག་གཏུམ་མོའི་མེས་སྤྱི་བོའི་ཧཾ་ཡིག)རི་བོང་ཅན་ཞུ་(བ་དེ་ ཇི་ལྟར་བྱོན་པ་དེ་བཞིན་སྟེང་དུ་གཤེགས་པར་བྱས་པའི་སྟོབས་ཀྱིས་རྣལ་འབྱོར་པའི་སེམས)ཉི་མ(འོད་གསལ་སྟོང་པ)འི་ གཟུགས་ཆེན་ལ་ནི་རབ་ཏུ་ཞུགས(ཏེ)། །དངོས་(པོ་ཐབས་དང་)དངོས་མེད་(ཤེས་རབ)གཅིག་(ཏུ་ འདྲེས་པར)གྱུར་པ(འི་རྡོ་རྗེ་ཡེ་ཤེས་ཀྱི་སྐུ)རྣམ་གསུམ་སྲིད་པར་(ནམ་མཁའ་ལྟར་ཀུན་ཁྱབ་ཏུ)གནས་པའི་ 1-1-337 གཞོམ་མེད་(བདེ་བ་ཆེན་པོ་རང་རིག་པས)ལེགས་པར་རབ་ཏུ་རྟོགས་(པ་སྟེ་མངོན་དུ)གྱུར་པ། །དེ་ཡི་ དུས་སུ་རྣལ་འབྱོར་པ་དེ་(ཕྱག་རྒྱ་ཆེན་པོའི་དབྱིངས)གང་ལ་(ཤེས་པ་དང་ཤེས་བྱ་སོགས)གཉིས་(ཆོས་ཐམས་ ཅད)ནི་ཅུང་ཟད་མེད་པ་(ཕ་རོལ་ལམ་གཞན་ནམ)མཆོག་གི་གོ་འཕང་(དུ)འགྲོ(འོ)། ༡༦༢། ༈ (དེའི་ཚེ)ཁྲོ་བོ་(བཅུ)སངས་རྒྱས་(དྲུག)ལྷ་མོ་(དེ་བཞིན་གཤེགས་མ)དང་བཅས་(པ་དང་)ངེས་ པར་རོ་ཡི་རྡོ་རྗེ་(སྟེ་རྡོ་རྗེ་མ་དྲུག)རྣམས་དང་ས་ཡི་སྙིང་པོ་སོགས(བྱང་ཆུབ་སེམས་དཔའ་དང་། །ཁྲོ་བོ་དང་ཁྲོ་ མོ)རབ་ཏུ་དགའ་བ(སྟེ་བདེ་བ་ཆེན་པོ)འི་ཐུགས་(ཅན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བ)རྣམས་ རྣལ་འབྱོར་པ་ལ་(ཕྱག་རྒྱ་ཆེན་པོ)གྲུབ་པའི་དུས་སུ་ནམ་མཁའ་ལ་ནི་མངོན་སུམ་(དུ)འགྱུར(ཞིང་)། །(རྣལ་འབྱོར་པ)དེ་ཡི་འདོད་པའི་དངོས་གྲུབ་(མཆོག་ཐོབ་པའི་དུས་ནི)རི་བོང་ཅན་(ཟླ་བ་ཉ་གང་བའི་ དུས)གྱི་ཞག་གི་(ཉིན་མོའི་དང་པོ)ཐོ་རངས་(སྐྱ་རེངས་འཆར་བ)དང་ནི་(ཡང་ན་ཉིན་མོའི་དང་པོ)མཚན་མོ་ ཕྱེད་(ཀྱི་དུས)ལ་(ཐོབ་པར)འགྱུར། །(དེའི་དུས་སུ་ངོ་མཚར་བའི་ལྟས)རིན་པོ་ཆེ་འམ་(གུར་ཀུམ་དང་)མེ་ ཏོག་ཆར་ནི་མཆོག་གྱུར་(མཆོག་ཐོབ་པའི)དུས་ཀྱི་(ངོ་མཚར་པའི)སྦྱོར་བས་ས་ཡི་སྟེང་དུ་འབབ་པར་ འགྱུར། ༡༦༣། ༈ (རྣལ་འབྱོར་པ་མཆོག་ཐོབ་པ་དེའི)ལུས་ནི་(མ་དག་པའི་ཕུང་པོ་འགགས་པས་ཤིན་ཏུ)དང་ཞིང་རྡུལ་ཕྲན་ ཉམས་པ་(སྟེ་རྡུལ་མེད་རྡུལ་བྲལ)ནམ་མཁའ་དང་མཚུངས་(ཤིང་དོན་དམ་པའི)མཚན་དང་(དཔེ་བྱད)ལ་ སོགས་པ་(ཡོན་ཏན་མཐའ་ཡས་པ)རྣམས་ཀྱིས་རབ་རྫོགས་འགྱུར(ཞིང་)། །སྣ་ཚོགས་(རྣམ་པ་ཐམས་ ཅད་པའི་བདག་ཉིད་དོན་དམ་གྱི)འཇིག་རྟེན་གསུམ་པོ་(གཞན)ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་ བརྨི་ལམ་(དང་པྲ་ཕབ་པ་ལ་སོགས་པ)བཞིན་དུ་སྣང་(ངོ་)། །(རྣལ་འབྱོར་པ་དེའི་གསུང་གི)སྐད་ནི་(སྲོག་གིས་ བསྐྱེད་པའི་ངག་འགགས་ནས་དུ)ཀུན་ནས་ཆད་པ་(སྟེ་འགག་པ)མེད་ཅིང་(འགྲོ་བ)དུ་མའི་སྐད་གཞན་(དང་ གཞན་མཐའ་ཡས་པ)དག་གིས་(གདུལ་བྱ)གཞན་གྱི་སྙིང་ལ་(རྟག་ཏུ)འཇུག་པ་(གཞོམ་མེད་ཀྱི་སྒྲར་གྱུར་པ) སྟེ། །(རྣལ་འབྱོར་པ་དེའི)སེམས་ནི་(ཁམས་གསུམ་པའི་སེམས་འགགས་པའི་སེམས་ཆེན་པོ)དམ་པའི་(འམ་མཆོག་ 1-1-338 གི)བདེ་བས་གང་ཞིང་(ཕལ་པའི་ཡུལ་གང་ལ་ཡང་)མི་གཡོ་(ཞིང་མི་འཇུག་ལ)ཐམས་ཅད་དུས་སུ་ལྷན་ ཅིག་སྐྱེས་པ(འི་བདེ་བ་ཆེན་པོ)ས་(དབྱེར་མེད་པར་)འཁྱུད་པ་འོ། ༡༦༤། ༈ ས་ལས་ཆུ་དང་རྩེ་མོ་ཅན་དང་རླུང་གི་རྡུལ་ཕྲན་ཕྱེ་ནས་ཆུ་ཡི་ཁམས་ལ་འཇུག་པར་ བྱེད། །ཆུ་ལས་ས་མེ་རླུང་ཕྱེ་རྩེ་མོ་ཅན་ལ་རྩེ་མོ་ཅན་ལས་ས་དང་ཆུ་དང་རླུང་ཕྱེ་སྟེ། །རླུང་ལའོ་ རླུང་ལས་ས་དང་ཆུ་དང་རྩེ་མོ་ཅན་དག་ཕྱེ་ནས་ལས་ཀྱི་རླུང་ཡང་སྟོང་པ་ལ། །རྣམ་གསུམ་ སྲིད་པའི་དབང་གིས་གང་ཞིག་ལས་ཀྱི་རླུང་གིས་བསྣུན་པ་གཞན་རྣམས་ཞིང་གཞན་དག་ཏུ་ འགྲོ། ༡༦༥། ༈ སངས་རྒྱས་ཞིང་ནི་མ་ལུས་ལས་ཅན་མིན་པར་སྲིད་གསུམ་སྐྱེད་པར་མཛད་པས་རྣམ་ པར་གཟིགས་ནས་ནི། །གཉི་ག་རོ་མཉམ་དག་པའི་རྡུལ་ལ་སངས་རྒྱས་ཐམས་ཅད་བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་བསྐོར་བ་སྟེ། །སོ་སོའི་རེ་རེའི་རོ་ཡི་རྡུལ་ལ་གཉི་གའི་རིགས་ཀྱི་ དབང་གིས་རྡོ་རྗེའི་སྲས་པོ་རྣམས་ཀྱིས་བསྐོར། །ས་ལ་སོགས་པའི་རྡུལ་ལ་མ་ལུས་རིགས་ལ་ གནས་པ་མཐའ་ཡས་མི་གཡོ་སོགས་ལ་རབ་ཞུགས་རྣམས། ༡༦༦། ༈ དེ་དག་རྣམས་དང་ཐབས་གཅིག་རྡོ་རྗེ་སེམས་དཔའ་འཆགས་པའི་དུས་ཀྱི་བར་དུ་ མཁའ་ལ་རྣམ་པར་བཞུགས། །༈ ཡང་དག་འཛིན་པར་བྱེད་པས་ས་དང་ཆུ་དང་བསྲེག་ཟ་ རླུང་དང་སྟོང་པའི་རང་བཞིན་རྡུལ་ཕྲན་འཛིན། །སྲུབ་པར་བྱེད་པས་ཐ་དད་རྡུལ་ཕྲན་མཐའ་ དག་གཅིག་ཏུ་གྱུར་གྱི་བར་དུ་སྲུབ་པར་བྱེད་པ་སྟེ། །སླར་ཡང་དེ་དག་རྣམས་ནི་ཕན་ཚུན་ སྦྱོར་བར་འགྱུར་ཏེ་གཙོ་བོའི་དངོས་ལ་ཕལ་པའི་དངོས་རྣམས་སོ། ༡༦༧། དབྱིབས་ཀྱི་རླུང་ནི་ ཆེན་པོ་ཐམས་ཅད་དག་གིས་སངས་རྒྱས་ཞིང་རྣམས་མཐའ་དག་རྣམ་པར་འགོད་པར་བྱེད། ། འཇིག་རྟེན་ཁམས་ནི་སོ་སོ་དག་ལ་སླར་ཡང་ཁོར་ཡུག་རི་བོ་ཆེན་པོ་དག་ནི་ཀུན་ནས་སོ། ། དེ་ཡི་དབུས་སུ་ལས་ཀྱི་ས་ནི་ཆེན་པོ་དག་གི་རང་བཞིན་འཇིག་རྟེན་ཁམས་སུ་རབ་ཏུ་འགྱུར། 346། ལྷག་མ་ལོངས་སྤྱོད་རང་བཞིན་ཡུལ་གྱི་བདེ་བ་བྱེད་པ་རིན་ཆེན་ཀུན་གྱིས་རབ་ཏུ་གང་བ་ རྣམས། ༡༦༨། ༈ མཐའ་དག་རི་ཡི་བདག་པོའི་ཤར་ནི་དག་པའི་ཨིན་དྲ་ནཱི་ལ་ལྷོ་ནི་པད་མ་རཱ་ག་སྟེ། ། ནུབ་ནི་ཀར་ཀེ་ཏ་ན་སེར་པོ་བྱང་ནི་རི་བོང་འཛིན་པ་ལྟར་དཀར་ཟླ་བ་ཆུ་ཤེལ་ལོ། །དབུས་ ནི་ལྗང་ཁུ་དེ་ཡི་ནང་དུ་ཆུད་པ་འདིར་ནི་དཀྱིལ་འཁོར་ཆེན་པོ་དེ་ཡི་སྙིང་པོ་སྟེ། །དང་པོར་ ཐུགས་ཀྱི་རང་བཞིན་དེ་ནས་དབུས་མ་ལས་ནི་ཉིས་འགྱུར་དག་ཀྱང་གསུང་གི་རང་བཞིན་ ནོ། ༡༦༩། དེ་ནས་གཞན་ནི་ཉིས་འགྱུར་དག་སྟེ་མདའ་ལ་བཅུ་ཡིས་བསྒྱུར་བར་གྱུར་པའི་ དཔག་ཚད་སྟོང་ཕྲག་གོ། དེ་ཡི་ཕྱི་རོལ་དུས་རྣམས་དག་གིས་འཁོར་ལོའི་ངོ་བོ་དེ་ནས་འཇིག་ རྟེན་ཁམས་ཀྱི་རང་བཞིན་ནོ། །འཁོར་ལོ་དྲུག་དང་རིགས་དྲུག་གིས་ཏེ་རིག་བྱེད་འབུམ་གྱིས་ རླུང་གི་དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་རོ། །བརྒྱད་གཉིས་ཀ་བ་མི་བདག་རི་བོང་ཅན་ གྱི་ཆ་ཡིས་ཁང་པ་བསྲེགས་པ་ཟླུམ་པོ་སྐྱེ་གནས་གཟུགས། ༡༧༠། ༈ རྒྱལ་བའི་བདག་པོའི་གཙུག་ཏོར་ནས་ནི་མཛོད་སྤུའི་དབུས་སུ་ཕྱེད་དང་བཅས་པ་ཉི་ མའི་སོར་དུ་འགྱུར། །དེ་ནས་མགྲིན་པའི་ཆུ་སྐྱེས་དེ་བཞིན་སྙིང་ཁ་དང་ནི་དེ་ནས་ལྟེ་གསང་ཆུ་ སྐྱེས་དེ་བཞིན་ནོ། །ཞབས་ཀྱི་མཐིལ་དང་རྗེ་ངར་བརླ་དང་དཔྱི་ཡང་མ་ནུ་དེ་ཉིད་དེ་ཉིད་རིག་ བྱེད་རྣམས་ཀྱིས་ཏེ། །བྲང་ཕྱེད་ཕྱེད་བཅས་ཉི་མས་རང་དཔུང་དཔུང་ལག་རྣམས་ནི་མཁའ་ མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ། ༡༧༡། (དེ་ལྟར་ཐམས་ཅད་དུ)ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་གང་ ཞིག་(ནི་སངས་རྒྱས་ཀྱི་སྐུ་ལའོ)དུས་(དྲུག)དང་དགུ་ཡིས་མི་རྣམས་ཀྱི་ནི་(རྒྱར)འཇིག་རྟེན་ཚད་(དང་ མཐུན་པ་ཁྲུ་བཞི་སྟེ་དཔངས་སུ་ནི་བརྒྱད་ཅུ་རྩ་བཞི་འོ)། །རིག་བྱེད་ཕྱེད་དང་བཅས་པའི་བཞི་དང་ཆུ་གཏེར་ ཆུ་གཏེར་ཕྱེད་དང་བཅས་པའི་རིག་བྱེད་རིག་བྱེད་ཀྱིས། །གཙུག་ཏོར་མགོ་བོ་འོག་ཏུ་འགྱུར་ ཏེ་རྒྱལ་བའི་བདག་པོའི་དཔལ་ལྡན་དཔྲལ་བ་དག་དང་ཤངས་དང་ནི། །ཤངས་ཀྱི་འོག་ཏུ་ 1-1-339 ཀོ་སྐོའི་མཐའ་དང་དེ་ནས་མགྲིན་པ་དག་སྟེ་མགྲིན་པའི་རྩ་བའི་ཆུ་སྐྱེས་དབུས། ༡༧༢། དེ་ ནས་སྙིང་ཁ་ལྟེ་བ་གསང་བར་མི་ཡི་བདག་པོ་ཕྱེད་བཅས་ཉི་མ་རྣམས་ཀྱིས་རིམ་པས་འགྱུར། ། གསང་བའི་ཆུ་སྐྱེས་ལྟེ་བའི་རྩ་བར་རྡོ་རྗེ་དག་ཀྱང་ཐུབ་པ་ཡི་ནི་སྟེང་གི་གཙུག་ཏོར་ཉིད། ། མཛོད་སྤུ་གསང་བའི་ཆུ་སྐྱེས་དབུས་སུ་ཁུ་བའི་ཐིག་ལེ་མི་འགྱུར་བདེ་བ་སྐྱེད་བྱེད་གནས་ པ་གང་། །དཔལ་ལྡན་རྡོ་རྗེའི་ས་འདི་གཉི་གའི་རིགས་ཀྱི་དབང་གིས་སྐུ་གསུང་ཐུགས་ཀྱི་ འཁོར་ལོ་དག་ལ་འོ། ༡༧༣། ༈ ཕྱེད་བཅས་ཉི་མ་ཉི་ཤུ་རྩ་ལྔ་དེ་ལས་ཉིས་འགྱུར་དག་ཀྱང་ཐུགས་གསུང་སྐུ་ཡི་འཁོར་ ལོ་སྟེ། །ཐུགས་ཀྱི་ཕྱེད་ནི་སོར་དྲུག་རྐང་པ་དང་བཅས་སྙིང་ཁ་ལ་གནས་ལྷན་སྐྱེས་ཡེ་ཤེས་ འཁོར་ལོ་འོ། །གསུམ་པོ་དག་ལས་སྒོ་རྣམས་བྱ་སྟེ་ནོར་བུའི་རང་བཞིན་གྱིས་སྤྲས་དཀྱིལ་ འཁོར་རྣམས་ལས་བརྒྱད་ཆ་འོ། །འགྲོ་དང་འོང་བས་སྟེང་དང་འོག་ཏུ་སྐུ་དང་གསུང་དང་ ཐུགས་ཀྱི་འཁོར་ལོ་ཉིས་འགྱུར་དག་ཏུ་འགྱུར། ༡༧༤། ལྷུན་པོར་གནས་པ་ལ་ཡང་རྒྱལ་བའི་ བདག་པོའི་སོར་མོ་ཕྱེད་ནི་དཔག་ཚད་སྟོང་ཕྲག་དག་ཏུ་འགྱུར། །དེ་བཞིན་ལྷ་ཡི་རི་བོ་དག་ནི་ ལུས་ཀྱི་ཚད་དུ་འགྱུར་ཏེ་རྒྱར་ནི་ཕྱེད་ཀྱི་ཚད་ཡིན་ནོ། །དེ་ཡི་སྟེང་དུ་རྡོ་རྗེའི་རྣམ་པ་བརྩེགས་ པ་ཆ་གསུམ་པ་སྟེ་དེ་ཡི་ཡང་ནི་ཕྱེད་དུ་འགྱུར། །དེ་བཞིན་འོག་ཏུ་འཛིན་མ་ཆུ་དང་མེ་དང་རླུང་ དང་མེ་ལྕེ་དང་བཅས་རྡོ་རྗེ་ཕྲེང་བ་འོ། ༡༧༥། ༈ (དེ་ཉིད་ལུས་ལ་སྙིང་ཁར)ཕྱེད་བཅས་(སོར)ཉི་མས་རྒྱལ་བའི་བདག་པོ(དུས་ཀྱི་འཁོར་ལོ)འི་ ཐུགས་ཀྱི་འཁོར་ལོར་འགྱུར་ཏེ་(དེ་ཉིས་འགྱུར)ལྟེ་བ་(དང)མགྲིན་པའི་ཆུ་སྐྱེས་(ཀྱི)དབུས་(ཀྱི་བར་ ནི)། །གསུང་གི་འཁོར་ལོ་(ཡིན་ལ)སྐུ་ཡི་འཁོར་ལོ་(ནི་འོག་ཏུ)རྡོ་རྗེ་ནོར་བུའི་གནས་ནས་སྟེང་ དུ་མཛོད་སྤུ་ཕྱེད་ཀྱི་མཚམས(ཀྱི་བར་རོ)། །སྒོ་ཁྱུད་(དང་དེའི)མཐར་ནི་དཔལ་ལྡན་འགྲམ་པར་ འགྱུར་ཏེ་(གང་ལ་འགྱུར་ན་ཀྱེ)མི་བདག་དཔྲལ་བའི་སྟེང་དུ་གཙུག་ཏོར་དག་གི་མཚམས(ལ་ཕྱེད་ 1-1-340 བཅས་སོར་བཅུ་གཉིས་ཏེ་དེ་ལའོ)། །ཕྱེད་བཅས་ཉི་མ་རྣམས་ཀྱིས་ས་(དང་)ཆུ་(དང་)མེ་(དང་)རླུང་(གི) དཀྱིལ་འཁོར་(རྣམས་དང་)མེ་ལྕེ་དང་བཅས(འཁོར་ལོ་དང་)རྡོ་རྗེ་ཕྲེང་བ་(སྟེ་ས་དང་རྡོ་རྗེ་ཕྲེང་བ་སྡོམ་པ་ནི་ གཞན་བཞི་པོ་སོ་སོ་དང་མཉམ་པ)འོ། ༡༧༦། ༈ སྟེང་དང་འོག་ཏུ་སངས་རྒྱས་སྐུ་འདི་མཉམ་པར་འགྱུར་ཏེ་སྐུ་དང་གསུང་དངཐུགས་ ཀྱི་འཁོར་ལོ་འོ། །ཀུན་ནས་རླུང་གི་བགྲོད་པའི་དབང་གིས་ཐད་ཀའི་ཚད་ཀྱི་གསུམ་རྣམས་ ཀྱིས་སམ་དེ་བཞིན་དྲུག་རྣམས་ཀྱིས། །རྩིབས་བརྒྱད་མཚན་མ་དང་ནི་རྒྱལ་བའི་བདག་པོའི་ རྐང་པ་དང་བཅས་སོར་མོ་དྲུག་གིས་འཁོར་ལོར་འགྱུར། །སྒོ་བརྒྱད་རྣམས་ཀྱིས་བསྐོར་ཞིང་ རང་གི་ལག་མཐིལ་སེན་མོ་རྣམས་ཀྱིས་དཔལ་ལྡན་དུར་ཁྲོད་བརྟག་པར་བྱ། ༡༧༧། ༈ སྟེང་འོག་ཞལ་དང་གསང་བར་གཉིས་དང་ཆུ་གཏེར་ཚད་ཀྱིས་བཅོམ་ལྡན་འདས་ མའི་དཀྱིལ་འཁོར་དག་ཏུ་འགྱུར། །(པད་མ་ཕྱེད་ལ་སྙིང་པོའི་དབུས་ནས་གསུམ་རྣམས་ཀྱིས་ཀྱང་དེ་ནས་ཕྲེང་བ་ དང་བཅས་འཁོར་ལོ་དྲུག)སྙིང་པོའི་དབུས་ནས་པད་མ་ཕྱེད་དང་དེ་ནས་ཕྲེང་བ་དང་བཅས་འཁོར་ ལོ་དྲུག་ནི་གསུམ་གྱིས་སོ་(ཟེར)། །སྒོ་ལ་སོགས་་པ་དག་དང་འགྲམ་པ་འཁོར་ལོ་ཀུན་ལས་ ལྔ་ཆ་དག་གིས་ངེས་པར་རབ་ཏུ་འགྱུར། །ལྷན་ཅིག་སྐྱེས་པའི་སྐུ་ནི་མཆོད་རྟེན་གཟུགས་འདི་ ཀུན་ནས་ཤེས་རབ་མ་ཡིན་ཐབས་ཀྱང་མ་ཡིན་ནོ། ༡༧༨། ༈ ལྷུན་པོའི་ཕྱི་རོལ་ཏུ་ནི་འོག་གི་ས་གཞིའི་གནས་ལ་གྲུབ་པ་བརྒྱད་པོ་ཡང་དག་གནས་ པ་སྟེ། །ཤར་དུ་རལ་གྲིར་འགྱུར་ཏེ་རོ་ཡི་དབང་པོ་བདུད་རྩིའི་འབྲས་བུ་རི་ལུ་མིག་སྨན་རོ་ ཙ་ན། །ལྷོ་རུ་དཔལ་ལྡན་རྐང་མགྱོགས་མི་ཟད་མཐའ་དག་གཏེར་ནི་དཀྱིལ་འཁོར་དག་གི་ མེ་ཡི་ཟུར་དུ་འོ། །དབུས་སུ་མཆོད་ཕྱིར་ཐོགས་པ་དག་སྟེ་ལྷ་དང་མི་ཡི་བླ་མའི་ཚངས་པའི་ དབྱངས་ནི་དེ་ཉིད་དོ། ༡༧༩། ༈ ནོར་བུ་གཙུག་ཏོར་དཔྲལ་བ་མགྲིན་པ་སྙིང་ཁའི་གནས་དང་ལྟེ་བ་གསང་བ་ལ་ཡང་ 1-1-341 རྡོ་རྗེ་ནི། །གཅིག་གཉིས་ཆུ་གཏེར་མདའ་དང་ཀླུ་ཡི་དབང་པོ་དགུ་བཅས་ཉིན་བྱེད་སོར་ རྣམས་དག་གི་རིམ་པས་སོ། །དབུས་དང་སྟེང་འོག་གསུམ་གྱི་ཆ་སྟེ་ཟུམ་པ་དང་ནི་རྣམ་པར་ གྱེས་པ་ཞི་དང་དྲག་པོ་ལའོ། །དྲིལ་བུ་དག་ཀྱང་དེ་བཞིན་ཆ་གསུམ་སྟེང་ནི་རྡོ་རྗེ་དང་མཚུངས་ བ་ལང་གདོང་དང་པད་མའི་གཟུགས། ༡༨༠། ཁྱོན་ནི་དེ་ཡི་སུམ་ཆ་ཞལ་དང་བཅས་པའི་ལྟེ་བ་ འདབ་མ་དག་ཀྱང་དེ་ཡི་སུམ་ཆ་ལས། །རྭ་ནི་ཁྱོན་དང་མཚུངས་པ་ཕྱོགས་སམ་ཕྱོགས་བྲལ་ དུ་སྟེ་རྭ་ཡི་ཟླུམ་པོ་དག་ནི་བཞི་ཆའོ། །ཕྱི་རོལ་རྭ་ཡི་སུམ་ཆ་འོག་སྟེ་སྟེང་དུ་རྒྱ་ཤུག་ཚེར་མ་ཡི་ ནི་རྣམ་པ་སྦྱོར་བ་འོ། །དྲིལ་བུའི་ཞལ་རྣམས་དེ་བཞིན་འདབ་མ་རྡོ་རྗེ་ཡང་ངོ་བ་ལང་གདོང་ ལ་སོགས་པ་དེ་བཞིན་ཉིད། ༡༨༡། ༈ གསང་བའི་ཆུ་སྐྱེས་མཛོད་སྤུའི་མཐའ་ཡི་ཆ་ཡིས་མཆོག་གི་རྒྱལ་བའི་བདག་པོའི་ མཆོད་རྟེན་དཔངས་ཀྱི་ཚད། །དེ་ཡི་ཕྱེད་ཀྱིས་གདན་གྱི་རྒྱ་སྟེ་ས་བཞིན་ཤིན་ཏུ་མཉམ་པ་དེ་ཡི་ སུམ་ཆས་ཕྱོགས་ཆ་རྣམས། །ཕྱེད་དང་གཉིས་མཐར་ཕྱིར་འབུར་ཆུ་སྐྱེས་ཐུགས་ཁར་གནས་ པའི་ཁོར་ཡུག་གདན་གྱི་ཚད་ཀྱིས་ཟླུམ་པོ་འོ། །གཞི་དང་མཉམ་པའི་པད་མའི་མཐའ་ལས་ ཆ་དམན་ཁོག་པ་དེ་ཡི་ཕྱོགས་ཆ་ཡིས་ཀྱང་མགྲིན་པ་འོ། ༡༨༢། གདན་ཕྱེད་ཆ་ཡིས་གདོང་སྟེ་ ས་བཞིན་ཤིན་ཏུ་མཉམ་པ་དེ་ཡི་སུམ་ཆས་ཕྱོགས་ཆའོ་གསང་བ་ཡི། །ཆུ་སྐྱེས་དག་ལས་ཕྱེད་ བཅས་ཉི་མས་གདན་གྱི་དཔངས་ཀྱི་ཚད་ཏེ་ཤིན་ཏུ་མཉམ་པར་ཡང་ནི་འགྱུར། །གདན་ནས་ པད་མའི་སྔོན་མཚམས་ཐུགས་ཁར་གནས་པའི་ཁོར་ཡུག་མཐའ་དང་དེ་ནས་མགྲིན་པའི་རྩ་ བ་འོ། །དེ་ནས་གདོང་གི་མཐར་ནི་དེ་བཞིན་ཆུ་གཏེར་ཕྱེད་བཅས་དུས་དང་རིག་བྱེད་རྣམས་ ཀྱིས་དུམ་བུ་གསུམ། ༡༨༣། ༈ གདན་ལས་རིག་བྱེད་དག་གིས་པད་མ་ཐུགས་ཁར་གནས་པའི་ཁོར་ཡུག་མགྲིན་པའི་ ཚད་ཀྱང་དེ་བཞིན་ཏེ། །ཕྱེད་བཅས་བརྒྱད་ཀྱིས་གདོང་པའི་ཚད་དང་དེ་ཡི་སྟེང་དུ་གདུགས་ 1-1-342 ཀྱི་ཕྲེང་བར་འགྱུར་རོ་མི་ཡི་དབང་། །མཛོད་སྤུའི་མཚམས་ནས་དཔྲལ་བ་དག་དང་སྤྱི་བོ་དེ་ ནས་འདིར་ནི་གཙུག་ཏོར་དག་གི་མཐར་ཐུག་འདི། །དེ་ལྟར་ངེས་པར་འཇིག་རྟེན་ཁམས་ནི་ མཐའ་དག་རྒྱལ་བའི་སྐུ་སྟེ་འཁོར་ལོ་མཆོད་རྟེན་རང་བཞིན་ནོ། ༡༨༤། ༈ གསེར་ནི་ས་ཡི་ཁམས་སུ་འགྱུར་ཏེ་དངུལ་ནི་ཆུ་དང་ཟངས་མ་དག་ཀྱང་མེ་ཡི་ཁམས་ ཡིན་ནོ། །ལྕགས་ནི་རླུང་སྟེ་ཞ་ཉེ་དཀར་ནག་འདི་ནི་སྟོང་པ་དག་དང་འདྲེས་པའི་ཁམས་ཀྱི་ རང་བཞིན་ནོ། །རིན་ཆེན་སེར་པོ་ས་རུ་འགྱུར་ཞིང་དཀར་པོ་ཆུ་དང་རིན་ཆེན་དམར་པོ་ཡང་ ནི་མེ་ཡིན་ཏེ། །ནག་པོ་རླུང་ངོ་སྔོན་པོ་དང་ནི་ལྗང་ཁུ་དེ་ཡང་དེ་བཞིན་འདྲེས་པའི་ཁམས་ལས་ བྱུང་བ་འོ། ༡༨༥། ལན་ཚྭ་ས་དང་དངར་བ་ཆུ་རུ་རབ་ཏུ་འགྱུར་ཞིང་ཚ་བ་མེ་དང་ཁ་བ་རླུང་ཡིན་ ཏེ། །སྐྱུར་དང་སྐ་བའི་རོ་ནི་འདྲེས་པ་དག་གོ་སླར་ཡང་ཞིང་གི་རྡོ་རྣམས་དག་གི་སྐྱེ་གནས་དང་། །སྨན་རྣམས་རྣམ་པ་དྲུག་གི་རོ་དང་མཆོག་གི་རོ་སྟེ་ཁམས་རྣམས་གཞན་པ་ནོར་བུའི་དབང་ པོ་རྣམས། །ས་ལ་སྣ་ཚོགས་རེག་པ་རྣམས་དང་མཐའ་དག་ནད་ནི་འཕྲོག་པ་ཉིད་ཀྱི་ཆུ་རྣམས་ ཡང་དག་གོ༡༨༦། ༈ ས་ཡི་ཟུགས་ཟེར་འཕྲོག་པར་བྱེད་ཅིང་དུག་ཀྱང་ཆུ་ཡི་ཁམས་ཀྱིས་འཕྲོག་པར་བྱེད་ དེ་མེ་ཡིས་ནི། །འབྱུང་པོ་རླུང་གིས་རེངས་པ་ནམ་མཁའ་ཡིས་ཀྱང་གདུག་པའི་ལྟ་བ་རབ་ཏུ་ ལྷུང་བ་འཕྲོག་པར་བྱེད། །ཡེ་ཤེས་ཀྱིས་ནི་ཐམས་ཅད་འཕྲོག་སྟེ་དེ་བཞིན་མི་བདག་རྣམས་ ཀྱི་ལུས་ལ་གནས་པའི་ནོར་བུས་ཀྱང་། །ཆུ་དང་རོ་དང་ནོར་བུ་རེག་པ་སྔགས་དང་སྨན་རྣམས་ དག་གི་མཐུ་རྣམས་ཐམས་ཅད་བསམ་མི་ཁྱབ། ༡༨༧། ༈ བཅོམ་ལྡན་ཡེ་ཤེས་(བདེ་བ་ཆེན་པོ)འཁོར་ལོ(སྲིད་གསུམ་དང་བ)འི་རང་བཞིན་ཅན་ནི་ཀུན་ ནས་སངས་རྒྱས་ཞིང་དུ་རབ་ཏུ་འཇུག་འགྱུར་ཞིང་། །(སྣོད་ཆགས་ནས)སླར་ཡང་(རྒྱུ་རྐྱེན)ཐམས་ ཅད་ཚོགས་པའི་སྦྱོར་བ་དག་ལས་(ལས་ཀྱི)འབྲས་བུའི་དབང་གིས་(བཅུད་ཀྱི)སེམས་ཅན་རབ་ 1-1-343 ཏུ་འཇུག་པར་འགྱུར། །(སེམས་ཅན་རང)རང་གི་(དབུགས་དང་)ཉིན་(ཞག)བགྲོད་(པའི)དབང་གིས་ (དུས་སྦྱོར་དང་རྟེན་འབྲེལ)ཡན་ལག་བཅུ་གཉིས་(སུ་འགྱུར་ལ་བཅུ་གཉིས་པོ)དེ་དག་རྣམས་ཀྱིས་(ཕྱི་རོལ་ ཏུ)ཟླ་བ་(བཅུ་གཉིས་པོ་དབུས་སུ)ལྷུན་པོ་རྫོགས་པ་འདིར། །(སྔར་སྟེང་དུ་རྡོ་རྗེའི་རྣམ་པར་བརྩེགས་པ་ཆ་གསུམ་ པ་ཞེས་བཤད་པ་ལྟར་ལྷུན་པོའི་དབུས་ཅུང་ཟད་མཐོ་བ)མཆོད་རྟེན་རྣམ་པ་(སྟེང་ནས)སྟེང་དུ་(རིམ་པ་གསུམ) བརྩེགས་པ་རྡོ་རྗེའི་རང་བཞིན་(ལྷུན་པོའི་སྟེང་གི་རྒྱ་ཕྱེད་ཀྱི་ཚད་དེ་ཀྱེ)མིབདག་(ལྷུན་པོ)དེ་ཡི་སྙིང་པོར་ དཀྱིལ་འཁོར་རོ(ཞེས་པ་ལྷུན་པོའི་དབུས་ལ་དཀྱིལ་འཁོར་གྱི་འདྲ་ཆོས་སྦྱར་བ་ཡིན་གྱི་ལྷུན་པོའི་དབུས་སུ་དཀྱིལ་འཁོར་ ཆུད་པར་སྟོན་པ་ནི་མ་ཡིན་ནོ)། ༡༨༨། (ལྷུན་པོའི)ཕྱི་རོལ་ཏུ་ནི་(མཁའ་ལ)རྒྱུ་སྐར་འཁོར་ལོ་རྣམས་ཏེ་(འོག་ ཏུ)ལས་ཀྱི་ས་(འཛམ་གླིང་ཆེན་པོ)ལ་ས་གཞི་ལ་གནས་(པའི)མི་རྣམས་སོ། །ལོངས་སྤྱོད་ས་ལ་གླིང་ (ནང་མ)དྲུག་(སྟེ་དེ་རྣམས་ལ)བདུད་རྩིའི་འབྲས་བུའི་རོ་ཡི་ཁ་ཟས་ཅན་(གནས་ཏེ་འགྲོ་བ་མི་ལས)གཞན་ ལྷ་ལ་སོགས་པ་རྣམས་(གནས་སོ)། །(ལྷུན་པོའི་)རྭ་ལ་རྗེས་སུ་གནས་པ(འི་ཕྱོགས་སྐྱོང་)་བརྒྱད་ རྣམས་(ནི་ཤར་དུ)ལྷ་ཡི་བདག་པོ་(དང་ཤར་ལྷོར)མེ་དང་(ལྷོར)དུས་(ཏེ་གཤིན་རྗེ)དང་(ལྷོ་ནུབ་ཏུ)ལྷ་མིན་ (ཏེ་སྲིན་པོ་དང་ནུབ་དུ)ཆུ་གཏེར་(ཆུ་ལྷ་དང་ནུབ་བྱང་དུ)རླུང་(ལྷ་དང་)། །(བྱང་དུ)གནོད་སྦྱིན་དང་ནི་(བྱང་ཤར་ དུ)དྲག་པོ་འོག་དང་སྟེང་དུ་(རིམ་པ་ལྟར)འཁོར་དང་བཅས་པ(འི)་ཁྱབ་འཇུག་ཉིད་དང་ཆུ་གཏེར་ གདོང་(སྟེ་ཚངས་པའོ)། (ལེའུ་དང་པོའི་ཚིགས་བཅད་ང་གསུམ་པའི་འགྲེལ་པར་འོག་ལ་ལྷོ་བྱང་དུ་བགྲོད་པའི་ཚད་གསུངས་ པའི་མཐར་དེ་བཞིན་དུ་ཤར་དང་ནུབ་འཁོར་བ་ནས་ཏེ་གསལ་བར་ལེའུ་ལྔ་པ་ལས་བརྗོད་པར་བྱ་འོ། །ཞེས་ཁ་འཕངས་པའི་ ཚིགས་བཅད་གཅིག་འདིར་ཆད་ཀྱང་གྱི་རྨ་ཡོད་པས་སྔོན་གྱི་རྒྱ་དཔེ་ལ་ཡོད་པར་གསལ་ལོ)༡༨༩། ༈ འདིར་ནི་ཆུ་སྲིན་རྣམ་ཤེས་དང་ནི་སྟོང་པའི་ཁམས་ཏེ་བུམ་པ་དག་ནི་འདུ་བྱེད་ཉིད་ དང་རླུང་། །ཉ་དང་ལུག་དང་གླང་དང་འཁྲིག་པ་ཚོར་བ་མེ་རུ་རབ་ཏུ་འགྱུར་ཏེ་འདུ་ཤེས་ཆུ་ དང་ནི། །གཟུགས་དང་ས་དང་འགྱུར་མེད་དག་དང་ལྷན་ཅིག་སྐྱེས་པ་ཀར་ཀ་ཊ་ལ་སོཊ་པའི་ ཁྱིམ་རྣམས་སོ། །འདི་རྣམས་མཚན་མ་རྡོ་རྗེ་ལ་སོགས་ཀ་ཙ་ཊ་པ་ཏ་ས་ཐུང་ངུ་རིང་པོ་ལྷག་ 1-1-344 པའི་ལྷ། ༡༩༠། ༈ ལུག་དང་འཁྲིག་པ་ཀར་ཀ་ཊར་ནི་ཟླ་བ་དཀར་པོ་ཉི་མ་སེང་གེ་བུ་མོ་སྲང་རྣམས་སུ། ། ས་སྐྱེས་སྔགས་པ་སྒྲ་གཅན་རྣམས་ཏེ་གཟའ་ལག་སྤེན་པ་གདེངས་ཅན་སྡིག་པ་གཞུ་ཡི་ཐོག་ མཐར་རོ། །དེ་ལྟར་ས་ལ་སོགས་པའི་ཁམས་ནི་ཀུན་ནས་ཕན་ཚུན་སྦྱོར་བར་འགྱུར་རོ་མི་ཡི་ བདག་པོ་ཀྱེ། །འགྲོ་བ་འདི་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་རང་བཞིན་དུ་འགྱུར་རིན་ཆེན་ ཀུན་གྱིས་རབ་ཏུ་གང་། ༡༩༡། ༈ གང་དག་ས་ལ་དཔག་བསམ་ཤིང་དང་རོ་དང་མཆོག་གི་རོ་དང་སྨན་དང་རོ་ཡི་དབང་ པོ་གཞན། །མཐའ་དག་ནད་འཕྲོག་རྡུལ་ཕྲན་རྣམས་ཀྱིས་རབ་ཏུ་བསྐྱེད་པ་དེ་རྣམས་སེམས་ ཅན་རྣམས་ཀྱིས་མི་མཐོང་སྟེ། །གང་ཞིག་ཕལ་བའི་རྩྭ་དང་ཤིང་དང་ཆུ་དང་རྡུལ་དང་རྡོ་བ་ དང་ནི་ལྕགས་རྣམས་མཐོང་བར་འགྱུར། །ཡི་དྭགས་རྣམས་ཀྱིས་ཆུ་ནི་མེ་ཆེན་དམྱལ་བར་ སོང་བའི་མི་རྣམས་དག་གིས་ཀུན་ནས་གཅོད་འབིགས་སོ། ༡༩༢། ༈ འདི་རྣམས་དགྲོལ་བའི་སླད་དུ་སྲས་དང་བཅས་པ་རྒྱལ་བའི་བདག་པོ་ལས་ཀྱི་སར་ ནི་རབ་ཞུགས་ཏེ། །མངལ་ནི་རབ་ཏུ་བཟུང་བ་མཛད་ཅིང་མཆོག་གི་ཐུགས་རྗེ་དག་གིས་ བྱང་ཆུབ་བསྐྱེད་པ་མཛད་ནས་ནི། །ཉོན་མོངས་དང་ནི་བདུད་རྣམས་བཅོམ་ནས་ས་ཡི་སྟེང་ གི་གནས་སུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་བཅོམ་ ལྡན་འདས་ནི་དག་པའི་སྐུ་ཅན་དེ་ཉིད་ཁོ་ན་འོ། ༡༩༣། དེ་ཕྱིར་རྒྱལ་བའི་དག་པའི་སྐུ་ནི་སྐྱེ་དང་ ཉམས་མེད་སྲིད་པ་གསུམ་པོ་ལ་ཡང་(ཁྱབ་བྱེད་དུ)གནས་པ་སྟེ། །བཅོམ་ལྡན་དེ་ཡིས་ཐམས་ ཅད་དུས་སུ་སེམས་ཅན་དོན་ནི་མི་འདོར་(བས་འཁོར་བར་འཇུག་ཀྱང་)ལས་ཀྱིས་བཅིངས་པ་མ་ ཡིན་ནོ། །དེ་ལྟར་འཇིག་རྟེན་(གྱི)དབང་ཕྱུག་(འཇམ་དཔལ)བདག་ནི་སྲིད་པ་གསུམ་གྱི་གནས་ སུ་ལས་ཀྱི་སར་གནས་(ནས་དོན་བྱེད་དོ)ཉི་མ(འི་ཤིང་རྟ)་ཀྱེ། །སེམས་ཅན་རྣམས་ལ་(ཐར་བའི)ལམ་ 1-1-345 ནི་སྦྱིན་(པར)བྱེད་(ཅིང་)དམྱལ་བའི་འཇིགས་(པ)འཕྲོག་(པར་བྱེད་པའི)ལྷ་གཞན་(ཁྱབ་འཇུག་ལ་སོགས་ པ)དག་ནི་ནམ་ཡང་(ཡོད་པ)མ་ཡིན་ནོ། ༡༩༤། ༈ (མུ་སྟེགས)གང་དག་(དགེ་བའི)ཆོས་ལ་མངོན་འཇོམས་རང་ལུས་གཞན་གྱི་ལུས་དང་རང་ གི་བུད་མེད་དག་ལ་རྗེས་སུ་ཆགས(པས་རིགས་བསྲུང་ཞིང་)། །(རང་)ཤི་བར་གྱུར་ན་(རིགས་དག་པའི) བུ་ཡི་མེ་ཡི་སྦྱིན་སྲེག་དང་ནི་གཉེན་གྱིས་བསོད་ནམས་དག་ལས་མཐོ་རིས་(ཐོབ)ཏེ(ཞེས་འདོད་ པ་དང་)། །མཆོད་སྦྱིན་ལ་ནི་ཕྱུགས་རྣམས་འཚེ་(ཞིང་གསོད་པ)དང་གཡུལ་དུ་(འཐབས་པས)ཤི་བར་ གྱུར་ན་མཐོ་རིས་འཇིག་རྟེན་དག་ཏུ་འཇུག(ཅེས་འདོད་པ་དང་)། གཾ་ག་ལ་སོགས་པ)འཇུག་ངོགས་(ལྔར་ ཁྲུས་བྱས་པ་དང་)ལུས་པོ་(རྩེ་གསུམ་གྱིས་སྟེང་དུ)ལྷུང་(བ)ལས་མཆོག་གི་གོ་འཕང་(དུ)འགྲོ་བ(ར་འདོད་ པ)་དེ་རྣམས་ཐར་པ་སྟེར་བའི་ཆོས་མ་ཡིན། ༡༩༥། དེ་(ཁོ་ན)ཉིད་(ཀྱི)ལམ་(སྟོང་ཉིད་སྙིང་རྗེའི་སྙིང་པོ་ ཅན)ནི་རྣམ་པར་སྤངས་ནས་འཆི་བའི་འཇིགས་པ་འཕྲོག་(ནུས)པ་ཁྱོད་ཀྱི་མ་གང་ཕ་ནི་གང་། །མཆོག་གི་བུ་དང་བུ་མོ་(དང)སྤུན་ཟླ་ཆུང་མ་(དང)སྲིང་མོ་རྣམས་དང་རྗེ་བོ་གཉེན་གྱི་སྡེ་ནི་ གང་(ཞིག་ཡོད་དེ་མེད་དོ། །(འཇམ་དཔལ)བདག་གིས་བྱིན་གྱིས་བརླབས་པའི་དྲང་སྲོང་(བྱེ་བ་ཕྲག་ཕྱེད་ དང་བཞི་པོ)འདི་རྣམས་(དཀྱིལ་འཁོར་གྱི)འཁོར་ལོའི་དབུས་འདིར་གང་གི(དྲིན་གྱི)ས་ཐར་པར་འགྲོ་ འགྱུར་བ། །(རྡོ་རྗེ་ཐེག་པ)དེ་ཡི་(དྲིན་གྱིས)ཉི་མ(འི་ཤིང་རྟ)ཁྱོད་ཀྱིས་ཐུབ་པ་(དྲང་སྲོང་)རྣམས་ནི་(འཇམ་ དཔལ)བདག་གི་ཚིགས་ལས་(རྡོ་རྗེ་ཐེག་པར)རིགས་གཅིག་དག་ལ་འཇུག་པར་མཛོད། ༡༩༦། ༈ གལ་ཏེ་(ཕ་རོལ་ཁྲོས་ནས་བདག་གི)ལུས་ལ་དབྱུག་པ་བསྣུན་པས་(བདག་ལ)སྡུག་བསྔལ་ (འབྱུང་བར)གྱུར་ན་དེ་ལ་དབྱུག་པ་དག་ནི་ཉེས་པ་ཅན་ཡིན་ནམ་ཅི། །དབྱུག་པ་འདི་ནི་(ཉེས་པ་ ཅན)མ་ཡིན་(ཏེ)ལག་པས་རབ་ཏུ་བསྐུལ་(བས་ན་དབྱུག་པ་ལ་རང་དབང་མེད)ཏེ་(དེས་ན)འདིར་ནི་ཉེས་ པ་མཐའ་དག་ལག་པ་ཡི(ཡིན་ནམ་ཅི)། །(ལག་པ)འདི་ནི་(ཉེས་པ་ཅན)མ་ཡིན་(ཏེ)སེམས་ཀྱིས་ བསྐུལ་(བས་ལག་པ་ལ་དབང་མེད་ཅིང་སེམས་པ་ཡང་རང་དབང་མེད)ཏེ་སེམས་ཀྱང་འདིར་ནི་གདུག་པ་ཆེན་ 1-1-346 པོ་ཁྲོ་བའི་མེ་ཡིས་(བསྐུལ་བས)སོ། །(རྒྱུ་མཚན)དེ་ཕྱིར་ཁྲོ་བའི་མེ་འདི་འགྲོ་བའི་དགྲ་བོ་བཞིན་དུ་ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསད་པར་གྱུར་(ཏོ)། ༡༩༧། ༈ (འདོད)ཆགས་ལས་(ཞེ)སྡང་(ལ)སོགས་(པའི)སྐྱོན་(མཐའ་དག་འབྱུང་བར་འགྱུར)ཏེ་རབ་ མཆོག་ལྷ་(དང་)མི་རྣམས་ཀྱི་རང་འདོད་(པའི)ཆུང་མ་དང་(སྐྱེས་པ)གཞན་དང་འགྲོགས་(པ)ལ་ (ཞེ་སྡང་ལ་སོགས་པ་འབྱུང་བས་)སོ། །དེ་ནི་རྩད་ནས་དབྱུང་སླད་མཐའ་དག་རྒྱལ་སྲས་རྣམས་ཀྱིས་ (ཆུང་མ)དེ་ནི་འདོད་པའི་སྦྱིན་(པ)ལ་རབ་ཏུ་བྱིན(ནས་སྤངས་སོ)། །དེ་ཕྱིར་(འདོད་པའི)སྦྱིན་(པ)ལ་ རྗེས་སུ་ཆགས་པ་བདེ་མཉམ་འབྲས་བུ་སྟེར་བ་བསོད་ནམས་དག་གི་ཚོགས་འདི་ནི། །འཇིག་ རྟེན་གསུམ་གྱི་གཉེན་དུ་གྱུར་ཅིང་ཐམས་ཅད་དུས་སུ་སྐྱེ་བོ་རྣམས་ཀྱི་དམྱལ་བའི་འཇིགས་པ་ འཕྲོག(པའོ)༡༩༨། ༈ ཆགས་པ་གང་གིས་སེམས་ཅན་རྣམས་ནི་ཉམས་པ(སྟེ་འཆི་བ)ར་གྱུར་པ་དེ་(ཉིད་འཕོ་མེད་ དུ་གྱུར་པ)ཡིས་སྐྱོབ་པ་(སངས་རྒྱས)རྣམས་ནི་གྲོལ་བ་སྟེ། །སེམས་ཅན་རྣམས་ཀྱིས་ཉིན་ཞག་སོ་ སོའི་དུས་སུ་(བུ་དང་ཆུང་མ་ལ་སོགས་པ)གང་ཞིག་སྲུང་(བར)བྱེད་(པ)དེ་ནི་སྐྱོབ་(པ)རྣམས་སྟེར་བར་ བྱེད(ཅིང་)། །སེམས་ཅན་རྣམས་ཀྱིས་རང་སྙིང་ལ་གནས་བདེ་བ་གང་ཞིག་གཏོང་བྱེད་དེ་ནི་ རྒྱལ་(བ)རྣམས་བསྲུང་བར་མཛད(ཏེ)། །(རྒྱུ་)དེས་ན་རྒྱལ་བ་མཆོག་གི་སྤྱོད་པ་འདི་ནི་ལྷ་(དང་) ཀླུ་(དང་)ལྷ་མིན་རྣམས་ཀྱིས་བྱ་བ་དཀའ་བར་འགྱུར(བའོ)། ༡༩༩། ༈ (སའི)ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་(དང་)ཡོན་ཏན་(གསུམ་དང་བཅས་པའི) ཡིད་དང་བློ་དང་ངར་འཛིན་(དང་)སྲོག་དང་ནི། །གཟུགས་ལ་སོགས་དང་མིག་ལ་སོགས་པ་ (རིམ་པ་ལྟར)ཡུལ་ལྔ་དང་ཡུལ་ཅན་(ལྔ)རྣམས་དང་ལས་ཀྱི་དབང་པོ་ལྔ་རྣམས་ཏེ། །(ཉེར་བཞི་པོ་དེ་ རྣམས)ཕྱུགས་དང་བཅས་པ་མི་ཡི་ལུས་ལ་(མཚུངས་པར)ཁྱབ་བྱེད་(དུ་ཡོད་ཅིང་ཁྱད་པར་གཞན་མེད་བཞིན་ དུ་མི)འདི་རྣམས་དག་ལས་རིགས་ནི་ཐུ་བོ་(སྟེ་མཆོག་དང་)གཞོན་ནུ་(སྟེ་དམན་པ)གང་(ཞིག་ཡིན)། །མི་ 1-1-347 བདག་(རྒྱལ་པོ)དང་བཅས་(པའི)མི་ཡི་བླ་མ་(སྟེ་གོང་མའི་རིགས་སོ་སྙམ་པ)རིགས་(ཀྱི)དྲེགས་ང་རྒྱལ་ ཅན་(བྲམ་ཟེའི་རིགས)ཁྱོད་(རྒྱུ་མཚན)གང་གིས་རིགས་ནི་ཐུ་བོ་ཡིན(སྟེ་མ་ཡིན་ནོ)། ༢༠༠། ༈ བསྲེག་བྱ་ས་དང་དྲི་མ་མེད་པ་ཆུ་རུ་རབ་ཏུ་འགྱུར་ཏེ་ཏུཏ་ཐ་ཀ་ནི་མེ་ཉིད་དོ། །རླུང་ དང་ནམ་མཁའ་འདྲེས་པའི་ཁམས་ནི་གཡོ་བ་དང་བཅས་རི་བོང་ཅན་དང་མཚལ་ནི་བདུན་ པ་ཡང་། །ཀཱ་ཀྵི་ཀཱ་ཤི་ས་དང་མུ་ཟི་མཉམ་དང་མཁའ་རླུང་མེ་དང་ཆུ་ནི་ལྡོང་རོས་བ་བླ་སྟེ། ། བཙག་ནི་ས་འོ་ལན་ཚྭ་གང་ཞིག་ཟེ་ཚ་རྒྱ་མཚོ་སྐྱེས་དང་རྒྱམ་ཚ་ནག་པོ་ཐབ་ཀྱི་ཚ། ༢༠༡། འདི་ རྣམས་ས་སོགས་ཁམས་ཏེ་སླར་ཡང་འདིར་ནི་ནཱ་བ་སཱ་ར་ཡ་བཀྵཱ་ར་སད་ཛི་དང་། །ཚ་ལ་ཀཱ་ ཙ་ལས་སྐྱེས་དེ་རྣམས་མཁའ་དང་རླུང་མེ་ཆུ་དང་ས་རྣམས་དག་གི་རང་བཞིན་ནོ། །རྡོ་ཡི་ཆུ་ ནི་ས་རུ་འགྱུར་ཏེ་རི་བོང་ཅན་གྱི་ཆུ་ནི་ཆུ་དང་མེ་ཡི་ཆུ་ནི་མེ། །རླུང་དང་སྟོང་པའི་རང་བཞིན་ དག་གི་དུག་གི་ཆུ་དང་གཞན་པ་གྲི་གུག་གསུམ་གྱི་རང་བཞིན་ནོ། ༢༠༢། གླ་སྒང་སེར་པོ་ས་ ཡི་ཁམས་ཏེ་ཤག་ཏུ་ཀ་དང་ར་ཅན་ནག་པོ་ཆུ་དང་མེ་དང་རླུང་། །ནག་པོ་བརྩེགས་པ་སྟོང་པ་ ཞེས་བྱ་གཞན་པ་ཉེ་བའི་དུག་ནི་རྣམ་པ་ལྔ་པོ་རིག་པར་བྱ། །རྡོ་དང་སྲོག་གི་ངོ་བོ་རྣམ་པ་སྣ་ ཚོགས་འབྲས་བུ་དང་མཚུངས་མགོ་དང་དུང་ལ་སོགས་པའི་གཟུགས། །དེ་རྣམས་ལྕགས་ནི་ རྣམ་དྲུག་ལྷང་ཚེར་སྐྱེས་དང་དེ་བཞིན་ལྷ་ཡི་ལྕགས་དང་ཁབ་ལེན་རྣམ་པ་བཞི། ༢༠༣། ༈ རོ་ནི་གྲུབ་དང་གྲུབ་པ་མ་ཡིན་རྣམ་པ་གཉིས་སུ་འདིར་འགྱུར་འབུགས་བྱེད་དང་ནི་ འབུགས་བྱེད་མིན། །གྲུབ་པ་ལྕགས་ནི་འབུགས་པར་བྱེད་དེ་སླར་ཡང་དེ་ནི་ཟོས་པས་ལུས་ ཀྱང་འབུགས་པར་བྱེད་པ་འོ། །གང་ཞིག་འབུགས་བྱེད་མིན་པའི་དངུལ་ཆུ་རོ་དེ་བསྐོལ་བ་ དང་ནི་བསྒྱུར་བར་གྱུར་པ་དག་གིས་ཀྱང་། །ལྕགས་ནི་འབུགས་ཤིང་རྗེས་སུ་འབུགས་ཏེ་ མཐའ་དག་ནད་འཕྲོག་རུལ་པའི་ལྕགས་ནི་རྣམས་པར་སྤངས་ནས་སོ། ༢༠༤། ༈ དང་པོར་དུ་བའི་རང་བཞིན་དག་གིས་འགྲོ་སྟེ་མེ་ལ་གནས་ཤིང་བསྐོལ་བ་དེ་ནི་རིམ་ 1-1-348 པ་ཡིས། །སྒྲ་དང་རབ་ཏུ་འཕར་བ་ཡིས་ཏེ་དེ་ཡང་འདར་བ་དང་ནི་འདར་མེད་ཉིད་དུ་རབ་ ཏུ་འགྱུར། །སྒྲ་ལྡན་འཕར་ལྡན་འབུགས་པར་བྱེད་པ་མ་ཡིན་དེ་ཡང་འདབ་མ་འབུགས་བྱེད་ འདར་དང་བཅས་པ་སྟེ། །འདར་བ་མེད་པ་མདུང་གིས་འབུགས་བྱེད་རྣམ་གསུམ་འདི་ཡང་ སྒྱུར་བྱེད་རྣམས་ཀྱིས་བསྒྱུར་བར་གྱུར་པ་འོ། ༢༠༥། ༈ མཆོག་གི་སྨན་གྱི་སྟོབས་ཀྱིས་སྟོབས་དང་ལྡན་པར་རབ་ཏུ་འགྱུར་ཏེ་ལྕགས་རྣམས་ ཐམས་ཅད་བཞུ་བ་འོ། །སུ་ཞིག་དེ་རྣམས་མེད་ན་ས་ཡི་སྟེང་གི་གནས་སུ་འདི་ཡི་བཅིངས་བ་ དག་ནི་གང་ཞིག་བྱེད། །བཅིངས་ན་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་ཞིང་དེ་བཞིན་ཟོས་ན་ འཆི་བ་དག་ཀྱང་ཉམས་པར་འགྱུར། །ཡེ་ཤེས་མེད་ན་ས་བདག་རྣམས་ཀྱིས་རོ་ཡི་དབང་པོ་ འདི་ནི་རབ་ཏུ་འབད་པས་བསྒྲུབ་པར་བྱ། ༢༠༦། ༈ (ས་བདག)དེ་དག་རྣམས་ཀྱི་རྫས་ནི་དུ་མ་གླུ་དང་རོལ་མོའི་མངོན་པར་བརྗོད་པ་ ལ་ཡང་འགོད་(ཅིང་དོན་མེད་དུ་ཟད)པར་འགྱུར(ཏེ)། །(རྫས)གང་ཞིག་ཆུད་ཟོས་དེ་ནི་(ཀྱེ)མི་(ཡི) བདག་(པོ)རོ་ཡི་(དབང་པོ)ཡུལ་ལ་མ་བསྲེགས་(ཤིང)ཆོསཀྱི་བྱ་བ་ལ་(ཡང)མ་བྱིན(པ་སྟེ)། །གང་ ཞིག་རྫས་ནི་སྡིག་པའི་སླད་དུ་ཟད་པར་བྱེད་པ་དེ་ཡིས་དེ་ནི་སྡིག་པ་དག་གིས་བཅིངས། ། དེ་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་དག་གི་དོན་གྱི་སླད་དུ་མ་ལུས་པ་ནི་ཟད་པར་ མཛད(དོ)། ༢༠༧། ༈ གང་ཞིག་དབྱུག་པས་འཕྲལ་ལ་ཟངས་ཀྱི་འདབ་མའི་དྲི་མ་འཕྲོག་པར་བྱེད་པ་དག་ནི་ སྨན་ཡིན་ཏེ། །མཐའ་དག་ནད་འཕྲོག་ལྕགས་རིགས་འཇུ་བར་བྱེད་པ་དེ་ནི་སྐལ་ལྡན་རྣམས་ ཀྱིས་ས་ལ་མཐོང་བར་འགྱུར། །གཞན་དག་རྣམས་ཀྱིས་འདི་ཡི་བཅིངས་བར་རབ་ཏུ་འགྱུར་ བ་གང་དེ་ངེས་པར་ལོ་དུས་བར་དང་ནི། །བདུག་དང་དགོད་པའི་སྦྱོར་བ་རྣམས་ཀྱིས་དེ་ནི་ སྟོང་ཕྲག་གཅིག་འབུགས་དག་ལས་ལྷག་པར་མི་འགྱུར་རོ། ༢༠༨། 1-1-349 ༈ (དངུལ་ཆུ་སྦྱངས་པའི)སྨན་རྣམས་ཐམས་ཅད་ཤིན་ཏུ་ཚ་བའི་རོ་(དང་ལྡན་པ)རྣམས་དག་ དང་(ཡ་བ་ཀྵ་ར་ལ་སོགས་པ)འགྱུར་བྱེད་(ཀྱི)སྡེ་དང་(བཱི་ཛ་པཱུ་ར་ལ་སོགས་པ)སྐྱུར་བའི་སྡེ་་རྣམས་དང་། ། བསླང་བར་གྱུར་པའི་རྩབ་མོ་དག་གིས་(ལྷན་ཅིག་ཉི་མ་བཅུར)རྟག་ཏུ་མཉེ་(བ)དང་(དེ་ནས་དེ་རྣམས་ རྡོ་སྐྱོང་ཁ་སྦྱར་དུ་བཅུག་ནས་ས་འོག་ཏུ་བཞག་པ་ལ་སྟེང་ནས་མེ་ཡིས)བདུག་པར་ཡང་ནི་རབ་ཏུ་འགྱུར་བ་སྟེ། ། དངུལ་ཆུ་རྣམས་ནི་དངུལ་དུ་བྱ་བ་ལ་ཡང་མེ་ཏོག་(ཏེ་གྲོགས་པོ་ལྷང་ཚེར་དཀར་པོ)བཏབ་པ་རྣམས་ ཀྱིས་(དངུལ་གྱི)ས་བོན་དག་པ་འོ། །(ཤི་བའི་ལྕགས་དང་མཉམ་པའི་འགྱུར་བྱེད་བཞི་པ་དང་ས་བོན་རྣམས་ལས་མ་ ཚོགས་ན)གཉིས་(སམ་གསུམ་མམ་ཚོགས་པ་རྣམས)སྦྱོར་(ཏེ་བཅིང་བ་ནི)ཚ་ལ་འཆིང་བུ(འི་འགྱུར་བྱེད་དང)བྱི་བ་ (དང་)རྟ་སེན་(དང་)དུག་(དང་ཉེ་བའི་དུག)རྣམས་ཀྱིས་སོ་(ཨེ་རཎ་ཊ་ལ་སོགས་པའི)སྣུམ་གྱིས་བྲན་པས་ འཇམ་པ་ཉིད(དོ)། ༢༠༩། གླང་པོ་(དང་)མི་ཡི་ཆུ་ནི་ལན་བདུན་བླུགས་པ་དག་གིས་ཆུ་ཤིང་(གི་ ཐལ་མ་དང་ཤིང་)ཙི་ཏྲ་ལ་སོགས་(པའི)ཐལ་བ་དང་། །(ན་བ་པ་ར་ལ་སོགས་པའི)འགྱུར་བྱེད་ཀུན་དང་ (ཟེ་ཚ་ལ་སོགས་པའི)ཚ་བ་རྣམས་དང་སླར་ཡང་(མུ་ཟི་ལ་སོགས)ཉེ་བའི་རོ་ནི་(རྣམས་པར)སྦྱངས་པ་དེ་ རྣམས་(དང་ལྷན་ཅིག)སྦྲུ་བར་བྱ། །(རྡོ་སྐྱོང་ཁ་སྦྱར་དུ་ཐུགས་པ་དེ་ས་འོག་ཏུ་བཅུག་ནས)ཡང་ནས་ཡང་དུ་མེ་ཡི་ ཚ་བ་དག་གིས་སླར་ཡང་ལན་བརྒྱར་སྦྲུ་བར་བྱ་ཞིང་སྐམ་པར་བྱ། །དེ་བཞིན་(དུ)དུང་གི་ཕྱེ་མ་ བརྒྱ་ཕྲག་སྦྱར་བར་གྱུར་པ་འདི་ནི་མུ་ཟི་དག་གིས་བསྲེས་པ་ཡང་(སྦྲུ་ཞིང་སྐམ་མོ)། ༢༡༠། ༈ ལྕགས་རྣམས་(ཐམས་ཅད)ཞུ་བར་བྱེད་པའི་དོན་དུ་(འོག་ནས་འཆད་པའི)བུ་ཊ་འདི་ནི་དངུལ་ ཆུ་དག་གི་བརྒྱད་ཀྱི་ཆ་ཤས་(ཀྱིས་དེའི་བརྒྱད་འགྱུར་གྱི་དངུལ་ཆུ་འཇུ་བར)འགྱུར། །(ཅི་སྟེ་ མ་ཞུ་ན)ཁྱོགས་ཀྱི་(བདུག་པ་དང་འཁོར་ལོའི)བདུག་པ་མཚན་མོ་བརྒྱད་(བྱས)དེ་རོ་(སྟེ་དངུལ་ཆུ)ཡི་སྙིང་ ཁར་(སྙིང་པོར་ཞེས་བདེ)(ཏེ་དབུས་སུ)གནས་པ(འི་ལྕགས)་ཞུ་བར་གྱུར་པ་ཇི་སྲིད་ཉིད་(དུ་བྱའོ)། །(ཞུ་ བར་གྱུར་པའི་རོ་སོལ་བའི་མེ་ལ)དྲག་པོར་བསྐོལ་བས་(འདར་བ་མེད་ན)དྲི་མ་མེད་པ་འདི་ནི་མཉེས་ཤིང་ བཞུས་པས་སྟོབས་དང་ལྡན་པར་རབ་ཏུ་འགྱུར། །ལྕགས་གཅིག་ཞུ་བར་གྱུར་ན་ཉི་མ་(སྟེ་ 1-1-350 ཟངས་དང་)རི་བོང་ཅན་(ཏེ་དངུལ་ཆུ་འམ་ཡང་ན་གསེར་དངུལ)གྱི་ལུས་ཀྱིས་ལྕགས་རྣམས་ཐམས་ཅད་ ཁ་བསྒྱུར་བྱེད(དོ)། ༢༡༡། ཁྱབ་བྱེད་བསྒྱུར་བ་(དངུལ་ཆུ)དེ་ཡང་ཆེན་པོ་(སྟེ་ཟངས)དང་བཅས་(པ་ དང་ཤི་བའི)ཞ་ཉེ་(དང་)གཤའ་ཚེ་སྤྲ་ཚིལ་བཅས་(པ་ལྷན་ཅིག་དེ་ལ་བླུགས་)པས་གསེར་རམ་དངུལ་ལ་ འཇུག་(ཅིང་འབུགས་པ)པ་སྟེ། །དེ་ལྟར་གང་ཞིག་དངུལ་ཆུའི་ལས་ནི་འཆད་པར་འགྱུར་བ་དག་ གིས་ཉིན་ཞག་སོ་སོར་བྱེད་པ་ན། །(ལོ་བཅུ་གཉིས་ལ་སོགས་པའི)དུས་གཞན་དག་གིས་(དངུལ་ཆུ) འཆིང་སྟེ་གསལ་བར་(ཏེ་ངེས་པར)ལྕི་ཞིང་སྲ་བ་ཉིད་དང་(དངུལ་ཆུའི)སྐྱོན་རྣམས་ཀུན་ལས་རབ་ ཏུ་གྲོལ། །དེ་ཡིས་(རྣལ་འབྱོར་པ)མཆོག་གི་ལུས་ལ་ནད་དང་འཆི་བ་དང་ནི་(གསེར་འགྱུར་མཁན་གྱི) དབུལ་བའི་སྡུག་བསྔལ་ཐམས་ཅད་འཕྲོག་པར་བྱེད(དོ)། ༢༡༢། ༈ ཁྲུ་ཕྱེད་གསེར་གྱི་པད་མ་ནོར་གྱི་འདབ་ལྡན་དག་ལ་ལྟེ་བར་སྙིང་པོའི་དབུས་སུ་རྡོ་ རྗེ་སྟེ། །ལྷ་དང་གཤིན་རྗེ་ནོར་སྦྱིན་དག་ཏུ་དག་པའི་ཨིན་དྲ་ནཱི་ལ་པད་མ་རཱ་ག་ཆུ་ཤེལ་ལོ། ། ནུབ་ཏུ་རིན་ཆེན་ཀར་ཀེ་ཏ་སྟེ་མེ་དང་ལྷ་མིན་འཕྲོག་བྱེད་དུ་ནི་རྣོན་པོ་ཟངས་དང་དངུལ། ། རླུང་གི་འདབ་མ་དག་ལ་གསེར་དང་གསེར་གྱི་ལྷང་ཚེར་དག་ལས་སྐྱེས་པའི་གདན་ནི་ལྟེ་ བ་ལ། ༢༡༣། སྙིང་པོར་དེ་སྟེང་གསེར་ལས་སྐྱེས་པའི་ཛཾ་བྷ་ལ་ནི་ཕྱག་གཉིས་ནེ་ལེ་དང་བཅས་ མཆོག་སྦྱིན་པ། །འདབ་མ་རྣམས་ལ་གསེར་ལས་སྐྱེས་པའམ་དངུལ་ལས་སྐྱེས་པའི་ལྷ་མོ་ བརྒྱད་དེ་ཆུ་སྐྱེས་མཆོག་སྦྱིན་ཕྱག །ཅོད་པན་སངས་རྒྱས་རིན་ཆེན་དབང་པོ་ནོར་བུ་མཆོག་ སྦྱིན་ཕྱག་སྟེ་གནོད་སྦྱིན་མི་རྣམས་དེ་བཞིན་ཉིད། །ཧཾ་ཧཱ་ཐུང་ངུ་རིང་པོ་ཕྱོགས་དང་ཕྱོགས་ བྲལ་འདབ་མ་རྣམས་ལ་ཡི་གེ་བརྒྱད་རྣམས་རིམ་པས་སོ། ༢༡༤། དྲི་དང་མེ་ཏོག་རྣམས་ཀྱིས་ ཉིན་ཞག་སོ་སོའི་དུས་སུ་ཐུན་གསུམ་ཟླ་བའི་སྣོད་དུ་མཆོད་བྱས་ནས། །ཨོཾ་དང་སྭཱ་ཧཱ་ཐོག་ མཐའོ་དབུས་སུ་ཛཾ་བྷ་ལར་བཅས་ཛ་ལེན་དྲཱ་ཡ་ཞེས་པའི་སྔགས་འདི་ཡིས། །རྒྱལ་པོ་རབ་ དགའི་ཡིད་ཀྱིས་གསེར་འགྱུར་མཁན་རྣམས་དག་གིས་བསྲུང་བའི་དོན་དུ་ཆུ་ནི་རབ་སྦྱིན་བྱ། 359། དེ་ལྟར་བསྲུང་བའི་མཐུ་ཡིས་འབྱུང་པོའི་མགོན་དང་ཀླུ་ཡི་མགོན་པོས་རོ་ནི་འཕྲོག་པར་མི་ འགྱུར་རོ། ༢༡༥། ༈ སོ་ཕག་འགྱུར་བྱེད་སྐྱུར་བའི་སྡེ་རྣམས་དག་གིས་ཉི་མ་བཅུ་རུ་རོ་ནི་མཉེ་ཞིང་བདུག་ པར་བྱ། །དེ་ནས་སླར་ཡང་སྙིགས་མ་དག་ལ་གནས་པ་ཕྱེ་ནས་བསྲེ་བར་བྱ་སྟེ་ཐམས་ཅད་ དུས་སུ་འོ། །སླར་ཡང་གལ་ཏེ་སྙིགས་ལས་དེ་ནི་མ་ཕྱེད་རོ་ནི་འཆི་སྟེ་དེ་ཡང་དེ་ལ་བཞུ་བར་ བྱ། །དངུལ་ཆུ་རང་གི་སྐྱེ་གནས་ཟ་ན་དེ་ནི་སླར་ཡང་གཞན་གྱི་སྐྱེ་གནས་ཐམས་ཅད་རབ་ཏུ་ ཟ། ༢༡༦། ༈ ཞ་ཉེ་རྣོན་པོ་ར་གན་ཟངས་དང་ལྷང་ཚེར་སྐྱེས་སམ་གཞན་པ་ཞིངལས་སྐྱེས་པ་རྣམ་ དག་པ། །མཉམ་པ་གཅིག་ཏུ་བསྲེགས་པའོ་དངུལ་གྱི་བྱ་བ་ལ་ནི་ལྷང་ཚེར་དཀར་པོ་ལས་ སྐྱེས་གཤའ་ཚེ་མཉམ། །དང་པོར་དྲུག་ཅུའི་ཆ་ཤས་ཟས་ནི་འཇུ་བར་འགྱུར་ཞིང་དེ་ནས་ཆ་རེ་ བསྐྱེད་པས་འཕེལ་བར་བྱ། །རྐང་པའི་ཆ་ཤས་ཇི་སྲིད་ཉིད་དུ་རབ་ཏུ་འགྱུར་ཏེ་དེ་ལས་ལྷག་ པ་རབ་ཏུ་སྦྱིན་མི་བྱ། ༢༡༧། ཕྱོགས་གཅིག་གིས་ནི་ཉིས་འགྱུར་འཇུ་བར་འགྱུར་ཏེ་སླར་ཡང་ འདི་ནི་དེ་བཞིན་ས་བོན་རྣམ་པར་དག །དེ་ལྟར་གཉིས་གསུམ་བརྒྱད་འགྱུར་འཇུ་བར་འགྱུར་ ཏེ་སླར་ཡང་ཞུ་བ་འདི་ནི་བི་ད་མཆོག་རྣམས་ཀྱིས། །མ་ཞུ་ན་ནི་རོ་ལ་ཇི་སྲིད་མཚན་མོ་བརྒྱད་ ཀྱི་བར་དུ་འཁོར་ལོའི་དུགས་སུ་རབ་ཏུ་འགྱུར། །རེག་པ་མཆོག་གི་སྨན་རྣམས་དག་གིས་མེ་ ལ་གནས་པ་ལྷང་ཚེར་ལྕགས་ནི་ཁ་མེད་འཇུ་བར་འགྱུར། ༢༡༨། ལྷང་ཚེར་དག་ལས་ལྕགས་ནི་ བརྒྱད་འགྱུར་སྟོབས་སུ་འགྱུར་ཏེ་དེ་ནི་ཞུ་བ་ན་ཡང་བརྒྱད་འགྱུར་རོ། །དེ་ཡི་ས་བོན་ལ་ཡང་ བརྒྱད་འགྱུར་ཡིན་ཏེ་སླར་ཡང་དེ་ལས་རྡོ་རྗེ་རིན་ཆེན་བརྒྱད་འགྱུར་རོ། །དེ་ལྟར་ལྕགས་དང་ རིན་ཆེན་རྣམས་དང་ཉེ་བའི་རོ་དང་རོ་རྣམས་ཇི་སྲིད་ཁོལ་བར་གྱུར་གྱི་བར། །མེ་ཡི་ནང་དུ་ བསྐོལ་བར་བྱ་སྟེ་དེ་ནས་དེ་ནི་འབུམ་ཕྲག་དུ་མ་འབུགས་པར་རབ་ཏུ་འགྱུར། ༢༡༩། རེག་རྡོ་ 1-1-351 སྨན་དག་མེད་ན་མཆོག་གི་བི་ཊ་མཉེ་བ་དག་དང་དུགས་རྣམས་ཀྱིས་ཀྱང་འཇུ་བར་འགྱུར། ། འདར་བ་མེད་པ་ཇི་སྲིད་ཉིད་དེ་དེ་ནས་སྒྱུར་བྱེད་གསེར་ནི་མཉམ་པ་དག་ཏུ་རབ་ཏུ་འགྱུར། ། སླར་ཡང་གཞན་ནི་གཉིས་དང་སུམ་འགྱུར་གསེར་ཞུའི་ཁུ་བ་འབྲུ་མར་དངུལ་ཆུ་དག་ལ་ བླུགས་པས་སོ། །རྫས་ཀྱི་དོན་དུ་ཞ་ཉེ་བརྒྱད་ཆ་གསེར་ཞུན་ཁུ་བ་དག་ལ་རབ་ཏུ་འབད་ནས་ བླུགས་པར་བྱ། ༢༢༠། ༈ གསེར་དངུལ་བྱ་བ་དག་ལ་གསེར་རྣོན་སྦྲུལ་ཟངས་ཞ་ཉེ་མཚལ་དང་ལྡོང་རོས་མུ་ཟི་ དག་གིས་དང་། །གཤའ་ཚེ་ཟླ་བ་དེ་བཞིན་ལྷང་ཚེར་སྐྱེས་དང་བ་བླ་དང་ནི་བསྲེག་བྱ་དག་ གིས་བསད་བྱས་ནས། །མཉམ་པའི་འགྱུར་བྱེད་དུག་དང་ལན་ཚྭ་ཉེ་བའི་རོ་རྣམས་དག་དང་ ལྕགས་དང་མཉམ་པའི་དངུལ་ཆུ་ནི། །མཁྲིས་པ་སྐྱུར་པོ་དག་གིས་ཉིན་ཞག་བཅུ་རུ་མཉེས་ ནས་དེ་ནི་རྡོ་བའི་དབུས་སུ་བླུགས་བྱས་ཏེ། ༢༢༡། ས་ཡི་ནང་དུ་ཟླ་བ་དྲུག་ཏུ་སྟེང་དུ་མེ་དང་ བཅས་པས་ཐམས་ཅད་དུས་སུ་བདུགས་གྱུར་ན། །དངུལ་ཆུ་དེ་ནི་བཅུ་དྲུག་ཆ་ཡིས་གྷོ་ཥས་ དྲངས་པ་འབུགས་པར་བྱེད་པར་རབ་ཏུ་འགྱུར་ཏེ་སླར། །ཟངས་དང་ཟླ་བ་གསེར་མཉམ་དགེ་ བའི་གསེར་འདི་གསེར་འགྱུར་མཁན་རྣམས་དག་གི་སྡུག་བསྔལ་འཇོམས་པ་སྟེ། །དངུལ་ནི་ བརྒྱད་ཀྱི་ཆ་ཤས་བྱིན་ན་དག་པའི་ཟངས་ནི་ཕུག་པ་དངུལ་དུ་ཡང་ནི་འགྱུར་བ་ཡིན། ༢༢༢། ༈ འཛིན་མ་ལ་ནི་རྡོ་བ་གང་དག་འབྲས་བུའི་ལུས་དང་མཚུངས་ཤིང་དུང་དང་མགོ་ལ་ སོགས་པའི་གཟུགས། །དེ་ཡི་སྐྱེ་གནས་དེ་རྣམས་ལ་བྱིན་མར་དང་སྦྲང་རྩི་དང་བཅས་དྲག་ པོའི་རླུང་གིས་བཞུ་བར་བྱ། །དེ་ནས་སླར་ཡང་བཏགས་པ་དང་ནི་ཚ་ལ་འགྱུར་བྱེད་སྡེ་ཚན་ རྣམས་ཀྱིས་དག་པར་བྱས་ནས་ནི། །ལྕགས་ཀྱི་སྐྱེ་གནས་དེ་ནི་ཤེས་ནས་ཉིས་འགྱུར་དག་ ཀྱང་རོ་ལ་གསེར་འགྱུར་མཁན་གྱིས་བཞུ་བར་བྱ། ༢༢༣། ༈ ཉིན་ཞག་བདུན་དུ་སྣོད་ནི་དག་པར་འགྱུར་ཏེ་འབྲས་བུ་གསུམ་པོ་རོ་མཉམ་བསྐོལ་ 1-1-352 བའི་ཆུ་དང་ནི། །སྨན་གྱིས་བསད་པའི་ལྕགས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དག་དང་བཅས་པ་ དངུལ་ཆུ་དང་བཅས་དང་། །བ་ཡི་འོ་མ་གསར་པ་རྙིང་པ་སཱ་ལི་ཟན་ནི་ལོ་མ་སྐྱུར་པོས་དམན་ ཞིང་ལན་ཚྭ་དང་། །རྣམ་བྲལ་ཉ་དང་འབྲུ་མར་སོགས་ལས་གྲོལ་བ་ཟོས་པ་དག་གིས་ཕྱོགས་ ཀྱི་ནང་དུ་མི་རྣམས་ཀྱིའོ། ༢༢༤། ༈ སྟོང་ཕྲག་འབུགས་པ་བརྒྱ་ཡིས་བསྒྱུར་བའི་བརྒྱད་དང་བྱེ་བ་འབུགས་པ་ཇི་སྲིད་པར་ ཡང་ཤེས་བྱས་ནས། །ཉིན་ཞག་སོ་སོའི་དུས་སུ་བཟའ་བར་བྱ་སྟེ་ཡུངས་དཀར་ཆ་ལས་མཐའ་ མ་སྐྱེ་ཚེའི་ཆ་ཤས་སོ། །ཁང་བཟང་དང་ནི་ས་ཡི་ཁང་པ་གྲང་བ་རླུང་དང་ཚད་པ་དག་དང་ བྲལ་བར་རབ་ཏུ་འགྱུར། །འབྲིང་པོ་འདི་ནི་ཟླ་བ་དྲུག་གིས་ལྷ་ཡི་ལུས་པོ་སྐྲ་དཀར་གཉེར་མ་ དག་དང་བྲལ་བར་བྱེད། ༢༢༥། ༈ ཀར་ཀོ་ཊཱི་དང་དེ་བ་དཱ་ལཱི་ཚ་གསུམ་བྲི་ཧ་ཏཱི་དང་ནིམ་པ་ཀི་རཱ་ཏ་ཏིག་ཏ། །བསྐོལ་ བ་འཐུངས་ཏེ་སླར་ཡང་མ་ཞུ་བ་ལ་ཉིན་ཞག་གསུམ་དུ་བསྙུང་བར་གནས་པ་རབ་ཏུ་བྱ། །དེ་ བཞིན་ཟླ་བའི་ཆུ་ལ་སོགས་པ་མེ་དང་དུག་གི་ཆུ་དང་རྡོ་དང་བྷལླཱ་ཏ་ཡི་ཆུ། །ངན་པའི་དྲི་དང་ ས་དང་རྡོ་བ་དུག་གི་ཤ་དང་བརྟག་པ་གཞན་རྣམས་ལ་ཡང་སྔགས་པས་སོ། ༢༢༦། ༈ གང་ཞིག་ཟོས་ན་དྲག་ཏུ་བརྒྱལ་བ་སྟེར་བྱེད་དུག་དང་མཚུངས་པ་དེ་རྣམས་མཐའ་ དག་སྨན་ཡིན་ཏེ། །ཕྱེ་མར་བྱས་ནས་དེ་ཉིད་ཅུང་ཟད་མར་དང་སྦྲང་རྩི་དང་བཅས་བཟའ་ བར་བྱ་སྟེ་དེ་བཞིན་ཉིད། །གསལ་བར་མི་ཕྱུག་སེམས་ཅན་རྣམས་ཀྱིས་གང་ཞིག་ཟ་བར་བྱེད་ པ་དེ་ནི་གྲུབ་སྟེར་སྨན་མ་ཡིན། །དེ་དག་རྣམས་ལ་འཆི་སྟེར་མཆོག་ཏུ་འཇིགས་བྱེད་གང་ཡིན་ དེ་ནི་རྣལ་འབྱོར་རྣམས་ལ་བདུད་རྩིར་འགྱུར། ༢༢༧། ༈ དཎ་ཌོད་པ་ལ་སཱ་ལི་པར་ཎཱི་ཆུ་སྐྱེས་སཱ་རཱི་དག་གི་རང་ལུས་འདབ་མའི་ཁུ་བ་ཡིས། ། རོ་དང་མུ་ཟི་མཉམ་པ་ཁབ་ལེན་སྣོད་དུ་ལྕགས་ཀྱིས་ཉིན་ཞག་གསུམ་དག་ཏུ་ཡང་མཉེ་བྱས་ 1-1-353 ནས། །གང་ཞིག་ཟླ་བ་དྲུག་ཏུ་ཉིན་ཞག་སོ་སོའི་དུས་སུ་ཊཾ་ཀའི་རྐང་པའི་ཚད་ནི་ཟ་བྱེད་པ། ། དེ་ནི་མཛེ་ལ་སོགས་པའི་ནད་ལས་གྲོལ་ཞིང་སྐྲ་དཀར་གཉེར་མ་དང་བྲལ་བརྒྱད་གཉིས་ལོ་ ལོན་དབྱིབས། ༢༢༨། ༈ བོཀྐཱ་ཎ་དང་བར་སྣང་ཤག་ཏུ་ཀཱི་རའི་མཆུ་ཡིས་རབ་གཡོ་དངུལ་ཆུ་དག་ཀྱང་བསད་ པར་བྱ། །སྨན་གཞན་དག་གིས་བསད་པ་ལ་ནི་དམར་རེངས་ལྷང་ཚེར་སྐྱེས་དང་གསེར་དང་ ཁབ་ལེན་མཉམ་པ་དག །གཅིག་ཏུ་བྱས་ནས་སྲེག་བཅས་དྲི་མ་རྣམ་བྲལ་དངུལ་ཆུ་དག་ལ་ སྲང་དྲུག་གིས་ནི་གོང་བུ་སྟེ། །སྔར་བརྗོད་ཁབ་ལེན་སྣོད་དུ་ཆུར་ཁུ་དག་གིས་བསྐོལ་བར་ གྱུར་པ་གཉེར་མ་དང་ནི་སྐྲ་དཀར་འཕྲོག༢༢༩། ༈ ཟླ་བ་དྲུག་དང་གཉིས་གཅིག་ཟླ་བ་མི་བདག་དང་བཅས་ཉིན་ཞག་བཅུ་དང་ཞག་ བདུན་ཞག་གསུམ་དང་། །ཞག་དང་སྐ་ཅིག་གཅིག་གིས་འདི་ཡི་མཐུ་དག་ལས་ནི་ལུས་ལ་ དངོས་གྲུབ་ཏུ་ཡང་རབ་ཏུ་འགྱུར། །ཐུན་མོང་བ་དང་འབྲིང་པོ་འཇིག་པ་དག་དང་རྣམ་པར་ བྲལ་བ་མཆོག་གི་ཡེ་ཤེས་གྲུབ་པ་སྟེ། །མཆོག་དམན་སྐྱེས་བུའི་རང་གིས་བྱས་པའི་དགེ་ དབང་ལས་ཏེ་སྐྱེ་བ་གཅིག་གི་རྗེས་སུ་འབུགས་ལས་མིན། ༢༣༠། ༈ གང་ན་འཁྲི་ཤིང་ལྗོན་པ་གཞན་གྱི་དངོས་དང་ཉིས་ཞག་སོ་སོའི་དུས་སུ་དུད་འགྲོ་ རྣམ་པར་རྩོད། །རལ་གྲི་དག་ལ་པད་མའི་སྐུད་པའི་སྡོང་བུ་མི་ཡི་སྣུམ་གྱི་མར་མེས་གཏེར་ནི་ གསལ་བར་བྱེད། །དེར་ནི་ཉིན་ཞག་སོ་སོའི་དུས་སུ་འབྱུང་པོའི་བདག་པོ་དག་གི་སྔགས་ཀྱི་ བཟླས་པ་རབ་ཏུ་བྱ། །ཇི་སྲིད་བརྐོ་བའི་མཚན་མར་གྱུར་གྱི་བར་ཏེ་དེ་ནས་སྔགས་པ་རྣམས་ ལ་རྫས་ཀྱི་དངོས་གྲུབ་པོ། ༢༣༡། ༈ (ཐུན་མོང་སྒྲུབ་པའི)དང་པོར་རྒྱལ་བའི་བདག་པོ(རྡོ་རྗེ་སེམས་དཔ)འི་(སྐུ་རྡོ་རྗེ་ལ་སོགས་པ)རྡོ་ རྗེ(དྲུག་གི)ས་བྱིན་གྱིས་བརླབས་པ་(མགྲིན་པ་ལ་སོགས་པ་སྔགས་ཀྱི)སྐྱེ་གནས་དྲུག་གི་སྔགས་(ནམ་ 1-1-354 མཁའི་ཁམས་པ་ནས་ཡེ་ཤེས་ཀྱི་ཁམས་པའི་བར)རྣམས་(སྒྲུབ་ཐབས་ལས་གསུངས་པ་ལྟར)བསྒྲུབ་པར་བྱ། །(དེ་ ནས་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ)གནོད་སྦྱིན་མོ་རྣམས་བསྒྲུབས་ནས་སླར་ཡང་ས་གཞི་ལ་ནི་ ཞིང་དུ་(སྟེ་ནོར་དང་གཏེར)སྨྲ་བ་རྣམས་ཀྱང་བསྒྲུབ་པར་བྱ། །(སྔོན་དུ)ཀླུ་མོ་རྣམས་ནི་བསྒྲུབ་པར་ བྱས་ནས་(གྲུབ་པ་ཆེན་པོ)བདུད་རྩིའི་འབྲས་བུའི་རོ་དང་(རིལ་བུ་དང་མིག)སྨན་དེ་རྣམས་ནི་བསྒྲུབ་ པར་བྱ། །(སྔོན་དུ)མཁའ་འགྲོ་མ་རྣམས་བསྒྲུབ་པར་བྱས་ནས་མཆོག་ཏུ་འཇིགས་པ་བྱེད་པའི་ ལྷ་མིན་རྣམས་ཀྱང་བསྒྲུབ་པར་བྱ། ༢༣༢། (སྔོན་དུ)ཀླུ་(དང་ལྷ)ལ་སོགས་རྣམས་བསྒྲུབ་པ་བྱས་ ནས་རབ་མཆོག་ལྷ་དང་མི་རྣམས་(ཀྱི་འདོད་དོན)རྣལ་འབྱོར་པ་ཡིས་བསྒྲུབ་པར་བྱ(འོ)། །༈ (མཆོག་བསྒྲུབ་ན་སོར་སྡུད་བསམ་གཏན་གྱིས་འགྱུར་མེད)དུ་བ་(གཞན)ལ་སོགས་བསྒྲུབ་པ་བྱས་ནས་འཆི་ བ་འཇིགས་པར་བྱེད་པའི་(རྩ)དབུ་མ་(རྣམ་པར་སྦྱངས་པ)དག་ནི་བསྒྲུབ་པར་བྱ། །(སྲོག་རྩོལ་དང་ འཛིན་པས)སྲོག་ལ་སོགས་(པ་རླུང་བཅུ་པོ)རྣམས་བསྒྲུབ་པ་བྱས་ནས་(གཙུག་ཏོར་ཧཾ་ཡིག)རི་བོང་འཛིན་ པ་ཞུ་བའི་ཐིག་ལེ་རྣམས་ནི་བསྒྲུབ་པར་བྱ། །(རྗེས་དྲན་དང་ཏིང་ངེ་འཛིན་གྱིས་འགྱུར་མེད)དམ་པའི་ བདེ་བ་བསྒྲུབས་ནས་ལྷན་ཅིག་སྐྱེས་པ་རྒྱལ་བའི་སྐུ་ནི་(ཆ་མེད)ཀུན་ཏུ་འགྲོ་བ་བསྒྲུབ་པར་ བྱ(འོ)། ༢༣༣། ༈ སེམས་ཅན་(ཕལ་པ)རྣམས་ལ་འཆི་(བ)སྟེར་(བའི་དངོས་པོ་དུག་ལ་སོགས་པ)གང་(ཡིན་པ)དེ་ གྲུབ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་(ལས)མཐའ་དག་(འཆི་མེད་ཀྱི)བདུད་རྩི་(ཉིད་དུ་ འགྱུར་བ)སྟེ། །འདོད་པའི་དངོས་གྲུབ་གང་ཞིག་(ཕལ་པ་རྣམས་ཀྱིས)བགྲོད་བྱ་མིན་པ་དེ་ཡང་སྲིད་ གསུམ་གནས་སུ་(རྣལ་འབྱོར་པ་ཡིས)བསམ་གཏན་གྱི་(སྒོ་ནས)བགྲོད་བྱའོ། །(འགྱུར་མེད་མཆོག་བདེའི) ཡེ་ཤེས་གང་ཞིག་(བསྐལ་པ་མང་པོར)རྙེད་དཀའ་དག་ཀྱང་(རྣལ་འབྱོར་པ)རྡོ་རྗེ་པད་མར་བདེ་བས་ བྱིན་(གྱིས)བརླབས་(པ་རྣམས་ལ)རྙེད་པ་སླ་བ་ཉིད(དེ)། །(དེས་ན)དེ་ལྟ་དེ་ལྟར་རྡོ་རྗེ་ཅན་ཏེ་སྲོག་ ཆགས་རྣམས་ལ་ཐམས་ཅད་དུས་སུ་བདེ་མཉམ་སྟེར་གྱུར་ཅིག༢༣༤། 1-1-355 ༈ སྒྲ་གཅན་མེ་དང་ཟླ་བ་ཉི་མ་བཞི་པོར་བརྗོད་དེ་ས་ཆུ་བསྲེག་ཟ་རླུང་དང་སྟོང་པ་གང་། །ལྔ་པོ་དག་གོ་གཟའ་ཡི་ཚོགས་པ་གཅིག་ཤོས་དག་ནི་དྲུག་པོ་ལྷུན་པོ་འདི་ཡི་ཕྱོགས་རྣམས་ སུ། །གླིང་རྣམས་དག་ནི་བཞི་པོར་རབ་ཏུ་འགྱུར་ཏེ་ཡུལ་རྣམས་དག་ནི་ལྔ་པོར་ཕྱི་རོལ་དག་ ཏུ་གསུངས། །སྙིང་སྟོབས་ལ་སོགས་ཡོན་ཏན་རྣམས་ནི་གསུམ་པོ་གཞན་པ་འདི་འོ་ལུས་ཀྱི་ དབུས་སུ་དེ་བཞིན་ཉིད། ༢༣༥། པད་མར་རྣམ་ཤེས་དགའ་བ་ཁྲག་དང་བདུད་རྩི་ཞེས་པ་དང་ པོར་བཞི་པོ་དག་གོ་དེ་ལས་ནི། །གང་ཞིག་རུས་པ་ལ་སོགས་མཐའ་དག་རྣམས་ཀྱང་ལྔ་པོ་དེ་ ནས་མིག་ལ་སོགས་པ་དྲུག་པོ་སྟེ། །ལག་པ་རྐང་པ་དག་ནི་བཞི་པོ་ལག་པ་རྐང་པ་ལ་གནས་ སོར་མོ་རྣམས་ནི་ལྔ་པོ་འོ། །དེ་རྣམས་ཚིགས་ནི་གསུམ་པོ་གང་ཞིག་འདིར་ནི་རིམ་པ་མཐའ་ དག་རིགས་འདི་ལ་ནི་རིག་པར་བྱ། ༢༣༦། ༈ ས་འཛིན་དེ་ཉིད་རབ་དབྱེ་རྣམས་དང་རོ་ཡིས་བསྒྱུར་བའི་རོ་དང་ཉི་མ་ཉི་ཤུ་ཞེས་པ་ དང་། །དབྱེ་བ་དྲུག་བཅུ་[ཅུ་]མི་རྣམས་དག་གི་མཐའ་དག་ལུས་ལ་གནས་པ་བུག་པ་དྲུག་ དང་ཟླ་བའི་གྲངས། །དེ་དག་ཐམས་ཅད་བསྡུས་པ་སུམ་འགྱུར་དགུ་རུ་འགྱུར་ཏེ་ལྔ་བཅུ་རྩ་ བཞི་༈སྲོག་གི་རྒྱུ་བ་དང་། །གཟའ་རྣམས་དག་གི་རྒྱུ་བ་གང་དེ་སླར་ཡང་གཅིག་ཤོས་རྣམས་ ཀྱིས་རྣལ་འབྱོར་མ་ཡི་རྒྱུ་བར་བརྗོད། ༢༣༧། ༈ ཡེ་ཤེས་ནམ་མཁའ་གཉིས་དང་སླར་ཡང་གཞན་པ་འདི་ནི་ཐེག་པ་དག་དང་དཀོན་ མཆོག་གསུམ་པོ་ཡང་། །ཉོན་མོངས་བདུད་དང་གནས་རྣམས་དང་ནི་སླར་ཡང་ངེས་པར་རྫུ་ འཕྲུལ་རྐང་པ་ཟག་པ་རྣམས་དང་ནི། །མི་འཇིགས་པ་དང་བདེན་པ་རྣམས་དང་སླར་ཡང་ དེ་བཞིན་དྲན་པ་ཉེ་བར་གཞག་པ་ཡང་དག་པར། །བསྡུ་བ་བཞི་ཡི་མཐའ་རྣམས་རྒྱལ་བའི་ བདག་པོའི་རྡོ་རྗེ་རྣམས་ཀྱིས་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། ༢༣༨། མངོན་ཤེས་ལྔ་དང་ སྟོབས་དང་ལྟ་བ་རྣམས་དང་རབ་མཆོག་རྒྱལ་བའི་བདག་པོ་དག་གི་སྤྱན་ལྔ་དང་། །དེ་བཞིན་ 1-1-356 ཕུང་པོ་དབངཔོ་དྲན་པ་ཞེས་པ་དྲུག་དང་བྱང་ཆུབ་ཡན་ལག་བདུན་དང་མཆོད་པ་ནི། །བདུན་ ཏེ་ལམ་གྱི་ཡན་ལག་བརྒྱད་རྣམས་སོ་སོར་ལེགས་འཇུག་གཟུགས་ཅན་རྣམ་པར་ཐར་པ་ བརྒྱད་རྣམས་དང་། །བུག་པ་ཞེས་བྱ་ཡན་ལག་དགུ་ནི་གསུང་རབ་མཆོག་སྟེ་ས་རྣམས་དག་ནི་ ཕྱོགས་ཀྱི་ཚད་ཡིན་ནོ། ༢༣༩། སངས་རྒྱས་རྣམས་ཀྱི་ཕྱོགས་ཀྱི་སྟོབས་དང་གསལ་བར་དབང་ བཅུ་དང་ནི་ཡན་ལག་བཅུ་གཉིས་རྟེན་འབྲེལ་དག །སྐྱེ་བ་དང་ནི་འགོག་པ་དག་གོ་དེ་བཞིན་ ཉིས་འགྱུར་དགུ་ནི་མ་འདྲེས་པ་ཡི་སངས་རྒྱས་ཆོས། །རབ་མཆོག་རྒྱལ་བའི་བདག་པོའི་ མཚན་ནི་སུམ་ཅུ་རྩ་གཉིས་དག་དང་དཔེ་བྱད་རྣམས་ཀྱང་བརྒྱད་ཅུ་སྟེ། །ཁྱབ་བདག་མཆོག་ གི་ངོ་འཕང་འདི་དག་མཐའ་དག་སྔགས་པ་ཡིས་ནི་ལུས་ལ་བསྒོམ་པར་བྱ་བ་ཡིན། ༢༤༠། ༈ ཟླ་བ་(དང་)རང་གཟུགས་གཅིག་(གི་བརྡ་མིང)སྟེ་(ཟླ་བ་གཅིག་ལས་མེད་ཅིང་གཟུགས་ཕུང་གཅིག་ ཏུ་བརྩི་བས་སོ)ཟུང་དང་ལག་པ་(དང་)མིག་དང་འཁྲིག་པ་(དང་)ཕྱོགས་(པཀྵ)དང་བགྲོད་པ་དག་ ནི་གཉིས(ཟླ་བའི་དཀར་ཕྱོགས་ནག་ཕྱོགས་དང་ཉི་མའི་བགྲོད་པ་གཉིས་སོ)། །འཇིག་རྟེན་(དང་)དུས་(ཀ་ལ) དང་ཡོན་ཏན་(དང་)མེ་ནི་གསུམ་མོ་(ཞེས་པ་ས་འོག་ས་བླ་ས་སྟེངས་དང་འདས་མ་འོངས་ད་ལྟར་དང་རྡུལ་མུན་སྙིང་ སྟོབས་དང་ལྷོ་དང་ཁྱིམ་དང་སྲེག་བྱ་ཟ་བའི་མེ་རྣམས་སོ)ཆུ་གཏེར་(དང་)དུས་(ཡུ་ཀ)དང་རིག་བྱེད་དག་ནི་བཞི་ རུ་བརྗོད(ཅེས་པ་རྒྱ་མཚོ་ལ་ཕྱོགས་བཞིར་ཕྱེ་བ་འམ་གཾ་ག་སོགས་དང་རྫོགས་ལྡན་སོགས་དང་མཆོད་སྦྱིན་སོགས་སོ)། ། མདའ་དང་འབྱུང་བ་(དང་)དབང་པོ་རྣམས་ནི་ངེས་པར་ལྔ་རུ་རབ་ཏུ་འགྱུར་ཏེ་(ཞེས་པ་སྒྲོན་གསལ་ ལས་རེངས་བྱེད། རྨོངས་བྱེད། ཀུན་ཏུ་རྨོངས་བྱེད། བརྒྱལ་བྱེད་སེམས་མེད་པར་བྱེད་པ་སྟེ་ལྔ་ལ་བཤད། སློབ་དཔོན་དཔལ་ འཛིན་གྱིས། མྱོས་བྱེད། འདར་བྱེད། རྨོངས་བྱེད། ལྟུང་བྱེད། བརྒྱལ་བྱེད་ལ་བཤད། ཨ་མ་ར་ཀོ་ཥའི་འགྲེལ་པར་མྱོས་བྱེད། སྲེད་ བྱེད། ཡང་དག་རྨོངས། སྐེམ་བྱེད་འཆིང་བྱེད་རྣམས་ལ་འདོད་པའི་མདའ་ལྔར་བཤད་པ་དང་ས་སོགས་ལྔ་དང་མིག་སོགས་ལྔའོ) རོ་དང་དུས་ནི་དྲུག(སྟེ་སྐྱུར་བ་སོགས་དང་དཔྱིད་དང་སོ་ག་དང་དབྱར་དང་སྟོན་དང་དགུན་སྟོད་དང་དགུན་སྨད་རྣམས་ སོ)། །(རེས་)གཟའ་(པཱ་ར)དང་རི་བོ་(དང་)ཐུབ་པ་ཞེས་པ་བདུན་གྱི་གྲངས་ཏེ་(ཉི་མ་ནས་སྤེན་པའི་བར་ 1-1-357 དང་འོད་སྔོན་སོགས་དང་སངས་རྒྱས་རབས་བདུན་ནོ)དེ་བཞིན་ཀླུ་དང་ནོར་ནི་(བརྒྱད་ཡིན་ནོ(ཞེས་པ་མཐའ་ ཡས་སོགས་དང་)(ཨ་མ་རོ་ཀོ་ཥའི་འགྲེལ་པར། ཆུ་དང་བརྟན་པ་ཟླ་བ་དང་། འཛིན་བྱེད་རླུང་དང་མེ་དང་ནི། ནམ་ལངས་འོད་ བྱེད་ཅེས་བྱ་བ། བརྒྱད་པོ་ནོར་གྱི་ལྷ་ཞེས་བྱ། ཞེས་འབྱུང་བའོ)། ༢༤༡། (སྙིང་ཁའི་རྩ་བརྒྱད་དབུ་མ་དང་བཅས་པ)རྩ་དང་ བུག་པ་(མིག་སོགས་དང་)གཟའ་(ནི་བདུན་གྱི་སྟེང་སྒྲ་གཅན་མཇུག་རིངས་དང་བཅས་པ)དང་གཏེར་ཡང་དགུ་ (ཞེས་པ་ལ་གཏེར་ནི་པད་མ་ཅན་དུང་ཅན་པད་མ་ཆེན་པོ་ཅན་ཆུ་སྲང་ཅན་རུས་སྦལ་བ་ཅན་རྔ་ཅན་དགའ་ཅན་སྔོན་པོ་འབྱིན་བྱེད་ ཅེས་འབྱུང་བ་འོ)སྟེ་ཕྱོགས་ནི་བཅུ་དང་དབང་ཕྱུག་(གམ་དྲག་པོ)དང་ནི་བཅུ་གཅིག་གོ(ཞེས་པ་ནི། མ་སྐྱེས་ སྐང་གཅིག་འཕེལ་དང་བསྟོད། །དྲག་པོ་དང་ནི་བརྩོན་འགྲུས་ལྡན། །འཕྲོག་བྱེད་དེ་ནས་བེད་འབྱུང་དང་། །སྤྱན་གསུམ་གཞན་ ལས་རྒྱལ་བ་དང་། །དབང་ལྡན་དང་ནི་ས་གསུམ་པ། །དྲག་པོ་བཅུ་གཅིག་ཤེས་པར་བྱ། །ཅེས་འབྱུང་བ་ལྟར་རོ)། །ཉི་མ་(བཅུ་ གཉིས་དང་)ལུས་མེད་(དམ་འདོད་པ་བཅུ་གསུམ་དང་)མ་ནུ་(དང་)སྲིད་པ་(བཅུ་བཞི་)གང་དང་ཚེས་(བཅྭ་ལྔ་) དང་མི་བདག་(བཅུ་དྲུག་སྟེ་དེ་རྣམས་)བཅུ་གཉིས་ནས་ནི་(བཅུ་དྲུག་བར་དུ)རེ་རེ་འཕེལ(ཞེས་པ་ལ་ཉི་མ་བཅུ་ གཉིས་ནི། དབང་པོ་བྱེད་པ་ལམ་པ་དང་། ཆར་འབེབས་གཏོད་བྱེད་སྟོན་བྱེད་སྔོན་མིན་འཕགས། མི་གཟུགས་ཁྱབ་འཇུགས་འོད་ ཅན་དང་། ཆུ་བདག་གཤིན་རྗེ་ཞེས་བྱ་འོ། །ཞེས་འབྱུང་བས་འོ། །འདོད་པ་ནི་འདོད་པའི་རྒྱུ་ལྷའི་སྨད་འཚོང་མ་གློག་གི་འོད་ཅན་ མ། ཏིལ་མཆོག་མ། པད་དཀར་མ། ལག་བཟང་མོ། དགའ་བའི་ཤིང་རྟ་མོ། རབ་ཏུ་མྱོས་བྱེད་མ། མེ་ན་ཀསྐྲ་འདྲེས་མ། ལེགས་ བརྒྱན་མ། མུན་ཛ་སྐྱེས། ཨ་ལ་མཱུ་ཤ་ཆུ་ཤིང་བླ་ཅན་མ། སྐད་ལེགས་མ། ཞེས་འབྱུང་བ་རྣམས་ཡིན་ནམ་ཞེས་འཆད་དོ། །མ་ནུ་ནི་ ཡིད་དེ་སེམས་ཅན་མཚོན་པ་ཡིན་ལ། དེའི་དབྱེ་བ་ནང་ལེར་གསུངས་པ་ལྷ་བརྒྱད་དུད་འགྲོ་བཞི། མི་དང་དམྱལ་བ་གཉིས་ཏེ་བཅུ་ བཞི་དང་། སྲིད་པའི་གནས་ཀྱང་དེ་རྣམས་ཀྱི་གནས་སོ། །མི་བདག་ནི་པད་མ་ཅན་ལས་རྒྱལ་པོ་ཤིང་རྟ་ལ་སོགས་པ་བཅུ་དྲུག་གོ། ཞེས་ཟེར་རོ)། །ཉེས་པ་འདི་དག་བཅྭ་བརྒྱད་ཡིན་ཏེ་(ཞེས་པ་ནི་ལུས་ལ་མི་སྡུག་པའི་སྐྱོན་མགོ་སྐྲ་བྱི་བ། ངན་ པ། དཔྲལ་བ་ཆུང་པ། མདོག་སེར་སྐྱ། མིག་སེར་བ། སྨིན་མཚམས་མ་འབྱར་བ། སྣ་ལེབ་པ། སོ་ཏོ་བ། དིག་པ། མིག་ཟླུམ་པ། མིག་ཆུང་བ་ཕྱི་ནང་དུ་སྒུར་བ། ལྟོ་ཆེ་བ། དཔུང་པ་དང་རྗེ་ངར་ཐུང་བ། སྤུ་ཅན་ལག་རྐང་མི་མཉམ་པ། ཚིགས་སྦོམ་པ། ཁ་ལུས་ ལས་དྲི་ངན་པ་འབྱུང་བ་རྣམས་ཡིན་པར་ལུང་ཕྲན་ཚེགས་ཀྱི་འགྲེལ་བར་བཤད་དོ། །)རྒྱལ་བ་མཆོག་ནི་མ་ལུས་(པ) 1-1-358 དེ་རྣམས་ཉི་ཤུ་རྩ་བཞི་འོ(ཞེས་པ་ནི་ལང་ཀར་གཤེགས་པར་སངས་རྒྱས་ཉི་ཤུ་རྩ་བཞི་ཡིན་ཞེས་གསུངས་པའོ)། །དེ་ ཉིད་ཅེས་གྲགས་ཉི་ཤུ་རྩ་ལྔ་ཡིན་ཏེ་(ཞེས་པ་ནི་རང་བཞིན་ཉེར་བཞི་དང་སྐྱེས་བུ་དང་ཉེར་ལྔ་པ་འོ། །ལན་གཉིས་ སྐྱེས་པས་ན)གཉིས་སྐྱེས་(དང་པོ་)ཞེས་པ་སུམ་ཅུ་རྩ་གཉིས་ཉིད་དུ་འགྱུར(ཏེ་མི་ཕལ་པ་ལ་ཡ་སོ་དང་མ་སོ་ རྫོགས་པ་ལ་སུམ་ཅུ་སོ་གཉིས་ཡོད་པས་སོ)། ༢༤༢། ༈ རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དག་ཏུ་ངེས་པར་རྡོ་རྗེའི་ཚིག་ནི་རྡོ་རྗེ་ཅན་གྱིས་སྦས་པ་ སྟེ། །དང་པོའི་སངས་རྒྱས་སུ་ནི་སྲོག་ཆགས་རྣམས་ཀྱི་ཐར་པའི་སླད་དུ་མ་ལུས་པ་ཡང་མངོན་ སུམ་གསུངས། །དེ་ཕྱིར་འཇིག་རྟེན་འཇིག་རྟེན་འདས་པ་དག་ལས་མཐའ་དག་མ་ཚང་མེད་ པའི་རྒྱུད་ནི་བླ་མ་སྟེ། །དཔལ་ལྡན་རྒྱུད་ནི་དང་པོའི་སངས་རྒྱས་མཐའ་དག་རྒྱལ་བའི་བདག་ པོའི་མངོན་པར་བརྗོད་པའོ་ཟླ་བ་བཟང་། ༢༤༣། ༈ (དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ)གང་ལ་ཐོག་མཐའ་དབུས་མེད་(གདོད་མ་ཉིད་ནས་སྐྱེ་བ་དང་) གནས(པ)དང་འཆི་(བ་སྟེ་འགག་པ)དང་སྲིད་པ་(གསུམ)དང་ནི་(ཟླ་བའི་ཡོན་ཏན)སྒྲ་དང་དྲི་དང་རོ་ དག་དང་། །རེག་བྱ་གཟུགས་དང་(གནས་སྐབས་བཞིའི)སེམས་མེད་རང་བཞིན་(ཉེར་བཞི)དང་ནི་ (ཉེར་ལྔ་པ)སྐྱེས་བུ་མེད་ཅིང་(སེམས་ཅན་ཀུན་གྱི་ལུས་ཀྱི་དབུས་ན་གནས་ཀྱང་)འཆིང་དང་གྲོལ་དང་(རང་བྱུང་ བས)བྱེད་པོ་མེད། །(ཀུན་གཞི་རྣམ་ཤེས་དང་བྲལ་བས)ས་བོན་དང་ནི་གསལ་བར་(དུས་གསུམ་གྱི)དུས་ མེད་(བདེ་བ་ཆེན་པོའི་ངོ་བོ་ཉིད་ཡིན་པས)མཐའ་དག་སྲིད་པའི་སྡུག་བསྔལ་(དང་)བདེ་བ་ཉིད་ཀྱི་རང་ བཞིན་མེད། །(རང་བཞིན་གྱིས)མྱ་ངན་འདས་པ་(རྟོག་པའི)མཚན་མ་མེད་ཅིང་(མངོན་པར་འདུ)བྱེད་ པ་(དང་)རྣམ་བྲལ་(ཟླ་ཉིའི)ཡོན་ཏན་(བརྒྱད་པོ)མེད་པ་(མཆོག་ཏུ་མི་འགྱུར་བའི་བདེ་བ)དེ་ལ་ཕྱག་འཚལ་ ལོ། ༢༤༤། ༈ དུས་(འཁོར་ལོ)དང་སྣ་ཚོགས་(ཏེ་རྣམ་པ་ཐམས་ཅད་པ)ལ་སོགས་(པའི་མིང་ཅན་མི་ཤིགས)རྡོ་རྗེ་ དང་ནི་(མཆོག་གི་དང་པོའི)སྐྱེས་བུ་དཔེ་མེད་(ཅིང་མཁའ་ལྟར)ཀུན་(ཏུ)འགྲོ་(ཞིངཡོད་མེད་སོགས)སྤྲོས་པ་ 1-1-359 མེད་པ་སྟེ། །(ནམ་ཡང་མི་ཟད་པའི)ཐེར་ཟུག་ཏུ་གནས་(ཤིང་ཀུན་ནས)སྙན་དང་(ཀུན་ནས)ཤངས་དང་ ཞལ་དང་སྤྱན་དང་དབུ་དང་ཕྱག་དང་ཞབས་ནི་ཐམས་ཅད་པ(སྟེ་དབང་པོ་གཅིག་ཉིད་ཀྱང་ཐམས་ཅད་ ཡིན་པ)། །འབྱུང་པོའི་(ཡང་དག་པའི)མཐའ་སྟེ་འབྱུང་པོའི་མགོན་པོ་(ཡང་ཡིན་པ)མཆོག་གི་ སྲིད་པ་གསུམ་འཛིན་(ཅིང་འཁོར་འདས་ཀྱི)རྒྱུ་རྣམས་དག་གི་རྒྱུ(སྟེ་གཞི)ར་གྱུར་པ། །(ནང་གི)རིག་ པ་(འགྱུར་མེད་དང་ཤེར་ཕྱིན)ལ་སོགས་(པའི་ངོ་བོ)རྣལ་འབྱོར་དག་གི་རྟོགས་བྱ་(འམ་བགྲོད་བྱ)མཆོག་ བདེའི་གོ་འཕང་དུས་ཀྱི་འཁོར་ལོ་(སྟོང་ཆེན་འགྱུར་མེད་གཉིས་པ)ལ་ཕྱག་འཚལ། ༢༤༥། ༈ (གཞོམ་དུ་མེད་པའི་གཡས་ཀྱི་ཡན་ལག་ཡེ་ཤེས་དམར་པོའི)འོད་ཟེརསྤྲོ་(བར)བྱེད་(པ་དམར་པོ་འབར་བ) ནུས་(མ་རྣམ་པ་ཐམས་ཅད)པའི་གཟུགས་ཅན་(ཤིན་ཏུ་འོད་གསལ་བས)གློག་གི་མེ་དང་མཚུངས་ཤིང་ཉི་ མ་བཅུ་གཉིས་དག་གི་གཟི་བརྗིད་(འབར་བ)ཅན། །(རྣམ་ཤེས་ཀྱི་མུན་པ་འཇོམ་པའི)ཡེ་ཤེས་རྡོ་རྗེའི་ སྣང་བ་(སེམས་ཅན་རྣམས)མཆོག་(པཱ་ར)གོ་འཕང་(དུ)བགྲོད་(པར)བྱེད་(པ)རྣམ་པར་བཅད་པ་(ཐིག་ ལེ་གཉིས་ཀྱི་རང་བཞིན་སྟོང་ཆེན་འགྱུར་མེད་གསུམ་པ)དེ་ལ་ཕྱག་འཚལ་ལོ། །༈ (གཞོམ་དུ་མེད་པའི་གཡོན་གྱི་ ཡན་ལག)དཀར་པོ(འབར་བ)འཇིག་རྟེན་གསུམ་གྱི་མགོན་པོ་(སྤྱི་བོའི་ཧཾ་ཡིག)རི་བོང་འཛིན་པ་ལས་ འཛག་(པའི་ཐིག་ལེ་དང་མཚུངས)འཇིག་རྟེན་(ཀུན་གྱི)སྤྱི་བོར་ཡང་དག་གནས(པ)། །བདུད་རྩི་(འི་རང་ བཞིན་འགྲོ་བའི)འཆི་བ་སེལ་ཞིང་སྲིད་པའི་(སྡུག་བསྔལ་གྱི)འཇིགས་པ་(མཐའ་དག)འཇོམས་པར་བྱེད་ པ་ཐིག་ལེའི་གཟུགས་(སམ་རང་བཞིན་སྟོང་ཆེན་འགྱུར་མེད་བཞི་པ)ལ་ཕྱག་འཚལ་ལོ། ༢༤༦། ༈ (རྡོ་རྗེ་སེམས་དཔའ་དང་པོའི་སངས་རྒྱས་ནི་རྣལ་འབྱོར་པའི་རྣམ་པར་མི་རྟོག་པའི)སེམས་(ཀྱི་སྣང་བ)ཙམ་ (ཏེ་ཡིད་སྐྱོབ་པས)སྔགས་ཀྱི་ངོ་བོ་(བདེ་བ་ལ་རོལ་པའི་)ལྷ་ཡི་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་ བདེ་བའི་རང་བཞིན་(དུ་སྣང་བ་ཉིད)ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་(སུ་སྣང་བ)ནི་རང་ གིས་(སྔར)བྱས་པའི་(བག་ཆགས་བཟང་པོའི་འབྲས་བུ)ཉམས་(སུ)མྱོང་(བ་ཡིན་ལ་སྐྱེས་བོ་)མི་བཟད་(པ་མ་ རུངས་པ)རྣམས་ལ་མི་བཟད་པ(དྲག་པོ་འཇིགས་རུང་གི་རྣམས་པར་སྣང་སྟེ)། །(གང་ཟག)གང་གིས་(ཞི་བ་དང་ 1-1-360 དྲག་པོའི)ལས་གང་རབ་བྱས་(པ་དེའི)རང་གི་སེམས་ལ(སྔར་བྱས་པའི)ཆོ་ག་བཞིན་དུ་(ཞི་བ་དང་དྲག་པོ) དེ་ཡི་འབྲས་བུ་(ཞི་བ་དང་དྲག་པོའི་སྐུར་སྣང་བ)དེ་སྐྱེད་པ། །འཇིག་རྟེན་དབང་པོ་(སྤྲུལ་པ)སྣ་ཚོགས་ (པའི)གཟུགས་ཅན་སྲིད་གསུམ་སྐྱེད་(པ་སྟེ་སྤྲོ་བར)མཛད་(པ)རྡོ་རྗེ་སེམས་དཔའ་(སྟོང་ཆེན་འགྱུར་མེད་ ལྔ་པ)ལ་ཡང་ཕྱག་འཚལ་ལོ། ༢༤༧། ༈ (ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ནི)གཅིག་དང་དུ་མ་(ཉིད་དུ་སྣང་བ)དག་ཀྱང་(ཆོས་ཉིད་ དུ་རོ)གཅིག་ཅིང་མཉམ་(པ་ཤེས་རབ)དང་མི་མཉམ་པ་(ཐབས་གཉི་ག)ཡང་(རོ)མཉམ་པ་གཡས་ གཡོན་མདུན་རྒྱབ་དང་། །སྟེང་འོག་ཀུན་ནས་དཀར་ལྗང་(ལ་སོགས་པ)སྣ་ཚོགས་(སུ་སྣང་ཡང་ཆོས་ ཉིད་ཀྱི)ཁ་དོག་ཆེན་པོ་གཅིག་གི་གཟུགས་(ཡིན)ཏེ་(དབྱངས་དང་གསལ་བྱེད)ཐུང་ངུ་(ཟླ་བ)རིང་པོ་(ཉི་ མ)དང་། །ཤིན་དུ་[ཏུ་]རིང་པོ་(སྒྲ་གཅན་གྱི་རྣམ་པར་སྣང་ཡང་རྡུལ་མུན་སྙིང་སྟོབས་གསུམ་གྱི)ཡོན་ཏན་མེད་ ཅེས་(པ་ཡིན་ཡང་སྟོབས་སོགས་ཀྱི་)ཡོན་ཏན་(བསམ་མི་ཁྱབ)དང་བཅས་(ཤིང་)བུད་མེད་(དང་)སྐྱེས་པ(འི་ རྣམ་པ)འང་སྐྱེས་པ་བུད་མེད(ཀྱི་དངོས་པོ)མིན(པའི་སྣ་ཚོགས་སྟོང་གཟུགས)། །གང་ཞིག་(བདེ་བ་ཆེན་པོའི་ རྣམ་པ)ཀུན་གྱི་རྟེན་གཅིག་(པུ་དབང་ཕྱུག་ལ་སོགས་པའི་སྐལ་བ་དང་ལྡན་པའི)བྷ་ག་བཟང་མོ་མཆོག་གི་བྷ་ ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། ༢༤༨། ༈ གང་ཞིག་མི་ཡི་འཇིག་རྟེན་དག་ན་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་(རྩ་ལྟུང་ལ་སོགས་པའི) སྡིག་(པ་དང་)བྲལ་(བ)དེ་(ཉིད་རྡོ་རྗེ་འཆང་)བདག་(གི་ངོ་བོ)སྟེ། །(དེའི་ཕྱིར་རྡོ་རྗེ་སློབ་དཔོན)དེ་ལ་གནོད་པ་ བྱས་པས་སྲོག་ཆགས་(སློབ་མ)རྣམས་ནི་(དམ་ཚིག་ཉམས་ནས)ངེས་པར་དམྱལ་བར་(ལྟུང་བར)འགྱུར་ ཏེ་(རྒྱུ་དེ་ལ་འབྲས་བུ་དེ་ལས་འོས་མེད་པས་ན)འདི་ལ་ངོ་མཚར་(ཆེ་རྒྱུ)མེད། །(བླ་མ)དེ་མཉེས་པ་ཡིས་ (སངས་རྒྱས)བདག་ནི་མགུ་སྟེ་(བླ་མ)དེ་ལ་ཁྲོ་བའི་མེ་ནི་(བྱེད་ན)ཁྲོས་པ་ཞེས་བྱ་ཆེན་པོ་(སྟེ་སངས་ རྒྱས་ལ་ཁྲོས་པ)འོ། །(བླ་མ)དེ་ཉིད་སེམས་ཅན་རྣམས་ལ་ཐར་པ(འི་གོ་འཕང་)བདེ་མཉམ་(གྱི)འབྲས་ (བུ)སྟེར་(བར་མཛད་པའི་ཡབ་ཡིན་པའི་ཕྱིར)བུ་(སློབ་མ)རྣམས་དག་གི་ཕྱག་འོས་མཆོད་འོས་སོ། ༢༤༩། 1-1-361 ༈ སྡིག་ཅན་(གྱི་མཐར་ཐུག)གང་ཡིན་(ན་གང་ཟག)གང་ཞིག་དཔལ་ལྡན་བླ་མའི་ཞབས་པད་ བཟང་ལ་(སྔ་དྲོ་གུང་ཕྱི་དྲོ་སྟེ)དུས་གསུམ་(དུ)ཕྱག་མི་བྱེད་པ་འོ། །(རྣམ་པར)མི་ཤེས་(པའི་རྨོངས་པའི་ མཐར་ཐུག)གང་ཡིན་(ན་གང་ཟག)གང་ཞིག་རྣམ་མང་མེ་ཏོག་རྣམས་ཀྱིས་(སྔ་དྲོ་གུང་ཕྱི་དྲོ་སྟེ)དུས་ གསུམ་དུ་ནི་(བླ་མ་དང་འདོད་པའི་ལྷ་ལ)མཎ་ཌལ་(འབུལ་བར)མི་བྱེད་པའོ། །མྱུར་དུ་མནར་མེད་(པའི་ དམྱལ་བར)འགྲོ་བ(འི་མཐར་ཐུག)་གང་ཡིན་(ན་གང་ཟག)གང་ཞིག་བདེ་མཉམ་འབྲས་(བུས)སྟེར་ (བར)བྱེད་(པའི)བླ་མ(འི་ཐུགས་སུན་ཕྱུང་ནས)་སྐྱོ་བ་བསྐྱེད་པ་(མི་དགེ་བ་བཅུ་སྤྱོད་པ་དེ)འོ། །(བཞི་པ)ཤེས་ རབ་ཡེ་ཤེས་ཐོབ་པ(འི་མཐར་ཐུག)་གང་ཡིན་(ན་ལམ་ལས)མ་ཉམས(པའི་དམ་པ)གང་ཞིག་མཆོག་ གི་བླ་མའི་ཞབས་ནི་མི་སྤོང་བའོ། ༢༥༠། (རྟག་ཏུ་སྲོག)ཉམས་པ་(ཤི་བའི་མཐར་ཐུག)གང་ཡིན་(ན) གང་ཞིག་(གཡོན་དང་གཡས་དང་དབུས་ཀྱི)རྩ་གསུམ་དག་ལ་གནས་པའི་རླུང་(ཉི་ཁྲི་ཆིག་སྟོང་དྲུག་བརྒྱ)ནི་ མཐའ་ཡས་དུས་སུ་བསད་པ་(ནི་བསད་པ་ཡིན་གྱི་ལུས་བོར་བ་ཙམ་ནི་མིན་པ)འོ། །དཔའ་བོ(འི་མཐར་ཐུག)་ གང་ཡིན་(ན)གང་ཞིག་མཉམ་(པ་གཡས་པའི་ལམ)དང་མི་མཉམ་(པ་གཡོན་པའི)ལམ་ལ་(རྒྱུ་བ)སྲོག་ དང་ཐུར་སེལ་(གྱི)རླུང་ནི་གསོད་བྱེད་པ་(དེ)འོ། །སྦྱིན་བདག་(གི་མཐར་ཐུག)གང་ཡིན་གང་ཞིག་ དཔལ་ལྡན་བླ་མར་རང་ལུས་བུ་དང་ཆུང་མ་ལ་སོགས་ཀུན་འབུལ་བའོ། །མ་རབས་(ཀྱི་མཐར་ ཐུག)གང་ཡིན་(ན)གང་ཞིག་(སེམས་ཅན)སླུ་བྱེད་རང་སྙིང་སྡིག་པས་དྲངས་པའི་སེམས་(ཉོན་མོངས་ ཅན)དང་གཡོ་རྒྱུ་དང་ལྡན་པའོ། ༢༥༡། ༈ དཔལ་ལྡན་(འབྲས་སྤུངས་ཀྱི་མཆོད་རྟེན)དཔལ(གསང་སྔགས་བླ་མེད)གྱི་ཆོས་ཀྱི་འཁོར་ལོ(བསྐོར་ བའི་གནས་དེ)ར་གདན་ནི་ཁ་དོག་སྣ་ཚོགས་(ཏེ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་འམ་ངེས་དོན་དུ་རྣམ་པ་ཐམས་ཅད་པའི་ སྟོང་པ་ཉིད)དེ་ལ་ལྷ་མིའི་བླ་མ་ནི། །སངས་རྒྱས་(ཤཱཀྱ་ཐུབ་པ)ཉེ་བར་བཞུགས་ལ་(འཁོར)ལྷ་ཡི་ མཆོག་རྣམས་ཀྱིས་ནི་བཏུད་ཅིང་ཟླ་བ(བཟང་པོ)འི་ཞུ་བ་རྟོགས་པ་ན། །(རྩ་བའི)རྒྱུད་ཀྱི་རྒྱལ་པོ་ དང་པོའི་སངས་རྒྱས་སེམས་ཅན་དོན་གྱི་ཆེད་དུ་མི་བདག་ལ་ནི་གསུངས་པ་གང་། །དེ་ཡང་ 1-1-362 (དུས)ད་ལྟ་(འཇམ་དཔལ་གྲགས་པ)བདག་གིས་(རྗོད་བྱེད)ཨ་ལི་ཀ་ལི་(དབྱངས་དང་གསལ་བྱེད་མཚུངས་པར་ ལྡན་པ་དུས་ཀྱི་འཁོར་ལོ)ཉུང་ངུའི་རྒྱུད་དུ་(རྩ་རྒྱུད་གྱི་དོན)དེ་རྣམས་བཀོད་དོ་(དགའ་བར་བྱོས་ཤིག)ཉི་མ(འི་ ཤིང་རྟ)ཀྱེ། ༢༥༢། ༈ སངས་རྒྱས་ཀྱིས་ནི་(རྩ་རྒྱུད་རྗེས་སུ་བསྔགས་པའི་སྡེབ་སྦྱོར་གྱི་ཚིགས་སུ་བཅད་པས)གསུངས་པ་ དག་ལས་(བསྡུས་པའི)དུས་ཀྱི་འཁོར་ལོ་(གྲགས་པ)བདག་གིས་(མེ་ཏོག)ཕྲེང་འཛིན་(གྱི)སྡེབ་སྦྱོར་ བཅིང་བས་(བཅིངས་ནས)བརྗོད(པ)། །འདི་ནི་(སྲས་པོ)པད་མ་དཀར་པོ་རྡོ་རྗེ་འཛིན་པ་ཁྱོད་ཀྱིས་ སྔགས་པ་རྣམས་ལ་བསྟན་པ་ཉིད་དུ་མཛོད། །༈ ཉི་མ(འི་ཤིང་རྟ)་དང་བཅས་(པ)ཐུབ་པ(དྲང་སྲོང་ བྱེ་བ་ཕྲག་ཕྱེད་དང་བཞི)འི་རིགས་རྣམས་ཀྱིས་ནི་(དབང་བཞི་པའི)ཤེས་རབ་ཡེ་ཤེས་(ཕྱག་རྒྱ་ཆེན་པོའི་དངོས་ གྲུབ)ཐོབ་པར་གྱུར་འདི་ཇི་ལྟ་བར། །སེམས་ཅན་རྣམས་ནི་རྣམ་གསུམ་སྲིད་པར་(ཆོས་ཀྱི་དབྱིངས་ ཀུན་ཏུ་འགྲོ་བར)གནས་པའི་དུས་ཀྱི་འཁོར་ལོའི་དྲིན་ལས་ཨེ་ཝཾ་(གི་གོ་འཕང་)ཉིད་(ཐོབ་པར)གྱུར་ ཅིག༢༥༣། ༈ དུས་ཀྱི་འཁོར་ལོ(རྡོ་རྗེ)འི་རྣལ་འབྱོར་གཅིག་པུ་(བསྒོམས་པ)ལས་ནི་ཉི་མ(འི་ཤིང་རྟ)་ཁྱོད་ ཀྱང་(སེམས་ཅན་གྱི་དོན་དུ)མི་དབང་མཆོག་(ཏུ)གྱུར་(པའི)སྲིད་པར་སྐྱེ(བ་སྟེ་མིའི་དབང་པོར་གྱུར་པའི་སྐྱེ་ བ་འཛིན་ནོ)། །ཚངས་པ(འམ་བྲམ་ཟེ)འི་རིགས་འདི་(རྣམས)ལ་ནི་(ཆོས་སྟོན་པ་པོ)མི་བདག་གྲགས་པ་ བདག་ནི་འཇམ་དབྱངས་(ཉིད)ཡིན་ཏེ་བདག་གི་དགའ་མ(བཙུན་མོ)ནི། །དཔལ་ལྡན་སྒྲོལ་མའོ་ (སྲས་པོ)པད་དཀར་ཅན་ནི(སངས་རྒྱས་ཀྱི)ཡོན་ཏན་ཀུན་(གྱི)གཏེར་(དུ་གྱུར་པ)འཇིག་རྟེན་མགོན་ པོ་ཆུ་སྐྱེས་(ཀྱི)མཚན་མ་ཅན(ཡིན་ནོ)། །(དེས་བ་ན)ཨུད་པལ་སྡོང་བུ་ཡིས་(མཚོན་པ་འཇམ་དབྱངས་དང་ སྒྲོལ་མའི་མཐུ་ལས)ནི་རང་གཞན་(ཀུན)ལ་(རྟག་ཏུ)གནས་(པའི་ཕྱི་ནང་གཞན་གྱི)སྲིད་པ་(གསུམ་པོ)ཐམས་ ཅད་(ཕྱི་ཇི་ལྟ་བར་ནང་དང་ནང་ཇི་ལྟ་བར་གཞན་ཡེ་ཤེས་ཀྱི་སྐུ་བཞུགས་ཚུལ་གྱི)དོན་ནི་ཇི་ལྟ་(བ)བཞིན་དུ་(ཆོས་ ཅན་དང་ཆོས་ཉིད་ཇི་ལྟ་བ་མཐོང་བའི་ཤ་ལ་སོགས་པའི་སྤྱན་གྱིས)ལྟོས(ཤིག་ཅེས་དྲང་སྲོང་རྣམས་ལ་གསུངས་ 1-1-363 སོ)། ༢༥༤། ༈ (དེ་ནས་དེ་རྣམས་ཀྱིས་ཀྱང)ཨུད་པལ་སྡོང་བུ་ཡིས་(འཇམ་དབྱངས་དང་སྒྲོལ་མའི་མཐུ་ལས)ནི་རང་ གཞན་ལ་གནས་(པའི་ཕྱི་ནང་གཞན་གྱི)སྲིད་པ་ཐམས་ཅད་(རྣམ་པ་འདྲ་བའི)དོན་ནི་ཇི་ལྟ་བཞིན་ མཐོང་ནས། །(ས་གའི་ཉའི་མཐར)ཐུབ་པའི་དབང་པོ་(སྟེ་འཕགས་པར་གྱུར་པའི་དྲང་སྲོང་)རྣམས་དང་ལྷན་ ཅིག་(འཕགས་པ)ཉི་མ(འི་ཤིང་རྟ)ས་ཅོད་པན་(དང་)བཅས་པའི་མགོ་དང་ལག་པ་དག་གིས་ནི། ། རིགས་ལྡན་(གྲགས་པའི)ཞབས་ཀྱི་པད་མར་ཕྱག་འཚལ་ནས་ནི་(དེ་རྣམས་ཀྱིས)སྨྲས་པ་(ཀྱེ)སྟོན་ པ་གཅིག་པུ་(ཁྱེད་ཀྱི)མཆོག་གི་ཐུགས་རྗེ་ཡིས། །(བདག་ཅག)ཐུབ་པའི་རིགས་ནི་འཇིགས་རུང་ འཁོར་བའི་སྡུག་བསྔལ་དག་ལས་ཕྱུང་ནས་(དབང་བཞི་པའི་ཤེས་རབ)ཡེ་ཤེས་(ཀྱི)ལམ་(ཕྱག་རྒྱ་ཆེན་ པོའི་གོ་འཕང་)ལ་གཞག་པར་མཛད(པས་བཀའ་དྲིན་ཆེའོ)། ༢༥༥། ༈ (དེ་བས་ན་བཀའ་དྲིན་དྲན་པས་བསྟོད་པ་འཇམ་དཔལ)ཁྱོད་ནི་(ཐོག་མ་མེད་པའི་དུས་ནས་ཡོད་པས)རྒན་ ཡང་(ནམ་ཡང་རྒས་པ་མི་མངའ་བས་རྟག་ཏུ)གཞོན་ནུ་(ཡིན་ལ)མཐའ་དག་རྒྱལ་བའི་སྲས་པོ་ཡིན་ཡང་ (ཀུན་གྱི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར)ཐོག་མར་དང་པོའི་སངས་རྒྱས་(ཀྱང་)ཁྱོད(ཡིན་ཞིང་)། །བུད་མེད་ (ལ)སྦྱོར་ཞིང་(མི་འཛགས་པའི)ཚངས་པར་སྤྱོད་(པ་དང་ཡང་)ལྡན་(ལ)མཆོག་གི་ཐུགས་རྗེ་དག་གིས་ འཇིག་རྟེན་(ཀུན་གྱི)གཉེན་ཏེ་(འཆི་བདག)གཤིན་རྗེ(མཐར་བྱེད་པ)འི་དགྲ(ཡིན་ནོ)། །ཁྱོད་ནི་ཞི་(བ་ ཡིན)ཡང་(དྲག་པོས་མ་རུངས་བ་འཇོམས་པའི)རྡོ་རྗེ་བཟང་པོ་འཆི་བའི་འཇིགས་པ་འཕྲོག་པ་ཁྱོད་ནི་ (སངས་རྒྱས་ཡིན་ཡང་)རྟག་ཏུ་བདུད་ཀྱི་(འཇོམས་བྱེད་དུ་གྱུར་པའི)བདུད(ཡིན་ནོ)། །ཁྱོད་ནི་(སྲིད་པའི་འཆིང་བ་ ལས)གྲོལ་ཡང་སྲིད་པ་འདིར་ནི་འགྲོ་བ་སྨིན་པའི་དོན་དུ་(འཇམ་དཔལ)གྲགས་པ་ཁྱོད་ནི་(སྲིད་པའི་ ཐིབས་པོར)རབ་ཏུ་འཇུག(པས་བསམ་གྱིས་མི་ཁྱབ་ཅིང་བརྟག་པར་དཀའ་བ་ཁྱོད་ལ་སྐྱབས་སུ་མཆི་ཞེས་པའོ)། ༢༥༦། ༈ ཚངས་པའི་རིགས་ལས་(བྱུང་བ)ཐུབ་པ(དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི)འི་རིགས་ཀྱིས་བཏུད་ (པར་གྱུར)པའི་ཉི་མ(འི་ཤིང་རྟ)་བདག་ནི་(འཇམ་དཔལ་གྲགས་པའི)ཞབས་ཀྱི་རྩ་བར་(གུས་པས)ལྷུང་ 1-1-364 བ་ན། །(འཇམ་དཔལ་གྲགས་པས་ཀྱང་)སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་དུས་ཀྱི་འཁོར་ལོ(འི་ དོན)་མཐའ་དག་(ཚིག་བསྡུས་པས)ས་ལ་རབ་ཏུ་གསལ་བར་མཛད། །རིགས་ལྡན་(གྱི)རིགས་ལ་ (གནས་པའི་གྲགས་པ)ཁྱོད་ནི་(མུན་པ་འཇོམས་པས)ཉི་མ(འི་མཆོག་སྟེ་སྤྲུལ་པའི)་ས་བདག་(དགུ་བཅུ་རྩ་དྲུག་གིས་ གཙུག)གིས་(ཞབས་ལ)བཏུད(པར་གྱུར་པའི)དཔལ་ལྡན་གྲགས་པ་དཔལ་ལྡན་ཀ་ལཱ་པར། (བཞུགས་ པ)། ཁྱོད་ཀྱི་ཞབས་ཀྱི་པད་མ་དག་ལ་འཇིགས་རུང་འཁོར་བས་འཇིགས་པ་རྣམས་ནི་སྐྱབས་ སུ་ལྷག་པར་མཆི། ༢༥༧། ༈ (ནག་པའི་ཟླ་བའི་ཉ་ལ་དུས་ཀྱི་འཁོར་ལོའི་དབང་བསྐུར་བ་ཐོབ་ནས་ཟླ་བ་གཉིས་པ)ས་གའི་ཟླ་བའི་ཉ་ (གང་བ)ལ་མཚན་མོའི་དུས་ནི་འདས་ཤིང་ཉིན་བར་རབ་ཏུ་མ་ཞུགས་པ(སྐྱ་རེངས་་འཆར་ཀའི་དུས) དག་ལ། །ཐུབ་པའི་སྐྱེ་བོ་(བྱེ་བ་ཕྲག་ཕྱེད་དང་བཞི)དང་བཅས་(པའི)ཉི་མ(འི་ཤིང་རྟ)སྣ་ཚོགས་གཙོ་ བོ(དུས་ཀྱི་འཁོར་ལོ)ས་བྱིན་གྱིས་བརླབས་པས་ཕྱག་རྒྱ(ཆེན་པོ)འི་དངོས་གྲུབ་ཐོབ(པོ)། །སེམས་ ཅན་རྣམས་ཀྱི་ཐར་པའི་ཆེད་དུ་མཐའ་དག་སྲིད་པར་(ཀུན་དུ་འགྲོ་བའི་དོན་གྱིས)གནས་པའི་(སངས་ རྒྱས་ཀྱི)ཐུགས་ཀྱི་རྡོ་རྗེ་(འཇམ་དཔལ་གྲགས་པ)བདག་ལ་ནི། (དུས་ཀྱི་འཁོར་ལོས་བྱིན་གྱིས་བརླབས་པས་ཕྱི་ ནང་གཞན་གྱི་སྲིད་པ་ཐམས་ཅད་རྟོགས་པ)། ཇི་ལྟ་བཞིན་དུ་དུས་ཀྱི་འཁོར་ལོའི་མཐུ་ལས་སེམས་ཅན་ རྣམས་ཀྱིས་(ཕྱི་ནང་གཞན་གྱི་)རྣམ་གསུམ་སྲིད་པ་(དོན་ཇི་ལྟ་བ་བཞིན་དུ)རྟོགས་(པར)གྱུར་ཅིག༢༥༨། ༈ སེམས་ཅན་ཀུན་དོན་མཛད་པ་པོ་(འཇམ་དབྱངས་གྲགས་པ)ཡིས་མཆོག་གི་ཐུགས་རྗེ་དག་ གིས་རྒྱུད་ཀྱི་དོན་(ཕྱི་ནང་གཞན་གསུམ་ཡན་ལག་དང་བཅས་པ)ནི་བསྟན་(པར)མཛད་ནས། །སྲས་པོ་པད་ མ་དཀར་པོ་རབ་མཆོག་(བྲལ་བ་དང་རྣམ་པར་སྨིན་པས་བསྡུས་པའི་ཡོན་ཏན)ཡོན་ཏན་དག་གི་གཏེར་ལ་ (རྗེས་སུ)གནང་བ་སྩལ་བ་(འདི་ལྟ་སྟེ)ངེས་པར་ནི(གདོན་མི་ཟ་བར)། །དང་པོར་(པད་དཀར)ཁྱོད་ཀྱིས་ (བསྡུས་པའི)རྒྱུད་ཀྱི་རྒྱལ་པོ་(འདི)མཐའ་དག་མ་ཚང་མེད་པ་གླེགས་བམ་དག་ལ་(ཡི་གེར་བྲིས་ནས) གནས་པ་དང་། །དེ་ནས་(རྒྱུད་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པའི)རང་གི་(མངོན་པར)འདོད་པས་(རྒྱུད་ཀྱི) 1-1-365 རྒྱས་འགྲེལ་བྱས་ནས་(ལོ་བརྒྱར་སྟོན་ལ)གཞན་(ཐར་པ་ཆེན་པོའི་གྲོང་ཁྱེར)གྱི་གནས་(ཆོས་ཀྱི་དབྱིངས)སུ་ བགྲོད་པར་བྱ་འོ་འཇིག་རྟེན་གཉེན(ཞེས་བོད་པར་མཛད་དོ)། ༢༥༩། ༈ (དེ་ནས་ཤེས་པར་བརྗོད་པ་ནི)སྟེང་(མཐོ་རིས་ཀྱི་གནས)ན་(བཞུགས་པའི)བྱང་ཆུབ་སེམས་དཔའ་ གང་དག་བདུད་ཀྱི་ཕྱོགས་(ན)གནས་(པའི)ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་(པར)བྱེད(པ)། ། (ས་སྟེངས)མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་(པ)ཁྲོ་བོའི་རྒྱལ་པོ་ བཙུན་མོར་བཅས་རྣམས་དང་། །(ཀླུའི་འཇིག་རྟེན)ས་འོག་དག་ན་(བྱང་ཆུབ་སེམས་དཔའི་སྤྲུལ་པ) གདེངས་ཅན་དབང་པོ་གང་དག་གདོན་ཚོགས་(གདུག་པའི་ཀླུ་སེམས་ཅན་ལ)མི་དགེ་(བ་བྱེད་པ་རྣམས) དུས་ཀུན་ཏུ་ནི་འཆིང་བྱེད་པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་(ཡང་དག་པའི་དོན) མི་ཤེས་(པའི)འཇིག་རྟེན་ཀུན་ནས་(ཕན་བདེའི་དཔལ་གྱིས)སྐྱོང་བར་བྱེད་གྱུར་ཅིག༢༦༠། ༈ རྒྱུད་ནི་དཔལ་ལྡན་དུས་ཀྱི་འཁོར་ལོ་(རྩ་བའི་རྒྱུད་ལས)ཤིན་ཏུ་བསྡུས་པ་(ཡིན་ཡང་ངེས་ དོན)མ་ལུས་(པ་སྟོན་པའི)རྡོ་རྗེ་སེམས་དཔའ་(དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་འགྲོ་བ་ཐམས་ཅད་ཀྱི)ལྷག་ པའི་ལྷ(ཆེན་པོར་གྱུར་པ)། །ཐབས་(བདེ་བ་ཆེན་པོ་དང་)དང་ཤེས་རབ་(དམིགས་བཅས་སྟོང་པ་ཉིད་དབྱེར་ མེད)གཅིག་(ཏུ)སྦྱོར་(པའི་བདག་ཉིད)རྒྱལ་བའི་བདག་པོའི་རྡོ་རྗེ་(ཟླ་བ་དྲི་མེད)དེ་དག་གིས་དེ་(ཁོ་ན) ཉིད་རྣམ་པ་བཅུ་དྲུག་པ། (བདེན་དོན་བཅུ་གཉིས་དང་ལྡན་པ་དེ་)། སེམས་ཅན་རྣམས་ཀྱི་ཐར་པའི་སླད་ དུ་རྒྱལ་བའི་བདག་པོ(རྡོ་རྗེ་སེམས་དཔའ་ཤཱཀྱ་ཐུབ་པ)ས་གསུངས་ཤིང་(གྲགས་པ)བདག་གིས་ཀྱང་ ནི་(བསྡུས་པའི་རྒྱུད་དུ)བསྟན་པ་གང་(ཡིན་པ་ལས་བྱུང་བའི)། །བསོད་ནམས་(རྒྱ་ཆེན)དེ་ཡི(མཐུ་ཡི)ས་ སེམས་ཅན་ཐམས་ཅད་འགྱུར་མེད་མཆོག་གི་བདེ་བ(འི་གོ་འཕང་ཐོབ་པ)ར་གྱུར་ཅིང་(དེ་མ་ཐོབ་ཀྱི་ བར་དུ་ཡང་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་སྐུ)དེ་ལ་འདུད་(པར)གྱུར་ཅིག(དཔལ་ལྡན་རྒྱུད་ཀྱི་གོ་སླའི་འབྲུ་མཆན་ ཡང་། །ཐོས་དང་མན་ངག་དོན་ལ་རྟོན་ལྡན་པའི། །དགེ་སློང་དུས་ཀྱི་འཁོར་ལོའི་རིག་འཛིན་པ། །མངའ་རིས་ཆོས་ཀྱི་རྒྱལ་པོས་ ལེགས་སྦྱར་རོ)། ༢༦༡། 1-1-366 ༈ དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུང་བ་དཔལ་དུས་ཀྱི་འཁོར་ལོ་ ལས་ཡེ་ཤེས་ཀྱི་ལེའུ་སྟེ་ལྔ་པའོ།། །། ༈ མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ ཞེས་བྱ་བ་རྫོགས་སོ།། །། ༈ ཁ་ཆེའི་པཎ་ཌི་ཏ་སོ་མ་ནཱ་ཐ་དང་། བོད་ཀྱི་ལོ་ཙ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། ༈དུས་ཕྱིས་ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་ མེད་པས་སྤྲས་པའི་བླ་མ་དམ་པ་ཆོས་ཀྱི་རྒྱལཔོའི་བཀའ་ལུང་དང་། དཔོན་ཆེན་ཤཱཀྱ་བཟང་ པོའི་གསུང་བཞིན་དུ། མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་དཔལ་དང་། དུས་ཀྱི་འཁོར་ལོའི་ ཚུལ་ཁོང་དུ་ཆུད་པའི་དགེ་སློང་ཚུལ་ཁྲིམས་དར་གྱིས་དོན་གྱི་ཆ་ལ་ལེགས་པར་དཔྱད་ཅིང་ བསྐུལ་ཏེ། ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་རིག་པའི་དགེ་སློང་ ཤོང་སྟོན་གྱིས། དཔལ་ས་སྐྱའི་གཙུགས་ལག་ཁང་ཆེན་པོར་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་ གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ།། །། ༈ གང་གི་ཐུགས་དགོངས་རྣམ་པར་དག་པ་ཡིས། ། འདི་ལ་བསྐུལ་ཞིང་མཐུན་རྐྱེན་བསྒྲུབས་པ་དང་། ། བདག་གིས་འབད་ལ་བསོད་ནམས་གང་ཐོབ་དེས། ། ཀུན་གྱིས་འདི་རྟོགས་སངས་རྒྱས་སར་གནས་ཤོག། །། ༈ སླར་ཡང་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་དང་། དཔལ་ དུས་ཀྱི་འཁོར་ལོ་པ་ཆེན་པོ་དྷརྨ་ཀཱིརྟི་ཤྲཱི་བྷ་དྲས། འདིའི་དོན་རྣམས་ལེགས་པར་དགོངས་ ཤིང་བཀའ་ཡིས་བསྐུལ་ནས་དེ་དག་གི་གསུང་བཞིན་དུ། པཎྜི་ཏ་ཆེན་པོ་སྠི་ར་མ་ཏིའི་བཀའ་ དྲིན་ལས། ལེགས་པར་སྦྱར་བའི་ཚུལ་རིག་པ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་གྲོས་རྒྱལ་མཚན་ 1-1-367 དང་། བློ་གྲོས་དཔལ་བཟང་པོས། རྒྱུད་དང་འགྲེལ་པའི་རྒྱ་དཔེ་མང་པོ་ལ་གཏུགས་ནས་དག་ པ་རྣམས་དང་མཐུན་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༈ དེ་ལྟར་གསུང་རབ་རྒྱ་མཚོའི་ངེས་དོན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ནི། །རྣམ་ཀུན་ མཆོག་ལྡན་སྟོང་པ་ཉིད་དང་འགྱུར་མེད་མཆོག་གི་བདེ་ཆེན་དུ། །ལེགས་སྟོན་དུས་ཀྱི་འཁོར་ ལོར་འབད་པའི་དགེ་བ་གང་དེས་འགྲོ་བ་ཀུན། །གཞུང་འདི་རྟོགས་ཤིང་ལམ་དེར་ཞུགས་ ནས་འབྲས་བུ་དེ་ཉིད་མྱུར་ཐོབ་ཤོག ། མ་ཡིག་འབྲས་སྤུངས་ཡིག་རྙིང་ཕྱི་ཀ་༡༥༥ཕྱི་ཀ་༡༡༣