10-1-1a ༄༅། །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་བཀའ་འབུམ་ཐ་པའི་དཀར་ཆག་བཞུགས་སོ།། 10-1-1b ༄༅། །སྭསྟི། །མ་སྨད་སྙིང་སྟོབས་ལྷོ་ལམ་ལས་འོངས་པའི། །དཔྱད་བཟོད་གཏམ་གྱི་དྲི་བསུང་ཡོངས་རྫོགས་པ། ལུང་རིགས་མགྱོགས་འགྲོའི་ཤུགས་ཀྱིས་འཛམ་གླིང་ཁྱོན། །ཀུན་ཁྱབ་འཇམ་མགོན་ཡབ་སྲས་ ཞིང་འདིའི་དཔལ། །གང་དེའི་བཞེད་སྲོལ་ཛམྦུའི་གསེར་བཞུན་རྒྱུན། །དབྱིག་ལྡན་སྒེག་མོའི་ལྟོ་བོར་ཡུན་འཁྱིལ་སླད། །དགའ་ལྡན་ྋསྐུ་བཅར་དར་ཧན་མཁན་པོ་ཡིས། །འཛད་མེད་པར་གྱི་ཆོས་སྦྱིན་སྤེལ་བ་ལས། །སྔོན་རབས་ མཁས་སྙེམས་མེས་རྒན་རྣམ་དཔྱོད་ཀྱིས། །མ་ལྕིགས་ཁུངས་ལྡན་མདོ་རྒྱུད་དཀའ་གནད་གཟུགས། །རྫོགས་པའི་ལེགས་བཤད་ཀུན་མཐོང་པུསྟ་ཀཿ ཐ་པའི་ཆོས་ཚན་གྲངས་རིམ་འདི་ན་བསྟར། །༼ཐ༽ པར་རྣལ འབྱོར་གྱི་དབང་ཕྱུག་དྲལ་བུ་པའི་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ་གྱི་མངོན་རྟོགས་དགོངས་པ་རབ་གསལ་ལ། ༢༦ དྲིལ་བུ་ལུགས་བདེ་མཆོག་ལུས་དཀྱིལ་དབང་ཆོག་རིན་པོ་ཆེའི་བང་མཛོད་ལ། ༢༥ བདེ་ མཆོག་རིམ་པ་ལྔའི་བཤད་པ་སྦས་དོན་ལྟ་བའི་མིག་རྣམ་པར་འབྱེད་པ་ལ། ༣༣ དྲིལ་བུ་རིམ་ལྔའི་ཁྲིད་ཡིག་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོ་ལྕེ་སྟོན་ཀུན་དགའ་བཟང་པོས་མཛད་པ་ལ། ༡༡ མཁའ་སྤྱོད་མ་ དམར་མོའི་སྒྲུབ་ཐབས་ལ། ༢ རྡོ་རྗེ་མཁའ་འགྲོའི་འགྲེལ་པའི་ཟིན་བྲིས་ལ། ༣ རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་ཚེས་བཅུའི་མཆོད་པའི་རྟོག་པའི་ཆོ་ག་དཱ་རིག་པས་མཛད་པའི་ཟིན་བྲིས་ལ། ༢ མན་ངག་ 10-1-2a སྙེ་མའི་ཟིན་བྲིས་ལ། ༢༠ ངན་སོང་སྦྱོང་རྒྱུད་མཆན་དང་བཅས་པ་ལ། ༩༢ ཀུན་རིག་ཆོ་གའི་ཟིན་བྲིས་ལ། ༣ རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ཟ་མ་ཏོག་བཀོད་པ་ལ། ༡༧ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ ཐབས་བདུད་ལས་རྣམ་རྒྱལ་ལ། ༡༥ གཤིན་རྗེ་གཤེད་ནག་སྒྲུབ་ཐབས་རིན་ཆེན་འབར་བ་ལ། ༡༦ གཤིན་རྗེ་གཤེད་ལྷ་བཅུ་གསུམ་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བསྒྲུབ་པའི་ཐབས་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ་ ལ། ༤༧ རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད་ཀྱི་རིམ་པ་མདོར་བསྡུས་ལ། ༡༨ རྫོགས་རིམ་སྤྱི་དོན་དཔྱིད་ཐིག་ལ། ༣༨ རྫོགས་རིམ་དཔྱིད་ཐིག་གི་ཟིན་བྲིས་ལ། ༡༩ བདེ་མཆོག་རྫོགས་རིམ་ཟིན་བྲིས་ལ། ༡༢ དཀར་ཆག་ལ། ༢ བསྡོམས་ཤོག་གྲངས་ ༤༠༡ བཞུགས།། བཀྲ་ཤིས།། 10-1-2b empty page 10-2-1a ༄༅། །རྣལ་འབྱོར་དབང་ཕྱུག་དྲིལ་བུ་ལུགས་བདེ་མཆོག་ལུས་དཀྱིལ་གྱི་མངོན་རྟོགས་དགོངས་པ་རབ་གསལ་ཞེས་བྱ་བ་བཞུགས་སོ།། 10-2-1b ༄༅། །རྣལ་འབྱོར་གྱི་དབང་ཕྱུག་དྲིལ་བུ་ཞབས་ཀྱི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་ལུས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་དགོངས་པ་རབ་གསལ་ཞེས་བྱ་བ། བླ་མ་དང་རྗེ་བཙུན་ འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དངོས་གྲུབ་རྩ་བ་བླ་མ་དམ་པ་དང༌། །དངོས་གྲུབ་ངོ་བོ་བཅོམ་ལྡན་ཡབ་ཡུམ་དང༌། །ལམ་འདི་གསལ་མཛད་གྲུབ་ཆེན་དྲིལ་བུ་བའི། །ཞབས་ཀྱི་པད་ མར་གུས་པས་ཕྱག་འཚལ་ནས། །རྩ་རླུང་བྱང་སེམས་བྱིན་གྱིས་རློབ་པའི་ཐབས། །གདུལ་བྱ་རབ་ལ་གསུངས་པའི་ལུས་དཀྱིལ་མཆོག །མ་བཤད་ལོག་པར་བཤད་པའི་སྐྱོན་སྤངས་ནས། །དགོངས་པ་ ཡོངས་རྫོགས་མ་ནོར་གསལ་བར་བྱ། །འདིར་རྣལ་འབྱོར་གྱི་དབང་ཕྱུག་དྲིལ་བུ་ཞབས་ཀྱི་ལུགས་ཀྱི་འཁོར་ལོ་བདེ་མཆོག་གི་ལུས་དཀྱིལ་སྒོམ་པ་ལ་གཉིས། ལམ་སྒོམ་པའི་རིམ་པ་དངོས་དང༌། དེ་ལྟར་བསྒོམས་ པའི་ཕན་ཡོན་ནོ། །དང་པོ་ལ་གསུམ། གང་གིས་སྒོམ་པའི་རྟེན། གང་དུ་སྒོམ་པའི་གནས། ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ནི། སྔགས་དང་ཕར་ཕྱིན་གྱི་ཐེག་པ་གཉིས་ཐུན་མོང་བའི་ལམ་གྱི་རིམ་པས་རྒྱུད་སྦྱངས་ ཤིང༌། འདིའི་ཕྱི་ནང་གི་དཀྱིལ་འཁོར་དུ་དབང་སྐུར་བ་ལེགས་པར་ཐོབ་ལ། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་བ་ལ་བརྩོན་པ། རང་གི་རྒྱུད་དཔལ་བདེ་མཆོག་གི་སྔགས་དང་རྣལ་ 10-2-2a འབྱོར་གྱི་རིམ་པ་རྣམས་ལེགས་པར་ཤེས་ལ། ཕྱི་རོལ་གྱི་རྣམ་གཡེང་གི་རྣམ་རྟོག་སྤངས་པའི་རྣལ་འབྱོར་བ་ཆེན་པོས་བསྒོམ་པར་བྱའོ། །གཉིས་པ་ནི། རི་བོ་དབེན་པ་དང་སྨན་ལྗོངས་སོགས་ རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་ཀྱི་སྒྲུབ་ཁང་དུ་བདུད་རྩི་ལྔས་བྱུགས་ཤིང༌། མེ་ཏོག་བཅལ་དུ་བཀྲམ་པར་བཅོམ་ལྡན་འདས་ཀྱི་བྲིས་སྐུ་དགྲམ་པ་དང་རྡོར་དྲིལ་སོགས་ཚོགས་པའི་གནས་སུ་བསྒོམ་མོ། ། གསུམ་པ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་སྔ་ཕྱིའི་བར་དང་ཐུན་གཞན་ལ་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ། ཐུན་གྱི་འགོར་ཇི་ལྟར་བྱ་བ་དང༌། ཐུན་གྱི་དངོས་གཞི་ལ་ཇི་ལྟར་བྱ་བ་དང༌། ཐུན་གྱི་མཇུག་ ཏུ་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས། སྔོན་དུ་བྱ་བའི་རིམ་པ་དང༌། རྣལ་འབྱོར་གྱི་ཡན་ལག་རྣམས་སྒྲུབ་ཚུལ་ལོ། །དང་པོ་ནི། ནང་བར་སྔ་བར་སྙིང་པོའི་རྣལ་འབྱོར་མ་བཞིའི་གླུས་བསྐུལ་ནས་སད་པ་དང༌། ཧེ་རུ་ཀའི་ སྐུར་ལངས་པར་མོས་ལ་ལངས་ཏེ་ཁྲུས་བྱ། སྟན་བདེ་བ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་ཅིང༌། ལག་པ་གཉིས་མཉམ་གཞག་གི་ཕྱག་རྒྱ་དང༌། མིག་སྣ་རྩེར་དབབ་ཅིང་སོ་ཅུང་ཟད་མ་འབྱར་བ་དང༌། ལུས་མི་གཡོ་ བར་གནས་པར་བྱས་ལ། བདུད་རྩི་རིལ་བུ་ཁར་གཞུས་པའམ། དེ་མེད་ན་ནང་མཆོད་ལྕེ་ཐོག་ཏུ་བཞག་སྟེ་ཁ་དག་པར་བྱའོ། །དེ་ནས་འཇིག་རྟེན་པའི་གཏོར་མ་སྔོན་དུ་བྱས་ལ། སྒྲུབ་པའི་བར་ཆད་ཞི་བའི་ 10-2-2b འཕྲིན་ལས་བཅོལ། ཆུ་དང་ཉེར་སྤྱོད་སོགས་ཀྱི་མཆོད་རྫས་གཡོན་སྐོར་གྱིས་བཀོད་པ་རྣམས། བསང་བ་དང་སྦྱང་བ་དང༌བསྐྱེད་པ་དང་བྱིན་གྱིས་བརླབས་ལ། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཐེག་པ་གསུམ་ པོ་ཐམས་ཅད་དང༌། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་མཆི་བར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་ གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་དགོད་པར་བགྱི། །ཞེས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དོ། །གཉིས་པ་ལ་གསུམ། སྒོ་གསུམ་དག་པར་བྱ་བ། མཐུན་རྐྱེན་བསྟེན་པའི་ཚོགས་བསག་པ། །འགལ་རྐྱེན་འགོག་པའི་ བསྲུང་འཁོར་བསྒོམ་པའོ། །དང་པོ་ནི། ངག་ཏུ་ཤྲཱི་ཧེ་རུ་ཀ་ཞེས་བརྗོད་ལ་དེའི་དོན་ཡིད་ལ་བྱ་སྟེ། ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སེམས་དེ། རྒྱུའི་བདག་ཉིད་དུ་བརྟག་པར་བྱ་བས་སྟོང་པའི་ཆོས་ཀྱི་བདག་མེད་པ་དང༌། རུ་ནི་གང་ཟག་གི་བདག་ཏུ་འཛིན་ པའི་རྣམ་རྟོག་གི་དྲ་བས་བཀོད་པའི་བདག་དང་བྲལ་བའི་གང་ཟག་གི་བདག་མེད་པ་དང༌། ཀ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཡུལ་ཅན་གཉིས་མི་མཐུན་པར་སོ་སོར་གཉིས་སུ་མི་གནས་པ་དང༌། ཤྲཱི་ནི་ཡུལ་སྟོང་པ་ཉིད་ཇི་འདྲ་བ་དེ་བཞིན་དུ་རྗེས་སུ་ཞུགས་པའི་ གཉིས་སུ་མེད་པའི་ཡེ་ཤེས་ནི་ཨེ་ཝཾ་གྱི་དོན་ནོ་སྙམ་དུ་བསམ་པ་ནི་ཡིད་དག་པར་བྱེད་པའོ། །སྟོང་པའི་ངང་ལས་སྐད་ཅིག་གིས་རང་ཉིད་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་འཛིན་པ་གཡས་བརྐྱང་གིས་བཞུགས་པ་ལ། ཡུམ་ 10-2-3a རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་པས་འཁྱུད་པར་བསྐྱེད་ལ། སེམས་ཅན་ཐམས་ཅད་ལ་ཕན་བདེའི་སེམས་ཀྱིས་ཤྲཱི་ཧེ་རུ་ཀོ྅་ཧཾ་ཞེས་ལན་གསུམ་བརྗོད་དེ། སྐུའི་ང་རྒྱལ་བཟུང་བ་ནི་ལུས་དག་པར་བྱེད་པའོ། །དེ་ ནས་མགོ་བོར་ཨོཾ་དང་མཐར་ཧཱུཾ་ཧཱུཾ་ཕཊ་དང་ལྡན་པའི་ཨཱ་ལི་ཀཱ་ལིའི་ཕྲེང་བ་ལན་གསུམ་བརྗོད་པས། རང་གི་ལྟེ་བའི་ཕྱོགས་སུ་སྔགས་ཕྲེང་འོད་ཟེར་དང་བཅས་པ་གཡོན་སྐོར་གྱིས་ལན་གསུམ་དུ་བསྐོར་ནས་གནས་པ་ལས། འཁོར་ལོ་གསུམ་གྱི་ལྷ་ ཚོགས་འཕྲོས་པ་སྣ་བུག་གཡས་པ་ནས་འཐོན་ཏེ། ཕྱོགས་བཅུར་འཕྲོས་པས་བགེགས་ཐམས་ཅད་བསྐྲད་དེ། སླར་བྱོན་རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ། ལྟེ་བའི་སྔགས་ཕྲེང་ལ་ཐིམ་པར་བསམ་པ་ནི་ངག་དག་པར་བྱེད་པའོ། །གཉིས་པ་ ནི། རང་ཧེ་རུ་ཀར་གནས་པའི་སྙིང་ཁར་པཾ་སེར་པོ་ལས་སྣ་ཚོགས་པདྨར་ཨཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དཔལ་མཆོག་དང་པོའི་ཡི་གེ་ཧཱུཾ་སྔོན་པོ་ཡེ་ཤེས་ལྔའི་རང་བཞིན་ཅན། འོད་ཟེར་ཁ་དོག་ལྔ་འཕྲོ་བའི་འོད་ཟེར་གྱིས་རང་གི་ སྤྱི་བོ་ནས་རྐང་པའི་བར་གང་སྟེ། ཐོག་མ་མེད་པ་ནས་ཀྱི་སྒོ་གསུམ་གྱི་དྲི་མ་རྣམས་སྦྱངས་པས་ལུས་ཤེལ་སྒོང་བཞིན་དུ་དག་པར་གྱུར་ཏེ། བ་སྤུའི་སྒོ་ནས་ཕྱིར་འཕྲོས་པའི་འོད་ཟེར་གྱིས་འགྲོ་བ་ཀུན་གྱི་ལུས་སྦྱངས། སྒོ་གསུམ་དག་པར་བྱས། སྤྲིན་སྒྲའི་ཡི་གེའི་འོད་དེས། བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་དང༌། སྔོན་ནས་གྲུབ་པའི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་དང་ལྷ་མོ་དང༌། ཁྲོ་བོས་ནམ་མཁའི་ 10-2-3b ཁམས་ཏིལ་གྱི་གང་བུ་ལྟར་གང་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། འོད་ཟེར་རང་གི་སྙིང་གའི་ས་བོན་ལ་འདུས་པར་བསམ་མོ། །དེ་ནས་ཐལ་མོ་སྦྱར་ཏེ། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་ བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་པས་བླ་མ་དང༌། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །གནས་དང་ཉེ་བའི་གནས་དང་ཞིང༌། །འདུས་དང་དུར་ཁྲོད་ གནས་པ་ཡི། །དཔའ་བོ་དཔའ་མོའི་དབང་ཕྱུག་མ། །ཀུན་ལ་བདག་ནི་གུས་ཕྱག་འཚལ། །ཞེས་པས་ལྷའི་ཚོགས་ལ་ཕྱག་བྱ། དེ་ནས་ཨོཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ཞེས་པས་མཆོད་ཡོན་དང༌། ཨརྒྷཾ་གྱི་གནས་སུ་པཱ་ཏྱཾ་བཅུག་ལ་ཞབས་བསིལ་གྱིས་ མཆོད། རང་གི་ཐུགས་ཀའི་ས་བོན་ལས་སྤྲུལ་པའི་མེ་ཏོག་མ་དཀར་མོ། བདུག་སྤོས་མ་དུད་ཁ། མར་མེ་མ་དམར་སེར། བྱུག་པ་མ་ལྗང་གུ། ཞལ་ཟས་མ་སྣ་ཚོགས་མདོག་ཅན་དུ་མས་མཆོད་པར་བསམས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱཧཱ་དང་། པུཥྤེའི་ གནས་སུ་དྷུ་པེ་དང༌། དཱི་པཾ་དང༌། གནྡྷེ་དང༌། ནཻ་ཝེ་དྱ་བཅུག་ལ་མཆོད། ཡང་རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་གཟུགས་རྡོ་རྗེ་མ་དཀར་མོ། སྒྲ་རྡོ་རྗེ་མ་སྔོན་མོ། དྲི་རྡོ་རྗེ་མ་སེར་མོ། རོ་རྡོ་རྗེ་མ་དམར་མོ། རེག་བྱ་རྡོ་རྗེ་མ་ལྗང་གུ། ཆོས་དབྱིངས་རྡོ་རྗེ་མ་ དཀར་མོ་དུ་མས་མཆོད་པར་བསམས་ལ། ཨོཾ་ཨཱཿབཛྲ་ཨཱ་དརྴེ་ཧཱུཾ། ཨོཾ་ཨཱཿབཛྲ་བི་ནཾ་ཧཱུཾ། །ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ། ཨོཾ་ཨཱཿབཛྲ་ར་སེ་ཧཱུཾ། ཨོཾ་ཨཱཿབཛྲ་སྤརྴེ་ཧཱུཾ། ཨོཾ་ཨཱཿབཛྲ་དྷརྨེ་ཧཱུཾ། ཞེས་བརྗོད་ལ་མཆོད། ཐུགས་ཀའི་ས་བོན་ལས་བྱུང་བའི་ 10-2-4a སྙིང་པོའི་རྣལ་འབྱོར་མ་བཞིས་ཐོད་པའི་ནང་གི་བདུད་རྩི་ལྔས་ལྷ་རྣམས་ལ་མཆོད་པར་བསམས་ལ། །ཨོཾ་སརྦྦ་བཛྲ་ཀཱ་མི་ནི་སརྦྦ་བྷ་ཀྵཾ་ཤོ་དྷ་ཡ་གུ་ཧྱི་བཛྲ་ནི་སྭཱཧཱ། ཞེས་བརྗོད། དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་ཏེ་བདེ་བ་ཆེན་ པོ་བསྐྱེད་པས། ལྷ་ཐམས་ཅད་ཀྱིས་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་བསམ་སྟེ་མཆོད་པའོ། །དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་ བྱང་ཆུབ་ཡིད་ཀྱི་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། །ཅེས་དང༌། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བསལ་བའི་ཕྱིར། ནམ་མཁའི་མཐས་གཏུགས་ པའི་སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །རྒྱལ་བ་མྱ་ངན་ལས་འདའ་བར་བཞེད་པ་རྣམས། འགྲོ་བ་ཀུན་ལ་ཕན་པ་དང་བདེ་བའི་དོན་དུ་བསྐལ་པ་ཞིང་གི་རྡུལ་སྙེད་དུ་བཞུགས་པར་གསོལ་བ་འདེབས་སོ། ། ཞེས་ དང༌། བགྲོད་དཀའ་སྲིད་པའི་རྒྱ་མཚོ་ལས། །བདག་གིས་འགྲོ་རྣམས་བསྒྲལ་བའི་ཕྱིར། །རང་གི་བདག་ཉིད་སྐད་ཅིག་མ། །སངས་རྒྱས་རྣམས་ལ་དབུལ་བར་བགྱི། །ཞེས་བརྗོད་དོ། །དེ་ནས་སེམས་ཅན་ཐམས་ཅད་ཁྱད་པར་དུ་འཕགས་པའི་ 10-2-4b བདེ་བ་དང་ལྡན་པ་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བ་དང༌། ཐོབ་ཟིན་པའི་བདེ་བ་དང་མི་འབྲལ་བ་དང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག་སྙམ་པའི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་ བཏང་སྙོམས་ཚད་མེད་བསྒོམ། དེ་ནས་འདུན་པ་དྲག་པོས་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་བྱས་པ་དང༌། དེ་དག་གིས་བྱིན་གྱིས་རློབ་པར་བསམས་ལ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦྦ་སིདྡྷི་མེ་པྲ་ཡཙྪ། སརྦྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ་བྷ་ག་ཝཱཾ། བཛྲ་ཧེ་རུ་ཀ་མ་མེ་མུཉྩ། ཧེ་རུ་ཀ་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། ཅེས་བརྗོད་དེ་ཚོགས་ཞིང་རྣམས་འོད་དུ་གྱུར་ཏེ་རང་གི་སྨིན་མཚམས་ནས་ཞུགས་པས་བྱིན་གྱིས་བརླབས་པར་བསམ་སྟེ་བསོད་ནམས་ཀྱི་ཚོགས་བསག་པའོ། །དེ་ནས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་ ལ། ཀུན་རྟོག་གིས་བཏགས་པ་ཙམ་གྱི་སྒྱུ་མ་ལྟ་བུར་བསམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦྦ་དྷརྨྨཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། ཞེས་བརྗོད་ལ་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་བརྟན་གཡོ་ཐམས་ཅད་སྦྱངས་ཏེ་འོད་དུ་གྱུར་པ་རང་ལ་བསྡུ་ཞིང༌། རང་ཡང་ སྟོད་སྨད་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་པར་བསམ་མོ། །དེ་ནས་ཧཱུཾ་ཡིག་གི་ཨུ་ཧ་དང༌། དེའི་ལུས་མགོ་བོ་ལ་དང༌། དེ་ཟླ་ཚེས་ལ་དང་། དེ་ཐིག་ལ་ལ་དང༌། དེ་ནཱ་ད་ལ་བསྡུ་ཞིང༌། ནཱ་ད་ཡང་མི་དམིགས་པར་བསམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ 10-2-5a སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་ཆོས་ཐམས་ཅད་རབ་ཏུ་གནས་པ་མེད་པ། ནམ་མཁའ་དྲི་མ་མེད་པ་ལྟ་བུའི་འོད་གསལ་དུ་གྱུར་པར་བསམ་སྟེ་ཡེ་ཤེས་ཀྱི་ཚོགས་བསག་པའོ། །དེ་ལྟར་སྣོད་བཅུད་གཞན་ཐམས་ཅད་རང་དང་རང་ ཡང་སྙིང་གའི་ཧཱུཾ་ཡིག་ལ་རིམ་གྱིས་སྡུད་ཅིང༌། ཧཱུཾ་ཡིག་ཀྱང་ཇེ་ཕྲར་བཏང་སྟེ་སྡུད་པ་འདི་ནི་འཆི་བའི་ཚེ་སྣོད་བཅུད་གཞན་དུ་སྣང་བའི་རང་གི་ཤེས་པ་དང་ལུས་ཀྱི་དྲོད་དང་རླུང་ལ་སོགས་པ་རྣམས་སྙིང་ཁར་སྡུད་ཅིང༌། དེ་ནས་ཀྱང་རང་གི་རླུང་སེམས་ ཇེ་ཕྲར་བསྡུས་ནས་འཆི་བའི་འོད་གསལ་དུ་འཇུག་པ་དང་འདྲའོ། །འདི་ནི་སྙིང་ཁར་གནས་པའི་ཧཱུཾ་ཡིག་གི་སྡུད་རིམ་ཡིན་པས་སྤྲོས་པ་བསྡུས་ནས་འོད་གསལ་འཆར་བའི་གནས་མཐར་ཐུག་པ་ནི་སྙིང་ག་ཡིན་པ་དང་། དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་འོད་ གསལ་གྱི་ཡེ་ཤེས་ཀྱི་དོན། ནཱ་ད་ཙམ་གྱི་གཉིས་སྣང་ཕྲ་མོ་ཡང་དག་པར་སྟོན་པའོ། །མངོན་བརྗོད་ལས་སྲུང་འཁོར་གྱི་འོག་ཏུ་སྟོང་ཉིད་བསྒོམས་པའི་མཇུག་ཐོགས་སུ། དྲིལ་བུ་ཞབས་ཀྱི་རིམ་ལྔའི་རིམ་པ་དང་པོ་བཤད་པའི་གནད་ཀྱང་འདི་རྣམས་ ཀྱིས་ཤེས་དགོས་ལ། རིམ་པ་དང་པོར་འདི་ལྟར་བྱས་ནས་བསྐྱངས་པའི་མཐུས་རྫོགས་རིམ་གྱི་སྐབས་སུ་འཆི་རིམ་ཇི་བཞིན་པའི་འོད་གསལ་དུ་འཇུག་པའི་རྟོགས་པ་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྲོ་བ་ཡང་འདི་ལ་བརྟེན་ནས་ཤེས་དགོས་པ་ དང༌། དེ་ཁོ་ན་ཉིད་རྟོགས་པའི་ལྟ་བའི་སྟེང་ནས་འོད་གསལ་དུ་འཇུག་པར་ལུགས་འདི་དང་རྒྱུད་སྡེ་འོག་མ་གསུམ་དང༌། ཕར་ཕྱིན་གྱི་ཐེག་པ་རྣམས་འདྲ་ཡང༌། ཐུན་མོང་མ་ཡིན་པའི་འཇུག་རིམ་ལམ་འདི་ལ་ཡོད་པ་ཡང༌། སྟོང་པ་སྒོམ་པ་ 10-2-5b དང་འཆི་རིམ་གྱི་སྡུད་རིམ་མཐུན་པར་བྱས་པ་འདི་ལ་བརྟེན་ནས་ཤེས་དགོས་པས་གནད་ཆེའོ། །དེའི་ཕྱིར་འདི་འདྲ་བ་འདི་ལ་འཆི་བ་ཆོས་སྐུར་འཁྱེར་བའི་ལམ་འཁྱེར་ཞེས་ཀྱང་བྱའོ། །དེ་ལྟར་སྣང་བ་ཐམས་ཅད་བསྡུས་པའི་སྟོང་པ་ཉིད་ལས་ལངས་ ཏེ། རང་གི་སེམས་ནཱ་དའི་གཟུགས་གྱེན་དུ་འགྲེང་བ་ཤིན་ཏུ་ཕྲ་བ། དཀར་ལ་དམར་བའི་མདངས་ཆགས་པ་ནམ་མཁར་བཞག་གོ། དེའི་རྒྱུ་མཚན་ནི། གཞི་ལ་མངལ་དུ་སྐྱེ་བ་ལེན་པ་ལྟ་བུ་གཅིག་གི་དབང་དུ་བྱས་ན། འཆི་བའི་འོད་གསལ་ལས་ལངས་ མ་ཐག་འོད་གསལ་གྱི་རླུང་སེམས་ཙམ་ལས་བར་སྲིད་དབང་པོ་ཀུན་ཚང་ཞིང༌། ཤ་རུས་སོགས་ཀྱིས་སྟོང་པའི་ཕྲ་བའི་ལུས་ཅན་ཐོགས་མེད་འགྲུབ་པ་བཞིན་དུ། ལམ་རིམ་པ་དང་པོ་ལ་ཡང་འཆི་བའི་འོད་གསལ་དང་འདྲ་བའི་སྔར་བཤད་པའི་སྡུད་ རིམ་གྱིས་འོད་གསལ་སྟོང་ཉིད་དུ་ཞུགས་པ་ལས་ལངས་མ་ཐག་བར་དོ་དང་འདྲ་བའི་ནཱ་དའི་ལུས་འགྲུབ་པས་ནཱ་ད་ནམ་མཁར་འཇོག་གོ། ལམ་བསྐྱེད་རིམ་ལ་འདི་ལྟར་སྦྱངས་པའི་མཐུས་རིམ་པ་གཉིས་པར་འོད་གསལ་ལྷན་ཅིག་སྐྱེས་པའི་རླུང་ སེམས་ཙམ་ལས་སྒྱུ་མའི་ལོངས་སྐུར་སྐྱེད་པའི་ཆེད་ཡིན་ལ། དེས་ན་འདི་ལ་བར་དོ་ལོངས་སྐུར་འཁྱེར་བའི་ལམ་འཁྱེར་ཞེས་ཀྱང་བྱ་སྟེ། འདི་ནི་ལུགས་འདིའི་རྫོགས་རིམ་གྱི་གནད་རྟོགས་པ་ལ་གནད་ཤིན་ཏུ་ཆེའོ། །གསུམ་པ་ནི། རང་ཧེ་རུ་ཀའི་ ང་རྒྱལ་གྱིས་ལག་པ་གཡོན་པའི་མཐེབ་མཛུབ་ཀྱིས་ཕྱོགས་རེར་སེ་གོལ་གཏོག་པ་སྔོན་དུ་འགྲོ་བས། ཤར་དུ་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ་ཅེས་བརྗོད་པས་དེར་སྔགས་དེ་ནག་པོ་དང༌། བྱང་དུ་ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ་ཅེས་པས་དེར་སྔགས་དེ་ལྗང་ 10-2-6a གུ་དང་། ནུབ་ཏུ་ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཅེས་པས་དེར་སྔགས་དེ་དམར་པོ་དང༌། ལྷོར་ཨོཾ་ཨཱ་ན་ཡ་ཧོ་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་ཅེས་པས་དེར་སྔགས་དེ་ཁ་དོག་སེར་པོ་རྣམས་དགོད། དེ་ནས་སྔགས་དེ་བཞི་ལས་རང་རང་གི་ ཁ་དོག་ཅན་གྱི་འོད་ཟེར་འཕྲོས་པས། སྟེང་ཚངས་པའི་འཇིག་རྟེན་ནས་འོག་གསེར་གྱི་ས་གཞི་ལ་ཐུག་པར་ཁྱབ་པའི་འོད་ཟེར་འབར་བའི་གཟུགས་ཆེན་པོ་རྣམས་ཕྱོགས་བཞིར་དགོད་དོ། །དེ་ནས་སྔགས་འོད་ཟེར་དང་བཅས་པ་ཡོངས་སུ་ གྱུར་པ་ལས་རང་ཕྱོགས་ཀྱི་ཁ་དོག་ཅན་གྱི་སྣ་ཚོགས་རྡོ་རྗེའི་ར་བ་གྲུ་བཞི་རྒྱར་ཅི་ཙམ་འདོད་པ་དང༌། མཐོ་ཁྱད་ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་ཁྱབ་པར་བསྒོམ་མོ། །ར་བ་གྲུབ་པ་དང་དུས་མཉམ་དུ་ཧཱུཾ་ལས་བྱུང་བའི་ སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པའི་ས་བོན་གྱི་འོད་ཟེར་ལས། གསེར་གྱི་ས་གཞི་ལ་ཐུག་པའི་འོག་གི་ས་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བསམ་མོ། །སྣ་ཚོགས་རྡོ་རྗེའི་ས་བོན་གྱི་འོད་ཟེར་ལས་ཕྱི་རོལ་ཏུ་སྟེང་དང་ལོགས་ཀུན་ཏུ་ཁྱབ་ པར་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན་གྱི་མདའི་དྲ་བ་དང༌། དེའི་འོག་ཏུ་རྡོ་རྗེའི་གུར་དང༌། གུར་གྱི་འོག་རྭ་བའི་སྟེང་དུ་རྡོ་རྗེའི་བླ་རེ་རྣམས་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པ་དང༌། དེའི་ཕྱི་རོལ་ཏུ་རྡོ་རྗེའི་མེ་འཇིག་དུས་ཀྱི་མེ་ལྟ་བུས་བསྐོར་བར་ བསམས་ལ། ཨོཾ་མེ་དི་ནཱི་བཛྲ་བྷ་བ་བཛྲ་བྷན་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྫ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལཱ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་པས་འོག་གཞི་ནས་མེ་དཔུང་གི་ 10-2-6b བར་རྣམས་རིམ་པ་བཞིན་དུ་བྱིན་གྱིས་བརླབ་བོ། །དེ་ནས་ཕྱོགས་རྣམས་སུ་སྔར་བཞིན་སེ་གོལ་བརྡབས་པས་གདུག་པ་ཅན་རྣམས་བསྐྲད་དེ། རྣམ་པ་ཐམས་ཅད་དུ་འགྲོ་བ་བགེགས་དང་བྲལ་བའི་མོས་པར་བྱ་སྟེ། སྲུང་འཁོར་བསྡུས་པའོ། །གཉིས་པ་ ཐུན་གྱི་དངོས་གཞི་ལ་ཇི་ལྟར་བྱ་བ་ལ་གཉིས། གཞལ་ཡས་ཁང་གང་ལ་གནས་པའི་རྟེན་བསྐྱེད་པ། རྟེན་དང་བརྟེན་པའི་རྣལ་འབྱོར་ཡན་ལག་དང་བཅས་པའི་སྒོམ་ཚུལ་ལོ། །དང་པོ་ནི། སྲུང་འཁོར་གྱི་དབུས་སུ་ཡཾ་སྔོན་པོ་ལས་རླུང་གི་དཀྱིལ་ འཁོར་སྔོན་པོ་གཞུ་ལྟ་བུ། གཡས་གཡོན་གཉིས་སུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་དམར་པོ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་གྲུ་གསུམ་དུ་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་དཀར་པོ་ལས་ཆུའི་དཀྱིལ་འཁོར་དཀར་ པོ་ཟླུམ་པོ་དབུས་སུ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་སེར་པོ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་གྲྭ་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་ལྷུན་པོ་གྲུ་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། སྟེང་གི་ ཕྱོགས་མཚམས་སུ་ལྕོག་བརྒྱད་ཀྱིས་མཛེས་པ། དེའི་སྟེང་དུ་པཾ་སེར་པོ་ལས་སྣ་ཚོགས་པདྨ། དེའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་སྟེང་གི་ལྟེ་བར་པཾ་ལས་ལྟེ་བ་དང་ཚད་མཉམ་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དང་ལྡན་པ། ཕྱོགས་བཞིའི་འདབ་མ་དམར། མེ་རླུང་གཉིས་སེར། བདེན་བྲལ་ལྗང༌། དབང་ལྡན་ནག། །ལྟེ་བ་ལྗང༌། གེ་སར་སེར་བར་བསམ་མོ། །གཉིས་པ་ལ་ལྔ། མངོན་བྱང་ལྔ་ལས་རྟེན་དང་བརྟེན་པའི་ཧེ་རུ་ཀ་ཡབ་ཡུམ་དུས་གཅིག་ཏུ་བསྐྱེད་པ། བསྐྱེད་པ་དེ་རིམ་ 10-2-7a གྱིས་གསལ་གདབ་པ། ལུས་དཀྱིལ་དང་ཕྱོགས་མཐུན་གྱི་དག་པ་བསྒོམ་པ། གོ་བགོ་ཞིང་ཡེ་ཤེས་པ་བཅུག་ནས་དབང་བསྐུར་བ། མཆོད་ཅིང་བསྟོད་ནས་ལྷའི་འཁོར་ལོ་བསྒོམ་པའོ། །དང་པོ་ནི། སྣ་ཚོགས་པདྨ་ཆུང་ངུའི་དབུས་ སུ་མཚན་སོ་གཉིས་ཀྱི་ངོ་བོ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ རྣམས་དཀར་པོ་བཅུ་དྲུག་པ་ཕྲག་གཅིག་གཡས་སྐོར་དང༌། སླར་ཡང་དབྱངས་བཅུ་དྲུག་པ་ཕྲག་གཉིས་པ་གཡོན་སྐོར་དུ་རིམ་པ་གཅིག་གིས་ དགོད། དེའི་ཕྱི་རོལ་དུ་དཔེ་བྱད་བརྒྱད་ཅུའི་ངོ་བོ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌ་ཌྷ་ཌྷ་ཎ། ཏ་ཐ་ད་ད་དྷ་དྷ་ན། པ་ཕ་བ་བྷ་མ། ཡ་ཡ་ར་ལ་ལ་ཝ། ཤ་ཥ་ས་ཧ་ཀྵ་རྣམས་དམར་པོ་བཞི་བཅུ་པ་ཕྲག་གཅིག་གཡས་བསྐོར་དང༌། སླར་ཡང་གསལ་བྱེད་བཞི་ བཅུ་པ་ཕྲག་གཉིས་པ་གཡོན་སྐོར་དུ་རིམ་པ་གཅིག་གིས་དགོད། དེ་གཉིས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དཀར་ལ་དམར་བའི་མདངས་ཅན་ལ་དབྱངས་གསལ་རྣམས་གཟུགས་བརྙན་ཤར་བ་བཞིན་དུ་སྣང་བའི་ ཨཱ་ལི་དང་ཟླ་བའི་ཁ་དོག་དཀར་བའི་ཆ་ནི་མེ་ལོང་ལྟ་བུ་དང༌། ཀཱ་ལི་དང་ཟླ་བའི་ཁ་དོག་དམར་བའི་ཆ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནས་རང་ནམ་མཁའི་ནཱ་དའི་ང་རྒྱལ་གྱིས་ཟླ་བ་དཀར་ལ་དམར་བའི་མདངས་ཅན་མཐོང་བ་ན་བདག་གིས་སངས་ རྒྱས་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་ངོ་བོར་གྱུར་པའི་དབུས་སུ་སྐྱེ་བ་བླངས་ལ་སེམས་ཅན་གྱི་དོན་བྱའོ་སྙམ་དུ་འཕེན་པ་བཏང་ནས། ཟླ་བའི་དབུས་སུ་ནཱ་ད་བཞུགས་པ་ལས་རིམ་གྱིས་ནཱ་ད་ལས་ཐིག་ལེ། ཐིག་ལེ་ལས་ཟླ་ཕྱེད། 10-2-7b དེ་ལས་མགོ་བ། དེ་ལས་ཧའི་ལུས་དེ་ལས་ཨུ་གྲུབ་པའི་ཚུལ་གྱིས་དཀར་ལ་དམར་བའི་མདངས་ཅན་གྱི་ཧཱུཾ་ཡིག་རྒྱུ་རྡོ་རྗེ་འཛིན་པའི་རང་བཞིན་ཅན་དུ་རྫོགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཧཱུཾ་ལས་ཁ་དོག་སྣ་ལྔ་པའི་འོད་ཟེར་འཕྲོ་བའི་རྩེ་མོ་ལས་ འཁོར་ལོ་ལྔའི་ལྷ་ཚོགས་རྣམས་འཕྲོས་ཏེ་འགྲོ་བ་རྣམས་དེའི་གོ་འཕང་ལ་བཀོད་པ་དང༌། སྡུད་པའི་ཚེ་སྔོན་ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ལ་སོགས་པ་ཕྱོགས་བཅུའི་ཞིང་ཁམས་ན་བཞུགས་པ་རྣམས་ལྷན་ཅིག་སྤྱན་དྲངས་པ་ དང་མཉམ་པར་སྦྱར་བ་སྔོན་དུ་འགྲོ་བས་ཞུ་ནས་ཧཱུཾ་ཡིག་གི་ནཱ་ད་ལ་ཐིམ་པར་བསམས་ལ། ཧཱུཾ་ཡིག་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་ཅན་དུ་བསམ་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་ནས། ཨོཾ་ཨཱཿཧཱུཾ་ཨོཾ་སརྦྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦྦ་དྷརྨྨཿབཛྲ་ཤུདྡྷོ྅ཧཾ། ཞེས་སྐད་ཅིག་གིས་བསྐྱེད་པའི་སྔགས་གསུམ་བརྗོད་དེ། ཟླ་བ་དབྱངས་གསལ་ས་བོན་དང་བཅས་པ་རྣམས་ཡོངས་སུ་གྱུར་པ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ ཅད་དུས་གཅིག་ཏུ་གྲུབ་པར་བསམ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །གཞི་ལ་ཕ་མའི་ཁུ་ཁྲག་དཀར་དམར་གྱི་དབུས་སུ་བར་སྲིད་ཞུགས་ནས་སྐྱེ་བ་ལེན་པ་བཞིན་དུ། རིམ་པ་དང་པོར་ཡང་བར་སྲིད་མཚོན་པའི་ནམ་མཁའི་ནཱ་ད་ཟླ་བའི་དབུས་སུ་ ཞུགས་ནས་ཧཱུཾ་ཡིག་ཏུ་གྲུབ་ནས་དཀྱིལ་འཁོར་དུ་རྫོགས་པ་ནི་མངལ་དུ་སྐྱེ་བ་བླངས་པ་དང་མངལ་རྫོགས་པའི་སྐབས་དང་འདྲ་སྟེ། འདི་ལ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་འཁྱེར་ཞེས་ཀྱང་བྱའོ། །དེ་ལྟར་བསྒོམས་པས་ནི་རིམ་པ་གཉིས་པར་ 10-2-8a སྒྱུ་མའི་སྐུས་ལུས་རགས་པའི་སྤྲུལ་སྐུ་འཛིན་ནུས་པ་དང༌། ལུས་ཀྱི་ཁམས་དཀར་དམར་གྱི་འདུ་འཕྲོད་ཁྱད་པར་བ་ལ་བརྟེན་ནས་ངེས་དོན་གྱི་ཧེ་རུ་ཀ་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པའི་རྒྱུད་སྨིན་བྱེད་དུ་འགྲོའོ། །གཉིས་པ་ལ་གཉིས། རྟེན་གསལ་གདབ་པ་དང༌། བརྟེན་པ་ཧེ་རུ་ཀ་ཡབ་ཡུམ་གསལ་གདབ་པའོ། །དང་པོ་ནི། དེ་ལྟར་དུས་གཅིག་ཏུ་གྲུབ་པའི་རྟེན་རིམ་གྱིས་གདབ་པ་ནི། ཁང་པ་བརྩེགས་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ་ཕྱི་ནས་རིམ་པ་བཞིན་དཀར་ སེར་དམར་ལྗང་སྔོ་བའི་རིམ་པ་ལྔ་དང་ལྡན་པའི་རིན་པོ་ཆེའི་རྩིག་པས་བསྐོར་བའི་སྟེང་ན་རིན་པོ་ཆེའི་ཕ་གུ་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་དང་གྲུ་བཞི་ལ་སོགས་པས་སྤྲས་པ། དེའི་སྟེང་ན་གནས་པའི་གསེར་གྱི་སྐ་རགས་བཞིའི་ཕྱི་ ངོས་སུ་ཆུ་སྲིན་གྱི་ཁ་ནས་མུ་ཏིག་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ། དེའི་ཕྱི་ངོས་སུ་བྱ་བདབ་ལས་འཕྱང་པའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་ན་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་ལ་གནས་པའི་གསེར་གྱི་བུམ་པ་ནས་ འཐོན་པའི་རྒྱལ་མཚན་དང་བ་དན་བརྒྱད་བརྒྱད་ཀྱིས་མཛེས་པར་བྱས་པ། ཕྱིའི་སྟེང་གི་ཟུར་བཞི་ལ་གདུགས་བཞེས་བརྒྱན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་བཞུགས་སྟབས་དང་ཁ་དོག་སྣ་ཚོགས་པའི་ ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་དང་རྩིག་པའི་ཕྱི་ནང་གི་ཟུར་བཞིར་ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་དམར་པོའི་སྟེང་དུ་རྡོ་རྗེས་བརྒྱན་པ། སྒོ་བཞི་སོ་སོའི་མདུན་དུ་སྟེགས་བུ་གྲུ་བཞི་ 10-2-8b པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་བཟང་པོ་ལས་སྐྱེས་པའི་ དཔག་བསམ་གྱི་ཤིང་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང༌། བར་བར་དུ་གྲུབ་པ་ཐོབ་པ་དང༌། སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མེ་ཏོག་གི་ཕྲེང་བ་བཟུང་བ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པའོ། །དེའི་ཕྱི་རོལ་ཏུ་སྣ་ཚོགས་རྡོ་རྗེའི་ར་བས་བསྐོར་བ་ལ་ སོགས་པའི་སྲུང་འཁོར། དེའི་ཕྱི་རོལ་ཏུ་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུ་རྡོ་རྗེའི་མེ་ཁ་དོག་སྣ་ལྔ་པས་སྟེང་དང་ལོགས་ཀུན་ཏུ་ཁྱབ་པར་གཡོན་སྐོར་དུ་འཁྱིལ་ཞིང་འབར་བ། དེའི་ཕྱི་རོལ་ཏུ་དུར་ཁྲོད་བརྒྱད། དེ་ན་གནས་པའི་ཤིང་བརྒྱད། དེའི་རྩ་བ་ ན་ཕྱོགས་སྐྱོང་བརྒྱད། ཤིང་གི་སྟོད་ཀྱི་ཡལ་གའི་གསེབ་ནས་ལུས་ཕྱེད་འཐོན་པའི་ཞིང་སྐྱོང་བརྒྱད། ཐུགས་རྗེའི་ཆུ་བརྒྱད། དེ་ལ་གནས་པའི་ཀླུ་བརྒྱད། ཆུ་དེའི་སྟེང་གི་ནམ་མཁའ་ལ་སྤྲིན་བརྒྱད། རི་བརྒྱད། དེ་ལ་གནས་པའི་མཆོད་རྟེན་དཀར་པོ་བརྒྱད། གཞན་ཡང་ཡེ་ཤེས་ཀྱི་མེ་བརྒྱད་དང༌། ཁྭ་དང་འུག་པ་དང་བྱ་རྒོད་དང་ཅེ་སྤྱང་དང་འོལ་པ་ཕོ་མོ་དང་སྦྲུལ་བ་ལང་གི་མགོ་ཅན་ལ་སོགས་པ་ཕྱོགས་སུ་རྒྱུ་ཞིང༌། གནོད་སྦྱིན་དང་རོ་ལངས་དང་སྲིན་པོ་རྣམས་ཀྱིས་ཀི་ལི་ཀི་ལིའི་སྒྲ་ཆེན་པོ་སྒྲོག་པ་དང༌། གྲུབ་ པ་ཐོབ་པ་དང་རིག་པ་འཛིན་པ་དང་དམ་ཚིག་སྤྱོད་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་ལྟ་བ། གཅེར་བུ་སྐྲ་བཤིག་པ་ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཐོད་པས་སྤྱི་བོར་བརྒྱན་པ། 10-2-9a རྒོད་ཅིང་དུར་ཁྲོད་དུ་འཇུག་པ་རྣམས་ཀྱིས་ངོ་མཚར་བར་བྱེད་པའོ། །གཞལ་ཡས་ཁང་གི་ནང་དུ་ཀ་བ་བརྒྱད་ཀྱིས་བཏེག་པའི་གདུང་གིས་མཛེས་པར་ཕུབ་པའི་རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། གཞལ་ཡས་ ཁང་གི་ནང་གི་སྟེང་འོག་རྣམས་ཤར་དཀར་བྱང་ལྗང་ལང་ནུབ་དམར་ལྷོ་སེར་བ། དེའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་རོ། །གཉིས་པ་ནི། དབུས་ཀྱི་པདྨའི་ལྟེ་བར་ཉི་མའི་གདན་ལ། བཅོམ་ལྡན་འདས་ཧེ་རུ་ཀ་སྐུ་མདོག་མཐིང་ག་ ཞལ་བཞི་པའི་རྩ་ཞལ་ནག །གཡོན་ལྗང༌། རྒྱབ་དམར། གཡས་སེར་བ། ཞལ་རེ་རེ་ཡང་སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། དཔྲལ་བར་རྡོ་རྗེ་རྩེ་ལྔ་པའི་འཕྲེང་བ་འཛིན་པ། ཞབས་གཡས་བརྐྱངས་པས་འཇིགས་བྱེད་ནག་པོ་ལག་པ་བཞི་བའི་ དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་ལྷག་མས་ཌཱ་མ་རུ་དང༌། གཡོན་ལྷག་མས་རལ་གྲི་འཛིན་པའི་མགོ་བོ་མནན་པ། གཡོན་བསྐུམས་པས་དུས་ཚན་མ་དམར་མོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཐོད་པ་དང་ཁ་ ཊྭཱཾ་ག་འཛིན་པའི་ནུ་མ་མནན་པ། གདན་གཉིས་ཀའང་གདོང་གཅིག་པ། མིག་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པའོ། །ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ་འཁྱུད་པའི་གཡས་པས་རྡོ་རྗེ་རྩེ་ལྔ་པ་དང༌། གཡོན་པས་དྲིལ་བུ་བསྣམས་པ། དེའི་འོག་མ་ གཉིས་ཀྱིས་གླང་པོ་ཆེའི་པགས་པ་དཀར་པོ་ཁྲག་དང་བཅས་པའི་ན་བཟའ་ཕྱག་གཡས་པས་ལག་པ་གཡོན་པ་དང༌། གཡོན་པས་རྐང་པ་གཡོན་པའི་པགས་པ་རང་གི་རྒྱབ་ཏུ་སྡིགས་མཛུབ་དང་བཅས་པའི་ཕྱག་གིས་བརྒྱངས་ཏེ་འཛིན་པའི་སྡིགས་ 10-2-9b མཛུབ་ཀྱི་རྩེ་གཉིས་སྨིན་མའི་ཐད་སོར་གནས་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུད་རྩེ་གསུམ་པ་བསྒྲེངས་པ། གཡོན་པའི་ཕྱག་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག །བཞི་པ་ན་ཁྲག་གིས་བཀང་ བའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་ཤིང༌། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཅོག་ཅན། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་ཕྲེང་བ་སྟོད་སྨད་དུ་གནས་པ་གཉིས་ལ་བརྒྱུས་པའི་ཐོད་པ་སྐམ་པོ་ལྔ་ལྔའི་ ཕྲེང་བས་བརྒྱན་པ། དབུའི་གཡོན་དུ་ཅུང་ཟད་ཡོ་བའི་ཟླ་བ་ཕྱེད་པ་འཆང་བ། ཞལ་རྣམ་པར་འགྱུར་པ། མཆེ་བ་བཞི་བཞི་གཙིགས་ཤིང་འཇིགས་སུ་རུང་བ། སྒེག་པ་དཔའ་བ་མི་སྡུག་པ་སྟེ་སྐུའི་ཉམས་གསུམ་དང༌། རྒོད་དང་དྲག་ཤུལ་འཇིགས་སུ་རུང་བ་སྟེ་ གསུང་གི་ཉམས་གསུམ་དང༌། སྙིང་རྗེ་དང་བརྔམ་པ་དང་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་སྟེ་ཉམས་དགུ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མིའི་རྒྱུ་མ་ལ་བརྒྱུས་པའི་མི་མགོ་རློན་པ་ལྔ་བཅུའི་ཕྲེང་བ་འཕྱང་བ། ཕྱག་རྒྱ་དྲུག་གིས་རྒྱས་ བཏབ་པ། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུགས་པའོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། །ཞལ་གཅིག་པ་ཕྱག་གཉིས་པ་སྤྱན་གསུམ་པ། གཅེར་མོ་སྐྲ་གྲོལ་བ། ཐོད་པའི་ དུམ་བུས་བརྒྱན་པའི་འོག་པག་ཅན། ཕྱག་གཡོན་པས་ཡབ་ཀྱི་མགུལ་པ་ནས་འཁྱུད་པའི་ཐོད་པ་ན་བདུད་བཞི་ལ་སོགས་པའི་ཁྲག་གིས་བཀང་བ་བསྣམས་པ། གཡས་པས་ཕྱོགས་བཅུའི་བདུག་པ་ཅན་ཀུན་ལ་གྲི་གུག་དང་བཅས་པའི་སྡིགས་ 10-2-10a མཛུབ་ཀྱིས་བསྡིགས་པར་མཛད་པ། འཇིག་དུས་ཀྱི་མེ་ལྟར་འབར་བ། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་ནས་ལེགས་པར་འཁྲིལ་བ། བདེ་བ་ཆེན་པོའི་རང་བཞིན་གྱི་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། ཐལ་བ་མ་གཏོགས་པའི་ ཕྱག་རྒྱ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་ཐོད་དང་མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ནོ། །གསུམ་པ་ནི། རང་གི་ལུས་ཀྱི་ཆ་རགས་པ་དང་ཕྲ་བ་རྩ་དང་ཁམས་རྣམས། རྟེན་བརྟེན་པའི་ལུས་དཀྱིལ་དུ་བསྒོམས་པས་རིམ་པ་གཉིས་པའི་སྐབས་ སུ་ལུས་ལ་གནད་དུ་བསྣུན་པ་ལས། རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་རྒྱུད་སྨིན་པར་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་རང་གི་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་བྱིན་གྱིས་རློབ་པའི་ཕྱིར་དུ་ལུས་དཀྱིལ་སྒོམ་པ་ལ་གཉིས། ལུས་ རགས་པ་རྟེན་གྱི་དཀྱིལ་འཁོར་དུ་བསྒོམ་པ་དང༌། ལུས་ཕྲ་བ་བརྟེན་པའི་དཀྱིལ་འཁོར་དུ་བསྒོམ་པའོ། །དང་པོ་ནི། འདིའི་སྒོམ་ཚུལ་ནི། འབྱུང་བ་རིམ་བརྩེགས་རི་རབ་གཞལ་ཡས་ཁང་དང་བཅས་པ་བསྐྱེད་པ་དེ་ཉིད་ཀྱི་རྒྱུན། ད་གཟོད་གཞལ་ཡས་ ཁང་མ་བསྡུས་བར་དུ་འཇུག་པར་མོས་པའི་ལུགས་ཡིན་པས། རང་གི་རིགས་འདྲ་སྔ་མ་དང་ལུས་ཀྱི་ཆ་རེ་ལ་བརྟེན་ནས་རིགས་འདྲ་ཕྱི་མ་སྐྱེས་པར་སྒོམ་པ་ཡིན་ནོ། །དེ་ཡང་རྐང་པ་གཉིས་བགྲད་པ་གཞུའི་དབྱིབས་སུ་ཡོད་པ་ཡོངས་སུ་གྱུར་པ་ལས་ འབྱུང་བ་རིམ་བརྩེགས་ཀྱི་རླུང་གཞུའི་དབྱིབས་ཅན་དང༌། སུམ་མདོ་གྲུ་གསུམ་གྱི་གཟུགས་སུ་ཡོད་པ་ལས་མེ་དཀྱིལ་ཟུར་གསུམ་དང༌། ལྟོ་བ་ཟླུམ་པོའི་དབྱིབས་ཅན་ལས་ཆུ་དཀྱིལ་ཟླུམ་པོ་དང༌། སྙིང་ག་གྲུ་བཞི་པ་ལས་ས་དཀྱིལ་གྲུ་བཞི་དང༌། 10-2-10b སྒལ་ཚིགས་ལས་རི་རབ། སྤྱི་བོའི་རྩ་སོ་གཉིས་ལས་པདྨ། ལུས་འདོམ་གང་ཡན་མན་དང་ཕན་ཚན་དུ་མཉམ་པ་ལས་ངོས་བཞི་མཉམ་པའི་གཞལ་ཡས་ཁང་གྲུ་བཞི་པ། ཕ་གུ་དང་དྲ་ཕྱེད་སོགས་ཀྱི་རྒྱན་གྱིས་རབ་ཏུ་མཛེས་པའི་ཧེ་རུ་ཀའི་དཀྱིལ་འཁོར། རྐང་བརྒྱད་ལས་ཀ་བ་བརྒྱད་དོ། །གཉིས་པ་ལ་གཉིས། ལུས་དཀྱིལ་བསྒོམ་པ་དང༌། ཕྱོགས་མཐུན་གྱི་དག་པ་བསྒོམ་པའོ། །དང་པོ་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་བྱང་སེམས་བ་མོ་ལྟ་བུ་འཛག་པ། ཡུངས་ཀར་སྦོམ་པོའི་ཚད་ཀྱི་ དཔྱིད་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཧེ་རུ་ཀ་ལྟེ་བའི་དམར་ཆ་གཏུམ་མོའི་མེའི་གཟུགས་ཀྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྟེ་དཔྱིད་དང་ཐིག་ལེའི་ངོ་བོ་གཉིས་སྙིང་ཁར་ཕྲད་ནས་སྙོམས་པར་འཇུག་པས་ བཞུགས་པ་སྟེ། སྐུ་མདོག་དང་ཕྱག་མཚན་སོགས་ནི་སྔར་བཤད་ཟིན་ཏོ། །སྙིང་གའི་ཤར་ལ་སོགས་པའི་འབྱུང་བ་བཞིའི་རླུང་རྒྱུ་བའི་རྩ་འདབ་བཞི། ཤར་ནས་གཡས་སྐོར་དུ་ལཾ་མཾ་བཾ་ཏཾ་བཞིའི་ཡི་གེ་དང་ངོ་བོ་དབྱེར་མེད་དུ་གནས་པ་ཡོངས་སུ་གྱུར་པ་ ལས། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧི་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་མ་སྤྱན་གསུམ་མ། མཆེ་བ་རྣམ་པར་གཙིགས་པའི་ཞལ་ཅན་གཅེར་བུ་སྐྲ་གྲོལ་བ། ཕྱག་གཉིས་ཀྱི་ གཡས་པས་གྲི་གུག་དང་གཡོན་པས་ཐོད་པ་འཛིན་པའི་མཚན་ཁུང་ན་ཁ་ཊྭཱཾ་ག་བསྣམས་པ། ཞབས་གཡས་བརྐྱངས་པས་བཞུགས་པ་ཕྱག་རྒྱ་ལྔས་བརྒྱན་པ་མི་མགོ་སྐམ་པོ་ལྔའི་ཐོད་དང༌། མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ནོ། །ཤར་ལྷོ་ལ་ 10-2-11a སོགས་པའི་མཆོད་པ་བཞིའི་རྩ་འདབ་ལས་བདུད་རྩི་ལྔས་གང་བའི་ཐོད་པ་བཞི་སྟེ་བདེ་ཆེན་གྱི་འཁོར་ལོའོ། །སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར། པཱུ། ཛཱ། ཨོ། ཨ། གོ། རཱ། དེ། མཱ། ཀཱ། ཨོ། ཏྲི། ཀོ། ཀ །ལ། ཀཱ། ཧི། པྲེ། གྲཾ། སོ། སུ། ན། སི། མ། ཀུ། རྣམས་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས་རྩིབས་ཁོང་སྟོང་རྩིབས་ཤུན་གྱི་རྣམ་པ་དང་ལྡན་པའི་འཁོར་ལོ་ཉེར་བཞིའི་རྣམ་པར་བསྐྱེད་ལ་ཕྱིའི་ཡུལ་ཉེར་བཞི་དངོས་ཡིན་པར་མོས་པ་བྱའོ། །གནས་ཉེར་བཞིའི་རྩ་ཉེར་ བཞི་དང་དེའི་ནང་གི་ཁམས་ཉེར་བཞི་ངོ་བོ་དབྱེར་མེད་དུ་མོས་ལ། རྩ་དང་ཁམས་ཡོངས་སུ་གྱུར་པ་ལས་དཔའ་མོ་ཉེར་བཞི་དང་དཔའ་བོ་ཉེར་བཞིར་གྱུར་པར་བསམ། སྤྱི་བོ་སྟེ་སྐྲ་མཚམས་པཱུལླི་ར་མ་ལ་ཡ་ན་གནས་པའི་རྩ་ནང་གི་ཁམས་དང་རྩ་ གཉིས་ཡོངས་སུ་གྱུར་པ་ལས་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ། དེ་བཞིན་དུ་སྦྱོར་ཏེ། སྤྱི་གཙུག་ཛཱ་ལནྡྷ་རར་ཁམས་དང་རྩ་ལས་མཧཱ་ཀངྐ་ལ་དང་གཏུམ་མིག་མ། རྣ་བ་གཡས་པ་ཨོརྜི་ཡ་ནར་ཁམས་དང་རྩ་ལས་ཀངྐ་ལ་དང་འོད་ལྡན་མ། ལྟག་པ་ ཨ་རྦུ་ཏ་ར་ཁམས་དང་རྩ་ལས་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་གནས་སོ། །རྣ་བ་གཡོན་པ་གོ་ད་བ་རིར་ཁམས་དང་རྩ་ལས་སུ་ར་བཻ་རྀ་ན་དང་དཔའ་པོའི་བློ་ཅན་མ། སྨིན་མཚམས་ར་མེ་ཤྭ་རིར་ཁམས་དང་རྩ་ལས་འོད་དཔག་མེད་ དང་ཁརྦ་རྀ། མིག་གཉིས་དེ་བི་ཀོ་ཊིར་ཁམས་དང་རྩ་ལས་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། ཕྲག་པ་གཉིས་མཱ་ལ་བར་ཁམས་དང་རྩ་ལས་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སོ། །དེ་དག་ནི་ཐུགས་ཀྱི་འཁོར་ལོའི་ལྷ་སྐུ་མདོག་ 10-2-11b སྔོན་པོ་ནམ་མཁའ་ལ་སྤྱོད་པའི་ཚུལ་གྱིས་བཞུགས་པའོ། །མཆན་ཁུང་གཉིས་ཀཱ་མ་རཱུ་པར་ཁམས་དང་རྩ་ལས་མྱུ་གུ་ཅན་དང་ས་སྲུངས་མ། ནུ་མ་གཉིས་ཨོ་ཊེར་ཁམས་དང་རྩ་ལས་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ༌། །ལྟེ་བ་ ཏྲི་ཤ་ཀུ་ནེར་ཁམས་དང་རྩ་ལས་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་ཀོ་ས་ལར་ཁམས་དང་རྩ་ལས་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ༌། །ཁ་ཀ་ལིངྐར་ཁམས་དང་རྩ་ལས་རབ་ཏུ་བཟང་པོ་དང་སྔོ་བསངས་ལྷ་མོ། མགྲིན་ པ་ལཾ་པ་ཀར་ཁམས་དང་རྩ་ལས་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཚནྡོ་ཧའོ། །སྙིང་ཀཉྩིར་ཁམས་དང་རྩ་ལས་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། འབྲས་བུ་གཉིས་ཧི་མ་ལ་ཡར་ཁམས་དང་རྩ་ལས་མིག་མི་བཟང་དང་བྱ་གདོང་མ་སྟེ་ཉེ་ བའི་ཚནྡོ་ཧའོ། །དེ་དག་ནི་གསུང་གི་འཁོར་ལོའི་ལྷ་སྐུ་མདོག་དམར་པོ་ས་ལ་སྤྱོད་པའི་ཚུལ་གྱིས་བཞུགས་པའོ། །མཚན་མ་པྲེ་ཏ་པུ་རིར་ཁམས་དང་རྩ་ལས་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་གྲྀ་ཧ་དེ་བ་ཏར་ཁམས་དང་ རྩ་ལས་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་སྟེ་འདུ་བའོ། །བརླ་གཉིས་སཽ་རཥྚར་ཁམས་དང་རྩ་ལས་རྟ་མགྲིན་དང་ཆང་ཚོང་མ། བྱིན་པ་གཉིས་སུ་ཝརྞ་དྭི་པར་ཁམས་དང་རྩ་ལས་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་ འདུ་བའོ། །སོར་མོ་བཅུ་དྲུག་ན་ག་རར་ཁམས་དང་རྩ་ལས་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་སིནྡྷུར་ཁམས་དང་རྩ་ལས་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་དུར་ཁྲོད་དོ། །མཐེ་བོང་བཞི་མ་རུར་ཁམས་ 10-2-12a དང་རྩ་ལས་རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མ། པུས་མོ་གཉིས་ཀུ་ལུ་ཏར་ཁམས་དང་རྩ་ལས་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་དོ། །དེ་དག་ནི་སྐུའི་འཁོར་ལོའི་ལྷ་སྐུ་མདོག་དཀར་པོ་ས་འོག་ ན་སྤྱོད་པའི་ཚུལ་གྱིས་བཞུགས་པའོ། །ཁཎྜ་ཀ་པཱ་ལ་ལ་སོགས་པའི་དཔའ་བོ་ཉེར་བཞི་ནི་དབུ་སྐྲ་རལ་པའི་ཐོར་ཚུགས་དང༌། སྤྱི་བོར་སྣ་ཚོགས་རྡོ་རྗེ་དང༌། གཡོན་དུ་ཟླ་བ་ཚེས་པ་དང༌། ཐོད་སྐམ་ལྔའི་དབུ་རྒྱན་དང༌། ཐོད་རློན་ལྔ་བཅུའི་དོ་ཤལ་ དང༌། རྡོ་རྗེའི་འཕྲེང་བ་དང༌། ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པ་དང༌། སྟག་གི་པགས་པའི་ཤམ་ཐབས་དང༌། གཡས་བརྐྱང་གིས་བཞུགས་པ། བཅོམ་ལྡན་འདས་དང་འདྲ་བ་ལ་འོན་ཀྱང་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་དང་གཡོན་དྲིལ་དུ་ བསྣམས་ནས་ཡུམ་ལ་འཁྱུད་པའོ། །རབ་གཏུམ་མ་ལ་སོགས་པའི་དཔའ་མོ་ཉེར་བཞི་ནི་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གྲི་གུག་དང་བཅས་པའི་སྡིགས་མཛུབ་འཕྱར་ཞིང༌། ཕྱག་གཡོན་པས་ཡབ་ཀྱི་མགུལ་ནས་འཁྱུད་པའི་ཐོད་པ་ན་བདུད་ བཞི་ལ་སོགས་པའི་ཁྲག་གིས་བཀང་བ་བསྣམས་པ་དང༌། སྤྱན་གསུམ་དམར་ཞིང་མེ་ལྟར་འབར་བ། ཐོད་པའི་དུམ་བུས་བརྒྱན་པའི་འོག་བག་ཅན། དབུ་སྐྲ་སིལ་བུར་གྲོལ་བ། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་ནས་ལེགས་བར་འཁྲིལ་བ། ཕྱག་རྒྱ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་ཐོད་དང་མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་རྣམས་བཅོམ་ལྡན་འདས་མ་དང་འདྲ་བ་ལ། འོན་ཀྱང་སྐུ་མདོག་ནི་སྔར་བཤད་ཟིན་ཏོ། །ལུས་ལ་བཀོད་པའི་ལྷ་ཞེ་བརྒྱད་པོ་དེ་ནི་ཕྱིའི་ཡུལ་ཉེར་བཞི་ 10-2-12b ན་བཞུགས་པའི་དཔའ་བོ་དང་དཔའ་མོ་དངོས་ཡིན་པར་མོས་པ་བྱའོ། །སྙིང་ཁའི་ཕྱི་སྐོར་གྱི་ཕྱོགས་མཚམས་ཀྱི་རྩ་བརྒྱད་ཁ་ལ་སོགས་པའི་སྒོ་རྣམས་སུ་སོན་པ་བརྒྱད་དང༌། ཧཱུཾ་རིང་པོ་བརྒྱད་ངོ་བོ་དབྱེར་མེད་དུ་གནས་པ་རྣམས་ཡོངས་སུ་གྱུར་པ་ལས་ སྒོ་མཚམས་མར་བསྐྱེད་དེ། ཁ་སྟེ་ལྕེའི་རྩ་བར་གནས་པའི་རྩ་ཧཱུཾ་རིང་པོ་དང་ངོ་བོ་དབྱེར་མེད་དུ་གནས་པ་ཡོངས་སུ་གྱུར་པ་ལས། ཁྭ་གདོང་མ་ནག་མོ། དེ་བཞིན་དུ་སྦྱར་ཏེ་ལྟེ་བའི་བུག་པའི་ནང་དང་རྟགས་དང་བཤང་ལམ་གྱི་སྒོར་གནས་པའི་རྩ་ཧཱུཾ་རིང་པོ་དང་ ངོ་བོ་དབྱེར་མེད་དུ་གནས་པ་ལས་རིམ་པ་བཞིན་དུ་འུག་གདོང་མ་ལྗང་ཁུ། ཁྱི་གདོང་མ་དམར་མོ། ཕག་གདོང་མ་སེར་མོར་བསྐྱེད། མཛོད་སྤུའི་བུག་པ་དང༌། རྣ་བུག་གཉིས་དང༌། མིག་གཉིས་དང༌། སྣ་བུག་གཉིས་ན་གནས་པའི་རྩ་ཧཱུཾ་རིང་པོ་དང་ངོ་བོ་དབྱེར་མེད་ དུ་གནས་པ་ལས། རིམ་པ་བཞིན་དུ་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ་དང༌། ཕོ་ཉ་མོ་གཡས་སེར་གཡོན་དམར་བ་དང༌། མཆེ་བ་མ་གཡས་དམར་གཡོན་ལྗང་བ་དང༌། གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ་རྣམས་གཡས་བརྐྱང་ གིས་རོའི་གདན་ལ་བཞུགས་པ་སྟེ་ཁྱད་པར་ལྷག་མ་རྣམས་ནི་མཁའ་འགྲོ་མ་ལ་སོགས་པ་བཞིན་ནོ། །གཉིས་པ་ནི། དེ་ནས་ཡབ་ཀྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པ། བྱཱ་དམར་པོ་ལས་བྱུང་བའི་ནོར་བུ་ དམར་པོ་རྩེ་མོ་ལ་བྱཱ་སེར་པོས་མཚན་པ། ཡུམ་གྱི་གསང་གནས་མི་དམིགས་པ་ལས་ཨཱཿལས་པདྨ་དམར་པོ་འདབ་མ་གསུམ་པ། བྱཱ་དཀར་པོ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མཚོན་པའི་ལྟེ་བ་དཀར་པོ་རྩེ་མོར་བྱཱ་སེར་པོས་མཚན་པ་ 10-2-13a བསམ། ཡབ་ཀྱི་ལྟེ་བ་དང་ཐུགས་ཀར་ཟླ་གདན་ལ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་དང༌། མགྲིན་པ་དང་དཔྲལ་བར་ཉི་གདན་ལ་རང་གི་སྙིང་པོ་དང་ཉེ་སྙིང་དགོད། ཡུམ་གྱི་ལྟེ་བ་དང་སྙིང་ཁར་ཉི་གདན་ལ་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་དང༌། མགྲིན་ པ་དང་དཔྲལ་བར་ཟླ་གདན་ལ་རང་གི་སྙིང་པོ་དང་ཉེ་སྙིང་དགོད་དེ། སྔགས་ཐམས་ཅད་མདོག་དམར་པོ་འོད་ཟེར་འཕྲོ་བ་གཡོན་སྐོར་དུ་དགོད་དོ། །ཡབ་ཡུམ་ཕན་ཚུན་དུ་ཙུམྦྷ་ན་བྱ་ཞིང་སྔགས་རྣམས་ཀྱང་ཕན་ཚུན་དུ་ཞལ་སྦྱོར་བ་དང་འོད་ཟེར་འཁྱུད་ པར་བསམ་ཞིང༌། ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨཱཿཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་སྙོམས་པར་འཇུག་པར་བྱ་སྟེ་ཕྱི་རོལ་གྱི་ཕྱག་རྒྱ་ལ་ཡང་ཆོ་ག་འདི་ཉིད་དོ། །སྙོམས་པར་ཞུགས་པས་བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབ་ པ་ན་དགའ་བ་དང༌། མགྲིན་པ་ནས་སྙིང་ཁར་སླེབ་པ་ན་མཆོག་དགའ་དང༌། སྙིང་ཁ་ནས་ལྟེ་བར་སླེབ་པ་ན་ཁྱད་དགའ་དང༌། སྟེ་བ་ནས་ནོར་བུའི་རྩེར་སླེབ་པ་ན་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེས་པར་བསམས་ལ། སྟོང་ཉིད་ཀྱི་ལྟ་བ་དྲན་པར་བྱས་ཏེ་ བདེ་སྟོང་དབྱེར་མེད་དུ་སྦྱར་ལ་བསྐྱེད། དེ་ནས་རྟེན་བརྟེན་པའི་དཀྱིལ་འཁོར་གཉིས་ཀྱང་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་ལྟ་བའི་མོས་པ་ཤུགས་ཅན་བསྐྱེད་དོ། །འདི་གོམས་ན་རིམ་པ་དང་པོའི་སྐབས་སུ་ཡང་དེའི་ཉམས་ཤུགས་ཅན་འཆར་ བས། ཡབ་ཡུམ་སྙོམས་པར་འཇུག་པའི་སྐབས་ཀུན་ཏུ་དགའ་བ་རྩོམ་པའི་དམིགས་པ་རྣམས་དམིགས་ཕྱེད་པ་དང༌། དལ་བུས་བརྟེན་པར་བྱས་ལ་མོས་པ་ཚུན་ཆོད་ཀྱིས་ཀྱང་དགའ་བཞི་སྐྱེད་པའི་མཐར་བདེ་སྟོང་སྦྱར་ལ་བསྒོམ་ཞིང༌། 10-2-13b བསྒོམས་པའི་དཀྱིལ་འཁོར་དང་བཟླས་པ་སོགས་ཀྱི་ཆོ་ག་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་མོས་ནས་ངེས་པར་བྱ་དགོས་པར་གསུངས་པ་ལྟར་བྱེད་པ་ནི། རིམ་པ་དང་པོ་བསྒོམས་པས་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་རྒྱུད་སྨིན་པའི་ ཐབས་དམ་པར་ཟུངས་ཤིག །དེ་ལྟར་སྙོམས་པར་ཞུགས་ཏེ་དགའ་བ་བསྐྱེད་ལ་ལྟ་བ་དྲན་པར་བྱས་ནས་བདེ་སྟོང་དབྱེར་མེད་དུ་སྦྱར་བ་དེ་ཉིད་དམིགས་པ་དང་བྱེད་ལས་སོགས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་དུ་ཤེས་པར་བྱས་ལ། དེ་ཉིད་ལྷ་སོ་བདུན་དུ་ཤར་བའོ་སྙམ་དུ་བསམ་ཞིང་ལྷ་རྣམས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་བལྟའོ། །བཞི་པ་ལ་གཉིས། གོ་ཆ་བྱ་ཞིང་ཡེ་ཤེས་པ་གཞུག་པ། དབང་བསྐུར་ནས་རྒྱས་གདབ་པའོ། །དང་པོ་ལ་གཉིས། གོ་ཆ་བཅིང་བ་དང༌། ཡེ་ཤེས་པ་གཞུག་པའོ། །དང་པོ་ནི། གོ་ཆ་འགོད་པ་ལ་གཉིས་ལས། རྒྱས་པ་ནི་རང་གི་སྙིང་ཁར་ཨོཾ་ཧ་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་གདན་ལ་རྡོར་སེམས་དཀར་པོ་རྩ་ཞལ་དཀར་གཡས་དམར་གཡོན་ནག་པའི་ཞལ་གསུམ་ ཕྱག་དྲུག་གི། གཡས་གསུམ་ན་རྡོ་རྗེ་དང་ཌཱ་མ་རུ་དང་མགོ་བོ། གཡོན་གསུམ་ན་དྲིལ་བུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཟླ་བའི་འོད་ཀོར་ཅན་ཕག་མོ་དང་མཉམ་པར་སྦྱོར་བ། མགོ་བོར་ན་མ་ཧི་སེར་པོ་ལས་རྣམ་སྣང་སེར་པོ་གཡས་དང་པོ་འཁོར་ལོ། སྤྱི་གཙུག་ཏུ་སྭཱ་ཧཱ་དམར་པོ་ལས་པདྨ་གར་གྱི་དབང་ཕྱུག་དམར་པོ་གཡས་དང་པོ་པདྨ། ཕྲག་པ་གཉིས་ལ་བཽ་ཥཊ་ཧེ་ནག་པོ་ལས་དཔལ་ཧེ་རུ་ཀ་ནག་པོ་གཡས་དང་པོ་རྡོ་རྗེ། མིག་ལ་ཧཱུཾ་ཧཱུཾ་ཧོ་དམར་སེར་ལས་རྡོ་རྗེ་ཉི་མ་དམར་སེར་གཡས་དང་ 10-2-14a པོ་རིན་པོ་ཆེ། དབྲལ་བར་ཡན་ལག་ཐམས་ཅད་ཀྱི་ལུས་དབང་གི་ངོ་བོ་ཕཊ་ཧཾ་ལྗང་གུ་ལས་རྟ་མཆོག་ལྗང་གུ་གཡས་དང་པོ་རལ་གྲི། གཡས་འོག་མ་རྣམས་ཀྱིས་ཌཱ་མ་རུ། གཡོན་དང་པོ་རྣམས་ཀྱིས་དྲིལ་བུ་དང༌། གཡོན་འོག་ མ་རྣམས་ཀྱིས་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་འཛིན་པ། ཉི་གདན་ལ་བཞུགས་ཤིང་ཉི་མའི་འོད་ཀོར་ཅན་རང་རང་གི་ཡུམ་གཤིན་རྗེ་མ་སོགས་དང་མཉམ་པར་སྦྱོར་བ། དཔའ་བོ་དྲུག་པོ་ཐམས་ཅད་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་ཐོད་པའི་དབུ་རྒྱན་ དང་མགོ་བོའི་དོ་ཤལ་དང་སྟག་གི་སྤགས་པའི་ཤམ་ཐབས་ཅན། སྤྱན་གསུམ་པ་གཡས་བརྐྱང་གིས་བཞུགས་པའོ། །བསྡུས་པ་བྱེད་ན་གནས་དྲུག་ཏུ་ཡི་གེ་ཚན་པ་དྲུག་དགོད་ལ་ལྷ་དེ་དང་དེའི་ངོ་བོར་མོས་པ་བྱའོ། །གཙོ་བོའི་ལྟེ་བར་ཨོཾ་བཾ་དམར་པོ་ ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཕག་མོ་དམར་མོ་དམར་སྔོ་ལྗང་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་ན་གྲི་གུག །ཚངས་མགོ། ལྕགས་ཀྱུ། གཡོན་གསུམ་ན་ཐོད་པ། ཁ་ཊྭཱཾ་ག །ཞགས་པ་འཛིན་པ། སྙིང་ཁར་ཧཾ་ཡོཾ་སྔོན་པོ་ལས་གཤིན་ རྗེ་མ་སྔོན་མོ། ཁ་སྟེ་མགྲིན་པར་ཧྲྀཾ་མོཾ་དཀར་པོ་ལས་རྨོངས་བྱེད་མ་དཀར་མོ་ཟླ་གདན་དང་ཟླ་བའི་འོད་ཀོར་ཅན། མགོ་བོར་ཧྲི་ཧྲིཾ་སེར་པོ་ལས་སྐྱོད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་གུ་ལས་སྐག་བྱེད་མ་ལྗང་གུ། དཔྲལ་བར་ཡན་ལག་ཐམས་ ཅད་ཀྱི་ལུས་དབང་གི་ངོ་བོ་ཕཊ་ཕཊ་དུད་ཁ་ལས་ཙཎྚི་ཀ་དུད་ཁ་སྟེ། ལྷག་མ་ལྔ་ཉི་གདན་དང་ཉི་མའི་འོད་ཀོར་ཅན་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཌཱ་མ་རུ་དང་གྲི་གུག །གཡོན་གཉིས་ན་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་དང་དྲིལ་བུ་འཛིན་པ། 10-2-14b ཐམས་ཅད་ཀྱང་སྤྱན་གསུམ་པ་གཅེར་མོ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་པའི་དབུ་རྒྱན་དང་མགོ་ཕྲེང་ཅན། གཡས་བརྐྱང་གིས་བཞུགས་ཤིང་རང་རང་གི་ཡབ་རྡོར་སེམས་སོགས་དང་མཉམ་པར་སྦྱར་བ་འམ་ཡུམ་རྐྱང་སྒོམ་པ་གང་མོས་ བྱའོ། །བསྡུས་པ་བྱེད་ན་ལྟེ་བ་ལ་སོགས་པའི་གནས་དྲུག་ཏུ་ཡི་གེ་ཚན་པ་དྲུག་དགོད་ལ་ལྷ་མོ་དེ་དང་དེའི་ངོ་བོར་མོས་པ་བྱའོ། །གཉིས་པ་ནི། རང་གི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་དང༌། རྐང་པ་གཉིས་རྡོ་རྗེ་སྐྱིལ་ ཀྲུང་དུ་གནས་པ་བཤིག་ལ། གཡས་སུ་བརྐྱང་བའི་མཐེབ་ཆེན་གྱི་སྟེང་དུ་རྐང་པ་གཡོན་པའི་མཐེབ་ཆེན་གྱིས་མནན། ལག་པ་གཉིས་ཀྱི་འཛུབ་མོ་མདུད་གུང་མོ་གཉིས་རྩེ་སྤྲད་ལ་བརྐྱང༌། མཐེ་བོང་གཉིས་བརྟན་པོར་སྦྱར་བ་ཐུར་དུ་བསྟན་མིང་མེད་ དང་མཐེའུ་ཆུང་རྣམས་བརྐྱང་པ་འབར་བའི་ཕྱག་རྒྱ་དཔྲལ་བའི་དབུས་སུ་བཞག་མིག་ཅུང་ཟད་འོག་ཏུ་མདའ་བར་བྱས་ལ། གཡོན་ནས་གྱེན་དུ་བལྟས་ཏེ་དང་པོར་གཡོན་དང་དེ་ནས་གཡས་སུ་བསྐོར་ལ་ངག་ཏུ་ཕེཾ་ཞེས་པའི་སྒྲ་བསྒྲགས་པས་ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ཡེ་ཤེས་པའི་འཁོར་ལོ་དང་དབང་གི་ལྷ་དང་ཕྱི་དང་གསང་བའི་མཆོད་པ་བྱེད་པའི་ལྷ་མོ་སྤྱན་དྲངས། འོད་ཟེར་སྙིང་ཁར་བསྡུ། སྤྱན་དྲངས་པ་དང་ལྷན་ཅིག་འོངས་ བའི་བགེགས་རྣམས་ཞལ་བཞི་ནས་ཧཱུཾ་ཞེས་བརྗོད་དེ་བསྐྲད་ནས་སྤྱན་དྲངས་པ་ལ་ཨོཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་བརྗོད་དེ་མཆོད་ཡོན་གྱིས་མཆོད་ནས། བཛྲ་ཨངྐུ་ཤ་ཛ་ཿ ཞེས་བརྗོད་པས་ཡེ་ཤེས་པ་རྣམས་དམ་ཚིག་པ་རང་རང་གི་སྟེང་ 10-2-15a དུ་དགུག །བཛྲ་པཱ་ཤ་ཧཱུཾ་ཞེས་པས་སོ་སོ་ལ་གཞུག །བཛྲ་སྥོ་ཊ་བཾ་ཞེས་པས་འོ་ཆུ་འདྲེས་པ་ལྟར་དབྱེར་མེད་དུ་བཅིང༌། བཛྲ་གྷཎྜ་ཧོཿཞེས་པས་མི་བཞེད་པ་མེད་པར་དགྱེས་བཞིན་དུ་བཞུགས་པར་བསམ་སྟེ། རྟེན་རྣམས་ལ་ ཡང་འོད་ཕྲེང་དང་དུར་ཁྲོད་ལ་སོགས་པའི་བར་དུ་ཡང་བསྟམ་མོ། །དེ་ནས་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ་བཀོད་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དེ་ ནས། ཨོཾ་ཡོ་ག་ཤུདྔྷ་སརྦྦ་དྷརྨཿ ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་དེ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་རོ་མཉམ་དུ་སྦྱར་བ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དང་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ངོ་བོ་དབྱེར་མེད་ཡིན་ལ། དེ་ཉིད་རྟེན་བརྟེན་ པའི་དཀྱིལ་འཁོར་དུ་ཤར་བ་ཡིན་ཞིང༌། དེ་ཡང་གཙོ་བོ་ཡབ་ཡུམ་དུ་ཤར་བའི་ཆ་ཤས་སུ་མོས་པའི་སྒོ་ནས་ང་རྒྱལ་བཟུང་ལ། ལག་པ་གཉིས་ཀྱིས་སྙིང་ཁར་པད་ཀོར་བྱས་པའི་མཐར། ཕྱག་རྒྱ་སྡུད་པ་ན་འཁྱུད་པའི་ཚུལ་བྱེད་པའི་སྙིང་ པོའི་ཕྱག་རྒྱ་སྦྱིན་པར་བྱ་ཞིང་སྔར་གྱི་སྐད་ཅིག་མའི་སྔགས་བརྗོད་ལ། སྔགས་དོན་ལྟར་ང་རྒྱལ་གཟུང་ངོ༌། །གཉིས་པ་ནི། དེ་ནས་དབང་གི་ལྷ་ལ་སྔར་ལྟར་མཆོད་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སྒོ་མཚམས་མ་བརྒྱད་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ཕག་མོ་དང་ལྔས་ 10-2-15b རིན་པོ་ཆེའི་བུམ་པ་བདུད་རྩི་ལྔས་བཀང་བ་བཟུང་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ ཡ་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བས། རང་དང་ལྷ་རྣམས་བདེ་བ་ཆེན་པོའི་བདག་ཉིད་དུ་གྱུར་པར་བསམ་ཞིང༌། སྤྱི་བོ་ནས་སྐུ་ལ་ཞུགས་པའི་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་ གཙོ་བོ་ལ་རྡོར་སེམས། ཕག་མོ་ལ་མི་བསྐྱོད་པ། མཁའ་འགྲོ་མ་སོགས་བཞི་ལ་རིན་འབྱུང༌། ཐུགས་འཁོར་གྱི་ལྷ་རྣམས་ལ་མི་བསྐྱོད་པ། གསུང་འཁོར་ལ་སྣང་མཐའ། སྐུ་འཁོར་ལ་རྣམ་སྣང༌། དམ་ཚིག་མཁོར་ལོའི་ལྷ་རྣམས་ལ་དོན་གྲུབ་ཀྱིས་ དབུ་བརྒྱན། དབང་ལྷ་རྣམས་རང་ལ་ཐིམ་པར་བསམ་མོ། །ལྔ་པ་ལ་གསུམ། མཆོད་པ། བསྟོད་པ། དཀྱིལ་འཁོར་བསྒོམ་པའོ། །དང་པོ་ནི། ལག་པ་གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་བླངས་ལ་མཆོད་རྫས་རྣམས་ལ་གཏོར་ཏེ། ཞལ་བཞི་པའི་ སྔགས་བརྗོད་དེ་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཀཾ་ལས་ཐོད་པའི་སྣོད་རྣམས་ཀྱི་ནང་དུ་ཧཱུཾ་ལས་མཆོད་པ་རྣམས་རང་བཞིན་སྟོང་ཉིད། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་ པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་བསྐྱེད། སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབ། དེ་ནས་ཆུ་གསུམ་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་ལྷ་མོ་དྲུག་གིས་སྔར་ལྟར་མཆོད་པ་ནི་ཕྱི་མཆོད་དོ། །དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། 10-2-16a མགོན་རྣམས་ཀྱི་ལྗགས་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་གསུམ་པ་ནས་འབྲུ་ཙམ་བཀོད་པའི་རྡོ་རྗེའི་སྦུ་གུས་དྲངས་ནས་གསོལ་བར་བསམ་ཞིང་། བླ་མ་རྣམས་ཀྱི་མཚན་གྱི་མཐར་ཡི་གེ་གསུམ་བཏགས་ལ་དབུལ། དེ་ནས་ དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་སྔགས་རྒྱས་བསྡུས་གང་རུང་གི་མཐར་ཡང་དེ་བཞིན་དུ་བཏགས་ལ་དབུལ། དེ་ནས་ཕྱོགས་སྐྱོང་དང་འབྱུང་པོའི་བར་རྣམས་ལ་ཡང་དབུལ་ཞིང་རང་གི་ལྕེ་ལ་བཞག་ལ། ཨོཾ་ཨ་མྲྀ་ཏ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅ཧཾ། ཞེས་བརྗོད་དེ་མགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་ཚིམ་པར་བསམ་ཞིང༌། སྙིང་པོའི་རྣལ་འབྱོར་མ་བཞིས་བདུད་རྩི་ལྔས་མཆོད་པ་ནི་ནང་མཆོད་དོ། །དེ་ནས་ཡབ་ཡུམ་གྱི་གསང་གནས་སྦྱངས་པ་སོགས་དྲན་པར་བྱས་ལ། སྔར་ལྟར་སྙོམས་ པར་ཞུགས་པས་དགའ་བཞི་བསྐྱེད་དེ་ལྷ་ཐམས་ཅད་ཀྱིས་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་བསམ་སྟེ། ལྷ་ཐམས་ཅད་ཧེ་རུ་ཀའི་ཆ་ཤས་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ནི་གསང་མཆོད་དོ། །དེ་ནས་ལྷན་སྐྱེས་ཀྱི་བདེ་བ་དང་དེ་ཁོ་ན་ཉིད་ཀྱི་ལྟ་བ་ གཉིས་སྦྱར་ནས་ཡུན་རིང་དུ་བསྒོམ་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །གཉིས་པ་ནི། དེ་ནས་སོ་སོའི་སྔགས་བརྗོད་པ་ན་སོ་སོའི་ལྷའི་སྐུ་གསལ་བར་དམིགས་ནས་འོག་ནས་འབྱུང་བའི་ལྷ་སོ་སོའི་སྔགས་བརྗོད་ཅིང༌། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་ རེ་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ཀལྤཱ་གྣི་སཾ་ནི་བྷཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་དཾ་ཥྚ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊཱཾ་ག་དྷཱ་རྀ་ཎེ་ཧཱུཾ་ཧཱུཾ་ 10-2-16b ཕཊ། ཨོཾ་བྱཱ་གྷྲ་ཛི་ནཱམྦ་ར་ངྷ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་དྷཱུ་མྤཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་ཡབ་ཀྱི་རྐང་བརྒྱད་དང༌། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་བཱ་རཱ་ཧཱི་བཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཨཱརྱ་ཨ་པ་ར་ཛི་ཏེ་ཏྲཻ་ལོཀྱ་མཱ་ཏེ་བཱི་དྱ་ཤྭ་རཱྀ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་སརྦྦ་བྷཱུ་ཏ་བྷ་ ཡཱ་བ་ཧེ་མཧཱ་བཛྲེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲཱ་ས་ནི་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བཱ་ཤཾ་ག་རི་ནེ་ཏྲ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷྲ་་མ་ཎི་ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ཀ་ར་ལེ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཏྲཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནཱི་བ་རཱ་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བི་ཛཱ་ཡེ་ཛམྦྷ་ནི་སྟམྦྷ་ནི་ མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧཱི་མ་ཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རྀ་ཁ་གེ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་དེ་ཡུམ་གྱི་རྐང་བརྒྱད་ཀྱིས་ཀྱང་བསྟོད་དེ་སྔགས་ཀྱི་མཆོད་པ་ཡང་ཡིན་ནོ། །སྔར་སྤྱན་དྲངས་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་དེ། ལྷ་མོ་རྣམས་ སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་བསམ་མོ། །གསུམ་པ་ནི། འདི་ལ་སློབ་ཚུལ་གཉིས་ལས། རྒྱ་ཆེ་བ་གསལ་བ་ལ་དང་པོར་རྣམ་པ་དུ་མར་དཔྱད་ནས་སྐྱོང་བ་ནི། སྒྲུབ་ཐབས་ཀྱི་ཐོག་མ་ནས་འདིའི་བར་གྱི་དམིགས་པ་རྣམས་ལ་སྐབས་གང་ ཡིན་གྱི་དམིགས་པ་དེ་ལས་གཞན་དུ་གཡེང་བ་བཀག་ནས་བྱིང་རྒོད་དང་བྲལ་བར་རིམ་པ་བཞིན་སྦྲེང་ཆགས་སུ་བསྒོམ། ཐ་མལ་པའི་ཞེན་པའི་གཉེན་པོར་ནི་གཞལ་ཡས་ཁང་དང་ལྷ་སྒོམ་པ་ན་སངས་རྒྱས་ཀྱི་ཞིང་དག་པ་དང་སངས་རྒྱས་ཀྱི་སྐུ་ དེ་དང་དེ་དངོས་ཡིན་སྙམ་པའི་དག་པའི་ང་རྒྱལ་ཤུགས་ཅན་རེ་བསྐྱེད་ལ་བསྒོམ། རྟེན་བརྟེན་པ་ལ་ཐ་མལ་པའི་སྣང་བ་འཆར་བའི་གཉེན་པོར་ནི་ཡོངས་སུ་དག་པའི་རྟེན་བརྟེན་པའི་སྣང་བ་བསྒོམ་པ་ན། རིམ་ཅན་དུ་སྒོམ་པའི་ཚེ་སྐབས་གང་ཡིན་ 10-2-17a གྱི་སྣང་བ་ཁྱད་པར་ཅན་དུ་རེ་རེ་ནས་གསལ་འདེབས་ཏེ་སྔ་མ་མ་གསལ་བར་དུ་ཕྱི་མ་མི་སྒོམ་པ་དང༌། ཕྱི་མ་སྒོམ་པའི་ཚེ་སྔ་མ་མ་བརྗེད་ཙམ་བྱའོ། །དམིགས་པ་དུ་མ་ལ་རྣམ་པ་དུ་མར་མི་དཔྱོད་པར་རྩེ་གཅིག་ཏུ་འཇོག་སྒོམ་བྱེད་པ་བསྐྱེད་ རིམ་སྒོམ་པའི་གཙོ་བོ་ཡིན་པས་དེ་སྒོམ་པ་ན་དང་པོར་ཡབ་རྐྱང་ཞལ་གཅིག་ཕྱག་གཉིས་པ་གསལ་གདབ་ལ། དེ་ལ་སེམས་གཟུང་སྟེ་གང་གསལ་བཏབ་པ་དེའི་སྐོར་མིན་པར་དེ་ལས་གཞན་དུ་གང་ཤར་ཡང་དེའི་རྗེས་སུ་མི་འབྲང་བར་རྩ་བའི་ དམིགས་པ་ལ་སེམས་གཟུང༌། གསལ་བཏབ་པའི་སྐོར་ནས་ཆ་གཅིག་གསལ་ན་དེ་ལ་གཟུང༌། དེ་མི་གསལ་དུ་སོང་བའམ་འགྲོ་བར་སྣང་ན་སྐུའི་སྤྱི་ལ་གཟུང༌། དེ་འདྲ་བའི་སྣང་བ་སྒོམ་པ་དང་རང་ལྷ་དེའོ་སྙམ་པའི་ང་རྒྱལ་ཤུགས་ཅན་རེ་བསྐྱེད་ ནས། དེ་ཀའི་ངང་ལ་རྩེ་གཅིག་ཏུ་སྒོམ་པའི་ང་རྒྱལ་སྒོམ་པ་སྤེལ་མར་བྱ། འདི་ལ་ཁ་ཅིག་ལ་ལྷའི་ང་རྒྱལ་མ་བཅོས་པ་སྐྱེ་ཡང་རྟེན་བརྟེན་པའི་སྣང་བ་གསལ་པོ་མེད་པ་དང༌། ཁ་ཅིག་ལ་རྟེན་བརྟེན་པའི་སྣང་བ་གསལ་པོ་ཡོད་ཀྱང་བཅོས་མིན་ གྱི་ང་རྒྱལ་མེད་པ་དང༌། ཁ་ཅིག་ལ་གཉིས་ཀ་ཡོད་པ་དང་གཉིས་ཀ་མེད་པ་སྟེ་མུ་བཞི་འོང་བར་སྣང་ངོ༌། །དེ་ཡང་ཁྱད་པར་ཅན་གྱི་ང་རྒྱལ་སྒོམ་པ་ནི་གཙོ་བོ་ཡིན་ལ། ཁྱད་པར་བའི་སྣང་བ་སྒོམ་པ་ནི་དེའི་ཡན་ལག་གོ། ཞལ་གཅིག་ཕྱག་གཉིས་པ་ ལྟ་བུ་ལ་ལོབས་པ་ན་ཞལ་ཕྱག་རྫོགས་པ་དང་རྒྱན་དང་ཕྱག་མཚན་སོགས་རྫོགས་པ་དུས་གཅིག་ཏུ་གསལ་གསལ་དུ་བསྒོམ། དེ་ལ་ལོབས་པ་ན་ལྷ་གཞན་གཅིག་དང་གཉིས་ལ་སོགས་པ་བསྣན་ཞིང༌། དེ་རྣམས་དུས་གཅིག་ཏུ་གསལ་ 10-2-17b ནས་གནས་པ་ལ་བསླབ། དེ་ནས་གོ་ཆ་གཉིས་དང་གཞལ་ཡས་ཁང་ལ་སོགས་པའི་གསལ་སྣང་ལ་བསླབ་བོ། །ཐུན་རེ་རེ་ལ་ང་རྒྱལ་འཕོས་པ་བརྟན་པ་དང་སྣང་བ་ཁྱད་པར་ཅན་དུ་སོང་ནས། ཡིད་དོར་ཐ་མལ་པའི་སྣང་བ་ལོག་པ་དང་དེ་ལ་སེམས་ཀྱི་ གནས་ཆ་བརྟན་ན་རགས་པ་ལ་ལོབས་པ་ཡིན་ནོ། །ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ་ལ་སློབ་པ་ནི་གསལ་སྣང་ཐོབ་པ་དང་དམིགས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་ངེས་པའི་ངེས་ཤེས་དང་ལྡན་ པར་སྐྱོང་བ་སྟེ། བསྐྱེད་རིམ་པའི་ཟབ་གསལ་གཉིས་མེད་ཅེས་ཀྱང་ཟེར་རོ། །ལྷ་ལ་སེམས་འཛིན་པ་སོགས་ཀྱི་ཁྱད་པར་མ་གཏོགས་པ་སེམས་དམིགས་པ་ལ་གཏད་པའི་དྲན་ཤེས་བསྟེན་པ་དང༌། བྱིང་རྒོད་གཅོད་པ་དང་ཞི་གནས་དངོས་དང་རྗེས་མཐུན་ པར་སོང་མ་སོང་ནི། ཐེག་པ་ཐུན་མོང་གི་ལམ་རིམ་དུ་རྒྱས་པར་བཤད་ཟིན་པ་ལས་ཤེས་པར་བྱའོ། །གསུམ་པ་ཐུན་གྱི་མཇུག་ཏུ་ཇི་ལྟར་བྱ་བ་ལ་གཉིས། བཟླས་པ་ཇི་ལྟར་བྱ་བ་དང༌། གཏོར་མ་ཇི་ལྟར་བྱ་བའོ། །དང་པོ་ནི། བཟླས་བྱའི་སྔགས་ནི་རྩ་ རྒྱུད་ལས། ས་སྟེང་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པ་ཡིན། །ཞེས་ཡབ་ཡུམ་གྱི་རྩ་སྔགས་དང་སྙིང་པོ་དང་ཉེ་སྙིང་གོ་ཆའི་སྔགས་ཏེ། རིན་ཆེན་བཞིའི་སྔགས་དང་ཕྲེང་སྔགས་མཆོག་ཏུ་གསུངས་སོ། །དེ་ལ་རྩ་སྔགས་སམ་ཕྲེང་སྔགས་ ལ་གཉིས་ཡོད་པའི་ཡབ་ཀྱི་ཕྲེང་སྔགས་ལ་མི་འདྲ་བ་འགའ་ཡང་ཡོད་ཀྱང་འཇུག་པ་བདེ་བ་ནི། ཀ་ར་ཀ་ར་སོགས་ཀྱི་སྔགས་ཚན་པ་ཉེར་བཞི་བར་དུ་མ་བཅད་པར་མགོ་བོར་ཨོཾ་གཅིག་དང་ཐམས་ཅད་ཀྱི་མཐར་ཧཱུཾ་ཧཱུཾ་ཕཊ་གཅིག་སྦྱར་བའོ། །ཡུམ་ 10-2-18a གྱི་ཕྲེང་སྔགས་ལ་ཡང་མི་འདྲ་བ་མང་དུ་ཡོད་ཀྱང༌། འཇུག་པ་བདེ་བ་ནི་མངོན་བརྗོད་ཀྱི་ཉི་ཤུ་པ་དང་ཕག་མོ་མངོན་འབྱུང་ལས་གསུངས་ཏེ། དེ་ནི་ཨོཾ་བཛྲ་བཱ་རཱ་ཧཱི་པྲོ་ཏངྒེ་པྲོ་ཏངྒེ། ཧ་ན་ཧ་ན་པྲཱ་ཎཱཾ། ཀིཾ་ཀི་ནི། ཁིཾ་ཁི་ནི། དྷཱུ་ན་དྷུ་ན་བཛྲ་ཧ་ ཏེ། ཤོ་ཥ་ཡ་ཤོ་ཥ་ཡ། བཛྲ་ཁ་ཊྭཱཾ་ག་ཀ་པཱ་ལ་དྷ་རྀ་ཎི། མཧཱ་བི་ཤི་ཏ་མཾ་སཱ་ས་ནི། མ་ནུ་ཥཱནྟྲ་པྲ་བྲི་ཏེ་ས་ནི་དྷྱ་ན་ར་སི་ར་མཱ་ལ་གྲཱཾ་ཐི་ཏ་དྷ་ར་ཎི། སུམྦྷ་ནི་སུམྦྷ་ཧ་ན་ཧ་ན་པྲ་ཎཾ་སརྦ་པ་ཤ་པཱ་ནཾ། མཧཱ་མནྶ་ཙྪེ་ད་ནི་ཀྲོ་དྷ་མུརྟེ་དཾ་ཥྚ་ཀ་ར་ལྀ་ནི་མཧཱ་མུ་ཏྲེ་ ཤྲཱི་ཧེ་རུ་ཀ་དེ་བ་སྱཱ། གྲ་མ་ཧི་ཥཱི་ས་ཧ་སྲ་ཤཱི་རེ་ས་ཧ་སྲ་བ་ཧཱ་བེ། ཤ་ཏ་ས་ཧ་སྲ་ན་ནེ་ཛྭ་ལི་ཏ་ཏེ་ཛ་སེ་ཛྲ་ལ་མུ་ཁེ་སཾ་ག་ལ་ལོ་ཙ་ནེ། བཛྲ་ཤྭ་རི་རེ་བཛྲ་ས་ནི། མི་ལྀ་ཏ་ཙི་ལྀ་ཏ། ཧེ་ཧེ། ཧཱུཾ་ཧཱུཾ། ཁ་ཁ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དྭེ་ཏེ་མཧཱ་ཡོ་གི་ནཱི། པ་ཐི་ཏ་ སིདྔྷེ། ཏྲེཾ་དྷཾ་ཏྲེཾ་དྷཾ། གྲཾ་གྲཾ། ཧེ་ཧེ། ཧ་ཧ། བྷི་མེ་ཧ་ས་ཧ་ས་བཱི་རེ། ཧཱ་ཧཱ། ཧེ་ཧེ། ཧཱུཾ་ཧཱུཾ། ཏྲཻ་ལོ་ཀྱ་བི་ནཱ་ཤ་ནི་ཤ་ཏ་ས་ཧ་སྲ་ཀོ་ཊི། ཏ་ཐཱ་ག་ཏ་པ་རྀ་བཱ་རེ། ཧཱུཾ་ཧཱུཾ་ཕཊ། སིཾ་ཧ་རུ་པེ་ཁཿག་ཙ་རུ་པེ་ཨཱཿ། ཏྲཻ་ལོ་ཀྱ་ཨུ་དྷ་རེ་ས་མུ་ཏྲ་མེ་ཁ་ལེ། གྲ་ས་གྲ་ས་ཧཱུཾ་ཧཱུཾ་ཕཊ། བཱི་ར་དེ་ ཏེ་ཧཱུཾ་ཧཱུཾ། ཧ་ཧ། མཧཱ་པ་ཤུ་མོ་ཧ་ནཱི་ཡོ་གི་ཤྭ་རཱི་ཏྭཾ། ཌཱ་ཀི་ནཱི་སརྦྦ་ལོ་ཀཱ་ནཱཾ་བནྡྷ་ནཱི་སདྱ་པྲ་ཏྱ་ཡ་ཀ་རི་ཎི་ཧཱུཾ་ཧཱུཾ་ཕཊ། བྷུ་ཏ་ཏྲཱ་ས་ནི་མ་ཧཱ་བི་ར་པ་ར་མ་སིདྡྷ་ཡོ་གི་ཤྭ་རི་ཕཊ། ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའོ། །ཡབ་ཀྱི་སྙིང་པོ་ནི། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་སྭཱཧཱ། ཞེས་དང༌། ཉེ་སྙིང་ནི། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ཅེས་པའོ། །ཡུམ་གྱི་སྙིང་པོ་ནི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་དང༌། ཉེ་སྙིང་ནི། ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ 10-2-18b པའོ། །གོ་ཆ་ལ། ཨོཾ་ཧ་སོགས་དྲུག་གི་ཐོག་མར་ཨོཾ་དང་མཐར་ཧུཾ་ཧཱུཾ་ཕཊ་སྦྱར་བ་དང༌། བཛྲ་སཏྭ་སོགས་མཚན་སྔགས་དྲུག་ལ་སྔར་བཞིན་སྦྱར་བ་གཉིས་བཤད་དོ། །སྙིང་པོའི་རྣལ་འབྱོར་མ་བཞིའི་སྔགས་ནི། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎི་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་པའོ། །དཔའ་བོ་ཉེར་བཞིའི་སྔགས་ལ་རང་གི་མཚན་སྔགས་མེད་པ་དང་ཡོད་པ་གཉིས་ཀྱི་དང་པོ་ནི། ཨོཾ་ཀ་ར་ཀ་ར་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ཨོཾ་བྷནྡྷ་བྷནྡྷ་ཧུཾ་ཧཱུཾ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧུཾ་ཧཱུཾ་ ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཿཧྲཿཧུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་ཧུཾ་ཧཱུཾ་ཕཊ། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལམྦི་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ ག་ཏ་བྷུ་ཛཾ་གཱཾ་སརྦཱཾ་པཱ་ཏ་རྫ་ཡ་ཏརྫ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀ་ཌྷྱ་ཨཱ་ཀ་ཌྷྱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཱིཾ་ཧྲཱིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛྞཽཾ་ཛྞཽཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵྨཾ་ཀྵྨཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱཾ་ཧཱཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱིཾ་ཧཱིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་ཧི་ལི་ཧི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ། ཅེས་འབྱུང་བའོ། །མཚན་སྔགས་ཡོད་པ་ལ། ཨོཾ་ཁཎྜ་ཀ་པཱ་ལ་ཧུཾ་ཧཱུཾ་ཕཊ། ཅེས་པ་ལྟ་བུ་མཚན་སྔགས་རྐྱང་པའི་ཐོག་མཐར་སྔར་བཞིན་སྦྱར་བ་ཉེར་བཞི་དང༌། རྩ་སྔགས་ཉེར་བཞིར་བཅད་དེ་མཚན་སྔགས་ སྤེལ་བ་གཉིས་གསུངས་སོ། །དཔའ་མོ་ཉེར་བཞིའི་སྔགས་ནི། ཨོཾ་པྲ་ཙཎྜི་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཎྜི་ཨ་ཀྵི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་བྷཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཱི་ར་མ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁརྦ་རྀ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཾ་ཀེ་ཤྭ་རྀ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་དྲུ་ 10-2-19a མཙྪ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨེ་ར་བ་ཏི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བྷཻ་ར་བཱི་ཧུཾ་ཧཱུཾ་ཕཊ། ཨོཾ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ར་བྷཀྵི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྱ་མ་དེ་བི་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བྷ་ཏྲེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་ཀཱ་རྟེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ་གཱ་ན་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་ཤོཎྜི་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་པརྨྨི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བཱི་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བརྟི་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བཱི་རྱེ་ཧུཾ་ཧཱུཾ་ཕཊ། ཅེས་པའོ། །སྒོ་མ་བཞིའི་སྔགས་ནི། ཨོཾ་ཀཱ་ཀཱ་སྱ་ཧུཾ་ཧཱུཾ་ ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྭཱ་ནཱ་སྱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཱུ་ཀ་རཱ་སྱ་ཧུཾ་ཧཱུཾ་ཕཊ། ཅེས་པའོ། །མཚམས་མ་བཞིའི་སྔགས་ནི། ཨོཾ་ཡ་མ་དཱཾ་ཌྷཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཧུཾ་ཧཱུཾ་ཕཊ། གཞན་ ཡང་ལྷ་དྲུག་ཅུའི་སྔགས་ཤིན་ཏུ་བསྡུས་པ་བྱེད་ན་རྀ་ལྀ་བཞི་དང༌། མ་ཡིག་དོར་བའི་ཀ་ཙ་ཊ་ཏ་པའི་སྡེ་ཚན་གྱི་ཡི་གེ་ཉེར་བཞི་དང༌། ཡ་ར་ལ་ཝ་བཞི་དང༌། ཤ་ཥ་ས་ཧ་བཞིའི་མགོར་ཐིག་ལེ་བྱིན་ནས་ཐོག་མར་ཨོཾ་དང་མཐར་ཧཱུཾ་ཧཱུཾ་ཕཊ་སྦྱར་བ་ རྣམས་རིམ་པ་བཞིན་དུ་སྙིང་པོའི་རྣལ་འབྱོར་མ་བཞི་དང༌། འཁོར་ལོ་གསུམ་གྱི་ལྷ་ཟུང་ཉེར་བཞི་དང༌། སྒོ་མ་བཞི་དང་མཚམས་མ་བཞིའི་སྔགས་སུ་མངོན་བརྗོད་ལས་བཤད་དེ། ས་བོན་སོ་དྲུག་སྤྲེལ་ནས་ཐོག་མཐར་སྔར་བཞིན་སྦྱར་ཡང་ ཆོག་གོ། སྔགས་ཟློ་བའི་ཚུལ་ནི། མི་རུས་ཀྱི་ཕྲེང་བའམ་བོ་དེ་ཙེ་ལ་སོགས་པའི་ཕྲེང་ཐག་གཞོན་ནུ་མ་མ་ཉམས་པས་བཀལ་བའི་རས་བལ་གྱི་སྐུད་པ་ལས་བྱས་པ། བསང་སྦྱང་བྱས་ཏེ་ཕྲེང་བའི་བསྐྱེད་ཆོག་རྒྱས་པ་འམ་དེ་མ་གྲུབ་ན་སྐད་ཅིག་ 10-2-19b གིས་གསུང་རྡོ་རྗེ་པདྨ་གར་དབང་དུ་བསྐྱེད། རང་འདྲའི་ཡེ་ཤེས་པ་དང་གཅིག་ཏུ་བྱ་བུམ་ཆུས་གཏོར་ལ། མཆོད་ནས། ཨོཾ་པདྨ་ནིརྟྱ་ཤྭ་རི་ཧུཾ་ཧཱུཾ་ཕཊ། ཅེས་པའམ་སྭཱཧཱ་ཧུའི་ཐོག་མཐའ་སྔར་བཞིན་སྦྱར་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་གསུང་རྡོ་རྗེ་ཡོངས་སུ་གྱུར་པ་ ལས་ཕྲེང་བའི་རྣམ་པར་བསམས་ལ། ལག་པ་གཡོན་པའི་མཐེབ་སྲིན་གྱིས་བཟུང་སྟེ་བཟླས་བྱའི་སྔགས་རང་གི་ཐུགས་ཀའི་ཧཱུཾ་ཡིག་ལས་འཐོན་ནས་འོག་ཏུ་སོང་བ་རྡོ་རྗེའི་རྩེ་ནས་འཐོན། ཕྱག་རྒྱའི་བྷ་གར་ཞུགས་ནས་གྱེན་དུ་སོང་བ། ཡུམ་གྱི་ཞལ་ ནས་རང་གི་ཞལ་དུ་ཞུགས་ས་བོན་ལ་ཐིམ། དེ་ནས་འཐོན་ཏེ་སྔར་བཞིན་འཁོར་བ་རྩ་ཨ་ཝ་དྷཱུ་ཏཱི་ནས་འབྱུང་འཇུག་བྱེད་པར་མོས་ཤིང༌། ཞལ་ཐམས་ཅད་དང་འཁོར་གྱི་ལྷ་ཐམས་ཅད་ཀྱིས་ཀྱང་ཟློས་པར་བསྒོམས་ལ་ཡིད་བཟླས་རྡོ་རྗེའི་བཟླས་པ་དང༌། ངག་བཟླས་དྲག་ཏུ་ཟློས་པའི་ཁྲོ་བོའི་བཟླས་པ་ཡང་བྱའོ། །ལྷ་ལྔ་དང་གཙུག་ནོར་དུ་སྙིང་པོ་དང་ཉེ་སྙིང་བཞི་ལ་འདི་ལྟར་བཟླས་པར་གསུངས་ཏེ། རྩ་སྔགས་གཉིས་ལ་ཡང་དེ་བཞིན་དུ་བཟླའོ། །འཁོར་གྱི་ལྷ་རྣམས་ཀྱི་སྔགས་ཟློ་བ་ན་རང་རང་གི་ཐུགས་ ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བར་དམིགས་ནས་དབུས་ཀྱི་ཡི་གེ་ལས་འཁོར་ལོ་ལྔའི་ལྷ་ཚོགས་སྤྲོས་ནས་འགྲོ་བའི་དོན་བྱས། སླར་སྡུད་པའི་ཚེ་དབུས་ཀྱི་ཡི་གེ་ལ་སྡུད་པའི་ཚུལ་གྱིས་ཟློ་བ་ནི་དམ་ཚིག་ གི་བཟླས་པའོ། །སེམས་མ་ཡེངས་པ་ལ་འབད་ནས་བཟླས་པའི་སྐྱོན་ཧ་ཅང་མྱུར་བུལ་དང༌། ཧ་ཅང་སྒྲ་ཆེ་བ་དང༌། རིང་ཐུང་གི་ཚད་ལས་ཉམས་པ་དང༌། དེ་གཉིས་བཟློག་ནས་འདོན་པ་སོགས་དང་བྲལ་བར་བྱ་ཤིང་མཐེ་བོང་ལྕགས་ཀྱུར་བྱས་ལ་ལྷ་རྣམས་ 10-2-20a འགུགས་པའི་ཚུལ་གྱིས་བཟླའོ། །དེ་ཡང་ཐུན་གྱི་ངོ་བོ་ལ་མ་ཡེངས་པར་བཟླས་པ་རྣམས་གྲངས་སུ་གཞུག་གི་ཐུན་བར་དུ་བཟླས་པ་དང་སེམས་གཡེངས་ནས་བཟླས་པ་སོགས་ནི་གྲངས་ལ་མི་ཕན་ཡང་བཟླས་པར་ནི་བཤད་དོ། ། གཞན་ལ་དབང་བསྐུར་བ་དང་རང་ཉིད་བདག་འཇུག་བྱེད་པ་དང་རབ་གནས་སོགས་ལ་དབང་བ་ལ་སྔོན་དུ་བསྙེན་པ་གལ་ཆེ་ལ། དེ་ལ་གཉིས་ལས་རྒྱས་པ་ནི་གཙོ་བོ་ཡབ་ཡུམ་ལ་ཁྲི་ཕྲག་གསུམ་གསུམ། འཁོར་ལོ་གསུམ་གྱི་ལྷ་རེ་རེ་ལ་ཁྲི་ཕྲག་གཉིས་ གཉིས། ལྷ་མོ་གཞན་བཅུ་གཉིས་པོ་རེ་རེ་ལ་སྟོང་ཕྲག་ཕྱེད་དྲུག་རེ་བཟླ་བར་བཤད་དོ། །འབྲིང་དང་བསྡུས་པ་ནི་གཙོ་བོ་ལ་འབུམ། འཁོར་ལ་ཁྲི། རྒྱས་བསྡུས་གཉིས་ཀ་ལ་ཐུན་མོང་དུ་ཡེ་ཤེས་འབེབས་པའི་སྔགས་ཁྲི་ཕྲག་གཅིག་བཟླ་སྟེ། གཙོ་ བོའི་སྔགས་ནི་སྙིང་པོའི་སྔགས་སུ་གསུངས་ཏེ་དེས་གཞན་ཡང་མཚོན་ནོ། །གཉིས་པ་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཤ་དང་ཆང་ལ་སོགས་པ་དང་ལྡན་པ་བཤམས་ལ། ཞལ་བཞི་པའམ་དུམ་སྐྱེས་མའི་སྔགས་ ཀྱིས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་མ་འབར་བས་ མཚན་པ། དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་གསུམ་ལས་བྱུང་བའི་མི་མགོ་རློན་པའི་སྒྱེད་བུ་གསུམ་ལ་གནས་པའི་ཨཱཿདཀར་པོ་ལས་བྱུང་བའི་ཐོད་པ་དུམ་བུ་གཅིག་པ། ཕྱི་དཀར་ལ་ནང་དམར་བ་དེའི་ནང་དུ་གཏོར་མའི་རྫས་རྣམས་ཤར་དུ་ཨོཾ་དཀར་པོ་ལས་ 10-2-20b གསང་བའི་སྨན་དྲི་ཆེན། བྱང་དུ་ཁཾ་ལྗང་ཁུ་ལས་ཤ་ཆེན། ནུབ་ཏུ་ཨཾ་དམར་པོ་ལས་བྱང་སེམས་དཀར་པོ། ལྷོར་ཏྲཾ་སེར་པོ་ལས་རཀྟ། དབུས་སུ་ཧཱུཾ་སྔོན་པོ་ལས་དྲི་ཆུ་རྣམས་ལ་སླར་ཡང་ཡི་གེ་དེ་དག་གིས་མཚན་པ། མེ་ནས་བརྩམས་ཏེ་མཚམས་བཞིར་ གཡས་སྐོར་གྱིས་ལཾ་མཾ་པཾ་ཏཾ་དཀར་སྔོ་དམར་ལྗང་ལས་རིམ་པ་བཞིན་དུ་བ་ལང༌། ཁྱི། གླང་པོ་ཆེ། རྟའི་ཤ་ལ་སླར་ཡང་ཡི་གེ་དེ་དག་གིས་མཚན་པ་བསམ་མོ། །དེ་ནས་རླུང་གཡོས་པ་ལས་མེ་འབར་བའི་དྲོད་ཀྱིས་རྫས་ཡི་གེ་དང་བཅས་པ་རྣམས་ཞུ་ནས་ཉི་མ་ འཆར་ཁའི་མདོག་ལྟར་དམར་སེར་དུ་བལྟའོ། །དེའི་སྟེང་དུ་ཧཱུཾ་དཀར་པོ་ལས་བྱུང་བའི་ཁ་ཊྭཱཾ་ག་དཀར་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རང་བཞིན་ཅན་མགོ་ཐུར་དུ་བལྟས་པ་ཐོད་པར་ལྷུང་སྟེ་ཞུ་བས། བཅུད་དེ་དག་དངུལ་ཆུའི་མདོག་ཅན་བསིལ་བར་གྱུར་བར་བསམ་ མོ། །དེ་ནས་དབྱངས་གསལ་གྱི་ཐོག་མར་ཨོཾ་དང་མཐར་ཧཱུཾ་ཧཱུཾ་ཕཊ་དང་བཅས་པ་བརྗོད་པས། ཡི་གེ་དེ་ཉིད་ཁ་དོག་སྣ་ཚོགས་པ་བདུད་རྩིའི་སྟེང་དུ་གནས་པར་བལྟས་ལ་དེ་རྣམས་ཡོངས་སུ་གྱུར་པ་ལས། ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་སྟེང་ནས་ སྟེང་དུ་གནས་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་ན་བཞུགས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་ཡི་གེ་གསུམ་ལ་ཐིམ། དེ་གསུམ་ཡང་རིམ་གྱིས་ཞུ་བ་ཐོད་པར་ཐིམ་ པར་བསམས་ལ། ཡི་གེ་གསུམ་ལན་གསུམ་བརྗོད་དེ་བྱིན་གྱིས་བརླབ་བོ། །གཏོར་མགྲོན་ནི་སྔར་བཤད་པ་ལྟར་གྱི་འབར་བའི་ཕྱག་རྒྱ་དང་སྔགས་ཀྱིས་དུར་ཁྲོད་ན་གནས་པའི་ཕྱོགས་སྐྱོང་སོགས་འཁོར་དང་བཅས་པ་ཐམས་ཅད་ཡོངས་སུ་ 10-2-21a རྫོགས་པའི་དཀྱིལ་འཁོར་སྤྱན་དྲངས་ཏེ་མདུན་དུ་བཞུག་ལ། མཆོད་ཡོན་སོགས་སྔོན་དུ་འགྲོ་བས་མཆོད་དོ། །དེ་ནས་ལག་པ་གཉིས་རྡོ་རྗེ་ཐལ་མོར་བསམས་ལ་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ལག་མཐིལ་དུ་གཏོར་སྣོད་དངོས་སུ་བཞག་ པའམ་བཞག་པར་མོས་ཏེ་མཆོད་པའི་འཁོར་གསུམ་པོ་རྣམས་བདེ་སྟོང་གི་ངོ་བོར་དབྱེར་མེད་པར་བལྟས་ལ། ལྷ་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་པའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་བཀོད་པའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ ནས་གསོལ་བར་བསམ་ཞིང༌། ཨོཾ་བཛྲ་ཨ་ར་ལི་ཧོཿཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནྱ་ས་མ་ཡ་སྟྭཾ་ཏྲི་ཤྱ་ཧོཿ། ཞེས་པ་ལན་ཅིག་བརྗོད་དེ་གཙོ་བོ་དང༌། ལན་གཉིས་པས་གཙོ་མོ་དང༌། ཤར་ནས་གཡོན་སྐོར་དུ་ལན་གསུམ་པས་མཁའ་འགྲོ་མ་སོགས་ བཞི་དང༌། ཡང་གཏོར་སྣོད་ཤར་ནས་ཕྱོགས་གཡོན་སྐོར་དང༌། མེ་ནས་མཚམས་གཡས་སུ་བསྐོར་ཏེ་རྩ་སྔགས་ལན་ཅིག་བརྗོད་དེ་འཁོར་ལོ་གསུམ་གྱི་ལྷ་རྣམས་དང༌། ཤར་ནས་ཕྱོགས་གཡོན་དུ་བསྐོར་ཏེ་སྔགས་སྔ་མ་ལན་ཅིག་གིས་སྒོ་མ་ བཞི་དང༌། མེ་ནས་མཚམས་གཡས་སུ་བསྐོར་ཏེ་སྔགས་དེ་ལན་ཅིག་གིས་མཚམས་མ་བཞི་ལ་དབུལ་ཞིང་མཆོད་དེ་རྐང་བརྒྱད་སོགས་ཀྱིས་བསྟོད་ལ་འདོད་དོན་ལ་གསོལ་བ་གདབ་བོ། །དེ་ནས་སྔར་སྤྱན་དྲངས་པའི་དུར་ཁྲོད་ན་གནས་པའི་ ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་པའི་རྗེས་ལ། བདེ་མཆོག་གི་ལྷ་ཡབ་ཡུམ་གྱི་སྐུར་བཞེངས་པར་བསམས་ལ་ཕྱོགས་གཡོན་དང་མཚམས་གཡས་སུ་བསྐོར་ཏེ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦྦ་ 10-2-21b ཡཀྵ་རཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨཱ་ད། ཨ་པསྨཱ་ར། བཛྲ་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞ་ཏུ། ས་མ་ཡ་རཀྵནྟུ། མ་མ་སརྦྦ་སིདྡྷི་མྨེ་པྲ་ཡཙྪ་ནྟུ། ཡ་ཐེ་བཾ། ཡ་ཐེཥྚཾ། བྷཱུ་ཛ་ཐ། པི་པཱ་ཐ། ཛི་གྲ་ཐ། མཱ་ཏྲཱི་ཀྲ་མ་ཐ། མ་མ་སརྦྦ་ཀརྟ་ཡ། སད་སུ་ཁཾ་བི་ཤུད་ དྷ་ཡེ། ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ སྭཱཧཱ། ཞེས་ལན་གཉིས་བརྗོད་དེ་ཕྱོགས་དང་མཚམས་ན་གནས་པ་ལ་དབུལ་ལོ། །ཕྱོགས་སྐྱོང་ལ་སོགས་པས་བདུད་རྩི་དེ་གསོལ་བས་ལུས་བདེ་བ་ཆེན་པོས་ཚིམ་པར་བསམ་ཞིང་མཆོད་དེ་རྐང་བརྒྱད་ཀྱིས་ བསྟོད་ལ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་ དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་ བདག་ལ་དགོངས་སུ་གསོལ། །བསྟན་པ་སྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་དང༌། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་ མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། ། 10-2-22a དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་འདི་ཞེས་བྱ་བ་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིང༌། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་ཞི་བ་དང༌། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་ རྣམས་རྒྱས་ཤིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་འདོད་དོན་ལ་གསོལ་བ་གདབ་བོ། །དེ་ནས་ཆོ་ག་ལྷག་ཆད་ཁ་སྐོང་བའི་དོན་དུ་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བས་ཡིག་བརྒྱ་བཟླས་པའི་ འོག་ཏུ། ཨོཾ་ཡོ་ག་ཤུདྡྷཿསརྦྦ་དྷརྨྨཿཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང་སྙིང་ཁར་པད་ཀོར་གྱི་ཕྱག་རྒྱས་མཉེས་པར་བྱས་ལ། ཕྱག་རྒྱ་སྡུད་པ་ན་ལག་པས་འཁྱུད་པའི་ཚུལ་བྱ་ཞིང༌། མཐེ་བོང་དང་སྲིན་ལག་གིས་སེ་གོལ་གཏོག་པ་སྔོན་དུ་འགྲོ་བས། ཨོཾ་བཛྲ་མུཿ ཞེས་བརྗོད་དེ་འཇིག་རྟེན་པ་རྣམས་གཤེགས་སུ་གསོལ་ཞིང༌། དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་གཙོ་བོ་ཡབ་ཡུམ་དང༌། ལུས་དཀྱིལ་གྱི་ལྷ་རྣམས་དང༌། ཁང་པ་བརྩེགས་མ་རྣམས་སྣང་བར་བྱས་ཏེ། འོད་དུ་གྱུར་པའི་སྲུང་འཁོར་དུར་ཁྲོད་དང་བཅས་པ་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་གཙོ་བོ་ཡབ་ཡུམ་ལ་ཐིམ། ལུས་དཀྱིལ་གྱི་སྒོ་མཚམས་མ་བརྒྱད་སྐུ་འཁོར་ལ། དེ་གསུང་འཁོར་ལ། 10-2-22b དེ་ཐུགས་འཁོར་ལ། དེ་ལྷ་མོ་བཞི་དང་ཐོད་པ་ལ། དེ་རྣམས་སྙིང་གའི་ཡབ་ཡུམ་ལ། དེ་གཉིས་གནས་དེར་ཐིམ་པ་དང༌། ལྷ་རྣམས་རང་གནས་སུ་ཐིམ་སྟེ། རྩ་དང་ཁམས་རྣམས་བྱིན་གྱིས་བརླབས་པར་སེམས་པ་གཉིས་ཀ་སྤེལ་མར་བྱའོ། །གཞིའི་ཧེ་རུ་ཀ་ ཡབ་ཡུམ་ཡང་འོད་དུ་ཞུ་ནས་ཐུགས་ཀའི་ཧཱུཾ་ཡིག་ལ་བསྡུས་པའི་ཧཱུཾ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཞལ་གཅིག་ཕྱག་གཉིས་པ་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད་པར་ལྡང་བར་བྱའོ། །སྒྲུབ་ཐབས་ཀྱི་གཞུང་ཆེ་བར་བཟླས་པ་དང༌། གཏོར་ མའི་འོག་ཏུ་རྫོགས་རིམ་སྒོམ་པར་གསུངས་ཤིང༌། ལུས་དཀྱིལ་གཞུང་ཆུང་དུ་ལུས་ཀྱི་ལྷ་རྣམས་རང་གནས་སུ་ཐིམ་པར་བྱས་པའི་འོག་ཏུ་རྫོགས་རིམ་བསྒོམ་ཞིང་། དེ་ནས་གཏོར་མ་བཏང་སྨོན་ལམ་གདབ་པར་གསུངས་པས་གཏོར་མའི་གོང་འོག་གང་དུ་ བྱེད་ཀྱང་ལྷ་རྣམས་བསྡུས་པའི་འོག་ཏུ་བྱེད་པ་དགོས་པའོ། །དེ་ནས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་མེད་པ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་མངོན་བརྗོད་ལས་གསུངས་པའི་དོན་ཡིད་ལ་བྱེད་པ་ ཡིན་ཏེ། རྒྱས་པར་གཞན་དུ་བཤད་པ་ལས་ཤེས་པར་བྱའོ། །དེ་ནས། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་ དང་ལྷན་ཅིག་གར་བྱེད་ཤོག །ཅེས་དང༌། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེ་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། །བདེན་པ་འདི་དག་གིས་ནི་ལྷ་མོ་རྣམས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་དང༌། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། ། 10-2-23a བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་ཤོག །ཅེས་དགེ་རྩ་རྣམས་བསྔོ་བ་དང་སྨོན་ལམ་གདབ་པ་དང༌། ཡིག་བརྒྱ་ཅི་མང་དུ་བརྗོད་དེ་ལྷའི་ང་རྒྱལ་གྱིས་སྤྱོད་ལམ་ལ་འཇུག་པར་ བྱའོ། །གཉིས་པ་ཐུན་སྔ་ཕྱིའི་བར་དང༌། ཐུན་གཞན་ལ་ཇི་ལྟར་བྱ་བ་ལ་གཉིས། ཐུན་སྔ་ཕྱིའི་བར་དུ་ཇི་ལྟར་བྱ་བ་དང༌། ཐུན་གཞན་ལ་ཇི་ལྟར་བྱ་བའོ། །དང་པོ་ནི། སྤྱོད་ལམ་ལ་འཇུག་པའི་ཚེ་རང་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བ་ལ་སྔར་བཞིན་གོ་ཆ་གཉིས་བགོ ། སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་ཉི་གདན་ལ་པཱུ་ཛཱ་སོགས་ཡི་གེ་ཉེར་བཞི་མགོ་བོར་ཐིག་ལེས་བརྒྱན་པ་བཀོད་པའི་གོ་ཆ་ཆེན་པོས་ཀྱང་བསྲུང༌། གཡོན་པའི་མཐེབ་མཛུབ་ཀྱིས་ཤར་ནས་གཡོན་སྐོར་དུ་སེ་གོལ་གཏོག་ཅིང༌། ཞལ་བཞི་པའི་སྔགས་ བརྗོད་པའི་ཚམ་ངམ་སྔགས་ཀྱི་སྲུང་བ་ཡང་བྱ། མཐོང་ཐོས་ལ་སོགས་པའི་སེམས་ཅན་ཐམས་ཅད་འཁོར་ལོ་བདེ་མཆོག་ཏུ་ལྟ་བའི་ཚངས་སྤྱོད་ལ་རྟག་ཏུ་གནས་པ་དང༌། བླ་མ་དང༌སངས་རྒྱས་དང་བྱང་སེམས་ཀྱི་སྐུ་མཐོང་བའི་ཚེ། བདེ་མཆོག་ཏུ་མོས་ ནས་རྐང་བརྒྱད་ཀྱིས་བསྟོད་ཅིང༌། རང་ཉིད་ལ་ཡང་དེས་མཆོད་པར་བྱའོ། །ཁམས་གསུམ་པའི་འཁོར་ལོ་ཐམས་ཅད་བདེ་བའི་མཆོག་ལྷན་སྐྱེས་ཀྱི་བདེ་སྟོང་གི་ངོ་བོར་དབྱེར་མེད་པར་སྡོམ་པ་ལ་གནས་ནས་བདེ་སྟོང་གི་ཏིང་ངེ་འཛིན་རྒྱས་པའི་ཕྱིར་དུ་འདོད་ ཡོན་སྤྱི་དང་བྱེ་བྲག་ལ་སེང་གེ་བཞིན་དུ་མི་འཇིགས་པར་ལོངས་སྤྱད། ཧེ་རུ་ཀའི་ང་རྒྱལ་གྱི་ངང་ནས་ལུས་ཀྱི་བསྒུལ་བསྐྱོད་དང་ངག་གི་སྨྲ་བརྗོད་བཏང་སྙོམས་པ་རྣམས་ཀྱིས་ཀྱང་ཕྱག་རྒྱ་བཅིངས་པ་དང༌། སྔགས་བཟླས་པ་དང་འདྲ་བའི་ཚོགས་སྡུད་ 10-2-23b པར་གསུངས་པས། སྤྱོད་ལམ་ཀུན་ཏུ་དེའི་ང་རྒྱལ་གྱིས་རྒྱུན་ལྡན་དུ་གནས་པར་བྱ། ཁྲུས་བྱེད་ན་ཆུ་དབང་བསྐུར་བའི་སྐབས་ལྟར་བྱའོ། །ཁ་ཟས་ཀྱི་དུས་སུ་ནི་རང་གི་ལུས་དཀྱིལ་སྐད་ཅིག་གིས་གསལ་གདབ། ལག་པ་གཡས་པ་ཧོ་དཀར་པོ་ལས་སྐྱེས་ པའི་འཁོར་ལོ་རྣམ་སྣང་གི་ངོ་བོ་ཧོ་ཡིག་གིས་མཚན་པ་བསམས་པ་ལ་བཟའ་བཏུང་གི་སྣོད་དངོས་སུ་བཞག་པའམ། བཞག་པར་མོས་པ་བྱ། ལག་པ་གཡོན་པ་ལ་ཧ་དམར་པོ་ལས་སྐྱེས་པའི་སྣང་མཐའི་རང་བཞིན་པདྨ་དམར་པོ་འདབ་མ་བརྒྱད་པ་ཧས་ མཚན་པས་ཁ་དགབ། རྫས་ཀྱི་སྟེང་དུ་ཉི་མ་ལ་གནས་པའི་ཧྲཱིཿསྔོན་པོ་མི་བསྐྱོད་པའི་རང་བཞིན་ཅན་བལྟས་ལ། སྔགས་དེ་གསུམ་ལན་གསུམ་མམ་ལྔ་འམ་བདུན་བརྗོད་པས། ཧས་ཁ་དོག་དང༌། ཧོས་དྲི་དང༌། ཧྲཱིཿས་ནུས་པའི་སྐྱོན་རྣམས་བཅོམ་ ཞིང་བདུད་རྩིར་བསྒྱུར་བར་བསམ། ཧྲཱིཿའི་གཡས་སུ་ཨོཾ་དཀར་པོ། གཡོན་དུ་ཨཱཿདམར་པོ། མདུན་དུ་ཧཱུཾ་སྔོན་པོ་གནས་པར་བསམས་ལ། ཡི་གེ་གསུམ་གསུམ་མམ་ལྔ་འམ་བདུན་བརྗོད་པ་རྒྱ་ཆེར་སྤེལ་ཞིང་བྱིན་གྱིས་བརླབ། སྐབས་འདིར་ལག་མཆོད་ བྱེད་པ་དྲིལ་བུ་པའི་དགོངས་པ་ཡིན་པས། དེ་བྱེད་པ་ན་ལག་པ་གཡས་པའི་མཐེབ་སྲིན་གྱིས་ནང་མཆོད་བླངས་ཏེ་ལག་པ་གཡོན་པ་ལ་བསང་གཏོར་བྱ། དེ་ནས་ལག་པ་གཡོན་པའི་སོར་མོ་རྣམས་བསྡུས་པའི་མཐེ་བོང་ལ་ཟླ་གདན། སོར་མོ་གཞན་བཞི་ལ་ ཉི་གདན་རེ། བསྡུས་པའི་སེན་མོ་ལ་ཡང་ཉི་གདན་བསམ་མོ། །མཐེ་བོང་ནས་སེན་མོ་བསྡུས་པའི་བར་དྲུག་ལ་རིམ་པ་བཞིན་དུ་རྡོར་སེམས་ནས་དོན་གྲུབ་ཀྱི་ངོ་བོར་གྱུར་པའི་ཨོཾ་ཧ་དཀར་པོ་ལ་སོགས་པའི་ཡི་གེ་དགོད། ལག་པ་གཡོན་པའི་མཐིལ་དུ་ཡང་ 10-2-24a སྐད་ཅིག་གིས་པདྨ་དམར་པོ་འདབ་མ་ལྔ་པ་གཅིག་བསམ་མོ། །དེའི་ཤར་གྱི་འདབ་མ་ནས་བཟུང་སྟེ། གཡོན་སྐོར་གྱིས་གོ་རིམ་བཞིན་དུ། ཧཾ་ཡོཾ་སྔོན་མོ་ལས་ཕཊ་ཕཊ་དུད་ཁའི་བར་ལྔ་དགོད། པད་མའི་ལྟེ་བར་ཨོཾ་བཾ་དམར་པོ་དགོད། དེ་ རྣམས་ལྷ་བཅུ་གཉིས་པོའི་ངོ་བོར་མོས་པ་ཙམ་མམ། ཡང་ན་ལྷ་སོ་སོར་སྐྱེད་པ་སྔར་བཤད་པ་བཞིན་བྱ། ལག་པའི་རྒྱབ་ཀྱི་བོལ་གོང་དུ་ཡང་གོ་ཆའི་སྔགས་བཅུ་གཉིས་སམ། ལྷ་བཅུ་གཉིས་ཀྱི་གཟུགས་བརྙན་ཤར་བར་བསམ་པའམ། ཡང་ན་ འཁོར་ལོ་གསུམ་གྱི་ལྷ་ཚོགས་གསལ་བར་བལྟའོ། །དེ་ནས་ལག་པ་གཡོན་པའི་ས་ཆུ་མེ་རླུང་ནམ་མཁའི་ཁམས་རྣམས་རིམ་པ་བཞིན་དུ་ལྟུང་བྱེད་མ་དང༌། གསོད་བྱེད་མ་དང༌། འགུགས་བྱེད་མ་དང༌། གར་གྱི་དབང་ཕྱུག་མ་དང༌། པདྨའི་དྲ་བ་ཅན་གྱི་ངོ་བོར་ མོས་པ་བྱས་ལ། ཡི་གེ་རྣམས་བརྗོད་ཅིང་ནང་མཆོད་གྱིས་གནས་དེ་དག་གི་ཕྱི་ནང་དུ་བྱུགས་པས། ལག་པ་དེ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་ལྷའི་ངོ་བོར་མོས་པ་བྱས་ནས། ཐུག་པ་དང་ཞོ་ལ་ སོགས་པ་ཁུ་བའི་རྫས་དང་ཤ་དང་ཟན་ལ་སོགས་པ་གོང་བུའི་རྫས་དང་ནང་མཆོད་ཀྱིས་མཆོད་དེ། དེ་ཡང་ཡི་གེ་གསུམ་དང༌། རྐང་བརྒྱད་ཀྱི་སྔགས་བརྗོད་ནས་དབུལ་ཞིང་མཆོད་པ་གཞན་གྱིས་མཆོད་ལ། ཆད་ལྷག་བསྐང་བའི་དོན་དུ་ཡི་གེ་ང་རྒྱ་བ་ བརྗོད་དེ། སྐབས་གང་ཡིན་གྱི་འདོད་དོན་ལ་གསོལ་བ་གདབ་བོ། །དེ་ནས་ལག་པ་ལ་འགོས་པའི་རྫས་རྣམས་བསྡུས་པ་ལག་པ་གཡོན་པའི་སྲིན་ལག་གིས་བཟུང་སྟེ་སྙིང་ཁ་དང་ལྕེ་དང་མགོ་བོར། ཧཱུཾ་ཨཱཿཨོཾ་བརྗོད་པ་སྔོན་དུ་འགྲོ་བས་བྱུགས་པས་ 10-2-24b ལག་པའི་ལྷ་རྣམས་རང་ལ་ཐིམ་པར་བསམ་མོ། །ལག་པ་མཆོད་པའི་རྫས་རྣམས་ནི་རང་གི་ཁ་ཟས་ལ་བསྲེ་བའམ། ཡང་ན་སྣོད་ཅིག་གི་ནང་དུ་གཞག་གོ། ཕུད་ཀྱིས་བླ་མ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་མཆོད་ནས། ཆོས་ཐམས་ཅད་རང་བཞིན་གྱིས་ གྲུབ་པས་སྟོང་བར་མཉམ་པ་ཉིད་དོ་སྙམ་དུ་མོས་པའི་ང་རྒྱལ་སྔོན་དུ་འགྲོ་བས། ཨོཾ་ས་མ་ཡ་ཤུདྔྷོཿསརྦྦ་དྷརྨཿས་མ་ཡ་ཤུདྡྷོ྅ཧཾ། ཞེས་བརྗོད་དེ་ལྕེ་རྡོ་རྗེར་བསྐྱེད་པའམ། ལྕེ་ལ་རྡོ་རྗེ་བསྐྱེད་དེ་ལོངས་སྤྱད་ནས་སྙིང་ཁའི་བདེ་ཆེན་གྱི་འཁོར་ལོའི་ལྷ་ རྣམས་ལ་ཕུལ་བས་ལྷ་རྣམས་ཚིམ་པར་བསམ་མོ། །གཉིས་པ་ནི། དེ་ལྟར་ཐུན་དང་པོ་ལ་ཇི་ལྟར་བྱ་བ་བཤད་ནས་ཉིན་གུང་དང་ཕྱི་དྲོའི་ཐུན་ལ་ནི། བསམ་གཏན་གྱི་ཁང་པར་ཞུགས་ཏེ་སྟན་བདེ་བ་ལ་འཁོད་ནས། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་བརྟན་ གཡོ་ཐམས་ཅད་སྦྱངས་ཏེ། འོད་དུ་གྱུར་པ་རང་ལ་བསྡུ་ཞིང་རང་ཡང་སྟོད་སྨད་ནས་ཐུགས་ཀའི་ཧཱུཾ་ལ་བསྡུས་པའི་ཧཱུཾ་ཡོངས་སུ་གྱུར་པ་ལས། རྟེན་གྱི་འཁོར་ལོ་དང་བརྟེན་པའི་ཧེ་རུ་ཀ་ཡབ་ཡུམ་གསལ་བར་དམིགས་ཏེ། རྟེན་དང་བརྟེན་པའི་ལུས་དཀྱིལ་ སྔར་བཞིན་བསྒོམ། ཡབ་ཡུམ་སྙོམས་པར་ཞུགས་པ་ནས། བསྔོ་བ་དང་ཡིག་བརྒྱའི་བར་དང༌། ཐུན་བར་དུ་བྱ་བ་རྣམས་སྔར་བཞིན་བྱའོ། །དག་པ་གསུམ་ནས་སྦྱོར་བ་ཚོགས་བསག་གི་བར་རྣམས་ཐུན་གཞན་གསུམ་ལ་བྱ་བར་མ་བཤད་ཀྱང༌། གང་ཟག་ མཆོག་ལ་དགོངས་པ་ཡིན་པས་བྲེལ་བ་སོགས་ཀྱི་དབང་གིས་མ་གཏོགས་པ། བསྐྱེད་རིམ་ལ་སེམས་ཅུང་ཟད་ལས་རུང་གི་ཏིང་འཛིན་མ་ཐོབ་བར་དུ་མ་ཆག་པ་རེ་དང༌། སྟོང་པའི་ངང་ལས་ནཱ་ད་འཇོག་པ་ནས་མངོན་བྱང་སྒོམ་པའི་བར་བྱས་ན་ལེགས་སོ། ། 10-2-25a ཐུན་ཐ་མ་མཚན་མོའི་ཐུན་ལ་ནི་ཐུན་དང་པོ་བཞིན་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། སྡུད་དང་སྲུང་པའི་ཚེ་གཞིའི་ཧེ་རུ་ཀ་ཡབ་ཡུམ་ཡང་འོད་དུ་ཞུ་བའི་བར་སྔར་བཞིན་བྱ་ཞིང༌། ཡབ་ཡུམ་ཡང་ཐུགས་ཀའི་ཉི་གདན་ལ་ཐིམ། ཉི་གདན་ ཡང་སྟེང་གི་ཧཱུཾ་ཡིག་ལ་ཐིམ། ཧཱུཾ་གི་ཨུ་ཧའི་ལུས་ལ་དང༌། ལུས་དེ་དེའི་མགོ་བོ་ལ་དང༌། མགོ་བོ་ཟླ་ཕྱེད་ལ་དང༌། ཟླ་ཕྱེད་ཐིག་ལེ་ལ་དང༌། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་པར་བྱས་པའི་འོག་ཏུ་སེམས་གཡོ་མེད་དུ་བཟུང་ན་གཉིད་ཀྱི་འོད་གསལ་ འཛིན་པ་སྟོབས་ཆེའོ། །ཐོ་རངས་ཀྱི་དུས་སུ་རྡོ་རྗེ་རྣལ་འབྱོར་མའི་གླུས་བསྐུལ་བས་སད་པར་མོས་པ་བྱས་ལ། ཆོ་ག་ཐམས་ཅད་ཉི་མ་སྔ་མ་བཞིན་བྱའོ། །གཉིས་པ་དེ་ལྟར་བསྒོམས་པའི་ཕན་ཡོན་ནི། དེ་ལྟར་ཐུན་བཞིར་ཕྱི་ནང་གི་བསྐྱེད་རིམ་བསྒོམས་ པས་རྫོགས་རིམ་གྱི་རྟོགས་པ་ཡོངས་རྫོགས་སྐྱེ་བའི་རྒྱུད་སྨིན་ཞིང༌། རྫོགས་རིམ་ཡང་མཚན་ཉིད་ཚང་བར་སྐྱེས་ཏེ། ཚེ་འདིར་དེ་བཞིན་གཤེགས་པའི་ས་འཐོབ་པ་དང༌། ཚེ་འདིར་དེ་མ་ཐོབ་ཀྱང་སྐྱེ་བ་བརྒྱུད་ནས་འཐོབ་སྟེ། དེ་ཡང་ཐེག་པ་ མཆོག་གི་རིགས་སུ་སྐྱེ་བ་དང་ཆོས་འདི་སྤྱོད་པའི་ཆོས་ལྡན་གྱི་རྒྱལ་པོར་འགྱུར་བ་དང༌། ལས་ཀྱི་སྒྲིབ་པའི་སྡིག་ཀུན་འདག་པ་དང་། ལམ་འདི་ལ་བསམ་གཏན་བྱས་པ་ཙམ་དང༌། གླེགས་བམ་ཀློག་པ་དང༌། ཁ་ཏོན་དུ་འདོན་པ་དང༌། རྒྱུད་ཀྱི་ གླེགས་བམ་བྲིས་པས་ཀྱང་མཐོ་རིས་ཀྱི་དཔལ་སྤྱི་དང་ཁྱད་པར་བ་འཁོར་སྒྱུར་ཐོབ་པར་གསུངས་སོ། །གལ་ཏེ་གཡེང་བས་མ་གྲུབ་ན་ལམ་འདིའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའི་ 10-2-25b ཚེ་ནི། དཔལ་ཧེ་རུ་ཀ་དང་རྗེ་བཙུན་མ་ཕག་མོ་ལ་སོགས་པའི་དཔའ་བོ་དང་རྣལ་འབྱོར་མ་ལག་ན་མེ་ཏོག་དང་བདུག་སྤོས་དང༌། རྒྱལ་མཚན་དང༌། སིལ་སྙན་སྣ་ཚོགས་པ་ཐོགས་པས་ཡིད་དུ་འོང་བའི་གླུའི་མཆོད་པ་སྣ་ཚོགས་པས་བསུས་ནས་ ཕྱིའི་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་ཅིང༌། ནང་གི་མཁའ་སྤྱོད་འཆི་བའི་འོད་གསལ་དུ་འཇུག་པར་བྱེད་དོ། །ཕན་ཡོན་དེ་རྣམས་མངོན་དུ་བྱེད་ནུས་པའི་ལམ་ལ་སྒྲུབ་པ་བྱེད་པའི་རྣལ་འབྱོར་པ་དང༌། རྣལ་འབྱོར་མ་ནི་ས་སྟེང་ན་ཤིན་ཏུ་དཀོན་པར་གསུངས་ པས་འདི་འདྲ་བའི་རྙེད་དཀའ་བའི་ལམ་ལ་ཉམས་ལེན་བྱས་ཡོད་པའི་དུས་སུ་ནི་ཤིན་ཏུ་རྙེད་དཀའ་བར་ཤེས་པར་གྱིས་ལ། ལམ་འདི་ལ་ཐོས་བསམ་སྒོམ་པ་ལ་འབད་པར་བྱོས་ཤིག། །རྫོགས་རིམ་ཟབ་མོའི་ལྷན་སྐྱེས་འཆར་བ་ལ། ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་དགོས། །དེ་ལ་རྩ་དང་བྱང་ཆུབ་སེམས་ཀྱི་ཁམས། །དཔའ་པོ་དཔའ་མོས་བྱིན་གྱིས་བརླབས་པ་དགོས། །དེ་ཕྱིར་རྩ་དང་ཁམས་རྣམས་བྱིན་རློབ་པའི། །འདི་འདྲའི་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་བསྔགས། །དེ་ལྟར་མཐོང་ནས་ རྒྱ་མཚོ་ལྟ་བུ་ཡི། །བདེ་མཆོག་སྐོར་ལ་རིང་དུ་འདྲིས་བྱས་ནས། །དམ་པ་མང་པོས་རིང་ནས་བསྐུལ་བ་དང༌། །མི་ཉམས་ཕྱིར་དུ་ཚུལ་འདི་འབད་དེ་ཡིས། །ལམ་མཆོག་བསྐྲུན་པའི་རབ་དཀར་བསོད་ནམས་ཚོགས། །ལམ་འདི་མི་ནུབ་རྒྱས་པའི་ཕྱིར་བསྔོའ། ། ཤིན་ཏུ་དཔག་པར་དཀའ་བའི་གནས་རྣམས་ལ། །ནོངས་པར་གང་གྱུར་ཧེ་རུ་ཀ་ལ་བཤགས། །སྐྱེ་དང་སྐྱེ་བར་བཅོམ་ལྡན་ཡབ་ཡུམ་གྱིས། །དགྱེས་བཞིན་བརྩེ་བས་རྗེས་སུ་འཛིན་པར་ཤོག །ཅེས་རྣལ་འབྱོར་གྱི་དབང་ཕྱུག་དྲིལ་བུ་ཞབས་ཀྱི་ལུགས་ 10-2-26a ཀྱི་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་ལུས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་དགོངས་པ་རབ་གསལ་ཞེས་བྱ་བ་འདི་ནི། སྤྱིར་བདེ་མཆོག་གི་གཞུང་ཆེ་ཆུང་དུ་མ་དང༌། ཁྱད་པར་དུ་གྲུབ་ཆེན་གྱི་གཞུང་ཆེ་ཆུང་ཀུན་ལའང་ འདྲིས་པར་བྱས་ནས། ལུས་དཀྱིལ་གྱི་གནད་རྫོགས་པའི་ཉམས་ལེན་ལ་འདུན་པ་ཆེ་བའི་བཤེས་གཉེན་མང་པོས་བསྐུལ་བའི་དོན་དུ། ཕྱི་ནང་ལུས་ཀྱི་དཀྱིལ་འཁོར་གཉིས་ཀ་དང༌། ལུས་དཀྱིལ་རྐྱང་པ་སྒོམ་པར་གསུངས་པ་རྣམས་ཀྱི་འདོར་ ལེན་གསལ་བར་དཔལ་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་པ་རིན་ཆེན་དཔལ་ལོ། ། འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག །། 10-2-26b empty page 10-3-1a ༄༅། །རྣལ་འབྱོར་དབང་ཕྱུག་དྲིལ་བུ་ལུགས་བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་རིན་པོ་ཆེའི་བང་མཛོད་བཞུགས་སོ།། 10-3-1b དཔལ་འཁོར་ལོ་བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རིན་པོ་ཆེའི་བང་མཛོད་ཅེས་བྱ་བ། རྗེ་བཙུན་བླ་མ་དམ་པ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་ཞབས་ལ་གུས་པས་ཕྱག་འཚལ་ ལོ། །ཇི་སྙེད་ཤེས་བྱའི་འཁོར་ལོ་མ་ལུས་པ། །ལྷན་སྐྱེས་བདེ་བ་ཆེན་པོའི་གནས་སྡོམ་པ། །ཧེ་རུ་ཀ་དཔལ་ཡབ་ཡུམ་བླ་མ་ཡི། །ཞབས་ཀྱི་པདྨར་གུས་པས་ཕྱག་བྱས་ནས། །ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ། །དབང་ བསྐུར་ཆོ་གའི་རིམ་པ་མཆོག །གྲུབ་ཆེན་དྲིལ་བུའི་ཞབས་ཀྱི་གཞུང༌། །རྟོགས་པར་དཀའ་བ་གསལ་བར་བྱ། །འདིར་འཁོར་ལོ་བདེ་མཆོག་གི་ཕྱི་དང་ནང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་ཅིང༌། དམ་ཚིག་ དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ། བསྒོམ་པ་དང་བཟླས་པ་རྫོགས་པའི་སྒོ་ནས་ལྷ་མཉེས་པར་བྱས་པའི་སློབ་དཔོན་གྱིས། སློབ་མ་བདེ་མཆོག་གི་ཕྱིའི་དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་བ་སྔོན་དུ་སོང་ཞིང༌། དམ་ཚིག་དང་སྡོམ་ པ་ལེགས་པར་འཛིན་པ། ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་མཆོག་ཏུ་གུས་པ་ལ་དབང་བསྐུར་བའི་དཀྱིལ་འཁོར་གྱི་དབྱེ་བ་དང༌དབང་གི་དབྱེ་བ་ནི། དྲིལ་བུ་ཞབས་ཀྱིས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། ། རྡོ་རྗེ་འཆང་གིས་བཤད་པ་སྟེ། །འོན་ཀྱང་དཀྱིལ་འཁོར་དེ་རང་བཞིན། །ཅི་ཡིན་དེ་ནི་འདི་ལྟར་བཤད། །རི་མོར་གནས་པའི་ལས་དང་ནི། །ཐིག་ལས་ཚོན་དགྱེའི་རིམ་པ་བསྟན། །འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་ 10-3-2a པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་གཉིས་ཀྱི་ངོ་བོ་གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །འཁོར་ལོ་གསུམ་གྱི་དཀྱིལ་ འཁོར་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ། །དེ་ཡི་དབང་བསྐུར་ལ་སོགས་རིམ། །ཅི་ནས་མ་གྲུབ་ཡང་གྲུབ་བྱེད། །དེ་ཡི་རང་བཞིན་མི་ཤེས་རྣམས། །སྣོད་དུ་བྱ་བར་བཞེད་པ་སྟེ། །དབང་བསྐུར་སོགས་རིམ་ཀུན་རྫོབ་ཏུ། ། མངོན་སུམ་དུ་ནི་སྒྲུབ་པའོ། །སློབ་དཔོན་ལ་སོགས་དབྱེ་བ་ཡིས། །དབང་བསྐུར་རྣམ་པ་བཞིར་བཤད་དེ། །ཆུ་ཡི་དབང་སོགས་དབྱེ་བ་ཡིས། །བཞི་པོ་དེ་ནི་བཅུ་བཞིའོ། །ཞེས་གསུངས་པ་ལྟར་ཤེས་དགོས་སོ། །དབང་བསྐུར་ བ་ལ་དཀྱིལ་འཁོར་སྔོན་དུ་འགྲོ་དགོས་པ་ནི། སྔོན་དུ་དཀྱིལ་འཁོར་དུ་གཞུག་པའི་སྐོར་མ་བྱས་པར་དབང་བསྐུར་དུ་མི་རུང་བའི་དོན་ཡིན་ལ། དེ་ཡང་ཕྱི་དང་ནང་གི་དཀྱིལ་འཁོར་གསུམ་ག་ལ་འདྲ་ལ། དེ་རྡོ་རྗེ་འཆང་གིས་ གསུངས་ཚུལ་ནི། བདེ་མཆོག་རྩ་རྒྱུད་ལས། སྔགས་པས་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་རྡེག་དང༌། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་སྔོན་དུ་དཀྱིལ་ འཁོར་དུ་བཅུག་སྟེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་མ་མཐོང་བར་ལམ་སྒོམ་པའི་རྣལ་འབྱོར་པ་ཁྱད་པར་ཅན་འདོད་པ་ནི་དཔེ་གཉིས་དང་འདྲ་བར་འདོད་དོན་མི་འགྲུབ་པར་གསུངས་ཤིང༌། མཉམ་སྦྱོར་བརྟག་པ་བདུན་ 10-3-2b པ་ལས་ཀྱང༌། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་ནན་ཏན་དུ་གསུངས་ཤིང༌། རྒྱུད་གཞན་ལས་ཀྱང་ཤིན་ཏུ་མང་བར་གསུངས་པས། ལུགས་ འདི་ལ་དཀྱིལ་འཁོར་དུ་གཞུག་པའི་སྐོར་གཞན་རྣམས་འདོར་བ་དང༌། ལུགས་གཞན་ལའང་དེ་དག་དང་དབང་མང་པོ་ཞིག་དོར་ནས་རྫོགས་རིམ་གྱི་དབང་ནས་ཐོག་མར་བྱེད་པ་ནི་ཉེས་པ་ཆེན་པོ་བསྐྱེད་པའི་ནོར་བ་ཆེན་པོའོ། །དེ་ལྟར་གསུངས་པ་འོན་ཀྱང་གང་དུ་ གཞུག་པའི་དཀྱིལ་འཁོར་ཅི་ཙམ་ཞིག་ཡོད་པ་མི་གསལ་བ་འདིར་གསལ་བར་བཤད་ན་དཀྱིལ་འཁོར་གསུམ་ཡོད་དེ། རི་མོར་གནས་པའི་ལས་ཀྱི་དཀྱིལ་འཁོར་བསྟན་པ་བྲིས་སྐུའི་དཀྱིལ་འཁོར་དང༌། ཐིག་གདབ་པ་ལས་ཚོན་དབྱེ་བའི་རིམ་པ་བསྟན་པའི་ རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། འགྲོ་བ་འདི་དག་ཉིད་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་རོ། །བཅོས་མ་དང་རང་བཞིན་གྱིས་གྲུབ་པ་ནི་རིམ་པ་གཉིས་ལ་ཐ་སྙད་དེ་གཉིས་ཀྱིས་བསྟན་པ་ནི་འདིར་བསྐྱེད་རིམ་པ་ཉིད་ཀྱི་སྐབས་ཡིན་ པའི་ཕྱིར་དང༌། ལུས་དཀྱིལ་ལ་ལྷ་རེ་གཉིས་སྒོམ་པ་ཡང་བསྐྱེད་རིམ་ཉིད་ཡིན་པའི་ཕྱིར་ན་མ་བཅོས་པའམ་རང་བཞིན་གྱིས་གྲུབ་པ་ནི་རྫོགས་རིམ་མིན་ནོ། །དེའི་ཕྱིར་བདེ་མཆོག་གི་དཀྱིལ་འཁོར་གང་ལས་སྒྲུབ་པའི་སྒྲུབ་གཞི་རི་མོ་མཁན་ལ་སོགས་པས་ གསར་དུ་བཅོས་པ་དང༌། དེ་དག་གིས་གསར་དུ་བསྒྲུབས་པ་མིན་པར་ལུས་རྫོགས་པ་ནས་རང་ཆས་སུ་གྲུབ་པ་ལ་བྱའོ། །དེའི་ཕྱིར་སྒྲུབ་གཞི་ཉིད་ལྷར་བསྐྱེད་པའི་གཉིས་སུ་མེད་པའམ་རྟེན་སྔོན་དུ་རྫོགས་ནས་བརྟེན་པའི་མཚན་མ་ཕྱིས་རྫོགས་པའི་ཆ་ 10-3-3a གཉིས་མེད་པར་རྟེན་རྫོགས་པ་དང་བརྟེན་པ་རྫོགས་ནས་འོང་བ་ཡིན་ནོ། །དེ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ཤིན་ཏུ་གསལ་ཡང་དེ་ལས་རས་བྲིས་ཅུང་མི་གསལ་ལ། དེ་ལས་ཀྱང་ལུས་དཀྱིལ་དུ་དབང་བསྐུར་བའི་དཀྱིལ་འཁོར་རྒྱུད་ ན་མི་གསལ་བས་འོན་ཀྱང་ཞེས་གསུངས་སོ། །བཅོས་མ་ཞེས་པ་རྐང་པ་གསུམ་གྱི་དོན་ནི་རས་བྲིས་དང་རྡུལ་ཚོན་གྱི་དཀྱིལ་འཁོར་གཉིས་སུ་དབང་བསྐུར་བ་གདུལ་བྱ་དབང་པོ་རྟུལ་འབྲིང་དང༌། ལུས་དཀྱིལ་དུ་དབང་བསྐུར་བ་གདུལ་བྱ་མཁས་པ་སྟེ་ དབང་པོ་རབ་ལ་བྱེད་ཅེས་པའི་དོན་མིན་ཏེ། དང་པོར་འཇུག་པའི་གང་ཟག་རབ་ལ་ཡང་རྡུལ་ཚོན་དུ་དབང་བསྐུར་བ་དུ་མ་ཞིག་གསུངས་པའི་ཕྱིར་དང༌། རས་བྲིས་ལ་ཡང་དེ་ལྟར་ཡིན་པའི་ཕྱིར་རོ། །དེས་ན་མཁས་པའི་བསྒྲུབ་བྱ་སྟེ་ལུས་ལ་གནད་དུ་བསྣུན་ པའི་དཀྱིལ་འཁོར་ནི་བཅོས་མ་གཉིས་ལ་མི་བྱའི་ལུས་དཀྱིལ་ལ་བྱ་དགོས་ཏེ། སྔ་མ་ལ་གནད་དུ་བསྣུན་པས་གྲོལ་བར་མི་འགྱུར་གྱི། ཕྱི་མ་ལ་གནད་དུ་བསྣུན་པ་ལས་ཡང་དག་པའི་དོན་མཐོང་ནས་གྲོལ་བར་འགྱུར་བའི་ཕྱིར་རོ་ཞེས་པའི་དོན་ནོ། ། དེས་ན་ཕྱི་དཀྱིལ་རྐྱང་པར་དབང་བསྐུར་བ་ལས་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་མཆོག་ཏུ་འགྱུར་རོ། །འཁོར་ལོ་གསུམ་གྱི་ཞེས་པའི་རྐང་པ་གཉིས་ཀྱིས་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་སྒྲུབ་པའི་གཞི་རང་ཆས་ སུ་གྲུབ་པ་ལས་རྟེན་གྱི་དཀྱིལ་འཁོར་དང་བརྟེན་པའི་ལྷ་རྣམས་གྲུབ་པ་སྟེ་བསྒྲུབ་པར་བྱའོ་ཞེས་ལུས་ཀྱི་དཀྱིལ་འཁོར་སྒྲུབ་པ་བསྟན་ཏེ། དབང་གི་སྔོན་དུ་དཀྱིལ་འཁོར་འགྲོ་བར་སྔར་བཤད་པ་སྟོན་པའོ། །དེ་ལ་དབང་བསྐུར་ཞེས་པའི་རྐང་པ་བཞིའི་ 10-3-3b དང་པོ་གཉིས་ཀྱིས་ནི་ལུས་དཀྱིལ་དེའི་དབང་བསྐུར་དང༌། སོགས་ཀྱིས་དཀྱིལ་འཁོར་དུ་གཞུག་པའི་རིམ་པ་སྔར་མ་གྲུབ་པ་སྟེ་མ་ཐོབ་པ་ནི་ཅི་ནས་ཡང་སྟེ་ཀྱང་གྲུབ་པ་སྟེ་གདུལ་བྱ་ལ་སྒྲུབ་པར་བྱེད་པ་སྟོན་ནོ། །ཅི་ནས་ཀྱང་ལུས་དཀྱིལ་གྱི་དབང་བསྐུར་བ་ སྒྲུབ་པ་དེ་དགོས་པ་གང་གི་ཕྱིར་ཡིན་སྙམ་ན། ལུས་དཀྱིལ་གྱི་རང་བཞིན་ཏེ་གནས་ཚུལ་མི་ཤེས་པ་རྣམས་ལུས་དཀྱིལ་སྒོམ་པའི་སྣོད་རུང་ཁྱད་པར་ཅན་དུ་བྱ་བར་བཞེད་ནས་ཡིན་ཞེས་པ་ནི་དེའི་རང་བཞིན་ཞེས་པའི་རྐང་པ་གཉིས་ཀྱིས་སྟོན་ནོ། ། ལུས་དཀྱིལ་དེ་སྒྲུབ་པ་དང་མཆོད་པ་སོགས་དང༌། གཞུག་པ་དང་དབང་བསྐུར་བའི་ཆོ་ག་མངོན་སུམ་དུ་སྒྲུབ་པའི་རིམ་པ་ནི་ཀུན་རྫོབ་ཏུ་སྟེ་རང་བཞིན་མེད་བཞིན་དུ་སྣང་བའི་སྒྱུ་མ་ལྟ་བུའི་དོན་དུ་རྟོགས་ནས་བསྒྲུབ་པར་བྱ་བར་དབང་བསྐུར་སོགས་རིམ་པ་ཀུན་ རྫོབ་ཏུ་ཞེས་པའི་རྐང་པ་གཉིས་ཀྱིས་སྟོན་ནོ། །འོ་ན་དབང་ཇི་ཙམ་ཞིག་བསྐུར་སྙམ་ན། བསྡུ་ན་རྡོ་རྗེ་སློབ་དཔོན་ནམ་བུམ་པའི་དབང་དང༌། ལ་སོགས་པས་བསྡུས་པ་གསང་བ་དང་ཤེས་རབ་ཡེ་ཤེས་དང༌དབང་བཞི་པ་སྟེ་བཞིར་བཤད་པ་དང༌། ཕྱེ་ན་ཆུ་དབང་ལ་ སོགས་པའི་དབྱེ་བས་བུམ་དབང་བཅུ་གཅིག་དང་དབང་གོང་མ་གསུམ་སྟེ་བཅུ་བཞིའོ། །འདི་ལ་རྒྱུད་རྡོ་རྗེ་ཕྲེང་བ་ལས། དབང་བསྐུར་བ་ཡི་དབྱེ་བ་ནི། །དང་པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པ་ དོན་ནི་དམ་པའོ། །གཙོ་བོའི་དབྱེ་བས་བཅུ་གཅིག་སྟེ། །བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རེའོ། །རྣམ་པ་གསུམ་ནི་རྒྱུ་ཡི་དབང༌། །བཞི་པ་འབྲས་བུར་ཤེས་པར་བྱ། །ཞེས་ 10-3-4a གསུངས་པ་ལྟར་བྱ་དགོས་ཏེ། དྲིལ་བུ་ཞབས་ཀྱི་དབང་ཆོག་ནི་དོན་ཚན་འགའ་ཡར་མ་གཏོགས་པ་རྒྱུད་རྡོར་ཕྲེང་ཇི་བཞིན་དུ་སྣང་བའི་ཕྱིར་རོ། །དེས་ན་དབང་བཅུ་གཅིག་ནི་དབང་ཆོག་ལས་རིག་པའི་དབང་ལྔ་དང༌། སྔགས་ཀྱི་དབང་དང༌། ཕྱིར་མི་ལྡོག་པའི་དབང་དངོས་གཞི་སྟེ་བདུན་གསལ་བར་བཤད་ཅིང༌། དེ་ནས་བཞི་ལ་ལུང་བསྟན་དང་དབུགས་དབྱུང་གཉིས་གཅིག་ཏུ་མཛད་ཅིང༌། རྡོ་རྗེའི་བརྟུལ་ཞུགས་དང༌། སྤྱོད་པའི་བརྟུལ་ཞུགས་དང༌། རྗེས་གནང་གསུམ་སོ་སོར་བཤད་པ་ལྟར་ བྱའི། སྡོམ་འབྱུང་ནས་བརྟུལ་ཞུགས་དང༌། ལུང་བསྟན་དང༌། དབུགས་དབྱུང་དང༌། རྗེས་གནང་བཞི་སོ་སོར་ཕྱེ་ནས་བུམ་དབང་དུ་གསུངས་པ་ལྟར་མི་བྱ་སྟེ། དེའི་ལྟར་ན་རིག་པའི་དབང་ལྔ་དང༌། དེ་ནས་སྔར་བཤད་པ་བཞི་དང༌། ཕྱིར་མི་ལྡོག་པའི་ དབང་ལ་བུམ་དབང་དུ་གསུངས་པ་མ་གཏོགས་པ་སྔགས་དབང་ལ་མ་བཤད་པས་བཅུ་ལས་མེད་པའི་ཕྱིར་རོ། །རྒྱུད་རྡོར་ཕྲེང་ལས་ཀྱང་དབང་བདུན་དབང་ཆོག་དང་འདྲ་ཞིང༌། ལུང་བསྟན་དང་དབུགས་དབྱུང་གཉིས་གཅིག་ཏུ་མཛད་དོ། །དཀྱིལ་འཁོར་དུ་ གཞུག་པའི་སྐོར་ལ་དབང་ཆོག་ལས་དམ་ལ་བཞག་པ་དང༌། ཡེ་ཤེས་འབེབས་པ་དང༌། དཀྱིལ་འཁོར་སྟོན་པ་གསུམ་ལས་མ་གསུངས་པ་བཞིན་དུ་ཁ་སྐོང་མི་བྱེད་པར་དེ་ཙམ་ཞིག་ཁ་ཅིག་གིས་བྱེད་པ་ནི་ནོར་བ་ཆེན་པོ་ཡིན་ཏེ། དེ་ལྟ་ཡིན་ན་རྒྱུད་ རྡོར་ཕྲེང་ལས་ཀྱང་དེ་ལྟར་གསུངས་པས། གསང་འདུས་མི་བསྐྱོད་པའི་དཀྱིལ་འཁོར་དུ་གཞུག་པའི་སྐོར་ལ་ཡང༌། གཞུག་པའི་སྐོར་ལྷག་མ་རྣམས་ཁ་སྐོང་བར་འགྱུར་བ་དང༌། བུམ་པ་སྟ་གོན་ཡང་མ་བཤད་པས་ཆུ་དབང་ཡང་བསྐུར་བ་མི་འཐད་ 10-3-4b པ་སོགས་ཀྱི་གནོད་པ་དུ་མ་ཡོད་པའི་ཕྱིར་རོ། །དེས་ན་རྗེ་བཙུན་ས་སྐྱ་པ་དང་བུ་རངས་པའི་ཕྱག་བཞེས་ལ་དབང་ཆོག་ནས་ཟིན་པ་ཙམ་མིན་པར་ཁ་སྐོང་བ་ལེགས་ཞེས་མཁས་པ་དག་གསུངས་པ་ནི་གྲུབ་ཆེན་གྱི་དགོངས་པ་ཡིན་ཏེ། དེ་ནས་སློབ་མ་བདག་ འདྲར་བསམ། །དེ་ནས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་དང༌། འདི་དག་ཕྱི་རོལ་བསྟན་པ་གང༌། །ཐམས་ཅད་ནང་དུ་གནས་པའོ། །ཞེས་གསུངས་པའི་དབང་ལ་སོགས་པ་ཕྱི་དཀྱིལ་ལ་གསུངས་པ་རྣམས་ནང་ལུས་དཀྱིལ་ལ་བྱེད་པར་གསུངས་པའི་ཕྱིར་རོ། །དེ་ ལྟ་ནའང་ལུས་ལས་ཕྱི་རོལ་ཏུ་ས་ལ་ཐིག་འདེབས་པ་སོགས་ཀྱི་སྒོ་ནས་ཕྱི་དཀྱིལ་དབང་གི་དོན་དུ་སྒྲུབ་པ་མེད་པས་སའི་ཆོ་ག་དང་སའི་ལྷ་མོ་ལྷག་གནས་མི་དགོས་སོ། །ཁ་ཅིག་ལྷ་ལ་སྙན་གསན་འབེབས་པའི་ལྷ་སྟ་གོན་མི་དགོས་ཏེ། ལྷ་གཞན་ནས་ སྤྱན་དྲངས་མི་དགོས་པའི་ཕྱིར་རོ་ཞེས་ཟེར་བ་ནི་ཤིན་ཏུ་མི་རིགས་ཏེ། དེ་ལྟ་ན་ལུས་དཀྱིལ་སྒོམ་པ་ལ་ཡང་ལྷ་གཞན་ནས་སྤྱན་དྲངས་མི་དགོས་པར་འགྱུར་བའི་ཕྱིར་རོ། །དེས་ན་རང་ལུགས་ལ་ལྷ་སྟ་གོན་ནི་ལྷ་ལ་སྙན་གསན་འབེབས་པ་ཙམ་མིན་གྱི། དཀྱིལ་ འཁོར་ཚོན་གྱིས་འདི་བའི་དུས་ཀྱི་ལྷའི་གནས་གང་དུ་འོང་བའི་ཐད་དུ་དཀྱིལ་འཁོར་དེའི་ལྷ་བསྐྱེད་ནས་ལྷ་དེ་རྣམས་ལ་སྙན་གསན་འབེབས་པ་ཡིན་ལ། དེ་ལུས་དཀྱིལ་ལ་མི་དགོས་པའི་རྒྱུ་མཚན་གྱིས་ཡིན་ནོ། །བུམ་པ་སྟ་གོན་གསལ་བར་མ་གསུངས་ བྱང་ཆུ་དབང་གི་སྐབས་སུ་རྣམ་རྒྱལ་སོགས་པའི་བུམ་པ་བླང༌། །པདྨའི་སྣོད་ལ་གནས་པའི་ཆུ། །ཞེས་རྣམ་རྒྱལ་ལ་སོགས་པའི་བུམ་པའི་ཆུ་བླངས་པ་ཐོད་པའི་སྣོད་དུ་གནས་པ་མི་བསྐྱོད་པར་བསྐྱེད་པར་གསུངས་ལ། རྣམ་རྒྱལ་གྱི་སོགས་ཁོངས་ནས་ལས་ 10-3-5a བུམ་འདོན་པ་དོན་མིན་པས། དབང་བསྐུར་བའི་བུམ་པ་གཞན་འདོན་དགོས་ལ། དེ་ལྟ་ན་རྣམ་རྒྱལ་གྱི་ནང་དུ་གཙོ་བོའི་སྐུ་ལ་ལུས་དཀྱིལ་ལྟར་ལྷ་རེ་གཉིས་བཀོད་ནས་བུམ་པ་སྒྲུབ་པ་མིན་ཏེ། དེ་ཡིན་ན་ནི་རྣམ་རྒྱལ་དང་ལས་བུམ་ལས་གཞན་པའི་ བུམ་པར་འཁོར་གྱི་ལྷ་བསྐྱེད་མི་དགོས་པའི་ཕྱིར་སོགས་ཀྱི་སྒྲ་སྨོས་པ་དོན་མེད་པའི་ཕྱིར་རོ། །དེའི་ཕྱིར་བུམ་པ་སྒྲུབ་ཚུལ་ལུས་དཀྱིལ་ལྟར་བྱེད་པ་ལེགས་པ་དང༌། བུམ་པ་རྙེད་ན་དགུ་བྱ་གསུང་བ་ནི་འཐད་པར་མི་སྣང་ངོ༌། །དབང་ཆོག་ལས་སློབ་མ་སྟ་ གོན་མ་བཤད་པ་ལ་ཁ་ཅིག །སློབ་མ་ལ་ལྷ་རང་བཞིན་གྱིས་གྲུབ་པའི་ཕྱིར་དངོས་གྲུབ་འགྲུབ་མི་འགྲུབ་རྟོག་པའི་སོ་ཤིང་འདོར་བ་སོགས་ཀྱི་སློབ་མ་སྟ་གོན་མི་དགོས་ཟེར་བ་ནི་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་ཆེན་པོ་ཡིན་ལ། དེ་ལྟ་ཡིན་ན་དྲི་མ་འཁྲུད་ པའི་དབང་ལ་སོགས་པ་ཡང་མི་དགོས་པར་ཧ་ཅང་ཐལ་བའི་ཕྱིར་རོ། །སློབ་མ་སྟ་གོན་བྱས་ན་ནི་ལེགས་མོད་ཀྱང་། སྔ་མ་རྣམས་ཀྱི་ལུགས་ལ་མི་བྱེད་པ་ནི། སྔར་བདེ་མཆོག་གི་ཕྱི་དཀྱིལ་དུ་དབང་བསྐུར་བའི་ཚེ་སྟ་གོན་བྱས་པ་དང༌། དེ་ཡང་འདྲ་བ་ལ་བསམས་ པ་འདྲའོ། །ཁ་ཅིག །སློབ་མ་སྟ་གོན་གྱི་དོན་དམ་ཚིག་དང་སྡོམ་པ་འཛིན་པ་ལ་བྱེད་པ་ནི་དོན་མིན་ནོ། །བུམ་པ་སྟ་གོན་བྱེད་པ་ལ། བུམ་པའི་གྲངས་ཅི་ཙམ་བྱེད་པ་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས་མང་དུ་གསུངས་པའི་ནང་ནས། འཁོར་ལོ་ལྔ་ལ་བུམ་པ་རེ་རེ་ སྟེ་ལྔ་འམ། ཡང་ན་རྣམ་རྒྱལ་དང་ལས་བུམ་གཉིས་སུ་ཡང་བསྡུས་པས་ཆོག་པས། བུམ་པ་རྩ་བ་དང་ནག་ནོག་མེད་པའི་མཚན་ཉིད་ཚང་བ་དྲི་བཟང་དང་བཅས་པའི་ས་དཀར་གྱིས་བྱུག །བུམ་པ་ལྔ་ཡོད་ན་བདེ་ཆེན་གྱི་འཁོར་ལོའི་བུམ་པ་ལ་རྡོ་རྗེ་ 10-3-5b དང་གྲི་གུག་དང་རིན་པོ་ཆེ་དང༌། ཐུགས་འཁོར་གྱི་ལ་རྡོ་རྗེ་དང༌། གསུང་འཁོར་གྱི་ལ་པདྨ་དང༌། སྐུ་འཁོར་གྱི་ལ་འཁོར་ལོ་དང༌། དམ་ཚིག་གི་འཁོར་ལོའི་བུམ་པ་ལ་རལ་གྲིའི་མཚན་མ་བྲིས་པ་འདོགས་པའམ་ཡང་ན་བུམ་པའི་ལོགས་ལ་བྲི། བུམ་པ་གཅིག་ལས་ མེད་ན་རྣམ་རྒྱལ་ལ་དེ་དག་བྲི་བའམ་གདགས། གཙོ་བོ་ཡབ་ཡུམ་གྱི་རྡོ་རྗེ་དང་གྲི་གུག་གི་མཚན་མ་གཉིས་ཙམ་ཡང་རུང་ངོ༌། །ལས་བུམ་ལ་དུམ་སྐྱེས་མའི་མཚན་མ་གྲི་གུག་བྲི་བའམ་གདགས། དར་རམ་རས་ཟུང་གི་མགུལ་ཆིངས་པྲོག་གསུམ་པ་ཅན་ལ་ཧཱུཾ་ ལན་བདུན་བཟླས་པའི་སྲད་བུ་དཀར་པོ་བདུན་གྱིས། ཨོཾ་བཛྲ་ཤེ་ཀ་ར་རུ་ཊ་མ་ཊ་དི་ཤཾ་བནྡྷ་ཧཱུཾ་ཞེས་བཟླས་ལ་བཅིང་། དེ་ནས་བུམ་པ་ལ་གུ་གུལ་གྱིས་བདུག །ལས་ཐམས་ཅད་པ་བཟླས་པའི་ཡུངས་ཀར་གྱིས་རྡེག་ལ་བགེགས་བསྐྲད། རྟ་གླང་དང་བོང་བུ་སོགས་ ཀྱིས་མ་བགྲོད་པའི་ཆུ་གཙང་མ་སྲོག་ཆགས་མེད་པ་སྣོད་གཞན་ལ་མ་རེག་པར་བླངས་ལ་དྲི་བཟང་དང་བསྲེས་པས་རན་པར་དགང༌། དེ་དག་གི་ནང་དུ་གསེར་ལ་སོགས་པའི་རིན་པོ་ཆེ་ལྔ་དང༌། གྲོ་ལ་སོགས་པའི་འབྲུ་ལྔ་དང༌། ག་བུར་ལ་སོགས་པའི་དྲི་ལྔ་དང༌། བྲི་ཏཱ་ཏཱི་ལ་སོགས་པའི་སྨན་ལྔ་རྣམས་གཞུག །འབྱོར་པ་ཆུང་ན་རྣམ་རྒྱལ་དང་ལས་བུམ་གཉིས་རིན་པོ་ཆེའི་སྙིང་པོ་ཅན་དུ་བྱའོ། །དེ་ཡང་རྣམ་རྒྱལ་ངེས་པར་རིན་པོ་ཆེའི་སྙིང་པོ་ཅན་དུ་བྱ་བར་བཤད་པས་བུམ་པ་ལ་སོགས་པ་ནི་སློབ་མས་སྒྲུབ་པ་ཡིན་ ནོ། །གཙོ་བོ་ཡིན་པ་དང་བྱ་བ་མང་བའི་ཕྱིར་རྣམ་རྒྱལ་གྱི་སྟེང་དུ་ཧཱུཾ་གིས་བསྔགས་པའི་དུང་ཆོས་སམ་ཐོད་པ་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་གི་ཆུས་བཀང་བའི་སྟེང་དུ་རྡོ་རྗེ་མེ་ཏོག་གི་ཕྲེང་བ་དབུས་སུ་བཅིངས་པ་བཞག །བུམ་པ་ལྔ་ཡོད་ན་བདེ་ཆེན་ 10-3-6a འཁོར་ལོའི་བུམ་པ་དབུས་སུ་དང༌། གཞན་བཞི་ཕྱོགས་སུ་ཀུ་ཤའི་གདན་ལ་དགོད་དོ། །དེ་ནས་རང་ཉིད་གཙོ་བོའི་རྣལ་འབྱོར་བསྡུས་པ་བྱས་ལ་སྔོན་འགྲོའི་གཏོར་མ་བཏང༌། མཆོད་པ་བསང་སྦྱང་སོགས་བྱ། ཞལ་བཞི་པའི་སྔགས་སམ་ དུམ་སྐྱེས་མའི་སྔགས་བརྗོད་ཅིང་ནང་མཆོད་གཏོར་བས་བགེགས་དང་མ་དག་པ་བསང༌། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་ཨཱ་ལས་ཟླ་བའི་སྟེང་དུ་བཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ ཅད་དང་ལྡན་པར་སྐྱེད། བུམ་པ་ལྔ་ཡོད་ན་རིམ་པ་བཞིན་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བར་འཇིགས་བྱེད་དུས་མཚན་གྱི་གདན་དང༌། ཐུགས་གསུང་སྐུའི་འཁོར་ལོ་རྩིབས་བརྒྱད་པ་གསུམ་དང༌། ཕྱོགས་དང་མཚམས་སུ་རོ་གདན་བསྐྱེད། བདེ་ཆེན་འཁོར་ལོའི་བུམ་པའི་ནང་གི་དབུས་སུ་ཧཱུཾ་བཾ་དང༌། འདབ་མ་ལ་ལཾ་མཾ་པཾ་ཏཾ་དང༌། འཁོར་ལོ་གསུམ་གྱི་བུམ་པར་རྩིབས་ཀྱི་སྟེང་དུ། ཀཾ་ཁཾ་གཾ་གྷཾ་ངཾ༌། །ཙཾ་ཚཾ་ཛཾ་ཛྷཾ་ཉཾ། ཊཾ་ཐཾ་ཌཾ་ཌྷཾ་ཎཾ། ཏཾ་ཐཾ་དཾ་དྷཾ་ནཾ། པཾ་ཕཾ་བཾ་བྷཾ་དང༌། སྒོ་མཚམས་མའི་བུམ་པའི་ ནང་གི་གདན་གྱི་སྟེང་དུ་ཧཱུཾ་རིང་པོ་དང༌། དེ་རྣམས་ལས་རང་རང་གི་ཕྱག་མཚན་དང༌། དེ་ལས་རང་རང་གི་སྐུ་རྫོགས་པ་དང༌། ནང་གི་གྲྭ་བཞིའི་གནས་སུ་ཐོད་པ་བཞི་བསྐྱེད་དོ། །གཉིས་ལས་མེད་ན་རྣམ་རྒྱལ་གྱི་ནང་དུ་སྒྲུབ་ཐབས་བཞིན་དུ་མངོན་ བྱང་ལྔ་ལས་པདྨ་དང་འཁོར་ལོ་གསུམ་དང་རོའི་གདན་གྱི་རྟེན་དང་བརྟེན་པ་ལྷ་དྲུག་ཅུ་རྩ་གཉིས་དུས་གཅིག་ཏུ་རྫོགས་པར་བསྐྱེད་ལ་རིམ་པ་བཞིན་དུ་གསལ་གདབ་བོ། །ལས་བུམ་དུ་སྣ་ཚོགས་པད་ཉིའི་གདན་ལ་དུམ་སྐྱེས་མ་པཾ་དང་གྲི་གུག་ 10-3-6b ལས་བསྐྱེད། གོ་བགོ། ཡེ་ཤེས་པ་གཞུག །དབང་བསྐུར་རྒྱས་གདབ། མཆོད་བསྟོད་རྣམས་སྒྲུབ་ཐབས་བཞིན་དུ་བྱའོ། །ལས་བུམ་དུ་ཁཎྜ་རོ་ཧི་བསྐྱེད་པར་བོད་ཀྱི་མཁས་པ་དག་བཞེད་དེ་རྒྱ་གར་བའི་གཞུང་མང་པོའི་དགོངས་པ་ཡིན་པས་ལེགས་སོ། །དེ་ནས་ ཧཱུཾ་ཞེས་བརྗོད་ཅིང་རྡོ་རྗེ་ལ་བཏགས་པའི་མེ་ཏོག་གི་ཕྲེང་བ་ནས་གཡོན་པའི་ཁུ་ཚུར་གྱིས་བཟུང༌། གཡས་པས་ཕྲེང་བ་བགྲང་ཞིང་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང༌། ཉེ་སྙིང་དང༌། ལྷ་གཞན་རྣམས་ཀྱི་སྙིང་པོ་བརྒྱ་རྩ་བརྒྱད་རེ་བཟླས། ལས་བུམ་ལ་ཞལ་བཞི་པའི་ སྔགས་དང༌། དུམ་སྐྱེས་མའི་སྔགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་པ་ཅི་མང་དུ་བཟླས་ལ། སྔགས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བུམ་ པའི་ཆུ་ལ་ཐིམ་པར་བསམ། དེ་ནས་དུང་ཆོས་ཀྱི་ཆུ་ལ་དམིགས་ནས། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ། ཞེས་དང༌། ཡི་གེ་གསུམ་བཟླས་ཏེ་བསྔགས་པས་དུང་ཆོས་ཀྱི་ཆུའི་རྡུལ་ཕྲ་རབ་རྣམས་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་ བསམས་ལ། ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་གཙོ་བོའི་སྔགས་དང་ཧཱུཾ་ལན་བདུན་བཟླས་ནས་བུམ་པ་རྣམས་སུ་དུང་ཆོས་ཀྱི་ཆུས་མཆོད་ཡོན་དབུལ། ལས་ ཐམས་ཅད་པ་བཟླས་པའི་མེ་ཏོག་དཀར་པོ་གསུམ་ཡང་གཞུག །དེ་ནས་མེ་ཏོག་སོགས་ཀྱིས་མཆོད་ལ། ལས་བུམ་གྱི་ཆུས་བསངས་ལ་དཀྱིལ་འཁོར་གྱི་བྱ་བ་རྣམས་རྫོགས་པ་དེ་སྲིད་དུ་བགེགས་རྣམས་ཟློག་པར་མཛོད་ཅིག་ཅེས་བརྗོད་དེ་བུམ་པ་སྟ་གོན་ནོ། ། 10-3-7a འདིར་རང་ཉིད་གང་འཇུག་པ་དང་སློབ་མ་གང་དུ་གཞུག་པའི་དཀྱིལ་འཁོར་སྒྲུབ་པ་ནི་ལུས་ཀྱི་དཀྱིལ་འཁོར་དུ་ངེས་མོད་ཀྱང༌། དེའི་སྒྲུབ་ཚུལ་ཅི་འདྲ་ཞིག་ཡིན་སྙམ་ན། འདི་ལ་ཁ་ཅིག་ནི་མདུན་དུ་ཕྱི་དཀྱིལ་ལྟར་ལྷ་རེ་གཉིས་ཀྱི་དཀྱིལ་འཁོར་བསྐྱེད་ ནས་དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་ཐ་མི་དད་དུ་སྒོམ་པར་འདོད། ལ་ལ་ནི་རི་རབ་ཀྱི་སྟེང་བསྲུང་འཁོར་གྱི་ནང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་འཁོར་ལོ་ལྔ་ལྡན་གྱི་ལྟེ་བར་བླ་མ་ཧེ་རུ་ཀ་དང་ཐ་མི་དད་པའི་ལུས་ལ་ལུས་དཀྱིལ་ཚང་བ་སྒོམ་པར་ བཞེད། གཞན་དག་བདག་བསྐྱེད་ཀྱི་ལུས་དཀྱིལ་གྱི་ཧེ་རུ་ཀ་ལས་རང་ཆ་གཉིས་པར་བྱེ་ནས་མཆོད་བསྟོད་ནས་གཏོར་མའི་བར་བྱས་ནས་རང་གི་ལུས་ཀྱི་དཀྱིལ་འཁོར་དུ་འཇུག་པར་བཞེད་པ་ཡོད་ཀྱང༌། རང་གི་བླ་མ་ཕྱིའི་ཧེ་རུ་ཀའི་ལུས་ལ་རྟེན་བརྟེན་པར་ བཅས་པ་ཚང་བར་སྒོམ་པ་ཉིད་དྲིལ་བུ་པའི་གཞུང་གི་དགོངས་པ་ཡིན་པས། རྩ་བའི་བླ་མའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་བསྒོམས་ནས་བདག་ཉིད་སངས་རྒྱས་སུ་བསྐྱེད་ལ་མཆོད་བསྟོད་བྱ་ཞེས་ཟེར་རོ། །དེའི་དང་པོ་ནི་མི་འཐད་དེ་འདིར་ལུས་ཀྱི་དཀྱིལ་ འཁོར་དུ་དབང་བསྐུར་བ་དགོས་ལ་དེ་ལ་ལུས་དཀྱིལ་སྒོམ་པ་མི་སྣང་བའི་ཕྱིར་རོ། །གཉིས་པ་ཡང་མིན་ཏེ། འདིའི་ལུས་དཀྱིལ་སྒྲུབ་པ་ལ་གཞལ་ཡས་ཁང་ལ་འཁོར་ལོ་ལྔ་སྒོམ་པ་མི་དགོས་པའི་ཕྱིར་དང༌། དབང་སྐུར་བྱེད་མཁན་ལ་དབང་བསྐུར་ བའི་བླ་མའི་ལུས་དཀྱིལ་སྒོམ་པ་འགོག་པར་འགྱུར་བའི་ཕྱིར་རོ། །བཞི་པ་ཡང་མི་རིགས་ཏེ། འདིའི་དཀྱིལ་འཁོར་སྒྲུབ་པ་དབང་བྱེད་མཁན་ལ་དབང་བསྐུར་བའི་བླ་མའི་ལུས་ཀྱི་དཀྱིལ་འཁོར་སྒོམ་པ་ཡིན་ན། སློབ་མས་མེ་ཏོག་འདོར་བའི་ཚེ་དབང་བྱེད་ 10-3-7b མཁན་གྱི་སྙིང་གའི་ནང་གི་ཧེ་རུ་ཀ་ལ་འབུལ་བ་མི་རིགས་ཏེ། དབང་གི་དཀྱིལ་འཁོར་གཞན་དུ་བསྒྲུབས་པ་ལས་གཞན་དུ་མེ་ཏོག་འདོར་བ་མི་འཐད་པའི་ཕྱིར་དང༌། དཀྱིལ་འཁོར་སྟོན་པ་ན་དབང་བྱེད་མཁན་གྱི་ལུས་ཀྱི་དཀྱིལ་འཁོར་སྟོན་པ་མི་རིགས་པའི་ཕྱིར་ དང༌། དབང་གི་རྣམ་དག་འཆད་པ་ན་དབང་བྱེད་མཁན་གྱི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་པར་འཆད་པ་འགལ་བའི་ཕྱིར་ཏེ། དབང་གི་དཀྱིལ་འཁོར་གང་དུ་བསྒྲུབས་པ་དེར་བུམ་དབང་ཐོབ་དགོས་པའི་ཕྱིར་དང༌། དཀྱིལ་འཁོར་གང་བསྒྲུབས་པ་དེ་ཉིད་སློབ་ མ་ལ་སྟོན་དགོས་པའི་ཕྱིར་རོ། །དེས་ན་འདིའི་དཀྱིལ་འཁོར་སྒྲུབ་པ་ནི་ལུས་དཀྱིལ་སྒྲུབ་པར་ངེས་ལ། དེ་ལ་ཡང་ལུས་སྤྱི་ཙམ་པ་དང་སློབ་མའི་ལུས་དང་དབང་བྱེད་མཁན་གྱི་བླ་མའི་ལུས་ཀྱི་དཀྱིལ་འཁོར་སྒྲུབ་པ་མིན་གྱི། གཞན་ལ་དབང་བསྐུར་མཁན་དང་རང་ བདག་འཇུག་བྱེད་མཁན་གྱི་ལུས་དཀྱིལ་འཁོར་དུ་སྒྲུབ་པ་དགོངས་པ་ཡིན་ལ། དེ་ཡང་སྒྲུབ་ཐབས་བཞིན་དུ་བདག་བསྐྱེད་ཀྱི་ལུས་དཀྱིལ་སྒོམ་པ་ཉིད་ལུས་ཀྱི་དཀྱིལ་འཁོར་སྒྲུབ་པ་ཡིན་གྱི་ལོགས་པ་མེད་དོ། །དབང་ཆོག་ལས་ཀྱང༌། དང་པོར་རེ་ཞིག་འཁོར་ལོ་ གསུམ། །བདག་ཉིད་རྡོ་རྗེ་སློབ་དཔོན་དང༌། །དེ་ནས་སློབ་མ་བདག་འདྲར་བསམ། །དེ་ནས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་གཞན་ལ་དབང་བསྐུར་བའི་དང་པོར་རྡོ་རྗེ་སློབ་དཔོན་རང་ཉིད་འཁོར་ལོ་གསུམ་གྱི་བདག་ཉིད་དུ་སྒོམ་ཞེས་གསུངས་ཏེ། འདི་ནི་སྔོན་དུ་ མངོན་རྟོགས་བསྒོམས་ནས་ལུས་དཀྱིལ་སྒྲུབ་པ་ཡིན་ནོ། །གཞུང་དེ་ཡང་རྒྱུད་རྡོ་རྗེ་འཕྲེང་བ་ལས། འཁོར་བ་འདི་དག་དཀྱིལ་འཁོར་ཏེ། །རང་བཞིན་དག་པ་གཉིས་མེད་པའོ། །ཐོག་མར་དཀྱིལ་འཁོར་རྣལ་འབྱོར་བདག །རྡོ་རྗེ་སློབ་དཔོན་རང་ཉིད་སྒོམ། །སློབ་ 10-3-8a མ་བདག་ཉིད་འདྲར་དམིགས་ནས། །དེ་འོག་ཐམས་ཅད་རབ་བསྒྲུབ་བྱ། །ཞེས་པ་བཀོད་པར་སྣང་ལ། རྒྱུད་དེ་ལས་ཕྱི་ནང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐུན་མོང་བའི་དབང་དུ་མཛད་ཀྱང༌། འདིར་ནི་ལུས་དཀྱིལ་རྐྱང་པར་དབང་བསྐུར་ བའི་དབང་དུ་མཛད་དོ། །དེའི་ཕྱིར་ལུགས་གསུམ་པས་རང་ཉིད་ཀྱིས་ལུས་དཀྱིལ་བསྒོམས་པའི་ཧེ་རུ་ཀ་ལས་ཆ་གཉིས་པར་བྱེ་ནས་བདག་འཇུག་ལེན་པར་བཞེད་པ་ལེགས་ཤིང༌། གཞན་ལ་དབང་བསྐུར་བ་ན་བདག་འཇུག་ཟིན་པ་དང་སླར་ཡང་ཧེ་རུ་ ཀ་དང་དབྱེར་མེད་དུ་བྱས་ལ་སློབ་མ་ལ་དབང་བསྐུར་ཏེ། དཔེར་ན་ཕྱི་དཀྱིལ་དུ་དབང་བསྐུར་བ་ན་བདག་མདུན་ཐ་མི་དད་དུ་བསྒྲུབས་པ་ཡིན་ན་བདག་འཇུག་གི་དུས་སུ་གཙོ་བོ་ལས་ཆ་གཉིས་པར་ཕྱེ་ནས་བྱེད་ཅིང༌། གཞན་ལ་དབང་བསྐུར་བའི་ཚེ་རང་དང་དཀྱིལ་ འཁོར་གྱི་གཙོ་བོ་གཉིས་དབྱེར་མེད་དུ་བྱེད་པ་བཞིན་ནོ། །དེ་ལྟར་བདག་འཇུག་བྱས་པའི་མཐར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །དེ་བཞིན་ཉིད་ ལས་ངེས་པར་སྐྱེ། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་ལན་གསུམ་བརྗོད་དོ། །དེ་ནས་ལེགས་པར་བརྟགས་པའི་སློབ་མ་མཚན་ཉིད་དང་ལྡན་པ་རྣམས་ཁྲུས་བྱས། ཕྱག་འཚལ་གདན་ལ་འཁོད་དེ་མཎྜལ་ཕུལ་ཐལ་མོ་སྙིང་ཁར་སྦྱར་བ་དང་བཅས་པས་མེ་ཏོག་བཟུང་ལ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། ། 10-3-8b དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་གསོལ་བ་ལན་གསུམ་གདབ་བོ། །དེ་ནས་བླ་མས་སྔར་བཤད་པ་བཞིན་དཀྱིལ་འཁོར་དང་དབང་སྤྱིའི་རྣམ་ གཞག་དང༌། ཁྱད་པར་དུ་ལུས་དཀྱིལ་དང་དེའི་དབང་ཁྱད་པར་དུ་འཕགས་པའི་ཚུལ་རྣམས་སློབ་མ་ལ་བཤད་ལ། ལས་ཐམས་ཅད་པ་བཟླས་པའི་དར་དམར་པོའམ་སེར་པོས། ཨོཾ་ཙཀྵུ་བནྡྷ་བ་ར་མ་ན་ཡ་ཧཱུཾ། ཞེས་པས་མིག་དར་བཅིང༌། ཨཱཿཁཾ་བཱི་ར་ཧཱུཾ་གིས་ མེ་ཏོག་གི་ཕྲེང་བ་འཛིན་དུ་གཞུག །ལས་ཐམས་ཅད་པའི་བུམ་ཆུས་བསང༌། སློབ་མ་གཙོ་བོར་གསལ་བའི་གནས་གསུམ་དུ་ཉི་མ་དང་ཟླ་བའི་གདན་ལ་ཧཱུཾ་སྔོན་པོ། ཨཱཿདམར་པོ། ཨོཾ་དཀར་པོ་བཀོད་དེ་དེའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ། བླ་ མས་བུ་ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་དྲི། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དེ་ཡིས་བུ་ལ་ཅི་ཞིག་བྱ། སངས་རྒྱས་མཆོག་གི་དམ་ཚིག་བགྱི་འཚལ་ཞེས་ལན་བཏབ་པས་རིགས་དང་མོས་པ་ཤེས་པར་བྱ། ཐལ་མོ་སྦྱར་རྐང་པ་མཉམ་པར་འདུག་ པ་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག་ལ་སེམས་བསྐྱེད། དེ་ནས་སེམས་ཅན་ ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པ་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་དྲན་པར་བྱས་ལ། དེ་ཉིད་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་སྒོམ། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་ 10-3-9a གི་སེམས་རོ་གཅིག་ཏུ་གྱུར་པར་མོས་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་བསྐྱེད་དེ། ཨོཾ་སརྦྦ་ཡོ་ག་ཙིཏྟཾ་ཨུཏྤ་ཏ་ཡཱ་མི། ཞེས་བརྗོད་དུ་གཞུག་ལ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད། དེས་ནི་ལམ་གཞན་དུ་མི་ལྡོག་པར་རིགས་ངེས་པར་བྱེད་དོ། །དེ་ནས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་ཁར་བཟུང་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་བརྗོད་དེ་གསང་བར་གདམས། རྡོ་རྗེ་ལ་ལག་པ་གཉིས་ཀྱིས་འཇུས་ ཏེ། ཧཱུཾ་ཛཿཧཱུཾ་ཞེས་བརྗོད་དེ་བླ་མའི་ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྐྱེད་པའི་ཤར་སྒོར་འདུག་པར་བསམ། དེ་ནས་བླ་མ་དང་ལྷ་ལ་སྐྱབས་སུ་འགྲོ་བའི་བསམ་པས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་ རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་བསྐྱེད་རྩ་ཉོན་མོངས་ཆོད་མཛོད་ལ། །རྣལ་འབྱོར་ དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། །ཅེས་གསོལ་བ་གདབ་བོ། །དེ་ནས་བླ་མས་ཕྱིའི་ཧེ་རུ་ཀའི་ང་རྒྱལ་འཇིན་པས། ནང་ལུས་དཀྱིལ་གྱི་ལྷ་ལ་སློབ་མ་གཞུག་པའི་དོན་དུ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་ 10-3-9b མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་གསོལ་བ་བཏབ་པས་ལྷས་གནང་བ་བྱིན་པར་བསྒོམས་ལ། སློབ་མ་ལ། གོང་ནས་གོང་གི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བསྲུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། ། ཐབས་ནི་ཅི་ཡང་ཡོད་མ་ཡིན། །ཞེས་སྡོམ་པ་འཛིན་པར་གདམས་ནས། སློབ་མས་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་ཐམས་ཅད་གཟུང་བར་བྱའོ་སྙམ་དུ་བསམས་ལ་བླ་མའི་རྗེས་ཟློས་བྱ་སྟེ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་ དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་ བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་ རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། ། དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་ 10-3-10a མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་གཟུང༌། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། ། བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབྱུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་དུ་གཞུག་ལ་རིགས་ ལྔའི་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཐེག་པ་གསུམ་པོ་ཐམས་ཅད་དང༌། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཧེ་རུ་ཀ་དཔལ་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་བཟུང་ སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་སྲུང༌། །ཞེས་པས་རྩ་ལྟུང་བཅུ་བཞི་དང་ཡན་ལག་གི་ཉེས་པ་བརྒྱད་ཀྱི་བཅས་པ་དམ་ཚིག་ཉི་ཤུ་རྩ་གཉིས་གཟུང་ངོ༌། །དེ་ནས་བྱིན་གྱིས་ བརླབ་པའི་སྔོན་འགྲོར་སྦྱང་བ་བྱ་བ་ལ། གཏོར་མ་ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཨོཾ་སརྦྦ་བིགྷྣན་ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲྀ་ཧྣ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ཞེས་བརྗོད་དེ་གཏོར་ 10-3-10b མས་སློབ་མ་ལ་ཕྱིར་ལ་བསྐོར། ཏིང་ལོའི་མར་མེ་དང་ཆངས་བུས་ཀྱང་ཕྱིར་ལ་བསྐོར་ཞིང་ཞལ་བཞི་པའི་སྔགས་བཟླས། ཆེ་གེ་མོ་ལུས་ཀྱི་དཀྱིལ་འཁོར་དུ་འཇུག་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་མཆོད་སྦྱིན་གྱི་གཏོར་ མ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་གདུག་པའི་སེམས་ཞི་ཞིང་ཞི་བ་དང་ཕན་པའི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོང་ཞིག །ཅེས་བརྗོད་ལ་ཞལ་བཞི་པའི་སྔགས་བཟླས་གུ་གུལ་གྱི་དུད་པས་བདུག །ཡུངས་ཀར་གྱིས་བྲབས་ཏེ་ བགེགས་སྦྱང་བའོ། །དེ་ནས་སློབ་མའི་སྡིག་སྒྲིབ་ཐམས་ཅད་སྙིང་ཁར་པཾ་ནག་པོའི་རྣམ་པར་གྱུར་པ་སྣ་སྒོ་ནས་འཐོན་ནས་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ཏེ་ཏིལ་ལ་ཐིམ་པར་བསམ། མེ་བསངས་ཏེ་ཡེ་ཤེས་ཀྱི་མེར་བསྐྱེད་པའི་ནང་དུ་རྡོ་རྗེ་མཁའ་ འགྲོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞལ་གདངས་པ་བསྐྱེད་ནས་དེའི་ཞལ་དུ་ཕུལ་བས་གསོལ་བར་བསམ་ཞིང༌། ཨོཾ་བཛྲ་ཌཱ་ཀ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦྦ་པཱ་པཾ་ད་ཧ་ན་བྷ་སྨི་ཀུ་རུ་སྭཱཧཱ། ཞེས་བརྗོད་ཅིང་ལག་པ་གཡས་གཡོན་གྱིས་ཏིལ་བཟུང་སྟེ་གཡས་ དང་གཡོན་དུ་བསྐོར་ནས་གཡས་ཀྱིས་མེ་ནང་གི་ཁྲོ་བོའི་ཞལ་དང་གཡོན་དུ་རྒྱ་མཚོ་ཆེན་པོའི་ཆུ་བོར་དོར་བར་བསམས་ལ་མེ་དང་ཆུར་དོར་བར་བྱ་སྟེ་སྡིག་པ་སྦྱང་བའོ། །མེ་ནང་དུ་རྡོ་རྗེ་མཁའ་འགྲོ་བསྐྱེད་པ་དང་མི་བསྐྱེད་པ་གཉིས་ཡོད་ཀྱང་བསྐྱེད་ པ་སྔགས་དོན་དང་མཐུན་ནོ། །དེ་ནས་ལས་ཐམས་ཅད་པའི་སྔགས་བཟླ་ཞིང༌། ཇི་ལྟར་བལྟམས་པ་སོགས་ཀྱི་ཚིགས་བཅད་དང་སྔགས་བརྗོད་ལ་ལས་བུམ་གྱི་ཆུས་ཁྲུས་བྱ་སྟེ་དྲི་མ་སྦྱང་བའོ། །བྱིན་གྱིས་བརླབ་པ་དངོས་ནི། སྭ་བྷཱ་ཝའི་སྔགས་ཀྱིས་ 10-3-11a སྟོང་པར་སྦྱངས་ལ། སློབ་མ་རྣམས་སྣ་ཚོགས་པད་ཉིའི་གདན་ལ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པ་རེར་སྒོམ་དུ་བཅུག་ལ་ནང་ལུས་དཀྱིལ་དང་བཅས་པ་བསྐྱེད། གོ་ཆ་བགོ། ཡེ་ཤེས་པ་གཞུག་པའི་དུས་སུ་སྙིང་ ཁའི་ས་བོན་གྱི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་ལྷ་སོ་བདུན་གྱི་རྣམ་པར་སྤྱན་དྲངས། ཨཱ་ལི་ཀཱ་ལི་ལྔ་བཅུར་གྱུར་ཏེ། དེ་ཡང་ལུས་ཀྱི་སྟོད་ལ་ནག་པོ། བར་ལ་དམར་པོ། སྨད་ལ་དཀར་པོའི་རྣམ་པས་ཞུགས་ནས་སྙིང་ཁར་ཐིམ་པར་ བསམ་མོ། །ཆོ་ག་འདི། དེ་ནས་སློབ་མ་བདག་འདྲར་བསམ། །ཞེས་པའི་དོན་མིན་ཏེ་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཀྱང་དེ་ལྟར་འབྱུང་ཡང་འདི་དང་འདིའི་དོད་གང་ཡང་མ་བྱུང་བས་སོ། །དེས་ན་དེའི་དོན་ནི་སྔར་བཤད་པ་ལྟར་སློབ་མ་གཙོ་བོར་བསྐྱེད་པ་ཡིན་ལ། འདི་བླ་མ་གོང་མའི་ཕྱག་བཞེས་སུ་སྣང་ཞིང་དེ་ཡང་དཀྱིལ་འཁོར་དུ་འཇུག་པ་དངོས་གཞིའི་དོད་ཡིན་པས། སློབ་མ་དང་ལྷ་རྣམས་སྐལ་བ་མཉམ་པར་བྱེད་པར་བཤད་པ་ལྟར་ལེགས་སོ། །དེ་ནས་དམ་ལ་བཞག་པ་ལ། དེང་ཁྱོད་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད་དེ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པའོ། །འདིའི་དུས་སུ་སློབ་མའི་ལག་པ་ནས་བཟུང་ནས་བྱེད་པ་ལྭ་བ་པ་དང་ 10-3-11b མི་ཐུབ་ཟླ་བས་བཤད་ལ། བོད་ཀྱི་བླ་མ་རྣམས་མགོ་བོར་རྡོ་རྗེ་བཞག་སྟེ་བྱེད་དོ། །དེ་ནས་མགོ་བོར་རྡོ་རྗེ་བཟུང་ནས་དྲིལ་བུ་དཀྲོལ་ཞིང༌། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས་ཞེས་བརྗོད་དོ། ། སྙིང་གར་རྡོ་རྗེ་བཟུང་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་དེ་དམ་ཚིག་མ་བསྲུངས་པའི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པའོ། །ཐོད་པར་ གནས་པའི་བདུད་རྩི་ལྔ་ལ་ཡི་གེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་མཐེ་བོང་དང་མིང་མེད་ཀྱིས་ཐོད་པ་ནས་བཟུང་སྟེ་སྦྱིན་ཞིང༌། འདི་ནི་བུ་ཁྱོད་བདུད་རྩི་སྟེ། །མ་བསྲུངས་སྲེག་པར་བྱེད་པའི་དུག །བསྲུངས་ན་དངོས་གྲུབ་འགྱུར་བ་སྟེ། །བདུད་རྩི་ལྔ་ཡི་ཆུས་ འགྲུབ་པའོ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུད་ད་ཀ་ཋཿཋཿཋཿ ཞེས་བརྗོད་དེ་དམ་ཚིག་བསྲུངས་མ་བསྲུངས་ཀྱི་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པའོ། །དེ་ནས་ཁྱོད་ཀྱིས་སྨད་པར་མི་བྱ་ཞིང༌། །དམ་ཚིག་འགལ་བར་མི་བྱ་སྟེ། །དམྱལ་ ལ་སོགས་པར་འགྲོ་འགྱུར་རོ། །དེང་ནས་བརྩམས་ནས་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཡ་ང་བ་མ་སྤངས་བར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་ བར་གྱུར་ཏ་རེ། ཞེས་བརྗོད་དེ་བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པའོ། །འདི་བརྗོད་པའི་དུས་སུ་སློབ་མའི་ལག་པ་ནས་བཟུང་ནས་བྱེད་པར་ཀླུ་བྱང་གིས་གསུངས་སོ། །དེ་ནས་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ་ནི་སློབ་མས། དཔའ་བོ་ 10-3-12a དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀས་བདག་ལ་དབབ་པར་མཛོད་ཅིག་ཅེས་གསོལ་བ་གདབ། བླ་མ་བདེ་མཆོག་གི་གཟུགས་ཅན་གཡས་བརྐྱང་དུ་གནས་པས། སློབ་མ་ཡང་དེ་ལྟར་གནས་ཤིང་ཐལ་མོ་ སྙིང་ཁར་སྦྱར་བའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་དཀྱིལ་སྔོན་པོ་གཞུ་ལྟ་བུ་གཡོ་བའི་བ་དན་གཉིས་ཀྱིས་མཚན་པ། རྐང་མཐིལ་དུ་ཛྷཻཿདམར་བ་རེ་རེ། ལྟེ་བར་རཾ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ་རས་མཚན་པ། སྙིང་གར་ལཾ་ལས་ས་དཀྱིལ་སེར་པོ་གྲུ་བཞི་ ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ། སྤྱི་བོར་བཾ་ལས་ཆུ་དཀྱིལ་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། སྙིང་གའི་ནང་དུ་ཧེ་རུ་ཀ་ཡབ་ཡུམ་མཚོན་གང་བ་ཞིག་བསམ། དེ་ནས་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རླུང་ལ་ཕོག །ཛྷཻཿཡིག་གཉིས་འོག་ གི་རླུང་གིས་བསྐྱོད་པས་རྐང་མཐིལ་གྱི་བུ་ག་ནས་ཞུགས་པ་ལྟེ་བའི་བར་དུ་བུས་པས་དེའི་མེ་དང་ཕྲད་ནས་གྱེན་དུ་འབར་བས་སྙིང་གའི་ས་བསྲེགས་ཤིང་སྤྱི་བོའི་ཆུ་བསྐོལ་བ་ལས་བདུད་རྩི་འཛགས་པས་ཚིམ་ཞིང་འོག་གི་རླུང་གིས་བར་སྣང་ལ་བཏེག་ པར་བསམ། དེའི་ཚེ་སྙིང་གའི་ནང་གི་ཧེ་རུ་ཀ་ཡབ་ཡུམ་མཚོན་གང་པ་གློག་འཁྱུག་པ་ལྟར་གར་བྱེད་ཅིང༌། ཡབ་ཡུམ་གྱི་གསང་གནས་བསྐྱོད་པས་འོད་ཟེར་དམར་པོས་ལུས་ཀུན་གང་བར་བསམ་མོ། །དེ་ནས་བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་སངས་ རྒྱས་བྱང་སེམས་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་འཁོར་ལོ་བདེ་མཆོག་གི་ལྷའི་རྣམ་པར་སྤྱན་དྲངས། རང་གི་ལུས་ལ་ཆར་ཆེན་པོ་བབ་པ་བཞིན་དུ་བ་སྤུའི་སྒོ་ཐམས་ཅད་ནས་ཞུགས་ཤིང་གཉིས་སུ་མེད་པར་ཐིམ་པར་བསམ་ཞིང༌། གཡོན་ 10-3-12b གྱིས་དྲིལ་བུ་དཀྲོལ་ཞིང་གཡས་པས་བདུག་པས་བདུགས་ནས་སྔགས་བརྗིད་བག་དང་བཅས་པས་བརྗོད་དེ་དབབ་བོ། །སྔགས་ནི་ཡབ་ཡུམ་གཉིས་ཀྱི་སྙིང་པོ་གཉིས་ཀྱི་མཐར། ཨོཾ་ཏིཥྛ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུཾ་ཤྲཱི་ཧེ་རུ་ཀཱ་ཡ་བིདྨ་ཧེ་བིདྱཱ་རཱ་ཛ་ཡ་དྷི་མ་ཧེ་ སྭཱཧཱ། ཞེས་པ་སྟེ་འདིས་དཔའ་བོ་བསྐུལ་བར་བྱའོ། །བདུག་པའི་རྫས་ནི་བུད་མེད་ཀྱི་འདོམས་དཀྲིས་ཟླ་མཚན་གྱིས་གོས་པ་གཏུབས་པ་ལ་ཤ་ལྔ་དང་བདུད་རྩི་ལྔ་དང་བྱ་ལའི་བྲུན་གྱིས་བྱུག་ཅིང་གུ་གུལ་དང་བསྲེས་པའོ། །བདུག་པའི་ཚུལ་ནི་ཐོད་ཕོར་དུ་བཞག་པའི་ རོ་སོལ་གྱི་མེ་ལ་བསྲེགས་ནས་འདུག་གོ། འདིར་དབང་ཆོག་ལས། རྐང་པ་གཡོན་བརྐྱང་ལ་གནས་པས། །འཁོར་ལོ་གསུམ་བདག་ཁྲོ་བོ་འབབས། །ཞེས་གཡོན་བརྐྱང་དུ་བཤད་པ་ནི་འགྱུར་ནོར་བ་སྟེ་རྒྱུད་རྡོར་ཕྲེང་ལས། ཁྲོ་བོ་རྡོ་རྗེ་གསུམ་བདག་ཉིད། །གཡས་ བརྐྱང་པ་ཡི་གནས་པས་གནས། །ཞེས་གསུངས་པའི་ཕྱིར་དང༌། མངོན་བརྗོད་འབུམ་པ་ལ་བརྟེན་ནས་བདེ་མཆོག་གི་ཡེ་ཤེས་འབེབས་པ་ལ་དཀྱིལ་ཆོག་རྡོ་རྗེ་ཕྲེང་བར་ཡང་དཔོན་སློབ་གཉིས་ཀ་བདེ་མཆོག་གཡས་བརྐྱང་དུ་གནས་པར་བཤད་ཅིང༌། འདིར་ གཡོན་བརྐྱང་དམིགས་བསལ་ལ་ཡང་འོད་དོན་མེད་པའི་ཕྱིར་རོ། །ཡེ་ཤེས་འབེབས་པ་ལ་སྙིང་ཁར་ཧེ་རུ་ཀ་སྒོམས་པ་གཞུང་གཞན་ནས་མ་བཤད་ཀྱང༌། ཐོད་པའི་དཀྱིལ་ཆོག་ལས་མ་ཕེབས་པའི་སྤོགས་ཆོག་ལ་སྙིང་ཁར་སངས་རྒྱས་ཐོད་པ་ཡབ་ཡུམ་ ཡུངས་ཀར་ཙམ་ཞིག་བསྒོམས་ལ། དེའི་མཁའ་གསང་བསྐྱོད་ལས་འོད་ཟེར་དམར་པོས་ལུས་ཀུན་གང་བར་བསམས་ལ། སྔགས་བཏོན་ནས་དབབ་པར་བཤད་པ་དང་མཐུན་ནོ། །སློབ་མའི་མགོ་བོར་རྡོ་རྗེ་བཞག་ལ། ཨོཾ་ཏིཥྛ་བཛྲ་ཞེས་བརྗོད་དེ་བབས་ 10-3-13a པ་བརྟན་པར་བྱའོ། །སློབ་མས་མེ་ཏོག་གི་ཕྲེང་བ་བླ་མའི་ཐུགས་ཀའི་ཧེ་རུ་ཀ་ལ་ཕུལ་བར་བསམས་ལ། པྲ་ཏཱིཙྪ་བཛྲ་ཞེས་བརྗོད་དེ་བླ་མའི་ཕྱག་ཏུ་དབུལ། བླ་མས་མེ་ཏོག་གི་ཕྲེང་བ་དེ། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ། ཨི་མཾ་སཏྭ་མ་ཧཱ་བཱ་ལ་ཞེས་བརྗོད་དེ་སློབ་ མའི་མགོ་བོ་ལ་བཅིང༌། དེ་ནི་སེམས་དཔའ་སྟོབས་པོ་ཆེ་ཞེས་མེ་ཏོག་ཕོག་པའི་ལྷ་ལ་བོས་ནས། སློབ་མ་འདི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་ཟུངས་ཤིག་ཅེས་ལྷ་ལ་སློབ་མ་གཏད་པས། ལྷ་དེས་དེའི་བར་དུ་རྗེས་སུ་འཛིན་པའི་ཐབས་ཟབ་མོའོ། །དེ་ནས་ སློབ་མའི་སྙིང་ཁར་ཉི་མ་ལ་ཧཱུཾ། དཔྲལ་བར་རཾ། མིག་གཉིས་ལ་ཨོཾ་རེ་རེ་བསམས་ལ། ཧཱུཾ་གིས་བསྐུལ། རཾ་གྱིས་སྡིག་སྒྲིབ་བསྲེགས། ཨོཾ་གྱིས་འོད་གསལ་བར་བྱས་ནས་མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་བསལ་བར་བསམས་ལ། ཧེ་རུ་ཀ་ དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲཾ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཞེས་བརྗོད་ལ་གདོང་གཡོགས་དབྱེའོ། །དེ་ནས་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་བསྟན་པར་བྱ་སྟེ། རང་བཞིན་གྱིས་ནི་དག་པའི་བདག །ལུས་ནི་རང་བཞིན་དྲི་མ་མེད། །དཔའ་དང་དཔའ་མོ་དབང་མོའི་གནས། །དཀྱིལ་འཁོར་ལ་ནི་བུ་ཁྱོད་ལྟོས། །དེ་ནས་གནས་དང་ཉེ་གནས་སོགས། །བདག་ཉིད་དཀྱིལ་འཁོར་ལུས་དཀྱིལ་འཁོར། །ལ་གནས་བྱང་ཆུབ་ཕྱོགས་ཀྱི་ ཆོས། །སུམ་ཅུ་རྩ་བདུན་རང་བཞིན་ཏེ། །རྩ་ནི་སུམ་ཅུ་རྩ་བདུན་པོ། །ལྷ་ཡི་འཁོར་ལོ་དཀྱིལ་འཁོར་པ། །དཔལ་ནི་ཧེ་རུ་ཀ་ཡི་ནི། །ཡན་ལག་ཡན་ལག་ཉེར་བསྟན་བྱ། །ཞེས་བརྗོད་ལ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་གནས་ལ་སོགས་པ་བཅུའི་བདག་ 10-3-13b ཉིད་ཀྱི་རྩ་དང་ཁམས་རྣམས་བྱང་ཕྱོགས་སོ་བདུན་གྱི་ངོ་བོའི་ལྷ་སོ་བདུན་དུ་བསྒྲུབས་པའི་བརྟེན་པའི་དཀྱིལ་འཁོར་དང༌། ལུས་འདོམ་གང་གྲུ་བཞི་ལ་སོགས་པ་སྒྲུབ་ཐབས་སུ་བཤད་པ་ལྟར་རྟེན་གྱི་དཀྱིལ་འཁོར་བློའི་ཡུལ་དུ་བསྟན་པར་བྱ་སྟེ། དཀྱིལ་ འཁོར་དུ་གཞུག་པའི་སྐོར་གྱི་ཆོ་གའོ། །དེ་ནས་ལུས་ཀུན་ནས་འདུད་པའི་ཕྱག་དང་མཎྜལ་བྱས་ལ། ཆོས་བདེན་བདག་ཉིད་བསམ་མི་ཁྱབ། །བདག་ལ་དབང་ནི་བསྐུར་བར་མཛོད། །ཅེས་ལན་གསུམ་གསོལ་བ་གདབ། བུམ་པ་སོ་སོ་བ་ཡོད་ན་རྣམ་རྒྱལ་ལ་ སོགས་པའི་བུམ་པའི་ཆུ་རྣམས་བསྡུས་ནས་པདྨའི་སྣོད་ཅེས་པ་ཐོད་པར་བཞག །མེད་ན་མི་དགོས་སོ། །སློབ་མ་དང་དབང་རྫས་ཀྱི་ཆུ་ལས་བུམ་གྱི་ཆུས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་ མཚན་པ་ལས་སློབ་མ་དང་དབང་རྫས་ཀྱི་ཆུ་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པའི་གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་མཱ་མ་ཀཱི་སྔོན་མོ་རང་དང་འདྲ་བས་ཡབ་ལ་འཁྱུད་པ། ཡབ་ལ་ཕྱག་རྒྱ་དྲུག་དང༌། ཡུམ་ལ་ ཕྱག་རྒྱ་ལྔས་བརྒྱན་ཅིང་ཡབ་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པར་བསྐྱེད་ལ། གནས་གསུམ་དུ་ཡི་གེ་གསུམ་བཀོད་དེ་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བསྐྱེད་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཏེ། ཛཿཧཱུཾ་བཾ་ཧོཿཞེས་ པས་དགུག་གཞུག་བཅིང་མཉེས་བྱ། དབང་ལྷ་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་རྫས་ཀྱི་ལྷ་ལ་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་ཏེ་མི་བསྐྱོད་ 10-3-14a པས་དབུ་བརྒྱན། ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་ཞུ་བའི་བུམ་པའི་ཆུར་བསམ་མོ། །འདིར་ཁ་ཅིག་བུམ་ཆུ་མི་བསྐྱོད་པར་མི་བསྐྱེད་པར་བུམ་པ་མི་བསྐྱོད་པར་བསྐྱེད་པ་ཞུ་བ་ལས་ བུམ་ཆུར་བྱེད་པ་ནི་ཤིན་ཏུ་རགས་པ་ལ་འཁྲུལ་བའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་འཁོར་དང་བཅས་པ་ནམ་མཁར་སྤྱན་དྲངས་ལ་མཆོད་དེ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་ པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་སློབ་མ་ལ་ཆུ་དབང་བསྐུར་བའི་དོན་དུ་གསོལ་བ་བཏབ་པས། སྒོ་མཚམས་མ་བརྒྱད་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་ མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ཕག་མོ་དང་བཅས་པས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔས་བཀང་བ་བཟུང་ནས་སྤྱི་བོ་ནས་དབང་བསྐུར་བར་བསམ་སྟེ། སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་པར་རྣམས་མ་གཏོགས་པ་ཅོད་པན་ལ་སོགས་པ་དབང་ལྷག་མ་རྣམས་ལའང་དེ་ལྟར་བྱའོ། །དེ་ནས་སློབ་དཔོན་དང་ལས་ཀྱི་རྡོ་རྗེས་དབང་གི་བུམ་པ་ཐོགས་ནས། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ངེས་ འབྱུང་བ། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེས་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཅེས་བརྗོད་དེ་སློབ་མ་ལ་ཤིས་བརྗོད་བྱའོ། །དེ་ནས་སློབ་དཔོན་གྱིས། 10-3-14b དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཙཀྲ་བཱི་ར་སྟྭཾ་ཨ་བྷི་ཥི྅ྩ་མི། ཞེས་བརྗོད་དེ་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་ཅིང་འཐུང་དུའང་ གཞུག་གོ། སྔགས་སྔ་མའི་མཇུག་ཏུ་སྒོ་མཚམས་མ་བརྒྱད་ཀྱི་སྔགས་འདོན་པར་བཞེད་པ་ཡོད་དེ་བཤད་པ་གསལ་བར་མི་སྣང་ངོ༌། །དེ་ལྟར་དབང་བསྐུར་བས་ལུས་བདུད་རྩིའི་ཆུ་རྒྱུན་གྱིས་གང་ཞིང་བདེ་བ་ཆེན་པོའི་བདག་ཉིད་དུ་གྱུར། དྲི་མ་དག་སྤྱི་བོ་ནས་ཞུགས་ པའི་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ་སྟེ་ཕྱིའི་དབང་ངོ༌། །དེ་ནས་རང་གཙོ་བོར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་ཐམས་ཅད་མི་བསྐྱོད་པ་ཡབ་ཡུམ་ གྱི་རྣམ་པར་སྤྱན་དྲངས་ལ་སློབ་མའི་བ་སྤུའི་སྒོ་ཐམས་ཅད་ནས་ནང་དུ་ཞུགས་པས་མི་བསྐྱོད་པའི་ངོ་བོར་བསམས་ལ་མཆོད་ཡོན་དང་མེ་ཏོག་ལ་སོགས་པས་མཆོད་ལ། དབང་གི་དག་པ་སྦྱིན་པ་ནི། ཁྱེད་ཀྱིས་མི་བསྐྱོད་པ་ཆུའི་དབང་ཐོབ། ཞེ་སྡང་གི་དྲི་ མ་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་གོ་བ་བསྐྱེད་དོ། །བུམ་དབང་བཅུ་གཅིག་གི་དང་པོ་ཆུའི་དབང་ངོ༌། །དེ་ནས་དབང་ ལྷ་སྤྱན་དྲངས་པ་སོགས་སྔར་བཞིན་བྱས་ལ་སློབ་མ་དང་བྲིས་པ་སོགས་ཀྱི་དབུ་རྒྱན་བསངས་སྦྱངས་ཏེ། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཨཾ་ལས་རིན་པོ་ཆེ་ཨཾ་གིས་མཚན་པ་ལས་སློབ་མ་དང་དབུ་རྒྱན་རྡོ་རྗེ་ཉི་མ་སྟེ་རིན་འབྱུང་སེར་པོ་ཞལ་ 10-3-15a གཅིག་ཕྱག་གཉིས་ཀྱི་གཡས་རིན་པོ་ཆེ་དང་གཡོན་དྲིལ་བུ་འཛིན་པས་རང་དང་འདྲ་བའི་རིན་ཆེན་སྒྲོལ་མ་ལ་འཁྱུད་པར་བསྐྱེད་པ་སོགས་སྔར་བཞིན་བྱས་ཏེ། རིན་འབྱུང་ཞུ་བ་ལས་བྱུང་བའི་དབུ་རྒྱན་དུ་གྱུར་པར་བསམས་ལ། བླ་མས་དབུ་རྒྱན་ སློབ་མའི་སྤྱི་བོར་བཀོད་དེ། ཡུམ་གྱི་ཉེ་སྙིང་དང་འཁོར་ལོ་ཐམས་ཅད་ཀྱི་དཔའ་བོ་དང་དཔའ་མོའི་སྔགས་བརྗོད་དོ། །འདིར་དབང་ཆོག་ལས། དེ་བཞིན་དུ་སྔགས་གཞན་ཡང་བརྗོད་དེ། ཞེས་གསུངས་པའི་དོན་ནི་ནག་པོ་པའི་དཀྱིལ་ཆོག་ལས། འཁོར་ལོ་ཐམས་ ཅད་ཀྱི་དཔའ་བོ་ལ་སོགས་པའི་སྔགས་བརྗོད་དེ། ཞེས་གསུངས་པ་དང་མཐུན་པར་བྱ་བར་བཞེད་པ་ལེགས་པས་དེ་ལྟར་བརྗོད་ལ། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་བརྗོད་ལ་བུམ་པའི་ཆུས་ཀྱང་དབང་བསྐུར། རིན་འབྱུང་གིས་དབུ་ བརྒྱན་པར་བསམ་སྟེ་ཕྱིའི་དབང་ངོ༌། །དེ་ནས་རང་གཙོ་བོར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་ཐམས་ཅད་རིན་འབྱུང་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ལ་སློབ་མའི་བ་སྤུའི་སྒོ་ཐམས་ཅད་ནས་ནང་དུ་ཞུགས་པས་ རིན་འབྱུང་གི་ངོ་བོར་བསམས་ལ་མཆོད་ཡོན་དང་མེ་ཏོག་སོགས་ཀྱིས་མཆོད་ལ། དབང་གི་དག་པ་སྦྱིན་པ་ནི། ཁྱོད་ཀྱིས་རིན་འབྱུང་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་སྦྱངས། ཚོར་བའི་ཕུང་པོ་གནས་བསྒྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་ དུ་བྱས། རིན་འབྱུང་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་གོ་བ་བསྐྱེད་དོ། །བུམ་དབང་བཅུ་གཅིག་གི་གཉིས་པ་ཅོད་པན་གྱི་དབང་ངོ༌། །དེ་ནས་ཐུན་མོང་བ་རྣམས་སྔར་བཞིན་བྱས་ལ་སློབ་མ་དང་རྡོ་རྗེ་བསངས་སྦྱངས་ཏེ། པད་ཉིའི་ 10-3-15b སྟེང་དུ་ཛྲིཾ་ལས་པདྨ་ཛྲིཾ་གྱིས་མཚན་པ་ལས་སློབ་མ་དང་དབང་རྫས་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པདྨ་དང་གཡོན་དྲིལ་བུ་འཛིན་པས་གོས་དཀར་མོ་རང་དང་འདྲ་བ་ལ་འཁྱུད་པར་བསྐྱེད་པ་སོགས་སྔར་བཞིན་བྱས་ཏེ། འོད་དཔག་ མེད་ཞུ་བ་ལས་བྱུང་བའི་རྡོ་རྗེར་གྱུར་པའི་རྡོ་རྗེ་སློབ་དཔོན་གྱི་ལག་པ་གཡས་ཀྱིས་བཟུང་ནས། ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥེ་ཀ་ཏ་ཏྭ་མ་སི་བི་རེཿ ཤྲཱི་ཧེ་རུ་ཀཱ་དཱི་བྷིཿ ཨེཏྟ་ཏྟ་ད། སརྦ་བུད་དྷཱ་སྟྭཾ། གྲྀཧྞ་བཛྲ་སུ་སིདྡྷ་ཡེ། ཞེས་སམ། ཡང་ན་བོད་སྐད་དུ་བསྒྱུར་བའི། ཧེ་རུ་ཀ་ དཔལ་དཔའ་སོགས་ཀྱིས། །དེང་ཁྱོད་བདག་པོར་དབང་བསྐུར་འགྱུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུངས། །ཞེས་བརྗོད་ཅིང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་གཏུགས་ཏེ་ལག་པ་གཡས་སུ་སྦྱིན། ཆུས་ཀྱང་དབང་བསྐུར། འོད་ དཔག་མེད་ཀྱིས་དབུ་བརྒྱན་པར་བསམ་སྟེ་ཕྱིའི་དབང་ངོ༌། །འདིར་སྣང་མཐའི་ས་བོན་ལ་དབང་ཆོག་གི་དཔེ་ལ་ཛྙིཾ་ཞེས་འབྱུང་བ་གཉིས་ཀ་དཔེ་མ་དག་པས། ཧྲཱིཿལས་བསྐྱེད་ཅེས་ཁ་ཅིག་ཟེར་མོད་ཀྱང༌། ཛྲིཾ་ཞེས་པ་མ་དག་པ་མིན་ཏེ་དབང་ཆོག་ལས། ཧཱུཾ། ཨཾ། ཛྲིཾ། ཁཾ། བྷྲུཾ་རྣམས་རིགས་ལྔའི་ས་བོན་དུ་གསུངས་པ་བཞིན་གཞུང་ཁུངས་ཐུབ་དུ་མ་ལས་ཀྱང་འབྱུང་བའི་ཕྱིར་རོ། །དེས་ན་ཧྲཱིཿདང་ཛྲིཾ་གཉིས་ཀ་འོད་དཔག་མེད་ཀྱི་ས་བོན་ཡིན་ཡང༌། འདིར་དབང་ཆོག་ལས་ཛྲིཾ་ཞེས་འབྱུང་བ་ལྟར་བྱའོ། །རང་ གཙོ་བོར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་ཐམས་ཅད་འོད་དཔག་མེད་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ལ་སློབ་མའི་བ་སྤུའི་སྒོ་ཐམས་ཅད་ནས་ནང་དུ་ཞུགས་པས་འོད་དཔག་མེད་ཀྱི་ངོ་བོར་བསམས་ལ། མཆོད་ 10-3-16a ཡོན་དང་མེ་ཏོག་སོགས་ཀྱིས་མཆོད་ལ་དབང་གི་དག་པ་སྦྱིན་པ་ནི། ཁྱེད་ཀྱིས་འོད་དཔག་མེད་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་ དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་གོ་བ་བསྐྱེད་དོ། །བུམ་དབང་བཅུ་གཅིག་གི་གསུམ་པ་རྡོ་རྗེའི་དབང་ངོ༌། །དེ་ནས་ཐུན་མོང་བ་རྣམས་སྔར་བཞིན་བྱ། སློབ་མ་དང་དྲིལ་བུ་བསངས་སྦྱངས་ཏེ། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཁཾ་ལས་རལ་ གྲི་ཁཾ་གིས་མཚན་པ་ལས། སློབ་མ་དང་དབང་རྫས་དོན་གྲུབ་ལྗང་གུ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རལ་གྲི་དང་གཡོན་དྲིལ་བུ་འཛིན་པས་ཡུམ་དམ་ཚིག་སྒྲོལ་མ་རང་དང་འདྲ་བ་ལ་འཁྱུད་པར་བསྐྱེད་པ་སོགས་སྔར་བཞིན་བྱས་ཏེ། དོན་གྲུབ་ཞུ་བ་ ལས་བྱུང་བའི་དྲིལ་བུ་ལག་པ་གཡོན་དུ་སྦྱིན་ཞིང༌། འདི་ནི་རྣལ་འབྱོར་མ་ཀུན་གྱི། །དྲིལ་བུ་སྒྲ་ཀུན་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །དཔའ་བོའི་ལག་ཏུ་རྡོ་རྗེ་དྲིལ། །བཟུང་ངོ་འཁོར་ལོ་གསུམ་གྱི་ བདག །རང་བཞིན་མཛེས་པས་དགའ་བ་ནི། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ། །ཅེས་བརྗོད་དོ། །རྡོ་རྗེ་དྲིལ་ཞེས་པ་ནི་དྲིལ་བུ་གཅིག་པུ་ལ་རྡོ་རྗེ་དྲིལ་བུ་ཞེས་མང་དུ་གསུངས་པ་ལྟར་ཡིན་ལ། དེ་ལག་ཏུ་བཟུང་བར་གྱིས་ཤིག །དེ་ཡང་རང་ཉིད་རང་བཞིན་ གྱིས་མཛེས་པའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བྱིན་གྱིས་རློབས་ལ་གྱིས་ཤིག་ཅེས་པའི་དོན་ཏེ་དེ་སློབ་མ་ལ་གོ་བར་བྱའོ། །དེ་ནས་ཆུས་ཀྱང་དབང་བསྐུར། དོན་གྲུབ་ཀྱིས་དབུ་བརྒྱན་པར་བསམ་སྟེ་ཕྱིའི་དབང་ངོ༌། །དེ་ནས་རང་གཙོ་བོར་གསལ་བའི་ 10-3-16b ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་ཐམས་ཅད་དོན་གྲུབ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ལ་སློབ་མའི་བ་སྤུའི་སྒོ་ཐམས་ཅད་ནས་ནང་དུ་ཞུགས་པས་དོན་གྲུབ་ཀྱི་ངོ་བོར་བསམས་ལ། མཆོད་ཡོན་དང་མེ་ཏོག་སོགས་ཀྱིས་ མཆོད་ལ་དབང་གི་དག་པ་སྦྱིན་པ་ནི། ཁྱེད་ཀྱིས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་བསྒྱུར། བྱ་བ་སྒྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་གྲུབ་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་ གོ་བ་བསྐྱེད་དོ། །བུམ་དབང་བཅུ་གཅིག་གི་བཞི་པ་དྲིལ་བུའི་དབང་ངོ༌། །དེ་ནས་ཐུན་མོང་བ་རྣམས་སྔར་བཞིན་བྱས་ལ། སློབ་མ་བསངས་སྦྱངས་ཏེ། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། སློབ་མ་ རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་འཁོར་ལོ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་རང་དང་འདྲ་བའི་སྤྱན་མ་ལ་འཁྱུད་པར་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག །ལག་པ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་སློབ་ མའི་སྤྱི་བོར་བཞག་ལ། མིང་གདགས་ཏེ་སྔར་ཕྱི་དཀྱིལ་དུ་དབང་བསྐུར་བའི་དུས་ཀྱི་མིང་དེ་ཉིད་བཏགས་པས་ཆོག་གོ། དེ་ནས་བུམ་པའི་ཆུས་ཀྱང་དབང་བསྐུར་ལ་རྣམ་སྣང་གིས་དབུ་བརྒྱན་པར་བསམ་སྟེ་ཕྱིའི་དབང་ངོ༌། །དེ་ནས་རང་གཙོ་བོར་གསལ་བའི་ ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་ཐམས་ཅད་རྣམ་སྣང་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ལ་སློབ་མའི་བ་སྤུའི་སྒོ་ཐམས་ཅད་ནས་ནང་དུ་ཞུགས་པས་རྣམ་སྣང་གི་ངོ་བོར་བསམས་ལ། མཆོད་ཡོན་དང་མེ་ཏོག་སོགས་ཀྱིས་ 10-3-17a མཆོད་ལ། དབང་གི་དག་པ་སྦྱིན་པ་ནི། ཁྱེད་ཀྱིས་རྣམ་པར་སྣང་མཛད་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕུང་པོ་གནས་བསྒྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་སྣང་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་ པ་ལ་དབང་བར་བྱས་སོ་ཞེས་གོ་བ་བསྐྱེད་དོ། །བུམ་དབང་བཅུ་གཅིག་གི་ལྔ་པ་མིང་གི་དབང་ངོ༌། །རིག་པའི་དབང་ལྔ་བསྐུར་བ་ལ་སློབ་དཔོན་གྱིས་གཙོ་བོའི་ང་རྒྱལ་ཉིད་ཀྱིས་བྱེད་པ་དང་མི་བསྐྱོད་པ་སོགས་ང་རྒྱལ་སོ་སོར་འཕོ་བ་གཉིས་གསུངས་པ་གཉིས་ པའང་རུང་མོད་ཀྱང༌། འདིར་དང་པོ་ལྟར་བྱ། སློབ་མ་བདེ་མཆོག་རིགས་ལྔར་བསྐྱེད་པ་དང་སྤྱི་འགྲོའི་རིགས་ལྔ་ལྟར་བསྐྱེད་པ་གཉིས་ལའང་གོང་མ་རྣམས་ཕྱི་མ་ལྟར་མཛད། ཁ་ཅིག་དབང་ཆོག་ལས་ཅོད་པན་གྱི་སྐབས་སུ་རྡོ་རྗེ་ཉི་མར་གསུངས་པ་ལ་བརྟེན་ ནས་རིགས་ལྔར་བསྐྱེད་པ་ཕུང་པོ་བྱིན་རླབས་ཀྱི་སྐབས་ལྟར་བྱེད་མོད་ཀྱང་མི་ལེགས་ཏེ། བདེ་མཆོག་ལ་དེ་ལྟར་དགོས་པའི་དམིགས་བསལ་རྒྱུད་དང་རྒྱ་གཞུང་ལས་མི་འབྱུང་བ་དང༌། དབང་ཆོག་ལས་ཀྱང་སྤྱི་འགྲོ་ལྟར་གསུངས་པས་གོང་མ་རྣམས་ ཀྱི་ཕྱག་བཞེས་ལྟར་ལེགས་སོ། །དབང་ལྔ་རེ་རེའི་མཐར་དབང་ལྷ་སློབ་མ་ལ་བསྟིམ་པར་སྔ་མ་རྣམས་ཀྱིས་མཛད་པ་ནི། དཱ་རི་ཀ་པ་དང་ལྭ་བའི་ན་བཟའ་ཅན་ལ་སོགས་པས་ཀྱང་མཛད་པ་དང་མཐུན་ལ། བསྟིམ་པའི་ཚུལ་ལ་སྙིང་ག་ལ་སོགས་པའི་ གནས་ལྔ་སོ་སོར་ཧཱུཾ་ཨཾ་ལ་སོགས་པའི་ཡི་གེ་རེ་རེའི་འོད་ཟེར་གྱིས་སྤྱན་དྲངས་ཏེ་གནས་ལྔ་སོ་སོ་ནས་འཇུག་པར་འདོད་པ་ཡོད་ཀྱང༌། ལྭ་བ་པ་དང་བྷཱ་བ་བྷ་ཏྲས་བ་སྤུའི་སྒོ་ཐམས་ཅད་ནས་བསྟིམ་པ་དང༌། བསྟིམ་པའི་ལྷ་སྤྱན་འདྲེན་པ་ཡང་ལྭ་བ་ 10-3-17b པས་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་ཏེ་བསྟིམ་པ་ཉིད་ལེགས་པ་ཡིན་ནོ། །དེ་ལྟར་དབང་ལྔ་ནི་སངས་རྒྱས་ལྔ་འགྲུབ་པའི་གེགས་ཀྱི་དྲི་མ་ལྔ་དག་པར་བྱེད་པ་དང་། མ་རིག་པ་དང་བྲལ་བ་ལས་རིག་པ་ཡེ་ཤེས་ལྔ་སྒྲུབ་པའི་ནུས་ པ་ཁྱད་པར་བ་འཇོག་པས་རིག་པའི་དབང་ལྔ་སྟེ། དབང་བསྐུར་ལྔ་ཐོབ་རྒྱུ་ལས་ནི། །སངས་རྒྱས་ལྔ་པོ་འདི་རྣམས་དག །མ་རིག་པ་དང་བྲལ་བ་ལས། །ཡེ་ཤེས་ལྔ་ནི་ཐོབ་པར་བྱེད། །ཅེས་གསུངས་སོ། །གཞན་ཡང་དབང་ལྔ་པོ་འདི་དག་ལ་རིག་པའམ་རིག་ མ་སྤྱན་མ་ལ་སོགས་པའི་ལྷ་མོས་ཆུའི་དབང་བསྐུར་བར་བྱེད་པའི་ཕྱིར་རིག་པའི་དབང་དང་བུམ་པའི་དབང་ཞེས་བྱའོ། །དེ་ནས་བླ་མའི་ནང་གི་ཧེ་རུ་ཀའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་གི་མཐའ་སྐོར་གྱི་ཡི་གེ་ཉི་ཤུ་རྩ་གཉིས་པའི་སྔགས་མར་མེ་གཅིག་ ལས་གཉིས་ཆད་ཀྱི་ཚུལ་གྱིས་སྙིང་ག་ནས་བརྒྱུད་དེ་ཞལ་ནས་བྱུང༌། སློབ་མའི་ཁ་ནས་ཞུགས། སྙིང་གའི་ཧཱུཾ་གི་མཐའ་མར་གཡོན་སྐོར་དུ་འཁོད་པའི་འོད་ཟེར་གྱིས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམས་ལ། འདི་ནི་སངས་རྒྱས་ཐམས་ ཅད་ཀྱི། །སྙིང་པོ་ཡི་ནི་ཡེ་ཤེས་མཆོག །སངས་རྒྱས་ཐམས་ཅད་བསྡུས་པ་ནི། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཞེས་བརྗོད་དེ་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱེད་དུ་གཞུག་ལ། སློབ་མས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་ བདག་ལ་བྱིན་གྱིས་རློབས། །ཞེས་བརྗོད་ལ་མེ་ཏོག་གི་ཕྲེང་བ་བླ་མ་ལ་འབུལ། བླ་མས་ཀྱང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །དཔལ་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ 10-3-18a ཅད་འཇུག་པར་གྱུར་ཅིག་ཅེས་བརྗོད་ལ། ཞེས་ཁྱོད་ཀྱིས་སྔགས་ཀྱི་དབང་ཐོབ་པར་བྱས་པས། སྔགས་བཟླས་པས་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་དོ། །སྔགས་དབང་འདི་དབང་ལྔའི་སྔོན་དུ་བྱེད་པའང་ཡོད་མོད་ཀྱང་དབང་ཆོག་དང་རྒྱུད་ རྡོར་ཕྲེང་གཉིས་ཀ་ལས་སྐབས་འདིར་གསུངས་སོ། །བུམ་དབང་བཅུ་གཅིག་གི་དྲུག་པ་སྔགས་ཀྱི་དབང་ངོ་། །བརྟུལ་ཞུགས་ཀྱི་དབང་ལ་གཉིས་ལས་ཐུན་མོང་གི་བརྟུལ་ཞུགས་སྦྱིན་པ་ནི། སློབ་མ་དང་རྡོ་རྗེ་བསངས་སྦྱངས་ཏེ་སྟོང་པའི་ངང་ལས་པད་ཟླའི་ གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། སློབ་མ་དང་རྡོ་རྗེ་གཉིས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པའི་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་བསྙེམས་མ་དཀར་མོ་ཞལ་གཅིག་ཕྱག་ གཉིས་པ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཕྱག་རྒྱ་དྲུག་དང་ལྔས་བརྒྱན་པའི་གནས་གསུམ་དུ་ཡི་གེ་གསུམ་བཀོད་དེ་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག །དབང་བསྐུར་མི་བསྐྱོད་པས་རྒྱས་གདབ་མཆོད། དེ་ཞུ་བ་ལས་བྱུང་བའི་རྡོ་རྗེ་གནས་གསུམ་ དུ་རེག་ལ་ལག་པ་གཡས་སུ་གཏད་དེ། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །དཔལ་ཧེ་རུ་ཀའི་བརྟུལ་ཞུགས་བརྟན། །ཞེས་བརྗོད་ཅིང་སློབ་མས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ སྟཾ་དྷ་ར་ཡཱ་མི་ཨོཾ། ཧ་ཧ་ཧ་ཧ་ཧཱིཿ ཞེས་བརྗོད་དེ་སྔགས་ཀྱི་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པའི་རྡོ་རྗེའི་དམ་ཚིག་འདི་བདག་ལ་ཞུགས་ཤིག་གཟུང་བར་བགྱིའོ་ཞེས་པའོ། །སྙིང་གི་ནང་དུ་ཡང་རྡོར་སེམས་ཡབ་ཡུམ་འོད་ཟེར་འཕྲོ་བ་གཅིག་ 10-3-18b སྒོམ་དུ་གཞུག་ལ། དེང་ཕྱིན་ཆད་རྡོར་སེམས་ཐོབ་པའི་ཐབས་སུ་ཡེ་ཤེས་ལྔའི་ནང་གི་རྡོ་རྗེ་དེ་མ་བྲལ་བར་ཆོངས་ཤིག་ཅེས་གོ་བར་བྱའོ། །བུམ་དབང་བཅུ་གཅིག་གི་བདུན་པ་རྡོ་རྗེའི་བརྟུལ་ཞུགས་ཀྱི་དབང་ངོ༌། །གཉིས་པ་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་ སྦྱིན་པ་ནི། སློབ་མ་བསངས་སྦྱངས་ཏེ། སྟོང་པའི་ངང་ལས་སྣ་ཚོགས་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་སློབ་མ་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པར་བསྐྱེད་ལ་གནས་གསུམ་བྱིན་གྱིས་ བརླབ། ཡེ་ཤེས་པ་གཞུག །དབང་བསྐུར་མི་བསྐྱོད་པས་དབུ་བརྒྱན། ཁ་ཊྭཱཾ་ག་དང་ཅང་ཏེའུ་དང་ཐོད་པ་རྣམས་ལ་ཡབ་ཀྱི་སྙིང་པོ་ལན་གསུམ་བཟླས་ཏེ། ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། །ཕྱི་དང་ནང་ན་ཡང་དག་གནས། །ཁ་ཊྭཱཾ་ཅང་ཏེའུ་ལྷུང་བཟེད་དག །བྱིན་ པ་དཔའ་བོས་བཟུང་བར་གྱིས། །ཁ་ཊྭཱཾ་ཅང་ཏེའུ་ལྷུང་བཟེད་བཟང༌། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེ་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོག་ཅིང༌། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །ཁ་ཊྭཱཾ་ག་དང་རྡོ་རྗེ་སྣོད། ། དཔའ་བོ་ཆེན་པོས་བླང་བར་གྱིས། །ཞེས་བརྗོད་དེ་ལག་པ་གཡས་སུ་ཌཱ་མ་རུ། གཡོན་དུ་ཐོད་པ་བདུད་རྩིས་གང་བ། གཡོན་གྱི་གྲུ་མོར་ཁ་ཊྭཱཾ་ག །སེ་རལ་ཁར་ཚངས་སྐུད་སྦྱིན་ནོ། །ཁ་ཊྭཱཾ་ག་ལྷའི་སྐུ་བདེ་བ་ཆེན་པོ། ཌཱ་མ་རུ་ཤེས་རབ་སྟོང་པ་ཉིད། ཐོད་པ་བདེ་སྟོང་དབྱེར་མེད་དུ་སྐྱོང་བ། ཚངས་སྐུད་རྣམ་པར་མི་རྟོག་པའི་མཚོན་བྱེད་དུ་ཤེས་པའི་སྒོ་ནས་དེ་དག་དང་མི་འབྲལ་བར་གྱིས་ཤིག །ཅེས་བཤད་ལ་ཌཱ་མ་རུ་དང་དྲིལ་བུའི་སྒྲ་བྱེད་དུ་གཞུག་པའི་ཕྱིར་དང་། སྙིང་གའི་ནང་དུ་ཧེ་རུ་ཀ་མཚོན་ 10-3-19a གང་བ་ཡབ་ཡུམ་གཅིག་སྒོམ་པའི་ནང་གི་དབང་བྱའོ། །ལྷུང་བཟེད་དང་སྣོད་ནི་ཐོད་པའོ། །བུམ་དབང་བཅུ་གཅིག་གི་བརྒྱད་པ་སྤྱོད་པའི་བརྟུལ་ཞུགས་ཀྱི་དབང་ངོ༌། །དེ་ནས་བླ་མ་ཤཱཀྱ་ཐུབ་པའི་ཆ་ལུགས་སུ་གནས་པས་ལག་པ་གཡོན་གྱིས་ ཆོས་གོས་ཀྱི་གྲྭ་སེང་གེའི་རྣ་བ་ལྟར་སྙིང་གའི་གཡོན་དུ་བཟུང༌། གཡས་པས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་བཅས་ལ། འདི་ལྟར་ང་ཡིས་ལུང་བསྟན་ཏེ། །འཁོར་ལོ་གསུམ་གྱི་བདག་ཉིད་ཁྱོད། །རང་ཉིད་སངས་རྒྱས་ཀུན་རང་བཞིན། ། ཧེ་རུ་ཀ་དཔལ་ཞེས་བྱ་བའི། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཤྲཱི་ཧེ་རུ་ཀ་ཌཱ་ཀི་ནཱི་ན་མཿ སརྦྦ་ཏ་ཐཱ་ག་ཏ་སིདྡྷིཿས་མ་ཡ་སྟྭཾ་བྷཱུར་བྷུ་བ་སྭཿ ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ ཀུན་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་བརྗོད་དེ་ལུང་བསྟན་པའོ། །འདིར་དབང་ཆོག་ལས། མདོར་བསྟན་དུ། དབུགས་དབྱུང་སྦྱིན་པར་བྱ། ཞེས་གསུངས་ནས་མཇུག་སྡུད་དུ་ལུང་བསྟན་པའོ། །ཞེས་ དེ་གཉིས་གཅིག་ཏུ་གསུངས་པས་བུམ་དབང་བཅུ་གཅིག་གི་དགུ་པ་ལུང་བསྟན་པའི་དབང་ངོ༌། །འདི་རྡོ་རྗེ་སློབ་དཔོན་གྱི་དབང་གི་མཐའ་རྟེན་དུ་བྱེད་པ་ཡོད་ཀྱང་གྲུབ་ཆེན་གྱི་གཞུང་ན་རིམ་པ་འདི་བཞིན་དུ་ཡོད་ཅིང༌། དེ་ལྟར་བྱེད་པ་ལ་མི་འཐད་པ་མེད་པས་ འདིར་བྱས་སོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ཏེ། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོ་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་ད་འདིར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་གདབ་བོ། ། 10-3-19b བླ་མས་སློབ་མ་བསང་སྦྱངས་ཏེ། སྟོང་པའི་ངང་ལས་དབང་སྟེགས་རིན་པོ་ཆེའི་ཁྲི་སེང་གེས་བཏེག་པའི་སྟེང་དུ་པད་ཉིའི་གདན་ལ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ་ལས། སློབ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས། ཡུམ་རྡོ་རྗེ་བསྙེམས་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ་ལ་འཁྱུད་པ། ཡབ་ཕྱག་རྒྱ་དྲུག་དང་ཡུམ་ཕྱག་རྒྱ་ལྔས་བརྒྱན་པའི་གནས་གསུམ་དུ་ཡི་གེ་གསུམ་ བཀོད་དེ་བྱིན་གྱིས་བརླབ། ཡེ་ཤེས་པ་སྤྱན་དྲངས་ལ་གཞུག །སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། ཕྱོགས་ཐམས་ཅད་དུ་མཆོད་པའི་སྤྲིན་དང་བཅས་པར་བསྐྱེད། རྡོ་རྗེ་དང་དྲིལ་བུ་བསང་ སྦྱངས་ཏེ། ཧཱུཾ་ལས་རྡོ་རྗེ་དང་ཨཿལས་དྲིལ་བུར་བསྐྱེད་དེ། རྡོ་རྗེ་རྡོ་རྗེ་སེམས་དཔའ་དང་དྲིལ་བུ་རྡོ་རྗེ་བསྙེམས་མའི་ངོ་བོར་བསམས་ལ། སྔར་གྱི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའི་ཚིག་དང༌། ཐོག་མཐའ་མེད་པའི་སེམས་དཔའ་ ནི། །རྡོ་རྗེ་སེམས་དཔའི་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨོཾ་མ་ཧཱ་བཛྲ་ཧཱུཾ། ཞེས་བརྗོད་ཅིང་སྟོང་པ་ཉིད་དང་དབྱེར་མེད་པའི་བྱང་ཆུབ་ཀྱི་ སེམས་ནི་གསང་བའི་རྡོ་རྗེ་ཡིན་ལ། རྡོ་རྗེ་ལག་ཏུ་འཛིན་པའི་ཚེ་དེ་དྲན་པར་གྱིས་ལ་ཟུངས་ཤིག་ཅེས་བརྗོད་དེ་ལག་པ་གཡས་སུ་སྦྱིན། དེ་ནས་དྲིལ་བུ་སྔར་གྱི་ཚིགས་བཅད་དང༌། ཨཿ སྲིད་པ་ངོ་བོ་ 10-3-20a ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་མཛད་པ་ཡིན། །བཛྲ་གྷཎྜེ་ཨཿ ཞེས་བརྗོད་ཅིང་དྲིལ་བུ་དཀྲོལ་བ་ནི་ཆོས་ཐམས་ཅད་ནི་རང་བཞིན་མེད་པའོ་ཞེས་སོགས་ ཀྱི་སྒྲ་དྲིལ་བུས་སྒྲོགས་པར་སོམས་ལ་དཀྲོལ་ཅིག་ཅེས་བརྗོད་ལ། ལག་པ་གཡོན་དུ་གཏད་ལ་དཀྲོལ། དེ་ནས། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་བརྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཡེ་ ཤེས་ཕྱག་རྒྱར་བྱིན་བརླབས་ནས། །འདོད་པ་ཐམས་ཅད་ལོངས་སྤྱད་དེ། །དངོས་གྲུབ་ཐམས་ཅད་སྒྲུབ་པར་གྱིས། །ཞེས་རང་གི་ལུས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་སྒོམ་པ་ནི་འདིར་མི་རུང་བའི་ཕྱག་རྒྱའི་དམ་ཚིག་ཡིན་ལ། དེ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་ མཉམ་པར་སྦྱར་ཏེ་དངོས་གྲུབ་ཐམས་ཅད་སྒྲུབ་དགོས་སོ། ཞེས་གོ་བར་བྱས་ལ་ཡབ་ཡུམ་ཕན་ཚུན་འཁྱུད་པར་སེམས་སུ་གཞུག་ཅིང་རྡོར་དྲིལ་འཛིན་པའི་ལག་པས་ཀྱང་འཁྱུད་པའི་ཚུལ་བྱེད་དུ་གཞུག །དེ་ལས་བྱུང་བའི་བདེ་སྟོང་གཉིས་སུ་མེད་ པ་རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞིར་ངོ་སྤྲད་དེ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱའི་ དམ་ཚིག་གསུམ་ཚང་བ་དབང་ཆོག་ན་མེད་ཀྱང༌། བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་ལ་འབྱུང་བ་ཤིན་ཏུ་ལེགས་ཏེ། དབང་ཆོག་ལས། རྡོ་རྗེ་འཆང་དབང་དབང་བསྐུར་བར། །དཔའ་བོས་རྣམ་པར་བསམ་པར་བྱ། །ཞེས་སློབ་མ་རྡོ་རྗེ་འཆང་དུ་བསྐྱེད་ 10-3-20b པ་ལ་དབང་བསྐུར་བའི་ཕྱག་རྒྱའི་དམ་ཚིག་གསལ་བར་གསུངས་པས། དེའི་འཁོར་དམ་ཆིག་གཞན་གཉིས་ཀྱང་ཤུགས་ཀྱིས་ཤེས་ནུས་པའི་ཕྱིར་རོ། །དེའི་ཕྱིར་སྐབས་འདིར་རྡོ་རྗེ་འཆང་དུ་བསྐྱེད་པར་གོང་མ་རྣམས་བཞེད་པ་ལྟར་བྱས་ན་ལེགས་སོ། །དེ་ ནས་བླ་མ་འཁོར་ལོ་གསུམ་གྱི་བདག་པོར་གྱུར་པའི་སྟོན་པས་ཡེ་ཤེས་སེམས་དཔའི་ངོ་བོ་ནང་གི་ཧེ་རུ་ཀའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཡང་དག་པར་བསྐུལ་ནས། གཙོ་བོ་ཡབ་ཡུམ་གྱི་དེ་བཞིན་གཤེགས་པ་དང་དཔའ་བོ་དང་དཔའ་མོ་རྣམས་ རིམ་གྱིས་བཀུག་སྟེ་ནམ་མཁར་གནས་པ་ལ་མཆོད་པས་མཆོད་ནས། སློབ་མ་ལ་དབང་བསྐུར་བར་གསོལ་བ་བཏབ་པས། སྔར་ཆུ་དབང་གི་སྐབས་སུ་བཤད་པ་བཞིན་དབང་བསྐུར་བར་བསམས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་པ་དང་སྔར་གྱི་ཆུ་དབང་གི་སྔགས་བཟླས་ཤིང་དབང་བསྐུར་བས་ལུས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང༌། ཆུ་ལྷག་མ་སྤྱི་གཙུག་ན་གནས་པ་ ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན། དབང་གི་ལྷ་ཐམས་ཅད་སྤྱི་བོ་ནས་ཐིམ་པར་བསམ། སློབ་དཔོན་གྱིས། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བར་ བསམ་ཞིང༌། དེར་འདུས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཀྱང་མེ་ཏོག་ལ་སོགས་པས་ཇི་ལྟར་འདོད་པར་མཆོད་པར་བྱའོ། །བུམ་དབང་བཅུ་གཅིག་གི་གཙོ་བོ་བཅུ་པ་ཕྱིར་མི་ལྡོག་པའི་དབང་ངོ༌། །དེ་ནས་སློབ་དཔོན་གྱིས། དེ་ཉིད་རིག་པའི་ 10-3-21a རྣལ་འབྱོར་པས། །མི་བྱ་བ་ནི་ཅུང་ཟད་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོས་འདོད་པ་ལྔ་སྤྱད་དོ། །ཞེས་བརྗོད་ལ། བདེ་སྟོང་དབྱེར་མི་ཕྱེད་པའི་དེ་ཉིད་རིག་པའི་སྒོ་ནས་འདོད་པའི་ཡོན་ཏན་ལ་སྤྱད་པར་བྱའོ་ཞེས་འདོད་ ཡོན་ལ་སྤྱོད་པའི་རྗེས་གནང་དང༌། བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་དངོས། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀ་མཆོད་བྱ། །ཞེས་བརྗོད་ལ། རང་ཉིད་དཔའ་བོ་དང་རྣལ་འབྱོར་མ་འདུས་པའི་ངོ་བོ་ཧེ་རུ་ཀར་ བལྟས་ལ་བདག་ཉིད་མཆོད་པར་བྱའོ་ཞེས་ལྷ་མཆོད་པའི་རྗེས་གནང་དང༌། རྟེན་ཅིང་འབྲེལ་པར་འབྱུང་ཆོས་ཅན། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་བརྗོད་ ལ། སྣོད་བཅུད་སྒྱུ་མ་ལྟར་ཤེས་པར་གྱིས་ལ་སེམས་ཅན་གྱི་དོན་བྱོས་ཤིག་ཅེས་སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་སྦྱིན་ཏེ། བུམ་དབང་བཅུ་གཅིག་པ་རྗེས་གནང་གི་དབང་ངོ༌། །དེ་ལྟར་ན་ཁྱེད་ཀྱིས་བླ་མའི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་ པའི་དབང་ཐོབ། གཙོ་བོར་ལུས་ཀྱི་དྲི་མ་འཁྲུད། བསྐྱེད་རིམ་ཁྱད་པར་ཅན་ནང་ལུས་ཀྱི་དཀྱིལ་འཁོར་ཟབ་མོ་སྒོམ་པ་ལ་དབང་བར་བྱས། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པ་ཡིན་ནོ་ཞེས་དག་པ་སྦྱིན་ནོ། །དེ་ནས་བླ་ མའི་ལུས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་མདུན་དུ་བུམ་དབང་ཐོབ་པའི་བྱ་བ་བྱས་པའི་སློབ་མས། འཁོར་ལོའི་སྤྱན་ཞེས་པ་འཁོར་ལོའི་འདྲེན་པ་གཙོ་བོ་དང་ཐ་མི་དད་པའི་བླ་མ་དཔའ་བོ་ཆེན་པོ་ལ་གསང་དབང་གི་དོན་དུ་ཕྱག་འཚལ། 10-3-21b མཎྜལ་དང་རིག་མ་མཚན་ཉིད་དང་ལྡན་པ་ཕུལ་བར་མོས་པ་བྱས་ལ། སྐྱོབ་མེད་སྐྱོབ་པ་སྐྱབས་མེད་སྐྱབས། །དཔལ་ནི་འཁོར་ལོ་བདེ་བའི་མཆོག །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མཁོན་མེད་བདག་གི་མགོན་མཛོད་ཅིག །བདག་ཉིད་ཆེ་ཁྱོད་ཇི་ལྟ་བར། །གཙོ་བོས་ བདག་ཀྱང་དེ་འདྲར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་པ་བདག་ལ་སྐྱབས་མཛོད་ཅིག །ཅེས་ལན་གསུམ་གསོལ་བ་གདབ་བོ། །འདིར་དབང་ཆོག་ལས། དེ་ལ་འདིར་ཕྱག་རྒྱའི་རིམ་པ་ནི་ས་བོན་ལྔའི་རིགས་ཀྱི་རང་བཞིན་དག་པའི་ཕྱག་རྒྱ་ལས་ དང་ཆོས་དང་ཆེན་པོ་དང་དམ་ཚིག་རྣམས་ཐམས་ཅད་བུད་མེད་དུ་འདོད་པའོ། །ཞེས་གསུངས་པའི་དོན་ནི་གསང་དབང་གི་སྐབས་འདིར་སློབ་དཔོན་གྱིས་ཕྱག་རྒྱ་མ་ལ་བརྟེན་ནས་དབང་བསྐུར་དགོས་པ་ལ་ཕྱག་རྒྱའི་རིམ་པ་ནི། ལས་རྒྱ་དང༌། ཆོས་རྒྱ་ དང༌། ཕྱག་ཆེན་དང༌། དམ་ཚིག་གི་ཕྱག་རྒྱ་ཡིན་ལ། དེ་རྣམས་ཀྱང་རྣལ་འབྱོར་པ་ལ་བདེ་བ་སྟེར་བས་བུད་མེད་ཀྱི་ཐ་སྙད་བྱེད་དོ། །བུད་མེད་ཀྱི་ཕྱག་རྒྱ་ཡང་ཧཱུཾ་ཨཾ་ལ་སོགས་པའི་ཡི་གེ་ལས་སྐྱེས་པའི་རིགས་ལྔའི་རང་བཞིན་དག་པ་ལྔ་ཡོད་ཅེས་པའོ། ། དེ་ནས་ཡི་གེ་བདུན་པ་བརྗོད་ལ་གདོང་གཡོགས་བཅིང༌། འབྲུ་གསུམ་བརྗོད་ཅིང་ནང་མཆོད་གཏོར་ལ་བསྲུང༌། བླ་མ་གཙོ་བོ་དང་ཐ་མི་དད་པས་རིགས་ལྔའི་རིགས་ཀྱི་ཕྱག་རྒྱ་མ་གང་རུང་ཕག་མོར་བསྐྱེད། སྒྲུབ་ཐབས་ལྟར་རྡོ་རྗེ་དང་པདྨ་བྱིན་གྱིས་ བརླབ། སློབ་མ་གཙོ་བོའམ་གསུང་རྡོ་རྗེ་འོད་དཔག་མེད་དུ་བསྐྱེད། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དཔའ་བོ་དང་དབའ་མོ་རྣམས་སྤྱན་དྲངས་ཏེ་དཔའ་བོ་རྣམས་ཡབ་ཀྱི་ཞལ་དང་དཔའ་མོ་རྣམས་ཡུམ་གྱི་ཞལ་དུ་ཞུགས། 10-3-22a ཐུགས་ཀར་འོད་དུ་ཞུ་སྐུའི་དབྱིབས་བརྒྱུད་ནས་དཔའ་བོ་ཐམས་ཅད་འདུས་པའི་བྱང་སེམས་དཀར་པོ་དང༌། ལྷ་མོ་ཐམས་ཅད་མཉམ་པོར་ཞུ་བའི་བྱང་སེམས་དམར་པོ་གཉིས་འདྲེས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་མོས་ལ། དངོས་སུ་བྱིན་གྱིས་བརླབས་པའི་ནང་མཆོད། འདི་དེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ལྡན་པའི་རོ་རྟོགས་བྱེད། །བདེ་བ་དེ་གང་མྱང་བར་བྱ། །ཇི་ལྟར་རྡོ་རྗེ་འཆང་སོགས་ཀྱིས། །སྔོན་ཆད་སྲས་ནི་དབང་བསྐུར་བ། །དེ་ བཞིན་དུ་ནི་བྱང་ཆུབ་སེམས། །བཟང་པོས་བུ་ཁྱོད་དབང་བསྐུར་རོ། །ཞེས་བརྗོད་ལ་སློབ་མའི་ལྕེ་ཐོག་ཏུ་བཞག །སློབ་མས་ཀྱང་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསམས་ལ་རྟོག་པ་མེད་པར་མྱངས་པས་བདེ་བ་ཆེན་པོ་སྐྱེས་པར་བསམས་ ལ། ཀྱེ་མ་བདེ་བ་ཆེན་པོ་ཞེས་བརྗོད་དེ། དེ་འདྲ་བའི་བདེ་བ་དང་སྟོང་པ་དབྱེར་མེད་པ་གསང་དབང་དུ་ངོ་སྤྲད་དོ། །བླ་མ་ཡབ་ཡུམ་གྱི་ཐུགས་ཀ་ནས་ཧེ་རུ་ཀ་ཡབ་ཡུམ་འཕྲོས། སློབ་མའི་མགྲིན་པར་ཐིམ་པར་བསམ། འབྲུ་གསུམ་བརྗོད་ཅིང་བདུད་རྩི་ གཏོར་ལ་གདོང་གཡོགས་དབྱེ། དེ་ལྟར་ན་དབང་ཆོག་ལས། ཀུན་རྫོབ་པ་ཡི་བྱང་ཆུབ་སེམས། །གསང་བ་གང་ཡིན་དེར་དབང་བསྐུར། །ཞེས་གསུངས་པས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། གཙོ་བོར་ངག་གི་དྲི་མ་འཁྲུད། བདག་བྱིན་བརླབས་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་སྒོམ་པ་ལ་དབང༌། འབྲས་བུ་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པའི་སྐལ་བ་དང་ལྡན་པར་བྱས་སོ་ཞེས་དག་པ་སྦྱིན་ནོ། །དེ་ནས་སློབ་མས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་ 10-3-22b ཕྱག་དང་མཎྜལ་ཕུལ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་ཀྱི་ཚོགས་ནང་དུ། ། བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་གསོལ་བ་ལན་གསུམ་གདབ། སློབ་མའི་གདོང་གཡོགས་པ་དང་བསྲུང་བ་སྔར་བཞིན་བྱ། སློབ་མ་བསངས་སྦྱངས་ཏེ་འཁོར་ལོ་སྡོམ་པར་བསྐྱེད། སྔར་བྱིན་གྱིས་བརླབས་པའི་གསང་དབང་གི་རིག་མའམ་རིག་ མ་གཞན་ཡང་རུང་སྟེ། སྟོན་པ་བླ་མས་སློབ་མ་ལ་བྱིན་ནས་དེ་ལ་བརྟེན་ཏེ་བདེ་བ་དམ་པའི་མཆོག་བསྒྲུབ་པར་བྱ་བའི་ཕྱིར། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོང༌། །བུ་ཡིས་བླ་མེད་མཆོད་པར་གྱིས། ། ཞེས་བརྗོད་དེ་ཤེས་རབ་མ་གཏོད་པའོ། །དེ་ནས་ལྷ་མོ་དེས། དཔའ་བོ་བྱང་ཆུབ་སེམས་ཟ་བར། །ཁྱོད་ནི་སྤྲོ་བ་ཡིན་ནམ་ཅི། །རིགས་ལྔ་ལས་ནི་རབ་བྱུང་བ། །རིག་མ་མཆོད་པ་ལ་གུས་སམ། །དྲི་ཆེན་དྲི་ཆུ་སྟོབས་དང་ཁྲག །སོགས་བཟའ་ ད་ལྟ་ཡིད་ཆེས་སམ། །རྗེས་སུ་མཐུན་སྨྲོས་དམ་ཚིག་བཟང༌། །ཇི་ལྟར་དགའ་བ་སྨྲོས་ཤིག་བུ། །ཞེས་དྲིས་པའི་ལན་དུ། ཇི་ལྟར་གསུངས་པའི་དམ་ཚིག་སོགས། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །བུད་མེད་རྟག་གུས་ཅིས་མི་བྱེད། །པདྨ་མཆོད་པ་ཅིས་ མི་བགྱིད། །ཅེས་བརྗོད་པས་ལྷ་མོ་དེ་དགྱེས་ཏེ་སྐྲ་གྲོལ་ཞིང་གོས་དང་བྲལ་བར་བྱས། པདྨ་རྒྱས་པའི་དབུས་ན་གནས་པའི་རྩ་བདེ་བ་ཆེན་པོ་འབབ་པ་བསྟན་ནས། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །ཅི་སྟེ་ཆོ་ག་བཞིན་བསྟེན་ན། ། 10-3-23a དེ་ཡི་མདུན་ན་ང་གནས་ཏེ། །སངས་རྒྱས་བསྟེན་པ་ལ་སོགས་པ། །བྱ་བ་ཐམས་ཅད་པདྨར་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་ཡང་དག་གནས། །པདྨ་བྷ་ཛ་ཧོཿ ཞེས་གསུང་བར་བསམས་ལ། རང་བདེ་མཆོག་དང་རིག་མ་ཕག་ མོར་བསྐྱེད་པ་ལུས་ལྷའི་འདུ་ཤེས་དང༌། གཉིས་ཀའི་མཁའ་གསང་བྱིན་གྱིས་བརླབས་ནས་ཡི་གེ་བཀོད་པ་སྔགས་ཀྱི་འདུ་ཤེས་དང་། ཐབས་འདི་ལ་བརྟེན་ནས་ཟག་མེད་ཀྱི་བདེ་བ་མངོན་དུ་བྱའོ་སྙམ་པའི་ཆོས་ཀྱི་འདུ་ཤེས་ཏེ་འདུ་ཤེས་གསུམ་དང་ལྡན་ པས་སྙོམས་འཇུག་བྱ། བླ་མའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་རྣམས་བཀུག་ལ་སློབ་མ་ལ་བསྟིམ། སློབ་མ་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ་དང༌། མགྲིན་པ་ ནས་སྙིང་ཁར་སླེབ་པ་ན་མཆོག་དགའ་དང༌། སྙིང་ག་ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ་དང༌། ལྟེ་བ་ནས་ནོར་བུའི་རྩེར་སླེབ་པ་ན་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས་པར་བསམས་ནས་སྟོང་པ་ཉིད་ཀྱི་ལྟ་བ་དྲན་པར་བྱས་ཏེ་བདེ་སྟོང་དབྱེར་མེད་ དུ་སྦྱར་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དངོས་གཞིར་ངོ་སྤྲད་དོ། །དབང་གི་དངོས་གཞི་དབང་དུས་སུ་ངོ་སྤྲོད་དགོས་པ་རྣམས་མོས་པ་ཡིད་བྱེད་ཚུན་ཆོད་ཀྱིས་ཀྱང་བསྐྱེད་ལ་དམིགས་ལེགས་པར་ཕྱེད་པ་ཤིན་ཏུ་གལ་ཆེའོ། །དེ་ནས་ཤེས་རབ་མ་དེ་ མཉེས་ནས་དེའི་མགོར་ལག་པ་གཡོན་པ་བཞག་སྟེ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་འདྲར་སེམས་ཅན་ཐམས་ཅད་ཀྱི། །དོན་ནི་བདག་ཉིད་ཀུན་གྱིས་གྱིས། །ཞེས་རྗེས་སུ་གནང་བ་བྱིན་པར་བསམས་པ་སྔར་ 10-3-23b བཞིན་གདོང་གཡོགས་བསལ་ལོ། །དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གཙོ་བོར་ཡིད་ཀྱི་དྲི་མ་འཁྲུད། ཕྱག་རྒྱ་ཆེན་པོ་དོན་དམ་འོད་གསལ་གྱི་རྫོགས་རིམ་སྒོམ་པ་ལ་དབང༌། འབྲས་བུ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་འཐོབ་པའི་ སྐལ་བ་དང་ལྡན་པར་བྱས་སོ་ཞེས་དག་པ་སྦྱིན་ནོ། །དེ་ནས་དབང་བཞི་པའི་དོན་དུ་ཕྱག་དང་མཎྜལ་ཕུལ་ཏེ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། ། ཞེས་གསོལ་བ་ལན་གསུམ་གདབ། བུམ་པ་ལ་སོགས་པའི་དབང་རིམ་པ་གསུམ་པོའི་བླ་མ་སྟེ་གོང་མ་འདིར་ཤེས་པར་བྱ་བ་ལ་དབང་ཆོག་ལས། དཔའ་བོས་ཀུན་སྤྱོད་རིམ་ཕྱེ་བས། །མན་ངག་ཉིད་ཀྱིས་ཤེས་པར་བྱ། །ཞེས་དཔའ་བོ་སྟེ་རྣལ་འབྱོར་པས་ གསང་བའི་དོན་ལ་ཀུན་ཏུ་སྤྱོད་པའི་རིམ་པ་ལྔར་ཕྱེ་བའི་ནང་ནས་བསམ་མི་ཁྱབ་ཀྱི་རིམ་པའི་མན་ངག་གིས་དབང་བཞི་པ་ཤེས་པར་བྱ་བར་གསུངས་ལ། མན་ངག་དེ་ཡང་དེ་ཉིད་ལས། །ཕྱི་དང་ནང་གི་རང་བཞིན་ཉིད། །ཆོས་རྣམས་ཀུན་གྱི་ངོ་བོ་སྟེ། །བསམ་ གྱིས་མི་ཁྱབ་ཅེས་བཤད་དོ། །སྣང་མེད་རབ་རྫོགས་གནས་མེད་པ། །དེ་ཉིད་ལྔ་པ་རྫོགས་པའི་རིམ། །ལྷན་ཅིག་སྐྱེས་པ་མི་ཟད་པ། །བསམ་གྱིས་མི་ཁྱབ་མཐའ་ཡས་སོགས། །དེ་ནི་བརྟན་གཡོ་འགྲོ་བདག་ཉིད། །བདག་མེད་ཉིད་ཀྱི་བདག་ཏུ་གནས། ། དཔའ་བོ་བདེ་བ་ཆེན་པོ་རྟོགས། །འདི་ནི་དེ་ཁོ་ནའི་མན་ངག་གོ། ཞེས་གསུངས་པ་འདི་ཉིད་ཡིན་པས་དེའི་སྟེང་ནས་གྲུབ་ཆེན་གྱི་དགོངས་པའི་དབང་བཞི་པ་བསྐུར་ཚུལ་ཤེས་དགོས་སོ། །འདི་ལ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་ཚིག་དབང་བཞི་པ་ 10-3-24a བསྐུར་བ་ནི་དབང་གསུམ་པ་དང་དཔེ་དོན་དུ་སྦྱར་ནས་བསྐུར་བར་གསུངས་ཤིང༌། རྒྱུད་རྡོར་ཕྲེང་ལས་ཀྱང་དབང་བཞི་པའི་སྐབས་སུ། བསྐྱེད་པའི་རིམ་པ་སྒོམ་པ་ཡི། །འདི་ནི་མན་ངག་ལས་ནི་ཤེས། །ཞེས་བཞི་པ་འདི་ནི་དབང་གསུམ་ པ་བསྐུར་བའི་སྐབས་ཀྱི་བསྐྱེད་རིམ་གྱི་མན་ངག་ལས་ཤེས་པར་གསུངས་པས། དབང་གསུམ་པའི་སྐབས་སུ་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པ་དང་། སེམས་དེ་ཁོ་ན་ཉིད་ལ་ཞུགས་པའི་བདེ་བ་ཆེན་པོ་གཉིས་ཡོད་པ་དེ་བཞིན་དུ། དོན་གྱི་ དབང་བཞི་པ་ཡང་ཕྱི་ནང་གི་ཆོས་བརྟན་གཡོ་ཀུན་གྱི་བདག་ཉིད་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་དུ་གནས་པ་ལ། ཡུལ་ཅན་བདེ་བ་ཆེན་པོ་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ཞུགས་པས་གཉིས་སྣང་ཕྲ་མོ་ཡང་མེད་པའི་ཐུགས་ལྷན་ ཅིག་སྐྱེས་པའི་ཡེ་ཤེས་མི་ཟད་པ་བསམ་གྱིས་མི་ཁྱབ་པ་མཐའ་ཡས་པ་དང༌། སོགས་ཀྱི་དོན་ལུས་ཡོངས་སུ་དག་པའི་སྒྱུ་མའི་སྐུར་སོང་བ་དང་། གཉིས་པོ་ངོ་བོ་གཅིག་ཏུ་ཚོགས་པའི་ཟུང་འཇུག་རྫོགས་རིམ་གྱི་རིམ་པ་ལྔ་པ་བསམ་མི་ཁྱབ་ཀྱི་རིམ་པ་ དེ་ཉིད་དོན་གྱི་དབང་བཞི་པ་ཡིན་ལ། དེ་ཉིད་ཚིག་དབང་གིས་ངོ་སྤྲད་པའི་ཐབས་ཀྱི་ལམ་གོམས་པར་བྱས་པ་ལས་མངོན་དུ་འགྱུར་རོ་ཞེས་བརྡ་སྤྲད་པར་བྱའོ། །གྲུབ་ཆེན་གྱི་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས་ཀྱང༌། དེ་ནི་ངོ་བོ་ཉིད་ཀྱི་སྐུ། །སྟོང་ཉིད་སྙིང་རྗེ་གཉིས་ མེད་པ། །མ་ནིང་ཞེས་བྱར་གྲགས་པ་སྟེ། །འགའ་ཞིག་ཏུ་ནི་ཟུང་འཇུག་ཅེས། །སྒྲིབ་པ་མེད་པའི་ཆོས་ཀྱིས་ནི། །ཕུང་པོ་ལ་སོགས་འདི་ན་གནས། །རྟེན་དང་བརྟེན་པའི་མཚན་ཉིད་འདི། །ཐམས་ཅད་དཀྱིལ་འཁོར་ཉིད་ཡིན་ནོ། །ཞེས་གསུངས་པས། 10-3-24b ལུགས་འདི་ལ་དབང་བཞི་པ་ཟུང་འཇུག་གི་དོན་ལ་ངོ་སྤྲད་ནས་བསྐུར་བ་དགོས་ལ། དེ་བླ་མས་དབང་གི་དུས་སུ་ངོ་སྤྲད་པ་ཉིད་ཀྱིས་ཚིག་དབང་བཞི་པ་འཐོབ་པས་དེ་ལས་གཞན་མང་པོ་ཞིག་མི་དགོས་སོ། །དེ་དག་གིས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་ འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ནུས་པ་བཞག །བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་སྒོམ་པ་སོགས་ལ་དབང་བར་བྱས། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་ མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་སོ་ཞེས་དག་པ་སྦྱིན་ནོ། །དེ་ནས། འདི་ནི་རང་ཉིད་མཛེས་མ་སྟེ། །ཕྱི་རོལ་ཡུལ་ནི་སྤངས་པའོ། །རིག་འདི་བོར་ནས་དེ་ལས་ནི། །གཞན་པའི་ཐབས་ཀྱིས་སངས་རྒྱས་མེད། །རིག་མའི་བརྟུལ་ཞུགས་སྤྱོད་གཅིག་བུ། ། བརྟུལ་ཞུགས་རྣམས་ཀྱི་བླ་མའི་བླ། །ཞེས་བརྗོད་དེ། དེའི་དོན་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ལ་དམིགས་པ་ཉིད་ཀྱིས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་འདྲེན་པའི་ངེས་དོན་གྱི་རིག་མ་འདི་བོར་ནས་ཐབས་གཞན་གྱིས་འཚང་མི་རྒྱ་བས་རིག་མའི་བརྟུལ་ ཞུགས་དེ་སྤྱོད་ཅིག །དེ་ནི་བརྟུལ་ཞུགས་ཐམས་ཅད་ཀྱི་ནང་ནས་གོང་མའི་གོང་མར་གྱུར་པའོ་ཞེས་གོ་བར་བྱ་སྟེ། རིག་མའི་བརྟུལ་ཞུགས་སྦྱིན་པའོ། །འདི་དབང་ཆོག་ན་སྔོན་དུ་ཡོད་ཀྱང༌། རྒྱ་གར་བའི་མཁས་པ་གཞན་གྱིས་དབང་བཞི་པའི་མཐའ་ རྟེན་དུ་རིག་མའི་བརྟུལ་ཞུགས་སྦྱིན་པར་བཤད་པ་ལྟར། སྐབས་འདིར་དོན་གྱི་རིམ་པ་ལ་བརྟེན་ཏེ་བྱས་ན་ལེགས་སོ། །ཚིག་ཉུང་དོན་དཀའ་གལ་ཏེ་རྟོགས་གྱུར་ན། །མཁས་པའི་ཡིད་ལ་དགའ་བ་ཆེར་བསྐྱེད་པའི། །གྲུབ་ཆེན་དྲིལ་བུ་ཞབས་ཀྱི་དབང་ཆོག་ 10-3-25a དོན། །གོ་སླ་འཁྱེར་བདེའི་ཆོ་གའི་རིམ་པར་བསྒྲིགས། །ཤིན་ཏུ་དཔོག་དཀའི་དོན་ལ་ནོངས་གྱུར་ན། །བཅོམ་ལྡན་ཧེ་རུ་ཀ་ལ་སྙིང་ནས་འཆགས། །དེ་ཡི་དགེ་བས་གྲུབ་པའི་དབང་ཕྱུག་གི། ལུགས་བཟང་འཇིག་རྟེན་ཀུན་ཏུ་རྒྱས་གྱུར་ཅིག ། ཅེས་དཔལ་འཁོར་ལོ་བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དྲིལ་བུ་ཞབས་ཀྱི་ལུགས་སུ་གྲགས་པ་རིན་པོ་ཆེའི་བང་མཛོད་ཅེས་བྱ་བ་འདི། ཡོངས་སུ་གྲགས་པའི་སྡེ་སྣོད་འཛིན་པ་ཆེན་པོ་དགེ་ལེགས་དཔལ་གྱིས་ནན་ཆེར་བསྐུལ་ ཞིང་གཞན་ཡང་མང་པོ་ལ་ཕན་པར་མཐོང་ནས། ལམ་འདི་ལ་མོས་པ་ཤིན་ཏུ་བརྟན་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། བདེ་མཆོག་གི་རྒྱུད་དང་རྒྱ་གཞུང་གི་སྐོར་དུ་མ་དང༌། ཁྱད་པར་གྲུབ་ཆེན་གྱི་གཞུང་ཀུན་ལ་ འདྲེས་པར་བྱས་ཏེ། ས་སྐྱ་པ་ཡབ་སྲས་ཀྱི་ཕྱག་བཞེས་ལ་གཞི་བྱས་ཤིང༌། བོད་ཀྱི་མཁས་པ་གཞན་གྱིའང་ལེགས་པར་བཤད་པའི་ཆ་བླངས་ནས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་པ་རིན་ ཆེན་དཔལ་ལོ། །མངྒ་ལཾ།། 10-3-25b empty page 10-4-1a ༄༅། །དཔལ་འཁོར་ལོ་བདེ་མཆོག་རིམ་པ་ལྔ་པའི་བཤད་པ་སྦས་པའི་དོན་ལྟ་བའི་མིག་རྣམ་པར་འབྱེད་པ་བཞུགས་སོ།། 10-4-1b ༄༅། །དཔལ་འཁོར་ལོ་བདེ་མཆོག་གི་རིམ་པ་ལྔ་པའི་བཤད་པ་སྦས་པའི་དོན་ལྟ་བའི་མིག་རྣམ་པར་འབྱེད་པ་ཞེས་བྱ་བ། རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་སྐྱེ་བ་ཐམས་ཅད་དུ་གུས་ པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ལྷག་པའི་ལྷ་མཆོག་བླ་མ་ཧེ་རུ་ཀ །ཀུན་ལ་མ་ལྟར་བརྩེ་བ་རྗེ་བཙུན་མ། །དཔའ་བོ་དཔའ་མོའི་དབང་ཕྱུག་ཐམས་ཅད་ཀྱི། །ཞབས་ཀྱི་པདྨར་གུས་པས་ཕྱག་འཚལ་ལོ། ། དཔལ་ལྡན་འཁོར་ལོ་སྡོམ་པའི་ཟབ་མོའི་ལམ། །ཚུལ་བཞིན་བསྟེན་པས་དངོས་གྲུབ་མཆོག་བརྙེས་པ། །གྲུབ་པའི་དབང་ཕྱུག་དྲིལ་བུ་ཞབས་ལ་ནི། །སྙིང་ནས་འདུད་དོ་རིམ་ལྔའི་དོན་འགྲེལ་པ། །གེགས་མེད་མྱུར་དུ་ མཐར་ཕྱིན་འགྱུར་བ་དང༌། །ཆེས་ཆེར་བརླིང་བའི་ཟབ་མོའི་གཞུང་གི་དོན། །དགོངས་པ་ཇི་ལྟ་བ་བཞིན་ཕྱེད་པ་དང༌། །གནས་གསུམ་མཁའ་འགྲོས་བརྩེ་བས་བཀའ་དྲིན་མཛོད། །འོད་གསལ་འཆར་བའི་གནས་མཆོག་སྙིང་ག་ དང༌། །དྷཱུ་ཏཱིའི་ཡར་དང་མར་གྱི་སྣ་རྩེར་ནི། །གནད་དུ་བསྣུན་དང་ནོར་བུ་འགེངས་ཚུལ་དང༌། །ཚངས་པའི་མེ་ཡི་ནུས་པ་བསྐྱེད་པ་ལས། །བསམ་མི་ཁྱབ་ཀྱི་རིམ་པའི་སྐྱེ་ཚུལ་གྱི། །རིམ་པ་ལྔ་ཡི་གནད་ཀུན་ལེགས་བཤད་ པས། །བཤད་པ་ལྟར་སྣང་རྣམས་ལས་ཆེར་འཕགས་པ། །རྒྱ་ཆེར་བཤད་པ་འདི་ཡི་ཁྱད་པར་རོ། །འདིར་དཔལ་འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད། བཤད་པའི་རྒྱུད་དྲུག་གིས་གཏན་ལ་ཕབ་པའི་དོན་རྣལ་འབྱོར་གྱི་ 10-4-2a དབང་ཕྱུག་དྲིལ་བུ་པས་མངོན་དུ་གྱུར་ནས། ལམ་གྱི་རིམ་པར་བསྒྲིགས་ནས་སྟོན་པའི་རིམ་པ་ལྔ་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་གྱི་སྐད་དུ། ཤྲཱི་ ཙཀྲ་སཾ་བ་ར་པཉྩ་ཀྲ་མ་ནི། བོད་ཀྱི་སྐད་དུ་བསྒྱུར་ན་ཤྲཱི་ནི་དཔལ་ལོ། །ཙཀྲ་ནི་འཁོར་ལོའོ། །སཾ་བ་ར་ནི་སྡོམ་པའོ། །ཡང་ན་སཾ་མ་མ་ཤམ་བདེ་བ་དང༌། བ་ར་ནི་མཆོག་གོ། ཀྲ་མ་ནི་རིམ་པ་སྟེ་ཆ་དང་ཕྱོགས་ལ་བཤད་དེ་དོན་གྱི་ཚན་ པའོ། །པཉྩ་ནི་ལྔའམ་ལྔ་པ་སྟེ་བདག་བྱིན་གྱིས་བརླབ་པ་སོགས་ལྔ་སྟོན་པའི་གཞུང་ངོ༌། །གཉིས་པ་ནི། པདྨ་གར་གྱི་དབང་ཕྱུག་ནི་གསུང་རྡོ་རྗེ་འོད་དཔག་ཏུ་མེད་པ་སྟེ། དེ་ལ་ཕྱག་འཚལ་བ་ནི་ལོ་ཙཱ་བ་རང་དད་པའི་ལྷའོ། །གསུམ་པ་ ལ་གཉིས། གཞུང་མཛད་པ་པོའི་སློབ་དཔོན་གྱི་རྣམ་པར་ཐར་པ་དང༌། གཞུང་དངོས་ཀྱི་དོན་ནོ། །དང་པོ་ནི། སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པ་ནི། སློབ་དཔོན་ལཱུ་ཨི་པའི་དངོས་སློབ་རྒྱལ་པོ་དཱ་རི་ཀ་པའི་སློབ་མ་ཡིན་ཏེ། སློབ་ དཔོན་ལཱུ་ཨི་པས་འདི་ནས་ལྷོ་ཕྱོགས་ཀྱི་རྒྱུད་ན་ཨོ་ཊ་སུ་རཱི་མཁུར་བའི་གྲོང་ཁྱེར་ཞེས་པ་ན། རྡོ་རྗེ་རྣལ་འབྱོར་མ་སྨད་འཚོང་མའི་ཆ་བྱད་འཛིན་པ་ཞིག་ཡོད་པས་དེའི་དྲུང་དུ་སོང་ལ། ཉིན་མོ་ཞིང་ལས་གྱིས། ནང་ནུབ་རྐང་པ་ འཁྲུད་པ་དང་སྐུ་མཉེ་སོགས་གྱིས། དེར་ཆང་ཉོ་དང་ཉལ་པོ་ལ་འོང་བའི་སྐྱེས་པ་ཀུན་གྱི་རྐང་པ་བཀྲུ་བ་ལ་སོགས་གྱིས། ནུབ་མོ་སྒྲུབ་པ་གྱིས་དེ་ལྟར་བྱས་ན་ལོ་བཅུ་གཉིས་ན་བུད་མེད་སྟོང་ཕྲག་བཅུ་བཞི་དང་བཅས་པ་གྲུབ་ 10-4-2b པ་ཐོབ་པར་འགྱུར་རོ། །ཞེས་གསུངས་ནས་བཏང་ངོ༌། །ཇི་ལྟར་གསུངས་པ་ལྟར་བསྒྲུབས་པས་གྲུབ་པ་ཐོབ་པ་ཞིག་བྱུང་སྟེ། བླ་མ་རྡོ་རྗེ་གདན་པས་ཀྱང༌། རྒྱལ་རིགས་ཐ་མལ་སྤྱོད་པ་མཛད། །སྨད་འཚོང་ལྔ་བརྒྱ་མཁའ་ལ་གཤེགས། །དཱ་རི་ཀ་པ་ཞེས་བྱ་བའི། ། བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །རྡོ་རྗེ་དྲིལ་བུ་པ་ནི། རྒྱ་གར་ཤར་ཕྱོགས་ནཱ་ལེནྡྲའི་རྒྱལ་པོ་ཞིག་གི་སྲས་སུ་འཁྲུངས་ཏེ། ཡབ་འདས་པ་དང་བློན་པོ་ལ་སོགས་པས་རྒྱལ་ཚབ་ཏུ་མངའ་གསོལ་བས། རྒྱལ་སྲིད་ལ་སྙིང་པོ་མེད་པར་གཟིགས་ ནས། རིམ་གྱིས་དཔལ་ནཱ་ལེནྡྲར་བྱོན། མཁན་པོ་རྒྱལ་བའི་ལྷ་རབ་ཏུ་བཟང་པོ་ལ་རབ་ཏུ་བྱུང་སྟེ། མཚན་བློ་གྲོས་སྙིང་པོའི་དཔལ་ཞེས་བཏགས། རིག་པའི་གནས་ལ་སྦྱངས་པ་མཛད་པས། རིག་པའི་གནས་དང་སྡེ་སྣོད་ཐམས་ཅད་ལ་མཁས་པའི་ཡོངས་ རྫོགས་ཀྱི་པཎྜི་ཏར་གྱུར་ཏོ། །དེའི་ཚེ་མུ་སྟེགས་རལ་པ་ཅན་ཞིག་རྒྱལ་པོ་ལ་དཔང་དུ་གསོལ་ནས། བསྟན་པ་རྒྱལ་དུ་བཙུགས་ནས་རྩོད་པ་བྱེད་དུ་བྱུང་བ་ལ་པཎྜི་ཏ་གཞན་གྱིས་མ་ནུས་ཏེ། སློབ་དཔོན་གྱིས་དེ་ཕམ་པར་བྱས་ཏེ་ནང་པའི་བསྟན་པ་ལ་བཅུག་ པས། སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བ་ཞེས་གྲགས་སོ། །དེའི་ཚེ་རྒྱལ་པོའི་མཆོད་གནས་སུ་བཟུང་ནས་སྡེ་སྣོད་གསུམ་ལ་ཐོས་བསམ་ཉན་བཤད་མཛད་དོ། །དེའི་ཚེ་བླ་མ་དཱ་རི་ཀ་པ་དང་མཇལ་ནས་གུས་པས་བཏུད་དེ་རྗེས་སུ་འཛིན་པར་ཞུས་ པས། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། གདམས་པ་དང་རྗེས་སུ་བསྟན་པ་མཐའ་དག་གནང་སྟེ་དབེན་པར་སོང་ལ་སྒྲུབས་ཤིག་ཅེས་ལུང་བསྟན། དེར་བྷཾ་ག་ལའི་ནགས་ཁྲོད་དབེན་པ་ཞིག་ཏུ་སྒྲུབ་པ་མཛད་པ་ན། རེ་ཞིག་ཁྱེད་ 10-4-3a ཨོ་རྒྱན་དུ་སོངས་ཞིག་དེར་ཕག་རྫི་མོ་གཅིག་གིས་རྗེས་སུ་འཛིན་པར་འགྱུར་རོ། །ཞེས་ནམ་མཁའ་ལས་སྒྲ་བྱུང་ནས། དེར་ཕྱིན་ཏེ། ཕག་རྫི་མོ་མཐོང་ཚད་ལ་ཕྱག་ཕུལ་གསོལ་བ་བཏབ་པ་དང༌། ལན་ཅི་ཡང་མ་བྱུང་བས་ཐུགས་ཆད་པ་དང༌། ཕག་རྫི་ མོ་རྒན་མོ་མདོག་ཤིན་ཏུ་མི་སྡུག་པ་གོས་ཧྲུལ་བ། རེས་རྒོད་རེས་ངུ་བ་ཞིག་བྱུང་བ་ལ་ཕྱག་དང་མཆོད་པ་བྱས་ཏེ་རྒྱུ་མཚན་དྲིས་པས། སྔགས་དར་ཡང་ཉམས་སུ་ལེན་པ་ཉུང་བས་སོ་གསུང༌། དེ་མཁའ་འགྲོ་མར་ཤེས་ཏེ་ཞབས་སྤྱི་བོར་བླངས་རྗེས་སུ་ འཛིན་པར་ཞུས་པས། དེར་རང་གཟུགས་དངོས་སུ་བསྟན། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། གདམས་པ་གནང་ནས་ལྷོ་ཕྱོགས་སུ་སྒོམས་ཤིག་ཅེས་ལུང་བསྟན་ནོ། །དེ་ནས་སློབ་དཔོན་གྱིས་རིམ་གྱིས་བྱོན་པས་ལྷོ་ཕྱོགས་ཨོ་ ཊི་བི་ཤ་ཞེས་བྱ་བའི་ཡུལ་ཕྱོགས་ཀྱི་ནགས་ཁྲོད་དབེན་པ་ཞིག་ན་སྒྲུབ་པ་སྙིང་པོར་མཛད་ཅིང་བཞུགས་པ་དེའི་ཚེ། ཡུལ་དེའི་རྒྱལ་པོ་སོས་ཀའི་དུས་སུ་སྐྱེ་བ་བསང་ཞིང་རི་དྭགས་ལ་འཕོང་བསླབ་པའི་དོན་དུ། ནགས་གསེབ་འཐུག་པོར་བྱོན་པ་དང༌། རྒྱལ་པོ་དེས་སློབ་དཔོན་མཐོང་སྟེ་དགེ་སློང་དེ་གཟུགས་ཤིན་ཏུ་རིད་པ། ལུས་ཉི་ལྷགས་ཀྱིས་གཟིར་བ་འཚོ་བར་བྱ་བའི་དངོས་པོ་གང་ཡང་མེད་པ་མཐོང་ནས་སྙིང་རྗེ་སྐྱེས་ཏེ། ངས་ཟས་སྦྱིན་གྱིས་གྲོང་ཁྱེར་དུ་འདོད་དོ་ཞེས་སྨྲས་སོ། །དེའི་ཚེ་སློབ་དཔོན་ རིམ་ལྔ་ལ་བློ་སྦྱོང་བའི་རིམ་པ་གསུམ་པའི་ལས་ཀྱི་ཕྱག་རྒྱ་སྒྲུབ་པར་བཞེད་པའི་སྐབས་སུ་བབ་སྟེ། མངོན་པར་ཤེས་པས་གཟིགས་པས་ཕྱག་རྒྱ་འགྲུབ་པར་གཟིགས་ནས། དངོས་རྣམས་ཡོངས་སུ་ཤེས་པའི་མཁས་པ་རྣམས་ལ་བརྙས་ 10-4-3b པར་མི་བྱ་སྟེ། །དེ་ནི་རྩྭ་རྩེ་ཆུང་བ་བས་ཀྱང་ཆུང་བའི་འབྱོར་པ་ལ་ནི་ཆགས་པ་མིན། །རྒྱུན་མི་འཆད་པར་ཆང་འཛག་པ་ཡིས་འགྲམ་ལང་ནག་པོར་གྱུར་པ་ཡིས། །གླང་ཆེན་རྣམས་ནི་པདྨའི་སྐུད་པ་ཕྲ་མོས་འཁྱིག་པར་མི་ནུས་བཞིན། །ཞེས་གསུངས་པ་ དང༌། རྒྱལ་པོ་ཁྲོས་ནས། ངས་འདི་གྲོང་ཁྱེར་དུ་དམའ་དབབ་པར་བྱའོ། །ཞེས་གྲོང་ཁྱེར་དུ་ཕྱིན་ནས་ནགས་གསེབ་ཀྱི་བཙུན་པ་འདི་གྲོང་ཁྱེར་དུ་དམའ་དབབ་པར་སུ་ཡིས་ནུས་པ་དེ་ལ་བྱ་དགའ་ཆེན་པོ་སྟེར་རོ་ཞེས་དྲིལ་བསྒྲགས་སོ། །དེའི་ཚེ་སྨད་འཚོང་མ་ཞིག་ ལ་བུ་མོ་མཛེས་མ་པདྨ་ཅན་གྱི་རིགས་སུ་གྱུར་པ་ཞིག་ཡོད་པ་ན་རེ། ངས་གྲོང་དུ་འདི་དམའ་དབབ་པར་བྱའོ་ཞེས་ཁས་བླངས་སོ། །དེ་ནས་དགོས་པའི་ཡོ་བྱད་ཐམས་ཅད་ནི་རྒྱལ་པོས་གྲོང་ཁྱེར་ནས་བསྲིངས། བུ་མོ་དེས་སློབ་དཔོན་གྱི་ཞབས་ཏོག་བྱེད་པར་ ཞུས་པས། སྐལ་བ་དང་ལྡན་པར་གཟིགས་ནས་གནང་སྟེ། དེ་ལ་དབང་དང་དམ་ཚིག་ཐམས་ཅད་ཀྱི་སྣོད་དུ་རུང་བར་བྱས་ཏེ། ཕྱག་རྒྱ་མ་བྱས་ནས་རིམ་པ་ལྔ་པ་མཐར་ཕྱིན་གྱི་བར་དུ། ལོ་བཅུ་གཉིས་སུ་སྒྲུབ་པ་མཛད་དོ། །དེ་ནས་ཀུན་ཏུ་བཟང་པོའི་ སྤྱོད་པས་ཨོ་ཊི་བི་ཤ་ན་གནས་པ་རྣམས། རྡོ་རྗེ་ཐེག་པ་ལ་གཟུད་པར་འདོད་པ་དང༌། མ་འོངས་པའི་སེམས་ཅན་དམན་པ་རྣམས་ཀྱི་དོན་དུ། ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྤྱན་དྲངས་པའི་དགོངས་པ་དང༌། སློབ་དཔོན་བདག་ཉིད་ལ་འགྲོ་བ་རྣམས་མི་མོས་པ་ བཟློག་པར་བྱ་བའི་དོན་དུ། གྲོང་ཁྱེར་དུ་བཞུད་པར་བཞེད་ནས་སྤྲུལ་པའི་བུ་དང་བུ་མོ་གཉིས་ཤིག་ཀྱང་སྤྲུལ་ཏོ། །དེ་ནས་རྒྱལ་པོས་ཆང་འཚོང་མ་ལ་མངགས་ཏེ། དེ་རིང་ནགས་གསེབ་ནས་དགེ་སློང་ཁྲིད་ལ་ཤོག་ཅེས་སྨྲས་སོ། །གྲོང་ཁྱེར་གྱི་སྐྱེ་བོ་ 10-4-4a ཐམས་ཅད་ཀྱང་སྒོ་དྲུང་དུ་འཚོག་ཏུ་བཅུག་སྟེ། ལམ་དུ་རིམ་པ་བཞིན་ཆང་གི་བུམ་པ་བསྒྲིག་ཏུ་བཅུག་སྟེ། སྤྱན་དྲངས་པའི་ཚེ། སྤྲུལ་པའི་བུ་ནི་གཡས་ནས་བརྒྱུག །བུ་མོ་ནི་གཡོན་ནས་བརྒྱུག །སློབ་དཔོན་གྱིས་རྭ་ཅོའི་སྣོད་ཅིག་ཞལ་དུ་ བཅུག་པ་ལ། ཇོ་མོས་ཆང་གི་བུམ་པ་བཏེག་ཅིང་བླུགས་ཏེ། རིམ་པ་བཞིན་དུ་བྱོན་ནས་གྲོང་ཁྱེར་དུ་སླེབ་པའི་ཚེ། རྒྱལ་པོས་དབུ་བྱས་གྲོང་ཁྱེར་བ་རྣམས་ཀྱིས། སློབ་དཔོན་རང་ཉིད་ཀྱིས་བྱས་པའི་སྔར་གྱི་ཚིགས་བཅད་གླུར་ལེན་ཅིང༌། རྒྱལ་པོས་ སྤྱན་དྲངས་པའི་ཚེ་མི་འོང་བར། ཆང་འཚོང་མའི་བུ་མོས་བོས་པའི་ཚེ་དེ་ལ་འབབ་པ་ཞེས་ཐལ་མོ་བརྡབས་ཤིང་གད་མོའི་སྒྲ་བྱས་པས། སློབ་དཔོན་གྱིས་སྔར་དགོངས་པ་དང་རང་གི་ནུས་པ་བསྟན་པའི་ཕྱིར། རྭའི་སྣོད་དེ་ས་ལ་བརྡབས་པས། ས་འོག་ རིམ་པ་བདུན་དུ་ཕུག་སྟེ། འོག་གི་ཆུ་ཆེན་པོ་གྱེན་དུ་ཕྱུང་ངོ༌། །དེ་མ་ཐག་སློབ་དཔོན་རང་ཉིད་ཧེ་རུ་ཀར་བྱས། བཙུན་མོ་རྡོ་རྗེ་ཕག་མོར་བྱས། སྤྲུལ་པའི་བུ་ནི་རྡོ་རྗེར་བྱས། བུ་མོ་ནི་དྲིལ་བུར་བྱས་ཏེ། བདེ་མཆོག་ལྷན་ཅིག་སྐྱེས་པའི་རྣམ་པར་བྱས་ ནས་ནམ་མཁའ་ལ་གཤེགས་སོ། །རྒྱལ་པོ་ལ་སོགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་སློབ་དཔོན་ལ་བཟོད་པར་གསོལ་བས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ། ཅེས་གསུངས་ནས་ཐམས་ཅད་ཀྱིས་ན་མོ་ལོ་ཀེ་ཤྭ་རཱ་ཡ་ཞེས་གསོལ་བ་བཏབ་པས། ཆུའི་དབུས་ནས་ཐུགས་རྗེ་ཆེན་པོའི་སྐུ་རང་བྱུང་ཞིག་བྱུང་སྟེ། དེ་ལ་ཆུ་རྣམས་སྐོར་བ་ལན་བདུན་བྱས་ནས་སའི་འོག་ཏུ་སོང་ངོ༌། །ཐུགས་རྗེ་ཆེན་པོའི་སྐུ་ནི་དེང་སང་ཡང་བྱིན་རླབས་ཆེ་ཞིང༌། འགྲོ་བ་ཐམས་ཅད་སྐྱབས་པར་གྱུར་པ་ཡིན་ནོ། །ཨོ་ཊི་ 10-4-4b བི་ཤ་བ་ཐམས་ཅད་ཀྱང་རྡོ་རྗེ་ཐེག་པ་ལ་ཚུད་ནས་དངོས་གྲུབ་ཐོབ་པ་མང་དུ་བྱུང་ངོ༌། །རྡོ་རྗེ་གདན་པས་ཀྱང༌། བུ་སྨད་བཅས་ཤིང་དངོས་གྲུབ་བརྙེས། །བྷཾ་ག་ལ་རུ་ལུང་བསྟན་ཐོབ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གྲུབ་ ཆེན་དེས་གདུལ་བྱ་རྣམས་ཀྱི་དོན་དུ་དགོངས་ནས། ལུས་དཀྱིལ་དུ་དབང་བསྐུར་བའི་ཆོ་ག་དང༌། ལུས་དཀྱིལ་གྱི་སྒྲུབ་ཐབས་ཆེ་ཆུང་གཉིས། ལྷ་ལྔའི་སྒྲུབ་ཐབས་ཏེ་བསྐྱེད་རིམ་གྱི་སྒྲུབ་ཐབས་གསུམ། རྫོགས་རིམ་ལ་རིམ་པ་ལྔ་པ་དང༌། ལྷན་སྐྱེས་ཀྱི་སྒྲུབ་ ཐབས་གཉིས་ལ་སོགས་པ་མཛད་དོ། །རིམ་ལྔའི་རང་འགྲེལ་ཡིན་ཟེར་བ་ནི། རྫུན་མ་འབའ་ཞིག་གོ། རིམ་ལྔ་ལ་འགོས་དང༌། ཀུ་མཱ་ར་བོ་དྷི་ལས་བརྒྱུད་པའི་ལུགས་གཅིག་དང༌། ཕམ་མཐིང་པ་སྐུ་མཆེད་ནས་བླ་མ་མལ་དང་མར་དོ་ནས་བརྒྱུད་པའི་ལུགས་ གཉིས་སྣང་ངོ༌། །གཉིས་པ་ལ་བཞི། སྦས་དོན་བཤད་པར་དམ་བཅའ་བ། བཤད་བྱའི་གཙོ་བོ་ངོས་བཟུང་བ། དེའི་བསྔགས་པ་བསྟན་པ། དེ་རྒྱུད་ལ་བསྐྱེད་པའི་ཐབས་བསྟན་པའོ། །དང་པོ་ནི། ལམ་འདི་གཙོ་བོར་བླ་མ་དམ་པའི་བྱིན་རླབས་ཞུགས་པ་ ལ་བལྟོས་ཤིང༌། བླ་མ་དམ་པའི་མན་ངག་ལ་རག་ལས་པས་བླ་མའི་བྱིན་རླབས་ཙམ་གྱིས་འབྱུང་ཞེས་གསུངས་ཀྱི། བླ་མས་བྱིན་གྱིས་བརླབས་པ་ལས་གཞན་པའི་རྒྱུ་རྣམས་ཙམ་གྱི་སྒྲས་གཅོད་པ་མིན་ཏེ། སྡོམ་འབྱུང་ལས། དེ་ཉིད་ཆོས་ལ་འཇུག་ བྱའི་ཕྱིར། །དེ་རྣམས་དབྱེ་བ་རབ་བསྟན་པ། །བླ་མ་དམ་པའི་མན་ངག་གིས། །གསལ་བར་འགྱུར་གྱི་གཞན་དུ་མིན། །ཞེས་པ་དང༌། སངས་རྒྱས་ཀུན་གྱི་གསང་བ་ནི། །འདུས་པ་བདེ་བའི་མཆོག་ཡིན་ཏེ། །བདག་བྱིན་བརླབ་པའི་རིམ་པ་འདི། །བླ་མའི་དྲིན་ 10-4-5a གྱིས་གསལ་བར་འགྱུར། །ཞེས་བདག་བྱིན་རླབས་ཀྱི་རིམ་པ་བླ་མའི་དྲིན་ལས་ཐོབ་པ་ལས་གཞན་དུ་མིན་ཞེས་གསུངས་པ་ལྟར། ཙམ་གྱི་སྒྲས་གཅོད་པའང་ཤེས་པར་བྱ་སྟེ། དེ་ལྟར་གསུངས་པས་བྱིན་གྱིས་བརླབས་ལས་འབྱུང་ བ་ཙམ་སྟེ་ཁོ་ནའོ་ཞེས་མི་ལྡན་རྣམ་གཅོད་ཀྱི་དོན་དུ་བྱའོ། །དེའི་ཕྱིར་ཚིག་རིགས་འདི་འདྲ་རྣམས་ལ་བརྟེན་ནས་བླ་མ་ལ་མོས་གུས་བྱས་ནས་བྱིན་རླབས་ཞུགས་ན་དེས་ཆོ་ག་གི། གཞན་གང་ཡང་མི་དགོས་སོ་ཞེས་སྨྲ་བ་ནི་བླུན་པོའི་འཇུག་པ་ཡིན་ཏེ། དེ་ ལྟ་ན་དབང་དང་དམ་ཚིག་བསྲུང་བ་དང་ལམ་གྱི་གནད་ཤེས་ནས་སྒྲུབ་པ་སོགས་ཀྱང་མི་དགོས་པར་འགྱུར་ན་དེ་ནི་མི་རིགས་ཏེ། དེ་དག་གིས་བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་པར་གསུངས་པའི་ཕྱིར་རོ། །སྐད་ཅིག་ཉིད་ལ་འབྱུང་བ་ནི་རིང་པོར་མི་ཐོགས་པར་ འབྱུང་བའི་དོན་ཡིན་གྱི། ཁྱིམ་པ་ཞིག་ལ་སྐྱེ་བར་སྟོན་པའི་དོན་མིན་ནོ། །དེ་འདྲ་བ་གང་ཡིན་པའི་བདག་བྱིན་རླབས་ཀྱི་རིམ་པ་བཤད་པར་བྱའོ་ཞེས་སྦྱར་རོ། །རིམ་པ་དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། འཁོར་ལོ་སྡོམ་པར་ཏེ་བདེ་མཆོག་གི་རྩ་བའི་རྒྱུད་དུ་སྦས་ པ་ཡི་རིམ་པའོ། །ཁ་ཅིག་བདེ་མཆོག་གི་རྩ་བ་དང་བཤད་པའི་རྒྱུད་ཐམས་ཅད་ནས་སྦས་པ་ཞེས་ཟེར་བ་ནི་མི་ལེགས་ཏེ། རྩ་བའི་རྒྱུད་དུ་སྦས་པ་དེ་དག་གསལ་བར་སྟོན་པ་ལ་བཤད་རྒྱུད་གསུངས་པའི་ཕྱིར་ཏེ། དཔེར་ན་རིམ་ལྔ་ལས། དཔལ་ལྡན་འདུས་ པའི་རྒྱུད་དུ་ནི། །དེ་ཉིད་འདི་དག་རྒྱས་བཏབ་གནས། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་འདུས་པའི་རིམ་ལྔ་རྩ་རྒྱུད་དུ་རྒྱས་བཏབ་ནས་སྦས་པ་དེ། བཤད་རྒྱུད་ལ་བརྟེན་ནས་རྩ་རྒྱུད་འཆད་ཤེས་པའི་བླ་མའི་ 10-4-5b ཞལ་ལས་ཤེས་དགོས་པར་གསུངས་པ་དང་དོན་འདྲ་བའི་ཕྱིར་དང༌། བཤད་རྒྱུད་ཐམས་ཅད་དུ་སྦས་ན་དེ་ལ་བརྟེན་ནས་རྩ་རྒྱུད་ཀྱི་དོན་གསལ་བར་བྱེད་མི་ནུས་པའི་ཕྱིར་རོ། །ཀུ་མཱ་ར་བོ་དྷིས་འཁོར་ལོ་སྡོམ་པའི་རྒྱུད་མཁའ་འགྲོ་མས་སྦས་པ་ལས། དྲིལ་བུ་ པས་བཏོན་ཞེས་པ་ནི་ཡི་གེའི་དོན་ལའང་མ་ཞུགས་པ་དོན་མ་རྟོགས་པའི་བཤད་པའོ། །འོ་ན་རིམ་པ་ལྔ་ཀ་འཆད་པའི་བཤད་པར་དམ་བཅའ་བ་འོང་བ་རིགས་པ་ལ། རིམ་པ་དང་པོ་བདག་བྱིན་རླབས་ཀྱི་རིམ་པ་ཙམ་ཞིག་བཤད་པར་དམ་བཅའ་ བ་མཛད་པ་ཅི་ཡིན་ཞེ་ན། འདི་ནི་བདེན་མོད་ཀྱང༌། བདག་བྱིན་རླབས་གཙོ་བོར་གོ་བའི་ཆེད་དང༌། དེས་ཀྱང་ལྷག་མ་རྣམས་ཀྱི་བརྩམ་པར་དམ་བཅའ་བ་རྟོགས་པར་ནུས་པ་ལ་དགོངས་པས་སྐྱོན་མེད་དོ། །བརྩམས་པར་དམ་བཅའ་བ་ཡོད་ལ་མཆོད་བརྗོད་མེད་པ་ བཤེས་སྤྲིངས་ལྟ་བུ་དང༌། མཆོད་བརྗོད་ཡོད་ལ་བརྩམ་པར་དམ་བཅའ་དངོས་སུ་མེད་པ་རྩ་བ་ཤེས་རབ་ལྟ་བུ་དང༌། གཉིས་ཀ་ཡོད་པ་ནི་ཤིན་ཏུ་མང་ལ། གཉིས་ཀ་མེད་པ་མངོན་པ་ཀུན་ལས་བཏུས་ལྟ་བུ་ཆེན་པོ་རྣམས་ཀྱི་གཞུང་ལ་ཤིན་ཏུ་མང་བས། འདིར་ཡང་མཆོད་བརྗོད་མེད་ལ་བརྩམ་པར་དམ་བཅའ་ཡོད་པ་ལ་མི་རིགས་པ་མེད་དོ། །གཉིས་པ་ནི། སྦས་དོན་བདག་བྱིན་རླབས་དེ་ཡང་གང་ཞེ་ན། མཁའ་འགྲོ་མ་སྟེ་ནམ་མཁའ་དང་འདྲ་བའི་སྟོང་པ་ཉིད་ལ་འགྲོ་བའི་ཤེས་རབ་ཀྱི་ཚོགས་ཀུན་གྱི་རབ་ཏུ་ གཅེས་པའི་སྙིང་པོ་ནི་སྡོམ་པའོ། །དེའང་སྡོམ་པའི་སྐད་དོ་སཾ་བ་རའི་སཾ་ནི་བདེ་བ་དང་བ་ར་ནི་མཆོག་སྟེ་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །དེ་ནི་ལམ་གཞན་གྱི་གོང་མར་གྱུར་པས་ན་བླ་མ་ཉིད་དེ་ངེས་པའི་དོན་ནོ། །ཡང་དྲང་བའི་དོན་དུ་ 10-4-6a བཤད་ན། མཁའ་འགྲོ་མ་ནི་ནང་གི་ཁམས་དམར་པོའམ་རྩ་རྣམས་སོ། །དེ་རྣམས་ཀྱི་ཚོགས་ནི་དྲ་བ་དང་དོན་གཅིག་སྟེ། ཚོགས་ཤིང་འདུས་པའོ། །གང་དང་འདུས་ན་བྱང་སེམས་དཀར་པོ་དང་འདུས་པས་སྙིང་པོ་བདེ་བའི་མཆོག་ཏུ་བྱེད་ པའི་བླ་མ་སྟེ་མན་སྙེའི་དགོངས་པ་ལྟར་བཤད་པའོ། །དེ་ལྟར་ན་ངེས་དོན་དུ་བཤད་པས་གཙོ་བོ་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་སྟོན་ལ། དྲང་དོན་དུ་བཤད་པས་རྩ་ཨ་ཝ་དྷཱུ་ཏཱིའི་ནང་དུ་ཁམས་དཀར་དམར་འདུས་པ་ལས། ལྷན་སྐྱེས་འདྲེན་པའི་ ཐབས་རིམ་པ་དང་པོ་དང༌། གཉིས་པ་དང་བཞི་པ་དང་ལྔ་པའི་སྐབས་སུ་བཤད་པ་རྣམས་སྟོན་ནོ། །ཡང་ཚོགས་དང་དོན་གཅིག་པའི་དྲ་བའི་སྐད་དོད་ཛཱ་ལ་ནི། མངོན་བརྗོད་ཀྱི་གཞུང་ལས། ཛཱ་ལ་ཚོགས་དང་དྲ་སྒོ་དག་ལ་སྟེ། །མེ་ཏོག་ཕོན་པོ་ཉ་རྒྱ་ སྒྱུ་མ་ཡང༌། །ཞེས་ཛཱ་ལ་ནི་ཚོགས་དང་དྲ་བ་དང་སྒོ་དང་མེ་ཏོག་དང་ཕོན་པོ་དང་ཉ་རྒྱ་དང་སྒྱུ་མ་སྟེ་བདུན་ལ་འཇུག་པར་གསུངས་ལ། མེ་ཏོག་གི་སྒྲ་ནི་པདྨ་ལ་ཡང་འཇུག་པས་མཁའ་འགྲོ་མའི་པདྨའི་སྙིང་པོ་ལས་བདེ་བ་མཆོག་འཛིན་པ་ཡིན་པས་ རིམ་པ་གསུམ་པའི་སྐབས་ཀྱི་བདེ་ཆེན་བསྐྱེད་ཐབས་རྣམས་ཀྱང་སྟོན་ཏེ། འདིའང་མན་སྙེར་བརྟེན་ནས་བཤད་དོ། །སྐབས་འདིར་འགོས་འགྱུར་ལས། རིམ་པ་ལྔ་པ་ཉེར་བསྟན་པ། །གསལ་བ་ལས་ཀྱང་གསང་བ་མཆོག །མཁའ་འགྲོ་མ་ཡི་ ཞེས་རྐང་པ་ལྷག་པོ་གཉིས་འབྱུང་ངོ༌། །གསུམ་པ་ནི། ཕྱི་རོལ་གྱི་བགྲང་འཕྲེང་དང་དེ་ལ་བརྟེན་པའི་བཟླས་པ་དང་ལྷ་ལ་དམིགས་པའི་ཀུན་རྟོག་གི་བསམ་གཏན་དང༌ཀུན་རྟོག་གིས་ལྷ་མཆོད་པ་རྣམས་ཡོད་པ་མ་ཡིན་ལ། ཕྱི་ལ་བརྟེན་པའི་ཚེས་ 10-4-6b གྲངས་བཟང་ངན་བརྩི་བ་མེད་ཅིང༌། ཉི་མ་ངེས་པའི་བསྙེན་གནས་ལ་སོགས་པ་ཡང་མེད་ལ། ཕྱིའི་སྦྱིན་སྲེག་ཡང་དག་པར་གནས་པ་མེད་ཅིང༌། གླེགས་བམ་ཀློག་པ་དང་ངག་ཏུ་འདོན་པ་རྣམས་ཡོད་པ་མ་ཡིན་ནོ། །སྐབས་གང་དུ་ཞེ་ན་འདིར་མེད་དེ་ཞེས་ གསུངས་ཏེ། རིམ་པ་དང་པོའི་སྐབས་དང༌། དེ་རྫོགས་ནས་རྫོགས་རིམ་ལ་སློབ་པའི་ཐོག་མའི་སྐབས་སུ་དེ་དག་མེད་ཅེས་པ་མིན་གྱི། རྫོགས་རིམ་པའི་ལྷན་སྐྱེས་བརྟན་པའི་སྐབས་ནས་ཡིན་ཏེ། དེ་ནི་སྙིང་པོ་སྡོམ་པ་བླ་མའི་སྐབས་འདིར་ཞེས་པའི་དོན་ནོ། ། འདི་ནི་བཤད་པའི་རྒྱུད་མངོན་བརྗོད་ལས། བདེ་གཤེགས་དབུགས་འབྱིན་གསུངས་པ་ནི། །དག་པའི་ལུས་ནི་སྐྱོན་མེད་པ། །བསོད་ནམས་ཆུང་ངུའི་སྔགས་པས་ཀྱང༌། །ང་དགའ་བསླ་ནི་རྙེད་པར་འགྱུར། །དེ་ན་བསྲུང་མེད་བཟའ་བ་མེད། །དཀྱིལ་འཁོར་དཀྱིལ་འཁོར་ བདག་པོ་མེད། །བཟླས་དང་བརྟུལ་ཞུགས་སྦྱིན་སྲེག་མེད། །མདོར་ན་སེམས་བསྡུས་ཚུལ་ཅན་ནོ། །ཞེས་གསུངས་ཤིང༌། རྐང་པ་ཕྱི་མ་བཞི་ཀུན་སྤྱོད་ལས་ཀྱང་གསུངས་པ་དང་འདྲ་ལ། ཀྱེ་རྡོར་ལས་ཀྱང་གསལ་བར་གསུངས་ཏེ། སྟོང་ཉིད་སྙིང་རྗེ་དབྱེར་ མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །སྔགས་བཟླས་མེད་ཅིང་དཀའ་ཐུབ་མེད་དེ་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དཀྱིལ་ འཁོར་དག་ཀྱང་ཡིན། །མདོར་བསྡུས་ན་ནི་སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཞེས་གསུངས་སོ། །དེ་ལ་སྟོང་པ་ནི་དེ་ཁོ་ན་ཉིད་ཀྱི་ལྟ་བའམ་དེ་ཁོ་ན་ཉིད་དོ། །སྙིང་རྗེ་ནི་མངོན་བརྗོད་དང་དྲིལ་བུ་པའི་ལུས་དཀྱིལ་ལས། བདེ་ཆེན་ཐུགས་རྗེའི་བདག་ 10-4-7a ཉིད་ཅན། །ཞེས་གསུངས་པ་ལྟར་བདེ་བ་ཆེན་པོའོ། །དེ་གཉིས་དབྱེར་མེད་དུ་སྦྱོར་བ་ལ་བྱང་ཆུབ་ཀྱི་སེམས་ཞེས་གསུངས་ཤིང༌། དེ་ལ་སྔགས་བཟླས་ནས་དཀྱིལ་འཁོར་གྱི་བར་མེད་པར་གསུངས་པ་ནི། ཕྱིའི་སྔགས་བཟླས་སོགས་ སོ། །འོན་ཀྱང་ནང་ངེས་དོན་གྱི་སྔགས་བཟླས་སོགས་དེ་ལ་ཚང་བར་སྟོན་པ་ནི། དེ་ནི་སྔགས་བཟླས་ཞེས་སོགས་སོ། །བྱང་ཆུབ་ཀྱི་སེམས་དེ་ཉིད་དེ་ཁོ་ན་ཉིད་ཤེས་པ་དང་འགྲོ་བ་སྐྱོབ་པས་སྔགས་དང༌། ཡང་དང་ཡང་དུ་བྱེད་པས་བཟླས་པ་དང༌། ཁ་ན་ མ་ཐོ་བ་ཐམས་ཅད་འགོག་པས་དཀའ་ཐུབ་སྟེ་བརྟུལ་ཞུགས་དང༌། ཉོན་མོངས་དང་ཕུང་པོའི་སྲེག་རྫས་འཇོམས་པས་སྦྱིན་སྲེག་དང༌། ངེས་དོན་གྱི་རྡོ་རྗེ་རྣལ་འབྱོར་མ་དང་ཧེ་རུ་ཀ་འདུས་པས་དཀྱིལ་འཁོར་པ་དང༌། ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་ པས་དཀྱིལ་འཁོར་རོ། །མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ་མདོར་བསྡུས་ན་དེ་ཉིད་ཆོས་ཐམས་ཅད་འདུས་པའི་ཚུལ་ཅན་ཏེ། ཆོས་ཐམས་ཅད་ཀྱི་བདག་ཉིད་ཅན་ཏེ་དེའི་ཕྱིར་དེ་ཉིད་བསྐྱེད་པར་བྱ་སྟེ། དེ་ཉིད་ཀྱིས་འདོད་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། ། ཞེས་མཚོ་སྐྱེས་ཀྱི་འགྲེལ་པར་བཤད་དོ། །གཟུགས་ཅན་ཞེས་པ་ལས་ཚུལ་ཅན་ཞེས་པ་འགྱུར་ལེགས་ལ། འདུས་པའི་ཚུལ་ཅན་གྱི་དོན་ནི་དེ་ཉིད་སྔགས་བཟླས་ནས་དེ་ནི་དཀྱིལ་འཁོར་ཉིད་ཅེས་གསུངས་པའི་དོན་ཡིན་ལ། ལམ་གཞན་རྣམས་ ཀྱང་འདིར་འདུས་པར་བཤད་དགོས་སོ། །དེ་ནི་ལམ་གཞན་གྱིས་གནས་སྐབས་མཐར་ཐུག་གི་དོན་གང་འགྲུབ་ཐམས་ཅད་ལམ་འདིར་མ་ཚང་བ་མེད་པ་དང་རིང་པོར་མི་ཐོགས་པར་དང༌། ལམ་བདེ་བས་འགྲུབ་པའི་ཚུལ་བྱེད་ལས་ཀྱི་སྒོ་ནས་འདིར་ 10-4-7b འདུ་བའོ། །དེ་ལྟར་ལམ་ཤིན་ཏུ་རྒྱ་ཆེ་བ་མང་པོ་ལ་སློབ་མི་དགོས་པའི་ལམ་མདོར་བསྡུས་དང༌། དུས་ཚེ་གཅིག་ལ་འགྲུབ་པ་དང་དེ་ཡང་འཇུག་པ་ཤིན་ཏུ་བདེ་བ་དང༌། ཚེ་འདིར་སྡིག་ཤིན་ཏུ་ཆེ་བས་ཀྱང་འགྲུབ་ཅེས་པ་དང༌། སྐྱེ་བ་སྔ་མར་ཚོགས་ཀྱི་བསགས་ རྒྱབ་ཤིན་ཏུ་མི་ཆེ་བའི་བསོད་ནམས་དམན་པས་ཀྱང་འགྲུབ་པར་གསུངས་པ་ནི། ལམ་གྱི་ཡོན་ཏན་ཡིན་ལ་དེ་ཡང་བདག་མེད་པའི་དོན་ཕུ་ཐག་ཆོད་པ་བྱས་པའི་དེ་ཁོ་ན་ཉིད། ལྷན་སྐྱེས་ཀྱི་བདེ་བས་བསྒོམས་པ་ལས་ཡིན་པས། ཡུལ་ཅན་ཁྱད་པར་ ཅན་བདེ་བ་ཆེན་པོའི་གནད་ལ་མཁས་པར་བྱ་ཞིང་དེ་ལ་ཤིན་ཏུ་གུས་པར་བྱའོ། །འདིར་རིམ་ལྔའི་འགྱུར་གཞན་ལས། དེ་ནི་བསམ་གཏན་དེ་མཆོད་པ། །དེ་ནི་ཚེས་གྲངས་ངེས་པ་ཡིན། །དེ་ནི་སྦྱིན་སྲེག་དེ་ནི་གནས། །ཞེས་འབྱུང་ལ། འགོས་དང་རྡོག་གི་ འགྱུར་ལ་མེད་དོ། །དེ་འདྲ་བའི་ཡེ་ཤེས་དེ་གང་གི་རྒྱུད་ལ་སྐྱེ་ཞེ་ན། རྣམ་རྟོག་མེད་པ་ནི་ལུས་དཀྱིལ་ལས་ཕྱི་རོལ་གྱི་རྣམ་རྟོག་སྤངས་པར་བསྟན་པ་སྟེ། ཐེག་པ་གཞན་ལ་ལྷུར་བྱེད་པའི་བསམ་པ་མེད་པའོ། །འཇིགས་པ་དང་བྲལ་བ་ནི་ཐམས་ཅད་སྟོང་ པ་ཉིད་དང་ལྷར་མཉམ་པའི་སྒོ་ནས་འདོད་ཡོན་ལ་སྤྱོད་པ་ལ། ཕྱི་མར་ངན་སོང་དུ་ལྷུང་དུ་དོགས་པ་མེད་པའོ། །གུས་པ་ནི་བླ་མ་ལ་ཤིན་ཏུ་གུས་པ་སྟེ་སློབ་མ་དེའི་རྒྱུད་ལ་སྐྱེ་ཞེས་སྦྱར་རོ། །གང་ཞིག་སྐྱེ་ན་ཀུན་མཁྱེན་གྱི་སྤྱོད་ཡུལ་དུ་གྱུར་པའི་ ཡེ་ཤེས་གང་ཞིག་ནི་སྐྱེས་པ་ཙམ་གྱིས་མཆོག་ཏུ་དགའ་བ་དང་ལྡན་པར་འགྱུར་བ་སྟེ། དགའ་བའི་མཆོག་ལྷན་ཅིག་སྐྱེས་པའི་དགའ་བ་དང་ལྡན་པར་འགྱུར་བའི་ཡེ་ཤེས་སོ། །བདེ་སྟོང་གཉིས་མེད་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཉིད་ཙམ་ཞིག་ལ་གོམས་ 10-4-8a པར་བྱས་པས་མངོན་པར་ཤེས་པ་ལྔ་དང་ལྡན་པ་སྟེ། མངོན་ཤེས་ལྔ་ཐོབ་པར་འགྱུར་བ་སྟེ། འགོས་འགྱུར་ལས་མངོན་ཤེས་ལྔ་ནི་རྙེད་འགྱུར་ཞིང༌། །ཞེས་འབྱུང་བ་བདེའོ། །ལྷན་ཅིག་སྐྱེས་གྲུབ་ལས། དཔའ་བོ་བདེ་ཆེན་གྲུབ་པ་ཡིས། ། དོན་ཆེན་བདེ་བ་ལ་བརྟེན་ནས། །རྣམ་པ་ཀུན་ཏུ་དངོས་གྲུབ་དག །ཉེ་བར་རབ་ཏུ་གནས་འགྱུར་ཞིང༌། །མངོན་ཤེས་ལྔ་ཡང་འབྱུང་བར་འགྱུར། །ཞེས་གསུངས་པ་དང་མཐུན་ནོ། །ལྷན་སྐྱེས་གོམས་པ་ཙམ་གྱིས་མངོན་ཤེས་ལྔ་འཐོབ་པ་དེ་བཞིན་དུ་ རབ་དགའ་སོགས་ས་བཅུ་ཉིད་ཀྱང་དེ་ལ་གོམས་པ་ཙམ་གྱིས་འཐོབ་བོ། །ནམ་མཁའ་ལ་འགྲོ་བ་དང་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་སོགས་ཀྱི་རྫུ་འཕྲུལ་དང་ཡོད་པ་མི་སྣང་བར་བྱེད་པའི་རྫུ་འཕྲུལ་ཁྱད་པར་དུ་སྟེ་ཁྱད་པར་ཅན་འཐོབ་ཅིང༌། རང་དང་གཞན་ གྱི་སྐྱེ་བ་དུ་མ་དྲན་པ་དང་ཁམས་གསུམ་པའི་གནས་ན་གནས་པའི་སེམས་ཅན་གྱི་སེམས་རིག་པ་དེའང་འཐོབ་བོ། །སྔར་མངོན་ཤེས་ལྔ་འཐོབ་ཅེས་པ་ནི། ལྷན་ཅིག་སྐྱེས་གྲུབ་ལས་བཤད་པ་ལྟར་ལྷའི་མིག་ལ་སོགས་པ་དབང་པོ་ལ་བརྟེན་པའི་ མངོན་ཤེས་ལྔ་ཡིན་ལ། འདི་ནི་སྤྱི་ལ་གྲགས་པའི་མངོན་ཤེས་གཞན་ནོ། །བསྐྱེད་རིམ་ལ་བརྟེན་ནས་མངོན་ཤེས་སྒྲུབ་པ་དང༌། ས་མ་ཐོབ་པའི་རྫོགས་རིམ་གྱི་སྐབས་སུ་མངོན་ཤེས་སྒྲུབ་པ་ནི། རྣམ་གནས་ཀྱི་སྒོ་ནས་སྒྲུབ་པ་ཡིན་ལ། བདེ་སྟོང་ དབྱེར་མེད་ཀྱི་ལྷན་སྐྱེས་ལ་གོམས་པའི་མཐུས། དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་སྟོབས་ཀྱིས་ཐོབ་པའི་མངོན་ཤེས་ནི་རྣམ་གནས་ལ་མི་ལྟོས་པ་སྟེ། ཚུལ་གཉིས་ཤེས་པར་བྱའོ། །སློབ་ལམ་དུ་ཡོན་ཏན་དེ་ལྟར་འཐོབ་པར་མ་ཟད་འདས་པ་དང་མ་ 10-4-8b འོངས་པ་དང་ད་ལྟར་བྱུང་བའི་ཤེས་བྱ་ཐམས་ཅད་ཤེས་པའི་མི་སློབ་པའི་ཡོན་ཏན་ཡང་ལྷན་སྐྱེས་དེ་ཉིད་ལ་གོམས་པ་ཙམ་ལས་འཐོབ་པར་འགྱུར་རོ། །བཞི་པ་ལ་གཉིས། འདི་མན་ཆད་ཀྱི་གཞུང་གི་གཅོད་མཚམས་བསྟན་པ་དང༌། གཞུང་དངོས་བཤད་ པའོ། །དང་པོ་ནི། འདི་མན་ཆད་ཀྱི་གཞུང་གི་གཅོད་མཚམས་ལ་མི་མཐུན་པ་གཉིས་ཡོད་དེ། ཕམ་མཐིང་པ་ནས་བརྒྱུད་པ་རྣམས། །མགལ་མེ་བསྐྱོད་པའི་རྣམ་པ་ཅན། །ཞེས་པ་ནས་བྱིན་རླབས་ཀྱི་རིམ་པའོ། །ཞེས་པའི་བར་གྱིས་སྔོན་དུ་སློབ་མའི་ རྒྱུད་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པར་འདོད་ཅིང༌། སླར་ཡང་རང་བྱིན་གྱིས་བརླབ་པའི་རིམ་པ་གཉིས་པ་བརྗོད་དོ། །ཞེས་སོགས་ཀྱིས་སྔར་གྱི་བྱིན་རླབས་ཀྱི་རིམ་པ་ལས་གཞན་པའི་བདག་བྱིན་རླབས་ཀྱི་རིམ་པ་སོགས་བསྟན་པར་འདོད་དོ། ། ལུགས་གཞན་གྱི་བླ་མ་སྔ་མ་རྣམས་གཞུང་གི་གཅོད་མཚམས་དང་པོས་ཀྱང་བདག་བྱིན་རླབས་ཀྱི་དམིགས་པ་དངོས་གཞི་རྣམས་སྟོན་པར་འདོད་པས། བདག་བྱིན་རླབས་ཀྱི་རིམ་པ་སྔ་ཕྱི་གཉིས་ཀ་ཡང་རིམ་པ་སོ་སོ་བར་མི་འདོད་དོ། །དེ་ལྟར་གཉིས་ སྣང་བ་ནི་ཕྱི་མ་ཤིན་ཏུ་ལེགས་སོ། །འོ་ན་རང་བྱིན་གྱིས་བརླབ་པའི་རིམ་པ་གཉིས་པ་བརྗོད་དོ། །ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། མི་འགལ་ཏེ་སླར་ཡང་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་གསུངས་པས། བྱིན་རླབས་ཀྱི་རིམ་པ་སྔ་མ་ཉིད་ བྱིན་རླབས་ཀྱི་རིམ་པ་གཉིས་པས་སླར་ཡང་འཆད་པ་ཡིན་པས། དེ་གཉིས་མདོར་བསྟན་དང་རྒྱས་བཤད་ཡིན་པའི་ཕྱིར་གཉིས་ཀ་བསྡོམས་པ་རིམ་ལྔའི་རིམ་པ་དང་པོ་ཡིན་གྱི། བྱིན་རླབས་ཀྱི་རིམ་པ་སྔ་མ་ལས་གཞན་པའི་རིམ་པ་གཉིས་པ་ 10-4-9a སྟོན་པ་མིན་ནོ། །གལ་ཏེ་བདག་བྱིན་རླབས་ཀྱི་རིམ་པ་རིམ་པ་གཉིས་པ་ཡིན་ན། བསམ་མི་ཁྱབ་ཀྱི་རིམ་པའི་སྐབས་སུ་རིམ་པ་ལྔ་པ་བརྗོད་པར་བྱ་སྟེ། ཞེས་གསུངས་པ་མི་རིགས་པར་འགྱུར་ཏེ། སྣ་ཚོགས་རྡོ་རྗེའི་རིམ་པ་རིམ་པ་གསུམ་ པ་དང་ནོར་བུ་འགེངས་པའི་རིམ་པ་རིམ་པ་བཞི་པ་དང༌། ཛ་ལནྡྷ་རའི་རིམ་པ་རིམ་པ་ལྔ་པར་འགྱུར་དགོས་པས་བསམ་མི་ཁྱབ་ཀྱི་རིམ་པ་རིམ་པ་དྲུག་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ནོར་བུའི་འགེངས་པའི་རིམ་པ་རིམ་པ་གསུམ་པ་ཡིན་ན། ནོར་བུ་འགེངས་ པ་ཞེས་བྱ་བའི་རིམ་པ་བཞི་པ་ཡང་བརྗོད་པ་ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། སྐྱོན་མེད་དེ་ནོར་བུ་འགེངས་པའི་རིམ་པ་ཉིད་ལ་ཕྱག་རྒྱ་བཞིའི་རིམ་པ་ཡོད་པས་ནོར་བུ་འགེངས་པའི་རིམ་པ་བཞི་པ་སྟོན་པ་ཡིན་གྱི། ནོར་བུ་འགེངས་པ་རིམ་པ་བཞི་ པར་སྟོན་པ་མིན་ནོ། །དེས་ན་རང་བྱིན་གྱིས་བརླབ་པའི་རིམ་པ་གཉིས་པ་ཞེས་པ་ནི། རང་བྱིན་རླབས་ལ་མདོར་བསྟན་དང་རྒྱས་བཤད་ཀྱི་རིམ་པ་གཉིས་ཡོད་པའི་རིམ་པ་གཉིས་པ་སྟོན་པ་ཡིན་གྱི་རང་བྱིན་རླབས་རིམ་པ་གཉིས་པར་སྟོན་པ་མིན་ནོ། ། གཉིས་པ་ལ་གཉིས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེད་དགོས་པར་བསྟན་པ་དང༌། ཡེ་ཤེས་དེ་སྐྱེད་པའི་ཐབས་བསྟན་པའོ། །དང་པོ་ནི། མགལ་མེ་བསྐྱོད་པ་སྐད་ཅིག་ཀྱང་མི་གནས་པར་གཡོ་བ་ལྟ་བུའི་རྣམ་པ་ཅན་གྱི་སེམས་ནི་གཟུགས་སྒྲ་ལ་ སོགས་པའི་ཡུལ་ལ་རབ་ཏུ་རྒྱུག་པ་དེ་ནི་རྒྱུག་པ་དེ་ལས་རྣམ་པར་བཟློག་ནས་མཚོན་དུ་མེད་པའི་དོན་མཚོན་པར་བྱའོ་ཞེས་གདུལ་བྱ་རྣམས་ལ་འདོམས་པའོ། །དེ་ལ་མཚོན་དུ་མེད་པ་ནི་སེམས་དེ་གཟུགས་ཅན་ལྟར་གཟུང་དུ་མེད་པ་ལ་འཆད་པ་ 10-4-9b ལྟར་མི་བྱ་ཡི། སེམས་ཀྱི་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བ་ལྟར་དུ་སྒྲ་རྟོག་གིས་བརྗོད་ཅིང་མཚོན་དུ་མེད་པ་ལ་བྱའོ། །དེ་མཚོན་པར་བྱ་བ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་བདེ་བ་ཆེན་པོས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་པར་ བྱ་ཞེས་པའི་དོན་ཡིན་པས་མཚོན་དུ་མེད་ཅེས་པ་རྣམས་ཐམས་ཅད་དུ་མཚོན་མི་ནུས་པ་མིན་ནོ། །རྐང་པ་དང་པོ་གཉིས་ཀྱི་དོན་ཡང་སྤྱིར་སེམས་གཡོ་བའི་ཚུལ་བརྗོད་པ་ཡིན་གྱི། རྫོགས་རིམ་ལ་འཇུག་པའི་སྒྲུབ་པ་པོ་མཚན་ཉིད་ཚང་བའི་སེམས་ལ་ བྱེད་པ་མིན་ཏེ། དེ་ནི་རིམ་པ་དང་པོ་མཐར་ཕྱིན་ནས་རྫོགས་རིམ་ལ་འཇུག་པ་ཡིན་པས། རྫོགས་རིམ་ལ་འཇུག་པ་ན་སེམས་རྣམ་གཡེང་གི་བྲན་དུ་སོང་ནས་ཅུང་ཟད་ཀྱང་གནས་པར་མི་ནུས་པ་མ་ཡིན་པའི་ཕྱིར་ཏེ། དྲིལ་བུ་ཞབས་ཀྱི་ལྷ་ལྔའི་སྒྲུབ་ཐབས་ ལས། དེ་ལྟར་གུས་པ་དང་བཅས་པས་རྒྱུན་མི་འཆད་པར་བསྒོམས་པས་སེམས་བརྟན་པར་གྱུར་པ་དང༌། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་འདི་འདྲའི་རིགས་ཀྱི་གཞུང་རྣམས་གང་གི་ཆེད་དུ་གསུངས་ པའི་གདུལ་བྱའི་གཙོ་བོ་མཚན་ཉིད་ཚང་བའི་དབང་དུ་བྱས་ནས། འཆད་པའི་རིམ་པ་ཤེས་དགོས་ལ། དེ་ལྟར་མ་ཤེས་པར་ད་ལྟ་རང་ཅག་རྣམས་ཀྱི་སེམས་རྒྱུད་ལ་ཏིང་ངེ་འཛིན་སྐྱེ་ཚུལ་གྱི་དབང་དུ་བྱས་ནས་བཤད་པ་བྱས་ན། གཞུང་གི་དོན་མང་དུ་ འཕྱུགས་པར་ཤེས་པར་གྱིས་ཤིག །གལ་ཏེ་བསྐྱེད་རིམ་ལ་སེམས་ལེགས་པར་བརྟན་པའི་ཏིང་ངེ་འཛིན་ཁྱད་པར་ཅན་རྙེད་པས། རྫོགས་རིམ་ལ་འཇུག་པ་ན་སེམས་ཡུལ་ལ་རྒྱུག་པ་བཟློག་པ་སྟེ། སེམས་གར་བཞག་ཏུ་རིང་དུ་སྡོད་པ་ཙམ་བསྐྱེད་ 10-4-10a རིམ་གྱི་སྐབས་ནས་ཀྱང་རྙེད་ཟིན་པས་དེ་ཙམ་ལ་འཇོག་པ་འདིའི་དོན་མིན་ལ། འོ་ན་འདིར་རྫོགས་རིམ་བསྒོམས་པས་སེམས་ཡུལ་ལ་རྒྱུག་པ་བཟློག་ལུགས་ཇི་ལྟར་དུ་བྱེད་ཅེ་ན། འདི་ནི་འོག་ནས་འཆད་པ་ལྟར་སྙིང་ག་ལ་སོགས་པའི་ལུས་ཀྱི་ གནད་ཆེས་རྣམས་སུ། རྩ་ཨ་ཝ་དྷཱུ་ཏཱི་ལ་གནད་དུ་བསྣུན་པའི་སྒོ་ནས་རོ་རྐྱང་གི་རླུང་གི་རྒྱུ་བ་བཟློག་པའི་ཐབས་ཀྱིས་སེམས་ཡུལ་ལ་རྒྱུག་པ་བཟློག་པ་ཡིན་པས། སེམས་ནང་དུ་བཟུང་སྟེ་དྲན་པ་དང་ཤེས་བཞིན་གྱི་སྒོ་ནས་བྱིང་རྒོད་བཅད་པས། སེམས་ གར་བཞག་ཏུ་སྡོད་ཐུབ་པའི་མི་རྟོག་པ་སྐྱོང་བ་ཙམ་ལ་མི་བྱེད་པའི་ཁྱད་པར་ལེགས་པར་ཕྱེད་དགོས་སོ། །དེ་ཡང་སྤྱིར་ཏིང་ངེ་འཛིན་ཐུན་མོང་བ་ལ་མཁས་པ་དང༌། ཁྱད་པར་དུ་རིམ་པ་དང་པོའི་སྐབས་སུ་ཏིང་ངེ་འཛིན་ཇི་ལྟ་བུ་སྐྱེ་བ་ལ་མཁས་པ་ལ་ རག་ལས་སོ། །དེའི་ཕྱིར་བླ་མ་ཁ་ཅིག་གིས་སྔོན་དུ་སློབ་མ་ལ་བྱིན་རླབས་བྱེད་པའི་དུས་སུ། མགལ་མེ་བསྐྱོད་པ་བཞིན་དུ་སེམས་ཡུལ་ཐམས་ཅད་ལ་དུས་ཀུན་ཏུ་རྒྱུག་པ་ཡིན་པས། དེ་ཡུལ་ལས་མ་བཟློག་ན་ཏིང་ངེ་འཛིན་མི་སྐྱེ་སྟེ་དེའི་ཕྱིར་ཡུལ་ དེ་ལ་མངོན་ཞེན་བཏང་བར་བྱ་དགོས་པས་ན། བུ་ཁྱེད་རྣམས་ཡུལ་གང་ལ་མངོན་ཞེན་སྐྱེ་བར་འདུག་སོམས་ཤིག་ཅེས་བརྗོད་ནས། གང་ལ་ཞེན་པའི་ཡུལ་དེ་རང་བཞིན་མེད་པར་གཏན་ལ་ཕབ་ནས་བདག་མེད་ལ་བློ་ཅུང་ཞིག་འཇོག་ཏུ་གཞུག་གོ ། ཞེས་ཚིགས་བཅད་དེའི་དོན་དུ་འདོད་པ་རྣམས་ནི་དོན་མ་རྟོགས་པའི་བཤད་པར་སྣང་ངོ༌། །རང་གི་ལུགས་ནི་སྔར་ཕན་ཡོན་མང་པོས་བསྔགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་བསྐྱེད་དགོས་པ་དང༌། དེའི་ཐབས་ཀྱང་འོག་ནས་འབྱུང་བ་ལྟར་སྟོན་ 10-4-10b དགོས་པ་ཡིན་གྱི། ཚིགས་བཅད་གོང་མ་འདི་དང༌། སྒྲ་དང་ཐིག་ལེར་ལྡན་པའི་སེམས། །ཞེས་པའི་རྐང་པ་གཉིས་སེམས་ཀྱི་གཞག་ཐབས་མི་འདྲ་བར་སོ་སོར་གཅོད་པ་དོན་མིན་ནོ། །གཉིས་པ་ལ་གཉིས། བསམ་མི་ཁྱབ་ཀྱི་རིམ་པ་སྐྱེད་པའི་སྔོན་དུ་འགྲོ་བའི་ རིམ་པ་དང༌། བསམ་མི་ཁྱབ་ཀྱི་རིམ་པ་སྐྱེད་པའི་ཚུལ་དངོས་སོ། །དང་པོ་ལ་གཉིས། བྱང་སེམས་དཀར་པོ་རྒྱས་པར་བྱེད་པ་ལ་བརྟེན་པའི་ཏིང་ངེ་འཛིན་སྐྱེད་ཚུལ་དང༌། བྱང་སེམས་དམར་པོ་རྒྱས་པར་བྱེད་པ་ལ་བརྟེན་པའི་ཏིང་ངེ་འཛིན་སྐྱེད་ཚུལ་ལོ། །དང་པོ་ལ་ གསུམ། དྷཱུ་ཏཱིའི་དབུས་སྙིང་ཁར་གནད་དུ་བསྣུན་པ་ལས་ཏིང་ངེ་འཛིན་སྐྱེད་ཚུལ་བདག་བྱིན་རླབས་ཀྱི་རིམ་པ་དང༌། དྷཱུ་ཏཱིའི་ཡར་སྣ་མར་སྣར་གནད་དུ་བསྣུན་པ་ལས་ཏིང་ངེ་འཛིན་སྐྱེད་ཚུལ་སྣ་ཚོགས་རྡོ་རྗེའི་རིམ་པ་དང༌། ཕྱག་རྒྱ་བཞི་ལ་བརྟེན་ནས་ཏིང་ངེ་ འཛིན་སྐྱེད་ཚུལ་ནོར་བུ་འགེངས་པའི་རིམ་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་བཞི། ལྷན་སྐྱེས་འཆར་བའི་ཐབས་ངོས་བཟུང་བ། དེ་ལས་ངེས་དོན་གྱི་ཧེ་རུ་ཀ་འབྱུང་བར་བསྟན་པ། ཧེ་རུ་ཀ་དེའི་མཚན་ཉིད་ གཏན་ལ་དབབ་པ། རིམ་པའི་མཚན་བསྟན་པའོ། །དང་པོ་ནི། སེམས་ཡུལ་ལ་རྒྱུག་པ་བཟློག་ནས་དེ་ཁོ་ན་ཉིད་ཀྱི་དོན་མཚོན་པར་བྱེད་པའི་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་དགོས་ན་བདེ་བ་དེ་ཇི་ལྟར་དུ་བསྐྱེད་པར་བྱ་ཞེ་ན། སྒྲ་ནི་ནཱ་དར་གྲགས་པའོ། །ཐིག་ལེ་ནི་ རྗེས་སུ་ང་རོ་སྟེ་དེ་གཉིས་དང་ལྡན་པའི་སེམས་ནི་སེམས་མཚོན་པར་བྱེད་པའི་ངོ་བོ་ཧཱུཾ་ཡིག་སྟེ། མདོར་ན་ཧཱུཾ་ཡིག་དཀར་པོ་མགོ་བོར་ཟླ་ཕྱེད་དང་ཐིག་ལེ་ནཱ་ད་དང་བཅས་པའོ། །དེ་འདྲ་བའི་ཧཱུཾ་ཡིག་སྙིང་གའི་རྩ་འཁོར་གྱི་དབུས་སུ་གཞག་པར་བྱ་བ་སྟེ་ 10-4-11a བཀོད་དེ། དེ་ལ་སེམས་གཟུང་བར་བྱའོ། །འདི་ལ་བླ་མ་ཁ་ཅིག་ཐིག་ལེ་དཀར་དམར་ཁ་སྦྱོར་གྱི་དབུས་སུ། ཧཱུཾ་ཡིག་བསྒོམས་པར་བཞེད་དེ་གཞུང་གཞན་མང་པོ་དང་མཐུན་པས་ལེགས་པ་ཡིན་ནོ། །འོ་ན་བསྐྱེད་རིམ་གྱི་སྐབས་སུ་སྙིང་གར་ ཧཱུཾ་ཡིག་བསྒོམས་པ་ལས་རྫོགས་རིམ་གྱི་སྐབས་འདིར་བསྒོམས་པ་ལ་ཁྱད་པར་ལྷག་པ་ཅི་ཞིག་ཡོད་ཅེ་ན། དེ་ནི་རྟོགས་པ་དང་ལྡན་པའི་དྲི་བ་ཡིན་ཞིང་གལ་ཡང་ཆེ་བས་བཤད་པར་བྱ་སྟེ། དེ་གཉིས་ལེགས་པར་མ་ཕྱེད་པའི་བཤད་པ་བོད་ལ་ཤིན་ ཏུ་མང་བར་སྣང་བའི་ཕྱིར་རོ། །དེ་ལ་བསྐྱེད་རིམ་གྱི་སྐབས་སུ་ནི་ནུ་མ་གཉིས་ཀྱི་དབུས་ཙམ་གྱི་སྙིང་ཁར་སྤྱིར་བསྒོམས་པ་ཙམ་ཡིན། རྫོགས་རིམ་གྱི་སྐབས་སུ་ནི་སྤྱིར་ལུས་ཀྱི་སྙིང་ག་ཞེས་པ་ཙམ་གྱིས་མི་ཆོག་གི། སྙིང་གའི་རྩ་འཁོར་གྱི་དབུས་ ཀྱི་རྩ་ཨ་ཝ་དྷཱུ་ཏཱིའི་ནང་ཉིད་དུ་བསྒོམ་པ་དགོས་ཏེ། བདེ་མཆོག་གི་བཤད་རྒྱུད་སམ་བྷུ་ཊ་ལས། སྙིང་གི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེ་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱང་ཞིང་ཁ་ནི་ འོག་ཏུའོ། །དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ཧཱུཾ་གི་ས་བོན་ནི། །ཁ་བ་ལྟ་བུར་འཛག་པ་ཉིད། །ཅེས་གསུངས་ཏེ་དེའི་ནང་དུ་སོན་པའི་རྩ་ནི་སྙིང་པོ་ཞེས་པ་རྩ་དབུ་མའོ། །དེའི་ནང་དུ་གནས་པ་ཞེས་ཧཱུཾ་ཡིག་རྩ་དབུ་མའི་ནང་ དུ་བསྒོམས་པར་གསུངས་ཏེ། དེ་ནི་འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོ་སྒོམ་པའི་སྐབས་སུ་གསུངས་མོད་ཀྱང༌། རྫོགས་རིམ་གྱི་སྐབས་གཞན་དུའང་འདྲ་བ་ཡིན་ནོ། །དེའང་སྡོམ་འབྱུང་ལས། སྙིང་གའི་ཆུ་སྐྱེས་སོན་པའི་རླུང༌། །ཧཱུཾ་ཡིག་དཀར་པོ་ 10-4-11b དང་མཚུངས་པ། །བསམ་བྱ་མཉམ་པར་བཞག་པ་གང༌། །དེ་ལས་ཡུལ་སོགས་ཀྱིས་མི་འཆིང༌། །ཞེས་གསུངས་པ་ཡང་འདི་དང་མཐུན་པར་བྱས་ཏེ། འོག་ནས་ཀྱང༌། གཟུགས་སོགས་རྣམས་ཀྱིས་དྲངས་གྱུར་ཏེ། །ངོ་བོ་ཉིད་ཀྱིས་གང་གཡོ་བའི། །སེམས་ནི་སྙིང་ གར་བརྟན་བྱས་ནས། །ཞེས་གསུངས་པའི་ཕྱིར་རོ། །ལྷན་སྐྱེས་འདྲེན་པའི་རང་གི་ལུས་ལ་གནད་དུ་བསྣུན་པའི་གཙོ་བོ་ཡང་རྩ་ཨ་ཝ་དྷཱུ་ཏཱི་ཡིན་ཏེ། སྡོམ་འབྱུང་ལས། རྐྱང་མ་རོ་མ་ལོགས་གཉིས་སུ། །ཨཱ་ལི་ཀཱ་ལིའི་རང་བཞིན་ཅན། །འབྲས་བུ་རྒྱུ་ཡི་རང་ བཞིན་གྱིས། །དགའ་བ་བཞི་ཡི་གཟུགས་ཅན་མ། །ལྷན་སྐྱེས་དགའ་བའི་རང་བཞིན་དང༌། །གཉིས་མེད་མཆོག་གི་དབང་ཕྱུག་མ། །ཀུན་རྫོབ་ཀུན་ད་ལྟ་བུ་སྟེ། །སྒྲིབ་མེད་བདེ་བའི་གཟུགས་ཅན་མ། །ཞེས་ཨཱ་ལིའི་ངོ་བོ་རྐྱང་མ་དང་ཀཱ་ལིའི་ངོ་བོ་རོ་མ་གཉིས་ལོགས་ གཡས་གཡོན་གཉིས་ན་གནས་པའི་མཆོག་གི་དབང་ཕྱུག་མ་དྷཱུ༌ཏཱི་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་དུ་བཤད་ལ། སྭ་བྷཱ་ཝ་ནི་རང་བཞིན་དང་འབྱུང་བ་གཉི་ག་ལ་འཇུག་པས། འདིར་ནི་དགའ་བདེ་འབྱུང་བའི་དོན་ཡིན་པའི་ཕྱིར་རོ། །དགའ་བཞི་སྔ་མ་སྔ་ མ་རྒྱུ་དང༌། ཕྱི་མ་ཕྱི་མ་འབྲས་བུའི་ངོ་བོ་དང་དྷཱུ་ཏཱི་ནས་ཀུན་ད་ལྟ་བུ་བབས་པ་ལས། སྒྲིབ་མེད་དེ་དོན་དམ་བདེ་བའི་གཟུགས་ཅན་མ་སྟེ་ཚུལ་ཅན་སྐྱེ་བར་གསུངས་སོ། །ཡང་དེ་ཉིད་ལས། ཤེས་རབ་གཟུགས་ཀྱི་ལ་ལ་ན། །རོ་མ་ཐབས་ཀྱིས་ཡང་དག་ གནས། །དེ་དག་དབུས་སུ་གནས་ལྷ་མོ། །ཨཾ་ཡིག་སྣ་ཚོགས་གཟུགས་ཅན་མ། །ལྷ་མོ་སྐུ་བཞིའི་བདག་ཉིད་ཅན། །དངོས་གྲུབ་ཐམས་ཅད་རབ་སྩོལ་མ། །བདེ་ཆེན་རབ་སྦྱིན་ཐམས་ཅད་ལ། །རྟག་ཏུ་ཡང་དག་བདག་ཕྱག་འཚལ། །ཞེས་ལྟེ་བར་རོ་རྐྱང་ 10-4-12a གི་དབུས་ཀྱི་དྷཱུ་ཏཱིར་གཏུམ་མོའི་ངོ་བོ་ཨཾ་ཡིག་བསྒོམས་པས་བདེ་ཆེན་སྦྱིན་པར་གསུངས་ཏེ། འདི་ནི་མཚོན་པ་ཙམ་སྟེ་རྩ་འཁོར་གང་ན་ཡོད་པའི་ལྟེ་བའི་དྷཱུ་ཏཱི་དང༌། དྷཱུ་ཏཱིའི་ཡར་སྣ་མར་སྣ་རྣམས་སུ་ཡི་གེ་དང་ཐིག་ལེ་སོགས་ལ་ དམིགས་པ་གཏད་ནས་བསྒོམས་པས། སྲོག་དྷཱུ་ཏཱིར་ཚུད་པའི་གནད་ཟབ་མོ་རེ་ཡོད་པ་ཀུན་ཤེས་པར་བྱའོ། །ཀྱེ་རྡོ་རྗེ་ལས། ཀུན་འདར་མ་ནི་དབུས་གནས་སུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་གསུངས་པ་ཡང་དབུ་མར་རླུང་ཞུགས་པ་ལས་ གཟུང་འཛིན་གྱི་རྣམ་རྟོག་སྤངས་པའི་ལྷན་སྐྱེས་སྐྱེ་བས་དེ་ལ་བསྔགས་པ་མཛད་པ་ཡིན་ནོ། །བདག་ཕྱག་འཚལ་ཞེས་པའི་མཇུག་ཐོགས་སུ། གང་གང་གིས་ནི་བསྒོམས་པ་ཡིས། །མི་རྣམས་ཀྱི་ཡིད་ཡང་དག་སྦྱོར། །དེས་དེའི་རང་བཞིན་འགྱུར་ལྷ་ མོ། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཞེས་གསུངས་ཏེ་འདིའི་དོན་ཤེས་པ་གལ་ཆེའོ། །གཞུང་འདི་གུར་དང་ཀུན་སྤྱོད་སོགས་རྒྱུད་མང་པོར་འབྱུང་ཞིང༌། གཞུང་གཅིག་ཡིན་ཀྱང་སྐབས་སྟོབས་ཀྱིས་དོན་སོ་སོ་བ་མང་པོ་ལ་བཤད་དགོས་ པ་ཡོད་པ་ལས། འདི་ནི་སྲོག་དྷཱུ་ཏཱིར་བསྡུས་པ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་བ་སྐྱེད་པའི་ཆེད་དུ། སྒྲུབ་པ་པོ་གང་དང་གང་གིས་དྷཱུ་ཏཱིའི་གནད་ཆེ་ས་གང་དང་གང་དུ། ཡང་དག་པ་སྟེ་ཕྱིན་ཅི་མ་ལོག་པར་ཡིད་སྦྱར་བ་སྟེ་གཏད་ནས་བསྒོམས་ན། དྷཱུ་ཏཱིར་བདེ་ཆེན་སྟེར་བའི་ལྷ་མོ་ཕག་མོའི་ངོ་བོ་ཨཾ་ཡིག་བསྒོམས་པ་དེས། རྩ་གནས་དེར་རོ་རྐྱང་ལ་རྒྱུ་བའི་རླུང་སྡུད་ནུས་པ་དེའི་རང་བཞིན་དུ་འགྱུར་ཏེ། དཔེར་ན་ནོར་བུ་ཤེལ་གོང་རས་དཀར་དམར་སོགས་ཀྱི་སྟེང་དུ་བཞག་པ་ན། དེ་དང་དེའི་གཟུགས་ 10-4-12b ཅན་དུ་འགྱུར་བ་བཞིན་ནོ་ཞེས་པའི་དོན་ཏེ། ལུས་ཀྱི་གནད་ཆེ་སར་དམིགས་པ་གཏད་ནས་བསྒོམས་པས། གདམས་ངག་གི་མཐུས་གནས་དེར་རླུང་བསྡུ་བར་འདོད་པ་ཇི་ལྟ་བ་དེ་བཞིན་དུ་སྡུད་ནུས་པར་འགྱུར་བའི་ཁུངས་མཆོག་ཏུ་གྱུར་པའོ། །རྫོགས་རིམ་གྱི་ སྐབས་སུ་འདི་འདྲ་བའི་ཡི་གེ་དང་ཐིག་ལེ་བསྒོམས་པ་རྣམས་ལ། སྒོམ་པའི་གནད་དྷཱུ་ཏཱིའི་ནང་ཁོ་ནར་སྒོམ་པ་གསལ་བར་མཐོང་སྣང་སྟེ། འདི་མ་ཤེས་ན་དམིགས་པ་འདི་དག་བསྒོམས་པ་ལ་བརྟེན་ནས་སྲོག་དྷཱུ་ཏཱིར་སྡུད་པ་མི་ཤེས་པས། གདམས་ངག་ གི་སྐབས་དོན་སྟོར་བར་འགྲོའོ། །དེའི་ཕྱིར་འདི་ཤིན་ཏུ་གནད་ཆེ་བར་མཐོང་ནས། ཞལ་ལུང་དང་རི་ཁྲོད་དབང་ཕྱུག་གི་གཞུང་དང༌། ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་ཁྱད་པར་གསལ་བྱེད་དང༌། བརྩོན་འགྲུས་དཔལ་བཤེས་གཉེན་གྱི་གཞུང་དང༌། རྣལ་འབྱོར་ མའི་སྒྲུབ་ཐབས་མངོན་པར་རྟོགས་པའི་སྙེ་མ་ལས། རྩའི་གནད་ཆེ་སར་ཡི་གེ་སོགས་ལ་དམིགས་པ་གཏད་ནས་བསྒོམས་པས་གཡས་གཡོན་ནས་རྒྱུ་བའི་སྲོག་རླུང་འགོག་པའི་སྲོག་རྩོལ་ཏུ་འགྲོ་ཚུལ་བཤད་པ་རྣམས། ལཱུ་ཨི་པའི་རྫོགས་རིམ་གྱི་ ཊཱི་ཀར་རྒྱས་པར་བཤད་ཡོད་པས་དེ་ལས་ཤེས་པར་བྱ་སྟེ་འདིར་ཚིག་མངས་སུ་དོགས་པས་མ་བྲིས་སོ། །སྒྲ་དང་ཞེས་པའི་རྐང་པ་དང་པོ་ལ་འགོས་འགྱུར་ལས། སྒྲ་དང་ཐིག་ལེས་མནན་པ་རུ། །ཞེས་དང༌། འགྱུར་གཞན་ལ། ཐིག་ལེ་ནཱ་དས་མནན་ པ་ནི་ཞེས་འབྱུང་བས་འགྱུར་ཀུན་གྱི་ལུགས་ཀྱིས་ཐིག་ལེ་དང་ནཱ་ད་མགོ་བོར་གནས་པའི་ཧཱུཾ་ཡིག་བསྒོམ་པ་དགོངས་པ་ཡིན་ནོ། །འདིར་བླ་མ་སྔ་མ་འགའ་ཞིག་སློབ་དཔོན་གྱི་སྙིང་གའི་ཧཱུཾ་ལས་ཧཱུཾ་ཞིག་ཆད་དེ་སྣ་བུག་གཡས་ལས་ཕྱུང་ལ། སློབ་མའི་སྣ་ 10-4-13a བུག་གཡོན་པ་ནས་བཅུག་སྟེ་དེའི་སྙིང་ཁར་ཟླ་བའི་སྟེང་དུ་གཞག་པར་བྱའོ། །ཧཱུཾ་དེའི་འོད་ཟེར་གྱིས་སློབ་མའི་ལུས་ཐམས་ཅད་དཀར་བའམ་དམར་བས་མར་གྱིས་ཁྱབ་པར་བསམ་པ། སྒྲ་དང་ཞེས་པའི་རྐང་པ་གཉིས་ཀྱི་དོན་དུ་བྱས་ ནས་སློབ་མ་བྱིན་རླབས་བྱེད་པ་དང༌། ཡང་བླ་མ་གཞན་འགའ་ཞིག་དེ་དང་མི་མཐུན་པའི་དམིགས་པ་གཞན་འཛིན་པ། སྒྲ་དང་ཞེས་པ་གཉིས་ཀྱི་དོན་དུ་སློབ་མ་ལ་བྱིན་གྱིས་རློབ་པར་འདོད་པ་ལ། སྤྱིར་དེ་འདྲའི་དམིགས་པ་བཟུང་ནས་སློབ་མ་ལ་སྔོན་ དུ་བྱིན་རླབས་བྱེད་པ་ལ་འགལ་བ་མེད་མོད་ཀྱང༌། དེ་རྣམས་སྒྲ་དང་ཞེས་པའི་རྐང་པ་གཉིས་ཀྱི་དོན་དུ་འཆད་པ་ནི་འགྲིག་པར་མི་སྣང་ངོ༌། །གཉིས་པ་ནི། འོ་ན་སྙིང་ཁར་གནད་དུ་བསྣུན་ཏེ་བསྒོམས་པ་ལས་ཅི་ཞིག་འབྱུང་ཞེ་ན། དེ་ལྟར་བསྒོམས་ པའི་རྗེས་དེ་ནས་སྒོམ་པ་པོ་འདིའི་རྨོངས་པའི་རབ་རིབ་འཇོམས་མཛད་ནི་སྟེ་མཛད་པའི་མངའ་བདག་སྟེ་གཙོ་བོ་བཅོམ་ལྡན་འདས་འབྱུང་བར་འགྱུར་ཏེ་དེའང་ཤིན་ཏུ་དྲག་པོ་དང་མེ་ལྕེ་འབར་བའི་འཕྲེང་བ་འཁྲིགས་པ་ཅན་གྱི་དཔལ་ཧེ་རུ་ཀ་ཆེན་པོར་ གྲགས་པ་འབྱུང་བ་ཉིད་དེ་ཁོ་ནའོ། །འདི་ནི་ཧེ་དང་རུ་དང་ཀ་དང་ཤྲཱི་ཡིག་བཞིའི་ངེས་པའི་དོན་གྱི་ཡེ་ཤེས་ལ། ཤྲཱི་ཧེ་རུ་ཀ་ཞེས་བཤད་པ་དེའོ། །དེ་ལ་དྲག་པོ་ནི་སྲིད་པའི་གཡུལ་ལས་རྒྱལ་བར་བྱེད་པའོ། །མེ་ལྕེ་འབར་བའི་འཕྲེང་བ་འཁྲིགས་པ་ནི། ལྷན་སྐྱེས་ཀྱི་བདེ་ཆེན་ལ་མི་མཐུན་ཕྱོགས་སྲེག་པས་མེ་ཞེས་བརྗོད་པས་ཏེ། གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས། ཧེ་རུ་ཀ་དཔལ་རྒྱུད་ཆེན་དུ། །མེ་ཞེས་བྱ་བར་མངོན་པར་བརྗོད། །ཆགས་སོགས་ཉོན་མོངས་དྲ་བ་ཡི། །སོག་མ་ 10-4-13b སྲེག་པར་བྱེད་ཕྱིར་རོ། །ཞེས་བདེ་བ་ཆེན་པོ་ལ་མེར་གསུངས་པ་ལྟར་རོ། །དེ་ལྟར་ན་བསྐྱེད་རིམ་ལ་ཧེ་རུ་ཀ་བསྐྱེད་པའི་གཞི་འབྱུང་བ་རིམ་བརྩེགས་རི་རབ་པདྨ་དང་བཅས་པ་དེ། ནང་རྫོགས་རིམ་ལ་བཤད་པ་ན་གང་ལ་གནད་དུ་བསྣུན་པས་ལྷན་སྐྱེས་ཀྱི་ཧེ་རུ་ ཀ་འཆར་བའི་གཞི། རྡོ་རྗེའི་ལུས་སྤྱི་དང་བྱེ་བྲག་གི་གནད་རྣམས་སྟོན་པར་ཤེས་པར་བྱའོ། །ངེས་དོན་གྱི་ཧེ་རུ་ཀ་བསྐྱེད་པའི་གཞི་ནི། ལུས་ཀྱི་དཀྱིལ་འཁོར་ལ་བཤད་པ་ལ། འཁོར་ལོ་བཞི་ལ་སོགས་པའི་དབུས་ཀྱི་དབུ་མ་དང༌། དེའི་ཡར་སྣ་མར་སྣ་ སོགས་གནད་དུ་བསྣུན་པ་མང་ཡང༌། དྲིལ་བུ་པའི་ལུགས་སྙིང་ག་ལ་བརྟེན་པ་འདི་ནི་བཤད་པའི་རྒྱུད་མངོན་བརྗོད་དང༌། སྡོམ་འབྱུང་ལ་བརྟེན་པ་ཡིན་ལ། དེས་ནི་འཁོར་ལོ་སྡོམ་པར་སྦས་པ་སློབ་དཔོན་འདིས་གསལ་བར་བྱས་པའི་ཚུལ་ཡང་ཤེས་ པར་བྱའོ། །གསུམ་པ་ནི། ངེས་དོན་གྱི་ཡེ་ཤེས་དེ་ཧེ་རུ་ཀ་ཡིན་ན་ཧེ་རུ་ཀ་ལ་དུར་ཁྲོད་དུ་རོལ་པ་དང༌། བདུད་འཇོམས་པ་དང་གདུག་པའི་ཁྲག་འཐུང་བ་རྣམས་ཡོད་པ་འདི་ལ་ཇི་ལྟར་དུ་ཚང་ཞེ་ན། དུར་ཁྲོད་ནི་བཱ་ས་ན་གནས་པ་ཡིན་ལ། དེ་ལ་ཤ་བ་ནཱཾ་ ཞེས་བསྣན་ཏེ་ངེས་ཚིག་གིས་བཤད་ན་རོ་གནས་པའོ། །ཇི་ལྟར་དུར་ཁྲོད་ན་རོ་རྣམས་བདག་དང་བདག་གིར་འཛིན་པ་དང་བྲལ་བར་གནས་པ་དེ་ལྟར། སེམས་ཅན་དང་སེམས་ཅན་གྱི་གནས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པའི་བདག་མེད་ པའོ། །དུར་ཁྲོད་དེ་ན་དེ་ཁོ་ནར་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང༌། ཤེས་རབ་ཆེན་པོའི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཆེན་པོ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་བཅོམ་ལྡན་འདས་རོལ་པར་རིགས་སོ། །ཞེས་མན་སྙེ་ལས་ 10-4-14a བཤད་པ་ལྟར་ནི་ལྷན་ཅིག་སྐྱེས་པའི་དུར་ཁྲོད་ན་རོལ་པའོ། །དེས་ནི་ནང་གི་བདུད་སྒྲིབ་པ་གཉིས་རྩ་བ་ནས་འཇོམས་པ་ནི་བདུད་རྣམས་ཐམས་ཅད་འཇོམས་པའོ། །གདུག་པའི་ཁྲག་གསོལ་བ་ལྟར་དུ་བདེ་བ་ཀུན་གྱི་དམ་པ་སྟེ་མཆོག་ནི་སྐད་ ཅིག་དེ་ལ་སྐད་ཅིག་རེ་རེ་ལ་གསོལ་བ་སྟེ་ལོངས་སྤྱོད་པར་མཛད་པའོ། །འགོས་འགྱུར་ལས། བདེ་ཆེན་དམ་པ་ཐམས་ཅད་ལ། །སྐད་ཅིག་དེ་ཉིད་ལོངས་སྤྱོད་མཛད། །ཅེས་བསྒྱུར་བ་གོ་བདེའོ། །བླ་མས་བྱིན་གྱིས་བརླབས་པ་ཙམ་གྱིས་ཏེ་དེ་ལ་ངེས་པར་བརྟན་ ནས་སྐད་ཅིག་ལ་སྟེ་རིང་པོར་མི་ཐོགས་པར་སློབ་མའི་རྒྱུད་ལ་གང་ཡང་འཕོ་བའི་ལྷན་སྐྱེས་འདི་ནི་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་འོད་གསལ་གྱི་རིམ་པར་འདོད་དོ། །ས་བོན་མེད་པ་ཞེས་པ་ནི་ས་བོན་དང་བཅས་པ་ལས་བྱང་ཆུབ་པ་བསྐྱེད་ རིམ་པའི་མངོན་བྱང་གཅོད་པ་སྟེ། འགོས་འགྱུར་ལས། སྐད་ཅིག་གཅིག་གིས་མངོན་བྱང་ཆུབ། །འདི་ནི་ས་བོན་མེད་པར་བརྗོད། །དེས་འབྱུང་བ་ལྟར་རོ། །བཞི་པ་ནི། ཅེས་བྱ་བ་ནི་མགལ་མེ་ཞེས་པ་ནས་འདོད་ཅེས་པའི་བར་ཀུན་ལ་བྱའི། འདས་མ་ཐག་ པའི་ཚིགས་བཅད་གཅིག་པུ་ལ་མི་བྱའོ། །འཁོར་ལོ་སྡོམ་པར་བླ་མ་རྣལ་འབྱོར་མའི་སྦས་པ་ལས། ཞེས་པ་ལ་འགྱུར་གཞན་ལས་འཁོར་ལོ་སྡོམ་པ་བླ་མ་རུ། །རྣལ་འབྱོར་མ་ཡིས་སྦས་པ་ལས། །ཞེས་འབྱུང་ཡང་འཁོར་ལོ་སྡོམ་པ་རྣལ་འབྱོར་ མའི་བླ་མར་སྦས་པ་ལས་ཞེས་བྱ་བའི་དོན་ཏེ། འདིའི་རྩ་རྒྱུད་ཀྱི་མཚན་ལ། དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ་ཞེས་འབྱུང་བ་དང་འདྲ་སྟེ། རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོའམ་བླ་མ་སྟེ་གོང་ 10-4-14b མ་ཞེས་པའི་དོན་ནོ། །དེར་མི་གསལ་བར་སྦས་པ་གསལ་བར་བསྟན་པ་ལས་ཞེས་བྱ་སྟེ། འདི་རྣམས་རིམ་པ་ཀུན་ཏུ་སྦྱར་རྒྱུ་ཡིན་ནོ། །རྩ་རྒྱུད་ཀྱི་དོན་ཇི་ལྟ་བར་རྙེད་པའི་བདག་བྱིན་གྱིས་བརླབ་པ་ངེས་པར་བསྟན་པའོ། །བདག་བྱིན་རླབས་ཀྱི་རིམ་པ་མདོར་བསྟན་པའོ། ། གཉིས་པ་ལ་གསུམ། བདག་བྱིན་རླབས་ཀྱི་རིམ་པ་དངོས། དེའི་ཡོན་ཏན་གཞན་བསྟན་པ། རིམ་པའི་མཚན་བསྟན་པའོ། །དང་པོ་ལ་གཉིས། ས་བོན་དང་བཅས་པའི་རང་བྱིན་རླབས་དང༌། ས་བོན་མེད་པའི་རང་བྱིན་བརླབ་བོ། །དང་པོ་ལ་གཉིས། འདིར་དྲངས་ པའི་བཤད་རྒྱུད་ཀྱི་དོན་བཤད་པ་དང༌། འདིར་མ་དྲངས་པའི་དེའི་སྐབས་ཀྱི་བཤད་རྒྱུད་ཀྱི་ཚིག་རྣམས་བཤད་པའོ། །དང་པོ་ལ་གཉིས། མཚམས་སྦྱར་ཏེ་བཤད་བྱ་དགོད་པ་དང༌། སློབ་དཔོན་གྱིས་དེའི་དོན་བཤད་པའོ། །དང་པོ་ནི། སླར་ཡང་ཞེས་པ་ གཞུང་སྔ་མ་རྣམས་ཀྱིས་བདག་བྱིན་གྱིས་བརླབས་པའི་རིམ་པ་བཤད་པར་མ་ཟད། འདིར་ཡང་དོན་དེ་ཉིད་བརྗོད་དོ། །ཞེས་པའི་དོན་ནི། རང་བྱིན་གྱིས་བརླབས་པའི་རིམ་པ་གཉིས་པ་ཞེས་པ་ནི། རང་བྱིན་རླབས་ལ་མདོར་བསྟན་དང༌། རྒྱས་བཤད་ཀྱི་རིམ་ པ་གཉིས་ཡོད་པའི་གཉིས་པ་ཡིན་གྱི་རང་བྱིན་རླབས་གཉིས་པར་སྟོན་པ་མིན་ནོ། །དེ་ནི་བཤད་རྒྱུད་མངོན་བརྗོད་བླ་མ་ལས། རྟག་ཏུ་སྙིང་ལ་གནས་པ་ཡིས། །ཐིག་ལེ་གཅིག་ལ་འགྱུར་མེད་དེ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་ འགྱུར། །ཞེས་གསུངས་པའི་དོན་ནོ། །འགོས་འགྱུར་དང་འགྱུར་གཞན་ལས། ཐིག་ལེ་གཅིག་པུ་ཡི་གེ་མེད། །ཅེས་འབྱུང་བ་ལ། ཨཀྵ་ར་ཞེས་པ་འགྱུར་མེད་དང་ཡི་གེ་གཉིས་ཀ་ལ་འཇུག་ཀྱང༌། འདིར་སྔ་མར་བསྒྱུར་རྒྱུ་ཡིན་ཏེ་སློབ་དཔོན་གྱིས་ 10-4-15a ཀྱང༌། དེའི་དོན་མི་གཡོ་བར་བྱས་ཏེ་ཞེས་བཤད་པའི་ཕྱིར་དང༌། སྒྲ་དང་ཐིག་ལེར་ལྡན་པའི་སེམས། །སྙིང་གར་བཞག་བྱ། ཞེས་པ་འདིར་ཡང་སྦྱར་རྒྱུ་ཡིན་པས། སྙིང་གར་ཧཱུཾ་ཡིག་བསྒོམས་པ་འདིར་ཡང་དགོས་པའི་ཕྱིར་རོ། །ལྷག་མ་ནི་སློབ་ དཔོན་ཉིད་ཀྱིས་འཆད་པར་འགྱུར་རོ། །གཉིས་པ་ནི། རྟག་ཏུ་ཞེས་པའི་ཚིགས་བཅད་འདིའི་དོན་བརྗོད་པར་བྱ་སྟེ། མིག་དང་ཞེས་སོགས་ཀྱི་གཞུང་གི་འགྱུར་རྡོག་འགྱུར་མི་བདེ་བར་སྣང་བས། འགོས་འགྱུར་ལས། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་རྣམས་ ལ་ཀུན་ཏུ་གནས་པའི་ཡེ་ཤེས་རྣམས་ནི། ཀུན་གཞི་རྣམ་པར་ཤེས་པའི་སེམས་ཀྱིས་བསྡུས་པ་སྟེ། དེ་བས་ན་ལྔ་པོ་དེ་རྣམས་ཡིད་ཀྱིས་ཡང་དག་པར་སྦྱར་ནས་མི་གཡོ་བར་བྱ་ཞིང༌། ཐིག་ལེའི་གཟུགས་ཀྱིས་སྙིང་གའི་ཁ་སྦྱར་བར་བཞག་ལ། རྟག་ཏུ་ མི་གཡོ་བར་བལྟས་ན་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་བར་གྱུར་ནས། ཞེས་བསྒྱུར་བའི་སྟེང་ནས་བཤད་པར་བྱའོ། །དེ་ལ་མིག་ལ་ཀུན་ཏུ་གནས་པའི་ཡེ་ཤེས་དང་རྣ་བ་ལ་ཀུན་ཏུ་གནས་པའི་ཡེ་ཤེས་ཞེས་སོགས་སུ་སྦྱར་ཏེ། ཤེས་པ་དང་ཡེ་ཤེས་སྐད་ དོད་ཐུན་མོང་བ་ཡོད་ཀྱང་འདིར་ཤེས་པར་བསྒྱུར་བས་ཆོག་གོ། ཀུན་གཞི་རྣམ་པར་ཤེས་པའི་སེམས་ཀྱིས་བསྡུས་ཏེ་ཞེས་པ་ལ་འདིར་སྡུད་བྱེད་ཀྱི་ཀུན་གཞི་རྣམ་ཤེས་ནི། དབང་པོའི་ཤེས་པ་ལྔའི་རྗེས་སུ་འཇུག་པ་ལ་སེམས་སྡུད་པར་བྱེད་པའི་ ཡིད་ཡིན་ཏེ། ལྔ་པོ་དེ་རྣམས་ཡིད་ཀྱིས་ཡང་དག་པར་སྦྱར་ནས་མི་གཡོ་བར་བྱ་ཞིང་ཞེས་གསུངས་པའི་ཕྱིར་དང༌། སེམས་ཕྱིར་འཕྲོ་བ་ལོག་ནས་ནང་དུ་སྡུད་པ་ནི་ཡིད་ཀྱི་ཤེས་པ་ཁོ་ནས་བྱེད་པའི་ཕྱིར་དང༌། སྔར་རྣམ་ཤེས་ལྔ་སྨོས་པའི་དྲུག་ 10-4-15b པ་ཡིད་ལ་ཤིན་ཏུ་གསལ་བར་སྣང་བའི་ཕྱིར་རོ། །དོན་ཡིད་ཀྱི་རྣམ་ཤེས་ལ་མིང་ཀུན་གཞི་རྣམ་ཤེས་སུ་བཏགས་པ་སྔགས་ཀྱི་གཞུང་ལ་མང་དུ་འབྱུང་བར་སྣང་བས། དོན་ལ་དཔྱད་པར་བྱའི་ཀུན་གཞི་རྣམ་ཤེས་ཞེས་གསུངས་པ་ཙམ་གྱིས་ཡིད་ཀྱི་རྣམ་ཤེས་ ལས་ངོ་བོ་ཐ་དད་པའི་ཀུན་གཞི་རྣམ་ཤེས་སུ་ལུགས་གཞན་ནས་འབྱུང་བ་ལ་གཟུང་བར་མི་བྱའོ། །རྔོག་འགྱུར་ལས། མིག་དང་རྣ་བ་དང་སྣ་དང་ལྕེ་དང་པགས་པའི་ཕྱོགས་ལ་གནས་པའི་ཤེས་པ་རྣམས་ཀྱི་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་གྱི་སེམས་ ལ་རྣམ་པར་ཤེས་པ་ལྔ་པོ་དེ་དག་ཡང་དག་པར་བཞག་ཅིང་མི་གཡོ་བར་བྱས་ཏེ། ཡིད་སྙིང་ཁར་བཞག་ནས་གནས་པས་ནི་ཐིག་ལེའི་གཟུགས་སུ་འགྱུར་རོ། །དེ་མཐོང་བ་ལས་ཡེ་ཤེས་ཏེ་ཞེས་འབྱུང་ངོ༌། །དེ་ལ་རྣམས་ཀྱི་ཞེས་པ་ནི་རྣམས་ནི་ཞེས་འོང་རྒྱུའོ། ། ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་གྱི་སེམས་ཞེས་པ་ལས་སེམས་ཀྱིས་བསྡུས་པ་སྟེ་ཞེས་པ་ལེགས་སོ། །རྣམ་པར་ཤེས་པ་ལྔ་པོ་ནས་མི་གཡོ་བར་བྱས་ཏེ། ཞེས་པའི་བར་ལས་ཀྱང་དེ་བས་ན་ཞེས་པ་ནས་མི་གཡོ་བར་བྱ་ཞིང་ཞེས་པའི་བར་ ལེགས་པར་སྣང་ཞིང༌། ཡིད་སྙིང་ཁར་བཞག་པ་སོགས་ལས་ཀྱང་ཐིག་ལེའི་གཟུགས་ཀྱིས་ཞེས་སོགས་ལེགས་ལ། དེ་མཐོང་བ་ལས་ཡེ་ཤེས་ཏེ་ཞེས་པ་ལས་ཀྱང༌། རྟག་ཏུ་མི་གཡོ་བར་བལྟས་ན་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་ཞེས་པ་ཆེས་ལེགས་ པར་སྣང་ངོ༌། །ཐིག་ལེའི་གཟུགས་ཀྱིས་སྙིང་གའི་ཁ་སྦྱར་བར་བཞག་ལ་ཞེས་པ་ནི། སྔགས་ཀྱི་ཐིག་ལེའི་གཟུགས་ཀྱིས་སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིར་ཐིག་ལེ་དཀར་དམར་ཁ་སྦྱར་གྱི་དབུས་སུ་འཇོག་པའོ། །གཅིག་ལ་ཞེས་པ་ནི་དམིགས་རྟེན་ 10-4-16a ཐིག་ལེ་གཅིག་པུ་དེ་ལས་སེམས་ཡུལ་གཞན་ལ་འཕྲོ་བ་འགོག་པའོ། །དེ་ལྟར་རྟག་ཏུ་སྟེ་རྒྱུན་དུ་འགྱུར་བ་མེད་པ་སྟེ་དམིགས་རྟེན་ཐིག་ལེ་ལས། སེམས་གཞན་དུ་མི་གཡོ་བར་ཐིག་ལེ་ཉིད་ལ་བལྟས་ན། རླུང་སེམས་འཇུག་པ་གཅིག་པའི་ གནད་ཀྱིས་སེམས་ཟིན་སར་རླུང་ཟིན་འོང་བས། གཡས་གཡོན་གྱི་རླུང་དྷཱུ་ཏཱིར་ཞུགས་པ་དང་དེ་ནས་འབྱུང་འཇུག་མི་བྱེད་པར་དྷཱུ་ཏཱིའི་ནང་དུ་གནས་པ་དང༌། དེ་ནས་དེར་ཐིམ་པར་གྱུར་པ་ལས། སངས་རྒྱས་སུ་བགྲོད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ པར་འགྱུར་ན་རིམ་གྱིས་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ། །སྐབས་འདིར་ཕམ་མཐིང་པ་ནས་བརྒྱུད་པ་སྙིང་ཁར་ཟླ་བའི་སྟེང་དུ་ཡིད་ཀྱི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དམར་པོ་ཡུངས་འབྲུ་ཙམ་བལྟས་ལ། དེ་ལ་སེམས་ཟིན་པ་བརྟན་པ་དང་དེ་ལས་འོད་ཟེར་ འཕྲོས་པས། དབང་ཤེས་ལྔའི་ངོ་བོ་ཐིག་ལེ་དཀར་པོ་དང་ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ། མིག་གཉིས་དང་སྣ་བུག་གཉིས་དང་སྣའི་བུག་པའི་འདོམས་སོ་དང༌། ལྕེའི་རྩ་བ་དང་མཚན་མའི་རྩེར་རིམ་པ་བཞིན་བསྒོམས་ལ་སེམས་གཟུང་བར་བྱ་ ཞེས་ཟེར་རོ། །དེ་ལ་སྤྱིར་མིག་ལ་སོགས་པའི་སྒོར་ཡི་གེ་བཀོད་ནས་བུག་པ་དེ་རྣམས་བཀག་པར་བསྒོམས་ནས་སེམས་བཟུང་ན། དབང་པོའི་རླུང་ནང་དུ་ལྡོག་པར་མན་སྙེ་ལས་བཤད་པས། འདིར་དབང་པོའི་སྒོར་ཐིག་ལེ་སྒོམ་པ་ཡང་དབང་པོའི་རླུང་ནང་དུ་ ལྡོག་ཐབས་སུ་འགྱུར་བ་ཙམ་ཡོད་མོད་ཀྱང༌། གཞུང་གི་དགོངས་པ་ནི་སྙིང་གའི་སྔགས་ཀྱི་ཐིག་ལེ་གཅིག་པུ་ལ་སེམས་གཏོད་པ་ཡིན་ནོ། །དེ་ལྟར་མངོན་བརྗོད་དུ་མ་ཟད་ཕྱག་ཆེན་ཐིག་ལེ་ལས་ཀྱང་སྙིང་ཁར་གནད་དུ་བསྣུན་པ་ལ་ཤིན་ཏུ་བསྔགས་ཏེ། དེ་ཉིད་ 10-4-16b ལས། རླུང་འཁོར་ཆར་ཡང་གནས་ན་ནི། །རླུང་མ་གཉིད་མ་ཡོད་པའོ། །གཡས་པ་དང་ནི་གཡོན་གྱི་ཆ། །ཆར་ཡང་ལ་ནི་ཤིན་ཏུ་བསྐོར། །དེ་གཉིས་ཁོང་དུ་ཆུད་པ་ཡིས། །དེ་ལས་མཆོག་གི་བདེ་བ་འབྱུང༌། །བདེ་བའི་ནང་ནས་ཕྱག་རྒྱ་ཆེ། །ཐེ་ཚོམ་མེད་པར་རྙེད་པར་འགྱུར། ། ཞེས་གསུངས་ཤིང༌། ཡང་དེ་ཉིད་ལས། ཆར་ཡང་སྙིང་གའི་གནས་སུ་ཤེས། །ཞེས་ཆར་ཡང་གི་གནས་སྙིང་གའི་གནས་སུ་བཤད་ལ། རླུང་འཁོར་གྱི་གནས་ནི་སྨིན་མཚམས་ཡིན་ལ་དེ་ན་རླུང་མ་ཡོད་པ་དང༌། ཆར་ཡང་གི་གནས་སུ་གཉིད་མ་ཡོད་པར་བཤད་ པའི་གཉིད་མ་སྟེ། རྟོག་མེད་མ་སྙིང་གའི་དྷཱུ་ཏཱི་ལ་གཡས་གཡོན་གྱི་རོ་རྐྱང་གིས་མདུད་པས་བསྐོར་བའི་ཁོངས་སུ་ཆུད་པའི་གཉིད་མ་ལས། བདེ་བ་མཆོག་ཏུ་གྱུར་པ་འབྱུང་ཞིང་བདེ་བ་རྙེད་པ་ལས་བདེ་སྟོང་དབྱེར་མེད་ཀྱི་ཕྱག་རྒྱ་ཆེན་པོ་ཐེ་ཚོམ་མེད་པར་རྙེད་པར་ གསུངས་སོ། །གྲོལ་བའི་ཐིག་ལེ་ལས་ཀྱང༌། ཤིན་ཏུ་བསྔགས་ཏེ། དེ་གསལ་མི་ཤིགས་ཐིག་ལེའི་གཟུགས། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །འོད་ཟེར་སྣ་ལྔ་འབར་འཛག་པའི། །ཚུལ་ཅན་སྙིང་དབུས་རྟག་ཏུ་གནས། །དེ་ལ་བལྟས་པས་ཡེ་ཤེས་ཆེ། །སྐད་ ཅིག་ཙམ་གྱིས་རྣལ་འབྱོར་ལ། །འབར་བ་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་ཏེ་ཡེ་ཤེས་ཆེ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །དེ་ལྟར་སྔགས་ཀྱི་ཐིག་ལེ་ལ་དམིགས་པ་གོམས་པ་ལས་མྱོང་བ་སྐྱེ་ཚུལ་ནི། སེམས་གནས་པའི་མི་རྟོག་པ་ཙམ་མམ། ཡང་སྔོན་དུ་བདེ་བ་སྐྱེ་ དེ་ལ་བརྟེན་ནས་མི་རྟོག་པ་སྐྱེ་ཞེས་སྔ་མ་མང་པོ་ཟེར་བ་ལྟར་མི་བྱའི། དྷཱུ་ཏཱི་ལ་བརྟེན་པའི་གནད་ཆེ་སར་དམིགས་པ་འཛིན་ལུགས་ལ་ཤིན་ཏུ་མཁས་པར་བྱས་ཏེ། བསྐྱངས་པ་ལས་ཐོག་མར་གཡས་གཡོན་གྱི་རླུང་དབུ་མར་ཚུད་པ་སོགས་ཀྱི་རླུང་ཞུགས་གནས་ 10-4-17a ཐིམ་གསུམ་བྱས་པ་ལས། དགའ་བ་བཞི་དང་སྟོང་པ་བཞི་འདྲེན་པའི་ཚུལ་རྣམས་ཤེས་དགོས་ཏེ། རྒྱས་པར་གསང་འདུས་ཀྱི་གདམས་པ་དང༌། ལཱུ་ཨི་པའི་རྫོགས་རིམ་གྱི་ཊཱི་ཀར་གཏན་ལ་ཕབ་ཟིན་པས་འདིར་ཚིག་མངས་སུ་དོགས་པས་ མ་བྲིས་སོ། །གཞུང་འདིར་བཤད་པ་ལྟ་བུའི་ཡི་གེ་དང་ཐིག་ལེ་དང་ཕྱག་མཚན་སོགས་བསྒོམས་པ་རྣམས། བློས་ཀུན་བརྟགས་ནས་བསྒོམས་པ་ཡིན་ཡང་དེ་ལྟར་བསྒོམས་པ་ལ་བརྟེན་ནས་མ་བཅོས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བའི་ཐབས་སུ་ཐུན་ མོང་མ་ཡིན་པར་འགྱུར་བར་ཤེས་ནས་ཤིན་ཏུ་གཅེས་པར་བྱའི། དེའི་གནད་མི་ཤེས་པར་དེ་རྣམས་བློས་ཀུན་བརྟགས་ནས་བསྒོམས་པ་ཡིན་པས། རྫོགས་པའི་རིམ་པ་མཆོག་ལ་མི་དགོས་སོ་སྙམ་དུ་མི་གཟུང་ངོ༌། །གཉིས་པ་ནི། དྲིལ་བུ་པའི་ལུས་ དཀྱིལ་གྱི་རྫོགས་རིམ་བསྒོམས་པའི་སྐབས་སུ་ཡང༌། རྟག་ཏུ་ཞེས་པའི་ཚིགས་བཅད་གཅིག་ལས་མི་འབྱུང་ཡང༌། དྲིལ་བུ་པའི་གཞུང་ལ་བརྟེན་པའི་མན་ཀ་ཤྲཱིས་མཛད་པའི་ལུས་དཀྱིལ་གྱི་རྫོགས་རིམ་བསྒོམས་པའི་སྐབས་སུ། རྟག་ཏུ་ཞེས་ པའི་སྔོན་དུ། མངོན་བརྗོད་ལས། ཚིགས་བཅད་བཞི་གསུངས་པ་དང་བཅས་པའི་རྫོགས་རིམ་སྟོན་པའི་ཚིགས་བཅད་ལྔ་བཀོད་པ་ནི། ཤིན་ཏུ་ལེགས་པས་འདིར་ཡང་ཚིགས་བཅད་ལྷག་མ་བཞི་བཤད་པར་བྱའོ། །དེ་ལ་ཚིགས་བཅད་དང་པོ་ནི། གང་དུ་ སྙིང་གི་པདྨ་ཁ་སྦྱར་དབུས་གནས་པ། །ཕྲ་བར་ལྟ་བ་རང་འབྱུང་མྱོས་པའི་སེམས་འཇུག་པ། །ཁམས་གསུམ་མ་ལུས་གཉིས་སུ་མེད་པར་ཉེར་འགྲོ་བ། །གསལ་བ་ཆོས་ཀྱི་དབྱིངས་མཆོག་དེ་ལ་བདག་ཕྱག་འཚལ། །ཞེས་པའོ། །དེ་ལ་གནས་གང་དུ་ཁམས་ 10-4-17b གསུམ་གྱི་སེམས་ཅན་མ་ལུས་པ་གཉིས་སུ་མེད་པ་འོད་གསལ་དུ་ཉེ་བར་འགྲོ་བའི་གསལ་བ་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །དེ་ཡང་སྙིང་གི་པདྨ་སྟེ་རྩ་འཁོར་གྱི་དབུས་སུ་ཁ་སྦྱར་བའི་དྷཱུ་ཏཱིའི་དབུས་སུ་གནས་པའི་མི་ཤིགས་པ་ཤིན་ཏུ་ཕྲ་བར་བལྟ་བ་སྟེ། བལྟ་བར་བྱ་བ་ལུས་ཆགས་པའི་དུས་ཉིད་ནས་འབྱུང་བས་རང་བྱུང་སྟེ་རྩོལ་བས་གསར་དུ་མ་བསྒྲུབས་ལ། བར་དོ་མྱོས་པ་སྟེ་བརྒྱལ་བའི་སེམས་འཇུག་པའི་གནས་ཕ་མའི་ཁུ་ཁྲག་འདྲེས་པའི་ཐིག་ལེ། ད་གདོད་ལུས་རྫོགས་པར་ཆགས་པ་ན་སྙིང་ག་རུ་ འགྱུར་བའི་གནས་དེར་གནས་པའི་སེམས་སོ། །མྱོང་བའི་ཞེས་འབྱུང་བ་ལྟར་ན་མྱོང་བའི་སེམས་འཇུག་པ་སྟེ་གནས་པའི་རྟེན་ནོ། །ཚིགས་བཅད་གཉིས་པ་ནི། དབང་པོ་གཡོ་བའི་རྟ་ཀུན་ནང་དུ་ངེས་སྦྱར་བ། །ཡེ་ཤེས་རྒྱལ་བ་མ་ལུས་འདུས་པའི་སྣོད་ གྱུར་པ། །ཞིང་དང་ཁམས་གསུམ་མ་ལུས་འདུས་པའི་སྣོད་གྱུར་པ། །མཐོང་བ་མཁའ་དང་འདྲ་བ་དྲི་མེད་དཔལ་དུ་གྱུར། །ཞེས་པའོ། །སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་དམིགས་ནས་ལམ་དུ་བྱས་པ་ན། དབང་པོའི་ཤེས་པ་ཕྱི་རོལ་ཏུ་གཡོ་བའི་སེམས་ ཀྱི་རྟ་རླུང་ཀུན་སྙིང་གའི་ནང་དུ་ངེས་པར་སྦྱོར་བར་བྱེད་དོ། །དེ་ལྟར་སྦྱར་བ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱལ་བ་མ་ལུས་པ་འདུས་པའི་སྣོད་དུ་གྱུར་པ་སྟེ། བསྐྱེད་པའི་ཞིང་དང་ཁམས་གསུམ་མ་ལུས་པ་འདུས་པའི་སྣོད་དུ་གྱུར་པ་སྟེ། དེ་ཐམས་ཅད་ ཀྱི་རྩ་བ་རླུང་དང་སེམས་ཙམ་གྱི་བདག་ཉིད་དུ་གྱུར་པའོ། །དེ་འདྲ་བའི་ལྷན་སྐྱེས་ཡེ་ཤེས་བདེ་སྟོང་སྦྱར་བའི་དོན་མཐོང་བ་ན། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་དྲི་མ་མེད་པའི་དཔལ་དུ་འགྱུར་རོ། །ཚིགས་བཅད་གསུམ་པ་ནི། སངས་རྒྱས་རྗེས་དྲན་ 10-4-18a སྦྱོར་བ་ཡིས། །ཆོས་ནི་རྗེས་སུ་དྲན་པ་བསྒོམ། །ཆོས་རྗེས་དྲན་པའི་སྦྱོར་བ་ཡིས། །ཆོས་ཀྱི་སྐུར་ནི་བདག་གྱུར་ཏེ། །ཞེས་པའོ། །འདིས་ནི་བསྒོམ་པའི་རིམ་པ་སྟོན་ཏེ་དང་པོར་སངས་རྒྱས་རྗེས་སུ་དྲན་པའི་སྦྱོར་བ་ལྷའི་རྣལ་འབྱོར་བསྒོམ་པ་ དང་སྦྱོར་བ་དེ་ཡིས་ཏེ་དེ་ལ་བརྟེན་ནས། ཆོས་ནི་རྗེས་སུ་དྲན་པ་སྟེ་སྙིང་ག་ཆོས་ཀྱི་འཁོར་ལོར་མི་ཤིགས་པ་བསྒོམ་པར་བྱ་ལ། དེ་ལྟར་བསྒོམས་པའི་ཆོས་རྗེས་སུ་དྲན་པ་ཡིས་བདག་ཉིད་ཀྱི་སེམས་ཆོས་ཀྱི་སྐུར་འགྱུར་བར་བྱེད་དོ་ཞེས་པའོ། །ཚིགས་ བཅད་བཞི་པ་ནི། དབུས་ན་གསལ་བྱེད་རྣམ་པར་ཤེས། །ཡེ་ཤེས་མཆོག་ནི་ཤེས་རྣམས་ཀྱིས། །ཤིན་ཏུ་སྒོམ་པ་གོམས་པ་ལས། །འབར་བ་འདི་ནི་ཐེ་ཚོམ་མེད། །ཅེས་པ་སྟེ་སྔར་བཤད་པ་ལྟར། སྒོམ་པ་དེ་ཡང་དེ་རྣམས་ཀྱི་གནད་ལེགས་པར་ཤེས་པ་ དང༌། གོམས་པ་བསྲིངས་ན་ཐེ་ཚོམ་མེད་པར་ཡེ་ཤེས་སྐྱེའོ་ཞེས་པའི་དོན་ནོ། །དེའི་འོག་ཏུ་རྟག་ཏུ་ཞེས་པའི་ཚིགས་བཅད་གཅིག་འབྱུང་སྟེ། དེའི་དོན་ནི་བཤད་ཟིན་ཏོ། །གཉིས་པ་ནི། ད་ནི་ས་བོན་མེད་པའི་རང་བཞིན་བྱིན་གྱིས་བརླབ་པའི་རིམ་པ་བརྗོད་པར་ བྱའོ། །ཞེས་མཚམས་སྦྱར་ཏེ། ས་བོན་མེད་པ་ནི་འདིར་སྔ་མ་ལྟར་སྔགས་ཀྱི་ཐིག་ལེ་ཧཱུཾ་ཡིག་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་ལྟ་བུའི་གཟུགས་ལ་དམིགས་པ་མེད་པ་ལ་བྱའི། རྩོལ་བ་མི་དྲག་པ་དང་དམིགས་པ་རྒྱ་ཆུང་བ་ལ་བྱེད་པ་ནི་དོན་དུ་མི་སྣང་ངོ༌། ། ཉི་མའི་བདག་ཉིད་ཅན་ནི་རོ་མ་ནས་རྒྱུ་བའི་རླུང་སྟེ་དེའི་ལམ་ནི་སྣ་བུག་གཡས་སོ། །ཟླ་བའི་བདག་ཉིད་ཅན་ནི་རྐྱང་མ་ནས་རྒྱུ་བའི་རླུང་སྟེ་དེའི་ལམ་ནི་སྣ་བུག་གཡོན་ནོ། །སྟོང་པ་ཉིད་ཀྱི་རང་བཞིན་ཞེས་པ་ནི་ནམ་མཁའ་སྟོང་པའི་ངོ་བོ་ཞེས་པས་བཤད་དེ་རྩའི་ 10-4-18b ཁོང་སྟོང་དང་སྣ་བུག་གི་ཁོང་སྟོང་གང་ནས་ཀྱང་སྟེ་དེ་ནས་རླུང་བར་ཆད་མེད་པར་ཏེ་ནང་དུ་འཇུག་པ་དང་ཕྱིར་ལ་འབྱུང་བར་འགྱུར་བའི་ལམ་དེར་འབྱུང་འཇུག་བྱེད་པ་ན་རླུང་དང་ལྷན་ཅིག་སྦྱར་བས་ཏེ་རླུང་སྔགས་དབྱེར་མི་ཕྱེད་པར་གཅིག་ཏུ་བྱས་པའི་དོན་ལ་སེམས་གཟུང་ བར་བྱའོ། །འདིར་འབྱུང་བ་དང་འཇུག་པའི་རླུང་གི་བཟླས་པ་གཉིས་གསལ་བར་བཤད་པས་ནང་དུ་རླུང་གནས་པའི་བཟླས་པ་ཡང་ཤེས་པར་བྱའོ། །ས་བོན་དང་བཅས་པའི་རང་བྱིན་རླབས་ཀྱིས་བསྐྱེད་རིམ་དུ་མངོན་བྱང་ལས་ཧེ་རུ་ཀ་རྫོགས་པའི་ངེས་དོན་བཤད་ ལ། ས་བོན་མེད་པའི་རང་བྱིན་རླབས་འདིས་བསྐྱེད་རིམ་པའི་ཧེ་རུ་ཀའི་ཐུགས་རྒྱུད་བསྐུལ་བའི་བཟླས་པའི་ངེས་དོན་བཤད་དེ། བཤད་པའི་རྒྱུད་སྡོམ་འབྱུང་ལས། རླུང་གི་དེ་ཉིད་སྔོན་དུ་འགྲོ་བས། སྔགས་ཀྱི་དེ་ཉིད་བཟླ་བར་གསུངས་པས་སྙིང་གའི་མི་ཤིགས་པ་ ལས་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་བྱེད་པའི་དོན་ནོ། །འདིར་བླ་མ་སྔ་མ་ཁ་ཅིག་གཞུང་དེ་རྣམས་ཀྱི་དོན་སྣ་བུག་གཡས་པ་ནས་ཉི་མའི་རླུང་རྒྱུ་བའི་དུས་སམ། གཡོན་པ་ནས་ཟླ་བའི་རླུང་རྒྱུ་བའི་དུས་སམ། གཉིས་ཀ་ནས་ཉི་ཟླ་མཉམ་པར་རྒྱུ་བའི་དུས་ཀྱང་ རླུང་སྟེ་དེའི་དུས་སུ་སྣ་བུག་གཉིས་ཀྱི་ནང་སྣའི་རྩེ་མོ་དང་བཅས་པ་སྟོང་པར་སྒོམ་པའམ། སྣ་བུག་གཉིས་ཀྱི་འདོམས་སོའི་ཕྱི་རོལ་ཏུའང་རུང་སྟེ། རླུང་ཕྱིར་རྒྱུ་བའི་དུས་སུ་རླུང་སྣ་ལས་ཕྱི་རོལ་ཏུ་རིང་དུ་མི་འགྲོ་བར་རི་སྣར་སྨུགས་པ་ཆགས་པ་ལྟ་བུའི་ཚུལ་གྱིས་ རླུང་གི་འོད་ཟེར་ཁ་དོག་སྨུགས་པའི་རྣམ་པས་གནས་པར་བསྒོམ། རླུང་ནང་དུ་འཇུག་པའི་དུས་སུ་རླུང་དང་ལྷན་ཅིག་ཏུ་འོད་ཟེར་ཐུར་དུ་འཕྲོས་པས་དེས་ལུས་ལ་ཁྱབ་པས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེས་པར་བསམ་པ་ལ་འཆད་པ་ནི་དོན་དུ་མི་སྣང་གི། བླ་མ་སྔ་མ་ 10-4-19a གཞན་འགའ་ཞིག་གི་ལུགས་ཀྱིས་རྡོར་བཟླས་བྱེད་པ་ལ་འཆད་པ་ལེགས་པར་མཐོང་ངོ༌། །དེ་ལྟར་རྡོ་རྗེ་བཟླས་པ་ལ་གོམས་པ་ལས། ཉམས་མྱོང་སྐྱེ་ཚུལ་ནི། སེམས་ཀྱི་བཞོན་པར་གྱུར་པའི་རླུང་གི་རྡོར་བཟླས་བྱས་པ་དེས་ཀྱང་འཁྱེར་ཞེས་ སྦྱར་རོ། །གང་འཁྱེར་ན་བློ་སྟེ་སེམས་ཀྱི་གཞི་ནི་དེའི་བཞོན་པའི་རླུང་རྣམས་སོ། །གང་དུ་འཁྱེར་ན་རླུང་སེམས་རང་གི་ཁྱིམ་སྟེ་རྩ་བའི་གནས་སྙིང་གའི་དྷཱུ་ཏཱིར་རོ། །དེར་རླུང་ཞུགས་ཏེ་ཐིམ་པ་ན་བློ་ཤེས་རབ་སྟེ་ཡུལ་སྟོང་པ་ཉིད་དང་སེམས་ཐབས་ཏེ་ཡུལ་ ཅན་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་རོ་གཅིག་ཏུ་འགྱུར་བའོ། །ཐབས་ཤེས་གཉིས་སུ་མེད་པའི་རང་བཞིན་དུ་སོན་པ་དེས་ནི་སངས་རྒྱས་ཐམས་ཅད་ཀྱི་སྐྱེད་པར་བྱེད་པའི་རང་བཞིན་དྲུག་པ་རྡོ་རྗེ་འཆང་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་དེ་ཁོ་ན་ཉིད་གྲུབ་པ་ ལས། དཔེར་ན་ནམ་མཁའི་ངོས་སུ་ཁྱབ་པའི་ཆུ་འཛིན་གྱི་ཚོགས་སྟུག་པོ་དེངས་པར་གྱུར་པ་ན། གང་དུ་སོང་མི་ཤེས་པ་དེ་བཞིན་དུ་རླུང་འདི་ཡང་སྔར་རྒྱུན་མི་འཆད་པར་འབྱུང་བ་ལས། དེ་ལྟར་ཐིམ་པར་གྱུར་པ་ན་མཆོག་ཏུ་ལྡོག་ཅིང་ཚིམ་པ་ཐོབ་པས་གང་དུའང་ འགྲོ་བར་མི་འགྱུར་རོ། །ལྷན་ཅིག་སྐྱེས་པའི་རླུང་རང་གི་གནས་སུ་གནས་པས་རྟོག་པའི་ཚོགས་ལས་གྲོལ་ཞིང༌། སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཐུགས་ཚིམ་པར་བྱེད་པ་ཅི་ཞིག་ལྟར་སྐྱེས་ཏེ། འདི་ལྟར་འཁོར་བ་འདིར་སྔོན་དུ་ཐུགས་རྗེ་ཆེན་པོ་མང་དུ་རྒྱུན་མི་ འཆད་པར་གོམས་པར་བྱས་པས། མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་རྒྱུ་ཐོབ་པ་ཡིན་ནོ། །ཞེས་གསུངས་ཏེ་སྔར་བཤད་པ་དེ་འདྲ་བ་དེ་ནི་ལྷན་ཅིག་སྐྱེས་པའི་རླུང་རང་གི་གནས་སུ་གནས་པ་ཞེས་བྱ་བ་ཡིན་ལ། དེ་ལས་ཡོན་ཏན་དེ་ལྟ་བུ་ 10-4-19b སྐྱེ་བ་ནི་སྙིང་གའི་རྡོར་བཟླས་ཁོ་ནར་མ་ཟད་སྙིང་ཁར་སྔགས་ཀྱི་ཐིག་ལེ་བསྒོམས་པ་ལས་ཀྱང་དེ་ལྟར་དུ་འགྱུར་བ་ཡིན་ནོ། །སྤྱིར་རྡོར་བཟླས་དང་ཁྱད་པར་དུ་སྙིང་གའི་རྡོར་བཟླས་ཀྱི་གནད་མཐའ་དག་པར་ནི། གསང་འདུས་དང་བདེ་མཆོག་གི་གདམས་ངག་གི་བཤད་ པ་རྣམས་སུ་བསྟན་ཡོད་པས་དེར་ཤེས་པར་བྱའོ། །དེ་ལྟར་ན་འཁོར་ལོ་སྡོམ་པ་ལས། མངོན་བྱང་ལས་ཧེ་རུ་ཀ་རྫོགས་པ་དང་དེའི་ཐུགས་བསྐུལ་བའི་བཟླས་པ་བཤད་པའི་སྐབས་སུ། སྒྲས་ཟིན་ཚོད་ཀྱི་དོན་ལ་བསྐྱེད་རིམ་ལས་མེད་པས། དེས་མཚོན་པའི་ དོན་རྫོགས་རིམ་གྱི་ངེས་དོན་རང་བྱིན་རླབས་གཉིས་སྦས་པ་དང༌། སྦས་པ་བཤད་རྒྱུད་ལ་བརྟེན་ནས་གྲུབ་ཆེན་གྱིས་སྟོན་ཚུལ་ནི་དེ་ལྟར་ཡིན་ནོ། །གཉིས་པ་ནི། དེ་ལྟར་བདག་བྱིན་གྱིས་བརླབས་པ་གཉིས་བསྒོམས་པའི་ཕན་ཡོན་གཞན་སྟོན་པ་ནི། འདས་ པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དོན་གཟུགས་ཀྱི་སྐྱེ་མཆེད་རྣམས་ལྷའི་མིག་གིས་ཤེས་ཤིང་འཁོར་བ་སོ་སོ་སྐྱེ་བོ་དང་མྱ་ངན་ལས་འདས་པ་འཕགས་པ་གང་ཟག་གི་ཐོག་མ་སྐྱེ་བ་དང་ཐ་མ་འཆི་འཕོ་བའི་ཚུལ་གྱི་རང་བཞིན་ལྷའི་མིག་གིས་མཐོང་ བ་སྟེ། འགོས་འགྱུར་ལས། འཁོར་བ་དང་མྱ་ངན་ལས་འདས་པའི་ཐོག་མ་དང་ཐ་མ་ཤེས་པར་འགྱུར་ཞིང༌། ལྷའི་མིག་གིས་གཟུགས་ཀྱི་རྣམ་པ་ཐམས་ཅད་ཤེས་པ་དང་ཞེས་འབྱུང་ངོ༌། །འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་སུ་གནས་ པའི་སེམས་ཅན་གྱི་སྒྲ་རྣམས་ལྷའི་རྣ་བས་ཐོས་པ་དང༌། སེམས་ཅན་གྱི་ཞེས་པ་ལྷག་མ་གསུམ་ལའང་སྦྱར་ལ། དྲི་རྣམས་ལྷའི་སྣས་སྣོམ་པ་དང་རོ་རྣམས་ལྷའི་ལྕེས་མྱོང་བ་དང་རེག་བྱ་རྣམས་ལ་ལྷའི་ལུས་ཀྱི་དབང་པོས་ལོངས་སྤྱོད་པར་བྱེད་ལ་ཤེས་ 10-4-20a རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་ཕྱག་རྒྱ་ཆེན་པོ་ལ་ཡིད་ཀྱི་ཤེས་པའི་བདེ་བ་ཆེན་པོས་རོལ་པར་ཡང་བྱེད་དོ། །གསུམ་པ་ནི། འཁོར་ལོ་སྡོམ་པ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་བླ་མར་མི་གསལ་བར་སྦས་པ། གསལ་བར་བསྟན་ པ་ལས་རང་བྱིན་གྱིས་རློབ་པའི་རིམ་པས་ཏེ་རིམ་པ་དང་པོའོ། །བདག་བྱིན་གྱིས་རློབ་པ་ནི་སྔར་བཤད་པའི་ཡེ་ཤེས་འདྲེན་པའི་ཐབས་དང༌། དེས་དྲངས་པའི་ཡེ་ཤེས་ཀྱི་རིམ་པ་གཉིས་ཀ་ལ་བྱའོ། །གཉིས་པ་ལ་གཉིས། ས་བོན་དང་བཅས་པའི་སྣ་ཚོགས་ རྡོ་རྗེའི་རིམ་པ་དང༌། ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པའོ། །དང་པོ་ལ་གསུམ། དངོས་ཀྱི་དོན་དང༌། དམིགས་རྟེན་ལུས་ཀྱི་གནས་གཞན་དུ་བཞག་པ་ལ་བརྟེན་ནས་ཡོན་ཏན་འཆར་ཚུལ་དང༌། རིམ་པའི་མཚན་བསྟན་པའོ། །དང་པོ་ནི། སྣ་ཚོགས་རྡོ་རྗེ་ ནི་འདིར་དཀྱིལ་འཁོར་གང་ལ་གནས་པའི་སྣ་ཚོགས་རྡོ་རྗེའོ། །དེའི་གཞི་ནི་སྣ་ཚོགས་རྡོ་རྗེ་གང་ལ་གནས་པའི་པདྨ་སྟེ། དེ་ཡང་འདིར་ཡུམ་གྱི་གསང་གནས་ཀྱི་པདྨ་སྟོན་པར་འདོད་ནས་དེ་ལྟར་གསུངས་སོ། །གཞི་དེར་གནས་པའི་རྡོ་རྗེ་ནི་ཡབ་ཀྱི་གསང་གནས་ ཀྱི་རྡོ་རྗེར་བསྐྱེད་པའོ། །རྡོ་རྗེ་དེའི་རྩེ་མོ་ནི་དྷཱུ་ཏཱིའི་མར་སྣའི་བུག་པར་རོ། །དེར་གནས་པའི་དང་པོ་མཆོག་ནི་དཔལ་མཆོག་དང་པོའི་ཡི་གེར་གྲགས་པའི་ཧཱུཾ་ཡིག་གོ། ཡི་གེ་དེའི་སྤྱི་བོར་གནས་པ་ནི་ཐིག་ལེ་ཟླ་བ་ལྟ་བུར་དཀར་ཞིང་དྲི་མ་མེད་པའི་ལུས་དང་ལྡན་པའོ། ། ཐིག་ལེ་དེ་ལ་དམིགས་ནས་སྒོམ་པར་བྱེད་པའི་སྒྲུབ་པ་པོ་བདག་ཉིད་དེ་ནི་རྡོ་རྗེ་དབང་ཕྱུག་སྟེ་རྡོ་རྗེ་འཆང་ཉིད་འགྲུབ་པར་འགྱུར་རོ། །གཞུང་དེ་དག་གི་དོན་ལ་སྔ་མ་ཁ་ཅིག་སྤྱི་བོ་ནས་མཐོ་གང་ཙམ་གྱི་གནས་སུ། སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར་ལྷོའི་སེར་ 10-4-20b ནུབ་ཀྱི་དམར་བྱང་གི་ལྗང་ལྟེ་བ་ནག་པོ། དེའི་ལྟེ་བའི་སྟེང་དུ་ཆོས་འབྱུང་གྲུ་གསུམ་དམར་སྐྱ་བསམ་དེའི་ནང་དུ་རྡོ་རྗེ་དམར་སྐྱ་རྩེ་ལྔ་པ། དེའི་ལྟེ་བ་ལ་ཟླ་བ་ལ་གནས་པའི་ཧཱུཾ་དཀར་དམར་བསམས་ལ། རླུང་ནང་དུ་བསྡམས་ཤིང་ཧཱུཾ་དེའི་ཐིག་ལེ་དཀར་ལ་དམར་བ་ལ་ སེམས་གཏད། ཅེས་ཟེར་བ་དང༌། ཡང་ཁ་ཅིག་རྡོ་རྗེ་དམར་པོའི་རྩེར་ཟླ་བ་ཧཱུཾ་དཀར་པོ་དེའི་ཐིག་ལེ་ཟླ་བ་ལྟར་དཀར་བ་དེར་སེམས་གཞུག་ལ། གཞན་གང་ཡང་མི་བསམ་པར་གནས་པར་བྱའོ་ཞེས་ཟེར་མོད་ཀྱང༌། འདི་ལ་ལུས་ལ་གནད་དུ་བསྣུན་པའི་དམིགས་ པ་དགོས་ལ། དེ་གཉིས་ཀ་ལ་ལུས་ལ་གནད་དུ་བསྣུན་པའི་དམིགས་པ་ཅི་ཡང་མི་འདུག་གོ། ཡང་སྔོན་གྱི་བླ་མ་ཁ་ཅིག་རང་གི་རིག་མའི་ཆོས་འབྱུང་གི་ནང་དུ། རང་གི་རྡོ་རྗེ་ཧཱུཾ་དམར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་དེའི་རྩེ་མོའི་ནང་དུ་ཧཱུཾ་ དམར་པོ་མགོ་གྱེན་དུ་བལྟ་བ་དེའི་ཐིག་ལེར་རང་གི་སེམས་བཅུག་ལ་གཞན་ཅི་ཡང་མི་སེམས་པར་གནས་པར་བྱའོ། །ཞེས་འཆད་དེ་ལེགས་པར་སྣང་ངོ༌། །ས་བོན་ཧཱུཾ་ཡིག་དང་བཅས་པ་སྒོམ་པའི་སྣ་ཚོགས་རྡོ་རྗེ་རིམ་པའོ། །སྣ་ཚོགས་རྡོ་རྗེ་ཞེས་ པ་ལ་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ་ཅན་ལ་བྱས་པ་དང༌། རྡོ་རྗེ་ས་བོན་དང་བཅས་པ་གཞི་གཅིག་ཉིད་ལུས་ཀྱི་གནས་སོ་སོར་བཀོད་ནས་བསྒོམས་པས། ཡོན་ཏན་སྣ་ཚོགས་པ་སྒྲུབ་པས་སྣ་ཚོགས་རྡོ་རྗེའི་རིམ་པར་བཞག་པའི་ཚུལ་གཉིས་ལས། མིག་ ལ་བཀོད་ཅིང་ཞེས་པ་ནས་ལོངས་སྤྱོད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་ནི་ཕྱི་མ་ལྟར་བྱའོ། །དེ་ལྟར་གསང་གནས་ཀྱི་རྡོ་རྗེའི་རྩེར་ཧཱུཾ་ཡིག་བཀོད་པ་ལ་སེམས་བརྟན་པར་གྱུར་པ་ན། གཡས་གཡོན་གྱི་རླུང་དྷཱུ་ 10-4-21a ཏཱིའི་མར་སྣ་ནས་དབུ་མར་འཇུག་ཅིང་ཐུར་སེལ་གྱི་རླུང་གྱེན་དུ་ལོག་ནས་གཏུམ་མོ་སྐུལ་བར་བྱེད་དོ། །གཉིས་པ་ནི། གསང་གནས་ཀྱི་རྡོ་རྗེའི་སྣ་རྩེར་ཧཱུཾ་ཡིག་གི་ཐིག་ལེ་ལ་སེམས་གཟུང་བ་བརྟན་པ་དེ་ནས་རྡོ་རྗེ་ཤིན་ཏུ་ཕྲ་བའི་རྩེ་མོར་ ཧཱུཾ་ཡིག་བཀོད་པ་དེ། མིག་གཉིས་ལ་བཀོད་ཅིང་དེར་སྦྱོར་བའི་སེམས་བརྟན་པར་གྱུར་པས་ནི་འཇིག་རྟེན་གསུམ་མཐོང་ངོ༌། །དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེའི་རྩ་བ་ལ་བཞག་པའི་སེམས་བརྟན་པ་སོགས་སྦྱར་རོ། །པགས་པ་ལ་བཞག་པ་ནི་ལུས་ཀྱི་ དབང་པོའི་སྒོར་བཞག་པ་སྟེ། ལུས་ཀུན་ལ་ཁྱབ་པར་སྒོམ་པའམ་ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་ཀུན་གྱི་ངོ་བོར་བསམས་ལ། སྨིན་མཚམས་སུ་བཞག་པ་ལ་སེམས་གཏད་དོ། །རྡོ་རྗེ་ས་བོན་དང་བཅས་པ་འཁོར་ལོ་བཞི་ལ་བཞག་པ་ནི། འཁོར་ལོ་ བཞིའི་ལྟེ་བ་དྷཱུ་ཏཱིར་བཞག་པ་ལ་བྱའོ། །ལྷའི་མཆོག་ནི་བརྒྱ་བྱིན་ལ་སོགས་པའོ། །འགྱུར་གཞན་ལས་ལྷའི་བུ་མོ་མཆོག་ལ་ཞེས་འབྱུང་ངོ༌། །གསུམ་པ་ནི། ཡོན་ཏན་རྣམ་པ་སྣ་ཚོགས་པ་སྒྲུབ་བའི་སྣ་ཚོགས་རྡོ་རྗེའི་རིམ་པ་ལ་དམིགས་པ་ས་བོན་ དང་བཅས་པའོ། །གཉིས་པ་ནི། ད་ནི་ས་བོན་ཏེ་ཡི་གེ་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་བརྗོད་པར་བྱའོ། །མཛོད་སྤུར་ནི་སྨིན་མ་གཉིས་ཀྱི་མཚམས་སུ་དབུ་མའི་ཡར་སྣ་ཡིན་ནོ། །བཀོད་པའི་སེམས་ནི་ཉི་མའི་གཟུགས་སུ་མཐོང་བར་འགྱུར་རོ། ། ཞེས་པ་ལ་སྔར་འགྱུར་རྙིང་པ་ཁ་ཅིག་ལས། མཛོད་སྤུར་ཉི་མའི་གཟུགས་བཀོད་པ་སེམས་ཀྱིས་དམིགས་སོ་ཞེས་འབྱུང་བ་ལྟར་ལེགས་པས། དབུ་མའི་ཡར་སྣའི་ནང་དུ་ཕྲ་བའི་ཉི་མའི་གཟུགས་བཀོད་པ་ལ། སེམས་ཀྱིས་ཐོག་མར་དམིགས་ 10-4-21b པར་བྱའོ། །དེའི་སྟེང་དུ་ཟླ་བའི་གཟུགས་བཀོད་ལ་ཞེས་པ་ནི་དམིགས་པ་སྔ་མ་ལ་བརྟན་པ་ན། ཉི་མ་དེའི་སྟེང་དུ་ཤིན་ཏུ་ཕྲ་བའི་ཟླ་བའི་གཟུགས་ཅན་གྱི་ཐིག་ལེ་བཀོད་ལ་སེམས་གཟུང་ངོ༌། །དེ་བརྟན་པ་ན་ཟླ་བ་དེའི་སྟེང་དུ་སྐར་མའི་ཚོགས་བཀོད་པ་ལ་སེམས་ གཟུང་ངོ༌། །སྐར་མའི་ཚོགས་ནི་སྐར་མའི་རྣམ་པ་ཅན་གྱི་ཐིག་ལེའོ། །ཆོགས་ཞེས་པའི་དོན་དུ་བསམས་ནས་ཟླ་བའི་སྟེང་དུ་དབུས་སུ་ཐིག་ལེ་སྔོན་པོ། ཤར་དུ་དཀར་པོ་ལྷོར་སེར་པོ་ནུབ་ཏུ་དམར་པོ་བྱང་དུ་ལྗང་གུ་སྟེ། དེ་བཞིན་གཤེགས་པ་རིགས་ལྔའི་བདག་ ཉིད་དུ་བསམ་པར་སྔ་མ་ཁ་ཅིག་གིས་བཤད་ལ། ཁ་ཅིག་ནི་དབུས་སྔར་དང་འདྲ་ལ་འོག་ཏུ་དཀར་པོ་གཡས་སུ་སེར་པོ་སྟེང་དུ་དམར་པོ་གཡོན་དུ་ལྗང་གུ་བསམ་ཟེར་རོ། །སྔར་བཤད་པ་དེ་ལྟར་དབུ་མའི་ཡར་སྣའི་ནང་དུ་སེམས་འཇིན་པ་ལ་ཡང་དང་ཡང་དུ་ གོམས་པར་བྱས་པ་ལས། གཡས་གཡོན་གྱི་རླུང་དྷཱུ་ཏཱིའི་ཡར་སྣའི་ནང་གི་ལྟེ་བར་ཞུགས་གནས་ཐིམ་གསུམ་བྱས་པ་ལས། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་སྐྱེ་ཞིང་དེ་དང་སྟོང་པ་གཉིས་སྦྱར་བའི་སེམས་དམིགས་པ་མེད་པ་ལ་བརྟན་པར་གྱུར་པས་ ནི་སྒྲུབ་པ་པོ་སངས་རྒྱས་ཉིད་དུ་སྒྲུབ་པར་བྱེད་དོ། །དམིགས་པ་མེད་པའི་བསམ་གཏན་འཐོབ་ལུགས་ནི། དཔེར་ན་ལག་པའི་རི་མོ་ལྟ་བུ་གཅིག་ལ་མིག་གཏད་ཅིང༌། མིག་མི་འཛུམ་པར་བལྟས་པས་ཅི་ཞིག་ལྟར་ན་མིག་སྦྲིད་ནས་རི་མོ་རྣམས་མི་ དམིགས་པར་གཏད་པ་ཡལ་འགྲོ་བ་བཞིན་དུ། སྔར་གྱི་དམིགས་པ་ལ་གཏད་ནས་བསྒོམས་པ་ན་དེ་བཞིན་དུ་འགྲོ་བར་འདོད་པ་ནི་མི་ལེགས་ཏེ། འདི་འདྲ་བའི་དམིགས་མེད་ཀྱི་ཏིང་ངེ་འཛིན་ལ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་རིང་དུ་འདྲིས་པར་བྱས་པས། གཟུང་འཛིན་ 10-4-22a གྱི་སྣང་བ་མི་དམིགས་པར་འགྲོ་བ་དགོས་པའི་ཕྱིར་རོ། །འོ་ན་ཕྱི་མ་འདི་ལ་སྣ་ཚོགས་རྡོ་རྗེའི་རིམ་པ་ཞེས་པ་མི་འཐད་དེ། རྡོ་རྗེ་གང་ཡང་སྒོམ་པ་མི་སྣང་བའི་ཕྱིར་རོ་ཞེ་ན། སྔར་བཤད་པ་ཙམ་ཞིག་ལས་མེད་ན་དེ་ལྟར་ཡིན་ཡང༌། དབུ་ མའི་ཡར་སྣའི་ནང་དུ་ཤིན་ཏུ་ཕྲ་བའི་རྡོ་རྗེ་བསྒོམས་ནས་དེའི་རྩེར་ཉི་ཟླ་སྐར་གསུམ་གྱི་རྣམ་པ་ཅན་གྱི་ཐིག་ལེ་རྣམས་བརྩེགས་ཏེ་བསྒོམ་པར་གསལ་བས་སྐྱོན་མེད་དོ། །དེ་ལྟར་བྱས་ན་སྣ་ཚོགས་རྡོ་རྗེའི་རིམ་པ་གཉིས་ཀ་ལ་རྡོ་རྗེ་བསྒོམ་པར་འདྲ་ཡང༌། དེའི་རྩེ་མོར་ཡི་གེ་བསྒོམ་པ་དང་ཡི་གེ་མི་བསྒོམ་པར་ཐིག་ལེ་གསུམ་བསྒོམ་པའི་ཁྱད་པར་དུ་འགྱུར་རོ། །སྤྱིར་རྩ་འཁོར་གྱི་དབུས་གང་དུ་དམིགས་པ་གཏད་ཡུན་རིང་བར་བསྒོམས་ན། ད་གཟོད་སྤྱི་བོ་ནས་བྱང་ཆུབ་ཀྱི་སེམས་བབས་པ་གནས་དེར་སླེབ་པ་ ན། གནས་ཡུན་ཤིན་ཏུ་རིང་བས་དྷཱུ་ཏཱིའི་མར་སྣར་དམིགས་པ་གཏད་ཡུན་རིང་པོ་བསྒོམ་པ་ལའང༌། ཤིན་ཏུ་གཟུང་དཀའ་བའི་གནས་རྡོ་རྗེའི་རྩེ་མོར་བྱང་སེམས་སླེབ་པ་ན་ཡང༌། ཕྱིར་མི་འཕོ་བར་གནས་ཡུན་རིང་བ་ཞིག་བྱུང་བས་ལྷན་སྐྱེས་ཀྱི་ཏིང་ ངེ་འཛིན་ཡུན་རིང་དུ་བསྒོམས་པས་ཆོག་པ་ཞིག་འབྱུང་ལ། དབུ་མའི་ཡང་སྣར་སེམས་གཏོད་པ་ཡུན་རིང་དུ་བྱས་ན། སྨིན་མཚམས་ཐིག་ལེའི་གནས་ཡིན་པས་བྱང་ཆུབ་ཀྱི་སེམས་དཀར་པོ་རྒྱས་ཏེ། ནོར་བུའི་རྩེར་བྱང་སེམས་འབེབས་རྒྱུ་མང་བའི་གནད་ ཡོད་པ་སོགས་ཀྱི་ཡོན་ཏན་མང་པོ་ཡོད་པ་ཤེས་དགོས་སོ། །འཁོར་ལོ་སྡོམ་པ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་བླ་མར་མི་གསལ་བར་སྦས་པ་གསལ་བར་བསྟན་པ་ལས། སྣ་ཚོགས་རྡོ་རྗེའི་རིམ་པ་སྟེ་རིམ་པ་གཉིས་པའོ། །གསུམ་པ་ལ་བཞི། 10-4-22b དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་ནས་ནོར་བུ་འགེངས་ཚུལ་དང༌། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ནོར་བུ་འགེངས་ཚུལ་དང༌། ཆོས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ནོར་བུ་འགེངས་ཚུལ་དང༌། ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་ནོར་བུ་འགེངས་ཚུལ་ལོ། །དང་པོ་ནི། ད་ནི་ནོར་བུ་ འགེངས་པའི་རིམ་པ་བརྗོད་པར་བྱ་སྟེ་ཞེས་སྤྱིའི་མཚམས་སྦྱར་བ་བྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་གྲགས་པ་དམ་ཚིག་གི་ཕྱག་རྒྱ་དང་སྦྱོར་བའི་ཆོ་ག་སྒྲུབ་ཐབས་སུ་བཤད་པ་འདྲ་བ་ལ་བརྟེན་ནས་ཡབ་ཡུམ་སྙོམས་པར་ཞུགས་པ་ན། རྡོ་རྗེ་ནོར་བུའི་རྩེ་ མོར་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟ་བུ་སོན་པ་སྟེ་སླེབ་པ་ན། དམིགས་པ་སྔ་མ་རྣམས་ཀྱི་ནུས་པས་ཕྱིར་མི་འཕོ་བར་འཛིན་ནུས་ལ། དེའི་ཚེ་ལྷན་སྐྱེས་ཀྱི་བདེ་བ་ཅི་འདྲ་བ་ཞིག་སྐྱེ་བར་འདུག་པ་དེ་བློས་ཡང་དག་པར་ཉེ་བར་བརྟགས་ཤིང་སྟེ་ངོས་ཟིན་པར་བྱས་ལ། དེ་སྟོང་པ་ཉིད་ཀྱི་ལྟ་བ་དང་སྦྱར་ཏེ་སྒོམ་པ་བརྟན་པར་བྱས་ནས། སེམས་དེའི་བདག་ཉིད་དུ་རང་གི་ངང་གིས་གྱུར་པ་ལ་གོམས་ན་ནི། ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཉིད་དཔྱད་པ་སྟེ་ཐེ་ཚོམ་མེད་པར་ངེས་པ་ཉིད་དུ་སྐྱེ་བར་འགྱུར་རོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཡིན་ ཀྱང་རིམ་པ་སྔ་མ་གཉིས་ལ་ནུས་པ་ཐོན་པ་ཞིག་ཡིན་ན་ཐབས་དེས་ཀྱང་སྲོག་དྷཱུ་ཏཱིར་སྡུད་པའི་ཞུགས་གནས་ཐིམ་གསུམ་བྱས་པ་ལས། རྫོགས་རིམ་པའི་ལྷན་ཅིག་སྐྱེས་པའི་བདེ་བ་འདྲེན་པར་ནུས་པ་འདི་གནད་ཆེ་སྟེ། འོག་གི་ཕྱག་རྒྱ་གསུམ་གྱི་སྐབས་ སུ་ཡང་ཤེས་པར་བྱའོ། །རིམ་པ་དང་པོའི་སྐབས་སུ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་གོམས་པས། མིག་གིས་མཐོང་བ་ལས་ཀྱང་གསལ་བ་སྙམ་བྱེད་པའི་གསལ་སྣང་དང༌། དེ་ལ་ཡང་སེམས་ཤིན་ཏུ་བརྟན་པར་གནས་པ་དང༌། ངག་གི་སྨྲ་བ་དང་ 10-4-23a མིག་གིས་བལྟ་བ་དང་ཙུམྦྷ་ན་དང༌། འཁྱུད་པ་སོགས་དངོས་ཀྱི་ཕྱག་རྒྱ་དང་འདྲ་བར་འཆར་ལ། སྐབས་འདིར་དེ་ལྟ་བུ་དེ་རིམ་པ་དང་པོའི་སྐབས་ལས་ཀྱང་ཁྱད་ཞུགས་པར་འགྱུར་བས། དངོས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་ཇི་ལྟར་སྐྱེ་བ་དེ་འདྲ་ བའི་གཟུགས་བརྙན་ཚང་བ་ཞིག་སྐབས་འདིར་ཡང་སྐྱེ་བས་སྔོན་དུ་དམ་ཚིག་གི་ཕྱག་རྒྱ་ལ་སློབ་པ་ཡིན་ནོ། །གཉིས་པ་ནི། དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་ཚུལ་སྔར་བཤད་པ་དེ་བརྟན་པ་ན། ལག་པ་ཞེས་བྱ་བའི་ཕྱག་རྒྱའི་སྒོ་ནས་ཞེས་པའི་དོན། བླ་མ་སྔ་མ་ ཁ་ཅིག་ལག་པའི་ཕྱག་རྒྱ་དངོས་ལ་འཆད། སྔ་མ་གཞན་ཁ་ཅིག་ལག་པ་དང་འདྲ་བར་བྱང་སེམས་འབྱིན་པའི་བྱ་བ་བྱེད་པའི་ཕྱག་རྒྱ་མོ་དངོས་ལ་འཆད་ཀྱང༌། ལག་པའི་ཕྱག་རྒྱ་ཞེས་པ་ཕྱག་རྒྱ་བཞིའི་ཡ་གྱལ་ལ་མེད་ཅིང༌། འདིར་ཡང་མིང་གི་ཐ་སྙད་རྣལ་འབྱོར་ རྒྱུད་ནས་གསུངས་པ་དང་མཐུན་པར་བྱ་རྒྱུར་སྣང་བས། འགོས་འགྱུར་ལས། རིམ་པ་གཉིས་པ་ལའང་ལག་པ་ཞེས་བྱ་བའི་ལས་ཀྱི་ཕྱག་རྒྱའི་བྱེ་བྲག་གིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཕྱུང་སྟེ་ཞེས་འབྱུང་བ་ལྟར་ལེགས་སོ། །དེ་ལ་ལག་པ་ཞེས་བྱ་བའི་ ལས་ཀྱི་ཕྱག་རྒྱ་ཞེས་པ་ནི་རྒྱུད་གཞན་ལས། ལག་པས་འཆིང་བའི་ཕྱག་རྒྱ་ལ་ལས་ཀྱི་ཕྱག་རྒྱ་ཞེས་བཤད་པ་ལྟ་བུའི་ལས་ཀྱི་ཕྱག་རྒྱའོ། །དེའང་ལས་ཀྱི་ཕྱག་རྒྱའི་བྱེ་བྲག་གིས་ཞེས་པ་ནི་ལས་རྒྱའི་བྱེ་བྲག་ཏུ་གྱུར་པའི་ལས་རྒྱ་བྱེ་བྲག་པ་ཞིག་སྟོན་པའི་ དོན་ནོ། །འདི་ནི་ཞལ་ལུང་དང་སྡོམ་འབྱུང་ནས་གསུངས་པ་ལྟར་གྱིས་པདྨ་ལ་སོགས་པ་མཚན་ཉིད་དང་ལྡན་པ་བཞི་བཙལ་ནས་དབང་བསྐུར་ཏེ། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ། དཀྱིལ་འཁོར་གྱི་འཁོར་ལོ་དང་འདོད་པའི་བསྟན་བཅོས་ 10-4-23b ལ་མཁས་པའི་ལས་ཀྱི་ཕྱག་རྒྱ་དང༌། ཡབ་ཡུམ་སྙོམས་པར་ཞུགས་པ་ལས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོར་སླེབ་པ་ན་བདེ་བ་ཇི་ལྟ་བུ་ཞིག་སྐྱེ་བ་ངོས་འཛིན་པ་སྔ་མ་དམ་ཚིག་གི་ཕྱག་རྒྱའི་སྐབས་སུ་བཤད་པ་བཞིན་ཉེ་བར་བརྟགས་ཏེ་བདེ་སྟོང་ལ་གོམས་ པ་བརྟན་པར་གྱུར་པས་ཀུན་རྫོབ་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ལས་རང་གི་སེམས་དོན་དམ་པའི་རང་བཞིན་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དུ་གྱུར་པ་ན། སྒྲུབ་པ་པོ་རྡོ་རྗེ་འཆང་ཉིད་དུ་འགྲུབ་པར་བྱེད་པའོ། །ཕྱག་རྒྱ་བཞི་ལ་བརྟེན་ནས་ནོར་བུ་འགེངས་པའི་ སྐབས་སུ་ཡར་མར་གྱི་དགའ་བ་བཞི་ཚན་གཉིས་སྐྱེ་བར་མ་ཟད་རིམ་པ་དང་པོ་དང༌། རིམ་པ་གཉིས་པ་དང་བཞི་པའི་སྐབས་སུ་སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ན། གཏུམ་མོ་འབར་ནས་བྱང་སེམས་ཞུ་བར་བྱེད་ལ། དེའི་ཚེ་ཡང་ཡས་བབས་ དང་མས་བརྟན་གྱི་དགའ་བ་བཞི་དང་སྟོང་པ་བཞིའི་ཡེ་ཤེས་སྐྱེའོ། །རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དགའ་བཞི་ནི་ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། །ཁྱད་དགའ་ ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་ཏེ་འོད་གསལ་བའོ། །ཞེས་དགའ་བཞི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞིར་གསུངས་སོ། །དེར་ཡང་མངོན་བརྗོད་ལས། དགའ་བ་དང་པོ་ཡེ་ཤེས་ཏེ། །མཆོག་ཏུ་དགའ་བ་མཉམ་པར་སྦྱོར། །བདེ་བར་ དགའ་བ་གྲུབ་པ་ཆེ། །ལྷན་ཅིག་སྐྱེས་དགའ་བླ་མེད་ཡིན། །སྦྱོར་བ་དང་ནི་ཤིན་ཏུ་སྦྱོར། །སྦྱོར་བ་ཆེ་དང་ཡེ་ཤེས་སྦྱོར། །དེ་དག་ཆོ་གའི་རིམ་པའོ། །ཐིག་ལེ་གཞུང་གི་སྦྱོར་ཤེས་ན། །ཕྲ་བའི་སྦྱོར་བས་བལྟ་བར་བྱ། །ཞེས་གསུངས་པའི་དགའ་བཞིའི་ 10-4-24a རིམ་པ་ནི། ཡས་བབས་ཀྱི་རིམ་པ་ཡིན་ལ། རྐང་པ་ཐ་མ་གཉིས་ཀྱི་དོན། ཐིག་ལེའི་རྣལ་འབྱོར་སྒོམ་པའི་གཞུང་གི་དོན་ཤེས་ནས་ཡི་གེ་དང་ཐིག་ལེ་ཕྲ་མོའི་སྦྱོར་བ་སྟེ། རྣལ་འབྱོར་བསྒོམས་ནས་དགའ་བཞི་ཇི་ལྟར་སྐྱེ་བ་བལྟ་བར་ བྱའོ། །ཞེས་པའོ། །འགྲེལ་པར་རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའི་ཡེ་ཤེས་ཀྱི་ཆོ་གའི་རིམ་པའོ། །ཞེས་འཆད་དེ་དགའ་བ་བཞི་དང་རིམ་པ་བཞིན་དུ་སྦྱར་རོ། །ཡང་ན་མངོན་བརྗོད་ལས། ལྟེ་བ་སྙིང་ པད་ནུ་མའི་དབུས། །ལྕེའི་རྩ་དང་མགོ་སྟེང་དུ། །དགའ་བ་དང་ནི་མཆོག་དགའ་ཉིད། །དམ་པར་དགའ་དང་ལྷན་ཅིག་སྐྱེས། །དང་པོ་འདབ་མ་བཅུ་དྲུག་བཞི། །གཉིས་པ་བརྒྱད་པ་མཆོག་ཡིན་ཏེ། །གསུམ་པ་འདབ་མ་བཅུ་དྲུག་པ། །བཞི་པ་སུམ་ཅུ་རྩ་གཉིས་འདབ། ། ཕག་མོ་ལྟེ་བའི་རྩར་གནས་པ། །ལྷན་ཅིག་སྐྱེས་དགའ་ཁྲག་འཐུང་མཆོག །ཅེས་ལྟེ་བར་དགའ་བ་དང༌། སྙིང་གར་མཆོག་དགའ་དང༌། ལྕེའི་རྩ་བ་སྟེ་མགྲིན་པར་དམ་པ་སྟེ་ཁྱད་པར་གྱི་དགའ་བ་དང༌། མགོའི་སྟེང་སྟེ་སྤྱི་བོར་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བར་བཤད་ པ་ནི་མས་བརྟན་གྱི་དགའ་བཞིའི་རིམ་པའོ། །སྙིང་པད་ནི་སྙིང་གའི་རྩ་འཁོར་ཏེ་གཞན་གསུམ་ལའང་སྦྱར་རོ། །ལྟེ་བའི་རྩ་བར་ཕག་མོ་ནི་གཏུམ་མོ་ཨ་ཐུང་དང་ལྷན་སྐྱེས་ཁྲག་འཐུང་དུ་བཤད་པ་ནི་མས་བརྟན་གྱི་དགའ་བཞིའི་རིམ་པའོ། །ལྷན་སྐྱེས་ བྱང་སེམས་གྱེན་དུ་ལོག་པ་སྤྱི་གཙུག་ཏུ་ཕྱིན་པ་ན་སྐྱེ་བས། སྤྱི་གཙུག་གི་ཧཾ་ཡིག་ཧེ་རུ་ཀར་བསྟན་པའོ། །བྱང་སེམས་ཞུ་བས་གནས་གང་དུ་སླེབ་པ་ན་ཡས་བབས་ཀྱི་དགའ་བཞི་སྐྱེ་ཚུལ་ནི། རྒྱུད་རྡོར་འཕྲེང་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། ། 10-4-24b བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང༌། །བྲལ་དགའ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་ཏེ། སྤྱི་བོ་ནས་ མགྲིན་པའི་བར་དུ་སླེབ་པ་ན་དགའ་བ་སྐྱེ་ལ། དེས་གཞན་གསུམ་ལའང་ཤེས་པར་བྱའོ། །མས་བརྟན་གྱི་གནས་ཀྱང་བྱང་སེམས་ནོར་བུ་ནས་བརྩམས་ཏེ་ལྟེ་བའི་འཁོར་ལོའི་བར་དུ་ལོག་པ་ན་དགའ་བ་སྐྱེ་སྟེ་དེའི་རིགས་པ་གཞན་གསུམ་ལའང་སྦྱར་རོ། །མན་ ངག་སྙེ་མར་མས་བརྟན་གྱི་བཞིག་ལྷན་སྐྱེས་ལ་ཆུང་ངུ་དང༌། བར་མ་དང་ཆེན་པོ་དང་ཆེན་པོའི་ཆེན་པོར་ཕྱེ་བར་བཤད་དེ། ཡས་བབས་ཀྱི་བདེ་བ་བཞི་ལས་ནི་མས་བརྟན་གྱི་བཞི་བདེ་བ་ཆེ་བ་ཞིག་འོང་དགོས་སོ། །དེ་ལྟར་བྱས་ན་ལུགས་ལྡོག་གི་སྣང་མཆེད་ཐོབ་ གསུམ་འོད་གསལ་གྱི་ཡེ་ཤེས་སུ་མི་རུང་ཡང༌། ལུགས་ལྡོག་གི་དགའ་བ་གཞན་གསུམ་ལྷན་སྐྱེས་སུ་འཇོག་པ་ཞིག་བཤད་ལ། དེ་བཞིན་དུ་ལུགས་མཐུན་གྱི་སྣང་མཆེད་ཐོབ་གསུམ་དང་དེ་གསུམ་དགའ་བ་གསུམ་དུ་བཞག་པ་ལྷན་སྐྱེས་ཀྱི་དགའ་བར་མི་ འཇོག་ཀྱང༌། ལུགས་མཐུན་ཡས་བབས་ཀྱི་དགའ་བ་གསུམ་ལྷན་སྐྱེས་ཀྱི་དགའ་བར་འཇོག་པའི་སྐབས་ཤིག་ཀྱང་ཡོད་པར་མངོན་ནོ། །འོན་ཀྱང་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བ་མིན་པའི། དགའ་བ་གསུམ་ནི་ལྷན་སྐྱེས་མཚན་ ཉིད་པར་འཇོག་ཏུ་མི་རུང་ངོ༌། །དོན་གྱི་དབང་འདི་གཟིགས་ནས་བརྟག་གཉིས་ལས། རྫོགས་པའི་རིམ་པའི་ཕྱོགས་ལ་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་བསྐྱེད་རིམ་གྱི་ཕྱོགས་ལ་ལྷན་སྐྱེས་ཀྱི་དགའ་བ་ལ་དགའ་བཞིར་འབྱེད་པ་མེད་ཀྱང༌། 10-4-25a རྫོགས་རིམ་ལ་དེ་ཡོད་པར་བཤད་དོ། །འོན་ཀྱང་རྫོགས་རིམ་གྱི་དགའ་བ་གསུམ་པོ་གང་ཡིན་ཐམས་ཅད་ལྷན་སྐྱེས་སུ་འཇོག་པ་མིན་ནོ། །ཡང་ཀྱེ་རྡོར་ལས། ཡང་ན་ཐམས་ཅད་བདག་ཉིད་དེ། །ཡང་ན་ཀུན་གྱིས་རྣམ་པར་སྤངས། །ཞེས་པའི་དོན་ལ་ སྔར་བཤད་པ་ལྟ་བུ་ཞིག་དང༌། བསྐྱེད་རིམ་པའི་ཕྱོགས་ལ་དགའ་བ་གསུམ་གྱི་ལྷན་སྐྱེས་སྤངས་པ་དང༌། རྫོགས་རིམ་ཕྱོགས་ལ་ལྷན་སྐྱེས་དགའ་བ་གསུམ་གྱི་བདག་ཉིད་དུ་ཡང་འགྱུར་བ་དང་གཉིས་སུ་བཤད་པར་བྱའོ། །མས་བརྟན་གྱི་དུས་སུ་བྱང་སེམས་ གྱེན་དུ་ལོག་པ་སྤྱི་བོར་མ་བརྟན་བར་དུ་བདེ་བ་མི་བརྟན་ལ། སྤྱི་བོར་བརྟན་ནས་བདེ་བ་བརྟན་པར་ཕྱག་ཆེན་ཐིག་ལེའི་དོན་མན་ངག་སྙེ་མར་བཤད་པ་ལས་ཤིན་ཏུ་གསལ་བར་འབྱུང་བས་མས་བརྟན་གྱི་གནད་ལ་མཁས་པར་བྱའོ། །གསུམ་པ་ནི། སྔོན་དམ་ཚིག་ དང་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་དྲན་པས་བདེ་བ་ཆེན་པོ་བསྐྱེད་ཅིང༌། ཆོས་ཀྱི་ཕྱག་རྒྱ་ཡིད་ལས་བྱུང་བ་སྟེ་སྔར་གྱི་ཕྱག་རྒྱ་ཡིད་ཀྱིས་དྲན་པ་ཡང་ཡང་གོམས་པ་ལས་རབ་ཏུ་བྱུང་བའི་བདེ་སྟོང་གི་ཏིང་ངེ་འཛིན་ཡང་དག་པར་ བརྟན་པར་བྱས་པས་རྡོ་རྗེ་འཆང་བ་ཉིད་སྐྱེད་པར་བྱེད་པའོ། །འདི་ལ་བླ་མ་ཁ་ཅིག་རང་གི་རྡོ་རྗེ་ནོར་བུའི་དབུས་སུ་ཧཱུཾ་ཁ་དོག་དམར་སྐྱ་ཞིག་བསམས་ལ། སྔར་ལས་རྒྱ་ལ་བརྟེན་པའི་བདེ་བ་ཉམས་སུ་མྱོང་བ་དྲན་པར་བྱ་ཞིང་བསྒོམས་པས་དད་བ་ཆེན་པོ་འདྲེན་ ཞིང༌། གོམས་པའི་མཐར། དེ་ལྟར་དྲན་པ་ལ་མི་བལྟོས་པར་ཧཱུཾ་ཡིག་ལ་དམིགས་པ་ཙམ་གྱིས་བདེ་བ་ཆེན་པོ་བསྐྱེད་པ་ཆོས་རྒྱ་ལ་བརྟེན་པའི་དོན་དུ་བཞེད་དོ། །བཞི་པ་ནི། ནོར་བུ་འགེངས་པའི་རིམ་པ་གསུམ་བརྗོད་པར་མ་ཟད་ནོར་བུ་འགེངས་པ་ཞེས་བྱ་བའི་ 10-4-25b རིམ་པ་བཞི་པའང་བརྗོད་པར་བྱའོ། །སྒྲུབ་པ་པོ་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་ཚེ་འདི་ཉིད་ལ་སྒྲུབ་པར་བྱེད་ཅེས་དྲང་ངོ་། །གང་གིས་སྒྲུབ་ན་བསམ་གྱིས་མི་ཁྱབ་པའི་ལྷན་ཅིག་སྐྱེས་དགའི་རང་བཞིན་ཅན་བླ་མའི་བཀའ་དྲིན་ལས་སྐྱེས་པ་བརྟན་པར་བྱས་པས་སྒྲུབ་ པར་བྱེད་དོ། །བསམ་མི་ཁྱབ་ཀྱི་ལྷན་ཅིག་སྐྱེས་དགའ་དེ་གང་གིས་སྐྱེད་པ་ཡིན་སྙམ་ན། ཁམས་གསུམ་སྟེ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པའི་ཆོས་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་ཀྱི་ཕྱག་རྒྱ་ཆེན་མོ་དང་འཁྱུད་པས་ལྷན་ཅིག་སྐྱེས་དགའ་དེ་སྐྱེད་པར་བྱེད་དོ། ། གང་གིས་འཁྱུད་པས་དེ་བསྐྱེད་པ་ཡིན་སྙམ་ན། བརྟན་པ་སྣོད་དང་གཡོ་བ་བཅུད་མཐའ་དག་གི་ངོ་བོ་ཉིད་དུ་གྱུར་པའི་བདེ་བ་ཆེན་པོའི་སེམས་ཀྱིས་འཁྱུད་པའོ། །འཁྱུད་པའི་དོན་ནི་སྟོང་པ་ཉིད་ཀྱིས་ཡུལ་དང་བདེ་ཆེན་གྱིས་ཡུལ་ཅན་བྱས་ནས་བསྒོམས་པས་ ཡུལ་ཇི་འདྲ་བ་བཞིན་དུ་ཡུལ་ཅན་ཡང་རྗེས་སུ་ཞུགས་པའོ། །དེའི་ཕྱིར་ཡུལ་ཅན་གྱི་བདེ་བ་ཆེན་པོའི་སེམས་ཁྱབ་པའི་སྟོང་ཉིད་དང་ངོ་བོ་གཅིག་ཏུ་ཞུགས་པས་ཆོས་ཅན་རྣམས་དང་ངོ་བོ་དབྱེར་མེད་པའི་ཐ་སྙད་གདགས་སུ་རུང་བས་ངོ་བོ་ཉིད་དུ་གྱུར་པ་ཞེས་ བྱའི། སྣོད་བཅུད་ཐམས་ཅད་སེམས་ལས་ངོ་བོ་ཐ་དད་དུ་མེད་པར་སྟོན་པ་མིན་ནོ། །ཆོས་ཉིད་ཐམས་ཅད་ཀྱི་ཡུལ་ཅན་དུ་ཞུགས་པས་ཐམས་ཅད་དུ་སོན་ཞིང་ནང་གི་རྩའི་གནད་རྣམས་སུ་དམིགས་པ་ཡང་མེད་ལ། ཕྱག་རྒྱ་གསུམ་དམིགས་པའི་རྟེན་དུ་ཡང་ མེད་པས་རྟེན་དང་བྲལ་བར་འཇུག་པའོ། །གལ་ཏེ་སྟོང་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ལ་དམིགས་པས་ལྷན་སྐྱེས་ཀྱི་བདེ་བ་སྐྱེད་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་ཆེན་དང་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་དུ་ཡང་ལྷན་སྐྱེས་ཀྱི་བདེ་ཆེན་དྲངས་ཏེ་སྒོམ་པ་ཡོད་པར་འགྱུར་ 10-4-26a ལ། ཁྱེད་ཅག་གི་ལྟར་ན་ཉན་རང་ལ་ཡང་དེ་ཁོ་ན་ཉིད་ཀྱི་ལྟ་བ་སྒོམ་པ་ཡོད་པས། ལམ་དེར་ཡང་ལྷན་སྐྱེས་ཀྱི་བདེ་བ་སྒོམ་པ་ཡོད་པར་འགྱུར་རོ། །ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་བྱང་སེམས་དཀར་པོས་ནོར་བུ་འགེངས་པའི་རིམ་པ་ཡང་ཧ་ཅང་ ཁྱབ་ཆེས་པར་འགྱུར་རོ་ཞེ་ན། འདི་ནི་བླ་མེད་ཀྱི་རྒྱུད་དོན་ལེགས་པར་མི་ཤེས་ཤིང་དོན་གྱི་གནས་རགས་པ་རེ་གོ་བས་ཚིམ་པ་རྣམས་ཀྱིས་མི་ཤེས་མོད། འོན་ཀྱང་རང་གི་ལན་ནི་སྟོང་ཉིད་གོམས་པ་ཙམ་ལ་དེ་ལྟར་ཁས་བླངས་ན་བདེན་མོད་ཀྱང༌། དེ་ལྟར་ མིན་གྱི། ཡུལ་ཅན་ཁྱད་པར་ཅན་ལྷན་སྐྱེས་ཀྱི་བདེ་ཆེན་གྱིས་སྟོང་ཉིད་ཀྱི་དོན་རིང་ནས་བསྒོམས་པ་རྣམས་ཁོ་ན་ལ་དེ་ལྟར་ཁས་ལེན་པས་སྐྱོན་གང་ཡང་མེད་དོ། །དེ་ཡང་བདེ་སྟོང་སྦྱར་བ་ལ་གོམས་པ་ཆུང་བའི་སྐབས་སུ་མིན་གྱི་དེའི་གོམས་པ་རིང་དུ་ བསྲིངས་པ་འདི་ཡི་རིམ་པ་གསུམ་པའི་སྐབས་ལྟ་བུ་ལ་ནི་བདེ་སྟོང་སྦྱར་ཏེ་བསྒོམས་པ་ན། དེའི་མཐུས་གཏུམ་མོ་འབར་ནས་བྱང་སེམས་ཞུ་བས་རྡོ་རྗེའི་ནོར་བུ་འགེངས་པས་བདེ་སྟོང་བསྒོམས་པ་དང་ལྷན་སྐྱེས་ཀྱི་བདེ་བ་འདྲེན་པ་གཉིས་ཕལ་ཆེར་འཁོར་ མར་འོང་བ་ཡིན་ནོ། །འདི་འདྲ་བ་ཞིག་མ་རྟོགས་ན་ཐེག་པ་བླ་ན་མེད་པ་འདིར། ཆོས་ཉིད་ལ་བཙུན་མོ་དང་ཕྱག་རྒྱ་མའི་མཆོག་ཏུ་གསུངས་པ་དུ་མ་ཞིག་འདུག་པའི་ངེས་དོན་མི་ཤེས་པར་སྣང་སྟེ། བཙུན་མོ་ཞེས་པ་ནི་རྣལ་འབྱོར་པ་ལ་བདེ་བ་ཆེན་པོ་འདྲེན་པ་ ལ་བྱ་དགོས་པའི་ཕྱིར་རོ། །དེས་ན་གཞུང་རྣམས་ལས་ནང་གི་ལུས་ཀྱི་གནས་ལ་དམིགས་པ་དང༌། ཕྱག་རྒྱ་གཉིས་ལ་བརྟེན་ནས་བདེ་བ་འདྲེན་ཞིང་དྲངས་པ་ན་སྟོང་པ་དང་སྦྱར་ཏེ་སྒོམ་པ་ཕལ་ཆེ་བར་སྣང་ནའང༌། མཚམས་ཤིག་ནས་བདེ་སྟོང་སྦྱར་ཏེ་བསྒོམས་ 10-4-26b པ་ཉིད་ཀྱིས་སྲོག་དབུ་མར་བསྡུས་པའི་མཐུ་ལས། བྱང་སེམས་ཀྱིས་ནོར་བུ་དཀང་སྟེ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་འདྲེན་པ། ཤིན་ཏུ་མི་གསལ་བ་གྲུབ་ཆེན་དྲིལ་བུ་ཞབས་ཀྱིས་གསལ་བར་མཛད་པ་ནི། བླ་མེད་ཀྱི་རྒྱུད་ཀྱི་སྐབས་གཞན་ཐམས་ཅད་དུ་ཡང་འཁྱེར་ ཤེས་པར་གྱིས་ཤིག །དོན་འདི་མཁས་པ་ལ་ཨ་བྷྱཱ་ཀ་ར་ཡང་ཞེས་བཞེད་དེ། མན་སྙེ་ལས། གཉིས་འདུས་པ་ནི་གཏུམ་མོ་རྣམ་པ་གསུམ་ལས་གང་ཡང་རུང་བས་ལ་ལཱ་ན་དང་ར་སཱ་ནའི་རླུང་དག་ཨ་བ་དྷཱུ་ཏཱིར་ཏེ། རྡུལ་དང་ཁུ་བ་དག་ཀྱང་ངོ༌། །ཞེས་གཡས་ གཡོན་གྱི་རླུང་དང་ཁམས་དཀར་དམར་དབུ་མར་འཇུག་པ་ནི་གསུམ་མོ། །གསུམ་གང་རུང་བསྒོམས་པའི་བྱེད་ལས་སུ་གསུངས་ལ། གཏུམ་མོ་གསུམ་ནི་ལྷན་སྐྱེས་ཀྱི་གཏུམ་མོ་དང་རྣལ་འབྱོར་གྱི་གཏུམ་མོ་དང་ལས་ཀྱི་གཏུམ་མོ་གསུམ་ལ་བཤད་ཅིང༌། དང་ པོ་ནི་བདེ་སྟོང་སྦྱར་ཏེ་སྒོམ་པ་ཉིད་ལ་གསུངས་པའི་ཕྱིར་རོ། །བདེ་བ་ཆེན་པོ་འདྲེན་པའི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་མོ་ལ་རྣམ་བཅས་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོས་ལྷན་སྐྱེས་ཀྱི་བདེ་བ་འདྲེན་པ་ནི། དུས་འཁོར་གྱི་སྐོར་ལས་གསལ་བར་ཡང་དང་ཡང་དུ་གསུངས་ ལ། རྣམ་མེད་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱ་ཆེན་མོ་ལ་དམིགས་པས་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ་ནི། བཤད་པ་ཤིན་ཏུ་ཉུང་ཞིང་དོན་ཡོད་པའི་སྐབས་སུ་ཡང་ཐ་སྙད་གསལ་བར་མཛད་པ་ཤིན་ཏུ་ཉུང་བ་ཤེས་པ་འདི། མཁས་པ་རྣམ་དཔྱོད་ཅན་གྱི་ཁྱད་ཆོས་སུ་ཤེས་ པར་གྱིས་ཤིག །ཕྱག་རྒྱ་ཆེན་པོ་དང་བདེ་ཆེན་གཉིས་འཁྱུད་པའི་སྟོབས་ཀྱིས་དཔེ་དང་དོན་གྱི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དང་དངོས་གྲུབ་ཐམས་ཅད་སྐྱེད་པར་བྱེད་པའོ། །འདིས་ཕྱག་ཆེན་ལ་འཁྱུད་པས་བདེ་བ་ཆེན་པོ་སྐྱེད་པ་སྔར་མི་གསལ་བ་གསལ་དུ་བཏང་ངོ༌། ། 10-4-27a འཁོར་ལོ་སྡོམ་པ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་བླ་མར་ཕྱག་རྒྱ་བཞི་བཤད་པའི་སྐབས་སུ་དོན་མི་གསལ་བ་སྦས་པ། གསལ་བར་བསྟན་པ་ལས། ནོར་བུ་འགེངས་པའི་རིམ་པ་སྟེ་རིམ་པ་སྟེ་རིམ་པ་གསུམ་པའོ། །གཉིས་པ་བྱང་སེམས་དམར་པོ་རྒྱས་ པར་བྱེད་པ་ལ་བརྟེན་པའི་ཏིང་ངེ་འཛིན་སྐྱེད་ཚུལ་ནི། ད་ནི་ཛྭ་ལ་དྷ་རའི་རིམ་པ་བརྗོད་པར་བྱའོ་ཞེས་མཚམས་སྦྱར་ཏེ། དེའི་དོན་ནི་ལོ་ཙཱ་བ་སྔ་མ་འགའ་ཞིག་རྣལ་འབྱོར་མའི་གནས་ཛྭ་ལ་དྷ་ར་ཞེས་པའི་གནས་ནས་རིམ་པ་འདི་རྙེད་པས་སམ། ཆུ་སོའི་གོང་གི་གནས་བཟང་ པོ་ཡིན་པས་ཛྭ་ལ་དྷ་ར་ཞེས་གསུངས་མོད་ཀྱང༌། གསང་གནས་ཀྱི་འཁོར་ལོ་ལ་ཛྭ་ལ་དྷ་ར་ཞེས་གསུངས་པའི་ཛྭ་ལ་ནི་འབར་བ་སྟེ་མེའོ། །དྷ་ར་ནི་འཛིན་པ་སྟེ། སམ་བྷུ་ཊ་ལས། ཚངས་པའི་མེ་ནི་སུམ་མདོར་འབར། །ཞེས་ཚངས་པའི་མེ་གཏུམ་མོ་སུམ་མདོ་ནས་ འབར་བར་གསུངས་པ་ལྟར། འདིར་སུམ་མདོ་གསང་གནས་ཀྱི་འཁོར་ལོ་ནི་འབར་བ་འཛིན་པའོ། །གནས་དེར་སྒོམ་པའི་རིམ་པ་ལ་ཛྭ་ལ་དྷ་རའི་རིམ་པ་ཞེས་བྱའོ། །ཛྭ་ལ་དྷ་རའི་རིམ་པ་འདི་ལ་གསུམ་སྟེ། གསང་གནས་སྲོག་རྩོལ་བསྒོམ་པ་ཕན་ཡོན་དང་བཅས་ པ་དང༌། སྣ་བུག་ནས་བྱང་སེམས་ཀྱི་རྒྱུན་དགུག་ཅིང་གཞུག་པ་དང༌། འབར་བ་བརྟན་པ་ན་ཇི་ལྟར་འགྱུར་བའོ། །དང་པོ་ནི། ལྟེ་བའི་འོག་ཆུ་སོའི་གོང་གི་མཚམས་སུ་སྟེ་འདོམས་གྲུ་གསུམ་གྱི་དབུས་གསང་གནས་ཀྱི་འཁོར་ལོར་ནི་བསྒོམ་པར་བྱའོ་ཞེས་སྦྱར་རོ། ། གང་བསྒོམ་པར་བྱ་ན་ཆོས་འབྱུང་གྲུ་གསུམ་དཀར་ལ་དམར་བའི་མདངས་ཆགས་པ་དང་དེའི་དབུས་སུ། ཐིག་ལེ་སྔོན་པོ་མདུན་དུ་དཀར་པོ་གཡས་སུ་སེར་པོ་རྒྱབ་ཏུ་དམར་པོ་གཡོན་དུ་ཐིག་ལེ་ལྗང་གུ་སྟེ། མདོག་ལྔ་དང་ལྡན་པའི་ཐིག་ལེ་སངས་རྒྱས་རིགས་ 10-4-27b ལྔ་རྣམས་ཀྱིས་ཏེ་ལྔ་རྣམས་མཚོན་པ་བསྒོམ་པར་བྱའོ། །དེ་ཡང་གསང་གནས་ཀྱི་འཁོར་ལོའི་དབུས་ཀྱི་དབུ་མའི་ནང་དུ་བསྒོམ་པ་གནད་ཤིན་ཏུ་ཆེའོ། །དེ་ལྟར་ཆོས་འབྱུང་གི་དབུས་སུ་ཐིག་ལེ་ལ་སེམས་འཛིན་པ་རྐྱང་པ་མ་ཡིན་གྱི། སྲོག་སྟེ་རླུང་ཕྱི་ནང་དུ་རྒྱུ་ བ་འགོག་པ་དང་ལྡན་པ་སྟེ་བཅས་པར་བསྒོམ་པར་བྱའོ། །འདིས་ནི་སྟེང་རླུང་མར་ལ་ཐེན་འོག་རླུང་གྱེན་དུ་དྲངས་ཏེ། ཤིན་ཏུ་ཕྲ་བའི་ཆོས་འབྱུང་གི་དབུས་ཀྱི་ཐིག་ལེར་རླུང་ཁ་སྦྱོར་བྱེད་པའི་བུམ་པ་ཅན་བསྟན་ནོ། །ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་ དང༌། ནོར་བུ་འགེངས་པའི་རིམ་པ་ལ་བརྟེན་ནས་ཀྱང་ཐུར་སེལ་ལོག་ནས་གཏུམ་མོ་བསྐུལ་བ་ཅུང་ཟད་ཡོད་མོད་ཀྱང༌། འདི་ནི་ཐུར་སེལ་ལ་དམིགས་ཀྱིས་བཀར་ནས་ཐུར་སེལ་གྱི་གནས་ཉིད་དུ་དམིགས་པ་དང༌། རླུང་སྦྱོར་གྱིས་གནད་དུ་བསྣུན་པས་བྱང་ སེམས་དམར་པོའི་གཏུམ་མོ་ལྷག་པར་དུ་རྒྱས་པར་བྱེད་པའོ། །ལྟེ་བ་ནས་གཏུམ་མོ་འབར་བ་ཡང་ཚངས་པའི་མེ་སུམ་མདོར་འབར་བ་སྔོན་དུ་འགྲོ་བས་འདི་ནི་རྣལ་འབྱོར་གྱི་གཏུམ་མོ་ཁྱད་པར་དུ་འཕགས་པ་ཞིག་སྟེ། ལས་ཀྱི་གཏུམ་མོ་ཕྱག་རྒྱ་ལ་བརྟེན་ པའང་རིམ་པ་གསུམ་པར་བཤད་ཟིན་ཏོ། །སྔར་བཤད་པ་དེ་ལྟར་ཡང་དང་ཡང་དུ་བསྒོམ་པ་ལ་གོམས་པར་བྱས་ན་སྐད་ཅིག་དེ་ལ་སྟེ་མྱུར་དུ་བྱང་སེམས་འཇུ་བར་བྱེད་པའི་དབུ་མའི་ནང་གི་གཏུམ་མོ་འབར་བར་འགྱུར་བས་འཇིག་རྟེན་གྱི་ཁམས་སུ་ ཆེན་པོ་རྣམས་ཀྱིས་ཀྱང་མཆོད་པར་བྱ་བའི་རྡོ་རྗེ་འཛིན་པ་དངོས་སུ་རང་ཉིད་འགྱུར་རོ། །སྐད་ཅིག་དེ་ལ་འབར་བར་འགྱུར། །ཞེས་པས་ནི་གཏུམ་མོ་ཁྱད་པར་ཅན་འདི་ཤིན་ཏུ་མྱུར་བར་སྟོན་ནོ། །གཉིས་པ་ནི། བུ་ག་གཞན་ཞེས་པའི་རྐང་པ་གཉིས་ཀྱི་ 10-4-28a དོན་འདིར་མི་གསལ་ཡང༌། ནག་པོ་སྤྱོད་པའི་གཞུང་ལ་བརྟེན་ནས་བཤད་ན། སྔར་བཤད་པ་ལྟར་བསྒོམ་པས་ཡེ་ཤེས་ཀྱི་མེ་འབར་བ་རིམ་གྱིས་གྱེན་དུ་སོང་བས་སྙིང་ཁར་གནས་པའི་རིགས་ལྔའི་ས་བོན། བྲུཾ་ཨཾ་ལ་སོགས་པ་ རྣམས་བསྲེགས་ནས་མཛོད་སྤུར་གནས་པ་གནད་འབྱེད་པའི་སྒོ་ནས། སྣའི་བུ་ག་གཞན་གཡས་པ་ནས་འཕྱུང་བར་འགྱུར་ཞིང༌། གཞན་གྱི་བུ་ག་ནམ་མཁའ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཤངས་སྒོ་གཡོན་ནས་མྱུར་དུ་འཇུག་པས་དེ་དག་གི་སྤྱི་གཙུག་ གི་ཁུང་བུ་གསེར་གྱི་སྒོ་དྲ་བ་འཛིན་པ་ཞེས་བྱ་བ་ནས་ཞུགས་ནས་སྔར་བཞིན་ཐུགས་ཀར་གནས་པ་རྣམས་བསྲེགས་ཏེ། ཐུགས་ཀར་གནས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བླངས་ནས། ཤངས་སྒོ་གཡས་པ་ནས་བྱུང་སྟེ་འོ་མའི་རྒྱུན་ལྟར་འོང་ ཞིང༌། རང་གི་སྣ་སྒོ་གཡོན་ནས་ཞུགས་ནས་ལོངས་སྤྱོད་འཁོར་ལོར་ངལ་བསོས་ཏེ་སྔར་སྙིང་ཁར་བསྲེགས་པ་རྣམས་སླར་ཡང་གསོས་པར་བསམ་ཞིང་ལྟེ་བའི་འཁོར་ལོར་གནས་པར་བསམ་མོ། །གང་གི་ཚེ་དེ་ལྟར་ཡང་ནས་ཡང་དུ་སྒོམ་པ་དེ་བརྟན་ པར་གྱུར་པ་དེའི་ཚེ་གཏུམ་མོའི་མེ་དང་བྱང་སེམས་ཀྱི་རྒྱུན་འགྲོ་འོང་བྱེད་པའི་སྣང་བ་དངོས་སུ་མཐོང་བར་འགྱུར་རོ། །དམིགས་པ་འདི་བོད་ཀྱི་གཏུམ་མོ་བསྒོམ་པ་ལ་ཉུང་བར་སྣང་ཡང༌། སམ་བྷུ་ཊའི་དོན་གྲུབ་ཆེན་གྱིས་མང་དུ་བཤད་པ་གཏུམ་མོ་བསྒོམ་ པ་ལ། སངས་རྒྱས་ཀྱི་བྱིན་རླབས་མྱུར་དུ་འཇུག་པའི་སྒོ་ཟབ་མོ་ཞིག་གོ། །གསུམ་པ་ནི། དེ་ལྟར་གཏུམ་མོ་འབར་བ་བསྒོམས་པ་བརྟན་པར་གྱུར་པ་ནི་གཏུམ་མོའི་དམར་ཆ་ལྕེའི་རྩ་བ་མགྲིན་པར་རོ་མས་ཁྲག་འཕེན་འཛིན་བྱེད་པའི་གནས་སུ་ཕྱིན་ནས་ 10-4-28b ནི་རྣམ་པར་གནས་སོ། །དེའི་ཚེ་ཇི་སྲིད་འདོད་པ་དེ་སྲིད་དུ་མགྲིན་པའི་གཏུམ་མོའི་ནུས་པས་མེ་ལྕེ་ནི་འཕེལ་བར་འགྱུར་བ་དང༌། ཕྲག་པ་ལ་ཡང་དཔུང་པའི་ཐ་སྙད་ཀྱིས་གསུངས་པ་ཡོད་པས། དཔུང་པ་སྟེ་ཕྲག་པའི་རྩ་བ་སྟེ་མགྲིན་པར་སོན་པའི་གཏུམ་མོ་དང་ མཉམ་དུ་འཇུག་པའི་རླུང་ལུས་ཀྱི་གནས་ཀུན་ཏུ་འགྲོ་བས་ལུས་བསྐྱོད་པ་སྟེ་ལུས་ཀྱི་སྟོབས་རྒྱས་པར་བྱེད་ཅིང༌། ས་འོག་ས་སྟེང་ས་བླའི་ཁམས་གསུམ་པོའི་གནས་ནི་ཐམས་ཅད་དུ་གནས་པའི་གཟུགས་རྣམས་མིག་གིས་རྣམ་པར་བལྟ་བ་དང༌། སོགས་ པས་སྒྲ་རྣམས་རྣ་བས་ཉན་པ་སོགས་བྱེད་ཅེས་བྱ་བ་ནི་འཁོར་ལོ་སྡོམ་པ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་བླ་མར་མི་གསལ་བར་སྦས་པ་གསལ་བར་བསྟན་པ་ལས་ཛྭ་ལ་དྷ་རའི་རིམ་པ་སྟེ་རིམ་པ་བཞི་པའོ། །གཉིས་པ་བསམ་མི་ཁྱབ་ཀྱི་རིམ་པ་བསྐྱེད་ པའི་ཚུལ་དངོས་ལ་ལྔ༌། སྤྲོས་པ་རྣམས་སྙིང་གའི་ཐིག་ལེ་ལ་བསྡུས་ནས་འོད་གསལ་དུ་འཇུག་ཚུལ་དང༌། དེ་ལས་སྒྱུ་མའི་སྐུར་ལྡང་ཚུལ་དང༌། ལྷན་སྐྱེས་ཀྱི་མཚན་ཉིད་དང༌། སྒོམ་པའི་ཚུལ་བསྟན་པ་དང༌། དེ་ལྟར་བསྒོམས་པའི་ཕན་ཡོན་བསྟན་པའོ། ། དང་པོ་ནི། རིམ་པ་ལྔ་པ་བསམ་མི་ཁྱབ་ཀྱི་རིམ་པ་བརྗོད་པར་བྱ་སྟེ་ཞེས་མཚམས་སྦྱར་ཏེ། སྔར་བཤད་པའི་རིམ་པ་བཞིས་བྱང་ཆུབ་ཀྱི་སེམས་དཀར་པོ་དང་དམར་པོ་རྒྱས་པར་བྱས་པ་ལ་བརྟེན་ནས། ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི་མཚན་ ཉིད་ཚང་བར་སྐྱེས་པས་ན། རིམ་པ་འདིར་སྙིང་ཁར་རླུང་སེམས་གཉིས་བསྡུས་ཏེ་ཐིམ་པ་ལས་ལུགས་འབྱུང་དང་ལུགས་ལྡོག་གི་སྟོང་པ་བཞི་ཚན་གཉིས་མཚན་ཉིད་རྫོགས་པར་སྐྱེད་པའི་ལུགས་མཐུན་དུ་འཇུག་ཚུལ་ནི། ཕྱིའི་གཟུགས་སོགས་ 10-4-29a རྣམས་ཀྱིས་སེམས་རང་དབང་མེད་པར་དྲངས་པར་གྱུར་ཏེ། ངོ་བོ་ཉིད་ཀྱིས་ཡུལ་ལ་གང་གཡོ་བའི་སེམས་སྙིང་ཁར་མི་ཤིགས་པ་སྔགས་ཀྱི་ཐིག་ལེ་ལ་བསྡུས་ཏེ་བརྟན་པར་བྱས་ནས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་བློ་དང་དེ་ཁོ་ན་ཉིད་ ཀྱི་དོན་གཉིས་ལྷན་ཅིག་པ་སྟེ། རོ་གཅིག་ཏུ་འགྱུར་བར་སེམས་ཀྱིས་དབང་དུ་བྱའོ། །དེ་ལྟར་བྱས་པས་གཟུང་བ་ཡུལ་རྣམས་དང་དེ་སྣང་བའི་འཛིན་པའི་སེམས་གཉིས་ཕྱི་ནང་དུ་རྒྱངས་ཆད་པར་སྣང་བ་དང་བྲལ་བས་ན། དམིགས་པ་ཀུན་དང་བྲལ་བའི་བདེ་ སྟོང་དབྱེར་མེད་ཀྱི་སེམས་སུ་གྱུར་པ་ན་གཞན་ཅིར་ཡང་བསམ་པར་མི་བྱ་བར་དེ་ཉིད་ལ་གནས་པར་བྱ་སྟེ། དེ་ཁོ་ན་ཉིད་ཀྱི་དོན་ནི་ཤེས་པ་གཞན་གྱིས་ཇི་ལྟ་བ་བཞིན་དུ་བསམ་དུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འོད་གསལ་དུ་འཇུག་པའི་རིམ་པ་ ནི། དྲིལ་བུ་ཞབས་ཀྱིས་མཛད་པའི་ལྷན་སྐྱེས་སྒྲུབ་ཐབས་ལས། དེས་ནི་རྒྱ་ཆེ་ཡིད་ལ་བྱེད། །འདུས་བྱས་སྤྲོས་པའི་རྒྱུན་འདི་ནི། །འདི་ལྟར་རྟག་ཏུ་སྒོམ་པ་པོས། །འོད་གསལ་རྗེས་སུ་དྲན་པར་བྱ། །སྣ་ཚོགས་པདྨ་ཉི་མ་དང༌། །འཇིགས་བྱེད་དང་ནི་དུས་ མཚན་མོ། །སྡུག་མ་བདག་པོ་མཁའ་ནོར་བུ། །དེ་བཞིན་གཤེགས་པ་ལྔ་ཡི་འོག །སྐུ་དང་ཡན་ལག་མཆོག་དང་ནི། །ཟླ་བ་ཐིག་ལེ་ནཱ་ད་རྣམས། །འདི་རྣམས་རིམ་གྱིས་མི་སྣང་གཞུག །ཇི་ལྟར་མེ་ལོང་དབུགས་ཀྱི་རླུང༌། །ཐམས་ཅད་ཐིམ་པར་གྱུར་པ་ལྟར། ། ཡང་དག་མཐའ་རུ་ཡང་ནས་ཡང༌། །དེ་བཞིན་རྣལ་འབྱོར་རབ་ཏུ་གཞུག །ཅེས་རྒྱ་ཆེ་བའི་ལྷའི་སྐུ་འོད་གསལ་དུ་འཇུག་ཅིང༌། དེ་ཡང་གསང་འདུས་རིམ་ལྔའི་གཞུང་གིས་འོད་གསལ་དུ་འཇུག་པར་བཤད་པ་བཞིན་དུ་མཛད་དོ། །དེ་ལ་སྡུག་མ་ནི་ཕག་མོའོ། ། 10-4-29b བདག་པོ་ནི་བདེ་མཆོག་གོ། ནམ་མཁའི་ནོར་བུ་ནི་ཧཱུཾ་ཡིག་གི་གདན་ཉི་མའོ། །དེ་བཞིན་གཤེགས་པ་ལྔ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཧཱུཾ་ངོ༌། །སྐུ་ནི་ཧཱུཾ་ཡིག་གི་ལུས་སོ། །ཡན་ལག་མཆོག་ནི་ཧཱུཾ་ཡིག་གི་མགོ་བོའོ། །ཟླ་བ་ནི་མགོའི་སྟེང་གི་ཟླ་ཕྱེད་དོ། །དེའི་སྟེང་གི་ཐིག་ ལེ་དང་དེའི་སྟེང་གི་ནཱ་ད་རྣམས་རིམ་གྱིས་སྣང་བ་འོད་གསལ་དུ་གཞུག་གོ། རིམ་གྱིས་འཇུག་ཚུལ་ནི། ཡུམ་ཡབ་ལ་དང་ཡབ་དམ་ཚིག་སེམས་དཔའ་ཐུགས་ཀའི་ཉི་གདན་གྱི་ཏིང་ངེ་འཛིན་སེམས་དཔའ་དང༌། དེ་ཡང་རང་གི་འོག་ཞབས་ཀྱུ་ནས་བསྡུས་ཏེ། ཞབས་ ཀྱུ་ཧའི་ལུས་དང་དེ་ཧའི་མགོ་བོ་དང༌། མགོ་བོ་ཟླ་ཕྱེད་དང་ཐིག་ལེ་དང་ཐིག་ལེ་ནཱ་ད་ལ་སྡུད་ཅིང༌། ནཱ་ད་ཡང་མི་དམིགས་པར་བསམ་མོ། །དེ་ལྟར་བསྡུས་པས་སྲོག་དབུ་མར་ཞུགས་ཏེ། རིམ་གྱིས་ཐིམ་པ་ན་སྔོན་དུ་སྨིག་རྒྱུ་ལྟ་བུ་དང༌། དེ་ནས་དུ་བ་ལྟ་བུ་དང༌། དེ་ ནས་སྲིན་བུ་མེ་ཁྱེར་ལྟ་བུ་དང༌། དེ་ནས་རླུང་གིས་མི་བསྐྱོད་པའི་མར་མེ་ལྟ་བུའི་མཚན་མ་འཆར་རོ། །དེ་ནས་སྟོན་གྱི་ནམ་མཁའ་དྲི་མ་མེད་པ་ལ་མཚན་མོ་ཟླ་བའི་འོད་ཀྱིས་ཁྱབ་པ་བཞིན་དུ་སྣང་བའི་སྣང་བ་དང༌། དེ་ནས་སྟོན་གྱི་ནམ་མཁའ་དྲི་མ་མེད་པ་ལ། ཉི་འོད་ ཀྱིས་ཁྱབ་པ་བཞིན་དུ་སྣང་བའི་སྣང་བ་མཆེད་པ་དང༌། དེ་ནས་སྟོན་གྱི་ནམ་མཁའ་དྲི་མ་མེད་པ་ལ་སྲོད་ཀྱི་སྨག་འཐུག་པོས་ཁྱབ་པ་བཞིན་དུ་སྣང་བའི་སྣང་བ་ཉེར་ཐོབ་རྣམས་སྔ་མ་ཕྱི་མ་ལ་ཐིམ་པའི་ཚུལ་གྱིས་སྐྱེ་ཞིང༌། མཐར་ཉེར་ཐོབ་ཀྱི་སེམས་ཀྱང་ སྟོང་པ་ཉིད་འོད་གསལ་ལ་གཞུག་པ་ནི། འཇུག་རིམ་གྱི་ཕྱོགས་གཅིག་གིས་གཞན་རྣམས་ཀྱང་མཚོན་པ་སྟེ། སྔར་བཤད་པ་ལྟར་རིམ་པ་སྔ་མ་བཞི་མཐར་སོན་པའི་གནད་ཀྱི་རིམ་པ་ལྔ་པའི་སྐབས་སུ་སྙིང་གའི་སྡུད་རིམ་ལ་བརྟེན་ནས། ལུགས་ 10-4-30a མཐུན་དུ་འཇུག་པའི་འཇུག་རིམ་གྱི་སྟོང་པ་བཞི་དང༌། ལུགས་ལྡོག་ཏུ་ལྡང་བའི་ལྡང་རིམ་གྱི་སྟོང་པ་བཞི་ཕུལ་དུ་བྱུང་བ་ཡང་འཆར་རོ། །གཉིས་པ་ནི། སེམས་སྟོང་པ་ལ་གཞུག་པར་མ་ཟད་སྟོང་པ་འོད་གསལ་ཡང་སེམས་སུ་རྣམ་པར་གཞུག་ པར་བྱ་ཞེས་པའི་དོན་ནི། འོད་གསལ་ལས་ལུགས་ལྡོག་གི་སྟོང་པ་གསུམ་གྱི་སེམས་གསུམ་དུ་ལྡང་བར་མ་ཟད། བཅོམ་ལྡན་འདས་བདེ་མཆོག་ཡབ་ཡུམ་གྱི་སྒྱུ་མའི་སྐུར་ཡང་ལྡང་བར་བྱའོ། །ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས། རྣལ་འབྱོར་རྣམ་གསུམ་ཤེས་བྱ་ སྟེ། །བྱིན་གྱིས་བརླབས་དང་རབ་བརྟགས་དང༌། །བསམ་གྱིས་མི་ཁྱབ་གཟུགས་རྫོགས་པའི། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བསྔགས། །གང་ཡང་སྐད་ཅིག་སྦྱོར་བ་ཡིས། །རང་ཉིད་རྡོ་རྗེ་མཁའ་འགྲོར་འགྱུར། །བརྫུས་ཏེ་སྐྱེས་པའི་སེམས་ཅན་བཞིན། །ས་བོན་ མེད་པར་བསྒོམ་བྱ་སྟེ། །ཞེས་བདེ་མཆོག་ཡབ་ཡུམ་དུ་བསྒོམ་པར་བཤད་དེ། འདི་ནི་རྫོགས་རིམ་འོད་གསལ་ལས་ཆུ་ལས་ཉ་ལྡང་གི་ཚུལ་དུ་སྐད་ཅིག་གིས་སྒྱུ་མའི་སྐུར་བཞེངས་པའོ། །དེ་ཉིད་ལ་བསམ་གྱིས་མི་ཁྱབ་པ་གཟུགས་རྫོགས་པའི་རྣལ་འབྱོར་ཞེས་རིམ་ པ་ལྔ་པ་བསམ་གྱིས་མི་ཁྱབ་པའི་ལྷའི་གཟུགས་རྫོགས་པའི་རྣལ་འབྱོར་དུ་གསུངས་སོ། །དེ་འདྲ་བའི་རྣལ་འབྱོར་གསུམ་ནི། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་གསལ་བར་གསུངས་ཏེ། བསྐྱེད་རིམ་པས་ལྷ་དཀྲོངས་སྐྱེད་བྱེད་པ་ནི་བྱིན་གྱིས་བརླབས་པའི་རྣལ་འབྱོར་དང༌། སྟོང་པར་སྦྱངས་པའི་ངང་ནས་ས་བོན་དང་ཕྱག་མཚན་ལས་ལྷའི་སྐུ་རྫོགས་པར་བྱེད་པ་ནི། ཡོངས་སུའམ་རབ་ཏུ་བརྟགས་པའི་རྣལ་འབྱོར་ཏེ། དེ་གཉིས་ནི་བསྐྱེད་རིམ་པའི་སྔགས་ཀྱི་སྐུའོ། །གཟུགས་ཡོངས་སུ་རྫོགས་པ་ནི་རྒྱུད་དེ་ཉིད་ལས། རྣམ་པ་ཀུན་གྱི་ 10-4-30b མཆོག་ལྡན་པ། །སྤྲོ་དང་བསྡུ་བ་བྱེད་པ་པོ། །ཡུལ་ཀྱིས་ཡེ་ཤེས་རྫོགས་པ་ནི། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་གསུངས་ཤིང་རྐང་པ་གསུམ་པ་ལ། སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ། །ཞེས་ཀྱང་གསུངས་པས། གང་ཡང་སྐད་ཅིག་སྦྱོར་ བ་ཡིས། །ཞེས་སོགས་ཀྱི་དོན་ནི་རྫོགས་རིམ་མཐོན་པོའི་འོད་གསལ་དུ་ཞུགས་པ་ལས། སྒྱུ་མའི་སྐུར་ལྡང་བའི་ཡེ་ཤེས་ཀྱི་སྐུ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་པའི་སྔགས་ཀྱི་སྐུ་དང་རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུའི་ལྷ་བསྐྱེད་ཚུལ་གྱི་རྣམ་དབྱེ་ལ་ བློ་མ་ཕྱོགས་ལ་མང་པོས་ནི། རྣལ་འབྱོར་གསུམ་པའི་དོན་ས་བོན་ལ་མི་ལྟོས་པར་དཀྲོངས་སྐྱེད་བྱེད་པའི་བསྐྱེད་རིམ་ལ་འཆད་པ་ནི་རྒྱུད་ཀྱི་དོན་གཏན་མ་རྟོགས་པར་ཤེས་པར་བྱའོ། །དེའི་ཕྱིར་དྲིལ་བུ་པའི་རིམ་ལྔའི་འགྲེལ་པའི་དཔེ་ཁ་ཅིག་ལས་ དྲིལ་བུ་པས་མཛད་ཟེར་བ་དེར། རང་བྱིན་རླབས་ཀྱི་རིམ་པ་ནས་བདེ་མཆོག་ལྷ་ལྔ་ཐིག་ལེ་ལྔ་ལས་བསྐྱེད་པ་རིམ་གྱིས་འོད་གསལ་དུ་འཇུག་པ་དང༌། སྣ་ཚོགས་རྡོ་རྗེའི་རིམ་པའི་སྐབས་སུ་ཧཱུཾ་ལས་བདེ་མཆོག་བསྐྱེད་པ་སོགས་བཤད་པ་ནི། དྲིལ་བུ་ པས་ས་བོན་ལ་མི་ལྟོས་པར་སྐད་ཅིག་གིས་བསྒོམ་པ་དང༌། དེ་འོད་གསལ་དུ་འཇུག་པའི་ཚུལ་ནི་བསམ་མི་ཁྱབ་ཀྱི་རིམ་པར་བཤད་པ་དང་འགལ་ལ། རིམ་ལྔ་རེ་རེ་ལ་བསྐྱེད་རིམ་རེ་སྒོམ་པར་བཤད་པ་ཡང༌། དྲིལ་བུ་པས་ལྷ་ལྔའི་སྒྲུབ་ཐབས་ སུ་བསྐྱེད་རིམ་བརྟན་ནས་རྫོགས་རིམ་སྒོམ་པར་བཤད་ཅིང༌། རྡོ་རྗེ་མཁའ་འགྲོ་ལས་གཟིངས་ཀྱི་དཔེས་རྫོགས་རིམ་བརྟན་པ་ནས་བསྐྱེད་རིམ་བྱེད་པར་གསུངས་པ་དང་འགལ་ལོ། །དེ་ལྟར་འདོད་པ་ནི་ལྷ་བསྒོམ་པ་ཐམས་ཅད་བསྐྱེད་རིམ་ 10-4-31a ཡིན་སྙམ་དུ་བཟུང་ནས་རིམ་གཉིས་ཀྱི་ལྷ་བསྒོམ་ཚུལ་མ་ཕྱེད་པའི་སྐྱོན་ནོ། །གཞན་ཡང་འགྲེལ་པ་དེར་རགས་པའི་གནས་ལ་ཡང་འཁྲུལ་བ་མང་དུ་འདུག་པས། འགྲེལ་བའི་དཔེ་ཁ་ཅིག་ལས། དེ་དོན་ཡོད་རྡོ་རྗེ་ཞེས་པ་ཞིག་གིས་ བྱས་ཞེས་འབྱུང་བ་དག་གོ། རིམ་པ་ལྔ་པའི་སྐབས་འདིར་འོད་གསལ་དུ་འཇུག་པའི་རྟེན་དུ་བདེ་མཆོག་ཡབ་ཡུམ་སྒོམ་པ་ཡང༌། རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་སྒྱུ་མའི་སྐུར་བསྒོམ་པ་ཡིན་གྱི། བསྐྱེད་རིམ་བསྒོམ་པའི་ཚུལ་དང་གཏན་མི་འདྲ་བར་ཤེས་ པར་བྱའོ། །འོ་ན་བསྐྱེད་རིམ་བརྟན་ནས་རིམ་ལྔའི་དང་པོར་རང་བྱིན་རླབས་སོགས་སྒོམ་པ་ན་ཡང༌། ལྷའི་རྣལ་འབྱོར་བསྒོམ་པ་ནི་འདོད་དགོས་པས་དེའི་ལྷའི་བསྐྱེད་ཚུལ་ནི་ཇི་ལྟར་ཡིན་སྙམ་ན། འདི་ནི་ཤིན་ཏུ་དཀའ་བའི་གནས་ཡིན་པས་དེའི་ཚུལ་ ཅུང་ཟད་བཤད་ན། བསྐྱེད་རིམ་བརྟན་པ་དེས་བདག་བྱིན་བརླབས་ཀྱི་རིམ་པ་བསྒོམས་པས་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དཔེའི་ལྷན་སྐྱེས་ཀྱི་འོད་གསལ་མ་ཐོབ་པ་ཚུན་ཆད་དུ། དཀྱིལ་འཁོར་གྱི་འཁོར་ལོ་དང་དཔའ་ བོ་གཅིག་པ་གང་བསྒོམ་ཡང༌། ཕལ་ཆེར་བསྐྱེད་རིམ་པའི་སྔགས་ཀྱི་སྐུ་ལས་མི་འདའ་ལ། གང་གི་ཚེ་དཔེའི་ལྷན་སྐྱེས་ཀྱི་འོད་གསལ་རྒྱུད་ལ་སྐྱེས་པ་ནས་བཟུང་སྟེ། སྒྱུ་མའི་སྐུ་དངོས་མ་ཐོབ་ཀྱང༌། སྒྱུ་མའི་སྐུ་རྗེས་མཐུན་པ་སྐྱེད་པའི་རིམ་པ་ ལས་འདས་པ་ཞིག་བསྒོམ་པར་ནུས་སོ། །དེ་ནས་རིམ་པ་བཞི་པ་ཡན་ཆད་དམ་རིམ་པ་ལྔ་པའི་སྟོད་ནས་སྒྱུ་མའི་སྐུ་དངོས་འགྲུབ་པས་ལྷ་བསྒོམ་པ་རྣམས་ཡེ་ཤེས་ཀྱི་སྐུ་དངོས་ཀྱི་སྟེང་ནས་བསྒོམ་པར་ནུས་པ་ཡིན་ནོ། །བསྐྱེད་རིམ་ཡང་མ་བརྟན་ 10-4-31b རྫོགས་རིམ་ལའང་ནུས་པ་བཤད་པ་བཞིན་མ་ཐོན་པ་དང་ད་ལྟ་ལྟ་བུའི་སྐབས་ཡིན་ན། རྫོགས་རིམ་གྱི་དམིགས་པ་སྒོམ་རེས་ཀྱིས་སྔོན་དུ་བསྐྱེད་རིམ་ལྷའི་སྐུ་བསྒོམ་གྱིན་བྱེད་དགོས་པ་ཡིན་ནོ། །འདི་དག་གལ་ཆེ་ལ་རྟོགས་དཀའ་བའི་གནས་ཡིན་ པས་རིམ་ལྔ་གསལ་སྒྲོན་དུ་རྒྱས་པར་བཤད་པ་ལས་ཤེས་པར་བྱའོ། །གསུམ་པ་ནི། སྔར་བཤད་པ་ལྟར་སྙིང་གའི་སྡུད་རིམ་ལ་བརྟེན་ནས། འོད་གསལ་དུ་འཇུག་པ་ཡང་དང་ཡང་དུ་གོམས་པར་བྱས་པས་སྟོང་པར་རྟོག་པ་དང༌། སྟོང་མིན་དུ་རྟོག་པ་ དང་ལ་སོགས་པས་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ལ་སོགས་པར་ཀུན་ཏུ་རྟོག་པ་རྣམས་རབ་ཏུ་སྤངས་ཏེ། རྟོག་བྲལ་དུ་གྱུར་ནས་མཁའ་སྟེ་ཡུལ་སྟོང་པ་ཉིད་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་བདེ་བ་ཆེན་པོས་མངོན་སུམ་དུ་རྟོགས་ཏེ། ཆུ་ལ་ཆུ་བཞག་པ་ལྟར་རོ་ མཉམ་དུ་འགྱུར་རོ། །རོ་གཅིག་ཏུ་གྱུར་པ་དེའི་ཚེ་དེའི་དོན་རྟེན་དང་བརྟེན་པ་ཡོད་པ་མིན་ཞིང༌། དཔེ་དང་རྟགས་ལས་མཚོན་པ་ཡང་མེད་ལ། གཞི་འམ་གནས་ཀྱི་ཆོས་ཅན་ཡང་ཡོད་པ་མ་ཡིན་ཏེ། གཉིས་སུ་སྣང་བ་ཐམས་ཅད་དག་པར་གྱུར་པའི་ཕྱིར་རོ། །དེ་ལྟར་ཡང་ དྲིལ་བུ་པའི་དབང་ཆོག་ལས། ཕྱི་དང་ནང་གི་རང་བཞིན་ཉིད། །ཆོས་རྣམས་ཀུན་གྱི་ངོ་བོ་སྟེ། །བསམ་གྱིས་མི་ཁྱབ་ཅེས་བཤད་དོ། །སྣང་མེད་རབ་རྫོགས་གནས་མེད་པ། །དེ་ཉིད་ལྔ་པ་རྫོགས་པའི་རིམ། །ལྷན་ཅིག་སྐྱེས་པ་མི་ཟད་པ། །བསམ་གྱིས་མི་ཁྱབ་ མཐའ་ཡས་སོགས། །དེ་ནི་བརྟན་གཡོ་འགྲོ་བདག་ཉིད། །བདག་མེད་ཉིད་ཀྱི་བདག་ཏུ་གནས། །དཔའ་བོ་བདེ་བ་ཆེན་པོས་རྟོགས། །ཞེས་དང༌། ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས་ཀྱང༌། འགའ་ཞིག་ཏུ་ནི་ཟུང་འཇུག་ཅེས། །ཞེས་ཟུང་འཇུག་ཏུ་ཡང་གསུངས་པས། 10-4-32a བསམ་མི་ཁྱབ་ཀྱི་རིམ་པ་ལ་དོན་གྱི་ལྷན་སྐྱེས་ཀྱི་འོད་གསལ་གྱི་རིམ་པ་གཅིག་དང༌། དེ་དང་སྒྱུ་མའི་སྐུ་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་རིམ་པ་གཉིས་ཤེས་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་རིམ་པ་ལྔ་པ་བསམ་མི་ཁྱབ་ཀྱི་རྫོགས་རིམ་ནི་ནམ་ ཡང་ཟད་པ་མེད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབྲས་བུའི་སྐབས་སུ་གནས་པ་སྟེ། བསམ་མི་ཁྱབ་ཀྱི་གཙོ་བོ་འབྲས་བུའི་སྐབས་ཀྱི་བསམ་མི་ཁྱབ་བོ། །བཞི་པ་ནི། ཤིང་དང་ཚེར་མ་དང་ལྕུག་མ་ལ་སོགས་པ་ཁམས་གསུམ་པའི་མི་རྒྱུ་བ་སྣོད་ཀྱི་འཇིག་ རྟེན་དང་རྒྱུ་བ་བཅུད་ཀྱི་འཇིག་རྟེན་དང་བཅས་པ་དེ་དག་ཀུན་གྱི་རང་བཞིན་ཡང་རྣལ་འབྱོར་པ་བདག་གི་རང་བཞིན་དེ་ཁོ་ན་ཉིད་དང༌། རྗེས་སུ་མཐུན་པར་ཏེ་དབྱེར་མེད་པར་འདིར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་བསྒོམ་པར་བྱ་སྟེ། བརྟག་གཉིས་ལས། བརྟན་དང་གཡོ་བའི་ དངོས་པོ་གང༌། །རྩྭ་ལྕུག་འཁྲི་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །ཞེས་གསུངས་པ་ལྟར་རོ། །ངོ་བོ་ཉིད་ཀྱིས་ཏེ་ཆོས་རྣམས་ཀྱི་ཡིན་ལུགས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་དམིགས་ནས་རྣལ་འབྱོར་ པས་སྒོམ་པར་བྱེད་ཀྱང༌། དེ་འདྲ་བ་དེ་མཚན་མར་འཛིན་པའི་སྒོ་ནས་རྟོག་པར་ནི་བྱེད་པ་མ་ཡིན་ནོ། །ཞེས་པ་འདིས་ཆོས་ཉིད་ལ་དམིགས་ནས་སྒོམ་པར་བྱེད་ཀྱང༌། མཚན་འཛིན་གྱི་རྟོག་པར་འགྲོའོ་ཞེས་སྨྲ་བའི་ལུགས་བཀག་པ་ཡིན་ནོ། །གལ་ཏེ་ཡིན་ ལུགས་ཀྱི་དེ་ཁོ་ན་ཉིད་དེ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཀུན་ཏུ་རྟོགས་ན། འགྲོ་བ་དྲུག་ཏུ་འཁོར་བའི་སྤྱོད་པ་རྣམས་འཇིག་པ་སྟེ་ཟད་པར་འགྱུར་རོ། །རྣལ་འབྱོར་གཉིས་དང་ལྡན་ཞེས་པ་ལ། འགོས་འགྱུར་དང་འགྱུར་རྙིང་གཞན་ལས་རྣལ་འབྱོར་ཉིད་དུ་ 10-4-32b ཉེར་སོན་ལས། །ཞེས་དང༌། སྦྱོར་བ་ཉིད་དུ་ཉེར་སོན་པའི། །ཞེས་གཉིད་ཅེས་པ་མེད་པར་ཉིད་ཅེས་འབྱུང་མོད་ཀྱང༌། རྔོག་འགྱུར་ཀུན་ལས་གཉིད་ཅེས་འབྱུང་ལ། མར་པ་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག་གི་རིམ་ལྔའི་བཤད་པ་ལས་ཀྱང༌། གཉིད་ལ་འབྲུ་གནོན་མཛད་འདུག་ པས་ཉིད་ལ་གཉིད་ཅེས་བྲིས་ནོར་དུ་སོང་བ་མིན་ནོ། །རྣལ་འབྱོར་པས་སད་པའི་དུས་སུ་དེ་ཁོ་ན་ཉིད་སྒོམ་པ་བཞིན་དུ་གཉིད་དང་ལྡན་པ་ཡི་དུས་སུ་ཡང་ཉིན་བར་གྱི་འོད་གསལ་དང་བསྲེས་ཏེ། གཉིད་ཀྱི་འོད་གསལ་གོམས་པར་བྱས་པ་ཡིས་རྫོགས་པའི་སངས་ རྒྱས་ཀྱི་རང་བཞིན་ནི་ལམ་གྱི་སྐབས་འདིར་རྟོགས་པར་མཛད་དོ། །དེ་ལྟར་མཛད་པ་དེ་ནས་རང་བྱུང་གི་དེ་ཁོ་ན་ཉིད་རང་ཉིད་ནི་རྫོགས་པར་ཏེ་མ་ལུས་པར་མངོན་དུ་གྱུར་པ་ན། སངས་རྒྱས་ཞེས་བརྗོད་པ་ཡིན་ནོ། །དེས་ན་ཞེས་པ་དང་དེ་ནས་ཞེས་པ་གཉིས་སྣང་ཡང་ ཕྱི་མ་ལྟར་བཤད་པའོ། །ལྔ་པ་ནི། གང་དུ་གཟུང་བས་མཐའ་སྟེ་ལྟ་བ་ངན་པའི་གཡང་ལ་ལྟུང་བའི་ཡོད་མེད་དང་རྟག་ཆད་ལ་སོགས་པའི་མཐའ་བཞིར་འཛིན་པའི་དམིགས་གཏད་ལས་ནི་རྣམ་པར་གྲོལ་བའི་དུས་གསུམ་གྱི་སངས་རྒྱས་ཀྱི་རང་བཞིན་སྟོང་པ་ཉིད་སྒོམ་ པ་དེས་ནི། དེ་ལྟར་བསྒོམས་པས་རིང་པོ་ཉིད་མི་ཐོགས་པ་སྟེ་ཚེ་འདི་ཉིད་ལ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་འགྱུར་རོ། །རིམ་པ་ལྔ་པ་རྫོགས་པའི་འོག་ཏུ་འགྱུར་རྙིང་པ་གཞན་དང༌། འགོས་འགྱུར་ལས། ཇི་ལྟར་སྣང་བཞིན་བདེན་སྤངས་པའི། །མེ་ལོང་ནང་ གཟུགས་ཇི་བཞིན་དུ། །ཧེ་རུ་ཀ་ཡི་རྣམ་པར་སྣང༌། །དེ་བཞིན་བདག་ཉིད་ལྟ་བར་བྱ། །ཞེས་སྒྱུ་མའི་ལུས་སྒོམ་པ་སྟོན་པ་ལ་སོགས་པའི་ཚིགས་བཅད་ཕྱེད་དང་བཞི་པ་ཞིག་ལྷག་པོར་འབྱུང་ངོ༌། །འཁོར་ལོ་སྡོམ་པ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་བླ་མར་མི་ 10-4-33a གསལ་བར་སྦས་པ། གསལ་བར་བསྟན་པ་ལས་བསམ་གྱིས་མི་ཁྱབ་པའི་རིམ་པ་སྟེ་རིམ་པ་ལྔ་པའོ། །བཞི་པ་མཇུག་གི་དོན་ལ་གཉིས། གཞུང་འདི་སློབ་དཔོན་གང་གིས་མཛད་པ་དང༌། ལོ་པཎ་གང་གིས་བསྒྱུར་བའོ། །དང་པོ་ནི། དཔལ་འཁོར་ ལོ་སྡོམ་པའི་མན་ངག་རིམ་པ་ལྔ་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་ཨྱོན་གྱི་སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པས་མཛད་པ་རྫོགས་སོ། །གཉིས་པ་ནི། གཞུང་འདི་བོད་དུ་གང་གིས་བསྒྱུར་བའི་ཚུལ་ནི། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་ པཎྜི་ཏ་སྟེ་ཀྲྀཥྞ་ས་མ་ཡ་བཛྲ་ཞེས་པ་རྡོ་རྗེ་གདན་གྱི་མཁས་པ་ནག་པོ་དམ་ཚིག་རྡོ་རྗེ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བ་ནག་ཚོས་བསྒྱུར་བ། ཕྱིས་བླ་མ་བལ་པོའི་པཎྜི་ཏ་སུ་མ་ཏི་ཀཱིརྟི་ཞེས་བློ་བཟང་གྲགས་པ་དང༌། ལོ་ཙཱ་བ་དགེ་སློང་རྔོག་བློ་ལྡན་ཤེས་ རབ་ཀྱིས་བཅོས་པའོ། །བྱིན་རླབས་ཅན་དུ་གྲགས་པའི་བདེ་མཆོག་གི། ཟབ་མོའི་གནད་ཀུན་བསྡུས་པ་རིམ་ལྔའི་གཞུང༌། །ཡོན་ཏན་ཁུར་གྱིས་ལྕི་བའི་གཞུང་རྩོམ་ནི། །མང་པོས་འབད་ཀྱང་ཇི་བཞིན་མ་རྟོགས་པའི། །གདམས་པའི་གནད་རྣམས་ལྟ་ བའི་བློ་གྲོས་མིག །མིག་མཁན་རྒྱལ་པོས་མིག་གི་རབ་རིབ་རྣམས། །ལེགས་པར་བསལ་བ་བཞིན་དུ་བདག་གིས་བསྒྲུབས། །རྣམ་དཔྱོད་ཅན་རྣམས་དགའ་བ་རྒྱས་པར་མཛོད། །འོན་ཀྱང་ཟབ་མོའི་གནད་རྣམས་རྟོགས་པར་དཀའ། །བདག་བློ་ཤིན་ཏུ་ཉམ་ཆུང་ གྱུར་པས་ན། །འདིར་ནི་ནོངས་རྣམས་དྲིལ་བུ་པ་ལ་ནི། །སྙིང་ནས་གཤགས་སོ་མ་ལུས་དག་པར་མཛོད། །བླ་མ་ལྷག་པའི་ལྷ་ཡི་བྱིན་རླབས་ལས། །བྱུང་བའི་ལེགས་པར་བཤད་པའི་དགེ་བ་ཡིས། །རྗེ་བཙུན་ཡབ་ཡུམ་དྲིལ་བུ་པ་ཡིས་ནི། །སྐྱེ་བ་ཀུན་ཏུ་རྗེས་ 10-4-33b སུ་འཛིན་གྱུར་ཅིག །ཅེས་དཔལ་འཁོར་ལོ་བདེ་མཆོག་གི་རྫོགས་རིམ་རིམ་པ་ལྔ་པའི་རྒྱ་ཆེར་བཤད་པ་སྦས་པའི་དོན་བལྟ་བའི་མིག་རྣམ་པར་འབྱེད་པ་ཞེས་བྱ་བ་འདི་ནི། བདེ་མཆོག་གི་རྩ་བ་དང་བཤད་པའི་རྒྱུད་རྣམས་དང༌། གཞན་ཡང་བདེ་མཆོག་གི་མཁས་ པ་དང་གྲུབ་པ་བརྙེས་པའི་གཞུང་མང་པོ་དང༌། ཁྱད་པར་དུ་གྲུབ་ཆེན་དྲིལ་བུ་པའི་གཞུང་ཀུན་དང༌། བོད་ཀྱི་བརྒྱུད་པ་སོ་སོའི་ལུགས་རྣམས་ཁོང་དུ་ཆུད་པར་བྱས་ནས་ཚུལ་འདི་ལ་མོས་པ་མང་པོས་བསྐུལ་བའི་དོན་དུ། མང་དུ་ཐོས་པའི་དགེ་སློང་འཁོར་ལོ་སྡོམ་ པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་སྡོམ་བརྩོན་བསོད་ནམས་བློ་གྲོས་སོ། །།།འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་ པར་གྱུར་ཅིག། སརྦ་མངྒ་ལཾ། །། 10-5-1a ༄༅། །དྲིལ་བུ་རིམ་ལྔའི་ཁྲིད་ཡིག་རྗེའི་གསུང་བཞིན་སེམས་དཔའ་ཆེན་པོས་མཛད་པ་བཞུགས་སོ།། 10-5-1b ༄༅། །ལྷ་མཆོག་ཧེ་རུ་ཀ་དང་རྗེ་བཙུན་མ། །དཔའ་བོ་དཔའ་མོའི་དབང་ཕྱུག་ཐམས་ཅད་དང༌། །རྡོ་རྗེ་འཆང་དངོས་རྗེ་བཙུན་ཙོང་ཁ་པའི། །ཞབས་ལ་རྟག་ཏུ་གུས་པས་ཕྱག་འཚལ་ལོ། །འདིར་རྡོ་རྗེ་དྲིལ་བུ་པའི་ལུགས་ཀྱི་འཁོར་ལོ་བདེ་ མཆོག་གི་ལམ་ལ་འཁྲིད་པ་ལ་གསུམ། ལམ་གྱི་སྔོན་དུ་འགྲོ་བ་དང༌། ལམ་དངོས་དང༌། ལམ་བསྒོམས་པའི་འབྲས་བུའོ། །དང་པོ་ནི། ཐེག་ཆེན་པ་གཉིས་ཀྱི་ཐུན་མོང་བའི་ལམ་གྱིས་རྒྱུད་སྦྱང་བ་དང༌། ལུགས་འདིའི་དབང་རྫོགས་པར་ བསྐུར་བ་དང༌། དམ་ཚིག་དང་སྡོམ་པ་དག་པར་བྱེད་པ་གསུམ་གཙོ་བོ་ཡིན་པས་གཞན་དུ་བཤད་པ་ལྟར་བྱས་ལ། བླ་མ་གོང་མའི་ཕྱག་བཞེས་ལྟར། རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང༌། བླ་མའི་རྣལ་འབྱོར་བསྒོམས་ནས་ གསོལ་བ་དྲག་ཏུ་འདེབས་པའང་བྱའོ། །གཉིས་པ་ལ་གཉིས། བསྐྱེད་རིམ་ལ་བསླབ་པ་དང༌། རྫོགས་རིམ་ལ་བསླབ་པའོ། །དང་པོ་ནི། སྒྲུབ་ཐབས་ན་ཡོད་པ་ལྟར་ལྷའི་གསལ་སྣང་རྙེད་པ་དང༌། དེ་ལ་རིང་དུ་གནས་པའི་སེམས་ བརྟན་པོ་རྙེད་པའི་ཁྲིད་རིམ་བྱེད་པའོ། །གཉིས་པ་ལ་གཉིས། གང་ལ་གནས་ནས་བསྒོམ་པའི་རྟེན་གྱི་རྣལ་འབྱོར་དང༌། དེ་ལ་བརྟེན་ནས་བསྒོམ་པའི་ཚུལ་དངོས་སོ། །དང་པོ་ནི། བསྐྱེད་རིམ་ལ་སེམས་བརྟན་པོ་རྙེད་ན་མཚམས་འདི་ནས་ བསྐྱེད་རིམ་ཞར་བྱུང་དུ་དང༌། གཙོ་བོར་རྫོགས་རིམ་བསྒོམ། དེ་ལྟ་མིན་པར་བསྐྱེད་རིམ་ལ་མང་དུ་སློབ་པ་སྔར་སོང་བ་མ་ཡིན་ན་ཐུན་དང་པོ་ལ་བསྐྱེད་རིམ་རྒྱས་པ་ལན་ཅིག་དང༌། ཐུན་གཞན་གསུམ་གྱི་དུས་སུ་བསྡུས་ནས་བསྒོམ་ 10-5-2a པའི་ཚུལ་གཉིས་བྱས་ཏེ། ལྷའི་རྣལ་འབྱོར་ཐུན་འཚམས་པར་བསྒོམ་པ་སྔོན་དུ་བཏང་ནས། ཐུན་གྱི་མཐར་ལྷ་བསྡུས་པའི་འོག་ཏུ། ཧེ་རུ་ཀ་ཡབ་ཡུམ་དུ་ལངས་པའི་ལྷའི་རྣལ་འབྱོར་གསལ་གདབ་པར་བྱས་ལ་བསྒོམ་ མོ། །གཉིས་པ་ལ་གཉིས། བསམ་མི་ཁྱབ་ཀྱི་རིམ་པ་བསྐྱེད་པའི་སྔོན་དུ་འགྲོ་བའི་རིམ་པ་དང༌། བསམ་མི་ཁྱབ་ཀྱི་རིམ་པ་བསྐྱེད་པའི་ཚུལ་དངོས་སོ། །དང་པོ་ལ་གཉིས། བྱང་སེམས་དཀར་པོ་རྒྱས་པར་བྱེད་པ་ལ་བརྟེན་པའི་ཏིང་ངེ་འཛིན་ བསྐྱེད་ཚུལ་དང༌། བྱང་སེམས་དམར་པོ་རྒྱས་པར་བྱེད་པ་ལ་བརྟེན་པའི་ཏིང་ངེ་འཛིན་བསྐྱེད་ཚུལ་ལོ། །དང་པོ་ལ་གསུམ། དྷཱུ་ཏཱིའི་དབུས་སྙིང་ཁར་གནད་དུ་བསྣུན་པ་ལས་ཏིང་ངེ་འཛིན་བསྐྱེད་ཚུལ་བདག་བྱིན་རླབས་ཀྱི་རིམ་པ་དང༌། དྷཱུ་ཏཱིའི་ ཡར་སྣ་མར་སྣར་གནད་དུ་བསྣུན་པ་ལས་ཏིང་ངེ་འཛིན་སྐྱེ་ཚུལ་སྣ་ཚོགས་རྡོ་རྗེའི་རིམ་པ་དང༌། ཕྱག་རྒྱ་བཞི་ལ་བརྟེན་ནས་ཏིང་ངེ་འཛིན་བསྐྱེད་ཚུལ་ནོར་བུ་འགེང་བའི་རིམ་པའོ། །དང་པོ་ལ་གཉིས། ས་བོན་དང་བཅས་པའི་རང་བྱིན་ རླབས་དང༌། ས་བོན་མེད་པའི་རང་བྱིན་རླབས་སོ། །དང་པོ་ལ་གསུམ། སྒོམ་པའི་སྔར་ཇི་ལྟར་བྱ་བ་དང༌། དེ་ནས་ཇི་ལྟར་བསྒོམ་པ་དང༌། བསྒོམས་པས་ཇི་ལྟར་སྐྱེ་བའོ། །དང་པོ་ནི། ཡིད་དང་མཐུན་པའི་བསམ་གཏན་གྱི་ཁང་པར་ སྟན་བདེ་བ་ལ་འཁོད་ནས། གནད་བཞི་དང་ལྡན་པར་བྱ་བ་ལ། ལུས་ཀྱི་གནད་ནི། རྡོ་རྗེ་སྐྱིལ་ཀྲུང་ངམ་སེམས་དཔའི་སྐྱིལ་ཀྲུང་གང་བདེ་བཅས་ལ། སྒལ་ཚིགས་དྲང་པོར་བསྲང༌། མགྲིན་པ་ཅུང་ཟད་དགུག །མགོ་མི་མཐོ་མི་དམའ་ 10-5-2b བར་བྱ། མིག་སྣ་རྩེར་བལྟ། སྣ་ལྟེ་བའི་ཐད་སོར་འོང་བ་དང༌། མཆུ་དང་སོ་རང་ལུགས་པར་བཞག །ལྕེའི་རྩེ་མོ་ཅུང་ཟད་གྱེན་དུ་ལྡོག །ལག་པ་གཉིས་མཉམ་གཞག་གི་ཕྱག་རྒྱ་བྱའོ། །དུས་ཀྱི་གནད་སྤྱིར་རྒྱུན་དུ་བྱ་བ་ཡིན་ལ། ཁྱད་པར་ཐོ་རངས་སོགས་རིག་པ་ གསལ་བ་དང༌། ཕྱི་དྲོ་མེའི་དུས་སུ་བསྒོམ་མོ། །རླུང་གི་གནད་ནི། རླུང་ཕྱི་ནང་དུ་འབྱུང་འཇུག་བྱེད་པ་ཧ་ཅང་སྒྲ་ཅན་དང༌། དྲག་པར་མི་བྱ་བར་དལ་གྱིས་རྒྱུ་བའི་འཇམ་པོར་བྱའོ། །གང་དུ་དམིགས་པ་གཏོད་པའི་ཡུལ་གྱི་གནད་ནི། ལུས་ལ་གནད་དུ་བསྣུན་པའི་གདམས་ པ་རྣམས་ལ། གང་དུ་དམིགས་པ་གཏོད་བའི་གནད་ངོས་ཟིན་ནས། དེར་སེམས་གཏོད་པ་རྣམ་པར་དག་པ་ཞིག་མེད་ན་ཅི་ཙམ་བསྒོམས་ཀྱང༌། རླུང་དབུ་མར་ཐིམ་པའི་ལྷན་སྐྱེས་ཀྱི་བདེ་ཆེན་མི་སྐྱེ་བས། ལུས་ལ་གནད་དུ་བསྣུན་སའི་གཙོ་བོའང༌། དབུ་མའི་ཡར་སྣ་ མར་སྣ་དང་རྩ་འཁོར་གྱི་དབུས་སོགས་གང་རུང་ཁོ་ན་ཡིན་ཏེ། རོ་རྐྱང་གི་དབུས་ཀྱི་དབུ་མར་ཨཾ་ཡིག་བསྒོམས་པས་དབུ་མའི་ནང་གི་གཏུམ་མོ་འབར་ནས་བདེ་ཆེན་སྦྱིན་པར་གསུངས་པའི་ཕྱིར་ཏེ། སྡོམ་འབྱུང་ལས། དེ་དག་དབུས་སུ་གནས་ལྷ་མོ། །ཨཾ་ཡིག་ སྣ་ཚོགས་གཟུགས་ཅན་མ། །ལྷ་མོ་སྐུ་བཞིའི་བདག་ཉིད་ཅན། །དངོས་གྲུབ་ཐམས་ཅད་རབ་སྩལ་མ། །བདེ་བ་ཆེན་པོ་སྦྱིན་ཞེས་དང༌། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཤེས་བྱ་དབུས་སུ་རླུང་རྒྱུ་བ། །མེ་སད་བྱེད་པར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། ། ལྷ་མོ་ཨཾ་ཡིག་ནི། ཕག་མོའི་ཨཾ་ཡིག་བསྒོམ་པ་ལ་བཤད་དེ། ཡི་གེ་གཞན་དང་ཐིག་ལེ་སོགས་བསྒོམ་པ་ལའང་མཚོན་ནོ། །གཉིས་པ་ནི། རིམ་ལྔ་ལས། སྒྲ་དང་ཐིག་ལེར་ལྡན་པའི་སེམས། །སྙིང་གར་གཞག་བྱ་ཞེས་གསུངས་པ་ལྟར། ནུ་མ་ 10-5-3a གཉིས་ཀྱི་དབུས་དྲང་པོ་ནས་ཐད་ཀར་ཕྱིན་པའི་སྒལ་ཚིགས་ཀྱི་ནང་ལོགས་སུ་རྩ་དབུ་མ་ལ་རོ་རྐྱང་གིས་མདུད་པ་བརྒྱབ་པའི་དབུ་མའི་ནང་དུ་ཐིག་ལེ་དཀར་དམར་ཁ་སྦྱར་གྱི་དབུས་སུ་ཐིག་ལེ་ནཱ་ད་ཟླ་ཕྱེད་མགོར་ལྡན་པའི་ཧཱུཾ་ཡིག་དཀར་པོ་ཡུངས་ ཀར་གྱི་ཚད་ཙམ་བ་མོ་འཛག་པ་ལ་སེམས་གཟུང་བར་བྱའོ། །དམིགས་རྟེན་དབུ་མའི་ནང་དུ་འཛིན་པ་དང༌། ཆུང་བའི་ཚད་དང་བ་མོ་འཛག་པ་ནི་ཁ་སྦྱོར་ལས་ཀྱང་གསུངས་ཏེ། དེ་ལས། དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ ཧཱུཾ་གི་ས་བོན་ནི། །ཁ་བ་ལྟ་བུ་འཛག་པ་གཉིས། །ཞེས་གསུངས་པའི་ཕྱིར་རོ། །དམིགས་རྟེན་ཤིན་ཏུ་ཕྲ་བ་ལ་སེམས་གཏད་ན་རླུང་འདུ་སླ་བས་སྔར་ལྟར་བྱ། དེ་ལྟར་མི་ནུས་ན་རེ་ཞིག་དམིགས་རྟེན་ཆེ་བ་ལ་སེམས་གཏད་ལ། དེ་ནས་ཇེ་ཕྲ་ཇེ་ཕྲར་བཏང་ལ་ སེམས་བཟུང༌། སེམས་འཛིན་ལུགས་ནི་ཚུར་ངོས་ནས་ཕར་ངོས་ན་ཡོད་པ་ལ་བལྟ་བ་ལྟར་མི་བྱ་བར། ཧཱུཾ་ཡིག་གི་ནང་དུ་ཞུགས་དེ་དབྱེར་མེད་དུ་སོང་བ་ལྟར་བྱས་ནས་འཛིན་པར་གསུངས་པས་དེ་བཞིན་དུ་བྱའོ། །སེམས་ཀྱི་འཛིན་སྟངས་ནི། སེམས་ ཀྱི་འགྲིམས་ཆ་ཧ་ཅང་ཆེས་ན་རྒོད་པ་སྐྱེས་ནས་གནས་སུ་མི་བཏུབ་ལ་གྲིམས་ཆ་བཞག་ན་གནས་པ་སྐྱེའང་བྱིང་བ་ཕྲ་མོ་མི་ཆོད་པས་རླུང་ཤིན་ཏུ་འདུ་དཀའ་བས་འདི་ཙམ་ཞིག་སྒྲིམས་ན་ངེས་པར་རྒོད་པ་སྐྱེ་བ་ཉམས་ཀྱི་སྟེང་ནས་ཤེས་པར་བྱས་ལ། དེ་ ཙམ་དུ་མི་སྒྲིམ་པར་དེའི་འོག་ནས་སྒྲིམས་ཏེ་བཞག་གོ། གང་བྱས་ཀྱང་དམིགས་རྟེན་གསལ་དུ་མ་འདོད་ན་རྩ་འཁོར་གྱི་དབུས་དབུ་མའི་ནང་ཉིད་དུ་འཛིན་པའི་ཚུལ་གྱིས་སེམས་དེར་བཟུང་ལ། སེམས་གནས་རྙེད་པ་ན་དམིགས་རྟེན་གསལ་བར་སྣང་ 10-5-3b བ་ལ་སློབ་བོ། །འདིར་དམིགས་རྟེན་ལ་དྲན་པ་བརྟེན་ཚུལ་དང༌། བྱིང་རྒོད་བྱུང་ན། གཅོད་པའི་ཚུལ་ནི། དབུས་མཐའ་ལས། དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞེས་གསུངས་པ་ལྟར་ཤེས་པར་ བྱའོ། །གསུམ་པ་ནི། འདི་ལྟར་བསྐྱངས་པས་སེམས་རྒོད་པ་ཕྲ་མོ་དང་བྲལ་བའི་མི་རྟོག་པ་ཤིན་ཏུ་འཐུག་པོ་དང༌། བྱིང་བ་ཕྲ་མོའང་ཆོད་པའི་རིག་པ་དར་དང་ལྡན་པའི་གསལ་དངས་ཆེ་བ་དང་ལུས་སེམས་ལ་བདེ་བའི་ཉམས་ཆེ་བ་རྣམས་འབྱུང་མོད་ཀྱང༌། དེ་འདྲ་ བ་ནི་ཆོས་འདི་པ་དང༌། གཞན་པ་དང༌། ཐེག་པ་ཆེ་ཆུང་གཉིས་ཀ་དང༌། རྒྱུད་སྡེ་གོང་འོག་དང༌། རིམ་པ་གཉིས་ཀའི་ཐུན་མོང་བ་ཡིན་པས། རྫོགས་རིམ་པའི་ལུས་ལ་གནད་དུ་བསྣུན་པས་ཏིང་ངེ་འཛིན་སྐྱེ་ལུགས་ཐུན་མོང་མ་ཡིན་པ་སྲོག་དྷཱུ་ཏཱིར་ཞུགས་པ་སོགས་ ཀྱི་རྟགས་མི་འཁྲུལ་བ་དགོས་ལ། དེ་ལ་ནི་སྔར་བཤད་པའི་ལུས་ལ་གནད་དུ་བསྣུན་པའི་དམིགས་པ་འདི་འདྲ་བ་ལ་རིང་དུ་བསྐྱང་བས་ཐུན་རེའི་བར་དུ་བྱིང་རྒོད་ཕྲ་མོ་དང་བྲལ་བར་སེམས་ཤིན་ཏུ་བརྟན་པར་གནས་པའི་ཐུན་འཁྱོངས་པ་དགོས་སོ། ། འདིར་ཐུན་གཅིག་ནི་ཞག་གཅིག་གི་དྲུག་ཆའོ། །འོ་ན་རྟགས་མི་འཁྲུལ་པ་ཇི་ལྟ་བུ་སྙམ་ན། ཐུན་འཁྱོངས་པའི་འོག་ཏུ་རང་གི་སྣ་བུག་གང་རུང་རེ་རེ་བར་རྒྱུ་བའི་འཕོས་མ་ཐག་པའི་སྐབས་ངོས་བཟུང་ལ། དེ་ནས་ལུས་གནད་དང་སེམས་ཀྱི་འཛིན་ལུགས་སྔར་ བཞིན་བྱས་པའི་མཐུས། རིང་པོ་མི་ཐོགས་པར་སྣ་སྒོར་བརྟགས་པ་ན་རླུང་མཉམ་རྒྱུར་ཐེངས་པ་དང༌། དེའང་ལན་རེ་རེ་གཉིས་གཉིས་ཙམ་ལ་ངེས་པ་མེད་ཀྱི། འགལ་རྐྱེན་གཞན་མེད་ན་ངེས་ཅན་ཐེངས་ཀྱིན་འདུག་པ་དང༌། མཉམ་རྒྱུའང་གང་རུང་ 10-5-4a གཅིག་དྲག་ལ་ཅིག་ཤོས་ཞན་པ་མ་ཡིན་པར་དྲག་ཞན་ཤེད་མཚུངས་སུ་རྒྱུ་བ་འོང་བར་སྣང་ན། རྣལ་འབྱོར་དེའི་སྟོབས་ཀྱིས་སྲོག་དབུ་མར་འཛུད་ནུས་པ་ཙམ་དུ་འཇོག་ནུས་མོད་ཀྱང༌། ལན་ཅིག་ཚུད་ནས་གཡས་གཡོན་རེ་རེ་བར་མི་ འཕོ་བ་མིན་ནོ། །དེ་ནི་སྲོག་དྷཱུ་ཏཱིར་ཞུགས་པ་ཡིན་ལ། དྷཱུ་ཏཱིར་གནས་པ་ནི་མཚམས་འདི་ནས་དྲིལ་ཏེ་བསྒོམས་པས་སྣ་བུག་གི་རྒྱུ་བ་ཞན་དུ་སོང་བའི་མཐར་ཞིབ་ཏུ་བརྟགས་པ་ན། རྒྱུ་བ་ཕྲ་མོའང་བཟློག་པ་ཞིག་འོང༌། རྟོག་ཚུལ་དེའང་ངེས་དཀའ་ན་ལུས་ དྲང་པོར་གཡོ་འགུལ་མེད་པར་བདེ་མོར་གནས་པའི་དུས་སུ་ལྟོ་བ་འགུལ་མི་འགུལ་བརྟག །ཅུང་ཟད་འགུལ་བར་སྣང་ན་མ་ལོག་པའི་རྟགས་ཡིན། བརྟག་པ་འདི་ཁྱད་པར་ལྟེ་བ་མན་ཆད་ཀྱི་ཐུར་སེལ་འོག་གི་སྣ་སྒོར་འབྱུང་འཇུག་བྱེད་མི་བྱེད་རྟོག་པ་ལ་གལ་ ཆེ་བ་ཡིན། སྣ་བུག་གི་རྒྱུ་བ་ཕྲ་མོ་ལོག་པ་ལ་ཐིམ་དཀའ་སླ་གཉིས་ལས། ཐིམ་དཀའ་ན་ཡུད་ཅིག་ལ་ལྟོ་བ་རླུང་གིས་ཁེངས་པ་འབྱུང་ཞིང་དེ་ནས་ཞི་བར་འགྱུར་ལ། ཞི་མ་ཐག་ལྟེ་བ་དང་གསང་གནས་ཀྱི་མེ་གནས་པའི་ཐད་ནས་དྲོད་ཁྱད་པར་ཅན་སྐྱེ། དེ་ ནས་རིམ་གྱིས་ཞུ་བདེ་འདྲེན་ཏེ། ཁ་སྦྱོར་ལས། ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པ་ཡི་ཆོག་ཤེས་པས། །ཞེས་དང༌། ཞལ་ལུང་ལས། སྡོམ་བརྩོན་གཞུ་དབྱིབས་གཡོ་བ་ཡིས། །སུམ་མདོར་གྲུ་གསུམ་ མེ་འབར་བས། །ཁམས་བཞུས་ནས་ནི་བཅུ་དྲུག་ཆར། །ཞེས་གསུངས་པའི་ཕྱིར་རོ། །སྣ་བུག་གི་རྒྱུ་བ་ཕྲ་མོའང་ལོག་པ་འདི་བྱིང་བ་ཕྲ་མོ་མཆོད་པར་བསགས་པས། བྱིང་བ་ཤས་ཆེ་བ་ཞིག་ལའང་འོང་ལ། རྩ་འཁོར་གྱི་ལྟེ་བར་གནད་དུ་བསྣུན་པ་ 10-5-4b ལ་མི་མཁས་པར་བུམ་པ་ཅན་མང་དུ་བསྒོམ་པར་བྱས་ཤིང༌། སྲོག་དྷཱུ་ཏཱིར་འཆིང་བར་ནི་མ་ནུས་པའི་རླུང་རྩ་གནས་གཞན་དུ་བྱེར་བ་ལ། རླུང་འབྱུང་འཇུག་ཀྱང་མི་བྱེད་ཅིང་ནང་དུ་འཛིན་རྒྱུའང་མེད་པ་ཞིག་འོང་ཡང༌། དེ་ནི་དྷཱུ་ཏཱིར་ཚུད་པ་དང་ཐིམ་པ་གང་ ཡང་མིན་པས། ཁྱད་པར་དེ་རྣམས་ལོགས་པར་ཕྱེད་པར་བྱའོ། །རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དགའ་བཞི་དང་སྟོང་པ་བཞི་སྐྱེ་བ་ནི་རིམ་པ་ལྔ་ཀའི་སྐབས་སུ་འོང་ཡང་དགའ་བཞི་སྐྱེ་ཚུལ་ནི། རིམ་པ་གསུམ་པའི་སྐབས་ སུ་འཆད་ཅིང་སྟོང་པ་བཞི་སྐྱེ་བ་དང༌། བསྲེ་བ་གསུམ་བྱེད་ཚུལ་ནི་རིམ་པ་ལྔ་པའི་སྐབས་སུ་བཤད་པར་བྱའོ། །གཉིས་པ་ས་བོན་མེད་པའི་རང་བྱིན་རླབས་ནི། རིམ་ལྔ་ལས། ཉི་མ་དང་ཟླ་བའི་བདག་ཉིད་ཅན་གྱི་ལམ། སྟོང་པ་ཉིད་ཀྱི་རང་བཞིན། ནམ་མཁའ་སྟོང་ པའི་ངོ་བོ་གང་ནས་བར་ཆད་མེད་པར་རླུང་འཇུག་པ་དང་འབྱུང་བར་འགྱུར་བའི་ལམ་དེར་རླུང་དང་ལྷན་ཅིག་སྦྱར་ལ་གཅིག་ཏུ་བྱས་པའི་སེམས་གཟུང་བར་བྱའོ་ཞེས་གསུངས་པ་ལྟར་བསྒོམ་པ་ལ། ལུས་དང་རླུང་དང་དུས་ཀྱི་གནད་གསུམ་ནི་སྔར་དང་འདྲ་ལ། ཡུལ་གྱི་གནད་ནི་སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ཧཱུཾ་ཡིག་དཀར་པོ་བསམ་པ་ལ་རླུང་འཇུག་གནས་ལྡང་གསུམ་བྱས་ཏེ། དེའང་རླུང་འཇུག་པའི་དུས་སུ་དྷཱུ་ཏཱིའི་ནང་དུ་རླུང་གི་གདངས་ཨོཾ་ཡིག་གི་གདངས་སུ་ཞུགས་པར་བསམས་ལ་ཧཱུཾ་ལ་གཞུག ། དེ་ལས་འཇུག་ལྡང་གང་རུང་གི་ཡུན་ཚད་ཙམ་ཞིག་ཞུགས་པ་དེར་བཟུང་ནས་དེའི་རང་གདངས་ཨ་ཡིག་གི་གདངས་སུ་བསམ། དེ་ནས་དྷཱུ་ཏཱིའི་ནང་གི་རླུང་ལས་ཕྱིར་འགྲོ་བའི་ཚེའང་དྷཱུ་ཏཱིའི་ནང་ནས་ཕྱིར་འགྲོ་བར་བསམ་ཞིང་དེའི་ཚེ་རླུང་གི་རང་གདངས་ཧཱུཾ་གི་ 10-5-5a གདངས་སུ་འབྱུང་བར་བསམས་ལ། བསྐྱེད་རིམ་པའི་ཡིད་བཟླས་ཀྱིས་རྡོར་བཟླས་སུ་མ་ཤོར་བར་རླུང་གི་གདངས་དང་སྔགས་གསུམ་གྱི་གདངས་དབྱེར་མི་ཕྱེད་པར་གནས་པ་ལ་སེམས་གཏད་དེ་རྡོར་བཟླས་བྱའོ། །རྡོར་བཟླས་བྱས་པས་མྱོང་བ་སྐྱེ་ ཚུལ་ནི། རེ་ཞིག་རླུང་གི་གདངས་ལ་སྔགས་སུ་མོས་པ་ཙམ་ལས་མི་འོང་ཡང་། གོམས་པའི་མཐར་ཕར་ལ་མོས་པ་བྱས་པ་ཙམ་མིན་པར་ཚུར་ལ་རང་གི་གདངས་ཡི་གེ་གསུམ་གྱི་གདངས་སུ་འཆར་བའི་གསུང་གི་ང་རྒྱལ་འཕོས་པ་འབྱུང་ལ། དེའང་དང་པོར་ དྷཱུ་ཏཱིའི་ནང་ནས་འབྱུང་འཇུག་བྱེད་པར་མོས་པ་ཙམ་ཡིན་ཡང༌། གོམས་པ་བསྲིངས་ན་དྷཱུ་ཏཱིའི་ནང་ནས་དངོས་སུ་འབྱུང་འཇུག་བྱེད་པ་འོང་ངོ༌། །འདི་ལ་ཡང་འཛིན་སྟངས་ལ་ངར་ཐོན་པ་དང་བྱིང་རྒོད་བྱུང་ན་གཅོད་ཚུལ། རླུང་ཞུགས་གནས་ཐིམ་གསུམ་གྱི་ རྟགས་འོང་ཚུལ་ནི་སྔར་དང་འདྲའོ། །རླུང་འབྱུང་འཇུག་གཉིས་ལ་རྡོར་བཟླས་བྱས་པས་སྙིང་གའི་དྷཱུ་ཏཱི་ལ་རོ་རྐྱང་གིས་དཀྲིས་པའི་མ་རིག་པའི་མདུད་པ་འབྱེད་པ་ཡིན་ཏེ། བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས། རླུང་གཉིས་ཀྱིས་ནི་ཕྱེད་ནས་ནི། །མ་རིག་མདུད་ པ་འབྱེད་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་དྷཱུ་ཏཱིའི་ཡར་སྣ་མར་སྣར་གནད་དུ་བསྣུན་པ་ལས་ཏིང་ངེ་འཛིན་སྐྱེད་ཚུལ་སྣ་ཚོགས་རྡོ་རྗེའི་རིམ་པ་ལ་གཉིས། ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་དང༌། ས་བོན་མེད་པའི་ སྣ་ཚོགས་རྡོ་རྗེའི་རིམ་པའོ། །དང་པོ་ནི། རིམ་ལྔ་ལས། སྣ་ཚོགས་རྡོ་རྗེའི་གཞིར་གནས་པའི་རྡོ་རྗེ་དང༌། རྡོ་རྗེ་རྩེ་མོར་དང་པོ་མཆོག་གི་སྤྱིར་གནས་པ། །ཟླ་བ་ལྟ་བུར་དྲི་མེད་ལུས་ཅན་ཐིག་ལེ་ནི། །སྒོམ་པར་བྱེད་ཅེས་གསུངས་པ་ལྟར། བསྒོམ་ 10-5-5b པ་ལ་གནད་གཞན་གསུམ་སྔར་དང་འདྲ་ལ། ཡུལ་གྱི་གནད་ནི། རང་གི་རིག་མའི་བྷ་གའི་ནང་དུ་རང་གི་རྡོ་རྗེ་བཅུག་པ་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་དུ་བྱས་པའི་རྩེ་མོའི་དབུ་མའི་ནང་ཙམ་དུ་ཧཱུཾ་དཀར་པོ་མགོ་གྱེན་དུ་བལྟ་བ་སྟེང་གི་ཐིག་ལེ་དང་བཅས་པ་ལ་ སེམས་དབྱེར་མེད་དུ་བྱས་ཏེ་གཞག་པར་བྱའོ། །སྣ་ཚོགས་རྡོ་རྗེ་ཞེས་པ་དེ་ལྟར་བསྒོམས་པས་ཡོན་ཏན་སྣ་ཚོགས་སྐྱེ་བའི་ཆ་ནས་མིང་བཏགས་པའོ། །གཉིས་པ་ནི། རིམ་ལྔ་ལས། མཛོད་སྤུར་ཉི་མའི་གཟུགས་བཀོད་པ་སེམས་ཀྱིས་དམིགས་སོ། ། དེའི་སྟེང་དུ་ཟླ་བའི་གཟུགས་བཀོད་ལ། དེའི་སྟེང་དུ་སྐར་མའི་ཚོགས་བཀོད་པ་སྟེ། དེ་ལྟར་སེམས་དམིགས་པ་མེད་པ་ལ་བརྟན་པར་འགྱུར་བ་ནི་ཞེས་གསུངས་པ་ལྟར་བསྒོམ་པ་ལ། གནད་གཞན་གསུམ་སྔར་དང་འདྲ་ལ། ཡུལ་གྱི་གནད་ནི། སྨིན་མ་ གཉིས་ཀྱི་མཚམས་ཀྱི་དབུ་མའི་ཡར་སྣའི་ནང་ཙམ་དུ་རྡོ་རྗེ་རྩེ་གཅིག་པ་བསྒོམས་ནས་དེའི་རྩེར་ཉི་མའི་གཟུགས་བཀོད་ལ་སེམས་བཟུང་། དེ་ལ་དམིགས་པ་བརྟན་པ་ན་ཉི་མའི་སྟེང་དུ་ཟླ་བའི་གཟུགས་ཀྱི་ཐིག་ལེ་བཀོད་ལ་སེམས་བཟུང༌། ཟླ་བ་ལ་དམིགས་པ་ བརྟན་པ་ན་ཟླ་བའི་སྟེང་དུ་སྐར་མའི་རྣམ་པ་ཅན་གྱི་དབུས་སུ་ཐིག་ལེ་སྔོན་པོ་ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་སྟེ་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་བསམས་ལ། དེ་དང་དབྱེར་མེད་གཅིག་ཏུ་སེམས་གཟུང་བར་བྱའོ། ། གསུམ་པ་ཕྱག་རྒྱ་བཞི་ལ་བརྟེན་ནས་ཏིང་ངེ་འཛིན་བསྐྱེད་ཚུལ་ནོར་བུ་འགེང་བའི་རིམ་པ་ལ་བཞི། དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་ནས་ནོར་བུ་འགེང་ཚུལ་དང༌། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ནོར་བུ་འགེང་ཚུལ་དང༌། ཆོས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ནོར་བུ་ 10-5-6a འགེང་ཚུལ་དང༌། ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་ནོར་བུ་འགེང་ཚུལ་ལོ། །དང་པོ་ནི། རིམ་ལྔ་ལས། དམ་ཆིག་གི་ཕྱག་རྒྱ་དང་སྦྱོར་བའི་ཆོ་གས་རྡོ་རྗེ་ནོར་བུའི་རྩེ་མོར་བྱང་ཆུབ་ཀྱི་སེམས་སོན་པ་ན་བདེ་བ་ཇི་འདྲ་བ་ཞིག་སྐྱེ་བ་དེ་ཡང་དག་པར་ཉེ་ བར་བརྟགས་ཤིང་བརྟན་པར་བྱས་ནས་དེའི་བདག་ཉིད་དུ་གྱུར་པ་ལ་ནི་ཞེས་གསུངས་པ་ལྟར་བསྒོམ་པ་ལ། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་ཚུལ་བསྐྱེད་རིམ་ལྟར་བྱས་ཏེ་སྙོམས་པར་ཞུགས་པ་ནོར་བུའི་རྩེར་བྱང་ཆུབ་ཀྱི་སེམས་ཀུན་ད་སླེབ་ པ་ན། ལྷན་སྐྱེས་ཀྱི་བདེ་བ་སྐྱེ་བར་འདུག་པ་དེ་ངོས་ཟིན་པར་བྱས་ལ་ཆོས་ཐམས་ཅད་བདེན་པར་མེད་སྙམ་དུ་བལྟ་བ་དང་སྦྱར་ཏེ་བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཡིན་ཡང༌། རིམ་པ་སྔ་མ་གཉིས་ལ་ནུས་པ་ཐོན་པ་ཡིན་ན་ཐབས་འདིས་ཀྱང་ རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་རྫོགས་རིམ་པའི་ལྷན་སྐྱེས་ཀྱི་བདེ་བ་འདྲེན་ནུས་སོ། །ཕྱག་རྒྱ་གཉིས་པ་ནི། ལས་རྒྱ་ལ་བརྟེན་རན་པ་ན་མཚན་ཉིད་ཚང་བའི་བུད་མེད་བཙལ་ནས་དབང་བསྐུར་ཏེ་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་ བསྲུང་བ་དཀྱིལ་འཁོར་གྱི་འཁོར་ལོ་དང་འདོད་པའི་བསྟན་བཅོས་ལ་མཁས་པའི་ལས་རྒྱ་དང་སྙོམས་པར་ཞུགས་པའི་བྱང་སེམས་ནོར་བུའི་རྩེར་སླེབ་པ་ན། བདེ་བ་སྐྱེ་བ་ངོས་འཛིན་པ་སྔ་མ་བཞིན་བྱས་ཏེ། བདེ་སྟོང་སྦྱར་ནས་བསྒོམ་པའོ། །ཕྱག་ རྒྱ་གསུམ་པ་ནི། རང་གི་རྡོ་རྗེ་ནོར་བུའི་དབུས་སུ་ཧཱུཾ་ཁ་དོག་དམར་སྐྱ་ཞིག་བསམས་ལ། སྔར་གྱི་ཕྱག་རྒྱ་གཉིས་ལ་བརྟེན་པའི་བདེ་བ་ཉམས་སུ་མྱོང་བ་ཡང་ཡང་གོམས་པ་ལས་བྱུང་བའི་བདེ་སྟོང་སྦྱར་ཏེ་བསྒོམ་པའོ། །ཕྱག་རྒྱ་བཞི་པ་ནི། སྔར་གྱི་ཕྱག་ 10-5-6b རྒྱ་གསུམ་ལ་ནུས་པ་ཐོན་རྗེས་སུ་ལྷན་སྐྱེས་ཀྱི་བདེ་བས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་ཉིད་ཀྱི་ཕྱག་ཆེན་ལ་མཉམ་པར་བཞག་པ་ཡུན་རིང་དུ་གོམས་པ་ལས་བྱུང་བའི་བདེ་སྟོང་སྦྱོར་བའོ། །ཕྱག་རྒྱ་ཕྱི་མ་གསུམ་ལ་ད་ལྟ་ནུས་པ་ཐོན་དཀའ་བས་ གོ་དོན་ཙམ་མ་གཏོགས་ལག་ལེན་ལ་འཁྲིད་པ་བཞག་གོ། རིམ་པ་ལྔ་པར་མ་ཟད་རིམ་པ་དང་པོ་བཞི་ཡང༌། ཡས་བབས་མས་བརྟན་གྱི་དགའ་བཞི་དང་སྟོང་པ་བཞི་སྐྱེ་བས་མཉམ་གཞག་ཏུ་བདེ་བ་མ་ཡལ་གྱི་རིང་ལ་ཆོས་ཐམས་ཅད་རང་བཞིན་གྱིས་མ་ གྲུབ་སྙམ་དུ་བདེ་སྟོང་སྦྱར་ནས་བསྒོམ་དགོས་ཏེ། དོ་ཧ་ལས། གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་གསུངས་པའི་ཕྱིར་རོ། །དགའ་བཞི་ངོས་བཟུང་ན། ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣད་ བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། །ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་དེ་འོད་གསལ་ཞེས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ཡས་བབས་ཀྱི་དགའ་བཞི་རིམ་པ་བཞིན་སྣང་མཆེད་ཐོབ་གསུམ་འོད་གསལ་ དང་བཞིར་གསུངས་སོ། །བྱང་སེམས་ཞུ་བ་གནས་གང་དུ་སླེབ་པ་ན། ཡས་བབས་ཀྱི་དགའ་བཞི་སྐྱེ་ཚུལ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་ འཁོར་ལོ་མཆོག་དགའ་དང༌། །བྲལ་དགའ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་པ་ལྟར་སྤྱི་བོ་ནས་མགྲིན་པའི་བར་དུ་སླེབ་པ་ན་དགའ་བ་སྐྱེ་ལ། དེས་གཞན་གསུམ་ལའང་ 10-5-7a ཤེས་པར་བྱའོ། །མས་བརྟན་གྱི་དགའ་བཞི་སྐྱེ་ཚུལ་ནི། མངོན་བརྗོད་བླ་མ་ལས། ལྟེ་བ་སྙིང་པད་ནུ་མའི་དབུས། །ལྕེ་ཡི་རྩ་དང་མགོ་སྟེང་དུ། །དགའ་བ་དང་ནི་མཆོག་དགའ་ཉིད། །དམ་པར་དགའ་དང་ལྷན་ཅིག་སྐྱེས། །ཞེས་གསུངས་པ་ལྟར། བྱང་ སེམས་ནོར་བུ་ནས་བརྩམས་ཏེ་ལྟེ་བའི་འཁོར་ལོའི་བར་ལོག་པ་ན་དགའ་བ་སྐྱེ་ལ། དེས་གཞན་གསུམ་ལའང་ཤེས་པར་བྱའོ། །མན་ངག་སྙེ་མར། མས་བརྟན་གྱི་དགའ་བ་བཞི་ཁ་ལྷན་སྐྱེས་ལ་ཆུང་ངུ་དང་བར་མ་དང་ཆེན་པོ་དང་ཆེན་པོའི་ཆེན་པོར་ཕྱེ་བར་ བཤད་པ་རྒྱུད་ཀྱི་དོན་ཡིན་ཏེ། བརྟག་གཉིས་ལས། རྫོགས་པའི་རིམ་པའི་ཕྱོགས་ལ་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་བསྐྱེད་རིམ་ལ་དགའ་བ་གསུམ་གྱི་ལྷན་སྐྱེས་སྤངས་པ་དང་རྫོགས་རིམ་ལ་དགའ་བ་གསུམ་ གྱི་བདག་ཉིད་དུའང་འགྱུར་བའི་ལྷན་སྐྱེས་བཤད་དོ། །དེ་ལྟར་བྱས་ན། ལུགས་ལྡོག་གི་སྣང་མཆེད་ཐོབ་གསུམ་འོད་གསལ་གྱི་ཡེ་ཤེས་སུ་མི་རུང་ཡང༌། ལུགས་ལྡོག་གི་དགའ་བ་གཞན་གསུམ་ལྷན་སྐྱེས་སུ་འཇོག་པ་ཞིག་བཤད་ལ། དེ་བཞིན་དུ་ལུགས་ མཐུན་གྱི་སྣང་མཆེད་ཐོབ་གསུམ་དང་དེ་གསུམ་དགའ་བ་གསུམ་དུ་བཞག་གི་ལྷན་སྐྱེས་ཀྱི་དགའ་བར་མི་འཇོག་གོ། ལུགས་མཐུན་ཡས་བབས་ཀྱི་དགའ་བ་གསུམ་ལྷན་སྐྱེས་ཀྱི་དགའ་བར་འཇོག་པའི་སྐབས་ཤིག་ཀྱང་ཡོད་པར་མངོན་གསུང་བ་ནི། མས་ བརྟན་གྱི་དགའ་བཞིའི་རྗེས་སུ་ཡས་བབས་ཀྱི་དགའ་བ་གསུམ་སྐྱེ་བ་ལ་དགོངས་པ་འདྲའོ། །མཉམ་གཞག་ཏུ་རྫོགས་རིམ་པའི་བདེ་སྟོང་བསྐྱངས་པའི་མཐར་ལངས་པའི་རྗེས་ཐོབ་ཏུ་གཟུགས་སྒྲ་ལ་སོགས་པའི་ཡུལ་སྣང་གང་ཤར་ཐམས་ཅད་ལ་སྔར་གྱི་ 10-5-7b བདེ་སྟོང་དྲན་ནས་དེས་རྒྱས་བཏབ་ནས་བསྒོམས་ན། དེ་གོམས་པ་ལ་བརྟེན་ནས་ཡུལ་སྣང་གང་ཤར་ཐམས་ཅད་བདེ་བ་འབར་བའི་གྲོགས་སུ་འགྲོ་སྟེ། མཁའ་འགྲོ་རྒྱ་མཚོ་ལས། དེ་ཡི་དུས་སུ་གང་མཐོང་བ། །དངོས་པོ་ཀུན་ལ་བལྟ་བར་བྱ། །འདོད་ཆགས་ཆེན་ པོའི་ཚུལ་བདག་ཉིད། །རྟག་ཏུ་བདག་ཉིད་ལ་འབྱུང་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །རྐང་པ་སྔ་མ་གཉིས་ཀྱིས་རྒྱས་འདེབས་ཚུལ་དང༌། ཕྱི་མ་གཉིས་ཀྱིས་རྒྱས་བཏབ་པས་བདེ་བ་འབར་བའི་གྲོགས་སུ་འགྲོ་ཚུལ་བསྟན་ཏོ། །གཉིས་པ་བྱང་སེམས་དམར་ པོ་རྒྱས་པར་བྱེད་པ་ལ་བརྟེན་པའི་ཏིང་ངེ་འཛིན་བསྐྱེད་ཚུལ་ནི། རིམ་ལྔ་ལས། ལྟེ་བ་ཆུ་སོའི་མཚམས་སུ་ནི། །འཁོར་ལོ་གྲུ་གསུམ་དཀར་དམར་ལ། །མདོག་ལྔར་ལྡན་པའི་ཐིག་ལེ་ནི། །སངས་རྒྱས་ལྔ་རྣམས་ཀྱིས་མཚོན་པ། །སྲོག་འགོག་དང་ལྡན་བསྒོམ་ བྱས་ནས། །ཞེས་གསུངས་པ་ལྟར་བསྒོམ་པ་ལ། ལྟེ་འོག་སོར་བཞིའི་གསང་གནས་ཀྱི་འཁོར་ལོའི་དབུ་མའི་ནང་དུ་ཆོས་འབྱུང་དཀར་ལ་དམར་བའི་མདངས་ཆགས་པའི་དབུས་སུ་ཐིག་ལེ་སྔོན་པོ་མདུན་དུ་དཀར་པོ། གཡས་སུ་སེར་པོ། རྒྱབ་ཏུ་དམར་པོ། གཡོན་དུ་ ལྗང་གུ་ལྔ་སངས་རྒྱས་རིགས་ལྔའི་ངོ་བོར་བསམ་པ་དང་སྟེང་རླུང་མར་ལ་ཐེན། འོག་རླུང་གྱེན་དུ་དྲངས་ཏེ་ཤིན་ཏུ་ཕྲ་བའི་ཆོས་འབྱུང་གི་དབུས་ཀྱི་ཐིག་ལེ་ལྔའི་བར་སར་རླུང་ཁ་སྦྱོར་བྱེད་པའི་བུམ་པ་ཅན་དང་ལྷན་ཅིག་སྦྲགས་ནས་བྱའོ། །འདི་ནི་ཐུར་སེལ་ ལ་དམིགས་ཀྱིས་བཀར་ནས་ཐུར་སེལ་གྱི་གནས་ཉིད་དུ་དམིགས་པ་དང༌། རླུང་སྦྱོར་གྱིས་གནད་དུ་བསྣུན་པས་དམིགས་པ་གོང་མ་རྣམས་ལས་བྱང་སེམས་དམར་པོའི་གཏུམ་མོ་ལྷག་པར་རྒྱས་པར་བྱེད་པའོ། །ཡང་རིམ་ལྔ་ལས། བུ་ག་གཞན་ནས་ 10-5-8a འབྱུང་འགྱུར་ཞིང༌། །མཁའ་གཞན་ནས་ནི་མྱུར་དུ་འཇུག །གང་ཚེ་སྒོམ་པ་བརྟན་གྱུར་པ། །ཞེས་གསུངས་པ་ལྟར་སྒོམ་པ་ནི། སྔར་བཤད་པ་ལྟར་གསང་གནས་ཀྱི་དམིགས་པ་གཉིས་བསྒོམས་པས། ལྟེ་བ་ནས་ཡེ་ཤེས་ཀྱི་མེ་འབར་བ་ རིམ་གྱིས་གྱེན་དུ་སོང་བས་སྙིང་ཁར་གནས་པའི་རིགས་ལྔའི་ས་བོན་བྷྲུཾ་ཨཾ་ལ་སོགས་པ་རྣམས་བསྲེགས་ནས་མཛོད་སྤུར་གནས་པ་རང་གི་སྣ་བུག་གཡས་པའི་བུ་ག་ནས་ཐོན་ཏེ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཤངས་སྒོ་གཡོན་ནས་ཞུགས་པས། དེ་དག་གི་སྤྱི་གཙུག་ནས་མར་ཡོང་ནས་སྔར་བཞིན་ཐུགས་ཀར་གནས་པ་རྣམས་བསྲེགས་ཏེ་ཐུགས་ཀའི་ཆོས་དབྱིངས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བླངས་ནས་ཤངས་སྒོ་གཡས་ནས་འོ་མའི་རྒྱུན་ལྟར་འོང་ཞིང་རང་གི་སྣ་སྒོ་གཡོན་ནས་ཞུགས་ལོངས་སྤྱོད་ ཀྱི་འཁོར་ལོ་ངལ་བསོས་ཏེ་སྙིང་ཁར་བསྲེགས་པ་རྣམས་སླར་ཡང་གསོས་པར་བསམ་ཞིང་ལྟེ་བའི་འཁོར་ལོར་གནས་པར་ཡང་ཡང་བསྒོམ་མོ། །གཞུང་འདི་ནི། སཾ་བྷུ་ཊའི་དོན་ནག་པོ་སྤྱོད་པས་བཤད་པའི་གཞུང་ལ་བརྟེན་ནས་བཤད་པ་གཏུམ་མོ་བསྒོམ་ པ་ལ་སངས་རྒྱས་ཀྱི་བྱིན་རླབས་མྱུར་དུ་འཇུག་པའི་སྒོ་ཟབ་མོ་ཞིག་གོ། གཉིས་པ་བསམ་མི་ཁྱབ་ཀྱི་རིམ་པ་བསྐྱེད་པའི་ཚུལ་དངོས་ལ་གཉིས། སྤྲོས་པ་རྣམས་སྙིང་གའི་ཐིག་ལེ་ལ་བསྡུས་ནས་འོད་གསལ་དུ་འཇུག་ཚུལ་དང༌། དེ་ལས་སྒྱུ་མའི་སྐུར་ལྡང་ཚུལ་ ལོ། །དང་པོ་ནི། རིམ་ལྔ་ལས། གཟུགས་སོགས་རྣམས་ཀྱིས་དྲངས་གྱུར་ཏེ། །ངོ་བོ་ཉིད་ཀྱིས་གང་གཡོ་བའི། །སེམས་ནི་སྙིང་གར་བརྟན་བྱས་ནས། །བློ་དང་ལྷན་ཅིག་དབང་དུ་བྱ། །ཞེས་དང༌། སེམས་ནི་སྟོང་དེ་ཉིད་ལ་གཞུག་ཅིང༌། །ཞེས་གསུངས་པའི་དོན་ 10-5-8b ཡིན་པས། འདི་དྲིལ་བུ་པའི་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས་བྱུང་བའི་ཚིག་གིས་གསལ་དུ་བཏང་ན། སྒྲུབ་ཐབས་དེ་ལས། སྡུག་མ་བདག་པོ་མཁའ་ནོར་བུ། །དེ་བཞིན་གཤེགས་པ་ལྔ་ཡི་འོག །སྐུ་དང་ཡན་ལག་མཆོག་དང་ནི། །ཟླ་བ་ཐིག་ལེ་ནཱ་ད་རྣམས། །འདི་ རྣམས་རིམ་གྱིས་མི་སྣང་གཞུག །ཅེས་གསུངས་པ་ལྟར། རང་བདེ་མཆོག་ཡབ་ཡུམ་དུ་བསྒོམས་པའི་ཡུམ་ཡབ་ལ་ཐིམ་ཡབ་དམ་ཚིག་སེམས་དཔའི་ཐུགས་ཀའི་ཉི་གདན་གྱི་སྟེང་གི་ཏིང་ངེ་འཛིན་སེམས་དཔའི་ཧཱུཾ་ལ་དང༌། དེའི་ཞབས་ཀྱུ་ཧའི་ལུས་ལ་དང༌ ཧ་དེའི་མགོ་བོ་ལ་དང༌། མགོ་བོ་ཟླ་ཕྱེད་ལ་དང༌། དེ་ཐིག་ལེ་ལ་དང༌། དེ་ནཱ་ད་ལ་ཐིམ་ཞིང༌། ནཱ་དའང་མི་དམིགས་པར་ཡང་ཡང་བསམ་མོ། །དེ་ལྟར་བསྡུས་པས་རླུང་དབུ་མར་ཞུགས་ཏེ་རིམ་གྱིས་ཐིམ་ཚུལ་ནི། ས་ཆུ་ལ་ཐིམ་པ་ན་ཡིད་ངོར་སྨིག་རྒྱུ་ལྟ་བུ་དང༌། ཆུ་མེ་ ལ་ཐིམ་པ་ན་དུ་བ་ལྟ་བུ་དང༌། མེ་རླུང་ལ་ཐིམ་པ་ན་སྲིན་བུ་མེ་ཁྱེར་ལྟ་བུ་དང༌། རླུང་སྣང་བ་ལ་ཐིམ་པ་ན་རླུང་གིས་མ་བསྐྱོད་པའི་མར་མེ་ལྟ་བུའི་སྣང་བ་འཆར་རོ། །དེ་ནས་སྟོན་གྱི་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་འོད་ཀྱིས་ཁྱབ་པ་བཞིན་དུ་སྣང་བའི་སྣང་བ་དང༌། དེ་ནས་ སྟོན་གྱི་ནམ་མཁའི་དྲི་མ་མེད་པ་ལ་ཉི་མའི་འོད་ཀྱིས་ཁྱབ་པ་བཞིན་དུ་སྣང་བའི་སྣང་བ་མཆེད་པ་དང༌། དེ་ནས་སྟོན་གྱི་ནམ་མཁའ་དྲི་མ་མེད་པ་ལ་སྲོད་ཀྱི་སྨག་འཐུག་པོས་ཁྱབ་པ་བཞིན་དུ་སྣང་བའི་སྣང་བ་ཉེར་ཐོབ་རྣམས་སྔ་མ་ཕྱི་མ་ལ་ཐིམ་པའི་ཚུལ་གྱིས་སྐྱེ་ཞིང༌ མཐར་ཉེར་ཐོབ་ཀྱི་སེམས་ཀྱང་ཐམས་ཅད་སྟོང་པ་འོད་གསལ་དུ་གཞུག་ཅིང་ཐིམ་པ་ན་དཀར་དམར་ནག་གསུམ་གྱི་སློད་བྱེད་ཀྱང་མེད་པའི་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་ལྟ་བུ་འཆར་ཞིང་། དེའང་སྟོང་ཉིད་ལ་བཞག་པ་ནི་གཉིས་སྣང་ཕྲ་མོའང་ནུབ་པ་ལ་བྱ་ 10-5-9a དགོས་སོ། །གཞུང་རྐང་པ་ཕྱི་མ་འདིས། འཇུག་རིམ་གྱི་ཕྱོགས་གཅིག་བསྟན་པས་གཞན་སྔ་མ་རྣམས་ཀྱང་མཚོན་ནོ། །གཉིས་པ་ནི། རིམ་ལྔ་ལས། སྟོང་པ་སེམས་སུ་རྣམ་གཞུག་བྱ། །ཞེས་གསུངས་པ་འདིས། འོད་གསལ་ལས་ལུགས་ ལྡོག་གི་སྟོང་པ་གསུམ་གྱི་སེམས་སུ་བལྟ་བར་མ་ཟད་འཁོར་ལོ་བདེ་མཆོག་གི་སྐུར་ཡང་ལྡང་བའི་བྱེད་ལུགས་བསྟན་ཏེ། ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས། བསམ་གྱིས་མི་ཁྱབ་གཟུགས་རྫོགས་པའི། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བསྔགས། ། གང་ཡང་སྐད་ཅིག་སྦྱོར་བ་ཡིས། །རང་ཉིད་རྡོ་རྗེ་མཁའ་འགྲོར་གྱུར། །ཞེས་གསུངས་པའི་ཕྱིར་རོ། །རིམ་པ་ལྔ་པའི་སྐབས་འདིར། འོད་གསལ་དུ་འཇུག་པའི་རྟེན་དུ་བདེ་མཆོག་ཡབ་ཡུམ་བསྒོམ་པའང་རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་སྒྱུ་མའི་སྐུ་བསྒོམ་ པ་ཡིན་གྱི་བསྐྱེད་རིམ་པའི་སྒོམ་ཚུལ་དང་མི་འདྲའོ། །འོ་ན་བསྐྱེད་རིམ་བརྟན་ནས་བདག་བྱིན་རླབས་སོགས་བསྒོམ་པ་ན་ལྷའི་བསྐྱེད་ཚུལ་ཇི་ལྟར་ཡིན་སྙམ་ན། བསྐྱེད་རིམ་བརྟན་པ་དེས་བདག་བྱིན་རླབས་སོགས་བསྒོམས་པས་རླུང་དབུ་མར་ཞུགས་གནས་ ཐིམ་གསུམ་བྱས་པ་ལས་བྱུང་བའི་དཔེའི་ལྷན་སྐྱེས་ཀྱི་འོད་གསལ་མ་ཐོབ་ཚུན་ཆད་དུ། དཀྱིལ་འཁོར་གྱི་འཁོར་ལོ་དང་དཔའ་བོ་གཅིག་པ་གང་བསྒོམ་ཡང་བསྐྱེད་རིམ་པའི་སྔགས་ཀྱི་སྐུ་ལས་མི་འདའ་ལ། གང་གི་ཚེ་དཔེའི་ལྷན་སྐྱེས་ཀྱི་འོད་གསལ་རྒྱུད་ལ་ སྐྱེས་པ་ནས་བཟུང་སྟེ་སྒྱུ་མའི་སྐུ་དངོས་མ་ཐོབ་ཀྱང་བསྐྱེད་རིམ་ལས་འདས་པའི་སྒྱུ་མའི་སྐུ་རྗེས་མཐུན་པ་ཞིག་བསྒོམ་ནུས་སོ། །དེའང་རིམ་པ་བཞི་པ་ཡན་ཆད་དམ། རིམ་པ་ལྔ་པའི་སྟོད་ནས་སྒྱུ་མའི་སྐུ་དངོས་འགྲུབ་པས་ལྷ་བསྒོམ་པ་རྣམས་ཡེ་ 10-5-9b ཤེས་ཀྱི་སྐུ་དངོས་ཀྱི་སྟེང་ནས་བསྒོམ་ནུས་པ་ཡིན་ནོ། །རིམ་པ་ལྔ་པ་ལ། དོན་གྱི་འོད་གསལ་གྱི་རིམ་པ་གཅིག་དང༌། དེ་དང་སྒྱུ་མའི་སྐུ་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་རིམ་པ་གཉིས་ཡོད་དེ། རིམ་ལྔ་ལས། སྟོང་དང་སྟོང་མིན་ལ་སོགས་པའི། །ཀུན་ རྟོག་རབ་སྤངས་མཁའ་མཉམ་འགྱུར། །ཞེས་དང༌། དྲིལ་བུ་པའི་དབང་ཆོག་ལས། སྣང་མེད་རབ་རྫོགས་གནས་མེད་པ། །དེ་ཉིད་ལྔ་པ་རྫོགས་པའི་རིམ། །ཞེས་དང༌། ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས། འགའ་ཞིག་ཏུ་ཟུང་འཇུག་ཅེས་ཞེས་གསུངས་པའི་ ཕྱིར་རོ། །དེ་ལྟར་སྔར་གྱི་དམིགས་པ་གཏོད་ས་རྣམས་ལ་གནད་དུ་བསྣུན་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སྟོང་པ་བཞི་དང་དགའ་བ་བཞི་འདྲེན་ནུས་པའི་མཚམས་ནས་བསྲེ་བ་གསུམ་བྱེད་ཚུལ་ལ་སད་དུས་ཀྱི་སྟོང་པ་བཞིའི་ སྐབས་སུ་བདེ་སྟོང་སྦྱར་ནས་བསྒོམ་པ་ནི་སད་དུས་ཀྱི་ཆོས་སྐུ་ཡིན་ལ། རླུང་གཡོས་པའི་དབང་གིས་འོད་གསལ་དེ་ལས་ལྡང་བར་རྩོམ་པ་ན་ལོངས་སྤྱོད་རྫོགས་པའི་ལྷའི་སྐུ་ཡབ་ཡུམ་དུ་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས་རྣམ་སྨིན་གྱི་ལུས་ལས་ ལོགས་སུ་བྱེ་བའི་ལྷའི་སྐུ་ཡབ་ཡུམ་དུ་ལངས། དེ་ལ་དམིགས་ནས་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག་པ་ནི་སད་དུས་ཀྱི་ལོངས་སྐུ་ཡིན་ཞིང༌། དེ་ལ་གནས་མ་ནུས་ན་ལུས་སྔ་མ་དམ་ཚིག་སེམས་དཔའ་ཡབ་ཡུམ་གྱི་སྐུར་བལྟས་ལ་དེའི་ཐུགས་ ཀར་འཇུག་པ་ནི་སད་དུས་ཀྱི་སྤྲུལ་སྐུའོ། །སད་དུས་ཀྱི་དེ་དག་ལ་བརྟེན་ནས་གཉིད་དུས་ཀྱི་སྐུ་གསུམ་བསྒོམ་ཚུལ་ནི། རིམ་ལྔ་ལས། རྣལ་འབྱོར་གཉིད་དང་ལྡན་པ་ཡིས། །རྫོགས་པའི་སངས་རྒྱས་འདིར་རྟོགས་མཛད། །ཅེས་གསུངས་པ་དང༌། ལཱུ་ཨི་པའི་ 10-5-10a འགྲེལ་པ་ལྭ་བ་པས་མཛད་པ་ལས། འོད་གསལ་སྔོན་དུ་ཕྱོགས་པར་བྱས་ལ་གཉིད་ཀྱང་འོད་གསལ་ཉིད་དུ་མོས་པར་བྱས་ཏེ་ཉལ་ལོ། །ཞེས་གསུངས་པ་ལྟར་གཉིད་ཀྱི་འོད་གསལ་བསྒོམ་ཚུལ་ནི། བླ་མ་དང་ཡི་དམ་ལ་གཉིད་ཀྱི་འོད་གསལ་ འཛིན་ནུས་པའི་གསོལ་བ་མང་དུ་བཏབ། ཉལ་བའི་དུས་སུ་གཞོགས་གཡས་འོག་ཏུ་འཇུག་པ་ལ་སོགས་སྤྱི་དང་མཐུན་པར་བྱས་ལ་རང་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་ཧཱུཾ་དཀར་པོ་ལ་སེམས་དབྱེར་མེད་གཅིག་ཏུ་བྱས་ནས་དམིགས་ པ་འཛིན་པའམ། རྡོར་བཟླས་བྱེད་པའམ། ཡུམ་ཡབ་ལ་ཐིམ་པ་ནས་ནཱ་དའི་བར་ཐིམ་སྟེ་ནཱ་ད་ལ་དམིགས་པ་འཛིན་པ་སོགས་གང་རུང་བྱས་ཏེ་གཉིད་དུ་འགྲོ་ཁ་ཚུན་ཆད་ལ་དེར་བཟུང་བས་སྟོང་པ་བཞི་སྐྱེས་བྱུང་ན་སྟོང་ཉིད་དང་སྦྱར་ཏེ་བསྒོམ་པ་ནི་གཉིད་དུས་ཀྱི་ཆོས་ སྐུ་ཡིན་ལ། རླུང་གཡོས་པའི་དབང་གིས་འོད་གསལ་དེ་ལས་ལྡང་བར་རྩོམ་པ་ན་ལོངས་སྤྱོད་རྫོགས་པའི་ལྷའི་སྐུ་ཡབ་ཡུམ་དུ་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་བས་རྣམ་སྨིན་གྱི་ལུས་ལས་ལོགས་སུ་ཕྱེ་བའི་ལྷའི་སྐུ་ཡབ་ཡུམ་དུ་ལངས་པ་ན་དེ་ལ་ དམིགས་ནས་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག་པ་ནི་རྨི་ལམ་གྱི་ལོངས་སྐུ་ཡིན་ཞིང༌། དེ་ལ་གནས་མ་ནུས་ན་ལུས་སྔ་མ་དམ་ཚིག་སེམས་དཔའ་ཡབ་ཡུམ་གྱི་སྐུར་བལྟས་ལ་དེའི་ཐུགས་ཀར་འཇུག་པ་ནི་རྨི་ལམ་སད་དུས་ཀྱི་སྤྲུལ་སྐུའོ། །འཆི་བ་སོགས་ ཀྱི་སྐུ་གསུམ་བསྒོམ་ཚུལ་ནི། བདེ་མཆོག་རྩ་རྒྱུད་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་གསུངས་པའི་མཁའ་སྤྱོད་ལ་དྲང་ངེས་གཉིས་ཡོད་པའི་ངེས་དོན་གྱི་མཁའ་སྤྱོད་འཆད་པ་ན། ལྭ་བ་པས། འཆི་བའི་དུས་སུ་ 10-5-10b དཔལ་ཧེ་རུ་ཀ་དང་ཕག་མོ་ལ་སོགས་པའི་དཔའ་བོ་དང་རྡོ་རྗེ་རྣལ་འབྱོར་མ་མེ་ཏོག་དང་བདུག་སྤོས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་རྣམ་པ་སྣ་ཚོགས་ཕྱག་ཏུ་ཐོགས་པ་རྣམས་ཀྱིས་འོད་གསལ་གྱི་གོ་འཕང་ལ་དགོད་པར་བྱེད་དོ་ཞེས་གསུངས་པས། སད་དུས་ དང་གཉིད་དུས་ཀྱི་སྟོང་པ་སོགས་འཛིན་ནུས་ན་འཆི་དུས་ཀྱི་སྟོང་པ་སོགས་ཇི་ལྟ་བ་བཞིན་འཛིན་ནུས་ལ་དེ་ལྟར་མི་ནུས་པས་ཀྱང་ད་ལྟ་ནས་མོས་པའི་དབང་གིས་གོམས་པར་བྱས་ན། འཆི་བ་དང་བར་དོ་འདུན་པའི་དབང་གིས་ཟིན་པ་འོང་བས་གང་ཟག་དེ་གཉིས་ ཀས་སྦྱོང་བར་བྱའོ། །དེའི་ཚུལ་ནི། གང་ཟག་སྔ་མས་ལྷ་དང་བླ་མ་ལ་སྐྱེ་ཤི་བར་དོ་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དང་བསྲེ་ནུས་པའི་གསོལ་བ་མང་དུ་གདབ་པ་དང༌། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཉམས་པ་རྣམས་སླར་གསོར་གཞུག་ཅིང་དག་པར་ བྱ་བ་དང༌། འཆི་བ་དང་བར་དོའི་དུས་ཀྱི་བསྲེ་བ་རྣམས་སྔོན་དུ་བྱའོ་སྙམ་པའི་འཕེན་པ་ཉིན་རེ་བཞིན་མང་དུ་བཏང༌། དེ་ནས་འཆི་བའི་དུས་སུ་འོང་རྒྱུའི་འབྱུང་བ་ཐིམ་རིམ་གྱི་རྟགས་བཞི་དང་སྟོང་པ་བཞི་འཆར་བའི་ཚུལ་ཡིད་ལ་བྱས་ཏེ་དེ་དག་རེ་རེའི་སྐབས་སུ་སྟོང་ པ་ཉིད་དང་སྦྱར་ནས་བསྒོམ་པ་ད་ལྟ་ཉིད་ནས་ཉི་མ་རེ་རེ་ཞིང་མང་དུ་བྱས་ལ་ད་གཟོད་འཆི་ཁ་མའི་སྐབས་སུ་སླེབ་པ་ན་ལྷ་དང་བླ་མ་ལ་གསོལ་བ་གདབ་པ་དང༌། དམ་ཚིག་དག་པར་བྱ་བ་དང༌། ས་ཆུ་ལ་ཐིམ་པ་ནས་འོད་གསལ་གྱི་བར་རྣམས་ངོས་ཟིན་པར་བྱས་ ནས་དེ་ལ་ཅི་ནུས་སུ་མཉམ་པར་འཇོག་པ་ནི་འཆི་བ་ཆོས་སྐུ་ཡིན་ལ། རླུང་གཡོས་པའི་དབང་གིས་འོད་གསལ་དེ་ལས་ལྡང་བར་རྩོམ་པ་ན་བར་དོའི་ལུས་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་བས་དེར་ལངས་ན། དེ་ལ་མཉམ་ 10-5-11a པར་བཞག་ཅིང་སྐྱེ་བ་ཁྱད་པར་ཅན་བཟུང་བའི་དོན་དུ་ངས་བར་དོ་ལོངས་སྐུ་འདི་ལ་བརྟེན་ནས་སྤྲུལ་པའི་སྐུའི་སྐྱེ་བ་གཟུང་བར་བྱའོ་སྙམ་པའི་འཕེན་པ་བཏང་བས་སྐྱེ་བའི་གནས་ལྷ་ཡབ་ཡུམ་གྱི་སྐུར་བལྟས་ལ་དེའི་ཐུགས་ཀར་འཇུག་པ་ནི་བར་ དོར་སྐྱེ་བ་ལེན་པའི་སྤྲུལ་སྐུའོ། །བསྲེ་ཞེས་པའི་དོན་ལ། འོད་གསལ་ཆོས་སྐུ་གསུམ་གྱི་བསྲེ་ཚུལ་ནི། སད་དུས་ཀྱི་སྟོང་པ་བཞི་སྐྱོང་ནུས་པ་ཞིག་གིས་གཉིད་དུས་ཀྱི་སྟོང་པ་བཞི་ཟིན་ན། དེ་ལ་སད་དུས་བཞིན་རྩེ་གཅིག་ཏུ་འཇོག་པ་དང༌། འཆི་དུས་ཀྱི་སྟོང་ པ་བཞི་ཟིན་ན་དེ་ལ་སྔ་མ་གཉིས་བཞིན་རྩེ་གཅིག་ཏུ་འཇོག་པའོ། །དེས་སྒྱུ་མ་ལོངས་སྐུ་གསུམ་གྱི་བསྲེ་ཚུལ་དང༌། སྣ་ཚོགས་སྤྲུལ་སྐུ་གསུམ་གྱི་བསྲེ་ཚུལ་ཡང་འགྲེའོ། །གང་ཟག་གཉིས་པས་ཀྱང་སྔགས་ཀྱི་དམིགས་པ་དེ་དག་ལ་མོས་པའི་དབང་གིས་གོམས་ པར་བྱས་པས་འཆི་བ་དང་བར་དོ་ཟིན་པ་བྱུང་ན་དེ་གཉིས་ཀྱི་དམིགས་པ་སྔར་བཞིན་ཐུབ་པ་དམ་ཚིག་དང་སྡོམ་པ་གཙང་བ་དང༌། བསྐྱེད་རྫོགས་མ་ཆག་པར་གོམས་ན་འོང་བ་སྔར་གྱི་གཞུང་རྩ་འགྲེལ་དྲངས་པ་ལས་ཤེས་སོ། །གསུམ་པ་ལམ་བསྒོམས་པའི་ འབྲས་བུ་ནི། སྔར་རིམ་པ་ལྔ་པའི་སྐབས་སུ་བཤད་པ་ལྟར་སློབ་པའི་ཟུང་འཇུག་ཐོབ་ན་དེ་ལ་གོམས་པར་བྱས་པས་མི་སློབ་པའི་ཟུང་འཇུག་གི་སྐུར་འགྱུར་ཞིང༌། འཁོར་བ་ཇི་སྲིད་པར་ཆོས་སྐུ་དང་ལོངས་སྐུ་གཉིས་ལས་མི་གཡོ་བར་བཞུགས་སོ། ། །། འཁོར་ལོ་སྡོམ་པར་སྦས་པའི་རྫོགས་རིམ་གནད། །རིམ་ལྔར་བསྡུས་པ་གྲུབ་ཆེན་དྲིལ་བུའི་གཞུང༌། །ཇི་བཞིན་བཀྲལ་བ་བླ་མའི་རྣམ་བཤད་དོན། །ལག་ལེན་ཉམས་སུ་བླང་ཚུལ་བཀོད་པ་ལ། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བཟོད་མཛད་ཅིང༌། 10-5-11b འདི་བཀོད་དགེ་བས་ཧེ་རུ་ཀ་དཔལ་དང༌། །དྲིལ་བུ་པ་དང་རྗེ་བཙུན་ཙོང་ཁ་པས། །སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་པར་ཤོག །ཅེས་པ་འདི་ནི་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ལྕེས་སྟོན་ཀུན་དགའ་བཟང་པོས་སྦྱར་བའོ།། མངྒ་ལཾ་ 10-6-1a ༄༅། །མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས་བཞུགས་སོ།། 10-6-1b ༄༅། །མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས་ལས། དེ་ནས་ལྟེ་བར་ཆོས་འབྱུང་ནང་དུ་ཡེ་ཤེས་ཀྱི་རང་བཞིན་ནཱ་ད་རིམ་གྱིས་བརྒྱ་དང་སྟོང་གི་ཆ་རུ་མི་དམིགས་ཏེ། རྣལ་འབྱོར་རླུང་གི་བཅུ་གཉིས་འགག །(ཤ་བ་རིས་མཛད་པ།) །དོན་ཆེན་འགྲུབ་ པར་ཐེ་ཚོམ་མེད། །ཅེས་དང༌། དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པར་གྲུབ་པའི་རྒྱ་ཆེར་འགྲེལ་པ་དེ་ཁོ་ན་ཉིད་བཤད་པ་ལས་ཀྱང༌། འདི་ལ་ཨཾ་གི་རྣམ་པའི་གཟུགས་ཀྱི་ལྷ་མོ་ དང༌། ཨུའི་རྣམ་པའི་དོན་ཡོད་གྲུབ་པའི་གཟུགས་ནི་རླུང་ངོ༌། །སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད། བརྩོན་འགྲུས་དཔལ་བཤེས་གཉེན་གྱིས་མཛད། དེ་གཉིས་ལྷན་ཅིག་འདྲེས་པ་ལས་རྫོགས་པ་ནི། བཾ་གྱི་ཡི་གེའི་གཟུགས་སུ་སྤྲུལ་ནས་ལྟེ་བའི་འཁོར་ལོ་ལའོ། །འདི་ནི་ནན་ཏན་དུ་ བྱས་ནས་གཡོ་བ་མེད་པའི་སེམས་ཀྱི་རླུང་གཉིས་འགོག་པར་བྱས་པས་ཐོབ་པར་བྱེད་པའོ། །ཞེས་དང༌། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་མངོན་པར་རྟོགས་པའི་སྙེ་མ་ལས་ཀྱང༌། གལ་ཏེ་དེ་ཙམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ ཆེན་པོ་ལ། ཡུན་རིང་པོར་བརྟན་པར་བྱེད་མི་ནུས་ན། དེའི་ཚེ་ལྟེ་བའི་པདྨར་གནས་པ་ཉི་མ་དང་ཟླ་བ་ཁ་སྦྱོར་གྱི་དབུས་སུ་བཾ་ཡིག་གི་ས་བོན་ལས་བྱུང་བའི་འོད་ཟེར་རིང་པོ་པདྨའི་སྲད་བུ་ལྟ་བུ་ལ་སེམས་བརྟན་པར་བྱས་པའི་སྒོ་ ནས། རྩེ་གཉིས་ལ་སྲོག་རླུང་གི་རྒྱུ་བ་ཡོངས་སུ་བྲལ་བས་དབུས་སུ་ཞུགས་ནས། གཏུམ་མོ་འབར་བས་སྤྱི་བོའི་ཟླ་བ་ཞུ་བ་ལས། རིམ་གྱིས་འཁོར་ལོ་ལ་ཁྱབ་པས་དགའ་བ་ལ་སོགས་པ་རྣམས་ཀྱིས་དབྱེ་བས་ལྷན་ཅིག་སྐྱེས་ 10-6-2a པའི་དགའ་བ་བྱུང་ནས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་ཅིག་ཅར་དཀྱིལ་འཁོར་གྱི་འཁོར་ལོ་སྟོང་པར་བསྡུས་ཏེ་མི་དམིགས་པར་བསམ་མོ། །ཡང་ན་རིམ་གྱིས་དེའི་རིམ་པ་ནི་འདི་ཡིན་ཏེ། འགྲོ་བ་རྣམས་དུར་ཁྲོད་ ལའོ། །དུར་ཁྲོད་ཕྱིའི་གཞལ་ཡས་ཁང་ལའོ། །གཞལ་ཡས་ཁང་དམ་ཚིག་གི་འཁོར་ལོ་ལའོ། །ཕྱིའི་འཁོར་ལོ་སྐུའི་འཁོར་ལོ་ལའོ། །སྐུའི་འཁོར་ལོ་གསུང་གི་འཁོར་ལོ་ལའོ། །གསུང་གི་འཁོར་ལོ་ཐུགས་ཀྱི་འཁོར་ལོ་ལའོ། ། ཐུགས་ཀྱི་འཁོར་ལོ་ནི་ཕྱོགས་ན་གནས་པའི་མཁའ་འགྲོ་མ་ལ་སོགས་པའོ། །ཕྱོགས་དང་བྲལ་བ་ལ་གནས་པ་གཟུགས་ཅན་མ་ལའོ། །མཁའ་འགྲོ་མ་ལ་སོགས་པའང་བདེ་བ་ཆེན་པོའི་འཁོར་ལོ་ལ་བཞུགས་པའི་བཅོམ་ལྡན་ འདས་མའི་གདན་ལའོ། །བཅོམ་ལྡན་འདས་མའི་གདན་ཆུ་སྐྱེས་ནི་ཉི་མ་ལའོ། །ཉི་མ་འཇིགས་བྱེད་ལའོ། །འཇིགས་བྱེད་དུས་མཚན་མ་ལའོ། །དུས་མཚན་མ་ཁ་ཊྭཱཾ་ག་ལའོ། །ཁ་ཊྭཱཾ་ག་བཅོམ་ལྡན་འདས་མ་ལའོ། །བཅོམ་ལྡན་འདས་མ་ལྟེ་ བའི་པདྨ་ལའོ། །པདྨ་ཉི་མ་དང་ཟླ་བའི་ཁ་སྦྱོར་ལའོ། །ཁ་སྦྱོར་ནི་བཾ་གྱི་ཡི་གེ་ལའོ། །བཾ་ཡིག་ཟླ་བ་ཕྱེད་པ་ལའོ། །ཟླ་ཕྱེད་ཐིག་ལེ་ལའོ། །ཐིག་ལེ་ནཱ་ད་ལ་ཐིམ་པར་བསམ་སྟེ། དེ་ཡང་སྐྲའི་རྩེ་མོ་སྟོང་ཕྲག་བརྒྱར་གཤགས་པའི་གཟུགས་སུ་ བལྟ་བར་བྱའོ། །རབ་ཀྱིས་དེའང་མི་དམིགས་སོ། །དེ་ལྟར་ཡེ་ཤེས་འཁོར་ལོའི་རང་བཞིན་བཅོམ་ལྡན་འདས་མའང་འོད་གསལ་བའི་རང་བཞིན་ལ་གཞུག་གོ། དེ་ལྟར་ཡང་དང་ཡང་དུ་གཞུག་པ་དང་ལྡང་བར་བྱའོ། །ཇི་ལྟར་མེ་ལོང་ 10-6-2b དབུགས་ཀྱི་རླུང༌། །ཐམས་ཅད་ཐིམ་པར་གྱུར་པ་བཞིན། །ཡང་དག་མཐའ་རུ་རྣལ་འབྱོར་བས། །ཡང་དང་ཡང་དུ་གཞུག་པར་བྱ། །ཞེས་བྱ་བས་ཡང་དང་ཡང་དུ་གཞུག་པ་དང༌། ལྡང་བས་བདེན་པ་གཉིས་དབྱེར་མེད་ཅིང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་རྣལ་འབྱོར་ པས་མངོན་དུ་བྱེད་དོ། །སརྦ་མངྒ་ལཾ། །། 10-7-1a ༄༅། །རྡོ་རྗེ་མཁའ་འགྲོའི་འགྲེལ་པའི་ཟིན་བྲིས་རྗེས་གནང་བ་བཞུགས་སོ།། 10-7-1b ༄༅། །རྡོ་རྗེ་མཁའ་འགྲོའི་འགྲེལ་པ་ལས། ལྷག་པ་ཡི་ནི་ལྷ་གཅིག་ཉིད་ཅེས་བྱ་བ་ལ། ལུས་ལ་ལྷག་པར་བྱིན་གྱིས་བརླབས་པས་ན་ལྷག་པ་ཡིན་ལ། མེད་པའི་རང་གི་རྐྱེན་ཕན་དུ་བྱས་པས་གསལ་ཞིང་རིག་པ་ དང་སྤྲུལ་པ་རྒྱས་པར་བྱེད་པས་ན་ལྷ་སྟེ། ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་བྱུང་བ་ཀུན་རྫོབ་ཀྱི་བདེན་པར་ཤེས་པར་བྱའོ། །གཅིག་ཉིད་ཅེས་བྱ་བ་ནི། ཆོས་ཀྱི་དབྱིངས་རང་བཞིན་དོན་དམ་པའི་བདེན་པ་སྟེ། དེ་ལྟར་ན་ཀུན་ རྫོབ་དང་དོན་དམ་པ་དབྱེར་མེད་པའི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མར་གྱུར་པས་ལྷག་པའི་དོན་ཉིད་དུ་བལྟ་བར་བྱའོ་ཞེས་དང༌། བདག་ཉིད་ཁོ་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ རང་བཞིན་གྱི་ལྷའི་གཟུགས་སུ་རྫོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་ལྷའི་གཟུགས་བསྒོམས་པར་བསྟན་ཏོ་ཞེས་དང༌། འདི་ཡིས་ནི་ཞེས་བྱ་བ་བསྟན་མ་ཐག་པའི་ཕྱག་རྒྱ་ འདིས་སོ། །ཕྱག་དང་ཞལ་ལ་སོགས་པའི་ཀུན་རྫོབ་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་པ་དེས་ཅི་ཞིག་བྱ་ཞེ་ན། ས་གསུམ་མ་ལུས་པར་བཟའ་བར་བྱ་ཞེས་བྱ་བ་སྟེ། སྐུ་ ལ་སོགས་པའི་ཐ་མལ་པའི་གཟུགས་བཟློག་པར་བྱ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ཀྱི་བསམ་གཏན་འབའ་ཞིག་གིས་ཇི་ལྟར་ཡང་བྱང་ཆུབ་འགྲུབ་པ་མེད་པར་བསྟན་པའི་ཕྱིར་གཞན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། 10-7-2a གཞན་དུ་ཞེས་བྱ་བ་ནི་སྟོང་པ་ཉིད་འབའ་ཞིག་གིས་སོ། །སྦྱོར་བ་མ་ཚང་བ་ཞེས་བྱ་བ་ནི་སྣང་བ་ལས་མ་འདས་པའོ། །འདའ་ཞེས་བྱ་བ་ནི་བདག་གི་དོན་ཙམ་ཡང་མེད་པར་མྱ་ངན་ལས་འདའ་བའོ། །ཇི་ལྟ་བུར་ཞེ་ན། མར་ མེ་ལྟ་བུ་སྟེ། ཇི་ལྟར་མར་མེ་མར་གྱི་རྒྱུན་གྱིས་ནམ་མཁའི་ངོས་སུ་གསལ་ཞིང་འབར་བ་ལས། གང་གི་ཚེ་མར་གྱི་རྒྱུན་ཟད་པ་དེའི་ཚེ་དེ་ཉིད་དུ་ཟད་ཅིང་གཏུགས་པར་གྱུར་པས་བདག་ཉིད་ཀྱང་མི་སྣང་ན་གཞན་སྣང་བར་བྱེད་པ་ལྟ་ཅི་སྨོས། དེ་བཞིན་དུ་སྟོང་པ་ཉིད་འབའ་ཞིག་གི་ཏིང་ངེ་འཛིན་ཡང་བལྟ་བར་བྱའོ་ཞེས་དང༌། ཡང་ན་སྐད་ཅིག་ཙམ་གྱིས་རི་རབ་ཀྱི་རྩེ་མོར་རྡོ་རྗེ་རིན་པོ་ཆེ་བརྩེགས་པའི་ཁང་བུར་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྐྱེད་པའི་རིམ་པས་ བསྒོམ་པར་བྱའོ། །ཅི་དེ་ཡང་རང་བཞིན་གྱིས་གྲུབ་པ་ཞིག་གམ། འོན་ཏེ་མ་ཡིན་ཞེ་ན། འདིར་དེ་དག་རང་གི་སེམས་རྣམ་པར་དག་པ་ཉིད་ཀྱི་སྣང་བ་ཡིན་པས། འོ་མ་ལ་མར་ལྟར་གྲུབ་པ་བསྒྲུབ་པར་བྱའི། ཆུ་ལ་མར་ལྟར་མ་གྲུབ་པ་ནི་འགྲུབ་ པར་མི་འགྱུར་རོ། །དེ་ཡང་ཆུ་ཡི་རྙོག་པ་ནོར་བུས་སྦྱོང་བ་ལྟར་བསྐྱེད་པའི་རིམ་པས་བདག་ཉིད་སྔོན་དུ་སྦྱངས་ནས་རྫོགས་པར་བྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །གཞན་དུ་སྦྱང་བ་མ་བྱས་ན་ཡང་འཁོར་བ་ ཉིད་ཡིན་པས་རྣམ་པར་དག་པའི་འབྲས་བུ་སྤྲུལ་བར་མི་ནུས་ལ་རང་བཞིན་གྱིས་མ་དག་པ་ཡང་ཆོས་འགལ་བའི་མ་ཡིན་ནོ། །རྒྱུ་དང་འབྲས་བུ་ནི་རྗེས་སུ་མཐུན་པ་ཉིད་ཀྱིས་ན། དག་པས་རྣམ་པར་དག་པ་བསྒྲུབ་པར་བྱའོ། །ཞེས་ 10-7-2b མན་ངག་ལས་ཤེས་པར་བྱའོ། །རྗེས་སུ་མཐུན་པ་ཡང་རྗེས་སུ་བྱེད་པ་ཡིན་ཏེ། རྒྱུ་ཡང་འབྲས་བུར་འདོད་པ་དང་རྗེས་སུ་མཐུན་པ་ཡིན་ན། ས་ལུའི་མྱུ་གུ་ལ་ས་ལུའི་ས་བོན་ལྟར་གདོན་མི་ཟ་བར་སྐྱེད་ནུས་ཀྱི། གཞན་དུ་ཀོ་ཏྲ་བའི་མྱུ་གུ་ལ་ས་ལུའི་ས་བོན་ལྟར་ནུས་ པ་ཡོད་པ་མ་ཡིན་ནོ། །འབྲས་བུ་ཡང་རྒྱུར་འདོད་པ་དང་རྗེས་སུ་མཐུན་ན་སྐྱེ་བར་འགྱུར་གྱི། གཞན་ཏུ་དེ་དག་ཧ་ཅང་ཐལ་ཆེས་པར་འགྱུར་རོ། །དེ་ལྟར་ན་འོ་མའི་ཡོན་ཏན་དཀར་བ་ལྟར་རྣམ་པ་གྲུབ་པ་དེ་དག་ཡང་དང་ཡང་གོམས་པས་གློ་བུར་བའི་དྲི་མ་བཟློག་སྟེ། གཉུག་མ་དེ་ཉིད་གསལ་བར་གྱུར་པར་དགོངས་སོ།། །།༄། གང་དུ་དུས་ཀྱི་འཁོར་ལོ་ལས་གསུངས་པ་ནམ་མཁའི་དཀྱིལ་འཁོར་སོགས་གཅིག་ཏུ་བཏོན་ནས་གསུངས་པ་དེ་མུ་སྟེགས་པའི་མངོན་པར་ཞེན་པ་དང་ལྡན་པའི་ཉི་མའི་ཤིང་རྟ་ལ་སོགས་པའི་ གདུལ་བྱ་རྣམས་ངེས་པའི་དོན་ལ་གཞུག་པར་བྱ་བ་ལ་དགོངས་ནས་དྲང་བའི་དོན་ཏེ། སྣོད་ཀྱི་འཇིག་རྟེན་ས་ར་ཧ་ལ་སོགས་པའི་རྗེས་སུ་འཇུག་པ་ཉིད་ཀྱིས་རི་རབ་ཀྱི་མཐའི་བར་དུ་ཁམས་གསུམ་གྱི་རྣམ་པར་བཞག་པ་ལ་སོགས་པ་བསྟན་པ་བཞིན་ཤེས་ པར་ཤིན་ཏུ་རྒྱས་པར་བཤད་པའོ། །འོ་ན་དུས་ཀྱི་འཁོར་ལོ་དང་དེའི་རྗེས་སུ་འབྲང་བའི་གཞུང་ནས་མང་དུ་ཐེག་པ་གསུམ་དང་འགལ་བའི་རྣམ་གཞག་རྒྱས་པ་བྱས་པས་དེས་ན་དེའི་གཞུང་བྱེད་པའི་གྲགས་པ་དང་པདྨ་དཀར་པོ་དང་རྡོ་རྗེ་སྙིང་པོ་དང་ཕྱག་ན་རྡོ་རྗེའི་ མིང་ཅན་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་མང་དུ་མཁྱེན་པ་རྣམས་སྨྲ་བ་དེས་ན་འགལ་བ་ཐམས་ཅད་མི་སྤོང་བར་འགལ་བ་འགའ་ཙམ་སྤོང་བ་ལ་རྩོལ་བར་བྱེད་ཅེ་ན། དུས་ཀྱི་འཁོར་ལོ་ནས་བསྟན་པའི་རྒྱུད་གཞན་དང་མི་འགལ་བའི་དོན་གྱི་ཆ་ཤས་ 10-7-3a འགའ་ཞིག་བདག་གི་གཞུང་གི་རྗེས་སུ་མཐུན་པ་དང་། འགའ་ཞིག་གདུལ་བྱའི་བསམ་པའི་རྗེས་སུ་འཇུག་པས་ཁ་ཅིག་སྤངས་ལ་དེ་ལས་གཞན་པའི་འགལ་བ་རྣམས་མ་སྤངས་ཀྱང་དེ་རྣམས་ཀྱིས་ཉམས་པ་ཅི་ཡང་མེད་དོ་ཞེས་བྱ་བ་སྟེ་ཤིན་ཏུ་ རྒྱས་པའི་གཏམ་གྱིས་དགོས་པ་མེད་དོ། །སྔགས་ཀྱི་ཟིན་བྲིས་འདི་རྗེ་ཙོང་ཁ་པ་ཆེན་པོས་བརྗེད་བྱང་དུ་བྲིས་པ་ལས་མ་དཔེ་བྱས་པ་ཡིན། མངྒ་ལཾ།། 10-7-3b empty page 10-8-1a ༄༅། །རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་ཚེས་བཅུའི་མཆོད་པའི་རྟོག་པ་གྲུབ་ཆེན་དཱ་རི་ཀ་པས་མཛད་པའི་ཟིན་བྲིས་རྗེས་གནང་བ་བཞུགས་སོ།། 10-8-1b ༄༅། །རྡོ་རྗེ་རྣལ་འབྱོར་མའི་འགྲེལ་པ་ཚེས་བཅུའི་མཆོད་པའི་རྟོག་པ། གྲུབ་ཐོབ་ཆེན་པོ་དཱ་རི་ཀ་པས་མཛད་པར། དེ་ལ་འདིར་སྟོང་ཉིད་ཇི་ལྟར་བསྒོམ་པ་ནི། ཆོས་ཐམས་ཅད་དངོས་པོ་མེད་པར་བསྒོམ་པ་ཉིད་ཀྱིས་ཐོག་མ་ མེད་པ་ནས་བསགས་པའི་སྐྱེ་བའི་རྒྱུ་ལས་བྱུང་བའི་དྲི་མ་དག་པས་སོ་སོ་སྐྱེ་བོའི་ཕུང་པོར་འཛིན་པ་ཡོངས་སུ་སྤོང་བ་སྔོན་དུ་འགྲོ་བས། བསྐྱེད་རྫོགས་གཉིས་ཀྱི་ལྷ་བསྒོམ་པར་བྱའོ། །འདིར་གང་གི་ཕྱིར་སྟོང་པ་ཉིད་བསྒོམ་པ་ནི། རིགས་ པའི་སྐབས་ཀྱིས་ཆོས་ཐམས་ཅད་ཀྱི་གཟུང་འཛིན་གྱིས་དབེན་པའི་སེམས་གཅིག་པུའི་ངོ་བོ་རྣམས་ལ་རང་བཞིན་མེད་པ་ནི་སྟོང་པ་ཉིད་དོ། །འདི་ལྟར་སྔོན་པོ་ལ་སོགས་པ་ཕྱི་རོལ་ཐམས་ཅད་དང༌། ནང་གི་མིག་ལ་སོགས་པ་རྣམས་ སེམས་ཀྱིས་ནང་སྒྲོ་བཏགས་པའོ། །གང་གི་ཕྱིར་སེམས་ལས་གཞན་བེམ་པོ་རྣམས་ཐ་དད་མེད་དོ། །དེ་མེད་པས་འཛིན་པའང་མེད་དོ། །སེམས་གཅིག་པུ་ངོ་བོ་གཉིས་མི་འཐད་པའི་ཕྱིར་རོ། །འོན་ཏེ་སེམས་ཙམ་བདེན་པར་གྱུར་ན་དེ་མ་ ཡིན་ཏེ་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་དེ་ལའང་དངོས་པོ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །གང་གི་ཕྱིར་ཆོས་རྣམས་དངོས་པོ་མེད་པ་སྟེ། དེའི་ཕྱིར་མ་སྐྱེས་པའོ་དེ་ཉིད་ཀྱིས་རང་བཞིན་གྱིས་སྒྲོ་བཏགས་པ་ཐམས་ཅད་ཀྱི་མུན་པ་དང་ བྲལ་བས་འོད་གསལ་བའོ། །གང་གི་ཕྱིར་དང་པོ་མ་སྐྱེས་པའི་ཕྱིར་རོ། །དང་པོ་སྐྱེས་ནས་ཕྱི་མར་གང་ལའང་རྣམ་པར་འཇིག་པ་དེ་མ་ཡིན་ནོ། །དེའི་ཕྱིར་ཆོས་རྣམས་གཞན་སྒྱུ་མ་ལ་སོགས་པ་བཞིན་དུ་དང་པོར་མ་སྐྱེས་པ་ཉིད་ཀྱིས་ 10-8-2a དོན་དམ་པའི་དངོས་པོས་སྟོང་པ་དེ་བཞིན་དུ་སེམས་ཡང་ངོ༌། །རིགས་པས་མཚུངས་པའི་ཕྱིར་རོ། །འདིར་ནི་ད་ལྟ་བར་བསྟན་ནས། འདས་པ་དང་མ་འོངས་པ་གཉིས་ལའང་སྤྱིར་སྟོང་པ་ཉིད་བསྟན་པས་སྟོང་པ་ཉིད་ལ་ སོགས་པའི་རང་བཞིན་རྣམ་པར་ཐར་པའི་སྒོ་གསུམ་བསྟན་ཏེ། དེ་བས་ན་དག་པ་གསུམ་བརྗོད་པར་བྱའོ་ཞེས་པ་ནི་ཨོཾ་གསུམ་གྱིས་རང་བཞིན་དང༌། རྡོ་རྗེ་དང་རྣལ་འབྱོར་རྣམ་པ་གསུམ་གྱིས་ཡོངས་སུ་དག་པའི་སྔགས་གསུམ་བརྗོད་ པར་བྱའོ། །དེ་ལ་རང་བཞིན་སྟོང་པ་ཉིད་ཀྱིས་དངོས་པོ་དང་དངོས་མེད་དང་གཟུང་འཛིན་སྒྲོ་བཏགས་དང་བྲལ་བས་དྲི་མ་མེད་པའོ། །ཕུང་པོ་ལ་སོགས་པ་ཐམས་ཅད་དང་བདག་ཀྱང་དེ་བཞིན་ནོ། །ཆོས་ཐམས་ཅད་ཀྱི་ནང་དུ་ཆུད་པའི་ཕྱིར་རོ། །རྡོ་ རྗེ་ནི་སྟོང་ཉིད་དེ། སྟོང་ཉིད་རྡོ་རྗེ་བརྗོད་པར་བྱ་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་མཚན་མ་མེད་པ། མ་ལུས་པ་སྒྲོ་བཏགས་པ་དང་བྲལ་བས་དག་པའོ། །རྣལ་འབྱོར་ནི་བྱང་ཆུབ་སེམས་ཏེ། སྨོན་པ་དང་བྲལ་བས་དག་པའོ། །བདག་ འཛིན་སྤང་དཀའ་བའི་ཕྱིར་ཏེ། བདག་རང་བཞིན་གྱིས་དག་པ་ལ་སོགས་པ་ཞེས་གསུངས་པའི་ཕྱིར་རོ། །སྔགས་གསུམ་གྱིས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་རྣམ་པ་གསུམ་བཤད་ དོ། །རང་བཞིན་གྱིས་ཡོངས་སུ་དག་ཀྱང་འདི་དག་གིས་གློ་བུར་དུ་དྲི་མ་སྤངས་པའི་ཕྱིར་རོ། །དེའི་རྗེས་སུ་སྨོན་པ་སྔོན་དུ་འགྲོ་བས་སྙིང་རྗེ་ཆེན་པོའི་སྟོང་པ་ཉིད་ལས་རབ་ཏུ་སད་ནས། ལྷའི་རྣམ་པའི་སྒོམ་སྐབས་སུ་བྱེད་པ་གསུངས་ 10-8-2b པ་ནི། དེ་ལས་ཞེས་བྱ་བ་ལ་སོགས་པ་ནི། དེ་ལས་སྟོང་པ་ཉིད་ཀྱི་རྗེས་ལ་རང་གི་ལུས་ཁམས་གསུམ་སྟེ། ལུས་ངག་ཡིད་རྣམ་པ་གསུམ་དེ་ཡོངས་སུ་དག་པར་འགྱུར་བའི་གཞལ་ཡས་ཁང་དཀྱིལ་འཁོར་གྱི་ཕོ་བྲང་ཀྱང་དེ་ཡིན་པས་ཁམས་གསུམ་གྱིས་ རྣམ་པར་དག་པའི་གཞལ་ཡས་ཁང་ངོ༌། །ཁམས་གསུམ་ཀྱང་གཞལ་ཡས་ཁང་གིས་རྣམ་པར་དག་གོ། ཁམས་གསུམ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་ལྷག་པར་མོས་པ་སྟེ། སྐད་ཅིག་ཙམ་གྱིས་ས་བོན་དང་ཕྱག་མཚན་ལ་མི་བལྟོས་པར་ལྟེ་བའི་ དཀྱིལ་འཁོར་ལ། དཔལ་རྡོ་རྗེ་རྣལ་འབྱོར་མ་ཡིས་རྟག་ཏུ་བསྒོམ་ཞེས་འབྲེལ་ཏོ།། །།འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། 10-9-1a ༄༅། །མན་ངག་སྙེ་མའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ་བཞུགས་སོ།། 10-9-1b ༄༅། །མན་ངག་སྙེ་མའི་སྙེ་མ་ལྔ་པ་ལས། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དང་ལྡན་པའི་དགའ་བ་བཞི་རྣམས་སྤྲོས་ཞེས་གསུངས་པ་ནི། དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་ནི་སྒྲུབ་པ་སྟེ། བདག་ དང་གཞན་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་འགྲོ་བ་རྣམས་ཀྱི་དོན་དུ་བརྩོན་འགྲུས་རྩོམ་པའི་ཕྱིར་དེ་ཉིད་ནི་དགའ་བ་སྟེ། དགའ་བ་ལས་གཞན་པའི་བདེ་བར་ལོངས་སྤྱོད་པའི་སྦྱོར་བ་མེད་པའི་ཕྱིར་རོ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ་ཞེས་ པ་ནི་ལེགས་པར་རོལ་པའི་དགའ་བས་དོན་དུ་གཉེར་བའི་ཕྱིར་ལ། ཤིན་ཏུ་གསང་བའི་མཆོག་ཏུ་དགའ་བའི་ཁྱད་པར་གྱི་ངོ་བོ་ལ་ཤིན་ཏུ་གསལ་བས་སོ། །མ་ལུས་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེས་འདིར་སྐྱེས་པ་ དང་བུད་མེད་དག་གི་བསམ་པ་མཉམ་པའི་ཕྱིར་རོ། །དགའ་བ་མཆོག་གི་རང་བཞིན་དག་ནི་དཔའ་བོ་དང་རྣལ་འབྱོར་མ་དག་འདུས་པ་དང་འདྲ་བའི་ཕྱིར་རོ། །དེའི་བདེ་བའི་ཐབས་ཞེས་པ་ནི་དེའི་ཤིན་ཏུ་དགའ་བའི་བདེ་བའི་ཐབས་དག་ནི་འདིའི་དེ་མ་ཐག་ པའི་རྒྱུའོ། །ཞེས་པས་དེའི་བདེ་བའི་ཐབས་ཐམས་ཅད་རིག་སྟེ། ཐམས་ཅད་མཁྱེན་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱི་ཕྱིར་བཅོམ་ལྡན་འདས་སོ། །འདི་དག་གི་ངོ་བོ་མཚོན་པར་འདོད་ནས་གསུངས་པ་དང་པོ་ཞེས་པ་ལ་ སོགས་པ་སྟེ། དགའ་བ་ཙམ་ནི་མཆོག་མ་ཡིན་པས་བདེ་བ་ཆུང་ངུ་མ་རྣམ་པ་སྣ་ཚོགས་པའི་གཟུང་བ་དང༌། འཛིན་པའི་རྣམ་པར་རྟོག་པ་ལས་འབྱུང་བའི་འཁྱུད་པ་དང༌། འོ་བྱེད་པ་ལ་སོགས་པ་དང༌། པདྨ་དང་རྡོ་རྗེ་གཉིས་ཡང་དང་ཡང་ 10-9-2a དུ་རེག་པས་ཤིན་ཏུའང་བདེ་བ་འདོད་པའི་མཚན་ཉིད་ཀྱི་རྡོ་རྗེ་པདྨར་འདྲུད་པའི་མཐར་ཐུག་པ་སྟེ། ཤེས་རབ་བཅུ་དྲུག་ལོ་ལོན་པ། །དཔུང་པ་གཉིས་ཀྱིས་འཁྱུད་པ་ཡི། །དྲིལ་བུ་རྡོ་རྗེ་མཉམ་སྦྱོར་བ། །སློབ་དཔོན་གྱི་དབང་རབ་ བརྗོད་པ། །ཞེས་བརྟག་པ་གཉིས་པ་ལས་གསུངས་སོ། །མཆོག་ཏུ་དགའ་བ་ནི་གོང་ནས་གོང་དུ་བདེ་བ་འདོད་པའི་མཚན་ཉིད་ཀྱང་དགའ་བའི་མཆོག་ཉིད་ཀྱིས་ལྡོག་པའི་བདེ་བའི་ཡེ་ཤེས་ཀྱིས་ཉེ་བར་ལོངས་སྤྱོད་པ་རྣམ་པར་སྨིན་པའི་ ངོ་བོས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་བསྲབ་པར་གྱུར་ནས་མི་སྒྲིབ་པའི་ཕྱིར་རོ། །རྣམ་པར་དགའ་བ་བརྗོད་ཅེས་པ་ནི་ཁྱད་པར་གྱིས་རོལ་པའི་བདེ་བ་འདོད་པའི་ངོ་བོ་ཉིད་དང་ཆགས་པ་རྣམ་པར་དག་པས་ལོངས་སྤྱོད་ པ་ལྷག་པར་མི་འབྲལ་བའི་རྣམ་པར་རྟོག་པ་ཉེ་བར་མཚོན་པ་འདིར་དེའི་བདེ་བ་དག་གིས་ལོངས་སྤྱད་པ་ཞེས་རྣམ་པར་ཉེད་པའི་ངོ་བོ་རབ་ཀྱི་གནས་སྐབས་ཀྱི་བདེ་བར་འདོད་ཆགས་པའི་ངོ་བོར་འཛིན་པའི་རྣམ་པར་རྟོག་པ་དང་ལྡན་པ་དེ་དང་ བྲལ་བས་ལྷག་པས་ཏེ། དེ་སྐད་དུ་བརྟག་པ་གཉིས་པ་ལས་གསུངས་པ། གསུམ་པ་འདོད་ཆགས་བྲལ་བའི་ཕྱིར། གསུངས་སོ། །བཞི་པ་ལྷན་ཅིག་སྐྱེས་པ་ཞེས་པ་ནི། ལྷན་ཅིག་སྐྱེས་པའི་དགའ་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་རང་ བཞིན་རང་གི་ངོ་བོ་སྟོང་པ་ཉིད་ཀྱི་བདེ་བ་ཆེན་པོས་ཉམས་སུ་མྱོང་བས་རྣམ་པར་མི་རྟོག་པ་ཡིན་ཏེ། དེའི་ཕྱིར་ན་ཆགས་པའི་བདེ་བ་སྤངས་པ་དང༌། དེ་ལས་ལྡོག་པའི་མངོན་པར་ཞེན་པ་སྤངས་ཏེ། དེ་གསུངས་པ་ནི། མཚན་ཉིད་བྲལ་བ་གསུམ་ 10-9-2b ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཞེས་པའོ། །དེ་ཅི་འདིར་མཐོང་བའི་ལམ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ཐབས་ཀྱི་ཁྱད་པར་གྱི་ས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང༌། བླ་མའི་བྱིན་རླབས་ཀྱི་ས་ཐོབ་ལ། རང་ གི་ས་ཐོབ་པ་དེ་ལྟར་འགྱུར་རོ། །འདིར་དེ་ཉིད་ནི་དབུགས་དབྱུང་བ་གཉིས་སུ་བརྗོད་དོ། །བདེ་བ་ཆེན་པོའི་ཡེ་ཤེས་དང་སྟོང་པ་ཉིད་དག་པའི་བདག་ཉིད་གཅིག་པའི་ཕན་ཚུན་རྒྱས་བཏབ་པ་དགའ་བ་བསྐྱེད་པ་དང༌། རྡོ་རྗེ་འཛིན་པའི་ཚུལ་གྱིས་ཕྱིར་དེ་བཞིན་གཤེགས་ པ་དང་རྡོ་རྗེ་འཛིན་པར་ངེས་པར་འབྱུང་བར་འགྱུར་རོ། །ཞེས་པ་དང་། དེའི་ལམ་ཐོབ་པ་ཞེས་པ་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང༌། རྡོ་རྗེ་འཛིན་པའི་དབུགས་དབྱུང་བ་དང་བསྐྱེད་པའི་ཕྱིར་རོ། །ཇི་སྐད་དུ་གསུངས་པ། ཐབས་དང་ཐབས་བྱུང་དབྱེ་བ་ཡིས། ། བཞི་པའི་དོན་ནི་གཉིས་སུ་འདོད། །གཅིག་ནི་དེ་བཞིན་གཤེགས་པས་འགྲུབ། །གཞན་ནི་རྡོ་རྗེ་འཛིན་པར་འདོད། །ཅེས་པའོ། །འོ་ན་ལྷན་ཅིག་སྐྱེས་པའི་དགའ་བའི་རྗེས་སུ་དགའ་བྲལ་གྱི་དགའ་བ་རིགས་ཏེ། ཇི་སྐད་དུ་བརྟག་པ་གཉིས་པ་ལས། ལྷན་ཅིག་སྐྱེས་ དགའི་རང་བཞིན་དང༌། །མཆོག་མཐའ་དགའ་བྲལ་དང་པོར་འདོད། །ཅེས་སོ། །ཞེ་ན་མ་ཡིན་ཏེ། མཆོག་དགའི་མཐའ་དང་དགའ་བྲལ་ཏེ། །གང་གིས་ཐོག་མ་མཆོག་དགའ་ལས། །དེའི་རྗེས་སུ་དགའ་བྲལ། དེའི་རྗེས་སུ་ལྷན་ཅིག་སྐྱེས་པའི་ཞེས་པ་དོན་གྱིས་ ཐོབ་པའི་ཕྱིར་རོ། །གང་དུ་མཆོག་གི་མཐའ་བྲལ་བའི་དང་པོར་མཆོག་དང་བྲལ་བ་གཉིས་ཀྱི་བར་དུའོ། །ཞེས་པའི་དོན་སྨྲས་པ་དེ་ནི་རིགས་པ་མ་ཡིན་ཏེ། དགའ་བྲལ་དང་པོར་མཚོན་པར་བྱ། །དེ་ནི་དགའ་བ་གསུམ་སྤངས་པ། །ཞེས་གསུངས་པའི་ཕྱིར་རོ། །དེས་ 10-9-3a ནི་བྲལ་བའི་དང་པོ་ཞེས་བྲལ་བའི་དུས་ཉིད་དུ་གསུངས་པས། ལྷན་ཅིག་སྐྱེས་པ་དང་པོར་འདི་ཉིད་མཚོན་པར་བྱ། ཞེས་བསྒྲུབས་པས་སོ། །ལྷན་ཅིག་ཤར་བས་རྣམ་པར་རྟོག་པ་ཉིད་ནུབ་པས་གོང་ནས་གོང་དུ་མཚོན་པར་འགྱུར། ཞེས་པ་དང༌། དེ་ཉིད་ཡེ་ཤེས་རྡོ་རྗེ་བསྡུས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པ། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ལས། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་པ་དང༌། རིམ་པ་ལྔ་པ་ལས། མཚན་མོ་སྣང་བའི་ཆ་ལས་གསལ་བར་ཉི་མའི་ཟེར་འགྱེད་ཉིན་མོ་སྣང་བ་ཆེན་པོ་ཡིན། །མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱིས་ལྷན་ཅིག་མིན་པར་འདིར་སྦྱོར་བ། །མཚན་མིན་ཉིན་པར་མིན་ལ་མཚམས་ཀྱང་མིན་པའི་གང་ཞིག་རང་བཞིན་ རྣམས་ལས་རྣམ་གྲོལ་བ། །རྟོགས་པའི་སྐད་ཅིག་འདིར་ནི་ཐུབ་པའི་མཆོག་གིས་རྣལ་འབྱོར་པ་རྣམས་ཀུན་གྱིས་རྟོགས་བྱར་གསུངས། །ཞེས་པ་འདིས་ཀྱང་དགའ་བ་གསུམ་གྱི་རང་བཞིན་ནི་མཚོན་བྱ་ལ། མཚན་ཉིད་མེད་པ་ནི་བཅོམ་ལྡན་འདས་ཀྱིས་བཞི་ པར་གསུངས་ཏེ། མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཞེས་པ་འདིས་ནི། འདིར་ཇི་ལྟར་ལྷན་ཅིག་སྐྱེས་པའི་རྗེས་སུ་དགའ་བྲལ་རིགས་པ་སྟེ། མཚོན་པར་མི་ནུས་པའི་ཕྱིར་རོ། །དགའ་བྲལ་གྱི་རྗེས་སུ་དྲན་པ་དེ་ཉིད་མཚན་ཉིད་ཀྱི་ཉམས་སུ་མྱོང་བའི་ ཐབས་ཀྱང་མ་བསྟན་པར་ཐལ་བ་ལ། ལྷན་ཅིག་སྐྱེས་པ་འཆར་བའི་གནས་ཉིད་ལ་ནི་རྩོད་པ་མེད་པ་ཉིད་དོ། །གང་དུ་མཚན་ཉིད་དེ་ཉམས་སུ་མྱོང་བ་མེད་པའི་ཕྱིར་འདིར་ཡང་ཞེ་ན། མ་ཡིན་ཏེ་ཐོ་རངས་ཀྱི་དུས་བཞིན་དུ་མཚམས་ཀྱང་ངོ༌། །འོ་ན་དེ་ལྟར་ 10-9-3b ནའང་དེའི་ངོ་བོ་ཉེ་བར་མཚོན་དུ་མེད་པ་ཉིད་དོ་ཞེ་ན། བདེན་ཏེ། ཉམས་སུ་མྱོང་བའི་ཐབས་ཉིད་དུ་ཉེ་བར་བསྟན་པས་སོ། །འོ་ན་དེ་ཉིད་ཀྱི་ཐབས་ཀྱང་བསྒོམ་པར་བྱ་བ་མི་རིགས་སོ་ཞེ་ན་དེ་ནས་མ་བཟུང་སྟེ། དེའི་ཉེ་བར་མཚོན་པའི་མངོན་པར་ཞེན་པ་རྣམས་འདིར་ དེ་མི་སྲིད་པའི་ཕྱིར་རོ་ཞེ་ན། བདེན་ཏེ། དེ་ལྟར་འགྱུར་བའི་བདག་ཉིད་དེ་དེ་ལྟར་ཤར་བར་བྱེད་པའི་ཇི་ལྟ་བ་ནི་བླ་མས་བསྟན་པར་བྱ་བ་ཉིད་དེ། དེ་ལྟར་གཉིས་ཀའི་འདོད་པ་ཉེ་བར་མཚོན་པའི་རིམ་པས་གསལ་བར་བྱས་པའོ། །དེ་ཁོ་ན་བསྟན་པའང༌། འདིར། མཆོག་མཐའ་དགའ་བྲལ་དང་པོ་ཅན་ཞེས་པ་ནི་འདིར་ཡང༌། མཆོག་གི་མཐའ་ནི་མཆོག་གི་མཐའ་གང་ཞིག་གིས་དང་པོ་དགའ་བྲལ་ལ། དགའ་བྲལ་དང་པོ་ནི་མཆོག་དང་བྲལ་བའི་དགའ་བ་དག་གི་མཐར་གཉིས་པ་ཞེས་པའི་དོན་ནོ། །དེའི་དེ་ཁོ་ན་ཉིད་དེ་ ཇི་ལྟ་བུ་ཞེས་པ་ལ། ཐོག་མ་ཐ་མ་དབུས་མེད་པ། །སྲིད་མེད་མྱ་ངན་འདས་མིན་ཏེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །གཞན་མིན་བདག་ཀྱང་མ་ཡིན་ཏེ། །ཞེས་པ་དང་པོ་དང་ཐ་མ་དང་དབུས་ཀྱི་སྐྱེ་བ་དང་འགག་པ་དང་གནས་པ་རྣམས་བཀག་པས་ཆོས་ ཐམས་ཅད་སྟོང་པ་ཉིད་དང་བདེ་བ་ཆེན་པོར་རོ་གཅིག་པར་ཐབས་འདིས་མངོན་པར་རྟོགས་པར་བྱེད་དོ་ཞེས་ལན་གྱི་དོན་ཏོ། །དགའ་བ་དང་བྲལ་བ་དང་མཆོག་ཏུ་དགའ་བ་རྣམས་བཀག་པས་མི་འཕོ་བའི་ཕྱིར་ན་སྲིད་པ་དང་ཞི་བ་ལ་མི་གནས་པའི་ལྷན་ ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ཅེས་པའོ། །དེ་ལྟར་ཡང༌། མཆོག་མཐའ་དབུས་དང་བྲལ་བའོ། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་ཏེ། འདིར་མཆོག་ཏུ་དགའ་བའི་མཐར་གང་ཞིག་གི་དབུས་ཀྱི་དགའ་བྲལ་དེའི་རྗེས་ཐོགས་ཉིད་དུ་འབྲེལ་བ་ཅན་གྱི་མཚོན་བྱ་ 10-9-4a ནི་སྟོང་པ་སྟེ། ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ། །སྟོང་མིན་ནི་ད་ལྟར་བརྗོད་པའང་མི་དམིགས་པའི་ཕྱིར་རོ། །གཉིས་སྤངས་ནས་བདེ་བ་ཆེན་པོའི་ངོ་བོར་གནས་པའི་ཕྱིར་ལ། དེ་ཉིད་བཅོམ་ལྡན་འདས་ཏེ། ཧེ་རུ་ཀ་ཞེས་བྱ་བའི་དོན་ནོ། །མཆོག་ དང་བྲལ་དགའ་དག་གི་དབུས་སུ་མཚོན་བྱ་བལྟས་ལ་བརྟན་པོར་གྱིས་ཞེས་པ་ནི། འདིར་གལ་ཏེ་སོ་སོ་སྐྱེ་བོའི་ངག་ཡིན་ན་ཅི་སྟེ། འདི་ལ་གུས་པར་བྱེད་དེ། དེ་ནས་ལུང་ཡིན་ན་ནི་དེའི་དོན་འདི་ཡིན་ཏེ། དབུས་མ་དགའ་བ་ཙམ་ཉིད་དོ། །ཞེས་པ་བརྟག་པ་ གཉིས་པ་ལས་གསུངས་པས། དགའ་བ་དང་མཆོག་དགའ་དང་དགའ་བྲལ་རྣམས་ཡོད་པར་འགྱུར་བ་ཉེ་བར་འཆར་བའི་ལྷན་ཅིག་སྐྱེས་པ་མཚོན་པར་བྱ་བ་ཞེས་པའི་དོན་དྲུག་པོ་དེའི་རང་བཞིན་ངེས་པར་བཟུང་བའི་ཕྱིར་མཆོག་ནི་རབ་སྟེ། ལྷན་ཅིག་སྐྱེས་ པའི་དེ་གཉིས་ཀའི་དབུས་སུ་མཚོན་པར་བྱ་ཞེས་པའི་དོན་ནོ། །བདེ་བའི་ཕྱིར་མཆོག་ནི་མཆོག་དགའ་སྟེ། འདིས་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་དེ། མཆོག་དགའ་ཉིད་ནི་ཐོབ་པའོ། །སྣ་ཚོགས་སྤངས་པའི་སྐད་ཅིག་མ་ཞེས་བཤད་པས་སོ། །ཕྱག་རྒྱ་བཞི་པའི་ གཞུང་ན། སོ་སོའི་སྐྱེ་བོའི་གདམས་ངག་མི་ཤེས་པས་བྱས་པའི་ཕྱིར། ཕན་ཚུན་འགལ་བས་འཕགས་པས་གསུངས་པ་མ་ཡིན་ཏེ། དེ་ལྟར་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་རིམ་པ་ལྔ་པའི་དོན་གསལ་བར་བྱེད་པར་འཕགས་པ་ཤཱཀྱ་བཤེས་ གཉེན་གྱི་ཞགས་ཀྱིས་ཀྱང་གསུངས་ཏེ། སྟོང་དང་དེ་བཞིན་ཤིན་ཏུ་སྟོང༌། །གསུམ་པ་སྟོང་པ་ཆེན་པོ་དང༌། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུར་རབ་དབྱེ་བས། །ཤེས་རབ་ཐབས་སུ་མཉམ་སྦྱོར་བས། །རྫོགས་པ་ཉེ་བར་ཐོབ་པ་ཡི། །རྫོགས་པ་ཉེ་ 10-9-4b བར་ཐོབ་གྱུར་ནས། །ཐམས་ཅད་སྟོང་པ་འོད་གསལ་བའི། །རྒྱུ་ཡི་རིམ་པ་དག་དང་ནི། །རྣམ་ཤེས་གསུམ་གྱི་སྦྱོར་བ་ལས། །སྟོང་པ་གསུམ་ནི་མཉམ་སྦྱར་བས། །བླ་མེད་གོ་འཕང་འཐོབ་པར་འགྱུར། །སྣང་བ་སྟོང་དང་ཤེས་རབ་བཞིན། །ཞེས་པ་སྣང་བ་མཆེད་པ་གསུངས། ། ཤིན་ཏུ་སྟོང་པ་ཐོབས་དང་ལྡན། །ཞེས་པ་ནི་སྣང་བ་མཆེད་པ་སྦྱོར་བ་ལས་སྐྱེས་པ། སྣང་བ་ཉེ་བར་ཐོབ་པ་ནི་དེ་བཞིན་ཉེ་བར་ཐོབ་པའོ། །ཞེས་པ་དང༌། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་འདིར། །གསལ་ བར་འདིར་ནི་མཚོན་པར་འགྱུར། །ཆགས་པ་ཉིད་ནི་ཆགས་བྲལ་དང༌། །དེ་ཡི་གཉིས་པ་ཞེས་གསུངས་པ་དང༌། འདི་སྐད་དུ་གཞན་ཉིད་དུའང་གསུང་རབ་ཀྱི་དོན་རྣམས་ཕན་ཚུན་མི་འགལ་ཏེ། དེའང་ངེས་པར་བརྗོད་པའི་རྒྱུད་བླ་མ་ལས། འཁྱུད་དང་དེ་བཞིན་འོ་བྱེད་ པས། །སྣ་ཚོགས་རྣམ་པས་སྣ་ཚོགས་ཚུལ། །བྷ་ག་ལིངྒའི་སྦྱོར་བ་ཡིས། །རྣམ་པར་སྨིན་པའི་ཡེ་ཤེས་མཆོག །ཕྱག་རྒྱ་རྣམ་པར་ཉིད་བྱས་ལ། །མཚན་ཉིད་བྲལ་བ་མྱུར་བར་མཚོན། །དགའ་བ་དང་པོ་ཡེ་ཤེས་དང༌། །མཆོག་ཏུ་དགའ་བར་ཡང་དག་ལྡན། །ཤིན་ ཏུ་དགའ་ལས་གྲུབ་པ་ཆེ། །ལྷན་ཅིག་སྐྱེས་དགའི་ཕྱི་མར་རོ། །ཞེས་པ་དང༌། རྒྱུད་གཞན་གྱི་ཕྱི་མ་ལས། དགའ་བ་དང་ནི་བསྐྱོད་བྱས་པས། །བདེ་བར་གནས་ལས་མི་གཡོ་བས། །ཐུན་གཅིག་ཡང་ནི་ཉིན་གཅིག་གམ། །ཟླ་ཕྱེད་ཡང་ན་ལོ་གཅིག་གམ། །བསྐལ་ པའམ་བསྐལ་པ་སྟོང་ཕྲག་ཏུ། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། །རྣལ་འབྱོར་པ་ཡིས་ཇི་སྲིད་དུ། །བྱང་ཆུབ་གཤེགས་གསོལ་མི་བྱེད་པས། །དེ་སྲིད་དགའ་བ་ལས་སྐྱེད་བདེ། །རྒྱུན་མི་འཆད་པར་འཐོབ་པར་འགྱུར། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། ། 10-9-5a བྱང་ཆུབ་སེམས་ནི་ལྷུངས་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་འགྱུར་བས། །གང་དུ་དགའ་བའི་དངོས་གྲུབ་འགྱུར། །ཞེས་པ་དང༌། ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ཀྱང༌། བརྟན་པ་མཆོག་ཏུ་བདེ་བ་སྟེ། །མི་བརྟན་པ་ནི་ཇི་ལྟར་བདེ། །ཞེས་པ་དང༌། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཞེས་པའོ། །ཕྱག་རྒྱ་ཆེན་པོ་འགྲུབ་པའང་མི་རིགས་ཏེ། ལྷན་ཅིག་སྐྱེས་པའི་ཉམས་སུ་མྱོང་བའི་ཐབས་གཞན་མི་སྲིད་པས། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ནི་འབའ་ཞིག་མི་རིགས་པའང་མེད་ཅེས་སྔོན་བཞིན་གྱི་འདོད་ པ་ནི་གདམས་ངག་མི་རིགས་པ་རྣམས་སྨྲ་སྟེ། གང་དུ་རིགས་པ་མེད་པའི་བདག་ཉིད་ཅན་གྱི་བཙན་ཐབས་ཀྱི་སྦྱོར་བ་དེ་ཉིད་ཀྱིས་བདེ་བ་ཁྱད་པར་ཅན་གྱི་བར་དགའ་བྲལ་གསུམ་པ་ལྷན་ཅིག་སྐྱེས་པ་བཞི་པ་ལས་གཞན་པའི་ལྷན་ཅིག་སྐྱེས་པ་གསུམ་པ་ དགའ་བྲལ། བཞི་པ་ཞེས་སྨྲས་པ་དེ་དག་ནི་མ་རྟོགས་པ་ཉིད་དོ་ཞེས་པ་སྟེ། སྤྲོས་པ་ལ་དགོས་པ་མེད་དོ། །སྐབས་སུ་བབ་པ་བསྟན་པ་ནི་དེ་ལ་བོ་ལའི་རྩ་བ་ནས་གསང་བའི་པདྨ་རྡོ་རྗེ་ནོར་བུ་སྔོན་དུ་དགའ་བ་ལ་སོགས་པ་གསུམ་པ། ནོར་བུའི་དཀྱིལ་དུ་ནི་ ལྷན་ཅིག་སྐྱེས་པའོ་ཞེས་པ་ནི་རྣམ་པར་བཞག་པ་གཅིག་ལ། པདྨའི་ནམ་མཁའ་དང་ནོར་བུའི་ཟེ་འབྲུ་དག་བཙིར་བའི་གནས་སུ། རྡོ་རྗེའི་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཆུད་པ་ལྟར། །གང་དུ་སྐྱེ་འགྱུར་ཡེ་ཤེས་ཀྱི། །ཡེ་ཤེས་དེ་ཡི་ངོ་བོ་དམིགས། ། ཞེས་དཔལ་མཆོག་དང་པོའི་རྒྱུད་ལས་གསུངས་པའི་ཕྱིར། ཆུ་སྐྱེས་ཀྱི་དབུས་ནི་སྟོང་པ་ཉིད་ཀྱི་ཡུལ་དག་དེར་རྡོ་རྗེའི་མཐའ་ཡོངས་སུ་མཚན་པའོ། །ཡང་ན་རྡོ་རྗེ་སྐྱིལ་ཀྲུང་ནི་བསྟེན་པ་ལས་ནོར་བུའི་ནང་དུ་ཆུད་པའི་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་ 10-9-5b དེ་དང་འདྲ་བའི་ཡེ་ཤེས་ངེས་པར་རྟོགས་ཤིང་ཐོབ་པའི་བར་དུ་འཇུག་པའི་རྒྱུད་གཞན་རྣམས་སུའང་ལྷན་ཅིག་སྐྱེས་པ་ནོར་བུའི་ནང་དུ་ཆུད་པར་ནི་གསལ་བར་མང་དུ་གསུངས་ཏེ། ཁ་ཅིག་ལས་བཤད་པ་ནི། གང་དུ་དྲུད་པའི་བར་ནི་དགའ་བ་ལ་འདྲུད་པས་བྱང་ཆུབ་ཀྱི་ སེམས་ནོར་བུ་དང་ཉེ་བའི་ཇི་སྲིད་ནོར་བུའི་མདུན་དུ་རེག་པའི་བར་ནི་མཆོག་ཏུ་དགའ་བའོ། །རིན་པོ་ཆེའི་རྩེ་མོ་ནས་ཇི་སྲིད་དུ་རྡོ་རྗེའི་ནང་དུ་དེའི་རྩེ་མོར་རམ། ཐོད་པ་ལྷུང་བ་ལས་མི་འདོད་ཀྱང་དེ་ཉིད་བློས་ཁ་ཅིག་རྡོ་རྗེའི་ཁ་རུ་ལྷན་ཅིག་སྐྱེས་པའི་དགའ་བ་ལ། བྱང་ ཆུབ་ཀྱི་སེམས་ལྷུང་བ་དེ་ནི་དགའ་བྲལ་གྱི་དགའ་བ་སྟེ། གཉིས་སོད་གཉིས་མཉམ་རྡོ་རྗེ་ལྷུང་དང་པདྨར་རེག །རྡོ་རྗེ་ལྷུང་བ་མི་བསྐྱོད་པ། །པདྨར་རེག་པ་རྡོ་རྗེ་སྟེ། །རྒྱུ་ལ་འབྲས་བུ་རྒྱས་བཏབ་པ། །བདེ་བ་ཆེན་པོ་རྒྱལ་པོ་ཉིད། །ཅེས་འདོད་པ་ནི་མ་བསྡམས་པས་ ལྷུང་བ་ཡིན་ཏེ། པདྨར་ནོར་བུ་ཡང་དག་པར་རེག་པའི་གནས་སྐབས་དེ་ཉིད། བྱང་ཆུབ་ཀྱི་སེམས་སུ་མྱོང་བའི་སྦྱོར་བ་ལ། རྡོ་རྗེའི་ཕྱི་རོལ་ཏུ་བྱུང་ནས་པདྨ་རེག་པ་དེ་ལ་ནི་ཉམས་སུ་མྱོང་བའི་དྲིའང་མེད་དོ། །བྲལ་བའི་དགའ་བ་ཉིད་ཀྱང་མ་ཡིན་ལ། བདེ་བ་ཆེན་པོའི་ རྒྱལ་པོ་ཉིད་ཀྱི་རྡོ་རྗེ་སེམས་དཔའ་ཡང་མ་ཡིན་ཏེ། བདེ་བ་མྱོང་བ་དང་བྲལ་བ་གང་དུ་རྡོ་རྗེ་སེམས་དཔའ་ཡོད་པ་མ་ཡིན་ནོ། །དེ་བདེ་བ་ཉམས་སུ་མྱོང་བ་ལས་གཞན་དུ་འགྱུར་བའི་བདེ་བ་ཆེན་པོའི་ངོ་བོ་མི་བསྐྱོད་པ་དང་ཕན་ཚུན་རྒྱས་བཏབ་པའང་མེད་དེ། ཆོས་ དང་ཆོས་ཅན་ནི་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པ་དེའི་བདག་ཉིད་ལ་རྒྱས་བཏབ་པར་བརྗོད་ཀྱི། དུས་ཐ་དད་པ་ལ་ནི་དེའི་བདག་ཉིད་ཀྱང་མེད་ལ། རིན་པོ་ཆེ་ལས་གཞན་པའི་རྡོ་རྗེའི་ཁར་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བའང་མ་ཡིན་ན། 10-9-6a འདིར་དེ་ཁོ་ན་ཉིད་རིག་པ་གང་དུ་རིན་པོ་ཆེའི་ནང་དུ་ཆུད་པའི་བདག་དང་གཞན་གྱི་གྲུབ་པའི་མཐའ་ལ་གཞན་གྱིས་ཐལ་འགྱུར་བྱེད་པ་དེའང་མང་དུ་མི་ཤེས་པའི་མངོན་པར་འདོད་པ་ཅན་ནོ། །ནོར་བུའི་དབུས་སུ་སོ་སོར་རང་གིས་རིག་པ་རྣམ་ པ་ཐམས་ཅད་ཀྱི་མཆོག་གིས་ཡོངས་སུ་སྤྲས་པའི་ཀུན་རྫོབ་ཀྱི་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་དོན་དམ་པར་རང་བཞིན་མེད་པ་དབུ་མའི་ལམ་གྱི་ངོ་བོ་ལ་དབུ་མ་ལས་གཞན་དུ་འདོད་པ་ཞེས་པ་ནི་མ་ཡིན་ཏེ། ངེས་པར་བློ་ཆུང་བའི་འཕྲལ་བཟོ་རྣམས་ ལ་ཆེད་དུ་བྱེད་པ་ལ་དགོས་པ་མེད་པའོ། །གཞན་དུའང་རྣམ་པར་བཞག་པ་ནི། གཙུག་ཏོར་ནས་ནི་སྨིན་མཚམས་ཀྱི། །ས་བོན་པདྨར་འགྲོ་དགའ་བ། །མགྲིན་པ་སྙིང་ག་མཆོག་ཏུ་དགའ། །སྣ་ཚོགས་རོལ་པའི་ལྟེ་བར་གནས། །གསང་བའི་པདྨར་འགྲོ་བ་གང༌། ། དེར་ནི་དགའ་བྲལ་འགྱུར་བའོ། །གསང་གནས་རྡོ་རྗེ་ནོར་བུ་འབར། །ཟགས་མིན་ལྷན་ཅིག་སྐྱེས་དགའ་བ། །རབ་ཏུ་མི་གནས་མྱ་ངན་འདས། །ཆགས་པ་ཆེན་པོ་མི་འགྱུར་གཙོ། །དགའ་བྲལ་འབད་སོགས་ཀྱིས་མི་འབོ། །དེ་འདིར་མྱ་ངན་འདས་པར་གནས། ། ཞེས་དུས་ཀྱི་འཁོར་ལོ་ལས་བརྗོད་དེ། དེ་ལ་རབ་ཀྱི་རྣམ་པར་རྟོག་པ་རགས་པ་མེད་པ་ནི་དགའ་བའོ། །རབ་ཀྱི་རགས་པ་མེད་པ་ནི་མཆོག་དགའོ། །འབྲིང་གི་རགས་པ་མེད་པ་ནི་བྲལ་བའོ། །ཐ་མའི་རགས་པ་མེད་པ་ཙམ་གྱིས་ཕྲ་མོ་ཡོད་ཀྱང་ལྷན་སྐྱེས་སུ་རྣམ་ པར་བཞག་པའོ། །ཕྲ་མོའི་རྣམ་པར་རྟོག་པ་ནི་ཆུང་དང་འབྲིང་དང་ཆེན་པོའི་དབྱེ་བས་ཐ་དད་པར་རིམ་པ་ཇི་ལྟ་བ་བཞིན་དུ་མེད་པས་དགའ་བ་བཞི་ཞེས་པའི་དོན་དུ་བཤད་པའི་ཉེ་བར་བསྟན་པའི་གདམས་ངག་ལས་ཤེས་པར་བྱའོ། །བུད་མེད་ཀྱིའང་གསང་བ་ 10-9-6b ཆུ་སྐྱེས་ཀྱི་ལྟེ་བ་ནི་ནོར་བུ་ལྟ་བུ་ཡིན་ལ། གང་དུ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། གཉེར་མ་རིམ་པ་གསུམ་གནས་པའི། །གྲུ་གསུམ་དེ་ཡི་རྩེ་མོར་ནི། །གྲུ་གསུམ་ལྟེ་བའི་རྣམ་པ་ནི། །རྡོ་རྗེའི་རང་བཞིན་ཅན་དུ་གསལ། །གྲུ་གསུམ་པོ་ནི་རྩ་རྣམས་ཀྱི། །གནས་སུ་ མཆོག་ཏུ་དྲན་པར་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་དབང་བསྐུར་བ་གསུམ་བསྟན་ནས། བཞི་པའི་རིམ་པ་སོ་སོར་སྒྲུབ་པར་འདོད་པའི་དགའ་བ་བཞི་རྣམ་པར་དག་པའི་ངོ་བོ་དབང་བཞི་པ་སྟོན་པར་འདོད་ནས་གསུངས་པ་ནི། དེ་ནི་ཞེས་པ་ལ་སོགས་པ་སྟེ། བཞི་ པ་དེ་ཡང་དེ་ལྟར་རོ། །ཞེས་པ་ནི་དེ་ཉིད་ཀྱི་ཤེས་རབ་ཡེ་ཤེས་ཀྱི་མྱུ་གུ་ཡིས་བྱང་ཆུབ་ཀྱི་སེམས་སོ། །ཡང་ན་ཕྱིས་བཞི་པར་བརྗོད་པའོ། །དེ་ལྟར་ཞེས་པ་ནི་དེ་དང་འདྲ་བ་ཉིད་དོ། །ཇི་ལྟ་བའི་ཆོ་གས་ཞེས་དང་རབ་ཏུ་འཕེལ་བར་བྱེད་པ་དེ་ཁོ་ན་ཉིད་ཀྱི་བླ་མའི་མན་ངག་གིས་ སྒྲིབ་པ་མེད་པའི་ལྷན་ཅིག་སྐྱེས་པའི་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་དུ་བརྗོད་དོ། །དེ་ཉིད་ཀྱིས་ནི་འགྲེལ་པ་མཐའ་དྲུག་པ་ལས་བཤད་པ་ནི། སྐྱོན་ཐམས་ཅད་ཀྱི་དྲི་མ་བཀྲུས་ནས། ཡེ་ཤེས་འཆར་བར་ བྱེད་པའི་བྱང་ཆུབ་ཏུ་དབང་བསྐུར་བ་ཞེས་པའོ། །དེའང་བསོད་ནམས་དང་ཡེ་ཤེས་བསགས་པ་ལས། བག་ཆགས་རྣམས་ཀྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུ་དེ་ཉིད་གསལ་པོར་སྣང་བ་དེ་ལས་གཞན་པ་རྣམས་ལས་ནི་ཚིག་གིས་གསལ་བར་ བྱ་སྟེ། ཤེས་རབ་ཡེ་ཤེས་ཀྱི་ཐབས་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཇི་ལྟ་བ་བཞིན་མན་ངག་གི་ཡན་ལག་གཞན་དང་ལྡན་པས་བསླབས་པའི་མི་གཡོ་བའི་བདེ་བ་ཆེན་པོ་མཚོན་བྱས་ནི། ཤིན་ཏུ་བའི་ཐབས་ལས་བྱུང་བའི་རྫོགས་པའི་ཡན་ 10-9-7a ལག་ཉེ་བར་བསྐྱེད་པ་ལས་ལམ་གྱི་གནས་སྐབས་སུ་བདག་ཉིད་འགྲུབ་པའོ་ཞེས། རྒྱུད་གཞན་ལས་གསུངས་པའི་རྒྱུ་དང་འབྲས་བུ་དབྱེར་མེད་པར་ལྷག་པར་མོས་པའི་ཕྱག་རྒྱ་ཆེན་པོའི་ང་རྒྱལ་དང་ལྡན་པས་བསྒོམ་པར་བྱ་སྟེ། དེ་ལྟར་འདུས་ པའི་རྒྱུད་སྟོང་ཕྲག་ཉི་ཤུ་ལྔ་ལས་གསུངས་ཏེ། རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཆུད་པར་ལྟ། །རྒྱུ་མཐུན་ལ་སོགས་བདེ་བར་རྫོགས། །ཇི་སྲིད་དྲི་མ་མེད་པའོ། །ཞེས་པའོ། །དེ་ལྟར་ཡང༌། བྷ་གར་ལིངྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་མི་ འབྱིན་ཞིང༌། །ཁམས་གསུམ་མ་ལུས་པ་རྣམས་ཀྱི། །སངས་རྒྱས་གཟུགས་བརྙན་བསྒོམ་པར་བྱ། །ཞེས་པ་དང༌། བདེ་མཆོག་ལས་ཀྱང༌། ནང་དུ་ཆུད་པའི་ཡིད་ཀྱིས་ནི། །འདོད་པའི་དངོས་གྲུབ་བསྒོམ་བྱའོ། །ཞེས་ཏེ། འདིར་རྡོ་རྗེ་སྐྱིལ་ཀྲུང་གི་གདན་ལས་དེའི་ཆ་ བཅུ་དྲུག་རྫོགས་པའི་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་ལས། ནང་དུ་ཆུད་པའི་ཡིད་ཅེས་བརྗོད་དེ། དེའི་འཕོ་བ་མེད་པའི་ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོའི་སྦྱོར་བས། ཁམས་གསུམ་པ་བརྟན་པ་དང་གཡོ་བའི་དངོས་པོ་འདིས། རང་བཞིན་ གྱི་བདག་ཉིད་ཅན་མ་ལུས་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་བདེ་བ་ཆེན་པོའི་རང་བཞིན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡོད་པ་དང༌། མེད་པ་ལས་འདས་པའི་གནས་མེད་པ་དང༌། དམིགས་པ་མེད་པར་རྟོགས་པར་བསྒོམ་པར་བྱ་སྟེ། དེ་སྐད་གསུངས་ པའང་ནི། ཇི་སྲིད་རྣལ་འབྱོར་པ་ཡིས་ནི། །སྐྱེ་གནས་རྒྱུན་མི་འཆད་སྦྱོར་བས། །བྱང་ཆུབ་སེམས་སྤོང་མི་བྱེད་པ། །དེ་སྲིད་བར་དུ་དགའ་བའི་མཆོག །བདེ་བའི་ངོ་བོ་དེ་དང་ནི། །སངས་རྒྱས་གཟུགས་སུ་ཀུན་སྦྱོར་བ། །ཇི་སྲིད་ས་བོན་བརྟན་གྱུར་པས། །རྟག་ཏུ་ 10-9-7b བདག་ཉིད་བསྒོམ་པར་བྱ། །ཞེས་སོ། །དེ་ལྟར་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཅོམ་ལྡན་འདས་ཀྱིས། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་འགྱུར། །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཆ་མེད་ཆ་ལས་ འདས་པ་ཡི། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །འདིར་སངས་རྒྱས་འགྲོ་བའི་ཆོས་ནི་དགའ་བ་གསུམ་པོ་རོ་གཅིག་པའི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་འཛིན་པ་ནི་དེའི་བདག་ཉིད་ཀྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཀུན་རྫོབ་ལ། དོན་དམ་པར་ ནི་རྣམ་པ་མེད་པའི་ཐམས་ཅད་དུ་རང་བཞིན་མེད་པ་ཉིད། དེ་རྣམས་རྣམ་པ་མེད་པའི་ངོ་བོ་ཉིད་ལ་བརྗོད་ལ། དེ་ལྟར་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས། རྣམ་བཅས་དངོས་པོ་ཀུན་བརྟགས་དང༌། །སྣང་བ་མེད་ཉིད་དུ་བརྟགས་ལ། །རྣལ་འབྱོར་པ་ཡིས་གཅིག་བས་སྤྱད། ། དེ་ཤེས་ཟུང་ཅིག་འཇུག་པ་ཅན། །ཞེས་བཤད་དོ། །ཆ་མེད་པ་ནི་བཅོ་ལྔའི་ཆའི་མཐའ་ལ་གནས་པའོ། །ཆ་ལས་འདས་པ་ནི་ནག་པོའི་ཚེས་གཅིག་ལ་རབ་ཏུ་ཞུགས་པའོ། །འདི་དག་གིས་ནི་ཐབས་དང་ཐབས་ལས་བྱུང་བའི་བདེ་བ་དག་དེ་ཁོ་ན་ཉིད་ཀྱི་སྟོང་པ་ཉིད་དོ། ། གང་དུ་བདེ་བ་དེ་ཉིད་དེ་ཁོ་ན་ཉིད་དུ་རྟོགས་པར་གནས་པ་དེ་དག་གི་འཁྲུལ་པ་བསལ་བའི་དོན་དུ། བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་པ་སྟེ། འབྱུང་བ་ཆེན་པོའི་བདེ་བ་ཞེས་པ་ནི་ས་བོན་དང་ བདེ་བ་དག་བདག་ཉིད་གཅིག་པས་སོ། །ལྷན་ཅིག་སྐྱེས་ཀྱང་རྟག་ཏུ་ཐམས་ཅད་འབྱུང་བ་མ་ཡིན་ཏེ། དེ་ལྟར་ན་ལྷན་སྐྱེས་དངོས་པོའི་ངོ་བོ་སྟེ། དེའི་དོན་དམ་སྟོང་པ་ཉིད། ཀུན་རྫོབ་རྟོགས་པའི་བདེ་བ་གལ་ཏེ་རྟོགས་ཀྱང༌། དེ་ལྟར་ནའང་རྟག་ཏུ་ཐམས་ཅད་དུ་ལྷན་ 10-9-8a ཅིག་སྐྱེས་པ་མ་ཡིན་ཏེ། སྡུག་བསྔལ་དང་བཏང་སྙོམས་ཉམས་སུ་མྱོང་བའི་དུས་ཐ་དད་པ་བསམ་གཏན་བཞི་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྟོགས་པ་བཞིན་ཉམས་སུ་མྱོང་བར་བྱས་པའི་ཕྱིར་རོ། །གང་དུ་མཚན་ཡང་དག་པར་ བརྗོད་པ་ལས་གསུངས་པ་ནི། བསམ་གཏན་བཞི་པའི་རྩེ་མོ་ཅན། །ཞེས་པ་ནི། དེ་ལ་བསམ་གཏན་བཞི་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ལ་རྩེ་མོ་ནི་སྒྲིབ་པ་མེད་པར་རྟོགས་པའི་མཐར་ཐུག་ནས། དེའི་བདག་ཉིད་དུ་གནས་པའི་ཕྱིར་དེའི་རང་བཞིན་འཛིན་ ཞེས་པའི་དོན་ནོ། །བདེ་བ་ཆེན་པོའི་རང་བཞིན་མུ་མེད་པའི་ཁམས་གསུམ་པ་མཐོང་བར་འགྱུར་བས། བསམ་གཏན་ལ་སོགས་པའི་བདེ་བ་ཆེན་པོའི་རང་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལྟར་གཞན་མ་ཡིན་པའི་ཐོས་པ་དེ་ལྟར་གསུངས་པ་ནི་བཟླས་པ་དང་ བཤད་པའི་དོན་དུའོ། །འོ་ན་ཇི་ལྟར་ན་བདེ་བ་ལ་ལྷན་ཅིག་སྐྱེས་པར་བརྗོད་ཅེ་ན། ཇི་ལྟར་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ནི། དེ་ཁོ་ན་ཉིད་མ་མཐོང་བས་ཡོད་པ་མ་ཡིན་པའི་ལྷག་པར་མོས་པར་སྒོམ་པར་བྱེད་པ་ནི་དེ་ཁོ་ན་ཉིད་རྟོགས་པའི་བདག་ཉིད་ཀྱི་ཕྱིར་ ཀུན་རྫོབ་ཀྱི་ངོ་བོའང་ལྷན་ཅིག་སྐྱེས་པར་བརྗོད་དོ། །དེ་ལྟར་བདེ་བའང་རེས་འགའ་ཉམས་སུ་མྱོང་བའི་གནས་སྐབས་སུ་མ་མྱོང་བའི་གནས་སྐབས་ཀྱིས་དེ་ཉིད་མ་མཐོང་བར་ལྷག་པར་མོས་པའི་བདེ་བ་དང༌། སྙིང་རྗེ་དབྱེར་མེད་པར་ངོ་བོ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ གྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་བསྒོམ་པར་བྱ་བས་དེ་ཁོ་ན་ཉིད་རྟོགས་པའི་གནས་སྐབས་ཀྱི་འཇིག་རྟེན་ལས་འདས་པ་ལྷུན་གྱིས་གྲུབ་པ་ནི། བཅོས་མ་མ་ཡིན་པས་ལྷན་ཅིག་སྐྱེས་པར་བརྗོད་དོ། །དེ་ཁོ་ན་ཉིད་མ་རྟོགས་པའི་གནས་སྐབས་ཀྱིས་ 10-9-8b མྱོང་བ་ནི། ཟག་པ་དང་བཅས་པ་དང༌། མི་བདེན་པ་དང༌། མ་རྒྱས་པ་དང༌། ཡན་ལག་མ་རྫོགས་པ་དང༌། གློག་འགྱུ་བ་བཞིན་དུ་ཡུད་ཙམ་སྐད་ཅིག་ཙམ་གྱིས་འཇིག་རྟེན་པའི་ཀུན་རྫོབ་རྩོལ་བ་དང་བཅས་པ་ཉིད་ཀྱིས་ནི། བཅོས་མ་ཉིད་ཀྱང་ལྷན་ཅིག་སྐྱེས་པར་བརྗོད་ དེ། ལྷན་ཅིག་སྐྱེས་པའི་རྗེས་སུ་བྱེད་པའི་ཕྱིར་འོད་གསལ་བ་བཞིན་ཏེ། ཇི་སྐད་དུ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། གང་འདིར་དགའ་བ་སྣང་བཅས་པ། །སྣང་བ་མཆེད་པ་མཆོག་ཏུ་དྲན། །བྲལ་བ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་པ་འོད་གསལ་བ། །ཞེས་ གསུངས་སོ། །འདི་ཉིད་ནི་ལྷན་ཅིག་སྐྱེས་པ་ལས་བྱུང་བའི་དེ་ཁོ་ན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སྟོང་པ་དང༌། སྙིང་རྗེ་དབྱེར་མེད་པ་འདི་ཅི་ཤེས་རབ་ཡེ་ཤེས་སམ། གཞན་ཉིད་ཡིན་ཞེ་ན། གཞན་མིན་ཏེ། དེ་ཉིད་འདིར་མི་མཐུན་པའི་ཕྱོགས་ཀྱིས་བཏང་ནས་རང་ གི་ངོ་བོ་གསལ་བར་བྱེད་པའོ། །དེའི་ཕྱིར་ཆོ་གའི་སྐབས་འདི་ཉིད་དུ་ཤེས་རབ་ཡེ་ཤེས་ཉམས་སུ་མྱོང་བ་དང་ཡན་ལག་བསྒོམས་པ་འཕེལ་བར་བྱེད་པའི་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས་བག་ཆགས་དང་བཅས་པའི་རྣམ་པར་རྟོག་པའི་དྲི་མ་དངོས་སུ་ བཀྲུས་ནས་བཞི་པ་འོད་གསལ་བ། དཔག་བསམ་གྱི་ཤིང་བཞིན་དུ་མངོན་པར་མཐོ་བ་ལ་སོགས་པ་འབྲས་བུ་རྣམས་ཀྱིས་ཇི་ལྟར་གདུལ་བྱ་ལ་ཤེས་རབ་ཡེ་ཤེས་དང་ཁ་སྦྱོར་བའི་དཔལ་བདེ་མཆོག་ལ་སོགས་པའི་སྐུའི་ལོངས་སྤྱོད་རྫོགས་པའི་སྐུ་ལ་ སོགས་པས་འགྲོ་བ་ཚིམ་པར་བྱེད་པ་དང༌། མི་འབྲལ་བར་མུ་མེད་པའི་དུས་ཀྱིས་གནས་པའི་ཕྱིར་གནས་པ་སྟེ། དེ་ལྟར་འདིར། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མད་པ་དང་། །ཐུགས་རྗེ་ཆིམ་བྱེད་རྒྱུན་མི་འཆད་དང༌། འགོག་པ་མེད་པ་སྟེ་ 10-9-9a ཡན་ལག་བདུན་གྱི་མཚན་ཉིད་དང་ལྡན་པར་གསུངས། འདིར་དང་པོ་ཡན་ལག་གསུམ་གྱིས་ནི་ཐེག་པ་གཞན་དང་ཐུན་མོང་མ་ཡིན་པར་བསྟན་ཏེ། རྒྱུའི་གནས་སྐབས་སུ་བསྐྱེད་པའི་རིམ་པ་དཔལ་བདེ་མཆོག་ལ་སོགས་པའི་རང་གི་ངོ་ བོར་སྒོམ་པ་གསུངས་པ་མེད་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་མཚན་དང་དཔེ་བྱད་ཀྱིས་འབར་བའི་ལོངས་སྤྱོད་རྫོགས་པའི་སྐུ་འབྲས་བུའི་གནས་སྐབས་ཉིད་དུ་མངོན་པར་མ་བརྗོད་པའི་ཕྱིར་རོ། །ཤེས་རབ་དང་སྦྱོར་བའང་མེད་ལ་དེ་ལས་སྐྱེས་ པའི་བདེ་བ་ཆེན་པོའང་མེད་དོ། །ཁ་ཅིག་གིས་སེམས་ལོངས་སྤྱོད་རྫོགས་པ་དང༌། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཤེས་རབ་དང་ཁ་སྦྱོར་ཏེ། དེ་བསྒོམས་པ་ལས་སྐྱེས་པའི་བདེ་བ་ཆེན་པོ་དེའི་རང་བཞིན་མེད་པ་ཉིད་དེ་ལས་འབྱུང་བའི་ ཐུགས་རྗེའོ། །ཞེས་པའི་ཡན་ལག་ལྔ་ཐུན་མོང་མ་ཡིན་པ་རྣམ་པར་བཞག་པ་ནི་རིགས་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་འདི་ཉིད་གསུངས་པའི་ཕྱིར་རོ། །དེས་ན་སེམས་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རིམ་པ། དཔལ་ཧེ་རུ་ཀ་ལ་ སོགས་པའི་རང་བཞིན་དུ་ལྷག་པར་མོས་པར་བྱེད་པ་དང༌། དངོས་པོ་མེད་པའི་བློ་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་ཉིད་དོ། །དེ་གཉིས་ཀའི་ཁྱད་པར་ཅན་གྱི་ལྷ་ཁ་སྦྱོར་བར་བསྒོམས་པ་ལས་བྱུང་བའི་བདེ་བ་ཆེན་པོ་དེ་ནི་རང་བཞིན་མེད་པ་ཉིད་དོ། །དེ་ལྟ་བུའི་རྣམ་ པའི་ལམ་སྟོན་པས་ཁྱད་པར་ཅན་གྱི་སེམས་ཅན་གྱི་དོན་བྱེད་པ་ཡོད་པས་ཀྱང་ཐུགས་རྗེ་རྒྱུན་མི་འཆད་པའོ། །ཞེས་པ་ནི་ཐུན་མོང་མ་ཡིན་པ་ཉིད་དེ། དེ་དག་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་དེ་ལྟར་མ་གསུངས་པའི་ཕྱིར་རོ། །གང་དུ་དེ་ལྟར་འགྱུར་བའི་བཅོམ་ 10-9-9b ལྡན་འདས་བར་ཆད་མེད་པས་བར་མ་ཆད་པ་ཉིད་དང༌། མྱ་ངན་ལས་འདས་པའི་ཕྱོགས་གཅིག་པ་མེད་པས་འགོག་པ་མེད་པ་ནི་ཐུན་མོང་མ་ཡིན་ནོ། །ཞེས་པའི་ཡན་ལག་བདུན་ཆར་ཡང་ཐུན་མོང་བ་ཡིན་པའོ་ཞེས་བཤད་པའི་ཕྱིར། བསྐྱེད་པའི་རིམ་པ་ལའང་རྗོད་ པར་བྱེད་པ་ཁ་ཅིག་གིས་ལོངས་སྤྱོད་པའི་ཡན་ལག་དེ་ཉིད་ཐབས་ཡིན་པར་འཁྲུལ་ནས། ཐུགས་རྗེའི་ཡན་ལག་ཏུ་གསུངས་པ་དེ་ནི་རིགས་པ་མ་ཡིན་ཏེ། སྡུག་བསྔལ་ལས་གདོན་པར་འདོད་པ་ནི་སྙིང་རྗེ་སྟེ། དེའང་ལས་དང་པོ་པའི་སེམས་ཅན་གྱི་ངོ་བོ་ཉིད་མི་ དམིགས་པ་ལས་སྐྱེས་པར་འགྱུར་རོ། །དེའི་རྗེས་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཆོས་ལ་སྦྱོར་བའི་དམིགས་པ་མེད་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དེ་རྗེས་རབ་ཏུ་བྱུང་བའི་དངོས་པོའི་རྣམ་པར་རྟོག་པ་མེད་པ་ནི་སངས་རྒྱས་རྣམས་ཡིན་ཏེ། དེ་ཉིད་ཀྱི་ དམིགས་པ་མེད་པ་ལྷུན་གྱིས་གྲུབ་པས་རྒྱུན་མི་འཆད་པར་འགྲོ་བའི་དོན་ལ་བརྗོད་དོ། །དེ་ལྟར་གསུངས་ཏེ། ཡིད་བཞིན་ནོར་ལྟར་མ་ལུས་པ། །སེམས་ཅན་དོན་བྱེད་སྙིང་རྗེ་ཉིད། །ཅེས་ཏེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་འདི་ཉིད་ནི། དབང་པོ་རབ་ཀྱི་ ལས་དང་པོ་པས་ཀྱང་ལྷག་པར་མོས་པའི་སྒོམ་པའོ། །ཞེས་པའི་སྙིང་རྗེ་ནི་ཡན་ལག་ལོགས་ཤིག་པ་ཡིན་ནོ། །འདི་ཉིད་ནི་དབང་བཞི་པ་སྟེ། དབང་བསྐུར་སྦྱིན་ཞེས་བྱ་བ་ལ་སོགས་པས་རྒྱས་པར་འཆད་པ་ནི། དབང་པོ་རབ་ཀྱི་སེམས་ཅན་ནི་དགའ་བ་ བཞི་ཉིད་དབང་བཞི་ཞེས་བསྟན་པར་འདོད་ནས་དེའང་དབང་རྣམ་པ་བཞི་ཞེས་གསུངས་ཏེ། དེའི་དགའ་བ་ལ་སོགས་པ་དེ་ལྟར་བརྟག་པ་གཉིས་པ་ལས། སློབ་དཔོན་གསང་བ་ཤེས་རབ་དང༌། །བཞི་པ་ཡང་ནི་དེ་ལྟར་ཏེ། །དབང་བཞི་པ་ཡི་གྲངས་ཀྱི་ནི། །དགའ་ 10-9-10a བ་ལ་སོགས་རིམ་ཤེས་བྱ། །ཞེས་གསུངས་སོ། །འདིར་ཡང་བྱང་ཆུབ་ཀྱི་རྟེན་ལ་རྡོ་རྗེའི་བུམ་པས་བྱ་བ་བྱེད་པའི་བུམ་པའི་དབང་གིས་སྤྱོད་པའི་བྱེ་བྲག་ལས་བྱུང་བ། སློབ་དཔོན་གྱི་དབང་ཡང་དགའ་བ་སྟེ། དེ་ལྟར་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ ལས། བཅུ་དྲུག་ལོ་ལོན་གཟུགས་བཟང་མ། །དགའ་བའི་རོ་ཡིས་ཚིམ་བྱས་པའི། །ཕྱག་རྒྱ་དེ་ནི་གཅེར་བུ་བྱ། །ཐོག་མར་དམ་ཚིག་སོགས་པས་མཆོད། །དེ་རྗེས་ཁ་སྦྱོར་སྦྱོར་བ་ཡིས། །ཡང་ནས་ཡང་དུ་འདོད་སྤྱད་པ། །ཇི་སྲིད་ས་བོན་འབྱུང་འགྱུར་བར། །ཅུང་ ཟད་ཀྱི་ནི་བསྲུང་བར་བྱ། །ཆུ་སྐྱེས་སུ་ནི་བྱུང་བའི་ཚེ། །སྙིང་ག་ལ་ནི་མྱུར་གཏོར་བྱ། །དེ་ནི་སློབ་དཔོན་དབང་མཆོག་ཏུ། །འགྱུར་རོ་དགའ་བའི་དབང་ཕྱུག་མ། །གསང་བའི་དབང་ནི་མཆོག་གྱུར་པ། །བཤད་ཀྱིས་གུས་པར་མཉན་པར་གྱིས། །གསང་གནས་གང་དུ་བདེ་ བ་ནི། །སྐད་ཅིག་ལེགས་པར་གནས་གྱུར་པ། །དེ་ནི་གསང་བར་ཡང་དག་བཤད། །གཞན་དུ་འཇིག་རྟེན་པ་རུ་འགྱུར། །ཤེས་རབ་ཡེ་ཤེས་དབང་འགྱུར་བའི། །ཀུན་ཏུ་རྙེད་དཀའ་བཤད་པར་བྱ། །ཤེས་རབ་ས་བོན་ངོ་བོར་བཤད། །ཡེ་ཤེས་བདེ་བའི་རང་བཞིན་ དྲན། །དབང་བསྐུར་ཞུ་བར་འགྱུར་བའི་བདག། ཡེ་ཤེས་གནས་སྐབས་ལས་གཞན་བདག །དེ་འགོག་པ་ནི་བཞི་པར་བརྗོད། །ལྷན་སྐྱེས་ཡེ་ཤེས་མཚན་ཉིད་དོ། །ཞེས་གསུངས་སོ།། །།མན་ངག་སྙེ་མའི་སྙེ་མ་དྲུག་པ་ལས། འོ་ན་རྣམ་པར་མི་རྟོག་ པ་སྒོམ་པ་ཞེས་པའི་དོན་ཅི་ཡིན་ཞེ་ན། བདེ་བ་ཆེན་པོས་ཐབས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ནི་སྒོམ་པའོ། །ཞེས་བྱ་བའི་དོན་ནོ། །དེ་ཅི་བདེ་བ་ཆེན་པོ་སྒོམ་པའི་རྣམ་པར་རྟོག་པ་སྐྱོན་མ་ཡིན་ནམ་ཞེ་ན། སྐྱོན་མིན་ཏེ། དེའང་འགྲོ་བ་ཐ་དད་པ་ཉིད་ 10-9-10b པས་འགྲོ་བ་སྟོང་པ་ཉིད་ཀྱིས་ན་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཕྱིར་ལ། སྟོང་པ་ཉིད་ནི་བསམ་པར་མི་འབྱུང་ཞེས་པས། དེའི་རྣམ་པར་རྟོག་པའི་སྐྱོན་མེད་དེ། རྣམ་པར་མི་རྟོག་པའི་རྗེས་སུ་མཐུན་པའི་ཕྱིར། ཉེ་བར་བསྟན་པ་སྟེ། ཇི་སྐད་དུ། འཁྲུལ་པ་གཞན་དག་ བཟློག་པ་ལ། །འཁྲུལ་པ་ཡིས་ཀྱང་ཕན་པར་བྱེད། །ཅེས་གསུངས་སོ། །དེ་ཉིད་ལས། གང་དུ་འདིའི་ངོ་བོ་ཉིད་མེད་པར་ཚད་མས་བསྒྲུབས་པ་ནི་བདག་གིས་ཤིན་ཏུ་རྒྱས་པར་རྩ་དབུ་མའི་སྙེ་མ་ལས་ཉེ་བར་བཀོད་པ་དང་ཐུབ་པ་དགོངས་པའི་རྒྱན་ལས་ཀྱང་ལུང་གི་ རྗེས་སུ་འབྲང་ནས་དང༌། མི་འཇིགས་པའི་གཞུང་འགྲེལ་ལས་ཀྱང་མདོར་བསྡུས་ནས་བསྟན་པས་སོ། །འདིར་དངོས་པོ་དང་དངོས་པོ་མེད་པ་ལས་ངོ་བོ་མེད་པར་སྤྲོས་པ་ཐམས་ཅད་པས་སོ། །དེ་དག་དངོས་པོ་དང་དངོས་པོ་མེད་པར་གནས་པས་དེ་ཉིད་ཀྱིས་ཁྱབ་པའི་ ཕྱིར་ན་ཁྱབ་བྱེད་མེད་པས་ན་ཁྱབ་བྱའང་མེད་པ་སྟེ། འདི་ཉིད་ནི་དེ་ཁོ་ན་ཉིད་མཐོང་བ་ལ་མཐོང་བ་ཉིད་མངོན་པར་འདོད་ཀྱི། གཉིད་ལོག་པའམ་མིག་བཙུམ་པ་བཞིན་གང་དུ་ཡིད་ལ་མི་བྱེད་པས་ནི་མ་ཡིན་ནོ། །ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཉིད་གཟུགས་ལ་སོགས་པ་ ལ་མངོན་པར་ཞེན་པ་གསལ་བར་བྱ་བའི་ཚེར་མ་ཟུག་པ་བཏོན་པ་གཞན་དེས་མ་ཡིན་གྱིས་དེ་ཉིད་ཀྱིས་དངོས་པོ་དང་དངོས་པོ་མེད་པ་དང༌། རང་དང་གཞན་གྱི་དངོས་པོ་ལ་སོགས་པའི་ཡིད་ལ་བྱེད་པ་བསལ་ནས་ཐམས་ཅད་ཡིད་ལ་བསྡུས་ནས་ཅིའང་བསམ་པར་མི་བྱ་ སྟེ། དེ་ལྟར་ཡང༌། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་བཤད་པའོ། །དེ་ཉིད་ཀྱི་གང་གིས་ཤེས་རབ་ཀྱི་སྤྱན་གྱིས་རྣམ་པར་བརྟགས་པས་ཡང་དག་པའི་ཡེ་ཤེས་ 10-9-11a ཀྱི་སྣང་བར་གྱུར་ནས་ཆོས་ཐམས་ཅད་མི་སྣང་སྟེ། དེ་ལ་དེ་ཁོ་ན་ཉིད་ཀྱིས་རྣལ་འབྱོར་གྱི་སྤྱོད་ལམ་ཐམས་ཅད་དུ་རྣམ་པར་གནས་པ་རྣམས་ཀྱིས་ཆོས་ཐམས་ཅད་མཐོང་བའང་མ་མཐོང་བ་སྟེ། རྣལ་འབྱོར་བསམ་གྱིས་མི་ཁྱབ་པ། ། བླ་མའི་དྲིན་གྱིས་རྟོགས་པ་ཉིད། །ནི་བཅོམ་ལྡན་འདས་མ་ཤེས་རབ་མ་ལས་སྐྱེ་བར་འགྱུར་ན། རྒྱུན་མི་འཆད་པར་ཚད་མ་དང་གཞལ་བྱའི་འབྲས་བུས་རྣམ་པར་འབྱེད་པ་དེས་ན་ཀུན་རྫོབ་ཏུ་རང་གསལ་བའི་ངོ་བོ་ཉིད་དུ་སྤྲོས་པ་མེད་ཀྱང་སྤྲོས་པའི་བདག་ཉིད་ ཀྱི་འཁོར་བའི་རང་བཞིན་གྱི་སྡུག་བསྔལ་གྱིས་མ་རྟོགས་ཏེ། དེ་ལ་ཇི་ལྟར་བདག་གིས་རྟོགས་པར་བྱ་ཞེས་རྣམ་པར་བསམ་སྟེ། དེའི་བདག་ཉིད་ཀྱིས་འགྲོ་བ་མ་ལུས་པ་དམིགས་པའི་དམིགས་པ་མེད་པའི་ཚུལ་གྱིས་སྙིང་རྗེ་ཆེན་པོ་སྐྱེ་བར་གྱུར་ནས་ དེས་བདག་ཉིད་ཅན་གྱི་རྫོགས་པའི་དཀྱིལ་འཁོར་གྱི་ངོ་བོའི་བདག་ཉིད་ཀྱིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་བཅོམ་ལྡན་འདས་མ་ཤེས་རབ་མ་ཕྱག་རྒྱ་ཆེན་པོའི་མིང་གཞན་ཅན་དེ་དང་བདག་ཉིད་གཅིག་པའི་ཕྱིར་དབྱེར་ མེད་པའི་རང་བཞིན་དུ་བལྟས་ནས། དེའི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ནི་རྣམ་པར་མི་རྟོག་པའི་རྣལ་འབྱོར་ཏེ། དེ་ལ་གང་དང་གང་གི་སེམས་བརྟན་པར་གྱུར་པ་དེ་ཉིད་དང་དེ་ནི་མཉམ་པར་བཞག་པའི་རྣལ་འབྱོར་ཉིད་ལ་དེ་ལས་གཞན་ པ་ནི་མཉམ་པར་མ་བཞག་པའི་རྣལ་འབྱོར་ཉིད་དོ། །དེའི་ཕྱིར་ན་རྫོགས་པའི་རིམ་པའི་ཕྱག་རྒྱའི་སྦྱོར་བ་ལས། གཞན་ལས་ཀྱང་མཉམ་པར་བཞག་པའི་རྣལ་འབྱོར་ཉེ་བར་བསྟན་ཏོ། །བདེ་བ་ཆེན་པོའི་ཐབས་ཀྱི་ཆོས་ཐམས་ཅད་མི་རྟོག་པའི་གནས་ 10-9-11b སྐབས་ཀྱི་ཕྱག་རྒྱ་ཆེན་པོ་སྒྲུབ་པའང་ཕྱག་རྒྱའི་སྦྱོར་བ་ཉིད་ཀྱིས་སོ། །དེ་ཉིད་འདིར་སྟོང་པ་དང་སྙིང་རྗེ་བདག་ཉིད་གཅིག་པའི་སྦྱོར་བ་ནི། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དང་ནི་དེ་བཞིན་འཛིན། །རྗེས་སུ་དྲན་དང་ཏིང་འཛིན་དང༌། །སྦྱོར་བ་ ཡན་ལག་དྲུག་ཏུ་འདོག། །ཅེས་པ་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པའི་སྦྱོར་བའི་ཡན་ལག་དྲུག་སྟེ། དེ་ལྟར་ཡང་གཞོན་ནུ་མའི་གཟུགས་བརྙན་གྱི་ཚོགས་མཐོང་བ་བཞིན་དུ་དབང་པོ་རྣམས་སྟོང་པ་ཉིད་དང་རོ་གཅིག་པས་རང་གི་ཡུལ་དུ་ བྱས་པ་རྣམས་ལ་མ་ཞེན་པ་ནི་སོ་སོར་སྡུད་པ་སྟེ། སོ་སོར་དེ་རྣམས་ལ་སྡུད་པས་དབང་པོ་རྣམས་བཀུག་པར་བྱེད་པས་སོ། །དེས་རྣམ་པར་གཡེང་བ་དང་བྲལ་བའི་བསམ་གཏན་ཏེ། དེའང་རྣམ་པར་རྟོག་པ་ནི་དངོས་པོ་ལ་རྟོག་པའོ། །རྣམ་པར་དཔྱོད་པ་ནི་ དངོས་པོ་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་དཔྱོད་པའོ། །དེ་ལྟར་ཕྱི་རོལ་གྱི་རང་བཞིན་ཡུལ་ལས་བཟློག་པའི་ཡིད་ཙམ་ནང་དུ་ཕྱོགས་པས་ལྷའི་བདག་ཉིད་ཅན་དུ་བདག་ཉིད་དམིགས་པར་བྱེད་པའི་བླ་ན་མེད་པའི་ཤེས་རབ་དང༌། ཐབས་རོ་གཅིག་པ་ཉིད་དུ་དཔྱད་ པ་གང་གིས་དེ་ཁོ་ན་ཉིད་ལ་འཇུག་པ་མངོན་པར་ཕྱོགས་པ་ཡིད་བདེ་བ་གང་དེ་ནི་དགའ་བའོ། །དེས་ལུས་སྦྱངས་པ་ལ་སོགས་པ་ནི་བདེ་བའོ། །དེ་ལྟར་བསྒོམས་པས་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་མཐར་ཐུག་པའི་ཤེས་རབ་ཀྱི་བདག་ ཉིད་ཀྱིས་སེམས་རྩེ་གཅིག་པ་ཞེས་པ་རྣམ་པ་ལྔའོ། །དེ་ལ་ལ་ལ་ནཱ་དང་ར་ས་ནཱ་གཉིས་འགགས་ནས། ཨ་ཝ་དྷཱུ་ཏཱིའི་ལམ་ཉིད་དུ་འཇུག་པའི་གནས་པ་དང་ལྡན་པའི་བདག་ཉིད་ཅན་གྱི་སྲོག་གི་རླུང་ཕྲ་མོ་འཇུག་པ་ནི་སྲོག་རྩོལ་ལོ། །དེ་ལ་ཨ་བ་ 10-9-12a དྷཱུ་ཏཱི་ལས་ཕྱིར་མ་བྱུང་བར་ལྟེ་བ་དང་སྙིང་ག་དང་ལྐོག་མ་དང་དཔྲལ་བའི་པདྨའི་ལྟེ་བ་རྣམས་སུ་ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱིས་རིམ་པས་བསགས་པའི་བྱང་སེམས་ཀྱི་ཐིག་ལེ་ལས་སེམས་ཀྱི་བཞོན་པའི་སྲོག་གི་རླུང་གཞུག་ཅིང་སྟོང་པ་ ཉིད་དང་རོ་གཅིག་པ་ནི་འཛིན་པའོ། །དེས་ཀྱང་གཏུམ་མོ་རང་གི་ངང་གིས་འབར་ཏེ། རི་བོང་ཅན་ཡང་དེས་བསྐུལ་བས་ཤིན་ཏུ་འཇིགས་ནས་དེ་རྡོ་རྗེ་ནོར་བུའི་ནང་དུ་ཚུད་པའི་བྱང་སེམས་ཀྱི་རིམ་གྱིས་རྫོགས་པ་ལ་སོགས་པའི་བདེ་བས་གང་ནས་དྲི་མ་མེད་པའི་ བར་དུ་འདོད་པས་དེ་འཛིན་པ་ལ་བཅུག་པའི་སེམས་ལ་རང་གི་ངང་གི་སྨིག་རྒྱུ་དང་དུ་བ་དང་སྲིན་བུ་མེ་ཁྱེར་དང་མར་མེ་དང༌། རྟག་ཏུ་སྣང་བ་ཞེས་པའི་མཚན་མའི་སྣང་བ་སྔོན་དུ་འགྲོ་བ་ཅན་གྱི་རྫོགས་པའི་རིམ་པ་དཀྱིལ་འཁོར་གྱི་ལྷར་གཟུགས་བརྙན་ གྱི་རྣམ་པའི་རྣམ་པར་རྟོག་པ་མེད་པ་ཅན་དུ་མཐོང་ནས་འོད་ཟེར་དུ་མ་སྤྲོ་ཞིང༌། དེ་ལས་ཁམས་གསུམ་དུ་ལྷའི་འཁོར་ལོ་སྤྲོ་བའི་རང་བཞིན་ཞེས་པ་ནི་རྗེས་སུ་དྲན་པའོ། །དེ་ལ་གནས་པ་ནི་ཕ་རོལ་གྱི་ཇི་ལྟར་གདུལ་བྱ་ལའང་སོ་སོར་སྣང་བར་འགྱུར་ཏེ། དེའི་དེ་ཉིད་ ཀྱི་རྣམ་པར་མི་རྟོག་པའི་རྣལ་འབྱོར་གྱིས་མི་གཡོ་བའི་བདེ་བ་ཆེན་པོའི་རང་བཞིན་ཟུང་དུ་འཇུག་པའི་བདག་ཉིད་ཅན་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཛིན་པ་ཆེན་པོའི་ངོ་བོ་ནི་ཏིང་ངེ་འཛིན་ཞེས་བྱའོ། །ཡན་ལག་དྲུག་གི་ཕན་ཡོན་ནི་འདུས་པའི་རྒྱུད་ཕྱི་མ་ལས། སོ་སོར་ སྡུད་པ་སྙོམས་འཇུག་པ། །སྔགས་རྣམས་ཀྱིས་ནི་བྱིན་གྱིས་བརླབ། །བསམ་གཏན་ཡེ་ཤེས་སྙོམས་འཇུག་པས། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྲོག་རྩོལ་བས་ནི་ངེས་པར་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས། །རྟག་ཏུ་ 10-9-12b འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་མཉམ་པར་བཞུགས། །རྗེས་སུ་དྲན་པ་མཉམ་བསྒོམས་པས། །འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །ཏིང་འཛིན་དབང་སྒྱུར་ཙམ་གྱིས་ནི། །སྒྲིབ་པ་མེད་དང་ལྡན་པར་འགྱུར། །ཞེས་པ་དང༌། ཏིང་ངེ་འཛིན་ དེ་ཉིད་ནི་འདིར་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་གསུངས་ཏེ། སྒྱུ་འཕྲུལ་དྲ་བས་མངོན་སངས་རྒྱས། །འཁོར་བ་རྒྱ་མཚོའི་ཕ་རོལ་སོན། །བྱ་བ་བྱས་པའི་རྣལ་འབྱོར་ཆེ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །དེ་ནི་གཉིས་མེད་ཡེ་ཤེས་ཏེ། །རབ་ཏུ་མི་གནས་མྱ་ ངན་འདས། །སངས་རྒྱས་ཉིད་དང་རྡོ་རྗེ་འཛིན། །དེ་བཞིན་ཀུན་གྱི་དབང་ཕྱུག་ཉིད། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྫོགས་པའི་རིམ་པའང་དེ་ཉིད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །གཉིས་སུ་མེད་པར་དེ་བརྗོད་དེ། །སྐྱེ་བ་མེད་ལ་སོགས་སྒྲ་གང༌། །གཉིས་མེད་ཡེ་ཤེས་ མཚོན་པའོ། །ཐམས་ཅད་འདི་ཡི་བརྗོད་བྱེད་དེ། །འཛིན་ནི་གཞན་དག་མ་བརྗོད་དོ། །ཡོད་དང་མེད་པའི་ཕྱོགས་སྤངས་པ། །འདི་ཉིད་རྟོགས་པའི་སངས་རྒྱས་པ། །གངྒཱ་ཀླུང་གི་བྱེ་སྙེད་ཀྱི། །ཕྱག་རྒྱ་ཆེན་པོ་བདག་ཉིད་གྲུབ། །ཅེས་སོ།། །།མན་ངག་གི་སྙེ་ མ་བདུན་པ་ལས། ཇི་ལྟར་སྒྱུ་མ་རྨི་ལམ་བཞིན། །བར་དོའི་སྲེད་པ་ཇི་ལྟ་བར། །རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །དེ་ལྟར་དཀྱིལ་འཁོར་འགྱུར་བ་ཡིན། །ཞེས་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ། །དེའི་རྗེས་སུ་དེ་བཞིན་གཤེགས་པ་ ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་པ་རྣམས་ཀྱིས་འགྲོ་བ་རྟོགས་པའི་སངས་རྒྱས་སུ་བྱས་ནས་ཇི་ལྟར་རིགས་པར་རང་གི་ལུས་ལ་བསྡུས་པས་སོ། །རང་གིས་འཁྱུད་པའི་ལྷ་མོ་ལ་ནི་དེ་ལས་གཞན་པའི་རྣལ་འབྱོར་མ་རྣམས་ཏེ། དེ་དང་ 10-9-13a ལྷན་ཅིག་བདེ་བ་ཉམས་སུ་མྱོང་བའི་ལྟེ་བར་འབྱུང་བའི་རླུང་གིས་བསྐུལ་བའི་གཏུམ་མོ་རབ་ཏུ་དྲག་པོའི་ངོ་བོ་རི་མོའི་འོད་ཀྱིས་བསྲེགས་ན་རི་བོང་ཅན་གྱི་ཐིག་ལེའི་གཟུགས་འཇུག་པའི་རླུང་དང་ལྷན་ཅིག་རྟོགས་པའི་གཏུམ་མོ་དང་ལྷན་ཅིག་ ཏུ་འགྱུར་བའི་ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བའི་རིམ་གྱིས་ལྟེ་བའི་དཀྱིལ་འཁོར་ལ་དམིགས་པའི་ཡིད་ཀྱིས་དམིགས་པ་མེད་པར་འགྱུར་ཏེ། དེ་ལྟར་ཡང་ནས་ཡང་དུ་བྱས་ཏེ་དེའི་རྗེས་སུ་ལས་རླུང་ལྟེ་བར་འགགས་པར་མོས་པ་ལ་ཐིག་ ལེ་ཙམ་གྱི་རྣམ་པར་བལྟས་ལ་ཐིག་ལེ་དེའི་ནང་དུ་སྐད་ཅིག་གིས་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དྲན་པར་བྱའོ། །དེ་ལྟ་བུ་ཉིད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་སྒྱུ་མའི་རང་བཞིན་དུ་བསྒོམ་མོ་ཞེས་པ་ནི་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ ཏོ།། །།ཡང་དེ་ཉིད་ལས། འདིས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ལྷའི་རྣམ་པའི་བདག་ཉིད་ཅན་གྱི་ལུས་ཀྱི་དངོས་པོའོ། །དཀྱིལ་འཁོར་སྣ་ཚོགས་པའི་ལྷའི་སྤྲུལ་པ་རྣམས་ཀྱིས་སྣ་ཚོགས་ པའི་དོན་བྱེད་པར་གསུངས་པ་དེ་གསལ་བར་བྱེད་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་དཀྱིལ་འཁོར་དུ་བརྗོད་དོ། །འོ་ན་རང་བཞིན་གྱིས་རྣམ་པར་དག་པའི་དཔག་ཏུ་མེད་པའི་ཆོས་ཀྱི་རྟེན་གྱི་རང་བཞིན་གྱི་སེམས་ཉིད་དཀྱིལ་འཁོར་ཀྱང་གདུལ་བྱའི་ སྐྱེ་བོ་རྣམས་ལ་གསུངས་པ་མིན་ནམ་ཞེ་ན། གསུངས་ཏེ། རྣལ་འབྱོར་པས་རྣམ་པར་དག་པའི་སེམས་ཀྱི་དཀྱིལ་འཁོར་རྣམ་པར་སྤྲོས་པའི་ཤིན་ཏུ་ཡོངས་སུ་དག་པའི་བློས་སངས་རྒྱས་སུ་མོས་པར་བྱས་པ་ཉིད་ནི་རང་བཞིན་གྱིས་ཡོངས་སུ་ 10-9-13b དག་པ་ཉིད་རྟོགས་པའི་ཕྱིར་ལ། རང་གི་སེམས་རང་བཞིན་གྱིས་དག་པ་ཡོངས་སུ་རྟོགས་པས་སངས་རྒྱས་པའི་རྣལ་འབྱོར་པ་ནི་བཞེད་པ་ཙམ་མོ། །དེ་ནས་དཀར་པོའི་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་དཀྱིལ་འཁོར་དུ་བརྗོད་ཟིན་ཀྱང༌། དེ་ལྟར་ནའང་སེམས་ ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་དང་འགལ་བ་མེད་པ་དེ་ལྟར་ཡིན་ན། བསྐྱེད་པའི་རིམ་པ་བསྟན་པ་རྣམས་ལ་དགོས་པ་ཅིའང་མེད་དོ་ཞེ་ན་ཡོད་དེ། དེ་ནས་གཞན་དུ་བརྗོད་པ་གསུངས་པ་ནི། ཅི་ཞེས་པ་སྟེ་ཅིའང་ཡོད་པ་མ་ཡིན་ཏེ། གང་བྱང་ཆུབ་ཀྱི་ སེམས་སྒོམ་པ་མ་ཡིན་པས་འགྲུབ་པ་མེད་ཅེས་དགོངས་པའོ། །གང་དུ་བདག་གིས་སངས་རྒྱས་རྡོ་རྗེ་འཇིན་པའི་བསྐྱེད་པའི་རིམ་པ་སྒོམ་པ་ལ་སོགས་པ་དེ་ནས་སེམས་རྒྱ་ཆུང་ངུ་མ་ལས་དང་པོ་པ་རྣམས་ལ་ཕན་པ་ཉིད་དེ་སེམས་དང་རྗེས་སུ་མཐུན་པར་ འདོད་པས་འདིས་གང་བྱས་པའོ། །དེའང་གཟུགས་སྣ་ཚོགས་པའི་སྤྲུལ་པ་རྣམས་ཀྱི་སྣ་ཚོགས་པའི་ཆ་བྱད་དང་རྒྱན་དང་བཀོད་པ་སྐལ་བ་དང་ལྡན་པ་ལ་སྤྲོས་པ་དང་བཅས་པ་ཉེ་བར་སྟོན་ནོ། །གཅིག་ཏུ་གྱུར་ནས་མང་པོར་གྱུར་པ་དང་མང་པོར་གྱུར་ནས་ གཅིག་ཏུ་གྱུར་པ་དང༌། སྣང་བར་གྱུར་ནས་མི་སྣང་བར་གྱུར་པ་དང༌། མི་སྣང་བར་གྱུར་ནས་སྣང་བ་ཡང་དག་པར་སྟོན་པའི་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པའི་སངས་རྒྱས་རྣམས་ཀྱིས་གར་བྱེད་པ་ནི། གདུལ་བྱ་རྣམས་ལ་རྣམ་པར་སྟོན་ པ་སྣ་ཚོགས་ཤིང་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་འདིའི་གར་ནི་ལས་དང་པོ་པ་ཉིད་ཀྱིས་བསོད་ནམས་བསགས་པའི་དབང་པོ་རབ་ཀྱི་ཤེས་རབ་ཀྱིས་འཇིག་རྟེན་པའི་འབྲས་བུ་གྲུབ་པ་ལས་སྐྱེས་པ་དད་པས་རྫོགས་པའི་རིམ་པ་བསྒོམས་པ་རྣམས་ལའང་ 10-9-14a ཤིན་ཏུའང་སྣང་བར་འགྱུར་རོ། །དེའང་དེ་ཉིད་ལས་ཡིད་ཆེས་པར་མི་ནུས་པའི་བློ་དམན་པ་ལ་དང་པོར་བསྟན་པར་མི་བྱ་སྟེ། དེའང་རྫོགས་པའི་རིམ་པ་བསྒོམས་པ་ཉིད་ཀྱིས་ཐམས་ཅད་འགྲུབ་བོ། །ཞེས་ཐོས་པས་དེའང་མི་ནུས་ལ་བསྐྱེད་པའི་ རིམ་པ་ལས་ཀྱང་ཉམས་པར་འགྱུར་ཏེ། དེའི་ཕྱིར་ན་དང་པོ་བསྐྱེད་པའི་རིམ་པ་སྒོམ་པ་དེ་ཉིད་ངེས་པའི་དོན་ཞེས་ཁ་ཅིག་ཏུ་བསྟན་ཏེ། ཇི་སྐད་དུ་གསུངས་པ། རྒྱུ་འབྲས་དངོས་པོ་ཞེས་པ་ནི། །སེམས་ཀྱང་ཉམས་པར་མི་འགྱུར་རོ། །ཞེས་པའི་དོན་ཏེ། དེའི་ ཕྱིར་ན་རྫོགས་པའི་རིམ་པ་ཤེས་པས་ཀྱང་ཡོངས་སུ་སྨིན་པ་ལ་བལྟོས་པ་མེད་པས་བསྐྱེད་པའི་རིམ་པ་དང་པོར་བསྒོམ་ཞེས་པའི་མན་ངག་གོ། །།མན་ངག་སྙེ་མ་བཅུ་གཉིས་པ་ལས། ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔར་གཞུག་ པ་དང༌། དེ་ནི་འདིར་ཐ་མལ་པའི་ང་རྒྱལ་ལས་བཟློག་པ་སྟེ་རང་གི་སེམས་ཀྱི་སྣང་བའི་ངོ་བོ་ཕྱག་ལ་སོགས་པ་རྣམས་སྤྲོས་པའི་ལྷའི་སྐུའོ། །ཁ་ཅིག་ནི་ས་བོན་དུ་ཡང་གསུངས་ལ། ཁ་ཅིག་ཏུ་ནི་དེ་ཉིད་དེ་མཉམ་པ་དང་འདུས་པ་སྟེ་དེའི་བདག་ཉིད་དུ་གྱུར་ པའི་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་བྱས་པའི་ཕྱིར་འདིར་ཡེ་ཤེས་སེམས་དཔའ་ཞེས་པ་དང༌། དམ་ཚིག་སེམས་དཔའ་ནི་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་དང་རྣམ་པར་དག་པའི་སེམས་ཅན་གྱི་ཐ་སྙད་ཀྱི་ཡུལ་གྱི་ཕྱིར་ལ་ས་བོན་ནི་ནུར་ནུར་ པོ་བཞིན་སེམས་ཅན་ནོ། །འོ་ན་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་ཉིད་ཁ་ཅིག་ཏུ་སངས་རྒྱས་རྣམས་ཐམས་ཅད་དང་ཁ་ཅིག་ཏུ་བྱང་ཆུབ་སེམས་དཔའ་རྣམས་དང་ཁ་ཅིག་ཏུ་འགྲོ་བ་རྣམས་དང༌། ལྷན་ཅིག་པ་དེའི་བདག་ཉིད་དུ་བཤད་ 10-9-14b ན་ཇི་ལྟར་འགལ་བ་མ་ཡིན་ཞེ་ན། དེ་ལྟར་གྱུར་ན་གཞན་གྱི་རྒྱུ་མེད་པས་རིག་བྱེད་སྨྲ་བའི་གྲུབ་པའི་མཐར་ལྷུང་བས་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་དང༌། སྙིང་རྗེ་ཆེན་པོས་སྦྱིན་པ་ལ་སོགས་པས་བསོད་ནམས་ཀྱི་ཚོགས་ཀྱང་གང་གིའང་སྤྱོད་ ཡུལ་མ་ཡིན་ལ། གང་དུ་ཁ་ཅིག་གིས་ཡེ་ཤེས་སེམས་དཔའ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འགྲོ་བའི་རྒྱུད་གཅིག་ཏུ་གྱུར་ནས་སྤྲོ་བ་གསུངས་པ། དེ་ནི་ཤིན་ཏུའང་འགལ་ཏེ་རྣམ་པར་ཤེས་པ་གཅིག་གི་རྒྱུད་ལ་སེམས་ཅན་ཞེས་གྲུབ་པའི་ གཙོ་བོའོ། །དུས་གཅིག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དུ་མའི་ཆ་ནས་མེད་པར་གནས་པའི་བྱ་བ་གཅིག་པ་རྣམས་ནི་གཅིག་ཏུ་མོས་པ་ཉིད་ཀྱིས་ཏེ་གཟུགས་དང་དྲི་དང་རོ་དང་རེག་བྱའི་རྡུལ་ཕྲ་རབ་ཚོགས་པ་འདུས་པ་བུམ་པ་གཅིག་ཅེས་མོས་པས་ཐ་སྙད་བྱེད་ པ་བཞིན་དུ་སེམས་ཅན་གྱི་ཐ་སྙད་དུ་དེ་བཞིན་ནོ་ཞེ་ན། གལ་ཏེ་བདག་དང་གཞན་གྱི་རྒྱུད་དག་གཅིག་གི་དངོས་པོར་བསྟན་ན་ནི་འགལ་བར་འགྱུར་བས་དེ་ལྟར་ན་ནི་མོས་པ་ཅན་གྱི་གཅིག་ཏུ་ལྷག་པར་མོས་པས་ནི་ས་དང་པོ་གོམས་པར་བྱེད་པ་དང་ལྡན་པ་ཉིད་དེ། སྒྲིབ་པ་མེད་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཡོངས་སུ་དག་པ་སེམས་ཅན་དེ་དག་བདག་ཉིད་དུ་ལྷག་པར་མོས་པ་བརྟན་པོ་གུས་པ་དང་བྲལ་བར་འཇུག་པའི་སོ་སོའི་སྐྱེ་བོའི་ང་རྒྱལ་བསལ་བས་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་ཉེ་བར་ འགྱུར་བར་བྱེད་པའོ། །དེ་ལྟར་ཡང་དཔལ་དེ་ཉིད་བསྡུས་པ་ལས། མངོན་པར་བྱང་ཆུབ་པ་རྣམ་པ་ལྔར་འགྱུར་བ་བདེན་པ། ཨོཾ་ཇི་ལྟར་དེ་བཞིན་གཤེགས་པར་འགྱུར་བ་ཐམས་ཅད་ཀྱིས་དེ་ལྟར་བདག་གི་ཡིན་ནོ་ཞེས་པའི་རྗེས་སུའང་གསུངས་ཏེ། དེ་ནས་བྱང་ 10-9-15a ཆུབ་སེམས་དཔའ་རྡོ་རྗེ་དབྱིངས་ཀྱིའོ། །དེ་བཞིན་གཤེགས་པའི་སྐུར་བདག་གིས་མངོན་པར་བྱང་ཆུབ་ནས་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཙལ་ནས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ བདག་ལ་བྱིན་གྱིས་བརླབས་ནས་མངོན་པར་བྱང་ཆུབ་པ་ནི་བདག་ལ་བསྟན་པར་མཛད་དུ་གསོལ་ཞེས་པ་སྟེ། དེ་ནས་དེ་སྐད་གསོལ་བ་བཏབ་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་དབྱིངས་ལ་དེར་སེམས་དཔའི་རྡོ་རྗེ་ཅན་ནོ། །དེ་ནས་དེ་བཞིན་ གཤེགས་པ་རྡོ་རྗེ་དབྱིངས་ཀྱིས་དེའི་སྐད་ཅིག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་འོད་གསལ་བ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ ཕྱག་རྒྱའི་གསང་བའི་དམ་ཚིག་རབ་ཏུ་ཞུགས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་རྟོགས་པའི་རང་བཞིན་གྱིས་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པའི་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ ཀྱི་འབྱུང་གནས་སུ་གྱུར་ནས་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ་ཞེས་པའོ། །འདིར་རྡོ་རྗེ་དབྱིངས་ཀྱིས་མ་འོངས་པའི་སྐྱེ་བོ་ལ་དགོངས་ནས་དེ་བཞིན་གཤེགས་པའི་སྐུ་རང་བཞིན་གྱིས་ཞུས་པའོ། ། དེ་ཉིད་ཀྱིས་གསུངས་པ་ནི་དེ་བཞིན་གཤེགས་པ་ཞེས་པའོ། །སེམས་དཔའ་རྡོ་རྗེ་ནི་དམ་ཚིག་སེམས་དཔའ་སྟེ། དེའི་དེ་ཉིད་དུ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཡེ་ཤེས་སེམས་དཔའ་རྡོ་རྗེ་འཛིན་པ་བཞུགས་པའི་ 10-9-15b རྗེས་ཐོགས་ཀྱི་སྐད་ཅིག་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ལ་སོགས་པའི་དང་པོར་ཡེ་ཤེས་ཞེས་པའི་ཚིག་བཞི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་གསུངས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་འདིས་ནི་ལྔ་པའི་མཉམ་པའི་ཚིག་ གིས་ནི་ཐམས་ཅད་དང་འདྲ་བར་གསུངས་སོ། །དེ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་བདག་ཉིད་དང་ལྷན་ཅིག་ཏུ་བརྟན་པར་ལྷག་པར་མོས་པ་ནི་མཉམ་པར་རྟོགས་པའི་དོན་ཉིད་ལ། དེ་ལྟར་འགྲོ་བའང་ལྷན་ཅིག་ཏུ་ལྷག་པར་མོས་པར་བྱ་སྟེ། རང་བཞིན་གྱི་དེ་བཞིན་ ཉིད་ཀྱིས་འགྲོ་བའོ། །རྒྱུ་དང་འབྲས་བུའི་གནས་སྐབས་དག་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ཉིད་ལས་བྱུང་བར་འགྱུར་བའི་འབྲས་བུའི་གནས་སྐབས་ཀྱི་ཡེ་ཤེས་སེམས་དཔའི་ངོ་བོ་དང་ལྷན་ཅིག་ཏུ་དེའི་བདག་ཉིད་དུ་ལྷག་པར་མོས་པར་བྱེད་ལ་གཞན་གྱི་རྒྱུད་ཀྱི་སེམས་ཅན་ མཉམ་པའི་སེམས་ཅན་ནོ་ཞེས་པ་ནི་མན་ངག་གོ། དེ་བས་ན་དངོས་པོར་འགྱུར་བའི་རང་གི་དང་གཞན་གྱི་སེམས་ཀྱི་རྒྱུད་དེའི་བདག་ཉིད་སྒོམ་པ་མ་ཡིན་ལ། དེའི་རང་གི་ལས་སྤྲོས་པའང་མ་ཡིན་ནོ། །ཞེས་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་གཞན་ དག་ཏུ་ཇི་ལྟར་རིགས་པར་གོ་བར་བྱའོ། །དེའང་ལྷ་མོ་གཅིག་ལ་ལྷ་མོ་གཞན་ནི་བསྡུས་ནས་བདག་པོ་ལ་བདེ་བ་ཆེན་པོས་མཆོད་ཅེས་བྱ་བ་གསུངས་ཏེ། དེ་ལ་ཡིད་ཀྱི་རང་བཞིན་གྱིས་ཆོས་ཀྱི་ལུས་ཐོག་མ་མེད་པ་རྣམས་ཀྱིས་དེ་རྣམས་ཀྱི་རྒྱུད་ཐ་དད་པ་ཉིད་ལྷན་ ཅིག་ཡུལ་གཅིག་ཏུ་གནས་པ་ཙམ་གྱི་ནང་དུ་བསྡུས་པ་ལས་དེ་རྣམས་ཕན་ཚུན་བདག་ཉིད་གཅིག་པ་ནི་མ་ཡིན་ནོ། །རྣལ་འབྱོར་པའི་རྒྱུད་ལ་སྤྲུལ་པ་ཉིད་ནི་དེ་དང་བདག་ཉིད་གཅིག་པ་ལའང་འགལ་བ་མེད་དེ། ལྷའི་དཀྱིལ་འཁོར་རྣམ་པ་གཉིས་ཏེ། ཁ་ཅིག་ཏུ་ 10-9-16a ཕལ་ཆེར་རྒྱུད་གཞན་ལས་ཚུལ་གཞན་དུ་བསྟན་པ་སྟེ། དཔལ་དེ་ཉིད་བསྡུས་པའི་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་གསུངས་པ་བཞིན་ནོ། །ཁ་ཅིག་ཏུ་ནི་ཕལ་ཆེར་རྣལ་འབྱོར་པའི་རྒྱུད་ལས་སྤྲུལ་པས་ཏེ། ཇི་ལྟར་དཔལ་གསང་བ་འདུས་ པ་ལས་དང༌། བདེ་མཆོག་དང་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་རྣམས་བཞིན་ནོ། །དབང་པོ་རྣོན་པོའི་སེམས་ཅན་གྱིས་ནི་གང་དུ་བདག་ཉིད་གཅིག་པར་སྒོམ་པ་མེ་དང་དེས་ནི་སྐད་ཅིག་གིས་མངོན་པར་རྫོགས་པའི་རྡོ་རྗེ་འཛིན་པའི་སྐུ་ཉིད་ཀྱིས་གཅིག་ པུའམ་དཀྱིལ་འཁོར་དང་བཅས་པའི་ཤེས་རབ་དང་བཅས་པའམ་ཤེས་རབ་མེད་པར་གོམས་པར་བྱེད་དེ། དེའང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལ་ངེས་པ་ཉིད་དུ་གོམས་པར་བྱེད་པ་ཉིད་དུ་མི་སེམས་ཏེ། འདི་ཉིད་བཅོམ་ ལྡན་འདས་བྱང་ཆུབ་ཀྱི་རྡོ་རྗེ་སེམས་དཔའ་རྡོ་རྗེ་དེ་བཞིན་གཤེགས་པའི་ཤེས་རབ་དང་ཐབས་དང་ཡེ་ཤེས་ཀྱི་ངོ་བོར་འདོད་ཆགས་ལ་སོགས་པའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ལྔ་དང་རིག་མ་ལ་སོགས་པའི་ཀུན་རྫོབ་ཀྱི་གཟུགས་འཛིན་པ་ཉོན་ མོངས་པ་ཡོངས་སུ་སྤངས་པའི་སེམས་ཅན་གྱི་ཁམས་དྲི་མ་མེད་པར་བྱེད་པའི་དོན་དུ་དེས་དེ་ལྟར་གདུལ་བྱ་རྣམས་དེ་ལྟར་ཡང་དག་པའི་ལམ་དུ་ཞུགས་ཤིང་སྐལ་བ་དང་ལྡན་པ་རྣམས་དེ་ཁོ་ན་ཉིད་ལ་སྦྱོར་བར་བྱེད་པ་དེ་ལྟར་རྣམ་པར་བཞག་པས་སོ། ། ཞེས་པ་ནི་དེ་ལྟར་མན་ངག་གོ། དེ་ལྟར་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་བཞིན་དུ་ཆོས་ཐམས་ཅད་ཀྱང་རང་བཞིན་མེད་པར་བླ་མའི་མན་ངག་གིས་རྟོགས་པར་བྱའོ། །དེ་ཉིད་ཀྱིས་ན་རིམ་པ་འདིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྒོམས་པས་ 10-9-16b ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པར་འགྱུར་རོ། །ཞེས་ཤེས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་དེ་ལྟར་གསུངས་ལ། འདིར་འདི་ཉིད་ལ་དགོངས་ནས་ གདུལ་བྱའི་སེམས་ཀྱི་རང་གི་མོས་པར་རྗེས་སུ་འཇུག་པས་དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ཀྱི་རྒྱུད་ལས་གསུངས་པ་ན། འདིར་ནི་ཐམས་ཅད་ཀྱི་བདག་ཉིད། །གསང་བའི་སྙིང་པོ་ཀུན་བསྡུས་པའི། །རྡོ་རྗེ་ལྷ་མོ་ཀུན་འདུས་ནས། །གར་མཁན་ཀུན་གྱིས་གར་བྱེད་པའོ། ། ཞེས་པ་སྟེ་འདིར་ཤིན་ཏུ་མང་པོ་ལེགས་པར་བརྗོད་པར་མི་ནུས་ཏེ། གཞུང་མངས་ཀྱིས་འཇིགས་པས་མ་བྲིས་སོ།། །།སྙེ་མ་བཅུ་གཉིས་པར། དེ་ལྟར་ཡང་འདས་པའི་སྲིད་པའི་གནས་སྐབས་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ ཀྱི་ལམ་མོ། །འདིར་ཡང་སྦྱིན་པ་ལ་སོགས་པའི་བསོད་ནམས་གསོག་པར་བྱེད་པ་དང༌། སྔོན་གྱི་དགེ་བ་དང་མི་དགེ་བ་རྣམས་ལ་སོགས་པ་ཆོས་མཐུན་པའི་ཕྱིར་རོ། །འཆི་བའི་དུས་ལ་མངོན་དུ་ཕྱོགས་པའི་སྦྱོར་བའི་གནས་སྐབས་ཉིད་ནི་མོས་པ་སྤྱོད་པའི་ས་སྟེ། དེ་ཁོ་ན་ཉིད་ལ་ངེས་པར་བྱེད་པའི་སྦྱོར་བའི་ངོ་བོའི་ཕྱིར་རོ། །དེའི་རྗེས་ལ་འདས་པའི་སྲིད་པ་འགགས་ནས་བར་མ་དོའི་གནས་སྐབས་ཉིད་ཀྱི་སྦྱོར་བས་གནས་སྐབས་ཀྱི་སྐྱེ་བའི་སྐད་ཅིག་མའི་བར་གྱི་གང་འགགས་པའི་མཐའི་སྐད་ཅིག་མའི་ངོ་བོ་ནི་རབ་ཏུ་དགའ་ བའི་སའི་བར་ཆད་མེད་པའི་ལམ་གྱི་གནས་སྐབས་ལ། དེའི་རྗེས་སུ་བར་མ་དོར་ཇི་ལྟ་བ་བཞིན་གྱི་གཟུགས་འགགས་པའི་རྗེས་ཀྱི་མངལ་གྱི་གནས་སྐབས་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བར་ཆད་མེད་པའི་ལམ་འགགས་པའི་རྗེས་ལ་ས་བཅུའི་གནས་ 10-9-17a སྐབས་སུ་རིག་པར་བྱ་སྟེ་ས་འདི་ཐམས་ཅད་སྒྲིབ་པ་དང་ནི་བཅས་པ་ཉིད་དོ། །སྐྱེ་བའི་གནས་སྐབས་ཉིད་ནི་སངས་རྒྱས་ཉིད་ཀྱི་གནས་སྐབས་ཏེ། འབྲས་བུ་ཡོངས་སུ་རྫོགས་པའི་སྤྱོད་ཡུལ་ལ་སོ་སོར་ཉམས་སུ་མྱོང་བ་ཉེ་བར་མཉམ་པ་སྟེ། སྐྱེ་ གནས་དབང་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་སོ་སོར་ཉམས་སུ་མྱོང་བས་སོ། །དེ་ལྟ་བུ་ལ་སོགས་པ་སྐྱེ་བར་བྱེད་པའི་གནས་སྐབས་ཉིད་ནི་སྤྲུལ་པའི་སྐུ་སྟེ། ལྷ་འབྱིན་པར་བྱེད་པའི་གནས་སྐབས་སོ། །དེ་ལ་མངལ་གྱི་གནས་སྐབས་སུ་བཅུ་སྟེ། ཁུ་བའི་གཟུགས་ ཀྱི་གནས་སྐབས་དང༌། ནུར་ནུར་པོའི་གཟུགས་ཀྱི་གནས་སྐབས་དང༌། གོར་གོར་པོའི་གཟུགས་ཀྱི་གནས་སྐབས་དང༌། འཁྲང་འགྱུར་བའི་གཟུགས་ཀྱི་གནས་སྐབས་དང༌། གཟུགས་དང་རྗེས་སུ་མཐུན་པའི་གཟུགས་ཀྱི་གནས་སྐབས་དང༌། འབྲེལ་བ་དང་རྗེས་སུ་ མཐུན་པའི་གཟུགས་ཀྱི་གནས་སྐབས་དང༌། རང་བཞིན་དང་རྗེས་སུ་མཐུན་པའི་གཟུགས་ཀྱི་གནས་སྐབས་དང༌། ལས་བྱེད་པ་དང་རྗེས་སུ་མཐུན་པའི་གཟུགས་ཀྱི་གནས་སྐབས་དང༌། འབྲས་བུ་དང་རྗེས་སུ་མཐུན་པའི་གཟུགས་ཀྱི་གནས་སྐབས་དང༌། ཡོངས་སུ་རྫོགས་ པའི་གཟུགས་ཀྱི་གནས་སྐབས་སོ། །དེ་ནི་རྣམ་པ་གསུམ་སྟེ། དབང་པོ་ཡོངས་སུ་རྫོགས་པ་དང༌། དཔེ་བྱད་དང་མཚན་ཡོངས་སུ་རྫོགས་པ་དང༌། ཆུ་དང་ཞིང་ཡོངས་སུ་རྫོགས་པ་སྟེ། འདི་རྣམས་ནི་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་པ་རྣམས་དང༌ཆོས་མཐུན་ པ་ཉེ་བར་མཚོན་པར་ཤེས་པར་བྱའོ། །དེ་ལྟར་དེ་དང་དེར་ལྷག་པར་མོས་པ་སྒོམ་པ་ནི་འདིར་རང་གི་སྙིང་ཁར་ས་བོན་གྱི་འོད་ཟེར་ལས་བཀུག་པའི་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་སོགས་པ་རྣམས་ནི་བསོད་ནམས་ཀྱི་ཚོགས་ཀྱི་སའོ། །དེའི་རྗེས་སུ་སྟོང་པ་ 10-9-17b ཉིད་ལ་གཞུག་པ་ནི་སྦྱོར་བའི་གནས་སྐབས་སོ། །དེ་ནས་དེའི་གནས་སྐབས་སྲིད་པ་བར་མ་དོའི་གནས་སྐབས་ཉིད་དོ། །ཁ་ཅིག་ཏུ་ཧོ་དམར་པོ་གཉིས་དང་སྤེལ་བའི་ས་བོན་གྱི་གནས་སྐབས་ཀྱི་ཡི་གེ་གསུམ་གྱིས་ལུས་ངག་ཡིད་གསུམ་རྣམས་བསྐྱེད་པའི་ཕྱིར་རོ། །སྟོང་ པ་ཉིད་ཀྱི་ཏིང་ངེ་འཛིན་ནི་འཆི་བའི་རྗེས་ཐོགས་སུ་ཡི་གེའི་གཟུགས་དེ་བསྡུས་ནས་སྒྲའི་གཟུགས་ལ་དྲི་ཟའོ་ཞེས་པ་ནི་རྒྱུད་གཞན་དུ་རྒྱས་པར་བསྟན་པས་སོ། །ས་བོན་ལ་སོགས་པའི་ཡི་གེ་དང་སྒྲ་རྣམས་ལ་རྣམ་པ་སྣ་ཚོགས་པ་སྐྱེ་བར་བྱེད་པ་ནི་ལྷའི་རྣམ་པའི་ ཕྱིར་རོ། །དྲི་ཟ་ནི་རྣམ་པ་སྣ་ཚོགས་ཅུང་ཟད་སྲིད་པའི་རྣམ་པའི་ཕྱིར་སྲིད་པའོ། །དྲི་ཟ་དང་དེའི་ཇི་ལྟ་བ་བཞིན་གྱི་གཟུགས་འགའ་ཞིག་ལ་ས་བོན་ཐམས་ཅད་བར་དོར་གནས་པ་ཉིད་དོ། །དྲི་ཟ་ཞུགས་པ་ནས་བརྩམས་ནས་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པའི་གནས་ སྐབས་ཀྱི་གནས་སྐབས་ཏེ། དེ་ནི་སྲིད་པ་སྔོན་བཞིན་རྒྱུའི་རྡོ་རྗེ་འཛིན་པའི་གནས་སྐབས་སོ། །དེ་ཉིད་ཀྱིས་ན་འདི་རྣམས་ལ་དགོངས་ནས་གསུངས་པ་ནི། ཟླ་བ་བཅུ་རྣམས་ས་རྣམས་སོ། །སེམས་ཅན་ས་བཅུའི་དབང་ཕྱུག་གོ། ཞེས་པའོ། །དེ་རྫོགས་པའི་ལྷའི་ གཟུགས་ཀྱི་འབྲས་བུ་རྡོ་རྗེ་འཛིན་པའི་གནས་སྐབས་ནི་སྐྱེ་བའི་གནས་སྐབས་ཉིད་དོ། །འདིའི་རྣམ་པར་བཞག་པ་ནི་གང་དུ་ལྷ་ཞུ་བར་གྱུར་པ་ཇི་ལྟར་ཕྱག་བཅུ་དྲུག་པ་དང༌། འཇམ་པའི་རྡོ་རྗེ་ལ་སོགས་པ་ཞུ་བར་གྱུར་པ་དེའི་ཚེ་སྟོང་པ་ཉིད་ལ་ཞུགས་པ་ལ་སོགས་ པ་རྣམ་པ་ལྔ་མངོན་པར་བྱང་ཆུབ་པ་ནས་བརྩམས་ནས་དྲི་ཟ་འཇུག་པའི་སྔོན་གྱི་གནས་སྐབས་ཐམས་ཅད་བར་དོར་གནས་པ་ཉིད་དོ། །དྲི་ཟ་ཞུགས་པ་ནས་བརྩམས་ནས་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པའི་གནས་སྐབས་ཀྱིས་ནི་མངལ་གྱི་གནས་སྐབས་ 10-9-18a ཉིད་དེ། དེ་ལྟར་གནས་སྐབས་གཉིས་པོ་འདི་ནི་རྒྱུའི་རྡོ་རྗེ་འཆང་བའི་གནས་སྐབས་སོ། །དེའི་རྗེས་ལ་དེ་ཡོངས་སུ་གྱུར་པ་ལས་ལུས་སྐྱེས་པའི་གནས་སྐབས་ཉིད་ནི་འབྲས་བུའི་རྡོ་རྗེ་འཆང་གི་གནས་སྐབས་ཏེ། རྒྱུ་དང་འབྲས་བུ་གཉིས་ཀ་ལ་རྣམ་ པ་ལྔ་མངོན་པར་བྱང་ཆུབ་པའི་བདེ་བ་ཆེན་པོ་འདི་དག་ལ་ཡོད་དོ། །ཞེས་རྟོགས་པར་བྱ་བའི་དོན་ཏོ། །རྗེས་སུ་འབྲངས་ནས་ཡེ་ཤེས་ནི་གཞིའི་བདག་ཉིད་རྒྱུའི་གནས་སྐབས་སུ་ལྷག་པར་མོས་པར་བྱ་སྟེ། སྔོན་དུ་ཇི་སྐད་བཤད་པ་བཞིན་ནོ། །ཁ་ཅིག་ཏུ་ནི་གཞན་རྣམ་ པར་བཞག་པ་སྟེ། ཇི་ལྟར་མདོར་བྱས་པ་བཞིན་ཏེ་དེ་ལ་སྟོང་པ་ཉིད་ནི་ཞུགས་པའི་གནས་སྐབས་གཅིག་གཅིག་གིས། ལྷག་པར་མོས་པ་བསྐྱེད་པའི་བཅོམ་ལྡན་འདས་ཀྱི་སྐུ་སྟེ། བར་མ་དོའི་སྲིད་པའི་གནས་སྐབས་ཉིད་དོ། །དེ་རྣམས་རིམ་གྱིས་འགགས་པའི་ རྗེས་སུ་ཉི་མ་དང་ཟླ་བ་དང་པདྨ་དང་ཡི་གེ་གསུམ་ལས་བརྟན་པ་དང་གཡོ་བ་རྣམས་ངོ་བོ་གཅིག་ཏུ་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པ་ལས་དང་པོའི་མགོན་པོའི་སྐུའི་ཏིང་ངེ་འཛིན་གྱི་སེམས་དཔའི་མིང་ཅན་ནས་ཧཱུཾ་གིས་ དགོད་པའི་བར་ནི་མངལ་གྱི་གནས་སྐབས་ཉིད་དོ། །དེའི་རྗེས་སུ་སྐྱེས་པའི་གནས་སྐབས་ཉིད་ནི་གཟུགས་དང་ལང་ཚོ་ལ་སོགས་པས་བརྒྱན་པའི་བུ་མོ་དང་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་སོ་ཞེས་པའོ། །དེ་ཡིས་བཏོན་ནས་མི་བསྐྱོད་པའི་ རྗེས་སུ་བཅུག་པ་ལས་སྔོན་དུ་འབྲས་བུ་རྡོ་རྗེ་འཛིན་པ་ཉིད་ཀྱི་གཟུགས་དཀར་པོ་ནི་འགལ་བ་མེད་དོ། །རྒྱུ་དང་འབྲས་བུ་དག་ལ་ནི་གཟུགས་གཞན་དུ་ངེས་པ་མེད་དེ། དེ་ལྟར་ཡང་དཔལ་སངས་རྒྱ་ཐོད་པའི་ཕྲེང་བ་ལས་ཀྱང་བདེ་མཆོག་གི་གཟུགས་གཅིག་ཉིད་ 10-9-18b དུ་གཞུག་པའོ། །ལྷ་ཁོངས་སུ་གཏོགས་པའང་ཁ་ཅིག་ཏུ་གཟུགས་གཞན་དུ་འབྲས་བུའོ། །ཁ་ཅིག་ཏུ་མེད་དོ། །གདུལ་བྱའི་བསམ་པའི་དབང་གིས་སྙིང་རྗེའི་གཟུགས་ཀྱིས་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་རྣམ་པར་བསྟན། ཕྱུང་བའི་ལྷ་བཅུག་པས་ཁ་ཅིག་ཏུ་ནི་ འབྲས་བུའི་གཟུགས་གཞན་ལ། ཁ་ཅིག་ཏུ་མ་ཡིན་པ་ནི་གདུལ་བྱའི་བསམ་པའི་དབང་གིས་ཐུགས་རྗེའི་རང་བཞིན་རྣམས་ཀྱིས་རྣམ་པ་སྣ་ཚོགས་པ་སྒོམ་པར་བསྟན་པའོ། །དེ་ཉིད་ཀྱིས་ནི་འབྲས་བུའི་རྡོ་རྗེ་འཛིན་པའི་བཅོམ་ལྡན་འདས་ནི་དྲི་ཟ་འཇུག་པ་མེད་ཀྱང་ ཞུ་བ་མདོར་བྱས་པའི་རིམ་པ་ལས་བསྟན་པ་ནི། དེའི་གནས་སྐབས་སུ་གདུལ་བྱའི་སྐལ་བ་དང་ལྡན་པ་མ་བྱུང་ནས། བདེ་བ་ཆེན་པོའི་རང་བཞིན་གྱི་སྐུ་ནི་ཉིད་ཀྱིས་ཀུན་ཏུ་གནས་པའོ། །ཞེས་པ་ལ་དགོངས་པའོ། །སྐལ་ལྡན་བྱུང་བ་ནི་སྙིང་རྗེ་ཆེན་པོ་དང་བྱམས་ པ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་རྣམས་ཀྱི་ས་དང་ཆུ་དང་མེ་དང་རླུང་རྣམ་པར་དག་པའི་ངོ་བོའི་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་སྒྲོལ་མ་རྣམས་ཀྱིས་སློང་བར་བྱེད་པར་འགྱུར་ཏེ་གང་དུ་གཞན་དོན་བྱ་བ་རྣམས་དང་སྐད་ཅིག་ཀྱང་མི་འབྲལ་བར་གང་ དུའང་ཞུ་བར་དངོས་པོ་ནི་མ་ཡིན་ནོ། །ཇི་ལྟར་བཅོམ་ལྡན་འདས་ཀྱི་རྡོ་རྗེ་སེམས་དཔའ་འདིས་ཁ་ཅིག་ཏུ་སྟོང་པ་ཉིད་ཀྱི་རྗེས་ཐོགས་སུ་ཡི་གེའི་གཟུགས་ལ་སོགས་པའི་དྲི་ཟ་མ་གཟུང་སྟེ། ལས་ཀྱི་ཁྱད་པར་གྱི་དབང་གིས་ཤི་བའི་རྗེས་ཐོགས་སུ་བར་དོ་སྲིད་པའི་ གནས་སྐབས་ལས་གཞན་དུ་ཆུ་ལ་གྲུ་འཕྱོ་བ་བཞིན་དུ་འགྲོ་བ་གཞན་དུ་སྐྱེ་བ་ལེན་པས་དེའི་རྗེས་སུ་འབྲངས་ནས་སྒོམ་པའང་རྣམ་པར་བཞག་པའོ། །ཞེས་པ་ལ་དགོངས་པའོ། །དེའི་ཡི་གེའི་ངོ་བོ་ལ་སོགས་པའི་དྲི་ཟ་དང་རྗེས་སུ་མཐུན་པར་རྣམ་པར་བཞག་ 10-9-19a པ་ནི་མ་ཡིན་ནོ། །དེ་བཞིན་དུ་དེ་ཉིད་ཀྱི་རྣམ་པར་བཞག་པའི་བྱེ་བྲག་གི་དབྱེ་བ་ནི་ཤེས་རབ་ཅན་མང་དུ་ཐོས་པ་རྣམས་ཀྱིས་རང་ཉིད་ཀྱིས་གཞལ་བར་བྱའོ། །བདག་གིས་ཇི་སྙེད་ཅིག་རྗོད་པར་བྱེད་པ་རེ་ཞིག་ཅིག་བརྗོད་པར་བྱའོ།། །། མན་ངག་སྙེ་མའི་སྙེ་མ་བཅུ་གསུམ་པ་ལས། བྱང་སེམས་སུམ་ཅུ་རྩ་གཉིས་ལས། །གང་དུ་འབྱུང་གནས་འདིར་གང་བ། །དབང་པོ་ཕུང་པོར་འགྱུར་རྣམས་ཀྱིས། །དེ་ཡི་རྗེས་སུ་སངས་རྒྱས་ཉིད། །ཅེས་པ་དེ་དག་ཉིད་ཀྱིས་རྡོ་རྗེ་འཛིན་པ་ཉིད་ནི་མ་ཡིན་ཏེ། འོན་ ཀྱང་ཐ་མལ་པའི་དྲི་མ་གཞོམ་པ་ལྷན་ཅིག་སྐྱེས་པ་དེ་ཁོ་ན་ཉིད་རྟོགས་པར་བྱེད་པའི་ཕྱིར། ཇི་ལྟ་བའི་གདམས་ངག་ལ་རྗེས་སུ་གནས་པར་བྱས་ལ་དེས་ངལ་བ་མེད་པར་བསྒྲུབ་བྱའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་པའི་དོན་ཏོ། ། མན་ངག་སྙེ་མའི་སྙེ་མ་ཉེར་གཅིག་པ་ལས། ས་སོགས་སྒོམ་པ་བཞི་པོ་ནི། །དེ་ལྟར་སྟོང་པ་བཞི་རུ་ནི། །རྫས་ནི་བརྒྱད་པོ་ཤེས་པར་བྱ། །འཇིག་རྟེན་སྐྱེ་བའི་རྒྱུ་རྣམས་སོ། །འོད་གསལ་སྟོང་པ་ཆེན་པོ་ལ། །སྟོང་པ་ལ་ནི་ཐབས་འདི་འབྱུང༌། །དེ་ཕྱིར་བསྐྱེད་ པའི་ཤེས་རབ་འདི། །དེ་ལས་རླུང་ནི་ཡང་དག་འབྱུང༌། །རླུང་ལས་མེ་ནི་ཡང་དག་འབྱུང༌། །མེ་ལས་ཆུ་ནི་ཡང་དག་འབྱུང༌། །ཆུ་ལས་ས་ནི་སྐྱེས་པ་ཡིས། །སེམས་ཅན་རྣམས་ནི་ཡང་དག་འབྱུང༌། །ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པ་སྟེ། །མེ་ཡང་ ཕྲ་མོའི་ཁམས་ལའོ། །རླུང་ནི་སེམས་ལ་ཐིམ་པ་སྟེ། །སེམས་ནི་སེམས་ལས་བྱུང་ལ་ཐིམ། །མ་རིག་པ་ལས་སེམས་འབྱུང་སྟེ། །དེ་ཡང་འོད་ཀྱི་བར་དུ་སོང༌། །འགོག་པ་སྲིད་པ་གསུམ་ཡིན་ནོ། །དེ་དག་ཐོག་མ་མེད་པ་རུ། །སྲིད་པའི་འཁོར་ལོས་རབ་ཏུ་ 10-9-19b འཇུག །ཇི་སྲིད་བདག་གིས་མ་མཐོང་བར། །སྒྱུ་མ་ལྟ་བུའི་ཏིང་འཛིན་ཏོ། །ཞེས་པའོ། །དེ་ལ་འོད་གསལ་ཐམས་ཅད་སྟོང་པ་ཉིད་ཞི་བའོ། །ཆེན་པོ་སྟོང་པ་སྣང་བ་ཐོབ་པ་ནི་དྲི་ཟའི་སེམས་ཀྱི་ཚུལ་གྱི་སེམས་སོ། །སྣང་བ་མཆེད་པ་ཐམས་ཅད་ཀྱི་འདོད་པ་ཁུ་བ་འབྱིན་ པའི་སེམས་སོ། །སྣང་བ་ནི་ཤེས་རབ་འཛིན་པའི་སྐྱེ་བོའི་སྒོ་ནས་སོ། །དེ་ནས་ལས་ཀྱི་རླུང་གིས་བསྐྱོད་པའི་མེར་མེར་པོའི་ཚུལ་དུ་འབྱུང་བར་འགྱུར་རོ། །སེམས་དེ་དང་དེའི་རང་བཞིན་དེ་རྣམས་ཡང་བླ་ན་མེད་པའི་དགོངས་པའི་དཀའ་འགྲེལ་དུ་གསལ་པོར་བྱས་ པས་བདག་གིས་མ་སྤྲོས་ཏེ། ཐིམ་པའང་ས་ལ་སོགས་པ་རྣམས་ལ་རིམ་པས་རྙིང་པ་དང་མདངས་མེད་པ། མེ་དྲོད་ཆུང་བ་དང༌། ལུས་ལ་སོགས་པ་སྤྱོད་པ་དམན་པ་ནི་སྣང་བ་ལ་སོགས་པ་སོང་བའི་རླུང་རིམ་པ་ཇི་ལྟ་བ་བཞིན་དུ་རང་བཞིན་གྱི་ལས་ལས་བྱུང་ ཞིང་ཡང་འགོག་པ་སྟེ། དེ་ལ་ཐམས་ཅད་སྟོང་པ་ནི་འཆི་བའོ། །ཡང་སྔོན་བཞིན་དུ་འཁོར་བའོ། །དེ་ལྟར་འདི་ལྟར་རྐྱེན་ཙམ་ལས་སྐྱེས་པའི་ཡིད་ཐོག་མ་དང་དབུས་དང་ཐ་མར་མཐོ་བ་དང་དམའ་བའི་སྲིད་པའི་འཁོར་ལོའོ། །དེ་ལ་འདུས་པའང་རྫོགས་པ་ དང༌། བསྐྱེད་པ་དང༌། གཉིས་ཀྱིས་སྒྱུ་མ་ལྟ་བུའི་རང་བཞིན་གྱི་ཚུལ་ཏིང་ངེ་འཛིན་གྱི་ཚུལ་གྱི་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་གསུངས་པ། ཧི་ཡི་ཡི་གེ་དེ་ཉིད་ཅེས་པ་ནི། ཨུ་དང་མ་དང་ཡང་དག་སྦྱར། ཧཱུཾ་གི་ཡི་གེས་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ཅེས་ པ་ནི་དོན་ཡང་དག་པར་ལྡན་པའི་བདག་ཉིད་གཅིག་པ་ཉིད་དོ། །དེ་ལྟར་ཡང༌། དཔལ་གསང་བ་འདུས་པ་ལས་གསུངས་པ། ཁྱོད་ཀྱི་སེམས་ལུས་ལྟ་བུ་དང༌། ལུས་སེམས་ལྟ་བུ་དང༌། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་པའོ། །ལུས་ཀྱི་ 10-9-20a རང་བཞིན་གྱིས་ལུས་སྐྱེད་ཅིག་པ་ནི་གང་དུ་ཇི་ལྟར་ལོངས་སྤྱོད་རྫོགས་པའི་ལུས་ཀྱི་རྣམ་པར་རྫོགས་པའི་སེམས་ཉིད་དོ་ཞེས་པའོ། །སེམས་ལུས་སུ་ནི་ཀུན་རྫོབ་ཀྱི་སེམས་ལས་གཞན་ཅུང་ཞིག་ཡོད་པ་མ་ཡིན་པའོ། །གང་ཡང་ཚིག་ བརྗོད་པ་དེའི་ཚུལ་གྱིས་སེམས་ཉིད་སྐྱེད་པར་བྱེད་པའོ། །དེ་ལྟར་གཟུང་བ་དང་འཛིན་པ་སྤངས་པ་དངོས་པོ་ཉིད་དང་རོ་གཅིག་པ་ཕན་ཚུན་ལྡོག་པའི་ལུས་དང་ངག་དང་ཡིད་བྱང་ཆུབ་ཀྱི་སེམས་གསུངས་སོ། །དེ་ལྟ་བས་ན་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་ བསྟན་པའོ། །གང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་པ། བདག་བྱིན་བརླབ་པའི་རིམ་པ་ཞེས། །ཀུན་རྫོབ་བདེན་པ་རུ་ནི་བསྟན། །ཞེས་སོ། །ཡང་། འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འགག་པ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་པར་ གནས། །འཁོར་བ་ཉིད་ནས་ཤེས་པར་བྱ། །ཧཾ་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་བཞིན་གཟུང་དུ་མེད། །སེམས་ཀྱི་རང་བཞིན་རྒྱུར་གྱུར་པ། །ལས་དང་སྐྱེ་བ་ཀུན་ཏུ་འབྱུང༌། །དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་ པ་ཡི་ལུས་སུ་གསུངས། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་སུ་འགྱུར། །རྡོ་རྗེ་སྐུ་ཡང་དེ་ཉིད་ཡིན། །ཞེས་སོ། །ཀུན་ཞེས་པ་ནི་རྫོགས་པའི་རིམ་པ་དང་བསྐྱེད་པའི་རིམ་ པའོ། །ཞེས་སོ། །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། སངས་གྲགས་དང༌། དཔྱལ་ཆོས་བཟང་གི་འགྱུར་ལྟར་དུ་བཀོལ་བར་སྣང༌།། །། 10-9-20b empty page 10-10-1a ༄༅། །ངན་སོང་སྦྱོང་བའི་རྒྱུད་རྗེའི་གསུང་གི་མཆན་དང་བཅས་པ་བཞུགས་སོ།། 10-10-1b ༄༅། །རྗེ་བཙུན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །གར་མཁན་མཆོག་དེས་སྒྱུ་མའི་རྣམ་རོལ་ཏུ། །ཐུགས་མཆོག་གཉིས་སུ་མེད་པའི་ཡེ་ཤེས་ལྔ། །ཟབ་གསལ་མཚན་དཔེས་བརྒྱན་པའི་ གཟུགས་ཀྱི་སྐུར། །ལེགས་པར་ཤར་བའི་ཐབས་མཁས་དུ་མ་ཡིས། །སེམས་ཅན་ངན་འགྲོར་འཁྱམས་པ་མི་དགེའི་འབྲས། །མ་ལུས་དྲུངས་ནས་འབྱིན་པ་ཟབ་མོའི་ལམ། །ལེགས་པར་སྟོན་མཛད་ལྷ་མིའི་སྟོན་པ་ལ། །གུས་པས་བཏུད་ནས་ངན་སོང་སྦྱོང་བའི་རྒྱུད། །རྒྱ་ མཚོ་ལྟ་བུའི་ཤིན་ཏུ་དཀའ་བའི་གནས། །རྡོ་རྗེ་འཆང་ཆེན་བླ་མའི་མན་ངག་དང༌། །རྒྱ་བོད་མཁས་པའི་ལེགས་བཤད་ལ་བརྟན་ནས། །ཚིག་དོན་ཕལ་ཆེར་མཆན་གྱིས་གསལ་བར་བྱ།། །།དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ནི་ ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་རེས་འགའ་ཡིན་ལ། འབྱུང་བའི་དུས་ཀྱང་རྫོགས་ལྡན་སོགས་བཞི་ལས། བདག་ཅག་གི་སྟོན་པ་ནི་རྩོད་པའི་དུས་སྙིགས་མ་ལ་གནས་པའི་དུས་སུ་བྱོན་ལ། གདུལ་བྱ་ཡང་རྟ་དམུ་རྒོད་ལྟར་འདུལ་དཀའ་བ། རྫོགས་ལྡན་དུས་བཞིན་ཐེག་པ་ གཅིག་གིས་འདུལ་མི་ནུས་ཤིང་ཐེག་པ་སྣ་ཚོགས་ཀྱིས་འདུལ་དགོས་སོ། །དེ་ཕྱིར་སྟོན་པས་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ལམ་སྟོན་པའི་གཞུང་མང་དུ་གསུངས་ལ། དེའི་ནང་ནས་ཀྱང་ལྷའི་བུ་ནོར་བུ་དྲི་མ་མེད་པ་ལ་སོགས་པའི་ཆེད་དུ། ངན་སོང་ཐམས་ཅད་ཡོངས་ སུ་སྦྱོང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་འདི་སུམ་ཅུ་རྩ་གསུམ་གྱི་གནས་དགའ་བའི་ཚལ་དུ་གསུངས་སོ། །འདིའི་འགྱུར་ནི། པཎྜི་ཏ་ཤཱནྟིཾ་གརྦྷ་དང༌། དཔལ་བརྩེགས་རཀྵི་ཏ་གཉིས་ཀྱིས་བསྒྱུར་བ་ལ། རྨ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ལ། ཇོ་བོ་ཆེན་ 10-10-2a པོས་རྩ་བའི་ལྷ་སོ་གསུམ་དུ་བྱས་ནས་ཐམས་ཅད་སྐུ་མདོག་དཀར་པོར་མཛད་དེ། རྣལ་འབྱོར་རྒྱུད་ཡིན་རྒྱུ་མེད་གསུངས་ནས་སྤྱོད་རྒྱུད་དུ་བཞེད་ཀྱང༌། ཛཱ་ལན་དྷ་ར་པའི་མཁས་པ་ཆེན་པོ་སློབ་དཔོན་ཀ་མ་དྷེ་ནུས་རྣལ་འབྱོར་རྒྱུད་དུ་བཀྲལ་ཞིང༌། བོད་ཀྱི་དམ་པ་གོང་མ་ རྣམས་ཀྱང་རྣལ་འབྱོར་རྒྱུད་རྩོད་མེད་དུ་བཞེད་ལ། བོད་ཀྱི་མཁས་པ་དག །དེ་ཉིད་བསྡུས་པའི་ངན་འགྲོ་དགུག་དྲལ་ནས་འཕྲོས་པས་འཕྲོས་པའི་རྒྱུད་དམ། རྩ་བའི་ལྷ་རྣམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་ཕལ་ཆེར་མཐུན་པས་ཆ་མཐུན་གྱི་རྒྱུད་དུ་བཞེད་དོ། །རྒྱུད་འདིའི་འགྲེལ་ པ་ནི། སངས་རྒྱས་གསང་བ་ལ་ཁ་གཡར་བའི་འབྲུ་འགྲེལ་རྒན་པོར་གྲགས་པ་ནི་སངས་རྒྱས་གསང་བའི་གསུང་ཟིན་བྲིས་བྱས་པ་ཡིན་ནམ་ཡང་ཟེར། ཁ་ཅིག་ཤཱནྟིཾ་གརྦྷའི་གསུང་ལ་ལོ་ཙཱ་བས་ཟིན་བྲིས་བྱས་པ་ཡིན་ནམ་ཡང་ཟེར། གསལ་བའི་སྒྲོན་མ་དང་གཟི་བརྗིད་སྣང་བ་ཞེས་བྱ་བའི་ འགྲེལ་པ་སློབ་དཔོན་ཀུན་དགའ་སྙིང་པོས་བྱས་ཟེར་བ་ནི། སྔོན་ཆོས་གྲྭ་ཞིག་པའི་དུས་སུ་བོད་ཀྱིས་བྱས་ནས་ཀུན་སྙིང་ལ་ཁ་གཡར་བར་སྣང་ངོ༌། །མཛེས་རྒྱན་ཞེས་པའི་འགྲེལ་པ་སློབ་དཔོན་རྡོ་རྗེ་གོ་ཆས་མཛད་ཟེར་བ་ན་ཉེང་སྨད་རྒྱན་གོང་གི་ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱིས་བྱས་ ནས་པཎྜི་ཏ་ལ་ཁ་གཡར་བར་སྣང་ངོ༌། །འགྲེལ་པ་སྣང་བའི་རྒྱན་ཞེས་པ་སློབ་དཔོན་ཀུན་སྙིང་གིས་མཛད་ཟེར་བ་ནི་ཡུལ་དབུས་པ་ཡིན་པའི་སྦྲགས་ལི་ཆུང་བྱ་བས་བྱས་ནས་ཀུན་སྙིང་ལ་ཁ་གཡར་བར་སྣང་ངོ༌། །འགྲེལ་པ་དེ་རྣམས་ཀྱི་དོན་ལ་དཔྱད་པའི་ཚེ་ཕལ་ཆེ་བ་ལ་ཡིད་བརྟན་མི་རུང་ བ་མང་བར་སྣང་ལ། རྒྱ་གར་བའི་ངག་རྒྱུན་ལེགས་ཆར་མངོན་པ་ཡང་འགའ་རེ་སྣང་ངོ༌། །ཡང༌རྨ་རིན་ཆེན་མཆོག་གིས་མཛད་པའི་སྦྱོང་རྒྱུད་ཀྱི་དཀའ་བའི་གནས་ལ་བརྒལ་བའི་ལན་བྱས་པ་ཡོད་གསུང་སྟེ་མ་མཐོང་ངོ༌། །ཛཱ་ལན་དྷ་ར་པའི་རྡོ་རྗེ་སློབ་དཔོན་ཀ་མ་དྷེ་ནུས་མཛད་པའི་ 10-10-2b འགྲེལ་པ་སྙིང་པོ་རྣམ་པར་བཤད་པ་ཞེས་བྱ་བ། པཎྜི་ཏ་རྣམ་འདྲེན་ཟླ་བ་དང་ལོ་ཙཱ་བ་གོ་རུ་པ་ཆོས་ཀྱི་ཤེས་རབ་ཀྱིས། འཕན་ཡུལ་རྒྱལ་ལུག་ལྷས་སུ་བསྒྱུར་བ་ཞིག་སྣང་བ། བོད་ཀྱི་མཁས་པ་དག་བརྟག་པའི་གནས་སོ་ཞེས་གསུངས་ཡང༌། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྒྱ་གར་བའི་འགྲེལ་པ་རྩོད་མེད་དུ་བཞེད་པས། འདིར་ནི་འགྲེལ་པ་སྔ་མ་རྣམས་ཀྱིའང་ལེགས་ཆ་ཅུང་ཟད་བླངས་ཤིང༌། གཙོ་ཆེ་བ་འགྲེལ་པ་ཕྱི་མའི་རྗེས་སུ་འབྲང་ཏེ་བཤད་པར་བྱའོ། །དེས་ན་རྒྱུད་འདི་ནི་དབང་པོའི་རིམ་པ་གསུམ་གྱིས་ཉན་པ་སོགས་བྱེད་དེ། འདི་ལྟར་སྔོན་གྱི་རྒྱུའི་བྱེད་པས་དབང་པོའི་རིམ་པ་ཐ་དད་དེ། ཉེ་རྒྱལ་དང་པང་ནས་སྐྱེས་ལྟ་བུ་འགོ་སྨོས་ པས་གོ་བ་དང༌། ལྔ་སྡེ་ལྟ་བུ་དོན་རྣམ་པར་ཕྱེ་བས་གོ་བ་དང༌། ས་ནུ་སོགས་ལྟ་བུ་དོན་རྣམ་པར་སྤྲོས་པས་གོ་བ་དང༌། འཕགས་པ་ལམ་བརྟན་སོགས་ལྟ་བུ་ཚིག་ལྷུར་ལེན་པའི་གང་ཟག་སྲིད་པའི་ཕྱིར་རོ། །རྐྱེན་གྱིས་ཀྱང་ཐ་དད་དེ། ཇི་སྐད་དུ། མ་ག་དྷ་པ་ཟུར་གྱིས་སོ། །ཀོ་ས་ལ་པ་ཡིད་བྱེད་ཀྱིས། །པཉྩ་ལ་པ་བརྗོད་ ན་ཤེས། །ནུབ་མི་མ་སྨྲས་མི་ཤེས་སོ། །ཞེས་བརྗོད་པ་ལྟར། འགོ་སྨོས་པས་གོ་བའི་དབང་དུ་བྱས་ཏེ་དོན་དང་ལྡན་པའི་མཚན་བཤད་པ་དང༌། རྣམ་པར་སྤྲོས་པས་གོ་བའི་དབང་དུ་བྱས་ཏེ་གཞུང་གི་དོན་སོ་སོར་ཕྱེ་ནས་བཤད་པ་གཉིས་ལས། དང་པོའི་དབང་དུ་བྱས་ཏེ།། །།རྒྱ་གར་སྐད་ དུ། སརྦ་དུ་རྒ་ཏེ་པ་རི་ཤོ་དྷ་ན། ངན་སོང་ཐམས་ཅད་ཡོངས་སུ་སྟོང་བ། ཏེ་ཛོ་རཱ་ཛཱ་ཡ། གཟི་བརྗིད་ཀྱི་རྒྱལ་པོ། ཏ་ཐཱ་ག་ཏཱ་ཡ། དེ་བཞིན་གཤེགས་པ། ཨ་ར་ཧ་ཏེ། དགྲ་བཅོམ་པ། སཾ་མྱཀྶཾ་བུདྡྷཱ་ཡ། ཡང་དག་པར་རྫོགས་པའི་སངས་རྒྱས། ཀལྤ་ནཱ་མ། བརྟག་པ་ཞེས་བྱ་བ། བོད་སྐད་དུ། དེ་བཞིན་ ནི་ཡུལ་སྟོང་པ་ཉིད། གཤེགས་པ་སྟེ་ཡུལ་དེར་བློས་བགེད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡོངས་གྲགས་ཀྱི་ཆོས་དབྱིངས་ཡེ་ཤེས་དང་མཐུན་ནོ། །སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་དགྲ་བཅོམ་པ་ཡུལ་ཤེས་བྱ་ཐམས་ཅད་ནི་འཇིག་ལྟས་བདག་གཞན་ཐ་དད་དུ་འཛིན་པའི་ས་བོན་སྤངས་པས་ 10-10-3a མཉམ་ཉིད་ཡེ་ཤེས་ཡང་དག་པར་ཏམ་པ་ངེས་པར་རྫོགས་པའི་སྟེ་མ་ལུས་པར་ཐུགས་སུ་ཆུད་པ། སངས་རྒྱས་ཏེ་སོ་སོར་རྟོག་པའི་ཡེ་ཤེས་དམྱལ་བ་ལ་སོགས་པའི་ངན་སོང་གསུམ་པོར་སྐྱེ་བའི་རྒྱུ་ལས་ཉོན་ཐམས་ཅད་མཐར་ཐུག་པར་ཡོངས་སུ་སྦྱོང་བའི་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ སོ། །གཟི་བརྗིད་ཀྱི་མཆོག་ཏུ་གྱུར་པས་རྒྱལ་པོའི་ཀལྤ་ནི་བརྟག་པ་དང་ཆོ་ག་ཞིབ་མོ་གཉིས་ལ་འཇུག་སྟེ། ཀལྤ་ཞེས་བྱ་བ་ནི་བི་ཏི་བི་ཏ་ར་ཞེས་པའི་ཐ་ཚིག་གོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་བཞི་པོ་དེ་གཟུགས་སྐུའི་རྣམ་པར་ཤར་བ་ནི། དེ་ཉིད་བསྡུས་པར། མི་རྟག་གང་ལ་རྟོག་ཉིད་དུ། །བརྟག་པས་རྟོག་ལས་ བྱུང་བ་ནི། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་གསུངས་པ་ལྟར། འདུལ་བྱས་ཁ་དོག་དང་དབྱིབས་ཀྱི་རྣམ་པར་བརྟགས་པས། བརྟག་པ་ཞེས་བྱ་བ། དང་ཆོ་ག་ཞིབ་མོ་ནི་སྣོད་རུང་གི་དབང་དང༌། རུང་ནས་བསྙེན་པ་དང༌། དེ་མཐར་ཕྱིན་ནས་ཞི་སོགས་ཀྱི་ལས་ཚོགས་དུ་མ་སྒྲུབ་པ་སྟེ་ཐབས་ཀྱི་རྒྱུད་དང༌། དེ་དག་གིས་ནི་བརྗོད་བྱ་དོན་གྱི་རྒྱུད་བསྟན་ལ། དེ་དག་སྟོན་པའི་གཞུང་ལས་རྒྱུད་ཀྱི་སྒྲ་འཇུག་པ་སྐབས་སུ་འདི་བབ་བོ། །མཚན་དོན་དབུར་འདོན་པ་ནི་གླེགས་བམ་བཙལ་སླ་བའི་ཕྱིར་ལོ་པཎ་གྱིས་མཛད་ཀྱིས། རྒྱ་དཔེ་ལ་མེད་ཅེས་མཁས་པ་དག་གསུངས་ཀྱང་དེའི་ངེས་པ་མེད་དེ། སློབ་དཔོན་འདི་དང་ཁ་ཆེ་ལཀྵྨི་སོགས་ ཀྱིས་མཚན་དབུར་ཡོད་པའི་བཤད་པ་མཛད་དོ། །ཚོགས་གཉིས་ཀྱི་དཔལ་དང་ལྡན་པ། ཡུལ་ཡུལ་ཅན་གཉིས་སུ་མེད་པའི་སྟོང་ཉིད་ནི། རྡོ་རྗེ་སེམས་དཔའ་དེ་ཉིད་ལྷ་སྐུར་ཤར་བ་ལ་ལོ་ཙཱ་བས། ཕྱག་འཚལ་ལོ། །གཞུང་གི་དོན་སོ་སོར་ཕྱེ་སྟེ་བཤད་པ་ནི། རྒྱ་གར་བའི་སློབ་དཔོན་རྣམས་ལ་ གཞུང་འདོན་ལུགས་མི་འདྲ་བའི་ཁྱད་པར། གླེགས་བམ་གསུམ་ལས། སློབ་དཔོན་འདིས་གླེགས་བམ་བར་པའི་དབང་དུ་མཛད་ནས། བསྡུས་པའི་དོན་འདི་ལྟར་བཤད་པར་བྱ་སྟེ། གླེང་གཞི། གླེང་བསླད། རྩ་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། དྲིན་གཟོའི་སྒོ་ནས་བསྟོད་པ་དང་དྲུག་གོ། །དང་པོ་ནི། འདི་སྐད་ཅེས་པ་ 10-10-3b ནས་པདྨའི་གདན་ལ་བཞུགས་ཏེ་ཞེས་པའི་བར་རོ། །གཉིས་པ་ནི། ངན་སོང་གི་རྒྱུད་ཐམས་ཅད་ཅེས་པ་ནས་གནས་མ་ཡིན་ནོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་ནས་ལྷ་རྣམས་ཀྱི་ཞེས་པ་ནས་བམ་པོ་དང་པོ་རྫོགས་ཀྱི་བར་དང༌། བཞི་པ་ནི། བརྟག་པའི་རྒྱལ་པོ་ཕྱི་མ་འདི་ཞེས་པ་ནས་ཚེ་དཔག་མེད་ཀྱི་བར་དཀྱིལ་ འཁོར་དགུ་རྫོགས་ཀྱི་བར་དང༌། ལྔ་པ་ནི། འཁོར་ལོ་སྒྱུར་བ་ནས་ཁོ་བོའི་དཀྱིལ་འཁོར་རྫོགས་ཀྱི་བར་དང༌། དྲུག་པ་ནི། སངས་རྒྱས་ཀུན་པས་སྔར་སངས་རྒྱས། ཞེས་པའི་བར་རོ། །དང་པོ་གླེང་གཞི་ལ། ཕུན་སུམ་ཚོགས་པ་ལྔ་ལས། སྡུད་པ་པོ་ཕུན་སུམ་ཚོགས་པ་ལ། འདི་སྐད་ནི་ཚིག་ཕྲད་དེ་འཆད་འགྱུར་གྱི་གཞུང་ གི་ཚོགས་ཀུན་ནོ། །ཕྱག་ན་རྡོ་རྗེ་བདག་གིས་དངོས་སུ་ཐོས་པའི་དུས་གཅིག་ན། འདི་ཐོས་གཞན་དུ་ནི་གཞན་ཐོས་ཞེས་སྡུད་པ་པོ་ཐོས་པ་མང་བ་དང༌། དུས་སྐད་ཅིག་མ་གཅིག་ལ་ཐོས་ཞེས་ཤེས་རབ་ཕུལ་དུ་བྱུང་བ་དང༌། དུས་གཅིག་ན་འདི་ཐོས་གཞན་དུ་ནི་མ་ཐོས་ཞེས་ཆོས་འདི་དཀོན་པར་བསྟན་ནོ། ། བཅོམ་གྱི་བརྒྱུད་པ་སོགས་མིན་པས་ཡིད་ཆེས་པར་བསྟན་ནོ། །དེ་ཡང་རྣ་བའི་ཤེས་པས་ཡིན་གྱི་མངོན་སུམ་དུ་མ་ཡིན་ནོ། །ལྡན་འདས་དང་ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ་ཞེས་པས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏེ། བྷ་གའི་སྒྲས་ཉོན་མོངས་པ་གསུམ། སྒྲིབ་པ་གཉིས་བཅོམ་ཞིང༌། ཝན་གྱི་སྒྲས། བཅོམ་པ་ དེ་མངའ་བའང་དབང་ཕྱུག་སོགས་སྐལ་པ་དྲུག་དང་ལྡན་པ། བྷ་ག་ཝན་གྱི་དོན་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ལ་ཡང་འཇུག་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་འདས་ཞེས་པ་ལོ་ཙཱ་བས་བླ་ཐབས་སུ་བསྣན་པའོ། །དེས་ནི་གང་ལ་ཐོས་པའི་ཡུལ་ཡང་བསྟན་ནོ། །ལྷའི་ཚོགས་ཐམས་ཅད་ཀྱི་དགའ་བའི་ཆལ་ ཞེས་པ་དང༌། ལྷ་ཐམས་ཅད་ཀྱི་དགའ་བའི་ཚལ་མཆོག་ཅེས་འདོན་པ་ནི་མི་ལེགས་པས་ཀ་མ་དྷེ་ནུས། བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་པའི་ལྷ་ལྷའི་མཆོག་སྟེ་རབ་ཐམས་ཅད་ཀྱི་འདོད་ཡོན་ལ་ལོངས་སྤྱོད་པའི་གནས་དགའ་བའི་ཚལ་ནི་གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག་གི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ 10-10-4a འདས་པ་ན་སྐྱེད་མོས་ཚལ་དགའ་བ་ཞེས་བྱ་བ་མཆུ་དང་རྒྱར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་སྟོང་ཡོད་པ། གསེར་གྱི་ར་བས་བསྐོར་བའི་བླ་གབ་ཅན་འདོད་པ་ཐམས་ཅད་སྦྱོར་བ། བདུད་རྩི་རྣམ་པ་བཞི་དང༌། ཤིང་དང༌། རྫིང་དང༌། མེ་ཏོག་ཕུན་སུམ་ཚོགས་པ། གསེར་གྱི་བྱེ་མ་བརྡལ་བ་དག་ཡོད་ དོ། །དེ་ལྟ་བུའི་དགའ་བའི་ཚལ་དེ་ནི་ཐ་གྲུ་ཆུང༌། བཅོམ་ལྡན་འདས་འཁོར་དང་བཅས་པ་རབ་ཏུ་མང་ཞིང་རྒྱ་ཆེ་བས་ཇི་ལྟར་འཛིན་ནུས་ཤེ་ན། དེ་ནི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཕྱོགས་དེ་རབ་ཏུ་ཡངས་བར་འགྱུར་ཞིང༌། རྒྱལ་བ་མྱ་ངན་ལས་འདས་ནས་ནི་ཞིང་དེ་དམན་པར་འགྱུར་ཏེ། སྡོང་པོ་བཀོད་པར། གང་ཚེ་རྒྱལ་བ་མྱ་ངན་འདས་གྱུར་པ། །དེ་ཚེ་དེ་ཡི་ཞིང་རྣམས་འགྲིབ་པར་འགྱུར། །ཞེས་དང༌། སྡོམ་པ་གསུམ་བསྟན་པར། རིའི་རྒྱལ་པོ་བྱ་རྒོད་ཕུང་པོ་དེ་ནི་མཐོ་ཞིང་ཟླུམ་པ་གནམ་འཕང་དང་རྒྱར་ཡངས་པ་ཞེས་བསྟན་ཡང༌། རི་དེ་སངས་རྒྱས་བཞུགས་པའི་ཚེ་དེ་ལྟར་བདེན་ལ། དིང་སང་ནི་རི་རབ་ཏུ་ཆུང་བར་ སྣང་བས་སོ། །ཞེས་ཀ་མ་དྷེ་ནུས་གསུངས་སོ། །ཁྱད་པར་རམ་ཡོན་ཏན་དྲུག་དང་ལྡན་པས་ཡིད་དུ་འོང་བ་ན། ཞེས་པས་མདོར་བསྟན་ནོ། །ཁྱད་པར་རམ་ཡོན་ཏན་དྲུག་ལ། མཛེས་ཤིང་རྣམ་པར་བརྒྱན་པའི་ཡོན་ཏན་ནི། ནོར་བུ་སྟེ། པདྨ་རཱ་ག་ལས་གྲུབ་པའི་ཤིང་དང༌། ཡལ་ག་ནི་གསེར་དང༌། ལྕུག་མ་ནི་བཻ་ ཌཱུརྱ་ལས་གྲུབ་པའི་གསེར་གྱི་ཤིང་ཡལ་ག་དང་ནོར་བུ་ནི་དངུལ་ཏེ། ཡལ་ག་སྡོང་བུ་ལས་གྱེས་ཤིང་ལྕུག་མར་བཅས་པ་དང༌། དེ་ལས་ཀྱང་གྱེས་པ་ལྕུག་མ་ནི་དེ་ལ་ཡལ་ག་གྱེས་རྒྱུ་མེད་པའོ། །ཤིང་གེལ་པ་ནི་རྩ་བ་སྦོམ་ཞིང་བགས་ཀྱིས་ཕྲ་བ། འབྲས་བུ་དཔྱིད་ཀྱིས་དུད་པ། དྲུང་པ་གཅིག་ཏུ་གནས་པ་ དང༌། སྨན་ནི་ཤིང་དེ་ལས་ནད་ཞི་བའི་ནུས་པ་དང་ལྡན་ཞིང་སྨན་གྱི་སྡོང་པོ་གཞན་དང༌། མེ་ཏོག་ཀ་མ་ལ་དང༌། མེ་ཏོག་ཨུཏྤ་ལ་དང༌། མེ་ཏོག་ཀར་ནི་ཀ་ར་དང༌། མེ་ཏོག་བ་ཀུ་ལ་དང༌། མེ་ཏོག་ཏི་ལ་ཀ་དང༌། མེ་ཏོག་ཨ་ཤོ་ཀ་དང༌། སོར་བཞག། མེ་ཏོག་མནྡ་ར་བ་ 10-10-4b དང༌། མནྡ་ར་བ་ཆེན་པོ་ལ་སོགས་ཁོངས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞིང་ཁམས་གཞན་ནས་ཁྱེར་འོངས་པ་དང༌། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་རྣམ་པ་སྣ་ཚོགས་པ་དང༌། ལྷ་རྣམས་ཀྱི་དགོས་འདོད་འབྱུང་བའི་དཔག་བསམ་གྱི་ཤིང་ལ་སོགས་པ་རྣམས་ལ་རིན་པོ་ཆེའི་ ཟླ་ཕྱེད་དང་མེ་ལོང་དང་རྨ་བྱའི་མདོངས་ཀྱི་རྣམ་པ་ལྟ་བུ་རྣམས་ཀྱིས་མཛེས་པར་བྱས་པ། གཉིས་པ་རྒྱན་སྣང་བ་དང་མི་སྣང་བའི་སྣ་ཚོགས་ཀྱིས་བརྒྱན་ཅིང་སྤྲས་པ། གསུམ་པ་བྱ་ངང་པ་དང་བཞད་ལ་སོགས་པ་གཤོག་པ་དང་མཆུ་སྡེར་རིན་པོ་ཆེ་ལས་བྱས་ཤིང་སྦྱིན་འབྲས་ཀྱི་ལོངས་སྤྱོད་ལྷ་དང་ཐུན་ མོང་བ། ཚུལ་ཁྲིམས་མ་དག་པའི་འབྲས་བུ་དུད་འགྲོར་གཏོགས་པའི། སྣ་ཚོགས་མང་པོ་སྐད་སྙན་པ་འབྱིན་པ། བཞི་པ་རྔ་དང༌། ཅང་ཏེའུ་དང༌། ཀེར་ཀོ་དང༌། དེ་མུ་ཁ་ཞེས་གྲགས་པ། གླིང་བུ་དང༌། ལྷ་རྣམས་ཀྱི་དགེ་བའི་འབྲས་བུ་ལྷ་རྣམས་བག་མེད་པ་ལས་ཟློག་ཅིང་དགེ་བ་ལ་བསྐུལ་ བས་ཕལ་ཆེར་གྱི་བརྒྱ་བྱིན་གྱི་ཡིད་ལས་བྱུང་བའི་རྔ་བོ་ཆེ་ལ་སོགས་པའི་སྒྲ་གྲགས། བརྩེན་པ་བརྩེ་བ་ལ་ཀ་མ་དྷེ་ནུས་བཤད་དེ་དོན་དུ་མ་མཐོང་ངོ་། །ཁྱད་པར་ལྔ་པ་ནི་མཆོད་སྦྱིན་བརྒྱ་བྱིན་ནས་གོ་འཕང་དེ་ཐོབ་ཅིང་རང་སྲིད་ཐུབ་པས། བརྒྱ་བྱིན་དང༌། འདོད་ཁམས་ཀྱི་ཉོན་མོངས་པའི་ཚ་གདུང་གིས་བསིལ་བས་ཚངས་པ་ ལ་སོགས་པའི་ལྷ་དང༌། ལྷའི་བུ་མོ་སྣ་ཚོགས་ཀྱིས་རྣམ་པར་བརྩེན་པ། སྟེ་རོལ་པ། ཡོན་ཏན་དྲུག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དེར་བཞུགས་ཤིང་འདོད་ཡོན་ལ་ལོངས་སྤྱོད་པ་ནི། མྱུར་དུ་འཇིག་པ་རྣམས་ཀྱང་ཡུན་རིང་དུ་གནས་པ་ དང༌། གང་ཟག་གཞན་གྱིས་ཀྱང་དེ་བསྒྲུབས་ན་དངོས་གྲུབ་མྱུར་བ་སོགས་ཀྱི་སྒོ་ནས། བྱིན་གྱིས་བརླབས་པ་ན། གང་དང་ལྷན་ཅིག་ཐོས་པའི་འཁོར་ནི་འཇིག་རྟེན་པའི་འཁོར་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷ་དང༌། ཇི་སྐད་དུ། ཡོན་ཏན་ཡང་དག་བརྒྱན་ལྟར་ 10-10-5a དམ་པ་ནི། །གང་དང་གང་དུ་སྐྱེས་པར་གྱུར་པ་དག །དེ་དང་དེ་ནི་བཀྲ་ཤིས་ལྟར་བཤད་དེ། །བབ་སྟེང་དེ་ཡིན་དཀའ་ཐུབ་གནས་དེ་ཡིན། །ཞེས་པ་ལྟར་རོ། །ལྷའི་རིག་འཛིན་དང༌། ལྷ་དང་ལྷའི་བུ་མོའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང༌། གང་བ་བཟང་པོ་ སོགས་གནོད་སྦྱིན་དང༌། ལང་ཀ་མགྲིན་བཅུ་སོགས་སྲིན་པོ་དང༌། ཐགས་བཟང་རིས་སོགས་ལྷ་མ་ཡིན་དང༌། ཟུར་ཕུད་ལྔ་པ་སོགས་དྲི་ཟ་དང༌། རྟ་མགོ་ཅན་ལ་སོགས་མི་འམ་ཅི་དང༌། ཀླུའི་འགྲོ་བར་གཏོགས་པའི་ལྟོ་འཕྱེ་ཆེན་པོ་དང༌། ཁ་ཅིག་རི་རབ་ཀྱི་འོག་ན་གནས་པའི་ས་ བདག་སྦྲུལ་མགོ་བདུན་པ་ཟེར། ཀླུ་ལ་སོགས་པའི་འཁོར་དུ་མ་དང༌། འཇིག་རྟེན་ལས་འདས་པའི་འཁོར་ནི་བྱང་ཆུབ་ནི་བླ་ན་མེད་པའི་དེ་ཁོ་ན་ཉིད་སེམས་དེ་རྟགས་པར་འདོད་པས་དཔའ་སེམས་དཔའ་གཞན་གྱི་དོན་ཁུར་དུ་འཁྱེར་བས་ཆེན་པོ་བྱེ་བ་གཞིར་བཟུང་སྟེ། ཁྲག ཁྲིག་བརྒྱ་ཁྲག་ཁྲིག་སྟེ་སྟོང་ཕྲག་བརྒྱད་ལ་འདི་ལྟ་སྟེ། ༈ ཡང་བྱ་བ་དང་ཁྲག་ཁྲིག་དང༌། བརྒྱ་དང༌། སྟོང་ཕྲག་ཅེས་འཆད་པའི་ལུགས་ཀྱང་སྣང་ངོ་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ཚད་མེད་པས་བློ་གྲོས་ཚད་མེད་པས་ བློ་གྲོས་ཚད་མེད་པ་དང་། ཆོས་དབྱིངས་ལ་བློ་གྲོས་མི་གཡོ་བ་དང་། བདེན་གཉིས་ཐུགས་སུ་ཆུད་པས། བློ་གྲོས་ཡངས་པ་དང༌། འགྲོ་བ་ཇི་སྙེད་པ་དེ་སྙེད་དུ་བློ་གྲོས་འཇུག་པས ཀུན་ཏུ་བློ་གྲོས་དང༌། བློ་གྲོས་འཁོར་བའི་མཐའ་ཇི་སྲིད་དུ་འཇུག་པས། བློ་གྲོས་མཐའ་ཡས་དང༌། བློ་གྲོས་པདྨ་ལྟར་སྐྱོན་གྱིས་ མ་གོས་པས། བློ་གྲོས་ཀ་མ་ལ་དང༌། སངས་རྒྱས་ཀྱི་འབྲས་བུ་ཆེན་པོ་སྟེར་བས་བློ་གྲོས་ཆེན་པོ་དང༌། བློ་གྲོས་དེ་བུམ་པ་བཟང་པོ་ལྟར་སངས་རྒྱས་མཆོད་པའི་ཡོ་བྱད་དུ་གྱུར་པས། བློ་གྲོས་ལྷ་རྫས་དང༌། བློ་གྲོས་དེ་ཤེས་བྱ་སྣ་ཚོགས་ལ་འཇུག་པས། བྱང་ཆུབ་སེམས་དཔའ་ 10-10-5b སེམས་དཔའ་ཆེན་པོ་བློ་གྲོས་སྣ་ཚོགས་ལ་སོགས་པའོ། །ཁངས་ནས་བྱང་ཆུབ་སེམས་དཔའ་ལྷག་མ་རྣམས་བསྡུས་བའོ། །དྲོད་ལ་གནས་པ་དབང་རྣོན་ཡན་ཆད་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་རྣམས་བྱེ་བས་མི་ཕྱེད་པའི་དགེ་འདུན་ སེ་སྐྱའི་གྲངས་ཀྱིས་མི་རྟོགས་པས་མཐའ་ཐུག་པ་མེད་པ་རྣམས་ཀྱིས། བསྟི་སྟང་དུ་ནི་ལུས་ཀྱི་བཀུར་སྟི་བྱེད། བླ་མར་བྱེད་ནི་སེམས་ཀྱིས་གོང་མར་འཛིན་པར་མེ་ཏོག་སོགས་ཀྱིས་མཆོད་ཅིང་དོན་དང་ལྡན་པས་བསྟོད་པས་རྗེད་པར་བྱེད། མཆོད་པ་རྣམས་ཀྱི་མཆོག་བཀའ་བཞིན་དུ་སྒྲུབ་པས་ རབ་ཏུ་མཆོད་ཅིང་སྤེལ་ཏེ། དེ་ལྟ་བུའི་དགེ་བ་རྣམས་བྱང་ཆུབ་ཏུ་བསྔོ་བ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། རྒྱ་མཚོ་ཆེན་པོར་ཕོ་བའི་ཆུ་ནི་བར་མ་དོར་ཟད་པར་མི་འགྱུར་བ་དེ་བཞིན་དུ་བྱང་ཆུབ་ཏུ་བསྔོས་པའི་དགེ་བ་གང་བར་མ་དོར་ཟད་པར་མི་འགྱུར་ཏེ་ཞེས་གསུངས་པ་ལྟ་བུའོ། །འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་འཁོར་མང་པོའི་དབུས་ན། ཚངས་པ་ཆེན་པོ་བཅོམ་ལྡན་འདས་འཁོར་བར་སེམས་ཅན་གྱི་དོན་དུ་བཞུགས་ཀྱང་དེའི་ཉེས་པས་མ་གོས་པའི་བརྡར་པདྨའི་གདན་ལ་བཞུགས་ཏེ། འཇིག་རྟེན་པའི་འཁོར་དང་པོར་སྨོས་པའི་དོན་ནི། རྣམ་བཤད་རིག་པར། དང་པོར་གཉིས་ཏེ་ མཆོད་འོས་སམ། །ཡང་ན་ཡི་གེ་རབ་ཉུང་བ། །ཞེས་གསུངས་པ་ལྟར། ཡི་གེ་ཉུང་བའི་དོན་གྱིས་ཡིན་ནོ། །དེ་ལྟར་གླེང་གཞི་བརྗོད་པས་ཡིད་ཆེས་པར་བསྟན་ནས་རྒྱུད་ཀྱི་དོན་ཇི་ལྟར་ཕྱེ་སྙམ་པའི་རྟོག་པ་བཟློག་པའི་དོན་དུ་གླེང་བསླང་བ་བསྟན་པ་ནི། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། པའི་དོན་ནི་ཆགས་བྲལ་གྱི་སྐུ་སྤངས་ནས་འཁོར་ལོ་སྒྱུར་བ་རྣམ་སྣང་གི་སྐུར་བསྒྱུར་བ་ཀ་མ་དྷེ་ནུས་བཤད།། ངན་སོང་གི་རྒྱུད་ལས་རྣམ་པར་གྲོལ་བ་ཞེས་བྱ་བ། ནི་འོད་ཟེར་གྱི་མིང་ཡིན་ལ། དེ་གང་གི་འོད་ 10-10-6a ཟེར་ཡིན་སྙམ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གྱི་འོད་ཟེར་དེ་ཕར་། སྤྲོས་པ་དང༌། ངན་སོང་གི་སྡུག་བསྔལ་ཞི། ལྷ་མིའི་གོ་འཕང་ལ་བཀོད་པ། སླང་རང་གནས་སུ་སྡུད་པ་ནི་འོད་ཟེར་གྱི་བྱེད་ལས་སོ། །མང་པོའི་ཕྲེང་བ་འོད་ཟེར་བཅོམ་ ལྡན་འདས་ཉིད་ཀྱིས་དཔྲལ་བའི་མཛོད་སྤུ་ནས་ཕྱུང་སྟེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་ཞེས་གསུངས་པ་ལྟར། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན། སྟོང་གཉིས་པ་བར་མའི་འཇིག་རྟེན། སྟོང་གསུམ་མི་མཛེད་ཀྱི་ཁམས་གསུམ་ ལས་ཕྱི་མ་ནི་སྟོན་པའི་ཞིང་དུ་བློ་ཆུང་བའི་ངོར་གསུངས་སོ། །དེའི་ཕྱིར་འདི་དག་ཐམས་ཅད་ཀུན་ཏུ་སྣང་བར་བྱས་སོ་ཏེ། ཀུན་ཏུ་སྣང་བར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་ཏེཿ ཆག་གིས་བཀྲོལ་ཏེ་ཟེར། ལྷ་ མིའི་གོ་འཕང་ལ་བཞག་པས་བདེ་བ་སོ་སོར་ཐོབ་ནས། དེའི་ཚེ། འདུལ་བ་ལུང་ལས། ལྷ་རྣམས་ལ་འདུ་ཤེས་གསུམ་འཇུག་པར་གསུངས་པ་ལྟར། བདག་གང་ནས་སྐྱེས་ངན་སོང་ནས། གང་དུ་སྐྱེས་ལྷའི་གནས། གང་གི་མཐུ་ལས། དེ་བཞིན་གཤེགས་པའི་འོད་ཟེར་གྱི་མཐུ་ལས་ཡིན་པར་ཤེས་ནས། དགའ་བའི་ཚལ་ཐམས་ཅད་འོད་ཟེར་གྱིས་ཀུན་ཏུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མངོན་པར་མཆོད་དེ། ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ། མགོ་བོས་ལན་བརྒྱ་ཕྲག་སྟོང་དུ་ཕྱག་བཙལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་ དྲི་མ་མེད་པའི་ནི་དགའ་བར་རྩལ་གྱི་བཞི་ལ་གསེར་གྱི་བྱམས་ཁེབས་པ་ལ་ཀ་མ་རྷེ་ནུས་བཤད་དོ། །སྟེང་དུ་འཁོད་དེ་འདི་སྐད་ཅེས་གསོལ་ཏོ། །ཀ་མ་དྷེ་ནུ་དང་ཆག་གིས་ཨེམའོ་ཞེས་ཟློས་ནས་སྨོས་པ་ནི་ངོ་མཚར་བའི་ཚིག་ཏུ་བཤད་དོ། །སངས་རྒྱས་ཨེ་སངས་རྒྱས། ཨེ་མའོ་ 10-10-6b སངས་རྒྱས་ཀྱིས་མཛད་པ་ལེགས། ཞེས་ཆེད་དུ་བརྗོད་པ་ནི་གང་ཕྱིར་ངན་སོང་བདག་ཅག་སྦྱངས་ནས་བྱང་ཆུབ་གསུམ་གང་རུང་གི་སྤྱོད་པ་ཉིད་ལ་སྐལ་པས་མཚམ་པར་བཀོད་པའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་ སྟོང་དུ་སྐོར་བ་བྱས་ཏེ་ལན་བརྒྱ་ཕྲག་སྟོང་དུ་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླང་དུ་སངས་རྒྱས་ཀྱི་འོད་ཟེར་གྱིས་སྟོང་གསུམ་གྱི་འཇིག་རྟེན་ཀུན་ཏུ་སྣང་བས། ངན་སོང་གི་རྒྱུད་དེ་ཉོན་མོངས་པའི་འཆིང་བ་ ལས་རྣམ་པར་གྲོལ་ཆག་གིས་བཀྲོལ་ཟེར་ཞིང༌། རྣམ་པར་གྲོལ་བའི་ལམ་ནི་བྱང་ཆུབ་གསུམ་གྱི་ལམ་ལ་བཀོད་པ་ནི། བཅོམ་ལྡན་འདས་ངོ་མཚར་ཆེ་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ཆེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་འདི་ ནི་སྤྱིར་ཆག་གིས་བཀྲོལ་ཟེར། །སངས་རྒྱས་ལ་དང་པ་ཙམ་དང༌། ཡོན་ཏན་ཕྱོགས་རེ་མཐོང་བ་ཡང་ངོ་མཚར་ཆེ་མོད། རྟོག་དཔྱོད་དང་ལྡན་པ་ནི་ཡོན་ཏན་མཐའ་དག་མ་མཐོང་བར་སྔ་མ་དེ་ཙམ་གྱིས་མི་ཚིམ་པས་ངོ་མཚར་མི་ཆེའོ། །ལྷའི་དབང་པོ་འདི་ནི་ངོ་མཚར་མི་ཆེ་སྟེ། དེའི་རྒྱུ་མཚན་ སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚད་མེད་པའི་ཕར་ཕྱིན་དང་པོ་གསུམ་གྱི་བསོད་ནམས་ཀྱི་ཚོགས་ཡང་དག་པར་བསགས་པའོ། །ལྷའི་དབང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཚད་མེད་པའི་ཡོན་ཏན་དེའི་རྒྱུ་ལ་བརྟེན་ནས་འབྲས་དུས་སུ་སངས་རྒྱས་ བྱོན་པས་འོན་པས་སྒྲ་ཐོས། སྨྱོན་པས་དྲན་པ་རྙེད་པ་སོགས་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པའོ། །ཆག་དང་འགྱུར་ཁ་ཅིག། །ལྷའི་དབང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཚད་མེད་པའི་ཐབས་ཀྱིས་མཚོན་ནས་ཕར་ཕྱིན་ཐ་མ་གསུམ་ཡང་ 10-10-7a དག་པར་རྫོགས་པའོ། །ལྷའི་དབང་པོ་སངས་རྒྱས་རྣམས་ནི། ཇི་ལྟ་ཇི་སྙེད་ཀྱི་རང་དང་སྤྱིའི་མཚན་ཉིད་རྣམ་པར་འབྱེད་པའི་ཤེས་རབ་ཚད་མེད་པ་བསགས་པ་སྟེ་རྫོགས་པའོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྤྱོད་པ་བསམ་གཏན། བརྩོན་འགྲུས། བསྡུ་བཞི་རྣམས་ རྫོགས་པ་དེ་རྣམས་ཀྱང་གྲངས་མེད་གསུམ་དུ་ཡིན་པར་རྩེ་མོ་ལས་བཤད་པ་ལྟར། རྒྱུ་དེ་དག་ལ་བརྟེན་ནས་ངན་འགྲོ་ནས་སེམས་ཅན་ཕྱོགས་རེ་བ་བཏན་པ་ལྟ་བུ་མ་ཡིན་པར་ཚད་མེད་པའོ། །མངོན་མཐོ་དང་ངེས་ལེགས་ཀྱི་སྣོད་རུང་དུ་མཛད་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གདུལ་བྱའི་སྐྱེ་བོ་ཚད་ མེད་པ་རྣམས། ཐ་ན་གནས་སྐབས་རིགས་ཆད་པ་རྣམས་ཀྱང་མཐོ་རིས་ལ་འགོད་པ་སོགས་ སྣོད་དུ་གྱུར་པར་མཛད་པའོ། །ཆག་གིས་རྣམས་ཀྱི་སྤྱོད་པ་ནི་ཚད་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་དབྱིངས་ནི་སྐྱེ་འཇིག་ཅན་གྱི་ཆོས་ཅན་ཆོས་དབྱིངས་ཀྱི་ངོས་ནས་དུ་མ་རོ་གཅིག་ ཡིན་པས་སོ། །མི་མཉམ་པར་ཏེ་མི་མཚུངས་ཏེ། དང་ཆོས་དབྱིངས་དེ་དང་རོ་མཉམ་པའི་ཡེ་ཤེས་ནི་མཉམ་པའི་ཡེ་ཤེས་དང་ལྡན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཉན་རང་སོགས་དང་མི་མཉམ་པ་དང་སངས་རྒྱས་ནང་ཕན་ཚུན་མཉམ་པའི་རྫུ་འཕྲུལ་དང་ ལྡན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཉན་རང་དུ་མ་ཟད་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་ཡང༌། མི་མཉམ་པ་དང༌། སངས་རྒྱས་ནང་ཕན་ཚུན་མཉམ་པའི་སྨོན་ལམ་གྱི་སྟོབས་དང་ལྡན་པ་སྟེ། ལྷའི་དབང་པོ་དེ་ལྟ་བས་ན། སངས་རྒྱས་བཅོམ་ལྡན་ འདས་ནི་སྣོད་ཀྱི་དབང་པོ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་དང༌། ཇི་ལྟར་འདུལ་བ་བཞིན་དུ་ནི་སྐུའི་སྐྱེ་བ་དགའ་བཟུང་ན་དོན་དུ་འགྱུར་བའི་སྐུ་སྐྱེ་འཛིན་ཞིང༌། སེམས་ཅན་རྣམས་ཀྱི་དོན་མཛད་པ་དང༌། མོས་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་སྐུ་ཇི་ལྟར་བཞིན་བསྟན་པས 10-10-7b སེམས་ཅན་རྣམས་ཀྱི་དོན་མཛད་པ་ཡིན་པར་ཤེས་པར་བྱ་སྟེ། ཐོས་བསམ་སྒོམ་གསུམ་གྱི་ཡུལ་ལམ་མངོན་སུམ་རྗེས་དཔག་གི་ཡུལ་ལམ་སྔར་བཤད་པའི་རྒྱུ་དང་འབྲས་བུའི་ཡོན་ཏན་རྣམས་འདི་ལ་ཡིན་ནམ་མིན་ནམ་སྙམ་པ་ནི་ཐེ་ཚོམ་དང༌། འདི་བླང་བྱའམ་དོར་བྱ་ཡིན་སྙམ་པ་ནི་སོམ་ཉི་དང༌། རེས་འགའ་བྱེད་རེས་འགའ་མི་བྱེད་སྙམ་པ་ནི། ཡིད་གཉིས་ཏེ་མ་ཕྱེད་ཅིག། །གང་དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བར་མི་འགྱུར་བ་ནི་གནས་མ་ཡིན་ནོ། །གླེང་བསླང་དུ་འཇོག་པའི་རྒྱུ་མཚན་གང་སྙམ་ན། སངས་རྒྱས་གྱི་འོད་ཟེར་གྱི་སྤྲོ་བསྡུའི་བྱེད་པས་སེམས་ཅན་ངན་འགྲོ་ནས་བཏོན། བདེ་ འགྲོའི་གོ་འཕང་ལ་བཞག་པས། འཁོར་རྣམས་ཀྱིས་ཞུ་བའི་སྐབས་རྙེད་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་ལྟར་གླེང་བསླང་བ་བཤད་ནས། དེས་དྲངས་པའི་རྒྱུད་ཀྱི་དངོས་པོ་ཆོས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། འདིར་དཀྱིལ་འཁོར་བཅུ་གཉིས་ཀྱི་བསྡུས་པའི་དོན་ནི། ཀམ་དྷེ་ནུས་འདི་ལྟར་བཤད་དེ། དེའང་དཀྱིལ་འཁོར་དང་པོ་གཉིས་ ནི། གཙོ་བོར་གཤིན་པོའི་དོན་དུ་གསུངས་ཏེ། དེའང་གདུལ་བྱ་རྒྱས་པ་ལ་དགའ་བའི་དབང་དུ་བྱས་ནས་རྩ་བའི་རྒྱུད་གསུངས་ཏེ། དེར་ལྷའི་གྲངས། དབང༌། སྦྱིན་སྲེག་སོགས་སྡིག་པ་སྦྱང་བའི་སྒོ་ཤིན་ཏུ་རྒྱས་པར་བསྟན་པའི་ཕྱིར། བསྡུས་པ་ལ་དགའ་བའི་དབང་དུ་བྱས་ནས། དཀྱིལ་འཁོར་གཉིས་པར་ལྷ་གྲངས་སོགས་སྡིག་པ་ སྦྱོང་ཐབས་རྣམས་བསྡུས་ནས་བསྟན་པའི་ཕྱིར། དཀྱིལ་འཁོར་ལྷག་མ་རྣམས་ནི། གཙོ་བོར་གསོན་པོའི་དབང་དུ་བྱས་ནས་གང་དག་རྣམ་པར་སྨིན་པ་ལས་བྱུང་བའི་འཆི་བ་བཟློག་པའི་དོན་དུ། སྔ་མ་གཉིས་ལས་གཞན་པའི་དཀྱིལ་འཁོར་ཚེ་དཔག་ཏུ་མེད་པ་འབྱུང་བ་གསུངས་ལ། གདུལ་བྱ་དམན་པ་རིན་པོ་ཆེ་བོར་ནས་མཆིང་ བུ་ལེན་པ་ལྟ་བུའི་ཆེད་དུ། རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་ནས་ལྷ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་གྱི་བར་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་གསུངས་སོ། །དུས་མ་ཡིན་པར་འཆི་བ་བཟློག་པའི་དོན་དུ་ནི། ཚེ་དཔག་ཏུ་མེད་པ་འབྱུང་བའི་དཀྱིལ་འཁོར་གཉིས་པ་གསུངས་སོ། །རྒྱུད་ཕྱི་མ་དེ་དག་ཏུ་མ་གསུངས་པའི་ 10-10-8a ཆོ་ག་ལྷག་མ་རྣམས་ནི། རྒྱུད་ཕྱི་མའི་ཕྱི་མར། ཀུན་ཏུ་བཟང་པོ་རིགས་བསྡུས་ཀྱི་དཀྱིལ་འཁོར་དང༌། ཁྲོ་བོ་མེ་ལྟར་འབར་བའི་དཀྱིལ་འཁོར་གཉིས་གསུངས་སོ། །དེ་ལ་ཁ་ཅིག་ན་རེ། དཀྱིལ་འཁོར་བཅུ་གཉིས་ཀྱི་གོ་རིམ་འདི་མ་ངེས་ཏེ། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་སྔ་མ་གསུམ་དང༌། ཕྱི་མ་གསུམ་གྱི་བར་འདིར་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་སྟོན་པའི་སྒྲུབ་བྱེད་སྟོན་དགོས་སོ་ཞེས་ཟེར་རོ། །སྒྲུབ་བྱེད་ནི། ལྷ་དེ་དག་གི་རང་རང་གི་སྲོག་གི་སྙིང་པོའི་སྔགས་འབུལ་བའི་བསམ་པ་སྐབས་དེར་སྐྱེས་པའི་ཕྱིར། སྒྲུབ་བྱེད་གཞན་ཅི་དགོས། འདི་དག་འཇིག་རྟེན་ལས་འདས་པར་བཞག་པ་ལ་ཡང་ གནོད་པ་ཅི་ཡོད། དྲི་བ་འདི་ལ་ནི་མཐའ་མེད་པའི་ཕྱིར་རོ་ཞེས་གསུང་ངོ༌། །འོན་ཀྱང་དཀྱིལ་འཁོར་དང་པོ་གཉིས་གཙོ་བོར་གཤིན་པོའི་དོན་དུ་གསུངས་པར་བཞེད་པ་ནི་འཐད་པར་མ་མཐོང་སྟེ་འོག་ཏུ་འཆད་དོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རང་གི་སྟན་ལས་ལངས་ནས། ཡང་བཅོམ་ ལྡན་འདས་ལ་མཆོད་པ་ཆེ་ཞིང་རྒྱ་ཆེ་བ་བྱས་ཏེ་ཕྱག་བཅལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀ་མ་དྷེ་ནུས་གཞུང་ལྔ་པོ་འདི། ཉན་ཐོས། རང་རྒྱལ། བྱང་སེམས། རིགས་མ་ངེས་པ། གནས་སྐབས་རིགས་ཆད་པ་ལྔ། འགྲོ་བ་ལྔ། ལས་དང་པོ་པ་ནས་ཡེ་ཤེས་ལ་ དབང་ཐོབ་པ། སངས་རྒྱས་དང་ལྔ་ལ་བཤད་དེ། དོན་དུ་མ་མཐོང་ངོ༌། །གསལ་སྒྲོན་དུ། བརྒྱ་བྱིན་རང་ཉིད་ཀྱི་དབང་དུ་བྱས་པར་བཤད་པས། སེམས་ཅན་ཐམས་ཅད་ལ་ཕན་པ་ནི་སྙིང་བརྩེ་ཆུང་བ། ཉིད་དུ་བགྱི་བ་དང༌། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ནི་སྙིང་བརྩེ་འབྲིང་པོ་ ཉིད་དུ་བགྱི་བ་དང༌། སྙིང་བརྩེ་བ་ཅན་ཆ་གཤིས་དང་བཅས་བར་བྱ་བའི་ཕྱིར་ཟེར། །འགྱུར་རྙིང་བ་ཙིག་དང་ཆལ་གིས། །ཉིད་དུ་བགྱི་དང༌། སྙིང་བརྩེ་བ་ཆེན་པོ་ནི་སྙིང་བརྩེ་བ་ཅན་ཆེན་པོ་ཉིད་དུ་བགྱི་བ་དང༌། བསམ་པ་རྣམ་པར་དག་པ་ནི། བསམ་པ་ཐམས་ཅད་ཡོངས་ 10-10-8b སུ་རྫོགས་པར་བགྱི་བར་བཅོམ་ལྡན་འདས་བདག་སྤོབས་པ་བསྐྱེད་པར་གསོལ། །བདེ་བར་གཤེགས་པ་བདག་སྤོབས་པ་བསྐྱེད་པར་གསོལ། དངོས་སུ་མ་གྱུར་ཡང་སྤོབས་པ་ཅན་དུ་བྱིན་གྱིས་བརླབས་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཉི་མ་བཅུ་གཉིས། སེམས་ཅན་གྱི་དོན་སྒྲུབ་པའི་སྦྱོར་བ་ཕུན་སུམ་ཚོགས་པའི་དོན་དུ་ཞུ་བའི་སྤོབས་པ་ནི་ཤས་རབ་ཀྱི་འབྲས་བུ་ཐོགས་པ་མེད་པར་ཞུ་ཞུས་པ་ལ་བྱའོ།། དྲག་པོ་བཅུ་གཅིག་སོགས་གྲངས་ཀྱི་སྒོ་ནས་མཛོད་ཀྱི་འགྲེལ་བཤད་དུ་གསུངས་པ་ལྟར་སུམ་ཅུ་རྩ་གསུམ་པའི་ལྷའི་རིགས་འདི་ཉིད་ནས་ལྷའི་ བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་ཞིག་ཤི་འཕོས་ཏེ། དུས་ལས་འདས་ནས་དགུང་བདུན། །ནི་ལྷའི་ཞག་བདུན་དང་བར་དོ་སོགས་ལ་འཆད་པ་ཤིན་ཏུ་མི་འཐད་པས་མིའི་ཡིན་ལ། དེ་ཡང་འཛམ་བུ་གླིང་པ་གདུལ་བྱའི་གཙོ་བོ་ཡིན་པས་དེའི་དབང་དུ་བྱས་སོ། །འདི་ཉིད་ལས་ཀྱང༌། འཛམ་བུ་གླིང་ན་ གནས་པའི་སེམས་ཅན་སྡིག་པའི་ཆོས་ལ་ཀུན་ཏུ་སྤྱོད་པ་ཞེས་སོགས་གཙོ་བོར་བྱས་སོ། །ལོན་ལགས་ན། བཅོམ་ལྡན་འདས་དེ་གང་དུ་སྐྱེས། སྐྱེས་འགྲོ་བ་གཉིས་སུ་ངེས་པས་བདེ་འགྲོར་སྐྱེས་ན་བདེ་བ་ཅི་ལྟ་བུ་དང་ངན་འགྲོར་སྐྱེས་ན་སྡུག་བསྔལ་ནི་ཅི་ཞིག་མྱོང་བར་འགྱུར་ བཅོམ་ལྡན་འདས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་དེའི་དུས་ལ་བབ་པར་ཤེས་ན་ཉོན་ཅིག །ལྷའི་དབང་པོས་གསོལ་པ། བཅོམ་ལྡན་འདས་དུས་ནི་འདི་ ལགས་སོ། །བདེ་བར་གཤེགས་པ་དུས་དང་ཚོད་ནི་འདི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་ནི། འདི་ནས་ཤི་འཕོས་ནས་མཚམས་མེད་པ་སྟེ་མེད། མནར་མེད་ཅེས་པ་ 10-10-9a པ་རྣམས་དོན་གཅིག་སྟེ་བདབས་བར་མཆོད་པར་སྡུག་བསྔལ་བ་ན་མྱོང་བའོ། །པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། དེས་དེར་ལོ་སྟོང་ཕྲག་བཅུ་གཉིས་ཀྱི་བར་དུ་སྡུག་བསྔལ་མ་ལུས་ཤིང་མི་བཟད་པ་མྱོང་ནས་སེམས་ཅན་དམྱལ་བ་ཆུང་ངུ་རྣམས་ སུ་ནི་འཁོར་གྱི་དམྱལ་བ་རྣམས་སུའང་ལོ་བརྒྱ་ཕྲག་བརྒྱར་སྡུག་བསྔལ་མྱོང་ངོ་། །བྱོལ་སོང་དང༌། ཡི་དྭགས་ཀྱི་སྐྱེ་ ༈ སྔ་མ་སྔ་མའི་སྡུག་བསྔལ་གྱི་སྟེང་དུ་ཕྱི་མ་ཕྱི་མའི་སྡུག་བསྔལ་དང་བཅས་པ་བསྣན་བའོ།། ༈ འགྱུར་བ་ཅིག་ཏུ་མ་རུངས་བ་བྱུང་། ཆག་གིས་དྲག་ཅིང་མི་བཟོང་པར་བསྒྱུར་རོ་ གནས་སུའང་བརྒྱ་ཕྲག་བརྒྱར་སྡུག་བསྔལ་མྱོང་ངོ་། །དེ་ནས་ཡུལ་མཐའ་འཁོབ་ཀྱི་མིར་སྐྱེས་ནས་ཀྱང་འོན་པ་དང༌། དིག་པ་དང༌། ལྐུགས་པའི་རང་བཞིན་ཅན་དང༌། སྨྲ་བ་མི་གསལ་བར་ལོ་སྟོང་ཕྲག་དྲུག་ཅུའི་བར་དུ་མྱོང་ནས་ལོ་སྟོང་ཕྲག་བརྒྱད་ ཅུ་རྩ་བཞིར་ནད་རྣག་ཁྲག་འཛག་པ་དང༌། མཛེ་དང༌ཕོལ་མིག་རྣམས་ཀྱིས་གཟིར་བ་དང༌། སྐྱེ་བོ་མང་པོས་སྨད་པ་ནི་ཕལ་ཆེ་བས་དང༌། ཡོངས་ཀྱིས་སྤངས་པ་དང༌། ནི་ཐམས་ཅད་ཀྱིའོ། བཤན་པ་ལ་སོགས་པའོ། །རིགས་དམན་པའི་རིགས་ཅན་རྗེས་སུ་ མྱོང་ཞིང་སྡུག་བསྔལ་བ་དང༌། སྡུག་བསྔལ་བརྒྱུད་པ་དང༌། གཞན་ལ་གནོད་པར་བྱེད་པ་དང༌། ལས་ཀྱི་སྒྲིབ་པ་བར་ཆད་མེད་པ་རྣམ་པ་སྣ་ཚོགས་བྱེད་པ་དང༌། གཞན་ཡང་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པ་སྔར་མྱོང་ཞིང་ད་དུང་རྒྱུ་མ་སྤངས་པས་ཕྱིས་ ར་འགྱུར་རོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་ལྷའི་བུ་ཐམས་ཅད་ཀྱིས་ཐོས་ནས་ཤིན་ཏུ་དངངས་པ་དང་ཤིང་སྐྲག་པ་ནི་ཡིད་ཡིན་ལ་སྟེ། སྐྱོ་ནས་ནི་ཡིད་འབྱུང་བའོ།། ཁ་སྦུབ་ཏུ་འགྱེལ་ཏོ། །དེ་ནས་ཡང་ལངས་ནས་འདི་སྐད་ 10-10-9b སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྡུག་བསྔལ་བརྒྱུད་པ་འདི་ལས་ཇི་ལྟར་ན་འདི་ཐར་བར་འགྱུར། བདེ་བར་གཤེགས་པ་ཇི་ལྟར་ཐར་བར་འགྱུར། པ་ནི་ཡིད་འབྱུང་བའོ། །བཅོམ་ལྡན་འདས་ཅི་ནས་ཀྱང་སྡུག་བསྔལ་གྱི་ཕུང་པོ་འདི་ལས་རྣམ་པར་གྲོལ་བར་འགྱུར་བར་ འདི་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་འདི་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་བཤད་པ་འདི་ངས་ཀྱང་བཤད་ཀྱིས་ཉོན་ཅིག །བཅོམ་ལྡན་འདས་ཀྱིས་རྒྱུད་བཤད་ པར་ཞལ་གྱིས་བཞེས་པ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡང་བཅོམ་ལྡན་འདས་ལ་མེ་ཏོག་མནྡ་ར་བ་དང༌། མནྡ་ར་བ་ཆེན་པོ་དང༌། མེ་ཏོག་རྣམ་པ་སྣ་ཚོགས་དང༌། རིན་པོ་ཆེའི་དབུ་རྒྱན་དང༌། ཕྱག་གདུབ་དང༌། དཔུང་རྒྱན་དང༌། སྙན་ཆ་དང༌། དོ་ཤལ་དང༌། སེ་མོ་དོ་ལ་སོགས་པའི་རྒྱན་གྱི་ཁྱད་པར་རྣམ་པ་སྣ་ཚོགས་ཀྱིས་བརྒྱ་བྱིན་ལ་སོགས་རངས་ནས། མངོན་པར་མཆོད་དེ། ལན་བརྒྱ་སྟོང་ཕྲག་དུ་མར་སྐོར་བ་བྱས་ཤིང་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལེགས་སོ། །བདེ་བར་གཤེགས་པ་ལེགས་སོ། །ཞེས་ བྱ་བས་མཉེས་ཆག་གིས། ལེགས་སོའི་ཚིག་གིས།། པར་བྱས་ནས། བཅོམ་ལྡན་འདས་ལྷ་དང་བཅས་པའི་ནོར་བུ་དྲི་མ་མེད་པར་མ་ཟད། སེམས་ཅན་ཐམས་ཅད་ལ་ཕུགས་སུ་ཕན་པ་དང༌། འཕྲལ་དུ་བདེ་བར་བགྱི་བ་དང༌། མ་འོངས་པའི་སེམས་ཅན་རྣམས་ ངན་སོང་གི་རྒྱུད་ཆག་གིས། ངན་སོང་གསུམ་གྱི་རྒྱུད་པས། ཞེས་བསྒྱུར། ལས་རྣམ་པར་ཐར་བར་བགྱི་བའི་སླད་དུ་ལེགས་པར་བཤད་དུ་གསོལ། དེར་མ་ཟད་དེ་ནས་ཚངས་པ་ལ་སོགས་པའི་ལྷ་མང་པོ་འགྱུར་རྙིང་ཁ་ཅིག་ཏུ། རྣམས་ཀྱིས་ཀྱང་བཅོམ་ལྡན་ 10-10-10a འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་སོ། །བདེ་བར་གཤེགས་པ་ལེགས་སོ། །ཅི་ནས་ཀྱང་མ་འོངས་པའི་སེམས་ཅན་རྣམས་ཀྱིས་མཚན་ཐོས་པས་ཀྱང་ངན་སོང་གསུམ་གྱི་ལམ་ལས་རྣམ་པར་གྲོལ་ཏེ། བདེ་འགྲོ་ལྷའི་ འཇིག་རྟེན་ནམ་མིའི་འཇིག་རྟེན་དུ་སྐྱེས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་བཤད་དུ་གསོལ། ཞེས་ཞུས་སོ། །དེ་ལྟར་གསོལ་བ་བཏབ་པའི་དོན་འཆད་པ་ལ། སྣོད་རུང་གི་དབང་དང་། དམ་ཚིག་དང་སྡོམ་པ་སོགས་དགོས་པས། དེ་ནས་ བཅོམ་ལྡན་འདས་ཀྱིས། བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷའི་བུ་དེ་དག །དེ་བཞིན་གཤེགས་པ་ནི་རིགས་ལྔས་བསྡུས་པ་ཐམས་ཅད་ཀྱི་སྙིང་པོ་ནི་སྔགས་ཀྱིས་མཚོན་པའི་དོན་གཉིས་སུ་མེད་པའི་ཡེ་ཤེས་འདིས་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། དོན་ཡོད་པའི་ རྡོ་རྗེའི་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་དེ་ཉིད་ཀྱི་ཐུགས་ཀ་ནས་སྔགས་འདི་ཕྱུང་ནས། ལྷ་དེ་དག་དམ་ཚིག་ཅན་དུ་བྱིན་གྱིས་བརླབས་སོ། །ཨོཾ་ནི་བཀྲ་ཤིས་ཤིང་སྔགས་ཀྱི་སྣ་འདྲེན་པ། བཛྲ་རྡོ་རྗེ་ཨ་དྷི་ཏིཥྛ་ བྱིན་གྱིས་བརླབས་ལ་ཛྙཱ་ན་ཡེ་ཤེས་གང་གིས་ན་རྡོ་རྗེ་ཡེ་ཤེས་ཀྱིས་སོ། །ས་མ་ཡེ་ཧཱུཾ། ཇི་ལྟར་དམ་ཚིག་ཅན་དུའོ། །མཛད་རྒྱན་དུ་དབང་བཅུ། ཕྱག་རྒྱ་བཞི། རྡོ་རྗེ་གསུམ་ལ་སྦྱར་བའི་བཤད་པ་དང་སྔགས་འདོན་ཚུལ་མི་འདྲ་བར་བྱས་སོ། །དེ་ལྟར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་དེ་ལྟར་ འཇུག་པའི་ཕྱོགས་གཅིག་བསྟན་ནས་ཀྱང༌། སྔགས་སྔ་མས་བྱིན་གྱིས་བརླབ་པར་མ་ཟད་འོག་གི་སྔགས་ཀྱིས་ཀྱང་བྱིན་གྱིས་བརླབ་པའོ། །འབྲས་བུ་ངེས་པར་འབྱིན་པའམ་མི་རྟོག་ཡེ་ཤེས་ཀྱིས་མི་མཐུན་ཕྱོགས་འཇོམས་པས་གདོན་མི་ཟ་བར་མི་ཆོམས་ནི་མི་མཐུན་ཕྱོགས་ཀྱིས་ཚུར་མི་ 10-10-10b ཕྱེད་པའི་རྡོ་རྗེའི་ནི་གཉིས་སུ་མེད་པའི་ཡེ་ཤེས་བྱིན་གྱིས་བརླབས་ཀྱིས་ཆག་གིས་ཟིལ་གྱིས་མི་གདོན་པ་རྡོ་རྗེའི་བྱིན་གྱིས་ཞེས་དང་། བྱིན་གྱིས་བརླབས་ནས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་སྣང་ གི་རིགས་ཀྱི་སྙིང་པོ་འདི་ཞེས་འཆད་འགྱུར་བློ་ལ་བཞག་པའོ། །རང་གི་ཐུགས་ཀ་ནས་ཕྱུང་ངོ༌། །ཨོཾ་ཤོ་དྷ་ནི་སྦྱོངས། ཤོ་དྷ་ནི་སྦྱོངས་སརྦ་པཱ་པཾ་སྡིག་པ་ཐམས་ཅད་བི་ཤོ་དྷ་ནི་རྣམ་པར་སྦྱོངས་ཤིག །ཤུདྡྷེ་དག་པ། བི་ཤུདྡྷེ་རྣམ་པར་དག་པ། སརྦ་ཀརྨ་ཨཱ་བ་ར་ཎ་ལས་ཀྱི་སྒྲིབ་པ་ཐམས་ཅད། བི་ཤུདྔྷེ་སྭཱཧཱ། འབྲུ་འགྲེལ་རྒྱས་འདི་དང་འོག་གི་ཨ་པ་ཡ་ལྡན་པ་ལ་སྦྱར། རྣམ་པར་དག་པ་འདི་གཞི་ཚུགས། གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་པས་རིག་པ་མཆོག་ཏུ་གྱུར་པ། ཆེན་མོ་འདི་བཤད་མ་ཐག་ཏུ། སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་རྒྱུད་ཀྱི་རྒྱུས་བསྡུས་པའི་ འཆིང་བ་ཐམས་ཅད་རྣམ་པར་བཅད་དེ། ངན་འགྲོའི་འབྲས་བུས་བསྡུས་པ་ཐམས་ཅད་རྣམ་པར་སྦྱངས་སོ། །དམྱལ་བ་ལྟ་བུའི་སྡུག་བསྔལ་དྲག་ཅིང་རྩུབ་པ་མི་བཟད་པ་རྣམས་རག་ཏུ་སྦྱངས། སྐྱེ་བོ་མང་པོ་རྣམས་བདེ་བ་དང་ལྡན་པར་གྱུར་ཏོ། །དེ་ནས་ གཞན་ཡང་གསང་བ་སྟེ་སྦ་བར་བྱ་བའི་སྙིང་པོ་འདི་གསུངས་སོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ནེ་སརྦ་ཨ་པཱ་ཡ་ངན་འགྲོ་ཐམས་ཅད་སརྦ་སཏྭེ་བྷྱོ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ། ཧཱུཾ། རྒྱལ་མཆོག་རིན་ཆེན་གྱི་སྙིང་པོའོ། །ལྷའི་དབང་པོ་གཞན་ཡང་། འདི་ནི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྙིང་པོའོ། །ཨོཾ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནེ་ཧཱུཾ་ཕཊ། ཤཱཀྱ་རི་དབང་གིའོ། །ལྷའི་དབང་པོ་གཞན་ཡང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནི་ལྷའི་དང་དེའི་ཐུགས་རྒྱུད་བསྐུལ་བ་ཉེ་བའི་སྙིང་པོའོ།། འགྲུ་འགྲེལ་ 10-10-11a དུ་སྙིང་པོ་དེ་བཞིན་གཤེགས་པའི་ཐུགས་དེ་སྒྲུབ་པའི་ཐབས་ལ་ཉེ་སྙིང་དུ་བཤད་དོ། །ཨོཾ་ཏྲཊ་མེ་ཏོག་ཆར་རྒྱས་ཀྱིའོ་ལྷའི་དབང་པོ་གཞན་ཡང་འདི་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྙིང་པོའོ། །ཧཱུཾ་སྦྱོང་རྒྱལ་གྱིའོ། །ལྷའི་དབང་པོ་གཞན་ཡང མདོར་ན་དྲན་པ་ཙམ་གྱིས་ཀྱང་བསོད་ནམས་ཚན་ལྷ་སྨོས་ཀྱང་ཅི་དགོས། བསོད་ནམས་ཆུང་བའི་སེམས་ཅན་རྣམས་ངན་སོང་གི་རྒྱུད་ཐམས་ཅད་ལས་བདེ་བླག་ཏུ་རྣམ་པར་གྲོལ་བར་འགྱུར་བ་ནི་འདི་ཡིན་ནོ། །ན་མོ་ཕྱག་འཚལ་ལོ། །གང་ལ་ན། བྟ་ག་ལྦ་ ཏེ་ས་དྲ་དུ་རྒ་ཏི་བ་རི་ཤོ་ངྷ་ནི་རཱ་ཛཱ་ཡ། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ། ཏ་ཐཱ་ག་ཏཱ་ཡ། དེ་བཞིན་གཤེགས་པ། ཨརྷ་ཏེ་དགྲ་བཅོམ་པ། སཾམྱཀྶཾ་བུ་དྡྷ་ཡ། ཡང་དག་པར་རྫོགས་པའི་སངས་རྒྱས། ཏདྱ་ཐཱ། འདི་ལྟ་སྟེ། ཨོཾ་ཤོ་དྷ་ནི་ སྦྱོངས། ཤོ་དྷ་ནི། སྦྱོངས། ས་རྦ་པཱ་པ། གང་ན་སྡིག་པ་ཐམས་ཅད། བི་ཤོ་དྷ་ནི་རྣམ་པར་སྦྱོངས། ཤུདྡྷེ། དག་པ། བི་ཤུདྡྷ། རྣམ་པར་དག་པར་གྱིས་ཤིག། སརྦ་ཀ་རྨ་ཨཱ་བར་ཎ་གང་ན་ལས་ཀྱི་སྒྲིབ་པ་ཐམས་ཅད། བི་ཤོ་ངྷ་ནི་སྭཱཧཱ། རྣམ་པར་དག་པ་ལ་གཞི་ཚུགས། སྔཊ་ འདི་བགྲངས་བས་དཀྱིལ་འཁོར་བའི་ལྷ་ཐམས་ཅད་ཀྱི་སྔགས་སུ་འགྱུར་བས་རྩ་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བ་དང་དེའི་གཙོ་བོའི་སྔགས་ཡིན་པས་རྩ་རིག་གོ་ཞེས་འདོད་པ་ཡང་ཡོད་དོ། །རིག་པའོ། ཨོཾ་སརྦ་བཾད་སརྦ་ཨ་བ་ར་ཎ་བི་ཤོ་ངྷ་ཡ་ཧ་ན་ཧཱུཾ་ཕཊ། ཨོཾ་སརྦ་བིད་ཧཱུཾ། ཨོཾ་སརྦ་བིད་ཕཊ། ཨོཾ་སརྦ་བིད་ཨ། ཨོཾ་སརྦ་བིད་ཏྲཊ། ཨོཾ་སརྦ་བིད་ཨོཾ། ཀུན་རེག །ཨོཾ་སརྦ་བིད་སྭ། སྦྱོང་རྒྱལ། ཨོཾ་སརྦ་བིད་ཨ། རྒྱལ་མཆོག་རིན་ཆེན། ཨོཾ་སརྦ་བིད་ཧཱུཾ། ཤཱཀྱ་རི་དབང༌། ཨོཾ་སརྦ་བིད་ཏྲཊ། མེ་ཏོག་ཆེར་རྒྱས་རྣམས་ཀྱི་བསྐྱེད་ 10-10-11b སྔགས་སོ། །ཨོཾ་ཤ། ཨོཾ་ཤཱུ་ནྱ་ཏཱས་སྟོང་པའི་དོན་དང༌། ཨོཾ་བྷ་འབྱུང་བ་རིམ་བརྩེགས་ལ་འདོད་པ་དང༌། སཾ་བྷུ་ཊར་འགྲེང་བུ་བྱིན་ནས་རྩོལ་བྱེད་ཀྱི་རླུང་ལ་ཡང་བྷེ་རམ་པར་བཤད་པའམ་ཡང་ན་སྭ་བྷཱ་ཝ་ལ་སྦྱར། ཡང་ན་རྐྱང་པར་བྱས་ནས། བཛྲ་རྡོ་རྗེའི་ར་བ་སོགས་སྲུང་འཁོར་ལ་སྦྱར་བ་ཡང་ཡོད། སརྦ་བིད་བཅུ་ནི་གསོན་པོ་ལ་དབང་བསྐུར་ བ་དང༌། གཤིན་པོ་ལ་བྲིས་ནས་གདགས་པའི་སྔགས་ཡིན་ལ། རྩ་རིག་ཡན་ཆད་ནི་བཟླ་བྱའི་སྔགས་ཡིན་ནོ། །བསྙེན་པའི་གྲངས་ནི་གཙོ་བོ་ལ་རྩ་རིག་འབུམ་འཁོར་རྣམས་ལ་ཁྲི། བཟླ་བྱའི་སྔགས་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་གོང་གི་ལྔའམ། ཉེ་སྙིང་གང་རུང་ངོ༌། །སྟགས་དང་པོ་ལྔ་ནི། ཀུན་རིག་ནས་མེ་ཏོག་ ཆེར་རྒྱས་ཀྱི་བར་རོ། །ལྷའི་དབང་པོ་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་གསང་བའི་སྙིང་པོ་འདི། ནི་གོང་གི་རྩ་སྔགས་ཐམས་ཅད་ལ་སྙེག་གོ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡང་རུང་བས། མིང་ཙམ་ཡང་ཉན་ ཏམ། བཅངས་སམ། བཀླགས་སམ། བྲིས་ནས་ཀྱང་མགོའམ། གཙུག་ཕུད་དམ། དཔུང་པའམ། མགུལ་དུ་བཏགས་ཏེ་འཆང་ན། ལུགས་ནི་གསལ་སྒྲོན་དུ་གྲོ་གསོགས་ལ་ཙནྡན་གྱི་ཆུས་འཁོར་ལོ་རྩིབས་བཅུ་གཉིས་པ་བྱས་ལ་ལྟེ་བ་ལ་རྩ་རིག་རྩིབས་ལ་བིད་བཅུ་གཉིས་མུ་ཁྱུད་ལ་མིང་ སྤེལ་དང་བཅས་ཏེ་གདགས་པར་བཤད་དོ། །ཚེ་འདི་ཉིད་ལ་དུས་མ་ཡིན་པར་འཆི་བ་བརྒྱད་དམ། ནི་བུད་མེད་རྒན་མོ་དང་ཉལ་བ། མི་ན་བཞིན་དུ་སྨན་བསྟེན་པ། ཁང་རྙིང་དུ་ཉལ་བ་འབྱུང་པོ་ཡོད་པའི་སར་གཅིག་བུར་འགྲོ་བ། ནད་པ་སྨན་པའི་ངག་མི་ཉན་པ། གཡུལ་དུ་འཇུག་པ། མི་ཐུབ་པ་ལ་བསྡོ་ བ། གཉན་སར་ཉལ་བ། དུས་མ་ཡིན་པར་འཆི་བ་བརྒྱད་དང༌འབྲེལ་བ། ནི་ཆུ་ཆེན་ལ་རྒྱལ་པ་མེད་པར་རྒྱལ་བ། དུག་འཐུང་བ་སོགས་བཤད་ལ། རྨི་ལམ་གྱི་རྣམ་པ་ནི་དགྲས་འདེད་པ་འམ་མིག་ཕྱུང་བ། ཁ་ནས་ལྕེ་གཞན་གྱིས་ཕྲོགས་པ། ཉི་ཟླ་ལྷུང་བ། སྐྲ་བྱི་བ། སྒྲེན་མོར་འདམ་དུ་བྱིང་བ་ 10-10-12a སོགས་སུམ་ཅུ་རྩ་གཉིས་གསུངས། དེ་རྣམས་ནི་འབྲུ་འགྲེལ་གྱི་བཤད་པའོ། །ངན་སོང་དང་འབྲེལ་བའི་མཚན་མ་དེ་དག་ཐམས་ཅད་རྨི་ལམ་ཙམ་དུ་ཡང་མི་འབྱུང་ན། དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་ཞུགས་ལ། ཞུགས་ནས་ཀྱང་དབང་བསྐུར་ནས་ བཟླས་བརྗོད་བྱེད་ཅིང༌། སྔགས་ཀྱི་དོན་ཡང་ནི་ལྷར་གསལ་བ་དང་དེ་ཁོ་ན་ཉིད་སྒོམ་པ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ལ་སྡིག་པ་གང་ཡང་ཉེ་བར་མི་འགྱུར། ངན་སོང་དུ་འགྲོ་བར་མི་འགྱུར་རོ། །དེ་ཡན་ཆད་གསོན་པོ་ལ་འབྱུང་བའི་ཕན་ཡོན་ཡིན་ལ། སྐྱེས་པའམ་ བུད་མེད་དམ། ཞེས་པ་མན་གྱིས་ནི་གཤིན་པོ་ལ་འབྱུང་བའི་ཕན་ཡོན་གྱི་དབང་དུ་བྱས་ལ། ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། སྲིན་པོ་འམ། བྱོལ་སོང་ངམ། ཡི་དྭགས་སམ། སེམས་ཅན་དམྱལ་བ་ལ་སོགས་པ་གང་ཡང་རུང་བ་ཤི་བའི་ལུས་དེ་དཀྱིལ་འཁོར་ དུ་བཅུག་སྟེ་དབང་བསྐུར་ན། སེམས་ཅན་དམྱལ་བར་སྐྱེས་ན་ཡང་། དེ་མ་སོགས་ལ་དབང་བསྐུར་བ་ནི་གང་ཟག་རྟོགས་པ་མཐོན་པོར་སོང་བས་དབང་བསྐུར་བའི་དབང་དུ་བྱས་སོ། །ཐག་ཏུ་རྣམ་པར་ཐར་ནས་ལྷའི་རིས་སུ་སྐྱེ་ ལྷ་དང་དམྱལ་བ་ལ་རོ་མི་འོང་བས་འདི་ ཇི་ལྟར་ཡིན་སྙམ་ན་མིང་བྲིས་ནས་དབང་བསྐུར་པ་ལ་དགོངས་སོ། དེ་ནས་གཞུང་སྔ་མ་རྣམས་ཀྱིས་ནི་གཙོ་བོར་གསོན་པོའི་དབང་དུ་བྱས་པར་དངོས་སུ་བསྟན་ནས། གཞུང་ཕྱི་མས་གཤིན་པོ་སྔ་མའི་ཞར་བྱུང་ངུ་བསྟན་པས། དཀྱིལ་འཁོར་དང་པོ་གཉིས་གཙོ་བོར་གཤིན་བོའི་དབང་དུ་བྱས་ཟེར་བའི་དགོས་པའི་གནས་ མེད་དོ། བར་འགྱུར་རོ། །ལྷའི་རིགས་དེར་སྐྱེས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་ལ་སོགས་པ་ཡང་བྱེད། ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །རྒྱུད་ 10-10-12b ངེས་པ་ཅན་དུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཡང་སྐྱེ། སྒྲིབ་པ་རྣམས་རབ་ཏུ་སྤངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སམ། ལྷའི་རིགས་སམ། གཞན་གང་ཡང་རུང་བར་བདེ་བ་མྱོང་བར་འགྱུར་རོ། །ལྷའི་ དབང་པོ་མདོར་ན་འཇིག་རྟེན་ནམ་འཇིག་རྟེན་ལས་འདས་པའི་ཕན་པ་དང་བདེ་བ་ཐམས་ཅད་མྱོང་བར་འགྱུར་རོ། །དེ་ནས་བརྒྱ་བྱིན་གྱིས་གསོལ་བ་བཏབ་པ་ནི། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་དེ་བཞིན་དུ་སྐོར་བ་བྱས་ཏེ་ཕྱག་བཙལ་ ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཀྱི་དབང་དུ་གྱུར་པ་རྣམས་ལ་ཕན་པ་དང་བདེ་བར་བགྱི་བ་དང༌། ཅི་ནས་ཀྱང་སེམས་ཅན་དེ་དག་ངན་སོང་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པར་བགྱི་བ་དང༌། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བླག་ཏུ་རྟོགས་པར་བགྱི་བའི་སླད་དུ་བཤད་དུ་གསོལ། བརྗོད་ཅིང་དཀྱིལ་འཁོར་དུ་བཅུག །དབང་བསྐུར། བཟླས་པ་རྣམས་བྱས་ན་ཕན་ཡོན་ཆེ་བ་སྨོས་ཅི་དགོས། ཞེས་གསུངས་པས། ཞུ་བའི་སྐབས་རྙེད་ནས། དབང་སོགས་ལ་གསོལ་བ་ འདེབས་པ་དངོས་སུ་མ་བྱུང་ཡང༌། གང་དུ་འཇུག་པའི་དཀྱིལ་འཁོར་ལ་སོགས་པ་རྣམས་བཤད་དུ་གསོལ། ཞེས་ཞུ་བར་གསོལ་ལོ། །མཛེས་རྒྱན་དུ་འདི་ཡན་གྱིས་རྩ་རྒྱུད་རྫོགས་པར་འཆད་དེ་དོན་དུ་མ་མཐོང་ངོ༌། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་འདི་དང་འོག་གི་ཏིང་ངེ་འཛིན་ལ་ཞུགས་པས་ནི་དེ་ཉིད་རྣམ་སྣང་གི་སྐུར་བསྒྱུར་བ་བསྟན་ནོ། །ནི་རིགས་ཐམས་ཅད་ཀྱིའོ། །བྱེད་ལས་ནི། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གང་གི་བྱེད་ལས་ནི་གཉིས་སུ་མེད་པའི་ཡེ་ཤེས་མི་ཕྱེད་པས་རྡོ་རྗེ་ཞེས་རེའི་འོ། 10-10-13a བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཤུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མིང་གཉིས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །སངས་རྒྱས་ཀུན་བྱ་ བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ནི། དོན་དམ་པའི་དེ་ཁོ་ན་ཉིད་དེ། དེ་རྟོགས་པས་ཏེ། ཁོང་དུ་ཆུད་པའི་ཡེ་ཤེས་དེ་ཉིད་དཀྱིལ་འཁོར་སྙིང་པོར་གསུངས་སོ། །དགོས་པ་ནི། མཚན་མེད་ཀྱི་ཏིང་ངེ་འཛིན་བརྙེས་པ་རྣམས་ཕྱི་དཀྱིལ་ལ་མི་བལྟོས་པའི་ཆེད་དུའོ། །ཞེས་ཀ་མ་དྷེ་ནུ་གསུང་ཡང༌། རང་ལུགས་ནི། འདི་ནང་དོན་གྱི་དཀྱིལ་འཁོར་གལ་ཤིན་ཏུ་ཆེ་བས་འདི་ལྟར་བཤད་པར་བྱའོ། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །ནི་སྟོང་ཉིད་རྟོགས་པའི་ཡེ་ཤེས་གཟུང་རྣམ་ལྷར་ཤར་བའོ། །དེ་ཡང་བླ་ན་སྟེ་དོན་ན་མེད་པའི་འབྲས་བུ་རྟོགས་པ་ནི་སེམས་དེས་ཐོབ་པར་གྱུར་པ། རྒྱལ་བས་ ལན་ཅིག་མིན་པར་ཡང་ཡང་དུ་གསུངས་པའི་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་གང༌། །ཡིན་པ། ཕྱིའི་ཟླས་དྲངས་པས་ནང་གི་དེ་ནི་དཀྱིལ་འཁོར་སྙིང་པོར་ཏེ་ཡེ་ཤེས་དེ་ཉིད་མཆོག་ཏུ་གསུངས། དེ་མཆོག་ཏུ་གྱུར་པའི་རྒྱུ་མཚན་ཅི་སྙམ་ན། ཡུལ་སྟོང་པ་ཉིད་དང༌། དེ་རྟོགས་པའི་ ཡེ་ཤེས་ཙམ། ཕར་ཕྱིན་དང༌། ཉན་རང་གི་ཐེག་པ་ལའང་ཡོད་པས། དེ་ཙམ་གྱིས་སྙིང་པོ་མཆོག་ཏུ་ནི་མི་འགྱུར་རོ། །འོ་ན་ཇི་འདྲ་ཞིག་སྙམ་ན། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་གཟུང་རྣམ་ལྟར་ཤར་བ་ཞིག་དགོས་སོ། །དེའི་འཆར་ལུགས་ཇི་ལྟར་ཡིན་སྙམ་ན། འདི་ལ་གང་འཆར་བའི་གཞི། གང་གང་དུ་ འཆར་བ། དེ་འབྲས་བུ་དང་ལམ་ལ་སྦྱོར་བ་གསུམ་ལས། དང་པོ་ནི། བདག་སྒྲུབ་པ་ལས། གང་གི་ཕྱིར་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་འཛིན་པ་ལ་སོགས་པའི་རྣམ་པ་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ལ། དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བས་འོད་གསལ་བ་ཉིད་ཡིན་པའི་ཕྱིར་དང༌། 10-10-13b ཡེ་ཤེས་གཞན་བསྐྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ནོ། །ཞེས་གསུངས་པའི་དོན་འདི་ལྟར་ཡིན་ཏེ། སེམས་ཀྱི་རང་བཞིན་ནི། སེམས་ཀྱི་དེ་ཁོ་ན་ཉིད་དེ་རྟོགས་པ་ཆོས་དབྱིངས་ཡེ་ཤེས་ཡིན་ལ། གཟུང་འཛིན་བདེན་པ་དང་བྲལ་བས་ནི་ཆོས་དབྱིངས་ཡེ་ཤེས་ ཀྱི་ངོ་བོ་བསྟན། ཡེ་ཤེས་དེའི་ལྡོག་ཆ་ལ། དཔེར་ན་མེ་ལོང་དྲི་མ་དང་བྲལ་བ་ལ་ཆོས་གཞན་གྱི་གཟུགས་བརྙན་འཆར་བ་ལྟར། ཡེ་ཤེས་དེ་ཉིད་དྲི་མ་དང་བྲལ་ཞིང༌། ཡེ་ཤེས་གཞན་གྱི་རྒྱུ་བྱེད་པའི་ཆ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། བདག་གཞན་ངོ་བོ་ཉིད་ཀྱི་ཐ་དད་དུ་འཛིན་པ་ལོག་པའི་ཆ་ནས་མཉམ་ ཉིད་ཡེ་ཤེས། ཤེས་བྱ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཆ་ནས་སོར་རྟོག་ཡེ་ཤེས། འགྲོ་བ་མ་ལུས་པ་ལ་ཕན་འདོགས་པའི་ཆ་ནས་བྱ་བ་སྒྲུབ་པའི་ཡེ་ཤེས། མི་སྟོང་པ་ལ་བདེན་ཞེན་ལོག་པ་དང༌། ཕྱིན་ཅི་ལོག་གི་མཚན་མ་ལ་བདེན་ཞེན་ལོག་པ་དང༌། ཕྱིན་ཅི་ལོག་གིས་སྨོན་ལམ་ལ་བདེན་ཞེན་ ལོག་པ་དང༌། ཕྱིན་ཅི་ལོག་གི་མངོན་པར་འདུ་བྱེད་པ་ལ་བདེན་ཞེན་ལོག་པའི་ཆ་ནས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པ་བཞི་དང༌། ཆོས་དབྱིངས་ཡེ་ཤེས་ཀྱི་ལྡོག་ཆ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་ལྡོག་ཆས་ཕྱེ་ན། རང་གི་མིག་ ལ་སོགས་ལ་བདེན་ཞེན་ལོག་པ་ནང་སྟོང་པ་ཉིད་དང༌། གང་ཟག་གཞན་གྱི་མིག་ སོགས་ལ་བདེན་ཞེན་ལོག་པ་ཕྱི་སྟོང་པ་ཉིད་རང་དབང་རྟེན་ཁོག་པ་ལ་བདེན་ཞེན་ལོག་པ་ཕྱི་ནང་གཉིས་ཀ་སྟོང་པ་ཉིད། སྣོད་ཀྱི་འཇིག་རྟེན་ལ་བདེན་ཞེན་ལོག་པ་ཆེན་པོ་སྟོང་པ་ཉིད་བཞི། མཉམ་ཉིད་ཡེ་ཤེས་ཀྱི་ལྡོག་ ཆའི་ཆ་ལ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ལ་བདེན་ཞེན་ལོག་པ་སྟོང་པ་ཉིད་སྟོང་པ་ཉིད་དང༌། དོན་དམ་པ་ལ་བདེན་ཞེན་ལོག་པ་དོན་དམ་པ་སྟོང་པ་ཉིད་དང༌། བྱང་ཆུབ་ཀྱི་རྒྱུར་མི་འགྱུར་བའི་དགེ་རྩ་ལ་བདེན་ཞེན་ལོག་པ་འདུས་བྱས་སྟོང་པ་ཉིད་དང༌། བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་དགེ་རྩ་མཆོག་ལ་བདེན་ཞེན་ 10-10-14a ལོག་པ་འདུས་མ་བྱས་སྟོང་པ་ཉིད་དང་བཞི། སོར་རྟོག་ཡེ་ཤེས་ཀྱི་ལྡོག་པའི་ཆ་ལ་སེམས་ཅན་མཐའ་ཡས་པའི་དོན་བྱེད་པའི་ཆ་ལ་བདེན་ཞེན་ལོག་པ་མཐའ་དག་འདས་པ་སྟོང་པ་ཉིད་དང༌། འཁོར་བ་ཐོག་མ་དང་ཐ་མ་མེད་པ་ལ་བདེན་ཞེན་ལོག་པ་ཐོག་མ་དང་ཐ་མ་མེད་པ་སྟོང་ པ་ཉིད་དང༌། ལྷག་མེད་ཀྱི་མྱང་འདས་སུའང་དགེ་རྩ་མི་འདོར་བར་གསོག་པ་ལ་བདེན་ཞེན་ལོག་པ་དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་གནས་རིབས་ལ་བདེན་ཞེན་ལོག་པ་རང་བཞིན་སྟོང་པ་ཉིད་དང་བཞི། བྱ་སྒྲུབ་ཡེ་ཤེས་ཀྱི་ལྡོག་པའི་ཆ་ལ། གཟུགས་སྐུའི་མཚན་དཔེ་ལ་བདེན་ཞེན ལོག་པ་རང་གི་མཚན་ཉིད་སྟོང་པ་ཉིད་དང༌། སྟོབས་སོགས་ལ་བདེན་ཞེན་ལོག་པ་དངོས་པོ་སྟོང་པ་ཉིད་དང༌། གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱིས་སྟོང་པ་ལ་བདེན་ཞེན་ལོག་པ་དངོས་པོ་མེད་པ་སྟོང་པ་ཉིད་དང༌། གང་ཟག་དང་ཆོས་ནི་ཡོད་བདག་གཉིས་མེད་པར་ཞེན་པ་ལ་བདེན་ཞེན ལོག་པ་ངོ་བོ་ཉིད་སྟོང་པ་ཉིད་དང་བཞི། ཡང་ཆོས་དབྱིངས་ཡེ་ཤེས་ཀྱི་ལྡོག་ཆ་ལ་སྦྱིན་པའི་མི་མཐུན་ཕྱོགས་སེར་སྣ། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཚུལ་འཆལ། བཟོད་པ་མི་མཐུན་ཕྱོགས་ཁོང་ཁྲོ། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོ། བསམ་གཏན་གྱི་མི་མཐུན་ཕྱོགས་ རྣམ་གཡེང༌། ཤེས་རབ་ཀྱི་མི་མཐུན་ཕྱོགས་ཤེས་འཚལ། སྨོན་ལམ་གྱི་མི་མཐུན་ཕྱོགས་ལོག་སྨོན། ཐབས་མཁས་ཀྱི་མི་མཐུན་ཕྱོགས་ཐབས་མི་མཁས་ཏེ་བརྒྱད། དད་པའི་མི་མཐུན་ཕྱོགས་མ་དད་པ། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོ། དྲན་པའི་མི་མཐུན་ཕྱོགས་བརྗེད་ངས། ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་རྣམ་གཡེང་སྟེ་བཞི། དེ་རྣམས་ལ་བདེན་ཞེན་ལོག་པའི་ཆ་ནས་སྦྱིན་པ་ནས་ཏིང་ངེ་འཛིན་གྱི་བར་བཅུ་གཉིས་ཡིན་ལ། དེ་ཡང་འཆར་གཞི་གཞན་རྣམས་ལྡོག་པས་ཕྱེ་བའི་ཆ་ཤས་ཡིན་ལ། མཐར་གཏུགས་པའི་འཆར་གཞི་ནི་ཆོས་དབྱིངས་ཡེ་ཤེས་ཉིད་ཡིན་ནོ། ། 10-10-14b གང་གང་དུ་འཆར་བ་ལ། ཆོས་དབྱིངས་ཡེ་ཤེས་རྣམ་སྣང་དུ་ཤར། ཡེ་ཤེས་གཞན་བཞི་སྦྱོང་རྒྱལ་སོགས་བཞིར་ཤར། དེ་བཞིན་ཏུ་རྣམ་ཐར་བཞི་ཡུམ་བཞིར། རང་རང་གི་མི་མཐུན་ཕྱོགས་སྔར་བཤད་པ་རྣམས་དང་བྲལ་བའི་སྟོང་ཉིད་དང་པོ་བཞི། རྡོ་རྗེ་སེམས་དཔའ་སོགས་ཤར་ཕྱོགས་ཀྱི་སེམས དཔའ་བཞིར། སྟོང་པ་ཉིད་སྟོང་པ་ཉིད་སོགས་བཞི། རིན་ཆེན་སོགས་ལྷོ་ཕྱོགས་ཀྱི་སེམས་དཔའ་བཞིར། མཐའ་ལས་འདས་པའི་སྟོང་པ་ཉིད་སོགས་བཞི། ནུབ་ཕྱོགས་ཀྱི་སེམས་དཔའ་བཞིར། རང་གི་མཚན་ཉིད་སྟོང་པ་ཉིད་སོགས་བཞི། བྱང་ཕྱོགས་ཀྱི་སེམས་དཔའ་བཞིར། ཆོས་དབྱིངས་ཡེ་ཤེས་ ཀྱི་ལྡོག་ཆ། རང་རང་གི་མི་མཐུན་ཕྱོགས་སེར་སྣ་སོགས་ལས་ལོག་པའི་སྦྱིན་པ་སོགས་བཞི། སྒེག་སོགས་བཞིར། བསམ་གཏན་ནས་ཐབས་མཁས་ཀྱི་ཕར་ཕྱིན་གྱི་བར་བཞི། བདུག་པ་མ་སོགས་བཞིར། དད་སོགས་བཞི། རང་རང་གི་མི་མཐུན་ཕྱོགས་དང་བྲལ་བ་ལྕགས་ཀྱུ་སོགས་སྒོ་བ་བཞིར། ཡུལ་ སྟོང་ཉིད་བཅུ་དྲུག་རྟོགས་པའི་ཡུལ་ཅན་ཡེ་ཤེས་བཅུ་དྲུག །བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་ཏུ་ཤར་བ་ཡིན་ནོ། །འབྲས་བུ་དང་ལམ་ལ་སྦྱོར་ཚུལ་ནི། སྔགས་དོན་རྣམ་གཟིགས་སུ། རྣམ་ཤེས་ཚོགས་བརྒྱད་གནས་གྱུར་ནས། སྐུ་དང་ཡེ་ཤེས་སོགས་སུ་འགྱུར་བར་གསུངས་པས། འབྲས་བུ་ལའང་སྦྱར་ དགོས་ཏེ། དེའི་ཚུལ་ནི། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་གཟུང་རྣམ་ལྷར་ཤར་བའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ་ནི་འབྲས་བུ་ཡིན་ནོ། །ལམ་ལ་མཚོན་ན། ཐབས་ལྷའི་རྣལ་འབྱོར་དེ་ཁོ་ན་ཉིད་རྟོགས་པ་དང་བྲལ་བར་ནི་འཁོར་བ་ལས་ཀྱང་མི་གྲོལ་ན། བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས་ ཞེས་བདག་སྒྲུབ་པ་ལས་གསུངས་པས། ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས། འབྲས་བུ་སྐུ་གཉིས་ཀྱི་རིགས་འདྲའི་རྒྱུར་དགོས་ལ། དེ་ཡང་སྨིན་བྱེད་ཀྱི་དབང་རྣམ་པར་དག་པ་ཐོབ། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བའི་སྒྲུབ་པ་པོས་ལམ་སྒོམ་པའི་ཚེ། སྟོང་ཉིད་རྟོགས་པའི་ཡེ་ཤེས་དེ་ཉིད་ 10-10-15a གཟུང་རྣམ་ལྷར་ཤར་བ་ལ། ཡེ་ཤེས་ལྔ་ལྡག་པའི་ཆ་ནས་ཆ་མཐུན་པ་འབྱེད་དུ་རུང་བས། སྔར་བཞིན་དུ་སྦྱར་བར་བྱ་སྟེ། མིག་སོགས་ལ་བདེན་པར་ཞེན་པ་ལ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་དངོས་སུ་གནོད། སེར་སྣ་སོགས་ལའང་བརྒྱུད་ནས་གནོད་དོ། །དེའི་ཕྱིར་སྟོང་ཉིད་ རྟོགས་པའི་ཡེ་ཤེས་དེ་ཉིད། མ་སྐྱེས་པ་གསར་དུ་བསྐྱེད་པ། སྐྱེས་པ་དེ་ཉིད་མི་གཏོང་བར་འདྲེན་པ། དེ་ལ་སེམས་སིམ་པའི་རྣམ་པར་ཞུགས་པ། དེ་ཉིད་ཡང་དང་ཡང་དུ་སྐྱོང་བ་རྣམས་རིམ་པ་བཞིན། རྡོ་རྗེ་སེམས་དཔའ། རྒྱལ་པོ། ཆགས་པ། ལེགས་པ་བཞིར་ཤར་ནས། དེ་བཞིན་གཤེགས་པ་རྣམས་ ཀྱི་ཐུགས་རྒྱུད་བསྐུལ་ནས། སྒྲུབ་པ་པོ་ལ་བྱང་ཆུབ་ཀྱི་སེམས་གསར་དུ་བསྐྱེད་པ་སོགས་བྱེད་དོ། །དེ་བཞིན་དུ་འོག་མ་གཞན་ཐམས་ཅད་ལའང་སྦྱར་ནས། ཡེ་ཤེས་དེ་ཉིད། སེམས་རྒྱུད་ཡོན་ཏན་རིན་པོ་ཆེ་ལ་དབང་བསྐུར་བ། ལུས་ཀྱི་གཟི་བརྗིད་བརྟས་པར་བྱེད་པ། གདུལ་བྱ་རྣམས་སྦྱིན་པའི་ ཕར་ཕྱིན་ལ་སྦྱོར་བ། སྦྱར་ནས་སོ་སོའི་ཡིད་ཚིམ་སྟེ་དགའ་བ་རྣམས་ལྷོ་ཕྱོགས་ཀྱི་སེམས་དཔའ་བཞིར། པདྨོ་འདམ་གྱིས་མ་གོས་པ་ལྟར་འཁོར་བར་གནས་ཀྱང་དེའི་ཉེས་པས་མ་གོས་པ་དང༌། དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་བསྐྱེད་པ་དང༌། བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང༌། རྒྱལ་བའི་ དགོངས་དོན་རྟོགས་དཀའ་བའི་གསུང་རབ་གཞན་གྱིས་རྟོགས་པར་སྨྲ་བ་དང༌། དེ་རྣམས་ནུབ་ཕྱོགས་ཀྱི་སེམས་དཔའ་བཞི་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་སྒོ་ནས་སངས་རྒྱས་མཆོད་པའི་ལས་དང༌། དང་པོ་ནས་བགེགས་ཀྱི་ཉེས་པ་མི་འཇུག་པར་བསྲུང་བ་དང༌། གལ་ཏེ་ཞུགས་ན་སླར་བཟློག་ པ་དང༌། སྒྲུབ་པ་པོ་རང་གི་ལུས་ངག་ཡིད་གསུམ་དང༌། རྒྱལ་བའི་སྐུ་གསུང་ཐུགས་དབྱེར་མེད་དུ་བཅིང་བ་དང༌། དེ་རྣམས་དང་བྱང་ཕྱོགས་ཀྱི་སེམས་དཔའ་བཞིར་སྦྱར། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་མི་བརྗེད་པར་དྲན་པ་དང༌། གཟུངས་དང་རྣམ་པར་ཐར་པའི་ཕྲེང་བ་གཞན་ལ་འཆིང་བ་དང༌། 10-10-15b ཆོས་ཀྱི་གླུ་དབྱངས་གདུལ་བྱ་ལ་སྒྲོག་པ་དང༌། སངས་རྒྱས་ཀྱི་སྐུའི་སྤྲུལ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པ་རྣམས་སྒེག་སོགས་བཞིར་ཤར། ཇི་ལྟ་ཇི་སྙེད་པའི་དོན་བྱེད་པའི་བློ་གྲོས། དགེ་བའི་དམིགས་པ་ཐམས་ཅད་ལ་རྩེ་གཅིག་པའི་ཏིང་ངེ་འཛིན། གནས་སྐབས་དང་མཐར་ཐུག་གི་སྨོན་གནས་ཁྱད་པར་ཅན་ལ་ འདུན་པ་ཟག་པ་མེད་པའི་ཐབས་ཁྱད་པར་ཅན་རྣམས་བདུག་པ་མ་སོགས་བཞིར་ཤར། ཡུལ་ཁྱད་པར་ཅན་ལ་དང་བ་སོགས་ཡོན་ཏན་གྱི་ཆོས་བཞི། སྒྲུབ་པ་པོ་ལ་བྱིན་གྱིས་བརླབ་པའི་ཕྱིར་དགུག་པ་དང༌། ཆུ་དང་འོ་མ་འདྲེས་པ་ལྟར་གཞུག་པ་དང༌། དབྱེར་མེད་དུ་བཅིང་བ་དང༌། དགྱེས་བཞིན་དུ་བཞུགས་པ་རྣམས་ ལྕགས་ཀྱུ་སོགས་སྒོ་བ་བཞིར་ཤར་བ་ཡིན་ནོ། །ལྷའི་སྐུ་ལ་སེམས་གཟུང་སྟེ་གནས་ཆ་ལེགས་པར་གྲུབ་པ་དང༌། དེ་ཉིད་གཞིར་བཟུང་ནས་བདག་མེད་པའི་དོན་གཏན་ལ་ཕབ་ནས། ཟབ་གསལ་གཉིས་སུ་མེད་པའི་དོན་སྒོམ་ཚུལ། རྩ་རྒྱུད་དེ་ཉིད་བསྡུས་པ་དང༌། དེའི་བཤད་རྒྱུད་རྩེ་མོ་ནས་གསུངས་ པ། མཁས་གྲུབ་སངས་རྒྱས་གསང་བས་གཏན་ལ་ཕབ་པ་ལྟར་སྒོམ་དགོས་སོ། །ཞེས་གསུངས་པས། ཚུལ་འདི་ནི་ཤིན་ཏུ་གལ་ཆེ་སྟེ། རྡོ་རྗེ་དབྱིངས་ཀྱི་གསང་དབང་གི་སྐབས་སུ་ཡང་ཚུལ་དེ་ལྟར་ཤེས་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་ བའི་སླད་དུ་ཕྱིའི་དཀྱིལ་འཁོར་འདི་གསུངས་སོ། །དེ་ལྟར་ན་དོན་གྱི་དཀྱིལ་འཁོར་གཏན་ལ་ཕབ་པས་དེ་ལ་ལྟོས་པ་ཕྱིའི་དཀྱིལ་འཁོར་གསུང་པ། ས་བརྟག་པ། བསླང་བ། སྦྱང་བ། དམ་ཚིག་གསུམ་བཟུང་ནས་སྒྲུབ་ཐབས་སྒོམ་པ། སྤྲོ་བ་བསྐྱེད་པ། སྙན་གསན་དབབ་པ། གསོལ་བ་གདབ་པ། དཀྱིལ་འཁོར་འདེགས་པ། འཇིག་རྟེན་གསུམ་རྒྱལ་དུ་བསྐྱེད་ནས་ང་རྒྱལ་གཟུང་བ། བསྐོར་ནས་བཀའ་བསྒོ་བ། ཕུར་བུ་རྣམས་ཁྲོ་བོ་མཐའ་ཡས་སོགས་སུ་བསྐྱེད་ནས་གདབ་པ་སོགས་འགྲེལ་པར་རྒྱས་པར་གསུངས་པ་ལྟར། དེ་ལྟར་ན་དོན་གྱི་དཀྱིལ་འཁོར་གཏན་ལ་ཕབ་ནས། དེ་ལ་ལྟོས་པ་ཕྱིའི་ 10-10-16a དཀྱིལ་འཁོར་གསུངས་པ། རྐང་པ་གཉིས་ཀྱིས་ནི་གང་དུ་དཀྱིལ་འཁོར་བྱ་བའི་གནས་བསྟན་པ་ནི། གཙུག་ལག་ཁང་དང་སྐྱེད་མོས་ཚལ། །མཆོད་རྟེན་ལྷ་ཁང་ཀུན་དགའ་སོགས་སོ། །གནས་དེར་ཇི་བཞིན་པ་ཡི་སྟེ་ཇི་ལྟར་རིགས་པའི་ཆོ་ག་ཡིས། །སའི་ཆོ་ གས་གནས་ནི་བྱིན་གྱིས་བརླབ་པ་བརྩམ་པར་བྱའོ། །བྱིན་གྱིས་བརླབས་པའི་གནས་དེར་ནི། །ཕྱི་ཡི་དཀྱིལ་འཁོར་ལས་ཐིག་ལས་ཐམས་ཅད་པར་བསྐྱེད་ནས་འདེབས་པ་སོགས་བྱས་ལ་ཐིག་ཚོན་གྱིས་བྲི་བར་བྱའོ། །དཀྱིལ་འཁོར་ཇི་འདྲ་ཞིག་སྙམ་ན། གྲུ་བཞི་པ་ལ་སྒོ་བཞི་ པ། །སྒོ་རེར། རྟ་བབས་རེ་རེ་སྟེ་རྟ་བབས་བཞི་དང་ལྡན་པ་ལ། །ཐེམ་སྐས་བཞི་ཡི་ཕྲེང་བ་ནི་སྒོའི་ཐད་དང་། ཀྱོག་པོའི་འོག་དང༌། དེ་ཕན་ཙམ་དུ་བྱེད་པའི་ལུགས་དང༌། །གསལ་སྒྲོན་དུ་རྟ་བབས་ཀྱི་དཔངས་ཀྱི་རིམ་པ་ལ་བཤད། སེང་གེ་གླང་ཆེན་རྣམས་ནི་དར་དཔྱངས་ཀྱི་སྣམ་བུའི་སྟེང་ན་ ཡོད་པ་རྣམས་ཀྱིས་བརྒྱན་པའོ། །གསལ་སྒྲོན་དུ་སྒོའི་གློ་གཉིས་སུ་བརྒྱན་པ་ལ་བཤད་དོ། །དར་དང་ལྡ་ལྡི་ལ་སོགས་པས་ནི་ཇི་ལྟར་མཛེས་པར་བརྒྱན། དོ་ཤལ་དང་དོར་ཤལ་ཕྱེད་པའི་ཕྲེང༌། བ་དང༌། །དྲིལ་བུ་དང་ནི་རྔ་ཡབ་སྟེ། རྔ་ཡབ་ནི་དེ་དག་ལས་འཕྱང་བས་བརྒྱན། །རྡོ་རྗེ་དང་ རིན་ཆེན་དང་པདྨ་དང༌། །རྒྱ་གྲམ་པ་སྟེ་སྣ་ཚོགས་རྡོ་རྗེ་ཡི་ཕྱག་རྒྱས་ཕྱི་ནང་གི་ཀ་བ་རྣམས་ལ་ཤར་ནས་རིམ་པ་བཞིན་བརྒྱན་ཅིང༌། །སྲད་བུ་ནི་ཐིག་ཆེན་བརྒྱད་དང་ལྡན་པ་དང༌། །ཕྱིའི་དཀྱིལ་འཁོར་ལ་སྒོ་ཁྱུད་བརྒྱད་རྣམས་ཀྱིས་བརྒྱན་པའོ། །དགུ་ཡི་ཆར་ནི་ བགོས་པ་ལ། །ཚུལ་འདི་ལ་བླ་མ་སྔ་མ་རྣམས་ཀྱི་བཞེད་ཚུལ་མང་དུ་བྱུང་བ་དང༌། ཁྱད་པར་དུ་འགྲེལ་པར་ཀ་མ་དྷེ་ནུས། ཐིག་གི་ཚུལ་འདི་དཀྱིལ་འཁོར་གཞན་དང་མི་འདྲ་གསུངས་ནས། ཆ་ཆེན་ཞེ་བཞིར་བྱས་ནས་རྩ་ཐིག་ནས་རྩ་ཐིག་གི་བར་ལ་ཆ་དགུར་བྱས་པའི་སུམ་ཆ་ལ་གཉིས་སུ་གཤགས 10-10-16b པའི་ཆ་རས་སྒོ་དང་སྒོ་ཁྱུད་བྱེད་པར་བཤད་ཀྱང་ཧ་ཅང་མི་འཚམ་པས་དོན་དུ་མ་མཐོང་ངོ༌། །རང་ལུགས་ནི། གཞུང་འདི་ཤིན་ཏུ་དཀའ་བས་འདི་ལྟར་བཤད་པར་བྱའོ། །དེ་ཡང་གང་ལ་བགོ་བའི་གཞི་ནི། ཚངས་ཐིག་ནས་ཚངས་ཐིག་འགྲོ་མཚམས་ཚུན་ཡིན་ལ། དེ་ཡང་ཆ་མཉམ་པ་དགུར་བྱས་པའི་དབུས་ནས་ཕྱོགས་རེ་ ལ་ཆ་མཉམ་བཞི་བཞི་དང༌། མཐའ་གཉིས་ལ་ཆ་མཉམ་ཕྱེད་ཕྱེད་དེ། བསྡོམས་པས་ཆ་མཉམ་གཅིག །ཆ་མཉམ་རྣམས་ཀྱང་གསུམ་གསུམ་དུ་བགོས་པའི་ཆ་གཅིག་གི་སྒོ་ཚད་གཅིག་ཡིན་ལ། གཞན་ནས་སྒོ་ནི་འཁོར་ལོའི་བརྒྱད་ཆ་ཞེས་པ་བཞིན། དེ་འདྲའི་ཆ་གཅིག་གོ། སྒོ་དང་དེའི་ཞར་ལ། སྒོ་ ཁྱུད་ཀྱང་བྱ་བར་བསྟན་པའི་སུམ་ཆར་ཆ་ཆེན་གཅིག་གི་དེ་ལྟ་བྱ། །ས་ལ་ཐིག་སྐུད་ལྷར་བསྐྱེད་པའི། རྡོ་རྗེ་སྲད་བུས་ཐིག་གདབ་བོ། །ཚུལ་ཇི་ལྟར་ཞེ་ན། དབུས་ནས་ཆ་མཉམ་དང་པོའི་སུམ་གཉིས་སུ་དཀྱིལ་འཁོར་ནང་མའི་རྩ་ཐིག །དེ་ནས་སུམ་ཆ་གཅིག་སོང་བར་ནང་མའི་མདའ་ཡབ། དགུ་ཆ གཉིས་པ་གསུམ་དུ་བགོས་པའི་སུམ་ཆ་དང་པོ་སོང་བར་དཀྱིལ་འཁོར་ཕྱི་མའི་རྩ་ཐིག །དེ་ནས་གཉིས་སོང་བར་མདའ་ཡབ། དེ་ནས་དགུ་ཆ་གསུམ་པ་གསུམ་དུ་བཏང་བའི་མཐར་རྟ་བབས་ཀྱི་ཕྱི་ཐིག །རྟ་བབས་དཔངས་སྒོ་ཚད་གསུམ་མའི་དབང་དུ་བྱས་སོ། །དགུ་ཆ་བཞི་པའི་སུམ་ཆ་དང་པོར་རྭ་རྩེའི་ཐིག ། དེ་ནས་སྒོ་ཚད་ཕྱེད་ལ་པད་ར་བྱ་སྟེ། ལུགས་འདི་ལ་སློབ་དཔོན་ཀུན་སྙིང་གིས་པད་ར་མ་བཤད་ཀྱང༌། རྡོ་རྗེ་ཕྲེང་བ་རྒྱུད་སྡེ་བཞི་ཁའི་དཀྱིལ་ཆོག་ཡིན་པས། དེར་ཨ་བྷྱཱས་པད་ར་བྱེད་པར་བཤད་ཅིང༌། ཀ་མ་དྷེ་ནུས་ཀྱང་མཛད་དོ། །དེ་ནས་སྒོ་ཚད་ཕྱེད་དང་གཉིས་སོང་བར་འཁོར་ཡུག་གི་ཐིག་སྟེ་དེ་ལ་བཀོད་ རྒྱུའི་འཇིག་རྟེན་པ་མང་བའི་ཕྱིར། ངེས་ཆ་མཉམ་བཞི་པ་རྫོགས། དེ་ནས་སྒོ་ཚད་ཕྱེད་ལ་རྡོར། དེ་ནས་མེ་རི་ལ་སྒོ་ཚད་གཅིག་གོ། དེས་མཐའི་ཆ་མཉམ་ཕྱེད་རྫོགས་སོ། །འོ་ན་ཆ་བཅུར་བགོས་པར་འགྱུར་རོ་སྙམ་ན། སྐྱོན་མེད་དེ། ཐིག་གི་ཆ་ནས་བཅུ་ཡོད་ཀྱང་། མཐའི་ཕྱེད་ཀ་གཉིས་སྡོམས་པས་དགུ་ཆ་ 10-10-17a གཅིག་ཡིན་པས་ཆ་དགུར་གསུངས་པ་དང་མི་འགལ་ལོ། །དེ་ནས་ནང་ཐིག་གི་དབང་དུ་བྱས་ནས། དབུས་ཀྱི་དཀྱིལ་འཁོར་ཐིག་གདབ་པ། ཆོས་ཀྱི་འཁོར་ལོ་ནི་སྒྲ་ཡངས་པའི་དབང་དུ་བྱས་ནས་ལུང་རྟོགས་གཉིས། དོག་པའི་དབང་དུ་བྱས་ནས་རྟོགས་པའི་ཆོས་འཕགས་ ལམ་ཡན་ལག་བརྒྱད་དེ། དེའི་དབང་དུ་བྱས་ནས་དཔེར་ན་འཁོར་ལོ་ལ་བརྟེན་པའི་ལྟེ་བ། གཅོད་པའི་རྩིབས། སྡུད་པའི་མུ་ཁྱུད་གསུམ་ཡོད་པ་ལྟར། ཡང་དག་པའི་ངག །ལས་ཀྱི་མཐའ། འཚོ་བ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པར་བསྡུས་ནས་ཡོན་ཏན་གཞན་གྱི་རྟེན་བྱེད་པས་ལྟེ་བ། ཡང་དག་པའི ལྟ་བ་རྟོགས་པ། རྩོལ་བ། དྲན་པ་བཞི། ཤེས་རབ་ཀྱི་བསླབ་པར་བསྡུས་ནས་མི་མཐུན་ཕྱོགས་གཅོད་པས་རྩིབས། ཏིང་ངེ་འཛིན་གྱི་བསླབ་པར་བསྡུས་ནས་སྡུད་པའི་བྱེད་པའི་མུ་ཁྱུད་དང་མཚུངས་སོ། །དེ་ལ་ཆོས་གསུམ་ཚང་བ་དེ་བཞིན་དུ། དོན་འདི་ལའང་ཆོས་དེ་རྣམས་ཚང་བས། འདྲ་བ་ ལ། །སྟེ་དེའི་དོན་གྱིས་ལྟེ་བར་མུ་ཁྱུད་དང་བཅས་ཤིང་རྩིབས་བཅུ་དྲུག་ཏུ་བཤད་དོ། །ཁ་ཅིག་ཆོས་ཀྱི་འཁོར་ལོ་ཞེས་པའི་ཚིག་གིས་མཚོན་བྱའི་འཁོར་ལོ་གཅོད་པའི་དོན་ནོ་ཞེས་ཟེར་རོ། །དེ་ནི་བླ་མ་སྔ་མ་རྣམས་གཙོ་བོའི་གནས། གཤེགས་པའི་གནས། སེམས་དཔའི་ གནས་གསུམ་ལ་འདོད་པ་དང༌། ལྟེ་བ། རྩིབས། མུ་ཁྱུད་གསུམ་དང༌། སྒེག་སོགས་ཀྱི་གནས། སེམས་དཔའི་གནས། ཕོ་བྲང་ནང་མའི་གནས་གསུམ་ལ་འདོད་པ་ཡོད་ཀྱང་མི་འགྲིག་པས། ལྟེ་བ་རྩིབས་བརྟེན་རྩིབས་གསུམ་ལ་བྱ་བར་རིགས་ཏེ་གང་ལ། རིམ་པ་གསུམ་དང་ལྡན་ པའི་འཁོར་ལོ་ཡིན་ཞིང་རྩིབས་ཉིས་འགྱུར་དུ་གསུངས་པས་ཀྱང་དོན་ལ་འགྲིག་པར་སྣང་ངོ་ལ། རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ། །ཞེས་པ་ལ་ཁ་ཅིག་གཙོ་བོའི་གནས་ཉིས་འགྱུར་རྩིབས་ལ་འདོད་པ་དང༌། ཁ་ཅིག་གཞལ་ཡས་ཁང་སུམ་སྦྲགས་ལ་ནང་མ་རྩིབས་བཅུ་ 10-10-17b དྲུག་པ་ལས་ཉིས་འགྱུར་སོ་གཉིས། ཕྱི་མ་དེ་ཉིས་འགྱུར་རེ་བཞིར་འདོད་པ་དང༌། ཁ་ཅིག་ལྟེ་བ་ལ་ཉིས་འགྱུར་གྱིས་དམན་པར་འདོད་པ་བྱུང་ཀྱང་དོན་དུ་མ་མཐོང་ངོ༌། །རང་ལུགས་བྲི་བྱའི་དབང་དུ་བྱས་ནས། རྩིབས་བརྟེན་ལ་ཆ་ཕྲན་གཅིག་ལས་མེད་ཀྱང༌། སྒོམ་པའི་དུས་སུ་གདུང་ཟླུམ་ནམ་མཁའ་ ལ་ཡོད་པས་དེའི་ས་དེའི་རྩིབས་བརྟེན་ལ་ཕན་པས་དོན་སྟེང་དུ་རྩིབས་བརྟེན་ལ་ཆ་ཕྲན་གཉིས། དེ་ཉིས་འགྱུར་རྩིབས་ལ་རིགས་སོ། །དེས་ན་རྩ་ཐིག་ནང་དུ་ཆ་ཕྲན་གཅིག་འོང་བར་ཟླུམ་ཐིག་གཅིག །དེ་ནས་གཅིག་སོང་བར་མུ་ཁྱུད། དེ་ནས་བཞི་སོང་བར་རྩིབས། དེ་ནས་བྲི་བྱ་ལ་གཅིག་སོང་བར་རྩིབས་ བརྟེན། དེ་ནས་གཅིག་སོང་བར་གདུང་ཟླུམ། དེ་ནས་ཕྱེད་དང་ལྔ་སོང་བར་སྦྱང་རྒྱལ་ལྟ་བུའི་གནས་དང༌། དེ་ནས་གཙོ་བོའི་ས་གཅོད་བྱེད་ཆ་ཕྲན་གཅིག །གཙོ་བོའི་གནས་ལ་ཕྱེད་དང་གསུམ་སྟེ་འདིའི་ཐིག་གི་ཚུལ་ལ་དེ་ལྟར་ཤེས་དགོས་སོ། །དེ་ནས་དཀྱིལ་འཁོར་བྲིས་ཟིན་ཏེ་མཚན་མ་དགོད་པའི་ དབང་དུ་བྱས་ནས། དབུས་ཀྱི་ཕྱོགས་སུ་ཀུན་རིག་མཚན་མ་ནི། སྐུ་ཕྱག་ཆེན། ཕྱག་མཚན་ལག་པའི་ཕྱག་རྒྱ། ས་བོན་ཐིག་ལེ་འགོད་པ་ཡོད་པ་ལས་སྔ་མའི་དབང་དུ་བྱས་ནས། དུང་དང་ཀུན་ད་ཟླ་འདྲ་བ། །གསུམ་ནི་བསྣན་པའི་ཁྱད་པར་ཡིན་གྱི་འདྲ་ཆོས་མི་འདྲ་བ་མེད་དོ། །ཞལ་ བཞི་པ་དཀར་པོ་ཕྱོགས་བཞིར་གཟིགས་པ་ལ་རྡོ་རྗེ་ཡི། སེང་གེའི་ཁྲི་ནི་ཕྱོགས་རེར་སེང་གེ་གཉིས་དབུས་ཀྱི་ཁོང་སྟོང་ལ་པདྨོ་རྡོ་རྗེས་མཚན་པ་ལ་ཀ་མ་དྷེ་ནུས་བཤད་ལ། གདན་ལ་ཁ་ཅིག་རྡོ་རྗེས་མཚན་པའི་སེང་ཁྲི་ལ་བཞུགས་པ་དང༌། །ཕྱག་གཉིས་ཏིང་འཛིན་ཕྱག་རྒྱར་ ལྡན་པས་བཞུགས་པ་དང༌། །རིན་པོ་ཆེའི་དབུ་རྒྱན་སོགས་སྟེང་དུ་རྡོ་རྗེའི་སྐྱིལ་ཀྲུང་གིས་རྒྱན་རྣམས་ཀུན་གྱིས་བརྒྱན་པ་ནི་ལུགས་མ་དང་རི་མོར་བྲིས་པའོ། །དེ་ཡི་སྤྱན་སྔར་ཏེ་མདུན་ཤར་ཕྱོགས་སུ་ངན་སོང་ལ་འདོང་པ་ཡོད་དོ།། ཀུན། །སྦྱོང་བའི་རྒྱལ་ 10-10-18a པོ་བྲི་བྱ་སྟེ། །ཕྱག་གཉིས་ཏིང་ངེ་འཛིན་དུ་བསྣོལ། །འདིའི་སྐུ་མདོག་དཀར་དམར་དུ་བཞད་པ་ཡོད་ཀྱང༌། སྨྲི་ཏི་དང་འབྲུ་འགྲེལ་གྱིས། ཟླ་བ་རྒྱས་དང་བ་མོའི་མདོག །ཅེས་དཀར་པོར་བཞེད་དོ། །སྔར་བཤད་པ་ལྟར། རྒྱན་རྣམས་ཀུན་གྱིས་ལེགས་རྫོགས་ལ། ། ཞེས་གསུངས་པས་དེ་བཞིན་གཤེགས་པ་བཞི་རབ་བྱུང་གི་ཆ་ལུགས་སུ་འདོད་པ་བཀག་གོ། སྦྱོང་རྒྱལ་གྱི་མིང་གཉིས་པ་རྒྱལ་མཆོག་སྐྱེས་བུ་གང་བ་བྲི། །རྒྱབ་ཏུ་སྟེ་ནུབ་ཏུ་ཤཱཀྱ་རིགས་དབང་པོ། །བསྟན་པའི་གཙོ་བོ་ཐུབ་པ་བྲི་བར་བྱ། །གཡོན་དང་གཡས་ཞེས་པ་འགྱུར་མི་ལེགས་ པས་འབྲུ་འགྲེལ་དུ་གཡས་ལྷོ་ཕྱོགས་དང་གཡོན་བྱང་ཕྱོགས་གྱི་ཕྱོགས་ཆར་ནི། ཞེས་བཤད་པ་ལྷའི་འབྲུ་འགྲེལ་གྱིས་ཡོན་ཏན་གྱིས་གང་བ་ལ་བཤད་ཀྱང་བུ་རྒ་རྫོགས་པ་ལ་འཇུག་པས་ཡན་ལག་ཐམས་ཅད་རྫོགས་པ་ལ་བྱའོ། །རིམ་པ་དང་མཐུན་ནོ། །རྒྱལ་མཆོག་ རིན་ཆེན་དང་མེ་ཏོག་ཆེར་རྒྱས་གཉིས། །བཤེགས་པ་ཕྱི་མ་གསུམ་ལ་སྐུ་མདོག་དང་ཕྱག་རྒྱ་ལ་གསལ་ཁ་མ་བྱུང་བ་ཀུན་རིག་དང་སྦྱོང་རྒྱལ་གྱིས་མཚོན་པས། ལྷ་ཐམས་ཅད་སྐུ་མདོག་དཀར་པོ་དང༌། ཐམས་ཅད་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་དུ་འདོད་པ་བྱུང་མོད། ཀ་མ་དྷེ་ནུས་ཤཱཀྱ་རིགས་དབང་དམར་ སེར་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རྡོ་རྗེས་མཚན་པའི་པདྨ་འཛིན་པ། རྒྱལ་མཆོག་རིན་ཆེན་སྔོན་པོ་གཡས་མཆོག་སྦྱིན། གཡོན་ཏིང་ངེ་འཛིན་གྱིས་རིན་པོ་ཆེ་མརྒད་འཛིན་པ་སོགས་ཆོ་གར་བྲིས་པ་བཞིན་ནོ། །ལོ་ཙ་ན་དང་མཱ་མ་ཀཱི། །དེ་བཞིན་དཀར་མོ་སྒྲོལ་མ་རྣམས། །རྡོར་དབྱིངས་པའི་ སེམས་མ་བཞི་ལྟར་ཡུམ་ཕྱག་མཚན་ལ་སྦས་པར་གསལ་སྒྲོན་དུ་བཤད་ཀྱང༌། རང་རང་གི་རིགས་ཀྱི་མཚན་མ་དང་ཡུམ་རྣམས་ཁ་དོག་མཐུན་པར་འདོད་པའི་ལུགས་བཞིན་ནོ། །གྲྭ་ཡི་ཕྱོགས་ནི་ཀུན་ཏུ་བྲི། །རྩིབས་ཀྱི་ནང་ནི་ཐམས་ཅད་དུ། །རྡོ་རྗེ་སེམས་ 10-10-18b སོགས་སེམས་དཔའ་མཆོག །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །གོ་རིམ་བཞིན་དུ་བྲི་བར་བྱ། །ཀ་མ་དྷེ་ནུས་སྒེག་སོགས་བཞི་འཁོར་ལོའི་གོང་རས་ལ་འགོད་དོ། །མཁས་པས་ལཱ་སྱ་ལ་སོགས་པ། །ཁོངས་ནས་ལྷ་མོ་བདུན་འདོན་ནོ། །མཆོད་པ་གྲྭ་ཡི་ ཕྱོགས་སུ་བྲི། །སྒོ་བ་རྣམས་མོའི་རྣམ་པར་རྒྱ་གར་བ་འགལ་ཞིག་བཞེད་ལ་དོན་དུ་མ་མཐོང་བས་འོག་ནས་འཆད་དོ། །སྒོ་ཡི་ཕྱོགས་ནི་ཐམས་ཅད་དུ། །སྒོ་ནང་མ་ལ་སྒོ་བ་བཞི་པོ་བྲི་བར་བྱ། །རྟ་བབས་ཞེས་པ་ནང་གི་རྟ་བབས་སུ་གསལ་ཏེ། ཕྱི་མ་ལ་བྱས་ན་བྱམས་པ་སོགས་བུམ་པ་ བཟང་པོའི་མཐར་འགོད་དགས་ཤིང༌། དེ་ལྟ་ཡིན་ན་དེ་རྣམས་དཀྱིལ་འཁོར་ནང་གི་ལྷ་མ་ཡིན་པར་འགྱུར་རོ་ཞེས་བཞེད་པ་ཡོད་ཀྱང༌། གསལ་སྒྲོན་དུ་རྟ་བབས་དང་བཅས་པའི་ཁང་པའི་ནང་རྟ་བབས་མེད་པའི་ནང་གི་སྒོ་བར་ནི་ཁྱམས་ཡིན་ལ་དེར་བྱམས་པ་ལ་སོགས་པ་འགོད་པར་གསུངས་པས། སྒོ་ཉིས་སྒྲགས་ཡིན་ ཀྱང་ནང་མ་ལ་རྟ་བབས་མེད་པའི་ལུགས་སོ། །ཁྱམས་ནི་ཐམས་ཅད་དུ། །བྱམས་པ་ལ་སོགས་བྲི་བར་བྱ། །ཉན་ཐོས་རྒྱལ་བ་ཐམས་ཅད་དང༌། །དེ་བཞིན་རང་རྒྱལ་གཙོ་བོ་རྣམས། །ཕྱིའི་སྒོ་བཞི་ལ། ཁྲོ་བོ་མངག་པ་ཕོ་ཉ་སོགས། །ཀ་མ་དྷེ་ནུས། ཁྲོ་བོ་ནི་ གཤིན་རྗེ་གཤེད། མངག་པ་ནི་གཞན་གྱིས་མི་ཐུབ་པ། ཕོ་ཉ་ནི་རྟ་མགྲིན། སོགས་ཁོངས་ནས་བྲན་ནི་མི་གཡོ་བ་ལ་བཤད། གསལ་སྒྲོན་དུ་ཉམས་དགུ་དང་ལྡན་པས་ཁྲོ་བོ། ལས་བྱེད་པས་མངག་པ། སྤྲུལ་པ་དུ་མ་འབྱུང་བས་ཕོ་ཉ་ཞེས་ཟེར་རོ། །བྲི་བྱ་ཡང་ན་མི་ཡང་རུང༌། །ཁ་ཅིག་འདི་སྒོ་སྦྲགས་ ཀྱི་ཁུངས་སུ་འདོད་ཀྱང་མི་འཐད་དེ། ནང་དོན་གྱི་དཀྱིལ་འཁོར་ལ་བལྟོས་པའི་ཕྱི་ཡི་དཀྱིལ་འཁོར་ཕྱི་རོལ་ཏུ། རི་རབ་ཀྱི་ཁ་དོག་དང་མཐུན་པའི་གླིང་བཞི་པོ་ནི་གླིང་གཡོག་དང་བཅས་པ་བྲི་བར་བྱ། འཛམ་བུ་གླིང་སོགས་ཁའི་དབུས་སུ་དུ་ཚངས་པ་བཙུན་མོ་ཚངས་མ་ཕོ་ཉ་མངག་པ་སྟེ་མངག 10-10-19a གཞུག་ཡིད་འོང་བྲི། །བྱང་སྒྲ་མི་སྙན་གྲུ་བཞི་ཕྱོགས་སུ་ནི་དབང་ཕྱུག་ཆེ། །ན་པོ་ཆུང་མ་ཨུ་མ། ཕོ་ཉ་རྣམ་སྣང༌། མངག་གཞུག་སྡེ་དཔོན་རྣམས་བྲིའོ། །ཤར་ལུས་འཕགས་ཟླ་ཁམ་དང་ནུབ་ཀྱི་བ་ལང་སྤྱོད་ཟླུམ་པོའི་གླིང་དུ་ནི། སྔ་མར་བརྒྱ་བྱིན་ཕྱི་མར་བཙུན་མོ་སྡེ་སོགས། མངག་པ་ཡིད་འོང༌། ཕོ་ཉ་ཀུན་སྣང་བྲིའོ། །གཏོགས་འདོད་དེ་ཁྱབ་འཇུག་བཙུན་མོ་དཔལ་མོ། ཐམས་ཅད་ནི། འཁོར་མངག་གཞུག་རྡོ་རྗེ་ཕོ་ཉ་སྡེ་དཔོན་དང་བཅས་ཏེ་བྲི་བར་བྱ། གཞན་རྣམས་ཀྱང་ནི་དེ་བཞིན་ཏེ། །ལྷ་མིན་ནི་རྣམ་སྣང་བྱེད། སྒྲ་གཅན་འཛིན། སུམ་བརྩེགས་ཀུན་སྣང་ དྲི་བྲ་ནི་ཟུར་ཕུད་ལྔ་ཡུལ་འཁོར་བསྲུང་ནམ་མཁའ་ལྡིང༌། །གསེར་མིག་ཅན་གནོད་སྦྱིན་ནི་གང་བ་བཟང་པོ། ནོར་བུ་བཟང་པོ། ནོར་སྦྱིན། རྣམ་སྲས། པི་ཙི་ཀུནྜ་ལི། ཀི་ལི་མི་ལི། སྒོའི་དབང་པོ། སྤྱོད་པའི་དབང་པོ་བརྒྱད། སྲིན་པོ་ནི་ལངྐ་མགྲིན་བཅུ། བུམ་སྣ། ཨུ་པ་ཀརྞི། ཀུན་ཏུ་སྡུག་པའི་གཟུགས་ ཅན། ཐོད་པའི་ཕྲེང་བ་ཅན་དང་ལྔ། ལྟོ་འཕྱེ་ཆེ། །ནི་ཀླུའི་འགྲོ་བ་སྟེ་མཐའ་ཡས་སོགས་བརྒྱད། འབྱུང་པོ་ནི་དབང་ལྡན་ཏེ་འཁོར་བཅོ་ལྔ་ལ། རི་དྭགས་རྒྱལ། སྐེམ་བྱེད་གཞོན་ནུའི་གཟུགས། བརྗེད་བྱེད་ཝའི། ཁུ་ཚུར་ཅན་བྱ་རོག །ནམ་གྲུ་ཁྱིའི། སྲུལ་པོ་འོག་གི། ཙི་མ་ཏ་ཀི་རྟིའི། གནོད་ པ་ཅན་རྡོ་རྗེའི། སརྒ་བྱེད་པ་བྱི་ལའི། བཞིན་རྒྱས་འུག་པའི། གཉའ་ལག་ཅན་བྱ་ཀག །བྱ་ནི་འདབ་ཆགས། མིག་འཕྱང་ཕ་ཝང༌། འཇམ་པ་པོ་བ་ལང༌། མ་མོ་མིའི་གཟུགས་སོ། །ཡི་དྭགས། ཕྱིའི་སྒྲིབ་པ་ཅན་ལ་སོགས་པ་ལྔ་འདྲེ་རྣམས་ནི་ལོག་འདྲེན་ཆུ་ལྟར་གཡོ་བ། གཉེའུ་ཐུང་གནས། སྤྱིའུ་ཚུགས་ཐུར་ལྟས། སེ་མེན་ཏ་སྙིང་ལ་འཇུག་པ་དང༌། ཀླུ་དང་སྔར་གྱི་ཀླུ་ཆེན་རྣམས་ཀྱི་བཙུན་མོ་སྤྲུལ་དང་རི་ནི་གསེར་གྱི་རི་བདུན་ལ་གནས་པའི་ལྷ་རྣམས་དང༌། སྐབས་འདིར་ཕྱོགས་སྐྱོང་བཅུ་འགོད་པར་བཤད་དོ། །རྒྱལ་པོ་བཞི་ཡུལ་འཁོར་བསྲུང་སོགས་རྣམས་ 10-10-19b བྲི་བར་བྱ། །གཟའ་ནི་ཉི་མ་དང་ཟླ་བ་སོགས་བརྒྱད། དང་སྐར་མ་ནི་བདུན་བརྟེན་པ། སུ་ར་བ། སྣ་རུ་ཅན་ཏེ་བཞིའོ་ཞེས་སྔ་མ་དག་བཞེད་དོ། །རྒྱུ་སྐར་ནི་ཐ་སྐར་སོགས་ཉི་ཤུ་རྩ་བརྒྱད། དང༌། ཁྲོ་བོ་མ་རུངས་ནི་ཚ་གྲང་གིས་ཕྱེ་བ་དམྱལ་བ་བཅུ་དྲུག་འཚེ་བ་ཡི། དུག་གསུམ་ང་རྒྱལ་བཞི་ལ་བཤད། །བགེགས་ནི་ཚངས་པ་དང༌། སྲིན་པོ། སྐེམ་བྱེད། བརྗེད་བྱེད། གནོན་པོ། གྲིབ་གནོན། དང་བི་ན་ཡ་ཀ་ནི་ལོག་འདྲེན་རྣམས། །སེམས་ཅན་རྣམས་ལ་ཕན་བྱེད་པའི། །དྲང་སྲོང་ནི་མེ་བཞི། ནག་པ། ཡང་དག་ཤེས། ཆུ་བདག །གྱ་གྱུ། འགྱུར་མེད། ཨ་མ་གུར། གཡོག་འདོར་ བརྒྱད། བསྐལ་པ་ཆེན་པོ་རྣམས། །ལས་དང་རྫུ་འཕྲུལ་སྟོབས་ཀྱི་མཁའ་འགྲོ་མ་རྣམས་བུད་མེད་བྲི། །ནི་ཚངས་མ། ཁྱབ་འཇུག་། གཞོན་ནུ་མ། དྲག་མོ་ནག་མོ། ནག་མོ་ཆེན་མོ་ཟབ་མོ། སྲིན་མོ་སྡེ་བརྒྱད་ལ་འདོད་དེ། དེ་བཞིན་སྲིང་མོ་ནི་རྒྱལ་མ། རྣམ་པར་རྒྱལ་མ། མི་ཕམ་མ། རིག་སྔགས་ འཆང་མ། རྣལ་འབྱོར་མ། ནི་པདྨ་ཅན། འཇིགས་བྱེད་མ། རྣམ་རྒྱལ་མ ཁ་ཅིག་དཀར་མོ་སོགས་ཕྲ་མེན་མ་བཞི་ལ་འདོད། ལམ་མ་ཀེའུ་རི། ལམ་མ་ཙོ་རི། ལམ་མ་ཕྲ་མོ་ཧ། ལམ་མ་བེ་ཏ་ལི། ལམ་མ་པུ་ཀ་ལི། ལམ་མ་གྷསྨ་རི། ལམ་མ་ཙཎྜ་ལི། ལམ་མ་སྨ་ཤ་རི། དེ་དག་བུད་མེད་དུ་གནས་པ་བུད་མེད་ཅེས་ འབྲུ་འགྲེལ་གྱིས་བཤད། མ། གདེངས་ཅན་མ། འདོད་ལྡན་མ། ཡིད་འབྱུང་མ། དྲི་མེད་མ། ཡིད་བཟང་མ་བརྒྱད། འབྱུང་བ་བཞི་ཡི་ལྷ་ཆེན་པོ། །ནི་མེ་ལྷ། ཆུ་ལྷ། རླུང་ལྷ། ས་བདག་ལག་ཆེན་བཞི། ཁྱིམ་གྱི་ལྷ་ཀུན་སྣང༌། དང་རིའི་ལྷ་རབ་བརྟན་བློ་གྲོས། ལ་གནས་པ་རྣམས། ཤིང་གི་ལྷ་ཀུན་ནས་འོད་ཟེར་དང་ཀུན་དགའ་ར་བའི་ལྷ་ཀུན་ཏུ་སྣང་བའི་བློ་གྲོས། ནགས་ཚལ་ལམ་གནས་ཀྱི་ལྷ་སྣ་ཚོགས་སོགས་སྒོ་སོགས། །ཆག་གིས་གནས་ལ་སོགས་ཟེར། དུར་ཁྲོད་ཀྱི་ལྷ་འབྱུང་པོ་དགེ་བ་གྲོང་ཁྱེར་གྱི་ལྷ་བསོད་ནམས་དགེ་བའི་བློ་གྲོས་ 10-10-20a གནས་པ་རྣམས། །མིང་ནི་ས་བོན་དང་བརྡ་ནི་ཕྱག་མཚན་འམ་ཡང་ན་ནི། །ཐིག་ལེ་ནི་ཚོན་ནམ་མེ་ཏོག་ཚོམ་བུ་གདན་དུ་བྱས་པ་རྣམས་ཀྱང་བྲི་བར་བྱ། དཀྱིལ་འཁོར་འོག་མ་རྣམས་ཀྱི་ལྷ་དང་འཇིག་རྟེན་པ་རྣམས་ཕལ་ཆེ་བ་རྩ་འགྲེལ་འདིར་མ་འདུས་པ་མི་སྣང་ ངོ༌། །དེ་ནས་སྔགས་མཁན་མཁས་པས་དཀྱིལ་འཁོར་ལ། །བརྒྱན་པ་བླ་རེ་དང་རྒྱལ་མཚན་དང་བ་དན་གྱི་ལྷབ་ལྷུབ་ཕྲེང་བར་བཤད་པ་སྟར་དང༌། །རིན་པོ་ཆེའི་གདུགས་དང་ཡང་ན་གཤེགས་པ་ལ་བཞི། ཡུམ་བཞི་ལ་གཅིག །སེམས་དཔའ་རྣམས་ལ་གཅིག །ལྷ་མོ་བརྒྱད་ ལ་གཅིག །སྒོ་བ་བཞི་ལ་གཅིག་དེ་བརྒྱད་དམ་དེ་མ་གྲུབ་ན། རྔ་མའི་རྔ་ཡབ་དར་གྱི་ལྡ་ལྡི་དང༌། འཕན་དང་སྣ་ཚོགས་ན་བཟས་ནི་ལྷ་རེ་ལ་ཟུང་རེ་མ་འབྱོར་ན་ཐུན་མོང་དུ་ཟུང་གཅིག་གིས་མཆོད་དོ། །གསལ་སྒྲོན་དུ། གསེར་ལས་བྱས་པའི་བུམ་པ་ནི་ཞེས་འདོན། འགྲེལ་ པ་གཞན་རྣམས་ཀྱིས་བུམ་པ་ལ་དོན་བླངས་མཛད། བྱ་རྣམས་ནི། །བརྒྱད་དམ་བཅུ་དྲུག་དག་ཀྱང་རུང༌། །ཡང་ན་གཤེགས་པ་ལྔ་དང་ཡུམ་བཞི་ལ་དགུ། སེམས་དཔའ་ཕྱོགས་བསྡུས་ནས་བཞི། སྒེག་སོགས་བཞི་ལ་གཅིག །བདུག་པ་མ་སོགས་བཞི་ལ་གཅིག །སྒོ་བ་བཞི་ལ་གཅིག །དབང་ བསྐུར་པའི་བུམ་པ་རིན་ཆེན་ནི་བུམ་རྫས་སོ། །ཆུས་རྒྱས་པ་ལ་ལྷ་གྲངས་དང་མཉམ་པ། འབྲིང་བཅུ་དྲུག །བརྒྱད་ལྔ་ཐ་མའང་གཉིས་བྱ་བ་ཀ་མ་དྷེ་ནུས་བཤད། བཀང་པའི། །འཇུག་སྒོའི་བུམ་པ་དང་ལྔ་རྣམ་རྒྱལ་དང་དྲུག་བྱེད་པར་ཡང་ཀ་མ་དྷེ་ནུས་བཤད་དོ། ། ནི་གཞག་པར་བྱ། །མར་མེ་གཏོར་མ་བུམ་པ་དང༌། །མི་པ་ཅིག་ལས་བུམ་དུ་འདོད་པ་ཡོད་ཀྱང་མཆོད་བུམ་དུ་གསལ་ལོ། །མཛེས་པའི་བཤོས་རྣམས་གཞག་བྱ་སྟེ། །བཟའ་དང་བཏུང་བ་སྦྱར་ལེགས་དང༌། །བཅའ་བ་སྣ་ཚོགས་གཞག་པར་བྱ། །སྐབས་ 10-10-20b དར། གནོད་སྦྱིན་སྲིན་པོའི་ཁ་ཟས་སུ། །གཏོར་མ་རྣམ་པ་སྣ་ཚོགས་བཞག། ཅེས་པས་བགེགས་ཀྱི་གཏོར་མ་བསྟན་ཏེ་འདིར་བཤད་པའི་དབང་དུ་བྱས་པའོ།། ༈ འབྱུང་པོ་དག་དང་ཀླུ་དང་ལྷ། །གཏོར་མའི་ཡུལ་མི་བཤད་པ་ནི་ཁྱེའུ་དང་བུ་མོ་གྲོང་པའི་ཆོས་ཀྱིས་ མ་གོས་པ་ལ་ཟས་སྟེར་བའོ། །མོ་དང་མི་མིན་དེ་བཞིན་ཏེ། །མེ་ཏོག་དྲི་རྣམས་སྣ་ཚོགས་དང༌། །འོ་མ་མར་དང་ཀ་ར་བཅས། །འུམ་པའི་གྲངས་སྔ་མ་བཞིན་མ་འབྱོར་ན། རྣམ་པར་ འདིས་གཏོར་མ་འབུལ་བའི་ཡུལ་བསྟན། རྒྱལ་བ་དྲི་ཡི་ཆུས། །རབ་ཏུ་དཀང་སྟེ་ གཞག་པར་བྱ། །ཞེས་རྣམ་རྒྱལ་དང༌། དེའི་སྟེང་དུ་ལས་བུམ་དང་གཉིས་འདིས་གཏོར་མའི་རྒྱུ་བསྟན་བསྟན་ཏོ། །སྐབས་འདིར་སུམ་སྟོན་ཡེ་ཤེས་འབར་སོགས་སྔ་མ་ཁ་ཅིག་ཆས་སུ་ཞུགས་ནས་དཀྱིལ་འཁོར་དུ་འཇུག་པ། སྒྲུབ་པ། ལྷ་སྤྱན་དྲངས་པ། གང་ཡང་མེད་པར་འཛིན་མས་འཇུག་ པར་འདོད་པ་མི་རིགས་པས། ཀ་མ་དྷེ་ནུས་དཀྱིལ་འཁོར་སྒྲུབ་པ་ལ་བཤད་པ་ལྟར་ལེགས་པས་ཐོག་མར། དེ་ནས་ཁྲུས་ལ་སོགས་རྣལ་འབྱོར་གྱི་གྲོགས་སུ་འགྲོ་ན། བྱས་ལ། །དྲི་ཞིམ་པོ་ལུས་ལ་བྱུག་དང་མེ་ཏོག་ཕྲེང་བ་མཆོག་ནི་རིན་པོ་ཆེ། ཅན། །དྲི་ཞིམ་པོས་ཁ་ བཀང་བ་སྟེ་བཤལ་བ་དང༌། མཆོག་མཛེས་པའི། །ནི་ཟེའུ་ཁ་དང་གཙུག་ཏོར་སོགས་བཅིང་བ་སྟེ། རབ་བྱུང་ལ་ཆ་ལུགས་དེ་ཉིད་ཀྱིས་ཆོག་པར་ཀུན་སྙིང་དང་ཀ་མ་དྷེ་ནུས་བཤད་དོ། །དེ་ནས་བདག་བསྐྱེད་ཆོ་ག་བཞིན་བྱས། ཕྱག་ཆེན་བཀོད་པ་ལ་སྤྱན་དྲངས་པས་མི་ཆོག་པས། མདུན་དུ་དྭམ་ ཚིག་པ་བསྐྱེད་ལ། བོད་ཀྱི་མཁས་པ་དག་གིས། དཀྱིལ་འཁོར་ཚོན་གྱིས་བྲིས་ཟིན་པ་དང༌། ཆད་ལྷག་གི་ཉེས་པ་ཞི་བའི་དོན་དུ། འཛིན་མས་ཞུགས་སྐོར་བ་བྱེད་པར་གསུངས་ཏེ་ཤིན་ཏུ་ལེགས་པ་ཡིན་ནོ། །རྡོ་རྗེ་འཛིན་མ་ནི་སེམས་མ་རྡོ་རྗེ་མ་ལ་ཀ་མ་དྷེ་ནུས་བཤད། རྡོ་རྗེ་འཛིན་མས་དཀྱིལ་འཁོར་དུ་ 10-10-21a ཞུགས་ནས་ཀྱང༌། །སླར་མེ་ཏོག་ཐོགས་ཏེ་སྒོ་ཕྱོགས་འདུག་ལ། སྤྱན་དྲང་རྒྱུའི་གཙོ་བོ་ནི་ཀུན་རིག །རྒྱལ་བ་ནི་གཤེགས་པ་ཡབ་ཡུམ། སྲས་ནི་སེམས་དཔའ་རྣམས་དང་འཁོར། །མང་པོ་འཇིག་རྟེན་པ་རྣམས་ནི་སྤྱན་དྲངས་ཏེ། །ཚུལ་ཇི་ལྟར་ སྙམ་ན་བསྡུ་བའི་ཕྱག་རྒྱ་སྔགས་ནི་ས་མཱ་ཛཿའི་དང་བདག་ལྡན་ཞིང༌། །ལྕགས་ཀྱུ་ལ་སོགས་རྣལ་འབྱོར་ཏེ་ང་རྒྱལ་གྱིས། །ཛཿཧཱུཾ་བཾ་ཧོཿ ཞེས་སོགས་རྐང་པ་གཉིས་འོག་ནས་རྒྱ་སྐད་དུ་འབྱུང་བ་ལྟར་རམ་ཡང་ན། ཐུགས་རྗེའི་བདག །ཚུར་གཤེགས་ཞེས་ནི་ བརྗོད་ནས་ཀྱང༌། །དབང་མ་ཐོབ་པའམ་ཐོབ་ཀྱང་མི་དད་པ་ལ་སྦ་བས་ཕྱག་རྒྱ་མི་བསྟན་པ། གསང་བའི་བཅིང་བ་རྡོ་རྗེ་ཐལ་མོ་བཅིངས་པ་བསྡམས་ནས་ནི། །མཛུབ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱ། །མཛུབ་མོ་གཉིས་ཞགས་པ་བཞིན་དུ་སྦྱར་ནས་ཀྱང༌། །མཛུབ་མོ་དེ་ཉིད་ ལྕགས་སྒྲོག་ཚུལ་དུ་བྱ། །སོར་མོ་གཉིས་བསྡམས་པ་ལས། མཐེབ་གཉིས་ནང་དུ་བཀུག་ནས་ནི། །བསྐྱོད་པར་གྱུར་ན་དགུག་གཞུག་བཅིང་པ་དང༌། དབང་དུ་འགྱུར། །དེ་ནས་མཚན་མ་སྐྱེས་ཏེ་འོད་ཟེར་དང་མི་ལས་འདས་པའི་དྲི་བཟང་པོ་དང་གཟུགས་ཁྱད་པར་ཅན་མཐོང་བ་ འབྱུང་ཞིང་དེའི་ཚེ་སློབ་མའི་དོན་བྱེད་ནུས་སོ་སྙམ་པས། མགུ་ནས་དགའ་སྤྲོ་དང་ནི། །སློབ་དཔོན་མཚན་ཉིད་དང་ལྡན་པས་སློབ་མར་དབང་བསྐུར་བའི་ཕྱིར་དཀྱིལ་འདི་རྣམས་དམ་རྒྱས་བྱེད་པར་ཀ་མ་དྷེ་ནུས་བཤད། འཁོར་བསྒྲུབས་པ་ན་ཐོག་མ་གཙོ་བོ་དང༌། ཐ་མ་འཇིག་རྟེན་པའི་བར་ རིས་ཆད། མེད་པར་མངོན་སུམ་མཐོང༌། །བ་ཡང་འབྱུང་ངོ༌། །ཨརྒྷཾ་ནི་མཆོད་ཡོན་མཆོག་ནི་སྣོད་དང་རྫས་ལ་སོགས་པ་བཤད་པ་བཞིན། སྟབས་ཞེས་ཀྱང་འབྱུང་སྟེ་ད་ལྟ་ནའང་ལྷ་ལ་འབུལ་བའོ། །བརྟགས་པ་ནི་རང་བཞིན་སྟོང་པ་རྣམ་པ་མཆོད་རྫས་གསང་ནི་སྒེག་སོགས་ 10-10-21b ཀྱིས་མཆོད་པ་ལ་སོགས་ཁོངས་ནས་བདུག་པ་མ་སོགས་ཕྱིའི་མཆོད་པ་ཡི། །མཆོད་དབྱངས་ནི་དྲུག་ལྡན་སོགས་སྙན་པའི་ང་རོ་ཡི་མཉམ་མེད་མི་གཡོ་སོགས་ཀྱིས་བསྟོང་དང་ལྷ་རྫས་ཀྱི། མཆོག་གི་དམ་པ་ནི་འདོད་ཡོན་ལྔ་པོ་རྣམས་ཀྱིས་ལེགས་པར་མཆོད། ། མེ་ཏོག་འབྲས་བུ་ཆུར་བཅས་པ། །འདབ་མར་བཅས་པའི་གཏོར་མ་སྟེ། །ཕྱི་རོལ་འབྱུང་པོ་ཐམས་ཅད་ལ། །ཞེས་གསུངས་པ་ལྟར། དེ་ནས་འབྱུང་པོ་རྣམས་ཀྱི་གཏོར་མ་བྱ། །འདིས་ཡི་དྭགས་ཀྱི་གཏོར་མ་བྱ་བ་སྔ་མ་དག་བཞེད་དོ། །སེམས་ཅན་བཀྲེས་ཤིང་སྐོམ་པས་གདུང་བ་དང༌། །ཕྱོགས་ ཞེས་འདི་དང་སྔར་བསྟན་པ་གཉིས་ཀྱིས་ཆ་གསུམ་བྱ་བར་བསྟན། ཕྱོགས་ན་གནས་པ་རྣམས་ལ་རྣམ་པར་བརྟག །དེ་ཡི་གཏོར་མ་ཇི་ལྟར་མཐུན་པར་བྱ། །སྐབས་འདིར་གཏོར་མ་བསྟན་པ་འདི་འབུལ་བའི་དབང་དུ་བྱས་སོ། །དེ་ནས་རྐང་པ་བདུན་གྱིས་སློབ་མ་ལྷག་གནས་བསྟན་ཏེ། བཤད་པའི རིམ་པ་འདི་ལ་འབྱུང་ཡང་ལག་ལེན་དངོས་གཞིའི་གོང་དུ་ཡིན་ནོ། །སྔགས་པས་བླ་མེད་བྱང་ཆུབ་ཀྱི། །ནི་མི་གནས་པའི་མྱང་འདས་དེའི་གནས་སུ་སློབ་མ་ཡོངས་སུ་སྨིན་བྱ་བ། །དེ་ཡང་སྡིག་བཤགས་ཡི་རང་སྐྱབས་འགྲོ་སོགས་སྔོན་དུ་བཏང་སྟེ། འགྲོལ་ཕན་ཕྱིར་མྱུར་དུ་བྱང་ཆུབ་ བར། །དེ་དག་བྱང་ཆུབ་སེམས་མཆོག་བསྐྱེད་དུ་གཞུག །ཅེས་འདིས་ཐུན་མོང་བའི་སྡོམ་པ་སྟེར་སློབ་མ་དེ་རྣམས་ཀྱི་གནས་གསུམ་བྱིན་གྱིས་བརླབ་བདག་གི་དགེ་བའི་ལས་རྣམས་འདི་དག་གིས་ཞེས་སོགས་བྱང་ཆུབ་སྨོན་ལམ་གདབ། །རྣམ་སྣང་མངོན་བྱང་ལས། འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས། །ཞེས་སོགས་སོ། །ཟབ་ཅིང་རྒྱ་ཆེ་བ་ཡི་ཆོས་བསྒྲགས་ལ། །དཔུང་པ་གཡོན་པ་ལ། སྲུང་སྐུད་གདགས་བ་བྱས་ནས་བརྟུལ་ཞུགས་སྡོམ་གནས་པ། །ནི་སྟ་གོན་དུ་ཐུན་མོང་བའི་སྡོམ་པ་དང་དངོས་གཞིའི་སྐབས་སུ་ཐུན་མོང་མ་ཡིན་པའི་ 10-10-22a སྡོམ་པ་གཉིས་སྟེར་རོ། །དཀྱིལ་འཁོར་དུ་འཇུག་པ་ལ། ཐོག་མར་གསོལ་བ་གདབ་པ། མིག་དར་འཆིང་བ། རྒྱུན་བཤགས་བྱེད་པ། སྡོམ་པ་བཟུང་བ། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ཏེ། འོག་གི་སྔགས་རྣམས་ཀྱིས་ནང་དུ་འཇུག་པ། ཡེ་ཤེས་དབབ་ པ། འོག་ནས་འབྱུང་བའི་སྔགས་གཉིས་བརྟན་བྱེད་དུ་བླང་བ། དམ་ཚིག་སྦྱིན་པ་སོགས་ཡོད་པ་ལས། རབ་ཞི་ནི་དུལ་བའི་སློབ་མ་དང་སློབ་དཔོན་གཉིས་ཀའི་ཁ་ནས་འོག་གི་སྔགས་བརྗོད་ཅིང་གཞུག་པར་བྱ། །དར་ལ་སོགས་པའི་གདོང་གཡོགས་ཀྱི་ས་མིག་གཉིས་གཡོགས་ ནས་ནི། །རྡོ་རྗེ་འཛིན་མ་དཔལ་གྱིས་ནི་སེམས་མ་རྡོ་རྗེ་མ་པདྨར་དམ་ཚིག་ཕྱག་རྒྱས་ལག་གཉིས་ལྡན་པར་བྱ། །སྟེ་མེ་ཏོག་བཟུང་ལ་རིན་ཆེན་ལ་སོགས་དེ་བརྒྱན་ཏེ་ནས་འཇུག་རྒྱས་བསྡུས་ཇི་ལྟར་རིགས་པར་བྱས་ལ། །གཡོན་གྱི་ལག་པ་བཀང་ནས་བླ་ མ་ལ་ཕུལ་སྟེ་གཞུག་པར་བྱའོ། འཇུག་པའི་སྔགས་ནི་འདི་རྣམས་ཡིན་ནོ། །ཕྱག་རྒྱ་འཆིང་བའམ་བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཧཱུཾ། དཀྱིལ་འཁོར་དུ་འཇུག་པའི་སྔགས། ཨོཾ་བཛྲ་ས་མ་ཡ་ཧཱུཾ། འདི་དང་འོག་མ་གཉིས། དེ་བཞིན་གཤེགས་ པའི་ཡེ་ཤེས་ཀྱི་རྣམ་པར་ཡེ་ཤེས་དབབ་པའི་སྔགས། ཨོཾ་བཛྲ་པྲ་བེ་ཤ་ཧཱུཾ། མཐའི་སྔགས་བརྟན་བྱེད་དུ་ཡར་བླང༌། དགག་པ་ཨ་ས་མེ་མཉམ་པ་ལ་ཨས་བཀག་པས་མི་མཉམ་པ་སྟེ། དཀྱིལ་འཁོར་དུ་མ་ཞུགས་པའི་ཚེ་ལྷ་དང་སྐལ་བ་མི་མཉམ་པ་ལ། ཏྲི་ནི་གསུམ། ས་མེ་ མཉམ་པ། མ་ཧཱ་ས་མ་ཡེ་ཧཱུཾ། དཀྱིལ་འཁོར་དུ་ཞུགས་པའི་ཚེ་རིགས་གསུམ་གྱི་ལྷ་དང་སྐལ་མཉམ་དུ་བྱས་སོ། །དེ་ནས་འདི་ལ་སྔགས་དང་ཚིགས་བཅད་གཉིས་ལས། སྔགས་འདིས་མེ་ཏོག་ལ་སོགས་པ་དོར་བར་བྱའོ། །ཆེད་དུ་བྱ་བ། སངས་རྒྱས་ 10-10-22b དངོས་གྲུབ་ཐོབ་བྱའི་ཕྱིར། །སློབ་དཔོན་བདག་ལ་ཐུགས་བརྩེར་དགོངས་ནས་ནི། །བྱེད་པ་པོ་འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སློབ་མ་རྣམས་ལ་སྨན་པར་དགོངས་ནས་བཞེས་སུ་གསོལ། །ཨོཾ་བཛྲ་མེ་ཏོག་འདོར་བའི་ཡུལ། པྲ་ཏི་གྲྀཧྞ་ནི་སོ་སོར་བཟུང༌། ཧཱུཾ་ ཨོཾ་པྲ་ཏཱི་ཙྪ་སོ་སོར་བཞེས་བཛྲ་ས་མ་ཡ་རྡོ་རྗེའི་དམ་ཚིག་ལ་གནས་པ་ཁྱོད་ཅེས་བོད་པ། སྟྭཾ། གང་ན་སློབ་མ་རྣམས་སོ། །མེ་ཏོག་རིན་ཆེན་ལ་སོགས་གང༌། །ཁ་ཅིག་སྔགས་དང་པོས་མགོ་ལ་འཆིང་། གཉིས་པས་འདིར་ཟེར་ཡང་། །མ་དྷེ་ནུས་དང་པོས་འདོར། གཉིས་པས་འཆིང་བར་བཤོད་ ལ་བབས་པར་གྱུར་པ་དེ་དང་རིགས་ཀྱི་ལྷ། །ཡིན་པས། གཙོ་བོའི་རིགས་དེའི་སྒོ་ནས་བསྒྲུབས་ན་ནི། །དངོས་གྲུབ་མྱུར་ཏེ་ཐེ་ཚོམ་མེད། །དེ་ནས་སྔགས་པ་མཁས་པ་ཡིས། །སྔགས་འདིས་དམ་ཚིག་སྦྱིན་པར་བྱ། །ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཆག་ གིས་དེ་ནས་རིགས་ཀྱི་ཕྱག་རྒྱ་སྙིང་ཁར་བཅིངས་ཏེ་དམ་ཚིག་གི་ལྷ་སྙིང་ལ་གནས་པར་བྱ་བའི་སྔགས་ཟེར། ཨོཾ་བཛྲ་ས་མ་ཡཾ་ཧྲྀ་ད་ཡ་མེ་བདག་གི་སྙིང་ལ་རྡོ་རྗེའི་དམ་ཚིག་པྲ་བ་ཤ་ཕོབ་དྲྀ་ཌྷ་ཏིཥྛ་ཧཱུཾ། བརྟན་པར་བཞུགས་ཤིག །བླ་མ་སྔ་མ་དག་ཡེ་ཤེས་དབབ་པ་དང༌། དམ་བཞག་རྣམས་ ཡོ་ག་སྤྱི་འགྲོ་ལྟར་ཁ་བསྐང་ནས་བྱེད་དེ་ལེགས་པ་ཡིན་ནོ། །ཡེ་ཤེས་ཕབ་པའི་བརྟན་བྱེད་ལ། སྔ་མ་ཁ་ཅིག་ཕྱག་རྒྱ་ནི་སེམས་མ་རྡོ་རྗེ་མའི་དམ་རྒྱ། ལྷ་ཀུན་རིག་གི་སྙིང་ཁར་བསྟན་ཟེར་ཡང༌། མེ་ཏོག་ཕོག་པའི་ལྷས་ཆོག་ལ། སྔགས་གོང་མ་བླ་མས་སྤྲོད་ཅིང་སློབ་མས་འདོན། སྔགས་ཕྱི་མས་ཡེ་ཤེས་ཕབ་ པ་བརྟན་པར་བྱས་ན་ལེགས་སོ། །དེ་ནས་འདིས་དམ་ཚིག་བསྒྲག་པར་བྱའོ། །དེའི་ཚུལ་ནི། རྡོ་རྗེ་སེམས་དཔའི་མནའི་ཆུ། འདི་ནི་སློབ་མ་ཁྱོད་ཀྱིས་དམ་ཚིག་མ་བསྲུངས་ན། དམྱལ་བར་འགྲོ་བའི་ཆུ། །དམ་ཚིག་འདས་ན་དམྱལ་བའི་ཆུ་དེས་སྲེག་པར་བྱད། །པའི 10-10-23a ཕྱིར་རོ། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །ཐོབ་པར་བྱེད་པས། སྔ་མ་ནི་ཚར་གཅོད་པས་རྡོ་རྗེ་ཕྱི་མ་ནི་ཕན་འདོགས་པས་བདུད་རྩིའི་ཆུ་ཡིན་པས་ཆུ་འདིས་ཕན་ཡོན་ཉེས་དམིགས་གཉིས་ཀ་འགྲུབ་བོ། །ཅི་སྟེ་དམ་ཚིག་མ་བསྲུངས་པར་འདས་ན་ནི། །དེ་མ་ ཐག་ཏུ་སྙིང་བཀས་ནས་སྔར་ཕབ་པའི་རྡོ་རྗེ་སེམས་དཔའ་དེ་གཤེགས། །ཤིང་རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་འཆང་ཁྲོས་པའི་ཚུལ་བསྟན་ནས་ནི། སྣང་བའི་རྒྱན་དུ་བཤད་པ་ལྟར་རང་ནས་བརྩམས་པའི་བུ་ཚ་བོ་སོགས་བདུན་པ་ཁ་ཅིག་ཆོས་བརྒྱུད་བདུན་ཟེར། བརྒྱུད་ རིགས་ནི་བརླག་པར་བྱེད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང༌། །ནི་འདའ་བར་མི་བྱ་བ་སྟེ་བཅས་མཚམས་ལྟ་བུ། སྡོམ་པ་ནི་བཅས་པའི་རྟེན་ངེས་པར་བསྲུང་དགོས་པ་དང་ནི་བླ་མའི་བཀའ། །རྩ་ལྟུང་དང་པོའི་དམ་གཞག་ཤིན་ཏུ་ མོས་པས་བསྲུང་བར་བྱ། །སྤང་བར་བྱ་བའི་དམ་ཆིག་ནི་ཁྱོད་ཀྱིས་སྲོག་ཆགས་ཕྲ་མོ་རྣམས་ཀྱང་གསད་མི་བྱ། །ཏིལ་གྱི་ཕུབ་མ་ཙམ་མ་བྱིན་པར་ཡང་བླང་མི་བྱ། །བཞད་གད་ཀྱི་ཆེད་དུ་ཡང་རྫུན་དང་འདོད་ལ་ལོག་པར་སྤྱོད་པ་རྣམས། །ཀུན་སློང་གི་སྟེང་ནས་ཀྱང་དངོས་ གྲུབ་འདོད་པས་བྱ་བ་མིན། །ཆང་ནི་སྲོག་གི་ཕྱིར་ན་ཡང་མ་གནང་བས་བཏུང་བར་མི་བྱ་ཞིང༌། །ཁ་ན་མ་ཐོ་བའི་ཤ་དང་ལ་སོགས་པ་བཟའ་བར་མི་བྱ་སྟེ། རྩེ་མོར། ཤ་དང་ཆང་དང་སྒོག་པ་སོགས། །བཟའ་བ་མིན་པས་རྣམ་པར་སྤང༌། །ཞེས་པ་དང༌། འདི་པའི་འོས་པའི་ བཟའ་བཏུང་ནི། །མར་དང་འོ་མ་འབྲས་ཆན་ཉིད། །སློབ་དཔོན་ཟས་ནི་དཀར་གསུམ་ཟ། །ཞས་གསུངས་པ་ལྟར་རོ། །མདོར་ན་སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཡོངས་མི་སྤང༌། །སྟེ་ནང་པར་ཆུད་ 10-10-23b པ་དང་སྡོམ་པ་ཐམས་ཅད་ཀྱི་རྟེན་ཡིན་པ་སོགས་སོ། །དུས་ཀུན་ཏུ་ནི་སྨོན་འཇུག་གི་བྱང་ཆུབ་སེམས། དང༌། ལྷའི་སྙིང་པོ་དང་དེའི་ཐུགས་རྒྱུད་བསྐུལ་བའི་སྔགས་དང་ཕྱག་རྒྱ་དང༌། །ལྷ་དང་བླ་མ་མི་སྦང་བ་དེ་བཞིན་ནོ། །སྡིག་སྲོག་གཅོད་པ་ལ་སོགས་པ་མི་དགེ་བཅུ་གང་ཡིན་སྤང་ བ་དང༌། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་མཆོད་རྫས་སྙིགས་མ་དང༌། །མཆོད་ཡུལ་ལྷ་དེ་ཡི་གྲིབ་མར་འགོམ་མི་བྱ། །ཕྱག་རྒྱ་ལྷའི་གཟུགས་སམ་ཕྱག་མཚན་འཁོར་ལོ་སོགས་ལའང་མི་འགོམ་པ་དེ་བཞིན་ཏེ། །རྒྱལ་བས་གསུངས་པའི་ སྔགས་དང་ལྷའི་དེ་ཁོ་ན་ཉིད་རྣམས་ལའང་ཐེ་ཚོམ་མི་བྱ་ལ་སྨད་པར་མི་བྱ། རིག་པ་མཆོག་ལས་བཤད་པའི་ཕྱོགས་སྐྱོང་སོགས་གདོན་ཆེན་རྣམས་ལ་དགོས་པ་ཁྱད་པར་ཅན་མེད་པ་དྲག །གྱི་ལས་སོགས་བྱ་བ་མིན། །ཏེ་ལེགས་གྲུབ་ལས། མཁས་པས་རིག་སྔགས་དག་ལ་ནི། །ཁྲོས་ནས་ མནན་དང་བཅིང་བ་དང༌། །བསད་པ་དང་ནི་ཚར་བཅད་དང༌། །ཐག་གཅོད་དེ་དང་དེ་མི་བྱ། །ཞེས་པ་ལྟར་རོ། །ལྟ་ངན་བཟློག་པའི་ཕྱིར་མ་གཏོགས་མུ་སྟེགས་ཅན་ལ་ཞེ་སྡང་གིས་སྨད་པར་མི་བྱ་སྟེ། །མུ་སྟེགས་ཅན་ལ་སྨད་བྱས་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་གསུངས་སོ། །མདོར་ན་དམ་ ཚིག་རྣམས་བསྲུངས་པའི་ཕན་ཡོན་དང་མ་བསྲུངས་པའི་ཉེས་དམིགས་འབྱུང་བ་ལ། ཡིད་གཉིས་སོམ་ཉི་ཐེ་ཚོམ་མི་བྱ་སྟེ། །རྒྱལ་བའི་གསུང་མི་བསླུ་བས་སོ། །རྩེ་མོར། གང་ཟག་བཞིས་ནི་འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པར་ཉིད་མི་འགྱུར། །བྱང་ཆུབ་སེམས་ནི་མ་བསྐྱེད་དང༌། །ཐེ་ཚོམ་ལྡན་ པ་ཉིད་དང་ནི། །བཀའ་བཞིན་དུ་ནི་མི་བྱེད་དང༌། །དད་པ་མེད་ཉིད་འགྲུབ་མི་འགྱུར། །ཞེས་སོ། །བདག་གི་དེ་ཉིད་དང་ནི་སྔགས་ཀྱི་དེ་ཉིད་དང༌། སོགས་ཀྱིས་བསྡུས་པ་ལྷའི་དེ་ཁོ་ན་ཉིད་ལའང༌། དེ་བཞིན་ནོ། །དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་ཚུལ་བསྟན་ནས། ཞུགས་པ་ལ་དབང་བསྐུར་བའི 10-10-24a ཚུལ་ནི། དབང་བསྐུར་བའི་སྔགས་དང་དབང་ཐམས་ཅད་རྫོགས་པར་ཕྱག་ན་རྡོ་རྗེ་ནས་འབྱུང་ཞིང༌། འདིར་ནི་བུམ་པ་སོགས་དབང་གི་གྲངས་ཙམ་ཞིག་སྟོན་ཏེ་སློབ་མ་མོས་པ་སྟེ་དད་པ་བརྟན་པ་དང་ལྡན་པས་དམ་ཚིག་རྣམས་ལ་མི་གཡེལ་བར་དམ་བཅས་པ་ལ་ནས། །འདི་ལ་ སྔ་མ་ཁ་ཅིག་སློབ་མའི་མགོར་རྡོ་རྗེ་བཞག་ནས་སརྦ་བིད་ནས་ཨོཾ་བྷ་ཞེས་པའི་བར་གྱི་སྔགས་བརྗོད་པས་སྔགས་དབང་ཟེར་རོ། །ཀ་མ་དྷེ་ནུས། གསེར་གྱི་སྣོད་དུ་ཡུངས་ཀར་བཞག་པ་ལ་སྔགས་དེ་རྣམས་ཀྱིས་བསྔགས་ནས་སློབ་མའི་སྤྱི་བོར་བཞག་པས་སྒྲིབ་པ་སྦྱངས་ནས་ཡེ་ཤེས་བསྐྱེད་དོ། །སརྦ་ བིད་ཀྱིས་ཇི་བཞིན་དྲི་མ་འཁྲུད་པའི་དབང་བསྐུར་བར་བྱ་ཏེ། །ཇི་ལྟར་ཞེ་ན། བུམ་པ་ལ་སོགས་པ་དབུ་རྒྱན་གྱིས་མཚོན་པ་ཇི་སྙེད་མང་ཐོགས་པས། །བསྐུར་རོ། །དེ་ལ་དུ་ཡོད་ཅེ་ན། བཅུ་པོ་རྣམས་ཀྱི་དབང་ཞེས་པས་གྲངས་བསྟན་ཏེ། ནི་ཅི་དགར་ཏེ་ཇི་ལྟར་ ཐམས་ཅད་རིག་པ། རིགས་པར་བསྐུར་ན་དོན་དབང་བཙན་པའི་དབང་དུ་བྱས་ན། འདི་ལ་གཉིས། སློབ་མའི་དབང་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་གཉིས་ལས། དང་པོ་བུམ་པའི་དབང་ནི། རིགས་དེ་ལ་སྒྲིབ་པའི་དྲི་མ་འཁྲུད་པའི་ནུས་པ་འཇོག །དེ་ནས་རིགས་བདག་དབུས་ན་ཡོད་པ་ཅོད་ པན་གྱི་དབང་གིས། ཐོབ་བྱ་དེ་བཞིན་གཤེགས་པ་དེའི་གཙུག་ཏོར་བསྐྱེད་པའི་ནུས་པ་འཇོག །དེ་ནས་རིན་པོ་ཆེའི་ཕྲེང་བ་དང༌། དར་དཔྱངས་ཀྱི་དབང་གཉིས་ཅོད་པན་གྱི་དབང་གི་འཁོར་ཏེ། དེ་གཉིས་གཅིག་ཏུ་བྱས་ནས། ཕྱག་རྒྱའི་དབང་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་མཚན་ཡིན་ལ། འོག་གི་ དྷཱ་ར་ཅ་གཟུངས་ལ་འཇུག་པས་གཟུང་མའི་དབང་སྟེ། ཡུམ་རྣམས་ཀྱི་ཕྱག་མཚན་གྱི་དབང་ཡིན་ལ། དེ་གཉིས་ཕྱག་མཚན་གྱི་དབང་གཅིག་ཏུ་བྱས་ནས་བསྐུར་བས། ཐུགས་ཀྱི་ནུས་པ་འཇོག་གོ། དེ་ནས་མིང་དབང་བསྐུར་བས་སངས་རྒྱས་དེའི་མཚན་གྱི་ནུས་པ་འཇོག་པར་ཕྲེང་བར་ 10-10-24b བཤད་དོ། །དེ་ལྟར་སློབ་མའི་དབང་ལྔ༌། འདིར་དེ་བཞིན་གཤེགས་པ་ལྔའི་མིང་དབང་ཕྱུག་ཡང་བསྒྲུབ་བྱ་ལ་གཙོ་གང་ཆེ་བ་ཞིག་གི་མིང་འདོགས་སོ། །འོ་ན་འདི་པའི་དབང་ཐམས་ཅད་རིགས་ལྔས་བསྐུར་བ་ཇི་ལྟར་ཡིན་སྙམ་ན། རིགས་ཐམས་ཅད་རིགས་ལྔར་བསྡུས་ནས་དབང་བསྐུར་བའི་ལུགས་སོ། ༈ །ཡང་ དོན་དབང་བཙན་པའི་དབང་དུ་བྱས་ནས་སློབ་མའི་དབང་བསྐུར་བའི་རྗེས། དེ་ནས་ལག་ཏུ་རྡོ་རྗེ་དྲིལ་བུ་སྦྱིན། ཞེས་སློབ་དཔོན་གྱི་དབང་གསུངས་ཏེ། འདིར་བསྐུར་བའི་སྔགས་དོན་ནི་འོག་ཏུ་འཆད་ལ། དེ་ཡང་ཕྱག་རྒྱ་སྐུའི་དམ་ཚིག །རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག་གསུམ་བྱིན་ པའི་སྒོ་ནས་གསལ་བར་བསྟན་ཏེ། དེ་ཡང་སློབ་དཔོན་གྱི་དབང་ནི་གཙོ་བོ་ཡིན་ལ། འཕྲིན་ལས་སོགས་བཞི་ནི་དེའི་འཁོར་ཡིན་ནོ། །ཇི་ལྟར་ཡིན་ཞེ་ན། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་ནས་གཞན་གྱི་དོན་འཕྲིན་ལས་བཞིས་བྱེད་དགོས་པས། དེ་ནས་ལས་ཀྱི་དབང་བསྟན། འཕྲིན་ལས་ཀྱི་དོན་ཡང་ ཆོས་འཁོར་བསྐོར་བ་ཡིན་པས། དེ་ནས་འཁོར་ལོའི་དབང་བསྟན། ཆོས་འཁོར་བསྐོར་བ་དེ་ཡང་བདག་པོ་རིགས་ལྔས་བྱས་པའི་སྒོ་ནས་བསྐོར་དགོས་པས། དེ་ནས་བདག་པོའི་དབང་བསྟན། དེ་ནས་འོག་གི་གུ་ཧྱ་ནི་གསང་བའི་དོན་ལ་འཇུག་པས། གསང་བའི་དབང་བསྟན་ཏེ། དེའང་དཀྱིལ་འཁོར་གྱི་ དེ་ཁོ་ན་ཉིད། ལྷའི་དེ་ཁོ་ན་ཉིད། སློབ་དཔོན་གྱི་བྱ་བའི་རིམ་པ་ལ་མཁས་པ་རྣམས་ཀྱིས་མཛད་དེ། སྔར་ནའང་དོན་གྱི་དཀྱིལ་འཁོར་དུ་བཤད་པ་བཞིན་ནོ། །ཀ་མ་དྷེ་ནུས་བདག་སྒྲུབ་པ་ལ་ཁ་འཕངས་སོ། །དེ་ལྟར་སློབ་དཔོན་གྱི་དབང་ལ་ཡང་ལྔ་དང་བཅུའོ། །དེ་ནས་རིན་པོ་ཆེ་བདུན་གྱི་དབང་ནི། འཁོར་ ལོ་དང་ལ་སོགས་པ་ནོར་བུ་སོགས་རིན་ཆེན་བདུན་ཐོགས་ལ། །དཔེར་ན་གླིང་བཞི་ལ་དབང་བའི་མི་དབང་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པ་ན་དང༌། །རང་གི་སྲིད་ལ་རིན་པོ་ཆེ་བདུན་གྱི་སྒོ་ནས་དབང་སྒྱུར་བ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བས། ཁམས་གསུམ་ 10-10-25a ཆོས་ཀྱི་རྒྱལ་པོར་གྱུར་ནས་ཀྱང་སྡོང་པོ་བཀོད་པ་ལས། ཕ་རོལ་ཕྱིན་པ་རྟག་འབྱུང་འཁོར་ལོ་ཡིན་ཏེ་གླང་པོ་མངོན་པར་ཤེས་པ་མཆོག །ཡེ་ཤེས་རྫུ་འཕྲུལ་རྟ་སྟེ་ཆགས་པ་མེད་འགྲོ་ཤེས་རབ་ནོར་བུ་དམ་པ་ཡིན། །སྤྱོད་པ་བཙུན་མོ་བསྡུ་བ་རྣམ་པ་བཞི་པོ་ཁྱིམ་བདག་དམ་པའོ། །ཐབས་ལ་ཤིན་ཏུ་མཁས་ པ་བློན་པོ་ཡིན་ཏེ་འཁོར་ལོ་སྒྱུར། །ཞེས་ཀ་མ་དྷེ་ནུས་དྲངས་པ་ལྟར། ཡོན་ཏན་གྱི་ཆོས་བདུན་གྱིས་ཆོས་ཀྱི་རྒྱལ་སྲིད་ལ་དབང་སྒྱུར་བའི་ནུས་པ་འཇོག་པ་ལ་རིན་པོ་ཆེ་སྣ་བདུན་གྱི་དབང་བསྐུར་བ་ཡིན་གྱི་འཁོར་ལོ་སོགས་ཐོགས་ནས་ཤིས་བརྗོད་བྱེད་པ་འདྲ་བ་གཅིག་ཏུ་མི་ཟུང་ངོ༌། །དེ་ནས་སྡིག་པ་གཞོམ་པ་དང་ནུས་པ་ཁྱད་ པར་ཅན་འཇོག་པའི་ཕྱིར་སྔགས་མཁན་མཁས་པས་དབང་ནི་བསྐུར་བར་བྱ། །བ་ཡིན་ནོ། །དགོས་པ་སྔགས་སྒྲུབ་ཕྱིར་ནི་ཀ་མ་དྷེ་ནུས། མོས་ལྡན་སློབ་མ་ལ། །དབང་ཟིན་ནས་སློབ་དཔོན་ལ་ཡོན་ཕུལ་ཞིག་ཅེས་བསྒོ་བ་ལ་བཤད་དོ། །སྔགས་པས་སློབ་དཔོན་གྱིས་འོག་གི་བཀའ་འདི་རྣམས་ ནི་སློབ་མ་ལ་རབ་ཏུ་བསྒོ་བར་བོད་ཀྱི་མཁས་པས་བཀའ་དང་རྗེས་གནང་སྐད་དོད་གཅིག་པས་རྗེས་གནང་དུ་བསྒྱུར་ནས་མདའ་གཞུ་དང་མིག་ཐུར་སྟེར་བ་སོགས་ཀྱི་རྗེས་གནང་ལ་མཛད་དོ།། བྱ །། འདི་ལ་ཁ་ཅིག་བཀའི་དབང་དང༌། དམ་ཚིག་གི་དབང་དུ་འདོད་པ་དེ། ཚེ་དཔག་མེད་དུ་བཀའི་དབང་དང དམ་ཚིག་གི་དབང་གཉིས་སོ་སོར་བཤད་པས་མི་རིགས་ལ། སྤྱིར་སྔགས་དབང་ཙམ་ཞིག་གི་མིང་འདོགས་རུང་ངོ༌། །སློབ་མ་དེས་ཀྱང་མོས་པས་སྤྱི་བོས་ཕྱག་བཙལ་ཏེ། ཅི་སྟེ་ནོར་རང་ལ་ཡོད་ན་བླ་མར་དབུལ་བར་བྱ། །ནོར་གང་སྙམ་ན་དང་གཏེར་དང་འབྲུ་དང་དབྱིག་དང་གསེར། ། བཞོན་དང་ཁྱིམ་ཐབ་བུ་ཕོ་བུ་མོ་དང༌། །སྐྱེས་པ་དག་དང་བུད་མེད་ཡང་ན་ནི། །གྲོང་དང་གྲོང་ཁྱེར་དེ་བཞིན་ཅི་བཞེད་རྣམས། །རང་གི་སེམས་ནི་རབ་ཏུ་དད་པ་ཡིས། །ཡོན་གྱི་མཆོག་ཉིད་དབུལ་བ་ཉིད་དུ་བྱ། །མྱུར་དུ་འགྲུབ་ཕྱིར་མོས་པས་བླ་མ་ལ། །མདོར་ན་ 10-10-25b རང་གི་ལུས་ཀྱང་དབུལ་བར་བྱ། །ཚེ་འདིའི་བདེ་བ་ནི་ལྷའི་བདེ་བ་ཟུར་དུ་སྨོས་པས་མིའི་བདེ་བ་མ་ལུས་དང༌། །འཇིག་རྟེན་ཕྱི་མའི་མངོན་མཐོ་སོགས་ཀྱི་བདེ་མཆོག་དང༌། །དེ་འདྲ་ལ་སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ལྷ་ཡི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མ་ བསོད་ནམས་གསོག་པའི་ཞིང་དུ་མཉམ། །པའམ་ལྷག་པས། རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་བས། །སློབ་དཔོན་ལ་ནི་བརྙས་མི་བྱ། །བླ་མ་གཅིག་ལ་དབང་ཐོབ་པའི་སྐྱེས་པ་ནི་རྡོ་རྗེ་སྤུན་དང་བུད་མེད་ནི་སྲིང་མོ་དང༌། །ཀ་མ་དྷེ་ནུས་སྐུལ་བྱེད་མ་དང་རལ་གཅིག་ མ་ལ་སོགས་ལ་སྨད་ན་རྩ་ལྟུང་དུ་འཆད་དོ། །རྡོ་རྗེ་མ་ཁ་ཅིག་བླ་མའི་མོ་ཟེར་རོ། །རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་ཡིད་ལ་ཁོན་འཛིན་དང་བཅུགས་ཏེ་ཕྲ་མ་མི་བྱ། །དཀོན་མཆོག་གསུམ་ལ་གནོད་པ་བྱེད་པའི་གདུག་པ་ཅན་ ལ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །བླ་མ་སྨོད་པ་ལ་བརྩོན་པའི་སེམས་ཅན་མ་རུངས་དང༌། །དམ་ཚིག་ལས་ནི་འདའ་བ སྟ་མི་བསྲུང་བ་དང༌། །དེ་སོགས་ཏེ་མཚམས་མེད་སོགས་མི་དགེ་བ་བྱེད་པ་ཚར་བཅད་ན། འགྱུར་ཁ་ཅིག་ཏུ། འབྲས་བུ་བླ་ན་མེད་པ་འགྲུབ་ འགྱུར་ཞེས་ནི་ཤེས་བྱ་ཀུན་རིག་པ་སྟེ་མཁྱེན་པའི་སངས་རྒྱས་གསུང༌། །སེམས་ཅན་ཀུན་ལ་ཕན་པའི་བྱམས་པ་དང༌། །བརྩེ་བའི་སྙིང་རྗེ་དང་ལྡན་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །བ་སྨོས་ཅི་དགོས་སོ། །ད་ནི་ནུས་པ་བསྐྱེད་པའི་བསྙེན་པ་ལས་སུ་རུང་ནས་དངོས་ གྲུབ་སྒྲུབ་པར་ཀ་མ་དྷེ་ནུས་བཤད་དེ་དེའི་ཚུལ་ནི་དེ་ནས་བཅོམ་ལྡན་འདས་ཀྱིས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང༌། ལྷའི་འཇིག་རྟེན་དུ་བཅས་པ་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་སྒྲུབ་པའི་ཆོ་ག་འདི་གསུངས་སོ། །དེ་ཡང་རིམ་པ་དང་པོ་ལ་རས་ལ་བཅོམ་ 10-10-26a ལྡན་འདས་ཐམས་ཅད་རིག་པ་དེ་བཞིན་དུ་བྲིས་ལ། གཡས་ཕྱོགས་སུ་ནི་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ། གཡོན་ཕྱོགས་སུ་ནི་ཤཱཀྱ་ཐུབ་པ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་འོག་ཏུ་ནི། ཀུན་ཏུ་སྤྱན་རས་གཟིགས་དབང་ཕྱུག་མདོག་ཟླ་བ་ལྟ་བུར་ཕྱག་ན་པདྨོ་བསྣམས་པའོ། །ཤཱཀྱ་ཐུབ་པའི་འོག་ཏུ་ནི་ཕྱག་ན་རྡོ་རྗེའོ། །དེ་གཉིས་ཀྱི་བར་ཇི་སྐད་དུ། གང་ཞིག་སངས་རྒྱས་སྨན་གྱི་བླ་འདི་ཡི། །མཚན་རྣམས་དྲན་ནམ་མཆོད་དང་བསྙེན་བཀུར་བྱེད། །དེ་ཡི་ནང་རྣམས་བྱང་ ཞིང་སྨན་རྣམས་ནི། །ལྷག་པར་མཐུ་དང་ལྡན་པར་འདི་ངེས་འབྱུང༌། ཞེས་པ་ལྟར་རོ།། དུ་སྨན་གྱི་བླ་རྗེ་བ་ནི་སྨན་གྱི་རྫས་ལ། དངོས་གྲུབ་བསྒྲུབ་ན་མཐུ་ཆེ་བ་ལ་དགོངས་ཞེས་ཀ་མ་དྷེ་ནུས་བཤད་དོ། །བཻ་ཌཱུ་རྱ་མདོག་སྔོན་པོ། ཕྱག་གཅིག་ནི་འབྲས་བུ་ཨ་རུ་ར་བསྣམས། ཕྱག་གཅིག་ ནི་མཆོག་སྦྱིན་དུ་བྱ། རྟ་མགྲིན་རང་གི་ལྷ་སྤྱན་རས་གཟིགས་ཀྱིའོ། །དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་མ་རུངས་པ་འཇོམས་པ་བརྩོན་པ་གཉིས་ནི་རང་གི་ལྷ་ལ་བརྟེན་པར་བྲི། དེ་གཉིས་ཀྱི་དབུས་སུ་ལོ་ཙ་ན་དང༌། མཱ་མ་ཀཱི་དང༌། ན་བཟའ་དཀར་མོ་དང༌། སྒྲོལ་མ་རྣམས་རང་གི་མཚན་མ་ཕྱག་ན་བསྣམས་པ་བྲི། དེ་དག་གི་འོག་ཏུ་རིམ་པ་གཉིས་པ་ལ་བཀྲ་ཤིས་པའི་རྫས། པདྨའི་རྫིང་བུ་དང༌། ཆུ་སྲིན་དང༌། ཕྱག་རྡོང་གྱི་འོག་ཏུ། ཉ་དང༌། རུས་སྦལ་དང་། སྦལ་པ་དཀར་པོ་དང་། ཉ་ཁར་པ་ལ་སོགས་པར་བཅས་པ་དང༌། ཆུ་ལས་སྐྱེས་པའི་མེ་ཏོག་རྣམ་པ་དུ་མས་ཡོངས་སུ་གང་བར་བྲི། དེ་ནས་རིམ་པ་གསུམ་པ་ལ་མཆོད་རྫས། བདུག་པ་དང་མར་མེ་དང༌། དྲི་དང་ཕྲེང་བ་དང༌། བཤོས་དང་མེ་ཏོག་དང༌། འབྲས་བུ་རྣམ་པ་སྣ་ཚོགས་ 10-10-26b བྲི། དེའི་འོག་ཏུ་སྒྲུབ་པ་པོ་ཉིད་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་འདུག་པར་བྲི་བ་ནི་ལྷས་མྱུར་དུ་བྱིན་གྱིས་བརླབ་པའི་ཆེད་དུ་ཡིན་གྱི་སྦྱིན་བདག་བྲི་བ་དང་མི་འདྲ་འོ། །འདིར་དཀྱིལ་འཁོར་རྫོགས་པར་མི་བྲི་བ་ནི། ཀ་མ་དྷེ་ནུས། སྦྱིན་བདག་འབྱོར་པ་ཆུང་བའི་དབང་དུ་བྱས་པའམ། རྫོགས་པར་བྲིས་ནས་སྣོད་མིན་གྱིས་མཐོང་ ན་སྒྲུབ་པ་པོའི་དངོས་གྲུབ་རིང་དུ་བྱེད་པའོ་ཞེས་གསུངས་ཀྱང་འོག་ཏུ་རྫོགས་པར་བྲི་བར་བཤད་པས་རྒྱས་བསྡུས་སུ་མངོན་ནོ། །དེ་ནས་རི་མོའི་སྐུ་གཟུགས་དེ་མངོན་པར་མཆོད་དེ། བདག་ཉིད་ཀྱིས་སྤྱན་དབྱེ་བ་བྲིས་ཟིན་ནས་རབ་ཏུ་གནས་པ་བསྟན་ཏེ། སྒྲུབ་པ་པོ་རང་ཉིད་ཀྱིས་ཤེས་སམ། སྔགས་མཁན་ གཞན་གྱིས་རབ་གནས་བྱ་ཞིང༌། བདེན་པའི་བྱིན་གྱིས་བརླབས་པ་ནི་བདག་གིས་རབ་ཏུ་གནས་པ་བགྱིས་པའི་མཐུས་དངོས་གྲུབ་འདི་མྱུར་དུ་འགྲུབ་ཅེས་སོགས་བདེན་པ་བརྗོད། དམིགས་པར་བྱའོ། །དེ་ནས་ཅི་སྟེ་མཚན་མ་ཞིག་མཐོང་ན་ནི་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །འོན་ཏེ མཚན་མ་མ་ཐོབ་ན་ནི་རིང་མོ་ཞིག་ནས་དངོས་གྲུབ་ཏུ་འགྱུར་ཏེ། མཚན་མ་རབ་ལ་ནི་བྲིས་སྐུ་བཞད་པ་དང་ནི་རྔ་སྒྲ་དང༌། །དྲིལ་བུའི་སྒྲ་དང་འབྲུག་སྒྲ་དང༌། །འབྲིང་ལ་ནི་དགེ་སློང་བྲམ་ཟེ་བུ་མོ་དང༌། །ཐ་མ་ནི་ཤིང་ཏོག་གི་འབྲས་བུ་མཐོང་ན་མྱུར་དུ་ནི། །མཆོག་དང་བར་མ་ ཐ་མ་འགྲུབ། །དེ་ནས་གཟུགས་བྲིས་སྐུ་དེ་མདུན་དུ་བཀྲམ་ལ། དེ་གསང་སྔགས་མང་དུ་བཟླས་ལ་དང༌། །དེ་ཉིད་ཀྱི་ཕྱག་རྒྱ་བསྟན་ཏེ་མངོན་པར་བྱིན་གྱིས་བརླབས་ནས། །བཞག་གོ། ཅི་བདོག་པས་ནི་མངོན་པར་མཆོད་པར་བྱས་ལ། །བྲིས་སྐུ་བཀྲམ་པ་དེའི་མདུན་དུ་སྒྲུབ་པ་པོ་རྟག་ ཏུ་མངོན་སུམ་འདུག་ནས་ཀྱང༌། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱི། །བདག་བསྲུང་ལ་སོགས་སོགས་ཁོངས་ནས་གཟུགས་བརྙན་སྦྱོར་བ་ལན་ཆོད་བསྟན་པ་བྱས་ནས་ནི། །བདག་གི་དེ་ཉིད་བདག་བསྐྱེད་ཀྱི་དཀྱིལ་འཁོར་རྫོགས་པར་བསམས་པ་སྟེ་བསྒོམས་ནས་སུ། ། 10-10-27a བྲིས་སྐུ་ལས་དངོས་གྲུབ་མཚན་མ་བྱུང་བྱུང་བར་དུ། །རབ་ལ་བསྙེན་པ་འབུམ་ཕྲག་གསུམ་མམ་འབྲིང་ལ་དྲུག་ཐ་མ་ལ་བཅུ་འབུམ་བཟླས། ལ། དེ་ནས་སེམས་རྣམ་གཡེང་མེད་པའི་དབེན་པའི་གནས་སུ་ནི། །སྔགས་བརྒྱད་བརྒྱ་ཉིད་དུ་ཚང་བར་བྱས་ ནས། །མཚན་མ་ཉིད་ནི་བྱུང་བར་དུ། །སྔགས་ནི་འཁྲལ་འཁྲུལ་མེད་པར་ཏེ་དག་པར་བཟླས། །དེ་ནས་མ་ཡེངས་པར་བཟླས་པའི་མཇུག་ཏུ་ནི། །དཀྱིལ་འཁོར་ཕྱིའི་དཀྱིལ་འཁོར་སྔ་མ་བཞིན་བསམས་ལ། །དེ་ལ་མཆོད་པ་རྒྱ་ཆེན་བྱས་ནས་ནི། །མཚན་གཅིག་ ཐོག་ཐག་མ་ཉལ་བར་སེམས་འཇུར་བས་བཟླ་བར་བྱའོ། །སྐབས་འདིར་འདི་དཔྱད་པར་བྱ་སྟེ། ཁ་ཅིག་ན་རེ་ཡོ་ག་བའི་ལུགས་ཀྱིས་བསྙེན་པའི་བདག་བསྐྱེད་ལ། བདག་རྫོགས་རྣལ་འབྱོར་ཆེན་པོ་ངེས་པར་དགོས་ཟེར་རོ། །འོ་ན་ཡོ་ག་ལ་མཁས་པ་གསུམ་གྱི་སློབ་དཔོན་སངས་རྒྱས་གསང་བས། མེ་ཏོག་གང་ཕོག་གི་དབང་ དུ་བྱས་ནས་གཙོ་བོ་ལ་མེ་ཏོག་ཕོག་ན། གཙོ་བོ་དེའི་ང་རྒྱལ་བཟུང་བའི་བདག་བསྐྱེད་རྫོགས་པ། འཁོར་ལ་ཕོག་ན་མེ་ཏོག་གང་ཕོག་དེའི་ང་རྒྱལ་བཟུང་སྟེ། མདུན་དུ་དཀྱིལ་འཁོར་རྫོགས་པ་བསྐྱེད་ནས་བསྙེན་པ་བྱེད་པར་བཤད་པ་ནི་ཇི་ལྟར་དྲང༌། སློབ་དཔོན་ཀུན་སྙིང་གི་ལུགས་ལ་ངེས་པར་དགོས་སོ་ཞེ་ན། སློབ་དཔོན་དེས་མཛད་ པའི་གཙུག་དགུ་དང༌། སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་རྣམས་ལ། རྣལ་འབྱོར་ཆེན་པོའི་མིང་ཡང་མི་སྣང་བས་འདི་ཇི་ལྟར་ཡིན། ཡང་བླ་མ་ཁ་ཅིག་ལུགས་འདི་ལ་བསྙེན་པ་གསུམ་སྟེ། དཀྱིལ་འཁོར་ལ་བརྟེན་པའི་བསྙེན་པ་ནི། བདག་བསྐྱེད་ཡོངས་རྫོགས་བསྒོམ་ཟེར་བ་ནི་ཤིན་ཏུ་ལེགས་སོ། །དཔའ་བོ་གཅིག་པའི་བསྙེན་ པ་ནི། རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམས་ནས། ལྷ་ཐམས་ཅད་ཀྱི་བསྙེན་པ་བྱས་པས་རུང་སྟེ། རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་བོས་ཤིང་ཀུན་བྱས་ནས༌། །ཞེས་སོགས་གསུངས་པ་ཟེར་བ་ནི། ལུང་དེའི་དོན་དེ་ལྟར་མིན་པར་འོག་ཏུ་འཆད་དོ། །རྡོ་རྗེ་སེམས་དཔའ་བསྒོམས་ནས་སྤྱན་མའི་ 10-10-27b བསྙེན་པ་བྱས་ཀྱང་འབྲེལ་བ་མི་འོང་བས་མི་འཐད་དོ། །བྲིས་སྐུ་ལ་བརྟེན་པའི་བསྙེན་པ་ནི། སྐབས་འདིར་བསྟན་པ་ཡིན་ཟེར་བ་མི་རིགས་ཏེ། བྲིས་སྐུ་ལ་བརྟེན་པའི་བསྙེན་པ་ན། ལྷའི་སྒོམ་བཟླས་དང་ནུས་པ་བསྐྱེད་པའི་བསྙེན་པ་མཐར་ཕྱིན་ནས། དངོས་གྲུབ་བསྒྲུབ་པའི་སྐབས་ལ་དགོངས་ལ། འདིར་ནི་ཆོ་ག་ལ་དབང་བའི་བསྙེན་པའི་ དབང་དུ་བྱས་སོ། །འོ་ན་བདག་བསྐྱེད་རྫོགས་པར་བསྒོམས་པའི་བསྙེན་པ་ལེགས་ན། དེ་རྒྱུད་ཀྱི་ཚིག་གིས་ཇི་ལྟར་ཐོན་སྙམ་ན་བཤད་པར་བྱ་སྟེ། འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིས་གཙོ་བྱས་པའི་སྲུང་འཁོར། གཟུགས་བརྙན་སྦྱོར་བ་ཡན་སྔོན་དུ་བཏང་ནས། དཀྱིལ་འཁོར་སྔ་མ་བཞིན་བསམས་ལ་ཞེས་པའི་དོན་ནི། བྲིས་ སྐུའི་དཀྱིལ་འཁོར་ལ་མི་བྱ་སྟེ། དེར་དཀྱིལ་འཁོར་གྱི་ལྷ་རྫོགས་པ་མེད་ཅིང༌། དཀྱིལ་འཁོར་གྱི་ལྷ་མ་ཡིན་པ་རྟ་མགྲིན། སྨན་བླ་སོགས་ཀྱང་བསྙེན་པས། དཀྱིལ་འཁོར་ཞེས་པའི་དོན་མེད་དོ། །འོ་ན་གང་ཡིན་སྙམ་ན། ནང་དོན་གྱི་དཀྱིལ་འཁོར་ལ་ལྟོས་པའི་ཕྱིའི་དཀྱིལ་འཁོར་ལ་བསྙེགས་པར་གསལ་ཏེ། དེར་རྟེན་གྱི་ དཀྱིལ་འཁོར་དང༌། དབུས་ཀྱི་ཕྱོགས་སུ་ཀུན་རིག་ནི། ཞེས་སོགས་བརྟེན་པའི་དཀྱིལ་འཁོར་འཇིག་རྟེན་པའི་བར་རྫོགས་པར་གསུགས་པས་ཤེས་ལ། སྤྱིར་རྣལ་འབྱོར་རྒྱུད་གཞན་ནས་ལེན་དུ་མི་རུང་བ་མིན་ཡང༌། རང་གི་གཞུང་དུ་བདག་བསྐྱེད་ཚང་བར་ཡོད་པ་བསྒོམ་བཞིན་དུ་རྣལ་འབྱོར་ཆེན་པོ་གཡོར་དོན་མེད་དེ། བསྐྱེད་ཚུལ་ ཡང་ལྷ་ཐམས་ཅད་ཆོ་ག་གསུམ་གྱིས་བསྐྱེད་པ། གནས་གསུམ་བྱིན་གྱིས་བརླབ་པ། གཙོ་བོ་ནས་འཇིག་རྟེན་པའི་བར་ཐམས་ཅད་ལ་རིགས་ལྔའི་དབང་བསྐུར་བ་རྣམས། ཚེ་དཔག་མེད་གཉིས་ནས་འབྱུང་བས། དེས་ན་བདག་བསྐྱེད་ཚང་བར་སྒོམ་ཚུལ་ནི། འཇིག་རྟེན་གསུམ་ལས་རྣམ་རྒྱལ་ཞེས་སོགས་དང༌། བདག་གི་དེ་ཉིད་ ཅེས་སོགས་དང༌། དཀྱིལ་འཁོར་སྔ་མ་བཞིན་བསམས་ལ། ཞེས་པའི་རྒྱུད་ཚིག་གིས་ཐོན་པས། ལེགས་པར་བཤད་པའི་དགའ་སྟོན་གྱིས་ཚིམ་པར་གྱིས་ཤིག །ཅི་སྟེ་གཙོ་བོའམ་དེ་ཡི་སྲས། །སྤྱན་མ་དང་སེམས་དཔའ་སོགས་སམ། ཡང་ན་ལྷ་རྣམས་རྫོགས་པར་མཐོང་གྱུར་ན། །བསོད་ནམས་ 10-10-28a སྣོད་ལ་སྟེ་སྐལ་བ་དང་འཚམ་པའི་ཅི་དགའ་བར། །དངོས་གྲུབ་མཆོག་ནི་གསོལ་བར་བྱའོ། །ལྷ་ཡིས་ཀྱང་དངོས་གྲུབ་འབྲས་བུ་ནི། །སྒྲུབ་པ་པོ་དེ་ལ་རྟག་ཏུ་དགྱེས་ནས་སྩོལ། །ལོ། །ཕྱག་འཚལ་ནས་རྫས་ལ་བརྟེན་པའི་དངོས་གྲུབ་ཡིན་ན་བགོ་བའི་ཚུལ་ནི་ ལ་སོགས་བླང༌། །དཀོན་མཆོག་གསུམ་དང་བླ་མ་དང་གྲུབ་པ་བརྙེས་པའི་གང་ཟག་དང༌། སྒྲུབ་གྲོགས་དང༌། རང་རྣམས་ལ་ཆ་ལྔར་བགོས་པའི་ལ། །སྐལ་བ་རེ་རེ་ཕུལ་ནས་ནི། །དེ་ནས་རང་གི་དེ་རྟག་ཏུ་བདག་ཉིད་སྤྱོད་ཅིང༌། །བླ་མ་དང་བཀོན་མཆོག་མེད་ན་མཁས་པ་བདག་ཉིད་ ཀྱིས། །བླངས་ནས་བདག་ཉིད་སྤྱད་པར་བྱའོ། །དཔུང་བཟང་གིས་ཞུས་པར། བཅོམ་ལྡན་འདས་ཀྱི་སྐུ་སྐལ་དུ། །རྫས་ཀྱི་ཆ་གཅིག་ཐོག་མར་དབུལ། །བློ་དང་ལྡན་པས་བླ་མ་ལ། །ཕྱག་བྱས་ནས་ནི་གཉིས་པ་དབུལ། །གསུམ་པ་སྔགས་པ་གྲུབ་རྣམས་ལ། །དཀྱིལ་འཁོར་ཕྱི་རོལ་དབུལ་བར་བྱ། །བཞི་པ་གྲོགས་པོ་རྣམས་ ལ་བྱིན། །ལྔ་པ་བདག་ཉིད་སྤྱད་པར་བྱ། །མཆོད་ཡུལ་ཕུལ་ནས་བཅོམ་ལྡན་སྐལ། །བདག་ཉིད་ཀྱིས་ནི་བཀུར་བར་བྱ། །བླ་མ་མེད་པར་གྱུར་ན་ནི། །བླ་མའི་སྐལ་བ་བདག་གིས་བླང༌། །རྟག་པར་བྱ་བའི་རྫས་ཀུན་ལ། །ཆོ་ག་འདི་དག་བཤད་པ་ཡིན། །ཞེས་གསུངས་སོ། །སེམས་ཅན་ཀུན་ལ་ཕན་བརྩོན་པར། །ཚེ་བསྐལ་པ་དུ་མར་ གནས་པ་དང་སྐྲ་མཐོན་མཐིང་ལྟར་གནག་པར་འགྱུར་རོ། །ཅི་སྟེ་དངོས་གྲུབ་མ་གྲུབ་པར་འགྱུར་ན། །རིག་འཛིན་གྱི་གནས་སུ་འགྲོ་བ་སོགས་ལས་རྣམས་ཐམས་ཅད་ནུས་པར་འགྱུར། །གནོད་སྦྱིན་སྐར་མའི་གདོང་ལ་སོགས། །ཆད་པས་བཅད་ཅིང་བཀའ་ཙམ་གྱིས། །ཞི་བ་ལ་སོགས་ ལས་ཀུན་ནི། །བྲན་བཞིན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དེ་རྣམས་ནི་གོང་དུ་དཀྱིལ་འཁོར་དུ་ཚུལ་བཞིན་དུ་ཞུགས་ཏེ་དབང་བསྐུར་ན་ལྟ་ཅི་སྨོས་ཞེས་པའི་དོན་གསོན་པོའི་དབང་དུ་བྱས་ནས་གསུངས་སོ།། །།འདི་མན་ཆད་ནི་གང་ཡང་རུང་བ་ཤི་བའི་ལུས་དཀྱིལ་འཁོར་དུ་བཅུག་ན་ 10-10-28b ཞེས་གསུངས་པའི་དོན། གཤིན་པོའི་དབང་དུ་མཛད་ནས་གསུངས་པ་ནི། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྡིག་པ་བགྱིས་པས་སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པ་རྣམས། ཇི་ལྟར་ན་སེམས་ ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་སྤང་པའི་སླད་དུ་སྒྲུབ་པར་བགྱི། ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་ཡི་དབང་པོ་ཉོན་ཅིག །སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཅན་སྡིག་བྱེད་པ། སྡིག་པ་ཆེན་པོ་ བྱེད་པ་དག །ཅི་ནས་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཐབས་སླ་བས་གྲོལ་བ་ཉོན་ཅིག །རྣ་བ་གཏད་པར་བསྐུལ་ནས་དེའི་ཚུལ་ནི་གསོན་པོ་ལ་བཤད་པ་བཞིན་དུ། དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །སྔ་མ་བཞིན་དུ་དུམ་པ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །ཞེས་ བུམ་པ་སྟ་གོན་དང༌། ཀ་མ་དྷེ་ནུས་སློབ་མ་སྟ་གོན་བྱ་ཟེར་ཡང༌། མཁས་པ་སྔ་མ་དག་ལྷོ་སྒོའི་ཆོ་ག་བྱེད་པ་སློབ་མ་སྟ་གོན་དུ་བཞེད་པས་དེ་བཞིན་ལེགས་སོ། །འཇུག་པའི་ཆོ་ག་རྣམས་སྔ་མ་བཞིན་བྱས་ལ་དབང་ཞེས་དཀྱིལ་འཁོར་སྒྲུབ། བསྐུར་བར་ནི་རབ་ཏུ་བརྟག་པ་སྟ་བསྐུར་བར་བྱའོ། །དེ་ནས་ཕན་ ཡོན་སྡིག་པ་ཀུན་སྦྱངས་ཏེ། །དམྱལ་བ་ལ་སོགས་སྡུག་བསྔལ་ལས། །དེ་ནི་མྱུར་དུ་རྣམ་པར་ཐར། །སྡིག་ལས་རྣམ་གྲོལ་བདག་ཉིད་དེ། །དག་པར་གྱུར་པའི་ལྷ་རྣམས་ཀྱི། །རིགས་སུ་སྐྱེས་པར་གྱུར་ནས་ཀྱང༌། །དེ་ནི་རྟག་ཏུ་སངས་རྒྱས་དང༌། །ཆོས་དང་དགེ་ འདུན་ལ་སྐྱབས་སུ་འགྲོ་བ་ནི་ཐོབ་པར་འགྱུར། །ཕྱིར་མི་ལྡོག་པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་རོ། དེ་ནི་རོ་ཡོད་པའི་དབང་དུ་བྱས་པའོ། །གལ་ཏེ་རོ་མེད་ན་དེ་ཡི་གཟུགས་བརྙན་བྲིས་པའམ། །གུར་གུམ་གྱིས་ནི་མིང་ཡང་བྲིས་ལ་རུང༌། །ངན་སོང་གསུམ་ 10-10-29a གྱི་སྡུག་བསྔལ་ལས། །སེམས་ཅན་རྣམས་ནི་གྲོལ་བའི་ཕྱིར། །སྔགས་མཁན་གཞན་ལ་ཕན་བརྩོན་ཞིང༌། །སྙིང་རྗེ་ཅན་གྱིས་དབང་བསྐུར་རོ། །དེ་ནས་རྣལ་འབྱོར་ཅན་གྱིས་ནི། །སྔགས་དང་ཕྱག་རྒྱས་དེ་དབང་བསྐུར་རོ། །དེ་དག་ནི་ཐོག་མར་དབང་བསྐུར་ནས་སྡིག་པ་ སྦྱོང་བའོ། །ལྷའི་གཟུགས་སུ་བརྟགས་ནས་ནི། །མཆོད་རྟེན་དབུས་སུ་གཞག་པར་བྱས་ནས་མཆོད་བསྟོད་བཟླས་པ་སོགས་བྱས་ན། །ཀ་མ་དྷེ་ནུས་མཆོད་རྟེན་གྱི་བྱ་བ་བྱེད་དོ་ཞེས་གསུངས་ཏེ་རོ་མཆོད་རྟེན་དུ་བྱས་ནས་སྦྱོང་བའོ། །ཚེ་འདས་རང་གི་ལྷ་ངོ་ཤེས་ན་དེའི་སྙིང་པོ་འམ་མི་ཤེས་ན་ལྷ་ གཞན་གྱི། །སྙིང་པོ་སྙིང་གར་བྲིས་ཏེ་བཏགས་ནས་ཀྱང༌། །ལྷ་འདྲ་བར་ནི་སྟེ་དེ་ཉིད་ཆོ་ག་བཞིན་སེམས་བསྐྱེད་དེ། །ཁྱིམ་གྱི་ནང་དུ་གཞག་པར་བྱས་ནས་མཆོད་བསྟོད་བཟླས་པ་སོགས་བྱེད་པའོ། །དེ་ནི་དྲི་གཙང་ཁང་དུ་བཞག་ནས་སྦྱོང་བ་སྟེ། འདི་དང་སྔ་མ་གཉིས་དབང་བསྐུར་བ་སྔོན་དུ་སོང་བའི་ དབང་དུ་བྱའོ། །དེ་ཡི་མིང་ནས་སྨོས་ནས་ནི། །གུར་ཀུམ་བཟང་པོས་སྔགས་རྩ་རིག་གི་ཨ་བ་ར་ཎ་དང་སྤེལ་ཏེ། བྲིས་པ་དང་རུས་བུ་ལ། །རིམ་གྱིས་འབུམ་གྱི་ཚད་ཙམ་དུ། །བཟླས་པ་བྱས་ནས་འཇིམ་པ་དང་བསྲེས་ནས། མཆོད་རྟེན་ལས་ནི་རབ་ཏུ་བྱ། །འདི་རོ་མ་བསྲེགས་ པའི་རུས་བུའམ། རོ་མེད་ཀྱང་མཆོད་རྟེན་ནོ། །སྡིག་ཅན་སྡིག་ནི་ཟད་བྱའི་ཕྱིར། །མཆོད་རྟེན་བྱེ་བ་སྙེད་ནི་ཚང་བར་བྱ། །དེ་ལྟར་བྱས་ན་ངེས་པར་ནི། །དམྱལ་བ་ལས་ནི་གྲོལ་བར་འགྱུར། །ཡི་དྭགས་བྱོལ་སོང་སྡུག་བསྔལ་ལས། །གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། །ཞེས་ཚིགས་ བཅད་ཕྱེད་དང་གཉིས་ནི་ཕན་ཡོན་ཏེ། དེ་དག་ནི་མཆོད་རྟེན་བྱས་ནས་སྡིག་པ་སྦྱོང་བའི་ཕྱོགས་གཅིག་གོ། །དེ་ཡི་མིང་ནས་སྨོས་ནས་ནི། །ཞེས་པའི་མིང་སྤེལ་ཚིག་ལ་བཏགས་པའོ། །ཇི་ལྟར་གསུངས་པའི་སྔགས་བཟླས་ཤིང༌། །འབུམ་ཕྲག་སྟོང་ངམ་ཡང་ན་ནི། །བརྒྱ་ཕྲག་སྟོང་དུ་ཚང་ 10-10-29b བ་དང༌། །བྱེ་བ་སྟོང་དུ་རབ་བཟླས་ན། །ལྷ་ཡི་གནས་སུ་ངེས་པར་སྐྱེ། །འདི་ནི་བཟླས་པའི་སྒོ་ནས་སྦྱོང་བའོ། །སྦྱིན་སྲེག་གི་སྒོ་ནས་སྦྱོང་བ་ལ་ཕུང་པོ་བསྲེག་པ་དང་མ་འབྲེལ་བའི་དབང་དུ་བྱས་ནས། དེ་ཡི་མིང་ནས་བརྗོད་ནས་ནི། །མིང་སྲེལ་ཚིག་དང་སྦྱར་ནས་མཁས་པས་འབུམ་ཕྲག་བརྒྱའམ་ ནི། །ཡང་ན་བརྒྱ་ཕྲག་སྟོང་སྙེད་དུ། །སྦྱིན་སྲེག་བྱས་པར་གྱུར་ན་ནི། །དམྱལ་བ་ཆེན་པོར་གྱུར་པ་ཡི། །སྡིག་པ་དེ་ལས་ཐར་བར་འགྱུར། །ཇི་སྲིད་སྡིག་པ་དག་པའི་མཚན་མ་ཤིན་ཏུ་ནི། །འབར་བའི་གནས་སུ་སྐྱེ་ བའི་ཚུལ་རྣམས་རྒྱས་པར་འོག་ཏུ་འབྱུང་ངོ༌། ། འགྱུར་བ། །ཏིལ་ནི་ཞི་བའི་སྦྱིན་བསྲེག་རྫས་ཀྱི་གཙོ་བོ། མར་དང༌། ཡམ་ཤིང་ནི་མེད་མི་རུང་ཡིན་ནོ། །འོག་ཏུ་གཤིན་པོའི་དོན་དུ་ཡང་ལས་བཞི་གའི་སྦྱིན་སྲེག་བྱ་ཚུལ། ངན་འགྲོར་གནས་དུས་ཞི་བ། དེ་ལས་ཐར་པའི་མཚན་མ་རྙེད་དུས་ལས་གཞན་རྣམས་བྱ་བར་གསུངས་སོ། །དང་ཡུངས་དཀར་འབྲས་རྣམས་དང༌། ། ར་ཡི་འོ་མར་ལྡན་པ་དང༌། །དྲི་ཡིས་བསྐུས་པའི་ཡམ་ཤིང་གིས། །ཆོ་ག་བཞིན་ནི་སྦྱིན་སྲེག་བྱ། །དེ་ནས་དེ་ནི་ངེས་པར་ཡང༌། །སྡིག་པ་དག་ནས་བདེ་འགྲོར་སྐྱེས་པའི་མཚན་མ་བྱུང་ཚུལ་སྟོན་ཏེ། ལྷ་ཡི་གནས་སུ་སྐྱེས་གྱུར་ནས། །དེ་ཡི་མཚན་མ་སྟོན་པར་བྱེད། །ཡང་ ན་ལྷ་ཡི་མཆོག་ཏུ་འགྱུར། །མཚན་མ་བྱུང་ཚུལ་ཡང་ན་ཧོཾ་ནི་སྦྱིན་སྲེག་གི་ཐབ་ཁུང་ནང་དུ་ནི། །མི་ཡིས་ལྟས་ནི་སྟོན་བྱེད་ཅིང༌། །ལྷ་ཡི་གནས་སུ་སྐྱེས་པ་དང༌། །སྡིག་པ་བཅོམ་པའི་མཚན་མར་ནི། །དཀར་པོ་ཉིད་དང་གཡས་སུ་འབར། །གྱེན་དུ་འབར་ཞིང་ དྲི་མ་མེད། །ཟླུམ་ཞིང་རྣམ་པར་མི་འཕྲོ་ལ། །རླུང་གིས་མི་བསྐྱོད་པས་བརྟན་ལ་གློག་བཞིན་དྲི་མ་མེད། །ཡང་ན་མེ་ལྷ་ཉིད་ཀྱིས་ནི། །མཚན་མ་སྟོན་ཚུལ་བདག་ཉིད་དེ་བཞིན་སྟོན་བྱེད་ན། །ཟླ་བ་དྲི་མེད་དཀར་འདྲ་ལ། །འདིས་ཞི་བའི་མེ་ལྷའི་ཁ་དོག་བསྟན། ། 10-10-30a བཞིན་མདོག་དཀར་ཞིང་ལྷམ་མེར་འབར། །དེ་ནི་མཚན་མ་འདི་དག་གིས། །དམྱལ་བ་ལ་སོགས་རྣམ་འབྲིང་དང་། ཐ་མ་དང་སྟེ་དེ་གསུམ་གང་རུང་གིས་འགྲུབ་པའི་དོན་ནོ། །གྲོལ་ཞིང༌། །སྡིག་པ་བཅོམ་པས་བདེ་འགྲོར་ནི། །སྐྱེས་པ་ཡིན་པར་ཤེས་པར་ བྱ། །སྦྱིན་སྲེག་བྱས་པས་སྡིག་པ་དག་ཚུལ་དེ་ལྟར་ཡིན་ན། དེའི་ཐབ་ཇི་ལྟར་ཡིན་སྙམ་ན། ཁྲུ་བཞི་པ་ཡི་ བྱེད་པ་ཁ་ཅིག་དོན་རི་མོར་བྱེད་པའི་དབང་དུ་བྱས་ཟེར་བ་ནི་མ་ཡིན་ཏེ། ཚད་དུ་ནི། །ཆོ་ག་བཞིན་དུ་ཁུང་བརྐོས་པའི་ཐབ་བྱེད་པ་ལ། །རྡོ་རྗེ་ཐ་མ་བསྐོར་བ་ཡི། །འཁོར་ལོ་ཐབ་ཀྱི་དབུས་ སུ་བྲི་བར་བྱ། །རིགས་ལྔ་ཡི་ནི་ཕྱག་རྒྱའི་མཚན་མ་རྣམས། ཚེ་དཔག་ཏུ་རབ་ལ། ཆག་གིས་ཇི་བཞིན་རང་རང་ཕྱོགས་སུ་བྲི་ཟེར། ཇི་བཞིན་པ་ཡི་ཤར་ལ་སོགས་པའི་ཕྱོགས་དང་ཡུམ་བཞིའི་མཚན་མ་རྣམས་མཚམས་སུ་བྲི། །དེ་བཞིན་མུ་རན་དང་ཁ་ཁྱེར་འཐོན་ནས་ལྷ་སྣམ་ ལ་སེམས་དཔའ་སོགས་འཇིག་རྟེན་ལས་འདས་པ་རྣམས་དང་ནི། །འཇིག་རྟེན་པའི་གཙོ་བོ་ལ་སོགས་བྲིས་རྣམས་ཀྱི། །མཆོད་པས་བརྒྱན་པའི་ཚུལ་ནི་བྱ་དང་བུམ་པ་གང་བ་དང༌། །གཏོར་མས་སྣོད་རྣམས་བཀང་བ་དང༌། །བརྒྱད་སྙེད་ཙམ་དུ་བཞག་པའམ། །ཡང་ ན་བཅུ་དྲུག་ ནི་ཁ་ཅིག་གཏོར་མའི་གྲངས་ལ་འདོད་པ་བྱུང་ཡང་བུམ་པ་ལ་བྱས་ན་ལེགས་སོ། །སྙེད་དུ་བཞག །བཟའ་བ་དང་ནི་བཅའ་བའི་བཤོས། །མེ་ཏོག་ཕྲེང་སོགས་དེ་བཞིན་ཏེ། །བླ་བྲེ་རྒྱལ་མཚན་དར་ལ་སོགས། །གདུགས་མཆོག་རྣམས་ཀྱིས་ལེགས་ པར་བརྒྱན། །སྦྱིན་སྲེག་གི་ཐབ་བྲིས་པ་དཀྱིལ་འཁོར་དང་འདྲ་བས། དཀྱིལ་འཁོར་དམ་པ་ནི། །ཡང་ན་སྦྱིན་སྲེག་གི་ཡན་ལག་ཏུ་གྱུར་པའི་དཀྱིལ་འཁོར་ལ་བྱས་ནས། ཐབ་རྐྱང་ལ་བརྟེན་པ་དང༌། ཐབ་ཀྱི་དབུས་སུ་དཀྱིལ་འཁོར་རྫོགས་པར་བྲི་བའི་ཆུལ་གཉིས་སོ། །སྦྱིན་སྲེག་རབ་ཏུ་བྱ་བ་ཡིན། །ཆོ་ 10-10-30b ག་ཤེས་པས་བྲིས་ནས་ཀྱང༌། །དམ་ཚིག་པ་བསྐྱེད་པ་ལ་ལྷ་རྣམས་མང་པོ་སྤྱན་དྲངས་ལ། །སྔགས་ཤེས་པས་ནི་སྔགས་ཕྱག་རྒྱས། །ཨརྒྷཾ་མཚོན་ནས་ཕུལ་བ་ཤེས་ནས་ཀྱང༌། །མདོར་ན་མཆོད་པ་ཐམས་ཅད་ཀྱིས་མཆོད་པ་དང་བསྟོད་པ་བྱས་ནས་ནི། །ལྷ་ཡི་སྦྱོར་བས་རབ་གནས་ ལ། །ཞེས་པས་སྔ་ཕྱིའི་བདག་བསྐྱེད་བསྟན་ནོ། །ག་བུར་གུར་གུམ་ལ་སོགས་པས། །དྲི་ཞིམ་པོའི་ཆུ་དང་མར་དང་འོ་མས་ཏིལ་སོགས་བསྲེག་རྫས་རྣམས་ལ་བགོས་ལ། །དེར་མ་ཟད་ཏིལ་དང་ཡུངས་ཀར་འབྲས་རྣམས་དང༌། །དྲི་ཡི་ཆུ་ཡིས་ལགས་བཀང་སྟེ། །འབྲས་ཆེན་སྤོས་ དང་ལ་དུ་ལ། །སྦྲང་རྩི་ཤ་ཁ་རར་ལྡན་པ། །རྩ་བའི་རིག་པ། བརྒྱ་ཕྲག་དུ་མར་ཡོངས་བཟླས་ལ། །ཡམ་ཤིང་ལ་ཡང་དེ་བཞིན་ཏེ། །རང་གི་སྔགས་ཀྱིས་བཏབ་པའི་བུད་ཤིང༌། །ཁུང་བུའི་ནང་དུ་གཞག་པར་བྱ། །སྟེ་སྦྱིན་སྲེག་དབུལ་ལོ། །དེ་ཡན་ཆད་དུ་སྦྱིན་སྲེག་རྐྱང་པའི་དབང་དུ་ བྱས་སོ། །དེ་ནས་རོ་བསྲེག་པ་དང་འབྲེལ་བའི་དབང་དུ་བྱས་ནས། ཐབ་བསྲེག་རྫས་བུད་ཤིང་སོགས་གཞན་རྣམས་སྔར་བཞིན་བྱས་ལ། བསྲེག་རྫས་རོ་ལ་སྔགས་རྩ་རིག་ཀྱིས་བཏབ་ནས་ཀྱང༌། །རོ་ཆས་སུ་གཞུག་པ་སྟེ། སྔགས་བཟླས་པའི་ཆུ་མཆོག་གིས་ནི་བཀྲུས་ནས་སུ། །སྔགས་བཟླས་པའི་ དྲི་ཡི་ཆུས་བྱུག་པར་བྱ། །གོས་དང་རྒྱན་གྱིས་ཀླུབས་ནས་ཀྱང༌། །སྔགས་ཀྱིས་བཏབ་པའི་བདུག་པས་བདུག །མེ་ཏོག་ཕྲེང་ལ་སོགས་པས་མཆོད། །གཙུག་ཕུད་སོགས་གནས་རྣམས་སུ་སྔགས་གདགས་ཤིང་གདགས་རྒྱུའི་སྔགས་ནི་སྔར་བཤད་པའི་རྩ་རིག་དང་བིང་བཅུ་རྣམས་ཡིན་ ནོ། །དཔུང་པར་དེ་བཞིན་ནོ། །སྔགས་བྲིས་ནས་ནི་གདགས་པར་བྱ། །སྙིང་ག་ལྐོག་མ་ཁ་ཕྱོགས་སུ། །སརྦ་བིད་ཀྱིས་བྱིན་གྱིས་བརླབ། །དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་སྣ་ཡི་རྩེ་ 10-10-31a མོ་དང༌། །མིག་གཉིས་དང་ནི་གསང་བ་ཡི། །དབང་པོ་རྣམས་ཀྱི་གནས་ལ་ནི། །དེ་ལྟར་དབང་པོ་གཞན་དུ་འང་ཡི་གེ་སྔགས། །མཆོག་ཏུ་དགེ་བ་རྣམས་བཞག་གོ། །དེ་ནས་ངན་སོང་སྦྱོང་བའི་ཕྱིར། །སྟན་དང་བཅས་ཏེ་ཐབ་དབུས་སུ། །བཞག་པ་ཉིད་དུ་ བྱ་བ་ཡིན། །ཞེས་པ་ནི་བསྲེག་པའི་ཆེད་དུ་ཡིན་ནོ། །འདིར་ཀ་མ་དྷེ་ནུས། ཕུང་པོ་དཀྱིལ་འཁོར་གྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་དུ་མོས་ཟེར་བ་ཡང་མི་འཐད་ལ། བོད་ཀྱི་མཁས་པ་དག །སྔར་བཤད་པ་ལྟར་དཀྱིལ་འཁོར་བྲིས་བསྒྲུབ་བྱས་ནས་འདིར་ཡང་དབང་བསྐུར་བ་མི་འཐད་དེ། དབང་བསྐུར་བ་སྡིག་པ་སྦྱོང་ བའི་སྒོ་གཅིག་ཡིན་པས་སྔར་བཤད་ཟིན་ལ། འདི་དེ་ལས་གཞན་ཕུང་པོ་བསྲེགས་ནས་སྡིག་པ་སྦྱོང་བའི་སྒོ་གཅིག་ཡིན་པས་མི་འཐད་དོ། །དེས་ན་ཕུང་པོ་ཐབ་ཀྱི་དབུས་སུ་བཞག་ནས་བསྲེག་རྫས་སུ་འབུལ་བར་བླ་མ་སྔ་མ་རྣམས་བཞེད་པ་ལེགས་ཏེ། འདིར་ཕུང་པོ་བསྲེགས་ནས་སྡིག་པ་སྦྱོང་བའི་དོན་དེར་སྣང་ངོ༌། །དེ་ ནས་སྔགས་འཆང་སྔགས་ཀྱིས་ནི། །བཏབ་པའི་གོས་ཀྱིས་གཡོག་པར་བྱ། །དེ་ནས་བྱིན་ཟ་མེ་དགེ་བ་མེ་ལྟས་བཟང་བ་རབ་སྦར་ལ། །མེ་ལྕེ་སྟོང་གིས་འཁྲིགས་ཤིང་འབར་བའི་དབུས། །ཟླ་དཀར་ཀུན་དའི་ཞལ་ལ་ཞི་བའི་ལུས། །མཐའ་ཡས་ན་རྣམ་ སྣང་མངོན་བྱང་དུ། སངས་མ་རྒྱས་པའི་དུས་སུ་མེ་ལྷ་བཞི་བཅུ། སངས་རྒྱས་ནས་བཅུ་གཉིས་སོགས་བཀའ་སྩལ་པར་ཀ་མ་དྷེ་ནུས་བཤད་པ་ལྟར་སེམས་ཅན་གྱི་དོན་དུ་གཟུགས་སྣ་ཚོགས་སྟོན་པའོ། པ་ཡི་གཟུགས་ཀྱིས་མེ་བཀུག་ལ། །ཨརྒྷཾ་ཕུལ་བར་བཏགས་རང་ལུགས་ནི་འཇིག་རྟེན་པའི་ མེ་ལྷ་མཆོད་ནས་བསྲེག་རྫས་ཕུལ་ནས་དེ་བཞིན་དུ། །ཞེས་པའི་དོན་བསྒྲུབ་བྱ་མདུན་དུ་དམིགས་པའི་སྡིག་པ་བསྲེག་པ་ལ་ཟེར་ཡང༌། བློ་མཆོག་ལྡན་པའི་སྒྲུབ་པ་པོའི་མདུན་དུ་གཟུགས་སོགས་བཞག །བོད་ཀྱི་མཁས་པ་དག་གིས་བསྒྲུབ་བྱའི་སྡིག་སྒྲིབ་བསྲེག་རྫས་སུ་འབུལ་བ་ལེགས་སོ། ། 10-10-31b པ་ནི་འཇིག་རྟེན་ལས་འདས་པའི་མེ་ལྷ་ལ་དམིགས་ནས་ཕུལ་པའོ། །ཇི་སྐད་གསུངས་པའི་འདོད་པའི་ཡོན་ཏན་གྱིས། །ཆག་གིས་ཇི་ལྟར་གསུངས་པ་བཞིན་ཡོན་ཏན་འདོད་པ་ཡིས། འདིས་འཇིག་རྟེན་ལས་འདས་པའི་མེ་ལྷ་དེ་བཞིན་གཤེགས་ཚོགས་དེ་བཞིན་སྤྱན་དྲངས་ལ། ཀ་མ་དྷེ་ ནུས་འདིས་འཇིག་རྟེན་ལས་འདས་པའི་མེ་ལྷ་དྲག་པོར་བསྟན་གསུང་ངོ༌། །ཨརྒྷཾ་ལ་སོགས་བཏགས་ཏེ་དེ་བཞིན་དུ། །བདེ་གཤེགས་གསུངས་པའི་མཆོད་པ་ལ་སོགས་བྱ། །དེ་ནས་བྱིན་ཟ་ལ་ནི་འཇིག་རྟེན་ལས་འདས་པའི་མེ་ལྷ་ལ་ཡིད་ཀྱིས་བརྟག་ པ་སྟེ་སྒོམ་པར་བྱ་བའོ།། བསྲེག་བྱས་བཀང་སྟེ་དེ་ཡང་སྦར་བའི་ཕྱིར། །དེ་ནས་བསྲེག་བྱས་བཀང་སྟེ་རིམ་གྱིས་ནི། །རྒྱལ་བ་གཙོ་བོ་དང་ལ་སོགས་དཀྱིལ་འཁོར་པ་ཐམས་ཅད་ལ་བརྒྱ་རྩ་བརྒྱད་དུ་བརྟག་པ་སྟེ་དབུལ་བའོ། །དེ་ནས་སྦྱོང་བའི་རྩ་རིག་གིས་སམ་སྙིང་པོས་སྔགས་ཀྱི་རྒྱལ་པོ་གཙོ་བ་ ལ། །ཉེར་གཅིག་གིས་དབུལ་ལོ། །བསྲེག་པར་བྱ་བ་ཉི་ཤུ་རྩ་གཅིག་བརྟག་པ་སྟེ་དབུལ། དེ་ནས་སྤྱན་དྲངས་ཡོ་བྱད་ལན་གསུམ་དང༌། །གསུམ་པོ་དེ་སྤྱན་དྲངས་ལ་མཆོད་ཡོན་གསུམ་འབུལ་བའོ། །ཨརྒྷཾ་ལ་སོགས་པདྨོ་དཀར་ཞལ་མཆོད། །ཕྱག་ན་རྡོ་རྗེ་པདྨོ་ཞགས་པ་ བསྣམས། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས། །སུ་བསྒྱུར་ནས་ཕྱག༌ གསུམ་ནི་ལྷ་རྣམས་མང་པོ་སྤྱན་དྲངས། དེ་བཞིན་གཤེགས་སྦྱན་དྲངས། འཇིག་རྟེན་གསུམ་རྒྱལ་སྤྱན་དྲང་པའོ།། ༈ འདིས་འདས་པའི་མེ་ལྷ་བསྟན་པས་དེ་དག་དྲག་པོར་འདོད་པ་ཁེགས་སོ། །བཞི་དང་པོ་ གཉིས་རྡོར་དྲིལ། འོག་མ་གཉིས་གཡས་ཞགས་པ། གཡོན་པདྨ་འཛིན་པར་ཀ་མ་དྷེ་ནུས་བཤད། ཞབས་ཀྱི་པདྨས་གཤིན་པོའི་སྡིག་མནན་ཅིང༌། །རྒྱན་རྣམས་ཀུན་གྱིས་རབ་རྫོགས་ལ། །རྫོགས་སངས་རྒྱས་ཀྱི་རིགས་ལྔས་དབུ་བརྒྱན་མཐོ། །བསམས་པ་སྟེ་སྒོམས་ 10-10-32a སམ་ཡང་ན་བྲིས་ཀྱང་རུང༌། །སྟེ་ཐབས་ཀྱི་ནང་དུ་བྲི་ཡིས་གཙོ་བོའི་མདུན་དུ་བྱ་མི་དགོས། དེ་ཡི་སྙིང་པོས་ནི་ཧཱུཾ་བཞི་པའི་སྔགས་ལ་སྤེལ་ཚིག་བཏགས་ཏེ་སྦྱིན་སྲེག་བྱེད་པ་ཡིན་ནོ། །དེ་བཞིན་དུ། །བརྒྱ་ཕྲག་སྟོང་ངམ་ཡང་ན་ནི། །བྱེ་བའི་ཚད་དུ་སྦྱིན་སྲེག་བྱ། །ཅེ་སྟེ་ སྡིག་པ་དག་པའི་མཚན་མ་ལ་སོགས་འབྱུང༌། །དེ་བཞིན་ཆག་གིས་སྡིག་རྒྱུད་སྤངས་པར་ཤེས་པར་བྱ་ཟེར། །སྡིག་པ་དག་པ་ཅན་གྱི་རྒྱུད་དུ་ཤེས་པར་བྱ། །ལམ་བྱུང་ན་སྡིག་པ་ཅན་དུ་ཤེས་པར་བྱའོ།། །།༈ ད་ནི་རུས་པ་ལ་སོགས་ལ་མཆོད་རྟེན་བྱ་བ་བསྟན་ ཏེ། དེ་ནས་རུས་པ་དང་ཐལ་བར་གྱུར་པ་རྣམས་དང༌། །རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཛྲ་ས་མ་ཛའི་སྔགས་ཀྱིས་ནི། །ཆོ་ག་བཞིན་དུ་བསྡུ་བར་བྱས་ལ། །ཐལ་བ་དེ་དང་རུས་པའི་རྡུལ། །ལྷའི་སྔགས་ཀྱིས་བཏབ་པའི་དྲི་ཞིམ་པོའི་ཆུ་དང༌། །བ་སྐྱས་འོ་མ་ སྟེ་བ་བྱུང་ལ་སོགས་ལྔས། །སྦྱོང་བའི་སྔགས་རྩ་རིག་ཀྱིས་བློ་ལྡན་གྱིས། །འབུམ་དུ་བཟླས་པས་འཇིམ་པ་དང་ལྷན་ཅིག་བརྫིས་ནས་ནི། །སྔགས་ཀྱིས་བཏབ་པའི་ག་བུར་དྲིའི་ཆུ་དང་བགོས་པ་ཡི། །འཇིམ་པ་དང་ནི་བསྲེས་ནས་ཀྱང༌། །སྐུ་གཟུགས་སུ་བྱ་ འམ་ཡང་ན་ནི། མཆོད་རྟེན་གྱི་ནི་ལྷར་བྱས་ལ། །གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་བར་དུ། །སྔགས་བརྗོད་ཅིང་དང་ཕྱག་རྒྱས་ཏེ་རང་ལྷར་བསྐྱེད་ནས། བཏབ་ནས་སུ། །ཅི་ཙམ་སྙམ་ན་འབུམ་ཕྲག་ཉིས་བརྒྱའི་བར་དུ་ བཟླས། །ཆག་གིས་འབུམ་ཕྲག་གཉིས་ཀྱི་བར་དུ་བཟླས་ཟེར། དེ་ནས་སྡིག་པ་དག་པའི་མཚན་མ་མཆོད་རྟེན་འབར་གྱུར་ཏམ། །ཡང་ན་སྐུ་གཟུགས་ཀྱིས་ཞལ་འཛུམ་མམ། །དྲི་དང་བདུག་པ་འོད་ཀྱང་རུང༌། །སྣང་ངམ་ཡང་ན་ངད་ལྡང་ངམ། །ལྷ་ལ་ 10-10-32b སོགས་པའི་རྣམ་པ་ནི། །སྣ་ཚོགས་པར་ནི་སྣང་གྱུར་ཏམ། །རྫུ་འཕྲུལ་རྣམ་པར་འཕྲུལ་བ་དང༌། །མེ་ཏོག་ལ་སོགས་འདོར་བ་དང༌། །དུང་དང་རྔ་ལ་སོགས་པའི་སྒྲ། །གླིང་བུ་པི་ཝང་གི་སྒྲ་ལ་སོགས་རྣམས། །ནི་དག་པའི་མཚན་མ་ཡིན་ལ། ཅི་སྟེ་མཚན་མ་འདི་དག་ནི། སྡིག་པ་ ཤས་ཆེ་བ་ཅན་བློས་ནི་མ་མཐོང་ན། །སླར་ཡང་འབུམ་གྱི་ཕྲག་ནི་བརྒྱ་སྟོང་ངམ། །ཇི་སྲིད་མཚན་མ་བྱུང་བར་དུ། །དེ་བཞིན་གཤེགས་པ་མཆོད་ཅིང་གསོལ་བ་གདབ་པ་སོགས་བྱས་ནས་ནི། །མཉམ་པར་བཞག་པས་བཟླས་པར་བྱ། །དེ་ཡི་མཐར་ནི་མཁས་པས་ཀྱང༌། ། མཚན་གཅིག་ཐོག་ཐག་མི་ཉལ་བཟླས། །དེ་ལྟར་ལན་མང་དུ་བྱས་ལ། དེ་ནས་དེ་ཡི་སྡིག་པ་ནི། །དག་པ་ཉིད་དུ་ངེས་པར་མཐོང༌། །དག་པའི་མཚན་མ་ལྷ་ཡི་ལུས་ཀྱི་གཟུགས་གྱུར་ལ། །རང་གི་རྒྱུད་དུ་སྔགས་མཁན་གྱིས་ངོ་ཤེས་བསྟན་པར་འགྱུར་རོ། །མཚན་མ་འདི་དག་ཤེས་ ནས་ནི། །རྣམ་པར་མི་རྟོག་སེམས་ཀྱིས་ཀྱང༌། །བྱམས་དང་སྙིང་རྗེ་ལྡན་པ་ཡིས། །ཞི་སོགས་ཀྱི་ལས་གཞན་རྣམས་ཐམས་ཅད་ཀྱང་བྱེད་པར་འགྱུར་རོ། །དེ་རྣམས་ནི་རོ་ཡོད་པའི་དབང་དུ་བྱས་ལ་ཡང་ན་རོ་མེད་པར་གྱུར་ན་ཡང༌། །སྔགས་བཟླས་ཤིང་ལྷ་སྒོམ་པའི་ ཚུལ་གྱིས་ནི། །མིང་ཙམ་ལེགས་པར་བྲིས་ནས་ཀྱང༌། །མཆོད་རྟེན་ཕྲེང་བ་བྱ་བ་དང༌། །ཡང་ན་སྐུ་གཟུགས་སུ་བྱས་ཀྱང་རུང༌། །སྦྱིན་སྲེག་མངོན་པར་དབང་བསྐུར་ན། །གདོན་མི་ཟ་བར་བདེ་འགྲོར་སྐྱེ། །དེ་ནས་ཕྱིར་བཟློག་གི་སྦྱང་བ་ནི། གཙུག་དགུར། དེ་ནས་ཕྱིར་བཟློག་ བྱ་བ་ནི། །ཡུངས་ཀར་གྱིས་ནི་བྱ་བ་ཡིན། །ཡུངས་ཀར་མེ་ཏོག་དང་ལྡན་པས། །གསང་སྔགས་བཟླས་ཤིང་བརྡེག་པར་བྱ། །ཞེས་གསུངས་པ་ལྟར། ཐལ་བ་ཡུངས་ཀར་བྱེ་མ་སོགས། །བསྒྲུབ་གྱི་རང་གི་མིང་སྨོས་ཏེ་བརྡེག་པའི་སྔགས་རྣམས་ཀྱིས་བཏབ་ནས། །བཟླས་པ་བྱས་ཏེ་སོང་ 10-10-33a ནས་ཀྱང༌། །རྒྱ་མཚོར་འབབ་པའི་ཆུ་ཀླུང་དོར། །དེ་ལྟར་ན་ནི་སྡིག་ཅན་ཡང༌། །ངན་སོང་ལས་ནི་ཐར་འགྱུར་ན། །དགེ་བའི་མཆོག་ནི་བསྐྱེད་པ་དང༌། །བྱང་ཆུབ་ས་བོན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བདག །སངས་རྒྱས་འབྲས་བུའི་རྒྱུ་ལྡན་པ། །སྦྱིན་ པའི་ཕ་རོལ་ཕྱིན་པར་ལྡན། །ཚུལ་ཁྲིམས་རྒྱུ་དང་རབ་ལྡན་པ། །བཟོད་པ་བརྩོན་འགྲུས་མཉམ་གཞག་དང༌། །ཤེས་རབ་རྣམས་ཀྱིས་རྒྱུ་བསྒོམས་པའི། །འཇིག་རྟེན་འབྲས་བུ་སངས་རྒྱས་ཀྱི་རྒྱུར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསོད་ནམས་ལྡན་པ་རྣམས་ལྟ་ཅི་ སྨོས། །མྱུར་དུ་བསྒྲུབ་བྱ་དེ་ཡི་ངན་སོང་ནི། །ཐབས་དེ་རྣམས་ཀྱིས་བཅོམ་པར་འགྱུར་ཏེ་དག་པ་ལ་ཐེ་ཚོམ་མེད་དོ། །དགེ་བའི་རྩ་བ་ཆུང་ངུ་ཙམ་ཡང་མ་བསྐྱེད་ལ། །མེད་པར་ཏེ་ལོག་པར་ལྟ་བ་ས་དགེ་རྩ་བཅོམ་པ་གང་ཡིན་དང༌། །བྱང་ཆུབ་ལམ་ལས་རྣམ་པར་ལེག་ པ་སེམས་བསྐྱེད་བཏང་བས།། དང༌། སངས་རྒྱས་ཀྱི་བསྟན་པ་ལ་ཞེ་སྡང་གནོད་པ་བྱེད་ཅིང༌། །སྡིག་པའི་རང་བཞིན་མི་མཐོང་ལ། །སྟེ་མི་ཤེས་པར་ལས་འབྲས་ལ་རྨོངས་ཏེ། ཕ་དང་མ་ལ་སྙིང་རིང་བ་སྟེ་བྱས་པ་མི་གཟོ་ཞིང༌། །བྱང་ཆུབ་སེམས་ལ་བརྟེན་པ་སློབ་པ་དེས་གནས་ བསད་པ་དང༌། །འདོད་ཆགས་བྲལ་བ་དགྲ་བཅོམ་བསད་པ་རྣམས། །ཅི་སྟེ་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་གྲོགས་སུ་མེད་པར་གྱུར་ཏམ། །སངས་རྒྱས་དང་དགེ་འདུན་དང་ཆོས་དེ་བཞིན། །ཏེ་དཀོན་མཆོག་གསུམ་ལ་མ་བརྟེན་པ། ཇི་སྐད་བཤད་པའི་སྔགས་དང་ཕྱག་རྒྱའི་ ཚོགས་ལ་སོགས། །ཤེས་རབ་ཐབས་རྣམས་མེད་ན་ནི། །སྡིག་ཅན་དེ་དག་མི་ཐར་བ་སྟེ་ཐར་དཀའོ། །ཞེས། །བདེ་གཤེགས་རྒྱལ་བ་ཉིད་ཀྱིས་གསུངས།། །།དེ་ལྟར་ན་རྟེན་བསྐྱེད་པ་འདི་ཉིད་དུ། དེ་ཡི་གཟུགས་བརྙན་བྲི་བ་འམ། གུར་གུམ་གྱིས་ནི་མིང་ཡང་རུང༌། ། 10-10-33b ཞེས་གསལ་བར་གསུངས། རྣམ་ཤེས་འགུགས་པ་ནི། དེ་ཉིད་བསྡུས་པར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འཇིག་རྟེན་གསུམ་པོ་མཐའ་དག་གི་བདག་པོ་དབང་ཕྱུག་ཆེན་པོའི་ལས་ཀྱི་སྲོག་གསོ་བའི་ཕྱིར་ཤི་བའི་རྣམ་པར་ཤེས་པ་འགུགས་པའི་སྙིང་པོ་འདི་ཉིད་ཀྱི་ཐུགས་ཀ་ནས་བྱུང་ངོ༌། །ཨོཾ་བཛྲ་སཏྭ་ཛཿ ཞེས་ གསུངས་པ་དང༌། ཀྱཻ་རྡོ་རྗེའི་རོ་བསྲེག་གི་ཆོ་ག་ནག་པོ་ཞབས་ཀྱིས་མཛད་པར། རོ་ལྷག་པར་གནས་པ་ནི་ཁྲུས་བྱ། དྲི་ཞིམ་པོ་ལྡན་པའི་བདུད་རྩི་ལྔས་བྱུགས་ལ། རྣམ་པར་ཤེས་པ་འགུགས་པ་སོགས་སྔོན་དུ་འགྲོ་བས་རང་གི་ལྷར་བསྐྱེད་ལ། ཞེས་པ་དང༌། མན་ངག་སྙེ་མར། ཤི་བ་གསོ་བ་ལ་ནི་སྤྱན་མ་དང་རྣམ་པར་སྣང་ མཛད་ཀྱི་གཟུགས་ཅན་དུ་བུད་མེད་དང་སྐྱེས་པ་དག་རང་གི་ས་བོན་ལས་བསྐྱེད། ཡེ་ཤེས་པ་བཅུག་ནས་ས་བོན་གྱི་འོད་ཟེར་དང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྔགས་ཐོས་ཤིང་བར་དོའི་སྲིད་པ་བཀུག་ནས་གཞུག་པར་བྱའོ། །ཞེས་དམ་ཚིག་པ་ལ་ཡེ་ཤེས་པ་འཇུག་པ་བཤད་དོ། །སྡིག་པ་དྲལ་བ་ནི། གཙུག་དགུར། དེ་ནས་འོད་ཀྱི་སྣང་བ་ཡིས། །སེམས་ཅན་ཐམས་ཅད་ངན་སོང་ལས། །སྔགས་ཀྱི་འོད་ཀྱིས་བཀུག་ནས་ནི། །སྔགས་དང་ཕྱག་རྒྱས་དྲལ་བར་བྱ། །ཞེས་དང༌། བཤད་མ་ཐག་པའི་ཕྱིར་བཟློག་རྣམས་ནི། གཞུང་ཆེན་མོ་རྣམས་ཀྱིས་ཟིན་པས། དམ་པ་རྣམས་ཀྱིས་མཛད་པའི་ཕྱག་ལེན་ལྟར་ལེགས་པ་ཡིན་ནོ། །རྣམ་ ཤེས་བཀུག་པ་ལ་ནི་གཤེགས་གསོལ་མི་དགོས་ལ། རྟེན་བསྐྱེད་པ་ལྷར་བསྐྱེད་ནས་ཡེ་ཤེས་པ་བཅུག་ན་ནི་གཤེགས་གསོལ་དགོས་སོ། །ཐབས་མཁས་ཐུགས་རྗེ་ཅན་གྱི་སྟོན་པ་ཡིས། །ལུས་ཅན་ངན་འགྲོར་སྐྱེ་བ་མ་བཟོད་ནས། །ཐབས་ཚུལ་དུ་མས་སྡིག་པ་སྦྱང་བའི་སྒོ། །མཐའ་ཡས་མཐོང་ནས་གུས་པ་ཅིས་མི་ སྐྱེ། །དེ་ནས་བརྒྱ་བྱིན་ལ་སོགས་ལྷ། །པདྨ་ལྟ་བུའི་མིག་ཕྱེ་ནས། །ལེགས་ཞེས་བྱ་བས་མཉེས་བྱས་ཏེ། །རབ་ཏུ་མགུ་བས་བཀའ་དྲིན་དྲན་པའི་སྒོ་ནས། མཆོད་རྒྱ་ཆེན་པོ་བྱས་ནས། །བརྒྱ་བྱིན་ནོར་བུ་དྲི་མ་མེད་པས་མཚོན་པའི་སེམས་ཅན་གཞན་ལ་ཕན་བརྩོན་པས། ། 10-10-34a ཇི་ལྟར་གསུངས་པའི་བཀའ་བཞིན་དུ། །ཤཱཀྱའི་གཙོ་བོས་བཀའ་སྩལ་པ། །བདེན་པ་སྟེ་མི་བསླུ་བ་ཉིད་དུ་བྱས་གྱུར་ནས། །དེ་ནས་དེ་ནི་དམྱལ་བ་ཡི། །སྡུག་བསྔལ་ལས་ནི་ཐར་ནས་ཀྱང༌། །དགའ་ལྡན་གནས་སུ་སེམས་ཅན་ཀུན། །ཕན་ཕྱིར་ བདེ་གཤེགས་འདྲ་བར་ཐེག་པ་ཆེན་པོའི་རིགས་ཅན་དུ་སྐྱེས། །དེ་ནས་ནོར་བུ་དྲི་མ་མེད་པས་སྟོན་པ་ལ་མཆོད་པའི་ཕྱིར། དབང་པོར་བཅས་པ་ཡི། །གྲགས་ཆེན་ལྷ་རྣམས་ཀྱང་སྟོན་པའི་བཀའ་མི་བསླུ་བ་བདག་ཅག་རྣམས་ལ་ངན་འགྲོའི་འཇིགས་པ་མི་འབྱུང་ངོ་ཞེས་དགའ་བས་གར་བྱེད་ཅིང༌། །མཆོད་པའི་ སྤྲིན་ནི་མཐའ་ཡས་པས། །ལྷའི་བུ་དེས་དེ་བཞིན་གཤེགས་ལ་མཆོད་བྱའི་ཕྱིར། །ལྷ་ཡི་ཚོགས་ཀྱིས་མདུན་བྱས་ཏེ། །ངན་འགྲོ་ལས་ཐར་ལྷར་སྐྱེས་པའི་ཚེ་འདི་ཉིད་ལ་སྟོན་པ་དང་བརྒྱ་བྱིན་མཆོད་པའི་ཕྱིར། །བྱང་ཆུབ་ཏུ་ཡང་སེམས་བསྐྱེད་ནས། །ལྷ་རྫས་རྣམ་པ་ སྣ་ཚོགས་ཀྱིས། །མེ་ཏོག་བདུག་པ་བྱུག་པ་དང༌། །གདུགས་དང་རྒྱལ་མཚན་འཕན་ལ་སོགས། །རྒྱན་ལ་སོགས་པས་རབ་མཛེས་དང༌། །ན་བཟའ་རིན་ཆེན་ཆར་ལ་སོགས། །མཆོད་པའི་སྤྲིན་གྱིས་དགའ་བའི་ཚལ་ནི་གང་བར་བྱས། །དེ་ནས་སུམ་ཅུ་རྩ་གསུམ་པ་ རྣམས་ཡ་མཚན་ཆེར་གྱུར་ཏེ། །ལྷ་རྣམས་ཀྱིས་ཀྱང་ཕྱག་བཙལ་ནས། །དགའ་བའི་ཚལ་ནི་ཡིད་འོང་བ། །ཀུན་ནས་གང་བར་གྱུར་པ་ཡི། །སྣ་ཚོགས་བྱུང་བ་འཁོར་རྣམས་ཀྱིས་སྟོན་པ་ལ། ཡིད་དུ་འོང་བའི་རྫས་རྣམས་ཀྱིས་ཀྱང་གང༌། ཆོ་འཕྲུལ་སྣ་ཚོགས་པ་འདི་སུའི་ མཐུ། འདི་ཅི་ལགས། །ཞེས་རྐང་པ་ལྔས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག །རྫུ་འཕྲུལ་རྣམ་པར་འཕྲུལ་པ་འདི་ནི། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེའི་ཡིན་ནོ། །ཞེས་ནོར་བུ་ 10-10-34b དྲི་མ་མེད་པའི་མཐུར་བསྟན་ཏོ། །མཚམས་མེད་པའི་དབང་དུ་གྱུར་པ་ཡང་མྱོང་ཞིང༌། མཐོང་བའི་ཆོས་ནི་ནོར་བུ་དྲི་མ་མེད་པ་དམྱལ་བར་སྐྱེས་པ་དང་དེ་ལས་ཐར་ནས་ལྷར་སྐྱེས་པ་ལ་ལྟོས་པའི་མཐོང་ཆོས་མིན་གྱི། འཁོར་གྱི་ལྷ་རྣམས་ཀྱིས་མཐོང་བའི་མཐོང་ཆོས་འདི་ཉིད་ལ་བདེ་འགྲོའི་དབང་ དུ་གྱུར་པ་གང་ལགས་པ་དེ་ནི། བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ཆེའོ། །འདི་དཔྱད་པར་བྱ་སྟེ། ནོར་བུ་དྲི་མ་མེད་པས་ཕ་བསད་ནས་སྐྱེ་བ་ཕྱི་མ་ལ་སུམ་ཅུ་རྩ་གསུམ་དུ་སྐྱེས། དེ་ནས་དམྱལ་བར་སྐྱེ་བར་གསུངས་པ་འདིས་ལས་དེ་བར་ཆད་མེད་པར་ དམྱལ་བར་སྐྱེ་བའི་མཚམས་མེད་ཀྱི་ལས་མ་ཡིན་ནམ། སྐྱེ་བ་གཞན་ལ་ལྷར་སྐྱེས་པ་ཇི་ལྟར་སྤང་སྙམ་ན། ཀ་མ་དྷེ་ནུས། འོག་ནས་དྲང་སྲོང་ལ་རབ་ཏུ་འགྱོད་ཅིང་བཤགས་པར་གསུངས་པ་དང༌། རིགས་ནུས་ཅན་གྱི་གང་ཟག་འགའ་ཞིག་ལ་སྐྱེ་བས་བར་དུ་ཆོད་ནས། མདོ་སྡེ་རྒྱན་དུ། རིང་མོ་ཞིག་ནས་ངན་ སོང་དུ། །འགྲོ་ཞིང་མྱུར་དུ་ཐར་པ་དང༌། །དེ་ཡང་སྡུག་བསྔལ་ཆུང་དུ་མྱོང༌། །སྐྱོ་བཅས་སེམས་ཅན་སྨིན་པར་བྱེད། །ཅེས་དང༌། མི་བཟད་པ་ཡི་ལས་རྣམས་བྱས་པ་དག །བདག་ལ་རྣམ་པར་སྨད་པས་བསྲབས་པར་འགྱུར། །རབ་ཏུ་བཤགས་དང་བསྡམ་པ་བྱས་པ་ན། །དེ་དག་རྩ་ནས་འདོན་པར་ངས་བཤད་ དོ། །ཞེས་གསུངས་པས། འདི་དམིགས་བསལ་ཅན་དུ་བཞེད་པ་ལེགས་སོ། །མཛེས་རྒྱན་དུ། ནོར་བུ་དྲི་མ་མེད་པ་ངན་སོང་གསུམ་དང་མཐའ་འཁོར་ཏུ་ལོ་བརྒྱ་བརྒྱ། དབུས་སུ་ལྔ་བཅུ་སྐྱེས་ཟེར་བ་དང༌། བརྒྱ་བྱིན་གྱིས་དེའི་རོ་བསྡུས་ཏེ་བསྲེགས་ཟེར་བ་རྣམས་ཤིན་ཏུ་མི་རིགས་ཏེ། སྟེན་པ་ཉིད་བཞུགས་པའི་ རིང་ལ་དམྱལ་བར་སོང་བ་དང༌། བརྒྱ་བྱིན་གྱིས་ཆོ་ག་བྱས་པས་ཐར་བ་ཡིན་པ་གཉིས་ཀར་གསུངས་ཤིང༌། སངས་རྒྱས་ཀྱི་སྐུ་ཚེའི་ཚད་གསུངས་པ་དང་ཡང་འགལ་ཞིང༌། ལྷ་ལ་རོ་མེད་པར་གསུངས་པས་ཀྱང་གནོད་དོ། །དེས་ན་ཀ་མ་དྷེ་ནུས་མིའི་ལོ་བདུན་དམྱལ་བར་གནས་པར་བཤད་དོ། ། 10-10-35a དེ་ནས་བརྒྱ་བྱིན་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཚིག་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་འདྲ་བའི་ལམ་སྟོན་པ་མེད། །ཆོས་དང་འདྲ་བའི་དགེ་བ་སྟེ་སྐྱོབ་པ་མེད། །དགེ་འདུན་འདྲ་བའི་སྣོད་སྟེ་ཞིང་མེད་དེ། །སྔགས་དང་ འདྲ་བའི་ངན་འགྲོ་ནས་བདེ་འགྲོར་འདྲེན་པ་མེད། །དེ་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་དེ་དག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱིས། དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་པའི་ལྷའི་ བུ་དེའི་ལུས་ལ་སོགས་པའི་མཚན་ཉིད་ཅི་འདྲ་བ་ཞིག །དེའི་རྫུ་འཕྲུལ་དང་མཐུ་ནི་ཇི་ལྟ་བུ་ཞིག་ལགས་པ། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་དེ་བདག་ཅག་བལྟ་བར་འཚལ་ལོ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཀྱི་བྱེད་ལས། ལྷ་ ཐམས་ཅད་ཀྱི་སྙིང་སྐུལ་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་གྱི་ཕྲེང་བ་ཉིད་ཀྱིས་གནས་ཞབས་ཀྱི་མཐེ་བོང་གཉིས་ལས་ཕྱུང་ངོ༌། །ཕྱུང་ནས་ཀྱང་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བའི་ས་ཐམས་ཅད་སྣང་བར་བྱས་ནས། ནོར་བུ་དྲི་མ་མེད་པའི་སྙིང་གར་ཞུགས་ཏེ། སེམས་དགའ་བའི་ཚལ་དུ་འོང་འདོད་པར་བསྐུལ་ནས་ཡང་འོད་ཟེར་དེ་ལྷའི་གནས་དེ་ཉིད་དུ་མི་སྣང་བར་བྱས་ནས་ཕྱིས་མཐེ་བོང་གཉིས་ལ་ཐིམ་པར་གྱུར་ཏོ། ། ༈ གནས་གཙང་མའི་ལྷ་ཆག་གིས་འོད་ཀྱིས་ལུས་ཐམས་ཅད་སྣང་བར་བྱས་ཟེར། རྣམས་ལ་མཛེས་རྒྱན་དུ་བཤད་དོ། །དེ་ནས་ ལྷའི་བུ་དེ་ཉིད་རབ་ཏུ་དགའ་བར་གྱུར་ནས། ལུས་ཀྱི་འོད་ཟེར་གྱིས་དཔག་ཚད་སྟོང་ཚུན་ཆད་ཀྱི་ནམ་མཁའི་ངོས་ཐམས་ཅད་གསལ་བར་བྱས་ཏེ། ལྷའི་བུ་སྟོང་ཕྲག་དུ་མའི་འཁོར་གྱིས་བསྐོར་ཞིང་མདུན་དུ་བྱས་ནས། རྫུ་འཕྲུལ་ཆེན་པོས་མི་སྣང་བར་ 10-10-35b བྱས་ཏེ་འོངས་ནས། དགའ་བའི་ཚལ་ཐམས་ཅད་སྣང་ཞིང་གསལ་བར་བྱས་ཏེ། བཅོམ་ལྡན་འདས་དང་བརྒྱ་བྱིན་གཉིས་མ་གཏོགས་པ་ནི་ང་རྒྱལ་ཅན་ལྷ་རྣམས་ཀྱི་འོད་ཟིལ་གྱིས་མནན་ནས་བླ་མ་བཀུར་བ་དང་སྔགས་ཀྱི་ཆེ་བ་དབྱུང་བའི་ཕྱིར། ཏོ། །དེ་ནས་ལྷའི་བུ་དེས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཀྱེ་མ་ཤཱཀྱ་མགོན་པོ་ཡི། །སངས་རྒྱས་མཛད་པ་ཡ་མཚན་ཆེ། །སྟེ། རྒྱུ་མཚན་གང་ཕྱིར་ངན་སོང་ལྷུངས་པ་ཡི། །སེམས་ཅན་མྱུར་དུ་གློག་མྱུར་བའི་དཔེ་བཞིན་གྲོལ། ། བར་མཛད་པའི་ཕྱིར་རོ། དེ་ནས་སྐད་ཅིག་དེ་ཉིད་ཀྱི་ཚེ། ཤིང་རྟའི་འཕང་ལོ་ཙམ་གྱི་པདྨ་ཐམས་ཅད། རྒྱུ་རིན་པོ་ཆེ་ལས་བྱས་པ། དཔག་ཚད་བརྒྱ་ཕྲག་སྟོང་དུ་དྲི་ཞིམ་པོའི་ངད་ལྡང་བའི་པདྨ་ལས་ལྷའི་གླུ་སྙན་པའི་སྒྲ་གྲག་པ། ཡ་མཚན་དུ་མ་ཡང་དག་པར་སྟོན་པ། ལྷ་རྫས་ཀྱི་གླུང་དང་གར་དང༌། བརྡུང་བ་དང༌། གླིང་བུ་དང༌། རྔ་དང༌། ཀེར་ཀོ་རྣམས་ཀྱི་སྒྲ་སྙན་པ་ཞིག །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷ་དེ་རྣམས་ཀྱིས་མཐོང་བའི་ཉེ་འཁོར་དུ་བྱུང་སྟེ། དེ་མཐོང་ནས་ཤིན་ཏུ་ཡ་མཚན་སྐྱེས་ཏེ་འདི་སྐད་སྨྲས་སོ། །དེ་བཞིན་གཤེགས་ པའི་ཆོས་ནི་བསམ་མི་ཁྱབ། །ཅེས་སངས་རྒྱས་ལ་བསྟོད་པ། སྔགས་ཀྱི་ཡོན་ཏན་སྣ་ཚོགས་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལྟ་ཞོག །དེ་དང་བྲལ་བའི་ལུས་རོ་ལྟ་བུ་དང༌། མིང་ལ་དབང་བསྐུར་བ་སོགས་བྱས་པས་ཀྱང་ངན་འགྲོ་ལས་ཐར་བ་འདི་བསམ་མི་ཁྱབ། །བྱང་ཆུབ་བརྟེན་ པ་རྣམས་ཀྱང་ནི་སྔགས་ལ་སྤྱོད་པའི་གང་ཟག་བརྒྱ་བྱིན་ལྟ་བུ་ཡང་བསམ་མི་ཁྱབ། །ཚངས་སྤྱོད་ནོར་བུ་དྲི་མ་མེད་པ་དགའ་ལྡན་དུ་སྐྱེས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་མཛེས་རྒྱན་གྱིས་བཤད། ཚུལ་ཁྲིམས་དྲི་མེད་བསྐྱེད་བསམ་ཡས། །དེ་ནས་སུམ་ཅུ་རྩ་གསུམ་པའི་ 10-10-36a ལྷའི་བུ་དེ་དག་གི་ནང་ནས་སྔར་མ་མཐོང་བ་འགའ་ཞིག་དེ་བལྟ་བར་འདོད་ནས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷའི་བུ་དེ་དང་དེའི་འཁོར་གྱི་དཀྱིལ་འཁོར་རྣམས་བལྟ་བར་འཚལ་ལོ། །བཅོམ་ལྡན་འདས་བལྟ་བར་འཚལ་ལོ། བདེ་བར་གཤེགས་པ་བལྟ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་མཐེ་བོང་གཉིས་ལས་འོད་ཟེར་ཕྱུང་སྟེ། འོད་ཟེར་དྲི་མ་མེད་པ་དེས་ལྷའི་བུ་དེ་དང་ལྷའི་འཁོར་དེ་དག་ཀུན་སྣང་བར་བྱས་ཏེ་བསྐུལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །མཛེས་རྒྱན་དུ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་སྟོན་པ་སངས་རྒྱས་དང༌། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མཐོང་བར་ནུས་ན། ནོར་བུ་དྲི་མ་མེད་པ་འཁོར་བཅས་མི་མཐོང་བ་ཇི་ལྟར་ཞེ་ན། སྔ་མ་ནི་མཐོང་ནུས་པར་སྟོན་པས་བྱིན་གྱིས་བརླབས་ལ། ཕྱི་མ་ནི་ལྷ་རྣམས་ཀྱི་སྤྱོད་ཡུལ་མིན་ནོ་ཞེས་སྔགས་ཀྱི་ཆེ་བ་ དབྱུང་བའི་ཕྱིར་མི་སྟོན་པ་དེ་ལྟར་མཛད་དོ། །དེ་ནས་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དང༌། དེ་ལ་སོགས་པ་འཁོར་གནས་གཙང་མའི་རིགས་ཀྱི་ལྷའི་བུ་རྣམས་ཀྱིས་བཅོམ་ལྡན་འདས་དང༌། བརྒྱ་བྱིན་གཉིས་ཀྱི་གདན་མ་གཏོགས་པ། དགའ་བའི་ཚལ་ཐམས་ ཅད་གཡོས་པར་བྱས་ཏེ། ལན་བརྒྱ་ཕྲག་སྟོང་དུ་མར་སྐོར་བ་བྱས་ཤིང༌། སྐོར་བ་བྱས་ནས་ཡང་དང་ཡང་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སངས་རྒྱས་རྣམས་ཀྱི་ནི། །སྔགས་ཀྱི་བྱིན་རླབས་ཡ་མཚན་ཆེ། །གང་ཕྱིར་ངན་སོང་ལྟུང་བ་ཡི། །སེམས་ ཅན་ལྷ་གནས་མྱུར་དུ་སྐྱེ། །དྲིན་དུ་གཟོ་བ་དང་དགའ་བ་དང་བཅས་པའི་ཚིག་གིས་སངས་རྒྱས་ལ་བསྟོད་པ་ཉིད་དེ། དེ་ནས་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་ལྷའི་བུ་དེ་དག་གིས། བཅོམ་ལྡན་འདས་ལ་ནོར་བུ་དང༌། གསེར་དང༌། དངུལ་དང༌། དོ་ཤལ་དང༌། སེ་མོ་ 10-10-36b དོ་དང༌། གདུ་བུ་དང༌། དཔུང་རྒྱན་དང༌། སྙན་ཆ་ལ་སོགས་པའི་རྒྱན་གྱི་ཁྱད་པར་བརྒྱད་དང༌། བླ་མ་རྣམས་དབུ་རྒྱན་ཡང་མཛད་དེ། རྣམ་པ་སྣ་ཚོགས་པ་དུ་མ་དང༌། གདུགས་དང༌། རྒྱལ་མཚན་དང་། འཕན་དང༌། ལྡ་ལྡི་དང༌། རྔ་མ་ལ་སོགས་པ་བླ་རེ་སྟེ་ཡོ་བྱད་ཀྱི་ཁྱེད་ པར་ཐུག་སྟེ་སྣ་ཚོགས་དང༌། སེང་གེའི་གདན་དང༌། གཟིམས་ཆ་དང༌། ཕོ་བྲང་དང༌། གཞལ་མེད་ཁང་དང༌། ཁང་བུ་བརྩེགས་པ་ལ་སོགས་པ་དང༌། ཟླ་གདན་ཏེ་གནས་ཀྱི་ཁྱད་པར་སྣ་ཚོགས་པ་དྲུག་དང༌། མེ་ཏོག་དང༌། སྤོས་ལ་སོགས་པ་ཉེར་སྤྱོད་ལྔ་སྟེ། མཆོད་ པའི་ཁྱད་པར་སྣ་ཚོགས་དང༌། ཉེར་ལྔས་མཆོད་པའི་ཚུལ་དེ་སྔོན་དུ་བྱུང་ལ། ནོར་བུ་དྲི་མ་མེད་པས་སྟོན་པ་ལ་ཕུལ་བ་ལྟར། རྗེས་འཇུག་ལ་སྒྲུབ་པ་པོས་ཀྱང་དབུལ་བར་བྱའོ་ཞེས་བླ་མ་རྣམས་གསུང་ངོ༌། །རང་གི་ལུས་དང་ངག་དང་སེམས་རྣམས་ཀྱང་ཕུལ་ཏེ། བ་ལང་དང༌། རྟ་དང༌། སེང་གེ་དང༌། སྟག་དང༌། སྤྲེའུ་དང༌། དགོ་བ་དང༌། ཐུག་རེ་དང༌། མ་ཧེ་དང༌། བོང་བུ་དང༌། རྔ་མོ་དང༌། ཆུ་སྲིན་དང༌། ཕག་དང༌། ར་དང༌། གླང་དང༌། བ་དང༌། འདོད་པའི་བཞོན་ལ་སོགས་པ་བཞོན་པའི་ཁྱད་པར་དུ་མ་ཡང་ཕུལ་ནས། བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་ འཁོར་རྣམས་ཀྱང་མངོན་པར་མཆོད། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དཀྱིལ་འཁོར་རྣམས་ཀྱང་མངོན་པར་མཆོད་དོ། ལེགས་ཆག་གིས་འདོད་པའི་ཁྱད་པར་ཟེར། སོ་ཞེས་བྱ་བ་གསོལ་ནས། བཅོམ་ལྡན་འདས་དང་བརྒྱ་བྱིན་གཉིས་ལ། བླ་ མ་སྟེ་གོང་མ་དང༌། བསྟི་སྟང་དུ་བྱས་ཏེ། ཕྱག་བཙལ་ནས་དེ་བཞིན་དུ་སོང་ངོ༌།། །།དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་མཆོག་ཏུ་ཡ་མཚན་དུ་གྱུར་ནས། བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་ལེགས་སོ་ཞེས་བྱ་ 10-10-37a བས་བསྟོད་ཅིང་མཆོད་དེ། ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ། མ་འོགས་པའི་བྱིས་པ་སོ་སོ་སྐྱེ་བོ་རྣམས། འཆད་པ་དང༌། ཀློག་པ་སྤྲོ་བར་བགྱི་བའི་སླད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པའི་མཚན་བརྗོད་པའི་ཡོན་ཏན་བཤད་དུ་གསོལ། ཞེས་ཞུས་སོ། །བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་རྣམས། ངས་བཤད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ལ་ཆོངས་ཤིག ། ཅེས་བཤད་པར་ཞལ་གྱིས་བཞེས་ནས་མཉན་པར་བསྐུལ་བའོ། །ལྷའི་བུ་རྣམས་དགེ་བ་བཅུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ཐོས་པར་འགྱུར་གྱི། སེམས་ཅན་མ་རབས་རྣམས་ཀྱིས་ནི་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལ་མོས་པའི་སེམས་ཅན་ རྣམས་ཀྱི་རྣ་ལམ་དུ་ཉེ་བར་འགྲོ་བར་འགྱུར་གྱི། སེམས་ཅན་ཕལ་པ་རྣམས་ཀྱིས་ནི་མ་ཡིན་ནོ། །སེམས་ཅན་བསམ་པ་ངེས་པ་རྣམས་དང༌། ཕྱིར་མི་ལྡོག་པའི་ཡོན་ཏན་མང་པོ་ལ་མངོན་པར་འདོད་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་འགྲོ་བར་འགྱུར་ཏེ། མདོར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་འགྲོ་བར་འགྱུར་རོ། །དེ་ནས་བརྒྱ་བྱིན་དང༌། ཚངས་པ་ལ་སོགས་པ་ལྷའི་བུ་དེ་དག་ཡང་དག་པར་དགའ་བ་སྐྱེས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བདག་ཅག་ནི་སྣོད་དུ་གྱུར་པའོ། །བདེ་བར་གཤེགས་པ་བདག་ཅག་ནི་སྣོད་དུ་གྱུར་པའོ། །ནོར་བུ་དྲི་མ་མེད་པ་གང་གི་སླད་དུ་གསུངས་པ་འདི་བདག་ཅག་གིས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ 10-10-37b ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བགྱི་བའི་མཚན་བརྗོད་པ་འདི། བཅོམ་ལྡན་འདས་པདྨོའི་ཞལ་ཉིད་ནས་ཐོས་པས། བདག་ཅག་ནི་ངན་སོང་གིས་འཇིགས་པར་མི་འགྱུར། དུས་མ་ལགས་པར་འཆི་བར་མི་འགྱུར། དུས་མིན་དུ་འཆི་བ་དང༌། ངན་ འགྲོར་ལྟུང་བ་དང༌། དེ་ལྟར་གནས་གཅིག་ཕྱི་མ་སོ་སོར་སྐྱེ་བ་རྣམ་པར་འཐོར་བ་དང༌། དེར་ཡང་ལུས་རྣམ་པར་འཇིག་པ་ལ་སོགས་པས་འཇིགས་པར་མི་འགྱུར་ཏེ། བཅོམ་ལྡན་འདས་བདག་ཅག་ཆག་གིས་དུས་མ་ལགས་པའི་འཆི་བས་འཇིགས་པར། ནི་གདོན་ མི་འཚལ་བར་སངས་རྒྱས་ཉིད་དུ་འགྲུབ་པའི་སྣོད་དུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས་བརྟག་པའི་རྒྱལ་པོ་འདིས། སེམས་ཅན་རྣམས་ཀྱི་དོན་བགྱིད་པ་གང་ལགས་པའི་སྐྱེས་བུ་དམ་པ་དེ་དག་གི་འབྲས་བུ་ནི་ཅིར་འགྱུར། རྣམ་པར་སྨིན་པ་ནི་ཅིར་འགྱུར་ཞེས་ མ་འདས་པའི་སེམས་ཅན་འདི་ལ་འཇུག་ཅིང་སྤྲོ་བ་བསྐྱེད་པའི་ཚུལ་དུ་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་དེ་དག་ནི་སྐྱེས་བུ་དམ་པ་འབའ་ཞིག་ཏུ་མ་ཟད་ཀྱི། སྔགས་ཀྱི་ལམ་ཁྱད་པར་དུ་འཕགས་པའི་ཕུལ་བྱུང་བརྗོད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཉིད་དུ་བལྟ་བར་བྱ་སྟེ། ལྷའི་དབང་པོ་གང་གི་ཕྱིར་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་ནས། མཚམས་མེད་པ་ལ་སོགས་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་རབ་ཏུ་སྤོང་བར་བྱེད་པ་དང༌། བྱང་ཆུབ་ལ་གདོན་མི་ཟ་བར་བརྟེན་པར་བྱེད་པ་དང༌། བྱང་ཆུབ་སེམས་དཔའི་ས་ཕྱིར་མི་ལྡོག་པ་ལ་རབ་ཏུ་འཇོག་པའི་ཕྱིར་ཏེ། མང་དུ་བཤད་ཅི་དགས་། ལྷའི་དབང་པོ་སྐབས་སུ་བབ་དེ། དཔེར་བླངས་ན། ཁྱོད་ཀྱིས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་མཚམས་ 10-10-38a སམ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་དོན་བྱས་པ་དེ་བཞིན་ནོ། །ཇི་སྐད་དུ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་ལས། ཀྱེ་མ་སངས་རྒྱས་ཀྱེ་མ་མཆག། །ཀྱེ་མ་དགེ་འདུན། ཀྱེ་མ་རིག་སྔགས་འབྲས་བུ་འཕྲལ་དུ་སྟོན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ། ཐུགས་རྗེ་མཆོག་ཏུ་ཆེ་བ། ཡིད་བཞིན་གྱི་ནོར་བུ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །ལྷའི་དབང་པོ་དེ་ལྟར་གཞན་ཡང་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་སེམས་ཅན་དེ་དག་ཅི། སོ་སོ་སྐྱེ་བོ་ཡིན་སྙམ་ སེམས་སམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བདེ་བར་གཤེགས་པ་མ་ལགས་སོ། །ལྷའི་དབང་པོ་སེམས་ཅན་དེ་དག་ནི་སྐྱེས་བུ་དམ་པ་ཆེན་པོ་གཞན་ལ་ཕན་འདོགས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཕྱག་བྱ་བ། མཆོད་པ། རྗེད་པ། བསྟི་སྟང་དུ་བྱ་བ་ཕྲག་པ་ལ་བཀུར་བར་བྱ་བ་ཡིན་ན། ལྷར་བཅས་པའི་འཇིག་རྟེན་གྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷའི་བུ་རྣམས་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། ཕྱོགས་སྐྱོང་བ་བཅུ་ དང༌། འཇིག་རྟེན་སྐྱོང་བ་བརྒྱད་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོ་ལ་སོགས་པ་དང༌། ནོར་བུ་བཟང་པོ་ཆེན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ས་ལ་རབ་ཏུ་གནས་པ་རྣམས་ དང༌། ཀླུའི་རྒྱལ་པོ་དགའ་བོ་དང༌། ཉེར་དགའ་བོ་གཉིས་དང༌། འཕྲོག་མའི་བུ་ལྔ་བརྒྱས་བསྐོར་བ་རྣམས་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་པན་ཅི་ཀ་ལྔས་བརྩེན་དང༌། པན་ཅི་ཀ་ཆེན་པོ་ལ་སོགས་པ་དང༌། གང་གཞན་དག་ཀྱང་རྒྱ་ཆེ་ཞིང་རྒྱ་ཆེ་བ་ 10-10-38b དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། དྲི་ཟ་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། འབྱུང་པོ་དང༌། ཡི་དྭགས་དང༌། འདྲེ་དང༌། རིམས་དང༌། གདོན་དང་དུག་དང༌། སྐར་མ་ལ་སོགས་པ་ཐམས་ཅད་ཀྱིས་མགྲིན་ གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་འདུས་ཤིང་ཚོགས་པ་ཐམས་ཅད་ཀྱིས། རྒྱུད་འདིའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའི་སྐྱེས་བུ་དམ་པ་ཆེན་པོའི་རྐང་པ་གཉིས་མགོ་བོས་བླང་བར་བགྱིའོ། །མདོར་ན་རྟག་པར་རྒྱུན་དུ་དུས་ཐམས་ཅད་དུ་ བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིའོ། །བཅོམ་ལྡན་འདས་གང་དུ་བརྟག་པའི་རྒྱལ་པོ་འདི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པས་འཆང་དམ། ཀློག་གམ། གཞན་ལ་རྒྱ་ཆེར་ཡང་དག་པར་འཆད་པར་འགྱུར་རམ། གདུགས་དང༌། རྒྱལ་མཚན་དང༌། བ་ དན་ལ་སོགས་པས་མཆོད་པར་འགྱུར། རྒྱལ་རིགས་སམ་བྲམ་ཟེའི་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་ཡང་རྒྱལ་པོ་འམ། རྒྱལ་པོའི་བུ་འམ། རྒྱལ་པོའི་བུ་མོའམ། རྒྱལ་པོའི་བཙུན་མོའམ། རྒྱལ་པོའི་འཁོར་པ་འམ། རྒྱལ་པོའི་ འཁོར་མོའམ་སུ་གང་ཡང་རུང་བས་འཆང་ཞིང་ཀློག་པ་ནས་གཞན་ལ་རྒྱ་ཆེར་ཡང་དག་པར་འཆད་ཅིང་སྟོན་པའི་བར་དུ་བགྱིད་ན། བཅོམ་ལྡན་འདས་བདག་ཅག་བརྒྱ་བྱིན་སྐར་མའི་བར་འདུས་ཤིང་ཚོགས་པ་ཐམས་ཅད་དེའི་བྲན་དུ་གྱུར་པ་ལགས་སོ། །རང་ གི་སྐྱེ་བོ་དང༌། གཉེན་གྱི་སྐྱེ་བོ་དང༌། ཡོངས་ཀྱི་སྐྱེ་བོ་དང༌། གྲོང་དང་གྲོང་ཁྱེར་དང༌། གྲོང་རྡལ་དང༌། ལྗོངས་དང༌། རྒྱལ་པོའི་འཁོར་རྣམས་ཡོངས་སུ་བསྐྱང་བར་བགྱི། དུས་དུས་སུ་ཆར་དབབ་པར་བགྱི། འབྲུ་ལ་སོགས་པར་བསྐྱེད་པར་བགྱི། སྐྱེ་བོ་ 10-10-39a མང་པོ་ལ་ཕན་པ་དང་བདེ་བའི་སླད་དུ་རྗེས་སུ་སྒྲུབ་པར་བགྱི། །སྒྲུབ་པ་པོ་ལ་གནོད་པའི་ཕ་རོལ་གྱི་ཕྲུ་མ་དམག་གི་དབང་ལ་སོགས་པ་གཞོམ་པར་བགྱི། སེམས་ཅན་མ་རུངས་པ་གནོད་ཅིང་འཚེ་བ་པོས། དེ་ལ་མི་ཕན་པའི་སེམས་བསྐྱེད་པ་གང་ ཡིན་པ་དེ་དག་བརླག་པར་བགྱི་བའི་སླད་དུ་སྒྲུབ་པར་བགྱིའོ། །མ་རུངས་པར་བགྱིའོ། །དེ་ལ་བདུད་ཀྱི་ལས་ཀྱང་བགྱི། གནོད་པར་བགྱི་བ་ལ་ཡང་ཉེ་བར་གནས་པར་བགྱི། བཅོམ་ལྡན་འདས་མདོར་ན་མ་འོངས་པའི་སེམས་ཅན་རྣམས་ལ། བརྟག་པའི་ རྒྱལ་པོ་འདི་ནི། སངས་རྒྱས་ཀྱི་མཛད་པ་ལྟ་བུར་སེམས་ཅན་གྱི་དོན་བྱེད་པར་གནས་པ་ལགས་པས། བཅོམ་ལྡན་འདས་བུ་བཞིན་དུ་བདག་ཅག་གིས་བསྐྱང་བར་བགྱིའོ། །ཞེས་བསྙེན་བཀུར་ཞིང་བྱས་པ་གཟོ་བ། ལྷའི་དབང་པོ་ཇི་ལྟར་སྨྲས་པ་དེ་བཞིན་ཏེ། བརྟག་ པའི་རྒྱལ་པོ་འདི་ནི་དེ་བཞིན་དུ་བལྟ་བར་བྱའོ། །ལྷའི་དབང་པོ་ལེགས་ཀྱི། འཛམ་བུའི་གླིང་ན་གནས་པའི་སེམས་ཅན་སྡིག་པའི་ཆོས་ལ་ཀུན་ཏུ་སྤྱོད་པ། སེམས་ཅན་དམྱལ་བའི་དབང་དུ་གྱུར་པ། འཁོར་བ་མི་གཙང་བ་ཕྱི་སའི་ཁྲོད་དང་འདྲ་བའི་དོང་དུ་བྱིང་བའི་ སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་ཡུན་རིང་པོར་བག་ཡོད་པར་བྱོས་ལ་སྒྲུབས་ཤིག །རྒྱུད་འདི་བརྒྱ་བྱིན་ལ་སོགས་པའི་འཁོར་རྣམས་ལ་ལེགས་པར་གཏད་དོ་ཞེས་སོ། །དེ་ལྟར་རྩ་བའི་རྒྱུད་ཀྱི་དོན་རྣམས་ནི་བརྗོད་བྱ་བརླིང་ཞིང་ཤིན་ཏུ་དཀའ་བས་ཞིབ་ཏུ་བཤད་དོ། ། གལ་ཡང་ཤིན་ཏུ་ཆེ་བར་སྣང་སྟེ། རྩ་རྒྱུད་ཀྱི་དོན་རྣམས་ལ་ངེས་པ་རྙེད་ན། འོག་གི་དོན་དཀའ་བ་རྣམས་ཀྱང་དེའི་ཁོག་ནས་ཐོན་པར་སྣང་ངོ༌། །བམ་པོ་དང་པོ་ནི་འོག་གི་གཉིས་པ་སོགས་ལ་ལྟོས་པའོ།། །།དེ་ལྟར་རྩ་བའི་རྒྱུད་བསྟན་ནས། རྩ་རྒྱུད་བཤད་པའི་རྗེས། དེ་ནས་ 10-10-39b བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས། རང་དབང་དུའམ་སྙམ་ན། བཅོམ་ལྡན་འདས་ཀྱི་མཐུས། ཡང་ན་བརྟག་པའི་རྒྱལ་པོ་བརྟག་པ་ཕྱི་མ་འདི་བཤད་ཅེས་སྦྲེལ་ལོ་དོ། །འདིར་འཆད་པ་པོ་ནི་ཕྱག་ན་རྡོ་རྗེ་ཡིན་ལ། སྟོན་པ་དང་རྒྱུད་ཀྱི་བདག་པོ་ནི་ཤཱཀྱ་ཐུབ་ པ་ཡིན་ནོ། །ཁ་ཅིག་ན་རེ། བདག་པོ་ནི་ཕྱག་ན་རྡོ་རྗེ་ཡིན་ཏེ། རྒྱུད་ཡོངས་སུ་རྫོགས་པར་ཉེ་བ་ན། ཕྱག་ན་རྡོ་རྗེ་རྒྱུད་ཀྱི་བདག་པོ་ལ་བསྟོང་པ་ཞེས་ཀྱང་ཟེར་རོ། །ཞེས་ཀ་མ་དྷེ་ནུས་གསུངས་སོ། །དཔའ་བོ་ནི་ཕྱག་རྡོར་གདན་ལས་བཞེངས་ནས་ནི། །དགྱེས་ཤིང་རྡོ་རྗེ་གསོར་ནས་ཀྱང༌། །སྟོན་པ་ཤཱཀྱའི རྒྱལ་པོ་དགྱེས་མཛད་པ། །ཐུབ་པའི་གཙོ་ལ་ཕྱག་བཙལ་ནས། །རང་དང་གཞན་གྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མཚན་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བ་ལྷ་སོ་སོ་དང་ཕྱག་རྡོར་ རང་གི་སྙིང་པོ་འདི་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་ངོ༌། །ཀ་མ་དྷེ་ནུས། དེ་གཉིས་ཀའི་ལྷ་རྣམས་ཀྱི་དབྱིབས་དང་ཁ་དོག་དང༌། གནས་དང༌། ངེས་པ་དང༌། དབང་བསྐུར་བ་དང༌། དཀྱིལ་འཁོར་དང༌། དངོས་གྲུབ་དང༌། སྦྱིན་སྲེག་ལ་སོགས་པ་རྣམས་ནི། རྩ་རྒྱུད་དུ་བཤད་ཟིན་པས་མི་བརྗོད་དོ། །ཨོཾ་ཤཱཀྱ་ ཐུབ་པའི་ས་བོན། སརྦ་པཱ་པཾ་སྡིག་པ་ཐམས་ཅད་ད་ཧ་ན་བཛྲ་ཧཱུཾ་ཕཊ། བསྲེག་པའི་རྡོ་རྗེ། ཨོཾ་ཕྱག་རྡོར་གྱི་ས་བོན། སརྦ་ཨ་པཱ་ཡ་བི་ཤོ་དྷ་ན་བཛྲ་རྣམ་པར་སྦྱོང་བའི་རྡོ་རྗེ། ཧཱུཾ་ཕཊ། ཨོཾ་རྒྱལ་བའི་གཙུག་ཏོར། སརྦ་ཀརྨྨཱ་ལས་དང༌། ཨཱ་བ་ར་ཎཱ་ནི་སྒྲིབ་པ་བྷ་སྨིན་ཀུ་རུ་ ཐལ་བར་མཛོད། ཧཱུཾ་ནི་ས་བོན་ཕཊ། ཨོཾ་བྲུཾ་འཁོར་སྒྱུར་གྱི་བྷུཾ་ནིས་བོན་བི་ནཱ་ཤ་ཡ་རྣམ་པར་འཇོམས་པ། ཨཱ་བ་ར་ཎཱ་ནི་སྒྲིབ་པ་ཧཱུཾ་ཕཊ། ཨོཾ་རྣམ་པར་རྒྱལ་བ་དྲུཾ་ནི་ས་བོན། བི་ཤོ་དྷ་ཡ་རྣམ་པར་སྦྱོངས་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་གཟི་བརྗིད་ཕུང་པོའི། 10-10-40a ཛྭ་ལ་འབར་བ་དྷ་ཀ་ཆོད་དྷ་ཀ་ཆོད་ཧ་ན་བསྣུན། ཧ་ན་བསྣུན། སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་གདུགས་དཀར། སྲུཾ་ནི་ས་བོན། ས་ར་འབྱམས་ས་ར་འབྱམས། པྲ་ས་ར་རབ་འབྱམས། བྲ་ས་ར། རབ་འབྱམས། ཨཱ་བ་ར་ཎཱ་ནི་ཧཱུཾ་ ཕཊ། ཨོཾ་རྣམ་པར་ཡོར་བའི་ཧཱུཾ། ཧ་ར་ཕྲོགས་ཧ་ར་ཕྲོགས། སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་རྣམ་པར་འཇོམས་པའི། ཧཱུཾ་ཕཊ་སརྦྦ་ཨཱ་བ་ར་ཎཱ་ནི་སྥོ་ཊ་ཡ་ཁོས་སྥོ་ཊ་ཡ་ཁོས་ཧཱུཾ་ཕཊ ཨོཾ་བྷྲྀ་ཏ་དྲལ་བར་གྱིས་བྷྲི་ཏ་དྲལ་བར་གྱིས། སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏྲ་ཊ་ ཨོཾ་ཏྲ་ཊ་ཆོད་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཙྪིནྡྷ་གཏུབས་ཙྪིནྡྷ་གཏུབས་སརྦྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། བཞི་པོ་འདི་སྒེག་སོགས་བཞིའི་བསྐྱེད་སྔགས་ཟེར་ཏེ་འཐད་པར་མ་མཐོང་ངོ༌། །ཨོཾ་བི་དྲ་བ་རྣམ་པར་འཇོམས་པ་བི་དྲ་བ་རྣམ་པར་འཇོམས་པ་སརྦྦ་ཨ་བཱ་ཡ་ཏ་ཏ་ཏྭ་ན་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་སྲེགས་ད་ཧ་སྲེགས་སརྦྦ་ན་ར་ཀ་དམྱལ་བར་ག་ཏ་འགྲོ་ཧེ་ཏུཾ་རྒྱུ་ཧཱུཾ་ཕཊ། ཨོཾ་པ་ཙ་ཚོས་པ་ཙ་ཚོས་སརྦྦ་པྲེ་ཏ་ཀ་ཡི་དྭགས་ག་ཏི་འགྲོ་ཧེ་ཏུཾ་རྒྱུ། ཧཱུཾ་ཕཊ། ཨོཾ་མ་ཐ་ཆོམ་མ་ཐ་ཆོམ་སརྦ་ཏི་རྱ་ཀ་ག་ཏི་དུད་འགྲོ་ཧེ་ཏུཾ་རྒྱུ་ཧཱུཾ་ཕཊ། དེ་ནས་དེ་དག་གི་ཡོ་ བྱད་རྣམས་བཤད་དེ། ཨོཾ་སརྦ་ཨཱ་པ་ཡ་ལོག་པར་ལྟུང་བ། བི་ཤོ་དྷ་ནི་དྷ་མ་དྷ་མ་མཛེས་རྒྱན་དུ་འཆུ་བ་ལ་བཤད་དྷཱུ་པ་ཡ་བདུག་པ་མས་ཧཱུཾ་ཕཊ། ཨོཾ་སརྦ་དུ་རྒ་ཏི་ངན་འགྲོ་ཐམས་ཅད་བི་ཤོ་དྷ་ནི་རྣམ་པར་སྦྱོངས་པུཥྤ་མེ་ཏོག་བི་ལོ་ཀི་ནི་རྣམ་པར་གཟིགས་ནས་ ཧཱུཾ་ཕཊ། ཨོཾ་སརྦ་ཨ་པཱ་ཡ་བི་ཤོ་ནི་རྣམ་པར་མཛད་མ་ཛྙཱ་ན་ཡེ་ཤེས་ཨཱ་ལོ་ཀ་ཀ་རི་མར་མེ་མས་མཛོད་ཧཱུཾ་ཕཊ། །ཨོཾ་སརྦ་ཨ་པཱ་ཡ་ག་ཏི་གནྡྷེ་དྲི་ཆབ་མས་ནཱ་ཤ་ནི་འཇིགས་གནྡྷ་པ་ཏི་དྲི་ལྡན་མ་ཧཱུཾ་ཕཊ། སྒོ་བ་རྣམས་ཀྱི་སྔགས་ལ། ཨོཾ་སརྦྦ་ན་ 10-10-40b ར་ཀ་ག་ཏི་དམྱལ་བར་འགྲོ་བ་ཐམས་ཅད་ཨཱ་ཀརྵ་ཎི་ལྕགས་ཀྱུས་ཁུག་ཅིག་ཧཱུཾ་ཕཊ། ཨོཾ་སརྦ་ན་ར་ཀ་ཨ་བྷྱུད་དྷ་ར་ཎི། ཕྱག་གིས་ཞགས་པས་འཛིན་ཧཱུཾ་ཕཊ། ཨོཾ་སརྦྦ་ཨ་པཱ་ལ་ཕྱག་གིས་བནྡྷ་ན་འཆིང་བ་བི་མོ་ཙ་ནི་རྣམ་པར་གྲོལ་བར་གྱིས་ཧཱུཾ་བཾ་ཕཊ། ཨོཾ་སརྦ་ཨ་པཱ་ཡ་ག་ཏི་ག་ཧ་ ན་བི་ནཱ་ཤ་ནི་རྣམ་པར་འཇིགས་པར་གྱིས་ཧཱུཾ་ཧོ་ཕཊ། དྲིལ་བུའི་ས་བོན། གཙུག་དགུར་ཤཱཀྱ་སེང་གེའི་ཐུགས་ཀར་དཀྱིལ་འཁོར་བསྐྱེད། ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་སྤྲོ་བསྡུས་ངན་སོང་སྦྱངས་ནས། སླར་ལྷ་རྣམས་ལ་མཆོད་བསྟོད་བྱས་པ་དང་པོ་སྦྱོར་བ་དང༌། དེ་ནས་འབྱུང་བ་རིམ་བརྩེགས་ ནས་རྟེན་གཞལ་ཡས་ཁང་བསྐྱེད་པའི་ནང་དུ། གཙོ་བོའི་ཐུགས་ཀ་ནས་ལྷ་རྣམས་སྤྲོས་ཕྱོགས་མཚམས་སུ་བཀོད་པའི་དཀྱིལ་འཁོར་དཀྱིལ་འཁོར་རྒྱལ་མཆོག་དང༌། ཐུན་མོང་གི་ལས་འཚོལ་པ་ལས་རྒྱལ་མཆོག་ཏུ་བྱས་པའི་ཏིང་ངེ་འཛིན་གསུམ་བསྒོམས་ནས་བསྙེན་པ་བྱེད་པར་བཤད་པ་ལྟར་རམ། ཡང་ ན་ཀུན་རིག་གི་ཆོ་ཚོགས་བཤད་པ་ལྟར། ཏིང་ངེ་འཛིན་བསྒོམས་པའི་བསྙེན་པ་སྔོན་དུ་བཏང་ནས། སློབ་དཔོན་གྱི་བྱ་བའི་རིམ་པ། ས་ཆོག །སྟ་གོན། དཀྱིལ་འཁོར་ཐིག་ཆོན་གྱིས་བྲི་བའི་དབང་དུ་བྱས་ནས། དེ་དག་གི་དཀྱིལ་འཁོར་བཤད་དེ། ནང་གི་དཀྱིལ་འཁོར་འཁོར་ལོ་ནི། །ཤིན་ཏུ་ མཛེས་པའི་རྩིབས་བརྒྱད་ཅན། །ལྟེ་བ་བཅས་ཤིང་མུ་ཁྱུད་ལྡན། །ནང་གི་རིམ་པས་བྲིས་ནས་ནི། །མཚན་མ་འགོད་པ་ན་ལྟེ་བའི་ནང་དུ་ཤཱཀྱ་ཡི། །བདག་པོ་ཐུབ་པ་བྲི་བར་བྱ། །ཕྱག་ན་རྡོ་རྗེ་སྟོབས་ཆེན་ནི། །དཔའ་བོ་དེ་ཡི་སྤྱན་སྔར་བྲི། །ཤར་གྱི་ རྩིབས་སྟེང་དུ་རྒྱབ་ཏུ་འཁོར་ལོས་སྒྱུར་བ་བྲི། །གཡས་ཕྱོགས་ལྷོའི་རྩིབས་སྟེང་ལ་རྒྱལ་བའི་གཙུག་ཏོར་ལ། །གཡོན་པར་ཏེ་བྱང་དུ་རྣམ་པར་རྒྱལ་བ་བྲི། །གཟི་བརྗིད་ཕུང་པོ་མེ་ཡི་ཕྱོགས། ། ཆག་གིས་དབང་ལྡན་ཕྱོགས་སུ་ 10-10-41a གདུགས་དཀར་མོ། །རྣམ་པར་འཐོར་བ་རླུང་གི་ཕྱོགས། །རྣམ་པར་འཇོམས་པ་ནཻ་རི་ཏི། །ནི་བདེན་བྲལ་ལམ་སྲིན་པོར་བྲིས་ནས་ཕྱི་རོལ་བྲི་བྱ་སྟེ། །གྲུ་བཞི་པ་ལ་སྒོ་བཞི་པ། །སེང་གེ་རྟ་བབས་བརྒྱན་པར་བྱ། །དཔའ་བོས་ལྕགས་ཀྱི་ཞགས་པ་དང༌། ། ལྕགས་སྒྲོག་དྲིལ་བུ་སྙན་རྣམས་བཞག །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དུ། །བདུག་པ་ལ་སོགས་བྲི་བར་བྱ། །དེ་ནས་དྲི་ཞིམ་དྲི་ལ་སོགས། །རང་གི་ལུས་ནི་བསྐུས་པ་སོགས་ཆས་སུ་ཞུགས་ནས་ནི། །སྔར་བཤད་པ་བཞིན་རྡོ་རྗེ་འཛིན་མས་ཆད་ལྷག་གི་ཉེས་པ་བཞི་པ་ དང་ཡེ་ཤེས་པ་གཞུག་པའི་དོན་དུ་ཞུགས་ནས་ནི། །སྒོ་ཕྱོགས་སུ་འདུག་སྟེ་ཛཿཧཱུཾ་བཾ་ཧོཿབྷ་ག་ལྡན་བཅོམ་ལྡན་འདས་ཨེ་ཧྱེ་ཧི་ཚུར་གཤེགས་། མ་ཧཱ་ཀཱ་རུ་ཎི་ཀ་ཏྲྀ་ཤྱ་ཧོ་ཐུགས་རྗེ་ཆེན་པོ་ཅན་གཟིགས་ཤིག་གང་གིས་ན་ས་མ་ཡ་སྟྭཾ། དམ་ཚིག་ཅན་ཁྱེད་ཞེས་བྱ་བའི་སྔགས་ དང་ཕྱག་རྒྱ་ས་ལྷ་ཐམས་ཅད་སྤྱན་དྲང་ངོ༌། །དེ་ནས་ཡེ་ཤེས་པ་རྣམས་གཤེགས་པར་མོས་པ་བསྐྱེད་དེ། མཆོད་པ་བྱས་ནས་དགུག་གཞུག་བཅིང་དབང་དུ་བྱས་ཏེ་མཆོད་བསྟོད་ནས། སྔར་ཀུན་རིག་ཏུ་བཤད་པ་དེ་བཞིན་དུ་འཇུག་པའི་ཆོས་རྣམས་ཀྱིས་སློབ་དཔོན་དཀྱིལ་ འཁོར་དུ་ཞུགས་དབང་བླངས་ལ། དེ་ནས་སློབ་མ་བཅུག་སྟེ་དབང་བསྐུར་ན། ཕན་ཡོན་ནི་ངན་སོང་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དང༌། གོང་ནས་གོང་དུ་ས་རྣམས་སུ་ཡང་སྐྱེ་བར་འགྱུར་རོ། །བསྙེན་པ་ལས་སུ་རུང་སྟེ་བསྒྲུབས་ ན་དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །མཐར་ཐུག་སངས་རྒྱས་སུ་ཡང་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །སྔ་མ་བཞིན་དུ་ལས་ཐམས་ཅད་ཀྱང་བྱེད་ཅིང་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །བསྙེན་པ་ལས་སུ་རུང་ 10-10-41b བས་རྡོ་རྗེ་དང་བཅས་པའི་རྨ་བྱའི་སྒྲོས་བྱ་བ་པ་བྱས་པས་ནི་རིམས་ནད་ཐམས་ཅད་དང་གདོན་དང་དུག་ལ་སོགས་པ་ལས་ཐར་བར་འགྱུར་རོ། །ཡེ་ཤེས་དབབ་པའི་སྐབས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཕྱག་ན་རྡོ་རྗེའི་ཧཱུཾ་གི་རྣམ་པར་ཞུགས་པ་ཞེས་བྱ་བ་ལ་སོགས་པའི་མཐུས་ཞི་ སོགས་ཀྱི་ལས་ཐམས་ཅད་བྱེད་ནུས་པར་འགྱུར་རོ། །བརྟག་པ་གཞན་ནས་བསྟན་པའི་གྱི་ཆོ་གས་ཏེ་ལས་མཆོག་ཀྱང་འདིའི་སྒོ་ནས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་གཤིན་པོའི་དོན་བྱ་ཚུལ་སྟོན་ཏེ། ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་ལ་ སོགས་པ་ངན་སོང་གི་རྒྱུད་ཀྱི་དབང་དུ་གྱུར་པ་རྣམས་ཀྱི་ཤི་བའི་རོ་འམ། གཟུགས་བརྙན་ནམ། མིང་ལ་སོགས་པ་ཡང་བྲིས་ཀུན་རིག་ཏུ་ཇི་ལྟར་བཤད་པ་བཞིན་བྱའོ།། ཏེ་བཟླས་པ་དང་སྦྱིན་སྲེག་དང་དབང་རྣམས་ཀྱིས་སྔ་མ་བཞིན་དུ་རྟེན་བསྐྱེད་པ་ནི། རོ་ མཆོད་རྟེན་དུ་འཇོག་པ། དྲི་གཙང་ཁང་དུ་འཇོག་པ། དབང་བསྐུར་བ་རྣམས་ལ་རྟེན་ལྷར་བསྐྱེད་དགོས་ཤིང༌། ཤེས་བྱེད་རྣམས་ནི་སྔར་བཤད་ལ། རྣམ་ཤེས་འགུགས་པ་ཡང་ངེས་པར་དགོས་ཏེ། མིང་བྱང་ལ་བཀུག་ནས་དེར་ཞེན་ཏེ་སྒྲིབ་པ་སྦྱོང་བའི་ཐབས་རྣམས་བྱེད་དེ། རྣམ་ཤེས་བཀུག་པ་ལ་ལས་གཞན་ བྱེད་པར་སྣང་བས་ཀྱང་ཤེས་སོ། །རྣམ་ཤེས་མི་འགུགས་ན་མིང་བྲིས་པ་ལ་དགོས་པ་མེད་པའི་ཕྱིར་རོ། །ཚེ་དཔག་མེད་དུ་བཤད་པ་ལྟར་བགེགས་སྦྱངས་པ་དང༌། ཚེ་འཕོ་བའི་མདོ་དྲངས་ནས། ལྷན་ཅིག་སྐྱེས་པའི་འདྲེ་སྐྲོད་པར་ཡང་ཁ་ཅིག་འདོད་དེ། བྱས་ཀྱང་རུང་ངོ༌། །གཟུངས་སྔགས་བཟླས་པའི་ཆུ་དང༌། བྲབ་ པའི་ཕྱིར་བཟློག་རྣམས་ཀྱང༌། གོང་དུ་བྱེད་པར་གསུངས་པ་འདིར་ཡང་མཚུངས་ལ། ཤིས་བརྗོད་སྐྱབས་འགྲོ་སོགས་ཀྱང་དམ་པའི་ཕྱག་ལེན་ལ་འདུག་པ་ལྟར་ལེགས་སོ། །ཡུལ་འགའ་ཞིག་ན་ཟས་གཏོར་བྱེད་པ་ནི། ལྷར་བསྐྱེད་པ་ལ་འབུལ་བ་ལྟར་འཐད་ཀྱི། གཞན་བྱས་ཀྱང་དགོས་པ་མེད་དོ། ། 10-10-42a དེ་ལྟར་བྱས་ན་ཐེ་ཚོམ་མེད་པར། ངན་སོང་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱེད་དོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་སེང་གེའི་ལྟ་སྟངས་ཀྱིས། ནི་འཁོར་གྱི་དབུས་སུ་བག་ཚ་བ་མེད་པའི་ བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ཏེ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ཕྱག་རྒྱ་དམ་པ་ཡི། །མཚན་ཉིད་དམ་པ་བཤད་པར་བགྱི། །ཞེས་གསུངས་བ་དམ་བཅའོ། །འདི་དཔྱད་པ་ལ་བཞི། གང་ལ་རྒྱས་འདེབས་པའི་གཞི། །དེ་ལ་རྒྱས་འདེབས་བྱེད་ཀྱི་ཕྱག་ རྒྱ། རྒྱས་བཏབ་པའི་དོན། རྒྱས་བཏབ་པའི་དགོས་པའོ། །དེ་ལ་ཁ་ཅིག་ན་རེ། ལྷ་དམ་ཚིག་པ་ལ་ཡེ་ཤེས་པ་བཅུག་ནས། དབྱེར་མེད་དུ་བྱེད་པ་ཡིན་ཏེ། རྒྱས་འདེབས་ཀྱི་སྐབས་སུ་དེ་ལ་རྒྱས་འདེབས་སུ་མཛད་པའོ་སྙམ་དུ་བསམས་སོ། །དེ་ནི་འཐད་པར་མ་མཐོང་སྟེ། དམ་ཚིག་པ་ལ་ཡེ་ཤེས་པ་དབྱེར་ མེད་དུ་བྱས་པ་རྒྱས་བཏབ་པའི་དོན་ཡིན་གྱི་གདབ་གཞིར་མི་འཐད་དོ། །འོ་ན་རང་ལུགས་ཇི་ལྟར་ཡིན་ཞེ་ན། གཞི་དུས་ཀྱི་ལུས་ངག་ཡིད་བྱ་བ་དང་བཅས་པ་ནི་སྦྱང་གཞི། དེ་ལམ་གྱི་ཕྱག་རྒྱ་བཞིས་སྦྱངས་པས་འབྲས་བུའི་ཕྱག་རྒྱ་སྐུ་བཞིར་སྒྲུབ་པས། འདི་པའི་ལུགས་ཀྱིས་ཕྱག་རྒྱ་བཞིའི་རྒྱས་འདེབས་ ཀྱི་ནང་ནས་ལམ་གྱི་གནད་ཡོངས་སུ་རྫོགས་པ་ཞིག་ཐོན་དགོས་སོ། །དེའི་རྒྱུ་མཚན་གྱིས། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པ་ནི་རྒྱས་གདབ་གཞི་ཡིན་ནོ། །གཉིས་པ་འདེབས་བྱེད་ཕྱག་རྒྱ་ནི། ལག་པའི་ཕྱག་རྒྱ་ཁོ་ན་ལ་བཟུང་ན་ཁྱབ་ཆུངས་བས་འདི་ལ་གཉིས། དང་པོ་ནང་ གི་ཕྱག་རྒྱ་ནི། སྒྲུབ་པ་པོ་རང་གི་ལུས་ལྷ་དེ་དང་དེར་བསྐྱེད་པ་ནི་ཕྱག་ཆེན་ཡིན་ལ། སྙིང་གར་ཟླ་བའི་སྟེང་དུ་དང་པོའི་རྡོ་རྗེ་རྩེ་ལྔ་པ་སྒོམ་པ་ནི་དམ་རྒྱ། ཆོས་རྒྱ་ནི་ལྐོག་མར་ལྕེའི་སྟེང་དུ་རྡོ་རྗེ་དང༌། དེའི་ལྟེ་བར་ཆོས་ཀྱི་ཡི་གེ་འགོད་པ། སྙིང་གར་སྣ་ཚོགས་རྡོ་རྗེ་སེམས་པ་ནི་ནང་གི་ལས་རྒྱའོ། ། 10-10-42b ཕྱིའི་ཕྱག་རྒྱ་བཞི་ནི། ནང་གི་ཕྱག་རྒྱ་བཞིས་རྒྱས་འདེབས་པའི་ཚེ། ལག་པའི་ཕྱག་རྒྱ་བཞི་འཆིང་བའོ། །གསུམ་པ་བཏབ་པའི་དོན་ནི། ཕྱི་ནང་གི་ཕྱག་ཆེན་གཉིས་འཆིང་བ་ན། རང་གི་ལུས་ཀྱི་རྡུལ་ཕྲ་རབ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་སྐུའི་ཆ་ཐམས་ཅད་དང་དབྱེར་མེད་པར་མོས། ཕྱི་ནང་གི་དམ་ རྒྱ་གཉིས་འཆིང་བ་ན་རང་གི་སེམས་དང༌། སངས་རྒྱས་ཀྱི་ཐུགས་དབྱེར་མེད་པར་མོས། ཕྱི་ནང་གི་ཆོས་རྒྱ་གཉིས་འཆིང་དུས། རང་གི་ངག་དང་སངས་རྒྱས་ཀྱི་གསུང་དབྱེར་མེད་པར་མོས། ཕྱི་ནང་གི་ལས་རྒྱ་གཉིས་འཆིང་དུས། རང་གི་སྒོ་གསུམ་གྱི་བྱ་བ་དང༌། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ ལས་གསུམ་དབྱེར་མེད་པར་མོས་པ་ཡིན་ནོ། །ཕྱག་རྒྱའི་སྒྲ་དོན་ནི། ཕྱག་རྒྱ། རྟགས། མཚན་ཉིད། མཚན་མ་རྣམས་དོན་གཅིག་པས། མཚོན་པར་བྱེད་པའམ། དྲན་པར་བྱེད་པས་ཕྱག་རྒྱ་སྟེ། འབྲས་བུའི་ཕྱག་རྒྱ་ཆོས་སྐུ་དང་གཟུགས་སྐུ། དེའི་ཡན་ལག་གསུང་འཕྲིན་ལས་ཏེ་དེ་དག་དང་ གདབ་གཞི་དབྱེར་མེད་དུ་དྲན་པའོ། །ཡང་ན་འདེབས་བྱེད་དེས་གང་བ་གཞི་དེ་ལ་རྒྱས་བཏབ་པས། ལྷ་དེ་དང་དབྱེར་མེད་པ་ལས་འདའ་བར་དཀའ་བས་ཕྱག་རྒྱ་སྟེ། དཔེར་ན་རྒྱལ་པོའི་ཁྲིམས་སུ་བཅས་པའི་ཕྱག་རྒྱ་ལས་གཞན་གྱིས་འདའ་བར་མི་ནུས་པ་བཞིན་ནོ། །རྒྱུད་ཕྱི་མར། རྒྱལ་པོའི་ཕྱག་རྒྱ་མཆོག་ གི་ཁྲིམས། །འདའ་དཀའ་མི་ཕྱེད་དེ་བཞིན་དུ། །ཞེས་གསུངས་པ་ལྟར་རོ། །འོ་ན་རྒྱས་བཏབ་པའི་དོན་དེ་ལྟར་ཡིན་ན། དགོས་པ་དེ་ནང་གི་ཕྱག་རྒྱས་འགྲུབ་པས། ལག་པའི་ཕྱག་རྒྱ་འཆིང་མི་དགོས་པར་འགྱུར་སྙམ་ན་དེ་ནི་མ་ཡིན་ཏེ། དཔལ་མཆོག་གི་དོན། ཨ་བ་ཏ་རར་འདི་ལྟར་བཤད་དེ། དཔེར་ན། ལུས་དང་བྲལ་བའི་སེམས་ཡན་གར་བ་ནི་ནམ་མཁའ་དང་འདྲ་སྟེ་འགྲོ་འོང་སོགས་ཀྱི་བྱ་བས་སྟོང༌། སེམས་དང་བྲལ་བའི་ལུས་ཡན་གར་བ་ནི་རྩིག་པ་དང་འདྲ་བས་རང་གི་བྱ་བ་མི་འགྲུབ། ལུས་སེམས་གཉིས་ཚོགས་ནས་ཕན་ཚུན་གྲོགས་སུ་ཡོད་ན་རང་རང་གི་བྱ་བ་འགྲུབ་པ་གཞིན་དུ་ཕྱི་ནང་གི་ཕྱག་རྒྱ་ 10-10-43a གཉིས་ཀྱང་ཕན་ཚུན་གྲོགས་སུ་ཚོགས་ན་ཕན་ཚུན་གྱི་བྱ་བ་འགྲུབ་པ་ཡིན་ཏེ། དཔལ་མཆོག་ཏུ། སེམས་ནི་སྟོང་པ་སྒྱུ་མར་མཚུངས། །ལུས་དང་བྲལ་བར་མ་གྲུབ་སྟེ། །ལུས་དེ་ཡང་ནི་རྩིག་པ་འདྲ། །བྱ་བ་མེད་ཅིང་སེམས་དང་བྲལ། །དེ་བཞིན་ཕྱག་རྒྱ་རྣལ་འབྱོར་གྱི། །ཞེས་སོགས་གསུངས་པ་ལྟར་རོ། ། བཞི་པ་དགོས་པ་ལ་བཞི། སྲུང་བ་ཆེན་པོར་འགྱུར་བའི་དགོས་པ་ནི། རང་གི་ལུས་ངག་ཡིད་བྱ་བ་དང་བཅས་པ། ལྷའི་སྐུ་གསུང་ཐུགས་དང་དབྱེར་མེད་གཅིག་ཏུ་རྡོ་རྗེའི་སྐུར་བསྒྲུབས་པས། བགེགས་ཀྱི་གནོད་པས་མི་ཚུགས་པར་འགྲེལ་བས། རྣམ་སྣང་མངོན་བྱང་གི་ལུང་གིས་བསྒྲུབས་སོ། །གཉིས་པ་ མཐའ་གཉིས་ལས་གྲོལ་བའི་དགོས་པ་ནི། སྤྱིར་ཐེག་པ་ཆེན་པོའི་ལམ་གྱི་དགག་བྱ་ནི། སྲིད་པ་འཁོར་བའི་མཐའ་དང༌། ཞི་བ་མྱང་འདས་ཀྱི་མཐའོ། །མཐའ་དེ་གཉིས་ཕྱག་རྒྱ་བཞིའི་ལམ་གྱིས་གྲོལ་ཚུལ་ནི། ཐབས་དང་བྲལ་བའི་ཤེས་རབ་ཀྱིས་ནི་སྲིད་པའི་འཆིང་བ་ཙམ་བཅད་ནུས་ཀྱང་ཞི་བའི་མཐའ་མི་ ཁེགས་སོ། །འོ་ན་མཐའ་དེ་གང་གིས་སྤོང་ན། ཐབས་སྙིང་རྗེ་བསྒོམས་པའི་འབྲས་བུ་ཕྱག་ཆེན་མཚན་དཔེས་བརྒྱན་པའི་གཟུགས་སྐུར་ཤར་བས་ནི། ཞི་བའི་རྒུད་པ་ལས་གྲོལ་ལོ། །ཤེས་རབ་དང་བྲལ་བའི་ཐབས་ནི་ཇི་ཙམ་གོམས་ཀྱང་སྲིད་པའི་འཆིང་བ་ལས་མི་གྲོལ་བས། ཐུགས་གཉིས་སུ་མེད་པའི་དམ་ཚིག་གི་ཕྱག་རྒྱ་ དངོས་པོའི་དེ་ཁོ་ན་ཉིད་ལ་ཞུགས་པས་སྲིད་པའི་རྒུད་པ་ལས་གྲོལ་ལོ། །ཆོས་རྒྱ་དང་ལས་རྒྱ་གཉིས་ཀྱིས་ཕྱག་རྒྱ་སྔ་མ་གཉིས་ཀྱི་གྲོགས་བྱས་པས། སྐུ་ཕྱག་ཆེན་གྱི་ཆོས་འཁོར་བསྐོར་བས། གདུལ་བྱའི་རྒྱུད་ལ། འབད་མེད་ལྷུན་གྲུབ་ཏུ་འཇུག་པའི་འཕྲིན་ལས་བཞིས་རྒྱུན་མི་འཆད་དུ་གཞན་གྱི་དོན འབྱུང་ངོ༌། །གསུམ་པ་ལྷར་བཏགས་པའི་དགོས་པ་ནི། འབྲས་བུའི་ཕྱག་རྒྱ་བཞིའི་དབང་དུ་བྱས་ནས། དེ་ཡང་རི་རབ་དང་གཞན་འཕྲུལ་དབང་བྱེད་ཀྱི་གནས་རྣམས་སུ་སྟོན་པས་ཆགས་བྲལ་གྱི་སྐུ་སྤངས། འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་སྤྲུལ་བཤད་མཛད་དེ། ཕྱག་རྒྱ་བཞིས་རྒྱས་འདེབས་ 10-10-43b ཚུལ་གསུངས་ཤིང༌། དེ་ལྟར་རྒྱས་བཏབ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་རློབ་པར་ཞལ་གྱིས་བཞེས་སོ། །བཞི་པ་དམ་ཚིག་ཅན་གྱི་བཏགས་པའི་དགོས་པ་ནི། རྒྱུའི་ཕྱག་རྒྱ་བཞིའི་དབང་དུ་བྱས་ཏེ། སྒྲུབ་པ་པོས་ལུང་ལས་དེ་ལྟར་གསུངས་པ་ལྟར་ཤེས་ནས། སྨིན་བྱེད་དབང་རྣམ་ པར་དག་པ་ཐོབ། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང༌། གྲོལ་བྱེད་ལམ་སྒོམ་པ་ན། ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ་ལམ་བསྒོམས་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་ངེས་པར་བྱིན་གྱིས་རློབ་སྟེ། ལྷའི་ལུང་ལས། ལྷ་རྣམས་སྔོན་དམ་ཚིག་མཛད་པའི་རྗེས་སུ་དགོངས་ནས་ བྱིན་གྱིས་བརླབ་པ་མཛད་དེ། ཇི་སྐད་དུ་རྩ་བའི་རྒྱུད་ལས། ཡང་དག་བཅིངས་པ་ཙམ་གྱིས་ནི། །དམ་ཚིག་ཉམས་ལས་འཇིགས་པས་ན། །རྡོ་རྗེ་སེམས་དཔའ་ལ་སོགས་ཚོགས། །བྱིན་གྱིས་བརླབ་པ་ཉིད་དུ་འགྱུར། །ཞེས་གསུངས་པས་དེས་ན་རྒྱས་འདེབས་པ་ཡང་གཙོ་བོར་སྒྲུབ་པ་པོའི་ངོས་ ནས་ཡིན་གྱི། གཞན་ལ་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ནོ། །ཕྱག་རྒྱ་བཅིངས་ནས། ཐུགས་རྗེས་བསྐུལ་བའི་ཐུགས་མངའ་བའི། །རྒྱལ་བ་ཀུན་གྱིས་བྱིན་གྱིས་རློབ། །ཅེས་ཕྱག་རྒྱ་བཅིངས་པའི་དགོས་པ་བསྟན་ཏོ། །མཉམ་པར་བཞག་པས་དཔྲལ་བར་ནི། ། ཕྱག་འཚལ་བ་ཡི་ཐལ་མོ་སྦྱར། །སངས་རྒྱས་བདེ་གཤེགས་སྐྱེས་རྣམས་ཀྱིས། །ཕྱག་འཚལ་བ་ཡི་ཕྱག་རྒྱར་བཤད། །རྣལ་འབྱོར་རིག་པས་མགྲིན་ཕྱོགས་སུ། །ཐལ་མོ་སྙིམ་པར་སྦྱར་བ་ནི། །རྟག་ཏུ་པདྨའི་རིགས་ཉིད་ཀྱི། །པདྨའི་ཕྱག་ རྒྱ་ཡིན་པར་བཤད། །རྡོ་རྗེ་ཐལ་མོ་སྦྱར་ནས་ཀྱང༌། །སྙིང་གར་གུང་མོ་མཐའ་སྦྱར་བ། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་འདི། །དམ་ཚིག་ཐམས་ཅད་འཛིན་བྱེད་པའོ། །ལག་པ་གཡོན་པའི་ཐལ་མོ་གན་རྐྱལ་དུ་བཞག་ལ། དེའི་སྟེང་དུ་གཡས་ 10-10-44a པ་བཞག་སྟེ། མཐེ་བོའི་ངོས་གཉིས་སྤྲད་པ་ལ་ཞི་བའི་ལྟ་བས་བལྟ་བ་འདི་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ་དམ་ཚིག་ཡིན་པར་བཤད་དོ། །དེ་ཉིད་ལས་བཟློག་སྟེ། གཡོན་འོག་ཏུ། ལྟག་འོག་བསྣོལ་ལ། མཐེ་བོང་དང་མཐེའུ་ཆུང་གཉིས་གཅིག་ལ་གཅིག་ལུ་གུ་རྒྱུད་ཀྱི་ཚུལ་དུ་བསྣོལ་བ་སྙིང་གར་བཞག་པ་འདི་ནི། སློབ་དཔོན་དཀྱིལ་འཁོར་དུ་འཇུག་པའི་རྡོ་རྗེའི་རིགས་ཀྱི་རྡོ་རྗེ་འཛིན་མའི་དམ་ཚིག་གི་ཕྱག་རྒྱའོ། །ཐལ་མོ་རྫོགས་པར་སྦྱར་བ་ལས། །མཐེ་བོང་མཐེའུ་ ཆུང་གཉིས་བསྙེམས་ལ། ལྷག་མ་རྣམས་བརྐྱང་བ་འདི་ནི་པདྨའི་གཙོ་བོ་ཤཱཀ་ཐུབ་ཀྱི་དབང་བསྐུར་བ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྡོ་རྗེ་འདྲ་བར་བསྙམས་ལ། མཐེ་བོང་དང་མཐེའུ་ཆུང་གཉིས་བརྐྱང་པ་འདི་ནི་ཤཱཀ་ཐུབ་ ཀྱི་ཤར་ན་གནས་པའི་ཕྱག་ན་རྡོ་རྗེའི་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་ཞེས་པ་རྡོ་རྗེ་བསྡམས་པ་ལ་ཕལ་ཆེར་བསྙེགས་པ་ཡིན་ཏེ། དེ་ལྟ་མ་ཡིན་པར་ཕྱག་རྒྱ་་སྔ་མ་ལ་བྱེད་ན། མཐེ་བོང་དང་མཐེའུ་ཆུང་གཉིས་དེ་བཞིན་དུ་བྱས་ལ། ཞེས་པའི་ཚིག་དགོས་པ་མེད་པར་འགྱུར་ཏེ། མཐེ་བོང་ དང་མཐེའུ་ཆུང་གཉིས་བརྐྱང་པ་འདི་ནི་ཞེས་བརྐྱང་པར་སྣང་བའི་ཕྱིར་རོ། །དེ་བཞིན་དུ་མེད་པའི་ཁྱད་པར་མཛུབ་མོ་དང་སྲིན་ལག་པདྨ་འདྲ་བར་བཀུག་པ་ནི། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་གཉིས་རིན་པོ་ཆེ་ འདྲ་བར་བྱས་པ་ནི་རྒྱལ་མཆོག་རིན་ཆེན་གྱི་དབང་བསྐུར་བའི་ཕྱག་རྒྱའོ། །འདིས་གཞན་གསུམ་ཡང་མཚོན། མཐེའུ་ཆུང་དང་མཐེ་བོང་སོ་སོར་བསྡམས་ལ་ལྷག་མ་རྣམས་བརྐྱང་བ་ནི་སྡིག་པ་ཐམས་ཅད་སྲེག་པའི་ཕྱག་རྒྱའོ། །ལག་པ་གཡོན་པས་དེ་བཞིན་ 10-10-44b དུ་བསྒྱུར་ཞིང་བྱ་བ་ནི་ལས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་རིགས་མེ་ཏོག་ཆེར་བྱས་ཀྱི་ཕྱག་རྒྱའོ། །སྨྲི་ཏིས། དེ་ནས་ལག་གཡོན་བསྒྱུར་བྱ་སྟེ། །མི་འཇིགས་སྦྱིན་པར་བྱ་བ་ནི། །ཕྱག་རྒྱ་འདི་ནི་ལས་ཀྱིའོ། །སྙིམ་པ་བཟེད་པ་ཐུར་དུ་བླུགས་པ་ནི་བདུག་པ་མའི་ཕྱག་རྒྱའོ། །དེ་ལས་འོག་ནས་གྱེན་ དུ་འཐོར་བ་ནི་མེ་ཏོག་གི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་གྱེན་དུ་མཉམ་པ་མདུན་དུ་འཛིན་པ་ནི་མར་མེ་མའི་ཕྱག་རྒྱའོ། །དེ་ཉིད་ལས་དུང་དང་འདྲ་བར་བྱས་པ་ནི་འདི་འགྱུར་རྙིང་དུ་གྱེན་དུ་འཐོར་བ་ཟེར་ཡང༌། ཆག་གིས་འདི་ལྟར་བསྒྱུར་བ་ལེགས་སོ། ། དྲིའི་ཕྱག་རྒྱའོ། །དེ་ཉིད་ལས་རབ་ཏུ་བརྐྱང་སྟེ་འཛིན་པ་ནི་གཏོར་མའི་དང་ལྷ་བཤོས་དང་སྐད་དོད་གཅིག་པས་ལྷ་བཤོས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་གཉིས་ནང་དུ་བཀུག་པ་ནི་ཨརྒྷཾ་གྱི་ནི་མཆོད་ཡོན་གྱི་ཕྱག་རྒྱའོ། །མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔའི་དབང་དུ་བྱས་སོ། ། དཀྱིལ་འཁོར་འདི་ཉིད་ཀྱི་ལྷ་རྣམས་ཀྱི་དབང་དུ་བྱས་ནས་རྡོ་རྗེ་བཅིངས་པ་སྟེ་བསྡམས་པ་ལས་གུང་མོ་གཉིས་བསྙམས་ཏེ་ཚིགས་དང་པོ་བཅག་ལ་སོར་མོ་ཐམས་ཅད་བརྐྱང་བ་ནི་རླུང་ཕྱོགས་ཀྱི་རྣམ་པར་འཐོར་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་དང་མཐེའུ་ཆུང་ གཉིས་བཀུག་པ་ནི་ལྷོ་ནུབ་ཀྱི་རྣམ་པར་འཇོམས་པའི་ཕྱག་རྒྱའོ། །དེ་ཉིད་ལས་འོད་ཟེར་འབར་བ་འདྲ་བ་ནི། ཤར་ལྷོ་གཟི་བརྗིད་ཕུང་པོའི་ཕྱག་རྒྱའོ། །དེ་ཉིད་ལས་སྤྱི་བོར་བསྐོར་བ་ནི་བྱང་ཤར་གདུགས་དཀར་པོའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཁ་ གྱེན་དུ་བསྟན་པ་ལས་མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་བསྣོལ་ལ་མདུད་པ་གྱེན་དུ་བསྐོར་བ་ནི། ནུབ་ཀྱི་འཁོར་ལོའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཤིབས་ཏེ་འགྲེང་སྟེ་རྡོ་རྗེར་བྱས་ལ། མཛུབ་མོ་གཉིས་ཚིགས་བར་མ་བཅག་ 10-10-45a པ་རིན་པོ་ཆེ་ལྟར་བྱས་པའི་ལྷག་མ་རྣམས་ཕྱེ་སྟེ་འོད་ཟེར་འདྲ་བར་བྱས་པ་ནི་ལྷོར་འགོད་པ་རྒྱལ་བའི་གཙུག་ཏོར་གྱི་ཕྱག་རྒྱའོ། །དེ་བཞིན་དུ་མཛུབ་མོ་གཉིས་རྡོ་རྗེར་བྱས་ལ། སོར་མོ་ལྷག་མ་རྣམས་བསྡམས་ནས་རྡོ་རྗེ་འདྲ་བར་བྱས་པ་ནི་ བྱང་དུ་འགོད་པ་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །གཡས་པ་མཆོག་སྦྱིན་དུ་བྱས་ལ། གཡོན་པ་མི་འཇིགས་པ་སྦྱིན་པ་ནི་དེ་བཞིན་གཤེགས་པའི་ཡིན་ནོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བརྐྱང་སྟེ་རྡོ་རྗེ་འདྲ་བར་བྱས་པ་ནི་རྡོ་རྗེའི་ཕྱག་རྒྱའོ། །དེ་ ནས་གང་གི་ཀུན་རིག་བྱ། འོག་གི་འཁོར་ལོས་སྒྱུར་བའི་སེམས་དཔའ་བཅུ་དྲུག་གི་ཕྱག་རྒྱ་རྣམས་བསྟན་ཏེ་གོ་སླའོ། །བླ་མ་རྣམས་རྒྱུད་འདིར་དམ་ཚིག་གི་ཕྱག་རྒྱ་སྐབས་འདིར་དངོས་སུ་བསྟན། སྐུ་ལྷར་བསྐྱེད་ནས་བསྒོམས་པས་ཕྱག་ཆེན་བསྟན། གསུང་ཡིག་འབྲུ་འགོད་པ་དང༌། ལྷའི་ཐུགས་རྒྱུད་བསྐུལ་བའི་སྔགས་ རྣམས་ཀྱིས་ཆོས་རྒྱ་བསྟན། དེ་རྣམས་ཀྱི་ཤུགས་ལ་ལས་རྒྱ་ཡང་བསྟན་པར་བཞེད་དོ། །དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་པ་ནི་རྡོ་རྗེ་ལྕགས་ཀྱུའོ། །དེ་ཉིད་ལས་མེ་ཏོག་འདྲ་བར་བྱས་པ་ནི་མདའི་འོ། །དེ་ཉིད་ལས་སླར་བཀུག་སྟེ་མཐེ་བོའི་རྩེ་མོ་གཉིས་དང་ཕྲད་ པ་ནི་བློ་གྲོས་ལེགས་པའོ། །དེ་ཉིད་ལས་ཚིགས་བར་མ་བཅག་པ་ནི་རིན་པོ་ཆེའི་འོ། །དེ་ཉིད་ལས་སོར་མོ་རྣམས་འོད་ཟེར་འདྲ་བར་བཀྱེད་པ་ནི་གཟི་བརྗིད་ཀྱིའོ། །དེ་ཉིད་ལས་སྤྱི་བོར་བཞག་པ་ནི་དཔལ་གྱིའོ། །དེ་ཉིད་ལས་མདུན་དུ་བཞག་པ་ནི་བཞད་པའི་ འོ། །དེ་ཉིད་ལས་པདྨ་འདྲ་བར་བྱས་པ་ནི་པདྨའི་འོ། །དེ་ཉིད་ལས་རྩེ་མོ་ཡིད་ཙམ་བཀུག་པ་ནི་རལ་གྲིའི་འོ། །དེ་ཉིད་ལས་གདུ་བུ་འདྲ་བར་བྱས་པ་ནི་འཁོར་ལོའི་འོ། །དེ་ཉིད་ལས་པདྨ་འདྲ་ཚིག་གིས་པདྨའི་འདབ་མ་འདྲ་བར་བྱས་པ་ནི་ཟེར། བར་བྱས་པ་ 10-10-45b པ་ནི་ལྕེའིའོ། །དེ་ཉིད་ལས་རྩེ་མོ་ཡིད་ཙམ་བཀྱེད་པ་ནི་རྒྱ་གྲམ་མོ། །དེ་ཉིད་ལས་ཤིན་ཏུ་བཀྱེད་པ་ནི་སྲུང་བའིའོ། །དེ་ལས་རྩེ་མོ་གཉིས་སླར་བཀུག་པ་ནི་གནོད་སྦྱིན་གྱིའོ། །དམ་དུ་བཀུག་པ་ནི་བསྡམས་པའིའོ། །བསྡམས་པ་ཉིད་ལས་མདུན་དུ་བཞག་པ་ནི་བདུག་པའི་འོ། ། དེ་ཉིད་གྱེན་དུ་གཏོད་པ་ནི་ཕྲེང་བའི་འོ། །མདུན་དུ་མཐེ་བོ་གཉིས་བསྙམས་ཏེ་བསྐོར་བ་ནི་མར་མེའི་འོ། །དེ་ཉིད་བྱུག་པ་ལྟར་བྱས་པ་ནི་དྲིའི་འོ། །དེ་ཉིད་ལས་མཛུབ་མོ་གཉིས་བཀུག་པ་ནི་ལྕགས་ཀྱུའི་འོ། །དེ་ཉིད་ལས་རྩེ་མོ་གཉིས་སྤྲད་པ་ནི་ཞགས་པའི་འོ། །དེ་ཉིད་ལས་ གཅིག་ལ་གཅིག་མདུད་པ་ནི་ལྕགས་སྒྲོག་གིའི། །དེ་ཉིད་བསྐྱོད་པ་ནི་མཉེས་པའི་འོ།། །།སྐུ་གཟུགས་ཀྱི་ཆོ་ག་ཡང་འདིར་དེ་བཞིན་དུ་བྱ་སྟེ། ཅུང་ཟད་དམ་རྣམ་པ་གཅིག་དུ་ན་བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ དབུས་ཀྱི་ གཙོ་བོར་བྲི་བ་ནི་གདུལ་བྱ་མོས་པའི་དབང་དུ་བྱས་པར་ཀ་མ་དྷེ་ནུས་བཤད་དོ།། འི་གཟུགས་བྲིའོ་ཡང་ན་དབུས་ཀྱི་སྐུ་གཟུགས་ནི་མེ་ཏོག་གང་ཕོག་གི་དབང་དུ་བྱས་ནས། ལྷ་བཅུ་བདུན་གྱི་དཀྱིལ་འཁོར་ཚུལ་དུ་བྲིས་ལ། མེ་ཏོག་ལ་སོགས་པས་མཆོད་དེ། དེའི་སྤྱན་སྔར་ འབུམ་ཙམ་ཞིག་སྔར་བསྙེན་པ་བྱས་ནས་ལས་ཐམས་ཅད་བྱའོ། །ཞེས་པའི་བར་གྱིས་རས་བྲིས་ལ་བརྟེན་པའི་དངོས་གྲུབ་སྒྲུབ་ལུགས་སྟོན་ཏེ་རྒྱས་འབྲིང་བསྡུས་གསུམ་ཡོད་དོ། །དེ་ནས་ནོར་བུ་དྲི་མ་མེད་པ་ལས་གང་གི་རྣམ་པར་སྨིན་པ་དམྱལ་བ་སོགས་མྱོང་བའི་དྲིས་ལན་རྒྱས་པར་བསྟན་ པ་ནི། ཚངས་པ་ལ་སོགས་པའི་ལྷའི་ཚོགས་རྣམས་ཀྱིས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་ཀྱི་རྣམ་པར་སྨིན་པ་གང་གིས། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་དེ། དམྱལ་བ་ལ་ 10-10-46a སོགས་པ་སྡུག་བསྔལ་གྱི་དབང་དུ་གྱུར། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བྱིན་གྱིས་བརླབས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་ཉོན་ཅིག །འདི་ནི་སྔོན་གྱི་ལས་ཀྱི་སྒྲིབ་པ་ཡིན་ ཏེ། ཛམ་བུ་གླིང་གི་རིགས་འདི་ཉིད་ན་མཐའ་འཁོབ་པའི་རིགས་ངན་དུ་གཏོགས་པའི་རྒྱལ་པོ་ལུས་མི་བདེ་ཞེས་བྱ་བ་ཞིག་ཏུ་སྟོན་པ་འདིའི་བསྟན་པའི་སྔར་བྱུང་བར་གྱུར་ཏོ། །ཆག་གིས་ཞེས་བྱ་བ་ཞིག་བྱུང་སྟེ། དེས་མི་ཤེས་པའི་དབང་གིས་མི་དགེ་བའི་བཤེས་ གཉེན་ལ་བརྟེན་ནས། རང་ཉིད་རྒྱལ་པོ་འདོད་པའི་ཕྱིར། རང་གི་ཕ་སྲོག་འཚོ་བ་དང་ཕྲལ་བར་གྱུར་པ་དང་་ དེའི་མྱ་ངན་གྱིས་མ་ཡང་དུས་ལས་འདས་སོ། །ལན་ཅིག་ཅི་ཞིག་གི་རྐྱེན་གྱིས་ནགས་ཚལ་སྟུག་པ་གཞན་ཞིག་ཏུ་རྩེ་ཞིང་དགའ་བའི་ཕྱིར་ཉེ་ བར་སོང་ངོ་། །དེ་ན་ཡང་དྲང་སྲོང་དགོས་པ་མེད་པར་བྱམས་པ་ཞེས་བྱ་བ་ཞིག་གནས་ཏེ། དེ་མཐོང་བ་དང་རྒྱལ་པོ་ཤིན་ཏུ་ཡ་མཚན་སྐྱེས་ནས། ཀྱེ་མ་འདི་ལྟ་བུ་སེང་གེ་དང༌། སྟག་དང༌། རི་དྭགས་དང༌། ཕག་རྒོད་དང༌། བ་ལང་དང༌། མ་ཧེ་ལ་སོགས་པ་ དང༌། སྦྲུལ་དང༌། སྲེ་མོང་ལ་སོགས་པ་དང༌། སྦྲང་བུ་དང༌། སྦྲང་བུ་མ་ཆུ་རིངས་དང༌། སྦྲུལ་གདུག་པ་ཅན་རྣམས་ཀྱིས་གཙོ་བ་དང༌། བཟའ་བ་དང༌། བཏུང་བ་དང༌། བགོ་བ་དང༌། ལོངས་སྤྱོད་རྣམས་དང་རྣམ་པར་བྲལ་བ། རླུང་དང་གྲང་བས་ཡོངས་སུ་ གདུང་ཞིང་གཙེ་བ་དེ་ན། བདག་ཉིད་ཆེན་པོ་འདི་གནས་སོ་སྙམ་པར་སེམས་ཀྱིས་བརྟགས་ནས། དེའི་དྲུང་དུ་ཉེ་བར་སོང་སྟེ་ཕྱིན་པ་དང༌། དེ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཆེན་པོ་ཁྱོད་ཅིའི་ཕྱིར་ནི་རླུང་དང་ཚ་བ་ལ་སོགས་པའི་དཀའ་ 10-10-46b སྤྱད་ཀྱི་སྡུག་བསྔལ་གྱིས་བདག་ལ་གནོད་པ་བྱེད། ཅེས་དྲིས་སོ། །དྲང་སྲོང་གིས་སྨྲས་པ། སྐྱེས་བུ་ཆེན་པོ་ཞེས་རྒྱལ་པོ་ལ་བོས་ནས་བསྐལ་པ་བརྒྱ་ཕྲག་སྟོང་དུ་མར་སྒྲིབ་པའི་མི་དགེ་བའི་འབྲས་བུས་སྡུག་བསྔལ་མྱོང་བར་འགྱུར་བ་ལས། ཚེ་འདིར་དཀའ་སྤྱད་ཀྱི་ སྡུག་བསྔལ་གྱི་ཁུར་ཅུང་ཟད་ཙམ་ཞིག་བླངས་ནས་ལམ་ཉམས་སུ་བླངས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་དཀའ་སྤྱད་ཙམ་འདི་ནི་སྡུག་བསྔལ་མ་ཡིན་གྱི། སྐད་ཅིག་ཡུད་ཙམ་ཞིག་ འདྲ་བའི་ཚེ་འདིའི་ཡུལ་གྱི་བདེ་བ་རྗེས་སུ་མྱོང་བས་དུས་བསྐལ་པ་བརྒྱ་ཕྲག་དུ་མ་མུ་མཐའ་ཐུག་པ་མེད་པར་དྲག་ཅིང་རྩུབ་པའི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རྗེས་སུ་མྱོང་བར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། ཡུལ་གྱི་བདེ་བ་འདོད་པའི་ཕྱིར་དྲིན་ཆེ་བ་ཕ་མ་ ལ་སོགས་པ་ཡང་གསོད་པར་འགྱུར་ན། སྲོག་ཆགས་གཞན་ལྟ་ཅི་སྨོས་ཏེ། གཉེན་པོ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ལས་དཀར་ནག་གི་འབྲས་བུ་ཡོངས་སུ་མི་ཤེས་པའི་ཕྱིར་སྡིག་པ་ཐམས་ཅད་བྱེད་པར་འགྱུར་རོ། །དྲང་སྲོང་གིས་ སྨྲས་པའི་ཚིག་དེ་སྐད་ཐོས་པ་དང༌། སེམས་ཤིན་ཏུ་འཇིགས་སྐྲག་ཡིད་སྐྱོ་སྟེ། ལུས་སེམས་སྡུག་བསྔལ་ཐམས་ཅད་ཀྱིས་གཟིར་ནས་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་བྱ་བ་ཡོད་ན་དེ་ཅི་ཞིག །དེའི་རང་བཞིན་ ཇི་ལྟ་བུ་ཡིན་པ་དཀའ་ཐུབ་ཆེན་པོ་སྨྲོས་ཤིག་དང༌། དེ་ལ་ཁོ་བ་ཡང་སྐྱབས་སུ་འཆིའོ། །ཕ་མ་ལ་སོགས་གཙེས་པ་དང༌། སྲོག་ཆགས་རྣམས་ཀྱི་སྲོག་བཅད་ན་སྡིག་པའི་རྣམ་སྨིན་ཇི་ལྟ་བུ་ཞིག་ཐོབ་པར་འགྱུར། སངས་རྒྱས་དང་ཆོས་ 10-10-47a དང་དགེ་འདུན་སྐྱབས་གནས་སུ་ཡོངས་སུ་ཤེས་ན་བསོད་ནམས་ཅི་འདྲ་བ་ཞིག་ཡོངས་སུ་འཐོབ། ཕ་མ་བསད་པ་དྲིན་དུ་གཙོ་བས་སྲི་ཞུ་དང་སྲོག་ཆགས་རྣམས་ཀྱང་མ་བསད་ཅིང༌། སྙིང་རྗེས་སྲོག་གི་ཕན་བཏགས་ན་བསོད་ནམས་ཇི་འདྲ་བ་ ཞིག་ཐོབ། མཐའི་འབྲས་བུ་ཇི་ལྟ་བུ་ཞིག་འཐོབ། འདོད་པའི་ལོངས་སྤྱོད་སྤངས་ན་བསོད་ནམས་དང་འབྲས་བུ་ཇི་ལྟ་བུ་ཞིག་འཐོབ། དེ་ནས་དྲང་སྲོང་དེས་རྒྱལ་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་སྟེ་སེམས་ཅན་ཆེན་པོ་ཁྱོད། །ང་ཡི་ཚིག་འདི་ཉན་ འདོད་ན། །ཐལ་མོ་སྦྱར་ཏེ་ཕྱག་ཚོལ་ལ། །གུས་པར་ཉོན་དང་བཤད་པར་བྱ། །དེ་བཞིན་བགྱི་ཞེས་བསྒྲུབས་ནས་ནི། །ཅི་འདོད་པས་ནི་མཆོད་བྱས་ཏེ། །སངས་རྒྱས་སྤྱོད་ཡུལ་སངས་རྒྱས་ཀྱི། །ཟབ་མོའི་ཆོས་ནི་མཉན་པར་གྱུར། །སངས་རྒྱས་ཆོས་དང་ཚོགས་ དག་པར། །ཐོས་ནས་ཀྱང་ནི་སྐྱབས་སུ་སོང༌། །སངས་རྒྱས་རྣམས་ཀྱི་སྒྲིབ་མེད་ཆོས། །རྒྱལ་པོས་ཐོས་ནས་ ཆག་གིས་ཅི་བདོག་པས་ནི་ཟེར། དགའ་བར་གྱུར། །ཡི་དྭགས་བྱོལ་སོང་དམྱལ་བ་ཆག་གིས་མཉན་པར་བྱས་ཟེར་རྣམས། །སྡིག་ པ་མི་དགེ་བ་ཀུན་གྱི་འབྲས་བུ་སྟེ། །འདོད་པའི་ཡུལ་ལ་སྲེད་ཅིང་ལོངས་སྤྱོད་པ་དང་སྲོག་ཆགས་རྣམས། །གསོད་ཅིང་ཤིན་ཏུ་མི་བཟད་པ། །ཕ་མ་བཙེས་པ་སྟེ་མཚམས་མེད་པའི་ལས་བྱས་པའི་རྒྱུ་ལས་བྱུང༌། །བསྐལ་པ་དུ་མར་རབ་སྡུག་བསྔལ། །དམྱལ་ བའི་སྡུག་བསྔལ་མི་བཟད་པ། །མྱོང་དགོས་པར་ཤེས་ནས་དེར། མགོན་མེད་སྐྱབས་ཀྱང་མེད་པ་སྟེ། །གཏམ་དེ་ཐོས་ནས་མྱ་ངན་ཟུག་རྔུ་ཡིས། །རང་གི་ཡིད་ལ་གདུངས་པ་ན། །ཇི་ལྟར་རླུང་གིས་བསྐྱོད་པའི་མེ་མར་ཤི་བ་བཞིན་དུ། །དེ་ཉིད་དུ་ནི་དུས་ 10-10-47b ལས་འདས་སོ། །འོན་ཀྱང་དེ་ལྟར་ཤེས་ནས་སྔ་མ་ལ་འགྱོད་ཅིང་ཕྱིས་སྡོམ་པའི་སེམས་ཀྱིས་དྲང་སྲོང་ལ་བཤགས་པའི་ཕྱིར་འཆོས་པའི་ལས་ཀྱི་རྣམ་སྨིན་དེ་ཡིས་ནི། དགའ་དང་ལྡན་པའི་ལྷར་སྐྱེས་ནས། །བརྒྱ་བྱིན་ལྷ་ཡི་དབང་པོ་ཡི། །བློན་པོ་གཟུགས་དང་ལྡན་པ་ལ། ། ལྷ་རྣམས་ཀུན་དང་ཡིད་མཐུན་ཞིང༌། །རབ་དགའ་བདེ་དང་ལྡན་པར་སྐྱེས། །བདེ་བའི་མཆོག་ནི་མྱོང་གྱུར་ནས། །ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བར་གསུངས་པ་བཞིན། །སྔོན་གྱི་ལས་སྟོབས་ཅན་དེའི་མཐུས། །ངན་སོང་དུ་ཡང་ལྷུང་བར་འགྱུར། །དེ་ནས་ད་ལྟར་ལྷ་ དབང་པོ། །ཁྱོད་ཀྱི་ཆོ་ག་བྱས་ཤིང་སྡིག་པ་སྦྱངས་པའི་མཐུས་ཀྱང་དེ་ཉིད་ནི། །དགའ་ལྡན་གནས་ནི་དགའ་བའི་མཆོག །བདེ་མང་ཀུན་གྱི་གནས་སུ་སྐྱེས། །ལྷའི་དབང་པོ་ཉོན་ཅིག །གང་གི་ཚེ་སྔོན་བྱུང་བ་དེའི་ཚེ་དེའི་དུས་ན་དྲང་སྲོང་དུ་གྱུར་པ་ནི། གཞན་ཡིན་ པར་ཁྱོད་ཀྱིས་ཤེས་པར་མི་བྱའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དོ། །དེའི་ཕར་གྱུར་པ་གང་ཡིན་པ་དེ་ནི་གཞན་ཡིན་པར་ཁྱོད་ཀྱིས་ཤེས་པར་མི་བྱ་སྟེ། ལྷའི་ དབང་པོ་དེའི་ཚེ་དེའི་དུས་ན་ཁྱོད་ཉིད་དེའི་ཕར་གྱུར་ཏོ། །མ་གང་ཡིན་པ་དེ་ནི་གཞན་ཡིན་པར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་ཤ་ཅི་ཀ་ཉིད་ཡིན་ནོ། །འཁོར་གྱི་དཀྱིལ་འཁོར་གང་ཡིན་པ་དེ་ནི་གཞན་ཡིན་པར་མི་བལྟ་ཡི། ལྷའི་འཁོར་འདི་དག་ཉིད་ ཡིན་ནོ། །ཞེས་པའི་བར་རྣམས་ནི་སླ་བས་མ་བྲིས་སོ། །རྩ་རྒྱུད་དབང་རྣོན་རྒྱས་པ་ལ་དགའ་བའི་དབང་དུ་བྱས་ལ། དཀྱིལ་འཁོར་འདི་ལྷའི་རྣལ་འབྱོར་རྒྱས་པ་མི་ནུས་པ་མདོར་བསྡུས་པ་ལ་དགའ་བའི་དབང་དུ་གསུངས་པས། སེམས་དཔའ་རྣམས་དང་བསྐལ་བཟང༌། འཇིག་རྟེན་ཁོར་ཡུག་བྱེད་པ་ 10-10-48a རྣམས་མི་འཐད་པར་ཀ་མ་དྷེ་ནུས་བཤད་དོ། །ཤཱཀྱ་སེང་གེའི་དཀྱིལ་འཁོར་བཤད་པའི་རྗེས། དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་བུ་རྣམས་ཡིད་རབ་ཏུ་མགུ་ཞིང་རང་སྟེ། བ་སྤུའི་ཁུང་བུ་ནས་སྤུ་རྣམས་ལངས་ཤིང༌། རྒྱལ་བ་རྒྱལ་བ་ཞེས་ སྐད་ཆེན་པོས་བོས་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་མིང་བཅུ་འོ་འདིས་མངོན་པར་བསྟོད་དེ་གསོལ་བ་བཏབ་བོ། །འདི་རྣམས་མཉམ་སྦྱོར་དུ་རླུང་བཅུ་ལ་བཤད་ཅིང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་སུ་དབང་པོ་ལྔ་དང་ཡུལ་ལྔ་ལ་བཤད། སྒྲོན་གསལ་དུ། སྒྲ་དེ་དོན་དེ་ལ་ འཇུག་པར། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་གང་ལ་ཡང་མ་གྲགས་པས། དེ་བཞིན་གཤེགས་པས་གློ་བུར་དུ་བརྡ་མཛད་པས་སྒྲ་ཇི་བཞིན་མ་ཡིན་པར་གསུངས། འདིར་ནི་ཕྱག་རྡོར་གྱི་མཚན་བཅུ་ལ་བཤད་ཅིང༌། ཁ་ཅིག་གནོད་སྦྱིན་ གྱི་སྐད་ཀྱིས་བསྟོད་པ་ཡིན་ཟེར་རོ། །ཀོ་ཊཱ་ཁྱ། ཁྱོད་ནི་གླང་པོའི་རྣ་བ་ཅན། ཀོ་ཊཱ་ཝ། ཁྱོད་ནི་སེང་གེའི་རྣ་བ་ཅན། ཀོ་ཊ། ཁྱོད་ནི་མེ་ལྕེ་འབར་བ་ཅན། ཀོ་ཊ་ཝཥྩ། ཁྱོད་ནི་བདེན་པའི་སྤྲིན་ཡིན་ཏེ། ཀོ་ཊ་རཱ་ག་ཁྱོད་ནི་ཕ་ལྟར་སློབ་པ་ཡིན། ཀ་ལ་ཁྱཱ། ཁྱོད་ནི་མ་ལྟར་བསྐྱེད་པ་ཡིན། ཀོ་ལ་ ཝ། ཁྱོད་ནི་བརྟེན་པའི་ས་ཡང་ཡིན། ཀོ་ལ་ཁྱོད་ནི་ཆུ་བོའི་རྒྱུན་ཡིན་ཏེ། ཀེ་ལ་ཝཥྩ། ཁྱོད་ནི་འཐོར་བྱེད་རླུང་ཡིན་ནོ། །ཀོ་ལ་ཏ་ཐ། ཁྱོད་ནི་རིན་ཆེན་འབྱུང་གནས་ཚོགས་ཞེས་མཉམ་སྦྱོར་ལས་གསུངས་སོ། །བརྒྱ་བྱིན་ལ་སོགས་ལྷ་མཆོག་རྣམས། །སེམས་ཅན་ཀུན་ལ་ཕན་པ་ དང༌། །ཚེ་དང་བསོད་ནམས་སྤེལ་བྱའི་ཕྱིར། །མགོན་པོ་ཕྱག་ན་རྡོ་རྗེ་ཁྱོད་ལ་གསོལ་བ་འདེབས། །བཅོམ་ལྡན་འདས་ཚེ་ཐུང་བ་དང་སྐལ་བ་ཆུང་བ་རྣམས་ཀྱི་དོན་དང༌། ཕན་པ་དང༌། བདེ་བ་དང༌། ཚེ་རིང་བའི་སླད་དུ་བཤད་དུ་གསོལ། གསང་ 10-10-48b བའི་བདག་པོ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་འཁོར་མང་པོ་དེ་དག་ལ་གཟིགས་ནས། ལེགས་སོ་ཞེས་བྱ་བས་མགུ་བར་བྱས་ཏེ། ཚངས་པ་ལ་སོགས་པའི་ལྷའི་བུ་རྣམས། གང་ཁྱེད་ཀྱིས་འདི་ལྟ་བུའི་སྤོབས་པ་ཡང་དག་པར་བསྐྱེད་པ་དེ་ནི་ལེགས་སོ་ལེགས་སོ། །ལེགས་པར་སྒྲུབས་ཤིག་དང་བཤད་པར་བྱའོ།། །།དེ་ནས་དེ་བཞིན་གཤེགས་པ་ལྔའི་སྔགས་ལས་ཐོག་ ཆག་གིས་བརྒྱ་བྱིན་ལ་སོགས་པའི་ཞེས་བསྒྱུར མར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། སེམས་ཅན་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པས་ཁྱབ་པར་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པར་འཕེལ་བ་ཞེས་བྱ་ བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ༌། །ཨོཾ་པུ་ཎྱེ་བསོད་ནམས་པུ་ཎྱེ་བསོད་ནམས་མཧཱ་པུ་ཎྱེ་བསོད་ནམས་ཆེན་པོ་ཨ་པ་ར་མི་ཏ། དཔག་ཏུ་མེད་པ་ཨཱ་ཡུར་པུ་ཎྱེ། ཚེ་དང་བསོད་ནམས་ཛྙཱ་ན་སཾ་བྷ་ར། ཡེ་ཤེས་ཚོགས། ཨུ་ པ་ཙ་ཡ་ཧ་བར་འཕེལ་བར་ཀ་རཾ་ཎཾ་སྭཱཧཱ། བྱེད་པ་ལ་གཞི་ཚུགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་གཟུངས་འདི་བཤད་མ་ཐག་ཏུ་ངན་སོང་ཐམས་ཅད་རབ་ཏུ་ཞི་སྟེ། སེམས་ཅན་དམྱལ་བ་དང༌། བྱོལ་སོང་དང༌། ཡི་དྭགས་རྣམས་སུ་སྐྱེས་པའི་ སེམས་ཅན་ཐམས་ཅད་གྲོལ་བར་བདག་ཉིད་ཀྱིས་ཡང་དག་པར་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་སྣང་བར་བྱས་ཏེ། སྣང་བར་བྱས་ནས་ཀྱང༌། སངས་རྒྱས་ཀྱི་མཛད་པ་རྣམ་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས་ནས། དེ་བཞིན་ 10-10-49a གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཆོས་ཀྱི་ཡི་གེའི་དེ་ཉིད་དུ་ཞུགས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དཔག་ཏུ་མེད་པའི་རྡོ་རྗེ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་བཤད་དོ། །ཨོཾ་ཨ་མི་ཏེ། དཔག་ཏུ་མེད་པ། ཨ་མི་ཏ། དཔག་ཏུ་མེད་པ། ཨ་མི་ཏོདྦྷ་ཝེ། དཔག་ཏུ་མེད་པ་འབྱུང་བ། ཨ་མི་ཏ་སམྦྷ་ཝེ། དཔག་ཏུ་མེད་པ་ཡང་དག་པར་འབྱུང་བ། ཨ་མི་ཏ་བི་ཀནྟེ། དཔག་ ཏུ་མེད་པ་རྣམ་པར་གནོན་པ། གཱ་མི་ནི། བགྲོད་པ། གོང་འོག་གི་འགྲེང་བུ་འདི་རྣམས་རྒྱ་དཔེ་ལ་མེད་བོད་ཀྱིས་འདི་ལྟར་བསྟན་ཞེས་བླ་མ་ཆག་གསུང༌། སརྦྦ་ཀརྨྨ་ཀླེ་ཤ། ལས་དང་ཉོན་མོངས་པ་ཐམས་ཅད། ཀྵ་ཡཾ་ཀ་རེ་ཟད་པར་མཛོད། སྭཱཧཱ། དེ་ནས་འདི་བཤད་མ་ཐག་ཏུ་དེ་བཞིན་དུ་ སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞིའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་སྒྲིབ་པ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་ གཅོད་པ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ༌། །ཨོཾ་ཀཾ་ཀ་ནི་སྡིག་པ་རྣམས། ཀཾ་ཀ་ནི་སྡིག་པ་རྣམས། རོ་ཙ་ནི་ཉམས་པར་གྱིས། རོ་ཙ་ནི་ཉམས་པར་གྱིས། ཏྲོ་ཊ་ནི་ཆད་པའམ་དུམ་བུར་གྱིས། ཏྲོ་ཊ་ནི་ཆད་པའམ་དུམ་བུར་གྱིས། ཏྲཱ་ས་ནི་ སྐྲག་པར་གྱིས། ཏྲཱ་ས་ནི་སྐྲག་པར་གྱིས། པྲ་ཏི་ཧ་ན་སོ་སོར་བསྣུན་པའམ་རབ་ཏུ་ཆོམས། པྲ་ཏི་ཧ་ན་སོ་སོར་བསྣུན་པའམ་རབ་ཏུ་ཆོམས། སརྦྦ་ཀརྨྨ་པ་རཾ་པ་རཱ་ཎི་ལས་ཐམས་ཅད་ཕ་རོལ་ནས་ཕ་རོལ་ཏུ་གྱིས། སརྦྦ་སཏྭཱ་ནཱཾ་ཙ་སེམས་ཅན་ཐམས་ཅད་ཀྱི་ཞེས་པའོ། །སྭཱཧཱ། འདི་བཤད་ 10-10-49b མ་ཐག་ཏུ་ཡང་ཐམས་ཅད་དེ་བཞིན་དུ་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྒྲིབ་པ་ཐམས་ཅད་དྲི་མ་མེད་ཅིང་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྒྲིབ་པ་མ་ ལུས་པར་འཇོམས་པ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ༌། །ཨོཾ་རནྟེ་དཀོན་མཆོག །རནྟེ་རིན་ཆེན། མཧཱ་རཏྣེ་རིན་ཆེན་ཆེན་པོ། རཏྣ་སཾ་བྷ། རིན་ཆེན་ ཆག་གིས་འདི་ལྟར་བསྒྱུར་བ་ལེགས་སོ། འབྱུང་བ། རཏྣ་ཀི་ར་ཎེ་རིན་ ཆེན་འོད་ཟེར། རཏྣ་མཱ་ལ་རིན་པོ་ཆེའི་ཕྲེང་བ། བི་ཤུདྡྷེ་རྣམ་པར་དག་པ་ཞེས་བོས་ནས། ཤོ་དྷ་ཡ་སྦྱོངས་ཤིག །སརྦྦ་པཱ་པཾ་སྡིག་པ་ཐམས་ཅད། ཧཱུཾ་ཏྲཊ་ཞས། དེ་ནས་འདི་བཤད་མ་ཐག་ཏུ་བདུད་ཀྱི་གནས་ཐམས་ཅད་བཅོམས། རྣམ་པར་བཅོམས་པར་གྱུར་ཏོ། །དེ་ ནས་ཡང་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་མི་ཆོམས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་གཟུངས་འདི་རང་གི་ཐུགས་ཀ་ནས་ ཕྱུང་ངོ་། །ཨོཾ་ཨ་མོ་གྷ་དོན་ཡོད་གྲུབ་པ། ཨ་པྲ་ཏི་ཧ་ཏ་མི་ནམས་པ། སརྦྦ་ཨཱ་ཝ་ར་ཎ་སྒྲིབ་པ་ཐམས་ཅད། བི་ཤོ་དྷ་ནི་རྣམ་པར་སྦྱོངས། ཧ་ར་ཕྲོགས། ཧ་ར་ཕྲོགས་ཧཱུཾ་ཕཊ། འདི་བཤད་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་རབ་ཏུ་གཡོས། ཡང་ དག་པར་རབ་ཏུ་གཡོས་སོ། །བསྐྱོད། རབ་ཏུ་བསྐྱོད། ཡང་དག ས་གཡོ་བ་ལ་རྒྱུ་དྲུག་ལས། རླུང་འཐབས་པ། ཆུས་གཡོ་བ། བདུད་ཀྱིས་གཡོ་བ། བྱང་ཆུབ་སེམས་དཔས་ས་ནོན་པ། སངས་རྒྱས་པ། ཆོས་ཟབ་མོ་གསུངས་པ་རྣམས་ལས། འདི་ཕྱི་མའི་དབང་དུ་བྱས་པ་ཡིན་ཞེས་སྔ་མ་དག་གིས་གསུངས་སོ།། 10-10-50a པར་རབ་ཏུ་བསྐྱོད། བསྒུལ། རབ་ཏུ་བསྒུལ། ཡང་དག་པར་རབ་ཏུ་བསྒུལ་ནས། རྨད་ཀྱི་ཡ་མཚན་དུ་མ་ལྟས་ཆེན་པོ་བཅོ་བརྒྱད་འཇིག་རྟེན་དུ་སྣང་བར་གྱུར་ཏ། །བསྙེན་པ་ལས་སུ་རུང་བའི་སློབ་དཔོན་གྱིས། དེ་ནས་སའི་ཆོ་ག་སྟ་གོན་དུ་གནས་པ་ རྣམས་སོང་ནས། དཀྱིལ་འཁོར་གཞི་བྲི་བ་ནི་འདི་ཡིན་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ། །སྒོ་བ་རྣམས་དང་ལྡན་པ་སྟེ། །རྟ་བབས་བཞི་དང་ལྡན་པར་བྱ། །ལྟ་བ་དང་ནི་སྒོ་ཁྱུད་ལྡན། །དེ་ཡི་དབུས་སུ་འཁོར་ལོ་ཡི། །དཀྱིལ་འཁོར་དམ་པ་བྲི་བྱ་སྟེ། ། རྩིབས་བཞི་དག་དང་ལྡན་པ་ལ། །ལྟ་བའི་དཀྱིལ་འཁོར་ལྡན་པར་བྱ། །མཚན་མ་བྲི་བའི་སྐབས་སུ། དེ་ཡི་དབུས་སུ་གཙོ་བ་ནི། །ཕྱག་ན་རྡོ་རྗེ་སྟོབས་ཆེན་པོ། །ཕྱག་ཆག་གིས་འཁྱོར་དང་ཟེར། ན་རྡོ་རྗེ་དྲིལ་བསྣམས་ཤིང༌། །ཟླ་བ་རྒྱས་པའི་ཞལ་འདུམ་བྲི། ། ཤར་གྱི་རྩིབས་ཀྱི་སྟེང་དུ་ནི། །མགོན་པོ་མི་བསྐྱོད་བྲི་བར་བྱ། །ལྷོ་ཡི་ཕྱོགས་སུ་རིན་ཆེན་བྲི། །ནུབ་ཕྱོགས་ཆུ་སྐྱེས་པདྨ་ལ། །བྱང་ཕྱོགས་སུ་ནི་གདོན་མི་ཟ། །དཔའ་བོ་སྟོབས་ཆེན་བྲི་བར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ནི། །འཁོར་ལོས་ སྒྱུར་བའི་ཆ་ལུགས་དང༌། །ཟླ་བའི་དཀྱིལ་འཁོར་མདོག་འདྲ་ཞིང༌། །སྟེ་ཐམས་ཅད་སྐུ་མདོག་དཀར་པོ། རྒྱན་རྣམས་ཀུན་གྱིས་བརྒྱན་པ་དང༌། །ཕྱག་ནི་གཡས་མཆོག་སྦྱིན་གཡོན་མི་འཇིགས་པ། །རྡོ་རྗེ་སྐྱིལ་མི་ཀྲུང་བཞུགས་བྲི། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་ དུ། །དེ་བཞིན་བདུག་སོགས་ཐམས་ཅད་བྲི། །སྒོ་བ་དག་ཀྱང་ཁྲོས་པ་ལ། །ཁྲོ་བོའི་དབང་དུ་གྱུར་པ་བྲི། །འདིར་སྒོ་བ་རྣམས་ཁྲོ་ ༈ ཞེས་གསུངས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱག་རྒྱ་རིགས་ལྔ་སྤྱི་འགྲོ་ལྟར་མཛད་པ་མི་ལེགས། ཀུན་རིག་བོར་བྲི་པར་བཤད་པ། 10-10-50b སོགས་གཞན་ལ་ཡང་མཚོན་པ་ཡིན་ནོ། །ཆད་ལྷག་གི་ཉེས་པ་ཞི་བའི་དོན་དུ། དེ་ནས་རྣལ་འབྱོར་ཅན་སློབ་དཔོན་ཉིད་དཀྱིལ་འཁོར་དུ་ཞུགས། །མེ་ཏོག་དོར་བསྐོར་ཏེ་ཕྱིར་བྱུང་སྒོ་ཕྱོགས་སུ་འདུས་ནས་ ༈ སྔགས་ཀྱི་ལྷ་རྣམས་སྤྱན་དྲངས་ཏེ་ཛཿཧཱུཾ་བཾ་ ཧོཿ ཨོཾ་བྷ་ག་ཝཱན་བཅོམ་ལྡན་འདས་བཛྲ་ཨེ་ཧྱེ་ཧི་རྡོ་རྗེ་ཆུར་བྱོན་ཞེས་སྤྱན་དྲངས་ས་མ་ཡ་སྟྭཾ། དམ་ཚིག་ལ་གནས་པར་མཛོད། དེ་ནས་གཙོ་བོ་བྱོན་པ་དང༌། །མདོར་ན་མཆོད་པ་བྱས་ནས་ཀྱང༌། །དགུག་གཞུག་སོགས་ དཀྱིལ་འཁོར་བསྒྲུབས་ཅིང་མཆོད་ནས། སློབ་དཔོན་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ཏེ་དབང་བླངས་ལ་དེ་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཕྱིར། འཆི་བདག་ནི་མ་རུངས་ཤིང་སྲོག་འཕྲོག་པ་སྦྲུལ་གྱི་གདུག་པ་དང་འདྲ་བས་འཇིགས་པ་རྣམས། །འཆི་བདག་ གཞོམ་ཕྱིར་གཞུག་པར་བྱ། །ཨོཾ་བཛྲ་ས་མ་ཡ་ཧཱུཾ། སྔགས་འདིས་རྡོ་རྗེ་ཏི་རིན་ཏི་རི་བཅིང༌། །ཚུལ་ཇི་ལྟར་སྙམ་ན། ལག་ན་རིན་ཆེན་ཐོགས་ཏེ་གཞུག །ཡང་ན་མེ་ཏོག་ཕྲེང་བ་སྟེ། །དེ་ནི་དཀྱིལ་འཁོར་ཉིད་དུ་དོར། །ཨོཾ་པྲ་ཏཱིཙྪ་བཛྲ་ཧཱུཾ། དེ་ནས་མནའི་ཆུང་མ་ཚིག་སྦྱིན་པར་བྱ་སྟེ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། དེ་ནས་ནི་མཐའ་མེད་པ་སྟེ་རྡོ་རྗེའི་ཁྲོ་བོ་ཐམས་ཅད་བསྡུས་པ་མེ་ལྟར་འབར་བ་ཡིན་པས། དེའི་ཕྱག་རྒྱ་བཅིངས་ནས་དཀྱིལ་འཁོར་དུ་སློབ་མ་འཇུག་པའོ།། འདིས་གདོང་གཡོགས་དགྲོལ་བར་བྱ་སྟེ། ཨོཾ་ བཛྲ་རྡོ་རྗེ་ཧཱ་སྱ་བཞད་པས་ཨུད་གྷ་ཊ་ཡ་ཧཱུཾ། ཕྱེ་ཞིག །དེ་ནས་འདིས་བསྟན་པར་བྱ་སྟེ། ཨོཾ་བཛྲ་པཱ་ཤྱ་ཧོཿཀྱེ་རྡོ་རྗེ་ལྟོས་ཤིག །དེ་ནས་འདིས་དབང་བསྐུར་བར་བྱའོ། །རིགས་ལྔའི་དབང་ཨོཾ་བཛྲ་ཨ་བྷི་ཥཱི་ཉྩ་རྡོ་རྗེ་རིགས་ཀྱིས་མངོན་པར་དབང་བསྐུར། ཧཱུཾ། མི་བསྐྱོད་ 10-10-51a པའི་ས་བོན་དེས་གཞན་རྣམས་ཀྱང་འགྲེའོ། །ཨོཾ་བུདྡྷ་སངས་རྒྱས། ཨ་བྷི་ཥཱིཉྩ་ཨོཾ་མངོན་པར་དབང་བསྐུར། ཨོཾ་རཏྣ་རིན་ཆེན་ཨ་བྷི་ཥཱིཉྩ་ཏྲཱཾ། ཨོཾ་པདྨ་ཨ་བྷི་ཥཱིཉྩ་ཧྲཱིཿ ཨོཾ་ཀརྨྨ་ལས་རིགས་ཨ་བྷི་ཥཱིཉྩ་ཨཱཿ དེ་ནས་བུམ་པའི་དབང་བསྐུར་བར་བྱའོ། །བུམ་པའི་དབང༌། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥཱིཉྩ་ཧཱུཾ། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥཱིཉྩ་ཨོཾ། ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥཱིཉྩ་ཏྲཱཾ། ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥཱིཉྩ་ཧྲཱིཿ ཨོཾ་ཀརྨྨ་ཀ་ལ་ཤ་ཨ་བྷི་ཥཱིཉྩ་ཨཿ དེ་ནས་ཕྲེང་བའི་དབང་བསྐུར་བར་བྱའོ། །ཕྲེང་བའི་དབང་ཨོཾ་རཏྣ་མཱ་ལ་རིན་ པོ་ཆེའི་ཕྲེང་བ། ཨ་བྷི་ཥཱིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། དར་དཔྱངས་ཀྱི་དབང༌། ཨོཾ་བཛྲ་རྡོ་རྗེ་ཕཊ་དར་དཔྱངས་ཨ་པ་ན་འཆིང་བ་ཨ་བྷི་ཥཱིཉྩ་ཏྲཱཾ། ཕྱག་རྒྱའི་དབང་ཨོཾ་བུདྡྷ་མུ་དྲཱ་ཕྱག་རྒྱའི་ཕྱག་མཚན། ཨ་བྷི་ཥཱིཉྩ་ཨོཾ། ཨོཾ་བཛྲ་མུ་དྲཱ་ཨ་བྷི་ཥཱིཉྩ་ཧཱུཾ། ཨོཾ་རཏྣ་མུ་དྲཱ་ཨ་བྷི་ཥཱིཉྩ་ཏྲཱཾ། ཨོཾ་ པདྨ་མུ་དྲཱ་ཨ་བྷི་ཥཱིཉྩ་ཧྲཱིཿ ཨོཾ་ཀརྨྨ་མུ་དྲཱ་ཨ་བྷི་ཥཱིཉྩ་ཨཱཿ མིང་དབང་། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥཱིཉྩ་ཧཱུཾ། ཨོཾ་ཧཱུཾ་ཧྲཱཾ་ཧྲཱིཿཨཱཿ ས་བོན་བསྡུས། ཕྲིན་ལས་ཀྱི་དབང་ཨོཾ་བཛྲ་ཀརྨྨ་རྡོ་རྗེའི་ཕྲིན་ལས་ཨ་བྷི་ཥཱིཉྩ་ཧཱུཾ་ཨཱཿ ཆག་གིས། འཁོར་ལོའི་དབང་ཨོཾ་བཛྲ་ཙ་ཀྲ། འཁོར་ ལོ། ཨ་བྷི་ཥཱིཉྩ་ཧཱུཾ་བྷྲུཾ། བདག་པོའི་དབང་ཨོཾ་བཛྲ་ཙ་ཀྲ་ཨ་དྷི་པ་ཏི་ཏྭ་ཨ་བྷི་ཥཱིཉྩ་བདག་པོའི་མངོན་པར་དབང་བསྐུར་བ་ཨོཾ་ཨོཾ་ཨོཾ། ཧཱུཾ་ཧཱུཾ་ཧཱུཾ། ཏྲཱཾ་ཏྲཱཾ་ཏྲཱཾ། ཧྲཱིཿཧྲཱིཿཧྲཱིཿ། ཨཱཿཨཱཿཨཱཿ། གཟུང་མའི་དབང་ཨོཾ་བཛྲ་དྷཱ་ར་ཎི་གཟུངས་མ་ཨ་བྷི་ཥཱིཉྩ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ དྷཱ་ར་ཎི་ཨ་བྷི་ཥཱིཉྩ་ཨོཾ། ཨོཾ་རཏྣ་དྷཱ་ར་ཎི་ཨ་བྷི་ཥཱིཉྩ་ཏྲཱཾ། ཨོཾ་པདྨ་དྷཱ་ར་ཎི་ཨ་བྷི་ཥཱིཉྩ་ཧྲཱིཿ། ཨོཾ་ཀརྨྨ་དྷཱ་ར་ཎི་ཨ་བྷི་ཥཱིཉྩ་ཨཱཿ གསང་བའི་དབང་། ཨོཾ་སརྦྦ་ཏ་ཐཱ་ག་ཏ་གུ་ཧྱ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དབང་ཨ་བྷི་ཥཱིཉྩ་ཨོཾ། ཨོཾ་བཛྲ་རྡོ་རྗེའི་ 10-10-51b གུ་ཧྱ་གསང་བ་ཨ་བྷི་ཥཱིཉྩ་ཧཱུཾ། ཨོཾ་རཏྣ་གུ་ཧྱ་ཨ་བྷི་ཥཱིཉྩ་ཏྲཱཾ། ཨོཾ་པདྨ་གུ་ཧྱ་ཨ་བྷི་ཥཱིཉྩ་ཧྲཱིཿ ཨོཾ་ཀརྨྨ་གུ་ཧྱ་ཨ་བྷི་ཥཱིཉྩ་ཨཱཿ སློབ་དཔོན་གྱི་དབང་། ཨོཾ་པྲཛྙཱ་ཤེས་རབ་ཨུ་པཱ་ཡ་ཐབས་ས་མ་ཡོ་ག་མཉམ་པར་སྦྱོར་བ་ཨ་བྷི་ཥཱིཉྩ་མངོན་པར་དབང་བསྐུར་བ་ཧཱུཾ་ཨཱཿ། ས་ བོན་དེ་ལྟར་དབང་བསྐུར་ནས་ཚེ་བསྲིང་བའི་རིག་པ་འདི་སྦྱིན་པར་བྱའོ། །ཁ་ཅིག་རྗེས་སུ་གནང་བའི་རིགས་ཡིན་ཟེར་རོ། །ཨོཾ་བྷྲུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཱཿདེ་ཡི་སྒྲུབ་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཟླ་བའི་འོད་ཅན། ཟླ་ བའི་དཀྱིལ་འཁོར་ལ་བཞུགས་ཤིང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་མི་འཇིགས་པ་དང༌། མཆོག་སྦྱིན་དུ་མཛད་པ་ལས་བདུད་རྩི་འཛག་པར་བྲིའོ། །ལྷས་བྱིན་གྱིས་བརླབ་པའི་ཕྱིར། དེའི་འོག་ཏུ་སྒྲུབ་པ་པོ་ཐལ་མོ་བརྐྱང་བ། གདོང་གྱེན་ དུ་བཅོམ་ལྡན་འདས་ལ་བལྟ་བར་བྲིས་ལ་མཆོད་པ་རྣམ་པ་ལྔ་མཆོད། དེའི་སྤྱན་སྔར་ལྷའི་རྣལ་འབྱོར་སྔོན་དུ་སོང་བའི་བསྙེན་པ་འབུམ་བཟླ་བར་བྱའོ། །དེ་ནས་སྒྲུབ་པ་ནི་ཟླ་བ་ཉ་བ་ན་མཆོད་པ་ཆེན་པོ་བྱས་ཏེ། རྫས་ལ་བརྟེན་པའི་དངོས་གྲུབ་སྒྲུབ་པ་ནི། བ་ དམར་སེར་གྱི་མར་སྣོད་གསར་པར་བཅུག་ལ། གཡོན་པའི་རྡོ་རྗེ་མནན་གསེར་དངུལ་གྱི་རྡོ་རྗེ་དང་བཅས་པའི་ལག་པས་སྣོད་ཀྱི་ནང་དུ་ཏེ། སྣོད་ཀྱི་སྟེང་དུ་བཅོམ་ལྡན་འདས་ཀྱི་བྲིས་སྐུ་ལ་རབ་ཏུ་སེམས་ཤིང༌། ཆག་གིས་བདུད་རྩི་སྣོད་ཀྱི་ནང་དུ་འཛག་པར་བསམས་ ལ། མཚན་གཅིག་ཐོག་ཐག་བཟླ་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྟགས་དྲི་མནམ་ཞིང་སྔོན་མ་བྱུང་བའི་དྲིའི་ངད་ལྡང་ལ། རླངས་པའམ། དུ་བའམ། མེ་འབྱུང་ངམ། འོད་ཟེར་རམ། མེ་སྒྲོན་ནམ། འོད་འབྱུང་ངམ། དེ་ལ་སོགས་པའི་ 10-10-52a མཚན་མ་བྱུང་ན། མར་དེ་འམ། མར་གསར་རམ། ཏིལ་མར་རམ། ཆུ་འམ། འོ་མ་འམ། ཞོ་འམ། ཆང་ངམ། ཁྲག་གམ། ཞག་གམ། ཀླད་པའམ། ཤའམ། གང་ཡང་རུང་བ་སྔར་གྱི་མར་དེ་ལ་བསྲེས་ལ་ཅུང་ཟད་རབ་ཏུ་སྒྲུབ་སྟེ། ནང་པར་འཕྲོག་པ་ དགག་པའི་ཕྱིར་སྔར་བདག་བསྲུང་བ་ལ་སོགས་པ་བྱས་ནས། བདག་ཉིད་སྦྱངས་ཏེ། ལྷར་བསྐྱེད་ནས་འཐུངས་སམ་ཟོས་ན་མཚན་མ་འམ་ཕན་ཡོན་ནི། ཇི་ལྟ་བ་བཞིན་བྱུང་ན་ནི། ནམ་ཉི་ཟླ་ཡོད་ཀྱི་བར་དུ་ཚེ་རིང་ཞིང་རྡོ་རྗེ་དང་མཚུངས་པར་འགྱུར་ ཏེ། རྟགས་ཐམས་ནི་དངོས་གྲུབ་ཐ་མ་འགྲུབ་པས་འདི་ལ་ཐེ་ཚོམ་མེད་དོ། །མཚན་མ་མ་བྱུང་ན་ཡང་དེ་ཟོས་ན་འཇིག་རྟེན་ན་ནད་མེད། ལྡོབ་རྐྱེན་ལུས་ལ་སྐྲ་དཀར་དང་གཉེར་མ་མེད་པར་འགྱུར་རོ། །ལུས་བརྟན་ཞིང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། ། གཞན་ཡང་བཟླས་པ་བྱས་པ་ཙམ་གྱིས། ཞི་བ་དང་རྒྱས་པ་དང་དབང་ལ་སོགས་པའི་ལས་རྣམས་བརྟགས་མི་དགོས་པར་འགྱུར་ཏེ་ཐེ་ཚོམ་མེད་དོ། །དེ་ནི་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་ལས་ཐོག་མར་རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་སྟོན་ཏེ། དེ་ ནས་རྒྱལ་པོ་ཆེན་པོ་བཞིས། འཇིག་རྟེན་པའི་དཀྱིལ་འཁོར་སྒྲུབ་བ་སྟོན་ན། དཔུང་བཟང་གིས་ཞུས་པར། འཇིག་སྐྱོང་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང༌། །དྲག་པོའམ་རླུང་སོགས་ལྷ་ལ་ཕྱག་མི་བྱ། །དེ་ཡིས་བཤད་པའི་ཆོས་ལ་མི་བརྟེན་ཞིང༌། །དེ་དག་དཀའ་ཐུབ་མ་སྤྱད་རྟག་མི་མཆོད། །སྔགས་ཀྱང་མི་ བཟླ་དེ་དག་མདོ་མི་ཀླག །ཅེས་གསུངས་ཤིང༌། འཇིག་རྟེན་གསུམ་རྒྱལ་གྱི་ཆོ་ག་ཞིབ་མོ་ལས་ཀྱང༌། སྡུག་བསྔལ་སྡིག་པས་འཇིགས་འགྱུར་བའི། །འཇིག་རྟེན་ལྷ་ནི་ཡོངས་མི་བསྟེན། །ཞེས་གསུངས་པ་མ་ཡིན་ནམ། འདིར་དེ་དག་སྒྲུབ་པར་ཇི་ལྟར་རིགས་སྙམ་ན། ལུང་དེ་དག་གིས་ནི། འཇིག་ 10-10-52b རྟེན་པ་རང་མཚན་པ། དེ་དག་ལ་སྙིང་ནས་སྐྱབས་སུ་འཛིན་པ་བཀག་པ་ཡིན་ལ། འདིར་ནི་དེ་དག་གདུལ་བྱའི་དབང་གིས་འཇིག་རྟེན་པར་སྣང་ཡང༌། ངོ་བོ་འཇིག་རྟེན་ལས་འདས་པ་ཡིན་ཏེ། དེ་ཉིད་བསྡུས་པར། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཐབས་ནི་སྙིང་རྗེའི་བདག་ཉིད་དེ། །གང་དུ་ཐབས་ཀྱིས་འདུལ་མཛད་ན། །ལྷ་རྣམས་སུ་ཡང་ འགྱུར་བ་ཡིན། །ཞེས་པ་དང༌། གང་དང་གང་གི་གཟུགས་ཀྱིས་ནི། །ལུས་ཅན་རྣམ་པར་འདུལ་འགྱུར་བ། །ཐུགས་རྗེས་སྟོན་ལ་དེ་དང་དེར། །བརྩེ་བའི་བདག་ཉིད་སྟོན་པར་མཛད། །ཅེས་པས་སོ། །ཞེས་ཀ་མ་དྷེ་ནུས་གསུངས་སོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང༌། སེམས་ཅན་ཐམས་ཅད་ཀྱི་དོན་དང༌། ཕན་པ་དང༌། བདེ་བའི་སླད་དུ། རང་རང་གི་སྙིང་པོ་བཤད་པར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ། རྡོ་རྗེ་འཛིན་པས་བཀའ་སྩལ་དུ། སྟེ་བྱིན་ གྱིས་བརླབ་ཏུ་གསོལ། རྒྱལ་པོ་ཆེན་པོ་རྣམས་ལེགས་ཀྱིས་ཤོད་ཅིག་དང༌། ངས་ཀྱང་རྗེས་སུ་ཡི་རང་ཞིང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུས། བཅོམ་ལྡན་འདས་ཀྱིས་གནང་ཞིང་རྗེས་སུ་ཡི་རང་སྟེ་བྱིན་གྱིས་ བརླབས་པས་རང་གི་སྙིང་པོ་འདི་བཤད་དོ། །ཨོཾ་བཻ་ཤྲཝ་ཎ། རྣམ་ཐོས་ཀྱི་བུ། དེ་ནས་དྲི་ཟའི་རྒྱལ་པོ་ཡུལ་འཁོར་བསྲུང་གིས་ཀྱང་རང་གི་སྙིང་པོ་འདི་བཤད་དོ། །ཨོཾ་དྷྲྀ་ཏཱ་རཥྚ། ཡུལ་འཁོར་བསྲུང༌། དེ་ནས་གྲུལ་བུམ་གྱི་རྒྱལ་པོ་འཕགས་སྐྱེས་པས་ ཀྱང་རང་གི་སྙིང་པོ་འདི་བཤད་དོ། །ཨོཾ་བི་རུ་ཌྷྲག །འཕགས་སྐྱེས་པོ། དེ་ནས་ཀླུའི་རྒྱལ་པོ་མིག་མི་བཟང་གིས་ཀྱང་རང་གི་སྙིང་པོ་འདི་བཤད་དོ། །ཨོཾ་བི་རུ་པ་ཀྵ། མིག་མི་བཟང་དེ་ནས། བྲི་བ་ལ་དེ་དག་གི་དཀྱིལ་འཁོར་བཤད་དེ། གཞིའི་དཀྱིལ་འཁོར་ 10-10-53a ནི། གྲུ་བཞི་པ་ལ་སྒོ་བཞི་པ། །ནང་གི་ཐིག་གི་སྐབས་དབུས་དང་ཕྱོགས་བཞིར་ཟླུམ་པོ་རེ་རེ། དཀྱིལ་འཁོར་ལྔས་ནི་བརྒྱན་པ་སྟེ། །མཚན་མ་འགོད་པའི་དབང་དུ་བྱས་ནས། དེ་ཡི་དབུས་སུ་གཙོ་བོ་ནི། །ཕྱག་ན་རྡོ་རྗེ་འགྱིང་བཅས་བྲི། །དེ་ཡི་གཡོན་གྱི་ཕྱོགས་ སུ་ནི། ཆག་གིས་ངལ་བསོས་དགེ་བའི་ལག་པ་ལ་ཟེར། རྣམ་ཐོས་བུ་དགེའི་ལག་པ་ན། །གཡས་བེ་ཅོན་གཡོན་ནེའུ་ལེ་ཁ་ནས་རིན་པོ་ཆེའི་ཆར་འབེབས་པས་སྐྱེ་དགུ་འཕོངས་པ་ལས་སྒྲོལ་བ་ཐོགས་པ་དང༌། །རིན་ཆེན་རྒྱན་གྱིས་བརྒྱན་པ་དང༌། །སྦོམ་ཞིང་ སེང་གེའི་གདན་ལ་བཞུགས། །གསེར་མདོག་རིན་ཆེན་ཆག་གིས། གཟི་བྱིན་འབྲི་ཟེར། ལྡན་པར་བྲི། །མཁས་པས་བུམ་པ་བཟང་པོ་དང་ལ་སོགས། །ཁོངས་ནས་དཔག་བསམ་ཤིང་དང་འདོད་འཇོའི་བ། སྐུ་ལས་རིན་ཆེན་ཆུ་བོ་འབབ་པ་བྲི། །མདུན་དུ་ཡུལ་འཁོར་བསྲུང་ཉིད་ནི། །པི་ཝང་ ལེན་པར་བྱེད་ལ་བརྩོན་པ་དང༌། །མཛེས་ ༈ ཁ་ཅིག་རྣམ་སྲས་ཀྱི་གཡོན་དུ་གནོད་སྦྱིན་ནོར་བུ་བཟང་པོ་དང༌། བུམ་པ་བཟང་པོ་བྲི་བ་དང༌། ཁ་ཅིག་བུམ་པ་དང་ནོར་བུ་བྲིས་ནས་དེ་ལས་རིན་པོ་ཆེའི་ཆར་འབེབ་པར་འདོད་དོ། །ཤིང་ཁ་དོག་ཆག་ ལྗང་གུ་སྟེ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་བྲི། །གཡས་ཕྱོགས་དཔའ་བོ་ལུས་འཕགས་པོ། །རལ་གྲི་ལག་ན་ཐོགས་པ་བྲི། །ནུབ་ཕྱོགས་སུ་ནི་མིག་མི་བཟང༌། །རྡོ་རྗེ་ཞགས་པ་འཛིན་པའི་མཆོག །སྦྲུལ་མགོ་བདུན་གྱིས་བསྐོར་བ་ལ། ། མིག་ཀྱང་དམར་ཞིང་ཤིན་ཏུ་འབུར། །སྒོ་ཡི་ཕྱོགས་ནི་ཐམས་ཅད་དུ། །སྒོ་བ་དག་ཀྱང་དེ་བཞིན་ནོ། །དེ་ནས། དེ་ལྟར་བྲིས་ཟིན་པ་དང་དམ་ཚིག་པ་བསྐྱེད་དེ་ཆད་ལྷག་གི་ཉེས་པ་ཞི་བའི་དོན་དུ། རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བས། །སྔགས་མཁན་བདག་ཉིད་ 10-10-53b དཀྱིལ་འཁོར་དུ་ཞུགས་ཏེ་བསྐོར་ནས་སླར་སྒོ་ཕྱོགས་སུ་འདུག་ནས་ཀྱང༌། །ཡེ་ཤེས་པ་བཅོམ་ལྡན་འདས་ནི་སྤྱན་དྲངས་ཏེ། །དེ་ནས་རྒྱལ་པོ་སྤྱན་དྲང་ངོ༌། །སྤྱན་དྲངས་ནས་ནི་མཁས་པས་མཆོད། །ཆོ་ག་བཞིན་དུ་མཆོད་པ་འབུལ། །བསྟོད་པ་བྱས་ཏེ་བསྒྲུབས་པའི་ དཀྱིལ་འཁོར་དེར། དེ་ནས་སྔགས་མཁན་སྔགས་འདི་དང༌། །རྡོ་རྗེ་འཛིན་མའི་ཕྱག་རྒྱ་འདིས། །རང་ཉིད་ཞུགས་ནས། སློབ་མ་རྒྱལ་རིགས་རྗེའུ་རིགས་དང༌། །བྲམ་ཟེ་ལ་སོགས་དེ་བཞིན་ཏེ། །མེ་ཏོག་རིན་ཆེན་ཐོགས་ཏེ་གཞུག །ཨོཾ་བཛྲ་ས་མ་ཡ་ཧཱུཾ། དེ་ནས་ མེ་ཏོག་རིན་པོ་ཆེ་འདིས་དོར་པར་བྱའོ། །ཨོཾ་བཛྲ་པྲ་ཏཱི་ཙྪ་ཏྭཾ་མ་ཧོ་ཏ་ཏ་མ། མེ་ཏོག་གང་ལ་བབས་པའི་རྒྱལ་པོ་ནི། །སྒྲུབ་པའོ་དེ་ནི་འདིས་འགྲུབ་གཞན་དུ་མིན། །དེ་ནས་གྲྭ་ན་གནས་པ་རྒྱལ་པོ་བཞི་ཡི། །བུམ་པ་བཞི་ཡིས་དབང་བསྐུར་ཏེ། །བུམ་པ་ལྔ་ པ་ཕྱག་ན་རྡོ་རྗེ་ཡི། །རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ཉིད་ཀྱིས་སློབ་མའི་སྤྱི་བོ་སོགས་གནས་བཞིར་གཏུགས་ནས། དབང་བསྐུར་བྱ། །དེ་ལ་སོགས་པའི་དབང་རྣམས་ཀྱི་གོ་རིམ་གྱིས། །དཀྱིལ་འཁོར་ཉིད་དུ་དབང་བསྐུར་བར་བྱ་སྟེ། འདིར་ཡང་རིན་པོ་ཆེ་བདུན་དང་ཉེ་བའི་རིན་ པོ་ཆེ་བདུན་དང༌། བཀྲ་ཤིས་ཀྱི་རྫས་བཅུ་དྲུག་རྣམས་སྟེར་བར་ཀ་མ་དྷེ་ནུས་བཤད་དོ། ། ན། །ཕན་ཡོན་ནི་མཐོང་བའི་ཆོས་འདི་ཉིད་ལ། རྒྱལ་པོ་མ་ཡིན་རྒྱལ་པོར་འགྱུར། །སྔར་རྒྱལ་པོ་ཡིན་ན་ཆེན་པོར་འགྱུར། །འཛམ་བུ་གླིང་ལ་དབང་བའི་དཔལ་དང་ལྡན། །གླིང་ བཞི་པོ་ལ་དབང་བའི་མཆོག །ལན་བཞིར་དབང་ནི་བསྐུར་བ་དང༌། །ལན་བཞིར་འཇུག་པར་བྱས་ན་ནི། །དེ་ལ་བསྐྱང་བར་ཁས་བླངས་པ་ནི། རྡོ་རྗེ་འཛིན་རྒྱལ་ཞེས་བོས་ནས་བདག །ཅག་གི་བུ་སྡུག་བཞིན་དུ་བསྐྱང་བར་བྱ། །བདག་ཅག་རྒྱལ་པོ་ 10-10-54a ཆེན་པོ་བཞིས། །བྲན་དང་གཡོག་དང་བཅས་པ་དང༌། །ཕོ་བྲང་ནང་གི་འཁོར་བཅས་པས། །རྒྱལ་པོ་རྟག་ཏུ་བསྐྱང་བར་བགྱི། །དེ་གནོད་གཞན་གྱི་ཕྲུ་མ་དང༌། །དེ་ཡི་ནང་དང་འཆི་བདག་གི། འཇིགས་དང་མུ་གེ་ལ་སོགས་པའི། །གནོད་པ་རྣམས་ནི་ གཞོམ་པར་བགྱི། །བྱེ་བྲག་ཏུ་སོ་སོས་ཁས་བླངས་པ་ན། རྣམ་ཐོས་བུས་ནི་རྒྱས་པར་བགྱི། །ཡུལ་འཁོར་བསྲུང་གི་ཞི་བར་བགྱི། །ཕྱུགས་དང་གཉེན་བྱས་དུས་མིན་པའི། །འཆི་བདག་ལུས་འཕགས་པོ་ཡིས་འཇོམས། །མིག་མི་བཟང་གིས་བཀྲ་ཤིས་ ཤིང༌། །མུ་གེ་ལ་སོགས་རྣམ་པར་འཇོམས། །མདོར་ན་བདག་གིས་དེ་ཡི་ནི། །རེ་དང་བསམ་པ་ཀུན་བགྱི་སྟེ། །ཇི་སྟེ་ངེས་པར་ཁས་བླངས་པ་བཞིན། མ་ལགས་ན། །ཕྱག་ན་རྡོ་རྗེ་ལ་འཁུས་པ་སྟེ་བསླུས་པར་གྱུར། །ཅིག་ཅེས་མན་འདོར་བའོ། ། རྒྱལ་ཆེན་བཞིའི་དཀྱིལ་འཁོར་བཤད་པའི་རྗེས། དེ་ནས་ཕྱོགས་སྐྱོང་བཅུ་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་སླད་ དུ། རང་གི་སྙིང་པོ་རྣམས་དབུལ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་སྐྱོང་བ་རྣམས་ལེགས་སོ་ལེགས་སོ། །ལེགས་ཀྱིས་ཕུལ་ཅིག །དེ་ནས་སྔགས་སྒྲུབ་པ་དག་ལ་ནི་ལྷའི་བུའི་བདུད་དང་ལོག་འདྲེན་དག་ཕལ་ཆེར་བར་དུ་གཅོད་ལ། འདི་དེ་གཉིས་ཀའི་བདག་པོར་གྱུར་པས། འདིར་བསྲུང་བར་དམ་བཅས་པས། འབྱུང་པོ་རྣམས་ཀྱི་བདག་པོ་དབང་ལྡན་ལ་སོགས་པས་རང་གི་སྙིང་པོ་རྣམས་ཕུལ་བ། ཨོཾ་ཨི་ཤ་ན། དབང་ལྡན། ཨོཾ་ཨིནྡྲཱ་དབང་པོ། ཨོཾ་ཨགྣེ་མེ་ལྷ། ཨོཾ་ཡ་མ། གཤིན་རྗེ། ཨོཾ་རི་ 10-10-54b ནི་ཏེ་སྲིན་པོ། ཨོཾ་བ་རུ་ཎ་ཆུ་བདག །ཨོཾ་ཡ་བ་པེ། རླུང་ལྷ། ཨོཾ་ཀུ་བེ་ར། གནོད་སྦྱིན། ཨོཾ་ཨཱ་བིདྱ། ཉི་མ་ཟླ་སྐར་ཡང་མཚོན། ཨོཾ་པ་ར་ཧེ་ལ་ག་གམ། བ་སུ་དྷ་ར་སའི་ལྷ་མོ། སྟ་གན་ཡན་སོང་བ་ནས་དེ་དག་གི་དཀྱིལ་འཁོར་བྲི་བ་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། མཚན་མ་བྲི་ བའི་སྐབས་སུ་མགོན་པོ་དབུས་སུ་དེ་བཞིན་བཞག །ཕྱོགས་སྐྱོང་རང་གི་ཕྱོགས་གནས་སུ། །གཞག་བྱ་སྤྱན་སྔར་ཉི་མ་དང༌། །ཕག་གི་གཟུགས་དང་གཉིས་བཞག་སྟེ། །སྒོ་བ་རྣམས་ཀྱང་དེ་བཞིན་ནོ། །བྲིས་ཟིན་ནས་དམ་ཚིག་པ་བསྐྱེད་ཆད་ལྷག་གི་ཉེས་པ་ཞི་བར་བྱས་ནས། དེ་ནས་ཆག་གིས་ཡེ་ཤེས་པ་དེ་ཀུན་སྤྱན་དྲངས་ལ། །བཅུག་པའི་དཀྱིལ་འཁོར་སྒྲུབ་པ་ལ། མཆོད་པ་ཀུན་གྱིས་མཆོད་བྱས་ལ། །དེ་ནས་སྔགས་མཁན་བདག་ཉིད་ཞུགས་ཏེ་དབང་བླངས་ནས་ཀྱང༌། །སློབ་མ་རྣམས་ནི་གཞུག་བྱ་ཞིང༌། །ཕྱོགས་སྐྱོང་རང་གི་སྔགས་བཏབ་ པའི། །བུམ་པ་རྣམས་ཀྱིས་དབང་བསྐུར་རོ། །དེ་ནས་ཕན་པར་འདོད་པ་ཡིས། །མེ་ཏོག་གང་ཕོག་གི་ཕྱོགས་སྐྱོང་སྒྲུབ་པའི་ཕྱིར་སྙིང་པོ་སྦྱིན་པར་བྱ། །སྟེ་བཟླས་པའི་ཚེ་གཙོ་བོའི་སྔགས་ལ་ཕྱོགས་སྐྱོང་སོགས་ཀྱི་སྔགས་བཏགས་ནས་བཟླས་པ་འཇིག་རྟེན་པ་ཐམས་ ཅད་ལ་ཤེས་དགོས་པར་གསུངས་སོ། །ཕྱོགས་སྐྱོང་རང་གི་ཕྱོགས་གནས་རྣམས། །བརྟག་མི་དགོས་པར་འགྲུབ་པར་འགྱུར། །དེ་ནས་ཕྱོགས་སྐྱོང་དེ་དག་མགུ་ནས་དཀྱིལ་འཁོར་འདིར་ཞུགས་པ་རྣམས་བསྐྱང་བར་ཁས་བླངས་པ་ནི། འདི་སྐད་ཅས་གསོལ་ཏོ། །བཅོམ་ ལྡན་འདས་གང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་དཀྱིལ་འཁོར་འདིར་ཞུགས་ཏེ། དབང་བསྐུར་བ་ཐོབ་པ་འམ། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དེ་དག །བཅོམ་ལྡན་འདས་རྟག་པར་དུས་ཐམས་ཅད་དུ་བསྲུང་ 10-10-55a པ་དང༌། བསྐྱབ་པ་དང་སྦ་བར་བགྱིའོ། །ཕ་རོལ་གྱི་ཕྲུ་མ་ཀུན་གཞོམ་པར་བགྱིའོ། དུས་དུས་སུ་ཆར་དབབ་པར་བགྱི། འབྲུ་དང༌། མེ་ཏོག་དང༌། འབྲས་བུ་རྣམས་བསྐྱེད་པར་བགྱིའོ། །དབང་པོ་དང་མེ་ལྷ་མ་གཏོགས་བྱེ་བྲག་སོ་སོར་ཁས་བླངས་པ་ནི་དེ་ ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེས་ཀྱང༌། བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང༌། རྒྱལ་པོ་ཆེན་པོ་དེའི་ཚེ་བསྲིང་བར་བགྱི། དུས་མ་ལགས་པར་འཆི་བ་བརྒྱད་ནི་ནད་པ་རིམ་གྲོ་མི་བསྟེན། སྨན་ ལོག་པར་སྩལ་བ། རྒྱལ་པོའི་ཆད་པ་དང༌། མི་མ་ཡིན་གྱིས་མདངས་ཕྲོགས་པ་དང༌། མེ་ལ་སོགས་པ་འབྱུང་བས་གནོད་པ་དང༌། དུད་འགྲོ་མ་རུངས་པས་འཚེ་བ་དང༌། གཡང་དུ་ལྷུང་བ་དང༌། བྱད་དང་རོ་ལངས་ཀྱིས་གཙེས་པ་དང༌། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་དྲངས་ ནས་ཀ་མ་དྷེ་ནུས་བཤད། སོ་སོར་དགག་པར་བགྱིའོ། །དེ་ནས་སྲིན་པོ་རྣམས་ཀྱི་བདག་པོ་ཆེན་པོ་ནི་རི་ཏིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང༌། རྒྱལ་པོ་དེ་དང༌། རྒྱལ་བུ་དང༌། བྲམ་ཟེ་དང༌། རྗེའུ་རིགས་དང༌། རྒྱལ་རིགས་ དང༌། མིའམ་གཞན་གང་ཡང་རུང་བ་ལ་ནད་དང༌། ཡི་དྭགས་དང་འདྲེས་འཇིགས་པར་མི་བགྱི། སྲིན་པོ་ལ་སོགས་པས་འཇིགས་པར་མི་བགྱི། དུས་མ་ཡིན་པར་འཆི་བདག་གིས་འཇིགས་ཆག་པར་མི་བགྱི་སྟེ། དུས་ཐམས་ཅད་དུ་བསྲུང་བ་ དང༌། བསྐྱང་བ་དང༌། སྦ་བར་བགྱིའོ། །དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་བ་རུ་ཎས་ཀྱང༌། འདི་སྐད་ཅས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་རྟག་པར་དུས་ཐམས་ཅད་དུ་རྒྱལ་པོ་དེ་དང༌། ཡུལ་ཐམས་ཅད་སོ་སོར་བསྐྱང་བར་བགྱི། ཀུན་ཏུ་ 10-10-55b བསྲུང་བར་བགྱི། འབྲུ་རྣམས་བསྐྱེད་པར་བགྱི། ཀླུའི་ཉེས་པ་རྣམས་མི་འབྱུང་བར་བགྱི། དུག་དང་སེར་བ་རྣམས་མི་དབབ་པར་བགྱི། དུས་མ་ཡིན་པར་འཆི་བ་རྣམས་སོ་སོར་དགག་པར་བགྱིའོ། །དེ་ནས་རླུང་གི་རྒྱལ་པོ་ཡ་བ་བེས་ཀྱང་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་ཆེན་པོ་དེ་ལ་དུས་ཐམས་ཅད་དུ་རླུང་གི་འཇིགས་པ་མི་འབྱུང་བར་བགྱི། དུས་མ་ལགས་པའི་རླུང་མི་འབྱུང་བར་བགྱི། འབྲུ་དང༌། མེ་ཏོག་དང༌། འབྲས་བུ་ཐམས་ཅད་བསྐྱེད་པར་བགྱི། འཇིགས་པ་ཐམས་ཅད་ སོ་སོར་དགག་པར་བགྱིའོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་ཀུ་བེ་རས་ཀྱང༌། བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་ལྷན་ཅིག་ཏུ་མཆིས་ཏེ། སྟོབས་དང་ལྡན་པས་སེམས་ཅན་ཆེན་པོ་དེ་ལ་དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་སོ་སོར་དགག་པར་བགྱིའོ། །ནོར་དང་འབྲུ་ཐམས་ཅད་ལེགས་པར་འབྱོར་བར་བགྱིའོ། །རང་གི་སྐྱེ་བོ་དང༌། ཡོངས་ཀྱི་སྐྱེ་བོ་དང༌། ཡུལ་དང༌། གནས་དང༌། བྲན་དང༌། སྣག་གི་གཉེན་དང༌། རུས་ཀྱི་གཉེན་དང༌། གྲོགས་དང༌། བུ་དང༌། བུ་མོ་དང༌། ཆུང་མ་ལ་སོགས་པ་བསྲུང་བར་བགྱི། གླང་དང༌། བ་དང༌། བོང་བུ་དང༌། རྔ་མོ་དང༌། ལུག་དང༌། མ་ཧེ་དང༌། བ་ལང་དང༌། རྟ་དང༌། ར་ལ་སོགས་པ་ལ་ཡང་བསྲུང་བར་བགྱིའོ། །དེ་ནས་ འབྱུང་པོ་རྣམས་ཀྱི་བདག་པོ་དབང་བྱེད་ཀྱིས་ཀྱང༌། བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང༌། རྒྱལ་པོ་དང༌། རྒྱལ་པོའི་བུ་དང༌། རྒྱལ་རིགས་དང༌། བྲམ་ཟེའི་རིགས་རྣམས་འདི་དང་ཕ་རོལ་ཏུ་ 10-10-56a སྐྱོབ་པ་དང༌། ཕན་གདགས་པ་དང༌། ཡོངས་སུ་བསྐྱང་བ་དང༌། ཞི་བ་དང༌། བཀྲ་ཤིས་པ་དང༌། ཆད་པ་སྤང་བ་དང༌། མཚོན་ཆ་སྤང་བ་དང༌། དུག་གཞིལ་བ་དང༌། དུག་གཞོམ་པ་དང༌། མཚམས་བཅད་པ་དང༌། ས་འོག་གི་མཚམས་ བཅད་པ་དང༌། ཕྱོགས་ཀྱི་མཚམས་བཅད་པ་དང༌། རྡོ་རྗེའི་ར་བས་བསྐོར་བ་དང༌། རྡོ་རྗེ་ཕུར་བུས་ཆག་གིས་འདི་ལྟར། གདབ་པ་དང༌། རྡོ་རྗེའི་དྲ་བ་རྣམས་བྲི་བར་བགྱི། དགོས་པ་ཐམས་ཅད་ལ་ཉེ་བར་གནས་པར་བགྱི། དགོས་པ་དང༌། དགོས་པ་ མ་ཡིན་པ་རྣམས་ཀྱི་མཚན་མ་ཉེ་བར་བསྟན་པར་བགྱི། དགེ་བ་དང་མི་དགེ་བ་ཐམས་ཅད་རྨི་ལམ་དུ་བསྒོམ་པར་བགྱི། སྒྲུབ་ན་ཡང་བགེགས་ཆག་མ་མཆིས་པར་དངོས་གྲུབ་ཐམས་ཅད་སྩལ་བར་བགྱིའོ། །དེ་ནས་ཡང་ནམ་མཁའ་ལ་སྤྱོད་ ཅིང་ནམ་མཁའ་ལ་འགྲོ་བའི་བདག་པོ་ཉི་མ་ལ་སོགས་སྟེང་ན་གནས་པ་རྣམས་ཀྱིས་ཀྱང༌། བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང༌། དུས་ཐམས་ཅད་དུ་རྒྱལ་པོ་ཆེན་པོ་དེ་དང༌། རྒྱལ་པོའི་ བུ་དང༌། རྒྱལ་པོའི་བློན་པོ་དང༌། བྲམ་ཟེ་དང༌། རྒྱལ་རིགས་རྣམས་འཇིགས་པ་ཐམས་ཅད་ལས། བདག་ཉིད་འཁོར་ཐམས་ཅད་དང་མཆིས་ལ། བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་བགྱི། མཆོག་ཐམས་ཅད་རབ་ཏུ་བརྟས་པར་བགྱི། ནད་ ཐམས་ཅད་རབ་ཏུ་ཞི་བར་བགྱི། དུས་ཐམས་ཅད་དུ་ཕྱི་བཞིན་འབྲང་བར་བགྱིའོ། །དེ་ནས་སའི་ཆག་གིས་འོག་གི་བདག་པོ་ཕག་ཆེན་པོས་ཀྱང༌། བཅོམ་ལྡན་འདས་ལ་ཕྱག་བཙལ་ནས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ 10-10-56b འདས་བདག་གིས་ཀྱང༌། མིའི་བདག་པོ་དེ་དང༌། མིའི་བདག་པོ་དེའི་བུ་དང༌། བྲམ་ཟེ་དང་པོ་རང་གི་མ་ལས་བྱུང་དེ་ནས་དེའི་རིགས་ཀྱི་སློབ་དཔོན་ལས་བྱུང་བས། ལན་གཉིས་སུ་བྱུང་བའམ། ལན་གཉིས་སུ་བྱུང་བའི་གཉིས་སྐྱེས་ཀྱི་བུ་དང༌། རྒྱལ་རིགས་དང༌། རྗེའུ་རིགས་དང༌། དམངས་ རིགས་སམ། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་རྣམས་ཀྱི། དུས་ཐམས་ཅད་དུ་དོན་ཐམས་ཅད་བསྒྲུབ་པར་བགྱི། འཇིགས་པ་ཐམས་ཅད་ལས་དུས་ཐམས་ཅད་དུས་ཐམས་ཅད་དུ་བསྲུང་བར་བགྱི། བདག་ཉིད་ཀྱིས་ཀྱང་ཡོངས་སུ་བསྐྱབ་པར་བགྱིའོ།། །། ཕྱོགས་སྐྱོང་གི་དཀྱིལ་འཁོར་བཤད་པའི་རྗེས། དེ་ནས་གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་སྟོན་པ་ནི། གཟའ་རང་གི་དང༌། འཁོར་རྒྱུ་སྐར་དང་བཅས་པ་རྣམས་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས། རང་རང་གི་སྙིང་པོ་རྣམས་དབུལ་བར་འཚལ་ན། དེ་དག་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་པར་གསོལ། ལེགས་སོ། ངས་བྱིན་གྱིས་བརླབས་ཀྱིས། གཟའ་ཆེན་པོ་རྣམས་ཤོད་ཅིག །དེ་ནས་ཉི་མ་ལ་སོགས་པ་རྣམས་ཀྱིས། བཅོམ་ལྡན་འདས་ལ་ཕྱག་ བཙལ་ནས། འདི་སྐད་ཅེས་གསོལ་ཏོ། །ཨོཾ་ཨཱ་དི་བྱ་ཉི་མ། ཨོཾ་སོ་ཆུ་ཟླ་བ། ཨོཾ་ཨཾ་ག་རཱ་ག །མིག་དམར། ཨོཾ་བུ་ང་ངྷ། གཟའ་ལྷག །ཨོཾ་བྲྀ་ཏ་སྦ་ཏི། ཕུར་བུ། ཨོཾ་ཤུ་ཀྲ། པ་སངས། ཨ་ཤི་ནེ་ཤྩར། སྤེན་པ། ཨོཾ་རཱ་ཧུ། སྒྲ་གཅན། དེ་ནས་སྟ་གོན་ཡན་ཆད་སོང་ནས། དེ་དག་གི་དཀྱིལ་ འཁོར་བྲི་བ། བཤད་དེ། མཚན་མ་བྲི་བའི་ཚེ། དབུས་སུ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་བྲིའོ། །ངོས་རྣམས་སུ་ནི་ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་སྣ་ཚོགས་རྡོ་རྗེ། ཕྱག་རྒྱ་ཆེན་པོ་བཞི་བྲིའོ། ། 10-10-57a དེ་ཡི་མདུན་དུ་པ་བསངས། །ཟླ་བ་རྒྱབ་ཏུ་བྲི་བར་བྱ། །གཡས་སུ་ཕུར་བུ་བྲི་བྱ་ཞིང༌། །གཡོན་དུ་གཟའ་ལྷག་བྲི་བར་བྱ། །མེ་ཡི་ཕྱོགས་སུ་མིག་དམར་དང༌། །རླུང་གི་ཕྱོགས་སུ་ཉི་མ་སྟེ། །དབང་ལྡན་ཕྱོགས་སུ་སྤེན་པ་སྟེ། །སྲིན་པོའི་ཕྱོགས་སུ་སྒྲ་ གཅན་བྲི། །ཀ་མ་དྷེ་ནུས། སྲིན་པོ་བྱང་སྟོང་སྒྲ་གཅན་བྲི། །ཞེས་བཏོན་ནས་སྲིན་པོའི་མཚམས་སམ། བྱང་སྟོད་ནུབ་བྱང་མཚམས་སུ་སྒྲ་གཅན་བྲི་སྟེ། དེ་ནི་ཕྱོགས་དེ་གཉིས་ལ་བསྟན་ཞེས་གྲགས་སོ་ཞེས་བཤད། དཀྱིལ་འཁོར་ཕྱི་རོལ་ཁོར་ཡུག་ཏུ། །དགོངས་ལ་དེར་སྨིན་དྲུག་སོགས་རྒྱུ་སྐར་ཐམས་ ཅད་བྲི་བར་བྱའོ། །སྒོ་སྒོར་དེ་བཞིན་སྒོ་བ་རྣམས། །ཁྲོས་པའི་ཡིད་དུ་བྲི་བར་བྱ། །དེ་ནས་ཆད་ལྷག་གི་ཉེས་པ་ཞི་བའི་དོན་དུ། རྡོ་རྗེ་འཛིན་མས་ཞུགས་ནས་ནི། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། །ཡེ་ཤེས་པ་ཐམས་ཅད་ཀྱང་ནི་སྤྱན་དྲང་ངོ༌། ཆག་གིས་ དགུག་ གཞུག་ལ་སོགས་སྒོ་བཞིར་དེ་བཞིན་ཟེར། བསྒྲུབ་པའི་དཀྱིལ་འཁོར་དུ་བདག་ཉིད་ཞུགས་ནས། དེ་ནས་སློབ་མ་རྣམས་གཞུག་སྟེ། །འཇུག་པའི་སྔགས་ཨོཾ་བཛྲ་ཧ་ན་ཧཱུཾ་ཕཊ། ཡེ་ཤེས་དབབ་པའི་སྔགས་ཨོཾ་བཛྲ་གྲ་ཧ་གཟའ་ས་མ་ཡེ་ཧཱུཾ་ཕཊ། མེ་ཏོག་དོར་བའི་སྔགས། ཨོཾ་བཛྲ་ གྲ་ཧ་པྲ་ཏཱི་ཙྪ་ས་མ་ཡེ་སྭཱཧཱ། དེ་ནས་གཟའ་བརྒྱད་སྔགས་བཏབ་པའི། །བུམ་པ་བརྒྱད་ཀྱི་དབང་བསྐུར་རོ། །དེ་ནས། ཕྱག་ན་རྡོ་རྗེའི་ཕྱག་རྒྱ་དང་བུམ་པ་ས་དབང་བསྐུར་བར་བྱས་ཏེ། འདི་རྣམས་ངོ་བོ་འཇིག་རྟེན་ལས་འདས་པར་བཤད་པ་དང༌། ཕྱག་རྡོར་གཙོ་བོར་བཞུགས་པས་ དབང་རྫོགས་པར་བསྐུར་བ་ནི་ཐམས་ཅད་ལ་འདྲའོ། །དེ་ནས་གཙོ་བོའི་སྔགས་ལ་གཟའི་སྔགས་བཏགས་ཏེ་བཟླ་བ་སོགས་ཀྱིས་གཟའ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ནས་གཟའ་ཆེན་པོ་བརྒྱད་པོ་དེ་དག་གིས། བཅོམ་ལྡན་འདས་ལ་ཕྱག་བཙལ་ནས། འདི་སྐད་ཅེས་གསོལ་ 10-10-57b ཏོ། །དཀྱིལ་འཁོར་དུ་ཞུགས་པ་རྣམས་བསྐྱང་བར་ཁས་བླངས་པ་ནི། བཅོམ་ལྡན་འདས་བདག་ཅག་བཟའ་ཆེན་པོ་བརྒྱད་ཀྱིས་ཀྱང༌། རྒྱལ་པོ་ཆེན་པོ་དེ་དང༌། རྒྱལ་པོའི་བུ་ལ་རྟག་པར་དུས་ཐམས་ཅད་དུ་དེ་བཞིན་དུ་ཐམས་ཅད་བགྱིའོ། །དེ་ནས་སོ་སོ་ནས་བསྐྱང་བར་ཁས་བླངས་པ་ ནི། རྒྱུ་སྐར་ལ་དབང་བའི་ལྷ་དང༌། སྐད་ཅིག་ལ་དབང་བའི་ལྷ་དང༌། ཐང་ཅིག་ལ་དབང་བའི་ལྷ་དང༌། ཡུད་ཙམ་ལ་དབང་བའི་ལྷ་དང༌། དེ་བཞིན་དུ་དུས་ཚོད་དྲུག་དང༌། ཚེས་ཡར་ངོ་མར་ངོ་དང༌། སྦྱོར་བ་ཉེར་བདུན་དང༌། ཁྱིམ་བཅུ་གཉིས་དང༌། དུས་སྦྱོར་བཅུ་གཉིས་དང༌། མཇུག་ པོར་ལ་སོགས་པ་དེ་དག་ལ་དབང་བའི་ལྷ་ཡིན་ཏེ། ཀ་མ་དྷེ་ནུས། འདི་དག་ནི་སྲོག་གི་དབང་པོ་ལ་དབང་པོ་གཞན་བརྟེན་པ་ལྟར། རྟེན་གྱི་མིང་གིས་བརྟེན་པ་ལ་བཏགས་པ་ཡིན་ཏེ། དེའི་ཕྱིར་འགྲོ་བ་རྣམས་ཀྱི་གནས་དང་རང་བཞིན་ནི་བསམ་གྱིས་མི་ཁྱབ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་ཁ་ཅིག་སྒྲ་གཅན ནི་ཁ་ཅིག་བྱེད་པར་འདོད་དོ།། དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ནི་ཉུང་གི། ཤིང་རྟའི་འཕང་ལོ་ཙམ་ལ་ལྷའི་སྤྱན་གྱིས་གཟིགས་པའི་སེམས་ཅན་ནི་རབ་ཏུ་མང་ངོ་ཞེས་གསུངས་སོ། །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཀྱང༌། དེ་བཞིན་དུ་ཕྱག་བཙལ་ ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོ་དེ་དག་གི་བཀའ་མི་གཅོག་སྟེ། དཔོན་པོ་བཞིན་དུ་བསྐྱང་བར་བགྱི། གང་ན་འཁྲིག་པ་མ་སྤངས་པའི་ཁྱིམ་ནི་གྲོང་དང༌། གང་ན་རིགས་གནས་བཅོ་བརྒྱད་ཡོད་པ་ནི་ གྲོང་ཁྱེར་དང༌། གྲོང་མང་པོ་ཅན་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཚང་བར་ཡོད་པ་ནི་གྲོང་རྡལ་དང༌། ཆོས་ལུགས་གཅིག་གིས་བསྡུས་པའི་དཀྱིལ་འཁོར་ཆེན་པོ་ནི་ལྗོངས་དང༌། རྒྱལ་པོ་དང༌། བཞུགས་ཤིང་ཕོ་བྲང་འཁོར་བཙུན་མོ་གནས་པའི་ཁང་པ་དང༌། རྒྱལ་པོའི་ཕོ་བྲང་གི་གནས་ 10-10-58a གླང་པོ་ཆེའི་ར་བ་དང༌། རྟའི་ལྷས་དང༌། སྲང་དང༌། དབང་པོའི་ཕུར་བ་ལ་སོགས་པ་ཐམས་ཅད་སོ་སོར་བསྐྱང་བར་བགྱིའོ། །འཇིགས་པ་ཆེན་པོ་འབྱུང་བའི་ཚེ་ཡང་དེས་བདག་ཅག་མཆོད་ན། གདོན་མི་འཚལ་བར་འཇིགས་པ་དེ་མི་འབྱུང་ངོ༌། །དེ་ནས་ཀླུ་ཆེན་པོ་ བརྒྱད་ཀྱིས་ཀླུ་རྣམས་ཀྱི་ཐུན་མོང་བའི་སྐད་ཕུཊ་ཅེས་བྱ་བའི་སྒྲས། བཅོམ་ལྡན་འདས་དེ་མཉེས་པར་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང༌། དེ་དག་ཐམས་ཅད་ཀྱི་གསང་བའི་སྙིང་པོ་འདི་དབུལ་ལོ། །བཀའ་སྩལ་པ། ཀླུ་ཆེན་ པོ་རྣམས་ལེགས་ཀྱིས་གསང་བའི་སྙིང་པོ་རྣམས་ཕུལ་ཅིག །དེ་ནས་དེ་དག་མགུ་ནས། བཅོམ་ལྡན་འདས་ལ་ཕྱག་བཙལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཨོཾ་ཕུ་ཨ་ནནྟ། མཐའ་ཡས། ཨོཾ་ཕ་ཏ་ཀྵོ་ཀ། འཇོག་པོ། ཨོཾ་ཕུཾ་ཀརྐོ་ཊ། སྟོབས་རྒྱུ། ཨོཾ་ཕཱ་ཀོལ་ཀོ། རིགས་ལྡན། ཨོཾ་ཕཱི་བ་སུ་ཀི་ནོར་རྒྱས། ཨོཾ་ཕེ་ཤཾ་ཀ་པཱ་ལ། དུང་སྐྱོང༌། ཨོཾ་ཕཻ་པདྨོ། ཨོཾ་ཕཽ་བ་རུ་ཎ། ཆུ་ལྷ། དེ་ནས། བསྙེན་པ་དང་ལྷག་གནས་སོང་ནས། དེ་དག་གི་དཀྱིལ་འཁོར་བྲི་བ་བཤད་དེ། གྲུ་བཞི་སྒོ་བཞི་པ་རྟ་བབས་དང་བཅས་པ་དང་ནང་དུ་པདྨ་ཆེན་པོ་འདབ་བརྒྱད་ལ། །ཁ་དོག་དཀར་པོ་ བྲི་བར་བྱ། །མཚན་མ་འགོད་པའི་ཚེ། དེ་ཡི་དབུས་སུ་གཙོ་བོ་ནི། །ཕྱག་ན་རྡོ་རྗེ་རབ་གནས་པ། །སྦྲུལ་མགོ་མཐའ་ཡས་གདེངས་པ་ཡི། །ལྟོ་འགྲོས་ཆེན་པོ་བསྡིགས་པ་བྲི། །མཐའ་ཡས་འཇོག་པོ་དེ་བཞིན་དུ། །ཀརྐོ་ཊ་དང་རིགས་ལྡན་དང༌། །ནོར་རྒྱས་བུ་དང་ དུང་སྐྱོང་དང༌། །པདྨ་བ་རུ་ཎ་དེ་བཞིན། །མདོར་ན་འདབ་མ་རེ་རེ་ལ། །དེ་དག་སྦྲུལ་མགོ་འབར་བར་བྲི། །སྦྲུལ་མགོ་བདུན་བདུན་ཆུང་མ་ཡིས། །མགུལ་ནས་འཁྱུད་དང་བཅས་པར་བྲི། །བུམ་པ་བརྒྱད་དང་གཏོར་མ་དང༌། །བཤོས་མཛེས་པ་དང་འབྱུང་ 10-10-58b པོ་ཡི། །མར་ཤེས་པ་སྤང་བའི་དོན་ཏེ། ཏིལ་མར་དང༌། སྟར་ཀའི་མར་སོགས་དགག་པའོ་ཞེས་ཀ་མ་དྷེ་ནུས་གསུངས། དང་འོ་མ་སྦྲང་རྩིར་བཅས། །བྱས་པ་རྣམས་ནི་གཞག་པར་བྱ། །དེ་ནས་ཆད་ལྷག་ཞི་བའི་ཕྱིར། རྡོ་རྗེའི་སྔགས་མཁན་བདག་ཉིད་ཞུགས་ཏེ། སྦྲུལ་མགོའི་ ཕྱག་རྒྱས་སྦྲུལ་མགོ་ཅན་ཡེ་ཤེས་པ་རྣམས་དགུག །ཚུལ་ཇི་ལྟར་ན་ཕུཊ་ཅེས་བྱ་དང་ལྷན་ཅིག་ཏུ། །ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དོ། །སྤྱན་དྲངས་ནས་སོ། །དེ་ལྟར་བསྒྲུབས་པའི་དཀྱིལ་འཁོར་དུ་རང་ཉིད་ཞུགས་ནས་སློབ་མ་འཇུག་པའི་ཕྱིར་དེ་ནས་སློབ་མ་བཟང་པོ་ནི་རང་གི་བུ་ དང་རྒྱལ་པོ་དང༌། །རྒྱལ་རིགས་ཐམས་ཅད་རབ་བཅུག་ལ། །དུག་གི་ཉེས་སྐྱོན་བསལ་བའི་ཕྱིར། །ཕུཊ་ཅེས་བྱ་བས་མགོ་དྲངས་ལ། རང་གི་སྙིང་པོ་བར་དུ་བཅུག་སྟེ་ཨ་བྷི་ཥཱིཉྩ་བཏགས་ནས་གཙོ་བོའི་བུམ་པ་དང་བུམ་པ་བརྒྱད་ཀྱིས་མཚོན་པའི་རྫོགས་པར་དབང་བསྐུར་རོ། །དེ་ནས་ མིང་ཙམ་བརྗོད་པས་ཀྱང༌། །ཀླུ་རྣམས་དེ་དག་ཐམས་ཅད་འགྲུབ། །དེ་ནས་དེ་དག་ཀུན་མགུ་ནས། །བཅོམ་ལྡན་འདས་ལ་ཕྱག་བཙལ་ཏེ། །སྤྱན་སྔར་ཐལ་མོ་སྦྱར་འཁོད་ནས། །སྨོན་ལམ་རབ་ཏུ་འདེབས་པར་གྱུར། །བཅོམ་ལྡན་དེ་དག་གི་པན་ཡིན་ནོ་ འདས་དཀྱིལ་འཁོར་དུ་ཞུགས་པ་སོགས་བསྐྱང་བར་ཁས་བླངས་པ་ནི། བདག་ཅག་གིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བ་རྣམས། གལ་ཏེ་དཀྱིལ་འཁོར་འདིར་ཞུགས་པ་རྣམས་བསླུས་པར་གྱུར་ན། དེའི་ཚེ་བཅོམ་ལྡན་འདས་ཉིད་ལ་བསླུས་པར་ གྱུར་ཅིག །དེའི་ཚེ་བདག་གི་གནས་བྱེ་མས་སྲེག་པར་གྱུར་ཅིག །རྡོ་རྗེ་ཀུན་ཏུ་འབར་བས་བདག་ཅག་གི་མགོ་བཀས་པར་གྱུར་ཅིག །རྟག་པར་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོ་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱི། བྱིན་ཆེན་པོ་དང་སྟོབས་ 10-10-59a དང་བརྩོན་འགྲུས་བསྐྱེད་པར་བགྱི། དེའི་ཡུལ་དུ་དུག་མ་མཆིས་པར་བགྱི། དུས་དུས་སུ་ཆར་དབབ་པར་བགྱི། ཕ་རོལ་གྱི་ཡུལ་ཐམས་ཅད་ལ་དུག་དང༌། དུས་མ་ཡིན་པའི་ཆར་དབབ་པར་བགྱི། འཇིགས་པ་ཐམས་ཅད་རྣམ་པར་གཞོམ་པར་ བགྱི། རྒྱལ་པོའི་བཀའ་དང༌། རྡོ་རྗེ་འཛིན་གྱི་བཀའ་རབ་ཏུ་བསྒྲུབ་པར་བགྱིའོ། །དེ་ནས་སྒྲུབ་པ་བཤད་དེ། ད་ནི་དུག་བསལ་བའི་སྒྲུབ་པའི་ཐབས་སྟོན་ཏེ། འདིར་མི་རྣམས་ལ་འཚེ་བའི་ཀླུ་ནི། གླང་པོ་ཆེ་དང༌། སྦྲུལ་དང༌། སྦལ་པ་དང༌། རྟ་དག་གི་རིགས་སུ་གནས་པ་ལས། སྦྲུལ་གྱི་རིགས་རྣམས་ནི། མི་ རྣམས་ལ་འཚེ་བ་མང་ཞིང༌། དེ་ལ་ཡང་རིགས་བརྒྱད་ཅུ་ཡོད་པར། ས་ཡི་སྟེང་ན་སྦྲུལ་ནི་བརྒྱད་ཅུ་དག །གཞན་ལ་གནོད་པ་བྱེད་ཅིང་རྣམ་པར་འཁྱམ། །ཞེས་དཔུང་བཟང་ལས་བཤད་ལ། དེ་ཡང་དུག་མེད་པའི་རིགས་ནི་བཅུ་གཉིས་སུ་ཟད་ལ། གཞན་ཐམས་ཅད་དུག་དང་ལྡན་པ་ཁོ་ནར་གསུངས་སོ། །དེ་དག་གི་དུག་གི་དབྱེ་བ་ནི། བལྟ་བ་དང༌། དབུགས་དང༌། རེག་པ་དང༌། སོའི་དུག་བཞི་ཡིན་ལ། བལྟ་བ་ནི་མིག་གི་དུག་སྟེ་མཐོང་བ་ཙམ་གྱིས་དུག་ཏུ་འགྱུར་རོ། །དབུགས་ཀྱི་དུག་ནི་ཁ་རླངས་མེ་ལྟར་ཚ་བ་དང༌། ཆུ་ལྟར་བསིལ་བས་རེག་པ་ཙམ་གྱིས་དུག་ཏུ་འགྱུར་བའོ། །རེག་པའི་དུག་ནི་ཁ་ཆུ་དང་བཤང་གཅིས་རེག་པ་དུས་ཏུ་འགྱུར་བའོ། །དེ་གསུམ་གྱིས་ནི་ མཛེ་ནད་དང༌། ལྐུགས་པ་དང༌། ཞ་བོ་དང༌། འཐེང་བ་དང༌། ལྟོ་བ་སྦོ་བར་འགྱུར་རོ། །སོའི་དུག་ནི་མཆེ་བ་བཏབ་པ་དུག་ཏུ་འགྱུར་བའོ། །དེ་ཡང་དཔུང་བཟང་ལས། བཞིར་བཤད་དེ། ཟིན་པ། ཟོས་པ། བཅད་པ། གཏད་པའོ། །དེ་ཡང་མཆེ་བ་གཅིག་གིས་ཁྲག་ཕྱུང་བ་ཟིན་པ། གཉིས་ཀྱིས་ཁྲག་ཕྱུང་བ་ཟོས་པ། གསུམ་གྱིས་ཤ་བཅད་པ། བཞི་ ཡིས་བཏབ་ནས་ལུས་བཟློག་པ་གཏད་ནས་ཟོས་པར་བཤད་དེ། དུག་དེ་རྣམས་ནི་སྨན་གྱིས་བཟློག་མི་ནུས་པར་གསུངས་ཏེ། དཔུང་བཟང་ལས། མེ་ཡི་རང་བཞིན་གནད་དུ་འཕེན་པའི་དུག །མཚོན་དང་འདྲ་ཞིག་རྣམ་པར་མཚུངས་པ་དང༌། །ཇི་ལྟར་སྔགས་ཀྱིས་རབ་ཏུ་ཞི་འགྱུར་བ། །དེ་བཞིན་སྨན་གྱིས་ཞི་བར་མི་ནུས་ 10-10-59b སོ། །ཞེས་པ་དང༌། མེ་ཕུང་ལྟ་བུའང་སྔགས་ཀྱིས་ཞི་བར་བྱེད། །དུག་གི་མཐུ་རྟོགས་རབ་ཏུ་ཤེས་ནས་ནི། །གསང་སྔགས་ཆོ་ག་བཞིན་བསླབས་བསྒྲུབས་ན་ནི། །བ་ལང་ཁྱུ་ནས་སེང་གེ་ཇི་ལྟ་བར། །དུག་དང་སྦྲུལ་དང་ལྷན་ཅིག་དགོས་མེད་རྩེ། །ཞེས་གསུངས་པས། རྒྱུད་ཀྱི་རྒྱལ་པོ་རྣམས་དང་ཁྱད་པར་རྒྱུད་འདིར་ཡང་དུག་རིགས་བཞི་པོ་དེ་བསལ་ བའི་ཕྱིར། བསམ་གཏན་སྔགས། ཕྱག་རྒྱའི་བྱ་བ་སྣ་ཚོགས་ཤིག་གསུངས་སོ། །དེས་ནས་ཀླུའི་དཀྱིལ་འཁོར་གསུངས་པ་ལས། ལྷ་རྫས་འོད་ཕྲེང་དཀར་པོ་ཁ་བ་ལྟར་བསིལ་བ་ཡིས། །དབུ་ལ་སྦྲུལ་མགོ་ཇི་སྙེད་ཡོད་པ་བཞིན་དེ་སྙེད་ཀྱི་འོད་ཀྱིས་བསྐོར་བའི། །རྡོ་རྗེ་འཛིན་པ་ཕྱག་ན་རྡོ་རྗེ་དཀྱིལ་འཁོར་ གྱི་གཙོ་བོར་བསམས་ནས་ཀྱང༌། །ཕུཊ་ཅེས་བྱ་བ་འབུམ་བཟླས་ལ། །བསྙེན་པ་བྱའོ། །དེ་ནས་བོང་ངལ་སོགས་པའི་དབྱིག་དུག་བླངས་སྲང་ཚད་ལ་བཅས་ཕུཊ་ཅེས་ནི། །བྱ་བའི་ལྷ་དགུའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསམས་ནས་ཀྱང༌། །ལྷ་རྫས་འོད་ཟེར་ཕྲེང་བས་དགང༌། ། དེ་ལ་བདག་གི་ལག་པ་གཡས་པའི་མཐིལ་དུ་ཕུཊ་ཅེས་བྱ་བ་དཀར་པོ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་འདབ་མ་ལ་ལྷ་རྣམས་བསྐྱེད། དཀྱིལ་འཁོར་གཉིས་ལས་འོད་ཟེར་དཀར་པོ་བྱུང་བ་དུག་ལ་ཕོག་བདུད་རྩིར་གྱུར་པར་བསམ་ཞིང་དུག་དེའི་སྟེང་དུ་ཡི་གེ་ཕུཊ་དཀར་པོ་གནས་པ་ལས་འོད་ཟེར་དཀར་པོ་བྱུང་བས་ཀྱང་དེ་ལྟར་བསམ་ པར་བྱའོ། །ལག་པ་སྦྲུལ་མགོ་ཞགས་འདྲ་དང༌། །ཞེས་པ་ལག་པ་གཡས་པའི་མཐེ་བོང་དང་མཛུབ་མོ་རྩེ་སྤྲད་པ་ཞགས་མིག་ལྟར་བྱས་ཏེ། སོར་མོ་གཞན་རྣམས་བརྐྱང་སྟེ། ཅུང་ཟད་སྒུ་བ་སྦྲུལ་མགོའི་གདེངས་ཀ་ལྟར་བྱས་ཏེ། ངག་ཏུ་ཕུཊ་ཅེས་བརྗོད་པ་དང༌། ཕྱག་རྒྱ་དེས་དུས་དྲངས་ཏེ་ས་དང་ཆུ་དང་ཀ་པ་ལ་སོགས་པ་ལ་ སྤོ་བར་བྱའོ། །ནག་པོ་ལས་བྱུང་བའི་དུག །ཡང་ན་དུག་གི་འོག་ཏུ་ཕུད་ཅེས་བྱ་བའི་རླུང་གིས་ཚོགས་དྲག་པོ་གཏོར། །རྫས་དེས་པགས་པ་ཤ་དང་རུས་པ་ལ་རབ་ཏུ་ཞེན་ཅིང་གནས་པའི། །དུག་སེལ་ནུས་སོ། །དུག་རྣམས་ཐམས་ཅད་མ་ལུས་པར། །ཕུཊ་ཅེས་བྱ་བའི་ལག་པས་ 10-10-60a དྲང༌། །སྟེ་སྤོ་བ་སོགས་རྣལ་འབྱོར་གསུམ་གཉེ་བར་མཚོན་པ་ཡིན་ན། །རྣལ་འབྱོར་འདི་གསུམ་གང་ཡང་རུང་བས་དུག་བསལ་བའི་ནུས་པ་ནི། དུག་དེ་སྲང་ལ་བཙལ་བས་ཉུང་བར་གྱུར་ནའོ། །དེ་ནས་རྫས་དེས་མདའ་དུག་གམ་སྦྲུལ་གྱི་དུག་རྣམས་རྣལ་འབྱོར་གང་ལ་གོམས་པ་ཤས་ཆེ་བས་ བསལ་བར་བྱའོ། །དེ་ནས་ཕན་འདོགས་ཀྱི་ལས་རྣམས་ཀུན་བྱེད་ཅིང༌། །དུག་དང་རིམས་དང་དུག་སྦྱར་མ་ལ་སོགས་པ། །རྡོ་རྗེ་ཁུ་ཚུར་གྱིས་ཀྱང་བྱམས་པས་ཀུན་འབྱིན་ནུས་ན། །སྦྲུལ་མགོའི་ཕྱག་རྒྱས་ནུས་པ་སྨོས་ཅི་དགོས་སོ།། །། དེ་ནས་ལྷ་ཆེན་པོ་རྣམས་ཀྱི་བདག་པོ་འདི་ནི་ལྷ་ཆེན་པོ་རྣམས་ཀྱི་བདག་པོ་ཡང་ཡིན། འཇིགས་པར་བྱེད་པ་ཆེན་པོ་ཡང་ཡིན་ཏེ། ང་ནི་ལྷའི་ལྷ་ཆེན་པོ་ཞེས་རང་གི་གཟུགས་དང་ལག་ཆ་དང༌། རོ་ཕྱེད་ཚིག་པ་ཟ་བས་དུར་ཁྲོད་དུ་ལྷགས་པ་རྣམས་འཇིགས་པར་བྱེད་པའི་ཕྱག་ན་རྡོ་རྗེས་དྲག་པོ་བཏུལ་བ་ན་འདིས་འཇིགས་ པའི་གཟུགས་ཚུར་བསྟན་ཏེ། བཅོམ་ལྡན་འདས་ལ། ཀྭཱའི་གནོད་སྦྱིན་ཁྱོད་ངའི་བཀར་ཉོན་ཅིག་ཅེས་སྨྲས་པའི་ཕྱིར། འཇིགས་པར་བྱེད་པ་ཆེན་པོ་དུས་མཚན་མ། ཚངས་མ། ཁྱབ་འཇུག་མ། གཞོན་ནུ་མ། ཕག་མོ། གཤིན་རྗེ་མ། དབང་མོ། ལུས་ངན་མ་སོགས་མ་མོ་རང་གི་ཆུང་མ་དྲག་མོ་ཞེས་ཀ་མ་དྷེ་ནུས་ གསུང་སྟེ། དེ་ལྟ་བུའི་བུད་མེད་ཆེན་མོ་བརྒྱད་ཀྱིས་བསྐོར་བས། བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་སྐྲག་པ་དང༌། བུད་མེད་རྣམས་ཀྱིས་སྐྲག་པ་དང༌། ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་ སྐྲག་རྣམ་པར་སྐྲག་རབ་ཏུ་སྐྲག་སྟེ། ཁ་བུབ་ཏུ་འགྱེལ་ནས་གོས་དང་བྲལ་ཏེ། སེམས་ཀྱང་སྟོར་ནས་ཀུན་ཏུ་འཕྱན་པ་དེ་དག་ལ། ཕན་གདགས་པའི་སླད་དུ། བདག་ཅག་གི་སྙིང་པོ་དབུལ་བར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་དེ་ལེགས་པར་བྱིན་ 10-10-60b གྱིས་བརླབ་པར་གསོལ། འཇིགས་པར་བྱེད་པ་ཆེན་པོ་དེ་ལེགས་སོ་ལེགས་སོ། །རབ་ཏུ་འཇིགས་པར་བྱེད་པས་བདག་ཉིད་དང༌། ལྷའི་བུད་མེད་ཐམས་ཅད་ཀྱི་སྙིང་པོ་ཤོད་ཅིག །དེ་ནས་འཇིགས་པར་བྱེད་པ་ཆེན་པོས་འཇིགས་པར་བྱེད་པའི་སྒྲ་ཕྱུང་ནས། འདི་སྐད་ ཅེས་གསོལ་ཏོ། །ཨོཾ་བྷཻ་ར་བ་བྷེེ་སྭཱཧཱ། འཇིགས་བྱེད་འཇིགས་བྱེད་མ་དང་བཅས་པ། ཨོཾ་བྷཱ་སྭཱཧཱ། བྲཧྨ་བྷི་ཚངས་པ་ཆུང་མ་དང་བཅས་པ། ཨོཾ་བྷཱི་སྭཱཧཱ། བིཥྞུ་བྷི་ར་ཁྱབ་འཇུག་ཆུང་མ་དང་བཅས་པ། ཨོཾ་བྷཱུ་སྭཱཧཱ། མ་ཧཱ་དེ་བ་བྷེ་ར་ལྷ་ཆེན་ཆུང་མ་དང་བཅས་པ། ཨོཾ་བྷོ་སྭཱཧཱ། ཨིནྡྲ་བྷེ་ར་དབང་པོ་ཆུང་མ་དང་བཅས་པ། ཨོཾ་བྷཻ་སྭཱཧཱ། ཀ་མ་དེ་བ་བྷེ་ར་འདོད་ལྷ་ཆུང་མ་དང་བཅས་པ། ཨོཾ་བྷཽ་སྭཱཧཱ། ག་ཎ་པ་ཏི་བྷེ་ར་ཚོགས་བདག་ཆུང་མ་དང་བཅས་པ། ཨོཾ་བྷེ་སྭཱཧཱ། བྷྲིང་གི་རི་ཏི་བྷེ་ར་ཆུང་མ་དང་བཅས་པ། ཨོཾ་བྷཾ་སྭཱཧཱ། ཀརྟི་ཀ་བྷེ་ར་སྨིན་དྲུག་ཆུང་མ་དང་བཅས་པ་ཞེས་ཁ་ཅིག་ཟེར། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ནི། བརྒྱད་ པོ་དེ་དག་བདག་གི་ངག་ཉན།། །།ལྟ་གོན་ཡང་སོང་ནས་བྲི་བའི་ཚེ། དེ་དག་གི་ནི་དཀྱིལ་འཁོར་བཤད། །གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་བྲིས་ལ། ནང་དུ་འཁོར་ལོ་ཆེན་པོ་རྩིབས་བརྒྱད་པ། །བྲིས་ནས་མཚན་མ་འགོད་པའི་ཚེ། དབུས་སུ་རྡོ་རྗེ་འཛིན། །ཁྲོ་ཆེན་ འཇིག་རྟེན་གསུམ་ལས་ནི། །རྣམ་རྒྱལ་ཞེས་བྱ་གཞག་པར་བྱ། །དེ་ཡི་ཞབས་དྲུང་འཇིགས་བྱེད་པའི། །བདག་པོ་ཆེན་པོ་ཁྲོས་པ་ནི། །འཇིགས་བྱེད་མ་དང་བཅས་པ་བྲི། །རྩིབས་ཀྱི་ནང་ནི་ཐམས་ཅད་དུ། །གཞན་ཡང་འཇིགས་བྱེད་བརྒྱད་པོ་ནི། །བུད་མེད་རྣམས་ དང་ལྡན་པ་ལ། །ཁྲོས་པའི་བཞིན་དང་ཡིད་ཁྲོས་པར། །ཅི་བདེ་བར་ནི་བྲི་བར་བྱ། །འདིར་ནི་སྒོ་སྒོར་དེ་བཞིན་དུ། །སྒོ་བ་ཤིན་ཏུ་ཁྲོས་ལྔན་བྲི། །དེ་ལྟར་བྲིས་ཟིན་པ་དང༌། དཀྱིལ་འཁོར་བརྒྱན་པ་དང༌། ཡོ་བྱད་དགོད་པ་འོག་ནས་ཡར་བླངས་ལ། དམ་ཚིག་པ་བསྐྱེད་པ་ལ་ཡེ་ཤེས་པ་སྤྱན་ 10-10-61a དྲངས་ལ། དེ་ནས་ལྕགས་ཀྱུ་ལ་སོགས་པས། །བཀུག་སྟེ་བཅུག་ལ་བསྒྲུབས་ཤིང་མཆོད་ནས་བདག་ཉིད་ཞུགས་ལ་དབང་བླང༌། མགོ་བོའི་ཐོད་པ་ནི། །ཁྲག་གིས་བཀང་བས་མཆོད་ནས་ཀྱང༌། །ཤ་ཆང་གཏོར་མ་བཟང་པོ་དང༌། །སྣོད་རྣམས་ཁྲག་གིས་ བཀང་བ་དང༌། །མགོ་ཐོད་མགོ་ཡི་དུམ་བུ་དང༌། །ཁྲག་གམ་ཆང་བཀང་བུམ་པ་བརྒྱད། །དཀྱིལ་འཁོར་དེར་ནི་གཞག་པར་བྱ། །རྐང་པ་ཕྱེད་དང་བདུན་པོ་འདིས་མཆོད་རྫས་བཤམ་པ་དང་མཆོད་པ་དུས་གཅིག་ཏུ་བསྟན་ནོ། །དེ་ནས་སློབ་མ་འཇུག་པའི་ཕྱིར། འཇིག་རྟེན་གསུམ་རྒྱལ་ བའི། །མཆོག་གི་སློབ་མ་གཞུག་པར་བྱ། །བུམ་པའམ་མགོ་ཡི་ཐོད་པ་ནི། །དེ་ལྟར་བརྒྱད་ཀྱིས་དབང་རྫོགས་པར་བསྐུར་རོ། །དེ་ནས་ལས་སྒྲུབ་ལུགས་རྣམས་སྦྱིན་བྱ་སྟེ། །བུད་མེད་ཁྱིམ་མམ་མཚན་གཅིག་པར། །འཇིག་རྟེན་གསུམ་ནི་འདུལ་བའི་ མཆོག །ཚུལ་བཞིན་དུ་ནི་མཆོད་བྱས་ནས། །འབུམ་ཕྲག་བཞིར་ནི་བཟླས་པའི་བསྙེན་པར་བྱས་ལ། །དེ་ནས་འཇིགས་པར་བྱེད་པ་ཡི། །བདག་ཉིད་ཆེན་པོའི་སྒྲ་ཐོས་ནས། །དེ་ལ་མི་འཇིགས་པར་ནི་མགོ་ཐོད་པ། །ཁྲག་མཆོག་བཀང་སྟེ་ཨརྒྷཾ་འབུལ། །དེ་ནས་ ཁྲོ་བོ་འཇིགས་བྱེད་པ། །མ་རུངས་ཡིད་ཅན་བུད་མེད་ཀྱི། །ཚོགས་ཀྱིས་བསྐོར་ཞིང་འཇིགས་བྱེད་པ། །བརྒྱད་ཀྱིས་བསྐོར་བ་སྒྲུབ་པ་པོས་མཐོང་བར་འགྱུར། །དེ་མཐོང་ནས་འཇིགས་པའི་སེམས་མེད་པར་བྱས་ལ། །ཧཱུཾ་ཞེས་བྱ་བ་དྲན་བྱེད་ཅིང༌། །ཤ་འམ་ ཡང་ན་ཆང་མཆོག་གིས། །ཐོད་པ་བཀང་སྟེ་དབུལ་བར་བྱ། །དེ་ནས་འཇིགས་བྱེད་མ་རུངས་འཇོམས། །མགུ་ནས་རབ་ཏུ་གྲུབ་གྱུར་ནས། །དངོས་གྲུབ་ཅི་འདོད་ཅེས་ནི་སྨྲས་ནས་ཀྱང༌། །མགུ་བའི་ཡིད་ཀྱིས་གང་འདོད་དེ་སྦྱིན་ཏེ། །ས་རྣམས་ཀྱི་ཡོན་ཏན་ནི། སྦྱིན་པ་ 10-10-61b མ་གཏགས་པར། །ཏེ་འདི་ནི་སྦྱིན་པར་མི་ནུས་ཏེ། དེ་ཉིད་བསྡུས་པར། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི། བདག་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲགས་པ་རྣམས་ཁ་བ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྦྱིན་པར་སྒྲུབས་ཤིག །དེ་ནས་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ ཅག་གིས་བྱང་ཆུབ་སྩོལ་བར་མི་ནུས་སོ། །ཅི་སྟེ་བདག་ཅག་གིས་ནུས་པར་གྱུར་ན་བདག་ཅག་ཉིད་ཡང་དག་པར་འཚང་རྒྱ་བར་བགྱིད་དོ་ཞེས་གསུངས་སོ། །བདེ་ཆེན་ནི་སྒྲུབ་པ་པོ་ལ་ཧཱུཾ་གི་ཞེས་བརྗོད་པའི་ཚུལ་གྱིས་དངོས་གྲུབ་གསོལ། །བསྟེ་སྟེར་བར་བྱེད་དོ། །དངོས་གྲུབ་གང་ན་ལྷའི་བདུད་རྩི་ཁུ་བ་བྲོ་བའི་བཏུང་བ་དང༌། ། རྫས་བཅུད་ལེན་དང་རལ་གྲིའི་རིག་འཛིན་འཁོར་ལོ་དང༌། །རྩེ་གསུམ་པ་དང་རྡོ་རྗེ་དང༌། །མི་དང་ས་འོག་རྒྱལ་པོ་དང༌། །གླིང་དང་གླིང་བཞི་བརྒྱ་བྱིན་དང༌། །གནོད་སྦྱིན་དབང་ཕྱུག་གནོད་སྦྱིན་ཉིད། །རིག་འཛིན་ཉིད་དང་རིག་འཛིན་གྱིས། །འཁོར་ལོ་སྒྱུར་དང་འཇིག་རྟེན་ནི། ། གསུམ་གྱི་བདག་དང་སྒྲུབ་པ་པོའི་བཀའ་ཉན་པ་དང༌། མཐོ་རིས་དང་ཟེར། འཇིགས་བྱེད་རང་གི་འཁོར་དང་བུད་མེད་ཀྱི། །ཆུང་མ་རྣམས། དངོས་གྲུབ་གང་ཡང་ཆག་གིས་སྲིན་པོ་ཉིད་ཟེར། རུང་བ་ནི། །ཅི་དགའ་བར་ནི་སྦྱིན་པར་བྱེད། །བྱིན་ནས་དངོས་གྲུབ་དེ་དགོད་ ཅིང་འགྲོ་བར་བྱེད། །འཇིགས་པར་མི་བྱ་སྟེ་སྐྲག་ན་དེ་མ་ཐག་ཏུ་གསོད།། །།དེ་ཉིད་བསྡུས་པར། འཇིགས་ལས་གཞན་པའི་བགེགས་གཞན་མེད། ཅེས་དང༌། སྔགས་པས་དེ་ལ་འཇིགས་པར་མི་བྱའོ། །ཇི་ལྟར་འཇིགས་པ་དེ་ལྟར་བགེགས་ཀྱིས་བར་ཆད་དུ་འགྱུར་རོ་ཞེས་གསུངས། དེ་ལྟར་ལྷ་ཆེན་རྣམས་དྲག་པོར་ སྣང་བ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བསྟན་ནས། ད་ནི་ཞི་བར་སྣང་བའི་དཀྱིལ་འཁོར་སྟོན་ཏེ། དྲག་པོའི་དཀྱིལ་འཁོར་གྱི་རྗེས་དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས། བཅོམ་ལྡན་འདས་ལ་ཕྱག་བཙལ་ནས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ 10-10-62a ཅག་གིས་ཀྱང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། རང་རང་གི་བརྟག་པར་བཤད་པར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བར་དགོངས་ཏེ། བྱིན་གྱིས་བརླབ་པར་གསོལ། དེ་ནས་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས། རང་རང་གི་སྙིང་པོ་རྣམས་བཤད་དོ། །ཨོཾ་ཨཱ། ཨོཾ་བྷི་ཥྞུ་ཁྱབ་འཇུག །ཨོཾ་རུ་དྲ་དྲག་པོ། ཨོཾ་ཨིནྡྲ་དབང་པོ། ཨོཾ་ཀཾ་མ་དེ་བ་འདོད་ལྷ། ཨོཾ་ག་ན་པ་ཏི་ཚོགས་བདག །ཨོཾ་བྷྲྀ་གི་རི་ཏི། ཨོཾ་ཀ་ཀུ་མཱ་ར་གཞོན་ནུ་གདོང་དྲུག །དེ་ནས་དེ་དག་གི་དངོས་གཞིའི་སྐབས་སུ་དཀྱིལ་འཁོར་བྲི་བ་བཤད་ དེ། དཀྱིལ་འཁོར་སྔ་མ་འཇིགས་བྱེད་བཞིན་བྲིས་ལ། མཚན་མ་འགོད་པའི་ཚེ། དབུས་སུ་འཇིག་རྟེན་གསུམ་འདུལ་བ། །དེ་ཡི་མདུན་དུ་དཔའ་བོ་ནི། །དབང་ཕྱུག་རྩེ་གསུམ་ལག་ཐོགས་ཤིང༌། །རྒྱབ་ཏུ་ཚངས་པ་བྲི་བྱ་བ། །གཡོན་པར་ལག་ན་འཁོར་ལོ་ཐོགས། ། གཡས་པར་དབང་པོ་རང་གི་ནི། །ཕྱག་རྒྱའི་མཚན་མ་ལག་ཐོགས་བྲི། །རང་གི་དཀྱིལ་འཁོར་ཆུང་མ་རྣམས། །འདིར་ཡང་སྒོ་བ་དེ་བཞིན་ཏེ། །བྱ་དང་བུམ་པ་བཀང་བ་བཞག །དཀྱིལ་འཁོར་གྱི་ནི་ཕྱི་རོལ་ཏུ། །སྟོབས་བཟང་ལ་སོགས་མཐུ་ཆེན་བཞག །དེ་ ནས་ཆད་ལྷག་གི་ཉེས་པ་ཞི་བའི་དོན་དུ་ཞུགས་ནས་ལྷ་རྣམས་ནི། །མཁས་པས་ཀུན་ནས་དགུག་པར་བྱ། །གང་གིས་ཛཿཧཱུཾ་བཾ་ཧོཿལྷ་ཐམས་ཅད། །དཀྱིལ་འཁོར་དམ་པར་གཞུག་པར་མཛོད། །དེ་ནས་ཡེ་ཤེས་པ་འོངས་པར་མཐོང་བ་དང༌། །དམ་ཚིག་པ་ དང་གཅིག་ཏུ་བྱ་སྟེ། དགའ་བ་ཆེན་པོས་མཆོད་པ་དང་བསྟོད་པ་བྱ་སྟེ་རང་ཉིད་ཞུགས་ཏེ་དབང་བླང་བར་བྱའོ། །དེ་ནས་སློབ་མ་འཇུག་པའི་ཕྱིར་རྡོ་རྗེ་འཛིན་པ་ཡི། །ཕྱག་རྒྱས་སློབ་མ་གཞུག་བྱ་སྟེ། །ཨོཾ་པྲ་ཏཱི་ཙྪ་སོ་སོར་བཞེས། གང་གིས་ན་ཏྭཾ་མ་ཧཱ་ས་ཏྭ་སེམས་དཔའ་ཆེན་པོ་ཁྱོད། 10-10-62b བཛྲ་དྷཱ་ར་རྡོ་རྗེ་འཛིན། ཨཱཛྙཱ་པ་ཡ་པའི་བཀས། ཧཱུཾ་ཧ་ཧ་ཧ་ཧོ། མེ་ཏོག་ཆོ་ག་བཞིན་དུ་དོར། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི་ཞེས་སོགས་ཀྱིས་མིག་ཕྱེ་ནས་ནི་དཀྱིལ་འཁོར་ཕྱི་ནས་རིམ་པ་མཉན་པར་བྱ། དེ་ནས་སྔགས་ཀྱིས་བཏབ་པ་ཡི། །བུམ་པའི་ཆུས་ནི་དབང་བསྐུར་རོ། །དེ་ནས་ ལྷ་རྣམས་གང་དགའ་བའི། །དངོས་གྲུབ་རབ་ཏུ་སྦྱིན་པར་བྱ། །གཙོ་བོའི་སྔགས་ལ་འཁོར་གང་ཡིན་གྱི་སྔགས་བཏགས་པའི་བསྙེན་པའི་གྲངས་འབུམ་གཅིག་གམ་ནི་འབུམ་གཉིས་སམ། །དང་པོ་བསྙེན་པ་བྱས་ནས་ཀྱང༌། །དབང་ཕྱུག་ལ་སོགས་ལྷ་མཆོག་རྣམས། །དེ་དག་སྒྲུབ་ པས་བསྒྲུབ་བྱས་ཏེ། །མཚན་གཅིག་གང་དུ་སྒྲུབ་པའི་གནས་ཀྱི་རྣམ་གྲངས་ལ་སོགས་གནས་སམ་ནི། །ཕྱག་ན་རྡོ་རྗེའི་ཕོ་བྲང་ངམ། །ཡང་ན་དེ་བཞིན་གཤེགས་པ་འམ། །རིང་བསྲེལ་ལྡན་པའི་མཆོད་རྟེན་དུ། །ལྷ་རྣམས་ཐམས་ཅད་ཆོ་ག་བཞིན། །སྒྲུབ་པས་རྟག་ ཏུ་བསྒྲུབ་བྱས་ན། །ནམ་ཕྱེད་ལ་ནི་ལྷ་འོངས་ནས། །སྒྲུབ་པ་པོ་ཁྱོད་ཀྱི་འདོད་པ་གང་ཡིན་པ། །དེ་ནི་ཅི་བདེར་སྦྱིན་བྱ་ཡིས། །བཟང་པོས་མྱུར་དུ་གང་འདོད་སོམས་ཏེ་སྨྲོས། །གང་ཕྱིར་མཆོག་ནི་ཁྱོད་ལ་སྦྱིན། །དེ་ནས་སྔགས་ཤེས་པས་དངོས་གྲུབ་ཕྱིར། །ལྷ་ལ་ མཆོག་ནི་བླང་བར་གསོལ་བ་གདབ། །ལྷ་རྫས་ཀྱི་བདུད་རྩི་ཁུ་བ་བྲོ་བཏུང་དང༌། །མི་སྣང་བ་དང་ནམ་མཁའ་ལ་འགྲོ་དང༌། །རི་ལུ་རྫས་དང་འཁོར་ལོས་སྒྱུར་རྒྱལ་ལ་སོགས། །ཡིད་ལ་གང་འདོད་ཚད་མེད་གསོལ་བ་གདབ། །དེ་ནས་དབང་ཕྱུག་ཆེན་པོ་ལ་ སོགས་པས། བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་འདིར་ཞུགས་པ་གང་ལགས་པ་དེ་དག །དཀྱིལ་འཁོར་འདིར་ཞུགས་པ་རྣམས་ལ་ལྷ་རྣམས་ཀྱི་ཕན་ཡོན་ 10-10-63a སྒྲུབ་པར་ཁས་བླངས་པ་ནི། བཅོམ་ལྡན་འདས་བདག་ཅག་ལྷ་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང༌། མཐོ་རིས་ཀྱི་ལམ་དགེ་བ་བཅུ་བསྟན་པར་བགྱིའོ། །བདེ་འགྲོའི་ལམ་བསམ་གཏན་བཞི་བསྟན་པར་བགྱིའོ། །ངན་སོང་མ་ཡིན་པའི་ལམ་ འཇིག་རྟེན་པའི་ཡང་དག་པའི་ལྟ་བ་བསྟན་པར་བགྱིའོ། །སྒྲིབ་པ་མ་མཆིས་པའི་ལམ་ཚོགས་ལམ་ཙམ་བསྟན་པར་བགྱིའོ། །དབེན་པའི་ལམ་ཐར་པ་ཆ་མཐུན་བསྟན་པར་བགྱིའོ། །རྣམ་པར་དབེན་པའི་དྲོད་ཀྱི་ལམ་བསྟན་པར་བགྱིའོ། །འབྱུང་བའི་ལམ་རྩེ་མོ་བསྟན་ པར་བགྱིའོ། །མྱ་ངན་ལས་འདས་པ་བཟོད་པའི་ལམ་བསྟན་པར་བགྱིའོ། །དམ་པའི་ཆོས་ཀྱི་ལམ་ཆོས་མཆོག་ཆེན་པོ་བསྟན་པར་བགྱིའོ། །བདེ་འགྲོ་མཐོང་བའི་ལམ་བསྟན་པར་བགྱིའོ། །སྤོང་བ་སྒོམ་པའི་ལམ་བསྟན་པར་བགྱིའོ། །ཉོན་མོངས་པ་མེད་པའི་ ལམ་མཐོང་སྒོམ་གྱི་བར་ཆད་མེད་ལམ་བསྟན་པར་བགྱིའོ། །ལམ་དེ་ཐམས་ཅད་ཀྱང་སངས་རྒྱས་ཉིད་དུ་དང༌། སྒྲུབ་པའི་ལམ་བསྟན་པར་བགྱིའོ། །བྱང་ཆུབ་སེམས་དཔའ་ཉིད་དུ་དང་སྒྲུབ་པའི་ལམ་བསྟན་པར་བགྱིའོ། །རྡོ་རྗེ་འཛིན་པ་ཉིད་དུ་སྒྲུབ་པའི་ལམ་ ཡིན་པས་དེ་ཐམས་ཅད་བསྟན་པར་བགྱིའོ། །དུས་ཐམས་ཅད་དུ་སྒྲུབ་པ་པོ་འཇིགས་པ་ཐམས་ཅད་ལས་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་བགྱིའོ། །བདག་ཉིད་ཀྱིས་བུ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། །དེའི་ཕ་རོལ་གྱི་དགྲ་ཀུན་ཏུ་གཞོམ་པར་ བགྱིའོ། །སྔར་བསྟན་པ་བཞིན་གྲོང་དང༌། གྲོང་རྡལ་དང༌། ལྗོངས་དང༌། རྒྱལ་པོ་དང༌། རྒྱལ་པོའི་ཕོ་བྲང་འཁོར་དང༌། རྒྱལ་སྲིད་རྣམས་བསྲུང་བར་བགྱིའོ། །ཡུལ་དང༌། ཕྱོགས་དང༌། གྲོང་ཁྱེར་དང༌། གྲོང་འཁོར་རྣམས་བསྲུང་བར་བགྱིའོ། །རྒྱལ་སྲིད་ཀྱང་ 10-10-63b སྩལ་བར་བགྱིའོ། །རྒྱལ་སྲིད་ཐོབ་པ་རྣམས་ནི་རྒྱལ་སྲིད་རྒྱས་པར་བགྱིའོ། །གླིང་གཅིག་པ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། བདེ་འགྲོ་དང༌། མིའི་གནས་དང༌། སའི་འོག་དང༌། འཁོར་ལོ་སྒྱུར་བ་རྣམས་སྩལ་བར་བགྱིའོ། །མདོར་ན་བརྒྱ་བྱིན་ཉིད་དང༌། ཚངས་པ་ཉིད་དང༌། གཏོགས་འདོད་ཉིད་དང༌། དབང་ཕྱུག་ཆེན་པོ་ཉིད་ཀྱང་སྩལ་བར་བགྱིའོ།། །།ད་ནི་ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་སྟོན་ཏེ། འཇིག་རྟེན་པའི་དཀྱིལ་འཁོར་རྗེས། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འཁོར་གྱི་དཀྱིལ་འཁོར་ལ་ཀུན་ཏུ་གཟིགས་ནས་ འཛུམ་པ་མཛད་པ་དང༌། དེའི་བྱིན་རླབས་ཀྱིས་འཁོར་གྱི་དཀྱིལ་འཁོར་དེ་དག་རང་དབང་མེད་པར་ས་གཞི་དང་བཅས་པ་གཡོས། དེའི་དབང་ལས་ལུས་ཀྱང་རབ་ཏུ་གཡོས། སེམས་ཀྱང་སྔོན་ལས་གྱུར་བས། ཆག་གིས། ཡང་ཉིད་ཀྱི་འཁོར་ཟེར། པར་གཡོས་སོ། །ཆུང་ངུར་འགུལ། རབ་ཏུ་ཆེན་པོར་འགུལ། ཆེན་པོའི་ཆེན་པོར་ཡང་དག་པར་རབ་ཏུ་འགུལ། དེར་གནས་པའི་འོད་དང་འོད་ཟེར་དེ་དག་འབར་རབ་ཏུ་འབར། ཡང་དག་པར་རབ་ཏུ་འབར། ངོ་མཚར་བའི་དབང་གི་འཁོར་དེ་རིམ་པ་གསུམ་དུ་དགོད་རབ་ཏུ་དགོད། ཡང་དག་པར་རབ་ཏུ་དགོད། རྩེ་རབ་ཏུ་རྩེ། ཡང་ དག་པར་རབ་ཏུ་རྩེ་ཞིང༌། གཞན་ཡང་རྨད་ཀྱི་ཡ་མཚན་དུ་མ་ཡང་ལྟས་ཆེན་པོ་བཅོ་བརྒྱད་འཇིག་རྟེན་དུ་ཡང་དག་པར་རབ་ཏུ་སྣང་བར་གྱུར་ཏོ། །དེ་ནས་ཚངས་པ་ལ་སོགས་པའི་ལྷའི་ཚོགས་རྣམས་ཤིན་ཏུ་དམ་པར་གྱུར་ནས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན་འཛུམ་པ་མཛད་པའི་རྒྱུ་གང་ལགས། བཅོམ་ལྡན་འདས་དེའི་སླད་དུ་ལུང་བསྟན་དུ་གསོལ། ཞེས་ 10-10-64a འཛུམ་པ་མཛད་པའི་རྒྱུ་གྱུར་རོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། ལྷ་རྣམས་ཀྱིས་གསོལ་བའི་ཚིག་གསན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ལ་སོགས་པའི་ལྷ་རྣམས་དང༌། སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་ འཆི་བདག་ཞི་བར་བྱེད་པའི་རིག་པ་དང༌། དུས་མ་ཡིན་པའི་འཆི་བདག་འཇོམས་པར་བྱེད་པའི་རིག་སྔགས་གཟི་བརྗིད་ཆེན་པོ་གང་ཡིན་པ་ཉོན་ཅིག །ཅེས་རྣ་བསྟད་པར་བསྐུལ་བ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་བཙལ་ནས། ཚངས་པ་ལ་སོགས་པའི་ ལྷ་ཆེན་པོ་དེ་དག་ཡང་དག་པར་མགུ་སྟེ། བ་སྤུ་ལངས་ནས་ལེགས་སོ་ཞེས་བྱ་བ་འདི་དག་གསོལ་ཏོ། །བཅོམ་ལྡན་འདས་འགྱུར་ཁ་ཅིག་ལ་ཐོས་སེམ། ལེགས་སོ་ལེགས་སོ། །རྡོ་རྗེ་འཛིན་པ་ལེགས་སོ་ལེགས་སོ། །གང་གི་སླད་དུ་ཚེ་ཐུང་བའི་སེམས་ ཅན་རྣམས་ཚེ་བསྲིང་བར་བགྱི་བ་དང༌། དུས་མ་ལགས་པའི་འཆི་བདག་གིས་ཉེན་པ་རྣམས་གང་གིས་དུས་མ་ལགས་པར་འཆི་བ་ལས་རྣམ་པར་གྲོལ་བར་བགྱི་བ་དང༌། ངན་སོང་དུ་སྐྱེས་པ་རྣམས་ངན་སོང་གི་རྒྱུད་ཐམས་ཅད་ལས་ཅི་ནས་ཀྱང་རྣམ་པར་ གྲོལ་བར་བགྱི་བ་དང༌། འཁོར་བའི་འཇིགས་པས་སྐྲག་པའི་སེམས་ཅན་རྣམས་བདེ་བླག་ཏུ་འཁོར་བ་ལ་རྒྱབ་ཀྱིས་བལྟ་བར་བགྱིས་ནས། མྱུར་དུ་བླ་ན་མ་མཆིས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི སླད་དུ། གཟི་བརྗིད་ཆེན་པོའི་སྟོབས་དང༌། མཐུ་སྟོབས་ཆེན་པོའི་རིག་པ་བཤད་དུ་གསོལ། ཞེས་གསང་བའི་ལྷས་སུ་ཤེས་ཆག་གིས་ཕྱོགས་པར་བགྱིས་ནས་ཟེར།། ནས་བསྐྱར་ནས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཚངས་པ་ལ་སོགས་ 10-10-64b པ་ལྷ་རྣམས་ཀྱིས་གསོལ་བའི་ཚིག་གསན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་འི། དེ་ཉིད་འཆད་འགྱུར་གྱི་སྔགས་སུ་ཤར་བས་རིག་པ་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་ལས་ཕྱུང་ངོ༌། །ཨོཾ་ པུ་ཎྱེ་བསོད་ནམས་པུ་ཎྱེ་བསོད་ནས་མཧཱ་པུ་ཎྱེ། བསོད་ནམས་ཆེན་པོ། ཨ་པ་རི་མི་ཏཱ་དཔག་ཏུ་མེད་པ། ཨཱ་ཡུཿཔུ་ཎྱེ་ཚེ་དང་བསོད་ནམས། ཛྙཱ་ན་ཡེ་ཤེས། སཾ་བྷ་རོ་པ་ཚོགས་ཨུ་པ་ཉེ་བར་ཅི་ཏེ་བསགས་པ། སྭཱཧཱ། སྙིང་པོའོ། །ཡིད་ལ་འདོད་པའི་ཆོ་ག་ཡིས། །ཡིད་ལ་གང་ འདོད་འགྲུབ་འགྱུར་བ། །ཏིང་འཛིན་སྒྲུབ་པ་སྙིང་ལ་གནས། །དེ་བས་སྙིང་པོ་ཞེས་བྱའོ། །ཞེས་པ་ལྟར། ཨོཾ་ཧྲཱིཾ་སྭཱཧཱ། ལྷ་དང་འདོད་པའི་དངོས་གྲུབ་ལ་ཉེ་བར་བྱེད་པས། ཉེ་བའི་སྙིང་པོའི་རིག་པའོ། །ཨོཾ་བྷྲཱུཾ་སྭཱཧཱ། སྙིང་པོའི་ལྷ་དང་ཉེ་བའི་སྙིང་པོའི་མ་རིག་པ་སེལ་བས་རིག་པའོ། །ཨོཾ་ཀྲུཾ་ སྭཱཧཱ། སྙིང་པོ་ཡང་དག་པར་བསྐུལ་བའི་རིག་པ་ནི་ལྷ་རྣམས་མངོན་དུ་ཕྱོགས་པར་བྱ་བའི་ཕྱིར་རོ་འོ། །ཨོཾ་ཏྲཱཾ་སྭཱཧཱ། འཇིག་རྟེན་པའི་ལྷའི་སྙིང་པོ་ལས་མཆོག་ཏུ་གྱུར་པས། སྙིང་པོ་དམ་པའོ། །ཨོཾ་ཧྲཱི་སྭཱཧཱ། གསངས་ཏེ་བརྗོད་པར་བྱ་བ་ཡིན་པས། གསང་བའི་སྙིང་པོ་སྟེ་འདའ་བར་བྱ་ བ་མ་ཡིན་ཞིང༌། ཤིགས་པར་དཀའ་བས་གསང་བ་ཉིད། །གསང་བ་སྒྲུབ་ཕྱིར་སྔགས་པས་ན། །དེ་དག་གསང་སྔགས་ངེས་པར་བརྗོད། །ཅེས་པ་ལྟར་རོ། །དེ་ནས་དེ་དག་གི་གཞིའི་དཀྱིལ་འཁོར་བྲི་བ་བཤད་དེ། དཀྱིལ་འཁོར་རྩིབས་བཞི་པར་བྱས་ལ། དེའི་དབུས་སུ་དེ་བཞིན་གཤེགས་ པའི་ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང༌། གཟི་བརྗིད་ཚད་མེད་པའི་རྒྱལ་པོ་ཞེས་བྱ་བ་བཞག་སྟེ་བྷྲཱུཾ་སྙིང་པོ་ཙམ་འཁོད་ན་ཞེས་བྱ་བ་ནི་སྙིང་པོའོ། །དེའི་སྤྱན་སྔར་ནི་ཕྱག་ན་རྡོ་རྗེ་སྟེ། ཧྲཱིཿཞེས་བྱ་བ་ནི་སྙིང་པོའོ། །གཡོན་པར་ནི་ཁྲོ་བོ་སྟེ། ཀྲུཾ་ཞེས་ 10-10-65a བྱ་བ་ནི་སྙིང་པོའོ། །གཡས་པར་ནི་ནམ་མཁའི་སྙིང་པོ་སྟེ། ཏྲཱཾ་ཞེས་བྱ་བ་ནི་སྙིང་པོའོ། །རྒྱབ་ཏུ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་མི་འཇིགས་པ་སྦྱིན་པ་སྟེ། ཧྲཱིཾ་ཞེས་བྱ་བ་ནི་སྙིང་པོའོ། །དེ་བཞིན་གཤེགས་པའི་འོད་ཀྱི་དཀྱིལ་འཁོར་ ལ་རིག་པ་སྟེ་སྔགས་རྣམས་བྲིའོ། །བུམ་པ་ལྔ་རིགས་ལྔའི་དང་བརྒྱད་ནི་བདུག་པ་སོགས་བཞི་སྒོ་བ་བཞིའོ། །འཁོར་ལོས་སྒྱུར་བ་གཙོ་བོའི་སྔགས་ཀྱིས་བཏབ་ལ་བཞག་གོ། བདུག་པ་ལ་སོགས་པའི་བུམ་པར་ལས་ཐམས་ཅད་པའི་ཁྲོ་བོའི་སྔགས་ཀྱིས་བཏབ་པ་དང༌། མཆོད་པ་ལ་སོགས་པ་བཞག་སྟེ། སྒོ་བ་ཐམས་ཅད་ཀྱང་སྔར་བཀོད་པ་དེ་བཞིན་ནོ། །དེ་ནས་ཆད་ལྷག་གི་ཉེས་པ་ཞི་བའི་དོན་དུ་སྔགས་མཁན་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ལ་སྒོ་ཕྱོགས་སུ་འདུག་སྟེ། བདེ་བར་གཤེགས་པ་དམ་པ་སྲས་དང་འབངས་སུ་བཅས་ཤིང་འཁོར་ གྱིས་བསྐོར་བ། རིག་པ་དང་ལྷན་ཅིག་སྤྱན་དྲང་ངོ༌། །དེ་ནས་སློབ་མ་འཇུག་པའི་སྔོན་དུ། བདག་ཉིད་དབང་བསྐུར་ཏེ། འདི་ནས་བར་སྐབས་སུ་གཞུང་གཅིག་ཆད་པ་འདྲའོ། །སྐྱིལ་མོ་ཀྲུང་བཅས་ནས་འདུག་ལ། ཚེ་སྒྲུབ་ལྟ་བུའི་ལས་སྒྲུབ་པར་སྟོན་པ་ནི། བསྙེན་པ་སྟོང་ཕྲག་བརྒྱར་བཟླས་ ན། དེ་བཞིན་གཤེགས་པའམ་རྡོ་རྗེ་འཛིན་པའམ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཡང་རུང་སྟེ། མངོན་སུམ་དུ་མཐོང་ནས། ཅི་འདོད་པའི་མཆོག་སོ་སོར་ཐོབ་པར་འགྱུར་རོ། །ཅི་སྟེ་མཉམ་པར་མ་བཞག་ན་སྟེ་མཆོག་མ་ཐོབ་ནའང་དེའི་ཚེ་ཡིད་ ཀྱི་ཞི་སོགས་ཀྱི་ལས་ཕྲན་ཚེགས་ཐམས་ཅད་ནུས་པར་འགྱུར་རོ། །དེ་ནས་སློབ་མ་འཇུག་པའི་དོན་དུ་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་དྷ་ར་རྡོ་རྗེ་འཛིན་པ། རཏྣ་དྷ་ར་རིན་ཆེན་འཛིན་པ། པདྨ་དྷ་ར། ཆོས་འཛིན་པ། བི་ཤྭ་དྷ་ར་ལས་སྣ་ཚོགས་འཛིན་པ། ཏ་ཐཱ་ག་ 10-10-65b ཏ་ས་མ་ཡ་མཱ་ཏི་ཀྲ་མ་དེ་བཞིན་གཤེགས་པའི་དམ་ཚིག་གི་རིམ་པ་ལས་མི་འདའ་བ། ཏ་ཐ་ག་ཏ་ས་མ་ཡ་དྷ་ར་ཨཱཏྨ་ཀོ྅ཧཾ། དེ་བཞིན་གཤེགས་པའི་དམ་ཚིག་འཛིན་པའོ། །ཞེས་ང་རྒྱལ་བསྐྱེད་ལ་སློབ་མ་རྣམས་གཞུག་པར་བྱའོ། །དེ་ནས་སྔགས་འདིས་མེ་ཏོག་དོར་བར་བྱའོ། །ཨོཾ་ སརྦ་ཏ་ཐཱ་ག་ཏ་པྲ་ཏཱི་ཙྪ་ཧོཿ་སོ་སོར་བཞེས་ཀྱེ། ས་མ་ཡ་སྟཾ། དམ་ཚིག་ལྡན་པ་ཁྱད་ཀྱིས། དེ་ནས་ཕྲེང་བ་དེ་ཉིད་ཀྱི་མགོ་བོ་ལ་བཅིངས་ཏེ་དབང་བསྐུར་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཱེ་ཉྩ་བཛྲ་དྷ་ར་རྡོ་རྗེ་འཛིན་པའི་བཀའ། ཨཱ་ཛྙཱ་པ་ཡ་ཧཱུཾ་བྷཱུཾ། ཆུ་དབང་ཁྱད་པར་བའི་སྔགས། དཔྲལ་བར་ ཕྱག་རྡོར་གྱི་བུམ་པས། ཨོཾ་བཛྲ་བཛྲ་ཨ་བྷི་ཥཱིཉྩ་ཧཱུཾ་ཧཱུཾ། རྣ་ལྟག་གཡས་སུ་རིན་པོ་ཆེའི་བུམ་པས། རཏྣ་རཏྣ་ཨ་བྷི་ཥཱིཉྩ་ཧཱུཾ་ཧཱུཾ་ལྟག་པར་རྡོ་རྗེ་ཆོས་ཀྱི་བུམ་པས། ཨོཾ་པདྨ་པདྨ་ཨ་བྷི་ཥཱིཉྩ་ཧཱུཾ་ཧཱི། རྣ་ལྟག་གཡོན་པར་ལས་ཀྱི་བུམ་པས། ཀརྨྨ་ཀརྨྨ་ཨ་བྷི་ཥཱིཉྩ་ཧཱུཾ་ཀྲུཾ། དབང་བསྐུར་ཚུལ་ལུགས་འདི། འདྲིའི་ སྒོས་ཆོས་སུ་ཀ་མ་དྷེ་ནུས་བཤད་ཅིང་ཕྱག་རྒྱའི་དབང་ལ་ཡང་འདོན་པ་སྤོའོ། །དེ་ནས་དམ་ཚིག་དང་བཀའི་དབང་བསྐུར་བར་བྱའོ། །དེ་ལ་དམ་ཚིག་ནི་བཞད་གད་ཀྱི་ཆེད་དུ་ཡང་དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །བླ་མ་དམ་པ་རྣམས་མི་སྤོང༌། །ལན་ནི། རྩ་ལྟུང་དང་པོ་ལ་འཛེམ། སྲོག་ ཆགས་རྣམས་ནི་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ཞིང༌། །བརྫུན་དུ་སྨྲ་བར་བྱ་བ་མིན། །ཕ་རོལ་བུད་མེད་སྤྱད་མི་བྱ། །བླ་མ་སྨད་པར་མི་བྱ་སྟེ། །མཆོད་རྟེན་བཤིག་པ་དང་ཉེས་པ་མཚུངས་པས་བླ་མ་དེ་ཡི་གྲིབ་མར་འགོམ་པར་མི་བྱ། །སློབ་དཔོན་མ་ཡིན་པ་ལ་སློབ་དཔོན་ ཞེས་མི་གཟུང་སྟེ་མི་བརྗོད་ལ། །རྗེ་བཙུན་དམ་པ་ཞེས་པའི་ཁྱད་པར་པའི་ཚིག་མེད་པར་རྡོ་རྗེ་སློབ་དཔོན་གྱི་མཚན་རྐྱང་པ་ནས་མི་བརྗོད། །ལྷའི་སྔགས་དང་ཕྱག་རྒྱ་མི་སྨོད་དེ། ལྷ་རྣམས་ལ་མི་སྨོད་པ་ལྟ་སྨོས་ཀྱང་ཅི་དགོས། །ཅི་སྟེ་གླེན་པས་སྤྱད་ན་ནི། །ཉེས་དམིགས་ལྔ་ 10-10-66a བཅུ་པ་ལས་གསུངས་པ་ལྟར་ནད་ཀྱིས་ངེས་པར་འཆི་བར་འགྱུར། །མཆོད་རྫས་རྙིང་པ་དང་ལྷ་ཡི་གྲིབ་མ་དང༌། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །སྐུ་ཕྱག་རྒྱ་གསུང་ཡི་གེ་ལྷའི་མཚན་མ་རྣམས། །གོམ་པས་འགོམ་པར་མི་བྱའོ། །ལས་འབྲས་ཀྱི་རྣམ་དབྱེ་ མི་ཤེས་པའོ། །གླེན་པས་དཀོན་མཆོག་གསུམ་སོགས་དང༌། །སངས་རྒྱས་བསྟན་ལ་གནོད་བྱེད་དང༌། །བླ་མ་རྡོ་རྗེ་སློབ་དཔོན་སྨོད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམས་ཏེ་གསད་པར་བྱ། །ཆོས་མི་ལྡན་དང་སྡིག་སྤྱོད་དང༌། །རྟག་ཏུ་སེམས་ཅན་གནོད་བརྩོན་དང༌། ། དམ་ཚིག་བསྲུང་བ་ལ་སྡང་རྣམས་སྙིང་བརྩེ་བ་ཅན་གྱི་འི། །སྔགས་མཁན་གྱིས་ནི་སྔགས་ཀྱིས་གསོད། །འདིས་ཡུལ་རྟེན་ཁྱད་པར་ཅན་ལ་སྲོག་གཅོད་གནང་བའི་སྐབས་སོ། །སེར་སྣས་འཇུངས་པ་རྣམས་ཀྱི་ནོར་བླངས་ལ། །སེམས་ཅན་ཟང་ཟིང་གིས་ཕོངས་ལ་སྦྱིན་པར་བྱ། །བླ་མ་ ལ་ནི་མཆོད་པ་དང༌། །ཇི་ལྟར་དཀོན་མཆོག་གསུམ་མཆོད་པའི་དམ་ཚིག་སྒྲུབ་པ་དང༌། །དཀྱིལ་འཁོར་ལ་མཆོད་པའི་ཕྱིར། སྔགས་དང་དམ་ཚིག་ཅན་ལ། །ཕན་པའི་ཕྱིར་དང་རྒྱལ་བའི་སྲས་རྣམས་ལ། །མཆོད་ཕྱིར་མི་ཡི་བདག་པོ་རྒྱལ་པོ་དང༌། །འབྱོར་ལྡན་ཕྱུག་པོ་རྣམས་ ཀྱི་ནོར་འབྲོག་གོ། མ་བྱིན་ལེན་གནང་བའི་སྐབས་སོ། །སེམས་ཅན་རྣམས་ལ་ཕན་པར་སྤྱོད་པའི་སེམས་པས། །རྟག་ཏུ་བླ་མའི་དམ་ཚིག་བླ་མའི་ནོར། །བསྲུང་བ་དང༌། སྲོག་ཆགས་སྲོག་ནི་བསྲུང་བའི་ཕྱིར། །བརྫུན་དུ་ཡང་ནི་སྨྲ་བར་བྱ་སྟེ། །བརྫུན་གནང་བའི་སྐབས་སོ། །སངས་རྒྱས་ རྣམས་ནི་གསང་བའི་མཆོད་པས་མཉེས་པར་བྱ་བ་དང༌། །དམ་ཚིག་རྣམས་ནི་སྔགས་པས་ཉིན་རེ་བཞིན་དམ་ཚིག་བཞི་བསྲུང་བ་དང༌། །སྔགས་རིག་པས་ནི་བུད་མེད་ལ་བརྟེན་ནས། སྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ་སྟེ། །སྔགས་པ་ཁྱིམ་པ་ལ་ལོག་ 10-10-66b གཡེམ་གནང་བའི་སྐབས་སོ། །རྡོ་རྗེ་སེམས་དཔའི་གནས་འདུག་པ་དེས་མཚོན་ནས་ལྷའི་རྣལ་འབྱོར་ཤིན་ཏུ་བརྟན་པར་སོང་ཞིང༌། གོང་དུ་ཡང་སྙིང་བརྩེ་བས་ཞེས་གསུངས་པས་སྔགས་པ་ཁྱིམ་པ་ཁྱད་པར་ཅན་ལ་སྔར་བཤད་པས་མཚོན་པའི་ལུས་ངག་གི་བདུན་ལྟ་བུ་ནས། །ཐམས་ཅད་བྱས་ཤིང་ཀུན་ཟོས་ ཀྱང༌། །འགྲུབ་འགྱུར་ཉེས་པས་མི་གོས་ན། །སྙིང་རྗེ་ལྡན་པས་ཏེ་དེ་གཞན་གྱི་དབང་དུ་གྱུར་པ་ལ་སོགས་པ་ལམ་གྱི་རྟོགས་པ་མཐོན་པོར་སོང་བའི་སྔགས་པ་ལ་གེགས་སུ་མི་འགྱུར་བ་སྨོས་ཅི་དགོས། །དེ་ནས་འདིས་བཀའི་དབང་བསྐུར་རོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ ཅད། ཨཱ་ཛྙཱ་པ་ཡ་ཏེ་དཱ་བཀའ་འདི་སྦྱིན་གྱིས། སྱ་མི་གྲྀཧྞ་རང་ཉིད་ཀྱིས་ཟུངས་ཤིག །བཛྲ་སུ་སིདྡྷ་ཡེ་རྡོ་རྗེ་བཟང་པོའི་དངོས་གྲུབ། ཨོཾ་བཛྲ་ཏིཥྛ་རྡོ་རྗེ་བཞུགས་ཤིག །ཧཱུཾ། འདིས་འདི་ལ་སྒྲུབ་པར་གནང་བའི་དབང་ཞེས་ཀ་མ་དྷེ་ནུ་གསུངས་སོ། །རྡོ་རྗེ་ལག་ཏུ་བྱིན་ལ། ལས་ཀྱི་དབང་བསྐུར་རོ། ། ཨོཾ་སརྦྦ་ཀརྨྨ་ཎི་ཀུ་རུ་བུད་ངྷཱ་ནཾ་ཧཱུཾ། སངས་རྒྱས་རྣམས་ཀྱི་ཕྲིན་ལས་མཛོད་ཅིག །དེ་ནས་བླ་མ་བླ་མའི་ཕྱིར། །ཁྱོད་ཀྱི་ལུས་མཆོག་སྦྱིན་པར་བྱ། །ཐ་མ་ཟང་ཟིང་ནོར་དང་དབྱིག་དང་འབྲུ་རྣམས་དང༌། །སྟན་དང་བཞོན་པ་དེ་བཞིན་ཏེ། །བྲན་གྱི་མཆོག་དང་ཁང་པ་དང༌། །རྒྱལ་པོའི་ རྒྱལ་སྲིད་དེ་བཞིན་ཏེ། །འབྲིང་བུ་དང་བུ་མོ་ཆུང་མ་དང༌། །མ་དང་སྲིང་མོ་ཚ་མོ་དང༌། །གཞན་ཡང་ཅི་བཞེད་ཐམས་ཅད་ནི། །ཕན་པར་བསམ་ཕྱིར་བླ་མར་དབུལ། །དེ་ནས་བྱང་ཆུབ་བར་དུ་ནི། །གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་ཀྱི་ཕྱིར་དུ་སངས་རྒྱས་ཉིད་དེ་བཞིན་ གཤེགས་པ་རྣམས་དང་གཞན་དྲག་བྱང་སེམས་དང༌། །འཇིག་རྟེན་པ་ཡི་མཐུ་ཆེན་འཇིག་རྟེན་པའི་ལྷ་རྣམས། །རང་གང་དང་གང་འདོད་པ་དག་སྒྲུབ་འདོད་པས། །དངོས་གྲུབ་ཀྱི་ཐབས་རྣམས་ནི་རྡོ་རྗེ་སློབ་དཔོན་ལ་གསོལ་བར་བྱ། །དེ་ནས་སློབ་མ་སྟོང་པའི་དང་ལས་བུ་ 10-10-67a ལ་ཕན་པའི་ཕྱིར། །སྔགས་མཁན་རྡོ་རྗེ་སློབ་དཔོན། ཆོས་ལ་དཔེ་མཁྱུད་ཀྱི་སློབ་མ་སེར་སྣ་མེད་སེམས་དང༌། །དད་དང་དང་བའི་སེམས་ལྡན་ལ། །གང་འདོད་པའི་དངོས་གྲུབ་རྣམས་ནི་སྦྱིན་པར་བྱའོ། །གང་ཟག་དང་ཆོས་རྣམས་ཐམས་ཅད་དངོས་པོ་རང་བཞིན་ མེད་པར། །ངེས་པའི་སེམས་ཀྱིས་བསྒོམ་པ་བྱས་ནས་ཀྱང༌། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ་ལ། །ཟླ་བའི་སྟེང་དུ་ལྟ་རང་རང་གི་ས་བོན་དེ་དབུས་སུ། །བསམས་ནས་ས་བོན་དེ་ལས་དམ་ཚིག་ཕྱག་རྒྱ་སྟེ། ལྷ་རང་རང་གི་ཕྱག་མཚན་ཡང༌། །བསམ་ཞིང་དེ་བཞིན་ཏེ་ཕྱག་ མཚན་དེ་ཉིད་དུ། །ས་བོན་གྱིས་མཚན་པ་སྒྲུབ་པ་པོ་ནི་བསྒྱུར་བར་བྱ། འོ། །གང་དུ་ན་ལྷ་ཡི་རྣལ་འབྱོར་ཚུལ་དུ་བསྒྱུར་བ་སྟེ་ལྷ་གང་ཡིན་དུ་བསྐྱེད་དོ། །དེ་ནས་ལྷ་རང་རང་གི་ས་བོན་ལྷ་རང་རང་གི་ཐུགས་ཀར་བསམས་ལ་དང༌། །རིགས་གསུམ་སྤྱིའི་ལག་པའི་ཕྱག་རྒྱ་དང་སརྦ་བིད་ཨོཾ་སོགས་ ཀྱིས་ཕྱག་རྒྱ་ལྷའི་སྐུའི་གནས་དག་བྱིན་བརླབས་ལ། །ལྟག་འོག་ནི་བསྐུར་བའི་གནས་ལ་བྱར་མི་རུང་སྟེ་སངས་རྒྱས་རྣམས་ཀྱི་གནས་ལ་མཐོ་དམན་མེད་པས་སོ། །བསྐུར་བའི་ཡུལ་མཆོག་དམན་ལ་ཡང་དམིགས་ཏེ་ལྷ་གཅིག་ལ་ཡང་འདི་དག་བསྐུར་བས་སོ། །གོ་རིམས་ཇི་ལྟ་བ་བཞིན་དུ། དེས་ན་སྔར་བཤད་ པ་རིགས་ལྔའི་རིམ་པ་ཇི་ལྟར་གསུངས་པ་ལྟར་བསྐུར་བ་ལ་དགོངས་པ་ཡིན་པས། སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །དེ་ལྟར་གསལ་སྣང་གནས་ཆ་གསུམ་འཚོགས་ན་རབ་གཙོ་བོར་ང་རྒྱལ་གལ་ཆེ་བས་བསྐྱེད་ནས་ཀྱང༌། །མཁས་པ་ཡིས་ནི་ལྷ་དང་སྟོང་པའི་རྣལ་འབྱོར་ལ་ བརྟེན་པས་དངོས་གྲུབ་འབད་པས་བསྒྲུབ་པར་བྱས་ནས། །ཕན་ཡོན་ཇི་ལྟར་སྙམ་ན། མཆོག་དེ་བཞིན་གཤེགས་ཀྱང་འགྲུབ་པར་འགྱུར་ན། །དངོས་གྲུབ་གཞན་ཕལ་བ་ལྟ་སྨོས་ཀྱང་ཅི་དགོས། །དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་ 10-10-67b འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོ་དང༌། རྒྱལ་པོའི་བུ་དང༌། རྒྱལ་པོའི་བློན་པོ་དང༌། རྒྱལ་རིགས་དང༌། བྲམ་ཟེ་དང༌། རྗེའུ་རིགས་དང༌། དམངས་རིགས་དང༌། གཞན་ཡང་དམའ་ཞིང་ཁོར་རེ་ཆུང་བ་ཕྱག་དར་བ་དང༌། མཐའ་ འཁོབ་ཀྱི་རིགས་ངན་གྱི་སྐྱེ་བོ་རྣམས། དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ཞུགས་པ་འདི་དག་གི་རྣམ་པར་སྨིན་པ་སྟེ་ཕན་ཡོན་ཇི་ལྟར་འགྱུར། ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། ང་ལ་ཞུས་པ་དེ་ ནི་ལེགས་སོ་ལེགས་སོ། །ལྷའི་བུ་རྣམས་ཀྱིས་དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ཞུགས་པ་དང༌། དབང་བསྐུར་བ་དང༌། བྲིས་པ་དང༌། འདྲིར་བཅུག་པ་དང༌། རྗེས་སུ་ཡི་རང་བ་དང༌། ཕྱག་བྱས་པ་དང༌། མཆོད་པ་རྣམས་ཀྱི་འབྲས་བུ་དང༌། རྣམ་པར་སྨིན་པ་རྣམས་ ཉོན་ཅིག །ལེགས་སོ་བྱིན་ནས་རྣ་གཏད་པར་བསྐུལ་བ་ནི། ལྷའི་བུ་རྣམས་མདོར་ན་ང་ལ་ཡང་དེའི་ཡོན་ཏན་བཤད་པར་སྤོབས་པ་མེད་དེ། ཞེས་ཕུལ་བྱུང་བརྗོད་པ། ངའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ། བརྒྱ་ཕྲག་སྟོང་དུ་མར་གྱུར་ཀྱང༌། གྲངས་སུ་ཡང་མི་ཆོག །བགྲང་བར་ ཡང་མི་ཆོག །དཔེར་ཡང་མི་བཟོད་དེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་མི་བཟོད་དོ། །དཀྱིལ་འཁོར་དེར་ཞུགས་པའི་སེམས་ཅན་རྣམས་ཀྱི་འབྲས་བུ་དང་རྣམ་པར་སྨིན་པ་གང་ལགས་པ་དེ་ནི། བཅོམ་ལྡན་འདས་ ངོ་མཚར་ཆེའོ། །རྡོ་རྗེ་འཛིན་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་བདག་ཅག་གིས་དཀྱིལ་འཁོར་ལ་སོགས་པར་འཇུག་པ་སྤྲོའོ། །དེ་ནས་ལྷ་དེ་དག་གིས་དེ་བཞིན་དུ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛམ་བུ་གླིང་གི་སེམས་ཅན་ 10-10-68a དག །བསོད་ནམས་ཆུང་ཞིང་ཚེ་ཐུང་བ་དང༌། ངན་སོང་གི་རྒྱུད་དང་ལྡན་པ་ཞེས་གསོན་པོའི་དོན་དུ་ཞུས་པ་དང༌། ཚེ་འདས་ཀྱི་དོན་དུ་ཞུས་པ་ནི་སེམས་ཅན་དམྱལ་བ་དང༌། ཡི་དྭགས་དང༌། བྱོལ་སོང་རྣམས་སུ་སྐྱེས་པ་དག་ཀྱང་མཆིས་ན། བཅོམ་ལྡན་འདས་དེ་དག་ ལ་བདག་ཅག་གིས་ཇི་ལྟར་སྒྲུབ་པར་བགྱི། ཀྱེ་ལྷའི་བུ་རྣམས་ཚེ་ལྡན་དེ་དག་ནི་དཀྱིལ་འཁོར་འདི་ཉིད་དུ་ཆུག་ཅིག །ལྷར་སྐྱེས་ནས་དེ་དག་གི་ཐུགས་རྒྱུད་བསྐུལ་བའི་ཆོས་ཀྱི་ཡི་གེ་སྔགས་ཡང་ཟློས་སུ་ཆུག་ཅིག་དང༌། དེས་དེ་ལྟར་བྱས་ན་ཕན་ཡོན་གསུམ་འབྱུང་སྟེ། སེམས་ ཅན་དེ་དག་ཚེ་རིང་བར་འགྱུར། བསོད་ནམས་དང་བྲལ་བ་རྣམས་བསོད་ནམས་དང་ལྡན་པར་འགྱུར། ངན་སོང་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །ཀྱེ་ལྷའི་བུ་རྣམས་གཤིན་ལ་ཐུགས་བརྩེ་བས་ངན་སོང་དུ་སྐྱེས་ཟིན་པ་དེ་དག་གི་མིང་ཡི་གེར་བྲིས་ལ་ ཡང་དབང་སྐུར་ཞིག །གཟུགས་བརྙན་བྲིས་ལ་ཡང་དབང་བསྐུར་བར་བྱོས་ཤིག །དེའི་སྐྲ་དང་རུས་པ་བཅུག་པའི་མཆོད་རྟེན་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཚེ་འདས་རང་གི་ལྷ་གང་ཡིན་ངོ་ཤེས་ན་དེའི་སྐུ་གཟུགས་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཆུང་ དུ་ན་སྟེ་ཐ་ན་དེ་དང་རིགས་མཐུན་པའི་གྲོགས་དང༌། དེའི་བུ་དང༌། དེ་དང་རུས་མཐུན་པ་དང༌། དེའི་མིང་མཐུན་པ་འཛིན་པ་དང༌། བྲན་ལ་ཡང་དབང་སྐུར་ཞིག །ཞག་བདུན་དུ་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན་གདོན་མི་ཟ་བར་ཞག་བདུན་གྱིས་ངན་སོང་ གི་སྒྲིབ་པ་ལས་གྲོལ་བར་འགྱུར་རོ། །ལྷའི་བུ་རྣམས་དེའི་མིང་ནས་སྨོས་ཏེ། རྩ་རིག་དང་སྤེལ་ནས་འབུམ་ཕྲག་གཉིས་སམ། འབུམ་ཕྲག་གསུམ་མམ། འབུམ་ཕྲག་བཞི་ནས་འབུམ་ཕྲག་བརྒྱ་སྟོང་གི་བར་དུ་བཟླས་པ་བྱས་ན། མཚམས་མེད་པ་ལྔ་ 10-10-68b བྱས་པ་ཡང་དམྱལ་བ་ལས་རྣམ་པར་ཐར་བར་འགྱུར་ན། སྡིག་པ་ཆུང་ངུ་བྱས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ལྷ་ཡི་བུ་རྣམས་སྦྱིན་སྲེག་གིས་སྡིག་པ་སྦྱང་བའི་ཐབས་ནི་ཞི་བ་ཡི། །ཧོམ་ཁུང་ཐ་མ་བར་མ་མཆོག །ཐ་མ་ཁྲུ་གང་འབྲིང་ཁྲུ་དོ་མཆོག་ཁྲུ་བཞི་པའི། །ཟླུམ་པོ་ ཉིད་དུ་བྱས་ནས་ནི། །དེ་ཡི་མིང་གིས་ཡུངས་ཀར་རྣམས། །དང་སྤེལ་བ་ནས་སྲེག་བླུགས་འབུལ་བ་བརྒྱ་ཕྲག་སྟོང་དུ་བསྲེགས་བྱས་ན། །ངན་སོང་ཀུན་ལས་རྣམ་པར་ཐར། །དེ་ཡི་ཤ་དང་རུས་པ་དང༌། །ཕུང་པོ་སྲོག་རྫས་སུ་འབུལ་བ་སྐྲ་དང་ཐལ་བ་ལ་སོགས་པས། །ཆོ་ ག་དེ་དང་འདྲ་བར་ནི། །སྦྱིན་སྲེག་བྱས་ན་ངན་སོང་ཡང༌། །ཀུན་ནས་རྣམ་པར་ཐར་བར་འགྱུར། །དེ་ཡི་དབུས་སུ་མཚན་མ་རྣམས་བྲི་བ་ནི། འཁོར་ལོ་ནི། །རྩིབས་བརྒྱད་འོད་ཟེར་དཀར་འབར་བྲི། །ཁོར་ཡུག་རྡོ་རྗེ་རྩེ་ལྔ་པ། །འོད་ཟེར་དཀར་དང་ལྡན་པར་བྲི། །དེ་ནས་ རྡོ་རྗེ་རྒྱ་གྲམ་དང༌། །རྡོ་རྗེ་རིན་ཆེན་ཆུ་སྐྱེས་མཆོག །དེ་ནས་སྡིག་པ་གཞོམ་པའི་ཕྱིར། །ཕྱག་རྒྱ་སྣ་ཚོགས་གཞག་པར་བྱ། །ཕྱི་ཡི་རྡོ་རྗེ་རིགས་རྣམས་ཀྱི། །ཕྱག་རྒྱ་རྣམས་ནི་ཕྱི་རོལ་བྲི། །གཟའ་དང་སྐར་མའི་མཚན་མ་དང༌། །དེ་ལྟར་འཇིག་རྟེན་སྐྱོང་བ་ རྣམས། །གཙོ་བོ་རི་མོ་ལུགས་མའང་རུང༌། །རྡོ་རྗེ་ཅན་དང་ལྷན་ཅིག་བཞག །བྱ་དང་ཐབ་ཀྱི་དཀྱིལ་འཁོར་གྱི་མཐར་མཆོད་པའི་བུམ་པ་གང་བ་དང༌། །མཆོད་པའི་ཡོ་བྱད་གཏོར་མ་ལྷ་བཤོས་རབ་དཀར་བཞག །མདོར་ན་ཐིག་ནི་བཏབ་ནས་ཀྱང༌། །རྡུལ་ཚོན་གྱིས་ཆོ་ག་ བཞིན་དུ་བྲི་བར་བྱ། །ཆས་གོས་ཀྱི་ཁྱད་པར་དཀར་པོའི་གོས་ནི་བགོས་ནས་ཀྱང༌། །སངས་རྒྱས་གཟུགས་ཅན་ལྷའི་རྣལ་འབྱོར་ནི་རྣམ་སྣང་ངམ་རྡོ་རྗེ་སེམས་དཔའ་བཞི་རྣམས་གང་རུང་མི་འཇིགས་པས། །ཀུན་སློང་ནི་ངན་སོང་རྒྱུད་ན་ 10-10-69a གནས་པ་ཡི། །སེམས་ཅན་རྗེས་སུ་དྲན་བྱེད་ཅིང༌། །སྡིག་པའི་སྒྲིབ་པ་ཞི་བྱའི་ཕྱིར། །སངས་རྒྱས་ཀུན་གྱི་སྦྱིན་སྲེག་ནི། །མར་དང་འོ་མ་སྦྲང་རྩི་ཏིལ་ཅན། །སྤོས་དང་ཡུངས་ཀར་བསྲེས་པ་དང༌། །དེ་ཡི་རུས་པ་ཤ་ལ་སོགས། །ཡང་ན་ ཕུང་པོ་མེད་ན་མིང་ནས་སྨོས་ཏེ་བྱ། །དེ་ནི་ངན་སོང་ལས་ཐར་ནས། བདེ་འགྲོར་སྐྱེས་ནས་ནི་ཚེ་དང་བསོད་ནམས་སོགས་རྒྱས་པར་བྱ་བའི་ཕྱིར། ཀྱང༌། །མཁས་པས་རྒྱས་པར་བྱ་དགོས་ཏེ། །རབ་འབྲིང་ཐ་གསུམ་ནི། ཁྲུ་དོ་པའམ་ཁྲུ་བཞི་པ། །དེ་ལྟར་མཆོག་ནི་ཁྲུ་བརྒྱད་ པར། །བྱས་ནས་ཧོམ་ཁུང་དབྱིབས་གྲུ་བཞི་པའི། །ཀུན་ཏུ་མུ་རན་ལྡན་པར་བྱ། །དེ་དབུས་མཚན་མ་བྲི་བ་ནི་པདྨོ་རིན་ཆེན་ཅན། །འོད་ཟེར་སེར་པོ་ལྡན་པར་བྲི། །ཁོར་ཡུག་ཏུ་ནི་རིན་ཆེན་དང༌། །མུ་རན་རྣམས་ལ་ཆུ་སྐྱེས་བྲི། །ཕྱི་རོལ་ཏུ་ནི་རིགས་ལྔ་ཡི། །སོ་ སོར་ཕྱག་རྒྱ་བྲི་བར་བྱ། །དེ་ལྟར་ཕྱི་ཡི་ལྷ་བྲན་དང༌། །ལྕགས་ཀྱུ་ལ་སོགས་བྲི་བར་བྱ། །གོས་ཆས་གོས་རྣམས་སེར་པོར་བསྒྱུར་ནས་ཀྱང༌། །ཀུན་སློང་ནི་མཐོ་རིས་གནས་པ་རྗེས་དྲན་ཞིང༌། །དེ་ལ་ཕན་ཅིང་རྒྱས་པའི་ཕྱིར། །རྒྱས་པ་ཡི་ནི་ལས་བྱས་ན། ། དེ་ལྟར་བྱས་པ་ལ་ཕན་ཡོན་ཇི་འདྲ་སྙམ་ན། ལུས་ཅན་དེ་ཡི་ཚེ་དང་དཔལ། །གཟི་བརྗིད་བདེ་བའི་ལོངས་སྤྱོད་འཕེལ། །ཞིང་ལྷའི་རྣལ་འབྱོར་ནི་རིན་ཆེན་སོགས་ལྷོ་ཕྱོགས་ཀྱི་སེམས་དཔའ་བཞི་གང་རུང་ངོ༌། །དེ་ནས་དབང་གི་འཕྲིན་ལས་ནི་ཕན་ཕྱིར་ངེས་པར་ཡང༌། །དབང་དུ་བྱ་ བའི་ལས་བྱ་སྟེ། །ཧོམ་ཁུང་ནི་ཚད་དབྱིབས་བསམ་པ་སོགས་རྣམས་ནི་སྔར་བཤད་པས་ཤས་ཤིང་གོ་སླ་ལ། ལྷའི་རྣལ་འབྱོར་ནི་ནུབ་ཕྱོགས་ཀྱི་སེམས་དཔའ་བཞི་གང་རུང་ངོ༌། །གཞུ་ཡི་དབྱིབས་འདྲ་ལ། །ཁྲུ་གང་པ་འམ་ཁྲུ་དོ་པ། །ཁྲུ་བཞིར་བྱས་ལ་དེ་དབུས་སུ། །པདྨ་ 10-10-69b དམར་པོ་བྲིས་ནས་ཀྱང༌། །དེ་ཡི་དབུས་སུ་མདར་བཅས་པའི། །གཞུ་ཡང་དེ་བཞིན་བྲི་བར་བྱ། །ཁོར་ཡུག་ཏུ་ནི་མདར་བཅས་པའི། །གཞུ་ནི་ཁ་དོག་དམར་པོར་བྲི། །སྔགས་རྫོགས་པས་ནི་རྟག་པར་ཡང༌། །ཕྱི་རོལ་དེ་དང་འདྲ་བར་བྱ། །སེམས་ཅན་དེ་ཡང་དྲན་བྱ་ སྟེ། །དམར་པོར་གྱུར་པའི་གོས་གྱོན་ལ། །མེ་ཏོག་དམར་རམ་པདྨོ་འམ། །འབྲས་བུ་དམར་རམ་ཚོན་བསྐུས་པ། །མར་དང་གུར་ཀུམ་བསྲེས་པ་དང༌། །ཙནྡན་དམར་པོའི་ཕྱེ་མ་ཡིས། །སྦྱིན་སྲེག་བྱས་ན་ལྷ་ལ་སོགས། །ཐམས་ཅད་དེ་ཡི་དབང་དུ་འགྱུར། །དེ་ལ་ གདོན་རྣམས་གཞོམ་པའི་ཕྱིར། །ཞེས་མཚམས་སྦྱར་ནས་མངོན་སྤྱོད་ཀྱང་ནི་བརྩམ་བྱ་སྟེ། །ཕྱེད་དང་གསུམ་ཚད་རབ་འབྲིང་ཐ་གསུམ་མམ་ཁྲུ་གསུམ་མམ། །དེ་ལྟར་དམ་པ་ཁྲུ་དགུར་བྱ། །གྲུ་གསུམ་པ་དང་ལྡན་པར་མཚན་མ་བྲི་བ་ནི། །དབུས་སུ་རྡོ་རྗེ་རྩེ་དགུ་ པ། །རྩེ་གསུམ་པ་དང་རྒྱ་གྲམ་པ། །རྡོ་རྗེ་རྣམས་དང་དབྱིག་པ་དང༌། །མགོ་ནི་རྡོ་རྗེ་རྩེ་གསུམ་དང༌། །དགྲ་སྟ་རྩེ་གསུམ་མུ་ཁྱུད་བསྐོར། །ཕྱི་རོལ་ཏུ་ཡང་རིམ་གསུམ་དུ། །སྔ་མ་བཞིན་དུ་བརྒྱན་པར་བྱ། །བྱ་དང་ཡོ་བྱད་གཏོར་མ་མཆོད་པའི་བུམ་པ་དང༌། །བཤོས་ ཆ་རྣམ་པ་མང་དུ་བཞག །ཤ་དང་ཁྲག་གིས་བཀང་བ་ཡི། །མི་ཡི་ཐོད་པ་ཀུན་ཏུ་བཞག །ཀུན་སློང་དེ་ཡིས་ལུས་ཅན་སྡིག་སོགས་དང༌། །བགེགས་རྣམས་གཞོམ་པར་བྱ་བའི་ཕྱིར། །ཆས་གོས་ནི་གོས་ནག་བགོས་ཤིང་ཁྲོས་ནས་ཀྱང༌། །ལྷའི་རྣལ་འབྱོར་འཇིག་ རྟེན་གསུམ་རྒྱལ་བདག་ཉིད་བསྒྱུར། །དེ་ནས་ཕན་ཡོན་བསྟན་པ་ནི། དེ་ཡི་སྡིག་པ་འཇོམས་ཤིང་ལུས། །བགེགས་དང་ཕྲལ་ཏེ་ཅི་བདེ་བར། །མཐོ་རིས་འཇིག་རྟེན་མི་ཡི་ནང༌། །ཁམས་གསུམ་པ་ན་ཅི་བདེར་སྤྱོད། །ཞི་རྒྱས་དབང་མངོན་སྤྱོད་ཀྱི་གོ་རིམ་འདི་དག་ 10-10-70a ཉིད་ཀྱིས་ནི། །ཚེ་འདིར་གནས་བའི་ཚེ་ལྡན་ལའང་བྱ་བ་སྟེ། །དེ་ནས་ལས་བཞི་གང་གི་ཕྱིར་བྱས་པ། །དེ་ཡི་ཕྱིར་ཡང་དེ་བཞིན་འགྱུར། །འདིར་མ་ཚང་བའི་ཆོ་ག་ལྷག་མ་གཞན་དག་ཀྱང་ནི་གསོན་གཤིན་ལ་བྱ་བའི་ལས་རྣམས་ཀུན། །སྔ་མ་ཀུན་རིག་ ཇི་བཞིན་དེ་ལྟར་བྱའོ། །ཕན་ཡོན་ནི་དེ་ལྟར་སེམས་ཅན་ཐམས་ཅད་ལའང༌། །མྱུར་དུ་བདེ་སྐྱིད་མྱོང་བར་འགྱུར། །དེ་ནས་རྒྱུད་འདི་འབྲི་ཞིང་འབྲིར་བཅུག་པ་ལ་ཕན་ཡོན་སྒྲུབ་པ་ཁས་བླངས་པ་ནི། ཚངས་པ་ལ་སོགས་པ་ཐམས་ཅད་ཡིད་མགུ་ནས། བཅོམ་ལྡན་འདས་ ལ་ཕྱག་བཙལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངན་སོང་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་དོན་དང༌། ཕན་པ་དང་བདེ་བའི་སླད་དུ་བརྟག་པའི་རྒྱལ་པོ་འདི་འབྲི་བ་དང༌། འབྲིར་འཇུག་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་བདག་ ཅག་ཚངས་པ་ལ་སོགས་པ་རྣམས་ཀྱིས་བུ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱི། གང་རྒྱལ་པོ་དང༌། རྒྱལ་པོའི་བུ་དང༌། རྒྱུད་འཛིན་ཅིང་སློབ་པ་རྣམས་ལ་ཕན་ཡོན་སྒྲུབ་པར་ཁས་བླངས་པ་ནི། རྒྱལ་པོའི་བློན་པོ་རྣམས་ཇི་ལྟར་བཤད་པའི་རྗེས་སུ་སློབ་ན། དེའི་རྒྱལ་ སྲིད་འཕེལ་བར་བགྱི། ཡུལ་དང༌། ཕྱོགས་དང༌། རང་གི་སྐྱེ་བོ་དང༌། ཡོངས་ཀྱི་སྐྱེ་བོ་དང༌། བྲན་ལ་སོགས་པ་བསྲུང་བར་བགྱི། ནོར་དང་འབྲུ་རྣམས་མང་དུ་འབྱོར་པར་བགྱི། བུད་མེད་དང༌། སྐྱེས་པ་དང༌། ཁྱེའུ་དང༌། བུ་མོ་རྣམས་དང་ལྡན་པར་བགྱི། འབྱོར་བ་ དང༌། རྒྱས་པ་དང༌། ལོ་ལེགས་པ་དང༌། ཞི་བ་རྣམས་སུ་བགྱི་ན། ཇི་ལྟར་བཤད་པ་ལ་མི་རྟོགས་པར་བགྱི་བ་རྒྱུད་ལ་སོགས་པ་ལ་ངེས་པ་གཏིང་ནས་རྙེད་པ་ལ་ཕན་ཡོན་སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ། གང་བརྟག་པའི་རྒྱལ་པོ་འདི་ལ་དད་པས་བཀུར་སྟི་བྱེད་པ་རྣམས་ 10-10-70b ཀྱི་བྲན་དུ་ཁས་བླངས་པ་ནི། དད་པས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། གྲོང་དང༌། གྲོང་ཁྱེར་དུ་བཙུག་ལ། བདག་ཉིད་ཀྱིས་བསུ་བ་དང༌། གླང་པོ་ཆེའི་སྟེང་དུ་བཞག་ལ། གྲོང་དང༌། གྲོང་ཁྱེར་ལ་སོགས་པ་ཐམས་ཅད་བསྐོར་ན། ནད་དང་གནོད་པ་ཐམས་ཅད་མ་མཆིས་པར་ འགྱུར་ལ་སེམས་ཅན་ཆེན་པོའི་དྲུང་ན་བདག་བྲན་གྱི་ཚུལ་ལམ། བུའི་ཚུལ་དུ་གནས་པར་བགྱིའོ། །གང་དུ་འདི་སྤྱོད་པ་དེ་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུས། རྡོ་རྗེ་སེམས་དཔའི་སྐུར་བཞུགས་པར་སངས་རྒྱས་དཀོན་མཆོག་ ལགས་པར་འཚལ་བར་བགྱི་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་དེ་ཉིད། བརྟག་པའི་རྒྱལ་པོ་དེ་ཉིད་ཀྱི་ཆོས་དཀོན་མཆོག་གི་གཟུགས་སུ་བཞུགས་པར་འཚལ་བར་བགྱིའོ། །དེ་བཞིན་གཤེགས་ པ་ཐམས་ཅད་འཁོར་དང་བཅས་ཏེ། དགེ་འདུན་དཀོན་མཆོག་བཞུགས་པར་འཚལ་བར་བགྱིའོ། །ས་ཕྱོགས་དེ་ཕྱག་དང་མཆོད་པའི་གནས་སུ་གྱུར་ཏེ་བསྲུང་བར་ཁས་བླང་བ་ནི། མཆོད་རྟེན་དུ་གྱུར་པར་འཚལ་བར་བགྱི་སྟེ། མཆོད་པར་བགྱི། ཕྱག་འཚལ་བར་བགྱི། ཀུན་ཏུ་བསྲུང་བར་བགྱི། བདག་ཅག་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས། བརྟག་པའི་རྒྱལ་པོ་འདི་ཀུན་ཏུ་རྒྱས་པར་གཞན་ལ་འཆད་པའི་རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེན་པོ་ལ་བཀུར་སྟི་བགྱིད་པར་ཁས་བླངས་པ་དེའི་གཡོག་བགྱི། བྲན་གྱི་ཚུལ་དུ་ གནས་པར་བགྱིའོ། །བཀའ་ཉན་པའི་ཚུལ་དུ་གནས་པར་བགྱིའོ། །བསྒོ་བ་ཐམས་ཅད་མཉན་པར་བགྱིའོ། །ཕན་པ་དང་བདེ་བ་ཐམས་ཅད་བགྱིའོ། །དངོས་གྲུབ་ཐམས་ཅད་ཀྱང་སྩལ་བར་བགྱི་སྟེ། བཅོམ་ལྡན་འདས་མདོར་ན་དེའི་རྐང་པའི་རྗེས་ 10-10-71a མགོ་བོས་བླང་བར་བགྱིའོ། །བཅོམ་ལྡན་འདས་ཕྱག་འཚལ་བར་བགྱིའོ། །བཅོམ་ལྡན་འདས་མཆོད་པར་བགྱིའོ། །བཅོམ་ལྡན་འདས་བདག་ཅག་དེའི་ཕྱི་བཞིན་རྗེས་སུ་འབྲང་ངོ༌། །བཅོམ་ལྡན་འདས་དཀྱིལ་འཁོར་དུ་ཞུགས་ཏེ་དབང་བསྐུར་ བ་གང་ལགས་པའི་སྒྲུབ་པ་པོ་རྣམས་ལ་བཀུར་སྟི་བགྱིད་པར་ཁས་བླངས་པ་ནི། དེ་དག་ཀྱང་བདག་ཅག་གི་དཔོན་ལགས་པར་འཚལ་བར་བགྱིའོ། །ཕྱག་ན་རྡོ་རྗེ་ལགས་པར་འཚལ་བར་བགྱིའོ། །རྡོ་རྗེ་སེམས་དཔའ་ལགས་པར་འཚལ་བར་བགྱིའོ། །བདེ་བ་ཆེན་པོ་ ཀུན་ཏུ་བཟང་པོ་ལགས་པར་འཚལ་བར་བགྱིའོ། །དེ་བཞིན་གཤེགས་པ་ལགས་པར་འཚལ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། ཚངས་པ་ལ་སོགས་ལྷ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ལ་སོགས་པ་ ལྷ་རྣམས་དང༌། ཆོས་ལ་རིམ་གྲོ་བྱ་བར་དེ་ལྟར་དམ་བཅས་པར་གྱུར་པ་གང་ཡིན་པ་དེ་ནི་ལེགས་སོ་ལེགས་སོ། །ལེགས་པར་སྒྲུབས་ཤིག །ཅེས་སྟོན་པས་ཚངས་པ་ལ་སོགས་ལྷ་རྣམས་ལ་རྒྱུད་འདི་གཏད་པའོ།། །།བམ་པོ་གསུམ་པའོ། །དེ་ནས་ ད་ནི་རྩ་བ་དང་རྒྱུད་ཕྱི་མར་མ་བསྟན་པའི་ཆོ་ག་ལྷག་མ་རྣམས་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་སྟོན་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། ཕྱག་ན་རྡོ་རྗེའི་སྔགས་དང་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་རིག་པ་དང་རྡོ་རྗེ་སེམས་དཔའི་སྙིང་པོ་ཐམས་ཅད་བསྟན་པར་བྱ་བའི་ཕྱིར་ཉིད་ཀྱི་ སྙིང་པོ་འདི་བཤད་དོ། །ཕྱག་རྡོར་གཙོ་བོར་བྱེད་ན་བསྐྱེད་པའི་སྔགས་ཨོཾ་བཛྲ་བྷྲུཾ་ཧཱུཾ་ཕྱག་རྡོར་ཁམས་གསུམ་རྣམ་རྒྱལ་དུ་གནས་པའི་སྔགས་བཛྲ་པཱ་ཎི་རྡོ་རྗེ་སེམས་དཔའ་གཙོ་བོ་བྱེད་པའི་བསྐྱེད་སྔགས། ཌྀ་ཌྷ་ཏིཥྛ་ཧཱུཾ་ཀུན་ཏུ་བཟང་པོ་གཙོ་བོ་བྱེད་ན། ཨོཾ་ཧཱུཾ་ཨ། ཕྱག་ན་རྡོ་རྗེ་དང་ 10-10-71b རྡོ་རྗེ་སེམས་དཔའ་གང་རུང་གི་ཨོཾ་བཛྲ་ཧཱུཾ་ཕཊ། རྡོ་རྗེ་རིན་ཆེན་གྱི་ཨོཾ་ཌྲི་ཌྲུ་བཛྲ་ཧཱུཾ་ཕཊ། རྡོ་རྗེ་ཆོས་ཀྱི་ཨོཾ་བཛྲ་ཧཱུཾ་ས། རྡོ་རྗེ་ལས་ཀྱི་ཨོཾ་བཛྲ་ཧཱུཾ་ཨ།། །།སྟ་གོན་ཡན་ཆད་སོང་ནས། དེ་ནས་དེ་དག་གི་དཀྱིལ་འཁོར་བྲི་བ་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། ། མཚན་མ་འགོད་པའི་ཚེ་དབུས་སུ་ཕྱག་རྡོར་གྱིས་གཙོ་བོ་བྱེད་པའི་དབང་དུ་བྱས་ནས་རྡོ་རྗེ་བྲི་བར་བྱ། །ཡང་ན་རྡོ་རྗེ་སེམས་དཔའ་འམ། །ཀུན་ཏུ་བཟང་ངམ་བདེ་བ་ཆེ། །གཞན་གཉིས་ཀྱིས་གཙོ་བོ་བྱེད་ན་སྤྱན་སྔར་ཕྱག་ན་རྡོ་རྗེ་བྲི་ཞེས་པའོ། །ལ། །གཡས་སུ་ཕྱག་ན་རིན་ཆེན་བསྣམས། ། རྣམ་པར་གསལ་བ་ནུབ་ཕྱོགས་བྲི། །བྱང་ཕྱོགས་ཕྱག་ན་རྒྱ་གྲམ་བསྣམས། །ཕྱི་རོལ་ཏུ་ནི་ཀུན་བསྐོར་ཞིང༌། །རྣམ་གཟིགས་སོགས་སངས་རྒྱས་ཐམས་ཅད་གཞག་པར་བྱ། །དེ་ཡི་ཕྱི་རོལ་སེམས་དཔའ་རྡོ་རྗེ་སེམས་དཔའ་སོགས་རྣམས། །གོ་རིམ་བཞིན་དུ་བྲི་བར་བྱ། ། དེ་ཡི་ཕྱི་རོལ་སེམས་དཔའ་རྣམས། །བྱམས་པ་ལ་སོགས་མཆོག་ཆེན་བྲི། །དེ་ལྟར་དགེ་སློང་ཀུན་དགའ་སོགས། །ཐུབ་རྣམས་དེ་ཡི་ཕྱི་རོལ་བྲི། །རང་གི་ཆུང་མ་བུས་བསྐོར་བའི། །ཚངས་པ་ལ་སོགས་ཕྱི་རོལ་བྲི། །འདིར་འཇིག་རྟེན་པ་རྣམས་སྒོའི་ནང་དུ་བྱེད་པ་ནི་རིམ་པ་ ལྔའི་མཐར་སྒོ་བ་བྱུང་བ་ལ་བསམས་པར་སྣང་སྟེ། ཀུན་རིག་བཞིན་ཕྱིར་བཀོད་པ་ལགས་སོ། །གཟའ་དང་སྐར་མ་ལྷ་རྣམས་དང༌། །རྒྱལ་པོ་བཞི་པོ་རྣམས་དང་ནི། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་རྣམས། །དཀྱིལ་འཁོར་འདིར་ནི་ཡང་དག་བྲི། །དེ་ཡི་ཕྱིར་ན་དམྱལ་ཀུན་ དང༌། །འདོད་ཆགས་ལ་སོགས་བྱོལ་སོང་འདྲ། །སྒོ་བ་གསུངས་པ་དེ་བཞིན་དུ། །སྒོ་བ་སྟོབས་ཀྱི་དམ་པ་རྣམས། །དེ་ནས་དཀྱིལ་འཁོར་མཆོད་རྫས་ཀྱིས་བརྒྱན་པ་ནི། དྲི་རྣམ་ལྔ་ཡི་ཆུས་བཀང་བའི། །གསེར་གྱི་བུམ་པ་འོད་ཅན་དང༌། །གཏོར་མ་དང་ནི་ལྷ་བཤོས་ 10-10-72a དང༌། །མེ་ཏོག་བདུག་པ་རབ་མཛེས་དང༌། །གདུགས་དང་རྒྱལ་མཚན་འཕན་རྣམས་དང༌། །བླ་རེ་དང་ནི་རྔ་མཆོག་དང༌། །དྲིལ་བུ་རྡོ་རྗེ་ནོར་བུ་དང༌། །དོ་ཤལ་ཉི་ཟླ་ལ་སོགས་བརྒྱན། །འདོད་ཅན་རྣམས་ཀྱི་འབྲས་བུ་ནི། །འདོད་པའི་ཡོན་ཏན་གཟུགས་སྒྲ་དྲི་རོ་ རེག་བྱ་སོགས། ལྔས་བཀང་ངོ༌། །དེ་ནས་སྔགས་མཁན་ཉིད་ཀྱིས་ཆད་ལྷག་གཉིས་པ་དག་པར་བྱས་ནས་ནི། །དམ་ཚིག་པ་བསྐྱེད་པ་ལ་ཡེ་ཤེས་པ་རྣམས་སྤྱན་དྲངས་ཏེ་སྒྲུབ་པའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པར་བྱ།། ཞིང༌། དེ་ནས་བདག་ཉིད་ཀྱིས་ནི་དབང་ཡང་བསྐུར། །བླངས་ལ་ སློབ་མའི་སྣོད་བརྟག་པ་ནི། སྡོམ་གནས་དམ་ཚིག་ལྡན་པ་དང༌། །བླ་མ་ལ་མོས་ཤིང་ཆོས་ཟབ་མོ་ལ་མི་འཇིགས་ལ། །ཐེག་ཆེན་གྱི་རིགས་སུ་སྐྱེས་ཉན་རང་གི་ཡིད་བྱེད་ཀྱི་སྐྱོན་དང་བྲལ་བ་དང༌། །སེར་སྣ་མ་ལུས་སྤངས་གྱུར་ཅིང༌། །ཡོན་ཏན་མང་པོར་ལྡན་གྱུར་པ། ། གཏོང་དང་ཚུལ་ཁྲིམས་མང་དུ་ཐོས། །བྱམས་པ་དང་ནི་སྙིང་རྗེའི་སེམས། །དགའ་དང་བཏང་སྙོམས་གནས་པ་དང༌། །སྟོང་པ་མཚན་མ་མེད་པའི་སེམས། །སྨོན་པ་མེད་པའི་ཡིད་ལྡན་པའི། །སློབ་མ་དམ་པ་འོག་གི་སྔགས་འདི་ཡིས། །བྱང་ཆུབ་ཏུ་ནི་སེམས་ བསྐྱེད་པའི། །སྔགས་མཁན་གྱིས་ནི་གཟུང་བར་བྱ། །མེ་ཏོག་གི་ཕྲེང་བ་བཟུང་ལ། ཨོཾ་བཛྲ་ཧཱུཾ་ཛཿ། བཛྲ་ས་མ་ཡ་པྲ་བེ་ཤ་ཧཱུཾ། ཞེས་དཀྱིལ་འཁོར་དུ་འཇུག་པར་བྱ། ཕྱག་ན་རྡོ་རྗེས་མེ་ཏོག་འདི་སོར་བཞེས་ཤིག །ཨོཾ་བཛྲ་པཱ་ཎི་པྲ་ཏཱི་ཙྪ་བཛྲ་སཏྭ་མཧཱ་སུ་ཁ་ཧཱུཾ་ཧ་ཧ་ཧ་ཧོཿས་ མ་ཡ་སྟྭཾ། རྡོ་རྗེ་སེམས་དཔའི་བདེ་བ་ཆེན་པོའི་དམ་ཚིག་དང་ལྡན་པ་ཁྱོད་ཡིན་ནོ། །མེ་ཏོག་གི་ཕྲེང་བ་བོར་ནས། གང་ལ་བབ་པ་དེའི་སྔགས་དང་ཕྱག་རྒྱས་མགོ་ལ་བཅིང་བར་བྱའོ། །དེ་ནས་དམ་ཚིག་སྦྱིན་པར་བྱ་སྟེ། ཨོཾ་ཇི་སྟེ་ཁྱོད་ཀྱིས་སུ་ཡང་རུང་བ་ལ་སྨས་ན་ 10-10-72b ནི། ཕྱག་ན་རྡོ་རྗེ་ཉིད་ཀྱིས་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བས། ཁྱོད་ཀྱི་མགོ་བོ་འགས་པར་འགྱུར་རོ། །ཨོཾ་བཛྲ་ས་མ་ཡ་ཌྀ་ཌྷ་ཧཱུཾ་ཨ། རྡོ་རྗེའི་དམ་ཚིག་བརྟན་པར་གྱིས། འདིས་དམ་ཚིག་གི་ཆུ་བླུད་ལ། གདོང་གཡོགས་བཀྲོལ་བར་བྱའོ། །ཨོཾ་བཛྲ་ཙཀྵུ་པཱ་ཤྱ་ཧོཿ། རྡོ་རྗེའི་མིག་གིས་གཟིགས་ཤིག་ཀྱེ། ཨཱཛྙཱ་པ་ཡ་ཏི་པན་ནེ་ཁྱོད་ཀྱི་མི་ཤེས་པའི་རབ་རིབ་མོཀྵ་ཡ་མ་ནི་ཧཱུཾ་ཕཊ། དགྲོལ་བར་བགྱིའོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྟན་ཏེ། སངས་རྒྱས་ཀྱི་སྤྱན་སྔར་དབང་ བསྐུར་བར་བྱའོ། །འདིས་ཅོད་པན་གྱི་དུས་ཕྱག་རྒྱ་ལྔ་དང་སྤེལ་ནས་གནས་ལྔར་གཏུག་ལག་ན་རྡོ་རྗེ་ཁྱོད་ལ། ཕྱག་ན་རྡོ་རྗེའི་དབང་ནི་ཨོཾ་བཛྲ་པཱ་ཎི་སྭ་ཡཱནྟེ་ཨ་ནུ་རཀྟོ་ཨ་བྷི་ཥཱིཉྩ་ཧྲཱིཿ རྗེས་སུ་ཆགས་པས་དབང་བསྐུར། དེ་ནས་རིགས་ལྔའི་དབང་བསྐུར་བ་ནི་ཨོཾ་བཛྲ་བཛྲ་ཨ་བྷི་ཥཱིཉྩ་སརྦྦ་ བཛྲ་རྡོ་རྗེའི་དབང་ཐམས་ཅད། ཨ་བྷི་ཥེ་ཀ་ཏ་ཧཱུཾ་ཨཱ། སངས་རྒྱས་ཀྱི་དབང་ཨོཾ་བུདྡྷ་ཨ་བྷི་ཥཱིཉྩ་སརྦྦ་བུདྡྷ་ཨ་བྷི་ཥེ་ཀ་ཏ་ཨོཾ་ཧཱུཾ། སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་རོ། །རིན་པོ་ཆེའི་དབང་ཨོཾ་རཏྣ་ཨ་བྷི་ཥཱིཉྩ་སརྦ་རཏྣ་ཨ་བྷི་ཥེ་ཀ་ཏ་ཨོཾ་ཏྲཱཾ། རིན་པོ་ཆེ་ ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་རོ། །ཆོས་ཀྱི་དབང་། ཨོཾ་པདྨ་ཨ་བྷི་ཥཱིཉྩ་སརྦྦ་པདྨ་ཨ་བྷི་ཥེ་ཀ་ཏ་ཨོཾ་ཧྲཱིཿརྡོ་རྗེ་ཆོས་ཐམས་ཅད་ཀྱི། ལས་ཀྱི་དབང་། ཨོཾ་ཀརྨྨ་ཨ་བྷི་ཥཱིཉྩ་སརྦྦ་ཀརྨྨ་ཨ་བྷི་ཥེ་ཀ་ཏ་ཨོཾ་ཨཱ། ལས་ཐམས་ཅད་ཀྱི། དེ་ནས་བདག་གི་ལུས་ལ་ སོགས་པ་ཡོན་དུ་ཕུལ་ལ་བཀའ་ནོད་པ་སྟེ་དབང་བསྐུར་བར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཨཱ་ཛྙཱ་ཨ་བྷི་ཥེ་ཀ་ཏ། བཀའི་མངོན་པར་དབང་བསྐུར་བ། ཨོཾ་ཀཱནྟེ་ད་སྱཱ་མི་ཁྱོད་ལ་བྱིན་གྱི་གྲྀཧྞེ་ཟུངས་ཤིག་བཛྲ་པྲ་རྡོ་རྗེ་གྲུབ་པར་ 10-10-73a བྱ་བའི་ཕྱིར། སིདྡྷྱ་ཡེ་སྭཱཧཱ། བཀའི་དབང་ནི་རྗེས་གནང་དུ་ཀ་མ་དྷེ་ནུས་བཤད་དོ། །དེ་ནས་ལས་རྣམས་བྱེད་དུ་གཞུག་ཅིང༌། དངོས་གྲུབ་ཐམས་ཅད་ཀྱང་སྦྱིན་ནོ། །ལམ་འདི་མ་གཏོགས་པའི་ཕྱི་རོལ་པ་སོགས་ལ་ལམ་འདི་མེད་དོ་ཞེས་བསྟན་པའི་ཕྱིར། བདེ་ བས་བདེ་བ་བསྐྱེད་ནས་སུ། །ཞེས་གསུངས་ཏེ་དཔའ་བོས། གང་སླད་ཁྱོད་ཀྱི་བསྟན་པ་ནི། །བདེ་བས་བདེ་བ་ཐོབ་བགྱིད་པ། །དེ་སླད་སྨྲ་བའི་སེང་ཁྱོད་ཀྱི། །གཞུང་ལུགས་ལ་ནི་འགྲོ་འདི་དང༌། ཅེས་དང༌། ཁྱད་པར་དུ་རྣལ་འབྱོར་གྱི་རྒྱུད་འདི་ནི་བདེ་བས་ཁྱད་པར་དུ་བྱས་པ་དང༌། ལྷ་དང་མིའི་འབྱོར་པ་ལ་ལྷག་པར་ ཞེན་པ་ཁ་ཅིག་གི་ཞེན་པ་བསལ་བའི་ཕྱིར་དམིགས་པ་དང་བྲལ་བཞིན་དུ་བཙུན་མོའི་འཁོར་དང༌། གནས་དང་གདན་ལ་སོགས་པའི་བདེ་བ་གྱ་ནོམ་པ་འདི་དག་མངའ་སྟེ། ཇི་སྐད་དུ་སྒྱུ་འཕྲུལ་དྲ་བ་ལས། གང་དུ་བདེ་ཆེན་རང་བཞིན་རྗེས་ཆགས་པས། །ན་ཆུང་དག་དང་ལྷན་ཅིག་བཞད་མཛད་ཅིང༌། །གཡས་ཀྱི་ཕྱག་གིས་ རྡོ་རྗེ་གསོར་ནས་སུ། །གཡོན་གྱི་ཕྱག་གིས་དྲིལ་བུ་སྒྲ་སྙན་ཁྲོལ། །ལྷ་མོ་དག་དང་བཙུན་མོར་གྱུར་པ་ཡི། །དམ་ཚིག་རྣམས་ཀྱི་བྱ་བ་བྱས་པར་གྱུར། །གཅིག་གི་ལག་པས་ཀུན་ནས་འཁྱུད་པ་སྟེ། །གཉིས་པས་རྗེས་སུ་ཆགས་ཕྱིར་བདེ་བའི་མཐུ། །གསུམ་པ་མི་བཟོད་མེ་ཏོག་ཕྲེང་བ་གཏོར། །བཞི་པའི་བདེ་བ་ ཡིས་ནི་མདའ་ཡང་འཕེན། །ཞེས་གསུངས་པ་ལྟར་རོ། །དཀྱིལ་འཁོར་བཞི་པོའི་དབུས་སུ་ནི། །ཀུན་ཏུ་བཟང་ངམ་བདེ་བ་ཆེ། །བདག་ཉིད་ཀྱིས་ནི་བསྒོམས་ནས་ཀྱང༌། །སྙིང་གར་ཧཱུཾ་ཞེས་བྱ་བསམས་ན། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། །དཔལ་ལྡན་ལས་རྣམས་ ཀུན་བྱེད་ཅིང༌། །ཀུན་ཏུ་བཟང་པོར་བདག་ཉིད་འགྱུར། །དེ་ལྟར་འགྱུར་བར་ཐེ་ཚོམ་མེད། །དྲུཾ་ལས་སངས་རྒྱས་གཟུགས་ཕྱག་ན་རྡོ་རྗེ་ཚེ་དཔག་མེད་དུ་གྱུར་ན། ཕྱག་ན་རྡོ་རྗེར་བདག་ཉིད་འགྱུར། །སྙིང་གར་ཟླ་བ་ལ་ཡི་གེའི་འཁོར་ལོ་རབ་བསྒོམས་ལ། །ཕྱག་ 10-10-73b ན་རྡོ་རྗེ་འདྲ་བར་འགྱུར། །ཕྱག་ན་རྡོ་རྗེ་འཇིག་རྟེན་གསུམ་རྒྱལ་དུ་གྱུར་པ། རྡོ་རྗེ་ཁྲོ་བོར་རབ་བསྒོམས་ལ། །སྙིང་གའི་དབུས་སུ་ཉི་མ་ལ་ཨོཾ་གྱིས་སྣ་དྲངས་ཧཱུཾ་དང་ཕཊ་ཀྱིས་བརྟེན་པའི་འཁོར་ལོ་དགོད་དེ། གཙོ་བོ་བཞིའི་ཐུགས་ཀར་སྔགས་དགོད་པའོ། །ཕཊ་ཅེས་པ། །ཧཱུཾ་ཞེས་བྱ་བས་བསྐོར་བསམས་ན། ། ཁྲོ་བོ་སྟོབས་ཆེན་ཉིད་དུ་འགྱུར། །རྡོ་རྗེ་བརྟན་པར་བདག་གྱུར་ལ། །སྙིང་གར་ཨོཾ་ཞེས་བྱ་བ་ཡིས། །བསྐོར་བའི་ཧཱུཾ་དང་ཏྲཾ་ལྡན་པ། །བསམས་ན་རིན་ཆེན་འདྲ་བར་བྱ། །རྡོ་རྗེ་བསྒོམས་ལ་སྙིང་གི་ནི། །དབུས་སུ་པདྨོ་ཞེས་བྱ་བ། །ཨོཾ་ཞེས་བྱ་བས་བསྐོར་བསམས་ན། །ཕྱག་ ན་པདྨོ་མཉམ་པར་འགྱུར། །རྡོ་རྗེ་ལས་ཞི་བར་རྡོ་རྗེ་རྒྱ་གྲམ་ཧཱུཾ་ལྡན་པ། །ཨ་ཞེས་བྱ་བས་བསྐྱེད་ནས་ཀྱང༌། །ཨོཾ་ཞེས་བྱ་བས་བསྐོར་བསམས་ན། །རྡོ་རྗེ་ལས་དང་མཉམ་པར་འགྱུར། །དེ་ནས་ལས་རྣམས་བཤད་བྱ་སྟེ། །ཞི་བ་དང་ནི་རྒྱས་པའི་ལས། །དེ་ལྟར་དབང་ དང་མངོན་སྤྱོད་རྣམས། །བཟླས་པའི་ཆོ་ག་དང་སྦྱིན་སྲེག་གི་ཆོ་ག་ཡིས། །ལས་རྣམས་ཐམས་ཅད་བྱ་བ་ཡིན། །རྡོ་རྗེ་སེམས་དཔར་བདག་བསྒྱུར་ཏེ། དེའི་སྒོ་ནས། ལ། །ཞི་བའི་ལས་ནི་བརྩམ་པར་བྱ་ཞིང༌། །ཆོ་ག་ཤེས་པས་ནང་པར་ཉིད། །ལས་དང་སྦྱིན་སྲེག་ ཉིད་བྱེད་ཅིང༌། །འོད་ཟེར་དཀར་པོའི་སྤྲིན་གྱིས་དེ་ལུས་ལ། །འཕྲོ་བར་གྱུར་པ་རྣམས་བསྒོམ་སྟེ། །རྟག་ཏུ་ཤར་བལྟས་འོད་ཟེར་གྱིས། །ཉེས་པ་ཐམས་ཅད་སེལ་བྱེད་པ། །འདི་ནི་སེམས་ཅན་ཕན་དགའ་བས། །རྡོ་རྗེ་སེམས་དཔའ་ཁོ་ནས་ཞི་བ་སྒྲུབ་བམ་སྙམ་ན། དེ་ བཞིན་གཤེགས་པའི་རིགས་ཀྱིས་ཀྱང་ལས་བྱ་བ་ནི། །ཀུན་ཏུ་བཟང་པོའི་སྐུ་ཆེན་ནམ། །བདེ་བ་ཆེན་པོར་བསམས་ནས་ཀྱང༌། །ནང་པར་རེ་རེ་འོད་བྱེད་ན། །སྔ་མ་བཞིན་དུ་ལས་བྱས་ཏེ། །ནང་པར་སྔར་ནི་སེམས་ཅན་རྣམས། །སྡིག་ཅན་སེམས་ནི་ཞི་ 10-10-74a བར་འགྱུར། །གསེར་འོད་མཛེས་ཤིང་འབར་བ་ཡིས། །རིན་ཆེན་གྱིས་ཀྱང་སྔ་མ་བཞིན་དུ་བསམས་ནས་རྒྱས་པའི་ལས་ལ་ནི། །བཟའ་བ་ལེགས་བྱས་ཉི་མ་ཡི། །དུས་གུང་ལ་རྒྱས་པའི་ལས་ཤིས་ཏེ། །རིན་ཆེན་འདྲ་བར་ཁུང་བརྐོས་ལ། །བཟླས་ དང་སྦྱིན་སྲེག་རབ་ཏུ་བྱ། །ཡང་ནི་སྔགས་པས་སྔ་མ་བཞིན། །འོད་ཟེར་ཀྱི་སེར་པོས་ལུས་ལ་རབ་ཏུ་དགང༌། །སྦྱོར་དང་ལྡན་པས་ཁུང་བུ་ནི། །པདྨོ་འདྲ་བར་བྱས་ནས་ནི། །པདྨོ་འཛིན་རྡོ་རྗེ་ཆོས་སུ་པར་བདག་བསྒྱུར་ལ། །དབང་གི་ལས་ལ་རྒས་དང་ཉེ་བའི་ཉི་མའི་ མཐར། །བཟླས་དང་སྦྱིན་སྲེག་ཉིད་བྱེད་ཅིང༌། །འོད་ཟེར་དམར་པོའི་སྤྲིན་གྱིས་ལུས་བཀང་ནས། །ཐམས་ཅད་མ་ལུས་དབང་དུ་འགྱུར། །སེམས་དཔའ་བཅུ་དྲུག་ལས་སྒྲུབ་ལུགས་ནི། འདྲེན་པ་རྡོར་སེམས་ཀྱིས་མཚོན་ནས་ཤར་བའི་སེམས་དཔའ་བཞི་གའོ། །ཀུན་ ཏུ་བཟང་པོ་ཡིས། །ཞི་བའི་ལས་ནི་རབ་ཏུ་བྱ། །རྡོ་རྗེ་རིན་ཆེན་གྱི་སྒོ་ནས་རྒྱས་པ་སྟེ། །དབང་བསྐུར་བ་ཡང་དེ་བཞིན་ནོ། །དཔལ་གྱིས་རྣམ་རྒྱལ་དེ་བཞིན་དུ། །ལོངས་སྤྱོད་དབང་ཕྱུག་དཔལ་མཉམ་མེད། །རྡོ་རྗེ་ཉི་མའི་རྣལ་འབྱོར་བསྒོམས་ལ། གཟི་བརྗིད་ དང༌། །མདོག་སྡུག་ཤིན་ཏུ་འབར་བར་བྱེད། །རྡོ་རྗེ་བཞད་པའི་རྣལ་འབྱོར་མཛད་ཅིང་རྨད་དཔལ་འདི་འབྲུ་འགྲེལ་གྱིས་རྒྱལ་མཚན་གྱི་ལས་ལ་བཤད་དོ། །དུ་མཛད་པས་ནི། །དགའ་མགུ་རངས་པ་རྣམས་སུ་འགྱུར། །པདྨོ་རྡོ་རྗེ་ཆོས་ཀྱི་རྣལ་འབྱོར་གྱིས་བཞད་པས་ ཆོས་ཀུན་ནི། །རྟོགས་མཛད་སངས་རྒྱས་ཐམས་ཅད་ཀྱང༌། །མཉེས་འགྱུར་ལྷ་བྲན་སྨོས་ཅི་དགོས། །རྣོན་པོའི་རྣལ་འབྱོར་གྱིས་གཞན་གྱི་རིག་སྔགས་ཚོགས་མཆོག་རྣམས། །རྣོན་པོས་གཅོད་པ་ཉིད་དུ་མཛད། །གདོན་དང་ཡི་དྭགས་འདྲ་རྣམས་ 10-10-74b དང༌། །རྒྱུའི་རྣལ་འབྱོར་གྱིས། གནོད་སྦྱིན་སྲིན་པོ་བཀའ་ཉན་དང༌། །གཟའ་མཆོག་རྒྱལ་པོ་མ་རུངས་རྣམས། །འཁོར་ལོས་རྩད་ནས་འབྱིན་པར་མཛད། །སྨྲ་བའི་རྣལ་འབྱོར་གྱིས་ལྐུགས་པས་ལྐུགས་པ་མ་ཡིན་དང༌། །གླེན་རྣམས་མི་སྨྲ་སྨྲ་བར་མཛད། །ལྕེ་ལ་ ཛི་ཞེས་བྱ་བ་ཡིས། །མ་རུངས་རྣམས་ཀྱང་ལྐུགས་པར་མཛད། །རྒྱ་གྲམ་གྱིས་ནི་སྟེ་ལས་ཀྱི་རྣལ་འབྱོར་གྱིས་མཆོད་པ་དང༌། །སེམས་ཅན་དོན་མཛད་ཐམས་ཅད་སྟོན། །ཧཾ་ཞེས་བྱ་བས་རྡོ་རྗེ་སྲུང་བའི་རྣལ་འབྱོར་གྱིས་འཕྲོ་མཛད་ཅིང༌། །རྡོ་རྗེ་སྲུང་བས་བསྲུང་མཛད་ཅིང༌། ། རྡོ་རྗེ་གནོད་སྦྱིན་གྱི་རྣལ་འབྱོར་གྱིས་ཧཱུཾ་ཞེས་བྱ་བའི་སོ་ཡིས་ནི། །རྡོ་རྗེ་གནོད་སྦྱིན་ཉིད་ཀྱིས་ཀྱང༌། །མ་རུངས་རབ་ཏུ་མ་རུངས་ཀུན། །ཟ་བྱེད་སྡིག་སྤྱོད་སྨོས་ཅི་དགོས། །ཁུ་ཚུར་གྱི་རྣལ་འབྱོར་གྱིས། མ་རུངས་སྙིང་གར་དམ་དུ་ནི། །བཾ་ཞེས་བྱ་བས་བསམས་ནས་ཀྱང༌། །དུག་ དང་རིམས་དང་གདོན་ལ་སོགས། །རྡོ་རྗེ་བསྡམས་པས་བཅིངས་ནས་ཀྱང༌། །བཟླས་དང་སྦྱིན་སྲེག་ལས་རྣམས་ཀྱིས། །དགོས་པ་ཐམས་ཅད་བསྒྲུབ་པར་བྱ། །འོད་ཟེར་གསལ་བས་དངོས་པོ་ལ། །རྒྱས་པར་གྱུར་པར་སྒོམ་བྱེད་ཅིང༌། །ཞི་བའི་ལྷ་ཡི་རྣལ་ འབྱོར་དང༌། །ཞི་བའི་སེམས་ཀྱིས་རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས་ཞི་བར་བྱ། །རིན་ཆེན་གྱི་རྣལ་འབྱོར་གྱིས་རང་གི་ལུས་ནི་གསེར་བཙོ་དང༌། །རྒྱས་པ་ཉི་མ་གསལ་ཤར་དགེ་འདྲ་བར། །བསམས་ལ་རྒྱས་པར་བྱ་བའི་ཕྱིར། །འོད་ཟེར་སྤྲིན་གྱིས་དགང་བར་བྱ། ། ཆོས་པདྨོ་སེམས་དཔའི་ཏིང་འཛིན་གྱིས། །དབང་ཧྲི་འདྲ་འོད་ཟེར་བཏང་བ་ཡིས། །སྙིང་ལ་ཀུན་ཏུ་སྐོར་བྱེད་ཅིང༌། །འདོད་པ་ཀུན་གྱི་དབང༌དུ་བྱེད། །རྡོ་རྗེ་ཧཱུཾ་གི་མཛད་ཀྱིས་མངོན་སྤྱོད་ཀྱི་ལས་ཡོད་པར་མཇུག་སྡུད་འདིས་ཤེས་ཏེ་ཆད་པར་གསལ་ཞེས་སྔ་མ་རྣམ་ 10-10-75a གསུངས་སོ།། ཏིང་འཛིན་གྱིས། །ཁྲོས་ནས་རྡོ་རྗེ་མཚོན་ཆའི་ཆར། །སྡིག་སྤྱོད་ལུས་ལ་དབབ་བྱས་ནས། །དེ་མ་ཐག་ཏུ་བརླག་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་བཙལ་ནས། འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཐེ་ཚོམ་ཐམས་ཅད་གཅོད་པ། ངན་སོང་ཐམས་ཅད་བཟློག་པའི་བརྟག་པ་དམ་པ་འདི་བཤད་པ་ལེགས་སོ་ལེགས་སོ།། །།དེ་ནས་དཀྱིལ་ འཁོར་སྔ་མ་རྣམས་སུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་མ་ཚང་བ་ཁ་སྐོང་བ་དང༌། གཞན་ཡང་ཕྱག་རྒྱ་འཆིང་བ་མཐུ་ལྡན་དུ་སྒྲུབ་པའི་ཚུལ་ལ་སོགས་པ་རྣམས་གསུངས་པ་ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཕྱག་རྒྱའི་ལེའུ་འདི་བཤད་དོ། །ལག་པ་གཉིས་ མདུན་དུ་རྩེ་སྤྲད་དེ་བཞག་ལ། གཉིས་གའི་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབས་པར་བསམས་ཏེ། གཡས་ཀྱི་ཟླ་བའི་སྟེང་དུ་ཧཱུཾ་ཞེས་བྱ་བ་དང༌། གཡོན་གྱི་སྟེང་དུ་ཨ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་དེ་གཉིས་བྱིན་གྱིས་བརླབས་ ལ། ལག་པ་གཡས་གཡོན་གཉིས་ཀའི་ཐལ་མོ་གཉིས་ཀའི་ནང་དུ་ལ་ཨ་ལ་སོགས་པའི་དབྱངས་ཀྱི་ཡི་གེ་བཅུ་དྲུག་གིས་གང་ཞིང་འོད་ཟེར་འཕྲོ་བར་བྱ་སྟེ། སོར་མོ་རྣམས་མེ་ལོང་ལྟ་བུ་དྲངས་པའི་མཐེ་བོང་གཉིས་ལ་ཨོཾ་དཀར་པོ་ཞེས་བྱ་བ་བསམ། གུང་མོ་ གཉིས་ལ་ཏྲཾ་སེར་པོ་ཞེས་བྱ་བ་བསམ། མཛུབ་མོ་གཉིས་ལ་ཧཱུཾ་སྔོན་པོ་ཞེས་བྱ་བ་བཞག །སྲིན་ལག་གཉིས་ལ་ཧྲཱིཿ དམར་པོ་ཞེས་བྱ་བ་བཞག །མཐེའུ་ཆུང་གཉིས་ལ་ཨ་ལྗང་གུ་ཞེས་བྱ་བ་བཞག་སྟེ། དེ་ལྟར་ཡི་གེ་རྣམས་བཞག་པར་བྱས་པ་ 10-10-75b ལས་གཡས་ལ་རིགས་ལྔ་དང་གཡོན་ལ་ཡུམ་ལྔ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་བསྐྱེད་ལ་ནས། དེ་བཞིན་གཤེགས་པ་ཡབ་ཡུམ་རྣམས་དངོས་ཡིན་པར་མོས་པ་བསྐྱེད་དེ་ཆོས་ཐམས་ཅད་ནི་སྒྲ་དོག་པའི་དབང་དུ་བྱས་ནས་སོར་མོ་རྣམས་ལ་བྱ་སྟེ། དེ་ཡང་མཉམ་པའི་སྐབས་སུ་ཐབས་ ཤེས་རབ་ཕན་ཚུན་དུ་འདོད་པས་མངོན་པར་ཕྱོགས་པར་བསམ། རྡོ་རྗེ་ཐལ་མོའི་སྐབས་སུ་གོ་ས་གཅིག་ཏུ་འདུས་ཤིང་ཡབ་ཡུམ་རྣམ་པ་ཐ་དད་དུ་བཞུགས་པར་བསམ། རྡོ་རྗེ་བསམས་པའི་སྐབས་སུ་རྣམ་པའམ་ཐ་མི་དད་དུ་ཡབ་ཡུམ་ཐམས་ཅད་གཅིག་ལ་གཅིག་དབྱེར་མེད་དུ་འདྲེས་པར་བསམ་པ་དང་སྔགས་ གསུམ་གྱི་དོན་དེ་ལྟར་དྲན་པར་བྱེད་དོ། །ཡང་ཆོས་ཐམས་ཅད་སྒྲ་ཡངས་པའི་དབང་དུ་བྱས་ནས་གང་ཟག་དང་ཆོས་ཀྱིས་བསྡུས་པའི་དངོས་པོ་ཐམས་ཅད་ལ་བྱ་སྟེ། སྔགས་གསུམ་གྱི་དོན། ཀ་མ་དྷེ་ནུས། ཆོས་ཀུན་ཕན་ཚུན་རྗེས་སུ་འཇུག །ཆོས་ཀུན་ཐ་དད་རྗེས་སུ་འཇུག །ཆོས་ཀུན་རྗེས་སུ་ཞུགས་པ་སྟེ། །མཐའ་བྲལ་ རྗེས་སུ་འགྲོ་བའོ། །ཞེས་གསུངས་པས་ཆོས་ཐམས་ཅད་ཆོས་ཅན་གྱི་ངོས་ན་ཕན་ཚུན་སོ་སོ་བ་དང་ཐ་དད་པ་ཡིན་ཡང༌། ཆོས་དབྱིངས་རང་བཞིན་རྣམ་དག་གི་ངོས་ནས་བདེན་པའི་སྤྲོས་པ་བཅད་ཙམ་གྱིས་མཐའ་བྲལ་རང་བཞིན་མེད་པའི་ངང་དུ་རོ་གཅིག་པའི་སྟོང་པ་ནི་ཕྱག་རྒྱ་གསུམ་གྱི་ངེས་དོན་དམ་པ་ཡིན་ལ། དེ་ནས་ བསྡམ་པ་བྲལ་བའི་སྐབས་སུ། བཛྲ་བནྡྷ་ཏྲཊ་ཅེས་པ། བཛྲ་རྡོ་རྗེ་སྟོང་ཉིད་ཀྱི་དོན་བནྡྷ་ནི་འཆིང་བ། ཏྲཊ་ནི་ཆོད་ཅིག །གང་གཅོད་ན་བདེན་པར་འཛིན་པའི་འཆིང་བ། གང་གིས་གཅོད་ན་བཛྲ་གྱི་དོན་སྔར་ཕྱག་རྒྱ་གསུམ་གྱི་ངེས་དོན་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་གཅོད་པ་ཡིན་ནོ། །དེ་ལྟར་བདེན་པ་གཉིས་ཀྱི་སྒོ་ནས་ཕྱག་རྒྱ་ བཅིང་བ་དེ་འགྲུབ་པ་ལ་ནི། རྡོ་རྗེ་འབེབས་པའི་སྔགས་རྒྱས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་པོའི་རྡོ་རྗེ་ལྟ་བུའི་རྣམ་པར་སྒྲུབ་པ་པོའི་ལུས་ལ་ཕབ་པས་ནི། བླ་མ་མཚན་ཉིད་དང་ལྡན་པས་སློབ་མ་མཚན་ཉིད་དང་ལྡན་པ་ལ་དབང་གི་དུས་སུ་ཡེ་ཤེས་ཕབ་པ་དེ་གསོ་བ་ཡིན་ཏེ། དེས་ 10-10-76a ཀུན་རྫོབ་ཀྱི་དབང་དུ་བྱས་པའི་འགྲུབ་ལུགས་ཡིན་ལ། དེའི་སྟེང་དུ་བཛྲ་མུཥྟི་བཾ་ཞེས་རྡོ་རྗེ་ཁུ་ཚུར་གྱི་དོན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང༌། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་རང་བཞིན་མེད་པའི་ངང་དུ་དབྱེར་མེད་རོ་གཅིག་ཏུ་སོང་བར་སྒོམ་པ་བསྣན་པས་དོན་དམ་པའི་དབང་དུ་ བྱས་པའི་ཕྱག་རྒྱ་བཅིང་བ་འགྲུབ་ལུགས་ཡིན་ནོ། །མདོར་ན་སོར་མོས་མཚོན་ནས་ཆོས་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་པ། ཟབ་མོ་རང་བཞིན་མེད་པའི་ངང་ནས་གཟུང་བྱ་ལྷའི་རྣམ་པར་གསལ་བའི་ཟབ་གསལ་གཉིས་སུ་མེད་པ་མེ་ལོང་གི་ནང་གི་གཟུགས་བརྙན་ལྟར་རྟོགས་པ་ནི་གཟུགས་བརྙན་སྦྱང་བའི་ དོན་ཡིན་ལ། དེ་ལྟར་ཤེས་པ་སྔོན་དུ་བཏང་ནས་སྐབས་སུ་གང་བབ་ཀྱི་ཕྱག་རྒྱ་བཅིངས་ན། ཕྱག་རྒྱ་ཐམས་ཅད་མཐུ་དང་ལྡན་པ་དང༌། གང་བཅིངས་ཐམས་ཅད་འགྲུབ་པར་གསུངས་པས། གཟུགས་བརྙན་སྦྱོར་བའི་དོན་ནི། བློ་དང་ལྡན་པ་རྣམས་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག །བདག་ཀྱང་རྗེས་སུ་མཐུན་པར་ དྲན་པར་བྱས་ཏེ། ལག་པ་གཉིས་པདྨ་ལྟ་བུར་སྦྱར་བར་བྱས་ནས། ཨོཾ་ཞེས་བྱ་བ་དེ་མཐེ་བོང་གཉིས་བརྐྱང་བ་དང༌། ཨ་ཞེས་བྱ་བ་དེ་མཐེའུ་ཆུང་གཉིས་བཀུག་སྟེ། དེ་བཞིན་དུ་ཧཱུཾ་ཞེས་བྱ་བ་མཛུབ་མོ་དང༌། ཧྲཱིཿཞེས་བྱ་བ་སྲིན་ལག་གཉིས་པདྨའི་འདབ་མ་ལྟར་ བྱ་ཞིང༌། ཏྲཾ་ཞེས་བྱ་བ་གུང་མོ་གཉིས་གཤིགས་ཏེ་བརྐྱང་བ་འདི་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱ་སྟེ། ལས་ཐམས་ཅད་དང་ལྡན་པའི་དམ་ཚིག་གོ། མཛུབ་མོ་གཉིས་དང་སྲིན་ལག་རྩེ་སྤྲད་པ་ལ་མཐེའུ་ཆུང་དང་མཐེ་བོང་བཀུག་པ་ནི་ནམ་མཁའི་སྙིང་པོའི་ཕྱག་རྒྱའོ། །དེ་ཉིད་ རྣོན་པོ་འདྲ་བ་དང༌། དེ་ལས་རབ་ཏུ་གུང་མོ་གཉིས་བསྒྲེང༌། སྲིན་ལག་གཉིས་ལག་མཐིལ་དུ་བཀུག་པ་ལས་མཐེའུ་ཆུང་དང་མཐེ་བོང་བསྒྲེང་བ་ནི་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་ཁྲོ་བོའི་འོ། །འཁོར་ལོ་འདྲ་བ་ནི་འཁོར་ལོའི་འོ། །དེ་ཉིད་ལས་ཕྱག་རྒྱ་སྔ་མ་དེ་ཉིད་ཁར་བཞག་པ་ནི་སྒྲའི་ 10-10-76b སྟེ། ཕྱག་ན་པདྨའི་འོ། །འདི་ནི་ཕྱག་རྒྱའི་ཚོགས་སོ། །དེ་ཉིད་ལས་གཉིས་སུ་བྱས་ནས་ལས་ཀྱི་གར་བྱས་ཏེ་སྦྱར་ན་ལས་དེ་ཉིད་གཉིས་སུ་བྱས་ན་སྟེ་མཚན་ཉིད་གཉིས་སུ་བཏགས་པ་ནི་ལས་ཀྱིའོ། །ཞེས་གཙོ་བོ་བཞིའི་ཕྱག་རྒྱ་ལ་ཀ་མ་དྷེ་ནུས་བཤད་དོ་ཀྱིའོ། །མཛེས་རྒྱན་དུ་རྐང་པ་བཞི་པོ་དེ་ལྷ་ཆེན་བཞིའི་ ཕྱག་རྒྱ་ལ་བཤད་དོ། །གཡོན་པ་མགོ་ཐོད་ཐོགས་འདྲ་ལྷ་ཆེན་པོའི་དང༌། གཡས་པས་མདུད་རྩེ་སྨིན་དྲུག་གི་བུ་དང༌། རྩེ་གསུམ་ལ་དབང་ལྡན་ནོ། །གཡོན་པ་པདྨ་ཁ་འཛུམ་ཚངས་པའོ་དང༌། །གཡས་པ་ཨོཾ་ཞེས་བྱ་བར་བཞག །གཡོན་པ་འཁོར་ལོ་ཁྱབ་འཇུག་དབྱུག་ཏོ་ རྩེ་གསུམ་ནི་སྟོབས་བཟང༌། །ཨ་དང་ཨོཾ་གཉིས་རྩེ་སྤྲད་ལ། །ལྷག་མ་གསུམ་ནི་མཐེའུ་དང་མཐེ་བོང་རྩེ་སྤྲད་ལྷག་མ་བསྒྲེང་བ་རྡོ་རྗེ་ཅན། །བརྒྱ་བྱིན་ཨོཾ་དང་ཧཱུཾ་གཉིས་གཞུར་བྱས་ལ། །ལྷག་མ་དམར་བཅས་མཛུབ་མོ་མཐེ་བོང་སྤྲད་པ་གཞུར་བྱས། ལྷག་མ་རྣམས་ཐོད་པས་མཚན་ པའི་དབྱུག་ཏོ་གཤིན་རྗེ་དང༌། རིན་པོ་ཆེས་མཚན་པའི་དབྱུག་ཏོ་ལུས་ངན་པའོ།། མདའ་ལྟར་བརྐྱང་བ། མདའ་ཅན་གྱི། །འདོད་ལྷའི་ལག་པ་གཡས་འཁོར་ལོར་བྱས་ཉི་མ། གཡོན་འཁོར་ལོར་བྱས་པ་ཟླ་བ། །འདི་ནི་ཉི་མ་ཟླ་བའི་ཞལ། །ཐལ་མོ་དམ་སྦྱར་སོར་མོ་འཕྲོ། །མིག་དམར་ གཟའ་ལག་གི་ནི་རྟག་ཏུ་མཐེབ་མཛུབ། སེ་གོལ་གཏོག་པའོ། །དེ་ཉིད་ཕུར་བུའི་ཕྱག་རྒྱ་ཚིག་དབང་གསུངས་པ་སྟེ། །མཐེབ་མཛུབ་ཀྱི་མཆུ་ལས་ཚིག་དབྱུང་འདྲ་བར་བཤད། པའོ། །པ་ཝ་སངས་ནི་ལག་པ་གཉིས་མཉམ་པར་སྦྱོར་བའོ། །སྤེན་པ་དབྱུག་པ་ འཛིན་པ་ལྟར་བྱའོ། །བ་ལང་སྣ་སྒྲ་གཅན་ནི་ལག་པ་བརྐྱང་སྟེ་ཁུ་ཚུར་བཀུག་ནས། ཆུ་སྲིན་གྱི་སྣ་འདྲ་བའོ། །ཞེས་བྱ་རྒྱུ་སྐར་ལག་པ་གཡས་སྟེང་དུ་ཕྱུང་གཉིས་ཀ་བཀན་ཏེ་བསྣོལ་ལ་སོར་མོ་རྣམས་བསྡུ་ཞིང་སྤྲོ་བ་སྟེ་གོང་དང་མེ་སྟག་འདྲ། བ་ནི་རྒྱུ་སྐར་རྣམས་ཀྱིའོ། །ཕྱག་རྒྱ་དེ་ 10-10-77a ཉིད་སྟེང་འོག་ཏུ་བསྐོར་ནས་གློག་ཕྲེང་གི། ལྟར་ནི་ལྟོ་འཕྱེའི་ཕྱག་རྒྱའོ། །གཡས་བླ་སྟེ་གོང་དང༌། འོག་ཏུ་བཞག་པ་ནི་དགའ་བོ་དང་ཉེར་དགའི་སྤྲིན་གྱི་ཕྱག་རྒྱའོ། །དེ་བས་ན་འདི་དག་སྙིང་པོའི་སྟེ་དམ་ཚིག་གི་ཕྱག་རྒྱ་དང་སྟེ། །ལས་ཀྱི་ཕྱག་རྒྱའང་དེ་ བཞིན་ནོ། །རྡོ་རྗེ་བསྡམས་པ་དེ་ཉིད་ལས་སྲིན་ལག་བཅིངས་པ་ནི་ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་ཧཱུཾ་ཞེས་བྱ་བ་མཛུབ་མོ་ཚིགས་བར་མ་བཅག་པ་ནི་དབང་བསྐུར་བ་སྦྱིན་པར་བྱེད་པ་ནི་ནམ་མཁའི་སྙིང་པོའི་ཕྱག་ རྒྱུད་འདིར་ནི་ཐ་མི་དད་དོ་ཞེས་ཀ་མ་དྷེ་ནུ་གསུངས་སོ་ རྒྱའོ། །དེ་ཉིད་ལས་ཧཱུཾ་ཞེས་བྱ་བ་མཛུབ་མོ་གཉིས་བསྡམས་ལ་སྲིན་ལག་པདྨ་འདྲ་བར་བྱས་པ་ནི། པདྨ་ལས་བྱུང་བའི་ཕྱག་རྒྱའོ། །དེ་ཉིད་ལས་ཧཱུཾ་ཞེས་བྱ་བ་དང༌། ཧྲིཿཞེས་བྱ་བ་སྲིན་ལག་གཉིས་བཅིངས་ཏེ་བསྒྲེང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་ དཔའི་ཕྱག་རྒྱའོ། །དེ་ཉིད་ལས་པདྨོ་འདྲ་བར་བྱས་པ་ནི་བདེ་བ་ཆེན་པོའི་ཕྱག་རྒྱའོ། །དེ་ཉིད་ལས་འོད་ཟེར་འཕྲོ་བའི་ཚུལ་དུ་བྱས་པ་ནི་ཀུན་ཏུ་བཟང་པོའི་ཕྱག་རྒྱའོ། །དེ་ཉིད་ནང་དུ་བཀུག་པ་ནི་ཁྲོ་བོ་སྣ་ཚོགས་གཟི་ཅན་གྱི་ཕྱག་རྒྱའོ། །འདི་ནི་ཁྲོ་བོའི་ དཀྱིལ་འཁོར་དུ་ཁྲོ་བོ་ཐམས་ཅད་ཀྱི་ཕྱག་རྒྱར་ཀ་མ་དྷེ་ནུས་བཤད་དོ། ཁྲོ་བོའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་བསྣོལ་ནས་ཁུ་ཚུར་ཤིན་ཏུ་བསྡམས་པ་ནི་རྡོ་རྗེ་བསྡམས་པའི་འོ། །གོ་ཆའི་ཚུལ་དུ་བརྐྱང་བ་ནི་སྲུང་བའི་འོ། །ཧཱུཾ་ཞེས་བྱ་བ་ནི་མཛུབ་མོ་གཉིས་མཆེ་བ་ལྟར་ བྱས་པ། རྡོ་རྗེ་གནོད་སྦྱིན་གྱིའོ། །ཧཱུཾ་ཞེས་བྱ་བ་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་པ་ནི་དགུག་པའོ། །དེ་ཉིད་མདར་བྱས་པ་ནི་འདོད་པའི་གཡོན་པའི་མཛུབ་མོ་དང་མཐེ་བོང་ཉིས་གཞུ་ལྟར་བྱས་ལ་གཡས་པའི་མཛུབ་མོ་དེའི་སྟེང་དུ་མདའ་གཏོང་བ་ལྟར་བྱས་པ་དྲོད་ 10-10-77b ཆགས་པའི་འོ། །ཧཱུཾ་དང་ཨོཾ་ཞེས་བྱ་བ་གཉིས་དང༌། མཐེ་བོང་གཉིས་དང་མཛུབ་མོ་གཉིས་རྩེ་སྦྱར་བ་དགྱེས་པའི་འོ། །དེ་ཉིད་དཀྱིལ་འཁོར་ལྟ་བུར་བྱས་པ་ནི་གུང་མོ་གཉིས་ཉི་མའི་དཀྱིལ་འཁོར་ལྟར་བྱས་པ་གཟི་བརྗིད་ཀྱིའོ། །དེ་ཉིད་མཛུབ་མོ་གཉིས་སྤྱི་གཙུག་གི་ནོར་བུ་འདྲ་བར་ བྱས་པ་ནི་རྒྱལ་མཚན་གྱིའོ། །བསྐོར་ན་བཞད་པ་སྟེ། དེ་ཉིད་ཁར་བཞག་ན་སོར་མོ་རྣམས་དང་མཐེ་བོང་གཉིས་བསྣོལ་ནས་སོ་སོར་བརྐྱང་པ་ཁར་བཞག་པ་དགྱེས་ཤིང་འཛུམ་པར་མཛད་པའི་ཡ་མཚན་ནོ། །ཐལ་མོ་པདྨོར་བཀུག་པ་སྲིན་ལག་གཉིས་རྩེ་སྤྲད་དེ་པདྨའི་འདབ་མ་ལྟར་ བཀུག་པ་པདྨའོ། །ཨ་ཞེས་བྱ་བ་དང༌། ཨོཾ་ཞེས་བྱ་བ་ནང་དུ་བཀུག་པ་ནི་མཐེ་བོང་དང་མཐེའུ་ཆུང་ནང་དུ་བཀུག་ནས་ལྷག་མ་རྣམས་ལྟོ་སྦྱར་ཏེ་བརྐྱང་བ་རལ་གྲིའི་ཕྱག་རྒྱའོ། །གཅིག་ལ་གཅིག་ལག་པ་གཉིས་རྒྱབ་སྦྱར་ནས་རྩེ་སྤྲད་པ་སྦྱར་བ་ནི་འཁོར་ལོའི་འོ། །སྔ་མ་ལས་ཨོཾ་ ཞེས་བྱ་བ་གཉིས་ཀར་བཞག་པ་མཐེ་བོང་གཉིས་གཤིབས་ནས་བསྒྲེང་བ་ཁར་བཞག་པ་ནི་ཚིག་འབྱུང་བ་སྟེ། མཛེས་རྒྱན་དུ་གུང་མོ་གཉིས་གཤིབས་ནས་མཐེ་བོང་དང་མཐེའུ་ཆུང་སོ་སོར་བསྒྲེང་བ་རྡོ་རྗེ་སེམས་དཔའ་དང༌། མཛུབ་མོ་གཉིས་རིན་པོ་ཆེའི་རྩེ་མོ་ལྟར་བྱས་པ་རིན་ཆེན་མཐེའུ་ཆུང་གཉིས་ རྒྱ་གྲམ་དུ་བྱས་པ་ལས་ཞེས་ཁ་བསྐང་ལ། གཞུང་དུ་བཅུ་གསུམ་འབྱུང་ངོ༌། །མདོར་ན་ཕྱག་རྒྱ་འདི་དག་ནི་ཞི་སོགས་ཀྱི་ལས་ཐམས་ཅད་སྦྱིན་པར་བྱེད་པ་ནི་དམ་ཚིག་ཡིན་པའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་ལག་པ་གཡོན་པའི་ཐལ་མོའི་རྒྱབ་ཏུ་གཡས་པའི་ཐལ་མོ་ལྟོ་ སྦྱར་ལ་སོར་མོ་རྣམས་རེག་པར་བསྐྱེད་ཅིང་རྩ་བ་ཅུང་ཟད་སྒུ་བར་བྱ་སྟེ་ཀླུ་རྣམས་བསད་པའི་ཕྱག་རྒྱའོ། །བསྡུས་བཏུད་སྦྲུལ་མགོར་འགྱུར། །ཀུན་ཏུ་གནོད་སྦྱིན་མཆེ་བ་ཅན། །སོར་མོ་བསྣོལ་བའི་སྙིམ་པ་ལ་མཛུབ་མོ་གཉིས་མཆེ་བ་ལྟར་བྱས་པའོ། །སྲིན་པོ་མི་ཡི་ 10-10-78a ཁྲག་འཕྲོག་སོར་མོ་བསྣོལ་བའི་སྙིམ་པས་མཐེ་བོང་གཉིས་བཟུང་སྟེ་མཐེ་བོང་གཉིས་གཤིབས་པའོ་པ། །ལག་པ་བསྐོར་བ་རླུང་གི་སྟེ། །ལག་པ་གཉིས་ཐལ་མོ་ཐ་དད་པར་ཐད་ཀར་བརྐྱང་བ་བཀྱེད་པའོ། །དབྱུག་པར་ལྡན་པ་གནོད་སྦྱིན་ནོ། །ལག་པ་གཡས་པ་ཁུ་ཚུར་བཅིངས་ཏེ་འཕྱར་བའམ། བུམ་པར་བཞག་པ་མཐེ་བོང་དང་མཐེའུ་ཆུང་བཞི་བསྣོལ་ལྷག་མ་དྲུག་རྩེ་སྤྲད་ནས་བསྒྲེང་བ་འདི་ཡང་གནོད་སྦྱིན་གྱི་མཆེ་བ་དང་རྣམ་གྲངས་སོ། །ནོར་གྱི་སྟེ། །མཐེ་བོང་སྣ་འདྲ་མཐེའུ་ཆུང་གཉིས་བསྣོལ་ལྷག་མ་རྣམས་གཤིབས་ལ་བསྒྲེང་མཐེ་བོང་གཉིས་སོ་སོར་ཕྲལ་ཏེ་བསྐུལ་བ་ནི་རྣམ་ཐོས་བུའི་འོ། །སྲེ་མོ་ཡི། །མགོ་ བོ་ཐོད་པ་སོར་མོའི་རྩེ་མོ་བསྣོལ་བའི་སྙིང་པ་སྟེ། ནག་པོ་དགའ་བྱེད་དབང་ཕྱུག་གིའོ་སྟེ། །བྷྲིང་གི་རི་ཏི་ནི་ལག་བརྐྱང་བ་སྟེ་དམ་པ་སྦྱིན་པའི་ཕྱག་རྒྱ་ཡིན་ནོ། །པི་ཝང་གཡོན་ཐོགས་ལག་པ་གཡོན་གཏོར་ནས་སོར་མོ་བཞི་བཀུག་པ་མི་ཝང་འཛིན་པའི་ཚུལ་བྱེད་ཅིང་གཡས་རྒྱུད་སྦྲེང་བ་ལྟར་བྱེད་པ་ནི་དྲི་ཟའོ། ། ཡུལ་འཁོར་བསྲུང་གིའོ། །ལག་གཉིས་འབར་མེ་ཐལ་མོ་སྦྱར་བ་བཀན་ལ་མཐེ་བོང་བསྒྲེང་སོར་མོའི་རྩེ་མོ་ཅུང་ཟད་གཡབ་པ་ནི་འབར་བ་ཡི། །མེ་ལྷའོ། །གུང་མོ་གཡས་པ་ཁུ་ཚུར་བཅིངས་པ་ལས་གུང་མོ་བརྐྱང་བ་དབྱུག་འདྲ་གཤིན་རྗེ་ཡི། །རྣོ་ལ་ཁྲོ་བ་སྟེ་གཡས་པའི་གུང་མོ་དང༌། དབང་ སྒྱུར་བ་སྲིན་ལག་སྦྱར་ལ་བསྒྲེང་བ་སྲིན་པོའོ་འི། །མཐེའུ་ཆུང་བསྒྲེང་བ་སྟེ་འཕྱར་བ། རལ་གྲི་འདྲ་བ་འཕགས་སྐྱེས་པོའི་འོ། མཛུབ་མོ་ཞགས་མིག་ལྟར་བྱས་པ་མིག་མི་བཟང་གིའོ། པ། །ལག་པ་གཡས་པའི་གུང་མོ་དང་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་བ་རླུང་གི་རྒྱལ་མཚན་དར་གྱི་ གདོང༌། །སྟེ་ཕྱག་རྒྱའོ། །དེ་ལ་སོགས་པའི་ཕྱག་རྒྱ་རྣམས། ཞེས་པ་འདི་ཙམ་དུ་མ་ཟད་རྣམ་སྣང་མངོན་བྱང་དུ་ཕྱག་རྒྱ་དཔག་མེད་བཤད་པ་རྣམས་ཀྱང་སྦྱར་དུ་རུང་ངོ་ཞེས་དེ་རྣམས་ནི་ཀ་མ་དྷེ་ནུའི་བཤད་པའོ། །ལག་ལས་སྐྱེས་པ་སྐྱེ་བར་འགྱུར། །ལྷ་རྣམས་ཀུན་གྱི་ཐུན་མོང་ 10-10-78b དུ། །པདྨའི་ཕྱག་རྒྱ་བཀྲ་ཤིས་ཞེས་པ་སོར་མོ་རྣམས་རྩེ་སྤྲད་པ་ལས་པདྨ་དཀར་པོའི་ཚུལ་དུ་བྱས་པའོ། ཏེ། །ཀླུ་ལག་པ་གཉིས་གུང་མོ་རྩེ་མོ་སྤྲད་པ་སྦྱར་ཏེ་བསྒྲེངས་ནས་མཐེའུ་ཆུང་ཕྱིར་སྦྱར་ཏེ་མཛུབ་མོ་གཉིས་ཚིགས་དང་པོར་སྦྱར་བ་བཀུག་པ་རྣམས་ཞེས་བྱ་ཨུཏྤ་ལ། །དེ་ལྟར་སོ་ནི་གནོད་སྦྱིན་རྣམས། ། ཏེ་མཛུབ་མོ་གཉིས་བསྣོལ་བ་ཁའི་ཐང་དུ་མཆེ་བ་ལྟར་བྱས་པ་ལ་མཐེའུ་ཆུང་འོག་ཏུ་མཆེ་བ་ལྟར་བྱས་པ་ནི་སྲིན་པོ་རྣམས་ཀྱི་ལག་པ་ཕན་ཚུན་སོར་མོ་རྣམས་ལེགས་པར་མདུད་ཅིང་མཐེ་བོང་གཉིས་མིག་ལྟར་བྱས་པ་ནི་མགོ་ཚལ་པ། །བུད་མེད་དམ་མ་མོ་རྣམས་ཀྱི་ནི་ལག་པ་གཉིས་ཀྱི་སོར་མོ་བཅུ་པོ་ རྣམས་བསྣོལ་བའོ། །གཟའ་རྣམས་ཀྱི་ནི་སོར་མོ་རྣམས་བསྡམས་པ་ལས་དབྱུག་པ་ལྟར་འཕྱར་བའོ་སྟེ། །ལག་པ་གཉིས་ཟུར་སྦྱར་སོར་མོ་རྣམས་རྩེ་སྤྲད་དེ་མཐེ་བོང་གཉིས་མཛུབ་མོའི་ངོས་ལ་སྦྱར་བ་མཆོད་ཡོན་དབུལ་བ་ལྟར་བྱས་པ་ནི་རྒྱུ་སྐར་རྣམས་ཀྱིའོ། །དེ་རྣམས་ནི་མཛེས་རྒྱན་ ལྟར་བྲིས་སོ། །དེ་དག་ཀུན་གྱི་ཕྱག་རྒྱ་བཅིངས་པས་སེམས་རང་དབང་མེད་པར་སྒྲུབ་པ་པོས་དབང་དུ་སྒྲུབ་པའོ། །ཞེས་ཀ་མ་དྷེ་ནུ་གསུངས་སོ། །སོར་མོ་རྣམས་བསྣོལ་བ་ལས་གུང་མོ་དང་མཐེའུ་ཆུང་ཚིགས་བཀུག་ལ་མཐེ་བོང་གིས་མཛུབ་མོ་མནན་ནས་ཁར་བཞག་པ་ནི་མགོ་བོའི་ཐོད་པ་ཁར་བཞག་པའི། ། ཕྱག་རྒྱ་སྟེ་འདི་ནི་ཕྲ་མེན་མ། །རྣམས་ཀྱིའོ། །མགོ་ཐོད་ལྕེ་ཡི་ཕྱག་རྒྱ་ནི། །རྡོ་རྗེ་རྣལ་འབྱོར་མ་སྔགས་སྒྲུབ་པའི་བུད་མེད་ལ་ཀ་མ་དྷེ་ནུས་བཤད་ཅིང༌། དེ་ཉིད་ལས་སྲིན་ལག་གཉིས་རྩེ་སྤྲད་དེ་ལྕེ་འདྲ་བར་བྱས་པ་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་མགོ་རློན་ལྕེ་དང་བཅས་པའི་ཕྱག་རྒྱ་ཡིན་པར་ བཤད། །དེ་དག་ཀུན་གྱི་ཐུན་མོང་གི། ཕྱག་རྒྱ་ཆེན་པོ་བཤད་པར་བྱ། །ཐལ་མོ་བརྐྱང་བར་བཤད་པ་སྟེ། །ཡང་ན་ཐལ་མོ་པདྨར་བྱ། །རྡོ་རྗེ་ཁུ་ཚུར་བཅིངས་ནས་ནི། །ཨ་ཞེས་བྱ་བ་ལུ་གུ་རྒྱུད། །ཧཱུཾ་ཞེས་བྱ་བ་གཉིས་བསྒྲེང་ལ། །ཕྱག་ན་རྡོ་རྗེ་འཇིག་རྟེན་ 10-10-79a གསུམ་རྒྱལ་དུ་བསྒྱུར་བའི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་བསྡམས་པ་ནས་རྟ་མགྲིན་ཞེས་པའི་བར་རྣམས་སྲུང་བ་ལ་ཤིས་པའི་ཁྲོ་བོ་གཉིས་ཀྱི་ཕྱག་རྒྱར་ཀ་མ་དྷེ་ནུས་བཤད་ལ་ལྷག་མ་རྣམས་དཀྱུས་བཞིན་བྱས་ནས་འཁྲོ་བོ་བཞིའི་ཕྱག་རྒྱ་ལ་བྱ། །རྡོ་རྗེ་བསྡམས་པ་བསྡམས་ནས་ཀྱང༌། །ཧཱུཾ་དང་ཨ་གཉིས་ གཤིབས་ཏེ་བསྒྲེང༌། །ཨོཾ་ཞེས་བྱ་བ་ངོས་བཅར་བའི། །ཕྱག་རྒྱ་སྣང་བར་བྱེད་པར་དགོངས། །མཛེས་རྒྱན་དུ། ཤླཽ་ཀ་དང་པོ་འཇིག་རྟེན་གསུམ་སྣང་གི་ཕྱག་རྒྱ། དེ་ལ་ཨ་ཞེས་བྱ་བ་བཅིང༌། །ཨོཾ་ཞེས་བྱ་བ་ནང་དུ་གཞུག། །ཧཱུཾ་ཞེས་བྱ་བ་སྔོན་བཞིན་བྱ། ། ཧྲཱཾ་ཡང་ཧཱུཾ་དང་འདྲ་བར་སྦྱར། །གཤིན་རྗེ་གཤེད་ པོའི་ཕྱག་རྒྱ་ཡིན། ཞེས་བཏོན་ནས་ཁྲོ་བོ་བཞིའི་ཕྱག་རྒྱ་ལ་སྦྱར་རོ། །དེ་ལས་ཨ་ཞེས་བྱ་བ་བཅིངས། །ཨོཾ་ཞེས་བྱ་བ་ནང་དུ་གཞུག །ཨ་ཞེས་བྱ་བ་སྔོན་བཞིན་སྦྱར། །ཨོཾ་ཡང་ཨ་དང་འདྲ་བར་བྱར། །ཏྲཾ་ཞེས་བྱ་བ་གཤིབས་ནས་ནི། །ཨ་དང་ཨོཾ་གཉིས་ ལུ་གུ་རྒྱུད། །ལྷག་མ་གཤིབས་པའི་ཕྱག་རྒྱ་འདི། །བདུད་རྩི་འཁྱིལ་བར་ཤེས་པར་བྱ། །ཏྲཾ་ཞེས་བྱ་བ་གཤིབས་ནས་ནི། །ཧཱུཾ་ཞེས་བྱ་བའང་དེ་བཞིན་ནོ། །དེ་ལྟར་ཧཱུཾ་ཞེས་བྱ་བ་གཤིབས། །ལྷག་མ་འོད་ཟེར་འདྲ་བར་བྱ། །རྟ་མགྲིན་ཕྱག་རྒྱ་གང་ ཡིན་པ། །དེ་ཡང་ལས་རྣམས་ཀུན་ལ་གསུངས། །སྤྱན་ནི་ཀུན་རིག་ཏུ་གསུངས་པ་ནི་ཡུམ་བཞིའི་ཕྱག་རྒྱ་བསྟན་ཏེ་གོ་སླའོ། །མིག་དང་འདྲ་བར་གསུངས། །མཱ་མ་ཀཱི་ཡི་རྡོ་རྗེ་འདྲ། །དཀར་མོས་པདྨོ་ཉིད་དུ་བཤད། །ཨུཏྤ་ལ་ནི་སྒྲོལ་མར་དགོངས། ། སེམས་དཔའ་བཅུ་དྲུག་གི་ལས་སྒྲུབ་པའི་སྔགས་ཕྲལ་ནས་གསུངས་པ་ཡིན་ཏེ། འདི་རྣམས་ཀྱི་བ་དང་བྱ་སྦྲེལ་བ་གོང་དུ་བླངས། ས་འོག་ཏུ་བཏོན་ཏེ་ཏྭཱ་དང་སྦྲེལ་ལ་མཐར་ས་བོན་བཏགས་ལ་ཨོཾ་བཛྲ་ས་ཏྭཱ་ཧཱུཾ་ཞེས་པ་བཞིན་ཤེས་པར་བྱའོ། །ས་ས་ས་ས། ས་ས་ས་ས། ས་ས་ས་ས། ས་ས་ས 10-10-79b ས། བ་བ་བ་བ། བ་བ་བ་བ། བ་བ་བ་བ༌། བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ། ཛྲ་ཛྲ་ཛྲ་ཛྲ། ཛྲ་ཛྲ་ཛྲ་ཛྲ། ཛྲ་ཛྲ་ཛྲ་ཛྲ། ཏྭ་ཏྭ་ཏྭ་ཏྭ། ཏྭ་ཏྭ་ཏྭ་ཏྭ། ཏྭ་ཏྭ་ཏྭ་ཏྭ། ཏྭ་ཏྭ་ཏྭ་ཏྭ། ཧཱུཾ། ཛ། ཧོ། དྷུ། ཏྲཾ། རཾ། བྷྲཾ། ཧཱ། ཧྲཱིཿ དྷི། ཀྲུཾ། བྷཾ། ཀཾ། རཾ། ཀྵཾ། སཾ། ཨོཾ་བུདྡྷ་ལོ་ཙ་ནེ་ཧཱུཾ། ཨོཾ་བཛྲ་ མཱ་མ་ཀཱི་ཏྲཾ། ཨོཾ་བཛྲ་པཎྜ་རེ་དེ་ཧི་དེ་ཧི་སིདྡྷི་བོ་དྷིཾ་ལོ་ཀོཏྟ་རི་པཱ་སྭཱ་ཧཱ། ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་སྭཱ་སྭཱ་སྭཱ་ཧཱ། ཞི་བ་ནི་མཛེས་རྒྱན་དུ། ཕུར་བུ་ལས་སོ་སོའི་ལྷ་བསྒོམས་ནས་ཐོ་བས་བརྡུང་བ་ལ་བཤད་ཅིང༌། ཀ་མ་དྷེ་ནུས། དཀྱིལ་འཁོར་བཅུ་གཉིས་པོ་ཐམས་ཅད་ཀྱི་ སྐབས་སུ། ཕྱོགས་བཞིར་ཕུར་བུ་བཙུགས། དེ་མུ་ཁ་བརྡུང་བའི་ང་རོའི་སྒྲ་དང༌། བྱིན་གྱིས་བརླབ་པའི་སྔགས་འདོན། བརྡུངས་པ་ལས་འོད་ཟེར་ལས་དང་རྗེས་སུ་མཐུན་པ་འཕྲོས་བསྒྲུབ་བྱའི་ལུས་ལ་ཕོག་པས་གང་འདོད་འགྲུབ་པ་ལ་བཤད། གཞན་ཡང་རོལ་མོའི་རྔ་ལ་སོགས་དུ་མ་དང༌། ལུས་ཉམས་དུ་མའི་ གར་དང༌། དབྱངས་ཀྱི་ང་རོ་སོགས་སྣ་ཚོགས་པ་ཞིག་སྤྲོས་པ་ལ་དགའ་བ་རྣམས་ཀྱིས་བྱེད་པར་སྣང་ངོ་འི་བརྡུང་བ། ནི་སེམས་དཔའ་བཅུ་དྲུག་གི་སྔགས་དེ་རྣམས་ཀྱིས་ཞི་བའི་ལས་སྒྲུབ་པའི་དུས་སུ་སྔགས་དེ་དག་ལ། ཤཾ་བ་ཏ། ཤཾ་བ་ཏ། ཤཾ་བ་ཏ། ཤཾ་བ་ཏ། ཤཾ་བ་ཏ། ཤཾ་བ་ཏ། ཤཾ་བ་ ཏ། ཤཾ་བ་ཏ། ཤཾ་བ་ཏ། ཤཾ་བ་ཏ། ཤཾ་བ་ཏ། ཤཾ་བ་ཏ། ཤཾ་བ་ཏ། ཤཾ་བ་ཏ། ཤཾ་བ་ཏ། ཤཾ་བ་ཏ། རྒྱས་པའི་ལས་སྒྲུབ་པའི་ཚེ། བརྡུང་བ། སྔགས་དེ་དག་ལ། གྷུཾ་གྷུཾ་གྷུཾ་གྷུཾ། གྷུཾ་གྷུཾ་གྷུཾ་གྷུཾ། གྷུཾ་གྷུཾ་གྷུཾ་གྷུཾ། གྷུཾ་གྷུཾ་གྷུཾ་གྷུཾ། དབང་གི་བརྡུང་བ། དབང་གི་ ལས་ལ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། ཧོ་དྷུ་མ། དྲག་ཤུལ་སྤྱོད་པའི་བརྡུང་བ་ཤ། ཁ་ཏྭཾ་ཁ་ཏྭཾ་ཁ་ཏྭཾ་ཁ་ཏྭཾ། ཁ་ཏྭཾ་ཁ་ཏྭཾ་ཁ་ 10-10-80a ཏྭཾ་ཁ་ཏྭཾ། ཁ་ཏྭཾ་ཁ་ཏྭཾ་ཁ་ཏྭཾ་ཁ་ཏྭཾ། ཁ་ཏྭཾ་ཁ་ཏྭཾ་ཁ་ཏྭཾ་ཁ་ཏྭཾ། ད་ནི་ཁྲོ་བོའི་དཀྱིལ་འཁོར་སྟོན་ཏེ་དཀྱིལ་འཁོར་གཉིས་པ་བཤད་པའི་རྗེས། དེ་ནས་ལྷ་རྣམས་ཀུན་དགའ་ནས། །ཕྱག་ན་རྡོ་རྗེར་ཕྱག་བཙལ་ཏེ། །ཁྲོ་བོའི་འཁོར་ལོ་བཤད་པའི་ཕྱིར། །གསོལ་བ་ འདེབས་པ་ཉིད་དུ་གྱུར། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རང་གི་སྐུ་གནོད་སྦྱིན་གྱི་གཟུགས་བོར་ཏེ། རྡོ་རྗེ་སེམས་དཔའི་ཞི་བ་འཁོར་ལོ་བསྒྱུར་བའི་སྐུར་ཞུགས་ནས། ཅི་འདི་ལ་བོར་བ་དང་ཐོབ་པ་མངའ་འམ་སྙམ་ན། རང་བཞིན་ལ་བལྟོས་ནས་བོར་ཐོབ་མི་མངའ་ཡང༌། སྨོན་ལམ་དང་ཐུགས་རྗེའི་དབང་གིས་དྲག་པོས་འདུལ་བ་འགའ་ཞིག་ལ་ཞི་བའི་སྐུ་བོར་ཏེ། ཁྲོ་བོར་སྣང་ནས་བསྟན་པ་ལ་འཚུད་པས་མི་འགལ་ལོ། །དེ་ནས་འབྲས་བུའི་རྡོ་རྗེ་སེམས་དཔའ་དང༌གཉིས་སུ་མེད་པར་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ སེམས་དཔའི་ནི་ཆོས་ཀྱི་སྐུ་ཡིན་ལ་དེ་ལས་མ་གཡོས་བཞིན་དུ། ཁྲོ་བོའི་སྐུར་སྣང་བར་བསྐྱེད་དེ། ཇི་སྐད་དུ། ཉི་མའི་ཟེར་གྱིས་གདུངས་པའི་མཚོ་ཆེན་ལྟར། །མཉམ་པའི་སྙིང་རྗེ་ཆེན་པོ་ཁྲོ་བྱེད་ཅིང༌། །ནང་ན་ཁ་བ་ལྟར་བསིལ་ཕྱི་རོལ་དུ། །རྩུབ་པ་ཉིད་ཀྱིས་འགྲོ་བ་སྐྱོང་བར་བྱེད། །ཅེས་གསུངས་པ་ལྟར་རོ། ། མེའི་རྡོ་རྗེ་ཉི་མ་འདིས་སྡིག་པ་དང་འཇིགས་པ་རྣམས་བསྲེགས་པས་བསྐལ་པའི་མཐའི་ཉི་མ་བཞིན་ནོ་ཞེས་བྱ་བའི་སྙིང་པོ་འདི་ཉིད་ཐུགས་ཀ་ནས་ཕྱུང་ངོ་། །ཨོཾ་བཛྲ་ས་ཏྭ་རྡོ་རྗེ་སེམས་དཔའི་ཁྲོ་བོ། ཀྲོ་དྷ་ཨ་ན་ལཱརྐ་ཉི་མ་མ་ཧཱ་བཛྲ་ཀྲོ་དྷ་རྡོ་རྗེ་ཁྲོ་བོ་ཆེན་པོ། དྲ་བ་དྲ་བ་སྐྲག་ པར་གྱིས་གཉིས། བི་དྲ་བ་བི་དྲ་བ། རྣམ་པར་སྐྲག་པར་གྱིས་གཉིས། སརྦ་ཨ་པཱ་ཡ། འཇིགས་པ་ཐམས་ཅད། ནཱ་ཤ་ཡ་ནཱ་ཤ་ཡ། ཆོམས་གཉིས། ཧ་ར་ཧ་ར། ཕྲོགས་གཉིས། པྲཱ་ཎཱན་རབ་ཏུ་ཕྲོགས་ཧཱུཾ་ཕཊ། ཨོཾ་ཏྲཻ་ལོ་ཀྱཱ་ལོ་ཀ་ཀཱ་ར་འཇིག་རྟེན་གསུམ་སྣང་བར་བྱེད་པ་ཧཱུཾ་ 10-10-80b ཕཊ། ཨོཾ་ཏྲཻ་ལོ་ཀྱ་ད་མ་ཀ་ཧཱུཾ་ཕཊ། འཇིག་རྟེན་གསུམ་འདུལ་བར་བྱེད་པ། ཨོཾ་ཏྲཻ་ལོ་ཀྱ་ནཱ་ཤ་ཀ་འཇིག་རྟེན་གསུམ་འཇིགས་པར་བྱེད་པ། ཧཱུཾ་ཕཊ། ཨོཾ་ཏྲཻ་ལོ་ཀྱ་བན་དྷ་ཀ། འཇིག་རྟེན་གསུམ་འཆིང་བ། ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏེ་བདུད་རྩི་འཁྱིལ་པ། ཧཱུཾ་ཕཊ། ཨོཾ་ཀཱ་ལ་དཎྜོ་དུས་ཀྱི་དབྱུག་སྔོན། ཧཱུཾ་ཕཊ། ཨོཾ་ཀཱ་ནི་དྷུ་ནི་མི་གཡོ་བ། ཧཱུཾ་ཕཊ། ཨོཾ་ཧྲཱིཿརྟ་མགྲིན། ཧཱུཾ་ཕཊ། ཨོཾ་ཀཱ་ལ་ཨཾ་ཀུ་ཤ་དུས་ཀྱི་ལྕགས་ཀྱུ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་པཱ་ཤ་དུས་ཀྱི་ཞགས་པ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་བན་དྷ་དུས་ཀྱི་འཆིང་བ། ཧཱུཾ་ཕཊ། ཨོཾ་ཀཱ་ལ་རཱ་ག་དུས་ཀྱི་ཆགས་པ། ཧཱུཾ་ཕཊ། ཨོཾ་ཀཱ་ལ་རཱཀྵ་སི་ཧཱུཾ་ཕཊ། དུས་ཀྱི་སྲིན་པོ། ཨོཾ་ཀཱ་ལ་དཎྜི་དུས་ཀྱི་བེ་ཅོན། ཧཱུཾ་ཕཊ། ཨོཾ་ཀཱ་ལ་ར་ཏྲི་ཧཱུཾ་དུས་ཀྱི་མཚན་མོ། ཕཊ། ཨོཾ་ཀཱ་ལ་ཡཀྵི་ཎི་ཧཱུཾ་དུས་ཀྱི་གནོད་སྦྱིན་མོ། ཕཊ། སློབ་དཔོན་གྱི་བྱ་བའི་རིམ་པ་ས་ཆོག་སྟེ་གོན་ཡན་སོང་ནས་དཀྱིལ་འཁོར་བྲི་བའི་སྐབས་སུ་དེ་ནས་དཀྱིལ་འཁོར་མི་ཟད་པ། །ཕྱིའི་དཀྱིལ་ འཁོར་སྔར་བཞིན་བྲིས་ནས་ཆེ་བའི་མཆོག་སྟེ་མཛེས་རྒྱན་དུ་འཁོར་ལོ་རྩིབས་བཅུ་གཉིས། །གྲྭ་བཞིར་ལྕགས་ཀྱུ་མ་སོགས་བཞིའི་གདན་རོ་བཞི་བྲི་བ་དང༌། སྒོ་བཞིར་སྒོ་བ་བཞི་བྲི་བར་བཤད་དོ། །འདི་དྲག་པོའི་དཀྱིལ་འཁོར་ཡིན་པས་མེ་ཏོག་དང་དྲི་ལ་སོགས་པའི་ལྷ་རྫས་ཀྱིས་འོད་འབར་བའི་ འཕྲེང་བས་དཀྲིགས་པ་དང༌། །ཤིན་ཏུ་འབར་བ་རྣམས་ཀྱི་སྐུ་ལས་འོད་ཟེར་དྲག་པོ་འབར་བས་གདུག་པ་རྣམས་བསྲེགས་པ་དང༌། ཞིང་ཆེར་འབར་བ། །ཁང་པ་དེ་ལས་ཀྱང་འོད་ཟེར་དྲག་པོ་འབར་བས་གདུག་པ་བསྲེག་པ་ལ་ཀ་མ་དྷེ་ནུས་བཤད་དེ། དེ་ལྟར་དཀྱིལ་འཁོར་བྲིས་ནས་ནི། ། མཚན་མ་འགོད་པའི་ཚེ། རྡོ་རྗེ་སེམས་དཔའ་གཞག་པར་བྱ། །འཇིག་རྟེན་གསུམ་སྣང་ལ་སོགས་ཁྲོ་བོ་ཀུན། །མ་རུངས་སྙིང་གར་མནན་པ་ནི་རང་གི་ཕྱོགས་ཀྱི་ཕྱོགས་སྐྱོང་རྣམས་མནན་ནས་བསྡིགས་བྱེད་ཅིང༌། །མཆེ་བ་གཙིགས་པའི་ཞལ་ནི་ཤིན་ཏུ་འཇིགས་ 10-10-81a འཇིགས་ལྟ། །མཚོན་ཆ་སྣ་ཚོགས་བསྣམས་པའི་ཕྱག་ནི་བརྒྱ་ཕྲག་དུ་མར་ལྡན། །སྦྲུལ་དང་མི་གདུག་མགོས་བརྒྱན་པ། །སྟག་ལྤགས་ཀྱིས་ནི་སྨད་གཡོགས་བགོས། །མ་རུངས་པའི་རྒྱུ་མ་ཐོགས་ཤིང་དབུ་མཐའ་ཡས། །མགོ་ཐོད་ཤས་ གང་ཕྱག་ན་ཐོགས། །དེ་ལྟར་བྲིས་ནས་ཕྱི་རོལ་དུ། །སྲིན་མོའི་ཚོགས་རྣམས་གཞག་པར་བྱ། །སྒོ་བ་རྣམས་ནི་ཇི་བཞིན་དུ། །རང་གི་ཕྱག་རྒྱའི་ལག་མཚན་ཅན། །དེ་ནས་བདུད་རྩིས་ནི་ཁ་ཅིག་མར་འོ་མ་སོགས་ཕྱིའི་བདུད་རྩི་ལྔ་ལ་འདོད་པ་དང༌། ཁ་ཅིག་བདུད་རྩི་ འཁྱིལ་བས་བྱིན་གྱིས་བརླབས་པའི་འབྲུ་ལ་སོགས་པ་བུམ་པའི་ནང་དུ་བཞག་པ་རྣམས་ལ་འདོད་པ་དང༌། ཁ་ཅིག་ཤཱུ་ཀྲ་སོགས་རྣལ་འབྱོར་གྱི་རྒྱུད་གཞན་ལས་གསུངས་པ་རྣམས་ཡིན་ཟེར་བ་རྣམས་ནི་མི་རིགས་ཏེ། འོ་མ་སོགས་ཀྱི་བདུད་རྩི་ལྔ་ནི་གཙང་སྦྲ་གཙོ་བོར་འདོད་པའི་དུས་ཡིན་ལ། འདིར་ནི་གཙང་སྦྲ་གཙོ་བོར་ མི་བྱེད་པའི་ཕྱིར་དང༌། བདུད་རྩི་འཁྱིལ་བས་བྱིན་གྱིས་བརླབས་པའི་བུམ་པ་ཡང་མིན་ཏེ། ལས་ཀྱི་བུམ་པ་ཡིན་ན་དེ་ལྟར་ཡིན་ཡང༌། འདིར་ནི་བུམ་པ་བཅུ་དྲུག་དབང་གི་བུམ་པའི་དབང་དུ་བྱས་པར་གསུངས་ལ། བུམ་པ་བཅུ་དྲུག་གསུངས་ཀྱང་གང་བུམ་ནི་མིན་ཏེ། དེའི་དོད་ཐོད་པ་ལ་བཤད་པའི་ཕྱིར་རོ། །ཤཱུ་ཀྲ་སོགས་ཞེས་ སྨྲ་བ་ཡང་མི་རིགས་ཏེ། དེ་ནི་སྒྲ་ཇི་བཞིན་མ་ཡིན་པར་གསུངས་སོ། །འོ་ན་ཚེ་དཔག་མེད་དུ། སངས་རྒྱས་རྣམས་ནི་མཉེས་བྱ་དང༌། །ཞེས་པ་ནས། གཞན་གྱི་བུད་མེད་བསྟེན་པར་བྱ། །ཞེས་གསུངས་པ་དང༌། འདིར་བདུད་རྩི་ཆེན་པོ་བསྟེན་པར་གསུངས་པས་འདི་ཡང་རྣལ་འབྱོར་ཆེན་པོའི་རྒྱུད་མ་ཡིན་ནམ་ཞེ་ ན། ཤཱུ་ཀྲ་དང་བུད་མེད་དངོས་སུ་བསྟེན་པས་རྣལ་འབྱོར་ཆེན་པོར་འདོད་པ་ནི་རབ་ཏུ་མཚར་ཏེ། གཞོན་ནུ་མ་འཁྲིག་པས་གདུངས་ཤིང༌། བྱང་ཆུབ་སེམས་དཔའི་ལུས་ལ་རབ་ཏུ་ཆགས་པ་དེ་ཡང་བདག་པོས་མ་བསྲུངས་ཤིང་བྱང་ཆུབ་སེམས་དཔའ་ཡང་ཁྱིམ་པ་ཞིག་ཡིན་ན། དེས་བདག་ནི་སེམས་ཅན་དམྱལ་ 10-10-81b བར་སོང་ཡང་བླ་ཡི། བུ་མོ་འདིའི་གདུང་བ་ཞི་བར་བྱས་ལ་འདི་ཡང་བདག་ལ་དགའ་བར་བྱས་ཏེ་ལམ་ལ་སྦྱར་བར་བྱའོ་སྙམ་དུ་འཁྲིག་པ་སྤྱད་ན། དེས་སྐྱོན་མེད་ཀྱི་སྟེང་དུ་དེ་བཞིན་གཤེགས་པ་དགྱེས་པ་དང༌། ཐེག་ཆེན་གྱི་ལམ་གྱི་གཙོ་བོ་ནི་སྙིང་རྗེ་ཡིན་པས་དེ་བསྲུང་བ་དང༌། དགོས་པ་ནི་དེ་གཉིས་ཀྱི་ཕྱིར། བུད་མེད་བསྟེན་ པ་སྔགས་པའི་དངོས་གྲུབ་ཀྱི་ཡན་ལག་ཏུ་འགྱུར་བ་ལ་དགོངས་ཏེ། རིགས་པས་ཀྱང་འགྲུབ་ལ། རྣམ་སྣང་མངོན་བྱང་དང༌། ཐབས་ལ་མཁས་པའི་མདོར་ཡང་གསུངས་སོ། །རྣལ་འབྱོར་གྱི་རྒྱུད་འདིར་ཡང༌། དམ་ཚིག་ཕྱག་རྒྱར་རབ་གསང་བ། །འདི་ནི་བུད་མེད་སྒྲ་བསྟན་ལ། །ཞེས་དམ་ཚིག་གི་འཆིང་བ་ཉིད་ བུད་མེད་བསྟེན་པར་གསུངས་ལ། ཐ་མལ་པའི་བུད་མེད་དངོས་བསྟེན་པས་ཐར་པ་ཐོབ་པར་སྨྲ་བ་བདུད་ཀྱིས་སྨྲས་པར་ཟད་དེ། གཞན་ཡང༌། རྣམ་དག་ཆོས་ཉིད་ཁུ་བ་སྟེ། །ཡུལ་རྣམས་བཤད་པའི་སྒྲར་གསུངས་པ། །དབང་པོ་རྣམས་ནི་གཅི་བ་སྟེ། །རྣམ་ཤེས་བསྟེན་ཕྱིར་ཁྲག་ཏུ་འདོད། །དེ་ལས་བྱུང་ཕྱིར་སེམས་ བྱུང་སོགས། །ཚོགས་ཆེན་ཕྱིར་ནི་ཤ་ཡིན་ཏེ། །དེ་དག་ཐོས་པ་བསྟོད་བྱས་པ། །ཞེས་བཤད་པས། ཤཱུ་ཀྲ་སོགས་ཐ་མལ་པ་ལ་ཅིའི་ཕྱིར་ཡོན་ཏན་དུ་བྱེད། བདུད་རྩིར་བྱིན་གྱིས་བརླབས་པས་སོ་སྙམ་ན། འོ་ན་རྡོ་ལ་སོགས་པ་ཡང་ཅིའི་ཕྱིར་བྱིན་གྱིས་མི་རློབ། ཤཱུ་ཀྲ་ལ་སོགས་ལ་རང་བཞིན་གྱི་མཐུ་ ཡོད་དོ་སྙམ་ན། འོ་ན་བྱིན་གྱིས་བརླབ་པའི་བྱ་བས་ཀྱང་ཅི་ཞིག་བྱ་གཞན་ཡང་རང་བཞིན་གྱིས་དེ་དག་ལ་མཐུ་ཡོད་ཅིང་ཡོན་ཏན་དུ་བྱེད་ན། ཁྱི་དང་ཕག་ལ་སོགས་པས་ཀྱང་གོ་འཕང་བཟང་པོ་ཅིའི་ཕྱིར་མི་ཐོབ། དེའི་ཕྱིར་བཙོག་པའི་འདམ་དུ་བྱིང་བ་འདི་ཅི་ཞིག་བྱ། དེས་ན་ཟབ་པས་མི་ཟབ་པ་གཞོམ་གྱི། དམན་པས་གྱ་ནོམ་པ་མི་གཞོམ་པས། སྒྲ་ཇི་བཞིན་པར་བཟུང་ནས་དགོངས་ཏེ་གསུངས་པ་ལ་ཇི་ལྟར་སྨད། དེ་བས་ན་ལྟ་བ་ངན་པ་ནི། སྒྲ་ཇི་བཞིན་པར་དོན་དུ་འཛིན་པས་ལན་ནོ། །རྣལ་འབྱོར་གྱི་རྒྱུད་ལས་གཞན་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་བྱ་བ་འགའ་ཡང་མེད་དེ། །དེས་ན་རང་ལུགས་ནི། 10-10-82a འོག་ནས་ཀྱང༌། བཟའ་དང་བཅའ་དང་བདུད་རྩི་ཞེས། །མགོ་ཐོད་གང་བར་གྱུར་པ་རྣམས། །ཞེས་དང༌། འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་ཡང༌། ཤ་འམ་ཡང་ན་ཆང་མཆོག་གིས། །ཐོད་པ་བཀང་སྟེ་དབུལ་བར་བྱ། །ཞེས་གསུངས་པས། འདིར་རབ་ཏུ་མ་ཞི་བའི་ཆང་ནི་བདུད་རྩིར་དགོངས་སོ། །འོ་ན་ འདིར་ཤ་དང་ཆང་ཡང་དགག་པར་རིགས་སོ་སྙམ་ན། གང་མྱོས་པར་མི་འགྱུར་བ་དང༌། རྣམ་པ་གསུམ་དག་པའི་ཤ་ནི་སྨོད་པར་མི་བྱེད་ལ། ཕན་འདོགས་པར་ཡང་མཐོང་བས་འཇིག་རྟེན་དང་མཐུན་ཞིང༌། ཁ་ན་མ་ཐོ་བ་དང་བཅས་པ་ཡང་མ་ཡིན་ནོ་ཞེས་ཀ་མ་དྷེ་ནུ་གསུངས་སོ། །དེས་ན་སློབ་དཔོན་འདི་ཡང༌། དེ་ཉིད་བསྡུས་པ་ལས་གཞན་པའི་རྣལ་འབྱོར་ཆེན་པོའི་རྒྱུད་མེད་པ་དང༌། ཤ་ལྔ་བདུད་རྩི་ལྔ་དང་ཕྱག་རྒྱ་བསྟེན་པ་རྣམས་དགོངས་པ་ཅན་ཡིན་ཞེས་སློབ་དཔོན་ཀུན་སྙིང་དང་མཐུན་པར་སྣང་ངོ༌། །གང་བ་ཡི། །བུམ་པ་བཅུ་དྲུག་གཞག་པར་བྱ། །བདུག་པ་མེ་ཏོག་དྲི་ཞིམ་དང༌། །མར་མེ་དང་ ནི་བྲོ་སྣོད་ནི་ཤས་གང་བའི་སྣོད་ཡིན་ཟེར་རོ། །དང༌། །ཁ་ཟས་བཀང་བའི་གཏོར་མ་དང༌། །བཟའ་དང་བཅའ་དང་བདུད་རྩི་ཞེས། །མགོ་ཐོད་གང་བར་གྱུར་པ་རྣམས། །དཀྱིལ་འཁོར་དུ་ནི་མང་དུ་བཞག །ཅེས་པ་རྣམས་ཀྱིས་དཀྱིལ་འཁོར་བརྒྱན་པར་བསྟན་ནོ། ། དེ་ནས་སློབ་དཔོན་བདག་ཉིད་ཀྱང༌། །མགུ་ནས་ཆད་ལྷག་གི་ཉེས་པ་ཞི་བའི་དོན་དུ་མགོ་ཐོད་ཕྱག་རྒྱས་དཀྱིལ་འཁོར་དུ་འཇུག །ཅིང་བསྐོར་ནས་ཡེ་ཤེས་པ་སྤྱན་དྲངས་དམ་ཚིག་པ་དང་བསྲེས་ཏེ་བསྒྲུབས་པ་ལ། མགོ་ཐོད་ཀྱི་ཕྱག་རྒྱ་དེ་དང་དེ་ཡི་ནི། །ཞེས་ཟློས་བུར་སྨོས་པ་ ནི། ཤ་རྣམས་ཀུན་ཕྱག་རྒྱ་དེས་ལྷ་བཤོས་ཀྱི་དམ་ཚིག་ཏུ་དབུལ་ཞིང་གསོལ་ལོ། །དེ་ནས་འདོད་ལྡན་ནི་སློབ་དཔོན་དང་སློབ་མ་གཉིས་ཀ་ལ་བྱ་སྟེ་སྔ་མ་དངོས་གྲུབ་འདོད། སློབ་མ་དབང་འདོད་པའོ། །སློབ་དཔོན་གྱི་རྫས་དང་གནས་སློབ་མ་ཡོ་བྱེད་རྙེད་ནས་ནི། །ཧཱུཾ་ཞེས་ 10-10-82b བྱ་བས་མཚོན་ཏེ། སྒྲུབ་པ་པོས་དངོས་གྲུབ་བསྒྲུབ་པར་བྱ། བ་ནི། དེ་ནས་སྔགས་འཆང་ཤར་སྒོ་ལྟ་བུར་སྒོར་ཡང༌། །འདུག་ནས། བདག་དང་སྔགས་དང་ལྷའི་དེ་ཉིད་དྲན་པར་བྱེད་ཅིང་དཀྱིལ་འཁོར་གྱི་སྤྱན་སྔར་སློབ་དཔོན་བསྙེན་པར་བྱ། ཞིང༌། དེས་ནི་ངེས་པར་འབྲས་བུ་དངོས་ གྲུབ་སྟེར། དེ་ཇི་ལྟར་ན། ཡུད་ཙམ་འཇིག་རྟེན་གསུམ་དབང་འགྱུར། །དཀྱིལ་འཁོར་དུ་ནི་སློབ་མའི་ཚོགས་རྣམས་འཇུག་ཚུལ་སྟོན་ཏེ། དང༌། །རང་གི་དཀྱིལ་འཁོར་གྱི་ལྷ་ཡི་ཚོགས་རྣམས་དང༌། །རྒྱུད་ལས་བྱུང་བའི་དམ་ཚིག་རྣམས་ནི་སྔར་ཀུན་རིག་གི་སྐབས་ བཞིན་བརྗོད་དོ། །དེ་ཇི་ལྟར་དེ་ནས་མཆོད་དེ་སློབ་དཔོན་ལངས་ནས་ཀྱང་། །སྒྲུབ་གྲོགས་དཀྱིལ་འཁོར་གྱི་སར་བཞག་ལ། སློབ་མའི་ཚོགས་ཀྱི་ལྷག་པའི་སྤྱན་དང་འདྲ་བ་རྡོ་རྗེ་སེམས་དཔའ་འི་སྐུ་ཡི། །ཚུལ་དུ་གནས་ནས་ཕྱིར་འབྱུང་བར་བྱ། །ནས་གཏོར་མ་ སྦྱིན་ནོ། །དེ་ནས་སློབ་མ་བསྡུས་ནས་ནི། །ལག་ན་རིན་ཆེན་ཐོགས་ཏེ་གཞུག །འདིས་ཕྱག་རྒྱ་བཅིང་། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། འདིས་དཀྱིལ་འཁོར་དུ་འཇུག །ཨོཾ་བཛྲ་རཱ་ཀྵ་སི་ཧཱུཾ་ཕཊ། འདིས་མེ་ཏོག་དོར། ཨོཾ་བཛྲ་ཀྲོ་དྷ་ཨ་ན་ལཱརྐ་སྤུ་ཏ་ར་ཏྲ་པྲ་ཏཱིཙྪ་ཧཱུཾ། འདིས་ གདོང་གཡོགས་བཀྲོལ། ཨོཾ་བཛྲ་ཀྲོ་དྷ་ན་ནི་རཀྵ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་པཱ་ཤ་ཧཱུཾ་ཕཊ། འདིས་མནའ་ཆུ་བླུད། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ནི་བཱི་ར་ཧཱུཾ་ཕཊ། འདིས་རྡོ་རྗེ་སེམས་དཔའི་གསང་བ་བསྒོམ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ར་ཏི་ས་མ་ ཡ་ཨ་བྷི་ཥཱིཉྩ་ཧཱུཾ་ཕཊ། སྔགས་བདུན་པ་འདིས་དབང་བསྐུར་ལ། དེ་བཞིན་དུ་བུམ་པ་བཅུ་དྲུག་གི། དབང་བསྐུར་བར་བྱའོ། །དེ་ནས་དེ་དག་གི་སྒྲུབ་པ་བཤད་དེ། བདག་ཉིད་ཁྲོ་བོར་སྙོམས་ཞུགས་ཏེ། །དེ་ནས་སྙིང་གར་ཉི་མ་བསྒོམ། །རང་ 10-10-83a གི་ཆོས་ཀྱི་ཡི་གེ་ལས། །ཁྲོས་ནས་ཡང་དང་ཡང་འཕོ་ཞིང༌། །འདི་རྣམས་ཀྱིས་སྙིང་ག་ནས་སྔགས་སྤྲོ་བ་དང་བསྡུ་བ་གཙོ་བོར་བསྟན་ཏེ། རྣལ་འབྱོར་གྱི་རྒྱུད་འདི་ལ་བཟླས་པ་མི་གཙོ་སྒོམ་པ་གཙོ་བོའི་དོན་ཡིན་ནོ། །དེ་གཉིས་གཅིག་ཏུ་བསྒོམ་པར་བྱ། །དེ་ནས་འགྲུབ་ འགྱུར་གཞན་དུ་མིན། །ཁྲོ་བོའི་རྒྱལ་པོའི་ལས་དངོས་སུ། །གསོད་པ་ཡིན་པར་བཤད་མོད་ཀྱི། །ནང་གི་རྣལ་འབྱོར་གྱི་བྱེད་པ་ཞི་དང་དབང་དང་རྒྱས་པ་རྣམས། །དེ་དག་བྱེད་འགྱུར་གདོན་མི་ཟ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་རྐང་པ་བཅུ་ གཉིས་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའ་ཁྲོ་བོའི་སྒོ་ནས་མངོན་སྤྱོད་ཀྱི་ལས་བྱེད་པར་བསྟན་ནོ། །ཁྲོ་བོའི་དཀྱིལ་འཁོར་བསྒོམ་བྱས་ལ། །གདུག་པའི་སེམས་རྣམས་འཇིག་བྱེད་ཅིང༌། །མདོར་ན་དུག་རིམས་གདོན་ལ་སོགས། །དེ་བཞིན་དེ་དག་ཐམས་ཅད་ནི། ། ཐབས་ལ་སོགས་པས་འཇིགས་བྱེད་པ། །ཁྲོས་ནས་སྙིང་ལ་བྱུང་གྱུར་པར། །བསད་པའི་ལས་ལ་བསམ་པར་བྱ། །ཁྲོས་པར་གྱུར་པའི་རྒོད་པའི་ཁ་མེས། །ཤ་དང་ཁྲག་རྣམས་འཇིག་བྱེད་ཅིང༌། །དེ་དག་འཚོ་བ་འཕྲོག་བྱེད་པར། །བསམས་ན་ངེས་ པར་བརླག་པར་འགྱུར། །ཁྲོ་བོ་འཇིག་རྟེན་གསུམ་སྣང་མཛད། །ཅེས་སོགས་ཤློ་ཀ་གཉིས་ཀྱིས་འཇིག་རྟེན་གསུམ་སྣང་གི་སྒོ་ནས་ཞི་བའི་ལས་བསྟན་ཏོ། །ཟླ་བ་འདྲ་བའི་དགེ་བསམ་ཞིང༌། །འོད་ཟེར་འབྱུང་བ་མང་པོ་ཡིས། །ཁྱབ་པར་གྱུར་པ་རྣམས་བསམས་ལ། ། རིམས་དང་གདོན་དང་དུག་ལ་སོགས། །འོད་ཟེར་དེས་ནི་ཕྱུང་ནས་ཀྱང༌། །དེ་ཡི་ནད་རྒས་གནོད་པ་རྣམས། །ཞི་བྱའི་ཕྱིར་ནི་རིང་དུ་དོར། །དེ་ནས་ཁྲོ་བོ་ཁམས་གསུམ་གནོད་བྱེད་དང༌། ཁམས་གསུམ་འཇིགས་བྱེད་གཉིས་ཀྱིས་ཞི་རྒྱས་ཀྱི་འཕྲིན་ལས་ཁ་འགེངས་ཞེས་མཛེས་ 10-10-83b རྒྱན་དུ་བསྐོད་དོ། །སྒྲུབ་པ་པོའི་བ་སྤུའི་བུ་ག་དང་དབང་པོའི་སྒོ་རྣམས་ལ་ཧཱུཾ་གི་ཚོགས་བཞག་ལ། །དེས་དེའི་ལུས་དེ་རྡོ་རྗེ་ལྟ་བུར་མི་ཤིགས་པའི་ལུས་སུ་བསམ་ཞིང༌། །ཕྱིས་མི་འཇུག་པའི་ཕྱིར་ཡང་དེའི་སྙིང་གར་ཧཾ་དཀར་པོའི་གི་འཁོར་ལོ་འོད་ཟེར་དེས་ལུས་བསམ་ཞིང་དེས་ ཡ་ལད་གྱོན་པ་ལྟར། གོ་ཆར་བྱའོ། །འོད་ཟེར་ཆུ་རྒྱུན་ལྟ་བུ་ཡིས་དབང་བསྐུར་རོ། །ཆུས་དག་པར་ཡང་བསམ་མོ་དེ་ནས་དེ་ཡི་མིང་སྨོས་ཤིང༌། །སྔགས་དང་སྤེལ་ཏེ། བཟླས་པ་ཚུལ་བཞིན་བྱས་པས་ཀྱང་མི་མཐུན་ཕྱོགས་ཞི་བར་བསམ་པར་བྱ། །འདིའི་ཚིག་རྐང་ གསུམ་པོ་འདི་འགྲེལ་པའི་འགྱུར་ལ་སྣང་ཞིང༌། །རྒྱུད་ཀྱི་འགྱུར་འགའ་ཞིག་ལ་ཆང་སྣང་ངོ༌། །དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། །སྦྱིན་སྲེག་ཡོངས་སུ་རྫོགས་བྱའི་ཕྱིར། །ལས་རྣམ་བཞི་ཡི་སྦྱིན་སྲེག་བཤད། །ཞི་བའི་ཐབ་ཁུང་གསུམ་ནི་ལེགས་བྱས་ལ། །ཟླ་བ་རྒྱས་པའི་ འོད་ཟེར་འཕྲོ་ཞིང་ཚུར་འདུ་བ་ལྟ་བུའི་ཐབ་ལ། །ཁྲུ་གང་ཙམ་མམ་ཡང་ན་ཁྲུ་དོ་པ། །མི་རྒྱལ་མཆོག་རྣམས་ཀྱི་ནི་དེ་ལས་ཀྱང་གཉིས་སུ་བསྒྱུར་བ། །དེ་ཡིས་རྣམས་སྦྱང་བྱ་སྟེ། །འཁོར་ལོའི་སྟེང་ན་མཚན་མ་ནི་ཟླ་བའི་དཀྱིལ་འཁོར་གྱི། ། དབུས་སུ་རྡོ་རྗེ་རྩེ་ལྔར་གྱུར་པ་ཞིག །འོད་ཟེར་དཀར་པོའི་ཕྲེང་བསྐོར་གཟི་ཅན་བཞག །འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་ཕྱག་རྒྱའི་ཚོགས་རྣམས་ཐམས་ཅད་བྲི་བྱ་སྟེ། །རིགས་བརྒྱ་འམ་ལྔ་ལ་སོགས་ཕྱག་རྒྱ་ཟུར་ཕྱིན་ཅིང༌། །རྒྱལ་པོ་ བཞི་ཡི་ཇི་བཞིན་ཕྱག་མཚན་རྣམས། །ཕྱོགས་ཀྱི་བདག་པོ་ཕྱོགས་སྐྱོང་རྣམས་ཀྱི་ཕྱག་མཚན་ཀྱང་ཕྱོགས་ཕྱོགས་སུ། །ལྷ་ཆེན་ལ་སོགས་ཕྱག་རྒྱ་གཏོགས་འདོད་དང༌། །འཁོར་ལོ་ལྟ་བུ་ཉིད་དུ་བྲི་བར་བྱ། །ཐབས་ཀྱི་དཀྱིལ་འཁོར་ལ་བརྒྱན་པ་ 10-10-84a ནི། དྲི་ཞིམ་ཆུས་དགང་མདོག་འོད་དཀར་གྱུར་ལ། །མགུལ་ཆིངས། དཀར་བས་ཤིན་ཏུ་དཀྲིས་པའི་མཆོད་པའི་བུམ་པ་བརྒྱད། །དཀར་གསུམ་གང་བའི་གཏོར་མ་ལྷ་བཤོས་དང༌། །བདུག་པ་མར་མེ་མེ་ཏོག་རྣམས་ཀྱང་བཞག །མཆོད་པ་ བྱ་བའི་ཕྱིར་ནི་བླ་རེ་དང༌། །གདུགས་དང་རྒྱལ་མཚན་རྔ་མ་ལ་སོགས་བཞག །ནང་རོ་ག་པུར་བཅས་པའི་དྲི་ཞིམ་པ། །ཙན་དན་ལ་སོགས་པ་ཡི་བྱུག་པས་བྱུག །སྒྲུབ་པ་པོ་ཁ་ནི་ཤར་ཕྱོགས་བལྟས་ཏེ་སྦྱིན་སྲེག་བྱ། །དེ་བཞིན་གཤེགས་པའི་གདན་རྡོ་ རྗེའི་སྐྱིལ་ཀྲུང་གྱིས་འདུག་བྱ་འམ། །ཡང་ན་རྣལ་འབྱོར་ལྡན་ཞིང་སེམས་དཔའི་གདན། །གོས་ལ་སོགས་པ་དཀར་ཕྲེང་དཀར་གྱིས་བརྒྱན། །སྲེག་རྫས་མར་དང་སྦྲང་རྩི་འོ་མ་དང༌། །ནས་ཀྱི་ཐུག་པ་ལ་སོགས་དང༌། །ཏིལ་མར་དང་ནི་ཞི་བའི་སྲེག་རྫས་ཀྱི་གཙོ་ བོ་ཏིལ་ཉིད་དང༌། །ཡུངས་ཀར་དང་ནི་སྤོས་དང་འབྲས། །འབྲས་ཆེན་ནས་དང་གྲོ་རྣམས་དང༌། །མེ་ཏོག་ཤིན་ཏུ་དྲི་ཞིམ་རྣམས། །ག་པུར་དང་ནི་བསྲེས་ནས་ཀྱང༌། །ཙན་དན་དཀར་པོས་བསྐུས་པ་དང༌། །འདབ་བདུན་འབྲས་བུ་མེ་ཏོག་རྣམས། །ཞོ་དང་ འོ་མ་དང་ལྡན་པས་བསྒོས་ཆག་འབྲས་ཡོས། པའི་ཡམ་ཤིང་ལ། །དེ་དག་ཁུང་བུའི་ཁྱད་པར་རྣམ་པ་གསུམ་ལས། །རང་གི་སོར་གྱིས་གཞལ་བྱ་ཞིང༌། །ཉི་ཤུ་རྩ་བཞི་ཡན་ཆད་མཆོག །སོར་བཅུ་དྲུག་ནི་བར་མ་སྟེ། །ཐ་མ་བཅུ་གཉིས་ཉིད་དུ་ ཤེས། །ཤིན་ཏུ་ཆུང་ནའང་སོར་བརྒྱད་དེ། །བུད་ཤིང་ཡང་ཞོ་བསྒོས་དང་ལྡན་པ་ལ། །དྲི་ཆུས་ཀྱང་བསྐུས་པར་ཤེས་པར་བྱ། །བུད་ཤིང་དེ་ལས་བྱུང་བའི་མེ། །སྦར་ནས་དྲི་ཆུ་གཏོར་ནས་ནི། །པདྨ་དཀར་པོའི་ཞལ་འདྲ་དགེ། པདྨོ་ནོར་བུ་སྟེ་བགྲང་ 10-10-84b བྲང་རིལ་བ་ཐོགས། །ལག་ན་འདན་དཀར་མཆོག་ཐོགས་པ། །པདྨ་དཀར་པོའི་གདན་སྟེང་འདུག །དེ་ལྟར་མེ་ལྷ་བཀུག་ནས་ཀྱང༌། །ཨརྒྷཾ་བླངས་ཏེ་དབུལ་བར་བྱ། །དེ་ནས་ཟླ་རྒྱས་དཀར་པོ་ལ། །བཞུགས་པའི་འགྲོ་ཕན་འཇིག་རྟེན་ལས་འདས་པའི་མེ་ལྷ་སྤྱན་དྲངས་ ཏེ། །པདྨ་དཀར་པོ་ཤར་ཕྱོགས་ཆག་གིས། ལག་ན་དབྱུག་པ་མཆོག་ཐོགས་པ་ཟེར། སུ། །བསམས་ནས་དེའི་སྟེང་དུ་གཞག་པར་བྱ། །དེ་ནས་དེ་ལྟར་བསམས་ནས་ཀྱང༌། །བསྒྲུབ་བྱས་རྟག་ཏུ་མདུན་བྱས་ཏེ།། །དེ་ཡི་ཉེས་པ་དྲངས་ནས་ནི། །ཤིན་ཏུ་བསྲིངས་ ཏེ་སྦ་བར་བྱ། །ནང་བར་སྔར་ནི་གཙང་འགྱུར་ཞིང༌། །ཤིན་ཏུ་དྲི་ཞིམ་ལུས་བྱུགས་ལ། །བདུད་རྩི་བཞིན་བསམ་སྦྱིན་སྲེག་བྱ། །དམ་ཚིག་འདི་ནི་འདའ་བར་དཀའ། །དང་པོར་ལྷ་རྫས་བདུད་རྩི་བྲོ་ལྔ་ནི། །དང་པོ་མེ་ལྷ་དང་མེ་ལ་བརྟག་པར་བྱས་ལ། །འཇིག་རྟེན་ ལས་འདས་པའི་མེ་ལྷ་ཁྲོ་བོ་དེ་ནི་དེ་དམ་ཚིག་པ་དེའི་སྙིང་གར་ལུས་སུ། །སྤྱན་དྲངས་ནས་ནི་བཞུགས་པར་བསམ། །དེ་ནས་གོ་རིམ་དང་པོར་ཁྲོ་བོ་ལ། །བསྲེག་བྱ་ལན་གསུམ་དབུལ་བར་བྱ། །དེ་ནས་དཀོན་མཆོག་གསུམ་ལ་གསུམ། །དེ་ནས་མེ་ལྷ་ཉིད་ ལ་གསུམ། །དེ་ནས་རྡོ་རྗེ་སེམས་དཔའ་ལ། །དེ་ནས་ལྷ་རྣམས་རེ་རེ་ལ། །དེ་ནས་བགེགས་ལ་སོགས་ལ་དབུལ། །དེ་ཡིད་འོང་བའི་ལྷ་ཡང་རུང༌། །དེ་ནས་དང་པོར་ཁྲོ་བོ་ཡི། །སྔགས་ཀྱིས་ཡམ་ཤིང་སྦྱིན་སྲེག་བྱ། །དེ་ནས་གཅིག་ཏུ་བསྲེགས་ནས་ཀྱང༌། ། བདུད་རྩི་སྔགས་ཀྱིས་བཏབ་ནས་ནི། །དེ་བཞིན་སྦྱིན་སྲེག་བྱས་འོག་ཏུ། །བརྒྱ་སྟོང་སྙེད་དམ་ཡང་ན་ནི། །བརྒྱ་རྩ་བརྒྱད་ཀྱི་བར་དུ་ནི། །ཁྲོ་བོ་ཉིད་ལ་དབུལ་བར་བྱ། །དེ་ཡི་ལུས་ལ་འོད་ཟེར་དང་བདུད་རྩིས་དབང་བསྐུར་ཞིང༌། །མཉམ་པར་བཞག་པས་ 10-10-85a བསྲུངས་ནས་ཀྱང༌། །མཇུག་ཏུ་མངོན་པར་མཆོད་ནས་ནི། །ལྷ་རྣམས་ཐམས་ཅད་གཤེགས་པར་གསོལ། །འདིས་ནི་ཞི་བའི་ལས་རྣམས་ཀྱང༌། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཇི་སྟེ་དེ་ནི་སྡིག་ཅན་ནམ། །གལ་ཏེ་མཉམ་པར་ མ་བཞག་པས། །དེ་ཚེ་དངོས་གྲུབ་མ་གྲུབ་ན། །སྤོགས་པའི་ཆོ་ག་སྟོང་པ་ཉིད་དུ་རྣམ་བསྒོམས་ལ། །དེ་ནས་དེ་བཞིན་བྱས་ནས་ནི། །གདོན་མི་ཟ་བར་དངོས་གྲུབ་འགྲུབ། །ཞི་བའི་ལས་སོ།། །།ཆག་གིས། ད་ནི་རྒྱས་པའི་ལས་བཤད་དེ། ཞེས་མཚམས་སྦྱར་འབྲས་ བུར་ལྡན་པའི་ནགས་ཚལ་ལམ། །ཡང་ན་གནས་སམ་རྒྱལ་པོ་འམ། །རྒྱལ་རིགས་ཁྱིམ་དུ་ཀུན་སློང་རྒྱས་པ་ནི། །དགའ་བའི་སེམས་ཀྱིས་བྱ་བ་སྟེ། །ཁྲུ་དོ་ཚད་ཀྱི་རིམ་པ་ཡང་ན་ཁྲུ་བཞི་འམ། །དེ་ལྟར་མཆོག་ནི་ཁྲུ་བརྒྱད་པ། །ཆུང་མཆོག་བར་མ་རྣམས་ ལས་གཅིག །རྒྱས་པའི་ལས་ནི་བྱ་བ་ཡིན། །མདོར་ན་ཧོམ་ཁུང་བྱ་བ་ནི། །སྟེགས་བུ་བརྩིགས་ཏེ་དཀྱིལ་འཁོར་ནི། །ཆུང་ངུ་ལ་ནི་ཁྲུ་བརྒྱད་དེ། །བར་མ་ལ་ནི་བཅུ་གཉིས་ཉིད། །མཆོག་ལ་བཅུ་དྲུག་ཡང་ན་ནི། །ཉི་ཤུ་རྩ་བཞིར་ཤེས་པར་བྱ། །མུ་ ཁྱུད་སོར་བརྒྱད་བཅུ་དྲུག་གི། སུམ་ཅུ་གཉིས་སུ་བྱ་བ་ཡིན། །ཕྱི་ཡི་དཀྱིལ་འཁོར་དེ་ཡི་ཕྱིར། །མཚན་མ་ནི་པདྨོ་རྣམས་ཀྱིས་བརྒྱན་པར་བྱ། །དཀྱིལ་འཁོར་དབུས་སུ་རིན་ཆེན་དང༌། །པདྨ་སྣ་ཚོགས་བརྒྱན་པར་བྱ། །དེ་ཡི་དབུས་སུ་བསྐོར་ བ་ནི། །ལེགས་པར་བལྟས་ཏེ་ཕྱེད་ཀྱི་ཚད། །ཁྲུ་བཞི་པ་འམ་ཆག་གྲུ་བཞི་པ་འམ་ཟུར་བརྒྱད་པ་ཟེར། ཁྲུ་བརྒྱད་པ། །ཡང་ན་དཔལ་བསྐྱེད་པདྨོ་འདྲི། །མདོར་ན་འཇི་བ་སེར་པོ་ཡི། །དེ་བཞིན་ཁུང་མཆོག་བརྐོས་ནས་བརྩིགས་ནས་ནི་ཟེར། ། 10-10-85b ནི། །གུར་ཀུམ་ལ་སོགས་བསྐུས་ནས་ཀྱང་། །དེ་ཡི་དབུས་སུ་བྲི་བ་ནི། །ཚོན་མཆོག་སེར་པོས་བྲིས་ནས་ཀྱང༌། །གསེར་འོད་འདྲ་བར་བསྒོམ་པར་བྱ། །དེ་ནས་ཚོན་ནི་དམར་སེར་གྱིས། །རིན་ཆེན་པདྨ་ལ་སོགས་པའི། །ཕྱག་རྒྱའི་དཀྱིལ་འཁོར་ཁོར་ཡུག་ཏུ། ། གནས་པ་ཉིད་དུ་བྲི་བར་བྱ། །མུ་ཁྱུད་ཀྱི་ཕྱིར་ལྷ་སྣམ་རིམ་གཉིས་ཡང་ན་རིམ་བཞི་འམ། །ཡང་ན་རིམ་པ་བརྒྱད་ལྟ་ཆ། །དེར་ནི་སྒོ་བ་དེ་དག་ཉིད། །ཕྱག་རྒྱའི་གཟུགས་སུ་བརྟག་པར་བྱ། །དཀྱིལ་འཁོར་བརྒྱན་པ་ནི། བུམ་པ་ཁ་དོག་གསེར་འདྲ་བཞིན། །དྲི་ཆུས་རབ་ཏུ་བཀང་ བ་དང༌། །ཤིན་ཏུ་མཛེས་པ་བརྒྱད་ཅུ་གཉིས། །སུམ་ཅུ་གཉིས་སམ་བཅུ་དྲུག་སྟེ། །དཀྲི་བ་དར་ཆག་གིས་ཡང་ཅ་རིམ་བརྒྱད་ལྡན་པར་བྱ་ཟེར། ནི་སེར་པོ་ལ། །ཁ་རྒྱན་ཡལ་ག་སེར་པོ་ལ། །དྲི་ཞིམ་མེ་ཏོག་བདུག་པ་དང༌། །ཕྲེང་བ་མར་མེ་རྒྱན་རྣམས་དང༌། །རྒྱལ་ མཚན་འཕན་ལ་སོགས་པ་དང༌། །བླ་རེ་གདུགས་རྣམས་སེར་པོས་བརྒྱན། །བདག་ཉིད་ཆས་གྲོས་དང་རྒྱན་རྣམས་དང༌། །མེ་ཏོག་ལ་སོགས་སེར་པོས་བརྒྱན། །བྱང་ཕྱོགས་ཁ་བལྟས་འདུག་ནས་ནི། །ལྷའི་རྣལ་འབྱོར། འཇིག་རྟེན་གསུམ་འདུལ་ཁྲོ་ བོ་ཡི། །ཡིད་ཀྱིས་རྣལ་འབྱོར་རྗེས་དྲན་ཞིང༌། །ལྷ་ཡི་ཡིད་བཞིན་ནོར་རྒྱལ་མཚན། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །དེ་བཞིན་ཉི་ཟླ་ཀུ་བེ་ར། །ནོར་སྦྱིན་དང་ནི་ཛམ་བྷ་ལ། །གསེར་གྱི་ཆར་ནི་རབ་འབབ་ཅིང༌། །ཡིད་ཀྱི་འདོད་པ་སྐོང་མཛད་ པར། །མདོར་ན་དེ་ཡི་འོད་ཟེར་གྱིས། །ངེས་པར་དབང་ནི་བསྐུར་བར་བསམ། །དེ་ནས་རྒྱལ་སྲིད་ཐོབ་གྱུར་ནས། །ལུས་བདེ་བ་ལ་སྨོས་ཅི་དགོས། །རྒྱས་པར་བྱ་ཕྱིར་དེ་མིང་ནས། །སྨོས་ཏེ་བརྒྱ་ཕྲག་བརྒྱ་འབབས་ཟེར་རྩ་བརྒྱད། །ཡང་ན་དེ་ 10-10-86a བཞིན་སྟོང་ཕྲག་གཉིས། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །དེ་ནས་སྦྱིན་སྲེག་རབ་བྱས་ཏེ། །བྱང་ཕྱོགས་སུ་ནི་སེང་གེ་ཡི། །གདན་གྱི་སྟེང་ན་རིན་ཆེན་དང༌། །པདྨོ་ཉི་ཟླའི་གདན་སྟེང་དུ། །རྡོ་རྗེ་རིན་ཆེན་རིན་ཆེན་མཆོག །རིན་ཆེན་ དཔལ་དང་གཟི་བརྗིད་མཆོག །རྡོ་རྗེ་བཞད་དང་རྒྱལ་བ་དང༌། །རྒྱན་རྣམས་ཀུན་གྱིས་བརྒྱན་ནས་ནི། །ཕྱག་ནི་མཆོག་སྦྱིན་གཞོལ་བ་དང༌། །རིན་ཆེན་ཆར་ཡང་འབེབས་བརྩོན་ཞིང༌། །འོད་ཟེར་གསེར་ལྟར་འཕྲོ་ཐམས་ཅད་ཀྱིས། །བསྒྲུབ་བྱ་དེ་ལ་ ཤིན་ཏུ་ཁྱབ་བྱེད་བསམ། །དུང་དང་པི་ཝང་ཅང་ཏེའུ་དང༌། །སིལ་སྙན་གླུ་དང་གར་མཆོག་གི། མདོར་ན་མཆོད་པ་བྱས་ནས་ནི། །དེ་ཡི་འོག་ཏུ་ལས་བརྩམ་མོ། །ཁུང་བུའི་ཁྱད་པར་ཉིད་ཀྱི་ཚད་གསུམ་ལས་ནི། །ཡམ་ཤིང་བུད་ཤིང་གི་ཚད་ཀྱི་ཁྱད་པར་ ཡང་བྱེད་དོ། །མཛུབ་གང་ཁུ་ཚུར་བཅངས་ཁྲུ་གང༌། །ཆུང་ངུ་ཉིད་དུ་བཤད་པ་ཡིན། །བར་མ་ཁྲུ་དོར་ཤེས་པར་བྱ། །ཁྲུ་བཞི་པ་ནི་མཆོག་ཡིན་ཏེ། །མེ་ཏོག་འབྲས་བུར་བཅས་རིགས་ཀྱི། །ཡ་ཐོག་མ་ཐོག་སྦྲང་རྩིར་གཞུག །འབྲུ་རྣམས་ཐམས་ ཅད་འབྱོར་པ་དང༌། །མེ་ཏོག་འབྲས་བུ་སེར་པོར་ལྡན། །མར་དང་སྦྲང་རྩི་བསྲེས་ནས་ནི། །ཕལ་ཆེར་དཔལ་གྱི་འབྲས་བུར་ལྡན། །མེ་ལྷ་གསེར་དང་འདྲ་བ་ལ། །ཕྱག་བཞི་པ་སྟེ་འདིར་ཕྱག་མཚན་ཞི་བའི་སྐབས་དེ་བཞིན། །པདྨོ་གདན་བཞུགས་རྣམ་བརྒྱན་ པ། །སྤྱན་དྲངས་བསྲེག་བྱ་སྦྱིན་སྲེག་བྱ། །དེ་ཡི་ལུས་སུ་སྟེ་སྙིང་གར་འཇིག་རྟེན་ལས་འདས་པའི་མེ་ལྷ་ཁྲོ་རྒྱལ་པོ། །འི་དཀྱིལ་འཁོར་བྱིན་ཅན་ལེགས་པར་བཅུག་ནས་ནི། །སྔོན་བཞིན་དྲན་བྱེད་དེ་ཞལ་དུ། །སྦྱིན་སྲེག་ཡོངས་སུ་བརྟག་བྱ་སྟེ། །འབུམ་ 10-10-86b མམ་ཉིས་འབུམ་ཙམ་གྱིས་ཀྱང༌། །དོན་ནི་ངེས་པར་རབ་ཏུ་འགྲུབ། །འབུམ་ཕྲག་བརྒྱས་ནི་རྒྱལ་སྲིད་དམ། །ལོངས་སྤྱོད་ཕུན་སུམ་ཚོགས་པ་འགྲུབ། །དེ་ནས་མཇུག་ཏུ་འོད་ཟེར་གྱིས། །དེ་ལ་དབང་བསྐུར་བསྲུང་བར་བྱ། །དེ་ནས་དེ་ནི་རྒྱས་གྱུར་ཏེ། །ཕྱག་ན་རྡོ་རྗེའི་ བཀའ་བཞིན་ནོ། །རྒྱས་པའི་ལས་སོ།། །།དབང་གིས་ཆགས་པའི་སེམས་ཀྱིས་ཀྱང༌། །ཆགས་པའི་ལྷའི་ཏིང་ངེ་འཛིན་ཞེས་བྱ། །ཆགས་པ་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་ཆགས་པ་དེ་ལས་བྱུང༌། །ཁམས་གསུམ་ཆགས་པར་བྱེད་པའི་ ཕྱིར། །པདྨོ་སེམས་དཔའ་རྟག་ཏུ་ཆགས། །དེ་བས་འདིས་ནི་ཆག་ནི་དེ་དག་གི། ལས་འགྲུབ་པར་ནི་བཤད་པ་ཡིན། །ཆགས་དང་མཐུན་པའི་ས་ཕྱོགས་སམ། །ཆགས་པར་བྱེད་པའི་ཁྱིམ་དུ་ཤིས། །བཙོ་ལག་མཁན་ནམ་ཟླ་མཚན་ནམ། །ཁྱིམ་དུ་ ཆགས་པའི་ལས་རྣམས་བྱ། །ཡིད་དང་མཐུན་པའི་ས་ཕྱོགས་སམ། །རྡོ་རྗེ་ཆགས་པའི་གནས་ཀྱང་རུང༌། །ཕྱག་ན་པདྨོའི་གནས་ཉིད་དུ། །རྟག་ཏུ་རྡོ་རྗེ་སེམས་དཔའི་གནས། །བདེ་ཆེན་གྱི་ནི་གནས་ཆེན་དང༌། །པདྨོ་ཨུཏྤལ་རྫིང་བུ་དང༌། །བན་དྷུ་། །ཨི་མེ་ ཏོག་གནས། །མེ་ཏོག་འབྲས་བུ་དམར་ཚལ་ནི། །ཡིད་འོང་སེམས་ནི་ཆགས་བྱེད་པ། །དེར་ནི་སྟེགས་བུ་ཁྲུ་བརྒྱད་དམ། །དེ་ལྟར་བཅུ་གཉིས་བཅུ་དྲུག་རྣམས། །བྱས་ནས་དེ་ཡི་དབུས་སུ་ཡང༌། །ཧོམ་ཁུང་དཀྱིལ་འཁོར་བྱ་བ་ནི། །ཁྲུ་གང་ཡང་ན་ཁྲུ་དོ་འམ། ། དེ་ལྟར་ཁྲུ་ནི་བཞི་པར་བྱ། །གཞུ་འདྲ་པའམ་པདྨོ་འདྲ་བའམ། །ཡང་ན་རྡོ་རྗེ་འདྲ་བར་བྱ། །མདའ་འདྲ་ཟླ་བ་ཁམ་འདྲ་དང༌། །དེ་ལྟར་པདྨོའི་འདབ་མ་འདྲ། །ཞེང་དུ་མཆུ་ཡི་ཕྱེད་ཀྱི་ཚད། །ཞེང་དུ་ཕྱེད་ཀྱི་ཚད་ཙམ་དུ། །ཧོ་ཁུང་ཟབས་སུ་བརྐོ་བར་བྱ། ། 10-10-87a མུ་ཁྱུད་སོར་ནི་བཞི་པར་བྱ། །ཉིས་འགྱུར་བ་ནི་ཉིས་འགྱུར་བྱ། །ཐ་མ་འབྲིང་མཆོག་གི་ཁྱད་པར་ལས། །ཡམ་ཤིང་ཡང་གསུམ་དུ་སོ་སོར་ངེས་པར་བྱ། །ཡང་ན་ཡམ་ཤིང་སྲེག་ཤིང་ནི། །ཚད་ནི་ཞི་བའི་ལས་སུ་གསུངས་པ་བཞིན་ནོ། །ཤིན་ ཏུ་དམར་བའི་ཙན་དན་ནམ། །ཡང་ན་ཤིང་དམར་གཞན་ཡང་རུང༌། །མེ་ཏོག་འབྲས་བུ་དམར་པོ་འམ། །བཅག་དང་ཙན་དན་རྒྱ་སྐྱེགས་སོགས། །ལེ་བརྒན་རྩི་དང་གུར་ཀུམ་གྱིས། །མདོར་ན་བུད་པའི་ཤིང་དང་ནི། །ཡམ་ཤིང་ལ་ཡང་བསྐུས་ནས་ནི། ། ཡུངས་ཀར་ཁ་དོག་དམར་པོ་དང༌། །བཙག་དང་མཚལ་ཡང་དེ་བཞིན་དུ། །ཟངས་ཀྱི་ཕྱེད་དང་ཡུངས་ཀར་དང༌། །སྐེ་ཚེ་འབྲུ་དང་ལན་ཚྭ་དང༌། །ཏིལ་དང་དྲི་ཞིམ་ཆག །ཟིམ་ཐིག་ལེའི་འབྲུ་ཟེར། །ཐིག་ལེའི་འབྲུ། །འབྲས་བུས་ནང་ནས་སྐད་འབྱིན་པ། ལ་ཕུག་ ཡུངས་ཉུང་རྡོག་ཟེར། དམར་དེ་བཞིན་ཏེ། །ཁྲག་དང་རྡུལ་ནི་ཆེན་པོ་རྣམས། །བསྲེག་བྱའི་ཕྱིར་ནི་བསྡུས་ནས་ཀྱང༌། །སྔར་བཤད་འབྲས་བུ་ལ་སོགས་པ། །ཁུ་བས་ཡང་དང་ཡང་བསྒོས་ན། །ཁྲོ་བོའི་བྱིན་རླབས་བྱིན་བརླབས་ནས། །བ་དང་ར་ལ་ བཞོས་པ་ཡི། །གཤིབས་མ་ཐག་པའི་མར་གསར་དང༌། །མར་དང་ཏིལ་མར་རྣམས་ཀྱིས་དགང༌། །ག་བུར་ལ་སོགས་བསྐུས་ནས་ཀྱང༌། །བདུད་རྩི་བཏབ་སྟེ་གཞག་པར་བྱ། །དེ་ནས་ཧོམ་ཁུང་དམར་པོ་ལ། །བྱུ་རུའི་སྡོང་པོ་འདྲ་བར་བྱ། །བསམས་ནས་སྤོས་ མར་ལ་སོགས་དང༌། །གུར་ཀུམ་དམར་པོས་བྱུག་པར་བྱ། དེ་ནས་ཁ་དོག་དམར་པོ་ཡིས། །སྟུག་པོ་ཉིད་དུ་བསྐུ་བར་བྱ། །གུར་ཀུམ་སེར་པོ་བསྲེས་པ་ཡི། །ཚོན་གྱིས་རི་མོ་བྲི་བ་ནི། །ཧོམ་ཁུང་ནང་དུ་པདྨོ་བྲི། །དེ་ཡི་སྟེང་དུ་མདའ་བཅས་གཞུ། ། 10-10-87b རྟག་ཏུ་ཧོམ་ཁུང་ཁོར་ཡུག་ཏུ། །པདྨོ་ཉིད་ནི་བྲི་བར་བྱ། །གཞུ་ཡི་དབུས་སུ་རྡོ་རྗེ་ཉིད། །ཁོར་ཡུག་ཏུ་ནི་མདའ་ཉིད་བྲི། །གཞུ་ཡི་ཕྱི་རོལ་པདྨོ་ཉིད། །བྲིས་ནས་དེ་ཡི་སྟེང་དུ་མདའ། །དེ་ཡི་ཕྱི་རོལ་རྡོ་རྗེ་དང༌། །ལྕགས་ཀྱུ་མདའ་བཅས་གཞུ་བྲིས་ལ། །ལྷོ་ ཕྱོགས་རྒྱལ་མཚན་རིན་ཆེན་དང༌། །གཟི་བརྗིད་དཀྱིལ་འཁོར་བྲི་བྱ་ཞིང༌། །པདྨོ་རལ་གྲི་འཁོར་ལོ་རྣམས། །ནུབ་ཕྱོགས་ཉིད་དུ་བྲི་བར་བྱ། །རྡོ་རྗེ་མཆེ་བ་གོ་ཆ་མཆོག །བྱང་ཕྱོགས་སུ་ནི་བྲི་བར་བྱ། །གྲྭ་རྣམས་སུ་ནི་སྤོས་ལ་སོགས། །ཕྱག་རྒྱའི་ གཟུགས་སུ་བྲི་བར་བྱ། །མེ་ཏོག་དམར་པོ་ལ་སོགས་པས། །ཤིན་ཏུ་སྔ་མ་བཞིན་མཆོད་དེ། །དཔལ་ལྡན་གོས་དང་ཕྲེང་བ་དང༌། །དམར་པོའི་དྲི་ནི་བསྐུས་ནས་ཀྱང༌། །རྟག་ཏུ་ཐུབ་པ་ནུབ་བལྟས་ལ། །དམར་ཐག་མ་ཆད་ལས་བྱས་ཏེ། །པདྨོ་དམར་ པོའི་གདན་བསམས་ལ། །རབ་ཆགས་ཕྱག་ན་པདྨ་བསྣམས། །གཡོན་དུ་རྡོ་རྗེ་ཆགས་པ་ལ། །གཡས་སུ་བདེ་བ་ཆེན་པོ་སྟེ། །བསམས་ནས་དེ་ཡི་དབུས་སུ་སྟེ། །ཆུ་སྲིན་རྒྱལ་མཚན་འཛིན་པའི་ལྷ་མོ་བཞག །རྡོ་རྗེ་གཞུ་དང་གཡོན་འགྱིང་མ། ། མེ་ཏོག་དམར་བརྒྱན་རབ་དགྱེས་མ། །དྲི་མར་བརྩེགས་པས་རབ་མཆོད་དེ། །གཡས་དང་པོ་མདའ་དང་གཡོན་གཞུ་ཐོགས་དེ་བཞིན་ཏེ། །གཡས་འོག་མ་པདྨོ་དམར་དང་གཡོན་དབྱིག་བསྣམས་པའི། །མེ་ཡི་ལྷ་ནི་བཀུག་ནས་ཀྱང༌། །དེ་ཡི་ལུས་སུ་ ཁྲོ་རྒྱལ་པོ། །ལེགས་པར་བཅུག་སྟེ་བཞག་ནས་ཀྱང༌། །འོད་ཟེར་ཆགས་པས་བསྒྲུབ་བྱ་བསྐུལ་ནས་ནི། །བསྒྲུབ་བྱ་དེ་འི་ལུས་རྡོ་རྗེ་ལྕགས་ཀྱུ་དང༌། །ཞགས་པ་བཅིངས་པས་བཀུག་ནས་ནི། །སྤྱི་བོར་བཏབ་པ་ཞབས་ཀྱི་དྲུང་དུ་བཞག །དེ་ཐོག་མར་ 10-10-88a འཇིག་རྟེན་པའི་མེ་ལྷ། དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་ལ་མཆོད་ཅིང་སྲོག་བླུགས་འབུལ་ཏེ། དེ་ལྟར་བསམས་ཏེ་ཏིང་ངེ་འཛིན་ལ་སྙོམས་ཞུགས་པས། །དབང་གི་ལས་བྱས་པ་ནི་གང་ཡིན་པ། །དེ་ཡིས་ལྷ་ཡང་དབང་འགྱུར་ན། །མི་དང་ལྷ་མིན་སྨོས་ཅི་ དགོས། །ལས་རྣམས་ཟིན་པར་གྱུར་པ་དང༌། །ཆགས་པའི་སེམས་སུ་བྱས་ན་ནི། །དེ་ཡི་བདག་དང་ལྷ་ལས་བྱུང་བའི་འོད་ཟེར་དམར་པོས་སྤྱི་བོར་དགང༌། །བསྒྲུབ་བྱ་དེ་ནི་བསྲུངས་ནས་བཏང་བར་བྱ། །དེ་ནས་རྡོ་རྗེ་འདོད་པ་ཡིས། །ལྷ་རྣམས་མཆོད་དེ་གཤེགས་ པར་གསོལ། །དེ་ནས་སྲུང་བ་བྱས་ནས་ནི། །རྡོ་རྗེ་འདོད་པས་རྟག་ཏུ་བཟླས། །དབང་གི་ལས་རྫོགས་སོ། །ཆག་གིས། དེའི་སྤྱི་བོར་འོད་ཟེར་དགང་ཟེར། །དེ་ནས་དྲིན་དུ་གཟོ་བའི་སྒོ་ནས། བརྒྱ་བྱིན་ཚངས་སོགས་ལྷ། །ཕྱག་འཚལ་ཡང་དང་ཡང་དུ་ནི། ། རིན་ཆེན་གདུགས་མཛེས་ལ་སོགས་མཆོག་གིས་ནི། །མཆོད་པ་སྣ་ཚོགས་བྱས་ནས་ཀྱང༌། །ཕྱག་ན་རྡོ་རྗེ་རྒྱལ་ཅན་ལ། །དགའ་བའི་བསམ་པས་བསྟོད་པར་བྱེད་པ། ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་སངས་རྒྱས་ཐམས་ཅད་དེ་ལས་ བྱུང་ཞིང༌། དེ་ཉིད་བསྡུས་པར། རྫོགས་པའི་སངས་རྒྱས་ཁྱོད་རག་ལུས། །ཀུན་གཟིགས་ཡབ་སྟེ་ཁྱོད་ལགས་ཏེ། །བྱུང་བ་དང་ནི་འབྱུང་འགྱུར་བའི། །དེ་བཞིན་གཤེགས་པ་ཁྱོད་ཀྱིས་བསྒྲུབས། །ཞེས་དང༌། གང་ཕྱིར་ཐོག་མ་ཐ་མ་མེད། །བྱང་ཆུབ་སེམས་ནི་ཁྱོད་ཡིན་ཏེ། །ཁྱོད་ལ་བརྟེན་ནས་ རྒྱལ་བ་དང༌། །དཔའ་བོ་བྱང་ཆུབ་སེམས་དཔའ་ཀུན། །བྱུང་ཞིང་ཡང་དག་འབྱུང་འགྱུར་བས། །སངས་རྒྱས་བྱང་ཆུབ་མཆོག་གི་རྒྱུ། །ཞེས་གསུངས་པ་ལྟར། སངས་རྒྱས་ཀུན་གྱི་ཡབ་ཡུམ་པས་སྔར་སངས་རྒྱས། །སོ་ཞེས་ངོ་བོ་ཉིད་ཀྱི་རྒྱུའི་སྒོ་ནས་བསྟོད་དོ། །ཉོན་མོངས་ 10-10-88b ཅན་མ་ཡིན་པའི་མི་ཤེས་པ་ཤེས་སྒྲིབ་དྲི་མ་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་ཀུན་བཅོམ་པ། །རྡོ་རྗེ་ནི་ཡུལ་སྟོང་པ་ཉིད་དང་རྡོ་རྗེ་གཉིས་པ་ནི་དེ་རྟོགས་པའི་ཡུལ་ཅན་ཡེ་ཤེས་འཛིན་ལ། མཆོག་ཏུ་གྱུར་རྒྱལ་པོ། །དེ་ནི་ཆོས་ཀྱི་སྐུའི་སྒོ་ནས་བསྟོད་པའོ། །སྐུ་རྡོ་རྗེ་ གསུང་རྡོ་རྗེ་ཐུགས་རྡོ་རྗེ་དེ་གསུམ་དབྱེར་མེད་པ་ནི་འཛིན། །པ་སྟེ་ལོངས་སྤྱོད་རྫོགས་པའི་སྒོ་ནས་བསྟོད་དོ། །སྐུ་འདི་ཡང་ཆོས་ཀྱི་སྐུ་ལས་གཞན་མ་ཡིན་པས་རྡོ་རྗེ་སྐུ་སྟེ་སྐུ་དེའང༌། ལ་ལར་མེད་བཞིན་མྱ་ངན་འདའ། །ལ་ལར་རྫོགས་པའི་བྱང་ཆུབ་སྟོན། །ཞེས་པའི་ཚུལ་གྱིས་རྒྱ་ཆེ་བ། ། སྟེ་སྤྲུལ་པའི་སྐུའི་སྒོ་ནས་བསྟོད་དོ། །དེ་ལྟར་སྐུ་བཞིའི་བདག་ཉིད་ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ། །ཞེས་འདི་འོག་མ་ཀུན་གྱི་མཐར་ཡང་སྦྱར་ཞེས་གསུང་ངོ་། །རྡོ་རྗེ་ཡེ་ཤེས་དེ་ཉིད་ཞལ་ཕྱག་སོགས་དབྱིབས་ཀྱི་རྣམ་པར་སྣང་བས། ཡན་ལག་རྡོ་རྗེ་ལྷ་རྣམས་ཀྱི་ནང་ནས་ཀྱང་མཆོག ། ཡིན་ནོ་ཞེས་ཀ་མ་དྷེ་ནུ་གསུངས་སོ། །རྡོ་རྗེ་གཉིས་སུ་སྣང་བའི་རྣམ་རྟོག་བསྲེག་པས་འབར་བ་གཟི་བརྗིད་ཆེན་པོ་དང་ལྡན་པས་ཆེར་འབར་བ། །ཞེས་མཛེས་རྒྱན་དུ། རྡོ་རྗེ་ཤུགས་ཏེ་མཚན་མར་འཛིན་པའི་རྣམ་རྟོག་དྲུངས་འབྱིན་པས། ཤུགས་ཆེ་བ། །མཚོན་གྱིས་གཅོད་པ་ ལྟར་ཉོན་མོངས་བརྩད་ནས་གཅོད་པས། རྡོ་རྗེ་མཚོན་ཆ་དང༌། བདུད་ཀྱི་དམག་འཇོམས་པས་མཚོན་ཆ་ཆེ། །ན་པོ་ཞེས་འབྲུ་འགྲེལ། །ཕྱག་ན་རྡོ་རྗེ་དེ་ཉིད་ལོངས་སྐུའི་རྣམ་པར་ཤར་བས། ཕྱག་རྒྱ་ཆེན་པོ། དང་ཡེ་ཤེས་རྡོ་རྗེ་ལྟ་བུ་མདའ་ཡིས་སྟེ་ བདེན་པར་འཛིན་པའི་ཐབ། རབ་འབིགས་པ། དང༌། རྡོ་རྗེ་རྣོན་པོ་ཡེ་ཤེས་ཀྱི་རལ་གྲིའི་རྣམ་པར་ཤར་ནས། རྣོན་པོས་ཉོན་མོངས་ཀྱི་འཆིང་བ་ཆེན་པོ་གཅོད་པ། །འཇིག་རྟེན་པ་རྣམས་ཀྱི་ཆེ་བའི་འདོད་ཁམས་ཀྱི་དབང་ཕྱུག །བླ་ན་མེད་པའི་ཆེ་བ་སངས་རྒྱས་ཀྱི་ཡོན་ཏན་ 10-10-89a ཐམས་ཅད་འབྱུང་བའི་གནས་སུ་གྱུར་པས། རྒྱ་མཚོ་ཆེ། ན་པོ་ལྟ་བུ། །རྡོ་རྗེ་ཆོས་ཀྱི་རྣམ་པར་ཤར་བས། སེམས་ཅན་གྱི་དོན་བྱེད་ཀྱང་དེའི་ཉེས་པས་མ་གོས་པ་པདྨ་ལྟ་བུའི་བྱང་ཆུབ་ཆེན་པོ་བརྙེས་པ་དང༌། བླ་ན་མེད་པའི་བྱང་ཆུབ་སྟེ་བུདྡྷ་ཁོང་དུ་ཆུད་པས། སངས་རྒྱས་རང་ བྱུང་བ། །སྐུ་རྡོ་རྗེ་དེས་རྒྱ་ཆེན་པོ་ནམ་མཁའ་ལྟར་སེམས་ཅན་ཐམས་ཅད་ལ་ཁྱབ་ནས་དོན་མཛད་པས། རྒྱ་ཆེན་པོ་དང༌། ཏེ། །ཐུགས་རྡོ་རྗེའི་དེ་ཉིད་སྒྱུ་མ་ལྟར་སྣ་ཚོགས་སུ་ཤར་ནས། སེམས་ཅན་གྱི་རྒྱུད་རྣམ་པར་སྦྱོང་བ། །སེམས་ཅན་གྱི་མ་རིག་པ་འཇོམས་ཤིང་ཡེ་ཤེས་ ཀྱི་སྣང་བ་བསྐྱེད་པས་རྡོ་རྗེ་སྒྱུ་དང་སྟེ་རྡོ་རྗེ་གནོད་སྦྱིན་གྱི་རྣམ་པར་ཤར་ནས་ཉོན་མོངས་ཀྱི་གནོད་པ་ལས་བསྲུང་བ་ཆེ། ན་པོ་དང༌། །རྡོ་རྗེ་པདྨ་སྟེ་ཐབས་ཤེས་ཡ་མ་བྲལ་བས། རྣམ་པར་སྦྱོང་བ། །སྟེ་སེམས་ཅན་གྱི་དོན་མཛད་པ་དང༌། རྡོ་རྗེ་ཁྲོ་བོ་གཏུམ་པོ་ཆེ། །སྟེ་ཁམས་གསུམ་རྣམ་ པར་རྒྱལ་བའི་སྐུར་ཤར་ནས། རྡོ་རྗེ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི། དགྲ་སྡང་ཕྱིར་དྲག་པོ། །དབང་ཕྱུག་ནང་དུ་སྲིད་པའི་རྩ་བ་བདེན་འཛིན་འཇོམས་པའི་གཙོ་བོ་དང༌། །རྡོ་རྗེ་འཇིགས་བྱེད་སྲུང་བ་ཆེ། །ན་པོའི་རྣམ་པར་ཤར་ནས་ཐེག་པ་དམན་པར་འདོད་པའི་སེམས་བསྲུང༌། རྡོ་རྗེ་གཉིས་སུ་མེད་པའི་ཡེ་ཤེས་དེ། རྡོ་རྗེ་ལྕགས་ཀྱུའི་རྣམ་པར་ཤར་ནས་སེམས་ཅན་རྣམས་ཉོན་མོངས་པའི་འཛིང་ལས་དྲངས་ཏེ་ཐར་པའི་གྲོང་དུ་འགུགས་པས། དོན་ཡོད་པར་བྱེད་པ་དང༌། །རྡོ་རྗེ་རོ་ལངས་ཀྱི་རྣམ་པར་སྤྲུལ་ནས་རོ་ལངས་གྲུབ་པ་རྣམས་འདུལ་ཞེས་འབྲུ་ འགྲེལ་དུ་བཤད་ཆེ། །རྡོ་རྗེ་སྲིན་པོའི་རྣམ་པར་སྤྲུལ་ནས་ཉོན་མོངས་ཀྱི་མཚན་མ་ཟབ་པོ་དང༌། །ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་སྐུས་གནོད་སྦྱིན་ཆེ། །ན་པོ་རྣམས་འདུལ་ཞིང་རྡོ་རྗེ་གདོན་ཏེ། ལྷ་ཆེན་གྱི་དཀྱིལ་འཁོར་དུ་ཤར་ནས་གདོན་གྱི་བདག །པོ་སྟེ་གཙོ་བོ་རྣམས་ 10-10-89b འདུལ་བ་དང༌། འཇིགས་རུང་གཤིན་རྗེ་བཤེད་དུ་ཤར་ནས་གཤིན་རྗེ་རྣམས་སྐྲག་པར་བྱེད་པ་དང་མ་རུངས་པ། །དྲག་པོ་དབང་ཕྱུག་ཀྱང་ཧཱུཾ་མཛད་དུ་ཤར་ནས། འཇིགས་པར་བྱེད་དངངས་པར་བྱེད་པ། དང༌། །སློབ་པ་ལམ་གྱི་དུས་སུ། སྒྲུབ་དཀའ་བ་རྣམས་སྒྲུབ་པ་ལེགས་ པར་གྲུབ་པའི་དོན་ཞེས་འབྲུ་འགྲེལ་གྱིས་བཤད་སྟེ། །འཕྲིན་ལས་རྡོ་རྗེ་ལེགས་པར་ཤར་ནས་དགྱེས་མཛད་པ། །དང༌། འཕྲིན་ལས་རྡོ་རྗེ་དགའ་བ་སྟེ་འགྲོ་བ་འདུལ་བ་དང་ཐུགས་ཆོས་ཉིད་ལས་མ་གཡོས་པས། དགའ་བ་ཆེ། །དགའ་བའི་རྡོ་རྗེ་ནི་འཁོར་རྣམས་དགའ་ཞིང་དབང་དུ་བྱེད་ མཛེས་རྒྱན་དུ་བསྡུ་བ་བཞི་དགའ་བཞི་དབང་དུ་བྱེད་པ་ལ་བཤད་པ། །འི་ཕྱིར་རྡོ་རྗེ་གསོར་བས་ཨ་ལ་ལ་ཞེས་ཀུན་བསྟོད་པའོ་ཞེས་འབྲུ་འགྲེལ་གྱིས་བཤད། རྡོ་རྗེ་གཟི་བརྗིད་དེ་ཉི་མའི་སྐུར་ཤར་ནས་གཟི་བརྗིད་ཆེ། །ན་པོ་རབ་ཏུ་འབར་བའི་འོད་ཀྱིས་གཤིན་རྗེ་མཐར་བྱེད་པ། །རྡོ་རྗེ་དྲག་ ཕོ་དྲག་པོ་འཇིགས་བྱེད་ཆུང་མ་དང་བཅས་པ་དཀྱིལ་འཁོར་དུ་ཤར་ནས། འཇིག་རྟེན་གྱི་ཆེ། །ཡེ་ཤེས་ལྔའི་འོད་སྡུག་པ་སྟེ་ཆེན་པོ་ནི་འཇིག་རྟེན་མ་ལུས་མཛེས་པར་སྣང་བས་སྡུག་པ་ཆེན་པོ་དང༌། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པས་འཕྲིན་ལས་ནམ་མཁའ་དང་ནི་ མཉམ་པའོ། །སེམས་ཅན་རྣམས་ཀྱི་རེ་བ་ཐམས་ཅད་རྫོགས་པའི་ཕྱིར། །རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག །གི་སྐུར་ཤར་བ་དང༌། འཕྲིན་ལས་རྡོ་རྗེ་རྒྱལ་མཚན་གྱི་རྣམ་པར་ཤར་ནས། གདུལ་བྱ་རྣམས་ཀྱི་ཡོན་ཏན་རིན་ཆེན་སྣ་ཚོགས་ཀྱི་འབྱུང་གནས་སུ་གྱུར་པའི་ མཚོ། །ལྟ་བུ་དང༌། རྡོ་རྗེ་ཡེ་ཤེས་ཡེ་ཤེས་རྣམ་པ་ལྔ་གཟུགས་སྐུར་ཤར་ནས་དོན་བྱེད་པས་ཡེ་ཤེས་ཆེན་པོ་དང༌། །རིག་པའི་ལྷ་མོ་རྣམས་ཀྱི་བདག་པོར་སྣང་ནས་དེ་དག་བྱེ་བའི་ཚོགས་ཀྱིས་ལེགས་པར་མཆོད། །པ་དང༌། །ཀླུ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་དུ་ཤར་ནས་སེམས་ 10-10-90a ཅན་རྣམས་ཀྱི་དུག་ནག་པོ་བརྩེགས་པ་སོགས་ཞི་བར་བྱེད་པ་དང༌། ཧ་ལ་ཧ་ལ་ནག་པོ་ཆེ། །དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་མཛད་ནས་ཉོན་མོངས་པའི་དགྲ་ཆེན་པོ་རྣམ་པར་འཇོམས་པ་ཅན། །རྡོ་རྗེ་འདོད་པ་དེས་ནི་རྡོ་རྗེ་ཆོས་སུ་སྣང་བ་ཡིན་ལ། འདོད་པ་ལ་ཆེ། ར་ཆགས་པ་ རྣམས་ཞི་བར་མཛད་པའོ། །གཟུང་འཛིན་གྱི་རྟོག་པ་ལྔའི་ཐ་མའི་བརྒྱ་རྩ་བརྒྱད་དང༌། དུས་ངན་པ་རྣམས་འཇོམས་པ། ར་མཛད་ཅེས་འབྲུ་འགྲེལ་གྱིས་བཤད་ལ། །མཛེས་རྒྱན་དུ་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་ཤར་ནས། སྙིགས་མའི་དུས་ངན་ཞེས་བཏོན་ནས་ཚེའི་སྙིགས་མ་ལ་སོགས་འཇོམས་ ཞེས་བཤད་དེ། སེམས་ཅན་གྱི་སེམས་རྒྱུད་ལ་སྐད་ཅིག་རེ་རེ་ཞིང་གཡོ་བའི་ཐེ་ཚོམ་མམ་ཡིད་གཉིས་རྣམས་གཅོད། །པར་མཛད་དོ། །གློག་བཞིན་ཤིན་ཏུ་མྱུར་བར་ཞལ་གྱི་ལྗགས་ལས་དྲག་པོའི་འོད་ཟེར་རབ་ཏུ་འཕྲོ། །བའི་རྡོ་རྗེ་མེ་ཉི་མའི་སྐུར་ཤར་སྟེ་མ་རུངས་ གདུག་པ་ཅན་རྣམས་འདུལ། །བ་དང༌། །ཞི་བས་མི་འདུལ་བ་ལ། དྲག་པོའི་སྐུར་རབ་ཏུ་སྣང་ནས་སྣང་བས་དེ་འདུལ་བར་མཛད་པ། དང༌། ཉི་མ་སྟོང་གི་འོད་ཟེར་གཅིག་ཏུ་བསྡོམས་པ་ལྟ་བུའི་ཞལ། གྱི་དཀྱིལ་འཁོར་ལ་རབ་ཏུ་འཕྲོ་བ་དང༌། སྤྱན་དམར་ཞིང་ཟླུམ་པས་གདུག་པ་ ཅན་འཇིགས་པར་མཛད་པ་པོ། །ཁྲོ་བོ་དུ་མའི་སྐུར་སྣང་ནས་འཇིགས་པའི་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ། །དང༌། །སྐུ་ལས་སྐྱེས་པའི་ཕྱག་རྣམས་དུ་མས་ཁྲོ་བོ་རྡོ་རྗེ་རྩེ་དགུ་པ་ལས་འཕྲོས་པའི་མཚོན་ཆ་བརྒྱ། །ས་མཚོན་ནས་དུ་མ་འཛིན་པ་དང༌། །ཞི་བ་ལ་སོགས་པ་ དུ་མའི་ཞལ་ལ་སྐུ་ཡང་དེ་སྙེད་སྟོན། ལ། །དབུ་སྐྲ་ཁམ་པ་གྱེན་དུ་འཁྱིལ་ཞིང་དེར་མ་ཟད་རྒྱན་ཡང་སྟེང་དུ་འཁྱིལ་བ་ལགས། །སྐུ་དུ་མ་སྟོན་ཡང་སེམས་ཀྱི་སྟེ་ཐུགས་ཆོས་ཀྱི་པས་སྐུ་ལས་ནམ་ཡང་གཡོ་བ་མི་མངའ། བ་དང༌། །དེ་ལ་བརྟེན་ནས་མཚན་མ་ 10-10-90b དང་གཉིས་སུ་སྣང་བའི་རྣམ་པར་རྟོག་པ་མ་ལུས་སྤངས། །པ་དེའི་ངོར་ནུབ་པའོ། །ཉོན་མོངས་ཀྱི་མ་རིག པ་ས་བོན་དང་བཅས་པ་འཇོམས་པ་སྟེ་སྤངས་པའི་ཚངས་པ་དག་པ་དང་སྟེ། །འདོད་ཆགས་ཞེ་སྡང་གི་དྲི་མ་སྟེ་བག་ཆག་དང་བཅས་པ་སྤངས་ཤིང༌། མཐར་མཛད་པ་དང༌། །སྒྱུ་ མ་ལྟར་ཐམས་ཅད་དུ་ཁྱབ་པར་འཇུག་ཅིང༌། གཏོགས་འདོད་ཡང་ཟེར། རྡོ་རྗེ་ཅན། །བརྒྱ་བྱིན་དང༌། མདུང་ཅན་སྨིན་དྲུག་གི་བུ་དང༌། རྩེ་གསུམ་འཆང་ལྷ་ཆེན་དབང་ཕྱུག་དང་དེ་དག་འདུལ་ཞིང་མཚོན་ཆ་རྣམས་འཕྲོག་ཅིང་ཕྱག་མཚན་དུ་མ་བསྣམས་པར་བྱེད་པ་དང༌། །འདོད་ཆགས་ཀྱིས་ འདོད་ཆགས་འདུལ་བའི་ཕྱིར་ཀུན་རིག་སོགས་འཁོར་ལོ་སྒྱུར་བའི་སྐུར་སྣང་བ་དང༌། དེས་གཞན་གཉིས་ཀྱང་འགྲེའོ། །ཆེན་པོ་ཞེ་སྡང་ཆེན་པོ་གཏི་མུག་ཆེ། །ན་པོ། །སྲིད་པ་འཁོར་བ་དང་སྲིད་མིན་ཞི་བ་མྱང་འདས་རང་བཞིན་ཐ་དད་དུ་ཞེན་པ་རྣམ་པར་སྦྱོང་བ། དང༌། །ལུས་ཞི་ཞིང་ངག་ དུལ་ལ་སེམས་དགའ་བ་ཆེ། །ན་པོ་དང༌། །ས་བཅུ་པ་ལ་ཡང་སངས་རྒྱས་དང་དེ་ལས་ཀྱང་རྡོ་རྗེ་འཛིན་པའི་སྐུ་བརྙེས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་རྟོགས་པ། །བུད་དྷའི་དོན་ཁོང་དུ་ཆུད་པ་སངས་རྒྱས་ཀྱི་བདག་ཉིད་དང་སངས་རྒྱས། །ཆོས་ཀྱི་ སྐུ། དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལས་རབ་ཏུ་སྐྱེས་པས་མཚན་རྡོ་རྗེ་སེམས། དཔའ་དང༌། །ཀུན་ཏུ་བཟང་པོ་དང་ཆེར་བཟང་བ། །སོགས་རྣམ་གྲངས་དུ་མ་ཅན། མཚན་སོ་གཉིས་དང་དཔེ་བྱད་བཟང་པོ་རྣམས་དམ་པ་སྟེ་མཆོག་ཏུ་གྱུར་པས་རབ་ཏུ་ བརྒྱན་ཅིང་པ། །ཁམས་ཏེ་རིགས་ཀུན་གྱི་བདག་ཉིད་ལ་ཁྱབ་པ་པོ། །སྟེ་བརྟན་གཡོ་ཐམས་ཅད་ཀྱང་མཐར་གཏུགས་ན་ཆོས་ཀྱི་སྐུའི་བདག་ཉིད་ལས་མ་གཡོས་པ་རྡོ་རྗེ་ཞེས་སྣང་བའི་རྒྱན་དུ་འདི་ལྟར་བཏོན་ནས། འཆང༌། །གི་རྣམ་རོལ་ཡིན་ནོ། །ཀ་མ་དྷེ་ནུས། 10-10-91a ཐོག་མའི་རྐང་པ་བདུན་གྱི་བཤད་པ་མཛད་ནས་དེ་མན་ཆད་ལ་མ་བྱུང༌། རྒྱ་གར་བའི་འགྲེལ་པ་ཁུངས་ཐུབ་གཞན་མི་སྣང་ཞིང༌། བཤད་པ་འགའ་ཞིག་ལ་ངེས་པ་ཐོབ་དཀའ་བར་སྣང་ཞིང༌། ཕལ་ཆེ་བ་འབྲུ་འགྲེལ་ལྟར་བཀོད་ཅིང༌། མཛེས་རྒྱན་དང་སྣང་བའི་རྒྱན་གྱི་ཡང་ཅུང་ཟང་བླངས་ནས་བཤད་དོ། །ཀ་མ་དྷེ་ནུའི་ འགྲེལ་པར་དྲངས་པ་ལས། ཀྱེ་མ་སྲོག་ཆགས་རྣམས་ལ་ཐུགས་རྗེར་ལྡན། །ཀྱེ་མ་ཁྱོད་ཀྱི་སྤྱོད་པ་སྣ་ཚོགས་པས། །ཁ་ཅིག་གིས་ནི་རྡོ་རྗེ་འབར་བར་མཐོང༌། །གཞན་གིས་དབྱིག་ཐོ་གཞན་གྱིས་འཁོར་ལོ་དང༌། །དེ་བཞིན་གཞན་གྱིས་རྩེ་གསུམ་འབར་བ་ཅན། །གཞན་གྱིས་རལ་གྲི་གཞུ་དང་བེ་ཅོན་དང༌། །འཇིགས་པའི་ གཟུགས་ཅན་མཚོན་ཆ་ཀུན་ཐོགས་དང༌། །གཞན་དག་ཀུན་གྱིས་ཞི་བ་ཉིད་དུ་མཐོང༌། །དུ་མའི་སྐུ་མངའ་དམིགས་མེད་སྐུ་མངའ་བར། །ལྷ་དང་གནོད་སྦྱིན་གྱིས་མཐོང་དེ་ལ་འདུད། །ཅེས་པ་དང༌། རྣམ་སྣང་མངོན་བྱང་དུ་ཡང༌། གསང་བའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་ཁ་ཅིག་གིས་ནི་དབང་ཕྱུག་ ཆེན་པོའི་གཟུགས་སུ་མཐོང་ངོ༌། །ཁ་ཅིག་གིས་ནི་ཁྱབ་འཇུག་དང༌། ཁ་ཅིག་གིས་ནི་ཚངས་པ་དང༌། །ཁ་ཅིག་གིས་ནི་ལྟོ་འཕྱེ་ཆེན་པོའི་གཟུགས་སུ་མཐོང་ངོ༌། །ཞེས་སོགས་གསུངས་པས་འགལ་བ་ཡང་མེད་པར་སེམས་སོ། །གང་གིས་འདི་བྲིས་གང་གིས་བཀླགས་གྱུར་ཏམ། །རྟག་ཏུ་དེའི་དོན་ཡིད་ལ འཆང་བར་བྱེད་དམ། །དྲན་ནམ་གཞན་ལ་ཉན་པར་བྱེད་ཀྱང་རུང༌། །ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟ་དང༌། སྲིན་པོ་ལ་སོགས་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ། རྗེས་སུ་ཡི་རང་ངོ༌། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ 10-10-91b ཅད་རྣམ་པར་འཇོམས་པ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱནྟི་ཞི་བ་གརྦྷཱ་སྙིང་པོ་དང༌། བོད་ཀྱི་ལོ་ཙཱ་བ་ཛ་ཡ་རྒྱལ་བ། རཀྵི་ཏ་འཚོ་ས་བསྒྱུར་ཅིང་ཞུས། ཨཱ་ཙརྱ་སློབ་དཔོན་རྨ་རིན་ཆེན་མཆོག་ གིས་སྐད་གསར་གཅད་ཀྱིས་བཅོས་ནས་གཏན་ལ་ཕབ་པའོ། །སླད་ཀྱི་རྒྱ་གར་གྱི་མཁན་པོ་ཛི་ན་རྒྱལ་བའི་མི་ཏྲ་བཤེས་གཉེན་དང༌། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྣལ་འབྱོར་རྒྱུད་རྒྱལ་རྒྱ་མཚོ་ལྟ་ བུ་ལས། །ཐབས་མཁས་ཐུགས་རྗེ་ཅན་གྱི་སྟོན་པ་ཡིས། །དགོངས་ཟབ་ངན་སོང་སྦྱོང་བའི་བརྟག་པ་འདི། །ས་གསུམ་འགྲོ་བའི་རེ་སྐོང་མཆོག་ཡིན་ཡང༌། །ཐེག་པ་མཆོག་གི་ལམ་གྱི་གནད་རྣམས་དང༌། །རྒྱུད་དོན་ཇི་བཞིན་གཟིགས་པའི་དམ་པ་རྣམས། །ཕལ་ཆེར་ཞིང་ཁམས་གཞན་དུ་གཤེགས་པ་ཡིས། །ཟབ་མོའི་ རྒྱུད་འདིའང་རིང་མོ་ཞིག་ནས་ཉམས། །དེ་ཕྱིར་རྒྱུད་དོན་འཚོལ་བའི་བློ་གྲོས་དམན། །དབང་གིས་མ་སྨིན་དམ་ཚིག་བསྲུང་ལས་གཡེལ། །ཧྲལ་པོའི་སྤྱོད་པས་ཟས་འཚོལ་རྙེད་པའི་ཕྱིར། །རྒྱུད་ཀྱི་ཆོ་གར་རློམ་པའི་གཟུགས་བརྙན་གྱིས། །གསོན་གཤིན་སྒྲིབ་པ་སྦྱོང་བར་འདོད་ན་ནི། །གླང་ཆེན་མྱོས་པའི་སྣ་ལ་རལ་གྲི་ཡི། ། འཁོར་ལ་བཏགས་ནས་གཡུལ་དུ་བཏང་བ་བཞིན། །རང་གཞན་གཉིས་ཀ་ཕུང་བྱེད་བདུད་ཀྱི་གཤེད། །དྲི་མེད་དབང་ཐོབ་དམ་ཚིག་བསྲུང་ལ་བརྩོན། །ལྷ་དང་སྔགས་ཀྱི་དེ་ཉིད་དྲན་བྱེད་ཅིང༌། །རྒྱུད་དོན་ཤེས་པའི་ཆོ་ག་སྙིང་རྗེའི་བློས། །བྱེད་པ་དེ་ལ་སྔགས་མཁན་མཁས་པ་ཟེར། །དེ་ཕྱིར་རྒྱུད་འདི་ནུབ་པ་མ་བཟོད་ནས། ། རྒྱ་བོད་མཁས་པའི་ལེགས་པར་བཤད་པ་དང༌། །མཚུངས་མེད་བླ་མའི་མན་ངག་ལ་བརྟེན་ཏེ། །ཚུལ་བཞིན་དཔྱད་པའི་ལམ་ནས་བདག་གིས་བཤད། །རྒྱུད་ཀྱི་ཟབ་དོན་ཤིན་ཏུ་རྟོགས་པར་དཀའ། །བདག་ནི་བྱིས་པའི་ནང་ནས་བྱིས་པ་སྟེ། །དེ་ཕྱིར་འདི་ལ་ནོངས་པའི་ཚོགས་མཆིས་པ། །སྔགས་རིགས་ 10-10-92a མཁས་པ་རྣམས་ལ་སྙིང་ནས་འཆགས། །ཆུ་ལ་འདིར་འབད་པས་ཐོབ་པའི་དགེ་བ་ནི། །མཁའ་ལྟར་ཡངས་པ་གང་ཞིག་བསྐྲུན་པ་དེས། །རིང་ནས་གཉེན་དུ་གྱུར་པའི་དྲིན་ཅན་མ། །འགྲོ་རྣམས་སྒྲོལ་བའི་རྒྱལ་བར་བདག་གྱུར་ཅིག །དེ་ལྟར་མ་གྱུར་ཚེ་རབས་ཀུན་ཏུ་ཡང༌། །ལྷ་དང་བླ་མ་མཆོག་གིས་རྗེས་བཟུང་ཞིང༌། །ཐེག་ པ་མཆོག་གི་གནད་དོན་རྙེད་ནས་ནི། །བསྒྲུབས་པས་རྒྱལ་རྣམས་མཉེས་པར་བྱེད་པར་ཤོག །ལེགས་བཤད་རིན་ཆེན་འདིས་ཀྱང་ཐར་འདོད་ཀྱི། །ཡིད་ལ་རེ་བའི་བསམ་པ་སྐོང་བ་དང༌། །རྒྱལ་བའི་མཛད་པ་རིང་དུ་གནས་གྱུར་ནས། །དྲིན་ཅན་བླ་མའི་དགོངས་པ་རྫོགས་གྱུར་ཅིག། །བཅོམ་ལྡན་འདས་ངན་སོང་ཐམས་ཅད་ རྣམ་པར་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པའི་ཅུང་ཟད་རྣམ་པར་བཤད་པ་འདི། དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ། གཅིག་ཏུ་ཐུགས་དགོངས་སྒྲུབ་པ་ལ་གཞོལ་བ་འགའ་ཞིག་གིས། རྗེ་རིན་པོ་ཆེའི་མན་ངག་མཆན་བུར་གསལ་བ་ཞིག་བྱུང་ན་ཤིན་ཏུ་ཁྱད་ཆེ། ཞེས་ཡང་ཡང་བསྐུལ་བའི་ངོར། དམིགས་པ་མེད་ པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཤར་ཙོང་ཁ་པ་ཆེན་པོའི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་པ། རྒྱལ་སྟེངས་པ་དོན་གྲུབ་དཔལ་གྱིས། གྲ་མདའི་ཡང་དགོན་བྱམས་གླིང་བདེ་ཆེན་དུ་བཀོད་པའི་ཡི་གེ་པ་ནི་སྡོམ་བརྩོན་དགེ་སློང་ཡོན་ཏན་སེང་གེའོ།། །།འདིས་ཀྱང་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་རྒྱས་པར་ བྱེད་ནུས་པར་གྱུར་ཅིག།། །།མངྒ་ལཾ་བྷ་ཝནྟུ་ཤུ་བྷཾ།། 10-10-92b empty page 10-11-1a ༄༅། །ཀུན་རིག་ཆོ་གའི་ཟིན་བྲིས་བཞུགས་སོ།། 10-11-1b ༄༅། །ཞི་བའི་གསོལ་གདབ་སོ་སོར་བྱེད་པ་ལ། རྒྱས་པར་བྱེད་ན། ཤར་ནས་བརྩམས་ཏེ་ཅིག་ཅར་དུ་མཆོད་པ་བསང་སྦྱང་བྱིན་དབབ། དེ་ནས་བཞི་ནས་རིམ་པ་བཞིན་སྟོང་གསུམ་མ་ཕྱི་སྒེག །ནང་སྒེག །མཚན་བརྒྱས་བསྟོད་ པ་བྱས་ནས་དབྱངས་སོ་སོར་བྱ། ཕྱག་རྒྱ་དང་དྲིལ་སྟབས་ཐུན་མོང་དུ་བྱ། དེ་གྲུབ་ན་ཤར་ནས་ཉེར་སྤྱོད་དང་སྒེག་སོགས་བརྒྱད་བྱ། བསྟོད་པ་ཟིན་པ་དང་མཎྜལ་བཤམ། དེ་ནས་ལངས་ཏེ་དབུལ། བདག་གཞན་ནས་བཞེངས་སུ་གསོལ་ གྱི་བར་བརྗོད། རིགས་བསྡུས་གཉིས་ཡིན་ན་སྒོ་སོ་སོ་ནས་རིམ་པ་བཞིན་གསོལ་གདབ་བྱ། གཞན་ལ་སྒོ་ན་གནས་པ་རྣམས་ཀྱིས་དུས་གཅིག་ཏུ་ལངས་ནས་དབྱངས་རྐང་པ་གཉིས་གཉིས་བྱས་ནས་མཐར་ཚིགས་བཅད་ཐ་མ་ལ་ ལན་གཉིས་བྱེད། དེ་རྣམས་ལ་དབྱངས་ཀྱི་ཚེ་རིགས་ལྔའི་དྲིལ་སྟབས་དང་ཚིགས་བཅད་ཀྱི་ཚེ་རྫོགས་མཚམས་སུ་དྲིལ་གསིལ་རེ། དབྱངས་ཀྱི་ཐོག་མར་གཅེས་པ་ལ་དྲིལ་གསིལ་རེ། མཐར་གཡས་སྔོན་འགྲོའི་གཞི་བཅའ་འཇམ་པོ་ གར་སྐོར་དང་བཅས་པའི་མཐར་མཉམ་པ་བྱས་ནས་ཕྱག་འཚལ། དེ་ནས་ང་རྒྱལ་བཟུང་བ་ལ་རྐང་པ་གཉིས་གཉིས་ཕྱོགས་རེར་བྱེད་པ་ལ་དང་པོ་རྣམས་ལ་དྲིལ་སྟབས། གཉིས་པ་རྣམས་ལ་རྡོར་སེམས། རིན་ཆེན། ཆོས་རབ། ལས་རབ་ཀྱི་ཕྱག་ཆེན་འཆའ་ཞེས་བླ་མ་བཞེད། རྐང་པ་དང་པོ་གཉིས་ལ་གཡས་རོལ་དང༌། ལག་པ་རྣམ་སྣང་དང་རྡོར་སེམས་ཀྱི་ཕྱག་ཆེན་འཆའ་སྟེ་ཤར་དུའོ། །གསུམ་པ་གཡས་རོལ་དང་རྡོར་སེམས་ཀྱི་ཕྱག་ཆེན། བཞི་པ་ལ་ 10-11-2a གཡོན་བརྐྱང་དང་ལག་པ་ཧཱུཾ་མཛད་དེ་ལྷོ་རུའོ། །ལྔ་པ་ལ་ས་ག་དང་ཆོས་རབ་ཀྱི་ཕྱག་ཆེན་ཏེ་ནུབ་ཏུའོ། །དྲུག་པ་ལ་ཟླུམ་པོ་དང་རིན་ཆེན་གྱི་ཕྱག་ཆེན་ཏེ་བྱང་དུའོ། །བདུན་པ་ནི་གཉིས་པ་ལྟར་དང༌། བརྒྱད་པ་ལ་གཡོན་བརྐྱང་དང་ ལག་པ་རྡོར་སེམས་ཀྱི་ཕྱག་ཆེན་ཏེ་ཤར་དུ་བལྟས་ལ་བྱའོ་ཞེས་གཞན་དག་ཟེར་རོ། །དེ་ནས་མིག་རྐང་བྱིན་གྱིས་བརླབ། དཀྱིལ་འཁོར་གདེག །གནས་བཞི་བྱིན་གྱིས་བརླབ། རྡོར་སེམས་ཀྱི་ཕྱག་ཆེན་ལ་གནས་པས་བལྟ། དེ་ནས་ རྐང་པ་བྱིན་གྱིས་བརླབ་པ་འཕྲེང་བ་ལྟར་བྱས་ནས། ཧཱུཾ་རིང་པོའི་སྔགས་དང་སྣ་ཚོགས་རྡོ་རྗེའི་འགྲོས་ཀྱིས་བསྐོར་ལ། རི་རབ་ཀྱི་རྩེ་མོ་ནས་རླུང་གི་བར་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་གྱུར་ཅེས་བརྗོད། དེ་ནི་རྒྱས་པ་ལ་ཡང་དགོས་ལ་ འབྲིང་པོ་ལྟར་ན། དེ་ནས་མེ་ལྟར་འབར་བར་བསྐྱེད། ཁྲོ་བོ་སྤྱན་འདྲེན་དང་བསྟོད་པ་ལ་དཀྱིལ་འཁོར་ས་གཞི་མའི་དབྱངས་བྱས་ནས། རིམ་པ་བཞིན་སྤྱན་འདྲེན་དང་རིགས་ལྔའི་དྲིལ་གསིལ་བྱ། བསྐལ་པ་མེ་ལྟར་ལ་གདུག་པ་དྲག་ཅན་གྱི་ འགྲོས་བྱ། དཀྱིལ་འཁོར་ས་གཞི་མ་ལ་རང་གི་དབྱངས་ལྟར་ན་ས་ཆོག་གར་བྱ། ཉི་ཟླ་འོད་སྟོང་མ་བྱེད་ན་ཧཱུཾ་ལ་དྲིལ་གསིལ་དང༌། ཚིག་མགོ་ལ་ཡང་དེ་བྱ། དེ་ནས་འདེགས་འཇོག་གི་མཚམས་དང་བསྟུན་ལ་རིགས་ལྔའི་དྲིལ་གསིལ་བྱས་ ནས། མཐར་ཧཱུཾ་དང་པོ་གསུམ་ལ་གཡས་སུ་འགྲོ་བ་དང༌། ཕྱི་མ་བཞི་ལ་གཡོན་དུ་འགྲོ་བ་བྱ། ས་ཆོག་ལྟར་གར་བྱེད་ན་དང་པོར་ཧཱུཾ་མཛད། དེ་ནས་མདའ་གཞུ། དེ་ནས་རྡོར་ཞགས་བྱ། རྐང་པ་རེ་རེའི་ཚེག་པར་སྔོན་མ་ལ་མི་འདོགས་པར་དབྱངས་ 10-11-2b ཀྱི་འདེགས་མཚམས་ལ་གཡས་གཡོན་དུ་གདེག་གོ། དེ་ནས་བཀའ་བསྒོ་དང་པོའི་ཚིག་བགེགས་སྐྲོད་དང་བཅས་པ་བྱ། དེ་ནས་བསྣུན་བསྲེག་བཅིང་གསུམ་ནས། གུར་གྱི་བར་བྱ། དེ་ནས་དཀྱིལ་ཆོག་གི་རིམ་པ་ལྟར་བསང་ཆུའི་བར་དུ་བྱ་སྟེ། ས་ཆོག་གོ། བསྡུས་པ་ ནི། སྤྱན་འདྲེན་སོགས་དབྱངས་དང་བྲལ་བའོ། །རྒྱས་པ་ནི། འགྲོས་ཀྱི་འཕྲོས་ནས། སྟོང་གསུམ་མའི་ཉེར་སྤྱོད་གཞི་བཅའ་མེད་པ་གཞན་སྒེག་སོགས་དང་འདྲ་བ་ཞིག་དང༌། སྒེག་སོགས། དེ་ནས་རྡོ་རྗེ་རིགས་ཀྱི་མཚན་བརྒྱ་རྩ་ལ་སེམས་དཔའི་སྤྱི་འགྲོས་ དང་དབྱངས་བྱས་ནས་བསྟོད། འདིར་མཆོད་པ་བྱིན་རླབས་མི་བྱེད། གྲུབ་ན་སྒོ་དང་དབུས་ཀྱི་སློབ་དཔོན་རྣམས་ཕྱོགས་མདོག་གི་གོས་གྱོན་ཏེ་སློབ་དཔོན་རྣམས་སྔ་ནས་ཀྱང་དེ་ལྟར་རུང་ངོ༌། །དེ་ནས་གསོལ་གདབ་ལ་ཕྱོགས་སོ་སོ་ནས་དབྱངས་རེ་དང་ཚིགས་བཅད་ མ་གཉིས་གཉིས་བྱས། དབྱངས་ཀྱི་རྐང་པ་དང་པོ་གསུམ་ལ་རིགས་ལྔའི་དྲིལ་སྟབས། ཐ་མ་ལ་གར་བསྐོར་ནས་རྣམ་སྣང་གི་ཕྱག་ཚན་འཆའ། འདིར་མཎྜལ་འབུལ་བ་མེད། གསོལ་གདབ་འོག་མ་ལ་དབྱངས་འབའ་ཞིག་བྱེད། ཕྱག་རྒྱ་སོ་སོའི་དེ་མིན་པ་མི་ བྱེད། ཁྲོ་བོ་བཅས་ནས་ཟིལ་གནོན་གྱི་འགྲོས་ཟིན་པ་དང༌། མ་རུངས་པ་རྣམས་ཞེས་བརྗོད་དོ། །ཧཱུཾ་ཧྱེ་བའི་ཚེ་སྔོན་མ་གཞི་བཅའ་དྲག་པོ་དྲིལ་གསིལ་དང་བཅས་པས་གཡོན་བརྐྱང་བྱས་ནས། འཕར་ཐེབས་རེ་ལ་སྔགས་གཉིས་གཉིས། ཀུན་བཟང་ལ་གར་བསྐོར་ ནས་ཕྱག་ཆེན་འཆའ། ཞལ་བཞི་པ་ལ་སྔོན་ལ་དྲིལ་གསིལ་གཅིག །རིགས་ལྔའི་ཕྱག་ཆེན་འཆའ་བའི་ཚིག་རྐང་གཉིས་ཚན་རྣམས་ལ་དེ་ཉིད་དུ་བསྡད་ནས། དང་པོ་ལ་རིགས་ལྔའི་དྲིལ་སྟབས། གཉིས་པ་ལ་གར་བསྐོར་ནས་ཕྱག་ཆེན་བྱེད་དོ། །གནས་ 10-11-3a བཞི་བྱིན་རླབས་ཟིན་པ་དང་རྐང་པ་བྱིན་རླབས་དང་འགྲོས་སྔར་ལྟར་བྱས་ནས། གཞི་བཅའ་དྲག་པོ་ཧཱུཾ་དང་དྲིལ་གསིལ་དང་བཅས་པ་གཡོན་བརྐྱང་དང༌། ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ནས་ཁྲོ་བོའི་ལྟ་བས་བལྟ། ཁྲོ་བོ་ཉེར་དྲུག་ལ་སྔོན་ལ་ དྲིལ་གསིལ་རེ། སྔགས་དབྱངས་ལ་དྲིལ་གསིལ་མེད། མེ་ཏོག་འབུལ་བའི་རྐང་པ་ཐ་མ་ལ་གར་བསྐོར་ནས། མེ་ཏོག་ནས་གཞི་བཅའ་འཇམ་པོ་གཡས་རོལ་བྱ། ཁྲོ་བོའི་བསྟོད་པ་ལ་སེམས་དཔའི་ཕྱི་འགྲོས་ལྟར་བྱེད་ན་རྔ་མི་བརྡུང༌། རྔ་བརྡུང་བྱེད་ན། དང་པོ་ སྡོང་ཙ་ན་ཆེ་བ་གསུམ། དེ་ནས་འགྲོ་བ་སོགས་བྱའོ། །དེ་ནས་ཕྱག་རྒྱ་ལ་མགོར་དྲིལ་གསིལ་མེད། སྔགས་དབྱངས་ལ་གཡས་གཡོན་དུ་འཁྱེར་བ་རྣམས་ལ། གཡས་སུ་བཅས་ནས་གཡོན་དུ་ཁྱེར་བ་ནས་དྲིལ་གསིལ་རེ་བྱེད། སུ་ཁ་དྲེ་བཤར་བར་བྱེད། རྡོ་རྗེ་འཇིགས་བྱེད་ལ་སྔགས་དབྱངས་ཀྱི་ཚེ་གཡས་སྐོར་དུ་བསྐོར་ནས། ལུས་བསྒྱུར་བ་ན་ཡང་གཡས་སྐོར་དུ་བསྒྱུར་བས་ཁ་ནང་དུ་བལྟ། ལྷོ་ནས་ནུབ་ཏུ་འགྲོ་བ་ན་གཡོན་སྔོན་འགྲོ་ཐོག་མར་བྱེད། དེ་བྱེད་པ་ན་ཁ་ཕྱིར་བལྟ། གཡས་སྔོན་འགྲོས་ འགྲོ་བ་ན་སྔོན་ལ་ཁ་ནང་དུ། དེ་གཉིས་ལ་མཐར་དང་པོའི་ཁ་བལྟ་ལུགས་ལས་ལོག་པ་རེ་དགོས་སོ་ལོ། །ཕྱག་རྒྱའི་སྔགས་དབྱངས་ལ། དང་པོ་མདུན་མས་ཕར་ལ་འཐེན། ཕྱག་རྒྱ་ཟིན་པ་དང་སློབ་དཔོན་དབུས་སུ་ཕུར་བུ་བསྒྲུབ། སློབ་མ་རྣམས་ཀྱིས་ མཐའ་བསྐོར་ཞིང་འཛབ་བགྲང༌། བསྐུལ་ལོ་ཡན་གྱི་ཚེ་རྡོ་རྗེ་གཡོན་ནས་གཡས་སུ་འཁྱེར་བ་རེ་བྱེད། སྔགས་དབྱངས་ཀྱི་ཚེ་རྐང་པ་བསྣོལ་ཞིང་འགྲོ། དེ་ནས་དབུས་སུ་གཡས་སྔོན་འགྲོའི་གཞི་བཅའ་དྲག་པོ་ཧཱུཾ་དང་དྲིལ་གསིལ་རེ་ཡང་བྱས། ཧཱུཾ་ཧཱུཾ་ 10-11-3b ཞེས་བརྗོད་པ་དང་གཡས་པ་མདུན་དུ་ནུད་ནུད་བརྡབས་ནས་པུས་མོ་གཡོན་པ་བཙུགས་ནས་ཕུར་བུ་གདབ། དེ་ནས་ས་ཆོག་བཞིན་ནམ། ཡང་ན་ཕུར་བུ་རྣམས་དཀྱུས་ལ་བྱའོ་དོར་གདབ་བོ། །འདི་བྲིས་དགེ་བས་སངས་རྒྱས་མྱུར་ཐོབ་ཤིག། ། 10-12-1a ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རིན་པོ་ཆེའི་ཟ་མ་ཏོག་བཞུགས་སོ།། 10-12-1b ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་པའི་ཐབས་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོས་གཞན་གྱི་དབང་གྱུར་པས། ། ཤིན་ཏུ་ཞི་བའི་རྗེ་བཙུན་འཇམ་པའི་དབྱངས། །དྲག་པོའི་སྟོབས་ཀྱིས་བསྙེམས་པའི་གདུག་པ་ཅན། །འདུལ་ཕྱིར་ཤིན་ཏུ་ཁྲོས་པའི་སྐུར་བསྟན་པ། །དཔལ་ལྡན་བླ་མ་རྡོ་རྗེ་འཇིགས་བྱེད་ཀྱི། །ཞབས་ལ་བཏུད་ནས་དེ་ཡི་སྒྲུབ་པའི་ཐབས། །ཐག་ རིང་ཡུལ་ནས་མང་ཐོས་སྡོམ་བརྩོན་མཆོག །ངག་དབང་གྲགས་པས་བསྐུལ་ཕྱིར་འདིར་བཤད་བྱ། །འདིར་རྣལ་འབྱོར་པ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་སྤྱོད་པ་དང༌། བྱམས་པ་ལ་སོགས་པའི་སེམས་ཀྱིས་སེམས་ཅན་ གྱི་དོན་ལ་བརྩོན་པའི་བསམ་པ་རྣམ་པར་དག་པ་དང་ལྡན་པ། དད་པ་དང་ཐོས་པས་རྣམ་པར་བརྒྱན་ཅིང༌། ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་བ་ལེགས་པར་ཐོབ་ཅིང༌། ཁས་བླངས་པའི་དམ་ ཚིག་དང་སྡོམ་པ་སྲུང་བ་ལ་བརྩོན་པས། རྒྱུད་ལས་གསུངས་པའི་གནས་དགོན་པ་ལ་སོགས་པ་ཡིད་དང་མཐུན་པ་གང་ཡང་རུང་བར། དང་པོར་ཁྲུས་བྱ་ཞིང་མཎྜལ་བྱི་དོར་བྱ་མེ་ཏོག་གཅལ་དུ་དགྲམ། བྲིས་སྐུ་མདུན་དུ་བཤམས། སྟན་ བདེ་བ་ལ་ཁ་ལྷོར་ཕྱོགས་ཏེ་འདུག་ནས། བདུད་རྩི་རིལ་བུས་ཁ་དག་པར་བྱས་ཏེ། ལྷ་དང་འབྱུང་པོ་ལ་གཏོར་མ་ཕུལ་ལ་འཕྲིན་ལས་བཅོལ་ཏེ་གཤེགས་པར་བྱའོ། །དེ་ནས་རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ 10-12-2a པར་གསལ་བའི་ཐུགས་ཁར། པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས། འཇིག་རྟེན་གྱི་ཁམས་མུ་མེད་པ་གསལ་བར་བྱས་ནས། དེ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང༌། རིག་ པའི་ཚོགས་ཀྱིས་བསྐོར་བའི་རྡོ་རྗེ་འཇིགས་བྱེད། བླ་མ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་འོད་ཟེར་སྙིང་ཁར་བསྡུའོ། །དེ་ནས། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། ། རྡོ་རྗེ་ཅན་ཞབས་པད་ལ་འདུད། །གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཞེས་པས་བླ་མ་དང་ལྷ་ལ་ཕྱག་བྱ་སྙིང་གའི་ས་བོན་ གྱི་འོད་ཟེར་ལས་བྱུང་བའི་ཙརྩི་ཀ་དཀར་མོ། ཕག་མོ་སྔོན་མོ། དབྱངས་ཅན་མ་དམར་མོ། གཽ་རཱི་ལྗང་གུ་ཕྱག་ན་མཆོད་རྫས་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་མཆོད་པར་བསམས་ལ། ཨོཾ་ཧྲིཿཥཱཿཧས་མཆོད་ཡོན་དང༌། ཨོཾ་ཧཱུཾ་ཧཱུཾ་ ཕཊ་ཀྱིས་ཞབས་བསིལ། ཨོཾ་ཝི་ཀྲི་ཏཱ་ན་ན་དུཥྟཾ་སཏྭ་ད་མ་ཀ་གཿགཿགཿཡིས་དྲི། ཨོཾ་ཀུ་མཱ་རཱ་རཱུ་པ་ཎི་ཛ་ཛ་ཧཱུཾ་ཕཊ་ཀྱིས་མེ་ཏོག །ཨོཾ་ཧྲིཿཧཿཧཻ་ཕཊ་ཀྱིས་བདུག་སྤོས། ཨོཾ་དཱིཔྟ་ལོ་ཙ་ན་ཝི་ཀྲི་ཏཱ་ན་ན་མཧཱ་ཨཊྚཊྚ་ཧཱ་ས་ན་དི་ནི་དཱིཔྟ་ ཡ་སྭཱཧཱ་ས་མར་མེ། ཨོཾ་བཛྲ་ནེ་ཝི་དྱ་ཨཱཿཧཱུཾ་སྭཱཧཱས་ལྷ་བཤོས། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ་གིས་རོལ་མོ་རྣམས་དབུལ་ལ་ལྷ་མོ་རྣམས་སླར་བསྡུའོ། །དེ་ནས་སྡིག་པ་རྣམས་ནི་བཤགས་པར་བྱ། །སྐྱེས་ཤིང་བྱུང་བ་རྣམས་ནི་བསལ། ། 10-12-2b མི་བྱེད་པར་ཡང་སྤྱན་སྔར་བརྗོད། །དེ་བཞིན་བསོད་ནམས་རྗེས་ཡི་རང༌། །བདག་གིས་བདེ་འགྲོར་ཡོངས་སུ་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་བདག་གིས་དགྲོལ། །བྱང་ཆུབ་གནས་ལ་དགོད་པར་བགྱི། །བྱང་ཆུབ་སེམས་ནི་ ཡང་དག་བསྐྱེད། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་ནི་དབུལ་བར་བགྱི། །ཡང་དག་རྫོགས་པའི་སངས་རྒྱས་དང༌། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་བསྟེན་པར་བགྱི། །ཞེས་དེ་དག་གི་ དོན་ཡིད་ལ་བསམས་ལ་བརྗོད་དོ། །རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་དང་སྡོམ་པ་སྔར་བཟུང་བ་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་གཟུང་བར་བྱའོ་སྙམ་དུ་བསམས་ལ། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བདག་ལ་དགོངས་པར་མཛད་ དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པའི་བར་བརྗོད་ལ། སྡོམ་པ་གཟུང་བ་བརྟན་ པར་བྱ། དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང༌། དེ་བཞིན་དུ་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང༌། བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་དང༌། འཇིག་རྟེན་གྱི་ཆོས་བརྒྱད་དང་ གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་བཏང་སྙོམས་ལ་གནས་པར་བྱའོ་སྙམ་དུ་ཚད་མེད་པ་བཞི་བསྒོམས་ཏེ་བསོད་ནམས་ཀྱི་ཚོགས་བསག་པའོ། །དེ་ནས། ཨོཾ་སྭ་བྷཱ་ཝ་ཤུད་དྷཱཿསརྦ་དྷརྨཱཿསྭ་བྷཱ་བ་ཤུད་དྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་ 10-12-3a བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར། རྟག་ཆད་ལ་སོགས་པའི་མཐའ་བཞི་དང་བྲལ་བ། བདག་མེད་པའི་ལྟ་བ་དྲན་པར་བྱས་ནས། ཐ་མལ་པའི་སྣང་བ་མེད་པ་ལ་འཇུག་པར་བྱ་སྟེ་ཡེ་ཤེས་ཀྱི་ཚོགས་བསག་པའོ། །དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ལ་དགོད་པའི་སྔོན་གྱི་སྨོན་ལམ་དྲན་པར་བྱས་ལ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུ་ལྟ་བུ་ རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བའི་འཕྲེང་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་ བཞིར་རྡོ་རྗེས་མཚན་པའི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས། འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ལོགས་སུ་འཕྲོས་པས་རྡོ་རྗེའི་རྭ་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་སྟེ། ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་རང་བཞིན། བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་བསྐལ་པ་འཇིག་པའི་མེ་ལྟ་བུའི་ཁ་དོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བ་བསྒོམ་སྟེ། སྲུང་འཁོར་ཐུན་མོང་བའོ། །ཐུན་མོང་མ་ཡིན་ པའི་བསྲུང་འཁོར་སྒོམ་པར་འདོད་ན། ལཱ་ལི་ཏས་མཛད་པའི་སྒྲུབ་ཐབས་ལས་འབྱུང་བ་ལྟར་སྒོམ་དགོས་ཏེ་གཞན་དུ་བཤད་ཟིན་ཏོ། །རྭ་བའི་དབུས་སུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ 10-12-3b གྱིས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་དཀར་པོ་གྲུ་གསུམ་པ་གྱེན་དུ་འགྲེང་བ་འོག་ཏུ་ཕྲ་ཞིང་སྟོད་ཡངས་པ། འོག་ཟུར་ནས་བཾ་ལས་བྱུང་བའི་ སྣ་ཚོགས་པདྨའི་ལྟེ་བར། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར། ལྷོའི་རྭ་སེར། ནུབ་ཀྱི་རྭ་དམར། བྱང་གི་རྭ་ལྗང༌། དབུས་ཀྱི་ལྟེ་བ་སྔོན་པོས་བརྒྱན་པ་བསམ་མོ། །དེའི་དབུས་སུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་བྱུང་བའི་རྣམ་སྣང་དཀར་པོ་དཀར་ མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རྡོ་རྗེ་ལ་གནས་པའི་འཁོར་ལོ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་གྲུ་བཞི་ སྒོ་བཞི་པ། ཕྱི་རོལ་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་དང་ལྡན་པ། རྩིག་པའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་པས་མཛེས་པར་བྱས་པའི་རིན་པོ་ཆེའི་ཕ་གུས་བསྐོར་བའི་གཞལ་ཡས་ཁང་གི་ནང་དུ། རྡོ་རྗེའི་འཕྲེང་བས་ཟླུམ་པོར་བསྐོར་བ་ལ་ བརྟེན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་བཞིས་མཛེས་པར་ཕུབ་པ། རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པའི་ནང་གི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ། ཕ་གུའི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་ གྱི་ཁ་ནས་འཕྱང་བའི་རིན་པོ་ཆེའི་དྲ་བ་དང་དྲ་བ་ཕྱེད་པ་ལ་དྲིལ་བུ་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ་བ་དན་དང་རྒྱལ་ 10-12-4a མཚན་ལ་སོགས་པས་མཛེས་པར་བྱས་པ། རྩིག་པའི་མཐའ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་འགྲམ་སྟེགས་ཀྱི་རྣམ་པར་བསྐོར་བ་ལ་ལྷ་མོ་མཆོད་རྫས་ཐོགས་པ་རྣམས་འཁོད་ནས་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་ མཚམས་དང༌། འོག་གི་ཕྱི་ནང་གི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། སྒོ་བཞི་སོ་སོའི་མདུན་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས། སྣམ་བུ་བཅུ་གཅིག་དང་ལྡན་པའི་སྟེང་དུ་ཆོས་ཀྱི་འཁོར་ལོ། དེའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྡོ་རྗེའི་རྭ་བ་མེ་རི་དང་བཅས་པའི་ཕྱི་རོལ་ཏུ། གཏུམ་དྲག་ལ་སོགས་པའི་དུར་ཁྲོད་བརྒྱད་ན། ནཱ་ག་གེ་སར་གྱི་ཤིང་ངམ་ཤི་རི་ཥ་ལ་སོགས་པའི་ཤིང་བརྒྱད། དེའི་རྩ་བར་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བརྒྱད། རྩེ་མོར་རྫུ་འཕྲུལ་ཆེན་པོ་བ་གླང་པོ་ཆེའི་ གདོང་པ་ཅན་ལ་སོགས་པའི་ཞིང་སྐྱོང་བརྒྱད། ཐུགས་རྗེའི་ཆུ་བརྒྱད་དེ་ལ་གནས་པའི་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད། དེ་དག་གི་སྟེང་གི་ནམ་མཁའ་ལ་སྒྲོགས་པ་ལ་སོགས་པའི་སྤྲིན་བརྒྱད། ཡེ་ཤེས་ཀྱི་མེ་བརྒྱད། མཆོད་རྟེན་བརྒྱད། གཞན་ཡང་ ཀེང་རུས་དང༌། གསལ་ཤིང་གིས་ཕུག་པའི་རོ་དང༌། ཤིང་ལ་དཔྱངས་པ་དང༌། སྐྱེས་བུ་ཟ་བ་དང༌། མཚོན་གྱིས་ཕུག་པ་ལ་སོགས་པ་དང༌། བྱ་རོག་དང་བྱ་རྒོད་དང༌ཁྱི་དང་ཅེ་སྤྱང་དང༌། སེང་གེ་དང་སྟག་ལ་སོགས་པ་དང༌། ཅ་ཅོ་སྒྲོག་པའི་རོ་ལངས་དང༌། གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ། གྲུབ་པ་དང་རིག་པ་འཛིན་པ་དང་དམ་ཚིག་སྤྱོད་པའི་རྣལ་འབྱོར་པ་བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་ལྟ་བ། གཅེར་བུ་སྐྲ་བཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང་ 10-12-4b ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དུ་འཇུག་པ་སོགས་ཀྱིས་ཤིན་ཏུ་ངོ་མཚར་བར་བྱེད་པའི་དུར་ཁྲོད་རྣམས་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་ནང་གི་རེའུ་མིག་དགུ་པའི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ ནག་ལ་ཅུང་ཟད་དམར་བའི་མདོག་ཅན་གྱི་སྟེང་དང༌། ནང་གི་ཕྱོགས་གཞན་གསུམ་དང་སྒོ་བཞིར་སྣ་ཚོགས་པདྨ་དང་ཉི་མའི་གདན་ནང་གི་ཤར་དང་གྲྭ་བཞི་དང་ཕྱིའི་གྲྭ་བཞིར། སྣ་ཚོགས་པདྨ་དང་ཟླ་བའི་གདན་ཟུང་རེ་སྒོམ་སྟེ་རྟེན་བསྐྱེད་པའོ། ། གདན་དབུས་མའི་སྟེང་དུ་ཨ་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཆུ་ལས་ཆུ་བུར་གྱི་ཚུལ་དུ། དྷཱི་སེར་པོ་ལས་བྱུང་བའི་རལ་གྲིའི་དབུས་སུ་དྷཱིས་མཚན་པ་ལས། འོད་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ། ཡིད་ཙམ་ཁྲོས་པ་ཕྱག་གཡས་རལ་གྲི་ཕྱར་ཞིང༌། གཡོན་གྱིས་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་ བཞུགས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོ། །དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་ རྣམ་སྣང་ལ་སོགས་པའི་སངས་རྒྱས་དང༌། རྡོ་རྗེ་རྣོན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང༌། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་དང༌། སེམས་མ་རྡོ་རྗེ་མ་ལ་སོགས་པའི་རིག་པ་རྣམས་སྤྱན་དྲངས་ཏེ། འཇམ་དཔལ་དང་བཅས་པ་ 10-12-5a ཉི་མ་ལ་ཞུགས་པས་འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་མའི་དཀྱིལ་འཁོར་དུ་གྱུར། དེའི་སྟེང་དུ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་དང་ལྡན་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ལ་སོགས་པ་བཞི་སྤྱན་དྲངས་ནས་ཧཱུཾ་ལ་ ཞུགས་པ་ལས་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ། རྩེ་དགུ་པ་རྭ་ཤིན་ཏུ་གདེངས་པ་འོད་ཟེར་ལྔ་དང་ལྡན་པ། ལྟེ་བ་ལ་ཧཱུཾ་ཡིག་གིས་མཚན་པ། དེ་ལས་རྡོ་རྗེ་ཕྲ་མོའི་གཟུགས་སྤྲོས་པས་སངས་རྒྱས་ལ་སོགས་པ་བཞི་སྤྲོས་ཏེ། ནམ་མཁའི་ཁམས་ཐམས་ཅད་ ཏིལ་གྱི་གང་བུ་བཞིན་དུ་གང་བ། ཉི་མ་ལ་གནས་པས་སེམས་ཅན་རྣམས་སྨིན་པར་བྱས་ནས་རྡོ་རྗེ་འཇིགས་བྱེད་ཐོབ་པར་བྱས་པ་དང་ལྷན་ཅིག་ཏུ་འདུས་ནས་རྡོ་རྗེ་ལ་ཐིམ་པར་བསམ་མོ། །ཟླ་བ་དང་དེའི་སྟེང་གི་ཉི་མ་རྡོ་རྗེ་ས་བོན་དང་བཅས་པ་ཡོངས་སུ་ གྱུར་པ་ལས། རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ། སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། ཁམས་གསུམ་པོ་ཟ་བར་ ནུས་པ་ཧ་ཧ་ཞེས་སྒྲོག་ཅིང་ལྗགས་འདྲིལ་བ། མཆེ་བ་རྣམ་པར་གཅིགས་པ་ཁྲོ་གཉེར་ཅན། ཁྲོ་གཉེར་གྱི་འགྲམ་དུ། སྨིན་མ་དང་སྤྱན་འཇིག་པའི་དུས་ལྟར་འབར་བ། སྐྲ་ཁམ་སེར་གྱེན་དུ་བརྫེས་པ། འཇིག་རྟེན་དང་འཇིག་རྟེན་ལས་ འདས་པའི་ལྷ་ལ་སྡིགས་མཛུབ་བྱེད་པ། འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་པ། ཕཻཾ་ཀ་རའི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོག་པ། མིའི་ཁྲག་དང་ཞག་དང་རྐང་དང་ཚིལ་བུ་ཟ་བ། འཇིགས་སུ་རུང་བའི་ཐོད་པ་སྐམ་པོ་ལྔ་ཐོད་བྱས་ 10-12-5b ཤིང༌། མགོ་བོ་རློན་པ་ལྔ་བཅུའི་ཐོད་པའི་འཕྲེང་བས་བརྒྱན་པ། སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང་མི་རུས་ཀྱི་འཁོར་ལོ་དང༌། རྣ་ཆ་ལ་སོགས་པའི་རུས་པའི་རྒྱན་རྣམས་ཀྱིས་བརྒྱན་པ། གསུས་པ་ཆེ་བ་གཅེར་བུའི་གཟུགས་ཅན། སྨིན་མ་དང་རྫཾ་མ་དང་ སྨར་དང་བ་སྤུ་རྣམས་དུས་མཐའི་མེ་ལྟར་འབར་ཞིང༌། རྩ་ཞལ་ནག་པོ་མ་ཧེའི་གདོང་ཅན་ཤིན་ཏུ་ཁྲོས་པ་རྭ་རྣོན་པོ་ཅན། དེའི་སྟེང་མ་རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོ། རབ་ཏུ་འཇིགས་པ་ཞལ་ནས་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་ སེར་པོ་ཡིད་ཙམ་ཁྲོས་པ། གཞོན་ནུའི་རྒྱན་གྱིས་བརྒྱན་པ། སྤྱི་བོར་རལ་པ་ལྔ་དང་ལྡན་པ། རྭའི་རྩ་བའི་གཡས་ཀྱི་ཞལ་དང་པོ་སྔོན་པོ། དེའི་གཡས་ཞལ་དམར་པོ། གཡོན་ཞལ་སེར་པོ། རྭའི་རྩ་བའི་གཡོན་ཞལ་དང་པོ་དཀར་པོ་དེའི་གཡས་ཞལ་དུད་ཁ། གཡོན་ ཞལ་ནག་པོ། ཞལ་རྣམས་ཤིན་ཏུ་ཁྲོས་པ། ཞལ་དགུ་པོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ལྡན་པའོ། །ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་མགོ་གཡས་དང༌། སྤུ་ཕྱིར་བསྟན་ཏེ་ལག་པ་དང་རྐང་པའི་པགས་པ་གཡོན་ པ་ནས་བརྐྱངས་ཏེ་འཛིན་པ། ལྷག་མ་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་བྷི་དྷི་པཱ་ལ། གསུམ་པ་ན་གཏུན་ཤིང༌། བཞི་པ་ན་ཆུ་གྲི། ལྔ་པ་ན་ཀ་ན་ཡ། དྲུག་པ་ན་དགྲ་སྟ། བདུན་པ་ན་མདུང༌། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱུག་ཏོ། བཅུ་གཅིག་པ་ན་ཁ་ཊྭཱཾ་ག །བཅུ་གཉིས་པ་ན་འཁོར་ལོ། བཅུ་གསུམ་པ་ན་རྡོ་རྗེ་རྩེ་ལྔ་པ། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ། བཅོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཅང་ཏེའུ་བསྣམས་ཤིང༌། ལྷག་མ་གཡོན་གྱི་དང་པོ་ན་ཁྲག་གིས་བཀང་བའི་ཐོད་པ། གཉིས་པ་ན་ 10-12-6a ཚངས་པའི་མགོ་བོ། གསུམ་པ་ན་ཕུབ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་ པ། བཅུ་གཉིས་པ་ན་མེ་ཐབ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པ་ན་སྡིགས་མཛུབ། བཅོ་ལྔ་པ་ན་འཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་རས་བསྣམས་པའོ། །ཞབས་གཡས་ཀྱི་དང་པོས་མི། གཉིས་པས་མ་ཧེ། གསུམ་པས་གླང༌། བཞི་པས་ བོང་བུ། ལྔ་པས་རྔ་མོང༌། དྲུག་པས་ཁྱི། བདུན་པས་ལུག །བརྒྱད་པས་ཝ་དང༌། གཡོན་གྱི་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག །བཞི་པས་ནེ་ཙོ། ལྔ་པས་ཁྲ། དྲུག་པས་བྱ་ཆེན་པོ། བདུན་པས་ཁྱིམ་བྱ། བརྒྱད་པས་བཞད་མནན་ པ། ཚངས་པ་དང་དབང་པོ་དང༌། ཁྱབ་འཇུག་དང་དྲག་པོ་དང༌། གཞོན་ནུ་གདོང་དྲུག་དང་ལོག་འདྲེན་དང༌། ཟླ་བ་དང་ཉི་མ་ཁ་སྦུབ་ཏུ་བྱས་ཏེ། ཞབས་འོག་ཏུ་མནན་ནས་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པར་བསམ་མོ། །རང་ཉིད་དམ་ཚིག་ སེམས་དཔའི་ཐུགས་ཁར་ཟླ་གང་ན་ལ་ཡེ་ཤེས་སེམས་དཔའ་སྔར་དང་འདྲ་བའི་འཇམ་དབྱངས་ཀྱི་ཐུགས་ཁར། ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ཁ་འོད་ཟེར་ལྔ་འཕྲོ་བ་བསམ་ མོ། །དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་སྔོན་མོ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང༌། གཡོན་ཐོད་པ་གདུག་པའི་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། ཐོད་སྐམ་ལྔས་དབུ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་ 10-12-6b ཤལ་ཅན་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་ཞིང་གཡོན་པས་ཡབ་ལ་འཁྱུད་པ། ཡབ་ཀྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ཨོཾ་ལས་བྱུང་བའི་ནོར་བུ་བུ་ག་ཕཊ་ཀྱིས་བཀག་པ། ཡུམ་གྱི་གསང་ནས་མི་དམིགས་ པ་ལས་ཧཱུཾ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ། ཨཱཿལས་བྱུང་བའི་ཟེའུ་འབྲུ་བུ་ག་ཕཊ་ཀྱིས་བཀག་པར་བསམས་ལ། ཕན་ཚུན་རྗེས་སུ་ཆགས་པས་སྙོམས་པར་ཞུགས་པའི་དགའ་བ་བརྩམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་ངའོ་སྙམ་དུ་རྗེས་ཆགས་ཀྱི་ང་རྒྱལ་བྱའོ། །དེ་ནས་རང་གི་ཐུགས་ཀའི་ཧཱུཾ་ཡིག་གི་འོད་ཟེར་གྱི་ལྕགས་ཀྱུས་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་བཀུག་ ནས་རང་གི་ཞལ་དུ་བཅུག །ཐུགས་ཁར་འོད་དུ་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་པའི་ཐིག་ལེ་ཆ་གཅིག་ཡ་འམ་བྷྲུཾ་དུ་གྱུར་པ་ལས། གཞལ་ཡས་ཁང་གདན་དང་བཅས་པ་སྔར་བཞིན་བསྐྱེད། ཐིག་ལེ་གཞན་གདན་རྣམས་ཀྱི་སྟེང་དུ་ཆ་བཅུ་ བདུན་དུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་ཧཱུཾ་མ་མ་ཡ། ནང་གི་ཤར་དུ་ཀྵེ་ལྷོར་མ་ནུབ་ཏུ་མེ་བྱང་དུ་ར། ཤར་ལ་སོགས་པའི་སྒོ་བཞིར་ཡ་ཙ་ནི་ར་དང༌། ནང་གི་ཤར་ལྷོ་ནས་བརྩམས་པའི་གྲྭ་བཞིར་ཛ་ས་དོ་རུ་དང༌། དེའི་ཕྱིའི་གྲྭ་བཞིར་ཎ་ཡོ་ ནི་ར་སྟེ་ཡི་གེ་བཅུ་བདུན་དུ་གྱུར། ཡི་གེ་ཕྱི་མ་བཞི་མ་གཏོགས་པ་རྣམས་ཡོངས་སུ་གྱུར་པ་ལས། དབུས་དང་ནང་གི་ཕྱོགས་བཞིར་རིམ་པ་བཞིན།། རྡོ་རྗེ་འཁོར་ལོ་རིན་པོ་ཆེ་པདྨ་རལ་གྲི་དང༌། ཤར་ལ་སོགས་པའི་སྒོ་བཞིར་རིམ་པ་བཞིན་ཐོ་བ་དབྱིག་ 10-12-7a པ་པདྨ་རལ་གྲི་དང༌། ནང་གི་ཤར་ལྷོ་ནས་བརྩམས་ཏེ་རིམ་པ་བཞིན་འཁོར་ལོ་རྡོ་རྗེ་པདྨ་རལ་གྲིར་གྱུར་ཏེ། རང་རང་གི་ས་བོན་གྱིས་མཚན་པ་འོད་ཟེར་འཕྲོ་ཞིང་འདུ་པར་བསམ་མོ། །ཕྱག་མཚན་ས་བོན་གྱིས་མཚན་པ་རྣམས་ཡོངས་ སུ་གྱུར་པ་ལས་ལྷ་རང་རང་གི་སྐུར་རྫོགས་པ་ནི། དབུས་སུ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་ནི་སྔར་བཞིན་ནོ། །ནང་གི་ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་ལྷག་མ་གཡས་གཉིས་འཁོར་ལོ་རལ་ གྲི། གཡོན་གཉིས་ནོར་བུ་པདྨ་འཛིན་པ། ལྷོར་སེར་སྣ་གཤིན་རྗེ་གཤེད་སེར་པོ་སེར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་ནོར་བུ་རལ་གྲི། གཡོན་གཉིས་འཁོར་ལོ་པདྨ་འཛིན་པ། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་ དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་པདྨ་རལ་གྲི། གཡོན་གཉིས་ནོར་བུ་འཁོར་ལོ་འཛིན་པ། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་གུ་ལྗང་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་ གཉིས་རལ་གྲི་འཁོར་ལོ། གཡོན་གཉིས་ནོར་བུ་པདྨ་འཛིན་པ། ཤར་སྒོར་ཐོ་བ་གཤིན་རྗེ་གཤེད་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་ཐོ་བ་སྔོན་པོ་རྭ་ཉི་ཤུ་པ་དང་རལ་གྲི། གཡོན་གཉིས་ནོར་བུ་པདྨ་ འཛིན་པ། ལྷོ་སྒོར་དབྱུག་པ་གཤིན་རྗེ་གཤེད་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་དབྱུག་པ་རལ་གྲི། གཡོན་གཉིས་པདྨ་འཁོར་ལོ། ནུབ་སྒོར་པདྨ་གཤིན་རྗེ་གཤེད་དམར་པོ་དམར་སྔོ་དཀར་བའི་ 10-12-7b ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་པདྨ་རལ་གྲི། གཡོན་གཉིས་འཁོར་ལོ་ནོར་བུ་འཛིན་པ། བྱང་སྒོར་རལ་གྲི་གཤིན་རྗེ་གཤེད་ལྗང་གུ་ལྗང་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་གཉིས་རལ་གྲི་འཁོར་ལོ། །གཡོན་གཉིས་ ནོར་བུ་པདྨ་འཛིན་པ། ཡབ་བརྒྱད་པོ་ཐམས་ཅད་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། འབར་བའི་མཆེ་བ་བཞི་བཞི་རབ་ཏུ་གཙིགས་ ནས། ལྗགས་རྣམ་པར་འདྲིལ་ཞིང་འོད་ཟེར་རབ་ཏུ་འཕྲོ་བ། མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་ཤིང༌། འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། རིགས་ལྡན་ཁྲ་བོས་དཔུང་པ་བརྒྱན་ཞིང༌། དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། པདྨ་དཀར་པོས་མགུལ་ རྒྱན་བྱས་ཤིང༌། སྟོབས་ཀྱི་རྒྱུ་ལྗང་གུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐ་རགས་བྱས་ཤིང༌། པདྨ་ཆེན་པོ་དཀར་པོས་ཞབས་གདུབ་བྱས་པ། ཀླུ་བརྒྱད་པོ་ཐམས་ཅད་ཕུད་ཀྱི་སྒྲ་སྒྲོག་ཅིང་ལྕེ་གཉིས་པ་དུག་ དང་ལྡན་པའི་མཆེ་བའི་འཕྲེང་བ་ཅན་ནོ། །ནང་གི་ཤར་ལྷོར་ཙ་རྩི་ཀ་དཀར་མོ་ཤིན་ཏུ་སྐེམ་ཞིང་དྲག་ཏུ་ཁྲོས་པ། གཏི་མུག་གཤིན་རྗེ་གཤེད་ལྟ་བུ། ལྷོ་ནུབ་ཏུ་ཕག་མོ་སྔོན་མོ་ཕག་གདོང་ཅན། སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་ལྷག་མ་གཡས་ གཉིས་རྡོ་རྗེ་རལ་གྲི། གཡོན་གཉིས་འཁོར་ལོ་པདྨ་འཛིན་པ། ནུབ་བྱང་དུ་དབྱངས་ཅན་མ་དམར་མོ་ཞི་བའི་ཆ་བྱད་ཅན། འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། བྱང་ཤར་དུ་གཽ་རཱི་ལྗང་གུ་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ། ཕག་མོ་དང་གཽ་རཱི་གཉིས་སྦོམ་ 10-12-8a ཞིང་ཐུང་ལ་གསུས་པ་འཕྱང་བའོ། །ཐམས་ཅད་ཀྱི་ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲའི་ཡུམ་དང་ཡབ་ལ་འཁྱུད་པ། ཕྱིའི་གྲྭ་བཞིའི་ཡི་གེ་བཞི་ཡོངས་སུ་གྱུར་པ་ལས། མིའི་ཐོད་པ་བདུད་རྩིས་གང་བ་བཞིའོ། །ཧྲཱིཿ ཥྚྲིས་གཙོ་བོ་ཡབ་ཡུམ་བསྐུལ་དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་འཕྲོས་ཏེ་ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་ཞེ་སྡང་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། ཨོཾ་ཛི་ན་ཛིཀ་གིས་གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ་བསྐུལ་དཔག་ཏུ་མེད་པར་གྱུར། ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་ཕྱུང་སྟེ། སེམས་ཅན་རྣམས་ཀྱི་གཏི་མུག་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད་ནས་ནང་གི་ཤར་གྱི་གདན་ལ་འཁོད། དེ་བཞིན་ དུ་ཀུན་ལ་སྦྱར་ཏེ། ཨོཾ་རད་ན་དྷིཀ་གིས་སེར་སྣ་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུང༌། ང་རྒྱལ་དང་སེར་སྣ་སྦྱངས། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད་ནས་ལྷོར་འཁོད། ཨོཾ་ཨཱ་རོ་ལིཀ་གིས་འདོད་ཆགས་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུང༌། འདོད་ ཆགས་སྦྱངས། སོ་སོར་རྟོག་པའི་ཡེ་ཤེས་ལ་བཀོད་ནས་ནུབ་ཏུ་འཁོད། ཨོཾ་པྲ་ཛྙཱ་དྷྲིཀ་གིས་ཕྲག་དོག་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུང༌། ཕྲག་དོག་སྦྱངས། བྱ་བ་སྒྲུབ་པའི་ཡེ་ཤེས་ལ་བཀོད་ནས་བྱང་དུ་འཁོད། ཨོཾ་མུད་ག་ར་དྷིཀ་གིས་ཐོ་བ་གཤིན་རྗེ་ གཤེད་ཡབ་ཡུམ་ཕྱུང༌། སེམས་ཅན་རྣམས་ཀྱི་ཕུང་པོའི་བདུད་བཅོམ། དད་པའི་སྟོབས་ལ་བཀོད་ནས། ཤར་སྐྲོའི་དབུས་སུ་འཁོད། ཨོཾ་དཎྜ་དྷིཀ་གིས་དབྱུག་པ་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུང༌། ཉོན་མོངས་པའི་བདུད་བཅོམ། བརྩོན་འགྲུས་ཀྱི་སྟོབས་ 10-12-8b ལ་བཀོད་ནས། ལྷོ་སྒོར་འཁོད། ཨོཾ་པདྨ་དྷིཀ་གིས་པདྨ་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུང༌། འཆི་བདག་གི་བདུད་བཅོམ། དྲན་པའི་སྟོབས་ལ་བཀོད་ནས། ནུབ་སྒོར་འཁོད། ཨོཾ་ཁངྒ་དྷིཀ་གིས་རལ་གྲི་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུང༌། ལྷའི་བུའི་བདུད་བཅོམ། ཏིང་ངེ་འཛིན་གྱི་སྟོབས་ལ་བཀོད་ནས་བྱང་སྒོར་འཁོད། ཨོཾ་མོ་ཧ་ར་ཏིས་ཙ་རྩི་ཀ་ཕྱུང༌། སེམས་ཅན་རྣམས་ཀྱི་སའི་ཁམས་སྦྱངས། བྱམས་པ་ཚད་མེད་པ་ལ་བཀོད་ནས་ནང་གི་ཤར་ལྷོའི་གྲྭར་འཁོད། ཨོཾ་དྭེ་ཥ་ར་ཏིས་ཕག་མོ་ཕྱུང༌། ཆུའི་ཁམས་སྦྱངས། སྙིང་རྗེ་ཚད་མེད་ལ་བཀོད་ནས། ལྷོ་ནུབ་ཏུ་འཁོད། ཨོཾ་རཱ་ག་ར་ཏིས་དབྱངས་ཅན་མ་ཕྱུང༌། མེའི་ཁམས་སྦྱངས། དགའ་བ་ཚད་མེད་ལ་བཀོད་ནས། ནུབ་བྱང་དུ་འཁོད། ཨོཾ་བཛྲ་ར་ཏིས་གཽ་རཱི་ཕྱུང༌། རླུང་གི་ཁམས་སྦྱངས། བཏང་སྙོམས་ཚད་མེད་ལ་བཀོད་ནས་ བྱང་ཤར་དུ་འཁོད། ཨོཾ་ཨཱཿཧཱུཾ་གིས་ཐོད་པ་བཞི་ཕྱུང༌། ཡུལ་དྲུག་གི་དྲི་མ་སྦྱངས་ནས་ཕྱིའི་གྲྭ་བཞིར་འཁོད། ཨོཾ་ཨཱཿཧཱུཾ་གིས་གཞལ་ཡས་ཁང་ཕྱུང༌། སྣོད་ཀྱི་སྐྱོན་སྦྱངས། བདེ་བ་ལ་གནས་པ་རྣམས་བརྟན་པར་བྱས་ནས། དམ་ཚིག་གི་གཞལ་ ཡས་ཁང་ལ་ཐིམ་པར་བསམ་མོ། །དེ་ནས་གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ། ཀྵིཾ་དང་འཁོར་ལོ་ལས། རྡོ་རྗེའི་མིག་གཏི་མུག་གཤིན་རྗེ་གཤེད་ལྟ་བུ། རྣ་བ་གཉིས་སུ་ཛྲི་དང་རྡོ་རྗེ་ལས། རྡོ་རྗེའི་རྣ་བ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་གྲི་གུག་དང་ཐོད་པ་འཛིན་ཅིང༌། ལྷག་མ་གཡས་གཉིས་རྡོ་རྗེ་རལ་གྲི། གཡོན་གཉིས་འཁོར་ལོ་པདྨ་འཛིན་པ། སྣ་གཉིས་སུ་ཁཾ་དང་རིན་པོ་ཆེ་ལས། རྡོ་རྗེའི་སྣ་སེར་སྣ་གཤིན་རྗེ་གཤེད་ལྟ་བུ། ལྕེའི་རྩ་བར་རཾ་དང་གཾ་གང་རུང་དང་ 10-12-9a པདྨ་ལས། རྡོ་རྗེའི་ལྕེ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། དཔྲལ་བར་ཀཾ་དང་རལ་གྲི་ལས་རྡོ་རྗེའི་ལུས་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ། ལྟེ་བར་སཾ་དང་རྡོ་རྗེ་ལས། རྡོ་རྗེའི་ཡིད་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ། ཕྱག་དྲུག་གི་ དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་ཅིང༌། ལྷག་མ་གཡས་གཉིས་རྡོ་རྗེ་རལ་གྲི། གཡོན་གཉིས་འཁོར་ལོ་པདྨ་འཛིན་པ་སྟེ། ཐམས་ཅད་ཀྱང་པད་ཟླ་ལ་གནས་པའོ། །ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བའི་ ནང་དུ། ཧཱུཾ་དང་རྡོ་རྗེ་ལས་ཐུགས་རྡོ་རྗེ་རྡོ་རྗེའི་རྣ་བ་ལྟ་བུ། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ། ཨཱཿདང་པདྨ་ལས་གསུང་རྡོ་རྗེ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་དབུས་སུ། ཨོཾ་དང་འཁོར་ལོ་ལས་སྐུ་རྡོ་རྗེ་གཏི་མུག་གཤིན་རྗེ་གཤེད་ལྟ་བུ་བསྐྱེད། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ། ནམ་མཁར་བཞུགས་པ་ལ་སྔར་བཞིན་མཆོད་ནས། འོད་ཟེར་གྱིས་བཀུག་སྟེ་རང་ རང་གི་རྡོ་རྗེ་གསུམ་ལ་རིམ་པ་བཞིན་ཐིམ་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི། རྡོ་རྗེ་གསུམ་གྱི་ངོ་བོ་ང་ཡིན་ནོ་སྙམ་དུ་ང་རྒྱལ་བྱའོ། །དེ་ནས་ཧཱུཾ་ཡིག་ལས་འོད་ཟེར་སྤྲོ་ཞིང་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ཨོཾ་ཧྲཱིཿཧཱ་བྷོ་མ་ཧཱ་ཀྲོ་དྷ་ཨཱ་གཙྪ་ཨཱ་གཙྪ་ཨསྨཱ་ད་པཱུ་ཛ་པྲ་ཏི་གྲྀཧྞནྟུ་པྲ་སཱ་ད་མེ་དྷཱི་མན་ཀུ་རུ་སྭཱཧཱ། ཞེས་ 10-12-9b བརྗོད་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། ཧྲཱིཿཥྚྲཱིཿའི་སྔགས་བརྗོད་ལ་ཁྲོ་བོ་སྤྲོས་ཏེ་ཕྱི་འབྲང་གི་བགེགས་ཚར་བཅད་ལ་བསྲུང༌། སྔར་བཞིན་མཆོད་ནས། ཨོཾ་མུད་ག་ རཱ་ཛཿ ཞེས་པའི་སྔགས་ཀྱིས་དམ་ཚིག་པ་སོ་སོའི་སྤྱི་བོར་དགུག །ཨོཾ་དཎྜ་ཧཱུཾ་གིས་དམ་ཚིག་པ་སོ་སོ་ལ་གཞུག །ཨོཾ་པདྨ་བཾ་གྱིས་དམ་ཚིག་པ་སོ་སོ་དང་དབྱེར་མེད་དུ་བཅིང༌། ཨོཾ་ཁཌྒ་ཧོཿས་དབང་དུ་བྱའོ། །དེ་ནས་སྔར་གྱི་ཕྱག་རྒྱ་ལ་སོགས་པས། ཕྱོགས་ བཅུ་ན་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་ལ་སྔར་བཞིན་མཆོད་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་ཙ་རྩི་ཀ་ལ་སོགས་ པ་རྣམས་ཀྱིས་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས། ཟླ་བ་ལྟ་བུའི་བུམ་པ་དཀར་པོ་བདུད་རྩི་ལྔས་བཀང་བ་བཟུང་ནས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །སྐྱེ་བས་ཐོབ་པའི་དབང་བསྐུར་བ། །ཇི་ལྟར་དེ་བཞིན་བདག་གིས་ནི། །དག་པ་ལྷ་ཡི་ཆུས་ དབང་བསྐུར། །ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས། དབང་གི་ཆུས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག་ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། གཙོ་བོའི་རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པ། ལྷ་གཞན་ཤར་དང་ཤར་ ལྷོ་བ་རྣམས་ལ་རྣམ་སྣང༌། ལྷོ་དང་ལྷོ་ནུབ་པ་རྣམས་ལ་རིན་འབྱུང༌། ནུབ་དང་ནུབ་བྱང་བ་རྣམས་ལ་འོད་དཔག་མེད། བྱང་དང་བྱང་ཤར་བ་རྣམས་ལ་དོན་གྲུབ་ཀྱིས་དབུ་བརྒྱན་ཅིང༌། དབང་གི་ལྷ་རྣམས་རང་ལ་ཐིམ་པར་བསམ་སྟེ། ཡེ་ཤེས་པ་ 10-12-10a གཞུག་ཅིང་དབང་བསྐུར་བའོ། །དེ་ནས་མཆོད་པ་རྣམས་ཧྲཱིཿཥྚྲཱིཿས་བསངས༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པའི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་རྫས་རྣམས། རང་བཞིན་སྟོང་པ་རྣམ་པ་ མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་བསྐྱེད་ནས། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་ལ། སྔར་བཤད་པ་བཞིན་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་དོ། །སློབ་དཔོན་ཛྙཱ་ ན་ཨ་ཀ་རས། ཨོཾ་ཡ་མཱནྟ་ཀ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་སོགས་ཀྱི་སྙིང་པོའི་མཇུག་ཏུ་བཏགས་ནས་འབུལ་བ་ཡང་བཤད་དོ། །དེ་ནས་ནང་མཆོད་གཏོར་མ་བཞིན་བྱིན་གྱིས་བརླབས་ལ། ཐོག་མར་རྩ་བའི་བླ་མ་དང༌། དེ་ནས་བརྒྱུད་པའི་བླ་མ་རྣམས་ ཀྱི་མཚན་གྱི་མཐར་ཨོཾ་ཨཱཿཧཱུཾ་བཏགས་ལ་དབུལ། དེ་ནས་ལྷ་སོ་སོའི་སྔགས་ལ་ཡི་གེ་གསུམ་བཏགས་ལ་དབུལ། དེ་ནས་ཆོས་སྐྱོང་རྣམས་ལ་དབུལ་ཞིང༌། སེམས་ཅན་ཐམས་ཅད་ཀྱང་ལྷར་བསྐྱེད་ལ་དབུལ་ལོ། །དེ་ནས་ཕྱོགས་བཅུའི་སངས་ རྒྱས་ཐམས་ཅད་སྤྱན་དྲངས་ཏེ་རང་གི་ལུས་ལ་གཞུག་ལ། སྙིང་པོ་ལ་ཡི་གེ་གསུམ་བཏགས་པ་བརྗོད། ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་འོད་ཟེར་གྱི་སྦུ་གུ་ཅན་གྱིས་དྲངས་ནས་ལོངས་སྤྱད་པར་བསམ་ཞིང༌། བདུད་རྩི་ལྕེ་ཐོག་ཏུ་བཞག་པ་ མྱངས་པས། ལུས་ཀྱི་ལྷ་ཐམས་ཅད་ཆིམ་པར་བསམ་མོ། །དེའི་ཚེ་མཆོད་བྱ་མཆོད་བྱེད་མཆོད་པ་ཐམས་ཅད་རང་བཞིན་མེད་བཞིན་དུ་སྣང་བ། སྒྱུ་མ་བཞིན་དུ་བལྟ་བར་བྱ་སྟེ་མཆོད་པའོ། །འཁོར་གྱི་ལྷ་རྣམས་ཀྱིས་གཙོ་བོ་ལ། བྲག་ཆའི་དབྱང་ 10-12-10b བཞིན་དུ་བསྟོད་པར་བསམས་ལ། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ། །ཆོས་ཀྱི་དབྱིངས་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས། །ཕྱག་འཚལ་འཇམ་དཔལ་ དཔལ་གྱུར་རྫོགས་པ་ཁྱོད། །ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང༌། །སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེས་ཐབས་ཀྱིས་ཁྲོ་རྒྱལ་སྐུར་བསྟན་པ། །འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དོ། ། དེ་ནས་གཙོ་བོས་ཀྱང་འཁོར་རྣམས་ལ། གཤིན་རྗེ་གཤེད་པོ་རབ་འཇིགས་པ། །གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། ། རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །རྡོ་རྗེ་གསུང་དང་རབ་མཚུངས་པ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་ གཤེད་པོ་ལས་ཀུན་པ། །རྡོ་རྗེ་སྐུ་དང་རབ་མཚུངས་པ། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ནས། ཡང་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་གཙོ་བོ་ལ། སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། ། སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །དེ་ལྟར་རེ་རེ་ནས་གསལ་འདེབས་པའི་དཔྱད་ནས་སྒོམ་པ་དང༌། རྣམ་པ་གསལ་བ་ལ་རྩེ་གཅིག་ཏུ་འཇོག་པའི་སྒོམ་པ་གཉིས་ཀྱིས་གསལ་སྣང་ 10-12-11a བསྒྲུབ་ཅིང༌། བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་དོ་སྙམ་དུ་ངེས་པ་ཤུགས་ཅན་བསྐྱེད་པ་ལ་འཇོག་པའི་ང་རྒྱལ་བརྟན་པར་བྱེད་པ་གཉིས་ཀ་བསྒོམ་པར་བྱ་བ་ནི་རྒྱ་ཆེ་བ་ལ་བསླབ་པའོ། །སྒོམ་པ་པོ་དང་བསྒོམ་བྱ་དང་སྒོམ་རྣམས་བརྟགས་ ན་ཡང་དག་པར་ཅིར་ཡང་མ་གྲུབ་བཞིན་དུ། སྣང་བ་སྒྱུ་མ་ལྟ་བུའི་དོན་ལ་འཇོག་པའི་དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་མཉམ་པར་འཇོག་པ་ནི། དམིགས་པ་ལྷའི་སྐུ་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་ངེས་པའི་རྒྱུན་སྐྱོང་བ་ཡིན་པས། ཟབ་པ་དང་རྒྱ་ ཆེ་བ་གཉིས་ཀ་ལ་སློབ་པ་སྟེ། དེ་དག་ནི་རགས་པ་ལ་སེམས་འཛིན་པའོ། །དེ་ལྟར་བསྒོམས་ནས་ཏིང་ངེ་འཛིན་ཁྱད་པར་ཅན་བསྐྱེད་པའི་ཕྱིར། སྟེང་དང་འོག་གི་སྣ་རྩེར་ཟླ་བ་ལ་གནས་པའི་རྡོ་རྗེ་སྔོན་པོ་ཡུངས་ཀར་གྱི་འབྲུ་ཚད་ཙམ་ལ་སེམས་ བཟུང་ནས་བརྟན་པ་ན། དེ་ལས་ཕྱག་མཚན་མང་པོ་སྤྲོ་ཞིང༌། སླར་ཡང་རྩ་བའི་ཕྱག་མཚན་ལ་སྡུད་པ་ནི་ཕྲ་མོ་ལ་སེམས་འཛིན་པ་ཡིན་ཏེ། སེམས་བཟུང་བའི་རིམ་པའོ། །དེ་ལྟར་བསྒོམས་པས་སྐྱོན་དག་པ་དྲན་པར་བྱ་སྟེ། ཞལ་དགུ་ནི་གསུང་ རབ་ཡན་ལག་དགུ། རྭ་གཉིས་ནི་བདེན་པ་གཉིས། ཕྱག་སོ་བཞི་དང་སྐུ་གསུང་ཐུགས་ཏེ་སོ་བདུན་ནི་བྱང་ཕྱོགས་སོ་བདུན། ཞབས་བཅུ་དྲུག་ནི་སྟོང་ཉིད་བཅུ་དྲུག །ཡུམ་དང་སྦྱོར་བ་ནི་བདེ་བ་ཆེན་པོ་རྒྱས་པ། མི་ལ་སོགས་པ་ནི་དངོས་གྲུབ་བརྒྱད་དང༌། བྱ་རྒོད་ལ་སོགས་པ་ནི་དབང་ཕྱུག་བརྒྱད་དག་པ་ཡིན་ལ། གཅེར་བུ་ནི་སྒྲིབ་གཡོགས་མེད་པ་དང༌། སྐྲ་གྱེན་དུ་བརྫེས་པ་ནི་མྱ་ངན་ལས་འདས་པའི་གོ་འཕང་སྟོན་པའོ། །དེ་དག་གི་དོན་མདོར་བསྡུ་ན་གཏན་ལ་དབབ་པའི་གཞི། གསུང་རབ་ཡན་ལག་དགུའི་ 10-12-11b བརྗོད་བྱ་ཀུན་རྫོབ་སྒྱུ་མ་དང་དོན་དམ་ནམ་མཁའ་ལྟ་བུ། ཁོང་དུ་ཆུད་པའི་ལམ་བྱང་ཕྱོགས་སོ་བདུན་ཡིན་ལ། ལམ་དེའི་གཙོ་བོ་དོན་དམ་རྟོགས་པ་ལ་ནི། སྟོང་ཉིད་བཅུ་དྲུག་གི་རྟོགས་པ་ཡོད་དེ། དེ་ཡང་ཐབས་བདེ་བ་ཆེན་པོ་དང་དབྱེར་མེད་པར་ཞུགས་པའོ། ། ལམ་དེས་བགྲོད་པའི་འབྲས་བུ་དངོས་གྲུབ་ཐུན་མོང་བ་དང༌ཐུན་མོང་མ་ཡིན་པ་གཉིས་ཀྱི་གཙོ་བོ་ནི། སྒྲིབ་པ་ཟད་པའི་མྱང་འདས་སོ། །ཞེས་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་ཤར་བའི་སྐུས། དེ་ལྟར་མཚོན་པ་གོ་བར་བྱེད་པའོ། །རྒྱས་པར་སྒོམ་པར་འདོད་ ན་འགྲེལ་པ་གཉིས་དང༌། ལཱ་ལི་ཏའི་གཞུང་ལས་ཤེས་པར་བྱ་སྟེ། དག་པ་དྲན་པའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའི་མཐར་རྩ་སྔགས་ལ་སོགས་པའི་སྔགས་དང༌། ལྷ་གཞན་རྣམས་ཀྱི་ཐུགས་ཀའི་ཉི་གདན་ལ། རང་རང་གི་ཕྱག་མཚན་ལ་རང་ རང་གི་ས་བོན་བཀོད་པའི་མཐར། རང་རང་གི་སྔགས་ཀྱི་ཡི་གེ་རྣམས་གཡས་སྐོར་དུ་འགྲེང་སྟེ། འོད་ཟེར་འབར་བའི་རྣམ་པ་ཅན་དུ་བལྟས་ལ་བཟླའོ། །གཙོ་བོའི་སྔགས་བཟླ་ཚུལ་ཡང་ན་ས་བོན་ལས་འོད་ཟེར་འཕྲོས་པ་རིམ་གྱིས་བརྒྱུད་ནས། རྩ་ ཞལ་གྱི་སྣའི་སྒོ་ནས་དབུགས་ཕྱིར་འབྱུང་བ་དང༌། ལྷན་ཅིག་བྱུང་བས་འགྲོ་བའི་དོན་བྱས་ནས། སླར་ཡང་དབུགས་རྔུབ་པ་དང་ལྷན་ཅིག་སྣའི་བུ་ག་ནས་གཞུག་ལ། སྔགས་ཕྲེང་ལ་ཐིམ་པ་དང༌། ཞལ་དགུ་དང་ལྷ་ཐམས་ཅད་ཀྱིས་འདོན་པར་ བསམས་ལ། སྐྱོན་དང་བྲལ་བར་བཟླའོ། །བཟླས་པའི་སྐྱོན་ནི་ཤིན་ཏུ་མྱུར་བུལ་གཉིས་དང༌། ཤིན་ཏུ་གསལ་མི་གསལ་དང༌། རིང་བ་དང་ཐུང་བ་གཉིས་གོ་བཟློག་པ་དང༌། གཏམ་གཞན་གྱིས་བར་ཆོད་པ་དང༌། སེམས་གཞན་དུ་ཡེངས་པ་ལ་ 10-12-12a སོགས་པའོ། །གདོང་དྲུག་གི་རྒྱུད་ལས། གཞན་དུ་མི་འགྲོའི་སེམས་ཀྱིས་ནི། །དེ་ལྟའི་ཚུལ་དུ་བཟླས་པ་བྱ། །ཡུལ་གཞན་བློ་ནི་འགྲོ་བ་ཡིས། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་ཤིང་གཞན་ཡང་མང་བས་ སེམས་མ་ཡེངས་པ་ཁྱད་པར་དུ་གལ་ཆེའོ། །ཡི་གེ་འབར་བ་ལ་སེམས་བཟུང་ནས་བཟླས་ན། དངོས་གྲུབ་མྱུར་བར་ལཱ་ལི་ཏས་གསུངས་སོ། །བཟླས་པའི་སྔགས་ནི། ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ནི་རྩ་སྔགས་སམ་འཕྲེང་སྔགས་སོ། །ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་པ་ནི་ལས་ཀྱི་སྔགས་སོ། །དེ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་སྦྱར་བ་གཉིས་ཟློ་བ་གདམ་ང་ཅན་དུ་མན་སྙེ་ ལས་བཤད་དོ། །ཨོཾ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ། ཅེས་པ་ནི་སྙིང་པོའོ། །ཨོཾ་བཛྲ་བེཏྟཱ་ལཱི་ཨཱའི་གཙྪ་ཨཱ་གཙྪ་ཧཱུཾ་ཛཿསྭཱཧཱ། ཡུམ་གྱི་སྔགས་སོ། །ཨོཾ་ཛི་ན་ཛིཀ་ཧཱུཾ་ཕཊ། ཨོཾ་རཏྣ་དྷྲིཀ་ཧཱུཾ་ཕཊ། ཨོཾ་ཨཱ་རོ་ལིཀ་ཧཱུཾ་ཕཊ། ཨོཾ་པྲཛྙཱ་དྷྲིཀ་ཧཱུཾ་ཕཊ། ཨོཾ་མུད་ག་ ར་དྷྲིཀ་ཧཱུཾ་ཕཊ། ཨོཾ་དཎྜ་དྷྲིཀ་ཧཱུཾ་ཕཊ། ཨོཾ་པདྨ་དྷིཀ་ཧཱུཾ་ཕཊ། ཨོཾ་ཁངྒ་དྷྲིཀ་ཧཱུཾ་ཕཊ། ཨོཾ་མོ་ཧ་ར་ཏི་ཧཱུཾ་ཕཊ། ཨོཾ་དྭེ་ཥ་ར་ཏི་ཧཱུཾ་ཕཊ། ཨོཾ་རཱ་ག་ར་ཏི་ཧཱུཾ་ཕཊ། ཨོཾ་བཛྲ་ར་ཏི་ཧཱུཾ་ཕཊ། ཅེས་པ་རྣམས་འཁོར་གྱི་ལྷ་རྣམས་ཀྱི་སྔགས་སོ། །གྲངས་ནི་རྒྱུད་ཀྱི་རྟོག་པ་གསུམ་ པ་ལས། རྩ་སྔགས་ལ་འབུམ། ལས་སྔགས་ལ་སུམ་འབུམ། སྙིང་པོ་ལ་ཡི་གེའི་གྲངས་ཀྱི་འབུམ་བཟླས་ན། ལས་ཀུན་བྱེད་ནུས་པར་གསུངས་ཤིང༌། རྟོག་པ་བཞི་པ་ལས། རྩ་སྔགས་ལ་སུམ་འབུམ་བཟླ་བར་གསུངས། འདིའི་སྒྲུབ་ཐབས་ 10-12-12b ཀྱི་གཞུང་གཞན་ནས། བཟླས་པའི་གྲངས་བཤད་པ་ནི་ཚུལ་སྔ་མ་དང་འདྲ་འོ། སློབ་དཔོན་ཛྙཱ་ན་ཨ་ཀ་རས་སྔོན་དུ་བསྙེན་པ་བྱེ་བའམ་ཡང་ན་མཚན་མ་ཐོབ་ནས་ལས་རྣམས་བརྩམ་པར་གསུངས་སོ། །དེ་ལ་གཉིས་ལས་དབང་བསྐུར་བ་ལ་ནི། ཨ་མོ་གྷ་ བཛྲས་ཡི་གེ་བཅུ་པ་འབུམ་བཟླ་བར་བཤད་པ་ནི། དཔའ་བོ་གཅིག་པའི་དབང་དུ་བྱས་ལ། འདིར་ནི་འཁོར་རྣམས་ལའང་ཁྲི་ཕྲག་རེ་བཟླ་དགོས་སོ། །ཞི་སོགས་ཀྱི་ལས་མང་པོ་འགྲུབ་པའི་བཟླས་པ་ལ་ནི། ད་ལྟའི་གང་ཟག་གིས་ཇི་སྐད་བཤད་པའི་མཚན་ མ་བརྟན་པོ་ཐོབ་ན་མ་གཏོགས་པ་གྲངས་ཀྱི་བསྙེན་པ་བྱེ་བར་གསུངས་པ་ལེགས་པར་མཐོང་ངོ༌། །ཕྲེང་བ་དག་པའི་ཆོ་ག་ནི་མི་རུས་ལ་སོགས་པའི་ཕྲེང་བ་བསངས་སྦྱངས་ནས། ཕྲེང་རྡོག་རྣམས་མེ་ལས་འདོད་ཆགས་གཤིན་རྗེ་གཤེད་དུ་བསྐྱེད་པ་དེ་ ཞུ་བ་ལས་ཁྲག་འཛག་པའི་མགོ་བོར་བལྟས་ལ། གཡས་པའི་མཐེ་བོང་ལྕགས་ཀྱུས་ལྷ་དགུག་པའི་བསམ་པས་ཕྲེང་བ་དབབ་ལ་བཟླས་ཏེ་བཟླས་པའོ། །བཟླས་པས་སྐྱོ་ན་སླར་ཡང་མཆོད་བསྟོད་བྱ་ཞིང༌། གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་གདོན་ལ། གྲུབ་ན་ཐུན་ཐམས་ཅད་ཀྱི་མཐར་གཏོར་མ་དབུལ། མ་གྲུབ་ན་ཐུན་ཐ་མའི་མཐར་གཏོར་མ་དབུལ་ལོ། །དེའི་རིམ་པ་ནི་ཐུན་གཤམ་ཡིན་ན། བདག་བསྐྱེད་གསར་དུ་མི་དགོས་ལ། དེ་ལྟ་མིན་ན་བདག་བསྐྱེད་རྒྱས་བསྡུས་གང་རུང་བྱ། སྐད་ཅིག་གིས་མདུན་དུ་ གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་བསྒོམས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། དེ་ནས་རང་གི་སྙིང་ག་ནས་ཁྲོ་བོ་ཞགས་པ་དང་ལྕགས་ཀྱུ་འཛིན་པ་སྤྲོས་ཏེ། ཕྱོགས་སྐྱོང་ 10-12-13a རྣམས་ཀྱི་སྙིང་ག་ནས་ལྕགས་ཀྱུས་བཟུང༌། མགྲིན་པ་ནས་ཞགས་པས་བཅིངས་ལ་བཀུག་པར་བསམས་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སརྦ་དུཥྟཾ་ཨིནྡྲ་ཨཱ་དི་ན་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿསྭཱཧཱ། ཞེས་པའི་སྔགས་ འདིས་ཕྱོགས་སྐྱོང་རྣམས་བཀུག་སྟེ། དཀྱིལ་འཁོར་གྱི་ཕྱོགས་དང་ཕྱོགས་སུ་དགོད་པ་ནི། ཤར་དུ་དབང་པོ་དམར་སེར་གླང་པོ་ཆེ་ལ་ཞོན་པ། མིག་སྟོང་པ་གཡས་རྡོ་རྗེ། གཡོན་སྡིགས་མཛུབ། དེའི་གཡོན་དུ་ཉེ་དབང་ནག་པོ་ནམ་མཁའ་ལྡིང་ལ་ཞོན་པ། གཡས་ སྲུབ་ཤིང་དང་འཁོར་ལོ། གཡོན་དུང་དང་ནོར་བུ་ཀཽསྟུ་བྷ་ཐོགས་པ། ལྷོར་གཤིན་རྗེ་ནག་པོ་མ་ཧེ་ལ་ཞོན་པ། སྐྲ་དམར་སེར་གྱེན་དུ་འབར་བ་གཡས་དབྱུག་པ་དང་གཡོན་སྡིགས་མཛུབ། ནུབ་ཏུ་ཆུ་ལྷ་དཀར་པོ་སྦྲུལ་ལ་ཞོན་པ། སྤྲུལ་ཞགས་འཛིན་པ། བྱང་དུ་ལུས་ངན་སེར་པོ་ཤ་རྒྱས་པ་གཏེར་ལ་གནས་པ་གཡས་ས་བོན་གྱི་གྲོང་ཁྱེར་དང་གཡོན་ནེའུ་ལེ་ཐོགས་པ། དེའི་གཡོན་དུ་ཚོགས་བདག་གླང་སྣ་དཀར་པོ་བྱི་བ་ལ་ཞོན་པ། གཡས་བགྲང་ཕྲེང་དང་དགྲ་སྟ། གཡོན་ལ་ཕུག་དང་ལ་དུ་འཛིན་པ། བྱང་ ཤར་དུ་དབང་ལྡན་དཀར་པོ་གླང་ལ་ཞོན་པ། རལ་པའི་ཐོར་ཅོག་ཅན་རྩེ་གསུམ་དང་ཐོད་པ་ཐོགས་ལ། ལག་པ་གཉིས་ཀྱིས་གཽ་རཱི་ལ་འཁྱུད་པ། མེར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་འཛིན་པ། སྲིན་པོར་ སྲིན་པོ་སྔོན་པོ་རོ་ལ་ཞོན་པ་ཁྲོ་ཞིང་རྔམ་པ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། རླུང་དུ་རླུང་ལྷ་དུ་བའི་མདོག་ཅན་རི་དྭགས་ལ་ཞོན་པ། ལག་པ་གཉིས་ཀྱིས་རླུང་རས་འཛིན་པ། སྟེང་དུ་ཟླ་བ་དཀར་པོ་ཀུ་མུ་ཏའི་སྟེང་ན་གནས་པ་ལག་པ་ 10-12-13b གཉིས་ཀྱིས་ཀུ་མུ་ཏ་འཛིན་པ། ཉི་མ་དམར་པོ་རྟ་མཆོག་བདུན་ལ་ཞོན་པ། ལག་པ་གཉིས་ཀྱིས་པདྨ་འཛིན་པ། ཚངས་པ་སེར་པོ་གདོང་བཞི་པ་ངང་པ་ལ་ཞོན་པ། གཡས་པས་སྤྱི་བླུགས་དང་མི་འཇིགས་པ། གཡོན་པས་དབྱུག་པ་དང་བགྲང་ཕྲེང་འཛིན་པ། འོག་ཏུ་སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ། གཡས་དབང་པོར་ཁས་ལེན་པ། གཡོན་བུམ་པ་འཛིན་པ། ཐགས་བཟང་རིས་སྔོན་པོ་ཤིང་རྟ་ལ་ཞོན་པ། གཡས་རལ་གྲི་གཡོན་སྡིགས་མཛུབ་ཅན་རྣམས་ཏེ། དེ་དག་གི་འཁོར་དུ་སྲིད་པ་གསུམ་གྱི་འབྱུང་ པོའི་ཚོགས་ཐམས་ཅད་བསམ་མོ། །དེ་ནས་རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་ཕྱག་ན་ཕུར་བུ་ཐོགས་པ་སྤྲོས་ཏེ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧཱུཾ་སརྦ་དུ་ཥྟཱཾ་ཨིནྡྲ་ཨཱ་དི་ན་ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་སྙིང་ ག་དང་མགྲིན་པ་དང་རྐང་པའི་བར་དུ་ཕུར་བུ་བཏབ་པས། གྲུབ་པའི་བཅུད་ལེན་གྲུབ་པ་བཞིན་དུ། སྐད་ཅིག་གིས་གཙོ་བོ་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་དུ་བསྐྱེད། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་རྒྱས་གདབ་མཆོད་ བསྟོད་སྔར་བཞིན་བྱ། དེ་ནས་གཏོར་མ་ཧྲཱིཿཥྚཱིཿས་བསང༌། སྭ་བྷཱ་བས་སྦྱངས་སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ། གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་ པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨཱཿལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་དུ་ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང་དབུས་སུ་བྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ལས་བྱུང་བའི། བ་ལང་ཁྱི་གླང་པོ་ཆེ་རྟ་མིའི་ཤ་ལྔ་ལ། གཽ་ཀུ་ད་ 10-12-14a ཧ་ནའི་ཡི་གེས་མཚན་པ། ཤར་ལྷོ་ནས་བརྩམས་ཏེ་མཚམས་བཞི་དང་དབུས་སུ། ལཱཾ་མཱཾ་པཱཾ་ཏཱཾ་བཾ་ལས་བྱུང་བའི། དྲི་ཆེན་རཀྟ་བྱང་སེམས་དཀར་པོ་རྐང་མར་དྲི་ཆུ་ལྔ་ལ། བི་ར་ཤུ་མ་མཱུ་ཡི་ཡི་གེས་མཚན་པ་སྟེ། རྫས་རྣམས་བཅུ་པོ་ དེར་བསྐྱེད་དོ། །དེ་དག་གི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་བསྒོམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རླུང་ལ་ཕོག་པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་ཐམས་ཅད་དག །ཨཱཿས་བདུད་ རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྤེལ་བར་བསམ་ལ། དེ་ཉིད་གསུམ་གྱི་ཡི་གེ་ལན་གསུམ་བརྗོད་དེ། དེ་ནས་ཧཱུཾ་ཞེས་བརྗོད་པས་མགྲོན་རྣམས་ཀྱི་ལྗགས་སྔར་བཤད་པ་བཞིན་བྱིན་གྱིས་བརླབ་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ ཕཊ། བཛྲ་བྷཻ་ར་ཝ་ཡ་ཨ་དྷི་པ་ཏི་བཛྲ་བེཏྟཱ་ལཱི་ཨི་མཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ་སྭཱཧཱ། ལན་གསུམ་བརྗོད་པས་གཙོ་བོ་ཡབ་ཡུམ་དང༌། ལྷ་གཞན་རྣམས་ཀྱི་སྔགས་རྫོགས་པའི་མཐར་བ་ལིཾ་པྲ་ཏཱི་ཙྪ་བཏགས་ནས་དབུལ། ལྗགས་ཀྱི་སྦུ་ གུས་དྲངས་ཏེ་གསོལ་བར་བསམ་ལ། གཏོར་མ་དང་པོ་འཇིག་རྟེན་ལས་འདས་པ་རྣམས་ལ་དབུལ་ཞིང༌། ཉེར་སྤྱོད་དང་ནང་གི་མཆོད་པས་མཆོད་ནས་བསྟོད་ལ། ཞི་རྒྱས་སོགས་སྐབས་དང་བསྟུན་པའི་འཕྲིན་ལས་བཅོལ་བས་གནང་བ་བྱུང་ 10-12-14b བར་བསམ་མོ། །དེ་ནས་གཏོར་མ་གཉིས་པ་ཡང་སྔར་བཞིན་བསང་སྦྱང་སོགས་བྱས་ནས། རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་ལ། ཨོཾ་བྷཱུ་ཙ་ར་ནཾ། ཡ་པཱ་ཏཱ་ལ་ཙ་ར་ཡ། མཱན་ཁེ་ཙ་ར་ཡ། ཏ་པཱུར་བ་ནི་གཱ་ནཾ། ཀ་དཀྵི་ན་དཱི་གཱ་ཡ། ཧཱུཾ་པ་ཤྩི་མ་ནཾ། ཕཊ་ ཏ་ར་ཏི་གཱ་ཡ། ཨོཾ་ཨི། ཧྲཱིཿཡ། ཥྚྲཱིཿབ། ཝི་ཀྵི། ཀྲི་ཀོ། ཏཱ་ཨེ། ན་ཨ། ན་དེ། ཧཱུཾ་བྷྱོཿ ཕཊ་སརྦ་བྷུ་དེ་བྷྱཿ ཞེས་བརྗོད་ལ་འཁོར་དུ་སྤྱན་དྲངས་པའི་ཕྱོགས་སྐྱོང་འཁོར་བཅས་ཀྱི་འབྱུང་པོ་རྣམས་ལ་ཕུལ་ནས་མཆོད་དེ། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་ སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ། །འབྱུང་པོ་རོ་ལངས་ཅི་བགྱི་བཀའ་ཉན་ཚོགས། །ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། ། ཞེས་བསྟོད་ལ་འཕྲིན་ལས་བཅོལ་བས་ཁང་བླངས་པར་བསམ་མོ། །དེ་ནས་འཇམ་དབྱངས་ཀྱི་བཀའ་སྡོད་གཤིན་རྗེའི་གཏོར་མ་སྔར་བཞིན་བསྐྱེད། མདུན་དུ་པདྨ་ཉི་མ་མ་ཧེའི་སྟེང་དུ། ཡ་ལས་ཐོད་དབྱུག་ཡས་མཚན་པ། དེ་ལས་འོད་འཕྲོས་དགྲ་ བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་དབྱུག་ཏོ་ལ་ཐིམ་དེ་ཡོངས་སུ་གྱུར་པ་ལས། ལས་ཀྱི་གཤིན་རྗེ་ནག་པོ་ཞལ་གཅིག་ཕྱག་གཉིས་པ་མ་ཧེའི་གདོང་པ་ཅན། དམར་ཞིང་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། གཡས་པས་ཐོད་ དབྱུག །གཡོན་པས་ཞགས་པ་འཛིན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ལིང་ག་དམར་པོ་གྱེན་དུ་ལངས་པ། ཙཾ་དང་རྩེ་གསུམ་ལས་ཙ་མུན་ཏྲི་ཞལ་གཅིག་ཕྱག་གཉིས་ཀྱི། གཡས་རྩེ་གསུམ་གཡོན་ཐོད་པ་འཛིན་པ། ཡ་བ་ཏི་ལ་སོགས་པ་ 10-12-15a གཤིན་རྗེ་ཕོ་མོའི་འཁོར་གྱིས་བསྐོར་བར་དམིགས་པའི་གནས་གསུམ་དུ་ཡི་གེ་གསུམ་དགོད། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷོ་ཕྱོགས་ས་རིམ་པ་བདུན་གྱི་འོག་ནས། ལས་ཀྱི་གཤིན་རྗེ་ཡབ་ཡུམ་འཁོར་བཅས་སྤྱན་ དྲངས་པར་བསམ་ཞིང༌། ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཞེས་བརྗོད་པས་བྱོན་པར་བསམ་ལ། ཛཿཧཱུཾ་བཾ་ཧོཿཞེས་གཉིས་སུ་མེད་པར་བསྟིམ། གཤིན་རྗེ་གཤེད་རིགས་ལྔ་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་ བཏབ་པས་དེ་རྣམས་ཀྱིས་བུམ་པ་ཐོགས་ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སྤྱི་བོ་ནས་དབང་བསྐུར་བས་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས། རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན། ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ་གྱིས་དམ་ལ་བཞག །ཡང་ ན་གཤིན་རྗེ་ནག་པོ་སྐྲ་བསིལ་ཞིང་ཁྲོ་བོའི་ཞལ་ནས། ཕྱག་གཉིས་ཀྱི་གཡས་དབྱུག་ཏོ་གཞན་རྣམས་སྔ་མ་བཞིན་ནོ། །དེ་ནས་ཨོཾ་ཀཱ་ལ་རཱུ་པ་ཡེ་གྲྀ་ཧྞེ་དཾ་ཞེས་པ་དང་མཆོད་པ་ལྔ་སྦྱར་བས་མཆོད། གཏོར་མ་གསོལ་བར་བསམ་ཞིང༌། ཨོཾ་ཀཱ་ལ་རཱུ་པ་ སརྦ་བིགྷ་ནཱ་ན་ཤ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ཅེས་དང༌། ཨོཾ་ཙ་མུན་ཏྲི་སརྦ་བིག། ཞེས་སོགས་སྦྱར་བ་གསུམ་མཾ་བདུན་གྱིས་ཕུལ་ནས་འཕྲིན་ལས་བཅོལ་བ་ནི། ཧཱུཾ། འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །རིམ་པ་བདུན་གྱི་ས་འོག་ ན། །སྲོག་ལ་རྔམ་པའི་གཤིན་རྗེ་ནི། །ནག་པོ་མ་ཧེའི་གདན་སྟེངས་སུ། །ཡ་ལས་བྱུང་བའི་དབྱུག་པ་ནི། །ཐོད་པས་མཚན་པ་ལས་བྱུང་བ། །གཏིང་ནས་ཁྲོས་པ་མ་ཧེའི་གདོང༌། །ཟ་བྱེད་ཞལ་གདངས་མཆེ་བ་གཙིགས། །ཁྲོས་པའི་སྤྱན་རྩ་དམར་པོ་ 10-12-15b འཁྲུག །སྐྲ་སེར་སྨ་ར་གྱེན་དུ་བརྫེས། །ལག་གཡོན་ཞགས་པས་དགྲ་བགེགས་འཆིང༌། །གཡས་པ་དབྱུག་པས་རྡུལ་དུ་རློག །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །བྲན་དང་བཅས་པའི་དུས་ལ་བབ། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོ་མཆོད་པར་ བཞེས། །རྒྱལ་བས་བསྒོས་པའི་དམ་ཚིག་དང༌། །སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ཁུག་ཅིག་དྲོངས་ཤིག་དབང་དུ་བསྡུས། །སོད་ཅིག་སྐྲོད་ ཅིག་རེངས་པར་གྱིས། །བྱེ་ཞིག་གནོན་ཅིག་རྨུགས་པར་གྱིས། །ཐུལ་ཅིག་ཆོམས་ཤིག་རྣམ་པར་ཤིག །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཅེས་བརྗོད་པས་དེས་ལས་སྒྲུབ་པར་ཁས་བླངས་པར་བསམ་མོ། །དེ་ནས་གཏོར་མགྲོན་རྣམས་ ལ་བཟོད་པར་གསོལ། ཨོཾ་ཡ་མཱན་ཏ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱན་ཏ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷཱ་བ་སུ་ཏོ་ཥྱོ་མེ་བྷཱ་བ། ཨ་ནུ་རཀྟོ་མེ་བྷཱ་བ། སུ་པོ་ཥྱོ་མེ་བྷཱ་བ། སརྦྦ་སིད་དྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨཱ་སུ་ཙ་མེ་ཙི་ཏྟཾ་ཤྲཱི་ཡཾཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦྦ་ ཏ་ཐཱ་ག་ཏ་མ་མེ་མུ་ཉྩ་བཛྲི་བྷཱ་བ་མཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་གདོན་ལ། ཨོཾ་ཛ་ཡ་ཛ་ཡ། སུ་ཛ་ཡ། བི་ཤྭ་རཱུ་པ་དྷཱ་རི་གཙྪ་གཙྪ་སྭ་སྠཱ་ནཾ། ཀྲི་ཏཾ་ཏེ་ན་ཏ་ཐཱ་ག་ཤྩི། སརྦ་བུད་དྷ་ཤྩ། བི་སརྫ་ཡ་མ་མ་ཀཱ་ཪྻཾ་ཀུ་རུ་སྭཱཧཱ། ཞེས་བརྗོད་པས་འཇིག་རྟེན་ལས་འདས་པའི་ མགྲོན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། མགྲོན་གཞན་རྣམས་རང་གནས་སུ་གཤེགས་པར་བསམ་ལ་སྨོན་ལམ་གདབ་བོ། །བསྡུས་པ་ལ་མོས་ན། ཨོཾ་ཨཱཿཧཱུཾ་མུཿཞེས་པས་བྱ་སྟེ། གཏོར་མའི་ཆོ་གའོ། །ཐུན་གྱི་མཐར་དུར་ཁྲོད་ 10-12-16a བསྲུང་འཁོར་དང་བཅས་པ་གཞལ་ཡས་ཁང་ལ། གཞལ་ཡས་ཁང་འཁོར་རྣམས་ལ། འཁོར་རྣམས་དང་ཡུམ་རང་ལ། རང་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཡང་ཞབས་ཀྱུ་ཨུ་ཧ་ལ། ཧ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། དེ་ཡང་མི་དམིགས་པ་སྟོང་པར་བསམ་སྟེ། དེ་དག་གིས་ནི་ཐུན་གྱི་ཐོག་མཐའ་བར་གསུམ་གྱི་ཇི་ལྟར་བྱ་བས། ཐུན་གྱི་ངོ་བོའི་རྣལ་འབྱོར་རྣམས་བཤད་ཟིན་ཏོ། །ཐུན་མཚམས་ཀྱི་རྣལ་འབྱོར་ནི། དེ་ ནས་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་གྱིས་ལངས་ཏེ། དེ་དང་མ་བྲལ་བའི་ངང་ནས། ཡུལ་དུ་སྣང་བ་ཀུན་ཀྱང་རྡོ་རྗེ་འཇིགས་བྱེད་དུ་བལྟས་ལ། སྒོ་གསུམ་གྱི་བྱ་བ་ཀུན་ཕྱག་རྒྱ་དང་སྔགས་ཀྱི་བདག་ཉིད་དུ་བསམས་ནས་བྱ་བ་ལ་འཇུག་པ་ནི། སྤྱོད་ལམ་གྱི་རྣལ་ འབྱོར་རོ། །བཟའ་བཏུང་གཏོར་མ་ལྟར་བྱིན་གྱིས་བརླབ་ལ། ཁ་ཐབ་ཁུང་དང་ལག་པ་གཉིས་དགང་བླུགས་དང་བཟའ་བཏུང་བསྲེག་རྫས་སུ་མོས་ནས། ལྷ་ཐམས་ཅད་འདུས་པའི་བདག་ཉིད་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལ་འབུལ་བའི་ཚུལ་གྱིས་ ཟ་ཞིང་འཐུང་བ་ནི་ཁ་ཟས་ཀྱི་རྣལ་འབྱོར་རོ། །ཉལ་བའི་ཚེ་སྔར་བཞིན་རིམ་གྱིས་བསྡུས་ནས་ཐབས་ཤེས་དང་ལྡན་པར་ཉལ་བ་ནི། ཉལ་བའི་རྣལ་འབྱོར་རོ། །འདིར་བླ་མ་རྣམས་གསུང་བ་ལྟར་སྣོད་བཅུད་འོད་དུ་བཞུ་ནས་བསྡུ་བ་ཡང་རུང་ངོ༌། །ལྡང་ བའི་ཚེ་ཙརྩི་ཀ་ལ་སོགས་པའི་ལྷ་མོའི་དབྱངས་ཀྱིས། འོད་གསལ་ལས་བཞེངས་པའི་དོན་དུ་བསྐུལ་བར་མོས་ནས་ལྡང་བ་ནི། ལྡང་བའི་རྣལ་འབྱོར་རོ། །ཁྲུས་ཀྱི་ཚེ་དབང་བསྐུར་བའི་སྐབས་བཞིན་བྱེད་པ་ནི་ཁྲུས་ཀྱི་རྣལ་འབྱོར་རོ། །དེ་ལྟ་བུའི་ 10-12-16b ཚུལ་གྱིས་ཞག་རེ་ལ་ཐུན་གསུམ་མམ་བཞི་བཞིར་མ་ཆག་པར་ཉམས་སུ་ལེན་པ་ན། བསྐྱེད་པའི་རིམ་པ་ལ་སློབ་པའོ། །དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ནི། གཉོས་ལོ་ཙྪ་བ་ཡོན་ཏན་གྲགས་དང༌། རྭ་ལོ་ཙྪ་བ་རྡོ་རྗེ་གྲགས་གཉིས་ཀས། རྒྱ་བལ་གྱི་པཎྜི་ཏ་ལ་དངོས་སུ་གཏུགས་པ་ལས་བྱུང་བ་ཡིན་པས། བོད་དུ་བློ་བཟོ་བྱས་པ་གཏན་མིན་ཏེ། དེ་ཡང་རྒྱུད་ཀྱི་དོན་ཡིན་པར་རྟོག་བདུན་གྱི་འགྲེལ་པ་གཉིས་ལས་ཤེས་པས། ཡིད་ཆེ་པའི་གནས་སུ་གཟུང་བར་བྱ་བ་ཡིན་པའི་རྒྱུ་མཚན་དང༌། གཞན་སྒྲུབ་ཐབས་ལ་ཡིད་ཆེས་པའི་ཁུངས་ཀྱིས་ངེས་པ་བསྐྱེད་པ་ཤིན་ཏུ་གལ་ཆེ་བའི་རྣམ་གཞག་ལོགས་སུ་འཆད་པས་དེར་ངེས་པར་བལྟ་བར་བྱའོ། །བྱིན་རླབས་གཏེར་གྱུར་མ་ཧེའི་ཞལ་ཅན་གྱི། །བཅུ་གསུམ་ལྷ་ཡི་འཁོར་ལོའི་སྒྲུབ་ཐབས་ འདི། །དམ་པའི་གསུང་གིས་རིང་ནས་བསྐུལ་བ་དང༌། །མང་པོའི་དོན་དུ་འགྱུར་བར་མཐོང་ནས་སྦྱར། །རྣམ་དག་བསམ་པས་ཚུལ་འདིར་འབད་པ་ལས། །བྱུང་བའི་དགེ་བས་མཐའ་ཡས་འགྲོ་བ་རྣམས། །སྐྱེ་ཞིང་སྐྱེ་བར་འཇམ་དབྱངས་ཞི་ཁྲོ་ཡིས། །འབྲལ་བ་ མེད་པར་རྗེས་སུ་འཛིན་གྱུར་ཅིག །ཅེས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ་འདི། སྡོམ་བརྩོན་དམ་པ་མང་དུ་ཐོས་པའི་མཁན་ཆེན། ཚ་ཁོ་བ་དག་དབང་གྲགས་པས་ཤར་རྒྱལ་མོ་རོང་ནས་ བསྐུལ་བའི་དོན་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་རྡོ་རྗེ་རིན་ཆེན་ནོ།། །།གཟུགས་ 10-12-17a མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །རབ་འབྱམས་ཞིང་གི་མཆོད་པའི་རྫས། །དཔལ་ལྡན་ཟག་མེད་བདེ་སྟེར་བ། །གུས་པའི་སེམས་ ཀྱིས་རྒྱུན་དུ་འབུལ། །བཅོམ་ལྡན་བརྩེ་བས་བཞེས་སུ་གསོལ། །དཔག་མེད་སྡུག་བསྔལ་ཀུན་འབྱུང་བ། །ལུས་ངག་ཡིད་ཀྱི་སྡིག་པ་རྣམས། །བསམ་པ་ཐག་པས་ཁྱོད་ལ་བཤགས། །མྱུར་དུ་མ་ལུས་བྱང་བར་ཤོག། ཕན་དང་བདེ་བ་ཀུན་གྱི་རྒྱུ། །བསོད་ནམས་ དང་ནི་ཡེ་ཤེས་ཀྱི། །ཚོགས་གཉིས་དགོ་བ་གང་དག་གིས།། བསགས་པ་རྣམས་ལ་བདག་ཡིད་རང་། །མགོན་ཁྱོད་ནམ་མཁའ་ཇི་སྲིད་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །མ་རིག་མུན་པར་ལྷུང་རྣམས་ལ། །ཆོས་ཀྱི་འཁོར་ལ་བསྐོར་དུ་གསོལ། ། བདག་གས་བགྱིས་དང་བགྱིད་འགྱུར་གྱི། །བསོད་ནམས་ཕུང་པོ་ཅི་ཡོད་པ། །དེ་དག་སེམས་ཅན་ཀུན་དོན་དུ། །བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོ། །ཞེས་པའི་སྒྲུབ་ཐབས་འདི་འབྲོག་རི་པོ་ཆེ་དགེ་ལྡན་རྣམ་པར་རྒྱལ་པའི་གླིང་དུ་པར་དུ་བསྒྲུབས་པའི་དོདཾ་ བཙུན་པ་ཆོས་སེང་གིས་བགྱིས། མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་རྒྱས་ཡུན་དུ་གནས་པར་གྱུར་ཅིག། ཤུ་བྷཾ 10-12-17b empty page 10-13-1a ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ་བཞུགས་སོ།། 10-13-1b ༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་ཐམས་ཅད་བསྒྲུན་མཛད་འཇམ་པའི་དབྱངས། །ནག་པོའི་རྩ་ལག་རྩད་ནས་དབྱུང་བའི་ཕྱིར། །ཤིན་ཏུ་དྲག་པོའི་སྐུར་སྟོན་གཤིན་རྗེ་གཤེད། །བླ་མར་བཅས་པའི་ཞབས་ལ་གུས་བཏུད་ནས། ། བཅུ་དྲུག་ཞབས་ཀྱི་གར་སྟབས་བ་སྤྱོད་པས་ས་གསུམ་ཀུན་ནས་གཡོ་མཛད་ཅིང༌། །སོ་བཞིའི་ཕྱག་གི་མཚན་མ་གདེངས་པས་བགེགས་དཔུང་མ་ལུས་རྡུལ་དུ་རློག །དགུ་ཡི་ཞལ་གྱི་འཇིགས་པའི་ང་རོས་ནམ་མཁའི་ཁྱོན་ཀུན་རབ་འགེངས་པ། ། དཔལ་ལྡན་རྡོ་རྗེ་འཇིགས་བྱེད་ཅེས་གྲགས་ལྷ་མཆོག་དེ་ཡི་སྒྲུབ་ཐབས་བཤད། །སྐལ་ལྡན་ཐར་ལམ་སྒྲུབ་པའི་གཙོ་བོའི་གེགས། །སེམས་འཇོམས་རྨོངས་པ་ལུས་འཇོམས་གཤིན་རྗེ་ཡིན། །རྨོངས་འཇོམས་ཤེས་རབ་སྩོལ་ལ་འཇམ་དབྱངས་ མཆོག །འཆི་བདག་འཇོམས་པའི་ཕུལ་བྱུང་འཇིགས་བྱེད་དོ། །དེ་ཕྱིར་འཇམ་དབྱངས་ཞི་ཁྲོ་སྒྲུབ་བྱེད་ཀྱི། །ལམ་འདི་རྣམ་དཔྱོད་ཅན་གྱི་གདུལ་བྱ་ཡི། །འཇུག་ངོགས་རྨད་དུ་བྱུང་བར་མཐོང་བས་ན། །བདག་ནི་ཚུལ་འདིར་འབད་ལ་རངས་པར་གྱུར། ། འདིར་རྣལ་འབྱོར་པ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་སྤྱོད་པ་དང་བྱམས་པ་ལ་སོགས་པའི་སེམས་ཀྱིས་སེམས་ཅན་གྱི་དོན་ལ་བརྩོན་པའི་བསམ་པ་རྣམ་པར་དག་པ་དང་ལྡན་པ། དད་པ་དང་ཐོས་པས་རྣམ་པར་བརྒྱན་ཅིང་། ཁྱད་ པར་དུ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་བ་ལེགས་པར་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྲུང་བ་ལ་བརྩོན་པས་རྒྱུད་ལས་གསུངས་པའི་གནས་དབེན་པ་ལ་སོགས་པ་ཡིད་དང་མཐུན་ 10-13-2a པ་གང་ཡང་རུང་བར་དང་པོར་ཁྲུས་བྱ་ཞིང་མཎྜལ་བྱི་དོར་བྱ་མེ་ཏོག་གཅལ་དུ་དགྲམ་བྲིས་སྐུ་མདུན་དུ་བཤམ། སྟན་བདེ་བ་ལ་ཁ་ཤར་ལྷོར་ཕྱོགས་ཏེ་འདུག་ནས་བདུད་རྩི་རིལ་བུས་ཁ་དག་པར་བྱས་ཏེ་ལྷ་དང་འབྱུང་པ་ལ་ གཏོར་མ་ཕུལ་ལ་འཕྲིན་ལས་བཅོལ་ཏེ་གཤེགས་པར་བྱའོ། །དེ་ནས་རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་མུ་མེད་པ་གསལ་ བར་བྱས་ནས། དེ་ནས་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་ཀྱིས་བསྐོར་བའི་རྡོ་རྗེ་འཇིགས་བྱེད་བླ་མ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་འོད་ཟེར་སྙིང་གར་བསྡུའོ། །དེ་ནས་གཟུགས་ མཚོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཞེས་པས་བླ་མ་དང་བཅས་པའི་ལྷ་རྣམས་ལ་ཕྱག་བྱ། སྙིང་གའི་ས་བོན་གྱི་འོད་ཟེར་ལས་ བྱུང་བའི་ཙ་རྩི་ཀ་དཀར་མོ་ཕག་མོ་སྔོན་མོ་དབྱངས་ཅན་མ་དམར་མོ་གཽ་རཱི་ལྗང་གུ་ཕྱག་ན་མཆོད་རྫས་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་མཆོད་པར་བསམས་ལ། ཨོཾ་ཧྲཱིཿཥྚྲཱིཿཧ་ཞེས་པས་མཆོད་ཡོན། ཨོཾ་ཧཱུཾ་ཧཱུཾ་ཕཊ་ཀྱིས་ཞབས་ བསིལ། ཨོཾ་ཝི་ཀྲི་ཏཱ་ན་ན་དུཤྭྚཾ་སཏྭ་ད་མ་ཀ་གཿགཿགཿཡིས་དྲི། ཨོཾ་ཀུ་མཱ་ར་རཱུ་པི་ཎེ་ཛཿཛཿཧཱུཾ་ཕཊ་ཀྱིས་མེ་ཏོག །ཨོཾ་ཧྲཱིཿཧཱ་ཧཻ་ཕཊ་ཀྱིས་བདུག་སྤོས། ཨོཾ་དཱིཔྟ་ལོ་ཙ་ན་ཝི་ཀྲི་ཏཱ་ན་ན་མཧཱ་ཨཊྚཊྚ་ཧཱ་ས་ན་དི་ནི་དཱིཔྟཱ་ཡ་སྭཱཧཱས་ 10-13-2b མར་མེ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུཾ་སྭཱཧཱས་ལྷ་བཤོས། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ་གིས་རོལ་མོ་རྣམས་དབུལ་ལ། ལྷ་མོ་རྣམས་སླར་བསྡུའོ། །དེ་ནས། སྡིག་པ་རྣམས་ནི་བཤགས་པར་བྱ། །སྐྱེས་ཤིང་བྱུང་བ་རྣམས་ནི་བསལ། །མི་བྱེད་པར་ཡང་སྤྱན་སྔར་བརྗོད། ། དེ་བཞིན་གསོད་ནམས་རྗེས་ཡི་རང༌། །བདག་གིས་བདེ་འགྲོར་ཡོངས་སུ་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། སེམས་ཅན་ཐམས་ཅད་བདག་གིས་སྒྲོལ། །བྱང་ཆུབ་གནས་ལ་དགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་ ནི་དབུལ་བར་བགྱི། །ཡང་དག་རྫོགས་པའི་སངས་རྒྱས་དང༌། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་བསྟེན་པས་བགྱི། །ཞེས་དེ་དག་གི་དོན་ཡིད་ལ་བསམས་ལ་བརྗོད་དོ། །རིགས་ལྔའི་སྡོམ་པ་གཟུང་བར་འདོད་ནའང་བྱེད་པ་ མི་འགལ་ཏེ་མཉྫུ་ཤྲཱི་ཛྙཱ་ན་དང་དོན་ཡོད་རྡོ་རྗེས་སྡོམ་པ་གཟུང་བར་བཤད་དོ། །དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང༌། དེ་བཞིན་དུ་སྡུག་བསྔལ་བ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང༌། བདེ་བ་དང་མི་འབྲལ་ བར་གྱུར་ཅིག་སྙམ་པའི་དགའ་བ་དང༌། འཇིག་རྟེན་གྱི་ཆོས་བརྒྱད་དང་གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་བཏང་སྙོམས་ལ་གནས་པར་བྱའོ་སྙམ་དུ་ཚད་མེད་པ་བཞི་བསྒོམ་སྟེ་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་ དྷ་རྨཱཿསྭ་བྷཱ་ཝ་ཤུ་དྡྷོ྅་ཧཾ། ཨོཾ་ཤཱུ་ནྱཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་རྟག་ཆད་ལ་སོགས་པའི་མཐའ་བཞི་དང་བྲལ་བ་བདག་ 10-13-3a མེད་པའི་ལྟ་བ་དྲན་པར་བྱས་ནས་ཐ་མལ་པའི་སྣང་བ་མེད་པ་ལ་འཇུག་པར་བྱ་སྟེ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ལ་དགོད་པའི་སྔོན་གྱི་སྨོན་ལམ་དྲན་པར་བྱས་ལ་སྟོང་པའི་ངང་ལས་ཡཾ་ལས་ རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུ་ལྟ་བུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བའི་ཕྲེང་བས་འཁྲིགས་པའི་རྡོ་རྗེའི་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་ པོ་བུམ་པས་བརྒྱན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞིར་རྡོ་རྗེས་མཚན་པའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ལོགས་སུ་འཕྲོས་པས་རྡོ་རྗེའི་ར་བ། སྟེང་དུ་ འཕྲོས་པས་རྡོ་རྗེའི་གུར། དེའི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་བྲེ་སྟེ་ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་རང་བཞིན་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་བསྐལ་པ་འཇིག་པའི་མེ་ལྟ་བུའི་ཁ་དོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བ། ར་བའི་ དབུས་སུ་བྷྲུཾ་ལས་དཀའི་འཁོར་ལོ་སེར་པོ་རབ་ཏུ་འབར་བ་གཡས་སྐོར་དུ་འཁོར་བ་རྩིབས་བཅུ་ལྟེ་བ་དང་བཅས་པ་ལྟེ་བའི་ནང་དང་རྩིབས་ལ་ཅུང་ཟད་མ་རེག་པའི་གནས་སུ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གསུམ་གསུམ་བསམ་མོ། །གདན་ དབུས་མའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རང་ཉིད་གནོད་མཛེས་རྒྱལ་པོ་སྐུ་མདོག་མཐིང་ཁ་མི་བསྐྱོད་པའི་ཅོད་པན་ཅན་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་ 10-13-3b གཉིས་ཀྱིས་རིན་པོ་ཆེ་དང་ལྕགས་ཀྱུ། གཡོན་གཉིས་ཀྱིས་པདྨ་དང་ཞགས་པ་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། ཡབ་ཡུམ་སྙོམས་པར་བཞུགས་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བཀུག་པའི་ཁྲོ་བོ་བཅུ་ ཞལ་དུ་བཅུག་ནས་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཐིག་ལེ་བཅུ་དང་དེ་ལས་ཧཱུཾ་བཅུ་དང་། དེ་ལས་ཁྲོ་བོ་བཅུར་གྱུར་པའི་གཤིན་རྗེ་གཤེད་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་རྡོ་རྗེ་ཐོ་བ་འཛིན་པ། ཧཱུཾ་ཞེས་བརྗོད་པས་པདྨ་ ལས་སྤྲོས་ཏེ། ཤར་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་འཁོད། དེ་བཞིན་དུ་སྦྱར་ལ། གཞན་གྱིས་མི་ཐུབ་པ་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་བེ་ཅོན་འཛིན་པ་ལྷོ་དང༌། རྟ་མགྲིན་དམར་པོ་དམར་མཐིང་ དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་པདྨ་དང་གཡོན་བར་པས་འཁོར་ལོ་འཛིན་པ་ནུབ་དང༌། བདུད་རྩི་འཁྱིལ་པ་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་རྡོ་རྗེ་འཛིན་པ་བྱང་དང༌། འདོད་རྒྱལ་མཐིང་ཁ་མཐིང་དཀར་དམར་ བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་ལྕགས་ཀྱུ་འཛིན་པ་མེ་མཚམས་དང༌། དབྱུག་སྔོན་ཅན་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐམས་དབྱུག་པ་འཛིན་པ་བདེན་བྲལ་དང༌། སྟོབས་པོ་ཆེ་སྔོན་པོ་སྔོ་དཀར་དམར་བའི་ཞལ་ གསུམ་ཕྱག་དྲུག་གི་གཡས་ཐ་མས་རྩེ་གསུམ་འཛིན་པ་རླུང་དང༌། མི་གཡོ་བ་མཐིང་ཁ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་རལ་གྲི་དང་གཡོན་ཐ་མས་རྡོ་རྗེ་འཛིན་པ་དབང་ལྡན་གྱི་རྩིབས་ཀྱི་སྟེང་གི་གདན་ལ་གཡོན་བརྐྱང་གི་ 10-13-4a སྟབས་ཀྱིས་འཁོད། གཙུག་ཏོར་འཁོར་ལོས་སྒྱུར་བ་ལྗང་སེར། ལྗང་སེར་དཀར་དང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་འཁོར་ལོ་འཛིན་པ། གཙོ་བོའི་སྟེང་གི་ཅུང་ཟད་ཙམ་གྱི་མདུན་དང༌། རྡོ་རྗེ་ས་འོག་མཐིང་ཁ་མཐིང་དཀར་ དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ཐ་མས་རྡོ་རྗེ་འཛིན་པ། གཙོ་བོའི་འོག་ལས་ཅུང་ཟད་ཙམ་གྱི་རྒྱབ་ཀྱི་གདན་གྱི་སྟེང་དུ་གཡོན་བརྐྱང་གི་སྟབས་ཀྱིས་འཁོད་པར་གྱུར། བཅུ་པོ་ཐམས་ཅད་ཀྱི་ཕྱག་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་ གཡས་བར་པ་ཐམས་ཅད་ཀྱིས་རིན་པོ་ཆེ་དང༌། རྟ་མགྲིན་མ་གཏོགས་པ་གཡོན་བར་པ་ཐམས་ཅད་ཀྱིས་པདྨ་དང༌། མི་གཡོ་བ་མ་གཏོགས་པ་གཡོན་ཐ་མ་ཐམས་ཅད་ཀྱིས་རལ་གྲི་འཛིན་པའོ། །བཅུ་གཅིག་པོ་ཐམས་ཅད་ཀྱང་མཆེ་བ་གཙིགས་ཤིང་ཞལ་སོ་སོ་ ལ་དམར་ལ་ཟླུམ་པའི་སྤྱན་གསུམ་པ་དབུ་སྐྲ་དང་སྨ་ར་དམར་སེར་འབར་ཞིང་གྱེན་དུ་འཁྱིལ་བ། འཁོར་ལོ་དང་རྣ་ཆ་ལ་སོགས་པས་བརྒྱན་ཅིང་སྣ་ཚོགས་པའི་སྦྲུལ་གྱི་རྒྱན་ཅན། གཤིན་རྗེ་གཤེད་རྣམ་སྣང་དང་རྟ་མགྲིན་འོད་དཔག་མེད་ཀྱི་ཅོད་པན་ཅན་དེ་གཉིས་ མ་གཏོགས་པ་བརྒྱད་མི་བསྐྱོད་པའི་ཅོད་པན་ཅན་བདུད་དང་བགེགས་ཐམས་ཅད་རྩད་ནས་འབྱིན་པའི་སྟོབས་དང་ལྡན་པ་སྐུ་ལས་སྐྱེས་པའི་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་འཇིགས་སུ་རུང་བའི་རྡོ་རྗེ་འབར་བ་སྤྲིན་ལྟར་འཁྲིགས་པ་ཕྱོགས་བཅུར་ འཕྲོས་པས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་བསམ་མོ། །ལ་ལི་ཏའི་གཞུང་ལས་ཁྲོ་བཅུ་ལ་སྔགས་མ་བྱུང་ལ་བཟླས་པ་བྱ་བར་འདོད་ན་གཞུང་གཞན་ནས་འབྱུང་བའི་སྔགས་བཟླའོ། །འདིར་ལ་ལི་ཏའི་གཞུང་ཁ་ཅིག་ལས་ཁྲོ་བོ་བཅུའི་གཡས་ཀྱི་དང་ 10-13-4b པོས་རྡོ་རྗེ་ཐོ་བ་ལ་སོགས་པ་བཅུ་དང༌། གཡོན་དང་པོ་བཅུས་རལ་གྲི་འཛིན་པ་བཤད་ནས་དེའི་དམིགས་གསལ་དུ་འདོད་རྒྱལ་གྱིས་རྡོ་རྗེ་འཛིན་པར་བཤད་པ་དཔེ་མ་དག་པ་ཡིན་ཏེ། དེ་ལྟ་ཡིན་ན་གཞུང་དེར་ཁྲོ་བཅུའི་གཡས་གཡོན་གྱི་ཐ་མ་གཉིས་ཀྱི་ཕྱག་གིས་ ཇི་ལྟར་མཛད་བཤད་པ་འཆད་པར་འགྱུར་རོ། །དེས་ན་གནོད་མཛེས་ལ་སོགས་པའི་ཁྲོ་བོ་རྣམས་ཀྱི་གཡས་གཡོན་གྱི་ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པར་གསུངས་ཤིང༌། གནོད་མཛེས་ཀྱི་ཕྱག་ལྷག་མ་བཞི་མ་གཏོགས་པ་དང་པོ་གཉིས་ལ་ཕྱག་མཚན་ མ་བཤད་པ་བཞིན་དུ་ཁྲོ་བོ་གཞན་ལའང་མཚུངས་ཤིང་རྡོར་སེམས་ཀྱི་ཕྱག་དྲུག་ལའང་གནོད་མཛེས་ལྟར་བཤད་པ་དང་རིགས་འདྲའོ། །གཡོན་བར་པ་ཐམས་ཅད་ཀྱིས་པདྨ་འཛིན་པར་བཤད་པའི་དམིགས་བསལ་དུ་རྟ་མགྲིན་གྱི་གཡས་ན་པདྨ་ཡོད་པ་ལ་ དགོངས་ནས་གཡོན་བར་པས་འཁོར་ལོ་འཛིན་པར་བཤད་པའི་རིགས་པས་མི་གཡོ་བའི་གཡས་ན་རལ་གྲི་ཡོད་པས་གཡོན་ཐ་མས་རྡོ་རྗེ་འཛིན་པའི་དམིགས་བསལ་མི་གཡོ་བ་ལ་རིགས་སོ། །གཞུང་དེར་ཡུམ་རྣམས་ཀྱི་ཞལ་ཕྱག་གི་གྲངས་ལ་སོགས་པ་ མ་བཤད་པ་ནི་ཡབ་དང་འདྲ་བ་ལ་དགོངས་སོ། །གདུལ་བྱའི་བགེགས་རྣམས་ཕྱོགས་མཚམས་ཀྱི་སྒོ་ནས་བཅུར་བསྡུས་ཏེ་དེ་དག་གི་འདུལ་བྱེད་ཁྲོ་བོ་བཅུར་མཛད་ནས་ཕྱོགས་མཚམས་བསྲུང་བའི་དོན་དུ་སྲུང་འཁོར་གྱི་གཙོ་བོས་བཀའ་བསྒོས་ནས་འཇོག་ པ་འདི་སྔགས་མ་བཟླས་ཀྱང་སྲུང་བའི་མཆོག་ཡིན་པས་དེ་ལྟར་བཀོད་ནས་བགེགས་ཚར་གཅོད་པ་ཡང་ཡང་དྲན་པར་བྱས་ནས་རང་གི་ལྷའི་སྒོམ་བཟླས་སོགས་བྱ་སྟེ་སྲུང་འཁོར་རོ། །དེ་ནས་རང་གནོད་མཛེས་སུ་གནས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་ 10-13-5a དཔའ་སྐུ་མདོག་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི་གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པ་ལས་ཆོས་ འབྱུང་དཀར་པོ་གྲུ་གསུམ་པ་གྱེན་དུ་འགྲེང་བ་འོག་ཏུ་ཕྲ་ཞིང་སྟོད་ཡངས་པ། འོག་ཟུར་ནས་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར་ལྷོའི་རྭ་སེར་ནུབ་ཀྱི་རྭ་དམར་བྱང་གི་རྭ་ལྗང་དབུས་ཀྱི་ལྟེ་བ་སྔོན་པོས་བརྒྱན་པ་བསམ་ མོ། །དེའི་དབུས་སུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་བྱུང་བའི་རྣམ་སྣང་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་རྡོ་རྗེ་ལ་གནས་པའི་འཁོར་ལོ་དང་རལ་ གྲི་གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། ཕྱི་རོལ་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་དང་ལྡན་པ་རྩིག་པའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་པས་མཛེས་པར་བྱས་པའི་ རིན་པོ་ཆེའི་ཕ་གུ་སེར་པོས་བསྐོར་བའི་གཞལ་ཡས་ཁང་གི་ཕྱེད་ཀྱི་ཚད་དུ་རྡོ་རྗེའི་ཕྲེང་བས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་བཞིས་མཛེས་པར་ཕུབ་པ། རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པའི་ནང་གི་ ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ། ཕ་གུའི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེའི་དྲ་བ་དང་དྲ་བ་ཕྱེད་པ་ལ་དྲིལ་བུ་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་ 10-13-5b བའི་རིན་པོ་ཆེའི་ཤར་བུ་དེའི་སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ་བ་དན་དང་རྒྱལ་མཚན་ལ་སོགས་པས་མཛེས་པར་བྱས་པ། རྩིག་པའི་མཐའ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་འགྲམ་སྟེགས་ཀྱི་རྣམ་པར་བསྐོར་བ་ལ་ལྷ་མོ་མཆོད་རྫས་ཐོགས་ པ་རྣམས་འཁོད་ནས་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། སྒོ་བཞིའི་མདུན་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་སྟེང་དུ་ཆོས་འཁོར་དེའི་གཡས་གཡོན་དུ་རི་དྭགས་ཕོ་ མོ་དང་བཅས་པ། རྡོ་རྗེ་ར་བ་མེ་རི་དང་བཅས་པའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་བརྒྱད་ན་ནཱ་ག་གེ་སར་གྱི་ཤིང་ལ་སོགས་པའི་ཤིང་བརྒྱད། དེ་ལ་གནས་པའི་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་རྣམས་དང་། རྫུ་འཕྲུལ་ཆེན་པོ་པ་གླང་པོ་ཆེའི་གདོང་ པ་ཅན་ལ་སོགས་པའི་ཞིང་སྐྱོང་བརྒྱད། ཐུགས་རྗེའི་ཆུ་བརྒྱད། དེ་ལ་གནས་པའི་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད། སྟེང་གི་ནམ་མཁའ་ལ་སྒྲོགས་པ་ལ་སོགས་པའི་སྤྲིན་བརྒྱད། ཡེ་ཤེས་ཀྱི་མེ་བརྒྱད། མཆོད་རྟེན་བརྒྱད། གཞན་ཡང་ཀེང་རུས་དང་གསལ་ ཤིང་གིས་ཕུག་པའི་རོ་དང་། ཤིང་ལ་དཔྱངས་པ་དང་སྐྱེས་བུ་ཟ་བ་དང་མཚོན་གྱིས་ཕུག་པ་ལ་སོགས་པ་དང༌། བྱ་རོག་དང་བྱ་རྒོད་དང་ཁྱི་དང་ཅེ་སྤྱང་དང་སེང་གེ་དང་སྟག་ལ་སོགས་པ་དང་ཅ་ཅོ་སྒྲོག་པའི་རོ་ལངས་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་རྣམས་ ཀྱིས་འཇིགས་སུ་རུང་བ། གྲུབ་པ་དང་རིག་པ་འཛིན་པ་དང་དམ་ཚིག་སྤྱོད་པའི་རྣལ་འབྱོར་པ་བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་བ་གཅེར་བུ་སྐྲ་བཤིག་པ་ཕྱག་རྒྱ་ལྔས་བརྒྱན་པ་ཅང་ཏེའུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་ཐོད་པས་སྤྱི་བོར་བརྒྱན་པ་རྒོད་ཅིང་ 10-13-6a དུར་ཁྲོད་དུ་འཇུག་པ་སོགས་ཀྱིས་ཤིན་ཏུ་ངོ་མཚར་བར་བྱེད་པའི་དུར་ཁྲོད་རྣམས་ཀྱིས་བསྐོར་བར་བསམས་ཏེ་རྟེན་བསྐྱེད་པའོ། །གཞལ་ཡས་ཁང་གི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་གྱི་སྟེང་དུ་ཨ་ཡིག་ དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཆུ་ལས་ཆུ་བུར་གྱི་ཚུལ་དུ་དྷཱིཿསེར་པོ་ལས་བྱུང་བའི་རལ་གྲི་དབུས་སུ་དྷཱིཿས་མཚན་པ་ལས་འོད་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པ་ལས་སྐྱེས་པའི་རང་ཉིད་རྒྱུ་རྡོ་རྗེ་ འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ་ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་གྱིས་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་བཅུས་བརྒྱན་པ་རལ་བའི་ཟུར་ཕུད་ལྔ་ དང་ལྡན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོ། །དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དེའི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་དང་། རྡོ་རྗེ་རྣོན་པོ་ལ་སོགས་པའི་བྱང་ཆུབ་ སེམས་དཔའ་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་དང་སེམས་མ་རྡོ་རྗེ་མ་ལ་སོགས་པའི་རིག་པ་རྣམས་སྤྱན་དྲངས་ཏེ་འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པས། འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་མའི་དཀྱིལ་འཁོར་དུ་ གྱུར་པ་དེའི་སྟེང་དུ་ཧཱུཾ་ཡིག་མཐིང་ཁ་འོད་ཟེར་ལྔ་དང་ལྡན་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ལ་སོགས་པ་བཞི་སྤྱན་དྲངས་ནས་ཧཱུཾ་ལ་ཞུགས་པ་ལས་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ་རྩེ་དགུ་པ་རྭ་ཤིན་ཏུ་གདེངས་པ་འོད་ཟེར་ལྔ་དང་ལྡན་པ་ལྟེ་བ་ལ་ཧཱུཾ་ཡིག་ 10-13-6b གིས་མཚན་པ། དེ་ལས་རྡོ་རྗེ་ཕྲ་མོའི་གཟུགས་སྤྲོས་པས་སངས་རྒྱས་ལ་སོགས་པ་བཞི་སྤྲོས་ཏེ་ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བ་ཉི་མ་ལ་གནས་པས་སེམས་ཅན་རྣམས་སྨིན་པར་བྱས་ནས་རྡོ་རྗེ་འཇིགས་བྱེད་ཐོབ་པར་བྱས་པ་ དང་ལྷན་ཅིག་ཏུ་འདུས་ནས་རྡོ་རྗེ་ལ་ཐིམ་པར་བསམ་མོ། །ཁ་ཅིག་སྔ་མས་སྐུ་དང་གཉིས་པས་སྔགས་དང་གསུམ་པས་ཕྱག་མཚན་བསྡུས་ནས་བསྟིམ་པ་མཛད་ཀྱང་རྒྱུད་དང་རྒྱ་གཞུང་རྣམས་ནས་སྔ་མ་བཞིན་དུ་བཤད་དོ། །ཟླ་བ་ཉི་མ་རྡོ་རྗེ་ས་བོན་དང་ བཅས་པ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་ལ་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ ཀྱིས་བཞུགས་པ། ཁམས་གསུམ་པོ་ཟ་བར་ནུས་པ་ཧ་ཧ་ཞེས་སྒྲོག་ཅིང་ལྗགས་འདྲིལ་བ། མཆེ་བ་རྣམ་པར་གཅིགས་པ་ཁྲོ་གཉེར་ཅན་ཁྲོ་གཉེར་གྱི་འགྲམ་དུ་སྨིན་མ་དང་སྤྱན་འཇིག་པའི་དུས་ལྟར་འབར་བ། སྐྲ་ཁམ་སེར་གྱེན་དུ་བརྫེས་པ། འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་ལྷ་ལ་སྡིགས་མཛུབ་བྱེད་པ་འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་པ་ཕཻཾ་ཀ་རའི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོགས་པ་མིའི་ཁྲག་དང་ཞག་དང་རྐང་དང་ཆིལ་བུ་ཟ་བ། འཇིགས་སུ་རུང་བའི་ཐོད་པ་ལྔས་ཐོད་བྱས་ཤིང་མགོ་བོ་ལྔ་བཅུའི་ ཐོད་པའི་ཕྲེང་བས་བརྒྱན་པ་སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང་མི་རུས་ཀྱི་འཁོར་ལོ་དང་རྣ་ཆ་ལ་སོགས་པའི་ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་ཅིང་གསུས་པ་ཆེ་བ་གཅེར་བུའི་གཟུགས་ཅན་མཚན་མ་གྱེན་དུ་འགྲེང་བ། སྨིན་མ་དང་རྫི་མ་དང་སྨ་ར་དང་བ་སྤུ་རྣམས་ 10-13-7a དུས་མཐའི་མེ་ལྟར་འབར་ཞིང༌། རྩ་ཞལ་ནག་པོ་མ་ཧེའི་གདོང་ཅན་ཤིན་ཏུ་ཁྲོས་པ་རྭ་རྣོན་པོ་ཅན་དེའི་སྟེང་མ་རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོ་རབ་ཏུ་འཇིགས་པ་ཞལ་ནས་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཡིད་ཙམ་ ཁྲོས་པ་གཞོན་ནུའི་རྒྱན་གྱིས་བརྒྱན་པ་སྤྱི་བོར་རལ་པ་ལྔ་དང་ལྡན་པ་རྭའི་རྩ་བའི་གཡས་ཀྱི་ཞལ་དང་པོ་སྔོན་པོ་དེའི་གཡས་ཞལ་དམར་པོ་གཡོན་ཞལ་སེར་པོ་རྭའི་རྩ་བའི་གཡོན་ཞལ་དང་པོ་དཀར་པོ་དེའི་གཡས་ཞལ་དུད་ཁ་གཡོན་ཞལ་ནག་པོ་ཞལ་རྣམས་ ཤིན་ཏུ་ཁྲོས་པ་ཞལ་དགུ་པོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ལྡན་པའོ། །ལཱ་ལི་ཏས། གཡས་ཀྱི་རྭ་ཡི་ཞལ་གསུམ་ནི། །དང་པོ་མཐིང་ཁ་གཡས་དམར་པོ། །གཡོན་སེར་ཤིན་ཏུ་ཁྲོས་པའོ། །དེ་བཞིན་གཡོན་གྱི་རྩ་བའི་ཞལ། །དཀར་པོ་དུད་ཁ་དེ་ བཞིན་དུ། །ནག་པོ་ཤིན་ཏུ་ཁྲོས་པའོ། །ཞེས་གསུངས་པས་ཞལ་དྲུག་སྡར་བཤད་པ་ལྟར་གནས་སོ། །ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་མགོ་གཡས་དང་སྤུ་ཕྱིར་བསྟན་ཏེ་ལག་པ་དང་རྐང་པའི་པགས་པ་གཡོན་པ་ ནས་བརྒྱངས་ཏེ་འཛིན་པ། ལྷག་མ་གཡས་ཀྱི་དང་པོ་ན་གྲི་གུག་གཉིས་པ་ན་བྷི་དྷི་པཱ་ལ་གསུམ་པ་ན་གཏུན་ཤིང་བཞི་པ་ན་ཆུ་གྲི། ལྔ་པ་ན་ཀ་ཎ་ཡ་དྲུག་པ་ན་དགྲ་སྟ་བདུན་པ་ན་མདུང་བརྒྱད་པ་ན་མདའ་དགུ་པ་ན་ལྕགས་ཀྱུ་བཅུ་པ་ན་དབྱུག་ཏེ་བཅུ་གཅིག་པ་ན་ ཁ་ཊྭཱཾ་ག་བཅུ་གཉིས་པ་ན་འཁོར་ལོ། བཅུ་གསུམ་པ་ན་རྡོ་རྗེ་རྩེ་ལྔ་པ། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ་བཅོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཅང་ཏེའུ་བསྣམས་ཤིང༌། ལྷག་མ་གཡོན་དང་པོ་ན་ཁྲག་གིས་བཀང་བའི་ཐོད་པ་གཉིས་པ་ན་ཚངས་པའི་མགོ་བོ་གསུམ་པ་ 10-13-7b ན་ཕུབ་བཞི་པ་ན་རྐང་པ་ལྔ་པ་ན་ཞགས་པ་དྲུག་པ་ན་གཞུ་བདུན་པ་ན་རྒྱུ་མ་བརྒྱད་པ་ན་དྲིལ་བུ་དགུ་པ་ན་ལག་པ་བཅུ་པ་ན་དུར་ཁྲོད་ཀྱི་རས་བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིག་ལ་བཅུགས་པ་བཅུ་གཉིས་པ་ན་མེ་ཐབ་བཅུ་གསུམ་པ་ན་ཐོད་ཚལ་བཅུ་བཞི་པ་ན་ སྡིགས་མཛུབ་བཅོ་ལྔ་པ་ན་འཕན་རྩེ་གསུམ་པ་བཅུ་དྲུག་པ་ན་རླུང་རས་བསྣམས་པའོ། །རྟོག་བདུན་དང་སམྡུ་ཊ་ལས་ཕྱག་གཡས་གཡོན་གྱི་དང་པོས་གྲི་གུག་དང་ཐོད་པ་འཛིན་པར་བཤད་པ་ནི་སློབ་དཔོན་དོན་ཡོད་རྡོ་རྗེས་གཡོན་གྱི་དང་པོས་གླང་ལྤགས་འཛིན་ པ་བྱས་ནས་ཕྱག་གཞན་གཡས་ཀྱི་དང་པོ་ན་གྲི་གུག་ཅེས་བཤད་པ་བཞིན་སློབ་དཔོན་ཞི་བའི་ཡེ་ཤེས་ཀྱང་བཞེད་པས་ཕྱག་ཐམས་ཅད་ཀྱི་དང་པོ་མིན་གྱི་གླང་ལྤགས་འཛིན་པ་ལས་གཞན་པའི་དང་པོའོ། །དེས་ན་ལ་ལི་ཏའི་རོ་ལངས་བརྒྱད་སྐོར་གྱི་སྒྲུབ་ཐབས་ དང་ཤྲཱི་བྷ་དྲ་དང་འཇམ་དཔལ་ཡེ་ཤེས་རྣམས་ཀྱིས་ཀྱང་གླང་ལྤགས་གཡས་གཡོན་གྱི་དང་པོས་འཛིན་པར་གསུངས་པ་རྒྱུད་དང་མི་འགལ་ལོ། །གཡས་ཀྱི་ཕྱག་མཚན་གཉིས་པ་དང་ལྔ་པ་ལ་བོད་སྐད་ཀྱི་སྐད་དོད་བདེ་མོ་མ་རྙེད་པས་རོ་ལངས་བརྒྱད་སྐོར་ལ་ སོགས་པའི་སྒྲུབ་ཐབས་མང་པོར་རྒྱ་སྐད་སོར་བཞག་མཛད་པའི་དོན་ནི་མན་ངག་སྙེ་མའི་འགྱུར་གསར་ལས་བྷི་དྷི་པཱ་ལ་མདུང་ཐུང་གི་རྣམ་པ་ཅན་རྩེ་མོ་ལ་ཆགས་པའི་རྨ་བྱའི་སྒྲོ་མདོངས་ཅན་ནོ། །ཀ་ཎ་ཡ་ནི་མདུང་ཕྱེད་པའོ། །ཞེས་གསུངས་པ་བཞིན་ དུ་ཤེས་པར་བྱའོ། །གཞོན་ནུ་ཟླ་བའི་འགྲེལ་པར་མཚོན་རྩེ་གཅིག་པ་ནི་ལྕགས་དབྱུག་གི་རྣམ་པ་ཅན་རྩེ་མོ་རྨ་བྱའི་སྒྲོའི་ཆུན་པོ་དང་ལྡན་པའོ། །རྡོ་རྗེ་རྩེ་གཅིག་པ་ནི་མདུང་ཐུང་ངོ༌། །ཞེས་རྒྱ་སྐད་གཉིས་པོ་དེ་རྡོ་རྗེ་རྩེ་གཅིག་པ་དང་མཚོན་རྩེ་གཅིག་པར་ 10-13-8a བསྒྱུར་ནས་དེའི་བཤད་པ་བྱས་པ་འགྱུར་མ་ལེགས་སོ། །མདུང་ཐུང་གི་རྣམ་པ་ཅན་ནི་མདུང་ལྕགས་ཁོ་ནའི་མིན་པས་ལྕགས་དབྱུག་གི་རྣམ་པ་ཅན་དང་དོན་འདྲའོ། །ཞབས་གཡས་ཀྱི་དང་པོས་མི་གཉིས་པས་མ་ཧེ་གསུམ་པས་གླང་བཞི་ པས་བོང་བུ་ལྔ་པས་རྔ་མོང་དྲུག་པས་ཁྱི་བདུན་པས་ལུག་བརྒྱད་པས་ཝ་དང༌། གཡོན་གྱི་དང་པོས་བྱ་རྒོད་གཉིས་པས་འུག་པ་གསུམ་པས་བྱ་རོག་བཞི་པས་ནེ་ཙོ་ལྔ་པས་ཁྲ་དྲུག་པས་བྱ་ཆེན་པོ་བདུན་པས་ཁྱིམ་བྱ་བརྒྱད་པས་བཞད་མནན་པ། ཚངས་པ་དང་ དབང་པོ་དང་ཁྱབ་འཇུག་དང་དྲག་པོ་དང་གཞོན་ནུ་གདོང་དྲུག་དང་ལོག་འདྲེན་དང་ཟླ་བ་དང་ཉི་མ་རྣམས་ཁ་སྦུབ་ཏུ་བྱས་ཏེ་ཞབས་འོག་ཏུ་མནན་ནས་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པར་བསམ་མོ། །དེའི་མིག་ཏུ་ཀྵིཾ་དཀར་པོ་རྣ་བར་ཛྲིཾ་ནག་པོ་སྣར་ཁཾ་ སེར་པོ་ལྕེ་ལ་རཾ་དམར་པོ་དཔྲལ་བར་ཀཾ་ལྗང་གུ་ལྟེ་བར་སཾ་དཀར་པོ་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུཾ་སྔོན་པོ་དགོད་པ། ས་སྙིང་དང་ཕྱག་རྡོར་ནམ་སྙིང་སྤྱན་རས་གཟིགས་སྒྲིབ་སེལ་ཀུན་བཟང་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ཀྱི་རང་བཞིན་ དུ་བལྟའོ། །དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་སྔར་དང་འདྲ་བའི་འཇམ་དབྱངས་ཀྱི་ཐུགས་ཀར་ཨཱ༔ ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ཁ་འོད་ཟེར་ལྔ་འཕྲོ་བར་ བསམ་སྟེ་དམ་ཚིག་པ་བསྐྱེད་པའོ། །དེ་ནས་ཧཱུཾ་ཡིག་དེ་ལས་འོད་ཟེར་སྤྲོ་ཞིང་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ་ཨོཾ་ཧྲཱིཿཧཱ་བྷོ་མཧཱ་ཀྲོ་དྷཱ་ཨཱ་གཙྪ་ཨཱ་གཙྪ་ཨཱ་སྨ་ད་པཱུ་ཛ་པྲ་ཏི་གྲིཧྞནྟུ་པྲ་སཱ་ད་མེ་དྷཱི་མན་ཀུ་རུ་སྭཱཧཱ། ཞེས་བརྗོད་པས། རང་བཞིན་གྱི་གནས་ནས་བསྒོམས་ 10-13-8b པ་དང་འདྲ་བའི་རྡོ་རྗེ་འཇིགས་བྱེད་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་ཧྲཱིཿཥྚྲཱིཿཡི་སྔགས་བརྗོད་ལ་ཁྲོ་བོ་སྤྲོས་ཏེ་ཕྱི་འབྲང་གི་བགེགས་ཚར་བཅད་ནས་བསྲུང༌། སྔར་བཞིན་མཆོད་ནས། ཨོཾ་མུད་ག་ར་ཛཿཞེས་པའི་སྔགས་ཀྱིས་རང་གི་སྤྱི་བོར་དགུག །ཨོཾ་དཎྜ་ཧཱུཾ་ གིས་རང་ལ་གཞུག །ཨོཾ་པདྨ་བཾ་གྱིས་རང་དང་དབྱེར་མེད་དུ་བཅིང༌། ཨོཾ་ཁདྒ་ཧོཿས་དབང་དུ་བྱའོ། །དེ་ནས་སྔར་གྱི་ཕྱག་རྒྱ་ལ་སོགས་པས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་རྣམས་མདུན་དུ་སྤྱན་དྲངས་པ་ལ་སྔར་བཞིན་མཆོད་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་ཙ་རྩི་ཀ་ལ་སོགས་པ་རྣམས་ཀྱིས་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས་ཟླ་བ་ལྟ་བུའི་བུམ་པ་དཀར་པོ་བདུད་རྩི་རྣམ་པ་ལྔས་ བཀང་བ་བཟུང་ནས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །སྐྱེ་བས་ཐོབ་པའི་དབང་བསྐུར་བ། །ཇི་ལྟར་དེ་བཞིན་བདག་གིས་ནི། །དག་པ་ལྷ་ཡི་ཆུས་དབང་བསྐུར། །ཞེས་གསུངས་ཤིང་སྤྱི་བོ་ནས་དབང་བསྐུར་བས་དབང་གི་ཆུས་ལུས་ཐམས་ཅད་གང་དྲི་མ་ཐམས་ ཅད་དག་ཆུ་ལྷག་མ་ཡར་ལུད་པས་རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པས་དབུ་བརྒྱན་ཞིང་དབང་གི་ལྷ་རྣམས་རང་ལ་ཐིམ་པར་བསམ་སྟེ་ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་བའོ། །དེ་ནས་མཆོད་རྫས་རྣམས་ཧྲཱིཿཥྚྲཱིཿས་བསངས་སྭ་བྷཱ་ཝས་སྟོང་པར་སྦྱངས་སྟོང་པའི་ ངང་ལས་ཨཱཿལས་བྱུང་བའི་ཐོད་པའི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་རྫས་རྣམས་རང་བཞིན་སྟོང་པ་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་བསྐྱེད་ནས་སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་ 10-13-9a བརླབས་པ་ལ་སྔར་བཤད་པ་བཞིན་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་དོ། །སློབ་དཔོན་ཛྙཱ་ན་ཨཱ་ཀ་རས་ཨོཾ་ཡ་མཱནྟ་ཀ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ་ཞེས་སོགས་ཀྱི་སྙིང་པོའི་མཇུག་ཏུ་བཏགས་ནས་དབུལ་བའང་བཤད་དོ། །དེ་ནས་ནང་མཆོད་གཏོར་ མ་བཞིན་བྱིན་གྱིས་བརླབས་ལ་ཐོག་མར་རྩ་བའི་བླ་མ་དང་དེ་ནས་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གྱི་མཐར་ཨོཾ་ཨཱཿཧཱུཾ་བཏགས་ལ་དབུལ་དེ་ནས་ལྷའི་སྔགས་ལ་ཡི་གེ་གསུམ་བཏགས་ལ་དབུལ། དེ་ནས་ཆོས་སྐྱོང་རྣམས་ལ་འབུལ་ཞིང་སེམས་ཅན་ཐམས་ ཅད་ཀྱང་ལྷར་བསྐྱེད་ལ་འབུལ་ལོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་རང་གི་ལུས་ལ་གཞུག་ལ་སྙིང་པོ་ལ་ཡི་གེ་གསུམ་བཏགས་པ་བརྗོད། ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་འོད་ཟེར་གྱི་སྦུ་གུ་ཅན་གྱིས་དྲངས་ནས་ལོངས་སྤྱད་པར་ བསམ་ཞིང་བདུད་རྩི་ལྕེ་ཐོག་ཏུ་བཞག་པ་མྱངས་པས་ལུས་ཀྱི་ལྷ་ཐམས་ཅད་ཚིམ་པར་བསམ་མོ། །དེའི་ཚེ་མཆོད་བྱ་མཆོད་བྱེད་མཆོད་པ་ཐམས་ཅད་རང་བཞིན་མེད་བཞིན་དུ་སྣང་བ་སྒྱུ་མ་བཞིན་དུ་བལྟ་བར་བྱ་སྟེ་མཆོད་པའོ། །ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་ རྣམས་ཀྱིས་བྲག་ཅའི་དབྱངས་བཞིན་དུ་བསྟོད་པར་བསམས་ལ། ཧཱུཾ་འཇམ་དཔལ་མཁའ་ལས་བྱུང་བའི་གསེར་མདོག་ཅན། །འཇམ་དཔལ་ཐུགས་ལ་ཆོས་ཀུན་རང་བཞིན་གསལ། །འཇམ་དཔལ་གསུང་གི་དབང་ཕྱུག་འཇམ་དཔལ་དབྱངས། །འཇམ་དཔལ་བདག་ནི་རེ་ བའི་སེམས་ཀྱིས་འདུད། །ཐུགས་མཆོག་འཇམ་པའི་ངང་ལས་མ་གཡོས་ཀྱང༌། །ཐུགས་རྗེས་གདུག་པ་མ་ལུས་འདུལ་བའི་ཕྱིར། །འཇིགས་བྱེད་འཇིགས་པ་ཆེན་པོའི་སྐུར་སྟོན་པ། །མི་བཟད་དུས་མཐའི་བསྐལ་པའི་མེ་ལྟར་འབར། །ཞལ་གདངས་ཁྲོ་གཉེར་ 10-13-9b སྨིན་མ་གློག་ལྟར་འགྱུ། །སྤྱན་བགྲད་མཆེ་བ་གཅིགས་པ་རབ་ཏུ་འབར། །རྡོ་རྗེའི་རྟ་སྐད་དྲག་པོ་ཧ་ཧར་བཞད། །མཁའ་འགྲོ་སྡུད་པའི་ཕོ་སྐད་གནམ་དུ་སྒྲོག །ཁྲོས་པའི་སྟབས་ཆེན་བརྡབས་པས་ས་གསུམ་གནོན། །སྡིགས་མཛུབ་གནམ་དུ་བསྒྲེང་ཞིང་ལྷ་ཆེན་འདུལ། ། ལྗགས་འདྲིལ་ཚེམས་ཆེན་གཅིགས་ཤིང་ཁྲག་གིས་མྱོས། །ལྷ་དང་བཅས་པའི་འཇིག་རྟེན་ཞལ་དུ་གསོལ། །གླང་ཆེན་ཀོ་རློན་ཐོད་པའི་ཕྲེང་བ་བརྒྱན། །གཅེར་བུ་འཇིགས་བྱེད་དབང་ཕྱུག་ཆེན་པོའི་ཚུལ། །འཇིགས་བྱེད་མ་ཧེ་ཁྲོས་པའི་ཞལ་གདངས་ཤིང༌། ། ཞལ་དགུ་འབར་བས་སྲིད་པ་ཟ་ཞིང་རྔུབ། །འགྲོ་བ་སྣ་ཚོགས་འདུལ་བའི་ཕྱག་རྒྱ་འབར། །བདུད་རིས་གནོན་པའི་ཞབས་ནི་བརྐྱངས་བསྐུམ་མཛད། །འཇིགས་བྱེད་ཆེན་པོའི་སྐུ་ལ་རྟག་ཏུ་འདུད། །དབུ་དགུ་འབར་བའི་དཀྱིལ་འཁོར་ནས། །གཡས་ཀྱི་ཞལ་གསུམ་བགྲད་པ་ ནི། །མཐིང་ཁ་དམར་དང་སེར་བའི་ཞལ། །གཡོན་པའི་ཞལ་གསུམ་གདངས་པ་ནི། །དཀར་དང་དུད་ཁ་ནག་པོའི་ཞལ། །དབུས་ཀྱི་ཞལ་གསུམ་འབར་བ་ནི། །ཁྲོ་དང་ཆགས་དང་ཞི་བའི་ཚུལ། །ཕྱག་རྒྱ་འོད་ཟེར་འབར་བ་ལས། །གཡས་ཀྱི་ཕྱག་རྒྱ་བཅུ་དྲུག་ནི། །བརྡེག་ ཅིང་འཇོམས་པའི་མཚོན་ཆ་གདེངས། །གཡོན་གྱི་ཕྱག་རྒྱ་བཅུ་དྲུག་ནི། །རོལ་ཅིང་སྟོབས་པའི་མཚན་མས་མཛེས། །བརྗིད་རྔམ་ཞབས་ཀྱི་ཚམ་ངམ་ལས། །གཡས་ཀྱི་ཞབས་བརྒྱད་བསྐུམ་པས་ནི། །དྲེགས་པའི་ལྷ་བརྒྱད་ཐབས་ཀྱིས་གནོན། །གཡོན་གྱི་ཞབས་ བརྒྱད་བརྐྱང་པས་ནི། །དྲེགས་པའི་ལྷ་མོ་བརྒྱད་ལ་རོལ། །འདོད་ཆགས་ཆེན་པོ་འདུལ་བའི་ཕྱིར། །རྟག་ཏུ་ལིང་ག་རྒྱས་པའི་ཚུལ། །དྲག་པོའི་ཚུལ་གྱིས་ཞེ་སྡང་འདུལ། །འདུལ་སྐུ་ཁྱོད་ལ་ཕྱག་འཚལ་ལོ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །བདུད་དང་ 10-13-10a གཤིན་རྗེ་ཐབས་ཀྱིས་འདུལ། །མ་མོ་མཁའ་འགྲོ་དབང་དུ་སྡུས། །དབང་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །དབང་མེད་དད་པས་འདུས་པ་དང༌། །ཡེ་ཤེས་སྤྲུལ་པའི་འཁོར་གྱིས་བསྐོར། །འཁོར་བཅས་ ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཇི་ལྟ་བུར་ནི་སྤྲུལ་གྱུར་ཀྱང༌། །རྣམ་དག་དབྱིངས་ལས་མ་གཡོས་ཏེ། །མཉམ་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ་བསྟོད་པའོ། །དེ་ལྟར་རེ་རེ་ནས་གསལ་འདེབས་པའི་དཔྱད་ནས་ བསྒོམ་པ་དང་རྣམ་པ་གསལ་བ་ལ་རྩེ་གཅིག་ཏུ་འཇོག་པའི་སྒོམ་པ་གཉིས་ཀྱིས་གསལ་སྣང་བསྒྲུབ་ཅིང༌། བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་དོ་སྙམ་དུ་ངེས་པ་ཤུགས་ཅན་བསྐྱེད་པ་ལ་འཇོག་པའི་ང་རྒྱལ་བརྟན་པར་བྱེད་པ་གཉིས་ཀ་བསྒོམ་པར་བྱ་བ་ནི་ རྒྱ་ཆེ་བ་ལ་བསླབ་པའོ། །སྒོམ་པ་པོ་དང་བསྒོམ་བྱ་དང་སྒོམ་རྣམས་བརྟགས་ན་ཡང་དག་པར་ཅིར་ཡང་མ་གྲུབ་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའི་དོན་ལ་འཇོག་པའི་དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་མཉམ་པར་འཇོག་པ་ནི་དམིགས་པ་ལྷའི་སྐུ་ལ་དམིགས་ནས་རྣམ་པ་ རང་བཞིན་མེད་པར་ངེས་པའི་རྒྱུན་སྐྱོང་བ་ཡིན་པས་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་ལ་བསླབ་པ་སྟེ་དེ་དག་ནི་རིགས་པ་ལ་སེམས་འཛིན་པའོ། །དེ་ལྟར་བསྒོམ་པ་ལ་བྱིང་བ་དང་རྒོད་པ་བསལ་བའི་ཕྱིར་སྟེང་ངམ་འོག་གི་སྣ་རྩེར་ཟླ་བ་ལ་གནས་པའི་རྡོ་རྗེ་སྔོན་པོ་ ཡུངས་ཀར་གྱི་འབྲུ་ཚད་ཙམ་ལ་སེམས་བཟུང་ནས་བརྟན་པ་ན་དེ་ལས་ཕྱག་མཚན་མང་པོ་སྤྲོ་ཞིང་སླར་ཡང་རྩ་བའི་མཚན་མ་ལ་སྡུད་པ་ནི་ཕྲ་མོ་ལ་སེམས་འཛིན་པ་ཡིན་ཏེ་སེམས་གཟུང་བའི་རིམ་པའོ། །དེ་ལྟར་བསྒོམས་པས་སྐྱོན་དག་པ་དྲན་པར་ 10-13-10b བྱ་སྟེ། ཞལ་དགུ་ནི་གསུང་རབ་ཡན་ལག་དགུ་རྭ་གཉིས་ནི་བདེན་པ་གཉིས་ཕྱག་སོ་བཞི་དང་སྐུ་གསུང་ཐུགས་ཏེ་སོ་བདུན་ནི་བྱང་ཕྱོགས་སོ་བདུན་ཞབས་བཅུ་དྲུག་ནི་སྟོང་ཉིད་བཅུ་དྲུག་མཚན་མ་གྱེན་འགྲེང་བ་ནི་བདེ་བ་ཆེན་པོ་རྒྱས་པ། མི་ལ་སོགས་པ་ནི་དངོས་ གྲུབ་བརྒྱད་དང་བྱ་རྒོད་ལ་སོགས་པ་ནི་དབང་ཕྱུག་བརྒྱད་དག་པ་ཡིན་ལ། གཅེར་བུ་ནི་སྒྲིབ་གཡོགས་མེད་པ་དང་སྐྲ་གྱེན་དུ་བརྫེས་པ་ནི་མྱ་ངན་ལས་འདས་པའི་གོ་འཕང་སྟོན་པའོ། །ཞེས་འགྲེལ་པ་གཉིས་ལས་བཤད་པ་བཞིན་དུའོ། །དེ་དག་གི་དོན་མདོར་ བསྡུ་ན་གཏན་ལ་དབབ་པའི་གཞི་གསུང་རབ་ཡན་ལག་དགུའི་བརྗོད་བྱ་ཀུན་རྫོབ་སྒྱུ་མ་དང་དོན་དམ་ནམ་མཁའ་ལྟ་བུ་ཁོང་དུ་ཆུད་པའི་ལམ་བྱང་ཕྱོགས་སོ་བདུན་ཡིན་ལ། ལམ་དེའི་གཙོ་བོ་དོན་དམ་རྟོགས་པ་ལ་ནི་སྟོང་ཉིད་བཅུ་དྲུག་གི་རྟོགས་པ་ཡོད་དེ། དེའང་ ཐབས་བདེ་བ་ཆེན་པོ་དང་དབྱེར་མེད་པར་ཞུགས་པའོ། །ལམ་དེས་བགྲོད་པའི་འབྲས་བུ་དངོས་གྲུབ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི་གཙོ་བོ་ནི་སྒྲིབ་པ་ཟད་པའི་མྱང་འདས་སོ་ཞེས་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་ཤར་བའི་སྐུས་དེ་ལྟར་མཚོན་པ་གོ་ བར་བྱེད་པའོ། །རྒྱས་པར་བསྒོམ་པར་འདོད་ན་འགྲེལ་པ་གཉིས་དང་ལ་ལཱི་ཏའི་གཞུང་ལས་ཤེས་པར་བྱ་སྟེ་དག་པ་དྲན་པའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའི་མཐར་གང་ཟློ་བར་འདོད་པའི་སྔགས་ཀྱི་ཡི་གེ་རྣམས་གཡས་སྐོར་དུ་འགྲེང་སྟེ་འོད་ཟེར་འབར་ བའི་རྣམ་པ་ཅན་དུ་བལྟས་ལ་དེ་ལས་འོད་འཕྲོས་པ་རིམ་གྱིས་བརྒྱུད་ནས་རྩ་ཞལ་གྱི་སྣ་སྒོ་ནས་དབུགས་ཕྱིར་འབྱུང་བ་དང་ལྷན་ཅིག་བྱུང་བས་འགྲོ་བའི་དོན་བྱས་ནས་སླར་ཡང་དབུགས་རྔུབ་པ་དང་ལྷན་ཅིག་སྣའི་བུ་ག་ནས་གཞུག་ལ་སྔགས་ཕྲེང་ལ་ 10-13-11a ཐིམ་པ་དང་ཞལ་དགུ་ག་ནས་བྱུང་བར་བསམ་ལ་སྐྱོན་དང་བྲལ་བར་བཟླའོ། །བཟླས་པའི་སྐྱོན་ནི་ཤིན་ཏུ་མྱུར་བུལ་གཉིས་དང་ཤིན་ཏུ་གསལ་མི་གསལ་དང་རིང་བ་དང་ཐུང་བ་གཉིས་གོ་ལྡོག་པ་དང་གཏམ་གཞན་གྱིས་བར་ཆོད་པ་དང་སེམས་ གཞན་དུ་ཡེངས་པ་ལ་སོགས་པའོ། །གདོང་དྲུག་གི་སྒྲུབ་ཐབས་ལས། གཞན་དུ་མི་འགྲོའི་སེམས་ཀྱིས་ནི། །དེ་ལྟའི་ཚུལ་དུ་བཟླས་པ་བྱ། །ཡུལ་གཞན་བློ་ནི་འགྲོ་བ་ཡིས། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་ཤིང་གཞན་ཡང་མང་བས་ སེམས་མ་ཡེངས་པ་ཁྱད་པར་དུ་གལ་ཆེའོ། །ཡི་གེ་འབར་བ་ལ་སེམས་བཟུང་ནས་བཟླས་ན་དངོས་གྲུབ་མྱུར་བར་ལ་ལི་ཏས་གསུངས་སོ། །བཟླས་བྱའི་སྔགས་ནི། ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ནི་རྩ་སྔགས་སམ་ཕྲེང་སྔགས་སོ། །ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ་ཞེས་པ་ནི་ལས་ཀྱི་སྔགས་སོ། །དེ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་སྦྱར་བ་གཉིས་ཟློ་བ་གདམ་ང་ཅན་དུ་མན་སྙེ་ལས་བཤད་དོ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ་། ཅེས་པ་ནི་སྙིང་པོའོ། །གྲངས་ནི་རྒྱུད་ཀྱི་རྟོག་པ་གསུམ་པ་ལས་དང་པོ་ལ་འབུམ་གཉིས་པ་ལ་སུམ་འབུམ་གསུམ་པ་ལ་ཡི་གེའི་གྲངས་ཀྱི་འབུམ་བཟླས་ན་ལས་ཀུན་བྱེད་ནུས་པར་གསུངས་ཤིང་རྟོག་པ་བཞི་པ་ལས་རྩ་སྔགས་ལ་སུམ་འབུམ་བཟླ་བར་ གསུངས་པའི་སུམ་འབུམ་སྔ་མ་ནི་སློབ་དཔོན་མི་བསྐྱོད་པས་གང་ཟག་འབྲིང་གི་དབང་དུ་བྱས་ནས་གསུངས་པར་བཞེད་དོ། །དེའི་སྒྲུབ་ཐབས་ཀྱི་གཞུང་གཞན་ནས་བཟླས་པའི་གྲངས་བཤད་པ་ནི་ཚུལ་སྔ་མ་དང་འདྲ་ལ་སློབ་དཔོན་ཛྙཱ་ན་ཨཱ་ཀ་རས་སྔོན་དུ་བསྙེན་ 10-13-11b པ་བྱེ་བའམ་ཡང་ན་མཚན་མ་ཐོབ་ནས་ལས་རྣམས་བརྩམ་པར་གསུངས་སོ། །དེ་ནས་དབང་བསྐུར་བ་བྱེད་པ་ལ་ཨ་མོ་གྷ་བཛྲས་ཡི་གེ་བཅུ་པ་འབུམ་ཕྲག་གཅིག་བཟླ་བར་གསུངས་པ་ལྟ་བུ་མིན་པར་ཞི་སོགས་ཀྱི་ལས་མང་པོ་འགྲུབ་པ་ལ་ནི་ད་ལྟའི་གང་ཟག་གིས་ ཇི་སྐད་བཤད་པའི་མཚན་མ་བརྟན་པོ་ཐོབ་ན་མ་གཏོགས་པ་གྲངས་ཀྱི་བསྙེན་པ་བྱེ་བར་གསུངས་པ་ལེགས་པར་མཐོང་ངོ༌། །ཕྲེང་བ་དག་པའི་ཆོ་ག་ནི། མི་རུས་ལ་སོགས་པའི་ཕྲེང་བ་བསངས་སྦྱངས་ནས་ཕྲེང་རྡོག་རྣམས་ཧཱུཾ་ལས་རྡོ་རྗེ་འཇིགས་བྱེད་དུ་བསྐྱེད་པའམ་ ཡང་ན་དེ་ཞུ་བ་ལས་ཁྲག་འཛག་པའི་མགོ་བོར་བལྟས་ལ་གཡས་པའི་མཐེ་བོང་ལྕགས་ཀྱུས་ལྷ་དགུག་པའི་བསམ་པས་ཕྲེང་བ་དབབ་ལ་བཟླས་ཏེ་བཟླས་པའོ། །བཟླས་པས་སྐྱོ་ན་སླར་ཡང་མཆོད་བསྟོད་བྱ་ཞིང་གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་གདོན་ ལ་གྲུབ་ན་ཐུན་ཐམས་ཅད་ཀྱི་མཐར་གཏོར་མ་དབུལ་མ་གྲུབ་ན་ཐུན་ཐ་མའི་མཐར་གཏོར་མ་དབུལ་ལོ། །དེའི་རིམ་པ་ནི་ཐུན་གཤམ་ཡིན་ན་བདག་བསྐྱེད་གསར་དུ་མི་དགོས་ལ་དེ་ལྟ་མིན་ན་རང་འཇིགས་བྱེད་དུ་བསྐྱེད་པ་རྒྱས་བསྡུས་གང་རུང་བྱ། མདུན་དུ་སྐད་ ཅིག་ཙམ་གྱིས་རྟེན་དང་བརྟེན་པ་བསྐྱེད་པའམ་ཡང་ན་སྟོང་པ་ཉིད་བསྒོམ་པ་ནས་སྲུང་འཁོར་ཐུན་མོང་བའི་བར་དང་དེ་ནས་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པའི་ཆོས་འབྱུང་ནས་དམ་ཚིག་པ་བསྐྱེད་པའི་བར་སྔར་བཞིན་བྱས་ཏེ་སྤྱན་འདྲེན་གྱི་ཕྱག་རྒྱ་དང་དམིགས་ པའང་སྔར་བཞིན་བྱས་ལ། འཇམ་དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །དུས་ཀྱི་ཁམས་བཞིན་ཐུགས་རྗེ་འགྲོ་འོང་བྲལ། །སྤྲུལ་པ་འགྲོ་དང་བྲལ་བ་གཟུགས་བརྙན་བཞིན། །འགྲོ་དང་འོང་བའི་མཚན་ 10-13-12a ཉིད་མི་མངའ་ཡང༌། །ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བས། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ་བའི་ལྷ། །སངས་རྒྱས་ཀུན་གྱི་ཡེ་ཤེས་འཇམ་པའི་དབྱངས། །གདུག་པ་འདུལ་བྱེད་འཇིགས་བྱེད་གཤིན་རྗེ་གཤེད། །ལས་བྱེད་ སྤྲུལ་པ་གཤིན་རྗེའི་འཁོར་དང་བཅས། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །ཨོཾ་ཧྲཱིཿཧཱ་བྷོ་སོགས་བརྗོད་ལ་ཕྱོགས་སྐྱོང་དང་བཅས་པ་སྤྱན་དྲངས་ཏེ་དམ་ཚིག་པ་ལ་གཞུག་པ་སོགས་བྱའོ། །དེ་ལ་དབང་བསྐུར་ཞིང་རྒྱས་གདབ་ལ། རྒྱལ་བ་རྣམས་ནི་གཙང་གྱུར་ཅིང༌། །སྨ་བའི་རྟོག་པ་མི་མངའ་ཡང༌། །སྲི་ཞུའི་ཚུལ་གྱིས་ཡོན་ཆབ་འདིས། །བདེ་གཤེགས་རྣམས་ལ་སྐུ་ཁྲུས་གསོལ། །ཞེས་མཆོད་ཡོན་དང་དེའི་གནས་སུ་ཞབས་བསིལ་ཞེས་གཞུག་ལ་ཞབས་བསིལ་དང༌། རྒྱལ་བ་རྣམས་ ནི་ཡོན་ཏན་མཆོག་གི་སྐུ། །ཚུལ་ཁྲིམས་རྣམ་པར་དག་པའི་དྲི་དང་ལྡང༌། །སྒྱུ་མའི་ཆོས་ལ་ཡེ་ཤེས་དབང་བསྒྱུར་ཞིང༌། །རང་བཞིན་རྣམ་དག་ཆགས་རྡུལ་མི་མངའ་ཡང༌། །བདག་ཅག་སྲི་ཞུ་གུས་པའི་ཚུལ་གྱིས་སུ། །དྲི་མཆོག་གཙང་མར་བཤམས་ཏེ་ཕུལ་བ་ ཡིས། །བསོད་ནམས་ཡན་ལག་ཡོངས་སུ་རྫོགས་གྱུར་ཅིག །ཅེས་དྲི་མཆོག་དང་གཞན་རྣམས་འདྲ་བ་ལ་རྐང་པ་གཉིས་པའི་གནས་སུ། བྱང་ཆུབ་ཡན་ལག་རྒྱན་གྱི་མེ་ཏོག་མཛེས། །ཡེ་ཤེས་ཕོ་བྲང་མཚན་གྱི་མེ་ཏོག་སྤོས། །མ་རིག་མུན་པ་བྲལ་བའི་ ཡེ་ཤེས་གསལ། །ནོར་བདུན་ཡོན་ཏན་ཆོག་ཤེས་བདུད་རྩིའི་ཟས། །ཞེས་དང༌། དྲི་མཆོག་ཅེས་པའི་གནས་སུ་མེ་ཏོག་དང་བདུག་པ་དང་མར་མེ་དང་བཤོས་བཟང་ཞེས་སྦྱར་ལ་སྔར་བཤད་པའི་སྔགས་ཀྱིས་རོལ་མོ་དང་བཅས་པ་དབུལ། སྤྱན་འདྲེན་ 10-13-12b དང་མཆོད་པ་བསྡུས་པ་ལ་མོས་ན་སྔར་བཤད་པ་བཞིན་བྱས་ཀྱང་རུང་ངོ༌། །མདུན་བསྐྱེད་སྒྲུབ་མཆོད་ཀྱང་དེ་མ་ཐག་བཤད་པས་ཤེས་པར་བྱའོ། །ནང་མཆོད་ཀྱིས་ཀྱང་མཆོད། དེ་ནས་གཏོར་མ་ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས་ཡཾ་ ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ་དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱཿལས་བྱུང་བའི་ཐོད་པ་དཀར་པོ་དེའི་ནང་དུ་ཤར་ནས་ བརྩམས་ཏེ་ཕྱོགས་བཞི་དང་དབུས་སུ་བྷྲཱུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ལས་བྱུང་བའི་བ་ལང་ཁྱི་གླང་པོ་ཆེ་རྟ་མིའི་ཤ་ལྔ་ལ་ཀཽ་ཀུ་ད་ཧ་ནའི་ཡི་གེས་མཚན་པ། ཤར་ལྷོ་ནས་བརྩམས་ཏེ་མཚམས་བཞི་དང་དབུས་སུ་ལཱཾ་མཱཾ་པཱཾ་ཏཱཾ་པཱཾ་ལས་བྱུང་བའི་དྲི་ཆེན་རཀྟ་བྱང་སེམས་ དཀར་པོ་རྐང་མར་དྲི་ཆུ་ལྔ་ལ་བི་ར་ཤུ་མ་མཱུའི་ཡི་གེས་མཚན་པ་སྟེ་རྫས་རྣམས་བཅུ་པོ་དེར་བསྐྱེད་དོ། །དེ་དག་གི་སྟེང་དུ་ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་བསྒོམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རླུང་ལ་ཕོག་ པས་རླུང་གཡོས་མེ་སྦར་ཏེ་ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས་སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས་ཧཱུཾ་ གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་ཐམས་ཅད་དག་ཨཱཿས་བདུད་རྩིར་རྟོགས་པར་བྱས་ཨོཾ་གྱིས་མང་པོར་སྤེལ་བར་བསམ་ལ་དེ་ཉིད་གསུམ་གྱི་ཡི་གེ་ལན་གསུམ་བརྗོད་དོ། །དེ་ནས་ཧཱུཾ་ཞེས་བརྗོད་པས་མགྲོན་རྣམས་ཀྱི་ལྗགས་སྔར་བཤད་པ་བཞིན་བྱིན་གྱིས་ 10-13-13a བརླབས་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་བཛྲ་བྷཻ་ར་བ་ཡ་ཨ་དྷི་པ་ཏི་ཨི་མཾ་བ་ལིཾ་ཁ་ཁཱ་ཁཱ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ་སྭཱཧཱ། ལན་གསུམ་བརྗོད་པས་ལྗགས་ཀྱི་སྦུ་གུས་དྲངས་ཏེ་གསོལ་བར་བསམས་ལ་གཏོར་མ་དང་པོ་འཇིགས་བྱེད་ལ་དབུལ་ ཞིང་ཉེར་སྤྱོད་དང་ནང་མཆོད་ཀྱིས་མཆོད་ནས། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ། །ཆོས་ཀྱི་དབྱིངས་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས། །ཕྱག་འཚལ་འཇམ་ དཔལ་དཔལ་གྱུར་རྫོགས་པ་ཁྱོད། །ཆོས་ཀྱི་སྐུ་ལ་བྱམས་སྔང་མི་མངའ་ཡང༌། །སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེས་ཐབས་ཀྱིས་ཁྲོ་རྒྱལ་སྐུར་བསྟན་པ། །འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ལ་ཞི་ རྒྱས་སོགས་སྐབས་དང་བསྟུན་ནས་འཕྲིན་ལས་བཅོལ་བས་གནང་བ་བྱུང་བར་བསམ་མོ། །དེ་ནས་གཏོར་མ་གཉིས་པ་ཡང་སྔར་བཞིན་བསངས་སྦྱངས་སོགས་བྱས་ནས་རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། ཨོཾ་བྷཱུ་ཙ་ར་ནཾ། ཡ་པཱ་ཏཱ་ལ་ཙ་ར་ཡ། མན་ ཁེ་ཙ་ར་ཡ། ཏ་པཱུར་བ་ནི་ག་ནཾ། ཀ་དཀྵི་ཎ་དཱི་གཱ་ཡ། ཧཱུཾ་པཤྩི་མ་ནཾ། ཕཊ་ཨུད་ཏ་ར་ཏི་གཱ་ཡ། ཨོཾ་ཨི། ཧྲཱིཿཡ། ཥྚྲཱིཿབ། ཝི་ཀྵི། ཀྲི་ཀོ། ཏཱ་ཨེ། ན་ཨ། ན་དེ། ཧཱུཾ་བྷྱོ། ཕཊ་སརྦ་བྷུ་དེ་བྷྱཿ ཞེས་བརྗོད་ལ་འཁོར་དུ་སྤྱན་དྲངས་པའི་ཕྱོགས་སྐྱོང་འཁོར་བཅས་ཀྱི་ འབྱུང་པོ་རྣམས་ལ་ཕུལ་ནས་མཆོད་དེ། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ། །འབྱུང་པོ་རོ་ལངས་ཅི་བགྱིས་བཀའ་ཉན་ཚོགས། །ཕྱི་ནང་སྐྱོང་བའི་ 10-13-13b དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཞེས་བསྟོད་ལ་འཕྲིན་ལས་བཅོལ་བས་ཁས་བླངས་པར་བསམ་མོ། །དེ་ནས་འཇམ་དབྱངས་ཀྱི་བཀའ་སྡོད་གཤིན་རྗེའི་གཏོར་མ་སྔར་བཞིན་བསྐྱེད། མདུན་དུ་པདྨ་ཉི་མ་ཧེའི་སྟེང་དུ་ཡ་ ལས་དབྱུག་ཏོ་ཡས་མཚན་པ་དེ་ལས་འོད་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་དབྱུག་ཏོ་ལ་ཐིམ་དེ་ཡོངས་སུ་གྱུར་པ་ལས། ལས་ཀྱི་གཤིན་རྗེ་ནག་པོ་ཞལ་གཅིག་ཕྱག་གཉིས་པ། མ་ཧེའི་གདོང་པ་ཅན་དམར་ཞིང་ཟླུམ་ པའི་སྤྱན་གསུམ་དང་ལྡན་པ། གཡས་པས་ཐོད་དབྱུག་གཡོན་པས་ཞགས་པ་འཛིན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ལིང་ག་དམར་པོ་གྱེན་དུ་ལངས་པ། གཤིན་རྗེའི་ཚོགས་ཀྱིས་བསྐོར་བ་དམིགས་པའི་གནས་གསུམ་དུ་ཡི་གེ་གསུམ་དགོད། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་བརྗོད་པས་བྱོན་པར་བསམས་ལ། ཛཿཧཱུཾ་བཾ་ཧོཿས་ གཉིས་སུ་མེད་པར་བསྟིམ། ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གཤིན་རྗེ་གཤེད་རིགས་ལྔ་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བུམ་པ་ཐོགས་ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སྤྱི་ བོ་ནས་དབང་བསྐུར་བས་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན། ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ་གྱིས་དམ་ལ་བཞག །ཨོཾ་ཀཱ་ལ་རཱུ་པ་ཡེ་གྲྀཧྣེ་དཾ་ཞེས་པ་དང་མཆོད་པ་ལྔ་སྦྱར་བས་མཆོད། གཏོར་མ་གསོལ་བར་ 10-13-14a བསམ་ཞིང༌། ཨོཾ་ཀཱ་ལ་རཱུ་པ་སརྦ་བིགྷ་ནཱན་ཤ་ཏྲཱུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཁཱ་ཧི་ཧཱུཾ་ཕཊ། ཅེས་གསུམ་མམ་བདུན་གྱིས་ཕུལ་ནས་འཕྲིན་ལས་བཅོལ་བ་ནི། ཧཱུཾ་འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །རིམ་པ་བདུན་གྱི་ས་འོག་ནས། །སྲོག་ལ་ རྔམ་པའི་གཤིན་རྗེ་ནི། །ནག་པོ་མ་ཧེའི་གདན་སྟེང་དུ། །ཡ་ལས་བྱུང་བའི་དབྱུག་པ་ནི། །ཐོད་པས་མཚན་པ་ལས་བྱུང་བ། །གཏིང་ནས་ཁྲོས་པ་མ་ཧེའི་གདོང༌། །ཟ་བྱེད་ཞལ་གདངས་མཆེ་བ་གཙིགས། །ཁྲོས་པའི་སྤྱན་རྩ་དམར་པོ་འཁྲུག །སྐྲ་སེར་སྨྲ་ར་གྱེན་དུ་བརྫེས། ། ལག་གཡོན་ཞགས་པས་དགྲ་བགེགས་འཆིང༌། །གཡས་པ་དབྱུག་པས་རྡུལ་དུ་རློག །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །བྲན་དང་བཅས་པའི་དུས་ལ་བབ། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོ་མཆོད་པར་བཞེས། །རྒྱལ་བས་བསྒོས་པའི་དམ་ ཚིག་དང༌། །སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས། །སོད་ཅིག་སྐྲོད་ཅིག་རེངས་པར་གྱིས། །ཕྱེ་ཞིག་གནོན་ ཅིག་རྨུགས་པར་གྱིས། །ཐུལ་ཅིག་ཆོམས་ཤིག་རྣམ་པར་ཤིག །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཅེས་བརྗོད་པས་དེས་ལས་སྒྲུབ་པར་ཁས་བླངས་པར་བསམ་སྟེ་བླ་མ་རྣམས་ཀྱི་མན་ངག་བཞིན་དུ་བཀོད་པའོ། །དེ་ནས་གཏོར་མགྲོན་ རྣམས་ལ་བཟོད་པར་གསོལ། ཨོཾ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱནྟ་ཀ་ཏྭེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཅ་མེ་ཙིཏྟཾ་ཤྲཱི་ཡཾཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། སརྦ་ཏ་ཐཱ་ 10-13-14b ག་ཏ་མཱ་མེ་མུཉྩ། བཛྲི་བྷ་བ་མཧཱ་ས་མ་ཡ་སཏྭ་ཨཿཞེས་གདོན་ལ། ཨོཾ་ཛ་ཡ་ཛ་ཡ། སུ་ཛ་ཡ། བི་ཤྭ་རཱུ་པ་དྷ་རི་གཙྪ་གཙྪ་སྭ་སྠཱ་ནཾ། ཀྲི་ཏཾ་ཏེ་ན་ཏ་ཐཱ་གཙྪ། སརྦ་བུདྡྷཱ་ཥྩ། བི་ས་རྫ་ཡ་མ་མ་ཀཱཪྻཾ་ཀུ་རུ་སྭཱཧཱ། ཞེས་བརྗོད་པས་འཇིག་རྟེན་ལས་འདས་པའི་མགྲོན་གྱི་ཡེ་ཤེས་ པ་གཤེགས་དམ་ཚིག་པ་བདག་ལ་བསྡུ། མགྲོན་གཞན་རྣམས་རང་གནས་སུ་གཤེགས་པར་བསམ་ལ་སྨོན་ལམ་གདབ་བོ། །བསྡུས་པ་ལ་མོས་ན་ཨོཾ་ཨཱཿཧཱུཾ་མུཿཞེས་པས་བྱ་སྟེ་གཏོར་མའི་ཆོ་གའོ། །ཐུན་གྱི་མཐར་བདག་བསྐྱེད་ཀྱི་དཀྱིལ་འཁོར་སོགས་བསྡུ་ མི་བསྡུ་འཇིགས་བྱེད་ཀྱི་གཞུང་རྣམས་ལས་མི་གསལ་ཡང༌། ལི་ལ་བཛྲས་དགྲ་ནག་ལ་བཤད་པའི་རིགས་འགྲོས་སྦྱར་ན་དུར་ཁྲོད་ནས་གཞལ་ཡས་ཁང་གི་བར་སྔ་མ་རྣམས་ཕྱི་མ་ལ་བསྡུས་པའི་མཐར་གཞལ་ཡས་ཁང་རག་ལ་བསྡུ། རང་དམ་ཚིག་སེམས་ དཔའ་ཡེ་ཤེས་སེམས་དཔའ་ལ་དེ་ཏིང་ངེ་འཛིན་སེམས་དཔའ་ལ་དེའང་ཞབས་ཀྱུ་ཨུ་ཧ་ལ་ཧ་མགོ་བོ་ལ་དེ་ཟླ་ཚེས་ལ་དེ་ཐིག་ལེ་ལ་དེ་ནཱ་ད་ལ་དེའང་མི་དམིགས་པར་སྟོང་པར་བསམ་སྟེ་དེ་དག་གིས་ནི་ཐུན་གྱི་ཐོག་མཐའ་བར་གསུམ་དུ་ཇི་ལྟར་བྱ་བས་ཐུན་གྱི་ངོ་བོའི་ རྣལ་འབྱོར་རྣམས་བཤད་ཟིན་ཏོ། །ཐུན་མཚམས་ཀྱི་རྣལ་འབྱོར་ནི། དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་གྱིས་ལངས་ཏེ་དེ་དང་མ་བྲལ་བའི་ངང་ནས་ཡུལ་དུ་སྣང་བ་ཀུན་ཀྱང་རྡོ་རྗེ་འཇིགས་བྱེད་དུ་བལྟས་ལ་སྒོ་གསུམ་གྱི་བྱ་བ་ཀུན་ཕྱག་རྒྱ་དང་སྔགས་ཀྱི་བདག་ཉིད་ དུ་བསམས་ནས་བྱ་བ་ལ་འཇོག་པ་ནི་སྤྱོད་ལམ་གྱི་རྣལ་འབྱོར་རོ། །བཟའ་བཏུང་གཏོར་མ་ལྟར་བྱིན་གྱིས་བརླབས་ལ་ཁ་ཐབ་ཁུང་དང་ལག་པ་གཉིས་དགང་བླུགས་དང་བཟའ་བཏུང་སྲེག་རྫས་སུ་མོས་ནས་ལྷ་ཐམས་ཅད་འདུས་པའི་བདག་ནིད་སྙིང་གའི་ཏིང་ངེ་ 10-13-15a འཛིན་སེམས་དཔའ་ལ་འབུལ་བའི་ཚུལ་གྱིས་ཟ་ཞིང་འཐུང་བ་ནི་ཁ་ཟས་ཀྱི་རྣལ་འབྱོར་རོ། །ཉལ་བའི་ཚེ་སྔར་བཞིན་རིམ་གྱིས་བསྡུས་ནས་ཐབས་ཤེས་དང་ལྡན་པར་ཉལ་བ་ནི་ཉལ་བའི་རྣལ་འབྱོར་རོ། །འདིར་བླ་མ་རྣམས་བཞེད་པ་ལྟར་སྣོད་ བཅུད་འོད་དུ་ཞུ་ནས་བསྡུ་བའང་རུང་ངོ༌། །ལྡང་བའི་ཚེ་ཙ་རྩི་ཀ་ལ་སོགས་པའི་ལྷ་མོའི་དབྱངས་ཀྱིས་འོད་གསལ་ལས་བཞེངས་པའི་དོན་དུ་བསྐུལ་བར་མོས་ནས་ལྡང་བ་ནི་ལྡང་བའི་རྣལ་འབྱོར་རོ། །ཁྲུས་ཀྱི་ཚེ་དབང་བསྐུར་བའི་སྐབས་བཞིན་བྱེད་པ་ནི་ཁྲུས་ཀྱི་རྣལ་ འབྱོར་རོ། །དེ་ལྟ་བུའི་ཚུལ་གྱིས་ཞག་རེ་ལ་ཐུན་གསུམ་མམ་བཞི་བཞིར་མ་ཆག་པར་ཉམས་སུ་ལེན་པ་ནི་བསྐྱེད་པའི་རིམ་པ་ལ་བསླབ་པའོ། །རྫོགས་པའི་རིམ་པ་ནི་ཤཱནྟི་པའི་འཇིགས་བྱེད་ཀྱི་ཚོགས་འཁོར་དང་འཇམ་དཔལ་ཡེ་ཤེས་དང་དོན་ཡོད་རྡོ་རྗེའི་སྒྲུབ་ ཐབས་ལས་ཤེས་པར་བྱའོ། །དེ་ལྟར་དཔའ་བོ་གཅིག་པ་ཞལ་ཕྱག་ཡོངས་སུ་རྫོགས་པ་ལ་བརྟེན་ནས་སྔོན་དུ་སྒོམ་བཟླས་བྱེད་པའི་བསྙེན་པ་ནི། རྟོག་བདུན་གྱི་ལྷ་བསྒོམ་པའི་རྟོག་པ་དང་ཁ་སྦྱོར་གྱི་རྟོག་པ་བདུན་པ་ལས་གསུངས་ཤིང༌། དེ་གཉིས་ཀྱི་ འགྲེལ་པ་རྣམས་སུ་ཡང་དཔའ་བོ་གཅིག་པ་ཉིད་ཀྱི་དབང་དུ་བྱས་ནས་བཤད་པ་བཞིན་སློབ་དཔོན་དཔལ་འཛིན་ལ་སོགས་པ་མང་པོས་ཀྱང་གསུངས་ལ། ལས་ཚོགས་མང་པོ་འགྲུབ་པའང་ཇི་སྐད་བཤད་པའི་བསྙེན་པ་འགྲུབ་པར་བཞེད་པས་ཞལ་ཕྱག་མ་ རྫོགས་པའི་དཔའ་བོ་གཅིག་པའི་བསྒོམ་བཟླས་བློ་དམན་པའི་ངོར་ཡིན་ཞེས་སློབ་དཔོན་འཇམ་དཔལ་དབྱངས་ཀྱིས་བཤད་པ་དང་མི་འདྲའོ། །དེས་ན་རྒྱུད་ཀྱི་རྟོག་པ་བཞི་པ་ལ་གཞི་བྱས་ཏེ་ཁ་བསྐང་དགོས་པ་རྣམས་ལ་ལི་ཏའི་གཞུང་རྣམས་ལ་གཙོ་ 10-13-15b བོར་བྱས་ཤིང་མན་ངག་སྙེ་མ་དང་སློབ་དཔོན་ཞི་བའི་ཡེ་ཤེས་དང་ཤྲཱི་བྷ་དྲ་དང་ཛྙཱ་ན་ཀ་ར་ལ་སོགས་པའི་སྒྲུབ་ཐབས་རྣམས་ནས་ཀྱང་བསྐང་ནས་བཤད་དོ། །དཔའ་བོ་གཅིག་པ་ལ་གཞལ་ཡས་ཁང་བསྐྱེད་པ་སློབ་དཔོན་ཕྱི་མ་གཉིས་ཀྱིས་བཤད་ཅིང་སྦྱང་གཞི་ སྦྱོང་བ་ལ་ཡང་ཁྱད་ཆེའོ། །དངོས་གྲུབ་མཆོག་གི་ཉེ་རྒྱུ་རྫོགས་རིམ་སྟེ། །འོན་ཀྱང་རིམ་པ་དང་པོས་མ་སྨིན་པར། །རྫོགས་རིམ་རྟོགས་པ་མཆོག་རྣམས་མི་སྐྱེ་བས། །བསྐྱེད་རིམ་དག་པར་སྒོམ་པ་གནད་དུ་ཆེ། །དེ་ཕྱིར་རྒྱུད་དང་འགྲེལ་པ་སྒྲུབ་ཐབས་ཀྱི། །དྲི་མེད་ གཞུང་མང་དག་ལ་འདྲིས་བྱས་ནས། །འཇམ་པའི་དབྱངས་ཀྱི་བྱིན་རླབས་མྱུར་འཇུག་པའི། །སྒྲུབ་ཐབས་བདུད་ལས་རྒྱལ་བ་འདི་བརྩམས་སོ། །འདི་ཡི་དགེ་བས་བསྟན་པ་རྒྱས་པའི་གེགས། །བདུད་རིགས་རྣམས་དང་དེ་ཡིས་ཡིད་བསྐྱོད་པའི། །ལོག་པར་སྒྲུབ་པ་མཐའ་ དག་ཚར་བཅད་ནས། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བར་ཤོག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་འདི་ནི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་ པའི་དཔལ་གྱིས་ལམ་འདི་ལ་སྒྲུབ་པ་སྙིང་པོར་བྱེད་པ་མང་པོ་ལ་ཕན་པར་མཐོང་ནས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་བྱམས་པ་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བཟོད་པ་དཔལ་ལོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ ཅིག། མངྒ་ལཾ།། 10-14-1a །༄༅། །དཔལ་གཤིན་རྗེ་དགྲ་ནག་གི་སྒྲུབ་པའི་ཐབས་རིན་པོ་ཆེ་འབར་བ་བཞུགས་སོ།། 10-14-1b ༄༅། །དཔལ་གཤིན་རྗེ་དགྲ་ནག་གི་སྒྲུབ་པའི་ཐབས་རིན་པོ་ཆེ་འབར་བ་ཞེས་བྱ་བ། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ། །འཆི་བདག་འཇོམས་ཕྱིར་གཤིན་རྗེའི་དགྲར་སྤྲུལ་པ། །བགེགས་དཔུང་ཟིལ་གནོན་བླ་མ་གཤིན་ རྗེ་གཤེད། །དཔལ་ལྡན་དགྲ་ནག་ཞབས་ལ་གུས་ཕྱག་འཚལ། །འཇམ་དཔལ་གཤིན་རྗེ་གཤེད་དེ་མཉེས་པ་ལས། །རྣལ་འབྱོར་པ་ལ་དངོས་གྲུབ་མཆོག་སྟེར་བའི། །ལམ་འདི་མི་ནུབ་རྒྱས་པར་བྱ་བའི་ཕྱིར། །གྲུབ་པའི་དབང་ ཕྱུག་དཔལ་འཛིན་ལུགས་བཞིན་བཤད། །འདིར་སྒྲུབ་པ་པོ་གཞན་གྱི་དོན་ལ་རོ་གཅིག་པའི་སེམས་དང་ལྡན་ཞིང་དད་པ་དང་མོས་པ་དང་བྱམས་པ་དང་གཏོང་བ་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པ། གཤིན་རྗེ་དགྲ་ནག་གི་དཀྱིལ་ འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་ལ་བརྩོན་པས་དབེན་པའི་ས་ཕྱོགས་དུར་ཁྲོད་ལ་སོགས་པར་ཐོ་རངས་ཀྱི་ཐུན་ལ་གདོང་བཀྲུ་བ་ལ་སོགས་པ་བྱས་ནས་བསྟན་བདེ་བ་ལ་འདུག་ནས་སྒྲུབ་ པ་བརྩམ་པར་བྱ་སྟེ། རང་ཉིད་སྐད་ཅིག་གིས་གཤིན་རྗེ་གཤེད་དགྲ་ནག་ཏུ་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའི་ཡ་ཡིག་སྔོན་པོ་ལས་འཕྲོས་པའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ ནས་བླ་མ་དང་གཤིན་རྗེ་གཤེད་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་ཁྱབ་པ་སྤྱན་དྲངས་ལ་འོད་ཟེར་སྙིང་གར་བསྡུའོ། །དེ་ནས་བླ་མ་ལ་གུས་དེ་རྗེས་གཤིན་རྗེ་གཤེད་ནག་རྡོ་རྗེ་ལ། །རང་འོད་ཡན་ 10-14-2a ལག་འདུས་པ་བདེ་བས་རྒྱས་པ་གཞན་གྱི་དོན་འདུག་པ། །རྡོ་རྗེ་རལ་གྲི་འཁོར་ལོ་ཆུ་སྐྱེས་གྲི་གུག་ཐོད་པའི་ཕྱག །ཞལ་གསུམ་འཇིགས་པ་འཇིགས་བྱེད་ལ་ནི་སྤྱི་བོས་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། སྙིང་གའི་ ཡ་ཡིག་ལས་འཕྲོས་པའི་ཙ་རྩི་ཀ་ལ་སོགས་པ་བཞིས་མཆོད་པར་བསམས་ལ། ཨོཾ་ཧྲཱིཿཥྚྲཱིཿཧ་ཞེས་པས་མཆོད་ཡོན། ཨོཾ་ཧཱུཾ་ཧཱུཾ་ཕཊ་ཅེས་པས་ཞབས་བསིལ། ཨོཾ་ཀུ་མཱ་ར་རཱུ་པི་ཎེ་ཛཿཛཿཧཱུཾ་ཕཊ་ཀྱིས་མེ་ཏོག །ཨོཾ་ཧྲཱིཿཧྲཱཿཧཻ་ཕཊ་ ཅེས་པས་བདུག་སྤོས། ཨོཾ་དཱིཔྟ་ལོ་ཙ་ན་ཝི་ཀྲི་ཏཱ་ན་ན་མཧཱ་ཨཊྚཊྚ་ཧཱ་ས་ན་དི་ནི་དཱིཔྟ་ཡ་སྭཱཧཱ་ཞེས་པས་མར་མེ། ཨོཾ་བི་ཀྲི་ཏཱ་ན་ན་དུཥྟཾ་སཏྭ་ད་མ་ཀ་གཿགཿགཿཞེས་པས་དྲི་མཆོག །མཆོད་ཡོན་གྱི་སྔགས་ཀྱིས་ལྷ་བཤོས་དབུལ་ལོ། །ཨོཾ་ བཛྲ་ཤཔྟ་ཨཱཿཧཱུཾ་ཞེས་པས་རོལ་མོ་དབུལ་བ་ཡང་ཁ་བསྐང་ངོ་། །དེ་ནས་ལུས་དང་ངག་དང་ཡིད་ཀྱི་སྡིག །བགྱིས་དང་དེ་བཞིན་བགྱིད་སྩལ་གང༌། །གང་ཡང་རྗེས་སུ་ཡི་རང་བ། །དེ་དག་དུས་གསུམ་མགོན་ལ་བཤགས། །རྫོགས་སངས་ རྒྱས་དང་དེ་ཡི་སྲས། །འཕགས་རྣམས་དགེ་ཚོགས་རྗེས་ཡི་རང༌། །རྫོགས་པའི་སངས་རྒྱས་དམ་པའི་ཆོས། །ཚོགས་ཀྱི་མཆོག་བཅས་སྐྱབས་སུ་མཆི། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །རང་གི་ལུས་ནི་དབུལ་བར་བགྱི། །དམ་པའི་ ཆོས་ཀུན་སྟོན་པ་ཡི། །སྒྲ་དབྱངས་མཛེས་པས་བཞུགས་སུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་དང༌། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་བསྟེན་པར་བགྱི། །སེམས་ 10-14-2b ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །བསོད་ནམས་ཀུན་ནས་གང་བསགས་པ། །རྫོགས་པའི་བྱང་ཆུབ་ཕྱིར་བསྔོའ། །དཔལ་ལྡན་གཤིན་རྗེ་མཐར་བྱེད་དུ། །གྱུར་ནས་བདག་གིས་འགྲོ་ཕན་བགྱི། །ཞེས་སྡིག་པ་བཤགས་པ་དང༌། ཡི་རང་བ་དང༌། སྐྱབས་འགྲོ་དང༌། ལུས་དབུལ་བ་དང༌། ཆོས་འཁོར་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་བཞུགས་པ་དང༌། ལམ་ལ་བརྟེན་པ་དང༌། སེམས་བསྐྱེད་པ་དང༌། སྨོན་ལམ་གདབ་པ་རྣམས་ཀྱི་དོན་རྩེ་གཅིག་ཏུ་དྲན་བཞིན་པས་བརྔོད་ལ། ཨོཾ་ཨཱཿཧཱུཾ་མུཿ ཞེས་པས་ཚོགས་ཞིང་གཤེགས་སུ་གསོལ་བ་ནི་མཐུན་རྐྱེན་བསྟེན་པའི་ཕྱིར་ཚོགས་བསགས་པ་སྟེ། སྐྱེ་བ་ཕྱི་མའི་ལུས་ཀྱི་རྒྱུ་ལས་གསོག་པ་དང་འདྲའོ། །དེ་ནས་སེམས་ཅན་ལྟ་བའི་དྲ་བས་བཅིངས་པ་རྣམས་ལ་དམིགས་ནས་སྡུག་ བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་བསྐྱེད་ནས། ངོ་བོ་དང་རྒྱུ་དང་སྨོན་ཞིང་བརྟག་པར་བྱ་བའི་སྣ་ཚོགས་པའི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ངོ་བོར་བལྟས་ལ། ཨོཾ་ཤཱུ་ནྱ་ ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་སེམས་བརྟན་པར་བྱེད་པ་ནི་ཐ་མལ་གྱི་ཕུང་པོའི་སྣང་བ་རྣམས་འདོར་བར་བྱེད་པས་ཕུང་པོ་རྙིང་པ་འདོར་བའི་འཆི་བའི་འདོ་གསལ་དང་འདྲའོ། །སྟོང་པའི་ངང་ལས་རང་གི་སེམས་ནམ་མཁའི་ངོས་སུ་གནས་པའི་ཟླ་བ་ལ་གནས་ པའི་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ། ཧོཿཡིག་དམར་པོ་གཉིས་ཀྱི་བར་དུ་ཆུད་པ་བསམ་པ་ནི་འཆི་སྲིད་ཀྱི་དེ་མ་ཐག་ཏུ་བར་དོ་གྲུབ་པ་དང་འདྲ་སྟེ། ཡི་གེ་གསུམ་ནི་བར་དོའི་ལུས་ངག་ཡིད་གསུམ་དང་འདྲ་ཞིང་། ཧོཿཡིག་གཉིས་ནི་བར་དོ་རང་གི་ཆགས་པས་ 10-14-3a བཅིངས་པ་དང་འདྲའོ། །སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་སྔོན་པོ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཕྱོགས་ཀུན་ནས་རྩེ་ལྔ་པར་གྱུར་པའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འོག་ཏུ་འཕྲོས་པ་ ལས་རྡོ་རྗེའི་ས་གཞི་དང༌། ལོགས་སུ་འཕྲོས་པས་ཁོར་ཡུག་གི་ལྕགས་རིའི་མཚམས་སུ་རྡོ་རྗེའི་ར་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར་དང༌། ཕྱི་རོལ་ཏུ་འོད་ཟེར་སྣ་ལྔ་འཁྲིགས་པའི་རྡོ་རྗེའི་མེ་འབར་བས་བསྐོར་བར་བསམ་པ་ནི། འགལ་རྐྱེན་བཟློག་པའི་ཕྱིར་ སྲུང་འཁོར་བསྒོམ་པའོ། །དེའི་དབུས་སུ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱ་བའི་ཕྱིར་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སཾ་ལས་བྱུང་བའི་རྡོ་རྗེ་ལས་སྐྱེས་པའི་ཀུན་བཟང་དཀར་པོ་ཞལ་དང་ཕྱག་ལ་སོགས་པ་རྒྱུ་རྡོ་རྗེ་འཛིན་པ་ལྟ་བུ་ཡུམ་དང་བཅས་ པ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་གྲུ་གསུམ་པ་དཀར་པོ་འོག་ཟུར་ཕྲ་བ་སྟོད་ཡངས་པ་གྱེན་དུ་འགྲེང་བ་བསམ་མོ། །དེའི་ནང་དུ་པཾ་ལས་སྣ་ཚོགས་པདྨ་དེའི་དབུས་སུ་ཁཾ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་བྷྲུཾ་ལས་བྱུང་བའི་འཁོར་ལོ་ལས་སྐྱེས་པའི་རྣམ་ པར་སྣང་མཛད་གཏི་མུག་གཤིན་རྗེ་གཤེད་ལྟ་བུ་ཡུམ་དང་བཅས་པ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་དུ་གྱུར་པ་ནི། གྲུ་བཞི་པ་སྒོ་བཞི་པ་ཕྱི་ནས་རིམ་པ་བཞིན་དུ་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན་རིན་པོ་ཆེའི་ འཆིང་བས་རྣམ་པར་བཀྲ་བའི་རིན་པོ་ཆེའི་ཕ་གུ། དེའི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་ནས་འཕྱང་བའི་དྲ་བ་དང་དྲ་བ་ཕྱེད་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་འདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ 10-14-3b ཅན་ལ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་དྲིལ་བུ་བཏགས་པ་སྣ་ཚོགས་པ་རྩེ་མོ་རླུང་གིས་བསྐྱོད་བཞིན་པ། འདོད་ཡོན་གྱི་སྟེགས་བུས་རྩིག་པའི་ཕྱི་ནས་བསྐོར་བ་ལ་མཆོད་པའི་ལྷ་མོ་དུ་མ་འཁོད་ནས་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་དང་ དཀྱིལ་འཁོར་གྱི་གྲྭ་རྣམས་སུ་ཟླ་ཕྱེད་རྡོ་རྗེས་སྤྲས་པ། སྒོ་བཞི་པོ་སོ་སོའི་ཕྱི་ངོས་སུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་གསེར་དང་ཤར་བུ་དང་རིན་པོ་ཆེ་དང་རྟ་རྨིག་དང་མུན་པ་དང་ཝ་རཎྚ་དང་མུན་པ་དང་ཤར་བུ་དང་རིན་པོ་ཆེ་དང་རྨིག་པ་དང་མདའ་ཡང་ སྟེ། སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། ནང་དུ་ཀ་བ་བརྒྱད་ཀྱིས་བཏེག་པའི་གདུང་གིས་མཛེས་པར་ཕུབ་པའི་རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། དེའི་ནང་དུ་སྣ་ཚོགས་ རྡོ་རྗེ་རྩེ་མོ་ཉི་ཤུ་པ་ཤར་གྱི་རྡོ་རྗེའི་རྭ་དང་འོག་གཞི་དང་སྟེང་གི་ཐོག་ཐམས་ཅད་དཀར་པོ། ལྷོ་སེར་པོ། ནུབ་དམར་པོ། བྱང་ལྗང་གུ། དབུས་སྔོན་པོ། སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས་དང་ཤར་དང་གྲྭ་བཞི་དང་དེའི་ཕྱིའི་དཀྱིལ་འཁོར་གྱི་གྲྭ་བཞིར་སྣ་ཚོགས་པདྨ་ དང་ཟླ་བའི་གདན། ཕྱོགས་གཞན་གསུམ་དང་སྒོ་བཞིར་སྣ་ཚོགས་པདྨ་དང་ཉི་མའི་གདན་བསམ་པ་ནི་རྟེན་བསྐྱེད་པ་སྟེ། སེམས་ཅན་རྣམས་གང་དུ་སྐྱེ་བ་ལེན་པའི་གནས་སྣོད་ཀྱི་འཇིག་རྟེན་དང་འདྲའོ། །དེ་ནས་གདན་དབུས་མའི་སྟེང་དུ་མཚན་སོ་གཉིས་ དང་ཤེས་རབ་ཀྱི་ངོ་བོ་ཨཱ་ལི་བཅུ་དྲུག་ཕྲག་གཉིས་གཡས་སྐོར་དང་གཡོན་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རྫོགས་པ་དཀར་པོ་དང༌། དེའི་སྟེང་དུ་དཔེ་བྱད་བརྒྱད་བཅུ་དང་ཐབས་ཀྱི་ངོ་བོ་ཀཱ་ལི་སོ་བཞི་ལ་ཌ་ཌྷ་ད་དྷ་ཡ་ལ་དྲུག་བསྣན་ 10-14-4a པའི་བཞི་བཅུ་ཕྲག་གཉིས་གཡས་སྐོར་དང་གཡོན་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རྫོགས་པ་དམར་པོ་སྟེ། དེ་གཉིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལས་བྱང་ ཆུབ་པའོ། །ཟླ་བ་གཉིས་གཅིག་ཏུ་འདྲེས་པ་ལས་དཀར་ལ་དམར་བའི་མདངས་ཆགས་པའི་ཟླ་བའི་དཀྱིལ་འཁོར་གཅིག་ཏུ་གྱུར་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་ཤེས་རབ་དང་སྙིང་རྗེ་དབྱེར་མེད་པ་ལས་བྱང་ཆུབ་པའོ། །དེ་ཡོངས་སུ་གྱུར་པ་ལས་ཐབས་ དང་ཤེས་རབ་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཧཱུཾ་དཀར་ལ་དམར་བའི་མདངས་ཆགས་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་ཏེ་གསུང་གི་མངོན་པར་རྟོགས་པ་ལས་བྱང་ཆུབ་པའོ། །དེ་ཡོངས་སུ་གྱུར་པ་ལས་ནོར་བུ་དམར་པོའི་འོད་དང་འདྲ་བའི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ ལ་ཧཱུཾ་གིས་མཚན་པ་འོད་ཟེར་འཕྲོ་བར་བསམས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ་རྡོ་རྗེའི་ང་རྒྱལ་བྱའོ། །དེ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཏེ་ཐུགས་ཀྱི་མངོན་པར་རྟོགས་པ་ལས་བྱང་ཆུབ་པའོ། །དེ་ཡོངས་སུ་གྱུར་པ་ལས་རང་དང་འདྲ་བའི་ཤེས་རབ་མས་ འཁྱུད་པའི་རྡོ་རྗེ་འཆང་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། རྩ་ཞལ་དཀར་ལ་དམར་བ། གཡས་ཞལ་སྔོ་བ། གཡོན་ཞལ་དམར་བ། སྒེག་པའི་ཁྲོ་བོ་ཐ་མལ་པ་རྗེས་སུ་འཛིན་པས་ཞི་ཞིང༌། ཤིན་ཏུ་གདུག་པ་ཅན་རྗེས་སུ་འཛིན་པས་ ཅུང་ཟད་ཁྲོ་བ། རྩ་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ལྷག་མ་གཉིས་ཀྱི་དང་པོས་རྡོ་རྗེ། གཉིས་པས་རལ་གྲི། གཡོན་ལྷག་མ་གཉིས་ཀྱི་དང་པོས་འཁོར་ལོ། གཉིས་པས་ཆུ་སྐྱེས་འཛིན་པ། རིན་ 10-14-4b པོ་ཆེའི་ཅོད་པན་ལ་སོགས་པའི་རྒྱན་གྱིས་བརྒྱན་ཅིང༌། ན་བཟའ་བཟང་པོ་མནབས་པ། མཆོག་གི་བདེ་བས་ལུས་རྒྱས་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པས་གནས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་སྐུ་རྫོགས་པ་ལས་བྱང་ཆུབ་པའོ། །དེ་ལྟར་ མངོན་བྱང་ལྔས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྫོགས་པ་ནི་རྣལ་འབྱོར་ཡིན་ཏེ། གང་ལ་བརྟེན་ནས་བར་དོ་མངལ་དུ་འཇུག་པའི་ཕ་མ་དང་འདྲའོ། །དེ་ནས་འདོད་ཆགས་ཆེན་པོས་གདུལ་བར་བྱ་བའི་སེམས་ཅན་ལ་གཟིགས་ནས། རང་གི་སྙིང་གའི་ཧཱུཾ་ལས་འོད་ ཟེར་འཕྲོས་ཏེ་དེ་རྣམས་སངས་རྒྱས་སུ་བྱས་པ་རང་གི་ལུས་ལ་བཅུག་ནས་ཡབ་ཡུམ་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་བདེ་བ་དམ་པ་ལ་ལོངས་སྤྱོད་པ་ཡོངས་སུ་རྫོགས་པར་བསྒོམ་མོ། །དེ་ལྟར་ཡབ་ཡུམ་སྙོམས་པར་ཞུགས་པ་མཐོང་ནས་ ནམ་མཁར་གནས་པའི་ཡི་གེ་ལྔ་སྐར་མདའ་འཕོ་བ་བཞིན་དུ་འོངས་ཏེ་རང་གི་ཁར་ཞུགས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་ཏེ། ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་དཀར་དམར་གཉིས་འདྲེས་པ་ལ་ཐིམ་པའི་མཐུས་ཡབ་ཡུམ་གཉིས་ཀྱང་སྙིང་རྗེ་ཆགས་ པ་ཆེན་པོས་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོར་གནས་པར་བསམ་མོ། །དེ་ལྟར་རྡོ་རྗེ་ཅན་ཁུ་བའི་རྣམ་པའི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལས་བླང་བའི་ཕྱིར་དུ་དེ་ཉིད་ཀྱི་ཚད་མེད་པ་བཞི་རྩ་རྩི་ཀ་ལ་སོགས་པ་བཞིར་སྤྲོས་ནས་ཕྱོགས་བཞི་ནས་གར་སྔོན་ དུ་འགྲོ་བའི་གླུས། སྙིང་རྗེས་ཁྲོས་པའི་དད་སྒྲོལ་བཞེངས། །ཁམས་གསུམ་གྱི་ནི་གཏི་མུག་གསོལ། །བདུད་བཞི་དག་ལས་རྒྱལ་བར་མཛོད། །དད་སྒྲོལ་རྩོལ་བས་མ་བཞུགས་བཞེངས། །འཇིག་རྟེན་མགོན་པོས་སྟོང་ཉིད་ཇི་སྟེ་བཞུགས། །དད་སྒྲོལ་འཇིག་རྟེན་ 10-14-5a བསོད་ནམས་ཀྱིས་བཞེངས་ཤིག། བྱང་ཆུབ་འདོད་པའི་འཇིག་རྟེན་མགྲོན་བོས་ནས། །ཁྱོད་ནི་ཅི་ཕྱིར་སྟོང་པ་ཉིད་ལ་སེམས། །ཞེས་བསྐུལ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་པར་བསམ་མོ། །གླུའི་ཚིག་རྣམས་ནི་འགྲེལ་པ་ལྷན་ཅིག་སྐྱེས་པའི་ སྣང་བ་ལས་འབྱུང་བའོ། །དེ་ནས་སྔར་གྱི་ཟླ་བ་ཉི་གདན་དུ་གྱུར་པའི་སྟེང་དུ་མཾ་སྔོན་པོ་ལས་བྱུང་བའི་མ་ཧེ་སྔོན་པོ་དྲག་ཏུ་ཁྲོས་པ། རུས་པའི་རྒྱན་གྱིས་བརྒྱན་ཞིང་སྨིན་མ་དང་སྨ་ར་འབར་ལ་རྭ་རྣོ་བ། རྨིག་པ་རྣོན་པོ་བརྡབས་པས་འཇིགས་པར་བྱེད་པ་དེའི་རྒྱབ་ཏུ་ སྔར་གྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཡ་ཡིག་སྔོན་པོ་དེ་ལས་རྡོ་རྗེ་ཡ་ཡིག་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་གཤིན་རྗེ་གཤེད་ནག་པོར་བྱས་ནས་སླར་འདུས་ཏེ་ཡོངས་སུ་གྱུར་པ་ལས་རང་ཉིད་གཤིན་རྗེ་གཤེད་མི་ བཟད་པའི་དྲག་ཤུལ་ཅན་སྐུ་མདོག་མུན་པ་ལྟར་གནག་པ། འཇིགས་བྱེད་ཆེན་པོ་འཇིགས་སུ་རུང་བ། འཇིག་རྟེན་གསུམ་གྱི་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་སྲེག་པར་བྱེད་པའི་འོད་ཟེར་རྣོན་པོ་རབ་ཏུ་འཕྲོ་བ། སྨིན་མ་དང་སྨ་ར་དང་དབུ་སྐྲ་དམར་སེར་གྱེན་དུ་ བརྫེས་པ། རྡོ་རྗེའི་རྒྱན་གྱིས་བརྒྱན་པའི་སྐུ་སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། རྩ་ཞལ་གནག་པ། གཡས་ཞལ་དཀར་ཞིང་གཡོན་ཞལ་དམར་བའི་ཞལ་གསུམ་པ་ཅན། གྲི་གུག་དང་ཐོད་པ་འཛིན་པའི་རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་ཤེས་ རབ་མ་ལ་འཁྱུད་པ། གཡས་ལྷག་མ་གཉིས་ཀྱི་དང་པོས་རྡོ་རྗེ། གཉིས་པས་རལ་གྲི། གཡོན་ལྷག་མ་གཉིས་ཀྱི་དང་པོས་འཁོར་ལོ། གཉིས་པས་ཆུ་སྐྱེས་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་མ་ཧེ་མགོ་གཡས་སུ་བསྟན་ 10-14-5b པའི་སྟེང་ན་གཤིན་རྗེ་གཤེད་ནག་པོ་གཡས་དབྱུག་པ་དང་གཡོན་ཞགས་པ་འཛིན་པ། མགོ་གཡས་སུ་བསྟན་པ་བརྫིས་པས་མྱོས་ཤིང་བརྒྱལ་བར་བྱེད་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བའི་དོ་ཤལ་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང་འབར་བའི་མཆེ་བ་བཞི་བཞི་རབ་ཏུ་གཙིགས་ནས་ལྗགས་རྣམ་པར་འདྲིལ་ཞིང་འོད་ཟེར་རབ་ཏུ་འཕྲོ་བ། མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་ཤིང༌། འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། རིགས་ལྡན་ཁྲ་བོས་དཔུང་པ་བརྒྱན་ཅིང༌། དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། པདྨ་དཀར་པོས་དོ་ཤལ་བྱས་ཤིང༌། སྟོབས་ཀྱི་རྒྱུ་ལྗང་གུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐ་རགས་བྱས་ཤིང༌། པདྨ་ཆེན་པོ་དཀར་ པོས་ཞབས་གདུབ་བྱས་པ། ཀླུ་བརྒྱད་པོ་ཐམས་ཅད་ཕུད་ཀྱི་སྒྲ་སྒྲོག་ཅིང་ལྕེ་གཉིས་པ་དུག་དང་ལྡན་པའི་མཆེ་བའི་ཕྲེང་བ་ཅན་ནོ། །དེ་ནས། ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ། ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཞལ་ ཕྱག་གི་རྣམ་པ་ཅན་གྱི་བདག་ཉིད་དེ་ངའོ་སྙམ་དུ་ང་རྒྱལ་བཟུང་བས་འཁོར་འདས་ཀྱི་མཐའ་ལ་གནས་པ་སྤོང་བ་ནི་རྗེས་སུ་རྣལ་འབྱོར་རོ། །སྔར་བཤད་པའི་ཡི་གེ་ལྔ་བྱང་ཆུབ་ཀྱི་སེམས་ལ་ཞུགས་པ་ནི་བར་དོས་མངལ་དུ་སྐྱེ་བ་བླངས་པ་དང་འདྲ། དེ་ནས་ཀླུའི་ངོ་བོར་བཞེངས་པ་ནི་མངལ་ཡོངས་སུ་རྫོགས་ནས་ཕྱི་རོལ་ཏུ་བཅས་པ་དང་འདྲའོ། །དེ་ལྟར་རིམ་པ་དང་པོ་བསྒོམ་པ་པོས་དང་པོར་རྒྱུད་སྣོད་རུང་དུ་བྱེད་པའི་ཚོགས་བསགས། དེ་ནས་ཐ་མལ་གྱི་ཕུང་སོགས་ཀྱི་སྣང་བ་འོད་གསལ་དུ་བསྡུས་ 10-14-6a ནས་ཡི་གེ་ལྔའི་ངོ་བོར་གནས། དེ་ནས་རྒྱུ་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས་པའི་ཡུམ་གྱི་མངལ་དུ་ཞུགས་ནས་འབྲས་བུ་རྡོ་རྗེ་འཆང་ཞེས་པའི་ལྷའི་ལུས་སུ་སྐྱེ་བ་བླངས་པའི་ཆོས་མཐུན་སྦྱར་བའི་དགོས་པ་ནི་གང་ཟག་འགའ་ ཞིག་ཤི་ནས་གནས་གཞན་དུ་སྐྱེས་པ་ན་ང་དང་ང་ཡི་བར་འཛིན་པའི་གཞི་ལུས་དང་ལོངས་སྤྱོད་དང་འཁོར་དང་གང་དུ་སྐྱེ་བའི་གནས་ལ་སོགས་པ་འཕོས་པ་བཞིན་དུ། རྣལ་འབྱོར་པས་ཀྱང་ཐ་མལ་གྱི་ལུས་ལ་ང་དང་ང་ཡི་བར་འཛིན་པ་དོར་ནས་ལྷའི་ལུས་ ལ་ང་དང་ང་ཡི་བའི་ང་རྒྱལ་བྱ་ཞིང་དེ་བཞིན་དུ་གནས་དང་གྲོགས་དང་ལོངས་སྤྱོད་ལའང་བྱ་དགོས་པར་ཤེས་ནས་མཆོག་གི་སྣང་བ་དང་ང་རྒྱལ་གྱིས་ཐ་མལ་གྱི་སྣང་ཞེན་འགོག་པར་བྱེད་པ་ཡིན་ནོ། །འདི་ནི་མན་ངག་སྙེ་མར་བཤད་པའི་དགོངས་པའོ། །ཡབ་ ཀྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཨོཾ་ལས་བྱུང་བའི་ནོར་བུ་བུ་ག་ཕཊ་ཀྱིས་བཀག་པ། ཡུམ་གྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ། ཨཱཿལས་བྱུང་བའི་ཟེ་འབྲུ་ བུ་ག་ཕཊ་ཀྱིས་བཀག་པས་བསམས་ལ། ཕན་ཚུན་རྗེས་སུ་ཆགས་པས་སྙོམས་པར་ཞུགས་པའི་དགའ་བ་ཙམ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་ རང་བཞིན་ངའོ་སྙམ་དུ་རྗེས་ཆགས་ཀྱི་ང་རྒྱལ་བྱའོ། །དེ་ནས་རང་གི་ཐུགས་ཀའི་ཡ་ཡིག་གི་འོད་ཟེར་གྱི་ལྕགས་ཀྱུས་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་བཀུག་ནས་རང་གི་ཞལ་དུ་བཅུག །ཐུགས་ཀར་འོད་དུ་ཞུ་བ་རྡོ་རྗེའི་ལམ་ནས་རང་འདྲའི་ཡུམ་ 10-14-6b གྱི་པདྨར་ཞུགས་པའི་ཐིག་ལེ་ཆ་གཅིག་ཡ་རུ་གྱུར་པ་ལས་གཞལ་ཡས་ཁང་དབུས་སུ་ཉི་གདན་དང་བཅས་པ་སྔར་བཞིན་བསྐྱེད། ཡ་ལས་གཞལ་ཡས་ཁང་བསྐྱེད་པར་ལྷན་ཅིག་སྐྱེས་པའི་སྣང་བ་ལས་བཤད་དོ། །ཐིག་ལེ་གཞན་གདན་རྣམས་ཀྱི་སྟེང་ དུ་ཆ་བཅུ་བདུན་དུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་དབུས་སུ་ཡ་ཤར་དུ་ཀྵ་ལྷོར་མ་ནུབ་ཏུ་མེ་བྱང་དུ་ད། ཤར་ལ་སོགས་པའི་སྒོ་བཞིར་ཡ་ཙ་ནི་ར་དང༌། སྣ་ཚོགས་རྡོ་རྗེའི་ཤར་ལྷོ་ནས་བརྩམས་པའི་གྲྭ་བཞིར་ཛ་ས་དོ་རུ་དང༌། དེའི་ཕྱིའི་གྲྭ་བཞིར་ ཎ་ཡོ་ནི་ར་སྟེ་ཡི་གེ་བཅུ་བདུན་དུ་གྱུར། ཡི་གེ་ཕྱི་མ་བཞི་མ་གཏོགས་པ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བའི་དབུས་དང་ཕྱོགས་བཞིར་རིམ་པ་བཞིན་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་དང༌། ཤར་ལ་སོགས་པའི་སྒོ་བཞིར་རིམ་ པ་བཞིན་དུ་ཐོ་བ་དང་དབྱིག་པ་དང་པདྨ་དང་རལ་གྲི་དང༌། སྣ་ཚོགས་རྡོ་རྗེའི་ཤར་ལྷོ་ནས་བརྩམས་ཏེ་རིམ་པ་བཞིན་དུ་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་རལ་གྲིར་གྱུར་ཏེ། རང་རང་གི་ས་བོན་གྱིས་མཚན་པ་འོད་ཟེར་འཕྲོ་ཞིང་འདུ་བར་བསམ་མོ། །ཕྱག་མཚན་ལ་ ས་བོན་གྱིས་མཚན་པ་ནི་སྒྲུབ་ཐབས་ཀྱི་གཞུང་ལས་བཤད་དོ། །དེ་ལྟར་ཕྱག་མཚན་ས་བོན་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་རང་རང་གི་སྐུ་རྫོགས་པར་བསྐྱེད་དོ། །དབུས་སུ་ཞེ་སྡང་གཤིན་རྗེ་གཤེད་ཡབ་ཡུམ་ནི་སྔར་བཞིན་ནོ། །ཤར་དུ་ གཏི་མུག་གཤིན་རྗེ་གཤེད་དཀར་པོ་ཕྱག་དྲུག་གི་གཡས་ལྷག་མ་གཉིས་ཀྱི་དང་པོས་འཁོར་ལོ་དང༌། གཡོན་ལྷག་མ་གཉིས་ཀྱི་དང་པོས་ནོར་བུ་འཛིན་པ། ལྷོར་ཕྲ་མ་གཤིན་རྗེ་གཤེད་སེར་པོ་གཡས་ལྷག་མ་གཉིས་ཀྱི་དང་པོས་རིན་པོ་ཆེ་དང་། 10-14-7a གཡོན་གཉིས་ཀྱི་དང་པོས་འཁོར་ལོ་འཛིན་པ། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་གཡས་ལྷག་མ་གཉིས་ཀྱི་དང་པོས་པདྨ་དང༌། གཡོན་གཉིས་ཀྱི་དང་པོས་ནོར་བུ་གཉིས་པས་འཁོར་ལོ་འཛིན་པ། བྱང་དུ་ཕྲག་དོག་གཤིན་ རྗེ་གཤེད་ལྗང་གུ་གཡས་ལྷག་མ་གཉིས་ཀྱི་དང་པོས་རལ་གྲི་གཉིས་པས་འཁོར་ལོ་དང༌། གཡོན་གཉིས་ཀྱི་དང་པོས་ནོར་བུ་འཛིན་པ། དང་པོ་གསུམ་གྱི་གཡས་ཀྱི་གཉིས་པས་རལ་གྲི་དང༌། དང་པོ་གཉིས་དང་ཐ་མའི་གཡོན་གྱི་གཉིས་པས་པདྨ་འཛིན་ ཅིང༌། བཞི་གའི་གཡས་གཡོན་གྱི་རྩ་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་བཟུང་ནས་རང་དང་འདྲ་བའི་ཡུམ་ལ་འཁྱུད་པ། རྒྱན་དང་ཆ་ལུགས་ལྷག་མ་རྣམས་གཙོ་བོ་དང་མཚུངས་པའོ། །ཤར་སྒོར་ཐོ་བ་གཤིན་རྗེ་གཤེད་སྔོན་པོ་གཡས་ལྷག་ མ་གཉིས་ཀྱི་དང་པོས་ཐོ་བ་སྔོན་པོ་རྭ་ཉི་ཤུ་པ་དང༌། གཡོན་པ་གཉིས་ཀྱི་དང་པོས་ནོར་བུ་གཉིས་པས་པདྨ་འཛིན་པའོ། །ལྷོ་སྒོར་དབྱུག་པ་གཤིན་རྗེ་གཤེད་དཀར་པོ་གཡས་ལྷག་མ་གཉིས་ཀྱི་དང་པོས་དབྱུག་པ་དང༌། གཡོན་པ་གཉིས་ཀྱི་དང་པོས་ ཆུ་སྐྱེས་གཉིས་པས་འཁོར་ལོ་འཛིན་པ། །ནུབ་སྒོར་པདྨ་གཤིན་རྗེ་གཤེད་དམར་པོ་གཡས་ལྷག་མ་གཉིས་ཀྱི་དང་པོས་པདྨ་དང༌། གཡོན་པ་གཉིས་ཀྱི་དང་པོས་འཁོར་ལོ་གཉིས་པས་ནོར་བུ་འཛིན་པ་སྟེ་དེ་གསུམ་གྱི་གཡས་ཀྱི་གཉིས་པ་ན་རལ་ གྲིའོ། །བྱང་སྒོར་རལ་གྲི་གཤིན་རྗེ་གཤེད་ལྗང་གུ་གཡས་ལྷག་མ་གཉིས་ཀྱི་དང་པོས་རལ་གྲི་གཉིས་པས་འཁོར་ལོ་དང༌། གཡོན་པ་གཉིས་ཀྱི་དང་པོས་ནོར་བུ་གཉིས་པས་པདྨ་འཛིན་པའོ། །སྒོ་སྲུངས་བཞི་གའི་རྩ་ཕྱག་གཉིས་ཀྱིས་གྲི་གུག་ 10-14-7b དང་ཐོད་ཁྲག་འཁྱུད་པའི་ཚུལ་གྱིས་འཛིན་པ་ལ། མཆེ་བ་གཙིགས་པའི་གད་བརྒྱངས་ཅན། རྒྱན་དང་ཆ་ལུགས་ལྷག་མ་གཙོ་བོ་ལྟ་བུའོ། །སྣ་ཚོགས་རྡོ་རྗེའི་ཤར་ལྷོར་ཙ་རྩི་ཀ་དཀར་མོ་ཤིན་ཏུ་སྐེམ་ཞིང་དྲག་ཏུ་ཁྲོས་པ། གཏི་མུག་གཤིན་རྗེ་གཤེད་ལྟ་བུ། ལྷོ་ནུབ་ཏུ་ཕག་མོ་སྔོན་མོ་ཕག་གདོང་ཅན་ཞེ་སྡང་གཤིན་རྗེ་གཤེད་ལྟ་བུ། ནུབ་བྱང་དུ་དབྱངས་ཅན་མ་དམར་མོ་ཞི་བའི་ཆ་བྱད་ཅན་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། བྱང་ཤར་དུ་གཽ་རཱི་ལྗང་གུ་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ་སྟེ། ཕག་མོ་དང་གཽ་རཱི་ གཉིས་སྒོམ་ཞིང་ཐུང་ལ་གསུས་པ་འཕྱང་བའོ། །ལྷ་ཐམས་ཅད་ཞལ་གསུམ་པ་སྟེ་སྐུ་མདོག་སྔོན་པོ་རྣམས་ཀྱི་གཡས་དཀར་ཞིང་དཀར་པོའི་གཡས་སྔོ་ལ་གཡོན་དམར་བ་དང༌། སྐུ་མདོག་དམར་པོ་དང་སེར་པོ་དང་ལྗང་གུ་རྣམས་ཀྱི་གཡས་སྔོ་ལ་གཡོན་ དཀར་བའོ། །ལྷན་ཅིག་སྐྱེས་པའི་སྣང་བ་ལས་ལྷ་མོ་བཞིའི་རྩ་ཕྱག་གཉིས་འཁྱུད་པའི་ཚུལ་ཅན་དུ་བཤད་པ་ནི་སྒོ་བ་བཞི་ལ་ཡང་འདྲའོ། །དཀྱིལ་འཁོར་གྱི་གྲྭ་བཞིའི་ཡི་གེ་བཞི་ཡོངས་སུ་གྱུར་པ་ལས་མིའི་ཐོད་པ་བདུད་རྩིས་གང་བ་བཞིའོ། །དེ་ ལྟར་བསྐྱེད་ཟིན་པའི་འོག་ཏུ་ཕྱིར་སྤྲོ་བའི་ཚུལ་ནི། རང་རང་གི་རིགས་ཀྱི་སྤྲུལ་པའི་ཚོགས་རྣམས་ཡུམ་གྱི་བ་སྤུའི་སྒོ་ནས་སྤྲོ་བར་ལྷན་ཅིག་སྐྱེས་པའི་སྣང་བ་ལས་བཤད་པས་དེ་ལྟར་དུ་དབྱུང་བར་བྱའོ། །ཧྲཱིཿཥྚྲཱིཿ གཙོ་བོ་ཡབ་ཡུམ་བསྐུལ་དཔག་ ཏུ་མེད་པར་གྱུར་ཡུམ་གྱི་བ་སྤུའི་སྒོ་ནས་ཕྱིར་སྤྲོས་ཏེ་ཕྱོགས་བཅུར་གཤེགས། སེམས་ཅན་རྣམས་ཀྱི་ཞེ་སྡང་སྦྱངས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད་གཅིག་ཏུ་འདུས་རང་དང་ཡུམ་ལ་ཐིམ་པར་བསམ། དེ་བཞིན་དུ་ཨོཾ་ཛི་ན་ཛིཀ་གིས་ 10-14-8a གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུངས་སེམས་ཅན་རྣམས་ཀྱི་གཏི་མུག་སྦྱངས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད་ནས་ཤར་དུ་སྣ་ཚོགས་རྡོ་རྗེའི་རྩིབས་ཞེས་པ་རྭའི་རྩ་བར་འཁོད། ཨོཾ་རཏྣ་དྷྲིཀ་གིས་ཕྲ་མ་གཤིན་རྗེ་ གཤེད་ཡབ་ཡུམ་ཕྱུངས་ང་རྒྱལ་དང་སེར་སྣ་སྦྱངས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད་ནས་ལྷོར་རྭའི་རྩ་བར་འཁོད། ཨོཾ་ཨཱ་རོ་ལིཀ་གིས་འདོད་ཆགས་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུངས་འདོད་ཆགས་སྦྱངས་སོ་སོར་རྟོག་པའི་ཡེ་ཤེས་ལ་ བཀོད་ནས་ནུབ་ཀྱི་རྭའི་རྩ་བར་འཁོད། ཨོཾ་པྲཛྙཱ་དྷྲྀཀ་གིས་ཕྲག་དོག་གཤིན་རྗེ་གཤེད་ཡབ་ཡུམ་ཕྱུངས་ཕྲག་དོག་སྦྱངས་བྱ་བ་སྒྲུབ་པའི་ཡེ་ཤེས་ལ་བཀོད་ནས་བྱང་གི་རྭའི་རྩ་བར་འཁོད། ཨོཾ་མུདྒ་ར་དྷྲྀཀ་གིས་ཐོ་བ་གཤིན་རྗེ་གཤེད་ཕྱུངས་སེམས་ཅན་ རྣམས་ཀྱི་ཕུང་པོའི་བདུད་བཅོམ་དད་པའི་སྟོབས་ལ་བཀོད་ནས་ཤར་སྒོའི་དབུས་སུ་འཁོད་ཨོཾ་དནྜ་དྷྲིཀ་གིས་དབྱུག་པ་གཤིན་རྗེ་གཤེད་ཕྱུངས་ཉོན་མོངས་པའི་བདུད་བཅོམ་བརྩོན་འགྲུས་ཀྱི་སྟོབས་ལ་བཀོད་ནས་ལྷོ་སྒོར་འཁོད། ཨོཾ་པདྨ་དྷྲྀཀ་གིས་པདྨ་ གཤིན་རྗེ་གཤེད་ཕྱུངས་འཆི་བདག་གི་བདུད་བཅོམ་དྲན་པའི་སྟོབས་ལ་བཀོད་ནས་ནུབ་སྒོར་འཁོད། ཨོཾ་ཁངྒ་དྷྲིཀ་གིས་རལ་གྲི་གཤིན་རྗེ་གཤེད་ཕྱུངས་ལྷའི་བུའི་བདུད་བཅོམ་ཏིང་ངེ་འཛིན་གྱི་སྟོབས་ལ་བཀོད་ནས་བྱང་སྒོར་འཁོད། ཨོཾ་མོ་ཧ་ར་ཏིས་ཙརྩི་ཀ་ ཕྱུངས་སེམས་ཅན་རྣམས་ཀྱི་སའི་ཁམས་སྦྱངས་བྱམས་པ་ཚད་མེད་ལ་བཀོད་ནས་སྣ་ཚོགས་རྡོ་རྗེའི་ཤར་ལྷོའི་གྲྭར་འཁོད། ཨོཾ་དྭེ་ཥ་ར་ཏིས་ཕག་མོ་ཕྱུངས་ཆུའི་ཁམས་སྦྱངས་སྙིང་རྗེ་ལ་བཀོད་ནས་ལྷོ་ནུབ་ཏུ་འཁོད། ཨོཾ་རཱ་ག་ར་ཏིས་དབྱངས་ཅན་མ་ཕྱུངས། 10-14-8b མེའི་ཁམས་སྦྱངས་དགའ་བ་ལ་བཀོད་ནས་ནུབ་བྱང་དུ་འཁོད། ཨོཾ་བཛྲ་ར་ཏིས་གཽ་རཱི་ཕྱུངས། རླུང་གི་ཁམས་སྦྱངས་བཏང་སྙོམས་ལ་བཀོད་ནས་བྱང་ཤར་དུ་འཁོད། ཨོཾ་ཨཱཿཧཱུཾ་གིས་ཐོད་པ་བཞི་སྤྲོས་ཡུལ་དྲུག་གི་དྲི་མ་སྦྱངས་ནས་དཀྱིལ་འཁོར་གྱི་ཕྱིའི་གྲྭ་བཞིར་ འཁོད། ཨོཾ་ཨཱཿཧཱུཾ་གིས་གཞལ་ཡས་ཁང་སྤྲོས། སྣོད་ཀྱི་སྐྱོན་སྦྱངས། བདེ་བ་ལ་གནས་པ་རྣམས་བརྟན་པར་བྱས་ནས་དམ་ཚིག་གི་གཞལ་ཡས་ཁང་ལ་ཐིམ་པར་བསམ་མོ། །དེ་དག་ནི་ལྷའི་འཁོར་ལོ་ཤིན་ཏུ་རྒྱས་པར་སྤྲུལ་པས་ཤིན་ཏུ་རྣལ་འབྱོར་རོ། ། དེ་ནས་གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵིཾ་དང་འཁོར་ལོ་ལས་རྡོ་རྗེའི་མིག་གཏི་མུག་གཤིན་རྗེ་གཤེད་ལྟ་བུ། རྣ་བ་གཉིས་སུ་ཛྲིཾ་དང་རྡོ་རྗེ་ལས་རྡོ་རྗེའི་རྣ་བ་ནག་པོ་ཞེ་སྡང་གཤིན་རྗེ་གཤེད་ལྟ་བུ། སྣ་གཉིས་སུ་ཁཾ་དང་རིན་པོ་ཆེ་ལས་རྡོ་རྗེའི་སྣ་ཕྲ་ མ་གཤིན་རྗེ་གཤེད་ལྟ་བུ། ལྕེའི་རྩ་བར་རཾ་དང་པདྨ་ལས་རྡོ་རྗེའི་ལྕེ་དམར་པོ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། འདིར་ནག་ཚོ་དང་ཆག་གིས་བསྒྱུར་བའི་དམར་ནག་གི་སྒྲུབ་ཐབས་ལས་རཾ་བྱུང༌། དཔལ་འཛིན་གྱི་རྗེས་སུ་འབྲང་བའི་གཞུང་གཞན་ལས་གཾ་ བྱུང་བ་ནི་ས་སྙིང་ལ་སོགས་པའི་མཚན་གྱི་ཡི་གེའི་ཁྱད་པར་རེ་ཐིག་ལེས་བརྒྱན་པ་ལས་བསྐྱེད་པར་སྣང་བས་དེ་གཉིས་གང་བྱས་ཀྱང་འདྲ་བར་མངོན་ནོ། །དཔྲལ་བར་ཀཾ་དང་རལ་གྲི་ལས་རྡོ་རྗེའི་ལུས་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ། ལྟེ་བར་སཾ་དང་རྡོ་རྗེ་ ལས་རྡོ་རྗེའི་ཡིད་རྒྱུ་རྡོ་རྗེ་འཛིན་པ་ལྟ་བུ་སྟེ་ཐམས་ཅད་ཀྱང་པད་ཟླ་ལ་གནས་པའོ། །ལྷན་ཅིག་སྐྱེས་པའི་སྣང་བ་ལས་གཙོ་བོ་མ་གཏོགས་པ་འཁོར་གྱི་སྐྱེ་མཆེད་བྱིན་གྱིས་རློབ་པར་མི་འདོད་པ་བཀག་ཅིང༌། སྐུ་མདོག་དང་ཕྱག་གི་ངེས་པ་སྒྲུབ་ཐབས་ 10-14-9a ལ་ཁ་འཕངས་པས་སྒྲུབ་ཐབས་སུ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་དང་ཁ་དོག་འདྲ་བར་བཤད་པ་མ་གཏོགས་པ་ཞལ་ཕྱག་གི་གྲངས་མི་གསལ་ཡང་ཞལ་ཕྱག་ཀྱང་འདྲ་བར་བྱ་དགོས་སོ། །དེ་དག་ནི་མངོན་ཤེས་དྲུག་སྒྲུབ་བྱེད་ སྐྱེ་མཆེད་བྱིན་གྱིས་བརླབ་པའོ། །ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བའི་ནང་དུ་ཧཱུཾ་དང་རྡོ་རྗེ་ལས་ཐུགས་རྡོ་རྗེ་ཞེ་སྡང་གཤིན་རྗེ་གཤེད་ལྟ་བུ། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་ཨཱཿདང་པདྨ་ ལས་གསུང་རྡོ་རྗེ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོའི་དབུས་སུ་ཨོཾ་དང་འཁོར་ལོ་ལས་སྐུ་རྡོ་རྗེ་གཏི་མུག་གཤིན་རྗེ་གཤེད་ལྟ་བུ་བསྐྱེད། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ སྤྱན་དྲངས་ཏེ་ནམ་མཁར་བཞུགས་པ་ལ་སྔར་བཞིན་མཆོད་ནས་འོད་ཟེར་གྱིས་བཀུག་སྟེ་རང་རང་གི་རྡོ་རྗེ་གསུམ་ལ་རིམ་པ་བཞིན་ཐིམ་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོ་ང་ཡིན་ནོ་སྙམ་དུ་ང་རྒྱལ་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་སངས་རྒྱས་སྲས་ དང་བཅས་པ་མདུན་དུ་སྤྱན་དྲངས། སྔར་བཞིན་མཆོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་སྤྲོས་པའི་ཙ་རྩི་ཀ་ལ་སོགས་པ་རྣམས་ཀྱིས་བུམ་པ་དཀར་པོ་ཡེ་ཤེས་ཀྱི་ 10-14-9b ཆུས་གང་བ་ཐོགས་ནས་ཤིས་བརྗོད་ཀྱི་ཚིགས་བཅད་དང་སྙན་པའི་གླུ་ལེན་ཅིང༌། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་བྱུང་སྦྱིན་པར་བྱ། །ཨོཾ་བཛྲ་ཨཱ་བྷི་ཥིཉྩ་མི། ཞེས་བརྗོད་ཅིང་དབང་བསྐུར་བས་དབང་གིས་ཆུས་ལུས་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པས་གཙོ་བོ་ལ་རྡོ་རྗེ་སེམས་དཔའ། གཞན་རྣམས་ལ་གཙོ་བོས་དབུ་བརྒྱན་ཞིང་དབང་གི་ལྷ་རྣམས་རང་ལ་ཐིམ་པར་བསམ་མོ། །རང་གི་སྙིང་གའི་ས་བོན་ལས་འོད་ ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་གི་མདུན་དུ་སྤྱན་དྲངས་པར་བལྟས་པ། ཧྲཱིཿཥྚྲཱིཿའི་སྔགས་བརྗོད་ཅིང་ཁྲོ་བོ་སྤྲོས་ནས་ཕྱི་འབྲང་གི་བགེགས་བསྐྲད་ལ་བསྲུང༌། མཆོད་ཡོན་ལ་སོགས་ པའི་ཆུ་བཞི་ཕུལ་ནས། ཨོཾ་མུདྒ་ར་ཛཿ ཞེས་པས་རང་རང་གི་སྤྱི་བོར་དགུག །ཨོཾ་དཎྜ་ཧཱུཾ་ཞེས་པས་རང་རང་ལ་གཞུག །ཨོཾ་པདྨ་པཾ་ཞེས་པས་རང་རང་དང་དབྱེར་མེད་དུ་བཅིང༌། ཨོཾ་ཁངྒ་ཧོཿ ཞེས་པས་དབང་དུ་བྱའོ། །དེ་ནས་མཆོད་པ་བཤམ་པ་རྣམས་ བསང་བ་དང་སྦྱང་བ་དང་བསྐྱེད་པ་དང་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སངས་རྒྱས་རྣམས་བཀུག་ནས་ཞལ་དུ་ཞུགས་ཐུགས་ཀར་ཞུ་བ་རྡོ་རྗེའི་ལམ་ནས་འཐོན་ཡུམ་གྱི་པདྨའི་དབུས་སུ་བྱུང་བའི་བྱང་ཆུབ་ཀྱི་སེམས་ལས་ སྐྱེས་པའི་ལྷ་མོའི་ཚོགས་མེ་ཏོག་མ་ལ་སོགས་པའི་མཆོད་རྫས་སྣ་ཚོགས་ལག་ན་ཐོགས་པ་བདེ་བ་ཆེན་པོ་སྟེར་བའི་སྒེག་ཅིང་འགྱིང་བའི་ཉམས་དང་ལྡན་ཞིང་ཡིད་དུ་འོང་བའི་གར་དང་གླུའི་མཆོད་པས་མཆོད་པར་བསམས་ལ་སྔར་བཞིན་མཆོད། སྒྲ་ཐམས་ཅད་ 10-14-10a བྲག་ཆ་ལྟ་བུར་བལྟས་ཏེ་འཁོར་གྱི་ལྷ་རྣམས་ཀྱིས་གཙོ་བོ་ལ་བསྟོད་པར་བསམས་ལ། ཨྱེ་ཀྱེ་ཀྱེ་གཤིན་རྗེ་གཤེད་ནག་བླ། །སྲིན་པོའི་གཟུགས་ཆེན་རང་བཞིན་ཁྱོད། །བདག་གིས་ཁྱོད་མཐོང་ཤིན་ཏུ་འཇིགས། །ཁྲོས་པའི་རང་བཞིན་ འདི་མཐོང་མཛོད། །མཐོ་རིས་ས་སྟེང་ས་འོག་བཅས། །ཁྱོད་ཀྱི་གར་གྱིས་གཡོས་པར་མཛོད། །ཨ་ཛ་ནག་པོ་བཅག་འདྲ་ཡི། །ཁྲོ་ཁྱོད་རོ་ལངས་བཞིན་གར་མཛོད། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་ཞིང༌། །མདངས་ནག་ཚད་ནི་ཐུང་བ་ལ། །བདེ་ཆེན་ངོ་བོ་ ཁྱོད་གར་མཛོད། །རྡོ་རྗེ་དབྱངས་ཅན་མ་གསོལ་འདེབས། །ཧྲཱིཿཥྚྲཱིཿའི་སྔགས་དང་གར་གྱིས་ཁྱོད། །སྲིད་པ་གསུམ་གྱི་འཁྲུལ་པ་ཆོད། །སྙིང་རྗེས་ཁྲོས་པའི་དང་སྒྲོལ་གར། །འགྲོ་བས་མཐོང་ན་ངོ་མཚར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་ནས་གཙོ་བོས་ཀྱང་འཁོར་རྣམས་ལ། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གཤེད་པོ་རབ་འཇིགས་ པ། །ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། །རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །རྡོ་རྗེ་གསུང་དང་རབ་མཚུངས་པ། །རྡོ་རྗེའི་གསུང་ལ་ཕྱག་འཚལ་ བསྟོད། །ཕྲག་དོག་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པ། །རྡོ་རྗེ་སྐུ་དང་རབ་མཚུངས་པ། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ནས། ཡང་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་གཙོ་བོ་ལ། སངས་རྒྱས་ཀུན་གྱི་དངོས་ 10-14-10b པོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །བསྟོད་པའི་ཚིག་ནི་སྒྲུབ་ཐབས་དང་རྒྱུད་ལ་མི་འདྲ་བ་མང་ཡང་། ནག་པོ་པའི་འགྲེལ་པར་ བཤད་པའི་གཞུང་དང་མཐུན་པར་བྱས་པའོ། །དེ་ནས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མགོ་བོ་གསུམ་གྱི་སྒྱེད་བུའི་སྟེང་དུ་ཨཱཿ ཡིག་ལས་བྱུང་བའི་ཐོད་པ་དཀར་པོ་བསམ་མོ། །དེའི་ཤར་ལ་སོགས་པའི་ཕྱོགས་བཞི་དང༌། དབུས་སུ་ད་ཧ་གཽ་ཀུན་ལས་བྱུང་བའི་གླང་པོ་ཆེ་རྟ་བ་ལང་ཁྱི་མིའི་ཤ་རྣམས་ལ། བྷྲུཾ་ཨཾ་ཛྲི་ཁཾ་ཧཱུཾ་གིས་མཚན་པ། མེ་ལ་སོགས་པའི་མཚམས་བཞི་དང་དབུས་སུ། བི་རི་ཤུ་མ་མཱུ་ལས་བྱུང་བའི་དྲི་ཆེན་རཀྟ་བྱང་སེམས་དཀར་པོ་རྐང་མར་དྲི་ཆུ་ལ། ལཾ་མཾ་པཾ་ཏཾ་བཾ་གྱིས་མཚན་པའོ། །འདིར་ལི་ལ་བཛྲས་གཤིན་རྗེ་གཤེད་ལྔའི་ས་བོན་ལས་བདུད་རྩི་ལྔ་དང་མིང་ཡིག་ཐོག་མ་ལས་ཤ་ལྔ་བསྐྱེད་པར་བཤད་མོད་ཀྱང༌། དཔལ་འཛིན་གྱི་སྒྲུབ་ཐབས་ལས། དེ་ལ་མིང་ཡིག་དང་པོ་སྐྱེས། །དེ་ནི་རྣམ་པར་སྣང་མཛད་སོགས། །ད་ཡིག་ལས་སྐྱེས་ཡང་དག་འབྱུང༌། །གླང་པོ་ལ་སོགས་ལྔ་པོ་རྣམས། །ཞེས་རྫས་བཅུ་ག་མིང་ཡིག་དང་པོ་ལས་བསྐྱེད་པར་བཤད་ལ། མིང་ཡིག་ དང་པོ་རྣམས་ཀྱང་ལྷན་ཅིག་སྐྱེས་པའི་སྣང་བ་ལས། བི་མུ་མ་ར་ཤུ་དང༌། ད་ཧ་ན་གཽ་ཀུ་རྣམས་ཞེས་གསུང་ངོ༌། །དེ་ལ་དནྟི་ནི་སོ་ལྡན་ཏེ་གླང་པོ་དང་ཉ་ལ་རྟ་དང་གཽ་བ་ལང་དང་ཀུ་རུ་ར་ཁྱི་དང་ནར་མི་དང༌། བི་ཌ་བཤང་བ་དང་མུ་ཏྲ་གཅིན་དང༌། རཀྟ་ 10-14-11a ཁྲག་དང་ཤུ་ཀྲ་ཁུ་བ་དང༌། མཉྫ་རྐང་ངོ་། །ཁ་ཅིག་གསང་འདུས་སུ་དེ་བཞིན་གཤེགས་པ་དང་རིན་པོ་ཆེ་དང་པདྨོ་དང་ལས་དང་རྡོ་རྗེའི་རིགས་ལ་རིམ་པ་བཞིན་དུ་གླང་པོ་དང་རྟ་དང་བ་ལང་དང་ཁྱི་དང་མིའི་ཤ་གསུངས་པ་དང་བསྟུན་ནས་དཔལ་ འཛིན་གྱིས་ད་ཧ་ན་ཞེས་སོགས་གསུངས་པ་ཡིན་ཞེས་གསུངས་ངོ༌། །ཐོད་པའི་སྟེང་དུ་ཧཱུཾ་ཡིག་དཀར་པོ་ལས་བྱུང་བའི་རྡོ་རྗེ་ལྟེ་བ་ཧཱུཾ་གིས་མཚན་པས་ཁ་བཅད་པ། དེ་ལས་མཐོ་གང་ཙམ་གྱི་བར་སྣང་ལ་ཟླ་བ་ལ་ཨོཾ་དཀར་པོ། རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་འོད་ཟེར་ འཕྲོས་པས་བ་དན་བསྐུལ་བས་རླུང་བསྐྱོད། དེས་མེ་སྦར་བས་རྫས་ཀུན་ཞུ་ཞིང་ཁོལ་བའི་ནང་དུ་རྡོ་རྗེ་ལྷུང་ནས་དཀྲུགས་ཤིང་དེ་ཉིད་ཀྱང་ཞུ་བས་དྲི་མ་མེད་ཅིང་དག་པར་བལྟའོ། །དེ་ནས་ཨོཾ་གྱི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་བཀུག་པ་ཡེ་ ཤེས་ཀྱི་བདུད་རྩི་སྔགས་ཀྱིས་གཟུགས་སུ་བྱས་ནས་དེར་བཅུག་པས་བདུད་རྩི་ལྔ་མཆོག་ཏུ་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ལ་བྱིན་གྱིས་བརླབ་བོ། །དེ་ནས་ལྷ་ཐམས་ཅད་ཀྱི་ལྗགས་མི་དམིགས་པ་ལས་ཧཱུཾ་ལས་སྐྱེས་པའི་རྡོ་ རྗེ་དཀར་པོ་རྩེ་ལྔ་པ་ཁོང་གསེང་ཅན་དུ་བསྒོམས་ལ་ཐོག་མར་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གྱི་མཐར་ཡི་གེ་གསུམ་བཏགས་ལ་དབུལ། དེ་ནས་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་འཁོར་དང་བཅས་ པ་སྤྱན་དྲངས་ཏེ་རང་གི་ལུས་ལ་བཅུག་ལ། ལྷ་སོ་སོའི་སྔགས་བརྗོད་ཅིང་བདུད་རྩི་མྱང་བར་བྱའོ། །དེའི་དུས་སུ་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བས་ཚིམ་པར་བསམ་ཞིང་ཕྱོགས་སྐྱོང་ལ་སོགས་པ་རྣམས་ཀྱང་ཚིམ་པར་ 10-14-11b བྱའོ། །རང་གི་སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞིར་རྡོ་རྗེས་མཚན་པའི་དབུས་སུ་ཡེ་ཤེས་སེམས་དཔའ་རང་དང་འདྲ་བ་དགོད། དེའི་ཐུགས་ཀར་ཉི་གདན་ལ་རྡོ་རྗེའི་ལྟེ་བའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ཡ་ཡིག་སྔོན་པོ་འོད་ ཟེར་འཕྲོ་བ་བཀོད་ནས་མཚན་མར་འཛིན་པའི་ཀུན་རྟོག་ཐམས་ཅད་སྤོང་བའི་སྟོང་པ་ཉིད་བསྒོམ་པར་བྱའོ། །དེའི་ཚུལ་ནི་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་དང་བདག་དང་སེམས་ཅན་ལ་སོགས་པའི་གང་ཟག་རྣམས་རང་བཞིན་གྱིས་མ་ གྲུབ་པས་རྟག་པའི་མཐའ་སྤངས་ཤིང་རང་བཞིན་གྱིས་མ་གྲུབ་བཞིན་དུ་རང་རང་གི་བྱ་བ་བྱེད་ནུས་པས་ཆད་པའི་མཐའ་སྤངས་པའི་སྟོང་པ་ཉིད་བདག་མེད་པ་གཉིས་ལ་ངེས་པ་དྲངས་པའི་རྣམ་པ་ཅན་གཟུང་བྱ་ལྷའི་འཁོར་ལོར་སྣང་བའི་སྣང་སྟོང་ གཉིས་ཚོགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །རང་གི་ཐུགས་ཀའི་ས་བོན་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་གཤིན་རྗེ་གཤེད་དུ་བྱས་དེ་ཐམས་ཅད་བཀུག་ནས་ས་བོན་དེ་ཉིད་ལ་ཐིམ་པར་བསམ། འདིར་སྒྲུབ་ཐབས་ ལས། རང་སྙིང་ས་བོན་འོད་ཟེར་གྱིས། །འགྲོ་བ་གཤིན་རྗེ་གཤེད་བྱས་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །བཀུག་ནས་དེ་ལ་སོང་བར་བསམ། །རྡོ་རྗེ་དྲི་མ་མེད་དང་ཆོས། །ཡེ་ཤེས་ལམ་སྐྱེས་དགོད་པར་བྱ། །དེར་ནི་རང་གི་ས་བོན་རྣམས། །ཡེ་ཤེས་ ཧྲཱིཿཥྚྲཱིཿལ་སོགས་དགོད། །བདེ་བ་དམ་པའི་རྣམ་པ་མཐོང༌། །ཡང་དག་རྟོག་པ་ཐམས་ཅད་སྤངས། །སྤྲོ་དང་བསྡུ་བ་ཡང་དག་རྒྱས། །བདག་ཉིད་མཁས་པས་བཟླས་པ་བརྩམ། །སྐུ་ལ་སོགས་པ་སྤྲོ་དང་བསྡུ། །རིམ་དང་ཅིག་ཅར་དག་ཀྱང་རུང༌། །ཞེས་འབྱུང་ 10-14-12a བའི་རྐང་པ་བཞི་པ་ནི་རྐང་པ་གསུམ་པའི་གོང་དུ་གདོན་ཏེ། གཤེད་དམར་གྱི་སྒྲུབ་ཐབས་ལས་དེ་བཞིན་དུ་འབྱུང་ངོ༌། །ལི་ལ་བཛྲས་འགྲོ་བ་གཤིན་རྗེ་གཤེད་དུ་བྱས་པ་རྣམས་རང་ལ་ཐིམ་ཞིང་རང་ཉིད་ཡ་ལ་ཐིམ་ལ་ཡི་གེ་ཐིག་ལེར་གྱུར་ པའི་ནང་དུ་དཀྱིལ་འཁོར་རྫོགས་པར་བསྐྱེད། དེའི་འོད་ཟེར་གྱིས་སླར་ཡང་རང་དང་ལྷ་རྣམས་གསལ་བར་བྱས་ཏེ། སྙིང་གར་གནས་པའི་དཀྱིལ་འཁོར་ཕྲ་མོ་བརྟན་པར་གྱུར་ནས་སྤྲོ་བསྡུ་བྱེད་པར་བཤད་དེ། བདེ་བ་དམ་པ་ཞེས་པའི་རྐང་པ་གསུམ་གྱི་དོན་ནོ། ། དེ་ནས་ལས་དང་ཆོས་དང་ཕྱག་རྒྱ་ཆེན་པོ་གསུམ་གྱི་ངོ་བོ་ཐུགས་གསུང་སྐུའི་རྡོ་རྗེ་གསུམ་གྱི་ཐུགས་ཀར་རང་རང་གི་ས་བོན་གྱི་ཡི་གེ་གསུམ་དགོད་དེ། སྐུ་གསུང་ཐུགས་ཞེས་པ་ནས། དེར་ནི་རང་གི་ས་བོན་རྣམས། ཞེས་པའི་བར་གྱི་དོན་ནོ། །དམ་ཚིག་གི་ཕྱག་ རྒྱའི་ངོ་བོ་ཡེ་ཤེས་སེམས་དཔའི་ཐུགས་ཀར་སྔགས་དགོད་པ་ནི། ཡེ་ཤེས་ཞེས་པའི་རྐང་པ་གཅིག་གི་དོན་ནོ། །དེ་ལྟར་ན་རྡོ་རྗེ་ནི་ཐུགས་ལས་རྒྱ། ཆོས་ནི་གསུང་ཆོས་རྒྱ། དྲི་མ་མེད་པ་ནི་སྐུ་ཕྱག་ཆེན། ཡེ་ཤེས་ནི་དམ་རྒྱར་བྱའོ། །སློབ་དཔོན་དཔལ་འཛིན་ནི་ ཡེ་ཤེས་ཞབས་ཀྱི་རྗེས་འབྲང་ཡིན་ལ། ཡེ་ཤེས་ཞབས་ལུགས་ཀྱིས་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་གནས་པའི་ཕྱག་མཚན་གྱི་ལྟེ་བར་ཆུད་པའི་ས་བོན་གྱི་འོད་ཟེར་གྱིས། སྤྲུལ་པའི་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱིས་ ལོག་རྟོག་སྒྲིབ་གཉིས་སྤངས་ནས་འགྲོ་བ་སངས་རྒྱས་སུ་བྱས་པ་བཀུག་ནས་ས་བོན་དང་གཉིས་སུ་མེད་པར་བྱས་པའི་ཡི་གེའམ་ཐིག་ལེའི་ནང་དུ་ཕྲ་མོའི་དཀྱིལ་འཁོར་བསྒོམ་པར་གསུངས་པས་དེ་དང་མཐུན་པར་མཛད་པ་ཡིན་ནོ། །འདི་ཡང་ལས་ 10-14-12b དང་པོ་བ་དང་ཡེ་ཤེས་ཅུང་ཟད་བབས་པའི་སྐབས་སུ་ཕྱག་མཚན་ནམ་ཐིག་ལེ་ཕྲ་མོ་ཉིད་བསྒོམ་ལ། ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པ་ནས་ཕྲ་མོའི་དཀྱིལ་འཁོར་བསྒོམ་པར་བྱའོ། །བསྒོམ་ཚུལ་སྔ་མ་ནི་ཐུགས་ཀའི་ས་བོན་ལ་བསྡུས་ཟིན་པ་དང་ཡི་གེ་འམ་ ཐིག་ལེ་དེ་ཉིད་སྣང་བ་ཆེན་པོ་དང་བཅས་པར་བསྒོམ་མོ། །དེ་ནས་དེའི་འོད་ཟེར་གྱིས་ཕྱག་མཚན་གྱི་ནང་དང་ཕྱི་དང་ཡེ་ཤེས་སེམས་དཔའ་དང༌། དེའི་གནས་དང༌། རྡོ་རྗེ་གསུམ་དང་དེ་དག་གི་གནས་ཕྱི་ནང་དང་བཅས་པ་རིམ་གྱིས་གསལ་བར་བྱས་པའི་མཐར་རིམ་ པ་དེ་ལྟར་སླར་ལོག་ནས་སྔར་གྱི་ཡི་གེའམ་ཐིག་ལེ་ལ་འདུས་ནས་ཡེ་ཤེས་ཀྱི་བདུད་རྩི་འབབ་པར་བསམ་མོ། །དེའི་འོག་ཏུ་རང་གི་ལུས་ཐམས་ཅད་སྣང་བར་བྱས་ནས་བ་སྤུའི་བུ་ག་རེ་རེ་ནས་བྱུང་བའི་འོད་ཟེར་རྣམས་ཀྱིས་འགྲོ་བ་རྣམས་སྣང་བར་བྱའོ། །སེམས་ བྱིང་ན་འོད་ཀྱི་སྣང་བ་བྱིང་བ་སངས་སངས་ཀྱི་བར་དུ་བསྒོམ་ཞིང་། རྒོད་ན་ཐིག་ལེ་དེ་ཉིད་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་རྒོད་པ་ཞི་བའི་བར་དུ་བྱའོ། །དེ་ནས་རྡོ་རྗེ་གསུམ་གྱི་ཐུགས་ཀར་རང་རང་གི་ས་བོན་དགོད། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཏིང་ངེ་ འཛིན་སེམས་དཔའི་མཐར་ཧྲཱིཿཥྚྲཱིཿདགོད། ལྷ་གཞན་རྣམས་ཀྱི་ཐུགས་ཀར་ཉི་གདན་ལ་རང་རང་གི་ཕྱག་མཚན་ལ་རང་རང་གི་ས་བོན་བཀོད་པའི་མཐར་རང་རང་གི་སྔགས་ཀྱི་ཕྲེང་བས་བསྐོར་བ་བཀོད་ལ། ཧ་ཅང་མྱུར་བ་དང་ཡི་གེ་རེ་རེ་ནས་དལ་བར་དང༌། ཐུང་ངུ་རིང་པོ་དང་རིང་པོ་ཐུང་ངུར་མི་བྱ་ཞིང་གཞན་གྱིས་མི་ཐོས་པར་རང་གི་ཐོས་ཙམ་དུ་བཟླའོ། །དེའི་ཚེ་སྐུ་རྡོ་རྗེ་ལ་སོགས་པའི་གནས་བཞི་ནས་སྐུ་རྡོ་རྗེ་ལ་སོགས་པའི་ཁྲོ་བོའི་སྤྲུལ་པ་ཅིག་ཅར་རམ་རིམ་གྱིས་ནམ་མཁའ་ཁྱབ་པར་སྤྲོ། དེ་དག་གིས་ 10-14-13a སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་བྱས། ཧྲཱིཿཥྚྲཱིཿལ་སོགས་པའི་སྔགས་རྣམས་འགྲོ་བ་ལ་སྒྲོགས་པར་བསམ་ཞིང༌། ལྷ་དགུག་པའི་བསམ་པས་མཐེ་བོའི་ལྕགས་ཀྱུས་དྲངས་ཤིང་བཟླ་སྟེ་སྔགས་རྫོགས་པའི་ཚེ་སླར་བསྡུའོ། །ཕྲེང་བའི་ རྒྱུ་ནི་མ་ཧེ་དང་མི་དང་གླང་པོ་ཆེ་དང་བ་ལང་དང་རྟ་དང་བོང་བུ་དང་རྔ་མོའི་རུས་པ་ལས་བྱའོ། །བསྐྱེད་ཆོག་ནི་བསངས་སྦྱངས་ནས་རིལ་བུ་རེ་རེ་གཤིན་རྗེ་གཤེད་དུ་བསྐྱེད་པ་དང༌། མི་མགོ་ཁྲག་འཛག་ཏུ་བསྒོམ་པ་གདམ་ང་ཅན་དུ་རྒྱུད་དང་འགྲེལ་པ་རྣམས་ནས་བཤད་ ལ། བླ་མ་རྣམས་ཕྱི་མ་བསྒོམ་པ་ནི་གཤིན་རྗེ་གཤེད་དུ་བསྐྱེད་པ་ཞུ་བ་ལས་དེར་གྱུར་པར་བཞེད་དོ། །གཤིན་རྗེ་གཤེད་ནི་སྒྲུབ་ཐབས་ཀུ་མུ་ཏ་ཁ་ཕྱེ་བ་ལས་མེ་ལས་འདོད་ཆགས་གཤིན་རྗེ་གཤེད་དུ་བསྐྱེད་པར་བཤད་དོ། །ཟླ་བ་བྱུང་ངོ་ཅོག་གི་བཅུ་ བཞི་རྣམས་ལ་ཤ་ལྔ་དང་བདུད་རྩི་ལྔས་ཕྲེང་བ་ལ་བྱུགས་ནས་བཟླས་ན་དངོས་གྲུབ་འགྲུབ་པའི་མཆོག་ཏུ་ནག་པོའི་རྒྱུད་ལས་བཤད་དོ། །བཟླས་པའི་གྲངས་ནི་ཁྲིས་འབྱུང་པོ་ཡི་དྭགས་ཀྱི་ཚོགས་དང༌། སྟོང་གིས་མཁའ་འགྲོ་མ་རྣམས་ཚར་གཅོད་ ནུས་ལ། འབུམ་གྱིས་ལས་ཀུན་བྱེད་པ་དང༌། བྱེ་བ་བཟླས་ན་ཐུན་མོང་གི་དངོས་གྲུབ་འགྲུབ་ན་བྱེ་བ་ལྔས་སྨོས་ཅི་དགོས་ཞེས་རྒྱུད་ལས་གསུངས་སོ། །ཁ་ཟས་ལ་སོགས་པའི་བྱ་བའི་དབང་གིས་ལྡང་བར་འདོད་ན་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང༌ བསྟོད་པ་དང་བདུད་རྩི་མྱང་བ་བྱ། ཡི་གེ་བརྒྱ་པ་གདོན་ལ། འགྲོ་བའི་དོན་ལ་འབྱོན་པའི་བསམ་པས་ཡི་གེ་གསུམ་གྱི་མཐར་མུཿ བཏགས་པ་བརྗོད་ནས་འཁོར་རྣམས་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རྣམས་བདག་ལ་བསྡུས་ནས་དགེ་བ་ 10-14-13b བསགས་པ་རྣམས་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ། རྣལ་འབྱོར་ཆེན་པོའོ། །དེ་ལྟར་ཐུན་གྱི་ངོ་བོའི་རྣལ་འབྱོར་བྱས་ནས། ཐུན་སྔ་ཕྱིའི་བར་གྱི་རྣལ་འབྱོར་ནི། ལངས་ནས་གཙོ་བོའི་ང་རྒྱལ་དང་མ་བྲལ་བ་དང༌། ཡུལ་དུ་སྣང་བ་ཐམས་ཅད་གཏི་མུག་གཤིན་རྗེ་གཤེད་ དུ་བསྒོམས་ནས་འགྲོ་འཆག་ལ་སོགས་པ་བྱའོ། །ཁ་ཟས་ཀྱི་རྣལ་འབྱོར་ནི། ནང་མཆོད་ལྟར་བསྐྱེད་ལ་ཁ་ཐབ་ཁུང་དང་ལག་པ་གཉིས་གཟར་བུར་བསམ་སྟེ་ལྷ་ཚིམ་པར་བྱ་བའི་བསམ་པས་བཟའོ། །གཞན་ལ་ཁ་ཟས་སྟེར་ནའང་བདུད་རྩིར་བྱིན་ གྱིས་བརླབས་ལ་ལྷ་མཆོད་པའི་བསམ་པས་མཆོད་དོ། །ཁྲུས་ཀྱི་རྣལ་འབྱོར་ནི། དབང་བསྐུར་བའི་ཆོ་གས་བྱའོ། །ཉལ་བའི་རྣལ་འབྱོར་ནི། འགྲོ་བ་གཤིན་རྗེ་གཤེད་དུ་བྱས་པ་དང་གཞལ་ཡས་ཁང་རང་ལ་བསྡུ། དམ་ཚིག་སེམས་དཔའ་ཡེ་ཤེས་ སེམས་དཔའ་དང༌། ཡེ་ཤེས་སེམས་དཔའ་ཕྱག་མཚན་དང༌། ཕྱག་མཚན་ཏིང་ངེ་འཛིན་སེམས་དཔའ་ལ་བསྡུ། ཡི་གེ་རིམ་གྱིས་བསྡུས་ནས་སྟོང་པ་འོད་གསལ་དུ་ཞུགས་པར་བསམས་ལ། ཐབས་ཤེས་དང་ལྡན་པར་ཉལ་ལོ། །ལྡང་བའི་ཚེ་ན་ ཙརྩི་ཀ་ལ་སོགས་པའི་གླུས་བསྐུལ་བར་བསམ་མོ། །དེ་ལྟར་ནམ་གྱི་བརྒྱད་ཆ་ལུས་པའི་ཐོ་རངས་དང་ཉིན་གུང་དང༌ཕྱི་དྲོ་དང་སྲོད་ཀྱི་ཐུན་བཞི་ལ་སྔར་བཤད་པ་ལྟར་བྱེད་པ་ནི་ལས་དང་པོ་པའི་རྣལ་འབྱོར་པས་ཇི་ལྟར་བྱ་བའི་རིམ་པའོ། །ལས་ དང་པོ་པ་ནི། དང་པོའི་ཐུན་ལ་བསྒོམ་པ་ནས་བཟུང་སྟེ་ཇི་སྲིད་དཀྱིལ་འཁོར་བའི་ལྷ་རྣམས་ཡུད་ཙམ་རེ་མངོན་དུ་བྱེད་ནུས་པ་ལ་བརྟན་པ་མ་རྙེད་ཀྱི་བར་རོ། །དེ་ལ་བརྟན་པ་རྙེད་པ་ནས་གཟུང་སྟེ། ལྷ་རྣམས་ཀྱི་སྐྱེ་མཆེད་དང་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ལྷ་ 10-14-14a རྣམས་ཡུད་ཙམ་རེས། ལག་མཐིལ་དུ་ཤིང་ཏོག་བཞག་པ་ལྟར་མངོན་དུ་བྱེད་ནུས་པ་ལ་བརྟན་པ་མ་རྙེད་ཀྱི་བར་དུ་ཡེ་ཤེས་ཅུང་ཟད་བབས་པ་ཞེས་བྱ་སྟེ། དེས་ནི་ཐུན་བཞི་ཀ་ལ་རྣལ་འབྱོར་ཕྱི་མ་གསུམ་སྔར་ལྟར་བསྒོམ་པར་བྱའོ། ། སྐུ་རྡོ་རྗེ་ལ་སོགས་པའི་ལྷ་རྣམས་ལ་ཡུད་ཙམ་རེས་མངོན་དུ་བྱེད་ནུས་པ་ལ་བརྟན་པ་རྙེད་པ་ནས་བཟུང་སྟེ། ཡེ་ཤེས་ལ་ཅུང་ཟད་དབང་བའམ་ཡེ་ཤེས་ལ་དབང་ཐོབ་པ་ཞེས་བྱ་སྟེ། དེས་ནི་ཐུན་བཞིའི་ངེས་པ་མི་བྱ་བར་ཐུན་གཅིག་ལ་རྣལ་འབྱོར་ཕྱི་ མ་གཉིས་བསྒོམ་པར་བྱའོ། །དེ་ཡང་ཕྲ་མོའི་དཀྱིལ་འཁོར་ལ་སྤྲོ་བསྡུ་ནུས་ཤིང་རྫོགས་པའི་རིམ་པ་བརྟན་པར་བྱེད་པའི་བར་ཐམས་ཅད་དོ། །རང་གི་དོན་མཐར་ཐུག་པར་སོན་པས་བསམ་གཏན་ཙམ་གྱིས་གཞན་གྱི་དོན་བྱེད་ནུས་པ་ནི། ཡེ་ཤེས་ལ་ ཡང་དག་པར་དབང་ཐོབ་པ་ཞེས་བྱའོ། །འདིར་དགྲ་ནག་གི་སྐོར་ཐམས་ཅད་ནས་ཕྱོགས་སྐྱོང་གི་གཏོར་མ་མ་གཏོགས་པ་དཀྱིལ་འཁོར་པ་ལ་གཏོར་མ་འབུལ་བའི་སྔགས་ལ་སོགས་པ་མ་བཤད་པ་ལ་སློབ་དཔོན་ཉིན་མོར་བྱེད་པའི་གྲགས་པས་དང་ པོར་གཤིན་རྗེ་གཤེད་དང་དེ་ནས་སོ་སོའི་འཁོར་ལ་འབུལ་ཞེས་པ་མ་གཏོགས་པ་དཀྱིལ་འཁོར་པ་ལ་དབུལ་བ་མ་བཤད་ཀྱང་དབུལ་དུ་མི་རུང་བ་མིན་པས་ཐུན་སོ་སོའི་མཐར་གཏོར་མ་གཏོང་བར་འདོད་ན། སྐད་ཅིག་གིས་མདུན་དུ་གཤིན་རྗེ་ གཤེད་ཀྱི་དཀྱིལ་འཁོར་བསྒོམས་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ། དེ་ནས་རང་གི་སྙིང་ག་ནས་ཁྲོ་བོ་ཞགས་པ་དང་ལྕགས་ཀྱུ་འཛིན་པ་སྤྲོས་ཏེ། ཕྱོགས་སྐྱོང་རྣམས་ 10-14-14b ཀྱི་སྙིང་ག་ནས་ལྕགས་ཀྱུས་བཟུང༌། མགྲིན་པ་ནས་ཞགས་པས་བཅིངས་ཏེ་བཀུག་པར་བསམས་ལ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སརྦ་དུཥྟཾ་ཨིནྡྲ་ཨཱ་དི་ན་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་རྫཿ སྭཱཧཱ། ཞེས་པའི་སྔགས་འདིས་ཕྱོགས་སྐྱོང་རྣམས་ བཀུག་སྟེ་དཀྱིལ་འཁོར་གྱི་ཕྱོགས་ཕྱོགས་སུ་དགོད་པར་བྱའོ། །ཤར་དུ་དབང་པོ་དམར་སེར་གླང་པོ་ཆེ་ལ་ཞོན་པ། མིག་སྟོང་པ་གཡས་རྡོ་རྗེ་གཡོན་སྡིགས་མཛུབ། དེའི་གཡོན་དུ་ཉེ་དབང་ནག་པོ་ནམ་མཁའ་ལྡིང་ལ་ཞོན་པ། གཡས་སྲུབས་ཤིང་དང་འཁོར་ ལོ། །གཡོན་དུང་དང་ནོར་བུ་ཀཽསྟུ་བྷ་ཐོགས་པ། ལྷོར་གཤིན་རྗེ་ནག་པོ་མ་ཧེ་ལ་ཞོན་པ། སྐྲ་དམར་སེར་གྱེན་དུ་འབར་བ། གཡས་དབྱུག་པ་དང་གཡོན་སྡིགས་མཛུབ། ནུབ་ཏུ་ཆུ་ལྷ་དཀར་པོ་སྦྲུལ་ལ་ཞོན་པ། སྦྲུལ་ཞགས་འཛིན་པ། བྱང་དུ་ལུས་ངན་སེར་པོ་ ཤ་རྒྱས་པ། གཏེར་ལ་གནས་པ། གཡས་ས་བོན་གྱི་གྲོང་ཁྱེར་དང་གཡོན་ནེའུ་ལེ་ཐོགས་པ། དེའི་གཡོན་དུ་ཚོགས་བདག་གླང་སྣ་དཀར་པོ་བྱི་བ་ལ་ཞོན་པ། གཡས་བགྲང་ཕྲེང་དང་དགྲ་སྟ། གཡོན་ལ་ཕུག་དང་ལ་དུ་འཛིན་པ། བྱང་ཤར་དུ་དབང་ལྡན་དཀར་ པོ་གླང་ལ་ཞོན་པ་རལ་པའི་ཏོར་ཅོག་ཅན་རྩེ་གསུམ་དང་ཐོད་པ་ཐོགས་པ། ལག་པ་གཉིས་ཀྱིས་གཽ་རཱི་ལ་འཁྱུད་པ། མེར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་འཛིན་པ། སྲིན་པོར་སྲིན་པོ་སྔོན་པོ་རོ་ལ་ཞོན་པ། ཁྲོ་ ཞིང་རྔམ་པ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ་རླུང་དུ་རླུང་ལྷ་དུ་བའི་མདོག་ཅན་རི་དྭགས་ལ་ཞོན་པ། ལག་པ་གཉིས་ཀྱིས་རླུང་རས་འཛིན་པ། སྟེང་དུ་ཟླ་བ་དཀར་པོ་ཀུ་མུ་དའི་སྟེང་ན་གནས་པ་ལག་པ་གཉིས་ཀྱིས་ཀུ་མུ་ད་འཛིན་པ། ཉི་མ་ 10-14-15a དམར་པོ་རྟ་མཆོག་བདུན་ལ་ཞོན་པ། ལག་པ་གཉིས་ཀྱིས་པདྨ་འཛིན་པ། ཚངས་པ་སེར་པོ་གདོང་བཞི་པ་ངང་པ་ལ་ཞོན་པ། གཡས་པས་སྤྱི་བླུགས་དང་མི་འཇིགས་པ། གཡོན་དབྱུག་པ་དང་བགྲང་ཕྲེང་འཛིན་པ། འོག་ཏུ་སའི་ལྷ་མོ་སེར་ མོ་པདྨ་ལ་གནས་པ། གཡས་དཔང་པོར་ཁས་ལེན་པ། གཡོན་བུམ་པ་འཛིན་པ། ཐགས་བཟང་རིས་སྔོན་པོ་ཤིང་རྟ་ལ་ཞོན་པ་གཡས་རལ་གྲི་གཡོན་སྡིགས་མཛུབ་ཅན་རྣམས་ཏེ། དེ་དག་གི་འཁོར་དུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཐམས་ཅད་ བསམ་མོ། །དེ་ནས་རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་ཕྱག་ན་ཕུར་བུ་ཐོགས་པ་སྤྲོས་ཏེ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧཱུཾ་སརྦ་དུཥྟཾ་ཨིནྡྲ་ཨཱ་དི་ན་ས་པ་རི་ཝཱ་ར་ན་ཀཱི་ལ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་སྙིང་ག་དང་མགྲིན་པ་དང་རྐང་པའི་ བར་དུ་ཕུར་བུ་བཏབ་པས། གྲུབ་པའི་བཅུད་ལེན་གྲུབ་པ་བཞིན་དུ་སྐད་ཅིག་གིས་ཞེ་སྡང་གཤིན་རྗེ་གཤེད་རང་དང་ལྷན་ཅིག་སྐྱེས་པའི་ཤེས་རབ་མ་ཕྱག་དང་པོ་གཉིས་ཀྱིས་ཐོད་པ་ཐོགས་ནས་ཡབ་ལ་འཁྱུད་པ། ཞལ་ཕྱག་ལྷག་མ་ཡབ་དང་འདྲ་བ། སྒྲུབ་པ་ པོའི་བསམ་པ་ཡོངས་སུ་རྫོགས་པར་མཛད་པར་བསྐྱེད། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་གཤིན་རྗེ་གཤེད་ཀྱིས་དབུ་བརྒྱན། བསྐྱེད་ཆོག་རྒྱས་པ་བྱེད་ན་ཕུར་བུ་བཏབ་མ་ཐག་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ས་བོན་དང་ཕྱག་ མཚན་གྱི་རིམ་པས་བསྐྱེད་པ་ཡིན་ཏེ། ནག་པོ་པའི་དཀྱིལ་ཆོག་ལས་ཤེས་པར་བྱའོ། །དེ་ནས་མགྲོན་རྣམས་ལ་ཐོག་མར་ཆུ་བཞི་དབུལ་ཏེ། དེའང་མཆོད་ཡོན་དང་ཞབས་བསིལ་ནི་སྔར་བཞིན་ནོ། །ཞལ་བསིལ་ནི་ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐཱ་རཾ་ཨཱཉྩ་མ་ཎཾ་པྲ་ 10-14-15b ཏཱི་ཙྪ་ཧཱུཾ་སྭཱཧཱ་དང༌། གསང་གཏོར་ནི་ཨཱཉྩ་མ་ཎཾ་གི་གནས་སུ་པྲོཀྵ་ཎཾ་ཞེས་བཅུག་ལ་དབུལ་ལོ། །དེ་ནས་རང་གི་མདུན་དུ་གཏོར་མ་འབྱོར་ན་བཅའ་བ་དང་བཏུང་བ་ལ་སོགས་པ་སྣ་ཚོགས་པ་དྲི་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་གོས་དང་གདུགས་དང་རྒྱལ་མཚན་དང་ དྲིལ་བུ་ལ་སོགས་པ་སྒྲ་ཆེན་པོ་དང་བཅས་པ་ཤིང་རྟ་བཀང་བའམ་མ་འབྱོར་ན་ནས་ཀྱི་ཁུར་བའམ་འབྲས་ཆན་ཅུང་ཟད་ཙམ་དང་བཅས་པའི་ཆུ་ཁྱོར་བ་གསུམ་གང་རུང་བ་བཤམ། བདུད་རྩི་རིལ་བུའམ་མ་འབྱོར་ན་བྱིན་གྱིས་བརླབས་པའི་བདུད་རྩིས་བྲན་ནོ། །ཧྲཱིཿ ཥྚྲཱིཿས་བསངས་སྭ་བྷཱ་ཝས་སྦྱངས་ནང་མཆོད་ལྟར་བསྐྱེད་དེ་བྱིན་གྱིས་བརླབ། ལ་མི་ཏ་བཛྲས་མཛད་ཟེར་བའི་དགྲ་ནག་གི་སྒྲུབ་ཐབས་ལས་དཀྱིལ་འཁོར་པ་དང་ཕྱོགས་སྐྱོང་གང་གི་ཡིན་མི་གསལ་བར་ཨ་ཀཱ་རོས་འབུལ་བར་བཤད་ཀྱང༌། ལི་ལ་བཛྲས་ནང་མཆོད་ ཀྱི་སྐབས་སུ་ལྷ་རང་རང་གི་སྔགས་ཀྱིས་འབུལ་བར་བཤད་ཅིང༌། གཤེད་དམར་གྱི་རྒྱུད་ལས། ལྷ་སོ་སོའི་སྔགས་ལ་བ་ལིཾ་པྲ་ཏཱིཙྪ་བཏགས་ནས་དབུལ་བར་གསུངས་པའི་རིགས་པ་སྦྱར་དུ་རུང་བས། ཧྲཱིཿཥྚྲཱིཿའི་མཐར་བ་ལིཾ་པྲ་ཏཱིཙྪ་བཏགས་ནས་གཙོ་བོ་ ཡབ་ཡུམ་ལ་དབུལ། སྔགས་གཞན་རྣམས་ཀྱི་མཐར་བཏགས་ནས་འཁོར་གྱི་ལྷ་རྣམས་ལ་ཕུལ་བས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་དྲངས་ནས་གསོལ་བར་བསམ་མོ། །དེ་ནས་ཕྱོགས་སྐྱོང་རྣམས་ཀྱི་ལྕེ་སྔར་བཤད་པ་བཞིན་རྡོ་རྗེར་བསྐྱེད། དེའི་ འོད་ཀྱི་སྦུ་གུས་དྲངས་ནས་གསོལ་བར་བསམས་ལ། ཨོཾ་ཨིནྡྲ་ཡ་ཧྲཱིཿཡ་མ་ཡ་ཥྚྲཱིཿབ་རུ་ཎཱ་ཡ་ཝི། ཀུ་བཻ་རཱ་ཡ་ཀྲི། ཨཱི་ཤཱ་ནཱ་ཡ་ཏ། ཨགྣ་ཡེ་ཨ། ནཻ་རི་ཏ་ཡེ་ན། བཱ་ཡ་བེ་ན། ཙནྟྲ་ཡ་ཧཱུཾ། ཨརྐ་ཡ་ཧཱུཾ། བྲཧྨ་ཎེ་ཕཊ། བ་སུ་ན་དྷ་རི་ཡེ་ཕཊ། བི་མ་ཙནྟྲི་ནི་སྭཱ། 10-14-16a སརྦ་བྷུ་ཏེ་བྷྱོ་ཧཱ། ཧཱ་ཧཱ་ཧཱ། ཧཱི་ཧཱི་ཧཱི། ཧཱུཾ་ཧཱུཾ་ཧཱུཾ། ཕེཾ་ཕེཾ་ཕེཾ། སྭཱཧཱ། ཞེས་བརྗོད་ལ་དབུལ། དེ་ནས་ཉེར་སྤྱོད་ལྔས་ཀྱང་མཆོད། དེ་རྣམས་ཀྱང་སྒྲུབ་པ་པོ་ལ་དགྱེས་ནས་ཉེ་བར་བསྟབ་པས་ཐམས་ཅད་ལོངས་སྤྱད་པར་བསམ་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་ དཀྲོལ་ནས་གཏི་མུག་རྡོ་རྗེ་ཞེས་སོགས་ཀྱིས་བསྟོད་དེ། ཧ་ཧ། ཧེ་ཧེ། ཧོ་ཧོ། ཧཱུཾ་ཧཱུཾ། ཞེས་བཞད་པ་བརྒྱད་ཀྱི་སྔགས་བརྗོད། འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། ནོངས་པ་བཟོད་པར་གསོལ་ཏེ། ཨོཾ་ཨཱཿཧཱུཾ་མུཿཞེས་པས་གཤེགས་སུ་ གསོལ་བ་ནི་གཏོར་མས་ལྷ་མཉེས་པར་བྱེད་པའི་ཆོ་གའོ། །གང་གི་སྟོབས་ཀྱིས་མ་རུངས་བདུད་ཀྱི་སྡེ། །མ་ལུས་རྡུལ་ཕྲན་བཞིན་དུ་བརླག་མཛད་པ། ཁྲོ་བོའི་རྒྱལ་པོ་ཆེན་པོ་གཤིན་རྗེ་གཤེད། །དཔལ་ལྡན་ནག་པོའི་རྒྱུད་ལས་ལེགས་གསུངས་པ། །དགྲ་ནག་སྒྲུབ་ཐབས་ དཔལ་འཛིན་ལུགས་བཞིན་དུ། །རྒྱུད་དང་འགྲེལ་བ་སྒྲུབ་ཐབས་མན་ངག་ལ། །བརྟེན་ནས་གསལ་བར་བྱས་འདི་འདིར་འཇུག་པའི། །དམ་པ་མང་པོས་བསྐུལ་བའི་དོན་དུ་སྦྱར། །ཟབ་མོའི་རྒྱུད་དོན་དཔག་པར་དཀའ། །བདག་བློ་ཉམ་ཆུང་བརྩོན་འགྲུས་དམན། །དེ་ཕྱིར་ནོངས་པར་གང་གྱུར་ ཏེ། །སྲས་བཅས་རྒྱལ་བའི་སྤྱན་སྔར་འཆགས། །ཇི་བཞིན་ལེགས་པར་བཤད་པ་ཡི། །བསོད་ནམས་ཕུང་པོ་ཅི་བསགས་པ། །དེ་ཡིས་ཕྱི་ནང་གཤིན་རྗེའི་ཚོགས། །མ་ལུས་འཇོམས་པར་བདག་གྱུར་ཅིག །ཐུབ་བསྟན་རྒྱས་པའི་གེགས་ལ་མངོན་བརྩོན་པའི། ། ནག་པོའི་རྩ་ལག་རྣམས་ཀྱི་སྟོབས་བཅོམ་ནས། །རྒྱལ་བའི་ཆོས་ཚུལ་རྣམ་པར་རྒྱས་བྱེད་པའི། །དགའ་བདེའི་དཔལ་གྱིས་འགྲོ་རྣམས་དབུགས་འབྱིན་ཤོག །ཅེས་དཔལ་གཤིན་རྗེ་གཤེད་དགྲ་ནག་གི་སྒྲུབ་པའི་ཐབས་རིན་པོ་ཆེ་འབར་བ་ཞེས་བྱ་བ་འདི་ 10-14-16b ནི་སློབ་དཔོན་དཔལ་འཛིན་གྱི་སྒྲུབ་ཐབས་ལ་གཞི་བྱས་ཤིང་ཅུང་ཟད་ཁ་བསྐང་དགོས་པ་རྣམས་རྒྱུད་དང་དེའི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བ་དང་དཔལ་འཛིན་གྱི་རྗེས་སུ་འཇུག་པའི་ནག་པོ་པའི་འགྲེལ་པ་དང༌། ལི་ལ་བཛྲ་དང་ཀུན་ཏུ་བཟང་པོ་ལ་སོགས་ པ་རྣམས་ཀྱི་གཞུང་ལས་བཏུས་ནས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་བློ་བཟང་གྲགས་པའི་དཔལ་གྱིས་ཟངས་རིའི་ཕུའི་དབེན་གནས་མཆིན་གྱི་རི་ཁྲོད་དུ་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་པ་རིན་ཆེན་དཔལ་ལོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དང་དུས་ དང་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱེད་ནུས་པར་གྱུར་ཅིག། བཀྲ་ཤིས།། སརྦ་མངྒ་ལཾ་བྷ་ཝནྟུ།། །། 10-15-1a ༄༅། །དཔལ་གཤིན་རྗེ་གཤེད་ལྷ་བཅུ་གསུམ་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བསྒྲུབ་པའི་ཐབས་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ་བཞུགས།། 10-15-1b ༄༅། །རྗེ་བཙུན་འཇམ་པའི་དབྱངས་དཔལ་གཤིན་རྗེ་གཤེད་ལྷ་བཅུ་གསུམ་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་བསྡུས་ པ། །མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་བསྟན་གང༌། །དེ་ནི་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད། །ཕྱི་ནང་གཤིན་རྗེ་འཇོམས་ལ་གུས་ཕྱག་འཚལ། །གསུང་རབ་མཐར་ཐུག་བླ་ན་མེད་པའི་རྒྱུད། །ཕ་རྒྱུད་དང་ནི་མ་རྒྱུད་ཅེས་བྱ་བའི། ། ཐབས་ཀྱི་རྒྱུད་ལ་འདོད་ཆགས་ཞེ་སྡང་དང༌། །གཏི་མུག་ཆེན་པོའི་ཐབས་རྒྱུད་གསུམ་དུ་གསུངས། །ཞེ་སྡང་ཆེན་པོའི་ཐབས་རྒྱུད་གཤིན་རྗེ་གཤེད། །དཔལ་ཆེན་རྡོ་རྗེ་འཇིགས་བྱེད་དུས་ཀྱི་དགྲ། །དམར་ནག་གཤིན་རྗེ་གཤེད་ནི་བཅུ་གསུམ་ མའི། །དབང་གི་ཆོ་ག་དྲི་མེད་འདིར་བཤད་བྱ། །འདིར་དཔལ་རྡོ་རྗེ་འཇིགས་བྱེད་དང༌། གཤིན་རྗེ་གཤེད་དམར་པོ་དང༌། དགྲ་ནག་བཅུ་གསུམ་མ་གསུམ་གྱི་དབང་གི་ཆོ་ག་ཕྱོགས་གཅིག་ཏུ་བཤད་པར་བྱ་སྟེ། འཇུག་པ་བདེ་བའི་ཕྱིར་དུའོ། །འདི་ ལ་གསུམ། འཇིགས་བྱེད་བཅུ་གསུམ་མ་ལ་ལོག་རྟོག་བསལ་བ། སྔོན་དུ་བསྙེན་པ་བྱ་ཚུལ་དང༌། ཆོ་ག་དངོས་སོ། །དང་པོ་ལ་གཉིས། བཅུ་གསུམ་མ་མི་འཐད་པའི་ལོག་རྟོག་དགག་པ་དང༌། གཙོ་བོ་ལ་ཡུམ་མེད་པའི་ལོག་རྟོག་དགག་ པའོ། །དང་པོ་ནི་ཕྱིས་ཀྱི་བོད་ཁ་ཅིག་ན་རེ། འཇིགས་བྱེད་བཅུ་གསུམ་མ་ལ་ནི་རྒྱུད་དང་རྒྱ་གཞུང་གི་ཁུངས་གང་ཡང་མེད་དོ། །ཞེས་ཟེར་བ་ནི། མཐོང་རྒྱ་ཤིན་ཏུ་ཆུང་ཞིང་མཐོང་བའི་དོན་ཡང་ཞིབ་ཏུ་མི་རྟོགས་བཞིན་དུ། མྱུར་དུ་ཁ་ཚོན་ 10-15-2a གཅོད་པ་ལ་དགའ་བ་ཡིན་ཏེ། སམྦུ་ཊ་དང་རྟོག་བདུན་གྱི་བྲིས་སྐུ་དང༌། ལྷའི་རྟོག་པའི་སྐབས་སུ་མི་གསལ་ཡང༌། འཁྲུལ་འཁོར་གྱི་རྟོག་པའི་སྐབས་ལས་ཤེས་ཏེ། དེའང་རྩ་བའི་རྒྱུད་བསྡུས་པའི་སྐབས་སུ་འཁྲུལ་ འཁོར་བྱེད་ཚུལ་མི་གསལ་བ། གསལ་བར་སྟོན་པའི་བཤད་པའི་རྒྱུད་རྟོག་གསུམ་གྱི་འཁྲུལ་འཁོར་གྱི་རྟོག་པ་ལས། རྩ་བའི་སྔགས་བཏུས་ཤིང་དྲངས་ནས་སྔགས་ཀྱི་ཡི་གེ་བསྲེ་བའི་སྐབས་སུ། ལེའུ་ཚེ་དགུ་པའི་དབུས་དང་ ཕྱོགས་བཞིར། ཡ་ཀྵེ་མ་མེ་ད་ལྔ་འགོད་པ་དང༌། དེའི་ཕྱི་རོལ་རེའུ་མིག་བཅུ་གཉིས་པ་ལ་ལྷ་ལྷག་མ་བརྒྱད་དང༌། ཐོད་པ་བཞི་སྟེ་བཅུ་གཉིས་ཀྱི་ས་བོན་དགོད་པར་གསུངས་ལ། དེའང་དགྲ་ནག་ལས། ཡི་གེ་ཀྵེ་ནི་གཏི་མུག་བརྗོད། །ཡི་ གེ་མ་ནི་ཕྲ་མར་གསུངས། །ཡི་གེ་མེ་ནི་འདོད་ཆགས་ཉིད། །ཡི་གེ་ད་ནི་ཕྲག་དོག་འགྱུར། །གཤིན་རྗེ་འཇོམས་པ་ལྔ་རུ་གྲགས། །ཡི་གེ་ཡ་ནི་ཐོ་བར་གྲགས། །ཡི་གེ་ཙ་ལས་དབྱིག་པ་གཙོ། །ལག་ན་པདྨ་ནི་ཡིག་ལས། །ཡི་གེ་ར་ནི་ རལ་གྲིར་ལྡན། །ཡི་གེ་ཛ་ནི་སེམས་མར་བརྗོད། །ཡི་གེ་ས་ནི་ཕག་མོར་གྲགས། །ཡི་གེ་དོ་ལས་དབྱངས་ཅན་བསྒྲགས། །ཡི་གེ་རུ་ལས་གཽ་རཱིར་དྲན། །ཎ་ཡོ་ནི་ར་མཚམས་བཞི་རུ། །ཐོད་པ་བཞི་རུ་བསྒྲགས་པའོ། །ཞེས་ཡི་གེ་ བཅུ་བདུན་ལྷ་བཅུ་གསུམ་དང་ཐོད་པ་བཞི་རུ་གསུངས་ལ། འཇིགས་བྱེད་ཀྱི་འཁྲུལ་འཁོར་ལ་བརྟེན་ནས་ལས་སྒྲུབ་པའི་སྐབས་སུའང་ཡི་གེ་བཅུ་བདུན་ལ་ལྷའི་རྣམ་པ་ཅན་བཅུ་གསུམ་དང༌། ལྷའི་ངོ་བོ་ཐོད་པ་བཞིར་བསྐྱེད་པ་ལ། 10-15-2b རང་འདྲའི་ཡེ་ཤེས་པ་བཅུག་ནས་ལས་སྒྲུབ་པར་གྲུབ་ཆེན་དཔལ་འཛིན་གྱི་མན་ངག་ལ་བརྟེན་ནས་མཛད་པའི་རྟོག་བདུན་གྱི་འགྲེལ་པ་དཔལ་ཆེན་རྡོ་རྗེ་གྲུབ་པ་དང༌། སོ་ན་ཤྲཱི་གཉིས་ཀས་མཛད་པ་ལས། ཡི་གེ་བཅུ་བདུན་པོ་དེ་དག་ལྷ་བཅུ་བདུན་གྱི་རང་བཞིན་དུ་རྣམ་ པར་བསྒོམས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་གཤིན་རྗེའི་གཤེད་ལྷ་བཅུ་བདུན་གྱི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ། མདུན་དུ་རྣམ་པར་བཞུགས་སུ་གསོལ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ནས་སྔར་བྲིས་པའི་ འཁོར་ལོ་ལ། ཐོ་བ་ལ་སོགས་པའི་སྦྱོར་བས་བཅུག་ལ་དེ་ནས་ལས་དང་རྗེས་སུ་མཐུན་པར་གསུངས་པའི་རིམ་པས་བདག་ཉིད་རྣམ་པར་བསྒོམ་ལ་སྔགས་ཡོངས་སུ་བཟླས་ཏེ་ལས་རབ་ཏུ་བསྒྲུབ་པར་བྱའོ། །ཞེས་གསལ་བར་གསུངས་ཤིང༌། འཇིགས་ བྱེད་ཀྱི་དབང་དུ་མཛད་པའི་འཁྲུལ་འཁོར་གྱི་ལྷ་བཅུ་གསུམ་གྱི་ལས་སྒྲུབ་པའི་སྐབས་སུ། གཙོ་བོ་ལ་གཤིན་རྗེ་གཤེད་གཞན་འོང་དོན་མེད་པས་གཙོ་བོ་འཇིགས་བྱེད་ཀྱིས་མཛད་དགོས་པར་གསལ་ལོ། །དེའི་ཕྱིར་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཀྱི་ སྐབས་དང༌། འཁྲུལ་འཁོར་གྱི་ལྷ་འགོད་པའི་སྐབས་སུ་ལྷ་དགོད་པའི་གནས་ལ་མི་འདྲ་བ་ཅུང་ཟད་ཡོད་ཀྱང༌། རྒྱུད་སྨིན་བྱེད་ཀྱི་སྒྲུབ་ཐབས་དང༌། ལས་སྦྱོར་གྱི་འཁྲུལ་འཁོར་གྱི་སྐབས་ཀྱི་ཁྱད་པར་ཡིན་པས་སྤྱིར་གཙོ་བོ་རྡོ་རྗེ་འཇིགས་ཀྱིས་ མཛད་པ་ལ། འཁོར་དགྲ་ནག་ནས་བཤད་པའི་ལྷ་བཅུ་གཉིས་དང༌། ཐོད་པ་བཞིས་བསྐོར་བ་ཡོད་པར་ཤིན་ཏུ་གསལ་བས། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་དང༌། རྭ་རྡོ་རྗེ་གྲགས་ཀྱིས་བོད་དུ་སྲོལ་ཕྱེ་བའི་འཇིགས་བྱེད་བཅུ་གསུམ་མའི་ 10-15-3a སྒྲུབ་ཐབས་ནི་ཤིན་ཏུ་ལེགས་པས། རྒྱུད་དང་འགྲེལ་པ་རྣམ་པར་དག་པ་ལ་བརྟེན་པའི་ལུགས་རྣམ་པར་དག་པ་མ་རྟོགས་བཞིན་དུ་སྐུར་བ་གདབ་པར་མི་བྱའོ། །གཉིས་པ་ནི། ཡང་ཕྱིས་ཀྱི་བོད་མང་པོས་འཇིགས་བྱེད་ལ་ཡུམ་ཡོད་པར་ བཤད་པའི་གཞུང་མེད་པས་ཡུམ་མེད་ལ། དེའི་ཕྱིར་ཡུམ་ཡོད་པའི་སྒྲུབ་ཐབས་དང༌། ཡུམ་ཡོད་པ་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཆོ་ག་བྱེད་པ་མ་དག་གོ་ཟེར་རོ། །འདི་ལ་བཤད་པར་བྱ་སྟེ། དེ་ལ་རྟོག་བདུན་དང་སཾ་པུ་ཊར་ཡུམ་དངོས་སུ་གསལ་བར་ མ་བཤད་པ་བཞིན་དུ་འདིའི་རྒྱ་གཞུང་གི་སྒྲུབ་ཐབས་མང་པོར་ཡང་ཡུམ་ཡོད་པར་མ་བཤད་པ་མང་ཡང༌། ཡོད་པར་མ་བཤད་པ་དང༌། མེད་པར་བཤད་པ་གཉིས་དོན་མི་གཅིག་ཅིང༌། དེ་དག་གི་ལུགས་ལའང་སྐབས་གང་དུའང་ཡུམ་མེད་པར་བཞེད་ པ་མིན་ལ། ཡུམ་ཡོད་པར་འདོད་ནའང་སྐབས་ཐམས་ཅད་དུ་ཡུམ་བཤད་དགོས་པའི་ངེས་པའང་མེད་དོ། །འདིར་ཡུམ་ཡོད་པ་ལ་སྒྲུབ་བྱེད་གསུམ་ལས། དང་པོ་དབང་གོང་མ་གཉིས་ལ་བརྟེན་ནས་བསྒྲུབ་པ་ནི། ཨ་མོ་གྷ་བཛྲའི་འཇིགས་བྱེད་ཀྱི་ དཀྱིལ་ཆོག་ལས། དེ་ནས་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། བླ་མའི་ཞལ་ལས་ཤེས་པར་བྱའོ། །ཞེས་འཇིགས་བྱེད་ལ་དབང་གཉིས་པ་དང་གསུམ་པ་བསྐུར་བར་བཤད་པ་ལྟར་ཤིན་ཏུའང་དགོས་ལ། དེ་ལ་གསང་དབང་ ལ་ནི། སློབ་མ་ལ་ངེས་པ་མེད་ཀྱང༌། བླ་མས་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་ནས་ཡུམ་ལ་བརྟེན་ཏེ། གསང་དབང་གི་རྫས་སྒྲུབ་པ་དགོས་ལ། དབང་གསུམ་པ་ལ་ནི་སློབ་མ་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་ནས་རིག་མ་ལྷ་མོར་ 10-15-3b བསྐྱེད་པ་དང་སྙོམས་པར་ཞུགས་པ་ལས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་བསྐྱེད་དགོས་པ་ལ་ནི་ཁུངས་ཐུབ་ཀྱི་གཞུང་དུ་མ་ཡོད་དོ། །དེ་ལྟ་ཡིན་ན་གཙོ་བོ་ལ་ཡུམ་བྱུང་བ་ཡིན་ནོ། །དེས་ན་བོད་ཀྱི་ཕྱིས་ཀྱི་བླ་མ་ཁ་ཅིག་འཇིགས་བྱེད་ལ་ཡུམ་ མེད་པར་བཞེད་ཅིང༌། འཇིགས་བྱེད་ཀྱི་གསང་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་། བླ་མ་དང་སློབ་མ་གཉིས་གཤིན་རྗེ་གཤེད་དང་རིག་མ་རོ་ལངས་མར་བསྐྱེད་པར་བཤད་པ་ནི་འགལ་བ་ཡིན་ཏེ། འཇིགས་བྱེད་ཀྱི་དབང་གཉིས་ཀྱི་སྐབས་ སུ་གཤེད་དམར་ལ་སོགས་པའི་དཀྱིལ་འཁོར་གྱི་གཙོ་བོ་གཞན་གྱི་གཤིན་རྗེ་གཤེད་དུ་བསྐྱེད་དོན་མེད་པས། འཇིགས་བྱེད་ཉིད་དུ་བསྐྱེད་དགོས་པའི་ཕྱིར་རོ། །དེ་བཞིན་དུ་ཡུམ་མེད་པར་འདོད་པ་དང་སྟ་གོན་གྱི་སྐབས་སུ་བླ་མས་རང་འོད་ཀྱི་རིག་མ་ སྤྲུལ་ཏེ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས་སློབ་མ་རྣམས་རང་གི་ལུས་ལ་བཅུག། །རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་གནས་པ་ལ། བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བར་འདོད་པའང་འགལ་བའོ། །དེ་ལྟར་ན་བྲིས་པའི་དཀྱིལ་འཁོར་ ལ་བརྟེན་ནས་དབང་བཞི་རྫོགས་པར་བསྐུར་བ་དང༌། གཙོ་བོ་ལ་ཡུམ་ཡོད་པར་འདོད་པ་ནི་མ་དག་པ་མིན་གྱི། དེ་དང་གཙོ་བོ་ལ་ཡུམ་མེད་པར་འདོད་པ་ནི་མ་དག་པ་ཆེན་པོར་ཤེས་པར་གྱིས་ཤིག། །གཉིས་པ་དགྲ་ནག་གི་གཞུང་ལ་བརྟེན་ནས་ བསྒྲུབ་པ་ནི། སྔར་བཤད་པ་ལྟར་འཇིགས་བྱེད་ཀྱི་འཁྲུལ་འཁོར་གྱི་བཤད་རྒྱུད་དང༌། དགྲ་ནག་གི་གཞུང་དང་འགྲེལ་པ་ལ་བརྟེན་ནས་འཇིགས་བྱེད་བཅུ་གསུམ་མའི་སྒྲུབ་ཐབས་ནི་བསྒྲུབས་ཟིན་ལ། དེ་ལྟ་ཡིན་ན་འཁོར་གྱི་ལྷ་རྣམས་གཙོ་བོ་ཡབ་ 10-15-4a ཡུམ་གྱི་མངལ་ནས་འབྱིན་པར་ཤིན་ཏུ་འགྲུབ་སྟེ། འཇིགས་བྱེད་ལ་འཁོར་གྱི་ལྷ་རྣམས་དགྲ་ནག་ལ་བརྟེན་པའི་གྲུབ་ཆེན་དཔལ་འཛིན་སོགས་ཀྱི་གཞུང་ལ་བརྟེན་པའི་རིགས་པ་སྦྱོར་དུ་རུང་ལ། ལྷ་དེ་རྣམས་ཀྱི་བསྐྱེད་ཆོག་ལ་དེ་དག་གི་ རིགས་པ་སྦྱོར་དུ་མི་རུང་བའི་ཁྱད་པར་དབྱེ་བར་མི་ནུས་པའི་ཕྱིར་ཏེ། དཔེར་ན་གཤེད་དམར་བཅུ་གསུམ་མའི་འཁོར་གྱི་ལྷ་བཞིན་ནོ། །མངོན་རྟོགས་ལ་དཔལ་འཛིན་གྱི་གཞུང་ལ་བརྟེན་པའི་རིགས་པ་སྦྱོར་ནས་ན། འཇིགས་བྱེད་བཅུ་གསུམ་མ་ལ་རྒྱ་ གར་ནས་དཀྱིལ་ཆོག་ཟུར་པ་མ་བྱུང་ཡང༌། དཔལ་འཛིན་གྱི་དགྲ་ནག་གི་དཀྱིལ་ཆོག་དང་ཨ་མོ་གྷ་བཛྲའི་དཀྱིལ་ཆོག་ལ་བརྟེན་པའི་རིགས་པ་སྦྱོར་ནུས་ཏེ། སློབ་དཔོན་དཔལ་འཛིན་གྱིས་དམར་ནག་གི་དཀྱིལ་ཆོག་གཉིས་མཛད་པ་ལ། གཙོ་བོ་འབོས་ པ་ཙམ་གྱི་དབང་གིས་ཁྱད་པར་ཅུང་ཟད་མི་འདྲ་བ་འགའ་རེ་མ་གཏོགས་པ་སྤྱིའི་ཁོག་ཇི་མ་ཇི་བཞིན་དུ་འདྲ་བ་དང་རིགས་པ་མཚུངས་པའི་ཕྱིར་རོ། །དེ་བཞིན་དུ་དམར་ནག་གི་སྒྲུབ་ཐབས་གཉིས་ལའང་བཤད་འདུག་པའི་རིགས་པས་འཇིགས་བྱེད་བཅུ་ གསུམ་མའི་སྒྲུབ་ཐབས་ལའང་དཔག་ནུས་པར་ཤེས་པར་གྱིས་ཤིག། །གསུམ་པ་ཀྱཻ་རྡོར་ལ་བརྟེན་ནས་བསྒྲུབས་པ་ནི། བླ་མེད་ཀྱི་རིམ་པ་དང་པོའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་དགོས་པ་མང་དུ་ཡོད་ཀྱང༌། གཙོ་བོ་ནི་རྫོགས་རིམ་གྱི་རྟོགས་པ་ ཁྱད་པར་ཅན་རྣམས་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྲོ་བ་ཡིན་ལ། དེ་ལ་ནི་རིམ་པ་དང་པོའི་སྐབས་སུ་ཡབ་ཡུམ་སྙོམས་པར་ཞུགས་པས་དྲངས་པའི་བདེ་བ་དང༌། དེ་ཁོ་ན་ཉིད་ཀྱི་ལྟ་བ་གཉིས་སྦྱར་ཏེ། རྒྱུན་ལྡན་དུ་སྒོམ་པ། དགོས་པའི་ཚུལ་རྣམས་ 10-15-4b གཞན་དུ་རྒྱས་པར་བཤད་ཟིན་པ་ལྟར་ཡིན་ནོ། །དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པ་དང་པོའི་སྐབས་སུ་ཡུམ་སྒོམ་པ་མེད་ན་དགོས་པ་དེ་མི་འགྲུབ་པས་བསྐྱེད་རིམ་གྱི་གནད་མ་ཚང་བར་འགྱུར་ན་འདོད་པར་ཡང་མི་ནུས་སོ། །ཚུལ་དེ་ལ་དོགས་པ་གཅོད་ པ་ནི། བཅོམ་ལྡན་འདས་ཉིད་ཀྱིས་བདག་མེད་མའི་སྒྲུབ་ཐབས་ལ་ཤིན་ཏུ་གསལ་བར་གསུངས་ཏེ། ཀྱཻ་རྡོ་རྗེ་ལས་བདག་མེད་རྣལ་འབྱོར་ལྡན་པ་ཡིས། །ཕྱག་རྒྱ་ཉིད་ཅེས་ཇི་ལྟར་བརྗོད། །ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས། །ཕྱག་རྒྱའི་དངོས་གྲུབ་ ཇི་ལྟར་འགྲུབ། །ཅེས་ལམ་འདིས་ཕྱག་རྒྱ་མ་ལ་བརྟེན་ནས་དངོས་གྲུབ་འགྲུབ་པར་བཤད་པ་ལ། དེ་ལྟ་ན་བདག་མེད་མ་གཙོ་བོར་བྱས་པའི་རྣལ་འབྱོར་གྱིས་ཕྱག་རྒྱའི་དངོས་གྲུབ་མི་འཐོབ་སྟེ། །རིག་ མ་སྒོམ་པ་མེད་པར་ཕྱག་རྒྱའི་དངོས་གྲུབ་མི་འགྲུབ་པའི་ཕྱིར་དང༌། རང་གི་ཕྱག་རྒྱ་མ་གཞན་ཅིག་སྒོམ་ན། ཕྱག་རྒྱ་མ་གཉིས་སྦྱར་བས་བདེ་ཆེན་མི་སྐྱེ་བའི་ཕྱིར་རོ། །དེས་ན་དེ་འདྲ་བ་དེས་ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་ཐོབ་པར་འགྱུར། ཞེས་ཞུས་པའི་ལན་དུ། བུད་མེད་གཟུགས་ནི་སྤངས་ནས་གཞན། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །ནུ་མ་སྤངས་པ་པོ་ལར་འགྱུར། །ཀ་ཀྐོ་ལ་དབུས་ཡང་དག་གནས། །འགྲམ་གཉིས་དྲིལ་བུ་ཉིད་དུ་འགྱུར། །ཟེའུ་འབྲུ་པོ་ལ་ཅན་དུ་གྱུར། །ལྷག་མ་བདག་ཉིད་ཆེན་པོ་ཉིད། ། དགའ་ཆེན་ཧེ་རུ་ཀ་ཡི་གཟུགས། །ཞེས་སོ། །དེ་འདྲ་བ་དེ་ལ་ནི་བུད་མེད་དེ་ལྷ་མོའི་གཟུགས་སུ་བསྒོམ་པ་སྤངས་ནས། དེ་ལས་གཞན་བཅོམ་ལྡན་འདས་ཏེ་ལྷ་ཡབ་ཀྱི་གཟུགས་སུ་བསྒོམ་པར་བྱ་བར་གསུངས་སོ། །དེས་ན་ནུ་མ་སྤངས་ནས་བོ་ལ་དང༌། ། 10-15-5a ཀཀྐོ་ལའི་འགྲམ་གཉིས་དྲིལ་བུ་སྟེ་འབྲས་བུར་འགྱུར། ཞེས་པ་ནི་རྟེན་དེའི་སྟེང་ནས་དོན་ལ་དེ་ལྟར་གྱུར་པ་མིན་གྱི། དམིགས་པས་དེ་དག་མི་མངོན་པར་བྱས་ནས་རྡོ་རྗེ་སོགས་སུ་བསྐྱེད་པའོ། །དེ་ལྟར་དཀྱིལ་འཁོར་གྱི་གཅོ་མོ་བདག་ མེད་མས་མཛད་པ་ལ་སྒོམ་པའི་ཚེ་མོའི་རྟགས་བསྒྱུར་ནས། ཕོའི་རྟགས་དང་ལྡན་པར་བསྒོམ་པར་གསུངས་སོ། །དེའང་མུ་ཏིག་འཕྲེང་བས་སྨེ་མ་ནི་དཀྱིལ་འཁོར་གྱི་བདག་མོའི་མགུལ་ནས་འཁྱུད་དོ། །དེ་ལ་གཞན་རྣལ་འབྱོར་མ་བདུན་སྤྲོས་པའི་ ཚུལ་གྱིས་འཇུག་པར་བྱའོ། །དེའང་རང་གི་པདྨ་ལས་བྱུང་བའི་རྡོ་རྗེ་དང་སྦྱོར་བས་བཅོམ་ལྡན་འདས་མ་ཐམས་ཅད་ལ་ཡོངས་སུ་སྤྱོད་དོ། །ཞེས་མཆོད་པའི་ལྷ་མོ་བདུན་སྤྲོས་པ་གཡུང་མོ་ལ་བཅུག་ནས་གཡུང་མོ་ལ་རང་གི་པདྨ་རྡོ་རྗེར་བྱས་ཏེ། ལོངས་ སྤྱོད་པར་གསུངས་པ་ལྟར་རྟགས་བསྒྱུར་བ་དེས་ཕྱག་རྒྱ་མ་གཞན་ལ་སྙོམས་འཇུག་བྱེད་པ་ཡིན་ནོ། །དེ་ལྟར་ན་དཀྱིལ་འཁོར་གྱི་གཙོ་བོར་ལྷ་ཕོ་གཅིག་པུར་བཤད་པ་ལའང་སྔར་གྱི་དོགས་པ་དེ་ངེས་པར་སྐྱེ་དགོས་ལ། དེ་གཅོད་པ་ལ་ཡང་ཡུམ་ཡོད་ པའི་ལན་གདབ་དགོས་ཀྱིས། ཡུམ་མེད་ཀྱང་ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་རོ། ཞེས་སྨྲར་མི་རུང་བས་ཀྱཻ་རྡོར་ལ་བརྟེན་ནས་ཀྱང་ཤིན་ཏུ་འགྲུབ་བོ། །གཉིས་པ་ནི། ཚངས་པའི་གནས་བཞི་དང་ལྡན་ཞིང༌། འགྲོ་བ་འདོན་པའི་བསམ་པ་ཅན་གྱི་ རྣལ་འབྱོར་པས། བདག་ཉིད་ལ་དངོས་སྒྲུབ་གྲུབ་པར་བྱ་བའི་ཕྱིར་རམ། གཞན་གྱིས་ལན་གཉིས་གསུམ་དུ་དབང་གི་དོན་དུ་གསོལ་བ་འདེབས་པ་རྗེས་སུ་བཟུང་བའི་ཕྱིར། གལ་ཏེ་དཀྱིལ་འཁོར་འདྲི་བར་འདོད་ན། བསྙེན་པ་སྔོན་དུ་མ་སོང་བར་ 10-15-5b དབང་དང་རབ་གནས་སོགས་ལ་འཇུག་པར་བྱ་མི་རུང་སྟེ། བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང༌། །ཞེས་སྔོན་དུ་བསྙེན་པ་སོགས་ཀྱིས་རྒྱུད་མ་སྦྱངས་པར་དཀྱིལ་འཁོར་གྱི་ལས་ལ་ཞུགས་ན་སྦོམ་པོའི་ལྟུང་བ་བསྐྱེད་ པར་གསུངས་ལ། དེ་ལྟར་བྱེད་པ་ནི་རང་གིས་རང་ལ་གནོད་པ་བྱེད་པར་གསུངས་ཏེ། སྙིང་པོ་མདོར་བསགས་ལས། དཀྱིལ་འཁོར་མཆོག་གི་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་ལ་འབད་ནས། །དེ་ནས་དཀྱིལ་འཁོར་དེ་ཉིད་ནི། །ཤིན་ཏུ་དུལ་བས་བརྟག་ པར་བྱ། །ལྷ་ནི་མཉེས་པར་མ་བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །ཞེས་གསུངས་ཤིང༌། ནག་པོ་སྤྱོད་པས་ཀྱང༌། ལྷ་མཉེས་པར་མ་བྱས་ན་རང་ཉིད་སུན་འབྱིན་པར་གསུངས་པས། སྔོན་དུ་བཟླས་པ་དང་དེའི་མ་དག་པ་ཁ་སྐོང་བའི་སྦྱིན་སྲེག་ཤིན་ ཏུ་གལ་ཆེའོ། །བསྙེན་པ་བྱེད་ཚུལ་ནི། མངོན་རྟོགས་རྫོགས་པར་བསྒོམས་ནས་བཟླས་པ་བྱེད་པ་སྒྲུབ་ཐབས་སུ་བཤད་པ་བཞིན་བྱེད་པའོ། །བཟླས་པའི་སྔགས་ཀྱི་གྲངས་ནི་དཔལ་འཛིན་གྱི་དམར་ནག་གི་དཀྱིལ་ཆོག་གཉིས་ལས། གཙོ་བོ་ལ་ འབུམ་ཕྲག་རེ་འཁོར་ལ་ཁྲི་ཕྲག་རེ་ཟློ་བ་བརྟག་གཉིས་ནས་གསུངས་པ་བཞིན་དུ་བཤད་པ་འཇིགས་བྱེད་ལའང་འདྲ་ལ། བཟླས་བྱའི་སྔགས་ནི། ཨ་མོ་གྷ་བཛྲའི་འཇིགས་བྱེད་ཀྱི་དཀྱིལ་ཆོག་ལས། ཡི་གེ་བཅུ་པའི་སྙིང་པོ་འབུམ་ཕྲག་གཅིག་ཏུ་ བཟླས་པ་བྱ་སྟེ། ཞེས་སྔར་བཤད་པ་ལྟར་རྩ་སྔགས་མིན་ཀྱང༌། ཧྲཱིཿཥྚྲཱིཿས་ཀྱང་འགྲུབ་ལ། གཞན་གཉིས་ལ་ནི། ཧྲཱིཿཥྚྲཱིཿཡི་གེ་བཅུ་བཞི་པ་བཟླའོ། །།དམར་པོའི་དཀྱིལ་ཆོག་ལས། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་ཁྲི་བཟླས་པའམ། 10-15-6a བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བའི་མཚན་མ་ཐོབ་པའམ། རང་གི་སེམས་དག་པ་བརྟན་པོས་འདྲི་བར་བྱའོ། །ནག་པོའི་དཀྱིལ་ཆོག་ཏུ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་གཞན་རྣམས་ཀྱི་ནི་ཁྲིའོ། །བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བའམ། མཚན་མ་ཐོབ་པའམ། རང་གི་སེམས་དག་པའི་སྒོ་ནས་འདྲི་བར་བྱའོ་ཞེས་གྲངས་ཀྱི་བཟླས་པའི་མཐར་རམ་མེད་པ་དང༌། ལྷ་ལ་སྣང་བ་ཐོབ་པ་དང་མཚན་མ་ཐོབ་པ་གཉིས་སོ་སོར་ཕྲལ་ནས་བསྒྱུར་བ་ནི་འགྱུར་མ་དག་པ་ཡིན་པས། དམར་པོའི་དཀྱིལ་ཆོག་གི་འགྱུར་ལྟར་བྱའོ། །ཞེས་གྲངས་ཀྱི་བཟླས་པ་དང༌། ལྷས་གནང་བའི་མཚན་མ་ ཐོབ་པ་དང༌། ལྷའི་རྣལ་འབྱོར་བརྟན་པའི་སེམས་དག་པ་ཐོབ་པ་གང་རུང་ཞིག་དང་ལྡན་པས་བྱ་བར་གསུངས་ཏེ། ལྭ་ཝའི་བཟའ་ཅན་གྱིས་ཀྱང་དེ་བཞིན་དུ་གསུངས་སོ། །གསུམ་པ་ལ་གསུམ། སའི་ཆོ་ག། །སྟ་གོན་གྱི་ཆོ་ག། །དངོས་གཞིའི་ཆོ་གའོ། །དང་ པོ་ལ་ལྔ། ས་བརྟག་པ། ས་བསླང་བ། ས་སྦྱང་བ། ས་གཟུང་བ། བགེགས་ལ་ཕུར་བུ་བཏབ་སྟེ་བསྲུང་བའོ། །དང་པོ་ནི། གཞན་དུ་རྒྱས་པར་བཤད་ཟིན་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། ལེགས་པར་བསྒྲུབས་པའི་དཀྱིལ་འཁོར་གྱི་ཁང་པའམ། གཞན་ དུའང་རུང་སྟེ། བདུད་རྩི་འཁྱིལ་པ་བཟླས་པའི་ཆུས་གཏོར་ཏེ། དཀྱིལ་འཁོར་གྱི་སའི་སྟེགས་བུ་བྱས་ལ། རང་ཉིད་གཤིན་རྗེ་གཤེད་སྐབས་ལ་གང་བབ་ཀྱི་རྣལ་འབྱོར་དང་ལྡན་པས། གནས་དེའི་གཞི་བདག་སྤྱན་དྲངས་ཏེ། ཉེར་སྤྱོད་ཀྱིས་མཆོད། ཨ་ཀཱ་རོས་གཏོར་མ་ཕུལ་ལ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་འམ་ནི་གཞན། །དེ་དག་རྣམས་ལ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་དཀྱིལ་འཁོར་གྱི་ 10-15-6b དབུས་སུ་དྲིའི་ཐིག་ལེ་བྱས་ལ་མེ་ཏོག་གི་ཚོམ་བུ་ཞིག་དགོད་དེར་བཾ་ལས་བྱུང་བའི་སའི་ལྷ་མོ་སེར་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ལུས་ཕྱེད་འཐོན་པ། གཡས་དམ་བཅའ་བ་ཁས་ལེན་པའི་ཕྱག་རྒྱ་གཡོན་ ནི་གང་ཟག་གཞན་གཅིག་གིས་དཔང་པོ་ཐུབ་པ་གཅིག་ ལ། བདག་གིས་འདི་བྱས་པའི་དཔང་པོ་མཛོད་ཅིག་ཅེས་སྨྲས་པ་ན། དཔང་པོས་དེ་བཞིན་ཞེས་བརྗོད་པའི་ཚེ། ལག་པ་གཡས་པ་བསྒྲེངས་ནས་བྱེད་པ་ལྟ་བུའོ། །རིན་པོ་ཆེའི་བུམ་པ་འཛིན་པ་བསྐྱེད། ལག་པ་གཡས་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་བསམ། རྡོ་རྗེ་རྩེ་ གསུམ་པའི་ཕྱག་རྒྱ་བཅས་ནས་ས་ལ་ལན་གསུམ་བརྡབས་པས། དེའི་སྒྲ་དང་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་ལྷ་མོ་ས་འོག་ནས་སྤྱན་དྲངས་དམ་ཚིག་པ་ལ་བསྟིམས་ལ། དབང་བསྐུར་རྣམ་སྣང་གིས་རྒྱས་གདབ། མདུན་དུ་མཆོད་ཡོན་སྔོན་ དུ་འགྲོ་བའི་མཆོད་པ་རྣམས་བསང་སྦྱང་བསྐྱེད་དེ་བྱིན་གྱིས་བརླབ། གཏོར་མིའང་བྱིན་གྱིས་བརླབས་ལ། ཨོཾ་པྲི་ཐི་ཝཱི་དེ་ཝཱི་བྷྱཿ ཞེས་པ་ལ་ཨརྒྷཾ་ལ་སོགས་པ་བཏགས་ལ་དབུལ། ནང་མཆོད་ཀྱིས་ཀྱང་མཆོད་ལ། གཏོར་མ་ཨ་ཀཱ་རོ་ཡིས་ཕུལ། གཡས་རྡོ་རྗེ་དང་བཅས་པས་སྤོས་ཕོར་འཛིན། གཡོན་དྲིལ་བུ་གསིལ་ཞིང༌། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། ། ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་ལྟར་བདག་གིས་བདུད་ཀྱི་དཔུང༌། །བཅོམ་ནས་དཀྱིལ་འཁོར་འདྲི་བར་བགྱི། །ཞེས་ལན་གསུམ་བརྗོད་པས་དཀྱིལ་འཁོར་གྱི་ལས་ཅི་བདེར་གྱིས་ཤིག་ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་བསམས་ཏེ་ས་ 10-15-7a བསླང་བའོ། །དམར་ནག་གི་དཀྱིལ་ཆོག་གཉིས་ལས་ས་བསླང་བ་མ་བཤད་ཀྱང༌། རྭ་ལོ་ཙ་བས་བཤད་པ་ལྟར་བྱས་ཏེ། དོན་ཡོད་ཞབས་ཀྱིས་ཀྱང༌། སའི་ལྷ་མོ་ལས་ས་བསླང་བ་གོ་རིམས་ཅུང་མི་འདྲ་ཙམ་ཞིག་བཤད་དོ། །གསུམ་པ་ནི། གཙོ་བོ་གང་ཡིན་གྱི་རྣལ་འབྱོར་དང་ལྡན་པས་ དཀྱིལ་འཁོར་གྱི་ས་ལ། ཡུངས་ཀར་དང་ཆུ་དང་ཐལ་བ་ལ་ལས་ཐམས་ཅད་པ་བཟླས་པས་གཏོར་ལ། དེ་བཟླས་པའི་བ་བྱུང་ལྔས་ཤར་ནས་བརྩམས་ཏེ་བྱུག་ཅིང༌། དྲི་ཆུས་ཀྱང་བསང་གཏོར་བྱའོ། །དེ་ནས་རྡོ་རྗེ་སྐྱིལ་ཀྲུང་དང་ས་གནོན་གྱི་ཕྱག་རྒྱ་དང་ ལྡན་པས། ཨོཾ་བྷཱུ་ཁཾ་ཞེས་པས་ས་གཞི་སྟོང་ཉིད་དང༌། ཧཱུཾ་ལཾ་ཧཱུཾ་ཞེས་པས་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དང༌། ཨོཾ་མེ་དི་ནི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་པས་རྡོ་རྗེའི་རང་བཞིན་དུ་བཅིངས་ཏེ་བརྟན་པར་བྱ། ནག་པོའི་དཀྱིལ་ཆོག་ལས། མེ་དི་ནིའི་སྔགས་བརྗོད་ པས། དེ་ཉིད་རང་བཞིན་གྱིས་དག་པར་བྱའོ་ཞེས་བསྒྱུར་བ་ནི། སྔགས་དོན་དང་མི་མཐུན་པས། དམར་པོའི་དཀྱིལ་ཆོག་ལས། རང་བཞིན་གྱིས་རྣམ་པར་དག་པའི་ས་གཞི་དེར་ཞེས་ཕྱིར་ལ་བཅད་པ་འགྱུར་ལེགས་སོ། །ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་པས་རྡོ་རྗེ་ཁྲོ་བོས་བགེགས་ རྣམས་བཅོམ་པར་བསམ་ཞིང་ལག་པས་ས་ལ་རེག་ནས་ས་བྱིན་གྱིས་བརླབ་བོ། །དེ་ནས་ས་ལ་སོགས་པའི་སྣ་ཚོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དང་རོ་གཅིག་པར་མོས་པའི་བླ་ན་མེད་པའི་སྦྱང་བའང་བྱའོ། །བཞི་པ་ལ་གསུམ། སློབ་དཔོན་སྒྲུབ་གྲོགས་དང་བཅས་པས་དཀྱིལ་འཁོར་གྱི་དབུས་སུ་སྒྲུབ་ཐབས་བསྒོམ་པ། དེ་ལ་ཕྱོགས་སོ་སོའི་སློབ་མ་བཞིས་དཀྱིལ་འཁོར་གྱི་དོན་དུ་གསོལ་བ་གདབ་པ། དཀྱིལ་འཁོར་ནམ་མཁར་བཏེག་སྟེ་བགེགས་ལ་བཀའ་བསྒོས་ 10-15-7b ནས་བསྐྲད་པའོ། །དང་པོ་ནི། མཆོད་པའི་ཡོ་བྱད་ལ་སོགས་པའི་འཚོག་ཆས་དང་སྒྲུབ་གྲོགས་དང་ལྡན་པས་སྟེགས་བུའི་དབུས་སུ་འདུག་སྟེ། སྔོན་དུ་འགྲོ་བའི་གཏོར་མ་ཕུལ་བ་ནས་བཟླས་པ་ལ་ཐུག་གི་བར་དུ་མངོན་རྟོགས་རྫོགས་པར་བསྒོམ་པར་བྱའོ། ། ལྷ་རྣམས་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་ཕྱི་ནང་གི་མཆོད་པས་མཆོད་ནས། སྤོས་ཕོར་བཟུང་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་བྱས་ནས། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་ཆེ་གེ་ཞེས་བྱ་བདག །རྡོ་རྗེ་ ཅན་གྱི་དཀྱིལ་འཁོར་འདྲི། །སངས་རྒྱས་ཀུན་དེང་གཤེགས་སུ་གསོལ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོའི་ལས་རྣམས་ནི། །ཅི་ནུས་བཞིན་དུ་རབ་ཏུ་བགྱི། །ཞེས་གསོལ་བ་ལན་གསུམ་གདབ་བོ། །གཉིས་པ་ནི། དེ་ནས་བླ་མ་ དཀྱིལ་འཁོར་གྱི་གཙོ་བོ་གཤིན་རྗེ་གཤེད་གསུམ་གང་རུང་གི་ངོ་བོ་རྡོར་དྲིལ་འགྱིང་བས་བསྣམས་པ་ལ། ཕྱོགས་བཞིའི་སློབ་མ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་རྣལ་འབྱོར་དང་ལྡན་པ་ལག་ན་རྡོར་དྲིལ་ཐོགས་པ་བཞིས་མཐུན་མོང་དུ་ཕྱི་ནང་གི་ མཆོད་པས་མཆོད་ནས། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཅེས་པ་ནས། ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །ཞེས་པའི་བར་གྱི་ཚིགས་བཅད་རེ་རེས་ཕྱོགས་སོ་སོ་ནས་བསྟོད། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །ཅེས་སོགས་ཀྱི་ཚིགས་བཅད་ གཅིག་གིས་ཐུན་མོང་དུ་བསྟོད། ཀུན་གྱིས་ཐུན་མོང་དུ། གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་འཇིགས། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་ནི། །སྡིག་པ་ཐམས་ཅད་ཟད་མཛད་པ། །མགོན་པོ་དཀྱིལ་འཁོར་འདྲི་བར་མཛོད། །ཅེས་དཀྱིལ་འཁོར་འདྲི་བར་གསོལ་བ་གདབ་ 10-15-8a བོ། །སྒྲུབ་པའི་གྲོགས་མེད་ན་དེ་རྣམས་རང་གིས་བསྒོམས་ནས་བརྗོད་པར་བྱའོ། །གསུམ་པ་ནི། དེ་ནས་སློབ་དཔོན་གྱིས་སློབ་མ་རྣམས་ཀྱིས་དབྱངས་གཅིག་གིས་གསོལ་བ་བཏབ་པར་རིག་ནས། སེམས་ཅན་ཐམས་ཅད་ཉོན་མོངས་པས་ གཟིར་བ་ལ་བལྟས་ཏེ། ཉོན་མོངས་པ་ལ་སླར་ཁྲོ་བ་སྟེ་དེ་རྣམས་ཀྱི་ཉོན་མོངས་གཞོམ་པའི་བསམ་པས། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་བརྐྱང་ལ། རྩེ་མོ་གཤིབས་ལ་འོག་ཏུ་ཕྱོགས་པ་སྤྱི་བོར་གཟུང་ཞིང༌། ཧཱུཾ་བཛྲ་ཨུཏྟི་ཥྛ། ཞེས་བརྗོད་པས་བསྒོམས་ པའི་དཀྱིལ་འཁོར་ནམ་མཁའ་ལ་གདེག་གོ། དམར་ནག་གི་དཀྱིལ་ཆོག་ལ་འདེགས་པའི་ཕྱག་རྒྱ་མ་བཤད་ཀྱང༌། དཀྱིལ་ཆོག་རྡོ་རྗེ་ཕྲེང་བས་ཁ་བསྐང་བ་ཡིན་པས། རྭས་སློབ་དཔོན་གྱི་གུང་མོའི་རྩེ་སྤྲད་ལྷག་མ་རྣམས་བསྣོལ་ལ་སྤྱི་བོར་བཅིངས་ལ་ཨོཾ་བཛྲ་ཨུཥྛི་ཡ་ཧཱུཾ་ཞེས་པས། དཀྱིལ་འཁོར་ནམ་མཁའ་ལ་ གདེག་གོ་ཞེས་བཤད་པའི་སྔགས་དང་ཕྱག་རྒྱ་གཉིས་ཀ་མ་དག་པར་སྣང་ངོ༌། །དེ་ནས་གཙོ་བོ་གང་ཡིན་གྱི་ང་རྒྱལ་གྱིས་བཏེག་པའི་གཙོ་བོ་ལས་ཕྱེ་བ་ལངས་ཏེ། རང་གི་མིག་ལ་དམར་ནག་གི་དཀྱིལ་ཆོག་གཉིས་ཀ་ལས་མ་ཡིག་གིས་མིག་གཡོན་པ་ཟླ་བ་དང༌། ཡི་གེ་ཊས་མིག་གཡས་པ་ཉི་ མར་བྱེད་པར་བཤད་ལ། གཞུང་གཞན་ནས་གཡས་གཡོན་གཉིས་དེ་ལས་བཟློག་སྟེ་གསུང་ངོ་། །གཡས་གཡོན་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བར་བསྐྱེད། ཧཱུཾ་ལས་མིག་འབྲས་དུས་མཐའི་མེ་ལྟར་བསམས་པའི་འོད་ཀྱིས་ཕྱོགས་ཐམས་ཅད་གསལ་བར་བྱས་ནས། ཕྱོགས་ ཀུན་ཏུ་བལྟས་པས་བགེགས་རྣམས་བསྲེགས་པར་བསམ་མོ། །རྐང་མཐིལ་གཉིས་སུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་འབར་བ་བསྒོམས་ལ། རོལ་པའི་རྡོ་རྗེའི་འགྲོས་ཀྱི་གར་གྱིས་དཀྱིལ་འཁོར་གྱི་ས་གཞི་ལ་བསྐོར་ཞིང༌། ཧྲཱིཿཥྚྲཱིཿལ་སོགས་པ་ངག་ཏུ་བརྗོད་ 10-15-8b པས་གདུག་པ་རྣམས་བསྐྲད་པར་བྱའོ། །དེ་ནས་དབུས་སུ་སོང་ལ། ཧཱུཾ་ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ཀུན་ཉོན་ཅིག །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །སྲུང་བའི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་གཟུགས་ནི་འབར་བ་ཡིས། །ལུས་གསུམ་ ལས་སྐྱེས་དོགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འཇིག་པར་འགྱུར་གྱི་གཞན་དུ་མིན། །ཞེས་བརྗོད། ཤར་དུ་ཕྱིན་ཏེ་གཏི་མུག་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། གཞན་སྔར་དང་འདྲ་བ་ལ། ང་ནི་དཔལ་ལྡན་འཁོར་ལོ་འཆང༌། །ཞེས་བརྗོད། ལྷོར་སེར་སྣ་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། ང་ནི་དཔལ་ལྡན་རིན་ཆེན་འཆང༌། །ཞེས་དང༌། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། ང་ནི་དཔལ་ལྡན་པདྨ་འཆང༌། །ཞེས་དང༌། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། ང་ནི་ དཔལ་ལྡན་རལ་གྲི་འཆང༌། །ཞེས་བརྗོད་ལ་བགེགས་ལ་བཀའ་བསྒོས་ཏེ། ཧྲཱིཿཥྚྲཱིཿལ་སོགས་པའི་སྔགས་དང་བཅས་པས་བགེགས་བསྐྲད་པར་བྱའོ། །ལྔ་པ་ནི། དེ་ནས་སེང་ལྡེང་ལ་སོགས་པའི་ཕུར་བུ་བཅུ་དངོས་སུ་ཡོད་ན་བསངས་སྦྱངས་ཏེ་བཅུ་ ཆར་སྟོད་རལ་གྲི་གཤིན་རྗེ་གཤེད་ཀྱི་རྣམ་པ་ཅན་ལ་ལྟེ་བ་མན་ཆད་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་གྱི་ཕུར་བུར་བསྐྱེད། ཕུར་བུ་དངོས་སུ་མེད་ནའང་བསམ་གཏན་གྱི་ཕུར་བུ་བཅུ་དེ་ལྟར་བསྐྱེད། རང་གི་ཐུགས་ཀ་ནས་གཤིན་རྗེ་གཤེད་ཞལ་གཅིག་ ཕྱག་གཉིས་པ། ལྕགས་ཀྱུ་དང་ཞགས་པ་ཐོགས་པ་མང་པོ་སྤྲོས། ཧྲཱིཿཥྚྲཱིཿའི་མཐར་སརྦ་དུཥྚཱཾ་ཨིནྡྲ་ཨ་དི་ན་ས་པ་རི་ཝཱ་ར་ཨ་ཀརྵ་ཡ་ཛཿ ཞེས་བརྗོད་པས་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ། ཞགས་པ་དང་ལྕགས་ཀྱུས་བཀུག་ལ། 10-15-9a དེ་རྣམས་ཀྱི་སྤྱི་བོར་ཕུར་བུ་བཙུགས་ཏེ་གཡས་པ་རྡོ་རྗེ་འབར་བའི་ཐོ་བས་བརྡུངས་པར་བསམ་ཞིང༌། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚན་ཕཊ་ཕཊ། ཀཱི་ལཱི་ཡ་ཀཱི་ལཱ་ཡ་སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལཱ་ཡ། བཛྲ་དྷ་ར་ཨཱཛྙཱ་ པ་ཡ་ཏི་སརྦ་བིགྷྣཱཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བརྗོད་དེ་བརྡུངས་པས་བགེགས་ཀྱི་སྤྱི་བོ་ནས་བཟུང་སྟེ་རྐང་པའི་མཐིལ་གྱི་བར་དུ་ཕུག་པར་བསམས་ལ། དབང་ལྡན་ནས་བརྩམས་ཏེ་ཕྱོགས་མཚམས་ཐམས་ཅད་འདུ་གདབ་བོ། །དེ་ནས་ ཐུགས་ཀ་ནས་སྤྲོས་པའི་རྡོ་རྗེ་འབར་བའི་འོད་ཟེར་རྣོན་པོས་སྟེང་འོག་དང་ཕྱོགས་མཚམས་བརྒྱད་པོ་ཀུན་ཏུ་ཁྱབ་པས་ཕྱོགས་མཚམས་བཅིང་བ་བྱས་ནས། ས་གཞི་བགེགས་ཐམས་ཅད་དང་བྲལ་བར་བསམ་པར་བྱའོ། །གཉིས་པ་ལ་བཞི། སའི་ལྷ་མོ་ ལྷག་པར་གནས་པ། དཀྱིལ་འཁོར་གྱི་ལྷ་ལྷག་པར་གནས་པ། བུམ་པ་ལྷག་པར་གནས་པ། སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དང་པོ་ནི། དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་དགོད་པ་ནས་གནང་བ་བྱིན་ནས་ས་ལ་ ཐིམ་པའི་བར་སྔར་ས་བསླང་བའི་སྐབས་བཞིན་དུ་བྱ་བའོ། །གཉིས་པ་ལ་གསུམ། ལྷ་གནས་མི་འཆོལ་བར་བྱ་བའི་ཕྱིར་ལས་ཀྱི་ཐིག་གདབ་པ། དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ཏེ་ལྷག་པར་གནས་པའི་ཆོ་ག་བྱ་བ། དཀྱིལ་འཁོར་གྱི་ལྷ་ལ་ གསོལ་བ་གདབ་པའོ། །དང་པོ་ནི། ལས་ཐིག་སྔོན་དུ་བཏབ་ནས། ཡེ་ཐིག་རྗེས་སུ་འདེབས་པར་ས་ར་ཧ་དང༌། ནག་པོ་སྤྱོད་པ་དང༌། ཨ་བྷྱ་དང་བི་བྷུ་ཏིས་བཤད་པ་ལྟར་བྱ་དགོས་ཏེ། ཡེ་ཐིག་ནི་ལས་ཐིག་བྱིན་གྱིས་རློབ་བྱེད་ཡིན་པའི་ཕྱིར་རོ། ། 10-15-9b