12-1-1a ༄༅། །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་བཀའ་འབུམ་ན་པའི་དཀར་ཆག་བཞུགས་སོ།། 12-1-1b ༄༅༅། །སྭ་སྟི། མ་སྨད་སྙིང་སྟོབས་ལྷོ་ལམ་ལས་འོངས་པའི། །དཔྱད་བཟོད་གཏམ་གྱི་དྲི་བསུང་ཡོངས་རྫོགས་པ། །ལུང་རིགས་མགྱོགས་འགྲོའི་ཤུགས་ཀྱིས་འཛམ་གླིང་ཁྱོན། །ཀུན་ཁྱབ་འཇམ་ མགོན་ཡབ་སྲས་ཞིང་འདིའི་དཔལ། །གང་དེའི་བཞེད་སྲོལ་ཛམྦུའི་གསེར་བཞུན་རྒྱུན། །དབྱིག་ལྡན་སྒོག་མོའི་ལྷོ་བར་ཡུན་འཁྱིལ་སླད། །དགའ་ལྡན་སྐུ་བཅར་དར་ཧན་མཁན་པོ་ཡིས། །འཛད་མེད་པར་གྱི་ཆོས་ སྦྱིན་སྤེལ་བ་ལས། །སྔོན་རབས་མཁས་སྙེམས་མེས་རྒན་རྣམ་དཔྱོད་ཀྱིས། །མ་ལྕིགས་ཁུངས་ལྡན་མདོ་རྒྱུད་དཀའ་གནད་གཟུགས། །རྫོགས་པའི་ལེགས་བཤད་ཀུན་མཐོང་པུསྟཀཿ ན་པའི་ཆོས་ཚན་གྲངས་ རིམ་འདི་ན་བསྟར།།༼ན༽ པར་རྗེ་བཙུན་འཇམ་དབྱངས་ཀྱི་གསུང་རྗེ་ཙོང་ཁ་པའི་ཕྱག་བྲིས་སུ་མཛད་པ་ལ། ༧ དཔལ་གསང་བ་འདུས་པའི་སྒྲུབ་ཐབས་ཀྱི་ལྷན་ཐབས་ལ། ༡༥ དཔལ་གསང་བ་འདུས་པའི་མངོན་ རྟོགས་དང་བསམ་གཏན་གྱི་སྒྲུབ་མཆོད་ངག་ཏུ་འདོན་པའི་ལྷན་ཐབས། ༡༢ དཀྱིལ་འཁོར་ཀུན་གྱི་ས་ཆོག་གི་སྐབས་ཀྱི་གར་ཕྲེང་བའི་དགོངས་པ་བཞིན་རྗེའི་ཞལ་སྔ་ནས་གསུངས་པ་དཀའ་བཞི་པ་གྲགས་པ་རྒྱལ་ མཚན་གྱིས་བཀོད་པ། ༧ སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་དཀའ་བའི་གནས་རྣམ་པར་འབྱེད་པ་བརྗེད་བྱང་གི་ཡི་གེ་མཁས་གྲུབ་ཆོས་རྗེས་རྗེ་ལ་གསན་དུས་མཛད་པ། ༡༠༣ དཔལ་འཁོར་ལོ་སྡོམ་པའི་ཕྱི་ 12-1-2a རོལ་མཆོད་པའི་ཆོ་ག་ལག་མཆོད་དང་དཔྱིད་ཀྱི་རྒྱལ་མོའི་གླུ་དང་བཅས་པ། ༡༤ འཇིགས་བྱེད་ཀྱི་དག་སྦྱོར། ༤ རྗེའི་གསུང་བཞིན་དུ་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཚིག་གི་དོན་ཅུང་ ཟད་བཀོད་པ་རྒྱལ་ཚབ་ཆོས་རྗེས་བརྗེད་བྱང་དུ་མཛད་པ་ལ། ༣༤ དཔལ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱུད་དོན་གསལ་བ་ལ། ༦༣ བྱ་ སྤྱོད་ཀྱི་སྤྱིའི་ཆོ་གའི་རྣམ་པར་བཞག་པ་རིགས་གསུམ་ལ་སྦྱོར་ཚུལ་རྗེའི་ཕྱག་བཞེས་བཞིན་འདུལ་བ་འཛིན་པས་བཀོད་པ་ལ། ༢༧ འོད་ཟེར་ཅན་གྱི་སྒྲུབ་ཐབས་རྗེའི་ཐུགས་བཞེད་ལྟར་བཀོད་ པ་ལ། ༣ དུས་ཀྱིས་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ཁྲིད་པུཎྱའི་མིང་ཅན་གྱིས་རྗེའི་གསུང་བཞིན་ཟིན་བྲིས་སུ་བཀོད་པ་ལ། ༢༢ དཔལ་གསང་བ་འདུས་པའི་མན་ངག་ཡིག་ ཆུང་གི་སྐོར་རྣམས་ལ། ༦༠ རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ལ། ༡༡ སྒྲུབ་ལེའི་ཕྱག་རྒྱ་བཞི་ཞིབ་ཏུ་གསུངས་པ་རྒྱལ་ཚབ་ཆོས་རྗེས་ཟིན་བྲིས་སུ་བཀོད་པ་ལ། དཀར་ཆག་ ལ་ ༢ བཅས་བསྡོམས་ཤོག་གྲངས་ ༣༩༤ བཞུགས།། །། 12-1-2b empty page 12-2-1a ༄༅། །རྗེ་བཙུན་འཇམ་དབྱངས་ཀྱི་གསུང་རྗེ་བཙུན་ཙོང་ཁ་པས་ཡི་གེར་མཛད་ནས་རྗེ་རེད་མདའ་བ་ལ་ཕུལ་བའི་མན་ངག་ཐུན་མོང་མ་ཡིན་པ་ཅིག་བཞུགས་སོ།། 12-2-1b ༄༅། །ན་མོ་མཉྫུ་གྷོ་ཥཱ་ཡ། རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །མི་སློབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཤིན་ཏུ་མྱུར་བར་ཐོབ་འདོད་ན། བླ་མ་ཡི་དམ་ཆོས་སྐྱོང་ལམ་ གྱི་སྲོག །གྲངས་ངེས་གོ་རིམས་སོ་སོའི་གནད་རྣམས་ཀྱིས། །སྐལ་བཟང་ཨ་ཅང་མྱུར་དུ་འཁྲིད་པའི་ཚུལ། །རྒྱུད་དང་རྗེ་བཙུན་བླ་མའི་མན་ངག་བཞིན། །ལེགས་པར་བཤད་དོ་སྐུ་གསུམ་གོ་འཕང་མཆོག །མྱུར་དུ་ ཐོབ་འདོད་དེ་དག་གུས་པས་ཉོན། །དེ་ལ་འདིར་ཐམས་ཅད་མཁྱེན་པའི་གོ་འཕང་ཤིན་ཏུ་མྱུར་བར་ཐོབ་པར་འདོད་པའི་གང་ཟག་གིས་འདི་ལྟར་བསམ་པར་བྱ་སྟེ། དེ་ཡང་རང་ཉིད་སྲིད་པའི་མཚོར་ལྷུང་པ་ཇི་འདྲ་བ་དེ་ བཞིན་དུ། མར་གྱུར་སེམས་ཅན་ཐམས་ཅད་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ཡུན་རིང་དུ་འཁྱམས་ཤིང་། སྡུག་བསྔལ་སྤྱི་དང་ཁྱད་པར་ངན་སོང་གསུམ་གྱི་སྔུག་བསྔལ་དྲག་ལ་རྩུབ་པ་འཁོར་ བའི་སྔོན་མཐའ་མེད་དེ་སྲིད་དུ་མྱོང་བས་ཡིད་ཤིན་ཏུ་སྐྱོ་བ་དང་། དུ་དུང་མ་གྱུར་འགྲོ་བས་དེ་དག་གི་གཏིང་མཐའ་མ་མཐོང་ཞིང་། ལམ་གྱི་སྲོག་མཐར་ཏུག་པ་ཅིག་མ་ཐོབ་ན། མངོན་མཐོ་ལན་རེ་ཙམ་ཐོབ་པས་གང་ 12-2-2a དུའང་མི་ཕྱིན་ལ། དེ་ཡང་འཁོར་བའི་རྩ་བ་མ་རིག་པ་མ་ཆོད་ན་དེའི་དབང་གིས་འཁོར་བར་འཁྱམས་ཤིང་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དགོས་པ་འདི་དག་ལ་མ་བཟོད་ནས། འདི་ ལས་ཏར་བར་བྱེད་པའི་མཐུ་ནུས་སངས་རྒྱས་མ་གཏོགས་གཞན་གང་ལའང་མེད་ན། དེ་ཐོབ་པར་བྱེད་པའི་ཐབས་བཅུ་དང་ལམ་ལྔའི་གྲངས་ངེས་གོ་རིམས་སོགས་རྒྱས་པར་མཚན་ཉིད་ཐེག་པ་ནས་ལན་གྲངས་མང་པོར་ གསུངས་མོད་ཀྱང་། ལམ་དེས་བགྲོད་པ་ལ་ནི། བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་མམ། གྲངས་མེད་བདུན་ནམ། གྲངས་མེད་གསུམ་དུ་ཚོགས་ངེས་པར་གསོག་དགོས་སོ། །དེས་ན་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་ངེས་པ་ཁོ་ནར་སྐལ་ བཟང་སྐྱེ་བོའི་འཇུག་ངོགས་ཐེག་པ་ཀུན་གྱི་མཆོག་ཏུ་གྱུར་པ་ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ནུས་ཐབས་མཁས་ཀྱི་ལས་ལ་འཇུག་པར་བྱ་དགོས་ཏེ། ལམ་འདི་སྐྱེ་བ་བཅུ་དྲུག་གམ། བདུན་ ནམ། བར་དོའམ། ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ནུས་པར་རྒྱུད་དང་། རྒྱ་གཞུང་དང་། གྲུབ་ཆེན་རྣམས་ཀྱི་མན་ངག་ལས་ཡང་དག་ཡང་དུ་གསུངས་པ་ལ་ངེས་ཤེས་ཁྱད་པར་ཅན་འདྲེན་དགོས་སོ། ། 12-2-2b ཁ་ཅིག སྔགས་ཀྱི་སྣོད་ལྡན་དུ་མ་གྱུར་པས། ཟབ་ལམ་འདི་ལྟ་བུ་ཡོད་བཞིན་དུ་དེ་ལ་རང་ག་བར་མཐོང་ནས། རང་གི་ལམ་ལ་ཆེ་དུ་གཉེར་ནས་འཇུག་པ་ནི། ལམ་བཟང་འདི་ལྟ་བུ་ལ་འཇུག་པའི་སྐལ་བ་དང་བྲལ་བས། ལམ་འདི་ཉམས་སུ་ལེན་པ་ལྷ་ཅི་ སྨོས། འདི་འདྲ་བའི་ཚིག་ཙམ་མི་ཐོས་པས། བསྐལ་པ་ཐངས་མེད་བསམ་གྱིས་མི་ཁྱབ་པར་རྡོ་རྗེ་འཆར་ཐོབ་པའི་སྐལ་ཆད་ཅན་ནོ། །ལམ་ཐུན་མོང་བ་ཡང་དག་བྱུང་གིས་མི་ཆོག་གི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་རྒྱུད་སྦྱང་དགོས་ཤིང་། ཁྱད་པར་ངེས་འབྱུང་ དང་། བྱང་ཆུབ་ཀྱི་སེམས་དང་། ལྟ་བུ་རྣམ་པར་དག་པ་གསུམ་རྒྱུད་ལ་ཅི་སྐྱེ་བྱའོ། །ལྟ་བ་ཡང་བཅོམ་ལྡན་འདས་ཀྱི་མདོ་སྔགས་དུ་མར་ལུང་བསྟན་པའི་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་ལ་རྩལ་ཅི་ཡིད་ཀྱིས་འབད་པར་བྱའོ། །རྡོ་རྗེ་ཐེག་པའི་ལམ་དུ་ཞུགས་ཙམ་གྱིས་མི་ ཆོག་པས། མྱུར་བར་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་ན། བླ་མ་ཡི་དམ་ཆོས་སྐྱོང་ལམ་གྱི་སྲོག་ཐམས་ཅད་རང་གི་ཐོབ་བྱའི་ལམ་གྱི་འགྲོས་དང་མཐུན་པ་ཅིག་ངེས་པར་བསྟེན་དགོས་སོ། །དེ་ཡང་རང་གི་ཐོབ་ཆོས་སྐུ་དང་། གཟུགས་སྐུའི་རྒྱུ་མཐུན་མོང་མ་ ཡིན་པ་ཅི་ལེགས་པར་ཤེས་ཤིང་རྒྱུད་ལ་སྐྱེ་དགོས་ལ། དེ་ལ་སྤྱིར་སྔགས་བླ་མེད་ཀྱི་དཀྱིལ་འཁོར་རེ་རེས་ཀྱང་མངལ་སྐྱེས་ཁམས་དྲུག་ལྡན་གྱི་སོ་སོ་སྐྱེ་བོ་འཆིང་བ་ལྔ་ལྡན་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་བླ་མེད་ཁ་ནའི་ཁྱད་ཆོས་ཡིན་མོད། དེ་ལྟ་ནའང་ སྔགས་བླ་མེད་ལ་བརྟེན་པའི་ནང་ནས་ཀྱང་། ཆེས་ཤིན་ཏུ་ནས་ཧ་ཅང་མྱུར་བར་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པར་འདོད་ན། གསང་བདེ་འཇིགས་གསུམ་ཡ་མ་བྲལ་བར་ངེས་པར་བསྟེན་དགོས་ཏེ། དེ་དག་རིམ་པས་འཆད་པར་འགྱུར་རོ། །དེ་ཡང་གཟུགས་ 12-2-3a ཀྱི་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ལ་སྒྱུ་ལུས་དང་། འོད་གསལ་བསྲེ་བའི་སྐོར་ལེགས་པར་ཤེས་ཤིང་རྒྱུད་ལ་སྐྱེ་དགོས་ལ། འདུས་པ་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་ལས། འཕགས་སྐོར་ལ་སྦྱང་དགོས་ ཏེ། འདིས་སྒྱུ་ལུས་དང་། འོད་གསལ་སོགས་རྒྱས་པར་སྟོན་ཞིང་། འདུས་པ་ནི་ཕ་རྒྱུད་ཀྱི་གཙོ་བོ་ཡིན་པས། དེ་ཡང་སྒྱུ་ལུས་དང་འོད་གསལ་སྤྱོད་ལུགས། སྒྱུ་ལུས་ལྡང་ལུགས་སོགས་ཤིན་ཏུ་གལ་ཆེ་ཞིང་ཤེས་པར་བྱའོ། །འཇམ་རྡོར་ལ་ཡང་ཁོང་ རང་གི་གདན་ཁྱད་པར་ཅན་གཞན་དང་མི་འདྲ་བ་ཡོད་པས་ལོགས་སུ་འཆད་ཅིང་། བག་ཆགས་འཇོག་པ་ཤིན་ཏུ་གལ་ཆེའོ། །ཆོས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ནི་བདེ་སྟོང་ཁྱད་པར་བ་ཡིན་པས་ཤེས་ཤིང་རྒྱུད་ལ་སྐྱེད་དགོས་ལ། བདེ་སྟོང་གི་རྣམ་ བཞག་རྒྱས་པར་དགྱེས་རྡོར་སོགས་ནས་དངོས་སུ་བསྟན་ཀྱང་། བདེ་བ་གང་ནས་འབྱུང་བའི་རྒྱུ་ཤེས་དགོས་ལ། དེ་ལ་སྤྱིར་བདེ་སྟོང་དང་སྦྱར་ཏེ་ཉམས་སུ་ལེན་པ་ལ། བདེ་བ་མཚན་ཉིད་པ་ཁྱད་པར་ཅན་འབར་ཞིང་འཛག་དགོས་ལ། བདེ་བའི་ ངོ་བོ་ལ་ཆེ་ཆུང་གང་བབས་པའི་ཚད་མཚམས་ནས་དགའ་བཞི་བཞག་གོ། དགའ་བ་བཞི་པོ་རེ་རེ་ལ་ཡང་བཞི་བཞིར་ཡོད་ཅིང་། ཡས་བབས་ཀྱི་དགའ་བ་དང་། མས་བརྟན་གྱི་བདེ་བ། བདེ་བ་ཆེ་ཆུང་དང་། ལུགས་འབྱུང་ལུགས་བཟློག་གི་འོང་ ཚུལ་སོ་སོའི་ངོ་བོ་རྒྱས་པར་ཤེས་དགོས་ཤིང་། སྟོང་པ་ལ་མཚན་ཉིད་ཐེག་པར་བཤད་པ་ལས་ཟུར་དུ་མེད་ཀྱང་། དེ་རྟོགས་ཚུལ་གྱི་ཁྱད་པར་མཚན་ཉིད་ཐེག་པ་ལས་ཕུལ་དུ་བྱུང་བའོ། །བདེ་བའི་ངོ་བོ་བྱང་སེམས་དེ་ལྟ་བུ་འབེབས་བྱེད་ནི་ངེས་དོན་གྱི་ 12-2-3b མཁའ་འགྲོ་མ་དང་གཏུམ་མོ་རྡུལ་གྱི་མེ་འབར་བས་འབེབས་དགོས་ཤིང་། དེ་འབར་ཞིང་འཛག་པ་ལ་ཕྱག་རྒྱ་དང་མཉམ་པར་སྦྱར་དགོས་པས། ཕྱག་རྒྱ་ལའང་བཞི་ཡོད་ཅིང་། དེ་བཞི་སོ་སོའི་ངོ་བོ། བསྟེན་ཚུལ། མཉམ་པར་སྦྱོར་ཚུལ། སྦྱར་ ནས་བདེ་ཆེན་འདྲེན་ལུགས། བདེ་ཆེ་རེ་རེས་སྤང་བྱ་ཇི་ལྟར་སྤོང་ཞིང་། གང་སྤངས་པའི་རྟགས་ཐོབ་པ། དགའ་བ་བཞི་སོ་སོའི་ཁྱད་པར་གཏུམ་མོ་ཡང་རྩ་གང་ཡང་རུང་བའི་ནང་དུ་འབར་བས་སྙིང་གསོགས་ཀྱི་རྩ་མདུད་གྲོལ་མི་ཐུབ་པས། ངོ་རྐྱང་གི་རླུང་དབུ་མའི་ནང་དུ་ཞུགས་དགོས་ཤིང་། ཞུགས་གནས་ཐིམས་གསུམ་བྱས་པས། སྤྱི་བོ། མགྲིན་པ། སྙིང་ག ལྟེ་བ་སོགས་ཀྱི་རྩ་མདུད་གྲོལ་འོང་བ་ཡིན་ནོ། །རྩ་རླུང་དེ་དག་ལས་རུང་དུ་འགྲོ་བ་ལ། སྤྱི་བོ་ལ་སོགས་ པའི་རྩ་གནས་རྣམས་སུ་ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོ་རྣམས་བསྒོམས་པས། རྩ་རླུང་ལས་རུང་དུ་འགྲུབ་པ་ཡིན་ནོ། །དེས་ན་ཕྱག་རྒྱ་བཞིའི་སྐོར་ལུས་ཀྱི་ཕྲ་རགས་ཀྱི་གནས་ཚུལ། དེ་དག་གི་རླུང་དབུ་མའི་ནང་དུ་འཇུག་ ལུགས། རིག་མ་དང་སྙོམས་བར་ཞུགས་ནས་བདེ་ཆེན་འདྲེན་ལུགས་སོགས་རྒྱས་པར་དཔལ་འཁོར་ལོ་བདེ་མཆོག་གིས་སྟོན་པས། དེས་ན་དཔལ་འཁོར་ལོ་བདེ་མཆོག་གི་སྐོར་ལ་མཁས་པར་བྱ་ཞིང་རྒྱུད་ལ་སྐྱེ་དགོས་ཏེ། རྒྱ་གར་འཕགས་ ཡུལ་དང་བོད་རྣམས་སུ་ལམ་འདི་ལ་བརྟེན་པའི་གྲུབ་ཆེན་སའི་རྡུལ་ལྟར་ཤིན་ཏུ་མང་ཞིང་། རྣལ་འབྱོར་དུ་བྱེད་པ་ས་སྟག་གོ། དེ་ཡང་ལྷུན་པོའི་རྩེར་དཀྱིལ་འཁོར་དངོས་སུ་བཞུགས་པས་མྱུར་བའོ། །བདེ་གསང་གཉིས་ཀྱི་བསྐྱེད་རྫོགས་ 12-2-4a ཀྱི་ལམ་འདི་རྒྱུད་ལ་སྐྱེད་པ་ལ། འགལ་རྐྱེན་སེལ་ཅིང་། མཐུན་རྐྱེན་མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་པར་བྱེད་པའི་ཡི་དམ་དཔལ་རྡོ་རྗེ་འཇིགས་བྱེད་ལ་བྱ་དགོས་ཏེ། འདི་ལ་གཞན་དང་མི་འདྲ་བའི་གནད་ ཁྱད་པར་ཅན་ལྔ་ཡོད་པས་སོ། །གནད་གཅིག་ནི་སྙིགས་མ་ལྔ་ལས་ཀྱང་ཆེས་སྙིགས་མའི་དུས་སུ། སེམས་ཅན་ལེ་ལོ་ཆེ་བ། ཤེས་རབ་ཆུང་བ། དམ་ཚིག་མི་སྲུང་བ། ལོག་ལྟ་ཆེ་བ། གསུང་རབ་ཀྱི་དོན་འབྱེད་པ་ལ་རྨོངས་པ། བླ་མ་དང་གྲོགས་ལ་མི་ གུས་པ། སྙིང་རྗེ་ཆུང་བ། ངོ་ཚ་དང་ཁྲེལ་མེད་པ། ཆོས་སྤོང་ཞིང་ཁེངས་པ་ཆེ་བ། འཇིག་ལྟས་ང་རྒྱལ་ཞིང་ལྟ་ངན་གྱི་གཅོང་རོང་དུ་ལྷུང་བ། འདོད་ཡོན་གྱིས་མྱོས་པ། ཚེ་ཐུང་བ། བསོད་ནམས་དང་མི་ལྡན་པ། འབྱུང་པོ་དང་། རོ་ལངས་དང་། གཤིན་རྗེ་ དང་། མ་མོ་དང་། ལོག་འདྲེན་གྱི་བར་ཆད་ཧ་ཅང་ཆེ་བའི་དུས་སུ། ཡི་དམ་འདི་དང་མི་ལྡན་ན། ལམ་ཟབ་མོ་འདི་མཐར་མི་ཕྱིན་པས། དེས་ན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་དང་ལྡན་ཞིང་། ཐུན་བཞིའི་རྣལ་འབྱོར་ལ་གནས་ན། བགེགས་དེ་ལྟ་བུ་དང་བྲལ་ ཞིང་། འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པར་འཇམ་དཔལ་རྩ་རྒྱུད་སོགས་རྒྱུད་དུ་མ་ནས་གསུངས་སོ། །དེ་ཡང་དཔེར་ན། རྒྱ་མཚོའི་གླིང་ནས་ནོར་བུ་ལེན་པའི་ཚེ། ལམ་གྲུ་ལ་བརྟེན་ནས་བགྲོད་དགོས་མོད་ཀྱང་། དེད་དཔོན་ཐབས་ལ་མཁས་ཤིང་ཤེས་རབ་ ཆེ་བ། ནོར་བུ་ལེན་པའི་ས་ལམ་གྱི་གནད་སྔོན་དུ་སོང་བ། བསོད་ནམས་ཀྱི་དཔུང་ཆེན་པོ་དང་ལྡན་པ་ཅིག་བསྟེན་དགོས། གྲུར་ཞུགས་ནས་ལམ་ལ་ཆས་པའི་ཚེ། ཆུའི་འགྲོ་ཚུལ་འདི་ལྟ་བུ། འཁོར་ལུགས་འདི་ལྟ་བུ། རྒྱང་རིང་ཐུང་འདི་ལྟ་བུ། སྔ་ 12-2-4b ཕྱིའི་དུས་འདི་ལྟ་བུ། རི་དང་རླུང་འདི་ལྟ་བུ་འདུག་པ་ཇི་ལྟར་བགྱི་ཞེས་བརྗོད་པ་ན། འདི་ལྟ་བུ་གྱིས་ཞེས་གདམས་པས། དེད་དཔོན་བསོད་ནམས་དང་ལྡན་པའི་སྟོབས་ཀྱིས་ནོར་བུ་མྱུར་དུ་བླངས་ནས་དབུལ་བ་སེལ་བ་སོགས་རང་གང་འདོད་ཀྱི་འབྲས་བུ་འགྲུབ་པ་བཞིན་དུ། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་གནས་པས། ལམ་བདེ་གསང་གི་བསྐྱེད་རྫོགས་རྒྱུད་ལ་བསྐྱེད་ནས། འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ཅེས་དཔེ་དང་བཅས་ནས་གསུངས་པས་གནད་ཆེའོ། །འོ་ན་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་ གནས་ནས། ལམ་བདེ་གསང་གི་བསྐྱེད་རྫོགས་རྒྱུད་ལ་བསྐྱེད་པ་གང་ཡིན་ཡི་དམ་འདུས་པའམ། བདེ་མཆོག་ལྟ་བའི་ང་རྒྱལ་དང་ལྡན་པས་ལམ་དེ་རྒྱུད་ལ་བསྐྱེད་པས་མི་ཆོག་གི། འོན་ཏེ་འཇིགས་བྱེད་ལ་བདེ་གསང་ནས་བཤད་པའི་བསྐྱེད་རྫོགས་ཀྱི་གནད་ མཐར་ཐུག་པའམ། ཇི་ལྟར་ཡིན་སྙམ་ན། འདི་ལ་ནི་དཀར་སེར་འོད་ཀྱི་ཕུང་པོའི་ཚ་ཟེར་གྱིས་ཁོ་བོའི་བློ་གྲོས་ཡར་ངོ་བཞིན་དུ་རྒྱས་པ་ན་རྒྱས་པར་བཤད་པར་བྱའོ། །དེ་ཡང་བདེ་གསང་འཁོར་ཆེན། དགྱེས་རྡོར་སོགས་ལ་རང་རང་གི་རྒྱུད་གང་དུ་གཏོགས་ པའི་ཁྱད་ཆོས་རེ་ཡོད་མོད་ཀྱང་། དཔལ་རྡོ་རྗེ་འཇིགས་བྱེད་ནི་ཕ་རྒྱུད་མ་རྒྱུད་གཉིས་ཀ་ནས་བཤད་དོ།། མ་རྒྱུད་ཀྱ་སཾ་བྷུ་ཊ་ནས་བཤད་དོ། །དེས་ན་འདི་ལ་ཕ་རྒྱུད་མ་རྒྱུད་གཉིས་ཀའི་གནད་མཐར་ཐུག་ཡོད་དེ། འདིའི་ཕྱག་མཆན་འཆད་པའི་སྐབས་ སུ། གནད་གཅིག་ལ་རྒྱུ་མ་དང་མེ་ཐབ་ཀྱིས་འདུས་པ་ནས་གསུངས་པའི་སྒྱུ་ལུས་དང་འོད་གསལ་སྟོན་པའོ། །གནད་གཅིག་ལ་ཁ་ཊྭཱཾ་གས་བདེ་བ་འབར་འཛག་སྟོན་ལ། ཕ་རྒྱུད་རྐྱང་པ་ལ་ཕྱག་མཚན་ཁ་ཊྭཱཾ་ག་མི་འོང་པས། དེས་ན་ཁ་ཊྭཱཾ་གས་ 12-2-5a འཁོར་ལོ་བདེ་མཆོག་ནས་གསུངས་པའི་བདེ་སྟོང་གི་རྣམ་གཞག་སྟོན་པའོ། །གནད་ཅིག་ལ་ནི་རྡོ་རྗེ་འཇིགས་བྱེད་རང་གི་ཁྱད་ཆོས་གཞན་ལ་མེད་པའི་ཐུན་མོང་མ་ཡིན་པ་ནི། མེ་ཐབ། སྡིག་མཛུབ། སྐྱེས་བུ་གསལ་ཤིང་ ལ་བསྐྱོན་པ་གསུམ་ཡིན། དེ་ཡང་མེ་ཐབ་ཀྱིས་ཤེས་རབ་གཞན་ལས་ཆེ་བ་མཚོན་པའོ། །སྡིགས་མཛུབ་ཀྱིས་འཇིག་རྟེན་ལས་འདས་པའི་ལྷ་ལ་ཉོན་ཅིག་ཅེས་བཀའ་བསྒོ་བས་རྒྱུད་གཞན་ལ་མེད་པའི་ཕ་རྒྱུད་མ་རྒྱུད་གཉིས་ཀའི་གནད་མཐར་ཐུག་པ་ང་ལ་ ཡོད་ཅེས་མཚོན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་བསྡིགས་ན་འཇིག་རྟེན་གྱི་སྟེང་འོག་སོགས་ཕྱོགས་བཅུའི་གནོད་པ་འཇོམས་པ་ལྟ་ཅི་སྨོས་པའོ། །སྐྱེས་བུ་གསལ་ཤིང་ལ་བསྐྱོན་པས་ནི་མི་དགེ་བ་བཅུ་དང་། ཆོས་ སྤོང་དང་། མཚམས་མེད་སོགས་བྱས་པའི་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བར་སྟོན་པའོ། །དེ་ཡང་དུར་ཁྲོད་ཀྱི་གསལ་ཤིང་འདི་དང་དོན་མི་གཅིག་སྟེ། དུར་ཁྲོད་ཀྱི་ནི་རོ་ཡིན་ལ། འདི་ནི་གང་ཟག་གོ། གནད་གཅིག་ནི་རྗེ་བཙུན་རྒྱལ་བ་ཀུན་གྱི་ ཡབ་ཡིན་ཞིང་། འཚང་རྒྱ་འགྱུར་གྱི་གང་ཟག་ཀུན་ཀྱང་རྗེ་བཙུན་ལ་བརྟེན་ནས་འཚང་རྒྱ་བ་ཨ་ཅང་ཆེ་མོད། ཁྱད་པར་རྗེ་བཙུན་རིམ་གྱིས་དམར་ནག་འཇིགས་གསུམ་དུ་ཁྲོས་པའི་རྡོ་རྗེ་འཇིགས་བྱེད་ལ། རྒྱུ་དུས་འབྲས་དུས་གཉིས་ཀའི་སྐབས་སུ་རྗེ་ བཙུན་གྱི་ཞལ་དངོས་སུ་ཡོད་པས། རྗེ་བཙུན་གྱིས་རྗེས་སུ་འཛིན་ཞིང་། ཤེས་རབ་སྔ་མ་ལས་ཀྱང་ལྷག་པར་དུ་ཆེ་བ་ཡིན་ནོ། །དེ་ཡང་འདིའི་རྭ་གཉིས་ཀྱིས་བདེ་པ་གཉིས་ཀྱི་གནས་ཚུལ། ལམ་ཐབས་ཤེས་གཉིས་རྒྱུད་ལ་ཇི་ལྟར་སྐྱེད་པ། དེས་ 12-2-5b བསྒྲུབ་པའི་འབྲས་བུ་སྐུ་གཉིས་ཐོབ་ཚུལ་མ་ཚང་བ་མེད་པ་རྒྱས་པར་སྟོན་པའོ། །དེ་ལྟ་བུའི་འགལ་རྐྱེན་སེལ་ཅིང་མཐུན་རྐྱེན་སྒྲུབ་པའི་ཆོས་སྐྱོང་ཡང་རྒྱུད་དང་གཞུང་ལུགས་ནས་གསུངས་པའི་བཀའ་སྡོད་ཁྱད་པར་ཅན་ཤིན་ཏུ་མང་ཞིང་འགངས་ཆེ་ མོད། དེ་ལྟ་ན་གོང་དུ་བཤད་པ་ལྟར་མྱུར་བའི་དབང་དུ་བྱས་པས། སྐྱེས་བུ་གསུམ་གྱི་རིམ་པ་དང་མཐུན་པ་ཅིག་ངེས་པར་དགོས་པ་ཡིན་ལ། དེ་ལ་སྐྱེས་བུ་ཆུང་ངུའི་བསམ་པ་ནི། འཇིག་རྟེན་འདིར་ཡུན་རིང་དུ་མི་གནས་པས་འཆི་པ་མི་རྟག་པ། ལས་རྒྱུ་འབྲས། ངན་སོང་གསུམ་གྱི་ཉེས་དམིགས་བསམ་ཞིང་། དེ་ལས་སྐྱོབ་པའི་སྐྱབས་འགྲོ་བསླབ་བྱ་དང་བཅས་པ་བསམ་ཞིག་རྒྱུད་ལ་སྐྱེ་དགོས་པས། འདི་རྒྱུད་ལ་སྐྱེད་པ་ལ་ཅོས་རྒྱལ་བསྟེན་དགོས་ཏེ། འདི་འཆི་བདག་གམ། དགེ་སྡིག་གི་ དཔང་པོའང་སྡིག་པ་ཅན་གྱི་ཆད་ལས་མཁས། དགེ་བ་ཅན་གྱི་སྟངས་འཛིན་པའམ། ལས་རྒྱུ་འབྲས་གསལ་བར་བྱེད་པའི་མེ་ལོང་། ལེགས་ཉེས་ཚུལ་བཞིན་དུ་སྤྱོད་དམ། ཆོས་བཞིན་དུ་སྤྱོད་པས་ན་ཆོས་རྒྱལ་ཞེས་བྱ་ཞིང་། ལས་དཀར་ནག་ གི་རྗེས་སུ་འཇུག་པས་ན་ལས་ཀྱི་གཤིན་རྗེ་ཞེས་བྱའོ། །དེས་ན་སྐྱེས་བུ་ཆུང་ངུའི་ཆོས་སྐོར་འདི་རྣམས་ལམ་གསུམ་གའི་རྩ་བ་ཡིན་པས། འདི་རྒྱུད་ལ་སྐྱེད་པའི་ཕྱིར་དུ་ཆོས་རྒྱལ་བསྟེན་པར་བྱའོ། །སྐྱེས་བུ་འབྲིང་གི་བསམ་པ་ནི། འཇིག་ རྟེན་ཕྱི་མ་བདེ་བའི་ཐབས་སུ་མ་ཟད་འཁོར་བ་མཐའ་དག་མེ་འོབས་ལྟ་བུར་མཐོང་ནས། དེ་དང་བྲལ་འདོད་ཀྱི་ཐར་པ་དོན་གཉེར་གྱི་བློ་ངེས་འབྱུང་གི་བསམ་པ་ཅན་ཡིན་ལ། འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་མཐོང་ནས། དེ་ལ་ཡིད་ 12-2-6a སྐྱོད་ཞིང་ངེས་པར་འབྱུང་བའི་བསམ་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པའི་གཙོ་བོ་ཡིན་ཞིང་། འདི་གཉིས་དོན་གཅིག་པས་སོ། །དེས་ན་རྒྱལ་པོ་ཆེན་རྣམ་ཐོས་སྲས་བསྟེན་དགོས་ཏེ་འདིས་སྡེ་སྣོད་གསུམ་གྱི་ནང་ནས་འདུལ་ བའི་སྡེ་སྣོད་བསྲུང་ཞིང་། བསླབ་པ་གསུམ་གྱི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་བསྲུང་བས་སོ། །སྐྱེས་བུ་ཆེན་པོའི་བསམ་པ་ནི། རང་ཉིད་འཁོར་བ་ལས་ཐར་པ་ཙམ་གྱིས་མི་ཚིམ་པར། མར་གྱུར་སེམས་ཅན་ཐམས་ཅད་འཁོར་བ་ སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་འདོད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་ལ། དེ་རྒྱུད་ལ་སྐྱེད་པའི་ཕྱིར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་སྤྲུལ་པ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་བསྟེན་པར་བྱའོ། །ཡང་ འབྲས་བུ་གཟུགས་སྐུ་དང་ཆོས་སྐུའི་རྒྱུ་ལམ་ཐབས་ཤེས་གཉིས་རྒྱུད་ལ་སྐྱེ་དགོས་པས། ཐབས་སམ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེད་པ་ལ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་བསྟེན་དགོས་ཏེ། འདི་སྙིང་རྗེ་ཅན་གྱི་ཅོས་སྐྱོང་ཡིན་པས་སོ། །ཤེས་རབ་ དང་ལྟ་བ་རྣམ་དག་རྒྱུད་ལ་སྐྱེད་པ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟེན་དགོས་ཏེ། འདི་ཤེས་རབ་ཀྱི་ཆོས་སྐྱོང་ཡིན་པ་དང་། རྗེ་བཙུན་འཇམ་དབྱངས་ཀྱི་བཀའ་སྡོ་ཡིན་པས་སོ། །འདི་ལྟ་བུའི་ལམ་རྫོགས་པར་སྟོན་པའི་བླ་མ་ཡང་ཡོན་ཏན་ ཕྱོགས་རེ་ཙམ་རྙེད་པས་མི་ཆོག་གི། སྡོམ་པ་གསུམ་མནོས་ཤིང་དེ་དག་སོ་སོའི་ཉེས་ལྟུང་དང་བྲ་བ། སྡེ་སྣོད་གསུམ་ལ་མཁས་ཤིང་དེའི་བརྗོད་བྱ་བསླབ་པ་གསུམ་དང་ལྡན་པ། རྒྱུད་སྡེ་བཞི་ལ་མཁས་ཤིང་དབང་བཞི་ཡོངས་སུ་ 12-2-6b རྫོགས་པས། རྒྱུད་བསྐྱེད་རྫོགས་ཀྱི་སྣོད་རུང་དུ་བྱས་ནས་ལམ་ཟབ་མོ་གཉིས་ཉམས་སུ་བསྟར་ཞིང་། མྱོང་བ་ཐོན་ནས་གཞན་ལ་བརྩེ་བས་འདོམས་པའོ། །མདོར་ན་རྡོ་རྗེ་འཆང་གི་གོ་འཕང་མྱུར་བ་ལས་ཀྱང་ཆེས་མྱུར་བར་མངོན་དུ་བྱེད་པའི་ཟབ་ལམ་ཁྱད་པར་ ཅན་གྱི་ཕྱིན་ཅི་མ་ལོག་པར་སྟོན་པའི་བླ་མ་ཞིག་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བསྟེན་པར་བྱའོ། །ལམ་དེ་ཚུལ་བཞིན་དུ་བསྒྲུབ་པའི་གྲོགས་ཀྱང་བླ་མ་དང་ཆ་མཐུན་ཅིག་དགོས་ལ། ལས་འབྲས་ལ་དད་པ། ངོ་ཚ་ཤེས་ཤིང་ཁྲོལ་ཡོད་པ། འགྲན་སེམས་དང་ ཆགས་སྡང་མེད་པ། ཕན་སེམས་ཆེ་བ་གོང་དུ་བཤད་པའི་བླ་མ་ཡི་དག་ཆོས་སྐྱོང་ལམ་གྱི་སྲོག་མཐུན་པ་ཅིག་དགོས་སོ། །ཡོངས་སུ་རྫོགས་པའི་ལམ་དེ་ལྟ་བུ་མ་ཐོབ་པ་དང་ཐོབ་པར་བྱེད་པ། ཐོབ་ཟིན་བརྟན་པ། བརྟན་པ་གོང་འཕེལ་དུ་བྱེད་པ། བླ་མ་ཡི་དམ་ དབྱེར་མེད་དུ་གསོལ་བ་འདེབས་པ། ཚོགས་གསོག་ཅིག་སྒྲིབ་པ་སྦྱོང་བ། གཞུང་ཆེན་མོ་ལ་བལྟ་བ་གསུམ་སུམ་སྒྲིལ་དུ་བྱེད་དགོས་ལ། དེ་ལ་ཚོགས་ཞིང་གསལ་འདེབས་པ་ནི། རང་གི་སྤྱི་བོར་རིན་པོ་ཆེའི་ཁྲིའི་སྟེང་དུ། ངོ་བོ་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་གསལ་གདབ་ལ། དེའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་དྲངས་ལ། མཎྜལ་ཀྱང་ཕུལ་ལ། གསོལ་བ་ཤུགས་དྲག་པོས་བཏབ་ནས། ལམ་གྱི་ ལུས་ཡོངས་སུ་རྫོགས་པའི་སྨོན་ལམ་དྲག་ཏུ་གདབ་པ་དང་། ཏིང་ངེ་འཛིན་གྱི་དབང་བཞི་རྫོགས་པར་ལེན་ཅིང་། བླ་མ་ཡི་དམ་གྱིས་སྨོན་པའི་འབྲས་བུ་འགྲུབ་པར་ཞལ་གྱིས་བཞེས་པར་བསམས་ལ། མཐར་རང་གི་སྙིང་གར་ཐིག་ལེ་གའུ་ཁ་སྦྱོར་གྱི་ 12-2-7a དབུས་སུ་བཞུགས་པའོ། །སྒྲིབ་པ་སྦྱོང་བ་ལ་ཡང་ལྟུང་བཤགས་ཕྱག་དང་བཅས་པ་དང་། ཡི་གེ་བརྒྱ་པའི་བསྒོམ་བཟླས་དམ་ཚིག་རྡོ་རྗེའི་བཟླས་པ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་ལ་སོགས་པ། མདོར་ན་སྟོབས་བཞི་ཚང་བའི་ སྒོ་ནས་སྦྱོང་བ་གནད་ཆེའོ། །དེ་ཡང་སྡིག་པའི་འབྲས་བུ་རྣམ་སྨིན་ཡིད་མི་འོང་མཐོང་ནས་སྔར་བྱས་ལ་འགྱོད་སེམས་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་བརྟན་པར་བྱེད་པ་ནི་སྡིག་པ་སྦྱོང་བའི་ཐབས་བླ་ན་མེད་པའོ། ། གཞུང་ཆེན་མོ་ལ་སྦྱང་བ་ལ་ཡང་། སྔགས་མཚན་ཉིད་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པ་གང་ལ་ཡང་། གཞུང་དེའི་དངོས་བསྟན་ཤུགས་བསྟན། བསྟན་བྱའི་གཙོ་བོ་ཆེད་དུ་བྱ་བའི་གདུལ་བྱ་གོང་འགོ་གི་འགྲེལ་ཚུལ་རྣམས་ལེགས་ པར་བརྟག་དགོས་སོ། །མདོར་ན་བཤེས་གཉེན་བསྟན་ཚུལ་ནས་བཟུང་སྟེ། འབྲས་བུ་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པའི་བར་གྱི་ལམ་ཐུན་མོང་བས་རྒྱུད་སྦྱང་བ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་གྱིས་འཁྲིད་ཚུལ། ཐུན་མོང་མ་ཡིན་པ་ སྔགས་ལ་འཇུག་པ་ལ་ཡང་། དབང་རྣམས་པར་དག་པ་ཐོབ་པ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ། རིམ་པ་གཉིས་རྒྱུད་ལ་སྐྱེད་ཚུལ་སོགས་གྲངས་ངེས། གོ་རིམ། སོ་སོའི་ངོ་བོ་རྣམས་ལ་མྱོང་བ་རྒྱུད་ལ་སྐྱེད་ཅིང་གོ་བ་ ཆགས་པར་བྱེད་པ་དང་། བཤད་སྒོམ་ཙམ་རེ་བྱེད་པའང་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་གནད་ཚང་བ་ཡིན་པས། ས་ཆོད་དང་དགེ་སྦྱོར་བྱེད་ཚུལ་གཞན་དང་གཏན་ནས་འདྲ་བ་མ་ཡིན་ནོ། །དེས་ན་རྗེ་བཙུན་ལ་ཞུས་ལ་ 12-2-7b མྱོང་བ་ལ་བཀར་ནས་དགེ་སྦྱོར་བྱེད་ཚུལ། ཚེ་ཐུང་འདི་ལ་བོགས་ཆེ་བའི་ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པ་ཞིག་བསྐུར་གསུང་བའི་གསུང་ཤོག་ནན་ཆེར་བསྐུར་བྱུང་བས། བདག་གིས་རྗེ་བཙུན་འཇམ་དབྱངས་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ བསམ་གྱིས་མི་ཁྱབ་པ་ཕུལ་ཏེ། གསོལ་བ་དྲག་པོ་ཕུར་ཚུགས་སུ་བཏབ་པ་ལ་བརྟེན་ནས། ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་ལམ་གྱི་གནད་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པ་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཚུལ་འདི་ བཞིན་གྱིས་གསུངས་པའི་གསུང་ཡི་གེར་བཏབ་ནས་ཕུལ་བ་ལ། གཞན་ལ་གཏན་ནས་མི་སྟོན་པར་ཞུ་ཞུ། འདི་དག་གི་དོན་རེ་རེ་ནས་ཞིབ་པར་གསུངས་པ་རྣམས་མཇལ་དུས་ཞུ་བར་སྨོན། ཞུ་ཡིག་རྟེན་དུ་ཧང་སྤུང་གི་ཇ་སེར་ཞོ་ལྔ་ཕུལ་བ་དགེ་ལེགས་ འཕེལ་བར་གྱུར་ཅིག །རྗེ་བཙུན་རེད་མདའ་བའི་དྲུང་དུ། རྗེ་བཙུན་ཙོང་ཁ་པ་ཆེན་པོས། རྗེ་བཙུན་འཇམ་དབྱངས་ལ་ཞུས་ཏེ། ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པར་དྲིལ་ནས་ཐུགས་ཉམས་སུ་བཞེས་ཚུལ་ཕུལ་བའོ།། སརྦ་མངྒ་ལཾ།། 12-3-1a ༄༅། །དཔལ་གསང་བ་འདུས་པའི་སྒྲུབ་ཐབས་ཀྱི་ལྷན་ཐབས་བཞུགས་སོ།། 12-3-1b ༄༅། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །རྡོ་རྗེ་འཆང་དབང་མཉེས་བྱེད་པའི། །སྒྲུབ་ཐབས་ཆོ་གའི་བརྗོད་ཚུལ་བཤད། །དཔལ་ གསང་བ་འདུས་པ་ལྷ་སུམ་ཅུ་རྩ་གཉིས་ཀྱི་སྒྲུབ་པའི་ཐབས། བདག་གི་བླ་མ་རྡོ་རྗེ་འཆང་དེ་ཉིད་ཀྱི་ཞལ་སྔ་ནས་མཛད་པ་རྣལ་འབྱོར་དག་པའི་རིམ་པའི་ཆོ་ག་ངག་ཏུ་འདོན་པའི་ཚེ་བརྗོད་ཚུལ་མཐའ་གཅིག་ ཏུ་ངེས་པར་བྱ་བ་ནི་འདི་ལྟར་ཤེས་པར་བྱའོ། །དང་པོར་ཡིད་དང་མཐུན་པའི་གནས་སུ་བྲིས་སྐུ་དང་མཆོད་རྫས། གཏོར་མ་ནང་མཆོད་རྡོར་དྲིལ་ལ་སོགས་པ་རྣམས་ཚོགས་པར་བྱས་ཏེ། སྒྲུབ་པ་པོ་རྣམས་རིམ་ པ་ཇི་ལྟ་བར་འཁོད་ནས། སྒྲུབ་པ་པོའི་མདུན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་ཉེར་སྤྱོད་ལྔ་རང་གི་གཡས་ནས་བརྩམས་ཏེ་དགོད་ཅིང་། ནང་མཆོད་གཡོན། དྲིལ་བུ་གཡས། རྡོ་རྗེ་གཡོན་དུ་ བཤམ། དམའ་བའི་ཕྱོགས་སུ་སྔོན་འགྲོ་གཏོར་མ་དང་། ཕྱོགས་སྐྱོང་ལ་འབུལ་བའི་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་རྣམས་ཕྱོགས་སྐྱོང་གཡས་རང་གི་གཡོན་ནས་བརྩམས་ཏེ་བཤམས། དེ་ནས་ 12-3-2a ལས་ཀྱི་རྡོ་རྗེས་ཕྱག་བཙལ། ནང་མཆོད་བྱིན་རླབས་མཛད་པར་ཞུ། ཞེས་བརྗོད་ནས་ཆོ་ག་ལ་འཇུག་པ་ནི། རང་ཉིད་ཞེ་སྡང་རྡོ་རྗེ་མཐིང་ནག ནག་དཀར་དམར་བའི་ཞལ་ གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པད་མ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རང་དང་འདྲ་བའི་རེག་བྱ་རྡོ་རྗེ་མས་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྐུ་སྟོད་ལྷ་རྫས་ ཀྱི་གོས་གྱི་ག་ཤ་བྱས་ཤིང་། སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་འཕྱར་བར་གྱུར། ཨོཾ་ཨཱཿ བིགྷྣནྟ་ཀྲིཏ་ཧཱུཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སྟོང་པའི་པར་གྱུར། སྟོང་པའི་ངང་ལས་ཧཱུཾ་ཡཾ་ ཧཱུཾ་གི་ཡཾ་སྔོ་སྐྱ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལྗང་སྔོན་ཟླ་གམ། ཞེས་པ་ནས། ཨོཾ་ཨཱཿཧཱུཾ། ལན་བདུན་བརྗོད་པའི་བར་གྱིས་ནང་མཆོད་འོག་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས། ཡང་ཕྱག་འཚལ། སྔོན་འགྲོ་གཏོར་ མའི་བྱིན་རླབས་མཛད་པར་ཞུ། ཞེས་བརྗོད་ནས་ཐོག་མར་སྔོན་འགྲོའི་མཆོད་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿ བིགྷྣནྟ་ཀྲིཏ་ཧཱུཾ། ཨོཾ་ཤཱུནྱ་ཏཱ། ཞེས་པ་ནས། ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་ཨཱཿ ལས་བྱུང་ 12-3-2b བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨཾ་པཱཾ་པུཾ་ལ་སོགས་པ་སོ་སོའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག །གདུག་སྤོས། མར་མེ། དྲི། ཞལ་ ཟས། རོལ་མོ་རྣམས་རང་བཞིན་སྟོང་པ། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། ཞེས་པ་ནས། ཨོཾ་ཤཔྟ་ཨཱཿ ཧཱུཾ། ཞེས་པའི་བར་གྱིས་བྱིན་གྱིས་བརླབས། དེ་ནས། ཨོཾ་ཨཱཿ བི་གྷྣནྟ་ཀྲིཏ་ཧཱུཾ། ཞེས་པ་ནས། ཡི་གེ་གསུམ་ལན་བདུན་བརྗོད་པའི་བར་གྱིས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས། དེ་ནས་འབུལ་བ་ནི། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་ བཀུག་སྟེ་ཕྱོགས་མཚམས་རྣམས་སུ་གནས་པ་ནི། ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ། ཞེས་པ་ནས། འདུས་པའི་ལྷ་ཤེས་རབ་མ་དང་བཅས་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དམར་པོ་རྩེ་གཅིག་པ་ འོད་ཀྱི་སྦུ་གུ་ཅན་དུ་གྱུར། ཨོཾ་ཨཱཿཧྲཱི་པྲ་ཝ་ར། ཞེས་སོགས་ཀྱི་ཆུ་བཞི་ཕུལ་ནས། ཨོཾ་ཨཱཿ དུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། །ཞེས་པ་ནས། ཞི་བ་དང་ནི་སྲུང་བར་མཛད་དུ་གསོལ། །ཧཱུཾ་སྭཱཿཧཱ། ཨོཾ་ཨཱ་ཧྲཱིཿཔྲ་ཝ་ར་སད་ཀ་རཾ་ ཨཱཉྩ་མ་ཎཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱ་ཧྲཱིཿ པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ། ཞེས་པ་རྣམས་ཀྱིས་ཞབས་བསིལ་མཆོད་ཡོན་སོ་རྩི་དབུལ། ཨོཾ་ད་ཤ་དིག་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་པུཥྤཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་པ་ནས། དེ་བཞིན་དུ་སྦྱར་ 12-3-3a བའི། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་པའི་བར་གྱིས་ཉེར་སྤྱོད་དང་། ཨོཾ་ད་ཤ་དིག་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། ཞེས་པའི་ནང་མཆོད་དབུལ། མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་ བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཡི་གེ་བརྒྱ་པ་ལན་གཅིག་བརྗོད། ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཞེས་བརྗོད་སེ་གོལ་གཏོག། །དེ་ནས་ཕྱག་འཚལ། བདག་བསྐྱེད་ཀྱི་མཆོད་པ་བྱིན་རླབས་མཛད་ པར་ཞུ། ཞེས་བརྗོད། དེ་ནས། ཨོཾ་ཨཱཿ བི་གྷྣནྟ་ཀྲིཏ་ཧཱུཾ། ཞེས་པ་ནས། ཨཱཉྩ་མ་ཎཾ་གཉིས་བོར་བམ་གཏོགས་ཉེར་སྤྱོད་བྱིན་རླབས་སྔོན་འགྲོ་བཞིན་བྱས་པའི་མཇུག་ཏུ། ཨོཾ་ཨཱཿ རཱུ་པ་བཛྲ་ཧཱུཾ། ཞེས་པ་ནས། ཨོཾ་ཨཱཿ སྤརྴ་བཛྲ་ཧཱུཾ། ཞེས་པའི་བར་བརྗོད། དེ་ན་སློབ་མས་ གྲལ་གྱི་མཐར་ལོགས་སུ་སོང་སྟེ། ཕྱག་གསུམ་བཙལ་ནས་མཎྜལ་སྤྱིར་བཤམས། ཕྱག་གསུམ་བཙལ་ནས་གཙོ་བའི་ཕྱག་ཏུ་མེ་ཏོག་སྤོས་རིང་དང་བཅས་པ་ཕུལ་ནས། གཞན་སོ་སོའི་ཕྱག་ཏུ་མེ་ཏོག་ཡས་རིམ་གྱིས་དབུལ། ཕྱག་གསུམ་འཚལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། སེམས་ ཅན་དོན་དུ་སེམས་དགེ་བས། །རྣལ་འབྱོར་པ་ཡི་ཚོགས་རྣམས་ཀུན། །ཚུལ་བཞིན་ཆོ་གར་ལྡན་པ་ཡིས། །དམ་ཚིག་ལ་ནི་ཉེར་གནས་མཛོད། །ཅེས་པ་ལན་གསུམ་གྱིས་སྒྲུབ་པ་པོ་སྤྱི་ལ་གསོལ་བ་བཏབ། ཕྱག་གསུམ་བཙལ་ཏེ། བླ་མ་མ་གཏོགས་པའི་མེ་ ཏོག་མས་རིམ་གྱིས་བསྡུས། ཕྱག་གསུམ་བྱས་ནས་མཎྜལ་བཀོད་དེ། ཐམས་ཅད་ཀྱིས་ཐུན་མོང་དུ་བླ་མ་ལ་ཐུགས་དམ་ལ་གནས་པ་ཞུ་བའི་ཡོན་དུ་དབུལ། གཙོ་བོས་ཀྱང་རང་རང་གི་མེ་ཏོག་བླ་མ་གོང་མ་ལ་དབུལ་བའི་ཕྱིར་མཎྜལ་གྱི་སྟེང་དུ་སྤུངས་ལ། སློབ་མས་མཎྜལ་རྟེན་གྱི་དྲུང་དུ་ 12-3-3b བཞག་སྟེ། ཕྱག་གསུམ་བྱས་ནས་རང་གི་གྲལ་ལ་འཁོད། གཙོ་བོས། བཤགས་པ་དང་བསྡམ་པ་སྔོན་དུ་འགྲོ་བ་ཅན་གྱིས་ལྷའི་རྣལ་འབྱོར་ལ་གནས་པར་ཞུ། ཞེས་བརྗོད་ནས། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། །ཞེས་པ་ནས། ཡང་དག་ཉིད་ དུ་ད་ནི་གནས་པར་བགྱི། །ཞེས་པའི་བར་གྱིས་སྐྱབས་འགྲོ་སོགས་བྱ། དེ་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་བོར་པཾ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ལྟེ་བ་ཧཱུཾ་གིས་མཚན་པ། དེ་ལས་ འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་དཀར་པོ། དེ་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ། ཞེས་པ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཛཿཧཱུཾ་བཾ་ཧོཿ སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གིས་ལྷ་རྣམས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུཾ། ཞེས་པ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་ཏུ་གསོལ། ཞེས་གསོལ་བ་བཏབས་པས། དེ་རྣམས་ཀྱིས་ཡེ་ཤེས་ ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང་། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་ 12-3-4a གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་། དམ་ཚིག་ཉམས་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་ སྒྲིབ་དག སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་དབུལ། དེ་རྣམས་ཀྱི་ཡོན་ཏན་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས། ཐུགས་ཀའི་ཧཱུཾ་ལ་ཐིམས་པར་གཟི་བརྗིད་དང་མཐུན་སྟོབས་ཕུན་སུམ་ཚོགས་པར་གྱུར། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏཥྠ་ཌི་ཌྷོ་མེ་བྷཱ་ཝ། སུ་ཏོ་ཥྱོ་མེ་བྷཱ་ཝ། སུ་པོ་ཥྱོ་མེ་བྷཱ་ཝ། ཨ་ནུ་རཀྟོ་མེ་བྷཱ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤཨརི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མཉྩ། བཛྲི་བྷཱ་ཝ་མ་ཧཱ་ ས་མ་ཡ་སཏྭ་ཨཱ་ཿཧཱུཾ་ཕཊ། ཅེས་བཟླས། ཐུགས་ཀའི་ཧཱུཾ་ལས་ཡི་གེ་བརྒྱ་པས་བསྐོར་བའི་ཡིག་འབྲུ་ལས་འདོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཆོད་པ་ཕུལ། དེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་བསྡུས་ཡིག་འབྲུ་ལ་ཐིམས་པས། དེ་ལས་ བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དཀར་པོ་བབས། སྦྱོར་མཚམས་ནས་འཐོན་པའི་བྱང་སེམས་བདག་གི་སྤྱི་བོའི་སྒོ་ནས་ཞུགས། བདག་གི་ལུས་ཐམས་ཅད་གང་། སྡིག་སྒྲིབ་མ་ལུས་པར་དབང་པོའི་སྒོ་དང་བ་སྤུའི་སྒོ་རྣམས་ནས་དུད་ཁའི་རྣམ་པར་འཐོན། སྡིག་སྒྲིབ་ཐམས་ཅད་དག རྟོགས་པ་དང་། ཡོན་ཏན་བདག་གཞན་ཐམས་ཅད་ཀྱི་རྒྱུན་ལ་སྐྱེས་པར་བསམ་མོ།། བཟླས་པའི་མཐར། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་ 12-3-4b པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆིག །རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་དག་གོ། ཞེས་གསུང་ནས་རང་ལ་ཐིམས་པས། རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་ པའི་སྐུ་གསུང་ཐུགས་དབྱེར་མེད་པར་གྱུར། ཅེས་བརྗོད་ཅིང་། སྡིག་པའི་འཁོར་གསུམ་བདེ་པར་མི་དམིགས་པར་བསམ་པ་རྣམས་མངོན་རྟོགས་ཀྱི་ཐོག་མར་སྦྱར་རོ། །དེ་ནས་མངོན་རྟོགས་དངོས་ནི། རང་མི་བསྐྱོད་རྡོ་རྗེར་གསལ་བའི། ཞེས་པ་ནས། དཀྱིལ་འཁོར་སྦྱན་དྲངས། ཨོཾ་ སརྦ་ཏ་ཐཱ་ག་ཏ་ཨརྒྷྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཞེས་པ་ནས། སྤརྴ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿ ཧཱུཾ། གང་ཞིག་གཟུགས་དང་། ཞེས་པ་ནས། ད་ནི་གནས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ ཀུན། །ཅེས་པ་ནས། མྱ་ངན་འདས་ལ་འགོད། །ཚོགས་ཞིང་རང་གནས་སུ་གཤེགས་པར་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་ དུ་གྱུར། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར། ཨ་ལས་བྱུང་བ་ནི། ཞེས་པ་ནས། སྣ་ཚོགས་པད་མ་དང་ཉི་མའི་གདན་རེ་རེ། གདན་དབུས་མའི་སྟེང་དུ་རང་ཉིད། ཅེས་པ་ནས། གཡོན་གྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། མཚན་སུམ་ཅུ་རྩ་ གཉིས་དང་། དཔེ་བྱད་བརྒྱད་ཅུས་བརྒྱན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ཡབ་ཡུམ་གཉིས་ཀའི་ཕྱག་ 12-3-5a དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པ། རིན་པོ་ཆེའི་རྒྱན་དང་། དར་སྣ་ཚོགས་ཀྱི་ན་བཟང་ཅན་དུ་གྱུར། རང་གི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། དེའི་ཐུགས་ཀར་ཟླ་བའི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ ཧཱུཾ་ཡིག་སྔོན་པོ། རང་གི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ དམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོ། ཡབ་ཡུམ་སྙོམས་པར་ཞུགས་པའི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་ མི་བསྐྱོད་པ་ལ་ཁྲོ་བོ་བཅུས་བསྐོར་བ་སྤྱན་དྲངས། ཞལ་ནས་ཞུགས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུ་བའི་ཐིག་ལེ་བཅུ་གཅིག་ཧཱུཾ་རིང་པོ་བཅུ་གཅིག་ཏུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། མི་བསྐྱོད་པ་དང་ཁྲོ་བོ་བཅུར་གྱུར་པའི་མི་ བསྐྱོད་པ་ནག་པོ། ནག་དཀར་དམར་བའི། ཞེས་པ་ནས། རལ་གྲི་འཛིན་པ་རང་གི་ཐུགས་ཀར་དྲངས་བཛྲ་དྷྲིཀ་ཐུགས་ཀ་ནས་ཕྱིར་ཕྱུང་། ཕྱོགས་བཅུར་འཕྲོས། ཆོས་འཁོར་བསྐོར་བ་ལ་སོགས་པའི་མཛད་པ་མཛད། ཁྱད་པར་དུ་ཡང་སེམས་ ཅན་ཞེ་སྡང་ཅན་རྣམས་ཀྱི་ཞེས་སྡང་སྦྱངས། མི་བསྐྱོད་པའི་གོ་འཕང་ལ་བཀོད། སྤྲུལ་པ་རྣམས་གཅིག་ཏུ་འདུས། མི་བསྐྱོད་པ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་ནས་རང་ལ་རྗེས་སུ་ཞུགས། སྔར་གྱི་ཟླ་བ་ཉི་གདན་དུ་གྱུར་པའི་སྟེང་ན། རང་ 12-3-5b ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག ཁྲོ་བ་དང་འདོད། ཅེས་པ་ནས། ཕྱག་དྲུག་གི་གཡས་རྡོ་རྗེ་ཙེ་དགུ་པ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སོ་གཉིས་དང་། དཔེ་བྱད་ བཟང་པོ་བརྒྱད་བཅུས་བརྒྱན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རེག་བྱ་རྡོ་རྗེ་མ་སྔོན་མོར་གྱུར་པ་ནི། སྔོ་དཀར་དམར་བའི་ཞལ་གསུམ། ཞེས་པ་ནས། རལ་གྱི་འཛིན། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། ཤིན་ཏུ་སྒེག་ཅིང་། ཞེས་པ་ནས། འདོད་ཡོན་ལྔའི་དགའ་ བས་རོལ་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་དབུ་བརྒྱན་གསོལ་པ། ཞེས་པ་ནས། ཤམ་ཐབས་འཕྱར་བ། འོད་དམར་པོ་འབར་ཞིང་འཁྲུག་པའི་དབུས་ན་སྙོམས་པར་འཇུག་ པའི་ཚུལ་གྱིས་བཞུགས་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་གྱུར། གཤིན་རྗེའི་གཤེད་ནག་པོ་རྣམ་སྣང་གི་དབུ་རྒྱན་ཅན། ཞེས་པ་ནས། དགྲ་སྟ་འཛིན་པ་རང་གི་ཐུགས་ཀར་དྲངས། ཡ་མཱན་ཏ་ཀྲིཏ་ཐུགས་ཀ་ནས་ཕྱིར་ཕྱུང་། ཤར་ གྱི་རྩིབས་ཀྱི་རྩེ་མོའི་སྟེང་གི་རང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། ཅེས་པ་ནས། རྩེ་གསུམ་དགྲ་སྟ་འཛིན་པ། མཧཱ་པཱ་ལ་ཐུགས་ཀ་ནས་ཕྱིར་ཕྱུང་། བྱང་ཤར་གྱི་རྩིབས་ཀྱི་རྩེ་མོའི་སྟེང་གི་རང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། གཙུག་ཏོར་འཁོར་ལོས་བསྒྱུར་བ། ཞེས་པ་ནས། ཐུགས་ཀ་ནས་ཕྱིར་ཕྱུང་། སྟེང་གི་རྩིབས་ཀྱི་ནང་གི་རང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། གནོད་མཛེས་རྒྱལ་པོ་སྔོན་པོ། ཞེས་པ་ནས། འོག་གི་རྩིབས་ཀྱི་ནང་གི་རང་གི་གདན་ལ་ 12-3-6a གཡོན་བརྐྱངས་ཀྱིས་འཁོད། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་། ཞེས་པ་ནས། གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་གྱིས་བཞུགས་པར་གྱུར། དེ་ནས་བདག་གིས་གནོད་མཛེས་ལ་བལྟས་པས། ཞེས་པ་ ནས། བིདྱཱ་རཱ་ཛཱ་ཧཱུཾ་ཕཊ། ཅེས་གནོད་མཛེས་ལ་བོས་ནས། ཞེས་པ་ནས། འབྲུབ་ཁང་གི་རྣམ་པ་ཅན་རྣམས་སུ་བཅུག་པར་གྱུར། དེ་ནས་བྱང་གི་བདུད་རྩི་འཁྱིལ་བས་སྤྲུལ་པའི་བདུད་རྩི་འཁྱིལ་པ་གཉིས་པ་དེ་ཡོངས་སུ་གྱུར་པ་ལས། སྟོད་ ཁྲོ་བོ་བདུད་རྩི་འཁྱིལ་ལ་སྔོན་པོ་དོན་གྲུབ་ཀྱི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང་། གཡོན་ཏུགས་ཀར་ཞབས་ལ་བཟུངས་ནས་སྡིགས་མཛུབ་མཛད་ཅིང་། དྲིལ་ བུ་དགྲ་སྟ་འཛིན་པ། ལྟེ་བ་མན་ཆད་མདུང་རྩེ་གཅིག་པའི་དབྱིབས་ཅན་གྱི་ཕུར་བུ་མེ་དཔུང་རབ་ཏུ་འབར་བ་ཅན་བཅུར་གྱུར་ཏེ། ཕྱོགས་སྐྱོང་འཁོར་དང་བཅས་པའི་མགོ་བོར་ཟུག ཨོཾ་གྷ་གྷ། ཞེས་པ་ནས། ཕཊ་ཕཊ། ལན་བདུན་བརྗོད། གནོད་ མཛེས་ཀྱི་ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་དེ། རྡོ་རྗེ་ཐོ་བ་མེ་རབ་ཏུ་འབར་བར་གྱུར་པས། ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང་། ཅེ་ནས་བརྩམས་ཏེ་མཚམས་བཞི་དང་། སྟེང་འོག་གི་ཕུར་བུ་རྣམས་ཀྱི་སྤྱི་བོ་ནས་བརྡུངས་པས། བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་ བར་དུ་ཕུར་བུ་བཏབ་པས་ལུས་ངག་ཡིད་གསུམ་གཡོ་འགུལ་མེད་པར་གྱུར། སྤྲུལ་པའི་གནོད་མཛེས་འོག་གི་གནོད་མཛེས་ལ་ཐིམ། སླར་ཡང་ཁྲོ་བོ་དང་ཕུར་བུ་ལས་རྡོ་རྗེའི་མེ་འོད། ཅེས་པ་ནས། ཕན་ཚུན་དུ་ཐོས་པར་གྱུར། ཊཱཀྐི་ 12-3-6b ཧཱུཾ་ཛཿ ཁྲོ་བོ་རྣམས་ཀྱི་ཕྱི་རོལ་ཏུ་ལྕགས་ཀྱི་རྡོ་རྗེའི་ར་བ། ཊཱཀྐི་ཧཱུཾ་ཛཿ དེའི་ཕྱི་རོལ་ཏུ་ཅུའི་ར་བ། ཊཱཀྐི་ཧཱུཾ་ཛཿ དེའི་ཕྱི་རོལ་ཏུ་མེའི་ར་བ། ཊཀྐི་ཧཱུཾ་ཛཿ དེའི་ཕྱི་རོལ་ཏུ་རླུང་གི་ར་བ། ཧཱུཾ་ལས་ལྕགས་ཀྱི་རེ་བའི་སྟེང་དུ། ཞེས་པ་ནས། རབ་ཏུ་འབར་བ་འཕྲོ་ བར་གྱུར། ལྷག་རྣམས་ཀྱི་སྤྱི་བོར། ཞེས་པ་ནས། ཧཱུཾ་སྔོན་པོ་ཨོཾ་ཨཱཿ ཧཱུཾ། ཞེས་བརྗོད། དངོས་མེད་པས། ཞེས་པ་ནས། དམིགས་སུ་མེད་པའོ། །སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད། ཅེས་པ་ནས། སྨོན་པ་མེད་པའི་རང་བཞིན་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི། ཞེས་པ་ནས། སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ། སྤྱན་སོགས་ལྷ་མོ་བཞིའི་ངོ་བོར་གྱུར། དཀྱིལ་འཁོར་བཞི་པོ་ གཅིག་ཏུ་འདྲས་པ་ལས། སྣ་ཚོགས་རྡོ་རྗེར་གྱུར་པའི་ལྟེ་བའི་སྟེང་དུ་བྷྲཱུཾ་དཀར་པོ་སངས་རྒྱས་ཀྱི་སྤྲིན་གྱི་འོད་ཟེར་འཕྲོ་བ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ་ཕྱི་ནང་རིམ་པ་བཞིན། ཅེས་པ་ནས། བྱང་ཕྱོགས་པ་རྣམས་ ལ་སྣ་ཚོགས་རྡོ་རྗེའི་གདན། གདན་དེ་རྣམས་ཀྱི་སྟེང་དུ་སྐད་ཅིག་གིས་ལྷག་པར་མོས་པ་ཙམ་གྱིས་ལྷ་སུམ་ཅུ་རྩ་གཉིས་དུས་གཅིག་ཏུ་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་ལ་རང་ཉིད་རྡོ་རྗེ་འཆང་སྔོན་པོ། སྔོ་དཀར་དམར་བའི་ཞལ་ གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཏོར་ཚུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རེག་བྱ་རྡོ་རྗེ་མ་སྔོན་ 12-3-7a མོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི། ཞེས་པ་ནས། རལ་གྱི་འཛིན་པ་དབུ་སྐྲ་རལ་པ་ཕྱེད་བཅིངས་བྱས་པ། ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ། ཟུར་གྱིས་བལྟ་བ་ལ་སོགས་ པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང་། འདོད་ཡོན་ལྔའི་དགའ་བས་རོལ་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་དབུ་རྒྱན་གསོལ་བ། རིན་པོ་ཆེའི་ སྙན་རྒྱན་དང་། ཞེས་པ་ནས། ཤམ་ཐབས་འཕྱར་བ། འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་ན་ཡབ་སེམས་པའི་སྐྱིལ་མོ་ཀྲུང་གིས་བཞིགས་པ། ཤར་དུ་རྣམ་སྣང་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། དཀར་ནག་དམར་ བའི། ཞེས་པ་ནས། བྱང་དུ་དོན་གྲུབ་ལྗང་ཁུ་མི་བསྐྱོད་པའི་དབུ་རྒྱན་ཅན། ལྗང་ནག་དཀར་པའི། ཞེས་པ་ནས། ཤར་ལྷོར་སྤྱན་མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན། ཅེས་པ་ནས། ལྷོ་ནུབ་ཏུ་མཱ་མ་ཀཱི་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ ཅན། ཅེས་པ་ནས། ནུབ་བྱང་དུ་གོས་དཀར་མོ་དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཅེས་པ་ནས། བྱང་ཤར་དུ་སྒྲོལ་མ་ལྗང་ཁུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། ཅེས་པ་ནས། རིམ་པ་གཉིས་པའི་ཤར་ལྷོར་གཟུགས་རྡོ་རྗེ་མ་དཀར་མོ་རྣམ་ སྣང་གི་དབུ་རྒྱན་ཅན། ཅེས་དང་། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་སེར་མོ་རིན་འབྱུང་གི་དབུ་རྒྱན་ཅན། ཅེས་དང་། ནུབ་བྱང་དུ་དྲི་རྡོ་རྗེ་མ་དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཅེས་དང་། བྱང་ཤར་དུ་རོ་རྡོ་རྗེ་མ་ལྗང་ཁུ་དོན་གྲུབ་ཀྱི་ 12-3-7b དབུ་རྒྱན་ཅན། ཅེས་པ་ནས། རལ་གྱི་འཛིན་པ། ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱང་དབུ་སྐར་རལ་པ་ཕྱེད་བཅིངས་སུ་བྱས་པ། རིན་པོ་ཆེའི་དབུ་རྒྱན་གསོལ་བ། ཞེས་པ་ནས། ཤམ་ཐབས་ཅན། ཤིན་ཏུ་སྒེག་ཅིང་། ཞེས་པ་ནས། དགའ་བས་ རོལ་པ། འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན། རང་རང་གི་གདན་ལ་རྡོ་རྗེའི་སྐྱིལ་མོའི་ཀྲུང་གིས་བཞུགས་པའོ། །ཤར་སྒའི་གཡས་གཡོན་གྱི་གདན་ལ་རིམ་པ་བཞིན་བྱམས་པ་དང་། ས་སྙིང་དཀར་པོ་རྣམ་སྣང་གི་དབུ་རྒྱན་ཅན། དཀར་ནག་དམར་བའི། ཞེས་པ་ནས། རང་གྲི་འཛིན་པ། བྱམས་པའི་ཕྱག་གཡས་ཀྱི་དང་པོས་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་འཁོར་ལོས་མཚན་པ་འཛིན་པ། ལྷོ་སྒོའི་གཡས་གཡོན་གྱི་གདན་ལ་རིམ་པ་བཞིན་ཕྱག་རྡོར་ དང་ནམ་སྙིང་སེར་པོ་རིན་འབྱུང་གི་དབུ་རྒྱན་ཅན། ཅེས་པ་ནས། ནུབ་སྒོའི་གཡས་གཡོན་གྱི་གདན་ལ་རིམ་པ་བཞིན། ཅེས་དང་། བྱང་སྒོའི། ཞེས་པ་ནས། པད་ལྗང་ནོར་བུ་འཛིན་པ། རྣམ་སྣང་ནས་ཀུན་བཟང་གིས་བར་གྱི་ལྷ་ལྷག་མ་ཐམས་ ཅད་ཀྱང་དབུ་བླ་རལ་པའི་ཏོར་ཚུགས་ཅན། རིན་པོ་ཆེའི་དབུ་རྒྱན་གསོལ་བ། ཞེས་པ་ནས། ཤམ་ཐབས་ཅན། མཚན་བཟང་པོ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཞིབ་འོད་ཀྱི་དཀྱིལ་འཁོར། ཞེས་པ་ནས། བཞུགས་ པར་གྱུར། ཤར་སྒོར་གཤིན་རྗེའི་གཤེད་ནག་པོ་རྣམ་སྣང་གི་དབུ་རྒྱན་ཅན། ཅེས་པ་ནས། འོག་ཏུ་གནོད་མཛེས་རྒྱལ་པོ་སྔོན་པོ་མི་བསྐྱོད་པའི་དབུ་བརྒྱ་ཅན། ཅེས་པའི་བར་ཕྱག་མཚན་རྣམས་སྔར་བཞིན་བསྐྱེད། ཁྲོ་བོ་བཅུ་པོ་ཐམས་ཅད་ 12-3-8a ཀྱང་། ཞེས་པ་ནས། གདུག་པ་ཅན་ཐམས་ཅད་ཚར་གོད་པའི་ཚུལ་གྱིས་བཞུགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་བཀུག་ནས། ཞེས་པ་ནས། ཞིང་དུ་གཤེགས་པར་གྱུར། རང་ གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྣམ་སྣང་ནས་གནོད་མཛེས་ཀྱི་བར་གྱི་ལྷ་རྣམས་སྤྱན་དྲངས་ཏེ། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་འཁོད་ནས། གཟུགས་ཀྱི་ཕུང་པོ་ལ་སོགས་པ་དང་ངོ་བོ་དབྱེར་མེད་དུ་གྱུར་པ་ནི་སྤྱི་བོར་རྣམ་སྣང་། ཞེས་པ་ནས། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། ལུས་ཀྱི་ལྷ་རྣམ་སྣང་། སྤྱན་མ། ཞེས་པ་ནས། གཙོ་བོ་ཡང་འོད་གསལ་དུ་ཐིམ་པར་གྱུར། ཨོཾ་ཤཱུནྱ་ཏཱ། ཞེས་པ་ནས། ཨཱདྨ་ཀོ྅ཧཾ། བདན་དབུས་མའི་སྟེང་དུ། ཞེས་པ་ནས། སྟེང་ནས་སྟེང་དུ་ བརྩེགས་པ། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ཟླ་བའི་དཀྱིལ་འཁོར་ཆ་ཐམས་ཅད་ཡོངས་སུ་རྫོགས་པ་ཅིག་ཏུ་གྱུར། དེ་ལས་འོད་འཕྲོས་པས་སྣོད་བཅུད་ཐམས་ཅད་བསྡུས་ཏེ་ཟླ་བ་ལ་ཐིམས། ཨོཾ་དྷརྨཱ་དྷ་ཏུ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སྣོད་བཅུད་ ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་རླུང་སེམས་ཟླ་བར་སྣང་བ་དེ་ངའོ། །ཟླ་བའི་སྟེང་དུ་ཆུ་ལས། ཞེས་པ་ནས། ཧཱུཾ་སྔོན་པོ་དེ་ལས་འོད་འཕྲོས། ཞེས་པ་ནས། ཨོཾ་ཨཱཿཧཱུཾ་གིས་མཚན་པ། བཛྲ་ཨཱདྨ་ཀོ྅ཧཾ། རྡོ་རྗེ་ཡི་གེ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་དང་པོའི་མགོན་པོ་སྐུ་མདོག་དཀར་པོ། དཀར་ནག་དམར་བའི། ཞེས་པ་ནས། རལ་གྲི་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། དེ་ནས་རང་བཞིན་གྱི་གནས་ནས། ཞེས་པ་ནས། གཅིག་ཏུ་འདྲེས་པ་ལ་ 12-3-8b རང་ཉིད་རྗེས་སུ་ཞུགས་པས། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་སྔོན་པོ། སྔོ་དཀར་དམར་བའི། ཞེས་པ་ནས། རལ་གྲི་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟང་ཅན་དུ་གྱུར། རང་གི་ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་བཞི་དཀྱིལ་འཁོར་གྱི་ཟུར་བཞི། ཞེས་པ་ནས། དེ་ལྟར་ལུས་ཀྱི་ཆ་ཐམས་ཅད་གཞལ་ ཡས་ཁང་དུ་གྱུར། རང་གི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་གཟུགས་ཕུང་གི་ངོ་བོ། ཨོཾ་དཀར་པོ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཅེས་པ་ནས། སྐྲ་མཚམས་ནས་མགྲིན་པའི་བར་དུ་འདུ་ཤེས་ཀྱི་ཕུང་པོའི་ངོ་བོ། ཨཱཿདམར་པོ་ཡོངས་སུ་གྱུར་ པ་ལས། ཞེས་དང་། མགྲིན་པ་ནས་ནུ་མ་གཉིས་ཀྱི་དབུས་ཀྱི་སྙིང་གའི་བར་དུ་རྣམ་ཤེས་ཀྱི་ཕུང་པོའི་ངོ་བོ། ཧཱུཾ་སྔོན་པོ་ཡོངས་སུ་གྱུར་པ་ལས། ཞེས་དང་། སྙིང་གནས་ལྟེ་བའི་བར་དུ་ཚོར་བའི་ཕུང་པོའི་ངོ་བོ། སྭ་སེར་པོ་ཡོངས་སུ་གྱུར་པ་ལས། ཞེས་དང་། ལྟེ་བ་ནས་བརླའི་རྩ་བའི་བར་དུ་འདུ་ བྱེད་ཀྱི་ཕུང་པོའི་ངོ་བོ། ཧཱ་ལྗང་གུ་ཡོངས་སུ་གྱུར་པ་ལས་དོན་གྲུབ་ལྗང་གུ། ཞེས་དང་། ལྟེ་བར་ལུས་ཀྱི་སའི་ཁམས་ཐམས་ཅད་ཀྱི་ངོ་བོ། ལཾ་ཡོངས་སུ་གྱུར་པ་ལས་སྤྱན་མ་དཀར་མོ། ཞེས་པ་ནས། སྤྱི་གཙུག་ཏུ་ལུས་ཀྱི་རླུང་གི་ཁམས་ཐམས་ཅད་ཀྱི་ངོ་བོ། ཏཱཾ་ཡོངས་སུ་གྱུར་པ་ལས། ཞེས་དང་། རལ་གྱི་ འཛིན་པ། མིག་གཉིས་སུ་མིག་གི་དབང་པོའི་ངོ་བོ། ཐླིཾ་ཡོངས་སུ་གྱུར་པ་ལས་ས་སྙིང་དཀར་པོ་རྣམ་སྣང་གི་དབུ་རྒྱན་ཅན། ཅེས་པ་ནས། རང་གྲི་འཛིན་པ། མིག་གི་སྒོར་ལུས་ཀྱི་གཟུགས་ཀྱི་རང་བཞིན་ཛཿ ཡོངས་སུ་གྱུར་པ་ལས་གཟུགས་རྡོ་རྗེ་མ་དཀར་མོ་རྣམ་སྣང་གི་ དབུ་རྒྱན་ཅན། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་རྩ་ཕྱག་གཉིས་ཀྱིས་མེ་ལོང་དམར་པོ་འཛིན་ཅིང་། ལྷག་མ་གཡས་རྡོ་རྗེ་ཨུད་པ་ལ་དཀར་པོ། གཡོན་རིན་ཆེན་རལ་གྲི་འཛིན་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། ཞེས་པ་དང་། 12-3-9a རྣ་བར་རྣ་བའི་དབང་པོའི་ངོ་བོ། ཞེས་པ་ནས། ལྕེར་འཇིག་རྟེན་དབང་ཕྱུག་ལ་རོ་རྡོ་རྗེ་མས་འཁྱུད་པའི་བར་སྔ་མ་བཞིན་སྦྱར་ལ། སྙིང་གར་ཡིད་དབང་གི་ངོ་བོ། ཧཱུཾ་ཡོངས་སུ་གྱུར་པ་ལས་ཉམས་དཔལ་དམར་པོ་འོད་ དཔག་མེད་ཀྱི། ཞེས་པ་ནས། རང་གྲི་འཛིན་པ། རྡོ་རྗེ་ལུས་དབང་གི་ངོ་བོ། ཨོཾ་ཡོངས་སུ་གྱུར་པ་ལས་སྒྲིབ་སེལ་ལྗང་གུ། ཞེས་པ་ནས། རྡོ་རྗེ་སྒོར་ལུས་ཀྱི་རེག་བྱའི་ངོ་བོ། ཁཾ་ཡོངས་སུ་གྱུར་པ་ལས། རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་ དབུ་རྒྱན་ཅན། ཞེས་པ་ནས། རལ་གྱི་འཛིན་པ། ཡབ་ཡུམ་གཉིས་ཀྱི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། ཚིགས་རྣམས་ལ་ཚིགས་ཀྱི་ངོ་བོ། སཾ་ཡོངས་སུ་གྱུར་པ་ལས་ཀུན་བཟང་ལྗང་གུ། ཞེས་པ་ནས། སྤྱི་གཙུག་ཏུ་ལུས་ཀྱི་རྩ་ དང་རྒྱུས་པའི་ངོ་བོ། མཻཾ་ཡོངས་སུ་གྱུར་པ་ལས། བྱམས་པ་དཀར་པོ་རྣམ་སྣང་གི་དབུ་རྒྱན་ཅན། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་འཁོར་ལོས་མཚན་པ་རྡོ་རྗེ་པདྨ་དཀར་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རྣམ་སྣང་ནས་བྱམས་པའི་བར་གྱི་ལྷ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་། དྲ་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། ལག་པ་གཡས་པ་དེའི་ངོ་བོ། ཧཱུཾ་ཡོངས་སུ་གྱུར་པ་ལས་གཤིན་རྗེའི་གཤེད་ ནག་པོ། ཞེས་པ་ནས། རྐང་མཐིལ་གཉིས་སུ་དེའི་ངོ་བོ། ཧཱུཾ་ཡོངས་སུ་གྱུར་པ་ལས་གནོད་མཛེས་རྒྱལ་པོ། ཞེས་པ་ནས། རལ་གྲི་འཛིན་ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་སོགས་པ་ཁྲོ་བོའི་ཉམས་ཐམས་ 12-3-9b ཅད་དང་ལྡན་པར་གྱུར་པ་ཡོངས་སུ་རྫོགས་པར་གྱུར། རང་གི་སྤྱི་བོ་ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལྟེ་བར། ཞེས་པ་ནས། རྣམ་པར་སྣང་མཛད་སྤྱན་མ་དང་སྦྱོར་བའི་མདུན་ན་རང་ཉིད་གནས་པས། དཔལ་ལྡན་སངས་རྒྱས་ སྐུ་འཆང་བ། ཞེས་པ་ནས། རྡོ་རྗེའི་སྐུ་ནི་མཛད་དུ་གསོལ། ཅེས་རྣམ་སྣང་གཙོ་འཁོར་ལ་གསོལ་བ་བཏབ་པས་སྤྲོས་པའི་སྤྱན་མ་དང་། ཟེས་པ་ནས། སྐུའི་དབང་ཕྱུག་ཐོབ་པར་གྱུར། སངས་རྒྱས་ཀུན་གྱི། ཞེས་པ་ནས། འདྲ་བར་ཤོག ཨོཾ་སརྦ། ཞེས་པ་ནས། ཨཱདྨ་ཀོ྅ཧཾ། ལྕེའི་དབུས་སུ། ཞེས་པ་ནས། སྐད་ཅིག་གིས་གསུང་རྡོ་རྗེ་འོད་དཔག་མེད་ཀྱི་ཚོགས། ཞེས་པ་ནས། མདུན་དུ་རང་ཉིད་གནས་པས། ཆོས་ཀྱི་གསུང་ལམ། ཞེས་པ་ནས། མཛད་དུ་གསོལ། ཞེས་འོད་དཔག་མེད་གཙོ་ འཁོར་ལ་གསོལ་བ་བཏབ་པས། སྤྲོས་པའི་གོས་དཀར་མོ་དང་། སྤྱན་དྲངས་པའི་འོད་དཔག་མེད་ཀྱི་ལྷའི་ཚོགས་གཉིས་པོ་ཐམས་ཅད། ཅེས་པ་ནས། ཐོབ་པར་གྱུར། རྡོ་རྗེ་ཆོས་ཀྱི། ཞེས་པ་ནས། འདྲ་བར་ཤོག །ཨོཾ་སརྦ། ཞེས་པ་ནས། ཨཱདྨ་ ཀོ྅ཧཾ། སྙིང་གའི་དབུས་སུ། ཞེས་པ་ནས། སྐད་ཅིག་གིས་ཐུགས་རྗོ་རྗེ་མི་བསྐྱོད་པའི་ཚོགས། ཞེས་པ་ནས། རང་ཉིད་གནས་པས། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། ཞེས་པ་ནས། མདད་དུ་གསོལ། ཅེས་མི་བསྐྱོད་པ་གཙོ་འཁོར་ལ་གསོལ་བ་ བཏབ་པས། སྤྲོས་པའི་མཱ་མ་ཀཱི་དང་། སྤྱན་དྲངས་པའི་མི་བསྐྱོད་པའི་ལྷའི་ཚོགས་སོ་གཉིས་པོ་ཐམས་ཅད། ཅེས་པ་ནས། ཐོབ་པར་གྱུར། ཀུན་ཏུ་བཟང་པོའི། ཞེས་པ་ནས། མཚུངས་པར་ཤོག །ཨོཾ་སརྦ། ཞེས་པ་ནས། ཨཱདྨ་ཀོ྅ཧཾ། 12-3-10a སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོར་གྱུར། ཨོཾ་སརྦ། ཞེས་པ་ནས། ཨཱདྨ་ཀོ྅ཧཾ། རང་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་སྔོན་པའི་ཐུགས་ཀར། ཞེས་པ་ནས། ལུས་རྒྱས་ པར་བྱེད་པ། དེའི་ཐུགས་ཀར། ཞེས་པ་ནས། སྣང་བའི་ཕུང་པོ་ཆེན་པོ་ལྟ་བུར་གྱུར། དམ་ཚིག་སེམས་དཔའི་རལ་པའི་ཅོད་པན་ལ། རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེ་ དབྱིངས་ཀྱི་དབང་ཕྱུག་མ་དང་། ཞེས་པ་ནས། ཚིམ་པར་བྱེད་པར་གྱུར། སྙིང་ག་ནས་རང་རིགས་ཀྱི་རིག་མ་ཕྱུང་། ཨོཾ་ཤཱུནྱ་ཏཱ། ཞེས་པ་ནས། སྟོང་པར་གྱུར། སྟོང་པའི་ངང་ལས་ཁཾ་ལས་རྡོ་རྗེ་ཁཾ་གྱིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི། ཞེས་པ་ནས། རལ་གྲི་འཛིན་པ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། ཞེས་པ་ནས། དགའ་བས་རོལ་པ། དེའི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་ཨོཾ་དཀར་ པོ་ཡོངས་སུ་གྱུར་པ་ལས། རྣམ་སྣང་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། དཀར་ནག་དམར་བའི། ཞེས་པ་ནས། པད་ལྗང་ནོར་བུ་འཛིན་པ། ལྟེ་བར་ལཾ་ལས་སྤྱན་མ། ཞེས་པ་ནས། སྤྱི་གཙུག་ཏུ་ཏཱཾ་ལས་སྒྲོལ་མ། མིག་གཉིས་སུ་ཛཿ ལས་གཟུགས་རྡོ་རྗེ་མ་ལ་ས་སྙིང་གིས་འཁྱུད་པ། ཞེས་པ་ནས། བྷ་གར་ཁཾ་ལས་རེག་བྱ་རྡོ་རྗེ་མ་ལ་སྒྲིག་སེལ་གྱིས་འཁྱུད་པ། ལག་པ་གཡས་ལ་ཧཱུཾ་ལས་རོ་ལངས་མ། ཞེས་པ་ནས། རྐང་མཐིལ་གཉིས་སུ་ཧཱུཾ་ལས་ས་འཛིན་ལྟ་མོ་ 12-3-10b ནག་མོ་རྣམས་སུ་གྱུར། ཅེས་བརྗོད། རྒྱས་པར་བྱེད་ན། ཞལ་ཕྱག་སོགས་སྔར་ལུས་དཀྱིལ་བཞིན་བརྗོད། རྣམ་སྣང་ནས་སྒྲིབ་སེལ་གྱི་བར་གྱི་ལྷ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟང་ཅན་དུ་གྱུར། ཅེས་དང་། ཁྲོ་མོ་བཅུ་པོ་ཐམས་ཅད་ཀྱང་། དབུ་སྐྲ་ དམར་སེར་གྱེན་དུ་བརྗེས་པ་ལ་སོགས་པ་ཁྲོ་མོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཅེས་བརྗོད། རང་གི་གསང་གནས་མི་དམིགས་པ་ལས། ཞེས་པ་ནས། འདབ་མ་བརྒྱད་པ། བུ་ག་ཡི་གེ་ཕཊ་ཀྱིས་བཀག་པ། རྡོ་རྗེ་དང་པདྨའི་ནང་འོད་ ཟེར་ལྔས་གང་བར་གྱུར། རང་ཉིད་རིན་འབྱུང་དུ་གྱུར། ཨོཾ་སརྦ། ཞེས་པ་ནས། ཨཱདྨ་ཀོ྅ཧཾ། རང་ཉིད་རྡོ་རྗེ་འཆང་དུ་གྱུར། ཧཱུཾ་སྙོམས་པར་འཇུག་པའི་ལས་ལ་གནས་པར་བྱས་པས། མཆོག་ཏུ་དགའ་བའི་བདེ་བ་ཐོབ། རང་ཉིད་དོན་གྲུབ་ཏུ་གྱུར། ཕཊ། ཨོཾ་སརྦ། ཞེས་པ་ནས། ཨཱདྨ་ཀོ྅ཧཾ། ལུས་དཀྱིལ་གྱི་ལྷ་ཐམས་ཅད་ཚིམས་ནས་ཞུ་བའི་ཐིག་ལེ་ཡུམ་གྱི་པདྨར་ཕབ་པ་དེ་ཉིད། དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར། ཐིག་ལེ་ཆ་གཅིག་བྷྲཱུཾ་ དང་དེ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གདན་དང་བཅས་པར་གྱུར། ཐིག་ལེ་ཆ་གཅིག་གདན་དེ་རྣམས་ཀྱི་སྟེང་དུ་ཆ་སོ་གཉིས་སུ་གྱུར། དེ་རྣམས་ ཡོངས་སུ་གྱུར་པ་ལས་ཨོཾ་ཨཱཿ ཧཱུཾ་ཧཱུཾ། ཨོཾ་ཨཱཿ ཁཾ་ཧཱུཾ། ཨོཾ་ཨཱཿ ཨོཾ་ཧཱུཾ། ཨོཾ་ཨཱཿ སྭཱ་ཧཱུཾ། ཨོཾ་ཨཱཿ ཨཱཿཧཱུཾ། ཨོཾ་ཨཱཿ ཧཱ་ཧཱུཾ། ཨོཾ་ཨཱཿ ལཾ་ཧཱུཾ། ཨོཾ་ཨཱཿ མཱཾ་ཧཱུཾ། ཨོཾ་ཨཱཿ པཾ་ཧཱུཾ། ཨོཾ་ཨཱཿ ཧཱཾ་ཧཱུཾ། ཨོཾ་ཨཱཿ ཛཿ ཧཱུཾ། ཨོཾ་ཨཱཿ ཧཱུཾ་ཧཱུཾ། ཨོཾ་ཨཱཿ 12-3-11a བཾ་ཧཱུཾ། ཨོཾ་ཨཱཿ ཧོཿ ཧཱུཾ། ཨོཾ་ཨཱཿ མཻཾ་ཧཱུཾ། ཨོཾ་ཨཱཿ ཐླཱིཾ་ཉཱུཾ། ཨོཾ་ཨཱཿཨོཾ་ཧཱུཾ། ཨོཾ་ཨཱཿཨོཾ་ཧཱུཾ། ཨོཾ་ཨཱཿཨོཾ་ཧཱུཾ། ཨོཾ་ཨཱཿཨོཾ་ཧཱུཾ། ཨོཾ་ཨཱཿཧཱུཾ་ཧཱུཾ། ཨོཾ་ཨཱཿ ཨོཾ་ཧཱུཾ། ཨོཾ་ཨཱཿ སཾ་ཧཱུཾ། ཨོཾ་ཨཱཿ ཧཱུཾ་ཧཱུཾ། བཅུ་རྣམས་སུ་གྱུར། དེ་ རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་གཉིས། འཁོར་ལོ། རིན་པོ་ཆེ་པདྨ། སྣ་ཚོགས་རྡོ་རྗེ། ཨུཏྤལ། སྣ་ཚོགས་རྡོ་རྗེ། མེ་ལོང་དམར་པོ། པི་ཝང་སྔོན་པོ། དྲིའི་དུང་ཆོས། རེའི་སྣོད། ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་ པ་འཁོར་ལོས་མཚན་པ། འཁོར་ལོ་རིན་པོ་ཆེ་གཉིས། པདྨ་གཉིས་རལ་གྲི་གཉིས། དབྱུག་པ་རྡོ་རྗེ། པདྨ། སྣ་ཚོགས་རྡོ་རྗེ། རལ་གྲི། རྡོ་རྗེ། རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ། རྡོ་རྗེས་མཚན་པའི་དབྱུག་པ་ནག་པོ། རྡོ་རྗེ་དང་རྡོ་རྗེ། དེ་རྣམས་ཡོངས་སུ་གྱུར་པ་ལས། ལྷ་སུམ་ཅུ་སོ་གཉིས་སུ་རིམ་གྱིས་གྱུར་པ་ནི། གདན་དབུས་མའི་སྟེང་དུ་རང་ཉིད་མི་བསྐྱོད་པ་མཐིང་ནག་མི་བསྐྱོད་པའི་དབུ་རྒྱན་ཅན། ཞེས་པ་ནས། ཡབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་ གྱུར། ཅེས་པའི་བར་སྔར་ཇི་ལྟ་བ་བཞིན་བསྐྱེད། ཤར་དུ་རང་ཉིད་རྣམ་སྣང་དཀར་པོ། ཞེས་པ་ནས། པད་ལྗང་ནོར་བུ་འཛིན་པ། ཤར་ལྷོར་རང་ཉིད་སྤྱན་མ་དཀར་མོ། ཞེས་པ་དང་། རིམ་པ་གཉིས་པའི་ཤར་ལྷོར་རང་ཉིད་གཟུགས་རྡོ་རྗེ་མ། ཞེས་པ་ ནས། སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ཅེས་པའི་བར་སྔར་བཞིན། རང་ཉིད་ཤར་སྒོའི་གཡས་སུ་བྱམས་པ་དང་། གཡོན་དུ་ས་སྙིང་། ཞེས་དང་། རང་ཉིད་ལྷོ་སྒོའི་གཡས་སུ་ཕྱག་རྡོར་དང་། གཡོན་དུ་ནམ་སྙིང་། ཞེས་དང་། རང་ 12-3-11b ཉིད་ནུབ་སྒོའི་གཡས་སུ་འཇིག་རྟེན་དབང་ཕྱུག་དང་། གཡོན་དུ་འཇམ་དཔལ། ཞེས་དང་། རང་ཉིད་བྱང་སྒའི་གཡས་སུ་སྒྲིབ་སེལ་དང་། གཡོན་དུ་ཀུན་བཟང་། ཞེས་པ་ནས། སྐྱིལ་མོ་ཀྲུང་གིས་གཞུགས་པར་གྱུར། ཤར་སྒོར་རང་ཉིད་གཤིན་རྗེ། ཞེས་ པ་ནས། ཚར་གཅོད་པའི་ཚུལ་གྱིས་བཞུགས་པར་གྱུར། མི་བསྐྱོད་པ་རང་གི་ཐུགས་ཀར་དྲངས། བཛྲ་དྷྲིཀ་ཐུགས་ཀ་ནས་ཕྱིར་ཕྱུང་། ཕྱོགས་བཅུར་འཕྲོས། ཞེས་པ་ནས། སླར་བྱོན། རང་གི་མདུན་ན་འདུག་པ་རང་གི་སྙིང་ཁར་ཞུགས་ ནས་འདྲེས་པས། རང་རྡོ་རྗེ་འཆང་ཞི་བ་དེ་ཡོངས་སུ་གྱུར་པ་ལས་སྔར་གྱི་ཟླ་བ་ཉིད་གདན་ལ་ཐིམ་པའི་ས་སྟེང་ན། ཞེ་སྡ་རྡོ་རྗེ་སྐུ་མདོག་མཐིང་ནག ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་རྩེ་དགུ་པ་འཁོར་ལོ་ པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྱི་འཛིན་པ། འོད་དམར་པོ་འབར་ཞིང་འཁྲུག་པའི་དབུས་ན་རྡོ་རྗེའི་སྐྱིལ་མི་ཀྲུང་གིས་བཞུགས་པར་གྱུར། རེག་བྱ་རྡོ་རྗེ་མ་རང་གི་ཐུགས་ཀར་དྲངས། སྤར་ཤ་བཛྲ་ཐུགས་ཀ་ནས་ཕྱིར་ཕྱུང་། ཕྱོགས་བཅུར་འཕྲོས། སེམས་ཅན་རེག་བྱ་ལ་ཞེན་པ་རྣམས་སྦྱངས། རྒྱལ་བ་རྣམས་རེག་བྱའི་བདེ་བས་མཆོད། སྤྲུལ་པ་རྣམས་གཅིག་ཏུ་འདུས། རེག་བྱ་རྡོ་རྗེ་མ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས། རང་གི་རིགས་བདག་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱིས་དབང་བསྐུར། སླར་བྱོན། སྔར་གྱི་རེག་བྱ་རྡོ་རྗེ་མ་ལ་ཐིམ་པར་གྱུར། རྣམ་པར་སྣང་མཛད་རང་གི་ཐུགས་ཀར་དྲངས། ཛིན་ཛིཀ་ཐུགས་ཀ་ནས་ཕྱིར་ཕྱུང་། ཕྱོགས་བཅུར་འཕྲོས། ཆོས་འཁོར་བསྐོར་བ་ལ་སོགས་པའི་སངས་རྒྱས་ཀྱི་མཛད་པ་མཛད། ཁྱད་ 12-3-12a པར་དུ་ཡང་སེམས་ཅན་གཏི་མུག་ཅན་རྣམས་ཀྱི་གཏི་མུག་སྦྱངས། རྣམ་པར་སྣང་མཛད་ཀྱི་གོ་འཕང་ལ་བཀོད། སྤྲུལ་པ་རྣམས་གཅིག་ཏུ་འདུས། རྣམ་པར་སྣང་མཛད་ཡེ་ཤེས་པ་དང་དབྱེར་ མེད་དུ་འདྲེས། སེམས་ཅན་ནད་དང་གདོན་གྱིས་གདུངས་པ་རྣམས་ཞི་བར་མཛད། སྤྲུལ་པ་རྣམས་གཅིག་ཏུ་འདས། ཞེས་པ་ནས། རིམ་པ་དང་པོའི་བྱང་ཤར་དུ་འཁོད། གཟུགས་རྡོ་རྗེ་མ། ཞེས་པ་ནས། སྔར་གྱི་རེག་བྱ་རྡོ་རྗེ་མའི་སྐབས་བཞིན་སྦྱར་ལ། རིམ་པ་གཉིས་པའི་བྱང་ཤར་དུ་འཁོད། བྱམས་པ་རང་གི་ཐུགས་ཀར་དྲངས། མཻ་ཏྲི་ཐུགས་ཀ་ནས་ཕྱིར་ཕྱུང་། ཕྱོགས་བཅུར་འཕྲོས། སེམས་ཅན་རྣམས་ཀྱི་རྩ་དང་རྒྱུས་པ་སྦྱངས། སྤྲུལ་པ་རྣམས་གཅིག་ཏུ་འདུས། ཞེས་པ་ནས། ཤར་སྒོའི་གཡས་ སུ་འཁོད། སའི་སྙིང་པོ་རང་གི་ཐུགས་ཀར་དྲངས། ཞེས་པ་ནས། བྱང་སྒོའི་གཡོན་དུ་འཁོད། གཤིན་རྗེའི་གཤེད་རང་ཐུགས་ཀར་ངོས། ཡ་མཱནྟ་ཀྲིཏ་ཐུགས་ཀ་ནས་ཕྱིར་ཕྱུང་། ཕྱོགས་བཅུར་འཕྲོས། དབང་པོ་ལ་སོགས་པའི་གདོན་བཅོམ། སྤྲུལ་པ་རྣམས་གཅིག་ཏུ་འདུས། ཞེས་པ་ནས། ཤར་སྒོར་འཁོད། ཤེས་རབ་མཐར་བྱེད་རང་གི་ཐུགས་ཀར་དྲངས། ཞེས་པ་ནས། སླར་བྱོན། འོག་ཏུ་འཁོད། གཞལ་ཡས་ཁང་རང་གི་ཐུགས་ཀར་དྲངས། ཨོཾ་ཨཱཿཧཱུཾ། ཐུགས་ཀ་ནས་ཕྱིར་ཕྱུང་། ཕྱོགས་བཅུར་འཕྲོས། སྣོད་ཀྱི་འཇིག་རྟེན་གྱི། ཞེས་པ་ནས། ཐིམ་པར་གྱུར། བཟླས་བྱའི་སྔགས་ཀྱིས་བསྐོར་བའི་ལྷ་རྣམས་ཀྱི་ཐུགས་ཀའི་རང་རང་གི་ས་བོན་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོས་ཏེ། འགྲོ་བའི་དོན་བྱས་ནས་སྔགས་དང་ 12-3-12b ལྷན་ཅིག་ཏུ་འཇུག་པའི་རླུང་གིས་རང་རང་གི་ས་བོན་ལ་འཇུག་པའི་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་གྱུར། ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿབཛྲ་དྷྲིཀ་ཧཱུཾ་ཧཱུཾ། ཞེས་སོགས་བཟླས་པ་བྱ། བཟླས་པ་རྫོགས་པ་ན། དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས། ཞེས་པ་ནས། ནཱ་ད་འོད་གསལ་དུ་ཐིམ་པར་གྱུར། དེ་ནས་ཚད་མེད་པ་བཞིའི་ངོ་བོར་གྱུར་པའི་ལྷ་མོ་བཞིས་གཙོ་བོ་མ་མཐོང་བར་གདུང་བའི་ཡིད་ཀྱིས་ལྟ་བར་འདོད་དེ། སྙན་པའི་གླུ་དབྱངས་ཀྱིས་བསྐུལ་བ་ནི། སེམས་ཅན་ཁམས་ན། ཞེས་པ་ནས། མཛད་དུ་གསོལ། རྡོ་རྗེ་སྐུ་ཁྱེད། ཅེས་པ་ནས། མཛད་དུ་གསོལ། ཁྱོད་ནི་རྡོ་རྗེའི་གསུང་སྟེ། ཞེས་པ་ནས། དགྱེས་པར་མཛོད། ཁྱོད་ནི་རྡོ་རྗེའི་འདོད་པ། ཞེས་པ་ནས། བདག་ལ་དགྱེས་པར་མཛོད། །ཅེས་བསྐུལ་བས། སྔོན་གྱི་སྨོན་ལམ་དང་ཐུགས་ རྗེའི་ཤུགས་ཀྱིས་འོད་གསལ་ལས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་སྐུར་བཞེངས་ཏེ། དཀྱིལ་འཁོར་བ་ཐམས་ཅད་ཀྱིས་མཐོང་བར་གྱུར། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་པ་ནས། རྡོ་རྗེ་སེམས་དཔའ་ཕྱགས་འཚལ་ལོ། །ཨོཾ་སརྦ་ ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཞེས་པ་ནས། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཞེས་པའི་བར་གྱིས་སྔར་བྱིན་གྱིས་བརླབས་པའི་མཆོད་པས་བདག་ཉིད་ལ་མཆོད། དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་ གྱིས་བརླབས། ཐོད་པ་ལག་པ་གཡས་པས་བཟུངས། བདག་བསྐྱེད་ཀྱི་སྐབས་སུ་དབུལ་བ་རང་ལ་བསྟན། མདུན་བསྐྱེད་མཆོད་པའི་སྐབས་སུ་དཔྲལ་བ་བར་བསྟན། ལག་པ་གཡོན་པའི་སྲིན་ལག་གིས་མེ་ལོང་ངམ་ས་ལ་སོགས་པ་ལ་ཆང་གི་ཆོས་འབྱུང་རྩེ་མོ་རང་ལ་བསྟན་པའི་དབུས་སུ་ཟླུམ་སྐོར་གཅིག་དང་བཅས་ 12-3-13a ལག་པ་གཡོན་པའི་མཐེབ་སྲིན་སྦྱར་བས་ནང་མཆོད་གཡས་སྐོར་དུ་ལན་གསུམ་དཀྲུགས་ཏེ། བླ་མ་རྣམས་རང་གི་སྤྱི་གཙུག་ན་ཡར་ཁྲོམ་ཚོགས་སམ་མཐོ་རྩེགས་སུ་བཞུགས་པར་དམིགས་པ། སྨིན་མཚམས་ཀྱི་ཐད་ནས་ལག་པ་ཁ་གྱེན་དུ་བལྟས་པས་འཐོར་ཞིང་ངག་འདོན་འདི་ལྟར་བརྗོད་དོ། ། ལག་པ་གཡོན་པའི་མཐེ་བོང་ཀྵུཾ་ལས་ས་གཞི། མིང་མེད་སུམ་ལས་རི་རབ་ཏུ་གྱུར་པས་རྒྱ་མཚོ་ཆེན་པོའི་དབུས་ནས་བདུད་རྩིའི་སྙིང་པོ་བླངས། མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར། མཆོད་ དོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཏུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ ཀྱི་མངའ་བདག་རྩ་བའི་དཔལ་ལྡན་བླ་མ་ཆེ་གེ་མོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྒྱལ་བ་རྡོ་རྗེ་འཆང་གི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྒྱལ་སྲས་བློ་གྲོས་རིན་ཆེན་གྱི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི། རྒྱལ་སྲས་མ་ཏང་གི་བའི། གྲུབ་ཆེན་ཏཻ་ ལོ་པའི། པཎ་ཆེན་ནཱ་རོ་ཏ་པའི། སྒྲ་བསྒྱུར་མར་པ་ལོཙྪའི། མཚུར་སྟོན་དབང་གི་རྡོ་རྗེའི། འཁོན་སྟོན་གང་པ་ཀཱིརྟིའི། སྒྲ་བསྒྱུར་ནམ་མཁའ་བཟང་པོའི། བྱ་སྒ་པ་བསོད་ནམས་རིན་ཆེན་གྱི། ཐུར་ལྷ་བ་ཚུལ་ཁྲིམས་སྐྱབས་ཀྱི། ཐད་སྤེ་བ་འཕགས་པ་སྐྱབས་ཀྱི། གསེར་སྡིངས་པ་གཞོན་ནུ་འོད་ཀྱི། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱི། ཀུན་མཁྱེན་འཕགས་པ་འོད་ཀྱི། ཆོས་རྗེ་བུ་སྟོན་རིན་ཆེན་གྲུབ་ཀྱི། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ཀྱི། ཆོས་ཀྱི་རྒྱལ་པོ་ 12-3-13b ཙོང་ཁ་པ་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། སླར་ཡང་རྒྱལ་བ་རྡོ་རྗེ་འཆང་གི། རྒྱལ་སྲས་ཕྱག་ན་རྡོ་རྗེའི། རྒྱལ་པོ་ཨིནྡྲ་བྷཱུ་ཏིའི། ཀླུ་ལས་སྐྱེས་པའི་རྣལ་འབྱོར་མའི། མངའ་བདག་བི་སུ་ཀལྤའི། དཔལ་ལྡན་ས་ར་ཧ་པའི། དཔལ་མགོན་འཕགས་ པ་ཀླུ་སྒྲུབ་ཀྱི། དཔལ་ལྡན་ཟླ་བ་གྲགས་པའི། སློབ་པའི་རྡོ་རྗེའི། གྲུབ་ཆེན་ནག་པོ་སྤྱོད་པའི། བླ་མ་སྤྲིན་གྱི་ཤུགས་ཅན་གྱི། རྗེ་རིན་པོ་ཆེ་འགོས་ཀྱི། མངར་བ་སེང་གེ་རྒྱལ་མཚན་གྱི། རྔོག་ཡེ་ཤེས་སེང་གེའི། རྔོག་ཨཱརྱ་དེ་བའི། གླན་ཙྪ་པ་ཉི་མ་ ལྕམ་གྱི། ལྟག་པ་རིན་ཆེན་གྲགས་ཀྱི། ཐུར་ལྷ་བ་ནས་བུ་སྟོན་བར་སྔར་ལྟར། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི། མཉམ་མེད་རྗེ་བཙུན་རེད་མདའ་པའི། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི། གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་ གནང་བའི་བླ་མ་དམ་པ་བརྒྱུད་པ་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། མཐེབ་སྲིན་གྱིས་ནང་མཆོད་སྙིང་གའི་ཐད་ནས་གཏོར་ཅིང་། ངག་འདི་ལྟར། རང་གི་སྙིང་ཀའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་ཏེ། ཆོས་འབྱུང་གི་དབུས་སུ་མེ་ལོང་གི་ནང་དུ་གཟུགས་ བརྙན་བཞིན་གསལ་བར་གྱུར། བཛྲ་དྷྲིཀ་ཨོཾ་ཨཱཿཧཱུཾ། ཞེས་པ་ནས། སུ་བྷ་རཱ་ཛ་ཨོཾ་ཨཱཿཧཱུཾ། གཞན་ཡང་རྒྱུད་སྡེ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། དེ་ནས་རང་གི་ལྕེ་རྩེ་སྨིན་མཚམས་སྤྱི་གཙུག་གསུམ་དུ་ཆང་གི་ ཐིགས་རེ་བྱས་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད། དེ་ནས་མཆོད་སྦྱིན་གྱི་ཕྱག་རྒྱས་ལྟེ་བའི་ཐད་ནས་གཏོར་ལ། སྔོན་སངས་རྒྱས་མཐོང་བ། དམ་པའི་ཅོས་ཐོས། འཕགས་པའི་དགེ་འདུན་ལ་བརྟེན་པ། བསྟན་པ་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པ་བླ་མ་ 12-3-14a གོང་མ་རྣམས་ཀྱིས་བསྟེན་ཅིང་བསྒྲུབས་པའི་བསྲུང་མ་དམ་ཚིག་ཅན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། བུས་མོའི་གནས་གཏོར་ལ། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་དཔའ་ བོ་དང་རྣལ་འབྱོར་མ་དང་། ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་ཐམས་ཅད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞི་བདག་གཉུག་མར་གནས་པ་དང་སེམས་ཅན་ཐམས་ཅད་ལྷར་གྱུར་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཞེས་བརྗོད། ནང་མཆོད་རང་གི་ལྕེ་ལ་ བཞག་ལ། ཨོཾ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སོ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། མགྲོན་རྣམས་ཡེ་ཤེས་ཀྱི་བདུད་རྩིས་མཉེས་པར་གྱུར། རང་གི་གསང་གནས་མི་དམིགས་པ་ལས། ཞེས་པ་ནས། མཆོད་པའི་ང་རྒྱལ་འཛིན་པའི་བར་སྔར་བཞིན་བྱས་ནས། ལྷ་ཐམས་ ཅད་མཆོག་ཏུ་དགའ་བའི་བདེ་བ་ཆེན་པོས་མཉེས་ཤིང་ཚིམ་པར་གྱུར། ཅེས་པ་གསང་བས་མཆོད། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྣམ་སྣང་ནས་གནོད་མཛེས་ཀྱི་བར་གྱི་ལྷ་རྣམས་སྤྱན་དྲངས་ཏེ། རང་གི་སྤྱི་བོ་ལ་སོགས་པའི་གནས་རྣམས་ སུ་འཁོད་པ་ནི། སྤྱི་བོར་རྣམ་སྣང་། ཞེས་པ་ནས། བརླའི་རྩ་བར་དོན་གྲུབ། ལྟེ་བར་སྤྱན་མ། ཞེས་པ་ནས། སྤྱི་གཙུག་ཏུ་སྒྲོལ་མ། མིག་གཉིས་སུ་ས་སྙིང་། ཞེས་པ་ནས། སྤྱི་གཙུག་ཏུ་བྱམས་པ། མིག་གི་སྒོར་གཟུགས་རྡོ་རྗེ་མ། ཞེས་པ་ནས། ཁའི་སྒོར་ རྡོ་རྗེ་མ། ལག་པ་གཡས་ལ་གཤིན་རྗེའི་གཤེད། ཅེས་པ་ནས། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། གཞལ་ཡས་ཁང་གི་ཆ་སོ་སོ་ཡང་རང་གི་ལུས་ཀྱི་ཆ་སོ་སོ་ལ་ཐིམ་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། 12-3-14b ཞེས་པ་ནས། རྡོ་རྗེ་འཆང་དུ་གྱུར་པ་རྣམས་རང་གི་འོད་ཟེར་གྱིས་དྲངས་ནས་རང་ལ་ཐིམ་པར་གྱུར། ཅེས་བརྗོད་པར་བྱའོ། །ཐུན་གྱི་མཐར་གཏོར་མ་གཏོང་བའི་ཚུལ་ནི། དཀྱིལ་འཁོར་གྱི་ལྷ་དང་ཕྱོགས་སྐྱོང་གི་གཏོར་མ་གཉིས་རིམ་པ་བཞིན་ཆང་ཆུ་ནང་མཆོད་བྱིན་གྱིས་བརླབས་པས་སྦྱངས་ནས། ཨོཾ་ཨཱཿབི་གྷཱནྟ་ ཀྲིཏ་ཧཱུཾ། ཨོཾ་ཤཱུ་ནྱ་ཏཱ། ཞེས་པ་ནས། ཨཱདྨ་ཀོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུཾ་ཡཾ་ཧཱུཾ་གི་ཡཾ་སྔོ་སྐྱ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལྗང་སྔོན་ཟླ་གམ་ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ། དེའི་སྟེང་དུ་ ཧཱུཾ་རཾ་ཧཱུཾ་གི་རཾ་དམར་པོ་ལས་བྱུང་བའི། ཞེས་པ་ནས། འདབ་མ་བརྒྱད་པ་ཨས་མཚན་པ། དེའི་དབུས་སུ་ཧཱུཾ་ལས་མིའི་ཤ་ཧཱུཾ་གིས་མཚན་པ། ཤར་དུ་བྲུཾ་ལས་གླང་པོ་ཆེའི་ཤ་བྲུཾ་གྱིས་མཚན་པ། ལྷོར་ཨཾ་གྱིས་མཚན་པ། པ། ནུབ་ཏུ་ཛྲིཾ་ལས་བ་ལང་གི་ཤ་ཛྲིཾ་གྱིས་མཚན། བྱང་དུ་ཁཾ་ལས་ཁྱིའི་ཤ་ཁཾ་གྱིས་མཚན་པ། སླར་ཡང་དབུས་སུ་ཧཱུཾ་ལས་དྲི་ཆུ་ཧཱུཾ་གིས་མཚན་པ། ཤར་དུ་བྲུཾ་ལས་དྲི་ཆེན་བྲུཾ་གྱིས་མཚན་པ། ལྷོར་ཨཾ་ལས་རཀྟ་ཨཾ་གྱིས་ མཚན་པ། ནུབ་ཏུ་ཛྲིཾ་ལས་བྱང་སེམས་དཀར་པོ་ཛྲིཾ་གྱིས་མཚན་པ། བྱང་དུ་ཁཾ་ལས་ཤ་ཆེན་ཁཾ་གྱིས་མཚན་པ། བདུད་རྩི་ལྔ་པ་ཨོཾ་ཡིག་གིས་མཚན་པ། དེའི་སྟེང་གི་བར་སྣང་ལ། ཞེས་པ་ནས། ཤེལ་ལྟར་དག་པར་གྱུར། པདྨ་ཨཱཿ དང་བཅས་པ། ཞེས་པ་ནས། ཨོཾ་ཡིག་གི་འོད་ཟེར་ལྕགས་ཀྱུ་ལྟ་བུས། ཞེས་པ་ནས། སྤེལ་བར་འགྱུར། ཨོཾ་ཨཱཿཧཱུཾ། ཞེས་པ་ལན་བདུན་བརྗོད། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུ་ལྟ་བུས། ཁྲོ་བོ་བཅུ་དང་བཅས་པའི་བསྲུང་པའི་ 12-3-15a འཁོར་ལོ་རྩིབས་བཅུ་པའི་ལྟ་བའི་ནང་དུ་འདུས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས་ཤིང་། བསྲུང་འཁོར་གྱི་ཕྱི་རོལ་དུ། ཞེས་པ་ནས། སེམས་ཅན་ཐམས་ཅད་བཀུག་པའི་གཞལ་ཡས་ཁང་ གི་དབུས་སུ་མི་བསྐྱོད་པ་ཡབ་ཡུམ། ཤར་དུ་རྣམ་སྣང་། ཞེས་པ་ནས། འོག་ཏུ་གནོད་མཛེས་རྒྱལ་པོ། ཕྱིའི་ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ། ཞེས་པ་ནས། འདུས་པའི་ལྷ་ཤེས་རབ་མ་དང་བཅས་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་རྣམས་སུ་གྱུར། ཨོཾ་ཨཱཿཧྲཱིཿ ཞེས་སོགས་ཀྱིས་ཆུ་བཞི་ཕུལ་ནས་དྲིལ་བུ་དཀྲོལ་ཅིང་། ཨ་ཨཿབཛྲ་དྷྲིཀ་ཧཱུཾ། ཞེས་པ་ནས། རཀྵ་ཙ་ཀུ་རུ་སྭཱ་ཧཱ། ཨོཾ་ཨཱཿ དུས་གསུམ་སྐྱེས་པ་ཀུན་དང་། ཞེས་པ་ནས། བསྲུང་ བར་མཛད་དུ་གསོལ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿ པྲ་ཝ་ར་སད་ཀ་རཾ་ཨཱཏྩ་མ་ཎཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿ པྲ་ཝ་ར་སད་ཀ་རཾ་ཨརྒྷྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ཏཾ་བུ་ལ་ཧཱུཾ་སྭཱ་ཧཱ། ཨ་སརྦ་ཏ་ཐ་ག་ཏ་པུཥྤཾ་པྲ་ཏཱི་ཙྖ་ཧཱུཾ་སྭཱ་ཧཱ། ཞེས་པ་ནས། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་ སྭཱ་ཧཱ། བཛྲ་དྷྲིཀ་ཨོཾ་ཨཱཿཧཱུཾ། ཞེས་པ་ནས། སུ་བྷ་རཱ་ཛ་ཨོཾ་ཨཱཿཧཱུཾ། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལས་པ་རི་ཝ་ར་པུཥྤཾ། ཞེས་པ་ནས། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། ཨོཾ་བཛྲ་སཏྭ་ས་མ་ཡ། ཞེས་པ་ ནས། མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། མ་རྙེད་ཡོངས་སུ་མ་ཤེས་དང་། །ཞེས་པ་ནས། བཟོད་མཛད་རིགས། ཨོཾ་ཡོ་ག་ཤུདྡྷ་སརྦ། ཞེས་པ་ནས། ཤུདྡྷོ྅ཧཾ། ཨོཾ་ཨཱཿཧཱུཾ་བཛྲ་མུཿ དགེ་བ་འདི་ཡིས་མྱུར་དུ་བདག ། ཅེས་པ་ནས། སྤྱོད་ 12-3-15b དེ་གཉིས་ཀའང་བདག་སྤྱོད་ཤོག །ཅེས་བརྗོད་པར་བྱས་ཏེ་ལངས་ནས་སྤྱོད་ལམ་ལ་འུག་པར་བྱའོ། །དཔལ་ལྡན་འདུས་པའི་སྒྲུབ་ཐབས་ཀྱི་ཆོ་དའི་ངག་འདོན་གྱི་ཚུལ་གོ་བདེ་བར་བརྗོད་པའི་ལྷན་ཐབས་རྐེ་རིན་པོ་ཆེ་རྒྱལ་བ་གཉིས་པ་རང་ཉིད་ཀྱི་གསུང་ངག་ལྟར། མང་དུ་ ཐོས་པའི་བཙུན་པ་དགེ་ལེགས་དཔལ་བཟང་པོས། བློ་དམན་པ་དག་ལ་ཕན་བདགས་པའི་སླད་དུ་ཡི་ཧེར་བྲིས་པའོ།། སརྦ་མངྒ་ལཾ།། 12-4-1a ༄༅། །དཔལ་གསང་བ་འདུས་པའི་མངོན་རྟོགས་དང་བསམ་གཏན་གྱི་སྒྲུབ་མཆོད་ངག་ཏུ་འདོན་པའི་ལྷན་ཐབས་བཞུགས།། 12-4-1b ༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་གསང་བ་འདུས་པའི་མངོན་རྟོགས་དང་བསམ་གཏན་གྱི་སྒྲུབ་མཆོད་ཀྱི་ངག་ཏུ་འདོན་པའི་ལྷན་ཐབས་ནི། རང་ཞེ་ སྡང་རྡོ་རྗེ་མཐོང་ནག་ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྱི་འཛིན་པ། རང་འདྲ་བའི་རེག་བྱ་རྡོ་རྗེ་མས་འཁྱུད་པ། གཉིས་ཀའང་རིན་པོ་ ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱིས་གཤལ་བྱས་ཤིང་། སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་འཕྱར་བར་བསམས་ལ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས། དེ་ནས་སྔོན་ འགྲོ་གཏོར་མའི་མཆོད་ཡོན་ནས་རོལ་མའི་བར་རྣམས་འོག་ནས་འབྱུང་བ་ལྟར་བསྐྱེད་པའི་རྗེས་སུ། སྔོན་འགྲོ་གཏོར་མ་འོག་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་ འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་བཀུག་ནས་ཕྱོགས་མཚམས་རྣམས་སུ་གནས་པ་ནི། ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ་ཞེས་པ་ནས། འདུས་པའི་ལྷ་ཤེས་ 12-4-2a རབ་མ་དང་བཅས་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་རྣམས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར། ཨོཾ་ཨཱཿཧཱུཾ་ཞེས་སོགས་ ཀྱིས་ཅུ་བཞི་ཕུལ་ནས། ཨོཾ་ཨཱཿ དུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། །ཞེས་པ་ནས། ཞི་བ་དང་ནི་བསྲུང་བར་མཛད་དུ་གསོལ། ཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་བར་གྱིས་གཏོར་མ་ཕུལ་ནས། ཞལ་བསིལ་དང ། ཕྱག་བཀྲུ་བའི་ཕྱིར་མཆོད་ཡོན་དང་། སོ་རྩི་ཕུལ་ལ། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱི་ཙྪ་ཧཱུཾ། ཞེས་མེ་ཏོག་དང་། དེ་བཞིན་དུ་པུཥྤེའི་གནས་སུ་དྷཱུ་པ་ནས་ཤཔྟའི་བར་བཅུག་ལ་ཉེར་སྤྱོད་ལྔ་དང་། ཨོཾ་ད་ཤ་དི་ཀ་ཞེས་སོགས་ཀྱི་གཤམ་དུ། ཨོཾ་ཨཱཿཧཱུཾ་ཞེས་ནང་མཆོད་དབུལ། མ་རྙེད་ཡོངས་སུ་མ་ཤེས་དང་། ཞེས་པ་ནས། དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཞེས་པའི་བར་གྱིས་བཟོད་པར་གསོལ། ཡི་གེ་བརྒྱ་པ་བརྗོད། ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། དེ་ནས་བདག་བསྐྱེད་ཀྱི་མཆོད་པ། ཨོཾ་ཨཱཿབི་གྷཱནྟ་ཀྲི་ཏ་ཧཱུཾ། ཞེས་པ་བསང་། ཤཱུནྱ་ཏཱས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ 12-4-2b བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་རྣམས་ཀྱི་ནང་དུ་ཨཾ་པཱཾ་པུཾ་ལ་སོགས་པ་སོ་སོའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ཞེས་པ་ནས། རོལ་མོ་ལ་སོགས་པ་རྣམས་རང་བཞིན་སྟོང་པ། རྣམ་པ་ མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཞེས་སྦྱར། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པཱདྱཾ་དང་། བཛྲ་པུཥྤེ་ནས་སྤརྴ་བཛྲ་རྣམས་བཅུག་སྟེ་བྱིན་ གྱིས་བརླབས། དེ་ནས་མཎྜལ་དབུལ་ཞིང་གསོལ་བ་གདབ་པ་ཡི། ཕྱག་རྒྱ་གསུམ་བྱས་ཏེ་སྤྱིར་མཎྜལ་བཤམས། ཕྱག་བྱས་ཏེ་སོ་སོའི་ཕྱག་ཏུ་མེ་ཏོག་དབུལ། ཕྱག་བྱས་ཏེ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་སྙིང་པོ་རྒྱན་ལས། སེམས་ཅན་དོན་དུ་སེམས་དགེ་བས། །རྣལ་འབྱོར་པ་ཡི་ཚོགས་རྣམས་ཀུན། །ཚུལ་བཞིན་ཆོ་གར་ལྡན་པ་ཡིས། །རྣལ་འབྱོར་ལ་ནི་ཉེར་གནས་མཛོད། ཅེས་པ་གསུམ་གྱིས་གསོལ་བ་གདབ། ཕྱག་བྱས་ཏེ་བླ་མ་མ་གཏོགས་པའི་མེ་ཏོག་ བསྡུ། ཕྱག་བྱས་ཏེ་མཎྜལ་བཤམ། ཕྱག་བྱས་ཏེ་གཞན་རྣམས་ཀྱིས་མེ་ཏོག་བླ་མ་ལ་དབུལ་བའི་ཕྱིར། མཎྜལ་བླ་མ་ལ་དབུལ། བླ་མས་ཀྱང་གཞན་རྣམས་ཀྱིས་ཕུལ་བའི་མཎྜལ་དང་། རང་གི་མེ་ཏོག་བླ་མ་གོང་མ་ལ་འབུལ་བའི་ཕྱིར། མེ་ ཏོག་མཎྜལ་གྱི་དབུས་སུ་སྤུངས་ཏེ་རྟེན་གྱི་དྲུང་དུ་བཞག །ཕྱག་བྱས་ཏེ་རང་གནས་འཁོད་དོ། །དེ་ནས་བླ་མའམ་གཙོ་བོས། བཤགས་པ་དང་བསྡམས་པ་སྔོན་དུ་འགྲོ་བ་ཅན་གྱིས་ལྷའི་རྣལ་འབྱོར་ལ་གནས་པར་ཞུ་ཞེས་བརྗོད་ལ། ཐམས་ 12-4-3a ཅད་ཀྱིས་སེམས་ཅན་ལ་སྙིང་རྗེ་ཆེན་པོས་དམིགས་ཏེ། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། །ཞེས་པ་ནས། སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །ཞེས་པའི་བར་གྱིས་སྐྱབས་སུ་འགྲོ་བ་སོགས་ བྱ། དེ་ནས་ཡི་གེ་བརྒྱ་པའི་བསྒོམ་བཟླས་བྱ་བ་ནི། རང་གི་སྤྱི་བོར་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། ཚུལ་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་ དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་བསྙེམས་མ་དཀར་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་དཀར་པོ་དེ་ལས་ འོད་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་པ་ལ་མཆོད། ཛཿཧཱུཾ་བཾ་ཧོཿ་ཞེས་བསྟིམས། ཡང་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྦྱན་དྲངས་པ་ལ་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་ ཏུ་གསོལ་ཞེས་གསོལ་བ་བབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར། ལུས་ཡེ་ཤེས་ཀྱི་བདུད་རྩིས་གང་། མི་བསྐྱོད་པས་ དབུ་བརྒྱན་པར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། 12-4-3b སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག སངས་རྒྱས་སྲས་བཅས་ལ་མཆོད་པ་ཕུལ། དེ་རྣམས་ཀྱི་ཡོན་ཏན་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུཾ་ལ་ཏིམ་པས་གཟི་བརྗིད་དང་མཐུན་སྟོབས་ཕུན་སུམ་ཚོགས་པར་གྱུར། ཧཱུཾ་གི་མཐའ་མར། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྠ་ཌི་ཌྷོ་མེ་བྷཱ་ཝ། སུ་ཏོ་ཥྱོ་མེ་བྷཱ་ཝ། སུ་པོ་ཥྱོ་མེ་བྷཱ་ཝ། ཨ་ནུ་རཀྟོ་མེ་བྷཱ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾ། ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲི་བྷཱ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་པས་བསྐོར་བ་ལ་དམིགས་ཏེ། བཟླས་པས་ཡིག་འབྲུ་ལས་འོད་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཆོད་པ་ཕུལ། དེ་རྣམས་ཀྱི་ སྐུ་གསུང་ཏུགས་ཀྱི་བྱིན་རླབས་རྣམས་བསྡུས་ནས་ཡིག་འབྲུ་ལ་ཐིམ་པས་དེ་ལས་བདུད་རྩིའི་རྒྱུན་དཀར་པོ་བབས་པ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བབས་རང་གི་ཚངས་བུག་ནས་ཞུགས་ཏེ་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དབང་ པོའི་སྒོ་དང་བ་སྤུའི་བུ་ག་ནས་བྱུང་ནག་ཕུང་གིས་འཐོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དཀར་མེར་གྱིས་གང་རྟོགས་པ་དང་ཡོན་ཏན་བདག་གཞན་ཐམས་ཅད་ལ་སྐྱེས་པར་བསམས་ ཤིང་བཟླའོ། །མཇུག་ཏུ་མངོན་བརྗོད་བླ་མ་ལས། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་ 12-4-4a བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་བརྗོད་པས། སྡིག་སྒྲིབ་ཀྱི་འཁོར་གསུམ་མི་དམིགས་པར་བསྒོམས་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་དག་ གོ་ཞེས་གསུངས་ནས་རང་ལ་ཐིམ་པས། རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམ་ན་རྣམས་མངོན་རྟོགས་ཀྱི་ཐོག་མར་སྦྱར་རོ། །ཚོགས་ཞིང་གི་སྐབས་སུ། རང་བཞིན་གྱིས་གནས་ནས་བླ་མ་དང་གཉིས་སུ་ མེ་དཔའི་མི་བསྐྱོད་པའི་དཀྱིལ་འཁོར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷྷཾ་ཞེས་དང་། བསྲུང་འཁོར་གྱི་སྐབས་སུ། ཨོཾ་སྭ་བྷཱ་ཝ་ཞེས་པ་ནས། ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་ཞེས་དང་གཡོན་དྲིལ་བུ་རིན་ཆེན་རལ་གྱི་འཛིན་པ། མཚན་སུམ་ ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུས་བརྒྱན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་ཞེས་པ་ནས། རལ་གྲི་འཛིན་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་ མཛེས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟང་ཅན། རང་གི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞེས་པ་ནས། རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། དེའི་ཐུགས་ཀར་ཟླ་བའི་ གདན་ལ་རྡོ་རྗེ་སྔོན་པའི་ལྟེ་བའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡི་སྔོན་པོ། རང་གི་སྤྱི་བོ་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོ། ཡབ་ཡུམ་སྙོམས་ 12-4-4b པར་ཞུགས། སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་མི་བསྐྱོད་པ་ལ་ཞེས་པ་ནས། ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་ནས་རང་ལ་རྗེས་སུ་ཞུགས་པས་རང་ཉིད་ཞེ་སྡང་རྡོ་རྗེ་ཞེས་དང་། ཕྱག་དྲུག་གི་གཡས་རྡོ་རྗེ་རྩེ་དགུ་པ་འཁོར་ལོ་ པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རེག་བྱ་རྡོ་རྗེ་མ་སྔོན་མོར་གྱུར་པ་ནི། སྔོ་དཀར་དམར་བའི་ཞལ་ གསུམ་ཞེས་པ་ནས། རལ་གྲི་འཛིན་པ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། ཤིན་ཏུ་སྒེག་ཅིག་ཞེས་པ་ནས། འདོད་པའི་ཡོན་ཏན་ལྔའི་དགའ་བས་རོལ་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་ རིན་པོ་ཆེའི་དབུ་རྒྱན་གསོལ་བ་ཞེས་པ་ནས། ཤམ་ཐབས་འཕྱར་བ་འོད་དམར་པོ་འབར་ཞིང་འཁྲུགས་པའི་དབུས་ན་སྙོམས་པར་འཇུག་པའི་ཚུལ་གྱིས་བཞུགས་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་གྱུར། གཤིན་རྗེའི་གཤེད་ནག་པོ་རྣམ་སྣང་ གི་དབུ་རྒྱན་ཅན་ཞེས་པ་ནས། དྲིལ་བུ་དགྲ་སྟ་འཛིན་པ་རང་གི་ཐུགས་ཀར་དྲངས། ཡ་མཱནྟ་ཀྲིཏ་ཐུགས་ཀ་ནས་ཕྱིར་ཕྱུང་། ཤར་གྱི་རྩིབས་སྟེང་གི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། ཅེས་དང་། འཁོར་ལོ་སྒྱུར་རྒྱལ་ལ་སྟེང་གི་རྩིབས་ཀྱི་ནང་གི་གདན་ ལ་ཞེས་དང་། གནོད་མཛེས་ལ་འོག་གི་རྩིབས་ཀྱི་ནང་གི་གདན་ལ་ཞེས་དང་། བྱང་གི་ཞེས་པ་ནས། བདུད་རྩི་འཁྱིལ་བ་གཉིས་པ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ། ཞེས་སོགས་དང་། ཕུར་བུ་ 12-4-5a མེ་དཔུང་རབ་ཏུ་འབར་བ་བཅུར་གྱུར་ཏེ་ཕྱོགས་སྐྱོང་འཁོར་དང་བཅས་པའི་མགོ་བོར་ཟུག ཨོཾ་གྷ་ཞེས་དང་། གནོད་མཛེས་ཀྱི་ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་དེ་རྡོ་རྗེ་ཐོ་བ་མེ་འབར་བར་གྱུར་པས། ཤར་ནས་བརྩམས་ཕྱོགས་ བཞི་དང་། མེ་ནས་བརྩམས་ཏེ་མཚམས་བཞི་ལ་སོགས་པའི་ཕུར་བུའི་སྤྱི་བོ་ནས་བརྡུངས་པས་ཞེས་དང་། ཊཱཀྐི་ཧཱུཾ་ཛཿཁྲོ་བོ་རྣམས་ཀྱི་ཕྱི་རུ་ལྕགས་ཀྱི་རྡོ་རྗེའི་རབ། ཊཱཀྐི་ཧཱུཾ་ཛཿདེའི་ཕྱི་རུ་ཆུའི་ར་བ་ཞེས་སོགས་དང་། གཞལ་ཡས་ཁང་བསྐྱེད་པའི་ སྐབས་སུ། བྷྲཱུཾ་དཀར་པོ་སངས་རྒྱས་ཀྱི་སྤྲིན་གྱི་འོད་ཟེར་འཕྲོ་བ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་གྲུ་བཞི་པ་ཞེས་པ་དང་། ལྷག་མོས་ཀྱི་ལྷ་བསྐྱེད་པའི་སྐབས་སུ་བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་གདན། གདན་དེ་རྣམས་ཀྱི་སྟེང་དུ་ སྐད་ཅིག་གིས་ལྷག་པར་མོས་པ་ཙམ་གྱིས་ལྷ་སུམ་ཅུ་སོ་གཞིས་རྫོགས་པ་ནི། དབུས་ཀྱི་གདན་ལ་རང་ཉིད་རྡོ་རྗེ་འཆར་སྔོན་པོ་ཞེས་པ་ནས། འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་ན་ཡབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་དང་། རོ་ རྡོ་རྗེ་མའི་ཕྱག་མཚན་རྫོགས་པའི་རྗེས་སུ། ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱང་དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། རིན་པོ་ཆེའི་དབུ་རྒྱན་གསོལ་བ་ཞེས་པ་ནས། སྐུ་སྨད་ལ་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་ཅན། ཤིན་ཏུ་སྒེག་ཅིང་ཞེས་པ་ ནས། འདོད་པའི་ཡོན་ཏན་ལྔའི་དགའ་བས་རོལ་པ། འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་རང་རང་གི་གདན་ལ་རྡོ་རྗེའི་སྐྱིལ་མི་ཀྲུང་གིས་བཞུགས་པ་ཞེས་པ་དང་། ཀུན་བཟང་གི་ཕྱག་མཚན་རྫོགས་པའི་འོག་ཏུ་རྣམ་སྣང་ནས་ 12-4-5b ཀུན་བཟང་གི་བར་ལྷ་ལྷག་མ་རྣམས་ཀྱང་དབུ་སྐྲ་རལ་པའི་ཏོར་ཚུགས་ཅན། ཞེས་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཞི་བ་འདོ་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་རང་རང་གི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་ དང་། ལྷག་མོས་ཀྱི་མཛད་པའི་སྐབས་སུ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་བཀུག་ནས་ཞེས་དང་། ལྷག་མོས་ལུས་ལ་བསྡུ་བའི་སྐབས་སུ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། རྣམ་སྣང་ནས་གནོད་མ་ངེས་ ཀྱི་བར་རྣམས་སྤྱན་དྲངས་ཏེ། སྤྱི་བོ་ལ་སོགས་པའི་གནས་སུ་འཁོད་ནས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རང་ངོ་བོ་དབྱེར་མེད་དུ་གྱུར་པའི་སྤྱི་བོར་རྣམ་སྣང་ཞེས་པ་ནས། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ་ཞེས་དང་། དང་པོའི་མགོན་པོ་དང་སྤྲུལ་ སྐུ་རྡོར་སེམས་གཉིས་ཀྱི་སྐབས་སུ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རིན་པོ་ཆེའི་རྒྱན་དང་ངར་སྣ་ཚོགས་ཀྱི་ན་བཟའ་ཅན་ཞེས་དང་། ལུས་དཀྱིལ་གྱི་སྐབས་སུ་མིག་གཉིས་སུ་མིག་གི་དབང་པོའི་ངོ་བོ་ཐླིཾ་ཡོངས་སུ་གྱུར་པ་ལས་ས་སྙིང་ དཀར་པོ་ཞེས་པ་ནས། རལ་གྲི་འཛིན་པ་མིག་གི་སྒོར་ལུས་ཀྱི་གཟུགས་ཀྱི་རང་བཞིན་ཛཿ ཡོངས་སུ་གྱུ་པ་ལས་གཟུགས་རྡོ་རྗེ་མ་ཞེས་པ་ནས། རལ་གྲི་འཛིན་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ་ཞེས་དང་། བྱམས་པའི་ཕྱག་མཚན་རྫོགས་པའི་སྐབས་སུ། རྣམ་སྣང་ནས་བྱམས་པའི་བར་ལྷ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་། དར་སྣ་ཚོགས་ཀྱི་ན་བཟའ་ཅན་ཞེས་དང་། ཁྲོ་བོ་བཅུའི་ཕྱག་མཚན་རྫོགས་པའི་སྐབས་སུ། ཁྲོ་བོ་བཅུ་པོ་ཐམས་ 12-4-6a ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་སོགས་པ་ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པའོ་ཞེས་དང་། འོག་ཏུ་ཡུམ་གྱི་ལུས་ལ་ལྷ་འགོད་པའི་ཚེ། ལྷ་ཐམས་ཅད་ཀྱི་ཕྱག་མཚན་ངག་ཏུ་རྫོགས་པར་ བརྗོད་པ་ཡིན། རྣམ་སྣང་སོགས་ཞི་བ་རྣམས་ཀྱི་ཕྱག་མཚན་རྫོགས་པ་ན། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་ཞེས་དང་། ཁྲོ་མོ་བཅུའི་ཕྱག་མཚན་རྫོགས་པའི་སྐབས་སུ། ཁྲོ་མོ་བཅུ་པོ་ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་ དུ་བརྫེས་པ་ལ་སོགས་པ་ཁྲོ་མོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པའོ་ཞེས་སྦྱར། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྐབས་སུ། རྣམ་སྣང་སྤྱན་མ་དང་སྦྱོར་བའི་མདུན་ན་རང་ཉིད་གསལ་ཞེས་དང་། རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཅེས་རྣམ་ སྣང་གཙོ་འཁོར་ལ་གསོལ་བ་བཏབ་པས། སྤྲོས་པའི་སྤྱན་མ་དང་ཞེས་པ་ནས། བདག་ཀྱང་དེ་དང་འདྲ་བར་ཤོག །ཨོཾ་སརྦ་ཞེས་སོགས་དང་། རིགས་བདག་གི་སྐབས་སུ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་རྡོ་རྗེ་ དང་དྲིལ་བུ་འཛིན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ཞེས་པ་ནས། ལུས་ཐམས་ཅད་ཚིམ་པར་བྱེ་དཔར་གྱུར་ཅེས་དང་། ཡུམ་གྱི་ལུས་ལ་ལྷ་འགོད་ཚུལ་བསྡུས་པ་ནི། རིགས་ལྔའི་ཕྱག་མཚན་སོགས་རྫོགས་པར་བརྗོད་པའི་འོག་ཏུ་ལྟེ་བར་ ལཾ་ལས་སྤྱན་མ་ཞེས་པ་ནས། མིག་གཉིས་སུ་ཛཿལས་གཟུགས་རྡོ་རྗེ་མ་ལ་ས་སྙིང་གིས་འཁྱུད་པ་ཞེས་དང་། ཏང་མཐིལ་གཉིས་སུ་ཧཱུཾ་ལས་ས་འཛིན་ལྷ་མོ་ཞེས་སྦྱར། རྗེས་ཆགས་ཀྱི་སྐབས་སུ། པདྨ་དམར་པོ་འདབ་མ་བརྒྱད་པ། བུ་ག་ཡི་གེ་ 12-4-6b ཕཊ་ཀྱིས་བཀག་པ། རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་གང་། རང་ཉིད་རིན་འབྱུང་དུ་གྱུར། ཨོཾ་སརྦ་ཞེས་སོགས་དང་། རང་ཉིད་རྡོ་རྗེ་འཆང་དུ་གྱུར། ཧཱུཾ་སྙོམས་པར་འཇུག་པའི་ལས་ལ་གནས་པར་བྱས་པས་མཆོག་ཏུ་དགའ་བའི་བདེ་བ་ཐོབ། རང་ཉིད་ དོན་གྲུབ་ཏུ་གྱུར། ཕཊ། ཨོཾ་སརྦ་ཞེས་སོགས་དང་། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ། ཐིག་ལེ་ཆ་གཅིག་བྷྲཱུཾ་དང་དེ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གདན་དང་བཅས་ པར་གྱུར་ཅེས་དང་། ཐིག་ལེ་ཆ་གཅིག་གདན་རྣམས་ཀྱི་སྟེང་དུ་ཞེས་པ་ནས། ཨོཾ་ཨཱཿཧཱུཾ་ཧཱུཾ། ཨོཾ་ཨཱཿཁཾ་ཧཱུཾ་ནས། ཨོཾ་ཨཱཿསཾ་ཧཱུཾ། ཨོཾ་ཨཱཿཧཱུཾ་ཧཱུཾ། བཅུར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་གཉིས། འཁོར་ལོ་ཞེས་པ་ནས། རྡོ་རྗེ་དང་རྡོ་རྗེ། དེ་ རྣམས་ཡོངས་སུ་གྱུར་པ་ལས། ལྷ་སུམ་ཅུ་སོ་གཉིས་སུ་རིམ་གྱིས་གྱུར་པ་ནི། གདན་དབུས་མའི་སྟེང་དུ་རང་ཉིད་མི་བསྐྱོད་པ་མཐིང་ནག་མི་བསྐྱོད་པའི་དབུ་རྒྱན་ཅན་ཞེས་དང་། ལྷ་གཞན་རྣམས་ཀྱི་མཚན་གྱི་ཏོག་མར་ཡང་རང་ཉིད་ཅེས་སྦྱོར། ཁྱད་པར་དུ་སེམས་དཔའ་བརྒྱད་ལ། རང་ཉིད་ཤར་སྒོའི་གཡས་སུ་བྱམས་པ་དང་གཡོན་དུ་ས་སྙིང་དཀར་པོ་ཞེས་པ་ནས། ཕྱག་དྲུག་གི་གཡས་འཁོར་ལོ་པདྨ་དཀར་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། བྱམས་པའི་ཕྱག་གཡས་ དང་པོས་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་འཁོར་ལོས་མཚན་པ་འཛིན་པ་ཞེས་དང་། མི་བསྐྱོད་པ་རང་གི་ཐུགས་ཀར་དྲངས། བཛྲ་དྷྲིཀ་ཐུགས་ཀ་ནས་ཕྱིར་ཕྱུང་། ཞེས་པ་ནས། རང་རྡོ་རྗེ་འཆང་ཞི་བ་དེ་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ 12-4-7a ཅེས་སོགས་དང་། ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ་ཞེས་པ་ནས། འོད་དམར་པོ་འབར་ཞིང་འཁྲུགས་པའི་དབུས་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་དང་། རྣམ་སྣང་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས། རང་གི་རིགས་ བདག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་སླར་བྱོན་ནས་རིམ་པ་དང་པོའི་ཤར་དུ་འཁོད། ཅེས་སྦྱོར། ཕྱག་མཚན་ནི། དོན་གྲུབ་ལ་སྣ་ཚོགས་རྡོ་རྗེ། འདོད་རྒྱལ་དང་འཁོར་ལོས་སྒྱུར་རྒྱལ་རྡོ་རྗེ། གཞན་རྣམས་ལ་རང་རང་གི་གཡས་དང་ པོའིའོ། །བཟླས་པའི་སྐབས་སུ་བཟླས་བྱའི་སྔགས་ཀྱིས་བསྐོར་བའི་ལྷ་རྣམས་ཀྱི་ཐུགས་ཀའི་རང་རང་གི་ས་བོན་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོས་ཏེ། འགྲོ་བའི་དོན་བྱས་ནས་སྔགས་དང་ལྷན་ཅིག་ཏུ་འཇུག་པའི་རླུང་གིས་སྙིང་གའི་ས་བོན་ལས་འཇུག་པའི་ སྤྲོ་བ་དང་བསྡུ་བ་ཅན་དུ་གྱུར། ཨོཾ་ཨཱཿཧཱུཾ་ཞེས་དང་། མཆོད་པའི་སྐབས་སུ་ནང་མཆོད་འབུལ་བ་ནི། གཏོར་མ་ལྟར་བྱིན་གྱིས་བརླབས་ནས་ལག་པ་གཡས་པར་ཐོད་པ། བདག་བསྐྱེད་ལ་མཆོད་པའི་སྐབས་སུ། དཔྲལ་བ་རང་ལ་བསྟན། མདུན་བསྐྱེད་ཀྱི་ ཚེ་དཔྲལ་བ་ཕ་རོལ་ལ་བསྟན་ལ། མདུན་བསྐྱེད་ཀྱི་ཚེ་དཔྲལ་བ་ཕ་རོལ་ལ་བསྟན་ལ། རྡོ་རྗེ་གདན་བཞི་ལས་འབྱུང་བ་ལྟར། ཆང་གི་དབུས་སུ་བདུད་རྩིའི་སྙིང་པོ་སོགས་བསམ། ལག་པ་གཡོན་པའི་མཐེ་བོང་ཀྵུཾ་ལས་ས་གཞི་མིང་མེད་སུཾ་ལས་རི་རབ་ཏུ་བསམ། དེ་གཉིས་རྩེ་སྤྲད་ནས་གཡས་སྐོར་དུ་ ལན་གསུམ་དཀྲུགས་ནས། སྔོན་ལྷ་མིན་སྟོབས་ལྡན་གྱིས་རྒྱ་མཚོ་བསྲུབས་པ་ལས་བདུད་རྩི་བྱུང་བ་ལྟར་བདུད་རྩིའི་སྙིང་པོ་བླངས་ཏེ། བླ་མ་རྣམས་རང་གི་སྤྱི་གཙུག་ན་ཡར། ཁྲོམ་ཚོགས་སམ་མཐོ་བརྩེགས་སུ་བསམས་ལ། མངོན་རྟོགས་ 12-4-7b ལྟར་དབུལ། དེ་ནས་ས་ལ་གཡོན་པའི་སྲིན་ལག་གིས་ཆང་གི་ཚོས་འབྱུང་གྲུ་གསུམ། རྩེ་མོ་རང་ལ་བསྟན་པ་དེའི་དབུས་སུ་ཟླུམ་པོར་བསྐོར་བ་བྲིས་ལ། སྙིང་གའི་འོད་ཀྱིས་དཀྱིལ་འཁོར་ཀྱི་འཁོར་ལོ་དེར་སྤྱན་དྲངས་ཏེ། མེ་ལོང་གི་གཟུགས་བརྙན་ བཞིན་དུ་གསལ་བར་བལྟས་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མངོན་རྟོགས་ལྟར་དབུལ། དེ་ནས་མགྲིན་པར་ལྷ་ཐམས་ཅད་འདུས་པའི་བདག་ཉིད་ཀྱི་མཆོད་རྟེན་བསམས་ལ་དེ་ལ་དབུལ། དེ་ནས་ལྕེ་རྩེ་སྨིན་མཚམས་སྤྱི་གཙུགས་གསུམ་དུ་ཆང་གི་ཐིག་ ལེ་བྱས་ལ། སྲིད་པ་གསུམ་ན་གནས་པའི་སྔོན་གྲུབ་པ་རྣམས་དང་། དེ་ནས་རང་གི་སྒོས་ཀྱི་ཆོས་སྐྱོང་ལ་སོགས་པ་རྣམས་དང་། གཞན་ཡང་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་དང་བཅས་པ། རྒྱ་གར་དང་། བོད་ཀྱི་གཙུག་ ལག་ཁང་གི་བསྲུང་མ་ལ་སོགས་པ་བསྟན་པ་དང་བསྟན་པ་འཛིན་པ་སྲུང་ཞིང་སྐྱོང་བར་བྱེད་པ་ཐམས་ཅད་དང་། གཞི་བདག་གཉུག་མར་གནས་པ་ཐམས་ཅད་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་ལྷར་བསྐྱེད་པ་ལ་དབུལ། དེ་ ཡང་ལག་པ་མཐེབ་སྲིན་སྦྱར་བ་ཁ་གྱེན་དུ་བསྟན་ནས་བླ་མ་ལ་དབུལ་བའི་ཚེ་སྤྱི་བོའི་སྟེང་ཡན་ཆད་དང་། དཀྱིལ་འཁོར་ལ་དབུལ་བའི་ཚེ་རང་གི་ཁའི་ཐད་ཙམ་དང་། ཕྱོགས་སྐྱོང་སོགས་ལ་དབུལ་བའི་ཚེ་མཆོད་སྦྱིན་གྱི་ལག་པའི་ཚུལ་ གྱིས་ལྟེ་བའི་ཐད་དུ་དབུལ་ལོ། །དེ་ནས་སངས་རྒྱས་དང་བྱང་སེམས་དཔའ་ཐམས་ཅད་རང་གི་ལུས་ལ་བཅུག་སྟེ་བདུད་རྩི་མྱངས་པས། རྩ་སྟོང་ཕྲ་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་བདུད་རྩིས་གང་། ལུས་དཀྱིལ་གྱི་ལྷ་དང་སངས་རྒྱས་ 12-4-8a དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདུད་རྩིས་མཉེས་ཤིང་ཚིམས་ནས་བདེ་བ་ཆེན་པོ་སྐུ་ཉམས་སུ་བརྟས་པར་བསྒོམས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་པྲ་བྷཱ་ཝ་ཨཱདྨ་ཀོ྅ཧཾ་ཞེས་བརྗོད་དེ། ཉེར་བསྡུའི་ སྐབས་སུ། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ཏེ། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་འཁོད་པ་ནི། སྤྱི་བོར་རྣམ་སྣང་ཞེས་པ་ནས། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། གཞལ་ཡས་ཁང་གི་ཆ་རྣམས་ ཀྱང་རང་གི་ལུས་ཀྱི་ཆ་རྣམས་ལ་ཐིམས། ཡབ་ཡུམ་གཉིས་སྙིམ་པར་ཞུགས་པའི་སྦྱོར་མཚམས་ནས་ཞེས་པ་ནས། རྡོ་རྗེ་འཆང་དུ་གྱུར་པ་རྣམས་རང་གི་འོད་ཟེར་གྱིས་དྲངས་ནས་རང་ལ་ཐིམས་པར་གྱུར། ཅེས་དང་། གཏོར་མའི་སྐབས་སུ། ཧཱུཾ་ཡཾ་ ཧཱུཾ་གི་ཡཾ་སྔོ་སྐྱ་ལས་བྱུང་བའི་རླུང་གི་དཀྲིལ་འཁོར་ལྔ་སྔོན་ཟླ་གམ། ངོས་གཉིས་སུ་ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་བརྒྱན་པ་ཞེས་དང་། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས། ཁྲོ་བོ་བཅུ་དང་བཅས་པའི་བསྲུང་ བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བའི་ནང་དུ་འདུས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས་ཤིང་། བསྲུང་འཁོར་གྱི་ཕྱི་རོལ་ཏུ་ཞེས་པ་ནས། སེམས་ཅན་ཐམས་ཅད་བཀུག་པའི་གཞལ་ཡས་ཁང་གི་དབུས་སུ། མི་བསྐྱོད་པ་ཡབ་ཡུམ། ཤར་དུ་རྣམ་སྣང་ཞེས་པ་ནས་འོག་ཏུ་གནོད་མཛེས་རྒྱལ་པོ། ཕྱིའི་ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ་ཞེས་དང་། འདུས་པའི་ལྷ་ཤེས་རབ་མ་དང་བཅས་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་རྣམས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དམར་ 12-4-8b པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར། ཨོཾ་ཨཱཿཧྲཱིཿ ཞེས་དང་། སོ་རྩི་ཕུལ་བའི་རྗེས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་པཱུ་ཛ་མེ་གྷ་ཞེས་དང་། ཉེར་སྤྱོད་ཀྱི་རྗེས་སུ། བཛྲ་དྷྲིཀ་ཨོཾ་ཨཱཿཧཱུཾ། ཞེས་པ་ནས། སུཾ་བྷ་རཱ་ཛ་ཨོཾ་ཨཱཿཧཱུཾ། ཨོཾ་ད་ཤ་དི་ཀ་ལོ་ཀ་པ་ལ་ས་པ་ཡི་ཝཱ་ར་ཨོཾ་ཨཱཿ ཧཱུཾ། ཞེས་སྦྱར་རོ། །ངག་ཏུ་མཛད་ཚུལ་གཅིག་ལ་སྨོན་པ་རྣམས་གཞན་རྣམས་ལའང་ཇི་ལྟར་རིགས་པར་སྦྱར་རོ། །བསམ་གཏན་གྱི་མདུན་བསྐྱེད་སྒྲུབ་ཚུལ་ནི། བདག་བསྐྱེད་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་རྫོགས་པར་བསྒོམས་པའི་རྗེས་སུ་མཆོད་བསྟོད་བྱས་ ཏེ། རྟེན་བརྟེན་པའི་དཀྱིལ་འཁོར་ལུས་ལ་བསྡུས་ལ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྦྱིན་ལས་འབྱུང་བ་ལྟར། རྡོ་རྗེ་ནི་ཐབས་དང་། དྲི་བུ་ནི་ཤེས་རབ་སྟེ། ཞེས་པ་ནས། ཨོཾ་བཛྲ་དྷརྨ་ར་ཎི་ཏ་ཞེས་སོགས་ཀྱིས་རྡོར་དྲིལ་བཟུངས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ ངང་ལས་བསྲུང་བའི་འཁོར་ལོའམ་ཡང་ན་སྐད་ཅིག་གིས་རྡོ་རྗེའི་ས་གཞིར་བ་གུར་བླ་རེ་མེ་རི་དང་བཅས་པ་རྫོགས་པའི་དབུས་སུ་ཞེས་པ་ནས། བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་གདན་ཞེས་པའི་བར་གྱིས་གཞལ་ཡས་ཁང་སྐྱེད་པ་གདན་དེ་རྣམས་ཀྱི་སྟེང་ དུ། ཨོཾ་ཨཱཿཧཱུཾ་ཧཱུཾ། ཨོཾ་ཨཱཿཨོཾ་ཧཱུཾ། ཞེས་པ་ནས། ཨོཾ་ཨཱཿཧཱུཾ་ཧཱུཾ། བཅུར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། སྣ་ཚོགས་རྡོ་རྗེ། འཁོར་ལོ། རྡོ་རྗེ། ཨུཏྤལ། སྣ་ཚོགས་རྡོ་རྗེ། མེ་ལོང་དམར་པོ། པི་ཝང་སྔོན་པོ། དྲིའི་དུང་ ཆོས། རོའི་སྣོད། ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་འཁོར་ལོས་མཚན་པ། འཁོར་ལོ། རིན་པོ་ཆེ་གཉིས། པདྨ་གཉིས། རལ་གྱི་གཉིས། དབྱུག་པ། རྡོ། པདྨ། སྣ་ཚོགས་རྡོ་རྗེ། རལ་གྲི། རྡོ་རྗེ། རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ། རྡོ་རྗེ་མཚན་པའི་དབྱུག་པ་ནག་པོ། རྡོ་ 12-4-9a དང་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས། རིམ་གྱིས་ལྷ་སུམ་ཅུ་སོ་གཉིས་སུ་གྱུར་པ་ནི། གདན་དབུས་མའི་སྟེང་དུ་རང་མི་བསྐྱོད་པ་ཞི་བ་མཐོང་ནག མི་བསྐྱོད་པའི་དབུ་རྒྱན་ཅན་ཅེས་པ་ནས། རལ་གྲི་འཛིན་པ། དབུ་སྐྲ་རང་པའི་ཐོར་ཚུགས་ཅན། མཚན་ བཟང་པོ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རང་གི་ཐུགས་ཀ་ནས་རང་རིགས་ཀྱི་རིག་མ་ཕྱུང་། སྟོང་པར་གྱུར། སྟོང་པའི་ངང་ལས་ཨོཾ་ཨཱཿཁཾ་ཧཱུཾ་ལས་རྡོ་རྗེ། དེ་རྣམས་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་ དབུ་རྒྱན་ཅན་ཞེས་དང་། འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་ཡབ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་པ་ནས། གནོད་མཛེས་ཀྱི་བར་རྣམས་སྒྲུབ་ཐབས་བཞིན་བསྐྱེད་པའི་རྗེས་སུ། ཡུམ་གྱི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་ བར་དུ་ཨོཾ་དཀར་པོ་ལས་རྣམ་སྣང་དཀར་པོ་མི་བསྐྱེད་པའི་དབུ་རྒྱན་ཅན་ཞེས་པ་ནས། ལྟེ་བ་ནས་བརླའི་རྩ་བའི་བར་དུ་ཧ་ལྗང་གུ་ལས་དོན་གྲུབ་ལྗང་གུ་ཞེས་པའི་བར་གྱིས་རིགས་ལྔ་བསྐྱེད་ནས། རང་གི་གསང་གནས་མི་དམིགས་པའི་ངང་ལས་ བྷྲཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ཞེས་པ་ནས་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་བུ་ག་ཡི་གེ་ཕཊ་ཀྱིས་བཀག་པ། རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་གང་ཧཱུཾ་སྙོམས་པར་འཇུག་པའི་ལས་ལ་གནས་པར་བྱས་པས། བྱང་ཆུབ་ཀྱི་ སེམས་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་པའི་ཐིག་ལེ་ཆ་སུམ་ཅུ་སོ་གཉིས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། ཨོཾ་ཨཱཿཧཱུཾ་ཧཱུཾ་ནས། ཨོཾ་ཨཱཿཧཱུཾ་ཧཱུཾ་བཅར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་གཉིས་ཞེས་པ་ནས། རྡོ་རྗེ་ 12-4-9b དང་། རྡོ་རྗེ་དེ་རྣམས་ཡོངས་སུ་གྱུར་པ་ལས་རིམ་གྱིས་ལྷ་སུ་ཅུ་སོ་གཉིས་སུ་གྱུར་པ་ནི། དབུས་སུ་མི་བསྐྱོད་པ་མཐིང་ནག་ཅེས་པ་ནས། གནོད་མཛེས་ཀྱི་བར་སྒྲུབ་ཐབས་བཞིན་བསྐྱེད་ལ། མི་བསྐྱོད་པ་རང་གི་ཏུགས་ཀར་དྲངས། བཛྲ་དྷྲིཀ་ཐུགས་ཀ་ནས་ ཕྱིར་ཕྱུང་ཕྱོགས་བཅུར་འཕྲོས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད། ཁྱད་པར་དུ་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་སྦྱངས་ནས་མི་བསྐྱོད་པའི་གོ་འཕང་ལ་བཀོད་སྤྲུལ་པ་རྣམས་གཅིག་ཏུ་འདུས། ཞེས་པ་ནས། གནོད་ མཛེས་རྒྱལ་པོ་རང་གི་ཐུགས་ཀར་དྲངས། སུམ་བྷ་རཱ་ཛ། ཐུགས་ཀ་ནས་ཕྱིར་ཕྱུང་ཕྱོགས་བཅུར་འཕྲོས། བརྟན་པ་དང་། གཡོ་བའི་དུག་དང་། ཀླུ་དང་ས་བདག་གི་གདོན་བཅོམ་སྤྲུལ་པ་རྣམས་གཅིག་ཏུ་འདུས། དེ་རྣམས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་ གཤེགས་ཏེ། རང་རང་གི་ཡེ་ཤེས་པ་དང་གཅིག་ཏུ་གྱུར་ནས་མཆོག་ཏུ་དགའ་བའི་སྐུ་དང་ལྡན་པས། སླར་འབྱོན་པར་བཞེད་པའི་སྒོ་ནས་བཞུགས་པར་གྱུར། རང་དང་རང་འདྲ་བའི་ཡེ་ཤེས་པའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། ཡེ་ཤེས་སེམས་དཔའ་སྐུ་ མདོག་དམར་པོ་ཞེས་པ་ནས། རང་སྣང་གི་ཤེས་རབ་མས་འཁྱུད་པ། དེའི་ཐུགས་ཀར་ཟླ་བའི་གདན། རྡོ་རྗེ་སྔོན་པོའི་ལྟེ་བའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ། དམ་ཚིག་པ་དང་ཡེ་ཤེས་པའི་ལྷ་གཞན་རྣམས་ཀྱི་ཐུགས་ཀར་ཟླ་བའི་གདན་ ལ་རང་འདྲའི་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་རེ་རེ། ཡེ་ཤེས་སེམས་དཔའ་རྣམས་ཀྱི་ཐུགས་ཀར་ཟླ་བའི་གདན་ལ། རྡོ་རྗེ་འཁོར་ལོ་ཞེས་པ་ནས། རྡོ་རྗེ་དང་། རྡོ་རྗེ་དེ་རྣམས་ཀྱི་དབུས་སུ་ཏི་ངེ་འཛིན་སེམས་དཔའ་ཁཾ་ཨོཾ་ནས་ 12-4-10a ཧཱུཾ་བཅུད་རྣམས་འོད་ཟེར་གྱི་ཕུང་པོ་དང་བཅས་པར་གྱུར། རང་དང་དམ་ཚིག་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པ་རྣམས་གཅིག་ཏུ་གྱུར་པས། ཡེ་ཤེས་པ་སེམས་དཔའ་ སུམ་བརྩེགས་ཅན་རྣམས་ཀྱི་ཏུགས་ཀར་བབས་པས་བསྐུལ་བའི་འོག་ཏུ་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་གནོད་མཛེས་བཀུག་ནས་མདུན་དུ་བཀའ་ནོད་པ་ལ། རྒྱལ་རྣམས་འབྱོན་པར་བསྐུལ་ཅིག་ཅེས་བསྒོས་པས། དེས་རང་ རང་དང་འདྲ་བའི་ཡེ་ཤེས་པ་རྣམས་སྤྱན་དྲངས་ཤིང་། དེ་རྣམས་ཀྱང་རང་རང་དང་འདྲ་བའི་དམ་ཚིག་པ་སོ་སོ་ལ་ཐིམས། རང་མི་བསྐྱོད་པ་ཞི་བ་དེ་ཡོངས་སུ་གྱུར་ནས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཅེས་སོགས་དང་། ཨེ་ཧྱེ་ཧི་བྷ་ག་ཝན་ས་མ་ ཡ་མ་ནུ་སྨར་ར་ཏིཥྠ་ཏིཥྠ་མ་ནུ་སྨ་ར་སྨ་ར། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ཅིང་། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོ་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་འོག་མིན་ནས་རྒྱལ་བ་ཐམས་ཅད་སྦྱན་དྲངས་ཏེ་མདུན་གྱི་ནམ་མཁའ་ལ་བཞུགས། ཨོཾ་ སརྦ་ཏ་ཐཱ་ག་ཏ་རཱུ་པ་བཱུ་ཛ་ཧེ་གྷ་ཞེས་སོགས་དང་། འདོད་ཡོན་ལྔས་མཆོད། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་ གྱུར་འདིར་གཤེགས་ཤིག །ལག་པ་གཡས་གོང་དུ་བྱས་ཏེ་ལག་ངར་གཉིས་བསྣོལ། མཛུབ་མོ་གཉིས་དཔུང་མགོའི་ཐད་དུ་ལྕགས་ཀྱུ་ལྟར་བྱས། མཐེ་བོ་དང་གུང་མོ་གཉིས་ཀྱིས་སེ་གོལ་བརྡབ་སླར་ཡང་གནས་པ་འོག་ཏུ་བྱས་ནས་སེ་གོལ་དེ་ལྟར་ 12-4-10b གཏོག་ཅིང་། ཨོཾ་བཛྲ་ས་མཱ་ཡ་ཛཿཛཿཛཿཛཿཛཿ ཧཱུཾ་བཾ་ཧོཿ ཡེ་ཤེས་པ་རྣམས་ཀྱང་རང་རང་སོ་སོའི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ལྷ་སོ་སོའི་རིགས་བདག་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་ལྷ་སོ་སོ་ ལ་དབང་བསྐུར་བར་གྱུར། དེ་ནས་མཆོད་པ་རྣམས་བསང་སྦྱང་སོགས་སྔར་ལྟར་བྱས་ལ། ཆུ་བཞི་སྒྲུབ་ཐབས་བཞིན་དབུལ། ལྷ་ཡི་མེ་ཏོག་དམ་པ་འདིས། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ཏེ། །མགོན་པོ་ མཆོད་པ་འདི་བཞེས་ཤིག །ཨོཾ་ཨཱཿབཛྲ་དྷྲིཀ་སྤརྴ་བཛྲ་པུཥྤེ་པྲ་ཏཱི་ཙྪ་ཧཱུཾ། ཞེས་མེ་ཏོག་དབུལ། དེ་བཞིན་དུ་མེ་ཏོག་གི་གནས་སུ་བདུག་སྤོས་ནས་རོལ་མོའི་བར་དང་། པུཥྤེའི་གནས་སུ་དྷཱུ་པེ་ནས་ཤཔྟའི་བར་བཅུག་ལ་ཉེར་སྤྱོད་གཞན་རྣམས་དབུལ་ལོ། ། གོང་གི་ཆུ་བཞི་ཚིགས་བཅད་ཀྱིས་དབུལ་ན་ཡང་། ལྷ་ཡི་མེ་ཏོག་ཅེས་པའི་མེ་ཏོག་གི་གནས་སུ་མཆོད་ཡོན་ཞབས་བསིལ། བསང་གཏོར་ཞེས་པ་རང་རང་གི་སྔགས་ཀྱི་གོང་དུ་བཅུག་ལ་དབུལ་ལོ། །ཕྱག་རྒྱའི་རྣམ་པ་སྔོན་པོ་སོགས། །ཞེས་པ་ནས། ལྷ་རྣམས་ ལུས་ལ་དབུལ་བར་བྱ། །ཞེས་པའི་བར་དང་། ཨོཾ་ཨཱཿབཛྲ་དྷྲིཀ་སྤརྴ་བཛྲ་རུ་པ་པྲ་ཏཱི་ཙྪ་ཧཱུཾ། ཞེས་འདོད་ཡོན་ལྔ་མཆོད། དེ་ནས་ནང་མཆོད་སྒྲུབ་ཐབས་ལྟར་དབུལ། བདུད་རྩི་ལྔ་ཡི་བཟང་བ་ནི། །དངོས་གྲུབ་ཀུན་བྱེད་དེ་ཉིད་མཆོག །དཀྱིལ་འཁོར་མཆོད་པ་ ཞེས་སོགས་དང་། ཨོཾ་ཨཱཿབཛྲ་དྷྲིཀ་སྤརྴ་བཛྲ་པཉྩ་ཨ་མྲྀ་ཏ་པྲ་ཏཱི་ཙྪ་ཧཱུཾ། ཞེས་བདུད་རྩི་ལྔ་ཐོད་པར་བླུག་པ་ལག་པ་གཡས་པར་ཐོགས། གཡོན་པའི་མཐེབ་སྲིན་ཀྱིས་དབུལ། གསང་བའི་འཁོར་ལོ་ཨིནྡྲ་ནཱི་ལ་ལྟར། །ཞེས་པ་ནས། ཨཱ་ལི་ཀཱ་ལིའི་གདངས་སུ་ 12-4-11a ཤར་བ་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་དབུལ། །ཞེས་པའི་བར་དང་། ཨོཾ་ཨཱཿབཛྲ་དྷྲི་ཀ་སྤརྴ་བཛྲ་པུཥྤེ་པྲ་ཏཱི་ཙྪ་ཧཱུཾ། ཞེས་སོགས་ཀྱིས་གསང་བའི་ཉེར་སྤྱོད་ལྔ་དབུལ་ཞིང་། གསང་བ་སྙོམས་འཇུག་གི་མཆོད་པ་ སྒྲུབ་ཐབས་བཞིན་བྱའོ།། དེ་ནས། བདག་མིང་འདི་ཞེས་བགྱི་བས་འདིར། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྲོང་། །ཡོད་བྱད་ཅི་འབྱོར་པ་ཡིས་ནི། །དཀྱིལ་འཁོར་མཆོད་པ་ཞེས་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠ་ནཱ་ཡ་ཨཱདྨ་ནཾ་ནི་རྱཱ་ཏ་ཡཱ་མི། ཨོཾ་ ཨཱཿཧཱུཾ་ཞེས་པ་ནས་འདི་དབུལ། དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་མཆོད་པའི་ང་རྒྱལ་བཟུངས། དེ་ནས་དད་པ་ཆེན་པོ་སྔོན་འགྲོ་བས། ན་བཟའ་དང་། རིན་པོ་ཆེའི་རྒྱན་ཅི་འབྱོར་དང་ཡིད་ཀྱིས་ཀྱང་རྒྱ་ཆེར་སྤྲུལ་ཏེ། སྣ་ཚོགས་ དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་དབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་ཨ་ནུཏྟ་ར་སརྦ་པཱུ་ཛ་མེ་གྷ་ས་མུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་གླུ་ གར་རོལ་མོ་དང་བཅས་པ་དབུལ་ལོ། །རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཨོཾ་ བཛྲ་ཨ་ལཾ་ཀ་ར་ཝ་པུ་ཥ་ནི་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བརྒྱན་དབུལ། བརྩེ་བའི་ཁོར་ཡུག་སྙན་པའི་བ་དན་དང་། །ཏིང་འཛིན་བླ་བྲེ་སྤོབས་པའི་འདོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག ། 12-4-11b ཨོཾ་བཛྲ་མ་ཧཱ་པཱུ་ཛ་མེ་གྷ་ཨཱཿ ཧཱུཾ་སྭཱ་ཧཱ། ཞེས་གདུགས། བ་དན། བླ་བྲེ། རོལ་མོ་ལ་སོགས་པ་དབུལ། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདི། །སྣ་ཚོགས་བཅུད་ཀྱིས་བཀང་སྟེ་ཕུལ་བ་ཡིས། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་དག་སྟེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་ པར་ཤོག །ཨོཾ་བཛྲ་ཀ་ལ་ཤ་ཨཱཿ ཧཱུཾ་སྭཱ་ཧཱ། ཞེས་གང་བུམ་དབུལ། དེ་ནས་དྲིལ་བུ་དཀྲོལ་ཞིང་། མི་བསྐྱོད་རྡོ་རྗེ་ཞེས་སོགས་སམ། གང་ཞིག་གཟུགས་དང་ཚོར་བ་ཞེས་སོགས་ཀྱིས་བསྟོད། །གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །ཞེས་པ་ནས། སེམས་ཅན་མྱ་ ངན་འདས་ལ་འགོད། །ཅེས་པའི་བར་གྱིས་སྡོམ་པ་བཟུངས། དེ་ནས་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད། འཁོར་རྣམས་ཀྱི་ཉེར་གཅིག་རེ། བརྟན་བྱེད་དུ་ཡི་གེ་བརྒྱ་པ་བཟླས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་བཏང་། ནང་གི་སྦྱིན་སྲེག་ཚོགས་ཀྱི་ མཆོག་པ་བྱ། སླར་ཡང་མཆོད་བསྟོད་རྒྱས་བསྡུས་གང་རུང་བྱ། དེའི་རྗེས་སུ། དེ་ལྟར་སྒྱུ་མ་ཇི་བཞིན་རྨི་ལམ་བཞིན། ཞེས་སོགས། བསྔོ་བ་སྨོན་ལམ་བྱ། དེ་ནས་ལྷག་ཆད་ཀྱི་ཉེས་པ་ཞི་བའི་ཕྱིར། ཡི་གེ་བརྒྱ་པ་ལན་གསུམ་བརྗོད། མེ་ཏོག་དང་བཅས་པའི་ཐལ་ མོ་སྙིང་གར་སྦྱར་ལ། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་ཀྱིས་བཟོང་པར་སོལ་ནས། བསྟན་པ་རྒྱས་པ་ལ་སོགས་པའི་དོན་དུ་གསོལ་བ་གདབ་བོ། །དེ་ནས། བདག་དངོས་གྲུབ་མཆོག་སྩོལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། སེམས་ཅན་ཀུན་ལ་ ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པ་སྩོལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ལྷ་རྣམས་སྤྱན་དྲངས་ཏེ། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་འཁོད་པ་ 12-4-12a ནི། སྤྱི་བོར་རྣམ་སྣང་ཞེས་པ་ནས། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ་ཞེས་པ་ནས། དམ་ཚིག་པ་རྣམས་རང་གི་ལུས་ལ་གཞུག་ཅིང་། སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་རྡོ་རྗེ་འཆང་དུ་གྱུར། ཅེས་ བརྗོད་ཅིང་དེ་ལྟར་བསམ་མོ། །དེ་ནས། རབ་ཡངས་ནམ་མཁའ་ཏིལ་གྱི་གང་བུ་བཞིན། །ཞེས་པ་ནས། ཕྱོགས་བཅུའི་རབ་འབྱམས་ཞིང་ན་བཞུགས་པ་ཡི། །དཔལ་ལྡན་འདུས་པའི་དགེ་འདུན་དཀོན་མཆོག་ནི། །རྒྱུད་ཀྱི་རྒྱལ་པོའི་ལུང་རྟོགས་དམ་ཆོས་ཀྱི། །ཕྱོགས་ གཅིག་འཛིན་པ་ཡན་ཅད་ཐམས་ཅད་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཞེས་སོགས་ནས། ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཅེས་པའི་བར་ལ་སོགས་པ་རྣམས་ཀྱིས་ཤིས་བརྗོད་པར་བྱའོ། །བདག་བསྐྱེད་རྡོ་རྗེ་ སྔགས་ཀྱིས་སྦྱངས། །གཉིས་བསྐྱེད་སུམ་བརྩེགས་བསྐུལ་བསྒོ་བསྟིམ། །སྤྱན་དྲངས་མཆོད་གསོལ་བསྐུལ་བསྟིམ་དབང་། །མཆོད་བསྐྱེད་ཆུ་བཞི་ཉེར་སྤྱོད་དང་། །འདོ་ཡོན་ནང་མཆོད་བདུད་རྩི་སྟོབ། །གསང་མཆོད་བདག་དབུལ་ང་རྒྱལ་བཟུངས། །ན་བཟའ་རྒྱན་ གདུགས་བུམ་པ་དབུལ། །བསྟོད་དང་སྡོམ་བཟུང་བཟླས་གཏོར་ཚོགས། །མཆོད་དང་བསྟོད་པ་བསྔོ་ཡིག་བརྒྱ། །བཟོད་གསོལ་གསོལ་བཏབ་གཤེགས་སུ་གསོལ། །ལུས་ལ་བསྡུ་དང་སྣོད་བཅུད་བསྐྱེད། །མཐར་ནི་ཤིས་པ་བརྗོད་པ་སྟེ། །བསམ་གཏན་སྒྲུབ་ མཆོད་སྡོམས་བསྡུས་པའོ། །བཀྲ་ཤིས་པར་གྱུར་ཅིག །ཆོས་རྗེ་རིན་པོ་ཆེ་བློ་བཟང་གྲོགས་པའི་དཔལ་གྱིས་ཇི་ལྟར་གསུངས་པ་ལྟར། ཚིག་ཕྱེད་ཀྱང་མ་འཁྲུལ་བར་འབྲི་ཁུང་འདུལ་འཛིན་པས་ཟིན་བྲིས་སུ་བཏབ་པའོ།། མངྒ་ལཾ།། །། 12-4-12b empty page 12-5-1a ༄༅། །དཀྱིལ་འཁོར་ཀུན་གྱི་ས་ཆོག་གི་སྐབས་ཀྱི་གར་ཕྲེང་བའི་དགོངས་པ་བཞིན་རྗེའི་ཞལ་ སྔ་ནས་གསུངས་པ་དཀའ་བཞི་པ་གྲགས་པ་རྒྱལ་མཚན་གྱིས་བཀོད་པ་བཞུགས་སོ།། 12-5-1b ༄༅། །བླ་མ་དམ་པ་རྣམས་ལ་ཕྱགས་འཚལ་ལོ། །དཀྱིལ་འཁོར་ཀུན་གྱི་ས་ཆོག་གི་སྐབས་ང་རྒྱལ་བཟུང་བའི་རྗེས་སུ། རྐང་པ་གཉིས་མཉམ་པར་བྱས་ལ། རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་ བྱུང་བའི་རྡོ་རྗེ་འབར་བ་རེ་རེ། ཞེས་ངག་ཏུ་བརྗོད་ཅིང་དེ་ལྟར་བསམས་ལ། རྡོར་དྲིལ་ཕྱག་པའི་ཕྱོགས་སུ་ཅུང་ཟད་སྟོད་དོ། །རྡོ་རྗེ་གསོར་དྲིལ་བུ་གསིལ། དེ་ནས་ངག་ཏུ་ཧཱུཾ་རིང་པོ་དབྱངས་དང་བཅས་པ་བརྗོད། ལུས་ འགྱིང་བ་དང་བཅས་པས་གར་བསྐོར་བ་སྟེ། པད་ཀོར་ཆེན་པོར་བྱེད་ཅིང་། རྐང་པ་གཡས་མདུན་དུ་གཡོན་ཕྱོགས་སུ་བཞག་དེ་ནས་གཡོན་ཕྱིར་སྤོས་ཏེ་གཡས་བརྐྱང་བྱ། དེ་ནས་གཡས་གཡོན་པའི་རྒྱབ་ཏུ་སྤོས་ཏེ། རྐང་པ་གཉིས་བསྣོལ། དེ་ནས་གཡོན་ཕྱིར་སྤོས་ཏེ་མདུན་དུ་ལག་པ་ཅུང་ཟད་སྨད། རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་། དབང་ལྡན་དུ་ཕྱིན་ལ། སློབ་མ་དང་ལྷན་ཅིག་འགྲོས་དེ་ལྟ་བུས། དཀྱིལ་འཁོར་གྱིས་གཞི་གཡས་ སྐོར་དུ་ལན་ཅིག་བསྐོར་ལ། དབང་ལྡན་དུ་ཕྱིན་ཏེ་ཁ་ནང་དུ་བལྟས་ལ་བཀའ་བསྒོ་བྱ། ཡང་ན་རྡོ་རྗེ་རྩེ་གཅིག་པ་ལྟ་བུའི་འགྲོས་ཀྱིས་དབུས་ནས་དབང་ལྡན་དུ་འགྲོ་བ་དང་། དཀྱིལ་འཁོར་ལ་གཡས་སྐོར་ལན་ཅིག་བྱས་ 12-5-2a ལ། བཀའ་བསྒོ་བྱ། དེ་ནས་རྡོ་རྗེའི་འགྲོས་བྱ་བ་ནི། དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས། མིག་གཉིས་ལག་གཉིས་དེ་བཞིན་དཀུར། །རྐང་པ་གཞོགས་སུ་གཡས་སྐོར་དུ། །ཕེག་ རྡོབ་སྦྱོར་བས་བསྐོར་བར་བྱ། །སླར་ཡང་གཡོན་དུ་དེ་བཞིན་ནོ། །དེ་ནས་རྒྱུག་པའི་གར་བྱས་ནས། དེ་ནས་གཡོ་ཞིང་གར་བྱའོ། །མྱུར་དུ་ཕེག་རྡོབ་དེ་བཞིན་དུ། གར་བྱས་འཁོར་ལོ་རབ་བསྐོར་ཅིང་། །ཞེས་དང་། དབང་ལོའི་འགྱུར་ལས། གར་བྱས་འཁོར་ལོ་འདྲར་བསྐོར་ཅིང་། །ཞེས་དང་། བཟང་པོ་ཡོངས་གཟུང་ལས། འཁོར་ལོ་ལྟ་བུར་འཁོར་བས་བྱ། །ཞེས་གསུངས་པའི་རྡོ་རྗེ་རྩེ་གཅིག་པའི་འགྲོས་ཀྱི་ཚུལ་ནི། རྐང་ པ་གཉིས་མཉམ་དུ་གཤིབས་ལ། རྐང་མཐིལ་གཉིས་སུ། ཧཱུཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་འབར་བ་རེ་རེ་ཞེས་བརྗོད་ཅིང་། དེ་ལྟར་བསམས་ལ། ངག་ཏུ་ཧཱུཾ་རིང་པོ་དབྱངས་དང་བཅས་པ་བརྗོད་ཅིང་ལུས་ འགྱིང་བ་དང་བཅས་པས་པད་ཀོར་བྱས་ལ། རླང་པ་གཡས་ཅུང་ཟད་བཏེག་ལ་འགྱིང་བ་དང་བཅས་པས་གཞག དེ་བཞིན་དུ་གཡོན་དུ་ཅིང་ཟད་བཏེག་ལ་རྐང་པ་གཉིས་མཉམ་པོར་གཤིབས། དེ་ནས་རྐང་པ་གཡས་ 12-5-2b གཡོན་ཕྱོགས་ནས་གཡས་སུ་མདུན་དུ་བསྐོར་ལ་གཤིབ་ཏེ། རྡོ་རྗེའི་ལྟ་བ་བྲི། དེ་ནས་མིག་རྒྱབ་ཏུ་བལྟ་ཞིང་རྐང་པ་གཡས་རྒྱབ་ཕྱོགས་སུ་བཞག་སྟེ། རྒྱབ་ཀྱི་རྭ་བྲི། དེ་ནས་མིག་མདུན་དུ་བལྟ་ཞིང་། རྐང་པ་གཡས་མདུན་དུ་བཞག་སྟེ། མདུན་གྱི་རྭ་བྲི། དེ་ནས་རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་རྐང་པ་གཉིས་ མཉམ་པོར་བྱ། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་དགུ་སྟེ་སྟ་ཟུར་གྱི་ཕྱོགས་སུ་ཁ་ནང་དུ་བསྟན་ཏེ་བཞག་ལ། ངག་ཏུ་དབྱངས་མེ་དཔའི་ཧཱུཾ་བརྗོད་ཅིང་། རྐང་པ་གཡས་བཏེག་སྟེ་རྒྱབ་ཏུ་གཡས་སྐོར་དུ་བསྐོར་ལ། དྲིལ་བུ་གཡས་ཕྱོགས་སུ་ལག་པ་གཡས་ པའི་སྟེང་དུ་གསིལ་ནས། ལག་པ་གཡས་སྟེང་དུ་བྱས་ནས་ཐལ་མོའི་སྒྲ་བྱ། སླར་ཡང་གཡོན་སྟེང་དུ་བྱས་ནས་ཐལ་མོའི་སྒྲ་བྱའོ། །དེ་བཞིན་དུ་རྐང་པ་གཡོན་ཅུང་ཟད་བཏེག་སྟེ་ཧཱུཾ་ཞེས་བརྗོད་ཅིང་། རྒྱབ་ཏུ་གཡོན་ཕྱོགས་སུ་བསྐོར་ལ། སྔར་ བཞིན་དྲིལ་བུ་གཡོན་ཕྱོགས་སུ་གསིལ་ནས་སྔར་བཞིན་ཕེག་རྡོབ་བོ། །དེ་དག་ནི། མིག་གཉིས་ལག་གཉིས་དེ་བཞིན་དཀུར། །ཞེས་པ་ནས། སླར་ཡང་གཡོན་དུ་དེ་བཞིན་ནོ། །ཞེས་པའི་བར་གྱི་དོན་ནོ། །དེ་ནས་སྔར་ལྟར་ངག་གིས་ཧཱུཾ་རིང་པོ་དབྱངས་ དང་བཅས་པ་དང་། ལུས་འགྱིང་བ་དང་བཅས་པས་པད་ཀོར་ཆེན་པོ་བྱས་ལ། རྐང་པ་གཡོན་ཅུང་ཟད་འདེགས་པ་དང་། དེ་ནས་གཡས་ཅུང་ཟད་བཏེག་ལ་མདུན་དུ་རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་མཉམ་པོར་བྱ། དེ་ནས་སྔར་བཞིན་ལག་པ་གཉིས་ རྡོ་རྗེ་ཁུ་ཚུ་སྟ་ཟུར་དུ་བཞག་ལ། རྐང་པ་གཡས་མདུན་དུ་བཏེག་སྟེ། ངག་ཏུ་དབྱངས་མེད་པའི་ཧཱུཾ་ཞེས་བརྗོད་ཅིང་། རྐང་པ་གཉིས་མཉམ་དུ་མདུན་དུ་ཅུང་ཟད་ལན་གཅིག་མཆོང་ཞིང་། སླར་ཡང་གཡོན་ཅིང་ཟད་མདུན་དུ་བཏེག་སྟེ། སྔར་བཞིན་ 12-5-3a ལན་གཅིག་ཅུང་ཟད་མཆོང་བ་ནི་རྒྱུག་པའི་གར་ཏེ། དེ་ནས་རྒྱུག་པའི་གར་བྱས་ནས། །ཞེས་པའི་དོན་ནོ། །དེ་ནས་སྔར་བཞིན་ཧཱུཾ་རིང་པོ་དབྱངས་དང་བཅས་པ་པད་ཀོར་ཆེན་པོ་བྱས་ལ། རྐང་པ་གཡས་ཅུང་ཟད་འདེགས་པ་དང་། དེ་ནས་གཡོན་ཅུང་ཟད་བཏེག་སྟེ། མདུན་དུ་རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་མཉམ་པོར་བྱ་བ་ནི་གཡོ་བའི་གར་ཏེ། དེ་ནས་གཡོ་ཞིང་གར་བྱའོ། །ཞེས་པའི་དོན་ནོ། །དེ་དག་ནི་གཡས་ཀྱིས་རྡོ་རྗེ་རྩེ་གཅིག་པ་བྲི་བའི་ཚུལ་ལོ། །གཡོན་པས་བྲི་བ་ནི། གཡོན་ མདུན་གྱི་གཡས་ཕྱོགས་ནས་གཡོན་དུ་བསྐོར་ཅིང་། མཉམ་པར་བྱས་ལ་རྡོ་རྗེའི་ལྟེ་བ་བྲི་ཞིང་། མིག་ཕྲག་གོང་གཡོན་ཕྱོགས་ནས་རྒྱབ་ཏུ་བལྟས་ལ། རྐང་པ་གཡོན་སྔར་བཞིན་རྒྱབ་ཏུ་བཞག །དེ་ནས་མིག་མདུན་དུ་བལྟ་ཞིང་། གཡོན་མདུན་ དུ་བཞག་སྟེ་རྒྱབ་མདུན་གྱི་རྭ་བྲི་ཞིང་། དེ་ལྟར་བསེམས་ལ་རྐང་པ་གཉིས་མཉམ་པོར་བྱ། སྐོར་བའི་ཚེ་གཡོན་དང་པོར་བཏེག་སྟེ་གཡོན་དུ་བསྐོར། གཡས་བཏེག་སྟེ་རྗེས་སུ་བསྐོར། རྒྱུག་པའི་ཚེ་ཡང་གཡོན་མདུན་དུ་བཏེག་སྟེ་མཆོངས་པའི་ རྗེས་སུ་གཡས་ཅིང་ཟད་བཏེག་སྟེ་མཆོང་བྱའོ། །གཞན་ཐམས་ཅད་ནི་གཡས་ཀྱིས་བྲི་བའི་སྐབས་བཞིན་བྱ། རྐང་པ་བཏེག་སྟེ་གཡས་གཡོན་དུ་འཁོར་ལོ་ལྟར་བསྐོར་ནས། མྱུར་དུ་ཕེག་རྡོབ་པ་དང་བཅས་པའི་རྡོ་རྗེའི་འགྲོས་ཀྱི་གར་དང་ པོར་བྱས་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་མཐའ་ཇི་སྲིད་བསྐོར་བའི་བར་དུ་བྱ་སྟེ། མྱུར་དུ་ཕེག་རྡོབ་དེ་བཞིན་དུ། ཞེས་སོགས་ཀྱི་དོན་ནོ། །དེ་ཡང་གཡས་གཡོན་གྱི་རྡོ་རྗེའི་འགྲོས་སྤེལ་མར་བྱའོ། །རྡོ་རྗེ་རྩེ་གསུམ་པའི་འགྲོས་ཀྱི་ཚུལ་ནི། རྐང་ 12-5-3b མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་འབར་བ་རེ་རེ། ཞེས་བརྗོད་ཅིང་དེ་ལྟར་བསམས་ལ། རྐང་པ་གཡས་ཀྱིས་དང་པོར་རྒྱབ་ཀྱི་རྭ་དབུས་མ། དེ་ནས་རང་གི་གཡོན་ཕྱོགས་ཀྱི་རྭ། དེ་ནས་གཡས་ཀྱི་རྭ་བྲིས་ལ། དེ་ནས་མདུན་གྱི་དབུས་ རྭ། དེ་ནས་རང་གི་གཡོན་ཕྱོགས་ཀྱི་རྭ། དེ་ནས་གཡས་ཕྱོགས་ཀྱི་རྭ་བྲིའོ། །གཡོན་པས་བྲི་ཚུལ་ནི། རྒྱབ་མདུན་གྱི་དབུས་རྭ་བྲིས་པའི་རྗེས་སུ། དང་པོར་རང་གི་གཡས་དང་དེ་ནས་གཡོན་ཕྱོགས་ཀྱི་རྭ་བྲིའོ། །རྡོ་རྗེ་རྩེ་ལྔ་པའི་འགྲོས་ཀྱི་ཚུལ་ནི། རྐང་མཐིལ་གཉིས་ སུ་ཧཱུཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་འབར་བ་རེ་རེ། ཞེས་བརྗོད་ཅིང་དེ་ལྟར་བསམས་ལ། གཡས་པས་རྒྱབ་ཀྱི་དབུས་རྭ་བྲིས་པའི་རྗེས་སུ། རང་གི་རྒྱབ་ཕྱོགས་ཀྱི་གཡོན་དང་གཡས་ཀྱི་ཕྱི་རྭ་རིམ་པ་བཞིན་བྲིས་ལ། དེ་ནས་གཡོན་དང་གཡས་ཀྱི་ནང་རྭ་གཉིས་ བྲིའོ། །མདུན་གྱི་ཡང་གཡས་པས་དབུས་རྭ་བྲིས་པའི་རྗེས་སུ། རང་གི་མདུན་ཕྱོགས་ཀྱི་གཡོན་དང་གཡས་ཀྱི་ཕྱིར་རྭ་བྲིས་ལ། དེ་ནས་དེ་གཉིས་ཀྱི་ནང་དུ་གཡོན་པ་དང་གཡས་ཀྱི་ནང་རྭ་བྲིའོ། །གཡོན་པས་བྲི་བའི་ཚེ། རྒྱབ་མདུན་གྱི་དབུས་རྭ་བྲིས་པའི་ རྗེས་སུ། རང་གི་རྒྱབ་མདུན་གྱི་གཡས་རྭ་དང་པོར་བྲིས་ལ། གཡོན་རྭ་རྗེས་སུ་བྲིའོ། །སྣ་ཚོགས་རྡོ་རྗེ་བྲི་བའི་ཚུལ་ནི། རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་བྱང་བའི་སྣ་ཚོགས་རྡོ་རྗེ་འབར་བ་རེ་རེ། ཞེས་བརྗོད་ཅིང་དེ་ལྟར་བསམས་ལ། རྐང་པ་གཡས་པས་ རྒྱབ་ཀྱི་དབུས་རྭ་བྲིས་པའི་རྗེས་སུ། གཡོན་དང་གཡས་ཀྱི་རྒྱབ་རྭ་བྲི། དེ་ནས་རྐང་པ་གཡས་པས་གཡས་ཀྱི་དབུས་རྭ་བྲིས་པའི་རྗེས་སུ། གཡས་དང་གཡོན་ཕྱོགས་ཀྱི་རྭ་བྲིའོ། །དེ་ནས་རྐང་པ་གཡོན་པས་གཡོན་གྱི་དབུས་རྭ་བྲིས་པའི་རྗེས་སུ། 12-5-4a གཡོན་དང་གཡས་ཀྱི་རྭ་བྲི། དེ་ནས་གཡོན་པས་མདུན་གྱི་དབུས་རྭ་བྲིས་པའི་རྗེས་སུ། རང་གི་གཡས་དང་གཡོན་ཕྱོགས་ཀྱི་རྭ་གཉིས་བྲིའོ། །དེ་ནས་གཡོན་པས་སྣ་ཚོགས་རྡོ་རྗེ་བྲི་བའི་ཚེ། རྐང་པ་གཡོན་པས་རྒྱབ་ དང་གཡོན་གྱི་རྭ་གསུམ་རིམ་བཞིན་བྲིས་ལ། དེ་ནས་གཡོན་པས་གཡས་ཕྱོགས་དང་མདུན་གྱི་རྭ་གསུམ་བྲིའོ། །ཁྱད་པར་ནི་རྒྱབ་དང་མདུན་གྱི་དབུས་རྭ་བྲིས་པའི་རྗེས་སུ། རྒྱབ་ཀྱི་གཡས་ཕྱོགས་ཀྱི་རྭ་དང་། མདུན་གྱི་གཡོན་ཕྱོགས་ཀྱི་རྭ་དང་པོར་བྲིའོ། ། རྡོ་རྗེའི་འགྲོས་ཕྱི་མ་གསུམ་གྱི་སྐབས་སུ་རྭ་བྲི་བའི་ཁྱད་པར་རྣམས་མ་གཏོགས་པ་གཞན་སྔ་ཕྱི་ཐམས་ཅད་ནི་རྡོ་རྗེ་རྩེ་གཅིག་པའི་འགྲོས་ཀྱི་སྐབས་ཇི་ལྟ་བ་བཞིན་བྱའོ། །རྡོ་རྗེའི་འགྲོས་རེ་རེས་ཀྱང་དབང་ལྡན་ནས་བརྩམས་ཏེ་གཡོས་སྐོར་དུ་སྐོར་བ་རེ་ རེའམ་གསུམ་གསུམ་མམ། ཡང་ན་སྐོར་བ་གཅིག་ལ་འགྲོས་བཞི་ལ་རྫོགས་པར་བྱའོ། །དེ་ལ་རྒྱ་མཚོའི་རླབས་འགྲོས་ནི། རྐང་པ་གཡོན་སྔོན་ལ་བཏེག་པའི་གཡོན་པའི་གར་སྔར་ལྟར་བྱས་ལ། རྐང་པ་གཡོན་མདུན་ཕྱོགས་སུ་སྤོ་ཞིང་ལག་པ་གཉིས་ སྡིགས་མཛུབ་གྱེན་དུ་བསྟན་པ་རྐང་པ་གཡོན་བསྐུམས་པའི་པུས་མོའི་ཐད་ཀྱི་སྟེང་དུ་ཁྱེར་ལ། སྡིགས་མཛུབ་ཁ་ཕྱིར་བསྟན་ལ། གཡས་ཕྱོགས་སུ་ཁྱེར་ཏེ་ཅུང་ཟད་སྟོང་ལ་གཡོན་བརྐྱངས། དེ་ནས་སྡིག་མཛུབ་ཁ་གྱེན་དུ་བསྟན་ལ་རྐང་པ་ གཡས་བཏེག་པ་དང་ལྷ་ཅིག་གཡོན་ཕྱོགས་སུ་ཁྱར་ལ། སླར་སྡིགས་མཛུབ་གཉིས་ཁ་ཕྱིར་བསྒྱུར་ལ་གཡས་སུ་ཁྱེར་ཞིང་། རྐང་གཡས་གཡས་ཕྱོགས་སུ་ཁྱེར་ལ་གཡོན་བརྐྱངས་དང་། དེ་ནས་སྡིགས་མཛུབ་གཉིས་ཁ་ཕྱིར་བསྒྱུར་ལ་ 12-5-4b གཡོན་དུ་ཁྱེར་ཞིང་། གཡས་བརྐྱང་བྱ་ཞིང་དྲིལ་བུ་བསིལ། གཡོན་པས་བྱེད་པའི་ཚེ། རྐང་པ་གཡས་སྔ་འདེགས་པ་སོགས་སྔ་མ་ལས་བཟློག་སྟེ་བྱའོ། །རི་བོ་འདེགས་པ་ནི་རྐང་པ་གཡས་སྔར་འདེགས་པའི་གཡོ་བའི་གར་བྱས་ལ། ཐལ་མོ་གཡོན་པའི་སྟེང་དུ་ གཡས་པ་མདུན་ཕྱོགས་སུ་སྨད་པ་བཞག་ཅིང་། རྐང་པ་གཡས་མདུན་དུ་གཡོན་དང་ཉེ་བར་བཞག་ལ། རྐང་པ་གཉིས་གཡོན་དུ་ཅུང་ཟད་དྲུད་ལ་ལུས་སྨད་ཅུང་ཟད་གཡོན་དུ་བསྐོར་ཅིང་། ལག་པ་གཉིས་ཐད་ཀར་ཐལ་མོ་བརྐྱངས་ཏེ་ཕྲག་པའི་ཕྱོགས་སུ་ཁྱེར་ ལ། རི་བོ་འདེགས་པའི་ཚུལ་བྱ། དེ་ནས་པད་ཀོར་ཆེན་པོ་བྱས་ལ། ལག་པ་གཉིས་སྔར་བཞིན་ཐལ་མོ་བརྐྱངས། རྐང་པ་གཡས་གཡས་སྐོར་དུ་འགྲོ་བའི་ཕྱོགས་སུ་སྤོས་ཏེ་གཡོན་བརྐྱངས། དེ་ནས་གཡས་བརྐྱངས་ཏེ། ཕྲག་གོང་དུ་ཐལ་མོ་བརྐྱངས་པ་རི་བོ་ འདེགས་པའི་ཚུལ་བྱའོ། །གཡོན་གྱིས་སྒྲུབ་པའི་ཚེ། རྐང་སྟབས་དང་ལུས་ཅུང་ཟད་སྐོར་བ་སོགས་སྔ་མ་ལས་བཟློག་སྟེ་བྱའོ། །རོལ་པའི་བསྐྱོད་པ་ནི། སྔ་མ་ལྟར་གཡོ་བའི་གར་བྱས་ལ། རྐང་པ་གཡས་མདུན་དུ་སྤོས་ཤིང་། ལག་པ་གཉིས་སྡིགས་མཛུབ་ ཕྱིར་བསྒྱུར་ལ་གཡོན་ཕྱོགས་སུ་ཁྱེར་ཞིང་། རྐང་པ་གཡོན་པའི་མཐིལ་གཡས་པའི་ལོང་བུའི་གོང་དུ་སྦྱར། ཡང་གཡོན་པ་མདུན་དུ་སྤོས་ཏེ་སྡིགས་མཛུབ་ཕྱིར་བསྒྱུར་ལ་གཡས་སུ་ཁྱེར་ཞིང་། རྐང་པ་གཡས་པའི་མཐིལ་གཡོན་པའི་ལོང་བུའི་གོང་ དུ་སྦྱར། དེ་ནས་རྐང་པ་གཡས་གཡས་སྐོར་དུ་འགྲོ་བའི་ཕྱོགས་སུ་སྤོ་ཞིང་། སྡིགས་མཛུབ་ཕྱིར་བསྒྱུར་ལ་གཡས་སུ་ཁྱེར་ཞིང་། གཡོན་བརྐྱངས་དང་། ཡང་སྡིགས་མཛུབ་ཕྱིར་བསྒྱུར་ཅིང་གཡོན་དུ་ཁྱེར་ལ་གཡས་བརྐྱང་བྱ་ཞིང་དྲི་བུ་གསིལ་ 12-5-5a ལོ། །གཡོན་པས་སྒྲུབ་པོའི་ཚེ་སྔ་མ་ལས་བཟློག་སྟེ་བྱའོ། །ཁྲོ་བོའི་བསྐྱོད་པ་ནི། གཡོ་བའི་གར་སྔ་མ་ལྟར་བྱས་ལ། རྐང་པ་གཡས་རྒྱབ་ཏུ་ཅུང་ཟད་སྤོ་ཞིང་། པད་ཀོར་བྱས་པའི་ལག་པ་གཡས་ཕྲག་པ་གཡས་ཕྱོགས་ དང་གཡོན་ཅུང་ཟད་སྨད་པ་མདུན་དུ་ཁྱེར། དེ་ནས་སྡིགས་མཛུབ་ཕྱིར་བསྒྱུར་ལ་གཡོན་དུ་ཁྱེར་ཞིང་། རྐང་པ་གཡས་སྔར་བཏེག་ལ་དང་པོ་གཉིས་ཀྱིས་དྲག་ཏུ་མདུན་དུ་ཅུང་ཟད་གཡོན་དུ་ཉེ་བར་མཆོང་ཞིང་། སླར་གཡོན་སྔར་བཏེག་སྟེ། སྡིགས་མཛུབ་ གཉིས་ཕྱིར་བསྒྱུར་བ་གཡས་སུ་ཁྱེར་ཤིང་། མདུན་དུ་གཡས་དང་ནེ་བར་ཅུང་ཟད་མཆོངས་ལ། དེ་ནས་སྡིགས་མཛུབ་ཕྱིར་བསྒྱུར་ལ་གཡས་སུ་ཁྱེར་ཞིང་། རྐང་པ་གཡས་གཡས་སྐོར་དུ་འགྲོ་བའི་ཕྲོགས་སུ་སྤོ་སྟེ། གཡོན་བརྐྱངས་དང་། དེ་ནས་སྡིགས་མཛུབ་ གཉིས་ཕྱིར་བསྒྱུར་ཅིང་གཡོན་དུ་ཁྱེར་ལ། གཡས་བརྐྱང་བྱ་ཞིང་དྲིལ་བུ་དཀྲོལ་ལོ། །གཡོན་པས་སྒྲུབ་ཚུལ་ནི། སྔ་ལས་བཟློག་སྟེ་བྱའོ། །དེ་ཡང་རྒྱ་མཚོའི་རླབས་འགྲོས་གཙོ་བོར་གཡས་ཀྱིས་སྒྲུབ་པའི་ཚེ། དཀྱིལ་འཁོར་ལ་མདུན་བསྟན་པའི་ གཡོན་བརྐྱངས་དང་། གཡས་བརྐྱངས་མཐར་འོང་ལ། རི་བོ་འདེགས་པ་སོགས་གསུམ་གཡས་པས་སྒྲུབ་པའི་ཚེ། དཀྱིལ་འཁོར་ལ་རྒྱབ་བསྟན་པའི་གཡོན་བརྐྱངས་དང་། གཡས་བརྐྱངས་མཐར་འོང་ངོ་། །རྒྱ་མཚོའི་རླབས་མ་གཏོགས་པ་རྡོ་ རྗེའི་འགྲོས་བཞི་དང་། རི་བོ་འདེགས་པ་སོགས་གསུམ་ལ་རྐང་པ་གཡས་པས་གཙོ་བོར་སྒྲུབ་པའི་ཚེ། དང་པོར་གཡས་འདེགས་ལ་གཡོན་པས་གཙོ་བོར་སྒྲུབ་པའི་ཚེ། གཡོན་དང་པོར་བཏེག་ལ་བྱའོ། །དང་པོར་གཡོ་བའི་གར་བྱེད་པ་མ་གཏོགས་ 12-5-5b བསྐོར་ཞིང་ཕེག་བརྡབས་པའི་རྗེས་སུ་དང་། མཐར་གཡོ་བའི་གར་བྱེད་པ་དང་། རྒྱ་མཚོའི་རླབས་འགྲོས་བཞི་ལ་ཡང་། བར་སྐབས་སུ་རྐང་པ་འདེགས་པ་དང་འགྲོ་བའི་ཕྱོགས་སུ་རྐང་པ་སྤོ་བ་ལ་རྗེས་ལ་ལུས་པ་སྔར་འདེགས་ཤིང་སྤོ་བར་བྱ་ལ། རོལ་པའི་བསྐྱོད་པ་ལ་ནི། ལོང་བུའི་གོང་དུ་རྐང་མཐིལ་སྦྱར་བའི་རྐང་པ་སྔར་འགྲོ་བའི་ཕྱོགས་སུ་སྤོ་བར་བྱའོ། །རྡོ་རྗེའི་འགྲོས་བཞི་ལ་བསྐོར་ནས་ཕེག་རྡོབ་པ་དང་། རྒྱུག་པའི་གར་བྱེད་པ་གཉིས་མ་གཏོགས། དང་པོར་རྐང་པ་འདེགས་པ་ གཡོ་བའི་གར་བྱེད་པ་ནས་མཐར་གཡོ་བའི་གར་བྱེད་པའི་བར་གཞན་ཐམས་ཅད་ལ་ངག་ཏུ་ཧཱུཾ་རིང་པོ་དབྱངས་དང་བཅས་པ་བྱ་ལ། རྒྱ་མཚོའི་རླབས་ལ་སོགས་པ་བཞི་ལ་ནི། ཐོག་མ་ནས་ཐ་མའི་བར་ཐམས་ཅད་ལ་ཧཱུཾ་རིང་པོ་དབྱངས་དང་བཅས་པས་བསྒྲུབ་ པར་བྱའོ། །རྡོ་རྗེ་འགྲོས་བཞི་དང་། རྒྱ་མཚོའི་རླབས་ལ་སོགས་པ་བཞི་པོ་ཐམས་ཅད་ལ་ཐོག་མར་རྐང་པ་འདེགས་པའི་སྔ་རོལ་ཏུ་རྡོར་དྲིལ་ཕྲག་པའི་ཕྱོགས་སུ་ཅུང་ཟད་བསྟོད་དེ། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་བའི་རྗེས་སུ་ཧཱུཾ་བརྗོད་ཅིང་གར་བྱའོ། །རྒྱ་མཚོའི་ རླབས་ལ་སོགས་པ་རེ་རེས་ཀྱང་དཀྱིལ་འཁོར་ལ་དབང་ལྡན་ནས་བརྩམས་ཏེ་གཡས་བསྐོར་དུ་བསྐོར་བ་རེ་རེའམ་ཡང་ན་བསྐོར་བ་གཅིག་ལ་འགྲོས་བཞི་ཚང་བར་བྱའོ། །རྒྱ་མཚོའི་རླབས་ལ་སོགས་པ་བཞིའི་སྐབས་སུ་ཁ་སྦྱར་བྱ་ཚུལ་ནི། རླབས་འགྲོས་ཀྱི་རྗེས་སུ། ཤར་སྒོའི་ཐད་དུ་སློབ་དཔོན་ཁ་ནང་དུ་བལྟ་བའམ། ཡང་ན་ཁ་ཕྱིར་བལྟ་ཞིང་གཡས་བརྐྱངས། སློབ་དཔོན་གྱི་གཡོན་ན་གནས་པའི་སློབ་མས་གཡོན་བརྐྱངས་བྱས་ལ། སློབ་མའི་དྲིལ་བུའི་ནང་དུ། སློབ་དཔོན་གྱི་རྡོ་རྗེ་ 12-5-6a དང་། དེའི་རྡོ་རྗེ་ཡང་སློབ་དཔོན་གྱི་དྲིལ་བུའི་ནང་དུ་བཅུག་ལ་གཉིས་ཀས་ངག་ཏུ། ཨོཾ་ཁ་བཛྲ་དྷྲིཀ་བཛྲ་ཧཱུཾ་ཀ་ར་བཛྲ་ཧཱུཾ་ཕཊ། ཅེས་དབྱངས་དང་བཅས་པའམ་དབྱངས་མེད་པར་ངག་ཏུ་བརྗོད་ཅིང་ཁ་སྦྱོར་བྱའོ། །དེ་ནས་སློབ་ དཔོན་གྱི་མདུན་དང་། དེ་ནས་གཡས་སུ་དང་། དེ་ནས་རྒྱབ་ཏུ་ཕྱིན་ལ་སྔར་ལྟར་ཁ་སྦྱོར་བྱ་སྟེ། ཕྱོགས་རེ་རེར་ཁ་སྦྱོར་བཞི་བཞི་བྱའོ། །རི་བོ་འདེགས་པའི་འགྲོས་ཀྱི་རྗེས་སུ་ལྷོ་སྒོར་སློབ་དཔོན་གཡོན་བརྐྱངས་དང་། སློབ་མ་གཡས་བརྐྱངས་དང་། རོལ་པའི་ འགྲོས་ཀྱི་རྗེས་སུ་ནུབ་སྒོར་དཔོན་སློབ་གཉིས་ཀས་ས་ག་དང་། ཁྲོ་བོའི་བསྐྱོད་པས་ཕྱིན་པའི་རྗེས་སུ་བྱང་སྒོར་དཔོན་སློབ་གཉིས་ཀས་རྐང་སྟབས་ཟླུམ་པོ་བྱ་སྟེ། ཁ་སྦྱོར་བྱས་པའི་རྗེས་སུ། སློབ་དཔོན་གྱིས་སྔར་ང་རྒྱལ་བཟུངས་པའི་འོག་ཏུ། དབུས་ ནས་དབང་ལྡན་དུ་ཕྱིན་ཏེ། དཀྱིལ་འཁོར་ལན་གཅིག་བསྐོར་བའི་འགྲོས་གང་བྱས་པ་དེ་ཉིད་ཀྱིས་དབང་ལྡན་ནས་དབུས་སུ་ཕྱིན་ལ། ཤར་དུ་ཕྱོགས་ཏེ་མཉམ་པའི་རྐང་སྟབས་བྱའོ། །དེ་ཡང་གཡས་བརྐྱངས་ནི། རྐང་པ་གཡོན་པའི་བྱིན་པ་བསྐུམས་ ནས་མཐོ་ལྔའི་བར་དུ། རྐང་པ་གཡས་འགྱིང་བ་དང་བཅས་པས་དྲང་པོར་བརྐྱངས་པའོ། །གཡོན་བརྐྱངས་ནི། དེ་ལས་བཟློག་པའོ། །ས་ག་ནི། རྐང་པ་གཉིས་ཀྱི་བར་དུ་སོར་ཉེར་དྲུག་ཡོད་པ་བྱས་ནས་རྐང་སོར་རྣམས་ལོགས་སུ་བསྟན་ཅིང་པུས་མོ་ གཉིས་དྲང་པོར་བྱས་པའོ། །ཟླུམ་པོ་ནི། ས་གའི་འདུག་སྟངས་ཉིད་བར་དུ་ཁྲུ་དོ་པ་ངང་པའི་གཤོག་པ་ལྟར་བུས་མོས་གཉིས་སྨད་པའོ། །མཉམ་པ་ནི། རྐང་པ་གཉིས་ཀྱི་སོར་མོ་ཕན་ཚུན་སྦྱར་བ་སྟེ། རྐང་པའི་མཐེ་བོང་དང་རྟིང་པ་གཉིས་བཅེར་ 12-5-6b བའོ། །གཡས་བརྐྱངས་ནས་མཉམ་པའི་བར་གྱི་རྐང་སྟབས་ལྔ་ལ་གཞི་བཅའ་སྔོན་དུ་བཏང་ནས་བྱེད་ཚུལ་ནི། གཡས་བརྐྱངས་ཀྱི་ཚེ། ལག་པ་གཡས་པས་རྡོ་རྗེ་གྱེན་དུ་མདུན་དུ་བཟུངས་པའི་སྟེང་དུ་གཡོན་པས་དྲིལ་བུ་གསིལ། ངག་ཏུ་ཧཱུཾ་ཞེས་བརྗོད་ ཅིང་། རྐང་པ་གཡོན་འགྱུར་བ་དང་བཅས་པས་གཡོས་པའི་མདུན་དུ་འཕྲེད་ལ་བཞག དེ་ནས་དེ་བཞིན་དུ་རྐང་པ་གཡས་པས་གཡོན་པའི་མདུན་བསྐོར་ཏེ་རྒྱབ་ཏུ་བཞག །དེ་ནས་གཡོན་པས་གཡས་པའི་མདུན་བསྐོར་ཏེ་རྒྱབ་ཏུ་བཞག དེ་ནས་ གཡས་པས་གཡོན་པའི་མདུན་བསྐོར་ཏེ་གཡས་བརྐྱང་བྱའོ། །གཡོན་བརྐྱངས་ལ་སོགས་པ་གསུམ་ལ། དང་བོང་གཡས་པ་གཡོན་པའི་མདུན་དུ་བཞག་ལ། གཡས་གཡོན་རེ་མོས་སུ་བཞག་པའི་བཞི་པ་ལ་རང་རང་གི་རྩ་བའི་རྐང་སྟབས་བསྒྲུབ་ པར་བྱའོ། །ཡང་ན་གཞི་བཅའ་ནས་གཡས་བརྐྱངས་ལ་སོགས་པ་ལྔ་རྫོགས་པའི་བར་ལ་པད་སྐོར་བྱས་ནས་བསྒྲུབ་པར་བྱའོ། །ཁ་སྦྱོར་ནི་ང་རྒྱལ་བཟུང་བའི་རྗེས་སུ། དབུས་ནས་དབང་ལྡན་དུ་སོང་སྟེ། དཀྱིལ་འཁོར་ལ་གཡས་སྐོར་དུ་ལན་གཅིག་ བསྐོར་བའི་སྐབས་སུ་བྱས་ཀྱང་རུང་ངོ་། །དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས། གཡས་བརྐྱངས་ལ་སོགས་པ་བཅུ་གསུམ་པོ་འདི་དག་བྱེད་པ་ན། ཇི་ལྟར་རིགས་པར་རྒྱ་མཚོའི་རླབས་དང་། རི་བོ་འདེགས་པ་དང་། རོལ་པའི་བསྐྱོད་པ་དང་། ཁྲོ་ བོའི་བསྐྱོད་པ་སྟེ། གོམ་པ་འགྲོས་པའི་ཚུལ་བཞི་དང་། བསྣུན་པ་ལ་སོགས་པ་ཀུན་ཏུ་བསྐྱོད་པ་དགུ་དང་། རྡོ་རྗེ་བསྒྲེང་བ་ལ་སོགས་པ་དྲུག་དང་། རལ་གྱི་ལ་སོགས་པའི་ཚུལ་བཅུ་གསུམ་བྱའོ། །ཞེས་རྒྱ་མཚོའི་རླབས་འགྲོས་ནས་ཁྲོ་ 12-5-7a བོའི་བསྐྱོད་པའི་བར་བཞི་བྱ་བར་གསུངས་སོ། །དེ་ནས་ཤེས་ཤིང་སྤྲོ་ན། གཡས་བརྐྱངས་སོགས་རྐང་སྟབས་ལྔའི་ལྷག་མ་སྐྱེས་པ་དང་སྐྱེས་ཟླ་ལ་སོགས་པ་བརྒྱད་དང་། ཀུན་ཏུ་བསྐྱེད་པ་དགུ་དང་། ཚུལ་རྣམས་དང་། རྡོ་རྗེའི་གདན་ ལ་སོགས་པ་རྣམས་ཀྱང་བྱའོ། །རྡོ་རྗེའི་འགྲོས་བཞིའི་སྐབས་སུ་རྡོ་རྗེ་མཁའ་འགྲོ་དང་། ཁ་སྦྱོར་དང་། སྒྱུ་དྲ་དང་། དཀྱིལ་ཆོག་མང་པོས་ཀྱང་ཧཱུཾ་ཡིག་བརྗོད་པར་གསུངས་ལ། དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས་ཀྱང་ཧཱུཾ་ཡིག་བརྗོད་པ་སྔོན་དུ་འགྲོ་བས་ཞེས་གདན་ བཅུའི་སྐབས་སུ་བཤད་པ་མ་གཏོགས་པ་སྔགས་གཞན་འདོན་པ་མ་བཤད་དོ། །ཨོཾ་ཨེ་ཀ་པུ་ཙི་ཀ་ལ་སོགས་པའི་སྔགས་ངག་ཏུ་བརྗོད་ནས་རྡོ་རྗེའི་འགྲོས་བཞི་བྱེད་པ་རྡོ་རྗེ་གུར་གྱི་འགྲེལ་པ་ལས་བཤད་དོ། །གར་འདི་རྣམས་བྱེད་པའི་ཆེ་འདྲི་བར་གྱུར་ པའི་དཀྱིལ་འཁོར་གྱི་གཙོ་བོ་ལ་སོགས་པའི་རང་ལྷ་དེ་ཉིད་དོ་སྙམ་པའི་ལྷའི་ང་རྒྱལ་བརྟན་ཅིང་། རྣམ་པ་ཡང་ཡང་གསལ་བདབ་པར་བྱའོ། །དཀྱིལ་འཁོར་ཀུན་གྱི་ས་ཆོག་གི་སྐབས་ཀྱི་གར། དཀྱིལ་ཆོག་རྡོ་རྗེ་འཕྲེང་བའི་དགོངས་པ་བཞིན། ཆོས་ཀྱི་རྗེ་ ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་གསུངས་པ་དཀའ་བཞི་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་ཡི་གེར་བཀོད་པའོ། སརྦ་མངྒ་ལཾ། 12-5-7b empty page 12-6-1a ༄༅། །སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་དཀའ་བའི་གནས་རྣམ་པར་འབྱེད་པ་བརྗེད་བྱང་གི་ཡི་གེ་མཁས་གྲུབ་ཆོས་རྗེས་རྗེ་ལ་གསན་དུས་མཛད་པ་བཞུགས་སོ།། 12-6-1b བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་དཀའ་བའི་གནས་རྣམ་པར་འབྱེད་པ་ བརྗེད་བྱང་གི་ཡི་གེ་གསུང་གི་ཟླ་ཟེར་ཞེས་བྱ་བ། བཅོམ་ལྡ་འདས་དཔལ་དུས་ཀྱི་འཁོར་ལོ་མཆོག་གི་དང་པོའི་སངས་རྒྱས་དང་གཉིས་སུ་མ་མཆིས་པའི་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ དང་ལྡན་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་དྲི་མེད་མཁའ་ལ་དབང་པོའི་གཞུང་། །རྣམ་པར་བཀྲ་བའི་རོལ་པས་འཁྱུད་པ་བཞིན། །ཨུཏྤལ་སྔོན་པོའི་ལུས་ཅན་རྡུལ་ལས་འདས། །རྣམ་ ཀུན་སྒྱུ་མའི་རོལ་པས་རྣམ་རོལ་ཅིང་། །རྟག་ཏུ་མི་འགྱུར་བདེ་བའི་རོས་གང་བ། །མགོན་པོ་ལྷན་སྐྱེས་དགའ་བའི་གར་མཁན་མཆོག །མཆོག་གི་དང་པོའི་སངས་རྒྱས་དཔའ་བོ་ཆེ། །དཔལ་ལྡན་དུས་ཀྱི་ འཁོར་ལོ་ལ་ཕྱག་འཚལ། །རྡོ་རྗེ་འཆང་དབང་ཆོས་ཀྱི་རྒྱལ་སྲིད་ཆེ། །ལེགས་པར་འཛིན་པའི་ཆོས་རྒྱལ་རིགས་ལྡན་མཆོག། །ས་བཅུའི་དབང་ཕྱུག་ཟླ་བཟང་གྲགས་པ་དང་། །པད་དཀར་འཛིན་པའི་དཔལ་ 12-6-2a གྱིས་བདག་སྐྱོངས་ཤིག །གང་གི་ཞབས་མཐིལ་རྡུ་གྱི་ཐིག་ལེ་ནི། །མཁས་མཆོག་ཀུན་གྱི་གཙུག་ཕུད་ལ་འཛེགས་པ། །རྒྱལ་བའི་དམ་ཆོས་འཛིན་པ་ཀུན་གྱི་རྗེ། །ཟླ་མེད་བླ་མ་མཆོག་ ལ་ཕྱག་འཚལ་ནས། །རྡོ་རྗེའི་རྣལ་འབྱོར་བླ་ན་མེད་པའི་ལམ། །རྡོ་རྗེ་འཆང་དབང་བླ་མའི་ཞལ་གྱི་བཅུད། །བདག་བློ་དད་པའི་སྙིམ་པས་འཐུངས་པ་གང་། །སླར་ཡང་ཡིད་ལ་གནས་ཕྱིར་འདིར་འབད་དོ། །འདིར་བཅོམ་ ལྡན་འདས་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་བྱང་ཆུབ་སེམས་དཔའ་པདྨ་དཀར་པོས་མཛད་པའི་དྲི་མ་མེད་པའི་འོད་ཅེས་བྱ་བ་འདི་ཉིད་ནི་གང་བཤད་པར་བྱ་ བའི་ཆོས་སོ། །དེ་ལའང་མཚན་གྱི་དོན་དང་། འགྱུར་གྱི་ཕྱག གཞུང་གི་དོན། མཇུག་གི་བྱ་བ་དང་བཞིས་རིག་པར་བྱ་བ་ཡིན་ལ། དང་པོ་ནི། རྒྱ་གར་འཕགས་པའི་ཡུལ་གྱི་སྐད་རིགས་ཆེན་པོ་བཞི་ལས། སཾ་སྐྲྀ་ ཏའི་སྐད་དུ། བི་མ་ལ་ཞེས་པ་དེ་ཉིད་བོད་ཀྱི་སྐད་དུ། དྲི་མ་མེད་པ་དང་པྲ་བྷཱ་ནི་འོད། ནཱ་མ་ནི་ཞེས་བྱ་བ་དང་། མཱུ་ལ་རྩ་བ། ཏནྟྲ་རྒྱུད། ཨ་ནུ་ས་ར་ནི་རྗེས་སུ་འཇུག་པ། དྭ་ད་ཤ་སཱ་ཧ་སྲ་ཀ་ནི་སྟོངས་ཕྱག་བཅུ་གཉིས་པ། 12-6-2b ལ་གྷུ་ནི་བསྡུས་པ། ཀཱ་ལ་ཙ་ཀྲ་ནི་དུས་ཀྱི་འཁོར་ལོ། ཏནྟྲ་རྒྱུད། རཱ་ཛ་རྒྱལ་པོ། ཊཱི་ཀ་ཞེས་པ་རྒྱས་འགྲེལ་དང་། འགྲེལ་བཤད་གཉིས་ལ་བསྒྱུར་དུ་ཡོད་པ་ལས་འདིར་ནི་རྒྱ་ཆེར་འགྲེལ་ཞེས་བསྒྱུར་ན་ལེགས་སོ། །གཉིས་པ། འགྱུར་ཕྱག་ནི་གོ་སླའོ། ། གསུམ་པ། གཞུང་གི་དོན་ནི། མཁས་པ་དག་གཞུང་དངོས་ཀྱི་བཤད་པའི་ཐོག་མར་བཤད་པ་ལ་འཇུག་པའི་ཡན་ལག་རྒྱས་པར་འཆད་པ་དག་དང་མཐུན་པར། འདིར་ཡང་མདོར་བསྡུས་དང་པོ་གསུམ་གྱིས་རྒྱས་པར་འཆད་པ་ཡིན་ལ། དེ་ ལ་མདོར་བསྡུས་དང་པོས་ནི། མཆོག་གི་འདོད་པའི་ལྷ་ལ་ཕྱག་བྱ་བ་དང་། རྩོམ་པར་དམ་བཅའ་བ་འཆད་དོ། །མདོར་བསྡུ་གཉིས་པས་ནི་རྒྱུད་ཀྱི་དགོས་སོགས་ཆོས་བཞི་དང་། རྒྱུད་ཀྱི་ལུས་འཐའ་དག་བརྟག་པའམ་ལེའུ་ལྔ་དང་། མདོར་ བསྡུས་སུམ་ཅུ་རྩ་གཉིས་དང་། གནས་པ་བརྒྱད་ཅུ་རྩ་གཅིག་ཏུ་སོ་སོར་བཅད་པའི་སྒོ་ནས་དོན་གྱི་ཚོམས་བཅད་པ་འཆད་དོ། །མདོར་བསྡུས་གསུམ་པས་ནི། སྟོན་པ་པོ་དང་གསོལ་བ་འདེབས་པ་པོའི་འབྲེལ་བ་སོགས་ལ་བརྒལ་ལན་གྱི་སྒོ་ ནས་གཙོ་བོར་མདོར་བསྡུས་གཉིས་པའི་དོགས་གཅོད་འཆད་དོ། །དེ་དག་ལས་ཐོག་མར་མདོར་བསྡུས་དང་པོ་འཆད་པ་ནི། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས། དགོས་པ་བསྡུས་པའི་དོན་བཅས་དང་། ཚིག་དོན་བཅས་དང་། མཚམས་སྦྱར་བཅས། ། བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་པ་མདོ་འཆད་པའི་མན་ངག་ཏུ་གསུངས་པ་ལྟར། མདོ་རྒྱུད་ཀུན་ལ་འདྲ་བས། འདིར་ཡང་དེ་ཉིད་ཀྱི་སྒོ་ནས་བཤད་ན། མདོར་བསྡུས་འདི་ཉིད་གང་གི་ཕྱིར་བརྩམས་པའི་དགོས་པ་དང་། མདོར་ 12-6-3a བསྡུས་འདིའི་གཞུང་རྣམས་དོན་ཚན་དུར་བསྡུ་བའི་བསྡུས་དོན་གྱི་མཚམས་བཅད་པ་དང་། ཚིག་གི་འབྲུ་གཉེར་བ་དང་། ཁོང་ན་གནས་པའི་འབྲེལ་དངོས་སུ་ཕྱུངས་ནས་མཚམས་སྦྱར་བ་དང་། དེ་དག་ལ་མཐའ་ གཞན་དུ་དོགས་པ་བཅད་ནས་ངེས་པ་བསྐྱེད་པའི་ཡན་ལག་བརྒལ་ལན་དང་ལྔས་བཤད་པར་བྱ་ཡིན་པ་ལས། མཚམས་སྦྱར་དང་བརྒལ་ལན་ནི་ཇི་ལྟ་རིགས་པར་རང་རང་གི་ཐད་དུ་འཆད་ཅིང་། འདིར་ཐོག་མར་དགོས་པ་བཤད་པར་ བྱ་སྟེ། དེའང་མདོར་བསྡུས་འདིའི་ཐུན་མོང་མ་ཡིན་པ་དགོས་པ་ནི། མདོར་བསྡུས་ཀྱི་མཚན་སྟོན་པའི་ཚིག་གིས་གསུངས་པ་ཡིན་ཏེ། འདི་ལྟར་བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ་མཆོག་གི་འདོད་པའི་ལྷ་དང་དམ་པའི་ལམ་ ངེས་པའི་མདོར་བསྡུས་པ་ཞེས་གསུངས་པ་ལ། མཆོག་ཏུ་ཞེས་སྦྱར་ན་མཆོག་གི་སྐུ་སྟེ། གང་གིས་འདོད་པའི་སེམས་ཀྱི་ཁྱད་པར་དང་། མཆོག་གི་ཞེས་སྦྱར་ན། གང་འདོད་པའི་ལྷའི་ཁྱད་པར་སྟོན་བྱེད་དུ་འགྱུར་བ་ནས་འདིར་ནི་ཕྱི་མ་ ཉིད་བཟུང་ངོ་། །ལྷ་དང་བཅས་པའི་ངང་གི་སྒྲ་ཡོད་པ་དང་མེད་པའི་ཡང་འགྱུར་གཉིས་ལས་ཀྱང་མེད་པ་ཉིད་ལེགས་པས། བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ་དང་། མཆོག་གི་འདོད་པའི་ལྷའི་གོ་འཕང་དུ་དམ་པ་ཐོབ་པར་བྱེད་ པའི་ལམ་རྡོ་རྗེའི་རྣལ་འབྱོར་ངེས་པར་བྱེད་པ་སྟེ། གཉིས་པོ་འདི་མདོར་བསྡུས་འདིའི་དགོས་པའོ། །ཞེས་ཤེས་པར་བྱའོ། །ཨ་ཙ་ལ་གརྦྷས་ཀྱང་། བཤད་སྦྱར་སྙིང་པོ་སྣང་བ་ལས། བདུད་བགེགས་ཉམས་པ་དང་གསང་བ་ལས་ཀྱང་ཤིན་ 12-6-3b ཏུ་གསང་བའི་རྡོ་རྗེའི་རྣལ་འབྱོར་ངེས་པ་གཉིས་འདིའི་དགོས་པར་བཤད་དེ་ཤིན་ཏུ་ལེགས་སོ། །གཉིས་པ་བསྡུས་དོན་ནི། བཤད་སྦྱར་ལྟར་ན། མདོར་བསྡུས་འདི་ཉིད་ངེས་པ་བདུན་གྱིས་འཆད་དེ། འདི་ལྟར་རྡོ་རྗེ་ལ་ཕྱག་འཚལ་བའི་ ངེས་པ་དང་། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་བའི་ངེས་པ་དང་། བྱང་ཆུབ་སེམས་དཔའི་འགྲེལ་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པའི་ངེས་པ་དང་། ལམ་གྱི་སྒྲིབ་པ་འགོག་པའི་ངེས་པ་དང་། ལམ་འཕྲོག་པའི་རྒྱུ་མཚན་བཤད་པའི་ ངེས་པ་དང་། འཇིགས་པ་བཅུ་དྲུག་གི་ཉེར་འཚེ་ཞི་བའི་ཐབས་ཀྱི་ངེས་པ་དང་། ཕྱི་དུས་ཀྱི་འཁོར་ལོའི་ངེས་པའོ། །དེ་ལ་དང་པོ་ནི། སྟོང་ཉིད་ཅེས་པ་ནས། བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། །ཞེས་བྱ་བའི་བར་རོ། །གཉིས་པ་ ནི། སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཞེས་པ་ནས། བསྡུས་པའི་རྒྱུད་ལ་དྲི་བར་བྱ། །ཞེས་པའི་བར་རོ། །གསུམ་པ་ནི། རྒྱལ་བས་གསུངས་པའི་དབང་མཆོག་བླངས། །ཞེས་པ་ནས། འཇིག་རྟེན་གསུམ་གྱི་བདག་པོ་ཉིད་སྟེར་འདི་ནི་ ཀུན་ཏུ་སྟོན་པར་བྱེད་པའོ། །ཞེས་པའི་བར་རོ། །བཞི་པ་ནི། གང་ཞིག་ཕུང་པོ་ལ་སོགས་ཞེས་པ་ནས། བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། །ཞེས་པའི་བར་རོ། །ལྔ་པ་ནི། ལམ་བཟང་རིན་ཆེན་འདི་ནི་ཞེས་པ་ནས། ཐབས་ དང་ཤེས་རབ་བདག་ཉིད་རྣལ་འབྱོར་རོ། །ཞེས་པའི་བར་རོ། །དྲུག་པ་ནི། སྙིང་རྗེ་བདག་ཉིད་སྟོང་ཉིད་སྐུ། །ཞེས་པ་ནས། འགྲེལ་བཤད་བདག་གིས་བྲི། །ཞེས་པའི་བར་རོ། །བདུན་པ་ནི། དེའི་ལྷག་མ་རྣམས་སོ། །ཞེས་འཆད་ཅིང་། རྡོ་ 12-6-4a རྗེ་ལ་ཕྱག་འཚལ། །ཞེས་པའི་དོན་ཀྱང་། རྟགས་ཀྱི་རྡོ་རྗེ་རྩེ་ལྔ་པས་མཚོན་པའི་ཡེ་ཤེས་ལྔའམ་སྟོང་པ་ལྔ་ལ་བསམས་ནས། ཚིགས་སུ་བཅད་པ་དང་པོས་རྣམ་ཤེས་ཀྱི་ཕུང་པོ་སྒྲིབ་བྲལ་དུ་གྱུར་པ་དང་། གཉིས་ པས་འདུ་བྱེད་སྒྲིབ་བྲལ་དང་། གསུམ་པས་ཚོར་བ་དང་། བཞི་པས་འདུས་ཤེས་དང་། ལྔ་པ་སོགས་ཚིགས་བཅད་བཞིས་གཟུགས་ཕུང་སྒྲིབ་བྲལ་དུ་གྱུར་པའི་སྟོང་པ་མེ་ལོང་ཡེ་ཤེས་ལ་ཕྱག་འཚལ་བ་ཡིན་ནོ། །ཞེས་ཟེར་ཞིང་། རྡོ་རྗེ་ འཛིན་པ་ལ་ཕྱག་འཚལ་བ། ཞེས་པ་དང་། ཨེ་ཝཾ་ཡི་གེ་དེ་ལ་འདུད། ཆེས་ཨེ་ཝཾ་གཉིས་དངོས་སུ་སྨོས་པས། དྲུག་པ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་བཟུང་བ་ཡིན་ལ། དེ་ནི་ཡེ་ཤེས་གོང་དུ་སྨོས་པ་ལྔའི་འཛིན་པ་པོའམ་ ལྡན་གཞི་ཡིན་པས་དེ་ལ་ཕྱག་འཚལ་བ་ནི། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་བའོ་སྙམ་དུ་བསམས་པའོ། །བཤད་ཚུལ་འདིའང་འཐད་པར་མི་སེམས་ཏེ། གོང་དུ་སྨོས་པའི་ཕྱག་འཚལ་ལྔ་དང་། འོག་གི། ཨེ་ཝཾ་ཡི་གེ་དེ་ལ་འདུད། །ཅེས་ སོགས་ཐམས་ཅད་ཀྱིས་ཀྱང་། བདེ་སྟོང་གཉིས་མེད་དང་ཐབས་ཤེས་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ཕྱག་འཚལ་ཡུལ་གཙོ་བོར་བྱས་པ་ལ་ཁྱད་པར་མེད་པའི་ཕྱིར་དང་། ཕྱག་འཚལ་གོང་མ་ལྔ་ལའང་། དང་པོའི་འཚལ་ཡུལ་ཆོས་ དབྱིངས་ཡེ་ཤེས་གཙོ་ཆེ་བ་དང་། གཉིས་པའི་འཚལ་ཡུལ་བྱ་སྒྲུབ་ཡེ་ཤེས་གཙོ་ཆེ་བ་སོགས་ཀྱི་རྒྱུ་མཚན་མ་དམིགས་པའི་ཕྱིར་དང་། རྩོམ་པར་དམ་བཅའ་གོང་འོག་གཉིས། རིམ་བཞིན་ཕྱག་འཚལ་བ་དང་། ཉེར་འཚེ་ཞི་ 12-6-4b བའི་མིང་གིས་བསྡུས་དོན་བྱས་པའང་ཚུལ་མ་ཡིན་པའི་ཕྱིར་ཏེ། མཆོད་བརྗོད་དང་། ཉེར་འཚེ་ཞི་བ་དང་། དམ་བཅའ་དག་དོན་ཚན་སོ་སོ་ཡིན་པའི་ཕྱིར་རོ། །དེ་ལྟར་མི་འཐད་པའི་ཕྱོགས་བཀག་ནས། ད་ནི་རང་གི་ལུགས་བརྗོད་པར་བྱ་སྟེ། འདི་ལྟར་ མཆོག་གི་འདོད་པའི་ལྷ་ལ་མཆོད་པར་བརྗོད་པ་དང་། འགྲེལ་པ་རྩོམ་པར་དམ་བཅའ་ཞིང་བརྩམས་པའི་འགྲེལ་པ་ཉན་པར་བསྐུལ་བ་དང་། འགྲེལ་ཕྱིན་ཅི་ལོག་དང་ཡང་དག་པའི་རྣམ་དབྱེ་བཤད་པ་དང་། ཡང་དག་པའི་ལམ་ལས་མི་གོལ་ བའི་ཐབས་བཤད་པ་དང་། ལམ་བཟང་འཕྲོག་པའི་རྒྱུ་སྤངས་ནས་ཡང་དག་པའི་ལམ་སྦ་བར་བསྟན་པ་དང་། དཔའ་བོའི་རིམ་པ་གཉིས་ཀྱི་གྲངས་ངེས་བཤད་པ་དང་། འཇིགས་པ་བཅུ་དྲུག་གི་ཉེར་འཚེ་ཞི་བའི་ཐབས་བཤད་པ་དང་། རྩོམ་པར་དམ་བཅའ་ བའི་ཚུལ་གཞན་བཤད་པ་དང་བརྒྱད་ཀྱིས་ངེས་པར་བྱ་ཡིན་ལ། དང་པོ་ནི། སྟོང་ཉིད་ཅེས་པ་ནས། ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྦྱི་བོས་ཕྱག་འཚལ་ཏེ། །ཞེས་པའི་བར་རོ། །གཉིས་པ་ནི། དེ་ལྟར་རྡོ་རྗེའི་རྣལ་འབྱོར་ཞེས་པ་ནས། གཞན་ཕན་ སྤྱོད་པ་མཉན་པར་བྱ། །ཞེས་པའི་བར་རོ།། གསུམ་པ་ནི། མངོན་ཤེས་མེད་གང་ཞེས་པ་ནས། འདི་ནི་ཀུན་ཏུ་སྟོན་པར་བྱེད་པའོ། །ཞེས་པའི་བར་རོ། །བཞི་པ་ནི། གང་ཞིག་ཕུང་པོ་ལ་སོགས་ཞེས་པ་ནས། བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། །ཞེས་པའི་ བར་རོ། །ལྔ་པ་ནི། ལམ་བཟང་ཤེས་པ་ནས། ལེགས་པར་སྦ་བར་བྱ། །ཞེས་པའི་བར་རོ།། དྲུག་པ་ནི་དཔའ་བོའི་རིམ་པ་བདག་བྱིན་བརླབ་པ་ཡི། །ཞེས་པ་ནས། ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་རོ། །ཞེས་པའི་བར་རོ། །བདུན་པ་ནི། སྙིང་རྗེ་དང་ནི་ 12-6-5a སྟོང་ཉིད་སྐུ། །ཞེས་པ་ནས། མུན་པ་ཐམས་ཅད་འཇོམས་པར་འགྱུར། །ཞེས་པའི་བར་རོ། །བརྒྱད་པ་ནི། ཚིག་ལྷག་མ་རྣམས་སོ། །དེ་ལ་རྩོམ་པར་དམ་བཅའ་བ་སྔ་མའི་སྐབས་སུ། བསྐུལ་བ་པོ་འདི་འདྲས་བསྐུལ་ནས་ རྩོམ་ཞེས་པ་དང་། གང་གི་འགྲེལ་པར་བརྩམ་བྱའི་དུས་ཀྱི་འཁོར་ལོའི་སྒྲ་དོན་བཤད་པ་མེད་ལ། དམ་བཅའ་ཕྱི་མ་ལ་དེ་དག་ཡོད་པས་དམ་བཅའ་དེ་གཉིས་ཟློས་པའི་སྐྱོན་མེད་དོ། །དེ་དག་ལས་རེ་ཞིག་མཆོག་གི་འདོད་པའི་ལྷ་ལ་མཆོད་པར་ བརྗོད་པ་བཤད་པར་བྱ་སྟེ། དེའང་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་དང་སྲིད་ཞི་ལ་མི་གནས་པ་སོགས་ཀྱི་སྒོ་ནས་ཕྱག་འཚལ་བ་ནི། ཕྱག་འཚལ་ཞེས་དྲང་ངོ་། །གང་ལན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཔལ་དེ་རང་གི་བདག་ཉིད་དུ་ལྡན་ ཞིང་། ཕུང་སོགས་ཀྱི་འཁོར་ལོ་ཐམས་ཅད་དུས་མི་འགྱུར་བའི་བདེ་བས་སྒྲིབ་བྲལ་དུ་བསྐྱེད་པའི་དུས་ཀྱི་འཁོར་ལོ་ལའོ། །གང་གིས་ན། འགྲེལ་པ་མཛད་པ་པོ་དང་རྗེས་འཇུག་རྣམས་ཀྱིས་སོ། །དགོས་པ་གང་གི་ཕྱིར་དུ་ཕྱག་འཚལ་ན། བདུད་བགེགས་ཉམས་པ་དང་། དམ་པའི་ལམ་ངེས་པ་གཉིས་ཀྱི་ཆེད་དུའོ། །དེའང་ལམ་ངེས་ཚུལ་ནི། གཙོ་བོར་འབྲས་བུའི་སྐབས་ཀྱི་ཡོན་ཏན་རྒྱས་པར་བརྗོད་པའི་སྒོ་ནས་འབྲས་བུ་དང་བརྗེས་སུ་མཐུན་པའི་ལམ་གྱི་ཆོས་རྣམས་ཤེས་ པར་འགྱུར་བའོ། །འོ་ན་ཡོན་ཏན་ནམ་ཁྱེད་ཆོས་ཅི་ཞིག་མཐོང་ནས་ཕྱག་འཚལ་ཞེ་ན། རྐང་པ་དང་པོ་གསུམ་པོ་རེ་རེས་ཁྱད་ཆོས་རེ་རེ་སྟོན་པ་ལ། ཁྱད་ཆོས་དང་པོ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་གཉིས་དབྱེར་ 12-6-5b མི་ཕྱེད་པའི་བདག་ཉིད་ཅན་གྱི་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ཞེས་སྦྲེལ་ལོ། །དེའང་སྟོང་ཉིད་ལ་ཆོས་ཅན་སྟོང་པ་ཉིད་ཀྱི་གཟུགས་དང་། དེའི་ཆོས་ཉིད་བདེན་པར་གྲུབ་པ་བཅད་ཙམ་དེ་ཁོ་ན་ཉིད་ཀྱི་སྟོང་པ་ཉིད་གཉིས་སུ་ཡོད་ལ། དེ་དག་གི་རྣམ་ གཞག་ནི་འོག་ཏུ་འཆད་དོ། །སྙིང་རྗེ་ལ་ཐེག་པ་ཆེན་པོ་པ་ཐམས་ཅད་ཀྱི་ཐུན་མོང་གི་ལུགས་ཀྱི་སྙིང་རྗེ་དང་། སྔགས་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་བཤད་ཚུལ་གཉིས་ལས། དང་པོ་ནི། སེམས་ཅན་སྡུག་བསྔལ་ཅན་ལ་དམིགས་ནས་སྡུག་ བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་དང་། གཉིས་པ་ནི། བདེ་བ་ཆེན་པོའི་ཡེ་ཤེས་ལ་སྙིང་རྗེར་ཐ་སྙད་བྱས་པ་སྟེ། སྙིང་རྗེའི་སྐད་དོད། ཀ་རུ་ཎ་ཞེས་པའི་ཐོག་ནས་ངེས་ཚིག་གིས་བཤད་པ་བྱས་ན། ཀ་ལ་ཐིག་ལེ་བྱིན་ནས་ཀཾ་ཞེས་པ་ནི་ བདེ་བ། རུ་ཅ་ཎ་འགོག་པ་སྟེ། བདེ་འགོག་བཅེས་པར་འགྱུར་ལ། དེ་ཉིད་ཐུན་མོང་གི་ལུགས་ཀྱི་སྙིང་རྗེ་ལ་བཤད་ན། སྙིང་རྗེ་དེ་གང་གི་རྒྱུད་ལ་འཁྲུངས་པའི་ཚེ། སེམས་ཅན་སྡུག་བསྔལ་བ་ལ་མི་བཟོད་པས། རང་གི་ཐུགས་རྒྱུད་ལ་བདེ་བ་འགོག་ པའི་རྣམ་པ་ཅན་དུ་བྱེད་པའོ། །ཐུན་མོང་མིན་པ་ལ་བཤད་ན། འགྱུར་བའི་བདེ་བ་འགོག་པ་མིན་འགྱུར་བའི་བདེ་བའོ། །ཡང་ན་སློབ་དཔོན་མཚོ་སྐྱེས་ཀྱིས། རུ་ཎའི་དོན་བསྡུས་པ་ལ་བཤད་ཅིང་། དེའི་དོན་ནི་དགའ་བ་སྔ་མ་གསུམ་གྱི་བདེ་བ་ རྣམས་རིམ་གྱིས་བསྡུས་པའི་ལྷན་ཅིག་སྐྱེས་དགའི་བདེ་བ་ཉིད་ཡིན་ཏེ་དོན་གཅིག་གོ། འདིར་ནི་ཐུན་མོང་མ་ཡིན་པའི་སྙིང་རྗེ་ལ་བཤད་དགོས་ཀྱི་ཐུན་མོང་བ་ལ་བཤད་ན་སྐབས་སུ་མ་བབ་པའོ། །ཁྱད་ཆོས་གཉིས་པ་ནི། སྲིད་ 12-6-6a གསུམ་ཁྱད་གཞི་དང་། སྐྱེ་འཇིག་མེད་པ་ཁྱད་ཆོས་སུ་སྦྱར་བར་བྱ་བ་མ་ཡིན་གྱི། སྲིད་པ་ཁམས་གསུམ་དུ་ཉིང་མཚམས་སྦྱོར་བའི་སྐྱེ་བ་འཁོར་བའི་མཐའ་དང་། སྲིད་པ་གསུམ་གྱི་ལས་དང་ཉོན་མོངས་པ་འཇིག་པ འམ་ཟད་པ་ཙམ་གྱི་ཞི་བ་ཕྱོགས་གཅིག་པ་ཀྱང་འདས་ཀྱི་མཐའ་གཉིས་མེད་པའི་དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། ཞེས་སྦྲེལ་བར་བྱ་ལ། བཤད་སྦྱར་གྱིས་ཀྱང་དེ་ལྟར་བཤད་དོ། །སྲིད་གསུམ་ཞེས་པ་ཁམས་གསུམ་ཡོངས་གྲགས་ལ་བཤད་ པ་དང་། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་ལ་བཤད་པ་སོགས་ཀྱི་སྐབས་མི་འདྲ་བ་དུ་མ་འབྱུང་ཡང་། འདི་ནི་ལུས་ངག་ཡིད་གསུམ་ཙམ་མ་ཡིན་གྱི། ཁམས་གསུམ་ལ་བཤད་དགོས་ཏེ། སྲིད་ཞིའི་མཐར་མ་ལྷུང་བ་སྟོན་པའི་སྐབས་ཡིན་པའི་ ཕྱིར་རོ། །ཁ་ཅིག་མདོར་བསྡུས་ལྔ་པ་ལས། མེ་ཤིང་དང་གཙུབ་སྟན་སོགས་ལ་མི་གནས་པ་དཔེར་བྱས་ནས། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་ཀྱི་སྲིད་པ་ལ་མི་གནས་པ་དང་། འདོད་པའི་མྱང་འདས་ལ་མི་གནས་ པ་སོགས་སུ་གསུངས་པ་དེ་དང་། འདི་དོན་གཅིག་ཏུ་འཆད་པ་ནི་མི་འཐད་དེ། དེ་ནི་དོན་དམ་པར་དེ་དག་ལ་གནས་པ་འགོག་པ་ཡིན་ཞིང་། འདིར་ནི་ཐ་སྙད་དུའང་སྲིད་ཞི་ལ་མི་གནས་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཡོན་ཏན་དུ་བསྟོད་དགོས་ ཀྱི། དོན་དམ་པར་ནི་ཆོས་ཐམས་ཅད་ཀྱང་སྲིད་ཞི་ལ་མི་གནས་པ་ཡིན་པས། དེ་དུས་ཀྱི་འཁོར་ལོའི་གཞན་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན་དུ་མི་འགྱུར་བའི་ཕྱིར་རོ། །དེའང་ཐེག་པ་ཆེན་པོ་པ་ཐམས་ཅད་ཀྱི་འདོད་བྱ་མཐར་ཐུག་པ་ན་ 12-6-6b མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ལ། འབྲས་བུ་སྲིད་ཞི་ལ་མི་གནས་པ་འཐོབ་པ་ནི་ལམ་གྱི་སྐབས་སུ་སྲིད་པའི་མཐའ་འགོག་པ་དང་ཞི་བའི་མཐའ་འགོག་པ་གཉིས་ཀ་ཆ་ཚང་བར་ཉམས་སུ་ལེན་པ་ལ་རག་ལས་ཤིང་། དེ་ལ་ཕར་ཕྱིན་ གྱི་ཐེག་ཆེན་པ་ལྟར་ན། རྗེ་བཙུན་བྱམས་མགོན་གྱིས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེ་ཞི་ལ་མི་གནས་དང་། །ཞེས་གསུངས་པ་ལྟར། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྲིད་པའི་མཐའ་འགོག་ཅིང་། སྙིང་རྗེ་ཆེན་པོ་སོགས་ བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོས་ཞི་བའི་མཐའ་འགོག་ལ། རྒྱུད་སྡེ་འོག་མ་དག་གི་ལུགས་ལའང་། སྲིད་པའི་མཐའ་འགོག་པ་ནི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཙམ་དང་། ཞི་བའི་མཐའ་འགོག་པ་ནི་ལྷའི་རྣལ་འབྱོར་དང་འབྲེལ་བའི་བསོད་ ནམས་ཀྱི་ཚོགས་རྨད་དུ་བྱུང་བ་དག་གོ། འདིར་ནི་འབྲས་བུའི་སྐབས་སུ། ཐུགས་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་གྱི་ཡེ་ཤེས་ལ་རྟག་ཏུ་གནས་པས་སྲིད་པའི་མཐའ་སྤངས་ལ། སྐུ་སྟོང་གཟུགས་ཀྱི་བཅོམ་ལྡན་འདས་ཡབ་ཡུམ་གྱི་རྣམ་ པར་ཤར་བས། འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་མཛད་པ་ཉིད་ཀྱིས་ཞི་བའི་མཐའ་སྤངས་པ་ཡིན་ཏེ། དབང་མདོར་བསྟན་ལས། མྱ་ངན་འདས་པ་བྲལ་བ་གཟུགས། །འཁོར་བ་ལས་འདས་མི་འགྱུར་བ། །རྟག་དང་ཆད་ལས་ངེས་པར་གྲོལ། ། དེ་དག་སྦྱོར་བ་གཉིས་མེད་མཆོག །ཅེས་གསུངས་པས་སོ། །དེ་ལ་རྐང་པ་དང་པོས་ནི། སྟོང་གཟུགས་ཀྱི་སྐུས་མྱ་ངན་ལས་འདས་པའི་མཐའ་དང་བྲལ་བར་བསྟན་ལ། རྐང་པ་གཉིས་པས་མི་འགྱུར་བའི་བདེ་ཆེན་ལ་གནས་པས་འཁོར་བ་ 12-6-7a ལས་འདས་པར་བསྟན་ཅིང་། རྐང་པ་ཐ་མ་གཉིས་ཀྱི་དོན་ནི། དེ་ལྟར་རྒ་པ་འཁོར་བ་དང་། ཆད་པ་མྱང་འདས་ཀྱི་མཐའ་ལས་ངེས་པར་གྲོལ་བ་བདེ་བ་དང་སྟོང་གཟུགས་ཀྱི་སྐུ་དེ་ཉིད་བདག་ཉིད་གཅིག་ཏུ་སྦྱོར་བ་ནི་མཐའ་ གཉིས་མེད་པའི་གོ་འཕང་མཆོག་གོ། ཞེས་བྱ་བའོ། །འོ་ན་བཞིན་ལག་གི་རྣམ་པ་ཅན་གྱི་སྐྱེས་བུའི་ལུས་བླངས་པ་ནི་སྲིད་པ་ཡིན་པས་སྟོང་གཟུགས་ཀྱི་སྐུ་ཡབ་ཡུམ་གྱི་རྣམ་པ་ཅན་གྲུབ་པ་སྲིད་པའི་མཐར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། རང་དང་ངོ་བོ་གཅིག་ཏུ་སྐྱེས་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དེས་ཡོངས་སུ་བཟུང་བའི་ཕྱིར་རོ། །ཐུགས་རྟག་ཏུ་བདེ་ཆེན་གྱི་ཡེ་ཤེས་ལ་གནས་ཀྱང་ཞི་བའི་མཐར་མི་འགྱུར་ཏེ། དེ་དང་ངོ་བོ་གཅིག་པའི་སྟོང་གཟུགས་ཀྱི་སྐུས་ཡོངས་སུ་ བཟུང་བའི་ཕྱིར་རོ། །དེ་ལྟར་ཡང་། དབང་མདོར་བསྟན་ལས། གཟུགས་ནི་སྲིད་པར་མི་འགྲོ་སྟེ། །འགྱུར་མེད་མྱ་ངན་འདས་མི་འགྲོ། །ཕན་ཚུན་འཁྱུད་པས་ཞི་བ་ནི། །མ་ནིང་གི་ནི་གོ་འཕང་མཆོག །ཅེས་གསུངས་སོ། །དེ་ལ་ཕན་ཚུན་འཁྱུད་ པས་ཞེས་པ་ཡན་ཆད་ཀྱི་དོན་ནི་སྔར་བཤད་པས་ཤེས་ལ། ལྷག་མ་ནི་དེ་ལྟར་མཐའ་གཉིས་ལ་མི་གནས་པའི་ཞི་བའམ་མྱང་འདས་ནི་ཐབས་ཤེས་གཉིས་ཀ་ཚོགས་པས་ཐབས་རྐྱང་པའང་མ་ཡིན་ཞིང་། ཤེས་རབ་རྐྱང་པའང་མ་ཡིན་ པའི་མ་ནིང་གི་གོ་འཕང་མཆོག་གོ། ཞེས་བྱ་བ་སྟེ། འཇིག་རྟེན་ན་མཚན་གཉིས་ཀ་རྟེན་གཅིག་ལ་མཉམ་དུ་ཚོགས་པ་ནི་མ་ནིང་དུ་བརྗོད་པ་བཞིན་ནོ། །དེ་ལྟར་སྲིད་ཞི་ལ་མི་གནས་པའི་གོ་འཕང་དེ་ཉིད་འཐོབ་པའང་ལམ་གྱི་སྐབས་ 12-6-7b སུ་སྟོང་གཟུགས་ཁྱད་པར་བ་འགྲོ་བའི་དོན་རྒྱུན་མི་འཆད་པར་མཛད་པའི་གཟུགས་སྐུའི་རིགས་འདྲའི་རྒྱུར་འགྱུར་བ་བསྒྲུབས་པས་སྲིད་པའི་མཐའ་འགོག་པ་དང་། འབྲས་བུའི་སྐབས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུའི་རིགས་འདྲའི་རྒྱུ་མི་ འགྱུར་བའི་བདེ་སྟོང་པ་ཉིད་དང་སྦྱར་བའི་ཡེ་ཤེས་བསྒྲུབས་པས་སྲིད་པའི་མཐའ་འགོག་པ་སྟེ། དེ་ལྟར་མཐའ་གཉིས་འགོག་པའི་ལམ་ཡོངས་སུ་རྫོགས་པར་ཉམས་སུ་ལེན་པ་ལ་རག་ལས་སོ། །ཁྱད་ཆོས་གསུམ་པ་ནི། ཤེས་དང་ཤེས་བྱ། ཞེས་པ་ཤེས་པ་དང་ཤེས་བྱ་ཙམ་ནི་མ་ཡིན་ཏེ། དེ་གཉིས་ངོ་བོ་གཅིག་པ་དུས་ཀྱི་འཁོར་ལོའི་ཐུན་མོང་མ་ཡིན་པའི་ཡོན་ཏན་དུ་འགྱུར་བའི་ཕྱིར་རོ། །ཤེས་པ་འཛིན་པའི་སེམས་དང་། ཤེས་བྱ་གཟུང་བའི་སེམས་གཉིས་རོ་མཉམ་དུ་གྱུར་ པའོ། །ཞེས་པདྨ་ཅན་སོགས་ཀྱིས་འཆད་པའང་མི་འཐད་དེ། འདིར་གཟུང་འཛིན་རྗེས་གཞན་ཁེགས་པ་ཙམ་ཕུལ་དུ་བྱུང་བའི་ཡོན་ཏན་དུ་སྟོན་འདོད་པ་མ་ཡིན་པས་སོ། །ཤེས་པ་མི་འགྱུར་བའི་སྐད་ཅིག་མ་དང་། ཤེས་བྱ་ཁམས་གསུམ་པའི་ དངོས་པོ་མ་ལུས་པ་མཐོང་བ་གཉིས་དེ་ཁོ་ནར་རྒྱུ་འབྲས་སུ་དབྱེར་མེད་པ་ཉིད་ཤེས་དང་ཤེས་བྱ་གཅིག་པའི་དོན་དུ་འཆད་པའང་མི་འཐད་དེ། ཆོས་ཐམས་ཅད་དེ་ཁོ་ནར་རྒྱུ་འབྲས་སུ་དབྱེར་མེད་པས་དེ་ཉིད་དུས་ཀྱི་འཁོར་ལོའི་ཕུལ་དུ་བྱུང་བའི་ཡོན་ ཏན་དུ་མི་འགྱུར་པའི་ཕྱིར་རོ། །དེས་ན་རང་ལུགས་ནི། དབང་མདོར་བསྟན་གྱི་འགྲེལ་པར། སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཤེས་བྱ་ཞེས་གསུངས་པ་ལྟར། ཤེས་པ་མི་འགྱུར་བའི་བདེ་བ་དང་། ཤེས་བྱ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ 12-6-8a གཟུགས་གཉིས་བདག་ཉིད་གཅིག་ཏུ་གྱུར་པའི་སྐུ་ཅན་དཔལ་ལྡན་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ཞེས་སྦྱར་རོ། །ཚིགས་སུ་བཅད་པ་གཉིས་སྔར་སྨོས་པའི་སྟོང་ཉིད་སྙིང་རྗེ་དེ་ཉིད་རྒྱས་པར་བཤད་པའི་སྒོ་ནས་ཕྱག་ འཚལ་བ་ནི། ཕྱག་འཚལ་ཞེས་དྲང་ངོ་། །གང་ལ་ན། ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལའོ། །དགོས་པ་དང་འཚལ་བ་པོ་ནི་སྔར་བཞིན་ནོ། །ཉིད་ཅེས་པ་དངོས་པོའི་རྐྱེན་མ་ཡིན་གྱི་བཤད་སྦྱར་ལས་ངེས་བཟུང་གི་ཚིག་ ཏུ་བཤད་པ་ལྟར་ཁོ་ནའི་དོན་ནོ། །འོ་ན་འོག་མ་དག་གི་ཕྱག་ཡུལ་བཀག་པར་མི་འགྱུར་རམ་སྙམ་ན་སྐྱོན་མེད་དེ། འོག་མ་རྣམས་ཀྱི་ཚུལ་གྱི་ཕྱག་ཡུལ་ཡང་འདི་དག་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་གཉིས་སུ་མེད་ཚུལ་བཤད་པའི་སྒོ་ནས་ ཡོན་ཏན་བརྗོད་པ་ནི། རྣམ་པར་བཅས་པའི་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་སྟོང་གཟུགས་ཀྱི་ཕྱག་རྒྱ་སྣ་ཚོགས་ཡུམ་དེ་ཡིས་འཁྱུད་དོ།། གང་ལ་ན་སྟོང་གཟུགས་ཀྱི་ཐབས་ཀྱི་རྣམ་པ་ཅན་གྱི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལའོ། །ཇི་ ལྟར་ན། རྒྱུད་ཐ་དད་པའི་ཐབས་ཤེས་མ་ཡིན་པར་ངོ་བོ་གཅིག་པའི་ཚུལ་གྱིས་དབྱེར་མེད་པར་རོ། །ཡང་རྣམ་པ་གཟུགས་སོགས་སུ་སྣང་བ་དེ་ཉིད་བདེན་པར་མེད་པ་ཙམ་གྱི་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཁོ་ན་ཉིད་དེ་ཡིས་ འཁྱུད་དོ། །གང་ལ་ན་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ལའོ། །ཇི་ལྟར་ན་གཉིས་སྣང་གི་བག་ཆགས་ཐམས་ཅད་སྤངས་པས་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་གྱུར་པའོ། །ཀྱང་ཞེས་པ་ནི་ཀུན་རྫོབ་ཏུ་རྣམ་བཅས་ཡིན་ཀྱང་། 12-6-8b དོན་དམ་པར་རྣམ་མེད་ཡིན་ཞེས་པའི་དོན་ནོ། །ཆོས་ཉིད་ཀྱི་ཤེས་རབ་མའང་འདིར་བཤད་དགོས་པ་ནི། བཤད་སྦྱར་མཁན་པོའང་བཞེད་དེ། ཕྱག་ཆེན་ཐིག་ལེར། ཇི་ལྟར་ཏིལ་སོན་ཏིལ་མར་དང་། ཇི་ལྟར་ཤིང་ལ་སོན་པའི་མེ། །དེ་བཞིན་ཆོས་ རྣམས་ཐམས་ཅད་ལ། །ཡང་དག་གནས་ཀྱང་མི་མཐོང་བ། །ཆོས་ཀྱི་དབྱིངས་ནི་བྷ་གར་བཤད། །བྷ་ག་རིན་ཆེན་ཟ་མ་ཏོག །གང་ཕྱིར་དབང་ཕྱུག་སོགས་ཡོན་ཏན། །ལྡན་པས་དེ་ཕྱིར་བྷ་གར་བཤད། །ཅེས་བཤད་སྦྱར་དུ་དྲངས་ནས། བཅོམ་ལྡན་ འདས་ཀྱི་སྐད་དོད། བྷ་ག་ཝཱན་ཅེས་པའི་བྷ་གའི་དོན་དེ་ལྟར་བཤད་ལ། ཇི་ལྟར་ཏིལ་ལ་ཏིལ་མར་གྱི་ཁམས་དང་། ཤིང་ལ་མེའི་ཁམས་ཡོད་ཀྱང་མི་མཐོང་བ་ལྟར། ཆོས་ཐམས་ཅད་ལ་ཡང་དག་པར་གནས་ཀྱང་། འགྲོ་བ་རྣམས་ཀྱིས་མི་མཐོང་བའི་ ཆོས་ཀྱི་དབྱིངས་ནི་སྟོང་གཟུགས་ལ་བྱར་མི་རུང་གི། ཆོས་རྣམས་ཀྱི་གནས་ལུགས་སུ་སོང་བའི་སྟོང་པ་ཉིད་ལ་བྱ་དགོས་པའི་ཕྱིར་རོ། །འོ་ན་ལྡན་པའི་དོན་སྐལ་བ་དྲུག་དང་ལྡན་པ་ལ་བྱ་དགོས་པ་ལ་ཆོས་དབྱིངས་ཙམ་ལ་ཇི་ལྟར་རུང་སྙམ་ན། སྐལ་ བ་དྲུག་པོ་དེ་ཉིད་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་ཡོན་ཏན་ཡིན་པའི་ཕྱིར་ན། སྤྱིར་ཆོས་དབྱིངས་ལའང་ཡོད་པའི་སྒོ་ནས་ལྡན་པར་འགྱུར་རོ། །བཤད་སྦྱར་དུ། རྒྱ་ཆེ་བ་རྣམ་བཅས་ཀྱི་ཤེས་རབ་མ་དང་ཟབ་པ་རྣམ་མེད་ཀྱི་ཤེས་རབ་མ་ཞེས་བཤད་པ་དེ་དོན་གཅིག་གོ། འགྱུར་མེད་བདེ་ བ་དང་ལྡན། ཞེས་པ་ལ། སྤྱིར་མི་འགྱུར་བའི་བདེ་བ་ཙམ་དང་ཁྱད་པར་བ་གཉིས་ཡོད་དེ་འདི་ལྟར། འགྱུར་བའི་དོན་འཛག་པ་དང་འཕོ་བ་གཉིས་ཀ་ལ་འཇུག་པས། བྱང་སེམས་རྡོ་རྗེ་ནོར་བུའི་རྩེར་བབས་པ་ཕྱིར་མ་ཟགས་པ་ལ་མི་འགྱུར་བར་བྱས་ནས། དེ་ནས་སྐྱེས་པའི་བདེ་བ་ལ་མི་འགྱུར་བའི་བདེ་ 12-6-9a བར་བྱས་པ་དང་། བྱང་སེམས་རྡོ་རྗེ་ནོར་བུའི་རྩེར་བབས་པ་ཕྱིར་མི་འཛག་པ་ཙམ་དུ་མ་ཟད་རང་གི་གནས་དེ་ལས་རང་གི་ལུས་ཀྱི་ཆ་གང་དུའང་མི་འཕོ་བར་གནས་པའི་ཐིག་ལེ་དེ་ཉིད་ལ་མི་འགྱུར་བར་བྱས་ནས། རྟེན་དེ་ལས་སྐྱེས་པའི་བདེ་བ་ལ་མི་འགྱུར་བའི་བདེ་བར་བྱས་པ་ གཉིས་སོ། །དང་པོ་ནི། རླུང་ཨ་ཝ་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་ནུས་པའི་མཚམས་ནས། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་དགའ་བཞི་སྐྱེས་པ་ཐམས་ཅད་ཀྱི་ཚེ་འོང་ལ། གཉིས་པ་ནི། ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་ནས་ སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ལ་བརྟེན་ཏེ། མི་་་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིམ་བཞིན་ཐོབ་པའི་འགོ་བརྩམས་པ་ན་བཟུང་ནས་སློབ་ལམ་གྱི་སྐབས་སུའང་འོང་ཞིང་། མི་འགྱུར་བའི་བདེ་བའི་སྐད་ཅིག་མ་དེ་ཐམས་ཅད་ ཡོངས་སུ་རྫོགས་པ་ནི་འབྲས་བུའི་སྐབས་ཁོ་ནའོ། །དེ་དག་ལས་འདིར་ནི་འབྲས་བུའི་སྐབས་ཀྱི་མི་འགྱུར་བའི་བདེ་བ་ཉིད་གཟུང་བར་བྱ་བའི་ཕྱིར་དུ་སྐྱེ་འཇིག་སྤངས་པའི་ཞེས་བྱ་བའི་ཁྱད་པར་སྨོས་སོ། །དེ་ལ་སྐྱེ་འཇིག་སྤངས་པའི་ དོན། རང་རྒྱུ་ལས་སྐྱེ་བ་དང་། དུས་གཉིས་པར་མི་གནས་པའི་འཇིག་པ་ཙམ་སྤངས་པ་ལ་མི་བཟུང་སྟེ། དེ་ལྟར་ན་མི་འགྱུར་བའི་བདེ་བ་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་སྐྱེས་པ་འགལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། བཤད་སྦྱར་དུ་རྩ་རྒྱུད་ དྲངས་ནས་བཤད་པ་དེ་ཉིད་ལེགས་པས་འདིར་ཡང་དེ་ལྟར་བཤད་པར་བྱའོ། །དེའང་རྩ་རྒྱུད་ལས། སྐྱེ་དང་འཇིག་པ་དཀར་ཕྱོགས་དང་། །ནག་པོའི་ཕྱོགས་སུ་རབ་གནས་པའོ། །དེ་གཉིས་དབུས་སུ་གང་བ་གང་། །གང་བ་དེ་ནི་མི་གནས་ཉིད། ། 12-6-9b ཅེས་གསུངས་ཤིང་། དེའི་དོན་ནི། ཁམས་དཀར་པོ་གཙུག་ཏོར་ནས་རྡོ་རྗེ་ནོར་བུའི་བར་དུ་སྐྱེ་བའི་འཕེལ་པའི་ཆ་བཅོ་ལྔ་དང་། དེ་ཉིད་ཇི་ལྟར་འོངས་པ་བཞིན་མས་རིམ་གྱིས་གཙུག་ཏོར་བར་དུ་ཁམས་དམར་པོ་རྡུལ་ལམ་ཉི་མས། ཁམས་དཀར་པོ་དེ་ཉིད་འཇིག་པ འང་ཟད་པར་བྱེད་པའི་ཆ་བཅོ་ལྔ་ནི་སྐབས་འདིར་སྐྱེ་འཇིག་གི་དོན་ཡིན་ལ། དེ་གཉིས་ཀྱི་དབུས་སུ་སྟེ་དེ་གཉིས་གང་གིའང་ཕྱོགས་སུ་མ་ལྷུང་བར་བྱང་ཆུབ་ཀྱི་སེམས་ཀྱི་ཆ་ཐམས་ཅད་ཡོངས་སུ་རྫོགས་ཤིང་གང་བ་ཆ་བཅུ་དྲུག་པའི་གནས་སྐབས་འབའ་ ཞིག་ལ་རྟག་ཏུ་གནས་པ་གང་ཡིན་པའི་གང་བ་དེ་ནི་འཕལ་ཟད་ཀྱི་བག་ཆགས་མ་ལུས་པར་སྤངས་པས་སྐྱེ་འཇིག་གཉིས་ཀ་ལ་མི་གནས་པའོ། །ཞེས་བྱ་བའི་དོན་ནོ། །དེ་ལྟར་ན་སྐབས་འདིའི་མི་འགྱུར་བའི་བདེ་བ་ནི། འཕོ་བའི་བག་ཆགས་མ་ལུས་པ་ སྤངས་པའི་ཕྱིར་འབྲས་བུའི་སྐབས་ཁོ་ན་ལ་བཤད་དགོས་སོ། །བཞད་པའམ་རྒོད་པ་ལ་སོགས་པ་བལྟ་བ་དང་། ལག་བཅངས་དང་། འཁྱུད་པ་དང་། དབང་པོ་གཉིས་སྦྱོར་གྱི་བདེ་བ་སྤངས་ཞེས་པས་ནི། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་རྒོད་པ་སོགས་ བྱས་པ་ལས་སྐྱེས་པའི་བདེ་བ་ལས། ཕྱག་རྒྱ་ཆེན་མོ་ལས་སྐྱེས་པ་མི་འགྱུར་བའི་བདེ་བ་ཁྱད་པར་དུ་བསྟན་པའི་ཕྱིར་སྨོས་སོ། །བཤད་སྦྱར་ནི་དབང་པོ་གཉིས་སྦྱོར་གྱི་བདེ་བ་དེ་ཁོ་ན་ཉིད་དུ་སྨྲ་བ་དགག་པའི་ཕྱིར་དུ་གྲུབ་ཟིན་སླར་ཡང་བསྣན་ནས་བཞད་པ་ ལ་སོགས་བདེ་བ་སྤངས་ཞེས་སྨོས་པ་ཡིན་ནོ། །ཞེས་འཆད་དོ། །འགྱུར་མེད་བདེ་བ་ཞེས་པ་ལ་བཤད་སྦྱར་དུ། ནོར་བུ་པདྨ་ལས་འགྱུར་བ་མེད་པ་ཞེས་འབྱུང་བའི་དོན། འགྱུར་དེ་ལྟར་ན་ནོར་བུ་དང་པདྨ་མཉམ་པར་སྦྱར་བར་བྱས་པ་ལས་ཀྱང་ཁམས་ 12-6-10a འགྱུར་བ་མེད་པ་ཞེས་འཆད་དགོས་ཀྱང་། འོག་ཏུ་ནོར་བུའི་པདྨ་ལས་འགྱུར་བ་མེད་པ་ཞེས་འབྱུང་བ་ལྟར་འདིར་ཡང་བཤད་རྒྱུ་ཡིན་ཞིང་དེ་ལྟར་བཤད་ན། དབང་མདོར་བསྟན་ལས། ལྟེ་གསང་ནོར་བུའི་པདྨ་ལ། །ཞེས་ གསུངས་པ་ལྟར། ནོར་བུའི་དབུས་ནའང་རྩའི་པདྨ་ཡོད་པས་དེ་ལས་གཞན་དུ་མི་འཕོས་པའི་དོན་ནོ། །མཆོག་ཏུ་མི་འགྱུར་བའི་བདེ་བ་དེའི་བྱེད་ལས་ནི། སངས་རྒྱས་ཏེ་ཕུང་པོ་ལྔ་པོ་རྣམས་སྒྲིབ་བྲལ་དུ་བསྐྱེད་པར་མཛད་པ་ཆོས་དང་ལོངས་སྤྱོད་ རྫོགས་པ་དང་སྤྲུལ་པའི་སྐུ་གསུམ་དག་དང་ལྡན་ཞིང་དུས་གསུམ་ཡང་དག་རིག་པའོ། །སྐུ་བཞི་ཡོད་མོད་ཅིའི་ཕྱིར་གསུམ་སྨོས་ཤེ་ན། གསུམ་པོ་དེ་དག་ལ་ལྡན་པའི་རྟེན་བདེ་བ་ཆེན་པོ་དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཡིན་པས་སྐྱོན་ མེད་དོ། །དུས་གསུམ་རིག་པའི་དོན་ནི། རྩ་རྒྱུད་ལས། རང་གི་སེམས་དང་གཞན་སེམས་ཀྱི། །གཞན་བདག་སྐྱེ་མཆེད་གང་གི་ཕྱིར། །ཕ་རོལ་སེམས་ཀྱི་རྣམ་རྟོག་གང་། །སྐྱེ་མཆེད་དྲུག་གི་མཚན་ཉིད་ཅན། །བདག་གི་སེམས་ཀྱི་ རྣམ་རྟོག་གང་། །སྐྱེ་མཆེད་དྲུག་གི་མཚན་ཉིད་དོ། །ཀུན་མཁྱེན་ཤེས་པ་འཛིན་བྱེད་དེ། །འབྱུང་དང་འབྱུང་འོས་བསྒྲིབས་པའོ། །ཞེས་གསུངས་པ་དེའི་དོན་ནི་འདི་ཡིན་ཏེ། ཆོས་ཐམས་ཅད་སྐྱེ་མཆེད་བུ་གཉིས་སུ་བསྡུས་ཤིང་། དེ་ལའང་ དྲུག་ནི་ནང་གི་སྐྱེ་མཆེད་དང་། དྲུག་ནི་ཕྱིའི་སྐྱེ་མཆེད་ཡིན་པས། ནང་གི་སྐྱེ་མཆེད་རྣམས་ནི་གང་ཟག་གང་ཡང་རུང་བ་ཞིག་གཞིར་བཞག་ན། གང་ཟག་དེ་རང་གི་སེམས་ཀྱི་རྣམ་པར་རྟོག་པ་སྟེ་རང་རྒྱུད་ཀྱིས་བསྡུས་པ་དང་། ཕྱིའི་སྐྱེ་མཆེད་ 12-6-10b དྲུག་ནི་གང་ཟག་དེ་ལས་གཞན་གྱི་སེམས་ཀྱི་རྣམ་པར་རྟོག་པ་སྟེ། གཞན་རྒྱུད་ཀྱིས་བསྡུས་པ་དང་། གཏན་ནས་རྒྱུད་ཀྱིས་མ་བསྡུས་པ་རྣམས་སོ། །དེ་ལྟར་སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་ཆོས་བྱུང་ཟིན་པའི་འདས་པ་དང་། འབྱུང་འོས་ཀྱི་མ་འོངས་པ་ དང་། ད་ལྟར་བ་མ་བསྒྲིགས་པ་སོ་སྐྱེས་ཀྱང་རིག་པས་བསྒྲིབས་པའི་ལྐོག་ཏུ་གྱུར་པ་ཐམས་ཅད་ཡང་དག་པར་རིག་པ་ནི་དུས་གསུམ་ལ་གནས་པའི་ཆོས་ཡང་དག་རིག་པའི་དོན་ནོ། །ཞེས་བྱ་བའོ། །ཀུན་མཁྱེན་ནི་མུན་པ་གཉིད་འཐུག་གི་གནས་ སྐབས་བསྐྱེད་པའི་ཐིག་ལེ་སྒྲིབ་བྲལ་དུ་གྱུར་པ་དང་། སངས་རྒྱས་ནི་སད་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་སྒྲིབ་བྲལ་དུ་སོང་བས་རྣམ་བཅས་རྒྱ་ཆེ་བ་དང་། རྣམ་མེད་ཟབ་པའི་ཆོས་ཐམས་ཅད་རྟོགས་པ་སྟེ། རྩ་རྒྱུད་ལས། སད་པའི་ སྐབས་སོགས་སངས་རྒྱས་ཏེ། །ཐམས་ཅད་མཁྱེན་པ་ཞེས་བསྒྲགས་ལ། །ཐམས་ཅད་རིག་ཅིང་ངེས་གྲོལ་བ། །མུན་པའི་སྐབས་སོགས་མེད་པའོ། །ཞེས་གསུངས་པ་ལྟར་རོ། །མཆོག་གི་དང་པོའི་སངས་རྒྱས་ཞེས་པ་ནི། མཆོག་ཏུ་ མི་འགྱུར་བའི་བདེ་བ་དང་པོའི་རྒྱུར་བྱས་པ་ལས་བྱུང་བའི་སངས་རྒྱས་ཞེས་པ་སྟེ། ཐོག་མཐའ་དབུས་གསུམ་གྱི་སངས་རྒྱས་གང་ཡིན་ཀྱང་དེ་ཉིད་ལས་བྱུང་བར་ཁྱད་པར་མེད་དོ། །བཅོམ་ལྡན་ནི་དབང་ཕྱུག་ལ་སོགས་པའི་སྐལ་བ་དྲུག་ དང་ལྡན་པའོ། །གཉིས་མེད་ནི་བཤད་ཟིན་ཏོ། །ཚིགས་སུ་བཅད་པ་གསུམ་པ། དེ་ཉིད་བཅུ་དྲུག་རིག་པ་ད། བདེན་དོན་བཅུ་གཉིས་ཀྱི་སྒོ་ནས་ཕྱག་འཚལ་བ་ནི། ཕྱག་འཚལ་ཞེས་དྲང་ངོ་།། གང་ལན། སངས་རྒྱས་དུས་ཀྱི་འཁོར་ལོ་ལའོ། ། 12-6-11a ཞེས་སྦྱར་རོ། །དེ་ལ་དུས་ཀྱི་འཁོར་ལོའི་དོན་ཡང་། རྩ་རྒྱུད་ལས། དུས་ཆེན་པོ་ནི་སྲོག་ཆེན་པོ། །འབྲས་བུའི་དབུགས་དྲོད་ཟད་པ་ལས། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །བརྒྱ་ཕྲག་དྲུག་གི་དབུགས་རྣམས་ཏེ། །སྲིད་པ་གསུམ་ དུ་དབུགས་འཁོར་རོ། །འདི་ནི་དུས་ཀྱི་འཁོར་ལོར་བཤད། །ཅེས་གསུངས་པ་ལྟར་ཏེ། དེའི་དོན་ནི་འདི་ལྟར། དུས་ཀྱི་འཁོར་ལོ་ཞེས་པའི་དུས་ཆེན་པོ་ནི། འབྲས་བའི་སྐབས་སུ་གཞི་དུས་ཀྱི་ཉིན་ཞག་རེ་རེ་ལའང་སྲིད་གསུམ་སྟེ་རྩ་གསུམ་ལ་སྟོང་ཕྲག་ཉི་ ཤུ་རྩ་གཅིག་དང་། བརྒྱ་ཕྲག་དྲུག་གི་དབུགས་རྣམས་འབྱུང་འཇུག་བྱེད་པའི་རྒྱུ་བ་རྣམས་འགགས་པའི་སྲོག་ཆེན་པོའོ། །འཁོར་ལོ་ཞེས་པ་ནི། གཞི་དུས་སུ་དབུགས་ཀྱི་འཕོ་བ་བཅུ་གཉིས་ཀྱི་འཁོར་ལོ་འཁོར་བ་ལས། ས་བཅུ་གཉིས་ཀྱི་བགྲོད་པའི་ རིམ་པས་དབུགས་སྟོང་བརྒྱད་བརྒྱ་རེ་འགག་ཤིང་། དབུགས་ཀྱི་འཕོ་བ་ཟད་པ་ལས་འཇོག་གོ། ཞེས་བྱ་བའོ། །དེས་ན་ངོ་བོ་གཅིག་ཉིད་ལ། དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་ལྡོག་པ་ནས་དུས་དང་། འཕོ་བ་བཅུ་གཉིས་འགགས་ པའི་ལྡོག་པ་ནས་འཁོར་ལོ་བཞག་པ་ཡིན་ལ། སངས་རྒྱས་ནི་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པར་ཐོབ་པའི་ལྡོག་པ་ནས་འཇོག་གོ། ཕྱག་ཡུལ་གཉིས་པོ་དེ་ལས་སངས་རྒྱས་ནི་དེ་ཉིད་བཅུ་དྲུག་དང་། དུས་ཀྱི་འཁོར་ལོ་ནི་ བདེན་དོན་བཅུ་གཉིས་དང་སྦྱར་ནས་བཤད་པར་བྱ་བ་ཡིན་པ་ལས། དང་པོ་ནི། སངས་རྒྱས་ཀྱི་དོན་ཅི་ཞེ་ན། བཞུགས་ཞེས་དྲང་ངོ་། །གང་ལན། ཉོན་མོངས་པའི་རི་དྭགས་གསོད་པས་སེང་གེ་ཞེས་བརྗོད་པའི་ཁྲིའམ་རྟེན་རྣམ་བཅས་ཀྱི་ཕྱག་རྒྱ་ 12-6-11b ལའོ།། གང་བཞུགས་ན་འཕོ་བའི་བག་ཆགས་རྣམ་པར་དག་པའི་བདེ་བ་ཆེན་པོའོ། །དེ་ཉིད་ལ་རྡོ་རྗེའི་སྦྱོར་བ་ཞེས་ཀྱང་བྱ་སྟེ། དེའང་སྤྱི་བོ་ལ་སོགས་པའི་འཁོར་ལོ་བཞིར་ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་བཞི་རིམ་བཞིན་སྦྱར་ཏེ་བཀག་པས་དབྱེར་མི་ཕྱེད་ པའི་བདེ་བ་ཆེན་པོར་འགྱུར་བའོ། །ཡོ་ག་རྣལ་འབྱོར་ལའང་འཇུག་མོད་ཀྱི། འདིར་ནི་ཡོ་ག་སྦྱོར་བ་ལ་འཇུག་པའི་དབང་དུ་བྱས་ནས་ཨ་ཙ་ལས་བཤད་པ་ལྟར་རོ། །དེ་ཉིད་སྲིད་པ་གསུམ་གྱིས་མཆོད་པའི་དོན་ནི། སྲིད་པ་གསུམ་སྟེ་སྒྲུབ་པ་པོའི་ལུས་ངག་ ཡིད་གསུམ་གྱིས་བྱང་སེམས་རྡོ་རྗེ་ནོར་བུའི་རྩེ་ནས་རིམ་བཞིན་གོང་དུ་དྲངས་ཏེ། གཙུག་ཏོར་དུ་བཅིངས་པ་ཉིད་མཆོད་པའི་དོན་ནོ། །རྟེན་གཟུགས་དང་བརྟེན་པ་བདེ་བ་གཉིས་གཅིག་པུ་སྟེ་དབྱེར་མི་ཕྱེད་པར་འགྱུར་པ་དེ་ཉིད་སྐུ་བ་ཞིའི་རབ་ཏུ་དབྱེ་བས་རྣམ་པ་བཅུ་ དྲུག་ཏུ་འགྱུར་ཞིང་། ཇི་ལྟར་འགྱུར་བའི་ཚུལ་ནི་འོག་ཏུ་འཆད་དོ། །སྲིད་མེད་སྲིད་པར་གནས་ཞེས་པ་འགྱུར་མ་ལེགས་པས་སྲིད་མེད་སྲིད་སོང་བ་ཞེས་ག་ཏ་སོང་བ་ལའང་འཇུག་པ་ལྟར་དབང་ལོས་བསྒྱུར་པ་ཉིད་ཀྱི་ཐོག་ནས་བཤད་ན་སྲིད་མེད་མྱང་འདས་ ཀྱི་མཐའ་དང་། སྲིད་པ་འཁོར་བའི་མཐའ་གཉིས་འདི་ལས་གཞན་དུ་སོང་ཞིང་། འདི་མཐའ་དེ་གཉིས་དང་བྲལ་བ་ཞེས་བྱ་བའི་དོན་ནོ། །འཁོར་འདས་ཀྱི་མཐའ་ལས་བརྒལ་བ་དེའི་ཕྱིར། ཤེས་པ་བདེ་བ་དང་ཤེས་བྱ་སྒྲིབ་བྲལ་གྱི་གཟུགས་གཉིས་ ངོ་བོ་གཅིག་ཏུ་གྱུར་པ་ཡིན་ལ། སྔར་ཤེས་དང་ཤེས་བྱ་གཅིག་པའི་སྐུ། ཞེས་པའི་སྐབས་སུ་མཐའ་གཉིས་ལས་འདས་པ་དང་། རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་སྒོ་ནས་མ་བཤད་ཅིང་། འདིར་དེ་ལྟར་བཤད་པས་མི་ཟློས་སོ། །དམ་ཚིག་གི་ 12-6-12a སྔ་དོད་ས་མ་ཡ་ཞེས་པ་འདུས་པ་ལའང་འཇུག་པས། རྒྱལ་བ་མཆོག་གི་འདུས་པ་ཞེས་དཔང་གིས་བསྒྱུར་བ་ཉིད་ལེགས་པས་དེ་ལྟར་བཤད་ན། དེའི་ཕྱིར་སྒྲིབ་བྲལ་གྱི་ཕུང་ཁམས་སྐྱེ་མཆེད་ཀྱི་ཚོགས་པ་ནི་རིགས་ཐམས་ ཅད་ཀྱི་བདག་པོ་རྒྱལ་བ་མཆོག་གི་འདུས་པའོ། །གཉིས་པ་ནི། མི་བསླུ་བས་བདེན་པའི་དོན་ཅན་དགའ་བ་རྒྱས་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི། དུས་གསུམ་གྱི་རྒྱལ་བའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་རྣམ་རྟོག་གིས་མི་ཕྱེད་པས་རྡོ་རྗེ་ ཞེས་བྱ་ཞིང་དེའི་གནས་སམ་གཞིར་གྱུར་པ་ཡིན་ལ། དེའང་འཕོ་བ་བཅུ་གཉིས་འགགས་པའི་དབྱེ་བས་ཡན་ལག་རྣམ་པ་བཅུ་གཉིས་སོ། །རྡོ་རྗེའི་ཚིག་ཅེས་བསྒྱུར་བ་ལས་པཱ་ད་གནས་ལའང་འཇུག་པའི་དབང་དུ་བྱས་ཏེ། རྡོ་རྗེའི་གནས་ཞེས་དབང་གིས་ བསྒྱུར་བ་ཉིད་ལེགས་སོ། །ཚིགས་སུ་བཅད་པ་བཞི་པ། སྐུ་བཞི་དང་། རྣམ་ཐར་བཞི་དང་། རྡོ་རྗེ་བཞི་དང་། ཐབས་ཤེས་དབྱེར་མེད་ཀྱི་སྒོ་ནས་ཕྱག་འཚལ་བ་ནི། གང་ཞིག་དང་པོའི་སངས་རྒྱས་དེ་ལ་འདུད་ཅེས་དྲང་ངོ་། །དེའི་ཡོན་ཏན་ནི་ཀུན་མཁྱེན་རྒྱལ་བའི་བདག་ པོ་ལྷན་ཅིག་སྐྱེས་པའི་སྐུ་དང་། དེ་བཞིན་དུ་ཡེ་ཤེས་སྐུ་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ནི་ཉིན་མོར་བྱེད་པའི་སྐུ་དང་། དེར་མ་ཟད་སྤྲུལ་པའི་སྐུའང་པདྨའི་འདབ་མ་རྒྱས་པའི་སྤྱན་ནོ་ཞེས་སྦྱར་ཏེ། འདི་དག་གི་དོན་ནི་འོག་ཏུ་ཞིབ་པར་འཆད་ དོ། །དེ་ལྟར་སྐུ་བཞི་དང་སྒྲིབ་བྲལ་གྱི་རྣམ་པར་ཐར་པ་བཞི་དང་སྐུ་གསུང་ཐུགས་རྡོ་རྗེ་དང་། ཆགས་པ་སྟེ་བདེ་བའམ་ཡེ་ཤེས་ཀྱི་རྡོ་རྗེ་བཞི་དང་། སྲིད་འདས་འབྱོར་བ། ཞེས་པ་ལས། ག་ཏ་བྷ་བ་བི་བྷ་བེཿ ཞེས་པ་རིམ་བཞིན་འབྱུང་བ་སོང་བ་དང་ 12-6-12b འཇིག་པ་སོང་བ་ལ་འཇུག་པའི་དབང་དུ་བྱས་ཏེ། འབྱུང་དང་འཇིག་སོང་ཞེས་དཔང་གིས་བསྒྱུར་བ་ཉིད་ལེགས་པས་དེ་ལྟར་བཤད་ན། ཁམས་གསུམ་དུ་འབྱུང་བ་འཁོར་བའི་མཐའ་དང་། འཇིག་པ་མྱང་འདས་ཀྱི་མཐའ་གཉིས་འདི་ལས་གཞན་དུ་སོང་ ཞིང་རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ་ཤེས་རབ་དང་ཐབས་ནི་གཉིས་སུ་མེད་ལྷ་དང་ལྷ་མིན་གྱིས་བསྟོད་པའོ། །སྐུ་བཞི་དང་ཚངས་པའི་གནས་བཞི་དང་རྣམ་ཐར་བཞི་ལ་སོགས་པ་ལོ་མཉམ་དུ་གྱུར་པའི་སྒོ་ནས་བསྟོད་པ་ནི། ཡེ་ཤེས་སྟོང་ཉིད་ཡེ་ཤེས་ ཀྱིས། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཞིའོ། །དེ་ལ་གསང་སྔགས་བླ་ན་མེད་པའི་རྒྱུད་སོ་སོ་ལ་རང་རང་གིས་རྩལ་དུ་བཏོན་ནས་འཆད་པའི་ལམ་གྱི་གཙོ་བོ་རེ་རེ་ཡོད་ཅིང་། རྒྱུད་འདི་ལའང་རྒྱུད་གཞན་དང་མི་འདྲ་བའི་ཁྱད་ པར་མང་དུ་ཡོད་ཀྱང་། གཙོ་བོ་ནི་དབང་བཞི་པའི་ལམ་ཉིད་ཡིན་པར་འདི་ཉིད་ལས་ཡང་དང་ཡང་དུ་གསུངས་སོ། །དེའང་རྒྱུད་གཞན་ནས་དབང་བཞི་པའི་ལམ་ལ་བསྟན་ཅིང་འདིར་བསྟན་པས་ཁྱད་པར་དུ་འཕགས་ཞེས་བཤད་ན། འདི་ཉིད་ཕུལ་ དུ་བྱུང་བར་བསྒྲུབ་འདོད་ནས་རྒྱུད་གཞན་མཐའ་དག་ལ་སྐུ་བ་འདེབས་པའི་ཆོས་སྤོང་བར་འགྱུར་བས་དེ་ལྟར་མི་བཟུང་གི། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོགས་ཀྱིས་རྒྱུད་གཞན་དུ་སྦས་པ་དང་མི་གསལ་བའི་ཚུལ་གྱིས་གསུངས་ཀྱང་། འདི་ཉིད་ དུ་ཆེས་གསལ་བ་དང་། མ་སྦས་པར་བསྟན་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟར་གསལ་བར་བཤད་པའི་དབང་བཞི་པའི་ལམ་གྱི་གཙོ་བོའང་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་འདྲེན་པ་ཐབས་ 12-6-13a ཤེས་དབྱེར་མེད་དུ་སྦྱོར་བའི་ལམ་འདི་ཉིད་ཡིན་པས་དེའི་ཕྱིར་དེ་ལ་རྩལ་དུ་བཏོན་ནས་འཆད་པ་ཡིན་ལ། དེའང་མཚན་འཛིན་གྱི་སྤྲོས་པ་གཅོད་པའི་དོན་ནོ། །ཡང་དག་པའི་ལྟ་བས་གཏན་ལ་དབབ་པར་བྱ་བའི་སྟོང་ཉིད་ནི་ འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་དཔལ་ལྡན་ཟླ་བས་གཏན་ལ་ཕབ་པ་འདི་ཉིད་ཐེག་པ་གོང་འོག་དང་རྒྱུད་སྡེ་བཞི་ཁའི་ཐུན་མོང་བ་ཡིན་ཞིང་། མི་འགྱུར་བའི་བདེ་ཆེན་འདྲེན་པའི་ཐབས་སུ་བསྒྲུབ་པར་བྱ་བ་རྣམ་པ་ཐམས་ཅད་པའི་ གཟུགས་ཀྱི་སྟོང་པ་ཉིད་ནི་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པས་དེ་གཉིས་ཀྱི་ནང་ནས་མཚན་འཛིན་འཇིག་པའི་སྟོང་པ་ལས་བདེ་ཆེན་འདྲེན་པའི་སྟོང་པ་རྩལ་དུ་བཏོན་ནས་འཆད་མོད། འོན་ཀྱང་མཚན་འཛིན་འཇིག་པའི་སྟོང་ཉིད་དཔལ་ ལྡན་ཟླ་བས་བཤད་པ་ལྟར་འཆད་པའང་རྒྱུད་སྡེ་གཞན་ལས་འདི་ཉིད་ཤིན་ཏུ་རྒྱས་སོ། །དེའི་ཕྱིར་དེ་ལྟར་སྟོང་ཉིད་གཉིས་ཡོད་པར་ཤེས་པར་བྱས་ནས་གཅིག་ཁོ་ནར་མི་བཟུང་ཞིང་། མཚན་འཛིན་འཇིག་པའི་སྟོང་ཉིད་འདི་ལས་གསུངས་ ཚུལ་གཞན་ནི་འོག་ཏུ་རང་རང་གི་ཐད་དུ་བཤད་པར་བྱ་ལ། འདིར་སྐབས་སུ་བབ་པ་རྣམ་ཐར་བཞིའི་དོན་རྒྱུད་འདི་ཉིད་ལས་གསུངས་པ་ལྟར་བཤད་པར་བྱའོ། །དེའང་སྒྲུབ་ཐབས་ལེའུ་ལས། སྟོང་པ་དངོས་པོའི་ངོ་བོ་རང་བཞིན་མཐའ་ དག་འགྲོ་བ་འདི་ནི་དངོས་པོ་དག་གིས་རྣམ་པར་དམན། །ཞེས་གསུངས་པས་སྟོང་པ་ཉིད་དང་། དེ་ལས་སངས་རྒྱས་བྱང་ཆུབ་མེད་ཅིང་གཞན་ཕན་སྙིང་རྗེ་དག་དང་མཚན་མའི་དམ་བཅའ་མེད་པ་སྟེ། །ཞེས་པས་མཚན་མེད་སྨོན་མེད་ 12-6-13b གཉིས་བསྟན་ཏོ། །དེའང་དངོས་པོ་རྣམས་ཀྱི་ངོ་བོའི་རང་བཞིན་ནམ་གནས་ལུགས་སུ་གྱུར་པའི་སྟོང་པ་ཉིད་དེ་གང་ཞེ་ན། མཐའ་དག་འགྲོ་བ་འདི་ནི། ཞེས་པས་སྟོང་གཞི་ཆོས་ཅན་བསྟན་ཏེ། རྒྱུད་བླ་མ་ལས། འགྲོ་བ་ཞི་བའི་ཆོས་ཉིད་དུ། །ཞེས་པས་འགྲེལ་ པར་ཆོས་དང་གང་ཟག་གི་འགྲོ་བ་འདི་དག །ཅེས་གསུངས་པ་ལྟར། བློ་ཡུལ་དུ་འགྲ་བ་ཙམ་ལ་འགྲོ་བའི་དོན་དུ་བྱས་པའི་ཆོས་དང་གང་ཟག་འདི་མཐའ་དག་གོ། དགག་བྱ་གང་གིས་སྟོང་ན་དངོས་པོ་མཐའ་དག་གིས་ཞེས་པའོ། །དེའང་དོན་བྱེད་དཔའི་དངོས་པོ་ཙམ་ལ་ མི་བཟུང་སྟེ། འགྲོ་བ་མཐའ་དག་དོན་བྱེད་ནུས་སྟོང་དང་། དངོས་མེད་དེ་ཁོ་ན་ཉིད་དུ་ཐལ་བའི་ཕྱིར་རོ། །དེས་ན་དངོས་པོའི་སྐད་དོད་དེ། དངོས་པོ་དང་རང་བཞིན་གཉིས་ཀ་ལ་འཇུག་པ་ལས། འདིར་རང་བཞིན་དུ་བསྒྱུར་ནས་རང་བཞིན་གྱིས་གྲུབ་པས་དམན་ཞེས་རང་ བཞིན་གྱིས་གྲུབ་པ་དགག་བྱར་བྱའོ། །དོན་འདི་ནི་དབང་མདོར་བསྟན་ལས་གསལ་བར་བཤད་དེ། ཇི་སྐད་དུ། འབྱུང་རྣམས་འཇིག་པར་མི་འགྱུར་ཏེ། །རང་བཞིན་ཉིད་ཀྱིས་སྐྱེ་བ་མེད། །དངོས་པོ་རང་བཞིན་མེད་རྣམས་ཀྱི། །འབྱུང་འཇིག་སྒྱུ་མ་དེ་བཞིན་ནོ། ། དངོས་དང་དངོས་མེད་མཚན་ཉིད་གཅིག །སྣ་ཚོགས་འདི་ནི་རང་བཞིན་མེད། །ཅེས་གསུངས་པས་སོ། །དེ་ལ་སྣ་ཚོགས་འདི་ནི་ཞེས་པ་དང་། མཐའ་དག་འགྲོ་བ་འདི་ནི་ཞེས་པ་དོན་གཅིག་ལ། རང་བཞིན་མེད་ཅེས་པ་དང་། དངོས་པོ་དག་གིས་རྣམ་པར་དམན། ། ཞེས་པ་དོན་གཅིག་གོ། དེས་ན་དབང་མདོར་བསྟན་གྱི་ལུང་འདིས། དངོས་པོའི་འབྱུང་འཇིག་སྒྱུ་མ་ལྟ་བུ་རང་ལུགས་ལ་འཐད་ལྡན་དུ་ཁས་ལེན་པ་དང་། འབྱུང་འཇིག་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་གཉིས་འགལ་མེད་དུ་ཆེས་གསལ་ 12-6-14a བར་བཤད་དོ། །དེས་ན་ཆོས་དང་གང་ཟག་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པའི་བདག་མེད་གཉིས་པོ་དེ་འདིར་སྟོང་པ་ཉིད་དུ་ཤེས་པར་བྱའོ། །སློབ་དཔོན་ནཱ་རོ་པས་དབང་མདོར་བསྟན་གྱི་རྣམ་ཐར་བཞི་སྟོན་ པའི་ཐད་ཀྱི་འགྲེལ་པར། ཆོས་ཅན་སྟོང་གཟུགས་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་རྣམ་ཐར་དང་པོའི་དོན་དུ་བཤད་ཅིང་། ཁ་ཅིག་དངོས་པོ་དག་གིས་དམན། །ཞེས་པ་ཆོས་ཉིད་འདུས་བྱས་ཀྱིས་སྟོང་པའི་དོན་དུ་འཆད་པ་ནི། མཐའ་དག་འགྲོ་ བ་ཞེས་ཀུན་རྫོབ་སྟོང་གཞིར་དངོས་སུ་སྨོས་པ་དང་འགལ་ལོ། །གཉིས་པ་སྨོན་མེད་ནི། སངས་རྒྱས་བྱང་ཆུབ་ནི་ཐོབ་བྱའི་འབྲས་བུ་མཆོག་ཡིན་པས། དེས་མཚོན་པའི་འབྲས་བུ་གང་ཡང་དོན་དམ་པར་ཐོབ་པར་སྨོན་ཅིང་དམ་བཅའ་བར་བྱར་མེད་ དེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དེ་ལས་ཏེ་དེའི་ཕྱིར་རོ།། ཞེས་པའོ།། གསུམ་པ་མཚན་མེད་ནི། སྤྱིར་མཚན་མའི་སྒྲ་ཆོས་རྣམས་ཀྱི་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་། རྟགས་དང་། རྒྱུ་ལ་སོགས་པ་ལའང་འཇུག་ པ་ལས་འདིར་ཐ་མ་ཡིན་ལ། དེའང་གཞན་ལ་ཕན་པའི་སྙིང་རྗེ་ནི་རྒྱུའི་གཙོ་བོ་ཡིན་པས། དེས་མཚོན་པའི་རྒྱུའི་མཚན་མ་གང་ཡང་དོན་དམ་པར་མེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་དེ་ལས་ཏེ་དེའི་ཕྱིར་རོ། །ཞེས་ པའོ། །སློབ་དཔོན་ནཱ་རོ་པས། འདི་སངས་རྒྱས་སོ། །འདི་བྱང་ཆུབ་པོ་ཞེས་སོགས་ཀྱིས་སྤུ་རིས་འབྱེད་པའི་རྒྱར་གྱུར་པའི་རྣམ་རྟོག་ལ་མཚན་མར་བཤད་དོ། །མངོན་པར་འདུ་བྱེད་པ་ནི། ཁམས་དཀར་དམར་གྱི་དབུས་སུ་རྣམ་ཤེས་ཉིང་ 12-6-14b མཚམས་སྦྱོར་བའི་འདུ་བྱེད་ལ་གསུངས་པས་མཚོན་ནས་རྒྱུས་འབྲས་བུ་མངོན་པར་འདུ་བྱེད་པ་ཐམས་ཅད་རང་བཞིན་གྱིས་སྟོང་པའོ། །ཚངས་པའི་གནས་བཞི་ལའང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ལས་འདིར་ཐ་མ་སྟེ། སྔར་སྙིང་ རྗེ་ལ་བཤད་པ་ལྟར་བྱམས་སོགས་ལའང་ཤེས་པར་བྱ་ཞིང་། མདོར་ན་བདེ་ཆེན་གྱི་ཡེ་ཤེས་ཉིད་ལ་བཞིར་ཕྱེ་བའོ། །དེས་ན་ཕྱག་འཚལ་ཞེས་དྲངས་སོ། །གང་ལ་ན་གནས་སྐབས་བཞིའི་སྒྲིབ་པ་དག་པའི་ཡེ་ཤེས་ཚངས་པའི་གནས་བཞི་དང་དབྱེར་ མེད་པའི་རྣལ་འབྱོར་བཞི་དང་། སེམས་དཔའ་བཞི་པོ་དེ་ལའོ། །དེ་དག་ཀྱང་གང་ཞེ་ན། རྣལ་འབྱོར་བཞི་དང་། སེམས་དཔའ་བཞི་བཤད་པ་གཉིས་ལས། དང་པོ་ནི། གཞི་དུས་ཀྱི་དཔྲལ་བ་ན་སད་པའི་གནས་སྐབས་སྣ་ཚོགས་བསྐྱེད་པའི་ཐིག་ལེ་ཡོད་པ་དེ་ ཉིད་འདིར་ཐབས་མཁས་ཀྱིས་བསྒྱུར་ན་འབྲས་དུས་ཀྱི་སྤྲུལ་པའི་སྐུ་འདུལ་བྱ་དང་འཚམ་པར་སྣ་ཚོགས་པ་ཉིད་དུ་སྟོན་འབྱུང་ངོ་། །མགྲིན་པ་ན་རྨི་ལམ་གྱི་གནས་སྐབས་དང་ངག་བསྐྱེད་པའི་ཐིག་ལེ་ཡོད་པ་དེ་ཉིད་ཐབས་མཁས་ཀྱིས་བསྒྱུར་ན་ ལོངས་སྤྱོད་རྫོགས་པའི་སྐུ་གསུང་རྣམ་པ་ཐམས་ཅད་པ་འབྱུང་བར་འགྱུར་རོ། །གཞི་དུས་ཀྱི་སེམས་ཀྱི་གནས་སྐབས་ལ་གཉིས་ལས། སྙིང་ག་ན་གཉིད་འཐུག་དང་མུན་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་ཡོད་པ་དེ་ཉིད་ཐབས་མཁས་ཀྱིས་ བསྒྱུར་ན་ཆོས་ཀྱི་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་རོ། །ལྟེ་བ་ན་བཞི་པའི་གནས་སྐབས་སམ་གཞི་དུས་ཀྱི་བདེ་བའི་གནས་སྐབས་བཞི་པ་དེ་ཉིད་ཐབས་མཁས་ཀྱིས་སྒྲིབ་བྲལ་དུ་བྱས་པའི་བདེ་བ་ཆེན་པོ་ལྷན་ 12-6-15a ཅིག་སྐྱེས་པའི་སྐུ་འབྱུང་ངོ་། །དེ་ལ་ཡེ་ཤེས་ཏེ་བཞི་པའི་གནས་སྐབས་དེ་ཉིད་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་ལེགས་པར་དག་པར་བྱས་པའི་ཤེས་རབ་དང་འགྱུར་བ་མེད་པའི་སྙིང་རྗེ་ཆེན་པོ་ཐབས་ ཀྱི་བདག་ཉིད་གཉིས་དབྱེར་མེད་པར་སྦྱོར་བ་དེ་ནི་ལྷན་ཅིག་སྐྱེས་པའི་སྐུའི་ངོ་བོར་གྱུར་པ་རྣམ་པར་དག་པའི་རྣལ་འབྱོར་རོ། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །ཞེས་པ་འདི་གོང་མ་གསུམ་ག་ལ་སྦྱར་བར་བྱ་ཡིན་པས་ད་ལྟར་སྦྱར་ རོ། །སེམས་གཉིད་འཐུག་གི་གནས་སྐབས་ནི་མཚན་མ་མེད་པ་རྟོགས་པའི་ཡེ་ཤེས་ཀྱིས་ལེགས་པར་དག་པའི་ཤེས་རབ་དང་གཉིས་སུ་མེད་པའི་བྱམས་པ་ཆེན་པོ་ཐབས་ཀྱི་བདག་ཉིད་དབྱེར་མེད་པར་སྦྱོར་བ་དེ་ནི་ཆོས་སྐུའི་ངོ་བོར་ གྱུར་པ་ཆོས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་རོ། །ངག་དང་རྨི་ལམ་བསྐྱེད་པའི་གནས་སྐབས་ནི་སྨོན་མེད་རྟགས་པའི་ཡེ་ཤེས་ཀྱིས་དག་པའི་ཤེས་རབ་དང་། དགའ་བ་ཚད་མེད་པའི་བདེ་བ་ཆེན་པོ་ཐབས་ཀྱི་བདག་ཉིད་དབྱེར་མེད་པར་སྦྱོར་ བ། མི་ཟད་པའམ་གཞོམ་དུ་མེད་པའི་སྒྲ་གསུང་རྣམ་པ་ཐམས་ཅད་པའི་མཚན་ཉིད་ཅན་གྱི་ལོངས་སྐུ་སྟོན་པར་བྱེད་པ་ནི་ཡིད་སྐྱོབ་པས་གསང་སྔགས་ཀྱི་རྣལ་འབྱོར་རོ། །སྔ་མ་གསུམ་ལ་ཚངས་པའི་གནས་དང་། རྣམ་ཐར་དང་། སྐུ་ལ་སོགས་པ་སོ་སོར་སྦྱར་བ་དེ་བཞིན་དུ་སྐུ་སྟེ་ལུས་སམ་སད་པའི་གནས་སྐབས་དེ་ཉིད་མངོན་པར་འདུས་མ་བྱས་པ་རྟོགས་པའི་ཡེ་ཤེས་ཀྱིས་དག་པ་དང་། དྲི་མ་མེད་པའི་བདེ་བ་ཆེན་པོ་བཏང་སྙོམས་ཚད་མེད་པའི་ཐབས་ཀྱི་ 12-6-15b བདག་ཉིད་གཉིས་དབྱེར་མེད་པར་སྦྱོར་བ་རྫུན་འཕྲུལ་མཐའ་ཡས་པས་གདུལ་བྱ་གང་ན་ཡོད་པའི་གནས་ཐམས་ཅད་དུ་བགྲོད་པ་ཅན་གྱི་སྤྲུལ་པའི་སྐུ་སྟོན་པ་དེ་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་དབྱིབས་ཀྱི་རྣལ་འབྱོར་རོ། །འདིར་སྤྲུལ་སྐུ་ཐོགས་ མེད་ཡིན་ན་ལྷས་བྱིན་གྱིས་སྒྱོགས་འཕངས་པས་ཞབས་ལ་ཚོར་བ་སྡུག་བསྔལ་བསྐྱེད་པ་འགལ་ལོ་ཞེ་ན། ཞེས་པའི་དོགས་པ་བཀོད་ནས། དེའི་ལན་དུ་ཁ་ཅིག་ན་རེ། དེ་ནི་སྤྲུལ་པའི་སྐུ་མ་ཡིན་གྱི། སྤྲུལ་པའི་སྐུ་དེས་སྤྲུལ་པ་ཡིན་པས་སྐྱོན་ མེད་དེ། ཞེས་འཆད་དོ། །དེ་ལྟར་ན་ཟས་གཙང་གི་སྲས་སུ་སྐུ་བལྟམས་པའི་ཚུལ་བསྟན་པའི་སྟོན་ཤཱཀྱའི་རྒྱལ་པོ་ལྟ་བུ་སྤྲུལ་པ་ཡིན་གྱི་སྤྲུལ་སྐུ་དངོས་མ་ཡིན་ནོ། །ཞེས་འདོད་དགོས་པར་འགྱུར་ལ། དེ་ལྟར་ན་དེ་ཉིད་སྐུ་གཞན་ གང་དུའང་ཁས་བླང་དུ་མི་རུང་བས་སངས་རྒྱས་མ་ཡིན་པ་ཉིད་དུ་འགྱུར་རོ། །རང་གི་ལུགས་ནི། སྟོང་པ་ཉིད་ཀྱི་གཟུགས་ལས་གྲུབ་པ་རྩ་བའི་སྤྲུལ་སྐུ་ནི་ཐོགས་པ་མེད་པའི་སྐུ་ཡིན་ལ། འོན་ཀྱང་དེ་ཉིད་གདུལ་བྱ་མ་དག་པ་རྣམས་ལ་ཐུན་མོང་དུ་སྣང་བའི་ སྒོ་ནས་ཆོས་སྟོན་པ་དང་མྱ་ངན་ལས་འདས་པའི་རྗེས་སུའང་སྐུ་གདུང་རིང་བསྲེལ་བཞག་པ་ལ་སོགས་པས་གདུལ་བྱ་ལ་ཕན་གདགས་པར་བྱར་མེད་པས་དགོས་པ་དེ་དག་གི་དོན་དུ་སླར་ཡང་ཁམས་རགས་པ་བཟུང་བའི་སྤྲུལ་སྐུ་རྒྱལ་བ་ཤཱཀྱ་ཐུབ་ པ་ལྟ་བུའི་སྐུ་ནི་ཐོགས་པ་དང་བཅས་པའོ། །ཞེས་གཉིས་སུ་དབྱེ་བར་བྱ་ལ། དེ་ཉིད་སྤྱིར་ཐོགས་བཅས་ཡིན་ཡང་སྒྱོགས་ཀྱིས་སྣོད་པ་ལ་སོགས་པ་ནི་ལས་འབྲས་ལ་ཡིད་ཆེས་པ་བསྐྱེད་པའི་དོན་དུ་གཞན་ངོར་དེ་ལྟ་བུའི་སྣང་བ་སྟན་པ་ཙམ་མོ། ། 12-6-16a དེ་བཞིན་དུ་ལོངས་སྐུའང་གཞུང་འདིའི་གོང་འོག་དུ་མར་གསུང་རྣམ་པ་ཐམས་ཅད་པ་ལ་བཤད་པ་མང་དུ་བྱུང་ཡང་། མཚན་དཔེས་སྤྲས་པའི་ལོངས་སྐུ་མི་བཞེད་པ་མ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ ལོངས་རྫོགས་བཅས་དང་། །ཞེས་ཤེས་བྱེད་དུ་དྲངས་ནས་སྐུའི་རྣམ་གཞག་མཛད་པས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་ལྟར་ ཡང་ཞལ་གྱིས་བཞེས་དགོས་ལ། མདོར་བསྡུས་འོག་མ་དག་ཏུ་མཚན་དཔེས་བརྒྱན་པའི་ལོངས་སྐུ་དངོས་སུའང་གསུངས་པའི་ཚུལ་སྐབས་དེ་དག་ཏུ་འཆད་པར་འགྱུར་རོ། །དེས་ན་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པའི་བྱེད་པ་ནི་གསུང་ཡིན་པས། ལོངས་ སྤྱོད་ཀྱི་སྒྲ་ལོངས་སྤྱོད་པའི་བྱེད་པ་ལ་སྦྱར་ནས་གསུང་ལ་ལོངས་སྐུར་བཤད་ལ། ལོངས་སྤྱོད་པར་བྱེད་པ་པོ་ལ་སྦྱར་བ་ནི་མཚན་དཔེས་བརྒྱན་པའི་ལོངས་སྐུའོ། །དེའི་ཕྱིར་སྤྲུལ་སྐུ་བཞིན་དུ་ལོངས་སྐུ་ལའང་གཉིས་ཤེས་པར་བྱའོ། །གཉིས་པ་སེམས་ དཔའ་བཞིའི་སྒོ་ནས་བསྟོད་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདེ་བ་ཆེན་པོ་དང་སེམས་དཔའ་སྟེ། སྲིད་པ་གསུམ་གྱི་རྣམ་པ་ཐམས་ཅད་པའི་གཟུགས་གཉིས་དབྱེར་མི་ཕྱེད་པ་ནི་རྡོ་རྗེ་སེམས་དཔའོ། །བྱང་ཆུབ་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ལ་རྣམ་ པར་གནས་པའི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ། །མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དེ་ཉིད་སེམས་དཔའ་སྟེ་ས་བཅུ་གཉིས་ཀྱིས་ཡོངས་སུ་རྫོགས་པ་ནི་སེམས་དཔའ་ཆེན་པོའོ། །དམ་ཚིག་ཅེས་པ་ཁམས་དཀར་པོ་དེ་ཉིད་སེམས་དཔའ་ 12-6-16b སྟེ་འཛག་མེད་དུ་བཅིངས་པ་ནི་དམ་ཚིག་སེམས་དཔའོ། །བྱང་སེམས་གཙུག་ཏོར་ནས་གསང་བར་འོངས་པ་དེ་ཉིད། སྔར་ཇི་ལྟར་འོངས་པ་དེ་བཞིན་དུ་ནོར་བུ་ནས་གཙུག་ཏོར་དུ་གཤེགས་ཤིང་འགྱུར་མེད་དུ་བཅིངས་པས་དེ་ལྟར་གསུངས་པ་གང་ཡིན་པ་ དེ་ནི་དངོས་པོ་སྟེ་རྒ་པའི་མཐའ་དང་། དངོས་མེད་ཆད་པའི་མཐའ་ཟད་པའི་གཙོ་བོ་སྟེ་རིགས་ཐམས་ཅད་ལ་ཁྱབ་པའི་བདག་པོ་ཡིན་ལ། དེ་ལྟར་ཐོག་མ་སྲིད་པར་སྐྱེ་བ་དང་། མཐའ་མ་འཆི་བ་མེད་ཅིང་། རྣམ་རྟོག་ཐམས་ཅད་ཉེ་བར་ཞི་བ་ཡི་བྱང་ཆུབ་ཀྱི་སེམས་ དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བའོ། །ད་ནི་ཚིགས་སུ་བཅད་པ་དྲུག་གིས་སྐུ་བཞི་དང་། རྣམ་པ་བཅུ་དྲུག་གཅིག་ཏུ་འདྲེས་པར་གྱུར་པ། སད་པ་ལ་སོགས་པའི་གནས་སྐབས་འགོག་པའི་ཆོས་ཅན། ཕྱག་རྒྱ་ཆེན་པོ་ལས་ཡང་དག་པར་བསྐྱེས་པ། ཨེ་ ཝཾ་གྱི་ཡི་གེའི་ངེས་དོན་གྱི་སྒོ་ནས་བསྟོད་པ་གསུངས་པ་བཤད་པར་བྱའོ། །དེ་ལ་སྤྱིར་གཞི་དུས་དང་། ལམ་བསྐྱེད་རྫོགས་གཉིས་ཀྱི་སྐབས་ཀྱི་དགའ་བ་བཅུ་དྲུག་གི་རྣམ་གཞག་ཀྱང་ཡོད་ཀྱང་། འདིར་ནི་འབྲས་བུའི་སྐབས་ཀྱི་དེ་ཉིད་རྣམ་པ་བཅུ་ དྲུག་ཡིན་ལ། དེའང་ལོངས་སྤྲུལ་ནི་རྟེན་དང་། ཐུགས་ཆོས་སྐུ་དང་། ཡེ་ཤེས་ལྷན་སྐྱེས་ཀྱི་སྐུ་གཉིས་ནི་དེ་ལ་བརྟེན་པ་ཡིན་ཞིང་། སྟོན་པ་ཤཱཀྱའི་རྒྱལ་པོ་ལྟ་བུ་ཞིག་གིས་འདོད་ཁམས་སུ་ཁམས་རགས་པ་བཟུང་བའི་སྤྲུལ་སྐུ་དང་། ཁམས་ཕྲ་བ་སྟོང་གཟུགས་ལས་གྲུབ་པའི་སྤྲུལ་སྐུ་གཉིས་དང་། དེ་གཉིས་ཀྱི་གསུང་ཐུགས་ཡེ་ཤེས་དང་། འོག་མིན་ན་མཚན་དཔེས་སྤྲས་པའི་ལོངས་སྐུ་དང་། དེའི་གསུང་རྣམ་པ་ཐམས་ཅད་པ་ལ་ལོངས་སྐུར་བཞག་པ་དང་། དེའི་ཐུགས་ 12-6-17a ཆོས་སྐུ་དང་། ཡེ་ཤེས་ལྷན་ཅིག་སྐྱེས་པའི་སྐུ་དང་། རྟེན་ཐུགས་དང་ཡེ་ཤེས་དེ་གཉིས་ལ་བརྟེན་པའི་ལོངས་སྤྲུལ་གྱི་སྐུ་གསུང་ཐུགས་ཡེ་ཤེས་ཏེ། དེ་ལྟར་བཅུ་དྲུག་ཡོད་ཀྱང་། ལྷན་སྐྱེས་ཀྱི་ཡེ་ཤེས་གཅིག་ཉིད་ཀྱི་གཟུང་ བྱ་ལོངས་སྤྲུལ་གྱི་སྐུ་དང་གསུང་གི་སྣང་བ་སྣ་ཚོགས་པར་ཤར་བ་ཡིན་པས་དེ་ཐམས་ཅད་ཡེ་ཤེས་གཅིག་པུ་དེའི་ངོ་བོར་སྦྱོར་བ་ཡིན་ལ། ཐམས་ཅད་ཀྱང་རྒྱུད་གཅིག་ཏུ་བསྡོམས་པ་དང་ཚོགས་པ་ཡིན་གྱི་རྒྱུད་སོ་སོ་བ་མ་ཡིན་ཞེས་བྱ་བ་ནི། སྤྲུལ་པ་ཡི་ནི་ཞེས་སོགས་ཚིགས་སུ་བཅད་པ་གསུམ་གྱི་དོན་ནོ། །བཤད་སྦྱར་དུ། སྤྲུལ་པས་དད་པར་བྱས་ཤིང་། གསུང་གིས་ཆོས་བསྟན་ཏེ། གདུལ་བྱ་རྣམས་ཆོས་སྐུ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འགོད་པ་ཡིན་པས་གཞན་གྱི་དོན་ལ་ བལྟས་ནས་ཀྱང་སྐུ་བཞི་ལ་བརྟེན་དགོས་མོད། རྣམ་པ་བཅུ་དྲུག་ཏུ་འགྱུར་བ་ཇི་ལྟར་ཞེ་ན་བདེན་ནོད། ཀུན་འབྱུང་གི་བདེན་པ་ལ་བརྟེན་ནས་བརྗོད་པ་སྟེ། གང་ན་གཅིག་ཡོད་པ་དེ་བཞིན་རྣམས་སོ།། ཞེས་བྱ་བས་སྐྱོན་མེད་དོ་ཞེས་འཆད་ཅིང་། གཞན་དག་ཅིག་སྦྱོར་ནི་ཐབས་ཤེས་གཅིག་ཏུ་སྦྱོར་པ་དང་། སྡོམ་པ་ནི་རེ་རེ་ལའང་བཞི་བཞི་འདུས་པ་ལ་འཆད་དོ། །འོ་ན་སེམས་ཅན་རྣམས་ལའང་དབང་པོ་གཉིས་སྦྱོར་གྱི་དགའ་བ་ཡོད་པས། ལྷན་སྐྱེས་ཀྱི་བདེ་བ་དེ་དག་དང་ཡང་ཐུན་ མོང་བ་ཡིན་ནམ་ཞེ་ན། འཁོར་བ་པའི་སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་ཀྱི་དབང་པོ་གཉིས་སྦྱོར་གྱི་བདེ་བ་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མིན་ཞིང་འབྲས་བུའི་ལྷན་སྐྱེས་ཀྱི་བདེ་ཆེན་དེ་ནི་ཡེ་ཤེས་ཏེ་འགྱུར་ 12-6-17b བའི་བདེ་བ་དང་། སེམས་གཉིད་འཐུག་དང་། ངག་དང་ལུས་བསྐྱེད་པའི་གནས་སྐབས་ཀྱི་གནས་བཞིར་ཡང་དག་མི་གནས་ཏེ་རྒྱུ་མཚན་རིམ་བཞིན་རླུང་དབུ་མར་རྒྱུ་བ་མེད་པའི་ཕྱིར་དང་། དཀྱིལ་འཁོར་ལྔ་འགོག་པའི་བདག་ཉིད་ཡེ་ཤེས་ལྔ་ སྐྱེས་པའི་ཕྱིར་དང་། འཕོ་བ་བཅུ་གཉིས་འགགས་པའི་ཕྱིར་དང་། དགའ་བའི་ཆ་བཅུ་དྲུག་སྒྲིབ་བྲལ་དུ་གྱུར་པའི་ཕྱིར་རོ། །འོ་ན་མཆོག་ཏུ་མི་འགྱུར་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་འཁོར་བ་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་བ་ མ་ཡིན་མོད། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྐྱེ་བའམ་ཞེ་ན། འདི་ནི་ནུ་མ་དང་སྐྲ་ལྡན་པའི་མཚན་ཉིད་ཅན་གྱི་ལས་ཀྱི་ཕྱག་རྒྱ་ཡོངས་སུ་དོར་ཞིང་རྟོག་པས་བཏགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམ་པར་སྤངས་ཏེ་སྟོང་པ་ཉིད་གཟུགས་ཀྱི་ཕྱག་ རྒྱ་ཆེན་མོ་ལས་ཡང་དག་པར་སྐྱེས་པ་ཡིན་ལ། དེའི་ཕྱིར་ལྷན་སྐྱེས་ཀྱི་བདེ་ཆེན་དེ་ཕྱག་རྒྱ་ཆེན་མོ་ལས་གཞན་པའི་ཕྱག་རྒྱ་དང་འགྲོགས་པ་མིན་ནོ། །དེའང་རྒྱུད་འདི་ཉིད་རྩ་འགྲེལ་གྱི་སྐབས་གཞན་དུ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་དགོས་པར་ཡང་ བཤད་ལ། ཡང་འདི་ལྟར་དེ་གཉིས་དོར་ནས་ཕྱག་རྒྱ་ཆེན་མོ་ཉིད་ལ་བརྟེན་དགོས་པར་ཡང་བཤད་པ་ཅི་ཞེ་ན། ཁམས་དཀར་པོ་རྡོ་རྗེ་ནོར་བུ་ནས་རིམ་གྱིས་རང་གནས་བཟུང་སྟེ་ཡར་བརྟན་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་དངོས་སུ་བསྐྱེད་པའི་ཚེ་ལས་དང་ ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལ་བརྟེན་པ་སྤངས་ནས་ཕྱག་རྒྱ་ཆེན་མོ་ལ་བརྟེན་དགོས་པར་བཤད་ཅིང་། འོན་ཀྱང་ཡས་བབས་དང་མས་བརྟན་གྱི་དགའ་བཞི་སོགས་བསྐྱེད་པ་ལ་ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་དགོས་པར་བཤད་པ་ཡིན་པས་མི་ 12-6-18a འགལ་ལོ། །འདིར་བཤད་སྦྱར་དུ། འོ་ན་ཕྱག་རྒྱ་ཆེན་མོ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ལྷན་ཅིག་སྐྱེས་པ་རྒྱུ་དང་བཅས་པ་ཉིད་ལ། ཕྱག་རྒྱ་ཆེན་པོའང་རྒྱུ་ཉིད་དེ། དེ་ལྟ་ན་ནི་གཉིས་ཀའང་རྒྱུ་དང་འབྲས་བུ་ལས་མ་འདས་སོ། །དེའི་ ཕྱིར་ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱར་འགྱུར་མོད། ཕྱག་རྒྱ་ཆེན་མོ་ཡང་ངོ་ཞེས་པས་ཁྱད་པར་ཅི་ཞེ་ན། ཞེས་པའི་དོགས་པ་བཀོད་ཅིང་། དཔང་མདོར་བསྟན་གྱི་འགྲེལ་པར་ཡང་འདི་དང་མཐུན་པར་བཀོད་དོ། །དེའི་དོན་དུ་བསམས་ནས། ཁ་ ཅིག་གལ་ཏེ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྐྱེས་པའི་བདེ་བ་དང་། ཕྱག་རྒྱ་ཆེན་མོ་ལས་སྐྱེས་པའི་ལྷན་སྐྱེས་ཀྱི་བདེ་བ་ཐམས་ཅད་ཀྱང་རྒྱུ་འབྲས་ལས་མ་འདས་པའི་ཕྱིར། ཁྱད་པར་མེད་པར་འགྱུར་རོ་ཞེ་ན། ཞེས་པའི་དོགས་པ་འགོད་ པ་ནི་མི་འཐད་དེ། རྒྱུ་འབྲས་སུ་འདྲན་ཀྱང་མེད་དུ་འགྱུར་དགོས་སྙམ་པའི་དོགས་པ་རྟོགས་ལྡན་ལ་སྐྱེ་བའི་གསན་མེད་པའི་ཕྱིར་རོ། །དེས་ན་དོགས་པ་བཀོད་པའི་དོན་ནི། གལ་ཏེ་ལྷན་སྐྱེས་ཀྱི་བདེ་བ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ ཀྱང་སྐྱེ་ཞིང་། ཕྱག་རྒྱ་ཆེན་མོ་ལས་ཀྱང་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་པ་ལས་དགོས་པ་གཞན་མི་སྣང་བས་ཕྱག་རྒྱ་ཆེན་མོ་བསྒྲུབ་པ་ལ་འབད་པས་དགོས་པ་ཁྱད་པར་བ་ཅི་ཡོད་ཅེ་ན་ཞེས་བྱ་བའོ། །དེའི་ལན་ལ་བཤད་སྦྱར་དུ། དབང་མདོར་བསྟན་ ལས། ཤེས་རབ་རྒྱུ་ལས་མ་བྱུང་ཞིང་། །ཤེས་རབ་རྒྱུ་ལས་བྱུང་བ་འབྲས། །ཤེས་རབ་རྒྱུ་ལས་མ་སྐྱེས་ཕྱིར། །ཤེས་རབ་ལས་སྐྱེས་རྒྱུ་སྐྱེས་མིན། །ཞེས་པ་དྲངས་པ་དྲངས་ནས་ལན་དུ་བཤད་དོ། །དེའི་དོན་ནི་དེ་ལྟར་ནའང་ཁྱད་མེད་དུ་མི་འགྱུར་ 12-6-18b ཏེ། ལྷན་སྐྱེས་ཕྱག་ཆེན་ལས་སྐྱེས་ཀྱང་ཕྱག་ཆེན་རྒྱུ་ལས་མ་སྐྱེས་པའི་ཕྱིར་རོ། །ཞེས་བྱ་བར་འཆད་པ་ནི་ལུང་དེའི་དོན་མ་ཡིན་ཏེ། དོན་དམ་པར་ལས་རྒྱུའང་རྒྱ་ལས་མ་སྐྱེས་ཤིང་། ཀུན་རྡོབ་ཏུ་ཕྱག་ཆེན་རྒྱུ་ལས་མ་སྐྱེས་ན་ནི་ལྷན་ སྐྱེས་བདེ་ཆེན་རྟག་པའི་རྒྱུ་ལས་གསར་དུ་སྐྱེས་པར་འགྱུར་བའི་ཕྱིར་རོ། །དེས་ན་དོན་ནི་འདི་ཡིན་ཏེ། རྐང་པ་གཉིས་ཀྱིས་དོན་དམ་པར་ཕྱག་རྒྱ་ཆེན་མོའི་ཤེས་རབ་རྒྱུ་ལས་མ་བྱུང་ཞིང་། ཀུན་རྫོབ་ཏུ་ཤེས་རབ་རྒྱུ་ལས་བྱུང་བའི་ བདེ་ཆེན་དེ་ཉིད་དེའི་འབྲས་བུ་ཡིན་ནོ། །ཞེས་བསྟན་ལོ། རྐང་པ་ཕྱི་མ་གཉིས་ཀྱི་དོན་ནི། ཕྱག་རྒྱ་ཆེན་མོའི་ཤེས་རབ་ལས་སྐྱེས་པའི་བདེ་ཆེན་དེ་དོན་དམ་པར་རྒྱུ་ལས་སྐྱེས་པ་མིན་ཏེ། ཤེས་རབ་དེ་ཉིད་དོན་དམ་པར་རྒྱུ་ལས་མ་སྐྱེས་པའི་ ཕྱིར་ཞེས་བྱ་བའོ། །དེ་ལྟར་བཤད་པས་དོགས་པ་དེའི་ལན་དུ་ཇི་ལྟར་འབྲེལ་ཞེ་ན། འདི་ལྟར་འབྲེལ་ཏེ། ཕྱག་རྒྱ་གསུམ་པོ་དེ་ལས་སྐྱེས་པའི་ལྷན་སྐྱེས་ཀྱི་བདེ་བ་རྣམས་ལྷན་སྐྱེས་ཙམ་དུ་འདྲའང་ཕྱག་ཆེན་ལ་དགོས་པ་ཁྱད་པར་བ་ མེད་པའི་སྐྱོན་མེད་དེ། ལས་རྒྱ་དང་ཡེ་རྒྱ་ལ་བརྟེན་ནས་སྲོག་དབུ་མར་ཞུགས་པའི་བདེ་ཆེན་འདྲེན་ནུས་པ་ལས། སྤྱིར་སྟོང་ཉིད་ལྟ་བས་གཏན་ལ་ཕབས་ཀྱང་། དེའི་ཚེ་བདེ་ཆེན་དང་སྟོད་ཉིད་སྦྱོར་ནུས་པས་མ་ཁྱབ་ལ། ཕྱག་རྒྱ་ཆེན་མོ་ལ་བརྟེན་ ནས་བདེ་ཆེན་དྲངས་ན་སྦྱོར་ནུས་པས་ཁྱབ་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་དབང་པོ་རྟུལ་པོ་ལས་རྒྱ་ལ་བརྟེན་ནས་བདེ་བ་དྲངས་དགོས་པ་ནི་ཇི་སྲིད་དབང་པོ་རྟུལ་པོ་རྣོན་པོར་མ་འཕོས་ཀྱི་བར་དུ་ལས་རྒྱ་ལས་ལྷན་སྐྱེས་ཀྱི་བདེ་བ་དྲངས་ 12-6-19a ཀྱང་དེའི་ཚེ་སྟོང་ཉིད་དང་སྦྱོར་མི་ནུས་ལ་དབང་འབྲིང་ཡེ་རྒྱ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་བ་དྲངས་དགོས་པའང་ཇི་སྲིད་དབང་པོ་རྣོན་པོར་མ་འཕོས་ཀྱི་བར་དུ་བདེ་སྟོང་དངོས་སུ་སྦྱོར་མི་ནུས་པའི་ཕྱིར་རོ།། དེ་ལ་ལུང་དེས་ནི་གང་ དང་སྦྱར་རྒྱུའི་སྟོང་ཉིད་དངོས་སུ་བསྟན་ནས། དེ་དང་དངོས་སུ་སྦྱོར་ནུས་མི་ནུས་ཀྱི་ཁྱད་པར་ཡོད་ཅེས་ཤུགས་ལ་འཕངས་པ་ཡིན་ནོ། །སློབ་དཔོན་ནཱ་རོ་པས་ཀྱང་། རྒྱུ་དེ་འདྲ་བ་ལས་མ་བྱུང་ཞིང་མ་སྐྱེས་པ་སྟེ། དོན་དམ་པར་རང་བཞིན་གྱིས་མ་བྱས་ པ་ཉིད་ཀྱི་ཕྱིར་རོ། །ཞེས་དང་། ཤེས་རབ་རྒྱུ་ལས་སྐྱེས་པ་སྔར་བསལ་ཟིན། །ཅེས་འབྱུང་འཇིག་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་གོང་དུ་བཤད་པའི་སྐབས་ལ་ཁ་འཕངས་ཏེ། དོན་དམ་པར་སྐྱེས་པ་འགོག་པ་ལ་གསལ་བར་སྦྱོར་རོ། ། གལ་ཏེ་ལྷན་སྐྱེས་ཀྱི་བདེ་ཆེན་དེ་ཕྱག་རྒྱ་ཆེན་མོ་ལས་སྐྱེ་དགོས་སུ་ཆུག་མོད། ཕྱག་རྒྱ་ཆེན་མོ་དེའི་རྒྱུར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་སོགས་པའང་འགྱུར་རམ་ཞེ་ན། རྣམ་རྟོག་གིས་བཏགས་པའི་བསྐྱེད་རིམ་བསྒོམ་པ་ ལས་འདས་པ་སྟེ་དེ་ཙམ་ལས་དངོས་སུ་མ་སྐྱེས་ཤིང་། ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་བའི་ཤེས་རབ་ཡེ་ཤེས་དེ་ནི་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའི་ཕྱིར་ན་བཟུང་བ་ཕྱི་རོལ་གྱི་ཤེས་བྱ་དང་། དེ་ལ་བལྟོས་པའི་འཛིན་ པ་རྣམ་པར་སྤངས་པ། མཚན་དཔེས་བརྒྱན་པ་སོགས་ཀྱི་དབྱིབས་ཀྱི་སྒོམ་པ་དག་དང་། རྟོག་པ་དང་བརྗོད་པའི་བྱ་བ་ཙམ་གྱི་ཡུལ་དུ་གྱུར་པ་རྣམས་པར་སྤངས་པ་ཡིན་ནོ། །འོ་ན་དཔེ་ཅི་དང་འདྲ་ཞེ་ན། ཕྱི་རོལ་གྱི་དོན་སྤངས་ཤིང་རང་ 12-6-19b བཞིན་མེད་བཞིན་དུའང་རྣམ་པ་ཐམས་ཅད་པའི་གཟུགས་ཀྱི་སྣང་ཆ་མ་དོར་བས་དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་དང་། གཞོན་ནུ་མས་མེ་ལོང་ལ་བྲ་ཕབ་པའི་རང་བཞིན་ཅན་དུ་གྱུར་པའོ། །དེ་ལྟར་ཕྱག་རྒྱ་ཆེན་མོ་དང་མཆོག་ཏུ་མི་འགྱུར་བའི་བདེ་ སྟོང་གི་ཡེ་ཤེས་ཐབས་དང་ཤེས་རབ་ཀྱི་ངོ་བོ་དབྱེར་མེད་པའི་བདག་ཉིད་དུ་སྦྱོར་བའི་ཨེ་ཝཾ་གྱི་ཡི་གེ་དེ་ལ་འདུད་དོ། །དེ་ལྟར་ཐབས་ཤེས་གཉིས་སུ་མེད་པའི་སྒོ་ནས་ཕྱག་འཚལ་བ་བཤད་ནས། ད་ནི་ཐབས་ཤེས་སོ་སོར་ཕྱག་འཚལ་བ་བརྗོད་ པར་འདོད་ནས། དང་པོར་ཤེས་རབ་ཀྱི་ཡུམ་ལ་ཕྱག་འཚལ་བ་ནི། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཏེ། དེ་ལ་ལས་དང་ཉོན་མོངས་ལས་སྐྱེ་བ་ལས་ཀྱི་ཕྱག་རྒྱ་དང་ནི་འཇིག་པ་ཞེས་པ་འདོགས་པ་པོའི་ ཡིད་གཟན་དུ་གྱུར་པ་ན་དེས་བཏགས་པའི་ཕྱག་རྒྱའང་མེད་པར་འགྱུར་བ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ་དེ་གཉིས་རྣམ་པར་སྤངས་པ། འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་བས་ཐོག་མཐའ་བར་དུ་དགེ་བའི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་ཅན་ནོ། ། ཞེས་བྱ་བ་སྟེ། གཞན་རྣམས་སྔར་བཤད་ཟིན་ཏོ། །ཐབས་ཡབ་ལ་ཕྱག་འཚལ་བ་ནི། ཨཱ་ལི་ཀཱ་ལིས་མཚན་པའི་ཟླ་ཉི་སྙོམས་པར་འཇུག་པ་སྟེ་ཁ་སྦྱར་བ་དང་ཧཱུཾ་ཕཊ་སྟེ་ས་བོན་དང་སོགས་ཀྱིས་བསྟན་པའི་ཕྱག་མཚན་སོགས་སྤངས་པ་སྟེ། དེ་དག་ལས་བློས་བསྐྱེད་པ་མ་ཡིན་ཡང་འགྱུར་མེད་ལས་འཁྲུངས་ཤིང་བདེ་སྟོང་གི་ཡེ་ཤེས་ཀྱི་གཟུང་ཆ་སྣ་ཚོགས་པའི་སྟོང་པའི་སྐུར་ཤར་བའི་དུས་ཀྱི་འཁོར་ལོ་དེ་ལ་འདུད་ཅེས་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་དེ་སྐུ་བཞིའི་བདག་ 12-6-20a ཉིད་ཀྱི་རྒྱུད་སྟོན་པ་པོར་གྱུར་པས་བསྟོད་ཅིང་ཕྱག་འཚལ་བ་ནི། ཀུན་མཁྱེན་ཞེས་སོགས་ཚིགས་སུ་བཅད་པ་གཅིག་དང་། དེའི་འོག་ཏུ་སྔར་བཤད་ཡོན་ཏན་ཐམས་ཅད་བསྡུས་པས་ཕྱག་འཚལ་བ་ནི། དག་ དང་ཞེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། དོན་ནི་སྔར་བཤད་པས་ཤེས་སླ་ལ། སྲིད་འས་འབྱོར་བ་ཞེས་པའང་སྔར་ལྟར་བཤད་པར་བྱའོ། །དེ་ལ་ཁ་ཅིག་དག་དང་ཞེས་པ་ནས། སྤྱི་བོས་ཕྱག་འཚལ་ཏེ་ཞེས་པའི་བར་གྱི་ཚིགས་སུ་བཅད་ པ་གསུམ་རིམ་བཞིན་ཕྱི་ནང་གཞན་གསུམ་ལ་སྦྱར་ནས་འཆད་ལ། ཁ་ཅིག་རླུང་མེ་ཆུ་དང་། ཞེས་སོགས་ཤློ་ཀ་ཐ་མ་ཕྱི་དང་། ཤློ་ཀ་བར་པ་ནང་དང་། དང་པོ་གཞན་ལ་སྦྱོར་མོད་ཀྱི། འདི་གསུམ་གྱི་དོན་ལ་ཕྱི་ནང་གཞན་གསུམ་གྱི་ཁྱད་པར་ དབྱེ་དཀའོ། །དེས་ན་ཚིགས་སུ་བཅད་པ་འོག་མ་གཉིས་ནི་གཙོ་བོར་དམ་པའི་ལམ་ངེས་པར་བྱེད་པའི་སྒོ་ནས་ཕྱག་འཚལ་བ་ཡིན་ཏེ། དེའང་འདི་ལྟར་སྒྲུབ་པ་པོ་རྟེན་གྱི་གང་ཟག དེས་བསྒྲུབ་པར་བྱ་བའི་འབྲས་བུ། ཐབས་གང་གིས་བསྒྲུབ་ པའི་ཐུན་མོང་མ་ཡིན་པ་ལམ་དང་གསུམ་ལས། དང་པོ་ནི། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷན་པོ་པདྨ་དང་། །ཞེས་པས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་གདན་གྱི་རྟེན་འབྱུང་བཞི། ལྷན་པོ་པདྨ་རྣམས་བསྟན་པས་མཚོན་ནས་ ལམ་འདི་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་ཁམས་དྲུག་ལྡན་ཉིད་བསྟན་པ་ཡིན་ནོ། །གཉིས་པ་ཐོབ་བྱའི་འབྲས་བུ་ནི། ཚིགས་སུ་བཅད་པ་སྔ་མས་སྟོན་ལ། དེའང་སྤྱི་བོས་འདུད་ཅེས་དྲངས་སོ། །གང་ལན་འཇིག་རྟེན་གསུམ་གྱིས་མཆོད་ 12-6-20b པའི་གཙོ་བོ་ལའོ། །རྣམ་པ་ཅི་འདྲ་བ་ཅན་ཞེ་ན། ཞབས་གཅིག་ཅེས་སོགས་ཏེ། དེའང་དབང་མདོར་བསྟན་ལས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་འོག་ཏུ་འགྲོ། སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །རྣམ་ཤེས་སྲིད་པའི་མཚན་ཉིད་ལ། །ཞེས་ གསུངས་པ་ལྟར། མངལ་སྐྱེས་ཁམས་དྲུག་ལྡན་གྱི་སྐྱེས་བུ་རྣམས་འཆི་བའི་ཚེ། ཁུ་རྡུལ་རྣམ་ཤེས་གསུམ་གྱི་ཚོགས་པ་ཞིག་ནས་ཟླ་བའི་མིང་ཅན་བདུད་རྩིའམ་ཁུ་བ་ནི་ཐུར་དུ་འགྲོ་ཞིང་། ཉི་མའི་མིང་ཅན་རྡུལ་ལམ་ཁྲག་ནི་སྟེང་དུ་འགྲོ་ལ། སྒྲ་གཅན་གྱི་ མིང་ཅན་རྣམ་ཤེས་བར་དོར་སོང་སྟེ་སྲིད་པར་ཉིང་མཚམས་སྦྱར་ནས། སླར་ཡང་དེ་ལྟ་བུའི་ཚུལ་གྱིས་འཁོར་བར་འགྱུར་བ་ཡིན་ནོ། །གཞི་དུས་ཀྱི་རིམ་པ་དེ་རྣལ་འབྱོར་པས་ཐབས་མཁས་ཀྱིས་དེ་ལས་བཟློག་པར་བསྒྱུར་ན་འཁོར་བ་འགག་ཅིང་། བདེ་ བ་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་ཏེ། དབང་མདོར་བསྟན་ལས། དེ་ཕྱིར་ཟླ་བ་བདུད་རྩི་ནི། སྟེང་དུ་བགྲོད་བྱ་མི་ཡི་བདག །འོག་ཏུ་ཉི་མ་རྡུལ་སྒྲ་གཅན། །རྣམ་ཤེས་མཆོག་གི་བདེ་བ་ལ། །ཞེས་གསུངས་པ་ལྟར་ཏེ། ཐབས་མཁས་ཀྱི་ལམ་གྱིས་ཁུ་ བ་ནོར་བུ་ནས་སྟེང་དུ་རིམ་བཞིན་དྲང་ཏེ་གཙུག་ཏོར་དུ་བརྟན་པར་བྱས་ཤིང་། རྡུལ་གཙུག་གཏོར་ནས་རིམ་བཞིན་ཐུར་དུ་སོང་སྟེ་རྡོ་རྗེ་ནོར་བུར་བརྟན་པར་བྱས་ན་དེའི་དབང་གིས་རྣམ་ཤེས་མཆོག་ཏུ་མི་འགྱུར་བའི་བདེ་བའི་ངོ་བོར་སྐྱེ་བར་འགྱུར་རོ། །ཞེས་བྱ་ བའོ། །དེ་ལ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྐུའི་རྣམ་པ་ཞབས་གཅིག་གཡས་པ་དམར་པོ་བརྐྱང་བས་ནི། རྡུལ་ཐུར་དུ་དྲངས་ནས་རྡོ་རྗེ་ནོར་བུར་བརྟན་པར་བྱས་པ་མཚོན་ལ། ཞབས་གཉིས་པའམ་གཡོན་པ་དཀར་པོ་བསྐུམ་པས་ནི་ཁུ་བ་ 12-6-21a གྱེན་དུ་དྲངས་ཤིང་གཙུག་ཏོར་དུ་བརྟན་པར་བྱས་པ་མཚོན་ནོ། །ཉི་མ་རི་བོང་ཅན་ལ་ནི་ཞབས་དག་བཀོད་ཆེས་པ་ལ། ཉི་མས་ནང་གི་ནག་ཕྱོགས་མྱ་ངན་ལས་འདས་པའི་མཐའ་དང་། ཟླ་བས་ནང་གི་དཀར་ཕྱོགས་འཁོར་ བའི་མཐའ་མཚོན་ཞིང་། དེ་གཉིས་ཞབས་ཀྱིས་མནན་པའི་དོན་སྲིད་ཞིའི་མཐའ་ལས་འདས་པའོ། །ཁ་ཅིག་ཞབས་གཡས་པ་ཉི་གདན་དང་། གཡོན་པ་ཟླ་བའི་གདན་ལ་བཀོད་ཅེས་འཆད་པ་མི་འཐད་དེ། དེ་ལྟར་ན་ཟླ་ཉི་བརྩེགས་པའི་གདན་ལ་ ཞབས་གཉིས་ཀ་བཀོད་པར་འོག་ནས་བཤད་པ་དང་འགལ་བའི་ཕྱིར་རོ། །ཚུལ་ཇི་ལྟར་བཀོད་ན་དུས་རྟག་ཏུ་བདེ་བ་དང་སྟོང་པའི་ཡེ་ཤེས་ཀྱིས་ཀྱང་གཞིག་ཏུ་མེད་པའི་ཕྱིར། རིག་པ་དང་ཤེས་པའི་གྲི་གུག་གིས་མཆོད་ཅིང་། གཉིས་སྣང་ཐམས་ཅད་ དང་བྲལ་བས་གཟུང་འཛིན་གྱི་གྲི་གུག་གིས་དབྱེར་མེད་ལ། བདེ་བ་ཆེན་པོའི་རྒྱུ་ཡིན་པས་འདོད་པར་རོ། །འཇིག་རྟེན་གསུམ་གྱིས་མཆོད་པའི་དོན་ནི་སྔར་ལྟར་རོ། །འོ་ན་སྒྲུབ་པ་པོ་དེས་དེ་ལྟ་བུའི་གོ་འཕང་ཐོབ་ཐབས་གང་གིས་ཡིན་སྙམ་ན། བཅོམ་ ལྡན་འདས་ཀྱི་ཞབས་འོག་གི་གདན་དངོས་སུ་བསྟན་པས་མཚོན་ནས་ཐུན་མོང་མ་ཡིན་པའི་ལམ་གྱི་གཙོ་བོ་ངེས་པར་བྱེད་དེ། འདི་ལྟར་ཟླ་བ་དང་ཉི་མས་ནི་འོག་གི་བཤང་གཅི་འབབ་པའི་རྩ་གཉིས་མཚོན་ལ། དུས་མེས་ནི་དུང་ཅན་མ་མཚོན་ཞིང་། ཟླ་ ཉི་བརྩེགས་པའི་སྟེང་དུ་དུས་མེའམ་སྒྲ་གཅན་ཞབས་ཀྱིས་མནན་པས་བཤང་གཅིའི་རྩ་ལ་རྒྱུ་བའི་ཐུར་སེལ་གྱི་རླུང་དུང་ཅན་མར་བཀག་པ་མཚོན་ནོ། །ཞབས་གཡས་ཀྱི་འོག་གི་བདུད་དམར་པོས་ནི་གཡས་རོ་མ་དམར་མོ་དང་། གཡོན་གྱི་ 12-6-21b འོག་གི་དབང་ཕྱུག་དཀར་པོས་གཡོན་རྐྱང་མ་དཀར་པོ་མཚོན་ལ། སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ་དེ་གཉིས་ཀྱི་མགོར་ཞབས་བཀོད་པར་གྱུར་པའམ་ཞབས་ཀྱིས་མནན་པ་ནི། རོ་རྐྱང་གི་རླུང་དབུ་མར་བཀག་པ་མཚོན་ནོ། །དེའང་སྲིད་པ་ཕུང་སོགས་ཐམས་ ཅད་སྒྲིབ་བྲལ་དུ་སྐྱེད་པར་བྱེད་པའི་ཕྱག་རྒྱ་ཆེན་མོ་སྣ་ཚོགས་ཡུམ་གྱི་ཞབས་དང་ལྷན་ཅིག་ཏུ་བཀོད་ཅེས་པས་ནི། དེ་ལྟར་སྟེང་འོག་གི་རླུང་དབུ་མར་བཅུག་པ་ལས། སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོས་འཁྱུད་པའི་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་འདྲེན་པ་མཚོན་ ནོ། །དེས་ན་དངོས་སུ་ཕྱག་ཡུལ་བཅོམ་ལྡན་འདས་ཀྱི་སྐུའི་བཀོད་པ་བཤད་ནས། དེའི་རྣམ་པར་བསྒོམ་པའི་བསྐྱེད་རིམ་སྟོན་ལ། སྐུའི་བཀོད་པ་དེ་ཉིད་ཀྱིས་མཚོན་པའི་དོན་ནི། ཐུན་མོང་མ་ཡིན་པའི་རྫོགས་རིམ་གྱི་ལམ་ཡིན་ནོ། །དེའི་ཕྱིར་འདི་ལྟར་ཤེས་ ན། ད་ལྟ་ཉིད་ནས་བཅོམ་ལྡན་འདས་ཀྱི་སྐུའི་བཀོད་པ་གདན་དང་བཅས་པའི་རྣམ་པ་བློ་ལ་ཤར་བ་ཙམ་གྱིས་ཐུན་མོང་མ་ཡིན་པའི་ལམ་གྱི་གནད་ཐམས་ཅད་དྲན་པར་ནུས་པས་སྐུའི་རྣམ་པ་རེ་དྲན་རེས་ཀྱིས་ཀྱང་ཐུན་མོང་མ་ཡིན་པའི་ལམ་གྱི་ གནད་རྣམས་ལ་བག་ཆགས་འཇོག་པར་འགྱུར་ལ། འདི་ལྟ་བུའི་རྣམ་པ་ཅན་གྱི་བསྐྱེད་རིམ་བསྒོམ་པའི་དགོས་པ་ནི། སྐུའི་རྣམ་པ་དེ་དང་དེས་མཚོན་པའི་རྫོགས་རིམ་ཁྱད་པར་ཅན་དེ་དག་སྐྱེ་བའི་སྨིན་བྱེད་དུ་བསྒོམ་པ་ཡིན་པར་ཤེས་ནས་བསྐྱེད་རིམ་ མཆོག་གི་དངོས་གྲུབ་ཀྱི་རྒྱུར་སྤོང་དགོས་པའི་ལོག་རྟོག་ཀྱང་ལྡོག་པར་འགྱུར་རོ། །དེ་བས་ན་དེ་ལྟ་བུའི་རྣམ་པ་ཅན་གྱི་བཅོམ་ལྡན་འདས་ལྷ་ཡི་དབང་པོས་བཏུད་པའི་གཙོ་བོ་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་བྱ་བ་སྟེ། སྟེ་ནི་འོག་གི་བརྩམ་པར་དམ་ 12-6-22a བཅའ་བ་འདྲེན་པའི་ཚིག་གོ། དེས་ན་མཆོག་གི་དམ་པའི་ལམ་ནི་གཙོ་བོར་མཆོད་བརྗོད་ཀྱིས་ངེས་པར་བྱེད་པ་ཡིན་ཏེ། དེའང་ཚིགས་སུ་བཅད་པ་གཉིས་པོ་འདིས་ལམ་གྱི་གཙོ་བོ་འདི་ལྟར་ངོས་བཟུང་ཞིང་། སྟོང་ཉིད་སྙིང་ རྗེའི་བདག་ཉིད་ཅན། །ཞེས་སོགས་གོང་དུ་བཤད་པ་ཐམས་ཅད་ཀྱིས་ནི། ལམ་དེའི་ཁྱད་པར་བསྟན་པ་ཡིན་ཏེ། སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་ནས་སྟོང་གཟུགས་ཀྱི་ཕྱག་རྒྱ་དང་སྦྱར་ཏེ། ཁམས་དཀར་པོ་ནོར་བུའི་རྩེ་ནས་ཡར་བརྟན་པ་དང་། ཁམས་དམར་ པོ་གཙུག་ཏོར་ནས་མར་བརྟན་པར་བྱེད་པས་རྣམ་ཤེས་མཆོག་ཏུ་མི་འགྱུར་བའི་ངོ་བོར་སྐྱེས་པ་དེ་ལ་ནི། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་དང་། ཤེས་དང་ཤེས་བྱ་གཅིག་པ་ལ་སོགས་པ་ཐམས་ཅད་འབྲས་བུའི་གནས་སྐབས་དང་རྗེས་སུ་མཐུན་ པ་རེ་ལམ་གྱི་སྐབས་སུའང་ཡོད་པའི་ཕྱིར་རོ། །བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ་ནི་གཙོ་བོར་འོག་ཏུ་འཇིགས་པ་བཅུ་དྲུག་གི་ཉེར་འཚེ་ཞི་བའི་ཐབས་བསྟན་པ་ཉིད་ཀྱིས་ངེས་པར་བྱེད་དོ། །ད་ནི་རང་ཉིད་འགྲེལ་བཤད་རྩོམ་པར་ དམ་བཅའ་བ་བརྗོད་པར་བྱ་སྟེ། བརྗོད་པར་འདོད་ཅེས་དྲང་ངོ་། །གང་ལན་དེ་ལྟར་བཤད་མ་ཐག་པའི་རྡོ་རྗེའི་རྣལ་འབྱོར་གང་ཞིག་གོ། དེ་ཇི་འདྲ་ཞིག་ཅེ་ན། དཔག་མེད་བདེ་གཤེགས་རྣམས་ཀྱིས་རང་གིས་བསྟེན་ཅིང་སྐལ་བ་དང་ལྡན་པ་ གཞན་ལ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ངེས་དོན་གྱི་རྡོ་རྗེ་མཆོག་སྟོང་པ་ལྔ་འཛིན་པ་ཡིད་སྐྱོབ་པའི་དོན་གྱིས་མི་འགྱུར་བའི་བདེ་བ་ནི་གསང་སྔགས་ཏེ། དེ་ཉིད་མྱོང་བའི་ཚུལ་གྱིས་རིག་པ་ཀུན་གྱིས་ཡང་དག་པར་བརྗོད་པའམ་ 12-6-22b བཤད་པར་གྱུར་པའི་འགྱུར་མེད་མཆོག་གི་བདེ་བ་ཐབས་ཤེས་ཟུང་འཇུག་གི་རྣལ་འབྱོར་དེ་ནིའོ། །གང་དུ་ན། དུས་ཀྱི་འཁོར་ལོ་སྟེ་དེའི་རྒྱ་ཆེར་འགྲེལ་དུའོ། །སུ་ཞིག་གིས་ན་པད་དཀར་བདག་གིས་སོ། །བླུན་པོ་ཞེས་པ་ནི་ཁེངས་བསྐྱུང་བའི་ཚིག་སྟེ། རྗེས་ འཇུག་དག་ལ་ང་རྒྱལ་གྱིས་ཁེངས་པ་དོར་བར་བྱའོ། །ཞེས་སློབ་པར་མཛད་པའོ། །འོ་ན་སངས་རྒྱས་དང་། བྱང་སེམས་ཆེན་པོ་རྣམས་ཀྱི་ཡུལ་དེ་བླུན་པོས་བརྗོད་པ་ལ་འབད་པར་མི་རིགས་སོ་ཞེ་ན་སྐྱོན་མེད་དེ། མཁའ་ལྡིང་ནམ་མཁའ་ལ་འགྲོ་བའི་ རྗེས་སུ་བྱ་གཞན་ཡང་འགྲོ་བ་བཞིན་ནོ། །ཞེས་པ་ནི་མཁའ་ལ་ཞེས་སོགས་སོ། །འོ་ན་འབད་པ་བྱས་ཀྱང་རྒྱུད་དོན་ཆེས་ཟབ་པས་རྟོགས་པར་མི་ནུས་པ་མ་ཡིན་ནམ་ཞེ་ན། རྒྱུད་ཀྱི་རྒྱལ་པོ་གང་དུ་སྒྲུབ་པ་པོ་རང་གི་ལུས་ལ་སྲིད་པ་ཕུང་སོགས་ མཐའ་དག་དང་། དེར་མ་ཟད་དོན་དམ་པ་དང་ཀུན་རྫོབ་ཀྱི་བརྡ་ཅན་གྱི་སྔགས་དང་བཅས་པ་རྣམས་སྒྲིབ་བྲལ་དུ་བྱེད་པའི་ཐབས་མ་སྦས་ཤིང་ཆེས་ཆེར་གསལ་བར་ཨཱ་ལི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་མི་འགྱུར་བར་འཛིན་པ་རྒྱལ་བའི་དབང་ པོས་གསུངས་ཤིང་། དེའི་ཕྱིར་རྒྱུད་ཀྱི་ཆུ་གཏེར་ཆེན་པོ་དེར་ནི་བརྐྱལ་བའམ་བརྒལ་བའི་སླད་དུ་རབ་ཏུ་ཞུགས་པ་དེ་ལ་གལ་ཏེ་བདག་ཕ་རོལ་ཏུ་ཕྱིན་པ་ནི་རྒྱལ་བའི་མཐུས་ཡིན་གྱི་རང་དབང་དུ་མ་ཡིན་ནོ། །དེའི་འོག་ཏུ་རྒྱལ་བས་གསང་བདག་ཟླ་ བཟང་ལ་རྩ་རྒྱུད་གསུངས་པའི་ཚེ་བསྡུས་རྒྱུད་འབྱུང་བར་ལུང་བསྟན་པ་ལྟར་འཇམ་དཔལ་གྲགས་པས་བསྡུས་ཤིང་། ཟླ་བཟང་གིས་རྩ་རྒྱུད་ལ་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་ཐེག་པ་ཀུན་དོན་གསལ་བར་བྱེད་པ་མཛད་པ་ལྟར། པད་དཀར་ 12-6-23a བདག་གིས་བསྡུས་རྒྱུད་ལ་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་རྒྱུད་ཀྱི་རྡོ་རྗེའི་ཚིག་སལ་བར་བྱེད་པ་འདྲི་ཞེས་དམ་བཅའ་བ་ནི། གང་ཕྱིར་ཞེས་པ་ནས། བྲི་བར་བྱ་ཞེས་པའི་བར་རོ། །དེའང་ཐུབ་མཐའ་དག་ ཅེས་པ་ནི། མཐའ་དག་ཐུབ་པ་རྣམས་ལ། ཞེས་དཔང་གིས་བསྒྱུར་བ་ལྟར་ཏེ། དོན་ནི་ཤམ་བྷ་ལའི་གྲོང་ཀ་ལཱ་པར་འཇམ་དཔལ་གྱིས་རྒྱུད་དོན་མཐའ་དག་ཐུབ་པ་དྲང་སྲོང་རྣམས་ལ་བསྟན་ཅེས་བྱ་བའོ། །ད་ནི་བརྩམས་པའི་འགྲེལ་བཤད་ འདི་ཉིད་ཉན་པར་གདམས་པ་བཤད་པར་བྱ་སྟེ་མཉན་པར་བྱའོ། །ཞེས་དྲངས་སོ། །གང་ན་རྒྱུད་ཀྱི་གཙོ་བོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་གཞན་ལ་ཕན་པའི་སྤྱོད་པ་སྟོན་པའོ། །ཚུལ་ཇི་ལྟ་བུས་ན་རྒྱལ་བས་གསུངས་པའི་ཆོ་གས་འཇིག་རྟེན་ པའི་དབང་སྔོན་དུ་འགྲ་བའི་འཇིག་རྟེན་ལས་འདས་པའི་དབང་བླངས་ནས། དེའི་འོག་ཏུ་ང་རྒྱལ་གྱི་ཁེངས་པ་དང་ལོངས་སྤྱོད་རྣམ་པར་འཇིག་པའི་ཆོས་ཅན་དུ་མ་བཏང་བ་བྱས་ནས་སོ། །གང་གི་དོན་དུ་ན་སེམས་ནི་སངས་རྒྱས་ཉིད་ཀྱི་སླད་དུ་ གཏད་པར་བྱས་ཏེ་དེ་ཐོབ་པའི་ཆེད་དུའོ། །གང་ལས་ན་བླ་མ་ལས་སོ། །སུ་ཞིག་གིས་ན་བྱིས་པའི་མཁས་པ་ཁྱིམ་ན་གནས་པ་ལ་སོགས་པས་མཉན་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། རྒྱུད་འདིའམ་སྔ་མ་ནི་བསྡུས་པའི་རྒྱུད་ཀྱི་རྒྱལ་ པོ་གཞན་མ་ལུས་ཐོས་ནས་ཡང་དག་ཡེ་ཤེས་ལམ་ལ་གནས་པའི་རྣལ་འབྱོར་པས་ཀྱང་མཉན་པར་བྱའོ། །འདི་ནི་ཉན་པ་པོ་རྣལ་འབྱོར་པའི་ཁྱད་པར་ཡིན་གྱི། རྒྱུད་ཀྱི་འགྲེལ་པ་འདི་ཉན་པའི་སྔོན་དུ་རྒྱུད་འདིའམ་གཞན་ཐོས་ཤིང་ 12-6-23b ཡང་དག་པའི་ལམ་ལ་གནས་པར་བྱས་ནས་ཉན་དགོས་ཞེས་པ་མ་ཡིན་ནོ། །འདི་ནི་བཤད་སྦྱར་གྱི་གཞུང་གི་འདོན་ཚུལ་འདི་ལྟར་བཤད་ཅིང་། དབང་གིས་ཀྱང་དེ་ལྟར་བསྒྱུར་བ་དང་མཐུན་པར་བཤད་པའོ། །ད་ནི་ཕྱིན་ཅི་ལོག་དང་ཡང་དག་ པའི་འགྲེལ་བཤད་ཀྱི་རྣམ་དབྱེ་འཆད་པར་འདོད་ནས། དང་པོར་ཕྱིན་ཅི་ལོག་གི་འགྲེལ་པའི་ཉེས་པ་འཆད་པའི་དོན་དུ། མངོན་ཤེས་མེད་གང་ཞེས་པ་ལ་སོགས་པ་གསུངས་སོ། །དེའང་འདི་དང་དབང་མདོར་བསྟན་གཉིས་ཀ་རུ་མངོན་ཤེས་ མེད་པས་རྒྱུད་ཀྱི་འགྲེལ་པ་བྱེད་པ་བཀག་པའི་དོན་ནི། རྫུ་འཕྲུལ་དང་ལྷའི་རྣ་བའི་མངོན་ཤེས་ལ་སོགས་པ་ཐེག་པ་གོང་འོག་ཐམས་ཅད་ལ་ཐུན་མོང་དུ་གྲགས་པའི་མངོན་ཤེས་ལྔ་པོ་འདིའི་དབང་དུ་བྱས་པ་ནི་མ་ཡིན་ཏེ། དེ་ལྟ་བུ་ནི་ བསམ་གཏན་དང་པོའི་ཉེར་བསྡོགས་ཙམ་ཡན་ཆད་ཀྱི་སེམས་གང་ཡང་རུང་བ་ཐོབ་པའི་ཕྱི་རོལ་པ་དག་ལའང་ཡོད་ཅིང་། ཉན་རང་ལའང་ཡོད་པས། དེ་ཡོད་ཀྱང་རྒྱུད་དོན་ཤེས་པ་ལ་ཕན་པ་ཅིའང་མི་བྱེད་པའི་ཕྱིར་དང་། རྒྱུད་ཀྱི་ངེས་ དོན་ཟབ་མོ་དག་དེ་འདྲ་བའི་མངོན་ཤེས་ཀྱི་ཡུལ་དུ་བྱ་མི་ནུས་པའི་ཕྱིར་རོ། །བླ་མེད་ཀྱིའང་བསྐྱེད་རིམ་དང་། རྫོགས་རིམ་གྱི་རྡོ་རྗེ་བཟླས་པ་དང་། ཡན་ལག་དྲུག་གི་བསམ་གཏན་ལ་བརྟེན་ནས་མངོན་ཤེས་ལྔ་འགྲུབ་པར་རྒྱུད་སྡེ་ རྣམས་ལས་གསུངས་པའི་མངོན་ཤེས་ལྔ་པོ་དེ་དག་ཀྱང་རྒྱུད་དོན་མཐའ་དག་ལ་མི་འཁྲུལ་བའི་ངེས་པ་མེད་པས་དེ་ཙམ་གྱི་དབང་དུ་བྱས་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། མདོ་སྡེ་རྒྱན་ལས། ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ 12-6-24a ལས། ཞེས་གསུངས་པ་ལྟར། ཐུན་མོང་གི་མངོན་ཤེས་ལྔ་པོ་ཐམས་ཅད་ལ་རང་རང་གི་རྣམ་གནས་ཡིད་བྱེད་མི་འདྲ་བ་རེ་རེས་བསྒྲུབ་དགོས་ཀྱང་། སྔགས་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་བདེ་བ་ཆེན་པོས་སྟོང་ཉིད་ མངོན་སུམ་དུ་རྟོགས་པའི་འཕགས་པའི་ཡེ་ཤེས་གསར་དུ་སྐྱེས་པ་ན། མངོན་ཤེས་སོ་སོའི་རྣམ་གནས་ཡིད་ལ་མ་བྱས་ཀྱང་། བདེ་སྟོང་གི་ཡེ་ཤེས་དེའི་སྟོབས་ཀྱིས་དྲངས་པའི་མངོན་པར་ཤེས་པ་ལྔ་སྐྱེ་བར་འགྱུར་བ་ཆོས་ཉིད་ཡིན་ནོ། །ཚུལ་འདི་ནི་ སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་རིམ་ལྔ་ལས། སློབ་མ་གུས་ལ་ཀུན་མཁྱེན་གྱི། །སྤྱོད་ཡུལ་ཡེ་ཤེས་གང་ཞིག་ནི། །སྐྱེས་པ་ཙམ་གྱིས་མཆོག་ཏུ་ནི། །དགའ་བ་དང་ནི་ལྡན་འགྱུར་ཞིང་། །མངོན་པར་ཤེས་པ་ལྔ་དང་ལྡན། །ཅེས་དང་། སློབ་དཔོན་ཌོམ་བྷི་ ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ་ལས། དེ་ཕྱིར་བདེ་ལྡན་འཐབ་འགྱུར་ཞིང་། །དཔའ་བོ་བདེ་ཆེན་གྲུབ་པ་ཡིས། །དོན་ཆེན་བདེ་བ་ལ་བརྟེན་ནས། །རྣམ་པ་ཀུན་ཏུ་དངོས་གྲུབ་དང་། །ཉེ་བར་རབ་ཏུ་གནས་འགྱུར་ཞིང་། །མངོན་ཤེས་ལྔ་ཡང་འབྱུང་བར་འགྱུར། ། ཞེས་གསལ་བར་བཤད་ཅིང་། འདིར་ཡང་མངོན་ཤེས་ལྔ་ནི་དེ་འདྲའི་བདེ་སྟོང་གི་ཡེ་ཤེས་ཀྱིས་དྲངས་པའི་མངོན་པར་ཤེས་པ་ལྔའོ། །དེའང་སྔར་བཞིན་གྱིས་རྒྱུད་དེའི་དགོངས་འགྲེལ་གྱི་སྲོལ་མ་ཕྱེ་བའི་སྔོན་དུ་རྒྱུད་དེའི་དགོངས་འགྲེལ་གྱི་ ལམ་སྲོལ་དང་པོར་འབྱེད་པའི་འགྲེལ་པ་རྩོམ་པ་ལ་ནི་དེ་འདྲའི་མངོན་ཤེས་ལྔ་ཐོབ་དགོས་སོ། །ཞེས་བྱ་བའི་དོན་ཡིན་ཏེ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། ལཱུ་ཨི་པ་ལ་སོགས་པ་ལྟ་བུའོ། །དེ་ལྟ་བུའི་གོ་འཕང་ཐོབ་པའི་གྲུབ་ཆེན་གྱིས་ 12-6-24b སྲོལ་ཕྱེ་བའི་རྗེས་སུ་ཞུགས་ནས། རྒྱུད་དོན་འགྲེལ་པ་ལ་མངོན་ཤེས་ཐུབ་པ་དགོས་པ་མ་ཡིན་ནོ། །ཞེས་རྒྱུད་འདིའི་སྐབས་སུའང་བཞེད་དེ། ཕྱག་རྡོར་བསྟོད་འགྲེལ་ལས་རྒྱུད་ཤིན་ཏུ་རྒྱས་པ་ཉན་པའི་སྐལ་བ་དང་མི་ལྡན་པའི་དོན་དུ་རྒྱུད་ རྒྱས་པ་ལས་བསྡུས་ནས། བསྟན་པའི་རྒྱུད་རྣམས་ཀྱི་རྡོ་རྗེའི་ཚིག་ཟབ་མོ་རྣམས་བསྡུས་པའི་རྒྱུད་གཞན། བྱང་ཆུབ་སེམས་དཔའི་འགྲེལ་པ་འདི་ལྟ་བུའམ། བླ་མ་དམ་པའི་མན་ངག་གི་རྗེས་སུ་འབྲངས་ནས་རྟོགས་པར་བྱ་བར་གསུངས་པ་ ལྟར་རོ། །བསྡུས་པའི་རྒྱུད་གཞན་གྱི་རྗེས་སུ་འབྲངས་ནས་རྟོགས་པར་བྱེས་ཚུལ་ནི། བཤད་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྩ་རྒྱུད་ཀྱི་དོན་རྟོགས་པར་བྱེད་པའོ། །མངོན་ཤེས་མེད་པར་རྒྱུད་ཀྱི་འགྲེལ་པ་གཏན་ནས་བྱར་མི་རུང་བར་སྨྲས་ན་ནི། སྨྲ་ང་ པོ་རང་ཉིད་ཀྱིས་ཀྱང་རྒྱུད་དོན་མང་དུ་བཤད་པར་བྱེད་པ་དག་དང་དངོས་སུ་འགལ་བ་འདུ་བར་འགྱུར་རོ། །དེ་ལྟར་མཐའ་དཔྱད་ནས་ཚིག་དོན་ནི། དེ་ལྟའི་མངོན་ཤེས་མེད་པར་རྒྱུད་དོན་ཟབ་མོ་འགྲེལ་པའི་ལམ་སྲོལ་རང་དགར་འབྱེད་པ་དང་། གཞན་ཡང་རང་གཞན་གྱི་རྟོག་པས་བཏགས་པའི་བསྟན་བཅོས་སྣ་ཚོགས་ཀྱི་རྗེས་སུ་འབྲངས་ཏེ་མི་མཁས་ཀྱང་མཁས་པའི་མངོན་པའི་ང་རྒྱལ་གྱིས་དྲེགས་ནས་རང་དགར་རྒྱུད་ཀྱི་རྒྱས་འགྲེལ་བྱེད་པ་དག་ནི། གླང་ཆེན་ལོང་བ་ཆང་གིས་ མྱོས་པའི་སྣ་ལ་རལ་གྲིའི་འཁོར་ལོ་འཕྱང་བ་གཡུལ་དུ་ཞུགས་པ་ལྟར། རང་རྒྱུད་ཉམས་ཤིང་བདུད་ཀྱི་གྲོགས་བྱས་ནས་རང་གཞན་གཉིས་ཀ་དམྱལ་བར་ལྟུང་བ་དང་། སྒྲིབ་པ་ལྔ་དང་མི་དགེ་བ་བཅུ་སོགས་རྒྱས་པར་བྱེད་ཅིང་། བུད་མེད་ 12-6-25a ཀྱི་འཇིག་པ་དེ་ལ་སྲེད་པས་མི་འགྱུར་བའི་བདེ་བ་ལས་ཉམས་ནས་རྡོ་རྗེ་ཚིག་བཅོམ་པ་སྟེ་སྒྲས་ཇི་བཞིན་པ་ལ་མངོན་པར་ཞེན་པ་དེ་ནི་འདོད་ཡོན་ལ་སྲེད་པས་ཟིལ་གྱིས་ནོན་པའོ། །ཞེས་སྟོན་པར་བྱེད་པ་ཟིལ་མནན་པའོ་ ཞེས་པའི་བར་རོ། །ད་ནི་ཡང་དག་པའི་འགྲེལ་པའི་ཡོན་ཏན་བརྗོད་པ་འཆད་དེ། དེ་ལའང་དང་པོའི་འགྲེལ་བཤད་བྱེད་པ་པོའི་མཚན་ཉིད་རྫོགས་པར་བརྗོད་པ་ནི། གང་ཞིག་ཅེས་སོགས་རྐང་པ་གསུམ་ཡིན་ལ། གང་དག་མངོན་ཤེས་ལྔ་མེད་ ཅེས་པ་རྐང་པ་གཅིག་ནི་དེའི་ཞར་ལས་བྱུང་བ་སྟེ་གོ་སླའོ། །དེའི་འོག་ཏུ་དེ་འདྲའི་བྱེད་པ་པོས་བྱས་པའི་འགྲེལ་བཤད་ཀྱི་ཡོན་ཏན་འཆད་པ་ལ་རྒྱུད་དོན་མ་བཤད་པ་དང་ལོག་པར་བཤད་པའི་སྐྱོན་འཇོམས་པའི་བྱེད་ལས་དང་། རྒྱུད་དོན་རྟོགས་ ནས་ཉོན་མོངས་བག་ཆགས་དང་བཅས་པ་འཇོམས་པའི་བྱེད་ལས་སོ། །དང་པོ་ནི། མ་འོངས་པའི་དུས་ན་ཕྱི་རོལ་པར་མ་ཟད་སངས་རྒྱས་པའང་རྟག་ཏུ་རྟོག་གེ་དང་སྒྲ་ལ་སོགས་པའི་བསྟན་བཅོས་ལ་ཡིད་གཏད་པའི་བློས་ལྟ་བ་མི་མཐུན་པ་སྣ་ ཚོགས་པར་འགྱུར་ཞིང་། དེར་མ་ཟད་ཕྱི་རོལ་པ་སོགས་གཞན་གྱི་རྟོག་གེ་དང་ཡང་འཕྲད་པའི་དབང་གིས་ལྟ་བ་ལོག་པ་འབྱུང་བར་འགྱུར་ཏེ། དེ་ལྟར་ལོག་པའི་རྟོག་གེ་ལ་ཡིད་གཏད་པ་དེ་ཡིས་འདོད་པའི་ཡུལ་རྡོ་རྗེ་ཐག་པ་ལ་ཕྱག་རྒྱ་ཆེན་མོའོ་ ལམ་ནི་རང་དགར་སྟོན་པར་བྱེད་པ་གང་ཡིན་དེ་དག་ཉིད་ཀྱི་བློ་གྲོས་ངན་པས་བྱས་པའི་མ་བཤད་པ་དང་ལོག་པར་བསད་པའི་སྐྱོན་ནི་འཇོམས་པར་བྱེད་པའི་འགྲེལ་བཤད་དམ་རྒྱས་འགྲེལ་པད་དཀར་བདག་གིས་བྲི་བར་བྱ་ཞེས་བྱ་བའོ། །རྟོག་ 12-6-25b གེ་ནི། རྒྱུ་མེད་རྟོག་གེ་པ་ཡིས་བརྟགས། །ཞེས་པ་ལྟ་བུ་ཕྱི་རོལ་པའི་གཞུང་ཙམ་མ་རྟོག་གེར་བྱས་པ་དང་། རྟོག་གེ་རྟེན་ཅིང་མ་ངེས་ལ། །ཞེས་པ་ལྟ་བུ་དངོས་པོའི་གནས་ལུགས་དོན་སྤྱིའི་སྒོ་ནས་རྟགས་ལ་བརྟེན་ནས་རྟོགས་དགོས་པ་ལ་རྟོག་གེར་བྱས་པ་དང་། གླིང་སྐྱེས་ལ་སོགས་ པ་དེ་དག་ནི། གཞན་གྱིས་གང་སྨྲས་སྨྲ་བར་བགྱིད། །ཅེས་པ་ལྟ་བུ་གཞན་གྱི་ཚིག་ཙམ་ལ་བརྟེན་པ་ལ་རྟོག་གེར་བྱས་པ་རྣམས་ལས་འདིར་ནི་རྟོག་གེ་ལྟར་སྣང་བ་དག་གོ། ཁ་ཅིག་འདི་ཤེས་སྒྲིབ་སྤོང་བ་དང་། འོག་མ་ཉོན་སྒྲིབ་སྤོང་བ་ལ་འཆད་མོད་ཀྱང་། རྒྱུད་དོན་ལ་ ལོག་པར་རྟོག་པའི་བློ་ངན་གྱི་སྐྱོན་ནི་ཉོན་མོངས་ཀུན་བརྟགས་ཀྱང་ཤིན་ཏུ་མང་བས་འགྲིགས་པར་མི་སེམས་སོ། །གཉིས་པ་ཉོན་མོངས་བག་ཆག་དང་བཅས་པ་འཇོམས་པའི་བྱེད་ལས་འཆད་པ་ནི། ཆགས་བྲལ་མེད་པའི་ཞེས་པ་ལ་སོགས་ཚིག་སུ་ བཅད་པ་གཉིས་ཏེ། དེའི་དོན་ནི། སྲིད་པ་ཉིད་འདོད་ཆགས་ཀྱི་ཆུ་མང་ཞིང་། ཞེས་སྡང་གི་སྦྲུལ་གནས་པ་དང་། གཏི་མུག་གི་ཀློང་ལ་སོགས་ཀྱིས་རྒྱ་མཚོ་དང་ཆོས་མཐུན་པས་ཆུ་གཏེར་གྱི་ངོ་བོར་བཀོད་ཅིང་། ཆུ་གཏེར་དེ་ལ་བརྒལ་ནས་འགྲོ་བའི་ཆུའི་སྐྱོན་དང་། དེའི་ཕ་རོལ་མི་གནས་པའི་མྱང་འདས་ཀྱི་གླིང་དུ་ཕྱིན་པ་དོན་དུ་གཉེར་བ་རྣམས་ལ། ནོན་མོངས་དང་བདུད་ཀྱི་དཔུང་ཚོགས་འཛོམས་པ་ལ་མཁས་པའི་ཡང་དག་པའི་ཡེ་ཤེས་ཀྱི་ཡིད་བཞིན་གྱི་ནོར་བུ། འཇིག་རྟེན་གསུམ་སྟེ་ལུས་ངག་ཡིད་གསུམ་སྒྲིབ་བྲལ་ དུ་གྱུར་པའི་རྒྱལ་བའི་བདག་པོ་ཀུན་ཏུ་སྟོན་པར་བྱེད་ཅིང་། སྲིད་མཚོ་བརྒལ་བའི་ཚུ་རོལ་གྱི་སྐམ་སར་མྱུར་དུ་བགྲོད་པའི་ལམ་འདྲེན་པ་སྟེ་སྟོན་པར་བྱེད་པས་འགྲེལ་བཤད་འདི་ནི་མཉམ་པའམ་དེད་དཔོན་མཁས་པའི་གཟུགས་སུ་བཀོད་པའོ། །མྱུར་ལམ་ཇི་ལྟ་བུ་ཞེ་ 12-6-26a ན། ཤེས་རབ་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་རླུང་དར་དར། མཆོག་ཏུ་མི་འགྱུར་བའི་དམ་པའི་བདེ་བའོ་ཞེས་བྱ་བའི་དོན་ནོ། །དེའི་འོག་ཏུ་ལམ་ལས་མི་གོལ་བའི་ཐབས་བཤད་པ་ལ། གང་ཞིག་ཅེས་པ་རྐང་པ་གཉིས་ཀྱིས་ནི། གང་ལས་གོལ་བར་མི་ བྱ་བ། སྟོང་གཟུགས་ཕྱག་རྒྱ་ཆེན་མོའོ་ལམ་ངོས་བཟུང་བའོ། །དེ་ལས་གོལ་བའི་རྒྱུ་ནི་གཉིས་ཏེ། འཛག་བདེ་ལམ་དུ་འཛིན་པ་ལམ་གྱི་དོན་ལ་རྨོངས་པ་དང་། ཕྱག་ཆེན་ལས་སྐྱེས་པའི་མི་འགྱུར་བའི་ཡེ་ཤེས་ལམ་དུ་འཛིན་ཡང་དོན་དེ་ཉིད་བརྗོད་པ་ལ་སྒྲའང་ ལེགས་སྦྱར་གྱི་སྐད་ཁོ་ན་དགོས་ཀྱི་སྐད་ངན་པས་སྟོན་པ་མི་རུང་ངོ་སྙམ་དུ་རྗོད་བྱེད་ལ་རྨོངས་པའོ། །དབང་པོ་སྤོང་བར་གདམས་པ་ནི་ཕྱག་ཆེན་ལ་བརྟེན་ནས་མི་འགྱུར་བའི་བདེ་ཆེན་བསྒྲུབ་པའི་ལམ་དེ་བོར་བ་སྟེ་དེ་ལ་མི་འཇུག་པར་ནོར་ལ་ཆགས་ཤིང་ འཁྱོག་པོའི་སྙིང་ལྡན་ལས་ཀྱི་ཕྱག་རྒྱ་དང་། ཡིད་ཀྱིས་བཏགས་པ་ཙམ་གྱི་ཤེས་རབ་མ་ཡེ་ཤེས་ཀྱི་ཕྱག་རྒྱ་དག་ཁོ་ན་སངས་རྒྱས་ཉིད་ཀྱི་སླད་ཏུ་གང་གིས་སྟེན་པར་བྱེད་པ་དེ་ནི་རྣམ་པར་བརྟག་པའི་བློ་ཅན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་ཡིས་ བསྒྲུབ་པ་དེའང་ཁམས་ཕྱིར་འཕོ་བ་ཐོབ་པར་བྱེད་ཀྱི་བདེ་བ་ཆེན་པོའི་གོ་འཕང་འཐོབ་པར་མི་འགྱུར་རོ། །དེ་མི་འཐོབ་པ་ཙམ་དུ་ཟད་དམ་སྙམ་ན། བླ་ན་མེད་པའི་སྔགས་ཀྱི་སྒྲུབ་པ་པོས་ཁམས་ཕྱིར་འཛག་པའི་བདེ་བ་ལ་ཆགས་པ་ལས་ནི་བདེ་ ཆེན་མི་འཐོབ་པ་ཙམ་དུ་མ་ཟད་སྡིག་པར་འགྱུར་ཏེ་གང་གི་ཕྱིར་ན། ཐུན་མོང་མ་ཡིན་པའི་ཚད་མེད་པ་བཞི་ཟད་པར་བྱེད་པའི་ཕྱིར་རོ། །འདི་ལྟར་འཛག་པའི་སྒོ་ནས་འདོད་ཆགས་ཉམས་པར་བྱས་པ་ལས། སྙིང་རྗེ་ཟད་པར་འགྱུར་ལ། ཤིན་ 12-6-26b དུ་སྡུག་མང་སྟེ་སྲེད་པ་ལ་སོགས་པ་དང་ལྡན་པའི་ཕྱག་རྒྱ་དེ་ལ་ནི་ཞེ་སྡང་སྐྱེ་བས་བྱམས་པ་ཟད་པར་བྱེད་ཅིང་། སྡང་བ་ལས་གཏི་མུག་སྐྱེས་པས་བདེ་ཆེན་དང་མི་འབྲལ་བའི་དགའ་བ་ཟད་པར་བྱེད་ལ། གཏི་མུག་འདི་ལས་རང་གི་རྡོ་རྗེའི་བྱང་སེམས་ པདྨར་ལྷུངས་པར་བྱས་པ་ལས་སེམས་ནི་རྟག་ཏུ་རྨོངས་ཏེ་བཏང་སྙོམས་ཟད་པར་འགྱུར་རོ།། ཚངས་པའི་གནས་བཞི་པོ་འདི་བདེ་ཆེན་གཅིག་པུ་ལྡོག་པའི་སྒོ་ནས་ཕྱེ་བ་སྟེ། བདེ་ཆེན་ཉིད་ལ་ཚངས་པའི་གནས་བཞི་འཇོག་པ། སངས་རྒྱས་ཐོང་པའི་ རྒྱུད་ལས་ཀྱང་བཤད་དོ། །གཞན་ཡང་མཆོག་མིན་ཏེ་སྟོན་པས་བཀག་པའི་བཟའ་བ་དང་བཏུང་བ་ལ་སོགས་མ་ལུས་པ་དགོངས་པའི་དོན་ཤེས་པར་བརྟེན་ཅིང་། འདོད་པའི་ཡུལ་གཞན་དག་ལ་འཛེམ་མེད་དུ་རབ་ཏུ་འཇུག་པ་དེ་ཡིས་རང་གི་སེམས་ ལ་ཅོ་འདྲ་བ་སྟེ་ཡང་དང་ཡང་དུ་འཚེ་བར་བྱས་པས་བདེ་བ་ཉམས་ཤིང་ལས་ངན་པའི་དབང་གིས་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར་རོ་ཞེས་བྱ་བའོ། །གཉིས་པ་སྒྲ་ཉི་ཚེ་བ་ལ་ཞེན་པ་དགག་པ་ནི། ཁ་ཅིག་ཀུན་མཁྱེན་ལམ་དོན་ཞེས་སོགས་ཀྱིས་ཚིག་ལ་ རྟོན་པ་བཀག་ནས་དོན་ལ་རྟོན་དགོས་པར་བསྒྲུབ་ཅིང་། བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་། ཞེས་སོགས་ཀྱིས་རྣམ་ཤེས་ལ་རྟོན་པ་བཀག་ནས་ཡེ་ཤེས་ལ་རྟོན་པ་དང་། འཁོར་བ་ཡི་ནི་བདེ་བ་མི་རྟག་པ། ཞེས་སོགས་ཀྱིས་དྲང་དོན་ལ་མི་རྟོན་ པར་བསྟན་པ་ཡིན་ནོ། །ཞེས་སྦྱོར་ཡང་གཞུང་དེ་ལ་རྟོན་པ་དེ་དང་དེའི་ཚུལ་འཆད་པའི་ལྡོག་པ་ཅིའང་མི་སྣང་ངོ་། །དེས་ན་རྒྱུད་ཕལ་ཆེ་བ་ལེགས་སྦྱར་གྱི་སྐད་ཀྱིས་གསུངས་པར་མཐོང་བས་འཁྲུལ་གཞི་བྱས་ཏེ། བརྗོད་བྱ་ལྷན་སྐྱེས་ཀྱི་ 12-6-27a ཡེ་ཤེས་སྟོན་ན་རྗོད་བྱེད་ཀྱང་ལེགས་སྦྱར་གྱི་སྐད་ཁོ་ན་ཡིན་དགོས་ཀྱི་སྒྲ་ཉམས་པའམ་ཟུར་ཆག་གི་སྒྲ་ལ་ལྷན་སྐྱེས་ཀྱི་ཡེ་ཤེས་ལྟ་བུའི་དོན་ཟབ་མོ་མི་སྲིད་དོ་སྙམ་དུ་འཛིན་པ་འགོག་པ་ཡིན་ཏེ། འདི་ལྟར་ཀུན་མཁྱེན་གྱི་ལམ་ གཙོ་བོར་དོན་དུ་གཉེར་བ་རྣམས་ལ་ལེགས་སྦྱར་གྱི་སྒྲ་དང་སྒྲ་མིན་ཏེ་སྒྲ་ཉམས་པ་གང་ཞིག་གི་བརྗོད་བྱ་ཡིན་ཞེས་རྣམ་པར་དཔྱད་པ་ལ་དགོས་པ་ཆེན་པོ་མེད་དེ། སྣ་ཚོགས་པའི་ཡུལ་སྐད་ངན་པ་བོད་ཀྱི་སྐད་ལ་སོགས་པ་ཡིས་ཀྱང་ཕྱག་རྒྱ་ཆེན་པོ་ དོན་དུ་གཉེར་བ་ཆེན་པོ་རྣམས་ཀྱི་ལམ་ཟབ་མོ་ལ་རྟག་ཏུ་འཇུག་ནུས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་ཐམས་ཅད་མཁྱེན་པའི་གསུང་ནི་སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་རང་རང་གི་སྐད་དང་མཐུན་པའི་གསུང་གིས་ཟབ་མོའི་ དོན་སྟོན་པས་གཞན་ལས་མཆོག་ཏུ་གྱུར་པ་ཡིན་ལ། བརྡ་སྤྲོད་པ་དག་ལ་གྲགས་པ་ལྷས་བཀོད་པའི་ཨིནྡྲ་བྱཱ་ཀ་ར་ཎ་ལྟ་བུའམ། ཀླུས་བཀོད་པ་མ་ཧཱ་བྷཱ་ཥ་ལྟ་བུའི་སྒྲ་དང་སོགས་ཀྱིས་བསྡུས་པ་རྣམ་དབྱེ་དང་ཚིག་སོགས་ཉི་ཚེ་བ་ལ་ལྷག་ པར་ཞེན་པ་ན་རྩོད་པ་དོན་གཉེར་རྣམས་ཀྱི་ཆོས་ལུགས་གཞན་ཡིན་པའི་ཕྱིར་རོ།། ལུང་སྟོན་ཅེས་པ་དཔང་གི་བརྡ་སྤྲོད་དུ་བསྒྱུར་ཅིང་བཤད་སྦྱར་གྱིས་ཀྱང་དེ་ལྟར་བཤད་དོ། །འོ་ན་ཡུལ་སྐད་ངན་པ་ལས་ཀྱང་ལམ་ཟབ་མོ་རྟོགས་ཚུལ་ ཇི་ལྟ་བུ་ཞེ་ན། ཕྱག་རྒྱ་ཆེན་པོ་དོན་དུ་གཉེར་བའི་རྣལ་འབྱོར་ལྡན་པས་སྒྲ་བཟང་པོར་མ་ཟད་ཡུལ་གྱི་སྐད་ཐ་མལ་པ་དང་ཟུར་ཆག་གི་སྒྲ་ལས་ཀྱང་ཟབ་དོན་ཁོང་དུ་ཆུད་པར་འགྱུར་ཞིང་དེ་ཉིད་ལས་རྗོད་བྱེད་ངན་པ་མི་འཛིན་པར་བྱའི་དོན་ 12-6-27b བཟང་པོ་ནི་འཛིན་པར་བྱེད་དེ། དཔེར་ན་ཆུ་ལ་འོ་མ་འདྲེས་ནས་ངེས་པར་ཞུགས་པ་དེ་ལ་ངང་པས་ཆུ་བཞག་སྟེ་འོ་མ་རབ་ཏུ་ཕྱུངས་ནས་འཐུང་བར་བྱེད་བཞིན་ནོ། །དེས་ན་དོན་དམ་པ་སྟེ་མི་འགྱུར་བའི་ཡེ་ཤེས་དེ་ཉིད་ཀྱི་ཡུལ་ལ་སྤྱོད་པ་ནི་རྟག་ཏུ་ནི་སྟེ་དུས་ ནམ་ཡང་ཕྱག་རྒྱ་ཆེན་མོ་དོན་དུ་གཉེར་བའི་སྐྱེས་བུ་ཆེན་པོ་རྣམ་དག་དོན་དེ་བརྗོད་པའི་ཚིག་བཟང་པོ་ལེགས་སྦྱར་ཁོ་ན་ལ་སྟོན་པས་ཆེད་ཆེར་འཛིན་པ་མིན་ཏེ། ཡུལ་ཡུལ་གྱི་བརྡ་མི་འདྲ་བའི་དབང་གིས་དོན་རེ་རེ་ལའང་མི་འདྲ་སྣ་ཚོགས་པ་ཡོད་ པས་དོན་དེ་ལ་བརྡ་བྱས་པའི་སོ་སོའི་ཡུལ་གྱི་མིང་རྣམས་ཀྱིས་ནི་དོན་དེ་ཤེས་པར་བྱེད་ནུས་པ་ལ་ངེས་པར་བསྟན་བཅོས་ལ་གྲགས་པའི་ལེགས་སྦྱར་གྱི་སྒྲ་དག་གིས་ནི་ངེས་གཟུང་དུ་ཅི་ཞིག་བྱ་སྟེ་དགོས་པ་མེད་པའི་ཕྱིར་རོ། །དེས་ན་དོན་གང་ཞིག་ ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་ཡིན་ཞིང་དམན་པའི་དོན་བརྗོད་པ་དེ་ཉིད་ཟུར་ཆག་གི་སྒྲ་དང་། ལྷན་སྐྱེས་ཀྱི་ཡེ་ཤེས་ལྟ་བུ་བརྗོད་པ་དེ་ཉིད་ལེགས་སྦྱར་གྱི་སྒྲར་གྱུར་པས་ཡིན་ནོ། །ཞེས་སོགས་སུ་གཟུང་བར་བྱ་བ་མ་ཡིན་ཏེ། དེ་ལྟར་ན་སངས་རྒྱས་ ཀྱི་གསུང་ནི་ལེགས་སྦྱར་གྱི་སྐད་ཁོ་ནར་ངེས་དགོས་ཤིང་། དེ་ལྟ་ན་ལེགས་སྦྱར་ལས་གཞན་པའི་སྐད་ཀྱིས་ཆོས་སྟོན་དགོས་པའི་གདུལ་བྱ་རྣམས་ལ་ཆོས་སྟོན་མི་ནུས་པར་གདུལ་བྱའི་འགྲོ་བ་ཉི་ཚེ་བར་འགྱུར་ལ་གང་ཞིག་འགྲོ་བ་བྱེ་བྲག་ པ་དག་ལ་རིས་སུ་ཆད་པ་ཉི་ཚེ་བའི་སྐད་དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན་པའི་ཕྱིར་རོ། །གང་ཞིག་ཟུར་ཆག་སྒྲ་དང་སྒྲར་གྱུར་པས། བརྗོད་པ་དེ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་ཡིན་ནོ། །ཞེས་པ་ཇི་ལྟ་བ་ཉིད་དུ་བཤད་ན་ཟུར་ཆག་ 12-6-28a གི་སྒྲས་བརྗོད་ན་ཡང་དག་པའི་ཡེ་ཤེས་མ་ཡིན་པ་ཕྱོགས་སྔ་མ་ཡིན་པས་ཕྱོགས་སྔ་མའི་ལན་དུ་མ་འབྲེལ་ཞིང་རང་ལ་འགལ་བར་འགྱུར་རོ། །འོ་ན་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ ཏུ་འཇུག་ཅེས་པའི་ལམ་དང་། རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །ཞེས་སྨོས་པའི་དོན་ཀུན་མཁྱེན་དོན་དུ་གཉེར་བ་དག་གིས་ཡུལ་གྱི་སྐད་ཕལ་པ་ལ་བརྟེན་ནས་ཀྱང་རྟོགས་པར་བྱ་བར་གསུངས་པའི་ཕྱག་རྒྱ་ཆེན་མོ་དེ་གང་ཞེ་ན། མཆོག་ ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དོན་གྱིད་བང་བཞི་པ་དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་ཤེས་རབ་མ་པྲ་ཕབ་པའི་རང་བཞིན་ཅན་གྱི་གཟུགས་ལས་སྐྱེས་པའི་ཡེ་ཤེས་ཏེ། གང་ཞིག་དབང་བཞི་པ་དེ་ནི། རྒྱུད་གཞན་དུ་སླར་ཡང་དེ་བཞིན་འདི་སྟེ། བཞི་ པ་དེའང་དེ་བཞིན་ནོ། །ཞེས་མི་གསལ་ཞིང་སྦས་པས་བསྟན་ལ། རྒྱུད་འདི་ཉིད་དུ་རང་གི་ཕྱག་རྒྱ་ཆེན་མོར་ཆེས་གསལ་བར་རྒྱལ་བས་གསུངས་སོ། །བཤད་སྦྱར་ལས། བཞི་པ་ནི། ལྷན་ཅིག་སྐྱེས་པའི་དགའ་བའི་ཐིག་ལེ་འགོག་པ་ཞེས་བཤད་ དོ། །འོ་ན་ཕྱག་རྒྱ་ཆེན་མོ་ལས་གཞན་པའི་ཤེས་རབ་མ་ལ་འཛག་པའི་བདེ་བས་ལྷན་སྐྱེས་བསྐྱེད་པར་མི་ནུས་སམ་ཞེ་ན། ཤེས་རབ་མ་བུད་མེད་དང་འགྲོགས་པ་ལས་གང་གི་ཁམས་དཀར་པོ་ཕྱིར་འཛག་པ་དེ་ཡི་ལྷན་ཅིག་སྐྱེས་པའི་བདེ་བ་ཐབས་ ཅི་ཡིས་འཕེལ། འགྱུར་ནས་མི་འཕེལ་ཏེ་རྟེན་ཉམས་པའི་ཕྱིར་རོ། །དཔེར་ན་དཔྱིད་ཀྱི་དུས་དང་འགྲོགས་པ་ལ་མེ་ཏོག་མ་རྒྱས་ཁ་འབུས་པ་ཙམ་ནས་ལྷུང་བའི་ཤིང་ཙུ་ཏའི་འབྲས་བུ་ཅི་ཡིས་འབྱུང་སྟེ་མི་འབྱུང་བ་བཞིན་ནོ།། འོ་ན་སྐྱེ་བོ་ 12-6-28b ཐམས་ཅད་འགྱུར་བའི་བདེ་བ་འཚོལ་བ་ཅི་ཞེ་ན། སྐྱེ་བོ་གང་གིས་བདེ་བ་ནི་འདོད་ལ་འགྱུར་མེད་མི་ཐོབ་དེ་ནི་འགྱུར་བ་དང་བཅས་པའི་བདེ་བ་འཚོལ་ཞིང་དེ་ལས་སྡུག་བསྔལ་བ་ཅན་དུ་འགྱུར་ཏེ། དེ་དཔེར་ན་བྱ་གཞན་ཐམས་ཅད་སྐོམ་པའི་ཚེ་ས་ལ་འབབ་ པའི་ཆུ་ནི་འཚོལ་བར་བྱེད་ཅིང་། དེའང་བ་ཚྭ་དང་བཅས་པས་སླར་ཡང་སྐོམ་པ་འཕེལ་བར་འགྱུར་ལ། བྱ་ཙ་ཏ་ཀ་གཅིག་པུ་སྐོམས་པར་གྱུར་ཀྱང་ས་ལ་གནས་པའི་ཆུ་འཐུང་བ་མིན་པ་བཞིན་ནོ། །འོ་ན་སྡུག་བསྔལ་བསྐྱེད་པ་དེ་བདེ་བའི་དོན་དུ་འཚོལ་ བར་མི་རིགས་ཤེ་ན། བྱིས་པ་རྣམས་འཁོར་བ་ཡི་ནི་བདེ་བ་མི་རྟག་པ་འཇིག་པའི་ཆོས་ཅན་དེ་དག་ཀྱང་ཇི་ལྟར་བཙལ་བ་བཞིན་དུ་འཐོབ་པ་མིན་ཡང་རྨོངས་པ་ཆེན་པོའི་དབང་དུ་སོང་བས་འབད་ནས་འཚོལ་བར་བྱེད་ཅིང་། དེ་ལས་སྡུག་བསྔལ་ བར་འགྱུར་ལ། མཁས་པ་ནི་ཡང་དག་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ཐོབ་པའང་འཁོར་བའི་སྡུག་བསྔལ་ལས་ཐར་བའི་དོན་དུ་འདོར་བར་བྱེད་དོ། །ཁ་ཅིག་འདིར་ཕྱག་ཆེན་ལས་མི་འགྱུར་བའི་བདེ་བ་ཆེན་པོའང་མི་གནས་པའི་ མྱང་འདས་ཀྱི་དོན་དུ་འདོར་བར་བྱེད་ཅེས་པ་ནི་ངེས་དོན་གྱི་བཤད་པ་བྱེད་དོ། །འོ་ན་འགྱུར་བ་མེད་པའི་བདེ་བ་དེ་དཀའ་ཐུབ་པའི་ཚངས་པར་སྤྱོད་པའི་བདེ་བ་དང་མཚུང་སམ་ཞེ་ན་མི་མཚུངས་པར་སྟོན་པ་ནི། ཇི་ལྟར་ཞེས་པ་ནས། འཛག་ཕྱིར་ རོ་ཞེས་པའི་བར་གྱིས་རི་དྭགས་ཟ་བ་སེང་གེ་ལོའི་མཚམས་སུ་ལན་རེ་འཁྲིག་ཅིང་། ཕུག་རོན་རྒྱུན་དུ་བྱེད་པ་གཉིས་ཀ་ལ་མཆོག་གི་བདེ་བ་མེད་པར་མཚུངས་པ་བཞིན་དུ། དཀའ་ཐུབ་པ་རྨི་ལམ་ན་ལན་རེ་ཙམ་འཛག་པ་དང་། ཁྱིམ་པ་རྟག་ 12-6-29a ཏུ་འཛག་པ་གཉིས་ཀ་ལའང་མཆོག་ཏུ་མི་འགྱུར་བའི་བདེ་བ་མེད་པར་མཚུངས་སོ་ཞེས་བསྟན་ཏོ། །འོ་ན་རྨི་ལམ་དུ་འཛག་པ་དང་སད་དུས་སུ་འཛག་པ་གཉིས་མི་འགྱུར་བའི་བདེ་བ་ལ་གེགས་བྱེད་པར་འདྲའམ་ ཞེ་ན། འདྲ་སྟེ་དུག་སྦྲུལ་གྱིས་གཉིད་ལོག་མ་ལོག་ལ་སོས་བཏབ་པ་གཉིས་ཀའང་སྲོག་མི་འཚོ་བའི་རྒྱུར་འདྲ་བ་བཞིན་ནོ་ཞེས་པ་ནི། ཇི་ལྟར་ཞེས་པ་རྐང་པ་བཞིའོ། །འོ་ན་ཕྱག་རྒྱ་ལས་སྐྱེས་པའི་བདེ་བ་དེ་མཆོག་གི་ལམ་ཡིན་ན་དེས་སེམས་ཀྱི་དྲི་མ་ དག་པར་བྱེད་དགོས་པ་ལ། བདེ་བ་དེ་ཉིད་ཀྱིས་སླར་སེམས་འཆིང་བར་མི་འགྱུར་རམ་ཞེ་ན། ཇི་ལྟར་རྡོ་དྲག་བསྐུས་པའི་གོས་དྲི་མ་ཅན་དག་ནི་མེ་ཡིས་བསྲེག་པ་ཉིད་ཀྱིས་གོས་མི་འཚིག་ཅིང་དྲི་མ་དག་པར་འགྱུར་བ་དེ་བཞིན་དུ་སྐྱེས་བུ་རྣམས་ ཀྱི་དག་པའི་སེམས་ནི་ཕྱག་རྒྱའི་ཤེས་རབ་དང་སྙོམས་པར་ཞུགས་པའི་ཆགས་པ་ཆེན་པོའི་ཡེ་ཤེས་ཀྱི་མེ་དག་གིས་དྲི་མ་མེད་པར་བྱེད་དོ། །འདི་ལ་བཤད་སྦྱར་དུ། འོ་ན་སད་པ་དང་རྨི་ལམ་དང་གཉིད་འཐུག་པོའི་གནས་སྐབས་ཀྱི་བདེ་བ་ དེ་ཁོ་ན་ཉིད་མ་ཡིན་ན་མི་འགྱུར་བའི་བདེ་བ་དེ་མ་ནིང་གི་བདེ་བ་བཞིན་དུ་མི་འགྱུར་རམ་ཞེ་ན་ཞེས་པའི་མཚམས་སྦྱོར་མཛད་དོ། །གལ་ཏེ་ཕྱག་རྒྱའི་པདྨ་དང་རྡོ་རྗེ་སྦྱར་བས་ཁམས་གཡོ་བར་འགྱུར་བ་མ་ཡིན་ནམ། ཇི་ལྟར་ན་དེ་ལས་མི་ འགྱུར་བའི་བདེ་ཆེན་སྐྱེ་ཞེ་ན། ཐབས་ཀྱིས་མ་ཟིན་པའི་དངུལ་ཆུ་མེ་དང་འཕྲད་ན་འབྲོས་ཀྱང་སྨན་སོགས་ཀྱི་ཐབས་ཀྱིས་ཟིན་ན་དངུལ་ཆུ་འཆིང་བའི་རྒྱུར་འགྱུར་བ་ལྟར་ཐབས་ཀྱིས་མ་ཟིན་ན་རྡོ་རྗེ་པདྨ་སྦྱར་བ་ཁམས་ 12-6-29b གཡོ་བའི་རྒྱུ་འགྱུར་ཡང་སྲོག་དབུ་མར་སྡུད་པའི་ཤིན་ཏུ་རྣལ་འབྱོར་གྱི་ཐབས་ཀྱིས་ཟིན་ན་ཤེས་རབ་མ་དང་སྦྱར་བ་ཉིད་ཁམས་མི་གཡོ་བར་འཆིང་བའི་གྲོགས་སུ་འགྱུར་རོ། །ཞེས་སྟོན་པ་ནི་ཇི་ལྟར་ཞེས་སོགས་ཚིགས་སུ་བཅད་པ་གཉིས་སོ། ། འོ་ན་ཕྱག་རྒྱ་ཆེན་མོ་དེ་ཐབས་གང་གིས་མཐོང་བར་འགྱུར་ཞེ་ན། ཇི་ལྟར་མེའི་ཁམས་ནི་ཤིང་རྟ་ལ་རྟག་ཏུ་གནས་ཀྱང་ཤིང་སྟ་རེས་བཅད་པ་དང་། ཤིང་གྲི་ཆུང་དུས་སོ་སོར་དབྱེ་བའི་ཐབས་ཀྱིས་དེ་མི་མཐོང་སྟེ། འོན་ཀྱང་གཙུབ་ཤིང་དང་། གཙུབ་སྟན་ གཉིས་ལག་པས་བསྲུབས་པ་ལས་ཤིང་དེ་ལ་གནས་པའི་མེའི་ཁམས་དག་ཀྱང་མཐོང་བར་འགྱུར་བ་དེ་བཞིན་དུ་སེམས་ཀྱི་འོད་གསལ་ཕྱག་རྒྱ་ཆེན་མོ་དེའང་དཀྱིལ་འཁོར་སོགས་རྟོག་པ་ཡིས་སྒོམ་པའི་ཐབས་རྣམ་དག་གིས་དངོས་སུ་མི་ མཐོང་སྟེ། འོན་ཀྱང་རང་གི་སེམས་དེ་ཉིད་དུ་སྟེ་ལ་འོད་གསལ་སྟོང་པའི་གཟུགས་འདི་རྐྱང་པ་དག་དང་ནི་རོ་མ་ལ་རྒྱུ་བའི་རླུང་གཉིས་དབུ་མར་གཅིག་ཏུ་སྦྱོར་བའི་ཐབས་ལས་མཐོང་བར་འགྱུར་བའི་ཕྱག་རྒྱ་ཆེན་མོ་ཡིན་གྱི་སྟོང་གཟུགས་ཙམ་ མ་ཡིན་ནོ། །རྟོག་པའི་སྒོམ་པའི་ཐབས་ཇི་ལྟ་བུས་མི་འཐོབ་པ་འཆད་པ་ནི། རྟེན་དང་བརྟེན་པ་སྣ་ཚོགས་པའི་རྣམ་རྟོག་ལ་སོགས་བསྒོམ་པ་བསྐྱེད་རིམ་གྱི་ལམ་གྱིས་ནི་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་དེ་འཐོབ་པ་མ་ཡིན་ནོ་ཞེས་སྦྱར་རོ། ། འོ་ན་རྣམ་པ་ཀུན་ཏུ་བསྐྱེད་རིམ་མཆོག་གི་རྒྱུར་མི་འགྱུར་རམ་ཞེ་ན། དེ་བཞིན་གཤེགས་པས་གང་གསུངས་པ་དེ་ཉིད་བཅུ་དྲག ། དགའ་བ་བཞི་ཡི་རབ་ཏུ་དབྱེ་བ་ཅན་གྱི་རྫོགས་རིམ་གྱི་ལམ་དང་བྲལ་བ་བསྐྱེད་རིམ་རྐྱང་པས། མི་ཐོབ་པ་ཡིན་ 12-6-30a གྱི་རྫོགས་རིམ་ལ་བལྟོས་ནས་བསྐྱེད་རིམ་ཡང་རྒྱུར་འགྱུར་རོ། །འོ་ན་གང་དང་བྲལ་བས་ཐབ་པར་མི་ནུས་པ་ཕྱ་ཆེན་གྱི་རྒྱུའི་གཙོ་བོ་དེའང་གང་ཞེ་ན། ཕྱག་རྒྱ་ཆེན་མོ་དེ་མཐོང་བའི་དངོས་ཀྱི་རྒྱའི་གཙོ་བོ་ནི་བསྐྱེད་ རིམ་ལས་འདས་པའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་རོ།། ཞེས་སྟོན་པ་བསྐྱེད་པའི་རམ་པར་ཞེས་སོགས་རྐང་པ་བཞིའོ། །རྡོ་རྗེའི་རྣལ་འབྱོར་ཇི་ལྟ་བུ་ཞེ་ན། སྲོག་དབུ་མར་བཅུག་པས་དུ་བ་ལ་སོགས་པའི་མཚན་མ་དག་སྒྲུབ་པར་བྱེད་པ་ སོར་བསམ་དང་ནི་སྲོག་རྩོལ་དག་གིས་རླུང་དབུ་མར་འབབ་པ་དང་། དེ་བཞིན་ཏུ་འཛིན་པས་རླུང་དབུ་མར་འཆིང་ཞིང་ཐིམ་པར་བྱེད་པ་དང་། རྗེས་དྲན་གྱི་སྐབས་ཀྱི་རིག་མའི་བརྟུལ་ཞུགས་དག་གིས་རྡོ་རྗེ་ནོར་བུའི་བྱང་སེམས་ནི་ཕྱིར་ལྟུང་ བ་མིན་ཞིང་དེ་བཞིན་དུ་གཙུག་ཏོར་གྱི་བར་གྱི་་སྟེང་དུ་རིམ་བཞིན་ཁ་བ་བརྩེགས་ཏེ་མི་འགྱུར་བར་བྱེད་པའི་ཕྱག་རྒྱ་ཆེན་པོའི་ལམ་འདི་དག་གིས་སངས་རྒྱས་རྣམས་ཀྱི་ནི། བདེ་བ་མཆོག་ཏུ་འགྱུར་བ་མེད་པ་ཞེས་རྒྱུད་འདི་ལས་མངོན་པར་ བརྗོད་པའམ། རྩ་སྟོང་ཕྱག་བདུན་ཅུ་རྩ་གཉིས་འགགས་པའི་རང་བཞིན་གྱི་ཕོ་ཉ་མོ་སྟེ་མཁའ་འགྲོ་མ་ཀུན་གྱི་ལྷན་ཅིག་སྐྱེས་པ་བདེ་མཆོག་སོགས་ལས་མཁའ་འགྲོ་མའི་དྲ་བ་སྡོམ་པ་ཞེས་པའི་མིང་གིས་གསུངས་པ་དེ་ཉིད་རྣལ་འབྱོར་པས་ཐོབ་ པར་འགྱུར་རོ། །ལམ་དང་བྲ་བས་ཐོབ་པ་མ་ཡིན་ནོ། །ཞེས་སོགས་ཀྱིས་རྫོགས་རིམ་དང་བྲལ་བའི་བསྐྱེད་རིམ་རྐྱང་པས་མཆོག་མི་འགྲུབ་པར་བཤད་པ་ལ། འོ་ན་བསྐྱེད་རིམ་འབའ་ཞིག་བསྒོམས་པས་འབྲས་བུ་ཅི་འགྲུབ་ཅེ་ན། ལྷའི་ 12-6-30b གཟུགས་ལ་སོགས་པར་བརྟག་པ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པ་འགའ་ཞིག་གོམས་པར་གྱུར་པས་ནི་རིལ་བུ་མིག་སྨན་ལ་སོགས་པ་གྲུབ་པ་འཇིག་རྟེན་པ་དག་འགྲུབ་པར་འགྱུར་ཏེ། འོན་ཀྱང་དེ་ཙམ་གྱིས་འདོད་པའི་དངོས་གྲུབ་ཆེན་པོ་མཆོག་ ཏུ་མི་འགྱུར་བའི་བདེ་བ་དང་། ཟུང་དུ་འཇུག་པའི་ཕྱག་རྒྱ་ཆེན་མོ་གལ་ཞིག་འཐོབ་སྟེ་མི་འཐོབ་བོ། །འོན་ཀྱང་ཟབ་མོ་དེ་སངས་རྒྱས་འདོད་པ་ཀུན་ལ་འབྱུང་ངམ། འོན་ཏེ་དག་པ་འགའ་ཞིག་ལ་འབྱུང་ཞེ་ན། འགའ་ཞིག་སེམས་ཅན་རྣམས་ལ་བརྩེ་ བ་ཡིས། །གཞན་དོན་དགེ་བ་སྟེ་གཞན་ལ་ཕན་པའི་བྱ་བ་ལ་རྟག་ཏུ་བརྩོན་པ་ཡིས་སློབ་མ་དབང་བསྐུར་སོགས་ཀྱིས་རྒྱུད་དག་པར་བྱས་པ་རྣམས་ལ་ལམ་འདི་དག་ནི་བླ་མ་དམ་པའི་ཞལ་གྱི་དྲིན་ལས་འབྱུང་བ་ཡིན་ནོ། །ད་ནི་ལམ་བཟང་འཕྲོག་པའི་ རྒྱུ་སྤངས་ནས་ཡང་དག་པའི་ལམ་སྤ་བར་བཤད་པ་བརྗོད་པར་བྱའོ། །དེ་ལ་དང་པོར་ལམ་བཟང་འབྲོག་པའི་རྒྱུ་སྤང་བ་ནི། འོ་ན་ལམ་འདི་སློབ་མ་དག་པ་དེ་ལྟ་བུ་མ་ཡིན་པ་གང་ཡང་རུང་བ་ལ་བྱིན་ན་ཅིར་འགྱུར་ཞེ་ན། ལམ་བཟང་རིན་ཆེན་ འདི་ནི་བག་མེད་པའི་སེམས་ཅན་གཞན་པ་དག་ལ་བྱིན་པ་ན། རང་གི་ཁྱིམ་སྟེ་ཆུང་མ་མ་རུངས་པའི་གནས་འབྲོག་དགོན་པ་དང་འདྲ་བ་དག་ཏུ་རབ་ཏུ་ཞུགས་པ་ལ་བྱིན་པའི་ལམ་བཟང་རིན་ཆེན་དེའང་ཡུལ་ངན་པ་ལ་ཆགས་པའི་ ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད་དོ། །དེར་མ་ཟད་ལམ་བཟང་ལ་སོམ་ཉི་ཟ་བའི་ཐེ་ཚོམ་དང་། ལས་ངན་པ་བྱས་པ་ཡིད་ལ་བཅགས་པའི་འགྱོད་པས་ང་ནི་ལམ་མི་འགྲུབ་བོ་སྙམ་ནས་ལམ་བསྒྲུབ་པ་འཇོག་པ་དག་དང་། 12-6-31a དུས་མིན་པའི་གཉིད་དང་ནི། དགེ་བ་ལ་མི་སྤྲོ་བའི་ལེ་ལོ་དང་། སེམས་རྣམ་པར་གཡེང་བའི་རྒོད་པ་སྟེ་སྒྲིབ་པ་ལྔ་ལ་སོགས་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང་སོགས་སོ། །དེར་མ་ཟད་སྲོག་གཅོད་སོགས་བཅུའི་ཆོམ་རྐུན་ དང་། གཞན་ལ་ཚེ་བ་རྫུན་འདོད་ལོག །མ་བྱིན་ལེན་ཆང་སྟེ་ཡོད་པའི་སྡིག་པ་ལྔ་དང་། རྒྱན་པོའམ་ཆོ་ལོ་འགྱེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པའི་ཤ་ཟ་བ་དང་། དམག་ལ་སོགས་པའི་གཏམ་བརྗོད་པ་ཚིག་ངན་ཀློག་པ་དང་། ཕ་མེས་ དང་མཆོད་སྦྱིན་གྱི་དོན་དུ་མཚུན་འཐོར་སོགས་བྱེད་པས་གྲོལ་བར་བལྟ་བ་ཡི་དྭགས་སམ་འབྱུང་པོའི་ཆོས་དང་། སྲོག་གི་མཆོད་སྦྱིན་བྱེད་པ་སོགས་ཀླ་ཀློའམ་ལྷ་མིན་དབང་པོའི་ཆོས་ཏེ་ཉེ་བའི་སྡིག་པ་ལྔ་དང་། བ་ལང་། བྱིས་པ། བུད་མེད། སྐྱེས་པ་གསོད་པ་དང་། འགྲོ་བའི་བླ་མ་སྟེ་སྐུ་གཟུགས་འཇིག་པ་སྟེ་གསོད་པ་ལྔ་དང་། གྲོགས་པ། རྗེ་བོ། སངས་རྒྱས། དགེ་འདུན། ཡིད་བརྟན་པའི་བླ་མ་ལ་འཁུ་བ་སྟེ། འཁུ་བ་ལྔ་དང་། ཡུལ་ལྔ་ལ་དབང་པོ་ལྔ་མངོན་པར་ཞེན་པ་སྟེ། ཆོམ་ རྐུན་ལྔ་པའམ་ལྔ་ཚན་ལྔ་པོ་འདི་དག་གིས་ཀྱང་ལམ་བཟང་རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད་དོ། །གཞན་ཡང་ཤིན་ཏུ་ཞེས་སོགས་རྐང་པ་བཞི་གོ་སླའོ། །རང་ཉིད་ཀྱིས་ནི། ཞེས་སོགས་རྐང་པ་བརྒྱད་ཀྱི་དོན་ནི། རང་གིས་ལམ་བཟང་ངན་ འབྱེད་མ་ཤེས་པ། གཡོ་ཅན་གཞན་ལ་དྲིས་ནས་ཡིད་བརྟན་བཅས་ན་དེའི་ཚིག་གིས་ལམ་བཟང་པོ་འདོར་དུ་འཇུག་ཏུ་འོང་བས། དེ་ལྟར་མི་བྱ་བར་ལམ་བཟང་ངན་རྟོག་པ་ལ་མཁས་པའི་བཤེས་གཉེན་གྱི་ཚིག་ལས་ངེས་པར་བྱ་ཞེས་ 12-6-31b བྱ་བའི་དོན་ཏོ། །དེས་ན་བདུད་ནི་རྫོགས་སངས་རྒྱས་དང་ཆུང་མའི་བར་གྱི་གཟུགས་རྣམས་སུ་སྤྲུལ་པ་དག་གིས་ལམ་བཟང་ངན་ཕྱིན་ཅི་ལོག་ཏུ་བསྟན་ཏེ། ལམ་ལ་གེགས་བྱེད་དོ། །དེའི་ཕྱིར་བདུད་ལས་ཡོངས་སུ་ཤེས་པར་བྱས་ལ། བླ་མ་དམ་པས་གནང་བ་ཡི་ཞེས་སོགས་ནས། སྦ་བར་བྱའོ་ཞེས་བྱ་བའི་བར་ཤེས་སླའོ། །ད་ནི་དཔའ་བོའི་རིམ་པ་དང་བདག་བྱིན་རླབས་ཀྱི་རིམ་པའི་དྲང་ངེས་ཀྱི་དོན་བཤད་པར་བྱ་སྟེ། གལ་ཏེ་དཔའ་བོའི་རིམ་པ་ལ་སོགས་པ་མཆོག་ འགྲུབ་པའི་ལམ་གཞན་ཡང་ཡོད་པ་མ་ཡིན་ནམ། ཇི་ལྟར་ན་ཕྱག་རྒྱ་ཆེན་མོའི་ལམ་ལ་དེ་ཙམ་དུ་གུས་པར་བྱེད་ཅེ་ན། ལྷ་དྲག་པོའི་རྣམ་པ་བསྒོམས་པ་དཔའ་བོའི་རིམ་པ་དང་། ལྷ་ཞིབ་བའི་རྣམ་པ་བསྒོམ་པ་བདག་བྱིན་གྱིས་བརླབ་ པའི་རིམ་པ་དག་ཀྱང་རྫོགས་རིམ་ལམ་བལྟོས་པར་དེ་འགའ་ཞིག་གིས་ཐར་པ་སྟེ་མཆོག་འགྲུབ་པའི་ལམ་མ་ཡིན་གྱི། ཤིན་ཏུ་རྣམ་པར་དག་པ་རྫོགས་པའི་རིམ་པ་གཅིག་པུ་ནི་མཆོག་གི་ཐར་པའི་སླད་དུ་དེའི་རྒྱུའི་གཙོ་བོར་ སངས་རྒྱས་རྣམས་ཀྱིས་བསྟན་ཏོ། །དེའི་རྒྱུ་མཚན་ཡང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་བླ་མེད་ཀྱི་རྒྱུད་དག་ལས་རྒྱལ་བའི་དབང་པོས་མཚམས་མེད་ལྔ་པོ་དག་ནི་བྱས་པ་རྣམས་ཀྱང་ཚེ་དེ་ལ་མཆོག་འགྲུབ་པའི་གདུལ་བྱར་ ཡང་དག་བཟུང་བར་འགྱུར་ལ། དེ་ནི་དབང་བཞི་པའི་ལམ་གྱི་དོན་སྟོང་པ་ཉིད་དང་དབྱེར་མེད་པའི་བདེ་བ་ཉིད་ནི་གང་ཞིག་གིས་དེ་འདྲ་བའི་ལས་སྒྲིབ་རྣམས་ཀྱང་ཆེས་མྱུར་བར་ཟད་པར་བྱེད་ནུས་པའི་རྒྱུ་མཚན་གྱིས་ཡིན་ 12-6-32a གྱི། བསྐྱེད་རིམ་འབའ་ཞིག་གིས་དེ་ལྟར་བྱེད་པ་མ་ཡིན་པས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དཔའ་བོའི་རིམ་པ་ཞེས་གསུངས་པ་ནི། ཕྱི་རོལ་དྲག་པོའི་ལྷ་བསྒོམ་པ་ཁོ་ན་ལ་དགོངས་པ་མིན་ཏེ། འོ་ན་ཅི་ཞེ་ན། རྫོགས་རིམ་ གྱིས་ལུས་ལ་སྲོག་རླུང་ཉི་ཁྲི་ཆིག་སྟོང་ཟད་པར་བྱེད་པ་ཉིད་ལ་དགོངས་ནས་འདི་གསུངས་སོ། །དེ་བཞིན་དུ་བདག་བྱིན་གྱིས་བརླབ་པ་དག་ནི་ལྷ་ཞི་བ་བསྒོམ་པ་འབའ་ཞིག་མ་ཡིན་གྱི། སྟོང་པ་ལ་ཁམས་གསུམ་པོ་ནི། པྲ་ཕབ་པ་ལྟར་མཐོང་བར་ འགྱུར་བའི་མཚན་མ་ཕྱག་རྒྱ་ཆེན་མོ་ལ་དགོངས་ནས་ཀྱང་དེ་ཉིད་གསུངས་སོ། །དེའང་འདིས་བསྐྱེད་རིམ་གྱི་ལྷ་དྲག་པོ་དང་ཞི་བ་བསྒོམ་པ་དཔའ་བོ་དང་བདག་བྱིན་རླབས་ཀྱི་རིམ་པ་མ་ཡིན་པར་སྟོན་པ་མ་ཡིན་ལ། བསྐྱེད་རིམ་གཏན་ནས་ཐར་པའི་ རྒྱུ་མ་ཡིན་པར་སྟོན་པའང་ཡིན་གྱི། ལྷ་ཞི་དྲག་བསྒོམ་པ་སྒྲ་ཇི་བཞིན་པའི་དོན་ཡིན་ལ། རླུང་འགོག་པ་དང་། སྟོང་པའི་གཟུགས་ནི་དེའི་ངེས་དོན་ཡིན་ཞིང་རྫོགས་རིམ་མཆོག་འགྲུབ་པའི་རྒྱུའི་གཙོ་བོ་ཡིན་པས་དེ་ལ་མ་བལྟོས་པར་བསྐྱེད་རིམ་ འགའ་ཞིག་གིས་མཆོག་མི་འགྲུབ་པར་སྟོན་པ་ཡིན་ཏེ། འདི་ནི་སྔར་ལས་དང་བྲལ་བས་འཐོབ་པ་མ་ཡིན་ནོ་ཞེས་བསྐྱེད་རིམ་གྱིས་མཆོག་མི་འཐོབ་པ་ལ། རྫོགས་རིམ་གྱི་ལམ་དང་བྲལ་བ་ཁྱད་ཆོས་སུ་སྦྱར་བ་ཉིད་ཀྱིས་ཤིན་ཏུ་གསལ་ བར་བཤད་དོ། །བཤད་སྦྱར་ལས། འོ་ན་ཁམས་གསུམ་པའི་རྣམ་པ་ཅན་གྱི་གཟུགས་མཐོང་བ་དེ་ལས་ཇི་ལྟར་ཁམས་གསུམ་པོ་ཉིད་ལོག་པའི་སངས་རྒྱས་འཐོབ་པར་འགྱུར་ཞེ་ན། ཞེས་མཚམས་སྦྱོར་བྱེད་མོད་ཀྱང་སྒྲུབ་པ་པོའི་ཕུང་ཁམས་ 12-6-32b སྐྱེ་མཆེད་ཐམས་ཅད་འཁོར་བ་པ་ཡི་ཆོས་ཡིན་པ་ལ། དེ་ཟད་པས་ཇི་ལྟར་མྱ་འདས་འཐོབ་ཅེ་ན། ཞེས་མཚམས་སྦྱར་ན་འོག་གི་ཤིང་སྲིན་གྱི་དཔེ་དང་འགྲིག་གོ། ཕྱག་རྒྱ་ཆེན་མོའི་ལམ་དེའི་སྟོབས་ཀྱིས་འཁོར་བ་སྙིང་པོ་མེད་པ་བཟད་པར་ གྱུར་པ་དེ་ལས་བར་མ་ཆད་པར་སྐྱེས་བུའི་ལམ་བསྒོམ་པའི་འབྲས་བུ་སངས་རྒྱས་ཉིད་འབྱུང་སྟེ། དཔེར་ན་སྙིང་པོ་མེད་པའི་ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་དག་ན་ཆུ་ཤིང་ཉམས་པས་ཆུ་ཤིང་དེ་རྩ་བ་ནས་ཡང་དག་འབྱུང་བ་བཞིན་ནོ། ། འོ་ན་མི་འགྱུར་བའི་བདེ་བ་དེ་མ་རིག་པའི་དབང་གིས་བྱུང་བའི་ལུས་འདི་ལ་བརྟེན་ནས་སྐྱེས་ནས། སླར་ཡང་མ་རིག་པ་དེ་ཉིད་མ་ལུས་པར་ཟད་པར་བྱེད་པ་འགལ་ལོ་ཞེ་ན། ཇི་ལྟར་སྡིག་པ་སྟེ་སྲིན་བུ་ཤུ་ཀ་དང་ནི། ཤིང་སྲིན་ ཀརྐ་ཊའི་རིགས་ལ་སོགས་པའི་སེམས་ཅན་རྣམས་ཤིང་གང་ལས་བྱུང་བ་དེ་དག་སྲིན་བུ་དེ་ཉིད་ཀྱིས་ཉམས་པར་བྱེད་པ་དེ་བཞིན་དུ་ཐབས་ཤེས་གཉིས་སུ་མེད་པའི་རྣལ་འབྱོར་དག་གི་སེམས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དེ་ནི་དང་པོར་ མ་རིག་པས་བསྐྱེད་པའི་ལུས་ལས་སྐྱེས་ཀྱང་། སྒྱུ་མ་སྟེ་མ་རིག་པའི་བག་ཆགས་རྣམ་པར་ཉམས་པར་བྱེད་པ་ཡིན་ནོ། །འདིར་བཤད་སྦྱར་ལས། འོ་ན་བྱང་ཆུབ་ཀྱི་སེམས་ནི་བེམ་པོའི་ཁམས་སུ་འདིར་བརྗོད་ལ། དེའང་བེམ་པོ་མ་ ཡིན་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སངས་རྒྱས་ཉིད་ཀྱི་སྒྲུབ་པར་བྱེད་པར་ཇི་ལྟར་བརྗོད་ཅེ་ན། ཁུ་བ་འགྱུར་བ་མེད་པའི་རང་བཞིན་གྱིས་མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱེད་ཅེས་པའི་གསུང་གི་ཕྱིར་རོ། །ཞེས་བཤད་ལ། བྱང་ 12-6-33a ཆུབ་ཀྱི་སེམས་ནི་ཀུན་ད་ལྟ་བུའོ། །དེ་ལྟར་སྟོང་པ་ཉིད་དང་དབྱེར་མེད་པའི་རྣལ་འབྱོར་གྱི་སེམས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དེ་ལ་དགའ་བ་བཞི་དང་བཅུ་དྲུག་གི་ལྡོག་པས་ཕྱེ་བའི་རབ་ཏུ་དབྱེ་བ་གསུངས་ པ་ནི། འཁོར་འདས་ཀྱི་མཐའ་གཉིས་མེད་པ་དང་། བྱང་སེམས་རྡོ་རྗེ་ནོར་བུའི་པདྨ་ལས་གཡོ་བ་མེད་པ་དང་། ཐབས་ཤེས་ཕྱོགས་རེ་བའི་རིས་སུ་ཆད་པ་མེད་པ་དང་། བླ་ན་མེད་པའི་བདེ་བ་རབ་ཏུ་སྦྱིན་པར་བྱེད་པས་འདོད་པ་སྟེ། བཞི་པོ་དེ་ནི་རྣལ་འབྱོར་ བཞི་པ་རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན་ལ་ལྡོ་པས་ཕྱེ་བའོ། །དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགོག་པའི་ཕྱིར་མཆོག་ཏུ་མི་འགྱུར་བ་དང་། ཆགས་པ་ནང་གི་དཀར་ཕྱོགས་དང་། ཆགས་བྲལ་ནང་གི་ནག་ཕྱོགས་ཀྱི་གནས་དང་། བགྲོད་པ་དང་བྲལ་བའི་ ཕྱིར་འདོད་ཆགས་ཆེན་པོ་དང་དངོས་པོ་སྟེ་རྟག་པ་དང་། དངོས་པོ་མེད་སྟེ་ཆད་པའི་མཐའ་གཉིས་མེད་པ་དང་། ཤེས་བྱ་མ་ལུས་པ་མཐོང་བའི་ཕྱིར་ན་ཡེ་ཤེས་ཏེ་རྣལ་འབྱོར་གསུམ་པ་ཤིན་ཏུ་རྣལ་འབྱོར་ཉིད་ལ་ལྡོག་པས་ཕྱེ་བའོ། །འགྲོ་བ་དཀའ་བར་ བྱེད་པ་སྔོན་དུ་འགྲོ་བས་སེམས་ཅན་གྱི་དོན་ལ་ཞེན་པས་སེམས་དཔའ་དང་། ཐོག་མཐའ་བར་གསུམ་དུ་དགེ་བས་ཀུན་ཏུ་བཟང་པོ་དང་། སྡུག་བསྔལ་དང་བྲལ་བས་ན་ཉོན་མོངས་མེད་པ་དང་། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་ པ་འཕྲོག་པར་བྱེད་པས་ན་ཉོན་མོངས་ཆེན་པོ་ཞེས་དཀའ་འགྲེལ་པདྨ་ཅན་ལས་འཆད་ལ། བཤད་སྦྱར་དང་། ཉི་མ་དཔལ་ཡེ་ཤེས་ཀྱི་འགྲེལ་པ་ལྟར་ན། སྒྲ་མེད་པ་དང་སྒྲ་ཆེན་པོ། ཞེས་བཏོན་ནས་བདུད་དང་ཉོན་མོངས་པ་དང་རྣམ་རྟོག་མེད་པའི་ 12-6-33b ཕྱིར། ཕྱི་ནང་གི་སྒྲིབ་བཅས་ཀྱི་སྒྲ་མེད་པ་དང་། གཞོམ་དུ་མེད་པའི་སྒྲའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྒྲ་ཆེན་པོ་ཞེས་འཆད་དེ། རྣལ་འབྱོར་གཉིས་པ་རྗེས་སུ་རྣལ་འབྱོར་རོ། །འཇིག་རྟེན་གྱི་སྤྱོད་པ་རྣམ་པར་སྤངས་པའི་ཕྱིར་ལྷན་ཅིག་སྐྱེས་པ་དང་། སྐུ་བཞིའི་སྒྲིབ་ པ་ཟད་པས་དཔལ་ལྡན་བྱང་ཆུབ་སེམས་ཀྱི་ཐིག་ལེ་འཛིན་པ་དང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པས་དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་དང་འཇིག་པ་མེད་པའི་ཚུལ་ཁྲིམས་ཀྱི་ཚོགས་ཡང་དག་པར་རྫོགས་པས་ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་ཏེ་ རྣལ་འབྱོར་དང་པོའོ། །ད་ནི་གཉིས་མེད་ལ་སོགས་པ་བཅུ་དྲུག་བཞིའི་རབ་ཏུ་དབྱེ་བ་ཅན་རྡོ་རྗེའི་རྣལ་འབྱོར་དུས་ཀྱི་འཁོར་ལོའི་གོ་འཕང་འཐོབ་པའི་སླད་དུ་ཕྱི་ནང་གི་འཇིགས་པ་བཅུ་དྲུག་ཉེ་བར་ཞི་བར་བྱ་བའི་ཐབས་གསུངས་པ་ནི། དམིགས་པ་མེད་པའི་ སྙིང་རྗེ་དང་ནི་སྟོང་པ་ཉིད་དབྱེར་མེད་པའི་སྐུ་དུས་ནི་ཀུན་རྫོབ་སྟོང་གཟུགས་ཀྱི་གཟུགས་བརྙན་ཏེ་ངོ་བོ་ཕྱག་རྒྱ་ཆེན་མོ་དང་། ཕུང་སོགས་ཐམས་ཅད་སྒྲིབ་བྲལ་དུ་གྱུར་པའི་སྟོང་ཉིད་ནི་འཁོར་ལོ་ཞེས་བརྗོད་དེ། དེ་ལྟར་ན་དུས་ཀྱི་འཁོར་ལོ་ཐབས་ཤེས་གཉིས་ མེད་ཀྱི་བདག་ཉིད་དུ་འདོད་ལ། འདི་ཡི་དཔལ་ནི་མྱུར་དུ་ཐོབ་པའི་སླད་དུ་རྟག་ཏུ་ཕྱི་ནང་གི་རྣལ་འབྱོར་མ་རྣམས་ཀྱི་ཞབས་ནི་རྣལ་འབྱོར་པ་གང་ཞིག་བསྒོམ་པ་དེའི་ཕྱི་ནང་གི་བགེགས་ནི་རྟག་ཏུ་ཉམས་པར་འགྱུར་རོ། །ཕྱི་ནང་གི་ཉེར་འཚེ་ཇི་ལྟ་བུ་ཞེ་ན། ཕྱིའི་ འཇིགས་པ་བཅུ་དྲུག་ནི་དགྲ་དང་ཞེས་པ་ནས། རྡོ་རྗེ་ཐོག་ལྷུང་བ་དང་ནོར་ཉམས་པའི་བར་བཅུ་དྲུག་ཡིན་ལ། ནང་དུ་ནི་ཐིག་ལེ་བཅུ་དྲུག་གི་སྒྲིབ་པའོ། །དེ་ལ་སྒྲུབ་པ་པོ་གང་ཞིག་ཕྱིའི་རྣལ་འབྱོར་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སོགས་དང་། ནང་ 12-6-34a ངེས་དོན་གྱི་རྣལ་འབྱོར་མ་འོག་ནས་འཆད་པ་རྣམས་ཀྱི་ཞབས་ནི་ཉིན་མཚན་དུ་དྲན་པར་བྱེད་པ་དེ་ལ་གསལ་བར་ཏེ་ངེས་པར་རབ་ཏུ་ཉམས་པར་འགྱུར་རོ། །ཚུལ་ཇི་ལྟར་ན་དེ་དག་རྒྱས་པར་བཤད་པ་ནི། ཕྱི་རོལ་ཏུ་གླང་པོ་ཆེ་ བའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། རྟ་པའི་ཚོགས་དང་། རབ་ཏུ་མང་བའི་མི་མཆོག་ནི་རྐང་ཐང་དཔུང་བུ་ཆུང་གི་ཚོགས་ཏེ། མི་ཐབས་མད་ལུས་ལ་གོ་བགོས་ཤིང་། དེ་དག་ནི་ནང་ནས་གཙོ་ཆེར་གླང་པོ་ལ་ཞོན་པ་རྣམས་ཀྱི་ལག་ན་མདུང་ དང་། ཤིང་རྟ་ལ་གནས་པའི་འཁོར་ལོ་དང་། རྟ་ལ་ཞོན་པ་རྣམས་ཀྱིས་རལ་གྲི་དང་། རྐང་ཐང་རྣམས་ཀྱིས་མདའ་གཞུ་ཐོགས་ཏེ། དེ་ལྟ་བུའི་དགྲ་སྟ་མཚོན་ཆ་རྣམས་ཀྱིས་ནི་གཡུལ་དུ་ཕ་རོལ་འཇོམས་པར་བྱེད་པ། གཤིན་རྗེ་ལྟ་བུར་འཆི་ བ་སྟེར་བ་ཁྲོས་ཤིང་དྲག་པོའི་གཟུགས་ཅན། ཕྱོགས་དང་མཚམས་ཐམས་ཅད་དུ་སོན་པ་སྟེ། ཁྱབ་པར་གནས་པའི་དགྲ་བོའི་དཔུང་ཚོགས་དེ་ཐམས་ཅད་ཀྱང་གང་ཞིག་ཕྱི་ནང་གི་རྣལ་འབྱོར་མ་རྣམས་ཀྱི་ཞབས་བརྟན་པར་བྱེད་པས་ནི། དེའི་བྱིན་ རླབས་ཀྱིས་དགྲ་བོ་དག་རང་གི་ལག་གི་མཚོན་གྱིས་ནི་ཕན་ཚུན་བཅོམ་སྟེ། རྒྱལ་བའི་གྲགས་པའི་དཔལ་ཀུན་ནས་ཏེ་ཡང་དག་པར་འཐོབ་བོ། །ནང་དུ་ནི་འདི་ཉིད་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའི་ཐིག་ལེའི་སྒྲིབ་པ་ཉམས་པའོ། ། གཞན་དག་སྒྲིབ་པ་དེ་དང་། ཕྱི་རོལ་དམག་གི་དཔུང་ཁྱད་པར་ཕྲ་མོ་རེ་རེ་ནས་ཆོས་མཐུན་སྦྱོར་ཡང་། དེ་ལྟར་སྦྱོར་དགོས་པ་རྒྱུ་མཚན་རྙེད་དཀའ་ཞིང་། དེ་ཙམ་དུ་མ་སྦྱར་ཡང་སྐྱོན་མེད་པར་སྣང་ངོ་། །གཉིས་པ་ཕྱིའི་རྣལ་འབྱོར་མའི་ 12-6-34b ཞབས་བརྟན་པས་ཕྱི་རོལ་ཏུ་སེང་གེའི་འཇིགས་པ་དང་། ངེས་དོན་གྱི་རྣལ་འབྱོར་མའི་ཞབས་བརྟན་པས་ནང་དུ་སེང་གེས་མཚོན་པ་སེམས་ཀྱི་ལྷན་ཅིག་སྐྱེས་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་བྱེད་པ་ནི། ཀུན་ནས་སེང་གེའི་ཞེས་སོགས་ཏེ། དེ་ལ་ བརྟན་པས་ཞེས་པ་ནི། སྲ་བས་ཞེས་པའི་དོན་དང་། རོ་འཛིན་རལ་གྲི་གཡོ་བའི་ཞེས་པ་ནི། ལྕེ་རལ་གྲི་ལྟ་བུ་གཡོ་བའི་དོན་ཡིན་ལ། ལྷག་མ་གོ་སླའོ། །གསུམ་པ་ཕྱི་རོལ་ཏུ་གླང་པོ་ཆེའི་འཇིགས་པ་དང་། ནང་དུ་གླང་པོ་ཆེས་མཚོན་པ། ངག་གི་ ལྷན་ཅིག་སྐྱེས་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་འགྱུར་བར་སྟོན་པ་ནི། མདོག་སྔོན་ཞེས་སོགས་ཏེ། ལག་པས་བཅིང་བ་ཞེས་པ་སྣ་ཡིས་སྐྱེས་བུ་འཆིང་བ་དང་། འབྱེད་བྱེད་ཅེས་པ། དུམ་བུར་བྱེད་པའི་དོན་ནོ། །བཞི་པ་ཕྱི་རོལ་ཏུ་མེའི་འཇིགས་པ་ དང་། ནང་དུ་མེས་མཚོན་པ་ལུས་ཀྱི་ལྷན་ཅིག་སྐྱེས་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་འགྱུ་བ་སྟོན་པ་ནི། ཀུན་ནས་མེ་ལྕེ་ཞེས་སོགས་ཏེ་གོ་སླའོ། །ལྔ་པ་ཕྱི་རོལ་ཏུ་གདེངས་ཅན་ནམ་ཀླུའི་དབང་པོའི་འཇིགས་པ་དང་། ནང་དུ་དེས་མཚོན་པ་ཡེ་ཤེས་ཀྱི་ཁྱད་ དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་འགྱུར་བར་སྟོན་པ་ནི། ཁྲོས་ཤིང་ཞེས་སོགས་སོ། །ཁྲུག་པ་ཕྱི་རོལ་ཏུ་ཆོམ་རྐུན་དང་། ནང་དུ་སེམས་ཀྱི་ཁྱད་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་འགྱུར་བ་སྟོན་པ་ནི། སྡང་བའི་སེམས་ལྡན་ཞེས་སོགས་སོ། །བདུན་ པ་ཕྱི་རོལ་ཏུ་ཞགས་པས་འཆིང་བ་དང་། ནང་དུ་ངག་གི་ཁྱད་དགའི་ཐིག་ལེ་ཉམས་པར་འགྱུར་བ་སྟོན་པ་ནི། ལག་པ་དག་ནི་ཞེས་སོགས་སོ། །བརྒྱད་པ་ཕྱི་རུ་ཆུ་གཏེར་འཁྲུགས་པ་དང་། ནང་དུ་ལུས་ཀྱི་ཁྱད་དགའི་ཐིག་ལེ་ཉམས་པར་འགྱུར་བ་སྟོན་པ་ 12-6-35a ནི། ཆུ་གཏེར་ཞེས་སོགས་ཏེ། སྐྱེ་བོ་གང་དག་ཆུ་གཏེར་གྱི་གཞོན་པ། གྲུ་བོ་ཆེ་ལ་ཞོན་ནས་རྒྱ་མཚོ་ཆེན་པོར་སོང་བ་ན། དཔག་ཏུ་མེད་པས་མཐའ་ཡས་ཤིང་ཤིན་ཏུ་ཤུགས་དྲག་པོ་ད་ལྡན་པའི་རླུང་གིས་ཆུའི་གཏེར་ རྒྱ་མཚོ་ནི་འཁྲུག་པར་བྱེད་ཅིང་། ཕྱོགས་ཀུན་ཏུ་ཆུ་བོ་རྣམས་ཁོར་མོར་འཁོར་བར་བྱེད་ལ། ཆུ་གཏེར་གྱི་ལམ་ཀུན་ཆོམ་རྐུན་པ་ཆུ་སྲིན་ཉ་ཡི་རིགས་ཀྱིས་བཀག་པར་གྱུར་ཏེ། ཀླུ་གདུག་པ་ཁྲོས་པས་མེ་འབར་བའི་ཏིལ་མར་གྱི་ཁུ་བ་འཕངས་པས་མེའི་ ཆར་ཆེན་ཕྱོགས་ཀུན་ནས་རྒྱུན་དུ་འབབ་པ་ལ་ཞེས་སོགས་སོ། །དགུ་པ་ཕྱི་རུ་ཤ་ཟའམ་རོ་ལངས་ཀྱི་འཇིགས་པ་དང་། ནང་དུ་ཡེ་ཤེས་ཀྱི་མཆོག་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་འགྱུར་བ་སྟོན་པ་ནི། ཕཊ་ཅེས་སོགས་སོ། །བཅུ་པ་ཕྱི་རུ་མཛེ་ནད་ དང་། ནང་དུ་སེམས་ཀྱི་མཆོག་དགའི་ཐིག་ལེ་ཉམས་པར་འགྱུར་བ་སྟོན་པ་ནི། ཉིན་བཞིན་ཞེས་སོགས་སོ། །བཅུ་གཅིག་པ་ཕྱི་རུ་ལྷའི་དབང་པོའི་ཕོ་ཉ་བའི་འཇིགས་པ་དང་། ནང་དུ་ངག་གི་མཆོག་དགའི་ཐིག་ལེ་ཉམས་པར་སྟོན་པ་ནི། ལྷའི་དབང་ པོའི་ཕོ་ཉ་གང་། མེ་འབར་ཞིང་རབ་ཏུ་གཙིགས་པ་དང་བཅས་པའི་མཆེ་བ་རྣོན་པོ་དང་བཅས་པ་གདེངས་ཅན་སྦྲུལ་གྱི་གདོང་པ་དང་ལྡན་ཞིང་། ལག་ན་འཁོར་ལོ་ཐོགས་པ་དང་། འཕྲོག་བྱེད་སེང་གེའི་གདོང་ཅན་ལག་ན་རལ་གྲི་ཐོགས་པ་དང་། རི་དྭགས་ཤར་ར་བྷའི་གདོང་ཅན་མདའ་གཞུ་ཐོགས་པ་དང་། སྟག་གི་གདོང་ཅན་རྩེ་གསུམ་པ་ཐོགས་པ་དང་། གླང་ཆེན་གྱི་གདོང་ཅན་ལྕགས་ཀྱུ་དང་། རྡོ་རྗེ་ཐོགས་པ་ཞེས་སོགས་སོ། །འགྲེལ་པས་དེ་ལྟར་སྦྱར་ཡང་ངེས་མེད་དུ་སྦྱར་ཡང་ 12-6-35b རུང་ངོ་། །བཅུ་གཉིས་པ་ཕྱི་རུ་དབུལ་བའི་འཇིགས་པ་དང་། ནང་དུ་ལུས་ཀྱི་མཆོག་དགའི་ཐིག་ལེ་ཉམས་པར་འགྱུར་བ་སྟོན་པ་ནི། དབྱར་ནི་ཞེས་སོགས་སོ། །བཅུ་གསུམ་པ་ཕྱི་རུ་བུད་མེད་དང་བྲལ་བའི་འཇིགས་པ་དང་། ནང་དུ་ཡེ་ཤེས་ཀྱི་དགའ་ བའི་ཐིག་ལེའི་སྒྲིབ་པ་ཉམས་པར་སྟོན་པ་ནི། མཆན་ཁུང་ཞེས་སོགས་སོ། །བཅུ་བཞི་པ་ཕྱི་རུ་མི་བདག་འཁྲུགས་པའི་འཇིགས་པ་དང་། ནང་དུ་སེམས་ཀྱི་དགའ་བའི་ཐིག་ལེ་ཉམས་པར་འགྱུར་བ་སྟོན་པ་ནི། འཁུས་ཕྱིར་ཞེས་སོགས་སོ། །བཅོ་ ལྔ་པ་ཕྱི་རུ་ཐོག་ལྷུང་བ་དང་། ནང་དུ་ངག་གི་དགའ་བའི་ཐིག་ལེ་ཉམས་པར་འགྱུར་བ་སྟོན་པ་ནི། གང་དག་ཅེས་སོགས་ཏེ། གང་དག་ལ་འགའ་ཞིག་ཏུ་ནི་མཁའ་ལས་རྡོ་རྗེ་རབ་ཏུ་ལྟུང་བ་དང་། བུད་མེད་དང་འགྲོགས་པ་ལས་རྟག་པར་ཡང་ཁུ་བ་ འཛག་ཅིག་སྐྱེ་བ་འདིར་འཆི་བ་དང་། ཁུ་བ་འཕོས་པས་སེམས་བརྒྱལ་བ་དང་། ཆགས་ཡུལ་ལ་ཆགས་པ་དང་བྲལ་བར་འགྱུར་ཞིང་། སྐྱེ་བ་གཞན་སླད་དེ་ཚེ་རབས་གཞན་དུའང་སླར་ཡང་དེ་བཞིན་བྱེད་པས་སྡུག་བསྔལ་བར་འགྱུར་བ་གང་གིས་ངེས་དོན་ གྱི་རྣལ་འབྱོར་མ་ལས་དང་ཡེ་ཤེས་དང་མཆོག་གི་ཤེས་རབ་མའི་རྡོ་རྗེའི་ཞབས་ཆུ་སྐྱེས་སམ་པདྨ་བདེ་བ་ཆེན་པོའི་དཔལ་དང་ལྡན་པ་དག་བསྒོམས་པ་ཡིས། སྒྲུབ་པ་པོ་དེ་དག་རྣམས་ཀྱི་ཕྱི་ནང་གི་རྡོ་རྗེ་ལྟུང་བའི་འཇིགས་པ་དེའང་རབ་ཏུ་ཞི་ཞིང་ཉམས་ པ་ཉིད་དུ་འགྱུར་ལ། སླར་ཡང་སྲིད་པར་སྐྱེ་བ་དང་ལྡན་པ་མིན་ནོ། །འདི་ཤོང་འགྱུར་ལ། འཆི་བ་ཉིད་གྱུར། ཅེས་འབྱུང་ཡང་། འབྲོག་འགྱུར་ལ། ཉམས་པ་ཉིད་འགྱུར། ཞེས་འབྱུང་བ་ལེགས་སོ། །ཡང་ན་དཔང་གི་འགྱུར་ལ། དེ་དག་རྣམས་ཀྱི་དེའང་ 12-6-36a རབ་ཞིར་འགྱུར་རོ། །སླར་ཡང་འཆི་དང་སྐྱེ་བ་ལྡན་པར་འགྲོ་བ་མིན། །ཞེས་འབྱུང་བ་ལྟར་བཤད་པར་བྱས་ན་ཤིན་ཏུ་ལེགས་སོ། །སྔ་མ་བཅུ་བཞི་ཕྱི་འབའ་ཞིག་ལ་དངོས་སུ་སྦྱར་ཡང་། འདི་དང་འོག་མ་ཕྱི་ནང་གཉིས་ ཀ་ལ་དངོས་སུ་སྦྱར་བ་ནི། བཅུ་བཞི་པའང་ཕྱི་ནང་གཉིས་ཀ་ལ་སྦྱར་དགོས་པར་ཤེས་པའི་ཆེད་དོ། །བཅུ་དྲུག་པ་ཕྱི་རུ་ནོར་ཉམས་པ་དང་། ནང་དུ་ལུས་ཀྱི་མཆོག་དགའི་ཐིག་ལེ་ཉམས་པའི་འཇིགས་པ་འཕྲོག་པར་སྟོན་པ་ནི། བག་མེད་པར་ སྤྱོད་པའི་སྐྱེ་བོ་གང་དག་ཉིན་དང་མཚན་མོར་བུད་མེད་དང་འགྲོགས་པའི་བདེ་བ་ལ་རྣམ་པར་ཆགས་པས་ནོར་ཀུན་ཉམས་པར་འགྱུར་ཞིང་། སྐྱེ་བ་གཞན་གྱི་འཛག་པའི་བག་ཆགས་བསྒོས་པའི་སེམས་ལས་ནང་གི་ནོར་ཉམས་པ་འཇོག་པ་ དེ་ནི་སླར་ཡང་མང་པོ་རབ་ཏུ་འབྱུང་བས་གོང་དུ་བཤད་པའི་ཤེས་རབ་རྣལ་འབྱོར་མ་རྣམ་དག་གི་མི་མཉམ་པ་ཟླ་བ་དང་། དེའི་ཞབས་སམ་གནས་ནི་ནོར་བུ་དང་། མཉམ་པ་རྡུལ་ལམ་ཉི་མ། དེའི་ཞབས་ཏེ་གནས་མི་པདྨ་ཡིན་ལ། སྣ་ཚོགས་ པའི་སྟོང་པ་ཉིད་ཀྱི་གཟུགས་ཅན་གང་། རྒྱལ་བ་མཆོག་གི་ཡེ་ཤེས་ལ། གཙུག་ཏོར་གྱི་ལྟེ་བར་བཟུང་བས་མཆོད་ཅིང་། འགྱུར་བ་མེད་པའི་བདེ་བར་དྲངས་པས་བསྟོད་པར་གྱུར་པ་དེ་ཉིད་བསྒོམས་སྒོམ་པ་པོ་དེ་ནི་ཕྱི་ནང་གི་ནོར་ ཀུན་ཉམས་པར་མི་འགྱུར་རོ།། འདིར་ལུས་ཀྱི་དགའ་བ་མཆོག་དགའ། ཞེས་སོགས་ཀྱི་རིམ་པས་མི་སྟོན་པར་རིམ་པ་འདི་ལྟར་འཆད་པ་ཅི་ཞེ་ན། ཡེ་ཤེས་ཀྱི་ཐིག་ལེ་འགོག་པ་ལས་ལུས་ངག་ཡིད་ཀྱི་ཐིག་ལེ་འགོག་ཅིང་། འབྲས་དུས་ 12-6-36b སུའང་ངོ་བོ་ཉིད་སྐུ་ལ་བརྟེན་ནས་སྐུ་གཞན་གསུམ་སྤྲོ་བ་ཡིན་པས། དེའི་ཕྱིར་གོ་རིམ་འདི་ལྟར་བཤད་དོ། །ཞེས་བཤད་སྦྱར་མཁན་པོ་གསུང་ངོ་། །འོ་ན་གང་དྲན་པས་ཕྱིར་ནང་གི་འཇིགས་པ་བཅུ་དྲུག་འཕྲོག་པར་འགྱུར་བ་ངེས་དོན་གྱི་རྣལ་ འབྱོར་མ་དང་། དེའི་ཞབས་ནི་གང་ཡིན། དེ་ཉིད་ཚུལ་ཇི་ལྟར་དྲན་པས་འཇིགས་པ་འཕྲོག་པར་འགྱུར་ཞེ་ན། སེར་སྐྱ་སྟེ་དམར་སེར་ནི་རྩ་རོ་མ་སྟེ། དེ་ཉིད་ཉི་མའམ་མེའི་ཁམས་ཀྱི་རང་བཞིན་ཡིན་ལ། ལུག་སྟེ་རྐྱང་མ་ནི་ཟླ་བའམ་ཆུའི་ཁམས་ཀྱི་རང་བཞིན་ ཡིན་ཞིང་། ཀུན་འདར་མ་ཨ་ཝ་དྡྷཱུ་ཏཱི་ནི་སྒྲ་གཅན་ཏེ་ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན་ལ། རྩའི་ལམ་གསུམ་པོ་དེ་ལ་བགྲོད་པའི་རླུང་རྣམས་འགགས་པར་གྱུར་པ་ནི། དབུགས་འགགས་པ་མི་གཡོ་བའི་རྣལ་འབྱོར་དང་ལྡན་པས་རྣལ་འབྱོར་མ་ ཡིན་ནི། དཔང་གི་འགྱུར་ལ། བགྲོད་པ་ཞེས་པ་སོང་དུ་བསྒྱུར་ཅིང་། སོང་བ་ནི་འགགས་པའི་དོན་མ་ཡིན་ཏེ། འདི་ཉིད་ལེགས་སོ། །དེའི་ཞབས་ནི། དངོས་པོ་སྐྱེ་རིམ་གྱི་རླུང་གི་དཀྱིལ་འཁོར་ལྔ་དང་། དངོས་མེད་སྡུད་རིམ་གྱི་རླུང་གི་དཀྱིལ་འཁོར་ ལྔ་རྣམས་ཀྱི་རྒྱུ་བ་རབ་ཏུ་ཉམས་ཤིང་། ཉམས་བགྲོད་ཅེས་པ་དབུ་མར་སྲོག་བཅུག་ནས་འགགས་པར་བྱས་པ་དེ་ལྟ་བའི་ཞབས་དེ་དག་ལས། ཞབས་གཅིག་ནི་རྣལ་འབྱོར་མ་དེ་དག་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་པྲ་ཕབ་པའི་རང་བཞིན་ཡིན་ ལ། ཞབས་གཅིག་ནི་དེའི་ལྷན་སྐྱེས་བདེ་བའི་གོ་འཕང་འགྱུར་བ་མེད་པའོ། །ཁ་ཅིག་ཞབས་གཅིག་གཡས་དང་། གཅིག་གཡོན་ལ་འཆད་པ་ནི། ངེས་དོན་གྱི་ཞབས་འཆད་པའི་སྐབས་འདིར་མི་འགྲིག་གོ། བཤད་སྦྱར་མཁན་པོ་ནི། 12-6-37a ཉི་མ་མེ་ཁམས་ཀྱི་རང་བཞིན་ཤེས་རབ་ཀྱི་གསུང་རྡོ་རྗེར་མགྲིན་པའི་འཁོར་ལོ། ཟླ་བ་ཆུ་ཁམས་ཀྱི་རང་བཞིན་དཔྲལ་བའི་འཁོར་ལོར་ཐབས་ཀྱི་སྐུ་རྡོ་རྗེ། སྒྲ་གཅན་ནམ་མཁའི་ཁམས་ཀྱི་རང་བཞིན། གཙུག་ཏོར་གྱི་ འཁོར་ལོར་ཐབས་ཀྱི་ཐུགས་རྡོ་རྗེ། དེ་དག་གི་ལམ་ལ་བགྲོད་པའི་དབུགས་འགགས་པ་རྣལ་འབྱོར་མའོ། །འོག་གི་རྩ་གསུམ་མི་སྟོན་པ་ནི། སྟེང་གི་གསུམ་ལའང་འབབ་པའི་རླུང་འགགས་ན་འོག་གི་གསུམ་ཡང་འགགས་པས་སོ་ཞེས་འཆད་དོ། ། དེ་ལྟ་བུའི་ཞབས་དེ་དག་ཉིད་སྒྲུབ་པ་པོ་གང་གིས་རྡོ་རྗེའི་རྣལ་འབྱོར་གྱིས་དྲན་པ་དེ་ཡིས་སྐྱེ་བ་འདི་ལ་རྒྱུད་འདིར་བརྗོད་པའི་རྣལ་འབྱོར་མའི་ཞབས་དྲན་པའི་འབྲས་བུའམ་ཕན་ཡོན་ཕྱི་ནང་གི་འཇིགས་པ་བཅུ་དྲུག་པོ་མ་ལུས་པ་འཕྲོག་པ་མྱུར་དུ་ འབྱུང་བར་འགྱུར་རོ། །འོ་ན་ཕྱི་རུ་རྣལ་འབྱོར་མ་རྣམས་ཀྱི་གནས་ནམ་མཁའ་དང་ས་ལ་སོགས་པ་ཡིན་ན་ནང་དུ་རྣལ་འབྱོར་མ་རྣམས་ཀྱི་གནས་གང་ཡིན་ཞེ་ན། བཤད་མ་ཐག་པའི་དཔལ་ལྡན་རྣལ་འབྱོར་མ་རྣམ་དག་གི་གནས་ནི། དབུགས་ འགགས་ཤིང་རྣམ་རྟོག་གིས་མི་ཕྱེད་པས་རྡོ་རྗེ། དགའ་བ་མཆོག་ཏུ་རྒྱས་པར་བྱེད་པས། ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་གམ་ཁྱིམ་དུ་གྱུར་པ་གང་ཡིན་པ་དེ་ཉིད་ཡིན་ཏེ། དེར་འཇུག་པའི་ཆེད་དུ་རྒྱལ་བས་གསུངས་པའི་ལམ་ཉོན་མོངས་པའི་ བག་ཆགས་མེད་ཅིང་། བདུད་རྣམས་ཉམས་པར་བྱེད་པ་དེའི་སྒོ་ནས་ཡོན་ཏན་བརྗོད་པ་སྔོན་དུ་བཏང་སྟེ། ཚུལ་འདིས་བསྟོད་པ་པདྨ་དཀར་པོ་བདག་གིས་རྒྱུད་ལ་འཇུག་པའི་ཐོག་མར་འདིར་བརྗོད་དོ། །དེའང་དཔང་འགྱུར་ལ། བསྟོད་པ་སྔོན་ 12-6-37b མ་ཅན་འདི་བདག་གིས་བརྗོད། ཅེས་འབྱུང་བ་ཉིད་ལེགས་སོ། །འདིར་རྣལ་འབྱོར་མ་ནི་བཤད་སྦྱར་ལས། ཨ་ཝ་དྷཱུ་ཏཱི་སོགས་ལ་འཆད་དོ། །དེ་ལྟར་བརྗོད་པའི་བསོད་ནམས་ཀྱི་ཚོགས་བསྔོ་བ་ནི། སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་ཟིན་པས་ རྟག་ཏུ་མི་བདེན་པའི་མུན་པར་སོང་ཞིང་ཕྱག་རྒྱ་ཆེན་མོའི་ལམ་ཉམས་པ་དེ་དག་རྣམས་ཀྱིས་རྡོ་རྗེའི་རྣལ་འབྱོར་་གྱི་ལམ་འདི་ཐོབ་ནས་རྡོ་རྗེ་ནོ་བུའི་ཁྱིམ་དང་རིང་བ་མིན་པ་སྟེ་ཉི་བར་སོང་བར་གྱུར་ཅིག ། རྡོ་རྗེ་ནོར་བུའི་ཁྱིམ་དེར་ཞུགས་ན་འབྲས་བུ་ ཅིར་འགྱུར་ཞེ་ན། དུ་བ་ལ་སོགས་པའི་ལམ་གྱིས་ཕྱག་རྒྱ་ཆེན་མོའི་གཟུགས་བསྒྲུབས་ཏེ། དེ་ལ་བརྟེན་ནས་ལྷན་སྐྱེས་བདེ་བའི་གོ་འཕང་བསྒོམས་ན་སྒྲུབ་པ་པོ་དེ་ནི་མྱུར་དུ་དུས་ཀྱི་འཁོར་ལོ་མཚན་གྱི་ཡན་ལག་སུམ་ཅུ་རྩ་གཉིས་དང་དཔེ་བྱད་ བརྒྱད་ཅུས་བརྒྱན་པའི་སྐུ་ཅན་ཁམས་གསུམ་གྱི་འགྲོ་བའི་བླ་མ། ཡན་ལག་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་འདི་བསྐོར་བ་ལ་གནས་པ་ལྷ་རྣམས་ནས་མ་རིག་པའི་མུན་པ་ཐམས་ཅད་འཇོམས་པའི་གོ་འཕང་ཐོབ་པར་འགྱུར་རོ། །ད་ནི་སླར་ ཡང་རྩོམ་པར་དམ་བཅའ་བའི་ཚུལ་གཞན་བསྟན་པ་བཤད་པར་བྱའོ། །དེའང་བྲི་ཞེས་དྲང་ངོ་། །གང་ན་དུས་ཀྱི་འཁོར་ལོའི་འགྲེལ་བཤད་དེ་རྒྱས་འགྲེལ་ལོ། །རྒྱུ་གང་གི་དབང་གིས་ན་དཔལ་ལྡན་ཤཱཀྱ་སེང་གེ་དེ་ཡིས་རྟག་ཏུ་འགྲོ་ལ་བརྩེ་བའི་ཐུགས་ ཀྱིས་བསྐུལ་བ་དང་བརྩེ་བ་ཙམ་ནི་ཕན་བདེ་ཕུན་སུམ་ཚོགས་པའི་རྒྱུ་འགྱུར་བའི་ངེས་པ་མེད་ཀྱང་། བརྩེ་བ་དེར་མ་ཟད་ཐུབ་པ་དེ་ཡི་ཟབ་པ་དང་རྒྱ་ཆེ་བའི་ཡེ་ཤེས་ཀྱི་ཤེས་རབ་ཀྱིས་བསྐུལ་ཅིང་བྱིན་གྱིས་བརླབས་པའི་དབང་གིས་སོ། །བསྐུལ་ 12-6-38a བ་པོ་དེའི་ཡོན་ཏན་གྱི་ཁྱད་པར་ནི། ཡང་དག་པའི་ཡེ་ཤེས་ཞེས་སོགས་སོ། །ཅིའི་ཕྱི་སེང་གེ་ཞེས་བྱ་ཞེ་ན། བདུད་དང་ཞེས་སོགས་སོ། །འོ་ན་རྒྱ་ཆེར་འགྲེལ་འདིའི་བརྗོད་པར་བྱ་བ་དུས་ཀྱི་འཁོར་ལོ་དེ་ཇི་ལྟ་བུ་ཞེ་ན། ཀཱ་ལ་ཙཀྲ། ཞེས་པའི་ཀ་ཡིག་ལ་ནི་ཀཱ་ར་ཎ་ཤཱནྟེ། ཞེས་པའི་ཀཱ་ར་ཎ་རྒྱུ། ཤཱནྟེ་ཞི་བ་སྟེ། དེ་ལ་རྒྱུ་ནི་བྱང་སེམས་ལུས་ཀྱི་ཐིག་ལེ་ཡིན་ལ། ཞི་བ་ནི་སད་པའི་གནས་སྐབས་ཟད་པ་སྟེ། མདོར་ན་དཔྲལ་བར་ལུས་ཀྱི་ཐིག་ལེ་འགགས་པ་སྤྲུལ་ པའི་སྐུའོ། །ལ་ཡིག་ལ། ལ་ཡོ་ཏྲ་ཝེ། ཞེས་པ་སྟེ། ལུས་ཀྱི་ཐིག་ལེ་འགགས་པ་ན། རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པའི་སྲོག་འདི་ལ་ཐིམ་པ་ཉིད་དེ། མགྲོན་པར་ངག་གི་ཐིག་ལེ་འགགས་པ་ལོངས་སྐུའོ། །དེ་ལས་ཙ་ཡིག་གི་ ཙ་ལ་ཙཏྟི་ནི་གཡོ་བའི་སེམས་ཏེ་དེའང་སད་རྨིའི་སྐབས་སུ་སྒྲ་སོགས་ཡུལ་ལ་གཡོ་བ་དེ་ཉིད་མུན་པས་ཟིལ་གྱིས་མནན་པའི་སེམས་གཉིད་འཐུག་གི་གནས་སྐབས་ཟད་པས། སྙིང་གར་སེམས་ཀྱི་ཐིག་ལེ་འགགས་པ་ཆོས་ ཀྱི་སྐུའོ། །དེ་རྒྱུ་ཅི་ལས་འགྱུར་ཞེ་ན། ཀྲ་ཡིག་ལས་ཀྲ་མ་བནྡྷ་ཞེས་པ་ནི། རིམ་པ་བཅིངས་ལས་སོ། །ཞེས་པ་སྟེ། རིམ་པ་ནི་ཐིག་ལེ་འཕོ་བ་ཡིན་ལ། བཅིངས་པ་ནི། ལྷན་ཅིག་སྐྱེས་པའི་བདེ་བ་སྟེ། ཞི་བའི་གནས་སྐབས་ཟད་ པས་ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེ་འགགས་པ་ལྷན་ཅིག་སྐྱེས་པའི་སྐུའོ། །འདི་ནི་ནཱ་རོ་པ་དང་། ཨ་ཙ་ལའི་ལུགས་སོ། །དེ་ལྟར་ཡི་གེ་རེ་རེ་བར་བཤད་ནས། ཡང་ན་དུས་ནི་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཐབས་སྟོང་ 12-6-38b པ་ཉིད་དང་དབྱེར་མེད་པའི་སྙིང་རྗེའི་བདག་ཉིད་དེ། འཁོར་ལོ་ནི་ཁམས་གསུམ་པའི་འགྲོ་བ་མཐའ་ཡས་པའི་ཤེས་བྱའི་རྣམ་པ་ཅན་གྱི་རྣམ་བཅས་ཀྱི་ཤེས་རབ་སྟོང་པ་ཉིད་དེ་འདི་དག་ངོ་བོ་གཅིག་པ་ཉིད་ནི། དཔལ་དུས་ཀྱི་འཁོར་ ལོའོ། །དེ་ལྟར་ཡི་གེ་སོ་སོས་བཤད་པའི་དཔལ་ལྡན་དུས་ཀྱི་འཁོར་ལོ་འདི་ནི་སྟེ་འདི་དང་། རྡོ་རྗེའི་རྣལ་འབྱོར་རྣམ་པ་ཐམས་ཅད་དུ་བདེན་པ་གཉིས་ལ་གནས་པ་འདི་བརྗོད་བྱ་ཡིན་ཞིང་། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་འདི་དེ་ཡི་མངོན་ པར་རྗོད་པ་བྱེད་པའི་རྗོད་བྱེད་དུ་འགྱུར་རོ། །ཐམས་ཅད་ནས་ཞེས་པ་འགྱུར་མངས་སུ་ཐམས་ཅད་དུ། ཞེས་འབྱུང་བ་ལེགས་སོ། །དེས་ན་བདེ་བར་གཤེགས་པས་རྩ་རྒྱུད་དུ་འགྲེལ་པ་བྱེད་པར་ལུང་བསྟན་ཅིང་། བསྡུས་རྒྱུད་སྡུད་པ་པོ་ འཇམ་དཔལ་གྱིས་ནི་བསྐུལ་བར་གྱུར་པ་འཇིག་རྟེན་མགོན་པོ་བདག་གིས་ནི་བསྡུས་པའི་རྒྱུད་འདིའི་འགྲེལ་བཤད་དེ་རྒྱུས་འགྲེལ་བྱིས་པར་བྱའོ། །འགྲེལ་བཤད་ཇི་ལྟ་བུ་ཞེ་ན། རྒྱུད་ཀྱི་རྡོ་རྗེའི་ཚིག་གསང་བ་སྟེ་སྦས་པའི་དོན་རྣམས་རབ་ཏུ་ གསལ་བར་བྱེད་པའོ། །འོ་ན་ཏེ་རྒྱུད་འདིར་རྡོ་རྗེའི་ཚིག་གསལ་བར་གསུངས་པ་མ་ཡིན་ནམ་ཞེ་ན། གསུངས་མོད་ཀྱི་འོན་ཀྱང་འཇིག་རྟེན་ལས་འདས་པའི་དོན་ཟབ་མོ་རྣམས་ནི་འཁོར་བའི་བདེ་བ་ལ་ཆགས་ཤིང་། བདེན་པ་མ་ མཐོང་བའི་བྱིས་པ་སོ་སོའི་སྐྱེ་བོ་བསྟན་བཅོས་གཞན་ཤེས་པའི་མཁས་པ་རྣམས་དང་། བསྟན་བཅོས་མི་ཤེས་པའི་རྨོངས་པ་རྣམས་ཀྱིས་རྟོགས་མི་ནུས་པས་དེ་རྣམས་ལ་གསལ་བར་བསྟན་པའི་ཆེད་དུ་སྟེ། དཔེར་ན་གསང་ 12-6-39a ཞིང་སྦས་པའི་ནོར་གདུག་པའི་བུ་ཡི་འཇིགས་པས་འཇིགས་ནས་ཕས་བསྲུངས་པ་དང་། མ་ཡིས་བུ་རྣམས་ལ་ཕན་པའི་དོན་དུ་གསལ་བར་སྟོན་པ་བཞིན་དུ། གདུག་པའི་སློབ་དཔོན་གྱི་འཇིགས་ཏེ། བཅོམ་ ལྡན་འདས་ཀྱིས་མཐའ་དྲུག་གིས་སྦས་པའི་དོན་ཟབ་མོའང་ལུས་ཅན་ཐམས་ཅད་ཀྱིས་བདེ་བ་ཆེན་པོ་ཐོབ་པའི་དོན་དུ་རབ་ཏུ་གསལ་བར་སྟོན་པར་བྱེད་དོ། །དེས་ན་རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོའི་ལམ་མཆོག་ནི། རྒྱས་འགྲེལ་གང་ གིས་རྣལ་འབྱོར་པས་རིག་པར་བྱེད་པ་དེའི་ཕྱིར་དྲི་མ་མེད་པའི་འོད་ཅེས་བྱ་བའི་འགྲེལ་བཤད་དེ་རྒྱས་འགྲེལ་འདི་ནི་མྱུར་དུ་སྟེ་མ་འགོར་བར་བྲི་བར་བྱའོ། །ཞེས་བྱ་བའོ། །མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་ འགྲེལ་བཤད། ཅེས་པས་མདོར་བསྟན་ཆེན་པོའི་མཚན་ཉིད་ཅན་གྱི་ངེས་པ་དང་། རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་ཞེས་པས་སྙིང་པོའི་དོན་ལ་མི་འཁྲུལ་བའི་ངེས་པ་དང་། སྟོང་ཕྲག་བཅུ་གཉིས། ཞེས་པས་གཞུང་ཚད་ཀྱི་ངེས་པ་ དང་། དྲི་མ་མེད་པའི་འོད་ཅེས་བྱ་བ་ལས་ཞེས་པས་མཚན་གྱི་ངེས་པ་དང་། བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ། མཆོག་གི་འདོད་པའི་ལྷ་དམ་པའི་ལམ་ངེས་པ། ཞེས་པས་མདོར་བསྡུས་འདི་ཉིད་ཀྱི་བརྗོད་བྱ་དང་། དགོས་པའི་ངེས་པ་དང་། མདོར་བསྡུས་ཆེན་པོ་སྟེ། ཞེས་པ་འདིས་བསྡུས་རྒྱུད་འདི་ལ་རྒྱ་ཆེར་འགྲེལ་དུ་མ་ཡོད་པའི་ངེས་པའོ། །དང་པོ་ནི། འོག་མ་རྣམས་ལ་བལྟོས་ནས་སོ། །འོ་ཞེས་བྱ་བ་ནི་ངག་རྫོགས་པའོ། །མདོར་བསྡུས་ 12-6-39b དང་པོའི་དཀའ་བའི་གནས་རྣམ་པར་བཤད་པའོ།། །།ད་ནི་མདོར་བསྡུས་གཉིས་པ་བཤད་པར་བྱའོ། །དེ་ལའང་བཤད་པར་དམ་བཅའ་བ་དང་། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གསུམ་མོ། །དང་པོ་ནི། རྒྱ་ཆེར་འགྲེལ་ པ་དྲི་མ་མེད་པའི་འོད་འདི་རྒྱུད་ཀྱི་ཚིག་དོན་བཤད་པའི་དང་པོར་རེ་ཞིག་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་རྩ་རྒྱུད་དེའི་བརྗོད་བྱ་དང་། རྗོད་བྱེད་དང་། འགྲེལ་པ་ལ་སོགས་པ་དང་། བསྡུས་པའི་རྒྱུད་དང་དེའི་འགྲེལ་པ་ལ་སོགས་པ་ལུང་བསྟན་པ་ བརྗོད་པར་བྱ་སྟེ། དེ་དག་བཤད་པའི་ཕྱི་ནས་ཚིག་དོན་འཆད་པའི་སྐབས་སུ་བསྡུས་པའི་རྒྱུད་ལ་དགོས་པ་དང་དགོས་པའི་ཡང་དགོས་པ་ལ་སོགས་པའང་བརྗོད་པར་བྱའོ། །མདོར་བསྟན་པ་ལ། འདི་ལ་དང་པོར་ཞེས་པ་ལ་སོགས་པ་ནི་རྩ་རྒྱུད་ཀྱི་ དགོས་སོགས་མདོར་བསྟན་པ་སྟེ། དེའང་ཡང་དག་པར་བསྟན་ཏོ་ཞེས་དྲང་ངོ་། །རྒྱུ་མཚན་གང་གིས་ན། བརྗོད་བྱ་སོགས་ཆོས་ལྔ་མངོན་པར་གཟིགས་ནས་སོ། །གང་ལན་གདུལ་བྱ་སོགས་སོ། །ཚུལ་ཇི་ལྟར་ན་རང་གི་སོགས་སོ། །ཆོས་ཇི་འདྲ་ བ་ཞིག་ན་བྱེད་ལས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོ་ཡིན་ལ། དེའི་སྟོན་པ་པོ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་སྟེ། དེའང་བདེ་བ་ཞེས་སོགས་ཀྱིས་གནས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ ཞེས་སོགས་ཀྱིས་འཁོར་དང་། ཁམས་གསུམ་གྱི་འཁོར་ལོས་སྒྱུར་བ་ཞེས་པས་མཛད་པ་དང་། མཆོག་གི་དང་པོའི་ཞེས་སོགས་ཀྱིས་ཆོས་དང་། ཟླ་བ་བཟང་པོས་ཞེས་སོགས་ཀྱིས་ཞུ་བ་པོ་ཕུན་སུམ་ཚོགས་པ་སྟེ་དེ་ལྟར་ལྔ་དང་ལྡན་པ་ 12-6-40a དང་། རྗོད་བྱེད་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ཏེ། དེའི་ཁྱད་པར་ནི། རིས་མེད་པ་ནས། བརྟག་པ་ལྔའི་བདག་ཉིད་ནིའི་བར་རོ། །དགོས་པ་གང་གི་ཆེད་དུ་བསྟན་ན། མི་ལ་སོགས་ནས་ཕྱིར་གྱི་བར་རོ། །དེའི་ འོག་ཏུ་དེ་ལས་ཞེས་པ་ནས། ལུང་བསྟན་ཏོ་ཞེས་པའི་བར་ནི། རྩ་རྒྱུད་དེ་ལས་བསྡུས་རྒྱུད་སོགས་ལུང་བསྟན་ཚུལ་མདོར་བསྟན་པའོ། །མདོར་བསྟན་པ་དེ་ཉིད་རྒྱས་པར་འཆད་པ་ལ། ཐོག་མར་རྩ་རྒྱུད་གསུངས་ཚུལ་རྒྱས་པར་བཤད་པ་ནི། མདོར་བསྟན་ གྱི་རིམ་པ་ཇི་ལྟ་བ་བཞིན་དུ་འཆད་པ་ཡིན་པས། དང་པོར་རྒྱུད་ཀྱི་བརྗོད་བྱ་བཤད་པར་བྱའོ།། དེ་ལ་ལེའུའི་སྐད་དོད་པ་རི་ཙྪེ་ད། ཞེས་ཡོངས་སུ་བཅད་པ་ལ་འཇུག་པས། དོན་ཚན་ཡོངས་སུ་བཅད་པ་དང་། རྗོད་བྱེད་ཀྱི་ཚིག་ཆེན་པོར་ཡོངས་སུ་བཅད་པ་ གཉིས་ཀ་ལའང་ལེའུའི་སྒྲ་འཇུག་གོ། དེ་བས་ན་འདིར་ཡང་རྩ་རྒྱུད་ཀྱི་བརྗོད་བྱ་རགས་པར་བསྡུས་ན་ལེའུའམ་བརྟག་པ་ལྔ་དང་། ཞིབ་པར་ཕྱེ་ན་གནས་པ་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་རོ། །དེ་ལ་བརྗོད་བྱ་ལེའུ་ལྔའི་གོ་རིམ་ནི། འདིར་རྡུལ་ཕྲ་རབ་ཅེས་པ་ ནས། ལེའུ་ལྔའི་བདག་ཉིད་དོ་ཚེས་པའི་བར་ཏེ། དེའི་དོན་ནི་རྡུ་ཕྲ་རབ་འདུས་པ་དང་། སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་སེམས་ཅན་རྣམས་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྟེན་དུ་ངེས་པར་སྔོན་དུ་འགྲོ་དགོས་ལ། དབང་བསྐུར་བ་ལ་བསྐུར་བྱ་སེམས་ཅན་སྔོན་དུ་ འགྲོ་དགོས་ཤིང་། བསྐྱེད་རིམ་གྱིས་བསོད་ནམས་ཀྱི་ཚོགས་བསགས་ཏེ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་ལ་དབང་སྔོན་དུ་འགྲོ་དགོས་ལ། རྫོགས་རིམ་གྱིས་མཆོག་བསྒྲུབ་པ་ལ་ངེས་པར་བསྐྱེད་རིམ་མཐར་ཕྱིན་པ་སྔོན་དུ་འགྲོ་དགོས་པས་དེའི་ 12-6-40b ཕྱིར་དང་པོར་འཇིག་རྟེན་ཁམས་ལེ་སོགས་ཀྱི་རིམ་པས་བསྟན་ཏོ་ཞེས་བྱ་བའོ། །དེ་ལ་རྒྱུད་སྡེ་འོག་མ་རྣམས་ལྟར་ན། དང་པོར་ལྷའི་རྣལ་འབྱོར་དང་སྔགས་ལ་སོགས་པས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབས་ནས། དེ་ལ་བརྟེན་ཏེ་མཆོག་བསྒྲུབ་པ་ཡིན་ཀྱང་། བླ་ མེད་ཀྱི་སྐབས་སུ་དེ་ལྟར་འཇིག་རྟེན་པའི་དངོས་གྲུབ་ལ་རག་ལུས་པར་བསྐྱེད་རིམ་ལ་གསལ་སྣང་བརྟན་པོ་གྲུབ་པ་ཙམ་འཇིག་རྟེན་པའི་དངོས་གྲུབ་མ་བསྒྲུབས་པར་རྫོགས་རིམ་ལ་འབད་པ་ཉིད་ཀྱིས་མཆོག་འགྲུབ་པ་ཡིན་ནོ། །དེའི་ཕྱིར་འཇིག་ རྟེན་པའི་དངོས་གྲུབ་སྔོན་དུ་འགྲོ་བ་ཞེས་གསུངས་པའང་། འཇིག་རྟེན་པའི་དངོས་གྲུབ་སྟེར་བའི་བསྐྱེད་རིམ་སྟེ་སྔོན་དུ་འགྲོ་བ་ཞེས་པའི་དོན་ཡིན་ནོ། །སྐྱེ་བ་སྔ་མའི་ཞེས་པ་ནས། བག་ཆགས་ཀྱི་སྟོབས་ཀྱིས་ཞེས་སོགས་ཀྱི་དོན་ནི། སྔགས་བླ་མེད་ཀྱི་རྫོགས་རིམ་ ལ་བརྟེན་ནས་མཆོག་ཚེ་དེ་ཉིད་ལ་འགྲུབ་པ་དང་། གལ་ཏེ་དེ་ལ་མ་གྲུབ་པར་རྡོ་རྗེའི་རྣལ་འབྱོར་གྱི་ལམ་བསྒྲུབ་པའི་ངང་ནས་ཚེའི་དུས་བྱས་ན། སྔ་མའི་ལམ་ལ་གོམས་པར་བྱས་པ་དེའི་བག་ཆགས་ཀྱི་སྟོབས་ཀྱིས་ལམ་གོམས་པར་བྱས་པས་མཆོག་ འགྲུབ་པར་འགྱུར་བ་གཉིས་ཡོད་པར་གསུངས་པའི་ཕྱི་མའང་བསྡུ་བའི་ཆེད་དོ། །དཀྱིལ་འཁོར་ལ་སོགས་པ་རྣམ་པར་རྟོག་པའི་སྒོམ་པ་དང་བྲལ་ཞེས་པ་ནི། སྤྱིར་བླ་མེད་ཀྱི་ལྷའི་རྣལ་འབྱོར་ཡིན་ན། བསྐྱེད་རིམ་ཡིན་པས་ཁྱབ་པར་འདོད་པ་ ནི་ཡེ་ཤེས་ཀྱི་སྐུ་སྒྲུབ་ཚུལ་མ་ཤེས་པ་ཡིན་ཞིང་དེས་ན་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་རྣམ་པར་ཤར་བའི་ལྷའི་རྣལ་འབྱོར་ལ། བསྐྱེད་རིམ་དང་རྫོགས་རིམ་གྱི་རྣལ་འབྱོར་གཉིས་ཡོད་ལ། དེའི་དང་པོ་ནི་བློས་བཏགས་ 12-6-41a པ་ཙམ་ཡིན་ཞིང་། ཕྱི་མ་ལ་ནི་གཙོ་ཆེ་ཤོས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དངོས་པོ་ལའང་གྲུབ་པ་ཞིག་དགོས་སོ།། བསྐྱེད་རིམ་གྱི་རྣལ་འབྱོར་དེ་མཆོག་མ་གྲུབ་པའི་སྔ་རོལ་ཏུ་སྨིན་ བྱེད་ཀྱི་ལམ་དུ་བསྒོམ་དགོས་ཀྱང་། རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པ་ནས་རྣལ་འབྱོར་སྔ་མ་དེ་བསྒོམ་པ་དོར་བ་ཡིན་པས། དེ་འདྲའི་སྒོམ་པ་དང་བྲལ་བ་ཞེས་གསུངས་སོ།། དེ་ལྟར་བརྗོད་བྱ་རགས་པར་ཕྱེ་ན་ལེའུ་ལྔ་དང་། དེའང་བསྡུས་ ན་གཙོ་བོར་མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ཞེས་སྟོན་པ་ནི། འདིར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅེས་སོགས་སོ།། ལེའུ་ལྔ་པོ་དེ་ཉིད་ལས། དང་པོ་ཕྱི་དང་གཉིས་པ་ནང་དང་། ཕྱི་མ་གསུམ་གཞན་སྟོན་པ་ལ། དབང་ ལོས་གཞན་དངོས་ཀྱི་སྨིན་བྱེད་ཀྱི་དབང་དང་། ཐ་མ་གཉིས་ཀྱིས་གཞན་དངོས་བསྐྱེད་རྫོགས་སྟོན་ཞིང་། དེ་འང་གཙོ་བོར་བྱས་ཏེ་འཆད་མི་འཆད་ཀྱི་ཁྱད་པར་མ་གཏོགས། ལེའུ་རེ་རེས་ཀྱང་ཕྱི་ནང་གཞན་གསུམ་ཁ་འཆད་དོ།། དེ་ལྟར་ལེའུ་ ལྔ་པོ་དེ་ཉིད་ཞིབ་པར་ཕྱེ་ན། འཇིག་རྟེན་ཁམས་ལེ་ལ་གནས་པ་ཉེར་བཞི། ནང་ལེ་ལ་བཅོ་བརྒྱད། དབང་ལེ་ལ་བཅུ་གཉིས། སྒྲུབ་ལེ་ལ་བདུན། ཡེ་ཤེས་ལེའུ་ལ་ཉི་ཤུ་སྟེ། དེ་ལྟར་གནས་པ་བརྒྱད་ཅུ་རྩ་གཅིག་ཏུ་ཕྱེ་ནས་འཆད་པ་ ནི། དེའང་ལེའུ་ལྔ་པོ་འདིའི་ངོ་བོ་ཉིད་ཀྱིས་གནས་ཏེ་ཞེས་པ་ནས། ཡེ་ཤེས་ཀྱི་ལེའུ་ལའོ།། ཞེས་པའི་བར་རོ།། དེས་ན་ཞེས་སོགས་ནི་བརྗོད་བྱ་བསྟན་པའི་དོན་བསྡུ་བའོ།། རྗོད་བྱེད་འཆད་པ་ནི། འདི་སྟོན་པར་བྱེད་པའི་ཞེས་སོགས་ 12-6-41b ཏེ། རྗོད་བྱེད་ཚིག་གི་ལེའུ་ལྔའོ།། འབྲེལ་པ་འཆད་པ་ནི། བརྗོད་བྱ་རྗོད་བྱེད་འདི་དག་ཅེས་པ་ནས། འབྲེལ་བའི་ཞེས་པའི་བར་ཏེ། དེའང་གཞུང་གཞན་དག་ཏུ་བརྗོད་བྱ་རྟོགས་པ་རྗོད་བྱེད་ལ་བརྟེན་ནས་སྐྱེ་ཞིང་། དགོས་པ་བརྗོད་བྱ་རྟོགས་པའི་ འབྲས་བུ་དང་། ཉིང་དགོས་དགོས་པའི་འབྲས་བུ་ཡིན་པའི་ཚུལ་གྱིས་འབྲེལ་ཞེས་པ་དང་དོན་གཅིག་ལ། སྐབས་འདིར་ཐབས་ཤེས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་མཆོག་གི་དང་པོའི་སངས་རྒྱས་བཅོ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ སོགས་པ་ལམ་དང་། འབྲས་བུའི་ཟབ་དོན་ཐམས་ཅད་རྒྱུད་འདིའི་བརྗོད་བྱ་དང་རྒྱུད་འདིའི་རྗོད་བྱེད་ཀྱི་མཚན་ཉི་ཀྱིས་འབྲེལ་བར་ནན་ཏན་ཆེན་པོས་གསུངས་ལ། གོང་འོག་དུ་མར་དེ་ལྟ་བུའི་ལམ་དང་འབྲས་བུའི་ཟབ་དོན་རྣམས་སྒྲ་རྟོག་ གི་ཡུལ་ལས་འདས་པ་དང་། བརྗོད་མི་ནུས་པ་དང་། བསམ་པ་ལས་འདས་པ་སོགས་སུ་ཡང་ཡང་གསུངས་པ་དག་མི་འགལ་བའི་ཚུལ་ཇི་ལྟར་ཞེ་ན། དེ་ལ་སྤྱིར་གཞུང་གོང་འོག་དུ་མ་ནས་སྒྲ་རྟོག་གི་ཡུལ་ལས་འདས་པར་གསུངས་ པའི་ཚུལ་དུ་མ་ཡོད་དེ། ཚད་མ་སྡེ་བདུན་སོགས་ནས། དངོས་པོ་བུམ་སྣམ་སོགས་སྤྱིར་སྒྲས་བརྗོད་ནུས་ཤིང་རྟོག་པས་ངེས་ནུས་ཀྱང་། དེ་དག་སྒྲའི་བརྗོད་བྱ་ཡིན་པ་དོན་དམ་པར་མ་གྲུབ་པ་ལ་དགོངས་ནས། རང་བཞིན་ཐམས་ཅད་སྒྲ་ རྟོག་གི་ཡུལ་ལས་འདས་པར་གསུངས་པ་ལྟ་བུ་དང་། འཕགས་པ་དགོངས་པ་ངེས་འགྲེལ་ལས། དོན་དམ་བདེན་པ་སྒྲ་རྟོག་གི་ཡུལ་ལས་འདས་པར་གསུངས་པ་དང་། ཐེ་པ་ཆེན་པོ་རྒྱུད་བླ་མ་ལས་བདེ་བར་གཤེགས་པའི་སྙིང་ 12-6-42a པོ་སྒྲ་རྟོག་གི་ཡུལ་ལས་འདས་པར་གསུངས་པ་དང་། གཞན་ཡང་དབུ་མའི་གཞུང་ལུགས་དག་ལས་ཆོས་ཉིད་སྒྲ་རྟོག་གི་ཡུལ་མིན་པར་གསུངས་པ་ལྟ་བུ་རྣམས་ནི། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཆོས་ཉིད་ མངོན་སུམ་དུ་རྟོགས་པའི་ཚེ་ཆུ་ལ་ཆུ་བཞག་པ་ལྟར་གཉིས་སྣང་ཕྲ་མོའང་མེད་པར་རོ་གཅིག་ཏུ་གྱུར་པའི་སྒོ་ནས་རྟོགས་པ་ཞིག་ཡོད་ལ། དོན་དམ་བདེན་པ་སྒྲས་བརྗོད་པ་ལ་བརྟེན་ནས་རྟོག་པས་དོན་དམ་བདེན་པའི་མཚན་ཉིད་ཇི་ལྟར་གནས་ པ་བཞིན་གོའང་། དེའི་ཚེ་ཆོས་ཉིད་ལ་གཉིས་སྣང་ལོག་པ་མི་སྲིད་པས། དེས་ན་འཕགས་པའི་ཡེ་ཤེས་ཀྱི་རྟོགས་ཚུལ་ལྟར་གཉིས་སྣང་ལོག་པའི་སྒོ་ནས་རྟོགས་པ་སྒྲ་ལ་བརྟེན་ནས་རྟོག་པས་ངེས་པ་ལ་བྱར་མེད་པས། དེའི་ཕྱིར་ཆོས་ཉིད་ སྒྲ་རྟོག་གི་ཡུལ་ལས་འདས་པར་གསུངས་པ་ཡིན་ཞིང་། འདིར་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་སོགས་པའི་ལམ་དང་འབྲས་བུ་དེ་དང་དེ་རྒྱུད་ལ་སྐྱེས་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་དེ་དང་། དེས་ཇི་ལྟར་མྱོང་བ་ལྟར་དུ་དེ་དག་འཆད་ པའི་སྒྲ་ལ་བརྟེན་ནས་གོ་བའི་རྒྱུད་ལ་མྱོང་བར་བྱར་མེད་པས། དེའི་ཕྱིར་སྒྲ་རྟོག་དང་བརྗོད་པ་རྣམ་པར་སྤངས་པ་སོགས་སུ་གསུངས་པ་ཡིན་ནོ།། དེ་ལྟ་མིན་པར་གཏན་ནས་སྒྲ་རྟོག་གི་ཡུལ་དུ་བྱར་མི་རུང་ན། དོན་དེ་དག་རྒྱུད་བཤད་པ་དང་ཉན་ པ་ལ་བརྟེན་ནས་སློབ་མས་ངེས་པར་བྱར་མེད་པས། དེའི་དོན་དུ་རྒྱུད་འཆད་པ་དང་ཉན་པ་སོགས་ཐམས་ཅད་དོན་མེད་དུ་འགྱུར་ཞིང་། དོན་གྱི་དབང་བཞི་པ་ཚིག་གིས་བརྡ་སྤྲད་མི་ནུས་པར་འགྱུར་བས་འཇིག་རྟེན་ལས་འདས་པའི་དབང་བཞི་ 12-6-42b པ་སྨིན་བྱེད་ཀྱི་དབང་བསྐུར་བའི་ཚེ། ཐབས་གང་གིས་ཀྱང་དབང་བསྐུར་དུ་མི་རུང་བར་འགྱུར་ལ། ལམ་བསྒོམ་པའི་སྔོན་དུ་ལམ་དང་ལམ་མིན་པ་སོ་སོར་ངེས་པར་བྱར་མེད་པར་འགྱུར་རོ། །དེ་ལྟར་འབྲེལ་བ་སྟན་ནས། བསྐྱེད་རིམ་མཐར་ཕྱིན་པ་ལ་ བརྟེན་ནས་བསོད་ནམས་ཀྱི་ཚོགས་བསགས་པ་དགོས་པ་དང་། རྫོགས་རིམ་གྱིས་མཆོག་གྲུབ་པ་ཉིད་དགོས་སུ་སྟོན་པ་ནི། དེ་ནས་དཀྱིལ་འཁོར་དུ་ཞེས་སོགས་དང་། ཤེས་རབ་ཆེན་པོ་ཞེས་སོགས་རིམ་པ་བཞིན་ནོ། །དེ་ལྟར་བརྗོད་བྱ་ལ་སོགས་པའི་ མཚན་ཉིད་འདི་དག་ཉིད་མངོན་པར་གཟིགས་ནས། རྩ་བའི་རྒྱུད་ཡང་དག་པར་བསྟན་ཞེས་སྦྱོར་རོ། །གང་ལ་ན་གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ལ་རང་གི་སེམས་ཀྱི་བསམ་པས་ཞེས་བྱ་བ་སྔར་བཤད་པ་ལ་ངེས་པ་ནི། འདོད་པ་ལྔ་ལ་ཉེ་བར་ ལོངས་སྤྱོད་པ་ཉེས་དམིགས་སུ་བལྟས་ནས་མཐའ་གཅིག་ཏུ་དེ་དང་བྲལ་བའི་ཚུལ་ཁྲིམས་ཀྱི་སྡོམ་པ་སྟེ། དེ་ནི་ཐེག་པ་དམན་པ་ཉན་ཐོས་པའི་མཆོག་གི་སྡོམ་པ་སྟེ་སྡོམ་པ་མཆོག་ཡིན་ཞིང་། འདོད་ཡོན་ལ་ལོགས་སྤྱོད་པ་ལས་རྒྱབ་ཀྱིས་ཕྱོགས་ པ་དེ་དང་བྲལ་བ་ནི་ངེས་པ་དང་བྲལ་བའོ། །ཁ་ཅིག་མཆོག་དང་བྱེ་བ་སྐད་དོད་གཅིག་པས་བསླབ་པའི་གནས་བྱེ་བའམ་ཤིན་ཏུ་མང་པོ་བསྲུང་བ་དགེ་སློང་དང་། གནས་བཅུ་བསྲུང་བ་དགེ་ཚུལ་དང་། གནས་ལྔ་བསྲུང་བ་དགེ་བསྙེན་གྱི་སྡོམ་པ་སྟེ། དེ་དག་ ཇི་སྲིད་འཚོའི་བར་དུ་བསྲུང་བའི་ངེས་པ་དང་བྲལ་བ་ཞེས་འཆད་པ་ནི་མི་ལེགས་ཏེ། དགེ་སློང་བྱང་ཆུབ་སེམས་དཔའ་དང་། དགེ་སློང་རྡོ་རྗེ་འཛིན་པ་སོགས་ཀྱང་ཤིན་ཏུ་མང་བས་སོ་སོ་ཐར་པའི་སྡོམ་པ་ལ་ཉན་ཐོས་པའི་སྡོམ་པར་མ་ངེས་པའི་ཕྱིར་ 12-6-43a རོ། །དེས་ན་འདིར་ནི་ཉན་ཐོས་པའི་སྡོམ་པ་ཉིད་ལ་བྱའི་སོ་སོ་ཐར་པའི་སྡོམ་པ་སྤྱི་ལ་མི་བཟུང་ངོ་། །དེས་ན་མཆོག་བྱེ་བར་བསྒྱུར་བ་མ་ལེགས་སོ། །དེ་འདྲའི་ངེས་པ་དང་བྲལ་བ་དེ་དག་གི་རང་གི་སེམས་ཀྱི་བསམ་པ་ ནི་སྤྱིར་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པར་འདོད་པའོ། །དེ་བཞིན་དུ་འདོད་ཡོན་གྱི་རེག་བྱ་ཁྱད་པར་བ་དབང་པོ་གཉིས་ཀྱི་བདེ་བ་ཆེན་པོ་འདོད་པ་ན་ངེས་པ་དང་བྲལ་བ་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པ་སྟེ། རང་གི་སེམས་ཀྱི་བསམ་པ་ འདིས་ཞེས་པ་འདི་དང་མཐུན་པ་འདོད་ཡོན་དེ་དག་མ་སྤངས་ཤིང་། དེ་དག་ལ་ལོགས་སྤྱོད་པ་མ་བཀག་པའི་སྒོ་ནས་སྟོན་ཏོ། །གང་སྟོན་ན་མདོར་བསྟན་ཏུ། སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ཞེས་གསུངས་པའི་དོན་ནི། ལམ་འདི་དང་པོར་གང་ལ་ཉམས་སུ་བླངས་པའི་སྐྱེ་བ་སྟེ་ཚེ་འདི་ལ་སངས་རྒྱས་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །འགྲོ་བ་གང་ཡང་རུང་བའི་ཚེ་གཅིག་ལ་སྟེར་རམ་ཞེ་ན། མིའི་དབང་དུ་བྱས་ཀྱི་ལྷ་ལ་སོགས་པ་འགྲོ་བ་གཞན་ ལྔའི་ཚེ་དེ་ཉིད་ཀྱི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལས་ཀྱི་ས་པ་མིན་པར་སྐྱེས་པའི་ཕྱིར་རོ། །དེ་ལ་ལས་ཀྱི་ས་པ་ནི་སྐབས་འདིར་འཛམ་གླིང་ཆུང་ངུའོ། །དེས་ན་སྐྱེ་བ་འདིའི་ཞེས་པ་ཚེ་ འདི་དང་། རྟེན་མིའི་རྟེན་འདི་ལ་ཞེས་པ་གཉིས་ཀ་ལ་བཤད་དགོས་སོ། །འོ་ན་ལྷ་ལ་སོགས་པ་ལ་རྣམ་ཡང་འབྲས་བུ་མི་སྟེར་རམ་ཞེ་ན། འདིར་ཞེས་སོགས་ཏེ་གོ་སླའོ། །དེ་ལ་སྐྱེ་བ་འདི་ཞེས་པ་ཚེ་གཅིག་ལ་མ་བྱས་ན། འོག་གི་རྩོད་ 12-6-43b ལན་འབྲེལ་མེད་དུ་འགྱུར་ཞིང་། སྤྱིར་མིའི་སྐྱེ་བ་ལ་སངས་རྒྱས་སྟེར་ཙམ་རྒྱུད་འདིའི་ཟབ་ཁྱད་དུ་མི་འགྱུར་རོ། །འདིར་ཁ་ཅིག་མིའི་སྐྱེ་བ་ཁོ་ན་ལ་འཚང་རྒྱ་བར་བཤད་པས་བར་དོར་འཚང་རྒྱ་བར་བཤད་པ་དགོངས་པ་ཅན་ཡིན་ལ། དེའང་ཉན་ཐོས་ པར་དོར་འདའ་བ་ལྟ་བུ་ལ་དགོངས་ཞེས་ཟེར་བ་ནི། སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་བར་དོར་འཚང་རྒྱ་བའི་དགོངས་གཞི་ཉན་ཐོས་ཀྱི་མྱང་འདས་ལ་བྱེད་པ་འབྲེལ་མེད་སྨྲ་བའོ། །ཡང་འདིར་ཁ་ཅིག་མི་ཁོ་ནའི་རྟེན་ལ་འཚང་རྒྱ་བར་བཤད་པ་སྤྲུལ་ སྐུའི་འཚང་རྒྱ་བའི་དབང་དུ་བྱས་ལ། བར་དོ་དང་འོག་མིན་གྱི་ལྷའི་རྟེན་ལ་འཚང་རྒྱ་བ་སོགས་སུ་བཤད་པ་ལོངས་སྐུའི་དབང་དུ་བྱས་པས་མི་འགལ་ལོ་ཞེས་གསུངས་པའང་མི་འཐད་དེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདོད་ཁམས་སུ་ འཚང་རྒྱ་བའི་ཚུལ་བསྟན་པ་ལྟ་བུ་ནི། སྔོན་དུ་ལོངས་སྐུ་བརྙེས་ཤིང་སངས་རྒྱས་ཟིན་ནས། དེའི་རྗེས་སུ་འཚང་རྒྱ་བའི་ཚུལ་བསྟན་པ་ཙམ་ཡིན་གྱིས་གསར་དུ་སངས་རྒྱས་པ་མིན་པས། འོག་གི་རྩོད་ལན་ཐམས་ཅད་འབྲེལ་མེད་དུ་འགྱུར་ཞིང་། སྔགས་ལ་བརྟེན་ནས་ཚེ་གཅིག་ལ་ལོངས་སྐུར་འཚང་རྒྱ་བ་མིན་གྱི། འཚང་རྒྱ་བའི་ཚུལ་སྟོན་པ་ཙམ་ཡིན་ནོ། །ཞེས་ཁས་བླང་དགོས་པར་འགྱུར་རོ། །དེས་ན་སྤྱིར་སྔགས་བླ་མེད་ཀྱི་གདུལ་བྱ་ལ། བརྩོན་འགྲུས་ཅན་ཚེ་འདིར་འཚང་རྒྱ་ བ་གཅིག་དང་། ཚེ་འདིར་སྤྱོད་པ་བྱེད་པ་མ་བྱུང་བ་སོགས་ཀྱིས་མཆོག་མ་གྲུབ་པ། ཤི་བའི་རྗེས་སུ་ཐ་མལ་པ་ལ་བར་དོ་འོང་བའི་དོད་ལ། ལོངས་སྐུ་གྲུབ་ནས་འཚང་རྒྱ་བ། ལེ་ལོ་ཅན་བར་དོར་འཚང་རྒྱ་བ་ཞེས་ཐ་སྙད་བྱས་པ་དང་། དེ་ 12-6-44a བས་ཀྱང་དབང་པོ་དམན་པ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གསུམ་ལས་དང་པོ་ནི། སྔགས་བླ་མེད་ཀྱི་ཐུན་མོང་མིན་པའི་ལམ་ཐོག་མར་སྒོམ་པའི་མགོ་གང་ལ་བརྩམས་པའི་སྐྱེ་བ་དེ་ལ་འཚང་རྒྱ་བས་ཏེ། དེ་ཡིན་ན་མིའི་རྟེན་ཅན་ཡིན་པས་ཁྱབ་པ་ཡིན་ལ། འདིར་ཡང་དེ་ལྟ་བུའི་དབང་དུ་བྱས་པ་ཡིན་ཞིང་། དེ་ལྟ་བུ་ལ་ནི་ལོངས་སྐུའང་འདོད་པའི་མིའི་རྟེན་ལ་འཐོབ་པ་ཡིན་ལ། ལམ་གཞན་ལ་བརྟེན་པ་མཐོན་པོར་བགྲོད་དེ་ལམ་གྱི་མཐར་སྔགས་ བླ་མེད་ཀྱི་ཐུན་མོང་མིན་པའི་ལམ་གྱི་སྣོན་པ་བཏབ་ནས་འཚང་རྒྱ་བ་ལྟ་བུ་ནི་འོག་མིན་གྱི་ལྷའི་རྟེན་ལའང་ཡོད་ཅིང་། ཚེ་འདིར་སྔགས་ཀྱི་ལམ་བསྒོམས་པའི་འབྲས་བུ་བར་དོར་མངོན་དུ་བྱེད་པའང་ཡོད་པས། དོགས་པ་དེ་དག་སྤངས་ དགོས་པའི་གཞི་ཆེན་པོ་མེད་དོ། །འོ་ན་མིའི་སྐྱེ་བ་ཡིན་ནོ་ཅོག་ལ་འབྲས་བུ་དེ་སྟེར་རམ་ཞེ་ན། བསོད་ནམས་ཞེས་པ་ནས། ངེས་པའོ་ཞེས་པའི་བར་ཏེ། སྐྱེ་བ་སྔ་མ་རྣམས་སུ་ལམ་ཐུན་མོང་བས་རྒྱུད་སྦྱངས་པའི་སྐལ་ལྡན་ལ་ ཡིན་གྱི། ལས་ངན་པ་དང་ལྡན་པ་ལ་མི་བྱིན་ནོ། །ཞེས་བྱ་བའོ། །དེ་ལ་དོགས་པ་སྤང་པ་ལ། དོགས་པ་དགོད་པ་ནི། ཅི་སྟེ་ཞེས་སོགས་ཏེ། གལ་ཏེ་ལས་ངན་པ་དང་ལྡན་པ་ལམ་ཡིན་ན། འདུས་པ་ལས། ཚེ་དེར་མཚམས་མེད་ལྔ་བྱས་པས་ཀྱང་ འགྲུབ་པར་བཤད་པ་དང་འགལ་ཞེས་པའོ། །དེའི་ལན་ནི། བཅོམ་ལྡན་འདས་ཀྱི་གསུང་འདི་ནི་བདེན་ཏེ་ཞེས་པ་ནས། ངེས་པ་མ་ཡིན་ནོ་ཞེས་པའི་བར་ཏེ། དེའང་ཚེ་དེར་སྔགས་ལ་མ་འཇུག་པའི་གོང་དུ་ཤིན་ཏུ་ལྕི་བའི་མཚམས་མེད་ལྔ་ 12-6-44b སོགས་བྱས་ཀྱང་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་ཏེ་རིམ་པ་གཉིས་བསྒོམས་པས་སྔར་བསགས་པའི་ལས་སྦྱངས་ནས། ཕྱིན་ཆད་ཁ་ན་མ་ཐོ་བའི་སྒོ་བསྡམས་ཏེ། ཕྱག་རྒྱ་ཆེན་པོའི་ལམ་བསྒོམས་ན་མཆོག་འགྲུབ་པར་གསུགས་ པ་ཡིན་གྱི། སྔགས་ལ་ཞུགས་ནས་ཀྱང་མཚམས་མེད་ལ་སོགས་པ་མི་དགེ་བའི་ལས་མི་སྡོམ་ཞིང་། ཁྱད་པར་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་ལ་སྲོག་དང་འདྲ་བར་མི་འཛིན་ན། དེའི་ཚེ་དེ་ལ་མཆོག་འགྲུབ་པར་སངས་རྒྱས་མི་བཞེད་དེ། སངས་ རྒྱས་ཀྱི་ལུང་རྟོགས་ཀྱི་ཆོས་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ནོ། །དཔེར་ན་བྱང་སེམས་རྒྱལ་སྲས་ཀྱི་སྡོམ་པའི་རྩ་ལྟུང་མ་བྱུང་ན། ཚེ་དེ་ལས་དང་པོ་འཐོབ་རྒྱུ་ཡིན་པ་ལ་རྩ་ལྟུང་བྱུང་ན་དེ་ནས་སྡོམ་པ་སོར་ཆུད་ཀྱང་། ཚེ་ དེ་ལས་དང་པོ་ཐོབ་མི་སྲིད་པར་བྱང་ས་ལས་གསུངས་པ་བཞིན་ནོ། །དེ་ལ་ཚད་མེད་བཞི་ནི་སྔར་བཤད་པ་ལྟར་ཐུན་མོང་མིན་པའི་དབང་དུ་བྱས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱང་། བདེ་མཆོག་ལས། བདེ་སྟོང་གི་ཡེ་ཤེས་ཉིད་ལ་ལྡོག་པའི་ སྒོ་ནས་དྲན་པ་ཉེ་བར་བཞག་པ་སོགས་སུ་ཕྱེ་ནས་བཤད་པ་ལྟར་རོ། །དེ་ལྟར་ཁ་ན་མ་ཐོ་བ་དང་བཅས་པའི་ལས་རྣམས་སྔགས་ལས་བཀག་པར་བཤད་པ་ལ་རྩོད་པ་ནི། འོ་ན་ཞེས་སོགས་ཏེ་གོ་སླའོ། །དེའི་ལན་ནི་དེ་ནི་བདེན་ཏེ་ཞེས་པ་ནས། ཞེས་ པའོ་ཞེས་པའི་བར་ཏེ། དོན་ནི་ས་ལྔ་བཟང་བར་གསུངས་ཀྱང་། དེའི་ཤ་ལྔ་ནི་ཕྱུགས་ཀྱི་མཆོད་སྦྱིན་སོགས་ཀྱི་དོན་དུ་གསད་པར་བྱ་བའི་མཚན་མ་བཏབ་པ་དང་། ཟ་བ་པོ་དེ་ལས་རིན་ཐོབ་པའི་ཆེད་དུ་བསད་པ་ཁ་ན་མ་ཐོ་བ་དང་བཅས་པའི་ཤ་ 12-6-45a མིན་གྱི། ཟས་ཀྱི་དོན་དུ་ཉོ་བཙོང་མེད་པར་ཁྱིའི་ཤ་ལ་སོགས་པ་དང་། ཆོམ་རྐུན་པས་བསད་པའི་མིའི་ཤ་ལ་སོགས་པ་བྱིན་གྱིས་བརླབས་ཤིང་བདུད་རྩི་རིལ་བུར་བྱས་པ་ལོངས་སྤྱོད་པར་གསུངས་པ་ཙམ་ཡིན་པས་སྐྱོན་ མེད་དོ། །ཞེས་བྱ་བའོ། །དེ་ལ་ཟ་བ་པོ་མེད་ན་གསོད་པ་པོ་མི་འབྱུང་བས། ཟ་བ་པོ་ལ་སྡིག་ཏུ་འགྱུར་རོ། །ཞེས་འདིར་ཕྱོགས་སྔ་མར་བཀོད་པ་འདི་ཉིད། དབུ་མ་སྙིང་པོར་ཡང་། ཕྱི་རོལ་པའི་འདོད་པར་བཀོད་ཅིང་། དེ་ལྟ་ན་བྲེ་སྲང་ལོག་པ་བྱེད་པ་ པོའང་བྲེ་སྲང་དེ་ལ་ཉོ་འཚོང་བྱེད་མཁན་མེད་ན་མི་འབྱུང་བས་ཉོ་འཚོང་བྱེད་པ་པོ་ལ་བྲེ་ལོག་སྲང་ལོག་བྱས་པའི་སྡིག་འབྱུང་བར་འགྱུར་ཞིང་། གསད་བྱ་མེད་ན་གསོད་པ་པོ་མི་འབྱུང་བས་གསད་བྱ་ལའང་དེའི་སྡིག་འབྱུང་བར་འགྱུར་ཞེས་ བཤད་དོ།། ཚེ་དེ་ཉིད་ལ་སངས་རྒྱས་སྟེར་བར་བཤད་པ་རྣམས་ཀྱི་དོན་བསྡུ་བ་ནི། དེ་ལྟར་ཞེས་སོགས་སོ། །འོ་ན་སྟེར་རྒྱུའི་སངས་རྒྱས་དེ་གང་ཞེ་ན། སངས་རྒྱས་ཉིད་ནི་ཞེས་པ་ནས། རབ་ཏུ་སྟེར་བའོ་ཞེས་པའི་བར་ཏེ། དེ་ལ་ཐམས་ཅད་ མཁྱེན་པ་ཉིད་ལ་སོགས་པ་བཞི་ནི་རིམ་བཞིན་ངོ་བོ་ཉིད་སྐུ་དང་། སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུའོ། །འདིས་སྔགས་བླ་མེད་ཀྱི་ལམ་གྱིས་ཚེ་དེ་ཉིད་ལ་སངས་རྒྱས་འགྲུབ་པར་གསུངས་པའི་སངས་རྒྱས་ནི་ས་དང་པོ་ལྟ་བུ་ལ་དགོངས་སོ་ཞེས་ཟེར་བའང་ བཀག་གོ། ད་ནི་ཕུན་སུམ་ཚོགས་པ་ལྔ་ལྡན་རྒྱས་པར་འཆད་པ་ལ། སྟོང་པ་པོའི་གནས་ཕུན་སུམ་ཚོགས་པ་ན། ཁ་ཅིག་བདེ་བ་ཆེན་པོའི་གནས་ནི་ས་ཕྱོགས་ལྟ་བུ་དང་། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟ་བུ་ཁང་བཟང་ལྟ་བུ་དང་། རྡོ་རྗེ་སེང་ 12-6-45b གེའི་ཁྲི་ནི་དེའི་ནང་གི་གདན་ལྟ་བུའོ། །ཞེས་འཆད་ཀྱང་སྔ་མ་གཉིས་ཀ་ཕྱག་རྒྱ་ཆེན་མོ་ཉིད་གཅིག་པུ་ལ་སྦྱར་ནས་བཤད་པས་དེ་འདྲ་བའི་ཁྱད་པར་མེད་དོ། །དེས་ན་གནས་ནི་བདེ་བ་ཆེན་པོ་ཞེས་པ་ནས། གནས་སོ་ཞེས་པའི་བར་གྱིས་ཕྱག་རྒྱ་ ཆེན་མོའི་ཆོས་འབྱུང་ཉིད་བདེ་བ་ཆེན་པོའི་གནས་སུ་བསྟན་ལ་མཆོག་གི་དང་པོའི་ཞེས་པ་ནས། དེར་རོ་ཞེས་པའི་བར་གྱིས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་པྲ་ཕབ་པ་དང་མཚུངས་པ་ཉིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་དོན་དུ་བཤད་དེ། དེ་གཉིས་ ཀྱིས་གནས་ཕུན་སུམ་ཚོགས་པ་བཤད་དོ། །རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ་ནི། སྒྲ་ཟིན་ལྟར་བཤད་ན་སེང་གེའི་ཁྲི་གདན་དང་བཅས་པ་སྟེ། འམ་ཞེས་པའི་བར་རོ། །སྒྲ་ཟིན་པ་ལྟར་མ་ཡིན་པར་བཤད་ན་ཨེ་ཡིག་ཅེས་པ་ནས། དེ་ཡིས་སོ་ཞེས་ པའི་བར་ཏེ། ཨེ་ཝཾ་གྱི་ངེས་དོན་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཉིད་ལ་བཞུགས་པའོ། །ཞེས་པའི་དོན་ནོ། །འཁོར་ཕུན་སུམ་ཚོགས་པ་ནི། སངས་རྒྱས་དང་ཞེས་པ་ནས། ཕྱག་བྱས་པ་དེ་ཡིས་སོ་ཞེས་པའི་བར་ཏེ། དེའང་གཟུགས་མེད་ཁམས་ཀྱི་ ཕྱིར་མི་འོང་ལྟ་བུས་ནི་ཞབས་ལ་བཏུད་པ་ཡིན་ལ། གཞན་རྣམས་ཀྱིས་ནི་འདུད་པར་བྱ་བའི་གནས་ཡིན་ཞིང་གཞན་གོ་སླའོ། །མཛད་པ་ཕུན་སུམ་ཚོགས་པ་ནི། ཁམས་གསུམ་གྱི་ཞེས་སོགས། དེའང་གཟུགས་མེད་ཁམས་སུ་ལུང་གི་ཆོས་འཁོར་ བསྐོར་བ་མེད་ཀྱང་། དེར་སྐྱེས་པའི་འཕགས་པའི་རྒྱུད་ལ་རྟགས་པའི་ཆོས་འཁོར་ཡོད་དོ། །ཆོས་ཕུན་སུམ་ཚོགས་པ་ནི། མཆོག་གི་ཞེས་སོགས་ཏེ། དེའང་སྐད་ཅིག་གཅིག་ལ་སོགས་པའི་མཚན་ཉིད་ཅན། འགྱུར་བ་མེད་པའི་བདེ་བ་ནི་མཆོག་ 12-6-46a ཡིན་ལ། བདེ་བ་དེ་ཡིས་དང་པོར་ཏེ། མི་འགྱུར་བའི་བདེ་བ་མཆོག་སྔོན་དུ་བསྐྱེད་པ་ལ་བརྟེན་ནས། སངས་རྒྱས་པ་ནི་མཆོག་གི་དང་པོའི་སངས་རྒྱས་དེ་ཡིས་སོ། །རིས་མེད་པ་ཞེས་པ་ལ། རིས་ནི་ཤེས་རབ་ཐབས་ཀྱི་བདག་ ཉིད་རེ་རེ་བ་གཅིག་སྟེ། དེའི་ཕྱོགས་སུ་མ་ཆད་པ་དང་། ཡང་གཟུང་བ་སྟོང་གཟུགས་ཀྱི་ཕྱག་རྒྱ་དང་། འཛིན་པ་བདེ་བ་ཆེན་པོ་གཉིས་སོ་སོར་རྒྱངས་ཆད་པའི་མཚན་ཉིད་ཀྱི་ཆོས་ནི། རིས་ཏེ་དེ་འདྲ་བའི་རིས་སུ་ཆད་པ་དེ་གང་གིས་སྤངས་པ་དེ་ནི་རིས་མེད་པ་ སྟེ། དེ་འདྲ་བའི་རིས་མེད་པ་དེ་ཡིས་སོ། །བཅོམ་ལྡན་འདས་ནས། དེ་ཡིས་སོ་ཞེས་པའི་བར་ནི་སྔར་བཤད་པས་ཤེས་སོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། ཟླ་བ་བཟང་པོ་ཞེས་སོགས་ཏེ། དེ་ལ་ཟླ་བ་བཟང་པོའི་མིང་དོན་ནི་འོད་དོ་ཞེས་པའི་བར་ཏེ། འདིར་ཉན་ པ་པོ་ཞེས་པ་རྣ་བར་བསྒྱུར་བ་མི་ལེགས་སོ། །ཟླ་བཟང་དེ་ཉིད་རྒྱུད་ཐམས་ཅད་ཀྱི་སྡུད་པ་པོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིན་ལ། གསང་བའི་བདག་པོའི་དོན་ཐེག་དམན་པ་སོགས་ལའང་གསང་བར་བྱ་བའི་རྒྱུད་ཐམས་ཅད་ཀྱི་སྡུད་པ་པོ་ཡིན་པས་གསང་ བའི་བདག་པོ་ཞེས་བྱའོ། །ཞེས་འཆད་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཞེས་པ་ནས། དེའི་ཡང་དག་པར་སྡུད་པ་པོ་ཡིན་པས་ན་བདག་པོ་སྟེ། གསང་བའི་བདག་པོའོ། །ཞེས་པའི་བར་རོ། །ཡང་གསང་བདག་གི་དོན། ཕྱི་རོལ་འཇིག་རྟེན་གྱི་ཐ་སྙད་ཀྱིས་ བཤད་ན། གསང་བ་པ་ནི་དུར་ཁྲིད་ཀྱི་གནོད་སྦྱིན་རྣམས་ཡིན་ལ། དེ་དག་འཇོམས་པས་བདག་པོ་སྟེ། སེང་གེ་རི་དྭགས་གསོད་པ་ལ་དེའི་བདག་པོར་བརྗོད་པ་བཞིན་ནོ། །ཞེས་པ་ནི་དེ་བཞིན་དུ་ཞེས་སོགས་སོ། །ནང་ལ་སྦྱར་ནས་བཤད་ན། ནང་དུ་ནི་ཞེས་ 12-6-46b པ་ནས། དེ་ཡིས་སོ་ཞེས་པའི་བར་ཏེ་གོ་སླའོ། །དེ་ལྟར་སྟོན་པ་ཕུན་ཚོགས་ལྔ་ལྡན་བསད་ནས། རྗེད་བྱེད་ཀྱི་མཚན་གྱི་ཁྱད་པར་ནི། མཆོག་གི་དང་པོའི་ཞེས་པ་ནས། རྗོད་པར་བྱེད་པའི་ཕྱིར་རོ། །ཞེས་པའི་བར་གོ་སླ་ལ། འདིར་རིགས་ནི་ཞེས་པ་ནས། གསུངས་སོ་ ཞེས་པའི་བར་གྱིས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལ་རྣལ་འབྱོར་གྱི་རྒྱུད་ཅེས་པའི་དོན་ནི། ཤེས་རབ་སྟོང་པ་ཉིད་དང་ཐབས་བདེ་བ་ཆེན་པོ་གཉིས་རེ་རེ་བ་འབའ་ཞིག་ཏུ་མ་སོང་བར་གཉིས་སུ་མེད་པར་སྦྱོར་བའི་རྒྱུད་ཡིན་པའི་ཕྱིར་རྣལ་འབྱོར་རྒྱུད་ཅེས་བྱའོ། །ཞེས་བཤད་པའོ། ། དེ་འདྲའི་ཐབས་ཤེས་གང་རུང་ཞིག་མི་སྟོན་ན། བླ་མེད་ཀྱི་རྒྱུད་དུ་མི་འགྱུར་ཞིང་། རྒྱུད་དེ་ལས་བཤད་པའི་ལམ་སངས་རྒྱས་ཀྱི་ལམ་གྱི་གནད་ཡོངས་སུ་རྫོགས་པར་མི་འགྱུར་བ་སོགས་ཀྱི་གནོད་པ་སྟོན་པ་ནི། བརྗོད་པར་བྱ་བ་ཞེས་པ་ནས། ཞེས་སོ་ཞེས་པའི་བར་རོ། ། རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་ན་བདེ་སྟོང་གི་ཡེ་ཤེས་གཉིས་ཀ་གཙོ་བོར་སྟོན་དགོས་པ་དེའི་ཕྱིར་རྒྱུད་གང་ལ་ཐབས་བདེ་བ་ཆེན་པོ་དང་། ཤེས་རབ་སྟོང་ཉིད་ཀྱི་བདག་ཉིད་ཀྱི་བརྗོད་པར་བྱ་བ་གཉིས་ཀ་ཡོད་པའི་རྒྱུད་དེ་ནི་དོན་དམ་པར་ཏེ། དོན་དམ་སྟོང་པ་ཉིད་བདེ་ཆེན་ གྱི་ཡུལ་དུ་བྱས་པའི་དབང་དུ་བྱས་ན་ཤེས་རབ་འབའ་ཞིག་གི་རྒྱུད་ཀྱང་མིན་ལ། ཐབས་འབའ་ཞིག་གི་རྒྱུད་ཀྱང་མིན་ནོ། །དེས་ན་དོན་དམ་པར་ཞེས་པ་ནི་གཉིས་མེད་དོན་དམ་པར་གྲུབ་ཅེས་པའམ། དོན་དམ་པར་གཉིས་མེད་ཀྱི་རྒྱུད་ཡིན་ཞེས་པ་མིན་ཞིང་། གཉིས་སུ་མེད་པ་རྒྱུའི་ཐབས་ཤེས་དང་། ཕ་རྒྱུད་མ་རྒྱུད་དུ་འཇོག་པའི་ཐབས་ཤེས་ཁྱད་མེད་དུ་བྱས་ནས་ཀུན་རྫོབ་ཏུ་ཕ་རྒྱུད་མ་རྒྱུད་སོ་སོར་འཇོག་གོ་ཞེས་བྱ་བ་ནི་མིན་ཏེ། དེ་ལྟ་ན་དོན་དམ་པར་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་དུ་བཞག་པ་དེའང་དབང་པོ་ 12-6-47a རྟུལ་པོའི་བསམ་ངོ་ལ་བལྟོས་ནས་བཞག་པར་ཐལ་ལོ། །ཡང་ངེས་དོན་ལ་ཐབས་ཤེས་སོ་སོ་བའི་རྒྱུད་དུ་མི་འཐད། དྲང་དོན་ལ་ཕ་རྒྱུད་མ་རྒྱུད་གཉིས་སུ་བཞག་ཅེས་པ་འདིའི་དོན་དུ་སྨྲ་ནས། ཡང་ཕ་རྒྱུད་མ་རྒྱུད་གཉིས་ མེད་ཀྱི་རྒྱུད་གསུམ་ལ་དོན་ཐོག་འགལ་བ་ཐ་དད་པ་སོ་སོར་འཇོག་པའང་ཁས་བླངས་འགལ་ལ། ངེས་དོན་དང་དྲང་དོན་ཡང་སྒྲ་ཇི་བཞིན་པ་ཡིན་མིན་ལ་བྱེད་པར་སྣང་བས། དོན་གྱིས་ཕ་རྒྱུད་མ་རྒྱུད་གཉིས་གཞི་མ་གྲུབ་པར་ཁས་བླངས་པ་ཡིན་ནོ། །དེའི་ ཕྱིར་དོན་དམ་པར་ཞེས་པ་ནི་དོན་དམ་འཇལ་བ་ལ་ལྟོས་པའི་ཐབས་ཀྱི་དབང་དུ་བྱས་ནས་ཐབས་རྒྱུད་དང་ཤེས་རབ་ཀྱི་རྒྱུད་སོ་སོར་དབྱེར་མེད་ཅེས་པའོ། །དེས་ན་འདིར་དོན་དམ་ཞེས་པ་ནི། དེ་ཁོ་ན་ཉིད་རྟོགས་པའི་བདེ་བ་ཆེན་པོ་ལམ་གྱི་དོན་དམ་གྱི་ དབང་དུ་བྱས་པ་ཡིན་ནོ། །འོ་ན་ཐབས་རྒྱུད་དང་ཤེས་རབ་ཀྱི་རྒྱུད་སོ་སོར་གང་གིས་འཇོག་ཅེ་ན། འཇིག་རྟེན་གྱི་ཐ་སྙད་ལ་བལྟོས་ནས་གདུལ་བྱ་དབང་རྟུལ་འགའ་ཞིག་གི་ངོར། ཡེ་ཤེས་ལྔའི་དབྱེ་བས་ཕུང་པོ་ལྔ་རྣམ་པར་དག་པ་ལྷ་ཕོར་སྟོན་ཞིང་། དེ་ཉིད་ཡེ་ཤེས་པ་དགུག་གཞུག་སོགས་ཀྱི་བྱ་བ་ལ་གཙོ་བོར་གྱུར་པའི་རྒྱུད་ནི་རྣལ་འབྱོར་པའི་རྒྱུད་དམ་ཐབས་རྒྱུད་དུ་འཇོག་ལ། ཡང་ཡེ་ཤེས་ལྔའི་དབྱེ་བས་ཁམས་ལྔ་དག་པ་ལྷ་མོར་སྟོན་ཞིང་། དེ་ཉིད་ཡེ་ཤེས་པ་དགུག་པ་སོགས་བྱ་བ་ལ་གཙོ་ བོར་རྒྱུ་བ་ནི། རྣལ་འབྱོར་མའི་རྒྱུད་ཡིན་ལ། རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་པའི་རྣལ་འབྱོར་གྱི་དོན་གྱི་ཐབས་ཤེས་ནི་རྒྱུད་སྡེ་གཉིས་ཀ་ལ་རྗེས་སུ་འགྲོ་བའོ། །ཞེས་འཆད་པ་ནི་འཇིག་རྟེན་ཞེས་པ་ནས། རྒྱུད་དུའང་འགྱུར་རོ་ཞེས་པའི་བར་ཡིན་ལ། 12-6-47b འོན་ཀྱང་འདི་ནི་དབང་རྟུལ་གྱི་ངོ་ལ་བལྟོས་པའི་ཕ་རྒྱུད་མ་རྒྱུད་དུ་སོ་སོར་འཇོག་ཚུལ་ཕྱོགས་གཅིག་བསྟན་པ་ཙམ་ཡིན་གྱི། སྤྱིར་ཕ་རྒྱུད་མ་རྒྱུད་ཀྱི་འཇོག་བྱེད་འདིར་ངེས་པ་མ་ཡིན་ཞིང་། འོན་ཀྱང་ལྷ་ཕོ་མོའི་དགུག་གཞུག་སོགས་བྱེད་པ་འདིའང་རྒྱུད་གཉིས་ ངེས་པ་ཅན་མིན་པར་འོག་ཏུ་སྟོན་པར་འགྱུར་རོ། །དེ་དག་གི་དོན་བསྡུ་བ་ནི། དེས་ན་ཞེས་སོགས་སོ། །རྡོ་རྗེ་འཛིན་པའི་ཞེས་སོགས་ཀྱི་དོན་ནི། ཕྱག་རྒྱ་ཆེན་མོ་དང་ཟུང་དུ་ཆུད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་དང་པོའི་སངས་རྒྱས་དེ་ཉིད། མཚན་ཡང་དག་པར་ བརྗོད་པ་ལས་གསལ་བར་བཤད་པ་ཇི་ལྟ་བ་ལྟར་འདིར་ཡང་འཆད་པས། དེའི་ཕྱིར་མཚན་ཡང་དག་པར་བརྗོད་པས་འཁྱུད་པ་ཞེས་བྱའོ་ཞེས་པའོ། །འདིར་ཇི་ལྟར་ཞེས་སོགས་གོ་སླའོ། །དེ་ལ་དོགས་པ་སྤང་བ་ནི། འདིར་འདུས་པ་ལས། ཞེས་པ་ནས། བྱེད་པ་པོ་ ཡིན་ནོ་ཞེས་པའི་བར་ཏེ། འདུས་པ་ལས། མར་མེ་མཛད་ནས་རྒྱལ་བ་ཤཱཀྱ་ཐུབ་པའི་བར་གྱི་སངས་རྒྱས་རྣམས་ཀྱིས་སྔགས་མ་བསྟན་པར་གསུངས་པ་ནི། ཡུལ་ཉི་ཚེ་བ་གངས་ཅན་ནས་འབིགས་བྱེད་ཀྱི་བར་གྱི་འཕགས་པའི་ཡུལ་ན་དུས་དེའི་ཚེ་སྔགས་ སྟོན་པའི་དངོས་ཀྱི་གདུལ་བྱ་མེད་པས་ཡུལ་དུས་དེར་མ་བསྟན་པར་གསུངས་པ་ཡིན་གྱི་སྤྱིར་སངས་རྒྱས་དེ་དག་གིས་ཀྱང་ཡུལ་དུས་གཞན་དུ་གདུལ་བྱ་གཞན་ལའང་མ་བསྟན་པ་ནི་མིན་ཏེ། ཐེག་པ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དེ་ཉིད་ནམ་ཡང་ མི་སྟོན་ན་ཐབས་ཅད་མཁྱེན་པ་མིན་པར་འགྱུར་རོ། །ཞེས་བྱ་བའོ། །དེ་དག་གི་དོན་བསྡུ་བ་ནི། དེའི་ཕྱིར་ཞེས་སོགས་སོ། །རྒྱུད་ཀྱི་རྒྱལ་པོ་ཞེས་པ་ནས། སྦས་པ་ཡིན་ནོ་ཞེས་པའི་བར་གྱི་དོན་ནི་རྒྱུད་གཞན་དུ་བཞི་པ་དེའང་དེ་བཞིན་ནོ། །ཞེས་པ་ 12-6-48a འདིས་བཞི་པ་ཞེས་པས་གསུམ་པ་ལས་གཞན་དུའང་བསྟན་ལ། དེ་བཞིན་ནོ་ཞེས་པས་གསུམ་པ་དང་ཁྱད་མེད་པར་ཡང་བསྟན་པས་སྦས་པ་ཡིན་ནོ་ཞེས་བྱ་བའོ། །རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལ་ཞེས་སོགས་ཀྱི་དོན་ནི་རྡོ་ རྗེའི་ཚིག་སྦས་པ་དེའི་དོན་ནི་བཤད་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྩ་རྒྱུད་ཀྱི་དོན་འབྱེད་པ་ལ་མཁས་པའི་བླ་མའི་མན་ངག་གིས་རྟོགས་པར་བྱའོ་ཞེས་པའོ། །དེས་ན་རྒྱུད་ནི་རྒྱུད་གཞན་དག་གིས་རྟོགས་པར་བྱ་ཞེས་པའི་དོན་དེ་ལྟར་ཡིན་གྱི། བསྡུས་ རྒྱུད་གཞན་ཐམས་ཅད་ཀྱི་དོན་རྒྱུད་འདིས་བཤད་པར་བྱ་ཞེས་པ་མིན་ནོ། །རྡོ་རྗེ་ཚིག་གིས་སྦས་པ་དེའང་ཀུན་རྫོབ་དང་། དོན་དམ་བདེན་པའི་བྱེ་བྲག་གིས་ཚུལ་གཉིས་སུ་འགྱུར་ཚུལ་ནི། སྔགས་ཀྱི་ཚུ་འདི་ལ་ཞེས་སོགས་སོ། །རྒྱུད་འདིར་དོན་དེ་དག་མ་ སྦས་པར་གསལ་བར་བཤད་པ་ཡིན་ནོ། །ཞེས་པ་ནི་དང་པོའི་སངས་རྒྱས་འདི་ལ་ཞེས་སོགས་སོ། །འདི་ཉིད་བསྒྲུབ་པ་ལ་ཞེས་པ་ནི། རྒྱུད་འདི་ལས་དེ་གསལ་བར་བསྟན་པར་བསྒྲུབ་པ་ལ། དུ་སོགས་ཀྱི་མཚན་མ་འབྱུང་བ་རྟགས་སུ་བཀོད་པ་ནས་ བསྒྲུབ་ཅེས་པ་མིན་གྱི། འོ་ན་ཅི་ཞེ་ན། རྒྱུད་འདི་ལས་བཞི་པའི་ལམ་གསལ་བར་བསྟན་ཚུལ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་དེ་ཉིད་བསྒྲུབ་པ་ལ་དེའི་རྒྱུར་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པའི་མཚན་མའི་ལམ་ མ་སྦས་པར་རབ་ཏུ་གསལ་བར་མཛད་དེ། ཚིག་ཇི་ལྟ་བུས་ན། རྩ་རྒྱུད་ལས། སྟོང་པར་ཞེས་པས་སོ། །དེས་ན་བཞི་པའི་ལམ་བླ་མའི་གསུང་འབའ་ཞིག་ལ་བལྟོས་མི་དགོས་པར་གསལ་བར་བསྟན་པ་ཡིན་ནོ་ཞེས་པ་ནི། བཅོམ་ལྡན་འདས་ 12-6-48b ཀྱི་ཞེས་སོགས་སོ། །བཞི་པའི་ལམ་འདི་ལའང་ཉིན་དང་མཚན་མོར་ཇི་ལྟར་བཤད་པ་བཞིན་དུ། མཚན་ཉིད་ལྡན་པའི་གདུལ་བྱས་བསྒོམས་ན་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་འབྱུང་བར་ཡིད་ཆེས་པའི་མཚན་མ་ཡོད་དེ། ཉི་མ་གཅིག་ནི་ཡོངས་ སུ་བརྟག ཅེས་དེ་ལྟར་བསྒོམས་ན་ཉིན་གཅིག་ལ་དུ་སོགས་ཀྱི་མཚན་མ་འཆར་བར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དེ་འདྲའི་མཚན་མ་མྱུར་བ་སྒྲུབ་ཐབས་གཞན་ལ་དཀའོ་ཞེས་པ་ནི། འདིར་ཞེས་སོགས་སོ། །དུ་སོགས་ཀྱི་ མཚན་མའི་དབྱེ་བ་ནི། མཚན་མ་ཡང་ཞེས་པ་ནས། དངོས་གྲུབ་ཐོབ་པའོ་ཞེས་པའི་བར་ཏེ། དེའང་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་བསྒྲུབ་པའི་དགོས་པ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་ཕྱག་རྒྱ་ལ་བརྟེན་ནས་བསྒྲུབ་པའི་ཆེད་འབའ་ཞིག་ཡིན་ ལ། བདེ་བ་དེ་བསྒྲུབ་པའི་དགོས་པའང་ཡུལ་ཅན་བདེ་བ་ཁྱད་པར་བདེ་ཡུལ་ཆོས་ཉིད་སྟོང་པ་ཉིད་དང་སྦྱར་ནས་བསྒོམས་ན། སྟོང་ཉིད་སྒོམ་པ་པོའི་བློའི་ཁྱད་པར་གྱིས་ཤེས་སྒྲིབ་སྤོང་བ་ལ་ནུས་པ་མཐུ་ཅན་དུ་གྱུར་ཏེ་མྱུར་དུ་རྡོ་རྗེ་འཆང་གི་གོ་ འཕང་འཐོབ་པར་བྱ་བའི་ཆེད་ཡིན་ནོ། །དེ་ལ་སྦྱོར་བ་ཡན་ལག་དྲུག་གི་ཡན་ལག་དང་པོ་བཞི་ནི་གཙོ་བོར་གཟུགས་བསྒྲུབ་པ་ཡིན་ལ། དེས་བསྒྲུབས་པའི་སྟོང་གཟུགས་ཁྱད་པར་བའི་ཕྱག་རྒྱ་ཆེན་མོ་དེ་ནི་རྗེས་དྲན་གྱི་སྐབས་སུ་འགྲུབ་ལ། དེ་ གྲུབ་པ་ན་ཕྱག་རྒྱ་དེ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་མ་ཉི་ཁྲི་ཆིག་སྟོང་རིམ་བཞིན་ཐོབ་ནས། ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིམ་བཞིན་འགགས་པའི་མགོ་ཏིང་ངེ་འཛིན་གྱི་ཡན་ལག་ནས་རྩོམ་པ་ཡིན་ནོ། །དེ་ལ་ 12-6-49a མི་འགྱུར་བའི་བདེ་བ་ཁྱད་པར་བ་དེ་སྐད་ཅིག་དང་པོ་ཐོབ་པ་ནས་དབུགས་སྟོང་བརྒྱད་བརྒྱ་འགགས་པའི་བར་ནི་མོས་པ་སྤྱོད་པའི་ས་སྟེ། དེ་དག་གི་སྐབས་ཀྱི་སྟོང་གཟུགས་ཁྱད་པར་བ་ནི་མཚན་མ་དང་པོའོ། །དེ་ནས་ ས་བཅུ་གཅིག་ལ། ས་རེ་རེར་ཡང་དབུགས་སྟོང་བརྒྱད་བརྒྱ་རེ་འགགས་པའི་སྐབས་ཀྱི་སྟོང་གཟུགས་ཁྱད་པར་བ་ནི་མཚན་མ་བར་པའོ། །མི་འགྱུར་བའི་བདེ་བ་སྐད་ཅིག་མ་གསུམ་གྱིས་ཆིག་སྟོང་དྲུག་བརྒྱ་རྫོགས་པ་ས་བཅུ་གཉིས་པའི་སྐབས་ཀྱི་སྟོང་ གཟུགས་ཀྱི་སྣ་ཚོགས་ཡུམ་ལྟ་བུ་ནི་མཚན་མ་ཐ་མའོ། །ཞེས་བྱ་བའོ། །འདིར་མཚན་མ་ནི་མཚོན་བྱེད་ཀྱི་རྟགས་ལ་བྱའོ། །རྡོ་རྗེའི་ཚིག་ཅེས་པ་ནས། མངོན་དུ་གྱུར་པའོ་ཞེས་པའི་བར་ནི། དེ་དག་གི་དོན་བསྡུ་བའོ། །སངས་རྒྱས་རིན་ཆེན་ཞེས་སོགས་ ལ། རྡོ་རྗེ་དང་པདྨ་ཨེ་ཝཾ་གྱི་དོན་ལ་འཆད་པ་ནི། ཟ་མ་ཏོག་གི་མིང་ཅན་གྱི་སྣོད་དང་། དེའི་ནང་གི་རིན་ཆེན་ཁྱད་མེད་དུ་འགྱུར་བས། སྟོང་གཟུགས་ཕྱག་རྒྱ་དང་མཉམ་པར་སྦྱར་བའི་གསང་བའི་རྡོ་རྗེ་པདྨ་ལ་བྱའོ། །ད་ནི་བརྗོད་བྱའི་ཁྱད་པར་རྣམས་ ལམ་བསྒོམ་པའི་སྣོད་རུང་དུ་བྱེད་པའི་དབང་དང་། སྣོད་དུ་གྱུར་ནས་བསྒོམ་པར་བྱ་བའི་ལམ་རིམ་པ་གཉིས་དང་། ལམ་དེ་གཉིས་བསྒོམས་པས་ཐོབ་པར་བྱ་བའི་འབྲས་བུ་དངོས་གྲུབ་གཉིས་རྣམས་སུ་བསྡུས་ནས་འཆད་དོ། །དེ་ལ་ འཇུག་པའི་རིམ་པ་ཐོག་མར་དབང་ནས་ཡིན་ཀྱང་། འདིར་བཤད་པའི་རིམ་པས་ཐོག་མར་བསྒོམ་བྱའི་ལམ་གཉིས་འཆད་པ་ནི། འཇིག་རྟེན་དང་ཞེས་པ་ནས། བསྟན་པའི་ཕྱིར་རོ་ཞེས་པའི་བར་ཏེ། དེའང་རྫོགས་རིམ་གྱི་སྐབས་སུ་ 12-6-49b འདོད་ལྷ་ཡབ་ཡུམ་གྱི་རྣམ་པར་རྟོག་པས་བཏགས་ནས་བསྒོམ་པ་ཙམ་མིན་པར་དངོས་པོ་ལའང་དེར་ཤར་བ་ཞིག་འོང་དགོས་པས་རྫོགས་རིམ་གྱི་དེ་འདྲའི་སྐབས་སུ་ལྷའི་ཞལ་ཕྱག་དང་ཁ་དོག་དབྱིབས་སོགས་སུ་རྟོག་པས་བཏགས་ནས་བསྒོམ་པ་ དགག་པའི་ཕྱིར་དུ། ཁ་དོག་དང་དབྱིབས་ཀྱི་རྟོག་པ་དང་བྲལ་བ་ཞེས་རྟོག་པ་སྨོས་སོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་སོགས་ཀྱི་དོན་ནི། གཞི་དུས་ཀྱི་ཕུང་སོགས་རྣམས་བསྐྱེད་རིམ་དང་རྫོགས་རིམ་པའི་རིམ་པས་བྱང་ཆུབ་ལྔ་པོ་འདི་རྣམས་ཀྱི་སྒོ་ནས་ སྒྲིབ་བྲལ་དུ་ཡོངས་སུ་དག་པར་བྱེད་དོ། །ཞེས་བྱ་བའོ། །སྐུ་བཞི་དང་ཞེས་སོགས་ནི་བཤད་བྱ་དགོས་པའོ། །དེ་འཆད་པ་ལ་སྐུ་བཞི་ནི་ཞེས་སོགས་ཀྱི་དོན་ནི། སྐུ་བཞི་ལ་གཞི་དུས་དང་འབྲས་དུས་གཉིས་ལས། གཞི་དུས་ཀྱི་སྐུ་བཞི་ནི། གནས་སྐབས་བཞི་ བསྐྱེད་པའི་ཐིག་ལེ་བཞི་ལ་སྐུ་བཞིར་ཐ་སྙད་བྱེད་ཅིང་། འབྲས་དུས་སུ་ཐིག་ལེ་བཞི་པོ་སྒྲིབ་བྲལ་དུ་གྱུར་པ་ལ་སྐུ་བཞིར་འཇིག་གོ་ཞེས་བྱ་བའོ། །རིགས་དྲུག་ནི་གཞི་དུས་ཀྱི་སྒྲིབ་བཅས་ཀྱི་ཁམས་དྲུག་དང་། འབྲས་དུས་ཀྱི་སྒྲིབ་བྲལ་གྱི་ཁམས་དྲུག་གོ ། བདེན་པ་རྣམ་པ་བཅུ་གཉིས་ནི། ཡན་ལག་བཅུ་གཉིས་ཡིན་ལ། དེ་ལའང་གཉིས་ལས། གཞི་དུས་ཀྱི་ཡན་ལག་བཅུ་གཉིས་ནི། མ་རིག་པ་ལ་སོགས་བཅུ་གཉིས་དང་། རླུང་འཕོ་བ་བཅུ་གཉིས་ཡིན་ལ། འབྲས་དུས་ཀྱི་ཡན་ལག་བཅུ་གཉིས་ནི། མ་ རིག་པ་འགགས་པ་སོགས་བཅུ་གཉིས་དང་། འཕོ་བ་བཅུ་གཉིས་འགགས་པའོ། །ཞེས་བྱ་བ་ཡིན་གྱི། འབྲས་བུའི་སྐབས་སུ་སྒྲིབ་བྲལ་གྱི་མ་རིག་པ་དང་ཞེས་སོགས་སུ་སྦྱར་བྱ་མིན་ཏེ། སྒྲིབ་པ་དང་བྲལ་བའི་སྒྲིབ་པ་མི་སྲིད་པའི་ཕྱིར་དང་། ཡན་ 12-6-50a ལག་བཅུ་གཉིས་འགགས་པའི་ཕྱིར། སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བྲལ་བའོ། །ཞེས་གསུངས་པས་སོ། །དེ་ཁོ་ན་ཉིད་བཅུ་དྲུག་ནི། ལྷན་ཅིག་སྐྱེས་པའི་དབྱེ་བས། ཞེས་པའི་བར་ཏེ། མདོར་ན་དགའ་བ་བཅུ་དྲུག་ཡིན་ ལ། དེའང་མངལ་སྐྱེས་རྣམས་ཀྱི་གཞི་དུས་ཀྱི་དེ་ཁོ་ན་ཉིད་ནི། སྒྲིབ་པ་དང་བཅས་པ་ཡིན་ཏེ། བཅུ་དྲུག་ཕྱེད་ཕྱེད་ཅེས་པ་དགའ་བ་བཞི་པོ་རེ་རེ་ལའང་ཁམས་འབབ་པའི་གནས་ཀྱི་དབྱེ་བས། སྐུའི་དགའ་བ་གསུང་གི་དགའ་བ། ཞེས་སོགས་བཞི་བཞིར་ ཕྱེ་བའི་སྐབས་སུ་ཐིག་ལེ་འདོར་བའམ་འཛག་པའི་ཕྱིར་རོ། །སངས་རྒྱས་རྣམས་ནི་སྒྲིབ་པ་དང་བྲ་བ་ཡིན་ཏེ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པ་སྟེ། དགའ་བ་བཅུ་དྲུག་གི་འཛག་པའི་དྲི་མ་སྤངས་པ་ཉིད་ཀྱི་ཕྱིར་རོ། །སྟོང་པ་ཉིད་བཅུ་དྲུག་པོ་རྣམས་ ནི་ཞིབ་པར་འོག་ཏུ་བཤད་པར་བྱའོ། །སྙིང་རྗེ་བཅུ་དྲུག་བཤད་པ་ནི། སྟོང་པ་ཉིད་ལྔ་ཚན་གསུམ་རེ་རེའང་རིམ་པ་བཞིན་ཕུང་པོ་ལྔ། ཁམས་ལྔ། དབང་པོ་ལྔ་དང་སྦྱར་བ། དེ་བཞིན་དུ་སྙིང་རྗེའང་དེ་ལྟར་སྦྱར་བ་ལྔ་ཚན་རྣམ་པ་གསུམ་སྟེ། སེམས་ཅན་ ལ་དམིགས་པ་ལྔ་དང་། ཆོས་ལ་དམིགས་པ་ལྔ་དང་། དམིགས་པ་མེད་པ་ལྔའོ། །དེ་ལ་ཞེས་སོགས་ལྔ་ཚན་གསུམ་པོ་དེ་རིམ་བཞིན་དཀར་ཕྱོགས་ཀྱི་ཚེས་བཅོ་ལྔ་དང་སྦྱར་བའོ། །དེ་ལ་ཁ་ཅིག སེམས་ཅན་ལ་དམིགས་པ་ནི། ལས་རྒྱ་ལ་བརྟེན་ པ་དང་། ཆོས་ལ་དམིགས་པ་ཡེ་རྒྱ་དང་། དམིགས་མེད་ནི་ཕྱག་རྒྱ་ཆེན་ལ་བརྟེན་པའི་བདེ་བའོ། །ཞེས་འཆད་ཀྱང་། ཕྱག་རྒྱ་ཆེན་མོ་ཉིད་ཀྱི་བདེ་བ་ལའང་སྙིང་རྗེ་བཅུ་དྲུག་ཏུ་དབྱེར་ཡོད་པས་མི་འཐད་དོ། །རང་ལུགས་ནི། ཐུན་མོང་གི་སྙིང་རྗེ་ལ་ཕྱེ་ 12-6-50b བའི་སེམས་ཅན་ལ་དམིགས་པ་ལ་སོགས་གསུམ་ནི། རིམ་བཞིན་སྙིང་རྗེ་ཆུང་འབྲིང་ཆེ་གསུམ་ཡིན་ཞིང་། འདིར་ཡང་ལྔ་ཚན་གསུམ་རིམ་བཞིན་བདེ་བ་ཆུང་འབྲིང་ཆེ་གསུམ་ཡིན་པས། དེ་ཙམ་ཞིག་འདྲ་བའི་ཆ་ནས་དེ་ལྟར་ཐ་སྙད་བྱས་པའོ། །དེའང་ ཕྱི་རོལ་ན་དཀར་ཕྱོགས་ཀྱི་ཚེས་བཅོ་ལྔ་པ་དང་། ནག་ཕྱོགས་ཀྱི་ཚེས་གཅིག་གི་བར་ན་བཅུ་དྲུག་པའི་ཆ་གཞན་མེད་ལ། དེ་བཞིན་དུ་ནག་ཕྱོགས་ཀྱི་བཅོ་ལྔ་པ་གནམ་སྟོང་རྫོགས་ནས། དཀར་ཕྱོགས་ཀྱི་ཚེས་གཅིག་མ་ཞུགས་པའི་བར་ན་བཅུ་དྲུག་ པའི་ཆ་གཞན་མེད་དེ། དེ་འདྲ་ཡོད་ན་ཟླ་བ་གཅིག་ལ་ཚེས་ཞག་སོ་གཉིས་ཡོད་པར་འགྱུར་རོ། །འོན་ཀྱང་ནང་གི་དཀར་ཕྱོགས་ཀྱི་ཆ་བཅོ་ལྔ་པ་དང་། ནང་ཕྱོགས་ཀྱི་ཆ་དང་པོའི་བར་ན། ཆ་བཅུ་དྲུག་པ་དངོས་གནས་ལའང་ཡོད་ཅིང་། དེ་བཞིན་དུ་ ནང་གི་ནག་པོའི་ཆ་བཅོ་ལྔ་པ་དང་། དཀར་པའི་ཚེས་གཅིག་གི་བར་ནའང་ཆ་བཅུ་དྲུག་པ་དངོས་གནས་ལ་ཡོད་པས། ནང་གི་དེ་མཚོན་བྱེད་དུ་ཕྱིའི་ལའང་ཆ་བཅུ་དྲུག་པའི་ཐ་སྙད་བྱས་པ་ཙམ་ཡིན་ནོ། །དེ་ལྟར་ཡིན་པ་ལ། འདིར་སྟོང་པ་ཉིད་དང་སྙིང་ རྗེ་བཅུ་དྲུག་པ་ནི། ནང་གི་ཆ་བཅུ་དྲུག་པ་གཉིས་དང་རིམ་བཞིན་སྦྱར་ཞིང་། ཕྱིའི་ཚེས་ཀྱི་ཆ་བཅུ་དྲུག་པ་གཉིས་སུ་ཐ་སྙད་བྱས་པ་དག་དང་སྦྱར་བའོ། །དེ་ལྟ་བུའི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་ཉིད་བརྗོད་བྱ་ཡིན་ནོ། །ཞེས་པ་ནི། འདི་དག་ཅེས་སོགས་ སོ། །ལམ་དེ་བསྒོམ་པའི་སྣོད་རུང་དུ་བྱེད་པའི་དབང་བསྐུར་བ་ནི། འཇིག་རྟེན་པ་དང་ཞེས་པ་ནས། སྦྱོང་བར་བྱེད་པའོ། །ཞེས་པའི་བར་དེ་འོག་ཏུ་འཆད་དོ། དབང་ཐོབ་ནས་ལམ་རིམ་གཉིས་བསྒོམས་པའི་འབྲས་བུ་དངོས་གྲུབ་གཉིས་ནི། ལས་ 12-6-51a དང་ཞེས་པ་ནས། སངས་རྒྱས་སོ་ཞེས་པའི་བར་ཏེ། དེ་ལ་འདོད་པ་ན་སྤྱོད་པ་ནི། ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཐོབ་ཅེས་པའི་དོན་འཛག་པའི་བདེ་བ་ཉིད་འདོད་པ་ན་སྤྱོད་པའི་དངོས་གྲུབ་ཏུ་བྱེད་པ་མི་འཐད་དེ། འདི་ནི་ལས་ རྒྱ་ལ་བརྟེན་ནས་ཀྱང་། ཁམས་ཕྱིར་མི་འཛག་པར་སོང་བ་ན། ལས་རྒྱ་ལ་བརྟེན་ནས་ཐུན་མོང་གོ་དངོས་གྲུབ་བསྒྲུབ་པ་ལའང་བཤད་དགོས་པའི་ཕྱིར་རོ། །དེས་ན་ཕྱག་རྒྱ་ལ་བརྟེན་ནས་བསྒྲུབ་པར་བྱ་བའི་ཐུན་མོང་གི་དངོས་གྲུབ་ལ་གཉིས་ལས། འདོད་པའི་སས་བསྡུས་པ་ནི་ལས་རྒྱ་ལ་བརྟེན་ནས་འགྲུབ་ལ། གཟུགས་ཀྱི་སས་བསྡུས་པ་ཡེ་རྒྱ་ལ་བརྟེན་ནས་འགྲུབ་ཅེས་བྱ་བའི་དོན་ནོ། །དེ་ལྟར་བརྗོད་པའི་རིམ་པས་ཞེས་པ་ནས། མ་ཡིན་ནོ་ཞེས་བའི་བར་ནི་སྔར་བཤད་རྣམས་ཀྱི་དོན་བསྡུས་ པའོ། །གཉིས་པ་བསྡུས་པའི་རྒྱུད་དང་། དེའི་འགྲེལ་པ་དང་། དེ་འཆད་པ་པོ་ལ་སོགས་པ་ལུང་བསྟན་པའི་ཚུལ་རྒྱས་པར་འཆད་པ་ནི། མཆོག་གི་དང་པོའི་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་ རྒྱུད་ཀྱི་རྒྱལ་པོ་ཞེས་པ་ལ་སོགས་པའོ།། མདོར་བསྡུས་གཉིས་པའི་དཀའ་བའི་གནས་རྣམ་པར་བཤད་པའོ།། །།ད་ནི་མདོར་བསྡུས་གསུམ་པ་བཤད་པར་བྱ་སྟེ། དེ་ལ་བཤད་པར་དམ་བཅའ་བ་བརྗོད་པ་ནི། ད་ནི་འདིར་ ཞེས་པ་ལ་སོགས་པའོ། །དེའི་འོག་ཏུ་མདོར་བསྡུས་དངོས་བཤད་པ་ལ། སྔ་མ་དང་ཕྱི་མ་འགལ་བ་མེད་པའི་ཕྱིར་རོ། །ཞེས་པ་ཡན་ཆད་ཀྱིས་རྒྱུད་སྟོན་པ་པོ་དང་གསོལ་བ་འདེབས་པ་པོའི་འགྲེལ་པ་ལ་རྩོ་པ་སྤངས་ནས། དེ་གཉིས་ཇི་ལྟར་ 12-6-51b འགྲེལ་པའི་ཚུལ་འཆད་པར་བྱེད་ལ། ཕྱག་ན་རྡོ་རྗེའི་སྤྲུ་པའི་སྐུ་ཞེས་པ་མན་ཆད་ཀྱིས་རྩ་རྒྱུད་ཇི་ལྟར་གསུངས་པའི་ཚུལ་དང་། རྩ་རྒྱུད་ལས་སྤྲུལ་པའི་ཆོས་རྒྱལ་རྣམས་ཇི་ལྟར་ལུང་བསྟན་ཅིང་། ལུང་བསྟན་པ་ལྟར་མཛད་ཚུལ་རྣམས་འཆད་ པར་བྱེད་དོ། །དེ་ལས་རེ་ཞིག་རྩ་རྒྱུད་སྟོན་པ་པོ་དང་གསོལ་བ་འདེབས་པ་པོའི་འགྲེལ་པ་ལ་རྩོད་པ་སྤང་པ་དང་པོར་འཆད་པ་ལ། རྩོད་པ་དགོད་པ་ནི། གལ་ཏེ་ཞེས་པ་ནས། ཞེ་ན་ཞེས་པའི་བར་རོ། །དེ་ལ་སྔ་མ་དང་ཕྱི་མ་ཞེས་པའི་དོན། སྔ་མ་དཔལ་ ལྡན་འདུས་པའི་རྩ་རྒྱུད་ལྟ་བུ་དང་། ཕྱི་མ་དུས་འཁོར་གྱི་རྩ་རྒྱུད་གཉིས་འགལ་ཞེས་པ་ལ་ཁ་ཅིག་འཆད་མོད་ཀྱང་། རྒྱུད་དེ་གཉིས་སྔ་ཕྱི་དེ་ལྟར་གསུངས་པ་ལ་ཤེས་བྱེད་མེད་ཅིང་། སྐབས་སུ་མ་བབ་བོ། །དེས་ན་རང་ལུགས་ནི། སྟེན་པ་ པོ་ལ་བཞག་པའི་སྔ་ཕྱི། རྩ་རྒྱུད་སྟོན་པ་པོ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ནི་ཕྱི་མ་དང་དེ་སྤྲུལ་པ་པོ་ནི་སྔ་མ་ཡིན་ལ། འོན་ཀྱང་དེ་གཉིས་འགལ་བར་རྩོད་པ་མིན་ཞིང་། ཤཱཀ་ཐུབ་རྒྱུད་སྟོན་པ་པོར་འགྲེལ་པ་ཕ་རོལ་པོས་ཁས་བླངས་ནས་རྒོལ་བ་ ཡིན་པས། འདིར་དེ་འདྲའི་སྔ་ཕྱི་ལའང་མི་བྱའི། རྒྱུད་ཞུ་བ་པོ་ལ་བཞག་པའི་སྔ་ཕྱི། སྤྲུལ་པ་པོ་ཕྱག་རྡོར་སྔ་མ་དང་། དེས་སྤྲུལ་པའི་ཟླ་བཟང་ཕྱི་མ་ཡིན་ལ། འདིའི་སྔ་ཕྱི་ནི་དེ་ཉིད་ལ་བྱ་ཞིང་། དེའང་དོན་ལ་དེ་ལྟར་ཡིན་ཀྱང་། ཕ་རོལ་ པོས་ཕྱག་རྡོར་སྤྲུལ་པ་པོ་དང་། ཟླ་བཟང་དེས་སྤྲུལ་པ་ཡིན་པར་མ་ངེས་པར་རྩོད་པ་ཡིན་གྱི། དེས་ན་ཕྱག་རྡོར་རྒྱུད་ཞུ་བ་པོར་འཐད་པ་ཕ་རོལ་པོ་རང་ཡང་ཁས་ལེན་པ་རྩོད་དོན་མེད་དོ། །དེའི་ཕྱིར་དེ་གཉིས་སྔ་ཕྱིར་དེ་ལྟར་མ་ཤེས་ 12-6-52a པའི་རྩོད་པ་འབྱུང་སྟེ་ཞེས་པ་ནི། སྔ་མ་དང་ཕྱི་མར་རྒྱུད་ཀྱི་འགྲེལ་བཤད་མ་ཐོས་པའི་ཚིག་འབྱུང་བར་འགྱུར་ཏེ། ཞེས་པའོ། །རྩོད་པ་ཇི་ལྟ་བུ་ཞེ་ན། རྒྱལ་པོ་ཟླ་བཟང་རྒྱུད་ཞུ་བ་པོར་མི་རིགས་ཏེ། ལྷ་མོ་རྣམ་པར་ རྒྱལ་མའི་མངལ་ནས་བྱུང་བའི་མངལ་སྐྱེས་ཡིན་པའི་ཕྱིར། དེས་ན་ཕྱག་ན་རྡོ་རྗེ་ནི་རྒྱུད་ཕལ་ཆེ་བ་སྡུད་པ་པོ་དང་། གསོལ་བ་འདེབས་པ་པོ་ཡིན་པ་བཞིན་དུ་འདིར་ཡང་རིགས་ཀྱི། ཟླ་བ་བཟང་པོ་ནི་རྒྱུད་གཞན་གང་དུའང་གསོལ་བ་འདེབས་པ་པོར་ མ་ཐོས་ཤིང་། རྒྱུད་ཀྱི་གསོལ་བ་འདེབས་པ་པོར་འགྱུར་བར་ལུང་བསྟན་པའང་མེད་པས་དེའི་ཕྱིར་ཡང་ཞུ་བ་པོར་མི་རིགས་སོ། །ཞེས་པ་ནི། རྡོ་རྗེ་ཐེག་པ་འདི་ལ་ཞེས་སོགས་སོ། །གཉིས་པ་དེའི་ལན་ནི། འོ་ན་མངལ་སྐྱེས་ཡིན་པས་སྔགས་ ཀྱི་ཐེག་པ་ལ་རྒྱུད་ཞུ་བ་པོར་མི་རིགས་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའང་རྒྱུད་གསུང་བ་པོར་མི་རིགས་པར་ཐལ། ལྷ་མོ་སྒྱུ་འཕྲུལ་གྱི་མངལ་ནས་བྱུང་བའི་མངལ་སྐྱེས་ཡིན་པའི་ཕྱིར། ཞེས་པ་ནི་དེའི་ཕྱིར་བརྗོད་པར་བྱ་སྟེ། ཞེས་པ་ནས། གང་གི་ཕྱིར་བཅོམ་ལྡན་འདས་ཀྱང་མངལ་ནས་བྱུང་བ་ཉིད་ཡིན་པའི་ཕྱིར། ཞེས་པའི་བར་གྱིས་མདོར་བསྟན་ཅིང་། དེའི་འོག་གི་མངལ་ནས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །ཞེས་པའི་བར་གྱིས་རྒྱས་པར་བཤད་དོ། །དེ་ལ་ཕ་རོལ་པོས་མི་མཚུངས་ པའི་ལན་སྨྲ་བའི་ཚུལ་ནི། ཡང་འགའ་ཞིག་ཅེས་པ་ནས། ཞེས་པའི་བར་ཏེ། དེའང་དེ་གཉིས་མི་མཚུངས་ཏེ། བཅོམ་ལྡན་འདས་མངལ་ནས་བྱུང་ཡང་། དེའི་རྗེས་སུ་བདུད་བཅོམ་པ་སྔོན་དུ་བཏང་སྟེ། བྱང་ཆུབ་བརྙེས་པར་བྱས་ནས་གདོད་ཆོས་ 12-6-52b འཁོར་བསྐོར་བ་ཡིན་ལ། ཟླ་བཟང་གིས་མངལ་ནས་བྱུང་ནས། རྒྱུད་སྡུད་པའི་གོང་དུ་བདུད་བཅོམ་པ་མེད་པས་སོ། །ཞེས་བྱ་བའོ། །དེའང་ཕ་རོལ་པོའི་བསམ་ཚོད་ནི། སྟོན་པ་ཤཱཀྱ་ཐུབ་པས་བདུད་བཅོམ་པ་ནི། འཕགས་ཡུལ་དུ་མཛད་པ་བཅུ་གཉིས་བསྟན་པའི་ཡ་གྱལ་ གྱི་བདུད་བཅོམ་པ་དེ་ཉིད་ཡིན་གྱི་དེ་གོང་དུ་བདུད་མ་བཅོམ་ལ། འཚང་རྒྱ་བའང་དེའི་རྗེས་སུ་ཐོ་རངས་སངས་རྒྱས་པའི་མཛད་པ་བསྟན་པ་དེ་ཉིད་སྔར་སངས་མ་རྒྱས་པ་གསར་དུ་སངས་རྒྱས་པ་ཡིན་པར་ཁས་བླངས་ལ། དེས་ན་བདུད་བཅོམ་པ་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་དམག་ལ་སོགས་ཕྱི་ རོལ་གྱི་བདུད་བཅོམ་པ་ཉི་ཚེ་བ་ལ་བཟུང་བའོ། །དེ་དགག་པ་ནི། མི་ཚུངས་པའི་སྒྲུབ་བྱེད་དུ་སྟོན་པས་བདུད་བཅོམ་ནས་སངས་རྒྱས་པའི་ཕྱིར། ཞེས་སྨྲས་པའི་ཚིག་ལས་ནི། བདུད་བཅོམ་པ་དང་དེའི་རྗེས་སུ་སངས་རྒྱས་པ་གཉིས་ཤིན་ཏུ་འགལ་ བ་སྟེ། དེས་དེ་མི་མཚུངས་པའི་སྒྲུབ་བྱེད་དུ་མི་འཐད་དེ། རྟགས་རང་ཉིས་མ་གྲུབ་པ་ཡིན་པས་བསྒྲུབ་བྱ་གཞན་གྱི་སྒྲུ་བྱེད་ཡང་དག་མིན་པའི་ཕྱིར་རོ། །ཁ་ཅིག་རང་ཉིད་སངས་རྒྱས་སུ་མ་གྲུབ་པར་གཞན་ཤེས་བྱ་ཐམས་ཅད་མཁྱེན་ཏེ་ཆོས་སྟོན་པ་ པོ་སོགས་ཀྱི་སྒྲུབ་བྱེད་མ་ཡིན་པའི་ཕྱིར། ཞེས་འཆད་པ་ནི། ཚིག་དོན་ལ་མ་ཞུགས་ཤིང་། འོག་གི་འདིར་ཞེས་སོགས་དང་མ་འབྲེལ་ལོ། །བདུད་བཅོམ་པ་དང་དེའི་རྗེས་སུ་སངས་རྒྱས་པ་གཉིས་འགལ་བའི་རྒྱུ་མཚན་ཅི་ཞེ་ན། དེ་འཆད་པ་ནི། འདིར་ནས་མི་ཕྱེད་དོའི་བར་ཏེ། དེ་གཉིས་འགལ་བར་ཐལ། སངས་རྒྱས་མིན་པའི་བདུད་མ་ལུས་པར་བཅོམ་པའི་གང་ཟང་ལྷ་ལ་སོགས་པའི་རིགས་གང་ཡང་མི་སྲིད་པའི་ཕྱིར་ཞེས་པའོ། །ཁོ་ན་རེ། འོ་ན་དེ་ལྟར་མི་སྨྲའི། སངས་རྒྱས་ 12-6-53a ནས་བདུད་བཅོམ་པར་སྨྲའོ་ཞེ་ན། དང་པོར་ནས། ཕྱིར་རོ་ཞེས་པའི་བར་ཏེ། སངས་རྒྱས་ནས་དེའི་རྗེས་སུ་བདུད་བཅོམ་པའང་མི་རིགས་པར་ཐལ། སངས་རྒྱས་ནས་སྒྲིབ་པ་མེད་པའམ་སྤངས་འས་ཁྱབ་པའི་ཕྱིར། ད་གདོད་ བདུད་འཇོམས་དགོས་ན་སྒྲིབ་པའང་ད་གདོད་སངས་རྒྱས་ཟིན་པའི་རྗེ་སུ་སྤང་དགོས་པར་འགྱུར་ལ། དེ་ལྟ་ན་སྒྲིབ་པ་མ་སྤངས་ཤིང་སངས་རྒྱས་ཡིན་པ་ཡོད་པར་འགྱུར་རོ། །ཞེས་བྱ་བའོ། །གལ་ཏེ་སངས་རྒྱས་པ་དང་བདུད་འཇོམས་པའི་བྱ་བ་ བྱེད་པ་དུས་མཉམ་པ་ཡིན་ནོ་ཞེ་ན། སངས་རྒྱས་པ་དང་བདུད་འཇོམས་པའི་བྱ་བ་ཅིག་ཅར་ཡང་མི་བྱེད་དེ། གང་གི་ཚེ་ད་དུང་བཅོམ་པར་བྱ་བའི་བདུད་ཡོད་པ་དེའི་ཚེ་སངས་རྒྱས་ཉིད་མིན་ཏེ། བདུད་ཡོད་ན་སེམས་སྒྲིབ་པ་དང་བཅས་པ་ཡིན་དགོས་པའི་ ཕྱིར་རོ། །གང་གི་ཚེ་སངས་རྒྱས་ཉིད་ཡིན་པ་དེའི་ཚེ། ད་དུང་བཅོམ་དགོས་པའི་བདུད་མེད་དེ། སངས་རྒྱས་ཡིན་ན་སེམས་སྒྲིབ་པ་དང་བྲལ་ཟིན་པས་ཁྱབ་པའི་ཕྱིར་རོ། །ཞེས་པའི་ཕྱོགས་སམ་བརྟག་པ་གསུམ་པོ་འདི་ལས་གཞན་དུ་འགྱུར་བ་ཅི་ ཞིག་ཡོད། དེས་ན་བཅོམ་ལྡན་འདས་ནི་ལྷ་མོ་སྒྱུ་འཕྲུལ་གྱི་མངལ་ནས་འབྱུང་བའི་ཚེ། སངས་རྒྱས་ཟིན་པ་ཡིན་གྱི། དེའི་ཕྱིས་ད་གདོད་སངས་རྒྱས་པ་མིན་ཏེ། མངལ་ནས་འབྱུང་བའི་དུས་ཉིད་ནས་འཁོར་ལོས་སྒྱུར་རྒྱལ་ལས་ཀྱང་ཆེས་ གསལ་ཞིང་རྫོགས་པའི་མཚན་དཔེ་དང་མངོན་ཤེས་དྲུག་ཁ་དང་ལྡན་ཞིང་། སངས་རྒྱས་མ་གཏོགས་གཞན་དུའང་དེ་ལྟ་བུ་འཛམ་གླིང་ནས་ཀྱི་ས་འདིར་ཡང་མི་སྲིད་ན་གཞན་དུ་སྲིད་པ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར། ཞེས་སྟོན་པ་ནི། ལས་ཀྱི་ས་ 12-6-53b འདིར་ཞེས་སོགས་སོ། །འོ་ན་བདུད་འཇོམས་པའི་ཚུལ་ཁྱོད་རང་ཇི་ལྟར་འདོད་ཅེ་ན། མཛད་པ་བཅུ་གཉིས་བསྟན་པའི་དུས་ཀྱི་ལྷའི་བུའི་དམག་ལྟ་བུ་ཕྱི་རོལ་གྱི་བདུད་བཅོམ་པ་ཁོ་ན་བདུད་བཅོམ་པའི་དོན་དུ་ཁས་བླངས་ན། གོང་དུ་བཤད་པའི་བརྟག་པ་གསུམ་པོ་ དེ་གང་རུང་ཞིག་ལས་ཁས་བླངས་པ་མེད་ཅིང་། གསུམ་པོ་གང་ཡང་མི་འཐད་པ་དེའི་ཕྱིར། བདུད་ཅེས་བྱ་བ་ནི་ཕྱིར་རོལ་གྱི་མིན་གྱི་སེམས་ཅན་གྱི་འཁོར་བའི་བག་ཆགས་ཀྱི་སེམས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བ་ནི། འཁོར་བའི་བག་ཆགས་དང་ བྲལ་བའི་སེམས་སོ། །འོ་ན་ཕྱི་རོལ་གྱི་བདུད་བཅོམ་པ་ཁོ་ན་བདུད་འཇོགས་པའི་དོན་དུ་བྱས་ན་གོང་གི་བརྟག་པ་གསུམ་པོ་དེར་ཁ་ཚོན་ཆོད་ནས་བདུད་འཇོམས་ཚུལ་གཞན་བྱས་མེད་ལ། སེམས་ཀྱི་དྲི་མ་ལ་བདུད་དུ་བྱས་ན་བདུད་འཇོམས་ཚུལ་གོང་གི་ གསུམ་པོ་དེ་ལས་གཞན་བྱ་ས་ཡོད་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། མངོན་པ་ཀུན་ལས་བཏུས་ལས། གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོའི་རྣམ་པ་དེ་སྐྱེ་བ་དང་། གནས་ངན་ལེན་གྱི་རྣམ་པ་དེ་འགག་པ་ནི་མཉམ་པས་མཉམ་པ་སྟེ། དཔེར་ན་ སྣང་བ་དང་མུན་པ་འབྱུང་བ་དང་འགག་པ་བཞིན་ནོ། །ཞེས་གསུངས་པ་ལྟར་སྤང་བྱ་སེམས་ཀྱི་དྲི་མ་གང་འགག་པ་ལ་མངོན་དུ་ཕྱོགས་པ་དང་། དེའི་གཉེན་པོ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་གཉིས་དུས་མཉམ་ལ། སེམས་ཀྱི་དྲི་མ་ གང་ཞིག་འགག་པ་དང་། དེའི་གཉེན་པོར་བར་ཆད་མེད་ལམ་སྐྱེས་པ་དུས་མཉམ་པར་གསུངས་པ་ལྟར། ནང་གི་བདུད་སེམས་ཀྱི་དྲི་མའི་བག་ཆགས་མ་ལུས་པར་འགག་པ་ལ་མངོན་དུ་ཕྱོགས་པ་དང་། འཚང་རྒྱ་བ་ལ་མངོན་དུ་ཕྱོགས་པ་དུས་ 12-6-54a མཉམ་ལ། སངས་རྒྱས་དང་བདུད་བཅོམ་པ་དུས་མཉམ་པ་ཡིན་ཞིང་། ཚུལ་འདི་ནང་ལ་རུང་ཡང་ཕྱིའི་བདུད་ཁོ་ན་ལ་བྱས་ན་མི་རུང་སྟེ། སྲོད་ལ་ལྷའི་དམག་ཚོགས་ཀྱི་བདུད་འདུལ་བའི་མཛད་པ་བསྟན་པ་དེ་ཁོ་ན་ ལ་བདུད་འདུལ་བའི་དོན་དུ་བྱས་ན། དེའི་ཐོ་རངས་སངས་རྒྱས་པའི་མཛད་པ་བསྟན་པ་ཉིད་སངས་རྒྱས་པའི་དོན་དུ་བྱེད་དགོས་པས་སོ། །གནས་ངན་ལེན་དམིགས་རྣམ་མི་འཛིན་པས། དེ་ལམ་ད་ལྟ་བ་དང་རྒྱུད་གཅིག་ལ་མཉམ་དུ་འཇུག་པ་ཀུན་ལས་ བཏུས་ཀྱི་གཞུང་དེའི་དོན་དུ་སྨྲ་བ་ནི། སྣང་མུན་གྱི་དཔེ་ལ་མ་བརྟགས་པ་ཡིན་ཞིང་། སྤང་གཉེན་འབྱུང་བ་དང་འགག་པ་དུས་མཉམ་པར་དངོས་སུ་གསུངས་པས་གནོད་དོ། །སངས་རྒྱས་པའི་སེམས་དྲི་མ་ཐམས་ཅད་དང་བྲལ་བ་དེ་ལྟར་ཡང་། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སངས་རྒྱས་པའི་སེམས་གང་ཞིག་འོད་གསལ་བར་ཡོད་པའི་སེམས་དེ་ནི་དྲི་མ་དང་བཅས་པའི་སེམས་མ་ཡིན་ནོ། །ཞེས་རང་བཞིན་གྱིས་འོད་གསལ་བར་གསུངས་ཏེ། དེ་ལྟར་གསུངས་པའི་འོད་གསལ་བ་དེ་ཉིད་ནི་རང་ བཞིན་རྣམ་དག་ཙམ་མིན་གྱི་གློ་བུར་གྱི་འཁོར་བའི་བག་ཆགས་དང་བྲལ་བའི་སེམས་སོ། །དེ་དག་གི་དོན་བསྡུ་བ་ནི། དེའི་ཕྱིར་ཞེས་སོགས་སོ། །འོ་ན་བདུད་དེའི་གོང་དུ་བཅོམ་ཟིན་ན་མཛད་པ་བཅུ་གཉིས་ཀྱི་ཡ་གྱལ་གྱི་ཕྱི་རོལ་གྱི་བདུད་བཅོམ་པ་དེ་ཇི་ལྟ་ བུ་ཞིག་ཡིན་ཞེ་ན། འདིར་ཕྱི་རོལ་ཏུ་སངས་རྒྱས་ཀྱིས་བདུད་བཅོམ་པ་གང་ཡིན་པ་དེ་ནི། གདུལ་བྱའི་ངོར་ཚུལ་བསྟན་པ་ཙམ་ཡིན་པས་རྨི་ལམ་བཞིན་དུ་གདུལ་བྱའི་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་སྣང་ཙམ་ཡིན་ནོ། །དོན་དམ་ 12-6-54b པར་ཏེ། གདུལ་བྱའི་ངོར་ཚུལ་བསྟན་པ་ཙམ་མིན་པའི་དངོས་པོ་ལ་དེ་བཞིན་གཤེགས་པའི་ཐུགས་དྲི་མ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ནི་རྒྱས་པར་ལེའུ་ལྔ་པའི་བརྗོད་པར་བྱའོ། །འོ་ན་སྔོན་དུ་སངས་རྒྱས་ཟིན་ནས་སླར་ཡང་འཁོར་བར་མངལ་དུ་ འཇུག་པ་ལ་སོགས་པ་སྟོན་པ་ཅི་ཞེ་ན། སངས་རྒྱས་བྱང་སེམས་སེམས་ཅན་གྱི་དོན་དུ་འཁོར་བར་འཇུག་པའི་ཚུལ་བསམ་གྱིས་མི་ཁྱབ་པར་སྟོན་པ་ནི། འདིར་སེམས་ཅན་གྱི་དོན་དུ་ཞེས་པ་ནས། སྲིད་པ་གསུམ་དུ་སེམས་ཅན་གྱི་དོན་མཛད་པའོ། ། ཞེས་པའི་བར་ཏེ། དེ་ལ་དུ་མ་ནི་མིན་ནོ་ཞེས་པ་སངས་རྒྱས་བྱང་སེམས་རེ་རེས་མཐའ་ཡས་པའི་སྤྲུལ་པ་བསྟན་པ་རྣམས་རྒྱུན་དུ་མ་ཡིན་ནོ་ཞེས་བྱ་བ་སྟེ། དེ་ཉིད་སྒྱུ་མའི་དཔེས་སྟོན་ལ། གཞན་རྣམས་གོ་སླའོ། །དེའི་ཕྱིར་གདུལ་བྱའི་དོན་དུ་བཅོམ་ལྡན་ འདས་ཀྱང་སྔོན་སངས་རྒྱས་ཟིན་པ་ལྷ་མོ་སྒྱུ་འཕྲུལ་གྱི་སྲ་སུ་སྤྲུལ་ཞིང་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེའང་ཟླ་བཟང་དུ་སྤྲུལ་པ་ཡིན་ནོ་ཞེས་པ་ནི། དེས་ན་སེམས་ཅན་ཐམས་ཅད་ལ་ཞེས་པ་ནས། ཟླ་བ་བཟང་པོར་གྱུར་ཏོ་ཞེས་པའི་བར་རོ། །དེ་ནས་ ལན་བསྟན་པའི་དོན་བསྡུ་བ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་ཟླ་བ་བཟང་པོ་འདི་གཉིས་སྤྲུལ་པའི་སྐུ་དག་གིས་རྒྱུད་སྟོན་པ་པོ་དང་གསོལ་བ་འདེབས་པ་པོར་འགྲེལ་ལ། རྒྱལ་བ་ཤཱཀ་ཐུབ་སྤྲུལ་པ་པོ་དང་པོའི་སངས་ རྒྱས་དང་། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་འདི་གཉིས་ལོངས་སྤྱོད་རྫོགས་པའི་སྐུ་དག་གིས་སྟོན་པ་པོ་དང་གསོལ་བ་འདེབས་པ་པོར་འགྲེལ་བ་ཡིན་ཏེ། དེའི་ཕྱིར་སྔ་མ་ཕྱག་རྡོར་སྡུད་པ་པོ་ཡིན་པ་དང་། ཕྱི་མ་ཟླ་བཟང་སྡུད་པ་པོ་ཡིན་པ་ 12-6-55a འགལ་བ་མེད་པའི་ཕྱིར། དེ་ལྟར་རྩོད་པ་འཇུག་པའི་སྐྱོན་མེད་དོ། །འདིས་རྒྱ་བ་ཤཱཀྱ་ཐུབ་པ་སྤྲུལ་པ་པོ་དང་རྒྱུད་སྟོན་པ་པོའི་གང་ཟག་ལོངས་སྐུ་མཚན་དཔེའི་རྣམ་པ་ཅན་གསལ་བར་བཤད་དོ། །དེ་ལྟར་རྩོད་པ་སྤངས་ ནས། ད་ནི་ཟླ་བ་བཟང་པོས་རྩ་རྒྱུད་སྟོན་པར་གསོལ་བ་བཏབ་པའི་ཚུལ་འཆད་དེ། ཕྱག་ན་རྡོ་རྗའི་ནས། གསོལ་བ་བཏབ་བོ་ཞེས་པའི་བར་རོ། །སྟོན་པས་རྩ་རྒྱུད་གསུངས་ཚུལ་ནི། དེ་བཞིན་གཤེགས་པས་ཞེས་པ་ནས། ཡང་དག་པར་བསྟན་ཏོ་ ཞེས་པའི་བར་རོ། །རྩ་རྒྱུད་དེ་ལས་བསྡུས་རྒྱུད་སྡུད་པ་དེར་འགྲེལ་པ་བྱེད་པ་པོ་དང་། རྒྱུད་སྟོན་ཅིང་འཆད་པ་པོ་ལ་སོགས་པ་ལུང་བསྟན་པའི་ཚུལ་འཆད་པ་ལ། མ་འོངས་པའི་དུས་ཞེས་པ་ནས། ལ་སོགས་པ་རྣམས་ལུང་བསྟན་ཏོ། །ཞེས་པའི་ བར་གྱིས་འཇམ་དཔལ་གྲགས་པས་བསྡུས་རྒྱུད་བསྡུས་ཤིང་། རྩ་རྒྱུད་བསྟན་ནས་དབང་བསྐུར་ཏེ། མི་རིགས་བཞིའི་གདུལ་བྱ་རྣམས་རྡོ་རྗེའི་རིགས་གཅིག་ཏུ་རིགས་མཐུན་པར་བྱེད་པ་དང་། པད་དཀར་གྱིས་བསྡུས་རྒྱུད་དེ་ལ་འགྲེལ་པ་བྱེད་པ་ དང་། དེའི་ཕྱི་ནས་གཤིན་རྗེ་མཐར་བྱེད་སོགས་ཀྱི་སྤྲུལ་པ་རྣམས་ལུང་བསྟན་ཏོ་ཞེས་བྱ་བའོ། །རྩ་རྒྱུད་ཀྱི་ཚིག་ཇི་ལྟ་བུས་ལུང་བསྟན་ཅེ་ན། ལུང་བསྟན་གྱི་ཚིག་རྒྱས་པར་དྲངས་ནས་ལུང་བསྟན་ཚུལ་བཤད་པ་ནི། འདིར་བཅོམ་ལྡན་འདས་ ཀྱིས་ཞེས་སོགས་ཏེ། དེ་ལ་ཐུབ་པས་ཆོས་བསྟན་པའི་ལོ་འདི་ནས་ནི་དྲུག་བརྒྱའི་ལོས་བྲམ་ཟེའི་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པ་རྣམས་ནི་སྨིན་པའི་དོན་དུ་འཇམ་དབྱངས་ཀྱི་སྤྲུལ་པ་མི་བདག་གྲགས་པ་ནི་ཤམ་བྷ་ལ་ཞེས་བྱ་བར་འབྱུང་ 12-6-55b བ་དེའི་བཙུན་མོ་སྒྲོལ་མའི་སྤྲུལ་པ་ལྷ་མོ་ཆེན་མོར་འགྱུར་རོ། །སྲས་ནི་པད་དཀར་འཛིན་པ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་སྟེ། ཐུབ་པ་བདག་གི་ཤཱཀྱའི་རིགས་རྒྱལ་པོ་གོའུ་ཏ་མ་ཞེས་བྱས་བའི་རྒྱུད་ལས་བྱུང་བ་ཟླ་བཟང་ཁྱོད་ཀྱི་རིགས་བརྒྱུད་འབྱུང་བའོ། ། དེ་ལ་འཇམ་དཔལ་གྱི་སྤྲུལ་པ་ཡིན་ལས་སྨྲ་མཁས་པ་རྡོ་རྗེའི་རིགས་ཀྱི་དབང་བསྐུར་བ་དང་ལྡན་པའི་རྒྱལ་པོ་གྲགས་པ་དེ་ཉིད་རྡོ་རྗེའི་རིགས་ཀྱི་དབང་བསྐུར་བ་ལས་ནི། གདུལ་བྱ་མི་རིགས་བཞི་ཐམས་ཅད་རྡོ་རྗེའི་རིགས་སུ་རིགས་གཅིག་པར་བྱས་པ་ གང་ཡིན་པ་དེ་སྟེ། དེའི་རྒྱུ་མཚན་གྱིས་རྒྱལ་པོ་གྲགས་པ་ལ་རིགས་ལྡན་ཞེས་བརྗོད་པ་ཡིན་གྱི། ཚངས་པའང་བྲམ་ཟེའི་རིགས་ཡིན་པ་ཉིད་ཀྱིས་རིགས་བཞི་དང་ལྡན་ཞེས་བརྗོད་པ་མིན་ནོ། །དེའང་འདི་སྐད་བདག་གིས་ཐོས་པ་ཞེས་པའི་ཚིག་ འདིས་དྲང་སྲོང་རྣམས་ལ་ཆོས་བསྟན་ན། གཞན་ལས་ཐོས་པའི་དབང་གིས་འཆད་པའི་ཕྱིར་ན། འདི་ཀུན་མཁྱེན་མིན་ནོ་ཞེས་པའི་རྩོད་པ་འབྱུང་བར་འགྱུར་བས། དེའི་ཕྱིར་རྒྱུད་འདིར་རྒྱུད་གཞན་ལས་འདི་སྐད་བདག་གིས་ཐོས་པ་ཞེས་སོགས་ཀྱི་ཚིག་གིས་ བསྟན་པའི་དོན་དེ་ཉིད་སངས་རྒྱས་སེང་གེའི་ཁྲིའི་ཞེས་སོགས་ཚིག་གི་རྣམ་པ་གཞན་གྱིས་ཆོས་བསྟན་ཏེ། དེའི་རྒྱུ་མཚན་ཡང་། ཚིག་གི་རྣམ་པ་གང་དང་གང་དག་གིས་ཞེས་སོགས་ཏེ། འདི་ནས་བདག་འདོད་དོ། །ཞེས་པའི་བར་ནི་འོག་ནས་མདོར་བསྡུས་ བཞི་པར་རྒྱས་པར་འཆད་པ་དང་དོན་འདྲ་བས་འདིར་མ་བཤད་དོ། །འོ་ན་སྙིང་པོའི་དོན་བསྡུས་འདི་ཞེས་སྨོས་པ། བསྡུས་པའི་རྒྱུད་དེའི་གཞུང་ཚད་ཇི་ཙམ་ཞིག་ཅེ་ན། འཕྲེང་བ་འཛིན་པའི་སྡེབ་སྦྱོར་གྱིས་བཅིངས་པའི་ཚིགས་བཅད་རྐང་པ་བཞི་ 12-6-56a པ་སུམ་ཅུ་ནི་ལྷག་པའི་ཕྱོགས་བརྒྱ་སྟེ་སྟོང་ཕྲག་གཅིག་གོ། དེ་ལ་འཕྲེང་བ་འཛིན་པའི་སྡེབ་སྦྱོར་ནི། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས། མ་ར་ཝན་དག་ཝ་ར་དག་ཝ། བདུན་པ་གསུམ་གྱི་ངལ་བསོ་འཕྲེང་ འཛིན་འགྱུར། གལ་ཏེ་རྐང་པ་སོ་སོ་ལམ་ར་ཝ། ན་ན་ཝ། ར་ར་ཝ་དང་། དེ་བཞིན་དུ་བདུན་པ་གསུམ་གྱི་ངལ་བསོ་བ་དེའི་ཚེ་འཕྲེང་བ་འཛིན་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ཡི་གེ་ལྕི་བ་གསུམ་བསྒྲིགས་པ་ལ། མ་ཞེས་པའི་མིང་ གི་ཐ་སྙན་བྱས་ལ། དེ་བཞིན་དུ་ཡི་གེ་ལྕི་བ་གཉིས་ཀྱི་བར་དུ་ཡང་བ་གཅིག་བཅུག་པའི་གསུམ་བསྒྲིགས་ལ། ར་ཞེས་ཐ་སྙད་བྱ་ཞིང་། ཡང་བ་གསུམ་བསྒྲིགས་པ་ལ་ནི། ན་ཞེས་ཐ་སྙད་བྱ་བའོ། །ངལ་བསོའི་ཡི་གེ་ལྕི་བ་ལ་ནི། ཝ་ཞེས་ཐ་སྙད་བྱ་ ལ། དེས་ན་ཡི་གེ་ཉེར་གཅིག་རྐང་པ་གཅིག་ལ་ཚང་བའི་རྐང་པ་དེ་ལ། ཡི་གེ་བདུན་ཚན་གསུམ་གྱི་བདུན་ཚན་དང་པོའི་ཡི་གེ་དང་པོ་གསུམ། ལྕི་བ་གསུམ་བསྒྲིགས་པ་དེའི་རྗེས་ཀྱི་ཡི་གེ་གསུམ། ལྕི་བ་གཉིས་ཀྱི་བར་དུ་ཡང་བ་གཅིག་བཅུག་ པ། དེའི་རྗེས་ཀྱི་ཡི་གེ་བདུན་པ་དེ་ངལ་བསོའི་ཡི་གེ་ལྕི་བ་ནི། མ་ར་ཝའོ། །ཡང་བདུན་ཚན་བར་པའི་ཡི་གེ་དང་པོ་གསུམ་ཡང་བ་གསུམ་བསྒྲིགས། དེའི་རྗེས་ཀྱི་ཡི་གེ་གསུམ་ཡང་ཡང་བ་གསུམ་བསྒྲིགས། དེའི་རྗེས་ཀྱི་ཡི་གེ་གཅིག་པོ་དེ་ངལ་ བསོ་ལྕི་བ་ནི། ནན་ཝའོ། །བདུན་ཚན་ཐ་མའི་ཡི་གེ་དང་པོ་གསུམ། ལྕི་བ་གཉིས་ཀྱི་བར་དུ་ཡང་བ་གཅིག་བཅུག་པ། དེའི་རྗེས་ཀྱི་ཡི་གེ་གསུམ་ཡང་ལྕི་བ་གཉིས་ཀྱི་བར་དུ་ཡང་བ་གཅིག་བཅུག་པ། དེའི་རྗེས་ཀྱི་ཡི་གེ་གཅིག་ངལ་བསོ་ལྕི་བ་ 12-6-56b ནི། ར་ར་ཝའོ། །དེ་ལྟར་བསྡེབས་པའི་ཡི་གེ་ཉེར་གཅིག་པར་མཚུངས་པའི་ཚིགས་སུ་བཅད་པ་ལ་འཕྲེང་བ་འཛིན་པའི་སྡེབས་སྦྱོར་ཞེས་བྱའོ། །ཡི་གེ་ལྕི་ཡང་ནི། སྦྱར་བ་དག་གི་ཐོག་མ་དང་། །ཚེག་དྲག་ཅན་དང་ཐིག་ལེ་ཅན། །ཚིག་མཐའ་རིང་པོའི་ཡི་གེ་ ནི། ལྕི་བའི་ཡི་གེ་ཞེས་སུ་གྲགས། །ཞེས་སྒྲ་པ་དག་འདོན་པ་ལྟར་རོ། །དེ་ཉིད། ཐབས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན། ཅེས་པའི་པའི་རྐང་པ་གཅིག་པོ་འདིའི་ལེགས་ སྦྱར་གྱི་སྐ་ལ་མཚོན་ནས་པྲ་སྟ་རར་བཀོད་ན་འདི་ཡིན་ཏེ། མ ར ཝ ན ན ཝ ར ར ཝ ལྕི་བ་ལ་རི་མོ་འཁྱོག་པོ་དང་། ཡང་བ་ལ་དྲང་པོ་དང་། ལྕི་བ་ངལ་བསོ་ལ་འཁྱོག་པོ་ཐིག་ལེ་ཅན་ནོ། །སརྦ་ཛྙཱ ཛྙཱ ཎ་ཀཱཾ ཡཾ ། དི་ནེ ཀེ རེ ཝེ པུ ཥཾ། པེདྨེ པྀ ཏྟཱཾ ཡཾ ཏཾ ཀྵཾ། ཞེས་པ་ལྟ་བུའོ། ། རྐང་པ་འདི་དང་རྒྱུད་ཀྱི་གཞུང་ལྷག་མ་ཐམས་ཅད་ལྕི་ཡང་སྤེལ་ཚུལ་ཇི་ལྟ་བར་འདྲའོ། །དེ་ནས་པད་དཀར་རི་མོ་པས་སོ། །ཞེས་པའི་བར་གོ་སླ་ལ། ཟླ་བཟང་གི་སྔོན་དུ་འདས་པའི་རྒྱལ་པོ་ཉི་མའི་འོད་ཅེས་པ། ཟླ་བཟང་གི་ཡབ་དེ་ནི་ཁྲོ་བོ་ བགེགས་དགྲ་ཞེས་པ་བགེགས་མཐར་བྱེད་ཀྱི་སྤྲུལ་པ་སྟེ། ཕྱག་ན་རྡོ་རྗེ་ནི་ཟླ་བཟང་ཁྱོད་ཉིད་ཡིན་ལ། དེ་ནས་གོང་གི་ལྷ་དབང་ཞེས་སོགས་རྒྱལ་པོ་བརྒྱད་རིམ་པས་འོག་གི་ས་སྙིང་སོགས་བརྒྱད་ཀྱི་སྤྲུལ་པར་རིམ་པས་ཏེ། གོ་རམ་བཞིན་ 12-6-57a སྦྱར་རོ། །དེ་ནས་གཤིན་རྗེ་གཤེད་སོགས་ཁྲོ་བོ་བཞིའི་སྤྲུལ་པ་བཅུ་དང་ཁྲོ་བོ་དེ་དག་གི་བར་བར་དུ་བྱང་ཆུབ་སེམས་དཔའ་འཇམ་དབྱངས་དང་། སྤྱན་རས་གཟིགས་གཉིས་ལས་གཞན་ས་སྙིང་སོགས་སྔར་བསྟན་པ་ བཞིའི་སྤྲུལ་པ་བཅུ་གསུམ་སྟེ། རྒྱལ་པོ་དེ་དག་རིམ་པ་ཡིས་རིགས་ལྡན་གྲགས་པའི་རིགས་ལས་འབྱུང་བར་འགྱུར་རོ། །ཚུལ་ཇི་ལྟར་ན། རིགས་ལྡན་རྣམས་ཀྱི་ཐོག་མར། གྲགས་པ་རིགས་ལྡན་གྱི་རིགས་ཀྱང་འབྱུང་སྟེ། དེ་ནས་རིགས་ལྡན་ གཉིས་པདྨ་དཀར་པོ་དང་། གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་བཟང་པོ་རིགས་ལྡན་གསུམ་པ་སྟེ། དེ་བཞིན་དུ་རིགས་ལྡན་བཞི་པ་ས་སྙིང་གི་སྤྲུལ་པ་རྣམ་རྒྱལ་ལོ། །དེ་ནས་རིགས་ལྡན་ལྔ་པ་རྨུགས་བྱེད་ཀྱི་སྤྲུལ་པ་བཤེས་གཉེན་བཟང་པོ་ དང་། དྲུག་པ་སྒྲིབ་སེལ་གྱི་སྤྲུལ་པ་ཕྱག་དམར་དང་། བདུན་པ་ཁེངས་བྱེད་ཀྱི་སྤྲུལ་པ་ཁྱབ་འཇུག་སྦས་པའོ། །བརྒྱད་པ་ནམ་སྙིང་གི་སྤྲུ་པ་ཉི་མ་གྲགས་དང་། དགུ་པ་བགེགས་དགྲའི་སྤྲུལ་པ་ཤིན་ཏུ་བཟང་དང་། བཅུ་ཕྱག་རྡོར་གྱི་ སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ་ཏེ། འདི་གཉིས་སུ་བགྲང་བ་ནི་ཉི་མ་རིགས་ལྡན་བཅུ་གཉིས་པར་བཤད་པ་དང་འགལ་ལོ། །བཅུ་གཅིག་པ་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྒྱལ་དཀའ་དང་། ས་སྙིང་གི་སྤྲུལ་པ་ཉི་མ་རིགས་ལྡན་ བཅུ་གཉིས་པ་དང་། བཅུ་གསུམ་པ་རྨུགས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས་དང་། བཅུ་བཞི་པ་སྒྲིབ་སེལ་གྱི་སྤྲུལ་པ་ཟླ་བའི་འོད་དང་། བཅོ་ལྔ་པ་ཁེངས་བྱེད་ཀྱི་སྤྲུལ་པ་མཐའ་ཡས་དང་། བཅུ་དྲུག་པ་མ་སྙིང་གི་སྤྲུལ་པ་ 12-6-57b ས་སྐྱོང་དང་། བཅུ་བདུན་པ་བགེགས་དགྲའི་སྤྲུལ་པ་དཔལ་སྐྱོང་དང་། བཅོ་བརྒྱད་པ་ཕྱག་རྡོར་གྱི་སྤྲུལ་པ་སེང་གེ་དང་། གཅུ་དགུ་པ་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྣམ་པར་གནོན་པ་དང་། ཉི་ཤུ་པས་སྙིང་གི་སྤྲུལ་པ་སྟོབས་པོ་ཆེ་དང་། ཉེར་ གཅིག་པ་རྨུགས་བྱེད་ཀྱི་སྤྲུལ་པ་མ་འགགས་པ་དང་། ཉེར་གཉིས་པ་སྒྲིབ་སེལ་གྱི་སྤྲུལ་པ་མིའི་སེང་གེ་དང་། ཉེར་གསུམ་པ་མཁའ་སྙིང་གི་སྤྲུལ་པ་དབང་ཕྱུག་ཆེན་པོ་དང་། ཉེར་བཞི་པ་ཕྱག་རྡོར་གྱི་སྤྲུལ་པ་མཐའ་ཡས་དང་། ས་སྙིང་གི་ སྤྲུལ་པ་རྣམ་རྒྱལ་ནི་རིགས་ལྡན་ཉེར་ལྔ་པ་སྟེ། དེ་ལ་དཔལ་སྐྱོང་སེང་གེ་གཅིག་ཏུ་བགྲང་བ་ནི་རིགས་ལྡན་ཁྲོ་བོ་དང་བྱང་སེམས་ཀྱི་སྤྲུལ་པ་བཅུ་གསུམ་འོང་བར་བཤད་པ་མི་ཚང་བས་མི་འཐད་ལ། སྤྲུལ་པ་རྣམས་ཀྱི་གོ་རིམ་དེ་ལྟར་འབྱུང་ བའང་གོང་དུ་བདག་གི་ཕྱི་ནས་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ལུང་བསྟན་ཏོ་ཞེས་དང་མདོར་བསྡུས་གཉིས་པར་རིམ་པ་ཇི་ལྟར་བར་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོའི་རྒྱལ་པོ་བཅུ་དང་། སའི་སྙིང་པོ་ལ་སོགས་པའི་བྱང་ ཆུབ་སེམས་དཔའ་བཅུ་གསུམ་པོ་རྣམས་ཏེ། གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་དེ་རྣམས་ཀྱི་བར་བར་དུ་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་རྣམས་ལུང་བསྟན་ཏོ་ཞེས་པས་གྲུབ་བོ། །ཞེས་ཆོས་རྗེ་དམ་པ་གསུང་ངོ་། ། རིགས་ལྡན་ཉེར་ལྔ་པ་ད་ནས་སླར་ཡང་རྣམ་རྒྱལ་དེའི་སྲས་སུ་གྲགས་པ་རིགས་ལྡན་དེ་ཉིད་གྱུར་པའི་མཚན་འཁོར་ལོ་ཆེན་པོ་ཅན་ཞེས་བྱ་བའི་རིགས་ལྡན་དྲག་པོ་འབྱུང་བར་འགྱུར་ཏེ། དེ་ནི་སྨྲ་མཁས་པ་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་ 12-6-58a ཅིང་། རྟ་མཆོག་མཐའ་ཡས་པ་སྤྲོ་བའི་ཏིང་ངེ་འཛིན་གྱིས་ཞེས་སོགས་གོ་སླའོ། །རྩ་བའི་རྒྱུད་ལས་ཚུལ་དེ་ལྟ་བའི་སྒོ་ནས་ལུང་བསྟན་ཏོ། །ཞེས་དོན་བསྡུས་པ་ནི། རྩ་བའི་རྒྱུད་ལས་ནས། ལུང་བསྟན་ཏོའི་ བར་རོ། །དེའི་རྗེས་སུ་ཇི་ལྟར་ལུང་བསྟན་པ་ལྟར་རྒྱལ་པོ་རྣམས་ཀྱིས་མཛད་པའི་ཚུལ་འཆད་དོ། །དེ་ལ་ཟླ་བཟང་གིས་རྩ་རྒྱུད་བསྟན་ཅིང་། དེའི་ལོ་གཉིས་པ་སྤྲུལ་སྐུ་བསྡུས་པར་བསྟན་པ་ནི། དེ་བཞིན་གཤེགས་ པའི་ནས། གཤེགས་སོའོ་བར་རོ། །དེའི་འོག་ཏུ་ལྷ་དབང་སོགས་ཀྱིས་བསྟན་ཚུལ་ལ། དེ་ནས་ཞེས་པ་ནས། ཆོས་བསྟན་ཏོ་ཞེས་པའི་བར་གོ་སླའོ། །དེའི་རྗེས་སུ་རྒྱལ་པོ་གྲགས་པས་བསྡུས་རྒྱུད་བསྡུས་ཚུལ་ལ། དེ་ནས་ཞེས་པ་ནས། པོས་བར་གྱུར་ཏོ་ཞེས་ པའི་བར་གྱིས་རྒྱལ་པོ་གྲགས་པས། ཉི་མའི་ཤིང་རྟ་ལ་སོགས་པའི་དྲང་སྲོང་རྣམས་ལ་ཇི་ལྟར་བྱ་བའི་ངེས་པ་སྟེར་བ་བཞེད་ནས། འཁོར་བོས་པར་བསྟན་ཏོ། །གནས་ཇི་ལྟ་བུ་ཞིག་ཏུ་ངེས་པ་སྟེར་བར་བཞེད་ནས་བོས་ཤེ་ན། ཀ་ལཱ་པའི་ གྲོང་གི་ཞེས་པ་ནས། དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་ཁང་པ་དེར་ཞེས་པའི་བར་རོ། །འདིར་མ་ལ་ཡའི་སྐྱེད་མོས་ཚལ་གྱི་དབུས་ན། ཟླ་བཟང་གིས་མཛད་པའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་ འཁོར་བློས་བསླང་ཡོད་པ་དེའི་ཚད་ལ། ནང་གི་དཀྱིལ་འཁོར་ལ་སྐུའི་རྩ་ཐིག་ནས། རྩ་ཏིག་གི་བར་ལ་ཁྲུ་བཞི་བརྒྱ་དང་། ཕྱིའི་ཚད་རྩ་ཐིག་ནས། ཤར་གྱི་རྡོ་རྗེ་འཕྲེང་བ་ཚུན་ཆོད་ལ་ཁྲུ་བཞི་བརྒྱ། དེ་བཞིན་དུ་ནུབ་ལའང་བཞི་བརྒྱ་སྟེ། 12-6-58b ཤར་ནུབ་བསྡོམས་པས་ཁྲུ་བརྒྱད་བརྒྱ་ཡོད་ཅིང་། རྩ་ཐིག་ནས་རྩ་ཐིག་བར་བསྣན་པས་སྟོང་ཉིས་བརྒྱའོ། །དེའི་དབང་དུ་བྱས་ན་འདིར་ཡང་སྒོ་ནི་འཁོར་ལོའི་བརྒྱད་ཆ་ཡིན་པས། རྩ་ཐིག་ནས་རྩ་ཐིག་གི་བར་སྒོ་ཚད་བརྒྱད་ཡོད་པའི་ཕྱིར། སྒོ་ ཚད་རེ་ལ་ཁྲུ་ལྔ་བཅུ་རེ་རེར་འགྱུར་རོ། །དེའང་རྒྱུད་འདིར་ཕྱིར་ཟླ་བའི་ཆ་བཅུ་དྲུག་དང་། ནང་དུ་དགའ་བ་བཅུ་དྲུག་གིས་དག་པའི་དབང་གིས་ཐིག་སྐུད་ནི་ཆ་ཆེན་བཅུ་དྲུག་པར་གསུངས་པས། ཚངས་ཐིག་ནི། རྩ་ཐིག་ནས་ཕྱིར་ཤར་དུ་ཆ་ཆེན་བཞི་ དང་། ནུབ་ཏུ་ཆ་ཆེན་བཞི་ལས་དེ་ཕན་ཆད་དུ་མི་འགྲོའོ། །དེ་ལྟར་བྱས་པས་མ་ལ་ཡའི་གཞལ་ཡས་ཀང་འདི་ལ། ཤར་དུ་རྩ་ཐིག་ནས་སྒོའི་སྒོ་ཁྱུད་དང་འགྲམ་ལོགས་ཟད་མཚམས་བར་ལ་ཆ་ཆེན་གཉིས་ཡིན་པས་ཁྲུ་བརྒྱ། དེ་ནས་ཚངས་ ཏིག་ཟད་མཚམས་བར་ལ། ཆ་ཆེན་གཉིས་ཁྲུ་བརྒྱ། དེ་ནས་སའི་ཁོར་ཡུག་དང་། ཕྱིའི་རྡོ་རྗེ་འཕྲེང་བའི་ཞེང་ཚད་ལ། ཆ་ཆེན་ཕྱེད་ཕྱེད་དེ་དྲིལ་བས་གཅིག །དེ་གཉིས་ཀྱི་བར་གྱི་ཆུ་མེ་རླུང་གསུམ་གྱི་ཁོར་ཡུག་ལ་ཆ་ཆེན་རེ་རེ་སྟེ། དེ་ལྟར་ན་ཁོར་ ཡུག་ལྔ་པོ་ལ་ཆ་ཆེན་བཞི། ཁྲུ་ཉིས་བརྒྱ་ཡོད་པས། རྩ་ཐིག་ནས་རྡོ་རྗེ་འཕྲེང་བའི་བར་ལ་བཞི་བརྒྱར་འགྱུར་ལ། དབང་ལེར། ཀ་བའི་སྟེང་དུ་རྟ་བབས་ནི་སྒོ་ལས་གསུམ་འགྱུར་རོ།། ཞེས་གསུང་པས། རྟ་བབས་སྒོ་ཚད་གསུམ་ཡིན་ལ། གཞལ་ཡས་ཁང་བསླང་བ་དང་བྲིས་པ་ལ་རྟ་བབས་བསླང་མ་བསླང་གི་ཁྱད་ཡོད་ཀྱང་། ཁོར་ཡུག་གི་ཟླུམ་ཐིག་གང་ནས་འོང་བ་ལ་ཁྱད་མེད་པས། དེའི་ཕྱིར་བྲི་བྱ་ལ་སའི་ཁོར་ཡུག་གི་ཟླུམ་ཐིག་ནང་མ་ནི་རྟ་བབས་ཀྱི་སྒོ་ཚད་གཉིས་སོང་བའི་ 12-6-59a མཚམས་སུ་འོང་དགོས་ཏེ་བྲི་བྱ་ལ་དེ་ལྟར་མི་འོང་བར་རྟ་བབས་ཀྱི་རྩེ་མོ་ཟད་མཚམས་ནས་འོང་ན་བསླང་བ་ལའང་རྟ་བབས་ས་ལ་བསྙལ་ན་གང་དུ་རྩེ་མོ་སླེབ་འོང་བའི་མཚམས་ནས་འོང་དགོས་པས། མ་ལ་ཡའི་ གཞལ་ཡས་ཁང་གི་རྩ་ཐིག་ནས་རྡོ་རྗེ་འཕྲེང་བའི་བར་ལ་ཁྲུ་ཕྱེད་དང་ལྔ་བརྒྱ་པར་འགྱུར་བའི་ཕྱིར། འདིར་ཁྲུ་བཞི་བརྒྱ་རེར་བཤད་པ་དང་དངོས་སུ་འགལ་ལོ། །དེར་མ་ཟད། རྟ་བབས་དང་ཐིག་སྐུད་ཀྱི་ཚད་འདི་ལྟར་བྱས་པའི་དབང་དུ་བྱས་པའི་བྲི་བྱ་ ལའང་ཚངས་ཐིག་ཡང་ན་ཟླུམ་ཐིག་ཐོག་མ་དང་ཕྲད་ཙམ་དང་། ཡང་ན་ཟླུམ་ཐིག་འགའ་ཞིག་འདུས་ཀྱི་བར་དུ་འགྲོ་དགོས་ལ། དེར་མི་འགྲོ་བར་པར་སྐབས་སུ་འཇོག་ན། ཚངས་ཏིག་ཟད་མཚམས་རང་ནས་ཟླུམ་ཐིག་འོང་དགོས་ཀྱི། ཚངས་ཐིག་ དང་ཟླུམ་ཐིག་མ་ཕྲད་པའི་བར་སྐབས་སུ་ཐིག་གང་གིས་ཀྱང་མོན་པའི་ས་སྟོངས་སྒོ་ཚད་གཅིག་འོང་དོན་མེད་ལ། ཏིག་སྐུད་ཆ་ཆེན་བཅུ་དྲུག་པ་ཡིན་པས། རྟ་བབས་ཀྱི་སྒོ་ཚད་གཉིས་ཀྱི་མཚམས་སུ་ཟད་པའི་ཕྱིར་རོ། །དེས་ན་སློབ་དཔོན་ ཆེན་པོ་ཨ་བྷ་ཡ་ཀ་རས་ཀྱང་། རྡོ་རྗེ་ཕྲེང་བར། དུས་ཀྱི་འཁོར་ལོའི་ཏིག་གི་བཤད་པའི་སྐབས་སུ་ཟླུམ་ཐིག་ནང་མ་རྟ་བབ་ཀྱི་སྒོ་ཚད་གཉིས་སོང་བའི་མཚམས་ནས་བསྐོར་བར་བཤད་པ་ཉིད་ཤིན་ཏུ་ལེགས་པ་ཡིན་ནོ། །ཁ་ཅིག་དབང་ལེའི་ དགོངས་པར་བྱས་ནས། ཟླུམ་ཐིག་རྟ་བབས་ཀྱི་རྩེ་མོ་ཟད་མཚམས་ནས་བསྐོར་ཅིང་། དེ་ལྟ་ན་འདིར་མ་ལ་ཡའི་ཚལ་གྱི་གཞལ་ཡས་ཁང་གི་ཚད་བཤད་པ་དང་འགལ་ཞེས་པའི་འགལ་སྤོང་དུ་བསླང་བ་དང་བྲི་བྱའི་ཁྱད་པར་ཡིན་པས་མི་ 12-6-59b འགལ་ལོ། །ཞེས་ཟེར་བ་མི་འཐད་དེ། གོང་དུ་བཤད་པ་ལྟར་རྟ་བབས་བསླང་མ་བསླང་གིས། ཁོར་ཡུག་གི་ཟླུམ་པོ་ཕྱི་ནང་དུ་འཆུག་པ་ལ་འབྲེལ་གང་ཡང་མེད་པའི་ཕྱིར་རོ། །ཡང་ཁ་ཅིག། རྩ་རྒྱུད་དང་བསྡུས་རྒྱུད་ཀྱི་ཁྱད་པར་ཡིན་ནོ་ཞེས་པའང་མི་ འཐད་དེ། འོག་ཏུ་དབང་ལེར་ཡང་། རྩ་རྒྱུད་དྲངས་ནས་དེའི་ལུགས་བཞིན་དུ་ཐིག་གདབ་ཚུལ་བྱས་ཤིང་བསྡུས་རྒྱུད་དུའང་ཐིག་སྐུད་ཆ་ཆེན་བཅུ་དྲུག་པར་བཤད་པས་སོ། །འོ་ན་དབང་ལེར། འདིར་སྐུའི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་མཐར། སའི་ དཀྱིལ་འཁོར་ཁ་དོག་སེར་པོ་སྟེ། ཞེས་གསུངས་པ་འདི་དང་ཇི་ལྟར་མི་འགལ་ཞེ་ན། དེ་ལ་ཧ་རྨི་ནི་བུམ་གདན་ཡིན་ཞིང་། བུམ་པ་ནི་རྟ་བབས་ཀྱི་ཅོག་ཡིན་པས་དེ་གཉིས་རྟ་བབས་ཀྱི་ཡན་ལག་གམ་རྒྱན་ལྟ་བུ་ཡིན་གྱི་རྟ་བབས་ཀྱི་སྣམ་བུ་དངོས་ མིན་ལ། རྟ་བབས་ཀྱི་སྣམ་བུ་དངོས་ཀྱི་མཐའ་དང་། རྟ་བབས་ཀྱི་བང་རིམ་གསུམ་པའི་མཐའ་ལས་ཕྱིར་སའི་ཁོར་ཡུག་གི་ཕྱིར་ཐིག་ད་དུང་འགྲོ་དགོས་པས། དེའི་ཕྱིར་རྟ་བབས་ཀྱི་མཐར་སའི་དཀྱིལ་འཁོར་ཞེས་གསུངས་ཀྱི། རྟ་བབས་ཟད་མཚམས་ ནས་སའི་ནང་ཐིག་བསྐོར་བའི་དོན་མིན་ལ། བྲི་བྱ་ལ། རྟ་བབས་ཀྱི་ཧརྨི་ལས་ཚ་ཕྲན་གཅིག་དང་། བུམ་པ་ཆ་ཕྲན་གཉིས་ཆུའི་ཁོར་ཡུག་གི་སྟེང་དུ་འོང་སྟེ། དེ་ལྟར་ན་ཆ་ཕྲན་དྲུག་ལ་སྒོ་ཚད་ཡིན་པས། རྡོ་རྗེ་ཕྲེང་བར། བུམ་པའི་རྩེ་ མེས་ཆུའི་ཁོར་ཡུག་གི་ཕྱེད་བར་དུ་ནོན་པར་བཤད་པ་ཡིན་ནོ། །རྟ་བབས་སྒོ་ཚད་གསུམ་དུ་བཤད་པ་ནི་རྟ་བབས་འཁོར་དང་བཅས་པའི་དབང་དུ་བྱས་པ་ཡིན་ནོ། །དེའི་ཕྱིར་དེ་དག་དང་འགལ་བ་ཅུང་ཟད་ཀྱང་མེད་དོ། །དེའི་འོག་ཏུ་དུས་གང་གི་ 12-6-60a ཚེ་དྲང་སྲོང་རྣམས་ལ་ངེས་པ་བྱིན་པ་དང་། ངེས་པ་ཇི་ལྟ་བུ་བྱིན་པ་དང་། ངེས་པ་དེ་ཉིད་རང་གི་རིགས་ཀྱི་ཆོས་ལུགས་དང་འགལ་བར་མཐོང་བས། བརྐྱལ་ཞིང་དང་དུ་མ་བླངས་པ་དང་། དེ་ལ་རྒྱལ་པོས་བཀའི་ཆད་ལས་ཀྱིས་ ཚར་བཅད་པ་དང་། དེ་ལ་སླར་ཡང་དད་པར་གྱུར་པ་ན་རྗེས་སུ་གཟུང་བ་དང་། དེ་ནས་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པས་གསེར་གྱི་མེ་ཏོག་སོགས་དང་བཅས་པའི་མཎྜལ་སོགས་སྔོན་དུ་འགྲོ་བས་དབང་བསྐུར་བར་གསོལ་བ་བཏབ་ཅིང་། རྒྱུད་རྒྱས་པ་ ལས་ཡང་དག་པར་བསྡུས་པའི་རྒྱུད་སྟོན་པར་གསོལ་བ་བཏབ་པའི་བར་ནི། དབོའི་ཟླ་བ་ལ་ཞེས་པ་ནས། བསྟན་ཏུ་གསོལ་ཞེས་སོ་ཞེས་པའི་བར་རོ། །དེ་ལྟར་གསོལ་བ་བཏབས་བཞིན། བསྡུས་རྒྱུད་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་བསྡུས་པ་ཡང་ དག་པར་སྟོན་པ་མཛད་དོ་ཞེས་པ་ནི། དེ་ནས་ཞེས་པ་ནས། མཛད་དོ་ཞེས་པའི་བར་རོ། །དེའང་ལེགས་སྦྱར་གྱི་སླ་བཟང་པོ་སྨྲ་བ་དེ་དག་རྣམས་ཀྱི་སྒྲ་བཟང་པོ་ལ་ཞེན་པ་སྤངས་པའི་སླད་དུ་དོན་ལ་གཙོ་བོར་སྟོན་པ་ཉིད་ལ་བརྟེན་ཏེ་ཚིགས་སུ་བཅད་པ་ ཁ་ཅིག་ཏུ། སཱི་ཏ་ཞེས་པ་ལ་ཤཱི་ཏ་ཞེས་པའམ། ཡ་མ་ཞེས་པ་ལ། ཛ་མ་ཞེས་པ་ལྟ་བུ་སཾ་སྐྲྀ་ཏ་ལས་གཞན་ཟུར་ཆག་གི་སྒྲ་དང་། ཐུར་སེལ་གྱིས་ནི་འོག་ཏུ་འདྲེན་ཏེ། ཞེས་པར་འདྲེན་ནོ། །ཞེས་རྫོགས་ཚིག་འཐོབ་པས། ན་ཡ་ཏི། ཞེས་འཐོབ་ པ་ལ། ནི་ཏི་ཞེས་ལྷག་མ་ཅན་དུ་བྱས་ལྟ་བུ་ཚིགས་སུ་བཅད་པ་ཁ་ཅིག་ཏུ་སྡེ་སྦྱོར་གྱི་ངལ་བསོའི་གཅོད་མཚམས་ཉམས་པ་དང་། ཚིགས་སུ་བཅད་པ་ཁ་ཅིག་ཏུ། ཟླ་བཟང་ཞེས་པ་ལ། སུ་ཙནྡྲཏྟཿ ཞེས་དང་པོའི་རྣམ་དབྱེ་ཐོབ་པ་ལ། སུ་ཙནྡྲ་ 12-6-60b ཞེས་རྣམ་དབྱེ་མེད་པའི་ཚིག་དང་། སྒྱུར་མ་སྤྲིན་ཏེ་ཞེས་པའི་སྒྱུ་མ་ལ། ཨནྟྲཾ་ཞེས་ཐོབ་པ་ལ་ཨནྟྲ་ཞེས་པ་ལྟ་བུར་བྱས་པ་ན་ཨཾ་ཕྱིས་པ་ལྟ་བུ་ཁ་ཅིག་ཏུ་དབྱངས་བཞག་པར་འོས་པ་ཕྱིས་པ་དང་། རྩ་ནི་ཟུང་དག་ངེས་པར་འཇོམས། །ཞེས་པའི་ འཇོམས་པ་ལ་གྷཱནྷ་ཞེས་ཐོབ་པ་ལ། ཧནྟི་ཞེས་པར་བྱས་པ་ལྟ་བུ་གསལ་བྱེད་བཞག་པར་འོས་པ་ཕྱིས་པ་དང་། ཚིགས་བཅད་ཁ་ཅིག་ཏུ། སའི་མིང་མ་ཧཱི་ཞེས་རིང་པོ་ཐོབ་པ་ལ། མ་ཧི་ཞེས་ཏུང་ངུར་བྱས་པ་དང་། དེ་བཞིན་དུ་ཐུང་ ངུ་ལའང་རིང་པོར་བྱས་པ་དང་། ས་ལས་དྲི། ཆུ་ལས་གཟུགས། ཞེས་ཐོབ་པ་ལ། ས་ལ་དྲི། ཆུ་ལ་གཟུགས། ཞེས་སྦྱར་བ་ལྟ་བུ། ཁ་ཅིག་ཏུ། རྣམ་དབྱེ་ལྔ་པའི་དོན་འབྱུང་ཁུངས་ཀྱི་ཚིག་ཐོབ་པ་ལ། རྣམ་དབྱེ་བདུན་པ་གནས་གཞིའི་ཚིག་ སྦྱར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཕྱིར་དང་བླ་མ་རྣམས་ཀྱི་ཕྱིར་དུ་འབུལ་བ་ལ། སངས་རྒྱས་ཐམས་ཅད་ཀྱི་བླ་མ་རྣམས་ཀྱི་ཞེས་སྦྱར་པ་ལྟ་བུ། རྣམ་དབྱེ་བཞི་པ་རབ་ཏུ་སྦྱིན་པའི་དོན་ལ། རྣམ་དབྱེ་དྲུག་པ་འབྲེལ་བའི་ཚིག་སྦྱར་བ་དང་། ཁ་ཅིག་ཏུ་གཞན་གྱི་དོན་གྱི་ཚིག་ཐོབ་པ་ཅན་གྱི་བྱིངས་ལ་བདག་ཉིད་ཀྱི་དོན་ཅན་གྱི་ཚིག་དང་། བདག་ཉིད་ཀྱི་དོན་གྱི་ཚིག་ཐོབ་པ་ཅན་ལ་གཞན་གྱི་ཚིག་ཅན་སྦྱར་བ། དཔེར་ན་འཚེད་པ་ལྟ་བུར་རང་བཞིན་གང་གིས་འཚེད་མ་ངེས་པར་ཐུན་ མོང་དུ་སྟོན་ན། འཚེད་པའི་བྱིངས་པ་ཙལ་ཏི་སྦྱར་ནས་སྟོན་ལ། གཞན་གྱིས་འཚེད་པ་ཞིག་སྟོན་ན། སི་སྦྱར་ནས་པ་ཙ་སི་ཞེས་པ་ལྟ་བུ་དང་། བདག་ཉིད་ཀྱིས་འཚེད་པ་ཞིག་སྟོན་ན། ཨཏྨ་ནེའི་ཚིག་ཨེ་སྦྱར་ནས། པ་ཙེ་ཞེས་པ་ལྷ་བུ་ 12-6-61a འཐོབ་པ་ལ། གང་གིས་འཚེད་པ་ལ་པ་ཙ་སི། གཞན་གྱིས་འཚེད་པ་ལ་པ་ཙེ་ཞེས་སྦྱར་བ་ལྟ་བུ་དང་། ཁ་ཅིག་ཏུ་གཅིག་གི་ཚིག་ལ་མང་པོའི་ཚིག་སྦྱར་བ་བཙུན་མོ་གཅིག་ལ་བཙུན་མོ་རྣམས་ཞེས་སྦྱར་བ་ལྟ་བུ་ དང་། མང་པོའི་ཚིག་ལ་གཅིག་གི་ཚིག་ཤིང་གི་ཚོགས་པ་ལ་ཤིང་ཞེས་སྦྱར་བ་ལྟ་བུ་དང་། ཚིགས་སུ་བཅད་པ་ཁ་ཅིག་ཏུ་ཕོའི་རྟགས་ལ་མ་ནིང་གི་རྟགས་དང་མ་ནིང་གི་རྟགས་ལ་ཕོའི་རྟགས་སུ་སྦྱར་བ། དཔེར་ན་ཐམས་ཅད་ཅེས་པ་ལ། ཕོ་ སྟོན་ན་རྟགས་ཨེ་སྦྱར་ནས་སརྦྦེ་ཞེས་པ་དང་། མོ་སྟོན་ན་ཨཱ་སྦྱར་ནས་སརྦཱ་ཞེས་དང་། མ་ནིང་སྟོན་ན་རྟགས་ཨཾ་སྦྱར་ནས་སརྦཾ་ཞེས་སྟོན་པ་ཡིན་པ་ལ། ཕོ་སྟོན་པ་ལ་སརྦཾ། མ་ནིང་སྟོན་པ་ལ་སརྦེ་ཞེས་སྦྱར་བ་ལྟ་བུ་དང་། ཁ་ཅིག་ཏུ་རྐན་ལས་ བྱུང་བ་ཤ་ཡིག་ལ་སོ་ལས་བྱུང་ས་ཡིག་ཏུ་བྱས་པ་ཤ་ར་ལ་ས་ར་ཞེས་པ་ལྟ་བུ་དང་། ཡང་དེ་ལ་སྤྱི་བོ་ལས་བྱུང་བ་ས་ཏ་ལ་ཥ་ཊར་བྱས་པ་ལྟ་བུ་དང་། ཁ་ཅིག་ཏུ་སྤྱི་བོ་ལས་བྱུང་བ་ལ། སོ་དང་རྐན་ལས་འབྱུང་བར་བྱས་པ་ཥ་ར་ ལ། ས་རར་བྱས་པ་དང་། ཤ་ར་ཞེས་བྱས་པ་ལྟ་བུའོ། །ཁ་ཅིག་ཏུ་སོ་ལས་འབྱུང་བ་ས་ལ་རྐན་ལས་བྱུང་བ་ཤ་ཡི་གཏུ་བྱས་ནས་སཾ་བྷ་ར་ལ་ཤཾ་བྷ་ར་ཞེས་སྦྱར་བ་ལྟ་བུ་དང་། དེ་ཉིད་ལ་སྤྱི་བོ་ལས་འབྱུང་བར་བྱས་པ། ས་ཏ་ལ་ཥ་ཌ་ར་ བྱས་པ་ལྟ་བུ་སྟེ། ཐ་སྙད་ཀྱི་གཙུག་ལག་དང་མི་མཐུན་པ་དེ་ལྟ་བུ་དང་གཞན་ཡང་རྒྱུད་སྟོན་པ་པོའི་མན་ངག་གི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །དཔེར་ན་བརྗོད་འདི་དག་ཆོས་རྗེ་དམ་པའི་བཞེད་པ་ཉིད་བྲིས་པའོ། །བརྟག་ 12-6-61b པར་བྱ་བའི་གནས་འགའ་ཞིག་སྣང་ངོ་། །བསྡུས་རྒྱུད་ལྟར། རྩ་རྒྱུད་ལས་ཀྱང་བསྟན་པར་བཤད་པ་ནི། དེ་བཞིན་དུ། ཞེས་པ་ནས། རྟོགས་པར་བྱའོ་ཞེས་པའི་བར་རོ། །དེ་ལྟར་འགྲེལ་པ་མཁན་པོས་ཀྱང་སྒྲ་བཟང་པོ་སོགས་ལ་ཞེན་པ་ དགག་པའི་ཆེད་དུ། སྒྲ་ཟུར་ཆག་པ་སོགས་ཀྱིས་བསྟན་པར་བྱ་བ་རྒྱུ་མཚན་དང་བཅས་པ་ནི། དེ་བཞིན་དུ་ཞེས་པ་ནས། ཆོས་སྟོན་ཏོ་ཞེས་པའི་བར་རོ།། མདོར་བསྡུས་ཀྱི་མཚན་ཉིད་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་ སོགས་སོ། །མདོར་བསྡུས་གསུམ་པའི་དཀའ་བའི་གནས་བཤད་པའོ།། །།ད་ནི་མདོར་བསྡུས་པ་བཞི་པ་བཤད་པར་བྱའོ། །དེ་ལ་སྔར་བཤད་པའི་མདོར་བསྡུས་གསུམ་ནི་རྒྱུད་ཀྱི་བཤད་པ་ལ་འཇུག་པའི་ཡན་ལག་ཡིན་ལ། དེའི་རྗེས་སུ་རྒྱུད་ཀྱི་བཤད་པ་དངོས་ལ་འཇུག་པ་ལ། མདོར་བསྡུས་བཞི་པ་འདིས། རྒྱུད་ཀྱི་གླེང་གཞིའི་དོགས་གཅོད་དང་བསྡུས་པའི་དོན་གཙོ་བོར་འཆད་ཅིང་། མདོར་བསྡུས་ལྔ་པས་གླེང་གཞིའི་ཚིག་དོན་དང་རྒྱུད་ཀྱི་བརྗོད་བྱའི་གཙོ་བོའི་རྡོ་རྗེའི་ རྣལ་འབྱོར་བསྡུ་བ་འཆད་ལ། མདོར་བསྡུས་དྲུག་པས། རྒྱུད་ལ་ཞུ་བ་པོས་གསོལ་བ་བཏབ་པ་ཉིད་འཆད་པས། མདོར་བསྡུས་གསུམ་པོ་འདི་རྒྱུད་ཀྱི་ལེའུ་ལྔའི་ཐུན་མོང་བ་ཡིན་ལ། དེ་ནས་ལེའུ་སོ་སོའི་དོན་སྟོན་པ་ཡིན་ནོ། །དེ་ལ་ད་ནི་ ཞེས་པ་ནས་རྒྱས་པར་བྱ་སྟེ་ཞེས་པའི་བར། མདོར་བསྡུ་འདི་ཉིད་བཤད་པར་དམ་བཅའ་བའོ། །འདིར་ཞེས་པ་ནས་ཉིན་ཅིག་ཅེས་སོ། །ཞེས་པའི་བར་གྱིས་བསྡུས་རྒྱུད་སྡུ་པ་པོ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱིས། རྒྱུད་སྟོན་པར་ 12-6-62a ཞུ་བ་པོ་ལ་སྐབས་ཕྱེ་ཞིང་། སྟོན་པར་ཞལ་གྱིས་བཞེས་ནས་ཉན་པར་བསྐུལ་བ་འཆད་དེ། དེ་ལ་བཞུགས་པ་ཞེས་པའི་བར་གྱིས་གནས་དང་། ཕྱག་བྱས་པ་ཞེས་པའི་བར་གྱིས་འཁོར་དང་། ཤེས་རབ་ཀྱི་ སྐུ་ཞེས་པའི་བར་གྱིས་ངོ་བོ་དང་། ཉི་མའི་ཤིང་རྟས་གསོལ་བ་བཏབ་པ་ཞེས་པས་ཞུ་བ་པོའི་ཁྱད་པར་དང་། མིའི་དབང་པོ་གྲགས་པས་ཞེས་པས་མཚན་གྱི་ཁྱད་པར་ཏེ་ཕུན་སུམ་ཚོགས་པ་ལྔ་བཤད་ལ། བསྟན་པར་བྱའོ་ཞེས་པའི་བར་ གྱིས་ཞུས་པ་ལ་ལེགས་སོ་གནང་ཞིང་སྟོན་པར་ཞལ་གྱིས་བཞེས་པའོ། །དེ་ནས་ཉོན་ཅིག །ཅེས་སོ་ཞེས་པའི་བར་གྱིས་ལེགས་པར་ཉན་པར་བསྐུལ་བ་ཡིན་ནོ། །དེ་ནས་ཞེས་པ་ནས་གསུངས་པ་ཞེས་པའི་བར་གྱིས་གླེང་གཞིའི་ཚིག་ གི་མཚམས་སྦྱར་བའོ། །ཐམས་ཅད་ཅེས་སོགས་ནི་བཤད་པར་བྱ་བ་གླེང་གཞིའི་ཚིག་དགོད་པའོ། །དེ་འཆད་པ་ལ། རྒྱུད་ཀྱི་རྒྱལ་པོ་འདིར། ཞེས་པ་ནས་བསྡུ་བ་མཛད་དོ། །ཞེས་པའི་བར་གྱིས་གླེང་གཞི་བསྡུས་དོན་བསྟན་ཏེ། དེ་ལ། པ་ལྷ་མཆོག་ རྣམས་ཀྱིས་བཏུད་ལ་ཞེས་པ་ནི། པ་མར་ལ་དྲངས་ནས། བཏུད་པ་ལ་ཞེས་སྦྱར་རྒྱུ་ཡིན་པས། ཁྲི་ལ་བཞུགས་པ། ཞེས་གོང་དུ་དྲངས་ནས་མ་གསུངས་པ་ཡིན་ནོ། །གཞན་ནི་གོ་སླའོ། །མདོར་བསྡུས་བཞི་པ་སོགས་གསུམ་དོན་གྱི་ཆ་ནས་ལེའུ་ ལྔ་གའི་ཐུན་མོང་བ་ཡིན་ཀྱང་། གཞུང་ལེའུ་དང་པོ་དང་ཚན་གཅིག་ཏུ་བཞུགས་པ་ལ་དགོངས་ནས། མདོར་བསྡུས་འདི་དག་གི་གནས་པ་རྣམས་ལེའུ་དང་པོའི་གནས་པར་བགྲངས་སོ། །དེའི་རྗེ་སུ་གླེང་གཞིའི་ཚིག་ལ་རྩོད་པ་སྤང་བ་ 12-6-62b འཆད་དེ། དེའང་འདིར་བརྗོད་པར་འོས་པའི་ཚིག་ཨེ་ཝཾ་མ་སྨོས་པའི་རྩོད་པ་སྤང་པ་དང་། དངོས་སུ་སྨོས་པ་རྒྱུད་སྟོན་པ་པོའི་མཚན་གྱི་ཁྱད་པར་ལྔ་བརྗོད་པའི་ཚིག་ལ་ཟློས་པ་ལ་སོགས་པའི་རྩོད་པ་སྤང་བ་གཉིས་ལས། དང་པོ་ནི། ཡང་དག་པར་ བསྟན་ཏོ་ཞེས་པ་ཡན་ཆད་དང་། འདིར་འགའ་ཞིག་ལ་ཞེས་པ་ནས་ངེས་པར་གྲོལ་བའོ། །ཞེས་པའི་བར་ཡིན་ལ། དེ་ནས། དེའི་ཕྱིར་རྒྱུད་སྟོན་པ་པོ་དང་སྡུད་པ་པོ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ནི། དེ་ནས་ཁྱབ་འཇུག་དང་ཞེས་པ་ ནས། དེ་ལ་གཞན་དོན་ཅི་ཞིག་བཏམ་ཞེས་པའི་བར་རོ། །དེའི་ཕྱིར་ཞེས་སོགས་ནི་དེ་དག་ཐམས་ཅད་ཀྱི་དོན་བསྡུ་བའོ། །དེ་ལ་རྩོད་པ་དང་པོ་སྤང་བ་ལ། རྩོད་པ་དགོད་པ་ནི། རྒྱུད་ཀྱི་རྒྱལ་པོ་ཞེས་པ་ནས་འབྱུང་བར་འགྱུར་ཏེ་ཞེས་པའི་བར་ཏེ། དེའི་དོན་ ནི། རྒྱུད་འདི་ཐམས་ཅད་མཁྱེན་པས་གསུངས་པ་མིན་ཏེ། རྩ་རྒྱུད་རྒྱས་བསྡུས་གཞན་ཐམས་ཅད་དུ། བཞུགས་པའི་གནས་སྟོན་པའི་ཨེ་ཝཾ་གྱི་ཚིག་ཡོད་ལ། འདིར་དེ་མེད་པའི་ཕྱིར་ཞེས་པ་སྟེ། བཞུགས་པའི་གནས་སྟོན་པའི་ཨེ་ཝཾ་གྱི་ཚིག་ མེད་པར་རྩོད་པ་ཡིན་གྱི། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་པ་ལྟ་བུ་ལ་བཞུགས་པའི་གནས་སྟོན་པའི་ཚིག་ཏུ་བྱས་ནས་དེ་མེད་པའི་ཕྱིར་ཞེས་རྩོད་པ་མིན་ནོ། །དེའི་ལན་ལ་ཨེ་ཝཾ་ཞེས་པ་ལྟ་བུ་ལེགས་སྦྱར་གྱི་སྐད་ཁོ་ན་ངེས་ བཟུང་དུ་སྨོས་མི་དགོས་པའི་སྒྲུབ་བྱེད་དང་། སྨོས་དགོས་པ་ལ་གནོད་བྱེད་དང་། སྨོས་མི་དགོས་པའི་སྒྲུབ་བྱེད་གཞན་བསྟན་པ་དཔེ་དང་བཅས་པ་དང་། ལེགས་སྦྱར་གྱི་སྐད་ཀྱིས་བསྡུས་པའི་རྒྱུད་སྡེ་རྣམས་ལའང་བཞུགས་པའི་གནས་སྟོན་ 12-6-63a ཚུལ་གཅིག་ཏུ་མ་ངེས་ཤིང་རྒྱུད་ཞུ་བ་པོའང་རིགས་གཅིག་ཏུ་མ་ངེས་པར་བསྟན་པ་དང་། ཨ་ཝཾ་གྱིས་མཚོན་པའི་དོན་གྱི་མིང་གི་རྣམ་གྲངས་བཤད་པ་དང་། རྒྱུད་གཞན་དུ་གསུངས་པའི་ཨེ་ཝཾ་གྱི་ངེས་དོན་ བཤད་པ་དང་། དེ་ཉིད་བླ་མའི་མན་ངག་ལས་ཡིད་ཆེས་གསུམ་གྱི་སྒོ་ནས་རྟོགས་པར་བྱ་བར་བསྟན་པ་དང་། ཡིད་ཆེས་སུམ་ལྡན་གྱི་རྒྱུད་ཀྱི་དོན་བསྡུས་པ་བཤད་པ་དང་། རྒྱུད་གཞན་ལས་བསྟན་པའི་ཨེ་ཝཾ་གྱི་དོན་དེ་ཉིད་འདིའི་གླེང་གཞིའི་ཚིག་ གི་དོན་དུ་ཇི་ལྟར་ཡོད་ཚུ་དང་། དེའི་ཕྱིར་ཚིག་ཙམ་ལ་བརྟེན་ནས་སྨད་པར་མི་བྱ་བ་དོན་བསྡུ་དང་བཅས་པ་སྟེ། བསྡུས་པ་ནི་དོན་བཅུས་རིག་པར་བྱའོ། །དང་པོ་ནི། དེའི་ཕྱིར་ལན་བརྗོད་པ་ཞེས་མཚམས་སྦྱར་ནས། དེའི་རྗེ་སུ། འདིར་ཞེས་པ་ ནས་དེ་ནི་མ་ཡིན་ཏེ། ཞེས་པའི་བར་གྱིས་དམ་བཅའ་སྟོན་ཏེ། དེ་བཞིན་གཤེགས་པས་གསུངས་པའི་རྒྱུད་ཡིན་ན་ཨེ་ཝཾ་ཞེས་པའི་ལེགས་སྦྱར་གྱི་ཚིག་ཁོ་ནས་བཞུགས་པའི་གནས་བསྟན་དགོས་པ་མིན། ཞེས་བྱ་བའོ། །དེའི་རྒྱུ་མཚན་ གང་གི་ཕྱིར་ན། ཆོས་སྟོན་པ་པོ་སངས་རྒྱས་རྣམས་ཀྱང་། དོན་ལ་གཙོ་བོར་སྟོན་པ་ལ་བརྟེན་ནས་གདུལ་བྱ་རང་རང་གི་སྐད་དང་མཐུན་པར་སྐད་སྣ་ཚོགས་པས་ཆོས་སྟོན་པ་ཉིད་ཀྱི་ཕྱིར་དང་། སྡུད་པར་བྱེད་པ་པོ་རྣམས་ཀྱང་ཡུལ་སྣ་ཚོགས་ ཀྱི་སྐད་ལེགས་སྦྱར་ལས་གཞན་གྱིས་ཀྱང་ཡང་དག་པར་སྡུད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དང་ཞེས་པ་ནི། འདི་གཉིས་གང་རུང་རེས་ཀྱང་དམ་བཅའ་དེ་ཉིད་འགྲུབ་པའི་རྟགས་རྣམས་གྲངས་སྟོན་པ་ཡིན་ནོ། །གཉིས་པ་དམ་བཅའ་དེ་ལས་ 12-6-63b བཟློག་པ་ལ་གནོད་པ་སྟོན་པ་ནི། འདིར་གལ་ཏེ་ཞེས་པ་ནས་ཡིན་པའི་ཕྱིར་རོ། །ཞེས་པའི་བར་ཏེ། སངས་རྒྱས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དུས་དུ་མར་གདུལ་བྱ་རིགས་ཐ་དད་དུད་མ་ལ་བསྟན་མི་ནུས་པར་ཐལ། ལེགས་སྦྱར་གྱི་སྐད་ཁོ་ནས་ སྟོན་དགོས་པའི་ཕྱིར། སྡུད་པ་པོས་ཀྱང་གདུལ་བྱ་རང་རང་གི་སྐད་དང་མཐུན་པར་སྡུད་མི་ནུས་པར་ཐལ། སྐད་ཉི་ཚེ་བ་ལེགས་སྦྱར་ཁོ་ནས་སྡུད་དགོས་པའི་ཕྱིར་ཞེས་པའོ། །གཞན་ཡང་གསུང་ཉི་ཚེ་བ་དེ་ཁོ་ནར་ངེས་ནས་རང་རང་གི་སྐད་དང་ མཐུན་པར་ཆོས་མི་སྟོན་ན། སྐུའང་ཉི་ཚེ་བ་ཁོ་ནར་འགྱུར་བས། ཅིག་ཅར་ཞིང་མཐའ་ཡས་པར་གདུལ་བྱ་མཐའ་ཡས་པ་ལ་སྐད་དང་གསུང་གི་རྣམ་པས་དོན་མཛད་པ་མེད་པར་འགྱུར་ལ། དེ་ལྟ་ན་ཐམས་ཅད་མཁྱེན་པ་མིན་པར་འགྱུར་རོ། །ཞེས་ པ་ནི། འདིར་ཞེས་པ་ནས་དེ་ལྟར་ཡང་མིན་ནོ། །ཞེས་པའི་བར་རོ། །གསུམ་པ་ལེགས་སྦྱར་ཁོ་ན་བསྟན་མི་དགོས་པའི་སྒྲུབ་བྱེད་གཞན་ཡང་བཤད་པ་ནི། འདིར་ཞེས་པ་ནས་དུ་མ་ཡིན་ནོ། །ཞེས་པའི་བར་ཏེ། དེའང་བཅོམ་ལྡན་འདས་ཀྱི་ཆོས་ སྟོན་པའི་གསུང་ལེགས་སྦྱར་ཁོ་ནར་ངེས་ན་སྐུའང་ལྷའི་གཟུགས་གཅིག་པུར་ངེས་དགོས་པ་ལ་ཐམས་ཅད་མཁྱེན་པའི་སྐུ་ནི་ལྷའི་གཟུགས་གཅིག་པུར་ངེས་པ་མིན་ནོ། །དེའི་རྒྱུ་མཚན། སྟོན་པ་པོ་སངས་རྒྱས། དེས་བསྟན་པའི་ཆོས། ཞུ་བ་པོ་ དགེ་འདུན་རྣམས་རྣམ་པ་ཉི་ཚེ་བ་མ་ཡིན་པར་ཚད་མེད་པའི་ཕྱིར་རོ། །ཞེས་པའོ། །དེའི་ཕྱིར་ནས། བསྟན་པ་མིན་ནོ་ཞེས་པའི་བར་དེའི་དོན་བསྡུའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཡུལ་སོ་སོར་གདུལ་བྱ་སོ་སོ་ལ་དོན་གཅིག་ཉིད་སྐད་རིགས་ 12-6-64a སོ་སོས་བསྟན་པ་མདོ་སྡེ་ལས་འབྱུང་བའི་དཔེས་བསྟན་པ་ནི། འདིར་དང་པོར་ཞེས་པ་ནས་ཆོས་བསྟན་ཏོ། །ཞེས་པ་གསུམ་པའི་བར་ཏེ། སྐད་རིགས་གསུམ་པོ་དེའི་དོན་ནི། བོད་སྐད་དུ་བསྒྱུར་ན། འདི་ལྟར་ཡང་བཅོམ་ལྡན་ འདས་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་མ་མེད་པ། ཞེས་པ་འདི་ཡིན་ཏེ། དེའང་ཡུལ་སྐད་དང་པོ་དེའི་དོན་ནི་འདི་ཉིད་ཡིན་ལ། སྐད་གཞན་གཉིས་ད་ ལྟ་བསྒྱུར་རྒྱུ་མེད་ཀྱང་། སྔ་མའི་འགྲོས་ཀྱིས་དོན་འདི་གསལ་ལོ་ཞེས་བླ་མ་སྔ་མ་དག་གསུངས་སོ། །དེ་ལྟར་ནས་མིན་ནོའི་བར་ནི་དཔེ་དེས་གྲུབ་པའི་དོན་ནོ། །བཞི་པ་ལེགས་སྦྱར་གྱི་སྐད་ཀྱིས་བསྡུས་པའི་རྒྱུད་སྡེ་རྣམས་ལའང་བཞུགས་པའི་གནས་ སྟོན་ཚུལ་གཅིག་ཏུ་མ་ངེས་པར་བསྟན་པ་ནི། དེ་ནས་སྡུད་པར་བྱེད་པ་པོ་རྣམས་ཀྱིས། ཞེས་པ་ནས། མན་ངག་ལས་རྟོགས་པར་བྱའོ་ཞེས་པའི་བར་རོ། །དེ་བཞིན་དུ་རྒྱུད་སྟོན་པར་གསོལ་བ་འདེབས་པ་པོའང་གཅིག་ཏུ་མ་ངེས་པར་བསྟན་པ་ནི། དེ་བཞིན་ དུ་ཞེས་པ་ནས། གསོལ་བ་འདེབས་པ་རྣམ་འབྱོར་པས་ཤེས་པར་བྱའོ་ཞེས་པའི་བར་ཏེ། དགེ་འདུན་ཚད་མེད་པར་གསུངས་པའི་དོན་ནོ། །དེ་ནས་ལྔ་པ་ཨ་ཝཾ་གྱིས་མཚོན་པའི་དོན་གྱི་མིང་གི་རྣམ་གྲངས་བཤད་པ་ནི། བཅོམ་ལྡན་འདས་ཞེས་ པ་ནས། ཆོས་སྟོན་པོ་ཡིན་པའི་ཕྱིར་རོ། །ཞེས་པའི་བར་གྱིས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཅི་ཁྱབ་འཇུག་དང་ཚངས་པ་ལ་སོགས་པ་བཞིན་དུ་ལྷའི་སྐུ་ཉི་ཚེ་བའི་སྐུ་དང་། ལེགས་སྦྱར་གྱི་གསུང་ཉི་ཚེ་བར་ངེས་པ་མིན་གྱི་ 12-6-64b གདུལ་བྱ་དང་མཐུན་པར་སྐུ་སྣ་ཚོགས་པ་དང་གསུང་སྣ་ཚོགས་པས་ཆོས་སྟོན་ཅིང་། སྡུད་པར་བྱེད་པ་པོས་ཀྱང་དེ་ལྟར་སྡུད་པ་ཡིན་པས། བཞུགས་པའི་གནས་སྟོན་པ་ནའང་། ཨེ་ཝཾ་གཅིག་པུ་མིན་པར་མིང་སྣ་ཚོགས་པས་བསྟན་པ་ཡིན་ནོ། །ཞེས་བྱ་བའོ། ། འོ་ན་ཨ་ཝཾ་གྱིས་མཚོན་པའི་དོན་དེ་ཉིད་མིང་སྣ་ཚོགས་པ་ཇི་ལྟ་བུས་བསྟན་ཅེ་ན། སྔགས་ཀྱི་ཚུལ་འདི་ལ་ཞེས་པ་ནས། སྨིན་པར་བྱ་བའི་སླད་དུའོ་ཞེས་པའི་བར་གྱིས། དོན་གཅིག་མིང་དུ་མས་གོ་བར་བྱེད་པའི་དཔེ་སྔོན་དུ་སྨོས་ཏེ། དེའི་རྗེས་སུ་གོ་ རིམ་བཞིན་དུ། ཨའི་མཚོན་དོན། རྣམ་པ་ཐམས་ཅད་པའི་སྟོན་པའི་མིང་གི་རྣམ་གྲངས་དང་། ཝཾ་ཡིག་གིས་མཚོན་དོན། བདེ་བ་ཆེན་པོའི་མིང་གི་རྣམ་གྲངས་དང་། གཉིས་ཀའི་མཚོན་དོན་ཐབས་ཤེས་གཉིས་སུ་མེད་པའི་རྣལ་འབྱོར་གྱི་མིང་གི་རྣམ་གྲངས་ དང་། དེ་དག་གི་དོན་བསྡུ་བ་དང་བཅས་པར་འཆད་དོ། །འདིར་གསང་བ་གཉིས་སྨོས་པའི་སྔ་མའི་སྐད་དོད་ལ་ར་ཧ་སེ། ཕྱི་མའི་སྐད་དོད་ལ་གུ་ཧྱ་ཞེས་པ་ཡོད་པས་སྔ་མ་གསང་ཆེན། ཕྱི་མ་གསང་བ་ཡིན་ནོ་ཞེས་གསུངས་པ་ཉིད་ལེགས་སོ། ། དེའི་འོག་ཏུ་དྲུག་པ་རྒྱུད་གཞན་དུ་ཨེ་ཝཾ་གྱི་སྒྲས་བསྟན་པའི་ངེས་དོན་བཤད་པ་ནི། དཔལ་ལྡན་འདུས་པ་ལ་སོགས་པར་ལྷའི་སྐད་ཀྱིས་ཆོས་བསྟན་པས་ཡོངས་སུ་སྨིན་པར་བྱ་བའི་གདུལ་བྱའི་དོན་དུ་བཞུགས་པའི་གནས་བསྟན་པ་ན། ཨེ་ཝཾ་ ཞེས་སོགས་ལེགས་སྦྱར་གྱི་སྐད་ཀྱིས་བསྟན་པ་ཡིན་པ་དེའི་ཕྱིར། འདུས་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་ལ་གླེང་གཟིའི་ཐོག་མར་ཨེ་ཝཾ་གྱི་ཡི་གེ་གཉིས་པོ་འདི་དབྱི་བར་མི་འདོད་དེ་དེའི་རྒྱུ་མཚན་སྟོན་པས་ཀྱང་སྒྲ་དེས་གསུངས་ཤིང་། སྡུད་ 12-6-65a པ་པོས་ཀྱང་སྒྲ་དེ་ཐོས་ནས་བསྡུས་པ་ཡིན་པའི་ཕྱིར། ཞེས་པ་ནི། ཡི་གེ་གཉིས་པོ་འདི་སོགས་སོ། །འོ་ན་ཨེ་ཝཾ་ཞེས་པའི་ཡི་གེ་གཉིས་པོ་འདི་བསྒྲུབ་པའི་ཚུལ་ཇི་ལྟར་བྱས་ནས། ངེས་པའི་དོན་གང་མཚོན་པར་བྱེད་ཅེ་ན། དེའི་ཕྱིར་ཡི་གེ་གཉིས་པོ་འདི་བསྒྲུབ་པའི་ཚུལ་དང་། ངེས་པའི་དོན་བརྗོད་པར་བྱ་སྟེ། དེ་ལ་དང་པོར་ཞེས་པ་ཡི་གེ་འགོད་པའི་རིམ་པ་སྟོན་པའི་ཚིག་གོ། ཨ་ཡིག་ཅེས་པ་ནས་ཁུ་བའོ་ཞེས་པའི་བར་ནི། དང་པོ་ཨ། དེ་ནས་རྣམ་བཅད་ཚེག་དྲག ། དེ་ནས་ཡང་ཨ། དེ་ནས་རྗེས་སུ་ང་རོ་ཐིག་ལེ་དགོད་པར་བྱ། ཞེས་པའི་དོན་དེ། ཨ ཨཿ ཞེས་པ་ལྟ་བུའོ། །འདིར་ཁ་ཅིག ཨ་ཡག་ནམ་མཁའི་ཁམས་དང་། གསང་བའི་པདྨ་ཞེས་པའི། ནམ་མཁའ་ཕྱི་པདྨ་ནང་ཨ་ཡིག་གཞན་ཡིན་ནོ་ཞེས་ཟེར་བ་ མི་འཐད་དེ། འདིར་ཡི་གེ་འདི་དག་བཀོད་པ་ནི་ཨེ་ཝཾ་གྱི་ཡི་གེ་བསྒྲུབ་པའི་ཕྱིར་དུ་བཀོད་པ་ཡིན་ལ་དེས་བསྒྲུབས་པའི་ཨེ་ཝཾ་གྱི་ཡི་གེ་དེས་མཚོན་པའི་དོན་ལ་ཕྱི་ནང་གཞན་གསུམ་དུ་དབྱེ་རྒྱུ་ཡིན་གྱི། བསྒྲུབས་ཟིན་ནས་ཀྱང་ཨེ་ཝཾ་གྱི་ཡི་གེ་ཉིད་ གཞན་དུ་བྱེད་པ་མིན་པས་སོ། །དེ་ལྟར་བཀོད་པ་ན་ཨ་ཡིག་ལས་ཕྱི་རོལ་གྱི་རྣམ་པར་བཅད་པ་ནི། ཨུ་ཡིག་ཏུ་འགྱུར་ཏེ་ཞེས་འབྱུང་བ་ལྟར་ཉི་མ་དང་རྡུལ་མཚོན་པའི་རྣམ་པར་བཅད་པ་ཚེག་དྲག་ནི། ནམ་མཁའི་ཁམས་མཚོན་བྱེད་ཨ་ཡིག་ སྔ་མ་དང་། སྒྲ་གཅན་རྣམ་ཤེས་ཀྱི་ཁམས་མཚོན་བྱེད་ཨ་ཡིག་ཕྱི་མ་འདི་གཉིས་ཀྱི་བར་དུ་ཆུད་པའི་དབང་གིས་ཨུ་ཉིད་དུ་འགྱུར་ནས་འགྲོ་བ་འཐོབ་སྟེ། དེའི་ཕྱིར་ཚེག་དྲག་ཕྱིས་ནས་ཨུ་བྲིའོ། །དེ་ལྟར་རྣམ་པར་བཅད་པ་ཉི་མ་དང་རྡུལ་ 12-6-65b མཚོན་བྱེད་དེ་ཉིད་ཨུ་ཉིད་དུ་བསྒྱུར་བ་ཐོབ་པར་གྱུར་པ་ན། འགའ་ཞིག་གིས་བསམས་པས། ཨུ་ཡིག་དེ་ཉིད་དེའི་གོང་གི་ཨ་མཐོང་བས་ཨོ་ཡིག་ཏུ་འགྱུར་དགོས་ཏེ། ཨུ་དང་ཨ་ལས་ཨོ་ཉིད་དུ་འགྱུར་བར་སྒྲའི་མདོ་ལས་བཤད་པས་སོ་སྙམ་ན། སྤྱིར་དེ་ ལྟར་འགྱུར་བ་ཡོད་ཀྱང་སྐབས་འདིར་ཨུ་ཡིག་དེ་དེའི་གོང་གི་ཨས་མཐོང་བས། ལུགས་འདིར་ཡོན་ཏན་གྱི་ཡི་གེར་བྱས་པའི་ཨོ་ཉིད་དུ་འགྱུར་བ་དེ་མེད་དོ། །དེའི་རྒྱུ་མཚན། ཨུ་ཡིག་གི་གོང་གི་ཨ་དེ་ནི། དོན་དམ་པའི་བདེན་པ་སྟོང་པ་ཉིད་མཚོན་བྱེད་ ཀྱི་ཨེ་ཡིག་བསྒྲུབ་པའི་གཞིར་བཀོད་པ་ཡིན་ཅིང་། ཨོ་ཡིག་ཏུ་བསྒྱུར་ན་ཨེ་བསྒྲུབ་ཏུ་མི་རུང་བ་དེ་ལས་ཏེ་དེའི་ཕྱིར་རོ། །དེས་ན་ཡོན་ཏན་ཞེས་པ་ནི། འོག་ནས་འབྱུང་བ་ལྟར་ཡོན་ཏན་གྱི་ཡི་གེ་ཨེ་ཨོ་སོགས་ཐུང་ངུ་དང་། འཕེལ་བའི་ཡི་གེ་ཨཻ་ཨཽ་ སོགས་རིང་པོ་ལ་བཤད་པ་དེ་ཉིད་ཡིན་གྱི། དོན་དམ་པར་ཡོན་ཏན་མེད་ཀྱང་ཀུན་རྫོབ་ཏུ་ཡོན་ཏན་ཡོད་ཅེས་བཤད་ན་ནོར་བའོ། །འོ་ན་ཨུ་ཡིག་དེ་གང་དུ་བསྒྱུར་ཅེ་ན། དེ་ཉིད་སྐབས་འདིར་ཡོན་ཏན་གྱི་ཡི་གེར་འགྱུར་བ་མེད་པའི་ཕྱིར་ན། སྒྲའི་མདོ་ལས། ཨི་ ཀ་ནི་ཨ་ཙ་ལ་ཡ་ཎའོ། །ཞེས་པ་ལྟར་བསྒྱུར་བར་བྱའོ། །དེའི་ཚུལ་ནི་ཨི་རྀ་ཨུ་ལྀ་ཀ །ཞེས་པ་འདི་ཉིད་ཐོག་མཐའ་བསྡུས་ནས་ཨི་ཀའི་ཡི་གེ་ཞེས་བྱ་ལ། ཨ་ཨི་རྀ་ཨུ་ལྀ་ཨེ་ཨཻ་ཨཽ་ཙ་རྣམས་ལ་ཐོག་མཐའ་བསྡུས་ནས་ཨ་ཙའི་ཡི་གེ་ཞེས་ཐ་སྙད་ བྱ་ཞིང་། ཡང་ར་ལ་ཝ་ཎ་ལའང་དེ་བཞིན་དུ་ཡ་ཎའི་ཡི་གེ་ཞེས་བྱའོ། །དེ་ལ་ཀ་ཙ་ཎ་ཞེས་པ་མཐའི་ཡི་གེ་གསུམ་མ་གཏོགས། གཞན་ཨི་ཀའི་ཡི་གེ་བཞི་པོ་དེ་དག་གིས། རང་གི་ཕ་རོལ་ཡི་གེ་གཞན་གྱིས་བར་མ་ཆོད་པར། ཨ་ཙའི་ཡི་གེ་དགུ་ 12-6-66a པོ་དེ་དག་གང་ཡང་རུང་བ། ཨིས་ཨི་མཐོང་བ་ལྟ་བུ་མིན་པར་རང་དང་རིགས་མི་མཐུན་ཞིག་མཐོང་ན། ཨི་ཀའི་ཡི་གེ་དེ་འགྱུར་ནས་འགྲོའོ། །གང་དུ་ན། ཡ་ཎའི་ཡི་གེ་བཞི་པོ་གང་ཡང་རུང་བ་ཞིག་ཏུའོ། ། ཚུལ་ཇི་ལྟར་ན། ཨི་ཡིས་རང་གི་ཕ་རོལ་ཏུ་རང་དང་རིགས་མི་མཐུན་པའི་ཨ་ཙའི་ཡི་གེ་ཞིག་མཐོང་ན། ཨི་དེ་ཡ་ཎའི་ཡི་གེ་རྣམས་ཀྱི་ནང་ནས་ཡ་རུ་འགྱུར་འགྲོ་ལ། དེ་བཞིན་དུ་རྀ་བཞིན་དུ་རྀ་ར་དང་། ཨུ་ལྦ་དང་། ལྀ་ལ་རུ་འགྱུར་རོ། །དེའི་ཕྱིར་འདིར་ ཡང་། ཨུ་ཡིས་རང་དང་རིགས་མི་མཐུན་པའི་ཨ་ཙའི་ཡི་གེ། རང་གི་གོང་གི་ཨ་དེ་མཐོང་བ་ཡིན་པས་ཨུ་དེ་ལྦ་རུ་འགྱུར་རོ། །དེའང་སྒྲ་པ་དག་གི་ལུགས་ཀྱིས། དབྱངས་མེད་པའམ་སྲོག་མེད་ནི། རང་གི་འགྲམ་ན་གནས་པའི་དབྱངས་ ཡིག་དང་སྦྱར་ཞིང་། དབྱངས་ཡིག་དེ་དེ་ལ་བཅུག་ནས་སྲོག་ཅན་དུ་བྱེད་པ་ཡིན་པས། འདིར་ཡང་ལྦ་སྲོག་མེད་དེ་ཉིད། ཕྱི་མའི་ཨ་ཡིག་སྒྲ་གཅན་དང་། རྣམ་པར་ཤེས་པ་མཚོན་བྱེད་དེ་དང་ལྷན་ཅིག་ཡང་དག་པར་སྦྱར་ཞིང་ཨ་དེ་ལྦ་ལ་བཅུག་ པས་སྔར་གྱི་ཝ་དེ་སྲོག་དང་ལྡན་པ་ཉིད་དོ། །དེ་ཉིད་མཐའི་རྗེས་སུ་ང་རོ་ཟླ་བ་དང་ཁུ་བ་མཚོན་བྱེད་དེ་དང་ཡང་དག་པར་སྦྱར་ཏེ་དེའི་ཕྱིར་ཝཾ་ཡིག་གོ། དེ་བཞིན་དུ་དང་པོར་བོད་པའི་ཨ་ཡིག་ནམ་མཁའི་ཁམས་དང་གསང་བའི་པདྨ་མཚོན་བྱེད་ནི་ཨེ་ བསྒྲུབ་པའི་ཆེད་དུ་བདུན་པའི་མཐའ་ཅན་ཏེ། རྣམ་དབྱེ་བརྒྱུད་ཀྱི་ནང་ནས་བདུན་པ་གནས་གཞིའི་ཚིག་དེ་ལ་བྱིན་ནོ། །དེའི་རྒྱུ་མཚན་ཡང་ཨེ་ནི་རྟེན་ནམ་གནས་ཀྱི་མཚོན་བྱེད་ཡིན་པས་སོ། །བདུན་པའི་རྣམ་དབྱེ་ལའང་། གཅིག་ཚིག །གཉིས་ 12-6-66b ཚིག མང་ཚིག་གསུམ་ཡོད་པ་ལས། འདིར་ནི་རྟེན་ནམ་གནས་ཀྱི་ངོ་བོ་གཅིག་གི་མཚན་བྱེད་དུ། ཨེ་བསྒྲུབ་པ་ཡིན་པས། གཅིག་ཚིག་ངི་དེ་ཉིད་བཀོད་ནས། དེའི་རྗེས་སུ། ངལ་ཞུགས་པའི་ཨི་དེ་ཟུར་དུ་བཀོད། ང་དེ་ཉིད་རྟགས་ཀྱི་དོན་ཙམ་ཡིན་པས་ ཕྱིས་ཏེ། ཨི་ཡིག་དེ་ཉིད་ཨ་ལ་གཞུག་པར་བྱའོ། །བཅུག་པས་ཅིར་འགྱུར་ཞེ་ན། ཨ་ཡིག་ཕ་རོལ་གྱི་ཨི་ཡིག་དང་ལྷན་ཅིག་ཡོན་ཏན་དང་ལྡན་པར་འགྱུར་ཏེ། ཞེས་པ་སོགས་ཡོན་ཏན་གྱི་ཡི་གེ་ཨེར་འགྱུར་ཞེས་པའི་དོན་ཡིན་པས། དེའི་ཕྱིར་ཨི་ དང་ཨ་དེ་གཉིས་སྦྱར་བས་ཨེ་ཡིག་གོ། དེ་ལྟར་བསྒྲུབས་པའི་ཨེ་ཝཾ་གྱི་ཡི་གེས་མཚོན་པའི་དོན་ནི། ཨེས་རྟེན་དང་། ཝཾ་གྱི་དེ་ལ་བརྟེན་པ་དག་མཚོན་ཞིང་དེའང་། ཨེ་ཡིག་ཅེས་པ་ནས། རྟོགས་པར་བྱའོ་ཞེས་པའི་བར་གྱིས་སྟོན་ལ། དེའི་དོན་ ནི། ཨེ་ཡིག་ལ། ཝཾ་ཡིག་བརྟེན་པ་དེས། ཕྱིར་ནམ་མཁའ་ལ་ཟླ་ཉི་སྒྲ་གཅན་གསུམ་བརྟེན་པ་དང་། ནང་བར་མིའི་གསང་བའི་པདྨར་ཁུ་རྡུལ་རྣམ་ཤེས་གསུམ་འདུས་པ་དང་། གཞན་བསྐྱེད་རིམ་ལ། ནམ་མཁའི་ཁམས་ཀྱི་ནང་དུ་ཆུད་པའི་གཞལ་ ཡས་ཁང་དང་། ལྷ་གནས་དང་། གཞན་རྫོགས་རིམ་དང་འབྲས་བུ་ལ་རྣམ་པ་ཐམས་ཅད་པའི་གཟུགས་ཀྱི་སྟོང་པ་ལ་བརྟེན་ནས་མི་འགྱུར་བའི་བདེ་ཆེན་གནས་པ་དང་། རྣམ་མེད་ཀྱི་ཤེས་རབ། སྤྲོས་བྲལ་དེ་ཁོ་ན་ཉིད་ཀྱི་སྟོང་པ་དམིགས་ པའི་གཞིར་བྱས་པ་ལ་ཡུལ་ཅན་བདེ་ཆེན་གྱི་ཡེ་ཤེས་དབྱེར་མེད་དུ་གནས་པ་གཉིས་ཀ་མཚོན་པར་བྱེད་དོ་ཞེས་བྱ་བའོ། །དོན་དེ་དག་རྩ་རྒྱུད་ཀྱི་ལུང་དང་སྦྱར་བ་ནི། འདིར་རྩ་བའི་རྒྱུད་ལས་ཞེས་སོགས་སོ། །དེ་དག་གི་དོན་བསྡུ་བ་ནི། རྒྱུད་འདིས་ 12-6-67a ནས་གསུངས་སོའི་བར་རོ། །འདུས་པར་ཨེ་ཝཾ་གྱི་སྒྲས་བསྟན་པ་དེ་ཉིད། གཞན་དུ་སྐད་གཞན་གྱིས་གསུངས་པའི་མཚོན་པའི་དཔེ་ནི། དངོས་པོ་གང་ཞིག་ནས་བསྟན་ཏོའི་བར་རོ། །བདུན་པ། དོན་དེ་ཉིད་བླ་མའི་མན་ངག་ ལས་ཡིད་ཆེས་གསུམ་གྱི་སྒོ་ནས་རྟོགས་པར་བྱ་བར་བསྟན་པ་ནི། ཨེ་ཝཾ་གྱི་ངེས་དོན་སོགས་དེའང་རྒྱུད་དང་རྒྱུད་གཞན་དུ་དགོངས་པའི་སྐད་སྣ་ཚོགས་ཀྱིས་གསུངས་པར་རྟོགས་པར་བྱའོ། །ཚུལ་ཇི་ལྟ་བུས་ན། འདིར་རྩ་བའི་རྒྱུད་ལས་བཅོམ་ ལྡན་འདས་ཀྱི་གསུངས་པ་དགོངས་པ་དང་ནི་ཞེས་སོགས་ཏེ། དེ་ལྟར་རྒྱུད་ནི། འཕགས་ལུགས་པའི་བླ་མ་སྔ་མ་དག དོན་གྱི་མཐའ་ལ་བརྟེན་པ་གཉིས། སྒྲ་མཐའ་ལ་བརྟེན་པ་གཉིས། སྒྲ་དོན་གཉིས་ཀའི་མཐའ་ལ་བརྟེན་པ་གཉིས་ སུ་གསུངས་པ་ལྟར་གྱི་རྗོད་བྱེད་མཐའ་དྲུག་གི་མཚན་ཉིད་དོ། །ཞེས་གསུངས་པའི་བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་རྒྱུད་རྣམས་སུ་དོན་སྟོན་པ་ལ་མིང་གཅིག་ནི་གཙོ་བོ་མ་ཡིན་ནོ། །མཐའ་དྲུག་གི་ངོས་འཛིན་ནི་སྒྲོན་གསལ་ལས་ཤེས་ པར་བྱའོ། །འོ་ན་སྔགས་ཀྱི་སྐབས་སུ་ངེས་པའི་དོན་ལ་སོགས་པ་དེ་དང་དེར་ཐབས་གང་གིས་རྟོགས་པར་བྱ་ཞེ་ན། སྔགས་ཀྱི་ཞེས་པ་ནས། འབྲས་བུར་འགྱུར་རོ་ཞེས་པའི་བར་གྱིས་ཡིད་ཆེས་པ་གསུམ་སྟོན་ཏེ། དེའང་བླ་མས་བཤད་པ་ ལྟར་ཏུ་དོན་ལུང་རིགས་ཀྱིས་ཇི་ལྟ་བར་ངེས་པ་ན། རྒྱུད་ལ་ཡིད་ཆེས་པར་འགྱུར་ཞིང་། དེ་ལ་བརྟེན་ནས་རྒྱུད་དོན་དེ་ཚུལ་བཞིན་དུ་སྟོན་པའི་བླ་མ་ལ་ཡིད་ཆེས་པར་འགྱུར་ལ། བསྟན་པ་ལྟར་བསྒོམས་པས་མྱོང་བ་སྐྱེས་པ་ན་བདག་ 12-6-67b ཉིད་ལ་ཡིད་ཆེས་པར་འགྱུར་ཞིང་། ཡིད་ཆེས་གསུམ་དང་མི་ལྡན་པའི་སློབ་མས་ལམ་བསྒོམས་ཀྱང་ཐུན་མོང་གི་དངོས་གྲུབ་འཇིག་རྟེན་པ་འགའ་ཞིག་ཐོབ་སྲིད་ཀྱང་། ཡིད་ཆེས་ཀྱི་དད་པ་དམན་པས་དངོས་གྲུབ་མཆོག་ཐོབ་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །དེའང་མྱུར་དུ་ཡིད་ཆེས་པའི་མཚན་མ་འབྱུང་བའི་ཚུལ་ནི། འདིར་རྒྱུད་གཞན་དང་གཞན་དུ་ཞེས་པ་ནས། གསུངས་སོ་ཞེས་བྱ་བའི་བར་ཏེ། བདེ་མཆོག་སྟོད་འགྲེལ་དུ་རྩ་རྒྱུད་ཀྱི་ལུང་དྲངས་པ། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། །ཞེས་པ་དེའི་དོན་འཆད་པ་ཡིན་ལ། །དེའང་སྔར་བཤད་ཟིན་པས་ཤེས་སོ། །དེའི་རྗེས་སུ་བརྒྱད་པ་ཡིད་ཆེས་སུམ་ལྡན་གྱི་རྒྱུད་ཀྱི་དོན་བསྡུས་པ་འཆད་པ་ནི། འོ་ ན་ཡིད་ཆེས་གསུམ་ལྡན་པའི་སྔགས་ཀྱི་ཐེག་པ་འདིའི་བརྗོད་བྱ་ཇི་ལྟ་བུ་ཞེ་ན། རིགས་གསུམ་དང་རིགས་བཞི་དང་རིགས་ལྡ་དང་རིགས་དྲུག་ལ་སོགས་པའི་བདག་ཉིད་དུ་སྟོན་པའི་ལྷ་ཞལ་གསུམ་པ་ལ་སོགས་པ་བརྗོད་པར་སྟོན་པ་ནི། འདིར་ རིགས་གསུམ་གྱི་ཞེས་པ་ནས། གཅིག་ཏུ་སྦྱོར་བའོ་ཞེས་པའི་བར་རོ། །དེ་མཚན་བརྗོད་ཀྱི་ལུང་དང་སྦྱར་བ་ནི། འདིར་ཞེས་སོགས་ཏེ། འདིར་ལ་སོགས་པ་གོང་འོག་རྣམས་སུ་མཚན་བརྗོད་ཀྱི་ལུང་དྲངས་པ་དག་ལ་ཉི་མ་དཔལ་གྱི་བཤད་ པ་ལྟར་བྱས་ན། རྒྱུད་འགྲེལ་ཉིད་ཀྱིས་དོན་གང་ལ་དྲངས་པའི་སྐབས་དོན་དང་མི་འགྲིག་པ་འགའ་རེ་སྣང་བས་དཔྱད་གཞིར་འདུག་པས་འདིར་འདི་དག་གི་བཤད་པ་མ་བྲིས་ལ་ལོགས་སུ་དཔྱད་པར་བྱའོ། །དེ་ལྟར་ན་རིགས་བཞིའི་བདག་ཉིད་ 12-6-68a རྒྱུད་འདིའི་བརྗོད་བྱར་བསྟན་པ་ནི། བཅོམ་ལྡན་འདས་ནས། འཁོར་ལོའི་ཞེས་པའི་བར་ཏེ། རྣལ་བྱོར་བཞི་ནི་སྔར་བཤད་ཟིན་ཏོ། །དེ་ལྟར་ཕུང་པོ་ལྔ་པ་ཁམས་ལྔ་དག་པའི་རིགས་ལྔའང་། འདི་བརྗོད་བྱར་ ཡོད་པར་བསྟན་པ་མཚན་བརྗོད་ཀྱི་ལུང་དང་སྦྱར་བ་ནི། དེ་ལྟར་ཞེས་སོགས་སོ། །དེའི་དོན་བསྡུ་བ་ནི། བཅོམ་ལྡན་འདས་ནས། རྟོགས་པར་བྱའོའི་བར་རོ། །དེ་ལྟར་ཡིད་ཆེས་སུམ་ལྡན་གྱི་རྒྱུད་སྤྱིའི་དོན་བསྡུས་ནས་བསྟན་པ་རྣམས་ཀྱི་དོན་བསྡུ་ བ་ནི། འདིར་འདུས་པ་ཞེས་པ་ནས། བརྗོད་པར་བྱ་བ་ཡིན་ནོ་ཞེས་པའི་བར་རོ། །དེའང་ཕྱོགས་འདི་དག་ལས། ཨེ་ཝཾ་སོགས་ཡི་གེ་བཞི་བཅུའི་ནང་ནས་ཤྲི་ད་ཡ་མེད་པའི་ཡི་གེ་སོ་བདུན་ལས་མི་འབྱུང་ལ། འདུས་པའི་གླེང་གཞིའི་ཡི་གེ་ལ་ནི་ བཞི་བཅུ་ཡོད་ཅིང་། དེ་ཉིད་འགྲེལ་པ་མཁན་པོས་བཞི་བཅུར་བཤད་པ་མ་དག་པ་ཡིན་གྱི། བྱང་ཆུབ་སེམས་དཔའི་འགྲེལ་པ་ལས་འབྱུང་ལྟར་སོ་བདུན་ཁོ་ནའོ། །ཞེས་པ་ནི་བརྗོད་པར་མི་བྱ་སྟེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཡི་གེ་རེ་རེའི་ དོན་འཆད་པ་ལ་ཤློ་ཀ་རེ་རེ་གསུངས་པའི་ཤློ་ཀ་བཞི་བཅུས་ཡི་གེ་བཞི་བཅུར་བྱས་ནས་བསྙོན་དུ་མེད་པར་གསུངས་པའི་ཕྱིར་རོ། །དེས་ན་སོ་བདུན་དུ་བཤད་པ་ནི་ཤྲི་ད་ཡའི་དོན་སྙིང་པོ་ཉིད་རྡོ་རྗེ་གསུམ་དུ་འདུ་རུང་བ་ལ་དགོངས་ནས་ལྷ་སོ་དྲུག་ དང་། དེ་དག་གི་ཁྱབ་བདག་ལྷན་ཅིག་སྐྱེས་པའི་སྐུ་དང་སོ་བདུན་ལ་དག་པ་སྦྱོར་བའི་ཆེད་དུ་ཡི་གེ་སོ་བདུན་དུ་བསྡུས་ཏེ་གསུངས་པའོ། །འདིར་གོང་འོག་རྣམས་སུ་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་པ་ལེགས་པར་སྦྱར་བའི་སྐད་ཀྱིས་ 12-6-68b ཞེས་འབྱུང་བ་རྣམས་ནི་ཧ་ཅང་འགྱུར་དྲགས་པ་ཡིན་པས། ཨེ་ཝཾ་ལ་སོགས་པ་ཞེས་བཤད་དགོས་སོ། །ད་ནི་དགུ་པ་རྒྱུད་གཞན་ལས་བསྟན་པའི་ཨེ་ཝཾ་གྱི་དོན་དེ་ཉིད། རྒྱུད་འདིའི་གླེང་གཞིའི་ཚིག་གི་དོན་དུའང་ཇི་ལྟར་ཡོད་པའི་ཚུལ་འཆད་དེ། དེ་ལ་ཐམས་ཅད་མཁྱེན་པ་ཞེས་པ་ནས། ཡི་གེ་དྲུག་ཅེས་སོ་ཞེས་པའི་བར་རོ། །བཅུ་པ་དེས་ན་ཚིག་ཙམ་ལ་བརྟེན་པའི་སྒོ་ནས་འདི་ལ་སྨད་པར་མི་བྱ་བར་བསྟན་པ་ནི། དེས་ན་ཞེས་སོགས་ཡིན་ལ། དེ་ལྟར་བརྗོད་པའི་ཞེས་པ་ནས། བསྟན་ ཏོ་ཞེས་པའི་བར་སྔར་བཤད་ཐམས་ཅད་ཀྱི་དོན་བསྡུ་བའོ། །ད་ནི་རྒྱུད་འདིའི་གླེང་གཞིར་དངོས་སུ་སྨོས་པ་སྟོན་པའི་མཚན་ཉིད་ཀྱི་ཁྱད་པར་ལྔ་བརྗོད་པའི་ཚིག་ལ་ཟློས་པ་ལ་སོགས་པའི་སྐྱོན་སྤངས་པ་གསུངས་པ། འདིར་འགའ་ཞིག་ལ། ཞེས་བྱ་བ་ ལ་སོགས་པ་སྟེ། དེ་ལ་རྩོད་པའི་ཚུལ་དང་ལན་བཏབ་པའི་ཚུལ་མདོར་བསྡུས་པ་ནི་འདི་ཡིན་ཏེ། ཐམས་ཅད་མཁྱེན་པ་དང་སངས་རྒྱས་ཞེས་པའི་ཚིག་གཉིས་ལ་ཟློས་སྐྱོན་ཡོད་དོ་ཞེས་པ་ལ། དེ་གཉིས་དོན་གཅིག་ཀྱང་འདིར་གཉིས་ཀ་སྨོས་པ་ནི་ ལོག་རྟོག་ལ་བལྟོས་པའི་དགོས་པའི་དབང་གིས་ཡིན་ཏེ་ཕྱི་རོལ་པ་སོགས་འགའ་ཞིག ཁྱབ་འཇུག་སོགས་ཀྱང་ཐམས་ཅད་མཁྱེན་པར་བརྗོད་ཅིང་། སྐྱེ་བོ་མང་པོ་ལ་དེ་ལྟར་གྲགས་ཤིང་། དེ་དག་སངས་རྒྱས་སུ་མ་གྲགས་པས། དེའི་ཕྱིར་ན་ སངས་རྒྱས་ཁོ་ན་ཐམས་ཅད་མཁྱེན་པ་ཡིན་གྱི་ཐམས་ཅད་མཁྱེན་པ་གཞན་མེད་དོ། །ཞེས་བསྟན་པའི་དོན་དུ་དེ་གཉིས་ཀ་སྨོས་པས་སྐྱོན་མེད་དོ་ཞེས་པ་ཟླས་སྤོང་དང་པོའི། །དེ་ནས་འོ་ན་ཐམས་ཅད་མཁྱེན་པ་དང་ཡེ་ཤེས་ཀྱི་སྐུ་ལའང་ 12-6-69a ཟློས་སྐྱོན་ཡོད་དོ་ཞེ་ན། དེ་གཉིས་དོན་གཅིག་ཀྱང་འགའ་ཞིག་གིས་ཉན་རང་དགྲ་བཅོམ་པ་དག་གི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱང་ཡེ་ཤེས་ཀྱི་སྐུ་ཡིན་ནམ་སྙམ་དུ་དོགས་པ་ལ་ཐམས་ཅད་མཁྱེན་པའི་སྐུ་ཁོ་ན་ ཡེ་ཤེས་ཀྱི་སྐུ་ཡིན་གྱི་ཉན་རང་དགྲ་བཅོམ་པས་ཤེས་སྒྲིབ་ཀྱི་ལྷག་མ་མ་སྤངས་པའི་ཕྱིར་ཡེ་ཤེས་ཀྱི་སྐུ་མེད་དོ། །ཞེས་བསྟན་པའི་དོན་དུ་གཉིས་ཀ་སྨོས་པས་སྐྱོན་མེད་དོ། །ཞེས་པ་ཟློས་སྤོང་གཉིས་པའི་དོན་ནོ། །དེ་ལྟ་ནའང་ཡེ་ ཤེས་ཀྱི་སྐུ་དང་ཉིན་མོར་བྱེད་པའི་སྐུ་གཉིས་ཀ་སྨོས་པས་ཟློས་ཞེས་པ་ལ། དེ་གཉིས་དོན་གཅིག་ཀྱང་། འགའ་ཞིག་ཤེས་སྒྲིབ་ཀྱི་ལྷག་མ་གང་སྤངས་པས་ཡེ་ཤེས་ཀྱི་སྐུ་འཐོབ་པའི་ཤེས་སྒྲིབ་དེ་ལ་གཟུང་འཛིན་རྫས་ཐ་དད་དུ་ འཛིན་པ་མ་ལུས་པར་སྤངས་པ་ཙམ་གྱིས་ཆོག་གམ་སྙམ་པ་ལ་དེས་མི་ཆོག་གི། རྣམ་ཤེས་ལའང་བདེན་འཛིན་གྱི་བག་ཆགས་མ་ལུས་པར་སྤངས་པའི་ཉིན་མོར་བྱེད་པའི་སྐུ་མ་ཐོབ་པར་ཡེ་ཤེས་ཀྱི་སྐུར་མི་འགྱུར། ཞེས་པའི་ དོན་དུ་གཉིས་ཀ་སྨོས་སོ་ཞེས་པ་ཟློས་སྤོང་གསུམ་པའི་དོན་ནོ། །དེ་ཉིད་ཚིག་དོན་དུ་ཅུང་ཟད་རྒྱས་པར་བཤད་ན། ཟློས་སྤོང་དང་པོ་ལ། རྩོད་པ་དགོད་པ་ནི། འདིར་ཞེས་པ་ནས། བརྗོད་པར་བྱའོ་ཞེས་པའི་བར་རོ། །ལན་དངོས་ནི། འདིར་ ཐམས་ཅད་ཅེས་པ་ནས། གཞན་ནི་མེད་དོ་ཞེས་པའི་བར་རོ། །འོ་ན་ཁྱབ་འཇུག་དང་དྲག་པོ་སོགས་ཐམས་ཅད་མཁྱེན་པ་མིན་ཞིང་། སངས་རྒྱས་ཐམས་ཅད་མཁྱེན་པའི་ཁྱད་པར་གང་གིས་ཡིན་ཅེ་ན། དེ་འདྲའི་ཁྱད་པར་ཡོད་དེ། ཁྱབ་ 12-6-69b འཇུག་སོགས་ནི་འགྲོ་བ་དྲུག་གི་ནང་ཚན་གྱི་ལྷར་ལས་ཀྱི་དབང་གིས་སྐྱེ་བ་བླངས་ཤིང་ལེན་པ་ཡིན་ཞིང་། སངས་རྒྱས་འཁོར་བའི་བག་ཆགས་མ་ལུས་པར་སྤངས་པ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། འདིར་དེ་དག་གི་ནང་ཞེས་པ་ནས་ཉིད་ཀྱི་ཕྱིར་རོ་ཞེས་པའི་བར་རོ། ། དེའང་ཐེག་དམན་དགྲ་བཅོམ་ལ་འཁོར་བའི་བག་ཆགས་མ་ལུས་པར་སྤངས་པ་ནི་མེད་དེ། དེ་ཡོད་ན་ཤེས་སྒྲིབ་སྤང་དགོས་སོ། །འཁོར་བ་ལས་བརྒལ་བ་ཙམ་ལ་ནི་ཉོན་མོངས་མ་ལུས་པར་སྤངས་པས་ཆོག་གོ། འཁོར་བའི་བག་ཆགས་མ་ལུས་པར་ སྤང་མི་དགོས་པས། དེའི་ཕྱིར་འཁོར་བའི་བག་ཆགས་མ་ལུས་པར་སྤངས་པ་ཉིད་རྫོགས་པའི་སངས་རྒྱས་ཁོ་ནའི་ཁྱད་ཆོས་སུ་རྒྱུད་འགྲེལ་འདིར་མང་དུ་འབྱུང་བ་ཡིན་ནོ། །དེ་ཉིད་མཚན་བརྗོད་ཀྱི་ལུང་དང་སྦྱར་བ་ནི། འདིར་དེ་བཞིན་གཤེགས་པས་ ཞེས་པ་ནས། ཞེས་སོ་ཞེས་པའི་བར་རོ། །དེའི་ཕྱིར་ཞེས་སོགས་ནི་དོན་བསྡུ་བའོ། །ཟློས་སྤོང་གཉིས་པ་ལ། རྩོད་པ་དགོད་པ་ནི། ཐམས་ཅད་ཅེས་པ་ནས། གསུངས་ཤེ་ན་ཞེས་པའི་བར་རོ། །དེའི་ལན་ནི། དེ་ཉིད་ཅེས་པ་ནས། གསུངས་སོ་ ཞེས་པའི་བར་ཏེ། དེའང་ཉན་རང་དགྲ་བཅོམ་པ་རྣམས་ལའང་། ཡིད་ཀྱི་རང་བཞིན་གྱི་ལུས་ཟག་པ་མེད་པའི་ལས་ཀྱི་དབང་གིས་འབྱུང་བ་ཡོད་པར། དཔལ་ཕྲེང་གི་མདོ་ལས་གསུངས་པས། དེ་ལྟ་བུ་ཡེ་ཤེས་ཀྱི་སྐུར་དོགས་པ་སྐྱེ་བ་བཅད་པའི་ ཕྱིར་དུ། ཐམས་ཅད་མཁྱེན་པའི་སྐུ་ཁོ་ན་ཡེ་ཤེས་ཀྱི་སྐུ་ཡིན་གྱི། བཞན་ནི་མེད་དོ་ཞེས་བསྟན་པར་བཞེད་ནས་གཉིས་ཀ་སྨོས་ཞེས་པ་སྟེ། སྔར་ཟློས་པའི་ཚིག་ཏུ་མི་འགྱུར་རོ། །ཞེས་པ་གསུངས་པ་ནི་ཟློས་པའི་ཚིག་གི་སྐྱོན་དུ་མི་འགྱུར་རོ། །ཞེས་པ་དང་། 12-6-70a འདིར་ཟློས་པ་གསུངས་སོ་ཞེས་པ་ནི། དགོས་པ་དེ་འདྲའི་དབང་གིས་ཟློས་པ་གསུངས་སོ་ཞེས་པ་སྟེ། མདོར་ན་དགོས་པ་མེད་པར་ཟློས་པའི་ཚིག་སྨོས་པ་སྐྱོན་དུ་འགྱུར་བ་ཡིན་གྱི་དགོས་པའི་དབང་གིས་ཟློས་པའི་ཚིག་ གསུངས་པ་ལ་སྐྱོན་མེད་དོ་ཞེས་བྱ་བའོ། །ཉན་རང་དགྲ་བཅོན་དང་རྫོགས་པའི་སངས་རྒྱས་ལ་ཡེ་ཤེས་ཀྱི་སྐུ་ཡོད་མེད་ནི་ཁྱད་པར་གང་གིས་ཡིན་ན། ཉོན་མོངས་ཀྱི་བག་ཆགས་ཀྱི་ལྷག་མ་ཤེས་སྒྲིབ་དང་བཅས་མ་བཅས་ཀྱི་ཁྱད་པར་ཡོད་པའི་ཕྱིར་ ཞེས་སྟོན་པ་ནི། འདིར་ཉན་ཐོས་དང་ཞེས་པ་ནས། གྲོལ་བའི་ཕྱིར་རོ་ཞེས་པའི་བར་རོ། །དེ་ཉིད་མཚན་བརྗོད་ཀྱི་ལུང་དང་སྦྱར་བ་ནི། དེ་ལྟར་ཡང་ནས། ཅེས་སོའི་བར་རོ། །དེའི་ཕྱིར་ནས། གསུངས་སོའི་བར་ནི་དན་བསྡུ་བའོ། །ཟློས་སྤོང་གསུམ་པ་ ལ། རྩོད་པ་དགོད་པ་ནི། གང་ཡེ་ཤེས་ཞེས་པ་ནས། བརྗོད་པར་བྱ་སྟེ་ཞེས་པའི་བར་རོ། །ལན་དངོས་ནི། འདིར་གང་ཞེས་པ་ནས། འགའ་ཡང་མེད་དོ་ཞེས་པའི་བར་ཏེ། འོ་ན་ཤེས་སྒྲིབ་ལྷག་མ་སྤང་རྒྱུ་དེ། རྣམ་པར་ཤེས་པ་སྨྲ་བ་སེམས་ཙམ་པ་ དག་འདོད་པ་ལྟར་གྱི་གཟུང་འཛིན་རྫས་གཞན་དུ་འཛིན་པ་ལ་ཤེས་སྒྲིབ་ཏུ་བྱས་པ་དེ་ཙམ་ཞིག་སྤངས་པས་ཀྱང་ཡེ་ཤེས་ཀྱི་སྐུ་འཐོབ་པར་འགྱུར་རམ་སྙམ་པ་ལ། དེ་ཙམ་ཞིག་གིས་ཡེ་ཤེས་ཀྱི་སྐུ་འཐོབ་པར་འགྱུར་བ་མེད་དོ་ཞེས་རྒྱས་པར་ཤེས་པའི་ ཕྱིར་དུ། ཉིན་མོར་བྱེད་པའི་སྐུ་དང་ཡེ་ཤེས་ཀྱི་སྐུ་གཉིས་ཀ་སྨོས་སོ་ཞེས་བྱ་བའོ། །འོ་ན་རྣམ་རིག་པའི་ལུགས་ཀྱི་ཤེས་སྒྲིབ་དེ་ཙམ་ཞི་སྤངས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་མི་འཐོབ་པའི་རྒྱུ་མཚན་ཅི་ 12-6-70b ཞེ་ན། རྣམ་རིག་པའི་ལུགས་དེ་ལ། གཟུང་འཛིན་རྫས་གཞན་དུ་འཛིན་པ་ཁེགས་ཀྱང་། ད་དུང་རྣམ་པར་ཤེས་པའི་ཆོས་ལ་བདེན་འཛིན་གྱིས་གནས་པ་མ་སྤངས་ཤིང་། རྫོགས་པའི་སངས་རྒྱས་ནི་རྣམ་པར་ཤེས་པ་བདེན་འཛིན་གྱི་ཆོས་ཉིད་ལས་འདས་ པའི་ཕྱིར་ཞེས་སྟོན་པའོ། །འདིར་ཅིའི་ཕྱིར་ཞེས་པ་ནས། འདས་པའི་ཕྱིར་རོ་ཞེས་པའི་བར་ཏེ། ཀུནགཞིའི་རྣམ་པར་ཤེ་སཔའི་ཆོས་ལས་འདས་མ་འདས་དང་། རྣམ་ཤེས་ཡེ་ཤེས་གཉིས་ཀྱི་ནང་ནས། རྣམ་ཤེས་ལས་འདས་ཤིང་ཡེ་ཤེས་ལ་ གནས། ཞེས་སོགས་སུ་འཆད་པ་ནི་དོན་མིན་ཏེ། རྫོགས་པའི་སངས་རྒྱས་ལ་ཀུན་གཞི་གནས་འགྱུར་དགོས་པར་རྣམ་རིག་པའང་འདོད་ཅིང་། རྣམ་ཤེས་ཡེ་ཤེས་གཉིས་སུ་ཕྱེ་བའི་རྣམ་ཤེས་དེ་དེ་ཁོ་ན་ཉིད་མ་རྟོགས་པའི་བློ་ལ་ཟེར་ན། དེ་ལས་འདྲ་ ནས་རྫོགས་པའི་སངས་རྒྱས་འཐོབ་དགོས་པར་རྣམ་རིག་པའང་འདོད་ཅིང་། ཤེས་པ་ཙམ་ལ་ཟེར་ན། རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཤེས་པ་མིན་པར་ཐལ་ལོ། །དེ་ཉིད་མཚན་བརྗོད་ཀྱི་ལུང་དང་སྦྱར་བ་ནི། དེ་ལྟར་ཡང་ནས། ཞེས་སོ་ཞེས་ པའི་བར་རོ། །དེའི་ཕྱིར་ནས། གསུངས་སོའི་བར་ནི་དོན་བསྡུ་བའོ། །དེ་ལྟར་ཟློས་པའི་སྐྱོན་སྤངས་ནས། པདྨའི་འདབ་མ་རྒྱས་པའི་སྤྱན། །ཞེས་པའི་ཚིག་ལ་རྩོད་པ་སྤོང་བ་འཆད་པ་ལ། རྩོད་པ་དགོད་པ་ནི། འདིར་ཞེས་པ་ནས། འབྱུང་བར་འགྱུར་ཏེ་ཞེས་ པའི་བར་ཏེ། དེའང་རྩོད་པའི་དོན་ནི། པདྨའི་འདབ་མ་རྒྱས་པའི་སྤྱན་ནི་གཟུགས་ཅན་དུ་འགྲོ་དགོས་པས་དེ་དང་འདིར་ཡེ་ཤེས་ཉིད་སྤྱན་དུ་བཤད་པ་འགལ་ཏེ། ཡེ་ཤེས་ནི་གཟུགས་ཅན་མིན་པས་སོ་ཞེས་བྱ་བའོ། །དེའང་ཡེ་ཤེས་ཡིན་ན་པདྨ་རྒྱས་ 12-6-71a པ་འདྲ་བའི་སྤྱན་མངའ་བར་འགལ་བའི་དོགས་པ་རྟོགས་ལྡན་ལ་མི་སྐྱེའམ། འདིར་རྣམ་པར་མི་རྟོག་པའི་ལྡོག་པ་ནས་གཞག་པའི་ཡེ་ཤེས་ཉིད་སྤྱན་ཡིན་པར་བཤད་པས་རྩོད་པ་ཡིན་ནོ། །དེའི་ལན་ནི། དེའི་ཕྱིར་ཞེས་ པ་ནས། སྤྱན་ནོ་ཞེས་པའི་བར་ཏེ། དེའང་འདིར་པདྨ་ཞེས་པའི་སྒྲས་ནམ་མཁའི་ཁམས་མཚོན་ནས་བསྟན་ཅིང་། དེའི་འདབ་མའི་སྒྲས་ནམ་མཁའི་ཁམས་ཀྱིས་གར་ཁྱབ་ཏུ་གནས་པའི་རིགས་བརྒྱ་ལ་སོགས་པའི་དབྱེ་བས་མཐའ་ཡས་པའི་སེམས་ཅན་ རྣམས་བསྟན་ཅིང་། དེ་དག་ཐམས་ཅད་ལ་མཁྱེན་པ་རྒྱས་པའི་ཡེ་ཤེས་ཀྱི་སྤྱན་ལ་པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་བརྗོད་པ་ཡིན་གྱི། པདྨའི་འདབ་མ་རྒྱས་པ་དང་དབྱིབས་ལ་སོགས་པ་མཚུངས་པའི་སྤྱན་ལ་དེ་ལྟར་བརྗོད་པ་མིན་པས་ཡེ་ཤེས་ ཉིད་སྤྱན་དུ་བཤད་པ་མི་འགལ་ལོ་ཞེས་བྱ་བའོ། །དེའང་གཟུགས་སུ་གྲུབ་ན་ཡེ་ཤེས་རྣམ་གྲངས་པར་རང་དུ་མི་འགྲོ་བས་འགལ་སྤོང་དེ་ལྟར་མཛད་ལ། སྤྱིར་གཟུགས་ཡིན་ན་ཡེ་ཤེས་དང་། དོན་གཞན་དུ་འགྱུར་བས་ནི་མ་ཁྱབ་སྟེ། འདི་ལྟར། ད་ལྟ་ གཞི་དུས་སུ་ལུས་སེམས་ངོ་བོ་གཅིག་ཏུ་མེད་ཀྱང་ལམ་གྱིས་མ་དག་པའི་ཕུང་སོགས་སྦྱངས་ནས། ཡེ་ཤེས་ཀྱི་སྐུ་གྲུབ་ཕྱིན་ཆད་ཡེ་ཤེས་ཉིད་ཀྱི་གཟུང་ཆ་ལྷའི་སྐུ་འཆར་བ་ཡིན་པས། སངས་རྒྱས་ཀྱི་ས་ན་བེམ་པོའི་སྐུ་མེད་ཀྱི། ལྷན་ ཅིག་སྐྱེས་པའི་ཡེ་ཤེས་ཉིད་གཟུགས་ཀྱི་སྐུར་ཤར་བ་ཡིན་པས། སྐུ་མཚན་དཔེས་བརྒྱན་པའི་གཟུགས་དང་། ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཙམ་ཡིན་ནོ། །དེ་ཉིད་མཚན་བརྗོད་ཀྱི་ལུང་དང་སྦྱང་ 12-6-71b ནི། འདིར་ཞེས་པ་ནས་ཅེས་སོའི་བར་རོ། །བཅོམ་ལྡན་འདས་ཞེས་པ་ནས་ཡིན་ནོའི་བར་དོན་བསྡུ་བ་སྟེ། དེའང་ཡེ་ཤེས་ཀྱི་སྐུ་ཉིད་གཟུགས་སུ་མ་གྲུབ་པས་གཟུགས་དང་བྲལ་བ་ཡིན་ནོ་ཞེས་གསུངས་ཀྱི། དེ་དང་ངོ་བོ་གཅིག་པའི་ གཟུགས་མེད་པར་སྟོན་པ་མིན་ཏེ། དེ་ཡིན་ན་སྔར་སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་། །ཉེས་སོགས་སུ་སྐུ་ལོངས་སྤྲུལ་དང་། ཏུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་གཅིག་ཏུ་སྡོམ་པར་བཤད་པ་དང་དངོས་ སུ་འགལ་བར་འགྱུར་རོ།། དེ་ལྟར། ཐམས་ཅད་མཁྱེན་པ་ཞེས་པ་ནས། སངས་རྒྱས་ཞེས་པའི་བར་མཚན་གྱི་རྣམ་གྲངས་ལྔས་བསྟན་པའི་རྒྱུད་སྟོན་པ་པོ་དེ་ཉིད་གནས་གང་ལ་བཞུགས་ན། སེང་གེའི་ཁྲི། ཞེས་པའི་སྒྲ་ཟིན་ལྟར་དང་། སྒྲ་ ཟིན་ལྟར་མིན་པའི་གནས་གཉིས་ལ་བཞུགས་པར་སྟོན་པ་རྩ་རྒྱུད་ཀྱི་ལུང་དང་སྦྱར་བ་ནི། སངས་རྒྱས་དེ་ཞེས་པ་ནས། སྟོན་པ་པོ་ཞེས་སོ། །ཞེས་པའི་བར་རོ། །དེའི་ཕྱིར་རྒྱུད་སྟོན་པ་པོ་དང་སྡུད་པ་པོ་དག་ཀྱང་སྟོན་པ་པོ་གཞན་དང་སྡུད་ པ་པོ་གཞན་ལས་ཁྱད་པར་དུ་འཕགས་པར་སྟོན་པ་ནི། དེའི་ཕྱིར་ཞེས་པ་ནས། འགའ་ཡང་མེད་དེ་ཞེས་པའི་བར་གྱིས་སྟོན་པ་འདི་ཉིད་ཁྱབ་འཇུག་ལ་སོགས་པའི་ང་སྟོན་པར་གྱུར་པ། སེམས་ཅན་ཐམས་ཅད་ལ་རིས་སུ་མ་ཆད་པར་ ཕན་པའི་ཆོས་རང་རང་གི་སྐལ་བ་དང་མཐུན་པར་སྟོན་པའི་ཏམས་ཅད་མཁྱེན་པ་ཡིན་གྱི། ཁྱབ་འཇུག་དང་ཚངས་པ་ལ་སོགས་པ་ནི། དེ་ལྟ་བུ་མ་ཡིན་ནོ་ཞེས་བསྟན་ཏོ། །ཁྱབ་འཇུག་སོགས་པ་དེ་ལྟ་བུ་མ་ཡིན་པའི་རྒྱུ་མཚན་འཆད་པ་ 12-6-72a ནི། གང་གི་ཕྱིར་ཞེས་པ་ནས། རྗེས་སུ་ཡི་རང་བར་མི་བྱའོ་ཞེས་པའི་བར་ཏེ། ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་དེ་དག་ནི། རང་ཉིད་ཀྱང་ལྷའི་འགྲོ་བ་ཉི་ཚེ་བར་སྐྱེས་ནས། ལེགས་སྦྱར་གྱི་སྐད་ཉི་ཚེ་འབའ་ཞིག་གིས། སྔོན་རབས་གྲུབ་མཐའ་ལ་སོགས་པ་དང་རིག་བྱེད་ལ་སོགས་པའི་ཆོས་ཀྱང་ཉི་ཚེ་བ་ཁོ་ན་སྟོན་ཞིང་། གདུལ་བྱའང་མི་རིགས་བཞིའི་ནང་ནས་དམངས་རིགས་སོགས་ཀྱིས་རིག་བྱེད་ཀློག་པ་འགོག་པ་སོགས་སེམས་ཅན་གྱི་རིགས་ཉི་ཚེ་བ་ འགའ་ཞིག་གི་རིགས་ཁོ་ན་ལ་རིས་སུ་ཆད་པར་སྟོན་ཞིང་། དེ་ལས་གཞན་ལ་མི་སྟོན་ལ་སྡུད་པ་པོ་དྲང་སྲོང་རྣམས་ཀྱིས་ཀྱང་། དམངས་རིགས་ཚུན་ཆོད་ཀྱིས་རིག་བྱེད་འདོད་ཤེས་ན་སུ་ཞིག་བྲམ་ཟེ་ལ་གུས་པར་འགྱུར་སྙམ་ནས་ རིགས་གཞན་ལ་མ་བསྟན་ཅིང་བློ་ལ་གནས་པ་ན། ཕྱིས་བློའི་མཐུ་ཆུང་བའི་བྲམ་ཟེ་རྣམས་ཀྱིས་བློ་ལ་བཟུང་མ་ནུས་ནས་སྐད་ཉི་ཚེ་བ་ཁོ་ནས་དེ་དག་གླེགས་བམ་ལ་བྲིས་ཏེ། དེའི་ཕྱིར་མཁས་པ་རྣམས་ཀྱིས་དེ་ལྟ་བུ་ལ་གུས་པར་བྱ་བ་ མིན་ནོ། །ཞེས་བྱ་བའི་དོན་ནོ། །ཐམས་ཅད་མཁྱེན་པ་དང་དེའི་ཆོས་སྡུད་པ་པོ་རྣམས་ནི་དེ་ལྟ་བུ་མིན་པའི་ཚུལ་འཆད་པ། ཁམས་གསུམ་པོ་འདིར་ཞེས་པ་ནས། ནུབ་པར་མ་གྱུར་ཏོ་ཞེས་པའི་བར་གྱིས་སྟོན་པ་ཁྱད་པར་དུ་འཕགས་པ་དང་། དེས་བསྟན་པའི་ཆོས་ཁྱད་པར་དུ་འཕགས་པ་གཉིས་འཆད་ལ། རེ་ཞིག་ཅེས་པ་ནས། གདུལ་བར་བྱ་བའི་དོན་དུའོ་ཞེས་པའི་བར་གྱིས་སྡུད་པ་པོ་ཁྱད་པར་དུ་འཕགས་པའི་ཚུ་འཆད་དེ། དེ་ལ་རང་སངས་རྒྱས་རྣམས་ཀྱིས་རང་སངས་རྒྱས་ 12-6-72b ཀྱི་ཐེག་པ་བསྡུས་ཞེས་པ་ནི། ཉན་ཐོས་ཀྱི་སྡེ་སྣོད་ལས་རང་སངས་རྒྱས་ཀྱི་སྡེ་སྣོད་ལ་སོགས་པ་བསྡུ་རྒྱུ་མེད་ཀྱང་ཐེག་པ་ལོགས་པ་ཡིན་པས། རྟོགས་པའི་བསྟན་པ་ཉན་ཐོས་ཀྱིས་བསྡུས་པ་ལས་ལོགས་པ་རང་སངས་རྒྱས་ལ་བསྡུ་རྒྱུ་ ཡོད་ཅིང་། དེའི་དབང་དུ་བྱས་པ་ཡིན་ནོ། །དེའི་དོན་བསྡུ་བ་ནི། སྡུད་པར་བྱེད་པ་ཞེས་པ་ནས། གཞན་ནི་མིན་ནོ་ཞེས་པའི་བར་རོ། །དེ་ལྟར་ཁྱབ་འཇུག་སོགས་ལ་སྟོན་པར་མི་འཛིན་པའང་ཡོན་ཏན་དེ་དག་མ་མཐོང་བས་ཡིན་གྱི་ཕྱོགས་ སུ་ལྷུང་བའི་དབང་གིས་མིན་ཏེ། གལ་ཏེ་དེ་དག་ལའང་ཡོན་ཏན་དེ་ལྟ་བུ་མཐོང་ན་ནི་ཁྱད་པར་མེད་པར་སྟོན་པར་འཛིན་ནོ། །ཞེས་སྟོན་པ་ནི། ཅི་སྟེ་ཞེས་སོགས་སོ། །སྔར་བཤད་ཐམས་ཅད་ཀྱི་ཐུན་མོང་གི་དོན་བསྡུ་བ་ནི། དེའི་ཕྱིར་ཞེས་སོགས་ སོ། །མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་ཞེས་སོགས་སོ། །མདོར་བསྡུས་བཞི་པའི་དཀའ་བའི་གནས་རྣམ་པར་བཤད་པའོ།། །།ད་ནི་མདོར་བསྡུས་པ་ལྔ་པ་བཤད་པར་བྱའོ། །དེ་ལ་ཐོག་མར་ གཞུང་སྤྱིའི་བསྡུ་ནི་འདི་ཡིན་ཏེ། ད་ནི་ཞེས་པ་ནས། ལ་སོགས་པ་སྟེ་ཞེས་པའི་བར་ནི་མཚམས་སྦྱར་བའོ། །དེ་ནས་ངེས་པའི་དོན་ནོ། །ཞེས་པའི་བར་ནི་རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོ་བསྡུས་ནས་བསྟན་པའོ། །དེ་ནས། དེ་ཁོ་ན་ཉིད་ཅེས་གསུངས་ སོ། །ཞེས་པའི་བར་ནི། རྡོ་རྗེའི་རྣལ་འབྱོར་ལ་མཐའ་གཉིས་ཀྱི་ཕྱོགས་སུ་ལྷུང་བ་འགོག་པའོ། །དེ་ནས་མདོར་བསྟན་པ་ཙམ་ཞིག་བསྟན་ཏོ། །ཞེས་པའི་བར་གྱིས། ལྷན་ཅིག་སྐྱེས་པ་དེ་ཉིད་ལས། དེ་ཉིད་བཅུ་དྲུག་པ་ལ་སོགས་པ་དང་། 12-6-73a སྐུ་བཞི་ལ་སོགས་པ་འབྱེད་པའི་ཚུལ་འཆད་དོ། །དེ་ནས་མདོར་བསྡུས་དེ་ཉིད་ཀྱི་གཞུང་ལྷག་མས་རྡོ་རྗེའི་རྣལ་འབྱོར་དེ་ལྟ་བུ་དེ་རྗོད་བྱེད་ཀྱི་རྒྱུད་ཇི་ལྟ་བུ་ཞིག་ཏུ་དགོས་པ་དང་ཉིང་དགོས་གང་གི་ཕྱིར་སྟོན་པར་ ཟླ་བཟང་གིས་གསོལ་བ་བཏབ་པའི་དོན་འཆད་དོ། །དེ་ལ་རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོ་ངོས་བཟུང་བ་ལ། སྔགས་ཀྱི་ཚུལ་འདི་ལ་ཞེས་པ་ནས། དབྱིབས་དང་བྲལ་བའོ་ཞེས་པའི་བར་གྱིས་བླ་མེད་ཀྱི་རྒྱུད་འདི་དང་གཞན་གྱིའང་བརྗོད་བྱ་ནི། རིམ་པ་གཉིས་སུ་ངེས་པར་བསྟན་པ་ཡིན་ཏེ། དེའང་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ནི་བསྐྱེད་རིམ་དང་། དོན་དམ་པའི་བདེན་པ་ནི་རྫོགས་རིམ་ལ་གསུངས་པ་ཡིན་ཞིང་། བསྐྱེད་རིམ་ལ་དྲང་དོན་དུ་གསུངས་པ་ནི། ད་དུང་དེ་ལས་གོང་ དུ་དྲངས་ནས་བསྟན་དགོས་པའི་དོན་གཞན་ཡོད་པ་ལ་དྲང་དོན་དུ་བྱས་པ་དེ་ཉིད་ཡིན་གྱི། སྒྲ་ཇི་བཞིན་པར་བཟུང་དུ་མི་རུང་བ་ཁོ་ན་དྲང་དོན་གྱི་དོན་དུ་མི་བཟུང་ངོ་། །རིམ་པ་དེ་གཉིས་དགོས་པའི་འབྲས་བུ་གང་གི་རྒྱུ་གསུངས་ན། བསྐྱེད་ རིམ་ཁོ་ནས་འཇིག་རྟེན་པའི་དངོས་གྲུབ་ཙམ་སྟེར་བར་ནུས་ལ། རྫོགས་རིམ་གྱིས་ནི་སྟོང་པ་ཉིད་ཀྱི་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་དང་། འགྱུར་བ་མེད་པའི་བདེ་ཆེན་ཟུང་དུ་འཇུག་པའི་ཕྱག་རྒྱ་ཆེན་པོ་འཇིག་རྟེན་ལས་འདས་པའི་དངོས་ གྲུབ་ཀྱང་སྟེར་བར་བྱེད་དོ། །ཞེས་པ་འདི་དག་ལས་ཞེས་པ་ནས། ཡེ་ཤེས་ཀྱི་སེམས་སོ་ཞས་པའི་བར་རོ། །རང་གི་སེམས་ཀྱི་སྣང་བ་སྟོང་པའི་གཟུགས་ཀྱི་ཕྱག་རྒྱ་དང་། རང་གི་སེམས་བདེ་བ་ཆེན་པོ་གཉིས་ནམ་ཡང་དབྱེར་མི་ཕྱེད་པ་ 12-6-73b ཉིད་དུ་གྱུར་པ་ནི། འབྲས་བུ་མཆོག་རྡོ་རྗེ་སེམས་དཔའོ། །ཞེས་པ་ནི། སེམས་འདི་གཉིས་ཞས་པ་ནས། རབ་ཏུ་གྲགས་སོ་ཞེས་པའི་བར་རོ། །བཅོམ་ལྡན་འདས་དེ་ཉིད་ཅེས་པ་ནས། ངེས་པའི་དོན་ནོ་ཞེས་པའི་བར་གྱིས། ཐབས་ཤེས་དབྱེར་མི་ ཕྱེད་པའི་རྡོ་རྗེ་སེམས་དཔའ་བདེ་སྟོང་གི་ཡེ་ཤེས་མཐར་ཐུག་པ་དེ་ཉིད། མཚན་ཉིད་ཀྱི་ཐེག་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་པའི་མིང་གིས་གསུངས་པའི་སྐུ་དེའང་ཡིན་ལ། སྔགས་ཀྱི་ཐེག་པར་ལྷན་ཅིག་སྐྱེས་པའི་སྐུ་ཞེས་པ་དེའང་འདི་ཉིད་ཡིན་ནོ་ ཞེས་བསྟན་གྱི། མཚན་ཉིད་ཀྱི་ཐེག་པར་བདེ་ཆེན་གྱི་ཡེ་ཤེས་བསྟན་ཏོ་ཞེས་པ་ནི་མི་བྱའོ། །དེའང་མངོན་རྟོགས་རྒྱན་དང་། རྒྱུད་བླ་མ་སོགས་ནས་ངོ་བོ་ཉིད་ཀྱི་སྐུ་འདུས་པ་མ་བྱས་ཆོས་ཉིད་ལ་བཤད་པ་དེ་ནི་ངོ་བོ་ཉིད་སྐུའི་ཆ་གཅིག་བསྟན་པ་ཡིན་ལ། འདིར་ལྷན་ཅིག་སྐྱེས་པའི་སྐུ་ཡེ་ཤེས་ལ་བཤད་པའང་ཆ་གཅིག་ཡིན་ཞིང་། ཕན་ཚུན་གཅིག་གི་དོན་དེ་གཅིག་མིན་ཀྱང་། གཉིས་ཀ་ངོ་བོ་ཉིད་སྐུ་ཡིན་པར་འདྲ་བས། དེའི་ཕྱིར་ཕྱོགས་མཐུན་གྱི་ལུང་དང་སྦྱར་བ་ཡིན་གྱི་འདི་ནས་བཤད་ པའི་ངོ་བོ་ཉིད་སྐུ་ལྷན་སྐྱེས་ཀྱི་ཡེ་ཤེས་དེ། རྒྱན་གྱི་དེ་དག་རང་བཞིན་མཚན་ཉིད་ཅན་ཞེས་པའི་བརྗོད་བྱར་སྟོན་པ་མ་ཡིན་ཏེ། དཔེར་ན་འདིར་གསུང་པ་ལ་ལོངས་སྐུར་བཤད་པ་དང་། རྒྱན་དུ་མཚན་དཔེས་བརྒྱན་པའི་སྐུ་ལ་ལོངས་སྐུར་བཤད་ པ་བཞིན་ནོ། །དེས་ན་ངོ་བོ་ཉིད་སྐུ་ལའང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆ་གཉིས་ཡོད་དོ་ཞེས་འདིར་ཁས་བླང་དགོས་སོ། །ད་ནི་རྡོ་རྗེའི་རྣལ་འབྱོར་ལ་ཕྱོགས་སུ་འཛིན་པ་དགག་པ་གསུངས་ཏེ། དེ་ལ་དང་པོར་གཞི་གང་གི་སྟེང་དུ་ཕྱོགས་ 12-6-74a འཛིན་འགོག་པ་ནི། འདིར་རྣལ་འབྱོར་པ་རྣམས་ཀྱིས་ཞེས་སོགས་ཡིན་ལ། དེའང་རིས་མེད་པ་དང་། རྟག་ཆད་སྤངས་པ་སོགས་འོག་ཏུ་འཆད་ལ། གཞོན་ནུ་མའི་སོགས་འགའ་ཞིག་སྔར་ཡང་བཤད་ ཅིང་། དབང་པོ་ཐམས་ཅད་པ་ཞེས་པ་ནི། སྟོང་པ་ཉིད་ཀྱི་གཟུགས་ལ། དབང་པོ་ལྔའི་ཡུལ་གཟུགས་སྒྲ་སོགས་ཐམས་ཅད་ཀྱི་སྣང་བ་ཡིད་ཤེས་ལ་མངོན་སུམ་དུ་འཆར་བས་དབང་པོ་ཐམས་ཅད་པ་ཞེས་བྱའི། དེའི་ཚེ་དབང་ཤེས་ཐམས་ ཅད་ཀྱིས་ཡུལ་འཛིན་པ་ནི་འབྲས་བུའི་སྐབས་སུ་རུང་ཡང་། རྫོགས་རིམ་འོག་མ་རྣམས་ཀྱི་སྐབས་ནས་ཀྱང་འོང་བ་མིན་ནོ། །སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ་ཞེས་པ་ནི། སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་མི་འགྱུར་བའི་ བདེ་བ་དང་ཟུང་དུ་འབྲེལ་བ་དེ་ད་ལྟ་ཉིད་ནས་ཡོངས་སུ་རྫོགས་པར་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་ཁྱབ་ནས་ཡོད་པར་སྟོན་པ་མིན་ཏེ། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བདག་ཉིད་དུ་ཡོད་པའི་ཚུལ་སྟོན་པ་ན་སྔར་དྲངས་ པ་ལྟར། ཇི་ལྟར་ཏིལ་སོན་ཏིལ་མར་ལྟར། ཇི་ལྟར་ཤིང་ལ་སོན་པའི་མེ། །ཞེས་དཔེ་དེ་དང་མཚུངས་པར་བསྟན་ཅིང་། ཏིལ་ལ་མ་བཙིར་བའི་དུས་ཉིད་ནས་ཏིལ་མར་དངོས་དང་། ཤིང་ལ་དང་པོ་ནས་མེ་དངོས་ཡོད་པ་ག་ལ་ཡིན། དེས་ན་ དཔེ་དེ་དག་ལ་མཚུངས་པར་རྐྱེན་དང་ཕྲད་ན་འབྱུང་རུང་གི་ནུས་པའང་ཁམས་གནས་པ་ཙམ་ལ་དགོངས་པ་ཡིན་ལ། དོན་འདི་ནི། དོན་དམ་བསྙེན་པ་ལས་ཀྱང་གསལ་བར་བཤད་དེ། ཤིང་ལས་མེ་དང་ཆུ་ཡི་ཤེལ་ལས་ཆུ་དང་ནི། ། 12-6-74b ཞོ་ལས་མར་དང་རྡོ་བ་རྣམས་ལས་ལྕགས་ཀྱི་རིགས། །བུད་མེད་སྐྱེ་གནས་འགྲོགས་པས་མི་ཉམས་བདེ་བ་ནི། །སྐལ་ལྡན་རྣམས་ཀྱིས་དེ་ཐབས་སྦྱར་བས་བླང་བར་གྱིས། །ཞེས་ཞོ་ལ་མར་འབྱུང་རུང་དུ་ཡོད་པ་དེ་བསྲུབ་པའི་ཐབས་ཀྱི་སྦྱོར་བས་མར་ ལེན་པ་བཞིན་དུ། །སྐལ་ལྡན་གྱིས་ཀྱང་། ཐབས་ཀྱི་སྦྱོར་བས་མི་འགྱུར་བའི་བདེ་བ་བླང་བར་བྱ་བ་སོགས་གསུངས་ལ། ཞོ་ལ་མར་དངོས་སུ་ཡོད་པ་སྔར་མ་མཐོང་བ། བསུབས་ནས་མཐོང་བར་བྱས་པ་ཉིད་ཞོ་ལས་མར་བླང་པའ་དོན་མིན་པ་ པོའོ། །དེ་དག་ཕྱོགས་གཉིས་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་ཚུལ་དཔེས་སྟོན་པ་ནི། གཏན་ཚིགས་དང་ཞེས་སོགས་ཡིན་ལ། མཐའ་འགོག་པའི་རིགས་པ་ནི། འདིར་ཡང་སྟོང་པ་ཉིད་ཅེས་སོགས་སོ། །བཀག་པར་བྱ་བའི་མཐའི་ངོས་འཛིན། དེ་དག་མཐར་འགྱུར་བའི་རྒྱུ་མཚན་དང་བཅས་པ་ནི། ཕྱོགས་ཞེས་བྱ་བའི་ཞེས་སོགས་སོ། །དེ་ལ་དང་པོར་དཔེས་མཚོན་པའི་ཚུལ་ནི། གཞན་དག་ན་རེ། སྟོང་པ་ཉིད་ཀྱི་གཟུགས་དང་། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་འདི་དག་ལ། སྒྲུབ་བྱེད་ཀྱི་གཏན་ ཚིགས་དང་། མཚོན་བྱེད་ཀྱི་དཔེ་ཅུང་ཟད་ཀྱང་མེད་དེ། སྒྲ་རྟོག་གི་ཡུལ་ལས་འདས་ཤིང་། དཔེས་མཚོན་དུ་མེད་པས་སོ། །དེའི་ཕྱིར་འདི་ལ་དཔེ་མེད་པའི་དབང་དུ་བྱས་ནས་བུམ་པ་དང་། ནམ་མཁའི་མེ་ཏོག་གཅིག་པ་སྲིད་ན་དེ་ཉིད་འདིའི་དཔེར་སྟོན་ 12-6-75a རིགས་ནའང་། དེ་ལྟ་བུ་མི་སྲིད་ཅིང་། དཔེ་གཞན་གང་གིས་ཀྱང་མཚོན་མི་ནུས་པས་འདི་དག་དཔེ་ལས་འདས་པ་ཡིན་ནོ། །ཞེས་གཞུང་འདིས་བསྟན་པ་ཡིན་ནོ། །ཞེས་ཟེར་བ་ནི་མི་འཐད་དེ། འདིར་ཡང་ཆོས་མི་མཐུན་པ་ གཅིག་ཏུ་གྱུར་པ་ཉིད། འཇིག་རྟེན་པའི་དཔེར་མི་རུང་ཡང་། འཇིག་རྟེན་ལས་འདས་པའི་དཔེར་རུང་བར་གསུངས་ཀྱི། ཆོས་མི་མཐུན་གཅིག་པའི་དཔེ་འཇིག་རྟེན་ལས་འདས་པ་ལའང་མི་སྲིད་པར་མ་གསུངས་པའི་ཕྱིར་དང་། དཔེ་གཏན་ནས་མི་སྲིད་ ན། སྔར་གཞོན་ནུ་མའི་པྲ་ཕབ་པ་སོགས་འདིའི་དཔེར་ལན་ཅིག་མིན་པར་སྨྲས་པ་དང་ཁས་བླངས་འགལ་ཞིང་། གཏན་ཚིགས་མི་སྲིད་ན་ད་ལྟ་རང་ཅག་རྣམས་ཀྱིས་དང་པོ་ནས་མངོན་སུམ་དུ་རྟོགས་པར་མི་ནུས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ ཡོད་པར་དམ་འཆའ་མི་ནུས་པར་འགྱུར་ཞིང་། ལྷ་སྐྱེས་ཀྱི་ཡེ་ཤེས་དག་ཏུ་སྨྲས་ནས། དེ་ཉིད་སྒྲས་བརྗོད་མི་ནུས་ཞེས་པ་རང་ཚིག་འགལ་བ་ཡིན་ནོ། །དེས་ན་གཞུང་འདི་ཉིད་དུ་འཇིག་རྟེན་པའི་དཔེར་བྱས་པ་ལས་འདས་ཞེས་འཇིག་རྟེན་པ་ལ་དམིགས་ ཀྱིས་བཀར་བས་ཀྱང་སྤྱིར་དཔེ་མི་སྲིད་པར་སྟོན་པ་མིན་པར་གྲུབ་བོ། །ཀུན་རྫོབ་ཀྱི་བུམ་པ་དང་ནམ་མཁའི་མེ་ཏོག་གཅིག་པ་མི་སྲིད་པར་དཔེར་མི་རུང་ཡང་། དོན་དམ་པའི་བུམ་པ་དང་ནམ་མཁའི་མེ་ཏོ་གཅིག་ཡིན་པས། དེ་ཉིད་འདིའི་དཔེར་སྟོན་ཡིན་ནོ་ ཞེས་ཟེར་བའང་ནི། དོན་དམ་པའི་བུམ་པ་དང་ནམ་མཁའི་མེ་ཏོ ། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་ཡང་གཅིག་ཡིན་པར་ཁས་ལེན་དགོས་ཤིང་བླངས་པས། དཔེ་དོན་གཅིག་ཡིན་པའི་ཕྱིར་དཔེ་དོན་མིན་པར་འགྱུར་ལ། འདི་ཉིད་མི་འཐད་པར་ 12-6-75b རྗེས་ཐོབ་ཉིད་དུ་འཆད་པར་ཡང་འགྱུར་རོ།། དེས་ན་འཐད་པའི་ཕྱོགས་ནི་འདི་ཡིན་ཏེ། འདི་ལྟར་རྡོ་རྗེའི་རྣལ་འབྱོར་ལ་ཕྱོགས་སུ་ལྷུང་བ་འགོག་པ་ན། རྡོ་རྗེའི་རྣལ་འབྱོར་གྱི་རྟོགས་བྱ་གཞིའི་གནས་ལུགས་འ་རྟག་ཆད་ཀྱི་མཐའ་གཉིས་སུ་འཛིན་པ་དགག་ པ་དང་། རྟོགས་བྱེད་རྡོ་རྗེའི་རྣལ་འབྱོར་གྱི་ལམ་སྲིད་ཞིའི་མཐར་ལྷུང་པ་དགག་པའོ། །དང་པོ་ནི་གཞིའི་ལྟ་བ་གཏན་ལ་འབེབས་པ་ནས། རྟག་ཆད་ཀྱི་མཐར་མ་ལྷུང་བ་ལ་ནི། དངོས་པོ་ཐམས་ཅད་ཐ་སྙད་དུའང་རང་བཞིན་གྱིས་གྲུབ་པས་སྟོད་པ་དང་། འོན་ ཀྱང་རང་རང་གི་འབྲས་བུ་བསྐྱེད་པ་སོགས་ཀྱི་བྱ་བ་བྱེད་ནུས་སུ་གནས་པ་འགལ་མེད་དུ་འདུར་རུང་བ་ཞིག་བྱུང་ན། ཐ་སྙད་དུའང་རྟག་ཆད་ཀྱི་མཐའ་དང་བྲལ་བའི་ལྟ་བ་རྣམ་པར་དག་པ་རྙེད་པར་འགྱུར་གྱི། རང་བཞིན་གྱིས་གྲུབ་པ་བཀག་པ་ན། གཏན་ མེད་དུ་སོང་ནས། དངོས་པོའི་བྱ་བྱེད་ཐམས་ཅད་ཐག་པ་ལ་སྤྲུལ་དུ་འཁྲུལ་བའི་ཤེས་ངོར་ཐག་པ་སྦྲུལ་དུ་འཇོག་པ་ལྟར། མེད་བཞིན་དུ་སྣང་བའི་འཁྲུལ་ངོ་ལ་བལྟོས་ནས་ཐ་སྙད་དུ་ཡོད་ཅེས་གཞན་ངོར་སྨྲ་བ་མ་གཏོགས་རང་ལུགས་ལ་ལས་ འབྲས་སོགས་གང་ཡང་བཞག་ས་གཏན་མེད་དུ་སོང་ནས་ཆད་ལྟ་ཆེན་པོའི་གཡང་དུ་ལྷུང་བར་འགྱུར་ལ། དངོས་པོའི་བྱ་བྱེད་འཐད་ལྡ་དུ་བཞག་པ་ན། རང་བཞིན་གྱིས་གྲུབ་པ་ཚུར་ལོག་ནས། ཉ་སྙད་དུ་བདེན་པར་གྲུབ་ཅེས་ཁས་ལེན་དགོས་པ་ བྱུང་ནའང་། རྟག་པའི་མཐར་ལྷུང་བར་འགྱུར་ཏེ། མདོར་ན། དེ་གཉིས་གཅིག་བཞག་ན་གཅིག་བཞགས་མེད་པར་འགྲོ་བ་འདི་སྣང་སྟོང་ཟུང་དུ་འཇུག་པའི་ཚུལ་གྱིས་ལྟ་བ་མཐར་ཐུག་པ་གོ་བའི་གེགས་ཀྱི་གཙོ་བོ་ཡིན་ཞིང་། ཐ་སྙད་དུ་དེ་གཉིས་ 12-6-76a གཞི་གཅིག་ལ་འདུ་རུང་བ་ཙམ་དུ་མ་ཟད། ཐ་སྙད་དུའང་རང་བཞིན་གྱིས་གྲུབ་པ་མ་ཁེགས་ན་བྱ་བྱེད་བཞག་ས་མེད་པ་དང་། བྱ་བྱེད་བཞགས་བྱུང་ན་དེ་ཉིད་ཀྱི་རང་བཞིན་མེད་པར་གྲུབ་འོང་བའི་ཚུལ་མ་ཤེས་ན་ཡང་ དག་པའི་ལྟ་བའི་མཐར་ཐུག་རྙེད་པའི་ཐབས་མེད་ལ། དོན་འདི་ཉིད། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཤིན་ཏུ་ཞིབ་ཅིང་རྒྱས་པར་རིགས་པའི་ཚོགས་ཀྱིས་གཏན་ལ་ཕབ་པ་ལྟར་འདིར་ཡང་གསལ་བར་གསུངས་ཤིང་། སྐབས་འདིར་ཡང་ཚུལ་ དེ་ལྟ་བུའི་མཐའ་གཉིས་སྤོང་ཚུལ། དཔེ་དང་རིགས་པས་སྟོན་པ་ཡིན་ཏེ། དེ་ལ་གཏན་ཚིགས་དང་དཔེ་སྤངས་ཞེས་པ་ནི། འཇིག་རྟེན་པའི་གཏན་ཚིགས་དང་དཔེ་སྤངས་པའི་དོན་ཡིན་ཏེ། འོག་ཏུ་འཇིག་རྟེན་ལས་འདས་པའི་ དཔེར་འགྲོ་ཚུལ་གསུངས་པས་ཤས་སོ། །འཇིག་རྟེན་ལ་དཔེ་མེད་པའི་སྒྲུབ་བྱེད་དུ། ཆོས་མི་མཐུན་པ་ཕན་ཚུན་འགལ་བའི་ཕྱིར་ཞེས་གསུངས་པས། འདིར་འཇིག་རྟེན་ལས་འདས་པའི་དཔེ་སྟོན་པའི་སྐབས་ སུ་ཆོས་མི་མཐུན་པའི་ཕྱིར་རོ་ཞེས་པ་ནི། ཆོས་མི་མཐུན་པ་མི་འགལ་བའི་ཕྱིར་རོ་ཞེས་དོན་གྱིས་ཐོབ་བོ། །དེ་ལ་འཇིག་རྟེན་པ་ནི་འཇིག་རྟེན་ལས་འདས་པ་དོན་དམ་པའི་བདེན་པའི་རང་བཞིན་ཁོང་དུ་མ་ཆུད་པ་ལྟ་བ་མགོ་བའི་གང་ ཟག་དང་། འཇིག་རྟེན་ལས་འདས་པ་ནི་ཁོང་དུ་ཆུད་པ་ལྟ་བ་མཐར་ཐུག་པ་གོ་བའི་གང་ཟག་གོ། དེ་ལྟར་ཤེས་པར་བྱས་ནས་ཚིག་གི་དོན་འདི་ལྟར་བཤད་པར་བྱ་སྟེ། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་དབྱེར་མེད་པའི་ལྷན་སྐྱེས་ཀྱི་ 12-6-76b ཡེ་ཤེས་དེ་ཉིད། རྟག་ཆད་ཀྱི་མཐའ་དང་ཇི་ལྟར་བྲལ་བའི་ཚུལ་མཚོན་པ་ལ་ལྟ་བ་མ་གོ་བའི་འཇིག་རྟེན་པའི་ཤེས་ངོ་ལ་བལྟོས་ནས་གཏན་ཚིགས་དང་། དཔེ་སྤངས་པ་འདིའི་དཔེར། འཇིག་རྟེན་ལས་འདས་པ་ལྟ་བ་གོ་བའི་ཤེས་ངོ་ལ་ལྟས་ནས་ བྱ་བ་བྱེད་ནུས་སུ་ཡོད་པའི་ཡོད་ཚུལ་བུམ་པ་ལ་སོགས་པའི་དངོས་པོ་ལྟ་བུ་དང་། དོན་དམ་དུ་མེད་པའི་མེད་ཚུལ་ནམ་མཁའི་མེ་ཏོག་ལྟ་བུའི་དངོས་པོ་མེད་པ་དག་ཅིག་པའི་གཞི་མཐུན་ཉིད་དུ་འགྱུར་ཏེ། འཇིག་རྟེན་ལས་འདས་པ་དེ་འདྲ་བའི་ངོ་ལ་ བལྟོས་ནས། ཆོས་མི་མཐུན་པ་དེ་གཉིས་གཞི་གཅིག་ལ་འདུ་བ་མི་འགལ་བའི་ཕྱིར་རོ། །འཇིག་རྟེན་པ་ལ་ནི་དེ་གཉིས་གཞི་གཅིག་ལས་འདུ་བ་མི་སྲིད་དེ། དཔེར་ན་འཇིག་རྟེན་པའི་ཤེས་ངོ་ལ་བལྟོས་ནས། དཔེ་བུམ་པ་དང་ནམ་མཁའི་མེ་ཏོག་འདི་ གཉིས་དངོས་སུ་ཕན་ཚུན་སྤངས་ནས་ཆོས་མི་མཐུན་པའི་ཕྱིར། བྱ་བ་བྱེད་ནུས་སུ་ཡོད་ཚུལ་བུམ་པ་ལྟ་བུ་དང་། དོན་དམ་དུ་མེད་པའི་མེད་ཚུལ་ནམ་མཁའི་མེ་ཏོག་ལྟར་སོང་བ། གཞི་གཅིག་ལ་འདུ་མི་སྲིད་པའི་དཔེར་འགྱུར་རོ། །ཆོས་མི་མཐུན་ པའི་རྒྱུ་མཚན། ནམ་མཁའི་མེ་ཏོག་ནི་ཅ་འགའ་ཞིག་གིས་ཡོད་ལ་འགའ་ཞིག་གིས་མེད་པའི་ཁྱད་པར་མེད་པར་ཆ་གང་གི་སྒོ་ནས་ཀྱང་མེད་པ་ཐམས་ཅད་ཀྱིས་མེ་དཔ་ཡིན་ལ། བུམ་པ་ནི་དོན་བྱེད་ཀྱི་སྒོ་ནས་རང་གི་ཆ་འགའ་ཞིག་དངོས་པོར་ ཡོད་ལ་འགའ་ཞིག་མེ་དཔའི་ཁྱད་པར་མེད་པར་རང་གི་དངོས་པོའི་ཆ་ཐམས་ཅད་ཀྱིས་ཡོད་དོ། །དེ་ལྟར་ནམ་མཁའི་མེ་ཏོག་ནི་བདག་ཉིད་ཐམས་ཅད་ཀྱིས་བུ་མ་པ་དང་ཆོས་མི་མཐུན་ཞིང་དེ་བཞིན་དུ་བུམ་པའང་བདག་ཉིད་ཐམས་ཅད་ཀྱིས་ནམ་མཁའི་མེ་ཏོག་ 12-6-77a དང་ཆོས་མི་མཐུན་པའི་ཕྱིར་རོ། །དེས་ན་འཇིག་རྟེན་པ་ལ་བྱ་བ་བྱེད་ནུས་སུ་བདག་ཉིད་ཐམས་ཅད་ཀྱིས་ཡོད་ཚུལ་བུམ་པ་ལྟ་བུ་དང་། དོན་དམ་པར་བདག་ཉིད་ཐམས་ཅད་ཀྱིས་མེད་ཚུལ་ནམ་མཁའི་མེ་ཏོག་བཞིན་ སོང་བ་གཞི་གཅིག་ལ་འདུ་མི་སྲིད་ལ། འཇིག་རྟེན་ལས་འདས་པ་ལ་བལྟོས་ནས་ནི་སྲིད་དེ། དངོས་པོ་ཐམས་ཅད་བྱ་བ་བྱེད་པའི་སྒོ་ནས་ཡོད་ཚུལ་བུམ་པ་དང་འདྲ་བར་བདག་ཉིད་ཐམས་ཅད་ཀྱིས་ཡོད་པ་དང་། རང་བཞིན་གྱིས་མེད་པའི་མེད་ ཚུལ་དེ། ཆ་འགའ་ཞིག་རང་བཞིན་གྱིས་ཡོད། འགའ་ཞིག་རང་བཞིན་གྱིས་མེད་པའི་ཁྱད་པར་མེད་པར་ཆ་ཐམས་ཅད་ཀྱི་རང་བཞིན་མེད་པ་ནམ་མཁའི་མེ་ཏོག་གི་མེད་ཚུལ་ལྟར་དུ་སོང་བ་དེ་གཉིས་གཞི་གཅིག་ལ་འདུ་བ་ཙམ་དུ་མ་ཟད། དངོས་ པོ་ཐམས་ཅད་བྱ་བ་བྱེད་ཚུལ་བུམ་པ་ལྟར་སོང་བའི་སྒོ་ནས་ཆ་ཐམས་ཅད་ཀྱིས་ཡོད་པ་དང་། རང་བཞིན་མེད་ཚུལ་ཆ་ཐམས་ཅད་ནས་མེད་པ་ནམ་མཁའི་མེ་ཏོག་གི་མེད་པ་ལྟར་སོང་བ་གཉིས་ཕན་ཚུན་དབྱེར་མེད་དུ་གནས་པ་ཞིག་འོང་བ་ཡིན་ པས། འཇིག་རྟེན་པ་ལ་བལྟོས་ནས་དཔེ་མི་སྲིད་པ་དང་། འདིག་རྟེན་ལས་འདས་པ་ལ་བལྟོས་ནས་སྲིད་པའི་དོན་ནི་དེ་ཡིན་ལ་དོན་འདི་གཉིས་དབང་མདོར་བསྟན་ལས་ཤིན་ཏུ་གསལ་བར་བཤད་དེ། དེའང་གོང་དུ། ཕྱག་རྒྱ་ཆེན་མོ་གཅིག་ སྦྱོར་བས། །འཕེལ་བར་འགྱུར་བ་མི་འགྱུར་བའོ། །ཞེས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་འཕེལ་བར་གསུངས་ནས། དེའི་རྗེས་སུ་དེ་འདྲའི་འཕེལ་ཟད། དོན་དམ་པར་རང་གི་ངོ་བོས་སྟོང་པར། འཕེལ་བ་ལ་ནི་ 12-6-77b འཕེལ་བ་མེད། ཅེས་སོགས་ཀྱིས་གསུངས་པས། འོ་ན་འཕེལ་ཟད་གཏན་ནས་མེ་དཔའི་ཕྱིར་ཇི་ལྟར་ལམ་ལ་སོགས་པ་བསྒོམས་པ་འབྲས་བུ་མེད་པར་མི་འགྱུར་རོ། །ཞེས་པའི་ལན་དུ། རང་བཞིན་མེད་ཀྱང་འབྱུང་འཇིག་བྱེད་པ་སྒྱུ་མ་དང་འདྲ་བས་འབྱུང་ འཇིག་བྱེད་པའི་དངོས་པོ་དང་། རང་བཞིན་མེ་དཔའི་དངོས་མེད་མཚན་ཉིད་གཅིག་པར་གསུངས་ཏེ། ཆོས་རྣམས་རང་བཞིན་མེད་པ་ནི། །འབྱུང་འཇིག་སྒྱུར་མ་དེ་བཞིན་ནོ། །འབྱུང་རྣམས་འཇིག་པར་མི་འགྱུར་ཏེ། །རང་བཞིན་ཉིད་ཀྱིས་སྐྱེ་མི་འགྱུར། ། སྣ་ཚོགས་འདི་ནི་རང་བཞིན་མེད། །དངོས་དང་དངོས་མེད་མཚན་ཉིད་གཅིག །ཅེས་སོ། །དེའི་འགྲེལ་པར་ནཱ་རོ་པས། ཀུན་རྫོབ་ཏུ་དོན་དམ་བྱ་བ་བྱེད་པའི་ཕྱིར་དངོས་པོའི་ངོ་བོ་དེ་ཁོ་ནར་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། དངོས་པོ་མེད་པའི་མཚན་ཉིད་ དོ། །ཞེས་བྱ་བ་བྱེད་པའི་དངོས་པོ་དང་། རང་བཞིན་གྱིས་དངོས་པོར་མེད་པ་ངོ་བོ་གཅིག་པ་ཉིད། དངོས་པོ་དང་དངོས་མེད་གཅིག་པར་གསུངས་པའི་དོན་དུ་གསལ་བར་བཤད་དོ། །དེ་ལྟར་གཞི་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དཔེ་མདོར་བསྟན་ ནས། ལམ་འཁོར་འདས་ཀྱི་མཐའ་དང་བྲལ་བའི་ཚུལ་འཆད་པ་ནི། འཇིག་རྟེན་པ་ལ། རང་བཞིན་གྱིས་མེད་ཚུལ་ཆ་ཐམས་ཅད་ནས་རང་བཞིན་མེད་པ་ནམ་མཁའི་མེ་ཏོག་གི་དཔེ་མེད་ཚུལ་ལྟ་བུ་དང་། དོན་བྱེད་ནུས་སུ་ཡོད་ཚུལ་ཆ་ཐམས་ ཅད་ནས་ཡོད་པ་བུམ་པ་ལྟ་བུ་གཉིས་གཞི་གཅིག་ལ་འདུར་མི་རུང་ཡང་། འཇིག་རྟེན་ལས་འདས་པ་ལ་རུང་བ་དེ་བཞིན་དུ། ཐེག་པ་དམན་པ་མན་ཆད་ཀྱི་གང་ཟག་གིས་ཟག་བཅས་ཀྱི་ཕུང་སོགས་ཐམས་ཅད་མེད་པའི་ཅད་པ་མྱང་འདས་ 12-6-78a ཀྱི་མཐར་མ་ལྷུང་བ་བྱས་ནས། ཟག་བཅས་དུཿཁའི་ཕུང་སོགས་ཡོད་པ་ཐམས་ཅད་ཀྱིས་ཡོད་པའི་སྲིད་པར་གནས་དགོས་ལ། དེ་འདྲའི་སྲིད་པར་མི་གནས་ན། ཆད་པ་མྱང་འདས་ལ་གནས་དགོས་ཀྱི་དེ་གཉིས་ གང་ལའང་མི་གནས་པའི་གཉིས་མིན་གྱི་ཕུང་པོ་གསུམ་པ་བྱར་མི་རུང་ཡང་ཐེག་པ་ཆེན་པོའི་ལམ་ལ་གནས་པའི་གང་ཟག་གིས་དེ་ལྟར་གཉིས་ཀ་ལ་མི་གནས་པ་རུང་བར་སྟོན་པ་ནི། ཆད་པ་མྱང་འདས་དང་ཆོས་མི་མཐུན་པའི་ཕྱིར་སྲིད་ པ་ནི་ཉོན་མོངས་པའི་ཟག་བཅས་ཀྱི་དངོས་པོ་ཡོད་པ་ཐམས་ཅད་ཀྱིས་ཡོད་དོ། །སྲིད་པ་དང་ཆོས་མི་མཐུན་པའི་ཕྱིར་ཆད་པ་མྱང་འདས་ནི་དེ་འདྲ་བའི་དངོས་པོ་མེད་པ་ཐམས་ཅད་ཀྱིས་མེད་དོ། །དེའི་ཕྱིར་ཐེག་པ་དམན་པ་སོགས་ཐབས་ མཁས་པ་དང་བྲལ་བའི་ལམ་གྱིས་དེ་གཉིས་ཀ་ལ་མི་གནས་པའི་ཕུང་གསུམ་བྱེད་མི་ནུས་ཀྱང་། ཐེག་པ་ཆེན་པོ་པས་ནི་དེ་གཉིས་ཀ་ལ་མི་གནས་པར་བྱེད་ལ། དེའང་ཕ་རོལ་ཏུ་ཕྱིན་པ་དང་། རྒྱུད་སྡེ་འོག་མ་རྣམས་ལའང་ལམ་གྱིས་ འཁོར་འདས་ཀྱི་མཐའ་དེ་གཉིས་འགོག་པ། ཕུལ་དུ་བྱུང་བ་ཡོད་ཀྱང་འདིར་དེ་དག་ལས་ཁྱད་པར་དུ་གྱུར་པའི་མཐའ་དེ་གཉིས་འགོག་ཚུལ་ནི། རྡོ་རྗེའི་རྣལ་འབྱོར་གྱིས་སྟོང་གཟུགས་ཁྱད་པར་བ་འདོད་ལྷ་ཡབ་ཡུམ་གྱི་སྐུར་ཤར་ བ་བསྒྲུབས་པས་ཆད་པ་མྱང་འདས་ཀྱིས་མཐའ་དང་། དེ་ཁོ་ན་ཉིད་རང་བཞིན་མེད་པའི་སྟོང་པ་དང་དབྱེར་མི་ཕྱེད་པའི་བདེ་བ་ཆེན་པོ་བསྒྲུབས་པས་སྲིད་པའི་མཐའ་འགོག་ཅིང་། ལམ་གྱིས་དེ་ལྟར་མཐའ་གཉིས་མ་ནན་པས། འཕྲས་ 12-6-78b བུ་འཁོར་འདས་ཀྱི་མཐའ་གཉིས་ཀ་ལས་འདས་པ། རྣམ་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་དང་། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟེན་དང་བརྟེན་པར་ཟུང་དུ་འབྲེལ་བ་འགྲུབ་པ་ཡིན་ནོ། །དེ་གཉིས་ཀྱི་སྒོ་ནས་འཁོར་འདས་ལ་མི་གནས་པའི་ཚུལ་དབང་ མདོར་བསྟན་ལས་བཤད་པའི་དོན་ནི། དབང་མདོར་བསྟན་གྱི་ལུང་དྲངས་ནས་བཤད་ཟིན་ཏོ། །དེ་ལྟར་བྱ་བ་བྱེད་ནུས་སུ་ཡོད་ཚུལ་བུམ་པ་ལྟ་བུ་དང་། རང་བཞིན་གྱིས་མེད་ཚུལ་ནམ་མཁའི་མེ་ཏོག་ལྟར་སོང་བ་གཞི་གཅིག་ལ་འདུ་བ་འཇིག་རྟེན་ལས་ འདས་པ་ལ་རུང་ཞིང་། འཇིག་རྟེན་པ་ལ་མི་རུང་བ་རྒྱས་པར་འཆད་པ་ནི། དེ་བཞིན་དུ་ཞེས་པ་ནས་འགལ་བའི་ཕྱིར་རོ། །ཞེས་པའི་བར་སྔར་བཤད་པས་ཤེས་ལ། གང་གིས་ཞེས་སོགས་ཀྱི་དོན་ནི། འཇིག་རྟེན་པ་ལ་ཀུན་རྫོབ་ཏུ་དོན་བྱེད་པའི་རྒྱུ་མཚན། གང་ གིས་དངོས་པོ་གང་ཡོད་པ་དེ་ནི་ཀུན་རྫོབ་དེ་ལ་བལྟོས་ནས་ཆ་གང་གིས་ཀྱང་མེད་པར་མི་འགྱུར་ཞིང་། གང་དོན་དམ་པར་མེད་པ་དེ་ནི། དོན་དམ་དེ་ལ་བལྟོས་ནས་ཆ་གང་གིས་ཀྱང་ཡོད་པར་མི་འགྱུར་ཏེ། བྱ་བ་བྱེད་པའི་དངོས་པོ་དང་། བདེན་ པའི་དངོས་པོ་མེད་པའི་རང་བཞིན་དུ་གནས་པ་ལས་སོ། །ཞེས་པ་འཇིག་རྟེན་ལས་འདས་པ་ལ་ཆོས་མི་མཐུན་པ་མི་འགལ་བའི་དོན་བསྡུ་བའོ། །དེས་ན་ལྟ་བ་མ་གོ་བའི་གང་ཟག་ནི་ཆོས་དེ་བྱ་བ་བྱེད་པ་གང་གིས་ཡོད་པའི་མཚན་ཉིད་ དུ་འཛིན་པའི་སེམས་སུ་འགྱུར་བ་དེས། ཆོས་དེ་བདེན་པར་མེད་པའི་མཚན་ཉིད་དུ་འཛིན་པར་མི་འགྱུར་རོ། །རྒྱུ་མཚན་གང་གིས་བདེ་པར་མེད་པའི་མཚན་ཉིད་དུ་འཛིན་པའི་སེམས་སུ་འགྱུར་བ་དེས་བྱ་བ་བྱེད་ནུས་སུ་ཡོད་པའི་ 12-6-79a མཚན་ཉིད་དུ་མི་འགྱུར་ཏེ། དེའི་ངོར་བྱ་བ་བྱེད་པ་དང་རང་བཞིན་གྱིས་སྟོང་ཕན་ཚུན་འགལ་བའི་ཕྱིར་རོ། །དེས་ན་བྱ་བ་བྱེད་ནུས་བདེན་གྲུབ་དང་བདེན་པར་མ་གྲུབ་ན་བྱ་བ་འདི་བྱེད་མི་ནུས་པར་འཛིན་པས། གང་ ཟག་དེ་འདྲའི་ངོ་ལ་བལྟོས་ནས་དེ་གཉིས་གཞི་མཐུན་དུ་འདུ་མི་སྲིད་དོ། །ཞེས་བྱ་བ་འཇིག་རྟེན་པ་ལ་ཆོས་མི་མཐུན་པ་འགལ་བའི་དོན་བསྡུ་བའོ། །དེ་ལྟར་འཇིག་རྟེན་པའི་དཔེ་སྤངས་ཤིང་འཇིག་རྟེན་ལས་འདས་པའི་དཔེས་མཚོན་པའི་ཚུལ་བཤད་ ནས། ད་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དེ་དེ་ཁོན་ཉིད་གཏན་ལ་འབེབས་པའི་གཞིར་བྱས་ནས། རང་བཞིན་མེད་པར་རིགས་པས་བསྒྲུབ་པ་ནི། དངོས་པོ་ཐམས་ཅད་ལ་བྱ་བ་བྱེད་པ་དང་། རང་བཞིན་གྱིས་སྟོང་པ་མི་འགལ་བའི་ཕྱིར་ན། སྐབས་འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས་ཀྱི་སྣང་བ་གཞོན་ནུ་མའི་པྲ་ཕབ་ལྟ་བུ་ནི་བདེན་པར་གྲུབ་པའི་གཟུགས་ཀྱི་མཚན་ཉིད་མིན་ཏེ། ཇི་ལྟར་སྣང་བ་ལྟར་གྱི་གཟུགས་སུ་མ་ གྲུབ་པའི་ཕྱིར། དེར་ཐལ། ཕྱི་རོལ་གྱི་གཟུགས་ལྟ་བུར་སྣང་ཞིང་། རྡུལ་ཕྲ་རབ་བསགས་པའི་གཟུགས་སུ་མེད་པའི་ཕྱིར་རོ། །སྔ་མ་ལ་ཁྱབ་པ་ཡོད་དེ། གནས་ཚུལ་གཞན་དུ་གནས་ནས་སྣང་ཚུལ་གཞན་དུ་སྣང་བ་ནི་བདེན་ པར་འགལ་བའི་ཕྱིར་རོ། །ཡང་དེ་ཉིད་གཏན་ནས་གཟུགས་མེད་པའི་མཚན་ཉིད་མིན་ཏེ། སྟོང་པ་སྟེ་ནམ་མཁའི་ཕྱོགས་ལ་རྣལ་འབྱོར་པས་མངོན་སུམ་དུ་མཐོང་བར་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་སྟོང་གཟུགས་ཀྱི་ཕྱག་རྒྱ་ 12-6-79b དེ། རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་ཀྱི་གཟུགས་ཅན་ཏེ་ངོ་བོ་ཅན་དང་། རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་དེའང་ཀུན་རྫོབ་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོའི་གཟུགས་ཅན་ཏེ་ངོ་བོ་ཅན་ཡིན་ཏེ། གོང་གི་རིགས་པས་བྱ་བ་བྱེད་པ་དང་རང་ བཞིན་གྱིས་སྟོང་པའི་ཚོགས་པ། ཆོས་མི་མཐུན་པ་མི་འགལ་བའི་རང་བཞིན་ཡིན་པས། འཇིག་རྟེན་པའི་དཔེ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །དེས་ན་སེམས་གང་བྱ་བ་བྱེད་ནུས་སུ་ཡོད་པའི་གཟུགས་སྟོང་པ་ཀྱི་གཟུགས་དེ་ནི། རང་བཞིན་གྱིས་སེམས་མེད་པ་ཡིན་ལ། དེའི་ཕྱིར་རྟག་པ་དང་ཆད་པའི་ཆོས་ཀྱི་མཚན་ཉིད་དང་བྲལ་བ་ཡིན་ལ་རྣམ་པ་ཐམས་ཅད་པའི་གཟུགས་ཀྱི་དེ་ཁོ་ན་ཉིད། རང་བཞིན་གྱིས་གྲུབ་པའི་སྟོང་པ་ཉིད་དང་། དེའི་ཡུལ་ཅན་ བདེ་བ་ཆེན་པོ་དམིགས་པ་མེ་དཔའི་སྙིང་རྗེ་ཆེན་པོ་དབྱེར་མེད་པའོ། །དེས་ན་དོན་དམ་པའི་བདེན་པ་རྟོགས་པ་འཇིག་རྟེན་ལས་འདས་པའི་བླ་ལ་བལྟོས་ནས། བདེ་བ་ཆེན་པོ་ད་རྣམ་པ་ཐམས་ཅད་པའི་གཟུགས་གཉིས་ཀའི་ སེམས་དག བྱ་བ་བྱེད་པ་དང་རང་བཞིན་གྱིས་སྟོང་པའི་ཆོས་མི་མཐུན་པ་མི་འགལ་བའི་ཕྱིར། ཡོད་པ་དང་མེད་པའི་མཐའ་ལས་འདས་པ་དངོས་པོ་འཁོར་བ་དང་། དངོས་པོ་མེད་པ་མྱ་ངན་སལ་འདས་པའི་མཐའ་ཟད་པ། རྡོ་རྗེའི་ རྣལ་འབྱོར་གཉིས་སུ་མེད་པ་སྟེ་དེའི་རྗོད་བྱེད། དེ་བཞིན་གཤེགས་པའི་གསུང་ཐབས་ཤེས་ཕྱོགས་རེ་བའི་རིས་སུ་ཆད་པ་མེ་དཔ་ཉིད་ཀྱིས་ཕྱིར་རོ། །དེ་ལ་ཆོས་མི་མཐུན་པ་ནི་འཇིག་རྟེན་པའི་བློ་ལ་བལྟོས་པ་དང་། དེ་ཉིད་འཇིག་རྟེན་ 12-6-80a ལས་འདས་པའི་བློ་ལ་བལྟོས་ནས་མི་འགལ་བ་ཡིན་གྱི་བློ་གཅིག་ལ་བལྟོས་ནས་གཉིས་ཀ་འཇོག་པ་མིན་པ་ནི། སྔར་བཤད་པ་ཐམས་ཅད་དུ་ཤེས་པར་བྱའོ། །དེ་ཉིད་རྩ་རྒྱུད་ཀྱི་ལུང་དང་སྦྱར་བ་ནི། འདིར་ཞེས་ སོགས་སོ། །འདིའི་མཐའ་དཔྱད་པ་ནི། ཅི་རྣམ་པ་ཐམས་ཅད་པའི་གཟུགས་དེ་དེ་ཁོ་ན་ཉིད་ཀྱི་སྟོང་པ་ཉིད་དུ་གསུངས་པ་མིན་ནམ། ཇི་ལྟར་ན་དེ་ཀུན་རྫོབ་བདེན་པ་ཡིན་ཞེ་ན། དེ་ལ་ལེའུ་ལྔ་པའི་འགྲེལ་ཆེན་དུ། སྟོང་གཟུགས་ཀྱི་ཕྱག་ཆེན་ ལས་མི་འགྱུར་བའི་བདེ་བ་འབྱུང་བ་མི་རིགས་ཏེ། དེ་ལ་རྡུལ་ཕྲན་ཚོགས་པའི་ལུས་མེ་དཔའི་ཕྱིར་ཞེས་པའི་རྩོད་པ་ལ། རྨི་ལམ་གྱི་དཔེས་བདེ་བ་མྱོང་བ་ལ་རྡུལ་ཕྲན་ཚོགས་པའི་ལུས་མི་དོགས་པ་སོགས་འབད་པ་དུ་མས་ བསྒྲུབས་པའི་དགོས་པ་ནི། འབྲས་བུའི་སྐབས་སུ་བེམ་པོའི་ཁམས་མ་ལུས་པར་ཟད་ཀྱང་མཆོག་མི་འགྱུར་གྱི་བདེ་བ་མྱང་བའི་རྟེན་ནི། སྟོང་གཟུགས་ཀྱི་སྐུས་བྱེད་པ་འགྲུབ་པའི་དོན་ཡིན་ལ། སྐབས་དེར་སྟོང་གཟུགས་ ཀྱང་རྨི་ལམ་གྱི་སྣང་བ་དང་འདྲ་བར་རང་གི་སེམས་ཀྱི་སྣང་བ་ཙམ་དུ་གསུངས་པས་སེམས་ལས་དོན་གཞན་པའི་རྟག་པ་བདེན་པ་བར་འདོད་པ་ནི་མུན་སྤྲུལ་ཏེ། དེ་ལྟར་ཡང་། རྒྱུད་ཀྱི་ལེའུ་ལྔ་པའི་དོན་ཡིན་ལ། ལས། ལུས་ནི་དྭགས་ཤིང་རྡུལ་ཕྲན་ཉམས་པ་ ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་གྱུར། །ཞེས་པ་ནས། སེམས་ནི་མ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་སྐུ་གསུང་ཐུགས་ངོས་བཟུང་བ་ན། རྡུལ་ཕྲ་ 12-6-80b རབ་ཚོགས་པའི་ལུས་ཉམས་ཤིང་ཟད་པ་དྭགས་ཤིང་ཐོགས་པ་མེད་པས་ནམ་མཁའ་དང་འདྲ་བའི་སྟོང་གཟུགས་མཉ་དཔེས་སྤྲས་པ་སྐུ་དང་། མི་འགྱུར་བའི་བདེ་བ་ཐུགས་སུ་བཤད་དོ། །དེས་ན་དུ་བ་ལ་སོགས་པའི་སྟོང་གཟུགས་གཞན་རྣམས་ ཀྱང་གོང་ནས་གོང་དུ་གནས་གྱུར་ཏེ། མཐར་ཡེ་ཤེས་ཀྱི་སྐུ་དེ་བསྒྲུབ་པར་ཡང་། ལེའུ་ལྔ་པ་ལས། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་ འགྱུར་ཞིང་མཚན་མ་ནི། །རྣམ་པ་ཏམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པའི་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །ཞེས་གསུངས་སོ། །དེས་ན་ གསང་འདུས་འཕགས་ལུགས་པས། བདག་བྱིན་རླབས་དང་། སྒྱུ་ལུས་དང་། ཀུན་རྫོབ་བདེན་པ་ཞེས་པ་རྣམས་ཟུང་འཇུག་གི་འཇའ་ལུས་ཀྱི་སྐུའི་རྒྱུ་ཐུན་མོང་མིན་པར་འདོད་ཅིང་། དེ་ལ་བསྔགས་པ་ཆེ་བ་བཞིན་དུ་འགྲེལ་པ་སྐོར་གསུམ་ནས་སྟོང་གཟུགས་ ལ་བསྔགས་པའང་དེའི་དོད་ཡིན་ཏེ། བདེ་མཆོག་བསྟོད་འགྲེལ་ལས། སླར་ཡང་རང་བྱིན་བརླབ་པ་སྟེ། རྗེས་མཐུན་ཆོ་གའི་རིམ་པ་ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། །ཞེས་གུར་ལས་གསུངས་པའི་དོན་བཀྲལ་བ་ན། འདིར་རང་བྱིན་གྱིས་ བརླབ་པ་ཞེས་པ་བྱ་བ་ནི་སོ་སོར་སྡུད་པས་ཀུན་རྫོབ་ཀྱི་བདེན་པ་མཐོང་བའོ། །མཚན་མ་ཞེས་བྱ་བ་ནི་སྤྲིན་དང་དུ་བ་ལ་སོགས་པ་ལྟར་རབ་ཏུ་སྣང་བ་སྟེ། དེའང་སྒྲོན་མའི་མཐར་ཐུག་པར་དང་པོ་མཐོང་བའོ། །ཞེས་རང་བྱིན་རླབས་དང་ཀུན་རྫོབ་བདེན་པར་ 12-6-81a གསུངས་ལ། ནཱ་རོ་པས་ཀྱང་གང་ཟག་གི་བསྒོམ་བྱ་ནི་སོ་སར་སྡུད་པ་དང་། བསམ་གཏན་གྱི་ཡན་ལག་གིས་བསྟན་པར་བྱས་པ་ཁམས་གསུམ་པ་རབ་ཏུ་གསལ་བའི་བདག་ཉིད་ཀུན་རྫོབ་ཀྱི་བདེན་པ་སྟེ། རྗེས་སུ་ དྲན་པས་དེའི་རྣལ་འབྱོར་ཡང་དག་སྤྲོ། །དེའི་རྣལ་འབྱོར་ནི་ཀུན་རྫོབ་ཀྱི་བདེན་པའི་རྣལ་འབྱོར་ཏེ། ཡང་དག་སྤྲོ་ནི་ནམ་མཁའི་མཐིལ་མཐའ་དག་ཁྱབ་པར་བལྟ་བར་བྱའོ། །ཞེས་དང་། གཞན་ཡང་སྒྱུ་མ་དང་། རྨི་ལམ་དང་། དྲི་ཟའི་གྲོང་ཁྱེར་དང་། ཕྲ་ཕབ་པ་ ལ་སོགས་པ་བཞིན་དུ་མ་བརྟགས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་མ་ལུས་པ་མཐོང་བ་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་སྟེ། རང་བྱིན་གྱིས་བརླབས་པར་ཡང་བརྗོད་དོ། །ཞེས་གསུངས་ལ། རྡོ་རྗེ་སྙིས་འགྲེལ་ལས་ཀྱང་། འདིར་ ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུ་སྟེ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་ཡོངས་ཤེས་པ་ནི། དངོས་པོ་མེད་པར་བསྒོམ་པར་བྱ་སྟེ་རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱི་སྣང་བརྙན་མཐོང་བ་དེའོ། །ཞེས་དངོས་པོ་ སྟོང་གཟུགས་དེ་ཉིད་དངོས་པོ་མེད་པ་ཡོངས་སུ་ཤེས་པར་བྱ་བར་གསུངས་ནས། ཚུལ་ཇི་ལྟ་བུས་དངོས་པོ་མེད་པར་ཤེས་པར་འཆད་པ་ན། དེ་ཉིད་ལས། སྣང་བརྙན་དེ་ཉིད་དཔེ་དགུ་རྣམས་ཀྱིས་བསྒྲུབས་ཏེ། འདི་ལྟ་སྟེ། མིག་ཡོར་དང་། སྤྲུལ་པའི་ གྲོང་ཁྱེར་དང་། སྒྲུ་བརྙན་དང་། རྨི་ལམ་དང་། སྒྱུ་མའི་འཁྲུལ་འཁོར་དང་། སྨིག་རྒྱུ་དང་། མེ་ལོང་གི་གཟུགས་བརྙན་དང་། ཆུ་བླ་དང་། ནམ་མཁའ་ཞེས་པའོ། །དེ་ཉིད་ཤེས་རབ་ཨེ་ཡིག་ཏུ་འགྱུར་རོ། །ཞེས་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ 12-6-81b ཉིད། རྨི་ལམ་དང་། སྒྱུར་མ་སོགས་དང་མཚུངས་པའི་དངོས་པོ་དང་། བདེན་པའི་དངོས་པོ་མེད་པར་གསལ་བར་གསུངས་པས། དེའི་ཕྱིར་སྟོང་གཟུགས་ཀྱི་རང་བཞིན་མེ་དཔའི་སྟོང་པ་དོན་དམ་བདེན་པ་ཡིན་ཡང་། སྟོང་གཟུགས་ནི་ཀུན་རྫོབ་ཀྱི་བདེན་པ་ ཉིད་ཡིན་པའི་ཕྱིར། སྟོང་གཟུགས་སྒྲུབ་པ་རང་དབང་བའི་རྟག་པར་སྨྲ་བ་ནི་སྟོང་གཟུགས་སྒྲུབ་པས་ཅི་ཞིག་བྱེད་པ་མ་ཤེས་པའི་བབ་ཚེལ་ལོ། །དེའི་སྔར་བཤད་པ་ལྟར་དུ་བ་ལ་སོགས་པའ་སྟོང་གཟུགས་རྣམས་གོང་ནས་གོང་དུ་གནས་གྱུར་ ཏེ་ཡན་ལག་དྲུག་པའི་སྐབས་ཀྱི་འདོད་ལྷ་ཡབ་ཡུམ་དུ་སྣང་བ་ནི། འབྲས་བུའི་རྡོ་རྗེའི་སྐུའི་ཐུན་མོང་མ་ཡིན་པའི་ཉེ་རྒྱུ་ཡིན་ལ། ཡན་ལག་དྲུག་པ་དེའི་ཚེ་ན། དེ་ལྟར་སྣང་བ་ཙམ་ཡིན་གྱི་ལུས་དངོས་པོ་ལ་སྟོང་གཟུགས་ཀྱི་སྐུར་སོང་བ་མེད་ དེ། བེམ་པོའི་ཁམས་རྣམས་མ་ཟད་པའི་ཕྱིར་རོ། །དེས་ན་སྐུ་དེ་འགྲུབ་པ་ལ། རྡུལ་ཕྲ་རབ་ཚོགས་པའི་ལུས་ཉམས་པར་བྱ་དགོས་པས། དེ་ནི་གསེར་འགྱུར་རྩི་ལྕགས་གསེར་དུ་བསྒྱུར་བ་བཞིན་དུ། ལུས་ལ་བྱང་སེམས་འཛག་མེད་དུ་བཅིངས་ པས་བེམ་པོའི་ཁམས་རྣམས་ཟད་པར་བྱེད་པའི་ཚུལ་རྒྱས་པར་ལེའུ་ལྔ་པར་འཆད་པར་འགྱུར་རོ། །དེ་ལྟར་མི་འགྱུར་བའི་བདེ་བ་ཁྱད་པར་བ་བསྒྲུབ་པའི་ཆེད་དུ་སྟོང་གཟུགས་ཁྱད་པར་བ་ཐབས་དུ་མས་འབད་ནས་བསྒྲུབ་པ་དང་། སྟོང་ གཟུགས་ཀྱི་ཕྱག་རྒྱ་རྒྱུ་དང་། མི་འགྱུར་བའི་བདེ་བ་འབྲས་བུ་ཡིན་པར་དབང་མདོར་བསྟན་རྩ་འགྲེལ་དང་། འགྲེལ་པ་སྐོར་གསུམ་དུ་ལེན་ཅིག་མིན་པར་འབད་པ་དུ་མས་བསྒྲུབ་པ་ལ་སྟོང་གཟུགས་རྒྱུས་བསྐྱེད་དུ་མི་རུང་ཞིང་། འབྲས་བུ་མི་ 12-6-82a འབྱིན་པའི་རྟག་པ་བདེན་པ་བ་གཞུང་འདི་དག་གི་དགོངས་པའོ་ཞེས་ཟློག་སྟེ་མ་སྨྲ་ཞིག དེ་ལ་མི་འགྱུར་བའི་བདེ་བ་ཞེས་གསུངས་པའི་མི་འགྱུར་བའི་དོན་ཡང་། སྐྱེ་འཇིག་མི་བྱེད་པའི་རྟག་པ་ནི་མིན་ཏེ། མི་འགྱུར་བའི་བཟློག་ ཕྱོགས་ཀྱི་འགྱུར་བ་ནི། རྒྱུ་ལས་སྐྱེས་པ་དང་། སྐད་ཅིག་གཉིས་པའི་དུས་སུ་སྐད་ཅིག་དང་པོ་མི་གནས་པ་ལ་མ་གསུངས་ཀྱི་ཁམས་ཕྱི་རོལ་ཏུ་འཕོ་བའི་འགྱུར་བ་ལ་ལན་དུ་མར་གསུངས་པའི་ཕྱིར་རོ། །དེས་ན་ཁམས་འཛགས་ མེད་དུ་བཅིངས་པ་ཉིད་མི་འགྱུར་བའི་དོན་ཡིན་ལ། དེ་ཉིད་ལ་ཁམས་རྡོ་རྗེ་ནོར་བུའི་རྩེ་ནས་ཕྱིར་མི་འཕོ་བ་ཙམ་ལ་མི་འགྱུར་བར་བྱས་པ་དང་། རང་གི་གནས་ནས་ལུས་ཀྱི་གནས་གཞན་གང་དུའང་མི་འཕོ་བ་ལ་བཞག་པའི་མི་འཕོ་བ་ ཁྱད་པར་བ་གཉིས་ཡོད་དོ། །དེས་ལྷན་ཅིག་བྱེད་པའི་རྐྱེན་དང་། ཆོས་རྣམས་རང་བཞིན་མེད་པར་ཕུ་ཏག་ཆོད་པའི་ལྷ་བས་ཉེར་ལེན་གྱི་རྒྱུ་བྱས་པ་ལ་བརྟེན་ནས་སྐྱེས་པའི་བདེ་ཆེན་གྱི་ཡུལ་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་ཡིན་པས་འདིར་བདེ་བ་ལ་དམིགས་མེད་ དུ་གསུངས་ཤིང་། དེའི་ཚེ་བདེ་བ་འདྲེན་བྱེད་ཀྱི་སྟོང་གཟུགས་ཀུན་རྫོབ་པ་ཡུལ་ཅན་ལས་ལོགས་སུ་གྲུབ་པ་ལྟ་བུར་ཤར་བ་ལ་དགོངས་ནས་སྟོང་པ་དམིགས་བཅས་སུ་གསུངས་ལ། ལེའུ་ལྔ་པའི་འགྲེལ་ཆེན་ལས་ཀྱང་། སྟོང་པ་ནི་ཆོས་རྣམས་སྐྱེ་བ་ དང་འགག་པ་མེད་པའི་རང་གི་སེམས་ཀྱི་སྣང་བའོ། །ཡེ་ཤེས་ནི་དེ་རབ་ཏུ་རྟོགས་པ་མི་འགྱུར་བའི་བདེ་བའོ། །ཞེས་སྟོང་གཟུགས་དེ་ཁོ་ནར་སྐྱེ་འགག་རང་བཞིན་གྱིས་གྲུབ་པས་སྟོང་པའི་ཆོས་ཉིད་རྟོགས་པ་ལ་མི་འགྱུར་བའི་བདེ་བར་གསུངས་སོ། ། 12-6-82b གཞན་ཡང་ཤིང་རྟ་ཆེན་པོ་དག་གི་ལུགས་གང་ལའང་། དོན་གང་རྟོགས་ནས་གོམས་པར་བྱས་ནས། འཁོར་བའི་འཆིང་བའི་རྩ་བ་བག་ཆགས་དང་བཅས་པ་མ་ལུས་པར་དག་པར་བྱེད་ནུས་པའི་རྟོགས་བྱའི་དོན་ལ་དེ་ཁོ་ན་ཉིད་ཅེས་བྱ་ཞིང་དེ་རྟོགས་ པ་ལ་ཟབ་དོན་རྟོགས་པ་དང་དམིགས་མེད་ཀྱི་དོན་རྟོགས་པར་འཇོག་པ་ཡིན་ལ། འདི་བའི་ལུགས་ཀྱིས་ཀྱང་འཁོར་བར་འཆིང་བའི་རྩ་བ་བདག་འཛིན་བུ་བཞེད་པས། དེས་གཟུང་བའི་བདག་མེད་པའི་དོན་རྟོགས་པ་ཉིད་ཀྱིས་འཁོར་བའི་འཆིང་བ་བས་ ཆགས་དང་བཅས་པ་དག་པར་བྱ་དགོས་པ་ཡིན་ཏེ། ལེའུ་ལྔ་པའི་འགྲེལ་ཆེན་ལས། འདོད་ཆགས་ཀྱི་འཕོ་བའི་བག་ཆགས་ཀྱི་དབང་གིས་འཁོར་བར་འཁོར་བ་ན་མ་རིག་པའི་བག་ཆགས་ཀྱིས་འཁོར་བར་གསུངས་པ་འགལ་ལོ། །ཞེས་པའི་ལན་དུ། མ་རིགས་པ་ནི་འདིར་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་སོ། །ཞེས་གསུང་རབ་གཞན་ནས་མ་རིག་པ་དང་། རྒྱུད་འདིར་འཕོ་བའི་བག་ཆགས་འཁོར་བའི་རྩ་བར་བཤད་པ་གཉིས་དོན་གཅིག་ཏུ་གསུངས་ལ། ལེའུ་གཉིས་པར། སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད། །ཅེས་གསུངས་པའི་འགྲེལ་ཆེན་ལས་འདིར་འཁོར་བའི་རྒྱུ་ངར་འཛིན་པ་དང་ང་ཡིར་འཛིན་པའི་བདག་ཉིད་ཅན་གྱིས་རྨོངས་པར་བྱས་པ་ ནི་དམྱལ་བ་དང་། ཡི་དྭགས་དང་དུད་འགྲོའི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད་པའོ། །ཞེས་བདག་དང་བདག་གིར་འཛིར་པ་རྨོངས་པར་བྱས་པར་གསུངས་པས། མ་རིག་པ་འཁོར་བའི་རྩ་བར་གསུངས་པའང་འཇིག་ལྟ་ལ་བཞེད་ 12-6-83a པ་ཡིན་ལ། དེ་བས་ལེའུ་བཞི་པའི་འགྲེལ་ཆེན་ལས། དེ་ནས་རྩ་བ་གསུམ་དྲན་པར་བྱས་ཏེ། དེ་ཉིད་སྲིད་པའི་ས་བོན་ཡིན་པས་འདོད་ཆགས་ཀྱི་བག་ཆགས་སུའང་འགྱུར་རོ། །དེས་ན་འཁོར་བའི་རྩ་བ་བདག་འཛིན་ཡིན་པ་འདི། ཐེག་པ་ཆེ་ཆུང་སྔགས་མཚན་ ཉིད་ཐམས་ཅད་ཀྱི་ལུགས་ཡིན་པས་བདག་མེད་རྟོགས་པའི་ཤེས་རབ་ནི་འཁོར་བར་འཆིང་པའི་རྩ་བ་གཅོད་བྱེད་དུ་བཞེད་པ་ཡིན་ལ། དེ་བས་ན་ལེའུ་གཉིས་པའི་འགྲེལ་ཆེན་ལས། དེ་ནས་རྩ་བ་གསུམ་དྲན་པར་བྱས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསམ་པ་རྣམ་པར་དག་པ་དང་། བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ཡོངས་སུ་སྤོང་བའོ། །ཞེས་བདག་འཛིན་སྤོང་བའི་བདག་མེད་རྟོགས་པའི་ཤེས་རབ་ཉིད་ལམ་གྱི་རྩ་བར་གསུངས་ལ། དབུ་མ་པ་རྣམས་ཀྱི་འགྱུར་བ་མེད་པའི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་ནའང་། བདག་མེད་པ་གཉིས་ཀྱི་སྒོ་ནས་ བསྒོམ་པར་ཡང་གསུངས་ཏེ་ལེའུ་ལྔ་པའི་འགྲེལ་ཆེན་ལས་དབུ་མ་པ་རྣམས་ལ་རྨི་ལམ་ལྟ་བུར་འགྱུར་བ་མེད་ཅིང་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པས་ཏེ། དེ་ལྟར་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པའོ། །ཞེས་གསུངས་སོ། །དེ་ལྟ་མིན་པར་གང་རྟོགས་པས་འཁོར་བའི་རྩ་བ་ གཅོད་པའི་དེ་ཁོ་ན་ཉིད་སྟོང་གཟུགས་ཡིན་ན། འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་བདག་འཛིན་ལྷན་སྐྱེས་ལ། སྟོང་གཟུགས་ཀྱི་དངོས་ཀྱི་འགལ་ཟླ་འཛིན་པའི་འཛིན་སྟངས་ཡོད་པར་འགྱུར་རོ། །དེ་ལ་གང་ཟག་གི་བདག་འགོག་པ་ནི་ལེའུ་གཉིས་པ་ལས་གསུངས་ཤིང་། ཆོས་བདག་ འགོག་པའི་རིགས་པའང་། ལེའུ་གཉིས་པའི་འགྲེལ་ཆེན་ལས། དེའི་ཕྱིར་དབུ་མ་པས་སྨྲས་པ། །རྣམ་པར་ཤེས་པ་དོན་དམ་ཡོད། །དེ་ཡང་མཁས་རྣ་བས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བས་ནམ་ཁའི་པདྨོ་བཞིན། །ཡོད་མེད་མེད་མིན་ཡོད་མེད་ 12-6-83b མིན། །གཉིས་ཀའི་བདག་ཉིད་མིན་པ་འང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག། །ཅེས་གཅིག་དང་དུ་བྲལ་གྱི་རིགས་པ་དང་། འགྲེལ་ཆེན་འདིར། དེའི་ཕྱིར་འབྲས་བུ་ནི་རང་ལས་མ་ཡིན། གཞན་ལས་མིན། གཉིས་ཀ་ལས་ མིན། རྒྱུ་མེད་པ་ཅན་ཡང་མིན་ནོ། །ཞེས་རྡོ་རྗེ་གཟེགས་མ་ལ་སོགས་པ་དབུ་མའི་རིགས་པ་ཇི་ལྟ་བ་བཞིན་དུ་གསུངས་ལ། རྡོ་རྗེ་སྙིང་འགྲེལ་ལས་ཀྱང་། ས་བོན་ལས་ནི་མྱུ་གུ་བཞིན། །དེ་མེད་པར་ནི་དེ་མི་འབྱུང་། །འབྲས་བུའི་རྒྱུ་ཡི་རང་བཞིན་ལས། ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་རྣམས་འགའ་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་ས་བོན་ལས་མྱུར་གུ་བལྟོས་ནས་སྐྱེ་བ་དང་། འོན་ཀྱང་རྒྱུ་ལས་འབྲས་བུ་རང་བཞིན་གྱིས་སྐྱེ་ བ་མཐའ་བཞི་པོ་གང་དུའང་མ་གྲུབ་པ། འཕགས་པ་ཀླུ་སྒྲུབ་ཀྱིས། རྩ་ཤེ་ལས་གསུངས་པའི་དོན། དཔལ་ལྡན་ཟླ་བའི་ཞབས་ཀྱིས་ཇི་ལྟར་བཤད་པ་དང་མཐུན་པར་གསལ་བར་བཤད་ལ། འགྲེལ་ཆེན་ལས་འདི་ནི་མདོར་བསྡུས་པས་གསུངས་ པ་སྟེ། རྒྱས་པར་ལུང་རྒྱ་ཆེན་པོ་ལས་བཤད་པར་བྱའོ། །ཞེས་དབུ་མ་པ་སོགས་ཀྱི་གཞུང་ལུགས་ལས་ཤེས་དགོས་པར་ཡང་གསུངས་སོ། །དེའི་ཕྱིར་འདིར་ཡང་སྟོང་པ་ཉིད་ནི་འཕགས་པ་ཀླུ་སྒྲུབ་ཀྱི་རིགས་པའི་ཚོགས་ཀྱིས་རྒྱས་པར་གཏན་ལ་ཕབ་པ་ ལྟར་ཤེས་པར་བྱ་བ་ཡིན་གྱི། གཞུང་དེ་དག་གིས་བསྟན་པའི་སྟོང་པ་ཉིད་ནི་ཆད་པའི་སྟོང་པ་ཉིད་དོ། །ཞེས་སྐུར་བ་འདེབས་པའི་ཁ་ན་མ་ཐོ་བ་ཆེན་པོ་བཟུང་བར་མི་བྱ་ལ། འཕགས་པ་ཀླུ་སྒྲུབ་ནི། རིགས་ལྡན་འཇམ་དཔལ་གྲགས་པས་བསྡུས་ 12-6-84a པའི་རྒྱུད་ཕྱི་མ་ལས་ཀྱང་ཁུངས་སུ་དྲངས་ཏེ། དེ་ལས་སྐུ་རྣམས་ཀྱི་ནི་མཚན་ཉིད་གང་དེ་འདིར་ནི་བདེ་བར་གཤེགས་པ་དང་འཕགས་པ་ཀླུ་སྒྲུབ་འོད་ཀྱིས་ཀྱང་སྟེ། གང་ཞིག་གཅིག་མིན་དུ་མ་མ་ཡིན་རང་དང་གཞན་ལ་ཕན་པ་ཕུན་ ཚོགས་ཆེན་པོའི་གཞིར་གྱུར་པ། ཞེས་སོགས་སྐུ་གསུམ་ལ་བསྟོད་པའི་ལུང་དྲངས་སོ།། དེའང་རྒྱལ་བས་འཕགས་པ་ཀླུ་སྒྲུབ་ལུང་བསྟན་པ་ནའང་། ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ཅེས་སོགས་ཀྱིས། མཐའ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ བསྟན་ན་བསྟན་པའི་སྙིང་པོ་གསལ་བར་བྱེད་པར་གསུངས་པའང་། དབུ་མ་རིགས་པའི་ཚོགས་ཀྱིས་སྟོང་ཉིད་ཚུལ་འདི་ལྟར་གཏན་ལ་ཕབ་པ་ལ་དགོས་པ་ཡིན་གྱི། དེ་དག་ནས་བསྟན་ཆད་སྟོང་ཡིན་ན། གཞན་དེ་ལྟར་གསུངས་པའི་རྒྱུ་མཚན་ མེད་དོ། །གཞན་ཡང་འགྲེལ་ཆེན་ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ། དེ་ཉིད་ཐེག་པ་ཡིན་པ་ནི་རྡོ་རྗེ་ཐག་པ་སྟེ། སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ།། ཞེས་ཕ་ རོལ་ཏུ་ཕྱིན་པའི་ཚུལ་སྣང་ལ་རང་བཞིན་མེད་པ་ངེས་པའི་སྟོང་པ་དང་། སྔགས་ཀྱི་ཚུལ་བདེ་ཆེན་དབྱེར་མེད་དུ་སྦྱོར་དགོས་པར་གསུངས་ཤིང་། རྡོ་རྗེ་སྙིང་འགྲེལ་ལས་ཀྱང་། རིགས་པས་རྣམ་པར་དཔྱད་ནས་སེམས་ཅན་དང་སངས་རྒྱས་ལ་སོགས་ པའི་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པ་བཞི་བསྒོམ་དགོས་པར་གསུངས་ཏེ། དེ་ཉིད་ལས། སྟོང་པ་ཉིད་ལ་དམིགས་དོན་ཆེ། །སླར་ཡང་འདི་ལྟར་རྣམ་དཔྱད་བྱ། །རང་བཞིན་མེད་པས་སྟོང་པ་སྟེ། ། 12-6-84b རྒྱུ་མེད་པ་ལས་མཚན་མ་མེད། །རྟུག་ཏུ་མེད་ལས་སྨོན་མེད་ཉིད། །མངོན་པར་འདུ་བྱེད་སྤངས་པའོ། །སྐྱེ་དང་འགག་པ་མེད་པའི་ཕྱིར། །སྨོན་པའི་དོན་ནི་མེད་པའོ། །སངས་རྒྱས་ཉིད་མེད་སེམས་ཅན་མེད། །ཆོས་དང་ཆོས་མིན་དེ་ཉིད་མེད། །ཇི་ལྟར་ སྒྱུ་མ་རྨི་ལམ་དང་། །དྲི་ཟའི་གྲོང་ཁྱེར་ཇི་ལྟ་བར། །དེ་ལྟར་སངས་རྒྱས་སེམས་ཅན་རྣམས། །དེ་ཁོ་ན་ཉིད་སྒོམ་པས་བལྟ། །ཞེས་གསུངས་ཤིང་ཆོས་ཏམས་ཅད་རང་བཞིན་མེད་པའི་སྟོང་པ་དེ། དེ་ཁོ་ན་ཉིད་དུ་གསལ་བར་གསུངས་སོ། །དེའི་ཕྱིར་དུས་འཁོར་ བའི་ལུགས་ཀྱི་རིགས་པས་གཏན་ལ་ཕབ་པའི་སྟོང་ཉིད་མི་འདོད་དོ། །ཞེས་སྨྲ་བ་ནི་འགྲེལ་པ་སྐོར་གསུམ་གྱི་དོན་ལོག་པར་འཆད་པ་ཡིན་ལ། རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་དང་། འདིར་ཡང་། རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་པ་ལས་རིང་དུ་བྱས་པ་ཞེས་གསུངས་པ་ནི། ཕུ་སོགས་གཅིག་དུ་བྲལ་གྱི་རིགས་པས་དཔྱད་ནས་བདེན་མེད་ གཏན་ལ་ཕབ་པའི་སྟོང་ཉིད་ཚུན་ཅོད་ཆད་སྟོང་དུ་སྟོན་པ་མ་ཡིན་གྱི། ཕུང་སོགས་རིགས་པས་གཏན་མེད་དུ་དཔྱད་ཅིང་གཏན་ལ་ཕབ་པའི་སྟོང་པ་ཉིད་ཆད་སྟོང་དུ་གསུངས་པ་ཡིན་པས། ཕུང་པོ་རྣམ་དཔྱད་ཉིད་ཀྱི་སྟོང་པའི་དོན་ནི་དེ་ལྟར་ཤེས་པར་ བྱ་ལ། ཕུང་སོགས་གཏན་ནས་མེད་པ་དང་། བདེན་པར་མེད་པའི་ཁྱད་པར་ཕྱེད་པར་གྱིས་ཤིག། །གཞན་ཡང་རྡོ་རྗེ་སྙིང་འགྲེལ་ལས། གཞན་དུ་ན་རྒྱུད་གཞན་བལྟས་ནས། གང་རིགས་པས་འཐད་པ་རྒྱུད་མང་པོར་རྟོགས་པར་བྱས་པའི་བཅོམ་ལྡན་ 12-6-85a འདས་ཀྱི་ངག་དེ་གཟུང་བར་བྱའི། བླུན་པོའི་དད་པ་ཉིད་ཀྱིས་ནི་མ་ཡིན་ནོ། །ཞེས་རྒྱུད་དོན་མཐའ་དག་ལ་རོགས་པས་དཔྱད་ནས་གང་རིག་པས་གྲུབ་པའི་དོན་བཟུང་དགོས་པར་གསུངས་པ་ལ་རྒྱུད་དོན་གྱི་གཙོ་བོ་དེ་ཁོ་ན་ཉིད་ རིགས་པས་དཔྱད་པ་འགོག་པ་ནི་རྣམས་པར་མ་བརྟགས་པའོ། །དེའི་ཕྱིར་བདག་མེད་པའི་གོ་བ་བཙལ་ནས། ལྟ་བས་གཏན་པ་ཕབ་པའི་ངེས་ཤེས་ཀྱི་རྒྱུན་སྐྱོང་རྒྱུ་མེད་པར་གང་དུ་བཟུང་ཡང་རྟོག་པའི་འཛིན་སྟངས་ཡིན་པས་ཅིར་ཡང་མི་བསམ་པ་ནི་ དུས་འཁོར་པའི་ལུགས་ཡིན་ནོ་ཞེས་སྨྲ་བ་ནི་རྒྱུད་འགྲེལ་གྱི་དོན་ལོག་པར་འཆད་པ་ཡིན་ཏེ། ལེའུ་ལྔ་པའི་འགྲེལ་ཆེན་ལས། འདིར་གལ་ཏེ་བསམ་པ་མེད་པའི་ཡེ་ཤེས་སངས་རྒྱས་ཉིད་སྟེར་བར་བྱེད་པ་ཉིད་ཡིན་ན་དེའི་ཚེ་སེམས་ཅན་ཐམས་ཅད་ སངས་རྒྱས་སུ་ཅིའི་ཕྱིར་མི་འགྱུར། དེ་རྣམས་ཀྱིས་གཉིད་འཏུག་པོ་ལ་བསམ་པ་མེད་པའི་ཡེ་ཤེས་རབ་ཏུ་འཇུག་ཅིང་། འདོད་པའི་དངོས་པོ་རྣམས་ལ་ཆགས་པ་མེད་ལ་མི་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་དང་བྲལ་བ་མེད་དོ། །ཞེས་སོགས་ ཀྱིས་ཕྱོགས་དེ་ལ་དམིགས་ཀྱིས་བཀར་བའི་དགག་པ་རྒྱས་པར་མཛད་པའི་ཕྱིར་རོ། །འདིའི་ཚུལ་ནི་སྐབས་དེ་ཉིད་དུ་རྒྱས་པར་བཤད་པར་བྱའོ། །དེས་ན་སྟོང་གཟུགས་ཀུན་རྫོབ་ཡིན་པས། སྟོང་གཟུགས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མེད་པ་མངོན་སུམ་དུ་རྟོགས་ པའི་བདེ་ཆེན་ལ་མཉམ་པར་བཞག་པའི་སློབ་ལམ་པའི་ཤེས་དོར། དེའི་ཚེ་གཉིས་སྣང་མ་ལུས་པར་ནུབ་པས་སྟོང་གཟུགས་ཀྱི་ཕྱག་རྒྱའི་སྣང་བ་མི་འཆར་ཡང་། དེའི་ཚེ་སྟོང་གཟུགས་ཀྱི་ཕྱག་རྒྱ་མེད་མི་དགོས་ཏེ། སྒྲུབ་པ་པོ་རང་གི་རྐང་ལག་ལ་སོགས་ 12-6-85b པ་བཞིན་ནོ། །གལ་ཏེ་སྟོང་གཟུགས་ཀུན་རྫོབ་ཡིན་ན། ཡང་དག་པའམ་ལོག་པའི་ཀུན་རྫོབ་གང་དུ་འདོད་ཅེ་ན། དབུ་མ་རང་རྒྱུད་པས། ཏ་སྙན་དུ་རང་བཞིན་གྱིས་གྲུབ་པའི་དོན་ཞལ་གྱིས་བཞེས་ཤིང་། ཀུན་རྫོབ་ལའང་ཡུལ་ཅན་ཐམས་ཅད་ཡང་དག་ཀུན་ རྫོབ་དང་། དེའི་ཡུལ་ལ་ཡང་དག་དང་ལོག་པའི་ཀུན་རྫོབ་གཉིས་ཀྱི་རྣམ་བཞག་མཛད་ལ། འཇིག་རྟེན་གྱི་ཤེས་ངོར་ནི་སྐྲ་ཤད་ཀྱི་སྣང་བ་ལྟ་བུའི་ཡུལ་དང་། དེའི་ཡུལ་ཅན་སྐྲར་སྣང་གི་མིག་ཤེས་ལྟ་བུ་གཉིས་ཀའང་ལོག་པ་དང་། ཡུལ་ཟླ་གཅིག་དང་། དེའི་ ཡུལ་ཅན་གྱི་མིག་ཤེས་གཉིས་ཀའང་། ཡང་དག་པར་ཐ་སྙད་བྱེད་དོ། །འོན་ཀྱང་འཕགས་པའི་དགོངས་པ། འཕགས་པ་ལྷ་དང་། སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་ལ་སོགས་པས་རྣམ་པར་བཀྲལ་བའི་དབུ་མའི་སྲོལ་འདི་ཉིད་ཀྱི་ལུགས་ ལ། ཐ་སྙད་དུའང་ཆོས་ཐམས་ཅད་རང་བཞན་གྱིས་མ་གྲུབ་པས། ཀུན་རྫོབ་ལ་གཉིས་སུ་ཕྱེ་ན། ཕྱིན་ཅི་ལོག་གི་ཟླས་དྲངས་པ་ནི་ཕྱིན་ཅི་མ་ལོག་པར་འགྱུར་དགོས་པ་ལ། ཀུན་རྫོབ་ཐམས་ཅད་ཐ་སྙད་དུའང་གནས་ཚུལ་གཞན་དུ་གནས་ནས་སྣང་ ཚུལ་གཞན་དུ་སྣང་བའི་ཕྱིན་ཅི་ལོག་པར་མཚུངས་པའི་ཕྱིར། ཡང་དག་དང་ལོག་པའི་ཀུན་རྫོབ་གཉིས་སུ་མི་འབྱེད་དོ། །དེ་ལ་སྟོང་གཟུགས་ལ་དམིགས་བཅས་ཀྱི་སྟོང་ཉིད་དུ་གསུངས་པ་ནི། དགག་བྱ་བདེན་པས་སྟོང་པའི་ཆ་ནས་བཞག་པའི་སྟོང་ ཉིད་མིན་གྱི། དགག་བྱ་རྡུལ་ཕྲ་རབ་ཚོགས་པའི་བེམ་པོའི་ཆོས་ཀྱིས་སྟོང་ཆ་ནས་སྟོང་ཉིད་དུ་གསུངས་པ་ཡིན་ཏེ། དེ་ལྟར་ཡང་། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །ཞེས་སོགས་ཀྱིས་ལན་མང་དུ་བསྟན་ལ། ནཱ་རོ་པས་ཀྱང་། དངོས་པོ་རྡུལ་ཕྲ་རབ་ཀྱི་ 12-6-86a ཚོགས་པའི་བདག་ཉིད་ཀྱིས་སྟོང་པ་རྣམ་པར་བྲལ་བས་ཏེ། ཞེས་སོགས་མང་དུ་གསུངས་སོ། །དེས་ན་སྟོང་གཟུགས་ལ་བདེན་པར་ཞེན་པ་དགག་པའི་སླད་དུ། གཞུང་འདི་དག་གིས་ཀྱང་སྟོང་གཟུགས་ཉིད་གཞིར་བྱས་ཏེ། རང་ བཞིན་གྱིས་གྲུབ་པའི་གཟུགས་སུ་ཡོད་པ་དང་། གཏན་ལས་གཟུགས་སུ་མེད་པ་གཉིས་ཀ་དགག་པར་མཛད་ལ། དབང་མདོར་བསྟན་ལས་ཀྱང་། དེའི་ཆེད་དུ། གལ་ཏེ་ཡོད་པའི་གཟུགས་མཐོང་ན། །རང་གི་གདོང་པ་ཅིས་མི་མཐོང་། །གལ་ཏེ་མེད་ པའི་གཟུགས་མཐོང་ན། །རི་བོང་རྭ་ཡང་ཅི་ལྟར་མིན། །ཞེས་གསུངས་ཏེ། དེའི་དོན་ནི། གལ་ཏེ་རྡོ་རྗེའི་རྣལ་འབྱོར་གྱིས་སྟོང་པའི་གཟུགས་དུ་བ་ལ་སོགས་པ་མཐོང་བ་དེ་རང་བཞིན་གྱིས་ཡོད་པའི་གཟུགས་མཐོང་བ་ཡིན་ན། སུ་ལའང་མ་བལྟོས་པར་ མཐོང་བར་འགྱུར་ལ། བལྟོས་མེད་དུ་མཐོང་བ་ལ། གཅིག་མཐོང་ཞིང་གཞན་མི་མཐོང་བའི་ཁྱད་པར་མི་འཐད་པས་རང་གི་གདོང་པ་ལ་སོགས་གཟུགས་ཀུན་མཐོང་བར་འགྱུར་རོ། །གལ་ཏེ་གཏན་ནས་མེད་པའི་གཟུགས་མཐོང་ན། རི་བོང་གི་རྭའང་ ཅིས་མི་མཐོང་སྟེ་མཐོང་བར་ཐལ་ལོ། །ཞེས་པ་སྟེ། འོ་ན་དེའི་མཐོང་ཚུལ་ཇི་ལྟ་ཡིན་ན། རང་བཞིན་གྱིས་མ་སྐྱེས་པའི་དོན་མཐོང་བ། རྨི་ལམ་གྱི་བུ་དང་འདྲ་བར་གསུངས་པ་ནི། སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན། །ཞེས་ གསུངས་ལ། དེའི་འགྲེལ་པར་ནཱ་རོ་པས། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། བུ་ཕོ་བྱུང་ཞིང་སི་བ་དེ་མཐོང་ན། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དྲངས་ 12-6-86b ནས། གཞོན་ནུ་མས་སྐྱེ་བ་མེད་པ་སྐྱེས་པར་མཐོང་བ་དང་ལྡན་པ་གང་ཡིན་པ་དེ་ཇི་ལྟར་སྐྱེས་པ་བཞིན་དུ་དེའི་སྐྱེད་པར་བྱེད་པའོ། །ཞེས་རྨི་ལམ་གྱི་སྣང་བ་དང་། སྟོང་གཟུགས་ཀྱི་སྣང་བ་གཉིས་རང་བཞིན་གྱིས་མེད་བཞིན་དུ་སྐྱེས་པ་འདྲ་བར་གསུངས་སོ། ། གལ་ཏེ་ཡོད་པའི་གཟུགས་མཐོང་ན། །ཞེས་སོགས་ཀྱི་རིགས་པ་འདི་ནི། དབུ་མ་ལ་འཇུག་པ་ལས། གཞན་ལས་གཞན་སྐྱེ་ན་མེ་ལྕེ་ལས་ཀྱང་མུན་པ་སྐྱེ་བར་ཐལ་བར་གསུངས་པ་ལྟ་བུ་རྣམས་དང་རིགས་པའི་ཚུལ་འདྲ་ལ། ཁ་ཅིག དངོས་པོར་ ཡོད་པའི་གཟུགས་མཐོང་ན། རང་གི་གདོང་པའང་ཇི་ལྟར་མི་མཐོང་། ཞེས་འཆད་མོད། དེ་ལྟ་ན་དངོས་པོར་གྲུབ་པའི་གཟུགས་མཐོང་བའི་སྐྱེ་བོའི་མིག་ཤེས་མི་སྲིད་པའང་། སྲིད་ན་དེས་གཟུགས་ཀྱི་གསལ་བ་ཐམས་ཅད་མཐོང་བས་ཁྱབ་པ་གང་རུང་ དུ་འགྱུར་དགོས་ལ། དངོས་པོར་གྲུབ་པའི་གཟུགས་མི་སྲིད་ན། རང་ལུགས་ལ་ཡོད་པའི་དོན་ཅུང་ཟད་ཀྱང་ཁས་བླང་དུ་མེད་པའི་ཆད་པ་ཆེན་པོར་འགྱུར་རོ། །སྤྲོས་པས་ཆོག་གོ། ཇི་སྐད་བཤད་པ་ལྟར་རྟག་ཆད་དང་། འཁོར་འདས་ཀྱི་མཐའ་དང་བྲལ་ བའི་རྡོ་རྗེའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུར་རྒྱུད་འདི་ལས་གཞན་དུའང་བསྟན་པར་གསུངས་པ་ནི། དེ་བཞིན་དུ། ཞེས་སོགས་སོ། །རྡོ་རྗེའི་རྣལ་འབྱོར་རིགས་པས་དཔྱད་ན། སྲིད་ཞི་གང་ལའང་མི་གནས་པ་རྒྱས་པར་བཤད་པ་ནི། རྡོ་རྗེའི་རྣལ་འབྱོར། འཕོ་བའི་བག་ཆགས་རྣམ་པར་དག་པ་མི་འགྱུར་བའི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་སངས་རྒྱས་ཀྱི་ཡོན་ཏན་ཀུན་སྟེར་པས་དམ་པའི་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་ལྷན་ཅིག་སྐྱེས་པའི་ 12-6-87a དགའ་བ་འདི་ནི། དེ་ཁོ་ན་ཉིད་དུ། འདོད་པའི་སྲིད་པ་ལ་མི་གནས། གཟུགས་ཀྱི་སྲིད་པ་ལ་མི་གནས། གཟུགས་མེད་པའི་སྲིད་པ་ལ་མི་གནས། འདོད་པའི་ཁམས་སྤངས་པའི་མྱ་ངན་ལས་འདས་པ་ལ་མི་གནས། གཟུགས་ཀྱི་ཁམས་ཟད་པ་ཙམ་གྱི་མྱ་ངན་ལས་འདས་པ་ལ་མི་གནས། གཟུགས་མེད་པའི་ཁམས་ཟད་པ་ཙམ་གྱི་མྱ་ངན་ལས་འདས་པ་ལ་མི་གནས་ཏེ། སྲིད་པ་དང་མྱ་ངན་ལས་འདས་པ་གང་ལའང་མི་གནས་པ་ཉིད་ཀྱི་ཕྱིར་རོ། །འཁོར་འདས་ གཉིས་ཀ་ལའང་མི་གནས་ཏེ། དེ་གཉིས་ཕན་ཚུན་སྤངས་ནས་འགལ་བའི་ཕྱིར་རོ། །དེའི་ཕྱིར་སྲིད་པ་དང་མྱ་ངན་ལས་འདས་པ་ནི་གཅིག་པ་ཉིད་སྲིད་པ་མིན་ཏེ། གྲིབ་མ་དང་ཉི་མ་བཞིན་ནོ། །དེ་དཔེར་ན་མེ་ནི། དེ་ཁོ་ན་ཉིད་དུ་གཙུབ་སྟན་ལ་མི་གནས། གཙུབ་ཤིང་ལ་མི་གནས། སྐྱེས་བུའི་ལག་པའི་རྩོལ་བ་ལ་མི་གནས་ཡིན་ཀྱང་ཐ་སྙད་ཙམ་དུ་དེ་དག་ཚོགས་པ་ལས་སྐྱེ་བ་དེ་བཞིན་དུ། རྡོ་རྗེའི་རྣལ་འབྱོར་ཡང་། དེ་ཁོ་ན་ཉིད་དུ་ན་ཕྱི་འཇིག་རྟེན་དང་། ནང་ལུས་དང་། གཞན་ལམ་དང་ འབྲས་བུའི་ཆོས་ཐམས་ཅད་ལ་མི་གནས་ཤིང་ཐ་སྙད་ཙམ་དུ་རང་གི་རྒྱུ་རྐྱེན་ཚོགས་པ་ལས་སྐྱེས་ཤིང་བྱ་བ་བྱེད་པར་རྣལ་འབྱོར་པས་རྟོགས་པར་བྱའོ། །ད་ནི་མངོན་པར་རྫོགས་པར་སངས་རྒྱས་ཕྱིན་ཆད། སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་ པའི་ཡེ་ཤེས་གང་ལ་བལྟོས་ནས་དེ་ཁོ་ན་ཉིད་འཇལ་བྱེད་དུ་སོང་བའི་ཡུལ་དུ་སྐྱེ་འགག་ལ་སོགས་པའི་སྣང་བ་ནམ་ཡང་མི་སྲིད་པར་རྟག་ཏུ་དེ་ཁོ་ན་ཉིད་ལ་བཞུགས་པའི་ཚུལ་འཆད་དོ། །དེ་ལ་ཐོག་མར་འདི་ཤེས་པར་བྱས་ཏེ། འོག་ཏུ་ 12-6-87b མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནས་སྐྱེ་བ་དང་འཇིག་པ་མེད་ཅེས་པ་དང་། སངས་རྒྱས་པ་དེའི་རྗེས་ལ་སྐད་ཅིག་ཏམས་ཅད་མེད་པ་ཞེས་གསུངས་པ་རྣམས་ཀྱི་དོན་ནི། སངས་རྒྱས་མ་ཐོབ་པའི་གོང་དུ་བདེ་བ་སྐྱེ་འགག་བྱེད་པའི་སྐད་ཅིག་ མ་རིག་ཅན་དུ་ཡོད་པ་ལ། སངས་རྒྱས་ནས་སྐྱེ་འགག་མི་བྱེད་པའི་རྟག་པར་སོང་ཞེས་པ་ནི་མ་ཡིན་ཏེ། རྒྱ་མི་རྟག་པ་ལ་འབྲས་བུ་མི་རྟག་པ་རིམ་ཅན་དུ་སྐྱེ་བའི་འཕྲོ་ལ་འབྲས་བུ་ཐ་མ་དེ་རྒྱུ་ལས་རྟག་པར་སྐྱེས་པ་དེ་འདྲ་མི་སྲིད་པའི་ཕྱིར་རོ།། དེ་ ནས་སློབ་ལམ་དུ་མཉམ་གཞག་གི་ཚེ་སྐྱེ་འགག་སོགས་ཀྱི་སྣང་བ་ནུབ་ཀྱང་། དེ་ལས་ལངས་པའི་རྗེས་ཐོབ་ཀྱི་སྐབས་སུ་ཀུན་རྫོབ་ཀྱི་སྣང་བ་སྐྱེ་འགག་སོགས་སྣང་ཚོགས་འཆར་བ་སྤེལ་མར་འབྱུང་གི་དུས་གཅིག་ཏུ་གང་ཟག་གཅིག་ལ་ འབྱུང་མི་སྲིད་ལ། སངས་རྒྱས་པའི་ཚེ་ན་མཉམ་གཞག་ལས་ལངས་པའི་རྗེས་ཐོབ་མེད་ཀྱང་། མཉམ་གཞག་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། རྗེས་ཐོབ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་རྒྱུད་གཅིག་ལ་ངོ་བོ་གཅིག་ཏུ་ཅིག་ ཅར་དུས་ཐམས་ཅད་དུ་འབྱུང་བ་ཡིན་ལ། དེའི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་ཉིད་གད་ལ་དེ་ཁོ་ན་ཉིད་དཔྱོད་བྱེད་དུ་སོང་བའི་ཡུལ་དུ་ཀུན་རྫོབ་ཀྱི་སྣང་བ་ནམ་ཡང་འཆར་མི་སྲིད་ལ། དེ་སློབ་ལམ་དུ་རེས་འགའ་བ་ཡིན་ཡང་སངས་ རྒྱས་ནས་དུས་ཐམས་ཅད་པ་ཡིན་པས་དེའི་ཕྱིར། སངས་རྒྱས་པ་དེ་ནས་ཞེས་དང་། དེའི་རྗེས་ལ་ཞེས་སྨོས་སོ། །དེ་འདྲའི་ཡེ་ཤེས་དེ་ལ་འཇིག་རྟེན་ལས་འདས་པ་ཞེས་བྱ་ཞིང་། རྗེས་ཐོབ་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་ནི་ 12-6-88a འཇིག་རྟེན་པ་ཞེས་བྱའོ། །དེའི་ཕྱིར་འདིར་ཡང་། ཇི་སྲིད་འཇིག་རྟེན་པའི་སེམས་ཡོད་པ་དེ་སྲིད་དུ་ཞེས་སོགས་ཀྱིས། འཇིག་རྟེན་པའི་སེམས་གང་ཡོད་འཛིན་པ་མིན་གྱི། སྐྱེ་འགག་བྱེད་པའི་དངོས་པོ་སྐད་ཅིག་མ་ རྣམས། སངས་རྒྱས་ཀྱི་ཡེ་ཤེས་སྔ་མ་དེ་གང་ལ་དེ་ཁོ་ན་ཉིད་དཔྱོད་བྱེད་དུ་སོང་བའི་དོན་མེད་ཀྱང་འཇིག་རྟེན་པ་རྗེས་ཐོབ་ཀྱི་ཡེ་ཤེས་ཇི་སྙེད་པ་མཁྱེན་པའི་དོན་ཡོད་པར་སྟོན་པ་ཡིན་ལ། ཚུལ་འདི་ནི་ཐེག་པ་ཆེན་རྒྱུད་བླ་མ་ལས། ཤེས་ རབ་ཡེ་ཤེས་རྣམ་གྲོལ་རྣམ། །གསལ་དང་འཕྲོ་དང་དག་ཕྱིར་དང་། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་དག་དང་མཚུངས། །ཞེས་པའི་གྲེལ་པར། སློབ་དཔོན་འཕགས་པ་ཐོག་མེད་ཀྱིས། ཞེས་རབ་རྣམ་པར་མི་རྟོགས་ འཇིག་རྟེན་འདས་པའི་ཡེ་ཤེས། ཞེས་མཉམ་གཞག་ཇི་ལྟ་བ་མཁྱེན་པ་འཇིག་རྟེན་ལས་འདས་པའི་ཁྱད་པར་དང་བཅས་ནས་སྨོས་ཤིང་། དེ་ཉིད་རང་བཞིན་རྣམ་དག་གི་དེ་ཁོ་ན་ཉིད་རྟོགས་པའི་ཆ་ནས་ཉི་མའི་འོད་གསལ་བའི་ཆ་ལྟ་ བུ་དང་། ཡེ་ཤེས་སྣ་ཚོགས་པ་མཁྱེན་པའི་ཇི་སྙེད་པའི་ཡེ་ཤེས་ནི། ཉི་མའི་ཟེར་གཟུགས་ཕྲ་རགས་ཐམས་ཅད་ལ་སོ་སོར་འཕྲོ་བའི་བྱ་བ་བྱེད་པ་ལྟར། ཆོས་ཅན་སྣ་ཚོགས་པ་ཐམས་ཅད་རེ་རེ་ནས་མ་འདྲེས་པར་འབྱེད་པའི་ལྡོག་པ་ནས་ ཉི་མའི་ཟེར་དང་འདྲ་ཞིང་། ཉི་མའི་འོད་གསལ་བའི་ཆ་དང་ཟེར་འཕྲོ་བ་གཉིས། ངོ་བོ་ཐ་དད་མེད་པ་ལྟར་ཡེ་ཤེས་དེ་གཉིས་ཀྱང་ངོ་བོ་ཐ་དད་མེད་པར་གསུངས་པ། དེ་ཉིད་ལས་ཀྱང་ཆེས་གསལ་བར་ཤེས་སོ། །དེའང་ཡེ་ཤེས་དེ་གཉིས་ 12-6-88b ཀྱི་ངོ་བོ་ལ་འཇིག་རྟེན་ལས་འདས་མ་འདས་ཀྱི་ཁྱད་པར་མེད་ཀྱང་ཡུལ་འཇིག་རྟེན་ཀུན་རྫོབ་པ་དང་། འཇིག་རྟེན་ལས་འདས་པ་དོན་དམ་ཡོངས་སུ་དཔྱོད་པའི་ལྡོག་པ་ནས་ཐ་སྙད་དེ་ལྟར་སྦྱར་བའོ། །ད་ནི་ཚིག་དོན་བཤད་པར་བྱ་སྟེ། འདིར་ཞེས་པ་ནས། སངས་རྒྱས་སོ། །ཞེས་པའི་བར་ནི། མི་འགྱུར་བའི་ བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་སྐད་ཅིག་དེ་ཉིད་ནས་མངོན་པར་རྫོགས་པར་སངས་རྒྱས་པར་འཇོག་ཅེས་པའོ། །འདིར་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་སྐད་ཅིག་གང་ལ་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་སྐད་ཅིག་དེ་ནས་ཏེ་དེ་ཕྱིན་ཆད་དུས་ནམ་ ཡང་། བདེ་བ་ཆེན་པོའི་ཡེ་ཤེས་དེ་གང་ལ་དེ་ཁོ་ན་ཉིད་འཇལ་བར་སོང་བའི་ངོར་ཆོས་ཐམས་ཅད་སྐྱེ་བ་མེད་པ་གནས་པ་མེད་པ་འཇིག་པ་མེད་པ་སྟེ། དེའི་ངོར་སྤྲོས་པའི་རིས་གང་གིའང་སྣང་བ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་། སྐྱེ་འགག་དོན་དམ་པར་གྲུབ་ན་དེའི་ ངོར་སྣང་དགོས་ཀྱང་། དེ་དག་དོན་དམ་པར་མ་གྲུབ་པའི་ཕྱིར་རོ། །དོན་དམ་པར་མ་གྲུབ་པའི་རྒྱུ་མཚན་ཅི་ཞེ་ན། དེ་དག་དོན་དམ་པར་གྲུབ་པ་འགོག་པའི་རིགས་པ་སྟོན་པ་ནི་འདིར་སྐད་ཅིག་གང་ལ་ཞེས་སོགས་ཏེ། དེའང་སྐྱེ་བ་སོགས་འགོག་པ་ལ་དོན་ དམ་གྱི་ཁྱད་པར་འགྲེལ་པ་ཉིད་ཀྱིས་འོག་ཏུ། འདི་ཉིད་དོན་དམ་པའི་རིགས་པས་མི་འཐད་དེ། ཞེས་སོགས་དངོས་སུ་སྦྱར་རོ། །དེའང་འདུས་བྱས་ཀྱི་མཚན་ཉིད་སྐྱེ་འཇིག་གནས་པ་གསུམ་ནི་འདུས་བྱས་ཐམས་ཅད་ལ་སངས་རྒྱས་པ་ཐམས་ཅད་ ཀྱིས་ཁས་ལེན་ནོ། །དེའི་ཕྱིར་ཀུན་རྫོབ་ཏུ་འདུས་བྱས་ཐམས་ཅད་སྐྱེ་གནས་འཇིག་པ་ཡིད་ཀྱང་། དོན་དམ་པར་མི་འཐད་དེ། འདི་ལྟར་དོན་དམ་པར་འདུས་བྱས་རྣམས་ལ་སྐྱེ་གནས་འཇིག་པ་ཡོད་ན་རིམ་གྱིས་ཡོད་དམ་དུས་ཅིག་ཅར་ཡོད། 12-6-89a དང་པོ་ལྟར་ན་དེ་འགོག་པ་ནི། འདིར་སྐད་ཅིག་གང་ལ། ཞེས་པ་ནས། འཇིག་པར་མི་འགྱུར་རོ།། ཞས་པའི་བར་ཏེ། དེའི་དོན་ནི། དངོས་པོ་གཅིག་ཉིད་དོན་དམ་པར་རིམ་གྱིས་སྐྱེ་གནས་འཇིག་པར་འགྱུར་བ་མི་འཐད་དེ། སྐད་ཅིག་གང་རང་བཞིན་གྱིས་སྐྱེ་ན་དུས་ཐམས་ཅད་དུ་སྐྱེ་དགོས་པས་དེའི་རྗེས་སུ་གནས་པ་དང་འཇིག་པ་རིམ་གྱིས་འབྱུང་བའི་གོ་སྐབས་མི་རྙེད་ཅིང་། དེ་བཞིན་དུ། དེ་རང་བཞིན་གྱིས་གནས་ན་དུས་ཐམས་ཅད་དུ་གནས་དགོས་པས་དེའི་སྔོན་དུ་སྐྱེ་བ་ དང་རྗེས་སུ་འཇིག་པ་འབྱུང་བའི་སྐབས་མི་རྙེད་ལ། དེ་རང་བཞིན་གྱིས་འཇིག་ན་དུས་ཐམས་ཅད་དུ་འཇིག་དགོས་པས། དེའི་སྔོན་དུ་སྐྱེ་བ་དང་གནས་པ་འགྲོ་བའི་གོ་སྐབས་མི་རྙེད་པས་སོ་ཞེས་བྱ་བའོ། །འདུས་བྱས་གཅིག་ལ་མཚན་ཉིད་གསུམ་ཅིག་ ཅར་ཚོགས་པ་དོན་དམ་པར་གྲུབ་པ་འགོག་པ་ནི། དངོས་པོ་རྣམས་ལ་སྐྱེ་གནས་འཇིག་གསུམ་རང་བཞིན་གྱིས་ཅིག་ཅར་ཡང་མི་སྲིད་དེ། སྐྱེ་གནས་འཇིག་པ་ཆོས་ཐམས་ཅད་རང་བཞིན་གྱིས་དུས་གཅིག་ཏུ་ཡོད་པ་ལ་ནི། སྐྱེས་བུ་གཅིག་གིས་སྐྱེ་བ་དང་རྒ་བ་ དང་ཤི་བའང་ཅིག་ཅར་གྱིས་ཡོད་དགོས་པར་འགྱུར་ལ། གང་ཟག་གཅིག་གི་སྐྱེ་བ་དང་གནས་པ་སྟེ་རྒ་བ་དང་། འཇིག་པ་སྟེ་ཤི་བའི་སྐད་ཅིག་རྣམས་དུས་གཅིག་པ་ཉིད་མིན་པའི་ཕྱིར་རོ། །འདི་ནི་ནང་གི་ལེའུ་ལས། གལ་ཏེ་དུས་གཅིག་ལ་ཡིན་ན། སྐྱེ་བ་དང་། རྒ་བ་དང་། འཆི་བ་རྣམས་གཅིག་པ་ཉིད་དོ། །ཞེས་པ་ལས་གཞན་པ་ཅི། ཞེས་གསུངས་པ་ལྟར་སྐྱེ་གནས་འཇིག་པ་ཁྱད་པར་བ་ཉིད་ལ་སྦྱར་ན་ལེགས་སོ། །གལ་ཏེ་སྐད་ཅིག་སྔ་མའི་སྐྱེ་གནས་འཇིག་པ་ལས། ཕྱི་མའི་སྐྱེ་གནས་འཇིག་པ་རིམ་གྱིས་སྐྱེ་བ་ཡིན་ནོ་ 12-6-89b ཞེས་སྨྲའི། སྐད་ཅིག་གཅིག་ཉིད་རིམ་གྱིས་དེ་གསུམ་དུ་འགྱུར་བ་དང་ཅིག་ཅར་དེ་གསུམ་དུ་འགྱུར་བའི་ཕྱིར་ནི་མི་སྨྲའོ་ཞེ་ན། ཞེས་པ་ནི། ཅི་སྟེ་ནས། ཞེ་ནའི་བར་རོ། །དེས་ན་ཕྱོགས་སྔ་མ་འདི། སྐྱེ་གནས་འཇིག་པ་གསུམ་སྐད་ཅིག་ལ་སྦྱོར་བ་མིན་པར། སྐད་ ཅིག་སྔ་མའི་རང་དུས་ཀྱི་སྐྱེ་བ་ལས་གཉིས་པའི་རང་དུས་ཀྱི་གནས་པ་དང་། སྐད་ཅིག་གཉིས་པའི་དུས་ཀྱི་གནས་པ་ལས་སྐད་ཅིག་གསུམ་པའི་དུས་ཀྱི་འཇིག་པ་འབྱུང་བ་འདིར་འགོག་པ་ཡིན་ཏེ། གཞན་དུ་ན་འོག་གི་དགག་པས་འབྲེལ་ཞིང་། སྔར་རིམ་ཅན་ བཀག་པ་དང་ཕྱོགས་སྔ་མ་ཁྱད་མེད་དུ་འགྱུར་རོ། །དེའི་ལན་ནི། འདི་ཉིད་ཀུན་རྫོབ་ཙམ་དུ་ཁས་ལེན་པ་ལ་མི་རིགས་པ་མེད་ཀྱང་། དོན་དམ་པའི་རིགས་པས་དཔྱད་ནའང་དེ་ལྟར་གྲུབ་པར་ཁས་ལེན་པ་མི་འཐད་དེ། འདིར་དོན་དམ་པར་སྐད་ཅིག་སྔ་མ་མ་འགགས་ པ་ལས་སྐད་ཅིག་ཕྱི་མ་གཞན་མི་འབྱུང་ཞིང་། དེ་བཞིན་དུ་སྔ་མ་འགགས་པ་ལས་ཕྱི་མ་མི་འབྱུང་བའི་ཕྱིར་ཏེ། དཔེར་ན། དོན་དམ་པར་ས་བོན་མ་ཉམས་པ་ལས་ཀྱང་མྱུ་གུ་མི་འབྱུང་ཞིང་ཉམས་པ་ལས་ཀྱང་མི་འབྱུང་བ་བཞིན་ནོ་ཞེས་པ་སྟེ། དེའང་ཐ་སྙད་ དུ་རང་ལུགས་ལའང་། མྱུ་གུ་དེ་མྱུ་གུ་རང་གི་དུས་ན་འགགས་པའི་ས་བོན་ལས་སྐྱེ་བ་ཡིན་ཡང་། དོན་དམ་པར་ནི་དེ་མི་རུང་སྟེ་འདི་ལྟར། ལེའུ་གཉིས་པར་མར་མེའི་དཔེ་ལ་སྦྱར་ནས་གསུངས་པ་ལྟར། ས་བོན་འགགས་པ་ལས་ཀྱང་རང་བཞིན་གྱིས་མྱུ་ གུ་སྐྱེ་ན། མར་མེ་ཤི་བ་ལས་ཀྱང་མར་མེ་གཉིས་པ་སྐྱེ་བར་འགྱུར་ལ། ས་བོན་མ་འགགས་པར་རང་བཞིན་གྱིས་མྱུ་གུ་སྐྱེ་ན། ས་བོན་སྐྱེ་བ་ཅུང་ཟད་ཀྱང་མ་ཉམས་པའི་དུས་ཉིད་ནས་མྱུ་གུ་སྔོན་པོ་སྐྱེ་བར་འགྱུར་ཞིང་། མར་མེ་གཅིག་ལས་གཅིག་སྦར་ 12-6-90a བའི་ཕྲེང་བ་བཞིན་དུ་ས་བོན་དང་མྱུ་གུ་ལའང་གནས་པར་འགྱུར་ལ། དེ་ལྟར་སྐྱེ་གནས་འཇིག་པའི་སྐད་ཅིག་སྔ་ཕྱི་རྣམས་ལའང་འགྱུར་རོ། །དེ་ལྟར་སྐྱེ་གནས་འཇིག་པ་སྐད་ཅིག་སྔ་ཕྱི་སོ་སོ་བ་དང་དུས་གཅིག་པ་དག་ལ་བཏགས་ ནས་རང་བཞིན་གྱིས་གྲུབ་པ་འགོག་པའི་ཚུལ་འདི་ནི། རྩ་ཤེ་ལས། སྐྱེ་བ་ལ་སོགས་གསུམ་པོ་ཡིས། །འདུས་བྱས་མཚན་ཉིད་བྱ་བར་ནི། །ནུས་མིན་གཅིག་ལ་དུས་གཅིག་ཏུ། །འདུས་པ་ཡང་ན་ཇི་ལྟར་རུང་། །ཞེས་གསུངས་པའི་རིགས་པའོ། །དེ་ལྟར་ བརྟགས་པས་གྲུབ་པའི་དོན་བསྡུ་བ་ནི། ཤོང་འགྱུར་གྱི་འགྱུར་འདི་ཅུང་ཟད་འཁྲུགས་པས་འདི་ལྟར་བཤད་པར་བྱ་སྟེ། ཇི་སྐད་བཤད་པའི་ཚུལ་དེ་ལྟར་ན། དོན་དམ་པར་ཡོད་པའི་དངོས་པོ་མེད་དེ། རང་བཞི་གྱིས་གྲུབ་པའི་སྐད་ཅིག་གཅིག་དང་དུ་མ་ གང་ཡང་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། གཅིག་དང་དུ་མ་དངོས་སུ་ཕན་ཚུན་སྤངས་ནས་འགལ་བའི་ཕྱིར་རོ། །དེ་ལྟར་སྐྱེ་འཇིག་སོགས་དོན་དམ་པར་མ་གྲུབ་པར་བསྟན་ནས། དེའི་ཕྱིར་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་ཉིད། གང་ལ་ དོན་དམ་འཇལ་བྱེད་དུ་སོང་བའི་ངོ་ལ་བལྟོས་ནས་ཡེ་ཤེས་དེ་ལ་ནམ་ཡང་སྐྱེ་འཇིག་སོགས་དེ་དག་སྣང་མི་སྲིད་པ་སྔར་བཤད་དེ་ཉིད་རྒྱས་པར་བཤད་པ་ནི། འདིར་སྐད་ཅིག་ཐམས་ཅད། ཅེས་པ་ནས། སངས་རྒྱས་ཏེ་ཞེས་པའི་བར་གྱིས་མི་འགྱུར་ བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་སྐད་ཅིག་དེ་ཉིད། ཐོག་མར་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་སུ་སྟོན་པའོ། །དེ་ལྟར་སངས་རྒྱས་པ་དེའི་རྗེས་ལ། དེ་ཕྱིན་ཆད། དུས་ནམ་ཡང་། སངས་རྒྱས་རྣམས་ཀྱི་ཇི་ལྟ་བ་མཁྱེན་ 12-6-90b པའི་རྣལ་འབྱོར་དེ་གང་ལ་དེ་ཁོ་ན་ཉིད་དཔྱོད་བྱེད་དུ་སོང་བའི་ངོ་ན། སྐྱེ་གནས་འཇིག་པའི་སྐད་ཅིག་ཐམས་ཅད་མེད་པ། གཅིག་དང་དུ་མ་དང་བྲལ་བ། གཉིས་སུ་སྣང་བ་མེད་པའི་མཆོག་སྟེ། ཡོད་པ་དང་མེད་པ་གང་ཡང་དོན་དམ་པར་གྲུབ་པ་དང་བྲལ་བ་ ཉིད་ཀྱི་ཕྱིར་རོ། །འདིར་མཆོག་གཉིས་སུ་མེ་དཔ་ཞེས་པ་འགྱུར་ཅུང་མ་བདེ་བས། གཉིས་སུ་མེད་པའི་མཆོག་ཅེས་བཤད་དགོས་སོ། །འོ་ན་སྐད་ཅིག་དང་དུ་མ་དེ་དག་ཡེ་ཤེས་གང་ལ་སྣང་ཞེ་ན། ཇི་སྲིད་དུ་འཇིག་རྟེན་པའི་སེམས་ཇི་སྙེད་པ་མཁྱེན་པའི་ཡེ་ ཤེས་འཇལ་བྱེད་དུ་ཡོད་པ་དེ་སྲིད་དུ། ཡེ་ཤེས་དེས་ཆོས་རྣམས་ཇི་ལྟར་གནས་པ་བཞིན་གཅིག་དང་དུ་མས་མ་འདྲས་པར་རྣམ་པར་དཔྱོད་དེ། ཡེ་ཤེས་དེ་ལ་སྐད་ཅིག་མའི་སེམས་སྔ་ཕྱི་ཐམས་ཅད་ཅིག་ཅར་སྣང་བའི་ཕྱིར་རོ། །དེས་ན་གང་གི་ཚེ་སངས་ རྒྱས་ཀྱི་ཇི་ལྟ་བའི་ཡེ་ཤེས་རྣམ་པར་མི་རྟོག་པའི་སེམས་དེ་ཁོ་ན་ཉིད་འཇལ་བྱེད་དུ་སོང་བའི་ངོ་ལ་བལྟོས་ནས་སྐད་ཅིག་གི་ཆོས་ཐམས་ཅད་ཀྱི་སྣང་བ་དང་བྲལ་བ་དེའི་ཚེ་ཡེ་ཤེས་དེས་རང་བཞིན་མེད་པ་རྟོགས་པ་ཞེས་བརྗོད་དོ། །དེ་དག་གི་དོན་བསྡུ་བ་ནི། གང་ལ་དེ་ཁོ་ན་ཉིད་འཇལ་བྱེད་དུ་སོང་བའི་ཡེ་ཤེས་ནི་དེ་ལ་བལྟོས་ནས་རང་བཞིན་མེད་པ་རྟོགས་པ་ཡིན་པ་དེའི་ཕྱིར་རང་བཞིན་མེད་པའི་ཕྱོགས་ནི་བཅོམ་ལྡན་འདས་ཀྱིས་ཕྱོགས་ཀྱི་མཐའ་ཐམས་ཅད་མེད་པར་གསུངས་སོ། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་ ལ་ཕྱོགས་སུ་འཛིན་པ་ཉམས་པར་བྱ་བའི་སླད་དུ་རིགས་པ་རྒྱས་པར་བསྟན་པ་དེ་དག་གིས་དགག་པར་བྱ་བའི་ཕྱོགས་ཀྱི་མཐའ་ངོས་བཟུང་བ་ནི། གང་དུ་བཟུང་ན་མཐར་ལྟུང་བར་འགྱུར་བའི་ཕྱོགས་ཞེས་བྱ་བ་ནི། དངོས་པོར་བདེན་པ་དང་། དངོས་པོ་མེད་ 12-6-91a པར་བདེན་པ་དང་། ཡོད་པར་བདེན་པ་དང་། མེད་པར་བདེན་པ་དང་ཞེས་བྱ་བ་ནས། གཏི་མུག་མིན་པར་བདེན་པ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ནི། གང་དུ་བཟུང་ནས་མཐར་ལྟུང་བའི་ཕྱོགས་ཞེས་བྱ་སྟེ། དངོས་པོ་དང་ དངོས་པོ་མེད་པ་ནས་གཏི་མུག་དང་གཏི་མུག་མིན་པའི་བར་གྱི་ཆོས་དེ་དག་ཐམས་ཅད་ཕན་ཚུན་བལྟོས་པ་དང་བཅས་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རོ། །ཁྱབ་སྟེ་རང་གཞིན་གྱིས་གྲུབ་ན་བལྟོས་མེད་དུ་གྲུབ་དགོས་པའི་ཕྱིར་ཏེ། གཞན་ལ་བལྟོས་ན་བཅོས་མར་འགྱུར་བའི་ཕྱིར་རོ། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་ལ་ཕྱོགས་སུ་འཛིན་པ་ཉམས་པར་བྱ་བའི་སླད་དུ་བསྟན་པ་རྣམས་ཀྱི་དོན་བསྡུ་བ་ནི། ཡེ་ཤེས་གང་གི་ངོ་ན་ཇི་སྐད་བཤད་པའི་ཕྱོགས་འདི་དག་དང་བྲལ་བ་ནི་སངས་ རྒྱས་རྣམས་ཀྱི་མི་གནས་པའི་མྱང་ངན་ལས་འདས་པ་རང་བཞིན་མེད་པའི་སྟོང་པ་ཉིད་དང་རོ་གཅིག་པའི་སྒོ་ནས་རྟོགས་པ་སྟེ། གང་ལ་དེ་ཁོ་ན་ཉིད་འཇལ་བྱེད་དུ་སོང་བའི་ངོ་ལ་བལྟོས་ནས་སྐད་ཅིག་གཅིག་དང་དུ་མའི་སྣང་བ་དང་བྲལ་བའི་ཡེ་ཤེས་རྣམ་ པར་མི་རྟོག་པ་དེ་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་གཟིགས་པའི་ཡེ་ཤེས་ཞེས་གསུངས་སོ། །ད་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་པུ་ཉིད་གདུལ་བྱའི་བསམ་ངོ་ལ་བལྟོས་ནས། ལྡོག་པའི་སྒོ་ནས་གཞིའི་དགའ་བ་བཅུ་དྲུག་གི་ཁམས་འཕོ་ བའི་སྒྲིབ་པ་དང་བྲལ་བའི་དེ་ཉིད་བཅུ་དྲུག་ཏུ་ཇི་ལྟར་འབྱེད་པའི་ཚུལ་སྟོན་པ་ནི། དེ་ཉིད་སེམས་ཅན་རྣམས་ཀྱི་ཞེས་པ་ནས། ལྷག་པར་མོས་པའི་དབང་གིས་རབ་ཏུ་སྣང་སྟེ། ཟེས་པའི་བར་རོ།། དེ་ཉིད་དེ་ཁོ་ན་ལ་ལྷན་ཅིག་སྐྱེས་པའི་ 12-6-91b སྐུ་ཞེས་བརྗོད་དེ། ཞེས་པ་ནི། དེ་ཉིད་བཅུ་དྲུག་ཐམས་ཅད་གདུལ་བྱའི་བསམ་ངོ་ལ་བལྟོས་པ་མིན་པའི་དེ་ཁོ་ན་སྟེ་དངོས་པོ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་པུའི་ངོ་བོ་ཡིན་ཞེས་པའི་དོན་ནོ། །དེ་ནས་མདོར་བསྡུས་འདིར་ཐམས་ཅད་མཁྱེན་པ་ཞེས་ སོགས་སོ། །གླེང་གཞིའི་ཚིགས་བཅད་དང་པོ་ཉིད་ཀྱི། །རྐང་པ་དང་པོ་ཆོས་སྟོན་པ་པོའི་ངོ་བོ་ཉིད་ཀྱི་གན་པ་གན་པ་གནས་པ་དང་པོ་དང་། རྐང་པ་ཐམས། གནས་པ་ལྔ་པ་དང་དྲུག་པ་བསྟན་པར་བྱ་བའི་ཆོས་ཀྱི་བརྗོད་བྱ་དང་རྗོད་བྱེད་བསྡུ་བའི་ངོ་བོ་ཉིད་ཀྱི་གནས་པ་དང་ དགོས་པ་དང་ཉིང་དགོས་བསྡུ་བའི་ངོ་བོ་ཉིད་ཀྱི་གནས་པ་བསྟན་པ་དག་གི་ཆིག་དོན་འཆད་པ་ལ་དང་པོའི་ཆིག་དོན་འཆད་པ་ནི། དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཞེས་པ་ནས། ཕྱག་ན་རྡོ་རྗེས་ཞུས་སོ། །ཞེས་པའི་བར་གྱིས། ཐམས་ཅད་མཁྱེན་པའི་ སྐུ་ལ་སོགས་པ་བཞི། རྣམ་པར་དག་པའི་རྣལ་འབྱོར་ལ་སོགས་པ་སྔར་བཤད་པའི་རྣལ་འབྱོར་བཞི་དང་སྦྱར་བའོ། །སྟོང་བ་ཉིད་ཀྱི་རྣམ་པར་ཐར་པས། ཞེས་པ་ནས། རྫུ་འཕྲུལ་སྤྲོ་བའི་ཕྱིར་རོ། །ཞེས་པའི་བར་ཕྱིས། ཐམས་ཅད་མཁྱེན་པའི་ སོགས་པ་བཞི་པོ་དེ་ཉིད། རིམ་བཞིན་མཁྱེན་པ་བཞི་དང་སྦྱར་བ་སྟེ། དེའང་སངས་རྒྱས་ཀྱི་ཡེ་ཤེས་ངོ་བོ་གཅིག་ཉིད་ལ་ལྡོག་པའི་སྒོ་ནས་བཞིར་འབྱེད་པ་ནི། ཤེས་བྱ་ཐམས་ཅད་གཟིགས་པའི་ལྡོག་པ་ནས་ཐམས་ཅད་མཁྱེན་པ། མི་འགྱུར་བའི་བདེ་ བའི་ངོ་བོར་གནས་པའི་ལྡོག་བ་ནས་ལམ་གྱི་རྣམ་པ་མཁྱེན་པ། མཐའ་ཡས་པའི་སེམས་ཅན་ལ་རང་རང་གི་སྐད་དང་མཐུན་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་ཇི་ལྟར་འཚམས་པ་བཞིན་ཅིག་ཅར་སྟོན་པའི་ལྡོག་པ་ནས་ལམ་ 12-6-92a མཁྱེན་པ། གདུལ་བྱ་གདུལ་བའི་དོན་དུ་སྐུའི་རྣམ་པ་མཐའ་ཡས་པ་ཐམས་ཅད་ཅིག་ཅར་སྟོན་པ་མཁྱེན་པའི་ལྡོག་པ་ནས་རྣམ་པ་ཐམས་ཅད་མཁྱེན་པར་བཞག་ལ། བཞི་པོ་དེ་ཉིད་རིམ་བཞིན་ལྷན་ཅིག་སྐྱེ་སཔའི་ སྐུ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་བཞི་དང་། ཡང་ཡེ་ཤེས་རྡོ་རྗེ། ཐུགས་རྡོ་རྗེ། གསུང་རྡོ་རྗེ། སྐུ་རྡོ་རྗེ་བཞི་དང་། ཡང་སྟོང་པ་ཉིད་ནས། མངོན་པར་འདུས་མ་བྱས་པའི་བར་གྱི་རྣམ་ཐར་བཞིས་རྣམ་པར་དག་པ་དང་སྦྱར་བའོ། །དེ་ནས་ཡེ་ ཤེས་རྡོ་རྗེ་སོགས་བཞིའི་གོ་རིམ་ཇི་ལྟ་བ་བཞིན་དུ། མངོན་པར་བྱང་ཆུབ་པ་བཞི་དང་སྦྱར་བ་ནི། དེ་བཞིན་དུ། ཞེས་པ་ནས། སྤྲོས་པའི་སྐུའོ་ཞེས་པའི་བར་ཏེ། དེ་ལ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི། གང་གི་ཚེ་དོན་ ཐམས་ཅད་མངོན་སུམ་དུ་མཁྱེན་པའི་སྐད་ཅིག་མས་བྱང་ཆུབ་པའོ། །རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི། ཁམས་ལྔའི་ཕུང་པོ་ལྔ་སྒྲིབ་བྲལ་དུ་གྱུར་ཅིང་། དཀྱིལ་འཁོར་ལྔའི་རླུང་འགོག་པས་ཡེ་ཤེས་ལྔ་ཐུགས་སུ་ཆུད་པའི་ སྒོ་ནས་བྱང་ཆུབ་པའོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ་ནི། དབང་པོ་ལྔ། ཡུལ་ལྔ། ལས་དབང་ལྔ། ལས་དབང་གི་བྱ་བ་ལྔ་རྣམས་སྒྲིབ་བྲལ་དུ་གྱུར་པས་མངོན་པར་བྱང་ཆུབ་པའོ། །སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་ནི། དགའ་བ་བཅུ་དྲུག་ སྒྲིབ་བྲལ་དུ་གྱུར་པས་སྒྱུ་མ་ལྟ་བུའི་སྤྲུལ་པའི་དྲ་བ་མཐའ་ཡས་པ་སྟོན་པའི་ཚུལ་གྱིས་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཡང་བཞི་པ། གཉིད་འཐུག རྨི་ལམ། སད་པའི་གནས་སྐབས་ཀྱི་སྒྲིབ་པ་བཞི་དག་པས། རིམ་ 12-6-92b བཞིན་ངོ་བོ་ཉིད་སྐུ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་བཞི་དང་དེ་དག་རིམ་བཞིན། ཏམས་ཅད་མཁྱེན་པའི་སྐུ་ལ་སོགས་པ་བཞིར་འཇོག་ཚུལ་སྟོན་པ་ནི། འདིར་སེམས་ཀྱི་རྡོ་རྗེ་ཞེས་པ་ནས། སྤྱན་ཞེས་པའོ་ཞེས་པའི་བར་རོ། །དེ་ལྟར་རྡོ་རྗེའི་རྣལ་ འབྱོར་མདོ་ཙམ་དུ་བསྟན་གྱི་རྒྱས་པར་འོག་ཏུ་འཆད་དོ། །ཞེས་པ་ནི། རྡོ་རྗེའི་རྣལ་འབྱོར་འདི་ཞེས་སོགས་སོ། །རྐང་པ་ཐ་མའི་དོན། གནས་པ་ལྔ་པ་འཆད་པ་ནི། དེ་ལྟར་ནས། ཞུས་ཏེའོ། །གང་དུ་ན། དཔལ་ལྡན་དུས་འཁོར་རྒྱུད་ཀྱི་རྒྱལ་པོ་ལའོ། །རྒྱུད་ ཀྱི་རྒྱལ་པོ་ཇི་ལྟ་བུར་གྱུར་པ་ལ་ཞུས་ཤེ་ན། ཀ་ཕྲེང་ལྡན་པའི་ཞེས་པ་ནས། ཆོས་བསྟན་པ་བསྡུས་པའོ་ཞེས་པའི་བར་ཏེ། འདིར། ཀ་ཕྲེང་ལྡན་པའི་ཨ་འདུས་ལ་སྟེ། ཞེས་པའི་སྐབས་ཀྱི་སྐད་དོད་ལ། ཀཱ་ལི་ཡུ་ག་ས་མ་ཡེ་ཞེས་པར་ཡོད་པ་ལ། འབྲོ་ ཤེས་རབ་གྲགས། ཁེར་གད་འཁོར་ལོ་གྲགས། དིང་རི་ཆོས་གྲགས། ཙ་མི་སངས་རྒྱས་གྲགས་གྱི་ཅོ་ཟླ་བའི་འོད་ཟེར་ལ་སོགས། འགྱུར་མཛད་སྔ་མ་མང་པོ་ཞིག་གིས། ཀཱ་ལི་རྩོད་པ། ཡུ་ག་ལྡན་པ། ས་མ་ཡེ་དུས་སུ་བསྒྱུར་ནས། རྩོད་ལྡན་དུས་ སུ་མི་རྣམས་ཞེས་པར་བྱས་ཀྱང་། འགྲེལ་པར་ཀ་ཕྲེང་དང་ཨ་འདུས་ཀྱི་བཤད་པ་བྱས་ཀྱི། རྩོད་ལྡན་དུས་ཀྱི་བཤད་པ་ཟུར་ཙམ་ཡང་མ་བྱས་པས་ཤིན་ཏུ་མི་འཐད་དོ། །དེས་ན་སྤྱིར་ཀཱ་ལི་བྱེད་པ་དང་། ས་མ་ཡེ་དུས་ལ་འཇུག་པའི་སྐབས་ཡོད་ཀྱང་། འདིར་ དོན་དམ་མི་འབྱོར་པས། ཤོང་གིས། ཀཱ་ལི་ཀ་ཕྲེང་དང་། ཡུ་ག་ལྡན་པ་དང་། གའི་ཁོང་ན་ཡོད་པའི་ཨ་ཕྱུང་ནས། ཨ་ས་མ་ཡེ་ཞེས་པ་ཨ་འདུས་སུ་བསྒྱུར་བ་ཤིན་ཏུ་ལེགས་ཞེས་བུ་སྟོན་རིན་པོ་ཆེས་གསུངས་པ་ལྟར་ཡིན་ལ། དེའང་རྒྱུད་ཀྱི་ 12-6-93a རྗོད་བྱེད་ཀྱི་ཚོགས་ཀྱི་ཡེ་གེ་ཐམས་ཅད་དབྱངས་གསལ་གཉིས་སུ་འདུས་ཤིང་། གསལ་བྱེད་ཀྱི་ཕྲེང་བའི་གཙོ་བོ། ཀ་ཡིག་ཡིན་པས་ཀ་ཕྲེང་ཞེས་གསུངས་ལ་གཙོ་བོ་ཡིན་པའི་རྒྱུ་མཚན་ནི། གསལ་བྱེད་རྣམས་ཀྱི་ དང་པོར་བསྟན་པའང་ནང་དུ་མངལ་འཛིན་པ་ན། རྡུལ་ལ་ཁུ་བ་འཇུག་དགོས་པས་དང་པོ་རྡུལ་གྱི་ངོ་བོ་ཉིད་འགྲུབ་པ་ཡིན་ལ། མངལ་དུ་ཏོག་མར་ཁུ་བ་གང་དུ་ཞུག་སཔའི་རྡུལ་དེ། སྐྱེས་བུའི་ལུས་ཀྱི་རྡུལ་དེ་ཐམས་ཅད་ཀྱི་ཐག་མར་འགྲུབ་ པར་ཤེས་པའི་ཆེད་དུའང་། ཀ་ཡིག་གསལ་བྱེད་ཐམས་ཅད་ཀྱི་ཐག་མ་དེ་ཉིད་ཀྱི་སྒོ་ནས་ཀ་ཕྲེང་ཞེས་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་སོགས་ལའང་། ཨ་ཡིག་དང་པོར་བསྟན་པ་ནི་དབྱངས་ཀྱི་ཚོགས་པའི་གཙོ་བོར་རྟོགས་པའི་དོན་ཏེ། མངལ་དུ་རྡུལ་ལ་ཁུ་བ་འཇུག་པ་བཞིན་དུ་གསལ་བྱེད་ལ་དབྱངས་ཕྱི་ནས་སྲོག་ཏུ་འཇུག་དགོས་པས་སོ། །དེ་ལ་ཤས་ཆེར་ཀ་ཕྲེང་གསལ་བྱེད་ཚོགས་ཀྱི་ལུས་བྱས་ཤིང་། དེ་དག་ལ་ཨ་སོགས་དབྱངས་རྣམས་སྲོག་དང་ཡན་ལག་ཅི་རིགས་ པར་འདུས་པས་རྒྱུད་ཀྱི་རྗོད་བྱེད་རྩོམ་པ་ཡིན་ལ། ཚུལ་དེ་ལྟར་བརྩམས་པའི་རྗོད་བྱེད་ལ། རྡོ་རྗེའི་རྣལ་འབྱོར་བརྗོད་བྱར་འདུས་པ་དེ་ཉིད། སངས་རྒྱས་ལ་ཟླ་བཟང་གིས་ཞུས་པ་ནི་ཆོས་བསྟན་པ་བསྡུས་པའི་གནས་པའོ། །ཞེས་བྱ་བའོ། །གནས་ པ་དྲུག་པ། བསྡུས་པའི་རྒྱུད་འདི་ཉིད་ཀྱི་དགོས་པ་དང་ཉིང་དགོས་བསྡུས་པ་འཆད་པ་ནི། ད་ནི་ཞེས་པ་ནས། བསྡུས་པའོ་ཞེས་པའི་བར་ཏེ། དེ་ལ་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་བསྒོམ་པའི་སྟོབས་ནི། དཀྱིལ་འཁོར་རྒྱལ་ 12-6-93b མཆོག་དང་། བྱིན་གྱིས་བརླབ་པ་བསྒོམ་པའི་སྟོབས་ནི་ཕྲ་ཐིག་གི་རྣལ་འབྱོར་དང་། དཔའ་བོའི་རིམ་པ་ལྷ་དྲག་པོ་བསྒོམ་པ་དང་། བྱིན་གྱིས་བརླབ་པའི་རིམ་པ་ནི་ལྷ་ཞིབ་བ་བསྒོམ་པ་ཡིན་ཞིང་། གཞན་རྣམས་སྔར་བཤད་པས་ཤེས་སོ། །རྡོ་རྗེའི་ རྣལ་འབྱོར་འདི་ཉིད་བསྟན་པ་ལ་དགོས་པ་དང་ཉིང་དགོས་དེ་ལྟ་བུ་ཡོད་པའི་ཕྱིར། འདི་ཉིད་སངས་རྒྱས་ཐམས་ཅད་ཀྱིས་དུས་གསུམ་དུ་བསྟན་ཅིང་སྟོན་ལ་སྟོན་པར་འགྱུར་རོ་ཞེས་བྱ་བ་ནི། མཆོག་གི་དང་པོའི་ཞེས་སོགས་སོ། །མདོར་བསྡུས་ཀྱི་ མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་སོགས་སོ། །མདོར་བསྡུས་ལྔ་པའི་དཀའ་བའི་གནས་བཤད་པའོ།། །།ད་ནི་མདོར་བསྡུས་དྲུག་པ་བཤད་པར་བྱའོ། །དེའང་། དེ་ལྟར་རྒྱུད་སྟོན་པ་པོ་དང་། གསོལ་བ་ འདེབས་པ་སྒྲུབ་པ་ལ་སོགས་དང་། གནས་པ་ལྔ་པ་རྡོ་རྗེའི་རྣལ་འབྱོར་བསྡུ་བའི་ངོ་བོ་ཉིད་ཀྱི་གནས་པ་བཤད་པ་བྱས་ཟིན་ནས། དེའི་འོག་ཏུ་ད་ནི་གནས་པ་དྲུག་པ་ཟླ་བཟང་གིས་རྩ་རྒྱུད་དུ། སྟོང་ཆེན་ཡིག་ལྔ་སོགས་ཞུས་པའི་ངོ་བོ་ཉིད་ཀྱིས་གནས་ པ་དེ། མི་དབང་གྲགས་པས་བསྡུས་པའི་རྒྱུད་ཀྱི་ཚིགས་སུ་བཅད་པ་གཉིས་སྟོན་པ་ནི། ཞེས་མཚམས་སྦྱར་བ་གསུངས་པ་ཞེས་པའི་བར་རོ། །བཤད་བྱའི་རྩ་བ་དགོད་པ་ནི། སྟོང་པ་ཞེས་སོགས་སོ། །དེ་ཉིད་འགྲེལ་པས་འཆད་པ་ལ། རྒྱུད་རྩ་བའི་ཚིགས་སུ་བཅད་པ་དེ་ཉིད་བདག་གིས་བཤད་པར་བྱའོ། །ཞེས་དམ་བཅའ་བ་བརྗོད་པ། འདིར་ཞེས་པ་ནས། དགྲོལ་བར་བྱའོ་ཞེས་པའི་བར་རོ། །དེ་ལ་བཤད་པ་བྱེ་དཔའི་རྒྱུ་མཚན་ནི། དང་པོར་གསོལ་བ་འདེབས་པའི་ 12-6-94a སྐབས་ཀྱི་རྡོ་རྗེའི་ཚིག་གི་བརྡ་བྱས་པའི་སྦས་པའི་དོན་རྣམས་གསལ་བར་བཀྲོལ་ན་འོག་ནས་འཆད་པའི་དེའི་ལན་རྒྱས་པར་འཆད་པ་རྣམས་རྟོགས་སླ་བའི་དགོས་པ་ཡོད་པས་སོ་ཞེས་པ་ནི། འདིར་དང་པོར་ ཞེས་པ་ནས། སླ་བར་འགྱུར་རོ་ཞེས་པའི་བར་རོ། །དེས་ན་ཞེས་སོགས་དེའི་དོན་བསྡུ་བའོ། །དེ་ནས་གསོལ་བ་བཏབ་པའི་ཆིག་གི་དོན་འཆད་པ། འདིར་སྟོང་པ་ཞེས་པ་ནས། ཡང་དག་པར་བཤད་དུ་གསོལ་ཞེས་བའི་བར་རོ། དེ་ ལྟར་གསོལ་བ་འདེབས་པའི་རྒྱུ་མཚན་སྟོན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། གླེགས་བམ་ལ་བྲིས་པའོ་ཞེས་པའི་བར་རོ། །གསོལ་བ་བཏབ་པའི་དོན་དེ་རྣམས་མཚན་བརྗོད་དང་མཐུན་པར་བཤད་པ་ནི། མཚན་ཡང་དག་པར་བརྗོད་པ་ཞེས་པ་ནས། ཡང་ དག་པར་བསྟན་ཏོ་ཞེས་པའི་བར་རོ། །མཚན་བརྗོད་དང་རྒྱུད་འདིའི་ཆེ་བརྗོད་ནས་མཉན་པར་གདམས་པ་ནི། དེའི་ཕྱིར་གང་གིས་ཞེས་པ་ནས། མཉན་པར་བྱའོ་ཞེས་པའི་བར་རོ། །དེ་ལྟར་བསྡུས་པའི་དོན་བཤད་ནས། ད་ནི་ཡན་ལག་ གི་དོན་བཤད་པར་བྱ་སྟེ། དེ་ལ་གསོལ་བ་བཏབ་པའི་ཚིག་འདིར་སྟོང་པ་ཞེས་པ་ལ་སོགས་པའི་མིང་རྣམས་ཀྱིས་མི་མཐོང་བའི་དངོས་པོ་ཉི་ཚེ་བའི་ཡུལ་ལ་འཇུག་པའི་དབང་པོའི་སྤྱོད་ཡུལ་མིན་པའང་། མཐོང་བའི་དངོས་ པོ་ཉི་ཚེ་བའི་དབང་པོའི་སྤྱོད་ཡུལ་རྣམས་རབ་ཏུ་སྟོན་ནོ། །དངོས་པོ་དེ་དག་སྟོང་པ་ལ་སོགས་པའི་མིང་གིས་སྟོན་པ་ཅི་ཞེ་ན། སྤྱིར་གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ཀྱང་དོན་ཐམས་ཅད་ལ་མིང་སོ་སོའི་སྒོ་ནས་ 12-6-94b ཐ་སྙད་བྱེད་དགོས་པ་དཔེ་དང་བཅས་པ་ནི། མེད་པ་དང་ཞེས་སོགས་སོགས་སོ། །དེ་ལ་འཇིག་རྟེན་དང་བསྟན་བཅོས་གོང་འོག་ཐམས་ཅད་ལ་ཐུན་མོང་དུ་གྲོགས་པའི་རང་མིང་གི་ཐ་སྙད་བྱེད་ཚུལ་ནི་དཔེར་ན། འདིར་ནམ་མཁའི་ཞེས་སོགས་སོ། ། དེ་ལ་འཇིག་རྟེན་པ་ལ་སོགས་པ་རྣམས་དོན་རྣམས་ལ་རང་རང་གི་མིང་ཐུན་མོང་བས་བརྡ་བྱེད་པ་དེ་བཞིན་དུ་རྒྱུད་དང་རྒྱུད་གཞན་རྣམས་སུ་གྲུབ་མཐའ་ལ་མ་ཞུགས་པ་རྣམས་ལ་མ་གྲགས་ཤིང་། བསྟན་བཅོས་ཀྱི་ནང་དུ་གྲགས་པའི་ མིང་སྤངས་རྟོགས་ཀྱི་ཐ་སྙད་བསྟན་བཅོས་སྤྱི་དང་ཐུན་མོང་བ་དུ་མ་དང་། དེར་མ་ཟད་གྲུབ་མཐའ་ལ་མ་ཞུགས་པ་རྣམས་ལའང་གྲགས་པའི་ཡུལ་ཡུལ་ཅན་བརྡ་སྦྱར་བའི་མིང་དང་། འཇིག་རྟེན་པར་མ་ཟད་བསྟན་བཅོས་གཞན་ ལའང་མ་གྲགས་པ། སྔགས་ཀྱི་ཡི་ཧེ་དུ་མའི་མིང་ཐོད་པ་ལ་པད་སྣོད་ཅེས་པ་ལྟ་བུ་དང་། ཧི་ཧེ་རེ་རེའི་མིང་གིས་སྐྱེས་པ་ལ་ཌ། བུད་མེད་ཌི་ཞེས་པ་ལྟ་བུའི་བརྡ་བཏགས་པ་རྣམས་ཀྱིས་དངོས་པོ་གང་དག་དེ་བཞིན་གཤེགས་པས་ ངེས་པར་བསྟན་ཅིང་ནས། རྟོགས་པར་བྱའོ། །དེས་ན་འདིར་གཅིག་དང་ཞེས་སོགས་ལ། དཔང་ལོའི་འགྱུར་ལ། འདིར་དངོས་པོ་དང་དངོས་པོ་མེད་པ་གཅིག་ལའང་མིང་སྣ་ཚོགས་ཏེ། དེའི་ཕྱིར་མིང་སྣ་ཚོགས་ཀྱིས་བསྟན་པ་ལ་ཞེས་འབྱུང་ བ་ཉིད་ཤིན་ཏུ་ལེགས་ལ། དེས་ན་འདི་ལྟར་བཤད་པར་བྱ་སྟེ། དེ་ལྟར་དངོས་པོའམ་དངོས་མེད་གཅིག་ཀྱང་མིང་སྣ་ཚོགས་པས་བསྟན་པ་ལ། རྣལ་འབྱོར་པ་རྣམས་ཀྱིས་མིང་གི་རྗེས་སུ་འབྲངས་ནས་དོན་ཡང་དུ་མ་ཉིད་དུ་རྣམ་པར་ 12-6-95a རྟོག་པར་མི་བྱ་སྟེ། བླ་མ་དམ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ། བསྲེགས་བཅད་བརྡར་བས་གསེར་བཞིན་དུ་ཡོངས་སུ་བརྟགས་པ་ནི་དོན་ལ་གཙོ་བོར་རྟོན་པ་ལ་བརྟེན་པ་ཉིད་ ཀྱི་ཕྱིར་རོ། །དེ་ལྟར་སངས་རྒྱས་ཀྱིས་ངེས་ཚིག་གིས་བཤད་དུ་མེད་པ་དོན་གཅིག་ལའང་མིང་དུ་མ་བརྡ་མཛད་པའི་རྗེས་སུ་འབྲངས་ཏེ་རྡོ་རྗེའི་ཚིག་གི་དོན་རྟོགས་དགོས་པར་བཤད་ནས། ད་ནི་གསོལ་བ་བཏབ་པའི་ཚིག་གི་དོན་ འཆད་དེ། དེའང་སྟོང་པ་ཞེས་སོགས་ཀྱི་ཚིག་གིས་སྐྱེས་བུའི་ཁམས་དྲུག་པ་སྒྲུབ་པ་པོའི་ཁམས་དང་ཕུང་སོགས་སྒྲིབ་བྲལ་དུ་གྱུར་པའི་སྟོང་ཆེན་ཡིག་ལྔ་ཡིག་དྲུག་རྣམས་བསྟན་ཏོ། །ཞེས་པ་ནི། འདི་ལྟ་སྟེའི་བར་རོ། །ཇི་ལྟར་ན། དེ་རྒྱས་པར་འཆད་པ་ནི། ཡེ་ཤེས་ཀྱི་ཞེས་སོགས་ཏེ་འདི་དག་གི་དོན་གོ་བདེ་བར་ཕྱོགས་གཅིག་ཏུ་བཤད་ན་འདི་ཡིན་ཏེ། དེའང་གཞི་དུས་ཀྱི་སྒྲུབ་པ་པོ་ཁམས་དྲུག་ལྡན་ལྟ་བུ་ཞིག་གིས། ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས། སྡུད་ བྱེད་ཀྱི་ཁམས་དྲུག་པོ་དེ་རེ་རེ་ལའང་དེ་དག་གིས་བསྡུས་པའི་ཁམས་དྲུག་དྲུག་ཏུ་ཕྱེ་བས། དྲུག་ཚན་དྲུག་གི་ཁམས་སོ་དྲུག་ཡོད་ལ། དྲུག་ཚན་སོ་སོར་བཤད་ན། འཕོ་བའི་བདེ་བ་ཡེ་ཤེས་ཀྱི་ཁམས་ལས་གྲུབ་པའི་སྲོག་རླུང་ཡེ་ ཤེས་ཀྱི་ཕུང་པོ་དང་། ཐིག་ལེ་འཕོ་བ་ཡེ་ཤེས་ཀྱི་ཁམས་དང་། ཡེ་ཤེས་ཀྱི་ཁམས་ལས་བྱུང་བ་ཡིད་ཀྱི་དབང་པོ་དང་སྒྲ་དང་ཁུ་བ་འདོར་བའི་བྱ་བ་བྱེད་པ་བདེ་བའི་གནས་སྐབས་ལས་བྱུང་བས་ཡེ་ཤེས་ཀྱི་ཁམས་ལས་གྱུར་ 12-6-95b པ་མཆོག་གི་དབང་པོ་དུང་ཅན་མ་དང་། གཅི་བའི་དབང་པོའི་བྱ་བ་ཡེ་ཤེས་ཀྱི་ཁམས་ལས་བྱུང་བ་དྲི་ཆུ་འཛག་པ་སྟེ། ཡེ་ཤེས་ཀྱི་ཁམས་ཀྱི་དྲུག་ཚན་ནོ། །རྣམ་པར་ཤེས་པའི་ཕུང་པོ་དང་། ནམ་མཁའི་ཁམས་དང་། རྣ་བ་དང་། ཆོས་ ་དབྱིངས་དང་། དྲི་ཆུ་འཛག་པའི་བྱ་བ་བྱེད་པ་ནམ་མཁའི་ཁམས་ལས་བྱུང་བ་སྐྱེས་པའི་རྡོ་རྗེའམ། བུད་མེད་ཀྱི་བྷ་གའི་དབང་པོ་དང་། མཚག་གི་དབང་པོའི་བྱ་བ་ནི་ནམ་མཁའི་ཁམས་ལས་བྱུང་བ། ཁུ་བ་འཕོ་བའི་བྱ་བ་སྟེ། ནམ་མཁའི་ཁམས་ སམ་རྣམ་ཤེས་ཀྱི་ཁམས་ཀྱི་དྲུག་ཚན་ནོ། །ཚོར་བའི་ཕུང་པོ་དང་། མེའི་ཁམས་དང་། མིག་དང་། རོ་དང་། ལག་པ་དང་། འབྲོ་བའི་བྱ་བ་སྟེ། ཚོར་བའམ་མེའི་ཁམས་ཀྱི་དྲུག་ཚན་ནོ། །འདུ་ཤེས་ཀྱི་ཕུང་པོ་དང་། ཆུའི་ཁམས་དང་། ལྕེ་ དབང་དང་། གཟུགས་དང་། རྐང་པ་དང་། ལེན་པའི་བྱ་བ་རྣམས་ནི། འདུ་ཤེས་སམ་ཆུའི་ཁམས་ཀྱི་དྲུག་ཚན་ནོ། །འདུ་བྱེད་ཀྱི་ཕུང་པོ་དང་། རླུང་གི་ཁམས་དང་། སྣ་དང་། རེག་བྱ་དང་། ངག་གི་དབང་པོ་དང་། བཤད་པ་འཛག་པའི་ བྱ་བ་སྟེ། རླུང་གི་ཁམས་ཀྱི་དྲུག་ཚན་ནོ། །གཟུགས་ཀྱི་ཕུང་པོ་དང་། སའི་ཁམས་དང་། ལུས་ཀྱི་དབང་པོ་དང་། དྲི་དང་བཤང་ལམ་དང་། ཚིག་བརྗོད་པའི་བྱ་བ་སྟེ། སའི་ཁམས་ཀྱི་དྲུག་ཚན་ནོ། །དེའང་འགྲེལ་པར་འདི་དག་ལ། ཡིད་ དབང་དང་སྒྲ་ཞེས་པ་ནས། སྣང་དང་རེག་བྱའི་བར་དུ་འདི་ལྟར་ཕན་ཚུན་ཡུལ་ཡུལ་ཅན་རིགས་མི་མཐུན་ཕྱོགས་གཅིག་ཏུ་སྦྱར་ནས་བསྟན་པ་རྣམས་ནི། ཐབས་ཤེས་ལ་རང་རིགས་མ་ཡིན་པ་དགོས་པའི་དོན་ནོ། །དེ་ལྟར་དྲུག་ཚན་དྲུག་ 12-6-96a པོ་འདི་དག་ལམ་གྱིས་སྦྱངས་ཏེ་སྒྲིབ་བྲལ་དུ་བྱེད་པ་ན་བཤད་གཅི་འཛག་པ་ལྟ་བུ་འགའ་ཞིག་རིགས་འདྲ་རྒྱུན་བཅད་པའི་སྒོ་ནས་སྒྲིབ་བྲལ་དུ་བྱེད་དགོས་ཀྱི། འདི་དག་གི་རིགས་འདྲ་སངས་རྒྱས་ ཀྱི་སར་མི་སྲིད་ལ། དེ་འདྲའི་དམིགས་བསལ་མ་གཏོགས་གཞན་རྣམས་ནི་དྲི་མའི་ཆ་ལམ་གྱིས་སྦྱངས་ནས་རིགས་འདྲའི་རྒྱུན་སངས་རྒྱས་ཀྱི་སར་ཡང་རྣམ་པར་དག་པའི་རང་བཞིན་དུ་སྐྱེ་བ་ཡིན་ནོ། །དེ་ལྟར་ལམ་གྱི་ཡེ་ཤེས་ དང་ནམ་མཁའི་ཁམས་ཀྱི་དྲུག་ཚན་གཉིས་སྒྲིབ་བྲལ་དུ་བྱས་ནས་རོ་མཉམ་པ་དང་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ལ། འདིར་སྟོང་པ་ཞེས་པའི་མིང་གིས་བསྟན་ཏོ། །དེས་ན་ཁམས་ནམ་མཁའི་ཁམས་ཀྱང་ཡེ་ཤེས་ཀྱི་ཁམས་སུ་བསྡུས་ནས་དྲུག་ ཚན་དེ་གཉིས་སྡེ་ཚན་གཅིག་ཏུ་བསྡུས་ཏེ་མིང་གཅིག་གིས་བསྟན་པའོ། །དེ་ནི་སྟོང་ཆེན་ཡི་གེ་ལྔར་བྱེད་པའི་དབང་དུ་བྱས་པའོ། །དེ་ལ་ཐ་མལ་པའི་དུས་སུ་སྒྲ་དང་ཡིད་ལ་སོགས་པ་འདི་དག་དོན་གཞན་དུ་ཡོད་ཀྱང་། སངས་རྒྱས་ ནས་སྒྲིབ་བྲལ་དུ་གྱུར་པའི་ཚེ། དེ་དག་ཐམས་ཅད་ཀྱང་ངོ་བོ་གཅིག་ཏུ་གྱུར་པས་རོ་མཉམ་པ་ཞེས་བྱ་ལ། དེའང་བདེ་སྟོང་གི་ཡེ་ཤེས་ཀྱི་རང་བཞིན་དུ་འདྲེས་པ་ཞེས་བྱའོ། །སྟོང་པ་དེ་ལ་ནི་གཞོམ་དུ་མེད་པའང་། གཞིག་ཏུ་མེད་ པ་ཞེས་བྱ་ལ། ཨེ་ཝཾ་གྱི་གཟུགས་བསྒྲུབ་པ་ན་ཐོག་མར་ཝཾ་བསྒྲུབ་པ་ཡིན་ལ། དེ་བསྒྲུབ་པའི་ཚུལ་ཡང་། ཐོག་མར་དབུས་སུ་གོང་དུ་བཤད་པའི་གཞོམ་མེད་ཀྱི་སྟོང་པ་དེའི་མིང་གི་མཚན་མ་གྲི་གུག་གི་རྣམ་པའི་རི་མོ་ 12-6-96b བྲིའོ། །ཁམས་དྲུག་ཚན་གསུམ་པ་དེ་ཉིད་སྒྲིབ་བྲལ་སོགས་སུ་གྱུར་པ་ནི་སྟོང་ཆེན་ཡི་གེ་གསུམ་པ་ཡིན་ཞིང་། དེའི་མིང་གི་མཚན་མའང་མཚོན་བྱེད་དབུས་ཀྱི་མཚན་མའི་ལྷོར་ཐིག་ལེ་གཉིས་བྲིའོ། །སྟོང་པ་གསུམ་པ་འདི། རྒྱུད་ཀྱི་ཡེ་ཤེས་ ཞེས་པའི་མིང་གིས་བསྟན་ཏོ། །དྲུག་ཚན་བཞི་པ་ཆུ་ཁམས་ཀྱི་དྲུག་ཚན་དེ་ཉིད་སྒྲིབ་བྲལ་སོགས་སུ་གྱུར་པ་ནི་སྟོང་ཆེན་ཡི་གེ་བཞི་པ་ཡིན་ཞིང་། དེ་ཉིད་ཐིག་ལེ་ཞེས་པས་བསྟན་ལ། དེའི་མཚན་མར་དབུས་ཀྱི་མཚན་མའི་བྱང་དུ་ཐིག་ལེ་ གཅིག་བྲིའོ། །ཁམས་དྲུག་ཚན་ལྔ་པ་རླུང་གི་ཁམས་ཀྱི་དྲུག་ཚན་དེ་ཉིད་སྒྲིབ་བྲལ་སོགས་སུ་གྱུར་པ་ནི་སྟོང་ཆེན་ཡི་གེ་གཉིས་པ་ཡིན་ལ། དེ་ཉིད་བསྡུས་རྒྱུད་ཀྱི་མཆོག་དང་པོས་བསྟན་ཅིང་། དེའི་མཚན་མར་དབུས་ཀྱི་མཚན་མའི་ཤར་ མདུན་དུ་དབྱིག་པའི་རྣམ་པ་རི་མོ་ནར་བ་ཞིག་བྲིའོ། །འདིའི་ཐད་དུ་འགྲེལ་པར་གཅིག་འདས་དབྱེ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་རྒྱུད་དུ། མཆོག་དང་རྡོ་རྗེ་འཛིན་པ་ཆེ། །ཞེས་མཆོག་གཅིག་ལས་ལས་མེད་པ་ལ། འདིར་མཆོག་ མཆོག་ཅེས་གཉིས་སྨོས་པ་འགལ་ཞེ་ན། མི་འགལ་ཏེ། རྩ་རྒྱུད་ཀྱི་མཆོག་དང་ཞེས་པའི། དང་ཞེས་པ་དེ་ཉིད་ཟླས་དབྱེ་བའི་བསྡུ་བ་ཡིན་པས། དེས་མཆོག་ཅེས་པ་ཕྱི་མ་བསྡུས་པའི་ཕྱིར་རོ། །ཞེས་པའི་ཁམས་དྲུག་ཚན་དྲུག་པ་སའི་ ཁམས་ཀྱི་དྲུག་ཚན་དེ་ཉིད་སྒྲིབ་བྲལ་སོགས་སུ་གྱུར་པ་ནི་སྟོང་ཆེན་ཡི་གེ་ལྔ་པ་ཡིན་ལ། དེ་ཉིད་མཆོག་ཅེས་པ་ཕྱི་མས་བསྟན་ཅིང་། དེའི་མཚན་མ་ནི་དབུས་ཀྱི་མཚན་མའི་ནུབ་རྒྱབ་ཏུ། ཐོད་གུག་གི་རྣམ་པ་བྲིའོ། །ཁམས་སྡེ་ 12-6-97a ཚན་དྲུག་པོ་དེ་དག་ཐམས་ཅད་སྒྲིབ་བྲལ་དུ་གྱུར་པ་རྣམས་གང་གི་རང་བཞིན་གཅིག་ཏུ་འདྲེས་པར་གྱུར་པ་ནི་བདེ་བ་ཆེན་པོ་སྟེ། ཝཾ་ཡིག་གིས་མཚོན་པའི་དོན་ཡིན་པས། ཝཾ་ཡིག་ཀྱང་ མཚན་མ་དེ་དག་གཅིག་ཏུ་འདྲེས་པས་བསྒྲུབ་པར་བྱ་སྟེ། ཚུལ་ཇི་ལྟར་ན། དབུས་ཀྱི་མཚན་མ་གྲི་གུག་གི་རྣམ་པ་ལུས། དབྱུག་པའི་རྣམ་པ་ནི་དེའི་རྐང་པ། ཐོད་པའི་རྣམ་པ་མགོ། ཐིག་ལེ་གཉིས་ནར་མོར་བརྐྱང་ནས་སྟེར་འོག་ཏུ་ གཤིབས་ཏེ་ཟླ་ཚེས། བྱང་གི་ཐིག་ལེ་གཅིག་པོ་དེ། ཟླ་ཚེས་ཀྱི་སྟེང་དུ་བཞག་པས། ཐིག་ལེ་འདིར་འགྲེལ་པར། རེ་རེ་ལའང་བརྗོད་དུ་མེད་པ་སྟེ། ཞེས་གསུངས་པའི་དོན། ཨཱ་ལི་སོགས་རང་བྲིས་ན་བརྗོད་བཅས་སུ་འགྱུར་ པས་དེ་རྣམས་བརྗོད་མེད་མཚོན་པའི་བརྡར་གྲི་གུག་གི་རྣམ་པ་སོགས་ལྔ་བྲིས་པ་ཡིན་ནོ། །ཞེས་ཁ་ཅིག་འཆད་པ་ནི་མི་འཐད་དེ། དེ་ལྟར་ན་མཚན་མ་དེ་དག་ལ་ཝཾ་ཡིག་བསྒྲུབས་པ་ནའང་བརྗོད་བཅས་སུ་འགྱུར་ཏེ། ཨ་ སོགས་དང་ཝཾ་ལ་བརྗོད་བཅས་ཡིན་མིན་གྱི་ཁྱད་པར་མེད་པའི་ཕྱིར་རོ། །དེར་མ་ཟད་ཚད་མ་ལྔ་པོ་དེའང་། ཝཾ་གྱི་མགོ་བོ་དང་ཟླ་ཚེས་སོགས་ཡིན་པས་ཡི་གེའི་ཆ་ཤས་རེ་རེ་ཡིན་པའི་ཕྱིར་བརྗོད་བཅས་སུ་འགྱུར་རོ། །དེ་ན་འདིར་ དེ་དག་བཀོད་པའི་དགོས་པ་ནི། ཝཾ་ཡིག་བསྒྲུབ་པའི་ཕྱིར་བཀོད་པ་ཡིན་པ་ལ། ཨ་ཡིག་སོགས་རང་བྲིས་ན། དེ་དག་ཚོགས་པ་ལས་ཝཾ་གྱི་གཟུགས་འོང་བ་བྱས་པ་མེད་པས། དེའི་ཕྱིར་མ་བཀོད་པ་ཡིན་གྱི་བརྗོད་བཅས་སུ་ 12-6-97b སོང་དོགས་པ་མ་ཡིན་ལ། བརྗོད་དུ་མེད་པ་ཞེས་གསུངས་པ་ནི། ཡེ་ཤེས་དང་རྣམ་ཤེས་ཀྱི་དྲུག་ཚན་གཉིས་པོ་དེ་མཚོན་བྱེད་ཀྱི་མིང་གིས་དབྱངས་སུ་ཨ་ཡིག་དེ་ཉིད་བཅོམ་ལྡན་འདས་ཀྱིས་བརྡ་མཛད་པ་ཙམ་མ་གཏོགས། བུམ་པས་ལྟོ་ལྡིར་བ་ གོ་བར་བྱེད་པ་ལྟར། ཨ་ཡིག་གི་ཕུང་པོ་དྲུག་ཚན་དེ་གཉིས་རང་གི་དངོས་ཀྱི་བརྗོད་བྱར་བྱས་ནས། ཐུན་མོང་མིན་པར་གོ་བར་བྱེད་པས་དེའི་ཕྱིར་བརྗོད་དུ་མེད་པ་གསུངས་ཏེ། གཞན་རྣམས་ཀྱང་དེས་རིགས་འགྲེའོ། །བོད་ལྔ་མ་འགའ་ཞིག་གིས་ བོད་ཡིག་ལ་ཨེ་ཝཾ་བསྒྲུབས་ནས་གྲི་གུག་ལ་ཨའི་ལག་པ་བྱས་པ་སོགས་ནི། འདིར་དབུས་ཀྱི་མཚན་མ་ཝཾ་འགྲུབ་པའི་གཞིར་དངོས་སུ་བཤད་པ་དང་འགལ་ཞིང་། དེ་ལྟར་བྱས་ནས་ཝཾ་བསྒྲུབ་ཏུ་མི་རུང་བས། སྔ་མ་དག་གིས་རྒྱས་པར་བཀག་ པ་ལྟར་རོ། །དེ་ལ་སྡུད་བྱེད་ཀྱི་ཁམས་ཡེ་ཤེས་ནམ་མཁའ་སོགས་ལྔའི་མིང་གི་དབྱངས་ནི། ཨ་རྀ་ཨུ་ཨི་ལྀ་རྣམས་ཡིན་ལ། དེའང་ཡེ་ཤེས་དང་ནམ་མཁའི་ཁམས་གཅིག་ཏུ་བསྡུས་པའོ། །བསྡུ་བྱའི་ཁམས་དྲུག་ཚན་དྲུག་གི་མིང་གི་དབྱངས་ཡིག་ ནི། ཡེ་ཤེས་ཀྱི་ཕུང་པོ་ཨཾ་ཞེས་པ་ནས་བརྗོད་པ་ལ་ཞེས་པའི་བར་རོ། །འདི་དག་ནི་སུམ་རྩ་དྲུག་གི་དབྱེ་བས་ཐ་དད་པ། དབྱངས་དང་། ཡོན་ཏན་དང་། འཕེལ་བ་དང་། ཡ་ཎར་བསྒྱུར་བའི་རྣམ་པར་འགྱུར་བའོ། །ཞེས་པ་ནི་དབྱངས་འདི་ དག་ཀྱང་ཁམས་སོ་དྲུག་གི་དབྱེ་བས། དེ་དག་གི་མིང་གི་དབྱངས་ཐ་དད་སོ་དྲུག་སྟེ། རང་བཞིན་གྱི་ཡི་གེ་ལས་ཡོན་ཏན་གྱི་ཡི་གེ་དང་འཕེལ་བའི་ཡི་གེ་དང་། ཡ་ཎའི་ཡི་གེ་ཅི་རིགས་པར་བསྒྱུར་བའི་རྣམ་འགྱུར་གྱི་ཡི་གེ་ཡིན་ནོ་ཞེས་ 12-6-98a བྱའོ། །གང་དུ་ཕུང་པོ་རྣམས་ཞེས་སོགས་ཀྱི་དོན་ནི། ཕུང་པོ་དྲུག་དྲུག་སོ་དྲུག་ཏུ་འབྱེད་ན་ཁམས་ཀྱང་སོ་དྲུག་ཏུ་འབྱེད་དགོས་པས། དེའི་འབྱེད་ཚུལ་སྔར་གྱི་སོ་དྲུག་པོ་དེ་ལ། ཕུང་པོ་དྲུག་གི་དོད་ལ་རོ་ དྲུག་བཟུང་བར་བྱ་ཞིང་། དེ་དག་གི་མིང་གི་དབྱངས་ནི། ཨཾ་ཨ་སོགས་དྲུག་ཡིན་ནོ་ཞེས་བྱ་བའོ། །དེས་ན་དབྱངས་སོ་དྲུག་གི་མིང་གི་ཡི་གེས་མཚོན་པའི་ཁམས་སོ་དྲུག་སྒྲིབ་བྲལ་དུ་གྱུར་པའི་བདེ་ཆེན་ཐམས་ཅད་ཀྱང་། ཨ་སོགས་མིང་ གི་དབྱངས་ལྔས་མཚོན་པའི་དག་པའི་ཁམས་ལྔར་འདུས་ལ། ལྔ་པོ་དེའང་ཝཾ་ཡིག་གིས་མཚོན་དོན། བདེ་བ་ཆེན་པོ་གཅིག་ཉིད་ཀྱི་ངོ་བོར་རོ་གཅིག་ཅིང་། དེ་ལ་ནི་ངེས་དོན་གྱི་རྡོ་རྗེ་ཞེས་བྱ་ལ། དེ་འཛིན་པའི་ཕྱིར་རྡོ་རྗེ་འཛིན་པ་ཞེས་བྱའོ་ཞེས་པའོ། །ཨེ་བསྒྲུབས་པས་མཚོན་པའི་དོན་ནི། འདིའང་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་དམིགས་བཅས་དང་། དམིགས་མེད་བདག་མེད་པའི་དེ་ཁོ་ན་ཉིད་གཉིས་ཀ་ཡིན་ལ། དེའང་མཐར་ཐུག་པ་ནི། ཕུང་སོགས་ སྒྲིབ་བྲལ་དུ་གྱུར་པ་ཉིད་ཀྱི་སྐབས་ལ་བཞག་དགོས་སོ། །དེ་ཉིད་མཚོན་བྱེད་ཀྱི་ཨེ་ཡིག་དེ་སྟོང་ཆེན་ཡི་གེ་དྲུག་ལས་ཇི་ལྟར་བསྒྲུབས་པའི་ཚུལ་ནི། འདི་ལྟར་སྟེ་རྣམ་པར་ཤེས་པའི་ཕུང་པོ་དང་། ཞེས་སོགས་ཀྱིས་སྟོན་ལ་དེ་དག་གི་དོན་ཡང་། ཕུང་པོ་དྲུག་ཚན་དྲུག་སྒྲིབ་བྲལ་དུ་གྱུར་པའི་སྟོང་པ་སོ་དྲུག་ཐམས་ཅད་ཀྱི་རེ་རེ་ནས་མཚོན་པའི་མིང་གི་ཡི་གེ་ནི། གསལ་བྱེད་ཀྱི་ཡི་གེ་སོ་དྲུག་ཡིན་ལ། སོ་དྲུག་པོ་ཐམས་ཅད་ཀྱང་། ཕུང་པོ་སོ་དྲུག་སྒྲིབ་བྲལ་དུ་གྱུར་པའི་སྟོང་པ་ 12-6-98b དྲུག་ཏུ་འདུས་ཤིང་། དྲུག་པོ་དེའི་མིང་གི་ཡི་གེ་ནི། ཀ་ཙ་ཊ་པ་ཏ་ས། ཞེས་པའི་གསལ་བྱེད་ཀྱི་ཡི་གེ་དྲུག་ཡིན་ལ། དྲུག་པོ་དེའི་མཚན་མར། ཐིག་ལེ་སྟོང་པ་དྲུག སྔར་གྱི་ཝཾ་ཡིག་བསྒྲུབ་པའི་མཚན་མ་རྣམས་ཀྱིས་ཕྱོགས་ཕྱོགས་ སུ་འགོད་ཚུལ་དངོས་སུ་གསལ་བར་གསུངས་པ་ལྟར་བཀོད་ནས། དེ་ནས་ཏིག་ལེ་དེ་དག་བརྐྱང་ནས་སྤྲེལ་བ་ན་ཆོས་འབྱུང་གྲུ་གསུམ་པའི་རྣམ་པའི་ཨེ་ཡིག་གི་གཟུགས་སུ་འགྲུབ་བོ། །དེ་ལ་ཨེ་ཡིག་གི་ནང་དུ་ཝཾ་ཡིག་ཆུད་བེར་བསྒྲུབས་ པས་ནི། ཤེས་རབ་སྟོང་པ་དམིགས་བཅས། ཕྱག་རྒྱ་ཆེན་མོ་ལ་ཐབས་བདེ་བ་ཆེན་པོ་བརྟེན་པ་མཚོན་ནོ། །དེ་ལྟར་བསྒྲུབས་པའི་གཞི། གོང་དུ་བཤད་པའི་ཁམས་སོ་དྲུག་དང་། འདིར་བཤད་པའི་ཕུང་པོ་སོ་དྲུག །གཞི་དུས་སུའང་ དོན་གཞན་སོ་སོ་བ་མེད་ཀྱང་། སྔ་མ་ཁམས་ཀྱི་ལྡོག་པ་ནས་བསྟན་པས། མིང་གི་ཡི་གེའང་དབྱངས་སུ་གསུངས་ལ། ཕྱི་མ་ཕུང་པོའི་ལྡོག་པ་ནས་བསྟན་པས་མིང་གི་ཡི་གེའང་གསལ་བྱེད་དུ་གསུངས་ཤིང་། དབྱངས་དང་གསལ་བྱེད་ འདི་དག་ཀྱང་ཏུང་ངུ་དང་རིང་པོའི་དབྱེ་བས། ཞེས་སོགས་ཀྱི་དོན་ནི་ཕུང་པོ་དང་དབང་པོའི་ཆ་རྣམས་ནི་ཐབས་ཀྱི་ཆ་ཡིན་པས། དེའི་མིང་གི་ཡི་གེ་དབྱངས་གསལ་ལ་ཐུང་ངུ་དང་། ཁམས་དང་ཕུལ་གྱི་ཆོས་ནི་ཤེས་རབ་ཀྱི་ཆ་ཡིན་པས་དེའི་མིང་གི་རྣམ་གྲངས་ནི་དབྱངས་གསལ་ རིང་པོ་ཞེས་བྱ་བའོ།། འོ་ན་ཁམས་དང་དེའི་མིང་གི་ཡི་གེ་དབྱངས་ཀྱི་ཡི་གེ་དེ་དག་ལས། གསལ་བྱེད་ཀྱི་ཡི་གེ་ཝཾ་ཡིག་བསྒྲུབ་ཅིང་། ཕུང་པོ་དང་། དེ་དག་གི་མིང་གི་ཡི་གེ་གསལ་བྱེད་ཀྱི་ཡི་གེ་དེ་དག་ལས་ཤེས་རབ་སྟོང་པ་མཚོན་པའི་ཨེ་དབྱངས་ཀྱི་ཡི་གེ་བསྒྲུབ་པ་ཅི་ཞེ་ན། སྒྲུབ་ཚུལ་ 12-6-99a དེ་ལྟར་བྱས་པས་ཀྱང་། ཐབས་ཤེས་བདེ་སྟོང་དེ་གཉིས་ངོ་བོ་དོན་གཞན་གྱི་རྟེན་དང་བརྟེན་པ་མིན་པར་ངོ་བོ་དབྱེར་མེད་ཡིན་པ་མཚོན་ནོ། །ཞེས་བླ་མ་སྔ་མ་དག་གསུང་མོད་ཀྱང་། འདིར་ཝཾ་ ཡིག་དབྱངས་སུ་བཤད་ཅིང་། ཨེའི་གཟུགས་བསྒྲུབ་པ་ནའང་། དབྱངས་ཀྱི་ཡ་ར་ལ་ཝ་བཞིའང་བཤད་སྣང་ངོ་། །རོ་དྲུག་དང་ཁམས་ཀྱི་རྣམས་པར་འགྱུར་བས་ཁམས་སོ་དྲུག་དང་། ཕུང་པོ་དྲུག་དང་དབང་པོའི་དབྱེ་བས་ ཕུང་པོ་སོ་དྲུག་ཏུ་འབྱེད་ཚུལ་སྟོན་པ་ནི། རོ་དྲུག་དང་ཁམས་ཀྱི་རྣམ་པར་དབྱེ་བས་ཞེས་སོགས་ཏེ། ཁམས་ཀྱིས་འབྱེད་ཚུལ་སྔ་མ་འདྲ་བས་ཤེས་སླ་ལ། ཕུང་པོ་དང་དབང་པོས་འབྱེད་ཚུལ་ནི། རྣ་བའི་རྣམ་པར་ཤེས་པ་ཞེས་པ་ལ་ སོགས་པ་སྟེ། དེའི་དོན་ཡང་རྣམ་ཤེས་དྲུག་དང་། རྣམ་ཤེས་དྲུག་པོ་ཡུལ་དྲུག་ལ་འཇུག་པར་བྱེད་པའི་འདུ་བྱེད་དྲུག་དང་། གཟུགས་སོགས་ཡུལ་དྲུག་མྱོང་བའི་ཚོར་བ་དྲུག་དང་། མགྲིན་རྐན་སྤྱི་བོ་མཐུ་དང་སོ་དང་སྣ་སྟེ་ཐ་སྙ་དྲུག་གིས་ ཡོད་མེད་ཀྱི་དོན་གསལ་བར་བྱེད་པའི་འདུ་ཤེས་དྲུག་དང་། གཟུགས་སོགས་ཡུལ་དྲུག་མྱོང་བའི་ཚོར་བ་དྲུག་དང་། སྟེང་འོག་གི་རྩ་གསུམ་གསུམ་ལ་བརྒྱུ་བའི་སྲོག་ཐུར་གྱི་རླུང་ཡེ་ཤེས་ཀྱི་ཕུང་པོ་དྲུག་སྟེ། དེ་ལྟར་རྡོ་རྗེ་སྙིང་འགྲེལ་ལས་ བཤད་པ་ལྟར་རོ་ཞེས་རིན་པོ་ཆེ་དང་། ཆོས་རྗེ་བ་བཞེད་པ་ལྟར་བྱའི། གཞན་དུ་མིག་གི་ཡེ་ཤེས་སོགས་ལ་འཆད་པ་དོན་མིན་ནོ། །འདིར་དྲུག་ཚན་དྲུག་དྲུག་གིས་ཐབས་ཤེས་ཀྱི་དབྱེ་བ་བསྟན་ན། དེ་དག་ཐབས་ཤེས་ 12-6-99b སུ་འགྱུར་ཚུལ་ཇི་ལྟར་ཞེ་ན། ཐབས་ཤེས་དབྱེར་མེད་པ་རྡོ་རྗེ་སེམས་དཔའི་དོན་དུ་འགྱུར་ཚུལ་འཆད་པ་ནི། འདིར་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་དབྱངས་ཀྱི་ཚོགས་ཏེ། ཞེས་སོགས་ཏེ་དེ་དག་གི་ཚིག་དོན་ནི། འདིར་སྟོང་ པ་ཆེན་པོ་ཡི་གེ་ལྔ་ནི། དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་ཀྱི་ཚོགས་ཏེ། དེ་ཉིད་ལ་ཁུ་བ་དང་ཟླ་བ་ཞེས་བརྗོད་དོ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི། ཤེས་རབ་གསལ་བྱེད་ཀྱི་ཚོགས་ཏེ། དེ་ཉིད་ལ་རྡུལ་དང་ཉི་ མ་ཞེས་བརྗོད་དོ། །དེ་ལྟར་གཉིས་ལས་འདིར་ཁུ་བ་དང་ཟླ་བ་ནི་ཝཾ་ཡིག་གི་ངེས་དོན་བདེ་བ་ཆེན་པོ་སྟེ་དེ་ཉིད་རྡོ་རྗེའོ། །རྡུལ་དང་ཉི་མ་ནི་ཨེ་ཡིག་གི་ངེས་དོན་ཤེས་རབ་སྟེ་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་པདྨའོ། །རྡོ་རྗེ་དང་པདྨ་ འདི་གཉིས་ངོ་བོ་དབྱེར་མེད་པར་རོ་གཅིག་ཏུ་གྱུར་པ་ཉིད་ནི་རྡོ་རྗེ་སེམས་དཔའོ། །འདིར་ཤོང་འགྱུར་གྱི་འགྱུར་ཅུང་མ་བདེ་བ་ལ། མཁས་པ་ཁ་ཅིག་རྡོ་རྗེ་ནི་མཆོག་གི་དོན་དང་ཞེས་སོགས་ཀྱིས་རྡོ་རྗེ་ལ་དོན་གསུམ་ཙམ་ལས་མ་ བཤད་ལ། སེམས་དཔའ་ལ་དོན་དགུ་ཙམ་བཤད་པས། འདི་དང་འདྲ་བའི་རིགས་ཅན་ལ་ཟླས་དབྱེའི་བཤད་པ་ཁ་བཀང་ནས་འགྲིག་པར་བྱ་དགོས་གསུང་ནས། རྡོ་རྗེའི་དོན་དྲུག་ཙམ་ཟུར་ནས་ཁ་བཀང་སྟེ་འཆད་མོད། དབང་ལོའི་འགྱུར་ལ། རྡོ་རྗེ་ནི་མཆོག་གི་བདེ་བ་དང་། ཤེས་པ་དང་། ཁུ་བ་དང་། སེམས་དཔའ་ནི་རྣམ་པ་ཐམས་ཅད་པའི་ཤེས་རབ་ཀྱི་གཟུགས་དང་། ཤེས་བྱ་དང་ཉི་མ་སྟེ་ཞེས་འགྱུར་བ་ལྟར། རྡོ་རྗེའི་དོན་ 12-6-100a གསུམ་དང་། སེམས་དཔའི་དོན་གསུམ་རིམ་བཞིན་སྦྱོར་ཞིང་། དེ་མན་ཆད་གཉིས་གཉིས་རིམ་བཞིན་རྡོ་རྗེ་དང་སེམས་དཔར་སྦྱར་རོ།། དེའང་དང་པོར་ཨེ་ཝཾ་གྱི་དོན་གཉིས་ལ་ཐོག་ མར་སྦྱར་བ་དེས་སྦྱོར་ཚུལ་གཞན་ཡང་མཚོན་པས། རྡོ་རྗེ་ནི་མཆོག་གི་བདེ་བ་དང་། སེམས་དཔའ་ནི་རྣམ་པ་ཐམས་ཅད་པའི་ཤེས་རབ་ཀྱི་གཟུགས་ཏེ། འདི་གཉིས་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའོ། །ཞེས་པ་ནས། རྡོ་རྗེ་ནི་དེ་ཉིད་དང་། སེམས་དཔའ་ནི་འགྲོ་བའི་དོན་བྱེད་པ་པོ་ཡིན་ནོ། །འདི་གཉིས་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའོ། །ཞེས་པའི་བར་དུ་སྦྱར་རོ། །དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ གཅིག་ཏུ་སྦྱར་བ་འདི་ཉིད། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཞལ་བཞིའི་རྣམ་པར་སྟོན་པའི་རྒྱུར་འགྱུར་ཏེ། དེ་ལ་ཡེ་ཤེས་ཀྱི་ཁམས་རྣམ་པར་དག་པ་ནི་ནུབ་ཀྱི་ཞལ་སེར་པོའི་རྣམ་པར་བསྟན་པའོ། །རྣམ་ པར་ཤེས་པ་རྣམ་པར་དག་པ་ནི་ཤར་གྱི་ཞལ་ཞེས་སོགས་སོ། །དེ་བཞིན་དུ་གཞི་དུས་ཀྱི་ཁམས་དྲུག་དང་། ལུས་ངག་ཡིད་གསུམ་དང་། གནས་སྐབས་བཞི་ལ་སོགས་པ་རྣམས་པར་དག་པའི་དབྱེ་བས་འབྲས་དུས་ ཀྱི་རིགས་ལྔ་དང་། དྲུག་དང་། སྐུ་གསུམ་དང་བཞི་ལ་སོགས་པར་འབྱེད་པ་ཤེས་པའི་དོན་དུ། གཞི་དུས་ཀྱི་དེ་དག་གི་དབྱེ་བ་སོགས་འབྱེད་ཚུལ་སྟོན་པ་ནི། ཟླ་བ་དང་ཉི་མ་འདི་དག་ནི་ཞེས་སོགས་ཏེ། དེའང་གཞི་དུས་ 12-6-100b སུ་མངལ་སྐྱེས་ཀྱི་ཆུ་རླུང་ནམ་མཁའི་ཁམས་གསུམ། གཙོ་བོར་ཁུ་བ་ལས་བྱུང་ཞིང་རྡུལ་ལས་བྱུང་བ་མ་ཡིན་ལ། ས་མེ་ཡེ་ཤེས་ཀྱི་ཁམས་གསུམ་རྡུལ་ལས་གཙོ་བོར་བྱུང་ཞིང་ཁུ་བ་ལས་གཙོ་བོར་བྱུང་བ་མིན་ལ། ཁུ་བ འམ་ཟླ་བ་ལས་གཙོ་བོར་བྱུང་བ་གསུམ་ནི་གཙོ་བོར་མངལ་སྐྱེས་ཕོ་རྣམས་ཀྱི་ལུས་ངག་ཡིད་གསུམ་དུ་འགྱུར་ཞིང་། རྡུལ་ལམ་ཉི་མ་ལས་གཙོ་བོར་བྱུང་བ་གསུམ་ནི། གཙོ་བོར་མངལ་སྐྱེས་མོ་རྣམས་ཀྱི་ལུས་ངག་ཡིད་གསུམ་དུ་ འགྱུར་ལ། ཁམས་དྲུག་པོ་འདི་ནི། དབང་པོ་དྲུག ཡུལ་དྲུག ལས་དབང་དྲུག ལས་དབང་གི་བྱ་བ་དྲུག་རྣམས་ཀྱི་ཁྱབ་བྱེད་ཀྱི་རིགས་ཡིན་ཞིང་། དེ་དག་ནི་དྲུག་པོ་འདིར་ཁྱབ་བྱ་རིགས་ཅན་ཡིན་ནོ། །ཞེས་པ། ཁམས་འདི་དག་ ནི་དབང་ལོ་དྲུག་ལ་སོགས་པ་རྣམས་ཀྱི་རིགས་དྲུག་གོ། ཞེས་པའི་བར་རོ། །ཕོ་མོ་གང་ལའང་ཁུ་རྡུལ་ཕྱིར་འཕོ་མི་ནུས་ཀྱི་བར་དུ། གཞི་དུས་ཀྱི་ཡེ་ཤེས་བདེ་བ་མ་སྐྱེས་པས་ལུས་ངག་ཡིད་ཀྱི་རིགས་གསུམ་དང་། གཞི་དུས་ ཀྱི་སྐུ་གསུམ་དང་། གནས་སྐབས་གསུམ་དང་། ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔའི་རིགས་ལྔ་དང་། གང་གི་ཚེ་ཁུ་རྡུལ་འཕོ་བ་ནས་ཡེ་ཤེས་དང་ལྷན་ཅིག་རིགས་བཞི། སྐུ་བཞི། གནས་སྐབས་བཞི། གཞི་དུས་ཀྱི་རིགས་ དྲུག་ཏུ་འགྱུར་ལ། ཁུ་རྡུལ་འཕོ་བའི་དུས་ནི། བུད་མེད་ལ་ལོ་བཅུ་གཉིས་དང་། སྐྱེས་པ་ལ་ལོ་བཅུ་དྲུག་ལོན་པའི་དུས་ནས་ཏེ། ཚུལ་དེ་རྩ་རྒྱུད་ཀྱི་ལུང་དང་སྦྱར་བ་དང་བཅས་པ་ནི། དེ་བཞིན་དུ་སྐུ་དང་ཞེས་པ་ནས། ཞེས་སོའི་བར་ 12-6-101a རོ། །དེ་ལྟར་གཞི་དུས་ཀྱི་ཁམས་དྲུག་རིགས་དང་། དབང་ཡུལ་སོགས་དེའི་རིགས་ཅན་ཡིན་པ་བཞིན་དུ། འབྲས་དུས་སུའང་གཞིའི་ཆོས་དེ་དག་རྣམ་པར་དག་པའི་སངས་རྒྱས་དྲུག་རིགས་ ཡིན་ལ། དེའི་ཁྱབ་བྱ་རིགས་ཅན་ནི་སེམས་དཔའ་དྲུག་ལ་སོགས་པ་སྟེ། དེ་དག་འཆད་པ་ནི། ད་ནི་རིགས་ཀྱི་རིགས་ཅན་བརྗོད་པ་ཞེས་པ་ནས། རྣམས་སོའི་བར་རོ། །དེ་དག་ནི་ཐུགས་བདེ་སྟོང་གཉིས་སུ་མེད་པའི་སྟོང་ཆེན་ ཡིག་ལྔ་ཡིག་དྲུག་དང་། དེ་ཉིད་སྐུ་ལྷའི་འཁོར་ལོ་ཉིད་དུ་ཤར་བའི་དཀྱིལ་འཁོར་ཞུས་པ་སྟེ། ལམ་དང་འབྲས་བུའི་གནས་སྐབས་གཉིས་ཀའོ། །དེ་ནས་ཕྱི་དང་ལུས་དང་གཞན་ལ་ཡང་སྟེ་རང་བཞིན་རྣམས་ལ་སྐྱེས་བུ་ཉི་ ཤུ་ལྔ་པའི་བདག་ཉིད་དང་། ཞེས་པའི་ཚིག་དོན་འཆད་པ་ནི། ད་ནི་ཞེས་པ་ལ་སོགས་པ་སྟེ། དེའང་རང་བཞིན་དང་སྐྱེས་བུ་ལ་སོགས་པའི་ཐ་སྙད་ནི་གྲངས་ཅན་ལ་སོགས་པའི་མུ་སྟེགས་གཞུག་པའི་དོན་དུ་ཡིན་ཏེ། དཔེར་ ན་མ་ཧཱ་མཱ་ཡ་ལ་སོགས་པའི་རྒྱུད་གཞན་དུའང་། དོན་དམ་པར་གང་གིས་བརྟན་གཡོའི་འཇིག་རྟེན་བྱེད་པ་པོའི་སྐྱེས་བུ་མེད་ཀྱང་། བརྫུན་པའམ་དགོངས་པ་ཅན་གྱིས་ཡོད་པར་གསུངས་པ་ལྟ་བུའོ། །ཞེས་བྱ་བ་ནི། མུ་སྟེགས་ པ་རྣམས་ཞེས་པ་ནས། གཞན་ཡང་ངོ་ཞེས་པའི་བར་རོ། །དེའང་གྲངས་ཅན་ནི་རྩ་བའི་རང་བཞིན་གཙོ་བོ་དེ་ཉིད། གཏན་ནས་རྣམ་འགྱུར་མིན་ལ། ཆེན་པོ་སོགས་བདུན་རང་བཞིན་དང་རྣམ་འགྱུར་གཉིས་ཀ་ཡིན། སྐྱེས་ 12-6-101b བུའམ་བདག་ཤེས་རིག་ནི་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མིན་པར་འདོད་ལ། དེ་དང་རང་བཞིན་རྣམ་འགྱུར་སྐྱེས་བུ་ཞེས་སོགས་ཀྱི་ཐ་སྙད་ཙམ་གཞུང་གཞན་ནས་འབྱུང་བ་དང་འདྲའང་། དོན་མི་འདྲ་སྟེ། འདིར་ནི་རྩ་བའི་རང་བཞིན་ནམ་ མཁའི་ཁམས་དང་། ས་ཆུ་མེ་རླུང་ཡིད་ཀྱི་ཁམས་བློ། ངར་འཛིན་རྣམས་ནི་ཆེན་པོ་སོགས་བདུན་དང་། དབང་པོ་ལྔ་སོགས་ནི་རྣམ་འགྱུར་བཅུ་དྲུག་དང་། དེ་དག་ཐམས་ཅད་ལ་བརྟེན་ནས་བཏགས་པའི་སྐྱེས་བུ་ཙམ་ནི་སྐྱེས་བུར་གསུངས་ སོ། །དེ་ལ་རང་བཞིན་གྱི་དོན་ནི། སེམས་ཅན་རྣམས་ཀྱི་བཞི་པའི་གནས་སྐབས་བསྐྱེད་པའི་དོན་ཡིན་ལ། སྐྱེས་བུ་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མིན་པའང་། མུ་སྟེགས་འདོད་པ་ལྟར་དུ་རྒྱུ་འབྲས་གང་ཡང་མིན་པའི་དོན་མིན་ གྱི། གོང་དུ་བཤད་པའི་རང་བཞིན་དང་རྣམ་འགྱུར་དེ་དག་ནི། སྐྱེས་བུའི་གདགས་གཞི་སོ་སོ་བ་ཡིན་ལ། སྐྱེས་བུ་ནི་ཁྱབ་བྱེད་དམ། དེ་ཐམས་ཅད་ལ་བརྟེན་ནས་བཏགས་པ་ཡིན་པས། དེའི་ཕྱིར་གཉིས་ཀ་མིན་ཞེས་བཤད་པའོ། ། དེ་ལྟ་བུ་རྩ་ལྔ་ལའང་། ཕྱི་ནང་གཞན་གསུམ་དུ་ཡོད་པའི་ནང་ནི་བཤད་པ་ལྟར་དང་། གཞན་ནི་དེ་དག་སྒྲིབ་བྲལ་དུ་གྱུར་པ་དང་། ཕྱི་ནི་ཕྱི་རོལ་ཏུ་ཁམས་ལྔ་དང་། ཞེས་སོགས་སོ། །མུ་སྟེགས་ཟད་བྱེད་པ་སོགས་ཁ་ཅིག་ནི། དབང་པོ་ ལྔ་དང་། ཡུལ་ལྔ་དང་། ས་ཆུ་མེ་རླུང་། ནགས་ཀྱི་བདག་པོ། འབྲས་བུ་སྟེ་འཚོ་བའི་ལུས་དྲུག་དང་བཅས་པའི་རྣམ་འགྱུར་བཅུ་གཅིག་ཏུ་འདོད་པའང་ཡོད་དོ། །ཞེས་ཞར་བྱུང་ལ་བཤད་པ་དང་བཅས་པ་ནི། འདི་མུ་སྟེགས་པ་རྣམས་ 12-6-102a ཀྱི་ཞེས་པ་ནས། ལུས་དྲུག་ཅེས་སོ་ཞེས་པའི་བར་རོ། །དེ་བཞིན་དུ། ལུས་ལ་སྣ་ཚོགས་ཚད་ཅེས་པ་ནས། ཐམས་ཅད་ཡང་དག་བཤད་དུ་གསོལ། །ཞེས་པའི་བར་ནི་གོ་སླ་སྟེ། དེ་དག་ གིས་གསོལ་བ་བཏབ་པའི་ཚིག་དོན་བཤད་ཟིན་ཏོ། །དེ་ལྟར་གསོལ་བ་འདེབས་པའི་རྒྱུ་མཚན། དེ་ཅའི་ཕྱིར་ཞེ་ན་སོགས་དང་། ཞུས་པའི་དོན་རྣམས་མཚན་བརྗོད་དང་མཐུན་པར་གསུངས་པའི་རྒྱུ་མཚན་སྟོན་པ། མཚན་ཡང་ དག་པར་བརྗོད་པ་ཚད་མར་བྱས་ནས་ཞེས་སོགས་ནི་ཅུང་ཟད་གོ་སླ་ལ། དེའི་ཕྱིར་གང་གིས་ཞེས་སོགས་ཀྱིས་མཚན་བརྗོད་དང་རྒྱུད་འདིའི་ཡོན་ཏན་བརྗོད་ནས་མཉན་པར་བསྐུལ་བ་སྟོན་པ་ལ། རྗེ་བཙུན་རྒ་ལོའི་གསུང་པས། གང་ གིས་མཆོག་གི་དང་པོའི་སངས་རྒྱས་ཞེས་པ་ནས། རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །ཞེས་པའི་བར་འདི་དག་གིས་དངོས་སུ་ལྡོག་ཁྱབ་བསྟན་ཤུགས་ལ་རྗེས་ཁྱབ་སྟོན་ཏེ། རྡོ་རྗེ་འཛིན་པའི་ལམ་དང་ལྡན་པ་དེས། སྔགས་ཀྱི་ ཐེག་པ་ཤེས་ཞེས་སོགས་སུ་འཆད་ལ། དེ་ལ་ནི་སུའང་དོགས་པ་མེད་ཅིང་། རྒྱུད་འདི་ཤེས་ན་རྡོ་རྗེ་འཆང་གི་ལམ་ཤེས་པར་འཆད་དགོས་པ་ལ། རྡོ་རྗེ་འཆང་གི་ལམ་ཟབ་མོ་ཤེས་ན་འདི་ཤེས་ཞེས་བཤད་པས་འབྲེལ་ བ་མེད་དོ། །བླ་མ་ཤེས་རབ་སེང་གེ་ན་རེ། རྗེས་འགྲོ་དེ་ལྟར་མི་བྱེད་དེ། དང་པོའི་སངས་རྒྱས་ཤེས་པ་དེས་མཚན་བརྗོད་ཤེས། ཞེས་སོགས་སུ་འཆད་ལ། མཁས་པ་དག་ཀྱང་དེ་ལེགས་སོ་ཞེས་གསུང་ཀྱང་། དེ་ལ་ཁྱབ་ 12-6-102b པའི་རྗེས་སུ་འགྲོ་ལྡོག་གི་ནི་རྣམ་པ་མ་ཤར་རོ། །འདི་དག་ཐམས་ཅད་ཀྱིས་རྟགས་ཀྱི་རྗེས་སུ་འགྲོ་ལྡོག་ལ་ཁ་འཆམ་བྱེད་པར་སྣང་ལ། དེ་ཡིན་ན་སྔ་མ་ལྟར་བྱེད་དགོས་ཀྱི། ཕྱི་མ་འདི་འོང་དོན་མེད་ལ། དེས་ན་རྟགས་ཀྱིས་ མིན་གྱི། མཆོག་གི་དང་པོའི་སངས་རྒྱས་མི་ཤེས་ན་མཚན་ཡང་དག་པར་བརྗོད་པའི་དོན་མི་ཤེས་པས་ཁྱབ། ཅེས་དངོས་སུ་བསྟན་པའི་ཤུགས་ཀྱིས། མཚན་བརྗོད་ཀྱི་དོན་ཤེས་པ་ལ་མཆོག་གི་དང་པོའི་སངས་རྒྱས་རྒྱུད་འདིའི་ དོན་ཤེས་དགོས་སོ། །ཞེས་སོགས་སུ་སྦྱར་ཞིང་། གང་གིས་སྔགས་ཀྱི་ཐེགས་པ་མི་ཤེས་པ་དེ་དག་ཐམས་ཅད་ནི་འཁོར་བ་པ་སྟེ། ཞེས་པའང་། འཁོར་བའི་བག་ཆགས་མ་ལུས་པར་སྤོང་བ། སྔགས་ཀྱི་ཐེག་པ་ལ་རག་ལུས་པའི་ དོན་ཡིན་གྱི། འཁོར་བ་སྤངས་པའི་ཐར་པ་ཙམ་འཐོབ་པའང་། སྔགས་ལ་རག་ལུས་པ་ནི་མ་ཡིན་ཏེ། དེ་ལྟ་ཡིན་ན་ནི། ཉན་ཐོས་དགྲ་བཅོམ་ཀྱང་འཁོར་བ་ལས་མ་གྲོལ་བར་ཐལ་ལོ། །འཁོར་བའི་བག་ཆགས་ནི་ཤེས་སྒྲིབ་ཡིན་ པས་སྐྱོན་དེ་མི་འབྱུང་ངོ་། །མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་སོགས་སོ།། མདོར་བསྡུས་དྲུག་པའི་དཀའ་བའི་གནས་བཤད་པའོ།། །།ད་ནི་མདོར་བསྡུས་བདུན་པ་བཤད་ པར་བྱའོ། །དེ་ལ་གཞུང་གི་མཚན་སོ་སོར་བཤད་པ་ནི། མདོར་བསྡུས་འདི་ལ་འགྲེལ་པ་ཉིད་ཀྱིས་དངོས་སུ་མཛད་པས་དེ་ཉིད་ཀྱིས་ཤེས་ལ། དེའང་གནས་པ་བདུན་པ། ཟླ་བཟང་གིས་ཞུས་པའི་ལན་གྱི་ཚིག །རྩ་རྒྱུད་ལས་ 12-6-103a གསུངས་པ། གྲགས་པས་བསྡུས་རྒྱུད་དུ་བསྡུས་པ་དེ་བདག་གིས་དགྲོལ་བར་བྱའོ། །ཞེས་མཚམས་སྦྱར་བ་ནི། ད་ནི་ཞེས་པ་ལ་སོགས་པའོ། །ལན་གྱི་ཚིག་དོན་དགྲོལ་བ་དངོས་ལ། ཟླ་བ་བཟང་པོ་ཁྱོད་ལ་བདག་མགུའོ་ ཞེས་བྱ་བ་ནི། དམ་བཅའ་དགོད་པའོ། །རྒྱུ་མཚན་གང་ལས་དོན་ཅིའི་ཕྱིར་ཞེ་ན། གང་ཟག་གི་ཞེས་སོགས་ཏེ། དེ་ལ་ཀུན་དགའ་བོ་ནི། སྒྲོན་གསལ་དུ་གཉིས་མེད་རྣམ་རྒྱལ་གྱི་ལུང་དྲངས་པ་ལས། ཀུན་ཏུ་བཟང་པོ་ནི་གནས་བརྟན་ཀུན་དགའ་ བོར་གྱུར་ཏོ། །ཞེས་གསུངས་པ་ལྟར་ཡིན་ཡང་། འདིར་རྒྱུད་དོན་མི་ཤེས་པའི་ཆགས་བྲལ་གྱི་དཔེར་སྨོས་པ་ནི། ཆགས་བྲལ་གྱི་སྤྱོད་པ་དང་། རྒྱ་ཆེན་པོའི་སྤྱོད་པ་དང་། ཆགས་ཅན་གྱི་སྤྱོད་པ་གསུམ་གྱི་ནང་ནས། ཀུན་དགའ་བོ་དང་པོ་ ལ་སྤྱོད་པའི་ཚུལ་བཟུང་བ་ཉིད་ཀྱི་ཆ་ནས།། སརྦ་མངྒ་ལཾ།། 12-6-103b empty page 12-7-1a ༄༅། །དཔའ་འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པའི་ཆོ་ག་ལག་མཆོད་དང་དཔྱིད་ཀྱི་རྒྱལ་མོའི་གླུ་དང་བཅས་པ་བཞུགས་སོ།། 12-7-1b ༄༅། །བླ་མ་དང་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་པའི་ཆོ་གའི་རིམ་པ་ནི། དང་པོ་གདན་ བཞི་ལས། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཐེག་པ་གསུམ་པོ་ཐམས་ཅད་དང་། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་མཆི་བར་བགྱི། །མངོན་བརྗོད་ལས། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་ཏུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕངས་མཆོག་ལ་ དགོད་པར་བགྱི། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དེ། ཤྲཱི་ཡེ་རུ་ཀ །ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སེམས་ཏེ། རྒྱུའི་བདག་ཉིད་དུ་བརྟག་པར་བྱ་བས་སྟོང་པའི་ཆོས་ཀྱི་བདག་མེད་པ་དང་། རུ་ནི་གང་ ཟག་གི་བདག་ཏུ་འཛིན་པའི་རྣམ་རྟོག་གི་དྲ་བས་བཀོད་པའི་བདག་དང་བྲལ་བའི་གང་ཟག་གི་བདག་མེད་པ་དང་། ཀ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཡུལ་ཅན་གཉིས་མི་མཐུན་པར་སོ་སོར་གཉིས་སུ་མི་གནས་པ་དང་། ཤྲཱི་ནི་ཡུལ་སྟོང་ པ་ཉིད་ཇི་འདྲ་བ་དེ་བཞིན་དུ་རྗེས་སུ་ཞུགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཨེ་ཝཾ་གྱི་དོན་ནོ། །སྙམ་དུ་དྲན་པ་ནི་ཡིད་དག་པར་བྱེད་པའོ། །སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གི་ཧེ་རུ་ཀ་སྔོན་པོ། ཞལ་གཅིག་ཕྱག་ 12-7-2a གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་གཡས་བརྐྱང་གིས་བཞུགས་པ་ལ། ཡུལ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པས་འཁྱུད་པ། ཤྲཱི་ཧེ་རུ་ཀོ྅ཧཾ། ཞེས་ལན་གསུམ་བརྗོད་དེ་སྐུའི་ང་རྒྱལ་གཟུང་བ་ནི་ལུས་དག་པར་བྱེད་པའོ། །ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཐ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་ བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཧཱུཾ་ཧཱུཾ་ཕཊ། ཅེས་ལན་གསུམ་བརྗོད་ནས། རང་གི་ལྟེ་བའི་ཕྱོགས་སུ་སྔགས་ཕྲེང་འོད་ཟེར་ལྔ་དང་བཅས་པ་གཡོན་སྐོར་གྱིས་ལན་གསུམ་དུ་བསྐོར་ནས་གནས་པ་ལས། འཁོར་ ལོ་གསུམ་གྱི་ལྷ་ཚོགས་འཕྲོས་པ་སྣ་བུག་གཡས་ནས་འཐོན་ཏེ། ཕྱོགས་བཅུར་འཕྲོས་པས་བགེགས་ཐམས་ཅད་བསྐྲ་དེ། སླར་བྱོན་རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ། ལྟ་བའི་སླངས་ཕྲེང་ལ་ཐིམ་པར་གྱུར། པར་ བསམ་ནི་ངག་དག་པར་བྱེད་པའོ། །འདི་བདག་བསྐྱེད་བསྡུས་པ་ཡིད་ལ། གྲུབ་ན་ལོ་ནག་དྲིལ་གསུམ་གྱི་མངོན་རྟོགས་རྒྱས་པ་བསྒོམ་མོ། །དེ་སྒོམ་པའི་ཐུན་བར་ཡིན་ན། གཙོ་བོ་ཕྱག་གཉིས་པ་ཡུམ་བཅས་ཀྱི་རྣལ་འབྱོར་དེ་ཉིད་གསལ་བཏབ་པས་ཀྱང་རུང་ངོ་། །དེ་ནས་ནང་མཆོད་ གཏོར་མ་ལྟར་བྱིན་གྱིས་བརླབས་ལ། གཡོན་པའི་མཐེབ་སྲིན་གྱིས་བླངས་ཏེ། ཨོཾ་སུམྦྷ་ནི་སུམྦྷ། ཞེས་སོགས་ཞལ་བཞི་པའི་སྔགས་བརྗོད་ཅིང་ཕྱོགས་བཞི་དང་རང་ལ་གཏོར་ནས་གཡོན་པའི་མཐེབ་མཛུབ་ཀྱིས་སེ་གོལ་གཡོན་སྐོར་དུ་གཏོགས་ལ། ཨོཾ་སུམྦྷ། 12-7-2b ཞེས་སོགས་ཀྱི་སྔགས་ཚན་བཞི་པོ་ཤར་ལ་སོགས་པའི་ཕྱོགས་བཞིར་རིམ་པ་བཞིར་བརྗོད་པའི་རྗེས་སུ། འོག་ཐམས་ཅད་རྡོ་རྗེའི་ས་གཞི་ཁོར་ཡུག་ཐམས་ཅད་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་སྟེ། ཐམས་ཅད་ ཀྱང་རྡོ་རྗེ་འབར་བའི་རང་བཞིན་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ། རྡོ་རྗེའི་མི་འཇིག་དུས་ཀྱི་མེ་ལྟ་བུས་བསྐོར་བར་གྱུར། ཞེས་དང་། རང་གི་སྙིང་གར་ཟླ་གདན་ལ་རྡོ་རྗེ་སེམས་དཔའི་ངོ་བོ་ཨོཾ་ཧ་དཀར་པོ། ཞེས་སོགས་ གོ་ཆ་དྲུག་བཀོད་ནས། ལག་པ་གཡས་པའི་མཐེབ་སྲིན་གྱིས་ནང་མཆོད། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང་། གཡོན་པ་ལ་བསང་གཏོར་བྱས་ལ་ལག་པ་མཉེ་པར་བྱའོ། །དེ་ནས་གཡོན་པའི་སོར་མོ་ལྔ་ལ་མེ་ཏོག་བཞག་པའམ། ཡང་ན་ནང་མཆོད་ཀྱི་ཐིག་ལེ་རེ་བྱས་ལ། གཡོན་པའི་སོར་མོ་ རྣམས་བསྡུས་པའི་མཐེ་བོང་ལ་ཟླ་གདན། གཞན་བཞི་དང་སོར་མོ་ལྔ་བསྡུས་པའི་སེན་མོ་རྣམས་ལ་ཉི་མའི་གདན་རེ་རེ། གདན་དེ་རྣམས་ཀྱི་སྟེང་དུ་མཐེ་བོང་ལ་རྡོར་སེམས་ཀྱི་ངོ་བོ་ཨོཾ་ཧ་དཀར་པོ། མཛུབ་མོ་ལ་རྣམ་སྣང་གི་ངོ་བོ་ནམ་ཧི་སེར་པོ། གུང་མོ་ལ་པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། སྲིན་ལག་ལ་དཔལ་ཧེ་རུ་ཀའི་ངོ་བོ་ཥ་ཊ་ཧེ་ནག་པ། མཐེའུ་ཆུང་ལ་རྡོ་རྗེ་ཉི་མའི་ངོ་བོ་ཧཱུཾ་ཧཱུཾ་ཧོ་དམར་སེར། སེན་མོ་རྣམས་ལ་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་གུ་རྣམས་བསམས་ལ། གཡོན་པའི་ མཐིལ་དུ་པདྨ་དམར་པོ་འདབ་མ་ལྔ་པའི་ལྟེ་བར། ཉི་མ་ལ་རྡོ་རྗེ་ཕག་མོའི་ངོ་བོ་ཨོཾ་བཾ་དམར་པོ། ཤར་གྱི་འདབ་མར་ཉི་མ་ལ་གཤིན་རྗེ་མའི་ངོ་བོ་ཧཾ་ཡོཾ་སྔོན་པོ། དབང་ལྡན་དུ་ཟླ་བ་ལ་རྨོངས་བྱེད་མའི་ངོ་བོ་ཧྲིཾ་མོཾ་དཀར་པོ། བྱང་དུ་ཉི་མ་ལ་བསྐྱོང་ 12-7-3a བྱེད་མའི་ངོ་བོ་ཧྲིཾ་ཧྲིཾ་སེར་པོ། ནུབ་ཏུ་ཉི་མ་ལ་སྐྲག་བྱེད་མའི་ངོ་བོ་ཧཱུཾ་ཧཱུཾ་ལྗང་གུ། ལྷོའི་འདབ་མར་ཉི་མ་ལ་གཏུམ་བྱེད་མའི་ངོ་བོ་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པར་གྱུར་པར་བསམ་པའམ། ཡང་ན་སྔགས་དེ་རྣམས་ ལས་ལྷ་སོ་སོར་བསྒོམ་པའམ། སྔགས་དེ་རྣམས་ལས་རྡོ་རྗེ་སོགས་ཕྱག་མཚན་བཅུ་གཉིས་ཡོངས་སུ་གྱུར་པ་ལས་ལྷ་རྣམས་ཆོ་ག་གསུམ་གྱིས་བསྐྱེད་པའམ། ཡང་ན་གནས་སོ་སོར་ལྷ་རྣམས་གྲོང་བསྐྱེད་བྱའོ། །དེ་ཡང་ཡབ་རྣམས་ལ་ཡུམ་གྱིས་འཁྱུད་པ་དང་། ཡུམ་རྣམས་ལ་རང་རང་གི་ཡབ་ཀྱིས་འཁྱུད་པའམ། ཡང་ན་ཡབ་ཡུམ་ རྐྱང་པ་བསྐྱེད་པ་རྣམས་གང་རུང་བྱའོ། །གོ་ཆ་དགོད་པ་ལ་ཡང་དེ་བཞིན་དུ་བྱའོ། །ལག་པའི་བོལ་ལ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར། གོ་ཆའི་སྔགས་སམ་ལྷ་བཅུ་གཉིས་གསལ་བར་གྱུར། ཡང་ན་འཁོར་ལོ་གསུམ་གྱི་ལྷ་ཚོགས་བསམ་མོ། །ལག་པའི་ སའི་ཁམས་ནི་ལྟུང་བྱེད་མ། ཆའི་ཁམས་ནི་གསོད་བྱེད་མ། མེའི་ཁམས་ནི་འགུགས་བྱེད་མ། རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མ། ནམ་མཁའི་ཁམས་ནི་པདྨའི་དྲ་བ་ཅན་གྱི་ངོ་བོར་གྱུར་པར་བསམས་ནས་ལག་པར་གནས་པའི་ས་བོན་གྱི་ཡི་གེ་ རྣམས་ལ་ག་པ་གཡས་པས་ཁུ་བའི་རྫས་བྱིན་གྱིས་བརླབས་པ་བླངས་ནས་ལག་པ་གཡོན་པའི་ཕྱི་ནང་ཀུན་ཏུ། ཨོཾ་ཨཱཿ ཧཱུཾ། བརྗོད་ཅིང་ལན་གསུམ་དུ་བླུགས་ལ། དེ་བཞིན་ཆང་གིས་ཀྱང་བླུགས་ཏེ། ལག་པ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་བརླབས་ པའི་འཁོར་ལོ་གསུམ་གྱི་ངོ་བོ་གྱུར་པར་བསམ་པའམ། ཡང་ན་འཁོར་ལོ་ལྔའི་ལྷ་ཚོགས་སུ་མོས་པར་བྱའོ། །དེ་ནས་ཕྱོགས་བཙང་མར་ཁྲུ་གང་ལ་སོགས་ཇི་ཙམ་འཚམ་པའི་རྒྱ་ལ་བྱི་དོར་ལེགས་པར་བྱས་ནས། དེར་ལག་པ་གཡོན་པ་གཏད་པའམ་བཞག་ལ། ཞལ་ 12-7-3b བཞི་པའི་སྔགས་བརྗོད། དེ་ནས་བདུད་རྩི་རིལ་བུ་དྲི་ཞིམ་པོ་དང་སྦྱར་བའམ། བདུད་རྩི་ལྔ་གང་རྙེད་པ་རྣམས་ནང་མཆོད་དང་བ་བྱུང་ལྔ་དང་སྦྱར་ལ་གཡོན་སྐོར་དུ་ཁྱེ་མ་མེད་པར་གྲུ་བཞིའི་རྣམ་པར་བྱུགས་ལ། དེའི་དབུས་སུ་ལག་པ་གཡོན་པ་བཞག་སྟེ། པཱུ་ཛ། ཨོ་ཨ། གོ་ར། དེ་ མ། ཀཱ་ཨོ། ཏྲི་ཀོ། ཀ་ལ། ཀ་ཧི། པྲེ་གྲྀ། སཽ་སུ། ན་སི། མ་ཀུ། ཨོཾ་པཱི་ཐཱ། ཀྵེ་ཏྲ། ཨུ་པ་པཱི་ཐཱ། ཀྵེ་ཏྲ། ཨུ་བཀྵེ་ཏྲ། ཙྪན་དོ་ཧ། ཨུ་པ་ཙྪན་དོ་ཧ། མེ་ལ་ཀ །ཨུ་པ་མེ་ལ་ཀ །ཤྨ་ཤཱ་ནེ། ཨུ་པ་ཤྨ་ཤཱ་ནེ། ཞེས་བརྗོད་ནས། ས་གཞི་བདེ་ སྟོང་དབྱེར་མེད་ཀྱི་ངོ་བོར་གྱུར་པའི་གནས་དང་། ཉེ་བའི་གནས་ལ་སོགས་པས་དང་པོ་ལ་སོགས་པའི་རང་བཞིན་དུ་གྱུར་པར་མོས་ལ། དེ་ནས་ལྷ་གནས་མི་འཆོལ་བའི་ཕྱིར་དུ། རྩ་ཐིག་ཚུན་ཆད་ཇི་མ་འཚམ་པའི་ཏིག་བཏབ་ལ། གཙོ་བོ་ཡབ་ཡུམ་དང་སྙིང་པོའི་རྣལ་འབྱོར་ མ་བཞིའི་གནས་སུ། དྲི་བཟང་པོས་ཐིག་ལེ་གྲུ་བཞི་པ་རེ་དང་། ལྷ་གཞན་རྣམས་ཀྱི་གནས་སུ་ཟླུམ་པོ་རེ་བྱ་སྟེ། ཨོཾ་ཨཱཿཧཱུཾ། བརྗོད་ཅིང་། མེ་ཏོག་གི་ཚོམ་བུ་རེ་ཡང་དགོད་དོ། །ཚོམ་བུ་དེ་དག་ལྷར་སྒོམ་པ་མ་ཡིན་གྱི། ཕྱིས་ལྷ་ལ་མེ་ཏོག་འབུལ་བའི་ཚེ་གནས་ངེས་པར་བྱ་བའི་ ཕྱིར་ཡིན་ནོ། །དེ་ནས་ཐོད་པ་ལ་སོགས་པའི་ནང་དུ། ནས་དང་། འོ་མ་དང་། མེ་ཏོག་དཀར་པོ་དང་། རྩྭ་ཀུ་ཤ་དང་། ཏིལ་དང་། བདུད་རྩི་ལྔ་དང་། འབྲས་ཡོས་དང་། དྲི་བཟང་བཏབ་པའི་ཆུ་བཞི་དང་། ཉེར་སྤྱོད་རོལ་མོ་དང་བཅས་པ་ལ་སོགས་པའི་མཆོད་རྫས་རྣམས། འབྲུ་གསུམ་ དང་། ཡི་གེ་བདུན་པ་དང་ལས་ཐམས་ཅད་པ་བརྒྱ་རྩ་བརྒྱད་དམ་ལན་བདུན་གྱི་བསྔགས་ལ། རང་གི་གཡོན་ངོས་སྣོད་གསུམ་དུ་ཆུ་བཞི། དེའི་མདུན་དུ་བཟེད་ཞལ་གསུམ་དང་བཅས་པ་བཞག །མེ་ཏོག་ལ་སོགས་པ་མདུན་བསྐྱེད་ཀྱི་གཡོན་ནས་འབུལ་བའི་རིམ་པ་བཞིན་དུ་ 12-7-4a བཤམ། རང་གི་མདུན་དུ་རྡོ་དྲིལ། གཡས་སུ་ཅང་ཏེའུ། གཡོན་དུ་ཐོད་པ་ཆང་གིས་བཀང་བ་རྣམས་བཤམ་མོ། །གཏོར་མ་འབྱོར་ན། ཤ་དང་ཉ་ཤ་དང་སྒོག་པ་དང་། བཙོང་ལ་སོགས་པ་དང་བཅས་པའམ། མ་འབྱོར་ན་ཇི་ལྟར་རྙེད་པ་ལ་སོགས་པ་ ཡང་བཤམ་མོ། །དེ་ནས་འབྲུ་གསུམ་དང་། ཨོཾ་སུམྦྷ། ཞེས་སོགས་བརྗོད་ཅིང་ནང་མཆོད་གཏོར་ལ། མཆོད་རྫས་ལ་རྐུ་བའི་བགེགས་བསྐྲད། ཨོཾ་སྭ་བྷཱ་ཝ། ཞེས་སོགས་ཀྱིས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཀཾ་རཾ་ཨཱ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ ཀྱི་ནང་དུ་ཧཱུཾ་ཧཱུཾ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས་རོལ་མོ་ལ་སོགས་པ་རྣམས་རང་བཞིན་སྟོང་ཉིད་རྣམས་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེད་ལས་དབང་པོ་དྲུག་ གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་ཁྱད་པར་ཅན་སྟེར་བ་གྱུར་པར་བསམས་ལ། ཨོཾ་ཨཱཿ ཨརྒྷྷཾ་ཨཱཿ ཧཱུཾ། དེ་བཞིན་དུ། པཱདྱཾ། ཨཱཉྩ་མ་ཎཾ། པྲོ་ཀྵ་ཎཾ། ཞེས་དང་། བཛྲ་ནི་རྡོ་རྗེ་སྟེ་བདེ་སྟོང་དབྱེར་མེད་དང་། པུཥྤེ་མེ་ཏོག་སྟེ་ངོ་བོ་བདེ་སྟོང་དབྱེར་མེད་ལ་རྣམ་པ་མེ་ཏོག་ཧཱུཾ་གིས་ཡེ་ ཤེས་ལྔའི་རང་བཞིན་དུ་བྱིན་གྱིས་རློབ་པ་སྟེ། གཞན་ལའང་དེ་བཞིན་དུ་ཤེས་པར་བྱའོ། །ཨོཾ་བཛྲ་པུཥྤེ་ཨཱཿ ཧཱུཾ། ཞེས་པ་ནས། ཨོཾ་རཱུ་པ་བཛྲི་ཨཱཿ ཧཱུཾ། ཞེས་སོགས་རང་རང་གི་སྔགས་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་དངོས་ནི། སྔ་མ་ བཞིན་དུ་བསང་ཤིང་སྦྱངས་ལ། སྟོང་པའི་ངང་ལས་སྐད་ཅིག་གིས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུང་ལྟ་བུ་གཡས་གཡོན་གཉིས་སུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་མེ། དེ་བཞིན་དུ་ཆུ་དང་ས་དང་རི་རབ་དང་དེའི་སྟེང་དུ་སྣ་ཚོགས་པདྨ་རྣམས་ 12-7-4b སྒྲུབ་ཐབས་བཞིན་བསྐྱེད་ལ། དེའི་སྟེང་དུ་དབྱངས་གསལ་གྱི་ཡི་གེ་རྣམས་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་སྣང་བའི་ཟླ་བའི་དཀྱིལ་འཁོར་དཀར་ལ་དམར་བའི་མདངས་ཅན། རང་གི་སྙིང་ག་ནས་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཅན་འཕྲོས་པ་སྣ་བུག་གཡས་ པ་ནས་འཐོན་ཏེ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་གྱུར་པར་བསམས་ལ། ཧཱུཾཾ་ཡིག་ལས་འོད་ཟེར་འཕྲོས་པས་དཔལ་འཁོར་ལོ་བདེ་མཆོག་གི་ཡེ་ཤེས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས་ཧཱུཾ་ལ་ཐིམ། ཨོཾ་ཨཱཿཧཱུཾ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿ སརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཞེས་སྐད་ཅིག་མའི་སྔགས་གསུམ་བརྗོད་ནས། ཧཱུཾ་ཟླ་བ་དང་བཅས་པ་ཡོངས་སུ་གྱུར་པ་ལས། དཔལ་འཁོར་ལོ་སྡོམ་པའི་རྟེན་དང་བརྟེན་ པར་བཅས་པའི་དཀྱིལ་འཁོར་དུས་གཅིག་ཏུ་གྲུབ་པ་ནི། ཞེས་པ་ནི་མངོན་བྱང་ལྔ་བསྐྱེད་བསྡུས་པ་སྟེ། ཟླ་བའི་ཁོ་དོག་དཀར་བ་དང་དབྱངས་ཡིག་མེ་ལོང་ལྟ་བུ་དང་། ཟླ་བའི་ཁ་དོག་དམར་བ་དང་ཀཱ་ལི་ནི་མཉམ་ཉིད་དང་། ཧཱུཾ་ཡིག་སོར་རྟོག་དང་། སྤྲོ་བསྡུ་སོགས་ནི་བྱ་བ་སྒྲུབ་པ་དང་། དཀྱིལ འཁོར་ཡོངས་སུ་རྫོགས་པ་ནི་ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པའོ། །དེ་ཡང་ཁང་པ་བརྩེགས་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། ཞེས་སོགས་སྒྲུབ་ཐབས་བཞིན་གཞལ་ཡས་ཁང་། སྲུང་འཁོར་དུར་ཁྲོད་བརྟེན་པ་ལྷ་དྲུག་ཅུ་རྩ་གཉིས་དང་བཅས་པ་གསལ་ གདབ། གོ་ཆ་དགོད། ཡེ་ཤེས་པ་གཞུག དབང་བསྐུར་རྒྱས་གདབ་པའི་བར་རྣམས་བྱའོ། །ཡང་ན་གོ་ཆ་དང་། དབུ་རྒྱན་རང་ཆས་སུ་གྲུབ་པར་བསམས་ལ་གསལ་གདབ་བོ། །དེ་ནས་མཆོད་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ 12-7-5a ཀྱི་མཆོད་པར་གྱུར་པར་བསམས་ལ། དམ་ཅིག་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ན། །བཞེས་ཏེ་བདག་ལ་བཀའ་དྲིན་སྩོལ། ། ཨོཾ་ཨཱཿ ཧྲཱིཿཔྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་རྡོ་རྗེ་ཐལ་མོ་ཁ་ཕྱེ་ནས་མཆོད་ཡོན་གྱི་སྣོད་བཟུང་སྟེ་བཟེད་ཞལ་གྱི་སྣོད་དང་པོར་ལན་གསུམ་དབུལ། དེ་བཞིན་དུ་ཚིགས་བཅད་དང་སྔགས་སྔ་མ་བཞིན་དུ་བརྗོད་ལ། ཡོན་ཆབ་དང་ཨརྒྷཾ་ཞེས་པའི་གནས་སུ་ཆུ་ གཞན་གསུམ་ལ་རིམ་པ་བཞིན། པཱདྱཾ། ཞེས་ཞབས་བསིལ་དང་གཡས་པའི་ཁུ་ཚུར་བཅངས་ནས་མཐེབ་མཛུབ་ཀྱིས། སྣོད་གཉིས་ཁ་ནས་མེ་ཏོག་ཆུ་དང་བཅས་པ་བླངས་ཏེ་ཁ་གྱེན་དུ་བསྟན་ལ། འགྱིང་པ་དང་བཅས་པས་ལན་གསུམ་བསྐོར་ནས་མཛུབ་མོ་ ནས་རིམ་གྱིས་དགྲོལ་བའི་ཕྱག་རྒྱས་བཟེད་ཞལ་གཉིས་པར་ཕུལ་ཏེ། ལྷ་རྣམས་ཀྱི་ཞབས་བཀྲུས་པར་བསམས། ཞལ་བསིལ་དང་ཆུ་སྣོད་གསུམ་པ་ནས་གཡས་པའི་ཁུ་ཚུར་གྱི་མཐེབ་མཛུབ་ཀྱིས་མེ་ཏོག་ཆུ་དང་བཅས་པ་བླངས་ཏེ་ཁུ་ཚུར་ཁ་འོག་ཏུ་བསྟན་ལ་ མཐེའུ་ཆུང་ནས་རིམ་གྱིས་དགྲོལ་བའི་ཕྱག་རྒྱ་དང་། ཨཱཉྩ་མ་ཎཾ། ཞེས་བཟེད་ཞལ་གསུམ་པར་ལན་གསུམ་ཕུལ་ཏེ། ཞལ་བཤལ་ཞིང་བཀྲུས་པར་བསམ། བསང་གཏོར་དང་སླར་ཡང་སྣོད་གསུམ་པ་ནས་གཡས་པའི་ཀུ་ཤའི་ཆུན་པོས་ཆུ་བླངས་ནས། བཟེད་ཞལ་གསུམ་ པར་ལན་གསུམ་བསང་གཏོར་བྱས་ཏེ། པྲོཀྵ་ཎཾ་ཞེས་སྐུ་ཐམས་ཅད་ལ་གཏོར་བས་དག་པར་བསམས་ལ་ཆུ་བཞི་དབུལ། ཏིང་འཛིན་པོར་གྱིས་བྲིས་པའི་སྨིན་ལེགས་གཟུགས། །འཁྲི་ཤིང་གཞོན་ནུ་བཞིན་དུ་ལུས་ཕྲ་ཞིང་། །བཞིན་རས་རྒྱས་པས་ཟླ་བའི་ 12-7-5b མཛེས་པ་འཕྲོག །ཨུཏྤལ་སྔོན་པའི་མིག་ཅན་མཆུ་སྒྲོས་དམར། །སྤེལ་ལེགས་མེ་ཏོག་ཕྲེང་བ་མཛིན་མཛད་མ། །འདོད་པའི་བདེ་ལ་ཆགས་པ་མང་སྤྲུལ་ཏེ། །དཀྱིལ་འཁོར་བ་རྣམས་དགྱེས་པ་བསྐྱེད་པའི་ཕྱིར། །ཉེར་སྤྱོད་ལྷ་མོའི་བདེ་བས་ མཆོད་པར་བྱ། །རྗོ་རྗེ་ཁུ་ཙུར་གཉིས་ཁ་གྱེན་དུ་བསྟན་ནས་གཏོར་བའི་ཕྱག་རྒྱ་དང་། ཨོཾ་བཛྲ་པུཥྤེ་པྲ་ཏཱི་ཙྪ་ཨཱཿ ཧཱུཾ་ཞེས་མེ་ཏོག་དང་དེ་བཞིན་དུ་བདུག་སྤོས་ནས་ཞལ་ཟས་ཀྱི་བར་ལ་ཚིགས་བཅད་དང་སྔགས་སྔ་མ་བཞིན་དུ་བརྗོད་ལ། ཁྱད་པར་ནི་སྤེལ་ལེགས་མེ་ཏོག་ཕྲེང་བ་འཛིན་ མཛད་མ་ཞེས་དང་། པུཥྤེ་ཞེས་པའི་གནས་སུ་རིམ་པ་བཞིན། དྲི་ཞིམ་བདུག་པའི་སྤོས་སྣོད་འཛིན་མཛད་མ། ཞེས་དང་། རྡོ་རྗེ་ཁུ་ཚུར་གཉིས་ཁ་ཐུར་དུ་བསྟན་ནས་སྤོས་འབུལ་བའི་ཕྱག་རྒྱ་དང་། དྷཱུ་པེ། ཞེས་པས་བདུག་སྤོས་དང་། རིན་ཆེན་འོད་འབར་ སྣང་གསལ་འཛིན་མཛད་མ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོང་གཤིབས་ཏེ་བསྒྲེང་བའི་ཕྱག་རྒྱ་དང་། དཱི་པེ། ཞེས་མར་མེ་དང་། སྟོང་གསུམ་ངད་ལྡང་དྲི་མཆོག་འཛིན་མཛད་མ། །རྡོ་རྗེ་ཁུ་ཚུར་བརྐྱངས་པའི་ཐལ་མོར་དྲི་བྱུང་པའི་ཕྱག་རྒྱ་དང་། གནྡྷེ་ཞེས་ དྲི་དང་། རོ་བརྒྱ་ལྡན་པའི་ཞལ་ཟས་འཛིན་མཛད་མ། །རྡོ་རྗེ་ཁུ་ཚུ་གཉིས་ཁ་གྱེན་དུ་བསྟན་ནས་ཐལ་མོ་བརྐྱང་པའི་ཕྱག་རྒྱ་དང་། ནཻ་ཝི་དྱ་ཞེས་པ་རྣམས་བཅུག་ལ་ཞལ་ཟས་ཀྱི་བར་དབུལ། ཡིད་འོད་རོལ་མོའི་ཅ་བྱང་མཐའ་ཡས་ལས། །བྱུང་བའི་ གདངས་སྙན་མི་འདྲ་དུ་མ་ཅན། །ཐོས་པས་ལུས་སེམས་གདུང་བཞི་བྱེད་པ། །སྣ་ཚོགས་རོལ་མོའི་སྒྲ་ཡིས་མཆོད་པར་བྱ། །ཨོཾ་བཛྲ་ཤཔྟ་པྲ་ཏཱི་ཙྪ་ཨཱཿ ཧཱུཾ་སྭཱ་ཧཱ། ཞེས་རོལ་མི་དབུལ། ཕུལ་བྱུང་གཟུགས་མཛེས་ཡིད་འཕྲོག་ 12-7-6a རྒྱན་གྱིས་སྤུད། །ལང་ཚོ་རབ་རྒྱས་གླུ་དང་གར་ལ་མཁས། །དབང་པོ་དྲུག་ལ་རྨད་བྱུང་བདེ་བ་སྟེ། །ཀུན་གྱི་དགའ་བསྐྱེད་མཆོད་པའི་ལྷ་མོ་ནི། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་མས། །གདངས་སྙན་སྒྲ་ཡིས་ རྣ་བའི་དགའ་སྟོན་བགྱིད། །རབ་འབྱམས་མཆོད་པའི་སྤྲིན་གྱིས་བདག་མཆོད་ན། །དགྱེས་བཞིན་བཞེས་ཏེ་མཆོག་རྣམས་སྩལ་ཏུ་གསོལ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་པི་ཝང་བརྡུང་བའི་ཚུལ། ཨོཾ་བཛྲ་བྰི་ཎི་ཧཱུཾ་ཧཱུཾ་ཕཊ། གླིང་བུ་བསྒྱུར་བའི་ཚུལ་ དང་། ཨོཾ་བཛྲ་བཾ་ཤེ་ཧཱུཾ་ཧཱུཾ་ཕཊ། སོར་མོས་མཆན་ཁུང་གི་ཐད་དུ་རྔ་སྨྲི་ཏཾ་གེ་བ་རྡུང་བའི་ཚུལ་དང་། ཨོཾ་བཛྲ་སྨྲི་ཏཾ་གེ་ཧཱུཾ་ཧཱུཾ་པཊ། སོར་མོས་འོག་ཏུ་རྫ་རྔ་ཆེན་པོ་བརྡུང་བའི་ཚུལ་དང་། ཨོཾ་བཛྲ་མུ་ར་ཛ་ཧཱུཾ་ཧཱུཾ་ཕཊ། པོ་ཝང་ཞེས་པ་ནས་དགའ་སྟོན་འགྱེད་ཅེས་པའི་ ཚིག་རྐང་གཉིས་ཀྱི་གནས་སུ། བཞིན་མཛེས་འཛུམ་དང་ལྡེམ་པའི་འགྱིང་བག་ཅན། །སྙན་པའི་གླུ་ལེན་མཛེས་པའི་གར་བསྒྱུར་མ། །ཞེས་བཅུག་ལ། གོང་གི་ཚིག་རྐང་བཞི་དང་། མཐའི་ཚིག་རྐང་གཉིས་སྔ་མ་བཞིན་དུ་སྦྱར་བའི་རྗེས་སུ། རྡོ་རྗེ་ཁུ་ཚུར་གཉིས་ ཁ་ཕྱིར་བསྟན་ཏེ་ཁ་འགྲམ་གཉིས་སུ་བཞག་པ་བཞད་པའི་ཚུལ་དང་། ཨོཾ་བཛྲ་ཧཱ་སྱ་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་དཀུར་བཞག་སྟེ་བསྙེམས་པའི་ཚུལ་དང་། ཨོཾ་བཛྲ་ལཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཏིང་ཤགས་དཀྲོལ་བའི་ཚུལ་དང་། ཨོཾ་བཛྲ་གཱིརྟེ་ཧཱུཾ་ཧཱུཾ་ཕཊ། གར་ བསྐོར་བའི་ཚུལ་དང་། ཨོཾ་བཛྲ་ནྲྀ་ཏྱ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་དེ། དེ་བཞིན་དུ་འོག་མ་གཉིས་ལའང་སྦྱར་ལ་ཁྱད་པར་ནི། མེ་ཏོག་ཀོན་བུ་དྲི་ཞིམ་བདུག་སྤོས་དང་། མར་མེའི་སྡོང་བུ་དྲི་ཡི་དུང་ཆོས་འཛིན། །སྔར་གྱི་མེ་ཏོ་གི་ནས་དྲིའི་བར་གྱི་ཕྱག་རྒྱ་ 12-7-6b བཞི་རིམ་པ་བཞིན་བྱས་ལ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དཱི་པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གནྡྷེ་ཧཱུཾ་ཧཱུཾ་ཕཊ། དྲི་མེད་མེ་ལོང་སྦྲང་ཆར་སྣོད་དང་ནི། །སྣ་ཚོགས་གོས་དང་ཆོས་ཀྱི་འབྱུང་གནས་འཛིན། །གཡོན་རྡོ་རྗེ་ཁུ་ཚུར་ཁ་ ནང་དུ་བསྟན་པའི་སྟེང་དུ་གཡས་པའི་ལག་མཐིལ་ཕྱིར་བསྟན་ཏེ་བཞག་པ་མེ་ལོང་གི་ཕྱག་རྒྱ་དང་། ཨོཾ་རཱུ་པ་བཛྲི་ཧཱུཾ་ཧཱུཾ་ཕཊ། སྔར་གྱི་ཞལ་ཟས་ཀྱི་ཕྱག་རྒྱའམ་ཡང་ན་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བ་རོའི་ཕྱག་རྒྱ་དང་། ཨོཾ་ར་ས་བཛྲི་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གོས་ འབུལ་བའི་ཕྱག་རྒྱ་དང་། ཨོཾ་སྤརྴ་བཛྲི་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་བསྡམས་པ་ལས་མཐེའུ་ཆུང་རྩེ་སྤྲད་ལ་བརྐྱང་མཛུབ་མོ་གཉིས་དང་མཐེ་བོང་གཉིས་བརྐྱང་སྟེ་བསྐྱེད་པ་ཆོས་འབྱུང་གི་ཕྱག་རྒྱ་དང་། ཨོཾ་དྷརྨཱཿ དྷཱ་ཏུ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་རིག་མ་བཅུ་དྲུག་གིས་མཆོད། རབ་ འབྱམ་ཞིང་ན་ཇི་སྙེད་གཟུགས་མཆིས་པ། །ཡོངས་སུ་གྱུར་པ་ལས་བྱུང་ལྷ་མོ་ནི། །བཞིན་རས་འཛུམ་ཞིང་སྐུ་ཡི་མཛེས་པ་སྟོན། །གཟུགས་ཀྱི་རྡོ་རྗེ་མ་ཡི་མཆོད་པ་ཡིས། །གང་ཤར་གཟུགས་ཀྱི་སྣང་བ་ཐམས་ཅད་ནི། གཟུགས་ ཀྱི་རྡོ་རྗེ་མར་ནི་ཤར་བའི་མཐུས། །མི་འགྱུར་བདེ་བ་ཆེན་པོ་རབ་སྩལ་ཏེ། །བདེ་སྟོང་མཆོག་གི་ཏིང་འཛིན་རྫོགས་པར་ཤོག །སྔར་གྱི་མེ་ལོང་གི་ཕྱག་རྒྱ་དང་། ཨོཾ་རཱུ་པ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་གཟུགས་དང་། དེ་བཞན་དུ་ཚིགས་ཅད་གཞན་རྣམས་སྔ་མ་ བཞིན་དུ་བརྗོད་ལ་ཁྱད་པར་ནི་གཟུགས་ཞེས་པ་འོག་མ་བཞི་ལ་རིམ་པ་བཞིན། སྒྲ་དང་དྲི་དང་རོ་དང་རེག་བྱ་ཞེས་པས་བརྗེས་ནས། བཞིན་རས་འཛུམ་ཞིང་སྐུ་ཡི་མཛེས་པ་སྟོན། །ཞེས་པའི་གནས་སུ། སྙན་པའི་པི་ཝང་བརྡུང་ཞིང་གླུ་ལེན་མ། །ཞེས་པ་བཅུག་པའི་ 12-7-7a རྗེས་སུ། སྔར་གྱི་པི་ཝཱ་བརྡུང་པའི་ཚུལ་དང་། ཨོཾ་ཤཔྟ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་དེ། དེ་བཞིན་དུ་འོག་མ་གསུམ་ལའང་ཤེས་པར་བྱའོ། །བཟང་པོའི་དྲི་ཡིས་ཕྱོགས་ཀུན་རབ་འགེངས་མ། །ཨོཾ་གནྡྷེ་བཛྲི་ ཧཱུཾ་ཧཱུཾ་ཕཊ། ཅེས་དང་། བདུད་རྩིས་གང་བའི་རིན་ཆེན་སྣོད་འཛིན་མ། ཨོཾ་ར་ས་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་དང་། འཇམ་མཉེན་རེག་བྱ་མཆོག་གིས་ཡིད་འཕྲོག་མ། །ཨོཾ་སྤརྴ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་འདོད་ཡོན་ལྔ་མཆོད་དོ། །དྲི་མེད་གསེར་གྱི་ རྩིབས་སྟོང་འདོ་འབར་བ། །རིན་ཆེན་ཨིནྡྲ་ནཱི་ལའི་ཏོག་གིས་མཛེས། །སྣ་ཚོགས་ཕྲ་བཀོད་མུ་ཏིག་ཆུན་འཕྱང་གིས། །ཁོར་ཡུལ་བརྒྱན་པའི་གདུགས་ཀྱིས་མཆོད་པར་བྱ། །གཡོན་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་མཐེ་བོའི་སྟེང་དུ་གཡས་ པ་ཁ་ཐུར་དུ་བསྟན་པ་བརྐྱངས་ལ། ཨོཾ་བཛྲ་ཙྪ་ཏྲཾ་ག་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་གདུགས་དང་། དྲང་ཞིང་ལྡེབ་པའི་རིན་ཆེན་ཡུ་བ་ནི། །ཟླ་ཕྱེད་རྡོ་རྗེ་རིན་ཆེན་རྩོ་མོ་ཅན། །དར་ལྕེ་གསུམ་པ་རླུང་གིས་བསྐྱོད་པ་ན། །སིལ་སིལ་འཁྲོལ་བའི་དྲིལ་ ཆུང་སྒྲ་སྒྲོག་ཅིང་། །སུམ་ཁུག་འཁྱོག་གི་འགྱིང་དང་རབ་ཏུ་ལྡན། །མཛེས་པའི་སྲོག་ཆག་མཚན་མ་ཡོད་མེད་ཀྱི། །མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་དང་། །རབ་མཛེས་བ་དན་རྣམས་ཀྱིས་མཆོད་པར་བྱ། ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་གཡས་པའི་གྲུ་མོ་བཙུགས་པའི་རྡོ་རྗེ་ཁུ་ཚུར་ཕྲག་པ་གཡོན་ཕྱོགས་སུ་ཁྱེར་བ་དང་། ལག་པ་གཉིས་བརྐྱང་པའི་སྲིན་ལག་གི་ཚིགས་དབུས་མ་བཀུག་ནས། བ་དན་རྩེ་གསུམ་པའི་ཚུལ་དུ་བསྒྲེངས་ཏེ་ལག་པ་གཉིས་བརྐྱང་ནས་ 12-7-7b སྟེང་དུ་བཏེགས་པ་ལྟར་བཞག་ལ། ཨོཾ་བཛྲ་ཀེ་ཏུ་པྲ་ཏངྐེ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་རྒྱལ་མཚན་དང་བ་དན། ནམ་མཁའི་རྒྱན་གྱུར་རིན་ཐང་མེད་པའི་གོས། །སྣ་ཚོགས་དར་གྱི་ཤམ་བུ་གཡོ་བ་ཅན། །ཙནྡན་སྦྲུལ་གྱི་སྙིང་པོའི་དྲིས་བསྒོས་པ། །རབ་འབྱམས་ བླ་རེའི་སྤྲིན་གྱིས་མཆོད་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནམ་མཁའ་ལ་བླ་རེ་འདེགས་པའི་ཚུལ་ལམ། ཡང་ན་གཡོན་པང་བར་མཉམ་གཞག་བྱས། གཡས་ཁ་ཐུར་དུ་བསྟན་ཏེ་བླ་རེ་བསྐྱེད་པའི་བསམ་པས་ནམ་མཁའ་ལ་ཡོངས་སུ་བསྐོར་ལ། ཨོཾ་བཛྲ་བི་ཏཱ་ན་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་ བླ་རེ་དབུལ། འཛམ་བུ་ཆུ་བོའི་གསེར་ལས་ལེགས་བྱས་ཤིང་། །རྩིབས་སྟོང་ལྡན་པའི་དཔག་ཚད་ལྔ་བརྒྱ་པ། །ཉི་མ་གཉིས་པ་ལྟ་བུར་མཁར་འཕགས་ཏེ། །དཔག་ཚད་འབུལ་ལམ་ཉི་མ་གཅིག་གིས་གཅོད། །དེའི་མཐུས་ནམ་མཁའི་ལམ་ནས་ དཔུང་ཚོགས་བཞི། །གླིང་བཞི་ལྷ་གནས་དང་པོར་བགྲོད་བྱེད་པའི། །འཁོར་ལོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཆོས་ཀྱི་སྲིད་ལ་དབང་སྒྱུར་ཐོབ་པར་ཤོག །ལག་པའི་མཁྲིག་མ་གཉིས་བསྣོལ་ཏེ། རྒྱལ་སྦྱར་ལ་སོར་མོ་རྣམས་གཅིག་ལ་གཅིག་འཁྱུད་དེ། མཐེ་བོང་ གཉིས་ལག་པའི་མཐིལ་དུ་བཀུག་ལ། ཨོཾ་བཛྲ་ཙ་ཀྲ་རཏྣ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་འཁོར་ལོ། རིན་ཆེན་བཻ་ཌཱུརྱ་ཡི་ཟུར་བརྒྱད་ལས། །སྤྲོས་པའི་འོད་ཀྱིས་དཔག་ཚད་བརྒྱ་ཡི་བར། །མཚན་མོའང་ཉིན་མོ་བཞིན་སྣང་བྱེད་ཅིང་། །ཚ་བས་གདུངས་ཚེ་འོད་ཀྱིས་བསིལ་ བ་སྟེར། །དེར་ནི་དུས་མིན་འཆི་དང་ནད་རྣམས་སེལ། །ཡིད་ལ་གང་བསམ་ཕལ་ཆེར་འབྱུང་འགྱུར་བའི། །ནོ་བུ་རིན་ཆེན་ཕུལ་བས་འགྲོ་ཀུན་གྱི། །ཆོས་ལྡན་རེ་བ་ཡིད་བཞིན་འགྲུབ་པར་ཤོག །ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ཚིགས་བཅག་སྟེ་མཐེ་ 12-7-8a བོང་གཉིས་རྩེ་སྤྲད་ཙ་ཀྲ་རཏྣའི་གནས་སུ། མ་ཎི་ཏྣ་ཞེས་ནོར་བུ་དང་། ཡིད་འོང་བལྟ་ན་སྡུག་པའི་བུད་མེད་ནི། །ལུས་དང་ཁ་ནས་དྲི་ཞིམ་རབ་ཏུ་འབྱུང་། །གང་གིས་རེག་ན་བདེ་བའི་མཆོག་སྟེར་ཞིང་། །གླིང་དེར་བཀྲེས་ སྐོམ་མྱ་ངན་སེལ་བར་བྱེད། །བུད་མེད་སྐྱོན་ལྔ་སྤངས་ཤིང་ཡོན་ཏན་ནི། །རྣམ་པ་བརྒྱད་དང་རབ་ཏུ་ལྡན་གྱུར་པའི། །བཙུན་མོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཟུག་མེད་བདེ་བ་ཆེ་ལ་སྤྱོད་པར་ཤོག །རྡོ་རྗེ་འབྱུང་བ་ལས། རྡོ་རྗེ་ཐལ་མོ་སྦྱར་བ་ལས། །མཛུབ་ མོའི་རྩེ་མོ་བཀུག་ནས་ནི། །གུང་མོ་མཉམ་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་པའི་ཕྱག་རྒྱ་དང་། སྟྲཱི་རཏྣ་ཞེས་བཙུན་མོ། གཞན་ལ་མི་འཚེ་ཆོས་མ་ཡིན་པ་སྤངས། ཡང་དག་ཐ་སྙན་ལས་ལ་སྐྱོ་བ་མེད། །ས་ཡི་བདག་པོའི་ཡིད་ ལ་བསམས་པ་རྣམས། །མ་སྨྲས་པར་ཡང་ཤེས་ནས་སྒྲུབ་པར་བྱེད། །དཔུང་རྣམས་འགྲོ་དང་གནས་དང་ལྡོ་པ་ཡི། །བྱ་བ་ཀུན་ལ་རབ་ཏུ་མཁས་གྱུར་པའི། །བློན་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྒྱལ་བའི་དགོངས་པ་ཇི་བཞིན་སྐོང་ བར་ཤོག །རྡོ་རྗེ་བསྡམས་པ་ལས། གུང་མོ་གཉིས་དང་ཐ་མ་བཞི་གཤིབས་ཏེ་བསྒྲེང་པའི་ཕྱག་རྒྱ་དང་། པ་རི་ཎཱ་ཡ་ཀ་རཏྣ། ཞེས་བློན་པོ་དང་། ཡན་ལག་བདུན་གནས་གངས་ཀྱི་རི་བོ་འདྲ། །རང་བཞིན་གླང་པོ་སྟོང་གི་སྟོབས་དང་ལྡན། །ཉི་མ་གཅིག་ གིས་འཛམ་གླིང་ལན་གསུམ་འཁོར། །ཅང་ཤེས་སྐུད་པ་ཡིས་ཀྱང་བཀྲི་བར་ནུས། །གཞན་ལ་མི་གནོད་མི་འཁྲུག་དལ་གྱིས་འགྲོ། །ཕ་རོལ་སྡེ་ལས་རྒྱལ་བར་བྱེད་པ་ཡི། །གླང་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཐེག་པ་མཆོག་ 12-7-8b གི་བཞོན་པས་འགྲོ་བར་ཤོག །ལག་པ་གཡོན་པའི་མཐིལ་དུ་གཡས་པའི་གྲུ་མོ་བཞག་སྟེ་བསྒྲེངས་ལ། གཡས་པའི་ཁུ་ཚུ་འོག་ཏུ་གླང་པོའི་སྣ་ལྟར་བྱས་ཏེ། ག་ཛ་ར་ཏྣ། ཞེས་གླང་པོ། མེ་ཏོག་ཀུ་མུ་ད་བཞིན་རབ་ཏུ་དཀར། །ལྷ་ཡི་གཅིག་རྒྱན་ནོར་བུ་སོགས་ཀྱིས་ བརྒྱན། །མདོག་དང་དབྱིབས་དང་བོངས་ཚོད་ཕུན་སུམ་ཚོགས། །བསྒོ་ན་ཉིན་གཅིག་འཛམ་གླིང་ལན་གསུམ་འཁོར། །ལུས་ལ་ནང་མེད་གཟི་བརྗིད་ཆེན་པོ་ཅན། ཡོངས་སུ་ངལ་བ་མེད་པའི་བཞོན་པ་ནི། །རྟ་མཆོག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། ། རྫུ་འཕྲུལ་མཆོག་གི་ཤུགས་དང་ལྡན་པར་ཤོག །རྡོ་རྗེ་ཁུ་ཚུར་བཅེར་བའི་གུང་མོ་གཉིས་དང་སྲིན་ལག་གཉིས་བརྐྱངས། མཐེ་བོང་གཉིས་རྣ་བ་ལྟར་བྱས་ལ། ཨ་ཤྭ་རཏྣ། ཞེས་རྟ་མཆོག རྡོ་རྗེ་རིན་ཆེན་མཐོན་ཀ་མ་རྒད་དང་། གསེར་དང་དངུལ་དང་སྤུག་ལ་ སོགས་པ་ནི། །ཟད་པ་མེད་པས་ས་ཕྱོགས་རབ་འགེངས་པ། །དེ་ཡི་འབྱོར་པ་ཤིན་ཏུ་བརྟན་པ་སྟེ། །གཡོ་དང་སྒྱུ་མེད་གཞན་ལ་གནོད་པ་མེད། །སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་འགྱུར་བའི། །ཁྱིམ་བདག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །གསུང་ རབ་རིན་ཆེན་མཛོད་ཀུན་འཛིན་པར་ཤོག །ཐལ་མོ་གཉིས་བཀན་ལ་སྙིམ་པའི་ཚུལ་དུ་བྱས་པ་ནམ་མཁལ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཞག་ལ། གྲྀ་ཧ་པ་ཏི་རཏྣ། ཞེས་ཁྱིམ་བདག་སྟེ་རིན་ཆེན་སྣ་བདུན་གྱིས་མཆོད། འཁོར་ལོའི་སྐབས་ཀྱི་སྔགས་ཀྱི་ཐོག་མཐའ་ཕྱི་མ་བདུན་ ལའང་སྦྱར་རོ། །རིན་ཆེན་སྣ་བདུན་འབུལ་བའི་ཚིགས་བཅད་རྣམས་ནི་མདོ་དྲན་པ་ཉེར་གཞག་ལས་གསུངས་པའི་དོན་བསྡུས་པའོ། །མཆོད་པ་དེ་རྣམས་ནི་བུམ་དབང་དང་འབྲེལ་བའི་མཆོད་པའོ། །དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། དེ་ཡང་བདག་བསྐྱེད་ལ་མཆོད་ 12-7-9a པའི་ཚེ། ཐོད་པའི་མདུན་རང་དུང་། མདུན་བསྐྱེད་ལ་མཆོད་པའི་ཚེ། ཕྱིར་བསྟན་ལ་གཡོན་པའི་མཐེབ་སྲིན་སྦྱར་ནས་གཡོན་སྐོར་དུ་ལན་གསུམ་དཀྲུགས་ཏེ། དབུས་སུ་སྙིང་པོ་བྱུང་བར་བསམས་ནས་མཐེབ་སྲིན་གྱིས་དབུས་ནས་བླངས་ལ། སྨིན་མཚམས་ ཡན་གྱི་གྱེན་དུ་གཏོར་ཞིང་། མགྲོན་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད། ཨོཾ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ་ཧཱུཾ་ཋ་ཋ་ཏྲཾ་ཨཱཿཁཾ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཞེས་བྱིན་གྱིས་བརླབས་ཏེ། རྡོ་རྗེའི་འོད་ཟེར་གྱི་སྦུ་ གུས་དྲངས་ནས་གསོལ་བར་གྱུར་པར་བསམས་ལ། མཆོད་དོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་ཕུང་པོ་སྟོང་ཕྱག་བརྒྱད་ཅུ་རྩ་བཞིའི་ འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དཔལ་ལྡན་བླ་མ་དམ་པའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཞེས་རྩ་བའི་བླ་མ་དང་། དེ་བཞིན་དུ་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གྱི་མཐར། ཨོཾ་ཨཱཿ ཧཱུཾ། བཏགས་ལ་དབུལ། དེ་ནས་ལྷ་དྲུག་ཅུ་རྩ་གཉིས་ ཀྱི་སྔགས་དང་། བླ་མེད་ཀྱི་ལྷ་གཞན་རྣམས་ཀྱི་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུཾ། བརྗོད་ལ་སྙིང་གའི་ཐད་དུ་གྱེན་དུ་འཐོར་ཞིང་དབུལ། དེ་ནས་ལྕེ་རྩེ་སྨིན་མཚམས་སྤྱི་གཙུག་གསུམ་དུ་ཆང་གི་ཐིག་ལེ་བྱས་ནས། ཆོས་སྐྱོང་གི་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུཾ་བཏགས་ལ་དབུལ། དེ་ནས་དུར་ ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་ཐམས་ཅད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། གཞི་བདག་གཉུག་མར་གནས་པ་རྣམས་དང་སེམས་ཅན་ཐམས་ཅད་ལྷར་གྱུར་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ་ཞེས་ལྟེ་ 12-7-9b བའི་ཐད་ནས་འཁོར་ཞིང་མཆོད་སྦྱིན་པའི་ཕྱག་རྒྱས་ཕུལ་ནས། རང་གི་ལྕེ་ལ་བཞག། ཨོཾ་ཨ་མྲྀ་ཏ་སྭ་ད་ན་སྭ་བྷཱ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ། མགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་མཉེས་པར་གྱུར། སྙིང་ཁའི་ཧཱུཾ་ལས་བྱུང་བའི་སྙིང་པོའི་རྣལ་ འབྱོར་མ་བཞི་དང་། སྒོ་མཚམས་མ་བརྒྱད་ཀྱིས་ཐོད་པ་ན་གནས་པའི་བདུད་རྩི་ལྔས་མཆོད་པར་བསམས་ལ། ཨོཾ་སརྦ་བཛྲ་ཀཱ་མི་ནི་སརྦ་བྷཀྵཾ། ཤོ་དྷ་ཡ་གུ་ཧྱ་བཛྲི་ཎི་སྭཱ་ཧཱ། མཉེས་ཤིང་ཚིམ་སྟེ་ལྷ་ཐམས་ཅད་ཀྱི་ཞལ་ནས། ཨོཾ་ཧྲཱིཿ ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་ གསུང་པར་བསམས། དེ་དག་ནི་གསང་དབང་དང་འབྲེལ་བའི་མཆོད་པའོ། །ཡབ་ཀྱི་གསང་གནས་མི་དམིགས་པ་ལས། ཧཱུཾ་དམར་པོ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བྱཱ་དམར་པོ་ལས་བྱུང་བའི་ནོར་བུ་དམར་པོ་རྩེ་མོ་ལ་བྱཱ་སེར་པོས་མཚན་པ། ཡུམ་གྱི་གསང་ གནས་མི་དམིགས་པ་ལས། ཨ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་གསུམ་བྱཱ་དཀར་པོ་ལས་བྱུང་བའི་བྱང་ཆུབ་སེམས་མཚོན་པའི་ལྟེ་བ་དཀར་པོ་རྩེ་མོར་བྱ་སེར་པོས་མཚན་པ། ཡབ་ཀྱི་ལྟེ་བར་ཟླ་གདན་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ ཕཊ་སྭཱ་ཧཱ། ཐུགས་ཀར་ཟླ་གདན་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། མགྲིན་པར་ཉི་གདན་ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛཱ་ལ་ཤཾ་བ་རཾ་སྭཱ་ཧཱ། ཡུམ་གྱི་ལྟེ་བར་ཉི་གདན་ལ་ཨོཾ་ཤྲཱི་བཛྲ་ཧ་ཧེ། ཞེས་པ་ནས་ ཤཾ་བ་རཾ་སྭཱ་ཧཱ། ཐུགས་ཀར་ཉི་གདན་ལ། ཨོཾ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ། མགྲིན་པར་ཟླ་གདན་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། དཔྲལ་བར་ཟླ་གདན་ལ། ཨོཾ་སརྦ་བུདྡྷ་ཞེས་པ་ནས་སྭཱ་ཧཱའི་སྔགས་རྣམས་ཁ་དོག་དམར་པོ་འོད་ཟེར་འཕྲོ་བ་ 12-7-10a གཡོན་སྐོར་དུ་གནས་པ། ཕན་ཚུན་དུ་ཞལ་སྦྱོར་ཞིང་འོད་ཟེར་འཁྱུད་པའི་རྣམ་པ་ཅན་དུ་གྱུར། ཨོཾ་ཨཱཿ ཧཱུཾ་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ། མགྲིན་པ་ནས་ སྙིང་གར་སླེབ་པ་ན་མཆོག་དགའ། སྙིང་ག་ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབ་པ་ན་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས་པས། ལྷ་ཐམས་ཅད་ཀྱིས་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར། པར་བསམ་པ་ནི་གསང་ མཆོད་དེ། དེ་དག་ནི་དབང་གསུམ་པ་དང་འབྲེལ་བའི་མཆོད་པའོ། །དཀྱིལ་འཁོར་བའི་ལྷ་རྣམས་ལྷན་སྐྱེས་ཀྱི་བདེ་བ་དང་། དེ་ཁོ་ན་ཉིད་དབྱེར་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་དེ་ཁོ་ན་ཉིད་མཆོད་པས་དགྱེས་པར་གྱུར་པར་བསམ་པ་ནི་དེ་ཁོ་ ན་ཉིད་ཀྱི་མཆོད་པ་སྟེ། དབང་བཞི་པ་དང་འབྲེ་བའི་མཆོད་པའོ། །དེ་ནས་ལག་པ་གཡོན་པས་དཀྱིལ་འཁོར་གྱི་དབུས་སུ། ཨོཾ་ཨཱཿ ཧཱུཾ་ཞེས་གཙོ་བོ་ཡབ་ཡུམ་གཉིས་ལ་མེ་ཏོག་དབུལ། ཁ་ཅིག་སྤྱིར་མེ་ཏོག་དབུལ་ཞེས་གསུང་ངོ་། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང་། དེ་སྙིང་ གིས་མེ་ཏོག་དབུལ་ལོ། །དེ་ནས་མཁའ་འགྲོ་མ་ནས་བཟུང་སྟེ། གཤིན་རྗེ་འཇོམས་མའི་བར་ལ་ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་གྱིས་ལྷ་རང་རང་གི་གནས་སུ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་པ་ནས། ཨོཾ་ཡ་མ་མ་ཐཱ་ནི་ཧུཾ་ཧཱུཾ་ཕཊ། ཅེས་པའི་བར་ལྷ་རང་རང་ གི་སྔགས་ཀྱིས་མེ་ཏོག་དབུལ་ལོ། །དེ་ནས་ལག་པ་ལ་བཀོད་པའི་ལྷ་རྣམས་ལ། ཨོཾ་ཧ་ཞེས་སོགས་བརྗོད་ཅིང་ལྷ་རང་རང་གི་གནས་སུ་ལག་པ་གཡས་པས་མེ་ཏོག་དབུལ་ལོ། །ལག་པའི་བོལ་ལ་ལྷ་རྫོགས་པར་བཀོད་པ་ཡིན་ན། ཨོཾ་ཧཱུཾ་བཾ་རྀཾ་རཱྀཾ་ལྀཾ་ལཱྀཾ་ཀཾ་ཁཾ། ཞེས་པ་ནས། 12-7-10b ཤཾ་ཥ་སཾ་ཧཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་བར་གྱི་མ་ཡིག་དོར་པ་རྣམས་བརྗོད་ལ་མེ་ཏོག་དབུལ། དེ་ནས་ལག་པ་གཡོན་པས་མེ་ཏོག་བཟུང་རྐང་བརྒྱད་ཀྱི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དབུས་སུ་མེ་ཏོག་དོར་ལ། གཡོན་པའི་དཀུར་ཕྱག་རྒྱ་བཅས་ནས་གཡས་གཡོན་གྱི་དཔུང་མགོར་པད་ ཀོར་བྱས་ཏེ། མགོ་བོར་ཐལ་མོ་སྦྱར་ནས་འདུད་པའི་ཚུལ་བྱས་པས། ལག་པའི་ལྷའི་འཁོར་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས་བསྟོད་པ་ནི། ལྷ་རང་རང་གི་སྙིང་པོ་ལ་སོགས་པའི་སྔགས་རྫོགས་པར་བརྗོད་ནས། ཨོཾ་ན་མོ་བྷཱ་ཝ་ཏེ་པཱི་རེ་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་ཧཱ་ཀལྤ གི་སཾ་ནི་བྷཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷཱུ་ཛ་བྷཱ་སུ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ད་ཤུ་པ་ཤོ་དེ་ཏ་ཤཱུ་ལ་ཁ་ཊྭཱཾ་ཧ་དྷཱ་རི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷྲ་ཛི་ནཱམྦ་རཱ་དྷ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷཱུ་མཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀལྤ་ཆེན་པོའི་མོ་དང་མཉམ་པའི་འོད་ཧཱུཾ་ཧཱུཾ་ཕཊ། ཨོཾ་རལ་པའི་ཅོད་པན་མི་བཟད་པ་དང་ལྡན་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཆེ་བ་རྣམ་པར་གཙིགས་པ་འཇིགས་པའི་ ཞལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྟོང་ཕྲག་ཕྱག་ནི་འབར་བའི་འོད་ཟེར་ཅན་ཧཱུཾ་ཧཱུཾ་ཕཊ། ཨོཾ་དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊཱཾ་འཛིན་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྟག་གི་པགས་པའི་ཤམ་ཐབས་འཛིན་པ་ཅན་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད་ཧཱུཾ་ཧཱུཾ་ཕཊ། ཅེས་ཡབ་ཀྱི་རྐང་བརྒྱད་ དང་། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་ཝཱ་རཱ་ཧཱི་བཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཨཱརྱ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོཀྱ་མཱ་ཏེ་བཱིདྱ་ཤྭ་རཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་སརྦ་བྷཱུ་ཏ་བྷ་ཡཱ་བཾ་ཧེ་མ་གཱ་བཛྲེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་པར་ཤྱཾ་ཀ་རི་ནེ་ཏྲ་ཧཱུཾ་ཧཱུཾ་ཕཊ། 12-7-11a ཨོཾ་ན་མོ་བྲཧྨ་ཎི་ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ཀ་རཱ་ལི་ནེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཏྲཱ་ས་ནི་མཱ་ར་ཎི་པྲ་བྷཻ་ད་ནཱི་པ་རཱ་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་པཱ་རཱ་ཧི་མ་ཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ ཁ་གེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་འཕགས་མ་རིག་པའི་དབང་ཕྱུག་ཁམས་གསུམ་གྱིས་མི་ཐུབ་ཧཱུཾ་ཧཱུཾ་ཕཊ། ཨོཾ་འབྱུང་པོའི་འཇིགས་པ་ཐམས་ཅད་རྡོ་རྗེ་ཆེན་པོས་འཇོམས་ཧཱུཾ་ཧཱུཾ་ཕཊ། ཨོཾ་རྡོ་རྗེ་གདན་བཞུགས་གཞན་གྱིས་མི་ ཐུབ་དབང་བྱེད་སྤྱན་ཧཱུཾ་ཧཱུཾ་ཕཊ། ཨོཾ་གཏུམ་མོ་ཁྲོ་མོའི་གཟུགས་ཀྱིས་མཚངས་པ་སྐེམ་མཛད་མ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བདུད་རྣམས་སྐྲག་སྐེམ་པས་གཞན་གྱི་ཕྱོགས་ལས་རྒྱལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རྨུགས་བྱེད་རེངས་བྱེད་རྨོངས་བྱེད་ཀུན་ལས་རྣམ་པར་རྒྱལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རྡོ་རྗེ་ཕག་མོ་སྦྱོར་ ཆེན་འདོད་དབང་མ་ལ་འདུད་ཧཱུཾ་ཧཱུཾ་ཕཊ། ཅེས་ཡབ་ཡུམ་གྱི་རྐང་བརྒྱད་གཉིས་པོ་སྔགས་དང་ཚིགས་བཅད་གང་ཡང་རུང་བས་བསྟོད་དོ། །རྒྱས་པ་ལ་སྤྲོ་ན། དཔལ་ཆོས་ཀྱི་གྲོགས་པས་མཛད་པའི་བསྟོད་པ་རྒྱུན་ཆགས་དང་། དཱ་རི་ཀ་པས་མཛད་པ་དང་། རིན་ཆེན་རྡོ་རྗེས་མཛད་པའི་ བསྟོད་པ་ཆེ་ཆུང་གཉིས་ལ་སོགས་པས་ཀྱང་བསྟོད་དོ། །དེ་ནས། བདག་གི་ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །ཞེས་པ་ནས། འཁོར་འདས་མ་ལུས་འདྲེན་པའི་དཔལ་དུ་གྱུར། །ཅེས་པའི་བར་བྷུ་རི་བའི་རྒྱུན་བཤགས་ཀྱི་དོན་ཡིད་ལ་དྲན་པའི་སྒོ་ནས་སྡིག་བཤག་སོགས་ བྱའོ། །དེ་ཙམ་མི་ནུས་ན། ཐོག་མ་མེད་ནས་འཁོར་བ་ན། །ཆགས་སོགས་རྟོགས་པའི་རང་བཞིན་གྱིས། །སྡིག་བགྱིས་མགོན་པའི་སྤྱན་སྔ་རུ། །མ་ལུས་སོར་བཤགས་པར་བགྱི། །རྒྱུ་དང་ལམ་དང་འབྲས་བུ་ཡིས། །ཉེར་བསྡུད་འགྲོ་བ་ཐམས་ 12-7-11b ཅད་ཀྱི། །བསོད་ནམས་ཚོགས་ནི་མ་ལུས་ལ། །རྟག་པར་བདག་ནི་ཡི་རང་ངོ་། །རྡོ་རྗེ་ཡེ་ཤེས་ཐུགས་ཆུད་ནས། །ཤིང་དབང་དྲུང་ན་བཞུགས་གྱུར་པའི། །འགྲོ་ལ་ཉེར་བརྩེ་ཐུབ་དབང་རྣམས། །ཆོས་ཀྱི་འཁོར་ལོ་བསྐོར་ཏུ་གསོལ། །རྒྱལ་བའི་མཛད་པ་རྫོགས་ གྱུར་ཏེ། །མགོན་པོ་དབྱིངས་སུ་གཤེགས་བཞེད་ལ། །སེམས་ཅན་སྡུག་བསྔལ་བྲལ་བར་དུ། །མྱ་ངན་མི་འདའ་བདག་གསོལ་འདེབས། །བདག་ནི་ཐུབ་དབང་མ་གྱུར་བར། །སངས་རྒྱས་ལ་སོགས་ཆོས་རྣམས་དང་། །དཔའ་བོ་རྣལ་འབྱོར་མ་ཚོགས་ བཅས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །རྣལ་འབྱོར་ལམ་ལ་གནས་བགྱི་ཞིང་། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །གྲོལ་བར་བདག་གིས་བསྒྲུབ་པར་བགྱི། །བསྟེན་སོགས་དགེ་བ་ དེ་དག་གིས། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །སངས་རྒྱལ་ཉིད་དུ་བདག་གྱུར་ནས། །འགྲོ་བ་ཡོངས་སུ་སྒྲོལ་བྱེད་ཤོག །ཅེས་སྡིག་བཤགས་སོགས་བྱའོ། །དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་ སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ཐུན་མོང་གི་སྡོམ་གཟུང་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་པ་ནས། སེམས་ཅན་མྱང་ངན་འདས་ལ་དགོད། །ཅེས་པའི་བར་གྱིས་ཐུན་མོང་ མ་ཡིན་པའི་སྡོམ་གཟུང་ཡང་བྱའོ།། གཏོར་མ་གཉིས་ལས་མེད་ན། དང་པོ་བདེ་མཆོག་གི་ལྷ་ཚོགས་དང་། གཉིས་པ་དུར་ཁྲོད་ན་གནས་པའི་ཕྱོགས་སྐྱོང་སོགས་ལ་དབུལ་ཞིང་གསུམ་པ་ལ་སོགས་པ་ཡིད་ན་རང་གི་ཆོས་སྐྱོང་དང་གཞི་བདག་སོགས་ཇི་ལྟར་རིགས་པ་ལ་དབུལ་ལོ། །དེ་ཡང་ཚོགས་དང་མ་ 12-7-12a འབྲེལ། སྡིག་བཤགས་ཀྱི་གོང་དུ་འབྲེལ་ན་བཟླས་པའི་གོང་དུ་ཕུལ་ལ། ཚོགས་མཆོད་ནས་ལྷག་གཏོར་གྱི་བར་བྱའོ། །ཡང་ན་བཟླས་པ་དང་དངོས་གྲུབ་ཞུ་བའི་རྗེས་སུ་དབུལ་ལོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་མེ་ལོང་གི་གཟུགས་བརྙན་བཞིན་གསལ་བར་དམིགས་ལ། ལྷ་ཐམས་ཅད་ཀྱི་ སྔགས་བཟླ། །ཁྱད་པར་དུ་ཡབ་ཡུམ་གཉིས་ཀྱི་རྩ་སྔགས་གཉིས། །སྙིང་པོ་གཉིས། ཉེ་སྙིང་གཉིས། གོ་ཆ་གཉིས་ཏེ་རིན་ཆེན་རྣམས་གཙོ་བོར་བཟླའོ། །བཟླ་བའི་མཐར་ཏིང་ངེ་འཛིན་ལས་ལངས་ཏེ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་དངོས་གྲུབ་ཞུ་བའི་ཕྱིར་གསོལ་བ་གདབ་པ་ནི། ཧཱུཾ་དེ་བཞིན་གཤེགས་པ་ ཐམས་ཅད་དང་། །དཔའ་བོ་དང་ནི་རྣལ་འབྱོར་མ། །མཁའ་འགྲོ་དང་ནི་མཁའ་འགྲོ་མ། །ཀུན་ལ་བདག་ནི་གསོལ་བ་འདེབས། །བདེ་བ་ཆེ་ལ་དགྱེས་པའི་ཧེ་རུ་ཀས། །བདེ་བས་རབ་མྱོས་མ་ལ་བསྙེན་བྱས་ནས། །ཆོ་ག་བཞིན་དུ་ལོངས་སྤྱད་པ་ཡིས་ནི། །ལྷན་སྐྱེས་བདེ་བའི་ སྦྱོར་བལ་ཞུགས་སོ། །ཨ་ལ་ལ་ལ་ལ་ཧོཿ ཨ་ཨི་ཨ་ཨ་ར་ལི་ཧོཿ དྲི་མེད་མཁའ་འགྲོའི་ཚོགས་རྣམས་ཀྱིས། །བརྩེ་བས་གཟིགས་ལ་ལས་ཀུན་མཛོད། །བདེ་བ་ཆེན་པོས་ཡིད་ནི་རབ་བསྐྱོད་པས། །ལུས་ནི་ཀུན་ཏུ་གཡོ་བའི་གར་གྱིས་ནི། །ཕྱག་རྒྱའི་པདྨར་ རོལ་པའི་བདེ་བ་ཆེས། །རྣལ་འབྱོར་མ་མཆོག་རྣམས་ལ་མཆོད་པར་མཛོད། །ཡིད་འོང་ཞི་བའི་ཉམས་ཀྱིས་གར་མཛད་པ། །རབ་དགྱེས་མགོན་པོ་ཁྱོད་དང་མཁའ་འགྲོའི་ཚོགས། །བདག་གི་མདུན་དུ་བཞུགས་ཏེ་བྱིན་རློབ་ལ། །ལྷན་སྐྱེས་བདེ་ཆེན་བདག་ ལ་སྩལ་ཏུ་གསོལ། །བདེ་ཆེན་ཐར་པའི་མཚན་ཉིད་ལྡ་པ་ཁྱོད། །བདེ་ཆེན་སྤངས་པའི་དཀའ་ཐུབ་དུ་མ་ཡིས། །ཚེ་གཅིག་གྲོལ་བར་མི་བཞེད་བདེ་ཆེན་ཀྱང་། །ཆུ་སྐྱེས་མཆོག་གི་དབུས་ན་གནས་པ་ཡིན། །འདམ་ཀྱི་དབུས་སུ་སྐྱེས་པའི་པདྨ་བཞིན། ། 12-7-12b ཆགས་ལས་སྐྱེས་ཀྱང་ཆགས་པའི་སྐྱོན་མ་གོས། །རྣལ་འབྱོར་མ་མཆོག་པདྨའི་བདེ་བ་ཡིས། །སྲིད་པའི་འཆིང་བ་མྱུར་དུ་གྲོལ་བར་མཛོད། །སྦྲང་རྩིའི་འབྱུང་གནས་རྣམས་ཀྱི་སྦྲང་རྩིའི་བཅུད། །བུང་བའི་ཚོགས་ཀྱིས་ཀུན་ནས་འཐུངས་བ་ལྟར། །མཚན་ཉིད་དྲུག་ ལྡན་མཚོ་སྐྱེས་རྒྱས་པ་ཡིས། །བཅུད་བཅིངས་པ་ཡི་རོ་ཡིས་ཚིམ་པར་མཛོད། །ཅེས་དཔྱིད་ཀྱི་རྒྱལ་མོའི་གླུ་བྱའོ། །དེ་ཡང་འོག་མ་རྣམས་ཀྱི་ཤོ་ལོ་ཀ་རེའི་ཐོག་མར། ཧཱུཾ་དེ་བཞིན་གཤེགས་པ་ཐམས་ཅད་དང་། །ཞེས་པ་ནས། ཀུན་ལ་བདག་ནི་གསོལ་བ་འདེབས། །ཞེས་པའི་བར་ སྦྱར། ཤོ་ལོ་ཀ་རེ་རྫོགས་པའི་མཐར། ཨ་ལ་ལ། ཞེས་པ་ནས། བརྩེ་བས་གཟིགས་ལ་ལས་ཀུན་མཛོད། །ཅེས་པའི་བར་སྦྱར་ལ་གདོན་པར་བྱའོ། །དེ་ནས། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ ཥྱོ་མེ་བྷ་ཝ། སརྦ་སདྡྷི་མྨེ་པྲ་ཡཙྖ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ། ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། བཛྲ་ཧེ་རུ་ཀ་མ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཧཱུཾ་ཕཊ། ཅེས་ལྷག་ཆད་ཀྱི་ཉེས་པ་རྣམས་ཞི་བའི་ཕྱིར་དུ་མང་དུ་བཟླ། དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ ཏེ། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། ། དེ་ཀུན་གཙོ་བོས་བཟོད་མཛད་རིགས། །ཞེས་པས་བཟོད་པར་གསོལ། བསྟན་པ་རྒྱས་པ་ལ་སོགས་པའི་དོན་གསོལ་བ་བཏབ་ལ། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་ 12-7-13a རྗེས་ཆུགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །ལྷ་མོ་ཚད་མ། ཞེས་སོགས་དང་། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་ མཆོག་ལ་འགོད་པར་ཤོག །ཅེས་དང་། དགེ་བཅུ་ཟད་ཙམ་ཡང་རྒྱལ་སྲས་ཀྱི། །ཐབས་མཁས་སྨོན་ལམ་མཆོག་གིས་ཟིན་གྱུར་ན། །ཞེས་པ་ནས། རྣལ་འབྱོར་དབང་ཕྱུག་བྱེ་བས་བགྲོད་གྱུར་པའི། །བདེ་མཆོག་བཤད་སྒྲུབ་ཤིན་ཏུ་ཉམས་པ་འདི། ། ཆེས་ཆེར་རྒྱས་ཤིང་ཐར་འདོད་འཇུག་ངོགས་སུ། །ནམ་ཡང་མི་ནུབ་རིང་དུ་གནས་གྱུར་ཅིག །ཚུལ་དེ་བསྒྲུབ་ལ་ཏོགས་མེད་མཐུ་ལྡན་པ། །འཛམ་གླིང་གནས་མཆོག་ཉི་ཤུ་རྩ་བཞི་ཡི། །དཔའ་བོ་རྣལ་འབྱོར་མ་ནི་འཁོར་བཅས་ཀྱིས། །གཡེལ་བ་མེད་པར་ རྟག་ཏུ་གྲོགས་མཛད་ཤོག །ཅེས་སྨོན་ལམ་གདབ་པར་བྱའོ། །དེ་ནས་གཤེགས་སུ་གསོལ་བ་ནི། ཨོཾ་ཡོ་ག་ཤཱུདྡྷཱཿ སརྦ་དྷརྨ་ཡོ་ག་ཤུད་དྷོ྅ཧཾ། ཞེས་བརྗོད་ཅིང་རྣམ་ལྔ་འདོད་པའི་ཕྱོགས་སུ་བསྐོར་བ་བྱས་ལ། མཐར་འཁྱུད་པའི་ཚུལ་བྱས་ནས། ཨོཾ་བཛྲ་མུཿ ཞེས་སེ་གོལ་གདབ་ཅིང་། སྲིན་ལག་ཡིག་མཎྜལ་གྱི་ཚོམ་བུ་ལ་རེག་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ཞུ་ནས་ཧཱུཾ་དུ་གྱུར་ཏེ་རང་གི་སྣ་བུག་གཡོན་ནས་ཞུགས། སྙིང་ཀའི་ཧཱུཾ་ཡིག་ལ་ཐིམ་པར་གྱུར། པར་བསམས། དེ་ནས་དཀྱིལ་འཁོར་གྱི་ཚོམ་བུ་རྣམས་དབུས་སུ་བསྡུས་ནས། ཨོཾ་ཨཱཿ ཧཱུཾ། ཞེས་བཟླས་པའི་ ཆུ་གཙང་མས་རི་མོ་རྣམས་བསུབས་ལ་རྗེས་མི་མངོན་པར་བྱའོ། །དེ་ནས་ཤིས་བརྗོད་བྱ་ཚུལ་ནི། རབ་ཡངས་ནམ་མཁའ་ཏིལ་གྱི་གང་བཞིན། །ཡོངས་སུ་གང་བའི་བདེ་མཆོག་ལྷ་ཚོགས་ནི། །ཞེས་པ་ནས། ཞིང་གི་འབྱོར་པ་ཕུལ་དུ་བྱུང་བ་ཡིས། །དགེ་ལེགས་རྒྱུན་མི་ 12-7-13b འཆད་པའི་བཀྲ་ཤིས་ཤོག །ཅེས་པའི་བར་བརྗོད་ཅིང་མེ་ཏོག་ཆར་དབའ་བྱ་འོ། །ཟས་ལ་ལོངས་སྤྱོའི་ཚེ་སྤྱི་དང་། ཁྱད་པར་དུ་ཚོགས་ཀྱི་འཁོར་ལོ་སོགས་དང་། ཡར་ང་དང་མར་ངོའི་ཚེས་བཅུ་པ་ལག་མཆོད་བྱེད་པར་གསུང་པས་དེའི་ཚུལ་ནི། དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་དང་ལྡན་པས་མེ་ཏོག་ལ་སོགས་ པའི་ཕྱི་མཆོད་དང་། ཤ་ཆང་སོགས་གོང་དུ་དང་། ཁུ་བ་ནི་རྫས་ཅི་འབྱོར་པ་རྣམས་བསངས་སྦྱངས་བྱིན་གྱིས་བརླབས། ཁྱད་པར་ཤ་ཆང་སོགས་ཀྱི་བཟའ་བཏུང་རྣམས་གཏོར་མ་ལྟར་བྱིན་གྱིས་བརླབས་ཏེ་མདུན་དུ་བཞུགས། ལག་པ་གཡས་པའི་མཐེའུ་སྲིན་གྱིས་ནང་མཆོད། ཨོཾ་ཨཱཿ ཧཱུཾ། ཞེས་བརྗོད་ཅིང་། གཡོན་པ་ལ་ བསང་གཏོར་བྱས་ལ། ལག་པ་མཉེ་བར་བྱའོ་ཞེས་པ་ནས། ལག་པ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་ལྷའི་ངོ་བོར་གྱུར། པར་བསམ། ཡང་ན་འཁོར་ལོ་ལྡའི་ལྷ་ཚོགས་སུ་མོས་པར་བྱའོ། །ཞེས་པའི་བར་སྔར་ལག་པ་སྦྱང་པའི་སྐབས་ལྟར་བྱས་པའི་ རྗེས་སུ། ཨོཾ་ཨཱཿ ཧཱུཾ། ཞེས་དང་། རྐང་བརྒྱད་ཀྱི་སྔགས་བརྗོད་ཅིང་། ཀུ་བའི་རྫས་ཤུག་པ་དང་། ཞོ་ལ་སོགས་པ་ལག་པ་གཡས་པས་གཡོན་པའི་སྟེང་དུ་བཞག་ལ་དབུལ། དེ་བཞིན་དུ་ཤ་དང་ཟན་ལ་སོགས་པ་གོང་བུའི་རྫས་རྣམས་ཀྱང་། ལག་པའི་ལྷ་ལ་དབུལ། དེ་ནས། ཨོཾ་ཧ་ཨོཾ་ཨཱཿ ཧཱུཾ། ཞེས་སོགས་གོ་ཆའི་སྔགས་ ལ་འབྲུ་གསུམ་བཏབས་པ་བརྗོད་ལ་ཆང་གིས་ཀྱང་མཆོད་དོ། །དེ་ནས་ཡབ་ཀྱི་གོ་ཆ་ལ་གཡས་སྐོར་དང་ཡུམ་གྱི་གོ་ཆ་ལ་གཡོན་སྐོར་དང་། འཁོར་ལོའི་ལྷ་ལ་ཕྱོགས་གཡོན་དང་། མཚམས་གཡས་སྐོར་གྱིས་ཕུལ་ནས། དེར་སྤྱོད་ལྔ་དང་རིག་མ་བཅུ་དྲུག་གིས་ཀྱང་མཆོད་ལ། རྐང་པ་བརྒྱད་པ་ སོགས་ཀྱིས་བསྟོད་ནས་ལྷག་ཆད་ཀྱི་ཉེས་པ་ཞི་བའི་ཕྱིར་དུ་ཧེ་རུ་ཀའི་ཡིག་བརྒྱ་བརྗོད་ལ། ཚོགས་དང་འབྲེལ་ན་དེ་བྱིན་གྱིས་བརླབ་པའི་དོན་དང་། སྐབས་གཞན་ཡིན་ན་སྐབས་དང་མཐུན་པར་འདོད་དོན་ལ་གསོལ་བ་གདབ་བོ། །ལག་པ་ལ་མཆོད་པའི་རྫས་དེ་རྣམས་ཕྱེ་ནི་ཚོགས་ཀྱི་བཟའ་བཏུང་ངམ། རང་བཟའ་ 12-7-14a བའི་བཟའ་བཏུང་ལ་བསྲེ་ཞིང་། ཕྱེད་ནི་སྣོད་གཞན་ཞིག་ཏུ་བཅུག་སྟེ་གཞག་པར་བྱའོ། །ཡི་མ་འདི་ལྟར་བྱས་ན་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་ཡོད་པར་བླ་མ་ཁ་ཅིག་བཞེད་དོ། །དེ་ནས་ལག་པ་གཡོན་པ་ལ་གོས་པའི་རྫས་རྣམས་གཡས་པས་བསྡུས་ཏེ་ གཡོན་པའི་ལག་མཐིལ་དུ་བཞག དེ་ནས་གཡོན་པའི་མཐེབ་སྲིད་གྱིས་བཟུང་ནས་ཨོཾ་ཨཱཿ ཧཱུཾ་ཞེས་རིམ་པ་བཞིན་སྙིང་ཀ་དང་། ལྕེ་དང་། མགོ་བོར་བྱུགས་ཏེ་པད་ཀོར་བྱས་ནས་མགོ་བོར་བཞག་ལ། ཨོཾ་ཡོ་ག་ཤུད་དྷཱཿ ཞེས་སོགས་བརྗོད་པས་ལག་པའི་ལྷ་རྣམས་སྤྱི་བོ་ནས་ཞུགས་ ཏེ་བདག་ཉིད་ལ་གཞུག་པར་བྱའོ། །ལག་པ་ལ་གོས་པའི་རྫས་ལྷག་མ་རྣམས་ལག་པ་ཕན་ཚུན་མཉེས་ལ་མགོ་དང་། ཡན་ལག་རྣམས་ལ་བྱུགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ་ཞེས་གསུང་ངོ་། །དཔལ་འཁོར་ལོ་སྡོད་པའི་ཕྱི་རོལ་མཆོད་པའི་ཆོ་ག་ལག་མཆོད་དང་བཅས་པ་འདི། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་ཀྱི་ཕྱག་བཞེས་བཞིན་དུ། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས། ཡི་གེར་བཀོད་པ་ཡིན་ཞིང་། འདིའི་མཆོད་ཕྲེང་སྨོན་ལམ་ཤིས་པ་བརྗོད་པ་ རྣམས་ནི། ཆོས་རྗེ་ཉིད་ཀྱིས་མཛད་པ་ཡིན་ནོ། །འདིས་ཀྱང་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་དུ་དཔལ་འཁོར་ལོ་སྡོམ་པའི་བཤད་སྒྲུབ་མཐའ་དག ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། ཆོ་ག་འདིར་རྗེ་རིན་པོ་ཆེས་མཛད་པའི་མཆོད་ཕྲང་སྨོན་ལམ་ཤིས་བརྗོད་རྣམས་ཚང་བར་འགོད་པར་མཛད་ཀྱང་། སྨོན་ལམ་དང་ཤིས་བརྗོད་གཉིས་བླ་བརྒྱུད་གསོལ་འདེབས་དང་། བསྟོད་པའི་མཇུག་ཏུ་ཡོད་བས་པར་འདིར་མ་བཀོད། དགེའོ།། །། 12-7-14b empty page 12-8-1a ༄༅། །འཇིགས་བྱེད་ཀྱི་དག་སྦྱོར་བཞུགས་སོ།། 12-8-1b ༄༅། །གཤིན་རྗེ་གཤེད་ཀྱི་རྟོག་བདུན་ལ་མེད་ཀྱང་། རྩ་རྒྱུད་རྒྱས་པ་མཁའ་འགྲོ་མའི་ཕྱག་ཏུ་ཡོད་པ་རྣམས་ལ། ཕྱི་ནང་གཞན་གསུམ་སྦྱོར་ཚུལ་བཞུགས་པ་དེ། རྣལ་འབྱོར་གྱི་དབང་ ཕྱུག་གྲུབ་ཆེན་ལཱ་ལི་ཏ་བཛྲས། གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་སུ་འདོད་པའི་དོན། འཇིགས་བྱེད་དཔའ་བོ་གཅིག་པ་ལ་ཡང་རྫོགས་རིམ་སྨིན་བྱེད་ཀྱི་ཡོངས་སུ་རྫོགས་པའི་རྒྱུད་འགྱུར་ན། དཀྱིལ་འཁོར་ཡོངས་ རྡོགས་བསྒོམ་པ་ལྟ་སྨོས་ཀྱང་མི་དགོས། དེ་ལ་དཔའ་གཅིག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་འདི་ལ། གྲུབ་ཆེན་གྱིས་ཕྱི་ནང་གཞན་གསུམ་སྦྱོར་ཚུལ་ནི། རྡོ་རྗེ་འཇིགས་བྱེད་ཞེ་དགུ་མའི་སྒྲུབ་ ཐབས་སློབ་དཔོན་ལཱ་ལི་ཏ་བཛྲས་དག་པ་མཛད་པ་ལས། དམ་པའི་དོན་དུ་རྣམ་དག་པའི། །དུས་ནི་དཔའ་བོ་ཆེན་པོའི་གཟུགས། །ཞལ་བརྒྱད་ཐུན་ཙོད་བརྒྱད་ཡིན་ཏེ། །ཞལ་དགུ་ཐུན་ཚོད་སྤྱ་ཡིན་ནོ། །ཞེས་ གསུངས་པའི་དོན། སྤྱིར་དུས་དག་པ་ནི་ལྷའི་གཟུགས་སོ། །དུས་ལ་ཐུན་བརྒྱད་དང་། དེ་ལ་རྗེས་སུ་འགྲོ་བའི་ཐུན་ཚོད་སྤྱི་གཅིག་དང་། དགུ་ཡོད་པ་དེ་དག་པའི་ཆ་ནས་ཟལ་དགུ། དག་པའི་དོན་དུ་དེ་ རྣམས་ཞལ་དགུ། དམ་པའི་དོན་དུ་དེ་རྣམས་དག་ཚུལ་ནི། རང་གི་སྐྱེ་བ་སྔ་ཕྱི་སོགས་ཀྱི་དུས་ཀྱི་མཐར་གཏུགས་པ་ལས་རླུང་གི་རྒྱུ་བ་ཡིན་པས། རྩ་བའི་རླུང་དཀྱིལ་བཞི་ཉིན་མཚན་གྱི་བྱེ་བྲག་གིས་བརྒྱད་བརྒྱད་ 12-8-2a དང་། དགུ་རགས་པའི་དོན་དུ་དག་པ་ཡེ་ཤེས་ཀྱི་རླུང་གི་རང་གཟུགས་ཤར་བའི་ཞལ་དགུ། དཀྱིལ་འཁོར་རེ་རེ་ལ་འཁོར་གྱི་ཚུལ་དུ་བཞི་སྔར་ལྟར་དགུ་དག་པའི་དག་ཆ་ནས་ ཀྱང་ཞལ་དགུ་སྲིན་པའི་འཁོར་ལོ་རླུང་གི་རྒྱུ་བཅད་པས་དཔའོ། །དེ་ནས། ཕྱག་དང་རྭ་གཉིས་ཟླ་བ་དང་། །ཟླ་བ་ཕྱེད་པ་ཡང་དག་སྦྱོར། །ཞེས་པ་ནི། ཕྱག་སོ་བཞི་དང་རྭ་གཉིས་དང་སོ་དྲུག་ནི། ཕྱི་རོལ་ཏུ་ཟླ་བ་ བཅུ་གཉིས། ཡར་ངོའི་ཟླ་བ་ཕྱེད་དང་། མར་ངོའི་ཟླ་ཕྱེད་དེ་སོ་དྲུག་དག་པས་སོ། །ཕྱི་རོལ་ཏུ་དེ་ལྟར་ཡོད་པ་ལྟར། ནང་དུ་ཁམས་ཀྱི་རྒྱུ་བ་བཅུ་གཉིས། ཁམས་དཀར་པོ་འཕེན་པ་བཅུ་གཉིས། འགྲིབ་པ་ བཅུ་གཉིས་ཏེ། སོ་དྲུག་གི་རྒྱུ་བ་དབུ་མར་དག་པའི་ཆ་ནས་ཀྱང་། རྭ་གཉིས་པ་དང་བཅས་ཏེ་སོ་དྲུག་གོ། ཡང་ཕྱི་རོལ་ཏུ་ལོ་གཅིག་ལ་ཟླ་བ་བཅུ་གཉིས། ཉི་མ་ལྷ་བགྲོད་ཀྱི་དུས་ཟླ་བ་དྲུག །ཟླ་བ་ཕྱེད་ པ་བཅུ་གཉིས་དང་བཅོ་བརྒྱད་དོ། །ཕྱི་རོལ་ཏུ་ཞག་རེ་ལ་ཆུ་ཚོད་དྲུག་ཅུ་བསགས་པས། ལོ་གཅིག་ཆུ་ཚོད་ཉི་ཁྲི་ཆིག་སྟོང་འོང་བ་བཞིན་དུ། ཐུན་ཕྱེད་རེ་ལ་དབུགས་བརྒྱ་རེ་བསགས་པས་ཞག་གཅིག་ ལ་སྟོང་དྲུག་བརྒྱའོ། །ཉི་མ་བྱ་བགྲོད་ལ་ཟླ་བ་དྲུག ཟླ་བ་ཕྱེད་པ་བཅུ་གཉིས་དང་བཅོ་བརྒྱད་དོ། །ནང་གི་ལྟེ་བར་རྩ་འཁོར་ལྔ་ཡོད་པའི་བར་གྱི་གཅིག་ལ་གཡས་ཀྱི་རྩ་འདབ་དྲུག་གཡོན་གྱི་རྩ་འདབ་ 12-8-2b དྲུག་ལ་འཕོ་ཆེན་རེ་རེ། དེ་རེ་རེ་ལ་འཕོ་ཆེན་ཕྱེད་པ་རེ་རེ་སྟེ། གཡས་སུ་འཕོ་ཆེན་དྲུག །འཕོ་ཆེན་ཕྱེད་པ་བཅུ་གཉིས་ཏེ་བཅོད་བརྒྱད་དོ། །མཚམས་བཞིར་རླུང་མི་རྒྱུ་བས་མི་བགྲང་ངོ་། །གཡོན་དུ་བཅོ་བརྒྱད་དོ། །དེ་དག་པའི་ཆ་ནས་གཡས་ ཀྱི་ཕྱག་བཅུ་བདུན་ཏེ། རྭ་གཅིག་དང་བཅོ་བརྒྱད་དོ། །གཡོན་དུའང་དེ་ལྟར་བཅོད་བརྒྱད་དོ། །དོན་དམ་པའི་དག་ཚུལ་ནི་གནས་ཀྱི་རླུང་རྣམས་རོ་མ་དང་། གཡོན་གྱི་རླུང་རྣམས་རྐྱང་མར་རྒྱུ་བ་བཅད་ནས་དབུ་མར་དག་པས། ཕྱག་དང་ རྭ་བཅོ་བརྒྱད་ཚན་པ་གཉིས་སོ། །དེ་ནས་ཡང་། བཞིན་པ་བཅུ་དྲུག་དུས་དང་ནི། །ཟླ་བ་ཡི་ནི་ཞག་ཏུ་ཤེས། །ཞེས་པ་ནས། དུས་ཀྱི་སྐད་དོད་ཀཱ་ལ་ཞེས་པ་ཆ་ཤས་པ། གཡས་པས་དུས་ཏེ་ཕྱི་རོལ་ཏུ་ཟླ་བའི་ཆ་བཅུ་དྲུག ནང་དུ་ དཀར་ཆ་འཕེལ་འགྲིབ་ཀྱི་ཅ་བཅུ་དྲུག ལམ་དུས་སུ་ཡས་བབས་མས་བརྟན་གྱི་དགའ་བ་བཅུད་དྲུག་གི་རྟེན་ཅན་དཀར་ཆ་བཅུད་དྲུག འབྲས་བུའི་དུས་སུ་དེ་རྣམས་པར་དག་པ་སྤོངས་བ་དང་། ལྷན་སྐྱེད་བདེ་ཆེན་གྱི་ལྡོག་པ་ཆུ་བཅུ་དྲུག་ སྟེ། དེ་རྣམས་དག་པའི་བཞོན་པ་སྲོག་ཆགས་བཅུ་དྲག་གོ། དེ་ནས། ཞལ་ནི་དུས་ཀྱི་རླུང་འདུག་པ་ཨོཾ་སྐུ་སྟེ་གནས་པ་དང་། ད་ལྟ་བ་གསུང་རྡོ་རྗེ་ཨཱཿ ། འབྱུང་བ་འདས་པ་ཧཱུཾ་ཐུགས་རྡོ་རྗེ། དེ་ཡང་སྐུ་སྤྲུལ་སྐུ། གསུང་ ལོངས་སྐུ། ཐུགས་ཆོས་སྐུ། སྔགས་རྣམས་སུ་གསུང་ལོགས་སྐུར་འཇོག་པ་ནི། ཆོས་ལ་ལོགས་སྤྱོད་པའམ། གསུང་བ་སོགས་གསུང་ཡིན་པའི་གསུང་གི་རྩ་བ་རླུང་ཡིན་ཞིང་། ལོངས་སྐུ་ཡང་ཕྲ་བའི་རླུང་ཙམ་ལས་བྱང་ 12-8-3a ཆུབ་པའོ། །ཕྱི་རོལ་ཏུ་་དབྱུ་གུ་དྲུག་ཅུ་རྩ་བཞི་ནི། ཆུ་སྲང་སོ་བཞི་ཐུན་ཚོད་བརྒྱད། ནང་དུ་ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི། སྤྱི་བོའི་སོ་གཉིས། མགྲིན་པར་བཅུ་དྲུག སྙིང་གའི་བརྒྱད། ལྟེ་བའི་རྩ་ གཉིས་ཀྱི་ནང་དུ་རླུང་རྒྱུ་བའི་ཡུན་དང་། སྤྱི་བོའི་རྩ་གཅིག་ཏུ་རྒྱུ་བའི་ཡུན་མཉམ། སྤྱི་བོའི་རྩ་གཉིས་དང་། མགྲིན་པའི་གཅིག་ཏུ་རྒྱུ་བའི་ཡུན་མཉམ། མགྲིན་པའི་གཉིས་དང་། སྙིང་གའི་རྩ་གཅིག་ཏུ་རླུང་རྒྱུ་བའི་ཡུན་མཉམ། འཇམ་དཔལ་གྱི་ཞལ་གྱིས་མཚོན་པ། རྩ་དབུ་མ་ལས་གྱེས་པའི་ཞལ་བརྒྱད་ཀྱིས་མཚོན་པའི་རྩ་བརྒྱད་ཀྱི་ནང་གི་ཐུན་ཚོད་རླུང་དང་བཅས་པ་དབུ་མར་ཞུགས་པས་ཞལ་དགུའོ། །མདོར་ན་དབུ་སྐྲ་གྱེན་དུ་བརྫེས་པས་མཚོན་པའི་ མི་གནས་པའི་མྱང་འདས། སྐུ་གཅེར་བུས་མཚོན་པའི་སྒྲིབ་གཉིས་སྤངས་པའི། གདན་གྱིས་མཚོན་པའི་དངོས་གྲུབ་བརྒྱད་དབང་ཕྱུག་བརྒྱད་ལྡན་གྱི་སྐུ་ཆེན་པོ་འདི། ཕྱག་མཚན་ཐུགས་ཀྱི་མཚོན་པའི་བདེ་སྟོང་གི་ཡེ་ཤེས་ མཐར་ཐུག་པས། གླང་ལྤགས་ཀྱིས་མཚོན་པའི་མ་རིག་པ་བཟང་པོར་སྤངས་པ་ལས་འཁྲུངས། བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་ལ། གོང་དུ་བཤད་པའི་ཞལ་ཕྱག་སོགས་ཀྱིས་མཚོན་པའི་ཕྱི་རོལ་གྱི་ལོ་ཟླ་བ་ཡར་ངོ་མར་ངོ་། ཉིན་ཞག་ཆུ་ ཚོད། དབྱུ་གུ། ཐུན་ཚོད། འཕོ་བ། དབྱར་དགུན་སོགས་ཐམས་ཅད་ཀྱི་མཐར་གཏུགས་པ་རླུང་གི་དཀྱིལ་འཁོར་བཞི། འཕོ་ཆེན་བཅུ་གཉིས་སོགས་རོ་རྐྱང་ནས་རྒྱུ་བའི་རླུང་། དེ་ལ་བརྟེན་པའི་ཁམས་དཀར་དམར་གྱི་འཕེལ་འགྲིབ་དང་ 12-8-3b བཅས་པ་ཐམས་ཅད་ཨ་ཝ་དྷཱུ་ཏཱིར་ཞུགས་ནགས་ཐིམ་གསུམ་བྱས་ནས། ཁམས་དཀར་དམར་གྱི་འདུ་འཕྲོད་བྱས་པ་ལ་བརྟེན་ནས་བདེ་སྟོང་ཡེ་ཤེས་དེ་སྐྱེ། དེ་ལ་ནང་གི་རྐྱེན་རྡོ་རྗེ་བཟླས་པ། ཕྱིའི་རྐྱེན་ལོད་པའི་མཚན་མ་གྱེན་ བསྒྲེངས་ཀྱིས་མཚོན་པའི་ཕྱག་རྒྱ་ལ་བསྟེན། མ་ཧེ་ཞལ་གྱིས་ཁམས་གསུམ་གྱི་སྲོག་སྡུད་པ་ལ། མ་ཧེ་གདོང་ཅན་ཡིན་ལ། དེའི་དབང་བསྐུར་བར་མཛོད་ཅིག ས་འོག་གི་འབྱུང་པོ་འདུལ་བ། བར་གྱི་སྲིན་ཞལ་དམར་པོ་ནི། སེམས་ཅན་ལ་བརྩེ་བས་ཆགས་པ་དང་། ཞལ་ནས་ཁྲག་འཛག་པ་ནི། སེམས་ཅན་ལ་བེ་ཆེན་གྱི་ལམ་སྟོན་པ། ས་སྟེང་མི་དང་སྲིན་པོ་འདུལ་བ། སྟེ་ཞལ་ལྷ་རྣམས་འདུལ་བ། དེའི་ཟུར་ཕུད་ལྔས་ཡེ་ཤེས་ལྔ་མཚོན་པས། ཐོད་ སྐམ་ལྔ་ལ་དངོས་སུ་མི་སྤྱོད། ཀོ་ལྤགས་གྱོན་ཀྱང་གཅེར་བུ་ཞེས་པ་འདོམས་དཀྲིས་དང་བྲལ་བའོ། །མན་ངག་སྣེ་མ་རུ། སེམས་དཔའ་གསུམ་བརྩེགས་གཞི་དུས་སུ། ལུས་རགས་པ་དང་གཉུག་རླུང་དང་སེམས་སོ། །ལམ་དུས་སུ་རྣལ་ འབྱོར་པའི་ལུས་རགས་པ་དང་། དག་མ་དག་སྒྱུ་ལུས་དང་། དཔེ་དང་དོན་གྱི་འོད་གསལ་ལོ། །འབྲས་དུས་རིམ་བཞིན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་མོ། །སྤྱན་གསུམ་ནི་དུས་གསུམ་དང་རྣམ་ཐར་གསུམ་མཁྱེན་པས་སོ། །ཞེས་དེ་ ལྟར་ཕྱི་ནང་གཞན་གསུམ་མཚོན་མཚོན་ཚུལ་རྒྱས་པར་ཡི་ཧེར་བཀོད་པའོ། །རྩ་བའི་རྒྱུད་རྒྱས་ནང་བཞུགས་ལཱ་ལི་ཏས། །འཇིགས་བྱེད་སྐུས་མཚོན་རྣམས་དག་དང་སྦྱར་བའི། །ཕྱི་ནང་གཞན་གསུམ་ཇི་ལྟར་མཚོན་དོན་ལ། །དཔལ་ལྡན་བླ་མས་ཅུང་ 12-8-4a ཟད་མཆན་བཏབ་ཅིང་། །རྒྱས་པར་སྙན་ངག་ཆིག་རྒྱུད་ལྟ་བུར་ནི། །མཁས་གྲུབ་ཆོས་ཀྱི་རྒྱལ་པོར་གཏད་པ་ལས། །དེས་ཀྱང་བརྗེད་ཉམས་སྤང་ཕྱིར་ཡི་གེར་བཀོད། །སླར་ཡང་ཤིན་ཏུ་དམ་པའི་རྒྱ་ཡིས་བཏབ། ། ཚུལ་འདི་དགོངས་ལ་དད་པ་བློ་ལྡན་གྱིས། །གཞན་ལ་མི་སྟོན་ཤིན་ཏུ་དམ་པར་མཛོད། །གལ་ཏེ་བསྟན་ན་བདག་ལ་ནག་ཆེན་ཐུག །དེའི་ཕྱིར་ཅིས་ཀྱང་མི་སྤེལ་དམ་རྒྱས་གདག ། མངྒ་ལཾ།། །། 12-8-4b empty page 12-9-1a ༄༅། །རྗེའི་གསུང་བཞིན་དུ་སྒྲུབ་ཐབས་ཀུན་དུ་བཟང་པོའི་ཚིག་གི་དོན་ཅུང་ཟད་བཀོད་པ་རྒྱལ་ཚབ་ཆོས་རྗེས་བརྗེད་བྱང་དུ་མཛད་པ་བཞུགས་སོ།། 12-9-1b ༄༅། །གང་ཞིག་སྐད་ཅིག་ཡིད་ལ་དྲན་ཙམ་གྱིས། །སྲིད་པའི་སྡུག་བསྔལ་མ་ལུས་གཅོད་མཛད་ཅིང་། །དཔལ་ལྡན་ཁྱབ་བདག་གོ་འཕང་མཆོག་སྩོལ་བའི། །རྗེ་བཙུན་བླ་མ་རྣམས་ལ་ གུས་ཕྱག་འཚལ། །དེ་ལ་འདིར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་རྗེས་སུ་བཟུང་ཞིང་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་ཆེན་པོ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་ཀྱིས་མཛད་པའི་རྗེ་བཙུན་ འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས་ཀུན་དུ་བཟང་པོ་འདི་ལ་དོན་གསུམ་ཏེ། མཚན་གྱི་དོན་དང་། གཞུང་གི་དོན་དང་། གང་གིས་བསྒྱུར་པའི་ཚུལ་ལོ། །དང་པོ་ལ་མཚན་བསྒྱུར་བ་དང་། བཤད་པའོ། །དང་པོ་ནི། ས་མནྟ་ ནི་ཀུན་ཏུའམ་ཀུན་ནས་ཞེས་བྱའོ། །བྷ་དྲ་ནི་བཟང་པོའོ། །ནཱ་མ་ནི་ཞེས་བྱ་བའོ། །སཱ་དྷ་ནི་སྒྲུབ་པའི་ཐབས་སོ། །གཉིས་པ་ནི། ཉས་པ་ཟད་ཅིང་ཡོན་ཏན་རྫོགས་པས་ན་བཟང་པོ་ཞེས་བྱ་སྟེ། ཐོབ་བྱའི་གོ་འཕང་མཐར་ཐུག་གོ། དེའི་ ཆ་ཤས་ཐམས་ཅད་ཡོངས་སུ་རྫོགས་པས་ཀུན་ཏུ་བཟང་པོའོ། །དེ་སྒྲུབ་པའི་ཐབས་ནི་འོག་ནས་འཆད་པའི་ཆོ་གའི་རིམ་པ་སྟེ་དེ་སྟོན་པའི་གཞུང་ལའང་སྒྲུབ་ཐབས་ཀུན་བཟང་ཞེས་བྱའོ། །ཡང་ན་ཀུན་ཏུ་བཟང་པོའང་ ཡིན་ལ་སྒྲུབ་པའི་ཐབས་ཀྱང་ཡིན་པས་སྒྲུབ་ཐབས་ཀུན་བཟང་ཞེས་གཞི་མཐུན་དུ་སྦྱར་ཏེ། གཞུང་དང་བརྗོད་བྱ་གཉིས་ཀ་ལ་བྱའོ། །གཉིས་པ་ལ། བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་ 12-9-2a པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང་། བཤད་པར་དམ་བཅའ་བའོ། །དང་པོ་ནི། དཔལ་ལྡན་ཞེས་ཏེ་ཐ་ག་ནས་བསྟོད་པ་དང་། ཕྱག་འཚལ་བ་གཉིས་ སུ་བསྡུས་ལ། དཔལ་འབྲས་རྡོ་རྗེས་མཆོད་པ་དང་གསུམ་དུ་དབྱེའོ། །ཕྱག་འཚལ་ལོ་ཞེས་དྲང་ངོ་། །དེ་ནི་ལུས་ངག་ཡིད་གསུམ་གྱིས་འདུད་པའི་དོན་ནོ། །གང་ལན་ཉོན་མོངས་པ་ལ་སོགས་པའི་རྩུབ་རེག་དང་བྲལ་ བས་ན་འཇམ་ཞིང་བསྟེན་པར་བྱ་བས་ན་ཚོགས་གཉིས་ཀྱི་དཔལ་དང་ལྡན་པའི་འཇམ་དཔལ་དེ་ལའོ། །གང་གིས་ན། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་སོ། །དགོས་པ་གང་གི་ཕྱིར་ན། ཡུལ་ཁྱད་པར་ ཅན་ལ་མཆོད་པར་བརྗོད་པས་བསོད་ནམས་མངོན་པར་འཕེལ་བ་དང་། དེ་ལ་བརྟེན་ནས་རྩོམ་པ་ལ་སོགས་པའི་གེགས་ཉེ་བར་ཞི་བ་དང་། བཤད་པ་དང་ཉན་པ་རྣམས་ཀྱང་འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་ བའི་ཕྱིར་དུའོ། །མཆོད་པའི་ཕྱིར་ཞེས་པ་མཆོད་བསྟོད་ཀྱི་དགོས་པ་སྟོན་པ་མ་ཡིན་གྱི་འོག་ནས་འཆད་པ་ལྟར་འཇམ་པའི་རྡོ་རྗེ་སྒྲུབ་པའི་ཏིང་ངེ་འཛིན་ཡིད་ལ་བྱེད་ཅིང་། འབྲུས་བུ་མངོན་དུ་འགྱུར་བའི་ཕྱིར་དུ་ཡིན་ ནོ་ཞེས་པའོ། །བསྟོད་པའི་ཡུལ་དེ་ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུ་དང་ལྡན་ན། རང་དོན་ཕུན་སུམ་ཚོགས་པའི་རྒྱུ་དང་། འབྲས་བུ་དང་། གཞན་དོན་ཕུན་ཚོགས་དང་། དེའི་རྒྱུའོ། །དང་པོ་ནི། ཚོགས་གཉིས་ཀྱི་དཔལ་ 12-9-2b དང་ལྡན་པ་གོམས་པ་ལ་བརྟེན་ནས་བྱུང་བའོ། །གཉིས་པ་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ལ་སྒྲིབ་པས་ན་མི་ཤེས་པ་དེའང་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པ་ཀུན་སྤངས་པས་ན་དྲི་མ་མེད་པའི་གཟི་བརྗོད་དང་ལྡན་པའོ། །སྤངས་པ་ཕུན་ཚོགས་ནི་རྟོགས་པ་ ཕུན་ཚོགས་ལ་མི་འཁྲུལ་བས་རང་དོན་སྤངས་རྟོགས་ཕུན་ཚོགས་དང་ལྡན་པའོ། །གཟི་བརྗིད་ལྡན་ནི་གཉིས་ཀའི་མཐར་སྦྱར་རོ། །གསུམ་པ་ནི། རིགས་ཀྱང་ཡིན་ལ་དཔག་ཏུ་མེད་པའང་ཡིན་པས་དཔག་མེད་རིགས་ཏེ་དེ་བཞིན་གཤེགས་པའི་ རིགས་ལ་སོགས་པ་རིགས་ལྔ་དང་། དེའི་གསལ་བའི་དབྱེ་བ་མཐའ་ཡས་པ་རྣམས་ཀྱི་སྤྲུལ་པ་རྣམས་ཀྱིས་རབ་ཏུ་བརྒྱན་པས་ཏེ། དེ་ལ་རྒྱན་ཆོས་རིགས་ལྔ་དང་། རྒྱན་སོ་དྲུག་པ་རྡོ་རྗེ་སེམས་དཔའ་གཉིས་ལས་འདི་ནི་ཕྱི་མའོ། །སློབ་ དཔོན་དཔལ་འབྲས་རྡོ་རྗེ་དྲུག་པ་རྡོ་རྗེ་འཆང་གི་ཡེ་ཤེས་ལྔ་དག་པ་ནི་རིགས་ལྔ། སྐྱེ་མཆེད་དག་པ་ནི་ས་ལྷིང་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཁམས་དག་པ་ནི་སྤྱན་མ་སོགས་དང་། ཡུལ་དག་པ་ནི་གཟུགས་རྡོ་རྗེ་མ་སོགས་དང་། དང་པ་སོགས་དག་པ་ནི་གཤིན་རྗེ་མཐར་བྱེད་སོགས་བཞི་སྟེ། དེ་ཐམས་ཆད་དྲུག་པའི་སྐུའི་ཆ་ཤས་ཡིན་པས་ན་དཔག་མེད་ཀྱི་རིགས་ཀྱི་སྤྲུལ་པས་བརྒྱན་པ་ཞེས་འཆད་དོ། །བཞི་པ་ནི། ཤེས་རབ་ནི་རང་གི་ཡུམ་མཱ་མ་ཀཱིའི་རིགས་དེ་དེའི་ཡན་ ལག་ཐབས་དང་བཅས་པ་འདུས་ཤིང་སྙོམས་པར་འཇུག་པས་འབར་ཞིང་རབ་ཏུ་མཛེས་པའོ། །དེ་ལ་ཡོན་ཏན་དང་པོས་ནི་ཚངས་པ་སོགས་ལས་ཁྱད་པར་དུ་བྱས་ལ། གཉིས་པས་ཉན་རང་རྣམས་དང་། བཞི་པས་རྒྱུན་སྡེ་འོག་མ་རྣམས་ལས་ 12-9-3a ཁྱད་པར་དུ་བྱས་སོ། །གཉིས་པ་བཤད་པར་དམ་བཅའ་ལ་གཉིས་ཏེ། དངོས་དང་རྩོད་སྤང་ངོ་། །དང་པོ་ནི། དཔལ་ལྡན་ཞེས་ཏེ་སངས་རྒྱས་ཡེ་ཤེས་བདག་གིས་བཤད་པར་བྱའོ། །ཞེས་སོ། །གང་ན་འགྲོ་བ་མ་ ལུས་པའི་ཐོབ་བྱའི་དོན་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཕུན་སུམ་ཚོགས་པ་མཐར་ཐུགས་ཐོབ་པའི་རྒྱུ་གྱུར་པའི་ཆོ་ག་སྟེ་རིམ་པ་དང་རྣམ་པ་དང་། ཐབས་སུ་གྱུར་པ་འོག་ནས་འཆད་པའི་དཀྱིལ་འཁོར་གྱི་འཁོར་ལོར་སྒྲུབ་པའི་ ཚུལ་ལོ། །གོ་འཕང་མཐར་ཐུག་ཐོབ་པའི་རྒྱུར་གྱུར་པའི་ཆོ་ག་ནི་བརྗོད་བྱའོ། །བསྟན་བཅོས་འདི་ལ་བརྟེན་ནས་དེ་རྟོགས་པ་ནི་དགོས་པ་དང་། གོ་འཕང་མཐར་ཐུག་ནི་ཉིང་དགོས་དང་། བསྟན་བཅོས་དང་བརྗོད་བྱ་སོགས་སྔ་མ་མེད་པར་ཕྱི་མ་མི་འབྱུང་བ་ ནི་འབྲེལ་བའོ། །སློབ་དཔོན་དཔལ་འབྲས་རྡོ་རྗེ་ནི། མཆོད་བརྗོད་ཀྱི་གཞུང་གིས་དགོས་འབྲེལ་བསྟན་པར་བཞེད་དོ། །ཁྱེད་ཀྱིས་བསྟན་བཅོས་འདི་རང་དགར་བརྩམས་པ་ཡིན་ན་ཡིད་ཆེས་པའི་ཁུངས་མེད་པས་སུའང་འཇུག་པར་མི་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཚོགས་གཉིས་ཀྱི་དཔལ་དང་ལྡན་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འདུས་པ་གསང་བ་འདུས་པའི་རྒྱུད་ཀྱི་གཞུང་ལུགས་ཀྱི་གདམས་ངག་ལ་བརྟེན་ནས་བཤད་པ་ཡིན་ནོ། །ཁ་ཅིག་ནི་གསང་འདུས་ལས་ མཆོག་ཏུ་གྱུར་པའི་རྒྱུད་མེད་པས་ན་དཔལ་ལྡན་ཞེས་མཆད་དོ། །བསྟན་བཅོས་རྩོམ་པའི་རྒྱུ་ནི་དགེ་བའི་བཤེས་གཉེན་དམ་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀས་བསྐུལ་ཅིང་གནང་བ་ཐོབ་པ་དང་། རང་གི་སློབ་དཔོན་སྲུང་བའི་ཞབས་དང་། གྲོགས་ 12-9-3b མཆོག་ཁ་ཅིག་དང་། སློབ་མ་མར་མེ་མཛད་བཟང་པོ་ལ་སོགས་པས་བསྐུལ་བའི་ཕྱིར་རྩོམ་པ་ལ་སྤྲོ་བར་བྱས་པའོ། །གཉིས་པ་ནི། ཁྱོད་ཀྱི་རྩོམ་པ་དགོས་པ་མེད་པ་ཡིན་ཏེ། གསང་བ་འདུས་པའི་རྒྱུད་རྒྱས་པ་དང་། སློབ་དཔོན་སྔ་མ་རྣམས་ཀྱིས་མཛད་པའི་ སྒྲུབ་ཐབས་རྣམས་སུ་རྒྱས་པར་བཀྲལ་ཟིན་པའི་ཕྱིར་ཞེ་ན། དགོས་པ་ཡོད་པར་སྟོན་པ་ནི། དལ་འབྱོར་ཞེས་ཏེ་དེ་དག་གི་རྗེས་སུ་འབྲངས་ནས་ཀྱང་ཚེགས་ཆེན་པོ་དང་དུས་ཡུན་རིང་པོས་རྟོགས་ནུས་མོད་ཀྱང་། དལ་འབྱོར་ཤིན་ཏུ་གཡོ་བས་ཏེ་མྱུར་དུ་འཇིག་ པ་དང་། འཇིག་རྟེན་ན་གསང་བ་འདུས་པའི་སྒྲུབ་ཐབས་ཕྱིན་ཅི་མ་ལོག་པར་འཆད་པའི་བཤེས་གཉེན་དམ་པ་དང་ཕྲད་པའང་རྙེད་པར་དཀའ་བ་དེ་བས་ན་བདག་གིས་བརྩམས་པ་འདི་ལ་བརྟེན་ནས་ཤིན་ཏུ་གསལ་བ་དང་མདོར་བསྡུས་ཏེ་བསྟན་པས་ ཚོགས་ཆུང་ངུས་ཀྱང་རྟོགས་ནུས་པས་ན་འདི་ལ་བརྟེན་ནས་ཟབ་གསལ་གཉིས་སུ་མེད་པའི་ཤེས་རབ་དང་ཐབས་ལ་གཞོལ་བའི་ཡིད་ལ་བྱེད་པའི་མཆོག་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པའི་ཐབས་དེ་བསྒྲུབ་པར་བྱ་བར་རིགས་སོ། །གཉིས་པ་བཤད་ པ་ཉིད་ཉེ་བར་དགོད་པ་ལ་གསུམ་སྟེ། རྟེན་གང་གིས་སྒྲུབ་པ་དང་། གནས་གང་དུ་སྒྲུབ་པ་དང་། ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། དེ་ལ་ཞེས། ཡིད་ལ་བྱེད་པའི་མཆོག་སྒྲུབ་པར་བསྟན་པ་དེ་ལའོ་ཞེས་པའོ། །བློ་གྲོས་དང་ལྡན་པའི་གང་ཟག་དེས་ རང་སྔགས་ཏེ་རང་གི་ལྷག་པའི་ལྷ་མཉེས་ཤིང་བསྒྲུབ་པར་བྱའོ། །མནྡྲལ་ཞེས་པ་ཡིད་སྐྱོབ་པའི་དོན་གྱིས་ན་སྔགས་ཏེ། འདིར་སྔགས་དང་ལྷ་ཐ་མི་དད་དུ་བྱས་པའོ། །ཇི་ལྟ་བུས་མཉེས་པར་བྱ་ན། སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ 12-9-4a པ་དང་། དེའང་བསྐྱེད་ཚུལ་དུ་མ་ཡོད་པའི་ནང་ནས་སེམས་ཅན་གྱི་སྡུག་བསྔལ་ཤས་མི་བཟོད་ཅིང་། དེ་དག་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེའི་སྟོབས་ཀྱིས་བསྐྱེད་པའོ། །འཇུག་པ་བྱང་ཆུབ་ཀྱི་སེམས་ལ་བློ་ལེགས་ པར་སྦྱང་བ་ནི་ལུས་ལོངས་སྤྱོད་དགེ་རྩ་གཏོང་བའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྣམས་ཀྱིས་ལེགས་པར་བརྒྱན་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་ལེགས་པར་སྦྱངས་ཤིང་ ཟབ་མོའི་ཚུལ་སྔགས་ཀྱི་ཐེག་པ་ལ་ལྷག་པར་མོས་པ་བཞག་པའོ། །དེའང་དཔལ་གསང་བ་འདུས་པའི་རྒྱུད་ནས་བཤད་པའི་དཀྱིལ་འཁོར་གྱི་ཆོ་ག་གཙོ་བོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་ཅིང་། རང་གི་ལྷག་པའི་ ལྷའི་དབང་བསྐུར་བ་ཕུན་སུམ་ཚོགས་པ་སྦྱང་གཞི་དང་སྦྱོང་བྱེད་ངོ་ལེགས་པར་འཕྲོད་ཅིང་སྐུ་བཞིའི་ས་བོན་ཐེབས་ངེས་འཐོབ་པའོ། །དབང་གི་དང་པོ་ཆུ་དང་མཐའ་རྗེས་གནང་གིས་བརྟན་པར་བཞི་བརྒྱ་ལྔ་བཅུ་པ་ལས་བཤད་དོ། །ཆོ་ག་ བཞིན་དུ་རྗེས་གནང་ཐོབ་པས་ཏེ་རང་གི་མེ་ཏོག་གི་ལྷ་ལ་བརྟེན་ནས་དངོས་གྲུབ་བསྒྲུབ་པའི་ཚུལ་འདི་ལྟར་གྱིས་ཤིག་ཅེས་མན་ངག་བཞིན་དུ་སློབ་དཔོན་ལས་རྗེས་སུ་གནང་བ་འཐོབ་པའོ། །འདི་དབང་བསྐུར་གྱི་སྐབས་ལས་གཞན་ དུ་ངེས་པར་མི་དགོས་ཀྱི་དབང་རྡོགས་པར་ཐོབ་རྗེས་སུ་ཟུར་དུ་བྱས་ཀྱང་འགལ་བ་མེད་དོ། །བྲིས་སྐུ་ལ་བརྟེན་པ་དང་། སློབ་མའི་ཁྱད་པར་འགའ་ཞིག་ལ་བསམ་གཏན་དང་ལུས་དཀྱིལ་དུ་དབང་བསྐུར་བ་ཡོད་ཀྱང་། གཙོ་བོ་ནི་རྡུལ་ཚོན་ 12-9-4b གྱིས་དཀྱིལ་འཁོར་ཡིན་པས་འདིར་དང་པོར་དབང་ཐོབ་པ་དགོས་སོ། །མདོར་ན་ཐུན་མོང་བས་རྒྱུད་སྦྱངས་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་རྫོགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པའི་གང་ཟག་ཅིག་གིས་བསྒྲུབ་པར་བྱའོ། །གཉིས་ པ་ནི་ལ་ལར་ཞེས་ཏེ་དབེན་པའི་གནས་དྲི་མ་མེད་པའི་ཆུ་ཕུན་སུམ་ཚོགས་པ་དང་། ཤིང་མཛེས་པས་རྣམ་པར་བརྒྱན་པའི་རི་བོའི་ཕྱོགས་གཅིག་ཇི་ལྟར་འདོད་པའི་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བཅོམ་ལྡན་འདས་འཇམ་ཞིང་མཉེན་པའི་ དབྱངས་དང་ལྡན་པ་དེ་རབ་ཏུ་བསྒྲུབ་པར་བྱའོ། །གསུམ་པ་ལ་བཞི་སྟེ། བསྐྱེད་པའི་རིམ་པ་ཇི་ལྟར་བསྐྱེད་པའི་ཚུལ་དང་། བསྐྱེད་ནས་དངོས་གྲུབ་བསྒྲུབ་ཅིང་བགེགས་བཟློག་པའི་ཚུལ་དང་། ལམ་འདི་གཞན་ལས་ཁྱད་པར་དུ་འཕགས་པར་བསྒྲུབ་པ་དང་། དེས་ན་ངེས་པར་བསྒོམ་དགོས་པར་གདམས་པའོ། །དང་པོ་ལ་གཉིས་ཏེ། ཉིན་ཞག་དང་པོ་ལ་ཇི་ལྟར་བྱ་བ་དང་། གཞན་ལ་ཇི་ལྟར་བྱའོ། །དང་པོ་ལ་གཉིས་ཏེ། ཐུན་ངོ་བོ་ལ་ཇི་ལྟར་བྱ་བ་དང་། ཐུན་བར་དུ་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ་སྟེ། ཐུན་ གྱི་ཐོག་མ་དང་། དངོས་གཞི་དང་། མཇུག་ཏུ་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས་ཏེ། མཐུན་རྐྱེན་བསྒྲུབ་པའི་ཕྱིར་ཚོགས་བསག་པ་དང་། འགལ་རྐྱེན་བགེགས་བཟློག་པའི་སྲུང་འཁོར་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་ པར་བཤད་པའོ། །དང་པོ་ལ་བཞི་སྟེ། ཚོགས་བསག་པའི་རྟེན་བསྒྲུབ་པ་དང་། གནས་སྦྱང་བ་དང་། ཚོགས་ཞིང་སྤྱན་དྲང་པ་དང་། མཆོད་པ་སོགས་བྱ་བའོ། །དང་པོ་ནི། དང་པོར་ནང་པར་ཞེས་ཏེ་ཐུན་བཞིའི་དང་པོའང་མཚན་ལ་བརྒྱད་ 12-9-5a ཆ་ལུས་པའི་དང་པོ་ནང་པར་ཐོ་རངས་ཀྱི་དུས་སུ་སྔོན་འགྲོའི་གཏོར་མ་བྱས་ཤིང་། མཆོད་པ་བསང་སྦྱང་བསྐྱེད་བྱིན་གྱིས་བརླབ་པ་རྣམས་བྱས་ལ། རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་འོག་ནས་འཆད་པའི་ཞལ་གསུམ་ཕྱག་དྲུག་ པ་ཡུམ་དང་བཅས་པའང་། ཞལ་གཅིག་ཕྱག་གཉིས་པ་གང་རུང་དཀྲོངས་བསྐྱེད་བྱས་ནས་ནུ་མ་གཉིས་ཀྱི་བར་སྙིང་ཀའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དྲི་མ་མེད་པའི་འོད་ཟེར་ལྔ་ལྔ་རབ་ཏུ་འཕྲོ་བའི་མཾ་ཡིག་དམར་སེར་བསམ་པར་བྱའོ། །སྨན་པའི་ཞབས་ ཀྱིས་འདོད་ཆགས་ཆེན་པོས་འདུལ་བའི་སེམས་ཅན་རྗེས་སུ་བཟུང་བའི་དོན་དུ། མཾ་ཡིག་དམར་སེར་དགོད་ཅེས་གསུངས། སློབ་དཔོན་དཔལ་འབྲས་རྡོ་རྗེ་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་སྟེང་དུ་མཾ་ལས་བྱུང་བའི་རལ་གྲི་མཾ་གྱིས་མཚན་པ་སྒོམ་པར་བཤད་ པ་ནི། རྒྱས་བསྡུས་གྱི་ཁྱད་ཡིན་པས་གང་བྱས་ཀྱང་རུང་ལ། དེ་ལ་མིང་དུ་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། སྙིང་བརྩེར་ལྡན་པས་དེ་རྣམ་པར་དགོད་པར་བྱའོ། །དེ་གོང་དུ་བཤད་ཟིན་པ་མ་ཡིན་ནམ། ཞེ་ན། སྙིང་རྗེ་གཙོ་བོ་ཡིན་པར་ཤེས་པའི་དོན་དུ་ སླར་ཡང་སྨོས་ཞེས་ཐ་ག་ན་གསུང་ངོ་། །སྨན་པའི་ཞབས་ནི་མཾ་ཡིག་བཀོད་པའི་མཐུས་སེམས་ཅན་ཐམས་ཅད་ཚད་མེད་པ་བཟི་དང་ལྡན་པའི་རྒྱུར་གྱུར་ཅིག་སྙམ་དུ་བསམ་དགོས་ཤིང་བརྩེ་བ་ནི་ཚད་མེད་གཞན་གསུམ་མཚོན་པའི་དོན་ཡིན་ལ། ཡི་ གེ་དེ་ཉིད་དེ་དག་གི་རྒྱུར་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པར་བསྐྱེད་པའི་རྒྱུ་མཚན་ནི། ཡི་གེ་དེ་ཉིད་དེའི་ས་བོན་ཡིན་པ་ལ་དགོས་སོ། །ཚིག་རྐང་བཞི་པ་ལ་གཞུང་ཁ་ཅིག་ཏུ་གདོང་ 12-9-5b དང་ཁ་ལ་སོགས་པར་བསྒྱུར་ལ། དེ་ལ་བསམ་ནས་ཁྲུས་བྱ་བའི་དོན་དུའང་འཆད་དོ། །ཐ་ག་ན་ལ་སོགས་པས་རྣམ་པར་ཐར་པའི་སྒོ་གསུམ་དག་པར་བཤད་པ་ནི་སྐབས་འདིར་རྣམ་ཐར་སྒོམ་དགོས་པའི་དོན་མ་ཡིན་གྱི། འོག་ནས་འབྱུང་ བར་འགྱུར་བའོ། །དེས་ན་སློབ་དཔོན་ཤཱནྟི་པས་རྩ་འགྲེལ་གྱི་དགོངས་པ་བཤད་པ་ལྟར་ཡིན་ཏེ། སྙིང་གར་བཀོད་པའི་མཾ་ཡིག་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དབྱེར་མི་ཕྱེད་པ་མཚོན་བྱེད་ཡིན་པའི་ཕྱིར་དེ་ཉིད་ཅེས་བྱ་ལ། དེ་བཀོད་ པའི་དགོས་པ་ནི་རྣམ་ཐར་སྒོ་གསུམ་དག་པའི་ཕྱི་དུ་ཡིན་ནོ་ཞེས་གསུངས་སོ། །ཇི་ལྟར་མཚོན་ཚུལ་ནི་མ་ཡིག་དང་སྲོག་ཡིག་དང་། ཐིག་ལེ་གསུམ་གྱིས་རིམ་པ་བཞིན་དུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་ཐར་མཚོན་པ་ཡིན་ནོ། ། གཉིས་པ་ནི། ཙནྡ་དང་ཞེས་ཏེ། ཙནྡན་དང་ཤྲི་ཁནྡ་ལ་སོགས་པའི་དྲི་བཟས་པོས་བྱུགས་ཤིང་དྲི་ཞིམ་པོའི་མེ་ཏོག་གཅལ་དུ་བཀྲམ་པའི་ཆ་ནི་ཕྱོགས་ཡིན་པས་གནས་ཁང་གི་ཕྱོགས་ཀྱི་མཆོག་བསམ་གཏན་གྱི་གནས་སུ་བདེ་བའི་སྟན་ལ་གནས་ པར་བྱའོ། །གསུམ་པ་ནི། དུས་གསུམ་ཞེས་ཏེ། རང་གི་སྙིང་གའི་མཾ་ཡིག་ལས་འོད་ཟེར་སྤྲོས་འོད་ཟེར་གྱི་རྩེ་ལ་ཚོགས་ཞིང་སྤྲུལ་པ་དང་། འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་རང་གནས་གསལ་བར་བྱེད་པ་དང་། འོད་ཟེར་གྱིས་འོག་མིན་ ནས་སྤྱན་འདྲེན་པའི་ཚུལ་གསུམ་ལས། འདིར་གཉིས་པ་བྱ་ཞིང་། ཚོགས་ཞིང་ཡང་རང་གི་དཀྱིལ་འཁོར་གྱི་འཁོར་ལོ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་སྤྱི་འགྲོ་གཉིས་ལས་ཕྱི་མ་ལྟར་བྱའོ། །བཞི་པ་ནི་སྣ་ཚོགས་ཞེས་ཏེ། སྣ་ཚོགས་མཆོད་ 12-9-6a པ་ནི་མཾ་ཡིག་ལས་སྤྲོས་པའི་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །སྤྲིན་རྣམས་ནི་མང་པོའི་དོན་ནོ། །དང་པོར་མཆོད་ལྷ་སྤྲོ་བ་དང་དེ་ནས་མཆོད་པ་དང་། མཆོད་ཡོན་གྱི་སྐབས་སུ་བཤད་པའི་བསྟོད་པ་སོགས་བསྐྱེད་རིམ་གྱི་ཚུལ་ ལ་མཁས་པའི་བློ་དང་ལྡན་པས་བྱ་ཞིང་། དེ་ནས་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་ལ་སོགས་བྱའོ། །དགོས་པ་ཅིའི་ཕྱིར་དུ་ན་རས་སྣུམ་གྱིས་མ་གོས་པ་ལ་ཚོན་འབྱེར་བ་ལྟར་སྡིག་པ་དག་ནས་བསྐྱེད་པའི་རིམ་པ་ལ་སོགས་པའི་དགེ་བ་རྣམས་ གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་ཡིན་ནོ། །ཁ་ཅིག་གིས་སྤྲོ་བ་སོགས་ཀྱི་མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་དང་ཕྱག་འཚལ་བ་དང་སོགས་སྡུད་དོ། །གཉིས་པ་ལ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་བསག་པ་དང་། ཡེ་ཤེས་ཀྱི་ཚོགས་ བསག་པའོ། །དང་པོ་ལ་ལྔ་སྟེ། སྡིག་པ་བཤགས་པ་དང་། ཡི་རང་ཞིང་བསྔོ་བ་དང་། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། ལམ་ལ་བརྟེན་པའོ། །དང་པོ་ནི་གང་ཞིག་ཅེས་ཏེ། ཐོག་མ་མེད་པའི་སྲིད་པའི་ཆུ་ཀླུང་དུ་བདག་དང་བདག་གི་བར་འཛིན་པ་དང་། གཟུང་བ་དང་འཛིན་པའི་རྣམ་རྟོག་མ་ལུས་པའི་ཀུན་རྟོག་གིས་བསགས་པའི་འདོད་ཆགས་ལ་སོགས་པའི་རྙོག་པ་ཐམས་ཅད་བཤགས་པར་བགྱིའོ། །གང་ལ་ན། ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ སྤྱིན་སྔར་རོ། །ཇི་ལྟར་ན། བཤགས་པར་བྱ་བ་དང་། བཤགས་པ་པོ་དང་། བཤགས་པའི་ཡུལ་ལ་སོགས་པ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཅོ་ག་བཞིན་དུའོ། །གཉིས་པ་ནི། རྫོགས་སངས་ཞེས་ཏེ་རྫོགས་པའི་སངས་རྒྱས་ 12-9-6b ནི། དཀྱིལ་འཁོར་གྱི་གཙོ་བོ་དང་བྱང་ཆུབ་སེམས་དཔའ་ནི་དཀྱིལ་འཁོར་པའི་ལྷ་དང་འཕགས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བརྟེན་ནས་སངས་རྒྱས་པ་རྣམས་སོ། །གཞན་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །ཞེས་འགྲེལ་པར་བཤད་ཚུལ་ གཞན་དུ་འཆད་ཀྱང་། བཤད་ཚུལ་ཕྱི་མ་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ས་བཅུ་ལ་བཞུགས་པ་དང་འཕགས་པ་ཉན་རང་རྣམས་དང་གཞན་ནི་དཀོན་མཆོག་གསུམ་ལ་དད་སེམས་ཅན་ལ་འཆད་པ་ ལྟར་འཐད་དོ། །དེ་དག་གིས་དགེ་བ་གང་མཛད་པ་ཀུན་ལ་དགའ་བ་བསྒོམ་ཞིང་ཡང་དག་པར་ཡི་རང་ངོ་། །གསུམ་པ་ནི། བྱང་ཆུབ་ཅེས་ཏེ་སྤྱིར་དགེ་རྩ་ཐམས་ཅད་དང་བྱེ་བྲག་ཏུ་ཡི་རང་བྱས་པའི་དགེ་བ་དེ་ཉིད་ཡོངས་སུ་བསྔོ་བར་བགྱིའོ། །དེས་ན་གཏོར་མ་ དང་མཆོད་པའི་རིམ་པ་རྣམས་བསྐྱེད་པ་ལ་སོགས་བྱས་ཏེ། རང་གི་སྙིང་གའི་མཾ་ཡིག་ལས་གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་སྤྲུལ་ནས་མཆོད་པར་བསམ་ཞིང་། དག་ཏུ་ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཤྲི་ཡེ་ ཨཱཿ ཧཱུཾ་ཞེས་པས་མེ་ཏོག །དེ་བཞིན་དུ་དྷཱུ་བས་བདུག་སྤོས་། ཨཱ་ལོ་ཀེས་མར་མེ། གནྡྷེས་དྲི། ནཻ་ཝི་དྱཻས་ཞལ་ཟས། ཤཔྟས་རོལ་མོ་འབུལ། དེ་བཞིན་དུ་འདོད་ཡོན་ལྔ་འབུལ་ལོ། །དེ་ནས་གོང་དུ་བསྟན་པའི་བསྟོད་པ་དང་། གང་ཞིག་ཐོག་ མེད་ཅེས་སོགས་བྱའོ། །གསུམ་པ་ལ་གསུམ་གྱི་དང་པོ་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི་ཡིད་ཀྱི་རོལ་པ་ཞེས་ཏེ། སྤངས་རྟོགས་ཕུན་སུམ་ཚོགས་པ་གཉིས་ཀྱི་བདག་ཉིད་རྟོགས་པའི་བྱང་ཆུབ་ཀྱི་སེམས་ནག་ནོགས་མེད་ཅིང་སྐྱེས་བུའི་ཡིད་ཚིམ་ 12-9-7a པར་བྱེད་པའི་སྟོན་དུས་ཀྱི་དྲི་མ་མེད་པའི་ཟླ་བ་དང་འདྲ་བས་བསྒྲུབས་ཤིང་བསྐྱེད་པ་དང་། སྙིང་རྗེ་དམ་པས་ཐུགས་རྗེ་ཆེན་པོ་སེམས་ཅན་མཐའ་ཡས་པའི་དོན་གཉིས་ཕུན་ཚོགས་འགྲུབ་པའི་ཐབས་དང་ལྡན་པ་དང་། རྫོགས་ པའི་སངས་རྒྱས་རང་གི་ཡིད་ལ་གཏན་པ་སྟེ་རང་གི་སོ་སོ་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་བ་སྟེ། ཆོས་གསུམ་དང་ལྡན་པ་དེ་ལའོ། །གཉིས་པ་ཆོས་ལ་སྐྱབས་སུ་འགྲོ་བ་ནི། རྟོག་པ་ཞེས་ཏེ་བཤད་པ་བདག་གི་བ་དང་། གཟུང་བ་དང་ འཛིན་པའི་རྣམས་པར་རྟོག་པ་མ་ལུས་པ་ས་བོན་དང་བཅས་པ་ལས་ངེས་པར་གྲོལ་ཞིང་སེམས་དམ་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་གྱིས་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པའི་གཞི་འཕགས་པ་དམ་པ་རྣམས་ཀྱིས་ བསྟེན་པར་བྱས་པས་ན་དམ་པའི་ཆོས་གཙོ་བོ་འགོག་པ་དང་། ལམ་གྱི་བདེན་པ་ལ་རྟག་པར་སྐྱབས་སུ་མཆིའི། །འགོག་པའི་བདེན་པ་ནི་དངོས་པོ་ཐམས་ཅད་ཀྱི་གནས་ལུགས་རོ་གཅིག་པའི་ངོ་བོ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བའོ། ། སློབ་དཔོན་ཤཱནྟི་པ་ནི་སྟོང་པ་ཉིད་ལ་དམིགས་ཏེ་བསྒོམས་པས། འཕགས་པའི་ཡོན་ཏན་ཐམས་ཅད་སྐྱེ་བས་ཕུན་སུམ་ཚོགས་གཞི་ཞེས་འཆད་དོ། །ཆོས་རྒྱས་པར་ན་ལུང་གི་ཆོས་དང་། རྟོགས་པའི་ཆོས་དང་། དེ་བཞིན་ཉིད་ཀྱི་ཆོས་ གསུམ་དུ་དབྱེ་ལ་རྟག་པར་གྱི་དོན་སྔ་མ་བཞིན་ནོ། །གསུམ་པ་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ནི། འཆིང་བ་ཞེས་ཏེ་སྐྱེ་འཆི་རང་དབང་མེད་པར་བྱེད་པའི་ཉོན་མོངས་པའི་འཆིང་བ་རྣམས་ལས་ཡང་དག་གྲོལ་པར་གྱུར་ཅིག་ཉན་རང་རྣམས་ 12-9-7b ལ་མེད་པའི་སྙིང་རྗེ་མཆོག་གིས་བསྐྲུན་ཅིང་བསྐྱེད་པའི་ཚོགས་གཉིས་ཀྱི་དཔལ་དང་ལྡན་པ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལ་རབ་ཏུ་བཞུགས་པ་བརྟུལ་ཞུགས་ཀྱི་བྱང་ཆུབ་སེམས་དཔའི་ཚོགས་ལ་རྟག་པར་སྐྱབས་མཆིའོ། །བསམ་པ་ནི་ བསམ་དང་ཞེས་ཏེ་བསམ་པ་ཕུན་སུམ་ཚོགས་པ་སྨོན་པ་སེམས་བསྐྱེད། རྣམ་པར་སྨིན་པ་དག་པར་གྱུར་པ་འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམས་པ་ལ་བརྟེན་ནས་སྒྲིབ་པ་མཐའ་དག་དང་བྲལ་བར་འགྱུར་བས་སྒྲིབ་པ་ཀུན་གྱི་བག་ཆགས་ཡང་ དག་འབྱིན་པའོ། །བླ་ན་མེད་པའི་བྱང་ཆུབ་ལ་དོན་གཉེར་གྱི་འདུན་པས་བསྡུས་པའི་ལྷག་པར་མོས་པས་རྣམ་པར་བརྒྱན་པའི་བྱང་ཆུབ་དམ་པ་སྟེ། མཆོག་གི་སེམས་ནི་བསྐྱེད་པར་བགྱིའོ། །ལྔ་པ་ནི་བདེར་གཤེགས་ཞེས་ཏེ་བདེ་བར་གཤེགས་པ་སྲས་ དང་བཅས་པ་རྣམས་ཀྱི་བགྲོད་པའི་ལམ་གཅིག་པུ་ཟླ་མེད་པ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་ཉེས་པ་དང་བྲལ་བས་ན་དཀར་པོ། ཡང་དང་ཡང་དུ་བསྟེན་པར་བྱ་བས་ཡོན་ཏན། དེའི་ཚུལ་དེ་ངོ་བོ་ལ་ཕྱིན་ཅིག་ལོག་པ་ཡང་དག་པ་ཉིད་དུ་དེ་ ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་གནས་པར་བགྱིའོ། །ཚུལ་ཇི་ལྟ་བུས་ཤེ་ན། རྫོགས་པའི་སངས་རྒྱས་དཀྱིལ་འཁོར་བའི་བདག་པོ་འཁོར་དང་བཅས་པ་མ་ལུས་པའི་ངོ་བོ་ཡིད་ལ་བྱེད་པའི་བློས་གནས་པར་བྱའོ། །སློབ་དཔོན་ཤཱནྟི་པ་ ནི་ཡུལ་དུས་ཚད་ཅན་འཛོམ་པ་ལ་སྦྱོར་བར་མཛད་དེ། འོག་ནས་འཆད་པར་འགྱུར་རོ། །སྔར་བཤད་པ་རྣམས་ཀྱི་དོན་ཚན་རྒྱས་པར་དབྱེ་ན་མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་དང་། ཕྱག་འཚལ་བ་དང་། སྔར་བཤད་པ་ལྔ་དང་དགུར་ 12-9-8a དབྱེའོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསག་པ་ལ་བཞི་སྟེ། རྣམ་ཐར་བསྒོམ་པ་དང་། དེ་རྟེན་བྱེད་ཀྱི་སྔགས་དང་། གནས་གྱུར་མཐར་ཕྱིན་པའི་རྣལ་འབྱོར་དང་། བར་སྲིད་ཀྱི་རྣལ་འབྱོར་རོ། །དང་པོ་ནི། སྙིང་རྗེ་ཞེས་ཏེ་སྙིང་ རྗེ་ཆེན་པོས་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་འདི་མ་ལུས་པ་ལ་དམིགས་ནས་སྡུག་བསྔལ་མཐའ་དག་ལས་གྲོལ་བར་བྱ་བའི་ཕྱིར་དུ་བྱང་ཆུབ་ཀྱི་རང་བཞིན་སྟོང་པ་ཉིད་ལ་རྗེས་སུ་ཞུགས་པས་ཡང་དག་པའི་དོན་དམ་བྱང་ཆུབ་ཀྱི་སེམས་ཉན་རང་ ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་མཉམ་པ་མེད་པ་བསྒོམ་པར་བྱའོ། །འཇིག་རྟེན་ཇི་ལྟ་བུ་ཞེ་ན། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བའི་དྲ་བ་ལུས་ཅན་བྱ་ལ་སོགས་པ་ནམ་མཁའ་ལ་ཕུར་མི་ནུས་པར་བྱེད་པའི་དྲ་བ་བཞིན་ དུ་ལུས་ཅན་རང་དབང་མེད་པར་བཅིངས་པ་རྣམས་སོ། །འདི་ཞེས་པ་ནི་ཐ་གནས་འཇིག་རྟེན་སེམས་ཀྱི་སྣང་བ་ཙམ་ཡིན་པས་ཕྱི་རོལ་གྱི་དོན་མེད་པ་ལ་སྦྱོར་ལ། ཕྱི་དོན་ཁས་ལེན་ན་འཆད་ཚུལ་གཞན་བྱའོ། །མཉམ་པ་མེད་པའི་དོན་དེ་ལྟར་ བཤད་པ་ནི་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པའི་ལུགས་སོ། །སུས་བསྒོམ་པར་བྱ་ན་སྔགས་པས་སོ། །ཇི་ལྟར་ན་འོག་ནས་འཆད་པའི་ཆོ་གའི་རིམ་པ་འདི་ཡིས་སོ། །ཆོས་རྣམས་རང་གི་ངོ་བོ་བདེན་པ་དང་བྲལ་བའི་ཕྱིར་དེ་རྟོགས་ པའི་ཡེ་ཤེས་སྟོང་པ་ཉིད་ཀྱི་རྣམ་ཐར་དང་། དེ་བཞིན་དུ་རྒྱུ་བདེན་པ་བ་དང་བྲལ་བས་དེ་རྟོགས་པ་མཚན་མ་མེད་པའི་རྣམ་ཐར་དང་། རྟོག་པས་བཏགས་པའི་ཡུལ་བདེན་པ་བ་དང་བྲལ་བའི་དངོས་པོ་རྣམས་ནི་སྨོན་པར་བྱ་བའི་ཡུལ་དང་སྨོན་པ་པོ་དང་སྨོན་པའི་ཚུལ་གཉིས་ཀ་དང་བྲལ་བས་མ་ལུས་པ་སྨོན་པ་ 12-9-8b བདེན་པ་བ་དང་བྲལ་བར་རྟོགས་པའི་རྣམ་ཐར་བསྒོམ་པར་བྱའོ། །དེའང་བདེན་པའི་སྤྲོས་པ་བཅད་པ་དང་སྣང་བ་བསྡུས་པ་གཉིས་ཀ་ངེས་པར་བྱ་དགོས་སོ། །དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་ཐོག་མར་ཚོགས་གཉིས་བསག་པའི་ཚུལ་བསྟན་པའི་དགོངས་པ་བཤད་ཚུལ་ བཞིར་ཡོད་དེ་འོག་ཏུ་དཀྱིལ་འཁོར་འཁོར་ལོ་མཚན་ཉིད་པ་ལྷག་པར་མོས་པས་བསྒོམ་པ་ན། དེའི་རྒྱུར་ཚོགས་གཉིས་སྔོན་དུ་འགྲོ་དགོས་པར་ཤེས་པའི་ཕྱིར་དང་། འདིར་སྟོང་པ་བསྒོམས་པས་འོག་ནས་འབྱུང་བར་འགྱུར་བའི་རྟེན་བརྟེན་པ་ རྣམས་ལ་སྒྱུ་མ་ལྟ་བུར་དྲན་པར་བྱ་བ་དང་། འོག་ནས་འཆད་པའི་སྣང་བ་ཁྱད་པར་ཅན་བསྒོམ་པ་ལ་ལྟ་བས་ཐ་མལ་པའི་སྣང་བ་སྦྱང་བར་བྱ་བའི་ཕྱིར་དང་། འོག་ཏུ་གཟུགས་སྐུ་མཚན་ཉིད་པར་བསམས་ནས་ང་རྒྱལ་འཇོག་པ་ལ་དེའི་སྔ་རོལ་ ཏུ་ཆོས་སྐུ་ལ་ང་རྒྱལ་གཞག་པར་བྱ་བའི་ཕྱིར་ཡིན་ནོ། །ཞེས་པའོ། །མངོན་རྟོགས་ཕལ་ཆེར་དུ་རྣམ་ཐར་བསྒོམ་པ་དང་། སྔགས་དོན་བསམ་པ་སོ་སོར་མི་འབྱུང་ལ། འདིར་དེ་གཉིས་ཀ་གཉིས་ཀ་འབྱུང་བའོ། །གཉིས་པ་ནི། ཨོཾ། དང་པོ་དང་། བཀྲ་ཤིས་བ་ དང་དཔལ་ལ་སོགས་པ་ལ་འཇུག་ལ། ཤཱུནྱ་ཏཱ་ནི་སྟོང་པ་ཉིད་དོ། །ཛྙ་ན་ནི་ཡེ་ཤེས་ཏེ། སྒྲ་སོར་གཞག་གི་དོན་ལ་ཤེས་པ་ལས་མི་འབྱུང་ཡང་ཡེ་ནི་སྒྲ་པ་རྣམས་ཀྱིས་བསྣན་པའོ། །བཛྲ་ནི་མི་ཕྱེད་པས་རྡོ་རྗེ་སྟེ་རྣལ་འབྱོར་པའི་བློ་སྟེར་བ་ཉིད་ ལ་ཆུ་ལ་ཆུ་བཞག་པ་ལྟར་སོང་བས་མི་ཕྱེད་པ་དང་། མི་མཐུན་ཕྱོགས་ཀྱིས་ཀྱང་མི་ཕྱེད་པའོ། །སྭ་བྷཱ་ཝ་ནི་རང་བཞིན་ཏེ་ཡུལ་སྟོང་པ་ཉིད་དོ། །ཨཱཏྨ་ཀ་ནི་བདག་ཉིད་ཡིན་ལ། ཨ་ཧཾ་ནི་དའོ་ཞེས་པའོ། །སྔགས་དེའི་དོན་བསམ་པ་ནི། ཆོས་སྐུ་ 12-9-9a མཚན་ཉིད་པར་མོས་ནས་ང་རྒྱལ་བྱ་བ་སྟེ་དེ་དག་ནི་སློབ་དཔོན་ཤཱནྟི་པས་བཤད་དོ། །གསུམ་པ་ནི་སྟོང་པ་ཉིད་ཀྱི་དོན་དེ་ཉིད་ལེགས་པར་བསྒོམ་པའོ། །བཞི་པ་ནི་སློབ་དཔོན་དཔལ་འབྲས་རྡོ་རྗེས་ཟླ་བའི་སྟེང་དུ་ཨོཾ་དཀར་ པོ་ཨཱཿ དམར་པོ་ཧཱུཾ་སྔོན་པོ་གཤིབས་པའི་མཐའ་གཉིས་ཧོ་དམར་སེར་གྱིས་བརྟེན་པར་བཤད་པ་ནི་ཡི་གེ་འགོད་ཚུལ་རྒྱས་པའོ། །ཡི་གེ་གསུམ་པོ་འགོད་པ་དང་ཧཱུཾ་ཡིག་རྐྱང་པ་དང་ནཱ་ད་རྐྱང་པ་འགོད་པ་སོགས་ཀྱང་གཞན་ནས་བཤད་ དོ། །སྐབས་འདིར་བར་སྲིད་ཀྱི་རྣལ་འབྱོར་སྟོན་པའི་རྒྱུ་མཚན་ནི་སྨན་ཞབས་ཀྱིས་ལམ་འདི་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་གཉེན་པོར་བསྒོམ་པ་ཡིན་ལ། དེ་ལའང་འཆི་སྲིད་དང་བར་སྲིད་དང་། སྐྱེ་སྲིད་གསུམ་སྦྱང་བའི་ཕྱིར་ཡིན་ཏེ། དང་པོ་ དང་ཆོས་མཐུན་པར་གནས་གྱུར་མཐར་ཕྱིན་པའི་རྣལ་འབྱོར་དང་། བར་པ་དང་ཆོས་མཐུན་པར་བར་སྲིད་ཀྱི་རྣལ་འབྱོར་དང་། ཐ་མ་དང་མཐུན་པ་ཞུ་བ་གླུས་བསྐུལ་བ་རྒྱུ་རྡོ་རྗེ་འཛིན་པར་བཞེངས་པའི་རྣལ་འབྱོར་རོ། །ཡི་གེ་དེ་དག་ནི་ནམ་མཁར་ བཀོད་ནས་བཞག་གོ། །གཉིས་པ་འགལ་རྐྱེན་བགེགས་བཟློག་པའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པ་ནི། དེ་འོག་ཧཱུཾ་གིས་རྡོ་རྗེར་བྱས་ཞེས་པ་སྟེ་ཡེ་ཤེས་ཀྱི་ཚོགས་བསག་པ་དེའི་འོག་ནས་དཔལ་འབྲས་རྡོ་རྗེས་ཉི་མ་ལ་གནས་པའི་ཧཱུཾ་ལས་ རྡོ་རྗེ་ནག་པོ་ལྟེ་བར་ཉི་མ་ལ་གནས་པའི་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས། སྣ་ཚོགས་རྡོ་རྗེའི་ས་གཞི། ལོགས་སུ་འཕྲོས་པས་ར་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུང་བསྐྱེད་པར་བཤད་དོ། །འོག་གསེར་གྱིས་གཞི་ལ་ 12-9-9b ཐུག་པ་དང་། སྟེང་ཚངས་པའི་འཇིག་རྟེན་དང་འོག་མིན་ལ་ཐུག་པ་གང་རུང་དང་། རྒྱ་ནི་ཇི་ཙམ་འདོད་པར་རོ། །ཐ་གནས་བགེགས་བྱུང་དོགས་ནར་བའི་ཕྱིར་རོལ་ཏུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་ཕྱོགས་བཞིར་ལངས་པའི་རྣམ་པ་གྲྭ་བཞིར་རྡོ་རྗེས་ མཚན་པ་དང་། དེའི་ཕྱི་རོལ་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ལ་བ་དན་གྱིས་མཚན་པ། དེའི་ཕྱི་རོལ་ཏུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བ་འཕྲོ་བས་མཚན་པ་བསམ་པར་བཤད་དོ། །འབྱུང་བ་རིམ་བརྩེགས་མི་བསྐྱོད་པའི་ལུགས་ སོ། །སློབ་དཔོན་ཤཱནྟི་པ་ནི་སྙིང་གར་བསམས་པའི་རྡོ་རྗེ་ལས་སྣ་ཚོགས་རྡོ་རྗེ་ཕྲ་མོ་འཕྲོས་ནས་ར་གུར་ལ་སོགས་པ་བསྐྱེད་པར་བཞེད་དོ། །དང་པོའི་རྡོ་རྗེ་ནི་དྲག་པོའི་རྡོ་རྗེ་རྩེ་མོ་གྱེས་པ་རྩེ་དགུ་པའམ་ལྔ་པའོ། །འགྲེལ་པ་ལས་ཧཱུཾ་མཛད་སྤྲོས་ ནས་བགེགས་བཟློག་པ་ལས། ཁྲོ་བོ་བཅུ་བསྒོམ་པ་གསལ་བར་མ་བཤད་ཀྱང་། དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ་ལས་བཤད་པ་འདིའི་དགོངས་པ་ཡིན་པས། སྲུང་འཁོར་གཙོ་བོ་ཧཱུཾ་མཛད་རིགས་ལྔ་གང་རུང་གིས་བྱེད་པར་བཤད་པ་ལྟར་བྱ་ ཞིང་། དེའང་ཐོག་མར་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་མི་མངོན་པར་མགྱོགས་པར་འཁོར་བར་བསྒོམ་ཞིང་། ལྟེ་བ་སྦུབས་ཅན་དུ་ཡོད་པའི་ཡར་སྣའི་ནང་དུ་གཙུག་ཏོར་འཁོར་ལོས་སྒྱུར་རྒྱལ་དང་། མར་སྣའི་ནང་དུ་གནོད་ མཛེས་དང་། དེའང་སྔ་མ་གཙོ་བོ་ལས་ཅུང་ཟད་ཙམ་གྱི་མདུན་དང་ཕྱི་མ་ཅུང་ཟད་ཙམ་གྱི་རྒྱབ་ཏུ་བསྒོམ་ལ། གཤིན་རྗེ་མཐར་བྱེད་ལ་སོགས་པ་བརྒྱད་ནི་རྩིབས་བརྒྱད་ཀྱི་རྩེ་མོ་ཅུང་ཟད་མ་རེག་པར་བསྒོམ་ཞིང་། སྲུང་བ་ཡིན་ན་གཡས་སྐོར་དང་། 12-9-10a བཟློག་པ་ཡིན་ན་གཡོན་སྐོར་དུ་འཁོར་བར་བསྒོམ་མོ། །འཁོར་ལོ་ཞྭ་ཐེབ་ཁ་སྦྱར་ལྟ་བུ་དང་། རྩིབས་བརྒྱད་སྦུགས་ཅན་དུ་འདོད་པ་ནི་དོན་མིན་ནོ། །གཉིས་པ་ཐུན་གྱི་དངོས་གཞིའི་རྣལ་འབྱོར་ལ། རྟེན་བསྐྱེད་པ་དང་། བརྟན་པ་ བསྐྱེད་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། ཆོས་འབྱུང་དང་། གཞལ་ཡས་ཁང་དུ། གནས་བསྐྱེད་པའོ། །དང་པོ་ལ་གང་དུ་བསྐྱེད་པའི་གནས་ཞི་སྲུང་འཁོར་གྱི་དབུས་ཀྱི་སར་རོ། །རྒྱུ་ནི་ཀུན་ཏུ་ཞེས་ཏེ་ཧཱུཾ་ལས་བྱུང་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། ཀུན་ཏུ་བཟང་པོ་ དེ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། དཀར་ནག་དམར་བའི་ཞལ་ཅན། ཕྱག་དང་པོ་གཉིས་རང་འདྲ་བའི་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་ན་རྡོ་རྗེ་དང་རལ་གྲི། གཡོན་འོག་མ་གཉིས་ན་ནོར་བུ་དང་པདྨ་འཛིན་པ་ལས་བྱུང་བར་བསམ་ཞིང་། རྡུལ་ ཁུག་རྣལ་སོགས་དང་བྲལ་པའི་སྟོན་ཀའི་ཟླ་བ་ལྟ་བུར་ཆོས་འབྱུང་གི་ཁ་དོག་རབ་ཏུ་དམར་པོ་འོད་མཐའ་ཡས་པ་ཕྱོགས་བཅུ་ན་གནས་པའི་སྣ་ཚོགས་པའི་འོད་དང་ལྡན་པ། དབྱིབས་གུ་གསུམ་པ་རྩེ་མོ་ཕྲ་བ་ཐུར་དུ་བསྟན་ཅིང་། འཕེལ་ཁ་ཆེ་བ་གྱེན་དུ་གནས་པའོ། ། འོག་ཏུ་ཕྲ་བ་ནི་ལས་དང་པོ་བ་ཡོན་ཏན་གྱི་ཚོགས་ཆུང་པ་དང་། སྟེང་དུ་འཕེལ་ཁ་ཆེ་བ་ནི་ཆོས་སྤྱོད་ནས་བརྩམས་ཏེ་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་དང་། གྲུ་གསུམ་གྱིས་རྣམ་ཐར་སྒོ་གསུམ་མཚོན་པར་ཤཱནྟི་པས་བཤད་དོ།། ཆོས་འབྱུང་ནང་ གི་ནམ་མཁའི་ཁོང་སྟོང་གི་ངོ་བོ་དང་བཅས་པ་རྡོ་རྗེ་འཛིན་པའི་རང་བཞིན་དུ་བསམ་པ་ནི་རྣམ་དག་གོ། བསྡུས་པ་འདོད་ན་ཨེ་ལས་བསྐྱེད་དོ། །གཉིས་པ་ནི་དེ་ལྟ་བུའི་ཆོས་འབྱུང་གི་དབུས་ན་འོག་ཟུར་ན་པཾ་ལས་བྱུང་བའི་སྣ་ཚོགས་པདྨ་དབུས་སྔོ་ཞིང་ 12-9-10b ཕྱོགས་མདོག་དང་། མཚམས་ཇི་ལྟར་མཛེས་པར་བྱས་པ། དེའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར་བ། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་སྔོན་པོས་མཛེས་པ་བསམ་པར་བྱའོ།། སྣ་ཚོགས་རྡོ་ རྗའི་ལྟེ་བར་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་སེར་པོ་རྩིབས་བརྒྱད་པའམ། བཅུ་གཉིས་པ་བྷྲཱུཾ་གྱིས་མཚན་པ་ལས་བྱུང་བའི་རྣམ་པར་སྣང་མཛད་སྐུ་མདོག་དང་ཞལ་སྔ་མ་དང་འདྲ་བ་ལ། ཕྱག་དང་པོ་གཉིས་ཀྱིས་རང་འདྲའི་ ཡུམ་ལ་འཁྱུད་ཅིང་། གཡས་འོག་མ་གཉིས་ན་འཁོར་ལོ་དང་རལ་གྲི། གཡོན་འོག་མ་གཉི་ན་ནོར་བུ་དང་པདྨ་དམར་པོ་བསྣམས་པ། རིག་མ་དང་བཅས་པའི་ཡན་ལག་སྟེ་རྒྱུ་ལས་ཡང་དག་འབྱུང་བའི་ འོག་ནས་འབྱུང་བ་ལྟར་གཞལ་ཡས་ཁང་པ་དེར་ནི་བསམ་པར་བྱའོ།། རྩིབས་ཀྱི་གྲངས་ཀྱི་ཁྱད་པར་ནི་འཕགས་ལམ་ཡན་ལག་མཚོན་པ་དང་། བདེན་བཞིའི་ཆོས་འཁོར་ལན་གསུམ་དུ་བཟླས་ཤིང་། རྣམ་པ་ བཅུ་གཉིས་སུ་བསྐོར་བ་དང་མཐུན་ནོ།། གཞལ་ཡས་ཁང་པའི་ཁྱད་པར་ནི། ཏུབ་པའི་དབང་པོ་འོད་ཀྱི་དཀྱིལ་འཁོར་གྱི་ཚོགས་སྣ་ཚོགས་པའི་ཟེར་གྱིས་ཕྱོགས་ཀྱི་ཚོགས་མ་ལུས་པ་ཀུན་ཁྱབ་པ་དང་། ལོགས་བཞི་མ་མཉམ་ པ་མེད་པའི་ཟུར་བཞི་ལྷམ་པའི་མཉམ་པའོ།། དེ་ནི་སངས་རྒྱས་དང་བྱང་སེམས་ཀྱི་དེ་ཁོ་ན་ཉིད་མཉམ་པའི་མཚོན་པའོ།། དྲན་པ་ཉེར་གཞག་བཞི་དང་། ཡང་དག་སྤོང་བ་དང་། རྫུ་འཕྲུལ་རྐང་པ་དང་། དབང་པོ་དང་། སྟོབས་གཅིག་ 12-9-11a ཏུ་བྱས་པ་རྣམས་དག་པ་ནི་རིམ་པ་བཞིན་དུ་ཤར་ལ་སོགས་པའི་སྒོ་རྣམས་ཡིན་ལ། བསམ་གཏན་དང་པོའི་སོགས་པ་བཞི་དག་པ་ནི་ཤར་ལ་སོགས་པའི་རྟ་བབས་བཞི་རིམ་པ་བཞིན་དུ་དག་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ དང་། དྲི་མ་མེད་པའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་བཞི། རིམ་པ་བཞིན་དུ་དག་པའི་ཁ་ཁྱེར་ཏེ། རྩིག་པའི་འགྲམ་གྱི་འདོད་ཡོན་གྱི་སྣམ་བུ་བཞིས་ཀུན་ནས་བསྐོར་བ་དང་། དེ་ལ་གང་གྱི་སྣམ་བུ་དང་། གཟུངས་ཀྱི་སྣམ་ བུ་ཞེས་ཀྱང་བྱའོ།། ཁ་ཁྱེར་དེར་ཡེགས་པར་བརྟེན་པའི་གཟུང་སྟེ་རིག་མའི་ཚོགས་རྣམས་ཀྱིས་མཆོད་པའི་མཆོག་དམ་པ་སྣ་ཚོགས་འཛིན་པ་བསམ་པར་བྱའོ།། གཞལ་ཡས་ཁང་དེ་ཉིད་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་ཀུན་གྱིས་རྣམ་པར་སྤྲས་པ་ནི་དགོས་ པ་གང་གི་ཕྱིར་ན་འགྲོ་བའི་བསམ་པའི་རེ་བ་ཀུན་རྫོགས་པར་མཛད་པ་མཚོན་པའོ།། མངའ་ཡབ་ཀྱི་སྟེང་དུ་གསེར་གྱི་བུམ་པ་ལ་གནས་པའི་རླུང་གིས་བསྐྱོད་པའི་བ་དན་དར་ལྕེ་སུམ་ཁུག་ཏུ་འཁྱོག་པ་དང་། འཕྲེང་བ་དང་དར་ལྕེ་ལ་འཕྱང་པའི་དྲིལ་བུ་སྟེ་ གཡེར་ཁ་སྒྲ་སྒྲོག་པའི་སྒྲས་མཚོན་པའི་ཕྱོགས་ཀུན་ཏུ་ཁྱབ་པ་བཅུ་དྲུག་ནི་དགོས་པ་གང་གི་ཕྱིར་ན་རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་དང་སྐྱེས་པ་རབས་ཀྱི་རྣམ་གསུམ་གླེང་གཞིའི་སྡེར་བསྡུས་པའི་དམ་པའི་ཆོས་གསུང་རབ་ཡན་ལག་ དགུས་གདུལ་བྱ་ཐམས་ཅད་སྐྱོབ་པའི་སྒྲས་བསྐྱོད་པ་མཚོན་པའོ།། གསེར་གྱི་སྐེ་རགས་བཞིའི་ཕྱི་ངོས་སུ་མེ་ཡོང་དང་དྲ་བ་དྲ་ཕྱེད་དང་། མེ་ཏོག་གི་ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་པ་དེ་དང་མཚུངས་པའི་གཟུགས་གཞན་མེད་པས་མཉམ་པ་མེད་ 12-9-11b པའོ།། མེ་ཏོག་དྲི་ཞིམ་པ་ཕུན་སུམ་ཚོགས་པས་བརྒྱན་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་དྲི་མ་མེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་པའོ།། བླ་ན་མེད་ཅིང་མཐའ་ཡས་པའི་འདོད་པའི་ཡོན་ཏན་ལྔ་ལྡན་པ་ནི་གཟུགས་ སོགས་ཡུལ་རྣམས་དང་ཡུལ་ཅན་གཟུང་འཛིན་གཉིས་རྣམ་པར་དག་པ་མཐར་ཐུག་པ་མཚོན་པའོ།། མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་རྣམ་པར་བརྒྱན་པ་ནི་ཆོས་དབྱིངས་རྣམ་པར་དག་པ་རྟོགས་པའི་རྒྱུ་མཐུན་གྱི་འབྲས་བུའོ།། གསུམ་པ་ནི། སྣ་ཚོགས་པདྨ་བཅུ་དགུ་ལ་གནས་པའི་གཞལ་ཡས་ཁང་ནང་མའི་ལྷོ་བྱང་དང་ཕྱིའི་སྒོ་བཞིར་ཉི་མ་དང་། ལྷག་མ་རྣམས་ཟླ་བའི་གདན་དང་བཅས་པའི་ལྷའི་གནས་རྣམས་དང་རིན་པོ་ཆེ་མ་ལུས་པས་སྤྲས་པའི་གཞལ་ཡས་ཁང་བསམ་པར་བྱའོ།། མདོར་ན་སྔར་གྱི་རྣམ་སྣང་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་པ་ཕྱི་ནས་རིམ་པ་བཞིན་དུ། དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་དང་ལྡན་པ། དེའི་སྟེང་ན་རིན་པོ་ཆེའི་སྣམ་བུ་གཞི་དམར་པོ་ལ་ཐ་སེར་པོ་ལ་སོགས་པས་ སྤྲས་པའི་ཕ་གུ་དང་། དེའི་སྟེང་དུ་གསེར་གྱི་སྐ་རགས་བཞི་རྩེགས་མའམ་སྦྲགས་མའི་ཕྱི་ངོས་སུ་ཆི་སྲིན་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེའི་དྲ་བ་དང་། དྲ་ཕྱེད་དང་། མདའ་ཡབ་ལས་འཕྱང་པའི་རིན་པོ་ཆེའི་ཤར་བུ་དེའི་སྟེང་དུ་མདའ་ཡབ་པདྨའི་ འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་སྟེང་དུ་གསེར་གྱི་བུམ་པ་ལ་གནས་པའི་བ་དན་གྱིས་མཚན་པ། ནང་དུ་གཞལ་ཡས་ཁང་གི་ཕྱེད་ཀྱི་ཚད་དུ་རྡོ་རྗེའི་ཕྲེང་བ་ཟླུམ་པོས་བསྐོར་བའི་ནང་ངོས་ལ་བརྟེན་པའི་ཨ་བ་ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། 12-9-12a ནུབ་པདྨ། བྱང་རལ་གྲིས་མཚན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་སྟེང་དུ་རྡོ་རྗེའི་གདུང་བཞིས་མཛེས་པར་གྲུབ་པ། རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ་ནང་གི་སྟེང་འོག་ཐམས་ཅད་ཕྱོགས་མདོག་ཏུ་ཡོད་ ཡོད་པ། ཕྱི་ནང་གི་སྒོ་ཁྱུད་ཀྱི་མཚམས་སུ་ཟླ་ཕྱེད་རྡོ་རྗེས་སྤྲས་པ། སྒོ་ནས་ཅུང་ཟད་སོང་བའི་གནས་སུ་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་སྟེང་དུ་ཆོས་འཁོར་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞལ་ཡས་ཁང་གི་ནང་གི་ཟུར་ཐིག་གི་གཡས་གཡོན་དུ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བའི་བུམ་པ་གཉིས་གཉིས་ཏེ་བརྒྱད་བསམ་པར་བྱའོ།། འདི་དག་གི་བཤད་པ་རྣམས་ནི་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པར་རྒྱས་པར་གསུངས་ཟིན་པས་ དེར་བལྟ་བར་བྱའོ།། གཉིས་པ་བརྟེན་པ་བསྐྱེད་པའི་རྣལ་འབྱོར་ལ་གཉིས། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང་། འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པའོ།། དང་པོ་ལ་ཡབ་བསྐྱེད་པ་ནི། བཅུ་དྲུག་ཆ་དང་ཞེས་སོགས་ཏེ། བསམ་པར་བྱའོ་ཞེས་བགྲང་ངོ་།། གང་ན་ཟླ་བའི་དཀྱིལ་འཁོར་ གཉིས་པོ་དག་ནིའོ།། གང་དུ་ན་གཞལ་ཡས་ཁང་གི་དབུས་ཉིད་དུའོ།། དེའང་དབུས་མའི་གདན་སྣ་ཚོགས་པདྨ་ཟླ་བའི་གདན་ལའོ།། བསྐྱེད་ཚུལ་ནི་ཆོ་ག་བཞིན་ཏེ་མཚན་དཔེའི་བདག་ཉིད་དམ་འོད་ཟེར་གྱི་སྤྲོ་བསྡུ་དང་བླ་མའི་མན་ངག་བཞིན་ནོ།། རྒྱུ་ གང་ལས་ན་དབྱངས་ཡིག་བཅུ་དྲུག་གི་ཆ་དང་། གསལ་བྱེད་རྣམས་ལ་སྡེ་ཚན་རིགས་མཐུན་དུ་མའི་ཚོགས་ཡོད་པས་གསལ་བྱེད་ཀྱི་ཚོགས་ལས་བྱུང་བའོ།། དེའང་དབྱངས་ཡིག་གཡས་སྐོར་གཡོན་སྐོར་དུ་བསམས་པའི་ནང་ངམ་སྟེང་དུ། 12-9-12b དཔལ་འབྲས་རྡོ་རྗེ་ལྟར་ན་ཀྵ་དོར་བའི་གསལ་བྱེད་སོ་གསུམ་ལ། ཡཾ་ལཾ་བཾ་ཨཾ་ཨ་སྟེ་ལྔ་དང་། ཀྤ་མཆུ་ཅན་དང་། ཀ་ལྕེ་རྩེ་ཅན་ཏེ་བདུན་བསྣན་པས་བཞི་བཅུ་གཡས་སྐོར་གཡོན་སྐོར་དང་། ཤཱནྟི་པ་ལྟར་ན་གསལ་བྱེད་སོག་བཞི་ལ། ཌ་ཌྷ་དང་ད་དྷ་དང་ཡ་ ལ་དང་། དྲུག་བསྣན་པས་བཞི་བཅུ་ཉིས་འགྱུར་རོ་ཞེས་པ་ལྟར་འཐད་དོ།། བསྣོན་ས་ནི་རང་གི་ཡི་གེ་རིགས་མཐུན་ཡོད་པ་དེའི་མཚམས་སུའོ།། དེ་ནས་ཨཱ་ལི་ཡོངས་སུ་གྱར་པ་ལས། ཟླ་བའི་དཀྱིལ་འཁོར་དཀར་པོ་དང་། ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བ་ དམར་པོ་བསམ་པ་ནི་ཀུན་གཞི་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལས་བྱང་ཆུབ་པའོ།། ཨཱ་ལི་བསྐྱེད་པའི་ཚེ་ཨོཾ་ཙིཏྟ་བེ་དྷཾ་ཀ་རོ་མི་ཞེས་པས་ཤེས་རབ་ཀྱི་ངོ་བོར་བསམ། གསལ་བྱེད་ལས་བསྐྱེད་པའི་ཚེ། ཨོཾ་བོ་དྷི་ཙིཏྟ་ཨུ་པཱ་ཏ་ཡཱ་མི་ཞེས་པས་ཐབས་ ཀྱི་ངོ་བོར་བསམ་མོ།། སོ་སོར་རྟོག་པ་ལས་བྱང་ཆུབ་པའི་ཚེ། ཨོཾ་ཏཥྛ་ཞེས་བརྗོད་ལ། བྱ་སྒྲུབ་ཡེ་ཤེས་ལས་བྱུང་ཆུབ་པའི་ཚེ། ཨོཾ་བཛྲ་ཨཏྨ་ཀོ྅ཧཾ་ཞེས་བརྗོད་ཅིང་། ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པའི་ཚེ། ཨོཾ་ཡ་ཐཱ་ཏ་ཐཱ་ཨ་ཧཾ། ཞེས་བརྗོད་དོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱང་ཆུབ་པ་དངོས་སུ་མི་གསལ་བ་ཆོ་ག་བཞིན་དུ་ཞེས་པས་འཕངས་པ་ཡིན་ལ། དེའང་ཟླ་བ་གཉིས་གཅིག་ཏུ་འདྲེས་ནས་དཀར་ལ་དམར་བའི་མདངས་ཆགས་པའི་ཟླ་བར་གྱུར་པ་དེ་ཡིན་ནོ།། སོ་སོར་རྟོག་པ་ལས་བྱང་ཆུབ་པ་ནི་ དཔལ་མཆོག་ཅེས་ཏེ། དཔལ་མཆོག་དང་པོ་རྡོ་རྗེ་སེམས་དཔའི་སྙིང་པོ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བཟང་པོ་དམར་པོ་ནོར་བུ་དམར་པོ་དང་འདྲ་བ་ལ་སྟེང་འོག་ལ་སོགས་པའི་ཕྱོགས་ཀྱི་སྒོ་མཐའ་ཡས་པ་ནས་ཐུབ་པའི་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་པས་ 12-9-13a ཁྱབ་པར་རབ་ཏུ་བསྒྲུབ་ཅིང་བསྐྱེད་དོ།། རྡོ་རྗེ་དེའི་ལྟེ་བའི་ནང་དུ་དང་པོའི་སྙིང་པོའི་མགོན་ཏེ་ཟླ་བ་ལ་གནས་པའི་ཧཱུཾ་དང་བཅས་པར་བསྒོམས་ཏེ་སོ་སོར་རྟོག་པ་ལས་བྱང་ཆུབ་པའོ།། རྡོ་རྗེ་མཐའ་ཡས་པའི་སངས་རྒྱས་ཀྱི་སྤྲུལ་ པ་སྤྲོས་ནས་འགྲོ་བ་རྣམས་སྦྱངས་ཤིང་མཆོག་གི་དོན་ལ་བཀོད་དེ། བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ལས་བྱང་ཆུབ་པའོ།། ཟླ་བ་རྡོ་རྗེ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས་ཐུབ་པའི་རྡུལ་ཕྲ་རབ་ལས་བསྒྲུབས་ཤིང་མཚུངས་ པ་མེད་པའི་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ་དཀར་སྔོ་དམར་པའི་ཞལ་ཅན་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་འོད་ཟེར་དུ་མས་སྤྲས་པ། ཕྱག་དང་པོ་གཉིས་ཀྱིས་རིག་མ་ལ་དམ་པར་འཁྱུད་པར་མཛད་པ། ཕྱག་ལྷག་མ་གཡས་འོག་མ་གཉིས་ན་རྡོ་རྗེ་དང་རལ་ གྲི། གཡོན་འོག་མ་གཉིས་ན་རིན་པོ་ཆེ་དང་པདྨ་བསྣམས་པས་མཛེས་པར་ཁམས་གསུམ་གྱིས་བསྡུས་པའི་འཇིག་རྟེན་ཐམས་ཅད་ན་ཐུབ་པའི་འོད་ཟེར་གྱི་ཚོགས་དུ་མ་འགྱེད་པ། རྣམ་པར་ཐར་པའི་སྒོ་གསུམ་དག་པས་ཟབ་གསལ་གཉིས་སུ་མེད་པའི་ ཤེས་རབ་དང་། ཐབས་ཀྱི་བདག་ཉིད་སྙིང་རྗེའི་མཆོག་འགྲོ་བ་མ་ལུས་པའི་དེ་ཉིད་གཅིག་པུ། བདེ་སྟོང་དབྱེར་མེད་ཀྱིས་བསྡུས་པའི་དཀྱིལ་འཁོར་བའི་རྒྱལ་བ་ཐམས་ཅད་བསྐྱེད་པའི་སྐུ་རུ་བསྒོམས་ལ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཨ་ཧཾ་ཞེས་བརྗོད་དེ། ཆོས་དབྱིངས་ཡེ་ཤས་ལས་བྱང་ཆུབ་པའོ།། དེ་ནས་ཡབ་ཡུམ་རྗེས་སུ་ཆགས་པའི་ཕུན་སུམ་ཚོགས་པའི་དགའ་བ་དཔག་མེད་ཀྱིས་འདོད་ཆགས་ཆེན་པོས་གདུལ་བའི་སེམས་ཅན་ཐམས་ཅད་ལ་དམིགས་ནས་སྙོམས་པར་འཇུག་པའི་དགའ་བའི་སྒྲ་སྒྱུ་ 12-9-13b མ་ལྟ་བུས་དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་བསྐུལ་ནས་སྤྱན་དྲངས་ཏེ། བསྡུའི་སྒོ་ནས་རང་གི་ལུས་ཀྱི་ནང་དུ་གཞུག་པར་བྱའོ།། དེ་ནས་སྤྱན་མ་ལ་སོགས་པའི་ཡུམ་བཞིའང་གཟུགས་རྡོ་རྗེ་མ་ལ་སོགས་པའི་རྡོ་རྗེ་མ་ལྔའི་རང་བཞིན་དུ་རང་ གི་ལུས་ལས་ཕྱུང་ནས་རང་གི་རིག་མའི་ལུས་ཀྱི་ནང་དུ་ཆུད་པར་བསམ་པར་བྱའོ།། གཅིག་མཱ་མ་ཀཱི་དོད་ལ་ཆོས་དབྱིངས་རྡོ་རྗེ་མ་འཇུག་ལ། སྨན་ཞབས་ཀྱིས་ཆོས་དབྱིངས་རྡོ་རྗེ་མ་ནི་ཡུམ་ཐམས་ཅད་ཀྱི་སྤྱི་ཁྱབ་ཡིན་པ་དང་། བསྐྱེད་པའི་གཞི་ཡུམ་གྱི་ རང་བཞིན་དུ་གནས་པ་དང་། གཟུགས་སྒྲ་ལ་སོགས་པའི་འདོད་ཡོན་ལོངས་སྤྱོད་པ་ལས་བྱུང་བའི་དགའ་བ་སྟོན་པའི་སྐབས་ཡིན་པ་དང་། སྔར་ཡབ་ལ་དྲུག་པ་མ་བཅུག་པས་དེའི་ཆ་མཐུན་གྱི་འབྲས་བུ་ཆོས་དབྱིངས་རྡོ་རྗེ་མ་འབྱིན་པར་མི་རིགས་སོ།། ཞེས་ གསུངས་པ་དེ་ལྟར་འཐད་དོ།། དེ་ནས་དེ་བཞིན་གཤེགས་པའི་ཚོགས་སྤྱིན་དྲངས་ཏེ། རང་གི་སྤྱི་བོའམ་ཞལ་ནས་ཞུགས་ཏེ་ཡུམ་གྱི་པདྨའི་ལྟེ་བའི་ནང་དུ་དཀྱིལ་འཁོར་དྲི་མ་མེད་པའི་དེ་བཞིན་གཤེགས་པ་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི་འོད་ཟེར་ལས་ རྟེན་དང་བརྟེན་པ་ལྷ་བཅུ་དགུ་དང་བཅས་པ་རྫོགས་པར་བྱུང་བར་བསམས་ཏེ། གཙོ་བོར་འཇམ་རྡོར་བསྐྱེད་ཀྱང་རུང་ངོ་།། དེ་ནས་འགྲོ་བ་སེམས་ཅན་གྱི་ཚོགས་མ་ལུས་པ་བཀུག་ནས། དཀྱིལ་འཁོར་གྱི་ཕྱོགས་སོ་སོའི་ཁྱམས་ནང་དེར་རབ་ཏུ་གཞུག་པར་བྱའོ།། ཡང་ རྣམ་སྣང་ལ་སོགས་པ་སྔར་ལྟར་སྤྱན་དྲངས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ཞུ་བའི་གཟུགས་སུ་གྱུར་ཏེ་གསང་བའི་རྡོ་རྗེ་དམ་པའི་དབུས་ནས་ཞུགས་ནས་ཁྱམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ལ་དབང་བསྐུར་བས་སྡིག་སྒྲིབ་དག་ནས་རྡོ་རྗེ་སེམས་དཔའི་ 12-9-14a གོ་འཕང་ལ་བཀོད། དེ་ནས་དེ་རྣམས་ཀྱི་མིག་ལ་སོགས་པའི་དབང་པོ་དྲུག་ཐིག་ལེ་དྲུག་ཏུ་གྱུར་ཏེ། དེ་བཞིན་དུ་ཡུལ་ལྔ་དང་ཁམས་བཞི་དང་། ཕུང་པོ་ལྔ་རྣམས་དེའི་གྲངས་དང་མཐུན་པའི་ཐིག་ལེར་གྱུར། དེ་ནས་ཐིག་ལེ་སྔ་མ་དྲུག་ ཀྵེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དྲུག་གི་ས་བོན་དུ་གྱུར། དེ་ནས་དྲུག་དྲི་མ་དྲུག་གི་ས་བོན་དང་། དེ་ནས་བཞི་ཡུམ་བཞིའི་ས་བོན་དང་། དེ་ནས་ལྔ་དེ་བཞིན་གཤེགས་པ་ལྔའི་ས་བོན་དུ་གྱུར། དེ་རྣམས་གྱུར་པ་ལས་རང་རང་གི་ས་བོན་ཕྱག་མཚན་ དུ་གྱུར་པའམ། ཡང་ན་ས་བོན་ལས་ས་སྙིང་ལ་སོགས་པའི་ལྷ་ཉི་ཤུ་རྩ་གཅིག་ཏུ་གྱུར་པར་བསམ། དེ་ནས་ཕྱིར་འཕྲོས་ཏེ། རང་རང་གི་དེ་བཞིན་གཤེགས་པའི་གནས་རྣམས་སུ་བྱོན་པར་བསམ་ཞིང་། སྔར་གྱི་རྟེན་བརྟེན་པའི་དཀྱིལ་འཁོར་ནི་དེ་ཉིད་དུ་ མི་དམིགས་པར་སྟོང་པར་བསམ་མོ།། གྲངས་བཞིན་ནོ་ཞེས་པ་ནི། ཐིག་ལེ་སྔ་མ་དྲུག་དང་ས་སྙིང་ལ་སོགས་གྲངས་བཞིན་དུ་སྦྱར་ཞེས་པའི་དོན་ནི། སྐྱེ་མཆེད་དྲུག་གི་ལྷ་དག་དེས་རྫོགས་ཞེས་པའི་དོན་ནོ།། རྟགས་པ་ནི་རྣམ་སྣང་ངོ་།། དེ་རྗེས་ ས་བོན་གྱིས་ནི་དབྱུང་བར་བྱ། ཞེས་པ་ནི། ས་བོན་ལྷ་ཕྱིར་འབྱིན་པའི་སྔགས་སུ་སྟོན་པ་མ་ཡིན་གྱི་མངལ་དུ་ལྷ་བསྐྱེད་པའི་དོན་ཡིན་ལ། དེ་རྗེས་ཞེས་པའང་ལྷ་དབང་བསྐུར་བའི་འོག་ནས་ཞེས་པའི་དོན་ཡིན་ནོ།། གཉིས་པ་འབྲས་བུ་རྡོ་རྗེ་འཛིན་པ་ བསྐྱེད་པ་ལ་གཉིས་ཀྱི་དང་པོ་ཡབ་བསྐྱེད་པ་ནི། ཨོཾ་ཨཱཿ ཧཱུཾ་ཞེས་ཏེ་སྔར་གོང་དུ་བཤད་པ་ལྟར། རང་གི་སེམས་ཉིད་ཡི་གེ་གསུམ་གྱི་རྣམ་པར་གྱུར་པར་འོད་ཟེར་དང་ལྡན་པའི་ཧོ་ཡིག་དམར་སེར་གཉིས་ཀྱི་བར་དུ་སྤེལ་བར་སྲིད་ཀྱི་རྣལ་ 12-9-14b འབྱོར་བསྒོམ་པ་དེ་ཉིད་ཆོ་ག་བཞིན་ཏེ། ཡབ་ཀྱི་ཞལ་ནས་ཞུགས་ནས་ཡི་གེའི་རྣམ་པར་རིམ་གྱིས་བརྒྱུད་དེ། ཡུམ་གྱི་པདྨའི་ནང་དུ་ཞུགས་པས་གཞན་དང་མཉམ་པ་མེད་པའི་ཤེས་རབ་ཀྱི་རང་བཞིན་ཡུམ་གྱི་ཆགས་པས་འཇུ་བའི་རྐྱེན་བྱས་ནས་ཞུ་བར་ བྱས་པར་བསམ་མོ།། དཔལ་འཛིན་དང་། ཤཱནྟི་བས་སྐབས་འདིར་བར་སྲིད་རྣལ་འབྱོར་བྱས་ཀྱང་རུང་ལ། དཔལ་འབྲས་རྡོ་རྗེའི་བཞེད་པ་ལྟར་ཡང་རུང་ངོ་།། བར་སྲིད་འཇུག་པ་ནི་སྦྱང་གཞི་ལ་ཕའི་ཁ་དང་སྤྱི་བོ་དང་སྦྱོར་མཚམས་ནས་འཇུག་པ་ངེས་པར་ཡོད་པ་ ལྟར་བཅོམ་ལྡན་འདས་ཀྱིས་རྒྱུད་ཐ་དད་ལས་མི་འདྲ་བར་གསུངས་པའང་མི་འགལ་བར་ཤེས་པར་བྱ་སྟེ། སྡོམ་འབྱུང་ལས་ཀྱང་། སྤྱི་གཙུག་ནས་འཇུག་པ་དང་། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་ཁ་ནས་འཇུག་པར་བཤད་པ་ལྟར་བྱས་ཀྱང་རུང་ངོ་།། ཆགས་ པས་ཞུ་བདེའི་འོད་ཟེར་གྱི་མཐུས་ཡབ་ཡུམ་གཉིས་ཀའང་ཞུ་བར་བྱས་པར་བསམ་མོ།། དེ་མཐོང་བ་དང་གཟུགས་སྐུར་བཞེངས་པའི་དོན་དུ་རང་རྒྱུད་ཀྱི་ཚེད་མེད་པ་བཞི་མཚོན་པའི་ལྷ་མོ་རྣམས་ཀྱིས་གླུས་བསྐུལ་བར་བྱས་པར་བསམ་མོ།། མཱ་མ་ཀཱི་ཤར་ དང་། སྤྱན་མ་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་རིམ་པ་བཞིན་དུ་ལྷོ་ལ་སོགས་པར་གནས་ནས་སོ།། དཔལ་འབྲས་རྡོ་རྗེས་བསྐུལ་བའི་གོ་རིམ་འདི་ལྟར་འབྱུང་བའི་རྒྱུ་མཚན་ནི། ལུས་གྲུབ་པ་སེམས་ལ་རག་ལས་པས་ཏུགས་ཀྱི་སྒོ་ནས་དང་པོར་ བསྐུལ་ལ། ལུས་གྲུབ་ནས་ངག་དང་དེ་ནས་འཕྲིན་ལས་གྲུབ་ཅེས་ཟེར་རོ།། མཱ་མ་ཀཱིས་བསྐུལ་བ་ནི་སེམས་ཅན་ཞེས་ཏེ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེའི་ཐུགས་ཞེས་པོས་ནས་བདག་ལ་དགྱེས་པས་ཏེ་རོལ་པར་མཛད་དུ་གསོལ་ཞེས་སོ། ། 12-9-15a ཡོན་ཏན་གྱི་ཁྱད་པར་ནི་སེམས་ཅན་ཐམས་ཅད་ཀྱི་དབང་ཕྱུག་གི་གཙོ་བོ་དང་། ཕན་འདོགས་པ་དང་བསྐྱེད་པས་ན་དབང་ཕྱུག་དང་། སེམས་ཅན་ཡབ་ཚན་གཉེན་མཆོག་གོ།། དགོས་པ་ཅིའི་ཕྱིར་དུ་ན། མཆོག་ཏུ་དགའ་ཞིང་ཡིད་ དུ་འོང་བར་བྱེད་ལ་དོན་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་བདག་ཉིད་འདོད་པའི་ཡོན་ཏན་ལོངས་སྤྱོད་པར་འདོད་པས་སོ།། གཟུགས་སྐུར་མ་བཞེངས་ན་མཱ་མ་ཀཱི་ལ་སོགས་པ་མི་སྲིད་པར་འགྱུར་བས། གསོན་པར་མཆིས་བཞེང་ན་ཞེས་སོ།། སྤྱན་མས་གླུས་ བསྐུལ་བ་ནི་རྡོ་རྗེ་ཞེས་ཏེ། མེ་ལོང་ལྟ་བུའི་ངོ་བོ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པས་ན་རྡོ་རྗེའི་སྐུ་ཁྱོད་ཅེས་པའོ།། བཀའི་འཁོར་ལོ་སེམས་ཅན་ཀུན་ལ་ཕན་པ་སྟེ་ཚིམ་པར་མཛད་པའི་སངས་རྒྱས་ཀྱི་དོན་དུ་བྱང་ཆུབ་དོན་དམ་ཕན་པར་གཟིགས་པའི་དང་ཚུལ་ ཅན་ནོ། །རྐང་པ་གསུམ་པ་ནི་སྔ་མ་ལྟར་རོ། །འདོད་ཆགས་ནི་མཆོག་ཏུ་དགའ་བའི་བདེ་བས་ཏེ་འདའ་བར་མི་བྱ་བས་དམ་ཚིག་གོ། གོས་དཀར་པོས་གླུས་བསྐུལ་བ་ནི། ཁྱོད་ནི་ཞེས་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པས་རྡོ་རྗེའི་ གསུང་ཁྱོད་ཅེས་པའོ། །སེམས་ཅན་ཀུན་ལ་ཕན་དང་བདེ་བའི་ཕྱིར་ཏུགས་བརྩེ་བས་མཐར་ཐུག་པའི་དོན་དང་། གནས་སྐབས་ཀྱི་དགོས་པ་འགྲུབ་པར་མཛད་པས་ན་བརྩོན་པའོ། །རྐང་པ་གསུམ་པ་ནི་སྔ་མ་ལྟར་རོ། །དགའ་བའི་སྤྱོད་པ་ནི་བདེ་བ་ཆེན་ པོ་སྟེ། དེ་མངའ་བས་ན་ཀུན་ཏུ་བཟང་པོའོ། །སྒྲོལ་མས་གླུས་བསྐུལ་བ་ནི། ཁྱོད་ནི་ཞེས་ཏེ་འདོད་པའི་ཡོན་ཏན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པས་རྡོ་རྗེ་འདོད་པ་ཞེས་བོས་ནས་དམ་ཚིག་ནི་དོན་ཡོད་གྲུབ་པའོ། །སངས་རྒྱས་ཀྱི་གདུང་ནི་ 12-9-15b རིགས་སོ། །མཉམ་པ་ཉིད་ནི་སྟོང་པ་ཉིད་ཀྱི་རྗེས་སུ་ཐུགས་བརྩེ་བའོ། །རྐང་པ་གསུམ་པ་ནི་སྔར་ལྟར་རོ། །གཏེར་དུ་གྱུར་པ་ནི་འབྱུང་གནས་སོ། །དེ་ལྟ་བུའི་ཞུ་བ་ཀླུས་བསྐུལ་བས་ན་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བསམ་པའོ། །སྣང་བའི་འོད་ ཟེར་གྱིས་དཀྱིལ་འཁོར་གྱི་བདག་ཉིད་ཟླ་བ་ཞུ་བའི་གཟུགས་དེ་ཉིད་མཾ་དུ་གྱུར་པ་ལས། རལ་གྲིའི་འཆང་གཟུང་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་མཾ་གྱིས་མཚན་པར་གྱུར་པ་ནི། རང་སྔགས་ཀྱི་ལུས་སུ་ཉིད་གྱུར་པའོ། །དེའི་འོད་ཟེར་གྱིས་རང་གནས་ཏེ་འཇམ་ པའི་དབྱངས་ཀྱི་སྤྲུལ་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་བཅུག་པས་དཔལ་ལྡན་འཇམ་པའི་རྡོ་རྗེ་ཞེས་བྱ་བར་གྱུར་པར་བསམ་མོ། །ཇི་ལྟ་བུ་ཞེ་ན། གུར་གུམ་ཞེས་ཏེ། སྐུ་མདོག་གུར་གུམ་བཟང་པོ་ལྟར་དམར་སེར་རྩ་བའི་ཞལ་ཀྱང་སྐུ་མདོག་དང་འདྲ་བ་ལ། གཡས་ ཞལ་སྔོ། གཡོན་ཞལ་དམར། གདུ་བུ་དང་དཔུང་རྒྱན་ལ་སོགས་པ་སྣ་ཚོགས་པའི་རྒྱན་གྱིས་རྣམ་པར་བརྒྱན་པ་རྩ་ཕྱག་གཉིས་ཤེས་རབ་དམ་པ་རང་གི་རིག་མ་ལ་འཁྱུད་པ་དང་། གཡས་འོག་མ་གཉིས་ན་རལ་གྲི་དང་མདའ་མདངས་དང་ལྡན་པ་དང་། གཡོན་འོག་མ་ གཉིས་ན་ཨུཏྤལ་སྔོན་པོ་དང་། གཞུ་འོད་ཟེར་དང་ལྡན་པ་བསྣམས་པ་དེ་བཞིན་གཤེགས་པའི་རིགས་ནམ་མཁའ་གང་བ་འཕྲོ་བས་རྣམ་པར་བརྒྱན་པའོ། །དེ་ལྟ་བའི་སྐྱོབ་པས་ནམ་མཁའ་མ་ལུས་པའི་དཀྱིལ་འཁོར་ཁྱབ་པ་ཡིན་ནོ། །སྲིད་ཞིའི་མཐའ་ལ་མངོན་ཞེན་ སྤངས་ནས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་པ་ནི་དངོས་པོ་ཞེས་ཏེ། རྐང་པ་དང་པོ་གཉིས་ཀྱིས་གཟུང་འཛིན་ཐམས་ཅད་དང་བྲལ་བས་བདེན་པའི་དངོས་པོ་མེད་པར་རྟོགས་པའི་སྒོ་ནས་སྲིད་པའི་མཐའ་སྤོང་ལ། མྱ་ངན་ལས་འདས་པ་ 12-9-16a སྣང་བ་ཐམས་ཅད་བསྡུས་པ་ལ་མངོན་ཞེན་སྲོང་བ་ནི་རྐང་པ་ཕྱ་མི་གཉིས་ཏེ། དེ་སྤངས་ནས་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་གཟུགས་ཀྱི་སྐུའི་རྣམ་པར་ཤར་བར་མོས་པ་བྱའོ། །དེ་བརྟན་པར་བྱེད་པ་ནི་ཨོཾ་ཞེས་ཏེ་ཆོས་ ཐམས་ཅད་ཀྱི་ཆོས་ཉིད་རྣམ་པར་དག་པའི་རང་བཞིན་མའོ་ཞེས་པ། དེ་ནི་རྒྱུ་མཐུན་གྱི་འབྲས་བུ་དང་བསྙེན་པའི་ཡན་ལག་ཆུང་ངུའོ། །སྐྱེ་མཆེད་བྱིན་གྱིས་རློབ་པ་ནི། དེ་འོག་ཅེས་ཏེ། རང་གི་ས་བོན་ནི་ས་སྙིང་ལ་སོགས་པའི་ས་བོན་ནོ། །དེས་ན་རང་གི་མིག་སོགས་ བྱིན་གྱིས་བརླབས་ལ། ཇི་བཞིན་གྲངས་བཞིན་ནོ། །མིག་གཉིས་སུ་ཟླ་བའི་དཀྱིལ་འཁོར་རེ་རེ་ལ་ཀྵི་ཡོངས་སུ་གྱུར་པ་ལས། འཁོར་ལོ་དཀར་པོ་ཀྵིཾ་གྱིས་མཚན་པ་དེ་ལས་འོད་འཕྲོས་སེམས་ཅན་སྦྱངས། ས་སྙིང་ལ་བཀོད་པ་ཚུར་འདུས་པ་དང་། སའི་སྙིང་པོ་ སྔར་བཤད་པའི་རྣམ་སྣང་འདྲ་བར་བསམ། རྣ་བ་གཉིས་ས་ཟླ་བ་ལ་གནས་པའི་ཛྲིཾ་ལས་རྡོ་རྗེ་ཛྲིཾ་གིས་མཚན་པ་ལས་འོད་སྤྲོ་བསྡུ་བྱས་པས། ཕྱག་རྡོར་སྐུ་མདོག་ཕྱག་མཚན་མི་བསྐྱོད་པ་འདྲ་བ་དང་། སྣ་བུག་གཉིས་སུ་ཟླ་བ་ལ་གནས་པའི་ཁཾ་ལས་ རིན་པོ་ཆེ་སྔོན་པ་ཆ་དགུ་པ་ཁཾ་གིས་མཚན་པ་ལས་འོད་སྤྲོ་བསྡུ་བྱས་པར་གྱུར་པ་ལས་ནམ་སྙིང་རིན་འབྱུང་འདྲ་བ་དང་། ལྕེའི་དབུས་སུ་ཟླ་བ་ལ་གནས་པའི་གཾ་ལས་པདྨ་གཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་འོད་དཔག་མེད་ འདྲ་བ་དང་། འོད་ཟེར་སྤྲོ་བསྡུ་ཕོགས་ནིས་མནར་རོ། །དཔྲལ་བའི་ཐོད་པའི་ནང་དུ་ཟླ་བ་ལ་གནས་པའི་ཀཾ་ལས་རལ་གྲི་དེས་མཚན་པར་གྱུར་པ་ལས་སྒྲིབ་སེལ་དོན་གྲུབ་ལྟ་བུ་དང་། ལྟེ་བར་ཟླ་བ་ལ་གནས་པའི་སཾ་ལས་རྡོ་རྗེ་སཾ་གྱིས་མཚན་པ་ལས་ཀུན་ 12-9-16b བཟང་རྡོར་སེམས་ལྟ་བུར་བསྐྱེད་དོ། །དེ་ནི་རྣམ་པའི་འབྲས་བུ་དང་ཉེ་སྒྲུབ་ཆུང་ངུའོ། །སྐུ་གསུང་ཤུགས་བྱིན་གྱིས་བརླབ་པ་ནི། དྲི་མེད་རང་སྙིང་ཞེས་སོགས་ཏེ། རང་གི་སྙིང་ག་དང་མགྲིན་པ་དང་དཔྲལ་བ་གསུམ་དུ་ཟླ་བ་དྲི་མ་མེད་པ་རེ་རེ་བསམ་པར་བྱའོ། ། སྙིང་གའི་ཟླ་བ་ལ་ཧཱུཾ་ལས་རྡོ་རྗེ་སྔོན་པ་རྩེ་ལྔ་པ། ལྟེ་བའི་ནང་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་ཕྲ་མོ་ལྟེ་བའི་ནང་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཐུགས་རྡོ་རྗེའི་གོ་འཕང་ལ་བཀོད། ཚུར་འདུས་རྡོ་རྗེ་ཕྲ་མོ་ ཡོངས་སུ་གྱུར་པ་ལས། ཏུགས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ལྟེ་བའི་ནང་དུ་ཟླ་བ་ལ་གནས་པའི་སྟེང་དུ་ཨཱཿ ལས་པདྨ་དམར་པོའི་ལྟེ་བར་ཟླ་བ་ལ་གནས་པའི་ཨཱཿ དམར་པོ་དེ་ལས་འོད་ཟེར་སྤྲོ་བསྡུ་སོགས་སྔ་མ་ལྟར་བྱས་པ་ཡོངས་སུ་གྱུར་པ་ ལས་གསུང་རྡོ་རྗེ་འོད་དཔག་ཏུ་མེད་པ་འོག་ནས་འཆད་པ་ལྟ་བུ་དང་། དཔྲལ་བར་ཟླ་བ་ལ་ཨོཾ་ལས་འཁོར་ལོ་དཀར་པོ་ཟླ་བ་ལ་གནས་པ་ཨོཾ་གྱིས་མཚན་པ་ལས་འོད་ཟེར་སྤྲོ་བསྡུ་སོགས་སྔ་མ་ལྟར་བྱས་པས། སྐུ་རྡོ་རྗེ་འོག་ནས་འཆད་ པའི་རྣམ་སྣང་ལྟ་བུ་དང་། ཐུགས་རྡོ་རྗེ་གོང་། གསུང་རྡོ་རྗེ་འོག་གི་མཚམས་སུ་ཟླ་བ་ལ་གནས་པའི་མཾ་ལས་རལ་གྲི་འཆང་གཟུང་མཾ་གྱིས་མཚན་པ་ལས་འོད་འཕྲོས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། འཇམ་པའི་རྡོ་རྗེའི་འོ་འཕང་ལ་ བཀོད་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཡེ་ཤེས་སེམས་དཔའ་རང་དང་འདྲ་བའི་ངོ་བོར་གྱུར་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་རལ་གྲི་འཆང་གཟུང་མཾ་གྱིས་མཚན་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལྷ་གསུམ་གྱི་ཐུགས་ཀར་ 12-9-17a ཡང་ཡི་གེ་གསུམ་སོ་སོར་དགོད་དོ། །དེ་ནས་ཐུགས་རྡོ་རྗེའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཐུགས་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས་ཏེ་མེ་ཏོག་ལ་སོགས་པ་དང་། ཤེས་རབ་དམ་པ་འདུས་པའི་གསང་བའི་ མཆོད་པ་ལ་སོགས་པས་མཆོད་ནས་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབ་པར་གསོལ་བ་གདབ་པའོ། །རང་གི་སྙིང་གའི་ཐུགས་རྡོ་རྗེས་བྱིན་གྱིས་བརླབ་པར་གསོལ་བ་གདབ་པ་ནི། དཔལ་ལྡན་ཞེས་ཏེ། ཚོགས་མམ་རིག་མའི་དཔལ་དེ་དང་ལྡན་པ་ཐུགས་ རྡོ་རྗེའི་ངོ་བོར་གྱུར་པས་ན་འཆང་བ་རྡོ་རྗེ་གསུམ་མི་ཕྱེད་པ་ཁྱེད་བསྙོམས་པས་དེང་སྟེ། དེ་ནས་བཟུང་ནས་བདག་ཤུགས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་སོ། །གང་གིས་ན་སྙིང་གར་བསྒོམས་པའི་ཏུགས་རྡོ་རྗེ་ཁྱོད་ཀྱིས་སོ། །རང་གནས་ནས་མདུན་ གྱི་ནམ་མཁར་སྤྱན་དྲངས་ནས་གསོལ་བ་གདབ་པ་ནི། ཕྱོགས་བཅུ་ཞེས་ཏེ། སངས་རྒྱས་ནི་ར་བཞིན་གྱི་གནས་ནས་བྱོན་པ་རྣམས་སོ། །གཞན་རྣམས་ཀྱི་བཤད་པ་ནི་སྔ་མ་ལས་ཤེས་སོ། །དེ་བརྟན་པར་བྱེད་པ་ན་ཨོཾ་ཞེས་ཏེ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར་པ་ཡིན་ནོ་ཞེས་པའོ། །གསུང་བྱིན་གྱིས་བརླབ་པ་ལའང་གི་མ་གིན་པར་བསྐྱེས་པ་ལ་གསོལ་བ་གདན་པ་ནི། ཆོས་ཀྱི་གསུང་ཞེས་ཏེ་ཆོས་ནི་རྡོ་རྗེ་ཆོས་འོད་དཔག་ཏུ་མེད་པ་ཡིན་ལ། དེའི་གསུང་གི་ལམ་ནི་གདུལ་ བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །བྱིན་གྱིས་བརླབ་པས་ད་ནི་གསུང་རྡོ་རྗའི་ངོ་བོར་མཛད་དུ་གསོལ་ཞེས་པའོ། །གང་གིས་ན་རང་གི་མགྲིན་པར་བསྒོམས་པའི་གསུང་རྡོ་རྗེ་ཁྱེད་ཀྱིས་ཞེས་པའི་དོན་ནོ། །རང་གནས་ནས་མདུན་གྱི་ནམ་མཁར་ 12-9-17b སྤྱན་དྲངས་པ་ལ་གསོལ་བ་གདབ་པ་ནི། ཕྱོགས་བཅུར་ཞེས་ཏེ་ཚིག་དོན་གོ་བར་ཟད་ལ། སྤྱན་དྲངས་པ་དེ་སྔར་བསྒོམས་པ་དང་དབྱེར་མེད་གཅིག་ཏུ་འདྲེས་པར་བསམས་ནས་དེ་བརྟན་པར་བྱེད་པ་ནི། ཨོཾ་ཞེས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ རྡོ་རྗེའི་བདག་ཉིད་ང་ཡིན་ནོ་ཞེས་པའི་དོན་ནོ། །སྐུ་བྱིན་གྱིས་རློབ་པ་ནི། དཔལ་ལྡན་ཞེས་སོགས་ཏེ་གོ་བར་ཟད་དོ། །མདུན་དུ་སྤྱན་དྲངས་པ་སྔར་བསྐྱེད་པའི་སྐུ་རྡོ་རྗེ་དང་དབྱེར་མེད་དུ་འདྲས་པར་བསམས་ནས་དེ་བརྟན་པར་བྱེད་པ་ནི་ཨོཾ་ཞེས་ཏེ། ས་བོན་གྱི་འོད་ ཟེར་གྱིས་རང་གནས་ནས་སྤྱན་དྲངས་པ་སྔར་བསྐྱེད་པ་ལ་ཐིམ་ནས་དབྱེར་མེད་དུ་འདྲེས་པར་བསམ་པ་ནི་ཐམས་ཅད་ལ་འདྲའོ། །འདི་ནི་སྐྱེད་བུ་བྱེད་པའི་འབྲས་བུ་དང་སྒྲུབ་པའི་ཡན་ལག་ཆུང་ངུའོ། །ནམ་མཁའ་ལྟ་བའི་ཞེས་སྟེ་སྟོང་ཉིད་ཀྱི་དོན་ལ་ཡུད་ཙམ་ མཉམ་པར་བཞག དེ་ནས་སྙིང་པོའི་འོད་ཟེར་ཞེས་པ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས་པ་ལ་མཆོད་བསྟོད་སོགས་བྱས། དབང་བསྐུར་བར་གསོལ་བ་བཏབ་པས། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། རིག་མའི་ཚོགས་རྣམས་ཀྱིས་བུམ་པ་བཟུང་ནས་དབང་བསྐུར་བས་དབང་གི་ཆུས་ལུས་ཐམས་ཅད་གང་དྲི་མ་དག་ཆུ་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་མི་ བསྐྱོད་པའི་ཅོད་པན་གྱིས་དབུ་བརྒྱན་པར་གྱུར། དེ་ནི་དབང་གི་འབྲས་བུ་དང་སྒྲུབ་ཆེན་གྱི་ཡན་ལག་ཆུང་ངུའོ། །བསྙེན་སྒྲུབ་ཡན་ལག་ཆུང་ངུ་འབྲིང་ཆེན་པོ་གསུམ་བྱས་པ་ནི། ཡབ་ཀྱི་དང་པོ་ཆུང་ང་དང་། ཡུམ་གྱི་འབྲིང་དང་། འཁོར་གྱི་ཆེན་པོའོ། ། 12-9-18a དེ་དག་གི་དོན་ཡང་ཡབ་རྐྱང་བསྐྱེད་པ་ནི། ཐ་མལ་པའི་སྣང་ཞེན་འགོག་པ་ལ་ནུས་པ་ཆུང་བ་དང་། ཡུམ་དང་བཅས་པ་བསྐྱེད་པ་ལ་ནུས་བ་འབྲིང་དང་། འཁོར་དང་བཅས་པ་བསྐྱེད་པ་ནུས་པ་ཆེ་བའི་དོན་ཡིན་ནོ། །བཞི་ བའི་ཡུམ་བསྐྱེད་པ་ཡབ་ཀྱི་སྐུ་དང་པོར་བསྐྱེད་པ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་བསྒྲུབ་པ་ལ་ཉེ་བས་ན་བསྙེན་པའོ། །ཡན་ལག་ནི་ཆ་ཤེས་ཏེ་ཡོངས་སུ་རྫོགས་པ་བཞི་གར་ཚང་དགོས་པའོ། །རྒྱུ་མཐུན་གྱི་འབྲས་བུ་ནི་རྒྱུ་རྡོ་རྗེ་འཛིན་པའི་ རིགས་འདྲ་ཡིན་པས་སོ། །སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི་སྒྲུབ་པ་དང་། ཉེ་བས་ཉེ་སྒྲུབ་བོ། །སྔོན་གྱི་ལས་ཀྱི་རྣམ་སྨིན་མིག་སོགས་འགྲུབ་དང་འདྲ་བས་རྣམ་སྨིན་གྱི་འབྲས་བུར་བཏགས་པའོ། །ཐུགས་དང་གསུང་དང་སྐུ་རྡོ་རྗེ་དང་ཡེ་ཤེས་སེམས་དཔའ་ རྣམས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཡིན་ལ། སྐུ་གསུམ་པོ་དེ་དང་དབྱེར་མེད་པའི་ངོ་བོར་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པས་བསྒྲུབ་པས་སྒྲུབ་པོའི་ཡིན་ལག་གོ། སེམས་ཅན་གྱི་དོན་བྱེད་ པའི་འབྲས་བུ་བསྒྲུབ་པས་ན་སྐྱེས་བུ་བྱེད་འབྲས་སོ། །གཞན་བསྒྲུབ་པ་ལའང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟར་དབང་བསྐུར་ན་ཡིན་གྱི། མ་བསྐུར་ན་མ་ཡིན་པ་ས་དབང་བསྐུར་རྒྱས་གདབ་ནི་སྒྲུབ་ཆེན་པོའི་ཡན་ལག་ ཆུང་ངུའོ།། ཡན་ལག་གི་བཤད་པ་ནི་སྔ་མ་ལྟར་རོ། །དེ་དག་སྨན་ཞབས་ཀྱི་བཤད་པ་ལྟར་ཡིན་ནོ། །གཉིས་པ་ཡུམ་བསྐྱེད་པ་ལ་བསྙེན་སྒྲུབ་ཡན་ལག་བཞི་དང་། ཡུམ་རིགས་ལྔའི་ཚོགས་པ་བསྒྲུབ་པ་དང་། མཁའ་གསང་བྱིན་གྱིས 12-9-18b རློབ་པ་དང་། རྗེས་ཆགས་ཀྱི་ང་རྒྱལ་བྱ་བའོ། །དང་པོ་ནི། དེ་བཞིན་ཞེས་ཏེ། སློབ་དཔོན་ཤཱནྟི་པ་དང་། སྨན་ཞབས་གཉིས་ཀྱིས་ཡབ་བསྐྱེད་པ་ལྟར་ཞུ་བ་གླུས་བསྐུལ་ལ་སོགས་པ་ཡུམ་བསྐྱེད་པའི་སྐབས་སུའང་སྦྱོར་ལ། དེ་བཞིན་གཤེགས་པ་རང་གི་ལུས་ ལ་ཞུགས་པ་དང་གསང་གནས་སུ་ལྷ་ནེར་གཅིག་བསྐྱེད་པས་མ་གཏོགས་རྫོགས་པར་སྦྱོར་ཞིང་། ཡབ་རྐྱང་ཡུམ་དང་ལྡན་གཅིག་ཏུ་ཞུ་ནས་བསྐྱེད་ཐེབས་གཉིས་མཛད་དོ། །འགྲེལ་པ་དག་ཡུམ་གསར་དུ་བསྐྱེད་པ་དང་སྔར་ཡབ་དང་མཉམ་དུ་བསྐྱེད་པ་དང་། སྔར་ བསྐྱེད་ཟིན་པ་སྐབས་འདིར་གསལ་འདེབས་པ་མ་བྱུང་ཞིང་། སྔར་མ་བསྐྱེད་ན་ཡབ་ཀྱི་རྩ་ཕྱག་གཉིས་ཡུམ་ལ་འཁྱུད་པ་འགལ་ཟེར་ན་སློབ་དཔོན་ཐ་ག་ན་ལྟར་ན་སྔར་བར་སྲིད་རང་གི་ཞལ་ནས་ཞུགས་པ་ཞུ་བ་ལས་བྱུང་བའི་ཐིག་ལེ་ཆ་གཉིས་སུ་གྱུར། ཆ་གཅིག་རལ་གྲི་ འཆང་གཟུང་མཾ་གྱིས་མཚན་པ་དེ་ལས་འོད་སྤྲོ་བསྡུ་བྱས་ནས་ཡུམ་བསྐྱེད་པ་ནི། དེ་བཞིན་ཞེས་པའི་དོན་ནོ། །ཅོད་པན་དང་ནུ་མ་རྒྱས་པ་མ་གཏོགས་ཡབ་དང་འདྲ་བར་བསྐྱེད་པས་རང་གི་ལྷ་འདྲ་ཞེས་སོ། །རང་གི་སྙིང་པོ་ནི་ཡབ་ཀྱི་ཐུགས་ཀའི་ས་བོན་ལས་ འོད་ཟེར་སྤྲ་བསྡུ་བྱས་ནས་རིག་མ་སྤྲུལ་ཞིང་བསྐྱེད་པ་སྟེ། རྒྱུ་མཐུན་དང་བསྙེན་པའི་ཡན་ལག་འབྲིང་པོའོ། །མིག་སོགས་སྒོམ་པ་ནི་སྐྱེ་མཆེད་བྱིན་གྱིས་བརླབ་པ་སྟེ་ཡང་ཇི་བ་བཞིན་དུ་བྱའོ། །དེ་ནི་རྣམས་སྨིན་གྱི་འབྲས་བུ་དང་ཉེ་སྒྲུབ་འབྲིང་ངོ་། །ཡི་གེ་གསུམ་དགོད་པ་ནི་ཡབ་ ཇི་ལྟ་བ་བཞིན་དུ་སྐུ་གསུང་ཐུས་བྱིན་གྱིས་རླབ་པ་སྟེ། སྐྱེས་བུ་བྱེད་འབྲས་དང་སྒྲུབ་པའི་ཡན་ལག་འབྲིང་ངོ་། །འོད་དང་ལྡན་པ་ནི་སྨན་ཞབས་ལྟར་ན། སྒྲུབ་ཆེན་ཡབ་ཀྱི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས་ནས་དབང་བསྐུར་རྒྱས་གདབ་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །ཐ་ག་ན་སྔ་མ་གསུམ་བསྟན་པའི་ཤུགས་ 12-9-19a ཀྱིས་འཕངས་པ་ཡིན་པར་བཞེད་དོ་དབང་བསྐུར་རྒྱས་གདབ་ནི་དབང་གི་འབྲས་བུ་དང་སྒྲུབ་པ་ཆེན་པོ་ནི་ཡན་ལག་འབྲིང་ངོ་། །གཉིས་པ་ནི། དེ་ཉིད་ཤེས་པས་ཡུམ་གྱི་མགོ་དང་སྙིང་ག་དང་། ལྟེ་བ་དང་གསང་གནས་དང་བྲལ་གཉིས་སུ། སྔ་མ་ལ་ཟླ་གདན་དང་། ཕྱི་མ་བཞིན་ལ་ཉི་མའི་གདན་བསམ་མོ། །དེ་སྟེང་དུ་རིམ་པ་བཞིན་དུ་ཨོཾ་དཀར་པོ་དང་ཧཱུཾ་སྔོན་པ་དང་། སྭཱ་སེར་པོ་དང་། ཨ་དམར་པོ། ཧཱ་ལྗང་གུ་བསམས་ལ་ཡིད་གེ་དེ་དག་ལས་རང་འདྲའི་ཡི་གེ་གཉིས་པ་འོད་ཟེར་དང་བཅས་པ་ སྤྲོས་པས། རིམ་པ་བཞིན་དུ་ནུ་མ་ཡན་ཆད་རྣམ་སྣང་གི་རང་བཞིན་དུ་བྱིན་གྱིས་བརླབ་པ་དང་། དེ་ནས་ལྟེ་བ་ཡན་ཆད་མི་བསྐྱོད་པའི་རང་བཞིན་དང་། དེ་ནས་པདྨ་ཡན་རིན་འབྱུང་གི་རྡུལ་ཕྲ་རབ་ཀྱི་རང་བཞིན་དང་། དེ་ནས་བརླ་གཉིས་ཡན་འདོ་དཔག་ མེད་ཀྱི་རང་བཞིན་དང་། དེ་ནས་རྐང་མཐིལ་ཡན་དོན་ཡོད་གྲུབ་པའི་རང་བཞིན་དུ་ཁྱབ་པར་བསམ་མོ། །གསུམ་པ་ནི་ཨ་ཡིས་ཞེས་ཏེ། ཨ་ལས་ཡུམ་གྱི་གསང་གནས་གྱི་ལྟེ་བ་དང་ཧཱུཾ་ལས་གསང་གནས་ཀྱི་པདྨ་འདབ་མ་བསྐྱེད་ལ་བུ་ག་ཕཊ་སེར་ པོས་བཀག་པར་བསམ་མོ། །བཞི་པ་ནི་ཤེས་རབ་ཅེས་ཏེ་རྒྱུ་རྡོ་རྗེ་འཛིན་པ་ཤེས་རབ་མ་དང་བཅས་པའི་རྒྱུ་མཐུན་གྱི་འབྲས་བུ་རྡོ་རྗེ་འཛིན་པ་ཐབས་དང་བཅས་པ་ཕན་ཚུན་སྙོམས་འཇུག་བྱེད་པའི་སྒོ་ནས་རྒྱལ་བ་མ་ཉེས་པའི་མཆོད་པ་རྩམ་པར་ ཡང་བྱའོ། །སྔགས་ནི་ཨོཾ་ཞེས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རང་བཞིན་ང་ཡིན་ནོ་ཞེས་པའོ། །དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནོ། །དེ་ནི་སྦྱང་གཞི་སྦྱོང་བྱེད་ཇི་ལྟར་སྦྱར་བའི་ཚུལ་བཤད་པར་བྱ་སྟེ། དེ་ལ་བླ་མ་ 12-9-19b ཁ་ཅིག་གིས་རྣམ་སྣང་གི་ཕྱོགས་དང་མཐུན་པར་ལྷ་བསྒོམ་པ་དང་སྲིད་པ་སྐྱེ་བའི་རིམ་པ་དང་མཐུན་པ་སྒོམ་པ་གཉིས་སུ་བྱས་ནས། སྔ་མ་རྣལ་འབྱོར་རྒྱུད་དང་། ཕྱི་མ་བླ་མེད་ལ་སྦྱོར་བར་མཛད་ཀྱང་སྲིད་པ་སྐྱེ་བའི་རིམ་པ་དང་མཐུན་པར་བསྒོམ་པ་ནི། བླ་ མེད་ཁོ་ན་ལ་ཡོད་པ་འཐད་ལ། དེ་ཡོད་ན་འཚང་རྒྱ་བའི་རིམ་པ་དང་མཐུན་པར་སྒོམ་པའང་ཡོད་པར་ཁྱབ་པས་སོ། །དེ་ཉིད་བསྡུས་པ་ནས་གསུངས་པ་ནི་སྲིད་པ་ཐ་མ་ལ་བ་མངོན་བྱང་ལྔའི་སྒོ་ནས་རྣམ་སྔན་གི་གོ་འཕང་ལྟ་བུ་སྒྲུབ་ཚུལ་སྟོན་ པ་ཡིན་གྱི། ལམ་ལྔ་དང་མཐུན་པ་མེད་པས་སོ། །དེ་ལ་སྤྱིར་སྤྱང་གཞི་སྦྱོང་བྱེད་དུས་འཁོར་ལ་སོགས་པའི་རྒྱུད་ལས་ཚུལ་གསལ་བར་བསྟན་པ་མ་གཏོགས་གཞན་རྣམས་ཀྱི་སྤྱི་འགྲོ་ནི། སློབ་དཔོན་ཨ་བྷ་ཡས་མན་ངག་སྙེ་མའི་སྙེ་མ་བཅུས་ གཉིས་པར་བཤད་པ་ལྟར་བྱའོ། །འཕགས་ལུགས་པའི་མདོར་བྱས་སུ་སྲུང་འཁོར་ཡན་ཆད་སྦྱང་གཞི་ལ་སྦྱོང་བ་མ་གསུངས་ལ་ཚུལ་ཇི་ལྟར་སྐྱེ་བ་ལེན་པ་དང་། དང་པོར་ཤི་ནས་དེ་ནས་བར་དོ་གྲུབ། དེ་ནས་སྐྱེ་གནས་སུ་ཉིང་མཚམས་སྦྱར་ནས་མངལ་ དུ་གནས་པའི་བར་དང་། གང་གི་ངོ་བོ་སྐྱེ་བ་བླངས་པ་ནི་བཙས་ནས་དབང་པོ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། དེ་ནས་བྱ་བ་གང་བྱེ་དཔ་ནི་བུ་བསྐྱེད་པ་སོགས་སོ། །དེ་དང་མཐུན་པར་སྐྱེ་བ་ལེན་པའི་རྟེན་གྱི་རྣམ་པ་ལྟ་བུ་ཚོགས་གསོག་པ་པོའི་རྟེན་ནི་ གང་ཟག་དང་། རྒྱུ་བསོད་ནམས་ཀྱི་ཚོགས་བསག་པ་དང་། གནས་སྲུང་འཁོར་ཐུན་མོང་བ་ནས་གཞལ་ཡས་ཁང་གི་བར་དང་། གང་གི་ངོར་སྐྱེ་བ་ལེན་པ་སྟོང་པ་ཉིད་བསྒོམ་པ་ནས་བར་སྲིད་མ་ཞུགས་ཚུན་འཆི་བ་དང་ཆོས་མཐུན་པ་དང་། བར་སྲིད་ 12-9-20a ཀྱི་ཡི་གེ་ཞུགས་ནས་མ་ཞུ་བ་ཚུན་བར་སྲིད་དང་མཐུན་པ་དང་། ཞུ་ནས་གླུས་བསྐུལ་ཏེ་ལྷའི་རྣམ་པར་མ་བཞེངས་ཚུན་མངལ་གྱི་གནས་སྐབས་དང་། ལྷའི་རྣམ་པར་བཞེངས་ཕན་ཆད་བཙས་པའི་གནས་སྐབས་ དང་། དབང་པོ་ཐམས་ཅད་ཡོངས་སུ་རྫོགས་པ་དང་མཐུན་པའོ། །དེ་ལམ་ལྔ་དང་སྦྱོར་ཚུལ་ནི་བསོད་ནམས་ཀྱི་ཚོགས་གསོག་པ་ཚོགས་ལམ་དང་། སྟོང་པ་ཉིད་བསྒོམ་པ་ནས་བར་སྲིད་སྦྱངས་པ་ཚུན་སྦྱོར་ལམ་དང་། མངལ་གྱི་གནས་སྐབས་ མཐོང་སྒོམ་གྱི་ལམ་དང་། དེ་ཕན་ཆད་མི་སློབ་པའི་ལམ་དང་སྦྱོར་རོ། །དེའི་རྒྱུ་མཚན་བརྟག་གཉིས་དང་། སཾ་པུ་ཊར་མངལ་གྱི་གནས་སྐབས་ཀྱི་ཟླ་བ་ངོ་བཅུ་ས་བཅུ་དང་སྦྱོར་བར་བཤད་པས་དེ་ཕན་ཆད་མི་སློབ་པའི་ལམ་དང་སྦྱོར་པ་དང་། མངལ་དུ་མ་ཞུགས་ཚུན་ཆད་ཚོགས་སྦྱོར་དང་སྦྱོར་བ་དོན་གྱིས་གྲུབ་པའི་ཕྱིར་རོ། །དེ་ལ་སྤྱིར་ལྷ་བསྐྱེད་ཚུལ་ནི་ཐ་སྙད་ལ་ཕ་མ་ལྟ་བུ་དང་། གྲོགས་ལྟ་བུར་བསྐྱེད་པ་བསད་པས། དེ་ལ་རྒྱུའི་རྡོ་རྗེ་འཛིན་པ་བསྐྱེད་པ་ལའང་ལྷའི་རྣམ་པར་ བསྐྱེད་པ་དང་མི་བསྐྱེ་དཔ་གཉིས་ལས་ཕྱི་མ་ནི་བདེ་མཆོག་ལཱུ་ཨི་པ་ལྟ་བུ་སྟེ། དེ་ལྟར་ན་མངོན་བྱང་དང་པོ་བཞི་ཁོ་ན་རྡོ་རྗེ་འཛིན་པར་བྱེད་དོ།། དེ་ལའང་ཨཱ་ལི་ལས་བསྐྱེད་པའི་ཟླ་བ་དཀར་པོ་ཕའི་ཁམས་ཀྱི་དོད་དང་། ཀཱ་ལི་ལས་བསྐྱེད་པའི་ ཟླ་བ་དམར་པོ་མའི་ཁམས་ཀྱི་དོད་དང་། བར་སྲིད་མཚོན་བྱེད་ཀྱི་ཡི་གེ་དེ་གཉིས་ཀྱི་བར་དུ་ཞུགས་ཚུན་ཆད་བར་སྲིད་ཀྱི་ངོར་དང་། དེ་ནས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་ནས་སྤྲོ་བསྡུ་ཚུན་ཆད་མངལ་གྱི་གནས་སྐབས་དང་མཐུན་ 12-9-20b ནོ། །རྡོ་རྗེའི་ཡར་རྩེ་ལྔ་ནི་རྐང་ལག་མགོ་བོ་དང་། མར་རྩེ་ལྔ་རྐང་ལག་གི་སོར་མོ་ལྔ་ཚན་དུ་མཐུན་པ་དང་། མགོའི་དབང་པོ་ལྔ་ཚན་དང་མཐུན་པ་ཡིན་ནོ། །ལྷའི་རྣམ་པར་བསྐྱེད་པ་ལའང་ཡབ་རྐྱང་བསྐྱེད་པ་རྡོ་རྗེ་འཇིགས་བྱེད་ལྟ་བུ་ སྟེ། དེ་ལ་ནི་ཞུ་བ་གླུས་བསྐུལ་ལ་སོགས་པ་མི་བྱེད་དོ། །ཡུམ་དང་བཅས་པར་བསྐྱེད་པ་ནི་འདི་དང་གཤིན་རྗེ་དམར་ནག་སོགས་ཏེ། དེ་ལ་ནི་མངོན་བྱང་ལྔ་གས་བསྐྱེད་པ་མ་ཡིན་ནོ། །རྒྱུ་རྡོར་རྗེ་འཛིན་པ་ལས་འབྲས་བུ་རྡོ་རྗེ་འཛིན་པ་གཙོ་འཁོར་ཅིག་ ཅར་དུ་བསྐྱེད་ན་བུ་ལྟ་བུའི་ཚུལ་དང་། འཁོར་རྗེས་ལ་བསྐྱེད་ན་ཚ་བོ་ལྟ་བུའི་ཚུལ་དུ་བསྐྱེད་པའོ། །དེ་ལ་སྦྱང་གཞི་སྦྱོང་བྱེད་ཡི་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་བཤད་པ་སྒྲོན་གསལ་དུ་བཀོད་པའི་དབང་དུ་བྱས་ན་ཆགས་བྲལ་གྱི་རྟེན་ལ་འཚང་རྒྱ་ཚུལ་ བཞི་དང་། ཆགས་ཅན་འཚང་རྒྱ་བའི་ཚུ་བཞི་དཔེ་དོན་དུ་སྦྱར་ནས་གསུངས་པའི་དང་པོ་ལ། རྒྱུད་དང་། གླེང་གཞི་དང་། ངེས་ཚིག་དང་། རྒྱུའོ། །དེ་བཞི་ནི་རིམ་པ་བཞིན་དུ། མིར་སྐྱེ་བ་བླངས་པ་དང་། རབ་ཏུ་བྱུང་བ་དང་། འདུལ་བའི་ཀུན་སྤྱོད་ལ་གནས་ པ་དང་། འཚང་རྒྱ་བའི་ཉེར་རྒྱུ་ཏིང་ངེ་འཛིན་ནོ། །ཕར་ཕྱིན་ཐེག་པའི་ཚུལ་ལ་འོག་མིན་གྱི་རྟེན་ལ་འཚང་རྒྱ་བ་དང་། འདོད་པའི་རྟེན་ལ་སྤྲུལ་སྐུར་འཚང་རྒྱ་ཚུལ་གཉིས་ཀྱི་ཕྱི་མ་དཔེར་བྱེད་པ་ནི། སྔགས་ཀྱི་གདུང་བྱའི་གཙོ་བོ་རིན་པོ་ཆེ་ལྟ་བུའི་གང་ཟག་དེས་ འདོད་པའི་རྟེན་ལ་ངེས་པར་ལམ་བསྒྲུབ་པའི་ཆེད་ཡིན་ནོ། །དོན་ལ་དེ་ལྟར་ཚུལ་བཞིའོ། །དང་པོ། རྒྱུད་ནི། རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །ཅེས་གསུངས་པ་ལྟར་ཐ་མལ་པའི་ཕུང་པོའི་སྣང་བ་དོར་ནས་རིགས་ལྔའི་ 12-9-21a སངས་རྒྱས་སུ་བསྐྱེད་པ་ཞིག་དགོས་པ་ཡིན་ཏེ། དེའང་ཤུདྡྷ་ཀ་ར་ཝ་རྨས་ཐ་མལ་པའི་གནས་ལུས་ལོངས་སྤྱོད་འཁོར་གྱི་སྣང་བ་བཞི་དོར་ནས་ཁྱད་པར་ཅན་གྱི་སྣང་བ་བཞིར་འགྱུར་བ་ལྟར་ཡིན་ལ། དེ་ལ་སྔར་བཤད་པ་ ལྟར་ཚོགས་གསོག་པ་པོའི་རྟེན་གྱི་གང་ཟག་དེས་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་ནས་ཐ་མལ་པའི་འཆི་བ་དང་ཆོས་མཐུན་པར་སྟོང་པ་ཉིད་བསྒོམས་ནས་གནས་ཁྱད་པར་ཅན་རྟེན་གཞལ་ཡས་ཁང་དུ་སྐྱེ་བ་ལེན་པའི་ཚུལ་སྟེན་པ་ཡིན་ནོ། །འདི་ལྟ་ བའི་འདྲ་ཆོས་རྒྱུ་སྡེ་འོག་མ་རྣམས་ལ་ཡོད་ཀྱང་ལམ་སྒོམ་པ་འདྲ་ཆོས་གདོན་མི་བར་ངེས་མི་དགོས་ལ། སྐབས་འདིར་ནི་དགོས་པའོ། །སྦྱང་གཞི་ལ་གནས་སྔ་མ་དང་མི་འདྲ་བར་སྐྱེ་བ་ལེན་མི་དགོས་ཀྱང་སྦྱོང་བྱེད་ལ་གནས་ཁྱད་པར་ཅན་གྱི་སྣང་ བ་བསྒྱུར་དགོས་སོ། །དེ་ལྟར་ཤི་བ་དང་ཆོས་མཐུན་བསྒོམས་པའི་རྗེས་སུ་བར་སྲིད་ཀྱི་ཡི་གེ་གསར་དུ་བསྐྱེད་པའང་། སྔར་ནམ་མཁའ་བསྐྱེད་པ་གང་ཡང་རུང་བས་ང་རྒྱལ་འདི་ལྟར་བྱ་སྟེ། ཇི་ལྟར་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་འབྱུང་གནས་དེར་ཞུགས་ ཏེ་གཟུགས་ཀྱི་སྐུར་བཞེངས་ནས་སེམས་ཅན་གྱི་དོན་མཛད་པ་དེའི་རྒྱུ་ནི། བདག་གིས་ཀྱང་ཆོས་འབྱུང་གི་གནས་དེར་ཞུགས་ཏེ། སྙིང་པོ་དང་ཕྱག་མཚན་བརྒྱུད་ནས་ངེས་པར་རྡོ་རྗེ་འཛིནཔའི་ངོ་བོར་སྐྱེ་བ་བླང་བར་བྱའོ་སྙམ་པའི་བསམ་པས། རང་ལས་ རྒྱུད་ཐ་དད་པ་ལྟ་བུའི་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱི་ཞལ་སོགས་ནས་འཇུག་པའམ། ལྷའི་རྣམ་པར་མ་བསྐྱེད་ན་ཟླ་བ་དཀར་དམར་གྱི་གནས་སུ་ཞུགས་ཏེ། དེ་དག་ཞུ་བས་མཾ་ལས་བྱུང་བའི་རལ་གྲི་མཾ་གྱིས་འཆང་གཟུང་མཚན་པ། དེ་ཡོངས་སུ་གྱུར་པ་ 12-9-21b ལས་འབྲས་བུ་རྡོ་རྗེ་འཛིན་པའི་ངོ་བོར་བསྐྱེད་པར་བྱའོ། །ཡབ་ཀྱི་ཞལ་ལྟ་བུ་ནས་ཞུགས་ནས་རྡོ་རྗེའི་ལམ་ནི་ཡུམ་གྱི་པདྨར་སོང་སྟེ། ཡུམ་གྱི་ཆགས་པའི་སེམས་ཀྱིས་བར་སྲིད་འཇུག་པའི་རྐྱེན་བྱས་ནས་ཞུ་བ་དང་། ཡབ་ཡུམ་གཉིས་ཀྱང་ཞུ་བར་ བསམ་མོ། །སྦྱང་གཞི་ལ་ཕ་མ་ཞུ་བ་མེད་ཀྱང་ཆོས་མཐུན་སྦྱོར་ན་དགའ་བ་ཉམས་སུ་མྱོང་བའི་ཚེ་རྟོགས་པ་རགས་པ་ཉི་བ་དང་སྦྱར་རོ། །སྦྱང་གཞི་ལ་མངལ་དུ་ཡན་ལག་ཕྲ་མོ་རྫོགས་པ་ཡོད་ཀྱང་འདིར་ནི་ལྷའི་རྣམ་པ་ཅན་དུ་གྲུབ་ནས་མངལ་ནས་ བཙས་པའི་སྐབས་དང་སྦྱོར་བ་ཡིན་ནོ། །དེ་ལ་ཞུ་ནས་ཐིག་ལེར་གྱུར་པ་ནི་ཆོས་སྐུའི་དོན་ཡིན་ལ། དེ་ནས་ལྷའི་རྣམ་པ་ཅན་དུ་ཤར་བ་ནི་གཟུགས་སྐུར་བཞེངས་པའི་དོན་ཡིན་ནོ། །གླུས་བསྐུལ་གྱི་ལྷ་མོ་བཞི་ནི་འབྲས་བུའི་དབང་དུ་བྱས་ནས་ཐབས་ཁྱད་ པར་ཅན་ཚད་མེད་བཞི་མཚོན་པ་ཡིན་ལ། སྦྱང་གཞིའི་དབང་དུ་བྱས་ན་ཕུང་པོ་སོགས་གྲུབ་པར་བྱེད་པའི་རྒྱུ་འབྱུང་བཞི་མཚོན་པ་ཡིན་ནོ། །དེ་ནས་འབྲས་བུ་རྡོ་རྗེ་འཛིན་པ་གྲུབ་ནས་སྔར་དབང་པོ་ཐ་མལ་པའི་ཡུལ་ལ་ལོངས་སྤྱོད་དེ། གཟུགས་རྡོ་རྗེ་མ་སོགས་ ལ་ལོངས་སྤྱོད་པ་ནས་འཕྲིན་ལས་རྣམ་པ་བཞི་སྒྲུབ་པའི་བར་དུ་སྦྱར་རོ། །དཔེར་ན་རབ་བྱུང་བྱས་པའི་ཚེ་ང་ཡང་རབ་བྱུང་ངོ་སྙམ་པའི་བློ་སྐྱེ་བ་བཞིན་དུ་དེ་ལྟར་ཕྱག་མཚན་ལ་སོགས་ལས། ང་རྡོ་རྗེ་འཛིན་པར་གྱུར་པ་ཡིན་ནོ་སྙམ་པའི་ང་རྒྱལ་ཤུགས་དང་ བཅས་པ་བསྒོམ་པར་བྱའོ། །ཞལ་ཕྱག་ལ་སོགས་པའི་སྣང་བ་ཁྱད་པར་ཅན་དུ་གྱུར་པ་ནི་རྡོ་རྗེ་འཛིན་པ་ཡིན་པའི་ང་རྒྱལ་འཇོག་རིགས་པའི་རྒྱུ་མཚན་ཡིན་ནོ། །དེ་ལྟ་བུའི་གནས་ལུས་ལོངས་སྤྱོད་ཁྱད་པར་ཅན་ལ་བསྐྱེད་རིམ་གྱི་སྒོ་ནས་ང་རྒྱལ་གོམས་ 12-9-22a པར་བྱས་པས། བླ་མ་སྔ་མ་རྣམས་ཐ་སྙན་མཛད་པའི་འཆི་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་སྤྲུལ་སྐུ་ལ་སྦྱོར་བ་ལྟར་ཐ་མལ་པའི་སྐྱེ་ཤི་བར་དོ་གསུམ་ཡོད་པའི་དོད་ལ། རྣལ་འབྱོར་པས་སྐུ་གསུམ་མངོན་དུ་བྱེད་ པ་ཡིན་ནོ། །རྒྱུ་མཚན་དང་དགོས་པ་དེ་མཐོང་ནས་སྦྱང་གཞི་དང་ཆོས་མཐུན་སྦྱོར་བའི་འདྲ་ཆོས་ཞིག་ཏུ་ངེས་པར་བྱ་ཡི། གཞན་དུ་འདྲ་སྒྲིག་པ་ཙམ་ལ་རེ་བས་ནི་ལམ་གྱི་གནད་གང་ཡ་མི་ཟིན་ཏོ། །འདི་ལྟ་བུའི་སྐུ་གསུམ་སྒྲུབ་ཚུལ་ནི། འཕགས་ པ་ཡབ་སྲས་ཀྱི་གཞུང་རྣམས་ལས་རྒྱས་པར་འབྱུང་ཞིང་། གཞན་རྣམས་སུ་ཟུར་ཙམ་འབྱུང་བ་ཡིན་ནོ། །གཉིས་པ་དཀྱིལ་འཁོར་མཆོག་ཐུགས་ཀའི་ཟླ་བའི་སྔགས་ཞེས་སོགས་ཀྱིས་སྟོན་ཏེ། ཡབ་ཀྱི་ཏུགས་ཀའི་ས་བོན་ཕྱག་མཚན་དང་ བཅས་པ་ལས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས་ཏེ་ཞུ་བ་ལས་ཡུམ་གྱི་པདྨར་ཐིག་ལེ་ཆ་གཉིས་སུ་གྱུར། ཆ་གཅིག་ཧཱུཾ་ལས་གཞལ་ཡས་ཁང་དང་། ཆ་གཅིག་ཐིག་ལེ་ཆ་བཅུ་དགུར་གྱུར། དེ་ལས་རང་རང་གི་ས་བོན་དང་བཅས་པ་ ལས་རྟེན་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར། དེ་ནས་གཞལ་ཡས་ཁང་གི་དབུས་ནས་རིམ་བཞིན་དུ་གསལ་གདབ་པ་ནི། ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་སྟེ་བ་ཧཱུཾ་གིས་མཚན་པ་ལས་མི་བསྐྱོད་སྔོན་པོ་སྔོ་དཀར་དམར་བའི་ ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རང་འདྲའི་ཡམ་ལ་འཁྱུད་ཅིང་། གཡས་འོག་མ་གཉིས་ན་རྡོ་རྗེ་དང་རལ་གྲི། གཡོན་འོག་མ་གཉིས་ན་པདྨ་དང་རིན་པོ་བསྣམས་པའོ། །གཞལ་ཡས་ཁང་ནང་མའི་ཤར་གྱི་ཟླ་བའི་གདན་ལ་ཨོཾ་ལས་འཁོར་ 12-9-22b ལོ་ཨོཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་དཀར་པོ་དཀར་སྔོན་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རང་འདྲའི་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་འཁོར་ལོ་དང་རལ་གྲི། གཡོན་འོག་མ་གཉིས་ན་པདྨ་དང་རིན་པོ་ཆེ། ལྷོར་སྭཱ་ ལས་རིན་པོ་ཆེ་ཆ་དགུ་པ་སྭཱས་མཚན་པ་ལས་རིན་འབྱུང་སེར་པོ་སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་སྔར་དང་འདྲ་བ་ལ། གཡས་འོག་མ་གཉིས་ན་རིན་པོ་ཆེ་དང་རལ་གྲི། གཡོན་གཉིས་ན་པདྨ་དང་འཁོར་ལོ། །ནུབ་ཀྱི་ལིང་ཚེ་ལ་ཨཱཿལས་ པདྨ་ཨཱཿ ས་མཚན་པ་ལས་འོད་དཔག་མེད་དམར་པོ་དམར་སེར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་སྔར་དང་འདྲ་བ་ལ། གཡས་འོག་མ་གཉིས་ན་པདྨ་དང་རལ་གྲི། གཡོན་གཉིས་ན་འཁོར་ལོ་དང་རིན་པོ་ཆེ། བྱང་གི་ལང་ཚེ་ལ་ཧཱ་ ལས་རལ་གྲི་ཧཱ་མཚན་པ་ལས་དོན་ཡོད་གྲུབ་པ་ལྗང་གུ་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་སྔར་དང་འདྲ་བ་ལ། གཡས་འོག་མ་གཉིས་ན་རལ་གྲི་དང་འཁོར་ལོ། གཡོན་འོག་གཉིས་ན་པདྨ་དང་རིན་པོ་ཆེ་བསྣམས་པ། ཐམས་ཅད་ཀྱང་ཐིག་ལེ་ལས་ཆོ་ག་གསུམ་བསྐྱེད་དང་། རལ་པའི་ཅོད་པན་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་མཛེས་པར་བསམ་མོ། །ཕྱི་མ་གསུམ་ཉི་མའི་གདན་ལ་གནས་པར་བསམ་ཞིང་། ཐམས་ཅད་ཀྱང་ཞལ་དབུས་ནས་གཡས་སུ་དེང་ པའོ། །དེ་ལྟ་བཅུ་དགུ་པོ་ཐམས་ཅད་སྔ་རིམ་གྱིས་གསལ་བཏབ་ནས་དེས་འབྱིན་སྔགས་ཀྱིས་ཕྱིར་འབྱིན་པ་ནི་བཛྲ་དྷཱིཀ་གིས་མི་བསྐྱོད་པ་ཕྱིར་ཕྱུང་། མཛད་པ་བཅུ་གཉིས་དང་ཁྱད་པར་རྣམ་ཤེས་ཀྱི་ཕུང་པོ་དང་། སེམས་ཅན་རྣམས་ཀྱི་ཞེ་ 12-9-23a སྡང་སྦྱངས། གཅིག་ཏུ་ལེགས་པར་བསྡུས་ནས་རང་ལ་སྐུ་གསུང་ཐུགས་ཀྱི་དངོས་པོ་ཐམས་ཅད་གཅིག་ཏུ་འདྲས་པར་བཞུགས་པར་བྱ་ཡི། འབྲས་བུ་རྡོ་རྗེ་འཛིན་པའི་ཁ་དོག་བསྒྱུར་མི་དགོས་སོ། །ཛིན་ཛིཀ་གིས་ རྣམ་སྣང་ཕྱུང་སྟེ་ཕྱོགས་བཅུར་འཕྲོས་ནས་སྤྱིའི་མཛད་པ་དང་། ཁྱད་པར་གཟུགས་ཕུང་དང་གཏི་མུག་སྦྱངས། གཞལ་ཡས་ཁང་ནང་མའི་ཤར་གྱི་ལིང་ཚེར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་འཁོད། རཏྣ་དྷྲྀཀ་གིས་རིན་འབྱུང་ཕྱུང་། སྤྱི་དང་ཁྱད་པར་ཚོར་ཕུང་དང་། ང་རྒྱལ་དང་སེར་སྣ་སྦྱངས། གཅིག་ཏུ་འདུས་ནས་རང་གནས་སུ་འཁོད། ཨཱ་རོ་ལིཀ་གིས་འོད་དཔག་མེད་ཕྱུང་། སྤྱི་དང་ཁྱད་པར་འདུ་ཤེས་ཀྱི་ཕུང་པོ་དང་འདོད་ཆགས་སྦྱངས། གཅིག་དུ་འདུས་ནས་གདན་ལ་འཁོད། པྲཛྙཱ་དྷྲྀཀ་གིས་དོན་གྲུབ་ཕྱུང་། སྤྱི་དང་ཁྱད་པར་འདུ་བྱེད་ཀྱི་ཕུང་པོ་དང་ཕྲག་དོག་སྦྱངས། གཅིག་ཏུ་འདུས་གདན་ལ་འཁོད། མོ་ག་ར་ཏིས་སྤྱན་མ་སྐུ་མདོག་ཕྱག་མཚན་རྣམ་སྣང་དང་འདྲ་བ་ལ་གཡས་གཉིས་པས་འཁོར་ལོ་བསྣམས་པ་སྤྲོས། སྤྱི་དང་ ཁྱད་པར་ས་ཁམས་སྦྱངས། སྙིང་རྗེ་དང་ཐབས་ཀྱི་ཕར་ཕྱིན་ལ་བཀོད། གཅིག་ཏུ་འདུས་ནས་མེ་མཚམས་ཀྱི་གདན་ལ་འཁོད། དྭེ་ཥ་ར་ཏིས་མཱ་མ་ཀཱི་ཞལ་ཕྱག་མི་བསྐྱོད་པ་དང་འདྲ་བ་ལ། གཡས་གཉིས་པས་ཨུཏྤལ་དམར་པོ་བསྣམས་པ་སྤྲོས། ཆུ་ ཁམས་སྦྱངས། བྱམས་པ་དང་སྨོན་ལམ་གྱི་ཕར་ཕྱིན་ལ་བཀོད། གཞལ་ཡས་ཁང་ནང་མའི་བདེན་བྲལ་མཚམས་ཀྱི་གདན་ལ་འཁོད། རཱ་གར་ཏིས་གོས་དཀར་མོ་སྐུ་མདོག་ཕྱག་མཚན་འོད་དཔག་མེད་དང་འདྲ་བ་ལ། ཁྱད་པར་གཡས་གཉིས་ 12-9-23b པས་པདྨ་བསྣམས་པ་སྤྲོས། མེ་ཁམས་སྦྱངས། དགའ་བ་དང་སྟོབས་ཀྱི་ཕར་ཕྱིན་ལ་བཀོད། གཅིག་ཏུ་འདུས་རླུང་མཚན་གྱི་གདན་ལ་འཁོད། བཛྲ་ར་ཏིས་སྒྲོལ་མ་སྐུ་མདོག་ཕྱག་མཚན་རིན་འབྱུང་དང་འདྲ་བ་ལ་ཁྱད་པར་གཡས་ཐ་ མས་ཨུཏྤལ་སེར་པོ་བསྣམས་པ་སྤྲོས། རླུང་ཁམས་སྦྱངས། གཏང་སྙོམས་དང་ཡེ་ཤེས་ཀྱི་བར་ཕྱིན་ལ་བཀོད། གཅིག་ཏུ་འདུས་ནས་དབང་ལྡན་མཚམས་ཀྱི་གདན་ལ་འཁོད། ལྷ་མོ་བཅུ་པོ་ཐམས་ཅད་རང་འདྲའི་ཐབས་ལ་འཁྱུད་ པའོ། །རྡོ་རྗེ་མ་དྲུག་གི་འབྱིན་སྔགས་ནི། ཨོཾ་ཨཱཿཧཱུཾའོ། །གཟུགས་རྡོ་རྗེ་མ་རྣམས་སྣང་འདྲ་བ་ལ་གཡས་གཉིས་པས་མེ་ལོང་བསྣམས་པ་སྤྲོས་ནས་གཟུགས་དང་སེར་སྣ་སྦྱངས། གཞལ་ཡས་ཁང་གི་ཕྱེའི་མེ་མཚམས་སུ་འཁོད། སྒྲ་རྡོ་ རྗེ་མ་མི་བསྐྱོད་པ་འདྲ་བ་ལ་ཁྱད་པར་མི་ཝཱཾ་འཛིན་པ་སྤྲོས་ནས་སྒྲ་དང་ཚུལ་འཆལ་སྦྱངས། གཅིག་ཏུ་འདུས་པ་བདེན་བྲལ་མཚམས་སུ་འཁོད། དྲི་རྡོ་རྗེ་མ་རིན་འབྱུང་འདྲ་བ་ལ་ཁྱད་པར་དུ་དྲིའི་དུང་ཕོར་འཛིན་པ་སྤྲོས། དྲི་དང་ཁོང་ཁྲོ་ སྦྱངས། གཅིག་ཏུ་འདུས་རླུང་མཚམས་སུ་འཁོད། རོ་རྡོ་རྗེ་མ་འོད་དཔག་མེད་འདྲ་བ་ལ་ཁྱད་པར་རོ་སྣོད་འཛིན་པ་སྤྲོས། རོ་དང་ལེ་ལོ་སྦྱངས། གཅིག་ཏུ་འདུས་པ་དབང་ལྡན་མཚམས་སུ་འཁོད། རེག་བྱ་རྡོ་རྗེ་མ་དོན་གྲུབ་ འདྲ་བ་ལ་ཁྱད་པར་རྒྱ་དར་གྱི་གོས་འཛིན་པ་སྤྲོས། རེག་དང་རྣམ་གཡེང་སྦྱངས། གཅིག་ཏུ་འདུས། ཤར་སྒོའི་ནང་དུ་འཇུག་པའི་གཡས་ངོས་སུ་འཁོད། ཆོས་དབྱིངས་རྡོ་རྗེ་མ་རྡོར་སེམས་འདྲ་བ་ལ་ཁྱད་པར་ཆོས་འབྱུང་འཛིན་ 12-9-24a པ་སྤྲོས། ཤེས་རབ་འཆལ་བ་སྦྱངས། གཅིག་ཏུ་འདུས་པ་ཤར་སྒོའི་གཡོན་ངོས་ཀྱི་གདན་ལ་འཁོད། དེ་དག་གི་ཐབས་ནི་རིམ་པ་བཞིན་དུ། སའི་སྙིང་པོ་དང་། ཕྱག་རྡོར་དང་། ནམ་སྙིང་ དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་སེལ་དང་། ཀུན་ཏུ་བཟང་པོའོ། ཡ་མཱནྟ་ཀྲྀཏ་ཀྱིས་གཤིན་རྗེ་གཤེད་མཐར་བྱེད་ཐུགས་རྡོ་རྗེ་དང་འདྲ་བ་ལ་ཁྱད་པར་གཡས་གཉིས་པས་ཐོ་བ་བསྣམས་པ་སྤྲོས། མ་དད་པ་དང་ཕུ་པོའི་ བདུད་སྦྱངས། གཅིག་ཏུ་འདུས་པ་ཤར་སྒོར་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་འཁོད། པྲཛྙཱནྟ་ཀྲྀ་ཏ་ཀྱིས་ཤེས་རབ་མཐར་བྱེད་རྣམ་སྣང་དང་འདྲ་བ་ལ་ཁྱད་པར་གཡས་གཉིས་པས་དབྱུག་པ་འཛིན་པ་སྤྲོས། ལེ་ལོ་དང་ཉོན་མོངས་པའི་བདུད་སྦྱངས། གཅིག་ཏུ་འདུས་པ་ལྷོ་སྒོར་འཁོད། པདྨཱནྟ་ཀྲྀཏ་ཀྱིས་པདྨ་མཐར་བྱེད་འོད་དཔག་མེད་དང་འདྲ་བ་ལ་ཁྱད་པར་གཡས་གཉིས་པས་པདྨ་འཛིན་པ་སྤྲོས། བརྗེད་ངེས་དང་འཆི་བ་དག་གི་བདུད་སྦྱངས། གཅིག་ཏུ་འདུས་པ་ནུབ་སྒོར་འཁོར། བིགྷྣནྟ་ཀྲྀཏ་ཀྱིས་བདུད་རྩི་འཁྱིལ་བ་མི་བསྐྱོད་པ་དང་འདྲ་བ་ལ་ཁྱད་པར་གཡས་གཉིས་པས་རྡོ་རྗེ་རྒྱ་གྲམ་བསྣམས་པ་སྤྲོས། རྣམ་གཡེང་དང་ལྷའི་བུའི་བུད་སྦྱངས། གཅིག་ཏུ་འདུས་པ་བྱང་སྒོར་འཁོད། ཁྲོ་བོ་བཅུ་པོ་ཐམས་ཅད་འཇིགས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང་། དུས་མཐའི་སྤྲིན་གྱི་མདོག་ལྟར་བུ་འཕྲོ་བ་དྲག་པོའི་རིགས་དཔག་ཏུ་མེད་པ་འཕྲོ་ཞིང་། དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ། གསུམ་པ་འཕྱང་བ། སྤྱན་དམར་ 12-9-24b ཞིང་ཟླུམ་པ། སྨིན་མ་དང་སྨ་ར་དམར་སེར་འབར་བ། སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་རྒྱལ་མཐའ་ཡས་སྔོན་པོའི་དབུ་རྒྱན། འཇོག་པོ་དམར་པོའི་སྙན་ཆ། པདྨ་དཀར་པོ་ཆེན་པའི་དོ་ཤལ། སྟོབས་རྒྱུ་ལྗང་གུའི་མཆོད་ཕྱིར་ཐོགས། རིགས་ལྡན་ཀྲ་བོའི་ དཔུང་རྒྱན། དུང་སྐྱོང་སེར་པོའི་ལག་གདུབ། ནོར་རྒྱས་དཀར་སེར་གྱི་སྐ་རགས། པདྨ་དཀར་པོའི་རྐང་གདུབ་བྱས་པ། ཞལ་མཆེ་བ་གཙིགས་པ། ལྗགས་བསྐྱོད་ཅིང་འཇིགས་སུ་རུང་བའོ། །རྩ་ཕྱག་དང་པོ་གཉིས་ཀྱིས་རང་འདྲའི་ཤེས་རབ་རིམ་པ་བཞིན་དུ་རོ་ལངས་ མ་དང་། གཞན་གྱིས་མི་ཐུབ་མ་དང་། ཁྲོ་གཉེར་མ་དང་། རལ་གཅིག་མ་རྣམས་ལ་འཁྱུད་པའོ། །དེ་ནས་ཡི་གེ་གསུམ་གྱིས་གཞལ་ཡས་ཁང་ཕྱུང་། ཕྱོགས་བཅུར་སྤྲོས་སྣོད་ཀྱི་ཉེས་སྐྱོན་སྦྱངས། ཡེ་ཤེས་ཀྱི་གཞལ་ཡས་ཁང་དང་གཅིག་ཏུ་འདྲེས་ནས་སྔར་ འདྲེས་ནས་སྔར་གྱི་དམ་ཚིག་པའི་གཞལ་ཡས་ཁང་ལ་ཐིམ་པར་བསམ་མོ། །དེ་ལྟར་ཡོངས་སུ་རྫོགས་པའི་ཞེས་སོགས་ཏེ། སྔར་བསྐྱེད་པའི་དམ་ཚིག་གི་དཀྱིལ་འཁོར་གྱི་ཁ་དོག་དང་། ཞལ་ཕྱག་ལ་སོགས་པའི་དངོས་པོ་ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ ལ་ཡིད་ཀྱིས་བལྟས་ནས་ཡེ་ཤེས་སེམས་དཔའི་སྙིང་པོ་ལས་སྤྲོས་པའི་འོད་ཟེར་གྱིས་ལྕགས་ཀྱུས་དེ་བཞིན་གཤེགས་པ་རྣམས་རང་གནས་ནས་སྤྱན་དྲངས་ནས་མདུན་དུ་བཞུགས་པར་བསྒོམས་པར་བྱའོ། །ཡེ་ཤེས་པ་དེ་ཉིད་ཐབས་དང་ཤེས་རབ་ཏུ་སྙོམས་པར་འཇུག་ པའི་ཏིང་ངེ་འཛིན་ལས་བྱུང་བའི་བདེ་བ་ཆེན་པོས་གང་བར་བསམ་མོ། །དེ་ནས་རང་གི་ཐུགས་ཀ་ནས་སྤྲོས་པའི་གཤིན་རྗེ་མཐར་བྱེད་སོགས་པས་ཡེ་ཤེས་པར་མོས་པའི་ཕྱིར་འབྲང་གི་བགེགས་ཚར་བཅད་ཅིང་། སླར་ཡང་བསྲུང་བར་བྱས་ལ་ཡེ་ 12-9-25a ཤེས་སེམས་དཔའི་རང་གི་སྙིང་པོ་བཟླས་པའི་མཆོད་ཡོན་གྱིས་མཆོད་དེ། དེ་ནས་ཛཿ དམར་པོ་ལས་འཕྲོས་པའི་འོད་ཟེར་དམར་པོས་ཉེ་བར་སྤྱན་དྲངས། ཧཱུཾ་ནག་པོ་ལས་འཕྲོས་པའི་འོད་ཟེར་ནག་པོས་རྟེན་བརྟེན་པ་ཡོངས་སུ་ རྫོགས་པ་ལ་དམ་ཚིག་པ་བཅུག ། བཾ་སེར་པོ་ལས་འཕྲོས་པའི་འོད་ཟེར་སེར་པོས་དབྱེར་མེད་དུ་འདྲེས་པར་བསམ། ཧོཿ དཀར་པོ་ལས་བྱུང་བའི་འོད་ཟེར་དཀར་པོས་དབང་དུ་བྱས་པར་བསམ་པ་ནི། བསྙེན་པའི་ཡན་ལག་ཆེན་པོའི། །དེ་ནས་སྔར་ ལྟར་སེམས་དཔའ་དྲུག་གིས་འཁོར་ཐམས་ཅད་ཀྱི་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི་ཉེ་སྒྲུབ་ཆེན་པོའི། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་ཙམ་ངག་ཏུ་བརྗོད་ནས། ཡེ་ཤེས་གསུམ་གྱིས་བྱིན་གྱིས་བརླབ་པ་ནི་སྒྲུབ་པའི་ཡན་ལག་ཆེན་ པོའོ།། དེ་ནས་རང་ལ་བྱས་པ་ལྟར་དུ་དབང་བསྐུར་ཞིང་ཞེས་ཏེ་དབང་ལྷ་སྤྱན་དྲངས་མཆོད་བསྟོད་སོགས་བྱས་དབང་བསྐུར་བས་དེ་བཞིན་གཤེགས་པ་བཞི་ལ་མི་བསྐྱོད་པ། སྤྱན་མ་གཟུགས་རྡོ་རྗེ་མ་གཤིན་རྗེ་གཤེད་རྣམས་ལ་རྣམ་སྣང་དང་། མཱ་མ་ཀཱི་ སྒྲ་རྡོ་རྗེ་མ་ཆོས་དབྱིངས་རྡོ་རྗེ་མ་ཤེས་རབ་མཐར་བྱེད་ལ་མི་བསྐྱོད་པ་དང་། གོས་དཀར་མོ་དྲི་རྡོ་རྗེ་མ། པདྨ་མཐར་བྱེད་ལ་འོད་དཔག་མེད། སྒྲོལ་མ་རོ་རྡོ་རྗེ་མ་རེག་བྱ་རྡོ་རྗེ་མ། བགེགས་མཐར་བྱེད་ལ་དོན་ཡོད་གྲུབ་པས་རྒྱས་གདབ་པ་ནི་སྒྲུབ་པའི་ ཡན་ལག་ཆེན་པོའོ། །དེ་དག་ནི་འབྲས་བུ་བཞིའང་ཆེན་པོའོ། །དངོས་པོ་ཐམས་ཅད་ཅེས་པ་དཔལ་འབྲས་རྡོ་རྗེས་བསྙེན་སྒྲུབ་ཡན་ལག་བཞི་ག་ཚང་བ་ལ་སྦྱར་བ་མ་ཡིན་ཏེ། ད་དུང་བསྙེན་པའི་ཡན་ལག་མ་རྫོགས་པའི་ཕྱིར་རོ། །དེ་ནས་མཆོད་ 12-9-25b པ་དང་བསྟོད་པ་དང་བདུད་རྩི་མྱང་བ་ལས་མཆོད་པ་ནི། ཆོ་ག་ཡིས་ཞེས་སོགས་ཏེ། སྤྱིར་མཆོད་པ་ལ་བསང་བ་དང་སྦྱང་བ་དང་བསྐྱེད་པ་དང་བྱིན་གྱིས་རློབ་པ་བཞིའི་སྒོ་ནས་འབྱུང་ལ། འདིར་ནི་ཡེ་ཤེས་སེམས་དཔའ་རང་གིས་བོན་གྱིས་གཟུགས་ སོགས་ཡུལ་ཐམས་ཅད་དྲངས་ཤིང་བཀུག་ནས་རང་གི་ཞལ་ནས་ཞུགས་ཏེ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨའི་ནང་དུ་ཡང་དག་པའི་བྱང་ཆུབ་ཀྱི་ཡིད་དེ། སེམས་ཀྱི་རང་བཞིན་དུ་ཞུ་ནས་དེ་ཉིད་འོད་ཀྱི་དཀྱིལ་འཁོར་གྱི་ཚོགས་སུ་གྱུར་པར་བསྒོམ་མོ། །དེ་ ནས་ཡུམ་ཤེས་རབ་མའི་བ་སྤུའི་སྒོ་རེ་རེ་ནས་འོད་ཟེར་སྣ་ཚོགས་པ་ནམ་མཁའ་མ་ལུས་པ་ཁྱབ་པ་སྤྲོས་ནས་འོད་ཀྱི་སྒོ་དེ་རྣམས་ལས་ལྷ་མོ་དེ་དག་ངེས་པར་ཕྱུང་ཞིང་སྤྲོ་བར་བྱའོ། །ཇི་ལྟ་བུ་ཞེ་ན། རིན་པོ་ཆེའི་རྒྱན་གྱིས་ལེགས་པར་བརྒྱན་པའི་རྡོ་རྗེ་ དྲུག་རང་གི་ཐུན་མོང་མིན་པའི་ཕྱག་མཚན་གྱིས་མཚན་པ་སྒེག་པའི་རྣམ་པ་ཅན་ནམ་མཁའ་ཁྱབ་པར་སྤྲོ་བར་བྱའོ།། ལྷ་མོ་དེ་དག་རང་བཞིན་མེད་བཞིན་དུ་རྣམ་པ་དེར་སྣང་བའི་སྒྱུ་མ་ལྟ་བུ་དྲན་པར་བྱ་ཞིང་། འཇིག་རྟེན་པའི་ལྟ་བ་མཆོད་པའི་ཚུལ་ ལ་མཁས་པའི་ལྷ་མོ་རྟོག་པ་ཀུན་ནས་གྲོལ་བ་ཟག་པ་མེད་པའི་བདེ་བ་བསྐྱེད་པའི་རྒྱུར་གྱུར་པ་འདོད་ཡོན་ལྔ་དང་ཉེར་སྤྱོད་ལ་སོགས་པས་རྒྱལ་བའི་དབང་པོ་ལེགས་པར་མཆོད་དོ། །དེའི་ཚེ་རྣལ་འབྱོར་པ་རང་གི་མཆོད་བྱ་མཆོད་བྱེད་མཆོད་པ་ གསུམ་ཐ་དད་དུ་རྣམ་པར་རྟོག་པ་ལས་གྲོལ་བར་བྱའོ།། དེ་ལ་ང་རྒྱལ་བཞག་པ་ནི་ཨོཾ་ཞེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྡོ་རྗེའི་རང་བཞིན་ང་ཡིན་ནོ་ཞེས་པའོ། །མཆོད་ལྷ་རང་རང་གི་ས་བོན་ལས་ཡུམ་གྱི་མངལ་དུ་བསྐྱེད་པ་ 12-9-26a ནི་རྩ་བའི་དགོངས་པ་མིན་ནོ། །གཉིས་པ་བསྟོད་པ་ནི་སྒྲའི་ཡུལ་རྣམས་ཞེས་སོགས་ཏེ། མཆོད་པ་ཕུལ་བའི་རྗེས་དེ་ལ་སྒྲ་ཐམས་ཅད་སྟོང་པའི་ངོ་བོ་དང་སྣང་ལ་རང་བཞིན་མེད་པ་བྲག་ཆ་དང་འདྲ་བར་རྟོགས་ལ་རང་ཉིད་ལྷག་པའི་ལྷ་ དཀྱིལ་འཁོར་དུ་གནས་པ་ལ། ཐུགས་ཀའི་མཾ་ཡིག་ལས་སྤྲོས་པའི་རིགས་ལྔ་བསྟོད་པ་བྱེད་པར་བསམ་པར་བྱའོ། །མི་བསྐྱོད་པའི་སྒོ་ནས་བསྟོད་པ་ནི་བདུད་དང་ཉོན་མོངས་པས་བསྐུལ་མི་ནུས་པས་མི་བསྐྱོད་པ། མི་ཕྱེད་པས་རྡོ་རྗེ་ཆོས་དབྱིངས་ཡེ་ ཤེས་ཀྱི་བདག་ཉིད་རྡོ་རྗེ་དབྱིངས་ཏེ་རིགས་ཡེ་ཤེས་ཆེན་པོ་དང་ལྡན་པ་སྐུ་རྡོ་རྗེ་ལ་སོགས་པའི་རིགས་ཀྱི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་དབྱེར་མེད་པ་སྟོན་པའི་གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པའོ། །རྣམ་སྣང་གི་སྒོ་ནས་བསྟོད་པ་ནི། དྲི་མ་དག་ཅིང་ཡུལ་རྣམ་སྣང་བར་མཛད་པའི་མེ་ལོང་ལྟ་བུའི་ཡེ་ཤེས། ཉེར་འཚེ་ཞིབ་དང་ཞི་བའི་ལས་སྒྲུབ་པ་ལ་མངའ་བརྙེས་པ་རང་བཞིན་འོད་གསལ་སྟོན་པ་ཞེས་སོ། །རིན་འབྱུང་གི་སྒོ་ནས་བསྟོད་པ་ནི། བྱང་ཆུབ་སེམས་རིན་པོ་ཆེ་དོན་ ཕུན་སུམ་ཚོགས་པས་རྒྱལ་བ་ཤིན་ཏུ་ཟབ་མོ་རྡོ་རྗེ་མཁའ་འདྲ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། དགེ་པ་ནི་རང་བཞིན་རྣམ་དག་དང་གོས་པ་མེད་པས་གློ་བུར་རྣམ་དག་གོ། འོད་དཔག་མེད་ཀྱི་སྒོ་ནས་བསྟོད་པ་ནི། རྡོ་རྗེ་མི་འཆི་བ་ནི་ཚེ་དཔག་མེད་དོ། ། ཚོགས་གཉིས་ཀྱི་དཔལ་དང་ལྡན་པའི་རྒྱལ་པོ་གཟུང་འཛིན་དུ་མི་རྟོག་པ་དང་། ནམ་མཁའ་རྡོ་རྗེ་འཛིན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །འདོད་ཆགས་རྣམ་པར་དག་པ་བརྙེས་པ་ནི་འདོད་ཆགས་ཕར་ཕྱིན་ཏོ། །དོན་གྲུབ་ཀྱི་སྒོ་ནས་བསྟོད་པ་ནི། 12-9-26b ངེས་པར་འབྲུས་བུ་དང་བཅས་པས། དོན་ཡོད་རྡོ་རྗེ་བསམ་པ་ཐམས་ཅད་རྫོགས་པར་མཛད་པ་ནི། བྱ་སྒྲུབ་ཡེ་ཤེས་ཏེ་དེ་ཉིད་རང་བཞིན་འོད་གསལ་ལས་བྱུང་བའོ། །དངོས་སུ་རིགས་ལྔ་དང་ཡེ་ཤེས་ལྔའི་སྒོ་ནས་བསྟོད་པ་ལས་མ་གསུངས་ཀྱང་འཁོར་ གྱི་ལྷ་ཐམས་ཅད་གཙོ་བོའི་ཆ་ཤས་སུ་དྲན་པར་བྱས་ན་ཀུན་ལ་བསྟོད་པར་འགྱུར་བས་སོ། །གསུམ་པ་བདུད་རྩི་མྱང་བ་ནི་འབར་བའི་ཞེས་སོགས་ཏེ། ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་ དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཨ་ལས་མི་མགོའི་སྐྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་ཟླ་བ་ལ་གནས་པའི་དབུས་ནས་གཡས་སྐོར་དུ། དྲི་ཆུ་ཆེན་རཀྟ་བྱང་སེམས་ དཀར་པོ་ཤ་ཆེན་རིགས་ལྔའི་ས་བོན་གྱིས་མཚན་པ་བསམས་ལ། དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཞུ་བ་ལ། ཡི་གེ་གསུམ་བཟླས་པའི་ཏུབ་པའི་དབང་པོ་དཔག་ཏུ་མེད་པ་ སྤྱན་དྲངས་ནས་དེའི་ནང་དུ་ཆུད་ཅིང་ཞུ་བས་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གྱུར། དེ་ནས་རང་གི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་དབུས་མ་སྦུ་གུ་ཅན་ལས་འོད་ཟེར་འཕྲོས་ནས་མྱང་པས་སྙིང་གར་ཟླ་བའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ ལོ་མ་ལུས་པ་བསྐྱེད་ལ་ཚིམ་པར་བསམས་པར་བྱའོ། །སྤྱིར་གཏོར་མའི་བསྐྱེད་ཆོག་ལ་སྣོད་གང་ཡིན་ཐོད་ཕོར་དུ་བསྐྱེད། ནང་གི་རྫས་གང་ཡིན་ཤ་ལྔ་བདུད་རྩི་ལྔར་བསྐྱེད་པ་ཡིན་ཏེ། དེ་ལ་ཤ་ལྔ་རྐྱང་པ་བསྐྱེད་པ་དང་། བདུད་རྩི་ལྔ་རྒྱང་པ་དང་། 12-9-27a གཉིས་ཀ་ཚད་མ་དང་བསྐྱེད་ཚུལ་དུ་མ་བྱུང་བ་ལ་འདིར་ནི་སྨན་ཞབས་ཀྱིས་འདུད་རྩི་ལྡ་བསྐྱེད་ནས་ལྡ་པ་ཤ་ཆེན་དུ་མཛད་དོ། །བསྐྱེད་པའི་གནས་ནི་ཕྱོགས་མཚམས་བརྒྱད་དང་དབུས་ཡིན་ལ། དབུས་སུ་ཤ ལྔ་དང་བདུད་རྩི་ལྔ་སོ་སོར་བསྐྱེད་པ་དང་། ཐུན་མོང་དུ་བསྐྱེད་པའི་ལུགས་གཉིས་འབྱུང་ངོ་། །ཤ་ཕྱོགས་དང་བདུད་རྩི་མཚམས་སུ་བསྐྱེད་པ་བཤད་པ་མང་ལ། དེ་ལས་ལྡོག་པའང་བཤད་ཅིང་། ཕྱོགས་རྐྱང་པར་གཉིས་ཀ་བརྩེགས་ནས་བསྐྱེད་ པའང་བཤད་དོ། །བསྐྱེད་པའི་རྒྱུ་མཚན་ནི་ཤ་རིགས་ལྔའི་ས་བོན་དང་བདུད་རྩི་ཡུམ་བཞིའི་ས་བོན་ལས་བསྐྱེད་པ་དང་། དེ་ལས་ལྡོག་པ་དང་མིང་ཡིག་དང་པོ་ལས་བསྐྱེད་པའང་བཤད་ལ། དེ་ཉིད་ལས་བསྐྱེད་ན་རིགས་ལྔ་དང་ཡུམ་གྱི་ས་བོན་ གྱིས་མཚན་པར་རིགས་ཀྱི། སྔ་མས་མཚན་པར་མི་རིགས་སོ། །རིགས་ལྔ་དང་ཡུམ་བཞིའི་ས་བོན་ལས་བསྐྱེད་ན་མིང་ཡིག་དང་པོ་ལས་མཚན་པའང་རུང་ལ། དྲི་རོ་རེག་བྱའི་སྐྱོན་དག་བྱེད་ཀྱི་ཡི་གེ་བསྐྱེད་ཚུལ་སོགས་ཀྱང་དུ་མ་བཤད་དོ། །གསུམ་ པ་ལས་རྒྱལ་མཆོག་ལ་ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་རོ། །དང་པོ་ལ་མདོར་བསྟན་དང་། སྟོང་པ་ཉིད་སྒོམ་ཚུལ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་སྙིང་པོའི་འོད་ཟེར་ཞེས་ཏེ། རང་གི་སྙིང་གའི་ས་བོན་མཾ་ཡིག་དམར་སེར་གྱི་ འོད་ཟེར་ལས་ཐུབ་པའི་ཚོགས་དཔག་ཏུ་མེད་པ་སྤྲུལ་འགྲོ་བ་མ་ལུས་པ་ཉེས་པ་སླར་མི་སྐྱེ་བའི་ཆོས་ཅན་དུ་གསལ་བར་མོས་ནས་སངས་རྒྱས་ལ་བཀོད། སླར་བསྡུས་ནས་རང་གི་སྙིང་གའི་ས་བོན་གྱི་ནང་དུ་ཚུད་པར་བསམས་ལ་རྩེ་ 12-9-27b གཅིག་ཏུ་མཉམ་པར་བཞག་གོ། སྤྱིར་བསྐྱེད་རིམ་བསྒྲུབ་པ་ལ་གསལ་ཆ་དང་། གནས་ཆ་སྒྲུབ་ཚུལ་གཉིས་ལས། སྔ་མ་ནི་སྔར་བཤད་པའི་ལྷའི་འཁོར་ལོ་ཡང་དང་ཡང་དུ་བསྒོམས་པ་ལས་ཡིན་ལ། ཕྱི་མ་ནི་ཕྲ་མོ་དང་ཐིག་ལེའི་རྣལ་འབྱོར་གྱིས་ བསྒྲུབ་པ་ཡིན་ནོ། །གཉིས་པ་གཟུང་འཛིན་རྫས་ཐ་དད་སྤྱིར་དགག་པ་དང་། བྱེ་བྲག་ཏུ་དགག་པ་དང་། དེ་སྒྲུབ་པའི་དོན་ནོ། །དང་པོ་ནི་གཟུགས་ལ་སོགས་པ་ཞེས་ཏེ། གཟུགས་སོགས་ནི་མངོན་སུམ་གྱི་གཟུང་དོན་མ་ཡིན་ཏེ། མངོན་སུམ་ལ་རང་འདྲའི་ རྣམ་པ་གཏོད་པའི་ནུས་པ་མེད་པའི་ཕྱིར། དེས་ན་འཛིན་པ་དེའང་མངོན་སུམ་ལ་འཁྲུལ་བར་མི་རུང་སྟེ། དེ་ལྟར་ཚད་མ་གང་གིས་ཀྱང་མཐོང་བར་མི་ནུས་པའི་ཕྱིར། དེས་ན་འཛིན་པ་མ་འཁྲུལ་པ་དང་། གཟུང་བ་ཕྱི་རོལ་གྱིས་བསྡུས་པ་རྣམས་ཀྱང་ཅུང་ ཟད་མེད་དོ། །རྗེས་དཔག་གིས་མི་འགྲུབ་པ་ནི། འབྲས་བུ་རྣམས་སེམས་ལྡོག་པའི་རྟགས་ལས་ཀྱང་ཕྱི་རོལ་གྱི་དོན་ཡོད་པར་མི་འགྲུབ་སྟེ། ཕྱི་རོལ་དོན་དང་ཤེས་པ་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་གང་དུའང་མཐོང་བ་མེད་པའི་ཕྱིར། བདེ་བ་ལ་སོགས་ པས་ཀྱང་ཕྱི་རོལ་ཡོངས་སུ་འཛིན་པ་མ་ཡིན་ཏེ། གཟུགས་སོགས་དང་ཤེས་པ་དུས་གཅིག་ཅར་དུ་མངོན་སུམ་གྱིས་གསལ་བར་ཤེས་པའི་ཕྱིར། ཚོགས་པ་གཅིག་པའི་གཟུགས་སོགས་བཞིན། རིགས་དེས་ཤེས་པ་ལ་བལྟོས་པའི་འཛིན་པ་པོ་ མ་འཁྲུལ་བ་མེད་དོ། །གཉིས་པ་ནི་དཀར་ལ་སོགས་ཏེ། དཀར་སོགས་སྣང་བའི་ཤེས་པའི་རྒྱུན་ཡང་གཅིག་ཏུ་བདེན་པ་མ་ཡིན་ཏེ། སྔར་མཐོང་བའི་དཀར་སོགས་དེ་ཉིད་ཕྱིས་དུས་གཞན་དུ་མཐོང་བར་མ་གྱུར་པའི་ཕྱིར་ཏེ། གཞི་གཅིག་ལ་ 12-9-28a སྔར་ཡོད་པ་དེ་ཉིད་ཕྱིས་ཡོད་པ་འགལ་བའི་ཕྱིར་རོ། །དཔེར་ན་བདེ་སྡུག་དང་མཚུངས་སོ། །གཟུགས་ལ་སོགས་པ་ནི་རགས་པ་ཡན་ལག་ཅན་གཅིག་ཏུ་བདེན་པ་མ་ཡིན་ཏེ། ཐོག་མཐའ་དེ་སྟེང་འོག་བར་གསུམ་ གྱི་ཆ་དུ་མ་དང་བཅས་པར་མངོན་སུམ་ལ་སྣང་བའི་ཕྱིར། རྡུལ་ཕྲན་ཆ་མེད་དུ་མ་བསགས་པའི་རྒྱུན་ཡང་བདེན་པར་མ་གྲུབ་སྟེ། ཆ་བཅས་ཁོ་ནར་སྣང་གི་ཕྲ་རབ་རྣམས་མངོན་སུམ་ལ་སྣང་བ་མ་ཡིན་པའི་ཕྱིར། རྡུལ་ཕྲན་ཆ་མེད་མི་སྲིད་པར་ཐལ། ཕྲ་རབ་དུ་མ་འདུས་པའི་ཕྱོགས་གཅིག་གིས་ཕྲད་ན་ཆ་བཅས་སུ་འགྱུར་ལ། ཆ་ཐམས་ཅད་ཀྱིས་ཕྲད་ན་རྡུལ་ཐམས་ཅད་གོས་གཅིག་ཏུ་ཐིམ་པས་སའི་དཀྱིལ་འཁོར་ལ་སོགས་པའི་རྡུལ་ཕྲན་བསགས་པ་འགའ་ཡང་མེད་དོ། །གསུམ་པ་ནི་དེ་ལས་ཏེ། གཟུང་འཛིན་བདེན་པ་དང་བྲལ་བ་དྲི་ཟའི་གྲོང་ཁྱེར་དང་མཚུངས་པ་ཡིན་ལ། དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་དུ་ཤར་བར་བསྒོམས་པར་བྱའོ། །སྐབས་འདིར་སྟོང་ཉིད་སྟོན་པའི་རྒྱུ་མཚན་ལ། དཔལ་འབྲས་རྡོ་རྗེས་སྤྱིར་སྟོན་པ་མ་གཏོགས་ གོང་འོག་དང་འབྲེལ་ཚུལ་མི་འཆད་ལ། ཐ་ག་ནའི་བཞེད་པ་ནི། སྔར་ཐེག་ཆེན་པའི་རྣལ་འབྱོར་མདོར་བསྟན་ཏུ་བཤད་པ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་སུ་བཀོད་པ་ཡི་གེ་གཅིག་གི་ནང་དུ་ཆུད་པར་མི་རིགས་ཏེ། གཟུགས་བརྙན་རྒྱ་ཆེ་བ་ཆུང་ བའི་ནང་དུ་ཆུད་པར་མི་རིགས་སོ་སྙམ་དུ་དོགས་པ་ལ། ཕྱི་རོལ་དོན་གྱིས་སྟོང་པའི་སེམས་ཀྱི་སྣང་བ་ཙམ་དུ་ཟད་པས་འགལ་བ་མེད་པའི་ལན་དུ་འཆད་ལ། འོག་ནས་འཆད་པའི་ལྷའི་རྣམ་དག་འཆད་པ་ལ་འབྲེལ་བར་བྱས་ཀྱང་མི་རུང་བ་མེད་དོ། །སྤྱིར་ 12-9-28b བསྐྱེད་རིམ་སྒོམ་པའི་སྐབས་སུ་སྟོང་ཉིད་སྒོམ་པའི་ཚུལ་ལེགས་པར་མ་ཤེས་ན། ལམ་འདི་སྲིད་པའི་དངོས་ཀྱི་གཉེན་པོ་སྒོམ་པ་མིན་པར་འགྱུར་རོ། །འཁོར་འདས་ཀྱི་རྣམ་དབྱེ་མི་འཐད་པའི་རྩོད་པ་སྤང་པ་ནི། བདག་དང་བདག་གི་ཞེས་པ་ནས་དེས་ན་རྣམ་ པར་དབྱེ་བ་ཐམས་ཅད་མིན་ཞེས་པའི་བར་རོ། །གཟུང་འཛིན་བདེན་པ་བ་མེད་ན་འཁོར་བ་དང་མྱ་ངན་ལས་འདས་པའི་དབྱེ་བ་མི་འཐད་པར་འགྱུར་རོ་ཞེ་ན། བདག་དང་བདག་གིར་འཛིན་པའི་རྣམ་པར་རྟོག་པ་འབྲས་བུ་དང་བཅས་པ་ཡིན་ལ། ཕྱིན་ཅི་ལོག་དེ་དེ་ དག་དགག་ཅིར་བྲལ་བ་ནི་མྱ་ངན་ལས་འདས་པར་ཤེས་པར་བྱའོ། །དོན་དམ་པར་ན་སྲིད་པ་དང་ཞི་བ་ལ་དབྱེ་བ་ཅུང་ཟད་མེད་དེ་རྒྱུ་མཚན་གང་གི་ཕྱིར་ན་གཟུང་འཛིན་བདེན་པ་བ་དང་རྟག་ཏུ་བྲལ་བར་འགྲུབ་པའི་ཕྱིར་རོ། །དེས་ན་སེམས་ལ་རབ་ཏུ་བརྟོགས་པ་ ཡིན་ཏེ། སེམས་ལས་གཞན་པའི་བདག་ཏུ་བཏགས་པའི་གཞི་མེད་པའི་ཕྱིར་ཏེ། དོན་དུ་སྣང་བའི་ཀུན་རྟོག་ལས་ལོགས་སུ་ཕྱི་རོལ་གཅིག་ཀྱང་མེད་པའི་ཕྱིར་རོ། །དེས་ན་གང་ཞིག་སོ་སོ་སྐྱེ་བོ་རྣམས་ལ་གཟུགས་སོགས་སེ་སེར་ཞུགས་ཤིང་སྣང་བ་དེ་ ཉིད་རང་བཞིན་འཐའ་དག་སྟོང་པ་ལ་སོགས་པར་རྟོགས་པ་རྣམས་ཀྱིས་གཟིགས་པ་ནི་དོན་དམ་པའི་བདེན་པ་ཡིན་ནོ། །དེ་བས་ན་བསྐྱེད་ངོར་གཅིག་ཏུ་རྟོགས་པའི་བློས་དོན་དམ་པ་ཁྱད་པར་འགའ་ཡང་མེད་པར་བརྟག་པར་བྱ་སྟེ། ཡུལ་དུ་སྣང་བ་ཀུན་ རྟོག་པའི་གནས་སུ་གྱུར་པ་རྣམས་གཟུང་འཛིན་བདེན་པ་བར་སྦྱོར་བ་དང་བྲལ་བས་དོན་དམ་པར་དབྱེ་བ་ཐམས་ཅད་མེད་དོ། །དག་པ་དྲན་པ་ནི། དད་དང་ཞེས་སོགས་ཏེ། དད་པ་ལ་སོགས་པའི་སྟོབས་དང་པོ་བཞི། རྣམ་པར་དག་པ་ནི་གོ་རིམས་བཞིན་ 12-9-29a དུ་གཤིན་རྗེ་གཤེད་མཐར་བྱེད་ལ་སོགས་པའི་སྒོ་བ་བཞི་ཡིན་ལ། གཟུགས་ལ་སོགས་པའི་ཡུལ་དུ་སྣང་བ་དྲུག་རྣམ་པར་དག་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ཤེས་རབས་དྲུག་གི་རྣམ་དག་ཡིན་ལ། མཚན་མ་མེད་པའི་ སྟོང་པ་ལ་སོགས་པའི་ཁམས་བཞི་དང་། ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕར་ཕྱིན་རྣམ་པར་དག་པ་རྣམས་ནི་རིམ་པ་བཞིན་དུ་སྤྱན་མ་སོགས་བཞི་ཡིན་ལ། མིག་ལ་སོགས་པའི་དབང་པོས་བསྡུས་པ་སེམས་ཅན་དུ་སྣང་བ་དང་། གཟུགས་ སོགས་དོན་དུ་སྣང་བའི་ཀུན་གཞིའི་གཟུང་ཆས་བསྡུས་པ་དྲི་མ་མེད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དོན་ནོ། །བདག་ཏུ་སྣང་བ་ཉོན་ཡིད་རྣམ་པར་དག་པ་ནི་མཉམ་ཉིད་ཡེ་ཤེས་ཏེ། དེ་གཉིས་ནི་རིམ་པ་བཞིན་དུ་རྣམ་སྣང་དང་རིན་འབྱུང་དང་། དྲུག་པ་ཡིད་ཀྱི་ རྣམ་རྟོག་རྣམ་པར་དག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་འོད་དཔག་མེད་དང་། འཇུག་ཤེས་ལྔ་དག་པ་ནི་བྱ་སྒྲུབ་ཡེ་ཤེས་ཏེ་དོན་གྲུབ་བོ། །དེ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམ་པར་དག་པ་ནི་ཆོས་དབྱིངས་ཡེ་ཤེས་ཏེ་མི་བསྐྱོད་པའོ།། གཟུགས་ལ་སོགས་ པའི་ཟག་བཅས་ཀྱི་ཕུང་པོ་ལ་འཁྲུལ་པ་དང་བྲལ་བ་ནི་སངས་རྒྱས་ཀྱི་ཟག་པ་མེད་པའི་ཕུང་པོར་འགྱུར་ལ། སེར་སྣ་ལ་སོགས་རྣམ་པར་དག་པ་ནི། དཀར་ཆོས་ཀྱི་རང་བཞིན་ཕ་རོལ་ཏུ་ཕྱིན་པ་བཅུའོ།། རྣམ་རྟོག་མེད་བཞིན་དུ་དོན་གཉིས་འབྱུང་བའི་གྱུར་ གྱུར་པའི་ཤེས་རབ་དང་ཐབས་ཀྱིས་བསྡུས་པའི་ཟབ་པ་ལ་དམིགས་པ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་དང་། རྒྱ་ཆེ་བ་དཀྱིལ་འཁོར་ཀྱི་འཁོར་ལོ་བསྡུས་པ་ཡེ་ཤེས་ཀྱི་སྣང་བ་ཙམ་ཡིན་ལ། དམ་པའི་དོན་དུ་གཅིག་ཐ་དད་ཀྱི་དབྱེ་བ་ཅུང་ཟད་ཀྱང་མི་འདོད་ 12-9-29b དེ། གཟུང་འཛིན་བདེན་པ་བ་ལས་བཟློག་པའི་ཕྱིར་དང་། བྱེ་བྲག་སྣ་ཚོགས་སུ་དབྱེར་མེད་པའི་ཕྱིར་རོ། །གསུམ་པ་རྒྱས་པར་བཤད་པ་ནི། དེས་ན་སློབ་དཔོན་ཤཱནྟི་པས་བཤད་པ་ལྟར། ལྷ་བསྒོམ་གྱི་ལྟའི་དེ་ཁོ་ན་ཉིད་མི་སྒོམ་ན། ལམ་དེ་སྲིད་པའི་ གཉེན་པོ་མ་ཡིན་པར་འགྱུར་བ་དང་། ཕྱི་མ་བསྒོམ་གྱི་སྔ་མ་མི་སྒོམ་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པར་མི་འགྱུར་བས་སེམས་དང་པོའི་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་དེ་ཉིད་གཟུང་ཆ་ལྷའི་འཁོར་ལོའི་རྣམ་པ་ཅན་དུ་ ཤར་བར་བསྒོམ་པར་བྱ་བ་ཡིན་ནོ། །དེ་ལྟར་བདེན་པ་མེད་པར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་རལ་གྲིའི་ཆང་བཟུངས་ལ། ཟླ་བ་ལ་གནས་པའི་མཾ་ཡིག་དེ་ཉིད་ཐིག་ལེ་ཡུངས་འབྲུའི་ཚད་ཙམ་འོད་ཟེར་སྣ་ཚོགས་འཕྲོ་བ་རིམ་གྱིས་ སྤྲོས་ཏེ་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་གནས་དང་བཅས་པ་གསལ་བར་བྱས་ནས། སླར་ཡང་ཐིག་ལེ་ཉིད་ལ་ཐིམ་པར་གྱུར་པ་ལ་སེམས་གཟུང་ཞིང་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་འབབ་པར་བསམ་པར་བྱའོ། །དེ་ནས་ཡང་འོད་འཕྲོས་ནས་རང་ དམ་ཚིག་པ་དང་བཅས་པའི་གནས་རྟེན་བརྟེན་པ་དང་བཅས་པ་གསལ་བར་བྱས་ནས། དེ་ནས་བ་སྤུའི་བུ་ག་རེ་རེ་ནས་འོད་ཟེར་སྤྲོས་ནས་ནམ་མཁའ་ཐམས་ཅད་ཁྱབ་པར་བྱས། སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད་སླར་ཡང་ཐིག་ལེ་ལ་ བསྡུས་ནས་སེམས་གཟུང་བར་བྱའོ། །ཕྱག་མཚན་ཕྲ་མོ་སྒོམ་པ་ནི། ཡང་ན་རང་གི་མཚན་པ་ཞེས་སོགས་ཏེ། རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སངས་རྒྱས་རྣམས་སྤྱན་དྲངས། རང་གི་ཞལ་དུ་ཞུགས་ 12-9-30a ནས་ཞུ་བ་ཡུམ་གྱི་གསང་བའི་སྣ་རྩེར་ཐིག་ལེ་ཡུངས་འབྲུ་ཙམ་དུ་གྱུར་པའི་ནང་དུ་ཆོས་འབྱུང་ཡན་ཆད་ཀྱི་རྟེན་བརྟེན་པ་ཡོངས་སུ་རྫོགས་པ་བསྙེན་སྒྲུབ་ཡན་ལག་བཞི་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་སྒོ་ནས་བསྐྱེད་པར་བྱའོ། ། རྒྱུ་རྡོ་རྗེ་འཛིན་པའི་སྐབས་སུ་སྤྲོ་བསྡུ་གཞན་མི་དགོས་ལ། ནམ་མཁའི་བར་སྲིད་ཡབ་ཀྱི་ཞལ་ནས་ཞུགས་པའི་ཡབ་ཡུམ་ཞུ་བའི་ཐིག་ལེ་གཉིས་སུ་གྱུར། དེ་གཙོ་བོའི་ཕྱག་མཚན་གཉིས་སུ་གྱུར་པ་ལས་བསྐྱེད་པས་ཆོག་གི། ཞུ་བ་གླུས་བསྐུལ་ཡང་ མི་དགོས་སོ། །དེ་བཞིན་དུ་ཐིག་ལེའི་ནང་དུ་ལྷ་བསྐྱེད་པ་དང་། བཟླས་པའི་སྐབས་སུ་བསྐྱེད་པའང་ཤེས་པར་བྱའོ། །ཕྲ་མོའི་རྣལ་འབྱོར་བསྒོམས་ནས་མཚན་མ་བརྟན་པོ་མཐོང་བ་དང་། སྤྲོ་བསྡུ་ལ་བསླབ་པར་བྱའོ། །དེ་ནས་བཟླས་པ་བྱ་བ་ནི། ཡང་ ན་བཟླས་པ་ཞེས་སོགས་ཏེ། རང་གི་སེམས་ཉིད་རྟེན་བརྟེན་པའི་དཀྱིལ་འཁོར་དུ་སྣང་བར་ཤེས་པར་བྱས་ནས་དབུགས་འབྱུང་འཇུག་གི་སྲོག་རྩོལ་ཧ་ཅང་བསྡམས་པ་མ་ཡིན་པར། གཙོ་བོ་ལ་སོགས་པའི་འབྱིན་སྔགས་ཡི་གེ་གསུམ་གྱི་བར་དུ་ཆུད་ པ་འོད་ཟེར་སྣ་ཚོགས་འཕྲོ་བ་གསལ་བར་བཟླས་པར་བྱའོ། །སྐུ་རྡོ་རྗེ་ལ་སོགས་པའི་རིགས་གང་ཡིན་དེ་ཉིད་ཀྱིས་དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་བོ་བྱས་ནས་སྤྲོ་བསྡུ་བྱའོ། །དེའང་ནམ་མཁའི་ཁམས་ཁྱབ་པར་སྤྲོ་ཞིང་། སྔ་མ་རགས་པའི་དཀྱིལ་ འཁོར་རྒྱལ་མཆོག་གི་སྐབས་བཞིན་དུ་མཆོད་བསྟོད་བདུད་རྩི་མྱང་བའི་བར་དུ་བྱའོ། །མཆོད་པ་ནི་རང་གི་བ་སྤུའི་བུ་ག་ནས་གཟུགས་སོགས་ཞུ་བའི་མཆོད་ལྷ་རྣམས་སྤྲོས་ནས་མཆོད་པར་བྱའོ། །ཐིག་ལེ་ཕྲ་མོའི་ནང་དུ་རྟེན་བརྟེན་པ་ཡོངས་རྫོགས་ 12-9-30b སྒོམ་པར་མངོན་རྟོགས་ཀྱི་སྐབས་འདིར་བཤད་ཀྱང་། སྒོམ་པའི་དུས་ནི། དཀྱིལ་འཁོར་གྱི་ལྷ་རགས་པ་ལ་གསལ་སྣང་མ་ཐོབ་ཚུན་ཆད་ལས་དང་པོ་བའི་སྐབས་དང་། དེ་ཐོབ་ནས་སྐྱེ་མཆེད་བྱིན་རླབས་ཀྱི་ལྷ་སོགས་ལ་གསལ་སྣང་མ་ཐོབ་ཚུན་ཆད། ཡེ་ ཤེས་པ་ཅུང་ཟད་བབས་པའི་སྐབས་སུ་བསྒོམ་པ་ཡིན་གྱི། ལྷ་དེ་དག་ལགས་སྣང་བརྟན་པོ་ཐོབ་པའི་ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པའི་སྐབས་སུ་སྒོམ་པ་མ་ཡིན་ནོ། །དེ་ནས་ཕྱོགས་བཅུའི་གཟུགས་ལ་སོགས་པ་བཀུག་ནས། རང་གི་ཞལ་ནས་ཞུགས་ རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུ་བ་ཡུམ་གྱི་ལུས་ལས་གཟུགས་རྡོ་རྗེ་མ་ལ་སོགས་པ་སྤྲོས་ནས་མཆོད་པར་བྱའོ། །དེ་ནས་གསང་བའི་མཆོད་པ་བྱས་ནས་དཀྱིལ་འཁོར་པའི་ལྷ་རྣམས་རང་གི་ལུས་ལ་གཞུག་པར་བྱའོ། །སྔར་བཤད་པའི་ཐིག་ ལེ་ལ་ཕྱག་མཚན་ཕྲ་མོ་སྤྲོ་བའི་དུས་སུ་ནི་དུ་བ་ལ་སོགས་པའི་རྟགས་ལྔ་བརྟན་པར་བྱུང་བ་ན་ལྷ་ལས་ལྷ་གཉིས་པ་དང་ཕྱག་མཚན་ལས་ཕྱག་མཚན་གིས་པ་སོགས་རྣམས། ནམ་མཁའི་ཁམས་ཁྱབ་པར་སྤྲོ་བ་དང་། སླར་ཡང་བསྡུ་བ་སོགས་བྱའོ། ། རྟགས་འདི་དག་རྒྱས་པར་རྫོགས་རིམ་གྱི་སྐབས་སུ་འབྱུང་ཡང་སྐབས་འདི་ནས་ཀྱང་འབྱུང་བ་ཡིན་ནོ། །བཟླས་པས་སེམས་དུབ་ན་སྐྱོ་བ་བསལ་བ་ནི། རང་གི་སྙིང་པོ་ཞེས་སོགས་ཏེ། ཐུགས་ཀའི་མཾ་ཡིག་རྟེན་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་ རྫོགས་པ་ལ་གསལ་སྣང་རྙེད་པ་ནི། དེ་ཉིད་ངེས་རྟོགས་ཏེ། དེ་ལྟར་བསྒོམས་པས་སྐྱོ་ཞིང་དུབ་ན། ཞུ་བ་གླུས་བསྐུལ་གྱི་སྐབས་སུ་བཤད་པ་ལྟར་སྤྱན་མ་སོགས་ཀྱིས་གླུ་བླངས་པས་གཙོ་བོ་ཡབ་ཡུམ་བསྐུལ་ནས་དཀྱིལ་འཁོར་གྱི་འཁོར་ 12-9-31a ལོར་མཆོད་པར་བྱའོ། །ལུས་བརྟས་པའི་ཆོ་ག་ནི། སེམས་བཟང་པོའི་ཞེས་སོགས་ཏེ། རང་གི་སྤྱི་བོར་མཐོ་གང་ཙམ་གྱིས་འཕགས་པར་ཟླ་བའི་སྟེང་དུ་བདུད་རྩི་ལྔའི་ས་བོན་ཨོཾ་ཡིག་དཀར་པོ་འོད་ཟེར་ལྔ་འཕྲོ་བ་དང་ བཅས་པ་ཆོ་ག་བཞིན་དུ་བསམས་ནས། དེ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་དེ་ལ་ཐིམ་ཞིང་། དེ་ལས་འབྱུང་འཇག་གི་འོད་ཟེར་གྱི་ལྕགས་ཀྱུས་བྱང་ཆུབ་ཀྱིས་སེམས་བཟང་ པོའི་བདུད་རྩའི་ཆུ་རྒྱུན་སྤྱན་དྲངས་ནས། རང་གི་སྤྱི་བོ་ནས་བརྩམས་ཏེ། སྐུ་རྡོ་རྗེ་ལ་སོགས་ལ་དབབ་པས་ཚིམ་པར་བྱས་ཏེ་སྐྱོ་བ་བསལ་བར་བྱའོ། །དེ་ལྟར་དུ་བ་ན་ཐུན་བར་མ་བཏང་བའི་སྐབས་སུ་ངལ་བསོས་ནས་ཡང་སྔར་བཤད་པའི་སྤྲོ་བསྡུའི་ཆོ་གས་ གསང་སྔགས་བཟླ་བར་བྱ་ཞིང་འཁོར་གསུམ་དུ་བདེན་པར་མི་རྟོགས་པའི་སྒོ་ནས་ཀུན་ཏུ་ཆགས་པ་མེད་པ་བསྒོམ་པར་བྱའོ། །གསུམ་པ་ཐུན་གྱི་མཐར་ཇི་ལྟར་བྱ་བ་ནི། བསྟོད་དང་ཞེས་སོགས་ཏེ། སྔར་བཤད་པའི་རིགས་ལྔའི་བསྟོད་པ་དང་། ཉེར་སྤྱོད་འདོད་ ཡོན་ལ་སོགས་པའི་མཆོད་པ་དང་། གཤེགས་སུ་གསོལ་བ་ལ་སྔགས་པས་འབད་པར་བྱའོ། །གཤེགས་གསོལ་ཇི་ལྟ་བུ་ཞེ་ན། ཡེ་ཤེས་པ་རང་གནས་སུ་གཤེགས་པ་མ་ཡིན་གྱི་སྐུ་གསུང་ཐུགས་ཀྱི་རིགས་སུ་གྱུར་པའི་དཀྱིལ་འཁོར་པའི་ ལྷ་ཐམས་ཅད་རིམ་པ་བཞིན་དུ། སྤྱི་བོའི་ཨོཾ་དང་། མགྲིན་པའི་ཨཱཿ དང་། ཐུགས་ཀའི་ཧཱུཾ་ལ་བསྡུས་ནས་གསལ་བར་བྱའོ། །དེ་ལྟར་ཟབ་གསལ་གཉིས་སུ་མེད་པའི་དེ་ཁོ་ན་མཐོང་བའི་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་ལ་དམིགས་ནས་ 12-9-31b འཇམ་པའི་རྡོ་རྗེའི་གོ་འཕང་ལ་འགོད་པའི་སྨོན་ལམ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་སོགས་བྱའོ། །གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བ་ལ་ལོངས་སྤྱོད་དག་པའི་རྣལ་འབྱོར་དང་། མ་དག་པའི་རྣལ་འབྱོར་དང་། དམ་ཚིག་ཉམས་ན་ཇི་ལྟར་བྱ་བའི་ཚུལ་ལོ། ། དང་པོ་ལ་རྣམ་དག་དྲན་པ་དང་། ཁ་ཟས་ཀྱི་རྣལ་འབྱོར་དང་། སྦྱིན་སྲེག་གི་ཆོ་གའོ། །དང་པོ་ལ་སོ་སོའི་རྣམ་དག་ནི། ལངས་ནས་ཞེས་ཏེ། ཐ་མལ་པའི་རྣམ་རྟོག་དག་པའི་སྒོ་ནས་རང་གི་སེམས་ལྷའི་ང་རྒྱལ་དང་ལྡན་པའི་སྒོ་ནས། ཐུན་དངོས་གཞི་བཏང་བའི་ གནས་སྐབས་སུ། དབང་པོས་ཡུལ་མཐོང་བའི་ཚེ་ཡུལ་ལྔ་རྡོ་རྗེ་མ་ལྔ་དང་། རིགས་ལྔའི་ངོ་བོར་དྲན་པར་བྱས་ནས་ཡུམ་གྱིས་ཡབ་ལ་མཆོད་པར་བསམ་པར་བྱའོ། །སྤྱིའི་རྣམ་དག་ནི། དཔལ་ལྡན་ཞེས་ཏེ། འཇམ་པའི་རྡོ་རྗེ་ཉིད་ཡུལ་ཡུལ་ཅན་གྱི་རྣམ་ པར་ཤར་ནས་ཡུམ་གྱིས་མཆོད་པ་འབུལ་བར་བསམ་པ་ནི་མཆོད་པའི་མཆོག་གོ། གཉིས་པ་ནི་ཟས་ཟ་བའི་ཚེ་ནས་ཞེས་ཏེ། སྙིང་གར་ཟླ་བ་ལ་རང་གི་སྔགས་སམ་གཙོ་བོའི་སྔགས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་ཀྱི་ བདུད་རྩིའི་ངོ་བོ་འོད་སྣ་ཚོགས་དང་ལྡན་པར་བསམས་ལ། ཡི་གེ་གསུམ་གྱིས་ཁ་ཟས་བྱིན་གྱིས་བརླབས་ཤིང་། སྔར་བཤད་པ་ལྟར་ལྕེ་བྱིན་གྱིས་བརླབས་ནས། སྟོང་པ་ཉིད་ཀྱི་ལྟ་བ་དྲན་བཞིན་དུ་ཟས་ལ་ལོངས་སྤྱད་པས། སྐུ་རྡོ་རྗེ་ལ་སོགས་པའི་ ལྷ་རྣམས་ཚིམ་པར་མོས་པ་བྱའོ། །གསུམ་པ་ནི། ཕྱིའི་སྦྱིན་སྲེག་ཅེས་ཏེ། སྙིང་གར་རཾ་ལས་ཐབ་བསྐྱེད། དེའི་དབུས་སུ་ལྷ་རྫོགས་པར་བསྐྱེད་ནས། ལག་པ་དགང་གཟར་བླུགས་གཟར་དང་། ཁ་ཟས་སྲེག་རྫས་སུ་བསྐྱེད་ནས་སྦྱིན་སྲེག་ 12-9-32a འབུལ་བའི་ཚུལ་གྱིས་ལོངས་སྤྱོད་པར་བྱའོ།། འོད་སྙེ་ནས་བཤད་པ་ལྟར། ཡིད་ཀྱི་སྦྱིན་སྲེག་ཀྱང་བྱ་ཞིང་། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་མེས་ཕུང་པོའི་བུད་ཤིང་སྲེག་པར་བྱེད་པ་ནི་བླ་ན་མེད་པའི་སྦྱིན་སྲེག་གོ། དེ་ ལྟར་འདོད་ཡོན་མ་ལུས་པ་ལྷར་དྲན་པར་བྱས་ནས་བདག་ཉིད་གཞན་དག་མཆོད་པའི་ཚེའང་ལྷར་བསྐྱེད་ནས་མཆོད་པ་འདི་ནི་འདའ་བར་མི་བྱ་བས་ན་དམ་ཚིག་གི་སྟེ། བདེ་གཤེགས་རྣམས་ཀྱིས་གནང་བའོ། །གཉིས་པ་ནི། རྗེས་སུ་མཐུན་པར་ཆོས་ བསྟན་པའི་ལས་དང་། མེ་ཏོག་ལ་སོགས་པས་དེ་བཞིན་གཤེགས་པ་མཆོད་པའི་ལུས་ངག་གི་ལས་རྣམས་སྔར་བཤད་པ་ལྟར་མ་ཡེངས་པར་བྱའོ། །དེ་ལྟར་བྱས་ན་ལུས་ཀྱི་སྒུལ་སྐྱོད་གང་ཡིན་ཕྱག་རྒྱ་དང་། ངག་སྨྲ་བརྗོད་གང་ཡིན་ སྔགས་སུ་འགྱུར་བར་སངས་རྒྱས་རྣམས་ཀྱིས་གསུངས་སོ། །དེའི་རྒྱུ་མཚན་གང་གི་ཕྱིར་ན། སློབ་དཔོན་ཐོག་ནས་དེ་བཞིན་གཤེགས་པ་གང་རུང་ཞིག་ལའང་། རང་རང་གི་བསམ་པའི་དབང་གིས་བདེ་སྡུག་དང་གྲོལ་བ་སྐྱེ་མཆེད་དུ་འགྱུར་ བ་བཞིན་ཞེས་ཟེར་རོ། །སློབ་དཔོན་ཤཱནྟི་པས་དད་པ་ལྟ་བུ་ཅིག་ཀྱང་གཞན་ལ་སྡུག་བསྔལ་བསྐྱེད་པའི་རྒྱུ་དང་། བདེ་བ་བསྐྱེད་པ་དང་། ཐར་པའི་རྒྱུ་བསྔོས་ན་དེ་ལྟར་འགྱུར་བས། སེམས་ལ་རག་ལས་པར་གསུངས་སོ། །དེ་ལྟར་ཐ་མལ་གྱི་ སྣང་ཞེན་མ་ལུས་པ་སྤངས་ནས་སེམས་ནག་པོའི་ལས་སུ་མི་འགྱུར་བར་བྱའོ། །དེ་ལྟར་བྱས་ཡ་ལས་དང་པོ་པ་རྣམས་ཀྱང་ལུང་མ་བསྟན་ཏུ་འགྱུར་རྒྱུ་རྣམས་དགེ་བར་བསྒྱུར་ནུས་པ་ཡིན་ནོ། །གསུམ་པ་ནི་དམ་ཚིག་གི་ཞེས་ཏེ། དམ་ཚིག་ 12-9-32b ཉམས་ན་དོན་ཡོད་གྲུབ་པའི་རྣལ་འབྱོར་བྱའོ། །ཇི་ལྟར་ཞེ་ན། དོན་ཡོད་གྲུབ་པར་གཙོ་བོ་འཕོས་ནས། དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྐྱེད་དོ། །གཙོ་བོའི་ཐུགས་ཀར་སྣ་ཚོགས་པདྨའི་དབུས་སུ་ཟླ་བ་ལ་ཁཾ་ལས་སྣ་ཚོགས་རྡོ་རྗེ་ཁཾ་གིས་མཚན་ པ་ལས་འོད་ཟེར་འཕྲོས་དབང་ལྷ་སྤྱན་དྲངས། ལྷ་མོ་རྣམས་ཀྱིས་དབང་བསྐུར་ནས་སྟོང་པ་ཉིད་དྲན་བཞིན་པའི་སྒོ་ནས་ཉེས་པ་དག་པར་མོས་པ་བྱའོ། །ཁྲུས་བྱེད་པའི་ཚེའང་དབང་བསྐུར་བའི་ཚུལ་ལྟར་བྱའོ། །གཉིས་པ་ཐུན་གཞན་ལ་ཇི་ལྟར་བྱ་ བའི་ཚུལ་ནི་ཐུན་མཚམས་སུའང་ཞེས་ཏེ་སྔར་བཤད་པ་ལྟར་ཐུན་གཞན་རྣམས་ལའང་ཚོགས་ཞིང་མཆོད་པ་ནས་བཟླས་བརྗོད་ལ་སོགས་པའི་བར་སྔར་བཞིན་དུ་ཡོངས་སུ་རྫོགས་པར་བྱའོ།། གལ་ཏེ་བྲེལ་ན་ཐུན་གཞན་གསུམ་ལ་གཞལ་ཡས་ ཁང་དང་གཙོ་བོ་དཀྲོངས་བསྐྱེད་བྱས་ནས་ཐུགས་ཀ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་སྤྲོས་ནས། སྐྱེ་མཆེད་བྱིན་གྱིས་བརླབ་པ་ལ་སོགས་རྫོགས་པར་བྱས་ནས་ཀྱང་རུང་ངོ་། །ཉལ་བའི་ཚེ་ན་རང་གི་སྙིང་གའི་ནང་དུ་དཀྱིལ་འཁོར་གྱི་ འཁོར་ལོ་ཚུད་པར་བྱས་ལ། ཐབས་ཤེས་གཉིས་དང་ལྡན་པར་ཉལ་ཞིང་། སད་ལྡང་བའི་དུས་སུ་ལྷ་མོ་རྣམས་ཀྱིས། སེམས་ཅན་ཁམས་ན་གནས་ཀྱི་ཞས་སོགས་ཏེ། གླུས་བསྐུལ་ནས་ལྡང་བར་མོས་པ་བྱའོ། །བསྙེན་པ་ཉིན་ཞག་གཞན་ལ་ ཇི་ལྟར་བྱ་བ་ནི་ཐུབ་པས་ཞེས་ཏེ། རྣལ་འབྱོར་པ་རང་གི་བཟླས་བརྗོད་ལ་སོགས་པ་མཐར་ཐུག་པའི་བར། ཉིན་ཞག་སྔ་མ་ལ་ཇི་ལྟར་བྱ་བའི་ཆོ་ག་བཞིན་དུ་བྱའོ། །གཉིས་པ་སྐྱེས་ནས་དངོས་གྲུབ་བསྒྲུབ་ཅིང་བགེགས་བཟློག་པའི་ཚུལ་ནི། དངོས་ 12-9-33a གྲུབ་ཅེས་ཏེ། དེ་ལྟར་བསྐྱེད་རིམ་ལེགས་པར་བསྒོམས་ནས་རྨི་ལམ་ལ་སོགས་པ་མཚན་མ་རྒྱུད་ལས་བཤད་པ་ལྟར་མཐོང་ནས་སྐུ་རྡོ་རྗེ་ལ་སོགས་པ་གསུམ་མཆོད་ནས། རང་གི་སེམས་སྔར་བཤད་པ་ལྟར། དཀྱིལ་འཁོར་གྱི་ འཁོར་ལོར་གནས་ཤིང་། མདུན་དུའང་དཀྱིལ་འཁོར་བྲིས་ནས། ཞི་སོགས་ཀྱི་དངོས་གྲུབ་བསྒྲུབ་པར་བྱའོ། །དེ་ལྟ་བུ་བསྐྱེད་པའི་ཚེ་ཞུ་བ་གླུས་བསྐུལ་ལ་སོགས་པ་མི་དགེས་སོ། །དེ་ལྟ་བུའི་ཚེ་འཇམ་རྡོར་དེའི་ཐུགས་ཀར་བཞུགས་སུ་གསོལ་ལོ། །དབུས་སུ་གཙོ་ བོ་གང་འཕོས་པའི་དཀྱིལ་འཁོར་དེར་ལྷ་དེའི་འཁོར་ལོ་ཞེས་བྱའོ། །གསུམ་པ་ལམ་དེ་གཞན་ལས་ཁྱད་པར་དུ་འཕགས་པ་སྒྲུབ་པ་ནི། ཐ་མལ་རྣམ་རྟོག་ཅེས་སོགས་ཏེ། ལམ་འདི་ལ་སྲིད་པའི་གཉེན་པོ་སྒོམ་པ་མེད་པ་མིན་ཏེ། རྣམ་རྟོག་ཐ་མལ་པ། བདག་ དང་བདག་གི་བར་འཛིན་པ་ལས་རྒྱ་འབྲས་གཞན་པའི་ཁོར་བ་གཞན་མེད་ལ། རྣམ་རྟོག་དེ་དག་བདག་མེད་རྟོགས་པའི་ཤེས་རབ་གཉིས་འཛིན་སྟངས་འགལ་བར་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ནི། ཟབ་པ་བདག་མེད་པ་རྟོགས་པའི་གཟུང་ཆ། རྒྱ་ཆེ་བ་ལྷའི་རྣམ་པ་ཅན་དུ་ཤར་བའི་བློ་དེ་ཉིད་ཡོད་པའི་ཚེ་དེའི་གནོད་བྱ་ཕྱིན་ཅི་ལོག་གི་ཀུན་རྟོག་དེ་དག་མི་སྣང་བའི་ཕྱིར་རོ།། དེ་ལྟར་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་ཀྱང་བདག་མེད་རྟོགས་པ་ལ་གནོད་པར་འགྱུར་ཏེ། དེ་གཉིས་ལྷན་ཅིག་ཏུ་མེད་པའི་ཕྱིར་ རོ་ཞེ་ན། དེ་གཉིས་ནི་འཛིན་སྟངས་འགལ་བས་མ་ཡིན་གྱི། བདག་མེད་པའི་དོན་ལ་བློ་ཁ་མ་ཕྱོགས་པས་ལྷན་ཅིག་ཏུ་མི་གནས་པ་ཡིན་ནོ། །སེམས་ལས་གཞན་པའི་ཕྱིར་རོལ་གྱི་དོན་མེད་པར་ནི། སྔར་བསྒྲུབས་ཟིན་པས་རང་གི་སེམས་འཁོར་ལོའི་རྣམས་ 12-9-33b ཅན་དུ་ཤར་བ་ལས་གཞན་མེད་པ་མི་འགལ་ལོ། །གཉེན་པོ་གང་ཞིག་གིས་སྤང་བྱ་གང་དང་གནོད་བྱ་གནོད་ལན་ཅིག་མཐོང་བ་དེ་ལ་ནི། གཉེན་པོ་གོམས་པར་བྱས་པ་ལས་གོང་ནས་གོང་དུ་འཕེལ་ཞིང་གོམས་པ་མཐར་ཐུག་པ་ན་སྤང་བྱ་ཟད་པར་མཐོང་བ་དང་། བདག་མེད་ རྟོགས་པའི་ཤེས་རབ་སྒོམ་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལའང་ཡོད་པས། ལམ་འདི་དེ་ལས་ཁྱད་པར་དུ་འཕགས་པར་ཇི་ལྟར་འགྲུབ་ཅེ་ན། དེ་ལ་སྦྱིན་སོགས་ཐབས་ཀྱིས་བརྒྱན་པའི་སྒོ་ནས་བདག་མེད་སྒོམ་པ་ཡོད་ཀྱང་། གཟུགས་སྐུ་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་པ་ མེད་པས། ཐ་མལ་པའི་སྣང་ཞེན་ལས་བཟློག་པར་མི་འགྱུར་བས་ཕར་ཕྱིན་ཐེག་པ་འདིར་བདག་མེད་སྒོམ་པ་ཡོད་ཀྱང་། ཐ་མལ་བའི་སྣང་ཞེན་དང་མི་མཐུན་པའི་ལམ་སྒོམ་པར་འགྱུར་བ་མ་ཡིན་ནོ། །གསུམ་པ་དེས་ན་ལམ་དེ་ངེས་པར་བསྒོམ་དགོས་པར་གདམས་པ་ནི། དེ་ལྟར་ ཞེས་སོགས་ཏེ། དེ་ལྟར་ཡུལ་དུས་ཚད་ཅན་འཛོམ་པའི་གཉེན་པོ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ལམ་འདི་ལ་ཡོད་པར་རྟོགས་ནས་སྙིང་རྗེ་ཆེན་པོ་དང་ལྡན་པ་དག ། གཉིས་སུ་མེད་པའི་ཡེ་ཤེས་ཚེ་འདི་ལ་སྐད་ཅིག་གིས་བསྒྲུབ་ནུས་པའི་ཀུན་ཏུ་བཟང་པོའི་སྒྲུབ་ཐབས་ འདི་དེས་པར་བསྒོམ་པར་བྱའོ། །ཡུལ་དུས་ཚད་ཅན་འཛོམ་པའི་ཚུལ་ནི། དཀྱིལ་འཁོར་བཞི་བརྒྱ་ལྔ་བཅུ་པ་རྩ་འགྲེལ་ལས་རྟོགས་པའོ། །གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ལ། ཁེངས་སྐྱུངས་པ་ནི་དྲི་མེད་ཅེས་ཏེ། དྲི་མ་མེད་པའི་བློའི་འོད་ཟེར་གྱིས་མ་རིག་ པའི་མུན་པ་སེལ་བར་བྱེད་པ་སངས་རྒྱས་རྣམས་ཀྱིས་རྒྱུད་ལས་རྒྱས་པར་བསྟན་པ་འདིས་ཆོག་གི་ཡེ་ཤེས་ཞབས་བདག་གིས་ཕྱིན་ཅི་མ་ལོག་པར་རྩོམ་ནུས་པའི་གོ་སྐབས་ལ་ཡོད། འོན་ཀྱང་རྩོམ་པར་སྤྲོ་བ་ནི་བླ་མ་ཞེས་ཏེ། བླ་མ་དམ་པའི་མན་ངག་ཕྱིན་ཅི་མ་ལོག་པ་ཅུང་ཟད་བཟུང་བ་དང་། ལམ་ 12-9-34a འདིའང་ཚེ་འདི་ཉིད་ལ་སྲིད་པའི་འཆིང་བ་ལྷོད་པར་བྱེད་པར་གྲགས་པས་འདི་རྩོམ་པ་ལ་འབད་པ་ཡིན་ནོ། །རྩོམ་པའི་དགེ་བ་བསྔོ་བ་ནི། དེ་ལྟར་ཞེས་ཏེ། དེ་ལྟར་སྦྱར་བ་ལས་་བྱུང་བའི་དགེ་བ་དྲི་མ་མེད་པ་དེས་སངས་རྒྱས་ཡེ་ཤེས་ ཏེ། འཇམ་པའི་དབྱངས་ཀྱི་གོ་འཕང་ལ་ཡིད་གཞོལ་བར་གྱུར་པས། དེའི་ལམ་རྟག་ཏུ་བསྒོམ་པར་ཤོག་ཅིག་པའོ། །གསུམ་པ་གང་གིས་མཛད་པ་དང་བསྒྱུར་བའི་ཚུལ་ནི། དཔལ་གསང་བ་ཞེས་སོགས་སོ། །སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཚིག་གི་དོན་ཅུང་ ཟད་བཀོད་པ་འདི། གཞུང་ལུགས་འདིའི་མངའ་བདག་ལྷ་རིན་པོ་ཆེའི་བཀས་བསྐུལ་ནས། དཔལ་ལྡན་བླ་མ་རྗེ་བཙུན་ཆེན་པོ་ཐམས་ཅད་མཁྱེན་པའི་གསུང་མི་ཉམས་པའི་ཕྱིར་དུ། དར་མ་རིན་ཆེན་གྱིས་བརྗེད་བྱང་དུ་བཀད་པའོ།། དགེ་བ་འདི་ཡིས་སེམས་ ཅན་ཐམས་ཅད་ཀྱིས་འཇམ་པའི་དབྱངས་ཀྱི་གོ་འཕག་ཐོབ་པར་གྱུར་ཅིག ། མངྒ་ལཾ།། །། 12-9-34b empty page 12-10-1a ༄༅། །དཔལ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱུད་དོན་གསལ་བ་ཞེས་བྱ་བ་བཞུགས་སོ།། 12-10-1b ༄༅། །དཔའ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱུད་དོན་གསལ་བ་ཞེས་བྱ་བ། བླ་མ་དང་བཅོམ་ལྡན་འདས་ཐམས་ཅད་རིག་པ་ རྣམ་པར་སྣང་མཛད་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ།། རྒྱལ་བའི་ཡེ་ཤེས་ལྔ་དང་རྣམ་ཐར་བཞི། །སྟོང་ཉིད་རྟོགས་པ་བཅུ་དྲུག་སྦྱིན་སོགས་བརྒྱད། །དད་བརྩོན་དྲན་དང་ཏིང་འཛིན་ཡོན་ཏན་རྣམས། །སུམ་ཅུ་རྩ་ བདུན་ལྷ་ཡི་དཀྱིལ་འཁོར་དུ། །ཇི་བཞིན་ཤར་བ་ཟབ་གསལ་གཉིས་མེད་ལ། །གུས་པས་བཏུད་ནས་ངན་སོང་སྦྱོང་བ་ཡི། །རྒྱུད་དོན་ཇི་བཞིན་ཆོ་གའི་རིམ་པ་རྣམས། །མཁས་པའི་ལུགས་བཞིན་འདིར་ནི་གསལ་ བར་བྱ། །འདིར་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་ནས། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་པ་ལ་བརྩོན་པའི་སྒྲུབ་པ་པོས། ཐོག་ མར་སྔོན་འགྲོ་གཏོར་མ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཧཱུཾ་བཛྲ་ཨཱ་ན་ལ་ཧ་ན་ད་ཧ་བ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཅེས་པས་གཟི་བྱིན་བསྐྱེད། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦྦ་དྷརྨྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་ 12-10-2a བསྐྱེད་པར་གྱུར་པར་བསམ། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཾ་ཨཏྱ་ནུད་པནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་གསུམ་གྱིས་བྱིན་གྱིས་བརླབ། མགོན་པོ་ཀུན་གཤེགས་གདན་ལ་ བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་བསྟན་པ་བསྲུང་བ་དང་། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་ གསོལ། །ཨེ་ཧྱ་ཧི་ད་ཤ་དིག་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ས་མ་ཡེ་སྭཱ་ཧཱ། ཞེས་པས་སྤྱན་དྲངས། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། པཱ་ཏྱཾ་པྲ་ ཏཱི་ཙྪ་སྭཱ་ཧཱ། པུཥྤཾ་ཙྪ་སྭཱ་ཧཱ། དྷཱུ་པཾ་སྭཱ་ཧཱ། དཱི་པཾ་སྭཱ་ཧཱ། གནྡྷཾ་སྭཱ་ཧཱ། ནཻ་ཝི་ཏྱ་སྭཱ་ཧཱ། ཤཔྟ་སྭཱ་ཧཱ་ཞེས་པས་མཆོད་ནས། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ན་མཿ སརྦྦ་ཏ་ཐཱ་ག་ཏཱ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲིཧྞེ་དཾ་བི་ལཾ་ཏ་སྭཱ་ཧཱ། ཞེས་པ་གསུམ་གྱིས་གཏོར་མ་དབུལ། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་ དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་ 12-10-2b དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་བཅས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ཕེབས་པར་གཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་ མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །མེ་ཏོག་དྲི་དང་བདུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་ བདག་གི་དགེ་བའི་བྱ་བ་རྣམས་མཐར་ཕྱིན་པ་དང་དེའི་བར་ཆད་ཞི་བའི་འཕྲིན་ལས་མཛོད་ཅིག། །དེ་ནས། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་པས་མཆོད་རྫས་རྣམས་བསངས། ཧཱུཾ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཌ་ཧཱུཾ་ཕཊ། ཅེས་པས་གཟི་བྱིན་བསྐྱེད། ཨོཾ་ སྭ་བྷཱ་ཝ་ཤུདྡྷཿ སརྦྦ་དྷརྨྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་སྟོང་པར་སྦྱངས། སྟོང་པའི་ངང་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཟུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་ གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར་པར་བསམ། ཨོཾ་ཨརྒྷྷཾ་ཨཱཿཧཱུཾ། ཨོཾ་པཱ་དྱཾ་ཨཱཿ ཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝིདྱ་ཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཞེས་སྔགས་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། དེ་ནས། ཏུགས་རྗེ་ཁྱབ་པའི་ཐུས་དང་ལྡན་གྱུར་ཅིག། །བློ་གྲོས་སྡིག་བྲ་གཏི་མུག་ཚོགས་ཀུན་བཅོམས། །མ་ལུས་རིགས་ 12-10-3a ཀྱི་པདྨའི་ནང་བཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོད་པའི་མཆོག །གསུང་ མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་རྒྱལ་ཐུགས་རྗེ་ཆེ་ལྡན་པ། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པ། །སྙིང་རྗའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པ་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦྦ་ དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་མེད་པ་རང་བཞིན་གྱིས་རྣམ་པར་དག་པར་གྱུར་པར་བསམ། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུཾ་ལས་རང་ཉིད་ཕྱག་ན་རྡོ་རྗེ་དཀར་པོ་གཡས་རྡོ་རྗེ་ཐུགས་ ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ། དེའི་ལྐོག་མ་ར་ཧྲཱིཿ ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ལྕེའི་ཐང་ཀའི་འདབ་མ་གཅིག་ལྕེར་གྱུར་པའི་སྟེང་དུ། ཨ་ལས་ཟླ་བའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་ དཀར་པོ་རྩེ་ལྔ་པ། དེ་ལྕེ་ལ་ཐིམ་པས་ལྕེ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ། ཨོཾ་བཛྲ་ཛི་ཧྭཱ་ཞེས་བྱིན་གྱིས་བརླབ། ལག་པ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་ཧཱུཾ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་རེ། དེ་ཞུ་ལག་པ་ལ་ 12-10-3b ཐིམ་པས་རྡོ་རྗེའི་ལག་པ། སོར་མོ་རྣམས་ཀྱང་རྡོ་རྗེ་རྩེ་གཅིག་པར་གྱུར་པར་བསམ། རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཧཱུཾ་མཛད་ཀྱི་ ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡས་བསྐུམ་ཞིང་གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ། ཨོཾ་སརྦྦ་པཾ་དེ་ཨཱཿ ཨོཾ་སརྦྦ་པ་དེ་ཧཱུཾ། ཞེས་པའི་རིགས་གསུམ་སྤྱིའི་སྔགས་རྒྱས་གནས་གསུམ་བྱིན་གྱིས་བརླབ། རྡོ་ རྗེ་བསྡམས་པ་ལས་མཐེ་བོང་དང་མཐེའུ་ཆུང་སོ་སོར་བརྐྱང་སྟེ་མཛུབ་མོ་དང་སྲིན་ལག་པདྨ་འདྲ་བར་བཀུག་ནས་སྤྱི་བོར་བཞག ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། དེ་ཉིད་ལས་གུང་མོ་གཉིས་རྡོ་རྗེ་འདྲ་བར་བསྙམ་ལ་མཐེ་བོང་དང་མཐེའུ་ཆུང་བརྐྱང་པ་ དཔྲལ་བར་བཞག ཨོཾ་བཛྲ་ཨ་བྷི་ཥཉྩི་ཧཱུཾ། དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་ཏེ་རྣ་ལྟག་གཡས་སུ་བཞག ཨོཾ་རཏྣ་ཨ་བྷི་ཥཉྩ་དྲཱཾ། མཐེའུ་ཆུང་དང་མཐེ་བོང་སོ་སོར་བསྙམས་ལ་ལྷག་མ་རྣམས་བརྐྱང་སྟེ་པདྨ་ འདྲ་བར་བྱས་ནས་ལྷག་པར་བཞག ཨོཾ་པདྨ་ཨ་བྷི་ཥཉྩ་ཧྲཱིཿ ལག་པ་གཡོན་པས་དེ་བཞིན་དུ་བསྒྱུར་ཞིང་བྱ་བ་རྣ་ལྟག་གཡོན་པར་བཞག ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདུད་པ་བཅིང་པའི་ཚུལ་གྱིས། སྙིང་ག མགྲིན་པ། ལྟག་པ། ཡང་སྙིང་ག །ནུ་མའི་བར། ཡང་སྙིང་ག ཎ ། མགྲིན་པ། རྒྱབ། དཔྲལ་བའི་སྟེང་དུ་མདུད་པའི་ཚུལ་གྱིས་གོ་བསྐོན་ཏེ། དེའི་སྡོམ་ནི། སྙིང་མགྲིན་ལྟག་པ་སྙིང་ག་དང་། །ནུ་བར་སྙིང་ག་མགྲིན་རྒྱབ་དཔྲལ། །ཞེས་སོ།། ཨོཾ་ཊུཾ། ཁུ་ཚུར་གཉིས་ 12-10-4a སྒེག་པ་དང་བཅས་པས་ཐ་མ་ལ་སོགས་པ་ནས་རིམ་གྱིས་བཀྲོལ་ཏེ་མཐར་མཉམ་པའི་ཐལ་མོ་བརྡབས་ལ། ཨོཾ་བཛྲ་ཏུཥྱ་ཧོཿ དར་དཀར་པོ་ཞེང་དུ་ཁྲུ་གང་བ་དཀྱུས་སུ་ཁྲུ་ཉི་ཤུ་པས་གནས་རྣམས་སུ་མདུད་ནས་རྣ་བའི་སྟེང་དུ་ སོར་བཞི་ཙམ་ཕྱུང་ལྷག་མ་ཕྱེད་སྟེ་བརྐྱང་པ་ལུས་དང་མཉམ་པར་གྱུར་པར་བསམ། ཁྲོ་བོ་སྤྱན་དྲང་པ་ནི། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཧཱུཾ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་ པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡ་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་ འདྲན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་ཁྲོ་བོ་དཔག་ཏུ་མེད་པ་སྤྱན་དྲངས་པས་བྱོན་པར་བསམ། ཨོཾ་བཛྲ་མཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝ་ར་ཨེ་ཧྱེ་ཧི། པྲ་ཝ་ར་སད་ཀ་རཾ་ཨརྒྷྷ་པྲ་ཏཱི་ཙྪ་སྭཱ་ཧཱ། པདྨ་ ཀ་མ་ལ་ཡེ་སྟཾ། ཞེས་གདན་དབུལ། ཨོཾ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ། བཱ་ཏྱཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་ཆུ་གཉིས་དང་། ས་པ་རི་ཝཱ་ར་ཞེས་པ་ཡན་འོག་མ་ཀུན་གྱི་འགོར་སྦྱར་ཞིང་། པྲ་ཏཱིཙྪ་ཨཱཿ ཧཱུཾ། ཞེས་མཇུག་ཏུ་སྦྱར་ནས། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱི་ཙྪ་ཨཱཿ ཧཱུཾ། ཞེས་ནེར་སྤྱོད་ལྔ་རོལ་མོ་དང་བཅས་པ་དབུལ། དེ་ནས་བསྟོད་པ་ནི། ཧཱུཾ་ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། འཇིག་རྟེན་སྤྱོད་ 12-10-4b པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་ སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། ། དཔའ་བོའི་སྟང་སྟབས་བརྐྱང་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དབུང་བ་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་ སྒྲ་སྟོང་བཞིན་སྒྲོག། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། ཧཱུཾ འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ཧཱུཾ དཀྱིལ་འཁོར་ཆེན་ པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འདྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་ བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླབ་པར་འགྱུར་བར་གདོན་མི་ཟ། །ཞེས་བགེགས་ལ་བཀའ་བསྒོ། །གནས་སྲུང་བ་ནི། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་གཡས་པ་རྡོ་རྗེ་གསོར་ཞིང་། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལཱརྐྐ་ཧཱུཾ། ཞེས་པས་བགེགས་ 12-10-5a ལ་བསྣུན་བར་བསམ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་ཁ་སྟེང་དུ་བསྟན་ཏེ་སོར་མོ་རྣམས་འབར་བ་ལྟ་བུར་བྱས་པའི་མཐེ་བོང་རྩེ་སྦྱར་བ་སྲིན་ལག་དང་གུང་མོའི་བར་དུ་འཛིན་པ་རྡོ་རྗེ་མེའི་ཕྱག་རྒྱ་དང་། ཨོཾ་བཛྲ་ཨ་ན་ལ་ཧ་ ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཅེས་པས་བགེགས་རྣམས་བསྲེགས་པ་ལ་སོགས་པར་བསམ། རྡོ་རྗེ་བསྡམས་པའི་སྟེང་ནས་མཐེ་བོང་གཉིས་བརྐྱང་ནས་མཉམ་སྟེ་བཞག་པ་རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་དང་། ཨོཾ་བཛྲ་ནཻ་ཏྲི་བནྡྷ་སརྦྦ་བིགྷྣན། བསྣུན་ཅིང་བསྲེགས་ ཀྱང་མ་ཤི་སྟེ་མི་འབྲོས་པའི་བགེགས་རྣམས་བཅིངས་པར་བསམ། རྡོ་རྗེ་བསྡམས་པ་བརྐྱང་སྟེ་ཁ་སྦུབ་པ་ས་ལ་བཞག་ནས། ཨོཾ་བཛྲ་ཊི་ཌྷོ་མེ་བྷ་ཝ་རཀྵ་སརྦྦཾ་སྭཱ་ཧཱ། འོག་རྡོ་རྗེའི་ས་གཞིར་གྱུར་པར་བསམ། རྡ་རྗེ་ཁུ་ཚུར་གཉིས་མགལ་མེའི་འཁོར་ལོ་ བཞིན་དུ་བསྐོར་ཏེ་མགོན་པོའི་སྟེང་དུ་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བཞག་པ་རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ་དང་། ཨོཾ་ཧུ་ལུ་ལུ་ཧུ་ལུ་ཧཱུཾ་ཕཊ། སྟེང་དུ་རྡོ་རྗེའི་གུར་དུ་གྱུར་པར་བསམ། རྡོ་རྗེ་ཐལ་མོའི་མཐེ་བོང་གཉིས་བརྐྱང་ལ་མཛུབ་མོ་གཉིས་མཆེ་བ་ ལྟར་བྱས་པ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་། ཨོཾ་བཛྲ་ཡཀྵ་ཧཱུཾ། གུར་གྱི་འོག་ཏུ་རྡོ་རྗེའི་བླ་རེར་གྱུར་པར་བསམ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཅུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ་མཛུབ་མོ་གཉིས་རྩེ་སྤྲད་དེ་བཟློག་ནས་སྤྱི་བོར་བཞག་པ་རྡོ་རྗེ་གཙུག་ཏོར་གྱི་ ཕྱག་རྒྱ་དང་། ཨོཾ་དྲུཾ་བནྡྷ་ཧཾ། ཤར་རྡོ་རྗེའི་ར་བར་གྱུར་པར་བསམ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཁྲིག་མ་མདུད་ནས་ཞགས་མིག་ལྟར་བྱས་པ་རྡོ་རྗེ་ཞགས་པའི་ཕྱག་རྒྱ་དང་། ཨོཾ་ཧཱུ་བཛྲ་པཱ་ཤ་ཧྲཱིཿ ཤར་གྱི་ར་བའི་ནང་དུའང་རྡོ་རྗེའི་ར་བར་གྱུར་པར་བསམ། 12-10-5b རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་སེམས་དཔའི་སྐྱིལ་ཀྲུང་དུ་བྱས་ཏེ་མཛུབ་མོ་གཉིས་མཉམ་པོར་གཤིབས་ཏེ་ཕྱེ་ལ་མཐེའུ་ཆུང་གཉིས་བ་དན་ལྟར་བྱས་པ་རྡོ་རྗེ་བ་དན་གྱི་ཕྱག་རྒྱ་དང་། ཨོཾ་བཛྲ་པ་ཏཱ་ཀེ་པཱ་ཏཱཾ་ཀེ་ནི་ར་ཊྚ། ནུབ་རྡོ་རྗེའི་ར་བར་གྱུར་པར་བསམ། རྡོ་ རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དེ་ཉིད་ཁ་དྲུང་དུ་བཞག་པ་རྡོ་རྗེ་ནག་མོའམ་རྡོ་རྗེ་དུས་ཀྱི་ཕྱག་རྒྱ་དང་། ཧྲཱིཿ བཛྲ་ཀཱ་ལི་རུ་ཊ་མ་ཊ། བྱང་རྡོ་རྗེའི་ར་བར་གྱུར་པར་བསམ། རྡོ་རྗེ་ཁུ་ཚུར་གཉིས་ཁ་སྟེང་དུ་བསྟན་པ་རི་བོ་འདེགས་པའི་ཚུལ་དུ་བྱས་པ་རྡོ་རྗེ་རྩེ་མོའི་ཕྱག་རྒྱ་དང་། ཨོཾ་བཛྲ་ཤེ་ཁ་ར་རུ་ཊ་མ་ཊ། ལྷོ་རྡོ་རྗེའི་ར་བར་གྱུར་པར་བསམ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་དང་གུང་མོ་གཉིས་རྡོ་རྗེ་ལྟར་བྱས་པ་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་དང་། ཧཱུཾ་བཛྲ་ཀཿ ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་ར་བ། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་ སྦྱར་མཐེའུ་ཆུང་གཉིས་སྦྲེལ་མཛུབ་མོ་སྡིགས་མཛུབ་བྱས་པ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་། ཧཱུཾ་ནང་རྡོ་རྗེའི་ར་བར་གྱུ། རྡོ་རྗེ་བསྡམས་པ་དང་། ཨོཾ་བཛྲ་པན་དྷ་བཾ། སླར་ཡང་རང་བའི་སྟེང་དུ་རྡོ་རྗེའི་གུར་དུ་གྱུར། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེའུ་ཆུང་ མདུད་པ་བཀན་ནས་སྙིང་གར་བཞག་པ། གཡས་སྐོར་དུ་བསྐོར་བ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་དང་། ཨོཾ་སརྦྦ་བིད་མཎྜལ་བཛྲ་ཙཀྲ་ཧཱུཾ། མདུན་དུ་བཅོམ་ལྡན་འདས་ཀུན་རིག་གི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྲུབ་པར་གྱུར། ཕྱག་རྒྱ་ དེ་ཁར་བཞག་ལ་བལྟ་བཞིན་དུ་སྔགས་དེ་ཉིད་བརྒྱ་རྩ་བརྒྱད་བཟླས་པས་དཀྱིལ་འཁོར་མངོན་སུམ་ལྟར་དམིགས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཱ་ད་བན་དྷ་ནཾ་ཀ་རོ་མི། ཞེས་ཕྱག་བྱ། ཐལ་མོ་བརྐྱང་པ་ལས་གུང་མོ་གཉིས་ནང་དུ་བཀུག་པའི་ཕྱག་རྒྱ་ 12-10-6a དང་། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སད་ཀ་རཾ་ཨརྒྷྷ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་དང་དེ་བཞིན་དུ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཐེ་བོང་དང་མཛུབ་མོའི་སྐམ་པས་ཞབས་བསིལ་གྱི་ཆུ་དང་མེ་ཏོག་འགྱིང་པའི་ཚུལ་གྱིས་སོར་མོ་རྣམས་ བསྐོར་ཞིང་བླངས་ལ་མཛུབ་མོ་དང་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་རྣམས་རིམ་གྱིས་དགྲོལ་བའི་ཕྱག་རྒྱ་དང་། པཱ་ཏྱཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་པས་ཞབས་བསིལ་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མེ་ཏོག་འབུལ་བའི་ཚུལ་གྱིས་གྱེན་དུ་འཐོར་བའི་ཕྱག་རྒྱ་དང་། ཨཾ་སརྦྦ་ ཏ་ཐཱ་ག་ཏ་པུཥྤེ་པཱུ་ད་མེ་གྷ་ས་མུ་དྲ་སྥ་ར་ཌ་ས་མ་ཡེ་ཧཱུཾ་ཞེས་པས་མེ་ཏོག་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བདུག་པ་འབུལ་བའི་ཚུལ་དུ་ཐུར་དུ་ལྡུགས་པའི་ཕྱག་རྒྱ་དང་། དྷཱུ་པེ་ཞེས་པས་བདུག་སྤོས་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོང་གཤིབས་ཏེ་བསྒྲེང་པའི་ ཕྱག་རྒྱ་དང་། ཨཱ་ལོ་ཀེ་ཞེས་པས་སྣང་གསལ་དང་། རྡོ་རྗེ་ཁུ་ཚུར་གཉིས་བརྐྱང་ནས་རང་གི་སྙིང་གར་དྲི་བྱུག་པའི་ཚུལ་དུ་བྱེད་པའི་ཕྱག་རྒྱ་དང་། གནྡྷེ་ཞེས་པས་དྲི་མཆོག་དང་། རྡོ་རྗེ་བསྡམས་པས་རང་གྱི་འདེབས་པའི་ཚུ་དང་ཨ་ཀཱ་རོའི་སྔགས་སམ། ཡང་ན་ནི་ཝི་དྱ་ཞེས་ཞལ་ཟས་དང་། རྡོ་རྗེ་ཁུ་ཚུར་གྱིས་རོལ་མོ་དཀྲོལ་པའི་ཚུལ་ལམ་རོལ་མོ་དཀྲོལ་ཞིང་། ཤཔྟ་ཞེས་པས་རོལ་མོ་རྣམས་ཀྱིས་མཆོད། དེ་ནས་སྡིག་པ་བཤགས་པ་ནི། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ ཡང་ན་བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟར་མ་ལུས་སོ་སོར་བཤགས། །དགེ་བ་ལ་ཡི་རང་བ་ནི། བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་ 12-10-6b དང་དེ་ལས་གཞན་ལ་ཡང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཆོས་འཁོར་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་བསྐུལ་བར་བགྱིའོ། ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱང་ངན་འདའ་བར་བཞེད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་མྱང་ངན་ལས་མི་འདའ་བར་གསོལ་བར་འཚལ་ལོ།། བསྔོ་བ་ནི། བདག་གི་དགེ་བའི་ལས་ རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་དགྲོལ། །དེ་ནས་སྡོམ་པ་གཟུང་བ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་ པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་ བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་བཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་ འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་ 12-10-7a འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་བྱིན། བྱང་ཆུབ་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་བཟུང་བར་བགྱི། །ལས་ཀྱི་རིགས་ མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་བཟུང་། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་ མ་ལུས་བཟུང་། །མ་སྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱང་ཞིང་། །སེམས་ཅན་མྱང་ངན་འདས་ལ་དགོད། །ཅེས་པས་སྡོམ་པ་བཟུང་། སེམས་ཅན་ཐམས་ཅད་བདེ་བ་དང་ བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག། །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག། །སྙམ་པའི་བཏང་ སྙོམས་ཏེ་ཚད་མེད་པ་བཞི་སྒོམ། ཚོགས་ཞིང་རང་གནས་སུ་མི་དམིགས་པར་གྱུར། དེ་ནས་ལག་པ་གཉིས་བཀན་ལ་སོར་མོ་རྣམས་ཕན་ཚུན་རྩེ་སྤྲད་དེ་མདུན་དུ་བཞག་ལ། ལག་མཐིལ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། གཡས་ པའི་དབུས་སུ་ཧཱུཾ་སྔོན་པོ། གཡོན་པའི་དབུས་སུ་ཨཱཿ དཀར་པོ། དེ་དག་གི་མཐའ་སྐོར་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་ཨཱ་ལི་ལན་གཉིས་བརྗོད་དེ། དབྱངས་ཡིག་བཅུ་དྲུག་འོད་ཟེར་འབར་བ་ 12-10-7b དང་བཅས་པས་གང་བར་གྱུར། སོར་མོ་རྣམས་མེ་ལོང་ལྟར་དྭངས་པའི་མཐེ་བོང་གཉིས་ལ་ཨོཾ་དཀར་པོ། མཛུབ་མོ་གཉིས་ལ་ཧཱུཾ་སྔོན་པོ། གུང་མོ་གཉིས་ལ་ཏྲཱཾ་སེར་པོ། སྲིན་ལག་གཉིས་ལ་ཧྲཱིཿ དམར་པོ། མཐེའུ་ཆུང་གཉིས་ལ་ཨཿ ལྗང་གུ་ལས། གཡས་པ་རྣམས་ལ་རིམ་པ་བཞིན་རྣམ་སྣང་དཀར་པོ། མི་བསྐྱོད་པ་སྔོན་པོ། རིན་འབྱུང་སེར་པོ། འོད་དཔག་མེད་དམར་པོ། དོན་གྲུབ་ལྗང་གུ། གཡོན་པ་རྣམས་ལ་རིམ་པ་བཞིན། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ། །རྡོ་རྗེ་ཐུགས་མ་སྔོན་མོ། རྡོ་རྗེ་དབང་ བསྐུར་མ་སེར་མོ། རྡོ་རྗེ་མཚོན་ཆ་མ་དམར་མོ། རྡོ་རྗེ་ཀུན་མ་ལྗང་གུ་རྣམས་ཕན་ཚུན་ལྷ་དང་ལྷ་མོའི་ཁྱད་པར་མ་གཏོགས་པ་ཕྱག་མཚན་རྒྱན་ལ་སོགས་པ་རིགས་ལྔ་དང་འདྲ་བར་གྱུར། ཐལ་མོ་གཉིས་ཕན་ཚུན་མ་རེག་ཙམ་དུ་བྱས་ལ། ཨོཾ་ཨཱཿ ནྱོ་ནྱ་ ཨ་ནུ་ག་ཏཱཿ སརྦྦ་དྷརྨྨཱ་ཞེས་ལྷ་ཕན་ཚུན་ཞལ་ཕྱོགས་པར་བསམ། རྡོ་རྗེ་ཐལ་མོ་བྱས་ལ། པ་ར་སྥ་ར་ཨ་ནུ་པྲ་བཥྚཱིཿ སརྦྦ་དྷརྨྨཱཿ བཛྲ་ཨཉྫ་ལིཿ ཞེས་ལྷ་ཕན་ཚུན་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་འཕྲོས་ཏེ་འདྲེས་པར་བསམ། རྡོ་རྗེ་ བསྡམས་པ་བཅིངས་ལ། ཨ་ཏྱནྟ་ཨ་ནུ་པྲ་བིཥྚཱཿ སརྦྦ་དྷརྨྨཱཿ བཛྲ་བནྡྷ། ཞེས་པས་ཕན་ཙུན་རོ་གཅིག་ཏུ་གྱུར། བཛྲ་བནྡྷ་ཏྲཊ། ཅེས་བརྗོད་ཅིང་སྙིང་གར་རྡོ་རྗེ་བསྡམས་པ་སྒྲ་དང་བཅས་པ་ལན་གསུམ་དྲལ་པས་ཁམས་གསུམ་གྱི་ཉོན་མོངས་ པའི་བག་ཆགས་ཀྱི་འཆིང་བ་གཞིག་དཀར་བ་རང་བཞིན་གྱི་སཾ་འོད་གསལ་བ་བསྒོམས་པས་བཅད་པར་བསམ་མོ།། རྡོ་རྗེ་འབེབས་པའི་དམ་རྒྱ་བཅིངས་ལ་དེར་བསྒོམ་ཞིང་། བཛྲ་ཨཱ་པེ་ཤ་ཞེས་བརྗོད། ཨཿ ཨཿ ཞེས་བརྗོད་ཅིང་དེ་བཞིན་གཤེགས་ 12-10-8a པ་ཐམས་ཅད་ཀྱི་ཏུགས་ཀ་ནས་དང་པོའི་རྡོ་རྗེ་ཁ་དོག་དམར་པོ་འོད་དཀར་པོ་འབར་བ་རང་གི་སྙིང་གར་ཞུགས་ནས་བདག་ཉིད་ཀྱི་ལུས་ཀུན་ཏུ་གང་བར་བསམ། ཏིཥྛ་བཛྲ་དྲི་ཌྷོ་མེ་བྷ་ཝ། ཤཱ་ཤྭ་ཏོ་མེ་བྷ་ཝ་ཧྲི་ད་ཡཾ་ཡེ་ཨ་ དྷི་ཏིཥྛ་སརྦྦ་སདྡྷི་མེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ཞེས་དབབ་པ་བརྟན་པར་བསམ། རྡོ་རྗེ་ཁུ་ཚུར་གྱི་དམ་རྒྱ་བཅིངས་ལ། བཛྲ་མུཥྚི། ཞེས་བརྗོད། ཨོཾ་བཛྲ་མཥྚི་བཾ། ཞེས་ཕྱག་རྒྱ་དེ་ཉིད་དབྲལ་བར་བྱའོ།། ཕྱག་རྒྱ་བཅིང་བ་སྤྱིའི་ཆོ་གའོ།། ཨོཾ་ཤཱུ་ནྱ་ ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་གྱུར། སྟོང་པའི་ངང་ལས་ཧཱཾ་ཡཾ་ཧཱུཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། དེའི་སྟེང་ དུ་ཧཱུཾ་རཾ་ཧཱུཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཧཱུཾ་བཾ་ཧཱུཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ཧཱུཾ་ལཾ་ཧཱུཾ་ལས་སའི་དཀྱིལ་འཁོར་སེར་པ་གྲུ་བཞི་པ། དེའི་སྟེང་དུ་ཧཱུཾ་ལས་ར་རབ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ གྲུ་བཞི་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕྱིའི་གཞལ་ཡས་ཁང་དང་། དེའི་ཕྱེད་ཀྱི་ཚད་དུ་ནང་གི་གཞལ་ཡས་ཁང་། གཉིས་ ཀའང་གྲུ་བཞི་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་སྔོན་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་རན་པོ་ཆེའི་རྩིག་པས་བསྐོར་བའི་སྟེང་ན་རིན་པོ་ཆེའི་ཕ་གུ་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་དང་གྲུ་བཞི་ལ་སོགས་པས་ 12-10-8b སྤྲས་པ། དེའི་སྟེང་ན་གནས་པའི་གསེར་གྱི་སྐ་རགས་བཞིའི་ཕྱིར་ངོས་སུ་ཆུ་སྲིན་གྱི་ཁ་ནས་མུ་ཏིག་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ། དེའི་པྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་ན་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ ཡབ་ལ་གནས་པའི་གསེར་གྱི་བུམ་པ་ནས་འཐོན་པའི་རྒྱལ་མཚན་དང་བ་དན་བརྒྱད་བརྒྱད་ཀྱི་མཛེས་པར་བྱས་པ། ཕྱིའི་སྟེང་གི་ཟུར་བཞི་ལ་གདུགས་བཞིས་བརྒྱན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་བཞུགས་སྟབས་དང་ཁ་དོག་ སྣ་ཚོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་དང་རྩིག་པའི་ཕྱི་ནང་གི་ཟུར་བཞིར་ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་དམར་པོའི་སྟེང་དུ་རྡོ་རྗེས་བརྒྱན་པ། ཕྱིའི་སྒོ་བཞི་སོ་སོའི་མདུན་དུ་སྟེགས་བུ་གྲུ་བཞི་ པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས། གསེར་དང་། ཤར་བུ་དང་། རིན་པོ་ཆེ་དང་། རྟ་རྨིག་དང་། མུན་སྣམ་དང་། བ་རཎྜ་དང་། མུན་པ་དང་། ཤར་བུ་དང་། རིན་པོ་ཆེ་དང་། རྨིག་པ་དང་། མདའ་ཡབ་སྟེ་ སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། བར་བར་ དུ་གྲུབ་པ་ཐོབ་པ་དང་སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མེ་ཏོག་གི་ཕྲེང་བ་བཟུང་བ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པ། པད་རའི་ཕྱི་རོལ་ཏུ་ཁོར་ཡུག་རྡོ་རྗེའི་ར་བ་མེ་རི་དང་བཅས་པ། གཞལ་ཡས་ཁང་གི་ནང་དུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ 12-10-9a སྣ་ཚོགས་རྡོ་རྗེས་མཚན་པའི་ཀ་བ་བརྒྱད་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། གཞལ་ཡས་ཁང་གི་ནང་གི་སྟེང་དང་འོག་གིས་གཞི་ཐམས་ཅད་ ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་བ། གཞལ་ཡས་ཁང་ནང་མའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པ་ལྟེ་བ་མུ་ཁྱུད་དང་བཅས་པ། དེའི་དབུས་སུ་ཨཱཿ སིཾ་ཨཱཿ ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི། ཤར་ དུ་ཧཱུཾ་གི་ཧཱུཾ་ལས་གླང་ཆེན། ལྷོར་ཏྲཱ་ཿ ཝཾ་དྲཱཾ་ལས་རྟ། ནུབ་ཏུ་ཧྲཱིཿ མཾ་ཧྲཱིཿ ལས་རྨ་བྱ། བྱང་དུ་ཨཿ གཾ་ཨཿ ལས་ནམ་མཁའ་ལྡིང་རྣམས་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི། ལྷའི་གནས་ཐམས་ཅད་དུ་ཧྲཱིཿ ལས་པདྨ་དང་། ཨ་ལས་ཟླ་བའི་ དཀྱིལ་འཁོར། དབུས་ཀྱི་ཟླ་བའི་སྟེང་དུ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས། གཞལ་དུ་མེད་པའི་སེམས་ཅན་གྱི་དོན་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས། སླར་འདུས་ཆོས་ཀྱི་ཡི་གེ་ལ་ཐིམ་ཡོངས་ སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་དཀར་བ། ཕྱག་གཉིས་ཏིང་ངེ་འཛིན་གྱིས་ཕྱག་རྒྱས་འཁོར་ལོ་རྩིབས་བརྒྱད་པ་བསྣམས་ཤིང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དར་ལའི་སྟོད་གཡོགས་དང་སྨད་ གཡོགས་ཅན། ཞི་བའི་གཟིགས་སྟངས་མཛད་ཅིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཉི་མའི་འོད་ཀྱི་རྒྱབ་ཡོལ་མངའ་བ། ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་ 12-10-9b འཛིན་ལ་སྙོམས་པར་བཞུགས་ནས། ངན་སོང་གི་རྒྱུད་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་འོད་ཟེར་འཕྲོ་བ་དང་སྡུད་པ་མང་པོའི་ཕྲེང་བ་ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་ཕྱུང་ནས། དེས་སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀུན་ཏུ་སྣང་བར་བྱས་སོ། །ཀུན་ཏུ་སྣང་བར་བྱས་པས་སེམས་ཅན་ཐམས་ཅད་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་ཏེ། བདེ་བ་སོ་སོར་ཐོབ་ནས་རང་གི་གནས་ཐམས་ཅད་ཀུན་ཏུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མངོན་པར་མཆོད་ནས་ལན་བརྒྱ་ཕྲག་སྟོང་དུ་སྐོར་བ་བྱས་ཏེ་མགོ་བོས་ལན་བརྒྱ་ཕྲག་སྟོང་དུ་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་སངས་རྒྱས་ ཀྱེ་སངས་རྒྱས། །ཨེ་མའོ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ནས་མི་སྣང་བར་གྱུར་ཏོ། །དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །རང་གི་ཐུགས་ཀར་ཟླ་བའི་དཀྱིལ་ འཁོར་གྱི་དབུས་སུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས། གཞལ་དུ་མེད་པའི་སེམས་ཅན་གྱི་དོན་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་མཛད། སླར་འདུས་ཆོས་ཀྱི་ཡི་གེ་ལ་ཐིམ་ཡོངས་སུ་གྱུར་པ་ལས་ངན་སོང་སྦྱོང་བའི་ རྒྱལ་པོ་སྐུ་མདོག་དཀར་པོ། ཕྱག་རྒྱ་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྣམས་པ། ཨོཾ་སརྦྦ་བིད་ཧཱུཾ། ཐུགས་ཀ་ནས་ཕྱུང་ཤར་གྱི་གདན་གྱི་སྟེང་དུ་འཁོད། དེ་བཞིན་དུ་རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འོག་ནས་ 12-10-10a འབྱུང་བའི་རྒྱལ་མཆོག་རིན་ཆེན་ནས་འབེབས་པའི་བར་རྣམས་ཀྱི་རང་རང་གི་ས་བོན་ཏྲཱཾ་ལ་སོགས་པ་ལས་རང་རང་གི་ཕྱག་མཚན་རིན་པོ་ཆེ་ལ་སོགས་པ་རང་རང་གིས་བོན་གྱིས་མཚན་པ་ལས། དཔག་ཏུ་མེད་པའི་འོད་ཟེར་ འཕྲོས་ཞེས་པ་ནས། ཡོངས་སུ་གྱུར་པ་ལས་ཞེས་པའི་བར་སྔར་བཞིན་སྦྱར་ལ། དྲཱཾ་ལས་རིན་པོ་ཆེ་དྲཱཾ་གྱིས་མཚན་པ་ལས། རྒྱལ་མཆོག་རིན་ཆེན་སྐུ་མདོག་སྔོན་པོ་གཡས་མཆོག་སྦྱིན་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རིན་པོ་ཆེ་བརྒད་ཆ་དགུ་པ་ བསྣམས་པ། ཨོཾ་སརྦྦ་བིད་ཕཊ། ཐུགས་ཀ་ནས་ཕྱུང་ལྷོའི་གདན་གྱི་སྟེང་དུ་འཁོད། ཧྲཱིཿ ལས་པདྨ་ཧྲཱིཿས་མཚན་པ་ལས། ཤཱཀྱ་རིགས་དབང་དམར་སེར་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རྡོ་རྗེས་མཚན་པའི་པདྨ་བསྣམས་པ། ཨོཾ་སརྦྦ་ནིད་ཨཱཿ ཐུགས་ཀ་ནས་ཕྱུང་ནུབ་ཀྱི་གདན་གྱི་སྟེང་དུ་འཁོད། ཨཿ ལས་སྣ་ཚོགས་རྡོ་རྗེ་ཨཿ ས་མཚན་པ་ལས། མེ་ཏོག་ཆེར་རྒྱས་ལྗང་གུ་གཡས་སྐྱབས་སྐྱིན་གྱི་ཕྱག་རྒྱས་སྣ་ཚོགས་རྡོ་རྗེ་བསྣམས་ཤིང་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ཨོཾ་སརྦྦ་བིད་ ཏྲ་ཊ། ཐུགས་ཀ་ནས་ཕྱུང་བྱང་གི་གདན་གྱི་སྟེང་དུ་འཁོད། དེ་བཞིན་གཤེགས་པ་བཞི་པོ་ཡང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་ལའི་སྟོད་གཡོགས་དང་སྨད་གཡོགས་ཅན། ཞི་བའི་གཟིགས་སྟངས་མཛད་ཅིང་རྡོ་རྗེའི་སྐྱིལ་ཀྲུང་གིས་ བཞུགས་པ་ཉི་མའི་འོད་ཀྱི་རྒྱབ་ཡོལ་མངའ་བ། ཧཱུཾ་ལས་སྤྱན་གྱིས་སྤྲས་པའི་འཁོར་ལོ་ཧཱུཾ་གིས་མཚན་པ་ལས་སྤྱན་མ་དཀར་མོ་ཕྱག་གཡས་ཐུགས་ཀར་སྤྱན་འཛིན་པ། ཨོཾ་བུདྡྷ་ལོ་ཙ་ནེ་ཧཱུཾ། ཐུགས་ཀ་ནས་ཕྱུང་ཤར་ལྷོའི་གདན་གྱི་སྟེང་ 12-10-10b དུ་འཁོད། ཏྲཱཾ་ལས་རྡོ་རྗེ་ཏྲཱཾ་གྱིས་མཚན་པ་ལས། མཱ་མ་ཀཱི་སྔོན་མོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། ཨོཾ་བཛྲ་མཱ་མ་ཀཱི་ཏྲཱཾ། ཐུགས་ཀ་ནས་ཕྱུང་ལྷོ་ནུབ་ཀྱི་གདན་གྱི་སྟེང་དུ་འཁོད། ཧྲཱིཿ ལས་པདྨ་ཧྲཱིཿས་མཚན་པ་ལས། གོས་དཀར་མོ་དམར་མོ་གཡས་པདྨ་ འཛིན་པ། ཨོཾ་བཛྲ་པཱཎྚ་རེ་དེ་ཧི་དེ་ཧི་སིངྡྷི་ལོ་ཀོཏྟ་རི་པཱཾ་སྭཱ་ཧཱ། ཐུགས་ཀ་ནས་ཕྱུང་ནུབ་བྱང་གི་གདན་གྱི་སྟེང་དུ་འཁོད། ཨཱཿ ལས་ཨུཏྤལ་ཨཱཿས་མཚན་པ་ལས། སྒྲོལ་མ་ལྗང་གུ་གཡས་ཨུཏྤལ་འཛིན་པ། ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཧཱུཾ་ཧཱུཾ་སྭ་སྭ་སྭ་ ཧཱ། ཐུགས་ཀ་ནས་ཕྱུང་བྱང་ཤར་གྱི་གདན་གྱི་སྟེང་དུ་འཁོད། བཞི་ཀའང་གཡོན་པ་གདན་ལ་བརྟེན་པའོ།། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་ཕྱག་གཡས་པའི་སོར་མོ་གསུམ་བསྒྲེངས་པའི་དབུས་མའི་རྩེ་མོ་ལ་དང་པོའི་ རྡོ་རྗེ་རྩེ་ལྔ་པ་རང་གི་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་ཅིང་། གཡོན་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་ཁ་ནང་དུ་བསྟན་ཏེ་སྙེམས་པའི་ཚུལ་གྱིས་དཀུར་བརྟེན་པ། ཨོཾ་བཛྲ་སཏྭ་ཧཱུཾ། ཐུགས་ཀ་ནས་ཕྱུང་ཤར་གྱི་རྩེ་བས་དང་པོའི་གདན་ལ་འཁོད། ཛཿ ལས་ ལྕགས་ཀྱུ་ཛཿས་མཚན་པ་ལས། རྡོ་རྗེ་རྒྱལ་པོ་གསེར་མདོག་ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པར་མཛད་པ། ཨོཾ་བཛྲ་རཱ་ཛ་ཛཿ ཐུགས་ཀ་ནས་ཕྱུང་རྩིབས་གཉིས་པའི་གདན་ལ་འཁོད། ཧོཿ ལས་ མདའ་གཞུ་ཧོཿས་མཚན་པ་ལས། རྡོ་རྗེ་ཆགས་པ་དམར་པོ་རྡོ་རྗེས་མཚན་པའི་མདའ་ཨུཏྤལ་དམར་པོ་ཁ་མ་ཕྱེ་བའི་མདེའུ་ཅན་རྡོ་རྗེའི་གཞུ་རྣ་བའི་བར་དུ་བཀང་ནས་དེ་བཞིན་གཤེགས་པ་རྣམས་འབིགས་པར་མཛད་པ། ཨོཾ་བཛྲ་རཱ་ག་ཧོཿ 12-10-11a ཐུགས་ཀ་ནས་ཕྱུང་རྩིབས་གསུམ་པའི་གདན་ལ་འཁོད། དྷཱུ་་ལས་རྡོ་རྗེ་རྩེ་ལྔ་པ་དྷཱུས་མཚན་པ་ལས། རྡོ་རྗེ་ལེགས་པ་ལྗང་གུ་དང་པོའི་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ནས་ལེགས་སོ་སྦྱིན་པའི་ཚུལ་གྱིས་དེ་བཞིན་གཤེགས་ པ་རྣམས་མཉེས་པར་མཛད་པ། ཨོཾ་བཛྲ་ས་དྷུ་དྷཱུ། ཐུགས་ཀ་ནས་ཕྱུང་རྩིབས་བཞི་པའི་གདན་ལ་འཁོད། ཏྲཱི་ལས་རིན་པོ་ཆེ་ཏྲཱཾ་གྱིས་མཚན་པ་ལས། རྡོ་རྗེ་རིན་ཆེན་སེར་པོ་ཕྱག་གཡས་རྡོ་རྗེ་རིན་པོ་ཆེ་རང་གི་དང་བ་བསྐུལ་བའི་གནས་སུ་འཇིག་ཅིང་། གཡོན་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་ཁ་ནང་དུ་བསྟན་པ་ཏེ་སྙེམས་པའི་ཚུལ་གྱིས་དཀུར་བརྟེན་པ། ཨོཾ་བཛྲ་རཏྣ་དྲཱཾ། ཐུགས་ཀ་ནས་ཕྱུང་ལྷོའི་རྩིབས་དང་པོའི་གདན་ལ་འཁོད། རྱ་ལས་ཉི་མ་རྱས་མཚན་པ་ལས། རྡོ་རྗེ་གཟི་བརྗིད་ཉི་མའི་མདོག་ཅན། ཕྱག་ གཡས་ཀྱིས་ཉི་མའི་དཀྱིལ་འཁོར་ལྟེ་བ་ན་རྡོ་རྗེ་རྩེ་ལྔ་པ་ཡོད་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྣང་བར་མཛད་པ་ཐུགས་ཀར་འཛིན་ཅིང་གཡོན་པ་གདན་ལ་བརྟེན་པ། ཨོཾ་བཛྲ་ཏེ་ཛ་རྱ། ཐུགས་ཀ་ནས་ཕྱུང་རྩིབས་གཉིས་པའི་གདན་ལ་ འཁོད། བྷྲི་ལས་རྒྱལ་མཚན་བྷྲིས་མཚན་པ་ལས། རྡོ་རྗེ་རྒྱལ་མཚན་སྔོན་པོ་ཕྱག་གཡས་དང་པོའི་རྡོ་རྗེས་མཚན་པའི་ཡིད་བཞིན་གྱི་ནོར་བུའི་ཏོག་ཅན་གྱི་རྒྱལ་མཚན་དར་དང་མུ་ཏིག་གི་ཆུན་འཕྱང་ལ་སོགས་པའི་རྒྱན་གྱིས་སྤྲས་པ་ཕྲག་པའི་ ཕྱོགས་སུ་བསྒྲེང་བའི་ཚུལ་གྱིས་འཛིན་པས་དེ་བཞིན་གཤེགས་པ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་བར་མཛད་ཅིང་གཡོན་པ་གདན་ལ་བརྟན་པ། ཨོཾ་བཛྲ་ཀ་ཏུ་བྷྲི། ཐུགས་ཀ་ནས་ཕྱུང་རྩིབས་གསུམ་པའི་གདན་ 12-10-11b ལ་འཁོད། ཧཱ་ལས་སོའི་ཕྲེང་བ་ཧཱས་མཚན་པ་ལས། རྡོ་རྗེ་བཞད་པ་དུང་དང་པདྨའི་རྩ་བ་ལྟར་དཀར་བ་ཕྱག་གཡས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་ཀྱི་དབུས་སུ་ཆུད་པའི་སོའི་ཕྲེང་བ་གཉིས་ཁ་འགྲམ་གཡས་སུ་འཛིན་པས་དེ་བཞིན་གཤེགས་པ་ཐམས་ ཅད་འཛུམ་པ་རྨད་དུ་བྱུང་བ་ལ་ངེས་སྦྱོར་ཞིང་གཡོན་པ་གདན་ལ་བརྟེན་པ། ཨོཾ་བཛྲ་ཧཱ་ས་ཧཱ། ཐུགས་ཀ་ནས་ཕྱུང་རྩིབས་བཞི་པའི་གདན་ལ་འཁོར། ཧྲཱིཿ ལས་པདྨ་ཧྲཱིཿས་མཚན་པ་ལས། རྡོ་རྗེ་ཆོས་དཀར་དམར་ཕྱག་གཡོན་བསྙེམས་པ་ དང་བཅས་པས་རྡོ་རྗེ་པདྨའི་སྡོང་བུ་དཀུར་བརྟེན་ཅིང་། གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཐེབ་མཛུབ་གཉིས་ཀྱིས་སྙིང་གར་རྡོ་རྗེ་པདྨའི་འདབ་མ་ཁ་འབྱེད་པ། ཨོཾ་བཛྲ་དྷརྨྨཱཿ ཧྲཱིཿ ཐུགས་ཀ་ནས་ཕྱུང་ནུབ་ཀྱི་རྩིབས་དང་པོའི་གདན་ལ་འཁོད། དྷཱིཿ ལས་རལ་ གྲི་དྷཱིཿ ས་མཚན་པ་ལས། རྡོ་རྗེ་རྣོན་པོ་སྔོན་པོ་ཕྱག་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐུགས་ཀར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བསྣམས་ཤིང་། གཡས་པའི་རྡོ་རྗེ་རལ་གྲི་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་པའི་ཚུལ་དུ་མཛད་ པ། ཨོཾ་བཛྲ་ཏཱིཀྵྞ་དྷཱིཿ ཐུགས་ཀ་ནས་ཕྱུང་རྩིབས་གཉིས་ཀྱི་གདན་ལ་འཁོད། ཀྲུཾ་ལས་འཁོར་ལོ་ཀྲུཾ་གིས་མཚན་པ་ལས། རྡོ་རྗེ་རྒྱུ་གསེར་གྱི་མདོག་ཅན་ཕྱག་གཡས་པའི་གུང་མོའི་རྩེ་མོ་ན་དང་པོའི་རྡོ་རྗེས་མཚན་པའི་རྡོ་རྗེ་རྩེ་གཅིག་པའི་རྩིབས་ ཅན་གྱི་འཁོར་ལོ་རྩིབས་བརྒྱད་པ་བསྐོར་བའི་ཚུལ་དུ་འཛིན་ཅིང་གཡོན་པ་གདན་ལ་བརྟེན་པ། ཨོཾ་བཛྲ་ཧེ་ཏུ་ཀྲུཾ། ཐུགས་ཀ་ནས་ཕྱུང་རྩིབས་གསུམ་པའི་གདན་ལ་འཁོད། བྷ་ལས་ལྕེ་བྷས་མཚན་པ་ལས། རྡོ་རྗེ་སྨྲ་བ་ཟངས་ཀྱི་མདོག་ཅན་ཕྱག་ 12-10-12a གཡས་པ་དང་པོའི་རྡོ་རྗེས་མཚན་པའི་ལྕེ་བསྣམས་ནས་དེ་བཞིན་གཤེགས་པ་རྣམས་དང་སྨྲ་བར་མཛད་ཅིང་གཡོན་པ་གདན་ལ་བརྟེན་པ་ཨོཾ་བཛྲ་བྷ་ཥ་བྷ། ཐུགས་ཀ་ནས་ཕྱུང་རྩིགས་བཞི་པའི་གདན་ལ་འཁོད། ཀཾ་ལས་སྣ་ ཚོགས་རྡོ་རྗེ་ཀཾ་གིས་མཚན་པ་ལས། རྡོ་རྗེ་ལས་ཞལ་དང་བྱིན་པ་གཉིས་ནས་ཞབས་ཀྱི་བར་དཀར་པོ་ཞལ་གྱི་འོག་ནས་རྐེད་པའི་བར་དུ་དམར་སྐྱ། རྐེད་པའི་བར་དང་ཕྱག་གཉིས་སྔོ་སྐྱ། བརླ་གཉིས་སེར་སྐྱ། ལྷག་མ་མདོག་སྔོན་པོ་སྣ་ཚོགས་མདོག་ གཞན་རྣམས་ཀྱང་འདི་དང་འདྲའོ། །ཕྱག་གཡས་པ་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་ཅིང་གཡོན་སྙེམས་པ་དང་བཅས་པས་སྣ་ཚོགས་རྡོ་རྗེ་ཡུ་བ་བྱས་པའི་དྲིལ་བུ་ལ་ནང་དུ་བསྟན་ནས་དཀུར་བརྟེན་པ། ཨོཾ་ བཛྲ་ཀརྨཱཿ ཀཾ། ཐུགས་ཀ་ནས་ཕྱུང་བྱང་གི་རྩིབས་དང་པོའི་གདན་ལ་འཁོད། རཾ་ལས་གོ་ཆ་རཾ་གྱིས་མཚན་པ་ལས། རྡོ་རྗེ་སྲུང་བ་གསེར་གྱི་མདོག་ཅན་ཕྱག་ཉིས་ཀྱིས་མཐའ་གཉིས་སུ་རྡོ་རྗེ་རྩ་ལྔ་པས་མཚན་པའི་རྡོ་རྗེའི་གོ་ཆ་བསྣམས་ནས་ དེ་བཞིན་གཤེགས་པ་ཐམས་ཅད་ལ་གོ་བསྐོན་པའི་ཚུལ་དུ་མཛད་པ། ཨོཾ་བཛྲ་རཀྵ་རཾ། ཐུགས་ཀ་ནས་ཕྱུང་རྩིབས་གཉིས་པའི་གདན་ལ་འཁོད། ཀྵཾ་ལས་མཆེ་བ་ཀྵ་གིས་མཚན་པ་ལས། རྡོ་རྗེ་གནོད་སྦྱིན་ནག་པོ་ལྟ་བ་ཡངས་ཤིང་ཞལ་མཆེ་ བ་གཙིགས་པ། ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པས་རྩ་བར་མཚན་པའི་མཆེ་བ་ཞལ་གྱིས་གྲྭ་གཉིས་སུ་འཛིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྡིགས་པའི་ཚུལ་དུ་མཛད་པ། ཨོཾ་བཛྲ་ཡཀྵ་ཀྵཾ། ཐུགས་ཀ་ནས་ཕྱུང་རྩིབས་གསུམ་པའི་གདན་ལ་ 12-10-12b འཁོད། ཥྚཾ་ལས་རྡོ་རྗེ་ཥྚཾ་གྱིས་མཚན་པ་ལས། རྡོ་རྗེ་ཁུ་ཚུར་སེར་པོ་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་རྩེ་ལྔ་པ་འཚིར་བའི་ཚུལ་གྱིས་བཞུགས་པ། ཨོཾ་བཛྲ་སནྡྷི་ཥྚཾ། ཐུགས་ཀ་ཕྱུང་རྩིབས་བཞི་པའི་གདན་ལ་འཁོད། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་ པ་ལས། སྒེག་མོ་དཀར་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་སྙེམས་པའི་ཚུལ་གྱིས་མཛིན་ཅིང་མགོ་གཡོན་དུ་ཅུང་ཟད་འདུད་པ། ཨོཾ་བཛྲ་ལཱ་སྱ་ཧཱུཾ། ཐུགས་ཀ་ནས་ཕྱུང་ཤར་ལྷོའི་ནང་གི་གྲྭའི་གདན་ལ་འཁོད། ཏྲཱཾ་ལས་རིན་པོ་ཆེའི་ཕྲེང་བ་ཏྲཱཾ་གྱིས་ མཚན་པ་ལས། ཕྲེང་བ་མ་སེར་མོ་རྡོ་རྗེ་རིན་པོ་ཆེའི་ཕྲེང་བས་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བར་མཛད་པ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཐུགས་ཀ་ནས་ཕྱུང་ལྷོ་ནུབ་ཀྱི་ནང་གི་གྲྭའི་གདན་ལ་འཁོད། ཧྲཱིཿ ལས་བི་ལྦ་ཧྲཱིཿས་མཚན་པ་ལས། གླུ་མ་ དཀར་དམར་ཕྱག་གཉིས་རྡོ་རྗེ་མཚན་པའི་པི་ཝཾ་བརྡུང་པ་ལ་བརྩོན་པ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཐུགས་ཀ་ནས་ཕྱུང་ནུབ་བྱང་གི་ནང་གི་གྲའི་གདན་ལ་འཁོད། ཨཿ ལས་རྡོ་རྗེ་རྩེ་གསུམ་པ་ཨཿ ས་མཚན་པ་ལས། གར་མ་སྣ་ཚོགས་མདོག་ཕྱག་གཉིས་ཀྱིས་ རྡོ་རྗེ་རྩེ་གསུམ་པ་གཉིས་པ་བསྣམས་ནས་གར་བྱེད་པ། ཨོཾ་བཛྲ་ནྲྀ་ཏྱ་ཨཿ ཐུགས་ཀ་ནས་ཕྱུང་བྱང་ཤར་གྱི་ནང་གི་གྲྭའི་གནད་ལ་འཁོད། ཧཱུཾ་ལས་སྤོས་སྣོད་ཧཱུཾ་གིས་མཚན་པ་ལས། བདུག་པ་མ་དམར་མོ་ཕྱག་གཉིས་རྡོ་རྗེ་རྩེ་ལྔ་པས་མཚན་པའི་སྤོས་སྣོད་བསྣམས་ ནས་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་མཛད་པ། ཨོཾ་བཛྲ་དྡྷུ་པེ་ཧཱུཾ། ཐུགས་ཀ་ནས་ཕྱུང་ཤར་ལྷོའི་ཕྱིའི་གྲྭའི་གདན་ལ་འཁོད། དྲཱཾ་ལས་མེ་ཏོག་གི་སྣོད་དྲཱཾ་གྱིས་མཚན་པ་ལས། མེ་ཏོག་མ་སེར་མོ་ཕྱག་གཡོན་རྡོ་རྗེ་མེ་ཏོག་གི་སྣོད་འཛིན་ 12-10-13a ཅིང་གཡས་མེ་ཏོག་གི་ཆར་འབེབས་པར་མཛད་པ། ཨོཾ་བཛྲ་པུཥྤེ དྲཱཾ། ཐུགས་ཀ་ནས་ཕྱུང་ལྷོ་ནུབ་ཀྱི་ཕྱིའི་གྲྭའི་གདན་ལ་འཁོད། ཧྲཱིཿ ལས་མར་མེའི་སྡོང་བུ་ཧྲཱིཿས་མཚན་པ་ལས། མར་མེ་མ་དཀར་དམར་ཕྱག་ གཉིས་ཀྱིས་རྡོ་རྗེ་མར་མེའི་སྡོང་བུ་བསྣམས་ཏེ་དེ་བཞིན་གཤེགས་པ་རྣམས་སྣང་པའི་ཚོགས་ཀྱིས་མཆོད་པར་མཛད་པ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཐུགས་ཀ་ནས་ཕྱུང་ནུབ་བྱང་གི་ཕྱིའི་གྲྭའི་གདན་ལ་འཁོད། ཨཱཿ ལས་དྲིའི་དུང་ཕོར་ཨཱཿས་ མཚན་པ་ལས། བྱུག་པ་མ་སྣ་ཚོགས་མདོག་ཕྱག་གཡོན་རྡོ་རྗེས་མཚན་པའི་དྲིའི་དུང་ཕོར་བསྣམས་ཏེ་ཕྱག་གཡས་ཀྱིས་དྲིའི་སྤྲིན་གྱིས་དེ་བཞིན་གཤེགས་པ་རྣམས་མཆོད་པར་མཛད་པ། ཨོཾ་བཛྲ་གནྡྷེ་ཨཿ ཐུགས་ཀ་ནས་ཕྱུང་བྱང་ཤར་ གྱི་ཕྱིའི་གྲྭའི་གདན་ལ་འཁོད། ཛཿ ལས་ལྕགས་ཀྱུ་ཛཿས་མཚན་པ་ལས། རྡོ་རྗེ་ལྕགས་ཀྱུ་དཀར་པོ་ཕྱག་གཉིས་ཀྱིས་རྡོ་རྗེས་མཚན་པའི་ལྕགས་ཀྱུ་བསྣམས་ནས་དེ་བཞིན་གཤེགས་པ་རྣམས་སྤྱན་འདྲེན་པར་མཛད་པ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཐུགས་ཀ་ནས་ཕྱང་ནང་གི་ཤར་སྒོའི་གདན་ལ་འཁོད། ཧཱུཾ་ལས་ཞགས་པ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་ཞགས་པ་སེར་པོ་ཕྱག་གཉིས་རྡོ་རྗེ་ཞགས་པས་དེ་བཞིན་གཤེགས་པ་རྣམས་འཇུག་པར་མཛད་པ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཐུགས་ ཀ་ནས་ཕྱུང་ལྷོ་སྒོའི་གདན་ལ་འཁོད། པཾ་ལས་ལྕགས་སྒྲོག་པཾ་གྱིས་མཚན་པ་ལས། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ཕྱག་གཉིས་རྡོ་རྗེའི་ལྕགས་སྒྲོག་གིས་དེ་བཞིན་གཤེགས་པ་རྣམས་མཆིང་བར་མཛད་པ། ཨོཾ་བཛྲ་སྥོ་ཊ་བཾ། ཐུགས་ 12-10-13b ཀ་ནས་ཕྱུང་ནུབ་སྒོའི་གདན་ལ་འཁོད། ཧོཿ ལས་རྡོ་རྗེ་དྲིལ་བུ་ཧོཿས་མཚན་པ་ལས། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་ཕྱག་གཡས་རྡོ་རྗེ་དྲིལ་བུ་བསྣམས་ཏེ་དེ་བཞིན་གཤེགས་པ་རྣམས་འབེབས་པར་མཛད་ཅིང་གཡོན་པ་གདན་ལ་བརྟེན་པ། ཨོཾ་བཛྲ་གྷཎྚ་ ཧོཿ ཐུགས་ཀ་ནས་ཕྱུང་བྱང་སྒོའི་གདན་ལ་འཁོད། སྤྱན་མ་ནས་འབེབས་པའི་བར་ཐམས་ཅད་ཀྱང་རབ་ཏུ་དགྱེས་པས་སྤྱན་གདངས་པ། སྒེག་པའི་ཉམས་ཅན་འཛུམ་པ་དང་བཅས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་དཀར་པོའི་སྟོད་གཡོགས་ དང་སྨད་གཡོགས་དང་བཅས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། ཀལྤ་བྷ་དྲའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་དང་པོའི་རྡོ་རྗེ་བཞི། རྡོ་རྗེ་རིན་པོ་ཆེ་བཞི། རྡོ་རྗེ་པདྨ་བཞི། སྣ་ཚོགས་རྡོ་རྗེ་བཞི་སྟེ་ཕྱག་མཚན་བཅུ་དྲུག་ཀལྤ་བྷ་དྲའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པས་མཚན་པ་ལས། དཔག་ཏུ་མེད་པའི་འོད་ཟེར་འཕྲོས་གཞལ་དུ་མེད་པའི་སེམས་ཅན་གྱི་དོན་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་མཛད། སླར་འདུས་ཆོས་ ཀྱི་ཡི་གེ་ལ་ཐིམ། ཡོངས་སུ་གྱུར་པ་ལས་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་ཏུ་གྱུར། ཨོཾ་སརྦ་སཾ་སྐ་རི་པ་རི་ཤོ་དྷ་ན་དྷརྨྨཱ་ཏེ་ག་ག་ན་ས་མུད་ག་ཏེེ་མ་ཧཱ་ནཱ་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཐུགས་ཀ་ནས་ཕྱུང་རྟ་བབས་དང་ལྡན་པའི་གཞལ་ཡས་ཁང་གི་ཁྱམས་ཀྱི་ ལྷ་སྣམ་ནང་མའི་གདན་ལ་འཁོད་པ་ནི། ཤར་དུ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ངེས་པར་འཇོམས་པའི་བློ་གྲོས་བཞི་རྡོ་རྗེ་སེམས་དཔའ་དང་འདྲ་བ། ལྷོར་སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་ 12-10-14a མཛོད། ཡེ་ཤེས་ཏོག་བཞི་རྡོ་རྗེ་རིན་ཆེན་དང་འདྲ་བ། ནུབ་ཏུ་འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲ་པ་ཅན་གྱི་འདོ་བཞི་རྡོ་རྗེ་ཆོས་དང་འདྲ་བ། བྱང་དུ་རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ ཏུ་བཟང་པོ་བཞི་རྡོ་རྗེ་ལས་དང་འདྲ་བ། ཐམས་ཅད་ཀྱང་རྒྱན་ལ་སོགས་པ་སེམས་དཔའ་དང་པོ་བཞི་དང་འདྲ་བའོ། །དཔག་ཏུ་མེད་པའི་འོད་ཟེར་འཕྲོས་ཞེས་པ་ནས་ཡོངས་སུ་གྱུར་པ་ལས་ཞེས་པའི་བར་འོག་མ་ཀུན་ལའང་སྦྱར་ཏེ། རང་གི་ཐུགས་ཀར་ཟླ་བའི་ དཀྱིལ་འཁོར་གྱི་དབུས་སུ། ཤྲ་ཝ་ཀའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་འཁར་གསིལ་བཅུ་དྲུག་ཤྲ་ཝ་ཀའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པས་མཚན་པ་ལས། ཉན་ཐོས་བཅུ་དྲུག་ཏུ་གྱུར། ཨོཾ་བཛྲ་ཤྲ་ཝ་ཀ །ཐུགས་ཀ་ནས་ཕྱུང་ལྷ་ སྣམ་བར་པའི་གདན་ལ་འཁོད་པ་ནི། ཤར་དུ་དགའ་བོ། སྒྲ་གཅན་འཛིན། ཤཱ་རིའི་བུ། མཽ་དགལ་གྱི་བུ། ལྷོར་རབ་འབྱོར། འཆར་ཀ །མ་འགག་པ། ཀཽ་དི་ནྱ། ནུབ་ཏུ་ཉེ་བར་འཁོར། རྟ་ཐུལ། བ་ལང་བདག ཀུན་དགའ་བོ། བྱང་དུ་མིང་ཆེན། ནོར་སྦྱིན་འཛིན། གང་པོ། འོད་སྲུངས། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། པྲ་ཏཱེ་ཀའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་འཁར་གསིལ་བཅུ་གཉིས། པྲ་ཏཱེ་ཀའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པས་མཚན་པ་ལས། རང་རྒྱལ་བཅུ་གཉིས་སུ་གྱུར། བཛྲ་པྲ་ཏྱེ་ཀ ཐུགས་ཀ་ནས་ཕྱུང་ལྷ་སྣམ་ཕྱི་མིའི་གདན་ལ་འཁོད་པ་ནི། ཤར་དུ་གདུང་བ་སེལ་བ། སྣང་བ་བརྩེགས་པ། ཤར་ལྷོར་འཇིགས་པ་མེད་པ། ལྷོར་དཔའ་བོ་འདུལ་བ། ཤེས་རབ་མགྱོགས་ཆེན། 12-10-14b ལྷོ་ནུབ་ཏུ་རི་བོ་རྒྱལ་བ། ནུབ་ཏུ་སྨྲ་བའི་སྒྲ་ཆེན། བསེ་རུ་ལྟ་བུ། ནུབ་བྱང་དུ་དུག་ཆེན་འཇོམས། བྱང་དུ་རྫུ་འཕྲུལ་ཆེར་སྟོན། སེང་གེ་སྒྲ། བྱང་ཤར་དུ་ཡིད་མྱུར། ཉན་རང་ཐམས་ཅད་སྐུ་མདོག་མ་ངེས་པ་ཕྱག་ན་ལྷུང་བཟེད་འཁར་གསིལ་དང་པོ་ཏི་ འཛིན་པ། ཆོས་གོས་ངུར་སྨྲིག་གསོལ་བ། ཁྱད་པར་རང་རྒྱལ་རྣམས་དབུའི་གཙུག་ཏོར་ཅུང་ཟད་དང་བཅས་པ། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། བཛྲ་ཀྲོ་དྷའི་མིང་ཡིག་དང་པོ་ཏིག་ལེས་བརྒྱན་པ་ལས་རྡོ་རྗེ་ལ་སོགས་པའི་ ཕྱག་མཚན་བཅུ་དྲུག་བཛྲ་ཀྲོ་དྷའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས། ཁྲོ་བོ་བཅུ་དྲུག་ཏུ་གྱུར། བཛྲ་ཀྲོ་དྷ། ཐུགས་ཀ་ནས་ཕྱུང་དཀྱིལ་འཁོར་ཕྱི་མའི་སྒོ་བཞིའི་གདན་ལ་འཁོད་པ་ནི། ཤར་སྒོར་ཁྲོ་བོ་འཇིག་རྟེན་གསུམ་སྣང་། དེའི་གཡས་ སུ་བདུད་རྩི་འཁྱིལ་བ། གཡོན་དུ་དུས་ཀྱི་སྲིན་མོ་རྒྱབ་ཏུ་དུས་ཀྱི་ལྕགས་ཀྱུ་མ། ལྷོ་སྒོར་ཁྲོ་བོ་འཇིག་རྟེན་གསུམ་འདུ། གཡས་སུ་དབྱུག་སྔོན་ཅན། གཡོན་དུ་དུས་ཀྱི་དབྱུང་པ་མ། རྒྱབ་ཏུ་དུས་ཀྱི་ཞབས་པ་མ། ནུབ་སྒོར་ཁྲོ་བོ་འཇིག་ རྟེན་གསུམ་འཆིང་། གཡས་སུ་མི་གཡོ་བ། གཡོན་དུ་དུས་ཀྱི་མཚན་མོ། རྒྱབ་ཏུ་དུས་ཀྱི་ལྕགས་སྒྲོག་མ། བྱང་སྒོར་ཁྲོ་བོ་འཇིག་རྟེན་གསུམ་འཇིག །གཡས་སུ་རྟ་མགྲིན། གཡོན་དུ་དུས་ཀྱི་གནོད་སྦྱིན་མོ། རྒྱབ་ཏུ་དུས་ཀྱི་དྲིལ་བུ་མ། ཐམས་ཅད་ཀྱང་སྐུ་མདོག་མ་ངེས་པའམ་ཕྱོགས་མདོག་དབུ་དང་ཕྱག་མཐའ་ཡས་པ། ཕྱག་གཡས་པ་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་འཛིན་ཅིང་། གཡོན་པ་རྣམས་ཀྱིས་མགོ་ཐོད་ཤས་གང་བ་དང་། མ་རུངས་པའི་རྒྱུ་མ་དྲངས་ཏེ་ཞལ་ 12-10-15a ཏུ་གསོལ་བ། སྤྲུལ་དང་མི་སྡུག་པའི་རྒྱན་གྱིས་བརྒྱན་ཅིང་སྟག་གི་པགས་པས་སྨད་དཀྲིས་པ། གཡོན་བརྐྱང་གི་སྟབས་ཀྱིས་མ་རུངས་པའི་སྙིང་གར་མནན་པ། ཁྱད་པར་ལྕགས་ཀྱུ་མ་ལ་སོགས་པ་བཞི་རང་མིང་གི་མཚན་ མ་ལྕགས་ཀྱུ་ལ་སོགས་པ་འཛིན་པ། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྷ་རང་རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཨོཾ་ལ་སོགས་པའི་རང་རང་གི་ས་བོན་གྱིས་མཚན་པ། དེ་རྣམས་ལས་འོད་ ཟེར་འཕྲོས་པས། བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་ནམ་མཁར་སྤྱན་དྲངས། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་ལ། ལག་ངར་གཉིས་བསྣོལ་ཏེ་གུང་མོ་དང་མཐེ་བོང་ གཉིས་ཀྱིས་སེ་གོལ་བརྡེབ་པ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱས་ལ། བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟང་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་སྤྱན་འདྲེན་བསྡུས་པའམ། ཡང་ན། བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཏུགས་རྗེས་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་ པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ 12-10-15b ཏེ་གཤེགས་སུ་གསོལ། །ཞེས་པ་དང་ཡང་སྤྲོ་ན། ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་པར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ ས་ལ་བཞུགས། །ཆོས་རྣམས་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱིན་ཚུར་སྤྱིན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་འདིར་ནི་ གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཛཿ ཧཱུཾ་བཾ་ཧོཿ མ་ཧཱ་ཀ་རུ་ཎི་ཀཱ་ཨཱདྨ་ཀ་ཨེ་ཧྱེ་ཧི། ཞེས་སྤྱན་དྲངས་ ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་སྭཱ་ཧཱ། ཞེས་མཆོད་ཡོན་དབུལ། ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་སྭཱ་ཧཱ། ཞེས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆད་པ་བདག་ 12-10-16a བགྱིས་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་ཀ་མ་ལ་ཡེ་སྟྭཾ། ཞེས་གདན་དབུལ། ཨོཾ་བཛྲ་པཥྤེ་ཨཱཿ ཧཱུཾ། ཞེས་སོགས་ཉེར་སྤྱོད་སོགས་ཀྱིས་མཆོད་ནས། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྚ་ཧོཿ ཞེས་སྒོ་བ་བཞིའི་དམ་རྒྱས་དགུག་གཞུག་བཅིང་མཉེས་བྱ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་རྡོ་རྗེ་གནོད་སྦྱིན་གྱི་ལས་རྒྱས་ཕྱི་འབྲང་གི་བགེགས་བསྐྲད། ཨོཾ་བཛྲ་རཀྵ་ཧཾ། རྡོ་རྗེ་སྲུང་བའི་ལས་རྒྱས་སྲུང་བ་བྱ། ཨོཾ་པྲ་ ཝ་ར་སད་ཀ་རཾ་ཨརྒྷྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དབུལ། ཕྱག་འཚལ་བའམ་མཉམ་པའི་ཐལ་མོ་དཔྲལ་བར་སྦྱར་ལ། ཨོཾ་སརྦྦ་བིད་ཨོཾ། སྙིམ་པའི་ཕྱག་རྒྱ་མགྲིན་པར་བཞག་ལ། ཨོཾ་སརྦྦ་བིད་ཨཱཿ རྡོ་རྗེ་ཐལ་མོ་སྦྱར་ནས་བརྐྱང་གུང་ མོ་གཉིས་དང་ཐ་མ་བཞི་སྦྱར་ནས་སྙིང་གར་བཞག་ལ། ཨོཾ་སརྦྦ་བིད་ཧཱུཾ། ཞེས་གནས་གསུམ་བྱིན་གྱིས་བརླབ་བོ། །དེ་ནས་ཕྱག་རྒྱ་བཞིས་རྒྱས་གདབ་པའི་དང་པོ་དམ་རྒྱ་ནི། ས་མ་ཡ་སྟྭཾ། ཞེས་པས་ལག་པ་བྱིན་གྱིས་བརླབས་ཏེ། རྡོ་རྗེ་བསྡམས་ པ་བཅིངས་ལ། བཛྲ་ཌི་ཥྚི་མ་ཊ། ཞེས་པས་མིག་གཉིས་བྱིན་གྱིས་བརླབ། ལག་པ་གཡོན་ཐལ་མོ་གན་རྐྱལ་དུ་བཞག་ལ་དེའི་སྟེང་དུ་གཡས་པའང་དེ་བཞིན་དུ་བཞག་སྟེ་མཐེ་བོང་གཉིས་ལྟོ་སྤྲད་ལ་ཞི་བའི་ལྟ་བས་ལྟ་བ་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ སྟེ་རྣམ་སྣང་གི་དམ་རྒྱ་བཅིངས་ལ། སརྦྦ་བིད་ཏྲེ་ཤྱ། ཞེས་ཡེ་ཤེས་པ་ལ་བལྟ། ཛཿ ཧཱུཾ་བཾ་ཧོ། དགུག་གཞུག་བཅིང་དབང་དུ་བྱ། ས་མ་ཡ་སྟྭཾ། རྒྱབ་ཏུ་ཉི་མའི་དཀྱིལ་འཁོར་བསྐྱེད། ས་མ་ཡ་སྟྭཾ། ཨ་ཧཾ། རང་དང་གཉིས་སུ་མེད་པའི་ 12-10-16b ང་རྒྱལ་བྱ། སརྦྦ་བིད། ཞེས་པའི་སྙིང་པོ་ལན་གསུམ་བརྗོད། ཨོཾ་སརྦྦ་བིད་སརྦ་ཨཱ་ཝ་ར་ཎཱ་བི་ཤོ་དྷ་ནེ་ཧ་ན་ཧཱུཾ་ཕཊ། གཙོ་བོའི་སྔགས་ཀྱང་ལན་གསུམ་བརྗོད་དོ།། དེ་བཞིན་དུ་ས་མ་ཡ་སྟྭཾ། ནས་སྙིང་པོ་ལན་གསུམ་བརྗོད་པ་སྔར་བཞིན་བྱས་ལ། རྡོ་རྗེ་ བསྡམས་པ་ལས་མཐེ་བོང་དང་མཐེའུ་ཆུང་གཉིས་བརྐྱང་མཛུབ་མོ་དང་སྲིན་ལག་གཉིས་པདྨ་འདྲ་བར་བཀུག་པ་སྦྱོང་རྒྱལ་གྱི་ཕྱག་རྒྱ་དང་། ཨོཾ་སརྦྦ་བིད་ཧཱུཾ། དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་གཉིས་རིན་པོ་ཆེ་འདྲ་བར་བྱས་པ་རྒྱལ་མཆོག་རིན་ཆེན་ གྱི་ཕྱག་རྒྱ་དང་། ཨོཾ་སརྦྦ་བིད་ཕཊ། མཐེའུ་ཆུང་དང་མཐེ་བོང་གཉིས་སོ་སོར་མཉམ་ལ་ལྷག་མ་རྣམས་བརྐྱང་བ་ཤཱཀྱ་རིགས་དབང་གི་ཕྱག་རྒྱ་དང་། ཨོཾ་སརྦ་བིད་ཨཿ ལག་པ་གཡོན་པས་དེ་བཞིན་དུ་བསྒྱུར་ཞིང་བྱ་མེ་ཏོག་ཆེར་རྒྱས་ཀྱི་ཕྱག་རྒྱ་དང་། ཨོཾ་སརྦྦ་བིད་ཏྲཊ། དེ་བཞིན་དུ། སུ་ར་ཏ་སྟྭཾ། བཛྲ་ཌིཥྚི་མ་ཊ། བུདྡྷ་ལོ་ཙ་ནེ་ཏྲི་ཤྱ། ཛཿ ཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ཞེས་རྒྱབ་ཏུ་ཟླ་བའི་རྒྱབ་ཡོལ་བསྐྱེད། ས་མ་ཡ་སྟྭཾ། ཨ་ཧཾ་བུདྡྷ་ལོ་ཙ་ནེ། ཞེས་སྙིང་པོ་ལན་གསུམ། ཨོཾ་བུདྡྷ་ལོ་ཙ་ནེ་ཧཱུཾ། ཞེས་སྔགས་ ལན་གསུམ་བརྗོད། དེ་བཞིན་དུ་མཱ་མ་ཀཱི་ནས་ཁྲོ་བོ་བཅུ་དྲུག་གི་བར་ལ་སྦྱར་ཏེ། ཁྱད་པར་ནི། བཛྲ་མཱ་མ་ཀཱི། བཛྲ་པཎྜ་རེ། བཛྲ་ཏཱ་རེ་ཞེས་སོགས་རང་རང་གི་སྙིང་པོ་ལ་ཏྲི་ཤྱ་གདགས། ཨ་ཧཾ་གི་མཇུག་ཏུ་རང་རང་གི་སྙིང་པོ་དང་སྔགས་ལན་གསུམ་ གསུམ་བརྗོད་དོ། །རྡོ་རྗེ་སེམས་དཔའ་ནས་འབེབས་པའི་བར་གྱི་སྔར་བཤད་པའི་འབྱིན་སྔགས་རྣམས་ཀྱི་འགོར་ཨོཾ་དང་མཐར་ས་བོན་མེད་པ་སྙིང་པོ་དང་། ཡོད་པ་ནི་དེ་རྣམས་ཀྱི་སྔགས་སོ། །མགྲོན་ཐབས་པ་རྣམས་ཀྱི་ནི་སྔར་བཤད་པའི་ཀལྤ་བྷ་དྲ་ 12-10-17a སོགས་ཀྱི་མིང་ཡིག་ནི་སྙིང་པོ་ཡིན་ལ། སྔགས་ནི་བསྐལ་བཟང་རྣམས་ཀྱི་ནི་རང་གི་འབྱིན་སྔགས་ཡིན་ལ། གཞན་རྣམས་ཀྱི་ནི་རྩ་རིག་ཡིན་ནོ། །ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཛུབ་མོ་གཉིས་གདུ་བུར་ བྱས་ཏེ་མཐེ་བོའི་རྩེ་མོར་མིག་གི་ཚུལ་དུ་བྱས་པ་ནི་སྦྱིན་གྱི་དམ་རྒྱའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེང་བའི་ཚིགས་གསུམ་པར་མཛུབ་མོ་གཉིས་རྡོ་རྗེའི་ཚུལ་དུ་བཟུང་བ་ནི་མཱ་མ་ཀཱིའོ། །ཐལ་མོ་གཉིས་ཁོང་སྟོང་དུ་སྦྱར་ཏེ་པདྨ་ཁ་བྱ་བའི་ཚུལ་ དུ་བྱས་པ་ནི་གོས་དཀར་མོའིའོ། །ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་མཛུབ་མོ་གཉིས་བཀུག་པས་གུང་མོའི་སེན་མོ་མནན་ཏེ་མཐེ་བོང་གཉིས་དབུས་སུ་བཞག་ནས་ཅུང་ཟད་བཀུག་པ་ནི་སྒྲོལ་མའིའོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བརྐྱང་ སྟེ་རྡོ་རྗེ་འདྲ་བར་བྱས་པ་རྡོར་སེམས་ཀྱི་དང་། དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་པ་རྒྱལ་པོའི་དང་། དེ་ཉིད་ལས་མེ་ཏོག་འདྲ་བར་བྱས་པ་ཆགས་པའི་དང་། དེ་ཉིད་ལས་སླར་བཀུག་སྟེ་མཐེ་བོང་ལ་མཛུབ་མོ་གཉིས་རྩེ་སྤྲད་པ་ལེགས་པའི་དང་། དེ་ཉིད་ལས་ཚིགས་བར་མ་བཅག་པ་རིན་ཆེན་གྱི་དང་། དེ་ཉིད་ལས་སོར་མོ་རྣམས་འོད་ཟེར་འདྲ་བར་བཀྱེད་པ་གཟི་བརྗིད་ཀྱི་དང་། དེ་ཉིད་སྤྱི་བོར་བཞག་པ་རྒྱལ་མཚན་གྱི་དང་། དེ་ཉིད་ཁའི་མདུན་དུ་བཞག་པ་བཞད་པའི་དང་། དེ་ཉིད་ལས་པདྨ་ འདྲ་བར་བྱས་པ་ཆོས་ཀྱི་དང་། དེ་ཉིད་ལས་རྩེ་མོ་ཡིད་ཙམ་བཀུག་པ་རྣོན་པོའི་དང་། དེ་ཉིད་ལས་གདུ་བུ་འདྲ་བར་བྱས་པ་རྒྱུའི་དང་། དེ་ཉིད་ལས་པདྨའི་འདབ་མ་འདྲ་བར་བྱས་པ་སྨྲ་བའི་དང་། དེ་ཉིད་ལས་རྩེ་མོ་ཡིད་ཙམ་བཀྱེད་པ་ལས་ཀྱི་དང་། 12-10-17b དེ་ཉིད་ལས་ཤིན་ཏུ་བཀྱེད་པ་སྲུང་པའི་དང་། དེ་ཉིད་ལས་རྩེ་མོ་གཉིས་སླར་བཀུག་པ་གནོད་སྦྱིན་གྱི་དང་། དེ་ཉིད་ལས་དམ་དུ་བཀུག་པ་ཁུ་ཚུར་གྱི་དང་། སྙིང་གར་རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་བསྡམས་ཏེ་གཤིབས་ནས་བཞག་པ་སྒེག་མོའི་ དང་། རྡོ་རྗེ་བསྡམས་པ་རབ་ཏུ་བརྐྱང་པ་ཕྲེང་བ་འཆིང་བའི་ཚུལ་དུ་བྱས་པ་ཕྲེང་བ་མའི་དང་། རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་ཐལ་མོས་ཚིག་འབྱིན་པའི་ཚུལ་དུ་ཁ་ནས་གྱེན་དུ་འབྱུང་བ་ལྟར་བྱེད་པ་གླུ་མའི་དང་། བསྡམས་པ་ལས་བྱུང་བའི་གར་བྱས་ ལ་ཐལ་མོ་སྦྱར་བ་སྤྱི་བོར་བཞག་པ་གར་མའི་དང་། བསྡམས་པ་ཉིད་ཐུར་དུ་ལྡུགས་པའི་ཚུལ་གྱིས་མདུན་དུ་བཞག་པ་བདུག་པ་མའི་དང་། དེ་ཉིད་གྱེན་དུ་བཀྱེད་པ་མེ་ཏོག་མའི་དང་། མདུན་དུ་མཐེ་བོང་བསྙམས་ཏེ་བསྐོར་བ་མར་མེ་མའི་དང་། དེ་ཉིད་ ལས་དྲི་བྱུག་པ་ལྟར་བྱས་པ་དྲིའི་དང་། དེ་ཉིད་ལས་མཛུབ་མོ་གཉིས་བཀུག་པ་ལྕགས་ཀྱུའི་དང་། དེ་ཉིད་ལས་རྩེ་མོ་གཉིས་སྤྲད་པ་ཞགས་པའི་དང་། དེ་ཉིད་ལས་གཅིག་ལ་གཅིག་མདུད་པ་ལྕགས་སྒྲོག་གི་དང་། དེ་ཉིད་ལས་མཐེ་བོང་གཉིས་ནང་དུ་ བཀུག་སྟེ་བསྐྱོད་པ་འབེབས་པའི་དང་། གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བཀན་ལ། གཡས་པའི་མཐེབ་མཛུབ་གཉིས་ཀྱིས་མཐེའུ་ཆུང་ནས་བརྩམས་ཏེ་ཕྱེ་ལ་ཐལ་མོ་ཁོང་སྟོང་དུ་བྱས་པ་ནི་བསྐལ་བཟང་རྣམས་ཀྱི་དང་། ལག་པ་གཉིས་ ཐལ་མོ་སྦྱར་བའི་སོར་མོ་ཀུན་གྱིས་ཀུན་ནས་གང་བའི་བང་མཛོད་ལྟར་གནས་པ་ལས། ལག་པ་གཉིས་བཀྱེད་ནས་མཐེ་བོང་མཐེའུ་ཆུང་རྩེ་སྤྲད་དེ་སོར་མོ་རྣམས་བརྐྱང་པ་ཉན་ཐོས་ཀྱི་དང་། ལག་པ་གཉིས་ཐལ་མོ་སྦྱར་ནས་སོར་མོའི་རྩེ་མོ་རིམ་པ་ 12-10-18a བཞིན་མཚན་མ་བསྡུས་ནས་ཁ་སྦྱོར་དུ་བྱས་ཏེ་མཐེ་བོང་གཉིས་བསྒྲེངས་ནས་བསྐུམ་པ་རང་རྒྱལ་གྱི་དང་། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ཏེ་གུང་མོ་གཉིས་རྩེ་སྤྲད་ལ་བརྐྱང་ཐ་མ་བཞི་སོ་སོར་བསྒྲེང་པ་ཁྲོ་བོའི་དམ་ རྒྱའོ། །ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ལྔ་པ་ཐོག་མཐའ་མེད་པའི་ཆོས་ཉིད་ཀྱི་ངོ་བོས་མཚན་པར་གྱུར། ཆོས་རྒྱ་ནི། ལྷ་ཐམས་ཅད་ཀྱི་ལྐོག་མར་ཧྲཱིཿ ལས་པདྨ་དམར་མོ་འདབ་མ་བརྒྱད་པའི་ལྕེའི་འདམ་མར་ཨཱཿ ལས་ ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་མཆུར་ཉལ་བས་མཚན་པར་བསམ་ལ། ཨོཾ་བཛྲ་ཛི་ཧྭཱ། ཞེས་པས་ལྕེ་བྱིན་གྱིས་བརླབས་ཏེ་ལུས་ཀྱིས་ལྷ་སོ་སོའི་ཕྱག་ཆེན་བཅིངས་པའང་ཡང་ན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བྱས་ལ་ངག་ཏུ་ལྷ་སོ་སོའི་ སྔགས་བརྗོད། ཡིད་ཀྱིས་རྡོ་རྗེའི་ལྟེ་བ་ལ་ལྷ་རང་རང་སྔགས་ཀྱིས་མཚན་པར་གྱུར་པར་བསམ་མོ།། ལས་རྒྱ་ནི། གར་དང་གླུ་དང་རོ་དང་ཟས། །སྤྱོད་ལམ་ལ་སོགས་བདེ་བ་རྣམས། །སངས་རྒྱས་རྣམས་ལ་ཕུལ་ན་ནི། །ལས་ཀྱི་ཕྱག་རྒྱ་དབང་ དུ་འགྱུར། །ཞེས་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱང་བའི་གར་གྱི་ཁྱམས་བྱས་ལ། ལྷ་སོ་སོའི་སྙིང་པོ། སརྦྦ་བིད། ཅེས་སོགས་བརྗོད་དོ། །གཡོན་ལྟེ་བར་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་གཡས་སྙིང་གར་རྡོ་རྗེ་འཛིན་པའི་ཚུལ་ནི་རྣམ་སྣང་ གི་དང་། གཡས་རིམ་པ་བཞིན་ས་གནོན། མཆོད་སྦྱིན། ཏིང་ངེ་འཛིན། མི་འཇིགས་པའི་ཕྱག་རྒྱ་དང་། གཡོན་རྡོ་རྗེ་ཁུ་ཚུར་གྱིས་ཆོས་གོས་ཀྱི་གྲྭ་འཛིན་པའི་ཚུལ་དུ་སྙིང་གར་བཞག་པ་ནི་དེ་བཞིན་གཤེགས་པ་བཞིའི་དང་། 12-10-18b ཡུམ་བཞི་ནི་ཕྱག་མཚན་མེད་པའི་ཕྱག་ཆེན་ལྟར་འཆིང་པའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་ཁ་ནང་དུ་བལྟས་ལ་དཀུར་བཞག གཡས་པའི་ཁུ་ཚུར་བཀན་ཏེ་གྱེན་དུ་གཏོད་པའི་ཚུལ་གྱིས་སྙིང་གར་བཞག་པ་རྡོར་སེམས་ཀྱི་དང་། གཡས་ པའི་རྡོ་རྗེ་ཁུ་ཚུར་སྙིང་གའི་མདུན་དུ་བཞག དེའི་ཡང་མདུན་དུ་གཡོན་པའི་རྡོ་རྗེ་ཁུ་ཚུར་བཞག་ནས་ལྕགས་ཀྱུ་འཛིན་པ་ལྟར་བྱེད་པ་རྒྱལ་པོའི་དང་། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཀན་ཏེ་བཞག་པའི་སྟེང་དུ་གཡས་པ་ཁ་བུབ་ཏུ་བཞག་སྟེ། ཡང་ གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་མདའ་འདྲེན་པའི་ཚུལ་གྱིས་རྣ་བ་ལ་ཐུག་གི་བར་དུ་གཞུ་འགེངས་པ་ལྟར་བྱས་ནས་མདའ་འཕེན་པའི་ཚུལ་དུ་བྱེད་པ་ནི་ཆགས་པའི་དང་། རྡོ་རྗེ་ཁུ་ཚུར་གཉིས་གཅིག་ཏུ་བྱས་ནས་སྙིང་གར་བཞག་སྟེ་མཐེབ་མཛུབ་ཀྱིས་ སེ་གོལ་བརྡེབ་པ་ལེགས་སོ་སྦྱིན་པའི་ཚུལ་ནི་ལེགས་པའི་དང་། རྡོ་རྗེ་ཁུ་ཚུར་གཉིས་བར་བསྐུལ་བའི་གནས་མཛོད་སྤུར་བཞག་པ་རིན་ཆེན་གྱི་དང་། རྡོ་རྗེ་ཁུ་ཚུར་གཉིས་སྙིང་གར་གཡས་སྐོར་དུ་ཟླུམ་པོར་བསྐོར་བ་གཟི་བརྗིད་ཀྱི་དང་། གཡོན་པའི་རྡོ་ རྗེ་ཁུ་ཚུར་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་གྲུ་མོ་བཙུགས་པ་ནི་རྒྱལ་མཚན་གྱི་དང་། རྡོ་རྗེ་ཁུ་ཚུར་གཉིས་རྒོད་པའི་ཚུལ་དུ་སྒེག་པ་དང་བཅས་པས་ཡོངས་སུ་བསྐོར་ནས་ཁའི་གྲྭ་གཉིས་སུ་བཞག་པ་ནི་བཞད་པའི་དང་། གཡོན་པའི་རྡོ་རྗེ་ཁུ་ཚུར་ པདྨར་བསམ་ལ་སྙིང་གར་བཞག གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཐེབ་མཛུབ་ཀྱིས་པདྨ་ཁ་འབྱེད་པའི་ཚུལ་དུ་མཐེའུ་ཆུང་ནས་རིམ་པ་བཞིན་འབྱེད་པ་ནི་ཆོས་ཀྱི་དང་། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ལ་གཡས་རྡོ་རྗེ་ཁུ་ཚུར་གྱིས་རལ་གྲི་འདེབས་པའི་ 12-10-19a ཚུལ་དུ་བྱེད་པ་ནི་རྣོན་པོའི་དང་། རྡོ་རྗེ་ཁུ་ཚུར་གཉིས་མགལ་མེའི་འཁོར་ལོ་ལྟར་གཡས་ཕྱོགས་ནས་ལུས་ཀྱི་ཕྱི་རོལ་ཏུ་བསྐོར་བ་ནི་རྒྱའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཁ་ནས་ཚིག་དབྱུང་བའི་ཚུལ་གྱིས་གྱེན་དུ་བཏེག་པ་ནི་སྨྲ་བའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སོར་མོ་རྣམས་རིམ་གྱིས་དགྲོལ་བ་ལས་བྱུང་བའི་ཐལ་མོ་སྦྱར་བ་འགྲམ་པ་གཉིས་དང་སྤྱི་བོར་བཞག་པ་ནི་ལས་ཀྱི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྔར་གོ་བ་གོ་བར་བཤད་པ་ལྟར་བྱས་ནས་མཐར་གོ་བསྐོན་པའི་ཚུལ་ དུ་བྱས་པ་ནི་སྲུང་བའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་བརྐྱང་ནས་བཀུག་པ་མཆེ་བའི་རྩེ་མོ་ལྟར་བྱས་ཏེ་ཁའི་གྲྭ་གཉིས་སུ་བཞག་པ་ནི་གནོད་སྦྱིན་གྱི་དང་། རྡོ་རྗེ་ཁུ་ཚུར་གཉིས་གཅིག་གིས་གཅིག་བཙིར་བ་ནི་ཁུ་ཚུར་གྱི་དང་། རྡོ་རྗེ་ཁུ་ ཚུར་གཉིས་དཀུ་གཉིས་སུ་བཞག་ལ་བསམ་པ་གཡོས་པས་མགོ་བོ་གཡོན་དུ་འདུད་པ་ནི་སྒེག་མོའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཕྲེང་བ་འཆིང་བའི་ཚུལ་དུ་བྱེད་པ་ནི་ཕྲེང་བ་མའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཁ་ནས་ཚིག་དབྱུང་བའི་ཚུལ་དུ་ གྱེན་དུ་འདྲེན་པ་ནི་གླུ་མའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར་བསྐོར་བ་ནི་གར་མའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བདུག་པ་འབུལ་བའི་ཚུལ་དུ་ཐུར་དུ་ལྡུགས་པ་ནི་བདག་པ་མའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མེ་ཏོག་འབུལ་བའི་ཚུལ་གྱིས་ གྱེན་དུ་འཐོར་བ་ནི་མེ་ཏོག་མའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོང་གཉིས་གཤིབས་ཏེ་བསྒྲེང་བ་ནི་མར་མེ་མའི་དང་། རྡོ་རྗེ་ཁུ་ཚུར་གཉིས་རབ་ཏུ་བརྐྱང་ནས་རང་གི་སྙིང་གར་དྲི་བྱུང་པའི་ཚུལ་དུ་བྱེད་པ་ནི་དྲི་ཆབ་མའི་དང་། གཡས་པའི་རྡོ་ 12-10-19b རྗེ་ཁུ་ཚུར་གྱི་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཐེའུ་ཆུང་ལྕགས་ཀྱུ་ལྟར་བྱས་པ་ལ་བཅིངས་པ་ནི་ལྕགས་ཀྱུའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཁྲིག་མའི་རྒྱབ་སྦྱར་བ་ཞགས་པའི་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་ མོ་ལྕགས་ཀྱུ་འདྲ་བར་བྱས་ནས་ཁ་ནང་དུ་ཐད་ཀར་བཞག་ནས་ཕན་ཚུན་མདུད་ཅིང་མཐེའུ་ཆུང་གཉིས་སྦྲེལ་བ་ནི་ལྕགས་སྒྲོག་གི་དང་། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྒྱུར་ཏེ་བཙིར་བ་འབེབས་པའི་དང་། བསྐལ་བཟང་མན་ཆད་མགྲོན་ཐབས་པ་རྣམས་ ཀྱི་ལས་རྒྱ་ནི་གར་ལས་བྱུང་བའི་ཕྱག་མཚན་མེད་པའི་ཕྱག་ཆེན་ལྟར་བཅིང་བའོ། །ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པར་གྱུར། བཞི་པ་ཕྱག་ཆེན་ནི། ལུས་ཀྱི་ལྷ་སོ་སོའི་ཕྱག་ཆེན་བཅིང་ཞིང་ངག་ཏུ་ལྷ་ རང་རང་གི་སྙིང་པོ་བརྗོད་ཅིང་ཡིད་ཀྱིས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་དང་པོའི་རྡོ་རྗེ་རྩེ་ལྔ་པས་མཚན་པར་གྱུར། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཞེས་སོགས་སྔར་འཇིག་རྟེན་གསུམ་རྒྱལ་གྱི་སྐབས་སུ་བཤད་པའི་སྔགས་དང་ཕྱག་རྒྱས་ ལྷ་ཐམས་ཅད་ལ་རིགས་ལྔས་དབང་བསྐུར་རོ། །དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ནས་ལུས་ཀྱིས་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་གར་སྔོན་དུ་འགྲོ་བས་རྣམ་སྣང་གི་ལས་རྒྱ་བཅིང་། ངག་ཏུ། ཨོཾ་ན་ནོ་བྷ་ག་ཝ་ཏེ་སརྦྦ་དུརྒ་ ཏི་པ་རི་ཤོ་དྷཱ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨ་ར་ཧ་ཏེ་ས་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི། ཤོ་དྷ་ནི། སརྦྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ། བི་ཤུདྡྷེ། སརྦྦ་ཀརྨྨཱཿ ཨ་ཝ་ར་ཎཱ་བི་ཤོ་དྷ་ནེ་སྭཱ་ཧཱ། ཨོཾ་སརྦྦ་བིད་སརྦྦ་ཨཱ་ཝ་ར་ཎཱ་བི་ཤོ་དྷ་ན་ཧ་ན་ 12-10-20a ཧཱུཾ་ཕཊ། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས། ཟབ་གསལ་གཉིས་སུ་མེད་པ་ལ་སོགས་པ་ལམ་གྱི་རྟོགས་པ་མཐའ་དག་རྒྱུད་ ལ་སྐྱེ་བར་མཛད་དུ་གསོལ། ཞེས་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་རིགས་བཞིའི་ལས་རྒྱ་རིམ་པ་ལྟར་བཅིང་ཞིང་། ཨོཾ་ན་མོ་བྷ་ག་ཝ་ཏེ། ཞེས་སོགས་རྩ་རིག་དང་། ཨོཾ་སརྦྦ་བིད་ཧཱུཾ། སྦྱོང་བའི་རྒྱལ་པོ་དང་། ཨོཾ་སརྦྦ་བིད་ཕཊ། རྒྱལ་ མཆོག་རིན་ཆེན་དང་། ཨོཾ་སརྦྦ་བིད་ཨཱཿ ཤཱཀྱ་རིགས་དབང་དང་། ཨོཾ་སརྦྦ་བིད་ཏྲཊ། མེ་ཏོག་ཆེར་རྒྱས་ཏེ་དེ་བཞིན་གཤེགས་པ་རིགས་རྣམ་པ་བཞིས་ཀྱང་། ཟབ་གསལ་གཉིས་སུ་མེད་པ་ལ་སོགས་པ་ལམ་གྱི་རྟོགས་པ་མཐའ་དག་རྒྱུད་ ལ་སྐྱེ་བར་མཛད་དུ་གསོལ། དེ་བཞིན་དུ་ལུས་ཀྱིས་གར་སྔོན་དུ་འགྲོ་བའི་ལྷ་སོ་སོའི་ལས་རྒྱ་བཅིང་ངག་ཏུ་རྩ་རིག་དང་ལྷ་སོ་སོའི་སྔགས་བརྗོད་དེ་ནས་ལ་སྦྱར་བར་བྱའོ། །འཕྲིན་ལས་གཞན་འཚོལ་བ་ནི་གཞན་དུ་ཤེས་པར་བྱའོ། །དེ་ནས་ མཆོད་པ་རྣམས་ཚོགས་ཞིང་གི་སྐབས་སུ་བཤད་པ་ལྟར་བསང་སྦྱང་བསྐྱེད་བྱིན་གྱིས་བརླབ་པ་རྣམས་བྱས་ལ། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དབུལ་བ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་ དང་། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། ། 12-10-20b ཞེས་པའི་མཆོད་ཡོན་གྱི་གནས་སུ་ཞབས་བསིལ་ནས་རོལ་མོའི་བར་རྣམས་རིམ་པ་ལྟར་སྦྱར་བའི་ཚིས་བཅད་ཀྱི་མཇུག་ཏུ། སྔར་བཤད་པའི་སྔགས་ཕྱག་རྒྱ་དང་བཅས་པ་སྦྱར་ཏེ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ་དབུལ་ ལོ། །རོལ་མོ་ནི་ཡང་ན། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་ཡོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲ་ནི་རྣམས་སོ་སོར་གནས་གྱུར་ཅིག །ཅེས་སྔགས་དང་བཅས་པས་དབུལ་ལོ། །སྒེག་ སོགས་བརྒྱད་ཀྱི་མཆོད་པ་ནི། ལུས་ཀྱི་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་གར་སྔོན་དུ་འགྲོ་བས། ལྷ་མོ་རང་རང་གི་ལས་རྒྱ་རིམ་པ་ལྟར་བཅིངས་ལ། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། ཨོཾ་བཛྲ་ས་ཏྭ་སུ་སཾ་གྲ་ཧཱཾ། བཛྲ་ལཱ་སྱ། རྡོ་རྗེ་རིན་ ཆེན་བླ་ན་མེད། ཨོཾ་བཛྲ་རཏྣ་མཱ་ནུ་ཏྟ་རཾ། བཛྲ་མཱ་ལེ། རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། ཨོཾ་བཛྲ་དྷརྨཿ གཱ་ཡ་ནི། བཛྲ་གཱིརྟི། རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། ཨོཾ་བཛྲ་ཀརྨཱཿ ཀ་རོ་ད་བྷ་ཝེ། བཛྲ་ནྲྀ་ཏྱེ། ཞེས་པས་ནང་གི་སྒེག་སོགས་བཞིས་ ལུས་ཀྱི་ཉམས་ལ་སོགས་པས་མཆོད་པར་བསམ། བདུག་པ་མ་ལ་སོགས་བཞིའི་ལས་རྒྱ་བཅིངས་ལ་སྔར་གྱི་ཚིགས་བཅད་དང་སྔགས་དང་པོའི་རྗེས་སུ་བཛྲ་ཝ་སྱ་སོགས་ཀྱི་གནས་སུ། བཛྲ་དྷཱུ་པེ། བཛྲ་པུཥྤེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། ཞེས་པ་རྣམས་རིམ་པ་ལྟར་སྦྱང་བས་མཆོད་དོ། །བསྟོད་པ་ནི། རྡོ་རྗེ་ཐར་མོ་སྦྱར་བའམ་དྲིལ་སྟབས་དང་བཅས་པས། མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། ། 12-10-21a ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་ མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེ་དཔ་ཐུགས་རྗེའི་ཤུགས་ལས། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་ པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ནི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་ རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བསྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་ དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་སུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱས་པ་ཏེ། །ལན་ཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་ འགྲུབ་པར་འགྱུར། །ཞེས་པས་བསྟོད་དོ། །དེ་ནས་ལྷ་བསྒོམ་པ་ལ། རྣམ་པ་ལ་བསླབ་ཚུལ་ནི། རང་ལྷ་གང་དུ་བསྒོམ་པ་དེའི་སྐུའི་རྣམ་པ་རགས་པ་ཚང་བ་ཞིག་གསལ་བཏབ་ལ་དེ་ལ་བྱིང་རྒོད་དང་བྲལ་བར་བྱས་ཏེ་སེམས་བཟུང་། གསལ་ 12-10-21b བཏབ་པའི་ནང་ནས་བྱེ་བྲག་པ་ཞིག་ལྷག་པར་གསལ་ན་གང་གསལ་བ་དེ་ལ་སེམས་བཟུང་། དེ་མི་གསལ་ན་སྔར་བཞིན་སྤྱི་ལ་སེམས་བཟུང་ཞུང་། གང་ལ་གསལ་བཏབ་པ་ལས་གཞན་པའི་དམིགས་པ་གང་ཤར་ཡང་དེའི་རྗེས་སུ་མི་འབྲང་བར་སྔར་གྱི་དམིགས་པ་ ཉིད་བསྐྱང་། ལྷ་གཅིག་གི་སྐུའི་ཆ་ཕྲ་རགས་ན་བཟའ་རྒྱན་དང་བཅས་པ་ལགས་སྣོད་ཐོབ་ནས་སེམས་གནས་པ་རྙེད་པ་ན། ལྷ་གཉིས་པ་དང་སྦྲེལ་བ་སོགས་ཇེ་མང་ཇེ་མང་ལ་བཏང་ནས་མཐར་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཕྲ་རགས་ཐམས་ཅད་ལ་ མངོན་སུམ་དུ་མཐོང་བ་འདྲ་བའི་གསལ་སྣང་རྙེད་དུ་སྦྱང་ངོ་། །ང་རྒྱལ་ལ་བསླབ་ཚུལ་ནི། རང་ལྷ་གང་དུ་བསྒོམ་པ་དེ་དངོས་ཡིན་སྙམ་པའི་ངེས་པ་ཤུགས་ཅན་ཞིག་བསྐྱེད་པ་དང་། ངེས་པ་དེ་ཉིད་ལ་རྩེ་གཅིག་ཏུ་གནས་ཏེ་ཇི་སྲིད་ང་རྒྱལ་འགྱུར་བའི་ཏིང་ ངེ་འཛིན་རྙེད་རྙེད་དུ་སྦྱང་བ་གཉིས་ནི་གསལ་བ་ལ་སློབ་ཚུལ་ལོ། །དེ་ནས་དམིགས་པ་ལྷའི་འཁོར་ལོ་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་ངེས་པའི་སྟོང་པ་ཉིད་སྒོམ་ཚུལ་ནི། ཟབ་གསལ་གཉིས་མེད་ཀྱི་ལམ་འདི་བྱང་ཆུབ་ཏུ་བགྲོད་པའི་གནད་ཆེ་ ཤོས་ཤོ་ཞིག་ཡིན་མོད་ཀྱང་། ཞིབ་པར་གཞན་དུ་ཤེས་དགོས་པས་དེར་ཤེས་པར་བྱའོ། །དེ་ལྟར་ཇི་སྲིད་མི་སྐྱོ་བའི་བར་དུ་རྣམ་པ་དང་ང་རྒྱལ་ལ་བསླབ་པ་རེ་མོས་སུ་བསྒོམ་ཞིང་། སྐྱོ་ན། ལྷ་ཐམས་ཅད་ཀྱི་ཐུགས་ཀར་རང་རང་གི་ས་བོན་ལ་བཟླས་པའི་སྔགས་ མུ་ཏིག་གི་ཕྲེང་བ་ལྟ་བུས་བསྐོར་བཏུས་མཐའི་མེ་དང་འདྲ་བའི་འོད་ཟེར་ཅན་དང་། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་བྱུང་བར་གྱུར། ཨོཾ་སརྦྦ་བིད་སརྦ་ཨཱ་ཝ་ར་ཎཱ་བི་ཤྭ་དྷ་ན་ཧ་ན་ཧཱུཾ་ཕཊ། ཅེས་སོགས་བཟླའོ། །དེ་ཡང་དེ་བཞིན་གཤེགས་ 12-10-22a པའི་རིགས་ལ་སོགས་པ་ལ་ལག་པ་གཡོན་རྡོ་རྗེའི་ཁུ་ཙུར་སོགས་བཅིངས་ལ་གོས་ཀྱིས་གཡོགས་ཏེ་སྦ། གཡས་པོ་དེ་ཙེའི་ཕྲེང་བ་སྙིང་གར་བཟུང་ལ་མཛུབ་མོའི་རྩེ་ནས་མཐེ་བོང་གིས་དགུག་ཅིང་། ཧ་ཅང་མྱུར་བུལ་ ལ་སོགས་པ་བཟླས་པའི་ཁྱོན་དང་བྲལ་བར་མེ་ཏོག་གང་ཕོག་གི་ལྷ་དེའི་འབུམ་མམ། ཡང་ན་རྩ་རིག་འབུམ་དང་། འཁོར་གྱི་ལྷ་རྣམས་ཀྱི་ཕྲག་རེ་བཟླ་བར་བྱའོ། །ཐུན་མཚམས་བྱ་བར་འདོད་ན། ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་ པ་སྔགས་དང་ཕྱག་རྒྱ་ཙམ་གྱིས་མཆོད་དེ་བསྟོད་པ་རྒྱས་བསྡུས་གང་རུང་བྱས་ལ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། ཊྀ་ཌྷོ་མེ་གྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦྦ་སེངྡྷི་མྨེ་ པྲ་ཡཙྪ། སརྦྦ་ཀརྨཱཿ སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱ་ན། སརྦྦ་ཏ་ཐའ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱེ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཿ ཞེས་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ། གཙོ་བོ་ལས་མར་མེ་གཅིག་ ལས་གཉིས་ཆར་ཆད་ཀྱི་ཚུལ་གྱིས་གཉིས་པར་བྱེད་ལ། ཨོཾ་སརྦ་བིད་ཨོཾ། ཞེས་སོགས་འཇིག་རྟེན་གསུམ་རྒྱལ་གྱི་སྐབས་སུ་བཤད་པའི་སྔགས་དང་ཕྱག་རྒྱས་སྤྱི་བོ་མགྲིན་པ་སྙིང་ག་གསུམ་བྱིན་གྱིས་བརླབས་ལ་ཐུན་མཚམས་ཀྱི་བྱ་བ་ ལ་འཇུག་གོ། ཐུན་གཉིས་ལ་བབ་པ་ན། ཁྲུས་དང་ནེ་རེག་བྱ་སྟེ་ནང་དུ་ཞུགས་ལ་གཙོ་བོའི་དམ་རྒྱ་བཅིངས་ནས། ཛཿ ཧཱུཾ་བཾ་ཧོཿ ཞེས་བརྗོད་ཅིང་། གཙོ་བོ་དང་གཉིས་སུ་མེད་པར་གྱུར་སྔར་བཞིན་མཆོད་བསྟོད་རྒྱས་བསྡུས་གང་ 12-10-22b རུང་བྱས་ནས། སྒོམ་བཟླས་སྔར་བཞིན་བྱས་པའི་མཐར་ཡིག་བརྒྱས་བརྟན་པར་བྱ། ཐུན་གསུམ་པ་དང་བཞི་པ་ལ་འཇུག་པ་ནའང་དེ་བཞིན་དུ་བྱའོ། །ཐུན་དང་པོ་ལ་གཤེགས་འདོད་དམ་མི་འདོད་ནའང་བཞི་པའི་མཐར་གཤེགས་དགོས་པས་ མཆོད་བསྟོད་རྒྱས་བསྡུས་གང་རུང་བྱས་པའི་རྗེས་སུ། བཛྲ་སཏྭ། ཞེས་དང་། ཨོཾ་བཛྲ་སཏྭ་ས་མ་ཡ། ཞེས་སོགས་ཡི་གེ་བརྒྱ་པ་བཟླས་པས་བརྟན་པར་བྱས་ལ། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །ཞེས་སོགས་ཀྱིས་དགེ་བ་བསྔོས་ ལ། །བདག་གི་ཆོ་ག་མ་ཚང་བ་གང་དག་བགྱིས་པ་དེ་དག་བཟོད་པར་མཛོད་ཅིག །ཅེས་གསོལ་བ་བཏབ་ལ། ཨོཾ་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་ཕུལ་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་ དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བསྐུལ་ནས། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་མཉམ་སྟེ་གཤིབས་ལ་བསྒྲེངས་པས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྤྱི་བོ་ནས་ གྱེན་དུ་དགྲོལ་ཏེ། ཨོཾ་བཛྲ་སཏྭ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། སྔར་བཤད་པའི་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིངས་ནས། བཛྲ་ས་མཱ་ཛཿ དམ་ཚིགས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རང་ཉིད་ལ་ཐིམ་པར་གྱུར་པར་བསམས་ ལ། རང་ལྷའི་ང་རྒྱལ་གྱིས་ལངས་ཏེ། མཎྜལ་དབུལ་བ་དང་། གླེགས་བམ་ཀློག་པ་སོགས་བྱའོ། །ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནོ། །དེ་ལྟར་བསྙེན་པ་ལས་སུ་རུང་ནས། གཞན་གྱི་དོན་ལ་འཇུག་པ་ན། སྔར་གྱི་བདག་ 12-10-23a བསྐྱེད་སྐབས་ལྟར། ཐུགས་རྗེ་ཁྱབ་པའི་ཐུགས་དང་ལྡན་གྱིར་ཅིང་། ཞེས་པ་ནས། མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པའི་བར་གྱིས་སྐྱབས་འགྲོ་སེམས་བསྐྱེད་ལན་གསུམ་བྱས་ནས། ཨོཾ་སྭ་བྷཱ་ཝ་སོགས་ ཀྱིས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་ཧྲཱིཿ ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུ་གིས་མཚན་པ་ལས། རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཕྱག་གཡས་པའི་སོར་མོ་གསུམ་བསྒྲང་པའི་དབུས་མའི་རྩེ་མོ་ལ། དང་པོའི་རྡོ་རྗེ་རྩེ་ལྔ་པ་རང་ གི་ཐུགས་ཀར་གཏོད་པའི་ཚུལ་གྱིས་མཛིན་ཅིང་། གཡོན་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་ཁ་ནང་དུ་བསྟན་ཏེ་སྙེམས་པའི་ཚུལ་གྱིས་དཀུར་བརྟེན་པ། རབ་ཏུ་དགྱེས་པས་སྤྱན་གདངས་པ་ཞེས་པ་ནས། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན། ཞེས་པའི་བར་དང་། རང་ གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པ་དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་པར་བསམས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་སོགས་སྒོ་བ་བཞིའི་སྔགས་རྒྱས་སྔར་ལྟར་ དགུག་གཞུག་བྱས་ལ། ཨོཾ་སརྦྦ་བིད་ཨོཾ། ཞེས་སོགས་ཀྱིས་སྔར་ལྟ་གནས་གསུམ་བྱིན་གྱིས་བརླབ། སྤྲོ་ན་ཕྱག་རྒྱ་བཞིའི་རྒྱས་གདབ་བྱ། ཨོཾ་བུདྡྷ་ཨ་བྷི་ཥིཉྪ་ཨོཾ། ཞེས་སོགས་ཀྱིས་དབུ་བརྒྱན། སྔར་ལྟར་མཆོད་པ་བསང་སྦྱངས་ལ་སོགས་ བྱས་ལ། ཨོཾ་པྲ་ཝ་ར་སད་ཀ་རཾ་ཨརྒྷྷ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཤཔྟ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པའི་བར་གྱིས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། ། 12-10-23b ཞེས་པ་ནས། ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། ཞེས་པའི་བར་གྱིས་བསྟོད། སའི་ཆོ་ག་ལ་དང་པོ་ས་བསླང་པ་ནི། སྔོན་འགྲོ་གཏོར་མའི་སྐབས་ལྟར། གཏོར་མ་བྱིན་གྱིས་བརླབ་ལ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར། ན་མཿ སརྦྦ་ཏ་ཐཱ་ག་ཏེ་བྷྱོ། ཞེས་སོགས་ གསུམ་གྱིས་གཏོར་མ་ཕུལ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ། ཞེས་སོགས་ཀྱི་ཆ་གཉིས་ཉེར་སྤྱོ་ལྔ་རོལ་མོ་དང་བཅས་པས་སྔོན་འགྲོ་གཏོར་མའི་སྐབས་ལྟར་མཆོད་ནས། ས་ལ་རྒྱུ་བའི་ལྷ་ཀུན་དང་། གང་ཡང་ ས་ལ་བརྟེན་པ་རྣམས། །སེམས་ཅན་ཀུན་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །ཅེས་པས་འཕྲིན་ལས་བཅོས་ཞིང་ས་བསླང་། །གཉིས་པས་སྦྱང་པ་ནི། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་པ་ལན་བདུན་བཟླས་པའི་ཡུངས་ཀར་དང་། ཆུ་དང་ཐལ་བས་དབང་ལྡན་ནས་བརྩམས་ཏེ་དེ་ཉིད་བརྗོད་ཅིང་། གཡས་སྐོར་དུ་དཀྱིལ་འཁོར་གྱི་ས་གཞི་ལ་གཏོར་ནས། དེ་ཉིད་བརྗོད་ཅིང་བ་བྱུང་ལྔས་གཡས་སྐོར་དུ་བྱུགས་ལ། དྲི་ཞིམ་པོའི་ཆུ་ཀུ་ཤའི་རྩེ་མོས་གཏོར་རོ། །གསུམ་པ་ས་བཟུང་པ་ ནི། བླ་རེ་ལ་སོགས་པས་གནས་ཁང་བརྒྱན་ཏེ། དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་སྟེ། ལག་པ་གཡས་པ་ས་གནོན་གྱི་ཕྱག་རྒྱས་དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་རེག་ཅིང་། ཨོཾ་བཛྲ་སཏྭ་ཧཱུ། ཞེས་པ་དང་། ཨོཾ་བཛྲ་སཏྭ་ས་ མ་ཡ། ཞེས་སོགས་ཡི་གེ་བརྒྱ་པ་ལན་བདུན་བདུན་བརྗོད་ནས་གནས་འདིར་བཅོམ་ལྡན་འདས་ཀུན་རིག་རྣམས་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །ཞེས་བརྗོད་ཅིང་བློས་ཀྱང་བཟུང་ངོ་། །བཞི་པ་ས་བསྲུང་ཞིང་བྱིན་གྱིས་བརླབ་པ་ནི། བཛྲ་ 12-10-24a རཏྣ། ཞེས་བཟླ་ཞིང་གཙུག་ཏོར་བྱོན་པ་ལ་སོགས་པ་རང་ཉིད་ཆས་སུ་གཞུགས། མ་ཡ་སྟྭཾ། ཞེས་དཀྱིལ་འཁོར་གང་དུ་འདྲི་བའི་དབུས་སུ་སློབ་དཔོན་དང་སྒོ་སོ་སོར་སྒོའི་སློབ་དཔོན་རྣམས་འཁོད་དེ། གཡས་རྡོ་ རྗེ་བསྙེམས་པ་དང་བཅས་པས་བླངས་ཏེ་གསོར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་ལ། ཊཱཀྐི་ཧཱུཾ་ཛཿ ཊཱཀྐི་ཛཿ ཞེས་ལན་གསུམ་བརྗོད་དེ། རྡོ་རྗེ་དེ་རང་གི་སྙིང་གར་གཏོད་པའི་ཚུལ་གྱིས་འཛིན་ཅིང་། དྲིལ་བུ་ལག་པ་གཡོན་པའི་མཐིལ་དུ་བཞག་ ལ། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དེ་ཡང་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དེ་ཞུ་བ་ལས་བྱུང་བའི་རྡོ་རྗེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨཿ ལས་སྐྱེས་པའི་དྲིལ་བུ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྙེམས་མ་དཀར་མོ་རྡོ་རྗེ་རྩ་ལྔ་པ་གཉིས་དཀུར་བཟུང་ནས་བསྙེམས་པ་དང་བཅས་པ་དེ་ཞུ་བ་ལས་བྱུང་ བའི་དྲིལ་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲིད་པའི་བདག་པོ་དམ་པ་ཀུན་གྱི་མཆོག དབང་ཕྱུག་གི་དམ་པ་དེ་ཉིད་ཆོས་ཀྱི་མཆོག་གི་བཀའ་ཡང་དག་པ་སྩོལ་བར་མཛད་པ་ནི། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིས་ཀྱིས་སྲིད་བྲལ་ བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པའི་མཆོག་ནི་མཛད་པ་ཡིན། །ཞེས་བརྗོད་ནས་དྲིལ་བུ་གསིལ་ཞིང་། རྷརྨཱཿ ཨ། ཞེས་བརྗོད། རྡོ་རྗེ་སེམས་དཔའི་ཕྱག་ཆེན་བཅིངས་ལ། སྲིད་པའི་བདེ་བ་ཤིན་ཏུ་གྱུར། །སྡུག་བསྔལ་ 12-10-24b ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་ཤིན་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཞེས་བརྗོད་ ནས་དྲིལ་བུའི་ཞལ་གྱི་ཐད་དུ་རྡོ་རྗེ་འཕྲེང་བ་བཟུང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཐེག་པ་ཆེན་པོའི་ཆེན་པ་དམ་ཚིག་ཆེན་པོའི་སྦྱོར་བ་ནི་བཅོམ་ལྡན་འདས་དམ་ཚིག་གོ། ཞེས་བརྗོད་དེ། རྡོར་སེམས་ ཀྱི་ཕྱག་ཆེན་བཅིངས་ལ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དྲིལ་བུ་གསིལ་ཞིང་། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱ་དམ་ཚིག་ཅེས་སུ་བསྒྲགས། །ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ། །ཞེས་བརྗོད་དོ། །དེ་ ནས་སྔོན་འགྲོ་གཏོར་མ་སྔར་བཤད་པ་ལྟར་ཕུལ་ཏེ། ཧཱུཾ་ཙནྡ་ཚུལ་བདེན་པ་བདར་བ་ཡིས། །ཕྱོགས་སུ་གཏོང་བས་ཡོངས་སུ་དག་གྱུར་ཏེ། །མི་གཙང་དྲི་མའི་ཚོགས་རྣམ་དག་གྱུར་ནས། །དྲི་མེད་ཡོན་ཏན་དག་དང་ལྡན་པར་ཤོག ། ཨོཾ་སརྦྦ་སཾ་ཤོ་དྷ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ཅིང་དྲི་བཟང་གི་ཆུ་གཏོར། དེ་ནས། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་མཆོད་པ་བསང་སྦྱང་ནས་བཟླས་པའི་བར་བསྙེན་པའི་སྐབས་བཞི་རྫོགས་པར་བྱས་པའི་རྗེས་སུ། ནམ་མཁའ་ལ་དཀྱིལ་འཁོར་ པ་དང་བཅས་པའི་སངས་རྒྱས་བྱང་སེམས་བཞུགས་པར་བལྟས་ལ། བསྙམས་པ་དང་བཅས་པས་གཡས་རྡོ་རྗེ་གསོར། གཡོན་དྲིལ་བུ་གསིལ་ཞིང་། དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། ། 12-10-25a བདག་ནི་དམ་ཚིག་ལྷ་རྣམས་དང་། །མཉམ་པར་འགྱུར་བར་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པས། །བདག་ནི་ཕྱིར་མི་ལྡོག་པར་འགྱུར། །བདག་དེང་དེ་བཞིན་གཤེགས་པ་ཡི། །རིགས་སུ་སྐྱེ་བར་གདོན་མི་ཟ། །དེང་ བདག་ཉི་མ་དམ་པ་སྟེ། །བདག་ཉིད་མཆོག་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་དྲངས་པས། །དེང་བདག་འདུས་པ་མཆོག་ཡིན་ནོ། །ཞེས་བརྗོད་དེ་རང་སྤྲོ་བ་བསྐྱེད་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱ་ད་བན་དྷ་ནཾ་ཀ་རོ་མི། ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ ཡན་ལག་ལྔས་ཕྱག་བྱ། ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་གྱུར་པར་བསམས་ལ། བཛྲ་ཛི་ཧྭཱ། ཞེས་བརྗོད་པས་བྱིན་གྱིས་བརླབས་ནས། གཡས་སྤོས་སྣོད་ཐོགས་གཡོན་དྲིལ་བུ་གསིལ་ཞིང་། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ ལ་དགོངས། །བདག་མིང་ཆེ་གེ་ཞེས་བྱ་བ་བདག །རྣམ་པར་སྣང་མཛད་དཀྱིལ་འཁོར་བྲི། །སངས་རྒྱས་ཀུན་དང་གཤེགས་སུ་གསོལ། །དངོ་གྲུབ་འདིར་ནི་སྩལ་དུ་གསོ། །དཀྱིལ་འཁོར་ཆེན་པོའི་ལས་རྣམས་ནི། །ཅི་ནུས་བཞིན་དུ་རབ་ཏུ་བགྱི། །ཞེས་བརྗོད་པས་ སྙན་མནན། དེ་ནས་སྒོ་བཞིའི་སློབ་དཔོན་རྣམས་ཀྱིས་ཐུན་མོང་དུ་མཆོད་པ་བསང་སྦྱང་བྱས་ནས། ཤར་ནས་སྔགས་ཕྱག་རྒྱ་དང་བཅས་པའི་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ་དང་། ལྷོ་ནས་སྒེག་སོགས་བཞི་དང་ནུབ་ནས་བདུག་པ་མ་སོགས་བཞིས་ མཆོད། བྱང་ནས་མཉམ་མེད་མི་གཡོ། ཞེས་སོགས་ཀྱིས་བསྟོད། ཐུན་མོང་དུ་མཎྜལ་བཀོད་དེ། གུ་རུ་ཨི་དཾ་མཎྜལ་ཀཾ་ནཾརྱཱ་ཏ་ཡ་མི། ཞེས་པས་ཕུལ་ནས། སློབ་དཔོན་གཙོ་བའི་ང་རྒྱལ་གྱིས་གནས་པ་ལ། རྡོ་རྗེ་དྲིལ་སྟབས་དང་བཅས་པས་མགྲིན་ 12-10-25b གཅིག་ཏུ། མགོན་པོ་ཁྱེད་ལ་གསོ་བ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །དཀྱིལ་འཁོར་ཆེན་པོ་དམ་པ་ཡི། །ཆོ་ག་མཆོག་ནི་བཤད་པར་གསོལ། །ཞེས་ཐལ་མོ་སྦྱར་བས་ལན་གསུམ་གསོལ་བ་གདབ། རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ མཛུབ་མོ་བརྐྱང་ལ་རྩེ་མོ་སྦྱར་བ་འོག་ཏུ་ཕྱོགས་པས་སྤྱི་བོར་གཟུང་ཞིང་། ཧཱུཾ་བཛྲ་ཨུ་ཏིཥྛ། ཞེས་བརྗོད་པས་བསྒོམས་པའི་དཀྱིལ་འཁོར་ནམ་མཁར་བཏེག་གོ། དེ་ནས་སློབ་དཔོན་སྐྱིལ་ཀྲུང་བཤིག་ལ་ལངས་ཏེ་ཤར་དུ་ཕྱོགས་པས་མཉམ་པའི་རྐང་སྟབས་ བྱས་ལ་མགོ་བོར་ཐལ་མོ་སྦྱར་ནས། ཨོཾ་པྲ་ན་མ་མི་སརྦྦ་ཏ་ཐཱ་ག་ཏ་ན། ཞེས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ལ། སེམས་ཅན་མ་རིགས་པའི་མིན་པས་བསྒྲིབས་ཤིང་བདུད་ཀྱི་དབང་དུ་སོང་བ་རྣམས་ཀྱི་བདུད་བསལ་བའི་ཕྱིར་དུ། རང་ ཉིད་གཙོ་བོ་ལས་ཕྱེ་བའི་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞིའི་རང་པོ་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ། འོག་མ་གཉིས་པདྨ་དང་ཞགས་པ་འཛིན་པ་གཡོན་བརྐྱང་བྱས་ལ། གཡས་བསྐུམ་ཞིང་གཡོན་ བརྐྱང་པའི་སྟབས་ཀྱིས་བཞུགས་པའི་མིག་གཡས་པ་མ་ལས་ཉི་མ། གཡོན་ཕཊ་ལས་ཟླ་བ། མིག་འབྲས་གཉིས་སུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དང་བཛྲ་དྲིཥྚས་མཚན་པར་གྱུར། གཡོན་བརྐྱང་གིས་དབང་ལྡན་དུ་ཕྱོགས་ལ། ཨོཾ་ཀྲེ་དྷ་དྲིཥྚི་ཧྲཱིཿ ཞེས་དཔལ་ལྡན་ནས་ དབང་ལྡན་མཐོང་གི་བར་དུ་ཁྲོ་བོའི་རྡོ་རྗེའི་ལྟ་བས་གཡོན་སྐོར་དུ་བལྟ་ཞིང་། སླར་ཡང་དེ་བཞིན་དུ་གཡས་སྐོར་དུ་བལྟས་པས་བགེགས་ཐམས་ཅད་བསྐྲད་པར་བསམ། དེ་ནས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ་ང་རྒྱལ་བཟུང་བ་ནི། བདག་ནི་རང་ 12-10-26a ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །བདག་ནི་ཕྱག་ན་རྡོ་རྗེ་བསྟན། །བདག་ནི་བདག་པོ་རྡོ་རྗེ་ཆེ། །དེང་བདག་རྡོ་རྗེ་སེམས་དཔར་གྲུབ། ། ཅེས་བརྗོད་དོ། །རྐང་མཐིལ་གཉིས་སུ་ཨཿཨཿ ལས་བྱུང་པའི་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་འབར་བ་རེ་རེས་མཚན་པར་གྱུར། ཧཱུཾ་ཞེས་བརྗོད་ཅིང་རྡོ་རྗེའི་འགྲོས་སམ་གང་ཡང་རུང་བས་དབུས་ནས་དབང་ལྡན་དུ་སོང་སྟེ། གཡས་སྐོར་ དུ་ལན་གཅིག་བསྐོར་ལ་དབང་ལྡན་ནས་ཁ་ནང་དུ་ཕྱོགས་ཏེ། རི་རབ་ཀྱི་རྩེ་ནས་རླུང་གི་དཀྱིལ་འཁོར་གྱི་བར་དུ་སན་ཚོགས་རྡོ་རྗེའི་རང་བཞིན་དུ་གྱུར། ཞེས་བརྗོད་ཅིང་དེ་ལྟར་བསམ་མོ། །དེ་ནས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་ཕ་རི་ཝཱ་ར་བཛྲ་ས་མཱ་ ཛཿ་ཧཱུཾ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །ཅེས་སོགས་ཁྲོ་བོ་སྤྱན་དྲངས་པ་ནས་བགེགས་ལ་བཀའ་བསྒོ་བ་དང་། བསྣུན་སྲེག་བཅིང་གསུམ་ནས། ཨོཾ་བཛྲ་བནྡྷ་པཾ། ཞེས་པའི་བ་སྔགས་ཕྱ་རྒྱ་དང་བཅས་པས་སྔར་བཞིན་སྲུང་ འཁོར་བསྒོམས་ནས། ཕུར་བུ་ལྔ་དབུས་དང་མཚམས་བཞིར་བཀོད་དེ། སྔར་ལྟར་བསང་ཞིང་། ཨོཾ་ཤཱུ་ནྱ་ཏཱ། ཞེས་སོགས་ཀྱིས་སྦྱངས་ལ། ཕུར་བུ་རྣམས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལྔའི་ སྟེང་དུ་ཧཱུཾ་ལྔ་ཡོངས་སུ་གྱུར་པ་ལས། དབུས་ཀྱི་ཕུར་བུ་ཁྲོ་བོ་མཐའ་ཡས་སེར་པོ་ཞལ་གཅིག་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། བྱང་ཤར་གྱི་ཕུར་བུ་ཁྲོ་བོ་རྣམ་རྒྱལ་སྔོན་པོ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པ། 12-10-26b ཤར་ལྷོའི་ཕུར་བུ་ཁྲོ་བོ་སྤྲིན་སྒྲ་ནག་པོ་གཡས་རལ་གྲི་གཡོན་ཞགས་པ་འཛིན་པ། ལྷ་ནུབ་ཀྱི་ཕུར་བུ་ཁྲོ་བོ་གསུས་པོ་ཆེ་སྔོན་པོ་གཡས་རྡོ་རྗེ་བེ་ཅོན། གཡོན་སྡིགས་མཛུབ་ཞགས་པ་དང་བཅས་པ་ནུ་མར་འཛིན་པ། ནུབ་བྱང་གི་ཕུར་བུ་ཁྲོ་བོ་རྒྱལ་བ་ དམར་པོ་གཡས་རྡོ་རྗེ་གཡོན་སྡིགས་མཛུབ་ནུ་མར་འཛིན་པ། ཐམས་ཅད་ཀྱི་ལྟེ་བ་མན་ཆད་མདུང་རྩེ་གཅིག་པའི་དབྱིབས་ཅན་གྱི་ཕུར་བུ་མེ་དཔུང་རབ་ཏུ་འབར་བར་གྱུར། ཨོཾ་བཛྲ་ཀཱཾ་ལི་ཀཱཾ་ལཱ་ཡ་སརྦྦ་བིགྷྣན་བན་དྷ་ཧཱུཾ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་ནས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཕུར་བུ་བཟང་ལ། གཡས་རྡོ་རྗེའི་ཐོབ་བླངས་ཏེ། ཧཱུཾ་ཞེས་བཟློས་ཤིང་དབང་ལྡན་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་གྲྭ་བཞི་དང་། དབུས་སུ་ཕུར་བུ་བཙུགས་ནས། ཨོཾ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦྦ་དུཥྚཾ་ཕཊ། ཀཱི་ལཱ་ཡ་ཀཱི་ལཱ་ཡ་ སརྦྦ་པཱ་པཾ་ཕཊ། བཛྲ་ཀཱི་ལཱ་ཡ་བཛྲ་དྷ་རོད་ཨཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེའི་ཐོ་བའམ་མེད་ན་གཡས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་ཕུར་བུའི་མགོ་ནས་བརྡུང་ཞིང་། བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཕུར་བུ་བཏབ་པས་ལུས་ངག་ ཡིད་གསུམ་གཡོ་འགུལ་མེད་ཅིང་། སྟེང་འོག་དང་ཛར་ཀར་ཁོར་ཡུག་ཆེན་པོའི་བར་དུ་འགྲོ་བ་ཐམས་ཅད་བགེགས་དང་བྲལ་བར་གྱུར། ཞེས་བརྗོད་ཅིང་དེར་བསམ་མོ། །དེ་ནས་འོག་ནས་འབྱུང་བ་ལྟར་ལས་ཐམས་ཅད་པའི་བུམ་པ་བསྒྲུབ་པར་ བྱའོ། །དེ་དག་ནི་སའི་ཆོ་གའོ། །དེ་ནས་ལྷག་གནས་ལ། སའི་ལྷ་མོ་སྟ་གོན་ནི། གྲུབ་ན་གཞན་ནས་འབྱུང་བ་ལྟར་བྱའོ། །ལྷ་སྟ་གོན་ནི། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་ལས་ཐམས་ཅད་པ་བཟླས་པའི་དྲིའི་ཆུས། དཀྱིལ་འཁོར་གྱི་ས་གཞི་ 12-10-27a བསང་ཞིང་བྱུག་པ་ལ་སོགས་བྱས་པ་ལས་ཀྱི་ཐིག་སྐུད་དཀར་པོ་སུམ་སྒྲིལ་ལག་པས་བཟུང་བའི་ཆ་མ་གཏོགས་སྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་སྡོམས་སུ་སྒོའི་ཉི་ཤུ་ཆ་དྲི་བཟང་པོའི་ཆུ་དང་ཕྱིའི་བདུད་རྩི་ལྔ་དང་པ་ བྱུང་ལྔས་བྱུགས་ཏེ། གསེར་ལ་སོགས་པའི་སྣོད་དུ་བཞག་ལ། བསང་སྦྱངས་སྔོན་དུ་འགྲོ་བས་རྡོ་རྗེ་གནོད་སྦྱིན་དུ་བསྐྱེད། ཡེ་ཤེས་མ་དགུག་བཞུག་ཎེ་དང་མཆོད་ཅིང་བསྟོད་ལ། ལག་པ་གཡས་པས་རེག་ཅིང་ལས་ཐམས་ཅད་པ་བཟླས་ཏེ་ བསྲུང་བར་བྱའོ།། དེ་ཉིད་བཟླས་པའི་ཕྱིའི་བདུད་རྩི་ལྔ་དང་ཡུངས་ཀར་དང་དྲིའི་ཆུས་གཏོང་ལ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་ཅིང་། ཨོཾ་བཛྲས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་བཟླས་ནས། ཨོཾ་ཨཱཿ ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས་པས་ ལྷག་གནས་བྱས་ལ་ནམ་མཁར་གདབ་པ་མ་གཏོགས་ཐིག་གི་སྐོར་ཕྱོགས་དང་སློབ་དཔོན་གྱི་སྡོད་ས་ཁ་བལྟ་ཕྱོགས་སོགས་ཡེ་ཐིག་གི་སྐབས་ནས་འབྱུང་བ་ལྟར་བྱས་ལ་ཡི་གེ་གསུམ་བཟླ་ཞིང་ལས་ཐིག་རྫོགས་པར་གདབ་པའི་ཚུལ་ནི། ཤར་སོགས་ ཕྱོགས་ཀྱི་ཐིག་ལེའི་སྟེང་། སྲད་བུས་བཟུང་ནས་མཎྜལ་བཞིས། །ཉ་ཡི་མགོ་དང་མཇུག་མའི་མཐར། །ཚངས་ཏིག་དང་ནི་ཟུར་ཐིག་གདབ། །ཟུར་དེ་སྒོ་ཚད་བདུན་དང་ཕྱོགས། །འོད་ཕྲེང་མཐའ་ནས་མཐའ་ཡི་བར། །ཚད་མཉམ་ཆ་དགུར་བགོ་བ་ནི། །མི་ རུང་ཕྱིར་དང་ཕྱི་མ་གཉིས། །ཚད་མཉམ་བརྒྱད་ཀྱི་ཆ་རེ་དང་། །མཉམ་ཕྱིར་ཆ་བདུན་བགོས་པ་དང་། །ཆ་དགུར་གསུངས་པ་མི་འགལ་བས། །ཚངས་པའི་དབུས་ནས་འོད་ཕྲེང་མཐར། །རིམ་བཞིན་ཚད་མཉམ་བཞི་དང་ནི། །བཞི་ཆའི་ཕྱེད་དུ་ 12-10-27b བགོས་པ་ཡི། །དང་པོ་གཉིས་པའི་གནས་སུ་ནི། །རིམ་བཞིན་མདའ་ཡབ་ཐིག་གཉིས་གདབ། །ཚད་མཉམ་བརྒྱད་ཀྱི་ཆ་རེ་ནི། །ཆ་མཉམ་གསུམ་དུ་བགོས་པ་ཡི། །སུམ་ཆ་སྒོ་ཡི་ཚད་ཡིན་ཏེ། །སྒོ་ཁྱུད་དག་ཀྱང་དེ་བཞིན་ནོ། །ཚད་མཉམ་དང་པོའི་སུམ་ གཉིས་དང་། །གཉིས་པའི་སུམ་ཆ་དང་པོར་ནི། །རིམ་བཞིན་རྩ་བའི་ཐིག་གཉིས་གདབ། །རྩ་བའི་ཕྱིར་རོལ་གཅིག་དང་གཉིས། །གཅིག་གཉིས་གཅིག་དང་གཅིག་གི་མཐར། །ཐིག་དྲུག་ཟུར་ནས་ངོས་སུ་སྟེ། །ཚངས་ལས་རིམ་གྱིས་རིང་བ་ནི། །ཆ་ཆུང་ གསུམ་དུ་དང་པོའི་ཐིག །གཉིས་ཐིག་ཆུ་ཆུང་གཉིས་རྩེར་རེག །ཆ་ཆུང་བརྒྱད་དུ་གསུམ་སྟེགས་བུའི། །ཐིག་ལས་དྲང་པོའི་ཐིག་བཞི་སྟེང་། །གསུམ་ནི་ཆ་ཆུང་ལྔ་བཞི་པ། །ཆ་ཆུང་བཞི་དེའི་དང་པོ་ནི། །ངོས་ཐིག་རྩེ་མོར་ཡང་དག་རིག །གསུམ་ནི་ཆ་ ཆུང་རེ་རེའི་བར། །བཞི་པའི་རྩེ་ནས་ངོས་སུ་ཐིག །ཆ་ཆུང་བཅུ་དང་ལྡན་པའོ། །རྩ་བའི་རྩེ་ནས་བྱུང་བའི་ཐིག། །ཆ་ཆུང་བཞི་པ་ངོས་སྟེང་དུ། །ཆ་ཆུང་གཉིས་གཉིས་ཐད་ཀར་ནི། །ཆ་ཆུང་བརྒྱད་དེ་གསུམ་འཁྱོག་པ། །དཀྱིལ་འཁོར་ནང་མའི་ཁྱད་ པར་ནི། །ཆ་ཆུང་ལྔ་རུ་གསུམ་སྟེགས་བུའི། །ཐིག་ལས་དྲང་པོའི་ཐིག་གཅིག་གོ། དེ་ནི་ཆ་ཆུང་ལྔ་པ་སྟེ། །ངོས་ཐིག་རྩེ་མོར་ཡང་དག་རེག །དེ་ཡི་རྩེ་ནས་ངོས་སུ་ཐིག །ཆ་ཆུང་བཅུ་དང་ལྡན་པའོ།། རྩ་བའི་རྩེ་ནས་བྱུང་བའི་ཐིག །ཆ་ཆུང་བཞི་པ་ ངེས་སུ་གཉིས། །སྟེང་དུ་གསུམ་སྟེ་ཐད་ཀར་ནི། །ཆ་ཆུང་བརྒྱད་དེ་གསུམ་འཁྱོག་པ། །དེ་ཕྱིར་ཕྱི་མའི་ཁྱམས་ལ་ནི། །ཆ་མཉམ་གསུམ་དུ་བགོ་བར་བྱ། །ཀ་བའི་རྩེ་ནས་ཕྱི་ངོས་སུ། །ཆ་ཆུང་རེ་རེ་ངོར་བར་ཐིག །བཅུ་གཅིག་འདི་ལ་ལྔ་པ་དང་། ། 12-10-28a བདུན་པ་ཆ་ཆུང་ཕྱེད་དང་གཉིས། །དེ་ལ་ཕྱོགས་གཉིས་སུ་ནི་རྒྱར། །ཚངས་པའི་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་མདའ་ཡི་མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ ཆུང་དྲུག་མཐར་གཉིས་པ་དང་། །གསུམ་པ་ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་མཐར་བཞི་པ་ནི། །ཆ་ཆུང་ལྔ་སྟེ་ཟླ་ཕྱེད་བཅས། གསུམ་དོར་ནས་ནི་ཕྱེད་དང་ལྔ། །གསུམ་ནས་དྲུག་པ་ཆ་ཆུང་ལྔ། །བཞི་ནི་ཆ་ཆུང་བདུན་རྣམས་ཏེ། །ཐིག་བཅུ་ གཅིག་པ་ཆ་ཆུང་ལྔ། །སྣམ་བུ་ལྔ་པའི་སྟེང་གི་ནི། །ངོས་སུ་ཆ་ཆུང་ཕྱེད་དང་བཞི། །བདུན་པའི་འོག་ལ་ཆ་ཆུང་གསུམ། །སྟེང་ནི་ཆ་ཆུང་དྲུག་སྟེང་དུ། །སྣམ་བུ་རྣམས་མཐར་སོན་པའི་ཐིག །གཞན་གྱི་མཐའ་དང་ལྷན་ཅིག་སྟེ། །ཀྱོག་པོ་གཅིག་ གོ་འདི་ནང་དུའང་། །ཆ་ཆུང་ཕྱེད་ནས་དེ་བཞིན་གཞན། །ཚངས་དང་མདའ་ཡབ་ཐིག་ཕྲད་ནས། །ཆ་ཆུང་བཞི་དང་བཞི་གསུམ་ནི། །སོང་བར་ཆ་ཆུང་དགུ་དང་ནི། །བཞི་ཆས་གཡས་གཡོན་ཕྱི་རྭ་སྐོར། །མདའ་ཡབ་ཚངས་ལས་ཆ་ཆུང་ནི། །ཕྱེད་ བཅས་གསུམ་ནས་ཐད་ཀར་གཡས། །དྲུག་ནས་ཕྱེད་བཅས་བཅུ་གཉིས་ཀྱིས། །གཡོན་པ་སྐོར་གཡས་པ་དེ་ལས་ལྡོག། །དེ་ཕྱིར་ཆ་ཆུང་རིག་བྱེད་མཐར། །ཐིག་ཟླུམ་དེ་ནས་བཞི་ཡིན་ཏེ། །སྒོ་ཕྱེད་དང་གཉིས་དང་ཕྱེད། །སྒོ་ཚད་གཅིག་ནི་ དོར་བར་རོ། །དབུས་ཀྱི་དཀྱིལ་འཁོར་ཐིག་གདབ་པ། །ཚངས་པའི་དབུས་ནས་ཆ་ཆུང་ནི། །བཅོ་ལྔའི་མཚམས་ནས་ནང་དུ་ནི། །ཆ་ཅུང་གཅིག་དང་བཞི་དང་ནི། །གཅིག་དང་གཅིག་མཐར་ཟླུམ་ཐིག་ལྔ། །ཚངས་ལས་ཕྱེད་གསུམ་གཅིག་སོང་ 12-10-28b བར། །ཟླུམ་ཐིག་ནང་མའི་མཐའ་ནས་མཐར། །རིམ་བཞིན་ཐིག་བརྒྱད་གདམ་པར་བྱ། །འཁོར་ལོའི་རྩིབས་ཀྱི་ས་ཡི་ཆ། །ཚངས་དང་ཟུར་ཐིག་གིས་བཅད་པའི། །བར་སྟོང་བརྒྱད་རྣམས་ཕྱེད་ཕྱེད་བགོ། རེ་རེའང་འཁོར་ལོའི་རྩིབས་རེ་སྟེ། །ནང་གི་ཟླུམ་སྐོར་ བཞི་ཆར་བགོ། ཕྱི་མའང་དེ་ཡི་ཚད་ཀྱིས་བགོ། ནང་མའི་ཆ་གཅིག་མཚམས་ནས་ཐོན། །སྒོ་ཚད་གཅིག་གི་དབུས་སོང་སྟེ། །ཕྱི་ཟླུམ་བཞི་ཆ་ལྷག་ལུས་པའི་མཚམས་སུ་ཡང་དག་སོན་པའོ། །འདི་ནང་དུའང་ཆ་ཆུང་ཕྱེད། །དོར་ནས་དེ་བཞིན་གཞན་ བྱ་སྟེ། །ཆོས་ཀྱི་འཁོར་ལོ་འདྲ་བའི་རྩིབས། །བཅུ་དྲུག་ལྡན་པའི་ཐིག་གདབ་བོ། །ཞེས་པའི་སྐོར་ཐིག་རྣམས་ནི། ཕུར་བ་བསངས་སྦྱངས་ལ། ཧཱུཾ་ལས་བྱུང་བའི་སེང་ལྡེང་གི་ཕུར་བུ་སྟེང་རྡོ་རྗེ་རྩེ་ལྔ་པ་འོག་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་དུ་གྱུར་པར་ བསམས་ལ། སྔར་བཤད་པའི་ཕུར་བུའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་བརྡུང་བའི་སྔགས་ཀྱིས་དཀྱིལ་འཁོར་གྱི་དབུས་སུ་བཏབ་ལ་སྲད་བུ་ཉིས་བལྟབ་ཏུ་བཏགས་ལ། དབང་ལྡན་ནས་བརྩམས་ཏེ་གཡས་སྐོར་དུ་བསྐོར་རོ། །ཐིག་ཐེབས་པ་དང་ ལག་པས་རྡོར་དྲིལ་བཟུང་ལ་འོག་ནས་འབྱུང་བའི་སྔགས་དང་ཕྱག་རྒྱས་ཕུར་བུ་ཕྱུང་སྟེ། རང་གི་ལག་གི་རྡོ་རྗའི་དབུས་སུ་ཐིམ་པར་གྱུར་པའང་། ཡང་ན་དགྲ་བགགས་ཀྱི་ལུས་ལ་ཟུག་པར་བསམ་མོ། །ཕུར་བུ་དངོས་སུ་མེད་ནའང་བསམ་གཏན་གྱིས་ དེ་ལྟར་བསྐྱེད་ལ་བྱའོ། །དེ་ནས་སྔར་ནམ་མཁར་བཏེག་པའི་རྟེན་གྱི་དཀྱིལ་འཁོར་དམིགས་པས་ཕབ་ནས། སརྦྦ་བིད། ཅིས་བརྗོད་ཅིང་དྲི་བཟང་གིས་གཙོ་བོ་ལྔའི་གནས་སུ་གྲུ་བཞི་དང་། སྤྱན་མ་ནས་ཁོར་ཡུག་པའི་བར་གྱི་རང་རང་གི་སྙིང་པོ་བརྗོད་ཅིང་། 12-10-29a ལྷ་རང་རང་གི་གནས་རྣམས་སུ་དྲིའི་ཐིག་ལེ་ཟླུམ་པོ་བྱའོ། །དེ་ལྟར་བྱས་ནས། རྟེན་གྱི་དཀྱིལ་འཁོར་གསལ་བདག་པའི་ཚུལ་ནི། རང་གི་མདུན་དུ་ནམ་མཁའ་ནས་རྟེན་གྱི་གཞལ་ཡས་ཁང་གནས་པར་གྱུར་པ་ནི། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕྱིའི་གཞལ་ཡས་ཁང་དང་། དེའི་ཕྱེད་ཀྱི་ཚད་དུ་ནང་གི་གཞལ་ཡས་ཁང་ཞེས་པ་ནས། ལྟེ་བ་མུ་ཁྱུད་དང་བཅས་པ། དེའི་དབུས་སུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། ཞེས་པ་ནས། བྱང་དུ་མཁའ་ལྡིང་རྣམས་ ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི། ལྷ་རྣམས་ཀྱི་གནས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར། ཞེས་པའི་བར་སྔར་བཞིན་བྱས་ལ། བརྟན་པའི་དཀྱིལ་འཁོར་བསྐྱེད་པའི་ཚུལ་ནི། དབུས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སརྦྦ་བིད་ཡོངས་སུ་གྱུར་པ་ལས་ བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ། ཞལ་བཞི་དཀར་པ། ཞེས་པ་ནས་ཉི་མའི་འོད་ཀྱི་རྒྱབ་ཡོལ་མདའ་བ། ཕྱོགས་བཞིའི་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ་བརྦྦ་བོད་བཞི་ཡོངས་སུ་གྱུར་པ་ལས་ཤར་དུ་ངན་སོང་ཐམས་ཅད་ཡོངས་ སུ་སྦྱོར་བའི་རྒྱལ་པོ། ཞེས་སོགས་སྔར་ལྟར་བརྗོད་ཅིང་བསྒོམ་པར་བྱའོ། །དེ་བཞིན་དུ་ཁོར་ཡུག་པའི་བར་རྣམས་ལྷ་རང་རང་གི་སྙིང་པོ་ལས་བདག་བསྐྱེད་ཀྱི་སྐབས་ལྟར་བསྐྱེད་ནས། ཐམས་ཅད་ཀྱི་གནས་གསུམ་དུ་ཡི་གེ་གསུམ་དང་རང་རང་གི་ཐུགས་ ཀར་ཟླ་བ་ལས་ས་བོན་དགོད་པ་སོགས་བྱས་ལ། ལྷ་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ནམ་མཁར་བཏེག་པའི་བརྟེན་པ་ལྷ་རྣམས་སྤྱན་དྲངས་པར་བསམས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ནམ་མཁར་བཏེག་པའི་ཡེ་ཤེས་པ་ 12-10-29b རྣམས་རང་རང་གི་དམ་ཚིག་པ་རྣམས་དང་གཉིས་སུ་མེད་པར་གྱུར། ཨ་བུདྡྷ་ཨ་བྷི་ཥི་ཉྩ་ཨོཾ། ཞེས་སོགས་སྔར་བཤད་པའི་སྔགས་དང་ཕྱག་རྒྱས་རིགས་ལྔས་དབང་བསྐུར་ནས་མཆོད་པ་རེ་རེའང་ལྷ་གྲངས་དང་མཉམ་པའམ། བཅུ་ལས་མི་ ཉུང་བར་བྱས་ལ་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་ལ་སོགས་པས་མཆོད་ལ་བསྟོད་པ་བརྒྱས་བསྡུས་གང་རུང་བྱའོ།། ཡང་ན་སྟ་གོན་གྱི་ལྷ་བསྐྱེད་ཚུལ་ནི། ལྷ་རང་རང་གི་སྔགས་བདུན་བདུན་བརྗོད་ཅིང་དྲི་བཟང་གི་ཐིག་ལེ་སྔར་ལྟར་བྱས་ལ། བསྙེན་པའི་སྐབས་བཞིན་ཆོ་ག་གསུམ་གྱིས་ལྷ་ཐམས་ཅད་བསྐྱེད་ལ། ཡི་གེ་གསུམ་དགོད་པ་ནས་བསྟོད་པའི་བར་བྱའོ། །བུམ་པ་སྟ་གོན་ནི། མགུལ་ཆིངས་ཁ་རྒྱན་ལ་སོགས་པ་སྤྱི་དང་མཐུན་པར་བཤམས་ལ། བུམ་པ་ལྔ་བྱེད་ན་དབུས་ ཀྱི་བུམ་པར་གཙོ་བོ་དང་། ཕྱོགས་བཞིའི་བུམ་པར་རང་རང་གི་ཕྱོགས་མཚམས་ཀྱི་རྩ་བའི་ལྷ་རྣམས་བསྐྱེད་པ་ནས་མཆོད་བསྟོད་ཀྱི་བར་བྱའོ། །བུམ་པ་གཉིས་ལས་མེད་ན། བསངས་སྦྱངས་ལ། སྟོང་པའི་ངང་ལས། བཾ་ལས་བྱུང་བའི་བུམ་ པ་དཀར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཨོཾ་ཏཱཔྟེ་ཏཱཔྟེ་མ་ཧ་ཏཱ་པྟ་སྭཱ་ཧཱ། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མེད་པར་གྱུར། རྣམས་རྒྱལ་བུམ་པའི་ ནང་དུ། པད་ཟླའི་གདན་སུམ་ཅུ་སོ་བདུན། དབུས་ཀྱི་གདན་ལ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས། བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ། ཞེས་པ་ནས་འབེབས་པའི་བར་ཆོ་ག་གསུམ་གྱིས་བསྐྱེད་པ་ནས། ལས་བུམ་གྱི་ 12-10-30a ནང་དུ། པད་ཟླའི་གདན་ལ། ཀྵི་ལས་མཆེ་བ་ཀྵཾ་གིས་མཚན་པ་ལས། རྡོ་རྗེ་གནོད་སྦྱིན་སྐུ་མདོག་ནག་པོ། ཞེས་སོགས་སྔར་བཞིན་བསྐྱེད་ལ། ལྷ་ཐམས་ཅད་ཀྱི་གནས་གསུམ་དུ་ཡི་གེ་གསུམ་དགོད་པ་ནས་མཆོད་ བསྟོད་ཀྱི་བར་སྔར་བཞིན་བྱས་པའི་རྗེས་སུ་བཟླས་པའི་སྔགས་ཀྱིས་བསྐོར་བའི་ལྷ་རང་རང་གི་ཐུགས་ཀའི་ས་བོན་ལས་ལྷའི་ཚོགས་འོད་འཕྲོས། འགྲོ་བའི་དོན་བྱས། སླར་འདུས་ནས་རང་རང་གི་ཐུགས་ཀའི་ས་བོན་ལ་ཐིམ་པར་གྱུར་པར་བསམས་ལ། རང་རང་གི་དམ་རྒྱས་གཟུངས་ཐག་བཟུང་ལ། དུང་ཆོས་ལ། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ། ཞེས་སྟོང་རྩ་བརྒྱད། རྣམ་རྒྱལ་བུམ་པ་ལ་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད། གཞན་རྣམས་ཀྱིས་སྔགས་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་རེ། ལས་བུམ་ལ། ཨོཾ་ བཛྲ་ཡཀྵ་ཧཱུཾ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་ལ། ཐམས་ཅད་ལ་ཐུན་མོང་དུ་རྩ་རིག་བརྒྱ་རྩ་བརྒྱད་བཟླས་པའི་རྗེས་སུ། གཙོ་བའི་སྔགས་དང་། ཧཱུཾ་བདུན་བཟླས་ལ་དུང་ཆོས་ཀྱིས་བུམ་པ་གཉིས་ཀར་མཆོད་ཡོན་དང་ལས་ཐམས་ཅད་པས་མེ་ཏོག་ དཀར་པོ་གསུམ་གསུམ་ཕུལ་ནས། མེ་ཏོག་ནས་རོལ་མོའི་བར་གྱིས་མཆོད་ལ་ལས་ཐམས་ཅད་པ་བརྗོད་ཅིང་ལས་བུམ་གྱི་ཆུ་གཏོར་ཏེ། ཇི་སྲིད་དུ་དཀྱིལ་འཁོར་གྱི་བྱ་རྣམས་མ་རྫོགས་པ་དེ་སྲིད་དུ་བགེགས་རྣམས་བཟློག་པར་མཛོད་ཅིག།། ཅེས་གསོལ་བ་བཏབ་ནས། ལག་པས་བུམ་པ་ལ་རེག་ལ་བསྟོད་པ་རྒྱས་བསྡུས་གང་རུང་བྱའོ། །རང་ཉིད་བདག་འཇུག་ལེན་པའམ། གཞན་ལ་དབང་བསྐུར་བ་ཡིན་ན་སྔར་ལྟར་བུམ་པའི་བསྐྱེད་ཆོག་བཟླས་པ་དང་བཅས་པ་ཉིན་རེ་བཞིན་ཐུན་གསུམ་ 12-10-30b མམ་མ་མཐའང་ལན་རེ་བྱའོ། །སློབ་མ་སྟ་གོན་ནི། སློབ་མ་མཚན་ཉིད་དང་ལྡན་པ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་ཟུང་དུ་མ་གྱུར་པ་རྣམས་ཁྲུས་བྱས་མཎྜལ་ཕུལ། པུས་མོ་བཙུགས་ཐལ་མོ་སྦྱར་ལ། སྐྱེ་རྒ་ན་འཆི་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་ འཇིགས་རུང་བ། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །དཀའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དག་ཚིག་དེ་ཉིད་བདག་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་ རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་པ་གསུམ་གྱིས་གསོལ་བ་གདབ། །རྒྱས་པ་ལ་སྤྲོ་ན། ལ་ལ་གསང་སྔགས་སྒྲུབ་དོན་གཉེར། ། ཞེས་སོགས་ཀུན་སློང་བཅོས་པ་དང་། །བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །ཞེས་སོགས་མོས་པ་བརྟན་པོས་འཛིན་དུ་གཞུག་པ་དག་ཀྱང་གཞན་ནས་འབྱུང་བ་ལྟར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ ཐེག་ཆེན་གྱི་སྨོན་འཇུག་གི་སྡོམ་པ་བླངས་ལ་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཚུལ་དུ་བསྲུང་སྙམ་དུ་བསམས་ལ། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་ གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་མོ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལའང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་ 12-10-31a པའི་ཐུགས་དང་ལྡན་གྱུར་ཅིང་། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམས། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ ར་བ་སྟེ། །དམན་པས་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམས་ཤིང་། །བློ་གྲོས་རྣམ་རྒྱལ་ཐུགས་ རྗེ་ཆེ་ལྡན་པའི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པ། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་ དག་རྟོགས། །མཉམ་མེད་བྱང་ཆུབ་རྣམ་པར་བཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱང་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩ་སོགས་བཞིན་དུ་བཏང་། ། དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི། །སྐད་ཅིག་རེ་རེ་བཞིན་ཡང་བསྒོམ་པར་བགྱི། བདེ་བར་གཤེགས་པ་སྔགས་ལ་མཁས་པ་ ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །ཞེས་རྗེས་ཟློས་ལན་གསུམ་བྱེད་དུ་གཞུག །ཨོཾ་སརྦ་བིད་ཨོཾ། ཞེས་སོགས་སྔར་འཇིག་རྟེན་གསུམ་ 12-10-31b རྒྱལ་གྱི་སྐབས་སུ་བཤད་པའི་སྔགས་གསུམ་ཕྱག་རྒྱ་དང་བཅས་པས་སློབ་མའི་གནས་གསུམ་བྱིན་གྱིས་བརླབས་ཏེ། སངས་རྒྱས་ཀྱི་སྐུ་གསུང་ཏུགས་དང་སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བསམས་ལ་མེ་ཏོག་སོགས་ཀྱིས་མཆོད། ཨུ་དུམ་ ཝ་ར་སོགས་ཀྱི་སོ་ཤིང་སོར་བཅུ་གཉིས་བརྩེ་མོར་མེ་ཏོག་བཅིངས་པ་ལ། ཨོཾ་བཛྲ་ཧཱ་ས་ཧ། ཞེས་བཟླས་ལ་སློབ་མ་ལ་བྱིན། དེས་ཀྱང་ཤར་རམ་བྱང་དུ་བལྟས་ལ་རྩེ་མོ་ནས་འཆོས་ཏེ། དྲིས་བྱུགས་པའི་མཎྜལ་གྱི་སྟེང་དུ་དེ་ཉིད་བརྗོད་ཅིང་བལྟོས་མེད་ དུ་དོར་དུ་གཞུག སོ་ཤིང་མགོ་ཤར་ལ་སོགས་པར་བསྟན་ན། རིམ་པ་བཞིན། ཞི་བ་དྲག་པོ། དབར་རྒྱས་པ། སྟེང་འོག རིག་འཛིན་དང་ས་འོག་གི་དངོས་གྲུབ་འགྲུབ་ཅེས་བརྡ་སྤྲད་དོ། །དུང་ཆོས་སོགས་སུ་བླུག་པའི་དྲིའི་ཆུ་བཾ་ལས་བྱུང་བའི་དྲིའི་ཆུར་གྱུར་ པར་བསམས་ལ། བཾ་ཞེས་པ་དང་ལས་ཐམས་ཅད་པ་བདུད་བཟླས་ལ། ཨོཾ་ཧྲཱིཿ བི་ཤུདྡྷ་དྷརྨཱ་སརྦྦ་པཱ་པ་ནི་ཙ་ཨ་སྱ་ཤོ་དྷྱ་སརྦ་བི་ཀལྤན་ཨཱ་པ་ན་ཡ་ཧཱུཾ། ཞེས་བརྗོད་ཅིང་། ངག་གི་གཉིས་པ་སྦྱང་བའི་དོན་དུ་ཁྱོར་བ་གསུམ་བྱིན་ལ་འཐུང་དུ་གཞུག་གོ ། ཧཱུཾ་ལས་བྱུང་ཞིང་དེ་བཟླས་པའི་ཀུ་ཤ་ཆེ་བ་སྟན་གྱི་དོན་དང་། དྷཱིཿ ལས་བྱུང་ཞིང་དེ་བཟླས་པའི་ཀུ་ཤ་ཆུང་བ་སྔས་ཀྱི་དོན་དུ། ཨོཾ་བཛྲ་ཏིཀྵྞ་བཾ། ཞེས་བརྗོད་ཅིང་ལག་པ་གཡས་གཡོན་དུ་བྱིན། ཧཱུཾ་ལས་བྱུང་བའི་སྐུད་པ་དམར་པོ་སློབ་མའི་ལུས་ཚད་ སུམ་སྒྲིལ་མདུད་པ་གསུམ་བྱས་པ་ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱ་ན་སྭཱ་ཧཱ། ཞེས་བརྗོད་ཅིང་དཔུང་པ་གཡས་པར་བཅིང་ངོ་། །དེ་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ 12-10-32a ལམ་ན་ནི་རེས་འགའ་ཞིག །གང་གི་སེམས་ཅན་མཉམ་མེད་དོན། །མྱང་ངན་མི་འདའ་བྱེད་པར་ནུས། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ ཞིག་སྔོན་བྱས་ལ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོང་འཕང་བླ་ན་མེད་པར་འགྱུར། ། སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ཀྱི་ནི་སྔུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་ཞི། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མནམ་མེད་རྙེད། །གང་གིས་བྱེད་རྣམས་རྒྱལ་བ་ཀུན། ། བདག་ཉིད་ཆེན་པོ་སྲས་བཅས་ཀྱི། །བསྟན་འདི་ཀུན་ལ་ཡོངས་སུ་བཟུང་། །གནས་པ་སྐྱེ་བར་འགྱུར་བ་ནི། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེགས་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་ དང་ལྡན། །གང་གིས་ཁྱེད་རྣམས་འགྲོ་འགྱུར་བས། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་པའི་དོན་བཤད་སློབ་མ་རྣམས་སྤྲོ་བས་སྐྱེད་ལ། །ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུངས་ནས། ཨོཾ་བཛྲ་་ཡཀྵ་ཧཱུཾ། ཞེས་པ་བཟླས་ པའི་དོན་དུ་བྱིན། རྨི་ལམ་རྟོགས་ལ་ནང་བར་ནང་བར་ང་ལ་སྨོས་ཤིག་ཅེས་བརྗོད་ནས་མགོ་སར་རམ་སོ་ཤིང་གི་མགོ་གང་དུ་བསྟན་པ་དེར་སེང་གེའི་ཉལ་སྟབས་ཀྱིས་ཉལ་དུ་གཞུག དེ་ནས་སྟ་གོན་གྱི་ལྷ་ལ་ཆུ་གཉིས་ནེར་སྤྱོད་རོལ་མོ་དང་བཅས་པས་ 12-10-32b མཆོད་དེ། ལག་པ་གཡས་པས་སྤོས་སྣོད་ཐོགས། གཡོན་པས་དྲིལ་བུ་གསིལ་ཞིང་། ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་གྱུར། རྣམ་པར་སྣང་མཛད་བཅོམ་ལྡན་འདས། །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩ་ཕྱིར་དང་། ། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེ་བདག་ཉིད་ཅན། །དཀྱིལ་འཁོར་དྲིལ་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། ། བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །འབྱུང་པོ་བྱང་ཆུབ་བསྟན་གནས་དང་། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། ། བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཅ། །རྣམ་པར་སྣང་མཛད་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པ་ཉེར་སྤྱོད་པས། །འགྲོ་བ་སྤྱད་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། ། དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་འབྱོན་པར་མཛད་པར་རིགས། །ཞེས་ལན་གསུམ་བརྗོད་ལ་ནང་བར་སྤྱན་དྲངས་པའི་ཕྱིར་སྙན་མནན། གསོལ་བ་བཏབ་པས་དགྱེས་བཞིན་དུ་གནང་བ་བྱིན་པར་གྱུར། དེ་ནས་དཀྱིལ་འཁོར་ ལ་གོང་བཞིན་མཆོད་དེ་སྔར་བཤད་པའི་སྔགས་རྒྱས་བསྒོམས་པའི་དཀྱིལ་འཁོར་ནམ་མཁར་བཏེག་གོ། དེ་ནས་ཐིག་སྐུད་སྔར་བཤད་པའི་དཀར་པོ་ལྔ་ཚན་ལྔ། ཚོགས་སོ་སོ་ཁ་བསྒྱུར་བ་དཀར་པོ། སྔོན་པོ། སེར་པོ། དམར་པོ། 12-10-33a ལྗང་གུ་རྣམས་སྣོད་སོ་སོར་བཞག་ལ་དབུས་དང་ཕྱོགས་རྣམས་སུ་བཀོད་དེ། བསང་ཞིང་སྦྱངས་ནས་རིམ་པ་བཞིན། ཨོཾ། ཧཱུཾ། ཏྲཱཾ། ཧྲཱིཿ ཨཱཿ ལས་རིགས་ལྔར་བསྐྱེད་ལ། རང་གཙོ་བོ་དང་སློབ་མ་རྡོ་རྗེ་གནོད་ སྦྱིན་དུ་བསྐྱེད་ནས། དེ་ཉིད་བརྗོད་དེ། སློབ་མ་ལ་བྱིན་ལ། དེས་ཀྱང་དེ་ཉིད་བརྗོད་ཅིང་བླངས་ནས་གཉིས་ཀའི་ལག་པ་གཡོན་པའི་སོར་མོའི་རྩེ་མོ་ནས་མཐེ་བོའི་རྩ་བའི་བར་དུ་སྔོ། དཀར། དམར། སེར། ལྗང་བའི་རིལ་པ་བཞིན་བཀོད་ནས་ བརྐྱང་ལ། ཨོཾ་དཱིཔྟ་དྲིཥྚི་ཨཾ་ཀུ་ཤ་ཛཿ ཞེས་པ་མིག་གཉིས་སུ་བཀོད་ལ། མིག་གཉིས་རབ་ཏུ་རྫི་མ་འདེགས་ཤིང་བརྡེབས་པ་འབར་བའི་ལྟ་བས་རིགས་ལྔ་བསྐུལ་བར་བསམ་ཞིང་། བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་ཐིག་ གདབ་པའི་ཕྱིར་རྡོ་རྗའི་ཐིག་བདག་ལ་སྩོལ་ཅིག འབར་བའི་ལྷ་སྟངས་ལྕགས་ཀྱུ་ལྟ་བུས་བཀུག་པའི་ཡེ་ཤེས་ཀྱི་ཏིག་སྐུད་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་བཏང་བ། ལག་པའི་ཐིག་སྐུ་སོ་སོ་ལ་ཐིམ་པར་གྱུར། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ གཱ་ཏཱ་སརྦ་དྷརྨཱཿ པ་ར་ས་པ་ར་ཨ་ནུ་པ་བིཥྚ་སརྦ་དྷརྨཱཿ ཨདྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ ཨོཾ་བཛྲ་ས་ཏྭ་ཧཱུཾ། ཞེས་གཉིས་ཀས་བརྗོད་ཅིང་ཐིག་སྐུད་དང་པོ་སོ་སོར་དང་། དེ་ནས་གཅིག་ཏུ་བསྒྲིལ། མིག་གཡས་གཡོན་མ་དང་ཊ་ལས་ ཉི་མ་དང་ཟླ་བ་སེར་པོར་གྱུར། བཛྲ་དྲིཥྚ་མ་ཊ། ཞེས་བརྟེན་པར་བྱས་ལ་ཐིག་སྐུད་དྲིས་བྱུགས་པའི་གསེར་ལ་སོགས་པའི་སྣོད་དུ་བཞག་སྟེ་མེ་ཏོག་ལ་སོགས་པས་མཆོད། ལས་ཐིག་ལྟར་བསྲུང་ཞིང་བདུད་རྩི་ལྔ་སོགས་པས་ 12-10-33b གཏོར་ལ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་ནས། ཨོཾ་བཛྲ་ས་མ་ཡ་སཱུ་དྲཾ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས། དེ་ནས་བུམ་པ་ཐམས་ཅད་ཀྱིས་ས་དཀྱིལ་འཁོར་ཀྱི་མ་ལ་བསང་གཏོར་བྱ་ཞིང་། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུ་ཕཊ། ཅེས་ དཀྱིལ་འཁོར་གྱི་ས་ལ་དྲིའི་ཆུས་བྱུགས་ནས་ཕྱི་རོལ་ཏུ་མེ་ཏོག་བཅལ་དུ་བཀྲམ་ལ་ནམ་མཁར་བྲི་བྱའི་དཀྱིལ་འཁོར་བཞུགས་པར་དམིགས་ཏེ། མཆོད་ཡོན་ནས་རོལ་མའི་བར་གྱིས་མཆོད་ཅིང་བསྟོད་ནས། རང་དང་སྒྲུབ་གྲོགས་ གཉིས་ཀྱི་མིག་གཉིས་ཛཿ ཛཿ ལས་ཉི་མ་དང་ཟླ་བ་འོད་ཟེར་སེར་པོ་ཅན་དུ་གྱུར། དེ་ནས་རྡོ་རྗེ་ཁུ་ཚུར་བྱས་ལ་གཡོན་པས་ཐིག་སྐུད་ལྟེ་བར་བཟུང་ཞིང་། གཡས་པས་གྲོགས་ལ། ཛྫཿ ཛྫཿ ཛྫཿ ཛ་ཛ་ཛ། ཞེས་པས་བཏགས་ལ། དེས་ཀྱང་དེ་དག་བརྗོད་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་བཟུང་ལ། ཕྱོགས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་དོ། །ཞེས་དེར་མོས་ལ། སློབ་དཔོན་ནུབ་དང་། གྲོགས་གང་དུ་གནས་ཏེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ ཏི་ཀྲ་མ་ཧཱུཾ། ཞེས་རྡོ་རྗེ་དང་བཅས་པའི་གཡས་པའི་མཐེ་བོང་དང་མཛུབ་མོས་ཐིག་སྐུད་བཟུང་ལས་གོལ་གྱི་སྒྲ་དང་བཅས་པས་ནམ་མཁར་གདབ། སྒྲ་དེས་ནམ་མཁའ་ཁྱབ་པའི་སངས་རྒྱས་རྣམས་བསྐུལ་ནས་བྱོན་ཏེ་ཐིག་སྐུད་ལ་ཐིམ་པར་བྱུང་བར་བསམ། དེ་ནས་སློབ་དཔོན་པུས་མོ་གཡས་གྱེན་དུ་བསླང་། གཡོན་སྐྱིལ་ཀྲུང་དང་། གྲོགས་དེ་ནས་བཟློག་པར་འདུག་སྟེ། ལག་པ་གཉིས་མཉམ་པར་ས་ལ་ཕབ་ནས་སྔགས་དེ་ཉིད་བརྗོད་ཅིང་། འོད་འཕྲེང་ནས་འོད་འཕྲེང་གི་བར་དུ་ཚངས་ཐིག་ 12-10-34a དང་པོ་བཏབ་ལ། ངོ་བོ་ཡེ་ཤེས་ལ་རྣམ་པ་སྲད་བུ་ཀ་དོག་ལྔར་སྣང་བའི་ཐིག་སྐུད་རེ་ཆད་ནས་ལས་ཐིག་ལ་ཐིམ་པར་བསམ་མོ། །དེ་ནས་རྐང་པ་རྡོ་རྗེར་བྱིན་གྱིས་བརླབས་ཏེ། གཡས་སྐོར་དུ་སློབ་མས་སློབ་དཔོན་ ལ་རྒྱབ་མ་བསྟན་པར་སློབ་དཔོན་ལྷོ་དང་སློབ་མ་བྱང་དུ་གསན་ནས་ཚངས་ཏིག་གཉིས་པ་ནམ་མཁའ་དང་ས་གཞི་ལ་སྔར་བཞིན་གདབ། དེ་ནས་ནམ་མཁར་མི་གདབ་པར། དཔོན་སློབ་གཉིས་རིམ་པ་ལྟར་སྔར་བཞིན། མེ་དང་དབང་ལྡན་ནས་ཤར་ གྱི་དང་། རླུང་དང་བདེན་བྲལ་ནས་ནུབ་དང་། རླུང་དང་དབང་ལྡན་ནས་བྱང་དང་། མེ་དང་བདེན་བྲལ་ནས་ལྷོའི་རྩ་ཐིག་དང་། མེ་དང་རླུང་ནས་ཟུར་ཐིག་དང་པོ་དང་། བདེན་བྲལ་དང་དབང་ལྡན་ནས་ཟུར་ཐིག་གཉིས་པ་གདབ། དེ་བཞིན་དུ་གཡས་སྐོར་ གྱིས་ཐིག་གཞན་ཐམས་ཅད་ཀྱི་སྟེང་དུ་སྔར་བཞིན་ཡེ་ཐིག་གདབ་པར་བྱའོ། །མིག་གཉིས་ཧི་ཧི་ལས་ཉི་མི་དང་ཟླ་བ་འོད་ཟེར་འབར་བ་ཅན་དུ་གྱུར། ཐར་པའི་སྒོའི་གེགས་སུ་གྱུར་པའི་སྒྲིབ་པ་རྣམས་དབྱི་བར་བྱའོ་སྙམ་དུ་བསམས་ལ། ཧི་ཧི། ཞེས་ བརྗོད་ཅིང་དང་པོར་དཀྱིལ་འཁོར་གྱི་ནང་ནས་ཤར་དུ་ཁ་བལྟས་ཏེ་དྲིའི་ཆུས་ཚངས་ཏིག་གི་གཡས་གཡོན་གྱི་རྩ་ཐིག་ཆ་ཕྲན་གཉིས་གཉིས་གཡས་སྐོར་དུ་རིམ་པ་བཞིན་དབྱིའོ།། དེ་ནས་ཏིག་སྐུད་ལ་མཆོད་ནས། ཨོཾ་ཨཱཿ ཧཱུཾ་བཛྲ་མུཿ ཞེས་ཡེ་ ཐིག་ནམ་མཁའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར་གཤེགས་ཤིང་དམ་ཚིག་པ་རང་ལ་ཐིམ་པར་བསམ། སྔར་གྱི་ལས་ཐིག་དང་། འོག་གི་ཚོན་ལ་ཡང་གཤེགས་གསོལ་དེ་བཞིན་དུ་བྱའོ། །དེ་ནས་ཚོན་རྩི་དཀར་པོ། སྔོན་པོ། 12-10-34b སེར་པོ། དམར་པོ། ལྗང་གུ་རྣམས་ལ་རིམ་པ་བཞིན་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿ ཞེས་པ་བྲིས་ལ། དཀར་པོ་དབུས་དང་གཞན་རྣམས་ཕྱོགས་བཞིར་བཀོད་ལ། བསང་སྦྱངས་ནས། ས་བོན་ལས་རིགས་ལྔར་བསྐྱེད་ནས། ཨོཾ་བཛྲ་ཙི་ཏྲ་ས་མ་ ཡ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས། ཨོཾ་དཱིཔྟ་དྲིཥྚ་ཨཾ་ཀུ་ཤ་ཛཿ ཞེས་སྔར་ཡེ་ཐིག་གི་སྐབས་བཞིན། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཚོན་སྤྱན་དྲངས་ལ་ཚོན་སོ་སོ་ལ་བསྟིམ། དེ་ནས་ཚོན་རྩི་ལ་ཧཱི་ཞེས་པ་བྲིས་ལ། ཧཱི་ཞེས་པ་ རྡོ་རྗེ་མེའི་ཕྱག་རྒྱས་ཚོན་རྩི་རྣམས་མང་པོར་སྦར་བར་བསམས་ལ། མེ་ཏོག་ནས་རོལ་མོའི་བར་གྱིས་མཆོད་དོ། །ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཞེས་ཡིད་ཀྱིས་རི་མོ་བཏེག་པའི་འོག་ནས་འཛུལ་བར་བསམས་ལ་ནང་དུ་འདུག་སྟེ། ཨོཾ་བཛྲ་ཙི་ཏྲ་ས་ མ་ཡ་ཧཱུཾ། ཞེས་སློབ་ཤིང་དབང་ལྡན་ནས་བརྩམས་ཏེ་གཡས་སྐོར་དུ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྩིག་པ་ལྔའི་ཚོན་སོར་བཅུད་གཉིས་ཀྱི་བར་དུ་དགྱེ་ཞིང་། ཕྱིས་ནི་རང་དམ་གཞན་གྱིས་ཅི་བདེར་ལེགས་པར་བྲིའོ། །དེ་ཡང་རྩིག་པ་ལྔ་ ནི་ཕྱི་ནས་སྔོ། སེར། དམར། ལྗང་། དཀར་པོ། ཕྱོགས་ཚོན་ནི་དབུས་དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་བ། ཀ་གདུང་དང་འཁོར་ལོའི་མུ་ཁྱུད་གཞི་སྔོན་པོ་འཁོར་ལོའི་རྩིབས་སྔོན་པོ། གོང་རས་ཕྱོགས་ཚོན། འཇིག་ རྟེན་པའི་ཁོར་ཡུག་དཀར་པོ་གཞན་སྤྱི་དང་མཐུན་ནོ། །ལྷ་ཐམས་ཅད་ཀྱི་གདན་གྱི་སྟེང་དུ་སྐུ་དངོས་སམ། རང་རང་གི་ཕྱག་མཚན་ནམ། མིང་ངམ་སྐུ་མདོག་དང་མཐུན་པའི་ཚོན་གྱི་ཐིག་ལེ་བྱའོ། །བྲིས་ཟིན་པའི་མཐར་བཏེག་པའི་ཐིག་ 12-10-35a བསྟིམ་ལ། ཚོན་འཐར་བ་རྣམས་རས་ལ་སོགས་པས་ཕྱིས་ལ་དྲིའི་ཆུས་དཀྱིལ་འཁོར་གྱི་མཐར་བྱུག བཛྲ་སཏྭ་ཞེས་བཟླས་ཞིང་མཆོད་རྫས་རྣམས་མཐར་དགོད། བུམ་པ་ལྷག་གནས་བྱས་པ་རྣམས་སྤོས་ ཀྱིས་སྣ་དྲངས་ནས། རོལ་མོའི་ཆ་བྱད་སྣ་ཚོགས་པ་དང་། ལས་ཐམས་ཅད་པ་བརྗོད་ཅིང་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ནས་རྣམ་རྒྱལ་དང་ལས་བུམ་གཉིས་ཤར་སྒོའི་ཁ་ནང་ལྟའི་གཡས་གཡོན་དུ་དགོད་དོ། །དེ་ནས་ཤར་སྒོའི་ཐད་དུ་ སྟན་བདེ་བ་ལ་འདུག་སྟེ། བདག་བསྐྱེད་བསྟེན་པའི་སྐབས་བཞིན་རྒྱས་པའང་། ཡང་ན་གཙོ་བོའི་རྣལ་འབྱོར་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་གཞུག ། གནས་གསུམ་བྱིན་གྱིས་བརླབ། ཕྱག་རྒྱ་བཞིས་རྒྱས་གདབ། དབང་བསྐུར་མཆོད་བསྟོད་ བཟླས་པའི་བར་བྱས་ལ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་ལས་བུམ་གྱི་ཆུས་དཀྱིལ་འཁོར་བསངས་ལ། ཤཱུ་ནྱ་ཏྭ་སོགས་སྔགས་གཉིས་ཀྱིས་སྟོང་པར་སྦྱང་པ་ནས། ཉི་མའི་འོད་ཀྱི་རྒྱབ་ཡོལ་མངའ་བ། ཞེས་པ་ནས། གཙོ་བོ་བསྐྱེད་པའི་བར་སྒྲུབ་ཐབས་ བཞིན་དུ་བྱས་ལ། ནང་གི་ཕྱོགས་བཞིར་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་དབུས་སུ། ཤར་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ལྷོར་ཏྲཱཾ་ལས་རིན་པོ་ཆེ་ཏྲཱཾ་གིས་མཚན་པ། ནུབ་ཏུ་ཧྲཱིཿ ལས་པདྨ་ཧྲཱིཿ ས་མཚན་པ། བྱང་དུ་ཨཱཿ ལས་སྣ་ཚོགས་ རྡོ་རྗེ་ཨཱཿ ས་མཚན་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་བཞིར་གྱུར་པ་ནི། ཤར་དུ་ངན་སོང་སྦྱོང་བའི་རྒྱལ་པོ་སྐུ་མདོག་དཀར་པོ། ཞེས་པ་ནས་རྡོ་རྗེའི་འབེབས་པའི་བར་རང་རང་གི་ཟླ་གདན་གྱི་དབུས་སུ་ 12-10-35b རང་རང་གི་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་སྔར་བཞིན་བརྗོད་ཅིང་བསམས་ལ་ཆོ་ག་གསུམ་གྱིས་བདག་བསྐྱེད་ཀྱི་སྐབས་ལྟར་རྫོགས་པར་བསྐྱེད། མགྲོན་ཐབས་ཀྱི་ལྷ་རྣམས་བསྐྱེད་ཚུལ་ནི། རྟ་བབས་དང་ལྡན་པའི་གཞལ་ཡས་ ཁང་གི་ཁྱམས་ཀྱི་ལྷ་སྣམ་ནང་མའི་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་དབུས་སུ་ཀལྤ་བྷ་དྲའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས། དང་པོའི་རྡོ་རྗེ་བཞི། རྡོ་རྗེ་རིན་པོ་ཆེ་བཞི། རྡོ་རྗེ་པདྨ་བཞི། སྣ་ཚོགས་རྡོ་རྗེ་བཞི་སྟེ་ཕྱག་མཚན་བཅུ་དྲུག ཀལྤ་བྷ་ དྲའི་མིང་ཡིག་དང་པོ་ཏིག་ལེས་བརྒྱན་པས་མཚན་པ་ལས་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་ཏུ་གྱུར་པ་ནི། ཤར་དུ་བྱམས་པ་ཞེས་པ་ནས་ཁྲོ་བོ་བཅུ་དྲུག་གི་བར་ཆོ་ག་གསུམ་གྱིས་སྔར་སྒྲུབ་ཐབས་ཀྱི་སྐབས་ལྟར་བསྐྱེད། ཕྱིའི་ཁོར་ཡུག་དཀར་ པོའི་པདྨ་དང་ཟླ་བའི་གདན་རྣམས་ཀྱི་སྟེང་དུ་སྐད་ཅིག་གིས་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ། ཕྱོགས་སྐྱོང་བཅུ། གཟའ་ཆེན་པོ་བརྒྱད་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་འཁོར་དང་བཅས་པ། གླུ་ཆེན་པོ་བརྒྱད་རང་འདྲའི་ཆུང་མ་དང་བཅས་པ། འཇིགས་ བྱེད་དགུ་ཆུང་མ་དང་བཅས་པ། ལྷ་ཆེན་པོ་བརྒྱད་ཆུང་མ་དང་སྟོབས་བཟང་ལ་སོགས་པའི་འཁོར་དང་བཅས། རྡོ་རྗེ་ཕྲ་མེན་མ་རྣམས་དང་། རིའི་ལྷ་དང་། ཤིང་གི་ལྷ་དང་། གྲོང་གི་ལྷ་དང་། འབྱུང་བ་བཞིའི་ལྷ་ལ་སོགས་པ་འཇིག་རྟེན་པ་རྣམས་ རང་རང་གི་སྐུ་མདོག་རྒྱན་ཆ་ལུགས་སྣ་ཚོགས་དང་བཅས་པར་གྱུར་པར་བསམ། དེ་ནས་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་རྡོ་རྗེ་འཛིན་པ་དཔལ་གྱི་ཕྱག་རྒྱས་མེ་ཏོག་གཟུང་སྟེ། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་ 12-10-36a འཁོར་གྱི་ནང་དུ་ཞུགས་པར་བསམས་ལ། རང་ཉིད་ཧཱུཾ་ལས་ཧཱུཾ་མཛད་དུ་གྱུར་པར་བསམས་ལ་དེའི་ཕྱག་རྒྱ་བཅིང་། ནུབ་ཏུ་གནས་ནས། ཨོཾ་བཛྲོད་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཀྲོལ་ལ་ ཤར་སྒོ་ནང་ནས་ཕྱེ་བར་བསམ། དེ་བཞིན་དུ་བྱང་དང་། ཤར་དང་། ལྷོར་གཡས་སྐོར་དུ་རིམ་པ་བཞིན་གནས་ནས་ལྷོ་སྒོ་ལ་སོགས་པ་དབྱེའོ། །ཡང་ན་རྡོ་རྗེ་ཁུ་ཚུར་གཉིས་ཁ་གྱེན་དུ་བསྟན་ལ་མཛུབ་མོ་གཉིས་བསྒྲེངས་ཏེ་ཕན་ཚུན་དུ་མཛུབ་མོ་ གཉིས་ལོགས་ཀྱི་རྩེ་མོ་སྦྱར་ཏེ་མཛུབ་མོ་གཉིས་ཁྲོས་ནས་དབྱེ་བའི་ཕྱག་རྒྱས་སྒོ་དབྱེའོ།། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྷ་རང་རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཨོཾ་ལ་སོགས་པའི་ རང་རང་གི་ས་བོན་གྱིས་མཚན་པ། དེ་རྣམས་ལས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་ནམ་མཁར་སྤྱན་དྲངས། བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་ གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟང་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་སོགས་ཀྱིས་སྤྱན་དྲང་བ་ནས་དགུག་ གཞུག་སོགས་ཀྱི་བར་སྔར་ལྟར་བྱ། དེ་ནས་སྟ་གོན་གྱི་ལྷ་ལ་ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པས་མཆོད་ནས་དགུག་གཞུག་ལ་སོགས་སྔར་ལྟར་བྱས་ལ། སྟ་གོན་གྱི་ལྷ་ནམ་མཁར་བཏེག་པ་རྣམས་རང་རང་གི་དམ་ཚིག་པ་རྣམས་དང་ 12-10-36b གཉིས་སུ་མེད་པར་གྱུར་པར་བསམ། དེ་ནས་ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་སྔར་ལྟར་བགེགས་བསྐྲད། ཨོཾ་བཛྲ་སན་དྷི་བཾ། ཞེས་རྡོ་རྗེ་ཁུ་ཚུར་གྱི་དམ་རྒྱས་སྒོ་བཅད། ཨོཾ་བཛྲ་རཀྵ་ཧཾ། ཞེས་རྡོ་རྗེ་སྲུང་བས་སྔར་ལྟར་བསྲུང་བ་བྱ། དེ་ནས་མཆོད་ ཡོན་ཕུལ་ཏེ། ལྷག་རྣམས་ཀྱི་གནས་གསུམ་བྱིན་གྱིས་བརླབས་དང་ཕྱག་བརྒྱ་བཞིས་རྒྱས་གདབ། དེ་ཡང་འཇིག་རྟེན་པ་སྤྱིའི་དམ་རྒྱ་ནི། ཐལ་མོ་བརྐྱང་པའམ་ཡང་ན་ཐལ་མོ་པདྨ་ལྟར་བྱས་པའོ།། ཆོས་རྒྱ་ནི་རྩ་རིག་གོ།། ལས་རྒྱ་ནི་ཕྱག་ མཚན་མེད་པའི་ཕྱག་ཆེན་ལྟར་རོ།། ཕྱག་ཆེན་ནི་བྲིས་པ་ཇི་ལྟ་བའོ།། ཁ་ཅིག་ནི་པདྨའི་ཕྱག་རྒྱར་བཞེད་དོ།། སྙིང་པོ་ནི་བཛྲ་ལོ་ཀ་ཞེས་པའམ་རྩ་རིག་གོ ། དེ་ནས་ལྟ་ཐམས་ཅད་ལ་རིགས་ལྔས་དབུ་བརྒྱན་པའི་བར་སྒྲུབ་ཐབས་བཞིན་བྱས་ ནས། ངག་ཏུ་རྩ་རིག་དང་ལྷ་རང་རང་སྔགས་བརྗོད། ལུས་ཀྱི་ལྷ་རང་རང་གི་ལས་རྒྱ་བཅིངས་ཏེ་འཕྲིན་ལས་སྔར་ལྟར་བཅོལ་ལ་ཁྱད་པར་ནི། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་ རྣམ་པར་སྣང་མཛད་ཀྱིས། རྡོ་རྗེ་སློབ་མ་རྣམས་ལ་ཟབ་གསལ་གཉིས་སུ་མེད་པ་ལ་སོགས་པ་ལམ་རྣམ་པར་དག་པ་ཉན་པ་དང་། སེམས་པ་དང་། བསྒོམ་པའི་སྣོད་ཁྱད་པར་ཅན་དུ་རུང་བར་མཛད་དུ་གསོལ། ཞེས་འཕྲིན་ལས་བཅོལ་ལོ།། དེ་ནས་མཆོད་པ་རྣམས་སྔར་བཞིན་བསང་བ་སོགས་བྱས་ལ། རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་གར་སྔོན་དུ་འགྲོ་བས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་ཀྱི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་འབུལ་བ་ནས་སྒེག་ 12-10-37a སོགས་བརྒྱད་ཀྱིས་མཆོད་པའི་བར་སྔར་ལྟར་བྱའོ།། མཆོད་པ་ཉེར་ལྔ་པ་ནི། དཔག་མེད་བསོད་ནམས་སྟོབས་ལས་བྱུང་བ་ཡི། །ལྷ་རྫ་ལས་གྲུབ་རིན་ཆེན་ཅོད་པན་མཆོག །རྒྱལ་བ་སྲས་དང་བཅས་ལ་དབུལ་ བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །རྡོ་རྗེ་ཁུ་ཚུར་གཉིས་རང་གི་མགོར་དབང་བསྐུར་བའི་ཚུལ་དུ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊི་པཱུ་ཛ་སྥ་ར་ཎ་ཁཾ། ཞེས་ཅོད་པན་དང་། དེ་བཞིན་དུ་ཚིག་རྐང་དང་པོ་དང་། ཐ་མ་གཉིས་ ཀུན་ལ་སྦྱར་ཏེ། སྙན་ཤལ་མཛེས་བྱེད་རིན་ཆེན་འཁྱིལ་བའི་རྒྱན། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྙན་ལ་ཆ་འདོགས་པའི་ཚུལ་དུ་བྱས་ལ། །མུ་ཀུ་ཊིའི་གནས་སུ་ཀུཎྚ་ལཾ་ཞེས་རྣ་རྒྱན་དང་། སྔགས་ཀྱི་ཐོག་མཐའ་གཉིས་འོག་མ་རྣམས་ལ འང་ཅི་རིགས་པར་སྦྱར་རོ།། མགྲིན་པ་དུང་འདྲ་མཛེས་བྱེད་མགུལ་གཏུབ་མཆོག །ཧརྒ ཞེས་མགུལ་ལ་མགུལ་རྒྱན་དང་། ཐུགས་མཚན་དཔལ་བེའུ་མཛེས་བྱེད་སེ་མོ་དོ། །ཨ་ཝ་ཧ་ར། ཞེས་དྲང་ལ་དོ་ཤལ། དཔུང་པ་མཛེས་བྱེད་དཔུང་ རྒྱན་སྲུང་སྐུད་མཆོག །ཀེ་ཡུ་ར། ཞེས་དཔུང་པའི་རྩ་བའི་འོག་ཏུ་དཔུང་རྒྱན། ཕྱག་གཉིས་མཁྲིག་མར་སྤྲས་པའི་གདུ་བུ་མཆོག །པཱ་རི་ཀ་ཊཾ་ཀ །ཞེས་མཁྲིག་མའི་སྟེང་དུ་གདུ་བུ། དྲ་བས་འབྲེལ་བའི་སོར་མོའི་གདུ་བུ་མཆོག། །པཱ་ ཀཾ་ཝ་ལ། ཞེས་སོར་གདུབ་དང་། རྫུ་འཕྲུལ་ལྡན་པའི་ཞབས་ལ་མཛེས་བྱེད་རྒྱན། །པཱ་ད་བྷ་ར་ནཾ། ཞེས་ཞབས་ལ་ཞབས་གདུབ་དང་། རྐེད་པར་སྐ་རགས་དབུལ་ཚུལ་གྱིས་སྐ་རགས་ཏེ། རྒྱན་གྱི་ཁྱད་པར་བརྒྱད་དོ། །རིན་ཆེན་གདུགས་ 12-10-37b མཛེས་གསེར་གྱི་ཡུ་བ་ཅན། །གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་མཐེ་བོའོ་སྟེང་དུ་གཡས་པ་ཁ་ཐུར་དུ་བསྟན་པ་བརྐྱང་ལ། ཚ་ཏྲཾ་ག ཞེས་གདུགས་དང་། མི་མཐུན་བདུད་ལས་རྒྱལ་བའི་རྒྱལ་མཚན་མཆོག ལག་པ་ གཉིས་བརྐྱང་ལ། སྲིན་ལག་གི་ཚིགས་དབུས་མ་བཀུག་ནས་བ་དན་གསུམ་པའི་ཚུལ་དུ་བསྒྲེངས་ནས་ལག་པ་བརྐྱང་སྟེང་དུ་བཏེགས་པ་ལྟར་བཞག་ལ། དྷྭ་ཛ་གྲ་ཞེས་རྒྱལ་མཚན་དང་། སྙན་པ་ཕྱོགས་བཅུར་གཡོ་བའི་བ་དན་ འཕན། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནམ་མཁའ་ལ་པན་འདོགས་པའི་ཚུལ་དང་། པཱ་ཏཾ་ག་ཞེས་པ་བ་དན་དང་། ཕྱོགས་ཀུན་ཡིད་འཕྲོག་དར་གྱི་ལྡ་ལྡིས་སྤྲས། །གཡོན་པའི་ཁུ་ཚུར་སྙིང་གར་བཞག ། གཡས་པའི་མཛུབ་མོ་དང་གུང་མོ་དང་གུང་མོ་བརྐྱང་ སྟེ་ནམ་མཁའ་ལ་ལྡ་ལྡི་འགེལ་བའི་ཚུལ་དང་། པཱ་ཊ་དྷཱ་མ། ཞེས་ལྡ་ལྡི་དང་། གདུང་སེལ་རྗ་ཡབ་ནོར་བུའི་ཡུ་བ་ཅན། །རྡོ་རྗེ་ཆུ་ཚུར་གཉིས་ཀྱིས་རྔ་ཡབ་གཡབ་པའི་ཚུལ་དང་། ཙ་མར། ཞེས་རྔ་ཡབ་དང་། རིན་ཆེན་རྒྱན་འོད་ལྡན་པའི་བླ་ རེ་བྲེས། །གཡོན་པང་བར་མཉམ་གཞག་བྱས། གཡས་ཁ་ཐུར་དུ་བསྟན་ཏེ་བླ་རེ་བསྐྱེད་པའི་བསམ་པས་ནམ་མཁའ་ལ་ཡོངས་སུ་བསྐོར་ལ། །བི་ཏ་ནཾ། ཞེས་བླ་རེ་སྟེ་ཡོ་བྱད་ཀྱི་ཁྱད་པར་དྲུག་གོ།། མི་འཇིགས་བཞི་ལྡན་སེང་གེའི་གདན་ལ་ སོགས། །རྡོ་རྗེ་ཁུ་ཚུར་གཉིས་གཤིབས་ཏེ་སེང་གེའི་གདན་འབུལ་བའི་ཚུལ་དང་། སིཾ་ཧ་ཨཱ་ས་ནཾ། ཞེས་སེང་གེའི་ཁྲི་དང་། ལྷ་རྫས་ཡིད་འོང་མཛེས་པ་གཟིམས་ཆའི་ཚོགས། །ཞེས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གཟིམས་ཆ་བསྐོན་པའི་ 12-10-38a ཚུལ་དང་། ཤ་པ་ཨཱ་ས་ནཾ། ཞེས་གཟིམས་ཆ་དང་། ཉོན་མོངས་གྲྭ་ཟུར་སྤངས་པའི་ཕོ་བྲང་ཟླུམ། །གཡོན་པའི་ཁུར་ཚུ་སྙིང་གར་བཞག་སྟེ་གཡས་པའི་གུང་མཛུབ་ཀྱིས་ཕོ་བྲང་ཟླུམ་པོ་འབུལ་བའི་ཚུལ་ དང་། པ་རི་མཎྜ་ལེ་དྷྱ་ནྱ། ཞེས་ཕོ་བྲང་ཟླ་པོ་དང་། །ཡོན་ཏན་རྒྱས་པའི་གྲུ་བཞི་གཞལ་ཡས་ཁང་། །ཕྱག་རྒྱ་སྔ་མ་དེ་ཉིད་ཀྱིས་གཞལ་མེད་ཁང་གྲུ་བཞི་འབུལ་བའི་ཚུལ་དང་། ཨམ་ཡ་ཙ་ཏུར་ པྲ། ཞེས་གཞལ་མེད་ཁང་གྲུ་བཞི་དང་། འཇིག་རྟེན་ལས་འདས་གྲུ་བཞི་ཉིས་བརྩེགས་ཁང་། །དེ་ཉིད་ཀྱིས་གྲུབ་བཞི་ཉིས་བརྩེགས་འབུལ་བའི་ཚུལ་དང་། དྭི་ཀུ་ཊཾ་ག་རཾ། ཞེས་གྲུ་བཞི་ཉིས་བརྩེགས་དང་། རང་བཞིན་འོད་གསལ་བྱང་སེམས་ ཟླ་བའི་གདན། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཟླ་གདན་འབུལ་བའི་ཚུལ་དང་། ཙནྟྲ་ཨཱ་ས་ནཾ། ཞེས་ཟླ་གདན་ཏེ་གནས་ཀྱི་ཁྱད་པར་དྲུག་གོ།། འདོད་པའི་འདམ་གྱིས་མ་གོས་པདྨོའི་མཆོག །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མེ་ཏོག་འཐོར་བའི་ཚུལ་ དང་། པཥྤ། ཞེས་མེ་ཏོག་དང་། སྟོང་ཉིད་སྒྲ་སྒྲོག་པི་ལྦང་ཏིང་ཏིང་ཤག །ཝི་ནི། ཞེས་པི་ཝང་བསྒྲེང་ཞིང་ཏིང་ཤག་བརྡུང་པའི་ཚུལ་བྱ། ཐབས་ལ་མཁས་པ་ཟག་མེད་ཕུང་པོའི་དྲི། །གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ནས་ གཡས་པའི་ཁུ་ཚུར་གྱིས་དྲིའི་ཕྱེ་མ་འགྱེད་པའི་ཚུལ་དང་། གནྡྷེ་ཞེས་དྲི་དང་། ཉོན་མོངས་བཀྲེས་སལ་ཆོས་ཀྱི་ཞལ་ཟས་མཆོག །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བསོས་འབུལ་བའི་ཚུལ་དང་། ནི་ཝི་བྱ། ཞེས་ཞལ་ཟས་དང་། ངོ་ 12-10-38b ཚ་ཁྲེལ་ཡོད་ལྡན་པ་ལྷ་གོས། །རྡོ་རྗེ་ཐལ་མོ་གཉིས་བརྐྱང་བས་ན་བཟའ་འབུལ་བའི་ཚུལ་དང་། ཝ་སྦྲ། ཞེས་གོས་ཏེ་མཆོད་པའི་ཁྱད་པར་ལྔའོ།། དེ་ནས་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་སྤྱི་བོར་བཞགས། ཨོཾ་ལས་རིན་ཆེན་སྣ་ བདུན་དང་། དཔག་བསམ་གྱི་ཤིང་དང་། ཀ་ཟས་རོ་བརྒྱ་པ་རྣམས་ཡི་དཀྱིས་སྤྲུལ་ལ། ཨོཾ་སརྦྦ་བིད། པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། ཞེས་པས་དབུལ། རྒྱས་པས་ལ་སྤྲོ་ན། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ལག་པ་གཉིས་མཁྲིག་མ་བསྣོལ་ཏེ་རྒྱབ་སྦྱར་ལ་སོར་མོ་རྣམས་གཅི་གལ་གཅིག་འཁྱུད་དེ་མཐེ་བོང་གཉིས་པག་མཐིལ་དུ་བཀུག་ལ། ཨོཾ་ སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུཾ། ཞེས་འཁོར་ལོ་དང་། རྒྱལ་བ་སྲས་དང་བཅས་པ་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཞིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཁུ་ཙུར་གཉིས་ཀྱིས་མཛུབ་མོ་གཉིས་ཚིགས་ བཅག་སྟེ་མཐེ་བོང་གཉིས་དང་རྩེ་སྤྲད་ལ། །ཙཀྲའི་གནས་སུ། མ་ཎི། ཞེས་ནོར་བུ་དང་། སྔགས་ཀྱི་ཏོག་མཐའ་འོག་མ་ཀུན་ལའང་སྦྱར་རོ།། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །རྡོ་རྗེ་ཐལ་མོ་ལས། མཛུབ་མོའི་རྩེ་མོ་བཀུག་ནས་ནི། །གུང་མོ་མཉམ་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་པའི་རྒྱ་དང་། སྟྲི་ཞེས་བཙུན་མོ་དང་། བློན་པོ་རིན་ཆེན་ 12-10-39a འདི་ཕུལ་བས། ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཞིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག ། རྡོ་རྗེ་བསྡམས་པ་ལས་གུང་མོ་དང་ཐ་མ་བཞི་གཤིབས་ཏེ་བསྒྲེང་བའི་རྒྱ་ དང་། པུ་རུ་ཥ། ཞེས་བློན་པ་དང་། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ཞི་བར་བསལ་བས། །བླ་མེད་ཐེག་པར་རབ་ཞོན་ཏེ། ཐམས་ཅད་མཁྱེན་གྲོང་འགྲོ་བར་ཤོག། །ལག་པ་གཡོན་པའི་མཐིལ་དུ་གཡས་པའི་གྲུ་མོ་བཞག་སྟེ་བསྒྲེངས་ལ་ གཡས་པའི་ཁུ་ཙུར་འོག་ཏུ་གླང་པོའི་རྣམ་པར་བྱས་པའི་གུང་མོ་གླང་པོའི་སྣ་ལྟར་བྱས་ལ། ཧསྟི། ཞེས་གླང་པོ་དང་། རྟ་མཆོག་རིན་ཆེན་འདི་ཕུལ་པས། །སྲིད་པའི་གཟེབ་ལས་ཡོངས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤགས་ཐོབ་ནས། །སངས་རྒྱས་ ཞིང་དུ་བགྲོད་པར་ཤོག །ཁུ་ཚུར་གཉིས་བཙིར་བའི་གུང་མོ་གཉིས་དང་སྲིན་ལག་གཉིས་བརྐྱང་། །མཐེ་བོང་གཉིས་རྣ་བ་ལྟར་བྱས་ལ། ཏུ་རཾ་ག་ཨ་ཤྭ། ཞེས་རྟ་མཆོག་དང་། དམག་དཔོན་རིན་ཆེན་འདི་ཕུལ་པས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། ། ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །གཡོན་གོ་ཆ་འཛིན་པ་དང་། གཡས་མཆོག་སྦྱིན་བྱས་ལ། ཁངྒ། ཞེས་དམག་དཔོན་ཏེ་རྒྱལ་སྲིད་སྣ་བདུན་དབུལ་ལོ།། དེ་ནས། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ འཕྲེང་ལྡན། ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་བགྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །དེ་བཞིན་དུ་རྐང་པ་ཕྱི་མ་གཉིས་དང་། སྔགས་ཀྱི་ཐོག་མཐའ་ཐམས་ 12-10-39b ཅད་ལ་སྦྱར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿ ཧཱུཾ། ཞེས་གཟུགས་དང་། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཡིད་འོང་སྒྲ་སྙན་ཅི་མཆིས་པ། ཤཔྟ། ཞེས་སྒྲ་སྙན་དང་། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། ། ཨ་ཀ་ར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །གནྡྷེ། ཞེས་དྲི་མཆོག་དང་། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་པ། །རས། ཞེས་ཞལ་ཟས་དང་། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་ པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །སྤརྴ། ཞེས་རེག་བྱ་སྟེ་འདོད་ཡོན་ལྔ་དབུལ་ལོ།། དེ་ནས་རྡོ་རྗེ་དྲིལ་སྟབས་དང་བཅས་པས། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་ བཞིན་ནོར་བུ་རིན་ཆེན་ལྟར། །སེམས་ཅན་བསམ་པ་སྐོར་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨ་ཁ་རྒྱས་པ། །ཁམས་གསུམ་དབུགས་དབྱུང་མཛད་པ་ཡི། །ཤཱཀྱ་རིགས་ དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་འཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་པར་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཕྱག་འཚལ། །སྟོང་པ་ཉིད་ཀྱི་རྡོ་རྗེ་ལས། །རྡོ་རྗེའི་རིགས་རྣམས་ཀུན་གྱི་ཡུམ། ། 12-10-40a རྡོ་རྗེ་སེམས་མཆོག་རྣམ་པར་དག །ཕྱག་འཚལ་རྡོ་རྗེ་སྤྱན་མ་ལ། །མཚན་མ་མེད་པའི་རྡོ་རྗེ་ལས། །རིན་ཆེན་རིགས་རྣམས་ཀུན་གྱི་ཡུམ། །རྡོ་རྗེ་ཆེན་དབང་བསྐུར་མཆོག །ཕྱག་འཚལ་རྡོ་རྗེ་དབང་ཉིད་ལ། །སྨོན་པ་མེད་ པའི་རྡོ་རྗེ་ལས། །པདྨའི་རིགས་རྣམས་བསྐྱེད་མཛད་པ། །རྡོ་རྗེ་པདྨ་གསང་བའི་མཆོག །ཕྱག་འཚལ་རྡོ་རྗེ་དཀར་མོ་ལ། །རྡོ་རྗེ་མངོན་འདུ་མི་བྱེད་ལས། །ལས་ཀྱི་རིགས་རྣམས་བསྐྱེད་མཛད་པ། །རྡོ་རྗེ་མཆོད་ལ་རབ་ཏུ་བརྩོན། །ཕྱག་འཚལ་རྡོ་རྗེ་སྒྲོལ་མ་ ལ། །རྡོ་རྗེ་སེམས་དཔའ་སེམས་དཔལ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །དོན་ཡོད་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་ འཚལ་རྡོ་རྗེ་འགུགས་ཁྱོད་ལ། །རྡོ་རྗེ་ཚོགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་གཞུ་ཁྱོད་ལ། །རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག ། ཕྱག་འཚལ་རྡོ་རྗེ་དགྱེས་ཁྱོད་ལ། །རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག ། ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལ། །རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །ཕྱག་འཚལ་རྡོ་ རྗེ་འོད་ཁྱོད་ལ། །སེམས་ཅན་དོན་རབ་རྡོ་རྗེ་དཔལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལ། །རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། ། 12-10-40b ཕྱག་འཚལ་རྡོ་རྗེ་དགའ་བ་ལ། །རྡོ་རྗེ་ཆོས་རབ་དེ་ཉིད་དོན། །རྡོ་རྗེ་པདྨོ་རབ་དག་བྱེད། །འཇིག་རྟེན་དབང་རབ་རྡོ་རྗེ་སྤྱན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལ། །རྡོ་རྗེ་རྣོ་བ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །ཕྱག་འཚལ་རྡོ་རྗེ་བློ་ ཁྱོད་ལ། །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་སྐོར་རྡོ་རྗེ་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་སྙིང་པོ་ལ། །རྡོ་རྗེ་གསུམ་པ་རབ་རིག་མཆོག །རྡོ་རྗེ་ཟློས་པ་རབ་བསྒྲུབ་ཕྱིར། །མི་གསུང་རྡོ་རྗེ་མཆོག་གྲུབ་པ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལ། ། རྡོ་རྗེ་ལས་རབ་རྡོ་རྗེ་དཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་འགྲོ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །ཕྱག་འཚལ་རྡོ་རྗེ་ཀུན་ཁྱོད་ལ། །རྡོ་རྗེ་སྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །བརྩོན་འགྲུས་མཆོག་ནི་ཐུབ་པར་དཀའ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལ། །རྡོ་རྗེ་གནོད་སྦྱིན་ ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལ། །རྡོ་རྗེ་མཚམས་སྦྱོར་རབ་བསྡུས་ཉིད། །རྡོ་རྗེ་འཆིང་བ་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ལ། ། རྣམ་དག་རྡོ་རྗེ་ཐུགས་འཛིན་མ། །མི་དམིགས་རྡོ་རྗེ་ཏིང་འཛིན་གནས། །རྡོ་རྗེ་སྒེག་མོའི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་བསྒྱིངས་མ་ལ། །རྣམ་དག་ཡོན་ཏན་རྡོ་རྗེ་སྟེ། །ཡིད་བཞིན་རྡོ་རྗེ་རེ་བ་སྐོང་། །རྡོ་རྗེ་གཟུགས་ཀྱི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་ རྗེ་འཕྲེང་བ་ལ། །རྣམ་དག་རྡོ་རྗེ་གསུང་མཆོག་མ། །རྡོ་རྗེ་བི་ཝང་འཛིན་པའི་ཚུལ། །རྡོ་རྗེ་གསུང་མཆོག་སྒྲོག་པའི་དོན། །ཕྱག་འཚལ་རྡོ་རྗེ་དབྱངས་མཁན་ལ། །རྣམ་དག་རྡོ་རྗེ་ལས་རབ་སྟེ། །ལས་ཀྱི་རྡོ་རྗེ་འགྲོ་དོན་མཛད། །བདུད་འདུལ་རྡོ་རྗེ་ཕྱག་རྒྱ་ 12-10-41a ཅན། །ཕྱག་འཚལ་རྡོ་རྗེ་གར་མཁན་ལ། །སྤྲིན་བཞིན་རྡོ་རྗེ་བདུག་པ་མ། །ཚིམ་བྱེད་རྡོ་རྗེ་དང་ལྡན་པས། །རྡོ་རྗེ་འཕྲེང་བའི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་བདུག་པ་ལ། །རྡོ་རྗེས་མཛེས་པའི་གཟུགས་མཛེས་ཤིང་། །རྡོ་རྗེ་མེ་ ཏོག་འཐོར་བའི་ཚུལ། །བྱང་ཆུབ་ཡན་ལག་མེ་ཏོག་སྟེ། །ཕྱག་འཚལ་རྡོ་རྗེ་མེ་ཏོག་ལ། །འོད་གསལ་རྡོ་རྗེ་འབར་བའི་མེ། །རྡོ་རྗེ་སྤྱན་གྱིས་མ་རིག་སེལ། །རྡོ་རྗེ་གསལ་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་སྣང་བྱེད་ལ། །རྡོ་རྗེ་ཙནྡན་བདུད་རྩིའི་ཆུ། །རྡོ་རྗེ་དྲི་ ཡིས་རྣམ་རྟོག་འཇོམས། །རྡོ་རྗེ་དག་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་དྲི་མཆོག་ལ། །རྣམ་དག་སྐུལ་བྱེད་རྡོ་རྗེའི་དོན། །རྡོ་རྗེ་སྡུད་མདད་རྡོ་རྗེའི་དོན། །རྡོ་རྗེ་འགུགས་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་ཀྱུ་ལ། །མི་གཏོང་རྡོ་རྗེ་ཆོས་ཀྱི་དོན། །རྡོ་རྗེ་འདྲེན་པ་མི་འགྱུར་དོན། ། འཆིང་མཛད་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ཞགས་པ་ལ། །རྡོ་རྗེ་མི་འགྱུར་བརྟན་པའི་བདག །རྡོ་རྗེ་མགྱོགས་བྱེད་གློག་བཞིན་མྱུར། །སྒྲོག་མཛད་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་སྒྲོག་ལ། །རྡོ་རྗེ་དབབ་པ་བརྟན་པའི་བདག ། བསྐྱོད་མཛད་རྡོ་རྗེ་ཀུན་གྱི་ལས། །རྡོ་རྗེ་དབབ་པའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་འབེབས་པ་ལ། །སྒོ་ཡི་ཁྱམས་ན་བཞུགས་པ་ཡི། །བྱམས་པ་ལ་སོགས་བཅུ་དྲུག་ནི། །རབ་དགའ་ལ་སོགས་གནས་མཛད་པའི། །བྱང་ཆུབ་སེམས་དཔའ་ཕྱག་ འཚལ་ལོ། །སྟོན་པའི་རྟགས་འཆང་ཉན་ཐོས་མཆོག །ལྷུང་བཟེད་འཁར་གསིལ་པོ་ཏི་ཕྱག །སྦྱངས་སྟོབས་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་དོན་ལ་བརྟེན་གནས་པའི། །འབགས་པ་རང་རྒྱལ་བཅུ་གཉིས་ནི། ། 12-10-41b འབྱུང་དང་ལྡོག་ལ་རབ་ཞུགས་པའི། །རང་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །ཁྲོ་བོ་སྲིན་པོ་ཆ་ལུགས་ཅན། །སྦྲུལ་དང་མི་སྡུག་མགོས་བརྒྱན་པ། །སྟག་ལྤགས་ཀྱིས་ནི་རྣམ་དཀྲིས་ཤིང་། འཇིག་རྟེན་གསུམ་སྣང་སོགས་ཕྱག་འཚལ། །ཕྱི་ཡི་ཁོར་ཡུག་ ལ་གནས་པའི། །འཇིགས་བྱེད་ལྷ་ཀླུ་གཟའ་སྐར་དང་། །ཕྱོགས་སྐྱོང་རྒྱལ་ཆེན་ཕྱག་འཚལ་ཞིང་། །འཇིག་རྟེན་པ་ཀུན་བསྟོད་པར་བགྱི་ཞེས་བསྟོད་དེ་བཟླས་པ་གང་འགྲུབ་བྱས་ནས། དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར། །སེམས་ཅན་ཀུན་གྱི་ དོན་མཛོད་ཅིག། །ཅེས་གསོལ་བ་གདབ། དེ་ནས་སྒྲུབ་གྲོགས་དཀྱིལ་འཁོར་བསྲུང་དུ་བཅུག་ལ། ཕྱི་རོལ་ཏུ་ཕྱིན་ཏེ། གཏོར་མ་ཆ་གསུམ། ཡི་དྭགས་ཀྱི་་གཏོར་གཉེར་སྤྱོད་དང་བཅས་པ་བཤམས་ལ། བསང་གཟི་བྱིན་པ་སྐྱེད་ནས་མཆོད་པ་རྣམས་ སྔར་ལྟར་བྱིན་གྱིས་བརླབ། གཏོར་མ་བྱིན་གྱིས་བརླབ་པ་ནི། གཡས་པའི་མཐེ་བོས་མཐེའུ་ཆུང་མན་ན། ལྷག་མ་གསུམ་སོ་སོར་བསྒྲེངས་ལ། ཨོཾ་སྭ་བྷཱ་ཝ་བི་ཤུ་དྷེ་དྷརྨཱཿ ཏེ་བཛྲ་སིངྡྷི་ཧཱུཾ། ཞེས་སྦྱང་། ཐལ་མོ་གཉིས་བཀན་ལ་སྙིམ་པའི་ཚུལ་ དུ་བྱས་པ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཞག་ལ། ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཀེ་བྷྱཿ སརྦྦ་ཏད་ཁཾ་ཨུད་གེ་སྥ་རཱ་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་མང་པོར་སྤེལ། ལག་པའི་སོར་མོ་བསྣོལ་ལ་གུང་མོ་གཉིས་རྩེ་སྤྲད་ལ་ བཅག་སྟེ་དཔྲལ་བར་བཅིངས་ནས་བཀྲོལ་ལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པས་བདུད་རྩིར་བསྒྱུར། གཡོན་རྡོ་རྗེ་ཁུ་ཆུར་སྙིང་གར་བཞག གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་ཏྱ་ནུད་པན་ན་ཏྭད། ཅེས་ 12-10-42a པས་འདོད་པ་བསྒྲུབ་པར་བསམ། གཡས་པ་ཁྲོ་བོའི་ཁུ་ཚུར་བཅིངས་ཏེ་བསྒྲེངས་ལ་རྫས་ལ་གཏད་དེ་སེ་གོལ་གདན་ཅིང་བགྲོལ་ལ། ན་མཿ སརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་རྒྱ་ཆེན་ཤུགས་ ལྡན་འོད་ཀྱི་སྔགས་རྒྱས་སོ་སོར་ཐོབ་པར་བྱའོ།། གཡས་མི་འཇིགས་པའི་ཕྱག་རྒྱ་བྱས་ལ། ཨོཾ་རུ་རུ་སྥུ་རུ་ཛ་ལ་ཏྲི་ཥྛ་སིངྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་པས་མཉམ་པོར་ཐོབ་པར་བྱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་ གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གཡོན་དྲིལ་བུ་གསིལ་ཞིང་། །མགོན་པོ་ཀུན་གཤེགས་གདན་ལ་བཞུགས། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་བརྗོད། དེ་ནས་སྤྱན་དྲང་བ་ནི། པུས་ མོ་གཡས་བཙུགས། གཡོན་གྱེན་དུ་བསླང་། ལག་པ་གཡས་སྤོས་ཐོགས། གཡོན་དྲིལ་བུ་གསེལ་ཞིང་། མགོན་པོ་ཀུན་གཤེགས་གདན་ལ་བཞུགས། །ད་ལྷ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་ བསྟན་པ་སྲུང་པ་དང་། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །སྙིང་རྗེ་ཐབས་མཁས་ཐུགས་དམ་དཀྱིལ་པོ་ཆེ། །ལྷ་དང་དྲང་སྲིད་ཡི་དྭགས་སྲིན་པོ་ ཀླུ། །རིག་འཛིན་རྒྱལ་པོ་དང་ནི་གདོན་གྱི་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོག་ཀྱིས་གཤེགས་སུ་གསོལ། ། 12-10-42b ཨོཾ་ཨེ་ཧྱེ་ཧི་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱས་ལ། ས་མ་ཡེ་སྭཱ་ཧཱ། ཨོཾ་རུ་དྲ་ཡེ། ཨོཾ་ཤ་ཏ་ས་ཧ་སྲ་ཨཀྵི་ཡེ། ཨོཾ་ཨགྣ་ཧེ། ཨོཾ་ཡ་མ་ཡེ། ཨོཾ་ནཻ་རི་ཏ་ཡ། ཨོཾ་བ་རུ་ཏ་ཡེ། ཨོཾ་བ་ཡ་བེེ་ཡེ། ཨོཾ་ཀུ་པེ་ར་ ཡེ། ཨོཾ་ཨདྷཾ་བྲཧྨ་ཎ་ཡེ། སུ་རྱ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨོཾ་ཨརྡྷྭ་བྲི་ཐི་ཝཱི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿ ས་པ་རི་ཝཱ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། ཀ་མ་ལ་ཡེ་སྟྭཾ། ཞེས་ གདན་དབུལ། དེ་ནས་ཨོཾ་རུ་ཏྲ་ཡེ། ཞེས་པ་ནས་ནཱ་གེ་བྷྱཿ ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་སོགས་ཀྱིས་སྔོན་འགྲོ་གཏོར་མའི་སྐབས་ལྟར་ཉེར་སྤྱོད་རོལ་མོའི་པར་དབུལ། དེ་ནས་དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོད་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་ འཚལ། །གཤིན་རྡོ་རྗེ་ལག་ན་བེ་ཅོན་འཆང་། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ ནུབ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་ 12-10-43a འཛིན་པའི་ལྷ། །རིགས་འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་དབྱུག་པ་ཐོགས། །ནོར་སྐྱོང་གདོན་གྱི་བདག་པོ་སྟེ། །བྱང་ ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། ། སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད་དོ།། གཏེར་མ་བྱིན་པ་ནི། ཨོཾ་རུ་ཏྲ་ཡེ། ཞེས་པ་ནས། ནཱ་གེ་བྷྱཿ ས་པ་རི་ཝཱ་ར། ན་མཿ སརྦ་ཏ་ཐ་ག་ཏ་བྷྱོཿ ཞེས་སོགས་གསུམ་དང་། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་པའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ ཆེན་པོ་དང་། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ལེགས་པར་ 12-10-43b བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །མེ་ཏོག་དྲི་དང་བྱུང་པ་གཏོར་མ་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་འདིའི་ འབྲས་བུ་མཆིས་པར་མཛོད། །ཅེས་པས་བསྔོ། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་པ་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་ རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་དགལ་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་ མ་ངན། །བྱ་བྱེད་ངན་རྣམས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་འཕྲིན་ལས་བཅོལ། །གདོན་གྱི་རིགས་ སྨོས་པའི་སྒོ་ནས་སྤྱན་དྲང་པ་ནི་ལུས་ཀྱི་སྤྱོད་ལམ་སྔར་ལྟར་བྱས་ལ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་ཚོགས་རྣམས་ལ། །བདག་གི་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་སྦྱིན་ཅིག །ཨོཾ་ཨེ་ཧྱེ་ཧོ་ལོ་ཀ་ཀཱ་ར་ཡ། དེ་བ། 12-10-44a ནཱ་ག ཡཀྵ། གདྷ་བ། ཨ་སུ་ར། ག་རུ་ཊ། ཀིནྣ་ར། མ་ཧོ་ར་ག མ་ནུ་ཥ། ཨ་མ་ནུ་ཥ། ས་པ་རི་ཝཱ་ར་ས་མ་ཡེ་སྭཱ་ཧཱ། ཨོཾ་དེ་བ། ཞེས་པ་ནས་ས་པ་རི་ཝ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། སྔར་ བཞིན་གདན་ཕུལ་ནས། ཉེར་སྤྱོད་རོལ་མོ་དང་བཅས་པ་གོང་བཞིན་དབུལ་ལོ།། ཨོཾ་དེ་བ་ཞེས་པ་ནས་ས་པ་རི་ཝཱ་ར་ན་མཿ སརྦ་ཏ་ཐཱ་ཏ་བྷྱོཿ ཞེས་སོགས་གསུམ་ཀྱིས་གཏོར་མ་ཕུལ་ནས། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་ དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །མཚོ་དང་རྫིང་བུ་སྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་སིལ་ མ་ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་ གནས་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་ཆེན་དང་ནི་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་རགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་ དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཏུང་ཞིང་ལེགས་པར་ 12-10-44b གསོལ་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་གནས་སྨོས་པའི་སྒོ་ནས་འཕྲིན་ལས་བཅོལ་ལོ།། རང་ཉིད་ཀྱི་ཅིག་གིས་ཧཱུཾ་མཛད་དུ་གྱུར་པར་བསམས་ལ། ཁྲོ་བོ་འདོད་རྒྱལ་གྱི་ཕྱག་རྒྱ་བྱས་ཏེ། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ ཀྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་རྣམས་ཀྱི་བྱིན་གྱིས་བརླབས་ཀྱིས་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་འདིར་མཆིས་པར་གྱུར་ཅིག །ཨོཾ་ཊཱཀྐི་ཧཱུཾ་ཛཿ ཞེས་ བགེགས་འཁོར་བཅས་མདུན་དུ་བཀུག་པར་བསམ། ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ། ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། གདན་སྔར་བཞིན་ཕུལ་ཏེ། ཉེར་སྤྱོད་རོལ་མོ་དང་བཅས་པ་གོང་ བཞིན་དབུལ། ཨོཾ་གུང་ཀ་རི་ཞེས་པ་ནས། ས་པ་རི་ཝཱ་ར་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོཿ ཞེས་སོགས་གསུམ་གྱིས་གཏོར་མ་དབུལ། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་ དང་། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་དང་། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞིབ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། ། དེ་རི་ཕན་ཅད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེ་དེ། །མཚོན་ཆས་མི་འཇིགས་གང་ཡང་ 12-10-45a མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པའམ་ཆུང་ངུ་གང་དག་གི། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུང་ནས་སུ། །གདོན་དེ་རང་གི་གནས་ སུ་དེངས། །དེ་ལྟར་བདག་གི་ཅི་ནུས་ཀྱི། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གི་འདོད་པ་བསྐང་པར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་ཆེ་གོ་མོ་ཞིག་གི། །ནད་དེ་ཉེ་བར་སོལ་ མཛོད་ལ། །གདོན་རྣམས་རང་གི་གནས་སུ་དེངས། །སརྦ་བིགྷྣ་ན་གཙྪ། ཞེས་བགེགས་རྣམས་རང་གནས་སུ་གཤེགས་པར་བསམ། ཨོཾ་དེ་བ་ཞེས་པ་ནས། ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། གཙྪ། ཞེས་སྡེ་བརྒྱད་གཤེགས་པར་ བསམ། ཨོཾ་རུ་ཏྲ་ཡེ། ཞེས་པ་ནས། ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། གཙྪ། ཞེས་ཕྱོགས་སྐྱོང་འཁོར་བཅས་གཤེགས་པར་བསམ། ན་མཿ ས་མནྟ་བུདྡྷ་ནཾ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱཾ། ཞེས་པ་ལན་ གསུམ་གྱིས་ཡི་དྭགས་ལ་གཏོར་མ་བྱིན། དེ་ནས་ཙོག་ཙོག་པུར་འདུག་ཅིང་། ངག་བཅད་ལག་པ་གཉིས་པུས་མོའི་ནང་དུ་འོང་བར་བྱ་གཡས་པ་གན་རྐྱལ་དུ་གནས་པའི་གུང་མོ་དང་སྲིན་ལག་ཅུང་ཟད་བཀུག་ལ་ཁ་ལ་ཕྱོགས་པར་བཟུང་ ངོ་།། ཟེའུ་འབྲུའི་ཆས་པ་ལ་ལན་ནང་དུ་བྱབ་ཅིང་ལན་གཉིས་སམ་གསུམ་དུ་རྣ་བ་གཉིས་དང་། མིག་གཉིས་དང་། སྣ་དང་། ཁ་དང་། ལག་པ་དག་དང་། ལྟེ་བ་དང་། མོག་ལ་རེག་ནས་ཆུ་ཧུབ་གསུམ་འཐུངས་ཏེ་མཆུ་ལ་ལན་གཉིས་ཕྱི་ 12-10-45b བར་བྱའོ།། དེ་ནས་སློབ་དཔོན་གྱིས་རྗེས་མནན་ཏེ་ལས་ཐམས་ཅད་པ་བརྗོད་ཅིང་ནང་དུ་འོངས་ལ་སྔར་བཞིན་རང་ཉིད་ཧཱུཾ་མཛད་དུ་བསྐྱེད། མེ་ཏོག་གི་ཕྲེང་བ་བཟུང་སྟེ། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་དུ་སྔར་བཞིན་ཞུགས་པར་བསམས་ལ། ཨོཾ་ བཛྲ་སཏྭ་ས་མ་ཡ། ཞེས་སོགས་པ་བརྒྱ་པ་བརྗོད་ཅིང་རྡོ་རྗེ་གསོར། དྲིལ་བུ་གསིལ་ལ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས་འཁོར་ལོ་ལ་བལྟས་ཏེ། མེ་ཏོག་གཙོ་བོ་ལ་དབུལ། དེ་ནས་སྔར་གྱི་སྒོ་དབྱེ་བའི་སྔགས་རྒྱས་སྒོ་བཞི་གོང་བཞིན་ དབྱེ། དེ་ནས་ཨོཾ་ས་མ་ཡ་པྲ་བེ་ཤ་ཡ་མི། ཞེས་སྔར་ཕུལ་བའི་མེ་ཏོག་ཕྲེང་བ་གར་བྱེད་ཅིང་བླངས་ལ་རང་གི་མགོ་ལ་བཅིངས་ཏེ། ཨོཾ་པྲ་ན་མ་མི་སརྦ་ཏ་ཐཱ་ག་ཏཾ། ཞེས་དཀྱིལ་འཁོར་ལ་ཕྱག་བྱས་ཏེ། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་ བཀའ་དྲིན་སྩོལ་ཅིག །ཅེས་གསོལ་བ་གདབ་པར་བྱའོ།། དེ་ནས་བླ་མ་དང་གཙོ་བོ་ཐ་མི་དད་པས་དབང་གི་བྱ་བ་རྣམས་མཛད་པར་བསམ་ཞིང་དངོས་སུ་རང་གིས་བྱས་ལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། ཞེས་གསོལ་བ་གདབ་པ་ནས། དམ་ཚིག་བསྒྲག་ པའི་བར་སློབ་མ་ཇི་ལྟར་འཇུག་པ་བཞིན་བྱས་ལ། དངོས་གཞི་ཆུ་དབང་ནས། ཚེ་དིའི་བདེ་བ་མ་ལུས་དང་། །ཞེས་སོགས་ཀྱི་བར་གྱི་དབང་བསྐུར་བ་རྣམས་བླངས་ཏེ། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ནས། ཨོཾ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭདྷ་ ར་ཏ་ཐཱ་ག་ཏ་ས་མ་ཡ་མཱ་ཏི་ཀྲ་མ་ཏི་ཏ་ཐཱ་ག་ཏ་དྷ་ར་ཨཱཏྣ་ཀོ྅ཧཾ། ཞེས་ང་རྒྱལ་བསྐྱེད་པ་ནི་བདག་འཇུག་གོ།། དེ་ནས། བདག་མིང་འདི་ཞེས་བྱ་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་ 12-10-46a པར་བགྱི། །ཞེས་གསུམ་གྱིས་གསོལ་བ་གདབ། །དེ་ནས་སློབ་མ་རྣམས་ཁྲུས་བྱས། །མཎྜལ་འབུལ་དུ་བཅུག་ལ་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། དགའ་ཆེན་ཁྱོད་བདག་སྟོན་སྟེ། །སློབ་དཔོན་ཁྱོད་ནི་ དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། ། ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱི། །ཞེས་གསུམ་གྱིས་གསོལ་བ་འདེབས་སུ་གཞུག །ལས་ཐམས་ཅད་པ་བཟླས་པའི་མིག་དར་སེར་པའམ་དམར་པོས། །ཨོཾ་ཙཀྵུ་བྷནྡྷ་བ་ར་མན་ཡེ་ཧཱུཾ། ཞེས་གདོང་གཡོགས་ བཅིང་། ཨཱཿ ཁཾ་བཱི་ར་ཧཱུཾ། ཞེས་མེ་ཏོག་ཕྲེང་བ་གཏད། དེ་ནས་སྔར་སྟ་གོན་གྱི་སྐབས་བཞིན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དམིགས་རྣམས་བརྡ་སྤྲད་ལ། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །ཞེས་པ་ནས། ཁྱད་འཕགས་གནས་ལ་ བདག་ནི་གནས་པར་བགྱི། །ཞེས་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྡོམ་པ་བླངས་ལ། རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་མཐའ་དག་ སངས་རྒྱས་མ་ཐོབ་ཀྱི་བར་དུ་ཚུལ་བཞིན་དུ་བསྲུང་སྙམ་པ་མཛོད་ཅེས་བརྡ་སྤྲད་ལ། སངས་རྒྱས་བྱང་ཅུང་སེམས་དཔའ་ཀུན། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པའི་བར་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག ། ཐམས་ཅད་ 12-10-46b རྣལ་འབྱོར་གྱི་སེམས་བསྐྱེད་པ་ནི། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུདྤ་ཏ་ཡཱ་མི། ཞེས་བརྗོད་དུ་བཅུག སྨོན་སེམས་ཀྱི་དམིགས་རྣམ་བརྡ་སྤྲད་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ།། སྙམ་པའི་སྨོན་པའི་སེམས་ཀུན་རྫོབ་པ་ད་ ཉིད་སྙིང་གར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་། བདག་མེད་ཀྱི་དམིགས་རྣམས་བརྡ་སྤྲད་དེ། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པའི་དོན་དམ་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་ རྩེ་ལྔ་པའི་རྣམ་པར་གྱུར་པའི་མོས་པ་མཛོད་ཅེས་བརྡ་སྤྲད། རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཟུང་སྟེ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྷྱ། བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། ཨོཾ་བཛྲ་ཨདྷི་ཏིཥྛ་ཧཱུཾ། ཞེས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་འཆིང་དུ་གཞུག ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཞེས་པས་ཤར་སྒོ་ནས་དཀྱིལ་འཁོར་དུ་གཞུག ཨ་ས་མེ། ཏྲི་ས་མེ། ཨ་ཧཱ་ས་མ་ཡེ་ཧཱུཾ། ཞེས་པས། ལྷ་རྣམས་དང་སྐལ་བ་མཉམ་པར་བྱས་སོ།། ཞེས་དེ་ལྟར་མོས་སུ་གཞུག དེ་ནས་རྡོ་རྗེ་མགོ་བོར་བཟུང་བའམ། ཡང་ན་སེམས་ མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་པ་སྤྱི་བོར་བཞག་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ་ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་ གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱི་ཅི་དགོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུ་ཏ་རེ། ཞེས་བརྗོད་དེ། ཕན་ཡོན་གྱི་སྒོ་ 12-10-47a ནས་དམ་ལ་བཞག །སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་། གྱེན་དུ་བསྟན་པ་བཅིངས་ལ་སྤྱི་བོར་བཞག་སྟེ། འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱི། གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་ པར་འགྱུར་རོ།། ཞེས་དང་། སེམས་མ་རྡོ་རྗེ་མའི་ཕྱག་རྒྱའམ་རྡོ་རྗེ་སྙིང་གར་བཟུང་ལ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང་། ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་ཉེས་དམིགས་ཀྱི་སྒོ་ ནས་དམ་ལ་བཞག་སྟེ་རྣམ་རྐྱལ་སྟེང་གི་དུང་ཆོས་ཀྱི་ཆུ་མཐེབ་སྲིན་གྱིས་བཟུང་བའི་སྣོད་ནས་སློབ་མའི་ཁར་བླུག་ཅིང་། ཨོཾ་བཛྲ་ཨུ་ད་ཀ་ཋཿ ཞེས་འཐུང་དུ་གཞུག རྡོ་རྗེ་སློབ་མའི་མགོར་བཟུང་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ ཡིན་གྱི་ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ།། ཁྱོད་ཀྱིས་ཀྱང་ང་ལ་བརྙས་པར་ཡང་མི་བྱ་སྟེ་ཁྱོད་ཡར་ང་བ་མ་སྤངས་པར་ཤི་བའི་དུས་བྱས་ནས་དམྱལ་བར་ལྟུང་པར་འགྱུར་ཏ་རེ། ཞེས་བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ ལ་བཞག་གོ།། སློབ་མ་རྣམས་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿ ལས་པདྨ་དམར་པོའི་ལྟེ་བར་ཨཱཿ ས་མཚན་པ། སྙིང་གར་ཧཱུཾ་ལས་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུཾ་གིས་མཚན་པར་གྱུར་པར་ བསམ། སྔར་གྱི་སྒོ་དབྱེ་བའི་ཕྱག་བརྒྱ་བྱས་ལ། ཨོཾ་བཛྲ་ད་གྷ་ཊ་ཡ་ས་མ་ཡ་པྲ་པེ་ཤཱ་ཡ་ཧཱུཾ། ཞེས་རང་དང་སློབ་མ་གཉིས་ཀའི་སྙིང་ག་བྱེ་བར་བསམས་ལ། རང་གི་སྙིང་གར་གནས་པའི་རྡོ་རྗེ་ལས་ཨཱཿ བྱུང་སྟེ་སློབ་མའི་སྙིང་གར་གནས་ 12-10-47b པའི་རྡོ་རྗེའི་དབུས་སུ་གནས་པར་གྱུར་པར་བསམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་འདེབས་སུ་གཞུག ། སེམས་མ་རྡོ་རྗེ་མའི་ ཕྱག་རྒྱ་སྙིང་གར་བཞག་སྟེ། འདིའི་རྗེས་ཟློས་བྱེད་དུ་གཞུག་གོ།། འདི་ནི་རྡོ་རྗེའི་དམ་ཚིག་སྟེ། རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །ཡེ་ཤེས་རྡོ་རྗེ་བླ་མེད་འདི། །དེ་རིང་ཉིད་དུ་འབབ་པར་ཤོག །ཨོཾ་བཛྲ་པྲ་བ་ཤ་ཧཱུཾ། བཛྲ་ཨ་བེ་ཤ་ཨཱཿ ཞེས་ལན་ བཅུ་ནས་བརྒྱའི་བར་དུ་བརྗོད་ལ། སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཧཱུཾ་ལ་སོགས་པའི་རྣམ་པར་སློབ་མའི་ལུས་ལ་ཐིམ་པར་བསམ། ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་དུ་གཞུག་ལ་དམ་ཚིག་སྦྱིན། ཨོཾ་བཛྲ་ས་མ་ཡ། ཧྲི་ད་ཡ་མེ། པྲ་བེ་ཤ་དྲྀ་དྷ་ཏིཥྛ་ཧཱུཾ། ཞེས་སྔར་ཡེ་ཤེས་ཕབ་པ་བརྟན་པར་བསམ། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་དགོངས་ནས་བཞེས་སུ་གསོལ། །ཨོཾ་བཛྲ་པྲ་ཏི་ གྲྀ་ཧྞ་ཧཱུཾ། ཞེས་མེ་ཏོག་འདོད་དུ་བཅུག་ལ། གང་ལ་ཕོག་པ་དེ་རིགས་ཀྱི་ལྷ་ཡིན་པས་དེ་སྒྲུབས་ཤིག །ཅེས་བརྗོད། ཨོཾ་བཛྲ་པྲ་ཏཱི་ཙྪ་ས་མ་ཡ་སྟྭཾ། ཞེས་ཕྲེང་བ་མགོ་ལ་བཅིངས་ལ། སློབ་མ་འདི་བྱང་ཆུབ་མཐོབ་ཀྱི་བར་དུ་བཟུང་མཛོད་ཅིག།། ཅེས་བརྗོད། དེ་ནས་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཧཱ་སྱ་ཨུད་གྷ་ཊ་ས་མ་ཡ་སྟཾ། ཞེས་པས་གདོང་གཡོགས་ 12-10-48a བསལ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་མིག་ཕྱེ་བར་བསམ། ཨོཾ་བཛྲ་པཱ་ཤྱ་ཧོ། ཀྱེ་རྡོ་རྡོ་ལྟོས། ཞེས་བརྗོད་ལ། ཤར་སྒོར་སྒོ་བ་རྡོ་རྗེ་ལྕགས་ཀྱུ། །ལྷོ་སྒོར་རྡོ་རྗེ་ཞགས་པ། ཞེས་པ་ནས། དབུས་སུ་ བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་བར་རྣམས་ཀྱི་མཚན་བརྗོད་ལ། དེ་རྣམས་མངོན་སུམ་དུ་མཐོང་པའི་མོས་པ་མཛོད། ཅེས་བརྗོད་ལ། དེ་ནས་སྔར་ལྟར་དུང་ཆོས་ཀྱིས་ཆུ་བླུད་ལ། འདི་ནི་ཁྱོད་དམྱལ་བའི་ཆུ། །དམ་ཚིག་འདས་ན་ སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །བདུད་བརྒྱུད་རིགས་ནི་བརླག་པར་མཛད། །དེ་བས་རྟག་ཏུ་བུ་ཁྱོད་ ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང་། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །བརྫུན་དང་འདོད་ལ་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་ མིན། །ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟང་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོང་མི་སྤང་། །དུས་ཀུན་ཏུ་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་ བླ་མ་དེ་བཞིན་ནོ། །སྡིག་པ་ལ་སོགས་གང་ཡིན་དང་། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང་། །དེ་ཡི་གྲིབ་མའང་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལས་ 12-10-48b སོགས་བྱ་བ་མིན། །མུན་སྟེགས་ཅན་ལ་སྨད་མི་བྱ། །མདོར་ན་ཡིད་གཉིས་སོམ་ཉི་ཐེ་ཚོམ་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ།། ཞེས་དམ་ཚིག་སྒྲག་གོ།། དེ་རྣམས་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །དེ་ནས་དབང་གི་དངོས་གཞི་ནི། དཀྱིལ་ འཁོར་གྱི་ཤར་དུ་དབང་སྟེངས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སློབ་མ་རྣམས་གནས་པར་གྱུར་པར་བསམས་ལ། སློབ་མ་མེ་ཏོག་གང་ཕོག་གི་ལྷར་བསྐྱེད་ནས་སྔར་བཞིན་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་དང་། གདུངས་དང་རྒྱལ་མཚན་དང་རོལ་ མོ་ལ་སོགས་པས་མཆོད་ལ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེ་སོགས་ཤིས་བརྗོད་ལ། ལས་བུམ་མ་གཏོགས་པའི་བུམ་པ་དུ་མ་ཡོད་ན། བུམ་པ་ཐམས་ཅད་ཀྱི་ཆུ་དུང་ཆོས་ལ་སོགས་པར་བསྡུས་པའམ། མེད་ན་རྣམ་རྒྱལ་བུམ་ པ་སྦྱི་བོར་བཟུང་ལ་ཚེ་འདས་ཀྱི་དོན་དུ་བྱེད་པའི་ཚེ་རྒྱས་པ་ལ་སྤྲོ་ན། རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་བུམ་པའི་དབང་བསྐུར་བས། ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ནས་བྱང་ཆུབ་སེམས་ཀྱི་བྱིན་རླབས་དང་ལྡན་པར་གྱུར་ཅིག །རིན་ཆེན་མཛེས་པའི་བཀྲ་ ཤིས་བུམ་པ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ཏེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །ཅེས་པ་དང་། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྭཱཾ། ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥཉྩ་ཧྲཱིཿ ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥྩ་ཨཱཿ ། ཞེས་བརྗོད་ཅིང་བུམ་ཆུ་གཏོར་ལ་འཐུབ་དུ་ཡང་གཞུག་ཅིང་ཆུ་དབང་བསྐུར། ཆུ་དབང་རྒྱུས་པ་བསྐུར་ཚུལ་ནི། རྩ་བའི་ལྷ་ཐམས་ཅད་ཀྱི་སྙིང་པོའི་ 12-10-49a གཤམ་དུ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པ་བཏགས་ལ། ཤར་དང་ཤར་ལྷོ་ནས་མས་རིམ་བཞིན་དབང་བསྐུར། དེའི་ཚུལ་ནི། བཛྲ་ཨཾ་ཀུ་ཤ་ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། བཛྲ་དྷཱུ་པེ་ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པ་ནས། སརྦ་བིད་ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ཅུད་དབང་བསྐུར་ཏོ།། དེ་བཞིན་དུ་ལྷ་དང་ལྷ་ནུབ། ནུབ་དང་ནུབ་བྱང་། བྱང་དང་བྱང་ཤར་དང་དབུས་རྣམས་ལའང་རིམ་པ་བཞིན་དུ་སྦྱར་རོ།། རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་རིགས་ལྔའི་དབུ་རྒྱན་གྱི་དབང་བསྐུར་བས་ རིགས་ལྔའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྟོགས་ཤིང་ཐོབ་པའི་དབང་དམ་པ་དང་ལྡན་པར་གྱུར་ཅིག །དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཅེས་དང་སྔར་བཞིན་རིགས་ལྔའི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་ དབུ་རྒྱན་གྱི་དབང་བསྐུར། རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་རིན་པོ་ཆེའི་ཕྲེང་བའི་དབང་བསྐུར་བས། བསམ་པ་མྱ་ངན་ལས་འདས་ཀྱང་སྦྱོར་བ་ཁམས་གསུམ་ན་འགྲོ་བའི་དོན་བྱེད་པ་ལ་མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་ གྱུར་ཅིག །རིན་ཆེན་མཛེས་པའི་མེ་ཏོག་ཕྲེང་བ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །བསམ་པ་མྱང་འདས་སྦྱོར་བ་ཁམས་གསུམ་གནས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ཅེས་དང་། སྔར་གྱི་རྡོ་རྗེ་རིན་ 12-10-49b ཆེན་གྱི་དམ་རྒྱས་ཕྲེང་འཆིང་བའི་ཚུལ་དུ་བྱ་ཞིང་། ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ། ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། ཞེས་རིན་པོ་ཆེའི་ཕྲེང་བའི་དབང་བསྐུར། རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་དར་གྱི་ཅོད་པན་གྱི་དབང་བསྐུར་བས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་ པ་དང་། སེམས་ཅན་གྱི་དོན་བྱེད་པ་ལ་མཐུ་ཐོགས་པ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །མཛེས་ཤིང་ཡིད་འོང་དར་གྱི་ཅོད་པན་གྱིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང་། །འགྲོ་བའི་དོན་ལ་ མཐུ་དང་དབང་ཐོབ་ཤོག །ཅེས་དང་སྔར་བཞིན་ཨོཾ་ཊུཾ་གིས་གོ་བགོས་ལ། ཨོ་བཛྲ་པ་ཊ་ཨ་ཝ་ལཾ་པ་ན་ཨ་བྷི་ཥིཉྩ་ཏྲཱཾ། ཞེས་དར་དཔྱངས་ཀྱི་དབང་བསྐུར། རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་རིགས་ལྔའི་ཕྱག་རྒྱས་དབང་བསྐུར་བས། རིགས་ ལྔའི་ཡེ་ཤེས་ལྔའི་དབང་ཐོབ་པར་གྱུར་ཅིག། །རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཏབ་རྫོགས་ཏེ། །ཡེ་ཤེས་ལྔ་ནི་མྱུར་དུ་རྟོགས་པར་ཤོག །ཅེས་དང་། ཨོཾ་བཛྲ་ མུ་དྲ་ཨ་བྷི་ཥཉྩ་ཧཱུཾ། ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥཉྩ་ཨོཾ། ཨོཾ་རཏྣ་མུ་དྲ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་མུ་དྲ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཱཿ ཞེས་དང་། རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་ཡུམ་ལྔའི་ཕྱག་རྒྱས་དབང་བསྐུར་བས། གསང་རྒྱུད་ མཐའ་དག་རྟོགས་ཤིང་ཤེས་པ་དང་། གཞན་ལ་འཆད་ཅིང་སྟོན་པའི་དབང་དང་ལྡན་པར་གྱུར་ཅིག །ཡུམ་ལྔའི་ཕྱག་རྒྱ་སྤྱི་བོར་བཞག་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །གསང་རྒྱུད་མཐའ་དག་ཤེས་ཤིང་རྟོགས་ནས་ 12-10-50a སུ། །འཆད་ཅིང་སྟོན་པའི་དབང་དང་ལྡན་པར་ཤོག །ཅེས་དང་། རྡོ་རྗེ་དབྱིངས་ཀྱི་དབང་མོའི་ཕྱག་རྒྱ་ལས་གུང་མོ་གཉིས་མཉམ་པར་གཤིབས་པ་སྤྱི་གཙུག་ཏུ་བཞག་ལ། ཨོཾ་བཛྲ་དྷཱ་ར་ཌ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཐལ་མོ་ལས་ མཐེ་བོང་གཉིས་སྐྱིལ་ཀྲུང་དུ་བསྣོལ་ཏེ་མཐེ་བོང་གཡོན་པས་གཡས་པ་མནན་ནས། མཛུབ་མོ་གཡོན་པའི་རྩ་བ་གཡས་པས་མནན་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་ལྕགས་ཀྱུ་ལྟར་བཀུག་པ་གུང་མོ་གཉིས་མཉམ་པའི་ཚིགས་པར་མར་སྦྱར་ ལ་གུང་མོ་ནི་རལ་གྲི་ལྟ་བུར་ཚིགས་གསུམ་པ་དགུག་པར་བྱས་པ་རྡོ་རྗེ་དབྱིངས་ཀྱི་དབང་མོའི་ཕྱག་རྒྱ་དཔྲལ་བར་བཞག་ལ། ཨོཾ་བུདྡྷ་དྷཱ་ར་ཎ་ཨ་བྷི་ཥིཉྩ་ཨོཾ། སྔ་མ་ལས་གུང་མོ་གཉིས་ཀྱི་རྒྱབ་བཀུག་སྟེ་རིན་པོ་ཆེ་འདྲ་བར་བྱས་པ་རྣ་ལྟག་གཡས་ སུ་བཞག་ལ། ཨོཾ་རཏྣ་དྷཱ་ར་ཎ་ཨ་བྷི་ཥིཉྩ་ཏྲཱཾ། སྔ་མ་ལས་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་པདྨའི་འདབ་མ་འདྲ་བར་བྱས་པ་ལྟག་པར་བཞག་ལ། ཨོཾ་པདྨ་དྷཱ་ར་ཎ་ཨ་བྷི་ཥིཉྩ་ཧྲཱིཿ ལག་མཐིལ་གཉིས་ཕན་ཚུན་སྤྲད་ལ་སོར་མོ་ཐམས་ཅད་ བརྐྱང་པ་རྣ་ལྟག་གཡོན་པར་བཞག་ལ། ཨོཾ་ཀརྨ་དྷཱ་ར་ཎ་ཨ་བྷི་ཥིཉྩ་ཨཱཿ ཞེས་རིགས་ལྔ་དང་ཡུམ་ལྔའི་ཕྱག་མཚན་གཉིས་ཀྱིས་ཕྱག་མཚན་གྱི་དབང་བསྐུར། རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་མིང་གི་དབང་བསྐུར་བས། མ་འོངས་པའི་ དུས་ན་སངས་རྒྱས་ཀྱི་མཚན་ངེས་པ་ཅན་རྟོགས་ཤིང་ཐོབ་པའི་དབང་དམ་པ་དང་ལྡན་པར་གྱུར་ཅིག །ཀུན་རྫོབ་མཚན་ཉིད་མཚན་མ་མིང་གི་དབང་། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །མ་འོངས་སངས་རྒྱས་འཇིག་རྟེན་ཞིང་ 12-10-50b ཁམས་སུ། །དེ་བཞིན་གཤེགས་པའི་མཚན་གྱི་མིང་ཐོབ་ཤོག །ཅེས་དང་། རྡོ་རྗེ་དྲིལ་བུ་སྤྱི་བོར་བཞག་སྟེ། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ནཱ་མ་ཨ་བྷི་ཥིཉྩ་དྲཱཾ། ཨོཾ་པདྨ་ནཱ་མ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ནཱ་མ་ ཨ་བྷི་ཥིཉྩ་ཨཱཿ ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ། །ཞེས་མིང་གི་དབང་བསྐུར་ནས། །སྔར་བཞིན་སྒེག་སོགས་བརྒྱད་ཀྱིས་མཆོད། །དེ་རྣམས་ནི་སློབ་མའི་དབང་ངོ་། །སློབ་དཔོན་གྱི་དབང་ནི་དཀྱིལ་འཁོར་གྱི་ཤར་དུ་ཁྲུས་དཀྱིལ་གྲུ་བཞི་པ་སོགས་མཚན་ཉིད་ ཐམས་ཅད་དང་ལྡན་པ་ལ་གནས་པའི་སེང་གེའི་ཁྲིའི་སྟེང་དུ། པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སློབ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར་པར་བསམས་ལ་ཉེར་སྤྱོད་ལ་སོགས་པས་མཆོད། ཤིས་པ་བརྗོད་ལ། ཐོག་ མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་མཆོག་གི་དང་པོའི་སྐྱེས་བུའོ།། ཞེས་རྡོ་རྗེ་བྱིན། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་ རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་དྲིལ་བུ་གཏད་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་ བྱེད་པར་འགྱུར། །ཞེས་དྲིལ་བུ་དཀྲོལ་དུ་གཞུག །སྟོང་པ་ཉིད་དང་དབྱེར་མེད་པའི་རྒྱལ་བའི་གཉིས་སུ་མེད་པའི་ཡེ་ཤེས་ནི་གསང་བའི་རྡོ་རྗེ་ཡིན་ལ། དེ་དྲན་པའི་དོན་དུ་རྡོ་རྗེ་གཟུང་སྙམ་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་པའི་སྒྲ་ 12-10-51a དྲིལ་བུས་སྒྲོག་པར་སེམས་པའི་རྡོ་དྲིལ་གྱི་དེ་ཁོ་ན་ཉིད་དྲན་པའི་སྒོ་ནས་བཟུང་ཞིང་། རྡོར་སེམས་ཀྱི་ཕྱག་ཆེན་འཆིང་དུ་བཅུག་ལ་རང་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པར་གསལ་བར་དམིགས་ པ་ལ་བརྟེན་ནས་པྲཛྙ་ཨུ་པ་སོགས་ཀྱི་དོན་ཐབས་ཤེས་རབ་དབྱེར་མེད་ཀྱི་ཟབ་གསལ་གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་གྱི་དབང་གི་ངོ་བོར་གྱུར་པ་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། །ཅེས་བརྡ་སྤྲད་ལ། ཨོཾ་པྲཛྙཱ་ཨུ་པ་ས་མ་ཡོ་ག་ཨ་བྷིའི་ཉྩ་ཧཱུཾ་ ཨཿ ཞེས་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར། དེ་ལྟར་དམ་ཚིག་གསུམ་སྦྱིན་པ་དང་། ཐབས་ཤེས་རབ་དབྱེར་མེད་ཀྱི་དོན་བཤད་པ་དང་བཅས་པས་རྡོ་རྗེ་སློབ་དཔོན་གྱི་དབང་དངོས་གཟི་པ་སྐུར་ནས། སེམས་ཅན་གྱི་དོན་བྱ་བའི་ཆེད་དུ་ཆོས་ བཤད་པ་སྤྱིའི་རྗེས་སུ་གནང་བ་ནི། རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་འཕྲིན་ལས་རྣམ་པ་བཞིའི་དབང་བསྐུར་བས། འཕྲིན་ལས་བཞིས་བདག་དང་གཞན་གྱི་དོན་བྱེད་པ་ལ་མཐུ་ཐོགས་པ་མེད་པའི་དབང་ཐོབ་པར་གྱུར་ཅིག ། རྡོ་རྗེ་རྒྱ་གྲམ་ ལག་ཏུ་བྱིན་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབར་བསྐུར་བས། །འཕྲིན་ལས་རྣམ་བཞིའི་འགྲོ་དོན་མཐར་ཕྱིན་ཏེ། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ཨོཾ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་སྣ་ཚོགས་རྡོ་རྗེ་གཏད་ལ་འཕྲིན་ལས་ཀྱི་དབང་ བསྐུར། རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་འཁོར་ལོ་ལག་ཏུ་བྱིན་ནས་སློབ་དཔོན་དུ་དབང་བསྐུར་བས་རྣམ་པར་སྣང་མཛད་ཀྱི་སྐུ་ཐོབ་སྟེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དཔལ་དང་ལྡན་པར་གྱུར་ཅིག །ཡོན་ཏན་རབ་རྫོགས་གསེར་གྱི་འཁོར་ལོ་ 12-10-51b འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །རྣམ་པར་སྣང་མཛད་སྐུ་མཆོག་རབ་ཐོབ་སྟེ། །ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་བར་ཤོག །ཅེས་དང་། བྷཱུཾ་ལས་བྱུང་བའི་འཁོར་ལོ། ཨོཾ་བཛྲ་ཙ་ཀྲ་ཨ་བྷི་ཥིཉྩ་ཧཱུཾ་བྷྲཱཾ། ཞེས་རྐང་པ་གཉིས་ཀྱི་བར་རཾ་ མདུན་དུ་སྦྱིན། དབྱངས་ཡིག་ཐ་མ་ཨཿ ལས་བྱུང་བའི་དུང་། ཨོཾ་བཛྲ་བྷ་ཥ་རཾ། ཞེས་གཡས་སུ་དུང་བྱིན་ལ་འབུད་དུ་གཞུག དབྱངས་ཡིག་དང་པོ་ཨ་ལས་བྱུང་བའི་སྤྱོད་རྒྱུད་ཀྱི་པོ་ཏི། ལག་པ་གཡོན་དུ་གཏད་ལ། དེང་ནས་བརྩམས་ཏེ་སེམས་ བསྐྱེད་པ། །ཙམ་གྱིས་ཆེས་དུང་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས་ཞེས་བརྗོད། དབྱངས་ཐ་མ་ཨཿ ལས་བྱུང་བའི་དྲིལ་བུ། ལག་པ་གཡོན་དུ་གཏད་དེ་དཀྲོལ་དུ་བཅུག་ལ། ཐམས་ཅད་ནམ་མཁའི་མཚན་ ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བས། །ཐམས་ཅད་མཆོག་ནི་མཉམ་ཉིད་གསལ། །ཞེས་བརྗོད། ཆོས་བཤད་པ་སོ་སོའི་རྗེས་གནང་ནི། རིགས་སོ་སོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བདག་པོར་བྱ་བའི་ ཕྱིར། རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་བདག་པོའི་དབང་བསྐུར་བས། རིགས་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་རི་དབང་དང་ལྡན་པར་གྱུར་ཅིག ། རིགས་ལྔའི་བདག་པོ་ཡི་ནི་རང་བཞིན་གྱིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་ བསྐུར་བས། །རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག ། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་ཤོག །ཅེས་དང་། ཨོཾ་བཛྲ་ཙ་ཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་བུདྡྷ་ཙ་ཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ། ཨོཾ་རཏྣ་ཙ་ཀྲ་ཨ་དྷི་ 12-10-52a པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏྲཱཾ་དྲཱཾ་ཏྲཱཾ། ཨོཾ་པདྨ་ཙ་ཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧྲཱིཿ ཧྲཱིཿ ཧཱིཿ ཨོཾ་ཀརྨཱ་ཙ་ཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨཿཨཿ ཞེས་བརྗོད་ལ། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་ གྱུར་པའི། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་རྡོ་རྗེ་གཏད། དེ་བཞིན་དུ་ཚིག་རྐང་སྔ་མ་གསུམ་གོང་བཞིན་དུ་བརྗོད་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར། །ཞེས་འཁོར་ལོ་དང་། རིན་ཆེན་འཁོར་ལོ་རབ་ཏུ་སྐོར། །ཞེས་རིན་པོ་ཆེ་དང་། པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་པདྨ་དང་། ལས་ཀྱི་འཁོར་ ལོ་རབ་ཏུ་བསྐོར། །ཞེས་སྣ་ཚོགས་རྡོ་རྗེ་གཏད་དོ།། དེ་ཡང་ཚིགས་བཅད་རེ་དང་སྔགས་རེ་སྤེལ་ཞིང་དབང་བསྐུར་རོ། །རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་རིགས་ལྔའི་ཕྱག་རྒྱས་སྤྱི་བོ་ལ་སོགས་པའི་གནས་ལྔར་གཏུགས་ཏེ། ཐུགས་གསང་བའི་ དབང་བསྐུར་བས། སངས་རྒྱས་ལྔའི་ཐུགས་གསང་བ་བྱང་ཆུབ་ཀྱི་སེམས་རྟོགས་པའི་དབང་དང་ལྡན་པར་གྱུར་ཅིག། །རིགས་ལྔའི་ཕྱག་རྒྱ་གནས་ལྔར་བཅིངས་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཡེ་ཤེས་ལྔ་ཡི་ཡོན་ཏན་རབ་ རྫོགས་ཏེ། །བྱང་སེམས་གསང་བའི་དབང་དང་ལྡན་པར་ཤོག། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨཱ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱཿ ཞེས་རིགས་ ལྔའི་ཕྱག་རྒྱ་སྤྱི་བོ་ལ་སོགས་པའི་གནས་ལྔར་བཞག གུ་ཧྱ་ཞེས་པ་གསང་བའི་དོན་ནི་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་དང་སློབ་དཔོན་གྱི་ལས་རྣམས་ཡིན་པས། དཀྱིལ་འཁོར་གྱི་དེ་ཉིད་ནི། ཚད་མེད་བཞིའི་ཚུལ་གྱིས་གནོད་སེམས་ལ་ 12-10-52b སོགས་པའི་མི་མཉམ་པ་མེད་པས་གྲུ་བཞི། དྲན་པ་ལ་སོགས་པའི་དབང་པོ་ལྔས་ཐར་པའི་གྲོང་ཁྱེར་དུ་འཇུག་པའི་སྒོ་བཞི། བསམ་གཏན་བཞིས་རྟ་བབས་བཞི། སེམས་ཅན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པས་གོས་དང་གདུགས་ལ་སོགས་པ་སྣ་ཚོགས་ པའི་རྒྱན། ནང་གི་ལིང་ཚེ་བརྒྱད་ནི་རྣམས་ཐར་བརྒྱད། ལམ་འབྲས་བུ་དང་བཅས་པའི་མདོ་སྡེའི་ཆོས་འཁོར་གདུལ་བྱའི་རྒྱུད་ལ་བསྐྱེད་པར་མདད་པ་ནི་རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར་བ་ལ་སོགས་པ་ཡིན་ལ། ལྔའི་དེ་ཉིད་ནི། ཅོས་དབྱིངས་ཡེ་ཤེས་དང་། མེ་ལོང་ལྟ་བུ་དང་། མཉམ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་ལྔ་ནི་རིམ་པ་བཞིན་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད། མཚན་མེད། སྨོན་མེད། མངོན་པར་འདུ་བྱ་བ་མེད་པ་ལ་ དམིགས་པའི་ཏིང་ངེ་འཛིན་བཞི་ནི་སྤྱན་མ་ལ་སོགས་པའི་ཡུམ་བཞི། ནང་དང་ཕྱི་དང་གཉིས་ཀ་དང་། ཆེན་པོ་སྟོང་པ་ལ་དམིགས་པའི་ཏིང་ངེ་འཛིན་རང་གི་མིག་སོགས་བཞི་ལ་མངོན་ཞེན་སྤངས་པའི་ཆ་བཞི། རྡོ་རྗེ་སེམས་དཔའ་ལ་སོགས་པ་ ཤར་གྱི་སེམས་དཔའ་བཞི། སྟོང་པ་ཉིད་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་སྟོང་ཉིད་རྟོགས་པའི་ཡེ་ཤེས་སོགས་བཞི་ལ་མངོན་ཞེན་སྤངས་པའི་ ཆ་བཞི། རྡོ་རྗེ་རིན་ཆེན་ལ་སོགས་པ་ལྷོ་ཕྱོགས་ཀྱི་སེམས་དཔའ་བཞི། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་པ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དམིགས་པའི་ཏིང་ངེ་ 12-10-53a འཛིན་སེམས་ཅན་མཐའ་ཡས་པའི་དོན་བྱེད་པ་སོགས་བཞི་ལ་བདེན་ཞེན་སྤངས་པའི་ཆ་བཞི། རྡོ་རྗེ་ཆོས་ལ་སོགས་པ་ནུབ་ཕྱོགས་ཀྱི་སེམས་དཔའ་བཞི། རང་གི་མཚན་ཉིད་སྟོང་པ་ཉིད་དང་། དངོས་པོ་སྟོང་པ་ཉིད་དང་། དངོས་ པོ་མེད་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དམིགས་པའི་ཏིང་ངེ་འཛིན། གཟུགས་སྐུའི་མཚན་དཔེ་སོགས་བཞི་ལ་མངོན་ཞེས་སྤངས་པའི་ཆ་བཞི། རྡོ་རྗེ་ལས་ལ་སོགས་པ་བྱང་ཕྱོགས་ཀྱི་སེམས་དཔའ་བཞི། སྦྱིན་ པ་ནས་ཤེར་ཕྱིན་གྱི་བར་དྲུག་དང་། སྨོན་ལམ་དང་། ཐབས་ཀྱི་ཕར་ཕྱིན་རྣམས་ཀྱི་མི་མཐུན་ཕྱོགས་སེར་སྣ་ནས་ཐབས་མི་མཁས་པའི་བར་སྤངས་པའི་ཆ་བརྒྱད་ནི། སྒེག་མོ་ནས་དྲི་ཆབ་མའི་བར་བརྒྱད། དད་པ་དང་། བརྩོན་འགྲུས་དང་། དྲན་པ་ དང་། ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་མ་དད་པ་ལ་སོགས་པ་སྤངས་པའི་ཆ་བཞི་ནི་རིམ་པ་བཞིན་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྒོ་པ་བཞི། ནང་སྟོང་པ་ཉིད་ལ་སོགས་པ་སྟོང་ཉིད་བཅུ་དྲུག་རྟོགས་པའི་ཆ་བཅུ་དྲུག་ནི། བྱམས་པ་ལ་སོགས་ པ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་སྟེ། མདོར་ན་སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་རྟེ་ན་དང་བརྟེན་པའི་དཀྱིལ་འཁོར་སྣ་ཚོགས་པར་ཤར་བ་ཡིན། ཞེས་བརྗོད། སློབ་དཔོན་གྱི་ལས་ཀྱི་རིམ་པ་ནི། འཁོར་དང་བཅས་ པའི་དཀྱིལ་འཁོར་བྲི་བ་དང་བསྒྲུབ་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བ་ལ་སོགས་པ་རྣམས་ཡིན་ནོ། །དེ་ནས། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟུང་། སྡང་བའི་དགྲ་ལས་རྣམ་ 12-10-53b པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཅེན་དམ་པས་དབང་བསྐུར་རོ། །ཨོཾ་ཙ་ཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ་ཞེས། འཁོར་ལོའི་དབང་དང་། དུས་གསུམ་རྒྱལ་བས་བསྐོར་བའི་འཁོར་ལོ་འདི། །མི་ཁོམ་རྒྱན་གཅོད་རྒྱུ་དང་འབྲས་བུ་སྟོན། །འཁོར་ལོས་སྒྱུར་བའི་དབང་ཕྱུག་རིན་ པོ་ཆེ། །བླ་མེད་འཁོར་ལོ་དམ་པ་བསྐོར་གྱུར་ཅིག །ཅེས་བརྗོད། རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ མཱཾ། དཀོན་མཆོག་གསུམ་གྱི་ཡོན་ཏན་རིན་པོ་ཆེ། །འཁོར་བའི་མུན་སེལ་བདེ་བའི་སྙིང་པོ་འབྱུང་། །དགོས་པ་མཆོག་སྦྱིན་ནོར་བདུན་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུ་རིན་ཆེན་སྤྱོད་པར་ཤོག །ཅེས་ནོར་བའི་དབང་དང་། གཟུགས་མཛེས་བལྟ་ ན་སྡུག་ཅིང་ཚུལ་བཟང་ལ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་སྟྲི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཕ་རོལ་ཕྱིན་བཅུས་སེམས་ཅན་སྐྱོབ་པའི་ ཕྱིར། །ཤེས་རབ་གཟུགས་མཛེས་བཙུན་མོ་རིན་པོ་ཆེ། །བསྡུ་བ་རྣམ་བཞི་ཚད་མེད་བཞི་པོ་ཡི། །ཆོ་དང་ལོགས་སྤྱོད་གཏེར་ལ་སྤྱོད་པར་ཤོག །ཅེས་བཙུན་མོའི་དབང་དང་། །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་པུ་རུ་ཥ་རཏྣ་ཨ་བྷི་ཥིཉྩ་མཱཾ། གང་ལ་ཅི་དགོས་དཔག་བསམ་ཤིང་ལྟ་བུར། །འགྲོ་ལ་སྙིང་བརྩེས་ཚོགས་གཉིས་རྫོགས་ 12-10-54a པ་དང་། །དབང་ཕྱུག་བཙུན་པ་བློ་པོ་རིན་པོ་ཆེ། །འཁོར་ལོས་སྒྱུར་བའི་རྒྱལ་ཚབ་ཐོབ་པར་ཤོག །ཅེས་བློན་པའི་དབང་དང་། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གསན་གངས་ཆེན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས་དབང་བསྐུར་རོ།། ཨོཾ་ཧ་སྟི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཐེག་པ་དོན་དམ་བླ་ན་མེད་པའི་ཆོག །ཡན་ལག་བདུན་མཛེས་ཀུ་མུ་ཏ་ཡི་མདོག །གདུལ་དཀའ་སྟོབས་ཆེན་གླང་པོ་རིན་པོ་ཆེ། །ཁྱུ་ མཆོག་རླབས་ཆེན་སྟོབས་ལྡན་རྫོགས་པར་ཤོག །ཅེས་གླང་པོ་རིན་ཆེན་གྱི་དབང་དང་། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་ནམས་བགྲོད་དེ་སླར་ཡང་ལྡོག་འགྱུར་བ། །རྨ་བྱའི་མགྲིན་པའི་སྤུ་ལྟད་ཡིད་འོང་བའི། །རྟ་མཆོག་རིན་ ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཏུ་རཾ་ག་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཱཾ། འཁོར་བའི་ཆུ་བོ་འཇིགས་པ་བཟི་ལས་སྒྲོལ། །བརྩོན་འགྲུས་མྱུར་བའི་རྫུ་འཕྲུལ་ཤུགས་ཀྱིས་བསྐྱོད། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་རིན་པོ་ཆེ། །མི་གནས་ཡེ་ ཤེས་ཡིད་བཞིན་སྤྱོད་པར་ཤོག ། ཅེས་རྟ་མཆོག་གི་དབང་དང་། །འགྲོ་དང་ལྡོག་དང་ཀུན་ནས་འོང་འགྱུར་བའི། །བདུད་དཔུང་མ་ལུས་འཇིག་པར་བྱེད་པ་སྟེ། །དཔལ་ལྡན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་མི་རིན་ཆེན་དམ་པས་ དབང་བསྐུར་རོ།། ཨོཾ་ཁཌྒ་རཏྣ་ཨ་བྷི་ཥིཉྩ་མཱཾ། གནོད་པའི་དཔུང་འཇོམས་བརྩོན་འགྲུས་གོ་བགོས་ཤིང་། འཇིགས་པའི་སྐྱབས་བྱེད་འགྲོ་ལ་མི་འཇིགས་སྦྱིན། །ཐབས་དང་ཤེས་རབ་ལྡན་པའི་དམག་དཔོན་འདིས། །མཐུ་སྟོབས་རྫུ་འཕྲུལ་ 12-10-54b དཔུང་གིས་བསྲུང་བར་ཤོག །ཅེས་རྒྱལ་སྲིད་སྣ་བདུན་གྱི་གཟུགས་སམ་ཡང་ན་ཕྱག་རྒྱ་བཅིངས་ལ་དབང་བསྐུར་རོ།། དེ་རྣམས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་ཆེན་སྣ་བདུན་གྱི་སྒོ་ནས་རང་གི་རྒྱལ་སྲིད་ལ་དབང་བསྒྱུར་བ་བཞིན་དུ། རྡོ་རྗེ་སློབ་ དཔོན་གྱི་དབང་བསྐུར་བས་རྒྱལ་བའི་རྒྱལ་ཚབ་ཏུ་བྱས་པའི་སློབ་མ་ཡང་རིན་ཆེན་སྣ་བདུན་དང་འདྲ་བའི་ཡོན་ཏན་གྱི་ཚོགས་ཀྱིས་ཆོས་ཀྱི་རྒྱལ་སྲིད་ལ་མངའ་སྒྱུར་བའི་དོན་དུ་རིན་ཆེན་སྣ་བདུན་གྱི་དབང་བསྐུར་བར་བྱས་པ་ཡིན་ནོ། །ཞེས་བརྗོད། དེ་ནས་དམ་ ཚིག་གི་དབང་ནི། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །བླ་མ་དམ་པ་རྣམས་མི་སྤང་། །སྲོག་ཆགས་རྣས་ནི་གསད་མི་བྱ། །མ་བྱིན་པར་ཡང་བསླང་མི་བྱ། །བརྫུན་དུ་སྨྲ་བར་བྱ་མིན། །ཕ་རོལ་བུད་མེད་སྤྱད་མི་བྱ། །བླ་མ་སྨད་པར་མི་བྱ་སྟེ། ། དེ་ཡི་གྲིབ་མར་མི་འགོམ་ཞིང་། །སློབ་དཔོན་མ་ཡིན་མི་བཟུང་ལ། །རྡོ་རྗེ་སློབ་དཔོན་མཚན་མི་བཟུང་། །སྔགས་དང་ཕྱག་རྒྱ་མི་སྨོད་དེ། །ལྷ་རྣམས་ལ་ཡང་སྨོས་ཅི་དགོས། །ཅི་སྟེ་གླེན་པས་སྨད་ན་ནི། །ནད་ཀྱིས་ངེས་པར་འཆི་བར་འགྱུར། །རྙིང་དང་ ལྷ་ཡི་གྲིབ་མ་དང་། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕྱག་རྒྱ་ཡི་གེ་མཚན་མ་རྣམས། །གོམ་པས་འགོམ་པར་མི་བྱའོ། །དེ་བས་དཀོན་མཆོག་གསུམ་དག་དང་། །སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་ པས་བསྒྲིམས་ཏེ་བསྒྲུབ་པར་བྱ། །ཆོས་མི་ལྡན་དང་སྡིག་སྤྱོད་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་དང་། །དམ་ཚིག་སྡང་རྣམས་སྙིང་བརྩེ་བའི། །སྔགས་མཁན་གྱིས་ནི་སྔགས་ཀྱིས་བསྒྲུབ། །འཇུངས་པ་རྣམས་ཀྱི་ནོར་བསླངས་ལ། །སེམས་ 12-10-55a ཅན་ཕོངས་ལ་སྦྱིན་པར་བྱ། །བླ་མ་ལ་ནི་མཆོད་པ་དང་། །དེ་ལྟར་དམ་ཚིག་བསྒྲུབ་པ་དང་། །དཀྱིལ་འཁོར་ཕྱིར་དང་དམ་ཚིག་ཅན། །ཕན་ཕྱིར་རྒྱལ་བའི་སྲས་རྣམས་ལ། །མཆོད་ཕྱིར་མི་ཡི་དབང་པོའམ། །ཕྱུག་པོ་རྣམས་ཀྱི་ནོར་དབྲོག་གོ། ། སེམས་ཅན་རྣམས་ལ་ཕན་སྤྱོད་པས། །རྟག་ཏུ་དམ་ཚིག་བླ་མའི་ནོར། །སྲོག་ཆགས་སྲོག་ནི་བསྲུང་བའི་ཕྱིར། །བརྫུན་དུ་ཡང་ནི་སྨྲ་བར་བྱ། །སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །སྔགས་རིག་པས་ནི་སྒྲུབ་པའི་ཕྱིར། །གཞན་ གྱི་བུད་མེད་བསྟེན་པར་བྱ། །རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་བྱས་ཤིང་ཀུན་ཟོས་ཀྱང་། །འགྲུལ་འགྱུར་ཉེས་པར་མི་འགྱུར་ན། །སྙིང་རྗེ་ལྡན་པས་སྨོས་ཅི་དགོས། །ཞེས་བརྗོད། བཀའི་དབང་ནི། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་ཏེ་རཱ་སྱ་མི་གྲྀཧྞ་ བཛྲ་སུ་སིདྡྷ་ཡེ། ཨོཾ་བཛྲ་ཏིཥྛ་ཧཱུཾ། ཞེས་བསྐུར། དེ་ནས་སློབ་མས་སྤྱི་བོས་ཕྱག་འཚལ་ནས། ལུས་དང་ལོངས་སྤྱོད་ཐམས་ཅད་བླ་མ་ལ་ཕུལ་ལ། བླ་མས་ཀྱང་། ཚེ་འདིའི་བདེ་བ་མ་ལུས་དང་། །འཇིག་རྟེན་ཕྱི་མིའི་བདེ་མཆོག་དང་། །སངས་རྒྱས་ ཉིད་ཀྱང་ཐོབ་འགྱུར་ན། །ལྷ་མིའི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མ་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་བས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང་། །རྡོ་རྗེ་མ་རྣམས་ཉིད་ལ་ནི། ། རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་འཁོན་དང་གཅུགས་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །བླ་མ་སྨོད་བརྩོན་མ་རུངས་དང་། །དམ་ཚིག་ལས་ནི་འདའ་བ་དང་། །དེ་སོགས་བྱེད་པ་ཚར་གཅོད་ན། ། 12-10-55b འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུང་། །སེམས་ཅན་ཀུན་ལ་སྙིང་བརྩེར་ཆགས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་ཕན་ཡོན་བསྟན་པའི་སྒོ་ནས་དམ་ཚིག་ལག་ནས་པར་གདམས་སོ། །གཤིན་པོ་ལ་དབང་བསྐུར་བའི་ཚེ་སྔར་བཞིན་བདག་འཇུག་བླངས་ ཏེ། བཛྲ་དྷར་སོགས་ཀྱིས་ང་རྒྱལ་བཟུང་ནས། བདག་མིང་འདི་ཞེས་བགྱི་བ་ཡི། །ཞེས་སོགས་ཀྱིས་གསོལ་བ་བཏབ་པའི་རྗེས་སུ། དཀྱིལ་འཁོར་གྱི་ལྷོ་སྒོའི་ཆར་སྟེགས་བུ་ཁྲུ་གང་གྲུ་བཞི་པ་བྱས་ཏེ། བ་བྱུང་དང་ཙནྡན་གྱིས་བྱུག ཁྲུས་བུམ་ལོགས་སུ་ བྱེད་ནས་མགུལ་ཆིངས་སྔོན་པོ་ཅན་བཅས་ལ་རྩ་རིག་སོགས་བཟླས་ལ་བཞག སྟེགས་བུའི་སྟེང་དུ་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་བྲིས་པའི་སྟེང་དུ་ཁྲུས་བྱ་ཞིང་ཡི་གེ་ལེགས་པར་བཏགས་པའི་རོའམ་གོས་སམ་མིང་བྱང་བཞག་ལ། ལས་བུམ་གྱི་ཆུ་དང་ལས་ཐམས་ཅད་པས་བསངས་ལ། ཨོཾ་ཤཱུནྱ་ཏཱ་ཞེས་སོགས་ཀྱིས་རྟེན་སྣང་བ་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཚེ་འདས་ཀྱི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པས། ཚེ་ལས་འདས་ པ་ཐ་མལ་པའི་ཆ་བྱད་ཅན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་གསལ་ཞིང་ཡོངས་སུ་རྫོགས་པར་གྱུར་པར་བསམས་ལ། རྡོ་རྗེ་བསྡམས་ནང་དུ་བཅིངས་ལ་མཛུབ་མོ་གཉིས་བརྐྱང་བ་ཅུང་ཟད་བཀུག་ནས་ལྕགས་ཀྱུ་ལྟར་བྱས་མཐེའུ་ ཆུང་གཉིས་ཁབ་ལྟར་བརྐྱང་བ་དེའི་མགོར་བཞག་ནས། ཨོཾ་བཛྲ་སཏྭ་ཧཱུཾ་ཛཿ སངས་རྒྱས་ཀྱི་བདེ་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེ་པ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ 12-10-56a སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་དང་། ཁྱད་པར་དུ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་ རིག་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་བདེན་པ་དང་བདེན་པའི་བྱིན་གྱིས་བརླབས་ཀྱིས། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་རྣམ་པར་ཤེས་པ་སྲིད་པ་བར་དོ། ཁམས་གསུམ། འགྲོ་བ་རིགས་དྲུག །སྐྱེ་གནས་བཞིས་སྡུས་པའི་འཇིག་ རྟེན་གང་ན་གནས་ཀྱང་། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་ཁ་དོག་དམར་ཞིང་གསལ་བ་ཨ་ཐུང་གི་གཟུགས་ཅན་བཀུག་སྟེ། སྤྱི་གཙུག་ནས་ ཞུགས་སྙིང་གར་ཐིམ། ཁ་ཅིག་སྒོ་བ་བཞིའི་སྔགས་རྒྱས་དགུག་གཞུག་སོགས་བྱ་ཞེས་གསུང་ངོ་། །ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦྦ་པཱ་པཾ་ཨཱ་ན་ཡ་ཧཱུཾ། ཞེས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཀྱང་བཀུག་པར་བསམ། རྒྱས་པ་ལ་སྤྲོ་ན། རྡོ་རྗེ་ཁུ་ཚུར་ གཉིས་ཀྱི་ནང་དུ་མཛུབ་མོ་ལྕགས་སྒྲོག་ལྟར་བཅིངས། ལེགས་པར་གྱེན་དུ་འཕང་བ་ལྟུང་བ་སློང་བའི་ཕྱག་རྒྱ་བྱས་ལ། ཨོཾ་སརྦྦ་ཨ་པཱ་ཡ་ཨཱ་ཀརྵ་ན་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་ངན་འགྲོ་ཐམས་ཅད་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ བཀུག་པར་བསམས་ལ། དེ་རྣམས་ཀྱིས་བཅོམ་ལྡན་འདས་བདག་ཅག་སྡུག་བསྔལ་གྱིས་གཟིར་བ་འདི་ལས་བསྐྱབ་ཏུ་གསོལ། བདག་ཅག་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཁྱོད་ལ་ཡང་སྐྱབས་སུ་མཆིའོ། །ཞེས་སྐྱབས་སུ་འགྲོ་བར་བསམས་ 12-10-56b ལ། རྡོ་རྗེ་བསྡམས་པ་ལས་གུང་མོ་བསྒྲེངས། མཐོ་བོང་གཉིས་མཐེའུ་ཆུང་བསྲངས་ཏེ་མཉེ་ཞིང་དྲལ་བ་སྡིག་པ་འཇོམས་པའི་ཕྱག་རྒྱ་དང་། ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་སརྦྦ་ཨ་པཱ་ཡ་བན་དྷཱ་ནཱ་ནི་པྲ་མོཀྵ་ཡ་སརྦ་ཨ་པཱ་ཡ་ག་ཏེ་བྷྱཿ སརྦྦ་ས་ཏྭཱ་ན་སརྦ་ཏ་ཐཱ་ག་ ཏ་བཛྲ་ས་མ་ཡ་ཏྲཊ་ཀྱིས་སྡིག་པ་ཐམས་ཅད་བཅོམས་ཤིང་ཤི་ནས་རྣམ་སྣང་གི་ཞབས་དྲུང་སྐྱེས། རྟེན་རྣམས་པ་ཚྭ་ཅན་གྱི་རྒྱ་མཚོར་དོར་བར་བསམས་པའི་བར་འདི་རྣམས་ཀྱང་བྱའོ། །ཨོཾ་བརྦྦ་བིད་སརྦྦ་ཨ་པཱ་ཡ་བི་ཤོ་དྷ་ནེ་ཧཱུཾ་ཕཊ་སྭཱ་ཧཱ། བཛྲ་བན་དྷ་ཏྲཊ། ཅེས་བརྗོད་ཅིང་སྔར་ལྟར་སྙིང་གར་རྡོ་རྗེ་བསྡམས་པ་སྒྲ་དང་བཅས་པས་ལན་གསུམ་དྲལ་བས་ཚེ་འདས་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་པར་བསམ། ཨོཾ་སརྦྦ་བིད་ཨོཾ། ཞེས་སོགས་ཀྱིས་སྔར་འཇིག་རྟེན་སུམ་ རྒྱལ་གྱི་སྐབས་ལྟར་གནས་གསུམ་བྱིན་གྱིས་བརླབ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེ་བོང་དང་གུང་མོ་དང་མཐེའུ་ཆུང་གྱེན་དུ་བསྒྲེངས་ཏེ་ཁ་སྦྱོར་ནས་མཛུབ་མོ་དང་མིང་མེད་སེམས་དཔའི་སྐྱིལ་ཀྲུང་དུ་བྱས་པ་རྡོ་རྗེའི་ཕྱག་རྒྱ། སྙིང་ག་ལྐོག་ མ་ཁ་ཕྱོགས་སུ། །དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོད་བུ་སྣ་ཡི་རྩེ་མོ་དང་། །མིང་གཉིས་དང་ནི་གསང་བ་ཡི། །ཞེས་པའི་གནས་ཉེར་གཉིས་སུ་གཏུག་ཅིང་། ཨོཾ་བཛྲ་ ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ། ཞེས་པས་བྱིན་གྱིས་བརླབ། དེ་ནས་བགེགས་སྦྱང་བ་ནི། སྐད་ཅིག་གིས་རང་ཉིད་འཇིག་རྟེན་གསུམ་རྒྱལ་དུ་གྱུར་པར་བསམས་ལ། ཁྲོ་བོ་སྤྱན་དྲང་པ་ནས། མཆོད་བསྟོད་ཀྱི་བར་སྔར་བཞིན་བྱས་ནས། གཏོར་མ་ 12-10-57a གསུམ་བཤམས་ལ་བྱིན་གྱིས་བརླབས་ཏེ། ཨོཾ་སརྦ་བིགྷྣ་ན་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོཿ ཞེས་སོགས་གསུམ་གྱིས་བགེགས་ལ་བསྔོ་བ་ནི་ཞི་བས་སྦྱང་བ། ཏིང་ལོའི་མར་མེ་དང་། ཆང་བུ་སྦྲགས་ནས། རྟེན་ལ་ཕྱིར་བསྐོར་ ཞིང་། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་བ་ཡ་གྲྀ་ཧྞཱ་བ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་ཝཱ་ན་བཛྲ་ཧཱུཾ། ཞེས་བརྗོད་ཅིང་། ཏིང་ལོ་དང་ཆང་བུ་གསུམ་གྱིས་བསྐོར་བ་ནི་ཞི་དྲག་ཕྱེད་མས་སྦྱང་བ། དེ་ནས་སྔར་བཞིན་སངས་རྒྱས་ཀྱི་བདེན་པ་དང་། ཞེས་ པ་ནས། བདེན་པའི་བྱིན་གྱིས་བརླབས་ཀྱིས། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་ལ། གསོན་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང་ཚེ་འཕོས་ནས་གང་དུ་གནས་པའི་ལུས་སྲོག་དང་། མཐོ་རིས་དང་ཐར་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ ཚོགས་ཐམས་ཅད་དང་། ཚེ་ལས་འདས་པའི་ཆ་བྱད་བཟུང་ནས། དེའི་ཉེ་འབྲེལ་དང་། འཇིག་རྟེན་པ་རྣམས་ལ་བསླུ་ཞིང་གནོད་པར་བྱེད་པའི་གནོད་སྦྱིན་དང་ཤ་ཟ་དང་འབྱུང་པོ་ལ་སོགས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་པ་ དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོངས་ལ། ཕན་པ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོངས་ཤིག གལ་ཏེ་མི་འགྲོན། ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་རྣམས་ཀྱིས་སྲེག་ཅིང་རྣམ་པར་འཇོམས་ པར་གདོན་མི་ཟའོ་ཞེས་ཞེས་བརྗོད་ཅིང་སམྦྷ་ནིའི་སྔགས་དྲག་ཏུ་བཟླ། གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། རོལ་མོའི་སྒྲ་དྲག་ཏུ་སྦྱང་བ་ནི་དྲག་པོས་སྦྱང་བའོ། །དེ་ནས་མེ་བསང་ཞིང་སྦྱངས་ལ། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བའི་ནང་དུ་ཁྲོ་ 12-10-57b བོ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་ཞལ་གདངས་པར་སྐད་ཅིག་གིས་བསྐྱེད་ལ། ཚེ་འདས་ཀྱི་རྐང་མཐིལ་གཉིས་སུ་རླུང་གི་དཀྱིལ་འཁོར། ལྟེ་བར་ཡེ་ཤེས་ཀྱི་མེ་འབར་བ། སྙིང་གར་སྡིག་པའི་ ས་བོན་པཾ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས་པར་བསམས་ལ། ལྟེ་བའི་ཡེ་ཤེས་ཀྱི་མེ་འབར་བའི་འོད་གྱིས་སྙིང་ཀའི་པཾ་དེད་ནས་སྣ་སྒོ་ནས་ཐོན། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་རང་གི་ལག་པར་བཟུང་བའི་ ཏིལ་ལ་ཐིམ་པར་བསམས་ལ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་བཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱ་ཧཱ། ཞེས་ཁྲོ་བའི་ཞལ་དུ་ཕུལ་བས་གསོལ་བར་བསམ་པ་ནི་སྦྱིན་སྲེག་གིས་སྦྱང་བའོ།། དེ་ནས་ཕྱེ་མའམ་ཡུངས་ཀར་ལ་ཀཾ་ཀ་ནི་དང་། གཙུག་ཏོར་ རྣམ་རྒྱལ་དང་། གཙུག་ཏོར་དྲི་མེད་ཀྱི་གཟུངས་དང་། ཨོཾ་པདྨོཥྞཱི་བི་མ་ལེ་ཧཱུཾ་ཕཊ། ཅེས་པ་རྣམས་ཉེར་གཅིག་རེ་རྩ་རིག་དང་ལྷ་རྣམས་ཀྱི་སྔགས་མིང་སྤེལ་དང་བཅས་པ་བཟླས་ནས། ཨོཾ་སརྦ་བཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤོ་ངྷ་ན་ བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་ལྦ་ར་ཎ་ནི་བྷ་སྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷྲཱུཾ་བི་ན་ཤ་ཡ་ཨཱ་ལྦ་ར་ཎཱ་ནི་བཛྲ་ཧཱུཾ་ཕཊ། ཨོཾ་དུཾ་བི་ཤོ་དྷ་ཡ་ཨཱ་ལྦ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་ངྷ་ཀ་ཧ་ཀ་ན་ཧ་ན་ཨཱ་ལྦ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་ པྲ་ས་ར་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱ་ཝ་ན་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཕཊ་སརྦ་ཨཱ་ཝ་ར་ཎཱ་ནི་སྥོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་པྲི་ཏ་བྲི་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་དྲ་ཊ་དྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཚིནྡྷ་སརྦ་ཨཱ་ 12-10-58a ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་བཟླ་ཞིང་རྟེན་ལ་བྲག སྔགས་དོན་དང་མཐུན་པའི་དམིགས་པ་ དང་སྤེལ་ཚིག་བྱའོ། །དེ་ནས་ཁྲུས་བུམ་མམ་རྣམ་རྒྱལ་གྱི་དཀྱིལ་འཁོར་དང་རས་བྲིས་སོགས་ཀྱི་སྐུ་གཟུགས་མེ་ལོང་དུ་ཤར་བ་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་སྔགས་དང་བཅས་པས་ཁྲུས་གསོལ་པའི་ཆུ་བུམ་པར་ བླུག་སྟེ། རོ་ཡིན་ན་དངོས་སུ། མིང་བྱང་ཡིན་ནུབ་གོང་མ་རྣམས་ལ་མེ་ལོང་ལ་གཟུགས་བརྙན་ཤར་བ་དང་། ཐ་མ་ལ་དངོས་སུ་བཀྲུ་ཞིང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། ཞེས་རྩ་དིག་བརྗོད་པའི་རྗེས་སུ། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་ཚེ་འཁོར་བ་ཏོག་མ་མེད་པ་ནས་བསགས་པའི་སྡིག་ པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཉོན་མོངས་པ་སེར་སྣའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཅེས་བརྗོད། དེ་བཞིན་ དུ། སྦྱིན་པ་ཞེས་པའི་གནས་སུ་ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཅེས་དང་། སེར་སྣ་ཞེས་པའི་གནས་སུ། ཚུལ་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང་། ཤེས་འཆལ། ཞེས་པ་རྣམས་བཅུག་ལ་ 12-10-58b སྔར་བཞིན་བཀྲུས་ལ། ཆུ་བོ་དྲུག་གིས་ཁྲུས་བྱ་པས། །བག་ཆགས་རྣམས་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང་། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཞེས་དང་། དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་ སྦྱོང་མཛད་པ། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །ཨོཾ་ན་ནོ་བྷ་ག་ཝ་ཏེ། ཞེས་དང་། དྲི་མ་རྣམས་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཞེས་ཚིགས་བཅད་རེ་དང་རྩ་རིག་སྤེལ་བའི་མཐར། འཇིག་རྟེན་འདི་ནས་ཞེས་པ་ནས། །ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་བྱང་ཞིང་དག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཏེ་མྱུར་དུ་ཞེས་སོགས་བརྗོད། ཉོན་མོངས་ པ་དང་དེའི་དབང་གིས་བྱུང་བའི་དུག་བསལ་བའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཞེས་དང་། འཇིག་ རྟེན་འདི་ནས་ཞེས་པ་ནས། །ཁྱད་པར་དུ་ཉོན་མོངས་པ་དང་། དེའི་དབང་གིས་བྱུང་བའི་དུག་ཐམས་ཅད་བྱད་ཞིང་དག་ནས་མྱུར་དུ་ཞེས་སོགས་བརྗོད། །དེ་བཞིན་དུ་སངས་རྒྱས་ཞེས་པའི་གནས་སུ། །བཅོམ་ལྡན་དམ་ཆོས་ཞེས་དང་། དམ་ཆོས་ཞེས་དང་། ཨོཾ་ན་མོ་ཞེས་དང་། འཕགས་པའི་དགེ་འདུན་ཞེས་དང་། དགེ་འདུན་ཞེས་དང་། ཨོཾ་ན་མོ་ཞེས་སྤེལ་ཚིག་དང་བཅས་པ་སྦྱར་རོ། །ས་ནི་དུག་གི་མ་ཡིན་ཏེ། །ས་ནི་དུག་གི་ཕ་ཡང་ཡིན། །བདེན་པའི་བདེན་ཚིག་དེ་དག་གིས། །ཆེ་གེའི་དུག་ནི་དུག་མེད་ཤོག ། 12-10-59a དུག་ནི་ས་ཡི་ནང་དུ་སོང་། །གང་བའི་སྣོད་དུ་དུག་སོངས་ཤིག་སྭཱ་ཧཱ། ཨོཾ་ན་མོ་ཆེ་གེ་མོ་ཞེས་བྱ་བའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་དེ་བཞིན་དུ་སའི་གནས་སུ། ཆུ་མེ་རླུང་རྣམས་དང་། སྔགས་སྤེལ་ཚིག་དང་བཅས་པ་བྱའོ། །དེ་ནས་གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་ མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བདེ་བར་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །སྐྱོབ་པ་གང་ཞིག་བྱམས་ པ་ཡི། །ཐུགས་ཀྱི་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །གང་ཞིག་ ཆོས་རྣམས་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་བ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཆོས་ཀྱང་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་ མཛད་པར་གྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། ། 12-10-59b བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་ཤིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་ བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་དེ། ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ ཅིག། །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། དོན་དེ་དེ་རིང་གྲུབ་གྱུར་ཅིག། །རྐང་གཉིས་ཁྱེད་ཅག་བདེ་ལེགས་གྱུར། །རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར། །ཁྱེད་ཅག་ལམ་བགྲོད་བདེ་གྱུར་ ཅིག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མོའི་གུང་ཡང་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་གྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཅེས་དྲིལ་བུ་གསིལ་ཞིང་མེ་ཏོག་གཏོར་ལ་ཆེ་གེ་མོ་ ཞེས་བྱ་བ་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག། །ཅེས་བརྗོད། དེ་ནས་བུ་ལ་སོགས་པས་མིང་བྱད་བཟུང་ནས་ཕྱག་བྱེད་པའམ་མེད་ཀྱང་རུང་སྟེ། ཚེ་འདས་དེ་ཉིད་བསམ་པ་ཐག་པས་དཀོན་མཆོག་ གསུམ་དང་ཉེ་བའི་སྲས་བརྒྱལ་ལ་སྐྱབས་སུ་འགྲོ་ཞིང་ཕྱག་བྱེད་པར་བསམས་ལ། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ 12-10-60a ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་ དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཏག་ང་རོས་འོ་དོད་འབོད། །སྡིག་ཅན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་ པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ནས་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་ མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་པ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཅེས་བརྗོད་པར་བསམ། དེ་རྣམས་ནི་ཕྱིར་བཟློག་གི་སྦྱང་བའོ། །དེ་ནས་གསོན་དབང་གི་སྐབས་ སུ་སྔར་བཤད་པ་ལྟར་མཎྜལ་ཕུལ་ཏེ། དགའ་ཆེན་ཁྱོད་སོགས་ཀྱིས་གསོལ་བ་གདབ་པ་ནས། བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། ཞེས་དམ་ཚིག་ལ་གནས་པར་གདམས་པའི་བར་གྱིས་དབང་བསྐུར་རོ། །རྒྱས་པ་ལ་སྤྲོ་ན། རྡོ་རྗེ་སློབ་ དཔོན་ངས་སློབ་མ་ཁྱོད་ལ་བུམ་པའི་དབང་བསྐུར་བས། ཞེས་པ་ཕྱིན་ཅད་ཀྱི་ལྷུག་པ་དང་ཚིགས་བཅད་རྣམས་བརྗོད་ལ་དབང་བསྐུར། རྡོ་རྗེ་སློབ་དཔོན་ངས་ཞེས་སོགས་ཀྱི་ལྷུག་པ་དང་དབང་གི་སྨོན་ལམ་གྱི་ཚིགས་བཅད་རྣམས་ནི་བོད་སྤྲོས་པ་ལ་ 12-10-60b དགའ་བས་གཤིན་པོའི་དུར་གཤིད་བྱེད་པ་ལ་དེ་ལྟ་བུའི་མཛེས་མཛེས་ཤིག་མེད་ན་མ་ཐུལ་བས་དེ་དག་གཞུག་པའི་ཕྱིར་སྔོན་གྱི་མཁས་པ་ཆེན་པོ་དག་གིས་མདད་པ་ཡིན་པས་བྱས་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ལ། དེ་རྣམས་མེད་ པར་དཀྱུས་སུ་ཡོད་པ་ལྟར་དབང་བསྐུར་བས་ཆོ་ག་ཆད་པའི་སྐྱོན་ཅུང་ཟད་ཀྱང་མི་འབྱུང་ཞེས་གསུང་ངོ་། །དེ་ནས་རྟེན་པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ། རྡོ་རྗེ་དང་དྲིལ་བུ་འཛིན་པར་སྔར་བཞིན་བསྒོམས་ ལ། ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ་སྔགས་ཕྱག་རྒྱ་དང་བཅས་པས་གོང་ལྟར་མཆོད། ཟས་གཏད་ཅིང་ཀྱང་བྱ་དགོས་པ་བྱུང་ན། ཡོད་བྱད་རྣམས་བསངས་སྦྱངས་ལ་སྔར་གྱི་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་ཁ་ཟས་རོ་བརྒྱ་པ་ལ་སོགས་པར་སྤྲུལ་ལ། སྔར་གྱི་འདོད་ཡོན་ལྔ་འབུལ་བའི་ཚིགས་བཅད་ཀྱིས་ཚེ་འདས་ལྷར་བསྐྱེད་པ་ལ་མཆོད་དོ། །དེ་ནས། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་མེད་ཀྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་བགྲོད་པར་ཤོག །ཨོཾ་རཏྣེ་རཏྣེ། མ་ཧཱ་རཏྣེ། རཏྣ་ སམྦྷ་ཝེ། རཏྣ་ཀི་ར་ཎེ། རཏྣ་མཱ་ལ་བི་ཤུདྡྡེ། ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། ཅེས་པས་ལམ་བསྟན་ལ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་ 12-10-61a སམྦྷ་བ། མ་ཧཱ་སུ་ཁ་ཝ་ཏི་གཙྪན་ཏུ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར་ལམ་སྦྱངས་པས། ཚེ་འདས་ཀྱི་རྣམ་ཤེས་དང་ལྷ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲས་པས་སྤྱི་གཙུག་ནས་ཐོན་ཏེ། བདེ་བ་ཅན་དུ་གཤེགས་པས་དེར་ པདྨ་ལས་བརྫུས་ཏེ་སྐྱེས་ནས་དེ་ན་གནས་པའི་བྱང་སེམས་རྙིང་པ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་སོགས་ཀྱིས་ཆུ་གཉིས་ཉེར་སྤྱོད་རོལ་མོའི་བར་གྱིས་མཆོད། སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཐོང་ མཆོད་ནས་གདམས་པ་དང་རྗེས་སུ་གནང་བ་ཐོབ། ལྷ་རྣམས་ཀྱིས་དེ་བདག་གི་མཐུར་ཤེས་དང་། བདག་ཉིད་ལ་སྔར་ལྟར་མཆོད་ཅིང་། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་དགེ་བ་མེད། །དགེ་འདུན་འདྲ་བའི་སྣོད་མེད་དེ། །སྔགས་དང་འདྲ་བའི་ འདྲེན་པ་མེད། །ཅེས་ཆེད་དུ་བརྗོད་པར་བསམ། །དེས་ཀྱང་དེར་སྐྱེ་བའི་རྒྱུ་བརྟགས་པས། །བདག་གི་ཆོ་ག་བྱས་པའི་ནུས་མཐར་ཤེས་ནས་སྐད་ཅིག་གིས་འོངས་ནས། ཨེ་མ་ཤཱཀྱ་མགོན་པོ་ཡི། །སངས་རྒྱས་མཛད་པ་ཡ་མཚན་ཆེ། །གང་ཕྱིར་ངན་སོང་ ལྷུང་བ་ཡི། །སེམས་ཅན་གློག་བཞིན་མྱུར་དུ་གྲོལ། །དེ་བཞིན་གཤེགས་པའི་ཆོས་ནི་བསམ་མི་ཁྱབ། །སྔགས་ཀྱི་ཡོན་ཏན་སྣ་ཚོགས་བསམ་མི་ཁྱབ། །བྱང་ཆུབ་བརྟེན་པ་རྣམས་ཀྱང་བསམ་མི་ཁྱབ། །ཚངས་སྤྱོད་ཚུལ་ཁྲིམས་དྲི་མེད་སྐྱེ་བསམ་ ཡས། །ཨེ་མ་སངས་རྒྱས་རྣམས་ཀྱི་ནི། །སྔགས་ཀྱི་བྱིན་རླབས་ཡ་མཚན་ཆེ། །གང་ཕྱིར་མཚམས་མེད་ལྟུང་བ་ཡི། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། །ཞེས་ཆེད་དུ་བརྗོད་ནས། བདག་དང་ལྷ་ལ་གོང་བཞིན་མཆོད་དེ་སླར་ཡང་བདེ་བ་ཅན་ 12-10-61b དུ་སོང་བར་གྱུར། ཨོཾ་སརྦ་བུདྡྷ་ཀྵེ་ཏྲ་གཙྪན་ཏུ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར། དེ་ནས། ལྷ་དང་རྣམ་ཤེས་གཤེགས་པའི་ཕུང་པོ་ལྷག་མ་རོ་ལྟ་བུའམ། བྱང་བུ་དང་སྡིག་སྒྲིབ་ལྷན་ཅིག་ཏུ་རཾ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེས་བསྲེགས་པར་བསམས་ ལ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། གསོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་ལྔ་ཡི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་ དཔའི་མེ་སྦར་རོ། །ཡུལ་རྣམ་དྲུག་གི་བུད་ཤིང་ལ། །ལྷ་མོ་དྲུག་གི་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་གྲུབ་པར་ཤོག །ཅེས་བརྗོད་ཅིང་བསྲེག དེ་དག་ནི་ གཤིན་པོའི་ཆོ་གའི་ཁྱད་པར་ཏེ། ས་ཆོག་སྟ་གོན་ལ་སོགས་གཞན་རྣམས་ནི་གསོན་དབང་དང་འདྲའོ། །དེ་ནས་མཆོད་པ་ཅི་འབྱོར་གསར་དུའང་བཤམས་ལ། བསང་སྦྱངས་སོགས་སྔར་བཞིན་བྱས་ཏེ། ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ་དང་། སྒེག་སོགས་བརྒྱད་ལ་སོགས་པས་སྔར་བཞིན་མཆོད་ནས། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལ། །གཟུང་འཛིན་རྡོ་རྗེ་བརྟེན་པའི་ས། །མེ་ལོང་ཡེ་ ཤེས་རྡོ་རྗའི་སྐུ། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རོ་བོ་ཉིད། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལ། །འདོད་ཆགས་རྡོ་ 12-10-62a རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཕྱག་དོག་རྡོ་རྗེ་བསྐྱོད་པའི་མཆོག །བྱ་སྒྲུབ་ཡེ་ཤེས་རྡོ་རྗེའི་སྐུ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་མཛད། ། ཕྱག་འཚལ་དོན་ཡོད་གྲུབ་པ་ལ། །ཞེས་བསྟོད་དེ་ནས་དགེ་རྩ་བསྔོས་ལ། །སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ཏེ། །བཛྲ་ས་ཏྭ་དང་ཡི་གེ་བརྒྱ་པ་བརྗོད་ཅིང་། །ལན་གསུམ་མམ་བདུན་དུ་དཀྱིལ་འཁོར་ལ་བསྐོར་བ་བྱ། །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། ། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་པ་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པས། །དེ་ནི་མགོན་པོས་བཟོད་པར་མཛོད། །ཅེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། །ལྷ་རང་རང་གི་དམ་རྒྱ་བཅིངས་ལ། སརྦྦ་བིད། ཅེས་ སོགས་རང་རང་གི་སྙིང་པོ་ལན་གསུམ་གསུམ་བཟླ་ཞིང་། །རང་རང་གི་དམ་རྒྱ་བཀྲོལ་ལ། བཛྲ་མུཿ ཞེས་སེ་གོལ་གཏོག་ཅིག་རྒྱས་གདབ་བཀྲོལ་ནས་བསྙེན་པའི་སྐབས་བཞིན་ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་བསྡུའོ།། རས་བྲིས་ཡིན་ ན་བརྟན་བཞུགས་བྱ། ད་ནས་རང་རྡོ་རྗེ་སེམས་དཔར་བསྒོམས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ། ཞེས་སོགས་བརྗོད་ཅིང་། ཆོས་ཐམས་ཅད་སྐྱེད་མེད་དུ་མོས་ནས་རྡུལ་ཚོན་ཕྱོགས་ལ་མཆོད་པ་དང་ལྡན་པས་ཁྱེར་ཏེ། གཞན་ནས་འབྱུང་བ་ལྟར་འབབ་ ཆུ་ཆེན་པོ་ལ་སོགས་པར་དོར་རོ། །དེ་ནས་རྡོར་དྲིལ་བཟུང་བའི་ལག་པ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་ལྕགས་ཀྱུ་བཞིན་བྱས་ཏེ་ཕན་ཚུན་འཁྱུད་པ་སྐམ་པའི་ཕྱག་རྒྱས། ཨོཾ་བཛྲ་ཀཱི་ལ་ཨུད་ཀཱི་ལ་ཡེ་སརྦ་བིགྷཱན་བཛྲ་དྷཱ་ར་ཡ་ཨཱ་ཛྙ་བ་ཡ་ཧཱུཾ་ 12-10-62b ཧཱུཾ་ཕཊ་ཕཊ་ཧོཿ ཞེས་བཟླས་ཏེ་ཕུར་བུ་རྣམས་དབྱུང་ངོ་།། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙྪ་ནི་སརྦྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་འོ་མ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། ཕུར་བ་རྣམས་བཀྲུས་པས་བགེགས་རྣམས་སོས་ཏེ་སངས་རྒྱས་པར་བསམ་ཞིང་ཕུར་བུའི་ ཁུང་བུ་དགང་། བསམ་གཏན་གྱིས་ཕུར་བུ་བཏབ་ན་དབྱུང་བདུད་དགང་བར་མོས་ནས་བྱའོ། །དེ་ནས་གྲུབ་ན་ཞི་བའི་སྦྱིན་སྲེག་བྱ། ཨོཾ་སརྦ་བིད་ཨོཾ། ཞེས་སོགས་ཀྱིས་སྔར་ལྟར་གནས་གསུམ་བྱིན་གྱིས་བརླབ། བྱང་ཕྱོགས་ཀྱི་སེམས་དཔའ་བཞིའི་སྔགས་ དང་། དམ་རྒྱ་བཅས་ལ་བསྲུང་། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་ནང་དུ་བཅུག་ནས། མཛུབ་མོའི་རྩེ་མོས་སྟེང་ནས་བཀའ་བ་སེམས་དཔའི་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་གཙུག་ཏུ་བཞག་ལ། ཨོཾ་བཛྲ་སཏྭ་ཨུཥྞཱི་ཥ་ཧཱུཾ་ཕཊ། ཅེས་པས། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་གཙུག་གཏོར་ནས་འདི་ཟེར་ཁ་དོག་སྣ་ཚོགས་བྱུང་སྟེ། རང་གི་སྤྱི་གཙུག་ཏུ་གཙུག་ཏོར་གྱི་ཚུལ་དུ་གནས་པར་བསམས་ལ་བསྲུང་ངོ་།། དེ་ནས་སྦྱིན་བདག་ཁྲུས་བྱས། གོས་གསར་པ་བགོས་པ་ལ། ཆེ་བའི་ཆེ་མཆོག་སྟོན་པ་བླ་ན་མེད། །ཆོས་རྗེ་ཉི་མ་ རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་ བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚོན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་ 12-10-63a དཔལ་གནས་ཉིན་མཚོན་བཀྲ་ཤོས་ཤོག །ཚངས་དང་ལྷ་དཔང་སྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་འགྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་ པར་ཤོག །དེ་ནས་རྒྱས་པ་སྤྲོ་ན། བདག་གིས་རྒྱུད་དང་མཐུན་པར་ཆོ་ག་བྱས་པ་ལ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷ་རྣམས་དགའ་ནས་ཡང་ནས་ཡང་དུ་ཕྱག་འཚལ་ཏེ། རིན་པོ་ཆེའི་གདུགས་ལ་ སོགས་པས་མཆོད་ནས་དག་བའི་བསམ་པས། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་སོགས་མཚན་བརྒྱ་རྩས་བསྟོད་པར་བསམས་ལ། དངོས་སུ་རང་གི་བསྟོད། ཅེས་ཁ་ཅིག་གསུང་ངོ་། །རྒྱུད་རྒྱལ་ངན་སོང་སྦྱོང་རྒྱུད་སྙིང་པོའི་ དོན། །ལེགས་པར་བཀྲལ་བ་དཔལ་ལྡན་བླ་མའི་གསུང་། །ཇི་བཞིན་བཀོད་པའི་རྣམ་དཀར་དགེ་བ་དེས། །འགྲོ་རྣམས་ངན་འགྲོའི་རྒྱུ་བཅས་ཀུན་ཞི་ནས། །ཟབ་གསལ་གཉིས་མེད་རྣམ་སྣང་མྱུར་ཐོབ་ཤོག །འདི་ལ་ནོངས་པ་མཁས་པས་བཟོད་ མཛོད་ཅིག །དཔལ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ངན་སོང་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱུད་དོན་གསལ་བ་ཞེས་བྱ་བ་གསུང་རབ་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་བརྙེས་ནས། གདུང་བྱ་མཐའ་ཡས་པ་ལ་རང་རང་གི་ སྐལ་བ་དང་འཚམ་པར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ལམ་གྱི་གནད་མཐའ་དག་པར་འདོམས་ཤིང་རྒྱས་པར་མཛད་པ་ཆོས་ཀྱི་རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་ཀྱི་གསུང་བགྲོས་ལྟར་གྲགས་པ་རྒྱལ་མཚན་གྱིས་རི་བོ་ 12-10-63b དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཡི་གེར་བཀོད་པའོ།། །།འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་རྒྱས་པར་གྱུར་ཅིག། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ ཤྲ་མ་ཎཿ མངྒ་ལཾ།། །། 12-11-1a ༄༅། །བྱ་སྤྱོད་སྤྱིའི་ཆོ་གའི་རྣམ་པར་བཞག་པ་རིགས་གསུམ་ལ་སྦྱོར་ཚུལ་རྗེའི་ཕྱག་བཞེས་བཞིན་འདུལ་བ་འཛིན་པས་བཀོད་པ་བཞུགས་སོ།། 12-11-1b ༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུད་ལེགས་པར་གྲུབ་པ་དང་། དཔུང་བཟང་གིས་ཞུས་པ་དང་། བསམ་གཏན་ཕྱི་མ་ལ་སོགས་པ་བྱ་བ་སྤྱིའི་རྒྱུད་ལ་སོགས་པ་ནས་གསུམ་པ་དང་མཐུན་པར་བྱ་སྤྱོད་ཀྱི་ཆོ་ག་དང་ བསྙེན་པ་ཇི་ལྟར་བྱ་བའི་ཚུལ་ནི། བྱ་རྒྱུད་ལ་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་སོགས་རྡོ་རྗེའི་རིགས་དང་། དོན་ཡོད་ཞགས་པ་སོགས་པདྨའི་རིགས་དང་། རྗེ་བཙུན་རྣམ་པར་རྒྱལ་མ་སོགས་དེ་བཞིན་གཤེགས་པའི་རིགས་ཏེ་རིགས་གསུམ་དུ་འདུས་པས། རིགས་ གསུམ་གྱི་ཆོ་ག་གང་བྱེད་པ་ལ་དབང་བའི་དབང་ལེགས་པར་ཐོབ་པ། བྱང་སེམས་ཀྱི་སྡོམ་པ་དང་སྔགས་ཀྱི་དམ་ཚིག་དང་ལྡན་ཞིང་། ཇི་ལྟར་བྱ་བའི་རིམ་པ་ལ་མཁས་པའི་སྒྲུབ་པ་པོས་བྱ་དགོས་སོ། །ཇི་ལྟར་བྱ་བའི་ཆོ་ག་ནི། དེ་བཞིན་གཤེགས་པའི་རིགས་ བཅོམ་ལྡན་འདས་མ་གདུགས་དཀར་ཅན་ལ་མཚོན་ན། བཟླས་བརྗོད་ཀྱི་སྔོན་དུ་ཇི་ལྟར་བྱ་བ་ལ། ཐོག་མའི་གནས་ཁང་དུ་ཇི་ལྟར་བྱ་བ་ནི། ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུག་པ་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་ཕྱག་ རྒྱ་མགོ་ལ་བཞག་ནས། ཨོཾ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཧེ་སྭཱ་ཧཱ། ཞེས་བརྗོད་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་དམིགས་ལ་ཐལ་མོ་སྦྱར་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་པྲ་ཎ་མེན་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ ད་བནྡ་ནཱཾ་ཀ་རོ་མི། ཞེས་ཕྱག་བྱའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་འབུལ་ན། 12-11-2a སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་བཞེས་སུ་གསོལ། བདག་ལ་དངོས་གྲུབ་བླ་ན་མེད་པ་སྩལ་ཏུ་གསོལ། ཞེས་ལུས་དབུལ། སངས་རྒྱས་ཆོས་དང་ཚོགས་ མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་སྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་ གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད། །ལག་པ་གཉིས་སོར་མོ་ཕན་ཚུན་བསྣོལ་ཏེ་ཁུ་ཚུར་བཅིངས་ལ་མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེང་མཛུབ་མོ་རྩེ་མོ་ སྦྱར་བའི་གློར་མཐེ་བོང་གཉིས་བཙུགས་པའི་ཕྱག་རྒྱ་དང་། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལཱ་ཧ་ན་ད་ཧ་བ་ཙ་བིདྷྭ་ནས་ཡ་ཨུཙྪུཥྨ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་པ་ཁྲོ་བོ་མནོལ་བ་མེད་པོ་སྔགས་རྒྱས་བསྲུང་བར་བྱ་ཞིང་བཟའ་བཏུང་དང་བཤང་གཅིའི་ ཚེའང་བསྲུང་བར་བྱའོ། །སྙིང་གར་ཟླ་བ་ལ་རྣམ་སྣང་གི་ངོ་བོ་མ་ཡིག་དང་། མགོ་བོ་ལ་མི་གཡོ་བའི་ངོ་བོ་ཧ་ཡིག་གཉིས་འབར་བའི་ཕྲེང་བ་འཁྲུག་པར་གྱུར་པར་བསམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨྨཱཿ སྭ་ བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་གྱུར་པར་མོས་པ་བྱའོ། །དེ་ནས་གནས་ཁང་ནས་ཕྱིར་བྱུང་སྟེ་སོ་ཤིང་བཅའ་བ་སོགས་དང་ལྷ་ཁང་བསོགས་བྱི་དོར་བྱའོ། །སྔར་བཤད་པའི་དམ་རྒྱ་བཅིངས་ནས། ཨོཾ་ཏ་ཐཱ་ 12-11-2b ག་ཏ་ཨུདྦྷ་བ་ཡེ་སྭཱ་ཧཱ། ཞེས་དང་། དེ་ནས་ཕྱི་རོལ་ཏུ་ཁྲུས་བྱས་ནས་སྒྲུབ་ཁང་དུ་འཇུག་པའི་ཚུལ་ནི། སྐྱེ་བོ་འདུ་བ་དང་འཇིགས་པ་མེད་པའི་འཇུག་ངོགས་སུ་སོང་ནས་ལག་པ་གཉིས་ཀྱི་སོར་མོ་ཕྱི་རོལ་ཏུ་བསྣོལ་ཏེ་བཀུག་ནས་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་མཐེ་བོང་གཉིས་དེའི་དྲུང་དུ་བཞག་པའི་ ཕྱག་རྒྱས་ས་གཙང་མ་ལ་གཏུགས་ཏེ། ཨོཾ་ནི་ཁ་ན་བ་སུ་དྷེ་སྭཱ་ཧཱ། ཞེས་བརྗོད་ལ། ས་བླངས་ཏེ་ཆ་གསུམ་དུ་བགོས་པ་གནས་གཙང་མར་བཞག་གོ། མཐེ་བོང་གིས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མོ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱས་ཏེ། བསྣོལ་ནས་དབུང་བར་བཞག ཡ་མོས་མས་མཆུ་ མནན་ལ་ཁྲོ་བོ་ར་བསྟབས་བལྟ་ཞིང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཙཎྜ་བཛྲ་པཱ་ན་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏཏྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བདུད་རྩི་ཐབ་སྦྱོར་གྱིས་རང་བསྲུང་། རྡོ་རྗེ་ཁུ་ཚུར་ གཉིས་ནང་དུ་བཅིངས་ཏེ་མཛུབ་མོ་ཕྱུང་ནས་བསྒྲེང་ལ་མགོ་ནས་རྐང་བར་ཐུག་གི་བར་དུ་བྲབ་ཅིང་། ཨོཾ་ཧ་ན་ཧན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་ལུས་ཀྱི་བགེགས་བསལ་ལོ། །ཐལ་མོ་བཀན་པ་ལས་མཐེའུ་ཚུང་གཉིས་བསྣོལ་བའི་བར་དུ་སྲིན་ལག་གཉིས་བཞག་གུང་མོ་གཉིས་གཤིབས་ཏེ་བསྒྲེང་དེའི་ཚིགས་ གསུམ་བར་མཛུབ་མོ་བཀུག་སྟེ་མཐེ་བོང་གཉིས་སྦྱར་ནས་དབུས་སུ་བཞག་ལ། ཨོཾ་བཛྲ་ཨགྣི་པྲ་ཏི་བ་ཏཱ་ཡེ་སྭཱ་ཧཱ། ཞེས་རྡོ་རྗེའི་གོ་བསྐོན། ཕྱག་རྒྱ་སྔ་མ་དེ་ཉིད་ལས་མཛུབ་མོ་གཉིས་བཀྱེད་ནས་རྡོ་རྗེའི་ཚུར་དུ་བྱས་པ་གོ་ཆའི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཁ་མི་ལྀ་ཧཱུཾ་ཕཊ། ཅེས་ མགོ་བོ་དང་། དཔུང་མགོ་གཉིས་དང་། སྙིང་ག་དང་། མགྲིན་པ་རྣམས་སུ་རེག་ལ་གོ་ཆ་བྱའོ། །གཡོན་པའི་སོར་མོ་དབུས་མ་གཉིས་མཐེ་བོང་གིས་མནན་ལ་མཛུབ་མོ་དང་མཐེའུ་ཆུང་གདུ་བུའི་ཚུལ་དུ་བྱས་ཏེ་སོར་མོ་དབུས་མའི་ཚོགས་དབུས་མར་གཞུག གཡས་པའི་སོར་དབུས་མ་གསུམ་རྡོ་ 12-11-3a རྗེའི་ཚུལ་དུ་བྱས་ཏེ་རྐེད་པའི་ཕྱོགས་སུ་བཞག་པ་བགེགས་བསལ་བའི་ཕྱག་རྒྱ་དང་། ན་མོ་བཛྲ་ཡ་ཧཱུཾ། ཧ་ན་དྷཱུ་ན་མ་ཐ་བི་དྷྭ་ན་ས་ཡ་ཨུད་ས་ར་ཡ་ཕཊ། ཅེས་ཕྱག་རྒྱས་ས་དང་ཆུ་ལ་གཏུག་གོ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཙཎྜ་ བཛྲ་པཱ་ཎ་ཡེ། ཨོཾ་ཧ་ན་ཧ་ན། བཛྲ་བཛྲ་ཎ་ཧ། ཞེས་པའི་སྔགས་འདི་ཆུ་ལ་གདབ་བོ། །གཡོན་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱས་པའི་ཕྱག་རྒྱས་ཆུ་ལ་གཏུགས་ནས། ཨོཾ་ཀཱི་ལི་ཀཱི་ལ་བཛྲ་ཧཱུཾ་ཕཊ། ཅེས་ཆུ་དེས་ས་ ལ་བསང་གཏོར་བྱའོ། །ཨོཾ་བཛྲ་ཧ་ར་ཧཱུཾ། ཞེས་ལན་བདུན་བསྔགས་པའི་སའི་ཆ་གཅིག་བླངས་ཏེ་ཆུའི་ནང་དུ་ལྟེ་བ་ནུབ་ཙམ་དུ་ཞུགས་ནས་ཁྲུས་རས་དང་བཅས་པར་ཁྲུས་བྱས་ཏེ་དེའང་ས་ཕུང་པོས་ལུས་ཀྱི་ལྟེ་བས་ན་ཆད་བཀྲུ་བའོ། །དེ་ནས་སའི་ཆ་གཉིས་པས་ལག་པ་བཀྲུས་ནས་གཡས་ཀྱི་ཐལ མོ་བཀན་པ་ལས་མཛུད་མོ་མཐེ་བོའི་ཟུར་དུ་བཞག་ཅིང་མཐེ་བོང་ཡང་མཛུབ་མོའི་ཚིགས་དབུས་མར་བྱས་པའི་དབྱངས་ཅན་གྱི་ཕྱག་རྒྱ་དང་། ཨོཾ་ཤྲུ་ཏི་སྨྲྀ་ཏི་དྷ་རྀ་ནི་ཧཱུཾ་ཧ། ཞེས་པས་ཉེ་རེག་གི་དོད་ཐུབ་བྱ་བའམ་ཡང་ན་འོག་ནས་འབྱུང་བལྟར་ཉེ་རེག་བྱའོ། །ཨོཾ་སུ་སི་ཏི་ཀ་རྀ་ སྭཱ་ཧཱ། ཞེས་གཙུག་ཕུད་བཅིངས་ནས་བསྲུང་བར་བྱའོ། །དེ་ནས་སའི་ཆ་གསུམ་བླངས་ཏེ། ཨོཾ་བྷུ་ར་ཛ་ལ་ཧཱུཾ་ཕཊ། ཅེས་བསྔགས་ཤིང་གཡས་ནས་བསྐོར་ཅིང་ཉི་མ་ལ་བསྟན་ནས་ལུས་ཐམས་ཅད་ལ་བསྐུ་བར་བྱའོ། །གཡས་པའི་ཐལ་མོས་བཀན་པ་ལས་གུང་མོ་དང་སྲིན་ལག་བཀུག་ སྟེ་མཐེ་བོའི་རྩེ་མོས་མནན་མཛུབ་མོ་དང་མཐེའུ་ཆུང་ཅུང་ཟད་བཀུགས་ཆུ་དཀྲུག་པའི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། དཾཥྚོ་བྱ་ཀ་ཊ་བྷཾ་ར་བཱ་ཡ། ཏཏྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། 12-11-3b ཁ་ཁ། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། གརྫ་གརྫ། པི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བི་གྷཾ་བི་ན་ཡ་ཀཱ་ན། མ་ཧཱ་ཧ་ཎ་པ་ཏི། ཛཱི་བི་ཏཱནྟ་ཀ་རཱ་ཡ་སྭཱ་ཧཱ། ཞེས་ཅུ་དཀྲུགས་ནས། ཨ་ར་ཏེ་ར་ཏེ་བུདྡྷ་ཡ་སྭ་ཧཱ། ཞེས་ཆུ་ཁྱོར་བ་གསུམ་དཀོན་མཆོག་གསུམ་ལ་དབུལ་ ལོ། །ཨོཾ་ཨ་མྲྀ་ཏ་སྭཱ་ཧཱ། ཞེས་རང་གི་མགོན་པོར་ཆུ་སྙིམ་པ་གསུམ་བླུག་ལ་ལག་པ་བཀྲུས་ཏེ་སྔགས་དེ་ཉིད་ཀྱིས་ཆུ་སྙིམ་པ་གསུམ་གྱིས་བདག་ཉིད་ལ་དབང་བསྐུར་བར་བྱའོ། །རྗེ་བཙུན་མ་གཙུགས་དཀར་ནན་གྱི་ལྷ་ཆོགས་སྦྱར་དྲངས་ཏེ་པདྨ་ལ་བཞུགས་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏེ་ སྭཱ་ཧཱ། ཞེས་སྐུ་གསིལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་བ་ཏྲེ་ཧཱུཾ་ཕཊ་སྭཱ་ཧཱུ། ཞེས་ཉེར་གཅིག་བཟླའོ། །དེ་ནས་ལྷའི་ཁང་པའི་དྲུང་དུ་ཕྱིན་པ་དང་རྐང་པ་བཀྲུས་ནས་ཤར་རམ་བྱང་དུ་ཁ་བལྟས་ནས་ཉེ་རེག་བྱ་སྟེ་དེའི་ཚུལ་ནི། ཙོག་ཙོག་བུར་འདུག་ཅིང་ངག་བཅད་ལག་པ་གཉིས་པུས་མོའི་ནང་ དུ་འོང་བར་བྱ། གཡས་པ་གན་རྐྱལ་དུ་གནས་པའི་གུང་མོ་དང་སྲིན་ལག་ཅུང་ཟད་བཀུག་པ་ཁ་ལ་ཕྱོགས་པར་བཟུང་ངོ་། །ཟེའུ་འབྲུའི་ཆས་ཁ་ལ་ལན་མང་དུ་བྱབ་ཅིང་ལན་གཉིས་གསུམ་དུ་རྣ་བུག་གཉིས་དང་། མིག་གཉིས་དང་། སྣ་དག་ཁ་དང་། ལག་པ་དག་དང་། ལྟེ་བ་དང་། མགོ་ལ་རེག་ ནས་ཅུ་ཧུབ་གསུམ་འཐུངས་ཏེ། མཆུ་ལ་ལན་གཉིས་ཕྱི་བར་བྱའོ། །དེའི་སྡོམ་ནི། ཁ་རྣ་མིག་སྣ་ཁ་ལག་སྟེ། །མགོ་ཞེས་པའོ། །དེ་ནས་གནས་སུ་ཐུགས་ཏེ་ལྷ་རྣམས་མངོན་སུམ་དུ་དམིགས་ནས་སྔར་བཞད་པའི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ། སོགས་ཀྱིས་ཕྱག་བྱས་ནས། ཨོཾ་ བི་ར་ཛ་བི་ར་ཛ། མ་ཧཱ་བཛྲི་ས་ཏ་ས་ཏ། ས་ར་ཏེ་ས་ར་ཏེ། ཏྲ་ཡ་ཏྲ་ཡི། བི་དྷམ་ནི་སཾ་བྷ་ན་ཛ་ནི་ཏར་མ་ཏི་སིདྡྷ་ཨ་གྲེ་ཏཾ་སྭཱ་ཧཱ། ཞེས་དམ་ཚིག་ལ་འཇུག་པ་འདི་བཟླས་པར་བྱའོ། །ཆས་སུ་ཞུགས་ཏེ་སྟན་ལ་འཁོད་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི། སྤོས་ཆུ་ 12-11-4a ལག་མཐོལ་དུ་བླུག་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་སྙིང་པོ། ཛི་ན་ཛི་ཀ། ཅེས་པ་འདི་ལན་གསུམ་བཟླས་ལ་རང་གི་སྤྱི་བོར་བསང་གཏོར་བྱས་ཏེ་འབགས་པའི་སྐྱོན་ལ་སོགས་པ་བསལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་པ་ནས། ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུ་ཕཊ། ཞེས་པ་སྔར་བཤད་པའི་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་ཀུ་ཤ་ལ་སོགས་པའི་གདན་ལ་བསང་གཏོར་བྱས་ནས་གདན་དེ་ལ་བཀྲ་ཤིས་སམ་པདྨའམ་རྡོ་རྗེ་སྐྱིལ་ཀྲུང་གང་རུང་གིས་འདུག་བར་བྱའོ། །བུ་མོས་བཀལ་པའི་སྐུད་པ་གསུམ་ལ་སོགས་བགྲངས་མི་མཉམ་པ་སྒྲིལ་ནས་མདུད་བགྲངས་མི་མཉམ་པ་བོར་བའི་དབུས་ སུ་པོ་དེ་ཙེ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྲེང་རྡོག་གཅིག་བཏགས་པ་སྤོས་ཀྱིས་བྱུགས་པ་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིངྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་པའི་རིགས་ཀྱི་གདུ་བུའི་རིག་སྔགས་འདི་བརྒྱ་བཟླས་པའི་གདུ་བུ་ལག་པ་གཡས་པའི་ མཁྲིག་མ་ལ་བཅིང་བར་བྱའོ། །དེ་ནས་ཀུ་ཤའི་བསང་བྱེད། ཛི་ན་དི་ཀ །ཅེས་བརྗོད་ཅིང་། སྲིན་ལག་གཡས་པ་ལ་གདགས་སོ། །དར་རམ་རས་དམར་པོ་ལ་བྱས་པའི་ཟེའུ་ཁ་སྟེ་ཐོད་ལ། ཨོཾ་རཀྵ་རཀྵ་མ་ན་སརྦ་བུདྡྷ་ཨུ་དྷིཥྛ་ན་ཨཏྨ་ཙི་བར་སྭཱ་ཧཱ། ཞེས་པ་བཏབ་ལ་མགོ་ལ་བཅིང་། གོས་ལའང་ སྔགས་དེ་ཉིད་བཏབ་ལ་གྱོན་ནོ། །ཨོཾ་སུ་སི་ཏི་ཀ་རི་སྭཱ་ཧཱ། ཞེས་པས་སྔར་བཞིན་གཙུག་ཏོར་བཅིང་ངོ་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ཞེས་པ་ནས། དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་སྔར་བཤད་པ་བཞིན་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱའོ། ། སྔར་བཤད་པའི་བདུད་རྩི་ཐབ་སྦྱོར་གྱི་སྔགས་སམ་ཡང་ན། ཨོཾ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་པ་བདེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཐབས་ཅད་དང་། ཛི་ན་ཛི་ཀ །ཅེས་པ་བཟླས་པའི་སྤོས་ཆུ་འཐོར་ཡབ་ཀྱིས་གཏོར་ཏེ་མཆོད་རྫས་ཀྱི་བགེགས་བསལ་བར་བྱའོ། །སྔར་བཤད་པའི་བགེགས་ 12-11-4b བསལ་པའི་ཕྱག་རྒྱ་ལས་གཡོན་པའི་གུང་མོ་གཡས་པའི་སོར་མོ་དབུས་མ་གསུམ་རྡོ་རྗེའི་ཚུལ་དུ་བྱས་པས་བཟུང་བ་གཟི་བྱིན་བསྐྱེད་པའི་ཕྱག་རྒྱས་མེ་ཏོག་ལ་སོགས་པའི་མཆོད་རྫས་རྣམས་ཀྱི་སྟེང་དུ་བྲིམ་ཞིང་། ཨོཾ་ཏེ་ཛ་ཏེ་ཛཿ ས་ནི་སིདྡྷི་སཱ་དྷ་ཡ་ཧཱུཾ་ཕཊ། ཅེས་གཟི་བྱིན་བསྐྱེད་པའི་ སྔགས་བཟླས་པས། མཆོད་པ་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར་པར་བསམ་མོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་པ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པ་སྔར་བཤད་པའི་བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་། ཛི་ན་ཛི་ཀ །ཅེས་པའི་སྙིང་པོས་མཆོད་པ་རྣམས་བྱིན་གྱིས་བརླབ་པར་བྱའོ། །བདག་ དང་གནས་ལ་སྲུང་བ་བྱ་བ་ནི། ཨོཾ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པ་སྔར་བཤད་པའི་ལུས་ཀྱི་བགེགས་བསལ་བའི་སྔགས་འདི་དང་ཕྱག་རྒྱས་བདག་ཉིད་བསྲུངས་ནས་རིགས་ཀྱི་ལས་ཐམས་ཅད་པའི་སྔགས་སམ། ཡང་ན་སྔར་བཤད་པའི། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་པ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་ པ་བདུད་རྩི་ཐབ་སྦྱོར་གྱི་སྔགས་སྤོས་ཆུ་ལ་བཟླས་ནས་བདག་ལ་གཏོར་ལ་བགེགས་བསལ་བར་བྱའོ། །ཨོཾ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷུར་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་སྤོས་ཆུ་ལ་ལན་བདུན་བཟླས་ཏེ་ཕྱོགས་ཀུན་ཏུ་བསང་གཏོར་བྱའོ། །ལག་པ་གཉིས་ཀྱི་གུང་མོ་དང་སྲིན་ལག་རྣམས་ཕན་ཚུན་གདུང་བུ་ལྟར ་བྱས་པ་སོ་སོའི་དྲུང་དུ་རྩེ་མོ་སྦྱར་ཏེ་མཐེའུ་ཆུང་དང་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་། མཐེ་བོང་ཕུར་བུའི་ཚུལ་དུ་བྱས་ཏེ་ས་ལ་བཙུགས་པ་ཕུར་བུའི་ཕྱག་རྒྱ་དང་། ཨོཾ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷུར་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་བརྗོད་པས། བགེགས་རྣམས་ལ་ཁྲི་བོ་རྡོ་རྗེ་ཕུར་བུས་བཏབ་ པས་གཡོ་འགུལ་མེད་པར་གྱུར་པར་བསམ་མོ། །ཨོཾ་སུ་སིདྡྷི་ཀ་ར་ཛྭ་ལི་ཏ། ཨ་ནནྟ་མུརྟ་ཡེ་ཛྭ་ལ་ཛྭ་ལ། བནྡྷ་བནྡྷ། ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་རིགས་གསུམ་སྤྱིའི་སྔགས་དང་། ཨོཾ་ཛྭ་ལ་ཧཱུཾ། ཞེས་བདེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་བཟླས་ 12-11-5a པའི་འདུག་པས་འདུག་སྟེ། སྟེང་གི་ལྷའི་གདོན་རྣམས་བཅིངས་པར་གྱུར་པར་བསམ། ཛི་ན་ཛི་ཀ །ཅེས་བཟླས་པའི་སྤོས་ཁོ་ར་ཁོར་ཡུག་ཏུ་གཏོར། བྷྲུཾ་ཨོཾ་ཨ་མྲྀ་ཏོ་དྦྷ་ཝ་ཨུདྡྷ་ཝ་ཧཱུཾ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཙཎྜ་བཛྲ་ པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་སམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝན་བིདྱཱ་རཱ་ཛ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་རིགས་གསུམ་གྱི་རིག་པའི་རྒྱལ་པོའི་སྔགས་བརྗོད་པས། ཕྱོགས་ཀྱི་བགེགས་ཐམས་ཅད་བཅིངས་པར་ གྱུར་པར་བསམ་མོ། །སྔར་གྱི་ཕུར་བུའི་ཕྱག་རྒྱ་ལས་མཐེ་བོང་གཉིས་གྱེན་དུ་བསྒྲེང་པར་པའི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏཏྱ་ཐཱ། ཨོཾ་ས་ར་ས་ར། བཛྲ་པྲ་ཀ་ར་ཧཱུཾ་ཕཊ། ཅེས་བརྗོད་པས། རྡོ་རྗེའི་རྭ་བས་ པར་མཚམས་མེད་པར་བསྐོར་བར་གྱུར་པར་བསམ་མོ། །ར་བའི་ཕྱག་རྒྱ་ཉིད་ཁ་ཏུར་ངུ་བསྟན་ནས་བསྐོར་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་བྷི་སྥུ་རཀྵ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཅེས་པས། རྡོ་རྗེ་ར་བའི་སྟེང་དུ་རྡོ་རྗེའི་གུར་དུ་ གྱུར་པར་བསམ་མོ། །ན་མོ་རཏྣ་དྲ་ཡཱ་ཡ། ཞེས་པ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་སྔར་བཤད་པའི་བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་སྔར་གྱི་ཕུར་བུའི་ཕྱག་རྒྱ་བཅས་ལ། ཨོཾ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷུར་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་པས། ར་བ་སོགས་པ་རྣམས་བྱིན་གྱིས་བརླབ་པར་ བྱའོ། །ཁུ་ཚུར་བཅིངས་ཏེ་མཐེ་བོས་སེན་མོ་རྣམས་མནན་མཛུབ་མོ་ཕྱུང་ལ། དབུས་ནས་བསྐོར་ཞིང་། ན་མཿ ས་མནྟ་བཛྲ་ཎཾ། ཨོཾ་ཏ་ར་ཏ་ར། ཏུ་རུ་ཏུ་རུ། མ་ཊ་མ་ཊ། བྷནྡྷ་བྷནྡྷ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ས་སི་མེ་ས་མ་བནྡྷ་ཀུ་རུ་ཀུ་རུ། ཏ་ར་ཏ་ར། ས་མནྟ་བཛྲེ་ 12-11-5b ས་མནྟ་བཛྲེ། ཀུ་རུ་ཨ་མ་ལེ་ཀུ་རུ་ཎ། མ་ཡེ་ཏུ་ཏ་ཡེ་ཏུ་ཏ་ཡེ། པ་ར་པ་ར། ཀ་ར་ཀ་ར། སུ་མི་མ་ས་མནྟ་བིདྷྭན་ས་ཡེ། ཛྭ་ལ་ཡ་སྭཱ་ཧཱ། ཞེས་བརྗོད་པས། རྡོ་རྗེར་བའི་ཕྱོགས་ཐམས་ཅད་དུ་མེ་དཔུང་འབར་བས་ཁྱབ་པར་གྱུར་པར་བསམས་ལ་མཚམས་བཅིང་ ངོ་། །བཟླས་བརྗོད་སོགས་ཀྱི་དངོས་གཞི་ལ་ཇི་ལྟར་བྱ་བ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། དེ་ལྟར་བདག་གི་དེ་ཁོ་ན་ཉིད་དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་བ་ཇི་ལྟར་ཡིན་པ་དེ་བཞིན་དུ་ལྷའི་དེ་ཁོ་ན་ཉིད་ཀྱང་དེ་བཞིན་ཡིན་པས། དེ་གཉིས་ ཆུ་དང་འོ་མ་འདྲེས་པ་བཞིན་དུ་རྣམ་པར་མི་རྟོག་པའི་སྣང་བའི་སྒོ་དེ་ཉིད་དུ་བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པར་གྱུར། སྟོང་པ་ཉིད་བསྒོམ་པ་ནི་ལྷ་དྲུག་གི་དང་པོ་དོན་དམ་པའི་ལྷའོ། །སྟོང་པའི་ངང་ལས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲག་པར་གྱུར་པར་བསམ་པ་ནི་གཉིས་པ་གདངས་སམ་སྒྲའི་ལྷའོ། །བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་རྣམ་པ་ཅན་གྱི་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་སྔགས་ཀྱི་གདངས་ ཀྱི་རྣམ་པར་ནམ་མཁའ་ལ་གྲག་པ་དེ་ཤིན་ཏུ་དག་པའི་དངུལ་ཆུ་གསེར་གྱི་བྱེ་མ་ལ་ཞེན་པ་ལྟར། ཡིག་འབྲུ་བྲིས་པའི་རྣམ་པ་ཅན་དུ་འཁོད་པར་བསམ་ནི་གསུམ་པ་ཡི་གེའི་ལྷའོ། །ཡོངས་སུ་གྱུར་པ་ལས། གདུགས་དཀར་པོའི་ཏོག་ལ་ཨོཾ་སརྦ་ཏ་ཐཱ་ག་ ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་མཚན་པར་གྱུར། ཟླ་བ་དང་ཕྱག་མཚན་སྔགས་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་བྱུང་བའི་རྩེ་མོ་ལས་གདུགས་དཀར་མོ་ཅན་གྱི་ལྷའི་གཟུགས་དཔག་ཏུ་མེད་པ་བྱུང་ནས་ནམ་མཁའི་ 12-11-6a དབྱིངས་ཐམས་ཅད་ཁྱབ་པར་བྱས། རྒྱལ་བ་ཐམས་ཅད་ལ་མཆོད་པའི་སྤྲིན་ཆེན་པོ་སྤྲུལ་པས་ལེགས་པར་མཆོད། གཞན་ཡང་སྤྲིན་ཆེན་པོ་སྤྲུལ་པ་ལས་བདུད་རྩིའི་ཆར་རྒྱུན་བབ་པས་དམྱལ་བ་ལ་སོགས་ པའི་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་མེ་རྣམས་ཞི་ཞིང་དེ་རྣམས་ཚིམ་པར་བྱས། ལྷའི་སྐུ་དང་བཅས་པའི་འོད་ཟེར་སླར་ལོག་ནས་རང་གི་སེམས་ཟླ་པའི་དཀྱིལ་འཁོར་དང་ཕྱག་མཚན་སྔགས་དང་བཅས་པ་ལ་ཞུགས་པ་ལས། རང་ཉིད་བཅོམ་ ལྡན་འདས་མ་གདུགས་དཀོར་པོ་ཅན་སྐུ་མདོག་དཀར་མོ། རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོ། སྤྲུལ་པའི་དབུ་སྟོང་མངའ་བ་ཕྱག་སྟོང་མངའ་བ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་ཕྱེད་འབར་བའི་མཚན་རྟགས་ཅན་རྡོ་རྗེ་ཡངས་པ་ཆེན་མོ། ས་གསུམ་གྱི་དཀྱིལ་ འཁོར་ལ་མངའ་མཛད་མ། རྩ་བའི་ཕྱག་དང་པོ་གཉིས་ཀྱིས་གདུགས་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང་། ཕྱག་ལྷག་མ་རྣམས་ཀྱིས་མཚོན་ཆ་རབ་ཏུ་འབར་བ་སྣ་ཚོགས་པ་འཛིན་པ། དར་གྱི་སྟོད་གཡོགས་དང་སྨད་གཡོགས་ཅན་ རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ལྷར་བསྒོམ་ཞིང་རང་དང་ཐ་མི་དད་པའི་ང་རྒྱལ་བྱ་བ་ནི་བཞི་པ་གཟུགས་ཀྱི་ལྷའོ། །དེའི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་པ། མགྲིན་ པར་ཨཱཿ ལས་པདྨ་དམར་པོའི་ལྟེ་བར་ཨཱཿ ས་མཚན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུཾ་གིས་མཚན་པ། སྔར་བཤད་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་རྒྱ་བཅིངས་ལ། ཨོཾ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་ 12-11-6b ཐུགས་ཀ་དང་སྨིན་མཚམས་དང་མགྲིན་པ་དང་དཔུང་མགོ་རྣམས་སུ་རེག་ལ་བྱིན་གྱིས་བརླབ་པ་ནི་ལྔ་པ་ཕྱག་རྒྱའི་ལྷའོ། །དེ་ལྟར་བསྐྱེད་ཟིན་པའི་ལྷ་དེ་ཉིད་ལ་དམིགས་ནས་གསལ་འདེབས་སོགས་ཀྱི་ང་བྱད་སྒོམ་དང་སེམས་རྩེ་གཅིག་པའི་འཇོག་སྒོམ་བྱེད་པ་ནི་དྲུག་པ་མཚན་མའི་ལྷའོ། །དེ་ལྟར་བྱ་སྤྱོད་ཀྱི་སྐབས་ སུ་ལྷ་དྲུག་སྒོམ་དགོས་པར་རྣམ་འཇོམས་ཀྱི་རྒྱུད་རྒྱས་པར་གསལ་བར་གསུངས་པ་སློབ་དཔོན་སངས་རྒྱས་གསང་བའི་རྣམ་འཇོམས་ཀྱི་འགྲེལ་པར་དང་པོར་ཁྲུས་བྱས་རྣལ་འབྱོར་པས། །རྡོ་རྗེ་གདན་ལ་གནས་ནས་ནི། །མཆོད་དང་གསོལ་བས་ལྷ་དྲུག་བསྒོམ། །སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་ མ་དྲུག་ཡིན་ཏེ། །ཞེས་དྲངས་ཤིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞུགས་པ་སྟོང་པ་ཉིད་ལ་སོགས་པའི་བྱང་ཆུབ་པ་དྲུག་གིས་བདག་ཕྱག་ན་རྡོ་རྗེར་བྱ་བ་དང་། ཞེས་དང་། བྱ་རྒྱུད་བསམ་གཏན་ཕྱི་མ་ལས་ཀྱང་། བདག་ཉིད་འདི་འདྲར་བྱས་ནས་ནི། །སྔགས་ཀྱི་རྣམ་པར་ཤེས་པ་བསྒོམ། །ཞེས་པའི་ འགྲེལ་པར། སྔགས་ཀྱི་རྣམ་པར་ཤེས་པ་ནི་གསང་སྔགས་རྣམ་པར་དྲུག་ཅེས་གསུངས་ལ་དེའང་ལྷ་དྲུག་ཡིན་ནོ། །ཡང་འགྲེལ་པ་དེ་ཉིད་ལས། འདི་ནི་རེ་ཞིག་སྤྱིའི་གསང་སྔགས་ཀྱི་རྣམ་པ་བཤེས་པ་སྒོམ་པའི་རིམ་པའོ། །གང་ཁ་ཅིག་ཏུ་རྣམ་པ་གཞན་དུ་གསུངས་པ་དེ་དག་ཏུའང་དེ་བཞིན་ཏུ་ སྦྱར་བར་བྱའོ། །ཞེས་བྱ་རྒྱུད་པའི་ལྷའི་རྣལ་འབྱོར་གྱི་བསྐྱེད་ཆོག་འདི་དང་འདྲ་མི་འདྲ་ཐམས་ཅད་ལ་སྦྱོར་བར་བཞེད་དོ། །དེ་དག་གིས་ནི་བྱ་རྒྱུད་ལ་རང་ཉིད་ལྷ་མེད་ཅེས་པའང་ཁེགས་སོ། །དེ་ནས་ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ་འོག་ནས་འབྱུང་བ་ལྟར་སྔགས་ དང་ཕྱག་རྒྱ་དང་བཅས་པས་དབུལ་བར་བྱའོ། །བསྟོད་པ་ནི། རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ནས། །ལེགས་པར་བྱུང་བའི་རྨད་བྱུང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པ་དེ་ལ་ཕྱག་འཚལ་ལོ། །སྤྲུལ་ 12-11-7a པའི་དབུ་དང་ཕྱག་ནི་སྟོང་མངའ་ཞིང་། །བྱེ་བ་བརྒྱ་སྟོང་སྤྱན་ལྡན་དཔའ་མོ་གང་། །ཕས་རྒོལ་འཇོམས་ལ་ཐོགས་མེད་མཐུན་ལྡན་པའི། །མི་ཕྱེད་འབར་བའི་རྟགས་འཆང་དེ་ལ་འདུད། །ཅེས་པས་བསྟོད། ཡེ་ཤེས་ པ་གཞུག་པ་དང་དབང་བསྐུར་ཞིང་རྒྱས་གདབ་པ་སོགས་པཎྜི་ཏ་གཞན་གྱིས་གསུངས་པ་ལྟར་བྱས་ནའང་རུང་ལ། སློབ་དཔོན་སངས་རྒྱས་གསང་བ་སོགས་ཀྱིས་མ་བཤད་པ་ལྟར་ནའང་འགལ་བ་མེད་ཅེས་གསུང་ངོ་། །མདུན་དུ་ཡེ་ཤེས་བ་སྤྱན་དྲངས་ཏེ་མཆོད་པ་སོགས་ཀྱི་ཚུལ་ལ་ རྟེན་བསྐྱེད་པ་ནི། རང་གི་མདུན་དུ། བྲིས་སྐུ་ལ་སོགས་པ་གང་དུ་བཀྲམ་པའི་ཕྱོགས་སུ་དམིགས་ལ། རིན་པོ་ཆེ་དུ་མ་ལས་བྱས་པའི་ས་གཟི་གསེར་གྱི་བྱེ་མ་བརྡལ་བར་གྱུར་པར་བསམ། ཨོཾ་ཙ་ལ་བཱི་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབ། དེའི་སྟེང་དུ་ འོ་མའི་རྒྱ་མཚོ་ཆེན་པོ་ཉ་ལྕིབས་གསེར་དང་དངུལ་དང་ཨིནྡྲ་ནཱི་ལ་དང་སྤུར་ལོང་ལས་བྱས་པའི་ཐེམ་སྐས་ཀྱི་ཕྲེང་བས་བརྒྱན་པ། རིན་པོ་ཆེའི་བྱའི་ཚོགས་མང་པོ་ལྡིང་བར་གྱུར། ཨོཾ་ཙ་ལ་བཱི་ཧཱུཾ་སྭཱཧཱ། ཞེས་པས་བྱིན་གྱིས་བརླབ། དེའི་དབུས་སུ་རི་རབ་གྲུ་བཞི་པ་ངོས་ བཞི་ནས་གསེར་དང་དངུལ་དང་ཨིནྡྲ་ནཱི་ལ་དང་སྦུར་ལོང་ལས་བྱས་པའི་ཐེམ་སྐས་ཀྱི་བྲེང་བས་བརྒྱན་པ། མཐའ་ཐོག་ཐག་དཔག་བསམ་གྱི་ཤིང་ལེགས་པར་འཁྲུངས་པ་ལ་རྣམ་པར་རྒྱལ་བའི་བ་དན་སྟོང་འཕུར་བས་བརྒྱན་པ། དེའི་སྟེང་དུ་པདྨའི་ སྡོང་པོ་རིན་པོ་ཆེ་དུ་མས་བརྒྱན་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་འདབ་མ་ཅན། གསེར་གྱི་ཟེ་བ་དང་སྤུར་ལོང་གི་ཟེའུ་འབྲུ་དང་ལྡན་པ། སྙིང་པོའི་ཏོག་ལ་གསེར་དངུལ་གྱི་རི་མོས་བསྐོར་བ། དཔག་ཚད་དུ་མའི་ཁྱོན་ཅན་རི་རབ་ཀྱི་དབུས་བརྟོལ་ནས་བྱུང་བའི་ 12-11-7b ལྟེ་བར་བྷྲུཾ་ལས་བྱུང་བའི་གཞལ་ཡས་ཀང་གྲུ་བཞི་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་སྔོ་སེར་དམར་ལྗང་དཀར་པའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་རིན་པོ་ཆེའི་རྩིག་པས་བསྐོར་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་གཟི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་དང་གྲུ་ བཞི་ལ་སོགས་པས་སྤྲས་པ། དེའི་སྟེང་ན་གནས་པའི་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ། ཆུ་སྲིན་གྱི་ཁ་ནས་མུ་ཏིག་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་ན་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་ མདའ་ཡབ་ལ་གནས་པའི་གསེར་གྱི་བུམ་པ་ནས་འཐོན་པའི་རྒྱལ་མཚན་དང་བ་དན་བརྒྱད་བརྒྱད་ཀྱིས་མཛེས་པར་བྱས་པ་ཕྱིའི་སྟེང་གི་ཟུར་བཞི་ལ་གདུགས་བཞིས་བརྒྱན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་བཞུགས་ སྟབས་དང་ཁ་དོག་སྣ་ཚོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཀྱུད་ཀྱི་ཕྱིའི་མཚམས་དང་རྩིག་པའི་ཕྱི་ནང་གི་ཟུར་བཞིར་ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་དམར་པོའི་སྟེང་དུ་རྡོ་རྗེས་བརྒྱ་པ། སྒོ་བཞི་སོ་སོའི་མདུན་དུ་སྟེགས་བུ་གྲུ་ བཞིའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས། གསེར་དང་། ཤར་བུ་དང་། རིན་པོ་ཆེ་དང་། རྟ་རྨིག་དང་། མུན་སྣམ་དང་། བ་ར་ཎྜ་དང་། མུན་པ་དང་། ཤར་བུ་དང་། རིན་པོ་ཆེ་དང་། རྨིག་པ་དང་། མདའ་ཡབ་སྟེ་སྣམ་ བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱིས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་ལ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། བར་བར་དུ་གྲུབ་པ་ 12-11-8a ཐོབ་པ་དང་། སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མེ་ཏོག་གི་འཕྲེང་བ་བཟུང་བ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པ། ཀ་པ་བརྒྱད་ཀྱི་བཏེག་པའི་རྡོ་རྗེའི་གཏུང་གིས་མཛེས་པར་ཕུབ་པའི་རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་ པ། ལྷ་དང་མི་ལས་ཡོན་ཏན་ཁྱད་པར་དུ་འཕགས་པའི་ཁང་བཟང་དམ་པ་ཕྱི་བལྟས་ནང་གསལ་བ། ནང་བལྟས་ཕྱི་གསལ་བའི་ནང་གི་སྟེང་དང་འོག་གི་ས་གཞི་ཐམས་ཅད་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་བར་གྱུར་པའི་ ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བའི་སྟེང་དུ་སེང་གེའི་བྲི། ཤར་དུ་གླང་པོ་ཆེ། ལྷོར་རྟ་མཆོག ནུབ་ཏུ་རྨ་བྱ། བྱང་དུ་ནམ་མཁའ་ལྡིང་གི་ཁྲི་རྣམས་དང་། དེའི་ཕྱི་རོལ་ཏུ་འཁོར་ལོ་སེར་པོ་རྩིབས་བཅུ་དྲུག་པ་དང་། སྟེང་འོག་གི་གནས་གཉིས་ དང་གྲྭ་བཞིའི་ཕྱི་ནང་གཉིས་གཉིས་དང་། སྒོ་བཞི་རྣམས་སུ་སྣ་ཚོགས་པདྨ་དང་ཉི་མ་དང་ཟླ་བའི་གདན་གསུམ་གསུམ་བསམས་ལ། ཕྱག་འཚལ་བའི་ཏལ་མོ་ལས་ཕན་ཚུན་བསྣོལ་ཏེ་གཡས་པའི་མཐེ་མོས་གཡོན་པའི་མཐེ་བོ་མནན་ལ། ན་མཿ སརྦྦ་ཏ་ཐཱ་ག་ཏཱ་ནཱཾ་ སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པའི་སྔགས་བརྒྱ་བཟླས་ལ་བྱིན་གྱིས་བརླབ་པར་བྱའོ། །སྟེང་དུ་བླ་ངེ་ཡང་སྐད་ཅི་གིས་བྱུང་བར་གྱུར་པར་བསམ། བརྟེན་པ་ལྷ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བ་ནི། གསེར་དངུལ་དང་ཟངས་ལ་སོགས་པའི་སྣོད་ དུ་འབྲས་ཡོས། ཀུ་ཤ། དྲི་བཟང་པོའི་སྤོས། མེ་ཏོག་དཀར་པོ་ཏིལ་ལ་སོགས་པ་དང་སྦྱར་བའི་ཆུ་གཙང་མ་བཤམས་ལ་བདུག་སྤོས་ཀྱིས་བདུག་ཅིང་། ཨོཾ་དྲཾ་བནྡྷ་སྭཱ་ཧཱ། ཞེས་རིགས་ཀྱི་ལྷ་ཐམས་ཅད་པ་འདུག་བཟླས་ལ་བྱིན་གྱིས་བརླབས་ནས། མདུན་དུ་བྲིས་སྐུ་ལ་སོགས་པ་གང་དུ་ཡོད་ 12-11-8b པའི་ཕྱོགས་སུ་བལྟས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ། ཞེས་སོགས་སྔར་བཤད་པའི་སྔགས་ཀྱིས་ཕྱག་བྱ། དེ་ནས་པུས་མོ་ས་ལ་བཙུགས་ནས་སོར་མོ་རྣམས་ཕན་ཚུན་དུ་བསྣོལ་ཏེ་ཐལ་མོ་བཀན་ལ་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་ཞིང་མཐེ་བོང་གཉིས་གཡབ་པ་སྤྱན་དྲང་པའི་ཕྱག་རྒྱ་དང་། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་འདི་བཞེས་ནས། །མཆོད་པས་བདག་ལ་དགྱེས་པར་མཛོད། ཛི་ན་ཛི་ཀ། ཨེ་ཧྱེ་ཧི། ཞེས་སྤྱན་དྲངས་ལ། མཆོད་ཡོན་གྱི་སྣོད་བཟུང་ནས། ཨོཾ་སརྦ་ ཐཱ་ག་ཏ་ཨུཥྞཱ་ཥ་སི་ཏཱ་ཏ་པ་ཏྲེ་ས་པ་རི་ཝཱ་ར་ཨརྒྷྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མགོའི་ཐད་ཀ་ནས་མཆོད་ཡོན་དབུལ་ལོ། །བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན་གྱི་ལྷ་ཚོགས་ལ་རིག་སྔགས་དང་གསང་སྔགས་དང་ཁྲོ་བོ་དང་ལེགས་ལྡན་ནག་པོ་ཆེན་པོ་དང་མངག་གཞུག་ པ་དང་མངག་བཞུགས་མལ་སོགས་པ་ནམ་མཁའི་དབྱིངས་ཁྱབ་ཅིང་ཁོར་ཡུག་ཏུ་བསྐོར་བ་བྱོན་པ་ནི་དབུས་ཀྱི་སེང་གེའི་ཁྲི་ལ་བཅོས་ལྡན་འདས་མ་གཏུགས་དཀར་པོ་ཅན་སྐུ་མདོག་དཀར་མོ་ཞེས་པ་ནས། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཞེས་པའི་བར་སྔར་ བཞིན་བསྒོམ། ཤར་གྱི་ཁྲིལ་དྲག་ཤུལ་ཆེན་མོ་དཀར་མོ། ལྷའོ་བྲི་ལ་གཏུམ་པ་ཆེན་མོ་སེར་མོ། ནུབ་ཀྱི་ཁྲི་ལ་འབར་བ་ཆེན་མོ་དཀར་མོ། བྱང་གི་ཁྲི་ལ་སྟོབས་ཆེན་མོ་ལྗང་གུ་རྣམས་གཡས་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་ཅིང་། གཡོན་རིན་པ་ཆེའི་བུམ་ པ་འཛིན་པ། ཤར་གྱི་རྩིབས་བཞིའི་དང་པོ་ལ་གོས་དཀར་མོ་སེར་མོ། གཉིས་པ་ལ་ཁྲོ་གཉེར་ཅན་སྔོ་སངས། གསུམ་པ་ལ་རྒྱལ་བའི་རྡོ་རྗེ་ཕྲེང་བ་མ་ལྗང་གུ། བཞི་པ་ལ་པདྨའི་མངོན་མཚན་མ་དམར་མོ་རྣམས་གཡས་པ་བགྲང་འཕྲེང་དང་གཡོན་ 12-11-9a ཨུཏྤལ་འཛིན་པ། ལྷོའི་རྩིབས་བཞིའི་དང་པོ་ལ་གཞན་གྱིས་མི་ཏུབ་མ་དཀར་མོ། གཉིས་པ་ལ་རྡོ་རྗེ་གྲོས་ཅན་མ་སེར་མོ། གསུམ་པ་ལ་ཞིབ་པའི་ལྷ་རྣམས་ཀྱིས་མཆོད་མ་ནག་མོ། བཞི་པ་ལ་གཟི་བརྗིད་ཆེན་མོ་ ལྗང་གུ་རྣམས་གཡས་རྡོ་རྗེ་རིན་པོ་ཆེ་འཛིན་ཅིང་གཡོན་དབྱིག་པ་ལ་བརྟེན་པ། ནུབ་ཀྱི་རྩིབས་བཞིའི་དང་པོ་ལ་སྟོབས་ཆེན་མ་དམར་མོ། གཉིས་པ་ལ་རྡོ་རྗེ་ལུ་གུ་རྒྱུད་སེར་མོ། །གསུམ་པ་ལ་རྡོ་རྗེའི་ག་འཛིན་མ་དཀར་མོ། བཞི་པ་ལ་རྡོ་རྗེ་རིག་ གསེར་འཕྲེང་ལྗང་གུ་རྣམས་གཡས་རྡོ་རྗེ་དང་གཡོན་བགྲང་འཕྲེང་འཛིན་པ། བྱང་གི་རྩིབས་བཞིའི་དང་པོ་ལ་རྡོ་རྗེ་རིན་ཆེན་མ་དམར་མོ། གཉིས་པ་ལ་རྡོ་རྗེ་གཙུག་ཏོར་མ་དཀར་མོ། གསུམ་པ་ལ་རྣམ་པར་བསྒྱིངས་པའི་རྡོ་རྗེ་མ་ལྗང་གུ། བཞི་པ་ལ་གསེར་ འོད་ལྟ་བུའི་སྤྱན་མངའ་མ་སེར་མོ་རྣམས་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་བགྲང་འཕྲེང་འཛིན་པ། སྟེང་དུ་སྒྲོལ་མ་དང་འོག་ཏུ་པདྨའི་སྤྱན་གཉིས་དཀར་མོ་གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། དེའི་ཕྱི་རོལ་གྱི་ཤར་ལྷོར་ སྒེག་མོ་དཀར་མོ་རྡོ་རྗེ་རྩེ་ལྔ་པ་གཉིས་བསྙེམས་པའི་ཚུལ་གྱིས་འཛིན་པ། ལྷོ་ནུབ་ཏུ་ཕྲེང་བ་མ་སེར་མོ་ཕྲེང་བ་འཛིན་པ། ནུབ་བྱང་དུ་གླུ་དམར་མོ་པོ་ཝཾ་འཛིན་པ། བྱང་ཤར་དུ་གར་མ་ལྗང་གུ་རྡོ་རྗེ་རྩེ་གསུམ་པ་གཉིས་བསྣམས་ནས་གར་བསྒྱུར་པ། དེའི་ཕྱི་རོལ་གྱི་ ཤར་ལྷོར་བདུག་པ་མ་དཀར་མོ་བདུག་སྤོས་ཀྱི་སྣོད་འཛིན་པ། ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ་མེ་ཏོག་གི་སྣོད་འཛིན་པ། ནུབ་བྱང་དུ་མར་མེ་མ་དམར་སྐྱ་མར་མེའི་སྡོང་བུ་འཛིན་པ། བྱང་ཤར་དུ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པ། ཤར་སྒོར་ལྕགས་ 12-11-9b ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོ་འཛིན་པ། བྱང་སྒོར་དྲིལ་བུ་མ་ལྗང་གུ་རྡོ་རྗེ་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་ཡིད་ཙམ་ཁྲིས་ཤིང་གཙོ་མོ་ལ་གཟིགས་ པ། དར་གྱི་སྟོད་གཡོགས་དང་སྨད་གཡོགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱི་རོལ་གྱི་ཤར་ལྷོར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ལེགས་ལྡན་ནག་པོ་ཆེན་པོ་ཞལ་གཅིག་ཕྱག་ གཉིས་གཡས་གྲི་གུག་དང་གཡོན་ཐོད་པ་བསྣམས་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་ཤིང་མ་མོའི་ཚོགས་ཀྱིས་བསྐོང་བ། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་ པ། མགྲིན་པར་ཨཱཿ ལས་པདྨ་དམར་པོའི་ལྟེ་བར་ཨཱཿ ས་མཚན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུཾ་གིས་མཚན་པ། ཨོཾ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཧེ་སྭཱ་ཧཱ། ཞེས་སྔར་བཤད་པའི་ཕྱག་རྒྱས་ལྷ་རྣམས་ཀྱི་ཏུགས་གལ་སོགས་པའི་གནས་བཞི་ བདག་བསྐྱེད་ཀྱི་སྐབས་ལྟར་བྱིན་གྱིས་བརླབས་པར་བྱའོ། །དེ་ནས། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདག་དང་འགྲོ་ལ་ཐུགས་ བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །རྒྱས་པ་ལ་མོས་ན་ཐལ་མོ་སྦྱར་བ་པདྨ་ཁ་ཕྱེ་བའི་ཚུལ་དུ་བྱས་པ་དང་། ཨོཾ་ཀ་མ་ལཱ་ཡ་སྭཱ་ཧཱ། ཞེས་པ་དང་། ལག་པ་གཉིས་ཀའི་སོར་མོ་དབུས་མ་གསུམ་རྡོ་རྗེ་ལྟར་བྱས་ 12-11-10a ལ། ཨོཾ་བཛྲ་ཨ་ས་ན་ཧཱུཾ་ཕཊ་ཅེས་ཀྱང་བརྗོད། མོང་མོ་དབུས་མ་གཉིས་གཉིས་གཅིག་ཏུ་སྦྱར་བ་དཔའ་བོའི་འདུག་སྟངས་ཀྱི་ཕྱག་རྒྱ་དང་། ཨོཾ་བཛྲ་ཀ་ཧཱུཾ་ཕཊ། ཅེས་གདན་ཕུལ་ལ་བཞུགས་སུ་གསོལ། དེ་ནས་ཕྱག་རྒྱ་བསྟན་པ་ནི་ལག་པ་གཡས་པའི་མཐེ་བོས་ མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེ་ལྟར་བྱས་པ་དམ་ཚིག་རྡོ་རྗེའི་ཕྱག་རྒྱ་དང་། ཤཾ་ཀ་རེ་ས་མཱ་ཡེ་སྭཱ་ཧཱ། ཞེས་བརྗོད་ལག་པ་གཉིས་ཕན་ཚུན་ཏུ་ཁུར་བཅིངས་ནས་མཐེ་བོང་གཉིས་བསྟན་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་དང་། ཛི་ན་ཛི་ཀ། །ཅེས་བརྗོད་ཅིང་། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་དེ་བཞིན་གཤེགས་རིགས་ཀྱི་སྔགས་ཡུངས་ཀར་ལ་བཟླས་ལ་གཏོང་ལ་ཕྱི་འབྲང་གི་བགེགས་བསྐྲད་དོ། །དེ་ནས་མཆོད་པ་ནི། སྔར་བཞིན་སྔགས་ཀྱི་བསངས་པའི་རྗེས་སུ། ཨོཾ་པྲ་ཝ་ར་སད་ཀཱ་རཾ་ཨརྒྷྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་ ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པའི་སྔགས་འོག་ནས་འབྱུང་བ་དང་དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་བརྗོད་པས་ཀྱང་བསང་ཞིང་། གཞི་བྱིན་བསྐྱེད་པ་ནས་བྱིན་གྱིས་བརླབ་པའི་བར་ཡང་སྔར་བཞིན་བྱའོ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། ཚུལ་གཤེགས་འདིར་ནི་བཞུགས་ སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ཀྱིས་ཐུགས་དཔག་མཛད་ཏུ་གསོལ། །བདག་ནི་ཁྱེད་ལ་གུས་དང་ལྡན། །མཐེའུ་ཆུང་དང་སྲིན་ལག་གཉིས་ནང་དུ་ཕན་ཚུན་བསྣོལ་ཏེ་གུང་མོ་གཉིས་གཤིབས་ཏེ་བསྒྲེངས་པའི་ཚིགས་གསུམ་པར་མཛུབ་མོ་བཀུག་ མཐེ་བོང་གཉིས་ངོས་ལ་སྦྱར་བའི་མཆོད་ཡོན་གྱི་ཕྱག་རྒྱ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ས་པ་རི་ཝཱ་ར། ཞེས་པ་ཡན་མཆོག་སྔགས་འོག་མ་རྣམས་ཀྱི་མགོར་ཡང་སྦྱར་རོ། །ཨརྒྷྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། གཡས་པའི་ཁུ་ཚུར་གྱི་མཛུབ་མོ་དང་ 12-11-10b མཐེ་བོང་སྐམ་པ་ལྟར་བྱས་ནས་ཞབས་བསིལ་གྱི་སྣོད་ནས་མེ་ཏོག་བླངས་ཏེ་སོར་མོ་རྣམས་རིམ་གྱིས་བཀྲོལ་བའི་ཕྱག་རྒྱ་དང་། སྔར་གྱི་ཚིགས་བཅད་ཀྱི་མཆོད་ཡོན་ཞེས་པའི་གནས་སུ་ཞབས་བསིལ་ཞེས་བཅུག་ནས། ཨོཾ་པྲ་ཝ་ར་སད་ཀཱ་རཾ་པདྱཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་ཞབས་བསིལ་དང་། དེ་ནས་འབྱོར ན་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་ཁྲུས་གསོལ། མ་འབྱོར་ན་ཐལ་མོ་བཀན་པ་ལས་མཛུབ་མོའི་རྩེ་དང་མཐེ་བོང་གི་རྩེ་མོ་གཉིས་སྦྱར་བས་སྐུ་བསིལ་བའི་ཕྱག་རྒྱ་དང་། ཨོཾ་སརྦ་དེ་བ་ཏཱ་ཨ་ཙི་ན་ཏཱི་ཨ་མྲྀ་ཏེ་སྭཱ་ཧཱ། ཞེས་གསེར་ལ་སོགས་པའི་རིན་པོ་ཆེའི་བུམ་པ་དུ་མ་ནས་བྱུང་བའི་སྤོས་ཆུའི་སྤྲིན་ཆེན་པོས་ སྐུ་བསིལ་བར་བསམ་མོ། །དེ་ནས་ཡིད་ཀྱིས་ན་བཟང་དང་རྒྱན་དང་། རོལ་མོས་མཆོད་པ་དང་། བསྟོད་པ་རྣམས་བྱ་བའམ། ཡང་ན། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་ཏོས་ཀྱིས་བརྒྱན་ པར་ཤོག །ཨོཾ་བཛྲ་ཝསྟྲ་ཡེ་ཨཱཿ ཧཱུཾ་སྭཱ་ཧཱ། ཞེས་ན་བཟའ་དང་། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཨོཾ་བཛྲ་ཨཱ་ལཾ་ཀ་ར་ཝ་པུ་ཥ་ ཎི་ཨཱཿ ཧཱུཾ་སྭཱ་ཧཱ། ཞེས་རྒྱན་དང་། འོག་ནས་འབྱུང་བ་ལྟར་རོལ་མོ་དབུལ་ཞིང་བསྟོད་པ་སྔར་ལྟར་བྱའོ། །གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །གཡས་ སྐྱབས་སྦྱིན་བྱས་པའི་མཁྲིག་མ་ནས་གཡོན་པས་བཟུང་བ་དྲིའི་ཕྱག་རྒྱ་དར། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྟྭ་དྷ་རི་པཱུ་ཛེ་ཏེ་སྭཱ་ཧཱ། ཞེས་དྲི་ཆབ་དང་། འོག་མ་གསུམ་ལའང་འབུལ་སྔགས་འདི་བརྗོད་དོ། །ལག་པ་གཉིས་སོར་མོ་ཕན་ཚུན་བསྣོལ་ཏེ་ལག་པའི་ནང་དུ་མཛུབ་མོ་གཉིས་རྩེ་མོ་གཅིག་ཏུ་བྱས་ལ་གདུ་བུའི་ 12-11-11a ཚུལ་ཏུ་བྱས་ནས་མཐེ་བོང་གཉིས་གློར་བཞག་སྟེ་པདྨ་ལྟར་བྱས་པའི་མེ་ཏོག་གི་ཕྱག་རྒྱ་དང་། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་ དགྱེས་པར་མཛད། །ཅེས་མེ་ཏོག་དང་། ལག་པ་གཉིས་ཀྱི་མཐེའུ་ཆུང་སྲིད་ལག་གུང་མོ་རྣམས་ཀྱི་སོར་མོ་རྣམས་ཕན་ཚུན་དུ་སྦྱར་ཏེ་སྔ་མའི་རྒྱབ་ཀྱི་སེན་མོའི་དྲུང་དུ་བཀུག་ནས་མཛུབ་མོ་གཉིས་ལོགས་གཅིག་ཏུ་བརྐྱང་སྟེ་མཐེ་བོད་གཉིས་གློར་བཞག་པ་བདུག་སྤོས་ཀྱི་ཕྱག་རྒྱ་དང་། ནགས་ཚལ་བཅུད་ནི་ཡིད་དུ་འོང་། །དྲི་ཡི་སྦྱོར་བ་ལྷ་ཡི་རྫས། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་སྤོས་དང་། སྨན་རྣམས་བཅུད་ནི་ཡིད་དུ་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་ ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་དང་། བཟེད་པའི་ཐལ་མོ་ལས་མཛུབ་མོ་ཅུང་ཟད་བཀུག་པའི་ཕྱག་རྒྱས་ལྷ་བཤོས་དང་། གནོད་རྣམས་འཇོམས་ཤིང་ཤིང་བཀྲ་ཤིས་པ། །དགེ་ཞིང་མུན་པ་རྣམས་སེལ་འདི། །བདག་ནི་དད་ པས་འབུལ་ལགས་ཀྱིས། །མར་མེ་འདི་དག་བཞེས་སུ་གསོལ། །ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞེས་དང་། མཐེ་བོད་དང་གུད་མོ་གཉིས་གཅིག་ཏུ་སྦྱར་ཏེ་བསྒྲེངས་ལ་ལག་པ་ཁུ་ཙུ་གཅིག་ཏུ་བྱས་པའི་ཕྱག་རྒྱས་མར་མེ་དང་། དེ་ལས་གཞན་ཡང་མཆོད་ པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོད་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ས་པ་རི་ཝཱ་ར་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་སིལ་སྙན་དབུལ་ཞིང་གཞན་ཡང་ 12-11-11b མཆོད་པའི་གཟུགས་བྲིས་པ་དང་། དངོས་སུ་བཤམས་པ་དང་། མ་འབྱོར་པ་རྣམས་ཀྱང་ཡིད་ཀྱིས་རྒྱ་ཆེན་པོར་དམིགས་ཏེ་འབུལ་ལོ། །དེ་ནས་སྔར་གྱི་གནས་བྱིན་གྱིས་བརླབ་པའི་སྔགས་བརྒྱ་བཟླ་བར་བྱའོ། །བསྟོད་པ་ནི། དཀོན་མཆོག་གསུམ་དང་རིགས་གསུམ་གྱི་བདག་པོ་ལ་བསྟོད་པ་བྱ་བར་ལེགས་གྲུབ་ལས་གསུངས་པ་ནི། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་ཅིང་། །གཅིག་ཏུ་དོན་དམ་ མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡིན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །གཞོན་ནུའི་ཆ་ལུགས་འཆང་པ་པོ། །ཤེས་རབ་ སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཅན། །རིགས་སྔགས་རྒྱལ་པོ་དགེ་བ་ཅན། །གཏུལ་དཀའ་པོ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་སྤྱི་ལ་བསྟོད་པ་དང་། །སྒོས་བསྟོད་ནི། རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ ནས། །ཞེས་སོགས་སྔར་བཤད་པའི་གཙོ་མོའི་བསྟོད་པ་དང་། འཁོར་རྣམས་ལ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་པ་ཆེན་མོ་སྟོབས་ཆེན་མོལ་འབར་བ་ཆེན་མོ་གཟི་བརྗིད་ཆེ། །ཕ་རོལ་གནོན་ལ་ཕྱག་འཚལ་ལོ། །དཀར་མོ་ཆེན་མོ་སྟོབས་ཆེན་ 12-11-12a མོ། །འབར་བའི་ཕྲེང་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །བདུད་བཞི་འཇོམས་པ་ཕྱག་འཚལ་ལོ། །རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས། །པདྨའི་མངོན་མཚན་རྡོ་རྗེའི་མཚན། །གཞན་གྱིས་མི་ཐུབ་འཕྲེང་ པ་ཅན། །གཞན་དོན་མཛད་པ་ཕྱག་འཚལ་ལོ། །རྡོ་རྗེ་ཁྭ་རྣམས་འཇོམས་པ་མོ། །ཞི་བའི་ལྷ་རྣམས་ཀྱི་མཆོད་མ། །གཟུགས་ཞི་གཟི་བརྗོད་ཆེན་པོ་ཅན། །ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྟོབས་ཆེན་མ། །རྡོ་རྗེ་ལུ་གུ་རྒྱུད་གཞན་ དང་། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །རིག་སྔགས་འཆང་ལ་ཕྱག་འཚལ་ལོ། །ལག་ན་རྡོ་རྗེ་རིག་གསེར་འཕྲེང་། །རྣམ་པར་བསྒྱིངས་མའི་རྡོ་རྗེ་དང་། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེ་འགྲོས་དང་དཀར་མོ་དང་། །པདྨའི་སྤྱན་དང་ཟླ་འོད་དང་། །བཅུ་ ཕྲག་གཉིས་དང་གཉིས་ལྷ་མོ། །ཕྱག་རྒྱའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ལེགས་ལྡན་ལ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་ ཕྱག་འཚལ་བསྟོད། །མདོག་ནག་གཟུགས་ཐུང་གཟི་བརྗོད་དེ། །གཏུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པས་ཐོད་པ་ཁྲག་གང་བསྣམས། །ཐོད་འཕྲེང་ཅན་ལ་ཕྱག་འཚལ་བསྟོད། །ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །བཞད་པའི་གད་ མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། དེ་ནས། ན་མཿ སརྦ་བུདྡྷ་བོ་དྷི་ས་ཏྭ་ནཾ། སརྦ་ཏྲ་སཾ་ཀུ་རུ་མི་ཏ་ཨ་བིཛྙཱ་ར་ཤེ་ནི་ན་མོ་སྟུ་ཏེ་སྭཱ་ཧཱ། ཞེས་བསྟོད་པ་འབྱུང་བའི་སྔགས་ 12-11-12b བརྒྱ་བཟླ་བར་བྱའོ། །སྡིག་པ་བཤགས་པ་ནི། འཇིག་རྟེན་དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་དང་། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག །དེ་དག་བདག་ལ་དགོངས་སུ་གསོལ། །ཚེ་རབས་གང་ཡང་རུང་བ་ན། །བདག་གིས་སྡིག་ པ་ཅི་བགྱིས་དང་། །སྔོན་གྱི་ཚེ་རབས་གཞན་དག་དང་། །ཚེ་རབས་འདི་དང་འཁོར་བ་ན། །འདོད་ཆགས་དབང་དང་བླུན་པ་དང་། །ཁྲོ་བ་དག་གིས་འཁྲུགས་གྱུར་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ནམ། །བླ་མ་དག་དང་ཕ་མ་དང་། །དགྲ་བཅོམ་བྱང་ ཆུབ་སེམས་དཔའ་དང་། །སྦྱིན་གནས་གང་ཡང་རུང་བ་དང་། །དེ་ལས་གཞན་པའི་སེམས་ཅན་དག །ཡོན་ཏན་ལྡན་དང་མི་ལྡན་ལ། །སྡིག་པའི་ལས་རྣམས་གང་བགྱིས་དང་། །གང་ཡང་བགྱིད་དུ་སྩལ་བ་དང་། །གང་ཡང་ཅུང་ཟད་ཡི་རང་བ། ། བག་མེད་པས་ནི་ཕྲ་མོ་ཡང་། །ལུས་དག་ཡིད་ཀྱིས་བགྱིས་པ་རྣམས། །དེ་དག་མ་ལུས་བློ་བསྡུས་ནས། །རྫོགས་པའི་སངས་རྒྱས་སྲས་བཅས་པ། །བདག་གིས་ད་ནི་མངོན་སུམ་བཞིན། །རབ་ཏུ་གུས་པས་ཕྱག་བཙལ་ཏེ། །སྐྱོ་བའི་ཡིད་དུ་ གྱུར་པ་ཡིས། །ཐམ་མོ་སྦྱར་ཏེ་ནོངས་པ་རྣམས། །ཡང་དང་ཡང་དུ་སོ་སོར་བཤགས། །བདག་གིས་སྡིག་པ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱིས་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོངས་མི་ བགྱིད། །ཅེས་འགྱོད་པ་དང་། སྡོམ་སེམས་དང་ལྡན་པའི་སྒོ་ནས་བྱའོ། །སྐྱབས་འགྲོ་ནི། སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་ཇི་སྲིད་འཚོ་བར་དུ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཡང་དག་སྐྱབས་མཆི། །ཞེས་ཤུགས་དྲག་ 12-11-13a པོའི་གུས་པས་སྐྱབས་སུ་འགྲོ་བ་བྱའོ། །དེ་ནས། ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་བཞག་ནས་ཡི་རང་ངོ་། །མི་རྟོག་བློ་གྲོས་བསྐྱེད་པའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །གདུལ་བྱ་ཇི་སྲིད་ཚིམས་པར་དུ། །མྱ་ངན་མི་འདའ་ གསོལ་བ་འདེབས། །སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །སེམས་ཅན་ཐམས་ཅད་བདེ་བ་དང་། །ཞི་ཞིང་ནད་ཀྱ་མེད་པར་ཤོག །བདག་ནི་བྱ་བ་ ཀུན་ནས་ཤིང་། །ཡོན་ཏན་དང་ཡང་ལྡན་པར་ཤོག །ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་ལ་དད་པ་དང་། །སེམས་ཅན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེར་ལྡན་ཤོག །ཅེས་དེ་དག་གི་དོན་དྲན་བཞིན་པས་བྱའོ། །ཚད་མེད་པ་བཞི་སྒོམ་པ་ ནི། སེམས་ཅན་རྣམས་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག། །སྙམ་པའི་སྙིང་རྗེ་དང་། བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཅིག། །སྙམ་པའི་བྱམས་པ་དང་། སངས་རྒྱས་ཀྱི་བདེ་བས་བདེ་བར་གྱུར་ཅིག །སྙམ་པའི་དགའ་བ་དང་། སངས་རྒྱས་ ཀྱི་མྱང་འདས་བླ་ན་མེད་པས་མྱ་ངན་ལས་འདའ་བར་གྱུར་ཅིག །སྙམ་པའི་བཏང་སྙོམས་ལ་གནས་པར་བྱའོ། །དེ་ནས། སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ནེ་བར་ཞི་བ་དང་། །ངན་འགྲོ་རྣམས་ལས་བསྒྲལ་བ་དང་། །ཉོན་མོངས་རྣམས་ ལས་དགྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོག་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་ལས་ཡོངས་སུ་བསྐྱབ་པའི་ཕྱིར། །བདག་ནི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག ། 12-11-13b བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་བབ། །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང་། །སྡུག་བསྔལ་བདེ་བར་བྱེད་པ་དང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་ རྣམས་གང་དང་གང་། །འདི་དང་གཞན་དུ་བསགས་པ་རྣམས། །གསོད་ནམས་ཡེ་ཤེས་ཞེས་བྱ་བའི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་སྒོ་ནས། །བདག་གི་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་ པ། །ཐམས་ཅད་ལ་ནི་ཕན་པར་ཤོག །ཚེ་ཡི་མཐའ་ཀླས་བྱེད་པ་དང་། །གང་ཡང་ཅུང་ཟད་བྱེད་འགྱུར་བ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཏམས་ཅད་ཞི་བ་དང་། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང་། །བྱང་ཆུབ་བར་དུ་བདག་བརྩོན་ ནོ། །ཞེས་ཉམ་ཐག་པའི་འགྲོ་བ་རྣམས་བསྒྲལ་བའི་ཕྱིར་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་རྒྱུད་དང་འདྲེས་ངེས་པ་བསྐྱེད་དོ། །དེ་ནས་བཟླས་པའི་དུས་སུ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ག་ཙིཏྟ་པྲ་ན་མེ་ཎ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ད་བན་དྷ་ནཾ་ ཀ་རོ་མི། ཞེས་བླ་མ་དང་ལྷ་ལ་ཕྱག་བྱས་ནས་སྔགས་ཀྱི་ནོར་བུ་སྟེ་བགྲང་ཕྲེང་སྙིམ་པར་བཅུགས། ཨོཾ་བྷ་ག་ཝ་ཏེ་སེདྡྷི་སིདྷ་ཡ་སིདྡྷརྠེ་སྭཱ་ཧཱ། ཞེས་ལན་བདུན་བཟླས་ཏེ་སྙིང་གར་ཕྲེང་བ་བླངས་ལ་ལག་པ་གཡས་གཡོན་གང་རུང་གི་གུང་མོ་དང་མཐེའུ་ཆུང་བརྐྱང་སྟེ་མཛུབ་ མོ་རྒྱབ་ཏུ་བཞག་ནས་སྲིན་ལག་མཐེ་བོས་ལས་ཐམས་ཅད་ལ་བགྲང་བར་བྱ་སྟེ་དྲག་པོ་ལ་ནི་མཛུབ་མོས་བྱའོ། །དེ་ནས་རྒྱས་པ་ལ་སྤྲོ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོ་ཞེས་པ་ནས། ཟས་ 12-11-14a སུ་སྦྱིན་སྲེག་ཟ་བའི་གདོན་ལས་བདག་ལ་སྲུང་བགྱིས་ཤིག་ཅེས་གསོལ་བ་བཏབ་ནས་བཟླས་པ་བྱའོ། །ལྷའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཏཏྱ་ཐཱ། ཨོཾ་ཨ་ན་ལེ། ཨ་ན་ལེ། བི་ཥ་དེ་བི་ཥ་དེ། བྷཻ་ར་བྷཻ་ར། བཛྲ་ དྷ་རི། བནྡྷ་བནྡྷ། བཛྲ་པཱ་ཎི་ཕཊ། ཧཱུཾ་ཧཱུཾ་ཕཊ་པཊ། ཧཱུཾ་དྲུཾ་བྷནྡྷ་ཕཊ། ཅེས་པ་ནི་ནེ་བའི་སྙིང་པོ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱ་ཥ་སི་ཏཱ་ཏ་པ་དྲེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་མཚན་པར་གྱུར་པར་བསམ་སྟེ། བཟླས་པ་བྱ་ཚུལ་དངོས་ནི། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། ཞེས་སོགས་ཀྱི་བཟླས་བརྗོད་ཡན་ལག་བཞི་ཚང་ཞིང་མཉམས་པའི་སྒོ་ནས་བྱ་བར་གསུངས་པའི་ཡན་ལག་བཞི་ནི། གཞི་ཞེས་པས་ཡན་ལག་དང་པོ་ལྷའི་ང་རྒྱལ་དུ་བྱས་པ་དང་། གཉིས་པ་མདུན་དུ་རང་འདྲའི་ལྷ་སྒོམ་པ་བསྟན་པ། སེམས་ཞེས་ པས་གསུམ་པ་ལྷའི་ཏུགས་ཀར་ཟླ་བའི་དཀྱིལ་འཁོར་འགོད་པ་བསྟན་ཅིང་། སྒྲ་ཞེས་པས་བཞི་པ་ཟླ་བ་ལ་གང་བཟླ་རྒྱུའི་སྔགས་ཕྲེང་འགོད་པ་བསྟན་ཏོ། །གཞོལ་ཞེས་པས་ནི་སེམས་གཞན་དུ་མི་གཡེང་བར་རྒྱུན་མི་འཆད་པར་དམིགས་པའི་སྒོ་ནས་བཟླས་པ་བྱ་དགོས་པར་བསྟན་ཏོ། །དེའང་མདུན་བསྐྱེད་ཀྱི་ལྷ་ གསལ་བར་དམིགས་ཏེ་ཐུགས་ཀར་ཟླ་བ་ལ་སྔགས་ཕྲེང་བཀོད་པའི་ཡིག་འབྲུའི་གཟུགས་ལ་གཞན་དུ་མ་ཡེངས་པར་དམིགས་ཏེ་ཤུབ་བུའི་བཟླས་པ་ཇི་ཙམ་གྲུབ་པ་བྱ་ཞིང་། ཡང་རང་ལྷར་གསལ་བར་དམིགས་ལ་དབུགས་ནང་དུ་འཇུག་པ་དང་མཉམ་དུ་མདུན་བསྐྱེད་ཀྱི་ཐུགས་ཀའི་ཟླ་བ་སྔགས་ཕྲེང་རང་ བཅས་པ་རང་གི་ཐུགས་ཀར་སྤོས་པའི་ཡིག་འབྲུའི་གཟུགས་ལ་དམིགས་ཏེ་ཤུབ་བུའི་བཟླས་པ་བྱའོ། །ཡང་མདུན་གྱི་ལྷ་དང་ཐུགས་ཀའི་ཟླ་བ་སྔགས་ཕྲེང་དང་བཅས་པ་དུས་གཅིག་ཏུ་དམིགས་ཏེ་དབུགས་འབྱུང་རྔུབ་ཀྱི་སྲོག་རྩོལ་ནང་དུ་བསྡམས་ནས་ཡི་གེའི་གཟུགས་ལ་དམིགས་ཏེ་ཡིད་ 12-11-14b ཀྱིས་བཟླས་པ་བྱ་ཞིང་དབུགས་གཏོང་བ་ན་རང་ལྷར་བསྒོམས་པའི་སྐུ་ལ་ཡིད་ཀྱིས་བལྟ་ཞིང་ཡང་སྔར་བཞིན་ཡིད་བཟླས་བྱའོ། །ཡང་རང་གི་མདུན་གྱིས་མདུན་བསྐྱེད་རང་ལས་ཧ་ཅང་མི་རིང་ཞིང་ཅུང་ཟད་མཐོང་བར་བསྒོམས་ལ་དེའི་ཐུགས་ཀའི་ཟླ་བ་སྔགས་ཕྲེང་དང་བཅས་པ་དབུགས་ནང་དུ་འཇུག་པ་དང་ བསྟུན་ནས་རང་ལྷར་གསལ་བའི་ཐུགས་ཀར་སྤོས་པའི་ཡི་གེའི་གཟུགས་ལ་དམིགས་ནས་དབུགས་འབྱུང་རྔུབ་བསྡམས་ཏེ། དབུགས་མི་གཏོང་གི་བར་དུ་ཡིད་བཟླས་བྱ་ཞིང་དབུགས་གཏོང་བ་ན་དེ་དང་མཉམ་དུ་ཟླ་བ་སྔགས་ཕྲེང་དང་བཅས་པ་ཕྱིར་བཏང་ནས་མདུན་བསྐྱེད་ཀྱི་ཐུགས་ཀར་གནས་ པར་བསམ་ཞིང་། ཡང་སྔར་བཞིན་རང་གི་སྙིང་གར་སྤོས་ལ་ཡིད་བཟླས་བྱ་བ་ནི་གཟུགས་ལ་དམིགས་པའི་བཟླས་པའོ། །ཡང་བཟླས་བརྗོད་ཡན་ལག་བཞི་ཐོག་མར་གསལ་བཏབ་ནས་དེའི་རྗེས་སུ་སྔགས་ཀྱི་གཟུགས་དང་ཟླ་བ་སོགས་ལ་མི་དམིགས་པར་སྔགས་ཀྱི་གདངས་ལ་དམིགས་ཏེ་ཤུབ་བུ་དང དབུགས་འབྱུང་རྔུབ་བསྡམས་ནས་ཡིད་བཟླས་བྱའོ། །དེའང་སྔགས་གཞན་གྱིས་བཏོན་པ་རང་གིས་ཉན་པ་ལྟ་བུ་མ་ཡིན་གྱི་རང་གིས་བཟླ་བའི་ཚེ་ན་སྔགས་དེའི་སྒྲ་གྲག་པར་དམིགས་ནས་བྱེད་པ་སྟེ་ཡི་གའི་སྒྲའམ་གདངས་ལ་དམིགས་པའི་བཟླས་བརྗོད་དོ། །སྔར་བཤད་པའི་གཟུགས་ཀྱི་ལྷ་ལ་སོགས་པའི་ ལྷ་དྲུག་བསྒོམས་པའི་རྗེས་སུའང་ལྷའི་ང་རྒྱལ་བརྟེན་ཅིང་ལྷའི་གཟུགས་ལགས་བ་ལ་སེམས་རྩེ་གཅིག་ཏུ་དམིགས་ཏེ་དབུགས་འབྱུང་རྔུབ་བསྡམས་ནས་བྱིང་རྒོད་དང་བྲལ་བའི་གནས་པ་བརྟན་པོ་བསྒྲུབ་པར་བྱའོ། ། ཡང་ན། སློབ་དཔོན་སངས་རྒྱས་གསང་བ་དང་ཡེ་ཤེས་མཆོག་ལས་གཞན་པའི་པཎྚ་ཏ་ ཁ་ཅིག་གིས་ནི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་སངས་རྒྱས་མཆོད་པ་དང་སེམས་ཅན་གྱི་དོན་བྱེད་པའི་དམིགས་པའང་བཤད་པ་དེ་བཞིན་དུ་བྱའོ། །དེ་ནས་སྐབས་འདིར་གཏོར་མ་ཆ་གསུམ་སྤྱི་འགྲོ་ལྟར་དང་། དམར་གཏོར་གཅིག་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ། ཨོཾ་མ་ཧཱ་ཀཱ་ལ་ 12-11-15a གྲིཧྜེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ལེགས་ལྡན་ལ་དབུལ་ཞིང་། སྔར་གྱི་བསྟོད་པས་བསྟོད། ཕྲིན་ལས་རྒྱས་པ་འཚོལ་ན། སརྦྦ་དེ་བེ་བྷྱཿ ཕཊ། ཅེས་པ་ནས། མཚམས་བཅིང་བགྱིའོ། །ཞེས་པའི་བར་བརྗོད་དོ། །བཟླས་བརྗོད་ སོགས་ཀྱི་མཇུག་ཏུ་ཇི་ལྟར་བྱ་བ་ནི། གཡས་པའི་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག གཡོན་པའི་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག་ནས་སྦྱན་ཏེ་གཡས་པའི་མཛུབ་མོས་གཡོན་པའི་གུང་མོ་དང་སྲིན་ལག་དཀྲི་ཞིང་གཡོན་པའི་མཛུབ་མོས་ཀྱང་གཡས་ཀྱི་གུང་མོ་དང་སྲིན་ལག་དཀྲིས་ལ། མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེངས་ནས་མཐེ་བོང་གཉིས་མཛུབ་མོའི་ཚིགས་ དབུས་མར་བཞག་པ་བུམ་པའི་ཕྱག་རྒྱ་བྱས་ལ། བདག་ཅག་གི་དགེ་བའི་རྩ་བ་འདི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་རྒྱིས་པ་ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུར་བཅོམ་ལྡན་འདས་གདུགས་དཀར་པོ་ཅན་གaི་ལྷ་ཚོགས་ལ་འབུལ་ལོ། །མགོན་པོ་ཁྱོད་ཀྱིས་ དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་རྒྱས་པ་ལ་སོགས་པའི་དངོས་གྲུབ་བདག་ལ་སྩལ་ཏུ་གསོལ། ཞེས་དགེ་རྩ་དབུལ་ལོ། །གཞན་ཡང་སྐབས་དང་སྦྱར་ཏེ་དགེ་རྩ་འབུལ་བའི་ཚིག་ཕྲད་བསྒྱུར་རོ། །དེ་ནས་མཆོད་པ་གསར་དུ་ཅི་འབྱོར་པ་བཤམས་ལ་བསང་བ་ནས་གཟི་བྱིན་བསྐྱེད་ པའི་བར་སྔར་ལྟར་བྱས་ལ་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་སྔར་བཞིན་ཕུལ་ནས་སྔར་བཞིན་བསྟོད། ཡང་ན། རྒྱལ་བ་བྱེ་བ་བདུན་དང་འཕགས་པའི་འཁོར། །དྲངས་སྲོང་རིག་སྔགས་འཆང་དང་ཚངས་དབང་དང་། །དྲག་པོ་རི་སྲས་དང་བཅས་སྲེད་མེད་ བུ། །ལེགས་ལྡན་ནག་པོ་གདུང་བདུན་བདེ་གཤེགས་བཅུ། །ཕྱག་འོས་ཞབས་ལ་གུས་པས་ཕྱག་བྱས་ནས། །བདེ་གཤེགས་གཙུག་ནས་གསང་སྔགས་ཚིག་ཕྱུང་སྟེ། །གང་གིས་བསྔགས་པ་འཁོར་ལ་བཀའ་ 12-11-15b སྩལ་པའི། །དཔལ་ལྡན་གདུགས་དཀར་ཅན་ལ་བསྟོད་པར་བྱ། །འཆི་མེད་དབང་པོའི་མདུན་ས་ཆོས་བཟང་དུ། །ཤཱཀྱའི་རྒྱལ་པོའི་མཚན་མཆོག་གཙུག་ཏོར་ནས། །ལེགས་འཁྲུངས་བདུད་ཀྱི་རིགས་ཀྱིས་མི་ཐུབ་ཅིང་། །ཕས་ཀྱི་རྒོལ་བ་ཐམས་ཅད་ཕྱིར་བཟློག་ པས། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པས་ས་གསུམ་ཀུན་ཁྱབ་པ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་པུ། །བཅོམ་ལྡན་འདས་མ་ཁྱོད་ལ་བདག་ཕྱག་འཚལ། །གདོན་དང་རྒྱུ་སྐར་བཟའ་ཡི་གནོད་པ་དང་། ། དུས་མིན་འཆི་དང་སྡིག་པའི་རྨི་ལམ་དང་། །དུག་མཚོན་མེ་དང་ཆུ་ཡི་གནོད་པ་སོགས། །མ་ལུས་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་ཡི་དཀྱིལ་འཁོར་ཁྱོན་ནི་ཤིན་ཏུ་ཡངས། །དུ་མའི་ཉམས་ཅན་དབུ་ནི་སྟོང་ཕྲག་དང་། །འབར་བའི་ཕྱག་མཚན་ལྡན་པའི་ ཕྱག་སྟོང་ཅན། །ས་གསུམ་དཀྱིལ་འཁོར་ཀུན་ལ་དབང་མཛད་མ། །དྲག་ཤུལ་ཆེ་སོགས་ཉེར་གཉིས་ཕྱག་རྒྱའི་འཁོར། །གདུག་པ་འདུལ་བའི་ལས་ལ་ཐོགས་མེད་པས། །ནག་པོའི་སྡེ་རྣམས་རྡུལ་དུ་བརླག་མཛད་པའི། །རིགས་སྔགས་ལྷ་མོའི་ཚོགས་ལ་ཕྱག་ འཚལ་ལོ། །དུས་མིན་འཆི་དང་ནད་ཀྱི་འཇིགས་པ་སོགས། །མི་དང་མི་མིན་འབྱུང་པོས་བསྐྱེད་པ་ཡི། །འཇིགས་པ་དྲན་ནས་ཁྱོད་ལ་སྐྱབས་མཆི་ན། །འཇིགས་པ་ཀུན་ལས་རྟག་ཏུ་བསྲུང་དུ་གསོལ། །ལྷ་ཀླུ་ལྷ་མ་ཡིན་ལ་སོགས་པ་ཡི། །གདོན་ཆེན་རྣམས་ དང་གཟི་བརྗིད་མདངས་འཕྲོག་ཅིང་། །མངལ་དང་ཤ་ཁྲག་ལ་སོགས་ཟ་བ་ཀུན། །ཁྱོད་ཞབས་དྲན་པ་ཙམ་གྱིས་བཟློག་ཏུ་གསོལ། །གང་གི་སྒོ་ནས་མི་བསྲུན་སྐྱེ་བོ་ཡིས། །བདག་ཅག་བདེ་ལེགས་འཕྲོག་པའི་རིག་སྔགས་སོགས། །མ་ལུས་བཅད་དང་ 12-11-16a འབར་བའི་ཕུར་བུ་ཡིས། །དེ་དག་རྣམས་ལ་གདབ་པའི་འཕྲིན་ལས་མཛོད། །མདོར་ན་བཅོམ་ལྡན་མ་ཁྱོད་ཕྱག་རྒྱའི་ཚོགས། །སྐྱབས་སུ་བཟུང་ནས་རེ་བ་འཆའ་བ་ཡི། །ཚུལ་འདི་དགོངས་ལ་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ མ་ལུས་ཡོད་བཞིན་འགྲུབ་པར་མཛོད། །ཅེས་བསྟོད་དོ། །དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ལ། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། ། མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། །ཞེས་ནོངས་པ་བཟོད་པར་གསོལ་ཏེ་བསྟན་པ་རྒྱས་པ་ལ་སོགས་པའི་འདོད་པའི་དོན་ལ་གསོལ་བ་གདབ་བོ། །ཨོཾ་ཁྱེད་ཀྱིས་སེམས་ཅན་ དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །སྔར་གྱི་སྤྱན་དྲང་པའི་ཕྱག་རྒྱ་ལས་མཐེ་བོང་གཉིས་ཕྱིར་འགྱེད་པ་གཤེགས་སུ་གསོལ་བའི་ཕྱག་རྒྱ་དང་། ཛི་ན་ཛི་ག་གཙྪ། གཞན་ཡས་ཁང་དང་བཅས་པ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། པར་བསམས་ཏེ་གཤེགས་སུ་གསོལ་ལོ། །རས་བྲིས་སོགས་ཡིན་ན། ཨོཾ་གུ་པྲ་ཏིཥྛ་བཛྲ་་ཡེ་སྭཱ་ཧཱ། ཞེས་སོགས་བརྗོད་དེ་བརྟེན་བཞུགས་བྱའོ། །དེ་ནས་ལག་པ་གཡོན་པ་བཀན་པའི་སྟེང་དུ་གཡས་པའི་ཐལ་མོ་ བཞག་སྟེ་སོར་མོ་བསྣོལ་བའི་རྩེ་མོ་དྲུང་པར་སྦྱར་ཏེ་ཐད་ཀར་བཞགས་པ་མི་མཉམ་པའི་ཡན་ལག་གི་ཕྱག་རྒྱ་གཡོན་ཕྱོགས་ནས་བསྐོར་ཅིང་། ཨོཾ་ཧུ་ལུ་ཧུ་ལུ་ཙཎྚ་ལི་མ་ཏཾ་གི་བི་སྭཱ་ཧཱ། ཞེས་བརྗོད་དེ་སྔར་ཕྱོགས་མཚམས་བཅིངས་པ་ལ་སོགས་པ་དགྲོལ་བར་བྱའོ། །དེ་ནས་དགེ་རྩ་བསྔོས་ལ་ལས་ཀྱི་ 12-11-16b རྫས་མི་མངོན་པར་བྱས་ནས། འཇིག་རྟེན་འདི་དང་གཞན་དང་མཐོངས་ན། །ཞེས་སོགས་ཤིས་པ་བརྗོད་པར་བྱའོ། །ཚུལ་དེ་ལྟ་བུས་སྔ་དྲོ་དང་གུང་དང་ཕྱི་དྲོའི་དུས་གསུམ་དུ་ཁྲུས་བྱས་ནས་བཟླས་བརྗོད་ཀྱི་ཆོ་ག་སྔར་བཤད་པ་ལྟར་བྱའོ། །ཐུན་མཚམས་སུ་ཇི་ལྟར་བྱ་བ་ནི། ལྷའི་ང་རྒྱལ་བརྟན་པར་ བྱས་ལ་ཤེར་ཕྱིན་ལ་སོགས་ཀྱི་གླེགས་བམ་བཀླག་པ་དང་། རྗེས་སུ་དྲན་པ་དྲུག་བསྒོམ་པ་དང་། མཎྜལ་དང་མཆོད་རྟེན་གདབ་པ་སོགས་བྱའོ། །ཉིན་གཅིག་བཞིན་དུའང་མཆོད་པའི་སྣོད་རྣམས་བཀྲུ་བ་དང་། མེ་ཏོག་ཕུལ་བ་རྣམས་དུས་གསུམ་དུ་འཕྱག་པ་དང་། བླ་གོས་ལ་སོགས་པའི་གོས་རྣམས་དུས་ གསུམ་དུ་སྔར་གྱི་གོས་བགོ་བའི་སྔགས་ཀྱིས་བསྔག་ཅིང་བཀྲུ་བའམ་བདུག་པའམ་བསང་གཏོར་བྱས་ལ། བཟླས་བརྗོད་དང་སྦྱིན་སྲེག་དང་མཆོད་པ་ལ་སོགས་ལ་ཉལ་བ་དང་འཕྲེས་པ་མ་གཏོགས་པར་རྟག་ཏུ་བླ་གོས་བགོ་ལ་ཉལ་བ་དང་ཁྲུས་བྱེད་པ་མ་གཏོགས་པར་མཐང་གོས་མི་སྤང་ཞིང་རྡུལ་གྱིས་མ་གོས་ པར་བྱའོ། །བུ་མོས་བཀལ་བའི་སྐུད་པ་དམར་པོ་ལེབ་རྒན་རྩིའམ་གུར་ཀུམ་གྱིས་བཙོས་པ་ལ་མདུད་པ་བདུན་བོར་ཏེ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་བནྡྷ་ནི་ཤུ་ཏྲ་དྷ་ར་ཎི་སིདྡྷཱརྠེ་སྭཱ་ཧཱ། ཞེས་པ་སྟོང་བཟླས་ལ་སྲོད་ཀྱི་དུས་སུ་རྐེད་པ་ལ་བཅིངས་ནས་འཛག་པ་བསྲུང་བར་བྱའོ། །བླ་བ་ཕྱེད་ཅིང་ཞག་གཅིག་ ཏུ་སྨྱུར་བ་བྱོས་ནས་བ་དམར་སེར་གྱི་འོ་མ་ཞེ་མར་བཤར་གཅི་སྟེ་བ་བྱུང་ལྔ་ཀུ་ས་ཆུ་དང་བཅས་པ་ལ། ན་མོ་བྷ་ག་ཝ་ཏེ་ཨུཥྞཱི་ཥ་ཡ་ཨོཾ་བི་ཤུདྡྷེ་བཱི་རཱ་ཛཱ་ཤི་བི་ཤནྟི་ཀ་རེ་སྭཱ་ཧཱ། ཞེས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་འདི་ལན་བརྒྱད་བསྔགས་ནས་ཤར་དུ་བལྟས་ཏེ་ ཙོག་ཙོག་བུར་འདུག་ནས་སྲང་གསུམ་མཆོད་ཡོན་གྱི་སྣོད་གང་རུང་དུ་འཐུང་ན་བཟླས་པའི་སྐབས་སུ་གླལ་དང་སྦྲིད་པ་ལ་སོགས་ཀྱི་ཉེས་པ་ཟླ་བ་ཕྱེད་དུ་དག་པར་འགྱུར་ཞིང་། བཟའ་བྱ་མིན་པ་སོགས་གང་ཟོས་པ་དེ་ཐམས་ཅད་བྱང་བར་འགྱུར་བར་ལེགས་གྲུབ་ལས་གསུངས་སོ། ། 12-11-17a གདུགས་དཀར་གྱི་མདོ་འདོན་ན། བྱང་ཆུབ་པར་དུ་བདག་བརྩོན་ནོ། །ཞེས་སེམས་བསྐྱེད་པའི་རྗེས་བཟླས་པ་བྱེད་པའི་སྐབས་སུ། དབུ་ནས་རྫོགས་ཀྱི་བར་ཇི་ཙམ་གྲུབ་པ་བཏོན་ནས་གཏོར་མ་ཕྱིན་ཆད་སྔར་བཞིན་བྱའོ། །བཟླས་པའི་སྔ་རོལ་གྱི་གསོལ་གདབ་དང་། གཏོར་ མའི་རྗེས་ཀྱི་ཕྲིན་ལས་འཆོལ་ཚུལ་གྱི་ཚིག་ནི། གདུགས་དམར་མཆོག་ཏུ་གྲུབ་པ་ལྟར་དུ་བཀོད་པ་ཡིན་ལ། གདུགས་དཀར་གྱི་རྒྱུད་གཞན་གྱི་སྒོ་ནས་གསོལ་གདབ་དང་ཕྲིན་ལས་འཆོལ་བའི་ཚིག་ཀྱང་འདི་ལས་དཔགས་ཏེ་ཤེས་པར་བྱའོ།། ༈ །།བཅོམ་ལྡན་འདས་རྣམ་ པར་རྒྱལ་མའི་སྒོམ་བཟླས་སོགས་བྱེད་ཚུལ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའི་གནས་སུ། ཨོཾ་བྷྲཱུཾ་སྭཱ་ཧཱ། ཞེས་པའམ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུར་ད་དེ་སྭཱ་ཧཱ། ཞེས་པ་གང་རུང་བརྗོད་དོ། །དངོས་གཞིའི་བདག་བསྐྱེད་ཀྱི་སྐབས་ སུ། སྟོང་པའི་ངང་ལས། ཨོཾ་བྷྲཱུཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲག་པར་གྱུར། ཞེས་དང་། ཡིག་འབྲུ་བྲིས་པའི་རྣམ་པ་ཅན་དུ་འཁོད་པ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ། རྩེ་མོ་བཅུ་གཉིས་པ་ལྟེ་ བ་དཀར་བ་མདུན་གྱི་རྭ་གསུམ་སྔོ་གཡས་ཀྱི་རྭ་གསུམ་སེར་གཡོན་གྱི་རྭ་གསུམ་ལྗང་རྒྱབ་ཀྱི་རྭ་གསུམ་དམར་པོ། ལྟེ་བར་ཨོཾ་བྷྲཱུཾ་སྭཱ་ཧཱ། ཞེས་པས་མཚན་པར་གྱུར། ཟླས་དང་ཕྱག་མཚན་སྔགས་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་བྱུང་བའི་རྩེ་མོ་ལས། རྗེ་ བཙུན་མ་རྣམ་པར་རྒྱལ་མའི་ལྷའི་གཟུགས་དཔག་ཏུ་མེད་པ་བྱུང་ནས། ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱས། ཞེས་པ་ནས། ལྷའི་སྐུ་དང་བཅས་པའི་འོད་ཟེར་སླར་ལོག་ནས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དང་ཕྱག་ 12-11-17b མཚན་སྔགས་དང་བཅས་པ་ལ་ཞུགས་པ་ལས། རང་ཉིད་བཅོམ་ལྡན་འདས་རྣམས་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད། རྩ་ཞལ་དཀར་བ། གཡས་སེར་གཡོན་སྔོ་བའི་ཞལ་རེ་རེའང་སྤྱན་གསུམ་གསུམ་དང་ ལྡན་པ། གཡོན་ཞལ་ཡིད་ཙམ་ཁྲོ་བ། མཆེ་བ་ཅུང་ཟད་གཙིགས་པ། ཕྱག་བརྒྱད་ཀྱི་གཡས་དང་པོ་སྣ་ཚོགས་རྡོ་རྗེ། གཉིས་པར་པདྨའི་སྟེང་དུ་སངས་རྒྱས་འོད་དཔག་མེད། གསུམ་པས་མདའ་འཛིན་ཞིང་། བཞི་པ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ པ། གཡོན་དང་པོ་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཀར་མཛད་པ། གཉིས་པ་མི་འཇིགས་པའི་ཕྱག་རྒྱ། གསུམ་པ་ན་གཞུ། བཞི་པ་མཉམ་གཞག་གི་ཕྱག་རྒྱའི་སྟེང་དུ་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ ཀྲུང་གིས་བཞུགས་པ། དར་གྱི་སྟོད་གཡོགས་དང་སྨད་གཡོག་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ་གཡས་རྔ་ཡབ་དཀར་པོ། གཡོན་པདྨ་དཀར་པོ་བསྣམས་པ། གཡོན་དུ་གསང་བའི་བདག་ པོ་སྔོན་པོ། གཡས་རྔ་ཡབ་དཀར་པོ། གཡོན་ཨུཏྤལ་སྔོན་པོའི་སྟེང་ན་རྡོ་རྗེ་བསྣམས་པ། གཉིས་ཀའང་ཞི་བའི་ཉམས་ཅན། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་བཞེངས་པ། གཙོ་མོ་ལ་གཟིགས་པ། ཤར་དུ་མི་གཡོ་བ་སྔོན་པོ་གཡས་རལ་ གྲི། ལྷོར་འདོད་རྒྱལ་སྔོན་པོ་གཡས་ལྕགས་ཀྱུ། ནུབ་ཏུ་དབྱུག་སྔོན་ཅན་སྔོན་པོ་གཡས་དབྱུག་པ། བྱང་དུ་སྟོབས་པོ་ཆེ་སྔོན་པོ་གཡས་རྡོ་རྗེ་རྩེ་གསུམ་པ་བསྣམས་པ། ཐམས་ཅད་ཀྱང་གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། དབུ་སྐྲ་དང་སྨར་ 12-11-18a དམར་སེར་འབར་ཞིང་ཆེ་བ་གཙིགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན་སྦྲུལ་གྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་གཡས་བསྐུམ་གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པ། སྟེང་གི་གཡས་ གཡོན་དུ་གནས་གཙང་མའི་ལྷའི་བུ་གཉིས་སེར་པོ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཉིས་བདུད་རྩིའི་བུམ་པ་བསྣམས་ནས་བཅོམ་ལྡན་འདས་མ་ལ་སྐུ་ཁྲུས་གསོལ་བ། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ ཀར་ཧཱུཾ་སྔོན་པོ། དཔྲལ་བར་ཏྲཱཾ་སེར་པོ། ལྟེ་བར་ཧྲཱིཿ དམར་པོ། བརླ་གཡས་གཡོན་ལ་ཨཾ་ཨཱཿ ལྗང་གུ། ཞེས་པའི་རྗེས་སུ་གནས་བཞི་བྱིན་གྱིས་བརླབ་པའམ། ཡང་ན། ཐམས་ཅད་ཀྱི་སྦྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ལྟེ་བར་ཨོཾ་གྱིས་མཚན་པ། ཞེས་པ་ནས། ཨོཾ་ཏ་ཐཱ་ག་ཏ་ཨུཏྡྷ་ཝ་ཡེ་སྭཱ་ཧཱ། ཞེས་གནས་བཞི་བྱིན་གྱིས་བརླབས་ཏེ་མཆོད་ནས། མཛེས་ལྡན་པདྨ་དྲི་མེད་རི་བོང་ཅན། །དེ་སྟེང་སྒེག་པའི་ཉམས་ཀྱིས་ཡིད་འཕྲོག་ཅིང་། །གཟི་བྱིན་ཉི་མ་འབུམ་ལྟར་རབ་ཏུ་བརྗིད། །ཕྱག་གི་མཐིལ་ན་ཚེ་དཔག་མེད་བཞུགས་ཤིང་། །དབུད་དང་ཉོན་མོངས་དགྲ་ལས་ལེགས་རྒྱལ་བས། །འཇིག་རྟེན་གསུམ་ན་རྣམ་པར་རྒྱལ་མ་ཞེས། །གང་གི་སྙན་པ་རབ་ཏུ་གསལ་བ་ཅན། །བཅོམ་ལྡན་འདས་མ་དེ་ལ་མགོས་ཕྱག་འཚལ། །དེ་ཡི་ཀུན་ཏུ་བཟང་པོའི་ཕྲིན་ལས་རྣམས། །དགོངས་པ་ཇི་བཞིན་ སྐོང་བའི་ཕུན་ཚོགས་འཁོར། །རྗེ་བཙུན་ཐགས་རྗེའི་གཏེར་དང་གསང་བའི་བདག། །དཔལ་ལྡན་ཁྲོ་བོའི་དབང་པོ་བཞི་ལ་འདུད། །འཆི་བདག་སྟོབས་འཕྲོག་བདུད་རྩིའི་རྒྱུན་འབེབས་ཤིང་། །རྡོ་རྗེ་ཚེ་ཡི་དཔལ་རབ་སྟེར་མཛད་པ། །རབ་མཆོག་ལྟ་ཡི་བུ་ནི་ཟུང་ 12-11-18b གཅིག་ལ། །རྒྱུན་དུ་དད་པས་བདག་ནི་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད། གཙོ་མོ་རྐྱང་པ་ལས་མ་བསྐྱེད་ན་གཙོ་མོའི་བསྟོད་པ་ཉིད་བྱའོ། །མདུན་བསྐྱེད་ཀྱི་སྐབས་སུ། ནང་གི་སྟེང་དུ་འོག་གི་ས་གཞི་ཐམས་ཅད་ཤར་སྔོ། ལྷོ་སེར། ནུབ་དཀར། བྱང་ལྗ། དབུས་དཀར་དང་ གྱུར་པའི་ནང་གི་དབུས་སུ་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན། རིན་པོ་ཆེའི་ཁྲིའི་སྟེང་ན་རིན་པོ་ཆེའི་བང་རིམ་ཟླུམ་པོ་གསུམ་དེའི་སྟེང་དུ་བུམ་གདན། དེའི་སྟེང་དུ་བྲེ། དེའི་སྟེང་དུ་གདུགས་རིམ་པ་བཅུ་གསུམ། ཆར་ཁེབས་ཏོག་དང་བཅས་ པ་མེ་ཏོག་གི་ཕྲེང་བ་དང་དར་སྣ་ཚོགས་ཀྱི་ལྡ་ལྡིས་མཛེས་པར་བྱས་པ། བུམ་པ་ཟླུམ་པོ་སྒ་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་དང་། གཡས་གཡོན། སྟེང་རྣམས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལྔ། ཕྱོགས་བཞིར་སྣ་ཚོགས་པདྨ་དང་ཉི་ མའི་གདན་རེ་རེ། ན་མཿ སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཞེས་སོགས་དང་། སྤྱན་འདྲེན་གྱི་སྐབས་སུ། ཛི་ན་ཛིཀ་ཨེ་ཧྱེ་ཧི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། བཅོམ་ལྡན་འདས་གཙུག་གཏོར་རྣམ་པར་རྒྱལ་མའི་ལྷ་ཚོགས་ལ་རིག་ སྔགས་དང་། གསང་སྔགས་དང་། ཁྲོ་བོ་དང་། མངག་གཞུག་པ་དང་། མངག་གཞུག་མ་ལ་སོགས་པ་ནམ་མཁའི་དབྱིངས་ཁྱབ་ཅིང་ཁོར་ཡུག་ཏུ་བསྐོར་བ་བྱོན་པ་ནི། དབུས་ཀྱི་པད་ཟླའི་གདན་ལ། བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་ དཀར་མོ། ཞེས་པ་ནས། ཕྱག་གཉིས་བདུད་རྩིའི་བུམ་པ་བསྣམས་ནས་བཅོམ་ལྡན་འདས་མ་ལ་སྐུ་ཁྲུས་གསོལ་པ། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ལྟེ་བར་ཨོཾ་གྱིས་མཚན་པ། ཞེས་སོགས་དང་། མཆོད་པའི་སྐབས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ 12-11-19a ཥ་བི་ཛ་ཡ་ས་པ་རི་ཝཱ་ར། ཞེས་པ་མཆོད་སྔགས་ཀུན་གྱི་འགོར་སྦྱིན། བསྟོད་པའི་སྐབས་སུ། རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་པའི་རྗེས་སུ། མཛེས་ལྡན་པདྨ་དྲི་མེད་རི་བོང་ཅན། །ཞེས་སོགས་ཀྱིས་བསྟོད་ནས། ན་མཿ སརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། ཞེས་སོགས་དང་། བཟླས་པའི་སྐབས་སུ། ལྷའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་བྷཱུཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་ད་སྭཱ་ཧཱ། ཞེས་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ། ཞེས་པ་ནས། མ་ཧཱ་མུ་དྲཱ་མནྡྲ་པ་དེཿ སྭཱ་ཧཱ། ཞེས་པའི་བར་གྱིས་མཚན་པར་གྱུར་པར་བསམ་ཞིང་ཤུབ་ བུའི་བཟླས་པ་སོགས་བྱས་ནས་གཏོར་མ་ཅ་གསུམ་ཕུལ་ཏེ། བདག་ཅག་གི་དགེ་བའི་རྩ་བ་འདི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་རྒྱས་པ་ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུར་བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མའི་ལྷ་ཚོགས་ལ་འབུལ་ལོ། །ཞེས་སོགས་ཀྱི་དགེ་རྩ་ ཕུལ་ནས་མཆོད་པའི་རྗེས་སུ། སྔར་གྱི་སྤྱི་བསྟོད་དང་། མཛེས་ལྡན་པདྨ་དྲི་མེད་རི་བོང་ཅ། །ཞེས་སོགས་ཀྱིས་བསྟོད་ནས། བཟོད་གསོལ་སོགས་དང་། སྔ་ཕྱིའི་ཆོ་ག་གཞན་ཐམས་ཅད་ནི་གདུགས་དཀར་ཀྱི་སྐབས་བཞིན་བྱའོ། །བུམ་བསྐྱེད་བྱ་ཚུལ་ནི། བདག་བསྐྱེད་བསྟོད་པ་དང་བཅས་པ་ ཡན་སྔར་ལྟར་རྫོགས་པར་བྱས་པའི་རྗེས་སུ། བུམ་པ་སྤྱི་དང་མཐུན་པར་བཤམས་པའི་སྟེང་དུ་མཆོད་རྟེན་ཚད་ལྡན་བཞུགས་པའི་ཐ་མར་མཆོད་ཡོན་སོགས་མཆོད་པ་ཅི་འབྱོར་པ་བཤམ། སྟོང་མཆོད་བྱེད་ན། མཆོད་ཡོན་དང་། མེ་ཏོག་དང་། བདུག་སྤོས་དང་། སྣང་གསལ་དང་། དྲི་མཆོག་དང་། ཞལ་ཟས་ དང་། གདུགས་དང་། བ་དན་རྣམས་སྟོང་ཕྲག་རེ་རེ། གཞན་ཡང་མཆོད་པ་འབྱོར་ཚད་བཤམ། གཏོར་མ་སྟོང་གི་ཆས་ཀྱང་བཞག་གོ། དེ་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་ 12-11-19b བ་མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར་པར་བསམ། དེའི་སྟེང་དུ་བྷྲཱཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན། ཞེས་པ་ནས། ཕྱོགས་བཟིར་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ། ཞེས་པའི་བར་དང་། ཨོཾ་བྷྲཱཾ་སྭཱ་ཧཱ། ཞེས་པའི་གདངས་ཀྱིས་རྣམ་པར་ནམ་མཁའ་ལ་གྲག་པར་གྱུར། དབུས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲགས་པ་དེ་ཤིན་ཏུ་དག་པའི་དངུལ་ཆུ། ཞེས་པ་ནས། ལྷའི་སྐུ་དང་བཅས་པའི་འོད་ཟེར་སླར་ལོག་ནས་ཟླ་ བའི་དཀྱིལ་འཁོར་དང་ཕྱག་མཚན་སྔགས་དང་བཅས་པ་ལ་ཞུགས་པ་ལས། བཅོམ་ལྡན་འདས་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད། ཅེས་པ་ནས། ཕྱག་གཉིས་་བདུད་རྩིའི་བུམ་པ་བསྣམས་ནས་བཅོམ་ལྡན་འདས་མ་ལ་ སྐུ་ཁྲུས་གསོལ་བ། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་པ། ཞེས་པ་ནས། གནས་བཞི་བྱིན་གྱིས་བརླབ་པའི་བར་བྱས་ནས། ཤཾ་ཀ་རེ་ས་མཱ་ཡེ་སྭཱ་ཧཱ། ཛི་ན་ཛི་ཀ། ཅེས་ཕྱག་རྒྱ་བསྟན་པའི་རྗེས་སུ་མཆོད་བསང་ཞིང་བྱིན་ གྱིས་བརླབས་ནས། བྱང་ཆུབ་བར་དུ་བདག་བརྩོན་ནོ། །ཞེས་པའི་བར་བྱ། བརླས་པའི་སྐབས་སུ། དམིགས་པ་སྔར་ལྟར་བྱས་ལ་ཡང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཕྲེང་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བུམ་པའི་ཆུ་ལ་ཐིམ་ཞིང་ལྷའི་སྐུའི་བ་སྤུའི་བུ་གནས་ ཀྱང་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང་། ལག་པ་གཉིས་མཉམ་པའི་ཐལ་མོ་ལས་མཐེ་བོང་དང་མཛུབ་མོ་གཉིས་རྩེ་སྤྲད་པ། ལེགས་སོ་སྦྱིན་པའི་ཕྱག་རྒྱ་བཅས་ལ་གཟུངས་རིང་ཚར་གཅིག་བཟླ། དེ་ནས་ཕྱག་རྒྱ་མེད་པ་རབ་ཟླ་ཞིང་སྟོང་མཆོད་ཀྱི་སྐབས་ཡིན་ན་གཟུངས་རིང་སྟོང་ 12-11-20a ཡན་ཆད་བཟླས་པའི་རྗེས་སུ། གྲུབ་ན་ཕྱག་སྟོང་དང་སྐོར་བ་སྟོང་ཡང་བྱའོ། ། དེ་ནས་ཨ་ཀཱ་རོའམ་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་གཏོར་མ་བྱིན་གྱིས་བརླབས་པ། ཨོཾ་ཨུཥྞཱི་ཤ་བི་ཛ་ཡ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་བཅོམ་ལྡན་འདས་མ་འཁོར་ བཅས་ལ་གཏོར་མ་སྟོད་ཕུལ་བའི་རྗེས་སུ་ཆ་གསུམ་དབུལ་བ་ནས་སྲུང་འཁོར་དགྲོལ་བ་དང་ཤིས་པ་བརྗོད་པའི་བར་རྣམས་སྔར་བཤད་པ་བཞིན་བྱའོ། །ཡང་ན་བུམ་པའི་སྟེང་གི་མཆོད་རྟེན་གྱི་ནང་དུ་ལྷ་བསྐྱེད་ཚུལ་ནི། ཕྱོགས་བཞིར་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ། ཞེས་པའི་རྗེས་སུ་གནས་བྱིན་ གྱིས་བརླབ་པའི་སྔགས་བརྗོད་པ་ནས་སྤྱན་དྲངས་ཏེ་མཆོད་ཡོན་མགོའི་ཐད་ནས་ཕུལ་པའི་རྗེས་སུ། བཅོམ་ལྡན་འདས་རྣམ་པར་རྒྱལ་མའི་ལྷ་ཚོགས་ལ་རིག་སྔགས་དང་། ཞེས་པ་ནས། ཁོར་ཡུག་ཏུ་བསྐོར་བ་བྱོན་པ་ནི་དབུས་ཀྱི་པད་ཟླའི་གདན་ལ་བཅོམ་ལྡན་འདས་རྣམ་ པར་རྒྱལ་མ་སྐུ་མདོག་དཀར་མོ། ཞེས་པ་ནས། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་པ། ཞེས་སོགས་དང་། དེ་ནས། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། ཞེས་པ་ནས། བགེགས་བསྐྲད་པའི་བར་བྱས་ལ། སྔ་ཕྱིའི་ཆོ་ག་གཞན་ རྣམས་ནི་སྔར་བཞིན་དུ་བྱའོ། །བུམ་པའི་ལྷ་བསྐྱེད་ཚུལ་སྔ་མ་ལ་ནི་སྤྱན་དྲང་བ་ནས་གདན་དབུལ་བའི་བར་དང་ཕྱི་འབྲང་བགེགས་བསྐྲད་པ་མི་དགོས་པ་འདྲའོ། །བུམ་བསྐྱེད་གཞན་ལའང་བུམ་པའི་ལྷ་བསྐྱེད་ཚུལ་སྔ་ཕྱི་གཉིས་གང་རུང་བྱའོ། །ཁྱད་པར་ནི་བུམ་པའི་ནང་དུ་ལྷ་རང་རང་གི་གདན་བསམས་ལ་བུམ་པའི་ནང་ དུ་བསྐྱེད་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་རྗེ་བཙུན་འཇམ་དབྱངས་ཨ་ར་པ་ཙ་ན་ལ། ཨོཾ་བྷྲཱུཾ་སྭཱ་ཧཱ། ཞེས་པའི་གནས་སུ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་པ་དང་། ལྷ་མོ་འོད་ཟེར་ཅན་ལ། ཨོཾ་མཱ་རཱི་ཙྱཻ་མཾ་སྭཱ་ཧཱ། ཞེས་སོགས་གཞུག བདག་བསྐྱེད་ཀྱི་སྐབས་སུ། ཡིག་འབྲུ་བྲིས་ 12-11-20b པའི་རྣམ་པ་ཅན་དུ་འཁོད་པ་ཡོངས་སུ་གྱུར་པ་ལས། རལ་གྲིའི་དབུས་སུ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་པས་མཚན་པར་གྱུར། ཞེས་སོགས་ཀྱིས་ཐུན་མོང་མ་ཡི་པ་མཆོད་འབུལ་སོགས་ཀྱི་མགོར་འདོགས་ཚུལ་ཅུང་ཟད་བསྒྱུར་བ་དང་། མངོན་རྟོགས་རང་རང་གི་གཞུང་བཞིན་དང་ བཟླས་བྱའི་སྔགས་མ་གཏོགས་བདག་བསྐྱེད་མདུན་བསྐྱེད་བུམ་བསྐྱེད་རྣམས་ཀྱི་ཆོ་ག་སྔ་ཕྱི་ཐམས་ཅད་སྔར་བཤད་པ་ལྟར་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ལ་སྦྱར་ཏེ་ཤེས་པར་བྱའོ། །རིགས་གཞན་གཉིས་ལ་སྦྱོར་ཚུལ་ནི། ཨོཾ་ཏ་ཐཱ་ག་ཏ་ཨུདྡྷ་ཝ་ཡེ་སྭཱ་ཧཱ། ཞེས་པ་རྣམས་ཀྱི་གནས་སུ་པདྨའི་རིགས་མགོན་པོ་ཚེ་དཔག་ཏུ་མེད་དང་། བཅུ་གཅིག་ཞལ་ལ་སོགས་པ་རྣམས་ལ། ཐལ་མོ་སྦྱར་བ་ཁ་བྱེ་བའི་ཚུལ་དུ་བྱས་ཏེ་སྙིང་གར་བཞག་ནས། ཨོཾ་པདྨ་ཨུདྦྷ་ཝ་ཡེ་སྭཱ་ཧཱ། ཞེས་དང་། དཔལ་ཕྱག་ན་རྡོ་རྗེ་སོགས་རྡོ་རྗེའི་རིགས་རྣམས་ལ། ཐལ་མོ་ལྡོག་ སྟེ་སྦྱར་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་སྦྱར་ཏེ་ལྟེ་བའི་ཐང་དུ་བཞག་ལ། ཨོཾ་བཛྲ་ཨུདྦྷ་ཝ་ཡེ་སྭཱ་ཧཱ། ཞེས་དང་། བདག་བསྐྱེད་མདུན་བསྐྱེད་ཀྱི་ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པར་ལྟེ་བར་ཧཱུཾ་གིས་མཚན་པ་ཞེས་པའི་རྗེས་སུའང་རང་རང་གི་སྔགས་འདི་དག་བརྗོད་ཅིང་། རང་རང་གི་ཕྱག་རྒྱ་འདི་དག་ ཐུགས་ཀ་དང་སྨིན་མཚན་དང་། མགྲིན་པ་དང་དཔུང་མགོ་རྣམས་སུ་རེག་ལ། བྱིན་གྱིས་བརླབ་པར་བྱའོ། །ཛི་ན་ཛི་ཀ །ཞེས་པའི་གནས་རྣམས་སུ། པདྨའི་རིགས་ལ་ཨཱ་རོ་ལི་ཀ །ཅེས་དང་། རྡོ་རྗེའི་རིགས་ལ་བཛྲ་དྷྲིཀ །ཅེས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ ཕཊ་སྭཱ་ཧཱ། ཞེས་པའི་གནས་སུ་ལྷ་རང་རང་གི་སྙིང་པོ་དང་ཉེ་སྙིང་ལ་སོགས་པའི་སྔགས་དང་། གདུ་བུའི་དབུས་ཀྱི་ཕྲེང་རྡོག་ནི་པདྨའི་རིགས་ལ་པདྨའི་སྙིང་པོ་དང་། རྡོ་རྗེའི་རིགས་ལ་རུ་རག་ཤའི་ཕྲེང་རྡོག་གཅིག་བཏགས་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏཥྛ་སིདྡྷ་ལོ་ཙ་ནེ་སརྦྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་ 12-11-21a པའི་གནས་སུ། པདྨའི་རིགས་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཐོང་བ་དང་ནི་ཐོས་པ་དང་། །རེག་པ་ དང་ནི་དྲན་པའང་རུང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་ཀུན་གྱི་གསོས་གྱུར་ཅིག ཏཏྱ་ཐཱ། ཀ་ཊེ་བི་ཀ་ཊེ་ཀཾ་ཀ་ཊེ་ཀ་ཊ་བི་ཀ་ཊེ། ཀཾ་ཀ་ཊེ་བྷ་ག་ཝ་ཏི་བི་ཛ་ཡེ་སྭཱ་ཧཱ། ཞེས་དང་། རྡོ་རྗེའི་རིགས་ལ། ཨོཾ་ཀུ་ལན་དྷ་རི་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་དང་། ཨོཾ་ཏེ་ ཛཿ ཏེ་ཛཿ ས་ནི་སདྡྷི་སཱ་དྷ་ཡ་ཧཱུཾ། ཞེས་པའི་གནས་སུ། པདྨའི་རིགས་ལ། ཨོཾ་དྷི་བྷ་དྷི་བྱ་དྷི་པ་ཡ། ཨ་བེ་ཤ་མ་ཧཱ་ཤྲཱི་ཡ་ཡེ་སྭཱ་ཧཱ། ཞེས་དང་། རྡོ་རྗེའི་རིགས་ལ། ཨོཾ་ཛྭ་ལ་ཛྭ་ལ་ཡ་བནྡྷ་རི་ཧཱུཾ་ཕཊ། ཅེས་དང་། དངོས་གཞི་བསྐྱེད་མདུན་བསྐྱེད་ཀྱི་ལྷ་དྲུག་བསྐྱེད་པའི་སྐབས་ སུ་ལྷ་རང་རང་གི་སྙིང་པོ་དང་། ནེ་སྙིང་སོགས་ཀྱི་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲག་པར་བསམ་པ་དང་། རང་རང་གི་གདན་ཟླ་བ་དང་། ཉི་མ་ལ་སོགས་པའི་སྟེང་དུ་རང་རང་གི་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་འི་གྲགས་པ་དེ་ཡིག་འབྲུ་བྲིས་པའི་རྣམ་པ་ཅན་དུ་འཁོད་པ་ལས། རང་རང་གི་ཕྱག་མཚན་གྱི་གཙོ་བོ་རང་རང་གི་སྔགས་ཀྱིས་མཚན་པ་ལས་སྐུ་ལ་སོགས་པ་སྤྲོ་བསྡུ་བྱས་ཏེ་ལྷ་བསྐྱེད་པ་དང་སྤྱན་དྲངས་ཏེ་བཞུགས་སུ་གསོལ་ནས་གསལ་གདབ་པ་རྣམས་ནི་རང་རང་གི་མངོན་རྟོགས་ཀྱི་སྐབས་དང་སྦྱར་ལ་ཐུན་མོང་བ་རྣམས་སྔར་ལྟར་བསྒོམ་ཞིང་བརྗོད་པར་ བྱའོ། །ཨོཾ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་པའི་གནས་སུ། ཨོཾ་ན་མོ་མ་ཧཱ་ཤྲཱི་ཡཱ་ཡེ། སོ་མེ་སདྡྷི་སིདྡྷི་སཱ་དྷ་ཡ། ཤི་བི་ཤི་བཾ་ཀ་རི། ཨ་བྷ་ཧ། སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་པདྨའི་རིས་ཀྱི་ལས་ཐམས་ཅད་པ་དང་། ཨོཾ་ཀཱི་ལི་ཀཱི་ལ་བཛྲ་ཧཱུཾ་ཕཊ། ཅེས་རྡོ་རྗེའི་ 12-11-21b རིགས་ཀྱི་ལས་ཐམས་ཅད་པའི་སྔགས་བརྗོད་དོ། །སྤྱན་དྲང་པའི་སྐབས་སུ། མཆོད་ཡོན་གྱི་སྣོད་བཟུང་ནས་པདྨའི་རིགས་ལ་བྲང་དང་། རྡོ་རྗེའི་རིགས་ལ་ལྟེ་བའི་ཐད་ཀ་ནས་ཕུལ་ལ་བྱོན་པར་བསམ་མོ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་པའི་རྗེས་སུ། པདྨའི་ རིགས་ལ། ཨོཾ་ཀ་མ་ལ་ཡེ་སྭཱ་ཧཱ། ཞེས་དང་། རྡོ་རྗེའི་རིགས་ལ། ཨོཾ་བཛྲ་ཨཱ་ས་ནི་ཧཱུཾ་ཕཊ། ཅེས་པ་ཕྱག་རྒྱ་དང་བཅས་པས་གདན་དབུལ། རྒྱས་པར་བྱེད་ན་གདན་གསུམ་ག་དབུལ་ལོ། །ཤཾ་ཀ་རེ་ས་མཱ་ཡེ་སྭཱ་ཧཱ། ཞེས་ཕྱག་རྒྱ་བསྟན་པའི་རྗེས་སུ། པདྨའི་རིགས་ལ་ལག་ པ་གཉིས་ཕན་ཚུན་དུ་ཁུ་ཚུར་བཅིངས་ལ་གཡོན་པའི་མཐེ་བོང་ནང་དུ་བཅུག་སྟེ་གཡས་པའི་མཐེ་བོང་བསྟན་པ་དང་། རྡོ་རྗེའི་རིགས་ལ་དེ་ཉིད་ལས་གཡོན་པའི་མཐེ་བོང་བསྟན་པའི་ཕྱག་རྒྱ་བྱའོ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ལི་གཡོ་བ། ཅེས་པའི་གནས་སུ་པདྨའི་རིགས་ཀྱི་ཁྲོ་ བོའི་སྔགས། ཨོཾ་བཛྲ་ཀྲོ་དྷ་ཏ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། རྟ་མགྲིན་ཤྭན། ཞེས་པ་དང་། རྡོ་རྗེའི་རིགས་ཀྱི་ཁྲོ་བོའི་སྔགས། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ། ཕྱག་རྡོར་འགྲོ་བཟང་། ཞེས་བཟླས་པའི་ཡུངས་ཀར་གཏོར་ལ་ཕྱི་འབྲང་གི་བགེགས་བསྐྲད། བསྟོད་པའི་སྐབས་སུ་ནི་སྤྱི་ བསྟོད་ཀྱི་རྗེས་སུ་རང་རང་གི་བསྟོད་པ་བྱའོ། །བཟླས་པའི་སྐབས་སུ། ཨོཾ་བྷ་ག་ཝ་ཏེ་སིདྡྷི་སིདྷ་ཡ་སིདྡྷརྠ་སྭཱ་ཧཱ། ཞེས་པའི་གནས་སུ་པདྨའི་རིགས་ལ། ཨོཾ་བ་སུ་མ་ཏི་ཤྲི་ཡེ་སྭཱ་ཧཱ། ཞེས་དང་། རྡོ་རྗེའི་རིགས་ལ། ཨོཾ་བཛྲ་ཡ་ཛ་ཏ་ན་ཛེ་ཡེ་སྭཱ་ཧཱུ། ཞེས་བརྗོད་དོ། ། སྔ་ཕྱིའི་ཆོ་ག་ཐུན་མོང་བ་གཞན་ཐམས་ཅད་ནི་གདུགས་དཀར་གྱི་ཆོ་ག་ལྟར་བྱའོ།། ༈ །།བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་སྒོམ་བཟླས་སོགས་བྱེད་ཚུལ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའི་གནས་ 12-11-22a སུ། ན་མ་ཤྩཎྜ་བཛྲ་ཀྲོདྷཱ་ཡ། གཏུམ་པོ་རྡོ་རྗེ་ཁྲོ་བོ་ལ་ཕྱག་འཚལ་ལོ། །སྒོ་བ་བཞིའི་ཤར་སྒོ་བ། ཧུ་ལུ་ཧུ་ལུ། འབད་པར་གྱིས་འབད་པར་གྱིས། ལྷོ་སྒོ་བ། ཏིཥྛ་ཏིཥྛ། གནས་པར་གྱིས་གནས་པར་གྱིས། ནུབ་སྒོ་བ། བནྡྷ་བནྡྷ། ཆིངས་ཆིངས། བྱང་ སྒོ་བ། ཧ་ན་ཧ་ན། སྣུན་སྣུན། འཆི་བ་མེད་པ། ཨ་མྲྀ་ཏེ་ཧཱུཾ་ཕཊ། བདུད་རྩི་འཁྱིལ་བ། ཅེས་པ་གཞུག དངོས་གཞིའི་བདག་བསྐྱེད་ཀྱི་སྐབས་སུ། སྟོང་པའི་ངང་ལས། ན་མ་ཤྩཎྚ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པའི་ སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲག་པར་གྱུར། བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་རྣམ་པ་ཅན་གྱི་རང་གི་སེམས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ། ཞེས་པ་ནས། ཡིག་འབྲུ་བྲིས་པའི་རྣམ་པ་ཅན་དུ་འཁོད་པ་ཡོངས་སུ་ གྱུར་པ་ལས། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པས་མཚན་པར་གྱུར། ཉི་མ་དང་ཕྱག་མཚན་སྔགས་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་བྱུང་བའི་རྩེ་མོ་ ལས་དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷའི་གཟུགས་དཔག་ཏུ་མེད་པ་བྱུང་ནས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱས། ཞེས་དང་། ལྷའི་སྐུ་དང་བཅས་པའི་འོད་ཟེར་སླར་ལོག་ནས་རང་གི་སེམས་ཉི་མའི་དཀྱིལ་འཁོར་དང་ཕྱག་མཚན་སྔགས་དང་བཅས་པ་ ལ་ཞུགས་པ་ལས། རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ་གཡས་པས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་པ་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། སེམས་དཔའི་ 12-11-22b སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། རབ་ཏུ་གདངས་པའི་སྤྱན་གསུམ་དང་ལྡན་པ། ཁྲོ་གཉེར་ཅུང་ཟད་བསྡུས་ཤིང་ཡིད་ཙམ་འཛུམ་པ། ཤིན་ཏུ་བརྗིད་ཅིང་སྤྲུལ་པ་དུ་མ་འཕྲོ་བར་གྱུར། དེའི་སྤྱི་བོར་ཨོཾ་ལས་ འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་པ། ཞེས་པ་ནས། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུཾ་གིས་མཚན་པ། སྔར་བཤད་པའི་རྡོ་རྗེའི་རིགས་ཀྱི་དམ་རྒྱ་བཅིངས་ལ། ཨོཾ་བཛྲ་ཨུདྡྷ་བ་ཡེ་སྭཱ་ཧཱ། ཞེས་པས་ཐུགས་ཀ་ལ་སོགས་པའི་གནས་བཞི་བྱིན་གྱིས་བརླབས་ཏེ། ཡེ་ཤེས་པ་བཞུག་པ་སོགས་བྱེད་ན། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ལ། ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད་ནས། ཛཿཧཱུཾ་བཾ་ཧོཿ ཞེས་རང་དང་གཉིས་སུ་མེད་པར་གྱུར་པར་བསམ། སླར་ཡང་ཧཱུཾ་ལས་འོད་འཕྲོས་པས་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་པ་ལ་སྔར་བཞིན་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས། ཨོཾ་ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཨཱཿ ཧཱུཾ་སྭཱ་ཧཱ། ཞེས་ཡེ་ཤེས་ཀྱི་བདུད་རྩི་གང་བའི་བུམ་པའི་ཆུས་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་སྦྱངས་ནས་ཆུའི་ལྷ་མ་སྤྱི་བོར་འཁྱིལ་བ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བསམ་མོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་ དཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱུ། ཞེས་སོགས་ཕྱག་རྒྱ་སྔགས་དང་བཅས་པ་མདུན་བསྐྱེད་ཀྱི་སྐབས་ནས་འབྱུང་བ་ལྟར་གྱི་ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད་ནས། མཚམས་སྤྲིན་གཞོན་ནུས་ཡོངས་སུ་བསྐོར་བ་ཡི། །རིན་ཆེན་མརྒད་རི་བོ་ཇི་བཞིན་དུ། །ཡེ་ཤེས་མེ་ 12-11-23a ཆེན་འབར་བའི་ཀློང་དཀྱིལ་ན། །ཁྲོ་འཛུམ་ཉམས་ཀྱིས་བརྗོད་ཕྱག་འཚལ་ལོ། །སྤྲོས་བྲལ་ཆོས་སྐུའི་ངང་ལས་མ་གཡོས་པར། །གྲངས་མེད་སྤྲུལ་པ་ཕྱོགས་བཅུར་སྤྲོས་པ་ཡིས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་པ། ། དཔག་ཡས་རྡོ་རྗེའི་རིགས་ལ་ཕྱག་འཚལ་ལོ། །དེ་ལྟར་འཁོར་དང་བཅས་པའི་བཅོམ་ལྡན་གྱིས། །བགེགས་ཚོགས་རྣམས་ཀྱི་ཉེར་འཚེ་དེ་ཡི་རྒྱུ། །ལས་ཀྱི་སྒྲིབ་པ་བག་ཆགས་བཅས་པ་ཀུན། །མྱུར་དུ་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་པས་བསྟོད་དོ།། བདག་བསྐྱེད་ཀྱི་བཟླས་བྱེད་ན་འདིར་བྱའོ། །མདུན་བསྐྱེད་ཀྱི་སྐབས་སུ། ནང་གི་སྟེང་དང་འོག་གི་ས་གཞི་ཐམས་ཅད་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བར་གྱུར་པའི་དབུས་སུ། སྣ་ཚོགས་པདྨ་དང་ཉི་མའི་གདན། ན་མཿ སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཞེས་སོགས་དང་། སྤྱན་འདྲེན་གྱི་སྐབས་སུ། བཛྲ་དྷྲྀཀ་ཨེ་ཧྱེ་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་ལྟེ་བའི་ཐད་ནས་དབུལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་རིག་སྔགས་དང་གསང་སྔགས་དང་ཁྲོ་བོ་ དང་མངག་གཞུག་པ་དང་། མངག་གཞུག་མ་ལ་སོགས་པ་ནམ་མཁའི་དབྱིངས་ཁྱབ་ཅིང་ཁོར་ཡུག་ཏུ་བསྐོར་བ་བྱོན་པ་ནི། དབུས་ཀྱི་པད་ཉིའི་གདན་ལ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན། ཞེས་པ་ནས། ཤིན་ཏུ་བརྗོད་ཅིང་སྤྲུལ་ པ་དུ་མ་འཕྲོ་བར་གྱུར། དེའི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་པ། ཞེས་སོགས་དང་། སྤྱི་བསྟོད་ཀྱི་རྗེས་སུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་བསྟན་པ། །རྣམ་ 12-11-23b པར་འཇོམས་ལ་ཕྱག་འཚལ་ལོ། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །མི་ཕྱེད་སྲུང་བའི་འཁོར་ལོ་ནི། །ཀུན་ནས་འབར་བའི་མེ་དཔུང་གིས། །བསྐོར་བའི་གནས་ལ་ཕྱག་འཚལ་ལོ། །རྣམ་ནར་རྒྱས་པའི་པདྨ་ཡི། །སྙིང་པོ་ཉི་མའི་དཀྱིལ་འཁོར་ལ། །བསྒྱིངས་ པོའི་ཚུལ་གྱིས་ལེགས་བཞུགས་པ། །རྡོ་རྗེ་རྣམ་འཇོམས་དཔལ་ལ་འདུད། །སྣ་ཚོགས་འཕྲིན་ལས་བསྒྲུབ་པའི་ཕྱིར། །སྐུ་མདོག་མརྒད་ལྟར་གསལ་བ། །རྒྱན་རྣམས་ཀུན་གྱིས་ལེགས་པར་སྤྲས། །སྤྲུལ་པའི་འོད་ཟེར་འཕྲོ་ལ་འདུད། །ཞལ་གཅིག་ ཕྱག་གཉིས་སྤྱན་གསུམ་པ། །ཞི་དང་ཁྲོ་དང་འཛུམ་པ་དང་། །དཔའ་བས་རྩེ་བའི་ཉམས་དང་ལྡན། །དབང་ཕྱུག་དམ་པ་ཁྱོད་ལ་འདུད། །སྣ་ཚོགས་རྡོ་རྗེ་ཕྱག་གཡས་ཀྱིས། །ཉི་ཀྱི་ཐུགས་ཀར་བསྒྱིངས་ནས་བསྣམས། །གཡོན་པ་དྲིལ་བུ་དཀུར་བརྟེན་ པ། །རྣལ་རོལ་ཁྱོད་ལ་ཕྱག་འཚལ་ལོ། །གསུང་གི་རིག་སྔགས་ང་རོའི་དབྱངས། །འབྲུག་སྒྲ་སྟོང་བཞིན་རྣམ་སྒྲོག་པས། །བདུད་དཔུང་མ་ལུས་ཟིལ་གནོན་ཅིང་། །འདོད་དགུ་སྦྱིན་པར་མཛད་ལ་འདུད། །ཁྱོད་ཐུགས་ཟབ་པས་ཉེར་ཞི་ཡང་། །རྒྱ་ཆེན་རོལ་པས་ ཀུན་ཁྱབ་མཛད། །མི་གཡོ་ཀུན་འགྲོ་རྟག་བརྟན་པ། །ཡེ་ཤེས་དབང་ཕྱུག་ལ་ཕྱག་འཚལ། །ཡོན་ཏན་འཕྲིན་ལས་རིན་ཆེན་གྱི། །མི་ཟད་གཏེར་གྱུར་མགོན་ཁྱོད་ལ། །རྟག་ཏུ་གུས་པས་གསོལ་འདེབས་ཀྱིས། །དངོས་གྲུབ་མ་ལུས་སྩལ་ཏུ་གསོལ། །ཞེས་སོགས་ ཀྱིས་བསྟོད། སྔ་ཕྱིའི་ཆོ་ག་གཞན་རྣམས་ནི་སྔ་མ་རྣམས་ལ་དཔགས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་སྦྱར་རོ། །བུམ་བསྐྱེད་བྱ་ཚུལ་ནི། བདག་བསྐྱེད་བསྟོད་པ་དང་བཅས་པ་རྫོགས་པའི་རྗེས་སུ། བུམ་པ་སྤྱི་དང་མཐུན་པར་བཤམས་པའི་མཐར་མཆོད་པ་ཅི་འབྱོར་དང་། གཙོ་བོའི་གཏོར་མ་ཆ་གསུམ་ 12-11-24a དང་བཅས་པ་བཤམས་ལ། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ། ཞེས་པ་ལས། མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར་པའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན། ན་ མ ཤྩཎྚ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲག་པར་གྱུར། སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲགས་ པ་དེ་ཤིན་ཏུ་དག་པའི་དངུལ་ཆུ། ཞེས་པ་ནས། ལྷའི་སྐུ་དང་བཅས་པའི་འོད་ཟེར་སླར་ལོག་ནས་ཉི་མའི་དཀྱིལ་འཁོར་དང་ཕྱག་མཚན་སྔགས་དང་བཅས་པ་ལ་ཞུགས་པ་ལས། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན། ཞེས་པ་ ནས། ཤིན་ཏུ་བརྗོད་ཅིང་སྤྲུལ་པ་བུམ་འཕྲོ་བར་གྱུར། དེའི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་གྱིས་མཚན་པ། ཟེས་པ་ནས་གནས་བཞི་བྱིན་གྱིས་བརླབ་པའི་བར་བྱ་སྟེ། ཤཾ་ཀ་རེ་ས་མཱ་ཡེ་སྭཱ་ཧཱ། བཛྲ་དྷྲྀཀ ཅེས་ཕྱག་རྒྱ་བསྟན་པའི་རྗེས་སུ་ མཆོད་པ་བསངས་ནས། བྱང་ཆུབ་བར་དུ་བདག་བརྩོན་ནོ། །ཞེས་པའི་བར་བྱ། བཟླས་པའི་སྐབས་སུ་དམིགས་པ་སྔར་ལྟར་བྱས་ལ། ལྷ་དང་སྔགས་ཀྱི་ཅེ་བ་དྲན་པའི་སྒོ་ནས་རྒྱུད་ཀྱི། རྒྱ་གར་སྐད་དུ། ཞེས་པ་ནས། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོའི་བང་ལན་ཅིག་ བརྗོད་ལ། དེ་ནས་གཟུངས་རིང་དང་ཡང་སྙིང་ལ་སོགས་པ་གྲངས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་པའི་རྗེས་སུ། སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ནས། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་པའི་བར་ལན་ཅིག་བརྗོད་དོ། །བུམ་བསྐྱེད་གཉིས་པ་བྱ་ཚུལ་ནི་སྔ་མ་ལ་དཔགས་ 12-11-24b ཏེ་ཤེས་པར་བྱའོ། །གཏོར་མའི་སྐབས་སུ་གཏོར་མ་དང་པོ་བུམ་པའི་ལྷ་ལ་དབུལ་ལོ། །བཛྲ་དྷྲྀཀ་གཙྪ། ཞེས། ཡེ་ཤེས་པ་གཤེགས། དམ་ཚིག་པ་ཆུའི་ངོ་བོར་གྱུར་པར་བསམ་མོ། །ཆོ་ག་གཞན་རྣམས་ནི་སྔ་མ་བཞིན་སྦྱར་རོ། །དེ་ནས་བུམ་པའི་ཆུ་དེས་རང་གཞན་ལ་བཀྲུ་བ་ལ་སོགས་ པའི་ཚུལ་ནི། རང་བཞིན་གྱི་ལུས་དངོས་ལ་སོགས་པ་བཀྲུ་ཞིང་གཟུངས་རིང་ཚར་གཅིག་བརྗོད་པའི་རྗེས་སུ། ཡང་སྙིང་གི་མཐར། སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཅེས་དང་། དེ་བཞིན་དུ་ཀུན་གྱི་མཐར། ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་ཏེ། སརྦ་བིགྷྣ་ན། བགེགས་ཐམས་ཅད། སརྦ་རོ་ག ནད་ ཐམས་ཅད། སརྦ་དུཥྚན། གདུག་པ་ཐམས་ཅད། སརྦ་ཛྭ་ར། སྡིག་པ་ཐམས་ཅད་ཞི་བར་གྱུར་ཅིག །སརྦ་ཨུ་པ་དྲ་ཝེ། ཉེ་བར་འཚེ་བ་ཐམས་ཅད། སརྦ་གྲ་ཧེ། གདོན་ཐམས་ཅད། སརྦ་ཨ་ཀཱ་ལ་མྲྀ་ཏྱུ། དུས་མ་ཡིན་པར་འཆི་བ་ཐམས་ཅད། སརྦ་ དུར་སོ་བ་ནི། རྨི་ལམ་ངན་པ་ཐམས་ཅད། རིམས་ཐམས་ཅད། སརྦ་དུར་མི་ཏེ། མཚན་མ་ངན་པ་ཐམས་ཅད། སརྦ་ཙིཏྟ་བྷྱ་ཀུ་ལེ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲུ་བར་བྱའོ། །དེ་ནས་བྱ་བ་ནི། ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་གནས་སུ། ཨ་པ་ན་ཡེ་སྭཱ་ཧཱ། ཞེས་ པ་ཀུན་གྱི་མཐར་སྦྱར་ཏེ་ཡང་སྙིང་གི་རྗེས་སུ། སརྦ་པཱ་པཾ། ཞེས་པ་ནས། སརྦ་ཙིཏྟ་བྷྱ་གུ་ལ་ཨ་པ་ན་ཡེ་སྭཱ་ཧཱ། སེམས་ཀྱི་འཇིགས་པའམ་གནོད་པའི་རིགས་ཐམས་ཅད་ཞི་བར་གྱུར་ཅིག ཞེས་བརྗོད་ཅིང་རྡོ་རྗེ་རྨ་བྱའི་མཇུག་སྒྲོ་དང་བཅས་པ་བཟུང་སྟེ་བྱབ་པར་བྱའོ། །དེ་ནས་སྲུང་བ་ནི། སྤྱི་བོར་རྡོ་རྗེ་བཟུང་ལ། ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཞེས་པ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་ཡང་སྙིང་གི་མཐར། སརྦ་པཱ་པཾ་རཀྵ་རཀྵ། སྡིག་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག སརྦ་ཙིཏྟ་བྷྱ་ཀུ་ལེ་རཀྵ་རཀྵ། སེམས་ཀྱི་འཇིགས་པའི་རིགས་ཏམས་ཅད་ལས་སྲུངས་ཤིག་སྲུངས་ཤིག ། 12-11-25a སྲུངས་ཤིག། ཅེས་ཀུན་གྱི་མཐར། རཀྵ་རཀྵ། ཞེས་སྦྱར་བ་བརྗོད་ཅིང་བསྲུང་བར་བྱའོ།། དེ་ནས་བཟུངས་རིང་ཚར་གཅིག་བརྗོད་པའི་མཐར། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་བྱིན་རླབས་ཀྱིས། ། འགྲོ་བའི་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་བརྗོད་ནས་མེ་ཏོག་འཐོར་ཞིང་སླར་ཡང་རོལ་མོའི་སྒྲ་དང་བཅས་པས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་ཅིང་མེ་ཏོག་འཐོར་བར་བྱའོ།། ༈ །།པདྨའི་ རིགས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དཔལ་མོ་ལུགས་ལ་སོགས་པའི་བཟླས་བརྗོད་བྱ་ཚུལ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥསི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའི་གནས་སུ། ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མཿ ཨཱརྱ་ཛྙཱ་ན་སཱ་ ག་ར། ཕྱག་འཚལ་ལོ་འཕགས་པ་ཡེ་ཤེས་རྒྱ་མཚོ། བཻ་རོ་ཙ་ན། རྣམ་པར་སྣང་མཛད། བྱཱུ་ཧ་དཱ་ཛཱ་ཡ། བཀོད་པའི་རྒྱལ་པོ་ལ། ཏ་ཐཱ་ག་ཏཱ་ཡ། དེ་བཞིན་གཤགས་པ་ལ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ཕྱག་འཚལ་དེ་བཞིན་གཤེགས་པ་ཐམས་ཅད་ལ། ཨརྷ་ཏེ་ བྷྱཿ དགྲ་བཅོམ་པ་ལ། སམྱ་ཀ་སཾ་བུདྷེ་བྷྱཿ ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ན་མཿ ཨཱརྱ། ཕྱག་འཚལ། འཕགས་པ། ཨ་ཝ་ལོ་ཀེ་ཏེ་ཤྭ་རཱ་ཡ། སྤྱན་རས་གཟིགས་དབང་ཕྱུག་ལ། པོ་དྷི་ས་ཏྭ་བྱང་ཆུབ་སེམས་དཔའ་ལ། མ་ཧཱ་ས་ཏཱ་ཡ། སེམས་ དཔའ་ཆེན་པོ་ལ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཐུགས་རྗེ་ཆེན་པོ་ཅན་ལ། ཏཏྱ་ཐཱ། འདི་ལྟ་སྟེ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ། ཝཊྚེ། ཙ་ལེ་ཙ་ལེ། གཡོ་བ་གཉིས། པྲ་ཙ་ལེ་པྲ་ཙ་ལེ། རབ་ཏུ་གཡོ་བ་གཉིས། ཀུ་སུ་མེ། མེ་ཏོག། ཀུ་སུ་མེ་ 12-11-25b ཝ་རེ། མེ་ཏོག་གི་མཆོག ཨི་ལི་མི་ལི། སེམས་ཀྱི་རབ་དང་ཞི་བར་མཛོད། ཙིཏྟ་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ། ཨ་ཡོད་པའང་ཡོད། ཅེས་པ་གཟུངས་རིང་ངམ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ། ཝནྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་ མེ་ཝ་རེ། ཨི་ལི་མི་ལི། ཙིཏྟ་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ། ཞེས་པ་གང་རུང་གཞུག་གོ། འདིའི་གཟུངས་རིང་གི་སྐབས་སུ། བ་ལ་ཧ་བཏགས་ནས་ཞབས་ཀྱུ་བྱས་པའི་བྷཱུ་ཧ་ཞེས་པའི་བྷུ་ནི་མ་དག་པ་ཡིན་པས། བ་ལ་ཡ་བཏགས་ནས་ཞབས་ཀྱུ་བྱས་པའི་ བྱུ་ཞེས་པ་དག་པས་བྱུང་ཧ་རཱ་ཛཱ་ཡ་ཞེས་འདོན་པར་བྱའོ།། སེམས་ཀྱི་འབར་བཞི་བར་མཛོད། མཚམས་སྦྱོར་ཕྲལ་ན། བི་ཨུ་ཧ་རཱ་ཛཱ་ཡ་ཞེས་པར་འགྲོ་གསུང་ངོ་། །བྱ་སྤྱོད་ཀྱི་བཟླས་པའི་སྐབས་སུ། བཟླས་པའི་འགྲོ་ལ་གཉིད་བྲོ་བའམ་གླལ་ལས་སྦྲིད་པའམ་ལུང་པའམ་འོག་རླུང་ངམ་བཤང་གཅི་སོགས་བྱང་བ་དེ་མ་ཐག་ཕྲེང་བ་བཞག་སྟེ་འཆག་ པ་སོགས་བྱས་ནས་ནེ་རེག་བྱས་ཏེ། གྲངས་ཀྱི་ཐོག་མ་ནས་བརྩམ་པར་གསུངས་ཏེ། དེ་ཡན་ཆད་བཟླས་པའི་གྲངས་སུ་མི་གཞུག་ཅེས་པའི་དོན་ཡིན་ནོ། །གཞན་ཡང་བག་མེད་པས་ལྷ་གཞན་གྱི་བཟླས་པ་བྱས་ནའང་ཡིད་ཀྱིས་གསོལ་བ་བཏབ་ནས་བཟླས་བརྗོད་བསྐྱར་པ་དང་། བགེགས་ཀྱིས་བརླམས་པ་ དར་ནད་ཀྱི་གཟིར་བ་དང་། ལྷོད་པ་དང་བག་མེད་པ་དང་ལུས་དང་སེམས་སྐྱོ་བ་དང་། ཆོ་ག་ཇི་སྐ་བཤད་པའི་དུས་ལས་འདས་པར་བྱས་པ་དང་། མ་བསྡམས་པ་དང་མི་གཙང་བས་བཟླས་བརྗོད་བྱས་པ་དང་། མཚན་མོ་རྨི་ལམ་ངན་པ་བྱུང་བས་ཉིན་མོ་རིགས་ཀྱི་བདག་པོ་གང་ཡིན་གྱི་སྔགས་བརྒྱ་ མ་བཟླས་པར་བཟླས་བརྗོད་བྱས་པ་རྣམས་བཟླས་པའི་གྲངས་སུ་མི་གཞུག་པར་ལེགས་གྲུབ་ལས་གསུངས་སོ། །དེས་ན་སྔར་བཤད་པའི་འཛག་པ་བསྲུང་པ་དང་། བ་དམར་སེར་གྱི་བ་བྱུང་ལྔ་ལ་སོགས་པ་ལ་བརྟེན་པའི་བཟླས་བརྗོད་ཟླ་བ་ཕྱེད་ཀྱི་དག་བྱེད་ལ་བརྩོན་པར་བྱའོ། །བདག་བསྐྱེད་ལྷ་དྲུག་ལྟ་ 12-11-26a བུ་རྫོགས་པའི་རྗེས་སུ་ལྷ་བསྒོམ་པ་བསྙེན་པའི་གཙོ་བོ་ཡིན་པས་རྒྱ་ཆེ་བ་དང་ཟབ་པ་ལ་བསླབ་ཚུལ་གཉིས་ལས། རྒྱ་ཆེ་བ་རྣམས་པ་ལ་བསླབ་ཚུལ་ནི། རང་ལྷ་གང་དུ་བསྒོམས་པ་དེའི་སྐུའི་རྣམ་པ་རགས་པ་ཚང་བ་ཞིག་གསལ་བཏབ་ལ། དེ་ལ་བྱིང་རྒོད་དང་ བྲལ་བར་བྱས་ཏེ་སེམས་བཟུང་། གསལ་བཏབ་པའི་ནང་ནས་བྱེ་བྲག་པ་ཞིག་ལྷག་པར་གསལ་ན་གང་གསལ་དེ་ལ་སེམས་བཟུང་། དེ་མི་གསལ་ན་སྔར་བཞིན་སྤྱི་ལ་སེམས་བཟུང་ཞིང་། གང་གསལ་བཏབ་པ་ལས་གཞན་པའི་དམིགས་པ་གང་ཤར་ཡང་དེའི་རྗེས་སུ་མི་འབྲ་བར་སྔར་གྱི་དམིགས་ པ་ཉིད་བསྐྱང་ངོ་། །གོ་རིམ་ལ་བསླབ་ཚུལ་ནི། ལྷ་གཅིག་གི་སྐུའི་ཆ་ཕྲ་རགས་ན་བཟའ་རྒྱན་དང་བཅས་པ་ལ་གསལ་སྣང་ཐོབ་ནས། སེམས་གནས་བརྙེད་པ་ན་ལྷ་གཉིས་པ་དང་སྤེལ་བ་སོགས་ཇེ་མང་ཇེ་མང་ལ་བཏང་ནས། རྟེན་གཞལ་ཡས་ཁང་ཡོད་རྣམས་ལ་མཐར་རྟེན་དང་བརྟེན་པའི་ དཀྱིལ་འཁོར་གྱི་ཕྲ་རགས་ཐམས་ཅད་ལ་མངོན་སུམ་དུ་མཐོང་བ་དང་འདྲ་བའི་གསལ་སྣང་རྙེད་རྙེད་དུ་སྦྱང་ངོ་། །རྟེན་གཞལ་ཡས་ཁང་མེད་པ་རྣམས་ལའང་སྲུང་འཁོར་སོགས་གང་བསྐྱེད་དང་། ལྷའི་སྐུའི་ཆ་ཕྲ་རགས་ཐམས་ཅད་ལ་དེ་ལྟར་བསྒོམ་པར་བྱའོ། །ང་རྒྱ་ལ་བསླབ་ཚུལ་ནི། རང་ ལྷ་གང་དུ་བསྒོམས་པ་དེ་དངོས་ཡིན་ནོ་སྙམ་པའི་ངེས་པ་ཤུགས་ཅན་ཞིག་བསྐྱེད་པ་དང་། ངེས་པ་དེ་ཉེད་ལ་རྩེ་གཅིག་ཏུ་གནས་ཏེ་ཇི་སྲིད་ང་རྒྱལ་འགྱུར་བའི་ཏིང་ངེ་འཛིན་རྙེད་རྙེད་དུ་སྦྱང་བླ་གཉིས་ནི་རྒྱ་ཆེ་བ་ལ་བསླབ་ཚུལ་ལོ། །དེའང་རྣམ་པ་གསལ་བ་དང་ང་རྒྱལ་བརྟན་པ་གཉིས་ཀ་ དགོས་ལ། རེ་རེ་ལས་མེད་ན་ང་རྒྱལ་བརྟན་པ་ཉིད་རྒྱུད་ལྷས་བྱིན་གྱིས་ལ་ཟླ་བ་པའི་གཙོ་བོ་ཡིན་ནོ། །ཟབ་པ་ལ་བསླབ་ཚུལ་ནི། དམིགས་པ་ལྷའི་འཁོར་ལོ་ལ་དམིགས་ལས་རྣམ་པ་རང་བཞིན་མེད་པའི་སྟོང་པ་ཉིད་བསྒོམ་པའོ། །དེ་ལས་སྟོང་པ་ཉིད་ཀྱི་ལྟ་བ་རྙེད་ནས་ལྟ་ཐོག་ཏུ་ 12-11-26b བཞག་པ་རང་བཞིན་མེད་པར་ངེས་པའི་བློའི་འཛིན་སྟངས་ཀྱི་རྣམ་པ་དང་མ་བྲལ་བའི་སྒོ་ནས། གཟུང་རྣམ་རྟེན་དང་བརྟེན་པའི་ལྷའི་འཁོར་ལོར་ཤར་བ་ཟབ་གསལ་གཉིས་མེད་ཀྱི་ལམ་འདི་རྒྱུད་སྡེ་འོག་མ་གསུམ་གྱི་བྱང་ཆུབ་ཏུ་བགྲོད་པའི་ལམ་གྱི་གཙོ་བོ་ཡིན་ནོ། །ལྷ་དྲུག་བསྒོམ་པ་དར་བཟླས ་བརྗོད་ཡན་ལག་བཞི་ནི་བླ་མེད་ཀྱི་བསྐྱེད་རིམ་བཟླས་པ་དང་བཅས་པའི་དོད་ཡིན་ལ། མེ་གནས་ཀྱི་རེ་ཉིད་དང་། སྒྲ་གནས་ཀྱི་དེ་བྷིད་དང་། སྒྲ་མཐའི་དེ་ཉིད་ཀྱི་བསམ་གཏན་གསུམ་ནི་བླ་མེད་ཀྱི་རྫོགས་རིམ་གྱི་དོད་ཡིན་ནོ། །དེའང་མེ་གནས་སྒོམ་ཚུལ་ནི། བཟླས་བརྗོད་ཡན་ལག་བཞིའི་རྣལ་ འབྱོར་གྱི་རྗེས་སུ། རང་ལྷར་གསལ་བའི་ཐུགས་ཀར་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་ཕྲ་བའི་ནང་དུ་མར་མེའི་མེ་ལྕེ་ལྟ་བུའི་མེ་འབར་བའི་ནང་དུ་སྐབས་ཀྱི་སྔགས་གར་ཡིན་པ་དེ་རང་གི་སེམས་སྔགས་ཀྱི་གདངས་ཀྱི་རྣམ་པར་དྲིལ་བུའི་སྒྲ་བཞིན་དུ་རྒྱུན་མི་འཆད་པར་གྲག་པ་ལ་ཉན་པའི་རྣམ་པས་ དབུགས་འབྱུང་འཇུག་བསྔགས་ཏེ་བྱའི་རྒོད་དང་བྲལ་བར་སེམས་རྩེ་གཅིག་ཏུ་འཇོག་པའོ། །སྒྲ་གནས་ནི། མེ་ལ་དམིགས་པ་གཏད་ལ་སྙིང་གར་གནས་པའི་སྒྲ་འབའ་ཞིག་ལ་སྔར་ལྟར་དབུགས་འབྱུང་འཇུག་བསྡམས་ཏེ་སེམས་རྩེ་གཅིག་ཏུ་འཇོག་པའོ། །དབུགས་ཕྱིར་གཏོང་བའི་ཚེ་རང་ལྷར་བསྒོམས་པ་ ལ་དམིགས་པར་བྱའོ།། སྒྲ་ལ་དམིགས་པ་ན་ལྷ་དང་ཟླ་བ་དང་མེ་གང་ལའང་མི་དམིགས་ཤིང་སྒྲའི་གདངས་འབའ་ཞིག་ལ་དམིགས་པས་མེ་གནས་དང་མི་འདྲའོ་མེ་གནས་དང་སྒྲ་གནས་གཉིས་ནི་རང་གི་སྔགས་ཡིད་ལ་འདོན་པའི་རྣམ་པ་ཅན་མིན་གྱི། གཞན་གྱིས་སྔགས་བཏོན་པ་ཉན་པ་བཞིན་དུ་སྙིང་ གར་སྔགས་ཀྱི་གདངས་ཀྱི་རྣམ་པས་གྲག་པའི་ཉན་པའི་རྣམ་པས་སེམས་འཇོག་པ་ཡིན་པས་བཟླས་བརྗོད་ཡན་ལག་བཞིའི་ཡིད་བཟླས་དང་མི་གཅིག་གོ ། སྒྲ་མཐར་ཐར་པ་སྟེར་པའི་བསམ་གཏན་ནི། སྒྲའི་གདངས་ལ་དམིགས་པ་ཙམ་ཡང་བཞག་ལ་བདག་མེད་པའི་ལྟ་བ་ངེས་པར་བྱས་ནས་ལྟ་ཐོག་ 12-11-27a ཏུ་བཞག་སྟེ་སྒོམ་པའོ། །དེ་ལྟར་ཡང་བར་མ་གཏན་ཕྱི་མ་ལས། གསང་སྔགས་མེ་གནས་དངོས་གྲུབ་སྟེར། སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། སྒྲ་མཐར་ཏར་པ་སྟེ་པ་ཉིད། འདི་དག་དེ་ཉིད་གསུམ་པོ་ཡིན། །ཞེས་སོགས་གསུངས་སོ། །སྨྱུང་གནས་ནི་རྒྱུད་ སྡེ་འོག་མ་གསུམ་གའི་ལྷ་བསྐོམ་པའི་སྐབས་སུ་བྱ་བར་གསུངས་སོ། །བྱ་སྤྱོད་ཀྱི་སྤྱིའི་ཆོ་གའི་རྣམ་པར་བཞག་པ་རིགས་གསུམ་ལ་སྦྱོར་ཚུལ་འདི་ནི། རྨད་དུ་བྱུང་བའི་མཁྱེན་པ་ཕུལ་དུ་ཕྱིན་པ་བརྙེས་ནས་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ཀྱི་ཞལ་སྔ་ནས་ཀྱི་ཕྱག་བཞེས་ལྟར་དཀའ་བཞི་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་རི་བོ་དགེ་ལྡན་རྣམས་པར་རྒྱལ་བའི་གླིང་དུ་ཡི་གེར་བཀོད་པའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ ཅད་དུ་དར་ཞིང་རྒྱས་ནས་ཡུན་རིང་དུ་གནས་པར་གྱུར་ཅིག། །མངྒ་ལཾ།། 12-11-27b empty page 12-12-1a ༄༅། །འོད་ཟེར་ཅན་གྱི་སྒྲུབ་ཐབས་རྗེའི་ཐུགས་བཞེད་ལྟར་བཀོད་པ་བཞུགས་སོ།། 12-12-1b ༄༅། །བླ་མ་དམ་པ་རྣམ་ལ་ཕྱག་འཚལ་ལོ། །དམ་ཚིག་དང་སྡོམ་པ་ལྡན་ཞིང་དབང་ཐོབ་པ། བཅོམ་ལྡན་འདས་འོད་ཟེར་ཅན་སྒྲུབ་པར་འདོད་པས། སྐྱབས་སུ་འགྲོ་བ་དང་ཚད་མེད་སྒོ་པ་སོགས་སྤྱི་དང་འདྲ་ བར་བྱས་ལ། སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བྷྲུཾ་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དུ་གྱུར་པ་ནི། རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་ བའི་སྟེང་དུ་བང་རིམ་གྲུ་བཞི་སྒོ་བཞི་པ་དེའི་སྟེང་དུ་བུམ་གདན། དེའི་སྟེང་དུ་མཆོད་རྟེན་གྱི་བུམ་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། དེའི་སྟེང་དུ་བྲེ། དེའི་སྟེང་དུ་གདུགས་རིམ་པ་བཅུ་གསུམ། དེའི་སྟེང་དུ་ཆར་ཁེབས་ཏོག་ དང་བཅས་པས་ནེ་བར་མཛེས་པར་བྱས་པའི་བུམ་པའི་ནང་དུ། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བྷྲུཾ་དཀར་པོ་ལས་བྱུང་བའི་བཅོམ་ལྡན་འདས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། རིན་ པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་ལའི་སྟོད་གཡོགས་དང་སྨད་གཡོགས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་མཾ་ཡིག་གསེར་ མདོག་ཅན་དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཕག་བདུན་གྱིས་དྲངས་པའི་གསེར་གྱི་ཤིང་རྟའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། རང་ཉིད་བཅོམ་ལྡན་འདས་འོད་ཟེར་ཅན་སྐུ་མདོག་གསེར་བཙོ་མའི་མདོག་ཅན་ 12-12-2a ཞལ་གཅིག་ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་གཡོན་མྱང་ངན་མེད་པའི་ཤིང་ཐུགས་ཀར་འཛིན་པ། ཞབས་གཡས་ཅུང་ཟད་བསྐུམ་ཞིང་གཡོན་ཅུང་ཟད་བརྐྱང་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་ བརྒྱན་ཅིང་དར་དཀར་པོའི་སྟོད་གཡོགས་དང་སྨད་གཡོགས་མནབས་པ། དེའི་སྤྱིར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་མཾ་ཡིག་གསེར་གྱི་མདོག་ཅན། དེ་ལས་འོད་ཟེར་ འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། དེ་ལ་འོག་ནས་འགྱུར་བ་ལྟར་མཆོད་པས་མཆོད། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཡང་ཐུགས་ཀའི་མཾ་ལས་འོད་ཟེར་འཕྲོས་པས་རིགས་ལྔ་ལ་སོགས་པ་དབང་གི་ ལྷ་རྣམས་སྤྱན་དྲངས་ཨརྒྷཾ་ལ་སོགས་པས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་ཏུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་བས་ལུས་ཐམས་ཅད་གང་དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། དབང་ལྷ་རྣམས་ཀྱང་རང་ཉིད་ལ་ ཐིམ་པར་གྱུར་པར་བསམ། མཆོད་པ་བསང་སྦྱར་སོགས་སྤྱི་དང་མཐུན་པར་བྱས་ནས། ཨོཾ་མཱ་རཱ་ཙྱཻ་སརྦ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པཱདྱཾ། པུཥྤེ། དྷཱུ་པེ། 12-12-2b ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྟ། རྣམས་རིམ་པ་ལྟར་བཅུག་ལ་ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པས་མཆོད། གང་གིས་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་མཛད་ཅིང་། །དྲི་མེད་བདེ་ཆེན་ཉེ་བར་སྩོལ་མཛད་ མ། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕག་བདུན་གྱིས་དྲངས་རིན་ཆེན་ཤིང་རྟའི་ཁྲིར། །པདྨ་ཟླ་བའི་གདན་ལ་ལེགས་བཞུགས་ཤིང་། ཞལ་གཅིག་ཕྱག་གཉིས་གསེར་བཟང་མདོག་མཚུངས་ལ། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། ། གཡས་པས་གདུལ་བྱ་རྣམས་ལ་མཆོག་སྩོལ་ཞིང་། །གཡོན་པས་མྱ་ངན་མེད་པའི་ཤིང་འཛིན་མ། །སྣ་ཚོགས་རྒྱན་གྱིས་བརྒྱན་ཅིང་དགྱེས་དགུར་སྤྱོད། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཡིས། །རྣམ་ པར་བརྒྱན་ཆོས་ཚུལ་ཀུན་སྒྲོག་ཅིང་། །སྔགས་ཚུལ་དུ་མས་དངོས་གྲུབ་མཆོག་སྩོལ་བ། །ཆོས་སྔགས་ཡི་གེར་འཕྲུལ་ལ་ཕྱག་འཚལ་ལོ། །གདོད་ནས་རྣམས་དག་སྤྲོས་པ་ནེར་ཞི་ཡང་། །མཁྱེན་བརྩེ་བརྩེ་བས་ཀུན་ནས་རབ་བརྩོན་ཞིང་། །གདུལ་བྱའི་ཡིད་ ལ་སྣ་ཚོགས་ཀུན་འཇུག་པ། །ཡེ་ཤེས་ལྔ་ཡི་ཐུགས་ལ་ཕྱག་འཚལ་ལོ། །བདག་གིས་ཁྱོད་སྐུ་དྲན་ཅིང་སྔགས་བཟླས་ཏེ། །རྩེ་གཅིག་གུས་པའི་སེམས་ཀྱིས་གསོལ་འདེབས་ཀྱིས། །བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། །སྲིད་པའི་དངོས་གྲུབ་མ་ལུས་ སྩལ་ཏུ་གསོལ། །བདག་དང་བདག་གི་བཤེས་རྣམས་ཀུན། །ལམ་དང་དེ་བཞིན་ལམ་མཆོད་དང་། སྐྱེ་བོའི་འཇིགས་དང་རྒྱལ་རིགས་ཀྱིས། །འཇིགས་པ་ཀུན་ལས་སྐྱབ་ཏུ་གསོལ། །དེ་བཞིན་གླང་ཆེན་ཆོམ་རྐུན་དང་། །སེང་གེ་སྟག་དང་མེ་དང་ཆུ། ། 12-12-3a སྦྲུལ་དང་དུག་དང་ཕག་རྒོད་དང་དགྲ་ཡི་འཇིགས་པ་ཀུན་ལས་སྐྱོབས། །བདག་ནི་གནས་སྐབས་ཐམས་ཅད་དུ། །ཇི་ལྟའི་ཚུལ་གྱིས་གནས་ཀྱང་རུང་། །གདོན་རིགས་འཁྲུག་པ་ཐམས་ཅད་ལས། །ཀུན་ནས་ཡོངས་སུ་བསྲུང་དུ་གསོལ། །ཞེས་རང་གི་ སྙིང་གའི་ཟླ་བ་ལ་གནས་པའི་མཾ་ཡིག་ལ་ཨོཾ་མཱ་རཱི་ཙྱཻ་མཾ་སྭཱ་ཧཱ། ཞེས་པས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱ། ཆོམ་རྐུན་ལ་སོགས་པ་བསྲུང་ན། རང་དང་སྔགས་འཕྲེང་ལས་རང་འདྲའི་ལྷ་མོ་ཁབ་སྐུད་ཐོགས་པ་དཔག་ཏུ་མེད་པ་སྤྲོས་གནོད་ བྱེད་ཀྱི་ཁ་མིག་བཙེམས་འོད་ཀྱི་དྲ་བས་བཅིངས། ལུས་རངས། སེམས་རྨོངས། དྲན་པ་ཉམས། ཡང་རང་གི་ལུས་ཀྱི་ནང་འོད་ཀྱིས་གང་བས་སྡིག་སྒྲིབ་དག་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་ཀྱི་རྣམས་པར་རང་ལ་ཞུགས་པར་ བསམ་ཐུན་གྱི་མཐར་མཆོད་བསྟོད་བྱས་ལ་ཡེ་ཤེས་པ་གཤེགས། སྤྱོད་ལམ་དམ་ཚིག་པའི་ང་རྒྱལ་གྱིས་བྱའོ།། འོད་ཟེར་ཅན་གྱི་སྒྲུབ་ཐབས་འདི། བླ་མ་རིན་པོ་ཆེའི་ཐུགས་བཞེད་ལྟར་གྲགས་པ་རྒྱལ་མཚན་གིས་ཡེ་གེར་བཀོད། འདིས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིག །སརྦ་མངྒ་ལཾ།། 12-12-3b empty page 12-13-1a ༄༅། །དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་བུ་ནྱ་མིང་ཅན་གྱིས་རྗེའི་གསུང་བཞིན་ཟིན་བྲིས་སུ་བཀོད་པའོ།། 12-13-1b ༄༅༅། །ན་མོ་གུ་རུ། བསྐྱེད་རིམ་གྱིས་རྒྱུད་སྨིན་ནས། རྫོགས་རིམ་བསྒོམ་པའི་ཚུལ་ལ་བཞི། ཡན་ལག་དྲུག་དང་བྲལ་ན་མཆོག་མི་འགྲུབ་པར་བསྟན་པ། རྫོགས་རིམ་གྱི་མཚན་གྱི་རྣམ་གྲངས། གང་ཟག་སོ་སོའི་བསྒོམ་བྱར་འདོད་པ་དགག་པ། ཇི་ལྟར་བསྒོམ་པའི་ཚུལ་དངོས་སོ། །དང་པོ་ནི། འདུས་པའི་རྒྱུད་ཕྱི་མར། གཞན་དག་གིས་ནི་འགྲུབ་འགྱུར་ན། །དངོས་གྲུབ་མཆོག་ཏུ་མི་འགྱུར་རོ། །ཞེས་གསུངས་ པ་ལྟར་ཡན་ལག་དྲུག་དང་བྲལ་ན་མཆོག་མི་འགྲུབ་པ་ལས། ཡན་ལག་དྲུག་ངེས་པར་ཚང་དགོས་སོ། །དེ་ཡང་། སོར་སྡུད་ལ་སོགས་པ་རྣམས་ཀྱིས་དབུ་མ་སྦྱོང་བ་ལ་སོགས་པ་བྱེད་ལས་གང་བྱེད་པ་དེ་སྒྲུབ་པར་ནུས་པ་ ཅིག་འདུག་ན། དེ་ལ་སོར་སྡུད་ལ་སོགས་པའི་དོན་ཚང་བས་དེ་རྣམས་ཚང་བར་འཇོག་གི། རྒྱུད་གཅིག་ཏུ་སོར་སྡུད་སོགས་ཇི་ལྟར་བཤད་པ་བཞིན་བཤད་དགོས་པ་མིན་ནོ། །དེ་ལྟར་ཡན་ལག་དྲུག་གི་ཐ་སྙད་དངོས་སུ་མ་བྱུང་ བ་རྣམས་ལ་ཡང་དོན་གྱི་སྒོ་ནས་ཚང་བ་ཡིན་ནོ། །ཡན་ལག་དྲུག་གི་ཐ་སྙད་དངོས་སུ་བྱུང་བ་རྣམས་སུ་ཡང་། གཅིག་ཏུ་ཡན་ལག་དྲུག་གི་དོན་དུ་གང་བཤད་པ་དེ་ཉིད་གཞན་དུ་འཆད་པ་དགོས་པ་མིན་ཏེ། དཔེར་ན། བསྐྱེད་ རིམ་ལ། དང་པོ་སྦྱོར་བ་སོགས་ཀྱི་མིང་མཐུན་ཡང་དེའི་དོན་དུ་ཇི་ཙམ་འོང་མི་མཐུན་པ་བཞིན་ནོ། །འདི་ཉིད་དུ་ཡང་། རིམ་པ་གཉིས་ཀའི་སྐབས་སུ་བསྙན་སྒྲུབ་ཡན་ལག་བཞིའི་ཐ་སྙང་བྱུང་ཡང་ཡན་ལག་བཞིའི་དོན་ 12-13-2a མི་མཐུན་པ་བཞིན་ནོ། །ནཱ་རོ་པས་ཀྱང་རྒྱུད་ཕྱི་མའི་འགྲེལ་པར། སྒྲོན་གསལ་བཞིན་བཤད་ལ། དབང་མདོར་བསྟན་གྱི་འགྲེལ་པར། རྒྱུད་ཕྱི་མའི་གཞུང་དེ་རྣམས་དུས་འཁོར་བཞིན་བཤད་དོ། །གཉིས་ པ་ནི། རྣལ་འབྱོར་ཡན་ལག་དྲུག་ཅེས་པ་དང་། སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་སྦྱོང་བར་བྱེད་པ། བསྙེན་སྒྲུབ་ཡན་ལག་བཞི། རྡོ་རྗེ་་བཞིའི་རྫོགས་རིམ། དགེ་བ་གསུམ་གྱི་རྫོགས་རིམ་ལ་སོགས་པའི་མིང་གིས་ བསྟན་ལ། རྒྱུད་འགྲེལ་དུ། ཕྱག་རྒྱ་བཞིའི་རྫོགས་རིམ་ཞེས་གསུངས་པའི་ཕྱག་རྒྱ་བཞི་ནི། ལས་དང་ཡེ་ཤེས་དང་། ཕྱག་རྒྱ་ཆེན་མོ་གསུམ་ནི་གྲགས་ཆེ་ལ། རྣལ་འབྱོར་རྒྱུད་དུ། ཆོས་རྒྱ་ཞེས་བཤད་པ་ནི། འདིར་ཡེ་རྒྱའོ། ། ཕྱག་རྒྱ་བཞི་པ་ནི། དམ་ཚིག་གི་ཕྱག་རྒྱ་ཡིན་ལ། དེ་ནི་འགྱུར་བ་མེད་པའི་བདེ་བ་ཆེན་པོ་བསྒྲུབ་བྱ་ཡིན་ཞིང་། ཕྱག་རྒྱ་གཞན་གསུམ་ནི། དེའི་སྒྲུབ་བྱེད་ཡིན་ཏེ། དེ་ཡང་། དབང་པོ་རབ་ཕྱག་ཆེན་དང་། འབྲིང་ཡེ་རྒྱ་དང་། ཐ་ མས་ལས་རྒྱ་ལ་བརྟེན་ནས་བསྒྲུབ་བོ། །སྤྱིར་རྒྱུད་སོ་སོ་ལ་བརྟེན་པའི་རྫོགས་རིམ་རྣམས་མི་འདྲ་ཡང་། སེམས་འགྲེལ་སྐོར་གསུམ་གྱི་རྫོགས་རིམ་ལ་མི་འདྲ་བ་མེད་དོ། །གསུམ་པ་ནི། ཁ་ཅིག་ན་རེ། སོར་བསམ་ གཉིས་དབང་པོ་རབ་ཀྱིས་བསྒོམ། འབྲིང་གིས་སྲོག་འཛིན་གཉིས། ཐ་མས་རྗེས་དྲན་དང་ཏིང་ངེ་འཛིན་གཉིས་བསྒོམ་ཞེས་པ་ནི་མི་འཐད་དེ། རྒྱུད་འགྲེལ་དུ་ཡན་ལག་གང་འཆང་པའི་སྐབས་སུ་ཡང་། ཡན་ལག་དྲུག་ཀ་ 12-13-2b དགོས་པར་གསུངས་པའི་ཕྱིར་རོ། །བཞི་པ་ནི། བོད་ཀྱི་མཁས་པ་སྔ་མས། སྔོན་འགྲོ་ལྟོས་མེད་དྲུག །དངོས་གཞི་རྣམ་གཞག་དྲུག །རྗེས་བསྲུང་སྡོམ་དྲུག་དང་གསུམ་དུ་མཛད་ནས། སྔོན་འགྲོ་ལྟོས་མེད་གསུམ་ལ། ལུས་ངག་ཡིད་གསུམ་གྱི་ལོངས་ སྤྱོད་ལ་ལྟོས་པ་མེད་པ་དང་། འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་དང་། གཞི་ལུས་དང་དབང་པོ་ལ་ལྟོས་པ་མེད་པ་གཉིས་བསྣན་ནས་དྲུག་ཏུ་བྱེད་དོ། །དེའི་ཚེ་ལྟོས་མེད་དྲུག་བསྙོན་པ་ཆུ་གཏེར་ཞེས་བསྙེན་པར་བཤད་པས། ཡན་ལག་དང་པོ་བཞི་ཀ་ ཉེར་སྒྲུབ་ཏུ་བྱ་དགོས་སོ། །འདི་ཡང་། རིམ་པ་གཉིས་ཀའི་སྔོན་འགྲོ་ཡིན་གྱི། རྫོགས་རིམ་ཁོ་ནའི་མིན་ནོ། །དངོས་གཞི་རྣམ་གཞག་དྲུག་ལ། ཐོག་མར་དགེ་བ་བསྙེན་པའི་ཡན་ལག་སྐུ་རྡོ་རྗེའི་རྣལ་འབྱོར་ལ་སོར་བསམ་གཉིས། བར་དུ་དགེ་བ་ ཉེར་སྒྲུབ་ཀྱི་ཡན་ལག་གསུང་རྡོ་རྗེའི་རྣལ་འབྱོར་ལ་སྲོག་རྩོལ་དང་འཛིན་པ་གཉིས། ཐ་མར་དགེ་བ་ལ་གཉིས་སུ་བྱས་ནས། སྒྲུབ་པའི་ཡན་ལག་ཐུགས་རྡོ་རྗེའི་རྣལ་འབྱོར་རྗེས་དྲན་སྒྲུབ་བྱེད་ཀྱི་ཡན་ལག་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཏིང་ངེ་འཛིན་ དང་དྲུག་ཏུ་བྱེད་པ་ནི། རྒྱུད་འགྲེལ་དང་མཐུན་པས་ཤིན་ཏུ་ལེགས་ནའང་། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བཤད་པའི་དོན་དམ་པའི་དབང་བཞི་པ་འདི་ཤེས་རབ་ཡེ་ཤེས་དང་དཔེ་དོན་སྦྱོར་ཟེར་བ་ཙམ་མ་གཏོགས་པ་བསྒྲུབ་བྱ་དོན་དམ་པའི་དབང་ བཞི་པ་ནི་འདི་ལྟ་བུ་གཅིག་ཡིན་ལ། དེ་སྒྲུབ་པར་བྱེད་པའི་སྒྲུབ་བྱེད་ནི་འདིའོ་ཞེས། རྒྱུད་འདི་ལ་བརྟེན་པ་རྣམས་ཀྱིས་ཀྱང་ཐོན་པ་ཉུང་བར་སྣང་ལ། རྒྱུད་འདིར་ནི་སྟོང་གཟུགས་སྒྲུབ་པའི་ཐབས་ཀྱི་སྒོ་ནས་སྟོང་གཟུགས་བསྒྲུབ་ཅིང་། སྟོང་གཟུགས་ 12-13-3a ཀྱི་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྐྱེད་པའི་ཚུལ། རྒྱུད་གཞན་ལས་རྩལ་དུ་བཏོན་ནས། འཇིག་རྟེན་ལས་འདས་པའི་དབང་བཞི་པ་གསལ་པོར་འཆད་པར་བྱེད་པ་ཡིན་ཏེ། དེ་ཡང་འདི་ལྟར། བསྒྲུབ་བྱ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཡིན་ལ། དེ་སྒྲུབ་པར་བྱེད་པ་ལ། ལས་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ཡང་བརྒྱུད་ནས་སྒྲུབ་པར་བྱེད་པ་ཡིན་མོད། དངོས་སུ་སྒྲུབ་པ་ནི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་འབའ་ཞིག་ཡིན་ལ། རྒྱུད་འདིར། སྟོང་གཟུགས་ལ་བསྔག་པ་བརྗོད་ པོའི་སྒོ་ཆེ་ཤོས་ནི་འདི་ཡིན་ནོ། སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས། མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་མ་གཅིག་སྐྱེས་པ་ནས་དོན་དམ་པའི་དབང་བཞི་པར་འཇོག་གོ། སྟོང་གཟུགས་ཀྱི་ཉམས་སྣང་འགའ་རེ་ཤར་བ་དང་། དེ་ལ་བརྟེན་ནས་ བདེ་བ་སྐྱེས་པ་རྣམས་ཀྱང་། སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་དང་། མི་འགྱུར་བའི་བདེ་ཆེན་ཡིན་ན། སོར་སྡུད་ཀྱི་སྐབས་ནས་ཀྱང་འབྱུང་ལ། ཏིང་ངེ་འཛིན་ཐུན་མོང་བ་བསྒོམས་པ་ལས་ཀྱང་འབྱུང་བས། རྒྱུད་དུ་བསྔགས་པ་ཆེར་མཛད་ པའང་མི་རིགས་སོ། །སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ནི། རྗེས་དྲན་ཐོབ་ནས་འོང་གི། དེ་མ་ཐོབ་བར་དུ་མི་འབྱུང་སྟེ། དེ་འདྲ་བའི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་དེ་ནི། ཡན་ལག་སྔ་མ་བཞིའི་སོར་བསམ་གྱིས་གཟུགས་བསྒྲུབས། སྲོག་ འཛིན་གྱིས་སྲོག་བསྒྲུབས་པའི་སྒོ་ནས་སྒྲུབ་པར་བྱེད་དོ། །མདོར་ན། བསྒྲུབ་བྱ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཡིན་ལ། དེ་དངོས་སུ་སྒྲུབ་བྱེད་ནི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ། །ཡན་ལག་སྔ་མ་བཞི་ནི་དེའི་སྒྲུབ་བྱེད་དོ། །སྟོང་གཟུགས་ 12-13-3b ཀྱིས་བདེ་ཆེན་དངོས་སུ་སྒྲུབ་ཅེས་པ་ཡང་། ཕྱག་རྒྱའི་རིམ་པ་གཞན་རྒྱུད་མི་དགོས་པའོ། །དེ་ལྟར་ན། རྒྱུད་འདིར། སྟོང་གཟུགས་ཀྱི་ཕྱག་རྒྱ་བསྒྲུབས་ནས། དེ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྐྱེད་ཚུལ་གསལ་བར་བྱེད་པ་དེས་ན། ས་ཆོད་ ཀྱང་འདི་ལྟར་བྱས་ན་ལམ་གྱི་ལུས་ལ་གོ་བའི་ངེས་པ་ཆེའོ། །འདི་ལ་གསུམ། བདེ་ཆེན་དངོས་སུ་འདྲེན་བྱེད་སྟོང་གཟུགས་སྒྲུབ་བྱེད་ཀྱི་ཡན་ལག །གཟུགས་དེ་ལ་བརྟེན་ནས་བདེ་ཆེན་དངོས་སུ་སྒྲུབ་བྱེད་ཀྱི་ཡན་ལག །བསྒོམས་པས་འགྲུབ་ པའི་བསྒྲུབ་བྱ་ཏིང་ངེ་འཛིན་གྱི་ཡན་ལག་གོ། །དང་པོ་ལ་གཉིས། གཟུགས་སྒྲུབ་བྱེད་ཀྱི་ཡན་ལག་དང་། སྲོག་སྒྲུབ་བྱེད་ཀྱི་ཡན་ལག་གོ། །དང་པོ་ལ་གཉིས། གཟུགས་མ་གྲུབ་པ་སྒྲུབ་པར་བྱེད་པ་སོར་སྡུད་ཀྱི་ཡན་ལག་དང་། གྲུབ་པ་བརྟན་ པར་བྱེད་པ་བསམ་གཏན་གྱི་ཡན་ལག་གོ། །དང་པོ་ལ་དྲུག །སོར་སྡུད་ཀྱི་མཚན་དོན། དང་པོར་བསྒོམ་པའི་དུས་མཚམས། ཡན་ལག་ཇི་ལྟར་བསྒོམ་པའི་མཚན་ཉིད། ཚད་མ་གང་ཡིན་དཔྱད་པ། དག་དབྱེ། གནས་སྐབས་དང་མཐར་ཐུག་གི་ འབྲས་བུའོ། །དང་པོ་ནི། སོ་སོར་སྡུད་པ་ཞེས་པའི་དོན་དུ་མ་ལ་འཇུག་པ་ལས། འདིར། མིག་དབང་སོགས་ཡུལ་སོ་སོར་འཇུག་པ་ཕྱིར་བསྡུས་ནས་མི་འཇུག་པར་བྱེད་པའོ། །དེ་ཡང་། དབང་པོ་ལྔ་དང་ཡུལ་ལྔའི་འབྲེལ་པ་ཆད་པ་ཡིན་གྱི། ཡིད་ དང་ཆོས་ཀྱི་འབྲེལ་པ་ཆད་པ་མིན་ཏེ། ཡིད་དང་། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་མཐོང་བ་དགོས་པའི་ཕྱིར་རོ། །སྤྱིར་ཏིང་ངེ་འཛིན་ཐུན་མོང་བ་བརྟན་པོ་ལས་ཀྱང་དབང་ཤེས་ཀྱི་དེ་མ་ཐག་རྐྱེན་མ་ཚང་བ་ལས། དབང་ཤེས་ཡུལ་ལ་མི་འཇུག་པ་ 12-13-4a འབྱུང་ཡང་། འདིར་ནི་དེ་ཙམ་གྱི་སྒོ་ནས་མིན་གྱི། དབང་ཤེས་ཀྱི་བཞོན་པར་གྱུར་པའི་ཡན་ལག་གི་རླུང་ལྔ་བཀག་པའི་སྒོ་ནས་ཡིན་ནོ། །དེ་ཡང་དབང་ཤེས་དང་། ཡུལ་ཡུལ་ཅན་གྱི་འབྲེལ་པ་ཆད་པ་ཙམ་གྱིས་མི་ཆོག་གི ། གནས་མཐོང་བ་ཞེས་གསུངས་པས། སྟོང་པ་ཉིད་དུ་ཡུལ་ལྔ་མཐོང་བ་དགོས་སོ། །གཉིས་པ་ནི། སྣ་བུག་གཡས་ཀྱི་རླུང་རྒྱུ་བའི་དུས་སུ་ཐོག་མར་བསྒོམ་པའི་མགོ་འཛུགས་ཏེ། དེའི་དུས་སུ་བསྒོམ་པའི་མགོ་བཙུགས་པས། རླུང་སྡུད་སླ་བའི་རྟེན་ འབྲེལ་ཁྱད་པར་ཅན་ཡོད་དོ། །གསུམ་པ་ལ་བཞི། གཉིས་སུ་འབྱེད་པའི་རྒྱུ་མཚན། སོ་སོའི་སྒོམ་ཚུལ། མ་གྲུབ་ན་སྤོགས་པའི་ཆོ་ག །བསྒོམ་འཕྲོ་ལ་ཤི་ཡང་རྣལ་འབྱོར་གོམས་སྟོབས་ཀྱིས་འཇུག་པའོ། །དང་པོ་ནི། ཕྱི་རུ་ལོ་ལ་ལྷོ་བགྲོད་དང་། བྱང་བགྲོད། ཞག་ལ་ཉིན་མོ་དང་། མཚན་མོའོ། །ནང་དུ་སེམས་ཅན་ལ་སྐྱེ་འཆི་སྟེ། སྤྲོ་རིམ་དང་སྡུད་རིམ་གཉིས་གཉིས་སུ་འདུག་པའི་ཕྱིར། ཞེས་གསུང་ཡང་། རྒྱུ་མཚན་དུ་འགྲོ་ཚུལ་དཔྱད་པར་བྱའོ། །གཉིས་པ་ལ་གཉིས། མཚན་མོའི་ རྣལ་འབྱོར་དང་། ཉིན་མོའི་རྣལ་འབྱོར་རོ། །དང་པོ་ལ་དྲུག །གང་དུ་སྒོམ་པའི་གནས། ལུས་གནད་ཀྱི་ངེས་པ། མིག་གི་བལྟ་སྟངས་ཀྱི་ངེས་པ། དབང་པོའི་བྱེད་པ་བཅང་བ། བསྒོམས་པས་ཉམས་མྱོང་སྐྱེ་བའི་ཚུལ། གང་ལ་དམིགས་པ་གཏད་ པའི་དེ་ཁོ་ན་ཉིད་ནི་བྱེད་བཅིངས་སུ་འདུའོ། །དང་པོ་ནི། སྣང་བ་ཅུང་ཟད་ཀྱང་མེད་པའི་མུན་ཁང་ཤིན་ཏུ་ནག་པ་སྟེ། དེར་བསྒོམས་ན་སྟོང་གཟུགས་འཆར་སླ་བའི་དགོས་པ་ཡོད་དོ། །དེ་ཡང་། འདི་པྲ་ཕབ་པ་དང་དཔེ་དོན་དུ་ཡང་ཡང་གསུངས་ལ། 12-13-4b པྲ་ཡི་རིགས་འགའ་ཞིག་ལ། མུན་པ་ཤིན་ཏུ་ནག་པར་མིག་འབྲས་མི་འགུལ་བར་བསྡད་ན། དེ་ཁས་མཐོང་སྣང་སྣ་ཚོགས་འཆར་བ་སྣང་ངོ་། །གཉིས་པ་ནི། ལུས་གནད་སྤྱི་དང་མཐུན། ལག་པའི་འཇོག་ཐབས་ནི། སོ་སོར་སྡུད་པ་རྒྱལ་བའི་ བདག་པོར་བརྗོད་དེ། ཞེས་སོར་སྡུད་རྡོ་རྗེ་སེམས་དཔའི་རིགས་སུ་བཤད་པས། ལག་པ་གཉིས་རྡོ་རྗེའི་ཁུ་ཚུར་བྱས་ཏེ་བརླའི་རྩ་བར་ཐད་ཀར་རམ་བསྣོལ་ནས་གཞག་པར་བྱ་ཞེས། བླ་མ་གོང་མ་རྣམས་གསུང་བ་ལྟར་བྱའོ། །གསུམ་པ་ནི། འདུས་ པའི་རྒྱུད་ཕྱི་མར། བསྙེན་པའི་དུས་སུ་གཙུག་ཏོར་ཆེ། ཞེས་གསུངས་པ། ནཱ་རོ་པས། གཙུག་ཏོར་ཆེ་ནི་གཙུག་ཏོར་འཁོར་བསྒྱུར་ཡིན་པས། དེའི་བལྟ་སྟངས་ནི་སྟེང་དུ་ལྟ་བར་བཤད་པས་ན། མིག་གི་མས་ལྕིབས་ཀྱིས་མིག་ཕྱེད་བཀབ་སྟེ་ཕྱེད་ མིག་ཏུ་བྱས་ལ། མིག་འབྲས་མི་བསྒུལ་བར་སྟེང་དུ་བལྟའོ། །འདི་ཡང་སྟོང་གཟུགས་འཆར་སླ་བའི་དགོས་པ་ཡོད་ཚུལ་ནི་བཤད་ཟིན་ཏོ། །ཁ་ཅིག་ཐང་ཀའི་ནམ་མཁའ་ལ་བལྟ་བར་འདོད་པ་ནི། རྒྱུད་འགྲེལ་དུ་མིག་མི་འཛུམས་པར་སྟེང་དུ་ བལྟ་བས་མཚན་མར་འགྱུར་རོ། །ཞེས་པ་དང་མི་མཐུན་པས་དོར་བར་བྱའོ། །བཞི་པ་ནི། ཁ་ཅིག་དབང་པོ་སོ་སོ་ལ་བྱེད་བཅིངས་ཀྱང་སོ་སོར་བྱེད་པར་སྣང་སྟེ། སྙིང་པོ་མ་མཐོང་ངོ་། །མཁས་པ་ཁ་ཅིག་མིག་གྱེན་དུ་བལྟ་བ་ནི་མིག་འཆིང་བ་ ཡིན་ལ། དེ་ཉིད་ཀྱིས་དབང་པོ་གཞན་ཀྱང་འཆིངས་པར་འདོད། དེ་ལ་འཁྲིད་ཡིག་བྱེད་པ་ཁ་ཅིག་ནི། སོར་སྡུད་ཀྱི་སྐབས་སུ། རླུང་དྷཱུ་ཏཱིར་འཛུད་མི་དགོས་པར་བཞེད་ལ། ཁ་ཅིག་ནི་དེར་ཚུད་དགོས་པར་བཞེད་ཀྱང་། རླུང་དྷཱུ་ཏཱིར་འཛུད་པའི་ཐབས་ 12-13-5a མ་ནོར་བ་བསྟན་རྒྱུ་མི་འདུག་པས། ཅུང་ཟད་བཤད་པར་བྱ་སྟེ། འདི་ལ་གཉིས། སོར་སྡུད་ཀྱི་དུས་སུ་རླུང་དྷཱུ་ཏཱིར་ཚུད་པ་དགོས་པའི་རྒྱུ་མཚན། གང་གིས་དྷཱུ་ཏཱིར་འཛུད་པའི་དམིགས་པ་བཤད་པའོ། །དང་པོ་ནི། དབུ་མ་ དག་ནི་སྦྱངས་བྱས་ནས། ཞེས་སོར་སྡུད་དབུ་མ་སྦྱོང་བྱེད་དུ་བཤད་ལ། དབུ་མ་སྦྱོང་ཚུལ་ནི། ཡུར་བ་ལ་ཆུ་འདྲེན་པའི་སྔོན་དུ་ཡུར་བ་སེལ་བ་ལྟ་བུར་བཤད་པས། དབུ་མ་སྦྱོང་མཁན་ནམ། སེལ་མཁན་ནི་རླུང་ཡིན་ལ། རླུང་གི་ས་དབུ་མའི་ ནང་དུ་མ་ཕྱིན་པར་དབུ་མའི་ཕྱི་ནས་དབུ་མ་ཇི་ལྟར་སེལ། ཡུར་བའི་ཕྱི་ནས་ཡུར་བ་སེལ་ཞེས་པ་ནི་ངོ་མཚར་རོ། །དེས་ན་སོར་སྡུད་ཀྱི་དུས་སུ་རླུང་དབུ་མར་ཚུད་པ་མི་འདོད་ན། སོར་སྡུད་དབུ་མ་སྦྱོང་བྱེད་དུ་བཤད་པ་ལ་བློ་རྩེ་གཏང་རྒྱུ་ཅུང་ཟད་ཀྱང་ མེད་དོ། །ཡང་རྒྱུད་འགྲེལ་དུ། དང་པོར་སྲོག་གཞུག་ཅེས་པའི་འགྲེལ་པར། འདིར་དང་པོར་རྣལ་འབྱོར་པས་སྲོག་དབུ་མར་གཞུག་པར་བྱ་སྟེ། གང་གི་མཚན་མ་མཐོང་བར་འགྱུར་བ་ཨ་བ་དྷཱུ་ཏཱིར། ཞེས་དང་པོར་སྲོག་དབུ་མར་བཅུག་པ་ལས། དུ་སོགས་ཀྱི་མཚན་མ་མཐོང་བར་འགྱུར་བའི་ཨ་བ་དྷཱུ་ཏཱིར་སྲོག་གཞུག་པར་བཤད་ཅིང་། དེ་ཉིད་གཅིག་པ་སྐུ་རྡོ་རྗེའི་ཞལ་དུ་བཤད་པས་ཀྱང་ཤེས་ཏེ། དེའི་འོག་དེ་མ་ཐག་ཏུ་སྲོག་རྩོལ་གཉིས་པ་གསུང་རྡོ་རྗེའི་ཞལ་དུ་བཤད་པས། དང་པོར་ སྲོག་དབུ་མར་འཇུག་པའི་སྲོག་རྩོལ་ལ་བཤད་མི་རུང་ལ། དེའི་ཚེ་སོར་སྡུད་ལ་སྲོག་དབུ་མར་འཛུད་པ་མེད་ན། དང་པོར་སྲོག་དབུ་མར་འཛུད་ས་བཞག་པ་མེད་པའི་ཕྱིར་རོ། །གཞན་ཡང་སོ་སོར་སྡུད་ཀྱི་སྐབས་སུ། རྟགས་བཅུ་པོ་རྣམས་འཆར་ 12-13-5b དགོས་ལ། དགོས་པར་འདོད་ཀྱང་འདོད་ལ། རྟག་དེ་རྣམས་ནི་རླུང་དབུ་མར་ཞུགས་པ་ལས་འཆར་བར་གསུངས་ཏེ། རྒྱུད་དུ། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་མི་འཛུམས་ཤིང་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། སྟོང་པ་ལས་ ནི་དུ་བ། ཞེས་གསུངས་ཤིང་། འགྲེལ་པར། དབུ་མར་སྲོག་ཞུགས་པས་སྟོང་པ་ཁོ་ན་ལས། ཞེས་རྡོ་རྗེའི་ལམ་དབུ་མ་ལ་བཤད་དོ། །མདོར་བསྡུས་དང་པོར་ཡང་། དེ་ཉིད་དུ་ན་རོ་མ་དག་དང་ནི། རྐྱང་མ་གཅིག་ཏུ་སྦྱར་བས་མཐོང་བར་འགྱུར། ཞེས་ བཤད་ལ། རོ་རྐྱང་གཉིས་གཅིག་ཏུ་བྱེད་མི་ནུས་པས། རོ་རྐྱང་གི་རླུང་དྷཱུ་ཏཱིར་གཅིག་ཏུ་བྱས་པ་ལས། དུ་སོགས་མཐོང་བར་བཤད་དོ། །ནཱ་རོ་པས། དབང་མདོར་བསྟན་གྱི་འགྲེལ་པར། རྡོ་རྗེའི་གླུ་དྲངས་པར་ཡང་། གང་ཚེ་དབུ་མར་སྲོག་ནི་ནུས་གྱུར་ པ། །དེའི་ཚེ་རྡོ་རྗེའི་མེ་དང་དུ་བ་འབྱུང་། །ཞེས་ཀྱང་གསུངས་སོ། །རྟགས་བཅུ་གཅིག་པ་རེ་ཁཱ་ནག་པོ་དུས་ཀྱི་རྩ་ཨ་བ་དྷཱུ་ཏཱི་ལ་མཐོང་བ་ནི། རླུང་དབུ་མར་མ་ཚུད་པར་འཆར་བ་ཡང་མི་སྲིད་དོ། །རླུང་དབུ་མར་མ་ཚུད་ན། རོ་རྐྱང་ལ་བརྒྱུ་དགོས་ལ། དེ་ གཉིས་ལ་རླུང་བརྒྱུ་བའི་དུས་སུ་སོར་སྡུད་ཀྱི་རྟགས་རྣམས་མི་མཐོང་བར་གསུངས་ཏེ། རྒྱུད་འགྲེལ་དུ། རྣམ་པ་ཐམས་ཅད་པ་ཡིན་ཡང་། དུས་ཐམས་ཅད་དུ་བྱིས་པ་རྣམས་ཀྱིས་བལྟ་བ་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་བདུད་ཀྱི་མཐུ་ ལས་ཏེ། གཡོན་པ་དང་གཡས་པའི་རྩ་དག་ལ་སྲོག་རབ་ཏུ་བརྒྱུ་བ་ལས་སོ། །ཞེས་གསུངས་སོ། །སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་རྣལ་འབྱོར་རྣམས་ཀྱི་འདོད་པ་ཐོབ་པར་མ་གྱུར་ན། ཞེས་སྤོགས་ཆོག་གསུངས་ 12-13-6a པས་ཀྱང་ཤེས་ཏེ། སོར་སྡུད་ཀྱི་སྐབས་སུ་དབུ་མར་འཛུད་པའི་ཐབས་ཀྱིས་དབུ་མར་འཛུད་པ་མེད་ན། དེས་མ་ཆུད་ན་འདི་བྱ་ཞེས་པ་ནི་བཞད་གད་དུ་འགྱུར་ཏེ། དཔེར་ན། ཞིང་ལ་ས་བོན་མ་བཏབ་པར་མྱུ་དུ་མ་སྐྱེས་ན་ཆུ་བཅུ་བར་ བྱ། ཞེས་པ་དང་འདྲའོ། །གཉིས་པ་ནི། འོ་ན། སོར་སྡུད་ཀྱི་དུས་སུ་རླུང་དབུ་མར་ཚུད་པ་དགོས་ན། འཛུད་པར་བྱེད་པའི་ཐབས་ཇི་ལྟ་བུ་ཞེ་ན། བཤད་པར་བྱ་སྟེ། བྱེད་པ་ལྔ་ལ་འཆིང་བ་གཉིས་ཞེས་བཤད་པས། འཆིང་རྒྱུ་ནི་བྱེད་པ་མིག་ལ་སོགས་པའི་ དབང་པོ་ལྔ་སྟེ། འཆིང་ཚུལ་ནི། དེ་རྣམས་རང་གི་ཡུལ་ལ་འཇུག་པ་ལོག་སྟེ། མི་འཇུག་པར་བྱེད་པ་ཡིན་ལ། དེ་ཡང་སྟེང་དུ་སྲོག་གི་རླུང་དང་། འོག་ཏུ་ཐུར་སེལ་བཅིངས་པའི་སྒོ་ནས་བཞོན་པའི་རླུང་བཅིངས་པའི་སྒོ་ནས་འཆིང་བ་ཡིན་ལ། རླུང་འཆིང་ཚུལ་ནི་ རོ་རྐྱང་ལ་བརྒྱུ་བ་བཀག་ནས། དབུ་མར་འཛུད་པ་ཡིན་པས། དེའི་ཐབས་བཤད་པར་བྱ་སྟེ། རླུང་དབུ་མར་འཛུད་པའི་ཐབས་ནི། ལུས་ལ་གནད་དུ་བསྣུན་པ་དང་། རླུང་གི་རྣལ་འབྱོར་གཉིས་སུ་ངེས་ལ། ལུས་ལ་གནད་དུ་བསྣུན་པ་ལ་ནི། རྩའི་འཁོར་ལོ་ དྲུག་དང་། ཡར་སྣེ་མར་སྣེ་གཉིས་ཏེ། དེ་རྣམས་སུ་རླུང་དྷཱུ་ཏཱིར་འཇུག་པའི་སྒོ་རེ་རེ་ཡོད་པས། དེ་དག་ཏུ་བསྣུན་དགོས་ལ་གནད་དུ་བསྣུན་ལུགས་ཀྱང་། དེ་དག་ཏུ་དམིགས་པ་གཏད་ནས་སེམས་མ་ཡེངས་པར་འཇོག་པ་སྟེ། སེམས་དེར་བཞག་པ་ན། རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་རླུང་ཡང་དེར་འདུའོ། །འོ་ན་འདིར་ཐབས་གང་གི་སྒོ་ནས་འཛུད་ཅེ་ན། དེ་ཉིད་ལས། རྒྱུད་ནི་གཞན་དག་གིས་རྟོགས་པར་བྱ། ཞེས་གསུངས་ལ། རི་གི་ཨ་ར་ལི་ལས། མིག་གཉིས་མ་ཕྱེ་མ་བཙུམ་པར། ། 12-13-6b སྨིན་མའི་བར་དུ་སེམས་བྱས་ན། །མུན་པ་མི་བཟད་པ་ཡི་ཚུལ། །དང་པོར་རྣལ་འབྱོར་པས་མཐོང་འགྱུར། །ཞེས་པའི་རྐང་པ་དང་པོས་མིག་གི་ལྟ་སྟངས་བསྟན་ལ། གཉིས་པས་སེམས་ཡུལ་གང་ལ་གཏོད་ཚུལ་དང་། ཐ་མ་གཉིས་ཀྱིས་རྟགས་འཆར་ཚུལ་ གསུངས་པ་ལྟར། སྨིན་མའི་དབུས་ན་དྷཱུ་ཏཱིའི་ཡར་སྣེ་ཡོད་པས། དེར་སེམས་གཟུང་བར་བྱ་སྟེ། འདི་ཉིད་ཀྱི་རྩ་རྒྱུད་ལས། སོ་སོར་སྡུད་པ་ཕྱག་རྒྱ་ཆེ། ནམ་མཁའ་སྟོང་པའི་མཚན་ཉིད་དོ། །གང་ཞིག་ཁོ་ནར་ཡིད་དག་ནི། །གཏོད་པར་བྱེད་པ་ཕྱོགས་སྣ་ ལ། །མཚན་མའི་མཐར་ནི་རེ་ཁཱ་གང་། ཞེས་གསུངས་ལ། ཡང་། ལྟེ་བའི་འོག་ཏུ་གཏུམ་མོར་བརྗོད། །ཨ་ཝ་དྷཱུ་ཏཱི་མི་ཡི་སྣ། །འོད་ཟེར་ལྔ་ཡི་རང་བཞིན་སྲོག །དཀྱིལ་འཁོར་ལྔ་ནི་འབབ་བྱེད་པ། ཞེས་གསུངས་པས་རྒྱུད་གཞན་དུ་མི་ཡི་སྣ་ནི་དྷཱུ་ཏཱིའི་མར་ སྣེ་ལ་བྱེད་ཀྱང་། འདིར་ནི་ཨ་ཝ་་དྷཱུ་ཏཱི་ཙམ་ལ་བྱེད་པར་གསལ་ལོ། །དེས་ན་ལུང་སྔ་མས་སོར་སྡུད་ཀྱི་སྐབས་སུ། ཡིད་སྣའི་ཕྱོགས་སུ་གཏོད་པར་བྱེད་པར་བཤད་ལ། ལུང་ཕྱི་མས་སྣ་ནི་དྷཱུ་ཏཱི་ལ་བྱེད་པར་བཤད་པས། དེས་ན་དྷཱུ་ཏཱིའི་ཕྱོགས་སུ་གཏོད་ པར་གསལ་བོར་བཤད་དོ། །གཞན་ཡང་འགྲེལ་པར། བགེགས་མཐར་བྱེད་པའི་ལྟ་བ་ཞེས་པ་ལ། བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་བའོ། །དེའི་ལྟ་བ་ནི་བདུད་རྩིའི་གནས་སུ་སོན་པ་སྟེ། དཔྲལ་བར་སོན་པའོ། །བགེགས་མཐར་བྱེད་པའི་ལྟ་བ་ བདུད་རྩིའི་གནས་སུ་སོན་པ་དེ་ཡིས་ཉེར་སྒྲུབ་ལ་ཡན་ལག་དྲུག་གོ། ཀྱང་ཡིག་གི་སྲོག་རྩོལ་དང་འཛིན་པ་བྱ་སྟེ། སྲོག་གིས་གཟུགས་བརྙན་མཐོང་བར་གྱུར་པ་ན་ཉེ་བའི་སྒྲུབ་པའོ། །ཞེས་གསུངས་ལ། རྩ་བར་བགེགས་མཐར་བྱེད་ལ་བལྟ་བ་ཞེས་ 12-13-7a འབྱུང་བའི་བགེགས་མཐར་བྱེད་ནི། འགྲེལ་པས། བདུད་རྩི་འཁྱིལ་པར་བཤད་ལ། དེ་ཡང་བདུད་རྩི་འཁྱིལ་པའམ་བདུད་རྩིའི་གནས་དཔྲལ་བ་ལ་བཤད་ལ། བལྟ་བའི་དོན་སོན་པ་ལ་བཤད་པས། མདོར་ན་བགེགས་མཐར་ བྱེད་པའི་ལྟ་བ་ནི་བདུད་རྩིའི་གནས་ཏེ་དཔྲལ་བར་སོན་པའོ། །དེ་ཡིས་ཞེས་པ་གོང་དུ་སོར་བསམ་གཉིས་བསྙེན་པའི་ཡན་ལག་ཏུ་བཤད་པས། བདུད་རྩིའི་གནས་དཔྲལ་བར་སོན་པས་བསྙེན་པའི་ཡན་ལག་ཐོབ་པ་དེ་ཡིས་ཉེ་བར་སྒྲུབ་པ་ལ་ ཡན་ལག་དྲུག་གོ། ཞེས་པ་ནི། འགྱུར་མང་ལས། ཡན་ལག་དྲུག་གི་ཉེར་སྒྲུབ་ལ། ཞེས་འབྱུང་བ་ལྟར་བདེའོ། །དེས་ན་བསྙེན་པའི་ཡན་ལག་ཐོབ་པ་དེ་ཡིས་ཀྱང་། ཉེར་སྒྲུབ་ཀྱི་ཡན་ལག་ལ་སྲོག་རྩོལ་དང་འཛིན་པ་བསྒོམ་དགོས། དེ་གཉིས་ བསྒོམས་པས་སྲོག་གི་གཟུགས་བརྙན་མཐོང་བ་ན་ཡན་ལག་དེ་གྲུབ་པའོ། །ཞེས་བཤད་དོ། །དེས་ན་བདུད་རྩིའི་གནས་སུ་སོན་པའི་བལྟ་བས་བསྒོམ་པ་ཅིག་བཤད་ལ། སྲོག་འཛིན་གཉིས་ནི་མིན་པར་བཤད་པས། བསམ་གཏན་ནི་སོར་ སྡུད་བརྟན་བྱེད་ཡིན་པས། སོར་སྡུད་ཀྱི་སྐབས་སུ་བསྒོམ་པ་ལས་འོས་མེད་དོ། །འགེལ་པའི་ཀྱང་ནི་ནུས་པ་ད་ལྟར་བྱ་དགོས་ཀྱི། སོར་བསམ་གཉིས་གཙུག་ཏོར་འཁོར་བསྒྱུར་གྱི་བལྟ་བས་བསྒོམ་པ་མ་ཟད། སྲོག་འཛིན་གཉིས་བདུད་ རྩི་འཁྱིལ་པའི་བལྟ་བས་བསྒོམ་ཞེས་བསྟན་པ་ནི་མི་འཐད་དེ། སྲོག་འཛིན་གཉིས་བདུད་རྩིའི་གནས་སུ་སོན་པའི་བལྟ་བས་བསྒོམ་པ་མ་ཡིན་པའི་ཕྱིར་རོ། །མདོར་ན། དེ་ཡིས་ཞེས་པ་དང་། འཛིན་པ་བྱ་སྟེ་ཞེས་པ་དང་། མཐོང་བར་གྱུར་ 12-13-7b པ་ན་ཞེས་པའི་ཚིག་གི་ནུས་པས། བདུད་རྩིའི་གནས་དཔྲལ་བའི་རྩ་འཁོར་ལ་བལྟས་ཤིང་གནད་དུ་བསྣུན་པས། སོར་བསམ་གཉིས་བསྙེན་པའི་ཡན་ལག་འཐོབ་པའི་གང་ཟག་དེས། སྲོག་འཛིན་གཉིས་ཉེར་སྒྲུབ་ཀྱི་ཡན་ལག་བསྒོམ་པར་བྱའོ། །ཞེས། བློ་གྲོས་ཀྱིས་དཔྱོད་ཤེས་ན་རྒྱུད་འགྲེལ་དེ་གཉིས་ཀྱིས་གསལ་པོར་བསྟན་སྣང་ངོ་། །སྔར་དྲངས་པའི་རྩ་རྒྱུད་ཀྱི་ལུང་ནི་འདིའི་ཡང་ཁུངས་སུ་རུང་ངོ་། །དེ་ལྟ་ན། དྷཱུ་ཏཱིར་སྲོག་འགོག་པས། སོར་སྡུད་སྲོག་རྩོལ་དུ་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། སྲོག་ རྩོལ་ནི་དངོས་སུ་རླུང་ལ་དམིགས་ནས་སྲོག་འགོག་པ་ཅིག་ལ་ཟེར་གྱི། རླུང་དྷཱུ་ཏཱིར་འཛུད་ཐབས་ཐམས་ཅད་ལ་ཟེར་བ་མིན་ནོ། །དེ་ལྟར་བྱས་ན་དཔྲལ་བ་ན་མ་དག་པའི་རླུང་ལུས་ཀྱི་གནས་སྐབས་སྐྱེད་པར་བྱེད་པའི་ཐིག་ལེ་ཡོད་པ་ལ། སོར་སྡུད་ནི་དེ་ སྦྱངས་ནས་དག་པའི་ལུས་སྐྱེད་པར་བྱེད་པ་སྐུ་རྡོ་རྗེའི་རྣལ་འབྱོར་དུ་བཤད་པ་དང་ཡང་ཤིན་ཏུ་འགྲིག་པ་ཡིན་ནོ། །དུས་ཞབས་སྙན་བརྒྱུད་ལས་ཀྱང་། དཔྲལ་བའི་ཐིག་ལེར་སྲོག་བཅུག་ལ། །གཡས་པས་རླུང་བརྒྱུ་དུས་བསྒོམ། ཞེས་དཔྲལ་ བར་གནད་དུ་བསྣུན་པར་གསལ་བར་གསུངས་སོ། །ལྔ་པ་ནི། དེ་ལྟར་ལུས་ལ་གནད་དུ་བསྣུན་ཏེ་བསྒོམས་པ་ལས། སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། ཞེས་གསུངས་པ་ལྟར་གྱི་ རྟགས་བཞི་འབྱུང་ངོ་། །མཁའ་སྣང་ནི་མེ་ཁྱེར་རོ། །དེ་ཡང་དུ་སོགས་ཀྱི་ཉམས་སྣང་གང་བྱུང་གིས་མི་ཆོག་གོ། རླུང་་དྷཱུ་ཏཱིར་ཚུད་པ་ལ་ཤར་བ་དགོས་ཏེ། འོག་ཏུ་འཆད་ཅིང་བཤད་ཟིན་ཏོ། །གཉིས་པ་ཉིན་མོའི་རྣལ་འབྱོར་ལ་གསུམ། 12-13-8a གཉིས་གསུངས་པའི་ཁུངས་དགོད་པ། གཉིས་ཀ་སོ་སོར་སྒོམ་དགོས་པའི་རྒྱུ་མཚན། ཉིན་མོའི་རྣལ་འབྱོར་དངོས་སྒོམ་ཚུལ་ལོ། །དང་པོ་ནི། བདེ་མཆོག་སྟོད་འགྲེལ་ལས། འདིར་སྔགས་ཀྱི་ཐེག་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་རྣལ་འབྱོར་སྒོམ་པ་རྣམ་པ་གཉིས་གསུངས་ཏེ། ནམ་མཁའ་དང་། བླ་གབ་མེད་པ་ལ་རྣལ་འབྱོར་གོམས་པའོ། །ཞེས་གསུངས་ནས། ཕར་ཕྱིན་གྱི་ཐེག་པ་ནས་གསུངས་ཚུལ་ལ། ཤེར་ཕྱིན་ལ་རྣལ་འབྱོར་དུ་བྱེད་ ཚུལ་ནི། ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ། །ཞེས་གསུངས་ལ། སྔགས་ཀྱི་ཐེག་པ་ནས་ནི་དུས་ཀྱི་འཁོར་ལོ་ནས་གསུངས་སོ། །ཞེས་གསུངས་སོ། །དེ་བཞིན་དུ། རྒྱུད་འགྲེལ་འདི་ཉིད་དུ་ཡང་གསུངས་སོ། །དེ་རྣམས་ཀྱང་། སྔགས་དང་། ཕར་ཕྱིན་གྱི་ཐེག་པ་ནས་རྣལ་འབྱོར་གཉིས་མིང་མཐུན་པར་གསུངས་པའི་ཁུངས་ཡིན་གྱི། སྔགས་ཀྱི་ཐེག་པར་བཤད་པ་དེ་ཉིད་ཕར་ཕྱིན་ཐེག་པར་བཤད་པའི་ཁུངས་སུ་མི་རུང་སྟེ། སྔགས་ཀྱི་ཐེག་པར་བཤད་པའི་ཉིན་མཚན་གྱི་རྣལ་འབྱོར་ འདིར་བཤད་པ་འདྲ་བ་ནི་རྒྱུད་སྡེ་འོག་མ་རྣམས་སུ་ཡང་མི་སྟོན་ན། ཕར་ཕྱིན་གྱི་ཐེག་པར་ལྟ་སྨོས་ཀྱང་ཅི་དགོས། འདིར་བཤད་པའི་ཉིན་མཚན་གྱི་རྣལ་འབྱོར་འདི་འདྲ་བ་ཕར་ཕྱིན་གྱི་ཐེག་པར་བཤད་པ་འདི་དག་གི་སྣོད་རུང་དུ་བསྒྲུབ་པའི་དབང་ དང་། རྒྱུད་སྨིན་པར་བྱེད་པའི་བསྐྱེད་རིམ་ཡང་བཤད་པར་འགྱུར་རོ། །གཉིས་པ་ནི། ཁ་ཅིག་ན་རེ། མཚན་མོའི་རྣལ་འབྱོར་གྱི་དུས་སུ་ཉིན་མོའི་རྟགས་རྣམས་ཤར་ན། ཉིན་མོའི་རྣལ་འབྱོར་བསྒོམ་མི་དགོས་ཞེས་ཟེར་བ་ནི་མི་འཐད་དེ། མུན་ 12-13-8b པ་ལ་སྟོང་གཟུགས་འཆར་སླ་ལ། སྣང་བ་ཡོད་པར་སྟོང་གཟུགས་འཆར་དཀའ་བས། མུན་པ་ལ་སྟོང་གཟུགས་འཆར་ཐུབ་ཀྱང་། སྣང་བ་ལ་སྟོང་གཟུགས་འཆར་མི་ཐུབ་ལ། ཐམས་ཅད་དུ་སྟོང་གཟུགས་འཆར་བ་མུན་པ་ལ་ལྟོས་ན་ཧ་ཅང་ཐལ་བས་ སྣང་བ་ལ་ཡང་སྟོང་གཟུགས་འཆར་ཐུབ་པ་ཅིག་དགོས་པས། མཚན་མོའི་རྣལ་འབྱོར་གྱི་དུས་སུ་ཉིན་རྟགས་རྣམས་འཆར་ཡང་། རྟགས་འཆར་དཀའ་ས་སྣང་བ་ལ་ཡང་རྟགས་འཆར་ཐུབ་པའི་སྒོ་ནས་རྟགས་རྣམས་འདོད་དགུར་འཆར་ཐུབ་པར་བྱ་བའི་ཕྱིར་ ཉིན་མོའི་རྣལ་འབྱོར་ངེས་པར་བསྒོམ་དགོས་སོ། །འོ་ན་མུན་པ་ལ་རྟགས་རྣམས་འཆར་སླ་བས་ཉིན་མོའི་རྟགས་རྣམས་ཀྱང་མུན་ཁང་དུ་མ་ཤར་བར་དུ་ཉིན་མོའི་རྣལ་འབྱོར་མི་བསྒོམ་མམ། མུན་ཁང་དུ་མ་ཤར་ཡང་སྒོམ་ཞེ་ན། འདི་ལྟར་གང་ཟག་ཁ་ ཅིག་ལ། མཚན་མོའི་རྣལ་འབྱོར་གྱི་དུས་ནས་ཉིན་མོའི་རྟགས་འབྱུང་བ་ཡོད་ཀྱང་། ཕལ་ཆེར་ལ་མི་འབྱུང་ལ། དེས་ན་མཚན་རྟགས་རྣམས་རྫོགས་ན་ཉིན་རྟགས་མ་བྱུང་ཡང་། མཚམས་དེ་ནས་ཉིན་མོའི་རྣལ་འབྱོར་བསྒོམ་མོ། །གལ་ཏེ་འདི་སྙམ་ དུ་མཚན་རྟགས་རྣམས་མུན་པ་ལ་འཆར་སླ་བས་ཐོག་མར་མུན་པ་ལ་བསྒོམ་དགོས་པ་ལྟར། ཉིན་རྟགས་རྣམས་ཐོག་མར་མུན་པ་ལ་བསྒོམས་ན་འཆར་སླ་བ་མིན་ནམ་སྙམ་ན་བཤད་པར་བྱ་སྟེ། ཉིན་རྟགས་མཚན་རྟགས་ལས་འཆར་དཀའ་ཞིང་། མཚན་རྟགས་རྫོགས་པར་མ་ཤར་བར་འཆར་བ་ཡང་མི་སྲིད་པས། མཚན་རྟགས་རྫོགས་པར་ཤར་བ་སྔོན་དུ་འགྲོ་དགོས་པས་སྔོན་དུ་ཡུལ་ཡུལ་ཅན་གྱི་འབྲེལ་པ་ངེས་པར་ཡོད་པས། ཐོག་མར་འཆར་བ་ལ་སྣང་མུན་གཉིས་འཆར་དཀའ་སླའི་ཁྱད་པར་ 12-13-9a མེད་ལ། མཚན་རྟགས་ཐོག་མར་འཆར་བ་ལ་ནི་སྔོན་ཇུ་ཡུལ་ཡུལ་ཅན་གྱི་འབྲེལ་པ་ཆད་པ་མེད་པས། སྣང་མུན་གཉིས་འཆར་དཀའ་སླའི་ཁྱད་ཆེའོ། །མདོར་ན། ཐོག་མར་མཚན་རྟགས་འཆར་སླ་བས་མུན་པ་ལ་བསྒོམ་ཞིང་། དེར་མཚན་རྟགས་རྫོགས་པར་ཤར་བ་ན། མཚམས་དེ་ནས་ཉིན་མོའི་རྣལ་འབྱོར་བསྒོམས་པས་མཚན་རྟགས་རྣམས་འདོད་དགུར་འཆར་ཐུབ་པ་དང་། དེའི་སྟོབས་ཀྱིས་ཉིན་རྟགས་རྣམས་ཀྱང་མྱུར་དུ་འཆར་ཐུབ་སྟེ། རྣལ་འབྱོར་གཉིས་ཀྱི་སྒོ་ནས་སོར་ སྡུད་ཡན་ལག་རྫོགས་པར་འཐོབ་བོ། །གསུམ་པ་ལ། གནས་ལ་སོགས་པ་ལྔ་ལས། གནས་ནི་བླ་གབ་མེད་པའི་ཕྱོགས་ཆུ་དང་། གངས་དང་། བསར་མས་མིག་ལ་མི་གནོད་པའི་སར་རོ། །དུས་ནི། སྔ་དྲོ་དང་ཕྱི་དྲོའི་དུས་སུ་ཉི་མ་ལ་རྒྱབ་གཏད་ནས་བསྒོམ་ སྟེ། གུང་གི་དུས་སུ་མིན་ཏེ། ཉི་མས་མིག་ལ་གནོད་པས་སོ། །ལུས་གནད་ལ་སོགས་པ་གསུམ་སྔ་མ་ལྟར་མཚན་མོའི་རྣལ་འབྱོར་ལྟར་བྱ་སྟེ། བསྒོམས་པས་ཉམས་མྱོང་སྐྱེ་བའི་ཚུལ་ནི། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་མཆོག་གི་ཆ་དང་ཐིག་ ལེའོ། །ཞེས་གསུངས་པའི་རྟགས་རྣམས་འབྱུང་སྟེ། འབར་བ་ནི་མེ་འབར་བ་ལྟ་བུ་དང་། རྡོ་རྗེ་ནི་སྒྲ་གཅན། མཆོག་གི་ཆ་ནི་གློག་གོ། ཐིག་ལེ་ནི། དབྱིབས་ཟླུམ་པོ་ཁ་དོག་སྔོན་པོའམ། སྔོ་སྐྱ། འོད་དེའི་དབུས་སུ་དུ་མ་ལོངས་སྤྱོད་རྫོགས་ པའི་སྐུ་དང་། རེ་ཁཱ་ནག་པོ་སྐྲའི་ཚད་ཙམ་འོད་ཟེར་ལྔ་འཕྲོ་བ་དང་པོར་ཕྱིར་མཐོང་ལ། དེ་ནས་ནང་དུ་མཐོང་སྟེ། འདི་ཐིག་ལེར་བསྡུས་ནས་རྟགས་དྲུག་གོ། མདོར་ན། སོར་སྡུད་ཀྱི་སྐབས་སུ་མཚན་རྟགས་བཞི་དང་། ཉིན་རྟགས་དྲུག་འཆར་རོ། ། 12-13-9b རྟགས་བཅུ་པོ་དེ་དག་ཀྱང་། སྤྱིར་རླུང་བཅུ་དྷཱུ་ཏཱིར་ཚུད་པ་ལ་འཆར་བ་ཡིན་གྱི། གཡས་ཀྱི་རླུང་ཚུད་པས་མཚན་རྟགས་དང་། གཡོན་གྱི་རླུང་ཚུད་པས་ཉིན་རྟགས་འཆར་བ་འདོད་པ་མི་འཐད་དེ། གཡས་ཀྱི་རོ་མ་ལ་བརྒྱུ་བའི་རླུང་ཚུད་ནས། གཡོན་རྐྱང་མ་ ལ་བརྒྱུ་བའི་རླུང་མ་ཚུད་པ་མི་འཐད་པའི་ཕྱིར་ཏེ། གཡོན་ལ་རླུང་བརྒྱུ་བ་ན་གཡས་ལ་བརྒྱུ་བའི་རླུང་དེ་ཉིད་འཕོས་ནས་བརྒྱུ་བ་ཡིན་པས། དཀྱིལ་འཁོར་ལྔའི་རླུང་གཅིག་ཉིད་གཡས་གཡོན་ལ་འཕོས་ནས་བརྒྱུ་བ་ཡིན་པའི་ཕྱིར་རོ། །དེས་ན། གཡས་གཡོན་ གྱི་རླུང་ཚུད་པ་ལས། མཚན་རྟགས་ཉིན་རྟགས་སོ་སོར་འཆར་བར་འདོད་ན། དེ་གཉིས་རིམ་གྱིས་འཆར་ལ། ཅིག་ཅར་མི་འཆར་བའི་རྒྱུ་མཚན་བཤད་དཀའོ། །འོ་ན་སྤྱིར་རླུང་དྷཱུ་ཏཱིར་ཚུད་པ་ལ་རྟགས་གཉིས་འཆར་བ་ལ་ཡང་། རིམ་ཅན་དུ་ འཆར་བའི་རྒྱུ་མཚན་ཅི་ཞེ་ན། བཤད་པར་བྱ་སྟེ། མཚན་རྟགས་རྣམས་ནི་རླུང་དྷཱུ་ཏཱིར་ཚུད་པ་ཙམ་ལས་འཆར་ལ། ཉིན་རྟགས་རྣམས་ནི་དེ་ཙམ་གྱིས་མི་འཆར་གྱི། དྷཱུ་ཏཱིར་ཚུད་པ་ཕུལ་དུ་བྱུང་བ་ལས་འཆར་རོ། །ཤ་བ་རི་པས་ཀྱང་། དྷཱུ་ཏཱིར་རླུང་ བཅུ་ཚུད་གྱུར་པས། །མཚན་དང་ཉིན་མོའི་རྟགས་བཅུ་མཐོང་། །སོ་སོར་སྡུད་པའི་ཡན་ལག་གོ། ཞེས་གསུངས་སོ། །རླུང་དྷཱུ་ཏཱིར་འཛུད་པའི་ཐབས་ཀྱི་དམིགས་པ་མེད་པར་ཏིང་ངེ་འཛིན་ཐུན་མོང་བ་བསྐྱངས་པས་ཀྱང་། ཟླ་བ་འདྲ་བ་དང་། ཉི་མ་འདྲ་བ་ དང་། རྡོ་རྗེ་འདྲ་བ་ལ་སོགས་པའི་རྟགས་འཆར་བ་ལང་གཤེགས་ལས་གསུངས་པ་དང་། དྷཱུ་ཏཱིར་འཛུད་པའི་ཐབས་ཀྱི་དམིགས་པ་བསྐྱངས་པས། དྷཱུ་ཏཱིར་རླུང་མ་ཚུད་པའི་གོང་དུ་ཡང་། དུ་བ་ལ་སོགས་པའི་རྟགས་འཆར་བས་དེ་གཉིས་དང་། 12-13-10a འདིར་སོར་སྡུད་ཀྱི་སྐབས་ཀྱི་རྟགས་རྣམས་ཁྱད་པར་ལེགས་པར་ཕྱེད་དགོས་ཏེ། མ་ཕྱེད་ན་སྔ་མ་དང་ཁྱད་པར་མ་ཕྱེད་པས། ཏིང་ངེ་འཛིན་མུ་སྟེགས་དང་ཡང་ཐུན་མོང་བ་འགའ་ཞིག་ལ་སྔགས་བླ་མེད་ཀྱི་རྫོགས་རིམ་དུ་ འཛིན་པ་མང་དུ་མཐོང་ཞིང་། དེ་ལྟར་གཟུང་བས། ལམ་རྣམ་དག་ལ་སློབ་པའི་གེགས་བྱེད་པར་སྣང་ངོ་། །ཕྱི་མ་དང་ཁྱད་པར་མ་ཕྱེད་ན། དྷཱུ་ཏཱིར་མ་ཚུད་གོང་གི་རྟགས་དེ་དག་སྐྱེས་པ་ན་སོར་སྡུད་ཀྱི་རྟགས་སྐྱེས་པར་རློམ་ཞིང་། སོར་སྡུད་ཀྱི་རྟགས་ སྐྱེས་པ་ལ་རྒྱུད་འགྲེལ་ནས་འབྱུང་བར་བཤད་པའི་ཡོན་ཏན་དེ་དག་རང་ལ་ཨེ་འདུག་བལྟས་པ་ནི། མི་འདུག་པ་དང་། རྒྱུད་སྡེ་ནས་དེ་ལྟར་བཤད་པ་ནི་མི་བདེན་ནོ་སྙམ་ནས་སྡིག་སོག་པར་འགྱུར་རོ། །འོ་ན་དེ་གཉིས་དང་ཁྱད་པར་གང་གིས་ འབྱེད་ཅེ་ན། འདིར་རླུང་དྷཱུ་ཏཱིར་ཚུད་པ་མི་དགོས་པར་འདོད་པས་ནི། ཏིང་ངེ་འཛིན་ཐུན་མོང་བའི་རྟགས་དང་། འདི་གཉིས་ཀྱི་ཁྱད་པར་འབྱེད་འདོད་ཀྱང་མི་ཕྱེད་པས། མཚན་ཉིད་ཐེག་པ་ནས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་སྒྲུབ་བྱེད་ཁྱད་པར་ཅན་ ཡོད་པར་འདོད་དགོས་སོ། །དེས་ན། འདི་ནི་དྷཱུ་ཏཱིར་ཚུད་པ་ལས་འབྱུང་བའི་རྟགས་ཡིན་པས། སྔ་མ་གཉིས་ཀ་དང་ཁྱད་པར་ཆེའོ། །འོ་ན་རླུང་དྷཱུ་ཏཱིར་ཚུད་པ་དང་། མ་ཚུད་པའི་དུས་ཀྱི་རྟགས་གཉིས་ཀྱི་ཁྱད་པར་གང་གིས་ཤེས་པར་བྱེད་ཅེ་ན། འདུས་ པའི་རྒྱུད་ཕྱི་མ་ལས་བརྟེན་གྱུར་རྡོ་རྗེའི་ལམ་ནས་ནི། ཞེས་པའི་འགྲེལ་པ་སྒྲོན་གསལ་ལས། རྡོ་རྗེའི་ལམ་ནས་ཞེས་པ་འདའ་བར་མི་བྱ་བའི་མཚན་མ་ལྔའི་རིམ་གྱིས་ཞེས་གསུངས་པ་ལྟར་གཞན་དུ་གསུངས་ཟིན་པ་ལས་ཤེས་པར་བྱའོ། ། 12-13-10b དེས་ན། ཞལ་ལུང་འགྲེལ་པ་མཛེས་པའི་རྒྱན་ལས། དབང་པོའི་རླུང་ཅུང་ཟད་ནང་དུ་ལོག་པར་རྩོམ་པ་དང་། ཅུང་ཟད་ལོག་པ་དང་། དྷཱུ་ཏཱིར་ཚུད་པ་དང་། དྷཱུ་ཏཱིར་ཐིམ་པ་ལས་རྟགས་རྣམས་འཆར་བར་གསུངས་པ་ནི། ལོག་པས་རྟགས་འཆར་ ཚུལ་དེ་ལྟར་དུ་ཤེས་པར་བྱའོ། །གསུམ་པ་སྤོགས་ཆོག་ནི། དུས་ཞབས་པས་སྔར་གྱི་བྱེད་བཅིངས་ལ་སོགས་པ་དེ་ཉིད་དམ་དུ་གཏོང་བར་བཤད་ལ། སྔ་མ་ཁ་ཅིག །ཟངས་ཆུས་བཀང་བ་ལ་མིག་རྩ་སྦྲིད་སྦྲིད་དུ་བལྟས་ནས། དེ་ནས་ནམ་ མཁར་བལྟས་ན་སྟོང་གཟུགས་འཆར་རོ། །ཞེས་ཟེར་རོ། །སྔ་མ་མི་འཐད་དེ། དམ་དུ་གཏོང་བའི་དོན་གང་ཡིན། ལུས་གནད་སོགས་ལེགས་པར་མ་བྱུང་བར་འདུག་པ་འཆོས་པ་ལ་བྱེད་ན་ནི། དེ་ནི་རྩ་བའི་བསྒོམ་མ་ཤེས་པ་ཡིན་ལ། སྤོགས་ཆོག་ ནི་སྒོམ་ཚུལ་ཤེས་ནས་བསྒོམས་པས་མ་གྲུབ་ན་བྱ་བ་ཡིན་པས། དང་པོའི་སྒོམ་ཚུལ་སློབ་པ་སྤོགས་ཆོག་ཏུ་ཇི་ལྟར་རུང་། བསྒོམ་ཚུལ་ལེགས་པར་ཤེས་ནས་བསྒོམས་པས་མ་གྲུབ་པ་ལ་བསྒོམ་ཚུལ་དེ་ཉིད་དམ་དུ་གཏོང་བ་ཡིན་ན་ནི། དེས་ མ་གྲུབ་པ་ལ་ཅི་བྱ་ཞེས་པ་ལ། དེ་མ་གྲུབ་ན་དེ་ཉིད་བྱའོ། །ཞེས་པའི་སྤོགས་ཆོག་ནི་མེད་ཀྱང་སླའོ། །གཉིས་པས་ཀྱང་གནད་རྙེད་པ་མ་ཡིན་ཏེ། རླུང་དྷཱུ་ཏཱིར་ཚུད་པའི་ཐབས་མི་བྱེད་པར་སྟོང་གཟུགས་ཙམ་འཆར་བའི་ཐབས་འབའ་ཞིག་བྱེད་པར་སྣང་ ལ། རླུང་དྷཱུ་ཏཱིར་མ་ཚུད་པའི་སྟོང་གཟུགས་ནི། ཇི་ཙམ་ཤར་ཡང་། སྟོང་གཟུགས་ཀྱི་ཕྱག་ཆེན་སྒྲུབ་བྱེད་ཀྱི་མན་ངག་ཏུ་མི་རུང་བས། སོར་སྡུད་ཀྱི་ཡན་ལག་ཏུ་མི་རུང་ངོ་། །དེས་ན། འདིར་རླུང་དྷཱུ་ཏཱིར་ཚུད་པ་ལས་བྱུང་བའི་སྟོང་གཟུགས་འཆར་ 12-13-11a དགོས་ལ། དེ་ལ་རླུང་དྷཱུ་ཏཱིར་ཚུད་དགོས་ལ། རླུང་དྷཱུ་ཏཱིར་ཚུད་པ་ཡོད་ན་སྟོང་གཟུགས་རང་ཤུགས་ཀྱིས་འབྱུང་བས་སྟོང་གཟུགས་བསྒྲུབ་པའི་སྤོགས་ཆོག་མི་དགོས་སོ། །དེས་ན་རྒྱུད་འགྲེལ་ནས་གསུངས་པ་ལྟར་བྱ་སྟེ། སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་ཐོབ་པར་མ་གྱུར་ན། ཞེས་དང་། དེའི་འགྲེལ་པར། སོར་སྡུད་ལ་སོགས་པ་རྣམས་ཀྱིས་གཡས་པ་དང་གཡོན་པའི་རླུང་མ་ཆིངས་པ་ཉིད་ཀྱིས། ཞེས་གསུངས་པས། སོར་ སྡུད་ཀྱི་རླུང་དྷཱུ་ཏཱིར་མ་ཆིངས་པ་དེའི་ཆེ། བཙན་ཐབས་བྱ་བར་བཤད་པ་ལྟར་བྱའོ། །བཞི་པ་ནི། བསྒོམ་འཕྲོ་ལ་ཤི་ཡང་། ཚེ་རབས་གཞན་དུ་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་ཐོབ་སྟེ། ལམ་བསྒོམས་པས་བག་ཆགས་ཀྱི་སྟོབས་ཀྱིས་ལམ་མྱུར་ དུ་རྒྱུད་ལ་སྐྱེས་ནས་མཆོག་ཐོབ་པར་འགྱུར་རོ། །བཞི་པ་ནི། དབང་པོའི་མངོན་སུམ་ཚད་མ་དང་འདྲ་བས་ན། དབང་མངོན་ནོ། །དེ་གཟུགས་སྒྲ་ལ་སོགས་པའི་ཡུལ་འཛིན་པས་དབང་ཤེས་དང་འདྲའོ། །མངོན་སུམ་ནི། རྟོག་པ་དང་བྲལ་བས་ཏེ། སྟོང་ པ་ཉིད་ཀྱི་གཟུགས་སོགས་གསལ་བར་སྣང་བའི་ཕྱིར་རོ། །རྣམ་འགྲེལ་ལས། རྣམ་རྟོག་རྗེས་སུ་འབྲེལ་བ་ལ། །དོན་གསལ་སྣང་བ་ཡོད་མ་ཡིན། ཞེས་གསུངས་སོ། །མ་འཁྲུལ་བའི་དོན་མི་སླུ་བ་ལ་བྱས་ནས། གནས་སྐབས་དང་། མཐར་ ཐུག་གི་འབྲས་བུ་ལ་མི་བསླུ་བའི་ཕྱིར་རོ། །ལྔ་པ་དབྱེ་བ་ནི། རྣམ་པ་བཅུའོ། །དྲུག་པ་ནི། གནས་སྐབས་ཀྱི་འབྲས་བུ་སྔགས་ཀྱི་ཚིག་འཛིན་པ། མཐར་ཐུག་ཡེ་ཤེས་ཀྱི་ཕུང་པོ་ལ་སོགས་པ་དྲུག་དྲི་བྲལ་དུ་གྱུར་པ་འཐོབ་བོ། །ཡེ་ཤེས་ཀྱི་ཕུང་ 12-13-11b སོགས་སྦྱོར་བ་ནི། རྟགས་འདི་རྣམས་ཡན་ལག་དྲུག་ཀའི་སྐབས་སུ་འོང་བ་ཐམས་ཅད་ལ་ཁྱབ་པ་རྡོར་སེམས་ཀྱི་རིགས་ཡིན་པས་སོ། །མདོར་ན། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་འབྲེལ་པ་མེད་པའོ། །ཞེས་པ་རྩ་འགྲེལ་གྱི་ སོར་སྡུད་ནི། ཡུལ་ཡུལ་ཅན་གྱི་འབྲེལ་པ་ཆད་ནས་སྟོང་པ་ཉིད་ཀྱི་གཟུགས་མཐོང་བའི་ཁྱད་ཆོས་གཉིས་དང་ལྡན་པར་བཤད་ལ། ཡུལ་ཡུལ་ཅན་གྱི་འབྲེལ་པ་ཆད་པ་ཙམ་སྟོང་གཟུགས་མཐོང་ཙམ་ནི་ཏིང་ངེ་འཛིན་ཐུན་མོང་བ་ལ་ཡང་འབྱུང་ལ། རླུང་དྷཱུ་ ཏཱིར་མ་ཚུད་པའི་སྟོང་གཟུགས་ཀྱིས་ནི་ལྷན་སྐྱེས་ཙམ་ཡང་འདྲེན་མི་ནུས་པར་སྤོགས་ཆོག་གི་སྐབས་སུ་བཤད་ན་དེས་མཆོག་མི་འགྱུར་གྱི་བདེ་ཆེན་དངོས་སུ་འདྲེན་པའི་སྟོང་གཟུགས་ཀྱི་ཕྱག་ཆེན་སྒྲུབ་མི་ནུས་ལ། སོར་སྡུད་ཀྱི་སྟོང་གཟུགས་རྣམས་ ནི་དེ་སྒྲུབ་བྱེད་ཡིན་ཞིང་། སྤོགས་ཆོག་གི་སྐབས་སུ་རླུང་དྷཱུ་ཏཱིར་མ་ཚུད་པའི་སྟོང་གཟུགས་ཇི་ཙམ་ཤར་ཡང་། སོར་སྡུད་སོགས་བསྒོམ་པས་འདོད་དོན་རླུང་དྷཱུ་ཏཱིར་མ་ཚུད་བར་དུ་མི་འགྲུབ་པར་གསུངས་པས། སོར་སྡུད་ཀྱི་ཡན་ལག་ཏུ་འགྲོ་ བའི་སྟོང་གཟུགས་ལ་ནི་རླུང་དྷཱུ་ཏཱིར་ཚུད་པ་ལས་བྱུང་བའི་སྟོང་གཟུགས་འཆར་དགོས་ལ། དེ་འཆར་བ་ལ་ནི་སྔོན་དུ་རླུང་དྷཱུ་ཏཱིར་ཚུད་པ་དགོས་ལ། དེ་ལ་སྔོན་དུ་རླུང་དྷཱུ་ཏཱིར་ཚུད་པའི་ཐབས་བསྒོམ་དགོས་པས། མདོར་ན། སོར་སྡུད་ཀྱི་སྐབས་ སུ་ཐོག་མར་རླུང་དྷཱུ་ཏཱིར་འཇུད་པའི་ཐབས་བསྒོམ་པ་དང་། བར་དུ་དེ་བསྒོམས་པས་རླུང་དྷཱུ་ཏཱིར་འཆིང་སྟེ། དབང་པོ་ལྔ་ཡུལ་དང་། ཡུལ་ཅན་གྱི་འབྲེལ་པ་ཆད་པ་དང་། མཐར་དེའི་སྒོ་ནས་སྟོང་གཟུགས་རྣམས་མཐོང་སྟེ། རེ་ཁ་ནག་པོ་ 12-13-12a སྐྲའི་ཚད་ཙམ་ཨ་ཝ་དྷཱུ་ཏཱིའི་ནང་དུ་མཐོང་བ་ན། སོར་སྡུད་ཀྱི་ཡན་ལག་མཚན་ཉིད་ཆང་བ་ཐོབ་པ་ཡིན་པས་མཚམས་དེ་ནས་དེ་བརྟན་པར་བྱ་བའི་ཕྱིར། བསམ་གཏན་གྱི་ཡན་ལག་བསྒོམ་པར་བྱ་སྟེ། གཉིས་པ་བསམ་ གཏན་ལ། ཀུན་ལ་དྲུག་དྲུག་ཏུ་ཤེས་པར་བྱ་སྟེ། ཞེས། ཡན་ལག་རེ་རེ་ལ་དྲུག་དྲུག་ཏུ་བྱེད་པ་ནི་བསམ་གཏན་དང་ཏིང་ངེ་འཛིན་གཉིས་སྒྲ་བཤད་དུ་མེད་པར། ཁ་ཅིག་སོར་སྡུད་བརྟན་པར་བྱེད་པས་བསམ་གཏན་ཞེས་བྱེད་པ་ནི་ཡི་གེའི་དོན་མིན་ནོ། ། དེས་ན། འདི་ལ་ལྔ་སྟེ། དུས་མཚམས། གང་བསྒོམ་པའི་ཡན་ལག །དག་དབྱེ། ཚད་མ་གང་ཡིན། འབྲས་བུ་དང་ངོ་བོའོ། །དང་པོ་ནི། གོང་དུ་བཤད་པ་ལྟར་སོར་སྡུད་ཀྱི་རྟགས་བཅུ་རྫོགས་ནས་སོ། །གཉིས་པ་ལ་གསུམ། དགོས་པ་གང་གི་ཕྱིར་བསྒོམ་ པ། ཡན་ལག་གི་དབྱེ་བ། བསམ་གཏན་འགྲུབ་པའི་ཚད་བསྟན་པའོ། །དང་པོ་ནི། སོར་སྡུད་ནི་གཟུགས་མ་གྲུབ་པ་སྒྲུབ་པའི་ཕྱིར་བསྒོམ་པ་ཡིན་ལ། བསམ་གཏན་ནི་གྲུབ་ཟིན་བརྟན་པར་བྱ་བའི་ཕྱིར་སྒོམ་པ་ཡིན་ནོ། །འོ་ན་དམིགས་པ་ གཞན་སྒོམ་པ་ནས་བརྟན་པར་བྱེད་པ་ཡིན་ནམ་ཞེ་ན། དམིགས་པ་དེ་ཉིད་རྒྱུན་གོམས་པས་བརྟན་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། སྔ་མས་རྟོག་པ་ནི། སྟོང་གཟུགས་རགས་པ་མཐོང་བའོ། །དཔྱོད་པ་ནི། སྟོང་གཟུགས་ཕྲ་བ་ཡང་མཐོང་ བའོ། །དགའ་བདེ་ནི། ཕན་ཡོན་གྱི་ཡན་ལག་སྟེ། རིམ་པ་བཞིན། སེམས་དང་ལུས་ཤིན་སྦྱངས་འདོན་པའི་སེམས་ཀྱི་དགའ་བ་དང་། ལུས་ཀྱི་བདེ་བའོ། །ཤེས་རབ་ནི། འདུས་པ་ལས། སེམས་རྩེ་གཅིག་པ་ཞེས་དང་ཁྱད་པར་མེད་ལ། དེ་ 12-13-12b ནི། ཤེས་རབ་དང་ཤེས་བྱུང་ཟད་པའོ། །ཞེས་གསུངས་པ་ལྟར། ཡུལ་ཡུལ་ཅན་གྱི་འབྲེལ་པ་ཆད་པའོ། །ཁ་ཅིག །ཡན་ལག་སོ་སོ་ལ་བསྒོམ་ཚུལ་རེ་རེ་བྱེད་པ་སྣང་སྟེ། ཡན་ལག་འདི་དག་ནི་བསམ་གཏན་བསྒོམས་པས་རྟོགས་པ་སྐྱེ་བའི་རིམ་ པ་ཡིན་པས་བསྒོམ་ཚུལ་སོ་སོར་བྱེད་པ་མི་འཐད་དོ། །གསུམ་པ་ནི། སོར་སྡུད་ཀྱི་སྐབས་ཀྱི་ལུས་ལ་གནད་དུ་བསྣུན་པའི་དམིགས་པ་དེ་ཉིད་བསྒོམས་པས། ཤེས་རབ་ཀྱི་ཡན་ལག་ཡུལ་ཡུལ་ཅན་གྱི་འབྲེལ་པ་ཆད་དེ། རྟོག་དཔྱོད་ཀྱི་ཡན་ ལག་སྟོང་གཟུགས་ཕྲ་རགས་མཐོང་ནས་སྟོང་གཟུགས་དེ་ཉིད་བསྒོམས་པས་ཏིང་ངེ་འཛིན་ཐུན་འཁྱོངས་པའི་མཐར། ཕན་ཡོན་གྱི་ཡན་ལག་ལུས་སེམས་ཤིན་སྦྱངས་སྐྱེས་པ་ན། བསམ་གཏན་གྱི་ཡན་ལག་གྲུབ་པ་ཡིན་ནོ། །ཁ་ཅིག །སྲོག་ རྩོལ་སྒོ་རུ་འོད་གསལ་གཟུང་། །སྣང་བའི་སྟེང་དུ་འོད་གསལ་གཟུང་། །དྷཱུ་ཏཱིའི་ནང་དུ་འོད་གསལ་གཟུང་། ཞེས་པ་དང་། མངོན་ཤེས་ལྔ་སྒྲུབ་ཚུལ་ལ་སོགས་པ་རྣམས་འདིའི་སྤོགས་ཆོག་ཏུ་བྱེད་པར་སྣང་སྟེ། མངོན་ཤེས་སྒྲུབ་པ་ནི། བསམ་གཏན་ གྲུབ་ནས་བྱེད་རྒྱུ་ཡིན་པས། མ་གྲུབ་པའི་སྤོགས་ཆོག་ཏུ་མི་འཐད་ལ། གཞན་རྣམས་ཀྱང་སྟོང་གཟུགས་ཉིད་ཀྱི་སྤོགས་ཆོག་ཏུ་སྣང་བས་གནད་མ་རྙེད་ལ། འདི་ལ་སྤོགས་ཆོག་མི་དགོས་པ་ནི་འོག་ཏུ་འཆད་དོ། །གསུམ་པ་ནི། རྣམ་ཤེས་ཀྱི་ཕུད་ པོ་དག་པས་མི་བསྐྱོད་པའོ། །དབྱེ་བ་ནི། ཡུལ་དང་། ཡུལ་ཅན་གྱི་སྒོ་ནས་བཅུའོ། །ལྔ་པ་ནི། གནས་སྐབས་སུ་དང་། མངོན་ཤེས་ལྔ་དང་། མཐར་ཐུག་རྣམ་ཤེས་ཀྱི་ཕུང་པོ་སོགས་དྲི་བྲལ་དུ་འགྱུར་བ་འཐོབ་བོ། །གཉིས་ 12-13-13a པ་སྲོག་སྒྲུབ་བྱེད་ཀྱི་ཡན་ལག་ལ། སྤྱིར་བླ་མེད་ཀྱི་རྒྱུད་རྣམས་ནས། རླུང་དྷཱུ་ཏཱིར་ཞུགས་པ་དང་། གནས་པ་དང་། ཐིམ་པ་གསུམ་བཤད་ལ། དྷཱུ་ཏཱིར་ཐིམ་པ་ནི། རླུང་བཅིངས་པ་དང་། བསྲེས་པ་དང་། བསད་པ་ཞེས་ བཤད་པ་རྣམས་ཡིན་ལ། ཞུགས་གནས་གཉིས་ཡན་ལག་རེ་རེར་བཤད་པས། འདི་ལ་གཉིས། སྲོག་རོ་རྐྱང་ལ་བརྒྱུ་བ་བཀག་ནས། དྷཱུ་ཏཱིར་འཇུག་པར་བྱེད་པའི་མན་ངག་སྲོག་རྩོལ། དྷཱུ་ཏཱིར་ཞུགས་པ་གནས་པའམ། གནས་པ་བརྟན་པར་ བྱེད་པའི་ཡན་ལག་འཛིན་པའོ། །དང་པོ་ལ་དྲུག་ལས། དང་པོ་མཚན་དོན་ནི། རྩོལ་བའི་སྐད་དོད་ཨ་ཡ་མ་ཞེས། འགོག་པ་དང་། མཆུར་རིང་བ་ལ་འཇུག་པ་ལས། འདིར་ནི་འགོག་པའི་དོན་དུ་བཤད་དེ། དེ་ལ་སྲོག་ནི་རླུང་ཡིན་ལ། དེ་རོ་རྐྱང་ལ་བརྒྱུ་བ་བཀག་ནས་དྷཱུ་ཏཱིར་འཛུད་པ་ནི་རྩོལ་བའི་དོན་ནོ། །འདུས་པ་ལས། སྲོག་ནི་ཚེ་ཡིན་ལ། རྩོལ་བ་ནི་དེ་རིང་དུ་མཆེད་པར་བྱེད་པ་དོན་གྱི་སྲོག་རྩོལ། ཞེས། སྲོག་རྩོལ་གྱི་སྒྲ་འདི་དང་མི་མཐུན་པར་བཤད་ཀྱང་། བླ་མེད་ཀྱི་ རྒྱུད་ཀུན་ནས། རླུང་རོ་རྐྱང་ལ་བརྒྱུ་བ་བཀག་ནས་དྷཱུ་ཏཱིར་འཛུད་པར་བྱེད་པའི་རླུང་སྦྱོར་རེ་སྲོག་རྩོལ་གྱི་ཡན་ལག་ཏུ་འཆད་པ་ལ་ཁྱད་པར་མེད་དོ། །རྒྱུད་སྡེ་འོག་མས་སྲོག་རྩོལ་མིང་མཐུན་པར་བཤད་ཀྱང་། དོན་མི་མཐུན་ནོ། །གཉིས་ པ་དུས་མཚམས་ནི། སོར་བསམ་གཉིས་རྫོགས་ནས་བསྒོམ་སྟེ། དང་པོར་རླུང་ལ་དངོས་སུ་མི་དམིགས་པར་ལུས་ཀྱི་གནད་ཆེ་སར་གནད་དུ་བསྣུན་ནས་རླུང་དྷཱུ་ཏཱིར་བཙུད་པས་དབུ་མ་སྦྱངས་ནས། དེ་ན་རླུང་ཇི་ལྟ་བུ་ལ་དངོས་སུ་ 12-13-13b དམིགས་པའི་སྲོག་རྩོལ་གནད་དུ་འགྲོ་ཚབས་ཆེ་བའི་དགོས་པ་ཡོད་པའི་ཕྱིར། དེ་ཡང་དབུ་མ་སྦྱངས་ན་སྲོག་རྩོལ་གནད་དུ་འགྲོ་ཚབས་ཆེ་བས། རྒྱུད་འདིར་གོ་རིམས་དེ་ལྟར་བཤད་པ་ཡིན་གྱི། རྒྱུ་མེད་ན་འབྲས་བུ་མི་འབྱུང་བ་ལྟར། དབུ་མ་མ་སྦྱངས་ པར་སྲོག་རྩོལ་རྫོགས་པར་མི་སྐྱེ་བ་མ་ཡིན་ཏེ། ཚད་ལྡན་གྱི་གཞུང་དུ་མ་ནས་དབུ་མ་སྦྱོང་བྱེད་མེད་པར་སྲོག་རྩོལ་བསྒོམ་པ་གསུངས་པའི་ཕྱིར་རོ། །དེ་ལྟར་གཟུང་ན། གཞུང་དེ་དག་ལ་སྐུར་པ་འདེབས་པའི་རྒྱུར་འགྱུར་རོ། །གསུམ་པ་གང་བསྒོམ་ པའི་ཡན་ལག་ངེས་པ་ལ། མཚན་ཉིད། དབྱེ་བ། སྒོམ་ཚུལ། མ་གྲུབ་ན་སྤོགས་པའི་ཆོ་ག་དང་བཞི་ལས། དང་པོ་ནི། མཚན་དོན་བཤད་པ་ཉིད་ཀྱིས་རྟོགས་ནུས་པས་མི་འཆད་དོ། །གཉིས་པ་ནི། བླ་མ་སྔ་མ་རྣམས། རྡོ་རྗེའི་བཟླས་པ། རྔུབ་པ། དགང་བ་འཇིལ་བ། རེ་ཀ་ཙ་ཀ །བུམ་པ་ཅན་དང་དྲུག་ཏུ་མཛད་ཀྱང་། རྒྱུད་འགྲེལ་ནས། རྡོར་བཟླས་དང་། བུམ་པ་ཅན་གཉིས་ལས་མ་བཤད་ལ། དེ་གཉིས་ཀྱིས་དགོས་པ་ཡང་འགྲུབ་པས། རྒྱུད་ནས་མ་བཤད་ཀྱང་ཁ་འགེངས་ དགོས་པ་ཡང་མིན། དེས་ན། དབྱེ་བ་ལ། རྡོ་རྗེའི་བཟླས་པ་དང་། བུམ་པ་ཅན་གཉིས་སུ་བྱའོ། །གསུམ་པ་ལ། དངོས་སུ་རོ་རྐྱང་ལ་བརྒྱུ་བ་མ་བཀག་པར་བསྒོམ་པ་རྡོ་རྗེའི་བཟླས་པའི་བསྒོམ་ཚུལ། དངོས་སུ་རོ་རྐྱང་ལ་བརྒྱུ་བ་བཀག་ནས་བསྒོམ་པ་ བུམ་པ་ཅན་གྱི་སྒོམ་ཚུལ་དང་གཉིས་ལས། དང་པོ་ལ་དྲུག་གི་དང་པོ་གནས་ནི། སོར་སྡུད་ཀྱི་སྐབས་སུ་བཤད་པ་གཉིས་སོ། །གཉིས་པ་ལུས་གནད་ནི། །སྔར་དང་འདྲ་བ་ལས། ཁྱད་པར་ནི། རྐང་པ་གཡས་པའི་རྟིང་པས་དྲི་ཆེན་གྱི་ལམ་བཀག་ 12-13-14a པའམ། རྡོ་རྗེའི་རྩ་བ་མནན་པའོ། །གསུམ་པ་ལྟ་སྟངས་ནི། སོར་སྡུད་ཀྱི་སྐབས་སུ་བཤད་པ་ལྟར་བགེགས་མཐར་བྱེད་ཀྱི་ལྟ་སྟངས་བྱེད་པར་བཤད་ལ། དེ་ལ་དྲང་ངེས་གཉིས་ལས། ངེས་དོན་གྱི་བགེགས་མཐར་ བྱེད་སྔར་བཤད་པ་ལྟར་རླུང་ཡིན་པས། དེ་ལ་ལྟ་བ་ནི་མིག་གིས་ལྟ་བར་མི་ནུས་པས། ཡིད་ཀྱིས་ལྟ་བ་ཡིན་ཏེ། དེ་ཡང་རྡོར་བཟླས་ཀྱི་རླུང་འཇུག་གནས་ལྡང་གསུམ་ལ་དངོས་སུ་དམིགས་ལ། བུམ་པ་ཅན་གྱིས་རླུང་གཉིས་ཁ་སྦྱར་དུ་ བྱས་པ་ལ་དམིགས་སོ། །དྲང་དོན་གྱི་བགེགས་མཐར་བྱེད་ཀྱི་ལྟ་བ་ནི། བལྟ་བའོ། །བཞི་པ་བྱེད་བཅིངས་ནི། ཕྱག་རྡོར་སྟོད་འགྲེལ་ལས། དེ་ལ་སྲོག་རྩོལ་གྱི་ཡན་ལག་ཅེས་བྱ་བ་ནི། ལཱ་ལ་ན་དང་། རཱ་ས་ན་གཡོན་པ་དང་། གཡས་པ་ དག་གི་རྩ་འགོག་པ་ལས། སྲོག་གི་རླུང་ཨ་ལྦ་དྷཱུ་ཏཱིར་རྟག་ཏུ་རབ་ཏུ་འབབ་པ་སྟེ། ཨ་ཝ་དྷཱུ་ཏཱིར་དགང་བ་དང་། བུམ་པ་ཅན་དང་། དབྱུང་བའི་སྦྱོར་བས། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་གྱི་རང་བཞིན་གྱི་རྣལ་འབྱོར་པས་བྱེད་པ་ནི་ སྲོག་རྩོལ་གྱི་ཡན་ལག་གོ། ཞེས་གསུངས་པའི་དོན་བཤད་ན་རྟོགས་པས་ད་བཤད་པར་བྱ་སྟེ། དེ་ལ་སྲོག་རྩོལ་གྱི་ཡན་ལག་ཅེས་པའི་རྩོལ་བའི་དོན། ལཱ་ལན་ཞེས་པ་ནས། འགོག་པ་ལས་ཞེས་པའི་བར་གྱིས། རོ་རྐྱང་ལ་ བརྒྱུ་བ་འགོག་པ་ལ་བཤད་ལ། སྲོག་གི་དོན་སྲོག་གི་རླུང་ཞེས་པས། རླུང་ལ་བཤད་ནས། ལས་ཞེས་པ་དང་། ཨ་ཝ་ཞེས་པ་ནས་འབབ་པ་སྟེ། ཞེས་པའི་བར་གྱིས་རླུང་རོ་རྐྱང་ལ་བརྒྱུ་བ་འགོག་པ་ལས། ཨ་ཝ་དྷཱུ་ཏཱིར་འབབ་པར་ 12-13-14b བཤད་དོ། །ཨ་ཝ་དྷཱུ་ཏཱིར་དགང་བ་དང་། ཞེས་པ་མན་གྱིས་ནི། རླུང་རོ་རྐྱང་ལ་བརྒྱུ་བ་འགོག་པའི་ཐབས་བསྟན་ཏེ། འདི་ལྟར་ཟླ་བ་སྟེ། སྐུ་རྡོ་རྗེ་ཨོཾ་གྱི་རང་བཞིན་གྱི་རླུང་དགང་བ་སྟེ་ནང་དུ་འཇུག་པ་དང་། སྒྲ་གཅན་ཏེ་ཐུགས་རྡོ་རྗེ་ཧཱུཾ་གི་རང་བཞིན་གྱི་ བུམ་པ་ཅན་ཏེ་ནང་དུ་གནས་པ་དང་། ཉི་མ་སྟེ། གསུང་རྡོ་རྗེ་ཨཱཿཡི་རང་བཞིན་གྱི་ཕྱིར་དབྱུང་བའི་སྦྱོར་བ་བྱའོ། །གནས་གང་ནས་བྱེད་ཅེ་ན། ཨ་ཝ་དྷཱུ་ཏཱིར་དགང་བ་དང་། ཞེས་གསུངས་པས་ཨ་ཝ་དྷཱུ་ཏཱིར་འཇུག་པ་དང་། གནས་པ་དང་། དེ་ནས་འབྱུང་བའི་སྦྱོར་བ་བྱའོ། །ཞེས་བསྟན་ལ། རྣལ་འབྱོར་པས་བྱེད་པ་ནི། ཞེས་པས་ནི། ད་ལྟ་དྷཱུ་ཏཱི་ནས་འབྱུང་འཇུག་མི་བྱེད་པས། དྷཱུ་ཏཱི་ནས་འཇུག་གནས་ལྡང་གསུམ་གྱི་སྦྱོར་བ་བྱེད་པ་ནི་རྣལ་འབྱོར་པས་བྱེད་པ་སྟེ། མོས་པ་ བྱེད་པའོ། །ཞེས་བསྟན་ལ། སྲོག་བྱེད་པ་མན་གྱིས་ནི། སྦྱོར་བ་དེ་ནི་སྲོག་འགོག་པའི་ཡན་ལག་གམ། ཐབས་སོ། །ཞེས་བསྟན་ནོ། །མདོར་ན། གཞུང་དེས་རླུང་གི་གདངས་གསུམ་དང་། ཡིག་འབྲུ་གསུམ་དབྱེར་མེད་དུ་སྦྱར་ཏེ། ཨ་ཝ་དྷཱུ་ཏཱི་ ནས་འཇུག་གནས་ལྡང་གསུམ་བྱེད་པར་རྣལ་འབྱོར་པས་མོས་པ་བྱེད་པ་ནི། སྲོག་གི་རླུང་གཡས་གཡོན་གྱི་ལམ་རོ་རྐྱང་ལ་བརྒྱུ་བ་བཀག་ནས་དབུས་ཀྱི་རྩ་ཨ་ཝ་དྷཱུ་ཏཱིར་འབབ་ཅིང་འཇུག་པར་བྱེད་པའི་ཡན་ལག་གོ། ཞེས་གསལ་བར་བསྟན་ ཏོ། །དེས་ཁ་ཅིག་གཡས་ནས་བརྒྱུ་བ་རོ་མ་དང་། གཡོན་ནས་བརྒྱུ་བ་རྐྱང་མའི་ནང་ནས་རྡོར་བཟླས་བྱེད་པར་འདོད་པ་ནི། རྡོར་བཟླས་ཀྱི་མི་མཐུན་ཕྱོགས་འབའ་ཞིག་སྟེ། རྡོར་བཟླས་ཀྱི་དུས་སུ་ཡིད་ཀྱི་དབུ་མ་ནས་འབྱུང་འཇུག་བྱེད་པར་མ་བྱས་ན། 12-13-15a དངོས་སུ་རོ་རྐྱང་ལ་བརྒྱུ་བ་དབུ་མར་འཛུད་པའི་ཐབས་ཅུང་ཟད་ཀྱང་མེད་དོ། །དེས་ན། རྡོར་བཟླས་ཀྱིས་རོ་རྐྱང་ལ་དངོས་སུ་འབྱུང་འཇུག་བྱེད་པ་མ་བཀག་ཀྱང་། རླུང་དབུ་མར་འཛུད་པའི་གནད་ཆེ་ཤོས་ནི་ཡིད་ཀྱིས་དབུ་མ་ནས་ འཇུག་གནས་ལྡང་གསུམ་བྱེད་པར་མོས་པ་ཉིད་ཡིན་པས་དེ་བོར་ནས་རྡོར་བཟླས་བྱས་པས་དགོས་པ་ཅི་ཡང་མི་འགྲུབ་བོ། །ཟླ་བ་དང་། ཉི་མ་ད་ང་། སྒྲ་གཅན་གྱི་ཞེས་སོགས་ཀྱི་དོན་སྔར་བཤད་པ་ལྟར་ཡིན་ཏེ། གོང་དེ་མ་ཐག་ཏུ་དྷཱུ་ཏཱི་ནས་ འཇུག་གནས་ལྡང་གསུམ་བྱེད་པར་བཤད་པས་སོ། །འདི་ཉིད་ཀྱི་རྒྱུད་འགྲེལ་ལས་ཀྱང་། དེ་ཐམས་ཅད་དུ་བརྟན་པར་གྱུར་པ་དང་། བུམ་པ་ཅན་གྱི་གནས་སྐབས་ཐོབ་པ་ཇི་སྲིད་པར་འབྱུང་བ་དང་། འཇུག་པ་ཉིད་ཀྱིས་དབུ་མར་བསྒོམ་ པར་བྱའོ། །ཞེས་གསལ་བར་གསུངས་པས། ཕྱིན་ཅི་ལོག་ཏུ་མ་འཛིན་ཞིག །ཡང་ཁ་ཅིག་འདི་སྙམ་དུ་རླུང་སྔགས་སྦྱོར་ཚུལ། འདུས་པ་དང་མི་མཐུན་པར་བཤད་པ་ཇི་ལྟར་ཡིན་སྙམ་ན་སྐྱོན་མེད་དེ། དེ་ལྟ་བུ་ཅུང་ཟད་མི་མཐུན་པ་ཡོད་ ཀྱང་། སྲོག་རྩོལ་གྱི་གནད་མི་འཕྱུག་པ་གཉིས་ཀ་ལ་ཡོད་པས་སོ། །རླུང་སྔགས་སྦྱོར་ཚུལ་ཡང་། རླུང་གི་རང་གདངས་ཉིད་ཡི་གེ་གསུམ་དུ་སྒྲོག་གིན་ཡོད་པ་ཉན་པའི་རྣམ་པ་ལྟ་བུར་བྱའི། ཡི་གེ་གསུམ་གཟུགས་དང་སྒྲའི་རྣམ་པ་ ཅན་དུ་མི་བྱ་སྟེ། བླ་མས་གཞན་དུ་གསུངས་པ་ལས་ཤེས་པར་བྱའོ། །ལྔ་པ་དེ་བསྒོམས་པས་ཉམས་མྱོང་སྐྱེ་ཚུལ་ནི། བླ་མ་སྔ་མ་རྣམས། བདེ་དྲོད་དང་། རྩ་དང་། རླུང་གི་ཁ་དོག་མཐོང་བ་ལ་སོགས་པ་འབྱུང་ངོ་། ། 12-13-15b ཞེས་གསུངས་སོ། །དེ་ལ་རྩ་དང་རླུང་གི་ཁ་དོག་མཐོང་བ་ལ། ཉམས་སྣང་ལ་རྩའི་འཁོར་ལོ་དང་། དེ་ནས་བརྒྱུ་བའི་རླུང་གི་ཁ་དོག་མཐོང་བ་དང་། དེར་མ་ཟད་འཇིག་རྟེན་ཁམས་དུ་མ་མཐོང་བ་ལ་སོགས་པ་འབྱུང་སྟེ། དེ་དག་ནི་རྨི་ལམ་དུ་མཐོང་བ་དང་འདྲ་ བས། ཁ་ཅིག་བདེན་པ་སྲིད་ཀྱང་། ཡིད་བརྟན་དུ་མི་རུང་ངོ་། །རྡོ་རྗེ་ཕྲེང་བ་ནས་ལུས་དབེན་རྫོགས་ནས་རྡོར་བཟླས་ཟླ་བ་དྲུག་བྱེད་པར་བཤད་པའི་ཟླ་བ་བཞི་པ་ལ་རྩའི་འཁོར་ལོའི་ཁ་དོག་མཐོང་བར་བཤད་པ་ལྟ་བུ་ནི་རང་མཚན་པ་མཐོང་བ་ཡིན་པས། རྡོར་བཟླས་བསྒོམས་པས་མྱོང་བ་སྐྱེ་ཚུལ་ཕལ་པ་ཡིན་ཡང་། གཙོ་བོ་ནི་རླུང་དྷཱུ་ཏཱིར་ཞུགས་པའི་རྟགས་འཁྲུལ་མེད་རྣམས་འཆར་དགོས་སོ། །སྙན་བརྒྱུད་ལས། སྔོན་འགྲོ་དང་། གེགས་སེལ་རྡོ་རྗེའི་བཟླས་པས་རྩ་ལམ་སྦྱོང་། ཞེས་བཤད་པ་ལ། བོད་ཀྱི་མཁས་པས། སྔོན་འགྲོ་ཙམ་དུ་བྱེད་པ་མི་འཐད་ཅེས་གསུངས་པ་ནི་བདེན་ཏེ། དེ་དག་གི་སྲོག་རྩོལ་དངོས་གཞི་ནི་བུམ་པ་ཅན་ཡིན་ལ། རྡོར་བཟླས་ནི་དེའི་སྔོན་འགྲོ་དང་། གེགས་སེལ་དུ་འདོད་ལ། དེ་ནི་བརྟགས་ན་མི་འཐད་དེ། རྡོ་རྗེའི་ བཟླས་པ་རྩ་ལམ་སྦྱོང་བ་དེ་དག་གིས་འདོད་ལ། རྩ་དབུ་མ་སྦྱོང་བ་ལ། དབུ་མའི་ནང་དུ་རླུང་ཞུགས་དགོས་པས། དེ་རྡོར་བཟླས་ཀྱིས་བསྒྲུབ་ན། རོ་རྐྱང་ལ་བརྒྱུ་བ་བཀག་ནས་དྷཱུ་ཏཱིར་འཛུད་པར་བྱེད་པའི་སྲོག་རླུང་སྦྱོང་བ་ཡིན་པས་སྲོག་རྩོལ་དངོས་ གཞི་ཡིན་ནོ། །ཡང་སྙན་བརྒྱུད་ལས། འབྱོངས་ནས་འཇམ་རླུང་དགང་སྟོང་གི་སྦྱོར་བས་སྲོག་དབུ་མའི་ཐིག་ལེར་ཞུགས། ཞེས་གསུངས་པས། རླུང་འཇམ་པོས་གང་ལ་བརྒྱུ་བའི་སྣ་བུག་ནས་རླུང་ནང་དུ་དྲངས་ཏེ། ལྟོ་བ་བཀང་སྟེ་ཁེངས་པ་དང་། 12-13-16a རླུང་མི་བརྒྱུ་བ་ཕྱོགས་ཀྱི་སྣ་བུག་ནས་བཏང་བས། མཉམ་རྒྱུར་བསྒྲུབ་ཅིང་། དེ་སྲོག་དབུ་མར་ཚུད་པར་འདོད་པར་སྣང་སྟེ། རླུང་སྦྱོར་འདི་ལ་རྩ་དབུ་མའི་རྩ་གནད་ལ་སྟོན་པ་མི་འདུག་པས། དེས་རླུང་དབུ་མར་ཚུད་དཀའ་ ལ་དབུ་མར་ཚུད་པའི་རྟགས་ཀྱང་མཉམ་རྒྱུར་ཐེངས་པ་གཅིག་པུས་མི་ཆོག་གི། ནང་གི་རྟགས་འཁྲུལ་མེད་ཀྱང་འཆར་དགོས་སོ། །རྒྱུད་འདིའི་སྐོར་ནས་མི་འབྱུང་ཡང་། རྒྱུད་གཞན་ནས་འབྱུང་ངོ་། །ཞེས་གསུངས་ཀྱང་། ཡང་བསྒྱུར་བའི་རྒྱུད་ ན་འདུག་པ་མ་མཐོང་ངོ་། །འོན་ཀྱང་རླུང་སྦྱོར་འདི་ལ་ཁམས་བདེ་བ་ལ་སོགས་པའི་དགོས་པ་ཡོད་པས། འདི་དང་རླུང་སྦྱོང་འོག་གི་བཞིའི་བྱེད་ལུགས་ཟུར་དུ་བྱའོ། །ཡང་ཁ་ཅིག །རྡུབ་པ་དང་། དགང་བ་དང་། འཇིལ་བའི་རླུང་སྦྱོར་མན་ངག་ ཁ་ཅིག་ལས་འབྱུང་བ། མན་སྙེ་དང་། རྒྱུད་འགྲེལ་ལས། དགང་བ་དང་། དབྱུང་བ་དང་། བུམ་པ་ཅན་གྱི་སྦྱོར་བས་རྟག་པར་བསྙེན་པ་བྱའོ། །ཞེས་པའི་དགོངས་པར་མཛད་པར་སྣང་སྟེ། རྒྱུད་འགྲེལ་གྱི་དགོངས་པ་ནི། ཕྱག་རྡོར་སྟོང་འགྲེལ་ ནས་འབྱུང་བ་ལྟར། རྡོར་བཟླས་བསྟན་པ་ཡིན་ལ། མན་སྙེའི་ཡང་། འགང་བ་དང་། འབྱུང་བ་དང་། བུམ་པ་ཅན་གསུམ་ནི། འཇུག་གནས་ལྡང་གསུམ་ལ་བཤད་ཅིང་། ཞི་བ་ནི། ཞུགས་ནས་གཡོ་མེད་དུ་གནས་པའོ། །ཞེས་ བཤད་པས། དེའི་དགོངས་པ་ཡང་མ་ཡིན་ནོ། །སྤྱིར་ཡང་བྱ་བ་ལ་སོགས་པའི་སྐབས་སུ། ལུས་ཀྱི་ནང་ཐམས་ཅད་རླུང་གིས་འགེངས་པ་ལ་སོགས་པ་བཤད་ཀྱང་། རླུང་དབུ་མར་འཛུད་པའི་སྲོག་རྩོལ་བསྒོམ་པའི་སྐབས་སུ་ནི། 12-13-16b དབུ་མའི་རྩ་གནད་ལ་བརྟེན་པའི་རླུང་སྦྱོར་མེད་པར། ལུས་ཀྱི་ལྟོ་བ་རླུང་གིས་འགེངས་པའི་རླུང་སྦྱོར་བསྒོམས་པས་ནི། རླུང་དབུ་མར་ཚུད་པ་ལ་ཅི་ཡང་མི་ཕན་ནོ། །རྒྱུད་འདིར་སྲོག་རྩོལ་སོགས་གསལ་བར་བཤད་པས། གཞན་ནས་ཁ་འགེངས་དགོས་ པ་མེད་ལ། སློབ་དཔོན་གྱི་ཁ་ནས་འོངས་པ་མ་ཡིན་ནོ། །ཞེས་བཤད་པས། བླ་མའི་མན་ངག་གིས་ཀྱང་ཁ་འགེངས་དགོས་པ་མེད་པས། རྒྱུད་ནས་བཤད་པའི་སྲོག་རྩོལ་གཉིས་པོ་ཉིད་ལ་ནན་ཆེར་བྱའོ། །གཉིས་པ་ལ། གནས་ལ་སོགས་པ་དྲུག་ ལས། གཞན་རྣམས་ནི་རྡོར་བཟླས་དང་འདྲའོ། །བྱེད་པ་བཅིང་བ་ནི། སྤྱིར་ན་རླུང་འབྱུང་འཇུག་མི་བྱེད་པར་ལུས་ཀྱི་ནང་དུ་གནས་པ་ལ་ཡང་བུམ་པ་ཅན་དུ་བཤད་པ་ཡོད་ལ། དེ་ནི་རྒྱུད་སྡེ་འོག་མ་ལ་ཡང་ཡོད་ཅིང་། དེར་མ་ཟད་གྲངས་ཅན་ལ། བུམ་པ་ཅན་ཡོད་པར་བཤད་དེ། པཎྜི་ཏ་སའི་སྙིང་པོས་མུ་སྟེགས་དང་མ་རྒྱུད་ཀྱི་རླུང་སྦྱོར་གྱི་ཁྱད་པར་དབྱེ་དཀའ་བར་འདུག་གསུང་བ་ལ། བླ་མ་སྔ་མ་རྣམས། ལྟ་བ་དང་། བྱང་ཆུབ་སེམས་ཀྱིས་ཟིན་མ་ཟིན་གྱི་སྒོ་ནས་འབྱེད་གསུང་བས། རླུང་སྦྱོར་གྱི་ངོ་བོའི་སྒོ་ནས་ཁྱད་པར་མ་ཕྱེད་པར་སྣང་ལ། རླུང་སྦྱོར་དེ་དག་ནི་ངོ་བོའི་སྒོ་ནས་ཀྱང་ཁྱད་པར་ཤིན་ཏུ་ཆེ་སྟེ། གྲངས་ཅན་ལ་ནི། སྤྱིར་སྟེང་འོག་གི་རླུང་ཁ་སྦྱོར་བྱེད་པ་དང་། ཁྱད་པར་དུ་བླ་མེད་ནས་བཤད་པ་ལྟར། རྩ་འཁོར་གྱི་ དབུས་སུ་ཁ་སྦྱར་དུ་བྱས་ཏེ་གཟུང་བས་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ་མེད་པའི་ཕྱིར། དེས་ན། རླུང་འབྱུང་འཇུག་མི་བྱེད་པར་ལུས་ཀྱི་ནང་དུ་གནས་པ་ཙམ་གྱི་བུམ་པ་ཅན་ནི། མུ་སྟེགས་དང་རྒྱུད་སྡེ་འོག་མ་ལ་ཡང་ཡོད་པས། དེ་ལས་ 12-13-17a ཁྱད་པར་དུ་གྱུར་པའི་བུམ་པ་ཅན་གྱི་སྒོམ་ཚུལ་དགོས་པས་དེ་བཤད་པར་བྱ་སྟེ། འདི་ལ་ལྔ། སྟེང་འོག་གི་རླུང་འཐེན་པའི་གོ་རིམས། སྟེང་འོག་གི་རླུང་ལམ་གང་ནས་འཐེན་པ། ཐེན་ནས་གནས་གང་དུ་ཁ་སྦྱོར་བྱ་བ། བྱས་ནས་ ཁ་སྦྱོར་དེ་ཉིད་ལ་སེམས་གཏོད་པ། གཏད་ནས་བསྒོམ་པའི་ཡུན་ཚད་བསྟན་པའོ། །དང་པོ་ནི། གཞི་དུས་སྲོག་འཛིན་སྟེང་གི་སྣ་སྒོ་ནས་ཕྱིར་འབྱུང་བ་ན། ཐུར་སེལ་འོག་སྒོ་ནས་ཕྱིར་འབྱུང་ལ། སྲོག་རྩོལ་ནང་དུ་འཇུག་པ་ན། ཐུར་སེལ་ནང་དུ་ ཞུགས་ནས་ལྟེ་བའི་བར་འོང་བས། རྟོག་པ་སྤྱང་པོས་དུས་གཅིག་ཏུ་ཁ་སྦྱོར་བྱེད་ནུས་པ་སྲིད་ཀྱང་། ད་ལྟ་ཕལ་ཆེར་མི་ནུས་པས། རིམ་ཅན་དུ་འཐེན་དགོས་སོ། །དེའི་ཚུལ་བཤད་པར་བྱ་སྟེ། བྱང་སེམས་འཛག་པ་བསྲུང་བའི་མན་ངག་མེད་ན་ ནི། སྲོག་འཛིན་སྔོན་དུ་ངེས་པར་འཐེན་དགོས་ཏེ། ཐུར་སེལ་སྔོན་དུ་འཐེན་ན་བྱང་སེམས་འཛག་པས་སོ། །བྱང་སེམས་བསྲུང་བའི་མན་ངག་ཡོད་ན། ཐུར་སེལ་སྔོན་དུ་ཐེན་ཡང་ཆོག་གོ། །གཉིས་པ་ནི། སྔ་མ་ཕལ་ཆེར་སྟེང་འོག་གི་ རླུང་ལུས་ཀྱི་ཁོག་པ་ཅི་ཙམ་ནས། ལྟེ་བའི་བར་དུ་འཐེན་པ་མ་གཏོགས་གནད་དུ་འགྲོ་བའི་འཐེན་ལུགས་མི་སྣང་ལ། དེ་མ་བྱུང་ན་ཐེན་ནས་ཁ་སྦྱར་དུ་བྱ་བ་ཡང་གནད་དུ་འགྲོ་བ་མི་འོང་བས་ན། གནད་དུ་འགྲོ་བའི་འཐེན་ལུགས་ དགོས་ཏེ། འདི་ལྟར་སྟེང་རླུང་དྷཱུ་ཏཱིའི་ནང་ནས་འོག་ཏུ་འཐེན་ཞིང་། འོག་རླུང་དྷཱུ་ཏཱིའི་ལམ་ནས་སྟེང་དུ་འཐེན་དགོས་ཏེ། རྒྱུ་མཚན་འོག་ཏུ་འཆད་དོ། །གསུམ་པ་ནི། ཐེན་ནས་གནས་གང་དུ་ཁ་སྦྱར་བྱེད་ཅེ་ན། འདི་ལ་ཡང་། སྔ་མ་ 12-13-17b ཕལ་ཆེར་སྟེང་འོག་ནས་ལྟེ་བའི་བར་དུ་ཐེན་ནས་ལྟེ་བར་ཁ་སྦྱོར་བྱེད་ཟེར་བ་ཙམ་མ་གཏོགས་གནད་དུ་འགྲོ་བའི་ཁ་སྦྱོར་བྱེད་ལུགས་མི་འདུག །སྲོག་དབུ་མར་འཛུད་པའི་སྲོག་རྩོལ་དུ་འགྲོ་བ་དཀའོ། །དེས་ན་སྲོག་དབུ་མར་འཛུད་པའི་སྲོག་རྩོལ་དུ་འགྲོ་བའི་བུམ་པ་ ཅན་སྒོམ་པར་འདོད་པས་ནི། འདི་ལྟར་བྱ་སྟེ། སྟེང་རླུང་དང་འོག་རླུང་དྷཱུ་ཏཱིའི་ལམ་ནས་ལྟེ་བའི་བར་དུ་ཐེན་ཏེ། དྷཱུ་ཏཱི་ལ་རོ་རྐྱང་གི་མདུད་པས་བཅིངས་པའི་ལྟེ་བའི་རྩ་འཁོར་གྱི་དབུས་ཨ་ཝ་དྷཱུ་ཏཱིའི་ནང་དུ་ཁ་སྦྱོར་དུ་བྱའོ། །བཞི་པ་ནི། དེ་ལྟར་ཁ་སྦྱོར་དུ་བྱས་ནས། དྷཱུ་ཏཱིའི་མདུད་པའི་ནང་གི་ཁ་སྦྱར་གྱི་རླུང་དེ་ཉིད་ལ་སེམས་གཏོད་པ་ཡིན་ཏེ། བསྡུས་རྒྱུད་དུ། བགེགས་མཐར་བྱེད་ཀྱི་བལྟ་བས་བདུད་རྩིའི་གནས་སུ་སོན་པ་ཡིས་ཀྱང་ཉེ་བར་སྒྲུབ་ལ་ཡན་ལག་དྲུག་ཅེས། སྲོག་རྩོལ་བགེགས་མཐར་བྱེད་ཀྱི་བལྟ་བས་བསྒོམ་ པར་བཤད་པ་ལ། ངེས་དོན་གྱི་བགེགས་མཐར་བྱེད་ནི། འདི་ཉིད་དུའང་རླུང་ལ་བཤད་ལ། བདེ་མཆོག་སྟོང་འགྲེལ་ལས་ཀྱང་། བགེགས་མཐར་བྱེད་ནི། དགོངས་པའི་སྐབས་གཞན་གྱིས་ནི་རླུང་ལ་གསུང་ངོ་། །ཞེས་རླུང་ལ་བགེགས་མཐར་བྱེད་དུ་བཤད་པས། དེའི་ལྟ་བ་ནི་རླུང་ལ་བལྟ་བ་ཡིན་ནོ། །ཚུལ་འདི་ནི་སྟོད་འགྲེལ་དུ། འདུས་པའི་རྒྱུད་ཕྱི་མའི་ལུང་དྲངས་ནས་གསལ་བར་བཤད་དེ། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་ རབ་ཏུ་བརྟག །ཅེས་པ་དྲངས་ཏེ། གོང་བུའི་གཟུགས་ཀྱིས་ཞེས་པ་ལ། འགྱུར་ཁ་ཅིག་ལས། འདྲིལ་བའི་གཟུགས་ཀྱིས་ཞེས་འབྱུང་བས། ཡེ་ཤེས་ལྔ་ཡི་རང་བཞིན་གྱི་དཀྱིལ་འཁོར་ལྔའི་རླུང་རོ་རྐྱང་ལ་སོ་སོར་བརྒྱུ་བ་དེ་ནི། ཨ་ཝ་དྷཱུ་ཏཱིར་ 12-13-18a གཅིག་ཏུ་འདྲིལ་བའི་གཟུགས་ཀྱིས་ཕྱུང་བ་སྟེ། ལམ་ནས་དྲངས་ནས་སྣ་ཡི་རྩེ་མོ་ཞེས་པ་རྩ་འཁོར་ལ་ཟེར་བས། སྐབས་འདིར་སྣ་ཡི་རྩེ་མོར་ཏེ་ལྟེ་བའི་རྩ་འཁོར་གྱི་དབུས་སུ་རབ་ཏུ་བརྟག་པ་སྟེ་བསྒོམ་མོ། །ཞེས་བསྟན་ནོ། །དེ་ཡང་། རྐང་པ་གསུམ་པས་རླུང་དྷཱུ་ཏཱིའི་ནང་ནས་འདྲེན་པར་བསྟན་ནས། རྐང་པ་བཞི་པས་ལྟེ་བའི་རྩ་འཁོར་གྱི་དབུས་སུ་བསྒོམ་པར་བསྟན་ནོ། །མདོར་ན། རབ་ཏུ་བརྟག་པ་སྟེ། བསྒོམ་བྱའི་དོངས་པོ་དཀྱིལ་འཁོར་ལྔའི་རླུང་རོ་རྐྱང་ལ་བརྒྱུ་བ་ཨ་ཝ་དྷཱུ་ཏཱིའི་ལམ་ནས་ དྲངས་ནས། གང་དུ་བསྒོམ་པའི་གནས་སྣ་ཡི་རྩེ་མོར་ཏེ། ལྟེ་བའི་རྩ་འཁོར་གྱི་དབུས་སུ་བསྒོམ། ཞེས་གསལ་བར་བསྟན་ནོ། །ལྔ་པ་ནི། དེ་ལྟར་སེམས་གཏད་ནས་ཡང་ཡང་བསྒོམས་པས་མགོ་བོ་ན་བ་དང་། ལུས་ལ་འོད་ཀོར་མཐོང་བ་དང་། སྙིང་ བརྡེབས་པ་ལ་སོགས་པ་བྱུང་ན། དེ་ཕན་ཆད་དུ་བསྒོམས་ན་སྲོག་འཆད་པ་ལ་སོགས་པའི་ཉེས་དམིགས་ཡོད་པས། དེ་ཕན་དུ་མི་སྒོམ་མོ། །དེ་ཡང་། བུམ་པ་ཅན་བསྒོམས་པས་མཚམས་གཅིག་ནས་རྩ་འཁོར་གྱི་དབུས་དྷཱུ་ཏཱིའི་ནང་དུ་གནས་པ་མིན་ ཡང་ལྟེ་བའི་རྩ་འཁོར་ཙམ་དུ་རང་ཤུགས་ཀྱིས་གནས་པ་ཅིག་འོང་བས། མཚམས་དེ་ནས་འཛིན་པ་ལ་ནན་ཏན་ཆེར་བྱའི། དེ་མ་བྱུང་བར་དུ་ཨ་ན་ཚུགས་སུ་གཟུང་ན། གེགས་སྐྱེད་པས། ལུས་ལ་མི་བདེ་བ་མ་བྱུང་གི་བར་དུ་བསྒོམ་པར་བྱའོ། །དྲུག་ པ་དེ་ལྟར་བསྒོམས་པས་མྱོང་བ་སྐྱེ་ཚུལ་ནི། བོད་ཀྱི་མཁས་པས། འཛིན་པའི་སྐབས་ཀྱི་མྱོང་བ་སྐྱེ་ཚུལ་རྣམས་འདིར་དྲངས་ནས་བཤད་ཀྱང་། དེ་དག་ནི་འཛིན་པའི་སྐབས་ཉིད་དུ་བཤད་པར་བྱའོ། །འདིའི་སྐབས་སུ། རླུང་དྷཱུ་ཏཱིར་འདྲེས་པས་ 12-13-18b གཏུམ་མོ་འབར་བ་དང་། རྩ་དང་། རླུང་གི་ཁ་དོག་མཐོང་བ་ལ་སོགས་པ་ནི་ཕལ་པ་ཡིན་ལ། གཙོ་བོ་ནི་སྲོག་དབུ་མར་ཚུད་པའི་རྟགས་འཁྲུལ་མེད་རྣམས་ཡིན་པས་དེ་དག་འཆར་དགོས་སོ། །རེ་ཅ་ཀའི་རླུང་སྦྱོར་ནི་ཟུར་དུ་འཆད་དོ། །དེས་ན། སྙན་བརྒྱུད་ལས་ གསུངས་ཚུལ་ཅུང་ཟད་བཤད་པར་བྱ་སྟེ། གཉིས་པ་ནི་གོང་དུ་དྲངས་ལ། དེའི་རྗེས་སུ་བཅུག་ནས་རྩུབ་པ་ཅན་གྱི་སྦྱོར་བས། སྲོག་དབུ་མའི་ཐིག་ལེར་བཅིངས། ཞེས་སྔ་མ་སྲོག་དབུ་མར་བཅུད་ནས། འདིས་དབུ་མར་གནས་པར་བྱེད་པར་འདོད་པར་སྣང་སྟེ། སྲོག་རྩོལ་གྱི་བྱེད་ལས་ནི་སྲོག་དབུ་མར་འཛུད་པ་ཉིད་ཡིན་གྱི། སྲོག་དབུ་མར་གནས་པ་ནི་འཛིན་པའི་བྱེད་ལས་ཡིན་པས། སྲོག་རྩོལ་གྱིས་དེ་སྒྲུབ་པར་འདོད་པ་མི་འཐད་དེ། སྲོག་རྩོལ་གྱིས་དབུ་མར་གནས་པ་ཡང་བསྒྲུབ་ན་འཛིན་པའི་ཡན་ལག་བསྒོམ་ པ་ལ་དགོས་པ་ཅི་ཞིག་ཡོད། དེས་ན་སྲོག་རྩོལ་གྱི་བྱེད་ལས་ནི། སྲོག་དབུ་མར་གཞུག་པ་ཉིད་ཡིན་པས། སྲོག་དབུ་མར་ཞུགས་པའི་རྟགས་འཁྲུལ་མེད་རྣམས་ཤར་ན། སྲོག་རྩོལ་གྱི་བྱེད་ལས་དེས་རྫོགས་སོ། །ཡང་སྙན་བརྒྱུད་ལས། མ་ཚུད་ཅིང་ མ་ཆིངས་ན། བཙན་ཐབས་ཀྱི་སྦྱོར་བས་གཡས་གཡོན་ཉི་ཟླའི་རྒྱུ་བ་དགག །འོག་སྒོ་འགགས་ན་སྲོག་གི་སྦྱོར་བས་དགྲོལ། ཞེས་གསུངས་པའི་དོན་ནི། །འཇམ་རླུང་གི་སྦྱོར་བས་མ་ཚུད་ཅིང་། རྩུབ་རླུང་གི་སྦྱོར་བས་མ་ཆིངས་ན། བརྟག་གཉིས་ནས་གསུངས་ པའི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་ཁུ་རྡུལ་རླུང་གསུམ་གྱི་རྩ་གསུམ་གསུམ་གཡས་གཡོན་དུ་ཡོད་པའི་ཁུ་རླུང་གཉིས་ཀྱི་རྩ་བཀག་ན། རམ་བཞིན་བདེ་བ་དང་། མི་རྟོག་པ་ཤས་ཆེ་ཞིང་། རླུང་དྷཱུ་ཏཱིར་ཚུད་པར་འདོད་དོ། །དེ་འདྲ་བའི་བཙན་ཐབས་ནི། ། 12-13-19a རྒྱུད་འདིར་བཤད་པ་མེད་པས། འོག་ནས་འབྱུང་བ་ལྟར། རྒྱུད་འགྲེལ་ནས་བཤད་པའི་བཙན་ཐབས་ཉིད་བྱའོ། །གཞན་ཡང་། རྡོར་བཟླས་ཀྱིས་རླུང་དབུ་མར་འཛུད་མི་ནུས་ན། དེ་རྩ་དབུ་མ་སྦྱོང་བྱེད་དུ་མི་འཐད་ལ། ནུས་ན་ནི་ རླུང་སྦྱོར་གཉིས་རྡོར་བཟླས་ཀྱི་རྗེས་སུ་བྱེད་པའི་གོ་རིམ་ངེས་ཅན་དུ་འདོད་པས། སྐབས་འདིར་བཙན་ཐབས་བྱེད་དོན་མེད་དོ། །རྐང་པ་ལྔ་པས་ནི། དེ་ལྟར་བྱས་པས་དྲི་ཆེན་དྲི་ཆུའི་ལམ་འགགས་ན། སྲོག་གི་སྦྱོར་བས་དགྲོལ་གསུང་ཡང་། ལམ་གཉིས་ གང་འགགས་པ་དེ་དང་། ལྟེ་བའི་བར་དུ་ཐུར་སེལ་ལ་རྡོ་རྗེའི་བཟླས་པ་བྱའོ། །ཞེས་པ་ནི་སྙན་བརྒྱུད་ནས་གསུངས་ཚུལ་ལོ། །བཞི་པ་མ་གྲུབ་ན་བཙན་ཐབས་ཀྱི་སྦྱོར་བ་ནི། རྒྱུད་ལས། སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་ འདོད་པ་གྲུབ་པར་མ་གྱུར་ན། ནཱ་ད་གོམས་པས་བཙན་ཐབས་ཆུ་སྐྱེས་སུ་གནས་རྡོ་རྗེ་ནོར་བུར་ཐིག་ལེས་བཀག་ནས་བསྒྲུབ་པར་བྱ། ཞེས་བཤད་ཅིང་། དེའི་འགྲེལ་པར་སོ་སོར་སྡུད་པ་ལ་སོགས་པས་གཟུགས་བརྙན་མཐོང་ཡང་། གཡོན་པ་ དང་གཡས་པའི་སྲོག་མ་ཆིངས་པ་ཉིད་ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་ན། དེའི་ཚེ་ནཱ་ད་གོམས་པ་འཆད་པར་འགྱུར་བས། བ་ཙན་ཐབས་སུ་དབུ་མར་འབར་བར་བྱས་ནས། ཞེས་པའི་དོན་བཤད་པར་བྱ་སྟེ། འདི་ལ་གསུམ་དུས་ནམ་ གྱི་ཚེ་བྱེད་པ། བྱེད་པའི་ཚུལ་དངོས། དེས་རླུང་ཆིངས་ནས་བདེ་བ་བསྒྲུབ་ཚུལ་ལོ། །དང་པོ་ནི། བོད་ཀྱི་མཁས་པས། འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་ན་ཞེས་པ་ལ་དགོངས་ནས། འཛིན་པའི་ཡན་ལག་ཐོབ་ནས་མཆོག་མི་འགྱུར་གྱི་བདེ་ 12-13-19b བ་མ་སྐྱེས་ན། དེའི་ཚེ་བསྒོམ་མོ། །ཞེས་གསུང་བ་ནི་མི་བདེན་ཏེ། འཛིན་པ་ཐོབ་ནས་རྗེས་དྲན་གྱི་དུས་སུ་སྟོང་གཟུགས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་ཆེན་འདྲེན་མ་ནུས་ན། ལས་རྒྱ་ལ་བརྟེན་ནས་བདེ་ཆེན་འདྲེན་དགོས་པ་སྲིད་ཀྱི། རླུང་མ་ཆིངས་པས་བདེ་བ་ འདྲེན་མ་ནུས་པས་རླུང་དབུ་མར་འཛུད་པའི་སྤོགས་ཆོག་བྱེད་དགོས་པ་མི་སྲིད་ལ། འདི་ནི་སྲོག་མ་ཆིངས་པ་ཉིད་ཀྱིས་འགྱུར་བ་མེད་པ་ཞེས་དང་། བཙན་ཐབས་སུ་དབུ་མར་འབབ་པར་བྱས་ནས། ཞེས་པ་རྣམས་ཀྱི་རླུང་དབུ་མར་མ་ཆིངས་པས་བདེ་བ་ མ་སྐྱེས་ན་རླུང་དབུ་མར་འཛུད་པའི་ཐབས་སུ་བྱེད་པར་གསལ་པོར་བསྟན་ཏོ། །དེས་ན་འགྱུར་བ་མེད་པའི་སྐད་ཅིག་མ་ཞེས་གསུངས་པས་ཀྱང་མི་འགྲུབ་སྟེ། རྒྱུད་འདིར་འགྱུར་བ་མེད་པའི་བདེ་བ་ཞེས་གསུངས་པ་ཐམས་ཅད་དོན་གཅིག་ཏུ་གཟུང་ན། རྒྱུད་ དོན་ལེགས་པར་འཆད་མི་ཐུབ་པས། སྐབས་ཀྱི་གོ་བར་བྱེད་དགོས་པས། འདིར་ནི་འགྱུར་བ་མེད་པའི་སྐད་ཅིག་མ་ཞེས་པ་ནི། བྱང་སེམས་ཕྱི་རོལ་དུ་འཛག་པ་བཀག་ནས། རྡོ་རྗེ་ནོར་བུའི་རྩེར་འཛག་མེད་དུ་བཅིངས་པ་ལས་སྐྱེས་པའི་བདེ་བ་ལ་ཟེར་ བ་ཡིན་ཏེ། རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་བསྒྲུབ་པར་བྱ། ཞེས་གསུངས་པས་ཤེས་སོ། །སྔ་མ་ཁ་ཅིག་ནི། སྲོག་རྩོལ་གྱིས་མ་གྲུབ་ན་བྱེད་པ་ཡིན་གསུང་ཡང་། སོར་སྡུད་སོགས་རྣམས་ཀྱིས་ཞེས་གསུངས་པས། སོར་སྡུད་ཀྱིས་མ་གྲུབ་ན་ བྱེད་པར་གསལ་ལ། བསམ་གཏན་ནི་སོར་སྡུད་བརྟན་བྱེད་ཙམ་ཡིན་པས། སོར་སྡུད་གྲུབ་ན་ནི་དེ་ནས་བསམ་གཏན་བསྒོམས་པས་མི་འགྲུབ་པ་མི་སྲིད་ལ། སོར་སྡུད་མ་གྲུབ་ན་ནི་བསམ་གཏན་བསྒོམ་པ་ཡང་མེད་མོད། དེས་ན། སོགས་ཁོངས་ 12-13-20a ནས་གཙོ་བོར་སྲོག་རྩོལ་གཟུང་ངོ་། །དེ་ཡང་། སོར་སྡུད་ཀྱིས་དྷཱུ་ཏཱིར་ཚུད་ན་སྲོག་རྩོལ་བསྒོམས་པས་སྲོག་རྩོལ་གྱི་དྷཱུ་ཏཱིར་མི་ཚུད་པ་མི་སྲིད་པས། སོར་སྡུད་ཀྱིས་དྷཱུ་ཏཱིར་མ་ཚུད་པའི་སྲོག་རྩོལ་སྒོམ་པའི་དབང་དུ་བྱས། དེ་ ནས་སོར་སྡུད་དང་སྲོག་རྩོལ་བསྒོམས་པས་སྟོང་གཟུགས་དུ་མ་མཐོང་ཡང་། སྲོག་འདུས་རྟགས་མ་བྱུང་ན། དེའི་ཚེ་འདི་བྱས་པས་དབུ་མར་ཚུད་པར་འགྱུར་རོ། །འོ་ན། འདིས་རླུང་དབུ་མར་འཛུད་ནུས་ན། དང་པོ་བྱས་པས་ཆོག་གམ་སྙམ་ན་མི་ཆོག་ སྟེ། དང་པོར་སྲོག་སྡུད་ཀྱི་མན་ངག་ད་ལྟ་བྱེད་པ་ལྟར། ཅུང་ཟད་བསྒོམས་པས་མི་ཆོག་གིས། རྒྱུན་རིང་དུ་བསྒོམ་པ་དགོས་ལ། དེ་ལྟར་བསྒོམས་པས་སྲོག་འདུས་རྟགས་མ་བྱུང་ཡང་། རླུང་ཤིན་ཏུ་ལས་རུང་དུ་ཐེངས་ཡོད་པས། དེ་ནས་བཙན་ཐབས་ སུ་བྱས་ན། རླུང་དྷཱུ་ཏཱིར་འཛུད་ནུས་པ་ཡིན་གྱི། དང་པོ་ནས་དྲག་སྦྱོར་བྱས་པས་ཚུད་མི་ནུས་ཀྱི་སྟེང་དུ་གེགས་ཆེན་པོ་བསྐྱེད་དོ། །གལ་ཏེ་དྲག་སྦྱོར་གྱིས་དང་པོ་ནས་གེགས་མེད་པར་འཛུད་ནུས་ན། སྲོག་རྩོལ་བསྒོམ་པ་སོགས་ངལ་བས་ཅི་ཞིག་བྱ། དེས་ན་དང་པོར་སོར་སྡུད་དང་སྲོག་རྩོལ་གྱིས་འཇམ་པོའི་སྒོ་ནས་བསྒོམས་ལ། རྒྱུན་རིང་དུ་བསྒོམས་ཀྱང་མ་གྲུབ་ན། དེའི་ཚེ་དྲག་པོ་བཙན་ཐབས་ཀྱི་སྦྱོར་བ་འདི་བྱའོ། །དེ་ཡང་། བླ་མེད་ཀྱི་རྒྱུད་སྡེ་ཕལ་ཆེར་ནས། རླུང་དྷཱུ་ཏཱིར་བཙུད་ནས་ལྷན་ སྐྱེས་ཀྱི་བདེ་བ་སྐྱེས་པ་ཉིད་རྫོགས་རིམ་གྱི་སྐབས་སུ་གཙོ་བོར་འཆད་ལ། རྒྱུད་འདིར་དེ་དང་། སྟོང་གཟུགས་བསྒྲུབ་པའི་ཚུལ་གཉིས་གསལ་བར་འཆད་ལ། སྟོང་གཟུགས་སྒྲུབ་པ་ཡང་། བདེ་ཆེན་འདྲེན་པའི་ཡན་ལག་ཏུ་སྒྲུབ་པ་ཡིན་པས་སྟོང་ 12-13-20b གཟུགས་གང་བྱུང་ཤར་བས་མི་ཆོག་གི། རླུང་དབུ་མར་ཚུད་པ་ལས་བྱུང་བའི་སྟོང་གཟུགས་འཆར་དགོས་ལ། དེ་འཆར་བ་ལ། རླུང་དབུ་མར་ཚུད་པ་དགོས་པས། རླུང་དབུ་མར་ཚུད་པའི་སྟོང་གཟུགས་ཤར་ཡང་། ལྷན་སྐྱེས་འདྲེན་མི་ནུས་པས་རླུང་དྷཱུ་ཏཱིར་ འཛུད་པའི་བཙན་ཐབས་བྱ་དགོས་ཏེ། གོང་དུ་དྲངས་པའི་རྒྱུད་འགྲེལ་གཉིས་ལས་ཤེས་པས། འགྲེལ་པའི་དོན་ཅུང་ཟད་བཤད་ན། རྐང་པ་དང་པོའི་དོན་ནི། །སོར་སྡུད་་སོགས་ཀྱི་སྲོག་སྡུད་ཀྱི་དམིགས་པ་བསྒོམས་པས། དུ་སོགས་ཀྱི་མཚན་མ་མཐོང་ཡང་། སྲོག་ དྷཱུ་ཏཱིར་མ་ཆིངས་པས་འདོད་ཅིང་དོན་དུ་གཉེར་བྱའི་འགྱུར་མེད་ཀྱི་བདེ་བ་མ་སྐྱེས་ན། ཞེས་པས་བསྟན་ནོ། །འགྲེལ་པའི་ལུང་འདིས། སོར་སྡུད་སོགས་ཀྱི་སྐབས་སུ་སྲོག་སྡུད་ཀྱི་དམིགས་པ་བསྒོམས་པས། རླུང་དྷཱུ་ཏཱིར་མ་ཆིངས་པའི་གོང་དུ། དུ་སོགས་ ཀྱི་མཚན་མ་མཐོང་ཡང་། རླུང་དྷཱུ་ཏཱིར་མ་ཚུད་བར་དུ་འདོད་པའི་དོན་ལྷན་སྐྱེས་འདྲེན་མི་ནུས་པས། དམིགས་པ་བསྒོམས་པའི་འདོད་དོན་འགྲུབ་པ་ལ་ནི། སྲོག་དྷཱུ་ཏཱིར་ཚུད་པ་ལས་བྱུང་བའི་དུ་སོགས་ཀྱི་མཚན་མ་མཐོང་བ་དགོས་པར་ཡང་སྟོན་ནོ། ། ཁ་ཅིག །སྟོང་གཟུགས་ཤར་ན། དེ་བསྒོམས་པས་ལྷན་སྐྱེས་ཀྱང་འབྱུང་བར་གཟུང་ནས། སྟོང་གཟུགས་ཤར་ཙམ་ལ་རྫོགས་རིམ་གྱི་རྟགས་པ་ཁྱད་པར་ཅན་དུ་འདོད་པ་ནི། ལུང་འདིས་གསལ་པོར་བཀག་གོ། ལྷན་སྐྱེས་འདྲེན་ནུས་མི་ ནུས་འདི་ནི། རླུང་དབུ་མར་ཚུད་པ་དང་། མ་ཚུད་པའི་རྟགས་གཉིས་ཀྱི་ཁྱད་འབྱེད་དམ་པར་སྣང་ངོ་། །གཉིས་པ་ནི། ནཱ་ད་གོམས་པ་བཙན་ཐབས་ཀྱིས་ཞེས་པ་རྩ་འགྲེལ་གྱི་བསྟན་ཏེ། ནཱ་ད་ཞེས་པ་བསྒྱུར་ན་སྒྲ་ཙམ་ཞེས་པ་ཡིན་ 12-13-21a པས། སྒྲ་གོམས་པས་ཏེ་སྒྲ་ནི་ཧཾ་གི་སྒྲའོ། །དེའི་བསྒོམ་ཚུལ་ནི། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བྱ། ལག་པ་གཉིས་རྡོ་རྗེའི་ཁུ་ཚུར་སྙིང་ཁར་བསྣོལ་ཏེ། མགོ་ཡིད་ཙམ་དགུ། ཁ་ནས་མ་བྱུང་བ་བྱས་ནས། སྣ་ནས་རླུང་དྲག་ཏུ་དབུ་ མའི་ནང་དུ་རྡུང་བར་བྱས་ཏེ། རླུང་གི་གདངས་ལས་ཧཾ་གི་སྒྲར་མོས་ལ། དེ་ལྟར་ལྷན་ཅིག་ཏུ་འོག་སྒོ་གང་རུང་ནས་ཐུར་སེལ་དྷཱུ་ཏཱིའི་ལམ་ནས་ཐེན་ཏེ། ཐོག་མར་ལྟེ་བའི་གོང་ཙམ་དུ་ཐེན་ལ། དེ་ནས་གོམས་ནས་ཇེ་འཐོར་ཐེན་པར་བྱའོ། །དེ་ཡང་དྲག་ལ་རྒྱུན་ རིང་བར་བྱས་ལ། ཧ་ཅང་ཡང་རིང་བར་མི་བྱ་སྟེ། ཤུགས་ཟད་ནས་དྲག་པོ་མི་འོང་བས། དེ་ཡང་ཐོག་མར་ཉི་ཤུ་རྩ་རེ་ཙམ་དཀྱུས་གཅིག་ལ་བྱ་ལ། གོམས་ན་མང་དུ་བཏང་ངོ་། །བཙན་ཐབས་དེ་ལྟར་བསྒོམ་པར་རྒྱུད་ཀྱི་གོ་ལ་ལས་གསལ་བར་བཤད་ དོ། །འདི་ནི་རྒྱུད་འདིའི་སྐོར་མ་གཏོགས་པ་གཞན་ནས་མ་བཤད་ཀྱང་བླ་མེད་ཀྱི་རྫོགས་རིམ་ཀུན་གྱི་སྐབས་སུ་ཤེས་པར་བྱའོ། །གསུམ་པ་ནི། ཆུ་སྐྱེས་ཞེས་པ་མན་གྱིས་བསྟན་ཏེ། མཚན་བརྗོད་འགྲེལ་པར། ཉི་མ་དཔལ་ཡེ་ཤེས་ཀྱིས། རྒྱུད་ ཀྱི་ལུགས་འདི་ལྷན་སྐྱེས་མ་སྐྱེས་ན། དང་པོ་ནས་ལས་རྒྱ་ལ་བརྟེན་ནས་སྒྲུབ་པའི་ཁུངས་སུ་དྲངས་ཏེ། ནཱ་ད་གོམས་པས་བཙན་ཐབས་ཞེས་པ་རྩ་འགྲེལ་དང་མི་མཐུན་ནོ། །བཞི་པ་དག་དབྱེ་ནི། འདུ་བྱེད་ཀྱི་ཕུང་པོ་དག་པས་དོན་གྲུབ་བོ། །དབྱེ་ན། རླུང་བཅུ་འགོག་པས་རྣམ་པ་བཅུའོ། །ལྔ་པ་ཚད་མ་གང་ཡིན་ནི། སྲོག་འཛིན་གཉིས་ཀ་ཡིད་མངོན་ནོ། །དྲུག་པ་འབྲས་བུ་ནི། གོ་སླའོ། །གཉིས་པ་འཛིན་པའི་ཡན་ལག་ལ་དྲུག །མཚན་དོན། དུས་མཚམས། གང་བསྒོམ་ 12-13-21b པའི་ཡན་ལག །དག་དབྱེ་ཚད་མ་གང་ཡིན། འབྲས་བུའོ། །དང་པོ་ནི། སྲོག་རྩོལ་གྱི་རླུང་དྷཱུ་ཏཱིར་བཙུད་པ་འཛིན་པའམ། དྷཱུ་ཏཱིའི་ནང་དུ་གནས་པར་བྱེད་པ་ནི་འཛིན་པའོ། །གཉིས་པ་ནི། སྲོག་རྩོལ་གྱི་རླུང་དྷཱུ་ཏཱིར་བཙུད་པས། དྷཱུ་ཏཱིར་ཞུགས་པའི་ རྟགས་འཁྲུལ་མེད་རྣམས་ཤར་ཏེ་དྷཱུ་ཏཱིར་ཚུད་པ་བརྟེན་པ་ནས་སོ། །གསུམ་པ་ལ། མཚན་ཉིད། དབྱེ་བ། བསྒོམ་ཚུལ། བསྒོམས་པས་ཉམས་མྱོང་སྐྱེ་བའི་ཚུལ་དང་བཞིའོ། །དང་པོ་ནི། རྣལ་འབྱོར་གྱི་སྟོབས་ཀྱིས་རླུང་དྷཱུ་ཏཱིར་ཞུགས་པ་ འགྲོ་འོང་མི་བྱེད་པར་དྷཱུ་ཏཱིའི་ནང་དུ་གནས་པའོ། །སྲོག་རྩོལ་བུམ་པ་ཅན་ནི། རླུང་འགྲོ་འོང་མི་བྱེད་པར་གནས་པ་ཙམ་ཡོད་ཀྱང་། དྷཱུ་ཏཱིའི་ནང་དུ་གནས་པ་ཡིན་པས། དེ་ལ་ཁྱབ་ཆེས་པའི་སྐྱོན་མེད་ལ། ཐོག་མར་འཛིན་པ་བསྒོམ་པ་ལ་དྷཱུ་ཏཱིའི་ནང་ དུ་གནས་པ་མེད་ཀྱང་བསྒོམས་པའི་འབྲས་བུ་ལ་ཡོད་པས། ཁྱབ་ཆུངས་པ་ཡང་མ་ཡིན་ནོ། །གཉིས་པ་ནི། བོད་ཀྱི་མཁས་པས། ཉེ་བའི་སྒྲུབ་པ་ཡན་ལག་དྲུག་ཅེས་པ་ཁུངས་སུ་མཛད་ནས། འཁོར་ལོ་དྲུག་ཏུ་འཛིན་པའི་འཛིན་པ་དྲུག་ཏུ་ མཛད་ལ། ལུང་དེ་ཁུངས་སུ་མི་རུང་ཡང་། དེ་ལྟར་དབྱེར་རུང་ངོ་། །གསུམ་པ་ནི། བོད་ཀྱི་མཁས་པས། འདིར་རྩ་འཁོར་གྱི་དབུས་སུ་འཛིན་པར་གསུངས་པ་མི་ལེགས་ལ། འཛིན་པ་ལ་རྩ་འཁོར་གྱི་དབུས་སུ་བསྒོམ་པ་དགོས་ན། དབུ་མར་ འཇུག་པ་ལ་ཡང་རྩ་འཁོར་གྱི་དབུས་སུ་བསྒོམ་པ་དགོས་པར་ཤེས་པར་གྱིས་ཤིག །སྔར་གྱི་འདུས་པའི་ལུང་དེ་ནི། བདེ་མཆོག་སྟོད་འགྲེལ་དུ། སྲོག་འཛིན་གཉིས་ཀའི་ཁུངས་སུ་དྲངས་པས། སྣ་ཡི་རྩེ་མོ་སྟེ་རྩ་འཁོར་གྱི་དབུས་སུ་རླུང་ 12-13-22a ཁ་སྦྱར་དུ་བྱས་ཏེ་བསྒོམ་མོ། །ཁ་སྦྱོར་བྱེད་ལུགས་སོགས་ནི་སྔར་ལྟར་རོ། །དེ་ཡང་ཐོག་མར་ལྟེ་བར་བསྒོམས་ལ། དེ་ནས་ས་ཆུ་ལ་ཐིམ་པའི་ཚུལ་གྱིས་སྙིང་ཁ་དང་། ཆུ་མེ་ལ་ཐིམ་པའི་ཚུལ་གྱིས་མགྲིན་པ་དང་། མེ་ རླུང་ལ་ཐིམ་པའི་ཚུལ་གྱིས་དཔྲལ་བ་དང་། རླུང་ནམ་མཁའ་ལ་ཐིམ་པའི་ཚུལ་གྱིས་སྤྱི་གཙུག་དང་། ནམ་མཁའ་རྣམ་ཤེས་ལ་ཐིམ་པའི་ཚུལ་གྱིས་གསང་བའི་རྩ་འཁོར་གྱི་དབུས་རྣམས་སུ་རིམ་གྱིས་བསྒོམ་མོ། །ཡང་ན། གསང་བ་ནས་རིམ་ གྱིས་སོ། །བཞི་པ་ནི། དེ་ལྟར་བསྒོམས་པས། དང་པོར་རང་ཤུགས་ཀྱིས་གནས་པ་མི་འོང་ཡང་མཚམས་ཅིག་ནས་དྷཱུ་ཏཱིའི་ནང་དུ་རང་ཤུགས་ཀྱིས་གནས་པ་ཅིག་འོང་ལ། དེ་ནས་རྒྱུན་བསྲིངས་ནས་བསྒོམས་པས། རིམ་པ་བཞིན་དུ། ཞག་ གཅིག་དང་། ཟླ་བ་ཕྱེད་དང་། ཟླ་བ་གཅིག་དང་། ཟླ་བ་དྲུག་དང་། ལོ་གཅིག་དང་། རྟག་ཏུ་གནས་པ་འབྱུང་ལ། དེ་རྣམས་ལས་རིམ་པ་བཞིན། དཔྲལ་བ། སྤྱི་གཙུག །མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས་ནོར་བུའི་རྩེ་རྣམས་སུ་ བྱང་སེམས་གཡོ་མེད་དུ་འཛིན་ནུས་པ་འབྱུང་ངོ་། །དེ་རྣམས་སུ་བྱང་སེམས་འཛིན་ནུས་པ་སྟོང་གཟུགས་ཀྱི་ཕྱག་ཆེན་ལ་ལྟོས་ཀྱང་། འདི་རྣམས་ཀྱི་ཡང་ནུས་པ་ཡོད་པས་དེ་ལྟར་གཞག་གོ། །རྟག་ཏུ་འཛིན་ནུས་ཞེས་པ་ཡང་ལོ་ལས་ལྷག་ པའི་དུས་ཚིགས་ཅིག་འཛིན་དགོས་ཏེ། དུས་ཐམས་ཅད་དུ་འབྱུང་འཇུག་མི་བྱེད་པར་འཛིན་ནུས་པ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མ་འགགས་བར་དུ་མི་འབྱུང་བའི་ཕྱིར་རོ། །བཞི་པ་དབྱེ་བ་ནི། གོང་དུ་བཤད་པ་ལྟར་དྲུག་གོ། །ལྔ་པ་ནི། 12-13-22b བཤད་ཟིན་ཏོ། །དྲུག་པ་ནི། ཕུང་པོ་སོགས་དྲུག་དྲི་བྲལ་དུ་འགྱུར་བ་འཐོབ་བོ། །མཁྱེན་བརྩེ་མཐར་ཕྱིན་དཔལ་ལྡན་བླ་མ་ཡི། །གསུང་གི་ཆ་ཙམ་ཡི་གེར་བཀོད་པ་ལས། །རྣམ་དཀར་བསོད་ནམས་གང་ཞིག་ཐོབ་པ་དེས། །རྒྱལ་བའི་ བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཅེས་པ་འདི་ནི་པུ་ནྱའི་མིང་ཅན་གྱིས་ཡི་གེར་བཀོད་པའོ། །འདིའི་བརྒྱུད་པ་ནི། བུ་སྟོན་རིན་པོ་ཆེ། བླ་མ་ཆོས་ཀྱི་དཔལ་བ། བླ་མ་རིན་པོ་ཆེ་པའོ། །དགེའོ། ། 12-14-1a ༄༅། །དཔལ་གསང་བ་འདུས་པའི་ནམ་ངག་ཡིག་ཆུང་གི་སྐོར་རྣམས་བཞུགས་སོ།། 12-14-1b ༄༅༅། །བཀའ་དྲིན་འཁོར་མེད་རིག་པ་སེང་གེ་ལ། །སྙིང་ནས་འདུད་དོ་ཚད་མེད་ཐུགས་རྗེས་གཟིགས། །རབ་དཀར་དད་གུས་དྲག་པོས་གསོལ་འདེབས་ན། །ཚེ་རབས་ཀུན་ཏུ་རྗེས་སུ་ བཟུང་དུ་གསོལ། །གནས་ཚུལ་གྲུ་གཟིངས་རིག་པའི་སྐྱ་བ་འཛིན། །དེད་དཔོན་བཤེས་གཉེན་མཆོག་གི་ཞབས་བཏུད་ནས། །ཉིད་ཀྱི་ཐུགས་བཅུད་ཞལ་གྱི་གདམས་པ་མཆོག །ཡི་གེར་ བཀོད་ལ་བསྲུང་མས་གྲོགས་མཛོད་ཅིག །དེ་ལ་ཞི་ལྷག་གི་མཚན་ཉིད་དང་། རྒྱུ་ཚོགས་བརྟེན་པའི་རིམ་པ་ལ་སོགས་པ་རྣམས་མཐའ་དག་པར་བྱང་ཆུབ་ལམ་གྱི་རིམ་པར་ཤེས་པར་བྱས་ལ། འདིར་ ནི་དེ་དག་གི་སྐབས་སུ་མེད་དུ་མི་རུང་བའི་ཞལ་ཤེས་དག་བྲི་བར་བྱའོ། །དེ་ཡང་ཞི་ལྷག་གང་གི་སྐབས་སུ་ཡང་བྱིང་རྒོད་གཅོད་པ་ཤིན་ཏུ་གལ་ཆེ་བས། བྱོང་རྒོད་བཙན་ཐབས་སུ་སེལ་ཚུལ་ནི། བྱིང་ རྒོད་ཤས་ཆུང་ཞིང་ལན་རེ་ཙམ་ལས་མི་འགྱུར་ན། སྐབས་གཞན་ནས་འབྱུང་བ་ལྟར་དྲན་ཤེས་བསྟེན་ཚུལ་མཁས་པས་སེལ་ལ། བྱིང་རྒོད་ཤིན་ཏུ་ཤས་ཆེ་ཞིང་ཡང་ཡང་འབྱུང་པ་ལ་ནི། 12-14-2a འདི་ལྟར་བྱིང་བ་དང་རྨུགས་པ་ཡང་ཡང་འབྱུང་ན། རང་གི་སེམས་དང་ནམ་མཁའ་གསལ་སྟོང་གཉིས་དབྱེར་མེད་དུ་བསྲེས་ནས་བཟུང་བས། སེམས་གསལ་ལ་དྭངས་ཤིང་དམིགས་པ་ལ་ འདོད་པ་བཞིན་གནས་པ་ཞིག་འོང་བ་ཡིན་ནོ། །རྒོད་པ་ལ་ནི་རླུང་སྦྱོར་བྱས་ཏེ་ནང་དུ་བཟུང་བས་སེམས་ཡང་གནས་ཤིང་། རིག་པ་དྭངས་སྙིགས་ཕྱེ་ནས་འོང་བ་ཡིན་ནོ། །བྱིང་རྒོད་བཙན་ཐབས་སུ་གཅོད་པའི་ཞལ་ ཤེས་སོ། །གང་ལ་འཇོག་པའི་དམིགས་པ་དང་། ཇི་ལྟར་འཇོག་པའི་དམིགས་ཚུལ་དང་། དམིགས་པ་བསྒོམ་པས་མྱོང་བ་སྐྱེ་ཚུལ་དང་བྱིང་རྒོད་ཕྲ་རགས་ཀྱི་དབྱེ་བ་དང་ཁྱད་པར་རྣམས་ཤེས་པར་བྱ་དགོས་སོ། ། ལྷག་མཐོང་ལ་ཐོག་མར་དགག་བྱ་དེའི་ཚད་འཆར་ཚུལ་ནི། ཐོག་མར་བློ་ལྷན་སྐྱེས་ལ་ང་ཙམ་ཇི་ལྟར་འཆར་བལྟ། དེ་ངེས་ནས་ང་ཙམ་ངའོ་སྙམ་པའི་བློ་ལ་ཇི་ལྟར་སྣང་བ་ལྟ། སྣང་ཚུལ་ངེས་ནས་ངའོ་སྙམ་པའི་བློ་ འདིས། ང་ཇི་ལྟར་བཟུང་ངེས་པར་བྱེད་པ་སྟེ། དེ་ལ་ཡང་སྔོན་དུ་སྣང་བའི་འཆར་ཚུལ་དང་། དེ་ནས་ཞེན་པའི་འཆར་ཚུལ་གཉིས་ལ་རིམ་པ་བཞིན་ཐ་དད་དུ་གཉེན་པོ་བསྟེན་དགོས་སོ། །བལྟ་ཚུལ་ཡང་ངའོ་ 12-14-2b སྙམ་པའི་བློ་མ་ཤོར་བར་བྱས་ནས་བློ་གཞན་ཞིག་གིས་ཟུར་ནས་བལྟ་དགོས་པ་ཡིན་ཏེ། དེ་ལྟར་བལྟས་པ་ན་ཐོག་མར་ཕུང་པོ་འཆར་བ་དང་མི་འཆར་བ་གཉིས་དང་། འཆར་བ་ལ་ཡང་ང་དེ་ཕུང་པོའི་དཀྱིལ་ན་གནས་པ་ལྟར་དུ་འཆར་བ་དང་། ཕུང་པོ་ལས་ གཞན་མི་འཆར་བ་དང་། མི་འཆར་བ་ཡང་ཅི་མེད་ཀྱི་སྟོང་སང་ལྟ་བུ་དང་། ཁ་དོག་དང་གཟུགས་ཀྱི་རྣམ་པ་ལྟ་བུ་འཆར་བ་རྣམས་ནི་འཆར་ཚུལ་རྣམ་དག་མིན་ནོ། །དེས་ན་བློ་ལྷན་སྐྱེས་འདི་ལ་ང་ཡུལ་གང་ལ་ཡང་ལྟོས་ས་མེད་པ་འདྲ་བའི་རང་ངོས་ནས་ལྷང་ངེ་ ཞིག་འཆར་ལ། དེ་ཉིད་ཐ་སྙད་སྲེང་བ་དང་། ཕོབ་ཕོབ་པ་དང་། ནུས་པ་ལྷང་ངེ་བ་དང་། ལམ་མེ་བ་སོགས་གང་དང་སྦྱར་ཡང་འཆར་བ་འདྲ་བ་ཞིག་འོང་ངོ་། །སྣང་བ་དེ་ཡང་ཡུན་ཐུང་བས་ཕྲེང་ཙམ་ལས་མི་འཆར་རོ། །དེ་ཡང་བློ་དེ་དང་མཉམ་དུ་སྔོན་ནས་ གྲུབ་གྲུབ་པ་གཅིག་དྲན་པ་ལྟར་དུ་འཆར་རོ། །འཆར་ཚུལ་དེ་ལ་ཡང་ཕུང་པོ་དང་གཅིག་ཐ་དད་གཉིས་ཀའི་འཆར་ཚུལ་འབྱུང་ངོ་། །དེ་ཡང་ང་ན་ཞེས་པ་དང་ངའི་ལག་པ་ན་ཞེས་པ་ལྟ་བུའམ། ལྷན་སྐྱེས་ཀྱི་སྣང་བ་དེ་མ་དོར་བར་ང་བྱ་བ་བྱེད་དོ། །ཞེས་པ་ལྟ་བུ་ནི་ ངར་ཞེན་པ་ཡིན་ནོ། །ངའོ་སྙམ་པའི་བློ་ནི་ང་འགྲོ་ང་སྡོད་སྙམ་པ་རྣམས་སོ། །དེ་ལྟར་འཆར་ཚུལ་ངེས་ནས་དེ་ལྟར་གྲུབ་ན་ཕུང་པོ་ལས་གཅིག་ཐ་དད་གང་རུང་ལས་མི་འདའི་ཚུལ་དང་། གཅིག་ཐ་དད་གཉིས་ཀ་ལ་གནོད་པ་ཡོད་པའི་ཚུལ་བསམས་ནས། ང་ སྣང་བ་དེ་ལྟར་གྲུབ་པ་མི་འདུག་པར་ལྷང་གིས་ངེས་པ་ན། ངེས་ཤེས་ལྷང་ལྷང་བ་བར་མ་ཆད་དུ་སྐྱོང་བ་ནི་སྐྱོང་ཚུལ་གྱི་གནད་དམ་པའོ། །དེའི་ཚེ་ཡང་དགག་བྱ་གསལ་བཏབ་ནས་དེ་ལྟར་དུ་མེད་དེ་སྙམ་དུ་བྱེད་པ་མིན་ཏེ། དང་པོར་དགག་བྱ་གསལ་བཏབ་སྟེ། དེ་ 12-14-3a ལྟར་མེད་པར་ངེས་པའི་ངེས་ཤེས་ལྷང་གིས་སྐྱེས་པའི་མེད་དགག་དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་པའོ། །དེ་ལ་གནད་བཞིར་བྱས་ན། དང་པོ་དགག་བྱ་དེ་ངེས་པ། གཉིས་པ་ཁྱབ་པ་ངེས་པ། གསུམ་པ་ཕྱོགས་ཆོས་ཀྱི་ཟུང་དང་ པོ་ངེས་པ། བཞི་པ་ཕྱོགས་ཆོས་ཀྱི་ཟུར་གཉིས་པ་ངེས་པ་དང་བཞི་ལས། ཚད་མ་བཞིར་བྱས་ན། དགག་བྱའི་འཆར་ཚུལ་ངེས་པའི་ཚད་མ། གཅིག་ཐ་དད་ངེས་པའི་ཚད་མ། གཅིག་ཏུ་མ་གྲུབ་པར་ངེས་པའི་ཚད་མ། ཐ་དད་དུ་མ་གྲུབ་པར་ངེས་ པའི་ཚད་མ་དང་བཞིའོ། །དེ་ལ་བོགས་འདོན་པ་ཡིན་ན། མཉམ་རྗེས་ཀྱི་སྐྱོང་ཚུལ་གཉིས་ལ་མཁས་པས་འདོན་པ་ཡིན་ལ། གེགས་སེལ་ལ་ཆད་ལྟ་ནི་གནད་དང་པོའི་ཚད་མས་ངེས་ན་མི་འབྱུང་ཡང་བདག་ཆད་ཀྱིས་དོགས་པའི་འཇིགས་པ་ ནི། རྗེས་ཐོབ་ཀྱི་སྣང་བ་སྐྱོན་མེད་འདི་ཀས་སེལ་ནུས་སོ། །སྟོང་ཉིད་རྒྱང་ཆད་དུ་བསྒོམ་ན་བདེན་གྲུབ་ཀྱི་རྟག་ལྟ་བསྒོམས་པར་འགྱུར་བས། བློ་དང་བསྲེས་ནས་དབྱེར་མེད་དུ་བསྒོམ་མོ། །ང་ཡི་བའི་འཆར་ཚུལ་ནི། ང་ཡི་འོ་སྙམ་པའི་བློ་སྤྱི་ འདིའི་འཆར་ཚུལ་ང་ཡིའོ་སྙམ་དུ་བསམ་པ་ན། བློ་དེ་དང་སྙམ་དུ་ལིང་ཆད་དུ་ཆར་ཆར་བ་འདྲ་བ་ཞིག་འཆར་ལ། དེ་ཉིད་སྣང་བ་ལྟར་གྲུབ་ན། མིག་སྣ་སོགས་དང་གཅིག་ཐ་དང་གང་རུང་དུ་གྲུབ་ངེས་ལ། གཅིག་ཏུ་གྲུབ་ན་ཐ་དད་གཏན་མེད་ དུ་འགྱུར་བས། མིག་གིས་ཀྱང་སྒྲ་ཐོས་པར་འགྱུར་ལ། རྣ་བས་ཀྱང་གཟུགས་མཐོང་བ་སོགས་སུ་འགྱུར་རོ། །ཐ་དད་དུ་གྲུབ་ན་ང་ཡིའོ་སྙམ་པའི་བློ་དེ་ཉིད་ཀྱི་ཡུལ་ལ་ལོངས་སྤྱོད་པ་ཡོད་པ་དང་། ང་ཡི་བ་རྣམས་བདེ་བ་བསྒྲུབ་བྱ་ 12-14-3b མིན་པར་འགྱུར་བས། དེ་ལྟར་ངེས་པ་དྲངས་ནས་སྐྱོང་ཚུལ་སྔར་ལྟར་བྱེད་པ་ཡིན་ནོ། །དེ་ནས་ཤེས་པའི་འཆར་ཚུལ་ལ་ཡང་བལྟ་སྟེ། དེ་ཡང་ཡུལ་རང་དབང་དུ་སྤྱོད་པ་འདྲ་བའི་ཚུགས་ཐུབ་ཏུ་འཆར་རོ། །དེའི་ཡང་ངེས་པ་འདྲེན་ཚུལ་དང་སྐྱོང་ ཚུལ་མཉམ་རྗེས་སོགས་སྔར་དང་འདྲའོ། །དེ་ནས་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོའི་སྟེང་དུ་གཏན་ལ་ཕབ་སྟེ་བསྒོམ་མོ། །དེ་ནས་གང་ཟག་གཞན་དང་རང་རྒྱུད་ཀྱིས་མ་བསྡུས་པའི་ཆོས་ཐམས་ཅད་ཀྱིས་སྟེང་དུ་བསྒོམ་མོ། །དེའི་འཆར་ཚུལ་ནི། ཀ་བ་ ལྟ་བུ་དེ་སྔར་ནས་གྲུབ་གྲུབ་པ་འདྲ་བའི་བརྟན་ཚུགས་པའི་རྣམ་པར་འཆར་རོ། །ཐ་སྙད་དུ་ཡོད་པར་བཤད་པ་ནི་མིང་ཙམ་ཞིག་ཡོད་པ་ཡིན་ལ། རིག་པས་མེད་པར་སྒྲུབ་པ་ནི། བློ་མ་རིག་པས་ཡུལ་རྣམས་རང་དབང་དུ་བཟུང་བ་ལྟར་མེད་པར་སྒྲུབ་པ་ ཡིན་ནོ། །ཙོང་ཁ་པའི་རིང་ལུགས་གསལ་མཛད་ཆོས་ཀྱི་རྗེ། །མཁས་གྲུབ་ལེགས་བཤད་འོད་དཀར་རྒྱས་པ་དེས། །གང་གི་བློ་མུན་བསལ་བའི་མཐུ་བྱུང་བ། །ཞལ་ཤེས་གནད་ཀྱི་ཐོ་ཡིག་བྲིས་པ་འདིས། །འགྲོ་བའི་སྙིང་གི་མུན་པ་སེལ་གྱུར་ཅིག ། ཞལ་ཤེས་གནད་ཀྱི་ཐིམ་ཡིག་དགེའོ། །རྡོ་རྗེ་འཆང་དབང་གང་དེའི་བརྩེ་བ་ཡིས། །རོལ་པས་བཤེས་གཉེན་ཚུལ་བཟུང་ཐེག་མཆོག་མགོན། །རྗེ་བཙུན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །བརྩེ་བའི་ཐུགས་ཀྱིས་ རྟག་པར་གཟིགས་སུ་གསོལ། །དེ་ལ་འདིར་ལམ་རིམ་པ་གཉིས་ཚུལ་བཞིན་དུ་ཉམས་སུ་ལེན་པའི་གང་ཟག་གིས་དམིགས་པ་ཡིད་ལ་བྱེད་པའི་གནད་བཤད་པར་བྱའོ། །དེ་ལ་ཐོག་མར་སྔོན་འགྲོ་གཏོར་མའི་གནད་ནི། རང་ཞེ་སྡང་རྡོ་རྗེར་བསྐྱེད་པའི་ 12-14-4a མདུན་དུ་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་ཤ་ལྔ་བདུད་རྩི་ལྔ་བྱིན་གྱིས་བརླབས་ཏེ། ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་བསམས་ནས། ཕྱོགས་སྐྱོང་འཁོར་བཅས་རང་གི་ཕྱོགས་མཚམས་སུ་བཀུག་སྟེ་ རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཐོད་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། རང་གི་མདུན་གྱི་བདུད་རྩི་དེ་ནས་ཐོད་པས་བཅུས་ནས་སོ་སོའི་མདུན་དུ་མཆོད་པས་བཞེས་པར་བསམ་པའོ། །དཀྱིལ་འཁོར་པའི་ལྷ་ལ་འབུལ་བ་ཡང་ དམིགས་པ་འདྲ་ལ། ཁྱད་པར་རང་གི་མདུན་དུ་ལྷ་ཚོགས་གསལ་འདེབས་པ་ཡིན་ནོ། །བསྲུང་འཁོར་གྱི་གནད་ནི། གཅོད་པའི་འཁོར་ལོའི་རྩིབས་ཐམས་ཅད་སྤུ་གྲིའི་སོ་ལྟར་རྣོ་བ་ཉི་གདན་ལ་ཅུང་ཟད་མ་རེག་པར་མགྱོགས་པར་འཁོར་བ། དེའི་ དབུས་སུ་གཞལ་ཡས་ཁང་བསྒོམས་ན་ཡང་ཤིན་ཏུ་ལེགས་ཤིང་། གཏོར་མགྲོན་བསྐྱེད་པའི་སྐབས་ཀྱི་རིགས་པ་སྦྱོར་ན་ཡང་ཐོབ་པ་ཡིན་ནོ། །དེ་ཡང་བསྲུང་འཁོར་གྲུབ་ཙམ་ནས་འབྲུ་བ་ཁུང་དང་ཕུར་བུ་སོགས་ཀྱང་གསལ་གདབ་བོ། །གནས་ གསུམ་གྱི་ཡི་གེ་གསུམ་ལས་རྡོ་རྗེ་དཀར་དམར་མཐིང་གསུམ་བྱུང་བས་ལུས་རྡོ་རྗེའི་རང་བཞིན་དུ་བསྒོམ་མོ། །སྒོ་གསུམ་བྱིན་རླབས་དང་སེམས་དཔའ་སུམ་རྩེགས་གི་ཚེ་སྔ་ཕྱིར་ཐུགས་ཀར་ཧཱུཾ་ཡིག་གཉིས་བྱུང་ཡང་ཐ་དད་དུ་མོས་པ་མ་ གཏོགས་ཧཱུཾ་ཡིག་གཅིག་གིས་ཆོས་པ་ཡིན་ནོ། །ཡུལ་ཅན་བདེ་བས་སྟོང་པ་བསྒོམ་པའི་གནད་ནི། །བསྐྱེད་རིམ་གྱི་སྐབས་སུ་གཙོ་བོ་ཡིད་བདེ་ཡིན་པས་དེས་སྟོང་པ་སྔར་ངེས་ཟིན་ལ་རྩེ་གཅིག་ཏུ་འཇོག་པ་ཡིན་ནོ། །དེ་ལ་གཉིས་སྣང་གིས་ 12-14-4b བར་ཆོད་ན་སྡུད་རིམ་གྱི་དམིགས་པ་བྱས་ནས་སྔར་ལྟར་འཇོག་པ་ཡིན་ནོ། །དེ་ལ་ང་རྒྱལ་འཇོག་པའི་གནད་ནི། ཐ་མལ་གྱི་ཕུང་པོ་དང་བདག་གཉིས་ངའོ་སྙམ་པའི་བློས་མིང་དོན་གཅིག་ཏུ་བཟུང་ནས་ཞེན་པས་འཁོར་བར་འཁོར་བ་ལྟར། ཡུལ་སྟོང་པ་ ཉིད་ལ་གདགས་གཞིར་བྱས་ནས་ང་བཏགས་ཆོས་སུ་བྱས་ཏེ་མིང་དོན་གཅིག་ཏུ་གཟུང་པའི་བདེན་འཛིན་སྤངས་ནས་ཆོས་སྐུའི་རྒྱུར་འགྱུར་བ་ཡིན་ནོ། །གཟུང་རྣམ་ལྷར་འཆར་ཚུལ་གྱི་གནད་ནི། །གཟུང་རྒྱུའི་ཡུལ་སྟོང་པ་ཉིད་དང་འཛིན་མཁན་ནི་སྟོང་པ་ ཉིད་རྟོགས་པའི་ཤེས་རབ་བོ། །རྣམ་པ་ལྷར་འཆར་ཚུལ་ནི། ངོ་བོ་བདེ་སྟོང་དབྱེར་མེད་དེ་ཉིད་ཡིན་པ་ལ། རྣམ་པ་ལྷ་དང་གཞལ་ཡས་ཁང་དུ་གྲུབ་པར་བསྒོམ་པའོ། །ལྷག་མོས་ལུས་ལ་བསྡུས་ནས་ད་ལྟ་ཐིམ་པར་བསྒོམ་པ་ནི། གནས་དེ་ཉིད་དུ་ ཕར་ལུས་ཀྱི་ནང་དུ་ཐིམ་པར་བསྒོམ་པ་དང་། འཆི་བའི་ཚེ་ལྟ་བུ་ནི་ཆོས་སྐུར་ཐིམ་པར་བསྒོམ་པའོ། །དང་པོའི་མགོན་པོ་རང་ཉིད་མི་བསྐྱོད་པ་ལ་འཇུག་པ་ནི། གོ་ས་མ་འཕོས་པར་དབུས་ཀྱི་གདན་ལ་གནས་པའི་ངང་ནས་འཇུག་པ་ཡིན་ལ། དེ་ནས་སྐུ་ དེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྐྱེད་པ་ན་ལུས་ཀྱི་ཆ་ཤས་དེ་དང་དེར་གྱུར་པ་ལས་བསྐྱེད་པར་མོས་པ་མ་གཏོགས་རྣམ་པ་བསྡུས་ནས་དེར་གྱུར་པར་བསམ་པ་མིན་ནོ། །ལུས་ཀྱི་གནས་རྣམས་སུ་ལྷ་བསྒོམ་པ་ཡང་། གོ་ས་གཅིག་ཏུ་ལྷ་ མང་པོ་བསྒོམ་པ་འཆར་དཀའ་ན། གསང་འདུས་འཇམ་རྡོར་ནས་གསུངས་པ་ལྟར་གནས་ཐ་དད་དུ་བསྒོམས་ཀྱང་རུང་ལ། རིགས་བདག་ཡབ་ཡུམ་ལས་བདུད་རྩིའི་རྒྱུན་བབས་པས་སེམས་དཔའ་གསུམ་ཚིམ་ཞིང་དགའ་བདེ་དཔག་ཏུ་མེད་པ་ 12-14-5a སྐྱེས་པར་ཡང་ཡང་བསམ་པ་གནད་ཆེའོ། །རིག་མ་འབྱིན་པའི་གནད་ནི། ཐོག་མར་སྙིང་ཁ་ནས། སྨེ་ཤ་ཅན་ལ་སོགས་པ་རང་རིགས་ཀྱི་མི་མོའི་རྣམ་པ་ཅན་ཡིད་ལ་གཅགས་པའི་བུ་མོའི་རྣམ་པ་གཅིག་ཕྱུང་སྟེ། དེ་ ཉིད་བསངས་སྦྱངས་ནས་རེག་བྱ་རྡོ་རྗེ་མར་བསྐྱེད་པའོ། །ཕཊ་ཡིག་གི་གནད་ནི། །དབུ་ཅན་གྱི་ཕཊ་ཡིག་ཁ་དོག་གསེར་ལྟ་བུ་མགོ་བོ་ནང་དུ་ལྟ་བ་འོད་ཀྱི་རྣམ་པར་བསྒོམ་མོ། །དེས་ནི་ཕཊ་ངག་ཏུ་བརྗོད་པ་དང་མཉམ་དུ་སྤྱི་བོ་ནས་བྱང་སེམས་ འབེབས་པ་དང་། ཕྱིར་འཕོ་བ་དགག་པ་དང་། དམིགས་པས་ཡུམ་གྱི་པདྨར་འབེབས་པ་དང་བྱ་བ་གསུམ་བྱེད་དོ། །དང་པོ་སྦྱོར་བ་ལས་མི་བྱེད་ན་ཡུམ་གྱི་པདྨའམ་རྡོ་རྗེའི་རྩེ་གང་རུང་དུ་ཐིག་ལེ་ཕབ་པ་ལས་ལྷ་སྤྲོས་ནས་མཛད་པ་དང་སྦྱར་ དགོས་སོ། །རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་གང་བར་བསྒོམ་པ་ནི། རྭ་དབུས་མའི་ཨོཾ་ཡིག་དེ་ལས་འོད་ཟེར་ལྔ་བྱུང་སྟེ་ལུས་ཀྱི་རྩ་ཐམས་ཅད་དང་པདྨའི་ནང་གང་བར་བསྒོམ་པ་ཡིན་ནོ། །ཨོཾ་ཡིག་ནི་རྭ་དབུས་མའི་སྦོམ་གྱི་ཆའི་དབུས་ སུ་འགོད་ལ། ཕཊ་ཡིག་ནི་རྭ་དབུས་མའི་རྩེར་འགོད་པ་ཡིན་ནོ། །ང་རྒྱལ་འཇོག་པའི་གནད་ནི། བདེ་སྟོང་དབྱེར་མེད་ལ་སྔར་ལྟར་ང་རྒྱལ་བཞག་ནས། དེ་ཉིད་ལ་རང་རྡོ་རྗེ་འཆང་དངོས་ཡིན་པ་དང་དཀྱིལ་འཁོར་དེའི་རྣམ་འཕྲུལ་དུ་བལྟས་ ཏེ་ཐ་དད་དུ་མི་བཟུང་ངོ་། །གསལ་སྣང་འདོན་པའི་གནད་ནི། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ལམ་གྱིས་གསལ་བཏབ་སྟེ། ཤེས་པས་སྤྱི་དེ་ལ་བཟུང་ནས་ཤེས་པ་ཆ་ཤས་ཕྲ་མོ་གཅིག་གིས་རེ་རེ་ནས་གསལ་སྣང་འདོན་པ་ཡིན་ 12-14-5b ནོ། །ཕྲ་མོའི་གནད་ནི་རང་གི་རྡོ་རྗེའི་ཁའི་ཕཊ་ཡིག་དེ་ཉི་གདན་དུ་གྱུར་ཏེ། དེའི་སྟེང་དུ་སྙིང་ཁ་ནས་ཐིག་ལེ་སྔོན་པོ་ཡུངས་འབྲུ་ཙམ་ཞིག་ཕྱུང་སྟེ་ཕབ་ནས་བསྒོམ་པ་དང་། མཐར་ཐིག་ལེ་ཡར་དྲངས་ནས་ཉི་གདན་ཕཊ་ཡིག་ཏུ་བསྒྱུར་རོ། །སྟེང་གི་སྣ་རྩེར་ ཡང་ཉི་གདན་ལ་རྡོ་རྗེ་སྔོན་པོ་ནས་འབྲུ་ཙམ་དང་། དེ་བརྟན་པ་ན་དེ་ལས་གཅིག་དང་། དེ་ནས་དེའི་རྩེ་ལས་གཅིག་སྟེ་ཇེ་མང་དུ་བཏང་། མཐར་ཡང་སྙིང་ཁར་བསྡུའོ། །དེ་དག་ནི་དམིགས་པ་ཡིད་ལ་བྱེད་པའི་གནད་བསྐྱེད་རིམ་གྱི་སྐབས་སུ་མེད་དུ་མི་རུང་བའི་ཞལ་ ཤེས་དག་ཡིན་ནོ། །སྲོག་ལས་ཀྱང་གཅེས་པར་གྱིས་གསུངས་སོ། །ཞར་ལ་རྫོགས་རིམ་གྱི་གནད་ཅུང་ཟད་ཅིག་བརྗོད་ན། བདེ་བ་ཆེན་པོ་ནི་ལམ་འདིའི་གཞི་ཡིན་ལ། དེ་རྫོགས་རིམ་ནས་སྒྲུབ་པ་ཡིན་པས། དེ་སྒྲུབ་པའི་ཐབས་འདིར་ཕྲ་མོ་ལས་མ་བཤད་ ཀྱང་། མ་རྒྱུད་ཀྱི་གཏུམ་མོ་ཡང་བསྒོམ་ན་ཁྱད་པར་དུ་འགྱུར་བ་ཡིན་ནོ། །སྲོག་རྩོལ་གསུམ་གྱི་སྐབས་སུ་སེམས་དཔའ་སུམ་བརྩེགས་དགོས་པས་དེ་བྱེད་ཚུལ་ནི། །རང་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་དུ་སྐད་ཅིག་གིས་ལངས་པའི་སྙིང་ཁའི་རྩ་ མདུད་ཀྱི་མི་ཤིགས་པའི་ཐིག་ལེ་དེའི་དབུས་སུ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་འོད་ཀྱི་རང་བཞིན་ཅན་ཤིན་ཏུ་ཕྲ་བ་དང་། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་ངོ་བོ་རླུང་སེམས་ཀྱི་རང་བཞིན་ཁ་དོག་སྔོན་པོ་ ཞིག་བསྒོམས་ནས་དེ་ལས་འབྱུང་འཇུག་བྱེད་པའི་རྡོར་བཟླས་དང་། དེ་ཉིད་ལ་སེམས་འཛིན་པའི་སྔགས་འཁོར་བསྒོམ་པ་རྣམས་བྱེད་པ་ཡིན་ནོ། །མཐར་ཡང་རིལ་འཛིན་དང་། རྗེས་གཞིག་གི་དམིགས་པའི་སྡུད་རིམ་རེ་དང་སྦྲེལ་ན་ལེགས་སོ། ། 12-14-6a བསྐྱེད་རིམ་ནི་རྫོགས་རིམ་གྱི་སྨིན་བྱེད་དུ་བསྒོམ་པ་ཡིན་པས། ལུས་དབེན་ནས་བཟུང་སྟེ་ཟུང་འཇུག་གི་བར་ཐམས་ཅད་དུ་རང་རྡོ་རྗེ་འཆང་དུ་ལངས་པ་ན། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ལང་དགོས་པ་ཡིན་ནོ། ། ཕྱག་རྒྱ་ལ་བརྟེན་ནས་རླུང་དབུ་མར་འཇུག་པའི་སྲོག་རྩོལ་ནི། ཕྱག་རྒྱ་མཚན་ཉིད་དང་ལྡན་པ་དང་སྙོམས་པར་ཞུགས་བཞིན་པའི་ཚེ་དྷཱུ་ཏཱིའི་མར་སྣར་དམིགས་པ་གཏད་པས། ཡབ་ཡུམ་གྱི་རླུང་དང་བྱང་སེམས་རིམ་གྱིས་འདུས་པ་རྣམས་ཀྱིས་དྷཱུ་ཏཱིའི་མར་སྣ་ ཕྱེ་ནས་བཙན་ཐབས་སུ་རླུང་དབུ་མའི་ནང་དུ་འཇུག་པ་ཡིན་ནོ། །དེ་ཉིད་སྙིང་ཁར་དམིགས་པ་གཏད་དེ་སྡུད་རིམ་དང་། སྦྲགས་ན་འོད་གསལ་སྐྱེ་བའི་ཐབས་ཀྱང་མཆོག་ཏུ་འགྱུར་བ་ཡིན་ནོ། །གཉིད་ཀྱི་སྐབས་སུ་དེ་ལྟར་བྱས་ན་ཡང་འོད་གསལ་བཙན་ཐབས་ སུ་འཛིན་པའི་གདམས་པའི་མཆོག་ཡིན་ནོ། །ཁྱབ་བྱེད་ཀྱི་རླུང་འདི་རླུང་གཞན་ལས་སྡུད་དཀའ་ཞིང་འདི་རྫོགས་པར་མ་ཐིམ་ན་སེམས་དབེན་གྱི་འོད་གསལ་མཚན་ཉིད་པ་མི་འབྱུང་བས་རླུང་ཅུང་ཟད་སྡུད་ནུས་པ་ནས་འདིའི་སྡུད་རིམ་རེ་ཡང་ངེས་པར་བྱེད་དགོས་ སོ། །ལུས་དབེན་རྗེས་མཐུན་པ་ཐོབ་ནས་རིལ་འཛིན་དང་རྗེས་གཞིག་གི་དམིགས་པའི་སྡུད་རིམ་རེ་དང་སྦྲགས་ནས་ཉམས་སུ་བླངས་ན་རླུང་འདུ་སླ་བ་དང་གཉེན་དུ་འགྲོ་བའི་གནད་ཡོད་དོ། །རྡོར་བཟླས་ཀྱི་གནད་ནི། འཁོར་ལོའི་སྡུད་རིམ་བྱས་ཏེ་མི་ཤིགས་པ་ ལ་སྡུད། མི་ཤིགས་པ་ཡེ་ཤེས་སེམས་དཔའ་ལ་བསྡུ། ཡེ་ཤེས་སེམས་དཔའ་ཏིང་ངེ་འཛིན་སེམས་དཔའ་ཨ་ཐུང་ལ་བསྡུས་ཏེ། རྩེ་གཅིག་ཏུ་དེ་ཉིད་ལ་སེམས་གཟུང་བཞིན་དུ། ཡི་གེ་གསུམ་གྱི་རྡོར་བཟླས་བྱེད་པ་དེ་ཐུན་མོང་མིན་པའི་གནད་དོ། ། 12-14-6b སྡུད་རིམ་དེ་ལྟ་བུ་དང་ཕྱག་རྒྱ་ལ་བརྟེན་པ་གཉིས་ཚོགས་ཀྱི་སེམས་དབེན་བསྐྱེད་པ་ནི། སེམས་དབེན་གྱི་གདམས་པའོ། །སེམས་དབེན་རྗེས་མཐུན་པ་ཐོབ་ནས་སྒྱུ་མའི་སྐུར་ལྡང་ཚུལ་གྱི་གནད་ཁྱད་པར་བ་ནི། འོད་གསལ་ལས་ལྡང་བ་ན། སྙིང་ཁའི་ ཁམས་དཀར་དམར་གྱི་དབུས་ཀྱི་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་འཆང་གི་རྣམ་པ་དེ་ཉིད་ལ་སེམས་ཁྲིག་གེ་གཏད་དེ། ཐིག་ལེ་འོག་མ་གདན་དང་སྟེང་མ་གོས་ཀྱི་རྣམ་པར་བྱས་ནས་ལུས་འདིའི་ཕྱི་རོལ་ཏུ་འཕེན་པའི་དབང་གིས་སྐད་ ཅིག་ཙམ་གྱིས་འགྲུབ་པ་ཡིན་ནོ། །སླར་ཡང་ལུས་ལ་འཇུག་པ་ན་སྔར་གྱི་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ཡིན་ཏེ། གནད་ཁྱད་པར་ཅན་གྱི་ཞལ་ཤེས་སོ། །འདི་ལྟར་འཇུག་པའང་བར་དོའི་བསྲེ་བའི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ནི་ཕ་མའི་ ཁུ་ཁྲག་དང་། གཉིད་ཀྱི་སྐབས་སུ་རྨི་ལམ་གྱི་ལུས་ཁྱད་པར་བ་ཕུང་པོ་ལ་འཇུག་པ་རྣམས་སྤྲུལ་སྐུ་དང་བསྲེ་བ་ཡིན་པས། སྐྱེ་གནས་ཀྱི་ཁུ་ཁྲག་དང་རང་གི་ཕུང་པོ་མི་བསྐྱོད་པར་བསྐྱེད་ནས་སྤྲུལ་སྐུ་བཟུང་བའི་བསམ་པས་འཇུག་དགོས་པ་ཡིན་ལ། རྡོ་རྗེ་འཆང་དུ་བསྐྱེད་པ་མ་ཡིན་ནོ། །དེ་ལྟར་ལངས་པའི་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་དེ་ནི་སྐུ་མདོག་དཀར་པོར་ཡོད་པ་ཡིན་ཏེ། སྐུ་དེའི་སྒྲུབ་གཞི་སྲོག་འཛིན་གྱི་རླུང་ཤིན་ཏུ་ཕྲ་བ་དེ་ཁ་དོག་དཀར་པོ་ཡོད་པས་ཡིན་ནོ། །དོན་གྱི་འོད་གསལ་ཐོག་མར་ སྔོན་དུ་བྱེད་པའི་མཚམས་ནི། སྐུ་གསུང་ཐུགས་ཀྱི་སེམས་དཔའ་སུམ་བརྩེགས་བྱས་པའི་མ་དག་པའི་སྒྱུ་ལུས་དེ་དག་ནས་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའི་ནཱ་ད་ཡང་འོད་གསལ་དུ་དག་པ་ན་ཐོབ་པ་ཡིན་ནོ། །འཕོ་བ་ནི་གཙོ་བོར་ 12-14-7a མ་རྒྱུད་དག་ནས་འབྱུང་ཡང་བརྒྱུད་ལ་ཡང་ལམ་གྱི་ཡན་ལག་ཏུ་ངེས་པར་དགོས་པས། དེའི་དམིགས་པའི་གནད་ནི། །སྔགས་འཁོར་སོགས་རྒྱས་བསྡུས་གང་བྱེད་ཀྱང་འདི་དགོས་ཏེ། དམིགས་པ་སྦྱོང་བ་ན། སྙིང་ཁའི་ཡེ་གེ་ རྣམས་གྱེན་དུ་བསྒྱུར་བ་དང་། སྙིང་ཁའི་རྩ་འཁོར་ཡང་ཐུར་མ་ལ་སོགས་པས་རྒྱུ་མ་སོགས་ཀྱི་ཕྱི་ནང་བསྒྱུར་བ་ལྟར་དུ། དབུ་མའི་ནང་ནས་གྱེན་ལ་བསྒྱུར་ཏེ། དེའི་རྩེར་ཡི་གེ་དེ་རྣམས་དེད་པའི་རྣམ་པར་བསྒོམས། སླར་ཕྱིར་བསྒྱུར་ཏེ་སྔར་ལྟར་འཇོག་ པ་ནི་གནད་དམ་པའོ། །འདི་ལྟར་བྱས་པས་རྩ་རྣམས་མཉེན་དུ་སོང་ནས་སྦྱངས་པ་མཐར་ཕྱིན་པ་ན་དངོས་སུ་དེ་ལྟར་ནུས་པ་འབྱུང་ངོ་། །སྟོང་ཉིད་བསྒོམ་པའི་གནད་ནི། །བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཞིག་བསྐྱེད་དེ། དེ་ནས་རིག་པས་ ལེགས་པར་དཔྱད་ནས། ལྟ་བ་ཕུ་ཐག་ཆོད་པ་དེ་ལ་ངེས་པ་དྲངས་ནས། ཡུན་རིང་དུ་མཉམ་པར་བཞག་པ་དེ་ལ་ལུས་ལ་གནད་དུ་བསྣུན་པའི་ཐབས་བསྒོམས་པས་རྫོགས་རིམ་གྱི་བདེ་བ་མ་མཐའ་གཅིག་རྙེད་པ་ནས། སྔར་ལྟར་དཔྱད་པ་མི་བྱེད་ པར་སྔར་གྱི་ངེས་ཤེས་ཤུགས་དྲག་དེ་དྲན་པར་བྱས་ཏེ། སེམས་བདེ་བའི་ངོ་བོར་སོང་བ་དེས་རྩེ་གཅིག་ཏུ་རང་བཞིན་མེད་པའི་དོན་དེ་ལ་མཉམ་པར་བཞག་པས་སྟོང་པ་ཉིད་ལ་བོགས་ཐོན་ནས་སྔར་ལས་ཀྱང་ངེས་པ་ཤུགས་ཆེ་བ་དང་། བདེན་ འཛིན་གྱི་གཉེན་པོར་ནུས་པ་མཐུ་ཅན་དུ་སོང་ནས་གཉིས་སྣང་བཟློག་པ་ཡིན་ནོ། །དེས་ན་ལམ་འདི་ལ་ནི་ཐོག་མར་འཁོར་བ་མཐའ་དག་ལ་གཏིང་ནས་ཞེན་པ་ལོག་ནས། འཁོར་བའི་ཕུན་ཚོགས་ཇི་འདྲ་བ་ཞིག་ལ་ཡང་བཙོན་དོང་ལྟར་མཐོང་ 12-14-7b བའི་ངེས་འབྱུང་གི་བསམ་པ་དྲག་པོ་ཞིག་དང་། དེ་ཡང་རང་ཉིད་གཅིག་པུའི་ཕྱིར་མིན་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་དུ་མས་མནར་པ་ལ་སྙིང་ཐག་པ་ནས་མ་བཟོད་པས་དེ་ཉིད་འདོན་པ་ལ་སྐད་ཅིག་ཀྱང་མི་ཡེངས་པར་རིངས་པའི་བློ་ བཅོས་མ་མ་ཡིན་པ་ཞིག་དགོས་པ་ཡིན་ནོ། །དེའི་ཕྱིར་ཐོག་མར་གང་ཁས་བླངས་པའི་བསྲུང་སྡོམ་ལ་འབད་ནས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་ཞིག་བྱ། དེ་ནས་བྱང་ཆུབ་ཀྱི་སེམས་བཅོས་མིན་ཞིག་མེད་ན་ཐེག་པ་ཆེན་པོའི་ལམ་དུ་མི་ འགྱུར་བས་དེ་ལ་འབད་པར་བྱའོ། །བདག་མེད་ཀྱི་ལྟ་བ་རྣམ་དག་གཅིག་མེད་ན་འཁོར་བ་ལས་ཀྱང་མི་ཐར་བས་སྟོང་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཞིག་བྱ། དེ་ལྟར་བྱས་ཏེ་ཐབས་ཟབ་མོ་འདི་ལྟ་བུའི་ལམ་དང་། སྦྲགས་ནས་ལུས་ལོངས་སྤྱོད་ལ་ ལྟོས་པ་མེད་པར་བརྩོན་པ་ཆེན་པོས་ཆུ་བོའི་རྒྱུན་བཞིན་དུ་ཉམས་སུ་བླངས་ན་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བསྐམས་ཏེ། རང་གཞན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བའི་གོ་འཕང་ཡང་མྱུར་དུ་འགྲུབ་པར་གདོན་མི་ཟ་བ་ཡིན་ནོ། །འདི་དག་ ནི་གནད་འགག་སྡོམ་ཆེ་བ་རྣམས་ཀྱི་དམིགས་པའི་གནད་འགའ་ཞིག་བསྡུས་པའི་མན་ངག་ཐུན་མོང་མ་ཡིན་པའི་ཞལ་ཤེས་མེད་དུ་མི་རུང་བའི་སྲོག་དག་ཡིན་ནོ། །རྣམ་འདྲེན་སྐུ་བཞིའི་གོ་འཕང་མཆོག་བརྙེས་ནས། གདུལ་བྱའི་བློ་མུན་ མ་ལུས་སེལ་མཛད་པ། །ཆོས་ཀྱི་རྒྱལ་པོ་མཁས་གྲུབ་དགེ་ལེགས་དཔལ། །གང་དེའི་གསུང་གི་བདུད་རྩིས་ལུས་འཚོ་བ། །དད་པའི་དབང་པོའི་སྐལ་བཟང་སྐྱེ་བོའི་ངོར། །ཞལ་ཤེས་གདམས་པ་མ་ནོར་ཚང་བར་བྲིས། །དེས་ནི་གནས་ 12-14-8a གསུམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །གཡེལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །རྗེ་བཙུན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པའི་ཞབས་ལ་གུས་པ་ཆེན་ པོས་ཕྱག་འཚལ་ལོ། །ལུས་དབེན་གྱི་སྐབས་སུ་འཛག་གེགས་བྱུང་ན། དྷཱུ་ཏཱིའི་མར་སྣར་དམིགས་པ་གཏད་ནས། དྷཱུ་ཏཱིའི་དབུས་སུ་དམིགས་པ་སྤོ། དེས་མི་སེལ་ན་གསང་བའི་རྩེར་སྤོ། དེས་ཀྱང་མ་སེལ་ན་ལྟེ་བར་སྤོ་བ་དང་། ལུས་དབེན་གྱི་ ཕྲ་ཐིག་བསྒོམ་པའི་སྨིན་བྱེད་དུ་བསྐྱེད་རིམ་པའི་ཕྲ་མོ་སྒོམ་པ་ཡིན་གསུངས་སོ། །ངག་དབེན་གྱི་སྐབས་སུ་རྡོར་བཟླས་ཁྱབ་བྱེད་ཀྱི་རླུང་ལ་ཡང་བྱེད་པས་ཁྱབ་བྱེད་ཀྱི་རླུང་འདུ་བར་བྱེད་པའི་ཆེད་ཡིན་ཞིང་། འདུས་པའི་ལུས་དབེན་དང་ངག་དབེན་གྱི་ དོད་མ་རྒྱུད་པའི་གཏུམ་མོའི་རྣལ་འབྱོར་ཡིན། དེ་ལ་ཡང་ཕྱིའི་གཏུམ་མོ་ཤ་ལྤགས་ཀྱི་བར་དང་། རོ་མའི་ནང་ནས་ནང་གི་གཏུམ་མོ་རྩ་གཞན་རྣམས་ཀྱི་ནང་ནས་གསང་བའི་གཏུམ་མོ། །དྷཱུ་ཏཱིའི་ནང་ནས་འབར་བ་བཞིན། དཀར་ཆ་ཡང་ཕྱི་ལྤགས་ དང་རྐྱང་མ་ནང་གི་རྩ་གཞན་རྣམས་དང་། གསང་བ་དྷཱུ་ཏཱི་ནང་ནས་འབབ་པ་ཡིན་གསུང་ངོ་། །སེམས་དབེན་གྱི་སྐབས་སུ་སེམས་དབེན་རྗོགས་པར་སྐྱེ་བ་ངེས་པར་སྤྱོད་པ་ལ་ལྟོས་པའི་དགོས་པ་ཁྱབ་བྱེད་ཀྱི་རླུང་སྡུད་པ་ཡིན། །འདུས་པའི་སེམས་ དབེན་གྱི་དོད་ལ་མ་རྒྱུད་པ་ལ་དགའ་བཞི་བསྐྱེད་པ་ཡིན་པས། འདི་ལ་ཞལ་ཤེས་མང་པོ་ཡོད་པ་གསུང་ངོ་། །ཕྱིའི་ཕྱག་རྒྱ་ལོ་གྲངས་བཅུ་གཉིས་མ་ལ་བསྔགས་པ། དེས་གཏུམ་མོ་ཕལ་པ་ཡང་མ་ཉམས་པའི་རྒྱུ་མཚན་གྱིས་ཡིན། སྤྱོད་པ་ལ་ 12-14-8b བརྟེན་ནས་ཁྱབ་བྱེད་ཀྱི་རླུང་སྡུད་པའི་རྒྱུ་མཚན། དེའི་རྐྱེན་གྱིས་བདེ་བ་ཁྱད་པར་ཅན་སྐྱེ། དེས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་རླུང་སེམས་མ་ལུས་པར་འདུས་པ་ཡིན་གསུང་ངོ་། །དེ་ཡང་ལུས་དབེན་དང་ངག་དབེན་གྱི་སྐབས་སུ་བསྒོམ་སྟོབས་ཀྱིས་ སྐྱེ་བས་དེ་ལ་ངེས་པར་ལྟོས་མི་དགོས་ཀྱང་། བརྟེན་པ་བྱུང་ན་ཤིན་ཏུ་སྟོབས་ཆེ་ཞིང་། དེའི་དགོས་པ་རྫོགས་རིམ་གྱི་རྟོགས་པ་སྔར་མེད་གསར་དུ་སྐྱེ་བའི་ཕྱིར་ཡིན་ནོ། །སེམས་དབེན་དང་སྒྱུ་ལུས་སྟོན་པའི་དགོས་པ་རྟོགས་པ་གོང་ནས་གོང་དུ་འགྱུར་བའི་ཕྱིར་ ཡིན། དེ་གོང་འོག་ཟུང་དུ་སྟོན་པའི་དགོས་པ་སྤང་བྱ་སྤོང་བ་ལ་ནུས་པ་མཐུ་ལྡན་དུ་བྱེད་པའི་ཕྱིར་ཡིན། ཡང་ལུས་དབེན་གྱི་ཕྲ་ཐིག་གི་སྐབས་སུ་བདེ་བ་ཁོ་ན་འདྲེན་པ་ཡིན། དེ་བརྟེན་ནས་སྟོང་ཉིད་ངེས་ཟིན་བརྟེན་པར་བྱས་ནས་སྦྱོར། རིག་པས་དཔྱད་པ་ མི་བྱེད། བྱས་ན་སླར་རྟོག་པའི་སྤྲོ་བསྡུ་ལས་རླུང་ལངས་ནས་གེགས་སུ་འགྲོ་བ་ཡིན་གསུང་། སྒྱུ་ལུས་མཚུངས་ལྡན་ལྔ་དང་ལྡན་པ་ནི། གཉིད་ཀྱི་འབྱུང་བ་ཐིམ་རིམ་གྱིས་དཔེའི་འོད་གསལ་ལས་རྨི་ལམ་གྱི་ལུས་སུ་ལངས་པ་དང་། དེ་ཡང་རླུང་སེམས་ ཙམ་ལས་གྲུབ་པ་དང་། དེར་ང་རྒྱལ་འཕོས་པ་དང་། ལུས་རགས་པ་ལས་གོ་ས་ལོགས་སུ་ཕྱེ་བ་ལྟ་བུ་དང་། དེ་ཟུང་འཇུག་ཏུ་སྟོན་ཟེར། སླར་ཡང་ལུས་རགས་པ་ལ་འཇུག་པ་དང་། རིམ་པ་བཞིན་ལམ་དུས་ཀྱི་འབྱུང་བ་ཐིམ་རིམ་རྣམས་ཀྱིས་དཔེའི་ འོད་གསལ་ལས་སྒྱུ་ལུས་སུ་ལངས་པ་དང་། དེ་ཡང་རླུང་བྱང་སེམས་ཙམ་ལས་གྲུབ་པ་དང་། དེར་ང་རྒྱལ་འཕོས་པ་དང་། ལུས་རགས་པ་ལས་ལོགས་སུ་བྱེ་བ་དང་། སླར་ཡང་ལུས་རགས་པ་ལ་འཇུག་པ་དང་ཆོས་མཚུངས་པ་ཡིན་གསུང་། 12-14-9a བསྲེ་བའི་སྐབས་སུ་གཉིད་དང་རྨི་ལམ་རླུང་སྟོབས་ཀྱིས་ཟིན་ན། རང་སྟོབས་ཆེ་ཞིང་རྨི་ལམ་རྣམས་ཕལ་ཆེར་འཁྲུལ་མེད་འོང་བའི་རྒྱུ་མཚན་སད་དུས་སུ་སྙིང་ཁའི་སྡུད་རིམ་ལ་ལེགས་པར་སྦྱངས་ནས་རླུང་འདུས་པ་དང་། གཉིད་དང་རྨི་ལམ་དུ་སྙིང་ཁར་རླུང་ལེགས་པར་འདུས་པའི་དུས་སུ་ལྐོག་གྱུར་གཏན་ལ་འབེབས་པའི་བག་ཆགས་རྣམས་ཀྱང་འདུས་པའི་གནད་ཀྱིས་ཡིན་གསུང་། གཉིད་ཀྱི་འོད་གསལ་དང་རྨི་ལམ་རླུང་སྟོབས་ཀྱིས་ཟིན་ན། འཆི་བའི་འོད་གསལ་ དང་བར་དོ་རླུང་སྟོབས་ཀྱིས་ཟིན་པས་ཁྱབ། དེ་བཞིན་དུ་གཉིད་ཀྱི་འོད་གསལ་དང་། རྨི་ལམ་འདུན་པས་ཟིན་ན། འཆི་བའི་འོད་གསལ་དང་བར་དོ་འདུན་པས་ཟིན་པས་ཁྱབ་ཅིང་། སྨིག་རྒྱུ་སོགས་ཀྱི་གྲངས་རྣམས་ངེས་པར་འཁྲུལ་མེད་འཆར་ན། རླུང་ སྟོབས་ཀྱིས་གཉིད་ཀྱི་འོད་གསལ་སོགས་ཟིན་པས་ཁྱབ་པ་ཡིན་པས། རྨི་ལམ་གྱི་བསྲེ་བ་འདི་དག་བར་དོ་དང་བསྲེ་པའི་ཚད་འཛིན་འཁྲུལ་མེད་ཡིན་གསུང་ངོ་། །དེའི་ཐབས་ཀྱང་ཞག་འགའ་གཉིད་བཅག་ནས་ཉིན་བར་སྙིང་ཁའི་སྡུད་རིམ་སྦྱངས། མཚན་མོ་གཉིད་ལོག་ཁར། སྙིང་ཁའི་སྡུད་རིམ་དང་། རྡོར་བཟླས་དང་། བསམ་གཏན་གཉིས་ཀྱི་སྡུད་རིམ་གྱིས་གཉིད་དུ་བཏང་བས་ལན་ཅིག་མི་འཆར་ཡང་། ཐེབས་གཉིས་གསུམ་བྱས་པས་ངེས་པར་རྟགས་འཆར་གསུང་ངོ་། །གཉིད་ དང་རྨི་ལམ་ཟིན་དུས་གཉིད་ཀྱི་འོད་གསལ་ལ་ཇི་ཙམ་གནས་ཀྱི་བར་བཞག །དེ་ལས་ལྡང་བར་རྩོམ་པ་ན། འཕེན་པ་བཏང་ནས་ལོངས་སྤྱོད་རྫོགས་སྐུར་ལྡང་། དེ་ལས་སད་སར་བརྩམ་པ་ན། སྙིང་ཁའི་སྡུད་རིམ་སོགས་བྱས་ནས་གཉིད་ 12-14-9b ཀྱི་འོད་གསལ་དུ་སྟོང་པ་ཁོར་མར་བྱེད་པ་ནི། གཉིད་དང་རྨི་ལམ་གྱི་དགེ་སྦྱོར་གྱི་གཙོ་བོ་ཡིན་གསུང་ངོ་། །སྤྲུལ་སྐུ་དང་བསྲེ་བའི་གནས་སྐབས་སུ། རླུང་སྟོབས་ཀྱིས་བར་དོ་ལོངས་སྐུ་ཟིན་པ་ལ་མི་དགོས་ཀྱང་། འདུན་པས་བར་དོ་ཟིན་པའི་དུས་ སུ་འཕོ་བ་དགོས་པ་ཡིན་གསུང་ངོ་། །དེའི་མན་ངག་ནི་གཞན་རྣམས་མི་དགོས་པར་བར་དོའི་ལུས་དེ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་ནས་རྣམ་ཤེས་བཞོན་པ་དང་བཅས་པ་དེ་མཁའ་སྤྱོད་དམ་འོག་མིན་སོགས་སྔགས་སྤྱོད་པའི་ ལུས་རྟེན་ཁྱད་པར་ཅན་དུ་འཕོ་གསུང་ངོ་། །རྨི་ལམ་རླུང་སྟོབས་དང་འདུན་པ་གང་གིས་ཟིན་ཀྱང་ལོངས་སྐུ་དེ་ལས་ལྡང་བར་བརྩམ་པ་ན་འཕེན་པ་བཏང་ནས་རྣམ་སྨིན་གྱི་ལུས་སྤྲུལ་སྐུ་མི་བསྐྱོད་པ་སོགས་སུ་ལྡང་བར་བྱེད་ཅིང་དེ་ལས་ཕྲ་པ་ནི་རྨི་ལམ་ གྱི་ལོངས་སྐུ་ལས་རྣམ་སྨིན་གྱི་ལུས་རང་དགའ་བར་ལྡང་བར་བརྩམ་པ་ན་འཕེན་པ་བཏང་ནས་སྤྲུལ་སྐུ་མི་བསྐྱོད་པའམ་རྡོ་རྗེ་འཆང་དུ་ལྡང་། དེ་ལས་ལྡང་བར་རྩོམ་པ་ན། རླུང་སྟོབས་ཀྱིས་ཟིན་ན་རྣམ་སྨིན་གྱི་ལུས་དང་། རྨི་ལམ་གྱི་ལུས་གཉིས་ སོ་སོར་སྣང་བས་རྣམ་སྨིན་གྱི་ལུས་སྤྲུལ་སྐུ་མི་བསྐྱོད་པའམ་རྡོ་རྗེ་འཆང་སོགས་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་འཇུག་པ་ཡིན་གསུང་ངོ་། །སྒྱུ་ལུས་ཀྱི་མེད་མི་རུང་ཁྱད་པར་ལྔ་དང་ལྡན་པ་ནི། གང་ནས་ལྡང་བ་གནས་ཀྱི་ཁྱད་པར་རྩ་འཁོར་གྱི་ དབུས་དྷཱུ་ཏཱིའི་ནང་ནས་དང་། དེ་ཡང་ནང་ཐིག་ལེ་དཀར་དམར་གའུ་ཁ་སྦྱར་བ་འདྲ་བའི་ནང་ནས་ལྡང་། གང་ལས་ལྡང་བའི་ཁྱད་པར་ཐིག་ལེ་དེའི་ནང་གི་སྲོག་རླུང་ཤིན་ཏུ་ཕྲ་བ་དང་རྣམ་ཤེས་ཤིན་ཏུ་ཕྲ་བ་ལས་ལྡང་། ཐོག་མེད་ནས་ཀྱི་ཐིག་ལེ་ཤིན་ 12-14-10a ཏུ་ཕྲ་བ་ཡོད་གསུང་ངོ་། །གང་གིས་ལྡང་བ་རྟེན་གྱི་ཁྱད་པར་སྒྱུ་མའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོས་ལྡང་། གང་གི་ཚེ་ལྡང་བའི་དུས་ཀྱི་ཁྱད་པར་ཀུན་རྟོག་གཡོ་བའི་རླུང་སེམས་སྣང་བ་གསུམ་རིམ་གྱིས་ ཐིམ་པའི་དཔེའི་འོད་གསལ་ལ་ཇི་ཙམ་གནས་ཀྱི་བར་བཞག་པའི་མཐར་ལྡང་བར་རྩོམ་པ་ནི། དཔེར་ན་གཞོང་པ་སོགས་ཆུས་བཀང་བ་ན་རླུང་མ་ལངས་པར་མེར་མེར་སྡོད་ལ་རླུང་ཅུང་ཟད་ལངས་པ་དང་མཐའ་མ་ནས་ཟེད་ཟེད་དམ་བན་བུན་བྱུང་ན་ལྡང་བར་ རྩོམ་པ་བཞིན། དཔེའི་འོད་གསལ་ལས་ལྡང་བར་རྩོམ་པའོ། །དེས་སྒྱུ་མའི་སྐུ་ལས་ལྡང་བར་རྩོམ་པ་ཡང་རིགས་འགྲེ་གསུང་ངོ་། །གང་གི་ངོ་བོར་ལྡང་བ་འདྲས་བུའི་ཁྱད་པར་དང་པོའི་མགོན་པོ་སྐུ་མདོག་དཀར་པོ་མཚན་དཔེས་བརྒྱན་པ་ཐུགས་བདེ་ སྟོང་གཉིས་སུ་མེད་པའི་ངོ་བོར་ལྡང་བ་ཡིན་ཞེས་རྗེ་ཙོང་ཁ་པ་གསུང་ངོ་། །ཟབ་ྀཨྠི། །ཡང་ལུས་དབེན་གྱི་སྐབས་སུ། ཕྲ་མོ་ལ་དམིགས་པ་ཐུན་འཁྱོངས་པ་བརྟན་པ་བྱུང་ཡང་རླུང་འགག་ཏུ་མ་འདོད་པ་སོགས་ བྱུང་བའི་ཞལ་ཤེས་ནི། ལུས་ཀྱི་རྩ་སྟོང་ཕྲག་བདུན་ཅུ། སོག་སྦུགས་ལྟར་གྱུར་པ་དམིགས་རྟེན་ལ་ཟུག་པའི་ནང་དུ་རླུང་རྣམས་ཐིམ་པར་བསྒོམ། འདིས་གེགས་སེལ་ཞིང་བོགས་འདོན་པ་ཡིན། འདི་དམིགས་པ་གཏོང་པའི་གནང་གཞན་ལ་ ཡང་གེགས་བྱུང་ན་དམིགས་པ་འདི་ཀ་བྱེད་གསུང་ངོ་། །ཡས་བབས་མས་བརྟན་གྱི་དགའ་བའི་སྐབས་སུ་མས་བརྟན་གྱི་དགའ་བ་མཚན་ཉིད་པ་རྫོགས་པའི་ཕྱིར་བརྟན་པ་ལ་ནི་རླུང་དེ་ཉིད་སྔོན་དུ་སོང་བས་སྙིང་ཁའི་རྩ་མདུད་སོགས་མ་ལུས་པར་ 12-14-10b གྲོལ་བའི་མཚམས་ནས། རྣལ་འབྱོར་པས་འབད་པ་མེད་པར་ཡུད་ཙམ་གྱིས་བྱེད་ནུས་གསུང་ངོ་། །ཡས་བབས་ཀྱི་དགའ་བ་སྐྱེ་བ་ལ་རྩ་མདུད་མ་གྲོལ་བར་གཏུམ་མོའི་མེའི་ནུས་པས་ཞུ་ནས་དགའ་བཞི་སྐྱེ་བ་ཡིན། དཔེར་ན་རྫའི་ཤམ་གས་པའི་ ནང་དུ་མར་འཁྱགས་པ་ཡོད་པ་འོག་ནས་མེ་འབར་བས་ཞུ་ནས་འཛག་པ་བཞིན་ནོ་གསུང་ངོ་། །བསྐྱེད་རིམ་པའི་ལྷའི་ང་རྒྱལ་འཛིན་པའི་ང་དེ་ཐ་སྙད་པའི་ང་ཙམ་དེ་ཡིན་གསུང་། བསྐྱེད་རིམ་པའི་བཟླས་པའི་སྐབས་སུ་ཏིང་ངེ་འཛིན་སེམས་དཔའ་ལ་ང་རྒྱལ་ འཇོག་པ་ཡིན་གསུང་ངོ་། །གཉིད་འཐུག་གི་སྐབས་སུ་འོད་གསལ་འཆར་བའི་ཐབས་སྙིང་ཁར་རང་གི་ལུས་སེམས་འོད་ཀྱི་ཕུང་པོར་བསྒོམ་པ་ཡིན་གསུངས་སོ། །གཉིད་ཀྱི་བསྲེ་བའི་སྐབས་སུ་གཞི་དུས་ཀྱི་གཉིད་ཀྱི་སྟོང་པ་བཞི་དང་རྨི་ལམ་གྱི་དུས་དང་། རྨི་ལམ་གྱི་སྐབས་ཀྱི་རྣམ་སྨིན་གྱི་ལུས་སོགས་ནི་རིམ་བཞིན། གཞི་དུས་ཀྱི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་གསུངས། གཉིད་ཀྱི་སྟོང་པ་བཞིའི་འོད་གསལ་གྱི་ངོ་བོར་ཤར་བ་དང་། དེའི་མཚམས་ནས་རྡོ་རྗེ་འཆང་དུ་ལངས་པ་དང་། དེ་ རྣམ་སྨིན་གྱི་ལུས་ལ་བསམ་བཞིན་དུ་གཞུག་པ་རྣམས་ནི། རིམ་པ་བཞིན་དུ་གཉིད་ཀྱི་སྐབས་ཀྱི་ལམ་དུས་ཀྱི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་ནོ། །གཉིད་མཐུག་གི་མཐར་རྡོ་རྗེ་འཆང་གི་སྐུར་ལངས་པའི་རྨི་ལམ་གྱི་ལུས་དེ་རྨི་ལམ་གྱི་སྐབས་ ཀྱི་ལོངས་སྐུར་བྱས་པ་འདི་ལ་གཉིས་ཡོད་ཀྱང་རྨི་ལམ་རླུང་སྟོབས་ཀྱིས་ཟིན་པ་ལྟ་བུ་ནུས་པ་མཐུ་ཅན་དུ་སོང་བ་ནི། རྨི་ལམ་གྱི་ལུས་དང་། རྣམ་སྨིན་གྱི་ལུས་གཉིས་སོ་སོར་མི་སྣང་བར་འབྱུང་ལ། དེ་གོང་དུ་དེ་གཉིས་སོ་སོར་མི་སྣང་ 12-14-11a ཡང་། རྨི་ལམ་གྱི་ལུས་རྡོ་རྗེ་འཆང་གི་སྐུར་ལངས་པ་འབྱུང་། དེ་བཞིན་དུ་རྨི་ལམ་གྱི་སྤྲུལ་སྐུ་ལ་ཡང་གཉིས་ཡོད་ཅིང་། དེ་ངོས་ཟིན་པ་ལ་ཞལ་གྱི་གདམས་པ་མེད་ན་ཅུང་ཟད་དཀའ་ཡང་། འདིར་རྨི་ལམ་གྱི་སྐབས་དང་ སད་པར་ཤེས་པའི་སྐབས་གང་ཡིན་ཡང་རུང་སྟེ། རྨི་ལམ་གྱི་ལུས་རང་དགའ་བའི་སྣང་བ་ནམ་ཤར་བར་འདོད་པའི་མཚམས་དེར་སྤྲུལ་སྐུ་རྡོ་རྗེ་འཆང་དུ་བསྒྱུར་པའོ། །དེ་ཡང་ལུས་གཉིས་སོ་སོར་སྣང་བའི་གང་ཟག་ཡིན་ནོ། །བསྐྱེད་རིམ་གྱི་ སྐབས་སུ་ལོངས་སྐུ་སྤྲུལ་སྐུ་ལ་ཞུགས་པར་གསུངས་པ་བཞིན་བྱས་པས་ཆོག་ཅིང་། དེའི་སྤྲུལ་སྐུ་ནི་དམ་ཚིག་པའི་དོད་དང་། ལོངས་སྐུ་ཡེ་ཤེས་སེམས་དཔའི་དོད་ལྟར་བྱས་པས་ཁྱབ་བོ། །ཁམས་གསུམ་དག་གི་ལམ་མཆོག་ན། །བུད་མེད་ཇི་ སྙད་ཡོད་པ་རྣམས། །ཐམས་ཅད་ཆོ་ག་བཞིན་དུ་སྤྱད། །གསུང་གི་རྡོ་རྗེ་མི་སྨད་དོ། །ཞེས་པའི་སྐབས་སུ། ངག་གི་རྡོ་རྗེ་སྟེ་རོ་འཛིན་གྱི་བྱ་བས་བསྐྱོད་ལ་ཞེས་རྩ་གསུམ་པ་ལྕེས་བསྐྱོད་པར་གསུངས་ལ། གླུས་བསྐུལ་བ་ལས་བཞེངས་པའི་སྐབས་ སུ། རྩ་སྦུབས་གསུམ་སོར་མོ་གསུམ་གྱིས་བསྐྱོད་ཅིང་། ཞེས་སོ་སོར་བསྐྱོད་པ་དང་གསུམ་བཤད་དོ། །འདི་ལ་རྡོ་རྗེ་མཁའ་འགྲོ་ལས། ཆགས་པ་བསྲ་བ་དང་རྒན་པ་སོགས་ལ་ནི་སོར་མོ་རིང་པོ་གསུམ། སྦྲུལ་མགོ་ལྟར་བྱས་ནས་དྲུད་ པར་བྱ་བ་དང་། གཞོན་བཞིན་ཆགས་པ་མཉེན་པ་རྣམས་ལ་ནི་འོད་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་འབབ་པའི་རྩར། རྡོ་རྗེ་ཐུར་མས་ཕུག་ནས་བསྐྱོད་པར་གསུངས་ཏེ། ཡུལ་སོ་སོར་མཛད་པ་ནི་སོར་མོའི་བྱེད་པ་ལ་དགོངས་སོ། །དཀྱིལ་ 12-14-11b ཆོག་རྡོ་རྗེ་ཕྲེང་བ་ལས། མཛུབ་མོ་དང་ལྕེའི་རྩེ་མོ་ལ་ཡི་གེ་ཧྲཱིཿ དམར་པོ་བཀོད་པས་རྩ་བསྐུལ་བར་བཤད་པ་ལྟར་ན། ལུས་གཅིག་ལ་ཡང་སོར་མོ་དང་ལྕེ་གཉིས་ཀ་བསྐུལ་བར་གསུངས་པ་ནི། སོར་མོ་གཅིག་གི་ཁྱད་པར་རོ། །དུས་ཇི་ཙམ་ དུ་བསྐུལ་བ་ནི། པ་ཚབ་ཀྱི་འགྱུར་ལས། རོ་འཛིན་གྱི་བྱ་བ་དག་གིས་མ་ཕྱིན་གྱི་བར་དུ་བསྐྱོད་པར་བྱ་ཞིང་། ཞེས་འབྱུང་བ་ལྟར་ན། ཡུམ་གྱི་དབུ་མའི་མར་སྣ་བྱེ་ནས་བདུད་རྩི་འཛགས་པ་མ་བྱུང་གི་བར་དུའོ། །རྡོ་རྗེ་མཁའ་འགྲོ་ལས། ཡུལ་ལས་སིད་ཅེས་བྱ་བའི་སྔགས་བྱུང་གི་བར་དུ་དྲུད་པར་གསུངས་ལ། དེ་ནི་ཡུལ་དེས་ཆེད་དུ་བྱས་ནས་སྔགས་དེ་སྟོན་པ་མིན་པར་རང་ཤུགས་ཀྱི་སྔགས་དེ་ཟློས་པར་བྱུང་བའོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། དེ་ལྟར་སྒྲུབ་པ་པོས་ཡང་ དང་ཡང་དུ་བསྐུལ་བས་སྙིང་འདར་བ་དང་། དགའ་བས་མྱོས་ཤིང་སེམས་ཀྱི་རྡུལ་ཕྲ་མོ་འཛག་ལ། ངོ་ཚ་བ་ལ་སོགས་པ་དང་བྲལ་ཏེ་བ་སྤུ་ལངས་ནས་ཤིན་ཏུ་ཆགས་པས་བལྟ་ཞིང་འཁྱུད་པ་ལ་གུས་པར་གྱུར་ཅིང་། སིད་ཅེས་ཟེར་བ་དང་། ཞེས་གསུངས་པ་ལྟར་ཡིན། དེ་རྣམས་ནི་སོར་མོ་དང་ལྕེ་བསྐུལ་ནས་རྩ་ཁ་བྱེ་བའི་རྟགས་སོ། །སེམས་རྡུལ་ཕྲ་མོའི་ཆུ་ནི། བྱང་ཆུབ་ཀྱི་སེམས་ཀུན་དུ་ལྟ་བུའི་ཆུའོ། །རྡོ་རྗེ་གུར་ལས། རྡོ་རྗེ་སོར་མོའི་རབ་སྦྱོར་གྱིས། །རྡོ་རྗེའི་ས་གཞི་རབ་བསྐུལ་ ཏེ། །རྡོ་རྗེ་སེམས་སུ་རབ་བྱུང་བ། །རྡོ་རྗེ་ལྕེ་ཡིས་བཟའ་བར་བྱ། །ཕྱི་ནས་དེ་ཡི་བདེ་ལྡན་དུ། །རྡོ་རྗེ་སེམས་དཔའ་རབ་བཅུག་སྟེ། །རྡོ་རྗེ་བཅིངས་པའི་སྦྱོར་བ་ཡིས། །རྡོ་རྗེ་མཆོད་པར་རབ་ཏུ་བརྩམས། ཞེས་གསུངས་ཏེ། རྡོ་རྗེའི་ས་གཞི་ནི་གསང་ 12-14-12a གནས་ཀྱི་རྡོ་རྗེའི་རྟེན་ཡུམ་གྱི་པདྨའོ། །རྡོ་རྗེ་སེམས་སུ་ཞེས་པ་ནི་ཀུནྡ་ལྟ་བུའོ། །ཕྱི་ནས་ཞེས་པ་ནི། རྩ་སད་པར་བྱས་པའི་རྗེས་སུའོ། །རྡོ་རྗེ་སེམས་དཔའ་ནི་མཱ་མ་ཀཱིའི་གསང་བའི་རྡོ་རྗེའོ། །རྡོ་རྗེ་བཅིངས་པ་ནི། རྩ་གཉིས་མི་ འབྲལ་བར་བཅིངས་པའོ། །འདོད་པའི་བསྟན་བཅོས་རྣམས་ལས། པདྨ་ཅན་དང་དུང་ཅན་མ་ལ་སོགས་པའི་བུད་མེད་ཀྱི་མཚན་ཉིད་སྟོན་པ་ཡོད་པར་སྣང་ནའང་། མན་ངག་འདི་ནི་དེ་དག་ལ་གཏན་མེད་དུ་ཤེས་པར་བྱའོ། །འདི་ནི་མཐའ་གཅོད་ ནས་གདན་དྲངས་པ་ཡིན་ནོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་སྲོག་རྩོལ་དུ་འགྲོ་བའི་ཚུལ་ཞེས་པ། ད་ལྟར་གྱི་གང་ཟག་ལ་དངོས་སུ་མི་དགོས་པ་ ཤས་ཆེ་ཡང་དེའི་གོ་བ་ཆགས་ན་བསྐྱེད་རིམ་བསྒོམ་པ་སོགས་ཀྱི་སྐབས་སུ་ཡེ་རྒྱ་ལ་བརྟེན་པ་ལ་ཕན་ཆེ་བས་ཉེ་བར་མཁོ་བ་ཡིན་ནོ། །དེ་ཡང་སྤྱིར་བླ་མེད་ཀྱི་རྒྱུད་སྡེ་རྣམས་ནས་ལས་རྒྱ་ལོ་བཅུ་གཉིས་མ་ནས་སུམ་ཅུ་མའི་བར་གསུངས་པ་ནི། དེ་གཉིས་ལས་རྒན་པ་དང་གཞོན་པས་རང་གི་རྩ་སད་པར་བྱེད་མི་ནུས་པའམ་ནུས་ཀྱང་ཐབས་ཀྱི་རྩ་སད་པའི་རྐྱེན་དུ་འགྲོ་མི་ནུས་པའི་སྒོ་ནས་སྤང་དགོས་པ་ཡིན། འདི་ལ་རྣལ་འབྱོར་མ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་མངའ་བ་སོགས་ནི་མ་ ངེས་སོ། །འོ་ན་རྩ་སད་ཐབས་ཇི་ལྟར་བྱ་སྙམ་ན། དེ་ནི་རྣལ་འབྱོར་པ་ཁྱད་པར་ཅན་ལས་རྒྱ་དང་སྙོམས་པར་འཇུག་པའི་ཚེ། མཛུབ་མོ་དང་ལྕེ་ལ་ཡི་གེ་འགོད་པ་སོགས་ཀྱི་སྦྱོར་བ་གཞན་ནས་གསུངས་པ་ལྟར་བྱའོ། །དེ་ལྟར་རྩ་དབུ་མ་སད་ 12-14-12b པའི་ཕྱག་རྒྱ་དང་ཐབས་སྙོམས་པར་འཇུག་པ་ན། ཕྱག་རྒྱའི་རྩ་སད་པའི་རྐྱེན་དེས་ཐབས་ཀྱི་རྩ་ཨ་ཝ་དྷཱུ་ཏཱི་སད་པར་འགྱུར་ལ། དེ་སད་པ་ན་རོ་རྐྱང་གཉིས་ཀ་ཟུམ་པ་ཆོས་ཉིད་ཡིན་ཞིང་། དབུ་མ་སད་པའི་ནང་དུ་ཐུར་སེལ་ཞུགས། དེས་གཏུམ་ མོ་སྦར་བ་སོགས་ཀྱི་རྐྱེན་གྱིས་ལྷན་སྐྱེས་འཆར་རོ། །འདི་ནི་རྒྱུད་དོན་ཡིན་པར་ད་ལྟ་ཉམས་བཟང་བའི་གང་ཟག་འགའ་ཞིག་གིས་ཡེ་རྒྱ་ལ་བརྟེན་པའི་ཚེ་ཐོག་མར་ཡུམ་གྱི་རྩ་ནས་རླུང་ཚུར་བྱུང་ནས་རང་གི་རྡོ་རྗེའི་བུ་གར་ཞུགས་པ་སྙམ་བྱེད་པ་འབྱུང་བར་ སྣང་བས་ཀྱང་ཤེས་སོ་གསུངས་སོ། །དེས་ན་ཡབ་ཡུམ་གྱི་སྣ་རྩེ་གཉིས་ཕྲད་མཚམས་སུ་ཐིག་ལེ་ཕྲ་མོ་བསྒོམ་པ་ཡང་སྣ་རྩེ་གཉིས་སད་པའི་ཆེད་དུ་ཡིན་ནོ། །འོ་ན་ལས་རྒྱ་ལ་བརྟེན་པའི་སྙིང་ཁའི་སྡུད་རིམ་དུ་འགྲོ་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ནི་རིལ་ འཛིན་དང་རྗེས་གཞིག་གི་བསམ་གཏན་གཉིས་དང་། སྙིང་ཁའི་སྡུད་རིམ་གྱི་དམིགས་པ་དང་། རྡོར་བཟླས་དང་། གསང་བའི་སྣ་རྩེར་རྫས་ཀྱི་སྲོག་རྩོལ་སྙིང་ཁར་སྡུད་རིམ་རྣམས་སྐབས་དེར་བྱེད་པའི་སྟོབས་ཀྱིས་ཡིན་ནོ། །རྗེ་བཙུན་ཙོང་ཁ་བ་ཆེན་པོའི་ ཞལ་གྱི་གདམས་པའོ། །རྒྱལ་བ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ལོ། །འདིར་བསྲེ་བ་སྐོར་དགུའི་གདམས་པ་སྟོན་པ་ལ་དོན་གསུམ་ སྟེ། སད་དུས་སུ་སྐུ་གསུམ་དང་བསྲེ་བ། གཉིད་དུས་སུ་སྐུ་གསུམ་དང་བསྲེ་བ། འཆི་དུས་སུ་སྐུ་གསུམ་དང་བསྲེ་བའོ། །དང་པོ་ལ་གསུམ། སད་དུས་སུ་འོད་གསལ་ཆོས་སྐུ་དང་བསྲེ་བ། སད་དུས་ཀྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ། སད་དུས་ 12-14-13a ཀྱི་ལོངས་སྐུ་ལས་ལངས་པ་སྤྲུལ་སྐུ་དང་བསྲེ་བའོ། །དང་པོ་ནི། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལ་བརྟེན་ནས་རླུང་སྙིང་ཁའི་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་ལས་སྨིག་རྒྱུ། དུ་བ་ལ་སོགས་པའི་རྟགས་རྣམས་ འཆར་ཞིང་། དེའི་རྗེས་སུ་སྣང་བ་མཆེད་པ་ཉེར་ཐོབ་འོད་གསལ་རྣམས་འཆར་ལ། དེ་རྣམས་ཀྱི་དུས་སུ་ལྟ་བ་དྲན་པར་བྱས་ཤིང་། ཁྱད་པར་འོད་གསལ་གྱི་དུས་སུ་གདམས་ངག་དང་སྦྱར་ནས་སྒོམ་པར་བྱེད་པ་ནི། སད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ་ཡིན་ ནོ། །གཉིས་པ་ནི་གོང་དུ་བཤད་པ་ལྟར་གྱི་འོད་གསལ་ཆོས་སྐུ་དང་བསྲེ་བ་དེ་ལས་ལྡང་བར་རྩོམ་པ་ན་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་རྣམ་སྨིན་གྱི་ཕུང་པོ་ལས་ལོགས་སུ་བྱེ་སྟེ། གསང་བ་འདུས་པའི་སྐབས་སུ་ཡིན་ན་ལོངས་སྐུ་དང་པོའི་མགོན་པོ་ དང་། འཇིགས་བྱེད་ཀྱི་སྐབས་སུ་ཡིན་ན། རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ། འཇའ་ཚོན་ལྟ་བུའི་སྐུར་སྐད་ཅིག་གིས་ལྡང་བ་ནི། སད་དུས་ཀྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ཡིན་ནོ། །གསུམ་པ་ནི། གོང་དུ་བཤད་པ་ལྟར་གྱི་སྒྱུ་ མའི་སྐུ་དེ་ལས་ལྡང་བར་རྩོམ་པ་ན། རྣམ་སྨིན་གྱི་ལུས་འདི་གསང་འདུས་ཀྱི་སྐབས་སུ་ཡིན་ན། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེ་འཆང་གི་སྐུར་ལྡང་བ་དང་། འཇིགས་བྱེད་ཀྱི་སྐབས་སུ་ཡིན་ན། སྤྲུལ་སྐུ་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་ འཇིགས་བྱེད་ཀྱི་སྐུར་ལྡང་ལ། གོང་དུ་བཤད་པ་ལྟར་གྱི་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་པའི་ལོངས་སྐུ་དེ་ཡང་སྤྲུལ་སྐུའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པའི་སྤྲུལ་སྐུར་ལྡང་བ་ནི། སད་དུས་ཀྱི་ལོངས་སྐུ་ལས་ 12-14-13b ལངས་པ་སྤྲུལ་སྐུ་དང་བསྲེ་བ་ཡིན། དེ་ལྟར་ན་སད་དུས་ཀྱི་བསྲེ་བ། སྐོར་གསུམ་མོ། །གཉིས་པ་ལ་གསུམ། གཉིད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ། རྨི་ལམ་ལོངས་སྐུ་དང་བསྲེ་བ། གཉིད་སད་པ་སྤྲུལ་སྐུ་དང་བསྲེ་བའོ། །དང་པོ་ནི། སད་དུས་སུ་སྙིང་ཁར་ཞུགས ་གནས་ཐིམ་གསུམ་བྱེད་པ་ལ་གོམས་པའི་གང་ཟག་གིས། གཉིད་དུ་འགྲོ་ཁར་རླུང་སྡུད་པའི་དམིགས་པ་བྱས་ན་གཉིད་དུ་འགྲོ་བའི་ཚེ་ཡན་ལག་གི་རླུང་རྣམས་རང་ཤུགས་ཀྱིས་སྙིང་ཁར་འདུ་བའི་གནད་ཀྱིས། སྙིང་ཁར་རླུང་གཞན་ པས་འདུ་ཚབས་ཆེ་བ་ཞིག་འོང་ཞིང་། དེའི་དུས་སུ་རྨི་ལམ་གྱི་ལུས་གནས་ལ། དེའི་སྟོབས་ཀྱིས་གཉིད་དུ་སོང་བ་ན་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འཆར་ལ། དེའི་འོད་གསལ་གྱི་དུས་སུ་སྟོང་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས། འོད་ གསལ་ལ་ཇི་ཙམ་གནས་ཀྱི་བར་འཇོག་པ་ནི། གཉིད་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བའོ། །གཉིས་པ་ནི། གོང་དུ་བཤད་པ་ལྟར་གྱི་གཉིད་ཀྱི་འོད་གསལ་ལས་ལྡང་བར་རྩོམ་པ་དང་། རྨི་ལམ་འཆར་བས་དེའི་དུས་སུ་རྨི་ལམ་གྱི་ལུས་དེ་རྣམ་སྨིན་གྱི་ ལུས་ལས་ལོགས་སུ་བྱེ་བའི་ལོངས་སྐུ་དང་པོའི་མགོན་པོའམ། འཇིགས་བྱེད་ལྟར་ན་ལོངས་སྐུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པའི་སྐུ་འཇའ་ཚོན་ལྟ་བུར་སྐད་ཅིག་གིས་ལངས་ཏེ། ཇི་ཙམ་གནས་ཀྱི་བར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ མཉམ་པར་འཇོག་པ་ནི། རྨི་ལམ་ལོངས་སྐུ་དང་བསྲེ་བའོ། །གསུམ་པ་ནི། གོང་དུ་བཤད་པ་ལྟར་གྱི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པ་ན། རྣམ་སྨིན་གྱི་ལུས་འདི་སྤྲུལ་སྐུ་རྡོར་སེམས་དང་། རྡོ་རྗེ་འཆང་གང་རུང་དང་། འཇིགས་ 12-14-14a བྱེད་ལྟར་ན། སྤྲུལ་སྐུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བསྒོམ་ལ། དེའི་ཐུགས་ཀར་རྨི་ལམ་གྱི་ལོངས་སྐུ་དེ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པར་བསྒོམ་པའམ། སྤྲུལ་སྐུར་བསྒོམ་པ་ནི། སད་པ་སྤྲུལ་ སྐུ་དང་བསྲེ་བ་སྟེ། དེ་ལྟར་ན་གཉིད་དུས་ཀྱི་བསྲེ་བ་སྐོར་གསུམ་མོ། །གསུམ་པ་ལ་གསུམ། འཆི་བའི་འོད་གསལ་ཆོས་སྐུ་དང་བསྲེ་བ། བར་དོ་ལོངས་སྐུ་དང་བསྲེ་བ། སྐྱེ་བ་སྤྲུལ་སྐུ་དང་བསྲེ་བའོ། །དང་པོ་ནི། འཛམ་བུ་གླིང་པའི་མི་མངལ་སྐྱེས་ ཁམས་དྲུག་ལྡན་ཞིག་རིམ་གྱིས་འཆི་བའི་ཚེ་རླུང་སྙིང་ཁར་རང་ཤུགས་ཀྱིས་འདུ་བའི་གནད་ཀྱིས་འཆི་བའི་ཚེ་སྣང་མ་ཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཡོངས་སུ་རྫོགས་པར་འཆར་ཞིང་། དུས་དེར་ཤར་བའི་འོད་གསལ་ ནི་མའི་འོད་གསལ་ཡིན་ལ། སྙིང་ཁ་ལ་སོགས་པའི་གནས་རྣམས་སུ་གནད་དུ་བསྣུན་པ་ལ་བརྟེན་ནས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཤར་བ་ནི། བུའི་འོད་གསལ་ཡིན་ཞིང་འཆི་བའི་ཚེ་རླུང་སྡུད་པར་རྩོམ་པ་ན། སྙིང་ཁའི་སྡུད་རིམ་ལེགས་པར་ བསྒོམས་ཏེ། འོད་གསལ་མ་བུ་འདྲེས་པའི་འོད་གསལ་ཤར་བའི་ཚེ་ལྟ་ཐོག་ཏུ་ལེགས་པར་བཞག་སྟེ་འོད་གསལ་ལ་ཇི་ཙམ་གནས་གནས་ཀྱི་བར་མཉམ་པར་འཇོག་པ་ནི། འཆི་བ་ཆོས་སྐུ་དང་བསྲེ་བའོ། །གཉིས་པ་ནི། གོང་དུ་བཤད་པ་ལྟར་གྱི་འཆི་ བའི་འོད་གསལ་ལས་ལངས་ནས། བར་དོ་འཆར་བར་རྩོམ་པ་ན་བར་དོའི་ལུས་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་ལོངས་སྐུ་དང་པོའི་མགོན་པོའམ། རྡོ་རྗེ་འཆང་གང་རུང་དུ་ལྡང་ཞིང་། འཇིགས་བྱེད་ལྟར་ན་ལོངས་སྐུ་རྡོ་རྗེ་འཛིན་པ་ཟུང་འཇུག་ 12-14-14b འཇའ་ཚོན་ལྟ་བུའི་སྐུར་ལྡང་བར་བྱའོ། །འདི་ནི་ཐ་མལ་པ་ལ་བར་དོ་རང་དགའ་བ་ཡོང་བའི་དོད་ལ། སྒྱུ་མའི་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་པ་ཡིན་པས། འདི་ནི་བར་དོ་ལོངས་སྐུ་དང་བསྲེ་བའོ། །གསུམ་པ་ནི། མངལ་དུ་སྐྱེ་བ་ལེན་པར་རྩོམ་པ་ན། སྐྱེ་བ་ལེན་རྒྱུའི་རྣམ་སྨིན་གྱི་ལུས་དེ་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་འམ། སྤྲུལ་སྐུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བསྒོམ་པའི་སྙིང་ཁའི་དབུས་སུ་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྐུ་དེ་ཉིད་ཞུགས་པར་བསྒོམ་ སྟེ། སྐྱེ་གནས་སུ་སྐྱེ་བ་ལེན་པ་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ཡིན་ཏེ། དེ་ལྟར་ན་འཆི་བའི་དུས་སུ་བསྲེ་བའི་བསྲེ་བ་སྐོར་གསུམ་མོ། །དེ་ལྟར་བསྲེ་བ་རྣམས་ཀྱི་སྐབས་སུ་ལོངས་སྐུ་དང་པོའི་མགོན་པོའམ། འཇམ་དཔལ་གྱི་སྐུར་ལངས་པའི་དགོས་ པ་ནི། བསྐྱེད་རིམ་གྱི་སྐབས་སུ་བར་དོའི་སྦྱོང་བྱེད་དང་བར་དོ་ལོངས་སྐུར་འཁྱེར་བའི་ལམ་འཁྱེར་དང་པོའི་མགོན་པོ་དང་། རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་ཡིན་པས་སོ། །བསྐྱེད་རིམ་གྱི་སྐབས་ཀྱི་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་འཁྱེར་དང་། སྐྱེ་ བ་སྦྱོང་བྱེད་སྤྲུལ་སྐུ་རྡོར་སེམས་དང་། འཇིགས་བྱེད་ཀྱི་སྐབས་སུ་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཡིན་པས་སྤྲུལ་སྐུ་དང་བསྲེ་བའི་སྐབས་སུ། རྡོ་རྗེ་སེམས་དཔའ་དང་འཇིགས་བྱེད་དུ་ལྡང་དགོས་པའི་རྒྱུ་མཚན་དེ་ལྟར་ཤེས་ པར་བྱའོ། །བསྲེ་བ་སྐོར་དགུའི་གདམས་པ་འདི། དམ་ཚིག་སྡོམ་པ་ལྡན་པ་ཡི། །སྐལ་ལྡན་སློབ་མ་མ་གཏོགས་པ། །དེ་ལས་གཞན་དུ་ཅུང་ཟད་ཙམ། །བསྟན་ཅིང་སྦྱིན་པར་བྱ་མ་ཡིན། ། དེ་བས་སྙིང་ལྟར་གཅེས་པར་ཟུངས། །དེ་ལྟར་ 12-14-15a བསྲེ་བ་བསྐོར་དགུའི་གདམས་པ་ཤིན་ཏུ་གསལ་བར་བཀོད་པ་ནི། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཞལ་སྔ་ནས་ལ། གསེར་གྱི་མཎྜལ་ཕུལ་ནས་ཡང་དང་ཡང་དུ་གསོལ་བ་བཏབ་པའི་ངོར་ཤིན་ཏུ་གོ་བདེ་ཞིང་མན་ངག་དཔྱིས་ ཕྱིན་པར་བཀོད་བའི་དགེ་བས་སེམས་ཅན་ཐམས་ཅད་སྐུ་གསུམ་གྱི་གོ་འཕང་ཐོབ་པ་དང་མི་འབྲལ་བར་གྱུར་ཅིག །མན་ངག་འདི་གཞན་ལ་བཀའ་རྒྱ་ཤིན་ཏུ་དམ་པར་མཛད་འཚལ། །དགེའོ། །ལམ་བསྒོམ་པ་ཐམས་ཅད་ ཀྱི་སྐབས་སུ་རང་རྒྱུད་ལ་ལྷག་པའི་ལྷས་བྱིན་གྱིས་རློབ་པ་དང་། བསྒོམ་པའི་ཉམས་སྣང་དང་། བགེགས་ཀྱི་བར་ཆད་ཀྱི་མཚན་མ་གསུམ་གྱི་རིགས་འདི་ལྟར་དབྱེ་བར་བྱ་སྟེ། ལྷ་བསྒོམ་པ་དང་བཟླས་པ་ལ་སོགས་པའི་སྐབས་སུ། དེ་བཞིན་གཤེགས་ པའི་སྐུ་གསུང་ཐུགས་ཀྱི་མཚན་མ་ལ་སོགས་པ་བྱུང་ན། རྩ་ཨ་ཝ་དྷཱུ་ཏཱིའི་ཡར་སྣ་རང་གི་སྨིན་མཚམས་ཀྱི་དབུས་སུ། ཁྲོ་བོ་རྣམས་ཀྱི་སྤྱན་གསུམ་པ་འོངས་ས་དེར། རག་དུང་གི་ཁ་ལྟར་གདངས་པ་ལ་མིག་གཉིས་ཀྱང་དྲིལ་ཏེ། དྷཱུ་ཏཱིའི་ ཡར་སྣ་ནས་མཚན་མ་གང་ཡིན་པ་དེ་ལ་བལྟས་པས། དམིགས་པ་བསྒོམ་པའི་སྟོབས་ཀྱི་ཉམས་ཡིན་ན། སྔར་ལས་ཤིན་ཏུ་གསལ་ཞིང་སྣུམ་ལ་འོད་དང་ལྡན་པར་འགྱུར་རོ། །དེ་ལ་ཆགས་པར་སྒྱུ་མ་ལྟ་བུའི་ལྟ་བས་རྒྱས་བཏབ་ལ་ བསྒོམ། འོད་ཟེར་སྣ་ལྔ་འཕྲོ་ཞིང་སྔར་ལྟར་དུ་གནས་ན། ལྷས་རྒྱུད་བྱིན་གྱིས་རློབ་པའི་རྟགས་ཡིན་པས་རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས་རང་ལ་བསྟིམ་ཞིང་གསོལ་བ་གདབ། དེ་ལྟར་བལྟས་པས་སྔར་གྱི་དེ་ཡལ་འགྲོ་བར་སྣང་ན། 12-14-15b བགེགས་ཀྱི་བར་ཆད་ཀྱི་མཚན་མ་ཡིན་པས། བསྲུང་འཁོར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་བསྒོམ་ཞིང་། མཚམས་དམ་དུ་བཅད་ལ་ཆོས་སྐྱོང་ལ་གཏོར་མ་ཕུལ་བསྐང་བཤགས་བྱས་ལ། དགེ་སྦྱོར་སྔར་ལས་ཀྱང་འཇུར་དུ་གཏོང་བ་ཡིན་ནོ། ། སླར་ཡང་ཡང་ཡང་འོང་ནས་ཡལ་འགྲོ་བའི་མགོ་རྩོམ་ན། རང་གི་སྙིང་ཁ་ནས་ཁྲོ་བོ་གཤིན་རྗེའི་གཤེད་འཇིག་རྟེན་གསུམ་པོ་ཟ་བར་ནུས་པ། སྐུ་ལས་མེ་འོད་འཕྲོ་བ་གྲི་གུག་དང་ཐོད་པ་འཛིན་པ་དུ་མ་སྤྲོས་ཏེ། ཆར་བབས་པ་བཞིན་དུ་དེ་ལ་བསྟིམ་ པས་བྱ་སྒྲོ་མེས་ཚིག་པ་བཞིན་བསྲེགས་པར་བསམས་ལ། སྔར་ལྟར་བསྲུང་འཁོར་བསྒོམ་ཞིང་། དགེ་སྦྱོར་ལ་བསྒྲིལ་བར་བྱའོ། །དགེ་སྦྱོར་གང་གི་སྐབས་སུ་མེད་དུ་མི་རུང་བའི་ཞལ་གྱི་གདམས་པ་ྀཨྠི། །། རྗེ་བཙུན་བླ་མ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་དང་དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དངོས་གྲུབ་རྒྱ་མཚོ་འདུ་བར་མཛོད། །ལུས་དབེན་གྱི་སྐབས་སུ་དམིགས་རྟེན་གསལ་བོ་བྱུང་ཡང་རླུང་ཇི་བཞིན་འདུ་བར་མ་འདོད་ན། རྩའི་སྦུབས་ ཐམས་ཅད་ནས་རླུང་སྦོས་རེང་གི་དུད་པའི་རྣམ་པ་ཅན་སྟོད་སྨད་ཐམས་ཅད་ནས་དམིགས་པས་བཀུག་སྟེ། དམིགས་རྟེན་ལ་ཐིམ་པ་ཡང་ཡང་བྱས་པས་མྱུར་དུ་རླུང་གནས་དེར་འདུས་ནས་རྟགས་རྣམས་འཆར་བས་རླུང་གི་བོགས་འདོན་ཁྱད་པར་ཅན་ ཡིན་ནོ། །དེ་ལྟར་བསྒོམས་པས་རླུང་འདུས་ཀྱང་ལུས་ཀྱི་གནས་གང་ཡང་རུང་བར་ནང་བསྐྱེད་ན། གང་ན་ས་དེ་ནས་ནང་ཁ་དོག་སྔོ་དམར་གྱི་རྣམ་པ་ཅན་རླུང་དང་ལྷན་ཅིག་བཀུག་སྟེ། དམིགས་རྟེན་ལ་ཐིམ་པ་ཡང་ཡང་བྱས་པས་རླུང་འདུ་ཞིང་ནད་སེལ་ 12-14-16a བའི་གདམས་པ་ཁྱད་པར་ཅན་ཡིན་གསུངས་སོ། །རླུང་ཤ་ལྤགས་མཚམས་སུ་ཞུགས་ཏེ་ཁོལ་བུར་སྐྲངས་ནས་ན་ན། གང་ན་ས་དེར་བདེ་བའི་ངོ་བོར་བལྟ་བ་དང་། དེར་སེམས་བཟུངས་ལ་གྲོགས་གཅིག་དང་རང་གཉིས་ཀས་རླུང་དུས་ གཅིག་ཏུ་བཟུང་ལ། གྲོགས་ཀྱི་ན་ས་དེ་མཉེད་མི་ཐུབ་པ་དང་དུས་མཉམ་དུ་བཏང་ངོ་། །ལུས་དབེན་སོགས་གང་གི་སྐབས་སུ་ཡང་སེམས་རྨུགས་པ་དང་བྱིང་བ་སོགས་བྱུང་ན་རྩའི་ནང་ཐམས་ཅད་དང་ཁྱད་པར་དུ་དབུ་མའི་ནང་དུ་སྒྲོན་མེ་ཤིན་ཏུ་གསལ་བའི་བོད་ ཀྱི་ཁྱབ་པ་འཚེར་ཞིང་དྲངས་པ་བསྒོམ་པར་བྱའོ། །འདི་གསལ་བའི་བོགས་འདོན་ཡིན་ནོ། ཨྠྀི །།དམིགས་པ་གསལ་ཡང་བདེ་ཉམས་ཆུང་ན་རྩིའི་ནང་ཐམས་ཅད་བྱང་སེམས་སྐར་མ་ཤར་བ་ལྟ་བུས་གང་བ་བདེ་བ་ཆེན་པོའི་ ངོ་བོར་ཞུ་བ་རྣམས་དབུ་མ་ལ་ཕྱོགས་པར་རྒྱུག་པ། ཁྱད་པར་སྤྱི་བོའི་ཧཾ་ཡིག་ཞུ་བ་དགའ་བཞིའི་རིམ་པས་འོངས་པ་དང་འགྲོགས་ཏེ་ནོར་བུའི་རྩེར་སླེབ་པས་ལྷན་ཅིག་སྐྱེས་དགའ་མྱོང་བར་བསམ་པ་ནི། རླུང་འདུ་ཞིང་བདེ་བའི་བོགས་འདོན་པའི་གདམས་ པ་ཡིན་ནོ། །རྨི་ལམ་བཙན་ཐབས་སུ་འཛིན་པ་ནི་རྨི་ལམ་འཛིན་པའི་འདུན་པ་ལེགས་པར་སྦྱངས་པའི་མཚམས་ནས་གཉིད་ལོག་པའི་ཚེ་གྲོགས་རྨི་ལམ་འཛིན་པའི་ཚོད་ལ་མཁས་པ་ཞིག་གིས་རྨི་ལམ་འཛིན་པ་ཡིན་ནོ། །རྨི་ལམ་ལ་རྨི་ལམ་ དུ་ངོ་ཤེས་པར་གྱིས་ལ་དགེ་སྦྱོར་འདི་ལྟ་བུ་གྱིས་ཤིག་ཅེས་སྣ་ཁུང་དུ་དང་པོ་སྒྲ་ཆུང་དུ་སྒྲོགས། གཉིད་མི་སད་པའི་གདེང་རྙེད་པའི་མཚམས་ནས་ཅུང་ཆེ་བར་སྒྲོགས། དེ་ཐོས་པས་རྐྱེན་བྱས་ནས་རྨི་ལམ་ངོ་ཤེས། དེ་ལྟར་ངོ་ཤེས་ནས་ཉིན་ 12-14-16b པར་གང་ལ་བྱང་བའི་དགེ་སྦྱོར་རྣམས་སྐྱོངས། དང་པོ་མ་གོམས་བར་དུ་གཉིད་མྱུར་དུ་སད་འོང་བས་དེ་ལ་ནི། སྙིང་ཁའི་ནོར་བུའི་དབུས་སུ་ཐིག་ལེ་ནག་པོ་སྲན་མ་ཙམ་ལ་སེམས་བཟུང་། ཡང་སྔར་བཞིན་དགེ་སྦྱོར་སྐྱོང་། ཁྱད་པར་དུ་རྨི་ལམ་ལོངས་ སྐུར་ལྡང་བ་ལ་བསླབ་པར་བྱའོ། །དེ་ལྟར་བྱས་པས་རྨི་ལམ་མྱུར་དུ་ཟིན་པ་དང་། སད་འཇམ་གཅོད་པའི་གདམས་པ་གཉིས་སྣང་ངོ་། །ཕྱག་རྒྱ་ལ་བརྟེན་ནས་རླུང་དབུ་མར་འཇུག་པ་ནི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་དང་སྙོམས་པར་འཇུག་པའི་ཚེ། དྷཱུ་ཏཱིའི་ མར་སྣར་དམིགས་པ་གཏད་པས་ཡུམ་གྱི་རླུང་དང་བྱང་སེམས་འདུས་པ་རྣམས་ཀྱིས་དྷཱུ་ཏཱིའི་མར་སྣ་ཕྱེ་ནས་བཙན་ཐབས་སུ་འཛིན་པའི་གདམས་པ་མཆོག་འཇུག་པ་ཡིན་ནོ། །དེ་ཉིད་ཐུགས་ཀར་སྡུད་རིམ་སྦྲགས་ན་འོད་གསལ་བསྐྱེད་པའི་ཐབས་མཆོག་ཏུ་གྱུར་པ་ ཡིན་ནོ། །གཉིད་ཀྱི་སྐབས་སུ་དེ་ལྟར་བྱས་ན་ཡང་འོད་གསལ་བཙན་ཐབས་སུ་འཛིན་པའི་གདམས་པ་མཆོག་ཡིན་ནོ། །ཞལ་ཤེས་གདམས་པའོ། །ཤིན་ཏུ་གཅེས་པའི་གདམས་ངག་སེམས་དཔའ་གསུམ་བརྩེགས་བྱ་བ་ལ། གཞི་དུས་ཀྱི་སེམས་ དཔའ་གསུམ་བརྩེགས། ལམ་དུས་ཀྱི་སེམས་དཔའ་གསུམ་བརྩེགས། འབྲས་དུས་ཀྱི་སེམས་དཔའ་གསུམ་བརྩེགས་ཏེ་གསུམ་ཚན་གསུམ་ཡོད་དོ། །དང་པོ་ནི། ད་ལྟར་གྱི་ལུས་རགས་པ་འདི་དམ་ཚིག་སེམས་དཔའ། དེའི་སྙིང་ཁའི་དང་པོར་ ཆགས་པའི་ཐིག་ལེ་དཀར་དམར་ནི་ཡེ་ཤེས་སེམས་དཔའ། དེའི་ནང་གི་སྲོག་འཛིན་ཤིན་ཏུ་ཕྲ་བ་ནི་ཏིང་ངེ་འཛིན་སེམས་དཔའ། དེ་བཞོན་པ་དང་བཅས་པ་ན་སྒྱུ་ལུས་ཀྱི་སྒྲུབ་གཞི་ཡིན་ནོ། །ལམ་དུས་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ལས། 12-14-17a བསྐྱེད་རིམ་གྱི་ནི་གོ་སླ་ལ། རྫོགས་རིམ་གྱི་ནི་སྟོང་པ་བཞིའི་མཐར་ཤིན་ཏུ་ཕྲ་བའི་རླུང་སེམས་ལས། སྒྱུ་ལུས་དངོས་སམ་རྗེས་མཐུན་པ་ལངས་ནས། སླར་ཡང་ཕུང་པོ་རྙིང་པའི་སྙིང་ཁར་ཞུགས་པ་ནི་ཡེ་ཤེས་སེམས་དཔའ། དེ་ལྟར་ལྡང་བ་དང་འཇུག་པར་བྱེད་པའི་སེམས་ནི་ཏིང་ངེ་འཛིན་སེམས་དཔའ། དམ་ཚིག་སེམས་དཔའ་ནི་སྔར་བཞིན་ནོ། །འབྲས་དུས་ཀྱི་སེམས་དཔའ་གསུམ་བརྩེགས་ནི། དོན་གྱི་འོད་གསལ་གྱི་མཐར་རླུང་སེམས་ཙམ་ལས། ཁ་སྦྱོར་ཡན་ ལག་བདུན་ལྡན་གྱི་སྐུར་བཞེངས་པ་དེས་མཆོག་གི་སྤྲུལ་སྐུ་ལ་སོགས་པའི་སྐུ་རགས་པ་བཟུང་བའམ། གཞན་དོན་དུ་འགྱུར་བར་གཟིགས་ནས་སླར་ཡང་། ཕུང་པོ་རྙིང་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་རྣམ་པར་བཞུགས་པ་ནི་ཡེ་ཤེས་ སེམས་དཔའ། དེའི་ཐུགས་ལྷན་སྐྱེས་ཀྱི་ཡེ་ཤེས་ནི་ཏིང་ངེ་འཛིན་སེམས་དཔའ་སྤྲུལ་སྐུ་སར་པའམ། ཕུང་པོ་རྙིང་པ་ནི་དམ་ཚིག་སེམས་དཔའོ། །གྲུབ་ཆེན་ས་ར་ཧ་ལྟ་བུ་ནི་ཕུང་པོ་རྙིང་པ་ལ་ཞུགས་པ་ཡིན་གསུང་ངོ་། །ཤིན་ཏུ་གཅེས་པས་སྙིང་ ལ་ཆོངས། ཕྲ་ཐིག་དང་རྡོར་བཟླས་སོགས་ཀྱིས་རླུང་འདུས་ཀྱང་། སྟོང་པ་བཞིའི་གོ་རིམས་ངེས་མེད་དུ་ཤར་ན་ཅུང་ཕན་ཆུང་བས། དེ་ལ་མི་འཁྲུལ་བར་བྱ་བ་ནི། རྟགས་བཞི་དང་སྟོང་པ་འཆར་བའི་གོ་རིམས་ལ་མཁས་པར་ནས། སྣང་བ་ ཤར་བ་ན་འདི་སྣང་བ་ཡིན། འདིའི་སྔོན་དུ་ས་ཆུ་ལ་ཐིམ་པ་ལ་སོགས་པ་རྣམས་སོང་བ་ཡིན། སྣང་བ་འདི་འགགས་པའི་རྗེས་སུ་སྣང་བ་མཆེད་པ་འཆར་བ་ཡིན་སྙམ་དུ་ཡིད་ལ་ངེས་པར་བྱ། དེས་གཞན་གསུམ་ལའང་འགྲེའོ། །འདི་ 12-14-17b ནི་སྟོང་པ་བཞི་མི་འཁྲུལ་བར་བྱ་བའི་ཐབས་སོ། །རྡོར་བཟླས་ཀྱི་སྐབས་སུ་སྲོག་ཐུར་བསྲེ་བ་ནི། སྟེང་འོག་གི་སྣ་སྒོ་གཉིས་ནས་རླུང་ནང་དུ་འཇུག་པ་དུས་མཉམ་པ་དང་། སྙིང་ཁར་གནས་པ་དམིགས་རྟེན་ལ་སིམ་པའི་ཚུལ་གྱིས་དུས་མཉམ་པ་དང་། ཕྱིར་ འགྲོ་བ་ཡང་དུས་གཅིག་ལ་འགྱེས་པ་ཡིན་གསུང་ངོ་། །ཐུགས་རྡོ་རྗེའི་གནས་པ་བྱས་ན་ཚེ་རིང་པའི་རྟེན་འབྲེལ་ཡོད་གསུང་། བྱང་སེམས་འཛག་པ་བཙན་ཐབས་སུ་འགོག་པ་ནི། རྐང་པ་གཡོན་པའི་རྟིང་པས་རྡོ་རྗེའི་རྩ་བའི་རྩ་བསྡམས། ཤེས་པ་སྤྱི་བོའི་ཧཾ་ ཡིག་ལ་གཏད། མིག་དང་ལྕེ་གྱེན་ལ་ཟློག །རྒྱུ་མ་སྒལ་ཚིགས་ལ་སྦྱར། ལག་པ་གཉིས་སྙིང་ཁར་བསྣོལ། ཡན་ལག་གི་སོར་མོ་བསྐུམ། ངག་ནས་ཧཱུཾ་རིང་པོ་རྔུབས་པའི་ཚུལ་དུ་བྲག་ཏུ་བརྗོད། ཡང་གཅིག་ལ་སྟེང་རླུང་དྲག་ཏུ་མནན་འོག་རླུང་སློད་ ལ་བཞག །དཔེར་ན་རིལ་བ་ཞབས་ཚགས་ཅན་བཞིན་ནོ་གསུང་ངོ་། །རྨི་ལམ་དུ་འཛགས་པ་ནི། ཉིན་པར་སྲོག་ལ་བབས་ཀྱང་བྱང་སེམས་མི་འཆོར་བར་བྱ་སྙམ་པའི་འཕེན་པ་གལ་ཆེ་གསུང་ངོ་། །ཁྱད་པར་ཉལ་བའི་འཕེན་པ་དང་། རྡོ་རྗེ་ཡང་རྐྱེན་དང་མི་འཕྲད་ པར་བྱའོ། །མ་ཚོར་བར་འཛག་པ་ལ་ནི། བྱ་སྤྱོད་ནས་བཤད་པའི་བསྲུང་སྐུད་ཀྱི་ཐབས་ཀྱིས་ཀྱང་ཐུབ་གསུང་ངོ་། །བཅོམ་ལྡན་འདས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གུས་པས་ཕྱག་འཚལ་ལོ། །བསྲེ་བའི་གདམས་ངག་ལ་ལམ་ དུས་ཀྱི་སྐུ་གསུམ་དང་བསྲེ་བ་ལ་གསུམ་སྟེ། འདི་ལྟར་ལམ་དུས་ཀྱི་ཆོས་སྐུ་དང་བསྲེ་བ་དང་། ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ་དང་། ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བའོ། །དང་པོ་ལ་གསུམ་སྟེ། གཉིད་སད་དུས་ཆོས་སྐུ་དང་བསྲེ་བ་དང་། གཉིད་ཀྱི་དུས་སུ་ 12-14-18a ཆོས་སྐུ་དང་བསྲེ་བ་དང་། འཆི་བའི་དུས་སུ་ཆོས་སྐུ་དང་བསྲེ་བའོ། །དང་པོ་ནི། ལུས་ཀྱི་གནད་ཆེ་སར་གནད་དུ་བསྣུན་པ་ལ་བརྟེན་ནས་སྟོང་པ་བཞི་བསྐྱེད་དེ། འོད་གསལ་སྟོང་པ་བཞི་ཤར་བའི་དུས་སུ་ལྟ་ཐོག་ཏུ་བཞག་ནས་བསྒོམ་པ་ ཡིན་ལ། གནད་དུ་བསྣུན་པ་ལ་ཡང་སྒོ་གསུམ་གསུངས་ཏེ། འོག་སྒོར་ནོར་བུའི་དབུས་སམ། ནོར་བུའི་སྣ་རྩེ་དྷཱུ་ཏཱིའི་མར་སྣར་རྫས་ཀྱི་ཐིག་ལེ་ཕྲ་མོ་བསྒོམ་པ་ལ་བརྟེན་ནས། དེ་ལ་བརྟེན་པའི་མཐར་རོ་རྐྱང་གྱི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས་ སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་སྔོན་དུ་འཆར་ཞིང་། དེའི་འོག་ཏུ་སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་ཞེས་བྱ་བ་མིང་གཞན་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཉེར་ཐོབ་ཅེས་བྱ་བ་གསུམ་ཤར་བའི་མཐར་ཐམས་ཅད་སྟོང་པ་འོད་གསལ་ ཞེས་བྱ་བ་འོད་གསལ་ཆེན་པོ་འཆར་བ་ནི་སྒོ་དང་པོའོ། །གནད་སྙིང་ཁའི་སྣ་རྩེར་མི་ཤིགས་པ་སྔགས་ཀྱི་ཐིག་ལེ་བསྒོམས་པ་ལ་བརྟེན་ནས། དེ་བརྟན་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་། ཐིམ་པ་ལ་བརྟེན་ནས་སྨིག་རྒྱུ་ལ་སོགས་པའི་རྟགས་ བཞི་སྔོན་དུ་འཆར་ཞིང་། དེའི་འོག་ཏུ་སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་ཞེས་བྱ་བ་མིང་གཞན་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཉེར་ཐོབ་ཅེས་བྱ་བ་གསུམ་ཤར་བའི་མཐར། ཐམས་ཅད་སྟོང་པ་ཞེས་བྱ་བ་འོད་གསལ་ཆེན་པོ་འཆར་བ་ནི་སྒོ་གཉིས་ པའོ། །ཡང་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་ཞེས་པ་རླུང་འོད་ཟེར་ལྔ་པ་སྣ་བུག་ནས་རྒྱུ་བའི་འཇུག་གནས་ལྡང་གསུམ་མ་བཅོས་པ་རྡོ་རྗེ་གསུམ་གྱི་རང་གདངས་སུ་འཆར་བར་བསྒོམ་ཞིང་། དེ་ཡང་དྷཱུ་ཏཱི་ནས་བྱེད་པར་མོས་པའི་རྡོ་རྗེ་བཟླས་པ་གོམས་པའི་མཐར་ 12-14-18b རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས་དང་པོ་སྨིག་རྒྱུ་ལྟ་བུ་དང་། གཉིས་པ་དུ་བ་ལྟ་བུ་དང་། གསུམ་པ་མེ་ཁྱེར་ལྟ་བུ་དང་། བཞི་པ་མར་མའི་བར་བ་ལྟ་བུའི་ཉམས་འབྱུང་སྟེ། རིམ་པ་བཞིན་ས་ཆུ་ལ་ཐིམ་པ་དང་། ཆུ་མེ་ལ་ཐིམ་པ་དང་། མེ་རླུང་ལ་ ཐིམ་པ་དང་། རླུང་རྣམ་ཤེས་གསུམ་གྱི་སྣང་བ་དང་པོ་ལ་ཐིམ་པ་ལས་བྱུང་ངོ་། །དེ་ནས་སྟོང་པ་དང་པོའི་དུས་སུ་སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་ཐམས་ཅད་མཚན་མོའི་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་འོད་ཟེར་གྱིས་ཁྱབ་པ་ལྟ་བུའི་དཀར་ ལམ་པའི་སྣང་བ་འབྱུང་། དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས་སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་སྣང་བ་ཐམས་ཅད་མཚན་མོའི་ནམ་མཁའ་དྲི་མ་མེད་པ་ལ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་ལྟ་བུའི་དམར་ལམ་པའི་སྣང་བ་འབྱུང་། དེ་ནས་སྣང་ བ་དེ་ཡང་རིམ་གྱིས་བསྡུས་ནས་སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་སྣང་བ་ཐམས་ཅད་མཚན་མོ་སྲོད་ཀྱི་ནམ་མཁའ་དྲི་མ་མེད་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་བཞིན་དུ་ནག་ལམ་གྱི་ཉམས་འབྱུང་། དེའི་སྟོད་སྨད་ལ་དྲན་པ་མི་ཉམས་ཤིང་། བར་དུ་རླུང་ཆེར་ཐིམ་པའི་མཐུས་དྲན་པ་ཆེར་ཉམས་པ་འབྱུང་ངོ་། །དེ་ནས་སྣང་བ་དེ་ཡང་བསྡུས་ནས་མཚན་མོ་ཐོ་རངས་ཀྱི་ནམ་མཁའ་ཟླ་ཉི་སྨག་གི་འོད་དང་བྲལ་བའི་ནམ་མཁའི་རང་མདོག་ཇི་ལྟར་བཞིན་སྣང་བ་བཞིན་དུ། འོད་གསལ་མཐའ་དབུས་མེད་པ་ ཤིན་ཏུ་དྭངས་པའི་ཉམས་འཆར་ཏེ། དེ་དག་གི་བཤད་པ་ནི་སྔ་མ་རྣམས་ལའང་ཤེས་པར་བྱའོ། །དེ་ནི་སྒོ་གསུམ་པའོ། །གཉིས་པ་ནི། གཉིད་ཀྱི་དུས་སུ་འོད་གསལ་ཆོས་སྐུ་དང་བསྲེ་པའི་ཚུལ། གོང་གི་སྒོ་གསུམ་པོ་གང་རུང་གཅིག་གིས་སྟོང་པ་བཞི་དྲང་ 12-14-19a ནུས་པའི་མཚམས་ནས་མཚན་མོ་གཉིད་དུ་འགྲོ་ཁར་སྙིང་ཁར་མི་ཤིགས་པའི་ཐིག་ལེ་བསྒོམ་པའམ། རྡོ་རྗེ་བཟླས་པ་གང་རུང་ཉམས་སུ་བླངས་པ་ལ་བརྟེན་ནས། སྔར་བཤད་པའི་རྟགས་བཞི་དང་སྟོད་པ་བཞི་འཆར་ཞིང་། དེའི་ མཐར་འོད་གསལ་ཤར་བའི་དུས་སུ་ལྔ་ཐོག་ཏུ་བཞག་ནས་བསྒོམ་པ་ཡིན་ཏེ། སྤྱིར་གཞི་དུས་ཀྱི་གཉིད་དུ་འགྲོ་བའི་ཚེ་རླུང་སྙིང་ཁར་རང་ཤུགས་ཀྱིས་འདུས་པ་ལ་བརྟེན་ནས་སྟོང་པ་བཞི་འོད་གསལ་སྤྱི་ཙམ་ཞིག་འཆར་བ་ཡོད་ལ། དེ་ཤེས་ནས་ གཉིད་ཀྱི་འོད་གསལ་འཛིན་པའི་གདམས་ངག་གིས་ཉམས་སུ་བླངས་ན། སྟོང་པ་བཞི་འཆར་བའི་གནད་ཡོད་དོ། །དེ་ཡང་གཉིད་ཀྱི་དུས་ལ་རྨི་ལམ་མི་འཆར་བ་དང་། འཆར་བའི་དུས་གཉིས་ལས། རྨི་ལམ་འཆར་བའི་དུས་སུ། གཉིད་ཀྱི་འོད་ གསལ་འཛིན་པ་ཡིན་ལ། དེ་ཡང་གཉིད་དུ་སོང་བའི་ཐུན་སྟོང་ཀྱི་སྐབས་ཡིན་ནོ། །གསུམ་པ་ནི། འཆི་བའི་དུས་སུ་འཆི་བའི་འོད་གསལ་ཆོས་སྐུ་དང་བསྲེ་བའི་ཚུལ་ནི། ད་ལྟར་གྱི་དུས་སུ་གཉིད་སད་དུས་དང་། གཉིད་ཀྱི་དུས་སུ་སྔར་བཤད་པ་བཞིན་དུ། འོད་གསལ་ཆོས་སྐུ་དང་བསྲེ་བ་ལ་བྱང་བ་ཞིག་གིས་འཆི་བའི་དུས་སུ། ས་ཆུ་ལ་ཐིམ་པ་སོགས་ཀྱི་རྟགས་དང་པོ་ཤར་བའི་དུས་སུ། སྙིང་ཁར་མི་ཤིགས་པའི་ཐིག་ལེ་བསྒོམ་པ་དང་། སྙིང་ཁའི་དྷཱུ་ཏཱིའི་དབུས་ནས་རླུང་ལྡང་འཇུག་གནས་གསུམ་གྱི་རྡོ་ རྗེའི་བཟླས་པ་བྱས་ན། གཞི་དུས་ཀྱི་འཆི་བའི་དུས་སུ་སྙིང་ཁར་རླུང་རང་ཤུགས་ཀྱིས་འདུ་བ་ཡོད་པའི་གནད་ཀྱིས་སྔར་བཤད་པའི་རྟགས་རྣམས་དང་། སྟོང་པ་བཞི་སྔར་བཤད་པ་བཞིན་དུ་འཆར་ལ། དེ་ལ་འཆི་བའི་ཚེ། སྟོང་པ་རང་ཤུགས་ཀྱིས་ 12-14-19b འཆར་བའི་འོད་གསལ་ནི་མའི་འོད་གསལ་ཡིན་ལ། སྔར་གཉིད་སད་པ་དང་། གཉིད་དུས་སུ་བསྒོམས་པའི་འོད་གསལ་ནི་བུའི་འོད་གསལ་ཡིན་ཞིང་། དེ་གཉིས་འཆི་བའི་འོད་གསལ་གྱི་དུས་སུ་འདྲེས་པ་ལ་འོད་གསལ་མ་བུ་འདྲེས་པ་ཞེས་ཟེར་བ་ཡིན་ ནོ། །གཉིས་པ་ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ་ལ་གསུམ། གཉིད་སད་དུས་ཀྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་དང་། གཉིད་ཀྱི་དུས་སུ་རྨི་ལམ་ཤར་བའི་རྨི་ལམ་གྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་དང་། འཆི་བའི་འོད་གསལ་གྱི་མཐར་བར་དོ་དངོས་ སམ་བར་རྡོ་རྗེས་སུ་མཐུན་པའི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བའོ། །དང་པོ་ནི། སྔར་བཤད་པའི་སྒོ་གསུམ་པོ་གང་རུང་ཞིག་གི་འོད་གསལ་གྱི་ཏིང་ངེ་འཛིན་བསྐྱེད་དུས་སུ་འབད་པ་བསྐྱེད་ནས་འོད་གསལ་ལ་ཇི་ཙམ་གནས་གནས་སུ་མཉམ་པར་འཇོག ། སྔར་རླུང་ཐིམ་པ་སླར་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་ཚེ། དེའི་མཐར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས། ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ་འོད་གསལ་གྱི་ངང་ལས་སྐུ་དེར་ དཀྲོང་གིས་ལྡང་སྟེ། སྒྱུ་མའི་སྐུ་དེ་ལ་སེམས་བཟུང་ནས་ཇི་སྲིད་གནས་ཀྱི་བར་དུ་མཉམ་པར་འཇོག་པའོ། །གཉིས་པ་གཉིད་ཀྱི་དུས་སུ་རྨི་ལམ་ཤར་བའི་རྨི་ལམ་གྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ནི། སྔར་བཤད་པ་ལྟར་གྱི་གཉིད་ཀྱི་འོད་གསལ་ཤར་ བའི་ཚེ་འབད་ནས་ཇི་ཙམ་གནས་གནས་སུ་མཉམ་པར་འཇོག །སྔར་རླུང་ཐིམ་པ་སླར་ཡང་ལངས་པའི་མཐུས་ཏིང་ངེ་འཛིན་ལས་ལྡང་བར་རྩོམ་པའི་ཚེ། དེའི་མཐར་རྨི་ལམ་ཕལ་པ་གཞན་དུ་མ་ཤོར་བར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་ 12-14-20a བར་བྱའོ་སྙམ་དུ་འཕེན་པ་བཏང་ནས། ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ། འོད་གསལ་གྱི་ངང་ལས་སྐུ་དེར་དཀྲོང་གིས་ལངས་ཏེ། སྒྱུ་མའི་སྐུ་དེ་ལ་སེམས་བཟུང་ནས་ཇི་ཙམ་གནས་གནས་ཀྱི་བར་དུ་འཇོག་པའོ། །གསུམ་པ་ འཆི་བའི་འོད་གསལ་གྱི་མཐར་བར་དོ་དངོས་སམ་བར་དོ་རྗེས་སུ་མཐུན་པའི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ནི། སྔར་བཤད་པ་ལྟར་གྱི་འཆི་དུས་སུ་འོད་གསལ་མ་བུ་བསྲེས་ནས་འོད་གསལ་ལ་ཇི་ཙམ་གནས་གནས་སུ་མཉམ་པར་འཇོག་གོ། སྔར་རླུང་ ཐིམ་པ་ལས་སླར་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་ཚེ། དེའི་མཐར་བར་དོ་ཐ་མལ་པའི་ལུས་སུ་མི་ལྡང་བར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས། ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་ དུ། འོད་གསལ་གྱི་ངང་ལས་སྐུ་དེར་དཀྲོང་གིས་ལངས་ཏེ། སྒྱུ་མའི་སྐུ་དེ་ལ་སེམས་བཟུང་ནས་ཇི་ཙམ་གནས་གནས་ཀྱི་བར་དུ་མཉམ་པར་འཇོག་པའོ། །འདི་ལ་གཉིས་ཡོད་དེ། སྒྱུ་མའི་ལོངས་སྐུར་བསྒོམ་པ་ཙམ་མ་ཡིན་པར་གཞན་ལ་བར་དོ་གྲུབ་ པའི་དུས་སུ་རང་གི་ལུས་དོན་སྟེང་ནས་སྔར་བཤད་པའི་སྒྱུ་མའི་སྐུར་སྐྱེས་པ་ཡིན་ན་བར་དོ་མཆོག་འགྲུབ་པ་ཡིན་ནོ། །དེ་ལྟར་མ་ནུས་པར་བར་དོ་རང་དགའ་བའི་ལུས་བླངས་པ་ཡིན་ཀྱང་། ཡིད་ངོར་བར་དོའི་ལུས་ཐ་མལ་པའི་སྣང་བ་རེ་ཞིག་མི་འཆར་བར། དང་ པོའི་མགོན་པོ་ཡབ་ཡུམ་དུ་ཤར་བའི་ལོངས་སྐུའི་བསྲེ་བ་བྱུང་ནའང་ཁྱད་ཤིན་ཏུ་ཆེ་བ་ཡིན་ནོ། །གསུམ་པ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ལ་གསུམ་ལས། དང་པོ་གཉིད་སད་པའི་དུས་སུ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ནི། སྔར་བཤད་པ་ལྟར་ 12-14-20b གཉིད་སད་དུས་ཀྱི་འོད་གསལ་གྱི་ངང་ལས་སྒྱུ་མའི་སྐུར་རྣམ་སྨིན་གྱི་ལུས་འདི་ལས་ལོགས་སུ་བྱེ་ནས་སྒྱུ་མའི་ཏིང་ངེ་འཛིན་བསྒོམ་པའི་མཐར་རྣམ་སྨིན་གྱི་ཕུང་པོ་འདི་ཉིད་ལ་ཞུགས་ཏེ། རྣམ་སྨིན་གྱི་ཕུང་པོ་མི་བསྐྱོད་པར་གསལ་བའི་ཐུགས་ཀར་ཡེ་ ཤེས་སེམས་དཔའི་ཚུལ་གྱིས་གནས་པའོ། །དེ་ནི་འབྲས་བུའི་ལོངས་སྐུ་མ་དག་པའི་སེམས་ཅན་གྱི་མིག་གི་ལམ་དུ་མི་འགྱུར་བ་དེའི་མཐུས། སྒྱུ་འཕྲུལ་ཆེན་མོ་ལྟ་བུའི་མངལ་དུ་ལུས་རགས་པའི་སྐྱེ་བ་བཟུང་ནས་སྤྲུལ་པའི་སྐུ་དེ་སེམས་ཅན་མ་ དག་པས་ཀྱང་མཐོང་བ་དང་འདྲ་བར་ལམ་དུས་ཀྱི་སྒྱུ་མའི་ལོངས་སྐུ་སེམས་ཅན་གཞན་གྱི་ཤའི་མིག་གིས་མི་མཐོང་བ་དེ་རགས་པའི་ལུས་ལ་ཞུགས་པ་ན། དེས་བཟུང་བའི་མི་བསྐྱོད་པར་སྣང་བའི་རགས་པའི་ལུས་ཤའི་མིག་གི་ཡུལ་དུ་གྱུར་པ་ལ། སྤྲུལ་སྐུ་ཞེས་ཐ་སྙད་བཏགས་པ་དང་། ཡང་སྒྱུ་མའི་སྐུ་དེས་རགས་པའི་སྐུ་སེམས་ཅན་གཞན་གྱི་ཤའི་མིག་གིས་མཐོང་བ་སྤྲུལ་པ་ལ་སྤྲུལ་སྐུ་ཞེས་ཐ་སྙད་བྱས་སོ། །གཉིས་པ་གཉིད་དུ་སོང་ནས། རྨི་ལམ་འཆར་པའི་དུས་སུ་སྤྲུལ་སྐུ་དང་བསྲེ་བའི་ ཚུལ་ནི། སྔར་བཤད་པ་བཞིན་གཉིད་ཀྱི་འོད་གསལ་གྱི་ངང་ནས་ལོངས་སྐུར་ལངས་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་པའི་མཐར་སྔར་གྱི་རྣམ་སྨིན་གྱི་ལུས་ལ་ཞུགས་ནས་སྙིང་ཁར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པ་དང་། ལོངས་ སྐུ་དེས་བཟུང་བའི་རགས་པའི་སྐུ་སྤྲུལ་བ་ནི་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱ་སྟེ། དེའི་གོ་དོན་ནི་སྔར་བཤད་པ་ལྟར་རོ། །གསུམ་པ་འཆི་བའི་འོད་གསལ་གྱི་མཐར་སྤྲུལ་སྐུ་དང་བསྲེ་བའི་ཚུལ་ནི། འཆི་བའི་འོད་གསལ་སྔར་བཞིན་བསྒོམས་པ་གཅིག་ 12-14-21a གིས་འཆི་བའི་འོད་གསལ་གྱི་མཐར་ལོངས་སྐུར་ལངས་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་པའི་རྗེས་སུ་གང་འདོད་པའི་སྐྱེ་གནས་ཁྱད་པར་ཅན་དུ་སྐྱེ་བའི་འཕེན་པ་བཏང་ནས་སྐྱེ་གནས་གང་ཡིན་པ་དེར་བར་དོ་ཤི་བའི་སྟོང་པ་བཞི་ སྔར་གོམས་པའི་ལམ་དང་བསྲེས་ནས་སྐྱེ་བ་ལེན་པ་ལ་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱ་སྟེ། དེའི་གོ་དོན་ཡང་སྔར་བཞིན་ནོ། །དེ་ལྟར་སྔར་བཤད་པ་ལྟར་གྱི་རླུང་གི་ནུས་པ་ཐོབ་ན་ཤིན་ཏུ་ལེགས་པས་དེ་ལྟར་བྱ་ལ། དེ་ལྟ་བུ་མ་ཐོབ་ན་ཡང་ད་ལྟར་གྱི་དུས་ སུ་འཆི་བའི་ཚེ། རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ཡིད་ལ་དྲན་པར་བྱས་ལ། ཡང་དང་ཡང་དུ་གོམས་པར་བྱ་ཞིང་། འོད་གསལ་ཀྱི་མཐར་བར་དོ་འགྲུབ་པའི་དུས་སུ་བར་དོ་ལ་ལོངས་སྐུར་ལྡང་བ་སོགས་ཀྱི་མན་ངག་ཀྱང་ཡང་ཡང་གོམས་ པར་བྱས་ན། ད་གཟོད་འཆི་བའི་དུས་ཀྱི་ཚེ་རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ངོས་ཟིན་པ་དང་། བར་དོའི་དུས་སུ་བར་དོ་ཟིན་པ་སོགས་ལ་ཁྱད་པར་ཤིན་ཏུ་ཆེ་བར་མངོན་ནོ། །དེ་ནི་བསྲེ་བའི་གདམས་ངག་གི་གནད་བསྡུས་པ་ཡིན་ནོ། །འཕོ་ བ་ལ་གདམས་ངག་སོ་སོ་ནས་མི་འདྲ་བ་མང་དུ་ཡོད་ཀྱང་། དཔལ་སཾ་པུ་ཊ་དང་རྡོ་རྗེ་མཁའ་འགྲོ་དང་། རྡོ་རྗེ་གདན་བཞི་གསུམ་ལས་གསུངས་པ་རྣམས་དོན་འདྲ་བར་སྣང་ལ། བདེ་མཆོག་སྡོམ་འབྱུང་དང་འཇམ་དཔལ་ཞལ་གྱི་ལུང་ལས་གསུངས་ པ་གཉིས་ཀྱང་སྔ་མ་གཉིས་དང་མཐུན་ཤས་ཆེ་བས། ཡིད་ཆེས་པའི་ཁུངས་ཁྱད་པར་ཅན་ནས་འབྱུང་བའི་འཕོ་བའི་གདམས་པ་ལ་རྒྱས་བསྡུས་གཉིས་ལས། རྒྱས་པ་ནི། སྒོ་དགུར་ཡི་གེ་བཀོད་ནས། དེ་ལ་གསལ་སྣང་བརྟན་པོ་རྙེད་པའི་ 12-14-21b སྒོ་ནས། སྒོ་དགུའི་རླུང་རེངས་པར་བྱ་བ་སྔོན་དུ་བཏང་ནས། ལྟེ་བའི་བུམ་པ་ཅན་ལ་ནུས་པ་རྙེད་པའི་མཚམས་ནས། འཕོ་བའི་དངོས་གཞིའི་དམིགས་པ་སྐྱོང་བ་ཡིན་ནོ། །དེ་མ་གྲུབ་ཀྱང་བསྡུས་པ་བྱེད་ན། རང་ཡེ་ཤེས་ཀྱི་མཁའ་འགྲོ་མའམ། ཡི་དམ་གྱི་ ལྷ་གང་རུང་དུ་གསལ་བའི་ངང་ནས། སྙིང་ཁ་ཆོས་ཀྱི་འཁོར་ལོ་ཁ་ཐུར་དུ་བལྟ་བའི་འཁོར་ལོའི་ལྟེ་བའི་དྷཱུ་ཏཱིའི་ནང་དུ་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་སྔོན་པོ་ཁ་ཐུར་དུ་བལྟ་བ་ཞིག་བསྒོམས། དེའི་མགོ་བོའི་འོག་ཏུ་རྣམ་ཤེས་ཀྱི་བཞོན་པའི་རླུང་གི་ངོ་བོ་ཡུཾ་ཡིག་ སྔོན་པོ་མགོ་བོ་ཐུར་དུ་བལྟ་བ་ཞིག་དང་། དེའི་མགོ་བོའི་འོག་ཏུ་ཧཱི་ཡིག་དཀར་པོ་མགོ་པོ་ཐུར་དུ་བལྟ་བ་ཞིག་བསྒོམས། ཧཱུཾ་ཡིག་གི་ཞབས་ཀྱུའི་སྟེང་དུ་རྣམ་ཤེས་ཀྱི་བཞོན་པའི་རླུང་གི་ངོ་བོ་ཡུཾ་ཡིག་སྔོན་པོ་མགོ་བོ་གྱེན་དུ་བལྟ་བ་དང་། དེའི་དབུས་སུ་ཀ་ ཡིག་དཀར་པོ་མགོ་བོ་གྱེན་དུ་བལྟ་བ་ཞིག་བསྒོམས་ཏེ། སྟེང་འོག་གི་ཧི་ཀ་གཉིས་ནི་རྣམ་ཤེས་རླུང་གི་བཞོན་པ་ཅན་སྙིང་ཁའི་གནས་ནས་གྱེན་དུ་སྤྱི་གཙུག་ནས་འབྱིན་པའི་ཐབས་སོ། །དེ་ནས་ལུས་གནད་བཅས་ཏེ། རླུང་ཕྱི་རོལ་ཏུ་འགྲོ་བའི་ཚེ། སྙིང་ ཁའི་རྩ་འཁོར་གྱེན་དུ་ཕྱོགས་པར་བྱས་ཏེ་སྙིང་ཁའི་དྷཱུ་ཏཱིའི་ནང་ནས་ཧཱུཾ་ཡུཾ་ཧཱི་གསུམ་མགོ་བོ་གྱེན་དུ་བལྟས་ཏེ། སྔོན་དུ་རྒྱུ་ཞིང་ཡུཾ་ཀ་གཉིས་ཧཱུཾ་གི་གཤམ་ནས་མགོ་བོ་གྱེན་དུ་བལྟས་ཏེ། རྗེས་སུ་རྒྱུ་བའི་ཚུལ་གྱིས་སྤྱི་བོའི་ཚངས་བུག་ལ་རེག་པའི་བར་ དུ་འགྲོ་བར་བསམས་ལ། རླུང་ནང་དུ་འཇུག་པའི་ཚེ་སྔར་གྱི་གི་རིམས་དེ་ཟློག་སྟེ། སྙིང་ཁར་འོངས་ནས་སྙིང་ཁའི་རྩ་འཁོར་ཐུར་དུ་ཕྱོགས་པར་བསམ། དེ་ལྟ་བུའི་ཚུལ་གྱིས་རླུང་འགྲོ་འོང་གཉིས་དང་ཡི་གེ་ལྔ་སྦྲགས་ཏེ་བསྒོམས་པའི་མཐར་ཆེད་དུ་ 12-14-22a གཏད་མི་དགོས་པར་རང་གི་ངང་གིས་རླུང་དྷཱུ་ཏཱིར་འཇུག་ཐུབ་པ་དང་། སྤྱི་གཙུག་ཟ་བ་དང་། འཁྲིག་པ་ལ་སོགས་པ་བྱུང་བྱུང་བར་དུ་སྦྱངས་ལ། ལས་སྦྱོར་གྱི་དུས་སུ་སྤྱི་གཙུག་ཚངས་པའི་བུ་ག་ཟང་ཐལ་གྱིས་བྱེ་བར་ བསམས་ལ། དེའི་སྟེང་གི་ནམ་མཁའ་ལ་བླ་མ་དང་ཡི་དམ་དབྱེར་མེད་དུ་བཞུགས་པའི་ཐུགས་ཀར་འཕོ་བར་བྱའོ། །འདི་ནི་འཆི་ལྟས་བྱུང་ནས་བཟློག་པའི་ཐབས་བྱས་ཀྱང་མི་བཟློག་པར་མཐོང་བ་ན། ནད་ཀྱི་མ་ཕོག་པའི་གོང་ཟླ་བ་དྲུག་ ཙམ་ནས་བྱ་བར་གསུངས་སོ། །དེ་གཉིས་ནི་བསྲེ་བ་དང་འཕོ་བ་ཞེས་བྱ་བའི་མན་ངག་ཁྱད་ཆོས་སུ་གྲགས་པ་ཡིན་ལ། དེའི་སྔ་མ་ནི། ཕ་རྒྱུད་གསང་བ་འདུས་པའི་སྐོར་ནས་ལེགས་པར་ཤེས་དགོས་པ་ཡིན་ལ། ཕྱི་མ་ནི་རྣལ་འབྱོར་ མའི་རྒྱུད་རྣམས་ལས་ཤེས་དགོས་པ་ཡིན་ནོ། །འདི་ནི་རྗེ་རིན་པོ་ཆེས། ཆོས་རྗེ་ཤཱཀྱ་ཡེ་ཤེས་རྒྱ་ཡུལ་དུ་ཐེགས་གདམས་པ་འདི་གཉིས་ཞུས་པའི་དོན་དུ་མཛད་པའོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དང་། ལོངས་སྤྱོད་རྫོགས་པའི་ སྐུ་ངོ་པོ་དབྱེར་མི་ཕྱེད་པའི་མི་སློབ་པའི་ཟུང་འཇུག་དེ་ཐོབ་བྱ་མཐར་ཐུག །དེ་ལ་སློབ་པའི་ཟུང་འཇུག་སྔོན་དུ་འགྲོ་དགོས་ཏེ། མི་སློབ་པའི་ཟུང་འཇུག་དེ་ལ་རིགས་འདྲ་སྔ་མ་སྔོན་དུ་འགྲོ་དགོས་པའི་ཕྱིར། སློབ་པའི་ཟུང་འཇུག་ལ་རིམ་པ་བཞི་ པའི་དོན་གྱི་འོད་གསལ་སྔོན་དུ་འགྲོ་དགོས་ཏེ། རིམ་པ་བཞི་པའི་འོད་གསལ་དང་དེའི་བཞོན་པར་གྱུར་པའི་རླུང་ལས་སློབ་པའི་ཟུང་འཇུག་སྒྲུབ་དགོས་པས་སོ། །རིམ་པ་བཞི་པའི་དོན་གྱི་འོད་གསལ་ལ་རིམ་པ་གསུམ་པའི་སྒྱུ་ལུས་འགྲོ་དགོས་ཏེ། 12-14-22b རིམ་པ་གསུམ་པའི་སྒྱུ་ལུས་དེ་རིལ་འཛིན་དང་རྗེས་གཞིག་གིས་འོད་གསལ་དུ་བཅུག་ནས་དག་པར་བྱས་པ་ལས་རིམ་པ་བཞི་པའི་འོད་གསལ་སྒྲུབ་དགོས་པས་སོ། །རིམ་པ་གསུམ་པའི་སྒྱུ་ལུས་སེམས་དབེན་སྔོན་དུ་འགྲོ་དགོས་ཏེ། སེམས་དབེན་ གྱི་རླུང་སེམས་ལས་རིམ་པ་གསུམ་པའི་སྒྱུ་ལུས་བསྐྱེད་དགོས་པའི་ཕྱིར། སེམས་དབེན་སྲོག་རྩོལ་རྡོར་བཟླས་སྔོན་དུ་འགྲོ་དགོས་ཏེ། སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་བསྒོམས་པའི་སྟོབས་ཀྱིས་སྙིང་ཁར་རླུང་སྡུད་པའི་སྡུད་རིམ་ཁྱད་པར་ ཅན་ལས་སེམས་དབེན་བསྐྱེད་དགོས་པས་སོ། །སྲོག་རྩོལ་ལ་ལུས་དབེན་སྔོན་དུ་འགྲོ་དགོས་ཏེ། སྙིང་ཁར་རླུང་སྡུད་པའི་སྡུད་རིམ་ཁྱད་པར་ཅན་བྱེད་པ་ལ་དེའི་སྔོན་དུ་ལུས་ཀྱི་གནས་གཞན་ཞིག་ཏུ་རླུང་དབུ་མར་ཆུད་པའི་བདེ་སྟོང་བསྒོམ་ པ་དང་། རྗེས་ཐོབ་ཏུ་གང་སྣང་བདེ་བའི་རྣམ་རོལ་དུ་འཆར་བ་དང་། དེ་ཡང་ལྷའི་སྐུའི་རྣམ་པར་འཆར་བ་ལ་སློབ་པ་སྔོན་དུ་འགྲོ་དགོས་པས་སོ། །དེའི་རྒྱུད་སྨིན་བྱེད་ཕྲ་མོ་རྟོག་པའི་རྣལ་འབྱོར་སྔོན་དུ་འགྲོ་དགོས། དེ་ཡང་སྔོན་དུ་རགས་པ་ དྲན་པ་གཅིག་པའི་རྣལ་འབྱོར་འགྲོ་དགོས་པས་སོ། །རིམ་གཉིས་སྒོམ་པའི་སྣོད་རུང་དུ་སྒྲུབ་པ་ལ་དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཆུལ་བཞིན་དུ་བསྲུང་བ་འགྲོ་དགོས་སོ། །དེ་ལ་རྒྱུད་ནས་བཤད་པའི་དབང་བསྐུར་བ་ ལེགས་པར་ཐོབ་དགོས་སོ། །དེ་ལ་ཐུན་མོང་བའི་ལམ་སེམས་ཅན་ཐམས་ཅད་མར་ཤེས་དྲིན་དྲིན་དྲན་གཟོ་ཡིད་འོང་གི་བྱམས་པ་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ། ལྷག་བསམ་དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་མཆོག་ 12-14-23a ཏུ་སེམས་བསྐྱེད་པ་རྣམས་སྔོན་དུ་འགྲོ་དགོས་སོ། །དེ་ལ་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་བསམས་ནས་ཐར་པ་དོན་གཉེར་གྱི་བློ་བསྐྱེད་པ་སྔོན་དུ་འགྲོ་དགོས། དེ་ལ་སྡུག་བསྔལ་གྱི་རྒྱུ་སྡིག་པ་སྤོང་བ་དང་བདེ་བའི་རྒྱུ་དགེ་བསྒྲུབ་ པ་སྔོན་དུ་འགྲོ་དགོས་སོ། །དེ་ལ་དལ་འབྱོར་རྙེད་དཀའ་བསམ་པ་སྔོན་དུ་འགྲོ་དགོས་ཞེས་གསུངས་སོ། །དབང་དོན་ལམ་གྱི་རིམ་པར་བསྒྲིགས་ནས་བླ་མེད་ཀྱི་ཉམས་སུ་བླང་བྱའི་ལམ་ལ་བསྐྱེད་རྫོགས་གཉིས་སུ་ངེས་ལ། དེ་ལ་ཐོག་མར་བསྐྱེད་རིམ་བསྒོམས་ ནས། དེས་རྒྱུད་སྨིན་པར་བྱས་ཏེ་རྫོགས་རིམ་བསྒོམ་དགོས་ཀྱི་དེ་ལྟར་མིན་པར་རིམ་པ་གཉིས་པ་བསྒོམ་ཀྱང་བཤད་པ་ལྟར་མི་སྐྱེ་བས་ན། ཐོག་མར་བསྐྱེད་རིམ་བསྒོམ་དགོས་པས། དེའི་སྣོད་རུང་དུ་བྱ་བའི་ཕྱིར་དུ་བུམ་དབང་བསྐུར་དགོས་པ་ཡིན་ལ། དེ་ ལྟར་རིམ་པ་དང་པོས་རྒྱུད་སྨིན་པར་བྱས་ནས། དེ་ནས་རིམ་པ་གཉིས་པ་བསྒོམ་དགོས་པས། དེ་ལ་ཐོག་མ་ལུས་དབེན་དང་ངག་དབེན་སོགས་ཀྱི་ཐབས་རོ་རྐྱང་གི་རླུང་རྣམས་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པའི་ལག་རྗེས་ལ་སྣང་མཆེད་ཐོབ་གསུམ་ དཔེའི་འོད་གསལ་དང་བཅས་པའི་སེམས་དབེན་འདྲེན་ལ། དེ་ལས་རླུང་སེམས་ཙམ་ལས་གྲུབ་པའི་མ་དག་པའི་སྒྱུ་མའི་ལུས་རྣམས་རིམ་ཅན་དུ་སྐྱེ་བས་ལམ་དེ་རྣམས་སྒྲུབ་པའི་སྣོད་རུང་དུ་བྱ་བའི་ཕྱིར་དུ་དེའི་རྗེས་སུ་གསང་དབང་བསྐུར་བ་ཡིན་ནོ། །དེ་ནས་ མ་དག་པའི་སྒྱུ་ལུས་དེ་ཉིད་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་དག་པར་བྱས་པ་ལས། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་མཚན་ཉིད་པ་སྐྱེ་བར་འགྱུར་ལ། དེའི་སྣོད་རུང་དུ་བྱེད་པའི་དབང་གསུམ་ 12-14-23b པ་གསང་དབང་གི་རྗེས་སུ་བསྐུར་བ་ཡིན་ནོ། །དོན་གྱི་འོད་གསལ་དེ་ལས་ལུགས་ལྡོག་ཏུ་ལྡང་བ་ན། དག་པའི་སྒྱུ་མའི་སྐུ་དང་ཐུགས་དོན་གྱི་འོད་གསལ་གཉིས་ངོ་བོ་གཅིག་པའི་སློབ་པའི་ཐུང་འཇུག་ཐོབ་ལ། དེའི་རྒྱུ་ན་གོམས་པ་ལས་མི་སློབ་པའི་ཟུང་འཇུག་ ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་མངོན་དུ་བྱེད་པས། དེའི་སྣོད་རུང་དུ་བྱེད་པའི་དབང་བཞི་པ་གསུམ་པའི་རྗེས་སུ་བསྐུར་བ་ཡིན་ནོ། །དེས་ན་ཐོབ་བྱ་དེ་ལས་མཐར་ཐུག་པ་མེད་པས། དབང་བཞི་པ་ལས་གོང་ན་དབང་མེད་དོ། །དབང་གི་གྲངས་དང་གོ་རིམ་ ངེས་པ་ལྟར་དུ་ལམ་གྱི་གོ་རིམ་ཡང་ཇི་ལྟར་བཤད་པ་ལྟར་ངེས་པས། དབང་བསྐུར་བྱེད་པ་དང་རང་ཉིད་བདག་འཇུག་ལེན་པ་སོགས་བྱེད་ནའང་། ལམ་དེ་ལྟ་བུའི་ཆེད་དུ་བྱེད་དགོས་ཀྱི་གོ་བ་དམིགས་ཕྱེད་པ་གལ་ཆེའོ་གསུངས་སོ། ། དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་ཞབས་ལ་ཕྱག་འཚལ་ལོ། །འཕོ་བ་ནི་མ་རྒྱུད་ནས་འབྱུང་ཡང་། ཕ་རྒྱུད་ལ་ཡང་ལམ་གྱི་ཡན་ལག་ཏུ་ངེས་པར་དགོས་པས་དེ་བཤད་ན། འཕོ་བ་ བསྡུས་ཏེ་ཉམས་སུ་ལེན་ཚུལ་ནི། ད་ལྟར་ནས་གོམས་པར་བྱེད་ཚུལ་དང་། དུས་ཐ་མར་ལས་ལ་སྦྱར་ཚུལ་གཉིས། དང་པོ་ནི། རང་ཡི་དམ་གང་ཡིན་དུ་བསྒོམས། ལུས་ཀྱི་དབུས་དྲང་པོ་ནས་རྩ་དབུ་མ་སྟེང་འོག་ཏུ་ཐལ་མར་ཡོད་པའི་སྙིང་ཁའི་རྩ་ འཁོར་གྱི་དྷཱུ་ཏཱིའི་ནང་ན་རང་གི་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་སྔོན་པོ་མགོ་ཐུར་དུ་བལྟ་བ། དེའི་མགོ་བོའི་འོག་ཏུ་ཡུཾ་ཡིག་སྔོན་པོ་མགོ་ཐུར་དུ་བལྟས་པ་གཉིས་ཀྱི་མཇུག་མས་ཧཱུཾ་གི་མགོ་བོའི་གཡས་གཡོན་བརྟེན་པ། དེའི་འོག་ཏུ་ཧི་ཡིག །སྔོན་པོ་མགོ་ཐུར་དུ་ 12-14-24a བལྟས་པའི་མཇུག་མ་ཡུཾ་ཡིག་གཉིས་ཀྱིས་གཡས་གཡོན་ནས་བརྟེན་པ། ཧཱུཾ་གི་ཞབས་ཀྱུའི་སྟེང་དུའང་ཡུཾ་ཡིག་སྔོན་པོ་མགོ་ཐུར་དུ་བསྟན་པ་གཉིས་ཀྱིས་ཧཱུཾ་གི་ཞབས་ཀྱུའི་གཡས་གཡོན་ནས་བརྟེན་པ། དེའི་སྟེང་དུ་ཀ་ཡིག་སྔོན་ པོ་མགོ་ཐུར་དུ་བལྟས་པའི་མགོ་བོའི་ཡུཾ་ཡིག་གཉིས་ཀྱི་མཇུག་མས་གཡས་གཡོན་ནས་བརྟེན་པ་གསལ་བཏབ། རང་གི་ཤེས་པ་དབུས་ཀྱི་ཧཱུཾ་ཡིག་དང་ངོ་བོ་དབྱེར་མེད་དུ་བྱས་ནས་སྤྱི་བོ་ཚངས་བུག་གི་བར་གྱི་དབུ་མའི་ནང་ན་མར་མེ་བཏེག་པ་བཞིན་གསལ་སེང་ ངེ་མཐོང་བར་བསམ་མོ། །ཚངས་བུག་གི་ནང་ན་ཧཾ་ཡིག་དཀར་པོ་ཐུར་དུ་བལྟས་པས་བཀག་པར་བསྒོམས། དེ་ནས་རླུང་ཕྱིར་འགྲོ་བ་ན། སྙིང་ཁའི་ཡི་གེ་ཐམས་ཅད་མགོ་གྱེན་དུ་བལྟ་བ་དང་མཉམ་དུ་སྔར་གྱི་ཡི་གེ་བརྩེགས་པའི་རིམ་པ་དེ་འགྱུར་ནས་སྔར་འོག་ན་ གནས་པའི་ཀ་ཡིག་སྔོན་དུ་འགྲོ། དེའི་རྗེས་སུ་འོག་གི་ཡུཾ་ཡིག་གཉིས། དེའི་རྗེས་སུ་དབུས་ཀྱི་ཧཱུཾ་ཡིག དེའི་རྗེས་སུ་སྟེང་གི་ཡུཾ་ཡིག་གཉིས། དེའི་རྗེས་སུ་སྟེང་གི་ཧི་ཡིག་འགྲོ་བའི་ཚུལ་གྱིས་རླུང་གིས་བདས་ནས། ཚངས་བུག་གི་ཧཾ་ཡིག་ལ་རེག་པ་ཙམ་ དུ་ཐལ་མར་འགྲོ་བར་བསྒོམས། རླུང་ནང་དུ་འཇུག་པ་ན་ཡི་གེ་རྣམས་མགོ་མཇུག་བསྒྱུར་ནས། སྔར་སྙིང་ཁར་གནས་པའི་རིམ་པ་བཞིན་དུ་བྱས་ཏེ། རླུང་གིས་ཐུར་དུ་བདས་ནས། སྙིང་ཁའི་རྩ་འཁོར་གྱི་དབུས་ཀྱི་བར་དུ་འོངས། དེ་ལྟར་རླུང་འབྱུང་ འཇུག་དང་བསྟུན་ནས་སྟེང་འོག་ཏུ་འགྲོ་འོང་བྱེད་པ་བར་མ་ཆད་པ་ཇི་ཙམ་ནུས་ཀྱི་བར་དུ་བསྒོམས། སྤྱི་གཙུག་ཟ་བ་དང་། འཁྲིག་པ་སོགས་བྱུང་ན་ལེགས་པར་འབྱོངས་པ་ཡིན་པས། ནུས་པ་མི་ཉམས་ཤིང་བརྟན་པ་ཐོབ་པའི་ཕྱིར་དུ་དེ་ནས་ཀྱང་ 12-14-24b རྒྱུན་ལྡན་དུ་བསྒོམ་དགོས་སོ། །གོང་གི་ཡི་གེ་རྣམས་ཚང་བར་བསྒོམ་མི་ནུས་ན། སྙིང་ཁའི་དཀྱིལ་དུ་ཧཱུཾ་ཡིག་གཅིག་བསྒོམས། དེ་དང་ཤེས་པ་བསྲེས་ནས་སྔར་ལྟར་སྦྱོང་བ་ཡིན་ནོ། །གཉིས་པ་ནི། དུས་ལ་བབ་པའི་ཚེ་ལུས་ལོངས་སྤྱོད་ལ་ཆགས་ཞེན་ སྤངས་སྤྱི་བོའི་ཧཾ་ཡིག་བསལ། སྤྱི་བོར་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་བསྒོམས། གསོལ་བ་དྲག་ཏུ་བཏབ། རང་གི་ཤེས་པ་ཧཱུཾ་དང་བསྲེས་ཏེ། ཧི་ཀ་ཉེར་གཅིག་བརྗོད་པ་དང་ཤེས་པ་ཧཱུཾ་དང་བསྲེས་པ་དེ་དབུ་མའི་ནང་ནས་གྱེན་དུ་སོང་སྟེ། ཚངས་བུག་གི་ སྐར་ཁུང་ཁ་ཕྱེ་བ་འདྲ་བ་དེ་ནས་ཐལ་མར་འཐོན་ཏེ། བླ་མའི་ཐུགས་ཀར་ཐིམ་པས་ཆོས་སྐུའི་ངང་དུ་དབྱེར་མེད་དུ་འདྲེས་པར་བསྒོམས། དེ་ལྟར་བྱས་པས་མཁའ་སྤྱོད་ལ་སོགས་པའི་གནས་སུ་འགྲོ་བར་གདོན་མི་ཟའོ། །བློ་མཆོག་ཏུ་གྱུར་པས་ནི་རིགས་དྲུག་ གི་གནས་སོ་སོར་འཕོ་བའི་སྒོ་དགུར་ཡི་གེ་བཀོད་ནས་འགོག་པའི་རྣལ་འབྱོར་གྱིས་སྒོ་དེ་དག་ནས་རྒྱུ་བའི་རླུང་རེངས་པར་བྱེད་པ་དང་། ལྟེ་བར་བུམ་པ་ཅན་གྱི་རྣལ་འབྱོར་གྱིས་རླུང་ངྷཱུ་ཏཱིར་འཇུག་པ་ལ་འབད་ནས། དེའི་རྗེས་སུ་བུམ་པ་ཅན་གྱི་རླུང་དྷཱུ་ཏཱིར་ཞུགས་ པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ལས་ལྡང་བར་རྩོམ་པ་ན་དྷཱུ་ཏཱིའི་དབུས་ཀྱི་གཏུམ་མོའི་མེ་ཤིན་ཏུ་ཕྲ་ཞིང་རྣོ་བ་གྱེན་དུ་སོང་སྟེ། སྙིང་ཁའི་དྷཱུ་ཏཱིའི་ནང་གི་ཡི་གེ་རྣམས་ལ་ཕོག་པས་ཡི་གེ་རྣམས་སྔར་བཤད་པ་བཞིན་མགོ་གྱེན་དུ་བཟློག་པ་དང་དུས་མཉམ་དུ་ སྙིང་ཁའི་རྩ་འདབ་རྣམས་གདུགས་ཁ་ཕུབ་པ་ལྟ་བུའི་དབྱིབས་སུ་ཡོད་པ་དེ་གྱེན་དུ་ལྡོག་ནས་གདུགས་ཁ་གྱེན་དུ་བསྟན་པ་ལྟར་བསྒོམས་ཤིང་། ཡི་གེ་རྣམས་ཐུར་དུ་བབས་ཏེ། སྙིང་ཁར་སླེབ་མ་ཐག་སྔར་བཞིན་རྩ་འདབ་ཁ་ཐུར་དུ་བལྟས་སུ་སོང་ 12-14-25a བར་བསྒོམས་པ་ཡིན་ནོ། །སྒོ་དགུའི་ཡི་གེ་འགོད་ཚུལ་རྣམས་ནི་ཁྲིད་ཡིག་ཆེན་མོ་གསེར་གྱི་སྒོ་འབྱེད་དུ་མཛད་པ་ལྟར་ཡིན་ཞིང་། ཆོས་རྗེ་ཤཱཀྱ་ཡེ་ཤེས་པ་ལ་གནང་བའི་ཡིག་ཆུང་ངུ་སྟེང་འོག་ཏུ་ཡི་གེ་རེ་རེ་ལས་མ་གསུངས་ ཤིང་། ཡི་གེ་འགའ་ཞིག་མགོ་གྱེན་བསྟན་དང་། ཁ་དོག་དཀར་པོར་མཛད་ཀྱང་ཕྱིས་ཁྲིད་ཡིག་ཆེན་མོར་སྔར་བཞིན་མཛད་པ་ཡིན་པས། མཁས་གྲུབ་ཐམས་ཅད་མཁྱེན་པ་ནས་བརྒྱུད་པ་དང་། ཇོ་གདན་བསོད་ནམས་ལྷུན་གྲུབ་པ་ནས་བརྒྱུད་པ་ གཉིས་ཀ་ལ་ཡི་གེ་བདུན་དང་འགོད་ཚུལ་སྔར་བཞིན་མཛད་པ་ཡིན་ཞིང་། ཡིག་ཆར་མི་གསལ་པར་བླ་མས་བསྟན་དགོས་པའི་ཞལ་ཤེས་ནི། རྩ་འཁོར་བཟློག་པ་དང་ཡི་གེ་ལྡོག་པའི་ཚུལ་ཡིན་ལ། རྩ་འཁོར་ཟློག་པའི་ཚུལ་ནི། གདུགས་ ཕྱི་ནང་དུ་བསྒྱུར་བ་བཞིན་བླ་ལོག་བསྒྱུར་བ་མིན་གྱི། དམིགས་པ་སྔར་བཞིན་བྱས་པ་ན། རྩ་འཁོར་གྱི་ལྟེ་བ་ལ་འོག་ནས་འོངས་པའི་རླུང་ཕོག་པའི་ཤུགས་ཀྱིས་དར་གྱི་ཤམ་བུ་གྱེན་དུ་བཏེག་པ་བཞིན་སོང་བར་བསྒོམ་པ་ཡིན་ལ། འདིའི་དུས་ སུའང་སྙིང་ཁར་རླུང་འདུས་པས་ན་རྩ་འདབ་ཁ་གྱེན་དུ་ཕྱོགས་ཚུལ་དེ་བཞིན་འོང་བ་ཡིན་ནོ། །ཡི་གེ་ཟློག་པའི་ཚུལ་ནི། ཁ་ཅིག་དབྱུག་པ་མགོ་མཇུག་བསྒྱུར་བ་ལྟར་སོང་བར་བསྒོམ་པ་དང་། ཁ་ཅིག་ཐང་སྐུའི་ཞལ་ཁེབས་བསྒྲིལ་བ་ལྟར་འོག་ནས་རིམ་ པ་བཞིན་བསྒྲིལ་ནས་སྟེང་འོག་བསྒྱུར་བར་བསྒོམ་པ་རྣམས་ནི་དོན་མ་གོ་བར་བློས་བཏགས་ཀྱི་ཚོད་འཇོག་ཡིན་པས་མི་རུང་ངོ་། །དེས་ན་ཡི་གེ་དེ་དག་གི་ཕྱི་རོལ་ཏུ་རླུང་ཕོག་པས་ཞྭ་རླུང་གིས་ཁྱེར་བ་ལྟར་སོང་བ་མིན་གྱི་དྷཱུ་ཏཱིའི་ནང་ནས་གྱེན་དུ་འོངས་པའི་ 12-14-25b རླུང་དེ་ཡི་གེ་དེ་དག་གི་ནང་དུ་ཞུགས་པས། རེ་རེ་ཞིང་ཕྱི་ནང་ལོག་སྟེ་རླུང་དང་ལྷན་ཅིག་སྟེང་དུ་སོང་བས་དར་གྱི་སྦུ་གུའི་ནང་དུ་དབྱུག་པ་བརྫངས་ནས་ཕྱི་ནང་ལོག་པ་ན་འོག་ན་གང་ཡོད་པ་དབྱུག་པའི་རྩེ་ལ་བླངས་ཏེ་སྟེང་དུ་འོངས་ལ། སྔར་སྟེང་ན་གང་ཡོད་པ་དེ་དག་ འོག་མར་འགྱུར་བ་བཞིན་ནོ། །དེ་བཞིན་འོག་ཏུ་འཇུག་པ་ནའང་། རླུང་སྣ་བུག་ནས་ནང་དུ་འཇུག་པ་ན། རླུང་གི་ཧི་ཡིག་གི་རྩེ་ནས་སྔར་བཞིན་བཟློག་པས། ཧི་ཡིག་ཕྱི་ནང་ལོག་པ་བཞིན་འགོ་འཐུར་དུ་བསྟན་ནས་རླུང་གི་རྩེ་ལ་སྔོན་ལ་ཁྱེར་ཏེ་གཞན་རྣམས་རེ་རེ་ ནས་ཟློག་པས་སྔར་སྙིང་ཁར་བཀོད་པའི་རིམ་པ་བཞིན་བྱས་ནས་སྙིང་ཁར་སླེབས་པ་ན་དེའི་ཤུགས་ཀྱིས་རྩ་འདབ་རྣམས་ཀྱང་ཁ་ཐུར་དུ་བལྟ་བ་ཡིན་ནོ། །བླ་མའི་ཞལ་ཤེས་དགོས་པ་འདི་རྣམས་མ་གཏོགས་ཡིག་ཆར་གསལ་བ་ལྟར་ཁོ་ན་ཡིན་གྱི་འདི་དག་ ལས་གཞན་པའི་མན་ངག་གཞན་གྱི་འཁྲིད་ལུགས་སྣ་རེ་ཙམ་མཐོང་བ་དང་ཐོས་པ་འདིར་བསྲེ་བ་དང་། ཕོ་ཚོད་ཀྱིས་སྦྱར་བའི་ཡི་གེ་མང་དུ་བྱས་ནས། རྗེ་ཙོང་ཁ་པའི་ཞལ་ཤེས་ཡིན་ནོ་ཞེས་སྨྲ་བ་ནི་རྙེད་པ་དང་བཀུར་སྟི་སྒྲུབ་པའི་ཆེད་དུ་ལུགས་མིན་པ་རྣམས་ གཅིག་ཏུ་བསྡེབས་པས་འཆོལ་མའི་བུ་ལྟ་བུའི་གདམས་ངག་གིས་གནད་སླུ་བར་བྱེད་པ་ཡིན་པས། བློ་གྲོས་དང་ལྡན་པ་ཡང་དག་པའི་ལམ་དོན་དུ་གཉེར་བ་རྣམས་ཀྱིས་རིང་དུ་དོར་ཏེ་ལམ་བཟང་པོ་ལ་འཇུག་པར་བྱའོ། །མན་ངག་ཡིད་བཞིན་ནོར་བུ་འདི། །དད་ པའི་རྒྱལ་མཚན་རྩེར་བཀོད་པས། །རྡོ་རྗེའི་རྩ་ལ་དབང་ཐོབ་ནས། །བསམ་བཞིན་དག་པའི་གནས་ཐོབ་ཤོག །དབང་ཕྱུག་བརྒྱད་ལྡན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་ཞལ་སྔ་ནས་ཀྱི་ཞལ་གདམས་འགའ་ཞིག་གོ། རྗེ་བཙུན་ 12-14-26a འཇམ་པའི་དབྱངས་དང་དབྱེར་མ་མཆིས་པའི་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་པདྨོ་མ་མེད་པ་ལ་གུས་བས་ཕྱག་འཚལ་ལོ། །དེ་ལ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ངོ་བོ། གོ་རིམས། གྲངས་ངེས། བྱེད་ ལས། ས་མཚམས། སོ་སོའི་མྱོང་བ་འདོན་ཚུལ། མྱོང་བ་ཡང་དག་དང་ལྟར་སྣང་གི་དབྱེ་བ། གེགས་བྱུང་ན་སེལ་ཚུལ་རྣམས་ནི། ཐམས་ཅད་མཁྱེན་པ་རྗེ་རིན་པོ་ཆེའི་མདོ་སྔགས་ཀྱི་ལམ་གྱི་རྣམ་གཞག་རྒྱས་པ་རྣམས་སུ་ཤེས་པར་བྱའོ། ། འདིར་ཞལ་གྱི་གདམས་པ་འགའ་ཞིག་གསལ་སྒྲོན་དང་འཁྲིད་གཉིས་དང་སྦྱར་ཏེ་ཅུང་ཟད་བཤད་པར་བྱའོ། །དེ་ལ་རིམ་པ་དང་པོའི་སྐབས་སུ་གང་སྣང་ལྷར་འཆར་བ་ལ་བསླབ་དགོས་པས་རྟེན་དང་བརྟེན་པ་རགས་པ་དང་ཕྲ་བ་མཐར་ཕྱིན་ནས། རྫོགས་རིམ་ལ་འཇུག་པ་ན། ཐོག་མར་ལུས་དབེན་ཉམས་སུ་ལེན་པའི་ཚུལ་ནི། རིམ་ལྔ་བསྡུས་པ་གསལ་བ་ལས། ལུས་དང་དུས་དང་ཡུལ་རླུང་གི། གནད་ནི་རྣམ་པ་བཞིར་ཤེས་བྱ། ཞེས་གསུངས་པ་ལྟར་གནད་བཞི་དང་ལྡན་པར་བྱ་སྟེ། རང་ ཉིད་གསང་ཆེན་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་ནོར་བུའི་རྩེའི་དྷཱུ་ཏཱིའི་མར་སྣའི་ནང་ངམ། མན་ངག་སྙེ་མར་ནོར་བུའི་དབུས་ན་རྩ་འཁོར་འདབ་མ་བརྒྱད་པ་ཞིག་བཤད་པས། དེའི་དབུས་སམ་དྷཱུ་ཏཱིའི་ནང་གང་རུང་དུ་ཉི་མའི་དཀྱིལ་འཁོར་སྲན་མ་ ཕྱེད་ཚལ་ཙམ་གྱི་སྟེང་དུ། ཐིག་ལེ་ཁྱད་པར་གསུམ་ལྡན། ཁ་དོག་སྔོན་པོ། དབྱིབས་ཟླུམ་པོ། །ནས་འབྲུའམ། ཡུངས་ཀར་གྱི་འབྲུ་ཚད་ཙམ་ཤིན་ཏུ་འཚེར་བ། ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་ལྔ་འཕྲོ་བ། རང་གི་ལྷའི་ངོ་བོར་བལྟས་ལ། 12-14-26b དེ་ལ་རང་གི་སེམས་དབྱེར་མེད་དུ་ཞུགས་པའི་ཚུལ་གྱིས་བྱིང་རྒོད་དང་བྲལ་བར་བྱས་ཏེ། ཆིག་བསྒྲིལ་དུ་བསྒོམས་པས་སེམས་རྩེ་གཅིག་ཐིག་ལེ་འདྲེས་པའི་ཉམས་སྐྱེས་ནས། དབང་པོའི་རླུང་ནང་དུ་ལོག་པ་དང་། དྷཱུ་ཏཱིའི་ནང་གང་རུང་དུ་ཞུགས་གནས་ ཐིམ་གསུམ་འབྱུང་བའི་རྟགས་བཞི་རིམ་པ་ངེས་ཅན་དུ་ཤར་ན་གཏུམ་མོ་ཁྱད་པར་ཅན་དྷཱུ་ཏཱིའི་ནང་ནས་འབར་ཏེ་བྱང་སེམས་ཞུ་བ་གང་དུ་སླེབས་པས་ཡས་བབས་དང་མས་བརྟན་གྱི་དགའ་བཞི་བསྐྱེད་ཚུལ་ནི། རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་ འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོ་གནས། །སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། ཅེས་གསུངས། སྤྱི་བོ་ནས་མགྲིན་པའི་བར་ལ་དགའ་བ་འཇོག་ལ། དེས་གཞན་གསུམ་ལའང་ཤེས་པར་བྱའོ། །མས་བརྟན་གྱི་སྐྱེད་ཚུལ་ཡང་དེ་ཉིད་ལས། སྤྲུལ་པའི་འཁོར་ལོ་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོ་གནས། །ལོངས་ སྤྱོད་བྲལ་བའི་དགའ་བ་དང་། །ལྷན་ཅིག་སྐྱེས་དགའ་བདེ་བ་ཚེ། །ལུགས་བཟློག་རིམ་པ་ཞེས་ནི་གསུངས། ཞེས་གསུངས་སོ། །འདིའི་གནས་ཀྱང་སྔར་བཤད་པའི་རིགས་པས་ཤེས་པར་བྱའོ། །འདིར་བདེ་བ་ཆེན་པོ་ལམ་གྱི་སྲོག་ཡིན་ལ། །དེ་ བརྟན་པ་ལ་མས་བརྟེན་གྱི་བདེ་བ་ལ་རག་ལས་པས་ན། དེ་བསྐྱེད་ཚུལ་གལ་ཆེའོ། །དེ་ཡང་མན་ངག་སྙེ་མ་ལས། དེའི་འཆར་ས་ནི་ནོར་བུ་ནས་བརྩམས་ཏེ་ལྟེ་བ་ཇི་སྲིད་པ། དེ་མ་འཕོས་པའི་བྱང་ཆུབ་ཀྱི་སེམས་འཕེལ་བཞིན་པས་སྟེང་དུ་ཉེ་བར་ 12-14-27a འགྲོ་ཞེས་པའི་ཚིག་ཟིན་ལྟར་ན། ནོར་བུ་ནས་ཕྱིར་མ་འཕོས་ན། རང་ལོག་བྱེད་པ་འདྲ་བ་ཞིག་འདུག་ཀྱང་། དང་པོའི་དུས་སུ་རང་ལོག་བྱེད་པ་མིན་པས། ཡར་ལ་དྲིལ་ནས་སྤྱི་གཙུག་གི་བར་འགྲོ་བ་ཞིག་དགོས་པ་ནི་རྣལ་ འབྱོར་པས་ཆེད་དུ་བྱ་དགོས་ཏེ། རྒྱུད་རྡོ་རྗེ་འཕྲེང་བ་ལས། རླུང་གི་དེ་ཉིད་སྔོན་བྱས་ནས། །དེ་ཉིད་སྟེང་དུ་རྒྱུ་བ་ནི། །རྣལ་འབྱོར་པས་ནི་སྒྲུབ་པར་བྱེད། །དེ་ལས་སྤྲུལ་པའི་འཁོར་ལོ་ནི། །དགའ་བ་ཞེས་བྱར་རྣམ་པར་ཤེས། ཞེས་གསུངས་པས། ནོར་བུའི་རྩེ་ ནས་སྤྲུལ་པའི་འཁོར་ལོའི་བར་དུ་དགའ་བ་དང་། དེ་ནས་ཆོས་ཀྱི་འཁོར་ལོའི་བར་དུ་མཆོག་དགའ་དང་། དེ་ནས་ལོངས་སྤྱོད་ཀྱི་འཁོར་ལོའི་བར་དུ་ཁྱད་དགའ་དང་། དེ་ནས་བདེ་ཆེན་གྱི་འཁོར་ལོའི་བར་དུ་ལྷན་ཅིག་པའི་དགའ་བ་དང་། དེ་བཞི་ཀ་ཡང་མན་ ངག་སྙེ་མར། རིམ་པ་བཞིན་དུ་ལྷན་སྐྱེས་ལ། ཆུང་ངུ་། བར་མ། ཆེན་པོ། ཆེན་པོའི་ཆེན་པོར་བྱེད་དོ། །དེ་ནས་ཡས་བབས་ཀྱི་ལྷན་སྐྱེས་ཉམས་སུ་མྱོང་ནས་མས་བརྟན་བཞི་རྣལ་འབྱོར་བས་སྒྲུབ་པར་བྱེད་ཚུལ་ནི། བདེ་སྟོང་སྦྱར་ནས་བསྒོམས་ པའི་མཇུག་ཏུ་རླུང་ལྡང་བར་རྩོམ་པ་ན། དམིགས་པས་བྱང་སེམས་དྲིལ་ཏེ་ངྷཱུ་ཏཱིའི་ནང་ནས་རིམ་གྱིས་དྲངས་ཏེ། སྤྲུལ་པའི་འཁོར་ལོའི་དྷཱུ་ཏཱིའི་ནང་དུ་བཟུང་། དེ་ནས་ཆོས་ཀྱི་འཁོར་ལོའི་དྷཱུ་ཏཱིའི་ནང་དུ་དྲངས་པར་མོས་ནས་ཡུན་རིང་དུ་བསྒོམས། དེ་ནས་ ལོངས་སྤྱོད་དང་བདེ་བ་ཆེན་པོའི་འཁོར་ལོའི་རིམ་པ་བཞིན་དུ་དྲངས་ནས། བདེ་ཆེན་གྱི་དབུས་སུ་དྷཱུ་ཏཱིའི་ནང་དུ་ལྷན་སྐྱེས་ཀྱི་དང་པོ་སྟོང་ཉིད་དང་སྦྱར་ཏེ་ཡུན་རིང་དུ་བསྒོམ། རླུང་ལྡང་བར་རྩོམ་པ་ན་དམིགས་པས་བྱང་ཆུབ་ཀྱི་སེམས་དྷཱུ་ཏཱིའི་ནང་ 12-14-27b ནས་ཕྱིར་སྔ་མ་བཞིན་དུ་དྲངས་ཏེ་ནོར་བུའི་རྩེར་ལྷན་སྐྱེས་དང་སྟོང་པ་སྦྱར་ཏེ་བསྒོམས། དང་པོའི་དུས་སུ་ཇི་ལྟ་བ་བཞིན་སྒྲུབ་མ་ནུས་པར་རླུང་ལངས་ན། ཡང་ནོར་བུའི་རྩེར་སྔར་བཞིན་ཕྲ་མོ་བསྒོམས་ནས། ཡས་བབས་དང་མས་བརྟན་གྱི་དགའ་བཞི་ བསྐྱེད་དོ། །དགའ་བ་བཞི་སྐྱེ་བ་ལ་བྱང་ཆུབ་ཀྱི་སེམས་འབབ་དགོས། དེ་ལ་གཏུམ་མོའི་མེ་ཁྱད་པར་ཅན་འབར་དགོས། དེ་འབར་བའི་ཚད་ནི། ནང་གི་གཏུམ་མོ་འབར་བས་བསིལ་བའི་བྱ་བ་བྱེད་པར་མ་ཟད། ཕྱིས་ཚ་བས་ཀྱང་བསིལ་བའི་བྱ་བ་བྱེད་ ཅིང་། ཕྱིའི་གྲང་བའི་རེག་པས་དྲོ་བའི་བྱ་བ་བྱེད་པས། ལུས་སེམས་ལ་གདུང་བ་བསྐྱེད་པའི་གཏུམ་མོ་ལྟར་སྣང་དུ་ཤེས་པར་གྱིས་ཤིག །ཡས་བབས་དང་མས་བརྟན་གྱི་ལྷན་སྐྱེས་ཀྱི་ནོར་བུ་དང་། བདེ་ཆེན་གྱི་དབུས་སུ་བདེ་སྟོང་སྦྱར་ཏེ་ བསྒོམས་པའི་སྟོབས་ཀྱིས། རླུང་སྔ་མ་ལངས་པའི་སྟེང་དུ་ནང་གི་ཁྱབ་བྱེད་ཀྱི་རླུང་རགས་པ་འགའ་ཞིག་འདུས་ནས་ཞུགས་གནས་ཐིམ་གསུམ་བྱས་པའི་མཐར། ལྷན་སྐྱེས་གཉིས་ཀྱི་བདེ་སྟོང་སྦྱར་ནས་བསྒོམས་པ་ཤིན་ཏུ་གལ་ཆེའོ། །དེ་ ཡང་ཆོས་ཉིད་ཕྱག་རྒྱ་ཆེན་པོ་ཉིད་བསྒོམས་པས་ལུས་སེམས་ལ་བདེ་བ་སྐྱེ་ཡང་འདི་རིན་བསྒོམ་སྟོབས་ཀྱིས་རླུང་ཞུགས་གནས་ཐིམ་གསུམ་བྱུང་བའི་ལྷན་སྐྱེས་ཀྱི་སྟོང་ཉིད་བསྒོམ་པ་ཞིག་དགོས་སོ། །ཆོས་ཉིད་ལ་བརྟེན་ནས་བདེ་བ་ཁྱད་པར་ ཅན་འདྲེན་པ་སེམས་དབེན་གྱི་སྐབས་སུ་འབྱུང་བས། དེ་ནི་སྙིང་ཁའི་སྡུད་རིམ་དང་སྦྲེལ་ཏེ་བཤད་པར་བྱའོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྡོ་རྗེའི་རྩ་བར་དགའ་བ་དང་། དབུས་སུ་མཆོག་དགའ་དང་། མགྲིན་པར་ཁྱད་པར་གྱི་དགའ་བ་དང་། 12-14-28a ནོར་བུའི་རྩེར་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བར་གསུངས་པ་ནི། རྒྱུད་དེར་ཡས་བབས་ཀྱི་ལྷན་སྐྱེས་ཀྱི་མགོ་ལྟེ་བ་ནས་བརྩམས་ཏེ། ནོར་བུའི་རྩེར་ངོ་བོ་རྫོགས་པར་གསུངས་པའི་ལྷན་སྐྱེས་ལ་དགའ་བ་བཞིར་བྱེད་པ་མངོན་ནོ། །མས་ བརྟན་གྱི་དགའ་བ་བཞི་ཡས་བབས་ཀྱི་དགའ་བ་བཞི་ལས་བདེ་བ་ཆེ་དགོས་པ་ཡིན་ཏེ། མན་སྙེ་ལས་མ་འཕོས་པའི་བྱང་ཆུབ་ཀྱི་སེམས་འཕེལ་བཞིན་པའི་སྟེང་དུ་ཉེ་བར་འགྲོ་ཞེས་པའོ། །མང་བརྟན་ལས་མ་ལངས་པའི་ཡས་བབས་ཀྱི་དགའ་བཞི་ནི་ སྔ་མའི་མས་བརྟན་ལས་བདེ་བ་ཆེ་ཞིང་ལྷན་སྐྱེས་སུ་བཞག་དགོས་པ་ནི། མན་སྙེ་ལས། མས་བརྟན་ལ་བཤད་པའི་རིགས་པས་ཤེས་སོ། །མས་བརྟན་ལས་ལངས་པའི་རྗེས་སུ་ཕྲ་མོ་བསྒོམ་སྟོབས་ཀྱིས་སྐྱེས་པའི་དགའ་བཞི་ནི། སྔ་མའི་མས་བརྟན་ ལས་བདེ་བ་ཆེ་བ་དང་། བཞི་ཀ་ལྷན་སྐྱེས་ཡིན་པའི་ངེས་པ་མེད་དོ། །འདི་རྣམས་ནི་མས་བརྟན་སྒྲུབ་ཚུལ་དང་། བདེ་བ་ཆེ་ཆུང་གི་ཁྱད་པར་ལྷན་སྐྱེས་སུ་བཞག་པས་ཆོག་མི་ཆོག་རྣམས་ཀྱི་སྒོ་ཙམ་ཞིག་བསྟན་པས་རྟོག་པ་བྱང་བར་བྱས་ཏེ་ཕྲ་མོ་ནས་འཇུག་ ལྡོག་བྱ་དགོས་སོ། །འོག་སྒོའི་ཕྲ་མོས་མཚོན་ནས། ལུས་ལ་གནད་དུ་བསྣུན་པའི་ཕྱི་ནང་གི་ཐབས་ལ་བརྟེན་ནས། དྷཱུ་ཏཱིའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་བྱུང་བའི་མཐར་སྐྱེས་པའི་མྱོང་བ་ཐམས་ཅད་ཀྱི་སྐབས་སུ་དེ་ཉིད་ཤེས་པར་གྱིས་ཤིག །འདི་ནས་ བཟུང་སྟེ་རྡོར་བཟླས་མཐར་ཕྱིན་པའི་བར་དུ་དྷཱུ་ཏཱིའི་ཡར་སྣ་མར་སྣའི་རྩ་འཁོར་སོ་སོའི་དབུས་སུའམ། དྷཱུ་ཏཱིའི་ནང་གང་རུང་དུ་རླུང་དང་ཐིག་ལེ་འབར་འཛག་གི་རྣལ་འབྱོར་རྣམས་ལ་བརྟེན་ནས་དྷཱུ་ཏཱིའི་ནང་དུ་རླུང་འདུས་པའི་ཐབས་གང་དུ་བྱས་པ་དེར་རླུང་འདུ་བ་ 12-14-28b ནི། དྷཱུ་ཏཱིའི་ནང་གི་རླུང་འདུ་སླ་བ་ཡིན་པ་དང་། དེར་འདུ་བའི་ཐབས་བྱས་པ་གཉིས་ཚོགས་ལ་བརྟེན་ནས་གང་དུ་འདུ་བའི་ཐབས་བྱས་པའི་དྷཱུ་ཏཱིའི་ནང་དུ་རླུང་འདུས་ནས་ཞུགས་གནས་ཐིམ་གསུམ་ཡོང་བ་ཡང་། ངྷཱུ་ཏཱིའི་ནང་དུ་འདུས་པའི་ཐབས་གང་དུ་བྱས་ བར་མ་འདུས་པར་དྷཱུ་ཏཱིའི་ནང་གཞན་དུ་འོང་བ་ནི། སྙིང་ཁའི་འཁོར་ལོའི་དབུས་དྷཱུ་ཏཱིའི་ནང་དུ་རླུང་འདུ་བའི་ཐབས་ལན་མང་དུ་བྱས་ཀྱང་། དེར་འདུ་མི་ཐུབ་པར་དྷཱུ་ཏཱིའི་ནང་གཞན་དུ་འདུས་ནས་ཞུགས་གནས་ཐིམ་གསུམ་ལན་མང་དུ་བྱས་པའི་མཐར། སྙིང་ཁའི་དྷཱུ་ཏཱིའི་ནང་དུ་འདུ་བ་ཞིག་འོང་བར་ཤེས་སོ། །སྙིང་ཁའི་རྩ་མདུད་མ་གྲོལ་གྱི་བར་དུ་དྷཱུ་ཏཱིའི་ནང་ནས་གཏུམ་མོ་ཁྱད་པར་ཅན་འབར་ཡང་བདེ་ཆེན་འཁོར་ལོའི་བར་དུ་དྷཱུ་ཏཱིའི་ནང་ཁོ་ན་ལ་འབར་བའི་ངེས་པ་མེད་ཅིང་། བྱང་ཆུབ་ཀྱི་སེམས་ཞུ་ནས་འབབ་ པ་ཡང་དང་པོ་དྷཱུ་ཏཱིའི་ནང་ནས་འབབ་ཀྱང་བར་སྐབས་སུ་རྩ་གནས་སོ་སོར་བྱེར་ནས། ཡང་དྷཱུ་ཏཱིའི་ནང་དུ་འདུ་བ་དང་མི་འདུ་བ་ལ་སོགས་པའི་རིམ་པ་དུ་མ་འོང་བ་ཡང་། རིགས་པ་སྔ་མས་ཤེས། ཡས་བབས་དང་མས་བརྟན་གྱི་ལྷན་སྐྱེས་ཀྱི་སྟོང་ཉིད་ངེས་ པའི་བདེ་སྟོང་སྦྱར་ཏེ། མཉམ་གཞག་ཏུ་ཇི་ཙམ་ནུས་པའི་བར་བསྒོམས་ནས་ལྡང་བར་རྩོམ་པ་ན། བདེ་སྟོང་དབྱེར་མེད་རླུང་གི་བཞོན་པ་དང་བཅས་པ་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པའི་དུས་སུ་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་རྡོ་རྗེ་འཆང་ཡབ་ཡུམ་གྱི་ སྐུར་ཡིད་ངོར་ཐོལ་ཏེ་ལྡང་བར་བྱའོ། །འདི་ནས་བཟུང་སྟེ་རིམ་པ་གསུམ་པའི་སྒྱུ་ལུས་མ་གྲུབ་ཀྱི་བར་དུ་སད་དུས་ཀྱི་སྟོང་པ་བཞི་དང་། གཉིད་དུས་ཀྱི་སྟོང་པ་བཞི་དང་། རྨི་ལམ་གྱི་སྟོང་པ་བཞི་དང་། འཆི་དུས་ཀྱི་སྟོང་པ་བཞི་རྣམས་ཀྱི་དུས་སུ་ཡང་། འོད་ 12-14-29a གསལ་གྱི་རླུང་སེམས་ལས་ཉེར་ཐོབ་གྲུབ་པའི་དུས་སུ། ཆུ་ལས་ཉ་བཞིན་ཡིད་ངོར་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ། །འདི་ལ་ཡང་གནས་ཀྱི་སྒོ་ནས་ལྡང་ལུགས་ཁྱད་པར་ཅན་གཅིག་ཡོད་པ་དང་། འདི་རྣམས་ཀྱི་ གནད་ཞིབ་པར་འོག་ཏུ་བཤད་པར་བྱའོ། །མཉམ་གཞག་ཏུ་བདེ་སྟོང་བསྒོམས་པའི་མཐར། བདེ་སྟོང་རླུང་དང་བཅས་པ་ལས་སྔར་ལྟར་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལངས་ནས་རྗེས་ཐོབ་ཏུ་བསྒོམ་ཚུལ་ནི། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། དབང་པོ་ཡུལ་ ལ་སྤྱོད་པ་ནི། །གང་གནས་དེ་ནི་གདམས་ནས་ནི། །སྟོང་ཉིད་གཉིས་མེད་སྒྱུ་མ་ལ། །སོགས་པ་ཀུན་སྤྱོད་ལྷག་སྤྱད་བྱ། །ཤེས་རབ་ཡེ་ཤེས་དབང་བསྐུར་སོགས། །ཉམས་སུ་མྱོང་བའི་བདེ་བ་ཡིན། །བདེ་བ་ཆེན་པོ་དྲན་པ་ཡིན། །དབང་པོ་རྣམས་ནི་ཡུལ་ལས་ ཟློག །ཅེས་སོ། །འདི་ནི་སྟོང་ཉིད་འོད་གསལ་དང་། གཉིས་མེད་ཟུང་འཇུག་དང་། ཀུན་རྫོབ་སྒྱུ་ལུས་ཀྱི་སྐབས་དང་། སོགས་ཀྱིས་བསྡུས་པ་དེ་རྣམས་འོག་མའི་སྐབས་སུ་ཡང་ཡུལ་རྣམས་ལྷག་པར་སྦྱོད་ཚུལ་སྟོན་པས། ངག་དབེན་མན་ཆད་དུའང་ སྟོང་པ་བཞི་དྲངས་པའི་སྐབས་ཐམས་ཅད་དུ་གང་ཤར་ལ་བདེ་སྟོང་གི་རྒྱས་འདེབས་ཚུལ་ནི་འདི་ལྟར་བཤད་པ་བཞིན་ཤེས་པར་བྱའོ། །འདི་ལྟར་དབང་གསུམ་པ་དངོས་དབང་དུ་བྱས་པའི་བདེ་བ་སོགས་ཀྱིས་བསྡུས་པ་སྔར་བཤད་པ་ལྟ་བུའི་བདེ་བ་ ཆེན་པོ་སྔར་མྱོང་བ་དྲན་ནས་ཡུལ་ལ་ལོངས་སྤྱོད་པའི་ཚེ། རྒྱས་བཏབ་ནས་དེ་དང་མི་མཐུན་པའི་ཡིད་བྱེད་བསྡམས་ཏེ་གནས་ན། ཡུལ་སྣང་ཀུན་བདེ་བར་འཆར་ཞིང་། དེའི་རྗེས་སུ་བདེ་བ་འབར་བའི་རྐྱེན་གྱིས་དབང་པོའི་སྒོ་ནས་འཇུག་པའི་ 12-14-29b རླུང་ནང་དུ་ལོག་པ་ན། དབང་ཤེས་ཀྱང་སྡུད་པས་ཐིམ་ནས་སྔར་བཞིན་བདེ་བ་རྣམས་སྐྱེའོ། །རིམ་པ་གཉིས་པའི་སྐབས་སུ་ནི་གང་ཤར་ཐམས་ཅད་བདེ་བ་ཆེན་པོའི་རྣམ་རོལ་ཏུ་འཆར་བ་ཞིག་དགོས་ཤིང་། དེ་ཡང་རྫོགས་རིམ་པའི་བདེ་ཆེན་ལྷན་སྐྱེས་ རྙེད་ཕྱིན་ཆད་ནས་ཡིན་པས། འདིར་ལུས་དབེན་གྱི་སྒོ་ནས་གང་ཤར་ཐམས་ཅད་བདེ་ཆེན་གྱི་རྣམ་རོལ་ཏུ་བལྟ་བར་གསུངས་པ་ནི་གང་ཤར་ཐམས་ཅད་བདེ་བར་འཆར་བའི་ཆེད་དུའོ། །དེ་ལ་ཐོག་མར་དངོས་པོ་ཀུན་གྱི་རང་བཞིན་རྣམས་གཏན་ལ་ཕབ་པའི་ སྒོ་ནས་ཐམས་ཅད་སྟོང་ཉིད་ཀྱི་རྣམ་འགྱུར་དུ་ཤེས་པ་དང་། དེ་ནས་བདེ་སྟོང་སྦྱོར་ཚུལ་གྱི་སྒོ་ནས་བདེ་བ་ཆེན་པོའི་རྣམ་འགྱུར་དུ་ཤེས་པ་ཞིག་དགོས་སོ། །དེ་ལྟར་བསྐྱེད་རིམ་མཐར་ཕྱིན་ནས། འོག་སྒོར་ཕྲ་མོ་བསྒོམས་ཏེ་དྲངས་པའི་ལྷན་སྐྱེས་ཀྱི་ མཉམ་གཞག་ཏུ་སྟོང་ཉིད་བསྒོམས་ནས་ལངས་པའི་རྗེས་སུ་བདེ་སྟོང་བསྒོམ་པ་དེ་རིམ་པ་ངེས་ཅན་ཡིན་ན། འཇམ་དཔལ་ཞལ་ལུང་ལས། ལམ་གྱི་སྣོད་རུང་དུ་སྒྲུབ་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་ཕྱག་རྒྱ་སྲོག་རྩོལ་དུ་སོང་བའི་མཐུས། ལྷན་ སྐྱེས་མཚན་ཉིད་པ་ཉམས་སུ་མྱོང་བ་ལ་རྫོགས་རིམ་དུ་བཞག་པ་ཇི་ལྟར་ཡིན་ཞེ་ན། བསྐྱེད་རིམ་མཐར་མ་ཕྱིན་པའི་གང་ཟག་ཁྱད་པར་ཅན་འགའ་ཞིག་ལ། དབང་དང་བསྐྱེད་རིམ་གྱི་དུས་སུ་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱུང་བའི་དབང་གིས་ ལྷན་སྐྱེས་ཉམས་སུ་མྱོང་བ་ཞིག་སྲིད་ཀྱང་། བསྐྱེད་རྫོགས་ཀྱི་ལམ་ངོ་བོ་ཡོངས་སུ་རྫོགས་པ་དང་། ཁྱད་པར་དུ་རིམ་པ་ལྔ་གྲུབ་ཆེན་གྱིས་ཇི་ལྟར་བཤད་པ་བཞིན་མཚན་ཉིད་ཚང་བ་སྐྱེ་བ་ལ་གོང་དུ་བཤད་པའི་གོ་རིམས་དེ་མེད་ན་མི་འབྱུང་བའི་གོ་ 12-14-30a རིམས་ཡིན་ཏེ། ལམ་འདིའི་གདུལ་བྱའི་གཙོ་བོ་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་ཀྱང་རིམ་པ་དེ་ལྟར་བསླབ་དགོས་ནི། དེ་མན་ཆད་ཀྱི་གདུལ་བྱ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ཡང་ཕྱག་ན་རྡོ་རྗེའི་དབང་བསྐུར་བའི་ རྒྱུད་ལས། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ཞུགས་པ་དང་གང་གི་ཚེ་དེ་དག་གིས་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོའི་སྤྱོད་པའི་བྱང་ཆུབ་སེམས་ དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱ། ཞེས་པ་དང་། བླ་མ་ལྔ་བཅུ་པ་ལས་ཀྱང་། བསམ་པ་ཐག་པའི་སློབ་མ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། །བླ་མའི་རྗེས་སུ་ འཇུག་པ་ནི། །ཁ་ཏོན་བྱ་བ་སྦྱིན་པར་བྱ། །དེ་ནས་སྔགས་སོགས་སྦྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། ཞེས་གསུངས་པ་དང་། སྤྱོད་བསྡུས་ལས་ཀྱང་། དེ་ཡི་རིམ་པའང་འདི་ཡིན་ཏེ། ཐོག་མ་ཉིད་དུ་སངས་རྒྱས་ཀྱི་ཐེག་པའི་བསླབ་པ་ ལ་སློབ་བོ། །གང་གིས་སངས་རྒྱས་ཀྱི་ཐེག་པའི་བསླབ་པ་ལ་ལོབས་པའི་ཚེ། ཐེག་པ་གསར་པ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་བོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་མིན་ན། རྗེ་ཞལ་སྔ་ནས་ཚེ་འདིར་ལམ་ལ་གཏན་ནས་མ་ སྦྱངས་པའི་ཡུལ་རྟེན་ཁྱད་པར་ཅན་གཉིས་སྙོམས་པར་ཞུགས་པ་ལ་བརྟེན་ནས་སྐྱེས་པའི་དྷཱུ་ཏཱིའི་མར་སྣ་དང་། བུད་མེད་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཉིས་འཕྲད་པའི་ཚེ། རྩ་གཉིས་སད་ནས་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཏེ། བདེ་བ་ 12-14-30b ཕུལ་ཆེན་ཡུལ་རྟེན་གཉིས་ཀས་ཡུན་རིང་དུ་ཉམས་སུ་མྱོང་བ་གཞི་དུས་སུ་འོང་སྲིད་གསུང་བས། དེ་འདྲས་འཁྲུལ་གཞི་བྱས་ནས་ལམ་ལ་མ་སྦྱངས་པར་གྲོལ་བ་ཞིག་ཁས་ལེན་དགོས་པས་ཧ་ཅང་ཐལ་ལོ། །བསྐྱེད་རིམ་མཐར་མ་ཕྱིན་པའི་ད་ལྟའི་ གང་ཟག་འགའ་ཞིག་ལ་སྔོན་གྱི་རྒྱུའི་ཁྱད་པར་གྱིས་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་འོང་བ་ཞིག་སྲིད་ཀྱང་། སྤྱིར་བསྐྱེད་རིམ་ཕྲ་རགས་མཐར་མ་ཕྱིན་པར་སྙིང་ཁའི་རྩ་འཁོར་གྱི་དབུས་སུ་དྷཱུ་ཏཱིའི་ནང་དུ་མི་ཤིགས་པའི་ཐིག་ལེ་ལ་རླུང་ ཞུགས་གནས་ཐིམ་གསུམ་འོང་བ་གཏན་མི་སྲིད་དོ། །འདི་རྣམས་ལས་དཔགས་ནས་གཞི་དང་ལམ་གྱི་རྣམ་གཞག་རྗེ་ཞལ་སྔ་ནས་ཀྱིས་དངོས་སུ་མ་གསུངས་པ་དོན་གྱིས་ཐོབ་པ་གལ་ཆེ་བ་རྣམས་ཀྱང་ཤེས་པར་གྱིས་ཤིག །དེ་ལྟར་བསྒོམས་ པས་ལུས་དབེན་མཐར་ཕྱིན་ནས་ངག་དབེན་ལ་འཇུག་པ་ན། སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་གྱི་སྲོག་རྩོལ་གསུམ་ཡུན་རིང་དུ་བསྒོམས་པས། སྙིང་ཁའི་རྩ་མདུད་གྲོལ་ཏེ་རྡོར་བཟླས་མཐར་ཕྱིན་པ་ན། སེམས་དབེན་གྱི་ངོ་བོ་ཙམ་འཐོབ་ ཀྱང་། སེམས་དབེན་རྫོགས་པར་ཐོབ་ནས་རིམ་པ་གསུམ་པའི་སྒྱུ་ལུས་འགྲུབ་པ་ལ་ནི། ད་དུང་ཕྱི་ནང་གི་ལུས་ལ་གནད་དུ་བསྣུན་པའི་ཐབས། ལན་མང་དུ་བྱ་དགོས་སོ། །དེ་ཡང་སྙིང་ཁའི་རྩ་མདུད་ཀྱི་དབུས་དྷཱུ་ཏཱིའི་ནང་དུ་རླུང་སྡུད་པའི་ ཐབས་བཤད་པ་གཙོ་བོ་ཡིན་ཏེ། སྟོང་པ་བཞིའི་འཆི་རིམ་དང་མཐུན་པར་དྲངས་པའི་འོད་གསལ་གྱི་རླུང་སེམས་ལས་ལུགས་ཟློག་གི་ཉེར་ཐོབ་གྲུབ་པའི་དུས་རིམ་པ་གསུམ་པའི་སྒྱུ་ལུས་དངོས་འགྲུབ་པའི་ཕྱིར་རོ། །སྔར་གནས་གཞན་ 12-14-31a དུ་རླུང་འདུ་བའི་ཐབས་བྱས་པ་དང་། དྷཱུ་ཏཱིའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་བྱུང་བ་ཐམས་ཅད་སྙིང་ཁའི་མི་ཤིགས་པ་ལ་ཞུགས་གནས་ཐིམ་གསུམ་འཆི་རིམ་དང་མཐུན་པར་འབྱུང་བའི་ཡན་ལག་ཡིན་པས། སྙིང་ ཁའི་རྩ་མདུད་གྲོལ་ནས་མི་ཤིགས་པའི་ཐིག་ལེ་ལ་ཞུགས་གནས་ཐིམ་གསུམ་བྱེད་པའི་ཐབས་ལ་འབད་དོ། །དེ་ལ་ནང་གི་ཐབས་མི་ཤིགས་པ་ལ་རྡོར་བཟླས་བྱེད་པ་དང་། སྒྲོན་གསལ་ལས་རླུང་སྡུད་པར་བཤད་པ་ནི། སྐབས་འདི་ནས་རིལ་འཛིན་ དང་རྗེས་གཞིག་གི་བསམ་གཏན་གྱིས་ལུས་ཀྱི་སྟོད་སྨད་ནས་རླུང་བྱང་སེམས་དང་བཅས་པ་མི་ཤིགས་པ་ལ་བསྡུས་ནས་ཐིམ་པའི་ལུགས་འབྱུང་གི་སྟོང་པ་སྙིང་ཁར་དྲངས་ཏེ་འོད་གསལ་གྱི་སྟོང་ཉིད་ཡུན་རིང་དུ་བསྒོམས་ནས། འོད་གསལ་བཞོན་པའི་ རླུང་དང་བཅས་པ་ལས་ལུགས་ཟློག་གི་ཉེར་ཐོབ་གྲུབ་པའི་དུས་སུ་རིམ་པ་གསུམ་པའི་སྒྱུ་མའི་སྐུར་ལྡང་བ་ཡིད་ངོར་ལན་མང་དུ་བྱའོ། །སྐབས་འདི་ནས་ཁམས་མ་སྙོམས་པའི་རྐྱེན་མེད་ན་རླུང་འདུ་བའི་ཐབས་བྱས་རེས་ཀྱིས་སྟོང་པ་བཞི་འདྲེན་པ་དང་ཡིད་ངོར་ ལྷ་སྐུར་ལྡང་བ་ངེས་ཅན་འོང་ངོ་། །འོན་ཀྱང་ད་དུང་ནང་གི་ཐབས་ཀྱི་སྙིང་ཁའི་དབུས་སུ་སྟོང་པ་བཞི་དྲངས་པའི་འོད་གསལ་གྱི་ཆོས་ཉིས་བསྒོམས་པའི་སྟོབས་ཀྱིས་ནང་གི་ཁྱབ་བྱེད་ཀྱི་རླུང་རགས་རིམ་ནས་སྙིང་ཁར་བསྡུས་ནས་མི་ཤིགས་པས་ཐིམ་པའི་སྟོང་ པ་བཞི་པས་ཡང་ཆོས་ཉིད་བསྒོམ་པ་ཕལ་ཆེར་འཁོར་མར་འོང་བའི་མཚམས་ནས། སྤྱོད་པ་གསུམ་གང་རུང་བྱེད་པ་དང་། ནང་གི་ཐབས་རྣམས་ལ་བརྟེན་ནས་ཁྱབ་བྱེད་ཀྱི་རླུང་སྔར་འདུ་མ་ཐུབ་པ་རྣམས་རགས་རིམ་བསྡུས་ཏེ་མི་ཤིགས་པ་ལ་ཐིམ་ 12-14-31b པའི་སྟོང་པ་བཞི་པས་ཆོས་ཉིད་བསྒོམ་རེས་ཀྱིས་ཁྱབ་བྱེད་ཀྱི་རླུང་ལྷག་མ་སྡུད་ནུས་པ་ངེས་ཅན་དུ་འོང་བའི་མཚམས་ནས་ཆོས་ཉིད་ཀྱིས་ཕྱག་རྒྱའི་བྱ་བ་བྱེད་ནུས་པ་མཐུ་ཅན་དུ་སོང་བ་ཡིན། གོང་གི་རིམ་པ་དས་ཁྱབ་བྱེད་ཀྱི་རླུང་ལྷག་མ་མ་ལུས་པར་བསྡུས་ ནས་མི་ཤིགས་པ་ལ་ཐིམ་པས་རྟགས་བཞིའི་རིམ་པ་ངེས་ཅན་དུ་ཤར་ནས་སྤྲིན་མེད་པའི་སྟོན་ཀའི་ནམ་མཁའ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བའི་ཡེ་ཤེས་སྐྱེ། སྣང་བ་བཞོན་པའི་རླུང་དང་བཅས་པ་ཐིམ་པ་ལས་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་མཆེད་པའི་ཡེ་ ཤེས་སྐྱེ། མཆེད་པ་བཞོན་པའི་རླུང་དང་བཅས་པ་ཐིམ་པ་ལས་སྲོད་ཀྱི་དུས་ཀྱི་སྨག་མཐུག་པོས་ཁྱབ་པ་ལྟ་བུའི་ཉེར་ཐོབ་ཀྱི་ཡེ་ཤེས་སྐྱེ། ཉེར་ཐོབ་བཞོན་པའི་རླུང་དང་བཅས་པ་ཐིམ་པ་ལས། ཐོ་རངས་ཀྱི་ནམ་མཁའ་སྤྲིན་མེད་ལྟ་བུའི་ཐམས་ཅད་སྟོང་པ་འོད་ གསལ་སྐྱེ། དེས་སྟོང་ཉིད་ཡུན་རིང་དུ་བསྒོམས་པ་ལས། བདེ་སྟོང་གི་བཞོན་པའི་སྲོག་འཛིན་དང་བཅས་པ་ལས། ལུགས་ཟློག་གི་ཉེར་ཐོབ་གྲུབ་པའི་དུས་སུ་རིམ་པ་གསུམ་པའི་སྒྱུ་ལུས་འགྲུབ་པར་འགྱུར་རོ། །རྡོར་བཟླས་མཐར་ཕྱིན་པའི་མཚམས་ནས་ལས་ ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་དུས་སུ་ཡབ་ཡུམ་གྱི་གསང་བའི་སྣ་རྩེ་གཉིས་སུ་དྷཱུ་ཏཱིའི་ནང་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཉིས་སོག་སྦུབས་གཅིག་གི་ནང་དུ་གཅིག་བཅུག་པ་ལྟར་དུ་བར་མཚམས་མེད་པར་བསྒོམས། འདི་ཡེ་ཤེས་ཀྱི་ཕྱག་རྒྱ་ དང་སྙོམས་པར་ཞུགས་པ་ལ་ཡང་ཤེས་པར་བྱའོ། །དེ་ལྟར་བྱས་པས་རྩ་གཉིས་སད་ནས་དང་པོར་ཡུམ་གྱི་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་པ་ལས་ཡུམ་ལ་བདེ་བ་ཆེན་པོ་སྐྱེ། དེ་ནས་ཡབ་ཀྱི་དྷཱུ་ཏཱིར་ཞུགས་པའི་སྟེང་དུ་ཡུམ་གྱི་དྷཱུ་ཏཱིའི་ནང་ནས་རླུང་དང་བྱང་ 12-14-32a སེམས་ཡབ་ཀྱི་དྷཱུ་ཏཱིའི་ནང་དུ་ཞུགས་པས་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་པ་ལས་ཀྱང་ལྷག་པའི་བདེ་ཆེན་ཡབ་ལ་སྐྱེ། དེ་ཡང་སྙིང་ཁའི་དྷཱུ་ཏཱིའི་ནང་དུ་སྐྱེས་པ་ཞིག་དགོས་སོ། །ཚུལ་འདི་ལས་རྒྱ་ལ་བརྟེན་ན་དངོས་སུ་འབྱུང་ལ། ཡེ་ཤེས་ ཀྱི་ཕྱག་རྒྱ་ལ་སེམས་བརྟེན་བསྒོམས་པའི་སྟོབས་ཀྱིས་བྱེད་ལས་ཇི་ལྟ་བ་བཞིན་དུ་མཚུངས་པ་འབྱུང་། ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བ་དང་། བོགས་འདོན་དུ་འགྲོ་བ་ཡང་ཚུལ་འདིས་ཤེས་སོ། །འདི་ལུས་དབེན་ནས་བཟུང་སྟེ་སློབ་པའི་ཟུང་འཇུག་ཐོབ་ནས་ སྤྱོད་པ་བྱེད་པའི་བར་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་དུས་ཐམས་ཅད་དུ་ཤེས་པར་བྱའོ། །བསྲེ་བའི་ཞལ་གྱི་གདམས་པ་ཅུང་ཟད་བརྗོད་ན། སྤྱོད་བསྡུས་ལས། རྨི་ལམ་ལ་བརྟེན་ནས་མཚོན་བྱེད་དཔེའི་སྒྱུ་མ། སྒྱུ་ལུས་ཀྱི་སྐབས་སུ་གསུངས་པའི་ དབང་དུ་བྱས་ནས། རྨི་ལམ་གྱི་གདམས་པ་རྣམས་སྒྱུ་ལུས་ཀྱི་སྐབས་སུ་འབྲེལ་ནས་གཉིད་ཀྱི་སྟོང་པ་བཞི་འཛིན་པའི་གདམས་པ་ཡང་སྐབས་འདིར་འབྲེལ་ལོ། །དོན་གྱི་དབང་དུ་བྱས་ནས་སད་དུས་སུ་སྟོང་པ་བཞི་མ་མཐའ་འདྲེན་ནུས་པའི་མཚམས་ ནས། རྨི་ལམ་གྱི་གདམས་པ་རྣམས་གཉིད་ཀྱི་སྟོང་པ་ལ་འཇུག་ཅིང་། དེའི་དུས་སུ་རྨི་ལམ་གྱི་སྟོང་པ་རྣམས་བསྒོམས་པས། ལུས་དབེན་དང་ངག་དབེན་དང་སེམས་དབེན་གྱི་སྐབས་སུ་ཡང་འབྱུང་ངོ་། །འཆི་བ་དང་བར་དོ་དངོས་བསྲེ་བ་ནི་དེ་དག་གི་ སྐབས་སུ་ཡིན་ལ། དེ་གཉིས་དང་མཐུན་པར་བསྐྱེད་པ་ལ་དེ་གཉིས་བསྲེ་བའི་ཐ་སྙད་བྱད་པས་དེ་ནི་སད་དུས་དང་གཉིད་དུས་ཅི་རིགས་སུ་འབྱུང་ངོ་། །དེ་ལྟར་བསྲེ་བའི་སྐོར་རྣམས་གང་ལས་གསུངས་ན། བཤད་རྒྱུད་དགོངས་པ་ལུང་སྟོན་དང་འཕགས་ 12-14-32b པ་ལྷའི་སྤྱོད་བསྡུས་ལས་གསུངས། གང་ཟག་གི་དབང་དུ་བྱས་ནས་གསུངས་ན། ཚེ་འདིར་འཚང་རྒྱ་བའི་གང་ཟག་གི་དབང་དུ་བྱས་ནས་གསུངས། དེའི་ཤུགས་ལ་བར་དོར་འཚང་རྒྱ་བ་དང་། སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གཉིས་ལའང་ཤེས་པར་བྱའོ། །བསྲེ་བ་ དངོས་ནི་སད་དུས་སུ་རླུང་སྟོབས་ཀྱིས་སྟོང་པ་བཞི་འདྲེན་ནུས་པའི་མཚན་ནས་འཕེན་པས་བསྲེ་བར་སྤྱད་བསྡུས་ལས་གསུངས་སོ། །སྙིང་ཁའི་མི་ཤིགས་པའི་ཐིག་ལེ་ལ་རྡོར་བཟླས་བྱས་ཏེ་བསྲེ་བར་དགོངས་པ་ལུང་སྟོན་ལས་གསུངས་སོ། །སྙིང་ཁར་ བསྲེ་བ་ཡང་དེའི་རིགས་པས་ཤེས་སོ། །ལག་ཏུ་ལེན་པའི་ཚུལ་ནི། གཉིད་དུ་འགྲོ་བའི་སྔོན་དུ་སྨིག་རྒྱུ་སོགས་རྟགས་བཞི་རིམ་བཞིན་དུ་ཤར་བའི་རྗེས་སུ་སྣང་བ་ལ་སོགས་པའི་སྟོང་པ་བཞི་རིམ་པ་བཞིན་དུ་ཤར་བ་ངོ་ཤེས་པར་བྱས་ཏེ། ཐམས་ཅད་སྟོང་ པ་འོད་གསལ་གྱི་དུས་སུ་འོད་གསལ་གྱི་སྟོང་ཉིད་ཡུན་རིང་དུ་བསྒོམས་ལ། དེའི་བཞོན་པའི་རླུང་དང་བཅས་པ་ལས་ལུགས་ཟློག་གི་ཉེར་ཐོབ་གྲུབ་པའི་དུས་སུ། རང་ཉིད་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས་སྙིང་ཁའི་ མི་ཤིགས་པའི་ཐིག་ལེ་ལ་རྡོར་བཟླས་བྱེད་བཞིན་པའི་ངང་ནས་གཉིད་ལོག་ནས། འཕེན་པ་དང་མཐུན་པར་རིམ་པ་དེ་དག་འབྱུང་བར་འགྱུར་རོ། །དང་པོ་ལན་འགའ་ཡང་མ་བྱུང་ཡང་མྱུར་དུ་ངེས་པར་འོང་ངོ་། རྡོར་བཟླས་ཀྱིས་མཚོན་ནས་སྙིང་ཁའི་མི་ཤིགས་ པ་ལ་རླུང་སྡུད་པའི་ཐབས་གཞན་ཐམས་ཅད་ཀྱིས་ཀྱང་དེ་ལྟར་ནུས་སོ། །གོམས་པ་མཐུ་ཅན་དུ་སོང་ནས། ཁམས་མི་སྙོམས་པ་ལ་སོགས་པའི་རྐྱེན་མ་བྱུང་ན་ལམ་གྱི་འོད་གསལ་འཆི་བའི་འོད་གསལ་དང་བསྲེ་ནུས་པའི་ཚད་ནི་ཞག་མང་རབས་ཀྱི་བར་ 12-14-33a དུ་གཉིད་ཆག་པའམ། བཅག་ནས་གཉིད་ཤིན་ཏུ་བྲོ་བའི་དུས་སུ་འཕེན་པ་དང་རྡོར་བཟླས་སོགས་གོང་ལྟར་བྱས་ཏེ། གཉིད་ལོག་ནས་རིམ་པ་སྔ་མ་རྣམས་ཇི་ལྟ་བ་བཞིན་དུ་འོང་མི་འོང་ལན་མང་རབས་ཀྱི་བར་དུ་ཚད་ངེས་ཅན་ དུ་འོང་བ་སྣང་ན། སད་དུས་ཀྱི་སྟོང་པ་བཞི་དང་གཉིད་དུས་ཀྱི་སྟོང་པ་བཞི་གོམས་པ་སྟོབས་ཀྱིས་འཆི་དུས་ཀྱི་ས་ཆུ་ལ་ཐིམ་པ་ནས་བཟུང་སྟེ། འཆི་བ་འོད་གསལ་གྱི་བར་ཇི་ལྟ་བ་བཞིན་ངེས་ནས་འཆི་བའི་འོད་གསལ་ལམ་གྱི་འོད་གསལ་གྱི་ངོ་བོར་ བསྐྱེད་ནས། དེས་སྟོང་པ་ཉིད་བསྒོམ་པ་ལེགས་པར་འོང་། གཉིད་ཀྱི་འོད་གསལ་ལས་རྡོ་རྗེ་འཆང་གི་སྐུར་ཡིད་ངོར་ལངས་པའི་རྨི་ལམ་གྱི་དུས་སུ་འཕེན་པ་དང་། རྡོར་བཟླས་སོགས་ཀྱིས་ཐབས་སྔ་མ་བཞིན་བྱས་ན་ཡང་གཉིད་དུ་སོང་ནས་སྨིག་རྒྱུ་ ནས་གཉིད་ཀྱི་འོད་གསལ་གྱི་བར་སྔ་མ་བཞིན་དུ་འཆར་ལ། ཡང་རྨི་ལམ་དུ་འགྲོ་བར་རྩོམ་པ་ན། རྡོ་རྗེ་འཆང་གི་སྐུར་ལངས་ནས་སྟོང་པ་བཞི་འདྲེན་པའི་ཐབས་བྱའོ། །དེ་ལྟར་མ་ནུས་པའི་རྨི་ལམ་ལས་ལྡང་དགོས་པ་བྱུང་ན། རང་ཉིད་སྤྲུལ་སྐུ་རྡོ་རྗེ་འཆང་ ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ། །བར་དོ་དང་བསྲེ་ནུས་པའི་ཚད་ནི། ཐབས་སྔ་མ་རྣམས་ལ་བརྟེན་ནས་གཉིད་ཀྱི་འོད་གསལ་ལས་རྡོ་རྗེ་འཆང་གི་སྐུར་ལྡང་ནུས་མི་ནུས་བརྟགས་པ་སྔ་མ་བཞིན་དུ་བྱས་པའི་ཚེ། རྡོ་རྗེ་འཆང་གི་སྐུར་ཡིད་ངོར་ངེས་ཅན་ དུ་ལྡང་ནུས་ན། སད་དུས་དང་གཉིད་དུས་ཀྱི་སྟོང་པ་བཞི་གོམས་པའི་མཐུས་འཆི་བའི་འོད་གསལ་གྱི་རླུང་སེམས་ལས་ལུགས་ཟློག་གི་ཉེར་ཐོབ་གྲུབ་པའི་དུས་སུ། བར་དོའི་ལུས་ཡིད་ངོར་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ངེས་པར་ལྡང་ནུས་སོ། ། 12-14-33b འདིས་འཆི་བའི་སྔོན་ལ་འཕེན་པ་དང་། རྡོར་བཟླས་སོགས་ཀྱི་ཐབས་བྱས་པའི་མཐུས། འཆི་བའི་འོད་གསལ་ལས་རྡོ་རྗེ་འཆང་གི་སྐུར་ལངས་པའི་གནད་ཀྱིས་བར་དོའི་ལུས་རྡོ་རྗེ་འཆང་གི་སྐུར་ལངས་པའི་སྙིང་ཁར་སྔ་མ་བཞིན་དུ་རྡོར་བཟླས་སོགས་ཀྱི་ ཐབས་བྱས་པས་སྔར་བཞིན་སྟོང་པ་བཞི་དྲངས་པའི་མཐར་རྡོ་རྗེ་འཆང་གི་སྐུར་ལྡང་བ་ལན་མང་དུ་བྱེད་པ་ནི་བར་དོའི་དགེ་སྦྱོར་གྱི་གཙོ་བོ་ཡིན་ནོ། །དེ་ནས་འཕོ་བའི་རྣལ་འབྱོར་བྱས་ནས་སྐྱེ་གནས་འདམས་ཏེ་རིག་པ་འཛིན་པའི་རྟེན་ཁྱད་པར་ཅན་དུ་སྐྱེས་ ནས། རིག་འཛིན་གཙོ་བོར་གྱུར་ཏེ། སྐྱེ་བ་གཞན་མི་ལེན་པར་རིམ་གྱིས་ཚེ་དེ་ལ་ཕྱག་རྒྱ་ཆེན་པོ་ཐོབ་པ་ནི་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་གཙོ་བོ་ཡིན་ནོ། །རིམ་པ་འདི་རྣམས་ད་ལྟར་གྱི་གང་ཟག་རླུང་སྟོབས་ཀྱིས་སྟོང་པ་བཞི་འདྲེན་ནུས་པ་རྣམས་ཀྱིས་ ཀྱང་འབད་ནས། སྒྲུབ་པ་པོས་རྨི་ལམ་གྱི་སྙིང་ཁར་རླུང་སྡུད་པའི་ཐབས་བྱས་ནས་སྟོང་པ་བཞི་འཁོར་མར་དྲངས་པའི་མཐར། འོད་གསལ་ལས་རྡོ་རྗེ་འཆང་གི་སྐུར་ལྡང་བ་འཁོར་མར་འོང་བ་ནི། རྨི་ལམ་གྱི་དགེ་སྦྱོར་གྱི་གནད་མཐར་ཐུག་པ་ཡིན་ ཞིང་། སད་དུས་ཀྱི་སྟོང་པ་བཞི་ཡང་མཐུ་ཅན་དུ་འགྲོ་བ་ལ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའི་དུས་སུ་བཟའ་བ་དང་འཆག་པ་མ་གཏོགས་པ་གཉིད་འབའ་ཞིག་ལོག་པར་བཤད་པས་ཀྱང་འདི་རྣམས་ལ་ངེས་པ་ཆེན་པོ་རྙེད་པར་འགྱུར་རོ། །གཉིད་ཀྱི་སྟོང་ པ་བཞི་འདྲེན་པའི་ཐབས་སྔར་བཤད་པ་འདི་རྣམས་རྨི་ལམ་གྱི་དུས་ཀྱི་སྟོང་པ་བཞི་དང་འཆི་བའི་དུས་ཀྱི་སྟོང་པ་བཞི་དང་། བར་དོའི་དུས་ཀྱི་སྟོང་པ་བཞི་འདྲེན་པའི་སྐབས་རྣམས་སུ་འཕེན་པ་རྡོར་བཟླས་ཀྱི་ཐབས་རྣམས་ཁ་སྦོ་བ་ལེགས་པར་ཤེས་ 12-14-34a པར་བྱའོ། །ད་ནི་རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་ལུགས་ཁྱད་པར་ཅན་ཞིག་སྣང་བ་དེ་བླ་མས་བསྟན་པར་བྱ་སྟེ། དེ་ནི་རྨི་ལམ་གྱི་ཡང་གདམས་ངག་གི་ཡང་སྙིང་ཡིན་ལ། ཁྱད་པར་དུ་རྨི་ལམ་ལ་བརྟེན་ནས་བར་དོའི་ སྒྱུ་མ་ཟིན་པའི་ཐབས་བླ་ན་མེད་པ་ཡང་ཡིན་ནོ། །རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་པ་ལ་གང་ནས་ལྡང་བ་གནས་ཀྱི་ཁྱད་པར། གང་ལས་ལྡང་བ་རྒྱུའི་ཁྱད་པར། ནམ་གྱི་ཚེ་ལྡང་བ་དུས་ཀྱི་ཁྱད་པར། གང་གི་ངོར་ལྡང་བ་འབྲས་བུའི་ཁྱད་ པར་དང་བཞི་ལས། གནས་ཀྱི་ཁྱད་པར་ནི། སྙིང་ཁའི་རྩ་མདུད་ཀྱི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་ཐིག་ལེ་དཀར་དམར་གའུ་ཁ་སྦྱོར་གྱི་ཚུལ་དུ་ཡོད་པ་ལས་ལྡང་ངོ་། །རྒྱུའི་ཁྱད་པར་ནི་ཐིག་ལེ་དེའི་ནང་ན་གཞིའི་འོད་གསལ་སྲོག་འཛིན་ཤིན་ཏུ་ཕྲ་བ་ དང་། ཡིད་ཀྱི་ཤེས་པ་ཤིན་ཏུ་ཕྲ་བ་གཉིས་ངོ་བོ་དབྱེར་མེད་པ་ལམ་གྱི་འོད་གསལ་གྱི་ངོ་བོར་སྐྱེས་ནས་ལྡང་ངོ་། །དུས་ཀྱི་ཁྱད་པར་ནི་སྟོང་པ་སྔ་མ་རྣམས་རིམ་པ་བཞིན་དུ་ཐིམ་ནས་ཐམས་ཅད་སྟོང་པ་འོད་གསལ་གྱི་ཡེ་ཤེས་སྐྱེས་པའི་ ལུགས་འབྱུང་གི་འོད་གསལ་གྱི་རླུང་སེམས་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པའི་དུས་སུ་ལྡང་ངོ་། །གང་གི་ངོར་ལྡང་བ་འབྲས་བུའི་ཁྱད་པར་ནི། རིམ་པ་གསུམ་པའི་སྒྱུ་ལུས་མ་གྲུབ་ཚུན་ཆད་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ཡིད་ ངོར་ལྡང་བར་བྱའོ། །སད་དུས་དང་། གཉིད་དུས་དང་། རྨི་ལམ་གྱི་དུས་སྟོང་པ་བཞི་དྲངས་པའི་སྒྱུ་ལུས་མན་ཆད་དུ་ལྡང་ལུགས་ཁྱད་པར་ཅན་བཞི་དང་ལྡན་པ་འདི་དགོས་པ་ཡིན་ཏེ། གཞི་ལ་འཆི་བའི་སྟོང་པ་བཞིའི་མཐར་བར་དོ་འགྲུབ་པ་དང་། སེམས་ 12-14-34b དབེན་གྱི་ཐམས་ཅད་སྟོང་པ་འོད་གསལ་ལས་རིམ་པ་གསུམ་པའི་སྒྱུ་མའི་སྐུ་འགྲུབ་པ་དང་། དོན་གྱི་འོད་གསལ་ལས་རིམ་པ་ལྔ་པའི་སྒྱུ་མའི་སྐུ་འགྲུབ་པ་རྣམས་ལ་ཡིད་ངོར་མ་གཏོགས་ལྡང་ལུགས་ཁྱད་པར་ཅན་བཞི་ལྡན་དུ་དགོས་པའི་ཕྱིར་རོ། །འོན་ ཀྱང་གཞི་ལ་འཆི་བའི་འོད་གསལ་ལམ་གྱི་འོད་གསལ་གྱི་ངོ་བོར་སྐྱེས་པ་ཡང་མེད་དོ། །དེ་དག་གི་གཙོ་བོ་རླུང་སྟོབས་ཀྱིས་སྟོང་པ་བཞི་འདྲེན་ནུས་པ་ཡན་ཆད་ཀྱི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །ཞར་ལ་ད་ལྟའི་གང་ཟག་གི་རྨི་ལམ་འདུན་པས་འཛིན་ པ་རྣམས་ཀྱིས་བྱ་བའི་རིམ་པ་ནི། སྤྱིར་ལམ་ཐུན་མོང་བ་དང་ཐུན་མོང་མིན་པའི་རྣམ་གཞག །ཁྱད་པར་སྔགས་བླ་མེད་ཀྱི་བསྐྱེད་རྫོགས་ཀྱི་གོ་ཡུལ་དང་། རིམ་པ་ལྔ་པའི་གོ་རིམས་དང་། འདི་ནས་བཤད་པའི་བསྲེ་བའི་གོ་ཡུལ་ལག་ཏུ་ལེན་པའི་རིམ་པ་དེ། ལུས་དབེན་ནས་བཟུང་སྟེ་མི་སློབ་པའི་ཟུང་འཇུག་མ་ཐོབ་ཀྱི་བར་དུ་གཞི་སོ་སོ་ལ་ཁ་སྦོ་ཚུལ་ལེགས་པར་དམིགས་ཕྱེད་པར་བྱས་ཏེ། ཤར་བསྒོམས་ཡན་ཆད་ཀྱིས་ཐུན་བཞིར་འབད་པས་བསྐྱང་བར་བྱའོ། །རྨི་ལམ་འདུན་པས་ངེས་ཅན་ཟིན་པ་ཡིན་ན། སད་ དུས་ཀྱི་སྟོང་པ་བཞི་འདྲེན་མི་ནུས་པས་ཀྱང་རྨི་ལམ་ཟིན་མ་ཐག་གོང་དུ་བཤད་པའི་འཕེན་པ་རྣམས་བཏང་ནས། རྡོར་བཟླས་སོགས་ཀྱིས་སྙིང་ཁའི་མི་ཤིགས་པའི་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་ལན་མང་དུ་བྱས་ན། དང་པོའི་དུས་སུ་རླུང་ཞུགས་ གནས་ཐིམ་གསུམ་བྱུང་བའི་སྟོང་པ་བཞི་འདྲེན་མི་ནུས་ཀྱང་མྱུར་དུ་སྟོང་པ་བཞི་འདྲེན་ནུས་པ་ཞིག་འོང་བ་ཡིན་ཏེ། རྨི་ལམ་གྱི་དུས་སུ་རླུང་རགས་པ་འགའ་ཞིག་འདུས་ཡོད་པའི་སྟོབས་ཀྱིས་རྡོར་བཟླས་སོགས་ཀྱིས་སྡུད་པ་སད་དུས་ལས་ཆེས་སླའོ། ། 12-14-35a དེ་ལྟར་རྨི་ལམ་གྱི་དུས་སུ་རྡོར་བཟླས་སོགས་ཀྱི་ཐབས་ལ་བརྟེན་ནས་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱུང་བས་དྲངས་པའི་སྟོང་པ་བཞི་ལན་འགའ་ཉམས་སུ་མྱོང་ན། །སད་དུས་སུ་རྡོར་བཟླས་ཀྱི་ཐབས་ལ་བརྟེན་ནས་ དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱུང་བའི་སྟོང་པ་བཞི་མྱུར་དུ་འདྲེན་ནུས་ཏེ། འདི་ད་ལྟར་གང་ཟག་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་འབད་ནས་ཉམས་སུ་བླངས་ན་དལ་བ་དོན་ལྡན་དུ་བྱར་ཡོད་དོ། །དེ་ལྟར་ཡང་མི་ནུས་པའི་གང་ཟག་རྣམས་ ཀྱིས་རྫོགས་རིམ་གྱི་ལམ་གྱི་རྣམ་གཞག་རྣམས་དམིགས་ཕྱེད་པའི་སྟེང་དུ་གོང་དུ་བཤད་པའི་བསྲེ་བའི་སྐོར་རྣམས་ཞིབ་ཏུ་ངེས་པར་བྱས་ནས་ཐོག་མར་འདིར་ལམ་རྣམས་རྒྱུད་ལ་སྐྱེ་བའི་ཕྱིར་དུ་བླ་མ་དང་ཡི་དམ་དབྱེར་མེད་དུ་བྱས་ནས་གསོལ་ བ་དྲག་ཏུ་འདེབས། སྒོ་གསུམ་གྱི་དགེ་བ་གང་བྱེད་ཐམས་ཅད་འདི་རྣམས་རྒྱུད་ལ་སྐྱེ་བའི་ཕྱིར་དུ་བྱེད། ལམ་གྱི་ངོ་བོ་དང་ཡན་ལག་བསྲེ་བའི་སྐོར་རྣམས་ཤར་བསྒོམ་གྱིས་ཐུན་བཞིར་འབད་ནས་ཉམས་སུ་ལེན། རྡོར་བཟླས་སོགས་ལ་འབད་ནས་ དེ་ལྟར་བྱས་ན། སྒྲུབ་པ་པོ་བསགས་ཁྱད་ཆེ་བ་འགའ་ཞིག་ལ་འཆི་བ་འོད་གསལ་དང་བསྲེ་ནུས་པ་དང་། བར་དོ་སྒྱུ་ལུས་དང་བསྲེ་ནུས་པ་ཕལ་ཆེར་འོང་བས་ཚུལ་དེ་རྣམས་ལ་འབད་པར་བྱའོ། །ད་ནི་ད་ལྟར་གྱི་གང་ཟག་རྣམས་ཀྱིས་ལམ་ཐུན་ མོང་བ་དང་ཁྱད་པར་དུ་གསང་སྔགས་བླ་མེད་ཀྱི་ལམ་གྱི་གོ་ཡུལ་དང་། ཉམས་མྱོང་གི་རིགས་ཀྱི་ནུས་པ་འཇོག་ཚུལ་ཙམ་ཞིག་བརྗོད་པར་བྱའོ། །དེ་ལ་དང་པོ་མདོ་སྔགས་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་ལམ་གྱི་ངོ་བོ། །གོ་རིམས། གྲངས་ངེས། 12-14-35b བྱེད་ལས། སོ་སོའི་མྱོང་བ་འདོན་ཚུལ། ཕུན་སུམ་ཚོགས་པའི་ཡན་ལག་དང་། མེད་མི་རུང་གི་ཡན་ལག་གཉིས་ལས། བློས་ལྕོགས་ན་ཕུན་སུམ་ཚོགས་པའི་ཡན་ལག་རྣམས་ཀྱང་མཐའ་དག་པར་ཁོང་དུ་ཆུད་པར་བྱ། མ་ལྕོགས་ན་མེད་མི་རུང་གི་ཡན་ ལག་ཐུན་མོང་བ་བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ཡུན་རིང་དུ་འཁྱམས་པས་ཡིད་སྐྱོ་བ་དང་། ད་དུང་གཏིང་མཐའ་མ་མཐོང་བས་ཤིན་ཏུ་འཇིགས་པའི་ངེས་ འབྱུང་གི་བློ་སྐྱེད་པ་དང་། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་རིགས་ལམ་ནས་དྲངས་པའི་གང་ཟག་དང་་ཆོས་ཀྱི་བདག་མེད་པའི་ལྟ་བུ་ཕུ་ཐག་ཆོད་པ་བཙལ་ནས་མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་དང་རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་ཉིད་སྐྱོང་བ་དང་། རང་ གཞན་སྡུག་བསྔལ་དང་བྲལ་བ་དང་བདེ་བ་དང་ལྡན་པའི་ཕྱིར་དུ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཆོ་གས་བཟུང་ནས་བསླབ་བྱ་རྣམས་ལ་སློབ་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་འདོད་སྦྱོང་། རགས་པ་ཉམས་འོག་ཏུ་ཚུད་པ་དང་། འཇུག་སྡོམ་བཟུང་ནས་ལས་དང་པོ་པའི་སྤྱོད་པ་ལ་སློབ་བོ། །ཐུན་མོང་མིན་པ་གསང་སྔགས་ཀྱི་རྒྱུད་སྔ་དང་གཞུང་ཐུབ་ནས་བཤད་པའི་དབང་བཞི་རྣམ་པར་དག་པ་གཅིག་གིས་རང་རྒྱུད་བསྐྱེད་རྫོགས་ཀྱི་སྣོད་རུང་དུ་བསྒྲུབས། དེའི་དུས་སུ་ཁས་ བླངས་པའི་རྩ་བའི་ལྟུང་བ་སྲོག་སྡོས་བྱས་ཏེ་བསྲུངས། ཡན་ལག་གི་ལྟུང་བ་རྣམས་ཀྱིས་མ་གོས་པ་ལ་འབད། གལ་ཏེ་ལྟུང་བ་འབྱུང་བའི་རྒྱུ་བཞི་གང་རུང་གིས་ལྟུང་བ་གང་བྱུང་ཡང་། ཕྱིར་བཅོས་ཀྱི་ཆོ་གས་དག་པར་བྱས་ནས་ཕྱིན་ཆད་བསྡམས། 12-14-36a དཔལ་གསང་འདུས་པ་དང་། དཔལ་འཁོར་ལོ་བདེ་མཆོག་གཉིས་ལ་སོགས་པའི་བླ་མེད་ཀྱི་བསྐྱེད་རྫོགས་ཀྱི་གཞི་ལམ་གྱི་རྣམ་གཞག་མ་ལུས་པར་གསལ་བའི་རྗེ་རིན་པོ་ཆེའི་གསུང་རབ་ལས་བསྐྱེད་རྫོགས་ཀྱི་གོ་ ཡུལ་དམིགས་ཕྱེད་པ་བཙལ་ལ། ལམ་དེ་རྣམས་ཀྱི་མྱོང་བ་རྒྱུད་ལ་བསྐྱེད་པའི་འདུན་པ་ཤུགས་དྲག་ལ་རྒྱུན་རིང་བ་ལན་མང་དུ་སྦྱངས། ཁྱད་པར་དུ་གདམས་ངག་གི་ལུས་ཡོངས་སུ་རྫོགས་པར་འཁྲིད་པའི་རྩ་བའི་བླ་མ་དེ་ལ་རང་དང་ཆོས་ཀྱི་ འབྲེལ་པ་ཡོད་པའི་བླ་མ་ཐམས་ཅད་དང་། གཞན་བརྒྱུད་པའི་བླ་མ་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དང་ཆོས་སྐྱོང་བསྲུང་མ་མ་ལུས་པ་སྤྱན་དྲངས་ནས་བསྟིམ། རང་ལྷག་པའི་ལྷ་གང་ཡིན་པ་དང་ངོ་བོ་དབྱེར་མེད་ དུ་བྱས་ཏེ། རྣམ་པ་ལྷག་པའི་ལྷར་སྣང་ཡང་ངོ་བོ་བླ་མ་ཡིན་པར་མོས་ནས། གོང་དུ་བཤད་པའི་ལམ་ཐུན་མོང་བ་དང་། ཐུན་མོང་མིན་པའི་གོ་ཡུལ་དང་མྱོང་བ་རྣམས་ད་ནས་བཟུང་སྟེ། སངས་རྒྱས་མ་ཐོབ་ཀྱི་བར་དུ་རྒྱུན་ཆད་མེད་པར་སྐྱེ་བའི་ གསོལ་འདེབས་འདུན་པ་དྲག་པོས་ཐུན་གྱི་ཐོག་མཐར་ལན་ཉེར་གཅིག་རེའི་བར་དུ་བྱའོ། །བླ་མ་དང་ཡི་དམ་ཆོས་སྐྱོང་རྣམས་ལ་བློ་ལིང་བསྐྱུར་བའི་རེ་ལྟོས་ཆེན་པོ་བྱས་ནས། མོས་གུས་ཆན་པོ་སྤྱོད་ལམ་ཐམས་ཅད་དུ་བྱ། ལམ་ཁྱད་པར་ ཅན་རྒྱུད་ལ་སྐྱེ་བ་ལ་བརྩོན་འགྲུས་ཁྱད་པར་ཅན་དགོས་པས། གོང་དུ་བཤད་པའི་གོ་ཡུལ་དང་མྱོང་བ་རྣམས་སྐྱེ་བའི་གུས་སྦྱོར་དང་། རྟག་སྦྱོར་གྱི་བརྩོན་འགྲུས་ཕུན་སུམ་ཚོགས་པ་སྐྱེ་བའི་གསོལ་བ་དྲག་ཏུ་བཏབ་ཅིང་འདུན་པ་མང་དུ་སྦྱངས། 12-14-36b ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པའི་གྲོགས་ཀྱི་གཙོ་བོ་ཕྱག་རྒྱ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དང་། དབང་པོ་གཉིས་མཉམ་པར་སྦྱོར་བ་དང་། ལུས་ལ་གནད་དུ་བསྣུན་པའི་ཐབས་གཉིས་བརྟེན་ནས་རླུང་དྷཱུ་ཏཱིར་ཞུགས་ གནས་ཐིམ་གསུམ་བྱུང་བའི་ལྷན་སྐྱེས་ཀྱི་སྟོང་ཉིད་བསྒོམས་པ་དང་། སྔར་བཤད་པ་ལྟར་ཁྱད་པར་བཞི་ལྡན་གྱིས་ལངས་པའི་སྒྱུ་མའི་སྐུ་དང་། བདེ་སྟོང་དབྱེར་མེད་ཀྱི་གཏམ་ཐོས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་ལྡང་བ་དང་། མིག་ནས་མཆི་མ་འཛག་པ་དང་། ནང་དུ་དགའ་བ་ཡང་ཡང་སྐྱེ་ཞིང་། དེས་ལུས་ཀྱང་བདེ་བ་གཅིག་མ་བྱུང་གི་བར་དུ་སྦྱངས། རང་གིས་རྒྱུན་དུ་གསོལ་བ་འདེབས་པའི་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ཀྱིས་ཐོག་དྲངས་པའི་སངས་རྒྱས་བྱང་སེམས། ལྷན་སྐྱེས། ཞིང་སྐྱེས། སྔགས་སྐྱེས་ཀྱི་ ཕྱག་རྒྱ་རྣམས་སྤྲིན་གྱི་ཕུང་པོ་བཞིན་དུ་འདུས་ནས་གོང་དུ་བཤད་པའི་གོ་བ་དང་། མྱོང་བ་རྣམས་མྱུར་དུ་རྒྱུད་ལ་སྐྱེ་བའི་ཕྱིར་དུ་རྒྱུད་བྱིན་གྱིས་རློབ། ཕྱག་རྒྱ་གསུམ་གྱིས་བདེ་བ་ཆེན་པོ་རྒྱུན་ཆད་མེད་པར་རྒྱུད་ལ་སྐྱེ་བའི་གྲོགས་རྨི་ལམ། ཉམས་སྣང་། མངོན་སུམ་དུ་མཛད་པའི་གསོལ་བ་དྲག་ཏུ་བཏབ་ཅིང་། འདུན་པ་མང་དུ་སྦྱངས། བླ་མེད་ཀྱི་ལམ་གྱི་གཙོ་བོ་བདེ་སྟོང་་དབྱེར་མེད་དང་སྒྱུ་མའི་སྐུ་ཡིན་པས། འདི་དཔལ་དུས་ཀྱི་འཁོར་ལོ་མ་གཏོགས་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་འདི་གཉིས་ལ་ ནན་ཏན་བྱའོ། །གོང་དུ་བཤད་པ་འདི་རྣམས་བདེ་དགྱེས་ལ་སོགས་པ་བླ་མེད་ཀྱི་བསྐྱེད་རྫོགས་གསལ་བར་དངོས་སུ་སྟོན་པ་དང་། གསལ་བར་མི་སྟོན་པ་རྣམས་ལའང་དོན་གྱིས་འཐོབ་པར་ཤེས་པར་གྱིས་ཤིག །བདེ་སྟོང་སྦྱོར་བ་དུས་འཁོར་གྱི་ཡང་གཙོ་ 12-14-37a བོ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་རྫོགས་པའི་རིམ་པ་སྦྱོར་བ་ཡན་ལག་དྲུག་ལས། རིམ་པ་གསུམ་པའི་སྒྱུ་ལུས་ཀྱི་དོད་ཐུབ་པའི་ཆེ་གཅིག་ལ་མཆོག་གི་དངོས་གྲུབ་འགྲུབ་པའི་ཐབས་ཁྱད་པར་ཅན་ཡོད་པ་འདི་ཡང་ཤེས་ ནས་འདུན་པས་སྐྱོད་པ་གལ་ཆེའོ། །དེ་ཡང་དང་པོར་སོར་བསམ་ནས་ཆ་མཐུན་པ་འོང་ཡང་ཁྱད་པར་ཅན་མི་འོང་། སྲོག་འཛིན་གྱི་མཐར་རྗེས་དྲན་གྱི་སྐབས་སུ་འོང་བས་ཤེས་དགོས་སོ། །དེ་མན་ཆད་དུ་སྒྲུབ་ཚུལ་ཁྱད་པར་ཅན་གཅིག་ཡོད་པར་བྱས་ན་བརྟན་ པ་འོང་ངོ་། །དེའི་ཚུལ་ཅུང་ཟད་བཤད་ན་རྒྱུད་འགྲེལ་ཆེན་གཉིས་ལས་ཁྱིམ་པ་ཉིན་རེ་བཞིན་འཁྲིག་པ་བསྟེན་པ་དང་། རབ་ཏུ་བྱུང་བ་རྨི་ལམ་ན་བྱང་ཆུབ་ཀྱི་སེམས་དབང་པོའི་སྒོར་འཕོ་བ་གཉིས་ཀས་ཚེ་དེ་ལ་མཆོག་མི་འགྲུབ་པའི་དཔེར་ཕུག་རོན་ཉིན་ རེ་བཞིན་འཁྲིག་པ་བསྟེན་པ་དང་། སེང་གེ་ལོ་རེ་ལ་འཁྲིག་པ་ལན་རེ་བསྟེན་པ་གཉིས་སྨོས་སོ། །ལུགས་འདི་ལ་གཏུམ་མོ་འབར་བ་ནས་བྱང་སེམས་ནོར་བུའི་རྩེའི་བར་དུ་ཕབ་པ་ཞིག་ནི་ངེས་པར་དགོས་སོ། །བྱང་ཆུབ་ཀྱི་སེམས་དབང་པོའི་རྩེ་ནས་ཕྱིར་ འཕོས་ན་ཕབ་པའི་དགོས་པ་མི་འགྲུབ་པས། མི་འཕོ་བའི་ཐབས་ལ་རང་སྟོབས་ཀྱིས་མི་འཕོ་བ་ཞིག་དང་། གཞན་སྟོབས་ཀྱིས་མི་འཕོ་བའི་ཐབས་གཉིས་ཡོད་པ་ལས། རླུང་དང་ཕྱག་རྒྱ་མ་གཉིས་ཀྱི་སྟོབས་ཀྱིས་མི་འཕོ་བ་ནི། འདིར་གཙོ་བོ་མིན་ ཞིང་རང་སྟོབས་ཀྱིས་མི་འཕོ་བ་ཞིག་དགོས་པས་དེ་ནི་སྟོང་གཟུགས་ཕྱག་རྒྱ་པ་ཆེན་པོ་ཁོ་ནས་ནུས་ཀྱི་གཞན་གྱིས་མི་ནུས་པར་གསུངས་པའི་ཕྱིར་རོ། །དེ་ལ་སྟོང་པ་ཉིད་ཀྱི་གཟུགས་ནི། རང་གི་སེམས་མ་བརྟགས་པར་དཔལ་དུས་ཀྱི་འཁོར་ལོ་ཡབ་ 12-14-37b ཡུམ་དུ་སྣང་བ་དགོས། དེ་ཡང་སྲོག་འཛིན་མན་ཆད་དུ་བསྒྲུབ་ཚུལ་ཁྱད་པར་ཅན་གྱིས་མ་བསྒྲུབས་ན། ནམ་འདོད་དུ་མི་འོང་བས། རྗེས་དྲན་ནས་འོང་ལ། མི་འགྱུར་པའི་བདེ་བ་སྐྱེས་རེས་ཀྱིས་བདེ་བ་དེས་སྟོང་ཉིད་ངེས་པའི་བདེ་སྟོང་དབྱེར་མེད་ཡུན་རིང་དུ་ བསྒོམ་དགོས་ཤིང་། དེ་ལ་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་བསྟན་ནས། བྱང་ཆུབ་ཀྱི་སེམས་ནོར་བུའི་བར་འབེབས་པ་ལེན་མང་དུ་བྱས་ནས། ནོར་བུ་ནས་གཙུག་ཏོར་གྱི་བར་གྱི་ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ན། གསེར་འགྱུར་རྩིས་ ལྕགས་ལ་སོགས་པའི་ཁམས་ཟོས་པ་ན། གསེར་འགྱུར་གྱི་རྩི་ཡང་མེད་ལ་ལྕགས་ལ་སོགས་པའི་ཁམས་ཀྱང་མེད་པར་གསེར་གྱི་ཁམས་སུ་འགྱུར་བ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀྱིས་ཐ་མལ་པའི་ཕུང་ཁམས་སྐྱེ་མཆེད་ཟོས་པ་ན། བྱང་སེམས་ ཀྱང་མེད་ལ་ཕུང་ཁམས་སྐྱེ་མཆེད་ཀྱང་མེད་པར་སྒྲིབ་པ་ཐམས་ཅད་ཟད་པའི་ཡེ་ཤེས་སུ་འགྱུར་རོ། །དེའི་ཕྱིར་སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་མཆོག་སྒྲུབ་པར་འདོད་པས། བྱང་ཆུབ་ཀྱི་སེམས་མི་ཉམས་པ་ལ་རྣམ་པ་ཐམས་ཅད་དུ་འབད་དོ། །བླ་མེད་ ཀྱི་རྫོགས་རིམ་གཞན་གྱི་སྒོ་ནས་མཆོག་སྒྲུབ་པའི་སྒྲུབ་པ་པོ་རྒྱུད་ཚོད་མ་ཉམས་པ་རྣམས་ཀྱང་བྱང་སེམས་ཉམས་མ་ཉམས་ཀྱི་ཆ་ནས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་དཀའ་སླ་དང་། སྐྱེས་པ་ཡང་སྟོབས་ཆེ་ཆུང་དང་མཆོག་འགྲུབ་པ་ལ་ཡང་མྱུར་བུལ་གྱི་ ཁྱད་པར་ཤིན་ཏུ་ཆེ་བས། བྱང་སེམས་མ་ཉམས་པ་ལ་འབད། ལན་འགའ་ཡར་ཉམས་ཀྱང་སྒྱུ་ལུས་སྒྲུབ་ཚུལ་གྱི་གནད་ཀྱིས། ཚེ་དེ་ལ་མཆོག་གཏན་མི་འགྲུབ་པ་ནི་མ་ཡིན་ནོ། །ཚུལ་འདི་རྣམས་ཇི་ལྟ་བཞིན་ཁོང་དུ་ཆུད་པར་བྱས་ནས། གསང་ 12-14-38a སྔགས་བླ་མེད་ཀྱི་རིགས་ཀྱི་ནུས་པ་ཇེ་ཆེར་རྒྱས་པར་བྱའོ། །ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་གནས། བདེ་བར་གཤེགས་པའི་རིང་ལུགས་པ་ཆེན་པོ་རྗེ་བཙུན་དམ་པ་བློ་བཟང་གྲགས་པའི་དཔལ་ ཞེས་ས་གསུམ་ན་གྲགས་པ་དེའི་ཞལ་གྱི་གདམས་པ་འགའ་ཞིག །གསལ་སྒྲོན་དང་། འཁྲིད་གཉིས་དང་སྦྱར་ཏེ། སྤོང་བ་པ་དགེ་ལེགས་དཔལ་བཟང་པོས་གདན་ས་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བྲིས་པ་དགེ་ལེགས་སུ་ གྱུར་ཅིག །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་སྒྲུབ་ནུས་པར་གྱུར་ཅིག །ན་མོ་གུ་རུ། ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཛད་པའི་ལྟ་བའི་ཡིག་ཆུང་། ལྟ་བ་རྡོ་རྗེའི་ཚིག་ལས། ལས་ དང་པོ་པས་ལྟ་བ་མྱོང་བ་འདོན་པའི་ཚེ། དཔྱད་དོན་ངེས་པའི་རིག་ཤེས་ཀྱི་ངེས་ངོར་ཡོངས་གཅོད་ཀྱི་ངེས་པ་དགག་པར་གྱིས་ཤིག །ཅེས་གསུངས་པའི་དོན་སྔར་བཤད་པ་ལྟར། དེ་ལྟ་བུ་དེ་སྣང་བ་ལྟར་ཡོད་མེད་གང་ཡིན་འཚོལ་བའི་གཞིར་བྱས་ ནས། དེ་ཉིད་ལ་རང་བཞིན་སེམས་པའི་རིག་པས་བཙལ་བ་ན། ཅུང་ཟད་ཀྱང་མ་རྙེད་པའི་ངེས་པ་ལྷང་བ་སྐྱེ་བའི་འཛིན་སྟངས་ཤུགས་མ་ཉམས་པར་སྐྱོང་བའི་ངེས་ངོ་ན། དང་པོ་འཚོལ་བའི་གཞིར་བྱས་པའི་ང་ལ་སོགས་པའི་སྣང་བ་གཏན་ནས་མེད་ པ་དང་། གང་ངས་རྒྱུའི་སྟོང་ཉིད་ཀྱི་སྣང་བ་རྒྱངས་ཆད་དུ་མི་འཆར་བར་ངེས་ཤེས་དེ་ཉིད། སྔར་བཤད་པའི་དགག་བྱ་རྣམ་པར་བཅད་ཙམ་གྱི་མེད་དགག་ཁོ་ནའི་རྣམ་ལྡན་དུ་སྐྱེ་བ་ཞིག་དགོས་པའི་དོན་ཡིན་ནོ། །ཡང་དེ་ཉིད་ལས། ཞི་གནས་རྗེས་ 12-14-38b མཐུན་པ་ལ་བརྟེན་ནས་ལྷག་མཐོང་རྗེས་མཐུན་པ་བསྒོམས་པའི་ཚེ་དཔྱད་དོན་ངེས་པ་ན། གནས་ཆ་འདྲེན་པ་ཞི་གནས་འགྲུབ་པའི་མཐུ་ཡིན་ཀྱང་། དེ་གཙོ་བོར་མ་འཛིན་པར་ཡང་དང་ཡང་དུ་དཔྱད་ནས་དཔྱད་དོན་ལ་ངེས་ཤེས་དང་། དཔྱོད་མཐར་ འཇོག་པ་གཉིས་ཆ་མཉམ་སྒྲུབ་པར་མཛོད་ཅིག །ཅེས་གསུངས་པའི་དོན་དེ་ཁོ་ན་ཉིད་ལ་རིག་པས་དཔྱད་པའི་ཚེ། དཔྱད་དོན་ངེས་པ་ན་ཞི་གནས་རྗེས་མཐུན་པ་གྲུབ་པའི་མཐུས། གནས་དྲངས་བྱུང་བ་དེ་ཉིད་རྩེ་གཅིག་ཏུ་འཇོག་པ་གཙོ་བོར་བྱས་སྒོམ་ པ་ནི་ཇི་ལྟ་བ་ལ་དམིགས་པའི་ཞི་གནས་སུ་འགྱུར་གྱི། དེ་ལ་ལྷག་མཐོང་གི་སྐྱོང་ཚུལ་མེད་པས་དཔྱད་བསྒོམ་དང་། འཇོག་སྒོམ་གཉིས་ཆ་མཉམ་པར་བྱེད་དགོས་པའི་དོན་ནོ། །གསུམ་པ་ཡང་། ཞི་གནས་ལ་བརྟེན་ནས་ལྷག་མཐོང་དངོས་བསྒོམ་ པའི་ཚེ། དཔྱད་དོན་ངེས་པ་དང་ལྷག་ཤིན་ཏུ་སྦྱངས་གཉིས་ཐོབ་པའི་དཔྱད་པའི་འདྲེན་ཅིང་། གནས་པའི་ངང་ནས་སོ་སོར་དཔྱོད་ནུས་པས་མཉམ་པར་བཞག་ནས་གནས་པ་དང་། ཇི་ལྟ་བའི་དོན་ལ་སོ་སོར་འབྱེད་པའི་ཤེས་རབ་ཟུང་འབྲེལ་དུ་ཡོད་ པའི་ཆ་སོ་སོར་ཕྱེད་པར་མཛོད་ཅིག །ཅེས་པའི་དོན་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་རྩེ་གཅིག་ཏུ་གནས་བཞིན་པའི་ངང་ནས། དེ་ཉིད་ལ་སོ་སོར་འབྱེད་པའི་སྟོབས་ཀྱིས་ཤིན་སྦྱངས་གཉིས་དྲངས་པའི་རྩེ་གཅིག་ཏུ་གནས་པའི་ཆ་ནི་ཞི་གནས་དང་། དེའི་སོ་སོར་ སྤྱོད་པའི་ཤེས་རབ་ནི་ལྷག་མཐོང་ཡིན་པས། དེ་གཉིས་ཞི་ལྷག་སོ་སོ་དང་། དེའི་དུས་ན་དེ་གཉིས་ཀ་ཡོད་པས། ཞི་ལྷག་ཟུང་དུ་འབྲེལ་བའང་ཡིན་ནོ་ཞེས་པའོ། །བཞི་པ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་བསྒོམས་པའི་ཚེ། དཔྱད་དོན་ངེས་ 12-14-39a པའི་ཚེ་ཡུལ་ཡུལ་ཅན་རོ་གཅིག་ཏུ་འདྲེས་ཀྱང་། ཆོས་ཉིད་ཀྱི་སྣང་ཆ་ཡུལ་དུ་མ་བྱེད་ཅིག །ཅེས་པའི་དོན་ནི། འདིས་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པའི་སྔོན་དུ་དེ་ཁོ་ན་ཉིད་ལ་སོ་སོར་དཔྱོད་པའི་བློ་ནི་ངེས་ཤེས་རྟོགས་པ་ ཡིན་ལ། དེའི་དུས་སུ་བློ་དེའི་ངེས་ངོ་དང་མཉམ་པར་འཇོག་པའི་དུས་སུ་སྣང་ངོར་ཆོས་ཉིད་ཀྱི་སྣང་ཆ་ཡུལ་དུ་མ་བྱེད། ཅེས་པ་ཡང་། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་སྒོམ་པའི་འཕགས་པ་ལ་དེ་ལྟར་འདོམས་པ་མ་ཡིན་གྱི། འཕགས་ པས་དེ་ཁོ་ན་ཉིད་ལ་སོ་སོར་དཔྱོད་པའི་དུས་དང་། དཔྱད་རྗེས་སུ་ཆོས་ཉིད་མཉམ་པར་བཞག་པའི་དུས་སུ། རིམ་བཞིན། སྣང་ངོར་ཆོས་ཉིད་ཀྱི་སྣང་ཆ་ཡུལ་དུ་བྱེད་པ་མ་འཛིན་ཅིག །ཅེས་ད་ལྟར་གྱི་གདུལ་བྱ་རྣམས་ལ་འདོམས་པ་ཡིན་ནོ། །དེ་ ལྟར་མ་གོ་བར་འཕགས་པ་ལ་དེ་ལྟར་སྟོན་མི་དགོས་པས། འདི་རྗེ་ཐམས་ཅད་མཁྱེན་པས་མཛད་པ་མ་ཡིན་ཟེར་བ་ནི། འདི་ལྟ་བའི་མན་ངག་འཆུན་ཆེ་ཞིང་སྐྱོང་ཚུལ་གྱི་གནད་ཟིན་པ་རྣམས། རྣམ་དཔྱོད་ལ་དགའ་བའི་མཆོད་པ་བླ་ན་མེད་པ་ སྟེར་བ། ཤིན་ཏུ་ངོ་མཚར་བའི་ཞལ་གྱི་གདམས་པ་བླ་ན་མེད་པ་ཡིན་འདུག་ནའང་། བློ་གྲོས་ཀྱི་མིག་ཟུམ་པ་ལ་ལེགས་བཤད་ཀྱི་ཟླ་འོད་ཀྱང་ལོག་རྟོག་གི་མུན་པ་འབའ་ཞིག་ཏུ་སྣང་བའི་མུན་སྤྲུལ་ལོ། །ལྔ་པ་ཐེག་པ་གཞན་གྱི་ཡུལ་ཅན་ཁྱད་ པར་ཅན་གྱི་དེ་ཁོ་ན་ཉིད་བསྒོམས་པའི་ཚེ་ནི། ལུགས་འདིས་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པའི་ཚེ་ནི། དཔྱད་བསྒོམ་འཇོག་པའི་ཞར་ལ་ལྟ་བ་ངེས་པའི་འཛིན་སྟངས་མ་འཇོག་ཅིག །ཅེས་པའི་དོན་ནི། སྔགས་བླ་མེད་ཀྱི་རྫོགས་རིམ་ཐུན་ 12-14-39b མོང་མ་ཡིན་པའི་ལྟ་བའི་བསྒོམ་ཚུལ་ཡིན་ལ། འདིས་ལྷག་མཐོང་བསྒོམ་པའི་ཡུལ་ཅན་གྱི་གནད་ཀྱིས་སྔར་བཞིན་དཔྱད་བསྒོམ་མི་དགོས་ཀྱང་། གང་ཟག་དང་ཆོས་རྣམས་སྔར་བཤད་པའི་སྣང་ཚུལ་ལྟར་མ་གྲུབ་པར་ངེས་པའི་འཛིན་སྟངས་ཀྱི་ ཤུགས་དྲག་པོས་ངེས་པ་དགོས་པས། ངེས་པ་དེ་མ་འཇོག་ཅིག་ཅེས་པའི་དོན་ཡིན་ནོ། །དེ་རྣམས་ཀྱིས་ནི་ལས་དང་པོ་ནས་འཕགས་པའི་བར་གྱིས་མཉམ་གཞག་ནམ་མཁའ་ལྟ་བུའི་ང་རང་བཞིན་མེད་པར་བསྒོམ་ཚུལ་གྱི་གནད་བཏུས་ནས་བསྟན་ པ་དེས། གཞི་ང་ཡི་བ་དང་། ཆོས་ཀྱི་བདག་མེད་པ་གནས་སྐབས་ལྔར་བསྒོམ་ཚུལ་ཡང་ཤེས་པར་བྱའོ། །དེས་ན་ནམ་མཁའ་ཐོགས་པའི་རེག་བྱ་བཅད་ཙམ་ལ་འཇོག་པ་ལྟར། དགག་བྱ་རྣམ་པར་བཅད་ཙམ་གྱིས་སྟོང་ཉིད་མེད་དགག་དེ་ཉིད་ ཀྱི་ངང་དུ་རྩེ་གཅིག་ཏུ་འཇོག་པས། མཉམ་གཞག་ནམ་མཁའ་ལྟ་བུའི་རྣལ་འབྱོར་ཞེས་གསུངས་པ་ཡིན་ནོ། །བླ་མ་དང་རྡོ་རྗེ་འཆང་གི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་རྒྱུད་སྡེ་ནས་ ལན་ཅིག་མ་ཡིན་པར་གསུངས་པའི་ཕྱག་རྒྱ་སྲོག་རྩོལ་གྱི་གནད་མཐར་ཐུག་པ། རྗེ་བཙུན་བླ་མའི་ལེགས་བཤད་ཐུན་མོང་མ་ཡིན་པ། གསང་བ་ལས་ཀྱང་ཆེས་གསང་བའི་གནད་རྣམས་བརྗེད་བྱང་དུ་བྲི་བར་འཚལ་ན། བླ་མ་དང་ཡི་དམ་མཁའ་འགྲོ་ཆོས་ སྐྱོང་རྣམས་ཀྱིས་གནང་བ་མཛད་ནས་བདེ་ཆེན་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། དེ་ལ་ལས་རྒྱ་ལ་བརྟེན་པའི་དགོས་པ་ནི། དེ་བརྟེན་པས་སྲོག་རྩོལ་དབུ་མར་ཞུགས་ཏེ། ཡས་བབས་དང་མས་བརྟན་གྱི་དགའ་བཞི་བསྐྱེད་པའི་ཆེད་ཡིན་ནོ། །དེས་ན་ 12-14-40a ཐབས་ཀྱི་མཆོག་འདི་བཤད་པ་ལ་གསུམ། ལས་ཀྱི་ཕྱག་རྒྱའི་མཚན་ཉིད། སྲོག་རྩོལ་དུ་འགྲོ་བའི་གདམས་ངག་དངོས། ཐབས་དེ་ལ་བརྟེན་ནས་དགའ་བཞི་བསྐྱེད་ཅིང་བདེ་སྟོང་སྦྱོར་ཚུལ་ལོ། །དང་པོ་ནི། རྣལ་འབྱོར་བཞི་རིམ་ སོགས་ནས་གསུངས་པའི་པདྨ་ཅན་ལ་སོགས་པ་བཞིའི་དོན་ནི་རྩའི་དབྱིབས་མི་འདྲ་བ་སོགས་བཞིའི་སྒོ་ནས་བཏགས་པ་ཡིན་ལ། དེ་ཡང་དྷཱུ་ཏཱིའི་མས་སྣའི་དབང་དུ་བྱས་པ་ཡིན་ཞིང་། དེའི་རྣམ་པ་ཇི་བཞིན་པ་ནི་ཡས་སྣ་ཀུན་རྫོབ་ཀྱི་སྣ་སོགས་ཀྱིས་མཚོན་ པར་བྱེད་དོ། །དེས་ན་གླང་པོ་ཅན་གྱི་རྩའི་མར་སྣ་གཡོན་ནས་གཡས་སུ་ཅུང་ཟད་འཁྱིལ་བའི་རྣམ་པར་ཡོད་ལ། དེའི་རྟགས་རྩ་དེའི་ཡས་སྣ་ཡོད་ཕྱོགས་ཀྱི་བུད་མེད་དེའི་སྣ་གཡས་སུ་འཁྱིལ་བའི་རྣམ་པ་ཅན་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་དེ་གླང་པོ་ཅན་ གྱི་རིགས་སུ་རྟོགས་པ་ཡིན་ནོ། །དུང་ཅན་མ་ནི་རྩ་དེའི་མས་སྣ་དུང་དཀར་གྱི་ཁ་ལྟ་བུ་འཁྱིལ་ཞིང་སྦུབས་ལ་རིང་བ་ཞིག་ཡོད་པས་དེའི་རྟགས་ལ་རྩའི་ཡས་སྣ་ཡོད་ཕྱོགས་ཀྱི་སྐྲ་དང་སྣ་ཡང་རིང་བ་ལ་སོགས་པའི་ལས་རྒྱ་དེ་དུང་ཅན་མའི་རིགས་སུ་ཤེས་པར་ བྱའོ། །རི་དྭགས་ཅན་མ་ནི་རྩ་དེའི་མས་སྣ་རི་དྭགས་གླ་བའི་ལྟེ་བ་འདྲ་བ་ཁ་རྩུབ་ཅིང་གོར་པོའི་རྣམ་པ་ཅན་དུ་ཡོད་པས་རྩ་དེའི་ཁ་ཤིན་ཏུ་འཚོལ་དཀའ་བས་དེས་ན་རྣལ་འབྱོར་པས་སེན་མོས་བཙལ་དགོས་པ་སོགས་གསུངས་སོ། །དེའི་རྟགས་ལ་ཡས་ སྣའི་ཕྱོགས་ཀྱི་སྣ་ལ་རི་མོ་ཡོད་ལ། དེར་མ་ཟད་ལུས་གཞན་ལས་སྦོམ་པ་སོགས་ཡིན་ནོ། །པདྨ་ཅན་ནི་མས་སྣ་མེ་ཏོག་པདྨའི་དབྱིབས་ལྟ་བུར་ཡོད་པས་རྩ་དེའི་ཁ་བཙལ་སླ་ཞིང་འབྱེད་པར་སླ་བས་ཕྱག་རྒྱའི་མཆོག་ཏུ་གསུངས་པ་ཡིན་ནོ། །དེའི་ 12-14-40b རྩའི་མས་སྣ་དེ་ལྟར་ཡོད་པས་ཡས་སྣའི་ཕྱོགས་དེའི་སྣ་ནི་ཛ་བའི་མེ་ཏོག་ལྟར་ཡོད་པར་གསུངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཞིའི་རྩ་ལ་མི་འདྲ་བའི་ཁྱད་པར་དེ་ལྟར་ཡོད་པའི་སྒོ་ནས་པདྨ་ཅན་སོགས་སུ་བཞག་པའི་དོན་དེ་ཉིད་རང་གི་བླ་མ་ཁོ་ནའི་མན་ངག་ ཡིན་པས་རང་ཁོ་ནའི་སྙིང་ལ་བཅང་རྒྱུ་ཡིན་གསུངས། དེའི་རྒྱུ་མཚན་ཆགས་ལམ་ལ་ཤིན་ཏུ་ཁམས་པར་གྲགས་པའི་བོད་ཀྱི་བླ་མ་ཐམས་ཅད་ཀྱིས། རྒྱུད་ནས་གསུངས་པའི་ཕྱག་རྒྱ་རིགས་བཞིའི་ཁྱད་པར་སྣ་གཡོན་གཡས་སུ་འཁྱིལ་བ་དང་། ཞེས་ སོགས་རྩའི་དབྱིབས་ལ་བརྟགས་པའི་དོན་ལ་བློ་ཁ་ཙམ་ཡང་མ་ཕྱོགས་ཤིང་། རྩ་ལ་མི་འདྲ་བ་བཞི་ཡོད་པའི་གནད་མ་རྟོགས་པ་ཤ་སྟག་ཡིན་པས་ཕྱོགས་འདི་ལ་ཁ་པོ་ཇི་ལྟར་ཆེ་ཡང་མཁས་པའི་བཞད་གད་ཀྱི་གནས་འབའ་ཞིག་ཡིན་གསུང་ངོ་། །གཉིས་པ་སྲོག་རྩོལ་དུ་གཏོང་བའི་ཐབས་དངོས་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི། །རྩ་ནི་ཉེ་བར་བཙལ་བྱས་ཏེ། །བྱེད་པ་བཅིངས་པའི་སྦྱོར་བ་ཡིས། ཞེས་པས་བསྟན། དེའི་དོན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་ནི་བུད་མེད་ཀྱི་དྷཱུ་ཏཱི་ཡིན་ལ། ཉེ་བར་ བཙལ་བྱ། ཞེས་པ་ནི་རྣལ་འབྱོར་པས་རྩ་དེའི་མར་སྣ་བཙལ་བར་བྱས་ལ། དེ་ཡང་བྱ་རོག་གདོང་ཞེས་པ་ནི་འཇིག་རྟེན་པ་ལ་བྱ་ལེར་གྲགས་པ་དེ་ལ་ཟེར་བ་ཡིན་ཞིང་། དབུ་མའི་མས་སྣ་རྩ་དེའི་དབུས་ནས་འབྱུང་ངོ་། །དེ་ལ་སྐྱེས་པའི་དྷཱུ་ཏཱི་ནི་སྦོམ་ ཞིང་ཐུང་བར་གནས་པའི་ནོར་བུའི་བུག་པ་ལས་ཕྱིར་ནར་ནས་ཡོངས་པ་མི་སྲིད་ལ། བུད་མེད་ཀྱི་དྷཱུ་ཏཱི་ཕྲ་ཞིང་རིང་བས་བྱ་རོག་གདོང་ལས་ཕྱིར་ནར་ནས་འོང་བ་སྲིད་པའི་སྐབས་ཡོད་པས། སྙོམས་འཇུག་གི་ཚེ་བུད་མེད་ཀྱི་རྩ་དེ་རྣལ་འབྱོར་པའི་རྩའི་ 12-14-41a མས་སྣའི་ནང་དུ་འཇུག་པའི་སྦྱོར་བ་བྱེད་པ་ཡིན་ཏེ། དེའི་ཕྱིར་དུ་ཕྱག་རྒྱའི་དྷཱུ་ཏཱིའི་རིགས་མི་འདྲ་བ་བཞིའི་གནས་ཚུལ་ཤེས་ནས་ཚོལ་བ་དང་། ཁ་འབྱེད་པའི་མན་ངག་གིས་ཤེས་རབ་ཀྱི་རྩ་སད་པར་བྱའོ། །དེ་ནས་ཕྱག་ རྒྱའི་རྩ་དེ་རང་གི་རྩའི་ནང་དུ་བཅུག་ནས། བྱེད་པ་དམ་དུ་བཅིངས་པའི་སྦྱོར་བ་བྱ། དེ་ལྟར་བྱས་པས་ཕྱག་རྒྱའི་རྩའི་ནང་ནས་རླུང་བྱུང་སྟེ་རང་གི་རྩའི་ནང་དུ་སླེབ་པ་ན། སྙོམས་འཇུག་གི་བདེ་བ་སོགས་གཞན་ལས་ཀྱང་ལྷག་པའི་བདེ་བ་སྐྱེ་ལ། རླུང་དེ་ རང་གི་དྷཱུ་ཏཱིའི་ནང་དུ་བརྒྱུས་པས། རང་གི་ཐུར་སེལ་གྱི་རླུང་གྱེན་དུ་ལོག་སྟེ་ཕྱག་རྒྱའི་རླུང་དེས་མར་སྣ་འདྲེན་བྱས་ནས་དབུ་མར་ཞུགས་ཤིང་བརྒྱུས་པས་དྲོད་འབར་ནས་སྤྱི་བོའི་ཧཾ་ཡིག་ཞུ་ཞིང་བྱང་སེམས་དྷཱུ་ཏཱིའི་མར་སྣར་སླེབ་པ་ན། ཕྱག་རྒྱའི་ཡང་ ཁུ་བ་ཞུ་ནས་དྷཱུ་ཏཱིའི་ལམ་ནས་བྱུང་སྟེ་རང་གི་རྩའི་ནང་དུ་འཕྲད་པ་ན། ཐབས་ཤེས་ཟུང་དུ་འབྲེལ་བའི་གནད་ཀྱིས་སྔ་མའི་བདེ་བ་ལས་ཀྱང་ཆེས་ཆེ་བའི་བདེ་བ་ཞིག་འབྱུང་ཞིང་དེ་ནས་མན་ངག་གིས་གྱེན་དུ་བཟློག་པའི་སྦྱོར་བ་བྱས་པས་ཐིག་ལེ་དེ་ ལྟེ་བར་སླེབ་པ་ན། རྒྱུ་མཐུན་གྱི་ཚུལ་གྱི་དགའ་བ། སྙིང་ཁར་སླེབ་པ་ན་རྣམ་སྨིན་གྱི་ཚུལ་གྱི་མཆོག་དགའ། མགྲིན་པར་སླེབ་པ་ན་སྐྱེས་བུ་བྱེད་པའི་ཚུལ་གྱི་ཁྱད་དགའ། གཙུག་ཏོར་དུ་སླེབ་པ་ན་དྲི་མ་དང་བྲལ་བའི་ལྷན་ཅིག་སྐྱེས་པའི་དགའ་བ་ སྟེ་ཤིན་ཏུ་རྣལ་འབྱོར་བསྒོམ་པར་བྱའོ། །གསུམ་པ་བདེ་སྟོང་སྦྱོར་ཚུལ་ནི། དེ་འདྲ་བའི་ཡས་བབས་དང་མས་བརྟན་གྱི་དགའ་བཞི་སྐྱེས་པ་དེའི་ཚེ་དབུ་མའི་ལྟ་བ་མཐར་ཐུག་དང་སྦྱར་ནས་བསྐྱངས་པས་སྲིད་པའི་སྡུག་བསྔལ་གཞོམ་པར་བྱེད་དོ། ། 12-14-41b གཞན་ཡང་རྡོ་རྗེའི་ལྟེ་བས་པདྨ་མནན་པ་དང་སྐྱིལ་ཀྲུང་ཞེས་སོགས་ཀྱི་དོན་ཡང་ཡུམ་གྱི་རྩའི་མས་སྣ་ཡབ་ཀྱི་རྩའི་མས་སྣའི་ནང་དུ་བཅུག་པ་ངེས་དོན་གྱི་རྡོ་རྗེ་སྐྱིལ་ཀྲུང་གཡོས་གཡོན་གཉིས་ཀྱི་རོ་རྐྱང་གི་རླུང་དབུ་མའི་ནང་དུ་ཞུགས་པ་འབྱུང་ཞིང་། དེའི་ ཚེ་རྣལ་འབྱོར་པའི་སེམས་ནོར་བུའི་ནང་གི་དྷཱུ་ཏཱིའི་ནང་དུ་སོང་བ་ལ་ཡེ་ཤེས་ཀྱི་ངོ་བོ་ལྷན་སྐྱེས་འབྱུང་ངོ་། །དེ་དགའ་བ་གཞན་གསུམ་ཡང་མིན་ནོ། །པདྨ་ཅན་གྱི་བགྲོད་ཚུལ་ནི་པདྨའི་བྱེད་པ་ཞེས་པ་ཕལ་པ་ལྟར་སྟེང་ནས་བགྲོད་པའོ། །གླང་པོ་ཅན་མའི་ བགྲོད་ཚུལ་ནི། དུད་འགྲོ་ལྟར་རྒྱབ་ནས་བགྲོད་པའོ། །དུང་ཅན་མའི་བགྲོད་ཚུལ་ནི། གྷ་ཧ་ར་ཏིའི་སྦྱོར་བ་ཞེས་བྱ་བ་རྐང་པ་གཉིས་ཕྲག་པ་ལ་བཀལ་ཏེ་འོག་ནས་བགྲོད་པའོ། །རི་དྭགས་ཅན་མའི་བགྲོད་ཚུལ་ནི་བི་མ་སའི་བཅིངས་པ་ཞེས་བྱ་བ། རྡོ་རྗེ་ སེམས་དཔའ་ལྟར་སྐྱིལ་ཀྲུང་བཅས་ལ་བགྲོད་པར་བྱ་བ་ཡིན་ནོ། །རྟགས་ཀྱི་རྩ་གཉིས་མི་འབྲལ་བར་བྱེད་པ་ནི་ཤིན་ཏུ་གལ་ཆེ་ལ། དེ་ནི་རྣལ་འབྱོར་པས་ལག་པས་བྱེད་དགོས་པར་རྒྱུད་ལས་བཤད་དོ། །ཞལ་གྱི་གདམས་པ་ཤིན་ཏུ་གསང་ངོ་། ། བླ་མ་དམ་པའི་ཞལ་འབའ་ཞིག་ལས་བྱུང་བ། གཞན་ལ་མེད་པའི་ཁྱད་ཆོས་ཟབ་བོ། །གསང་བ་ལས་ཀྱང་ཆེས་གསང་བའི་མན་ངག་གསེར་ཁུར་པོ་ཁྱེར་ནས་ས་སྟེང་ཐམས་ཅད་དུ་བཙལ་ཀྱང་རྙེད་པ་མ་ཡིན་ནོ། །འདིའི་དཔེ་སུ་ལ་ཡང་མི་སྟོན། བསྟན་ ན་དེ་ལ་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་བཀའ་ཆད་ཀྱིས་དམ་ཚིག་ཉམས་པས་ཤིན་ཏུ་དམ་པར་བྱའོ། །ཨྠྀི། ས་མ་ཡ་རྒྱ་རྒྱ་རྒྱ། །ན་མོ་གུ་རུ། དེ་ལ་རྫོགས་རིམ་དུ་འཇོག་པར་བྱེད་པ་ལ་ 12-14-42a སྟོང་ཉིད་རྟོགས་པ་ཙམ་གྱིས་འཇོག་མི་ནུས་ཏེ། སྟོང་ཉིད་རྟོགས་པ་ཐེག་དམན་ལའང་ཡོད་པའི་ཕྱིར། སྟོང་ཉིད་ལྷའི་རྣལ་འབྱོར་ཙམ་གྱིས་རྫོགས་རིམ་དུ་འཇོག་མི་ནུས་ཏེ། དེ་གཉིས་རྒྱུད་སྡེ་འོག་མ་རྣམས་ལའང་ཡོད་པའི་ ཕྱིར། དེ་གཉིས་ཀྱི་སྟེང་དུ་རླུང་གི་རྣལ་འབྱོར་བསྣན་ཀྱང་དེར་འཇོག་མི་ནུས་ཏེ། སྟོང་པ་དང་ལྷའི་རྣལ་འབྱོར་དང་རླུང་གི་རྣལ་འབྱོར་གསུམ་རྒྱུད་སྡེ་འོག་མ་ལའང་ཡོད་པའི་ཕྱིར་རོ། །དེས་ན་ལུས་ལ་གནད་དུ་བསྣུན་ནས་བོགས་འདོན་པའི་སྟོང་ ཉིད་རྟོགས་པ་ལ་རྫོགས་རིམ་དུ་འཇོག་པ་ཡིན་ལ། དེ་ལ་ལུས་ཀྱི་གནད་རྩ་དང་། རླུང་དང་ཐིག་ལེ་རྣམས་ཀྱི་གནས་ཚུལ་ཤེས་དགོས་པས། ཐོག་མར་རྩའི་གནས་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། དེའང་མཚན་ཉིད་ཐེག་པ་ནས་དགའ་བོ་མངལ་ འཇུག་གི་མདོར། ལུས་ཀྱི་གཡས་གཡོན་གཉིས། མདུན་རྒྱབ་གཉིས་ཏེ་བཞི་དང་། རྩ་ཉི་ཁྲི་ཉི་ཁྲི་སྟེ་ལུས་ལ་རྩ་བརྒྱད་ཁྲི་ཡོད་པར་བཤད་ལ། སྔགས་ཀྱི་ཐེག་པ་ནས་ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་ཡོད་པར་བཤད་ལ། དེའི་ནང་ནས་ ཀྱང་རྩ་བརྒྱ་ཉི་ཤུ་རྩའི་གཙོ་བོ་ཡིན་ཏེ། རླུང་དང་རྣམ་པར་ཤེས་པའི་རྟེན་བྱེད་པའི་ཕྱིར་རོ། །དེའི་ནང་ནས་ཀྱང་རྩ་ཉི་ཤུ་རྩ་བཞི་རྩའི་གཙོ་བོ་ཡིན་ཏེ། སྐྲ་དང་སེན་མོ་ལ་སོགས་པའི་རྒྱུ་བྱེད་པའི་ཕྱིར། དེ་ལ་བརྒྱ་ཉི་ཤུ་ནི། སྤྱི་བོར་སོ་གཉིས། མགྲིན་པར་ བཅུ་དྲུག །སྙིང་ཁར་བརྒྱད། ལྟེ་བར་དྲུག་ཅུ་རེ་བཞི་རྣམས་ཡིན་ནོ། །ཉེར་བཞི་ནི་འོག་ནས་འཆད་པའི་སྙིང་ཁའི་རྩ་འདབ་མ་བརྒྱད་ལས་གསུམ་གསུམ་དུ་གྱེས་པའི་སྐུ་གསུང་ཐུགས་ཀྱི་རྩ་བརྒྱད་གསུམ་ཉེར་བཞི་པོ་དེ་ཡིན་ནོ། །དེ་ལས་རོ་རྐྱང་དབུ་ 12-14-42b མ་གསུམ་གཙོ་བོ་ཡིན་ཏེ། རྩ་གཞན་ཐམས་ཅད་དེ་ལས་སྐྱེས་དགོས་པའི་ཕྱིར་རོ། །དེ་ལ་མངལ་དུ་དང་པོར་ཆགས་པའི་ཚེ། སྙིང་ཁའི་ལྟེ་བ་ལ་རོ་རྐྱང་དབུ་མ་གསུམ་ཤར་དང་། ལྷོའི་འདབ་མ་གཉིས་ལ་རིམ་པ་བཞིན་དུ་གསུམ་སྐོར་མ་དང་། འདོད་མ་སྟེ་ ལྔ་དུས་མཉམ་དུ་ཆགས་སོ། །དེ་ནས་ནུབ་ཏུ་ཁྱིམ་མ་དང་། བྱང་དུ་གཏུམ་མོ་དང་། དབུ་མ་དང་ལྷན་ཅིག་ཏུ་བདུད་བྲལ་མ་སྟེ་གསུམ་ཆགས་སོ། །སྙིང་ཁར་དང་པོར་ཆགས་པའི་རྩ་བརྒྱད་ནི་དེ་རྣམས་ཡིན་ནོ། །ཕྱོགས་ཀྱི་རྩ་བཞི་ནི་རོ་རྐྱང་དབུ་མ་གསུམ་ལ་ ནང་དུ་བུག་པ་བརྟོལ་བའི་ཚུལ་གྱིས་རྩ་བ་ཟུག་ཡོད་ལ། དེའི་མཚམས་ཀྱི་རྩ་བཞི་ནི་ཕྱོགས་ཀྱི་རྩ་བཞི་ལས་གྱེས་པ་ཡིན་ལ། དེ་ཡང་དཔེར་བརྗོད་ན། ཤར་གྱི་གསུམ་སྐོར་མ་ལས་ཤར་ལྷོ་མཚམས་ཀྱི་རྩ་དེ་གྱེས་པ་ཡིན། མཚམས་ཀྱི་རྩ་ གཞན་གསུམ་ནི། རིམ་པ་ལྟར་འདོད་མ། ནུབ་ཀྱི་ཁྱིམ་མ། བྱང་གི་གཏུམ་མོ་ལས་གྱེས་པ་ཡིན་ནོ། །དེས་ན་སྙིང་ཁའི་རྩ་འདབ་བརྒྱད་ནི། གསུམ་སྐོར་མ་སོགས་ཕྱོགས་ཀྱི་བཞི་དང་། དེ་མཚམས་ཀྱི་རྩ་བཞི་སྟེ། བརྒྱད་པོ་དེ་ཡིན་པས། སྙིང་ཁར་དང་པོར་ཆགས་པའི་རྩ་བརྒྱད་དང་མི་གཅིག་གོ། རྩ་འདབ་བརྒྱད་པོ་དེ་ལས་སྐུ་གསུང་ཐུགས་ཀྱི་རྩ་བརྒྱད་གྱེས་པས་བརྒྱད་གསུམ་ཉི་ཤུ་རྩ་བཞི་ཡིན་ནོ། །ཉེར་བཞི་པོ་དེའི་སྟེང་དུ་སྙིང་ཁར་དང་པོར་ཆགས་པའི་རྩ་བརྒྱད་བསྣན་པ་དེ་ལ་ བྱང་སེམས་འབབ་པའི་རྩ་སོ་གཉིས་ཞེས་ཐ་སྙད་བྱེད་པ་ཡིན་ནོ། །ཉེར་བཞི་པ་ལ་གསུམ་གསུམ་དུ་གྱེས་པས་རྩ་བདུན་ཅུ་རྩ་གཉིས་སུ་འགྲོ་བ་ཡིན་ནོ། །དེ་ཡང་སྐུ་གསུང་ཐུགས་སམ། ཐིམ་པ་དང་ལོངས་སྤྱོད་དང་བདག་པོ་གསུམ་གྱི་ 12-14-43a སྒོ་ནས་འབྱེད་པ་ཡིན་ནོ། །བདུན་ཅུ་རྩ་གཉིས་པོ་དེ་རེ་རེ་སྟོང་སྟོང་དུ་གྱེས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པ་ཡིན་ནོ། །དེ་ཡང་རོ་རྐྱང་དབུ་མ་གསུམ་གྱི་གནས་ཚུལ་ཅུང་ཟད་བརྗོད་ན། རོ་རྐྱང་གཉིས་ཀྱི་དབུ་མ་ལ་ ལྕགས་སྒྲོག་གི་ཚུལ་དུ་འཁྱུད་པའི་རྣམ་པ་ཅན་དུ་ཡོད་ལ། དེ་ཡང་དབུ་མ་དབུས་ན་ཡོད་ཅིང་། དེ་གསུམ་གྱི་ནང་ནས་སྙིང་སྟོབས་རྡུལ་མུན་པ་དང་། ཁུ་ཁྲག་དང་རླུང་འབྱུང་བས་ན། སྙིང་སྟོབས་རྡུལ་མུན་གསུམ་གྱི་ནང་ནས་མུན་པའི་རྩ་དང་། སྐྱེས་པ་བུད་མེད་མ་ནིང་གསུམ་ལས། མ་ནིང་གི་རྩ་དང་། ཉི་ཟླ་སྒྲ་གཅན་གསུམ་གྱི་ནང་ནས་སྒྲ་གཅན་གྱི་རྩ་ཞེས་བྱའོ། །དབུ་མའི་གཡས་ན་རོ་མ་གནས་ཤིང་། དེ་ནང་ནས་ཁུ་བ་དང་ཅུང་ཟད་འདྲེས་པའི་ཁྲག་ཕལ་ཆེར་འབབ་བོ། །དེའི་ཁ་ནི་ སྟེང་གི་ཕྱོགས་ལ་ཡོད་དོ། །སྟེང་འོག་གཉིས་ཀ་ལ་བུག་པ་ཡོད་པ་ལ། སྟེང་གི་ཕྱོགས་ཁོ་ན་ལ་ཁ་ཡོད་ཟེར་བའི་རྒྱུ་མཚན་ཡང་། ཁྲག་ཕྱིར་འཕེན་པ་དང་། ནང་དུ་སྡུད་པའི་བྱ་བ་སྟེང་གི་ཕྱོགས་མགྲིན་པ་ནས་བྱེད་ཀྱི། འོག་གི་བུག་པ་ནས་མི་ བྱེད་པས་དེའི་དོན་གྱིས་ཡིན་ནོ། །རྐྱང་མ་དབུ་མའི་གཡོན་ན་ཡོད་ཅིང་ཁྲག་ཅུང་ཟད་འདྲེས་པའི་ཁུ་བོ་ཕལ་ཆེར་འབབ་བོ། །དེ་ལ་ཟླ་བ་དང་སྐྱེས་པ་དང་། སྙིང་སྟོབས་དང་ཐབས་ཀྱི་རྩ་ཞེས་བྱའོ། །ཁུ་བ་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། ། རོ་མ་ལ་ཉི་མ་དང་བུད་མེད་དང་། རྡུལ་དང་ཤེས་རབ་ཀྱི་རྩ་ཞེས་བྱ་སྟེ། ཁྲག་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། །དེ་ལ་རོ་རྐྱང་དབུ་མ་གསུམ་ནི། སྤྱི་བོ་ནས་སུམ་མདོའི་བར་དུ་ཡོད་ལ། དེ་ནས་གཉིས་སུ་གྱེས་ཏེ་རོ་རྐྱང་དབུ་མ་ 12-14-43b གསུམ་གྱི་ཚན་གཅིག་རྐང་མཐིལ་གྱི་བར་དུ་འགྲོ་ལགས། ཚན་གཅིག་ནོར་བུའི་བར་དུ་འགྲོ་བས་རྐང་བ་གཉིས་དང་ནོར་བུ་གསུམ་ག་ལ་རྩ་གསུམ་ཡོད་པ་འདྲ་བ་ཡིན་ནོ། །རྐྱང་མའི་སྟེང་འོག་གཉིས་ཀ་ལ་བུག་པ་ཡོད་པ་འདྲ་པ་ལ། ལྟེ་བ་ཁོ་ན་ལ་ཁ་ ཡོད་ཅེས་པ་ནི། ཁུ་བ་ཕྱིར་འཕེན་པ་དང་ནང་དུ་འཛིན་པ་གཉིས་ཀ་ལྟེ་བ་ནས་བྱེད་པས་དེའི་ཆ་ནས་ཡིན་པ་འདྲའོ། །དེ་ཡང་ལྟེ་བ་ཡན་ཆད་ཀྱི་དབང་དུ་བྱས་པ་ཡིན་ལ། ལྟེ་བ་མན་ཆད་དུ་ནི་རྐྱང་མ་དབུས་སུ་ཡོད་ཅིང་དྲི་ཆེན་འབབ། དབུ་མ་གཡས་སུ་ ཡོད་ཅིང་ཁུ་བ་འབབ། རོ་མ་གཡོན་དུ་ཡོད་ཅིང་གཅི་བ་འབབ་བོ། །སྡོམ་འབྱུང་ལས་རོ་མ་འབྱུང་བའི་ལམ་དུ་བཤད། རྐྱང་མ་འཇུག་པའི་ལམ་དུ་བཤད་པ་ནི། ཤེས་པས་ཡུལ་འཛིན་པའི་དུས་སུ་རོ་མའི་ནང་ནས་རླུང་དང་བསྡོངས་ནས་ཕྱིར་དོན་ཏེ་ ཡུལ་འཛིན་ཅིང་ཡུལ་བཟུང་ཟིན་ནས་རླུང་དང་ལྷན་ཅིག་གི་རྐྱང་མའི་ནང་ནས་འཇུག་པ་ཡིན་ནོ། །རྩ་འཁོར་བཞིར་བྱང་སེམས་འབབ་པའི་ཆ་ནས་དགའ་བ་བཞིའམ། བཅུ་དྲུག་ཏུ་འགྱུར་་ཚུལ་ནི། གཏུམ་མོ་བསྒོམས་པས་དམར་ཆ་འཕེལ་ཏེ། བྱང་སེམས་ ཞུ་ནས་སྤྱི་བོ་ནས་འབབ་པ་ནས་བཟུང་སྟེ། མགྲིན་པར་སླེབ་ཀྱི་བར་ལ་དགའ་བ་བཞིའི་ནང་ནས་དགའ་བ་དང་། དགའ་བ་དེ་ལ་ཡང་དགའ་བའི་དགའ་བ་དང་དགའ་བའི་མཆོད་དགའ། དགའ་བའི་ཁྱད་པར་གྱི་དགའ་བ་དང་དགའ་བ་ལྷན་ཅིག་སྐྱེས་པའི་ དགའ་བ་དང་བཞི་ཡོད་པས་དེ་དད་ཀྱང་སྐྱེའོ། །དེ་བཞིན་དུ་བྱང་སེམས་མགྲིན་པ་ནས་བབས་པ་ནས་བཟུང་སྟེ། སྙིང་ཁར་སླེབ་ཀྱི་བར་ལ་ནི། དགའ་བ་བཞིའི་ནང་ནས་མཆོག་དགའ་དང་། དེ་ལ་ཡང་དགའ་བ་བཞི་ཡོད་པས་དེ་དག་ཀྱང་སྐྱེའོ། །སྙིང་ཁ་ 12-14-44a ནས་བབས་པ་ནས་བཟུང་སྟེ་ལྟེ་བར་སླེབ་ཀྱི་བར་ལ་ནི། ཁྱད་པར་གྱི་དགའ་བ་དང་། དེ་ལ་ཡང་དགའ་བཞི་ཡོད་པས་དེ་དག་ཀྱང་སྐྱེའོ། །ལྟེ་བ་ནས་བབས་པ་ནས་བཟུང་སྟེ། ནོར་བུའི་རྩེར་སླེབ་ཀྱི་བར་ལ་ནི། ལྷན་ སྐྱེས་ཀྱི་དགའ་བ་དང་། དེ་ལ་ཡང་དགའ་བ་བཞི་ཡོད་པ་རྣམས་སྐྱེའོ། །དེ་ཡང་གྲགས་ཆོད་ལ་རྩ་འཁོར་བཞིར་གྲགས་ཤིང་། ཞིབ་ཏུ་བྱས་ན་རྩ་འཁོར་བདུན་ཡོད་དེ། དེ་ཡང་བཞི་བོ་དེའི་སྟེང་དུ་གཙུག་ཏོར་ན་རྩ་འདབ་བཞི། གསང་གནས་ན་རྩ་ འདབ་སོ་གཉིས། ནོར་བུའི་རྩེར་རྩ་འདབ་བརྒྱད་ཡོད་པས་རྩ་འཁོར་བདུན་ནོ། །འཁོར་ལོ་དེ་དག་གི་ལྟེ་བ་ལ་རོ་རྐྱང་གཉིས་གང་རུང་གཅིག་གིས་སྟེང་དང་གཅིག་གིས་འོག་ནས་དབུ་མ་ལ་འཁྱུད་ཅིང་། དེ་ཡང་དེ་གཉིས་ཀྱི་བར་ན་དེ་གཉིས་མ་སླེབ་པའི་ བར་སྟོང་ཅུང་ཟད་ཡོད་དོ། །སྙིང་ཁའི་དབུ་མའི་ནང་ན་རྣམ་ཤེས་དང་ལྷན་ཅིག་སྐྱེས་པའི་རླུང་ཡོད་ལ། དེ་ལ་ཡེ་ཤེས་ཀྱི་རླུང་མི་ཤིགས་པའི་ཐིག་ལེ་ཞེས་ཀྱང་ཟེར་རོ། །ཁུ་ཁྲག་གཉིས་ཀྱང་ཡོད་ལ། དེ་ཡང་རྩ་མདུད་ཀྱི་ཐད་ཀྱི་དབུ་མའི་ནང་ན་ཡོད། ལུས་ཟུངས་བཅུ་དྲུག་གི་ནང་ནས་ཁུ་ཁྲག་གཙོ་བོ་ཡིན་ཅིང་གཞན་རྣམས་དེའི་རྣམ་འགྱུར་ཡིན་ཏེ། དེ་ཡང་དང་པོར་མངལ་དུ་ཆགས་དུས་ཁུ་ཁྲག་གཉིས་སྙིང་ཁ་ན་ཡོད་ལ། དེ་ནས་ཁུ་བ་སྟེང་གི་ཕྱོགས་སུ་སོང་སྟེ། གཙོ་བོར་སྤྱི་བོ་ན་གནས། དེ་ཡང་ནམ་དགོས་པ་ན་སྐྱེ་བ་ཡིན་གྱི་སྣོད་དུ་བླུག་པའི་ཚུལ་གྱིས་ཡོད་པ་མ་ཡིན་ནོ། །ཁྲག་འོག་ཏུ་སོང་སྟེ་གཙོ་བོར་ལྟེ་བ་ན་གནས་ལ། གཏུམ་མོ་འབར་བ་དང་། ཐིག་ལེ་འཛག་པའི་དམིགས་པ་ལྟེ་བ་སོགས་སུ་གཏོད་པའི་རྒྱུ་མཚན་ཡང་ 12-14-44b དེ་ཡིན་ནོ། །རྩ་དེ་དག་ཏུ་བྱང་སེམས་དཀར་དམར་དང་རླུང་ཇི་ལྟར་རྒྱུ་བའི་ཚུལ་ནི། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པ་དེ་ལས་སྟོང་ཕྲག་ཉེར་བཞི་ཚན་པ་གསུམ་ཡོད་ལ། དེའི་ཚན་གཅིག་ནས་ཁུ་བ། དེའི་ཚན་པ་གཅིག་ནས་ཁྲག །ཚན་གཅིག་ནས་ རླུང་འབབ་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་ཁུ་ཁྲག་རླུང་གསུམ་འབབ་ཚུལ་དེ་ཡིན་ནོ། །ཡང་གྱེས་གཞིའི་རྩ་བདུན་ཅུ་རྩ་གཉིས་ལ་ཡང་རྩ་ཉེར་བཞི་པ་ཚན་པ་གསུམ་ཡོད་པས་གསུམ་པོ་དེ་ལའང་ཁུ་ཁྲག་རླུང་གསུམ་འབབ་ཚུལ་སྔ་མ་འདྲ་ཡང་ བདུན་ཅུ་གཉིས་པོ་དེའི་གྱེས་གཞིའི་རྩ་ཉེར་བཞི་པོ་དེ་ལ་ཡང་བརྒྱད་ཚན་གསུམ་དུ་ཡོད་པས། གསུམ་པོ་དེ་ལའང་ཁུ་ཁྲག་རླུང་གསུམ་གྱེས་ཚུལ་སྔར་དང་འདྲའོ། །རྩ་ཉེར་བཞི་པོ་དེའི་གྱེས་གཞི་སྙིང་ཁའི་རྩ་འདབ་བརྒྱད་ལས་ནི་བཤང་གཅི་གཉིས། ཁུ་ཁྲག་གཉིས། བད་ཀན་ཏེ་བདུད་རྩི་ལྔ་འབབ་པའོ། །བརྒྱད་པོ་དེའི་གྱེས་གཞི་རོ་རྐྱང་དབུ་མ་གསུམ་ཡིན་ལ། དེ་དག་གི་འབབ་ཚུལ་ནི་བཤད་ཟིན་ཏོ། །རྩ་རྣམས་བསྡུ་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་རྩ་བདུན་ཅུ་རྩ་གཉིས་སུ་འདུ་ལ། བདུན་ཅུ་རྩ་གཉིས་པོ་དེ་ཡང་ཉེར་བཞིར་འདུ་དེའང་སྙིང་ཁའི་རྩ་བརྒྱད་དུ་འདུལ། བརྒྱད་པོ་དེ་ཡང་རོ་རྐྱང་དབུ་མར་འདུ་བ་ཡིན་ནོ། །ཡང་གྱེས་ཚུལ་ནི་གོང་ལྟར་རོ། །ལྷ་གཙོ་བོ་ལས་འཁོར་རྣམས་སྤྲོ་བསྡུ་བྱེད་ཚུལ་ནི། སྙིང་ཁའི་རྩ་ དང་རླུང་ལས་ཕྱོགས་ཀྱི་རྩ་དང་རླུང་གཞན་རྣམས་སྤྲོ་བསྡུ་བྱེད་པ་དེ་ལ་དཔེ་བྱས་ནས་བསྒོམས་པ་ཡིན་ནོ། །ཡང་སྙིང་ཁའི་རྩ་ཞེས་པ་ནི་སྲོག་རྩ་ཡིན་ལ། དེ་ཡང་སྲོག་པ་རྩ་སྒལ་ཚིགས་ནང་ཙམ་ན་སྒལ་ཚིགས་ལ་བརྟེན་ནས་ 12-14-45a གནས་པ་ཡིན་ནོ། །སྲོག་པ་རྩ་དེ་ལ་རོ་རྐྱང་དབུ་མ་གསུམ་བརྟེན་ནས་ཡོད་དོ། །སྲོག་པ་རྩ་དེའི་མགོ་ནི་གྲུ་གསུམ་དུ་ཡོད་ལ། མགྲིན་པར་གཞོན་ནུ་མའི་ནུ་མ་འདྲ་བ་དང་། སྙིང་ཁར་མིག་འདྲ་བ་དང་། ལྟེ་བར་པདྨ་འདྲ་བ་དང་། གསང་གནས་ ན་རྡོ་རྗེ་འདྲ་བ་དང་། ནོར་བུའི་རྩེ་ན་གཟར་མའི་མེ་ཏོག་གི་ཕྱིའི་དབྱིབས་དང་འདྲ་བའོ། །དེས་ན་རྩ་དང་རླུང་གང་ཡིན་ཀྱང་སྙིང་ཁ་ན་ཡོད་ཅེས་པ་ནི། ནུ་མ་གཉིས་ཀྱི་བར་གྱི་ཐད་བརྟེན་གྱི་སྒལ་ཚིགས་ཀྱི་ནང་ཙམ་ན་ཡོད་པ་ལ་དགོངས་སོ། །སར་བཤད་ པའི་བྱང་སེམས་འབབ་པའི་རྩ་སོ་གཉིས་པོ་སྤྱི་བོའི་རྩ་འདབ་མ་ཡིན་ཏེ། དེའི་ནང་ན་སྙིང་ཁའི་རྩ་བརྒྱད་འདུག་པའི་ཕྱིར་རོ། །སོ་གཉིས་པོ་དེ་བདེ་མཆོག་གི་ལྷ་མོ་དང་སྦྱར་ན་རོ་རྐྱང་དབུ་མ་གསུམ་ནི་རྡོ་རྗེ་ཕག་མོ་དང་། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞི་ པོ་འཁོར་ལོ་གསུམ་གྱི་ལྷ་མོ་ཉེར་བཞི་དང་། གསུམ་སྐོར་མ་སོགས་ཕྱོགས་ཀྱི་རྩ་བཞི་ནི་ས་ཆུ་མེ་རླུང་གི་འབྱུང་བའི་རྩ་ཡིན་པས། བདེ་ཆེན་འཁོར་ལོའི་ལྷ་མོ་བཞི་དང་སྦྱོར་བ་ཡིན་ནོ། །སྒོ་མཚམས་མ་བརྒྱད་ལ་རྩ་སྦྱོར་རྒྱུ་མེད་པ་འདྲ་གསུང་ ངོ་། །སྙིང་ཁའི་རྩ་དབུ་མའི་ནང་གི་ཧཱུཾ་རིང་པོ་ནི་བདེ་མཆོག་དང་། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞིའི་ནང་གི་ཁམས་ཉེར་བཞི་ནི་འཁོར་ལོ་གསུམ་གྱི་དཔའ་བོ་ཉེར་བཞི་དང་སྦྱོར། དེ་ཡང་བདུད་བྲལ་མར། འཆི་བའི་ཚེ་མ་གཏོགས་གཞི་དུས་སུ་བྱང་ སེམས་མི་འབབ་པས་དེ་ཡང་ལྷ་ལ་མི་སྦྱོར་རོ། །དེ་ལ་བདུད་ཅེས་ཟེར་བའི་རྒྱུ་མཚན་ནི། རང་གཞན་གཉིས་ཀར་བྱང་སེམས་འབབ་པ་འགོག་པས་སོ། །དེ་ཡང་གཞི་དུས་སུ་ཐ་མལ་པ་ལ། འཆི་བའི་དུས་མ་གཏོགས་དེའི་ནང་དུ་བྱང་སེམས་མི་ 12-14-45b འབབ་ཀྱང་། ལམ་དུས་སུ་ས་མཐོན་པོར་སླེབ་པའི་ཚེ་འཆི་བའི་གོང་ནས་ཀྱང་དེའི་ནང་ནས་བྱང་སེམས་འབབ་པོ། །རྩ་སོ་གཅིག་གི་ཚེ་ན། བདུད་བྲལ་མ་མ་གཏོགས་སོ་གཅིག་པོ་དེ་བདག་མེད་མ་ལྷ་མོ་བཅོ་ལྔ་པོ་དང་ཡང་སྦྱོར་བ་ཡིན་ཏེ། གཙོ་མོ་ལ་རྩ་གསུམ་ འཁོར་བཅུ་བཞི་ལ་རྩ་གཉིས་གཉིས་ཏེ་དེས་རྩ་སོ་གཅིག་ཐིམ་མོ། །ལྷ་མོ་དེ་དག་བསྐྱེད་པའི་ཡི་གེ་ནི་ཨཿ ཚེག་དྲག་ཅན་མ་གཏོགས་པའི་དབྱངས་ལྷག་མ་བཅོ་ལྔ་ཡིན་ནོ། །རླུང་དང་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་ལྟེ་བའི་ཁྲག་དང་། སྤྱི་བོའི་བྱང་སེམས་ ཡར་མར་དུ་འགྲོ་བ་སྲིད་ཀྱི་སྙིང་ཁའི་རྩ་མདུད་ཀྱི་ནང་གི་བྱང་སེམས་དཀར་དམར་གཉིས་དང་ལྷན་སྐྱེས་ཀྱི་རླུང་རྣམས་འཆི་བའི་ཚེ་མ་གཏོགས་འཕོ་འཕྱུག་གི་བྱ་བ་མི་བྱེད་པ་ཡིན་ནོ། །རྫོགས་རིམ་གྱི་རྟོགས་པ་རྣལ་མ་གཅིག་ རྒྱུད་ལ་སྐྱེ་བར་འདོད་ན། དེ་ལ་འཆི་བའི་དུས་ཀྱི་འབྱུང་བ་སྡུད་རིམ་ཤེས་དགོས། དེ་ལ་བསྐྱེད་རིམ་ཤེས་དགོས་པས། དེ་ལ་བསྐྱེད་རིམ་ནི་ཐམས་ཅད་སྟོང་པ་སྟེ་འཆི་བ་འོད་གསལ། སྟོང་ཆེན་ཉེར་ཐོབ། དྲི་བ་བར་སྲིད་དུ་སྐྱེ་བའི་སེམས་འབྱུང་། དེ་ལས་ ཐབས་མཆེད་པ། དེ་བར་དོར་དྲི་དང་གནས་ལ་འདོད་པའི་སེམས་འབྱུང་། དེ་ལས་ཤེས་རབ་སྣང་བ་སྟེ་མངལ་དུ་སྐྱེ་བ་འཛིན་པའི་སེམས་འབྱུང་། དེ་ན་མངལ་དུ་ཉིང་མཚམས་སྦྱར་མ་ཐག་ཏུ་འབྱུང་བ་བཞི་ཀ་ཡོད་དོ། །འོན་ཀྱང་འབྱུང་བ་རགས་པ་ སྐྱེས་པའི་དབང་དུ་བྱས་ནས། དང་པོར་རླུང་མེ་ཆུ་ས་རྣམས་རིམ་པ་ལྟར་འབྱུང་ཞིང་དེའི་རྗེས་ནས་གཟུགས་སོགས་ཕུང་པོ་རྣམས་དང་། མིག་སོགས་སྐྱེ་མཆེད་རྣམས་འབྱུང་ལ། དེ་ནས་རང་བཞིན་གྱི་བརྒྱད་ཅུའི་རྟོག་པ་རྣམས་འབྱུང་ངོ་། །དེ་ཡང་རང་ 12-14-46a བཞིན་བརྒྱད་ཅུའི་རྟོག་པ་ལ་ཉིན་མཚན་གཉིས་ཀྱིས་ཕྱེ་བས་བརྒྱ་དང་དྲུག་ཅུ་ཡིན་ནོ། །སྡུད་པའི་དུས་ནི་ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་སེམས་ལ། སེམས་སྣང་བ་ལ། དེ་མཆེད་པ་ལ། དེ་ཉེར་ཐོབ་ལ། དེ་ཐམས་ཅད་སྟོང་པ་འོད་གསལ་ལ་ཐིམ། དེ་ནི་འཆི་བ་འོད་གསལ་ལམ་འཆི་བ་དངོས་ཡིན་ནོ། །དེ་ཡང་ས་ཆུ་ལ་ཐིམ་པ་ཞེས་བརྗོད་ཀྱང་། ས་ཁམས་ཡེ་མེད་དུ་སོང་བ་མ་ཡིན་ལ། སས་ཤེས་པའི་རྟེན་མི་བྱེད་པ་ལ། ས་ཆུ་ལ་ཐིམ་ཞེས་བརྗོད་ པ་ཡིན་ནོ། །ཆུ་མེ་ལ་ཐིམ་ཚུལ་སོགས་ཀྱང་དེ་དང་འདྲ། རླུང་རྣམ་ཤེས་ལ་ཐིམ་ཞེས་པ་ནི། སྣ་སྒོར་རྒྱུ་བའི་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའམ། ཡང་རླུང་རགས་པ་དེ་དྷཱུ་ཏཱིའི་ནང་གི་ལྷན་སྐྱེས་ཀྱི་རླུང་ཕྲ་བ་ལ་ཐིམ་པའོ། །དེའི་དུས་སུ་རླུང་རགས་ པས་ཤེས་པའི་རྟེན་མི་བྱེད་ཀྱང་། ལྷན་སྐྱེས་ཀྱི་རླུང་ཕྲ་མོས་ཤེས་པའི་རྟེན་བྱེད་པ་ཡིན་ནོ། །ལྷན་སྐྱེས་ཀྱི་རླུང་ཕྲ་བ་གཅིག་པུས་ཤེས་པའི་རྟེན་བྱེད་ཀྱི་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའི་དུས་ནི་འབྱུང་བ་སྡུད་པའི་ཚེ། རླུང་སེམས་སྣང་བ་ལ་ ཐིམ་པ་དང་། དེ་མཆེད་པ་ལ་ཐིམ་པ་དང་། དེ་ཉེར་ཐོབ་ལ་ཐིམ་པ་དང་། དེ་ཐམས་ཅད་སྟོང་པ་འོད་གསལ་ལ་ཐིམ་པའི་དུས་རྣམས་ཡིན་ནོ། །དེ་ནས་ཐམས་ཅད་སྟོང་པ་འོད་གསལ་ལམ་འཆི་བ་འོད་གསལ་ལས། སྟོང་ཆེན་ཉེར་ཐོབ་དྲི་ཟའི་སེམས་ བར་དོ་སོགས་འབྱུང་བ་སྔར་དང་འདྲའོ། །དེས་ན་གཞི་དུས་སུ་རྩ་དང་རླུང་དང་འབྱུང་བ་རྣམས་དང་པོར་འཆགས་ས་སྙིང་ཁ་ནས་འཆགས་སོ། །མཐར་སྡུད་པའང་སྙིང་ཁར་སྡུད་པ་དང་འདྲ་བར། ལམ་བསྐྱེད་རིམ་གྱི་སྐབས་སུ་སྙིང་ཁའི་ཏིང་ངེ་འཛིན་སེམས་ 12-14-46b དཔའ་ལ་སྤྲོ་བསྡུ་མང་དུ་བྱས་ཏེ་བསྒོམ་པ་རྫོགས་རིམ་གྱི་སྐབས་སུ་འཆི་དུས་ཀྱི་སྡུད་རིམ་དགུག་མི་དགོས་པར་དེའི་གོང་དུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་རྣམས་རིམ་གྱིས་བསྡུས་ནས་གཉིས་སྣང་དང་བྲལ་བའི་འོད་གསལ་སྐྱེ་བ་ཡིན་ནོ། །དེས་ན་བླ་མེད་ཀྱི་རྒྱུད་སྡེ་དུ་མ་ནས་ བསྐྱེད་རིམ་གྱི་སྐབས་སུ་གཞི་དུས་ཀྱི་སྐྱེ་ཤི་བར་དོ་གསུམ་དང་སྦྱར་ནས་བསྒོམ་དགོས་པར་མང་དུ་གསུངས་པ་ཡང་རྫོགས་རིམ་གྱི་སྐབས་སུ་བོགས་འདོན་ཚུལ་གཞན་དང་མི་འདྲ་བ་ལ་དགོངས་པ་ཡིན་ནོ། །ཡང་རྩ་རླུང་མང་དུ་གསུངས་པའི་དགོས་པ་ནི་འཆི་བའི་ཚེ་ལྟེ་ བའི་དམར་ཆ་ཡར་ལ་འགྲོ། སྤྱི་བོའི་དཀར་ཆ་མར་འོང་བའི་འདུ་འཕྲོད་ལ་བརྟེན་ནས། གཉིས་སྣང་དང་བྲལ་བའི་འོད་གསལ་མངོན་དུ་འགྱུར་ལ། དེ་ཡང་གཉིས་སྣང་འགག་པ་ཙམ་ལ་འོད་གསལ་དུ་བཏགས་པ་ཡིན་ལ། མཚན་ཉིད་པ་ནི་མ་ཡིན་ཏེ། དེ་དང་འདྲ་བར་ ལམ་དུས་སུ་རླུང་དང་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས། དམར་པོ་དང་དཀར་པོའི་འདུ་འཕྲོད་བྱས་པ་ཡོད་ཅིང་། འདུ་འཕྲོད་བྱུང་དུས་གཉིས་སྣང་རགས་པ་འགགས་པས། དེའི་དུས་སུ་སྟོང་པའི་ངེས་ཤེས་གསལ་བཏབ་ན། གཞན་དང་མི་འདྲ་བའི་སྟོང་ཉིད་ རྟོགས་པ་ལ་བོགས་ཐོན་པ་ཡོང་བས་དེ་ལ་དགོངས་ནས་བཤད་པ་ཡིན་ནོ། །རྩ་ཉེར་བཞི་དང་བདུན་ཅུ་རྩ་གཉིས་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སྐུ་གསུང་ཐུགས་སམ། ལུས་ངག་ཡིད་གསུམ་ལ་སོགས་པ་གསུམ་དུ་འབྱེད་པ་དང་གསུམ་དུ་གྲངས་ངེས་ པ་ནི། རྩ་དེ་དག་གི་ནང་ནས་འབབ་པའི་རྫས་ལ་བྱང་སེམས་དཀར་དམར་གཉིས་དང་རླུང་གསུམ་དུ་ངེས་པས་དེའི་གནད་ཡིན་ནོ། །གཞི་དུས་སུ་རྩ་དང་རླུང་ཆགས་པའི་རིམ་པས་སེམས་ཅན་སྐྱེ་བའི་རིམ་པ་དང་མཐུན་པར་བསྐྱེད་རིམ་གྱི་སྐབས་སུ་ལྷ་སྐུ་ 12-14-47a བསྒོམས་པས་རྫོགས་རིམ་གྱི་སྐབས་སུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་བསྡུས་ནས་གཉིས་སྣང་འགགས་པའི་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་སུ། དེ་ལས་ལངས་མ་ཐག་ཁོ་ནར་འཇའ་ལུས་ལས་གྲུབ་པའི་ལྷའི་ སྐུར་ལྡང་བ་ཡིན་ལ། དེས་འབྲས་དུས་ཀྱི་གཟུགས་སྐུ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་དོ། །དེས་ན་བསྐྱེད་རིམ་གྱི་སྐབས་ཁོ་ནར་ལྷ་སྐུ་བསྒོམས་ལ། རྫོགས་རིམ་གྱི་སྐབས་སུ་ལྷ་སྐུ་ཡེ་མི་བསྒོམ་ན། རྫོགས་རིམ་གྱི་སྐབས་ནས་གཟུགས་སྐུ་གཉིས་ ཀྱི་ཐུན་མོང་མིན་པའི་ཉེར་ལེན་གྱི་རྒྱུ་མེད་པར་བསལ་བའི་སྐྱོན་ཡོད་པས། སྐབས་དེར་ཡང་ལྷ་ངེས་པར་བསྒོམ་དགོས་སོ། །རླུང་ཆགས་ཚུལ་ནི་མངལ་དུ་ཉིང་མཚམས་སྦྱར་ནས་སྙིང་ཁའི་རྩ་མདུད་ཆགས་པའི་ཚེ། དེའི་ནང་གི་ལྷན་སྐྱེས་ཀྱི་རླུང་ ལས་སྣ་སྒོར་རྒྱུ་བའི་སྲོག་འཛིན་གྱི་རླུང་སྐྱེ་ལ། རླུང་དེ་གཉིས་ཀ་ཡང་སྲོག་འཛིན་གྱི་རླུང་ཡིན་ནོ། །དེའི་ཚེ་སེམས་ཅན་གྱི་ལུས་ཉའི་རྣམ་པ་ལྟ་བུར་ཡོད་པར་རྒྱུད་རྡོ་རྗེ་ཕྲེང་བ་ལས་བཤད་ལ། དེ་ཡང་མངལ་དུ་ཞུགས་པའི་ཟླ་བ་དང་པོའི་སྐྱེ་ཚུལ་ཡིན་ ནོ། །ཟླ་བ་གཉིས་པའི་ཚེ་སྲོག་འཛིན་གྱི་རླུང་ལས་ཐུར་སེལ་གྱི་རླུང་སྐྱེ་ལ། སྲོག་འཛིན་གྱི་རྩ་བའི་གནས་ནི་སྙིང་ཁ་ཡིན་ཞིང་། ཐུར་སེལ་གྱི་རྩ་བའི་གནས་ནི་གསང་གནས་ཡིན་ནོ། །དེའི་ཚེ་རྐང་པ་གཉིས་ལག་པ་གཉིས་ཏེ་བཞི། མགོ་དང་བཅས་པའི་ འབུར་བུ་ལྔ་དོད་པས། ལུས་རུས་སྦལ་གྱི་རྣམ་པ་ལྟ་བུར་ཡོད་དོ། །ཟླ་བ་གསུམ་པ་ལ་ཐུར་སེལ་གྱི་རླུང་ལས་མཉམ་གནས་ཀྱི་རླུང་སྐྱེ་ལ། དེའི་རྩ་བའི་གནས་ནི་ལྟེ་བ་ཡིན་ནོ། །དེའི་ཚེའང་ཡན་ལག་ལྔ་ཚང་བ་ལ་ཅུང་ཟད་སྒུར་པོར་ཡོད་པས་ཕག་རྒོད་ཀྱི་ 12-14-47b རྣམ་པར་ཡོད་དོ། །ཟླ་བ་བཞི་པ་ལ་མཉམ་གནས་ཀྱི་རླུང་ལས་གྱེན་རྒྱུའི་རླུང་སྐྱེ་ལ། དེའི་རྩ་བའི་གནས་ནི་མགྲིན་པ་ཡིན་ནོ། །དེའི་ཚེ་སྟོད་ཅུང་ཟད་རྒྱས་པས་སེང་གེའི་རྣམ་པར་གནས་སོ། །ཟླ་བ་ལྔ་པ་ལ་གྱེན་རྒྱུའི་རླུང་ལས་ཁྱབ་བྱེད་ཀྱི་རླུང་སྐྱེ་ལ། དེའི་རྩ་བའི་ གནས་ནི་ཚིགས་ཆེན་པོ་བཅུ་གཉིས་ཡིན་ནོ། །དེའི་ཚེ་མིའུ་ཐུང་གི་རྣམ་པར་ཡོད་དོ། །ཟླ་བ་དྲུག་པ་ལ་མིག་གི་སྒོ་ནས་རྒྱུ་བའི་རླུང་ཀླུ་ཞེས་བྱ་བ་དང་། འབྱུང་བ་ས་སྐྱེ། ཟླ་བ་བདུན་པ་ལ་རྣ་བའི་སྒོ་ལ་རྒྱུ་བའི་རླུང་རུས་སྦལ་དང་། འབྱུང་བ་ཆུ་སྐྱེ། ཟླ་བ་བརྒྱད་ པ་ལ་སྣ་སྒོར་རྒྱུ་བའི་རླུང་རྩངས་པ་དང་འབྱུང་བ་མེ་སྐྱེ། ཟླ་བ་དགུ་པ་ལ་ལྕེ་ལ་རྒྱུ་བའི་རླུང་ལྷ་སྦྱིན་དང་འབྱུང་བ་རླུང་སྐྱེ། ཟླ་བ་བཅུ་པ་ལ་ལུས་ལ་འབྱུང་བའི་རླུང་གཞུ་ལས་རྒྱལ་དང་འབྱུང་བ་ནམ་མཁའི་ཁམས་ཏེ་ལུས་སྦུབས་སྟོང་རྣམས་འབྱུང་ངོ་། །ཡན་ ལག་གི་རླུང་ལྔ་པོ་དེ་གཙོ་བོར་སྲོག་འཛིན་ཡིན་ལ། རླུང་གཞན་བཞི་པ་དེ་དག་ཀྱང་དབང་པོའི་སྒོ་རྣམས་ལས་རྒྱུ་བ་སྲིད་དོ། །སྲོག་འཛིན་གྱི་ཚེ་གནས་པ་དང་། སྣ་སྒོ་ལ་རྒྱུ་བའི་ལས་བྱེད་དོ། །ཐུར་སེལ་གྱིས་བཤད་གཅི་འཐུར་དུ་འགྲོ་བའི་ལས་བྱེད། མཉམ་ གནས་ཀྱིས་ཟས་ཀྱི་དྭངས་མ་ལུས་ལ་འདྲེན་པའི་ལས་བྱེད། དྭངས་སྙིགས་འབྱེད་མཁན་ནི་ལྟེ་བའི་གཏུམ་མོས་བྱེད། གྱེན་རྒྱུས་ཟས་མྱང་བ་དང་སྨྲ་བ་སོགས་དང་རླུང་གཞན་གྱེན་དུ་འདྲེན་པའི་ལས་བྱེད། ཁྱབ་བྱེད་ཀྱིས་ལུས་ཀྱི་ནང་གི་རླུང་གཞན་ལ་ ཁྱབ་པ་དང་འགྲོ་བ་སོགས་ཀྱི་བྱ་བ་བྱེད། ཐུར་སེལ་སྲོག་འཛིན་མཉམ་གནས་གྱེན་རྒྱུ་བཞི་ནི། རིམ་པ་ལྟར་ས་ཆུ་མེ་རླུང་བཞི་དང་། རིན་པོ་ཆེ་དང་། རྡོ་རྗེ་པདྨ་དང་། ལས་ཀྱི་མགོན་པོ་བཞིའི་རླུང་ཡིན་ལ། དེའང་མགོན་པོ་རེ་རེའི་རླུང་རྒྱུ་བ་ན་དགུ་བརྒྱ་ 12-14-48a པ་ཕྲག་རེ་རྒྱུ་ལ། དེ་ཡང་འབྱུང་བ་ཆེ་ཆུང་གི་དབང་དུ་བྱས་ན་འབྱུང་བ་ཆེ་བའི་རླུང་ཡིན་ལ། དགུ་པོ་དེ་ལ་ཚན་པ་བཞིར་བགོས་ནས་ཉིས་བརྒྱ་ཉེར་ལྔ་པ་ཚན་བཞིར་བྱས་ཏེ། བཞི་པོ་རེ་རེ་རྒྱུ་བ་ན་གོས་དཀར་སོགས་ལྷ་མོ་བཞིའི་རླུང་རྒྱུ་བ་ཡིན་ཞིང་། ལྷ་མོ་བཞིའི་ རླུང་ལ་འབྱུང་ཆུང་གི་རླུང་ཟེར་བ་ཡིན་ནོ། །དེས་ན་མགོན་པོ་རེ་རེའི་རླུང་རྒྱུ་བ་ན་ལྷ་མོ་བཞི་བཞི་རྒྱུ་བའོ། །འབྱུང་ཆེན་གྱི་རླུང་རེ་རེ་རྒྱུ་བ་ན། འབྱུང་ཆུང་གི་རླུང་བཞི་བཞི་རྒྱུ་བ་ཡིན་ནོ། །མགོན་པོ་བཞིའི་རླུང་གི་ཁྱད་ པར་ནི། པདྨ་མགོན་པོའི་རླུང་རྒྱུ་བའི་ཚེ་ཁ་དོག་རྣམ་པ་ལྔའི་རླུང་རྒྱུ་ལ། དེའི་ཚེ་དམར་པོའི་ཁ་དོག་གཞན་བཞི་ལ་ཁྱབ་པར་རྒྱུ་བ་ཡིན་ནོ། །དེ་བཞིན་དུ་རིན་ཆེན་མགོན་པོ་དང་། རྡོ་རྗེ་མགོན་པོ་དང་། ལས་ཀྱི་མགོན་པོ་རྣམས་ལའང་རིམ་པ་བཞིན་སེར་པོ་ དང་། དཀར་པོ་དང་། ལྗང་ཁུ་རྣམས་གཙོ་ཆེ་ཞིང་། གཞན་རྣམས་ཕལ་པའི་ཚུལ་གྱིས་རྒྱུ་བ་ཡིན་ནོ། །དེ་ཡང་ལྷ་མོ་བཞིའི་རླུང་རྒྱུ་བའི་ཚུལ་ནི། མེ་གོས་དཀར་མོའི་རླུང་རྒྱུ་བའི་ཚེ་ནི། སྣ་བུག་གཡས་ལྟ་བུའི་དབང་དུ་བྱས་ན། དམར་པོ་དབུས། གཡོན་ ན་ལྗང་ཁུ། འོག་མ་དཀར་པོ། །སེར་པོ་སྟེང་། སྔོན་པོ་གཡས་ལ་རྒྱུ་བ་ཡིན་ནོ། །དེས་མཚོན་ནས་མེའི་རླུང་རྒྱུ་བའི་ཚེ་ལྗང་ཁུ་དབུས་སུ་རྒྱུ་ཞིང་། མེའི་ས་རྒྱུ་བའི་ཚེ་སེར་པོ་དབུས་དང་། མེའི་ཆུ་རྒྱུ་བའི་ཚེ་དཀར་པོ་དབུས་སུ་རྒྱུ་བ་ཡིན་ནོ། །ཡང་མགོན་ པོ་བཞིའི་རླུང་རྒྱུ་བའི་ཚེ་ནི་སྣ་བུག་གཡས་པ་ལྟ་བུ་གཅིག་གི་གཡས་གཡོན་ནས་རྒྱུ་ཞེས་བླ་མ་ཁ་ཅིག་གསུང་བ་མི་འཐད་པས། པདྨ་མགོན་པོ་སྣ་བུག་གཡས་ཁོ་ན་དང་། ལས་ཀྱི་མགོན་པོ་གཡོན་ཁོ་ན་དང་། རིན་ཆེན་མགོན་པོ་གཡས་གཡོན་ 12-14-48b གཉིས་ཀ་ནས་དྲག་པར་རྒྱུ་ཞིང་། རྡོ་རྗེ་མགོན་པོ་གཉིས་ཀ་ནས་དལ་བར་རྒྱུ་བ་ཡིན་ནོ། །དེ་ལ་གསང་བ་འདུས་པའི་ལུགས་ཀྱི་ཉིན་ཞག་གཅིག་ལ་ཐུན་བཅུ་གཉིས། ཕྱེད་པ་ཉེར་བཞི། ཐུན་ཕྱེད་པ་རེ་རེ་ལ་མགོན་པོ་རེ་རེའི་རླུང་དགུ་བརྒྱ་པ་རེ་རྒྱུ་ལ། དགུ་ བརྒྱ་པ་རེ་རེ་ལ་ལྷ་མོ་བཞི་བཞིའི་རླུང་རྒྱུ་བས་དེས་ན་འབྱུང་ཆེན་གྱི་དཀྱིལ་འཁོར་ཉེར་བཞི་དེ་རེ་རེ་ལ་འབྱུང་ཚུལ་གི་དཀྱིལ་འཁོར་བཞི་བཞིར་ཕྱེ་བས། འབྱུང་ཆུང་གི་དཀྱིལ་འཁོར་དགུ་བཅུ་རྩ་དྲུག་རྒྱུ་བ་ཡིན་ནོ། །འདི་པའི་ལུགས་ཀྱི་འཕོ་བ་ཉེར་བཞི་བྱེད་ པ་ཡིན་ཏེ། འཕོ་བའི་དོན་ནི་སྣ་བུག་གཡས་ནས་གཡོན་དུ་འཕོ་བ་ལྟ་བུ་མིན་ལ། འདིར་ནི་དགུ་བརྒྱ་པ་རེ་རེ་སོང་བ་དང་འཕོ་འཕྱུག་བྱེད་པའི་ཕྱིར་རོ། །དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱུ་རྒྱུ་བ་མགོན་པོ་བཞིའི་རླུང་ཁོ་ན་ཡིན་ནོ། །ཁྱབ་བྱེད་ཀྱི་རླུང་ནི་འཆི་བའི་ ཚེ་མ་གཏོགས་པ་མི་རྒྱུ་ཞིང་། དེའི་ཚེ་ནའང་ཇི་ཙམ་རྒྱུ་བའི་ངེས་པ་མི་སྣང་ངོ་། །མན་སྙེ་ལས། རྒྱ་གར་བའི་བླ་མ་སྔ་མ་རྣམས་ཀྱི་མན་ངག་ལས། ལྷ་མོ་གཅིག་གི་རླུང་ཉིས་བརྒྱ་ཉེར་ལྔ། རྩ་སོ་གཉིས་ནས་འབབ་པའི་ཚེ། བདུད་བྲལ་མའི་ནང་ནས་ དབུགས་བདུན་བརྒྱ་ལྷག་ཙམ་གཅིག་འབབ་པར་བཤད་པས། དེའི་རྟགས་ལ། བདུད་བྲལ་མའི་ནང་དུ་འཆི་བའི་གོང་ཙམ་ནས་རླུང་འབབ་པ་དང་། ཁྱབ་བྱེད་ཀྱི་རླུང་འཆི་བའི་གོང་ཙམ་ནས་རྒྱུ་བ་འདྲ་བ་ཞིག་འབྱུང་ལ། འོན་ཀྱང་མན་ངག་དེ་ ཡིད་ཆེས་ཀྱི་གནས་སུ་ཁས་ལེན་པའི་ངེས་པ་མི་སྣང་ངོ་། །ཁྱབ་བྱེད་ཀྱི་རླུང་ནི་འབྱུང་བ་ནམ་མཁའི་ཁམས་ཡིན་ལ། ས་རླུང་དང་། ཆུ་རླུང་དང་། མེ་རླུང་དང་། རླུང་གི་རླུང་རྣམས་རྒྱུ་ཚུལ་ནི། རིམ་པ་ལྟར་ཐད་ཀ་དང་། འོག་དང་། སྟེང་དང་། གྱེན་ 12-14-49a དང་སེག་ལ་རྒྱུ་བ་ཡིན། མ་རྒྱུད་ནས་བཤད་པའི་རྩ་འདབ་ནས་རྒྱུ་ཚུལ་ནི། སྦྱིའི་དབང་དུ་བྱས་ན་ཉིན་ཞག་གཅིག་ལ་དབྱུ་གུ་རེ་བཞི་ཡོད་ལ། དེ་དང་མཐུན་པར་གང་ཟག་གཅིག་ལ་ལྟེ་བའི་རྩ་འདབ་ནས་དབྱུ་གུ་རེ་བཞིའི་རླུང་རྒྱུ་ལ། དབྱུ་གུ་རེ་ལ་རླུང་སུམ་བརྒྱ་དང་སུམ་ཅུ་སོ་ཕྱེད་དང་བརྒྱད་བརྒྱད་ཡོད་དོ། །ཡང་ཉིན་ཞག་གཅིག་ལ་ཆུ་ཚོད་སོ་གཉིས་ཡོད་ལ། དེ་དང་མཐུན་པར་ཆུ་ཚོད་སོ་གཉིས་ཀྱི་རླུང་སྤྱི་བོའི་རྩ་འདབ་ནས་རྒྱུ་ལ། ཆུ་ཚོད་རེ་རེའི་རླུང་ལ་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔ་ཡོད་ ལ། ཡང་ཉིན་ཞག་གཅིག་ལ་འཕོ་བ་བཅུ་དྲུག་ཡོད་པ་དང་མཐུན་པར། འཕོ་བ་བཅུ་དྲུག་གི་རླུང་མགྲིན་པའི་འདབ་མ་ནས་རྒྱུ་ལ། འཕོ་བ་རེ་རེའི་རླུང་ལ་སྟོང་དང་ཕྱེད་དང་བཞི་བརྒྱ་རེ་ཡོད་ཅིང་། ཡང་ཉིན་ཞག་གཅིག་ལ་ཐུན་ཚོད་བརྒྱད་ཡོད་པ་དང་མཐུན་པར། སྙིང་ཁའི་རྩ་འདབ་ནས་ཐུན་ཚོད་བརྒྱད་ཀྱི་རླུང་རྒྱུ་ལ་ཐུན་ཚོད་རེའི་རླུང་ལ་ཉིས་སྟོང་བདུན་བརྒྱ་རེ་ཡོད་ལ། འདི་དག་ཀྱང་གང་ཟག་གཅིག་ལ་ཉིན་ཞག་གཅིག་གི་དུས་སུ་རླུང་ཉི་ཁྲི་ཆིག་སྟོང་རྒྱུ་བའི་ཚུལ་ཡིན་ཞིང་། དེ་ཡང་འཁོར་ལོ་བཞི་པོ་རེ་རེ་ནས་སུམ་ཁྲི་ ཆིག་སྟོང་དྲུག་བརྒྱ་སྔ་ཕྱི་མིན་པར་དུས་མཉམ་དུ་རྒྱུ་བ་ཡིན་ནོ། །དེ་ཡང་ལྟེ་བའི་འདབ་མ་གཉིས་ནས་རྒྱུ་བ་རྫོགས་པའི་ཚེ། སྤྱི་བོའི་འདབ་མ་གཅིག་ནས་འདབ་མ་གཉིས་ལ་འཕོ་ལ། སྦྱི་བོའི་འདབ་མ་གཉིས་ནས་རྒྱུ་བ་རྫོགས་པའི་ཚེ། མགྲིན་པའི་འདབ་ མ་གཅིག་ནས་གཉིས་ལ་འཕོ། །མགྲིན་པའི་འདབ་མ་གཉིས་ནས་རླུང་གི་རྒྱུ་བ་རྫོགས་པའི་ཚེ། སྙིང་ཁའི་འདབ་མ་གཅིག་ནས་གཉིས་པར་འཕོ་བ་ཡིན་ནོ། །དེ་ལྟར་རྩ་རླུང་ཐིག་ལེ་བཤད་པའི་དགོས་པ་ནི། དེ་དག་གི་གནས་ཚུལ་ཐིགས་ནས། དེ་ལ་ 12-14-49b གནད་དུ་བསྣུན་པས་སྟོང་པ་དང་བདེ་བ་དབྱེར་མི་ཕྱེད་པའི་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་དགོས་པ་ཡོད་ལ། སྟོང་པ་ནི་ཡུལ་ལ་བྱེད་པ་དང་། ཡུལ་ཅན་ལ་བྱེད་པ་གཉིས་ལས། འདིར་ནི་ཤཱནྟི་པས་བཤད་པ་ལྟར། ཡུལ་བདག་མེད་པ་ལྟ་བུ་ཡིན་ལ། བདེ་བ་ལ་ རྣམ་པ་མང་དུ་ཡོད་དེ། མཚན་ཉིད་ཐེག་པ་ནས་བཤད་པའི་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་དང་། དབུགས་བགྲངས་པ་ལ་བརྟེན་ནས་སྐྱེས་པའི་ཞི་གནས་ཀྱི་བདེ་བ་དང་། རྒྱུད་སྡེ་འོག་མར་བཤད་པའི་སྨོག་རྩོལ་བཀག་པའི་རླུང་སྦྱོར་གྱི་བདེ་བ་རྣམས་ནི། འདིར་དོན་དུ་གཉེར་བྱ་མ་ཡིན་ལ། འོ་ན་གང་ཡིན་སྙམ་ན། དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་ཡིན་ལ། དེ་ཡང་རླུང་སྔགས་རྡོ་རྗེའི་བཟླས་པ་དང་། གཏུམ་མོའི་མེའི་དམིགས་པ་བྱས་པའི་སྟོབས་ཀྱིས་ལྟེ་བའི་དམར་ཆ་འཕེལ་ནས་སྤྱི་བོའི་བྱང་ སེམས་ཞུ་སྟེ། ལུས་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་བ་སྐྱེ་ལ། དེས་དེ་མ་ཐག་རྐྱེན་བྱས་ཏེ་ཡིད་ལ་དགའ་བའི་བདེ་བ་སྐྱེ་ལ། དགའ་བ་དེས་ཡུལ་སྟོང་ཉིད་བཟུང་ནས། དེ་དང་སྟོང་ཉིད་གཉིས་ནི་ནམ་མཁའ་དང་ནམ་མཁའ་སྦྱོར་བ་ལྟ་བུར་སྦྱོར་བའི་ཚེ། བདེ་ སྟོང་དབྱེར་མེད་པའི་ཟུང་དུ་འཇུག་པའི་རྫོགས་རིམ་ཞེས་བྱའོ། །ཡང་སྔགས་ཀྱི་སྐབས་སུ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་ཅེས་བཤད་པའི་སྟོང་པ་ནི། ཆོས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན། སྙིང་རྗེ་ནི་སྡུག་བསྔལ་ དང་བྲལ་ན་སྙམ་པའི་སྙིང་རྗེ་ཁོ་ན་ལ་མི་བྱེད་ཀྱི། གཟུགས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་བའི་ཐབས་སྙིང་རྗེ་ཆེན་པོ་ཡིན་ནོ། །དེས་ན་སེམས་ཀྱི་རྟེན་ཐིག་ལེ་ཡིན་པས། རྗེ་མར་པ་ནས་བརྒྱུད་པ་རྣམས་ཀྱི་ལུགས་ལ། ཉིན་ཞག་གཅིག་ལ་གཉིད་དུ་སོང་ 12-14-50a མ་སོང་གཉིས་སུ་ངེས་ལ། གཉིད་དུ་སོང་བ་ལ་རྨི་ལམ་ཡོད་མེད་གཉིས་ལས། རྨི་ལམ་མེད་པའི་གཉིད་འཐུག་གི་སྐབས་སུ། སེམས་ཀྱི་རྟེན་བྱང་སེམས་དཀར་དམར་སྙིང་ཁ་ན་གནས་པས་སྙིང་ཁར་སེམས་འཛིན་ལ། རྨི་ལམ་རྨིས་པའི་དུས་སུ་དེ་གཉིས་མགྲིན་པར་སེམས་འཛིན་ལ། གཉིད་དུ་མ་སོང་བའི་དུས་སུ་གཙོ་ཆེར་ལྟེ་བར་གནས་པས་དེར་འཛིན་ལ། ཕོ་མོ་སྦྱོར་བ་བྱེད་པའི་དུས་སུ་དེ་གཉིས་སྤྱི་བོར་གནས་ཞེས་བཤད། དུས་འཁོར་གྱི་ལུགས་ལ་སྙིང་ཁ་དང་ མགྲིན་པར་ཐིག་ལེ་གནས་པའི་དུས་ན་སྔ་མ་དང་འདྲ་ལ། གཞན་གཉིས་བཟློག་ནས་གཉིད་དུ་མ་སོང་བའི་དུས་ནི་སྤྱི་བོ་དང་། ཕོ་མོ་སྦྱོར་བ་བྱེད་པའི་དུས་ནི་ལྟེ་བར་གནས་པར་བཤད་དོ། །སྤྱིར་སྔགས་ཀྱི་ལུགས་ལ་རབ་ཚེ་འདིར་འབྲིང་བར་དོར་ཐ་མ་ སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གསུམ་ལས། དང་པོ་ནི། གསང་འདུས་འཕགས་ལུགས་དང་། བསྟུན་ན་དང་པོར་སེམས་བསྐྱེད་བྱང་སེམས་ཀྱི་སྡོམ་པ་བཟུང་ནས་སྤྱོད་པ་ཕྱིན་དྲུག་ལ་སློབ་པ་མན་གྱིས། ལམ་ཐུན་མོང་བའི་རྒྱུད་ལེགས་པར་ སྦྱངས་ཏེ། དེ་རྗེས་གསང་འདུས་ལྟ་བུའི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་པར་བྱ་སྟེ། རྩ་ལྟུང་དང་སྦོམ་པོ་སོགས་ཀྱིས་མ་གོས་པར་དམ་ཚིག་དང་སྡོམ་པས་རྒྱུད་དག་པར་བྱས། དེ་རྗེས་ནས་ཕྲ་ཐིག་གི་བར་གྱིས་བསྐྱེད་རིམ་བརྟན་པར་བྱས་ནས། དེ་ནས་ རྫོགས་རིམ་གྱི་ལུས་དབེན་སྐུ་རྡོ་རྗེ་དང་། ངག་དབེན་གསུང་རྡོ་རྗེ་དང་། སེམས་དབེན་ཐུགས་རྡོ་རྗེ་རྣམས་རྒྱུད་ནས་བཤད་པ་བཞིན་དུ་ཐོབ་པར་བྱས་ལ། དེ་ནས་རླུང་སེམས་ཤུན་ཏུ་ཕྲ་བ་ལ་བརྟེན་ནས་འཇའ་ལུས་སམ་སྒྱུ་ལུས་སམ་རྡོ་རྗེ་འཆང་གི་སྐུར་ལངས་ 12-14-50b ཏེ། འོད་གསལ་མངོན་དུ་བྱས་ལ་སློབ་པ་དང་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་དོ། །གཉིས་པ་སེམས་དབེན་ལ་གསུམ། སེམས་སྣང་བའི་ཡེ་ཤེས་མན་ཆད་ཀྱི་རྫོགས་རིམ་གྱི་སེམས་རྣམས་མཚན་ཉིད་དང་ལྡན་པ་ཐོབ་དགོས་ལ། སྣང་བ་ཉེར་ཐོབ་ནི་མ་ཐོབ། སྣང་བ་མཆེད་པ་ཐོབ་མ་ཐོབ་གང་ཡིན་ཀྱང་། དེའི་ཚེ་སྤྱོད་པ་བྱེད་པའི་མཐུན་རྐྱེན་མ་འཛོམ་པའམ། ཡང་ན་ཞིང་ལས་སོགས་ཀྱི་བྲེལ་བའི་དབང་གིས་སྤྱོད་པ་བྱེད་རྒྱུ་མ་བྱུང་ན། དེའི་གནད་ཀྱིས་འཆི་བའི་གོང་དུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་སྡུད་མི་ཐུབ་ལ། དེ་མ་ ཐུབ་ན་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་མངོན་དུ་མི་འགྱུར་བས། དེ་འཆི་ཁར་མངོན་དུ་འགྱུར་བའི་ཕྱིར་དུ་འཆི་ཁར་འབྱུང་བ་སྡུད་པའི་ཚེ་མན་ངག་ནས་བཤད་པའི་འབྱུང་བ་སྡུད་ལུགས་ཀྱི་དམིགས་པ་རྣམས་བསྐྱངས་པས། ཤི་ཟིན་པའི་ཚོད་ཙམ་ལ་སྣང་བ་ཉེར་ཐོབ་མངོན་ དུ་བྱེད་ཅིང་། བར་དོར་སྐྱེས་པའི་ཚོད་ལ་སྒྱུ་ལུས་ཐོབ་ཅིང་། དེ་ནས་རྟེན་དེ་ལ་འོད་གསལ་དང་ཟུང་འཇུག་མངོན་དུ་བྱེད་དོ། །གསུམ་པ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ནི། ཚེ་འདི་ལ་བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བར་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཐོབ། དམ་ཚིག་དང་སྡོམ་པ་དག་པ་ཞིག་ངེས་པར་ཡན་ལག་ཏུ་དགོས་ལ། བསྐྱེད་རིམ་དང་ལུས་དབེན་དང་ངག་དབེན་རྣམས་རྒྱུད་ལ་སྐྱེས་མ་སྐྱེས་གང་ཡིན་ཀྱང་རུང་དེ་སྐྱེ་བ་བཅུ་དྲུག་ཚུན་ཆད་ལ་འཚང་རྒྱའོ། །འདི་ཚེ་དེ་ལ་སེམས་དབེན་གྱི་རྟོག་པ་སྣང་མཆེད་ཐོབ་གསུམ་ པོ་གང་ཡང་མ་སྐྱེས་པ་དགོས་ཏེ། དེ་སྐྱེས་ན་ཚེ་འདི་ལ་འཚང་རྒྱ་བའམ། ཡང་ན་བར་དོར་འཚང་རྒྱ་བའི་ཕྱིར་རོ། །ཡང་རྗེ་བཙུན་མར་པ་ནས་བརྒྱུད་པ་རྣམས་ཀྱི་ལུགས་ལ། བསྐྱེད་རིམ་ལ་བརྟེན་པ་གཞིར་བཞག་ནས། རླུང་དང་གཏུམ་མོ་དང་། སྤྱོད་པ་གསུམ་ 12-14-51a མཐར་ཕྱིན་ན་ཚེ་འདི་ལ་འཚང་རྒྱ། དེ་གསུམ་མཐར་མ་ཕྱིན་པར་ཚེ་འདི་ལ་འཚང་རྒྱ་མི་ནུས་ན། ད་གཟོང་འཆི་བ་འོད་གསལ་ཟིན་པའི་དོན་དུ་ད་ལྟ་གཉིད་འཐུག་དང་གཉིད་ཀྱི་སྟོང་ཉིད་བསྲེས་ནས་བསྒོམས། དེ་ལེགས་པོ་བྱུང་ན་ད་གཟོད་འཆི་ ཙ་ན་ཐ་མལ་གྱི་འཆི་བ་རང་དགའ་བར་མི་འགྲོ་བར་འོད་གསལ་བཟུང་ནས་འཆི་བ་ཆོས་སྐུར་འཁྱེར་ཐུབ་ལ། ད་གཟོད་བར་དོ་ཟིན་པའི་དོན་དུ་ད་ལྟ་རྨི་ལམ་གྱི་མན་ངག་སྦྱངས་ཏེ་རྨི་ལམ་བཟུང་ལ་དེ་ཟིན་པའི་ཚེ་བར་དོའི་མན་ངག་དང་བསྲེས་ནས་བསྒོམས་པས། དེས་ བར་དོ་ཟིན་ཏེ་ཐ་མལ་གྱི་བར་དོ་རང་དགའ་བར་མི་འཆར་བར་ལོངས་སྐུར་འཁྱེར་ཤེས་པའམ་དེ་དུས་ཕན་ཐོགས་པ་ཡིན་ནོ། །ད་ལྟ་བསྐྱེད་རིམ་ལ་སྦྱངས་པས་བར་དོར་སྣང་བ་ཐམས་ཅད་ལྷ་སྐུར་ཤར་ནས་དེའི་གནད་ཀྱིས་ཆགས་སྡང་ཁེགས་ཏེ་མངལ་སྐྱེས་ལྟ་ བུའི་སྐྱེ་སྒོ་ཁེགས་ནས་སྐྱེ་གནས་སུ་སྐྱེ་བ་མི་ལེན་པར། བར་དོའི་རྟེན་དེ་ལ་ལམ་ལྷག་མ་བསྒོམས་ཏེ་འཚང་རྒྱ་བ་ཡིན་ལ། བར་དོར་འཚང་རྒྱ་མི་ནུས་པར་སྐྱེ་གནས་གང་རུང་ཞིག་ཏུ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་དགོས་པ་དེའི་ནི། འཕོ་བ་དང་གྲོང་འཇུག་གི་ གདམས་ངག་བསྒོམས་པ་ཡིན་ལ། འདི་ནི་རྒྱུད་ཀྱེེ་རྡོ་རྗེ་སོགས་ཀྱི་དགོངས་པ་ཡིན་ཞེས་མར་པ་ནས་བརྒྱུད་པ་རྣམས་གསུང་ངོ་། །འདི་ནི་གདམས་པ་ཕན་ཆེ་བ་གཅིག་སྣང་ངོ་། །འོན་ཀྱང་བར་དོར་སྣང་བ་ལྷ་སྐུར་ཤར་བས་མངལ་སྐྱེས་ཁེགས་སུ་ཆུག་ཀྱང་། སྐྱེ་གནས་གཞན་གསུམ་ལ་ཨེ་ཁེགས་ཡིན་གསུང་། དེ་ཡང་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་གྱི་གནད་གཙོ་བོ་ནི། སྤྱི་བོའི་བྱང་སེམས་ཞུ་བ་ལས་བྱུང་བའི་ལྷན་སྐྱེས་ཀྱི་དགའ་བ་དང་། སྟོང་ཉིད་གཉིས་དབྱེར་མེད་ཀྱི་ཏིང་ངེ་འཛིན་ཡིན་པར་བྲམ་ཟེ་ 12-14-51b ཆེན་པོ་ས་ར་ཧ་ལ་སོགས་པ་རྒྱ་གར་གྱི་མཁས་གྲུབ་ཁུངས་མ་ཐམས་ཅད་ཞལ་མཐུན་ལ་སྤྱི་བོའི་བྱང་སེམས་ཞུ་བའི་ཐབས་སུ། རླུང་སྦྱོར་དང་མེ་དམིགས་སོགས་མང་དུ་གསུངས་ཀྱང་། དེ་ཐམས་ཅད་ཀྱང་གཏུམ་མོར་འདུ་བ་ཡིན་ནོ། །དེ་ཡང་སྦྱོར་དྲུག་པའི་ལུགས་ཀྱི་ ནི་སོར་བསམ་གཉིས་ཀྱིས་རྩ་དབུ་མའི་ལམ་སྦྱངས་ནས་སྲོག་རྩོལ་གྱིས་རྩ་དབུ་མའི་ནང་དུ་རླུང་འཛུད་ཅིང་འཛིན་པས། ཚུད་པ་དེ་རྟེན་པར་བྱེད། རྗེས་དྲན་གྱི་དུས་སུ་རླུང་གི་མཐུས་སྤྱི་བོའི་བྱང་སེམས་ཞུ་ནས་མི་འགྱུར་བའི་བདེ་བ་སྐྱེ་ལ། དེ་ནས་ཏིང་ངེ་འཛིན་གྱི་ཡན་ ལག་ཐོབ་པ་ཡིན་ལ། མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་རྫོགས་མ་ཐག་ཏུ་འཚང་རྒྱ་བ་ཡིན་ནོ། །གསང་འདུས་འཕགས་ལུགས་པ་ནི། ངག་དབེན་རླུང་གི་རྡོར་བཟླས་མཐར་ཕྱིན་པར་བྱས་པའི་སྟོབས་ཀྱིས་སྤྱི་བོའི་བྱང་སེམས་ཞུ་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་ ལ། དགའ་བ་དེས་སྟོང་ཉིད་ཡུལ་དུ་བཟུང་ལ་བདེ་སྟོང་དབྱེར་མེད་ཟེར་བ་མ་གཏོགས་པ་དེ་ལ་བདེ་བས་རྒྱས་བཏབ་པའམ། བདེ་བ་ལ་སྟོང་པས་རྒྱས་བཏབ་པ་ལྟ་བུ་ནི། བདེ་སྟོང་དབྱེར་མེད་ཀྱི་དོན་མ་ཡིན་ནོ། །དེ་ལ་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་བ་ལ་སྤྱི་བོའི་བྱང་སེམས་ ཞུ་དགོས་རྒྱུ་ཡིན། དེ་ཞུ་བལ་ལྟེ་བའི་དམར་ཆ་འབར་དགོས། དེ་རླུང་གིས་སྦར་དགོས་ལ། ཐིག་ལེ་དཀར་དམར་དང་རླུང་གནས་པའི་གཞི་རྩ་ཡིན་པས་རྫོགས་རིམ་གྱི་སྐབས་སུ་རྩ་རླུང་ཐིག་ལེ་རྣམས་ཞིབ་པར་འཆད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེ་ཡང་ དབུ་མ་མི་བསྐྱོད་པའི་རྩ་ཡིན་པས་ཁ་དོག་སྔོན་པོར་ཡོད་ལ། རོ་མ་འོད་དཔག་མེད་ཀྱི་རྩ་ཡིན་པས་ཁ་དོག་དམར་པོ་དང་། རྐྱང་མ་རྣམ་སྣང་གི་རྩ་ཡིན་པས་ཁ་དོག་དཀར་པོ་དང་། དེ་ཡང་སྤྱིར་བཏང་ངོ་། །དམིགས་བསལ་ལ་གཏུམ་མོ་འབར་བའི་ 12-14-52a མཐར་ཕྱིན་ན་ཚེ་འདི་ལ་འཚང་རྒྱ། དེ་གསུམ་མཐར་མ་ཕྱིན་པར་ཚེ་འདི་ལ་འཚང་རྒྱ་མི་ནུས་ན། ད་གཟོད་འཆི་བ་འོད་གསལ་ཟིན་པོའི་དོན་དུ་ད་ལྟ་གཉིད་འཐུག་དང་གཉིད་ཀྱི་སྟོད་ཉིད་བསྲེས་ནས་བསྒོམས། དེ་ལེགས་པོ་བྱུང་ན་ད་གཟོད་འཆི་ ཙ་ན་ཐ་མལ་གྱི་འཆི་བ་རང་འགའ་བར་མི་འགྲོ་བར་འོད་གསལ་བཟུང་ནས་འཆི་བ་ཆོས་སྐུར་འཁྱེར་ཐུབ་ལ། ད་གཟོད་བར་དོ་ཟིན་པའི་དོན་དུ་ད་ལྟ་རྨི་ལམ་གྱི་མན་ངག་སྦྱངས་ཏེ་རྨི་ལམ་བཟུང་དེ་ཟིན་པའི་ཚེ་བར་དེའི་མན་ངག་དང་བསྲེས་ནས་བསྒོམས་པས། དེས་ བར་དོ་ཟིན་ཏེ་ཐ་མལ་གྱི་བར་དོར་ང་འགའ་བར་མི་འཆར་བར་ལོངས་སྐུར་འཁྱེར་ཤེས་པའམ་དེ་དུས་ཕན་ཐོགས་པ་ཡིན་ནོ། །ད་ལྟ་བསྐྱེད་རིམ་ལ་སྦྱངས་པས་བར་དོར་སྣང་བ་ཐམས་ཅད་ལྷ་སྐུར་ཤར་ནས་དེའི་གནད་ཀྱིས་ཆགས་སྡང་ཁེགས་ཏེ་མངལ་སྐྱེས་ལྟ་ བུའི་སྐྱེ་སྒོ་ཁེགས་ནས་སྐྱེ་གནས་སུ་སྐྱེ་བ་མི་ལེན་བར། བར་དོའི་རྟེན་དེ་ལ་ལམ་ལྷག་མ་བསྒོམས་ཏེ་འཚང་རྒྱ་བ་ཡིན་ལ། བར་དོར་འཚང་རྒྱ་མི་ནུས་པར་སྐྱེ་གནས་གང་རུང་ཞིག་ཏུ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་དགོས་པ་དེའི་ནི། འཕོ་བ་དང་གྲོང་འཇུག་གི་ གདམས་ངག་བསྒོམས་པ་ཡིན་ལ། འདི་ནི་རྒྱུད་ཀྱཻ་རྡོ་རྗེ་སོགས་ཀྱི་དགོངས་པ་ཡིན་ཞེས་མར་པ་ནས་བརྒྱུད་པ་རྣམས་གསུང་ངོ་། འདི་ནི་གདམས་པ་ཕན་ཆེ་བ་གཅིག་སྣང་བ་ལྷ་སྐུར་ཤར་བས་མངལ་སྐྱེས་ཁེགས་དུ་ཆུག་ཀྱང་། སྐྱེ་གནས་གཞན་གསུམ་ལ་ཨེ་ཁེགས་ཡིན་གསུང་། དེ་ཡང་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་གྱི་གནད་གཙོ་བོ་ནི། སྤྱི་བོའི་བྱང་སེམས་ཞུ་བ་ལས་བྱུང་བའི་ལྷན་སྐྱེས་ཀྱི་དགའ་བ་དང་། སྟོང་ཉིད་གཉིས་དབྱེར་མེད་ཀྱི་ཏིང་ངེ་འཛིན་ཡིན་པར་བྲམ་ཟེ། 12-14-52b ཆེན་པོ་སར་ཧ་ལ་སོགས་པ་རྒྱ་གར་གྱི་མཁས་གྲུབ་ཁུངས་མ་ཐམས་ཅད་ཞལ་མཐུན་ལ་སྤྱི་བོའི་བྱང་སེམས་ཞུ་བའི་ཐབས་སུ། རླུང་སྦྱོར་དང་མི་དམིགས་སོགས་མང་དུ་གསུངས་ཀྱང་། དེ་ཐམས་ཅད་ཀྱང་གཏུམ་མོར་འདུ་བ་ཡིན་ནོ། །དེ་ཡང་སྦྱོར་དྲུག་པའི་ལུགས་ཀྱི་ ནི་སོར་བསམ་གཉིས་ཀྱིས་རྩ་དབུ་མའི་ལམ་སྦྱངས་ནས་སྲོག་རྩོལ་གྱིས་རྩ་དབུ་མའི་ནང་དུ་རླུང་འཇུད་ཅིང་འཛིན་པས། ཚུད་པ་བརྟན་པར་བྱེད། རྗེས་དྲན་གྱི་དུས་སུ་རླུང་གི་མཐུས་སྤྱི་བོའི་བྱང་སེམས་ཞུ་ནས་མི་འགྱུར་བའི་བདེ་བ་སྐྱེ་ལ། དེ་ནས་ཏིང་ངེ་འཛིན་གྱི་ཡན་ ལག་ཐོབ་པ་ཡིན་ལ། མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་རྫོགས་མ་ཐག་ཏུ་འཚང་རྒྱ་བ་ཡིན་ནོ། གསང་འདུས་འཕགས་ལུགས་པ་ནི། ངག་དཔེན་རླུང་གི་རྡོར་བཟླས་མཐར་ཕྱིན་པར་བྱས་པའི་སྟོབས་ཀྱིས་སྤྱི་བོའི་བྱང་སེམས་ཞུ་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་ ལ། དགའ་དས་སྟོང་ཉིད་ཡུལ་དུ་བཟུང་ལ་བདེ་སྟོང་དབྱེར་མེད་ཟེར་བ་མ་གཏོགས་པ་དེ་ལ་བདེ་བས་རྒྱས་བཏབ་པའམ། བདེ་བ་ལ་སྟོང་པས་རྒྱས་བཏབ་པ་ལྟ་བུ་ནི། བདེ་སྟོང་དབྱེར་མེད་ཀྱི་དོན་མ་ཡིན་ནོ། །དེ་ལ་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་བ་ལ་སྤྱི་བོའི་བྱད་སེམས་ ཞུ་དགོས་རྒྱུ་ཡིན། དེ་ཞུ་བ་ལ་ལྟེ་བའི་དམར་ཆ་འབར་དགོས། དེ་རླུང་གིས་སྦར་དགོས་ལ། ཐིག་ལེ་དཀར་དམར་དང་རླུང་གནས་པའི་གཞི་རྩ་ཡིན་པས་རྫོགས་རིམ་གྱི་སྐབས་སུ་རྩ་རླུང་ཐིག་ལེ་རྣམས་ཞིབ་པར་འཆད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། དེ་ཡང་ དབུ་མས་མི་བསྐྱོད་པའི་རྩ་ཡིན་པས་ཁ་དོག་སྔོན་པོར་ཡོད་ལ། རོ་མ་འདོ་དཔག་མད་ཀྱི་རྩ་ཡིན་པས་ཁ་དོག་དམར་པོ་དང་། རྐྱང་མ་རྣམ་སྣང་གི་རྩ་ཡིན་པས་ཁ་དོག་དཀར་པོ་དང་། དེ་ཡང་སྤྱིར་བཏང་ངོ་། །དམིགས་བསལ་ལ་གཏུམ་མོ་འབར་བའི་ 12-14-53a པའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཨོཾ་དམར་པོ་མགོ་གྱེན་ལ་བསྟན་པ། སྤྱི་བོའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཧཾ་དཀར་པོ་མགོ་འཐུར་དུ་བལྟ་བ་རྣམས་བསྒོམས་གཙོ་ཆེར་ནི་ལྟེ་བའི་ཨ་ཐུང་ལ་སེམས་འཛིན་པ་ཡིན་ནོ། །ཡི་གེ་གཞན་ གསུམ་ལའང་ཅུང་ཟད་སེམས་འཛིན་པ་ཡིན་ལ། གོང་གི་རྩ་ཡི་ཁ་དོག་བཤད་པ་དེ་རྣམས་ནི་འདབ་མ་རྣམས་ཀྱི་ཁ་དོག་ཡིན་ནོ། །དེའང་། བསྒོམ་པའི་སྐབས་སུ་རྩ་མདུད་དེ་དག་ཅུང་ཟད་གྲོལ་བའམ་ལྷོད་དེ་སོང་བར་བསམས་ནས། རྩ་མདུད་དེ་དག་གི་ནང་དུ་ཡི་ གེ་དེ་རྣམས་བསྒོམ་པ་ཡིན་ནོ། །རྩ་འཁོར་བཞི་པོ་དེ་དག་ཀྱང་བསྡུ་ན་ཨེ་ཝཾ་གྱི་རྩ་གཉིས་སུ་འདུ་ལ། དེ་ཡང་ཨེ་ལ་གཉིས་ལས་ཐབས་ཀྱི་རྩ་ནི་སྤྱི་བོའི་རྩ། ཤེས་རབ་ཀྱི་རྩ་ནི་ལྟེ་བའི་རྩ་འཁོར་ཡིན་ཞིང་། དེ་གཉིས་ཀྱང་དབྱིབས་གྲུ་གསུམ་གྱི་རྣམ་པར་ཡོད་ དོ། །ཝཾ་གྱི་རྩ་ལ་གཉིས་ལས་ཐབས་ཀྱི་རྩ་ནི་མགྲིན་པའི་རྩ་དང་། ཤེས་རབ་ཀྱི་རྩ་ནི་སྙིང་ཁའི་རྩ་འཁོར་ཡིན་ཞིང་། དེ་གཉིས་ཀྱི་དབྱིབས་གདུགས་ལྟར་ཡོད་དོ། །རྩ་འདབ་དེ་དག་ལ་ཡི་གེ་འགོད་ཚུལ་ནི། རྒྱས་པ་བློས་མི་ལྕོགས་ན་གོང་དུ་བཤད་པ་ལྟར་ རྩ་འཁོར་བཞི་པོ་དེའི་ལྟེ་བ་ལ་ཡི་གེ་བཞི་འགོད་ལ། རྒྱས་པ་བློས་ལྕོགས་ན་ལྟེ་བའི་རྩ་འདབ་བརྒྱད་ལ་སྡེ་ཚན་བརྒྱད་ཀྱི་ཡི་གེ་རྣམས་འགོད་པ་ཡིན་ཏེ། སྤྱིར་ལྟེ་བ་ལ་རྩ་མདུད་ཀྱི་ཕྱི་རོལ་ལ་ཡང་རྩ་འདབ་མ་བཞི། དེའི་ཕྱི་ རོལ་ཏུ་རྩ་འདབ་བརྒྱད། དེའི་ཕྱི་རོལ་ཏུ་དུས་འཁོར་བའི་ལུགས་ཀྱི་རྩ་འདབ་མ་བཅུ་གཉིས་རྒྱུད་གཞན་གྱི་ལུགས་ཀྱི་བཅུ་དྲུག །དེའི་ཕྱི་རོལ་ཏུ་འདབ་མ་རེ་བཞི་རྣམས་ཡོད་པ་ལས། འདབ་མ་གཞན་དང་རོ་རྐྱང་གཉིས་བཏང་སྙོམས་སུ་བཞག་ལ། ལྟེ་བའི་འདབ་མ་བརྒྱད་བྱས་ལ། བརྒྱད་པོ 12-14-53b དེ་དག་ཀྱང་རྩ་དབུ་མ་ལ་ཟུག་པར་བསྒོམས་ལ། འདབ་མ་རྣམས་ལ་ཡི་གེ་འགོད་པའི་ཚེ། སྐབས་གང་དུ་ཡང་གཡས་སྐོར་དང་། ཕྱོགས་ཀྱི་དང་པོ་ཤར་དང་། མཚམས་ཀྱི་དང་པོ་བྱང་ཤར་དུ་བྱེད་པ་སྐབས་འདིར་ཤེས་དགོས་ཤིང་། དེ་ཡང་ཕྱོགས་ཀྱི་ཡི་གེ་ རྣམས་སྔོན་དུ་དང་། མཚམས་ཀྱི་ཡི་གེ་རྣམས་རྟིང་ལ་འགོད་དགོས་སོ། །དེ་ཡང་ལྟེ་བའི་ཤར་ལྷོ། །ནུབ་བྱང་བཞི་ལ་རིམ་པ་ལྟར། ཨའི་སྡེ་ཚན་དབྱངས་བཅུ་དྲུག་དང་། ཀ་སྡེ་དང་། ཙ་སྡེ་དང་། ཏ་སྡེ་རྣམས་བཀོད་ནས། བྱང་ཤར། ཤར་ལྷོ། ལྷོ་ནུབ། ནུབ་བྱང་། སྟེང་མཚམས་ བཞི་ལ་རིམ་པ་ལྟར། ཏ་སྡེ། པ་སྡེ། ཤ་སྡེ་རྣམས་འགོད། སྡེ་ཚན་དེ་རྣམས་ཞིབ་པར་འགོད་མི་ནུས་ན་ཕྱོགས་བཞི་དང་མཚམས་བཞི་ལ་རིམ་པ་ལྟར་ཨ་དང་ཀ་སོགས་སྡེ་ཚན་གྱི་ཡི་གེ་དང་པོ་འགོད་དོ། །སྙིང་ཁའི་རྩ་འདབ་བརྒྱད་ཀྱི་ཕྱོགས་བཞི་དང་མཚམས་བཞི་ལ་ རིམ་པ་ལྟར། ཨ་ཨི་ཨུ་ཨེ་རྣམས་དང་། ཡ་ར་ལ་ཝ་སྟེ། ཡི་གེ་ཐུང་ངུ་བརྒྱད་འགོད། མགྲིན་པའི་རྩ་འདབ་བཅུ་དྲུག་ལ། སྙིང་ཁའི་ཡི་གེ་རིང་ཆ་ཅན། ཤར་ནས་བརྩམས་ནས་ཕྱོགས་བཞི་དང་མཚམས་བཞི་ལ་རིམ་པར་འགོད། དེའང་དང་པོ་ཤར་གྱི་འདབ་ མ་ལ་འགོད་ཅིང་། ལྷག་མ་རྣམས་རྩ་འདབ་རེ་རེ་བར་སྐབས་སུ་བཞག་ནས་འགོད། སྤྱི་བོའི་རྩ་འདབ་སོ་གཉིས་ལ་དབྱངས་ཡིག་བཅུ་དྲུག་འགོད་ལ། དེའང་ཤར་ཙམ་ལ་ཨ་ལྟ་བུ་བཀོད་ནས་དེ་ནས་ལྷག་མ་རྣམས་རྩ་འདབ་རེ་རེ་བཞག་ནས་འགོད་པ་སྔར་དང་འདྲའོ། ། འདབ་མའི་རྩ་རྣམས་ཀྱི་ཡི་གེའི་ཁ་དོག་ནི། རང་གི་ལྟེ་བའི་ཡི་གེའི་ཁ་དོག་དང་འདྲ་ཞིང་། ཡི་གེ་ཐམས་ཅད་ཀྱང་ཟླ་ཕྱེད་ཐིག་ལེ་ནཱ་དང་བཅས་པ་ཡིན་ལ། དེ་དག་ཀྱང་བ་མོའི་བདུད་རྩི་འཛག་པའི་རྣམ་པ་ཅན་བསྒོམ་དགོས་པ་ཡིན་ནོ། །རྩ་མདུད་ནང་གི་ཡི་གེ་ 12-14-54a བསྒོམས་པའི་དགོས་པ་ནི། རྩ་མདུད་གྲོལ་བའི་ཆེད་ཡིན་ཞིང་། འདབ་མའི་ཡི་གེ་བསྒོམས་པའི་དགོས་པ་ནི། འདབ་མའི་རླུང་སེམས་དབུ་མར་འདུ་བའི་ཆེད་ཡིན་ནོ། །གསལ་བྱེད་ཀྱི་ཡི་གེ་རྣམས་འགོད་པའི་དུས་སུ་ཀྵ་མི་འགོད་དོ། །མགོ་ འཕྲེང་ལྔ་བཅུའི་དག་པ་སྦྱོར་བའི་ཚེ་ཀྵ་དང་བཅས་པའི་གསལ་བྱེད་སོ་བཞི་དབྱངས་བཅུ་དྲུག་དང་སྦྱོར་བ་ཡིན་ནོ། །རྩ་ནང་ན་དབྱངས་རྣམས་ཁ་གྱེན་བལྟ། གསལ་བྱེད་རྣམས་ཁ་འཐུར་བསྟན་དུ་བཤད་པ་ནི། རོ་རྐྱང་དབུ་མ་གསུམ་གྱི་ནང་གི་ཡི་གེ་ཡིན་གྱི། འདབ་མའི་ཡི་ གེ་མ་ཡིན་ནོ། །འདབ་མ་རྣམས་ལ་ཡི་གེ་འགོད་ཚུལ་ནི། ཤར་གྱི་འདབ་མ་ལྟ་བུའི་དབང་དུ་བྱས་ན། ཤར་གྱི་འདབ་མའི་ཕྱི་ཕྱོགས་ནས་རིམ་པ་ལྟར་ཡོད། དེ་ཡང་ཕྱིའི་ཐ་མ་ན་ཨ་ཡོད་ལ། དེའི་མདུན་ན་ཨ་རིང་ཆ་ཅན། དེས་དབྱངས་ཡིག་གཞན་རྣམས་འགོད་ ཚུལ་རིགས་འགྲེ། འདབ་མ་གཞན་རྣམས་ལ་ཀ་སྡེ་སོགས་སྡེ་ཚན་གཞན་གྱི་ཡི་གེ་རྣམས་ཀྱང་ཕྱི་ནང་ལ་རིམ་པ་ལྟར་འགོད་ཡོད་པ་ཡིན་ནོ། །དེ་ཡང་ཡི་གེ་ལང་བའི་རྣམ་པ་ཅན་གདོང་ལྟེ་བའི་ཡི་གེ་ལ་བསྟན་པའི་ཚུལ་གྱིས་འགོད་དགོས་སོ། །འདབ་མའི་ཡི་གེ་རྣམས་ ལ་ཟླ་གདན་མ་བཤད་པས་མི་དགོས་ཤིང་། ཡི་གེ་རྣམས་གཙོ་ཆེ་ཆུང་མ་གཏོགས་དབྱངས་གསལ་འདྲེས་མ་ཡིན་ལ། དབྱངས་རྣམས་ཀྱི་ཟླ་ཕྱེད་ཐིག་ལེ་ནཱ་ད་རྣམས་གསལ་བྱེད་ཡིན་ནོ། །དེ་ཡང་ལྟེ་བའི་ཡི་གེ་རྣམས་ཀྱི་དབང་དུ་བྱས་ན། དབུས་ཀྱི་ཨ་ནི་ དབྱངས་ཤས་ཆེ་ཞིང་གསལ་བྱེད་ཤས་ཆུང་། ཤར་གྱི་འདབ་མ་མ་གཏོགས་ཕྱོགས་ཀྱི་འདབ་མ་རྣམས་ལ་དབྱངས་ཡིག་མེད་པས། འདབ་མ་རྣམས་དབྱངས་ཡིག་ཤས་ཆུང་གསལ་བྱེད་ཤས་ཆེའོ། །སྙིང་ཁའི་རྩ་མདུད་ཀྱི་དབུས་ཀྱི་ཧཱུཾ་ཡིག་ཀྱང་གསལ་བྱེད་ 12-14-54b ཤས་ཆེའོ། །མགྲིན་པའི་རྩ་འདབ་ཀྱི་དབུས་ཀྱི་ཨོཾ་ནི་དབྱངས་ཤས་ཆེ་ཞིང་། དེ་གཉིས་ཀྱི་འདབ་མའི་ཡི་གེ་རྣམས་ནི་དབྱངས་གསལ་ཆ་སྙམ་པའོ། །སྤྱི་བོའི་རྩ་འདབ་ཀྱི་དབུས་ཀྱི་ཧཾ་ནི་གསལ་བྱེད་ཤས་ཆེའོ། །དེའི་འདབ་མའི་ཡི་གེ་རྣམས་ནི་དབྱངས་ཤས་ཆེ་བ་ཡིན་ནོ། །དེ་ཡང་ དབྱངས་རྣམས་ཀྱིས་བྱང་སེམས་དཀར་པོ་དང་། གསལ་བྱེད་རྣམས་ཀྱིས་བྱང་སེམས་དམར་པོ་མཚོན་ནོ། །འདབ་མའི་ཡི་གེ་རྣམས་གསལ་བཏབ་ནས་དེ་ལ་སེམས་ཟིན་ན་ལེགས་ལ། མ་ཟིན་ཀྱང་འཁོར་ལོ་བཞིའི་དབུས་ཀྱི་ཡི་གེ་བཞི་པོ་ཤིན་ཏུ་ཕྲ་བ་ཡུངས་ཀར་འབྲིང་ པོའི་ཚད་ཙམ་ལ་ཟིན་ནས་གནས་ཆ་ཅུང་ཟད་རྙེད་ན་དེས་ཆོག་པས་དེ་རྙེད་རྙེད་དུ་བསྒོམ་དགོས་ལ། ཡི་གེའི་གསལ་སྣང་ཤར་ནས་དམིགས་པ་སྤོར་ན་གསུང་། དེ་རྙེད་ན་ཐིག་ལེ་ལ་དམིགས་པ་སྤོ་དགོས་པ་ཡིན་ཏེ། ཡི་གེ་ཕྲ་མོ་བསྒོམ་པ་ནི་ཐིག་ལེའི་དམིགས་རྟེན་རྙེད་ པའི་ཆེད་ཡིན་པའི་ཕྱིར་རོ། །ཐིག་ལེ་ལ་སེམས་འཛིན་པའི་དུས་སུ་འདི་ལྟར་བྱ་སྟེ། སྔར་གྱི་དམིགས་པ་རྣམས་རིམ་པ་ལྟར་གསལ་བཏབ་ལ། དེ་ནས་སུམ་མདོ་ནས་ལས་ཀྱི་རླུང་གཡོས་པས་ལྟེ་བའི་ཨཾ་ལས་མེ་སྦར་ཏེ། སྤྱི་བོའི་འཁོར་ལོའི་བར་དུ་རྩ་དབུ་མའི་ ནང་ན་ཡར་སོང་སྟེ། མེ་དེའི་འོད་ཀྱིས་སྤྱི་བོའི་རྩ་འདབ་ཀྱི་ཡི་གེ་རྣམས་ཞུ་ནས། འཁོར་ལོའི་ལྟེ་བའི་འདུས་ཤིང་། ཧཾ་ཡང་ཞུ་ནས་ཐིག་ལེར་གྱུར་པ་དེ་རིམ་གྱིས་མགྲིན་པར་བབས་ནས། དེའི་འོད་ཀྱིས་མགྲིན་པའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་ལ། ཡང་ མགྲིན་པ་ནས་བབས་ནས་སྙིང་ཁར་སླེབ་པ་ན། དེའི་འོད་ཀྱིས་སྙིང་ཁའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་ལ། ཡང་དེ་སྙིང་ཁ་ནས་བབས་ནས་ལྟེ་བར་སླེབ་པ་ན། དེའི་འོད་ཀྱིས་ལྟེ་བའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་ཉིད་ལ་ཐིམ་པར་བསམས་ལ། 12-14-55a དམིགས་པ་འཛིན་པའི་ཚེ་ཐིག་ལ་དེ་ཉིད་སེམས་དང་ཐིག་ལེ་རླུང་གསུམ་འདུས་པ་ཡིན་སྙམ་པའི་མོས་པ་སྔོན་དུ་བཏང་ཞིང་། བདེ་སྟོང་དབྱེར་མེད་དེའི་ངོ་བོ་ཡིན་སྙམ་དུ་བསམས་ནས་ལྟེ་བའི་རྩ་མདུད་ནང་དུ་ཐིག་ལེ་དཀར་ལ་ དམར་བའི་མདངས་ཆགས་པ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་སེམས་འཛིན་ནོ། །དམིགས་རྟེན་འཆར་བཞིན་དུ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་སེམས་འཛིན་གྱི། དེ་བས་ཆེ་བ་དང་ཆུང་བ་གང་ལ་ཡང་སེམས་མི་འཛིན་ནོ། །དམིགས་རྟེན་ཕྲ་མོ་ ཤར་ནས་དེ་ལ་སེམས་ཅུང་ཟད་ཟིན་པའི་ཚེ། དམིགས་པ་འདི་བསྣན་ནས་བསྒོམ་པ་ཡིན་ཏེ། དེ་ཡང་རང་སེམས་ཐིག་ལེ་ཕྲ་མོའི་ནང་དུ་ཐིམ་པའི་མོས་པ་བྱས་ནས་ཐིག་ལེ་དེ་ཉིད་ལ་སེམས་འཛིན། དེ་ལྟར་བསྒོམས་པས་རང་གི་སེམས་དང་ཐིག་ ལེ་གཉིས་ཀྱི་བར་ན་གཉིས་སྣང་ཕྲ་མོ་ཡང་མེད་པར་སེམས་ཐིག་ལེ་ལ་ཐིམ་པའི་ཉམས་ཤར་བའི་ཚེ། ཐིག་ལེ་ལ་དམིགས་པའི་དགོས་པ་གྲུབ་པས། དམིགས་པ་སྤོ་རན་པ་ཡིན་ནོ། །ཡང་དེའི་རྗེས་སུ་དམིགས་པ་གོང་མ་རྣམས་བསྒོམས་པས་ སེམས་ཐིག་ལེ་ལ་ཐིམ་པའི་ཉམས་མ་ཤར་ཡང་གོང་གི་དམིགས་པ་རྣམས་བསྒོམས་པའི་རྗེས་སུ་ཐིག་ལེ་ལ་སེམས་འཛིན་པའི་དུས་སུ། གསུམ་གཉིས་སམ་ཕྱེད་ཙམ་དུ་ཐུན་རེ་རེ་ལྟར་རླུང་ལ་དམིགས་ནས་བསྒོམ་པ་ཡིན་ལ། དེའི་ཚུལ་ནི་རང་ གི་གཞོགས་གཡས་གཡོན་དང་། སྟེང་འོག་གི་རླུང་རྣམས་ལྟེ་བའི་འོག་གི་སུམ་མདོར་བསྡུས་ནས། འདུས་མ་ཐག་ཏུ་རླུང་དེ་དབུ་མའི་ནང་དུ་སླེབ་ཙམ་ནས་མེ་ལོང་ལ་ཧ་བཏབ་པ་བཞིན་དུ་ཡལ་བའི་དམིགས་པ་ཡང་ཡང་བྱའོ། །དེ་ལྟར་བསྒོམ་ 12-14-55b པའི་དགོས་པ་ནི་རྩ་ལམ་སྦྱོང་བ་དང་རླུང་ལ་བརྟེན་པའི་གེགས་རྣམས་མི་འབྱུང་ཞིང་། མཉམ་གཞག་གི་དུས་སུ་སྣ་བུག་ཏུ་རྒྱུ་བའི་རླུང་འདི་འགགས་ནས་འགྲོ་སྟེ། དེ་འགགས་ཚུལ་ནི་དང་པོར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ། དབུགས་གཉིས་ གསུམ་རྒྱུ་བའི་རྒྱུན་ཙམ་དུ་རླུང་སྣ་སྒོར་མི་རྒྱུ་བ་ཡིན་ལ། དེ་ནས་གོམས་པ་ཆེར་སོང་ནས་རླུང་སྣ་སྒོར་མི་རྒྱུ་བའི་ཡུན་དེ་རིང་དུ་འགྲོ་བས། ད་གཟོད་སྔ་དྲོ་རེ་ཙམ་རླུང་སྣ་སྒོར་མི་རྒྱུ་བ་འབྱུང་ངོ་། །དེ་ཡང་དང་པོར་རླུང་འགགས་པའི་ཚེ། སྣ་བུག་གི་རླུང་ལོག་ ནས་རླུང་གིས་གྲོད་པ་ཁོངས་པའི་སྣང་བ་འབྱུང་ལ། དེ་ནས་གྲོང་པ་གང་བའི་སྣང་བ་ལོག་ནས་སྣ་སྒོར་རླུང་བརྒྱུས་ན། འགགས་ཚུལ་རྣལ་མ་མ་ཡིན་ལ། གྲོད་པའི་ནང་གི་རླུང་དེ་མེ་ལོང་ལ་ཧ་བཏབ་པ་ལྟར་ཡལ་ནས་ཡང་ད་དུང་སྣ་སྒོ་ནས་མི་རྒྱུ་ན་རླུང་དབུ་མར་ ཚུད་པ་ཡིན་ནོ། །རླུང་དེ་རྩ་བའི་རླུང་ལྔའི་ནང་ནས་ཐུར་སེལ་གྱི་རླུང་ཡིན་ལ། དེ་ལ་གསར་རྙིང་གཉིས་ཡོད་པ་ལས། རྙིང་པ་རྣམས་ཡལ་ནས་འགྲོ་བས་དབུ་མའི་ནང་དུ་མི་འགྲོ་ཞིང་། རླུང་སྣ་སྒོར་རྒྱུ་བ་ལོག་པ་དང་དུས་མཉམ་དུ་ལྟེ་བའི་འོག་གི་རྩ་དབུ་མའི་སྦུབས་ཁ་ ཕྱེ་བ་དང་དུས་མཉམ་དུ་འོང་ཞིང་རྩ་ཁ་བྱེ་བ་དེའི་ནང་ནས་ཐུར་སེལ་གྱི་རླུང་གསར་པ་སྐྱེས་ནས། དེས་ལྟེ་བའི་མེ་སྦར། མེ་དེས་སྤྱི་བོའི་བྱང་སེམས་ཞུ་བ་ཡིན་ནོ། །རླུང་དེ་ཡི་དབྱིབས་ནི་གཞུ་ཡི་དབྱིབས་ལྟ་བུར་ཡོད་དོ། །དེ་ལྟར་རྩ་རླུང་ཐིག་ལེའི་བཤད་པ་མང་དུ་ བྱས་ཀྱང་མཐར་གཏུགས་ནི་ཏིང་ངེ་འཛིན་གྱི་མཐུས་སྟེང་གི་སྣ་སྒོར་རྒྱུ་བའི་རླུང་ལོག་ནས་དེ་མ་ཐག་ཏུ་ལྟེ་བའི་འོག་གི་རྩ་དབུ་མའི་ཁ་བྱེ་ནས་དེའི་ནང་དུ་རླུང་གསར་བ་སྐྱེས་ཏེ། རྩ་དབུ་མའི་ནང་གི་རླུང་དེས་རྩ་དབུ་མའི་ནང་གི་ལྟེ་བའི་མེ་སྦར་བའམ། ལྟེ་བའི་ཁྲག་ 12-14-56a འཕེལ་ནས་སྤྱི་གཙུག་གི་བར་དུ་སོང་བས་རྩ་དབུ་མའི་ནང་གི་སྤྱི་བོའི་བྱང་སེམས་ཞུ་ནས་འཁོར་ལོའི་གནས་རྣམས་སུ་བབས་པས། རིམ་པ་ལྟར་དགའ་བཞིའི་རྟོག་པ་རྒྱུད་ནས་བཤད་པ་ལྟར་སྐྱེ་བ་ཡིན་པས་རྩ་གཞན་གྱི་ནང་གི་ཁྲག་ འཕེལ་ནས། རྩ་གཞན་གྱི་བྱང་སེམས་ཞུ་བའི་ཞུ་བདེ་སྐྱེ་བ་ཡོད་མོད། འདིར་རྩ་དབུ་མའི་ནང་གི་རླུང་གིས་མེ་སྦར། དེས་སྤྱི་བོའི་བྱང་སེམས་ཞུ་བ་དགོས་པ་ཡིན་ནོ། །དེས་ན་རྒྱུད་ཕལ་ཆེར་བར་སྣ་སྒོའི་རླུང་རྒྱུ་བ་ལོག་མ་ཐག་ཏུ་རྩ་དབུ་མའི་ནང་དུ་རླུང་སོང་ནས་ དེས་མེ་སྦར་བ་ཡན་མཐུན་ལ། སྣ་སྒོའི་རླུང་རྒྱུ་བ་ལོག་པའི་སྐབས་སུ། དུས་འཁོར་བས་གཙོ་བོར་བུམ་པ་ཅན་བསྒོམ། གསང་འདུས་པས་རྡོར་བཟླས་བྱེད། བདེ་དགྱེས་རྣམས་ཀྱིས་ཡི་གེ་དང་ཐིག་ལེ་དང་མེ་ལ་སེམས་འཛིན་པ་སོགས་གོང་དུ་བཤད་ པ་འདི་རྣམས་བྱེད་དོ། །སྣ་སྒོའི་རླུང་རྒྱུ་བ་ལོག་པ་ནི་རྩ་དབུ་མའི་ནང་དུ་རླུང་སོང་ནས་ལྟེ་བའི་མེ་འབར་བའི་ཡིན་ལ། སྣ་སྒོར་རླུང་རྒྱུ་བའི་ཚེ། ལྟེ་བའི་མེ་འབར་བའི་འཕྲོ་ཆོད་པའི་རྟགས་ཡིན་ནོ། །དེ་ནས་དམིགས་པ་སྔ་མ་རྣམས་བརྟན་པ་ན་འདི་ལྟར་ བསྒོམ་པར་བྱ་སྟེ། གོང་གི་དམིགས་པ་ཐུན་རེ་རེ་མ་ཆག་པར་བསྐྱངས་པའི་ངང་ནས་དམིགས་པ་དེ་དག་གི་མཐུས་སྣ་སྒོར་རླུང་རྒྱུ་བ་འགགས་པའི་མོས་པ་བྱས་ལ་སུམ་མདོ་ནས་རྩ་དབུ་མའི་ནང་གི་རླུང་གཡོས་པའི་མཐུས། ཤེལ་གྱི་གོང་བུའི་ ནང་ནས་མེ་ཕྲ་མོ་འབར་བ་ལྟར། ཐིག་ལེ་ལས་མེའི་འོད་ཟེར་གྱི་རེ་ཁ་ཕྲ་མོ་ཁ་དོག་དམར་སེར་རེག་བྱ་ཤིན་ཏུ་ཚ་བ་ཚད་སོར་གཉིས་ནས་སོར་བཞིའི་བར་གང་མནོས་བྱས་ལ། མེ་ཁྱད་པར་ཅན་དེ་ལྟ་བུ་དང་ལྡན་པ་སྐྱེས་པའི་དམིགས་པ་བྱས་ཏེ། 12-14-56b སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་པ་ཡིན་ནོ། །དེ་ཅུང་ཟད་བརྟན་པ་ན་ལྟེ་བའི་མེ་ཕྲ་མོ་དེ་སྤྱི་བོའི་བར་དུ་སོང་བའི་དམིགས་པ་བྱས་ལ། མེ་དེས་སྤྱི་བོའི་བྱང་སེམས་ཞུ་ནས་རྩ་དབུ་མའི་ནང་འཁོར་ལོ་རྣམས་ཀྱི་ལྟེ་བར་རིམ་པ་ལྟར་བབས་ནས་ལྟེ་བའི་རྩ་ འཁོར་གྱི་དབུས་ཀྱི་སྔར་གྱི་ཐིག་ལེ་ལ་ཐིམ་པའི་མོས་པ་བྱས་ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། །དེ་ཅུང་ཟད་བརྟན་པ་ན་ཡར་འགྲོ་བའི་མེ་དེ་ཅུང་ཟད་རེ་སྦོམ་དུ་འགྲོ་བའི་དམིགས་པ་བྱེད་དོ། །ཡང་དེའི་སྐབས་སུ་མར་མེ་གཅིག་གིས་མཛོད་ དུ་མ་སྣང་བར་བྱེད་པ་ལྟར་ལྟེ་བའི་མེ་དེ་རྩ་འཁོར་རྣམས་ཀྱི་ལྟེ་བར་དེའི་འོད་ཀྱིས་རྩ་འདབ་རྣམས་ཀྱི་ནང་གསལ་བའི་དམིགས་པ་བྱེད་ཅིང་། བློ་ཡིས་ལྕོགས་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་མེའི་འོད་ཀྱིས་གསལ་བར་བྱས་པའི་དམིགས་པ་ཡང་ ཡང་དུ་བསྒོམ་མོ། །དེ་ལྟར་བསྒོམས་ན་ཉམས་སྣང་ལ་བརྟེན་ནས་ལྐོག་གྱུར་ཅི་རིགས་སུ་སྟོན་ཐུབ་པ་འབྱུང་ངོ་། །འོན་ཀྱང་མངོན་ཤེས་ནི་མིན་གསུངས། དེས་ན་དམིགས་པ་དེ་དག་བརྟན་པ་ན་འདི་ལྟར་དུ་བསྒོམ་པར་བྱ་སྟེ། རང་གི་ལྟེ་བའི་མེ་དེ་ཡར་ལ་སྤྱི་བོའི་ བར་དུ་སོང་། དེ་ནས་མར་སྨིན་མཚམས་བར་དུ་འོངས་ནས་འབྱུང་བའི་ལམ་རང་སྣ་བུག་གཡས་ནས་འཐོན་ཏེ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། ཉན་རང་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་ཀྱང་སངས་རྒྱས་སུ་གྱུར་པའི་མོས་པ་ བྱས་ལ། དེ་ནས་དེ་རྣམས་དང་སྔར་སངས་རྒྱས་ཟིན་པའི་སངས་རྒྱས་རྣམས་ཀྱིས་སྣ་བུག་གཡོན་ནས་མེ་དེ་སོང་བས་སྨིན་མཚམས་ནས་སྤྱི་བོའི་བར་དུ་མེ་དེ་སླེབ་ནས། དེ་ནས་མར་མགྲིན་པ་དང་སྙིང་ཁ་དང་ལྟེ་བའི་བར་དུ་སོང་སྟེ། ལྟེ་བ་ནས་ཐིག་ལེ་ 12-14-57a དཀར་པོ་དྲངས་ཏེ། སྤྱི་བོའི་བར་དུ་ཡར་བྱུང་། དེ་ནས་མར་སྨིན་མཚམས་བར་དུ་འོངས་ཏེ། སྣ་བུག་གཡས་ནས་འཐོན་ནས་རང་གི་འཇུག་པའི་སྣ་བུག་གཡོན་ནས་ཞུགས་ཏེ། སྨིན་མཚམས་ནས་སྤྱི་བོའི་བར་དུ་སོང་། དེ་ནས་མར་ལྟེ་བའི་ བར་དུ་བབས་པས་སྔར་མེས་གདུངས་པའི་རྩ་རྣམས་གསོས་ཏེ། སྔར་གྱི་རྩ་མདུད་གྱི་ཐིག་ལེ་ལ་ཐིམ་པའི་མོས་པ་ཡང་ཡང་བྱ་ལ། ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། །མདོར་ན་གོང་དུ་བཤད་པའི་དམིགས་པ་ཟིན་པའི་རྟགས་དེ་དག་ བྱུང་ན་རབ་ལགས། མ་བྱུང་ནའང་དམིགས་པ་སྔ་མ་སྔ་མ་ཅུང་ཟད་བརྟན་པ་ན། དམིགས་པ་རྟིང་མ་ཕོག་ལ་དམིགས་པ་རྣམས་འདྲིལ་བའི་ཚེ་རང་རང་གི་རྟགས་མ་རྫོགས་ཀྱི་བར་དུ་རྒྱུན་བསྲིངས་ནས་ཉི་མ་རེ་རེ་ཞིང་བསྐྱེད་རིམ་གྱི་ཐུན་བཞིའི་ཐ་མ་བསྒོམ་ པ་ཡིན་ནོ། །དེ་ལྟར་བསྒོམས་པས་ལྟེ་བའི་མེ་འབར་ཏེ། སྤྱི་བོའི་བྱང་སེམས་ཞུ་བའི་ཚེ། གོམས་པ་རབ་ཏུ་གྱུར་པའི་ཚེ། སྤྱི་བོའི་བྱང་སེམས་ཞུ་བ་དེ་ཉིད་ཀྱིས་ལྟེ་བའི་མེ་འབར་བའི་རྐྱེན་བྱས་ནས། དེ་ནས་མེ་དམིགས་སོགས་ལ་ལྟོས་མི་དགོས་པར་ འབར་འཛག་འཁོར་མར་འབྱུང་བ་ཡིན་ནོ། །སྤྱི་བོའི་བྱང་སེམས་ཆུ་ཁམས་ཡིན་པས་ལྟེ་བའི་མེ་དང་གཉིས་གཅིག་གིས་གཅིག་འཕེལ་བའི་གྲོགས་བྱེད་པ་མི་འཐད་དོ་སྙམ་ན། ལྟེ་བའི་མེ་ཟེར་ཡང་ངོ་བོ་ཁྲག་ཡིན་པས། ལྟེ་བའི་དམར་ཆས་གཙོ་བོར་ དྲོད་བསྐྱེད་ཅིང་། སྤྱི་བོའི་དཀར་ཆས་གཙོ་བོར་བདེ་བ་བསྐྱེད་ལ། ཆུ་ཁམས་གཅིག་གིས་གཅིག་གི་གྲོགས་བྱེད་པ་མི་འགལ་ལོ། །དེས་ན་སྤྱི་བོའི་བྱང་སེམས་ལྟེ་བར་སླེབ་པའི་ཚེ་བསིལ་བར་འགྱུར་ཞེས་བཤད་ཀྱང་། བསིལ་བའི་དོན་དྲོད་ཆུང་དུ་སོང་བ་ 12-14-57b ལ་བྱེད་ན་དོན་འགངས་ཆེན་འཕྱུག་པས། དེ་ལ་མི་བྱ་བར་བསིལ་བའི་དོན་སྤྱི་བོའི་བྱང་སེམས་ཀྱིས་ལྟེ་བའི་མེ་ཚིམ་པ་ལ་བྱའོ། །དམིགས་པ་དེ་དག་སྒོམས་པའི་འབྲས་བུ་དགའ་བཞི་ངོས་གཟུང་བ་ལ་གཉིས་ལས། རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་ རིམ་དང་བསྟུན་ནས་དགའ་བཞི་ངོས་གཟུང་བ་ནི། རྫོགས་རིམ་གྱི་ཡང་རེ་མཐོར་སླེབ་པའི་དགའ་བཞི་ངོས་འཛིན་ཚུལ་ཡིན་པས། རེ་ཞིག་འདིར་མི་འཆད་ལ། དེས་ན་འདིར་ནི་གནས་ཀྱི་སྒོ་ནས་དགའ་བཞི་ངོས་འཛིན་འཆད་པ་ཡིན་ཏེ། དེ་ཡང་བུམ་པ་ཅན་ དང་རྡོར་བཟླས་དང་ཐིག་ལེའི་རྣལ་འབྱོར་མེ་དམིགས་དང་བཅས་པ་གང་རུང་གི་མཐུས་རླུང་སྣ་སྒོ་ལ་རྒྱུ་བ་ལོག་ནས་ལུས་ཀྱི་ནང་གང་བ་ལྟ་བུའི་སྣང་བའི་ནང་གི་རླུང་མེ་ལོང་ལ་ཧ་བཏབ་པ་བཞིན་དུ་ཡལ་ཏེ་འགགས་པའི་མཐུས་སུམ་མདོའི་རླུང་གིས་ལྟེ་བའི་ མེ་སྦར་ཞིང་། སྤྱིར་བཏང་ལ་རགས་པ་ཙམ་བརྗོད་ཀྱང་ཞིབ་ཏུ་བཤད་པའི་རླུང་དེ་འགགས་པའི་མཐུས་རྡོ་རྗེའི་ནང་གི་དབུ་མ་ཞར་ལ་ཁ་བྱེ་ནས་སྦུབས་ཅན་དུ་བྱས་ལ། དེའི་ནང་ནས་སྐྱེས་པའི་ཐུར་སེལ་གྱི་རླུང་གསར་པ་སུམ་མདོར་སོང་སྟེ། ཀྵ་ཡིག་གིས་ མཚོན་པའི་མེ་སྦར་ཏེ། དེ་ཡི་དུས་སུ་རླུང་དེ་དང་མེ་འདྲེས་པ་ལ་ཐིམ་ཞེས་བཤད་དོ། །དེ་ནས་སུམ་མདོའི་མེ་དེས་ལྟེ་བའི་ཧཾ་ཡིག་གིས་མཚོན་པའི་མེ་སྦར་ནས་མེ་དེ་སྤྱི་བོའི་བར་དུ་སོང་བས་བྱང་སེམས་ཞུ་ནས་དཀར་ཆས་མགྲིན་པའི་འཁོར་ལོའི་དབུས་སུ་ སླེབ་པའི་བར་གྱི་དགའ་བ་ནི་དགའ་བ་བཞིའི་ནང་ནས་དགའ་བ་སྐྱེས་བ་ཡིན་ནོ། །དེ་ནས་མགྲིན་པའི་རྩ་འཁོར་གྱི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་སྟེ། སྙིང་ཁའི་འཁོར་ལོའི་དབུས་སུ་དཀར་ཆས་སླེབ་པའི་བར་ནི། མཆོག་དགའ་སྐྱེས་དུས་ཡིན་ 12-14-58a ནོ། །སྙིང་ཁའི་འཁོར་ལོའི་དབུས་ཀྱི་ལྟེ་བའི་མགོ་ཙམ་ནས་བཟུང་སྟེ། ལྟེ་བའི་འཁོར་ལོའི་དབུས་སུ་དཀར་ཆ་སླེབ་པའི་བར་ལ་ཁྱད་པར་གྱི་དགའ་བ་སྐྱེས་སོ། །ལྟེ་བའི་འཁོར་ལོའི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་སྟེ། རྡོ་རྗེ་ནོར་བུའི་དབུས་སུ་སླེབས་ཏེ་ཕྱིར་མ་འཕོས་ཀྱི་བར་ལ་ལྷན་སྐྱེས་ཀྱི་དགའ་བ་སྐྱེའོ། །ཟླ་བ་ལ་དཀར་ཆ་འཕེལ་བའི་ཆ་བཅོ་ལྔ། དཀར་ཆ་རྫོགས་ནས་ནག་ཆ་ལ་མ་སླེབ་ཀྱི་བར་ལ་ཆ་གཅིག་དང་བཅས་པས་ཆ་བཅུ་དྲུག་ཡོད་པ་དང་མཐུན་པར། སྤྱི་བོ་ ནས་ནོར་བུའི་རྩེའི་བར་གྱི་བྱང་སེམས་དཀར་པོ་ལ་ཆ་བཅུ་དྲུག་ཡོད་པས། བཅུ་དྲུག་པོ་དེ་ལ་བརྟེན་པའི་བདེ་བའམ་དགའ་བ་ཡང་བཅུ་དྲུག་ཡོད་དོ། །ཆ་བཅུ་དྲུག་ཡོད་ཚུལ་ནི། སྤྱི་བོ་ནས་མགྲིན་པའི་བར་ལ་ཆ་མཉམ་པ་བཞིར་བགོས་ནས་སྟེང་ནས་རིམ་པ་ ལྟར་བཞི་ཆ་རེ་རེའི་དུས་སུ་དགའ་བའི་དགའ་བ་སྐྱེ་ལ། འོག་མ་རྣམས་ལ་ཡང་ཆ་འགོད་ཚུལ་དགའ་བ་གཞན་གསུམ་གྱི་བསྐྱེད་ཚུལ་ཡང་དེས་རིགས་འགྲེའོ། །ཡང་ཉི་ཁྱིམ་བཅུ་གཉིས་ཀྱི་བགྲོད་པ་དང་མཐུན་པར་སྤྱི་བོ་ནས་མགྲིན་པའི་བར་དང་། མགྲིན་ པ་ནས་སྙིང་ཁའི་བར་དང་། སྙིང་ཁ་ནས་ལྟེ་བའི་བར་དང་། ལྟེ་བ་ནས་ནོར་བུའི་རྩེ་མོའི་བར་དེ་དག་ལ་ཆ་མཉམ་ཆ་གསུམ་གསུམ་དུ་བགོས་ནས། གནས་བཅུ་གཉིས་པོ་དེ་དག་ཏུ་རིམ་པ་ལྟར་དམར་ཆ་སླེབ་པ་ན། དམར་ཆ་བཅུ་གཉིས་ལ་བརྟེན་པའི་བདེ་ བའམ་དགའ་བ་བཅུ་གཉིས་སྐྱེའོ། །དགའ་བ་བཅུ་དྲུག་དང་། དགའ་བ་བཅུ་གཉིས་ཀྱི་ཁྱད་པར་རྣམས་ཉམས་མྱོང་གི་སྟེང་ནས་བྱེད་དགོས་གསུངས། ཡས་བབས་ཀྱི་དགའ་བའི་སྐབས་སུ། སྤྱི་བོ་ནས་བྱང་སེམས་དཀར་པོ་ནར་མར་འཛག་པའི་ངེས་པ་མེད་ 12-14-58b ཀྱང་སྤྱི་བོ་ནས་འོང་བའི་བྱང་སེམས་དེས་ཞར་ལ་རྩ་ནང་གི་བྱང་སེམས་གཞན་རྣམས་ཀྱང་དྲངས་ནས་འབབ་པས། གནས་འོག་མར་སླེབ་ཀྱིན་དགའ་བདེ་ཆེར་འགྲོ་བ་ཡིན་ནོ། །མང་བརྟན་གྱི་དགའ་བའི་སྐབས་སུ་གནས་གོང་མ་གོང་མར་སླེབ་ཀྱིན་དགའ་བདེ་ཆེར་འགྲོ་བ་ ཡིན་ལ། དེ་ཡང་ལྷན་སྐྱེས་ཀྱི་དགའ་བ་ལ་བཞིར་ཕྱེ་བའི་དགའ་བ་ནི། འོག་ནས་རིམ་པ་ལྟར་ནོར་བུའི་རྩེ་ནས་ཡར་འོངས་ནས་ལྟེ་བར་སླེབ་པའི་ཚེ། ལྷན་སྐྱེས་ཀྱི་དགའ་བའི་དགའ་བ་དང་། དེའི་སྙིང་ཁར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་མཆོག་དགའ་དང་། དེའི་ མགྲིན་པར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་ཁྱད་དགའ་དང་། དེའི་སྤྱི་བོའི་འཁོར་ལོའི་དབུས་སུ་སླེབ་པའི་ཚེ། ལྷན་སྐྱེས་ཀྱི་དགའ་བའི་ལྷན་ཅིག་སྐྱེས་དགའ་སྐྱེའོ། །དེ་ནས་མས་བརྟན་ལ་ལྷན་སྐྱེས་ལས་མ་གཏོགས་པའི་དགའ་བ་མི་སྲིད་ཅིང་། ཡས་ བབས་ལས་གཞན་པའི་དམིགས་པ་ཟུར་པ་གཅིག་གིས་མས་བརྟན་གྱི་དགའ་བ་སྐྱེད་དགོས་སོ། །རླུང་སྦྱོར་འཁྲུལ་སོགས་མ་བྱས་ཀྱང་། མེ་དམིགས་བྱས་པ་ཉིད་ཀྱིས་རྩ་སྦྱོང་ནུས་པས་གེགས་མི་འབྱུང་ངོ་། །རླུང་བུམ་པ་ཅན་སྒོམ་པ་སོགས་མ་བྱས་ཀྱང་། ཐིག་ལེ་ལ་སེམས་ཟིན་ནས་སྟེང་གི་སྣ་སྒོ་ལ་རྒྱུ་བའི་རླུང་འགགས་པའི་མཐུས། ཐིག་ལེ་འཛག་མེད་དུ་འཆིང་ནུས་པ་ཡིན་ཞིང་། གོང་གི་དམིགས་པ་དེ་རྣམས་བདེ་མཆོག་དང་། ཀྱེ་རྡོར་གྱི་མངོན་རྟོགས་དང་སྦྲེལ་ནས་བསྒོམས་ན་བོགས་ཆེ་བ་ཡིན་ནོ། ། དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ། དེ་དང་སྟོང་ཉིད་སྦྲེལ་ནས་བསྒོམ་པ་ཡིན་ཞིང་། ལྷན་སྐྱེས་དེ་ཡང་ཡས་བབས་ཀྱི་སྐབས་སུ་གནས་དམའ་བ་ཙམ་གྱི་དགའ་བ་ཆེ་ཞིང་། མང་བརྟན་གྱི་སྐབས་སུ་གནས་མཐོ་བ་ཙམ་གྱི་དགའ་ 12-14-59a བ་ཆེར་འགྲོ་བས། སྟོང་ཉིད་བསྒོམ་དུས་དང་ལྷན་སྐྱེས་དུས་གོ་བ་དམིགས་ཕྱེད་པོ་བྱས་ལ་བསྒོམ་དགོས་པ་ཡིན་ནོ། །རླུང་འགགས་དུས་རླུང་དབུ་མར་འདུ་བའི་བཤད་པ་ཡང་གྲུབ་ཆེན་འགའ་རེས་བྱས་ཡོད་པས་འདབ་མའི་ནང་གི་ལས་ རླུང་རྣམས་དབུ་མའི་ནང་དུ་སོང་བའི་ཚེ། དབུ་མའི་ནང་དུ་སླེབ་ཙམ་ན་ཡལ་བའི་དམིགས་པ་བྱས་ཀྱང་འགལ་བ་མེད་ཅིང་། ཡང་དབུ་མའི་ཕྱི་རོལ་ཏུ་འགགས་པ་བྱས་པའི་ལུགས་ཀྱང་ཡོད་པས་དེ་གཉིས་གང་མོས་ཀྱིས་ཆོག་གསུངས་སོ། །(འདི་ནི་ཕག་ལོ་ དགུན་གཞིས་ཁ་གནས་པས་བཏེག་ནས། སེ་ར་ཆོས་སྡིངས་སུ་བཞུགས་དུས། དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་བླ་མ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སྔ་ནས་ཀྱིས། མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཐིག་འདི། ཚོགས་པ་བརྒྱ་ཙམ་ལ་གནང་དུས་མི་བསྐྱོད་རྡོ་རྗེས་ཟིན་བྲིས་བྱས་པའོ། །འདི་ནི་རྗེ་བཙུན་ཙོང་ཁ་ བའི་གསུང་གི་ཡིག་ཆུང་གསལ་བྱེད་གསུམ་ཞེས་ཐོ་ཡིག་ལས་འབྱུང་བའི་ཞལ་ཤེས་དེ་ཉིད་ལགས། ཨྠྀི། སངས་རྒྱས་དངོས་སུ་བྱོན་ཀྱང་འདི་ལས་ཟབ་པའི་ལམ་སྟོན་རྒྱུ་མེད་དོ། །འདི་ལ་ཡིད་ཆེས་པར་དབེན་སར་ཉམས་སུ་ལོངས་ཤིག །དགེ་ལེགས་དཔལ་བཟང་པོས། དམ་ ཚིག་རྡོ་རྗེའི་བཟླས་ལུང་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། ཧ་ལས་རལ་གྲིའི་ཆང་བཟུང་ལ་ཧས་མཚན་པ་ཡོངས་སུ་གྱུར་པ་ལས། དོན་ཡོད་རྡོ་རྗེ་སྐུ་མདོག་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་ དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་དམ་ཚིག་སྒྲོལ་མ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་དྲིལ་བུ་དང་པདྨ་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སོ་གཉིས་དང་། དཔེ་བྱད་བཟང་ 12-14-59b པོ་བརྒྱད་ཅུས་སྤྲས་པ། ཡབ་ཡུམ་གཉིས་ཀའང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་ཅིང་། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཡབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུཾ་སྔོན་ པོ། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྦྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཆུ་གཉིས་ཉེར་སྤྱོད་ ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏས་མ་ཡ་ཤྲཱི་ཨཱཿ ཧཱུཾ། ཞེས་དབང་བསྐུར་བས་དམ་ཚིག་གི་རྡོ་རྗེའི་ལུས་ཐམས་ཅད་གང་། བདེ་བ་ཆེན་པོ་མྱོང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་སྤྱི་བོར་གནས་པ་ཡོངས་སུ་གྱུར་པ་ལས། ཡབ་ལ་མི་བསྐྱོད་པ་དང་། ཡུམ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། དེའི་ ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧ་ལྗང་ཁུ་ལས་བདུད་རྩིའི་རྒྱུན་ཕྲ་མོ་འཛག་པའི་མཐར། ཨོཾ་ཨཱཿཔྲཛྙཱ་དྷྲི་ཀ་ཧ་ཧཱུཾ། ཞེས་པས་བསྐོར་བ་ལ་དམིགས་ཏེ་བཟླས་པས། སྣ་ཚོགས་རྡོ་རྗེའི་རྭའི་བུ་ག་ནས་བདུད་རྩིའི་རྒྱུན་བབས་ཏེ་ལུས་ཐམས་ ཅད་གང་། དམ་ཚིག་ཉམས་ཆགས་ཀྱིས་མཚོན་པའི་སྡིག་ལྟུང་ཐམས་ཅད་བཤང་ལམ་དང་ཆུ་སོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་དུང་ཁུའི་རྣམ་པས་ཕྱིར་འཐོན་ཤེལ་ལྟར་དག་པར་གྱུར། བདེ་བ་ཆེན་པོ་མྱོང་བར་བསམ། བདག་ནི་མི་ཤེས་རྨོངས་པ་ཡིས། ཞེས་སོགས་བྱ། དམ་ཚིག་ཉམས་ཆགས་གསོ་བ་འདི་རང་བསྔགས་པ་ཡིན་གསུང་ངོ་། །ཨྠྀི། །མངྒ་ལཾ། བཀྲ་ཤིས། ། 12-14-60a empty page 12-14-60b empty page 12-15-1a ༄༅། །རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་བཞུགས་སོ།། 12-15-1b ༄༅༅། །བླ་མ་དང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ལ་འདིར། བསྐྱེད་པའི་རིམ་ལ་ལེགས་གནས་ཏེ། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། ཞེས་བཤད་པ་ལྟར། བསྐྱེད་པའི་རིམ་པ་ལ་ཐུན་བཞིར་བསླབས་ཤིང་རྫོགས་པའི་རིམ་པ་སྒོམ་པར་འདོད་པ་རྣམས་ཀྱིས། འདི་ལྟར་ཤེས་པར་བྱ་སྟེ། དེ་ལ་རྒྱུད་དང་དགོངས་ འགྲེལ་གྱི་བསྟན་བཅོས་རྣམས་ལས། ཁ་ཅིག་ཏུ་རྩ་བའི་དབྱེ་བ་དང་། གྲངས་ཙམ་བཤད་ཅིང་། ལ་ལར་རླུང་དང་ཐིག་ལེའི་ཆགས་ཚུལ་ཙམ་དང་། ཁ་ཅིག་ཏུ་དེ་དག་ལ་དམིགས་པའི་རྣལ་འབྱོར་ཙམ་དང་། དེ་ལྟར་བསྒོམས་ པས་དགའ་བཞིའི་རྟོགས་པ་སྐྱེ་བའི་རིམ་པ་ཙམ་དང་། མཐར་ཐུག་གི་འབྲས་བུ་འགྲུབ་པའི་ཚུལ་ཙམ་ལས་ཡོངས་སུ་རྫོགས་པར་མ་གསུངས་པ་མང་ལ། དེ་དག་གི་དོན་དུ་བསམས་པའི་བོད་ཀྱི་ཡི་གེའི་རིགས་ལས་ཀྱང་། གཏུམ་མོའི་དམིགས་སྐོར་ཕྱོགས་རེ་ཙམ་བཤད་ནས་རྒྱུ་འབྲས་ཀྱི་རིམ་པ་རྫོགས་པར་མ་བསྟན་པས། དེ་དག་མཐའ་དག་པར་མ་ཤེས་ན་ལམ་སྒོམ་པའི་རིམ་པ་ལ་མཁས་པ་མགུ་བ་བསྐྱེད་པ་མི་ཤེས་སོ། །དེ་ལ་ཕ་རྒྱུད་ 12-15-2a མ་རྒྱུད་གཉིས་ཀས་ཀྱང་ལམ་གྱི་གཙོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་སྟོན་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་ལ་དེ་སྒྲུབ་པའི་ཐབས་ཀྱང་གཏུམ་མོ་སྦོར་བ་ཉིད་ཡིན་པས། དེ་སྦོར་བའི་ཚུལ་རྡོ་རྗེ་བཟླས་ པ་ལ་སོགས་པའི་རླུང་གི་རྣལ་འབྱོར་དང་། ཡི་གེ་ལ་དམིགས་པ་དང་ཐིག་ལེའི་རྣལ་འབྱོར་སོགས་དུ་མ་ཞིག་ཡོད་ལ། དེའང་ལུས་ཀྱི་གནད་ཆེ་ས་རུ་རླུང་ལ་སོགས་པའི་དམིགས་པ་བཟུང་ནས་ཚུལ་ཇི་ལྟར་བསྒོམ་པས་ གཏུམ་མོ་འབར་བ་ལ། ཐོག་མར་གནད་དུ་བསྣུན་པའི་རྡོ་རྗེའི་ལུས་ཀྱི་འཆགས་ཚུལ་ཤེས་དགོས་པས་དེ་བཤད་པ་ལ་གཉིས། འཆགས་ཚུལ་རྒྱས་པར་བཤད་པ་དང་། དེ་ལ་གནད་དུ་བསྣུན་པའི་རྣལ་འབྱོར་རོ། །དང་པོ་ ལ་གཉིས། རྟེན་རྩ་བཤད་པ་དང་། བརྟེན་པ་ཐིག་ལེ་དང་རླུང་བཤད་པའོ། །ཡང་ན་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་དུ་བསྡུས་ཀྱང་རུང་ངོ་། །དང་པོ་ལ་གྲངས་ངེས་པ་དང་། སྐྱེ་བའི་གོ་རིམ་ ངེས་པ་དང་། ངོ་བོ་ངེས་པའོ། །དང་པོ་ལ་དབྱེ་བ་དང་། གྲངས་ངེས་པའི་རྒྱུ་མཚན་ནོ། །དང་པོ་ནི། སྡོམ་འབྱུང་ལས་གསུངས་པ་ལྟར། རྒྱས་པར་དབྱེ་ན། བདུན་ཁྲི་ཉིས་སྟོང་དང་། དེ་དག་གྱེས་པའི་བཞི་བརྒྱ་ཉི་ཤུ་དང་། གནས་ 12-15-2b དང་ཡུལ་གྱིས་ཕྱེ་བ་ཉེར་བཞི་དང་། དེ་རྣམས་ཀྱི་རྟེན་རོ་རྐྱང་དབུ་མ་གསུམ་མོ། །གསུམ་དུ་བསྡུས་པ་ནི། བརྟེན་པ་རླུང་དང་ཐིག་ལེ་དཀར་དམར་གསུམ་དུ་ངེས་པའི་དབང་གིས་དང་། རྩ་གཞན་རྣམས་ཀྱི་རྟེན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །ཉེར་བཞིར་ དབྱེ་བ་ནི། སྙིང་གའི་འདབ་མ་བརྒྱད་ཀྱི་རྒྱུ་སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་གནས་པའི་དབང་གིས་ཡིན་ལ། བརྒྱ་ཉི་ཤུར་ཕྱེ་བ་ནི། འཁོར་ལོའི་གཙོ་བོ་བཞིའི་སྒོ་ནས་ཡིན་ཏེ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཡོད་ལ། མགྲིན་པ་ ལོངས་སྤྱོད་དང་། སྤྱི་བོ་བདེ་ཆེན་དང་། ལྟ་བ་སྤྲུལ་པའི་འཁོར་ལོ་རྣམས་ལ་རྩ་འདབ་གྲངས་སྔ་མ་སྔ་མ་ལས་ཉིས་འགྱུར་དུ་ཡོད་པས་སོ། །གཉིས་པ་སྐྱེ་བའི་གོ་རིམ་ནི། རྩའི་གཙོ་བོ་གསུམ། སུམ་སྐོར་མ་དང་། འདོད་མ་དང་ལྔ་འཆགས་ཤིང་། དེའི་རྗེས་སུ་ཁྱིམ་མ་དང་གཏུམ་མོ་དང་། བདུད་བྲལ་མ་རྣམས་སྐྱེས། དེ་ནས་སུམ་སྐོར་མ་སོགས་བཞི་ཕྱོགས་མཚམས་སུ་གཉིས་གཉིས་གྱེས་པས་སྙིང་གའི་རྩ་འདབ་བརྒྱད་དོ། །དེ་ལ་ཕྱོགས་བཞིའི་རྩ་ལ་འབྱུང་བཞི་ཤེས་ཆེར་འབབ་པས་ འབྱུང་བའི་རྩ་དང་། མཚམས་རྣམས་ཀྱི་རྩ་ལས་གཟུགས་དྲི་ལ་སོགས་འབབ་པས་མཆོད་པའི་རྩ་ཞེས་བྱའོ། །བདུད་བྲལ་མ་ནི་དབུ་མ་ལ་འཁྲིལ་ནས་ལྟེ་བ་ནས་ལྕེའི་བར་གནས་ཤིང་། རྩ་གཞན་དུ་རླུང་དང་ཁམས་རྒྱུ་བ་ལ་འདིས་གེགས་བྱེད་ཅིང་ རང་གི་ནང་དུ་འཆི་བའི་ཚེ་མ་གཏོགས་མི་རྒྱུ་བས་དུས་ཀྱི་རྩ་དང་། རྣལ་འབྱོར་མ་རྣམས་ཀྱི་འགོག་པའི་རྩ་ཞེས་བྱའོ། །མཆོད་པ་དང་འབྱུང་བ་རྩ་བརྒྱད་ཀ་ནས་འབབ་ཀྱང་ཤས་ཆེ་ཆུང་གི་དབང་གིས་མིང་བཏགས་པ་ཡིན་ནོ། །ཀྱེའི་རྡོ་རྗེར་འབད་པས་ཀུན་ 12-15-3a གྱི་ལྷག་མ་ཡང་ཞེས་བཤད་པའི་དོན་ཏོ། །ཨ་བྷྱས་འཆི་བའི་དུས་དང་། རྣལ་འབྱོར་པས་ལམ་སྒོམ་པའི་སྐབས་མ་གཏོགས་བདུད་བྲལ་མར་ཁམས་མི་འབབ་པ་ལ་སྦྱར་ཞིང་། སློབ་དཔོན་ཤཱནྟི་པས་དེར་ཡང་ཁམས་དབབ་ཅིང་ རྩ་སོ་གཉིས་བདག་མེད་མ་བཅོ་ལྔ་དང་སྦྱར་ནས་ལྷག་མ་སྤང་ཞེས་པ་ནི། དབྱངས་བཅུ་དྲུག་གི་ཐ་མ་ལྷ་མོ་དང་མི་སྦྱོར་བ་ལ་འཆད་དོ། །གསུམ་པ་ངོ་བོ་ངེས་པ་ནི། རོ་རྐྱང་དབུ་མ་གསུམ་གང་དུ་གནས་པ་དང་། ཇི་ཙམ་དུ་གནས་པ་དང་། ཇི་ལྟར་གནས་ པའི་ཚུལ་གསུམ་གྱིས་ཤེས་པར་བྱའོ། །དེ་ཡང་ཁ་ཅིག །ཚིགས་པའི་ནང་བརྒྱུངས་པ་དང་ལྷན་ཅིག་གནས་པར་འཆད་པ་མི་འཐད་པས་ཚིགས་པའི་མདུན་གྱི་ཕྱོགས་ན་གནས་སོ། །སྐུད་པ་ལྟ་བུར་བཤད་པ་ནི། སྐུད་པ་བརྐྱང་བ་ལྟར་ གནས་པའི་དོན་ཡིན་གྱི་སྦོམ་ཕྲའི་ཚད་མ་ཡིན་ཏེ། དེ་ལས་ཆེས་སྦོམ་པར་གནས་པས་སོ། །དེའང་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་གནས་ཤིང་། གསང་གནས་ནོར་བུའི་རྩེ་ཚུན་ཆད་དུ་གནས་པའོ། །དེའང་རོ་རྐྱང་གཉིས་ཀྱིས་དབུ་མ་ ལ་ལུ་གུ་རྒྱུད་ཀྱི་ཚུལ་དུ་འཁྱུད་ནས་གནས་ཤིང་འཁོར་ལོ་རྣམས་ཀྱི་ལྟེ་བར་མདུད་པ་རེ་ཡོད་ལ། དེའང་ཕྱག་ཆེན་ཐིག་ལེ་ལས་འཁོར་ལོ་སོ་གཉིས་བཤད་པ་ནི་རོ་རྐྱང་གི་མདུད་པ་སོ་སོར་བགྲངས་པའི་དབང་གིས་ཡིན་གྱི་འཁོར་ལོ་བཅུ་དྲུག་ ལས་མང་བ་མེད་དོ། །དེའང་མན་ངག་སྙེ་མ་ནས་འཁོར་ལོ་བདུན་དུ་བཤད་པ་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ནས་དྲུག་ཏུ་བཤད་པ་ཡོད་ལ། གཙོ་བོ་ནི་ཡོངས་སུ་གྲགས་པ་བཞིའོ། །འདི་དག་གི་དོན་གཞན་རྣམས་ནི་ལམ་གྱི་རིམ་པར་གསུངས་པས་ 12-15-3b དེར་བལྟ་བར་བྱའོ། །འཁོར་ལོའི་ལྟེ་བའི་ཐད་དུ་འདབ་མ་རྣམས་ཀྱི་རྩ་བ་ཟུག་མཚམས་རྩ་གསུམ་ལ་གྲོ་སོག་བཙུགས་པ་ལྟར་གནས་སོ། །གཉིས་པ་ཐིག་ལེ་དང་རླུང་བཤད་པ་ལ། ཐིག་ལེ་བཤད་པ་དང་། རླུང་བཤད་པའོ། །དང་པོ་ནི་རྒྱུད་ལས་ལུས་ ཟུངས་བཅུ་དྲུག་བཤད་པ་ལ། ཐོག་མར་ར་དང་མཐའ་མར་ཧ་གསུངས་པ་ནི། ཁྲག་དང་ཁམས་དང་རོ་ཡིན་ལ་དེ་གཉིས་ཐོག་མར་གསུངས་པས་ལུས་ཀྱི་རང་བཞིན་དང་གཞན་རྣམས་དེའི་རྣམ་འགྱུར་དུ་ཤེས་པའི་ཕྱིར་ཡིན་ནོ། །བར་སྲིད་ཀྱི་རྣམ་ཤེས་ ཐོག་མར་གང་དུ་འཇུག་པ་དང་། མཐར་གང་ནས་དོར་བ་ནི་སྙིང་ག་ཡིན་ལ་ཐོག་མའི་རྩ་ཆགས་པའང་དེ་ཡིན་ཞིང་ཁམས་དཀར་དམར་གྱི་ཐོག་མའི་རང་གནས་ཀྱང་དེ་ཉིད་ཡིན་ནོ། །ཡོངས་སུ་གྲགས་པའི་སྙིང་ག་དང་། རྩ་འཁོར་གྱི་ལྟེ་བའི་སྙིང་ག་ དོན་མི་གཅིག་སྟེ། ཕྱི་མ་ནི་ནུ་མ་གཉིས་ཀྱི་ཐད་དྲང་ན་ཡོད་པས་སོ། །དེ་ཕྱིན་ཆད་ཀྱི་ཁམས་དཀར་པོའི་གནས་སྤྱི་བོ་ཡིན་ལ་དམར་པོའི་གནས་ནི་ལྟེ་བ་ཡིན་ནོ། །བར་སྐབས་སུ་འཁོར་ལོ་གཞན་རྣམས་སུའང་རྒྱུ་བས་དེའི་དབང་གིས་སྡུ་ གསུང་ཐུགས་ཀྱི་རྩ་ཉེར་བཞིར་ཕྱེ་བ་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བར། ཐིམ་དང་ལོངས་སྤྱོད་བདག་པོའོ། །ཞེས་གསུངས་པས། འབྱེད་གནས་ཉེར་བཞིའི་རྩ་ལ་ཐིག་ལེ་དཀར་དམར་དང་རླུང་ཤས་ཆེར་རྒྱུ་བ་ལ་སྐུ་གསུང་ཐུགས་ཀྱི་རྩ་ཞེས་བརྗོད་ ཅིང་། ཉེར་བཞི་པོ་རེ་རེ་ལ་འཁོར་ཐིག་ལེ་དཀར་དམར་དང་རླུང་རྒྱུ་བའི་རྩ་སྟོང་ཕྲག་གསུམ་གསུམ་ཡོད་པས་བདུན་ཁྲི་ཉིས་སྟོང་ངོ་། །གཏུམ་མོ་འབར་ནས་ཁམས་དཀར་པོ་བཞུ་སྟེ་རྩའི་འདབ་མ་རྣམས་ནས་ལྟེ་བ་བཞིར་འོངས་པའི་ཚེ་བདེ་བ་སྐྱེ་བ་ 12-15-4a ནི་ལུས་ཀྱིས་ཚིགས་ལ་དགའ་བཞིའི་སྐྱེ་ཚུལ་སྦྱར་བའི་ལུགས་ཡིན་ཞིང་། དེ་ལའང་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི་བཞི་ཡོད་དོ། །རླུང་དང་ཐིག་ལེའི་རྣལ་འབྱོར་རྣམས་ཀྱིས་རྩ་མདུད་གྲོལ་བ་ཡིན་ལ། དེའི་ནང་ནས་ཀྱང་གཙོ་བོ་སྙིང་གའི་རྩ་མདུད་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། དེ་ཡང་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། །ཞེས་བཤད་པ་ལྟར་རོ། །མདུད་པས་དཀྲིས་པའི་ནང་ནའང་དབུ་མ་ལ་བུག་པ་ཅུང་ཞིག་ ཡོད་དོ། །སྔར་བཤད་པའི་ལུས་ཀྱི་ཟུངས་ཀྱི་ངོ་བོ་ཕ་ལས་ཐོབ་པའི་རུས་པ་དང་རྐང་དང་ཁུ་བ་གསུམ་དང་། མ་ལས་ཐོབ་པའི་ཤ་དང་པགས་པ་དང་ཁྲག་གསུམ་སྟེ། དྲུག་འདུས་པའི་ལུས་ཀྱི་གནས་རྣམས་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་ རླུང་བཤད་པ་ལ། ཐུན་མོང་གི་བཤད་རྒྱུད་ནས་བསྟན་ཚུལ་དང་། ཐུན་མོང་མ་ཡིན་པའི་རྒྱུད་ནས་བསྟན་ཚུལ་ལོ། །དང་པོ་ནི། རྡོ་རྗེ་ཕྲེང་བ་ལས། བཏང་བཟུང་ལ་སོགས་པའི་རླུང་བརྒྱ་དང་བརྒྱད་བཤད་དོ། །དེ་ནི་རྣམ་རྟོག་མི་འདྲ་བ་བརྒྱ་དང་ བརྒྱད་བསྐྱེད་པའི་སྒོ་ནས་ཀྱང་ཕྱེ་ལ། འཁོར་ལོ་དྲུག་ཏུ་རྒྱུ་བའི་ཚུལ་གྱིས་ཀྱང་དབྱེའོ། །ཕྱི་མ་ནི། འཁོར་ལོ་ཡོངས་སུ་གྲགས་པ་བཞི་དང་། སྨིན་མཚམས་ན་རླུང་གི་འཁོར་ལོ་འདབ་མ་དྲུག་པ་དང་། སྙིང་གའི་གོང་མགྲིན་པའི་འོག་ན་མེའི་ འཁོར་ལོ་འདབ་མ་གསུམ་པ་ཡོད་པ་རྣམས་སོ། །དེ་ལ་ཐོག་མར་སྙིང་ག་ནས་བཟུང་སྟེ་མཚན་ཕྱེད་ཀྱི་དུས་ནས་ཉིན་ཕྱེད་ཀྱི་བར་དུ་འཁོར་ལོ་རེར་རླུང་དགུ་དགུ་བརྒྱུ་བས་ལྔ་བཅུ་རྩ་བཞི་དང་། དེ་ནས་བཟུང་སྟེ་མཚན་ཕྱེད་ཀྱི་བར་དུའང་དེ་ལྟར་བརྒྱུ་ 12-15-4b བས་བརྒྱ་དང་བརྒྱད་དོ། །གཉིས་པ་ལ་གཉིས། ཕ་རྒྱུད་ནས་བཤད་པ་དང་། མ་རྒྱུད་ནས་བཤད་པའོ། །དང་པོ་ནི། དགོངས་པ་ལུང་སྟོན་ལས་རླུང་བཅུར་གསུངས་ཏེ། དེ་ལ་དབྱེ་བ་དང་། གནས་དང་འཆགས་པའི་རིམ་པ་དང་། བྱེད་ལས་དང་། རྒྱུ་བའི་ ཚུལ་དང་། དེ་ལྟར་གཏན་ལ་ཕབ་པའི་དགོས་པའོ། །དང་པོ་ནི། སྲོག་རླུང་སོགས་རྩ་བའི་རླུང་ལྔ་དང་། ཀླུ་སོགས་ཡན་ལག་གི་རླུང་ལྔའོ། །རྡོ་རྗེ་སྒོའི་རྒྱུད་ནས་ནི། ཡན་ལག་གི་རླུང་ལྔ་ལ་རྒྱུ་བ་ལ་སོགས་པའི་མིང་གིས་བསྟན་ནོ། །ཡན་ལག་གི་རླུང་ལ་ ཐ་སྙད་སྔ་མ་ལྟར་འདོགས་པའི་རྒྱུ་མཚན་ནི། རྗེ་འགོས་ཀྱིས། དེ་ལྔ་པོ་རིམ་པ་བཞིན་དུ་སྙེ་མ་དང་། སྦྲུལ་འདྲ་བ་དང་། མཆིན་པ་དང་། རུས་སྦལ་དང་། གློ་བ་དང་། རྩངས་པ་དང་། སྙིང་ལྷན་ཅིག་གི་བུ་མོའི་གོས་དང་། མཁལ་མ་གཞུའི་དབྱིབས་དང་ འདྲ་བ་ལས་བྱུང་བས་དེ་ལྟར་བཏགས་གསུངས་སོ། །གཉིས་པ་ནི། སྲོག་རླུང་སྙིང་ག་དང་། ཐུར་སེལ་འདོམས་དང་། གྱེན་རྒྱུ་མགྲིན་པ་དང་མེ་མཉམ་ལྟེ་བ་དང་། ཁྱབ་བྱེད་ཚིགས་ཀུན་ལ་གནས་ཤིང་། ཡན་ལག་གི་རླུང་ལྔ་རིམ་པ་བཞིན་དུ་མིག་ལ་སོགས་ པའི་དབང་པོའི་སྒོ་ལྔ་ལ་གནས་སོ། །གསུམ་པ་ནི། ཟླ་བ་ངོ་བཅུ་ལ་དང་པོའི་དུས་སུ་རྣམ་ཤེས་ཁུ་ཁྲག་གི་དབུས་སུ་ཞུགས་མ་ཐག་སྲོག་རླུང་སྐྱེ་ལ། སྲོག་རླུང་ལས་ཟླ་བ་གཉིས་པའི་དུས་སུ་ཐུར་སེལ་དང་། དེ་ལས་གསུམ་པའི་དུས་སུ་མེ་མཉམ་དང་། དེ་ལས་བཞི་པར་ཁྱབ་བྱེད་དང་། དེ་ལས་ལྔ་པར་གྱེན་རྒྱུའི་རླུང་སྐྱེའོ། །ཟླ་བ་ཕྱི་མ་ལྔའི་དུས་སུ་རིམ་པ་བཞིན་མིག་གི་སྒོ་ནས་རྒྱུ་བའི་རླུང་དང་། སའི་ཁམས་ཕལ་ཆེར་དང་། རྣ་བའི་སྒོ་ནས་རྒྱུ་བ། ཆུའི་ཁམས་དང་བཅས་པ་དང་། སྣ་ནས་རྒྱུ་བ་མེ་དང་། 12-15-5a ལྕེ་ནས་རྒྱུ་བ་རླུང་དང་། ལུས་ཀྱི་དབང་པོ་རྫོགས་ནས་རྒྱུ་བ་སྐྱེ་ཞིང་། དེ་དག་གི་དུས་སུ་ཡུལ་རྣམས་ཅི་རིགས་པར་འཛིན་ནོ། །བཞི་བ་ནི། སྲོག་རླུང་གིས་སྲོག་རིང་དུ་བྱེད་པ་དང་། གྱེན་རྒྱུས་བཟའ་བཏུང་གྱེན་དུ་འདྲེན་པ་སོགས་ དང་། ཐུར་སེལ་གྱིས་ཐུར་དུ་འདྲེན་པ་དང་། མཉམ་གནས་ཀྱིས་མཉམ་དུ་འཇུ་བ་སོགས་དང་། ཁྱབ་བྱེད་ཀྱིས་འགྲོ་བ་སོགས་བྱེད་ཅིང་། ཡན་ལག་གི་རླུང་ལྔས་མིག་གི་སྒོ་ནས་རླུང་གི་རྣམ་ཤེས་ཀྱི་བཞོན་པ་བྱས་ནས་གཟུགས་འཛིན་པའི་ འབྲས་བུ་བྱེད་དོ། །དེ་བཞིན་དུ་རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་རྣམས་ཀྱིས་རང་རང་གི་རྣམས་ཤེས་ཀྱི་བཞོན་པ་བྱས་ནས་ཡུལ་སོ་སོར་འཛིན་པའི་འབྲས་བུ་བྱེད་དོ། །ཡན་ལག་གི་རླུང་ལྔ་ནི་ རྩ་བའི་རླུང་གི་གནས་སྐབས་ཡིན་ནོ། །སྲོག་རླུང་སྒོ་དེ་དག་ནས་རྒྱུ་བ་ལ་མིང་ད་ལྟར་བཏགས་པའོ། །ལྔ་པ་ནི་ཁྱབ་བྱེད་འཆི་བའི་ཚེ་མ་གཏོགས་སྣའི་སྒོ་ནས་མི་རྒྱུ་ལ། གཞན་བཞི་ལ་གཡས་པ་ནས་རྒྱུ་བ་དང་། གཡོན་པ་ནས་རྒྱུ་བ་དང་། གཉིས་ཀ་ ནས་དྲག་པར་རྒྱུ་བ་དང་། དལ་བར་རྒྱུ་བ་སྟེ། གྱེན་རྒྱུ་དང་། ཐུར་སེལ་དང་། མེ་མཉམ་དང་སྲོག་རླུང་རྣམས་སོ། །དེ་དག་གསང་བའི་སྣ་རྩེ་ནས་བྱུང་ནས་ཀུན་རྫོབ་པའི་སྣར་རྒྱུ་བ་ཡིན་ནོ། །རིགས་ལྔ་དང་སྦྱར་ནས་རྒྱུ་བའི་ཚུལ་ནི། ཉིན་ཞག་གཅིག་ལ་ རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱུ་ལ་དེ་ལ་ཐབས་མགོན་པོ་རེའི་རླུང་དགུ་བརྒྱ་པ་ཕྲག་རེ་རྒྱུ་བའི་ཚེ་ཤེས་རབ་ལྷ་མོ་བཞིའི་རླུང་ཉིས་བརྒྱ་ཉེར་ལྔ་རེ་རྒྱུ་བ་ཡིན་ལ། དེ་ལ་གཡས་ནས་གྱེན་རྒྱུ་ཁ་དོག་དམར་པོ་དགུ་བརྒྱ་བ་ཕྲག་གཅིག་རྒྱུ་བ་ནི་པདྨ་མགོན་ 12-15-5b པོའི་རྒྱུ་བ་ཡིན་ལ། དེ་ལ་མེའི་མེ་གོས་དཀར་མོ་དང་། མེའི་རླུང་སྒྲོལ་མ་དང་། མེའི་ས་སྤྱན་མ་དང་། མེའི་ཆུ་མཱ་མ་ཀཱིའི་རླུང་རྣམས་རྒྱུའོ། །གཡོན་པ་ནས་རྒྱུ་བ་ཐུར་སེལ་ཏེ་ཁ་དོག་ལྗང་སེར་ལས་ཀྱི་མགོན་པོའི་དང་། གཉིས་ཀ་ནས་དྲག་ཏུ་རྒྱུ་བ་མེ་མཉམ་ སྟེ་ཁ་དོག་སེར་པོ་རིན་ཆེན་མགོན་པོའི་དང་། ཞན་པར་རྒྱུ་བ་སྲོག་རླུང་ཁ་དོག་ཤེལ་ལྟར་སྣང་བ་རྡོ་རྗེ་མགོན་པོའི་རྒྱུ་བ་དགུ་བརྒྱ་པ་ཕྲག་རེའི་ཆའང་དེ་ལྟར་སྦྱོར་རོ། །དེ་དག་ནི་དགུ་བརྒྱ་རེ་ལ་འཕོ་བ་རེར་བྱས་པ་སྟེ། དུས་འཁོར་ནས་དེ་ཉིས་འགྱུར་རེ་ལ་འཕོ་ བ་རེར་བྱས་ནས་འཕོ་བ་བཅུ་གཉིས་སུ་གསུངས་སོ། །པདྨ་མགོན་པོའི་རྒྱུ་བ་དང་པོར་སྨོས་པའི་དགོས་པ་ནི། རྡོ་རྗེ་བཟླས་པ་གསུང་རྡོ་རྗེའི་བཟླས་པ་ཡིན་པས། དང་པོར་མགོན་པོའི་རླུང་དེ་ནས་བཙུགས་ནས་སྒོམ་དགོས་པར་ཤེས་པའི་ཆེད་ཡིན་ནོ། ། དྲུག་པ་ནི། འཆི་བའི་ཚེ་ས་ཆུ་ལ་ཐིམ་པ་ནས་མཐར་རྣམ་ཤེས་ཤི་བའི་འོད་གསལ་དུ་ཐིམ་པའི་རིམ་པ་དེ་དག་དང་མཐུན་པར་རྫོགས་རིམ་སྒོམ་དགོས་པར་ཤེས་པའི་ཆེད་དུ། རྩ་རླུང་ཐིག་ལེ་རྣམས་དང་པོར་གང་དུ་ཆགས་པ་དང་། བར་དུ་རྒྱུ་བའི་ཚུལ་ དང་། མཐར་གང་དུ་ཐིམ་པ་དང་། ཇི་ལྟར་ཐིམ་པའི་རིམ་པ་རྣམས་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་མ་རྒྱུད་ནས་བཤད་པ་ནི། དབྱུ་གུ་དྲུག་ཅུ་རྩ་བཞི་དང་། ཆུ་ཚོད་ཉི་ཤུ་རྩ་གཉིས་དང་། འཕོ་བ་བཅུ་དྲུག་དང་། ཐུན་ཚོད་བརྒྱད་ཀྱི་ཐ་སྙད་མཐུན་པར་རྩ་ འཁོར་བཞིའི་འདབ་མ་ནས་རྒྱུ་ཚུལ་བསྟན་ཏེ། སྙིང་གའི་རྩ་འདབ་གཅིག་དང་། མགྲིན་པའི་གཉིས་དང་། སྤྱི་བོའི་བཞི་དང་། ལྟེ་བའི་བརྒྱད་རྣམས་རྒྱུ་བའི་དུས་དང་ཡུན་རིང་ཐུང་མཉམ་པ་སྟེ་གོ་བར་ཟད་དོ། །གཉིས་པ་དེ་ལ་གནད་དུ་བསྣུན་པའི་རྣལ་ 12-15-6a འབྱོར་ལ། ལུས་གཏན་ལ་ཕབ་པའི་དགོས་པ་དང་། རྣལ་འབྱོར་དངོས་སོ། །དང་པོ་ནི། རྫོགས་པའི་རིམ་པའི་མིང་ཐ་མལ་བའི་འབྱུང་བ་ཐིམ་རིམ་དང་། ཐོག་མའི་རླུང་གི་རྣལ་འབྱོར་སོགས་ལ་བཤད་པ་ཡོད་ཀྱང་བཏགས་ ནས་བསྟན་པ་ཡིན་གྱི། རྫོགས་རིམ་མཚན་ཉིད་པ་ནི། བསྐྱེད་རིམ་མན་ཆད་དང་ཐུན་མོང་མ་ཡིན་པའི་དགའ་བཞིའི་རྟོགས་པ་བསྐྱེད་ནས་བསྒྲུབ་དགོས་པའི་ཕྱིར་རོ། །དེ་ལའང་སྣང་ཕྱོགས་ཀྱི་རྫོགས་རིམ་དང་། སྟོང་ཕྱོགས་ཀྱི་རྫོགས་ རིམ་མོ། །དང་པོ་ནི། རླུང་སེམས་ཙམ་གྱིས་བསྒྲུབས་པའི་སྒྱུ་མ་ལྟ་བུའི་ལྷའི་སྐུ་དེ་འཇའ་ལུས་ཀྱི་སྐུ་ཞེས་ཀྱང་བྱའོ། །ལྷའི་རྣལ་འབྱོར་གང་ཡིན་བསྐྱེད་རིམ་དུ་བཟུང་བར་མི་བྱ་སྟེ། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་གཉིས་གསུངས་པའི་ སྔ་མ་བསྐྱེད་རིམ་དང་། ཕྱི་མ་རྫོགས་རིམ་ཡིན་པའི་ཕྱིར་རོ། །གཉིས་པ་སྟོང་ཕྱོགས་ལ་བདེ་བ་ངོས་བཟུང་བ་དང་། སྟོང་པ་ངོས་བཟུང་བ་དང་། བདེ་སྟོང་དབྱེར་མེད་དུ་བྱེད་པའི་ཚུལ་དང་། དེ་གཉིས་སྒྲུབ་པའི་རིམ་པའོ། །དང་པོ་ནི། བདེ་བ་ཙམ་ གྱིས་མི་ཆོག་སྟེ། སེམས་གནས་ཀྱིས་བསྒྲུབས་པའི་ཤིན་སྦྱངས་ཀྱི་བདེ་བ་ཕྱི་རོལ་པ་ལའང་ཡོད་པའི་ཕྱིར་དང་། ཕར་ཕྱིན་ཐེག་པ་ནས་བཤད་པའི་རླུང་འབྱུང་འཇུག་བགྲངས་པ་ལས་བྱུང་བའི་བདེ་བ་དང་། བྱ་སྤྱོད་ནས་བཤད་པའི་ སྟོང་པ་དང་ལྷའི་རྣལ་འབྱོར་སྒོམ་པ་གཞིར་བྱས་ནས་སྲོག་རྩོལ་བསྒོམས་པ་ལས་བྱུང་བའི་བདེ་བ་སོགས་ལས་ཀྱང་ཆེས་མི་འདྲ་བ་ཞིག་དགོས་ལ། ཟག་པ་མེད་པའི་བདེ་བས་ཀྱང་མི་ཆོག་སྟེ། དེ་ནི་ཉན་རང་རྣམས་ལའང་ཡོད་པའི་ 12-15-6b ཕྱིར་རོ། །འོ་ན་གང་ཡིན་ཞེ་ན། ཞུ་བའི་བདེ་བའོ། །གཉིས་པ་ནི། ཕར་ཕྱིན་ཐེག་པར་བསྟན་པ་ལས་ལོགས་སུ་གཏན་ལ་འབེབས་རྒྱུ་ཅུང་ཟད་ཀྱང་མེད་པས་དེ་ཉིད་གཞིར་འཇོག་པ་ཡིན་ནོ། །གསུམ་པ་ནི། རྒྱུད་སྡེ་འོག་མ་གསུམ་དང་ཕར་ཕྱིན་ ཐེག་པར་གཏན་ལ་ཕབ་ནས་དེ་གོ་པའི་བློ་དེ་ཉིད་ཐབས་དང་བཅས་ནས་བསྒོམ་པ་ཡིན་གྱི་སྟོང་པའི་ཡུལ་ཅན་གྱི་བློ་ལོགས་སུ་སྒྲུབ་མི་དགོས་ལ། འདིར་ནི་སྟོང་པ་སྒོམ་པའི་ཡུལ་ཅན་གྱི་བདེ་བ་ཐབས་མཐའ་ཡས་པས་ལོགས་སུ་སྒྲུབ་དགོས་ ལ། བདེ་བ་དེས་སྟོང་པ་ཡུལ་དུ་བྱས་ནས་སྒོམ་པ་བདེ་སྟོང་དབྱེར་མེད་པའི་དོན་ཡིན་གྱི། བདེ་བ་ལ་སྟོང་པས་རྒྱས་འདེབས་པ་སོགས་མིན་ནོ། །བདེ་བ་དེའང་ཡིད་ཀྱི་ཤེས་པའི་འཁོར་དུ་བྱུང་གི། དབང་ཤེས་ཀྱི་འཁོར་གྱི་མིན་ཏེ། སོ་སོ་སྐྱེ་བོས་ ཀྱང་སྟོང་པ་མངོན་སུམ་དུ་རྟོགས་པར་འགྱུར་བས་སོ། །བཞི་པ་ནི། སྟོང་པ་ཐོག་མར་སྒོམ་དགོས་ཏེ་བསྐྱེད་རིམ་གྱིའང་ཐོག་མ་ནས་སྭ་བྷཱ་ཝའི་སྔགས་དོན་སེམས་པར་གསུངས་པའི་ཕྱིར་རོ། །ཞུ་བའི་བདེ་བ་ལ་གང་ཞུ་བའི་བདེ་བ། དེ་གང་གིས་ བཞུ་བ་དང་། འཇུ་བའི་ཕྱིར་བྱེད་པའི་རྐྱེན་ནོ། །དང་པོ་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ལྟེ་བའི་དབུ་མའི་ནང་ན་གནས་པའི་ཁམས་དཀར་པོ་ཧཾ་ཡིག་གིས་མཚོན་པའི་དོན་ནོ། །གཉིས་པ་ནི། ལྟེ་བའི་འཁོར་ལོའི་དབུ་མའི་ནང་ན་གནས་པའི་ཐིག་ལེ་ དམར་པོ་འབར་བ་ལས་འཇུ་བར་གསུངས་སོ། །གསུམ་པ་ནི། མེ་སྦར་བའི་རྐྱེན་ཁ་སྦྱོར་ལས། ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། ཞེས་གསུངས་པའི་རླུང་གི་རྣལ་འབྱོར་སྒོམ་པ་དང་། དབང་པོ་གཉིས་སྦྱོར་ 12-15-7a གྱི་ལས་ཀྱིས་བསྐུལ་བའི་རླུང་ངོ་། །དེ་གང་ན་གནས་པ་ནི། རྡོ་རྗེ་ཕྲེང་བ་ལས། ཤེས་བྱ་དབུས་སུ་རྒྱུ་བའི་རླུང་། །མེ་སད་བྱེད་པར་ཤེས་པར་བྱ། ཞེས་གསུངས་པས། དབུ་མའི་ནང་ལྟེ་བའི་འོག་གི་སུམ་མདོ་གྲུ་གསུམ་ན་ གནས་པ་ཡིན་ནོ། །རླུང་དེ་གཡོས་པས་ལྟེ་བའི་མེ་སྦར་ནས་སྤྱི་བོའི་ཧཾ་ཡིག་བཞུ་སྟེ། ལྷན་སྐྱེས་ཀྱི་བདེ་བ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལ་གཡས་གཡོན་གྱི་རྒྱུ་བ་བཅད་དགོས་ཏེ། དེའི་རྒྱུ་མཚན་གཡས་གཡོན་ནས་རྒྱུ་བའི་ཚེ་རྟོག་པ་རགས་ པ་བཅད་མི་ཐུབ་ལ། དེ་ནམ་གཡོས་པ་ན་ཞུ་བདེ་སྐྱེས་ནས་རྟོག་པ་རགས་པ་གཅོད་པའི་ཕྱིར་དང་། གཡས་གཡོན་གྱི་རླུང་གི་རྒྱུ་བ་འགགས་པ་དེ་ཉིད་རྒྱུ་བའི་རྐྱེན་ཡིན་པའི་ཕྱིར་རོ། །གཡས་གཡོན་གྱི་རྒྱུ་བ་འགོག་པའི་རྣལ་འབྱོར་ལ། རླུང་གི་ རྣལ་འབྱོར་དང་། ཐིག་ལེའི་རྣལ་འབྱོར་དང་། གཏུམ་མོའི་རྣལ་འབྱོར་རོ། །དེའང་གཏུམ་མོ་བྱེ་བྲག་པ་ལ་བཟུང་བ་ཡིན་གྱི། སློབ་དཔོན་ཨ་དྷྱས་གསུམ་དུ་ཕྱེ་བ་ལྟར་ན་རྫོགས་རིམ་མཐའ་དག་གཏུམ་མོར་འདུས་པའི་ཕྱིར་རོ། །རླུང་གི་རྣལ་ འབྱོར་ལའང་དུས་འཁོར་ནས་བུམ་པ་ཅན་ལ་རྩལ་དུ་འདོན་པར་བཤད་པ་དང་། འཕགས་སྐོར་ནས་རྡོ་རྗེ་བཟླས་པ་སོགས་ལ་རྩལ་དུ་འདོན་པར་བཤད་པ་སོགས་དུ་མ་ཡོད་དོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀུན་རྫོབ་པའི་ སྣ་རྩེ་དང་། སྙིང་ག་དང་། གསང་བའི་སྣ་རྩེར་སྤྲུལ་པའི་ཐིག་ལེ་དང་། གསང་བའི་ཐིག་ལེ་བསྒོམས་ནས་མེ་སྦར་བའི་ཐིག་ལེའི་རྣལ་འབྱོར་དང་། ཌོམ་བྷི་ཧེ་རུ་ཀ་དཔོན་སློབ་སོགས་དང་། ནག་པོ་སྤྱོད་པ་སོགས་ཀྱིས་གཏུམ་མོ་ལ་རྩ་ལ་དུ་ 12-15-7b འདོན་པ་སོགས་དུ་མ་ཡོད་ཀྱང་། གྲུབ་ཆེན་རྣམས་ཀྱིས་མཛད་པའི་ལམ་གྱི་གནད་མ་འཕྱུགས་པར་ཤེས་ན། གང་ཉམས་སུ་བླངས་ཀྱང་ལྷན་སྐྱེས་ཀྱི་བདེ་བ་སྒྲུབ་ནུས་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེའི་ནང་ནས་ཁ་སྦྱོར་ལས། དེ་ཡི་ ནང་དུ་སོན་པའི་རྩ། །ཏིལ་མར་མེ་ཡི་ངོ་བོ་ཅན། །ཞེས་སོགས་དཔྱིད་ཀྱི་ཐིག་ལེ་མདོར་བསྟན་པ་དང་། རྒྱས་པར་བཤད་པའི་དོན་རྣམས་སློབ་དཔོན་ནག་པོ་བས་དཔྱིད་ཀྱི་ཐིག་ལེ་མཛད་པའི་རྗེས་སུ་འབྲངས་ནས། ཡི་གེ་རིང་ཐུང་གི་ཚད་ལ་སོགས་ པ་དང་། སློབ་དཔོན་ཨ་བྷྱས་ཡི་གེ་འགོད་པའི་ཚུལ་གསུངས་པ་རྣམས་ཀྱི་དོན་བརྗོད་ན། སྙིང་གའི་རྩ་མདུད་ཀྱིས་བཅིངས་པའི་དབུ་མའི་ནང་གི་བུ་ག་ཅུང་ཟད་ཙམ་དེའི་ནང་ན་གནས་པའི་ཧཾ་ཡིག་སྔོན་པོ་ཡུངས་ཀར་གྱི་ཚད་ཙམ་འོད་དཀར་པོ་ཁ་ བ་ལྟ་བུ་འཛག་པ་གནས་པ་ནི་གཏུམ་མོ་འབར་བ་ན་བདེ་བ་བསྐྱེད་པའི་ཕྱིར་དཔྱིད་ཅེས་བྱ་ལ། དེའི་ཚེ་བདེ་བ་སྐྱེས་པ་ལ་སུས་ཀྱང་བགེགས་བྱར་མེད་པའི་ཕྱིར་མི་ཤིགས་པ་ཞེས་བྱའོ། །ལྟེ་བའི་མདུད་པས་བཅིངས་པའི་དབུ་མའི་ནང་གི་ཨ་ཐུང་ ནི་ཐིག་ལེ་ཞེས་བྱའོ། །དེ་ཉིད་གཡས་གཡོན་གྱི་རྒྱུ་བ་འགགས་ནས་སུམ་མདོ་གྲུ་གསུམ་གྱི་དབུ་མའི་ནང་ན་གནས་པའི་མེ་སད་བྱེད་ཀྱི་རླུང་གཡོས་ཏེ་མེ་སྦར་བས་ན། སྤྱི་བོའི་ཧཾ་ཡིག་ཞུ་ནས་ལྟེ་བར་འདུ་འཕྲོད་བྱས་པའི་ཚེ་དཔྱིད་ཀྱི་ཐིག་ལེ་ གཉིས་ཀར་དུ་འགྱུར་ལ། དེ་བཞིན་དུ་སྙིང་གར་འདུ་འཕྲོད་བྱས་པའི་ཚེའང་འགྱུར་རོ། །ལྟེ་བ་དང་། སྙིང་ག་དང་། མགྲིན་པར་གནས་པའི་ཡི་གེ་གསུམ་པོ་འོག་མ་ཐུང་ངུ་དང་བར་མ་ཐུང་ངུ་གཉིས་དང་། གོང་མ་ཐུང་ངུ་གསུམ་གྱི་ཚད་དུ་བཤད་ 12-15-8a པ་ལས། སྤྱི་བོའི་ཧཾ་མགྲིན་པར་སླེབ་པའི་ཚེ་མེ་དང་ཐག་རིང་བས་ཐིག་ལེ་ཆ་གསུམ་གྱི་ཚད་ཙམ་དང་། སྙིང་གར་སླེབ་པ་ན་མེ་དང་ཉེ་བས་ཆ་གཅིག་ཟད་ནས་ཆ་གཉིས་དང་། ལྟེ་བར་སླེབ་པའི་ཚེ་ཆ་གཅིག་ལས་མེད་ པ་ལ་འཆད་ཀྱང་སྒྲ་རིང་ཐུང་གི་ཚད་ཡིན་གྱི། ཐིག་ལེའི་བོང་ཚོད་ཆེ་ཆུང་གི་དོན་མ་ཡིན་ནོ། །དེས་ན་སྒྲ་འབྱུང་བའི་གནས། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །ཞེས་པ་ལྟར་ལུས་ཀྱི་ནང་གི་སྒྲ་འབྱུང་བའི་གནས་རྣམས་ འཕྲད་པ་ན་ལྟེ་བའི་ཨ་ཡིག་ཐུང་ངུ་དང་། སྙིང་གའི་ཧཱུཾ་ཡིག་ཐུང་ངུ་གཉིས་ཚད་དང་། མགྲིན་པར་ཐུང་ངུ་གསུམ་གྱི་ཚད་ཙམ་དུ་གནས་པའི་ནང་གི་བརྗོད་པ་ཡིན་གྱི། ཕྱིའི་ངག་གི་བརྗོད་པ་མིན་ནོ། །ཡི་གེ་བཞི་པོས་མཚོན་པའི་དོན་ནི། ལྟེ་ བ་དང་། སྤྱི་བོ་གཉིས་ཀྱིས་ལུས་མཚོན་ལ། སྙིང་གའི་ཧཱུཾ་གིས་སེམས་དང་། མགྲིན་པའི་ཨོཾ་གྱིས་ངག་མཚོན་པས་རྣལ་འབྱོར་མའི་སྒོ་གསུམ་མཚོན་པ་ཡིན་ནོ། །དེ་ནས་དམིགས་པ་ཇི་ལྟར་འཛིན་པའི་རིམ་པ་ནི། ལམ་ཐུན་མོང་བས་རྒྱུད་སྦྱངས་ བསྐྱེད་པའི་རིམ་པ་ལེགས་པར་བསྒོམས་པའི་མཐར། ཐོག་མར་རྩ་གསུམ་གསལ་གདབ་པ་ནི། ལུས་ཀྱི་ནང་གི་དབུས་དྲང་པོ་ལས་ཚིགས་པ་ཕྱོགས་ལ་ཅུང་ཉེ་བར་རྩ་དབུ་མ་ཁ་དོག་སྔོན་པོ། གཡས་རོ་མ་དམར་བ། གཡོན་རྐྱང་མ་དཀར་བ། མཐེའུ་ ཆུང་གི་སྦོམ་ཕྲའི་ཚད་ཙམ་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གནས་ཤིང་། ལྟེ་བའི་ཐད་དང་། ནུ་མ་གཉིས་ཀྱི་དབུས་དང་། མགྲིན་པ་དང་། སྐྲ་མཚམས་ཀྱི་བར་རྣམས་སུ་རོ་རྐྱང་གིས་དབུ་མ་ལ་བཅིངས་པའི་མདུད་པ་ཡོད་པར་བསམ་པར་བྱའོ། །དེ་ 12-15-8b ནས་ལྟེ་བའི་རྩ་འདབ་ཀྱི་ཕྱི་ནང་གི་རིམ་པ་དུ་མ་ཡོད་ཀྱང་། ཕྱོགས་བཞི་དང་མཚམས་བཞིར་འདབ་མ་བརྒྱད་དབུ་མ་ལ་ཟུག་ཅིང་བུ་ག་ཐལ་མར་ཡོད་པར་བསམ། ལྟེ་བའི་དབུས་སུ་ཟླ་བ་ལ་གནས་པའི་ཨ་དམར་པོ་ཐིག་ལེ་ནཱ་ད་དང་བཅས་པ་ བསམ་ཞིང་། དེ་ནས་མདུན་ངོས་ཤར་དུ་བྱས་པའི་རྩ་སྦུབས་ཀྱི་ནང་དུ་ཡི་གེ་ཐམས་ཅད་ལངས་པའི་ཕྱི་ངོས་ནས་ཨ་ནས་བརྩམས་ཏེ་དབྱངས་ཐ་མའི་ཚེག་དྲག་ལ་ཐུག་གི་བར་དུ་དབྱངས་ཡིག་བཅུ་དྲུག་དགོད། གཡས་སྐོར་དུ་ལྷོ་ཕྱོགས་ཀྱི་རྩའི་ནང་དུ་ ཀའི་སྡེ་ཚན་དང་། ནུབ་ཕྱོགས་སུ་ཙའི་སྡེ་ཚན་དང་། བྱང་ཕྱོགས་སུ་ཊ་སྡེ་དང་། མཚམས་ཀྱང་གཡས་སྐོར་བྱས་ནས་ཤར་ལྷོ་ནས་བརྩམས་ཏེ་ཏ་སྡེ་དང་། པ་སྡེ་དང་། མཐར་གནས་ཀྱི་ཡི་གེ་བཞི་དང་། དྲོ་བའི་ཡི་གེ་ལྔ་ཚན་རྣམས་དགོད་དོ། །ཡི་ གེ་ཐམས་ཅད་ཀྱང་ཁ་དོག་དམར་པོ་འོད་ཅུང་ཟད་འཕྲོ་བ་ཐིག་ལེ་ནཱ་དས་བརྒྱན་པ་ལ་བྱང་ཆུབ་ཀྱི་སེམས་བ་མོ་ལྟ་བུ་འཇག་པར་བསམ་པར་བྱའོ། །སྔར་ལྟར་སྙིང་གར་ཡང་རྩ་འདབ་བརྒྱད་གསལ་བཏབ་ནས་ལྟེ་བའི་ནང་དུ་ཟླ་བ་ལ་གནས་པའི་ ཧཱུཾ་སྔོན་པོ་ཐུར་དུ་ལྟ་བ་དང་། ཕྱོགས་ཀྱི་འདབ་མ་བཞི་ལ་ཨ་ཨི་ཨུ་ཨེ་དང་། མཚམས་བཞི་ལ་ཡ་ར་ལ་ཝ་བཞི་སྔར་བཤད་པ་ལྟར་ཐིག་ལེ་ནཱ་ད་དང་བཅས་པས་བརྒྱན་པ་དང་། ཡི་གེ་དང་རྩ་འདབ་ཁ་དོག་སྔོན་པོའོ། །ལྟེ་བའི་རྩ་འདབ་ཁ་གྱེན་ ལྟ་དང་སྙིང་གའི་ཐུར་ལྟའོ། །མགྲིན་པའི་ལྟེ་བར་ཟླ་བ་ལ་གནས་པའི་ཨོཾ་དམར་པོ་མགོ་གྱེན་ལྟ་དང་། འདབ་མ་ཁ་དོག་དམར་པོ་ཁ་གྱེན་ལྟ་བཅུ་དྲུག་གསལ་བཏབ་ནས། བར་དུ་རེ་རེ་བོར་བའི་ཕྱོགས་བཞི་དང་། མཚམས་བཞི་ཡི་གེ་སྔ་མ་ 12-15-9a བརྒྱད་རིང་པོ་ཁ་དོག་དམར་པོ་ལངས་པ་དགོད་དོ། །སྤྱི་བོའི་ལྟེ་བར་ཟླ་བ་ལ་གནས་པའི་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པའི་མཐར་འདབ་མ་ཁ་དོག་སྣ་ཚོགས་པ་སུམ་ཅུ་རྩ་གཉིས་གསལ་བཏབ་ནས་ཤར་གྱི་འདབ་མ་ནས་ གཡས་སྐོར་དུ་ཨ་ནས་བརྩམས་ཏེ་འདབ་མ་རེ་རེ་དོར་བར་དབྱངས་ཡིག་བཅུ་དྲུག་ཁ་དོག་དཀར་པོ་དགོད་དོ། ། ཐིག་ལེ་ནཱ་ད་དང་བཅས་པ་འོད་བ་མོ་ལྟ་བུ་འཛག་པ་ནི་ཡི་གེ་ཐམས་ཅད་འདྲ་ཞིང་། སྤྱི་བོའི་རྩ་འདབ་ཁ་ཐུར་ལྟའོ། །དེ་ལྟར་བསྒོམས་ པས་གཏུམ་མོ་འབར་བའི་རྒྱུ་མཚན། ཡེ་ཤེས་མཚོན་པའི་དོན་བྱང་ཆུབ་ཀྱི་སེམས་དང་རླུང་ཡིན་ལ། རྩའི་ཡལ་གའི་ཟད་མཚམས་མཐར་ཐུག་པ་བདུན་ཁྲི་ཉིས་སྟོང་པོ་རྣམས་རླུང་དང་བྱང་ཆུབ་ཀྱི་སེམས་འདབ་མ་སྔར་བཤད་པ་རྣམས་ཀྱི་ནང་ དུ་འདུ་ཞིང་། རྟོག་པ་གར་བཞག་གི་རྗེས་སུ་རླུང་འགྲོ་བས་རླུང་འདུ་བའི་ཕུལ་གཞན་དང་མི་འདྲ་བའི་དགོས་པ་ཡོད་ལ། ཐོག་མ་ནས་གཏུམ་མོའི་མེ་འབར་བ་ལ་དམིགས་པ་ནི་གཏུམ་མོའི་ཕྱོགས་ཙམ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་ཐུན་བཞིར་ བསྒོམས་པའི་མཐར་བསྒོམ་ཞིང་། འདབ་མ་ཡི་གེ་དང་བཅས་པ་དེ་ཙམ་གསལ་མི་ནུས་ན་ལྟེ་བར་ཡི་གེ་བཞི་པོ་ཙམ་གསལ་བཏབ་ལ་དམིགས་པ་བཟུང་ངོ་། །དེ་ལྟར་བསྒོམས་པའི་མཐར་ཡི་གེ་རྣམས་ལ་དམིགས་པའི་གསལ་སྣང་སྐྱེས་པ་ན་ སྤྲུལ་པའི་འཁོར་ལོའི་ལྟེ་བའི་ཨ་ཐུང་ལ་མེ་རྒྱ་ཁབ་ཀྱི་སྦོམ་ཕྲ་ཙམ་དྲང་པོ་གཡོ་བ་མེད་པ་འབར་ནས་དབུ་མའི་ནང་ནས་གྱེན་དུ་སོང་སྟེ། སྤྱི་བོའི་ཧཾ་ཡིག་ཞུ་བར་དམིགས་ཤིང་དེ་ལས་མེ་འབར་བ་འདབ་མའི་ནང་དུ་སོང་སྟེ་སྔར་བཀོད་པའི་བྱང་ 12-15-9b སེམས་ཀྱི་ཡི་གེ་བཅུ་དྲུག་ཞུ་ནས་ཧཾ་ཞུ་བ་དང་གོང་བུ་གཅིག་ཏུ་འདྲེས་ཏེ་འོག་ཏུ་སོང་ནས་མགྲིན་པའི་ཨོཾ་ཡིག་དང་གཅིག་ཏུ་འདྲེས། དེ་ལས་མེ་འབར་བ་འདབ་མའི་ནང་དུ་སོང་སྟེ་ཡི་གེ་བརྒྱད་ཞུ་ནས་ཨོཾ་ཞུ་བ་དང་གཅིག་ཏུ་འདྲེས། གོང་བུ་དེ་ཉིད་འོག་ཏུ་ སོང་སྟེ་སྙིང་གའི་ཧཱུཾ་ཡིག་དང་འདྲེས། དེ་ལས་མེ་འབར་བས་འདབ་མའི་ནང་གི་ཡི་གེ་རྣམས་ཞུ་ནས་ཧཱུཾ་ཡིག་དང་འདྲེས། དེ་ཞུ་ནས་ལྟེ་བའི་ཨཾ་ལ་ཐིམ། དེ་ལས་ཀྱང་མེ་འབར་བས་འདབ་མའི་ནང་གི་སྡེ་ཚན་བརྒྱད་ཀྱི་ཡི་གེ་ཞུ་ནས་ཨཾ་ལ་ཐིམ། དེ་ཞུ་བས་ བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཤེལ་ལྟར་དཀར་ལ་འཚེར་ཞིང་དམར་བའི་མདངས་ཆགས་པ་ཡུངས་འབྲུ་ཙམ་དུ་གསལ་བཏབ་ལ་དེ་ལ་རྩེ་གཅིག་ཏུ་བསྒོམ་མོ། །དེའང་ཤེས་པ་དེའི་ནང་དུ་ཞུགས་པར་བསམས་པ་ལ་རྩེ་གཅིག་ཏུ་བཞག་གི་ཤེས་ པས་ཟུར་ནས་དམིགས་རྟེན་ལ་གཏོད་པ་ལྟར་མི་བྱའོ། །སྐབས་འདིར་གནས་ཆ་རྙེད་པ་ཙམ་དགོས་པར་མི་བཟུང་སྟེ། གཏུམ་མོ་འབར་ནས་ལྷན་སྐྱེས་ཀྱི་བདེ་བ་བསྒྲུབ་འདོད་པའི་ཕྱིར་རོ། །དེ་ལྟར་དམིགས་རྟེན་དང་ཤེས་པ་གཉིས་གཅིག་ཏུ་འདྲེས་པ་ ལྟ་བུའི་ཉམས་སྐྱེས་ཀྱི་བར་དུ་བསྒོམས་ནས། དེ་ནས་ཐིག་ལེ་དེའི་དབུས་སུ་མར་མེ་བཙུགས་པ་ལྟ་བུའི་མེ་ཁ་་དོག་དམར་བ་རེག་བྱ་ཚ་བ་རྒྱ་ཁབ་ཀྱི་སྦོམ་ཕྲ་ཙམ་རིང་ཐུང་སོར་བཞི་ཙམ་ལ་མཉམ་པར་བཞག་གོ། དེ་ལྟར་ཡུན་རིང་དུ་བསྒོམས་པ་ན་སྤྱི་བོའི་ ཧཾ་ཡིག་ཞུ་ནས་བདེ་བ་སྐྱེ་བར་འགྱུར་རོ། །འོད་ཟེར་གྱི་རེ་ཁཱ་ཤིན་ཏུ་ཕྲ་བ་དེའང་བསིལ་བར་འགྱུར་ཏེ་ཞེས་གསུངས་པའི་དོན་ནི། སློབ་དཔོན་ཨ་བྷྱ་དང་། ཤཱཀྱ་སྲུང་བ་དང་། དབུ་མ་པ་ཏི་སོགས་ཀྱིས་བསིལ་བའི་དོན་བདེ་བ་བསྐྱེད་པ་ལ་བཤད་པས། སྔར་ 12-15-10a རེག་བྱ་ཚ་བ་ཕྱིས་གྲང་བར་སོང་བ་ནི་མ་ཡིན་ཏེ། དཔྱིད་ཐོབ་པ་ཡིས་ཆོག་ཤེས་དང་། །སྒོམ་པར་འཇུག་པ་རྣམ་པར་གནས། ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་སྐབས་སུ་བདེ་བ་སྐྱེས་པ་ཙམ་ལྷན་སྐྱེས་ཀྱི་བདེ་བར་མི་ འཇོག་སྟེ། དེ་ལ་དབང་དུས་ཀྱི་ལྷན་སྐྱེས་དང་། ལམ་དུས་ཀྱི་ལྷན་སྐྱེས་དང་། འབྲས་དུས་ཀྱི་ལྷན་སྐྱེས་རྣམས་སུ་ཡོད་པའི་དང་པོ་དང་ཐ་མ་གཉིས་རེ་ཞིག་མི་སྟོན་ལ་བར་བ་ལ་བསྐྱེད་རྫོགས་གཉིས་བསྡུས་པ་ཡོད་པའི་རྫོགས་རིམ་གྱི་ལྷན་ སྐྱེས་དང་པོ་སྐྱེ་བའི་ཚད་ནི། སྔར་བཤད་པའི་གཏུམ་མོ་བསྒོམས་པའི་སྟོབས་ཀྱིས་གཡས་གཡོན་གྱི་རྒྱུ་བ་འགགས་ཤིང་། དེ་འགགས་པའི་སྟོབས་ཀྱིས་ལྟེ་འོག་ན་ཡོད་པའི་མེ་སད་བྱེད་ཀྱི་རླུང་གཡོས་པས་སྦར་བའི་འབར་འཛག་གི་ བདེ་བ་སྐྱེས་པ་ནས་འཛིན་པ་ཡིན་ནོ། །སྤྱིར་རླུང་གི་སྟོབས་ཀྱིས་ཁམས་ཕྱིར་འཕོ་བར་བྱེད་ཀྱང་། རླུང་དེས་སྦར་བའི་མེས་བཞུས་པའི་ཁམས་ནི་ཕྱིར་མི་འཕོ་བ་ཡིན་ནོ། །དེ་ནས་སྤྲོ་བསྡུ་ལ་བསླུ་བ་པ་ནི། སྐྲ་ཡི་རྩེ་མོ་བརྒྱ་སྟོང་ལ། །གློག་ འགྱུ་བ་དང་མཚུངས་པའི་འོད། ཅེས་གསུངས་པ་ལྟར། སྔར་གྱི་གཏུམ་མོའི་མེ་སོར་བཞི་པ་དེ་ལས་འོད་འཕྲོས་ནས་འཁོར་ལོ་བཞིའི་འདབ་མ་ཐམས་ཅད་ཀྱི་ནང་དུ་སོང་སྟེ། རྩའི་ནང་སྦྱངས་ནས་སོར་མོའི་རྩེ་མོ་དང་། བ་སྤུའི་བུ་ག་ ཐམས་ཅད་ཁྱབ་པར་བསྒོམ་ཞིང་། དེ་ལས་བྱུང་བའི་མེ་སྣ་བུག་གཡས་པ་ནས་འཐོན་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད། དང་པོ་ནས་སངས་རྒྱས་ཟིན་པ་དང་བཅས་པ་རྣམས་ཀྱི་སྣ་བུག་གཡོན་པ་ནས་ཞུགས་ཏེ་བདེ་ཆེན་གྱི་ 12-15-10b འཁོར་ལོའི་བར་གྱི་རྩ་ནང་ཐམས་ཅད་སྦྱངས་ནས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་གཏུམ་མོའི་མེ་དང་རོ་གཅིག་ཏུ་འདྲེས་པ་སྣ་བུག་གཡས་པ་རྣམས་ནས་བྱུང་། རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ། བདེ་ཆེན་གྱི་འཁོར་ལོ་ནས་རིམ་གྱིས་རྩའི་ འདབ་མ་རྣམས་དང་བ་སྤུའི་བུ་གའི་བར་རྣམས་སུ་ཁྱབ་པས་རྒྱུད་བྱིན་གྱིས་བརླབ་པར་བསམ་མོ། །དེ་ནས་དགའ་བཞིའི་རྟོགས་པ་སྐྱེ་ཚུལ་ནི། ཁ་སྦྱོར་ལས། འཁོར་ལོ་བཞིར་ནི་རབ་དབྱེ་བས། །ས་སོགས་འབྱུང་བ་ཆེན་པོ་དང་། །ཐུན་བཞིར་བྱིན་གྱིས་ བརླབ་པ་དང་། །པདྨ་བཞིར་ནི་ཡང་དག་འབྱུང་། །དགའ་བ་བཞི་ཡི་ངོ་བོ་ཡིས། །སྦྱོར་བ་ཡི་ནི་སྔོན་དུའོ། །མཆོག་ཏུ་དགའ་བའི་ངོ་བོ་ཡིས། བྱ་བ་བྱེད་པའི་དངོས་པོ་ལས། །དཔལ་ལྡན་རྡོ་རྗེ་སེམས་གཟུགས་ཀྱིས། །འདིར་ནི་འཇིག་རྟེན་བདེ་བར་རོལ། ། ཞེས་གསུངས་པའི་དོན། མན་ངག་སྙེ་མར་ཕྱག་ཆེན་ཐིག་ལེ་དྲངས་ནས་རྒྱས་པར་བཤད་དེ། དེའང་ཟླ་བའི་ཆ་བཅུ་དྲུག་དང་། ཉི་མའི་ཁྱིམ་བཅུ་གཉིས་སུ་གསུངས་པའི། ཟླ་བ་བྱང་ཆུབ་ཀྱི་སེམས་དཀར་པོ་དང་། ཉི་མ་བྱང་ཆུབ་ཀྱི་སེམས་དམར་པོ་ཡིན་ ཏེ། དེ་ལ་སྔར་བཤད་པའི་གཏུམ་མོའི་རྣལ་འབྱོར་བསྒོམས་ནས་སྤྱི་བོའི་ཧཾ་ཡིག་ཞུ་བ་ལ་བརྟེན་ནས་བདེ་ཆེན་གྱི་འཁོར་ལོའི་ལྟེ་བ་ནས་ལོངས་སྤྱོད་ཀྱི་ལྟེ་བའི་བར་ལ་དགའ་བ་སྐྱེ་ཞིང་། དེའི་ནང་ནས་ཀྱང་ལུས་ཀྱིས་ཚིགས་བཞིར་དགའ་བ་ཆུང་ངུ་ དང་། འབྲིང་དང་། ཆེན་པོ་དང་། ཤིན་ཏུ་ཆེན་པོ་བཞི་རིམ་པ་བཞིན་སྐྱེའོ། །ལོངས་སྤྱོད་ནས་ཆོས་འཁོར་གྱི་ལྟེ་བའི་བར་ལ། མཆོག་དགའ་དང་། དེ་ནས་སྤྲུལ་བའི་ལྟེ་བའི་བར་ལ་ཁྱད་པར་གྱི་དགའ་བ་དང་། དེ་ནས་ནོར་བུའི་དབུས་སུ་ཆུད་པའི་བར་ལ་ལྷན་ 12-15-11a ཅིག་སྐྱེས་པའི་དགའ་བ་སྐྱེ་ཞིང་། དེ་གསུམ་ལའང་ཆུང་ངུ་། །འབྲིང་། ཆེན་པོ། ཤིན་ཏུ་ཆེན་པོ་བཞི་བཞིར་ཕྱེ་བས་ཟླ་བའི་ཆ་བཅུ་དྲུག་གོ། ཉི་མའི་ཆ་བཅུ་གཉིས་ནི་ཁམས་དམར་པོ་ལ་བརྟེན་ནས་སྐྱེས་པའི་དགའ་བ་བཞི་ འཁོར་ལོ་བཞིའི་བར་ལ་ཆུང་ངུ་འབྲིང་ཆེན་པོ་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས། དེའང་ཡས་བབས་ཀྱི་དགའ་བ་སྔར་བཤད་པ་ལྟར་གྱི་མཚན་ཉིད་ཡོངས་སུ་རྫོགས་པ་གཅིག་སྐྱེས་ན་ཁམས་ཕྱིར་མི་འཕོ་བར་གྱེན་དུ་ལྡོག་པ་རྟེན་འབྲེལ་ གྱི་ཆོས་ཉིད་ཡིན་ནོ། །བླ་མ་སྔ་མ་རྣམས་ཀྱིས་མས་བརྟན་ལ་དགའ་བ་བཞིར་ཕྱེའང་རྒྱུད་དང་འགྲེལ་པ་ཁུངས་ཐུབ་རྣམས་ནས་ལྷན་སྐྱེས་ཀྱི་བདེ་བ་ཆུང་འབྲིང་ག་དབྱེ་བ་ཁོ་ནར་གསུངས་སོ། །དེའི་རྗེས་ལ་ཡས་བབས་ཀྱི་དགའ་བ་ལ་ཇི་ལྟར་ དབྱེ་སྙམ་ན། གསལ་བར་མ་གསུངས་ཀྱང་ལྷན་སྐྱེས་ཀྱི་བདེ་བར་དོན་གྱིས་འཐོབ་བོ། །འདི་ནི་བྱི་བ་ལོའི་དགུན་གནས་གོང་དཀར་བས་བཏེག་དུས་བླ་མ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སྔ་ནས་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཀྱི་ཐི་ལེ་དགེ་འདུན་ བརྒྱ་ཙམ་ལ་གནང་དུས་སློབ་དཔོན་དཀའ་བཅུ་པ་དར་མ་རིན་ཆེན་གྱིས་ཟིན་བྲིས་མཛད་པ་ཡིན་ནོ། །སརྦ་མདྒ་ལཾ། ། 12-15-11b empty page 12-16-1a ༄༅། །སྒྲུབ་ལེའི་ཕྱག་རྒྱ་བཞི་ཞིབ་ཏུ་གསུངས་པ་རྒྱལ་ཚབ་ཆོས་རྗེས་ཟིན་བྲིས་སུ་བཀོད་པ་བཞུགས་སོ།། 12-16-1b ༄༅༅། །ཤྲཱི་ཀཱ་ལ་ཙ་ཀྲ་ཡེ། དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལེའུའི་ཚིགས་བཅད་བརྒྱ་བཅུ་དྲུག་པར། འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱི་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་ འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །ཞེས་དང་། དེའི་འགྲེལ་པར། འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་ སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ཞེས་པ་ནི། རྣམ་པ་གསུམ་བགྲོད་པའི་དབང་གིས་ཞེས་པ་སྟེ། འདིར་བྱང་ཆུབ་ཀྱི་སེམས་ འཛག་པའི་བགྲོད་པ་ནི་དམན་པའི་གནས་སྐབས་སོ། །གཡོ་བའི་བགྲོད་པ་ནི་འབྲིང་གི་གནས་སྐབས་སོ། །མི་གཡོ་བའི་བགྲོད་པ་ནི་མཆོག་གི་གནས་སྐབས་སོ། །འདི་རྣམས་ལས་ལས་ཀྱི་ཕྱག་རྒྱ་ནི། འཇིག་པའི་ བདེ་བ་སྦྱིན་པ་མོའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །ཕྱག་རྒྱ་ཆེན་མོ་ནི། མི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་ལ་ཕྱག་རྒྱ་གསུམ་བསྒོམ་པར་བཅོམ་ལྡན་འདས་ཀྱིས་ 12-16-2a གསུངས་པའི་ཕྱིར། རྣལ་འབྱོར་པས་སངས་རྒྱས་ཉིད་ཀྱི་སླད་དུ་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱའོ་ཞེས་སོ། །ཕྱག་རྒྱ་བཞི་བསྒོམ་པའི་རིམ་པའང་། ཡེ་ཤེས་ལེའུའི་ཚིགས་བཅད་དོན་ གཉིས་པ་དང་། དོན་གསུམ་པར་རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །དེ་ནས་ཉི་མའི་གཟུགས་ནི་ལུས་དང་གདོང་དང་རྐང་པ་གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་ པ་སྟེ། །གློག་གི་དབྱུག་པའི་རྗེས་མཐུན་འཕོ་མེད་བདེ་བ་སྐྱེད་པར་བྱེད་མ་མཚན་ཉིད་ཡན་ལག་རབ་ཏུ་རྫོགས། །རྡོ་རྗེ་རྣམས་ཀྱི་རབ་ཏུ་སྣང་བར་བྱེད་མ་སྲིད་གསུམ་གནས་ལུས་ཆོས་ཀྱི་དབྱིངས་ནི་དེ་ནས་འགྱུར། །འགྱུར་བ་ མེད་པའི་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང་། །མི་གཙང་བ་དང་གཙང་བའི་གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་ཐམས་ཅད་དུ་ནི་དུས་ཀུན་ཏུ། །ཤིན་ཏུ་དགའ་བའི་དགའ་བ་ལ་ གནས་འཇིག་རྟེན་ལམ་ལས་རབ་གྲོལ་རིགས་དང་རིགས་མིན་མངོན་སྤྱོད་ཅིང་། །ལུས་སྟོབས་བདེ་སྟེར་བཟའ་བ་བཏུང་བ་ལ་སོགས་ལོངས་སྤྱོད་དང་ལྡན་རྣལ་འབྱོར་རྣམས་ཀྱིས་བསྒོམ་པར་བྱ། ཞེས་སོ། །སྒྲུབ་ཐབས་ 12-16-2b ལེའུའི་ཚིགས་བཅད་བརྒྱ་དང་བཅོ་བརྒྱད་པར། སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན། །ནཱ་ད་གོམས་པས་བཙན་ཐབས་ཆུ་སྐྱེས་སུ་གནས་རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་བསྒྲུབ་པར་བྱ། ཞེས་དང་ དེའི་འགྲེལ་པར། ད་ནི་བཙན་ཐབས་ཀྱི་རྣལ་འབྱོར་གསུངས་ཏེ། འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པས་གཟུགས་མཐོང་བར་གྱུར་པ་ལ་སྲོག་མ་བཅིངས་པ་ཉིད་ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་ན། དོའི་ཚེ་ནཱ་ད་གོམས་པ་འཆད་པར་ འགྱུར་བས་བཙན་ཐབས་སུ་དབུ་མར་འབབ་པར་བྱས་ནས། ཤེས་རབ་ཀྱི་ཆུ་སྐྱེས་སུ་གནས་པའི་རྡོ་རྗེ་ནོར་བུར་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཀག་ནས་མི་གཡོ་བས་འགྱུར་བ་མེད་པའི་སྐད་ཅིག་མ་བསྒྲུབ་པར་བྱའོ། །ཞེས་པ་ནི་བཙན་ཐབས་ཀྱི་རྣལ་འབྱོར་ རོ། །ཞེས་གསུངས་ལ། དེའི་འཆད་འགྱུར་ནི། །ལེའུ་དེའི་ཚིགས་བཅད་བརྒྱ་གོ་ལྔ་པ་དང་། གོ་དྲུག་པར་ནུས་མ་གང་ཞིག་ལྟེ་བའི་དབུས་ནས་གཞན་གྱི་གནས་སུ་བཅུ་གཉིས་མཐའ་དང་ཆ་ཡི་མཐར་འགྲོ་བ། །དེ་ནི་ལྟེ་བར་འགོག་པ་དང་བཅས་དྲི་མེད་ གློག་དང་མཚུངས་པ་དབྱུག་པའི་གཟུགས་ཅན་ལངས་པ་ཡང་། །འཁོར་ལོ་ནས་ནི་འཁོར་ལོའི་བར་དུ་ངེས་པར་དམན་ཞིང་རོལ་པའི་བགྲོད་པས་དབུ་མའི་རྩ་ལ་བསྐྱོད། །ཇི་སྲིད་གཙུག་ཏོར་བུག་པར་བཙན་ཐབས་ཉིད་ཀྱིས་ཕྱི་རོལ་གྱི་ནི་པགས་པ་དག་ལ་ ཁབ་བཞིན་རེག །དེ་ཡི་དུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཟུང་གི་རླུང་དག་འགག་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་ 12-16-3a དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །སླར་ཡང་འདིས་ནི་རྣལ་འབྱོར་པ་རྣམས་མངོན་ཤེས་ལྔ་ཡི་རང་བཞིན་སྣ་ཚོགས་ཡུམ་དུ་འགྱུར་བ་ཡིན། ཞེས་གསུངས་སོ། །སློབ་དཔོན་ཉི་མ་དཔལ་ཡེ་ ཤེས་ཀྱི་མཚན་བརྗོད་ཀྱི་འགྲེལ་པར་འབྱུང་བ་ནི། ཏིང་ངེ་འཛིན་གྱི་ཡན་ལག་གསལ་བའི་དོན་དུ། བཙན་ཐབས་ཀྱི་སྦྱོར་བའང་ཐབས་སོ། །བཙན་ཐབས་ཀྱི་སྦྱོར་བའང་འདི་ལྟ་སྟེ། གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པས་གཟུགས་བརྙན་མཐོང་ནས། རླུང་མ་བསྡམས་པ་ཉིད་ཀྱིས་མི་འགྱུར་བའི་སྐད་ཅིག་སྐྱེ་བར་མི་འགྱུར་ཏེ། དེའི་ཚེ་ནཱ་ད་གོམས་པར་བྱས་པས། ལྷན་ཅིག་སྐྱེས་པའི་དགའ་བ་གོམས་པའི་བཙན་ཐབས་ཀྱིས་ཧཱུཾ་གི་རྣམ་པའི་སྒྲ་ཡིས་སྲོག་དབུ་མར་གཞུག་པར་བྱའོ། །འདི་ལྟར་ལེགས་ པར་བསླབས་པའི་མཆོག་གི་འདོད་པ་མ་རྒྱུད་ལ་གསུངས་པའི་ཡོན་ཏན་དང་ལྡན་པ་རྗེས་སུ་ཆགས་པ་མོའི་ཀཀྐོ་ལར་བོ་ལ་ཆོ་ག་བཞིན་དུ་བཅུག་ལ། མི་འདར་བ་ཉིད་ཀྱིས་ངལ་བ་སོགས་ཏེ། དེའི་ཟེ་འབྲུའི་ཁར་རྡོ་རྗེ་ནོར་བུ་བཙིར་ནས་ཤིན་ཏུ་དགའ་ བའི་རོས་སྐད་ཅིག་ཙམ་མི་སྒུལ་བར་བྱའོ། །དེ་མི་འགྱུར་བའི་གནས་སྐབས་བྱུང་བ་ན། ཧཱུཾ་གི་རྣམ་པ་བརྗོད་པ་སྔོན་དུ་འགྲོ་བས། བླ་མ་དམ་པའི་དྲིན་གྱིས་ཐོབ་པ་སྔོན་དུ་བྱ་ཞིང་། བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བ་ཡིས། །བྱང་ཆུབ་ ཀྱི་སེམས་ཀྱི་ཐིག་ལེ་འགོག་པའོ། །དེ་ནས་མི་འགྱུར་བའི་སྐད་ཅིག་ཐོབ་པའོ། །འདི་ལྟར་ཏིང་ངེ་འཛིན་གྱི་ཡན་ལག་གསལ་བར་འགྱུར་རོ་ཞེས་པའི་དོན་ཏོ། །ཞེས་གསུངས་སོ། །འདི་དག་དགོས་པའི་དབང་གིས་རྒྱུད་ཚིག་ལོགས་སུ་བཀོལ་ལགས་ 12-16-3b པ། མཁའ་འགྲོའི་ཚོགས་ཀུན་བཟོད་མཛད་རིགས་སོ། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་དུས་ཀྱི་འཁོར་ལོའི་ཕྱག་རྒྱ་ལ་བརྟེན་ནས་རྫོགས་པའི་རིམ་པ་ཉམས་སུ་ལེན་པའི་ཚུལ་མདོར་བསྡུས་པ་ནི། ཉམས་ ལེན་དམིགས་ཕྱེད་པའི་ཡན་ལག་ཏུ་སྐབས་སུ་བབ་པའི་རྒྱུད་ཚིག་གི་དོན་ཅུང་ཟད་བཤད་པ་དང་། དེའི་དོན་ཉམས་སུ་ལེན་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། ཕྱག་རྒྱ་གསུམ་ལ་བརྟེན་ནས་བདེ་བ་བསྐྱེད་པ་རྒྱུད་ནས་གསུངས་པའི་ཚུལ་དང་། སྲོག་ རྩོལ་གྱི་སྤོགས་ཆོག་བཙན་ཐབས་ཀྱི་སྦྱོར་བ་རྒྱུད་ནས་གསུངས་པའི་ཚུལ་ལོ། །དེའི་དང་པོ་ནི་སྤྱིར་དུས་འཁོར་ནས་ཕྱག་རྒྱ་བཞིར་གསུངས་ཀྱང་ལས་རྒྱ་དང་། ཡེ་རྒྱ་ཕྱག་ཆེན་གསུམ་ནི་མི་འགྱུར་བའི་བདེ་བ་སྐྱེད་བྱེད་ཀྱི་ཕྱག་རྒྱ་ཡིན། ཕྱག་རྒྱ་བཞི་བ་ནི་སྔ་ མ་གསུམ་ལ་བརྟེན་ནས་བྱུང་བའི་བདེ་བ་ལ་ཕྱག་རྒྱར་བརྗོད་པ་ཡིན་པས། འདིར་ཕྱག་རྒྱ་གསུམ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་སྐྱེད་བྱེད་ཀྱི་ཁྱད་པར་རྣམས་གསུངས་ན། ཕྱག་རྒྱ་བཞི་པའང་ཞར་ལ་རྟོགས་པར་འགྱུར་བས། ཕྱག་རྒྱ་གསུམ་གྱི་ རྟེན་ཚུལ་སྒྲུབ་ཐབས་ལེའུའི་ཚིགས་བཅད་བརྒྱ་བཅུ་དྲུག་པར། འདི་དག་དམན་པ་ཞེས་སོགས་ཚིག་རྐང་པ་གཉིས་ཀྱིས་སྟོན་ཏེ། སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཡོད་པའི་འདིར་རྫོགས་རིམ། ཕྱག་རྒྱ་གསུམ་ ལ་བརྟེན་པའི་སྒྲུབ་ཐབས་ཁྱད་པར་ཅན་གསུམ་ནི། དམན་པ་དང་། སོགས་ཀྱིས་བསྡུས་པ་འབྲིང་དང་། མཆོག་གི་དབྱེ་བ་གསུམ་དུ་འགྱུར་ཚུལ་ནི། གཞུང་འོག་མས་སྟོན་ཏེ། རྣམ་གསུམ་བགྲོད་པའི་དབང་གིས། གནས་སྐབས་རྣམ་པ་གསུམ་དུ་འགྱུར་ལ། 12-16-4a གང་ལ་བརྟེན་ནས་འགྱུར་ན། ཕྱག་རྒྱ་གསུམ་ལ་བརྟེན་ནས་འགྱུར་ཞིང་། ཕྱག་རྒྱ་གསུམ་ནི་ལས་དང་ཀུན་རྟོག་མཆོག་རྣམས་སོ་ཞེས་པའི་དོན། ལས་རྒྱ་དང་། ཀུན་རྟོག་སྟེ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། མཆོག་སྟེ་ཕྱག་ཆེན་གསུམ་ལ་ བརྟེན་ནས་སོ། །གནས་སྐབས་གསུམ་བསྐྱེད་ཚུལ་ནི། ལས་རྒྱས་ནི་འཛག་པའི་བདེ་བའི་གནས་སྐབས་སྦྱིན་པར་བྱེད་ལ། ཡེ་རྒྱས་ནི་གཡོ་བའི་བདེ་བའི་གནས་སྐབས་དང་། ཕྱག་ཆེན་གྱིས་ནི་མི་གཡོ་བའི་བདེ་བའི་གནས་སྐབས་སྦྱིན་པར་བྱེད་དོ། །ཕྱག་ རྒྱ་དང་པོ་གཉིས་བསྟེན་པ་ལ་མི་བལྟོས་པར་ཕྱག་ཆེན་ལ་བརྟེན་ནས་ལྷན་སྐྱེས་བསྐྱེད་ཐུབ་པ་ནི་གང་ཟག་དབང་པོ་རབ། ཕྱག་ཆེན་ལ་བརྟེན་ནས་བསྐྱེད་མི་ནུས་ཤིང་། ལས་རྒྱ་བསྟེན་པ་ལ་མི་བལྟོས་པར་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལ་བརྟེན་ནས་ལྷན་ སྐྱེས་བསྐྱེད་ནུས་པ་ནི་དབང་པོ་འབྲིང་དང་། ཕྱག་རྒྱ་སྔ་མ་གཉིས་ལ་བརྟེན་ནས་བདེ་བ་འདྲེན་མི་ནུས་པ་ནི། དང་པོར་ལས་རྒྱ་ཙམ་ལ་བརྟེན་ནས་ལྷན་སྐྱེས་བསྐྱེད་པ་ནི་དབང་པོ་ཐ་མར་འཇོག་ལ། དེའང་དང་པོར་ཕྱིའི་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་འདྲེན་ པའི་དབང་དུ་བྱས་ནས་དབང་པོའི་རིམ་པ་དེ་བཞིན་དུ་བཞག་གི། གོམས་པ་མཆོག་ཏུ་གྱུར་ནས་མ་ཡིན་ཏེ། ཕྱག་ཆེན་ལ་བརྟེན་པའི་དབང་པོ་རབ་ཀྱིས་ཀྱང་ཕྱག་རྒྱ་དང་པོ་གཉིས་ལ་བརྟེན་ནས། ཕྱག་རྒྱ་ཉིད་ཀྱི་མཐུས་འགྱུར་མེད་ཀྱི་ལྷན་སྐྱེས་འདྲེན་པར་ བྱེད་དོ། །གང་ཟག་ཀྱང་རྒྱུད་ཐ་དད་པ་གསུམ་གྱི་དབང་དུ་བྱས་པ་དང་། གང་ཟག་གཅིག་ཉིད་ཀྱིས་ཕྱག་རྒྱ་དང་པོ་ནས་གསུམ་པའི་བར་ལ་བརྟེན་ནས་བདེ་བ་འདྲེན་པའི་བར་རིམ་གྱིས་དབང་པོ་ཐ་མ་འབྲིང་མཆོག་ཏུ་འགྱུར་བའི་སྐབས་ཡོད་དོ། །འོ་ན་འཛག་ 12-16-4b པའི་བདེ་བ་ཞེས་པའི་འཛག་པ་བདེ་བ་ལ་སྦྱར་མི་རུང་ཞིང་། བདེ་བའི་རྟེན་བྱང་སེམས་ལ་བྱེད་དགོས་ན། ཕྱག་རྒྱ་དང་པོ་གཉིས་ཀྱི་སྐབས་སུ་འཛག་པ་དང་། གཡོ་བ་ཞེས་བརྗོད་ལ། ཕྱག་རྒྱ་གསུམ་པ་ལ་མི་གཡོ་བ་ཞེས་བརྗོད་པའི་དོན་ཇི་ལྟར་ཡིན། དབང་པོའི་སྒོ་ནས་ཕྱིར་འཛག་པ་དང་གཡོ་བ་ལ་བྱེད་ན་གཞི་དུས་རང་དགའ་བ་དང་མཚུངས་པས། གཙོ་བོའི་སྒྲུབ་ཐབས་སུ་མི་རུང་བ་དང་། འཛག་བདེ་ལ་རྒྱུད་ནས་རྣམ་པ་དུ་མར་སྨད་པ་དང་། འོག་ནས་ཀྱང་འགྱུར་མེད་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་ པོ་ཞེས་གསུངས་པས། ལམ་དུས་སུ་ཕྱག་རྒྱ་དང་པོ་གཉིས་ཀས་ཀྱང་འགྱུར་མེད་ཀྱི་བདེ་བ་སྟེར་བར་གསུངས་པ་དང་། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད། ལས་རྒྱ་སོགས་བསྟེན་པར་གསུངས་པས། ཕྱིར་མི་འཛག་པ་ཕྱག་རྒྱ་ གསུམ་ག་ལ་དགོས་པར་མཚུངས་ཤིང་། ནང་གི་བྱང་སེམས་སྤྱི་བོ་ནས་ནོར་བུའི་བར་དུ་བབས་པའི་ལྷན་སྐྱེས་སྒོམ་པའང་གསུམ་ག་ལ་མཚུངས་པས་མདོར་ན་ཕྱི་རོལ་ཏུ་མི་འཛག་པར་མཚུངས། ནང་གི་འཁོར་ལོ་གོང་མ་ནས་ནོར་བུའི་བར་དུ་འཛག་ པར་མཚུངས་བཞིན་དུ། སྔ་མ་གཉིས་ལ་འཛག་པ་དང་གཡོ་བ་ཞེས་བརྗོད་ལ། ཕྱི་མ་ལ་མི་གཡོ་བ་ཞེས་བརྗོད་པ་ཇི་ལྟར་ཡིན་ཞེ་ན། དོགས་པ་དེ་སེལ་ཚུལ་ནི། བྱང་སེམས་ནང་ནས་རིམ་པ་བཞིན་འཛག་པར་མཚུངས་པས། གཡོ་མི་གཡོའི་ ཁྱད་པར་དེས་འབྱེད་པ་མིན་ཞིང་། དབང་པོའི་ཕྱིར་མི་འཕོ་བའང་གསུམ་ག་ལ་མཚུངས་ཀྱང་། མི་འཕོ་བར་བྱེད་པའི་ཐབས་ཁྱད་པར་ཤིན་ཏུ་ཆེ་བས། དེའི་སྒོ་ནས་ཁྱད་པར་ཕྱེ་ན་འདི་བཞིན་དུ་འགྱུར་ཏེ། ཕྱག་ཆེན་ལའང་རླུང་དབུ་མར་ཚུད་ནས་གྲུབ་ 12-16-5a པའི་ཕྱག་ཆེན་ནི་གཙོ་བོ་དང་། དབུ་མར་མ་ཚད་གོང་ནས་གྲུབ་པའི་ཕྱག་ཆེན་ནི་སྔ་མ་ལ་བལྟོས་ནས་ཕལ་པར་འགྱུར་ལ། དེ་གཉིས་གང་གིས་ལྷན་སྐྱེས་བྱིན་ཀྱང་། བྱང་སེམས་མི་འཕོ་བའི་ཐབས་གཞན་ལ་ལྟོས་མེད་དུ། ། ཕྱག་རྒྱ་ཉིད་ཀྱི་སྟོབས་ཀྱིས་བྱང་སེམས་མི་འཕོ་བའམ། མི་གཡོ་བར་འགྱུར་བས། མི་གཡོ་བའི་བདེ་བ་ཞེས་བརྗོད་ལ། ཡེ་རྒྱ་དང་ལས་རྒྱ་གཉིས་ཀྱིས་ལྷན་སྐྱེས་སྟེར་བའི་དུས་སུ་ཐིག་ལེ་འགོག་ཐབས་གཞན་ལ་བལྟོས་དགོས་ཤིང་། ཕྱག་རྒྱའི་ སྟོབས་ཀྱིས་མི་གཡོ་བར་བྱེད་མི་ནུས་པས། ཐབས་གཞན་གྱིས་བཀག་ནས་མི་འགྱུར་བར་སྒྲུབ་དགོས་པས། ཕྱག་རྒྱའི་ངོས་ནས་འཛག་བདེ་གཡོ་མི་གཡོ་བ་ཞེས་བརྗོད་ཀྱི། བྱང་སེམས་དབང་པོའི་སྒོ་ནས་འཕོ་མི་འཕོ་ཙམ་གྱིས་མ་བཞག་པས་ ཁྱད་པར་ཆེ་ཞིང་། ཡེ་རྒྱ་དང་ལས་རྒྱ་གཉིས་ལ་གཡོ་བ་དང་འཛག་པའི་བདེ་བ་ཞེས་བརྗོད་པའི་ཁྱད་པར་ནི། བྱང་སེམས་འཛག་པ་མྱུར་དུ་འཛག་པ་དང་དལ་བུས་འཛག་པའི་ཁྱད་པར་རོ། །ཕྱག་ཆེན་གྱིས་བྱིན་གྱིས་བརླབས་ནས། ཕྱག་རྒྱ་སྔ་མ་ གཉིས་ཀྱང་ལྷན་སྐྱེས་སྟེར་བའི་དུས་སུ་ཕྱག་རྒྱའི་མཐུས་བྱང་སེམས་མི་འཕོ་བར་བཤད་ཀྱང་། དབང་པོ་འབྲིང་དང་བརྟུལ་པོས་ཕྱག་རྒྱ་སྔ་མ་གཉིས་ལ་བརྟེན་ནས། ལྷན་སྐྱེས་ཀྱི་དུས་སུ་བྱང་སེམས་མི་འཕོ་བ་ཕྱག་རྒྱའི་སྟོབས་ཀྱིས་མི་ནུས་པར་ བཤད་པ་གཉིས་མི་འགལ་ཏེ། སྔ་མ་ནི་དབང་པོ་མཆོག་དང་། འདི་གཉིས་དབང་བརྟུལ་གྱི་སྐབས་ཡིན་པས་སོ། །མི་འཕོ་བའི་ཐབས་ཁྱད་པར་ཅན་ཀྱང་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་ཚུལ་རྒྱུད་གཞན་ནས་གསུངས་པ་ལྟར་འདིར་མ་གསུངས་ལ། 12-16-5b ཕཊ་ཡིག་དང་རྫས་ལ་སོགས་པས་འགོག་པའང་འདིར་མི་བཞེད་པས། བྱང་སེམས་མི་འཕོ་བའི་ཐབས་ནི་རླུང་གི་རྣལ་འབྱོར་ཁྱད་པར་ཅན་ཞིག་གིས་བྱེད་དེ། འོག་ནས་འཆད་པར་འགྱུར་རོ། །ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་དང་སྒོམ་པའི་རིམ་པ་སོགས་ ཅུང་ཟད་རྒྱས་པར་ཡེ་ཤེས་ལེའུའི་ཚིགས་བཅད་དོན་གཉིས་པས་བསྟན་པ་དང་། གནས་དང་དགོས་པ་སོགས་དོན་གསུམ་པས་བསྟན་པ་ནི། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་ཅེས་སོགས་ཀྱིས་འཆད་ལ། རྒྱལ་བའི་ལྷན་སྐྱེས་བདེ་ བ་ལ་འབྲས་དུས་དང་། དེ་འདྲེན་བྱེད་ལམ་གྱི་ལྷན་སྐྱེས་གཉིས་ཡོད་པ་ལས་ཕྱི་མ་སྟེ། །དེ་འཕེལ་བའི་ཆེད་དུ་དང་པོར་ལས་བརྒྱ་བསྟེན་པར་བྱ་སྟེ། དེའང་ལས་རྒྱ་མཚན་ཉིད་དང་ལྡན་པ་བསྟེན་ནས་ལྷན་སྐྱེས་འཕེལ་བར་བྱེད་པའོ། །ལས་རྒྱས་ལྷན་ སྐྱེས་བསྐྱེད་པའི་རྗེས་དེ་ནས་ཉི་མ་སྟེ། ཤེས་རབ་ལྷ་མོའི་གཟུགས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། ལྷན་སྐྱེས་འཕེལ་བར་བྱེད་དེ། ཕྱག་རྒྱ་དེའང་ཇི་ལྟ་བུ་ཞེ་ན། ལུས་དང་ཞེས་སོགས། གཙུག་ཏོར་ཡན་ལག་ཉིང་ལག་ལ་སོགས་པ་མཚན་ཉིད་ ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་ལ་བརྟེན་ནས་སོ། །ཡེ་རྒྱས་ལྷན་སྐྱེས་འདྲེན་ནུས་པའི་རྗེས་དེ་ནས་ཕྱག་ཆེན་ལ་བརྟེན་ནས་ལྷན་སྐྱེས་སྤེལ་བར་བྱེད་དེ། དེའི་མཚན་ཉིད་ནི་ཡན་ལག་དང་ཉིང་ལག་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་ སུ་རྫོགས་ཤིང་། ཡོན་ཏན་གྱི་ཁྱད་པར་དེས་འཕོ་བ་མེད་པའི་བདེ་བ་སྐྱེད་པར་བྱེད་པ་དང་། ས་འོག་ས་སྟེང་ས་བླ་སྟེ་སྲིད་པ་གསུམ་གྱི་གནས་ལུས་ཡིད་ངོར་ཅི་རིགས་སུ་སྣང་བར་བྱེད་པའི་འོད་ཀྱི་སྣང་བ་དང་ལྡན་ཞིང་། རྡོ་རྗེ་རྣམས་ཀྱི་ཞེས་པས་རྣལ་ 12-16-6a འབྱོར་པ་རང་དང་ཕྱག་རྒྱ་གཉིས་ཀ་མ་བརྟགས་པའི་འདོད་ལྷ་ཡབ་ཡུམ་སྙོམས་པར་འཇུག་པའི་རྣམ་པ་ཅན་གྱི་སྐུ་རྡོ་རྗེ་དང་། དེས་སྟོང་ཉིད་ཀྱི་སྒྲ་དབྱངས་བསྒྲགས་པའི་གསུང་རྡོ་རྗེ་དང་། མི་འགྱུར་བའི་བདེ་བའི་ཆ་ནས་ཐུགས་ རྡོ་རྗེ་དང་། སྟོང་ཉིད་ལ་དམིགས་ཤིང་མི་རྟོག་པའི་ཆ་ནས་ཡེ་ཤེས་རྡོ་རྗེ་སྟེ། རྡོ་རྗེ་བཞི་དང་ལྡན་ཞིང་མ་བརྟགས་ཤིང་གསལ་བ་གློག་ལྟ་བུའི་ཕྱག་ཆེན་ལ་བརྟེན་ནས་ལྷན་སྐྱེས་འཕེལ་བར་བྱེད་དོ། །ཚིགས་བཅད་གཉིས་པས་ནི་དེ་ལྟ་བུའི་ལྷན་སྐྱེས་ བསྐྱེད་པའི་ཁྱིམ་དང་ཞེས་སོགས་ཀྱིས་གནས་དང་། དུས་ཀུན་ཏུ་ཞེས་པས་དུས་ཀྱི་ཁྱད་པར་དང་། འགྱུར་མེད་བདེ་བའི་འབྲས་སྟེར་ཞེས་པས་བསྟེན་པའི་དགོས་པ་དང་། ཤིན་ཏུ་དགའ་བ་ལ་གནས་ཞེས་པས། ལྷན་སྐྱེས་དོན་དུ་གཉེར་བའི་ སྒྲུབ་པ་པོ་དང་། འཇིག་རྟེན་ལམ་ལས་རབ་གྲོལ་རིགས་དང་རིགས་མིན་མངོན་སྤྱོད་ཅིང་ཞེས་པས། རིགས་མཆོག་དམན་ཀུན་ལ་སྤྱོད་པར་གསུངས་ཤིང་། ལུས་སྟོབས་ཞེས་སོགས་ཀྱིས་བྱང་སེམས་འཕེལ་བའི་དོན་དུ་ཡུལ་ཁྱད་པར་ ཅན་རྣམས་བསྟེན་ནས། དབང་པོ་རྟེན་བཅས་རྣམས་ཚིམ་པར་བྱས་པས་བདེ་བ་འཕེལ་བར་བྱེད་པའོ། །གཉིས་པ་ནི་འཆད་པར་འགྱུར་བའི་བཙན་ཐབས་ཀྱི་སྦྱོར་བ་འདི་ཡན་ལག་དྲུག་པོ་གང་གི་སྤོགས་ཆོག་ཏུ་འདོད་པ་ནི། བླ་མ་ཁ་ཅིག་ནི་སོར་ བསམ་གཉིས་གྲུབ་རྗེས་སུ་སྲོག་རྩོལ་གྱིས་མ་གྲུབ་པ་སྒྲུབ་པའི་སྤོགས་ཆོག་ཏུ་འདོད་དེ། འགྲེལ་ཆེན་ལས་སོ་སོར་སྡུད་པ་ལ་སོགས་པས་གཟུགས་མཐོང་བར་འགྱུར་ལ། སྲོག་མ་ཆིངས་པ་ཉིད་ཀྱིས་ཞེས་གསུངས་པ་ལ་བསམས་ནས་ 12-16-6b སྲོག་རྩོལ་གྱི་སྤོགས་ཆོག་ཏུ་འདོད་ཅིང་། ཡང་ཁ་ཅིག་ཏིང་ངེ་འཛིན་གྱི་སྤོགས་ཆོག་ཏུ་བཞེད་དེ། འགྲེལ་པར་འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་ན་དེའི་ཚེ་ནཱ་ད་གོམས་པ་འཆད་པར་འགྱུར་བ་ཞེས་སོགས་གསུངས་པའི་དོན་དུ་དགོངས་སོ། །སློབ་དཔོན་ ཉི་མ་དཔལ་ཡེ་ཤེས་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་གྱུར་པའི་མི་འགྱུར་བའི་བདེ་བ་མ་སྐྱེས་པ་བསྐྱེད་པའི་ཕྱིར་དུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བྱང་སེམས་ནོར་བུར་ཕབ་པ་སྟེང་དུ་ལྡོག་པའི་ཐབས་སུ་བཙན་ཐབས་ཀྱི་སྦྱོར་བ་བྱེད་པར་གསུངས་ཏེ་མཚན་ བརྗོད་ཀྱི་འགྲེལ་པར་གསལ་བར་ཡོད་དོ། །ཏིང་ངེ་འཛིན་གྱི་སྤོགས་ཆོག་ཏུ་མི་འཐད་དེ། ཡན་ལག་སྔ་མ་རྣམས་གྲུབ་ན་སྲོག་དབུ་མར་འཆིང་བ་སོགས་གྲུབ་པས་སྲོག་མཆིངས་ན་བཙན་ཐབས་ཀྱི་སྦྱོར་བ་བྱེད་པར་གསུངས་པ་དང་འགལ་ཞིང་། ཡན་ལག་སྔ་ མ་རྣམས་མ་གྲུབ་ན་སྤོགས་ཆོག་དེ་ཙམ་གྱིས་ཏིང་ངེ་འཛིན་གྱི་ཡན་ལག་མཚན་ཉིད་པ་བསྐྱེད་མི་ནུས་ཤིང་མི་འགྱུར་བའི་བདེ་བ་ཙམ་བསྐྱེད་ནུས་ཀྱང་། དེ་ཙམ་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་མི་འགྱུར་བས་སོ། །སློབ་དཔོན་ཉི་མ་དཔལ་གྱི་བཞེད་པ་དེའང་ བདེ་བ་མ་སྐྱེས་པ་བསྐྱེད་པའི་ཐབས་སུ་ཕྱག་རྒྱ་ལ་བརྟེན་པ་སོགས་གསུངས་ཀྱང་དེའི་སྔོན་དུ་སྲོག་དབུ་མར་མ་ཆིངས་པ་འཆིང་བར་བྱེད་པའི་སྤོགས་ཆོག་མ་གསུངས་པས་དེ་གཉིས་ཀ་དགོས་སོ། །རང་གི་ལུགས་ནི་སྲོག་རྩོལ་གྱི་སྤོགས་ཆོག་ཡིན་ཏེ། སྲོག་དབུ་མར་མཆིངས་བས་ན་ད་གོམས་པའི་སྦྱོར་བས་བཙན་ཐབས་སུ་སྲོག་དབུ་མར་འབབ་པར་བྱེད་དགོས་པར་གསུངས་པ་དང་། དེ་ལ་བརྟེན་ནས་གཏུམ་མོ་འབར་ནས་བྱང་སེམས་ཞུ་བའི་བདེ་བ་འོང་བའང་། ཕྱིའི་ཕྱག་རྒྱ་ལ་བརྟེན་པའི་བདེ་ 12-16-7a བ་མ་སྐྱེས་པ་བསྐྱེད་པ་ལའང་དེ་སྔོན་དུ་འགྲོ་དགོས་པས་སྲོག་དབུ་མར་བསྲེ་བའི་སྤོགས་ཆོག་གོ། དེའང་སྒྲུབ་ཐབས་ལེའུའི་ཚིགས་བཅད་བརྒྱ་དང་བཅོ་བརྒྱད་པར་སོ་སོར་སྡུད་པ་ཞེས་སོགས་རྐང་པ་གཉིས་ཀྱིས་གསུངས་ པ་ནི། སོར་བསམ་གཉིས་ཀྱི་རྟོགས་བཅུ་རྫོགས་ནས་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན་ཞེས་པ་སྲོག་རྩོལ་བསྒོམས་ཀྱང་དེའི་མཐུས་སྲོག་དབུ་མར་མ་ཚུད་ན་འཆད་འགྱུར་ནཱ་ད་གོམས་པར་བྱེད་པར་གསུངས་པ་ནི་རྡོ་རྗེ་ནོར་བུར་ཐིག་ལེ་ བཀག་ནས་སྒྲུབ་པར་བྱེད་ལ། གང་གིས་ན། བཙན་ཐབས་ཀྱི་སྦྱོར་བས་སོ། །ཆུ་སྐྱེས་ནི་ཡུམ་གྱི་པདྨ་སྟེ། དེར་གནས་པའི་རྡོ་རྗེའོ། །དེའི་དོན་རྒྱས་པར་ལེའུ་དེའི་ཚིགས་བཅད་གོ་ལྔ་པ་དང་གོ་དྲུག་པར་གསུངས་པ་ནི། ནུས་མ་ཞེས་སོགས་ཏེ། ནུས་མ་ ནི་སྲོག་འཛིན་ནོ། །ལྟེ་བའི་དབུས་རྩ་འཁོར་གྱི་ལྟེ་བ་རོ་རྐྱང་ནས་གཞན་ནི་སྣ་བུག་གི་ཕྱི་རོལ་གྱི་གནས་སུ་བཅུ་གཉིས་མཐའ་དང་། ཞེས་པ་དང་། མཐར་འགྲོ་བ་ཞེས་པ་སྦྲེལ་ན། སོར་བཅུ་གཉིས་ཕྱི་རོལ་ཏུ་འགྲོ་སྟེ། ས་རླུང་ཕྱི་རོལ་ཏུ་འགྲོ་བའི་ཚད་དོ། ། ཆའི་མཐར་འགྲོ་ཞེས་པ་ཆ་ནི་བཅུ་དྲུག་ཡིན་ལ། དེའང་ནམ་མཁའི་རླུང་ཕྱི་རོལ་ཏུ་སོར་བཅུ་དྲུག་འགྲོ་བར་བསྟན་པས། ཕྱི་རོལ་ཏུ་འགྲོ་བའི་རིང་ཚད་དེ། སྔར་ཐུང་ཚད་གཉིས་ཀྱི་བར་གྱིས། ཆུ་མེ་རླུང་གསུམ་གྱི་ཚད་ཀྱང་ཤེས་པར་ནུས་ཏེ། རིམ་པ་ལྟར་ སོར་བཅུ་གསུམ་དང་བཅུ་བཞི་དང་བཅོ་ལྔ་རྣམས་ཕྱི་རོལ་ཏུ་འགྲོ་བའི་ཆད་དོ། །སྲོག་འཛིན་དེ་རོ་རྐྱང་ནས་རྒྱུ་བ་བཀག་ནས། ལྟེ་བའི་དབུས་ཀྱི་དབུ་མའི་ནང་དུ་བཙུད་དེ། འཁོར་ལོ་དེ་ནས་འཁོར་ལོ་གོང་མ་གོང་མ་རྣམས་སུ་ཕྱིན་ཅིང་། ཁྱད་པར་དུ་ཇི་སྲིད་ 12-16-7b གཙུག་ཏོར་གྱི་བུག་པར་ཕྱིན་ནས་དེའི་ཕྱི་རོལ་གྱི་པགས་པ་དག་ལ་ཁབ་བཞིན་རེག་གི་བར་དུའོ། །ལམ་གང་ནས་འགྲོ་ན་རོལ་པ་སྟེ་བདེ་བ་སྟེར་བའི་ལམ་དབུ་མ་ནས་གྱེན་དུ་འགྲོ་ཞིང་རོ་རྐྱང་གཉིས་ཀ་ནས་དུས་གཅིག་ལ་རྒྱུ་བ་འགོག་པའི་ཕྱིར། ངེས་ པར་དམན་ཞིང་ཞེས་པའི་དོན་རོ་རྐྱང་ནས་རྒྱུ་བ་དམན་པ་སྟེ་བཀག་ནས་དབུ་མ་ཁོ་ན་ནས་རྒྱུ་བའི་དོན་ནོ། །རླུང་ཁོ་ན་རྒྱུ་བ་མ་ཡིན་ཏེ་བཅས་ཞེས་པ་དང་། དང་ཞེས་པའི་དོན་གཏུམ་མོ་དང་བཅས་པ་དེ་ནས་རྒྱུ་བའོ། །དེ་ཇི་ལྟ་བུ་ཞེ་ན་དྲི་མ་མེད་པའི་གློག་ དང་མཚུངས་ཤིང་། རླུང་དང་གཅིག་ཏུ་འདྲེས་པས་དབྱུག་པའི་གཟུགས་ཅན་ལྟ་བུའོ། །ལངས་པ་ཞེས་པ་ནི་འབར་བའི་དོན་ནོ། །དེ་ལྟ་བུ་དེ་ཐབས་གང་གིས་བྱེད་ན་བཙན་ཐབས་ཉིད་ཀྱི་ཞེས་པས་སྟོན་ཏེ། ལྟེ་བར་རླུང་འགོག་པ་དེའི་དུས་སུ་བསྒུལ་བར་ བྱ་ཞེས་སོ། །གང་བསྐུལ་བ་ནི། གཞི་དུས་སུ་ལྟེ་འོག་ནས་འོག་སྒོ་གཉིས་སུ་འགྲོ་བའི་ཐུར་སེལ་ལོ། །ལམ་གང་ནས་བསྐུལ་ན་སྟེང་གི་ལམ་དུ་སྟེ་ལྟེ་བའི་སྟེང་གི་དབུ་མའི་ལམ་ནས་སོ། །ཐབས་གང་གིས་བསྐུལ་ན་མཆོག་གི་བཙན་ཐབས་ཉིད་ཀྱི། ཞེས་ པས། ཐུར་སེལ་ལྡོག་པའི་སྦྱོར་བ་སྟོབས་དྲག་པོ་ཉིད་ཁོ་ནས་སོ། །དགོས་པ་གཏུམ་མོ་ཁྱད་པར་བ་འབར་བ་སོགས་དང་། གཞན་ཡང་རོ་རྐྱང་ནས་རྒྱུ་བའི་རླུང་གི་ཟུང་དག་བཀག་ནས། དབུ་མར་ཚུད་པས། གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་ བར་འགྱུར་ཞེས་པ་འཕོ་བ་དང་། གྲོང་འཇུག་ནུས་པ་དང་། རོ་རྐྱང་ནི་རླུང་དབུ་མར་ཚུད་པ་སོགས་སྔར་གྱི་དེ་ལྟར་བྱས་ན། རང་གི་ཡིད་ལ་རྡོ་རྗེ་རབ་ཏུ་སད་པ་སྟེ། བདེ་སྟོང་ཁྱད་པར་ཅན་བསྐྱེད་ཅིང་གོམས་པས། དབང་ཕྱུག་གི་ཡོན་ཏན་གཟུགས་ཕྲ་བ་དང་། 12-16-8a རེག་པ་ཡང་བ་སོགས་དང་། ཡིད་ཡུལ་དང་བཅས་པ་ནམ་མཁའ་ལ་སྤྱོད་པ་སོགས་ཡོན་ཏན་བརྒྱད་ཐོབ་པ་དང་། བདེ་སྟོང་ཉིད་གོམས་པར་བྱས་པས། མངོན་ཤེས་ལྔ་ཐོབ་ཅིང་། གཞན་ཡང་སྲོག་དབུ་མར་འདྲེས་པའི་ མཐུས་རྣལ་འབྱོར་པ་རང་ལ་ལྷན་སྐྱེས་ཁྱད་པར་ཅན་སྟེར་བས། སྣ་ཚོགས་ཡུམ་གྱི་བྱ་བ་རྣམས་ཀྱང་བྱེད་པར་འགྱུར་རོ། །འོ་ན་རང་ལུགས་ལའང་སྲོག་དབུ་མར་མ་ཆིངས་པ་འཆིང་བའི་སྤོགས་ཆོག་ཏུ་བཙན་ཐབས་ཀྱི་སྦྱོར་བ་བྱས་པས་རླུང་དབུ་ མར་ཚུད་ན་གཏུམ་མོ་འབར་ནས་ཞུ་བདེ་ཡང་འདྲེན་ནུས་པས། སྤོགས་ཆོག་གཉིས་པ་བདེ་བ་མ་སྐྱེས་པ་བསྐྱེད་པའི་སྤོགས་ཆོག་དོན་མེད་དོ་སྙམ་ན། སྲོག་དབུ་མར་ཚུད་ན་དེ་ལྟར་བདེ་བ་སྐྱེའང་བདེ་བ་མ་སྐྱེས་ནས་ཞེས་པའི་དོན་ནི། བདེ་བ་ཙམ་ མ་སྐྱེས་པ་ལ་མི་བྱེད་ཀྱི། ཁྱད་པར་ཅན་ཕྱིའི་ཕྱག་རྒྱ་ལ་བརྟེན་ནས་མི་འགྱུར་པའི་བདེ་བ་མ་སྐྱེས་པ་བསྐྱེད་པའི་སྤོགས་ཆོག་ཏུ་ལས་རྒྱ་ཀུན་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་བསྐྱེད་ཅིང་སྤེལ་བའི་ཐབས་ཁྱད་པར་ཅན་དགོས་པས་སྐྱོན་མེད་ དོ། །གཉིས་པ་ཉམས་སུ་ལེན་ཚུལ་ལ་གཉིས། ནཱ་ད་གོམས་པའི་སྦྱོར་བ་ཉམས་སུ་ལེན་ཚུལ་དང་། སྟོང་གཟུགས་ཁྱད་པར་ཅན་ལ་བརྟེན་ནས་ཉམས་སུ་ལེན་ཚུལ་ལོ། །དང་པོ་ནི། ནཱ་ད་ཞེས་པ་སྒྲ་ཙམ་ཡིན་ལ། འདིར་སྐབས་སུ་བབ་པ་ཧཱུཾ་ ཡིག་གོ། དེའང་ཧཱུཾ་ངག་ཏུ་བརྗོད་ཅིང་ཐུར་སེལ་སྟེང་དུ་འདྲེན་པའི་དམིགས་པ་དྲག་པོ་གཅིག་ལྷན་ཅིག་ཏུ་བྱེད་པའི་དོན་ནོ། །ཉམས་ལེན་གྱི་དུས་སུ་སྔོན་དུ་བླ་མའི་རྣལ་འབྱོར་མཎྜལ་གསོལ་འདེབས་ཡིག་བརྒྱ་སོགས་སྔོན་དུ་གཏོང་ཞིང་། སྔོན་ 12-16-8b འགྲོ་ཁྱད་པར་ཅན་ནི་འདིར་སྲོག་རྩོལ་བསྒོམས་པས་དབུ་མར་ཚུད་ཀྱང་རླུང་ལས་རུང་དུ་གྱུར་པ་ཞིག་གིས་བཙན་ཐབས་ཀྱི་སྦྱོར་བ་བྱེད་པར་གསུངས་པས། རླུང་མ་བྱང་བའི་གང་ཟག་གིས་ཐོག་མར་འོག་སྒོའི་རྡོར་བཟླས་བྱ་སྟེ། ལུས་དང་དུས་ཀྱི་གནད་ ནི་གཞན་དུ་བཤད་པ་བཞིན་དང་། གང་དུ་དམིགས་པ་ཡུལ་གྱི་གནད་ནི་གསང་གནས་ཀྱི་རྩེ་ནས། ལྟེ་འཁོར་སྟེང་སོར་བཞི་ལྷག་ཙམ་དུ་དབུ་མ་ཁ་དོག་སྔོ་ཞིང་དྭངས་པ་གསལ་བ། དབུ་མའི་མར་སྣ་ནས། ལྟེ་གོང་གི་བར། ནང་དུ་འཇུག་པ་ཨོཾ་གྱི་ གདངས་དང་གནས་པ་སྟེ། དབུས་སུ་ཧཱུཾ་དང་། ལྟེ་གོང་ནས་གསང་གནས་ཀྱི་རྩེ་བར་དུ་ཕྱིར་འགྲོ་བ་ཨཱཿའི་གདངས་ཀྱི་རྣམ་པ་ཅན་གྱི་འཇུག་ལྡང་གནས་གསུམ་ལ་དམིགས་པའི་རྡོར་བཟླས་བྱས་པས་རླུང་འཇམ་དུ་སོང་བའི་སྐབས་སུ་དམིགས་པ་ དངོས་གཞི་བྱ་བ་ནི་ལུས་བསྲང་། ལག་པ་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ། ལྕེ་རྩེ་དང་མིག་ཅུང་ཟད་གྱེན་དུ་ལྡོག་ནས་ངག་ཏུ་ཧཱུཾ་གི་གདངས་དང་། ལྟོ་བ་སྒལ་ཚིགས་ལ་སྦྱར་བ་སོགས་ལུས་ངག་གི་རྩོལ་བ་ཅུང་ཟད་དང་དུས་གཅིག་ཏུ་དབུ་མའི་མར་སྣ་ ནས་ཐུར་སེལ་རིམ་གྱིས་ལྟེ་བའི་སྟེང་སོར་བཞི་ཙམ་དུ་དྲངས་ནས་ཅུང་ཟད་བཟུང་། སྟེང་རླུང་མི་མནན་ཞིང་རྩོལ་མེད་དུ་བཞག །གཏོང་དུས་སྣ་བུག་ནས་དལ་བུས་བཏང་ནས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཇི་ཙམ་འཚམ་པར་བྱ། མགོ་ནི་བ་དང་ ཁྱད་པར་དུ་སྲོག་རྩ་བརྒྱངས་པ་ལྟ་བུ་སོགས་བྱུང་ན་དེའི་མོད་ལ་བཞག་ནས་སྔར་བཞིན་རྡོར་བཟླས་བྱ། མི་བདེ་བ་སངས་པ་དང་སྔར་བཞིན་བྱ་ཞིང་། དེའི་མཐུས་རླུང་ཅུང་ཟད་བྱང་བ་དང་སྟོབས་དྲག་པོ་བྱ་ཞིང་དེ་གོང་དུ་དལ་བུས་བྱ། 12-16-9a སྟོབས་དྲག་པོ་བྱེད་པའི་ཚིགས་ནི་སྲོག་འཛིན་ལྟེ་འོག་མན་ཆད་དུ་འཆུག་པ་དང་། ཐུར་སེལ་ལྟེ་བ་ཡན་ཆོད་དུ་འཆུག་པ་གང་གིས་ཀྱང་ཟུག་གཟེར་སོགས་ཀྱིས་ཉམས་ལེན་ལ་གནོད་པའི་གེགས་ ཆེན་པོ་མི་འབྱུང་བའི་མཚམས་ནས་ཡིན་ནོ། །དེ་ལྟར་ཉམས་ལེན་ལ་མཁས་པར་བྱས་པས། སྲོག་ཐུར་གཉིས་དབུ་མར་ཚུད་པ་སོགས་ལ་རླུང་སྦྱོར་གཞན་རྣམས་ལས་མྱུར་བ་སོགས་ཀྱི་ཕན་ཡོན་འབྱུང་ངོ་། །གཉིས་པ་ལ་གསུམ། སྟོང་གཟུགས་ ཁྱད་པར་ཅན་ངོས་བཟུང་བ། དེ་སྒྲུབ་ཚུལ་གྱི་ཟུར་པ་ཡོད་མེད་དང་། དེ་ལ་བརྟེན་ནས་ཡོན་ཏན་ཁྱད་པར་ཅན་སྐྱེ་ཚུལ་ལོ། །དང་པོ་ནི། སྣ་ཚོགས་ཡུམ་ལྟ་བུ་སོགས་མ་བརྟགས་པའི་ཡུམ་མཚན་ཉིད་རྫོགས་པ་སྣང་ཞིང་། དེར་མ་ཟད་རང་ཡང་དུས་ འཁོར་ལྟ་བུའི་ཡབ་ཏུ་སྣང་བ་གཉིས་ཕན་ཚུན་ཞལ་སྦྱོར་བའི་རྣམ་པ་ཅན་དུ་སྣང་བ་ནི་སྟོང་གཟུགས་ཁྱད་པར་ཅན་ནོ། །དེ་ལའང་འདོད་མི་འདོད་ཀྱི་སྣང་བ་གཉིས་སྐྱེ། མི་འདོད་པ་ནི་སྤང་བྱར་ཤེས་དགོས་ཤིང་། འདོད་པ་ལའང་ཕྱི་རོལ་ནས་གང་ཟག་ ཁྱད་པར་ཅན་གྱིས་རྣམ་པ་གཏད་མ་གཏད་གཉིས། རྣམ་པ་གཏད་པ་ནི་སྣ་ཚོགས་ཡུམ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་གང་ཟག་གི་རྣམ་པ་གཏད་པ་ལས་བྱུང་བ་དང་། འཇིག་རྟེན་པའི་རྣལ་འབྱོར་མ་ཁྱད་པར་ཅན་གྱི་གཏད་ པ་གཉིས་ཀྱིས་ཀྱང་། ལྷན་སྐྱེས་འདྲེན་པའི་ཡུལ་ཁྱད་པར་ཅན་དུ་འགྱུར་ཡང་འདིར་བཤད་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོར་མི་བཞེད་དོ། །ཆེད་ཀྱི་རྣམ་པ་མ་གཏད་པ་ནི་གློག་ལྟ་བུ་མ་བརྟགས་པར་འབྱུང་བའི་ཡུམ་གྱི་རྣམ་པ་སྟེ། འདི་ 12-16-9b བཤད་པའི་ཕག་ཆེན་ནོ། །དེ་ལའང་རྣམ་པ་ཁྱད་པར་ཅན་ལྷ་མོའི་རྣམ་པ་དང་། ཕལ་པའི་རྣམ་པ་གཉིས་འབྱུང་ངོ་། །གཉིས་པ་ནི། གང་ཟག་འགའ་ཞིག་ལ་སྒྲུབ་ཚུལ་ཟུར་པ་མ་བྱས་ཀྱང་འབྱུང་བ་སྣང་མོད་ཀྱང་དེ་ནི་ནམ་འདོད་དུ་མི་འོང་བས་མི་བརྟན། འདིར་གཟུགས་སྒྲུབ་དང་སྲོག་སྒྲུབ་པ་གཉིས་ཀྱི་ནང་ནས་གཟུགས་སྒྲུབ་ཁྱད་པར་ཅན་གཟུགས་འདུན་པས་བསྒྱུར་བ་ནི། ལུས་གནད་ཁྱད་པར་ཅན་དང་མིག་དང་སེམས་སྨིན་མཚམས་སུ་གཏད། རང་ཉིད་མ་བརྟགས་པའི་སྟོང་གཟུགས་ཀྱི་འདོད་ལྷ་ཡབ་ ཡུམ་དང་སྙོམས་པར་འཇུག་པར་བྱའོ་སྙམ་པའི་འདུན་པ་དུར་རེ་བ་བྱས་ནས། དེ་རྗེས་སྟོང་གཟུགས་སོགས་ཅི་ལའང་མི་རྟོག་པར་སྨིན་མཚམས་སུ་སེམས་ཆིག་དྲིལ་དུ་བསྒོམ་པ་གོམས་པར་བྱས་ན་འདུན་པ་དང་རྗེས་སུ་མཐུན་པར་འགྲུབ་པར་འགྱུར་ཏེ་ རླུང་དབུ་མར་ཆུད་པས་སྒྲུབ་པ་ནི་སླ་ཞིང་། དེས་སྒྲུབ་པ་ནི། སྟོང་གཟུགས་ཁྱད་པར་ཅན་དང་དབུ་མར་མ་ཆུད་པས་བསྒྲུབ་པ་ནི་ཅུང་ཟད་དཀའ་ཞིང་། དེས་གྲུབ་པའང་ཕལ་པ་ཡིན་པ་ནི་སྔར་བཤད་ཟིན་པ་བཞིན་ནོ། །སྔ་མ་ལ་བརྟེན་ནས་ཞུ་བདེ་མི་འདྲེན་པ་མི་ སྲིད་ལ་ཕྱི་མ་ལ་བདེ་བ་འདྲེན་མི་འདྲེན་གཉིས་ཡོད་དེ། གཟུགས་རྣམས་ཀྱིས་དགའ་བར་མ་གྱུར་ན་ཞེས་གསུངས་པས་ཤེས་སོ། །དེས་བདེ་བ་མི་འདྲེན་པའི་དུས་སུ་བདེ་བ་འདྲེན་པའི་ཐབས་ཁྱད་པར་ཅན་གཞན་ཡང་བྱ་དགོས་སོ། །དེའང་སྔོན་དུ་སྔར་ གོམས་པ་གང་ཆེ་བའི་ལྷ་གང་ཡིན་ལ་འདུན་པས་བསྒྱུར་བ་སོགས་སྔར་བཞིན་བྱས། དེ་རྗེས་སྔར་གྱི་དམིགས་པ་བཞིན་བྱས་ན་འགྲུབ་སླ་གསུང་ངོ་། །གསུམ་པ་ནི། དེ་ལྟ་བུའི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་ལྷན་སྐྱེས་ཁྱད་པར་ཅན་སྟེར་ 12-16-10a བ་དང་། དེ་གོམས་པར་བྱས་པས་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པར་འགྱུར་རོ། །ཡེ་རྒྱ་ལྟ་བུ་ལ་བརྟེན་ནས་ཞུ་བདེ་དྲངས་དུས་སུ་ཞུ་བ་ཤས་ཆུང་ན་ལྡོག་ཐབས་ཟུར་པ་མི་དགོས་ཤིང་། ཞུ་བ་ཤས་ཆེ་ན། བྱང་སེམས་ནོར་བུའི་བར་དུ་ཕབ། དེར་དམིགས་ པས་བཀག་ནས་ལྷན་སྐྱེས་བསྒོམ། དེ་ལས་ལངས་པ་དང་། སྔར་གྱི་རླུང་སྦྱོར་གྱིས་དལ་བུས་དབུ་མའི་ལམ་ནས་འགྲོ་བར་མོས་ནས་སྟེང་དུ་དྲང་། སྤྱི་བོའི་རྩ་འཁོར་གྱི་དབུས་སུ་རླུང་དང་ལྷན་ཅིག་ཏུ་བཅིངས་ཏེ་ཅུང་ཟད་བཟུང་། དེ་རྗེས་འཇམ་རླུང་བུམ་པ་ཅན་དང་། འགྲེམ་པའི་འཁྲུལ་འཁོར་རྣམས་ཀྱིས་སྤྱི་བོ་ནས་རིམ་གྱིས་སྙིང་ག་ཡན་ཆད་ཀྱི་ལུས་ཀྱི་སྟོད་ཀྱི་ཆ་རྣམས་ལ་དགྲ་མ་ཞིང་དེ་གོམས་པ་དང་ལུས་ཀྱི་གནས་ཐམས་ཅད་དུ་བཀྲམ་པའི་དམིགས་པ་སོགས་ཀྱང་བྱ། རླུང་རྐྱང་པ་སྟེང་དུ་འདྲེན་པ་ལས་ཐིག་ལེ་དང་ བཅས་ཏེ་འདྲེན་པ་སླ་ཞིང་། གེགས་ཀྱང་ཆུང་བདེ་བའང་འཕེལ། །རླུང་བྱང་བ་དང་དབུ་མར་ཚུད་པ་ལའང་ཁྱད་ཤིན་ཏུ་ཆེ་བས། ཞུ་བདེ་གཞན་གྱི་སྐབས་སུའང་དེ་བཞིན་དུ་ཤེས་པར་བྱའོ། །གསུང་གི་བདུད་རྩི་བརྗེད་བྱང་དུ་བྱས་པ་ལགས་པ་དགེ་བར་གྱུར། འདིའི་གཞུང་ཚིག་རྒྱུད་ནས་ལོགས་སུ་བཀོལ་བ་ཡོད་པས་རྒྱས་བཤད་སྦྱར་ཏེ་རྣམ་དཔྱོད་ཅན་གྱིས་ཚིམ་པར་མ་སླ་བར་དུས་རྒྱུན་དུ་ཉིན་མཚན་དུ་བརྟགས་པས་ཐེག་པ་བླ་ན་མེད་པའི་རིགས་ཀྱི་ནུས་པ་བརྟས་པར་བྱ་བ་ལ་བརྩོན་པར་བྱ་དགོས་སོ། ། འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག །རྡོ་རྗེ་འཆང་ཆེན་ཙོང་ཁ་པའི། །ལེགས་བཤད་གསུང་གི་ཟིན་བྲིས་འདི། །རྒྱལ་ཚབ་དམ་པ་ཟླ་བཟང་མཆོག །གཉིས་པ་ལྟ་བུས་མཛད་པ་ཡིན། །སརྦ་མདྒ་ལཾ། ། 12-16-10b empty page