ལས་ཐིག་འདེབས་པའི་དུས་ནི་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྒྱུད་དང༌། དཀྱིལ་ཆོག་ཕལ་མོ་ཆེར་སྟ་གོན་གྱི་འོག་དང་དངོས་གཞིའི་སྐབས་སུ་འདེབས་པར་གསུངས་པ་ནི། ནམ་མཁའ་ལ་འདེབས་པ་ལ་སོགས་པའི་ཁྱད་པར་འགའ་ཞིག་མ་ གཏོགས་པ། ས་ལ་འདེབས་པ་ལ་སོགས་པའི་ཆོ་ག་རྣམས་ཐུན་མོང་བ་ལ་དགོངས་ནས། ཡེ་ཐིག་གི་སྐབས་སུ་དེ་ལྟར་གསུངས་སོ། །བཤད་རྒྱུད་རྡོ་རྗེའི་འཕྲེང་བ་ལས་ལྷ་སྟ་གོན་གྱི་སྔོན་དུ་ལས་ཐིག་གདབ་པར་གསུངས་པའི་རྗེས་སུ་འབྲངས་ནས་ ཀླུའི་བློས་ས་ཆོག་ཟིན་པའི་འོག་ཏུ་ལས་ཐིག་གདབ་པར་མཛད་དོ། །དེ་ལྟར་ཚུལ་གཉིས་བཤད་ཀྱང་ལག་ལེན་ལ་ཕྱི་མ་ལྟར་བྱ་དགོས་ཏེ། དཔལ་འཛིན་དང་ལྭ་བ་པ་དང་ནག་པོ་སྤྱོད་པ་སོགས་ཀྱིས་ལྷ་སྟ་གོན་གྱི་དྲིའི་བྱུག་པ་རྣམས་ལྷ་རྣམས་ ཀྱི་གནས་སུ་བྱ་བར་གསུངས་ཤིང༌། མི་ཐུབ་ཟླ་བས་ཀྱང༌། དཀྱིལ་འཁོར་གང་དུ་ངེས་པ་ཡི། །དཀྱིལ་འཁོར་དེ་ནི་དྲི་ལྔ་འམ། །ཡང་ན་གཞན་གྱིས་བྱུག་པར་བྱ། །ཞེས་ཚོན་གྱིས་འདྲི་བའི་དཀྱིལ་འཁོར་གང་དུ་ལྷ་འོང་བའི་གནས་ངེས་པ་དེར། ལྷ་སྟ་ གོན་གྱི་དྲིའི་དཀྱིལ་འཁོར་བྱ་བར་གསུངས་ལ། ཐིག་མ་བཏབ་ན་དེ་འདྲ་བའི་ལྷའི་གནས་ངེས་པ་མི་རྟོགས་པའི་ཕྱིར་རོ། །དེ་ལྟར་ན་ལས་ཐིག་གདབ་པ་ལ་གཉིས། ལས་ཀྱི་ཐིག་སྐུད་འདུ་བྱ་བ་དང༌། ལས་ཐིག་གདབ་པའོ། །དང་པོ་ནི། བཤད་རྒྱུད་ རྡོ་རྗེ་འཕྲེང་བ་ལས། ལས་ཀྱི་ཐིག་སྐུད་ཡི་གེ་གསུམ་གྱིས་རྣམ་པར་སྦྱོང་བ་དང༌། དེ་ལ་བསང་གཏོར་དང་མེ་ཏོག་གིས་མཆོད་པ་དང་སྔགས་བཟླས་ནས་ལྷག་གནས་བྱ་བར་གསུངས་ལ། བྷ་བ་བྷ་དྲས་ལས་ཐམས་ཅད་པའི་ཐིག་སྐུད་དུ་བཤད་ 10-15-10a ཅིང༌། དོན་ཡོད་ཞབས་ཀྱིས་དེ་ནས་ཁ་དོག་གཅིག་པའི་སྐུད་པ། ལས་ཐམས་ཅད་པར་བྱིན་གྱིས་བརླབས་པས་སའི་ཐིག་གདབ་ལ་ཞེས་བཤད་པས། གཤེར་ཐིག་གི་ཐིག་སྐུད་ནི་ལས་ཐམས་ཅད་པ་གང་ཡིན་དུ་སྐྱེད་དགོས་སོ། ། ཀླུའི་བྱང་ཆུབ་ཀྱིས་ལས་ཐིག་འདེབས་མཁན་སློབ་དཔོན་དང་སྒྲུབ་གྲོགས་ཀྱིས་བྱ་བ་དང༌། དཔོན་སློབ་གཉིས་ཀྱི་སྡོད་ས་དང༌ཁ་ལྟ་ཕྱོགས་ངེས་པ་ཅན་གསུངས་ཤིང༌། འཕྲེང་བ་ལས་དང་པོར་ཟླུམ་སྐོར་གྱི་ཉའི་མཚན་མ་བྱས་པའི་སྟེང་དུ་ཐིག་འདེབས་པ་ ལ། དཔོན་སློབ་གཉིས་ཀྱི་རྐང་སྟབས་དང་སློབ་མས་རྒྱབ་མི་སྟོན་པར་འགྲོ་བ་དང༌། རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་བཟུང་བ་སོགས་བཤད་པས། ཡེ་ཐིག་གེ་སྐབས་སུ་བཤད་པའི་ཆོ་ག་ཐུན་མོང་བ་རྣམས་འདིར་ཡང་བླང་དགོས་སོ། །ཐིག་སྐུད་ཀྱི་རྒྱུ་ ནི་གཙང་ཞིང་མ་ཉམས་ལ་འཇམ་པའི་རས་བལ་ལམ། སྐྲ་མ་འདྲེས་པའོ། །འཕྲེང་བར་ཡེ་ཐིག་གི་རྒྱུའི་ཐིག་སྐུད་དཀར་པོ་ལ་དཔའ་བོའི་རིན་གྱིས་ཉོས་པའི་རས་བལ་དང༌། གཞོན་ནུ་མ་མ་ཉམས་པས་བཀལ་བ་གདམ་ང་ཅན་དང༌། ཁ་བསྒྱུར་བའི་ ཡེ་ཐིག་སློབ་དཔོན་དང་སྒྲུབ་གྲོགས་ཀྱིས་འཁེལ་བའི་ཚུལ་སོ་སོར་བཤད་པས། ལས་ཐིག་གི་ཐིག་སྐུད་ནི་སྔ་མ་ལྟར་བྱ་སྟེ་དམ་ཚིག་ཅན་གྱིས་བཀལ་བས་ཀྱང་ཆོག་གོ། དེའང་ཁ་དོག་དཀར་པོ་གསུམ་སྒྲིལ་འཇུར་མདུད་མེད་ཅིང་བཀལ་ལེགས་ པ་དཔོན་སློབ་གཉིས་ཀྱི་མཛུབ་མོ་ནས་སོར་མོ་བཞིའི་དབུས་སུ་བཅུག་ཅིང་དྲངས་ནས། རྡོ་རྗེ་ཁུ་ཚུར་དུ་བྱས་པས་མཛུབ་མོའི་རྒྱབ་ས་ལ་སྦྱར་བ་མ་གཏོགས་པ། རིང་བ་དཀྱིལ་འཁོར་གྱི་ཉིས་འགྱུར་སྦོམས་སུ་སྒོའི་ཉི་ཤུ་ཆ། དཀྱིལ་འཁོར་ 10-15-10b གཞན་དུ་ལོངས་མ་སྤྱད་པ། དྲི་ཞིམ་པའི་ཆུ་དང་བདུད་རྩི་ལྔ་དང་བའི་རྣམ་ལྔས་བྱུགས་ཏེ། ཐིག་སྐུད་ཀྱི་མཐའ་གཉིས་དང་དབུས་སུ། ཨོཾ་ཨཱཿཧཱུཾ་བཀོད་ལ་དྲིས་བྱུགས་པའི་གསེར་ལ་སོགས་པའི་སྣོད་གཙང་མར་བཞག། །རང་གཙོ་བོའི་རྣལ་འབྱོར་དང་ ལྡན་པས་བསངས་སྦྱངས་སྔོན་དུ་བཏང་སྟེ་རལ་གྲི་གཤིན་རྗེ་གཤེད་དུ་བསྐྱེད་ཡེ་ཤེས་པ་གཞུག་པ་སོགས་བྱས་ལ་མཆོད་དེ། ལག་པས་རེག་ཅིང་ལས་ཐམས་ཅད་པ་བཟླས་ལ་བསྲུང༌། དེ་ནས་མིག་གཡས་གཡོན་མ་དང་ཊ་ལས་ཉི་ཟླ་སེར་པོ་དང༌། བཛྲ་དྲིཥྚི་མ་ཊ་ཞེས་པས་བརྟན་པར་བྱས་ལ། ལས་ཐམས་ཅད་པ་བཟླས་པའི་བདུད་རྩི་ལྔའི་ཆུ་དང་ཡུངས་ཀར་དང་དྲིའི་ཆུས་གཏོར་ལ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་སྟེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བཟླས་ནས། ཨོཾ་ཨཱཿ ཧཱུཾ་ཕཊ་སྭཱཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ་ལྷག་གནས་བྱའོ། །གཉིས་པ་ལ་གསུམ། ཐིག་ཆེན་བརྒྱད་གདབ་པ། ཕྱིའི་ཐིག་རྣམས་གདབ་པ། ནང་གི་ཐིག་རྣམས་གདབ་པའོ། །དང་པོ་ནི་དེ་ནས་དཀྱིལ་འཁོར་གྱི་ས་ལ་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་ པས་དྲིའི་ཆུས་བསང་གཏོར་བྱས་ཏེ་གཙང་མར་བྱ། དྲིས་བྱུགས་ནས་ཕྱི་རོལ་ཏུ་མེ་ཏོག་གཅལ་དུ་དགྲམ། ནམ་མཁའ་ལ་བྲི་བྱའི་དཀྱིལ་འཁོར་བཞུགས་པར་དམིགས་ཏེ། མཆོད་ཡོན་སྔོན་དུ་འགྲོ་བས་མཆོད་ཅིང་བསྟོད་ནས། རང་གཤིན་རྗེ་ གཤེད་སྐབས་སུ་གང་བབ་ཀྱི་གཙོ་བོའི་རྣལ་འབྱོར་དང་ལྡན་པས། རལ་གྲི་གཤིན་རྗེ་གཤེད་དུ་བསྐྱེད་པའི་སློབ་མ་སློབ་དཔོན་ལ་རྒྱབ་མི་སྟོན་པར་འགྲོ་བ་དང་ལྷན་ཅིག་ཡི་གེ་གསུམ་ཟློས་ཤིང་ཐིག་གདབ་སྟེ། དེའང་ཐོག་མར་དཀྱིལ་འཁོར་གྱི་དབུས་ 10-15-11a བཙལ་ལ་ཇི་ལྟར་རིགས་པའི་ཟླུམ་པོ་གཅིག་བསྐོར། དེའི་ཕྱོགས་བཞིར་ཐིག་ལེ་རེ་བྱས་པའི་སྟེང་དུ་ཟླུམ་པོ་བཞིས་བསྐོར་བས་ཉའི་རི་མོར་འགྱུར་རོ། །སློབ་དཔོན་ནུབ་དང་སློབ་མ་ཤར་ནས་ཕན་ཚུན་དུ་མངོན་པར་ཕྱོགས་ཏེ། ཕྱོགས་ཐམས་ ཅད་རང་བཞིན་མེད་པར་མཉམ་པ་ཉིད་དོ་སྙམ་དུ་མོས་ནས། རང་དང་སློབ་མའི་མིག་གཉིས་ཛ་ལས་སྐྱེས་པའི་ཉི་མ་དང་ཟླ་བ་འོད་ཟེར་སེར་པོ་ཅན་དུ་བསྒོམས་ཏེ། སློབ་དཔོན་གྱི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་ཐིག་སྐུད་གཟུང་ལ། ཛྫཿ ཛྫཿ ཛྫཿ ཞེས་པ་དང་ཛ་གསུམ་གྱིས་གཏང་ཞིང༌། སློབ་མས་ཀྱང་དེ་དག་བརྗོད་ནས་དྲངས་ཏེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་གཟུང་ལ། རང་རྐང་པ་གཡོན་པ་སྐྱིལ་ཀྲུང་ཕྱེད་པ་དང༌། གཡས་པ་ས་ལ་བཙུགས་ཏེ་བསྡད་སློབ་མས་དེ་ལས་བཟློག་སྟེ་ བསྡད་ནས་ཤར་ནུབ་ཀྱི་ཚངས་ཐིག་གདབ། སྔར་བཤད་པ་བཞིན་རྐང་པའི་མཐིལ་དུ་རྡོ་རྗེ་བསྐྱེད་ལ་རྐང་པ་བྱིན་གྱིས་བརླབས་ཏེ། རྡོ་རྗེའི་རྐང་སྟབས་ཀྱིས་གཡས་སྐོར་དུ་སོང་སྟེ། སློབ་དཔོན་ལྷོ་དང་སློབ་མ་བྱང་དུ་གནས་པས་ལྷོ་བྱང་གི་ཚབས་ཐིག་ གདབ། སློབ་དཔོན་མེ་དང་སློབ་མ་དབང་ལྡན་དུ་གནས་པས་ཤར་གྱི་རྩ་ཐིག་དང༌། སློབ་དཔོན་རླུང་དང་སློབ་མ་བདེན་བྲལ་དུ་གནས་པས་ནུབ་དང༌། སློབ་དཔོན་དེ་ཉིད་དང་སློབ་མ་དབང་ལྡན་དུ་གནས་པས་བྱང་དང༌། དམར་པོའི་དཀྱིལ་ཆོག་གི་དཔེ་ཁ་ཅིག་ དང༌། ནག་པོའི་དཀྱིལ་ཆོག་ལས་རྩ་ཐིག་བཞིའི་རིམ་པ་ཤར་ནུབ་ལྷོ་བྱང་དུ་བྱས་ཀྱང༌། དམར་པོའི་དཀྱིལ་ཆོག་དག་པ་ལས། ཤར་ནུབ་བྱང་ལྷོའི་རིམ་པ་བཞིན་བྱས་པ་མར་མེ་མཛད་བཟང་པོའི་དཀྱིལ་ཆོག་དང་བསྟུན་རྒྱུ་ཡིན་པས་ལེགས་སོ། །སློབ་དཔོན་མེ་དང་སློབ་མ་བདེན་བྲལ་དུ་གནས་ 10-15-11b པས་ལྷོའི་རྩ་ཐིག་གདབ། སློབ་དཔོན་དེ་ཉིད་དང་སློབ་མ་རླུང་དུ་གནས་པས་ཟུར་ཐིག་དང་པོ་དང༌། སློབ་དཔོན་བདེན་བྲལ་དང་སློབ་མ་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་གདབ་བོ། །སྐོར་ཕྱོགས་དང་རྐང་སྟབས་དང་སྡོད་ས་དང་ཁ་ལྟ་ཕྱོགས་ནི་ཐིག་ལྷག་ མ་འདེབས་པ་རྣམས་ལའང་བྱའོ། །རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་འཛིན་པ་རྒྱུན་དུ་མ་ནུས་ན་དང་པོ་ལ་བྱ་ཞིང༌། ལྷག་མ་ལ་ཅི་བདེར་བྱའོ། །ཐིག་སྐུད་ཆད་ན་བླ་མ་འཆི་ཞིང༌། སྔར་བཤད་པའི་ཚད་ལས་རིང་ཐུང་དུ་གྱུར་ན་བླ་མ་ནད་ཀྱིས་འདེབས་པ་དང༌། སྡོད་སའི་ཕྱོགས་འཕྱུགས་ན་སློབ་མ་ལ་སྡུག་བསྔལ་བསྐྱེད་པར་བཤད་པས། བག་དང་ལྡན་པས་ཐིག་སྐུད་བསྒྲུབ་ཅིང་ཐིག་གདབ། མཚན་མ་ངན་ན་བཟློག་པའི་ཐབས་བྱའོ། །མཚན་མ་རྟོག་པ་ནི་ཚངས་ཐིག་གཉིས་འདེབས་པའི་དུས་སུ་ཡིན་པར་ཤཱནྟི་ པ་དང་ཨ་བྷྱ་བཞེད། དེ་གཉིས་དང་ཐིག་ཆེན་བརྒྱད་དང་ཐིག་ཐམས་ཅད་ལ་རྟོགས་པའི་ལུགས་གསུམ་ཡང་བཤད་དོ། །དེ་ནས་རང་གཙོ་བོ་གང་ཡིན་དུ་གསལ་བའི་མིག་གཡས་གཡོན་གཉིས་ཧིཿ ལས་ཉི་མ་དང་ཟླ་བར་བསྐྱེད་ལ། ཁྲོ་བོའི་ལྟ་བས་ ཕྱོགས་ཐམས་ཅད་དུ་བལྟ་ཞིང༌། ཧིཿ ཧིཿ ཞེས་བརྗོད་དེ། ལྷའི་ལུས་སྒྱུ་མ་ལྟ་བུར་དྲན་བཞིན་དུ། ཐར་པའི་སྒོའི་གེགས་སུ་གྱུར་པའི་སྒྲིབ་པ་རྣམས་དབྱི་བར་བྱའོ་སྙམ་དུ་མོས་ལ། དྲི་བཟང་པོའི་ཆུས་སྒོའི་ཚངས་ཐིག་དང་རྩ་ཐིག་གཉིས་ཕྲད་པའི་ གཡས་གཡོན་ཆ་ཆུང་གཉིས་གཉིས་ཚངས་ཐིག་དང་བཅས་པ་ཕྱིས་ལ་སྒོ་དབྱེའོ། །གཉིས་པ་ནི། དེ་ནས་ཐིག་ལྷག་མ་རྣམས་ནི། ཁྲུ་ལ་སོགས་པའི་རྩ་ཐིག་གིས། །དབུས་སུ་བརྒྱད་ཆ་ཕྱིས་པ་དེ། །སྒོ་དེའི་བཞི་ཆ་ཆ་ཆུང་སྟེ། །རྩ་བའི་ཕྱི་རོལ་ 10-15-12a གཅིག་དང་གཉིས། །གཅིག་གཉིས་གཅིག་དང་གཅིག་གི་མཐར། །ཐིག་དྲུག་ཟུར་ནས་ངོས་སུ་སྟེ། །ཚངས་ལས་རིམ་གྱིས་རིང་བར་ནི། །ཆ་ཆུང་གསུམ་དུ་དང་པོའི་ཐིག །གཉིས་ཐིག་ཆ་ཆུང་གཉིས་རྩེར་རེག །ཆ་ཆུང་བརྒྱད་དུ་གསུམ་སྟེགས་ བུའོ། །ཐིག་ལས་དྲང་པོའི་ཐིག་བཞི་སྟེ། །གསུམ་ནི་ཆ་ཆུང་ལྔ་བཞི་པ། །ཆ་ཆུང་བཞི་དེའི་དང་པོ་ནི། །ངོས་ཐིག་རྩེ་མོར་ཡང་དག་རེག །གསུམ་ནི་ཆ་ཆུང་རེ་རེའི་བར། །བཞི་པའི་རྩེ་ནས་ངོས་སུ་ཐིག །ཆ་ཆུང་བཅུ་དང་ལྡན་པའོ། །རྩ་བའི་རྩེ་ནས་བྱུང་བའི་ ཐིག །ཆ་ཆུང་བཞི་པ་ངོས་སྟེང་དུ། །ཆ་ཆུང་གཉིས་གཉིས་ཐད་ཀར་ནི། །ཆ་ཆུང་བརྒྱད་དེ་གསུམ་ཁྱོག་པ། །ཀ་བའི་རྩེ་ནས་ཕྱི་ངོས་སུ། །ཆ་ཆུང་རེ་རེ་དོར་བར་ཐིག །བཅུ་གཅིག་འདི་ལ་ལྔ་པ་དང༌། །བདུན་པ་ཆ་ཆུང་ཕྱེད་དང་གཉིས། །ཡང་ན་གསུམ་པ་ བདུན་པ་དང༌། །དགུ་པ་ཆ་ཆུང་རེ་རེའོ། །བཞི་པ་དྲུག་པ་བཅུ་པ་རྣམས། །སོ་སོར་ཆ་ཆུང་ཕྱེད་ཕྱེད་དོ། །ལྔ་ནི་ཆ་ཆུང་ཕྱེད་དང་གཉིས། །དེ་ལ་ཕྱོགས་གཉིས་སུ་ནི་རྒྱར། །ཚངས་པའི་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་མདའ་ཡི་མཐར། །སྣམ་ བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུང་དྲུག་མཐར་གཉིས་པ་དང༌། །གསུམ་པ་ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་མཐར་བཞི་པ་ནི། །ཆ་ཆུང་ལྔ་སྟེ་མདའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། །གསུམ་ནས་ དྲུག་པ་ཆ་ཆུང་ལྔ། །བཞི་ནི་ཆ་ཆུང་བདུན་རྣམས་ཏེ། །ཐིག་བཅུ་གཅིག་པ་ཆ་ཚུང་ལྔ། །སྣམ་བུ་ལྔ་པའི་སྟེང་གི་ནི། །ངོས་སུ་ཆ་ཆུང་ཕྱེད་དང་བཞི། །བདུན་པའི་འོག་ལ་ཆ་ཆུང་གསུམ། །སྟེང་ནི་ཆ་ཆུང་དྲུག་སྟེང་དུ། །སྣམ་བུ་རྣམས་མཐར་སོན་ 10-15-12b པའི་ཐིག །གཞན་གྱི་མཐའ་དང་ལྷན་ཅིག་སྟེ། །ཀྱོག་པོ་གཅིག་པ་འདི་ནང་དུའང༌། །ཆ་ཆུང་ཕྱེད་ནས་དེ་བཞིན་གཞན། །དེ་ཕྱིར་ཆ་ཆུང་རིག་བྱེད་མཐར། །ཐིག་ཟླུམ་དེ་ནས་གཉིས་ཡིན་ཏེ། །ཆ་ཆུང་གཉིས་གཉིས་དོར་བར་རོ། །བཞི་དོར་བར་ནི་ཟླུམ་པོ་ གཞན། །དེ་རྣམས་དཀྱིལ་འཁོར་གསུམ་ག་ལ། །ཐུན་མོང་ཡིན་ནོ་འཇིགས་བྱེད་ལ། །འོད་འཕྲེང་གི་ནི་ཕྱི་རོལ་ཏུ། །དུར་ཁྲོད་དོན་དུ་ཆ་ཆུང་བཞི། །ཞེས་བྱ་བ་སྟེ། དམར་ནག་གི་དཀྱིལ་ཆོག་གི་ཕྱི་ཐིག་ཀྱང་རྡོ་རྗེ་འཕྲེང་བ་དང་མཐུན་པར་བྱས་ན་ལེགས་པར་ ཡོད་པས་དེ་བཞིན་དུ་གདབ་བོ། །དེ་ལ་མདའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། །ཞེས་སྣམ་བུ་ལྔ་པའི་སྐབས་སུ་མཐའ་ནས་མཐར་ཆ་ཆུང་བཅུ་དྲུག་དང༌། སྣམ་བུ་ལྔ་པའི་སྟེང་གི་ནི། །ངོས་སུ་ཆ་ཆུང་ཕྱེད་དང་བཞི། །ཞེས་མཐའ་ནས་མཐར་ ཆ་ཆུང་བཅུ་བཞི་དང༌། ཡང་རྒྱལ་པོ་ཉེས་པ་གསུམ་ཉི་མ། །ཞེས་སྣམ་བུ་ལྔ་པའི་སྐབས་སུ་མཐའ་ནས་མཐར་ཆ་ཆུང་བཅུ་གཉིས་སུ་བཤད་པ་རྣམས་མི་མཐུན་པས་འགལ་ལོ་སྙམ་ན། སྐྱོན་མེད་དེ་དང་པོ་ནི། སྣམ་བུ་ལྔ་པའི་སྟེང་གི་ཐིག་གི་མཐའ་ ནས་མཐའི་བར་ཡིན་ལ། གཉིས་པ་ནི་སྣམ་བུ་ལྔ་པའི་ཀ་བ་ནས་ཀ་བའི་བར་ཡིན་ཞིང༌། གསུམ་པ་ནི་ཀ་བས་ཆ་ཕྲན་རེ་ཁྱེར་བའི་བར་གྱི་མུན་སྣམ་རང་གི་དབང་དུ་བྱས་པའོ། །རིགས་པ་འདིས། བཞི་ནི་ཆ་ཆུང་བདུན་རྣམས་ཏེ། །ཞེས་སྣམ་བུ་བདུན་པའི་ སྐབས་སུ་མཐའ་ནས་མཐའ་ཆ་ཆུང་བཅུ་བཞི་དང༌། སྟེང་ནི་ཆ་ཆུང་དྲུག། ཅེས་པའི་སྐབས་སུ་ཆ་ཆུང་བཅུ་གཉིས་དང༌། ཡང་རྒྱལ་པོ་ཕྱོགས་དང་མི་རྣམས་གསུམ། །ཞེས་སྣམ་བུ་བདུན་པའི་སྐབས་སུ་མཐའ་ནས་མཐར་ཆ་ཆུང་བཅུ་བཤད་པ་རྣམས་ 10-15-13a མི་འགལ་བ་ཡང་ཤེས་པར་བྱའོ། །འདིར་རྭའི་སྐོར་ལུགས་ནི། ཚངས་དང་མདའ་ཡབ་ཕྲད་པ་ནས། །ཆ་ཆུང་བཞི་དང་བཞི་གསུམ་ནི། །སོང་བར་ཆ་ཆུང་དགུ་དང་ནི། །བཞི་ཆས་གཡས་གཡོན་ཕྱི་རྭ་བསྐོར། །མདའ་ཡབ་ཚངས་ལས་ཆ་ ཆུང་ནི། །ཕྱེད་བཅས་གསུམ་ནས་ཐད་ཀར་གཡས། །དྲུག་ནས་ཕྱེད་བཅས་བཅུ་གཉིས་ཀྱིས། །གཡོན་བསྐོར་གཡས་པ་དེ་ལས་ལྡོག །ཅེས་པའོ། །ཟླུམ་ཐིག་བྱེད་པའི་ཚེ་སེང་ལྡེང་གི་ཕུར་བུ་སྟེང་རྡོ་རྗེ་རྩེ་ལྔ་པ་འོག་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན། ཧཱུཾ་ ལས་སྐྱེས་པར་བསམས་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་ཧཱུཾ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་ནས་དཀྱིལ་འཁོར་གྱི་དབུས་སུ་གདབ་ལ། ཨོཾ་བཛྲ་མུདྒ་ར་བཛྲ་ཀཱི་ལཱ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་ནས་བརྡུང་ངོ༌། །ཕུར་བུ་མེད་ན་བསམ་གཏན་ གྱིས་ཀྱང་རུང་ངོ༌། །གསུམ་པ་ནི། འཇིགས་བྱེད་བཅུ་གསུམ་མའི་ནང་ཐིག་ནི། རྩ་ཐིག་ནས་ནི་ཆ་ཆུང་གཅིག །ནང་དུ་དོར་བར་ཟླུམ་པོའི་ཐིག །དེ་ནས་ནང་དུ་ཆ་ཆུང་གཅིག །དོར་བར་སླར་ཡང་ཟླུམ་པོའི་ཐིག །ལྟེ་བ་ནས་ནི་ཕྱོགས་བཞི་རུ། །ཚངས་ཐིག་སྟེང་ ནས་ཆ་ཆེན་གཅིག །ཆ་ཆུང་གཅིག་གི་སུམ་ཆ་རེ། །དོར་བར་ཟླུམ་པོ་ལ་རེག་ཐིག །གཅིག་དང་དེ་ཡི་ཕྱི་ངོས་སུ། །ཆ་ཆུང་རེ་རེ་དོར་བར་ནི། །ཐིག་གཅིག་སྔ་མ་བཞིན་དུ་ནི། །གདབ་བོ་ལེའུ་ཚེ་དགུ་ཡི་ཐིག །དམར་ནག་གཉིས་ཀྱི་ནང་ཐིག་ནི། །འདྲ་བས་ཕྱོགས་ གཅིག་ཏུ་བརྗོད་ན། །ལྟེ་བ་ནས་ནི་ཚངས་ཐིག་སྟེང༌། །ཕྱོགས་རེར་ཆ་ཆེན་གཉིས་སོང་བ་ཐིག་ཟུར་གྱི་ཐིག་ལ་རེག་པར་གདབ། །དེ་ཡི་མཐའ་ནས་ནང་དུ་ནི། །ཆ་ཆུང་གཅིག་ནི་དོར་བ་རུ། །སླར་ཡང་གྲུ་བཞི་པ་ཡི་ཐིག །རྡོ་རྗེའི་ལྟེ་བའི་ཕྱི་ཐིག་དང༌། ཚངས་ 10-15-13b ཐིག་ཕྲད་པའི་མཚམས་དང་ནི། །དེ་ནས་ཆ་ཆེན་གཅིག་སོང་བར། །རིམ་བཞིན་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་དང་ཆ་ཆུང་རེ། །སོང་བ་ནས་ནི་རྩ་ཐིག་ལ། །ཐུག་པའི་དབུས་རྭའི་རྩེ་མོའི་བར། །གཡས་དང་གཡོན་དུ་ཀྱོག་པོའི་ཐིག །ལྟེ་བའི་ཕྱི་དང་ཚངས་ ཐིག་གཉིས། །ཕྲད་པ་ནས་ནི་ཆ་ཆུང་གསུམ། །སོང་བའི་མཚམས་ནས་ཆ་ཆུང་བཞིའི། །ཐིག་སྐུད་ཀྱིས་ནི་གཡས་གཡོན་བསྐོར། །སྔར་གྱི་མཚམས་ནས་གཡས་ཕྱོགས་སུ། །ཆ་ཆུང་ཕྱེད་དང་གཉིས་ནས་ནི། །ཆ་ཆུང་བཞི་ཡིས་གཡོན་ནས་བསྐོར། ། དེ་བཞིན་གཡོན་ནས་གཡས་སུའང་བསྐོར། །སྔར་བཞིན་ཚངས་ཐིག་སྟེང་ནས་ཕྱིར། །ཆ་ཆུང་གསུམ་ནི་དོར་བ་ནས། །གཡས་སུ་ཆ་ཆུང་བཞི་ཆ་གཅིག །དོར་ནས་ཆ་ཆུང་བཞི་ཡིས་བསྐོར། །དེ་བཞིན་གཡོན་ནས་གཡས་སུའང་བསྐོར། །དམར་པོའི་ དཀྱིལ་ཆོག་ལས། ནང་དུ་ནི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱིས་སྣ་ཚོགས་རྡོ་རྗེའི་ལྟེ་བ་གྲུ་བཞི་པ་རྡོ་རྗེའི་འཕྲེང་བས་བསྐོར་བའོ། །དེ་ནས་སྒོའི་བར་དུ་རྩེ་མོ་ལྔ་ལྔར་རྗེས་སུ་མཐུན་པའི་ཆ་དབྱེའོ་ཞེས་པ་དང༌། རྡོ་རྗེ་འཕྲེང་བར་ཡང་རྭའི་སྐོར་ཐིག་མི་ གསལ་ཡང༌། དམར་པོའི་དཀྱིལ་ཆོག་གི་དཔེ་ཁ་ཅིག་ལས། ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ནི་ཞེས་པས་དཔེ་མ་དག་པ་ཡིན་ལ། ནག་པོའི་དཀྱིལ་ཆོག་ཏུ། ནང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཆ་ཞེས་པའང་འགྱུར་མ་ལེགས་སོ། །རྡོ་རྗེའི་འཕྲེང་བས་ཞེས་པའི་དོན་ནི། རྡོར་ཕྲེང་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཐིག་གཅིག་གོ། དེའི་ནང་དུ་ཆ་ཆུང་གཅིག་དོར་ནས་རྡོ་རྗེ་ཕྲེང་བའི་ཐིག་གོ་ཞེས་གསལ་བར་བཤད་དོ། །རྟ་བབས་དཔངས་སུ་སྒོ་ཚད་གསུམ་མའི་རྭ་གཡས་གཡོན་གྱི་རྭ་ཕྱི་མ་རྣམས། ཕྱོགས་རེའི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སུམ་ཆ་གཡས་དང་སུམ་ཆ་གཡོན་དུ་དོར་བའི་མཚམས་ནས་ 10-15-14a བྱུང་བས། འདིར་ཡང་དེའི་རིགས་པ་སྦྱར་རོ། །འདིར་དབུས་རྭའི་སྲིད་ལ་སྒོ་ཚད་གཉིས་ལས་མེད་པས། ཕྱིའི་དབུས་རྭའི་སྲིད་ཀྱི་ཚད་ཀྱི་སྒོ་ཚད་གཉིས་གཉིས་བྲི་བས་དེའི་རིགས་པས་ནང་མ་ལ་རྭ་གཞན་གྱིའང་ཕྱེད་ཕྱེད་ཕྲི་བའོ། །སྣ་ཚོགས་ རྡོ་རྗེའི་ལྟེ་བའི་ཕྱོགས་དང༌། མཚམས་སུ་ལྷ་འགོད་ཚུལ་ལ། རྫོགས་འཕྲེང་ཆག་འགྱུར་ལས། འདིར་རྣམ་པར་སྣང་མཛད་ལ་སོགས་པ་ནི། སྣ་ཚོགས་རྡོ་རྗེའི་རྭའི་རྩ་བ་རྣམས་སུའོ། །རྡོ་རྗེའི་རྭའི་མཚམས་རྣམས་སུ་རྡོ་རྗེ་ཙ་རྩི་ཀ་ལ་སོགས་པ་བཞི་ ནི། ཞེས་འབྱུང་ལ། རྫོགས་འཕྲེང་ན་ད་ཤཱི་ལས་བསྒྱུར་བ་ལས། འདིར་རྣམ་པར་སྣང་མཛད་ལ་སོགས་པ་ནི། རྡོ་རྗེ་རྒྱ་གྲམ་གྱི་རྩིབས་ཀྱི་རྩ་བ་རྣམས་ལའོ། །ཞེས་འབྱུང་སྟེ། རྭ་རྩིབས་སུ་བསྒྱུར་བ་མི་ལེགས་ལ། རྭ་ར་བསྒྱུར་བ་ལེགས་སོ། །རྣམ་ སྣང་སོགས་ནི་གཏི་མུག་གཤིན་རྗེ་གཤེད་སོགས་བཞིའོ། །རྭའི་རྩ་བར་གཅོད་ཅེས་པ་ལྟར་ན། ཕྱོགས་བཞིའི་ལྷའི་གནས་ཀྱིས་རྡོ་རྗེ་འཕྲེང་བའི་ཆ་ཆུང་མནན་པ་འདྲ་བ་ཞིག་སྣང་ནའང༌། རྡོར་འཕྲེང་གི་དགྲ་ནག་གི་ཚོན་སའི་སྐབས་ཀྱི་ཆག་ འགྱུར་ལས། ཤར་དང་ལྷོ་ལ་སོགས་པའི་རྭའི་རྩ་བ་རྣམས་སུ། རྟག་པ་དང༌། རིན་ཆེན་དབང་པོ་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པ་རྣམས་ཀྱི་འཁོར་ལོ་རྩིབས་བརྒྱད་དཀར་པོ་དང༌། རིན་པོ་ཆེ་ལྗང་གུ་ཆ་དགུ་པ་དང༌། པདྨ་དམར་ པོ་འདབ་མ་བརྒྱད་པ་དང༌། རལ་གྲི་ལྗང་གུ་རྣམས་སོ། །སྣ་ཚོགས་རྡོ་རྗེའི་མེ་དང་བདེན་བྲལ་ལ་སོགས་པའི་གྲྭར། རྡོ་རྗེ་ཙརྩི་ཀ་དང༌། རྡོ་རྗེ་ཕག་མོ་དང༌། རྡོ་རྗེ་དབྱངས་ཅན་མ་དང༌། དཀར་མོ་རྣམས་ཀྱི་འཁོར་ལོ་དང༌། རྡོ་རྗེ་དང༌། པདྨ་དང༌། རལ་གྲིའོ། ། 10-15-14b དེ་ནས་རྡོ་རྗེ་ཕྲེང་བའོ། །ཞེས་ནང་གི་ལྷ་བརྒྱད་ཀྱི་ཕྱི་རོལ་ཏུ་རྡོ་རྗེ་ཕྲེང་བ་འོང་བར་བཤད་ཅིང༌། འགྱུར་གཞན་ལས་ཀྱང་དེ་ལྟར་བཤད་པས། ལྷའི་གནས་རྣམས་ནི་རྡོ་རྗེ་ཕྲེང་བ་ཕྱིར་བཞག་པའི་ནང་དུ་བྱའོ། །དེ་ལྟར་ན་གཙོ་བོ་གཉིས་ཀྱི་གནས་ལ་ཆ་ ཆུང་དྲུག་དྲུག་དང༌། ཕྱོགས་བཞིའི་ལྷ་གནས་ལ་ཆ་ཆུང་བཞི་བཞིར་བྱའོ། །དེ་ལྟར་ཐིག་ཐམས་ཅད་ཐེབས་པའི་མཐར། ཐིག་སྐུད་ཀྱི་ལྷ་ལ་མཆོད་གཏོར་ཕུལ་བའི་འོག་ཏུ། ཨོཾ་ཨཱཿཧཱུཾ་མུཿ། ཞེས་པས་ཡེ་ཤེས་པ་གཤེགས་ལ་ཐིག་སྐུད་རང་གནས་ སུ་བཞག་གོ། །གཉིས་པ་ནི། དེ་ནས་དཀྱིལ་འཁོར་གྱི་ས་གཞི་དྲི་ཞིམ་པོས་ཕྱུགས། མེ་ཏོག་གཅལ་དུ་བཀྲམ་ལ་བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོའི་ལྡེ་གུས། རིགས་ལྔའི་གནས་སུ་གྲུ་བཞི་དང༌། ལྷ་གཞན་རྣམས་དང་ཐོད་པའི་གནས་སུ་ཟླུམ་པོ་ བྱས་ལ། མེ་ཏོག་དཀོད་དམ་མ་བཀོད་ཀྱང་རུང་སྟེ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྔར་ནམ་མཁར་བཏེག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྱན་དྲངས་ལ་བཞུགས་སུ་གསོལ། ཕྱོགས་དང་མཚམས་བཅིང་བ་སྔར་བཞིན་དུ་བྱས་ལ། ལྷ་རེ་རེ་ཞིང་མཆོད་པ་རྒྱས་པ་དང༌། བསྟོད་པ་དང་བདུད་རྩི་མྱང་བ་བྱའོ། །གསུམ་པ་ནི། དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཅུགས། ལག་པ་གཡས་པས་སྤོས་ཕོར་བཏེག། །གཡོན་པས་དྲིལ་བུ་འཁྲོལ་ཞིང་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་ བསམས་ལ། ཨོཾ་བཛྲ་ཛི་ཧྭཱ། ཞེས་པས་བྱིན་གྱིས་བརླབས་ཏེ། འཁོར་ལོའི་དབང་ཕྱུག་དང་སངས་རྒྱས་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་གཤིན་རྗེ་གཤེད་རྡོ་རྗེ། །རིག་པའི་རྒྱལ་མཆོག་ཁྱོད་ལ་འདུད། །སློབ་མ་རྣམས་ལ་ 10-15-15a བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་འདྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་ འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་ སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་ཆེ་གེ་བདག །གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པའི་ཉེར་སྤྱོད་ཀྱིས། །འགྲོ་བ་སྦྱང་ཕྱིར་འདྲི་བར་བགྱི། །དེང་བདག་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་ བར་ཉེར་བཟུང་ནས། །འདུས་པ་ཐམས་ཅད་དཀྱིལ་འཁོར་དུ། །ཉེ་བར་གནས་པར་མཛད་པར་རིགས། །ཞེས་ལན་གསུམ་བརྗོད་ནས་གསོལ་བ་གདབ་སྟེ་གནང་བ་བྱིན་པར་བསམས་ལ། མཆོད་དེ་སྔར་གྱི་སྔགས་རྒྱས་དཀྱིལ་འཁོར་བཏེག་ལ་ ནམ་མཁར་དགོད་པར་བྱའོ། །གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ནི་ཞེས་བར་སྐབས་སུ་གང་བབ་ཀྱི་གཤིན་རྗེ་གཤེད་ཀྱི་མཚན་གཞུག་གོ། །གསུམ་པ་ནི། བུམ་པ་ལྷག་གནས་ལ་བུམ་པའི་གྲངས་ནི། དཀྱིལ་ཆོག་རྣམས་ལས་ལྷ་བཅུ་གསུམ་ཐོད་ པ་བཞི་སྟེ་བཅུ་བདུན་ལ་བུམ་པ་བཅུ་བདུན། ལས་ཐམས་ཅད་པའི་བུམ་པ་དང་བཅོ་བརྒྱད་དུ་བཤད་པ་ནི། བུམ་པ་རྒྱས་པ་ལ་དགོངས་ཏེ་འདིར་དཀྱིལ་འཁོར་གསུམ་ག་ལ་འདྲའོ། །རྭ་ལུགས་པ་སྔ་མས་འཇིགས་བྱེད་བཅུ་གསུམ་མ་ལ་བུམ་པ་བཅུ་གསུམ་ 10-15-15b རྣམ་རྒྱལ་དང་ལས་བུམ་སྟེ་བཅོ་ལྔར་འདོད་ལ། རྭ་ལུགས་པ་ཕྱི་མ་ཁ་ཅིག་བུམ་པ་ལྷ་གྲངས་དང་མཉམ་པ་ཞེས་འདོད་ཀྱང༌། གཙོ་བོའི་བུམ་པ་དང་དེའི་དུང་ཆོས་ལས་གཞན་པའི་རྣམ་རྒྱལ་གྱི་བུམ་པ་འོང་དོན་མེད་ལ། ལྷ་གྲངས་དང་མཉམ་པས་མི་ཆོག་གི་ཐོད་ པ་བཞིའི་བུམ་པ་དང་ལས་བུམ་ཡང་རྒྱས་པ་ལ་དགོས་སོ། །བསྡུ་ན་རྡོར་འཕྲེང་ལས། ལྷ་བུམ་གཅིག་དང་ལས་བུམ་སྟེ་གཉིས་སུའང་རུང་ངོ༌། །བུམ་པ་རྣམས་རྩ་བ་སྟེ་ཞབས་སྟེགས་དང་ནག་ནོག་མེད་པ། མཆུ་འཕྱང་བ་མགྲིན་པ་རིང་བ་གསུས་པ་ཆེ་བ་སྟེ། ནག་ནོག་མེད་པ་ནི་རང་བཞིན་གྱིས་དཀར་ན་དེས་ཆོག་ལ། དེ་ལྟ་མིན་ན་འབྲས་བཏགས་པའམ་ཐོད་ལེ་ཀོར་རམ་ཙནྡན་གྱི་ལྡེ་གུས་དཀར་པོར་བྱས། རྡོ་རྒྱུས་དང་ས་དཀར་གྱིས་ཀྱང་བྱུག་པར་བཤད་དོ། །བུམ་པའི་མཚན་མ་ནི་ཆོས་འབྱུང་གི་དབུས་སུ་པདྨ་དང་ ཉིན་ལ་གནས་པའི་གཙོ་བོའི་ས་བོན་དང༌། བུམ་པ་གཞན་རྣམས་ལ་པདྨ་ལ་གནས་པའི་ཟླ་བའམ་ཉི་མའི་སྟེང་དུ། རང་རང་གི་ས་བོན་ནམ་ཕྱག་མཚན་བྲི་སྟེ་བུམ་པ་རྒྱས་པ་ལའོ། །བུམ་པ་གཉིས་ལས་མེད་ན་གཅིག་ལ་ཕྱོགས་བཞིར་རིགས་བཞིའི་མཚན་ མ་དང༌། གཏི་མུག་གཤིན་རྗེ་གཤེད་ཀྱི་མཚན་མའི་སྟེང་དུ་གཙོ་བོའི་མཚན་མ་བྱ་ཞིང༌། ལས་བུམ་ལ་ལས་ཐམས་ཅད་པའི་ལྷའི་མཚན་མ་བྱའོ། །བླ་མ་ཁ་ཅིག་ན་རེ་གཤིན་རྗེ་གཤེད་ཀྱི་ལས་ཐམས་ཅད་པའི་ལྷ་ནི་རྒྱ་གཞུང་རྣམས་ལས་གསལ་བར་མ་ བཤད་ལ། སྔ་མ་ཁ་ཅིག་གཙོ་བོ་ཞལ་གཅིག་ཕྱག་གཉིས་པ་དང༌། ཁ་ཅིག་བདུད་རྩི་འཁྱིལ་པ་དང༌། ཁ་ཅིག་རལ་གྲི་གཤིན་རྗེ་གཤེད་དུ་བསྒོམ་པར་འདོད་ཅེས་གསུང་མོད་ཀྱང༌། རལ་གྲི་གཤིན་རྗེ་གཤེད་ཉིད་ལས་ཐམས་ཅད་པའི་ལྷ་ཡིན་པར་དཀྱིལ་ 10-15-16a ཆོག་གཉིས་ཀའི་དགོངས་པ་ཡིན་པས་མཚན་མ་དང་ས་བོན་འང་དེ་བཞིན་དུ་བྱའོ། །ནག་པོའི་དཀྱིལ་ཆོག་ལས། ཡེ་ཐིག་སྒྲུབ་པའི་སྐབས་སུ། སྐུད་པ་འཁེལ་པ་རལ་གྲི་གཤིན་རྗེ་གཤེད་དང་ལྷན་ཅིག་ཏུ་སྐུད་པ་བསྒྲིལ་བར་བྱའོ། །ཞེས་གསུངས་པ་དམར་པོའི་དཀྱིལ་ཆོག་གི་རང་ དོན་དུ་སྣང་ཞིང༌། དེ་ནི་ཐིག་སྐུད་འཛིན་པའི་སློབ་མ་ལས་ཐམས་ཅད་པར་བསྐྱེད་པར་བཤད་པ་དང་དོན་གཅིག་ཡིན་པས། འདིར་ལས་ཐམས་ཅད་པའི་ལྷ་མི་གསལ་བ་མ་ཡིན་ནོ། །གོས་དཀར་པོ་ལ་སོགས་པ་སྣ་ལྔ་གང་རུང་ཟུང་གིས་མགུལ་པ་བྲོག་གསུམ་པའི་ཚུལ་གྱིས་བཅིང༌། ཧཱུཾ་ལན་བདུན་ བཟླས་པའི་སྲད་བུ་དཀར་པོ་བདུན་གྱིས་ཨོཾ་བཛྲ་ཤེ་ཁ་ར་རུ་ཊ་མ་ཊ་དི་ཤམ་བནྡྷ་ཧཱུཾ། ཞེས་པས་མགུལ་ཆིངས་དཀྲི། དེ་ནས་བུམ་པ་ལ་གུ་གུལ་གྱིས་འདུག། །ལས་ཐམས་ཅད་པའི་སྔགས་བཟླས་པའི་ཡུངས་ཀར་གྱིས་བརྡེགས་ལ་བགེགས་བསྐྲད་ཅིང༌། ཆུ་ གཙང་མ་སྲོག་ཆགས་མེད་པ་དྲི་བཟང་དང་བསྲེས་པས་རན་པར་དགང༌། དེ་དག་གི་ནང་དུ་རིན་པོ་ཆེ་ལྔ་འབྲུ་ལྔ་སྨན་ལྔ་དྲི་ལྔ་ལ་སོགས་པ་གཞུག། །ལོ་མ་དང་མེ་ཏོག་དང་བཅས་པའི་ཡལ་འདབ་ཀྱིས་ཁ་བརྒྱན་པའི་སྟེང་དུ། དྲི་བཟང་དང་བདུད་རྩི་ལྔ་དང་བཅས་ པའི་དུང་ཆོས་ཀྱི་ཆུ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཧཱུཾ། ཞེས་ལན་བདུན་བཟླས་པས་རྡོ་རྗེ་བདུད་རྩིའི་ཆུར་བྱིན་གྱིས་བརླབས་ལ། རྣམ་རྒྱལ་བུམ་པའི་སྟེང་དུ་བཞག། །དེའི་སྟེང་དུ་རྡོ་རྗེ་ལ་མེ་ཏོག་གི་འཕྲེང་བ་བཏགས་པ་བཞག་ལ། མེ་ཏོག་གམ་ཀུ་ཤའི་གདན་ གྱི་སྟེང་དུ་གནས་མ་འཆོལ་བར་བཞག། །ལས་བུམ་དབང་ལྡན་དུ་བཞག་གོ། དེ་ནས་བུམ་པ་རྣམས་ལས་ཐམས་ཅད་ལས་བསངས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས་སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པར་བསྐྱེད། འདིར་དམར་ནག་གི་ 10-15-16b དཀྱིལ་ཆོག་གཉིས་ཀ་ལས། བུམ་པ་རྣམས་ལྷ་སོ་སོའི་སྔགས་ལས་བྱུང་བའི་ལྷའི་འཁོར་ལོ་བསྐྱེད་པ་འདྲ་བ་གཅིག་འབྱུང་བ་ནི། བུམ་པར་སྔགས་ལས་ལྷའི་འཁོར་ལོ་བསྐྱེད་པ་ལ་མི་བྱའི། བུམ་པ་ཉིད་ལྷར་བསྐྱེད་པ་ལ་མི་བྱའོ། །ཨོཾ་ཏཱཔྟེ་ཏཱཔྟེ་མཧཱ་ཏཱཔྟེ་སྭཱཧཱ། ཞེས་བཟླས་པས་དྲངས་པའི་ལྷའི་ཆུ་བོ་ གཾ་གཱ་དང་བུམ་པའི་ཆུ་གཉིས་དབྱེར་མེད་པར་མོས་ལ། བུམ་པ་རྒྱས་པ་ཡོད་ན་བུམ་པ་རེ་རེར་རང་རང་གི་པད་ཉི་དང་པད་ཟླའི་གདན་བསྐྱེད་ལ་རང་རང་གི་ས་བོན་དགོད། བུམ་པ་གཉིས་ལས་མེད་ན་རྣམ་རྒྱལ་གྱི་བུམ་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གི་ རྣམ་པ་ཅན་དུ་བསྐྱེད་པའི་ནང་དུ། ལྷ་རང་རང་གི་གདན་གྱི་སྟེང་དུ། ཡ་ཀྵེ་མ་མེད་ལ་སོགས་པའི་ས་བོན་དགོད། ལས་བུམ་དུ་རལ་གྲི་གཤིན་རྗེ་གཤེད་ཀྱི་ས་བོན་དགོད། ས་བོན་ཡོངས་སུ་གྱུར་པ་ལས་ཐོད་པ་བཞི་དང༌། ལྷ་བཅུ་གསུམ་གྱི་ཕྱག་མཚན་ ས་བོན་གྱིས་མཚན་པ་འོད་ཟེར་འཕྲོ་བ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་བཅུ་གསུམ་གྱི་འཁོར་ལོར་བསྐྱེད། མཚན་མ་རྣམས་ཀྱང་ལྷར་བསྐྱེད་མིག་ལ་སོགས་པའི་སྐྱེ་མཆེད་དང་སྐུ་གསུང་ཐུགས་སྒྲུབ་ཐབས་བཞིན་བྱིན་གྱིས་བརླབ། སོ་སོའི་ སྒྲུབ་ཐབས་བཞིན་དབང་བསྐུར་ལ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ་མཆོད་ཡོན་ལ་སོགས་པ་ཕུལ་ནས། དགུག་གཞུག་བཅིང་ཞིང་དབང་དུ་བྱས་ལ་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ཏེ། བུམ་པ་གཉིས་ལས་མེད་ན་རྣམ་རྒྱལ་གྱི་སྟེང་གི་རྡོ་ རྗེ་ལ་བཏགས་པའི་མེ་ཏོག་གི་འཕྲེང་བ་གཡོན་པའི་རྡོ་རྗེ་ཁུ་ཆུར་གྱིས་བཟུང་ལ། སོ་སོའི་སྔགས་བརྒྱ་རྩ་བརྒྱད་དང་ཆུ་ལ་ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ་ཞེས་པ་བརྒྱ་རྩ་བརྒྱད་བཟླ། བུམ་པ་སོ་སོར་ཡོད་ན་རྡོ་རྗེ་མེ་ཏོག་གི་ཕྲེང་བ་ཅན་བུམ་པ་སོ་སོའི་སྟེང་དུ་ 10-15-17a སྤོས་ལ་སོ་སོའི་སྔགས་བཟླ། ལས་བུམ་ལ་ཨོཾ་ཁངྒ་དྷྲིཀ་ཧཱུཾ་ཕཊ་བརྒྱ་རྩ་བརྒྱད་བཟླའོ། །བཟླས་པའི་དམིགས་པ་ནི་རྒྱ་གཞུང་རྣམས་ནས་མི་གསལ་ལ། བླ་མ་རྭ་ལོ་ཙཱ་བས་རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུང་ཐག་ལ་འཁྲིལ་ ཏེ་བུམ་པའི་ནང་གི་ལྷའི་ཐུགས་རྒྱུད་བསྐུལ། བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང་བཟླས་པར་བྱ་ཞེས་གསུངས་པ་ལྟར་བྱས་ཀྱང་རུང་ངོ༌། །དེ་འདྲ་བའི་ཚུལ་གྱིས་ཐུན་གསུམ་དུ་བཟླས་པའི་མཐར། ཧྲཱིཿཥྚཱིཿདང་ཧཱུཾ་ལན་བདུན་ བཟླས་པའི་དུང་ཆོས་ཀྱི་ཆུ་ཡིས་མཆོད་ཡོན་དབུལ་མེ་ཏོག་དཀར་པོ་གསུམ་གཞུག། །ལྷའི་འཁོར་ལོ་རྣམས་ཞུ་ནས་བུམ་པའི་ཆུར་གྱུར་པར་བསམ། བུམ་པ་གཞལ་ཡས་ཁང་དང་མཚན་མ་ལྷར་བསྐྱེད་པ་རྣམས་ཀྱང་བུམ་པ་དང་མཚན་མའི་རྣམ་ པར་གྱུར་པར་བལྟའོ། །དེ་ནས་མེ་ཏོག་ལ་སོགས་པས་མཆོད་དེ་ལས་བུམ་གྱི་ཆུས་དེའི་ཁ་རྒྱན་གྱི་ཡལ་འདབ་ཉིད་ཀྱིས་བསངས་ཏེ། དཀྱིལ་འཁོར་གྱི་བྱ་བ་རྣམས་རྫོགས་པ་དེ་སྲིད་དུ་བགེགས་རྣམས་ཟློག་པར་མཛོད་ཅིག་ཅེས་བརྗོད་ལ། བུམ་པ་ རྣམས་ལ་ག་བུར་དང༌། ཨ་ཀ་རུས་བདུགས་པའི་རས་ཀྱིས་དགབ་ལ་གནས་དབེན་པར་སྦ། རང་དང་སློབ་མ་ལ་གསང་གཏོར་བྱ་བའི་དོན་དུ་ལས་བུམ་ཀུ་ཤའི་ཆུན་པོ་དང་བཅས་པ་ཤར་སྒོའི་བྱང་དུ་བཞག་གོ། བུམ་བཟླས་དང་མཆོད་པ་ནི་ཉི་མ་རེ་རེ་ ལ་ཐུན་གསུམ་གསུམ་མམ་གཅིག་ཏུ་བྱའོ། །བཞི་པ་ལ་ལྔ། ཀུན་སློང་བཅོས་ཤིང་ནང་དབང་བསྐུར་བ་དང༌། གསོལ་བ་གདབ་ཅིང་འཛིན་དུ་གཞུག་པ་དང༌། སྡོམ་པ་གཟུང་ཞིང་བྱིན་གྱིས་བརླབ་པ་དང༌། སོ་ཤིང་དོར་ཞིང་ཁྱོར་ཆུ་སོགས་གསུམ་ 10-15-17b སྦྱིན་པ་དང༌། སྤྲོ་བ་བསྐྱེད་ཅིང་བསྲུངས་ཏེ་རྨི་ལམ་བརྟག་པར་གདམས་པའོ། །དང་པོ་ནི། གང་གི་ཚེ་བརྩེ་བ་ཆེན་པོའི་གཞན་གྱི་དབང་དུ་གྱུར་པས་དབང་བསྐུར་བ་ལ་སོགས་པས་སློབ་མ་བསྡུ་བར་འདོད་ན། དེའི་ཚེ་དཀྱིལ་འཁོར་གྱི་གནས་ལས་ཕྱི་རོལ་ ཏུ་རིགས་དང་གཟུགས་དང་ལང་ཚོ་དང༌། དད་པ་དང་ཐོས་པ་དང་གཏོང་བ་དང་རྣལ་འབྱོར། །དམར་པོའི་དཀྱིལ་ཆོག་ལས། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་ཞེས་པ་འབྱུང་ཡང་ནག་པོའི་དཀྱིལ་ཆོག་ལས། །དཀྱིལ་འཁོར་གྱི་གནས་ལས་ཕྱི་རོལ་ཞེས་པ་འགྱུར་ལེགས་སོ། །ལ་སོགས་པ་དང་ལྡན་ ཞིང༌། སྔགས་ཀྱི་ལམ་དོན་དུ་གཉེར་བའི་སློབ་མ་དང༌། ཡོན་ཏན་དེ་རྣམས་ཚང་བ་མེད་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌བ་དགེ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་གནས་པའི་སློབ་མ་ལས་བུམ་གྱི་ཆུས་ཁྲུས་དང་མཎྜལ་བྱས་པ་རྣམས་ ཕྱག་བྱས་ནས་ལག་ན་མེ་ཏོག་ཐོགས་ཏེ་གནས་པ་ལ། རང་གི་བསླབ་ལྡན་འཁོར་བཞི་པོ། །ཐེག་ཆེན་བློ་ཅན་རྣམས་ལ་ནི། །དེ་བཞིན་གཤེགས་པས་གསུངས་པ་ཡི། །ཡང་དག་ཆོ་ག་རྗེས་སུ་གནང༌། །ལ་ལ་གསང་སྔགས་སྒྲུབ་དོན་གཉེར། ། འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པས་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་ བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །ཞེས་བརྗོད་ལ། ཚེ་འདིའི་མངོན་མཐོ་ཙམ་འདོད་ནས་སྔགས་སྒྲུབ་པའི་ཕྱིར་དུ་འཇུག་ 10-15-18a པ་དང༌། ཚེ་ཕྱི་མའི་མངོན་མཐོ་ཙམ་འདོད་ནས་བསོད་ནམས་འདོད་ནས་འཇུག་པ་དང༌། འཇིག་རྟེན་འདི་ཕྱིའི་མངོན་མཐོ་ཙམ་ལས་གཞན་སྐུ་གསུམ་གྱི་གོ་འཕང་དོན་དུ་གཉེར་ནས་དཀྱིལ་འཁོར་དུ་འཇུག་པ་གསུམ་ལས། སྔ་མ་གཉིས་ལྟར་མི་བྱ་བར་ཕྱི་མ་ལྟར་གྱི་བསམ་པ་བསྐྱེད་དགོས་པ་རྒྱུ་མཚན་དང་བཅས་པའི་ཆོས་བཤད་པས། དོན་དུ་གཉེར་བྱ་མཆོག་ལ་སྤྲོ་བའི་ཀུན་སློང་བཅོས་ཏེ། རང་གཙོ་བོ་གང་ཡིན་དུ་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ གྱིས། སློབ་མ་རེ་རེ་ནས་རང་གི་ཞལ་དུ་བཅུག་པ་རྡོ་རྗེའི་ལམ་ནས་འཐོན་པ་ཡུམ་གྱི་པདྨར་གནས་པ་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རིགས་ལྔ་ཡབ་ཡུམ་བཀུག་སྟེ། ཁ་ནས་ཞུགས་ཤིང་ཞུ་བར་གྱུར་པ། རྡོ་རྗེའི་ལམ་ནས་འཐོན་པས་དབང་ བསྐུར་བས་ཞུ་བའི་ཐིག་ལེ་ལས། གཏི་མུག་གཤིན་རྗེ་གཤེད་དུ་བསྐྱེད་ལ་པདྨ་ལས་ཕྱུང་སྟེ་རང་རང་གི་གྲལ་ལ་གཞག་གོ། །གཉིས་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པར་བལྟས་ལ། མཱ་མ་ཀཱི་དང་ལྷན་ཅིག་སྦྱོར། །དགའ་ཆེན་ཁྱོད་བདག་ སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་བདག་ལ་སྩལ་དུ་གསོལ། །ཐར་ པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་དོན་དྲན་བཞིན་པས་འདུན་པ་དྲག་པོས་གསོལ་བ་ལན་གསུམ་གདབ་བོ། །མཱ་མ་ཀཱི་དང་ལྷན་ཅིག་སྦྱོར། །ཞེས་པ་དགྲ་ནག་ལ་དཀྱིལ་ཆོག་ཏུ་བྱུང་བ་ལྟར་བྱ་ལ། 10-15-18b འཇིགས་བྱེད་དང་གཤེད་དམར་ལ་ནི་རོ་ལངས་མ་དང་ལྷན་ཅིག་སྦྱོར་བའི་དོན་ནོ། །དེ་ནས་སློབ་མ་གཅིག་གཙོ་བོར་བྱས་ཏེ་དེའི་སྒོ་ནས་ཐམས་ཅད་ལ་འདི་སྐད་ཅེས། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་ པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་ སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་བྱ་བའི་དོན་ བཤད་ལ་མོས་པ་བརྟན་པོ་འཛིན་དུ་གཞུག་གོ། །གསུམ་པ་ནི། དམར་ནག་ལ་ནི་དེ་གཉིས་ཀྱི་དཀྱིལ་ཆོག་ནས་སྟ་གོན་ཟིན་པའི་འོག་ཏུ་རིགས་ལྔའི་སྡོམ་པ་གཟུང་བ་བཤད་པ་ལྟར་འཆད་པར་འགྱུར་ལ། འཇིགས་བྱེད་ལ་ནི་རྭ་ལོས་སྐབས་འདིར་སྡོམ་པ་ གཟུང་བར་བཞེད་པ་ལྟར་དོན་ཡོད་ཞབས་ཀྱིས་ཀྱང་བཤད་དོ། །ཐེག་པ་ཆེན་པོ་གཉིས་དང་བྱ་བའི་རྒྱུད་ལ་སོགས་པ་དང༌། ཐུན་མོང་བའི་སྡོམ་པ་གཟུང་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་ དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་ 10-15-19a བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་ངོ༌། ། དེ་ལྟར་བྱེད་པ་ནི་དཔལ་འཛིན་གྱིས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་བསྐྱེད་པར་བྱའོ། །བསྐྱེད་པ་ནི་དྲན་པར་བྱའོ། །ཞེས་གསུངས་པའི་དོན་ནོ། །རིགས་ལྔའི་སྡོམ་པ་གཟུང་བའི་ཆོ་ག་ནི་འོག་ཏུ་སྟོན་ནོ། །དེ་ནས་སློབ་མ་ལ་ལས་ཐམས་ཅད་པ་བཟླས་ པའི་དྲིའི་ཆུ་ཡིས་གཏོར་ནས་བསྲུངས་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། དེ་རྣམས་ཀྱི་སྙིང་གར་ཡི་གེ་ཧཱུཾ་ལས་རྡོ་རྗེ་དང༌། མགྲིན་པར་ཡི་གེ་ཨཱཿལས་པདྨ་དང༌། མགོ་བོར་ཡི་གེ་ཨོཾ་ལས་འཁོར་ལོ་སྟེ། དེ་རྣམས་ལ་ས་བོན་དེ་དག་བཀོད་ལ། ཧཱུཾ་ ཨཱཿཨོཾ་ཞེས་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གྱིས་དྲི་སྙིང་ག་དང་མགྲིན་པ་དང་མགོ་བོར་བྱུག་པར་བྱའོ། །དེ་ནས་དེ་དག་གི་མགོ་བོར་མེ་ཏོག་དང༌། མདུན་དུ་སྤོས་དང༌། སྙིང་གར་དྲི་དང༌། མདུན་དུ་མར་མེ་སྦྱིན་པར་བྱ་སྟེ། ཐམས་ཅད་ལ་ལས་ཐམས་ཅད་པའི་སྔགས་ བཟླའོ། །བཞི་པ་ནི། སོ་ཤིང་དོར་བ་ནི་འོ་མ་ཅན་གྱི་ཤིང་ཧ་ཅང་སྦོམ་པ་དང་ཕྲ་བ་མིན་པ། དྲང་ཞིང་ཚིགས་མེད་པ་མ་གས་པ་རྨ་མེད་པ། མགོ་མཇུག་མཉམ་པ། དྲིའི་ཆུས་བཀྲུས་ཤིང་བདུག་པས་བདུགས་པ། སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་བཅིངས་པ། སློབ་དཔོན་བྱང་དུ་ཕྱོགས་ཏེ་ཡི་གེ་གསུམ་བཟླས་ནས་སློབ་མ་ལ་བྱིན་ལ། ས་ལ་ལས་ཐམས་ཅད་པས་བསྔགས་ནས། དྲི་བཟང་དང་བ་བྱུང་གིས་བའི་ཀོ་བའི་སྲབ་འཐུག་ཙམ་དུ་ཁྲུ་བཞི་པ་གྲུ་བཞིར་བྱུགས་ནས། སློབ་མ་ཁ་ཤར་རམ་བྱང་དུ་ཕྱོགས་ 10-15-19b པས། ཨོཾ་བཛྲ་ཧཱ་ས་ཧ་ཞེས་བརྗོད་ནས་རྩེ་མོ་ནས་འཆོས་ཏེ་མིག་སྟེང་དུ་བལྟ་ཞིང་བལྟོས་པ་མེད་པར་མཎྜལ་གྱི་སྟེང་དུ་དོར་རོ། །རྩེ་མོ་སྟེང་དུ་བལྟས་ན་རིག་འཛིན། བླ་མ་ལ་ཕྱོགས་ན་མཆོག། །ཐུར་དུ་བལྟས་ན། ས་འོག། །ཤར། བྱང༌། ནུབ། ལྷོར་བལྟས་ ན་ཞི་རྒྱས་དབང་དྲག་འགྲུབ་ལ། ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་མེད་དོ། །ཁྱོར་ཆུ་སྦྱིན་པ་ནི་བཾ་ལས་བྱུང་བའི་ཆུ་བཾ་བཟླས་པ་ཁ་བཤལ་བའི་ཕྱིར་བྱིན་ནས་ལས་ཐམས་ཅད་པ་ལན་བདུན་བཟླས་པའི་དྲི་ཞིམ་པོའི་ཆུ་ཁྱོར་བ་གསུམ། དམར་ནག་གི་དཀྱིལ་ཆོག་ལས། ཁ་བཤལ་བའི་ཆུ་དང་ཆུ་ཁྱོར་བ་གསུམ་གཅིག་ལྟ་བུར་བཤད་ཀྱང༌། རྡོར་འཕྲེང་ལས་དེ་གཉིས་སོ་སོར་བཤད་པ་ལྟར་བྱེད་པ་ལེགས་སོ། །ཨོཾ་ཧྲཱིཿསུ་བི་ཤུདྡྷ་དྷརྨ་སརྦ་པཱ་པ་ནི་ཙཱ་ཨ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། ཞེས་བཟླས་ཏེ་འཐུང་དུ་བཅུག་པས་སྒོ་གསུམ་གྱི་ སྡིག་པ་ཐམས་ཅད་སྦྱངས་པར་བསམ་མོ། །ཀུ་ཤ་སྦྱིན་པ་ནི་ཧཱུཾ་ལས་བྱུང་ཞིང་དེའམ་ལས་ཐམས་ཅད་པ་བཟླས་པའི་ཀུ་ཤ་མང་པོ་རྩེ་མོ་མ་ཉམས་པ་སྟན་དུ་གདིང་བའི་དོན་དང༌། དེ་བཞིན་དུ་སྔས་ཀྱི་དོན་དུ་ཡི་གེ་དྷཱིཿལས་སྐྱེས་ཤིང་དེ་དང་འཁྱིལ་བ་ བཟླས་པའི་ཀུ་ཤ་གཅིག་ཨོཾ་བཛྲ་ཏིཀྵྞ་བཾ་ཞེས་པའི་སྔགས་ཀྱིས་སྦྱིན་ནོ། །སྲུང་སྐུད་བཅིངས་པ་ནི། སྲད་བུ་དམར་པོ་སློབ་མའི་ལུས་ཚད་དང་མཉམ་པ་སུམ་སྒྲིལ་མདུད་པ་གསུམ་དང་ལྡན་པ་ཧཱུཾ་ལས་སྐྱེས་ཤིང༌། ལས་ཐམས་ཅད་པ་བཟླས་པ་དཔུང་ པ་གཡོན་པ་ལ་ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱན་སྭཱཧཱ་ཞེས་པས་བཅིང་ངོ༌། །ལྔ་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་དུམྺ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང༌། །གང་གིས་སེམས་ 10-15-20a ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་བྱས་སྡིག་པ་ཅི་མཆིས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་གསང་སྔགས་ཀྱི། །སྤྱོད་ཚུལ་ལ་གནས་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མེད་ན། །དེ་རྣམས་ཀྱི་ནི་སྡུག་ བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱིས། །བསྟན་པ་འདི་ལ་ཐམས་ཅད་ནི། །ཡོངས་སུ་གཟུང་ཞིང་ སྐྱེ་འགྱུར་བ། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་ལ་ཁྱེད་རྣམས་འགྲོ་འགྱུར་བས། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་པའི་ དོན་བཤད་ནས་གསང་སྔགས་ལ་སྤྲོ་བ་བསྐྱེད་དོ། །དེ་ནས་ཀུ་ཤའི་སྔས་དང་སྟན་གྱི་སྟེང་དུ་ཉལ་དུ་གཞུག་སྟེ། རྨི་ལམ་གང་ཅུང་ཟད་མཐོང་བ་སང་ནང་པར་ང་ལ་སྨྲོས་ཤིག་ཅེས་བསྒོའོ། །གལ་ཏེ་རྨི་ལམ་མི་དགེ་བའི་མཚན་མ་སྨྲ་ན། དེའི་ཚེ་ལས་ ཐམས་ཅད་པའི་སྔགས་ཀྱིས་གཞོམ་མོ། །སྐབས་འདིར་དམར་ནག་གཉིས་ཀའི་དཀྱིལ་ཆོག་ལས། སླར་དེ་རྣམས་ཡང་དག་པར་བསྲུངས་ལ་སྡོམ་པ་འཛིན་དུ་གཞུག་སྟེ། འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །དམ་པ་བདག་ལ་སྩལ་ནས་ནི། ། 10-15-20b མགོན་པོ་འཁོར་ལོ་ལྷ་དག་གི། དེ་ཉིད་སློབ་དཔོན་འཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་རྟག་ཏུ་ནི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །སློབ་དཔོན་བདག་འགྱུར་གསུང་དུ་གསོལ། །ཞེས་བརྗོད་དུ་བཅུག་ནས་རིགས་ ལྔའི་སྡོམ་པ་གཟུང་བར་གསུངས་ཏེ། དམར་ནག་གི་བཅུ་གསུམ་མ་གཉིས་ཀ་ལ་དེ་ལྟར་བྱའོ། །བུམ་པ་ལྷག་གནས་དང་སློབ་མ་ལྷག་གནས་ནི། དམར་ནག་གི་དཀྱིལ་ཆོག་གཉིས་ཀ་ལས་དཀྱིལ་འཁོར་བྲིས་ཏེ། བསྒྲུབས་ཤིང་མཆོད་བསྟོད་སོགས་ བྱས་པའི་འོག་ཏུ་བྱེད་པར་གསུངས་པ་ལྟར་བྱས་ཀྱང་ཆོག་མོད་ཀྱང༌། བླ་མ་གོང་མ་རྣམས་ཀྱིས་དེ་གཉིས་སྟ་གོན་གྱི་སྐབས་སུ་མཛད་པ་ལྟར་ཡང་མི་འགལ་བས་དེ་བཞིན་དུ་བཀོད་དོ། །གསུམ་པ་ལ་གསུམ། ཡེ་ཐིག་གདབ་ཅིང་ཚོན་དགྱེ་བ་དང༌། བུམ་ པ་དགོད་ཅིང་དཀྱིལ་འཁོར་བརྒྱན་པ་དང༌། བསྒྲུབས་ཤིང་མཆོད་ནས་དབང་བསྐུར་བའོ། །དང་པོ་ལ་གཉིས། ཡེ་ཐིག་གདབ་པ་དང༌། མཚོན་དགྱེ་བའི་ཆོ་གའོ། །དང་པོ་ལ་གཉིས། ཡེ་ཐིག་འདུ་བྱ་བ་དང༌། འདེབས་པའི་རིམ་པ་གཤེགས་གསོལ་དང་ བཅས་པའོ། །དང་པོ་ནི། སྒྲུབ་ཐབས་སྒོམ་པ་སྔོན་དུ་བཏང་ནས་སྔར་བཤད་པ་ལྟར་གྱི་ཐིག་སྐུད་དཀར་པོ་ལྔ་ཚན་ལྔ་སྣོད་ལྔར་བཞག་ལ་ཡུངས་ཀར་གྱི་ཕྱེ་མ་དང་བདུད་རྩི་ལྔ་དང་དྲི་ཞིམ་པོ་བསྲེས་པའི་ཚོན་སྣ་ལྔས་སྐུད་པ་རྣམས་སོ་སོར་ཁ་བསྒྱུར། ཐིག་སྐུད་ནག་པོ་ཡ་ལས་ཞེ་སྡང་གཤིན་རྗེ་གཤེད་དང༌། དཀར་པོ་ཀྵེ་ལས་གཏི་མུག་གཤིན་རྗེ་གཤེད་དང༌། སེར་པོ་མ་ལས་ཕྲ་མ་གཤིན་རྗེ་གཤེད་དང༌། དམར་པོ་མེ་ལས་འདོད་ཆགས་གཤིན་རྗེ་གཤེད་དང༌། ལྗང་གུ་ད་ལས་ཕྲག་དོག་གཤིན་ 10-15-21a རྗེ་གཤེད་དུ་བསྐྱེད་ལ། ས་བོན་དེ་རྣམས་བཟླས་ཏེ་སྣོད་གཙང་མར་བཞག། །སློབ་དཔོན་རང་གཙོ་བོར་གསལ་བས་སློབ་མ་རལ་གྲི་གཤིན་རྗེ་གཤེད་དུ་བསྐྱེད་པ་ལ་བྱིན་ལ་ལག་པ་གཡོན་པའི་སོར་མོའི་རྩེ་མོ་ནས་མཐེ་བོའི་རྩ་བའི་བར་དུ་ ནག་དཀར་དམར་སེར་ལྗང་བའི་རིམ་པས་བཀོད་ནས་བརྐྱངས་ལ། སྔར་ནམ་མཁར་བཞུགས་སུ་གསོལ་བའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར། ཡ་ཀྵེ་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཟེར་ལྔའི་རང་བཞིན་ཅན་རྣམས་ བལྟས་ལ། ཨོཾ་ཨཱ་པྲ་ཡཙྪ་མོ་ཧ་ཀཱ་ལ་ཨ་རི་སྭཱ་ཙཀྲ་སཱུ་ཏྲ་ཎ་ཡེ་ཧཱུཾ་ཞེས་དང༌། མོ་ཧའི་གནས་སུ་བི་ཤུ་ན་དང༌། རཱ་ག་དང༌། ཨིརྴྱ་དང༌། དྭེ་ཥ་རྣམས་བཅུག་ལ་གཏི་མུག་དང་སེར་སྣ་དང་འདོད་ཆགས་དང་ཕྲག་དོག་དང་ཞེ་སྡང་གཤིན་རྗེ་གཤེད་ཀྱི་ བར་དུ་གསོལ་བ་གདབ། དེ་ནས་རང་གི་མིག་གཉིས་སུ་ཡི་གེ་ཛཿ ལས་ཉི་མ་དང་ཟླ་བ་སེར་པོར་བསྐྱེད། ཨོཾ་དིཔྟ་དྲིཥྚ་ཨཾ་ཀུ་ཤ་ཛཿཞེས་བརྗོད་ཅིང་མྱུར་དུ་མིག་གི་རྫི་མ་འདེགས་ཤིང་རྡེབས་པའི་འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་བཀུག་ པའི་ཡེ་ཤེས་ཀྱི་ཐིག་རང་རང་གི་མདོག་ཅན་གྱི་ས་བོན་གྱི་ཡི་གེའི་གཟུགས་རིགས་ལྔའི་ཐུགས་ཀ་ནས་བཏང་བ་ལག་པའི་ཐིག་སྐུད་སོ་སོ་ལ་ཐིམ་པར་བསྒོམ་ལ། ཨོཾ་ཨཱཿཨ་རྱོ་ནྱ་ཨ་ནུ་ག་ཏཱ། སརྦ་དྷརྨ་སྤ་ར་སྤ་ར། ཨ་ནུ་པྲ་བིཥྚ་སརྦ་དྷརྨ། ཨ་ཏྱནྣ་ཨ་ནུ་པྲ་བིཥྜཱཿ སརྦ་དྷརྨ། ཨོཾ་ཨཱཿཧཱུཾ་ཞེས་ཟློས་ཤིང་དང་པོ་ལྔ་ལྔར་བསྒྲིལ། དེ་ནས་ལྔ་པོ་གཅིག་ཏུ་བསྒྲིལ་ཏེ་ཚད་ནི་སྔར་དང་འདྲའོ། །དེ་ནས་ལས་ཐམས་ཅད་པ་གང་ཡིན་དུ་བསྐྱེད་པའི་སྐོར་རྣམས་མ་གཏོགས་པ་དྲི་ཞིམ་པའི་ 10-15-21b ཆུ་དང་བདུད་རྩི་ལྔ་ཞེས་པ་ནས་ལྷག་གནས་བྱའོ་ཞེས་པའི་བར་སྔར་བཤད་པ་བཞིན་བྱའོ། །གཉིས་པ་ནི། དཀྱིལ་འཁོར་གྱིས་ས་ལ་སྔར་གྱི་སྔགས་དང་བུམ་པ་ཐམས་ཅད་ཀྱི་ཆུས་བསངས་ཏེ། གཙང་མར་བྱ་བ་ནས་མཆོད་བསྟོད་ཀྱི་བར་དང༌། སློབ་དཔོན་ནུབ་ དང་ཞེས་པ་ནས་ལྟེ་བར་བཟུང་ལ་ཞེས་པའི་བར་རྣམས་སྔར་བཤད་པ་བཞིན་བྱ། གཉིས་ཀའི་ལྟེ་བའི་ཐད་ཀའི་བར་སྣང་ལ་ཐིག་སྐུད་བརྐྱང་ནས། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོང་མཛུབ་མོས་ཐིག་སྐུད་བཟུང་ནས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་ མ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད་ཅིང༌། ནམ་མཁའ་ལ་གདབ་ལ་སེ་གོལ་གྱི་སྒྲ་བྱའོ། །ཐིག་གི་སྒྲས། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་སྦྱོན་ཅིག །ཅེས་བརྗོད་པས་ནམ་མཁའ་ཁྱབ་པའི་སངས་རྒྱས་རྣམས་བསྐུལ་ནས་བྱོན་ཏེ་ཐིག་སྐུད་ལ་ཐིམ་ པར་བསམ་མོ། །དེ་ནས་དེ་མ་ཐག་དཔོན་སློབ་གཉིས་ཀའི་ལག་པ་མཉམ་པོར་སྨད་ནས་སྡོད་པའི་རྐང་སྟབས་སྔར་བཞིན་བྱས་ཏེ། འོད་ཟེར་འཕྲེང་བའི་མཐའ་ནས་མཐའི་བར་དུ་ཚངས་ཐིག་དང་པོ་དད་བ་སྟེ། དེའི་ཚེའང་ཐིག་གི་སྒྲས་སངས་རྒྱས་རྣམས་བསྐུལ་ ཏེ་བྱོན་ནས་ཐིག་སྐུད་ལ་ཐིམ་ཞིང༌། ངོ་བོ་ཡེ་ཤེས་ལ་རྣམ་པ་སྲད་བུ་ཁ་དོག་ལྔར་སྣང་བའི་ཐིག་སྐུད་རེ་ཆད་ནས་ལས་ཐིག་ལ་ཐིམ་པར་བསམ་མོ། །དེ་ནས་སྔར་བཤད་པ་བཞིན་རྐང་པ་བྱིན་གྱིས་བརླབས་ཏེ་སོང་ནས་ལྷོ་བྱང་གི་ནམ་མཁའ་ལ་གདབ་པ་དང༌། ས་ལ་ཚངས་ཐིག་གཉིས་པ་གདབ་པ་དང་པོ་བཞིན་བྱ། དེ་ནས་ནམ་མཁའ་ལ་འདེབས་པ་མ་གཏོགས་པ་སྐོར་ཕྱོགས་ལ་སོགས་པ་སྔར་བཞིན་བྱ་ཞིང༌། ཐིག་ལྷག་མ་རྣམས་ཀྱང་ལས་ཐིག་བཞིན་གདབ་ལ་བྱིན་གྱིས་རློབ་པའི་དམིགས་པ་དང་པོ་བཞིན་ 10-15-22a བྱའོ། །ཐིག་སྐུད་འཛིན་པའི་དམིགས་བསལ་དང་ཐིག་སྐུད་ཀྱི་ལྟས་རྟོག་པ་ནི་སྔར་དང་འདྲའོ། །ཐིག་ཐེབས་པ་ན་ཐིག་སྐུད་ལ་མཆོད་གཏོར་དབུལ་བ་སྔོན་དུ་འགྲོ་བས་ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་ཐིག་སྐུད་ནམ་མཁར་བཞུགས་པའི་ རྒྱལ་བ་རྣམས་ཀྱི་ཐུགས་ཀར་གཤིགས་ལ། ཚོན་སྣ་ལྔའི་སྐུད་པ་གནས་ཇི་ལྟ་བར་བཞག་གོ། ཡེ་ཐིག་ཐེབས་ནས་ཐིག་ལ་འགོམ་དགོས་པ་དང་ཚོན་བྱིན་རླབས་ཅན་ལ་འགོམ་དགོས་པ་བྱུང་ན། ཨོཾ་བཛྲ་བེ་ག་ཨཱ་ཀྲ་མ་ཧཱུཾ་ཞེས་ངག་ཏུ་བརྗོད་ལ་ཡིད་ ཀྱིས་ཡེ་ཤེས་ཀྱི་ཐིག་ཚོན་ནམ་མཁའ་ལ་བཏེག་ནས་བྱ་ཞིང་རྗེས་སུ་ཕབ་ལ་བསྟིམ་མོ། །གཉིས་པ་ལ་གསུམ། ཚོན་རྩི་བྱིན་གྱིས་བརླབ་པ། ཚོན་གྱིས་རྟེན་གྱི་དཀྱིལ་འཁོར་འདྲི་བ། དེ་ལ་ཕྱག་རྒྱ་དགོད་པའོ། །དང་པོ་ནི། ཚོན་སྔོན་པོ་དབུས་དང༌། དཀར་ པོ་ཤར་དང་སེར་པོ་ལྷོ་དང་དམར་པོ་ནུབ་དང་ལྗང་གུ་བྱང་དུ་སྣོད་གསར་པ་རྣམས་སུ་སོ་སོར་བཀོད་ལ། ཡ་ཀྵེ་ལ་སོགས་པའི་ཡི་གེ་ལྔ་འདྲི་བསང་སྦྱང་སྔོན་དུ་འགྲོ་བས་ཡ་ཀྵེ་ལ་སོགས་པའི་ས་བོན་ལས། གཤིན་རྗེ་གཤེད་རིགས་ལྔར་བསྐྱེད། ནམ་ མཁར་བཀོད་པའི་རིགས་ལྔའི་ཐུགས་ཀར་རིགས་ལྔ་སོ་སོའི་ས་བོན་ལས་གྲུབ་པའི་ཡེ་ཤེས་ཀྱི་ཚོན་རྣམས་སྔར་བཤད་པ་བཞིན་འབར་བའི་ལྟ་སྟངས་ཀྱིས་བཀུག་སྟེ་བཅུག་པས་ཡེ་ཤེས་ཀྱི་རྡུལ་ཚོན་དང་རོ་གཅིག་ཏུ་གྱུར་པར་བསམས་ལ། རྡུལ་ཚོན་རྣམས་གཟི་བརྗིད་བསྐྱེད་དེ་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་ཀྱིས་བསྔག་གོ། རྡུལ་ཚོན་རྣམས་ལ་ཧི་ཡིག་བཀོད་ནས་བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ 10-15-22b ནི་སེམས་ཅན་ལ་ཆགས་པ་དང་རྗེས་སུ་ཆགས་པར་འགྱུར་བའི་བདེན་པ་དེས། རྡུལ་ཚོན་རྣམས་འབར་བར་གྱུར་ཅིག་ཅེས་བདེན་པའི་བྱིན་རླབས་ཀྱིས་སྦར་ལ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་དོ། །གཉིས་པ་ནི། རང་ཉིད་ཁམས་གསུམ་རྣམ་རྒྱལ་གྱི་ང་རྒྱལ་ གྱིས། རྡོར་དྲིལ་བཟུང་བའི་ལག་པ་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་ལྕགས་ཀྱུ་བཞིན་བྱས་ཏེ། ཕན་ཚུན་འཁྱུད་པ་སྐམ་པའི་ཕྱག་རྒྱས་ཨོཾ་ཀཱི་ལ་ཨུད་ཀཱི་ལ་ཡ་སརྦ་བིགྷྣཱན་བཛྲ་དྷ་ར་ཡ་ཨཱཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧོཿ ཞེས་བཟླས་ཏེ་ཕུར་བུ་ཕྱུང་ལ་དེ་བཏོན་པའི་ཤུལ་ཚོན་ སྣ་ལྔས་དགང་ལ་མཉམ་པར་བྱ། བསམ་གཏན་གྱིས་བཏབ་ནས་ཕྱུང་བར་མོས་པ་ཡིན་ནའང་བཀང་བར་མོས་པས་ཆོག་གོ། གཙོ་བོ་གང་ཡིན་གྱི་རྣམ་པར་དག་པའི་ང་རྒྱལ་བརྟན་པར་བྱས་ལ་དྲིལ་བུ་གསིལ་ཞིང༌། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ ཅན་ཁམས་ནི་རབ་གྲོལ་མཛད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །འཁོར་ལོའི་ནང་དུ་ཡང་དག་གནས། །ཞེས་པ་རྡོ་རྗེའི་གླུས་ཆོས་དབྱིངས་རྣམ་པར་དག་པར་མོས་ནས་ཚོན་འགྱེད་ པའི་མཚན་མ་ངན་པའི་སྐྱོན་རྣམས་བསལ་བར་བྱས་ལ་དཀྱིལ་འཁོར་གྱི་ནང་དུ་འདུག་སྟེ་ལག་པ་གཡས་པས་རྡོ་རྗེ་གཟུང་ཞིང༌། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་དབང་ལྡན་ནས་བརྩམས་ཏེ། རྩིག་པ་ལྔ་ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་ བ། ཞེང་ཚད་སྒོའི་ཉི་ཤུ་ཆ་དཔངས་མཐེའུ་ཆུང་གི་ཚད་དང༌། སྲིད་དུ་སོར་བཅུ་གཉིས་ཀྱི་ཚད་གཡས་སྐོར་གྱིས་ཕྱི་ནས་རིམ་པ་བཞིན། ཨོཾ་ཨཱཿཧཱུཾ་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བརྗོད་ཅིང་དྲང་པོར་འདྲིའོ། །སྔར་བཤད་པ་ལས་རེ་ཁཱ་སྦོམ་ཕར་བྲིས་ 10-15-23a ན་ནད་སྐྱེད། ཕྲས་ན་ནོར་ཉམས། དམའ་ན་དངོས་གྲུབ་མི་འགྲུབ། ཡོན་གདུང་བ་བསྐྱེད། ཆད་ན་བླ་མ་དང་སློབ་མ་འཆི། གཡས་སྐོར་མིན་པར་བགྱེ་ན་དངོས་གྲུབ་མི་འགྲུབ། རྡུལ་ཚོན་འདྲེས་ན་རིགས་བརྒྱུད་འཆད་པར་གསུངས་པས་ སྐྱོན་དེ་དག་དང་བྲལ་བར་འདྲིའོ། །སློབ་དཔོན་གྱིས་རྫོགས་པར་འདྲི་མི་ནུས་ན་སྔར་གྱི་ཚད་ཙམ་ཞིག་བྲིས་ལ། ཕྱི་ནས་རི་མོ་མཁན་ལ་སོགས་པས་ཅི་བདེར་འདྲི། རྡོ་རྗེ་ཁུ་ཚུར་གྱིས་འདྲི་མ་ནུས་ན་ཐིག་སྐུད་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བ་ལ་ དམིགས་བསལ་གསུངས་པའི་རིགས་པ་སྦྱར་དུ་རུང་བ་འདྲའོ། །ཚོན་ས་ནི་དཀྱིལ་འཁོར་གྱིས་གཞིའི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བ་སྟེ། གཤེད་དམར་ལ་དབུས་ཀྱི་གཙོ་བོ་ཁ་དོག་དམར་པོ་ཡིན་ཡང༌། མི་བསྐྱོད་པའི་རིགས་ཀྱི་ དབང་གིས་དབུས་ཀྱི་ས་སྔོན་པོའོ། །དམར་ནག་གཉིས་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བ་སྔོན་པོ། རྭ་རྣམས་ཕྱོགས་མདོག། །འཇིགས་བྱེད་ལ་དབུས་ཀྱི་རེའུ་མིག་སྔོན་པོ་དེའི་མཐའ་སྐོར་གྱི་སྣམ་བུ་ནི་སྔོན་པོ་ལ་རྡོ་རྗེའི་འཕྲེང་བ་ཅན། ནང་གི་རྡོར་འཕྲེང་ ཟླུམ་པོ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐའི་རྡོར་འཕྲེང་གྲུ་བཞི་པ་གཉིས་དང༌། ཕྱིའི་རྡོར་འཕྲེང་ཟླུམ་པོ་རྣམས་ལ་ནང་གི་ལ་ནི་གཞི་སྔོན་པོའམ་ནག་པོ་ལ་རྡོ་རྗེ་རྩེ་གསུམ་པ་དང༌། ཕྱིའི་ལ་གཞི་ཁ་དོག་སྣ་ཚོགས་པ་ལ་རྡོ་རྗེ་རྩེ་གསུམ་པའམ་ལྔ་ པའམ་སྣ་ཚོགས་རྡོ་རྗེ་སྟེ། ཁ་དོག་ནི་ནག་སེར་དཀར་པོ་གང་རུང་ངོ༌། །གློ་སོ་སོར་ཆ་ཆུང་བཞི་བཞི་དོར་ནས་བུམ་པ་སེར་པོ་ཆ་ཆུང་བཞི་པ་གཉིས་གཉིས་སོ། །འདོད་སྣམ་དམར་པོ་ལ་མཆོད་པའི་ལྷ་མོ་དུ་མ་དང་ལྡན་པ། ཕ་གུའི་གཞི་དམར་པོ་ལ་ 10-15-23b རིན་པོ་ཆེ་ཟུར་གསུམ་དང་གྲུ་བཞི་སོགས་ཀྱིས་སྤྲས་པ། དྲ་བ་དྲ་ཕྱེད་ཀྱི་གཞི་ནག་པོ་ལ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་མུ་ཏིག་གི་དོ་ཤལ་སྐུད་པ་དམར་པོ་ལ་བརྒྱུས་པ། གློ་གཉིས་དང་སྟེང་འོག་ཏུ་གསེར་གྱིས་བཅིངས་པའི་ནོར་བུ་དབུས་ན་ཡོད་པ། དེའི་ནང་དུ་ཁ་ཅིག་ ལ་ནི་པདྨ་དང་ཟླ་ཚེས་དང་རྡོ་རྗེ་ཕྱེད་པས་བརྒྱན་པའི་ཉི་མ། ཁ་ཅིག་ལ་ནི་རིན་པོ་ཆེ། ཁ་གཅིག་ལ་ནི་པདྨ་ལ་གནས་པའི་རྡོ་རྗེ། དོ་ཤལ་གྱི་གློ་གཉིས་སུ་དེ་ལས་ཅུང་ཟད་ཐུང་བར་འཕྱང་བའི་རིན་པོ་ཆེའི་ཕྲེང་བའི་དོ་ཤལ་ཕྱེད་པ། དྲང་ཞིང་རྩེ་མོ་ལ་གསེར་གྱིས་བསྡམས་ པའི་ནོར་བུ་སྦོམ་པོ་དང་ལྡན་པས་མཛེས་པ་དང༌། ཁ་ཅིག་ཏུ་རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་དང༌། དྲིལ་བུའི་མཐར་ནང་དུ་རྔ་ཡབ་འཕྱང་བའོ། །ཤར་བུ་དང་མདའ་ཡབ་ཀྱི་གཞི་ནག་པོ་ལ་ཤར་བུ་དཀར་པོ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་དཀར་པོ། རྟ་ བབས་ཀྱི་ཀ་བ་དང་གླང་རྒྱབ་ཀྱི་ནང་རྣམས་ཕྱོགས་མདོག། །གླང་རྒྱབ་ཀྱི་ཆ་ཆུང་ཕྱེད་པ་ལ་རིན་པོ་ཆེ་ལ་སོགས་པ་འདྲི་ཞིང༌། རྣམ་པར་བཀྲ་བའི་བླ་བྲེ་དང་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ། སྣམ་བུ་བཅུ་གཅིག་གི་གསེར་སྣམ་སེར་པོ། རིན་པོ་ཆེ་ནི་ཕ་གུ་ བཞིན་རྨིག་པ་དང་བ་རནྡྲ་མཛེས་མཚོན། མུན་པ་གཉིས་ནག་པོ། ཤར་བུ་དང་མདའ་ཡབ་སྔར་བཞིན། དེའི་སྣམ་བུའི་དབུས་སུ་པད་ཟླའི་གདན་ལ་འཁོར་ལོ་སེར་པོ་རྩིབས་བརྒྱད་པ། དེའི་གཡས་གཡོན་ཆ་ཆུང་ཕྱེད་ན་རི་དྭགས་ཕོ་མོ་སེར་པོ། ཆ་ཆུང་ གཅིག་ཏུ་མགྲིན་པ་དང་བཅས་པའི་གདོང་འགྲེང་ཞིང༌། མིག་འཁོར་ལོའི་རྩེ་མོ་ལ་བལྟ་བ། དེ་གཉིས་ཀྱི་ཕྱི་ངོས་སུ་མདའ་ཡབ་གཉིས་གཉིས། ཕྱིའི་སྣ་ཚོགས་རྡོ་རྗེའི་རྭ་དབུས་མ་རྣམས་ཕྱོགས་མདོག། །གཡས་གཡོན་གྱི་རྭ་གཉིས་ནི་དེའི་གློའི་དེ་བཞིན་ 10-15-24a གཤེགས་པའི་མདོག་སྟེ་ཇི་ལྟར་རིགས་པར་རོ། །རྭ་ལྔ་པ་ལ་ནི་རྭ་གཞན་གཉིས་དེ་ལས་གཞན་པ་དང་དབུས་ཀྱི་རྒྱལ་བའི་མདོག་སྟེ་ཇི་ལྟར་རིགས་པར་རོ། །ཡང་ན་ཕྱོགས་རེའི་སྣ་ཚོགས་རྡོ་རྗེའི་རྭ་ཐམས་ཅད་རང་ཕྱོགས་ཀྱི་རྒྱལ་བའི་མདོག་ ཏུ་བྱའོ། །པདྨའི་ལྟེ་བ་ལྗང་གེ་སར་སེར་འདབ་མ་སྣ་ཚོགས། དེའི་གཞི་དམར་སྐྱ་ཕྱིའི་རེ་ཁཱ་དཀར་པོ། འོད་ཟེར་གྱི་ཕྲེང་བ་ནི་ཁ་དོག་སྣ་ལྔ་པ་སྟེ་དེའི་མཐར་ཚོན་གྱི་རེ་ཁཱ་མི་བྱའོ། །གསུམ་པ་ནི། དེ་ནས་ལྷའི་མཚན་མ་དགོད་པ་ནི། ལྷ་ཐམས་ཅད་དང་ཐོད་པའི་ གནས་སུ་སྣ་ཚོགས་པདྨ་དང་དབུས་དང་ནང་གི་ཕྱོགས་གསུམ་དང་སྒོ་བཞིར་ཉི་མའི་གདན། ནང་གི་ཤར་དང་ནང་གི་གྲྭ་བཞི་དང༌། ཕྱིའི་གྲྭ་བཞིར་ཟླ་བའི་གདན་དང༌། འཇིགས་བྱེད་ལ་དབུས་སུ་རྡོ་རྗེ། གཤེད་དམར་ལ་དབུས་སུ་རྡོ་རྗེའི་གཡུག་པ་དཀར་པོ་ མི་མགོ་རློན་པ་སེར་པོས་མཚན་པ། དགྲ་ནག་ལ་དབུས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ལྷ་ལྷག་མ་རྣམས་ལ་ནང་གི་ཤར་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། ལྷོར་རིན་པོ་ཆེ་ལྗང་གུ་ཆ་དགུ་པ། ནུབ་ཏུ་པདྨ་དམར་པོ་འདབ་མ་བརྒྱད་པ། བྱང་དུ་རལ་གྲི་ལྗང་ གུ། ནང་གི་ཤར་ལྷོར་འཁོར་ལོ། ལྷོ་ནུབ་ཏུ་རྡོ་རྗེ་ནུབ་བྱང་དུ་པདྨ་བྱང་ཤར་དུ་རལ་གྲི་རྣམས་སྔར་བཞིན་བྱ། ཤར་སྒོར་རྡོ་རྗེ་རྒྱ་གྲམ་ཕྱོགས་རེ་རེར་རྩེ་མོ་ལྔ་ལྔ་པས་མགོ་བོ་བྱས་པའི་ཐོ་བ་སྔོན་པོ། ལྷོ་སྒོར་དབྱུག་པ་དཀར་པོ། ནུབ་སྒོར་པདྨ་དམར་ པོ། བྱང་སྒོར་རལ་གྲི་ལྗང་གུའོ། །མཚན་མ་རྣམས་རང་རང་གི་རྒྱབ་ངོས་སུ་མགོ་བསྟན་པ། ཕྱིའི་གྲྭ་བཞིར་ཐོད་པ་བདུད་རྩིས་གང་བ་བཞི་དཔྲལ་བ་མདུན་ངོས་སུ་བསྟན་པ་འདྲིའོ། །དེ་ལྟར་དཀྱིལ་འཁོར་བྲིས་ཟིན་པ་དང༌། ཚོན་ལྷག་མ་རྣམས་བསྡུས་ 10-15-24b ཏེ་མཆོད་ལ། ཡེ་ཤེས་པ་ནམ་མཁའི་ལྷའི་ཐུགས་ཀར་གཤེགས། སྡིག་པ་བདག་ལ་བསྡུས་ཏེ། ཚོན་གནས་ཇི་ལྟ་བར་བཞག་གོ། །གཉིས་པ་ནི། དེ་ནས་བུམ་པ་རྒྱས་པར་ཡོད་ན་སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་སྤོས་ཀྱིས་སྣ་དྲངས་ནས་རོལ་མོའི་ཆ་ བྱད་སྣ་ཚོགས་པ་དང་བཅས་པས། དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ་གཡས་སྐོར་དུ་དགོད་པར་བྱའོ། །དེའང་གཙོ་བོའི་བུམ་པ་ཤར་སྒོའི་གཡས་སུ་དགོད། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་ལྷ་སོ་སོའི་བུམ་པ་རྣམས་རང་རང་གི་ཕྱོགས་དང་ མཚམས་སོ་སོར་དགོད། ལས་བུམ་བྱང་ཤར་དུ་དགོད། བུམ་པ་གཉིས་ལས་མེད་ནའང་རྣམ་རྒྱལ་གྱི་བུམ་པ་ཤར་སྒོའི་གཡས་དང་། ལས་བུམ་གཡོན་དུ་དགོད་དེ་ནས་དཀྱིལ་འཁོར་གྱི་མཐའ་ཀུན་ཏུ་དྲིས་བྱུགས། མེ་ཏོག་སིལ་མ་དགྲམ་ལ། སྤོས་ཕོར་ བརྒྱད་དང་གོས་ཟུང་དང༌། གདུགས་དང་རྒྱལ་མཚན་ལ་སོགས་པ་མང་དུ་དགྲམ། ཉུང་ནའང་མཆོད་པ་རེ་རེ་ཞིང་བཅུ་བས་མི་ཉུང་བ་རྣམས་ཧཱུཾ་དང་གཙོ་བོའི་སྔགས་བཟླས་ལ། ཨོཾ་བཛྲ་སྥ་ར་ཎ་ཁཾ་ཞེས་བརྗོད་དེ་དགྲམ་པར་བྱའོ། །གསུམ་པ་ལ་གསུམ། དཀྱིལ་ འཁོར་བསྒྲུབ་པ། དཀྱིལ་འཁོར་མཆོད་བསྟོད་སོགས་བྱ་བ། དབང་བསྐུར་བའོ། །དང་པོ་ནི། བོད་ཀྱི་བླ་མ་རྣམས་ལ་བདག་མདུན་ཐ་དད་དུ་བྱས་ནས་སྒྲུབ་པ་དང༌། ཐ་མི་དད་དུ་བྱས་ནས་སྒྲུབ་པའི་ཚུལ་གཉིས་ཡོད་ཀྱང༌། ནག་པོའི་དཀྱིལ་ཆོག་ལས། སངས་རྒྱས་འཁོར་ ལོའི་དབུས་ན་གནས་པའི་རྣལ་འབྱོར་པ་རང་དང་མཚུངས་པའི་ཡན་ལག་དང་ལྡན་པས། སངས་རྒྱས་རྣམས་ཀྱི་བདག་ཉིད་དུ་གནས་ལ་ཞེས་དཀྱིལ་འཁོར་སྒྲུབ་པའི་སྐབས་སུ་སྒྲུབ་པ་པོ་དབུས་ན་གནས་པར་གསུངས་པས། བདག་མདུན་ཐ་མི་དད་དུ་སྒྲུབ་པར་བསྟན་ལ། རང་དང་མཚུངས་པའི་ཡན་ལག་དང་ལྡན་པ་ཞེས་པས་ 10-15-25a དགྲ་ནག་ལ་གཙོ་བོ་དང་མཚུངས་པའི་ཡུམ་བྱེད་པར་ཡང་བསྟན་ཏེ། ཡན་ལག་ནི་འདིར་ཤེས་རབ་མའི་མིང་ངོ༌། །གྲུབ་ཆེན་གྱི་དགོངས་པ་ལུགས་ཕྱི་མ་ལྟར་ཡིན་པས་དེའི་ལུགས་བཤད་ན། བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་མོས་ནས་བྲིས་པའི་དཀྱིལ་འཁོར་ ལས་ཐམས་ཅད་པའི་སྔགས་ཀྱིས་བསངས་སྟོང་པ་ཉིད་དུ་བསྒོམས་ནས་གཞལ་ཡས་ཁང་གདན་བཅས་སྐྱེད་པ་སོགས་སྒྲུབ་ཐབས་བཞིན་དུ་བྱས་ལ། རང་ཉིད་སོ་སོའི་གཙོ་བོ་ཡབ་ཡུམ་དུ་རྫོགས་པར་བསྐྱེད་པའི་བར་སྒྲུབ་ཐབས་བཞིན་བྱ། དེ་ནས་ ཡབ་ཡུམ་གྱི་གསང་གནས་བྱིན་གྱིས་བརླབས་ཏེ་སྙོམས་པར་ཞུགས་ཤིང༌། ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་བཀུག་ནས། རང་གི་ཞལ་དུ་ཞུགས་ཐུགས་ཀར་འོད་དུ་ཞུ་བ་རྡོ་རྗེའི་ལམ་ནས་ ཡུམ་གྱི་པདྨར་ཞུགས་པའི་ཐིག་ལེ་ཆ་གཅིག་ཡའམ་བྷྲུཾ་དུ་གྱུར་པ་ལས། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། ཐིག་ལེ་ཆ་གཅིག་གདན་རྣམས་ཀྱི་སྟེང་དུ་ཆ་བཅུ་བདུན་དུ་གྱུར་པ་ལས། ཡ་ཀྵེ་ལ་སོགས་པའི་ས་བོན་བཅུ་བདུན་དུ་གྱུར། དེ་རྣམས་ ཡོངས་སུ་གྱུར་པ་ལས་འཇིགས་བྱེད་ལ་གྲི་གུག་གམ་རྡོ་རྗེ། གཞན་རྣམས་སོ་སོའི་སྒྲུབ་ཐབས་བཞིན་བྱ། ལྷ་རེ་རེ་ཞིང་རང་རང་གི་སྔགས་ཀྱིས་གཞལ་ཡས་ཁང་གི་བར་རིམ་པ་བཞིན་ཕྱུང་བ་ནམ་མཁའ་ཁྱབ་པར་སྤྲོས་ཏེ་རང་རང་གི་མཛད་པ་མཛད་ ནས་སྤྲུལ་པ་རྣམས་གཅིག་ཏུ་འདུས་པ་རྣམས་སླར་བྱོན་ཏེ། དཀྱིལ་འཁོར་ལ་མཚན་མ་བཀོད་པའི་གནས་སུ་མཚན་མ་རྣམས་དང་ངོ་བོ་དབྱེར་མེད་དུ་གྱུར་ཏེ་བཞུགས་པར་བསམ་མོ། །དེ་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ 10-15-25b པ་དང༌། དབང་བསྐུར་བ་རྣམས་རང་རང་གི་སྒྲུབ་ཐབས་བཞིན་བྱ། དེ་ནས་ཡེ་ཤེས་པ་སྤྱན་དྲངས་བགེགས་བསྐྲད་དེ་མཆོད་ལ། སྒོ་བ་བཞིའི་སྔགས་རྒྱས་དགུག་གཞུག་བཅིང་མཉེས་སོ་སོའི་སྒྲུབ་ཐབས་བཞིན་བྱ་སྟེ། འདི་ལ་དཀྱིལ་ཆོག་གི་གཞུང་ ལས་དངོས་སུ་གསུངས་པ་ནི་གཉིས་བསྲེས་ལས་མེད་ཀྱང༌། སྔར་སྟ་གོན་གྱི་སྐབས་སུ་ནམ་མཁར་བཏེག་པའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བསྲེས་པས་བཞི་བསྲེས་སུ་འགྱུར་རོ། །དཀྱིལ་ཆོག་གཉིས་ལས་མཚན་མ་ལྷར་བསྐྱེད་པར་མ་བཤད་ཅིང༌། མངལ་དུ་ལྷ་ བསྐྱེད་པ་ཕྱུང་སྟེ་དཀྱིལ་འཁོར་ལ་བཀོད་པ་ལས་ལོགས་སུ་ཡེ་ཤེས་པ་གཞུག་པ་མ་གསུངས་པས་སྔ་མ་དམ་ཚིག་པར་བྱ་དགོས་ཤིང༌། དེ་ལྟ་ན་དཀྱིལ་འཁོར་གྱི་མཚན་མ་རྣམས་ལྷར་བསྐྱེད་པ་མེད་པས་དམ་ཚིག་པའི་ལྷ་དང་མཚན་མ་ངོ་བོ་དབྱེར་མེད་དུ་མོས་པར་བྱའོ། །གཉིས་པ་ནི། རང་གཙོ་བོ་ལས་གཙོ་བོ་གཉིས་པར་ བྱེ་ནས་མཆོད་པ་རྣམས་བསངས་སྦྱངས་བསྐྱེད་དེ་བྱིན་གྱིས་བརླབས་ལ། ཆུ་རྣམས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད་པར་བྱ་སྟེ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ན། །བཞེས་ཏེ་ བདག་ལ་དགྱེས་པར་མཛོད། །ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སད་ཀཱ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། སྔར་གྱི་ཚིགས་བཅད་ཀྱི་ཡོན་ཆབ་ཀྱི་གནས་སུ་ཞབས་བསིལ་སོགས་དང༌། ཨརྒྷཾ་གྱི་གནས་སུ་པཱ་དྱཾ་སོགས་བཅུག་ནས་ཞབས་བསིལ་ལ་སོགས་པ་དབུལ། ཆུ་སྐྱེས་དེ་ བཞིན་ཐང་ལས་སྐྱེས། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་ཞེས་པས་མེ་ཏོག་དང༌། དེ་བཞིན་དུ་ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང༌། །དེ་བཞིན་བདུག་སྤོས་མཆོག་ 10-15-26a འདི་དག །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །ཞེས་པས་བདུག་སྤོས་དང༌། ཞུན་མར་འབྲུ་མར་མར་མེ་འདི། །ལྷ་རྫས་འབར་བ་མུན་པ་འཇོམས། །མི་ཤེས་ཐམས་ཅད་ཞི་བྱའི་ཕྱིར། །བདག་ཉིད་དད་ པས་འབུལ་བར་བགྱི། །ཞེས་པས་མར་མེ་དང༌། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་དག་ནི། །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །ཞེས་པས་དྲི་དང༌། བཟའ་དང་བཅའ་བར་ཡང་དག་ལྡན། །ཁ་དོག་ དྲི་དང་རོར་ལྡན་ཞིང༌། །ཐམས་ཅད་སྦྱར་བའི་ཞལ་ཟས་འདི། །དབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཞེས་པས་ཞལ་ཟས་རྣམས། པུཥྤེའི་གནས་སུ་དྷཱུ་པེ་དང་ཨཱ་ལོ་ཀེ་དང་གནྡྷེ་དང་ནཻ་ཝི་དྱ་རྣམས་བཅུག་ལ་དབུལ་ཞིང་རོལ་མོས་ཀྱང་མཆོད། དེ་བཞིན་དུ་འདོད་ཡོན་ལྔ་དང་རྒྱལ་སྲིད་སྣ་བདུན་གྱིས་མཆོད། དེ་ནས་སྒྲུབ་ཐབས་སོ་སོ་ནས་འབྱུང་བ་བཞིན་གྱི་བསྟོད་པ་དང༌། ཆང་བདུད་རྩིར་བསྐྱེད་པའི་བདུད་རྩི་མྱང་བ་དང༌། ལྷ་སོ་སོའི་སྔགས་བཟླས་པ་དང༌། སོ་སོའི་ལྷའི་རྣལ་འབྱོར་བསྒོམ་པས་ ཀྱང་ལྷ་རྣམས་མཉེས་པར་བྱའོ། །དེ་ནས་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་པའི་གཏོར་མ་དང༌། འཇིག་རྟེན་པ་ཕྱོགས་སྐྱོང་རྣམས་ཀྱི་གཏོར་མ་ནི་འཇིགས་བྱེད་དང་སྒྲ་ནག་གི་སྒྲུབ་ཐབས་སུ་བཤད་པ་བཞིན་དང༌། དམར་པོ་ལ་ནི་དགྲ་ནག་གི་ རིགས་པ་སྦྱར་ཏེ་དབུལ་ལོ། །འདིར་ཕྱི་རོལ་པའི་གཏོར་མ་བྱེད་པ་ལ་མི་རིགས་པ་མེད་མོད་ཀྱང༌། དམར་ནག་གི་དཀྱིལ་ཆོག་གཉིས་ཀ་དང༌། དོན་ཡོད་ཞབས་ཀྱིས་ཀྱང་ཕྱི་རོལ་པའི་གཏོར་མ་མ་བཤད་ཅིང༌། རྭ་ལོ་ཙཱ་བས་ཀྱང་མི་བྱེད་པར་སྣང་བས་མ་བྱས་ཀྱང་ཆོག་གོ། དེ་ནས་ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་ཧཱུཾ་བཞི་པའི་ 10-15-26b སྔགས་ཟློས་ཤིང་མེ་ཏོག་གི་ཕྲེང་བ་བླངས་ཏེ། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་དུ་ཞུགས་པར་མོས་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་ནས་རྡོ་རྗེའི་རྐང་པས་ལྷ་སྣམ་གྱི་སྟེང་ནས་སྐོར་བ་བྱས་པར་བསྒོམས་ལ། དངོས་སུའང་སྐོར་བ་གསུམ་བྱས་ པའི་མཐར་འཁོར་ལོ་ལ་བལྟས་ཏེ། མེ་ཏོག་གི་ཕྲེང་བ་གཙོ་བོ་ལ་དབུལ་ལ། ལྷག་ཆད་ཀྱི་ཉེས་པ་དག་པར་བྱ། ཁྲོ་བོའི་ལྟ་བས་བལྟ་ཞིང་དཀྱིལ་འཁོར་ལ་གཡས་སྐོར་བྱས་ནས་ནུབ་ཏུ་སོང་སྟེ། རྐང་པ་གཡོན་བརྐྱང་དང་ལག་པ་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ བྱས་ལ། ཨོཾ་བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤཱ་ཡ་ཧཱུཾ། ཞེས་བརྗོད་ཅིང་ཕྱག་རྒྱ་དེ་བཀྲོལ་ནས་ཤར་སྒོ་ནང་ནས་ཕྱེ་བར་བསམ། དེ་བཞིན་དུ་བྱང་ཕྱོགས་སུ་གནས་ནས་ལྷོ་སྒོ་དང༌། ཤར་ཕྱོགས་སུ་གནས་ནས་ནུབ་སྒོ་དང༌། ལྷོ་ཕྱོགས་སུ་གནས་ནས་བྱང་སྒོ་ཕྱེ་ བར་བསམས་ལ། ཨོཾ་ས་མ་ཡ་པྲ་བེ་ཤཱ་ཡ་མི་ཞེས་བརྗོད་ནས་མེ་ཏོག་གི་འཕྲེང་བ་ཕུལ་བ་སླར་གར་བྱེད་ཅིང་བླངས་ལ། རང་གི་མགོ་ལ་བཅིངས་ཏེ་དཀྱིལ་འཁོར་ལ་ཕྱག་བྱས་ནས་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐབས་ཀྱི་བཀའ་དྲིན་སྩོལ་ཅིག། །ཅེས་ གསོལ་བ་གདབ་བོ། །གསུམ་པ་ལ་གཉིས། རང་ཉིད་ཞུགས་ནས་གསོལ་བ་གདབ་པ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་ནི། རང་ཉིད་འཇུག་པ་ནི་སྔར་བཞིན་གཙོ་བོ་ལས་ཕྱེ་བ་དེས་ཤར་སྒོ་ནས་འཐོན་པར་མོས་ལ། དཀྱིལ་འཁོར་ལ་མཆོད་ དེ་བླ་མ་དང་གཙོ་བོ་ཐ་མི་དད་དུ་བྱ་ལ། བླ་མའི་བྱ་བ་རྣམས་གཙོ་བོས་མཛད་པར་བསྒོམ། སློབ་མའི་བྱ་བ་རྣམས་རང་གིས་བྱ་བ་ལ་འཆད་པར་འགྱུར་བ་བཞིན་དུ་དཀྱིལ་འཁོར་དུ་ཞུགས་ནས་དབང་ཐམས་ཅད་རྫོགས་པར་བླངས་ལ། སློབ་མ་གཞུག་ 10-15-27a པའི་དོན་དུ་ཐལ་མོ་སྦྱར་ཏེ། འོད་གསལ་བ་ལས་ཡང་དག་འབྱུང༌། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །གཟུགས་བརྙན་གྱི་ནི་དཔེ་ཡང་སྟེ། །དཀྱིལ་འཁོར་ཡང་ནི་དེ་དང་མཚུངས། །བདེན་པ་འདི་ཡིས་སློབ་མ་རྣམས། །ཐུགས་ཀྱི་དཀྱིལ་འཁོར་ དག་ཏུ་གཞུག །འཁོར་ལོ་རྫུ་འཕྲུལ་མ་ལུས་པ། །མཐོང་ན་སྡིག་པ་མཐའ་དག་སྤོང༌། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་སྒྲུབ་བྱེད་པ། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཆོས་ཀྱི་དབྱིངས་ཀྱི་བྱིན་ རླབས་དང༌། །དམ་ཚིག་དྲན་པར་བྱས་པ་ལས། །ཞུགས་པས་དེ་བཞིན་གཤེགས་པ་ཀུན། །ཕུན་སུམ་ཚོགས་པ་ཐམས་ཅད་སྩོལ། །ཞེས་བདེན་སྟོབས་བརྗོད་ལ། དཀྱིལ་འཁོར་ལ་གསོལ་བ་གདབ་པའོ། །གཉིས་པ་ལ་གསུམ། དཀྱིལ་འཁོར་དུ་ གཞུག་པ། ཞུགས་པ་ལ་དབང་བསྐུར་བ། དཀྱིལ་འཁོར་གྱི་མཇུག་གི་ཆོ་གའོ། །དང་པོ་ལ་གཉིས། གདོང་གཡོགས་དང་བཅས་ཏེ་གཞུག་པ་དང༌། དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་འཇུག་པའོ། །དང་པོ་ལ་གཉིས། ཡོལ་བའི་ཕྱི་རོལ་ཏུ་ གཞུག་པ། ནང་དུ་གཞུག་པའོ། །དང་པོ་ནི། ཡོལ་བའི་ཕྱི་རོལ་ཏུ་སློབ་མ་རྣམས་ལས་བུམ་གྱི་ཆུས་ལས་ཐམས་ཅད་ཟློས་ཤིང་ཁྲུས་བྱས་ཏེ་མཎྜལ་དབུལ་ལོ། །འདིར་གསོལ་བ་གདབ་པ་དཀྱིལ་ཆོག་གཉིས་ལས་མ་གསུངས་ཀྱང༌། བླ་མ་སྔ་མ་རྣམས་བཞེད་པས་ལྷ་སྟ་ གོན་གྱི་སྐབས་བཞིན་དུ་གསོལ་བ་ལན་གསུམ་གདབ་བོ། །དེ་ནས་སློབ་མ་རྣམས་རྣམ་པར་སྣང་མཛད་དམ་གཏི་མུག་གཤིན་རྗེ་གཤེད་དུ་བསྐྱེད་ལ། ཨཱཿཁཾ་བཱི་ར་ཧཱུཾ། ཞེས་པའི་སྔགས་ཀྱིས་མེ་ཏོག་གི་འཕྲེང་བ་བཟུང་ཞིང༌། གདོང་གཡོགས་དར་དམར་པོས་བཅིངས་ལ་ 10-15-27b ལས་ཐམས་ཅད་པའི་སྔགས་བཟླས་པའི་ཆུས་བསང་ངོ༌། །དེ་ནས་ཐུན་མོང་བའི་སྡོམ་པ་གཟུང་བ་སྔར་བཞིན་བྱ་ཞིང༌། འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །ཞེས་པ་ནས་སློབ་དཔོན་བདག་འགྱུར་གསུང་དུ་གསོལ། །ཞེས་པའི་བར་བརྗོད་དུ་གཞུག་ལ། རིགས་ལྔ་ སྤྱི་དང་སོ་སོ་བ་དང་འབྲེལ་བའི་སྡོམ་པ་རྣམས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གཟུང་བར་བྱའོ་སྙམ་པའི་བསམ་པ་བསྐྱེད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་ བ་ཡིས། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སྡོམ་གཟུང་ལ་སོགས་པ་ཆོ་ག་ཐུན་མོང་བ་འདི་རྣམས་ལ། དོན་མི་མཐུན་པ་མེད་པའི་འགྱུར་ཁྱད་པར་ཅན་མི་མཐུན་པ་རྣམས་སོ་སོར་བྲིས་ན་འཇུག་པ་སོ་སོ་རྣམས་འཇུག་པ་ཤིན་ཏུ་མི་བདེ་ལ། དགོས་པ་ལྷག་པོ་ཅི་ཡང་མེད་པས། དེ་རྣམས་ ནི་དོན་མི་མཐུན་པ་མེད་པའི་འགྱུར་བདེ་བ་གཅིག་ལ་སྐབས་ཀུན་ཏུ་བརྟེན་ན་ཤིན་ཏུ་བདེ་བས། འདིར་དེ་ལྟར་དུ་བྱས་སོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་ པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་ དེང་ནས་བདག་གིས་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡིས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ 10-15-28a དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་བཟུང༌། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བདག་གིས་ བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་ལ་གསང་སྔགས་ཀྱི་སྡོམ་པ་ཞེས་གྲགས་པ། རིགས་ལྔའི་སྡོམ་པ་ལེགས་པར་གཟུང་བར་བྱའོ། །རྭ་ ལོ་ཙཱ་བའི་ལུགས་ཀྱིས་སྟ་གོན་དང་དངོས་གཞིའི་སྐབས་གཉིས་ཀར་སྡོམ་པ་བཟུང་བར་བཞེད་པ་ལྟར་རྒྱ་གར་བའི་དཀྱིལ་ཆོག་མར་པོར་ཡང་བཤད་པ་ཡོད་ལ། སློབ་དཔོན་ཆེན་པོ་དཱ་རི་ཀ་པས་སྐབས་གཉིས་ཀར་གཟུང་བ་བཤད་ཅིང༌། དངོས་གཞིའི་སྐབས་སུ་འཛིན་པའི་སྐབས་ཀྱང་འདིར་བཤད་པ་ལྟར་གསུངས་སོ། །དངོས་གཞིའི་སྐབས་ སུ་སློབ་དཔོན་གྱིས་བདག་འཇུག་ཚུལ་བཞིན་དུ་བྱས་ན། སྡོམ་པ་ཉམས་པ་རྣམས་སོར་ཆུད་པར་འགྱུར་བས་སློབ་དཔོན་རང་ཉིད་སྡོམ་ལྡན་དུ་སོང་བའི་འོག་ཏུ་སློབ་མ་ལ་སྡོམ་པ་འབོགས་པ་དགོས་པ་ཆེ་བར་སྣང་ངོ༌། །དེ་ནས་དཀྱིལ་འཁོར་དུ་གཞུག་པའི་དོན་དུ་འདྲི་བར་བྱ་སྟེ། ཀྱེ་ཁྱོད་སུ་ཡིན་ཅི་ལ་དགའ། དྲི་ལན་ འདི་ལ་འགྱུར་མི་འདྲ་བ་མང་དུ་ཡོད་ཀྱང༌། རིགས་དང་མོས་པ་ངེས་པར་བྱེད་པས་འདིར་བཤད་པ་བཞིན་གྱི་འགྱུར་ལེགས་པ་ཡིན་ནོ། །དྲིས་ལན་ཕྱི་མ་གཉིས་རྭ་ལོའི་དཀྱིལ་ཆོག་ཏུ་འབྱུང་སྟེ། རྒྱ་གཞུང་གི་དཀྱིལ་ཆོག་གཞན་འགའ་ཞིག་ནའང་ཡོད་དོ། །ཞེས་དྲི་ཞིང་དེས་ཀྱང་སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། ། 10-15-28b ཞེས་ལན་བཏབ་པས། རིགས་དང་མོས་པ་ཤེས་པར་བྱ། །དེ་ནས་ཡང་དེ་ཡིས་བུ་ལ་ཅི་ཞིག་བྱ། །ཞེས་དྲིས་པ་ལ། སངས་རྒྱས་མཆོག་གི་དམ་ཚིག་བགྱི་འཚལ། ཞེས་ལན་བདབས་སུ་གཞུག་གོ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་ སྙམ་པའི་སྨོན་པའི་སེམས་ཀུན་རྫོབ་པ་དྲན་པར་བྱས་ལ། དེ་ཉིད་སྙིང་གར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་བསྒོམ། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པར་མོས་པའི་དོན་དམ་པའི་བྱང་ཆུབ་ ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་བསྐྱེད། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུཏྤ་ཏ་ཡཱ་མི་ཞེས་བརྗོད་དུ་གཞུག་ལ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད། ཟླ་བ་དང་རྡོ་རྗེ་བསྐྱེད་ཚུལ་འདི་རྣལ་འབྱོར་གྱིས་སེམས་བསྐྱེད་པའི་གནད་ཐུན་མོང་མ་ཡིན་པ་ཡིན་ཏེ། ཁུངས་རྣམས་བཤད་ ཟིན་ཏོ། །དེས་ནི་ལམ་གཞན་དུ་མི་ལྡོག་པར་རིགས་ངེས་པར་བྱེད་དོ། །དེ་ནས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཟུང་སྟེ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྷྱ་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་ གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་བརྗོད་དོ། །གཉིས་པ་ལ་གསུམ། ནང་དུ་གཞུག་ ཅིང་བསྐོར་ནས་ཕྱག་བྱ་བ། དམ་ལ་གཞག་པ། ཡེ་ཤེས་ཕབ་ནས་བདེན་སྟོབས་བརྗོད་པའོ། །དང་པོ་ནི། ཨོཾཨཱཿམུདྒ་ར་དྷྲིཀ་ཧཱུཾ་ཞེས་བརྗོད་ཅིང་ཁྲིད་དེ། ཨཱཿཁཾ་བཱི་ར་ཧཱུཾ་གིས་སྒོམ་དོན་ལ་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་བསམ་ཞིང༌། དངོས་ 10-15-29a སུ་ཡོལ་བའི་ནང་དུ་གཞུག་ལ། མཧཱ་ར་ཏ་སུ་དི་ཌྷ་སུ་ཏོ་ཥོ། སུ་སུ་ཥོ། བཛྲ་སཏྭ་ཨཱཿདྷྱ་སིདྷྱ་མཾ། ཞེས་བརྗོད་དེ་བསྐོར་བ་བྱའོ། །དེ་ནས་ཤར་སྒོར་སློབ་མ་ཞེ་སྡང་གཤིན་རྗེ་གཤེད་དུ་བསྐྱེད་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་ བསྙེན་བཀུར་བའི་ཕྱིར་དུ་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔས་བདག་ལ་བྱིན་གྱིས་རློབས་ཤིག་སྙམ་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠཱ་ནཱ་ཡ་ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ ཏིཥྛ་སྭ་མཾ། ཞེས་བརྗོད་དེ་གཙོ་བོ་ལ་རྡོ་རྗེ་ཐལ་མོ་བརྐྱང་ནས་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱ། ཡང་ཤར་སྒོར་གཏི་མུག་གཤིན་རྗེ་གཤེད་དུ་བསྐྱེད་དེ་དམིགས་པ་སྔར་བཞིན་བྱས་ལ། ཨོཾ་སརྦ་བུདྡྷ་པཱུ་ཛ་ཨུ་པ་སྠཱ་ནཱ་ཡ་ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ ག་ཏ་བཛྲ། བཻ་རོ་ཙ་ན་ཨ་དྷི་ཏིཥྠ་མཾ། ཞེས་བརྗོད་དེ་གཏི་མུག་གཤིན་རྗེ་གཤེད་ལ་སྔར་བཞིན་ཕྱག་བྱ། དེ་ནས་སོང་ནས་ལྷོ་སྒོར་སེར་སྣ་གཤིན་རྗེ་གཤེད་དུ་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་དབང་བསྐུར་བའི་ཕྱིར་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་དུ་གསོལ་སྙམ་དུ་བསམས་ལ། ཨོཾ་སརྦ་ཏ་ཐ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨཱ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥི་ཉྩ་མཾ། ཞེས་བརྗོད་དེ་རྡོ་རྗེ་ཐལ་མོ་སྙིང་གར་ བཞག་སྟེ། དཔྲལ་བ་ས་ལ་རེག་པའི་ཕྱག་བྱ། དེ་ནས་ནུབ་སྒོར་འདོད་ཆགས་གཤིན་རྗེ་གཤེད་དུ་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་ཆོས་རབ་ཏུ་བསྐོར་བའི་ཕྱིར་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ 10-15-29b ལ་རྡོ་རྗེའི་ཆོས་རབ་ཏུ་བསྐོར་དུ་གསོལ་སྙམ་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བར་ཏ་ནཱ་ཡ་ཨཱཏྨཱ་ནཱཾ་ནིརྱཱཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བར་ཏ་ཡ་མཾ། ཞེས་བརྗོད་དེ་འདོད་ཆགས་གཤིན་རྗེ་གཤེད་ལ་ཐལ་མོ་དཔྲལ་བར་སྦྱར་བས་ཁ་ས་ལ་རེག་ པའི་ཕྱག་བྱ། དེ་ནས་བྱང་སྒོར་ཕྲག་དོག་གཤིན་རྗེ་གཤེད་དུ་བསྐྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་ཀྱི་ཕྱིར་བདག་འབུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེའི་ལས་མཛད་དུ་གསོལ་སྙམ་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨཱ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨཱ་ཀུ་རུ་མཾ། ཞེས་བརྗོད་དེ་ཕྲག་དོག་གཤིན་རྗེ་གཤེད་ལ་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས་སྤྱི་བོ་ས་ལ་རེག་པའི་ཕྱག་བྱས་པས། རིགས་སོ་སོའི་རིམ་པ་བཞིན་དུ་རྒྱལ་བ་ཐམས་ ཅད་ལ་མཆོད་ཅིང་བསྙེན་བཀུར་བ་དང༌། མཆོད་ཅིང་དབང་བསྐུར་བ་དང༌། མཆོད་ཅིང་ཆོས་འཁོར་བསྐོར་བ་དང༌། འཕྲིན་ལས་ཕུན་ཚོགས་ཀྱི་ནུས་པ་ཅན་དུ་བྱིན་གྱིས་བརླབས་པར་བསྒོམ་མོ། །དེ་ནས་ཡང་ཤར་སྒོ་ནས། ཨོཾ་གུ་རུ་ཙ་ར་ཎཱ་ཡ་པཱུ་ཛ་ཨུ་པསྠ་ ནཱ་ཡ་ཤཱཏྨཱ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་བ་ཏྭ་པ་རི་དྲ་ཎཱ་ཡ་ཨཱཏྨཱ་ནཱཾ་ནིརྱཱ་ཏ་ཡཱ་མི། ཞེས་པས་བླ་མའི་ཞབས་ལ་ཕྱག་བྱའོ། །རྭ་ལོས་ན་མ་དྷེ་ལ་སོགས་པའི་ཕྱག་ཀྱང་མཛད་མོད་ཀྱང༌། དེ་དང་ཕྱག་ལྔ་རྒྱས་བསྡུས་ཡིན་པས་གཉིས་ཀ་མེད་ཀྱང་ཆོག་གོ། །གཉིས་པ་ནི། སློབ་དཔོན་གྱིས་སློབ་མ་ རྣམས་ཀྱི་མགོ་བོར་རྡོ་རྗེ་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་ 10-15-30a འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ་ཞེས་བརྗོད་དེ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་གོ། དེ་ནས་ སྤྱི་བོར་རྡོ་རྗེ་བཞག་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུའང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་བོ་འགེམས་པར་འགྱུར་རོ། །ཞེས་བརྗོད་དེ། དེ་ནས་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་སྙིང་ལ་ཡང་ དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་དེ་དེ་གཉིས་ནི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པའོ། །དེ་གསུམ་ནི་རྩ་ལྟུང་བདུན་པ་ལ་ཁྱད་པར་དུ་དམ་གཞག་མཛད་པའོ། །དེ་ནས་ཙནྡན་དང་ག་བུར་དང་བསྲེས་ པའི་ཆུ་ལ་ཨོཾ་བཛྲ་ཨུ་ད་ཀ་ཋ་ཞེས་པའི་སྔགས་ལན་བདུན་བཟླས་ཏེ་སློབ་མའི་ཁར་བླུག་ཅིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཅེས་བརྗོད་དེ་དམ་ ཚིག་རྣམས་སྤྱིར་བསྲུངས་མ་བསྲུངས་ཀྱི་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པའོ། །དེ་ནས་སློབ་མའི་ལག་པ་ནས་བཟུང་སྟེ། དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི་ངས་འདི་བྱོས་ཤིག་ཅེས་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་ སོ། །ཁྱོད་ཀྱིས་ང་ལ་བརྙེས་པར་ཡང་མ་བྱེད་ཅིག་བྱས་ན་ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་བརྗོད་པས་སློབ་དཔོན་གྱི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པ་སྟེ་རྩ་ལྟུང་དང་པོ་ལ་ 10-15-30b ཁྱད་པར་དུ་དམ་གཞག་མཛད་པའོ། །གསུམ་པ་ནི། དེ་ནས་སློབ་མས་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་གདབ་ལ། འཇིགས་བྱེད་ལ་ བླ་མ་སྔ་མའི་བཞེད་པ་ལྟར་གཙོ་བོ་ཞལ་གཅིག་ཕྱག་གཉིས་པར་བསྐྱེད་པའམ། ཡེ་ཤེས་འབེབས་པ་ལ་སློབ་མ་གཙོ་བོར་བསྐྱེད་པ་རེ་རེ་ཙམ་རྒྱ་གཞུང་ལ་སྣང༌། དཀྱིལ་ཆོག་གཉིས་ལས་སློབ་མ་ལྷ་གང་དུ་བསྐྱེད་མི་གསལ་ཡང༌། དགེ་མི་དགེ་འདྲི་བའི་དུས་སུ་འདོད་ཆགས་གཤིན་རྗེ་གཤེད་དུ་དམིགས་ ནས་འདྲི་བར་གསུངས་པས་གོ་ནུས་པ་ལ་དགོངས་སོ། །དོན་ཡོད་ཞབས་ཀྱིས་ཀྱང་འོད་དཔག་མེད་དུ་བསྐྱེད་པར་བཤད་དོ། །ཡང་ན་གསུམ་ག་ལ་གྲུབ་ཆེན་གྱི་བཞེད་པ་ལྟར་འདོད་ཆགས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་བསྐྱེད་པའི་སྤྱི་བོར་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་ པོ་ཟླུམ་པོ་བུམ་པས་མཚན་པ་ལ་ཧཿདང༌། སྙིང་གར་ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་ཟུར་དུ་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལ་ཧཱུཾ་དང༌། ལྟེ་བར་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་ཟུར་གསུམ་པ་དམར་པོ་རྣོ་ཞིང་འབར་བ་ལ་ཨཱཿདང༌། རྭ་བ། ཕྱི་མ་ཁ་ཅིག་ས་དཀྱིལ་ལ་ཧཱུཾ་ཡིག་འགོད་པའི་སྔ་མའི་ལུགས་དོར་ནས་ལཾ་ཡིག་འགོད་པ་ནི་གྲུབ་ཆེན་དཔལ་འཛིན་སོགས་ཀྱིས་གསང་འདུས་ནས་བཤད་པའི་ཧཱུཾ་ཧཿཨཱཿ ཛྷཻཿབཞི་དཀྱིལ་འཁོར་ལ་འགོད་པ་མ་གོ་བར་ལུགས་སྔ་མ་བཅོས་པར་སྣང་ངོ༌། །རྐང་འོག་ཏུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་ འཁོར་སྔོན་པོ་གཡོ་བ་གཞུའི་དབྱིབས་ཅན་མཐའ་མར་བ་དན་གྱིས་མཚན་པ་ལ། ཛྷེཿ དྲག་ཅིང་བཟོད་པར་དཀའ་བའི་གཟུགས་ཅན་རླུང་གིས་བསྐྱོད་པས་ལྟེ་བའི་མེའི་གནས་སུ་ཕྱིན་པ། སླར་ཡང་རླུང་གིས་བསྐྱོད་པས་སྙིང་གའི་ས་འབར་བར་གྱུར་ཏེ། སྤྱི་ 10-15-31a བོའི་ཆུ་ལས་བདུད་རྩིའི་ཚོགས་བབ་པས་ཚིམ་པར་གྱུར་པའི་སློབ་མ་རླུང་གིས་འདེགས་པ་དང༌། སློབ་དཔོན་རང་ཉིད་བསྙེམས་པ་དང་བཅས་པའི་གཤིན་རྗེ་གཤེད་ཀྱི་སྐུ་མི་བཟད་པ་ཕྱག་གཡས་ཀྱིས་རྡོ་རྗེ་གསོར་ཞིང་གཡོན་དྲིལ་བུ་འཁྲོལ་ བས་སྤོས་འབུལ་ཞིང་འབེབས་པའི་སྔགས་ཀྱིས་དབབ་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨ་བེ་ཤ་ཡ་སྟཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། ཧཱུཾ་ཧཿཨཱཿ ཛྷཻཿཧཱུཾ་ཕཊ། ཞེས་པའོ། །འདིའི་དམིགས་པ་ནི། ལུས་ཀྱི་ནང་གི་མེའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཤིན་རྗེ་གཤེད་ཀྱི་རྣམ་པར་སྤྱན་དྲངས་པ་རྣམས་ཆར་བཞིན་དུ་བབས་ཏེ་ཐིམ་པར་བསམ་པར་བླ་མ་རྭ་ལོ་བཞེད་དོ། །དེ་ནས་སློབ་དཔོན་ གྱིས་སློབ་མ་དེ་འདོད་ཆགས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་སྐད་ཅིག་གི་དམིགས་ལ། དེའི་ལྕེ་ལ་ཨཱཿདམར་པོ་བསྒོམས་ཏེ་ཏིཥྛ་བཛྲ་ཞེས་བརྗོད་ལ། མགོན་པོ་རྡོ་རྗེ་ཆོས་ཆེན་པོ། །སྣང་བ་མཐའ་ཡས་བདེ་བ་ཆེ། །སྨྲོས་ཤིག་འདོད་ཆགས་ཆོས་ ཆེན་པོ། །དགེ་དང་མི་དགེ་ལེགས་པར་འདྲི། །ཞེས་པ་འདིས་དྲི་བར་བྱའོ། །དེའང་གསུང་བབས་ན་དགེ་བ་དང་མི་དགེ་བ་སྨྲའོ། །ཐུགས་བབས་ན་འཇིག་རྟེན་གསུམ་དུ་གཏོགས་པ་ཤེས་སོ། །སྐུ་བབས་ན་ནམ་མཁའ་ལ་འཕར་རོ། །འཕར་བའི་ཚེ་དེའི་མགོ་ བོའི་སྟེང་དུ་ཡཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེས་མནན་པར་བསྒོམས་ན་འགུལ་བར་མི་འགྱུར་རོ། །དེ་ནས་སློབ་མ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པ་ལ། ཁྱོད་ཀྱི་མིག་ལ་ཇི་ལྟར་སྣང་ཞེས་དྲིས་ལ་དཀར་པོ་སོགས་སུ་ 10-15-31b སྣང་ཟེར་ན། ཞི་སོགས་ཀྱི་དངོས་གྲུབ་ལ་སྐལ་བ་དང་ལྡན་པར་གོ་བར་བྱས་ལ། བདེན་པའི་བྱིན་རླབས་འདི་བྱའོ། །ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་བཅུག་པ་འདིའི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་ལྟར་ ཤོག །འདི་ཡི་དངོས་གྲུབ་ཇི་ལྟར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་བརྗོད་དོ། །གཉིས་པ་ནི། དེ་ནས་སྔར་བཟུང་བའི་མེ་ཏོག་གི་ཕྲེང་བ་ཏྲཾ་གིས་བསྔགས་པ་ལས་ཡང་ཞིང་ མ་རྙིངས་པའི་མེ་ཏོག་གཅིག་བཏོན་ཏེ། རིན་པོ་ཆེའི་ཕྲེང་བར་མོས་པ་སློབ་མ་ཐལ་མོ་སྦྱར་བའི་བར་དུ་སྦྱིན་ལ། སློབ་མ་སེམས་མ་གཡེངས་པར་རྩེ་གཅིག་པའི་བློ་བརྟན་པ་ཅན་དུ་བྱས་ཏེ། གུས་པ་སྔོན་དུ་འགྲོ་བས་གཙོ་བོ་འཁོར་བཅས་ཀྱི་མདུན་ན་གནས་ པ་བཞིན་དམིགས་ལ། ནང་དུ་ཞུགས་པར་མོས་ཏེ་གཙོ་བོའམ་རང་གི་ལྷ་གང་ཡིན་གྱི་དབུ་ལ་འབབ་པར་ཤོག་ཅིག་སྙམ་དུ་བསམས་ནས་པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་དེ་མེ་ཏོག་དོར་བས་ལྷ་གང་གི་རིགས་ཡིན་པ་ཤེས་པར་བྱའོ། །དེའང་གཙོ་བོ་ལ་ཕོག་ན་ མྱུར་དུ་འགྲུབ་ཅིང་ལྷའི་སྐུ་བཀོད་པའི་མཛོད་སྤུ་ལ་སོགས་པ་ལ་ཕོག་ན་ཕྱག་ཆེན་ལ་སོགས་པའི་དངོས་གྲུབ་འགྲུབ། སྐུ་ལས་ཧ་ཅང་རིང་ན་རིང་པོས་འགྲུབ་ལ་ཉེ་ན་མྱུར་རོ། །གཉིས་ཀྱི་བར་དུ་ལྷུང་ན་གང་ལ་ཉེ་བ་དེའི་རིགས་དང༌། མཉམ་ན་གཉིས་ ཀའི་དངོས་གྲུབ་འགྲུབ་ཅིང༌། གང་ལ་དད་པ་དེའི་རིགས་སོ། །རྩིག་པའི་ཕྱིར་ལྷུང་ན་ལན་གསུམ་བསྐྱར་ཡང་ཕྱིར་ལྷུང་ན་དངོས་གྲུབ་ཕྲ་མོ་འགྲུབ། འདི་ལྭ་བ་པས་མི་གཟུང་བར་བཤད་དོ། །རྡོར་རའི་ནང་དུ་ལྷུང་ན་ཚེགས་ཆེན་པོས་འགྲུབ་ལ་དེའི་ 10-15-32a ཕྱིར་ལྷུང་ན་དངོས་གྲུབ་མེད་ཅིང༌། དཀྱིལ་འཁོར་ཡང་མི་བསྟན་ཏེ་སྔགས་བཟླས་པ་ལ་སོགས་པས་སྐལ་བ་དང་ལྡན་པར་བསྒྲུབས་ནས་ཕྱིས་གཞུག་གོ། སྤྱི་རྒྱུད་ནས་དེ་དང་རྩིག་པ་ལ་མེ་ཏོག་ལྷུང་བ་ལའང་ཞི་བའི་སྦྱིན་སྲེག་བྱས་ནས་གཞུག་ པར་བཤད་དོ། །དེ་ནས་མེ་ཏོག་དེ་སྔར་གྱི་མེ་ཏོག་ཕྲེང་བ་དང་ལྷན་ཅིག་བཅིངས་ནས་ཕྲེང་བ་དེ། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། ཞེས་བརྗོད་དེ་མགོ་ལ་བཅིངས། དེ་ནི་སེམས་དཔའ་སྟོབས་པོ་ཆེ་ཞེས་མེ་ཏོག་ཕོག་པའི་ལྷ་ལ་བོས་ནས། སློབ་མ་འདི་ བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་གཟུངས་ཤིག་ཅེས་ལྷ་ལ་སློབ་མ་གཏད་པས་དེའི་བར་དུ་ལྷ་དེས་རྗེས་སུ་འཛིན་པའི་ཐབས་ཟབ་མོའོ། །འདི་ནི་དབང་དང་པོ་མེ་ཏོག་ཕྲེང་བའི་དབང་ངོ༌། །དེ་ནས་སློབ་མའི་སྙིང་གར་ཟླ་བ་ལ་ཧཱུཾ། དཔྲལ་བར་རཾ། མིག་གཉིས་ལ་ཨོཾ་ འོད་ཟེར་འབར་བ་བསམས་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་པས་སྤྱན་དར་ཕྱེ་ལ། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་ དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་རྩེ་རོལ་པས། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ཧེ་བཛྲ་པཱ་ ཤྱ་ཞེས་བརྗོད་ལ། དཀྱིལ་ཧེ་ནི་ཀྱེ་ཞེས་སློབ་མ་ལ་བོས་ནས་པཱ་ཤྱ་ཞེས་པ་ལྟོས་ཤིག་པའོ། །གང་ལ་ལྟ་ན། བཛྲ་ཞེས་པ་རྡོ་རྗེ་སྟེ། རྡོ་རྗེའི་དཀྱིལ་འཁོར་ལ་ལྟོས་ཞེས་མ་གོ་བར། ཀྱཻ་རྡོར་གྱི་དཀྱིལ་འཁོར་སྟོན་པར་གོ་ནས། བདེ་མཆོག་སོགས་ལ་ཙཀྲ་སཾ་བཱ་ར་པཱ་ཤྱ་ཞེས་སོགས་སུ་འདོན་པ་བསྒྱུར་བ་ནི་རྣམ་པ་མ་ཤར་བའོ། འཁོར 10-15-32b གྱི་ལྷ་རྣམས་ཀྱི་མཚན་བརྗོད་པ་སྔོན་དུ་འགྲོ་བས། ཤར་གྱི་སྒོ་སྐྱོང་ནས་བརྩམས་ནས་གཙོ་བོའི་བར་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་མཐའ་དག་བསྟན་པར་བྱས་ལ། །ཨོཾ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་ དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། ཨོཾ་གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། ས་མ་ཡ་ཧོཿཧོཿཧོཿཞེས་བརྗོད་དེ། དཀྱིལ་འཁོར་དུ་འཇུག་པའི་སྐོར་རོ། །གཉིས་པ་ཞུགས་པ་ལ་དབང་བསྐུར་བ་ ལ་བཞི། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། བཞི་པ་བསྐུར་བའོ། །དང་པོ་ལ་གཉིས། ཐུན་མོང་བ་རྡོ་རྗེ་སློབ་མའི་དབང་དང༌། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དང་པོ་ནི། དམར་ནག་གི་དཀྱིལ་ཆོག་གཉིས་ལས་ཆུ་ནས་མིང་དབང་གི་བར་ བསྐུར་བ་ལ་སློབ་མ་དང༌། དབང་རྫས་ལྷ་གང་དུ་བསྐྱེད་པ་མི་གསལ་ལ། འཇིགས་བྱེད་ལ་བླ་མ་སྔ་མའི་བཞེད་པས་རིགས་ལྔ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་གཉིས་སུ་བསྐྱེད་ནས། རེ་རེ་ལ་ཕྱི་ནང་གི་དབང་བསྐུར་བ་གཉིས་གཉིས་མཛད་དོ། །དེ་ ལ་ཕྱིས་ཀྱི་མཁས་པ་ཁ་ཅིག་ཡང་ན་ཡུམ་མེད་པས་ནང་ཆོག་གིས་བསྐྱེད་པ་མི་བདེ་ཞིང༌། གཤིན་རྗེ་གཤེད་ཀྱི་སྐོར་ལ་ནང་ཆོག་གིས་བསྐྱེད་པ་གསལ་པོ་མེད་ཅེས་གསུང་བའི་དང་པོ་ནི་བཤད་ཟིན་ལ། གཉིས་པའང་མི་འཐད་དེ་དཀྱིལ་ཆོག་རྡོ་རྗེ་ཕྲེང་ བར་ནང་དབང་བསྐུར་བར་བཤད་དེ། དེར་བཤད་པའི་དགྲ་ནག་གི་དཀྱིལ་ཆོག་ལའང་བྱེད་པ་དགོངས་པར་སྣང་བའི་ཕྱིར་རོ། །དེས་ན་དགྲ་ནག་ལ་ནང་དབང་བསྐུར་བ་དཀྱིལ་ཆོག་གཞན་གཉིས་ལའང་མཚུངས་པས་དེ་བཞིན་དུ་འདི་ཡང་བྱའོ། །འདི་ 10-15-33a ལ་ལྔ། ཆུའི་དབང༌། ཅོད་པན་གྱི་དབང༌། རྡོ་རྗེའི་དབང༌། དྲིལ་བུའི་དབང༌། མིང་གི་དབང་ངོ༌། །དང་པོ་ནི། སློབ་མས་ཡོན་དང་མཎྜལ་ཕུལ་ཏེ་ཕྱག་བྱས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས། མེ་ཏོག་གི་སྙིམ་པས་ཐལ་མོ་སྦྱར་ལ། སངས་ རྒྱས་ཤེས་རབ་ཆེན་པོ་ཡིས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །བདག་ཀྱང་མགོན་པོས་དབང་བསྐུར་ཞིང༌། །མཆོག་ཀྱང་བདག་ལ་སྩལ་དུ་གསོལ། །ཞེས་སློབ་མའི་དབང་རྣམས་བསྐུར་བའི་དོན་དུ་གསོལ་བ་གདབ། དེ་ནས་སློབ་མ་ལས་བུམ་གྱི་ ཆུས་བསངས་ལ། སྟོང་པར་སྦྱངས་ཏེ་སྟོང་པའི་ངང་ལས་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རིགས་ལྔ་ཐུན་མོང་བ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། རྭ་ལ་སོགས་པའི་བླ་མ་སྔ་མ་རྣམས། མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ། རིན་འབྱུང་སེར་པོ་གཡས་ རིན་པོ་ཆེ། སྣང་མཐའ་དམར་པོ་གཡས་པདྨ། དོན་གྲུབ་ལྗང་གུ་གཡས་རལ་གྲི། རྣམ་སྣང་དཀར་པོ་གཡས་འཁོར་ལོ་འཛིན་ཅིང་གཡོན་ཐམས་ཅད་ཀྱིས་དྲིལ་བུ་བཟུང་ནས་ཡུམ་ལ་འཁྱུད་ཅིང༌། ཡུམ་ལྔ་ནི། རང་རང་གི་ཡབ་དང༌། སྐུ་མདོག་དང་ཞལ་ཕྱག་གི་གྲངས་འདྲ་བ། ཕྱག་མཚན་ནི་གྲི་གུག་དང་ཐོད་པ་འཛིན་པར་བཞེད་པ་ལྟར་རོ་ བྱའོ། །མཱ་མ་ཀཱི་དང་མཉམ་པར་སྦྱོར་བར་བསྐྱེད་རང་གཙོ་བོར་གསལ་བའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པ་རང་གི་ཁ་ནས་ཞུགས། སྐུའི་དབྱིབས་བརྒྱུད་ནས་ཡུམ་གྱི་པདྨར་འཐོན་པ་སྐད་ཅིག་གིས་སྟོང་པར་སྦྱངས་པའི་འོག་ཏུ་འཇིགས་བྱེད་ལ་བླ་ མ་གོང་མའི་བཞེད་པས་དྷཱི་ལས་རལ་གྲི་དྷཱིས་མཚན་པ་ལས་འཇམ་དཔལ་དེ་ཡོངས་སུ་གྱུར་པ་ལས་འཇིགས་བྱེད་ཡབ་ཡུམ་གྱི་སྐུར་གྱུར་པར་བསམ་པ་དང༌། ཡང་ཁ་ཅིག་འཇམ་དབྱངས་སུ་བསྐྱེད་པ་བཞག་ནས་བྱེད་པ་ལྟར་བྱས་ཀྱང་རུང་ངོ༌། །སྐུ་གསུང་ཐུགས་ 10-15-33b དང་སྐྱེ་མཆེད་བྱིན་གྱིས་རློབ་པ་སྔ་མའི་ལུགས་ལྟར་རམ་བཞག་ཀྱང་ཆོག་གོ། ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འདུས། གཙོ་བོའི་སྤྱི་གཙུག་ནས་ཞུགས། སྐུའི་དབྱིབས་བརྒྱུད་ཡབ་ཀྱི་རྡོ་རྗེ་ནས་ཡུམ་གྱི་པདྨར་སློབ་མ་འཇིགས་བྱེད་ ཀྱི་གཟུགས་སུ་གནས་པ་ལ་དབང་བསྐུར་བར་བསྒོམ་པ་ནི་ནང་དབང་ངོ་ཟེར་རོ། །ཡང་ན་གསུམ་ག་ལ་སློབ་མ་ལས་བུམ་གྱི་ཆུས་བསངས་ལ། རང་གཙོ་བོར་གསལ་བའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པ་རང་གི་ཁ་ནས་ཞུགས་སྐུའི་དབྱིབས་བརྒྱུད་ ནས་ཡུམ་གྱི་པདྨར་འཐོན་པ་སྐད་ཅིག་གིས་སྟོང་པར་སྦྱངས་པའི་འོག་ཏུ། ཁ་ཅིག་འཇིགས་བྱེད་རྣམ་སྣང་ཆུ་དབང་དུ་འཆད་པ་ནི། དོན་ཡོད་ཞབས་ཀྱི་དཀྱིལ་ཆོག་དང་དངོས་སུ་འགལ་བར་སྣང་ངོ༌། །ཆོ་ག་གསུམ་གྱིས་མི་བསྐྱོད་པ་ཡབ་ཡུམ་དུ་བསྐྱེད། ཡེ་ཤེས་པ་དང་དབྱེར་མེད་དུ་བྱ། རང་ གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ཡབ་ཡུམ་བདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་མཆོད་དེ། སློབ་མ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་པས་དེ་རྣམས་དང༌། བསྒྲུབས་པའི་དཀྱིལ་འཁོར་པ་ལ་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་རྣམས་སྙོམས་པར་ཞུགས་པ་འདོད་ཆགས་ཆེན་པོའི་མེས་ཞུ་བར་གྱུར་ནས། སྤྱི་བོ་ནས་ ཞུགས་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་སློབ་མ་མི་བསྐྱོད་པར་བྱས་པ་ལ་དབང་བསྐུར་ཏེ། ཡུམ་གྱི་པདྨ་ནས་ཕྱུང་ནས་རང་གནས་སུ་དགོད་དོ། །དེ་ནས་གསུམ་ག་ལ་ཐུན་མོང་དུ་ལས་བུམ་མ་གཏོགས་པའི་བུམ་ཆུ་རྣམས་ལས་ 10-15-34a ཐམས་ཅད་པ་ཟློས་ཤིང་བསྡུས་ལ་བསངས་སྦྱངས་ཏེ། ཧཱུཾ་དང་རྡོ་རྗེ་ལས་མི་བསྐྱོད་པ་ཡུམ་དང་བཅས་པར་བསྐྱེད་དེ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་པ་དགུག་ལ་གཞུག། །དབང་བསྐུར་མཆོད་དེ་ཞུ་བ་ལས་བྱུང་བའི་ ཆུར་བསྒོམ། འདིར། དམར་པོའི་དཀྱིལ་ཆོག་ལས། ལས་ཐམས་ཅད་པ་བཟླས་པའི་བུམ་པ་ནས། རང་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་ཆུ་བླངས་ལ་ཞེས་ལས་བུམ་གྱི་ཆུས་དབང་བསྐུར་བ་འདྲ་གཅིག་བཤད་ཀྱང་ནག་པོའི་དཀྱིལ་ཆོག་ལས། ལས་ཐམས་ཅད་པ་བཟླས་པའི་བུམ་པའི་ཆུ་བསྡུས་ལ་ཞེས་བསྒྱུར་བ་ལྟར་ལེགས་ སོ། །འདིར་སྔ་མ་རྣམས། བུམ་པ་དང་ཅོད་པན་རྣམས་དང་རྡོར་དྲིལ་རྣམས་མི་བསྐྱོད་པ་སོགས་སུ་བསྐྱེད་ནས། གཙོ་བོའི་ཞལ་ནས་ཞུགས་ཏེ། ཡུམ་གྱི་པདྨར་བྱུང་བ་རྣམས་གཙོ་བོའི་ཡུམ་སོགས་སུ་བསྐྱེད་པ་ནི། དབང་རྫས་ལ་ནང་ཆོག་གིས་བསྐྱེད་ནས་ནང་དབང་བསྐུར་བ་གང་ནས་ཀྱང་མ་བཤད་ལ། དོན་ལའང་མི་ཐོབ་ཅིང༌། ཁྱད་པར་དུ། བུམ་པ་ཆུ་དབང་གི་དབང་རྫས་སུ་བྱེད་པ་ནི་ནོར་བར་ཤེས་པར་བྱའོ། །རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་སློབ་མ་ལ་དབང་བསྐུར་བའི་ཕྱིར་དུ་བསྐུལ་ཏེ། སྤྱན་དྲངས་པ་རྣམས་བྱོན་ཏེ་ནམ་མཁའ་ལ་བཞུགས་པར་ བསམ། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་སློབ་མའི་སྟེང་ ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང༌། མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་ 10-15-34b མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་བསམས་ལ། རང་དང་སློབ་མས་བུམ་པ་བཏེག་ལ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། ། ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །ཞེས་སློབ་མ་ལ་ཤིས་བརྗོད་གླུར་བླང་ངོ༌། །འདིར་བུམ་པ་དངོས་སུ་བཏེག་ནས་མེ་ཏོག་འཐོར་བའི་ཤིས་བརྗོད་བྱེད་པ་ནི། དབང་ ལྷ་སྤྱན་དྲངས་པ་རྣམས་ཀྱིས་སློབ་མ་དབང་བསྐུར་བ་ན། འདི་ལྟར་མཛོད་ཅེས་གོ་བར་བྱེད་པའི་ཕྱིར་ཡིན་ནོ། །འདི་སློབ་མ་ལ་བྱེད་པ་ཡིན་གྱི་བུམ་པ་ལ་ཤིས་བརྗོད་བྱེད་པ་གཏན་མིན་ནོ། །རྡོ་རྗེ་དང་བཅས་པའི་བུམ་པའི་ཁ་རྒྱན་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་དེས་ཆུ་ བླངས་ཏེ། རྡོ་རྗེའི་རྩེ་མོས་སྤྱི་བོར་བླུག་ཅིང༌། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱིས་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་ བརྗོད་ཅིང་དབང་བསྐུར་རོ། །དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་གང་ནས་བདེ་བ་ཆེན་པོ་མྱོང༌། དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ལ། རང་གི་ཐུགས་ཀའི་ས་བོན་ གྱི་འོད་ཟེར་གྱིས་དབང་གི་ལྷ་རྣམས་བཀུག་ནས། ཛཿཧཱུཾ་བཾ་ཧོཿ སློབ་མའི་བ་སྤུའི་སྒོ་ནས་བསྟིམས་པ་ལ་མཆོད་པས་མཆོད་དོ། །དེ་ལྟར་མི་བསྐྱོད་པ་ཆུའི་དབང་ཐོབ་ཞེ་སྡང་གི་དྲི་མ་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་བསྒྱུར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ 10-15-35a མངོན་དུ་བྱས། མི་བསྐྱོད་པ་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་གོ་བ་བསྐྱེད་ལ་དག་པ་སྦྱིན་ནོ། །གཉིས་པ་ནི། དེ་ནས་སློབ་མ་བུམ་ཆུས་བསང་བ་ནས་པདྨ་ནས་ཕྱུང་ནས་རང་གནས་སུ་བཞག་པའི་བར་ དང༌། དེ་ནས་མིང་དབང་མ་གཏོགས་པ་ལ་དབང་རྫས་རྣམས་སོ་སོའི་ལྷར་བསྐྱེད། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་པ་གཞུག་པ་ནས་ཞུ་བའི་བར་དང༌། ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས་པ་ ནས་སྤྲོ་བ་བསྐྱེད་པའི་བར་རྣམས་ཅོད་པན་གྱི་དབང་ལ་སོགས་པ་ལའང་སྔར་བཞིན་བྱའོ། །གསེར་དང་རས་ལ་སོགས་པ་ལས་བྱས་པའི་དབུ་རྒྱན་སློབ་མའི་རིགས་བདག་དབུས་ན་ཡོད་པ་བསངས་སྦྱངས་ཏེ། ཏྲཾ་དང་རིན་པོ་ཆེ་ལས་རིན་འབྱུང་ཡུམ་དང་ བཅས་པར་བསྐྱེད་པ་སོགས་བྱས་ནས། ཨོཾ་བཛྲ་རཏྣ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི་ཞེས་པས་དབུ་རྒྱན་མགོ་ལ་བསྐོན་དར་དཔྱངས་བཅིངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བདག་པོའི་ཅོད་པན་ལ་བཞུགས་པར་བསམས་ལ། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱཧཱ། ཞེས་བརྗོད་ལ་བརྟན་བྱེད་ཀྱི་ཆུས་དབང་བསྐུར་བས་དྲི་མ་སྦྱངས་རིན་འབྱུང་གིས་དབུ་བརྒྱན་པ་ལ་མཆོད་དེ་དབང་ལྷ་བསྟིམ་པ་སྔར་ བཞིན་བྱ། ལྷག་མ་རྣམས་ལའང་བརྟན་བྱེད་ཀྱི་ཆུ་དབང་བསྐུར་བ་མན་ཆད་འདྲ་སྟེ་རིགས་བདག་ནི་རིགས་སོ་སོའི་འོ། །དེ་དག་གིས་རིན་འབྱུང་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་སྦྱངས་ཚོར་བའི་ཕུང་པོ་གནས་བསྒྱུར་མཉམ་པ་ཉིད་ཀྱི་ 10-15-35b ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་གོ་བ་བསྐྱེད་ལ་དག་པ་སྦྱིན་ནོ། །གསུམ་པ་ནི། དེ་ནས་སློབ་མ་དང་རྡོ་རྗེ་ཧྲཱིཿདང་པདྨ་ལས་འོད་དཔག་མེད་ཡུམ་དང་བཅས་པར་བསྐྱེད་པ་སོགས་ བྱས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་གཟུང༌། །ཞེས་བརྗོད་ལ་སློབ་མའི་སྙིང་ག་མགྲིན་པ་སྤྱི་བོར་རེག་ལ། ལག་པ་གཡས་སུ་གཏད་དེས་ཀྱང་ལྷའི་ང་རྒྱལ་ བརྟན་པས་བསྙེམས་པའི་ཚུལ་གྱིས་བཟུང་ལ་རྡོ་རྗེ་གསོར། དེ་དག་གིས་འོད་དཔག་མེད་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་དེའི་རིགས་ ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་པས་དག་པ་སྦྱིན་ནོ། །བཞི་པ་ནི། དེ་ནས་དྲིལ་བུ་དང་སློབ་མ་གཉིས་ཁཾ་དང་རལ་གྲི་ལས་དོན་གྲུབ་ཡུམ་དང་བཅས་པར་བསྐྱེད་པ་སོགས་བྱས་ལ། སློབ་མའི་ལག་པ་གཡོན་དུ་དྲིལ་བུ་སྦྱིན་ལ། རྡོར་དྲིལ་གཉིས་དང་ལྡན་པའི་ལག་པ་གཉིས་འཁྱུད་པའི་ཚུལ་བྱེད་དུ་བཅུག་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་པར་བྱའོ། །དྲིལ་བུའི་དབང་བསྐུར་བ་ཉིད་ལ་བདག་པོའི་དབང་བསྐུར་བ་ཞེས་ཀྱང་གསུངས་པས། བཛྲ་ཨ་དྷི་པ་ཏི་སྟཾ་ཞེས་སོགས་ཀྱིས་དབང་བསྐུར་བ་རིགས་སོ། །དེ་དག་གིས་དོན་གྲུབ་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་སྦྱངས་འདུ་བྱེད་ཀྱི་ཕུང་པོ་གནས་བསྒྱུར། བྱ་བ་བསྒྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་གྲུབ་དང་དེའི་རིགས་ཀྱི་དངོས་གྲུབ་ 10-15-36a སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་པས་དག་པ་སྦྱིན་ནོ། །ལྔ་པ་ནི། དེ་ནས་སློབ་མ་ཨོཾ་དང་འཁོར་ལོ་ལས་རྣམ་སྣང་ཡུམ་དང་བཅས་པར་བསྐྱེད་པ་སོགས་བྱས་ལ། སློབ་མའི་མགོར་རྡོར་དྲིལ་མཉམ་པོར་བཟུང་ཞིང༌། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་ མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཞེས་བརྗོད་ཅིང༌། ཀྱཻ་ཞེས་བོས་ཏེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཞེས་བརྗོད་ལ་མེ་ཏོག་ཕོག་པའི་ལྷའི་རིགས་ལ་བཏགས་ཏེ་མིང་གདགས་སོ། །དེ་དག་གིས་རྣམ་སྣང་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་ སྦྱངས། གཟུགས་ཀྱི་ཕུང་པོ་གནས་བསྒྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་སྣང་དང་དེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་གོ་བ་བསྐྱེད་ལ་དག་པ་སྦྱིན་ནོ། །ཆུ་དབང་སོགས་ཀྱི་སྐབས་སུ་ཕྱི་ནང་གི་དབང་བསྐུར་བ་ལ་སློབ་མ་ ལྷར་བསྐྱེད་པ་ནི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་དང༌། དོན་ཡོད་ཞབས་ཀྱི་དཀྱིལ་ཆོག་ལས། རིགས་ལྔ་སྤྱི་འགྲོ་ལྟར་གསུངས་པས། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་རིགས་ལྔ་བྱེ་བྲག་པ་དགོས་པའི་ངེས་པ་མེད་དོ། །འོན་ཀྱང་སྔ་མ་ཁ་ཅིག་གིས་འཇིགས་བྱེད་ལ་ལྷར་བསྐྱེད་ཚུལ་སྤྱི་དང་བྱེ་བྲག་པ་གཉིས་བཤད་པ་ ལ་མོས་ནའང༌། སྔར་ཆུ་དབང་གི་སྐབས་སུ་བཤད་པ་ལ་བརྟེན་ནས་ཤེས་པར་ནུས་སོ། །དབང་བསྐུར་བ་འདི་དག་གིས་བྱ་བ་དང་སྤྱོད་པའི་རྒྱུད་བཤད་པ་དང་སྔགས་སྒྲུབ་པ་ལ་དབང་བར་འགྱུར་རོ། །དབང་ལྔ་པོ་འདི་ཉིད་ནི་རིག་མ་ལྷ་མོ་རྣམས་ཀྱིས་དབང་བསྐུར། མ་ རིག་པ་ཉོན་མོངས་པ་ལྔ་སྤོང་རིག་པ་ཡེ་ཤེས་ལྔ་ཐོབ་པར་བྱེད་པའི་ཕྱིར། རྒྱུད་གཞན་དུ་རིག་པའི་དབང་ཞེས་གསུངས་ལ། དགྲ་ནག་ལ་སོགས་པ་ལས་ལྔ་ག་ལ་ཅོད་པཎ་གྱི་དབང་ཞེས་ཀྱང་གསུངས་ཏེ། དབང་ལྔ་པོ་ཐམས་ཅད་དུ་ཙ་རྩི་ཀ་ལ་སོགས་པ་ 10-15-36b རྣམས་ཀྱིས་སློབ་མའི་ཅོད་པན་ལས་ཏེ། སྤྱི་བོར་ཆུའི་དབང་བསྐུར་བ་ལ་དབང་དུ་བྱས་པའི་ཕྱིར་རོ། །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ་གཉིས། སློབ་དཔོན་གྱི་དབང་དངོས་བསྐུར་བ། སློབ་དཔོན་གྱི་དབང་དངོས་ཀྱི་མཐའ་རྟེན་ནོ། །དང་པོ་ ནི། ཅོད་པན་གྱི་དབང་བསྐུར་ཞིང་སློབ་དཔོན་གྱི་སྡོམ་པ་གཟུང་བའི་སློབ་མས། སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ཏེ། གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །སྙིང་བརྩེའི་གཏེར་ཀྱེ་བདག་ལ་སྩོལ། ། ཞེས་ལན་གསུམ་གསོལ་བ་གདབ། དེ་ནས་སློབ་མ་དཀྱིལ་འཁོར་གྱི་ཤར་དུ་རྡུལ་མཚོན་དཀར་པོས་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་ཤིང་སྟན་ལ་དངོས་སུ་བཞག་པའམ་བཞག་པར་མོས་ནས། སློབ་མ་ལས་བུམ་གྱི་ཆུས་བསངས། ཁ་ནས་བཅུག་པ་ཡུམ་ གྱི་པདྨར་འཐོན་པ། སྟོང་པར་སྦྱངས་ཏེ་ཧཱུཾ་དང་རྡོ་རྗེ་ལས་རྡོ་རྗེ་འཆང་དཀར་པོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པར་བསྐྱེད། ཡེ་ཤེས་པ་དང་དབྱེར་མེད་དུ་བསྲེས་ལ་སྔར་ལྟར་ནང་དབང་བསྐུར། པདྨ་ནས་ཕྱུང་སྟེ་སེང་གེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ ཟླ་བའི་གདན་ལ་དགོད་དོ། །སློབ་དཔོན་གྱི་དབང་ལ་ནང་དབང་བསྐུར་བ་རྭ་ལོ་ཙཱ་བའི་ལུགས་འདི་ནང་དབང་བསྐུར་བའི་བཤད་པའི་སྲོལ་གསལ་བར་མཛད་པ། མཁས་པ་ཨ་བྷྱཱ་ཀ་ར་དང་ཤིན་ཏུ་མཐུན་ཞིང་ལེགས་པ་ཡིན་པས་མཆད་པར་བྱའོ། །རྡོ་རྗེའི་ དམ་ཚིག་སྦྱིན་པ་ནི། རྡོ་རྗེ་བསངས་སྦྱངས་ནས་ཧཱུཾ་ལས་བྱུང་བའི་རྡོ་རྗེར་བསྐྱེད་ལ། འདིར། རྡོ་རྗེའི་དམ་ཚིག་སྦྱིན་པ་ལ་རལ་གྲི་ཞེས་གསུངས་པ་ནི། ལྷན་ཅིག་སྐྱེས་པའི་སྣང་བ་ལས། རལ་གྲི་ཆེན་པོ་ཁམས་གསུམ་པའི་ཞེས་བྱ་བ་ལ། ཁམས་གསུམ་དུ་འབྱུང་བའི་འདོད་ཆགས་ལ་སོགས་པ་དེ། 10-15-37a གཅོད་པར་ཆོས་མཐུན་པར་རལ་གྲི་སྟེ་རྡོ་རྗེ་ཞེས་བྱའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །ཁམས་གསུམ་པ་ཡི་རལ་གྲི་ཆེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་མཆོག་ལྟ་བུ། །བདུད་ལས་རྒྱལ་བར་བྱ་ཕྱིར་གཟུང༌། །ཞེས་བརྗོད་ཅིང༌། སྟོང་ པ་ཉིད་དང་དབྱེར་མི་ཕྱེད་པའི་ཡེ་ཤེས་རྒྱལ་བའི་ཐུགས་ཀྱི་ངོ་བོ་ནི་གསང་བའི་རྡོ་རྗེ་ཡིན་ལ། དེ་དྲན་པའི་དོན་དུ་རྡོ་རྗེ་འཛིན་པར་བྱེད་པའི་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་འཛིན་དུ་གཞུག། །དེས་ཀྱང་དེ་ལྟར་དྲན་པར་བྱས་ལ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་རྡོ་རྗེ་གསོར་ནས་ ཐུགས་ཀར་གཟུང་ངོ་། །དྲིལ་བུའི་དམ་ཚིག་སྦྱིན་པ་ནི། དྲིལ་བུ་བསངས་སྦྱངས་ནས། ཨ་ལས་སྐྱེས་པའི་དྲིལ་བུར་བསྐྱེད་ལ། ཤེས་རབ་ཐབས་ཀྱི་རང་བཞིན་ཉིད། །རྡོ་རྗེ་དྲིལ་བུ་རབ་གྲུབ་ཕྱིར། །བུ་ཡིས་ཡང་དག་གུས་པས་བཟུང༌། །ཁྱོད་ཀྱིས་སློབ་མ་བསྡུ་བར་ གྱིས། །ཞེས་བརྗོད་ཅིང་ཆོས་ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོགས་པར་སེམས་པའི་དེ་ཁོ་ན་ཉིད་ཀྱིས་དྲིལ་བུ་འཛིན་དུ་གཞུག། །དེས་ཀྱང་དེ་ལྟར་དྲན་པར་བྱས་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་ པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་བརྗོད་དེ་དཀྲོལ་ལོ། །དེ་ནས་ཕྱག་རྒྱའི་དམ་ཚིག་སྦྱིན་པ་ནི། ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱ་རབ་ཏུ་ བསྒྲགས། །ཞེས་བྱ་བས་ཡེ་ཤེས་ཀྱི་ཕྱག་རྒྱ་འདུ་བྱས་ནས་འདོད་ཡོན་ལ་ལོངས་སྤྱོད་པའི་ཚུལ་གྱིས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་གོ་བར་བྱའོ། །དེ་ལྟར་དམ་ཚིག་གསུམ་སྦྱིན་པ་སྔོན་དུ་འགྲོ་བ་ཅན་གྱི་དམ་ཚིག་གསུམ་གཟུང་བའི་སྒོ་ནས། 10-15-37b སློབ་དཔོན་གྱི་དབང་དངོས་གཞི་བསྐུར་བ་ནི། ལག་པས་རྡོར་དྲིལ་བཟུང་ནས་འཁྱུད་པའི་ཚུལ་བྱེད་དུ་གཞུག། །ཡིད་ཀྱིས་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པར་བསམས་ལ། འཁྱུད་པ་ལས་བྱུང་བའི་བདེ་བ་བསྐྱེད་དེ་དེ་ཉིད་ལ་སློབ་དཔོན་གྱི་ དབང་དུ་ངོ་འཕྲོད་པ་དགོས་ཏེ། ཀྱཻ་རྡོ་རྗེ་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་ཡང་དག་འདོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ནས་རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ གྱིས་དབང་ལྷ་སྤྱན་དྲངས་ལ་དམིགས་པ་སྔར་ཆུ་དབང་གི་སྐབས་སུ་བཤད་པ་བཞིན་བྱས་ཏེ། དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་སློབ་དཔོན་གྱི་དབང་གི་སྐབས་སུ་ནག་པོའི་དཀྱིལ་ཆོག་ལས། རྡོ་རྗེ་ཙརྩི་ཀ་ལ་སོགས་པས་དབང་བསྐུར་ ཞིང༌། དམ་ཚིག་གསུམ་གཟུང་བར་བྱའོ་ཞེས་འབྱུང་ལ། དམར་པོའི་འགྱུར་གྱི་དཔེ་ཁ་ཅིག་ལས། རྡོ་རྗེ་ཙརྩི་ཀ་ལ་སོགས་རྣམས་ཀྱིས་སྔ་མ་བཞིན་དབང་བསྐུར་ཏེ། དམ་ཚིག་གསུམ་འཛིན་དུ་གཞུག་གོ། ཞེས་འབྱུང་ཞིང༌། ཆག་འགྱུར་ཁ་ཅིག་ལས་གཞན་འདྲ་བ་ལ། དམ་ཚིག་གསུམ་འཛིན་དུ་གཞུག་ནས་སོ་ཞེས་འབྱུང་བ་གསུམ་ ཡོད་ཀྱང་ཕྱི་མ་དག་སྟེ། དམ་ཚིག་གསུམ་འཛིན་དུ་བཅུག་པའི་འོག་ཏུ་ཆུ་དབང་བསྐུར་བའི་དོན་ནོ། །སྔ་མ་བཞིན་ཞེས་པའི་དོན་ལ་ཁ་ཅིག་བཞི་བརྒྱ་ལྔ་བཅུ་པར། སྔ་མ་བཞིན་དུ་རིག་དབང་བསྐུར་ཞེས་པ་དང་མཐུན་པར་སླར་ཡང༌། རིག་མའི་དབང་ལྔ་བསྐུར་བའི་དོན་དུ་འཆད་དོ། །སྤྱིར་སློབ་དཔོན་དཔལ་འཛིན་གྱི་གཞུང་ལ་མར་ མེ་མཛད་བཟང་པོའི་རྗེས་སུ་འབྲངས་པའི་མང་དུ་སྣང་ཡང༌། དཀྱིལ་ཆོག་སྔ་མ་བཞིན་ཞེས་པའི་དོན་དེ་ལྟར་མིན་གྱི། དཀྱིལ་ཆོག་ལས་ཐམས་ཅད་དུ་ཙརྩི་ཀ་ལ་སོགས་པ་རྣམས། ཅོད་པན་ལ་དབང་གི་ཚུལ་དུ་བྱས་པའི་ཕྱིར་རོ་ཞེས་འབྱུང་བའི་དོན་སྔར་བཤད་པ་བཞིན་དུ། ཙརྩི་ཀ་ལ་སོགས་པས་ཆུ་དབང་བསྐུར་ཞེས་པའི་ 10-15-38a དོན་དུ་སྣང་ངོ༌། །ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱཧཱ། ཞེས་བརྗོད་དེ་བུམ་ཆུས་སྔར་བཞིན་བླུག་ལ་དབང་བསྐུར། དབང་གི་ཆུས་ལུས་ཐམས་ཅད་གང་ནས་བདེ་བ་ཆེན་པོ་མྱོང༌། དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་ གྲུབ་པའི་མི་བསྐྱོད་པས་དབུ་བརྒྱན་པར་བསམ་མོ། །རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས་ཏེ། སློབ་མ་རྣམས་ཀྱི་ལུས་ཀྱི་བ་སྤུའི་སྒོ་ནས་ཐིམ་པར་བསམ་ཞིང༌། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། ཞེས་བརྗོད་ནས་སློབ་མ་ ལ་མེ་ཏོག་གཏོར་ཏེ་མཆོད་དོ། །གཉིས་པ་ལ་དྲུག། །དེ་ཁོ་ན་ཉིད་དང་ལས་ཀྱི་རིམ་པ་བཤད་པ། སྔགས་གཏད་པ་དང་མིག་སྨན་བསྐུ་བ། མེ་ལོང་དང་མདའ་འཕང་བ། སྤྱི་དང་བྱེ་བྲག་གི་རྗེས་སུ་གནང་བ། རྡོ་རྗེའི་བརྟུལ་ཞུགས་དང་ལུང་བསྟན་པ། གསང་བ་ བཤད་པ་དང་དབུགས་དབྱུང་བའོ། །དང་པོ་ལ་གཉིས་ལས། དེ་ཁོ་ན་ཉིད་ཀྱི་རྣམ་པར་དག་པ་བཤད་པ་ནི། རྟེན་དང་བརྟེན་པ་གཉིས་མ་དག་པའི་སྣོད་བཅུད་ལྟར་དོན་གཞན་པ་ཉིད་དུ་འཛིན་པ་བཟློག་པའི་ཕྱིར་གཞལ་ཡས་ཁང་གི་རྣམ་དག་བཤད་ལ། ལྷ་རྣམས་ ཀྱང་རྒྱུད་ཐ་དད་པར་འཛིན་པ་བཟློག་པའི་ཕྱིར་དུ་ལྷའི་རྣམ་དག་བསྟན་ནོ། །དེ་ལྟར་ན་གཙོ་བོ་གཅིག་གི་ཡེ་ཤེས་ཀྱི་གཟུང་ཆ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་སྣ་ཚོགས་པར་སྣང་བ་ཡིན་གྱི། དེ་ལས་གུད་ན་མེད་པས་ཐམས་ཅད་ཀྱང་ཡེ་ཤེས་ ཀྱི་བདག་ཉིད་དོ། །དེ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་སངས་རྒྱས་དང་སངས་རྒྱས་མ་ཡིན་པ་གཉིས་དེ་ཁོ་ན་ཉིད་དུ་མི་མཉམ་པ་མེད་པས་གྲུ་བཞི་པའོ། །དྲན་པ་ཉེ་བར་བཞག་པ་བཞི་དག་པ་ནི་ཤར་གྱི་སྒོ་དང༌། ཡང་དག་སྤོང་བཞི་དག་པ་ནི་ལྷོའི་ 10-15-38b དང༌། རྫུ་འཕྲུལ་རྐང་བཞི་དག་པ་ནི་ནུབ་ཀྱི་དང༌། དད་པ་ལ་སོགས་པའི་དབང་པོ་ལྔ་དག་པ་ནི་བྱང་གི་སྒོ་བཞིའོ། །ཞེས་པ་ནི་དཀྱིལ་འཁོར་གསུམ་གའི་ཐུན་མོང་ངོ་། །དམར་ནག་གཉིས་ལ་ནི་རྣམ་ཐར་བརྒྱད་དག་པ་ནང་གི་སྣ་ཚོགས་རྡོ་རྗེའི་ཟུར་བཞི་དང་ལོགས་ བཞིའོ། །རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་ཕྱིར་ནང་གི་རྡོ་རྗེའི་ཕྲེང་བའོ། །རིགས་ཀྱི་དབྱེ་བས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་འབྱེད་པ་ནི་སྣ་ཚོགས་རྡོ་རྗེའི་རྭ་ཉི་ཤུའོ་ཞེས་པ་ལ་སོགས་པ་བརྗོད་དེ་རྒྱས་པ་བྱེད་ འདོད་ན་དཀྱིལ་ཆོག་ལས་ཤེས་པར་བྱའོ། །ལྷའི་དེ་ཁོ་ན་ཉིད་ནི་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པའི་ཡེ་ཤེས་ལྔ་རྣམ་པར་དག་པ་ནི་ཞེ་སྡང་གཤིན་རྗེ་གཤེད་ལ་སོགས་པ་རིགས་ལྔའོ། །ཕུང་ པོའི་བདུད་ཀྱི་མི་མཐུན་པའི་ཕྱོགས་དང་དད་པའི་སྟོབས་དག་པ་ནི་ཐོ་བ་གཤིན་རྗེ་གཤེད་དང༌། ཉོན་མོངས་པའི་བདུད་ཀྱི་མི་མཐུན་པའི་ཕྱོགས་དང་བརྩོན་འགྲུས་ཀྱི་སྟོབས་དག་པ་ནི་དབྱུག་པ་གཤིན་རྗེ་གཤེད་དང༌། འཆི་བདག་གི་བདུད་ཀྱི་མི་མཐུན་པའི་ ཕྱོགས་དང་དྲན་པའི་སྟོབས་དག་པ་ནི་པདྨ་གཤིན་རྗེ་གཤེད་དང༌། རྣམ་གཡེང་ལྷའི་བུའི་བདུད་ཀྱི་མི་མཐུན་པའི་ཕྱོགས་དང༌ཏིང་ངེ་འཛིན་གྱི་སྟོབས་དག་པ་ནི་རལ་གྲི་གཤིན་རྗེ་གཤེད་དོ། །སའི་ཁམས་དང་བྱམས་པ་ཆེན་པོའི་རང་བཞིན་ཙ་རྩི་ཀ་ དང༌། ཆུའི་ཁམས་དང་སྙིང་རྗེ་ཆེན་པོའི་རང་བཞིན་ཕག་མོ་དང༌། མེའི་ཁམས་དང་དགའ་བ་ཆེན་པོའི་རང་བཞིན་དབྱངས་ཅན་མ་དང༌། རླུང་གི་ཁམས་དང་བཏང་སྙོམས་ཀྱི་རང་བཞིན་གཽ་རཱི་དང༌། ཕྱིའི་གཟུགས་སོགས་ཡུལ་དྲུག་རྣམ་པར་དག་པས་ 10-15-39a ཐོད་པ་བཞི་སྟེ། དྲི་ནི་གཟུགས་སུ་འདུས་ལ་ཆོས་ཀྱི་དབྱིངས་ནི་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ལས་ཀྱི་རིམ་པ་བསྟན་པ་ནི། སྲུང་བའི་དམ་ཚིག་དང་བཟའ་བའི་དམ་ཚིག་དང༌། གཏོར་མའི་ཆོ་ག་དང་སྲུང་བ་དང༌། ཕྱིར་ཟློག་དང་དཀྱིལ་ འཁོར་བསྒྲུབ་པ་དང༌། དེར་སློབ་མ་གཞུག་པའི་མཚན་ཉིད་ནི་སློབ་དཔོན་གྱི་ལས་སུ་བྱ་བའི་རིམ་པ་ཡིན་ནོ། །ཞེས་གོ་བར་བྱའོ། །གཉིས་པ་ནི། རང་གིས་འཇིགས་བྱེད་ལ་རྭས་སྔགས་གསུམ་ག་བཞེད་པ་ལྟར་དང་དམར་ནག་གཉིས་ལ་ཧྲཱིཿཥྚྲཱིཿབརྒྱ་ རྩ་བརྒྱད་དམ་ལན་གསུམ་བཟླས་ལ། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་འཁོར་ལོའི་གཙོ་བོ་ལ་གསོལ་བ་གདབ་ལ། སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་ དུ་གསོལ། །ཞེས་གསོལ་བ་བཏབ་ནས་ལན་གསུམ་རྗེས་ཟློས་བྱས་པས། བླ་མའི་ཐུགས་ཀ་ནས་བརྒྱུད་དེ་ཞལ་ནས་བྱུང་བ་སློབ་མའི་སྙིང་གར་ས་བོན་གྱི་མཐར་བསྐོར་ནས་གནས་པར་བསམ་མོ། །དེ་ནས་གསེར་རམ་དངུལ་གྱི་སྣོད་དུ་བཞག་པའི་ མར་དང་སྦྲང་རྩིའི་མིག་སྨན་གསེར་ལས་བྱས་པའི་ཐུར་མས་སློབ་མའི་མིག་ལ་ཡི་གེ་པྲཾ་བསམས་པ་ལས། ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧཱ་ར་པ་ཊ་ལཾ་ཧྲཱིཿ ཞེས་འདོན་ཞིང་བསྐུས་པས་མིག་འབྱེད་པའི་ཚུལ་དུ་བྱ་ཞིང༌། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། ། འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་བརྗོད་པས་མ་རིག་པའི་ལིང་ཏོག་དང་བྲལ་ནས་ཡེ་ཤེས་ཀྱི་སྤྱན་དབྱེ་བར་བསམ་མོ། །གསུམ་པ་ནི། དེ་ལྟར་སྤྱན་བྱེ་བ་དེས་ཆོས་ 10-15-39b ཐམས་ཅད་གཟུགས་བརྙན་བཞིན་དུ་བལྟ་བར་བྱའོ། །ཞེས་བསྒྲུབ་པའི་ཆེད་དུ་ཨཱཿཡིས་བསྔགས་པའི་མེ་ལོང་བསྟན་ཞིང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ ཡང་དག་འབྱུང༌། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པ། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་ མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །ཞེས་བརྗོད་ལ། སྤྱིར་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་དང༌། ཁྱད་པར་དུ་རང་གི་སྙིང་ལ་ཞུགས་པའི་རྡོ་རྗེ་སེམས་དཔའ་ནི་མེ་ལོང་གི་གཟུགས་བརྙན་ལྟར་ཤེས་པར་གྱིས་ཤིག་ཅེས་བསྒོའོ། །དེ་ནས་ཧོཿ ལས་ སྐྱེས་པའི་མདའ་གཞུ་ཧོཿ ཞེས་བརྗོད་ནས་བྱིན་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭ་ཞེས་བརྗོད། དེས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི་ཞེས་བརྗོད་ཅིང༌། བགེགས་ལ་འབིགས་པའི་བསམས་པས་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་མདའ་འཕང་ ཞིང་དེའི་ཚེ་སློབ་དཔོན་གྱིས་སྔགས་སྔ་མ་བརྗོད་དོ། །བཞི་པ་ལ་གཉིས་ལས། སྤྱིའི་ཆོས་བཤད་པའི་རྗེས་གནང་ནི། དེ་ནས་བླ་མས་བྷྲཱུཾ་ལས་བྱུང་བའི་འཁོར་ལོ། ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་པས་མདུན་ནམ་སྟན་དུ་བྱིན། དབྱངས་ཐ་མ་ཨཿལས་བྱུང་བའི་ དུང་། ཨོཾ་བཛྲ་བྷ་ཥ་རཾ་ཞེས་པས་ལག་པ་གཡས་སུ་གཏད་ལ་འབུད་དུ་གཞུག། །དབྱངས་དང་པོ་ཨ་ལས་བྱུང་བའི་གཤིན་རྗེ་གཤེད་ཀྱི་རྒྱུད་ལག་པ་གཡོན་དུ་གཏད་ལ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱི་ཆོས་དུང་བླ་མེད་པ། །ཀུན་ནས་ 10-15-40a ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་བརྗོད་དོ། །དབྱངས་ཐ་མ་ལ་ཨཿལས་བྱུང་བའི་དྲིལ་བུ་ལག་པ་གཡོན་དུ་གཏད་དེ་དཀྲོལ་དུ་བཅུག་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་ མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བས། །ཐམས་ཅད་མཆོག་ནི་མཉམ་ཉིད་གསལ། །ཞེས་བརྗོད་དོ། །བྱེ་བྲག་གི་ཆོས་བཤད་པའི་རྗེས་གནང་ནི། སློབ་མ་སྐབས་སུ་གང་བབ་ཀྱི་གཙོ་བོ་གཤིན་རྗེ་གཤེད་དུ་བསྐྱེད་ལ། སེམས་ཅན་ཀུན་ལ་ཕན་དོན་ བྱེད། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་གནས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་སྒྲ་བཅུག་ལ། བརྗོད་དེ་རིགས་ལྔ་པོ་སོ་སོའི་དཀྱིལ་འཁོར་འདྲི་བ་དང་བཤད་པ་ བྱེད་པའི་རྗེས་སུ་གནང་བ་སྦྱིན་ནོ། །ལྔ་པ་ནི། དེ་ནས་སློབ་མ་རྡོར་སེམས་སུ་བསྐྱེད་ལ། ཧཱུཾ་ལས་བྱུང་བའི་རྡོ་རྗེ། འདི་དེ་སངས་རྒྱ་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་ བརྟན། །ཞེས་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེའི་བརྟུལ་ཞུགས་དང་རྟག་ཏུ་མི་འབྲལ་བ་བགྱིས་ཤིག་ཅེས་བརྗོད་ལ། སློབ་མའི་ལག་པ་གཡས་སུ་སྦྱིན་སློབ་མས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥཱ་སྟྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧིཿ ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ལ་བཟུང་ངོ༌། །དེ་ནས་སློབ་མ་མེ་ཏོག་ཕོག་པའི་ལྷར་བསྐྱེད་པ་ལ། བླ་མ་རྒྱལ་བ་ཤཱཀྱ་ཐུབ་པའི་ཆ་ལུགས་ཅན་དུ་བྱས་ཏེ། ཕྱག་གཡོན་པས་ཆོས་གོས་ཀྱི་སྒྲ་སྙིང་གར་བཟུང༌། གཡས་པ་མཆོག་སྦྱིན་པའི་ཕྱག་རྒྱ་བྱ། 10-15-40b རྒྱལ་བ་ཐམས་ཅད་དང་མགྲིན་གཅིག་ཏུ་ལུང་སྟོན་པར་བསམས་ལ། འདིར་ནི་ཁྱེད་རྣམས་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱཻ་དཔལ་ཆེ་གེ་མོ་ ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷཱུར་བྷཱུ་ཝ་སྭ་ཨཿ གང་ལ་ཕྱག་རྒྱ་འདིས་ལུང་བསྟན་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མགྲིན་ གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་དེ། ཕྱག་རྒྱ་འདི་ཉིད་ཀྱི་མཐུ་དང་སྔགས་འདིའི་སྟོབས་ཡིན་ནོ། །ཞེས་བརྗོད་དེ་ལུང་བསྟན་ནོ། །དྲུག་པ་ནི། དེ་ནས། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། ཅེས་གསང་བ་བརྗོད་པར་བྱའོ། །ཚིགས་བཅད་འདི་དེ་ཉིད་བསྡུས་པ་ནའང་ཡོད་མོད་ཀྱང༌། བླ་མེད་དང་ཐུན་མོང་བའི་གཞུང་ཅིག་ཏུ་ མངོན་ལ། དེའི་དོན་བླ་མེད་ལྟར་བཤད་ན་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ལ་སྡང་ཞིང༌། མ་དད་པ་སྐྱེད་པ་ལྟ་བུའི་སྡིག་གཞན་མེད་པས། ཁྱོད་ཀྱིས་དེ་ལྟ་བུ་མ་བྱེད་ཅིག། །མཧཱ་ས་མ་ཡ་ནི་དམ་ཚིག་ཆེན་པོ་སྟེ། འདོད་ཡོན་ལ་ཆགས་པ་ལམ་ དུ་བྱེད་པ་ལས་མི་འདའ་བའོ། །ཧ་ན་ནི་ཆོམས་ཤིག་པ་སྟེ་སྔར་གྱི་མ་དད་པ་དེ་ཆོམས་ཤིག་པའི་དོན་ནོ། །དེ་ནས་མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །དེ་རིང་ཁྱེད་རྣམས་ 10-15-41a ལེག་ས་པར་གནས། །བདེ་ཆེན་ཐེག་པ་འདི་ཡིས་ནི། །ཕྱིན་ཆད་འཆི་བ་ཁྱེད་ལ་མེད། །སྲིད་པ་ཤིན་ཏུ་གྲུབ་བྱའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །རྡོ་རྗེའི་ཕྱག་རྒྱ་གང་ཡིན་པས། །གང་ཞིག་སྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ ཉིད་དུ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་བཏང་མི་བྱ། །དམ་པའི་ཆོས་ནི་སུན་མི་དབྱུང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པ་འམ་རྨོངས་པ་ཡིས། །དེ་ཡང་ངེས་པར་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱའོ། །སློབ་ དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་དོར་ནས་ནི། །དཀའ་ཐུབ་ཀྱིས་ནི་མི་གདུང་ཞིང༌། །ཅི་བདེ་བར་ནི་བདེ་བ་བཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །ད་ནི་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་ པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱང་ནི་མཐུན་པར་དགོངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བརྗོད་དེ་དབུགས་ དབྱུང་བའོ། །སློབ་དཔོན་དཔལ་འཛིན་གྱིས་རྗེས་གནང་བརྟུལ་ཞུགས་ལུང་བསྟན་གསང་བ་བརྗོད་པ་དབུགས་དབྱུང་བ་ལྔ་པོ་འདི། རིག་པའི་དབང་ལྔའི་རྗེས་དང་དབང་བཞི་བསྐུར་བའི་འོག་ཏུ་སྦྱིན་པ་གདམ་ང་ཅན་དུ་གསུངས་པས། མཐའ་རྟེན་རྣམས་ ཚུལ་གཅིག་ཁོ་ནར་མ་ངེས་སོ། །དེ་ལྟར་ཕྱི་ནང་གི་དཀྱིལ་འཁོར་གཉིས་ལས་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་དཔོན་དུ་བྱ་བའི་ཆེད་དུ་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བས་ན་སློབ་དཔོན་གྱི་དབང་དང༌། ཕྱིར་མི་ལྡོག་པ་རྣམས་ཀྱི་དབང་དང་འདྲ་ 10-15-41b ཞིང༌། ཕྱིར་མི་ལྡོག་པའི་ས་བོན་ཁྱད་པར་ཅན་བསྐྲུན་པར་བྱེད་པའི་ཕྱིར་ན་ཕྱིར་མི་ལྡོག་པའི་དབང་ཞེས་པ་དང༌། དབང་དྲུག་ག་ལ་བུམ་པའི་ཆུའི་བྱ་བ་རྗེས་སུ་འགྲོ་བས་བུམ་པའི་དབང་ཞེས་བྱ་བ་ཐོབ། གཙོ་བོར་ལུས་ཀྱི་དྲི་མ་གསུམ་སྔར་བསགས་སྦྱོང་ཞིང་ཕྱི་ མ་སྡོམ་པ་དང༌། ལུས་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་འཁྲུད་པས་སྐུ་རྡོ་རྗེ་སྦྱོང༌། ལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་ནུས་པ་ཁྱད་པར་ཅན་འཇོག་གོ་ཞེས་དབང་དོན་བཤད་དོ། །བསྐྱེད་རིམ་གྱི་ལྷའི་ སྐུ་བསྒོམ་པར་བྱ་བ་ལ་ནང་ཚན་གྱི་དབྱེ་བ་དུ་མ་ཞིག་ཡོད་ཀྱང༌། གཙོ་བོ་རིགས་དྲུག་ཏུ་བསྡུས་ནས་དབང་དྲུག་བསྐུར་ཏེ། རིགས་དྲུག་དང་འབྲེལ་བའི་བསྐྱེད་རིམ་ཐམས་ཅད་སྒོམ་པ་ལ་དབང་བར་བྱེད་པ་ཡིན་ནོ། །གཉིས་པ་གསང་བའི་དབང་ནི། དེ་ནས་ཡོལ་ བ་ལ་སོགས་པས་སྐྱེ་བོས་དབེན་པར་བྱས་པའི་ས་ཕྱོགས་སུ། སློབ་མས་ཡིད་དུ་འོང་བའི་གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དམ་ཚིག་དང་སྡོམ་པ་སྲུང་བ། རྣལ་འབྱོར་བཞི་ལ་མཁས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་ལ་ མཎྜལ་དང་བཅས་པ་གསང་བའི་དབང་གི་དོན་དུ་བླ་མ་ལ་ཕུལ་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་པའི་ཚིགས་བཅད་དམ་གཞན་ གྱིས་ལན་གསུམ་དུ་གསོལ་བ་གདབ་སྟེ་གདོང་གཡོགས་བཅིང་ངོ༌། །བླ་མས་རང་ཉིད་གཤིན་རྗེ་གཤེད་གསུམ་སྐབས་ལ་གང་བབ་ཏུ་བསྐྱེད། འཇིགས་བྱེད་དང་གཤེད་དམར་ལ་རིག་མ་རོ་ལངས་མ་དང་དགྲ་ནག་ལ་རང་དང་མཚུངས་པའི་ལྷ་ 10-15-42a མོར་བསྐྱེད། གཉིས་ཀའི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ཏེ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། སངས་རྒྱས་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས་སྤྱི་བོ་ནས་ཞུགས་བྱང་ཆུབ་ཀྱི་ སེམས་སུ་ཞུ་བ་རྡོ་རྗེ་ནོར་བུའི་ནང་དུ་བསྐྱེད་པ་བརྟན་པར་བྱས་པ། མཐེབ་སྲིན་གྱིས་བཙིར་ཏེ་དེ་ལས་བཏོན་ནས། བཏུང་བ་རིན་ཆེན་འདི་ཡིས་ནི། །རྡོ་རྗེ་ཡི་ནི་ལུས་བསྒྲུབ་པར། །བུ་ཁྱོད་ཀྱིས་ནི་ཤེས་གྱིས་ལ། །ཡིད་ལས་བྱུང་བའི་ཆུ་འཐུང་ཞིག །ཅེས་པ་ འདིས་བདུད་རྩི་སློབ་མའི་ཁར་གཞུག་པར་བྱའོ། །སློབ་མས་ཀྱང་ཨ་ཧོ་མ་ཧཱ་སུ་ཁ་ཞེས་བརྗོད་ཅིང་ཁས་བླངས་ནས་མྱངས་ལ་མགྲིན་པར་མིད་དོ། །ཡུམ་ཡང་ལངས་ལ་རང་གི་པདྨ་ན་གནས་པའི་བདུད་རྩིའི་ལྷག་མ་སློབ་མའི་ཁར་སྦྱིན་པར་བྱའོ། ། དེ་ལྟར་ཡབ་ཡུམ་གྱིས་བྱིན་པའི་བྱང་ཆུབ་ཀྱི་སེམས་དཀར་དམར་མྱངས་པ་ལས་བདེ་བ་ཆེན་པོ་སྐྱེ་ལ། བདེ་བ་དེས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་དེ་ཉིད་ལ་གསང་དབང་དངོས་གཞིར་ངོ་སྤྲད་པར་བྱའོ། །དེ་ནས་གདོང་གཡོགས་བསལ་ཞིང༌། ཁྱོད་ ཀྱིས་དཀྱིལ་འཁོར་བཞི་ལས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རྫས་གསང་བ་ལས་བྱུང་བའི་དབང་ལ་གསང་བའི་དབང་བསྐུར་བ་ཞེས་བཤད་པ་དེ་ཐོབ། ཐུན་མོང་བའི་ངག་གི་དྲི་མ་བརྫུན་དུ་སྨྲ་བ་སོགས་སྔར་བསགས་འདག་ཅིང་ཕྱི་མ་སྡོམ་ པ་དང༌། ཐུན་མོང་མ་ཡིན་པ་རླུང་ལ་ངག་ཏུ་གསུངས་པའི་དྲི་མ་རླུང་སྔགས་སོ་སོར་སྣང་ཞིང་ཞེན་པའི་དྲི་མ་འཁྲུད་པས་གསུང་རྡོ་རྗེ་སྦྱོང༌། བཏུང་བ་རིན་ཆེན་འདི་ཡིས་ནི། །རྡོ་རྗེ་ཡི་ནི་ལུས་བསྒྲུབ་པར། །ཤེས་པར་གྱིས་ཤིག་ཅེས་གསུངས་པས། ཀུན་ 10-15-42b རྫོབ་སྒྱུ་མའི་སྐུའི་རང་བཞིན་ཅན་གྱི་རྡོ་རྗེའི་སྐུ་བདག་བྱིན་གྱིས་བརླབས་པ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་གོ། །གསུམ་པ་ནི། དེ་ནས་གསང་དབང་གི་རིག་མ་དེ་ཉིད་དམ་རིག་མ་ གཞན་ལའང་རུང་སྟེ། སློབ་མས་ཡང་དག་པར་རིག་པ་ཙམ་གྱི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར་མཎྜལ་ཕུལ་ཏེ། སྔར་གྱི་ཚིགས་བཅད་ཀྱིས་གསོལ་བ་ལན་གསུམ་དུ་འདེབས་པའི་སློབ་མ་ལ་མིག་དར་བཅིངས་ནས། སློབ་མའི་ལག་པར་ཕྱག་རྒྱ་མ་དེའི་ ལག་པ་གཏད་ལ། གཟུངས་མ་ཡིད་འོང་འདི་དེ་ནི། །བསྟེན་བྱར་སངས་རྒྱ་རྣམས་ཀྱིས་བརྟགས། །རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ བས་འཁོར་བར་སྦྱོར་བྲལ་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ལ་སློབ་མ་ལ་ཕྱག་རྒྱ་མ་སྦྱིན་པར་ བྱའོ། །རིག་མ་དེས་ཀྱང་ཙནྡན་དང་གུར་ཀུམ་ལ་སོགས་པས་བྱུགས་ཤིང་ཤིན་ཏུ་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། གོས་མེད་པར་པདྨ་རབ་ཏུ་རྒྱས་པ་གསལ་པོར་སྟོན་ཅིང་སློབ་མ་ལ་འདི་སྐད་བརྗོད་དོ། །དྲི་ཆེན་དྲི་ཆུ་བཟའ་བ་དང༌། །ཁྲག་ དང་ཁུ་བ་དེ་བཞིན་ཤ །བུད་མེད་གུས་མཆོག་དེ་བཞིན་དུ། །བྷ་ག་པདྨར་ཙུམ་པ་ནཾ། །བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི། །ཇི་ལྟར་བདེ་བར་བུས་སྨྲོས་ཤིག །ཅེས་དྲིའོ། །སློབ་མས་ཀྱང༌། དྲི་ཆེན་དྲི་ཆུ་སོགས་བཟའ་བ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་ 10-15-43a མེད་རྣམས་ལ་རྟག་གུས་བྱ། །བྷ་ག་ཉིད་ལ་ཙུམ་པ་ནཾ། །ཞེས་བརྗོད་པར་བྱའོ། །དེ་ནས། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་ མཉེས་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཛ་མོཀྵ་ཧོཿཞེས་བརྗོད་དོ། །དེ་ནས་སློབ་མ་དང་རིག་མ་སྔར་བཞིན་གཤིན་རྗེ་གཤེད་ལ་སོགས་པར་བསྐྱེད། རང་དང་འདྲ་བའི་ ཡེ་ཤེས་པ་གཞུག། །སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་བླ་མའི་མན་ངག་གིས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་བཙལ་ལ། འཁྲིག་ཐབས་ཀྱི་བྱེད་པའི་བྱེ་བྲག་རྣམས་བསྟན་ལ་བླ་མས། རྣལ་ འབྱོར་པ་ཡིས་ཇི་སྲིད་དུ། །བྱང་སེམས་འབྱིན་པར་མི་བྱེད་པ། །དེ་སྲིད་ཐོབ་འགྱུར་རྒྱུན་མི་འཆད། །དགའ་བ་ལས་སྐྱེས་བདེ་གཞན་ཅི། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་བ་ལ། །མ་སྨད་ དངོས་གྲུབ་ག་ལ་ཡོད། །མཁའ་ཁམས་རྡོ་རྗེའི་ཀུན་སྦྱོར་དང༌། །རེག་བཅས་ཀྱི་ནི་རྨད་བྱུང་ཆེའི། །བདེ་བ་བསྐྱེད་པར་བྱེད་པ་གང༌། །དེ་ནི་མཆོག་དགའ་བྱེད་པ་པོ། །དགའ་བྲལ་དག་གི་དབུས་སུ་ནི། །མཚོན་པ་ལྟོས་ལ་བརྟན་པར་གྱིས། །པདྨའི་ ནམ་མཁའ་རྡོ་རྗེ་ཡི། །ལྟེ་བས་མནན་པའི་གནས་དག་ཏུ། །རྡོ་རྗེ་སྐྱིལ་ཀྲུང་དག་གིས་སེམས། །ནོར་བུའི་ནང་དུ་སོན་ལྟ་ཞིང༌། །ཡེ་ཤེས་སྐྱེ་བ་གང་ཡིན་དེས། །ཡེ་ཤེས་ངོ་བོ་ཞེས་པ་བརྒྱན། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་ 10-15-43b དམིགས་པ་མ་ཡིན་ནོ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང༌། །བདེ་ལ་གནས་བྱ་འགྱུར་མི་བྱ། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་ཕྱེད་ཟླ་བ་ལོ་དང་ནི། །བསྐལ་པ་བསྐལ་པ་སྟོང་དུ་ཡང༌། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། །ཞེས་བརྗོད་ལ་དེའི་དོན་ རྟོགས་པར་བྱས་ལ། སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ། དེ་ནས་སྙིང་གར་སླེབ་པ་ན་མཆོག་དགའ། དེ་ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ། དེ་ནས་གསང་གནས་ཀྱི་རྩེར་སླེབ་པ་ན་ལྷན་ཅིག་ སྐྱེས་པའི་དགའ་བ་སྐྱེ་ལ། དེའི་ཚེ་བདག་མེད་པའི་ལྟ་བ་དྲན་པར་བྱས་ནས་བདེ་བས་བདག་མེད་ཀྱི་སྟོང་པ་ངེས་པར་བྱས་པའི་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ཀྱི་དགའ་བ་དབང་གསུམ་པ་རུ་ངོ་སྤྲོད་དོ། །དེ་ནི་དབང་གསུམ་པ་ཁྱད་པར་གྱི་ཐོབ་ལུགས་ ཡིན་ལ། སྟོང་པའི་གོ་བ་དེ་འདྲ་མེད་པས། དབང་གསུམ་པ་ཁྱད་པར་ཅན་དེ་འདྲ་མི་འཐོབ་ལ། དབང་བསྐུར་མཁན་དང་ཞུ་མཁན་གྱི་གང་ཟག་གི་མཆོག་དམན་གྱི་དབང་གིས། དབང་གསུམ་པར་རིགས་གཅིག་ཀྱང་ཐོབ་ལུགས་མང་དུ་འོང་སྟེ་དབང་ གཞན་ལའང་དེ་དང་འདྲའོ། །དབང་འདི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྐུར་བ་ལའང་སྔར་བཤད་པའི་དམིགས་པ་རྣམས་དལ་བུས་གསལ་བཏབ་སྟེ་ངེས་པ་རྙེད་པར་བྱས་ལ། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ ཀྱི་སེམས་ནོར་བུའི་ནང་དུ་གནས་པ་ལས་བྱུང་བའི་བདེ་སྟོང་དབྱེར་མེད་ཀྱི་དམིགས་པ་ལེགས་པོར་ངེས་པར་བྱས་ལ་ངོ་སྤྲད། ལྟ་བའི་གོ་བ་མེད་པ་ལའང་བདེ་བའི་ཕྱོགས་ཀྱི་དམིགས་པ་ངོ་འཕྲོད་ངེས་སུ་བྱའོ། །དེ་ནས་གདོང་གཡོགས་བསལ་ 10-15-44a ཞིང༌། ཁྱོད་ཀྱིས་བྷ་གའི་དཀྱིལ་འཁོར་དུ། ཤེས་རབ་མ་ལ་བརྟེན་ནས་ཐོབ་པའི་དབང་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བཤད་པ་དེ་ཐོབ། ཐུན་མོང་བ་ཡིད་ཀྱི་དྲི་མ་བརྣབ་སེམས་ལ་སོགས་པ་སྔར་བསགས་བདག་ཅིང་ ཕྱི་མ་སྡོམ། ཐུན་མོང་མ་ཡིན་པ་གང་སྣང་ཀུན་བདེ་སྟོང་དབྱེར་མེད་དུ་འཆར་བ་ལ་སྒྲིབ་པའི་དྲི་མ་འཁྲུད་པས་ཡིད་དག་པར་བྱེད། འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ འཇོག་གོ་ཞེས་བཤད་དོ། །བཞི་པ་དབང་བཞི་པ་བསྐུར་བ་ལ་ལྔ། མཎྜལ་ཕུལ་ཏེ་གསོལ་བ་གདབ་པ། དབང་བཞི་པ་བསྐུར་བ། ཕན་ཡོན་གྱིས་སྤྲོ་བ་བསྐྱེད་ཅིང་དམ་ཚིག་སྒྲག་པ། དམ་ཚིག་བསྡུས་ཏེ་ཁས་བླང་ཞིང་ཡོན་དབུལ་བ། དབང་གི་དག་པ་ སྦྱིན་པའོ། །དང་པོ་ནི། སློབ་མས་དབང་བཞི་པའི་དོན་དུ་བླ་མ་ལ་མཎྜལ་ཕུལ་ཏེ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་ གསོལ་བ་བཏབ་སྟེ་མིག་དར་བཅིང་བ་འམ། མ་བཅིངས་ཀྱང་རུང་ངོ་། །གཉིས་པ་ལ་གཉིས། དབང་བཞི་པའི་རྣམ་གཞག་དང༌། དབང་དེ་བསྐུར་བའི་ཆོ་ག་དངོས་སོ། །དང་པོ་ནི། དམར་པོའི་དཀྱིལ་ཆོག་ལས་དེ་ཉིད་བླ་ན་མེད་པ་འགྲོ་བ་མཐའ་དག་གི་དོན་ བསྒྲུབ་པ་བརྟགས་པའི་རྙོག་པ་དང་བྲལ་བ་ཉིད་ལས་སླར་རང་ཡང་དག་པར་རིག་པ་དང་ཐ་མི་དད་པ། ཐུབ་པའི་ཚོགས་མཐའ་ཡས་པས་འཕྲོ་བའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན། ཡིད་བཞིན་གྱི་ནོར་བུ་ལྟ་བུ་བརྟན་པའི་ངོ་བོ་ཉིད་དུ་སློབ་ 10-15-44b མ་ལ་ཚིག་གིས་སྦྱིན་པར་བྱའོ། །ཞེས་བྱ་བའང་སྦྱིན་པར་བྱའོ་ཞེས་གསུངས་ལ། སློབ་དཔོན་ལྭ་བ་པའི་དཀྱིལ་ཆོག་ལས་ཀྱང༌། དབང་བསྐུར་བ་བཞི་པ་བླ་མའི་ཞལ་ལས་ཤེས་པར་བྱ་བ་ནི་འདི་སྐད་དུ། ཞེས་དཔལ་འཛིན་གྱིས་གསུངས་པ་ལྟར་གསུངས་ ཤིང༌། ཚིག་གིས་སྦྱིན་པར་བྱའོ་ཞེས་གསུངས་པ་གང་ཡིན་པ་སྟེ་ཞེས་ཁུངས་གཞན་གཅིག་ནས་དྲངས་པའི་ཚུལ་དུ་མཛད་ལ། དཔལ་འཛིན་གྱིས་ཚིག་གིས་སྦྱིན་པར་བྱའོ། །ཞེས་བྱ་བའང་ཞེས་པའི་དོན་ཡང་ཁུངས་གཞན་ཅིག་ནས་གསུངས་པའི་ དོན་ཡིན་ནོ། །དེ་ལ་བཞི་པ་བླ་མའི་ཞལ་ལས་ཤེས་པར་བྱ་བར་གསུངས་པའི་དོན་སྔར་དྲངས་པའི་ཚིག་གིས་གསལ་བར་སྟོན་པ་ཡིན་པས། དེའི་དོན་ངེས་པར་བྱ་བ་ཤིན་ཏུ་གལ་ཆེའོ། །དེས་ན་དེ་ཉིད་ཅེས་པ་ནི་ཨ་བྷྱཱ་ཀ་རས་ཤེས་རབ་ཡེ་ཤེས་ དེ་ཉིད་བསྒོམས་པས་འཕེལ་བ་དབང་བཞི་པར་འགྱུར་བར་གསུངས་པ་ལྟར་ཡིན་ཏེ། དབང་གསུམ་པ་སྟོན་པའི་རྒྱུད་ཀྱི་ཚིག་དཀྱིལ་ཆོག་ཏུ་དྲངས་པ་ལས། འོ་མ་གོམས་པའི་སེམས་གཅིག་གིས། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། །ཞེས་འོ་མ་སྟེ་རང་ གིས་རིག་པའི་བདེ་བ་ཆེན་པོའི་དོན་བྱང་ཆུབ་ཀྱི་སེམས་དབང་གསུམ་པའི་དུས་སུ་སྐྱེས་པ་དེ་ཉིད་ཡང་དང་ཡང་དུ་གོམས་པས། འགྲོ་བ་མ་ལུས་པའི་དོན་བདེ་བ་ཆེན་པོའི་ངོ་བོ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱག་རྒྱ་ཆེན་པོ་རབ་ཏུ་སྒྲུབ་པ་སྟེ་རྫོགས་ པར་བྱ་བའི་དོན་དུའོ་ཞེས་གསུངས་པས་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་གོམས་པས་འགྲོ་བ་མཐའ་དག་གི་དོན་སྒྲུབ་པར་ནུས་པ་བརྟགས་པ་སྟེ་རྟོག་པའི་རྙོག་པ་ཐམས་ཅད་དང་བྲལ་བའི་འོད་གསལ་བ་ཉིད་ལས། སླར་ཡང་རང་གི་དེ་ཁོ་ 10-15-45a ན་ཉིད་བླ་ན་མེད་པ་ཡང་དག་པར་རིག་པ་དང་ཐ་མི་དད་པ། དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་གྱི་སྒྱུ་མའི་སྐུ་ཐོབ་པའི་ཚོགས་མཐའ་ཡས་པ་འཕྲོ་བ། ཡིད་བཞིན་གྱི་ནོར་བུ་ལྟ་བུར་མི་རྟོག་བཞིན་དུ་དགོས་འདོད་འབྱུང་བའི་ངོ་བོ་ ཉིད་ནི་དོན་གྱི་དབང་བཞི་པ་ཡིན་ནོ་ཞེས་ཚིག་གིས་ངོ་སྤྲོད་པའོ། །ལྭ་བ་པའི་དཀྱིལ་ཆོག་ལས། བླ་ན་མེད་པ་ཡང་དག་པར་རིག་པ་དང་ཐ་མི་དད་པ་ཞེས་འབྱུང་ལ། བསྟན་པའི་ངོ་བོ་ཉིད་ཀྱི་ཚིག་ཅེས་གསུངས་པ་ལྟར་ཚིག་གིས་བསྟན་པའི་དོན་ལ་ངེས་ པ་བརྟན་པར་བྱེད་པའི་དོན་དུ་བཤད་དོ། །དེ་ལྟར་ན་བླ་མའི་ཞལ་ལས་ཤེས་པར་བྱ་བའི་དབང་བཞི་པའི་དོན་ནི། དོན་གྱི་འོད་གསལ་དང་ངོ་བོ་ཐ་མི་དད་ཀྱི་སྒྱུ་མའི་སྐུ་ཟུང་འཇུག་ལ་ངོ་སྤྲོད་པ་གྲུབ་ཆེན་གཉིས་ཀྱི་དགོངས་པའོ། །གཉིས་པ་ནི། འདིར་ དབང་བཞི་པ་བསྐུར་བ་ནི་དོན་གྱི་དབང་བཞི་པ་ཟུང་འཇུག་ཏུ་ངོ་སྤྲོད་པའི་ཚིག་གིས་བསྐུར་བ་ཡིན་པས། ཟུང་འཇུག་གི་གོ་བ་བསྐྱེད་དགོས་དེའི་གོ་བ་བསྐྱེད་ཚུལ་ནི། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དབང་གསུམ་པའི་སྐབས་དང་བཞི་པ་གཉིས་དཔེ་ དོན་དུ་སྦྱར་ནས་སྟོན་པར་གསུངས་པས། དེའི་ཚུལ་ཅུང་ཟད་བཤད་ན་ཁྱོད་ཀྱིས་དབང་གསུམ་པ་ཐོབ་པའི་སྐབས་སུ། རང་དང་རིག་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་དུས་ན། སེམས་ལྷན་ཅིག་སྐྱེས་པའི་དགའ་བས་དེ་ཁོ་ན་ ཉིད་ཀྱི་དོན་ངེས་པ་གཉིས་མཉམ་དུ་ཡོད་པ་དེ་བཞིན་དུ། དོན་འདི་གོམས་པར་བྱས་པ་ལས་མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་སྐུ་རང་སྣང་གི་རིག་མ་དང་ཁ་སྦྱོར་བའི་ལུས་ཅན་དང་དེའི་དུས་ཉིད་ན་ 10-15-45b ཐུགས་ལྷན་ཅིག་སྐྱེས་པའི་དགའ་བ་དང་སྟོང་པ་ཉིད་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་ཐམས་ཅད་སྟོང་པ་གཉིས། ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་དེ། དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ། ། ཞེས་ད་ལྟ་ལུས་འཇའ་ལུས་ཀྱི་སྐུ་དང་སེམས་འོད་གསལ་གཉིས་རོ་གཅིག་པ་མ་ཐོབ་ཀྱང༌། དེ་གཉིས་དང་རྣམ་པ་རྗེས་སུ་མཐུན་པའི་མོས་པའང་བྱེད། དབང་གསུམ་པའི་དུས་ན་ཉམས་སུ་མྱོང་བ་འདིའི་རྒྱུན་གོམས་པར་བྱས་པ་ལས་ཟུང་འཇུག་འགྲུབ་ཚུལ་ གྱི་ངེས་པ་བསྐྱེད་དོ། །གསུམ་པ་ནི། དེ་ནས་སློབ་མ་རྣམས་དབང་གི་ཕན་ཡོན་གྱིས་སྤྲོ་བ་བསྐྱེད་པར་བྱ་སྟེ། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་གྲོལ་བར། །དེ་རིང་ཁྱེད་རྣམས་ལེགས་པར་གནས། ། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱེད་ལ་མེད། །མི་ཚུགས་པ་དང་མ་བཅིངས་པར། །གང་ལའང་འཇིགས་མེད་དགའ་བར་གྱིས། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ ཏུ་ཡང་དག་འགྱུར། །དངོས་གྲུབ་དམ་ཚིག་སྡོམ་པ་ནི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བྱ་སྟེ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ ཁྲོས་ནས་སྤུན་རྣམས་ལ། །ཉེས་པ་བརྗོད་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་ངེས་པར་སྤང་མི་བྱ། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་མི་སྨད་དོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་ 10-15-46a ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་རྣམས་ངོ་བོ་སུན་མི་དབྱུང༌། །གདུག་པའི་བྱམས་པ་རྟག་ཏུ་སྤང༌། །ཆོས་ལ་ཚད་བཟུང་མི་བྱའོ། །དད་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །ཤེས་རབ་རང་བཞིན་བུད་ མེད་རྣམས། །སྐྱོན་གྱི་ཉེས་པ་མི་བརྗོད་དོ། །རྣལ་འབྱོར་སློངས་མོས་མི་རྒྱུ་ཞིང༌། །རྣལ་འབྱོར་སྤངས་པར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླས། །རྟག་ཏུ་དམ་ཚིག་ལ་སོགས་བསྟེན། །གལ་ཏེ་བླ་མ་སྨོད་དེ་བཞིན། །དམ་ཚིག་བག་མེད་པར་ གྱུར་ན། །དེ་ཚེ་དཀྱིལ་འཁོར་ངེས་བྲིས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ལ་ལེགས་པར་གནས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །གནས་པར་གྱུར་པར་ཐེ་ཚོམ་མེད། །སངས་ རྒྱས་རྡོ་རྗེ་ཅན་བཅས་པ། །ཀུན་གྱིས་ཚེ་ལྡན་དེང་དབང་བསྐུར། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །རྒྱལ་སྲིད་བདག་པོར་བསྟན་པ་ཡིན། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་ཞུགས་སོ། །དེ་རིང་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་ པ་འདི་ལ་ཐེ་ཚོམ་མེད། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །དེ་རིང་འགྲོ་བ་བདེ་མྱུར་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། །ཞེས་བརྗོད་དོ། ། བཞི་པ་ནི། སློབ་མ་རབ་ཏུ་གུས་ཤིང་མཉེས་གཤིན་པས་བླ་མའི་ཞབས་ལ་ཕྱག་འཚལ་ནས། བླ་མས་གསུངས་པའི་དམ་ཚིག་རྣམས་བསྲུང་བར་བྱའོ་སྙམ་དུ་བསམས་ལ། གཙོ་བོས་ཇི་ལྟར་བཀའ་བསྒོ་བའི། །གསུང་ནི་དེ་ལྟར་བདག་གིས་ 10-15-46b བགྱི། །ཞེས་བརྗོད་དོ། དེ་ནས་སློབ་མ་རྣམས་ཀྱིས་དགའ་བའི་ཡིད་ཀྱིས། ཇི་ལྟར་བསྐྱོང་པའི་ས་གཞི་དང༌། །གླང་པོ་དང་རྟ་དང་གསེར་དང་དངུལ་དང་རྒྱན་དང་བུ་དང༌བུ་མོ་དང་ཆུང་མ་དང་བྲན་ཕོ་དང་བྲན་མོ་ལ་སོགས་པ་དབུལ་བར་བྱ་ཞིང་བདག་ཉིད་གཡོག་ཏུའམ་ ཐོས་པ་ལ་སོགས་པ་ཡོན་ཏན་བསགས་པ་གྲུབ་པའི་ཕྱིར་དབུལ་ལོ། །ལྔ་པ་ནི། དེ་དག་གིས་དོན་དམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ ནུས་པ་བཞག། །བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་སྒོམ་པ་སོགས་ལ་དབང་བར་བྱས། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་འགྱུར་པའི་སྐལ་བ་ཅན་དུ་བྱས་སོ་ཞེས་བཤད་དོ། །གསུམ་པ་ནི། སློབ་མ་རྣམས་ལ་ནུས་པ་ཅི་ཡོད་ པས་དཀྱིལ་འཁོར་མཆོད་ཅིག་ཅེས་བསྒོ་ལ། ཁ་ཟས་དང་སྤྱོད་ཡུལ་ཐམས་ཅད་ཀྱིས་དཀྱིལ་འཁོར་མཆོད་དུ་གཞུག་གོ། འོས་པའི་སློབ་མ་རྣམས་གཟུང་སྟེ་བཟའ་བཅའ་དང་བལྡག་པ་དང་ཆང་ལ་སོགས་པ་དཀྱིལ་འཁོར་ལ་ཕུལ་བས་ཚིམ་པར་བྱའོ། །དེ་ནས་ དཀྱིལ་འཁོར་ལ་མཆོད་པ་དང༌། བསྟོད་པ་དང་བདུད་རྩི་མྱང་བ་སོགས་བྱས་ལ། དགེ་བ་བསྔོ་ཞིང་ལྷག་ཆད་ཀྱི་ཉེས་པ་དག་པར་བྱ་བའི་ཕྱིར། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དོ། །མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ལ། མ་ཚང་བ་ལ་སོགས་པའི་ཉེས་ པ་ཞི་བར་བྱ་བའི་ཕྱིར་བཟོད་པར་གསོལ་ཏེ། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་ 10-15-47a པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། །ཞེས་བརྗོད་ཅིང་མངོན་པར་འདོད་པའི་དོན་འགྲུབ་པར་གསོལ་བ་གདབ་ལ། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩལ། །སེམས་ ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པ་སྩལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ ཞེས་བརྗོད་ལ་ཡེ་ཤེས་པ་གཤེགས། རང་གིས་སྤྲུལ་པའི་དམ་ཚིག་པ་རྣམས་བདག་ལ་བསྡུ། དེ་ནས་ རང་ལྷའི་ང་རྒྱལ་བརྟན་པོས་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ། །ཞེས་བརྗོད་དེ་དྲིལ་བུ་འཁྲོལ་ཞིང་རྡོ་རྗེ་དང་བཅས་པའི་ལག་པས་ཐོག་མར་མཚན་མ་རྣམས་མཐའ་ནས་རིམ་གྱིས་བསྡུ། དེ་ནས་རྡོ་རྗེས་ཤར་སྒོ་ནས་ བརྩམས་ཏེ་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱེ་ཞིང༌། རང་གི་མགོར་རྡུལ་ཚོན་ཅུང་ཟད་ཙམ་བླུག་ནས་པདྨ་ལ་སོགས་པ་དབྱིའོ། །དེ་ནས་ལག་པར་གནས་པའི་རྡོ་རྗེའི་རྩེ་མོས་སྒོ་རྣམས་དང་ཟུར་རྣམས་གཞིག། །རྡུལ་ཚོན་ལྷག་མ་རྣམས་ལེགས་ པར་ཕྱགས་ཏེ། ཞི་བ་ལ་སོགས་པ་དོན་དུ་གཉེར་བ་ལ་ཅུང་ཟད་བྱིན་ནས། གཞན་ཐམས་ཅད་རྣམ་རྒྱལ་ལམ་བུམ་པ་གཞན་གོས་ཀྱིས་བརྒྱན་པར་བླུག་སྟེ། བཀྲ་ཤིས་ཀྱི་གླུ་དང་རོལ་མོའི་སྒྲ་དང་གདུགས་ལ་སོགས་པ་དང་མཆོད་པ་དང་ལྡན་པས་ཁྱེར་ཏེ། འབབ་ཆུ་ ཆེན་པོའམ་མཚོ་ཕྲན་ཆུ་ཟབ་མོའི་འགྲམ་དུ། ཀླུའི་དཀྱིལ་འཁོར་བྱས་ལ་མཆོད་གཏོར་ཕུལ་ཏེ། དེ་རྣམས་ལ་རྡུལ་ཚོན་གཏད་ནས་ཆུ་ལ་བསྐུར་ཞིང༌། དེ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་འོག་གི་གཞིར་ཁྱེར་བར་བསམ་མོ། །རྡུལ་ཚོན་ཕྱེར་བའི་ 10-15-47b བུམ་པ་ཆུས་བཀང་ནས་ཁྱེར་འོངས་ཏེ། ཞི་བའི་དོན་དུ་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་གཏོར་བར་བྱའོ། །དེ་ནས་སྔར་བཤད་པའི་སྔགས་དང་ཕྱག་རྒྱས་ཕུར་བུ་ཕྱུང་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། ཞེས་འོ་མ་ལ་ བརྒྱ་རྩ་བརྒྱད་བཟླས་ཏེ། ཕུར་བུ་རྣམས་བཀྲུས་པས། བགེགས་རྣམས་སོས་ཏེ་སངས་རྒྱས་པར་བསམས་ལ། ཁུང་བུ་དགང༌། དེ་ནས་ཕུར་བུའི་ལྷ་རྣམས་གཤེགས་སུ་གསོལ་ཏེ། བཀྲ་ཤིས་དང་དགའ་སྟོན་བྱའོ། །ཐེག་པའི་མཐར་ཐུག་བླ་ མེད་ཐེག་པ་ལ། །འཇུག་པའི་སྒོ་འབྱེད་དཀྱིལ་འཁོར་ཆོ་ག་འདི། །གྲུབ་པ་ཐོབ་པའི་འཁོར་ལོས་སྒྱུར་བ་རུ། །ཡོངས་སུ་གྲགས་པའི་དཔལ་འཛིན་གཞུང་བཞིན་སྦྱར། །རང་གི་དྲན་པ་གསོ་བ་དང༌། །འདུན་ལྡན་མར་པོས་བསྐུལ་བའི་ངོར། །བགྱིས་པ་ལྷག་ དང་ཆད་པ་རྣམས། །དཔའ་བོ་མཁའ་འགྲོས་བཟོད་པར་གསོལ། །དེར་འབད་པ་ཡི་དགེ་བ་ཡིས། །བདག་དང་སེམས་ཅན་ཐམས་ཅད་ནི། །འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་ནི། །འབྲལ་བ་མེད་པར་རྗེས་འཛིན་ཤོག །ཅེས་བཅོམ་ལྡན་འདས་གཤིན་རྗེ་ གཤེད་བཅུ་གསུམ་མ་གསུམ་གྱི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི་ནི་རྭ་ལོ་ཙཱ་བས་མཛད་པའི་འཇིགས་བྱེད་བཅུ་གསུམ་མའི་ཆོ་ག་ཕལ་ཆེར་དཔལ་འཛིན་གྱི་གཞུང་དང་མཐུན་པར་སྣང་བས། གསུམ་ག་གྲུབ་ཆེན་དཔལ་འཛིན་གྱི་གཞུང་གཞིར་བྱས་ལ། ཁུངས་ཐུབ་ཀྱི་དཀྱིལ་ཆོག་གཞན་ནས་ཁ་བསྐངས་ཏེ་ཆོ་གའི་གོ་དོན་དང་དག་མ་དག་གི་རྣམ་དབྱེ་ཤིན་ཏུ་གསལ་བ་མཆན་དང་བཅས་པ་འདི། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་བསྡོམ་བརྩོན་དགེ་སློང་བསོད་ནམས་བློ་གྲོས་སོ། །། །མངྒ་ལཾ། ། 10-16-1a ༄༅ ། །རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་འཁྲིད་ཀྱི་རིམ་པ་མདོར་བསྡུས་པ་བཞུགས་སོ།། 10-16-1b ༄༅༅། །དཔལ་ལྡན་བླ་མ་ཧེ་རུ་ཀ་དཔལ་དང་། །གྲུབ་ཆེན་ཀུན་ཏུ་དགེ་བའི་ཞབས་པད་ལ། །གུས་པ་ཆེན་པོས་འདུད་པའི་ཕྱག་བྱས་ནས། །རྫོགས་རིམ་རྣལ་འབྱོར་ཆེན་པོ་བཤད་ཀྱིས་ཉོན། །ཕྱག་རྒྱ་ ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་ཆེན་ལཱུ་ཨི་པ། མཚན་གཞན་ཀུན་ཏུ་དགེ་བ་ཞེས་བྱ་བའི་ལུགས་ཀྱི་དཔལ་འཁོར་ལོ་བདེ་མཆོག་གི་ལམ་ལ་འཁྲིད་པ་ལ་གསུམ། ལམ་གྱི་སྔོན་དུ་འགྲོ་བ་དང་། ལམ་ དངོས་དང་། ལམ་གྱི་འབྲས་བུའོ། །དང་པོ་ནི། ཐེག་ཆེན་པ་གཉིས་ཀྱི་ཐུན་མོང་བའི་ལམ་གྱི་རིམ་པས་རྒྱུད་སྦྱང་བ་དང་། ལུགས་འདིའི་དབང་རྫོགས་པར་བསྐུར་བ་དང་། དམ་ཚིག་དང་སྡོམ་པ། དག་པར་བྱེད་པ་གསུམ་ ནི་གཞན་དུ་བཤད་པ་ལྟར་བྱའོ། །གཉིས་པ་ལ་གཉིས། བསྐྱེད་པའི་རིམ་པ་ལ་བསླབ་པ་དང་། རྫོགས་པའི་རིམ་པ་ལ་བསླབ་པའོ། །དང་པོ་ནི། སྒྲུབ་ཐབས་ན་ཡོད་པ་ལྟར་ལྷའི་གསལ་སྣང་རྙེད་པ་དང་། དེ་ལ་རིང་དུ་ གནས་པའི་སེམས་བརྟན་པོ་རྙེད་པའི་ཁྲིད་ཀྱི་རིམ་པ་བྱེད་པའོ། །གཉིས་པ་ལ་གཉིས། གང་ལ་གནས་ནས་བསྒོམ་པའི་རྟེན་གྱི་རྣལ་འབྱོར་དང་། དེ་ལ་བརྟེན་ནས་བསྒོམ་པའི་ཚུལ་དངོས་སོ། །དང་པོ་ནི། བསྐྱེད་རིམ་ 10-16-2a ལ་སེམས་བརྟན་པོ་རྙེད་ན། མཚམས་འདི་ནས་བསྐྱེད་རིམ་ཞར་བྱུང་དུ་དང་། གཙོ་བོར་རྫོགས་རིམ་བསྒོམ། དེ་ལྟ་མིན་པའི་བསྐྱེད་རིམ་ལ་མང་དུ་སློབ་པ་སྔར་སོང་བ་ཡིན་ན། ཐུན་དང་པོ་ལ་ བསྐྱེད་རིམ་རྒྱས་པ་ལན་ཅིག་དང་། ཐུན་གཞན་གསུམ་གྱི་དུས་སུ་བསྡུས་ནས་བསྒོམ་པའི་ཚུལ་གཉིས་བྱ་སྟེ། ལྷའི་རྣལ་འབྱོར་ཐུན་འཚམ་པ་རེ་བསྒོམ་པ་སྔོན་དུ་བཏང་ནས་ཐུན་གྱི་མཐར་ལྷ་བསྡུས་པའི་འོག་ཏུ་ ཧེ་རུ་ཀ་ཡབ་ཡུམ་དུ་ལངས་པའི་ལྷའི་རྣལ་འབྱོར་གསལ་གདབ་པར་བྱས་ལ་བསྒོམ་མོ། །གཉིས་པ་ལ་གསུམ། སྲོག་ཨ་བ་དྷཱུ་ཏཱིར་འཛུད་པའི་རྣལ་འབྱོར་དང་། ཚུད་པ་ལ་བརྟེན་ནས་རྫོགས་རིམ་དངོས་བསྒོམ་ཚུལ་ དང་། ལུགས་འདིའི་ལམ་རྣམས་སྦྱོར་དྲུག་དང་རིམ་ལྔར་འཇོག་ཚུལ་ལོ། །དང་པོ་ལ་གསུམ། ལྟེ་བའི་དབུས་སུ་སྤྲིན་གྱི་སྒྲ་ལ་སེམས་བརྟན་པར་བྱེད་ཚུལ་དང་། ལྟེ་བའི་སྤྲིན་སྒྲ་ལས་ལྡང་འཇུག་གནས་གསུམ་ གྱི་རྡོར་བཟླས་བྱེད་ཚུལ་དང་། རྗེས་གཞིག་གི་རིམ་པའི་བསམ་གཏན་སྒོམ་ཚུལ་ལོ། །དང་པོ་ལ་གསུམ། སྒོམ་པའི་སྔར་ཇི་ལྟར་བྱ་བ་དང་། དེ་ནས་ཇི་ལྟར་བསྒོམ་པ་དང་། བསྒོམ་པས་ཇི་ལྟར་སྐྱེ་བའོ། །དང་ 10-16-2b པོ་ནི། ཡིད་དང་མཐུན་པའི་བསམ་གཏན་གྱི་ཁང་པར་སྟན་བདེ་བ་ལ་འཁོད་ནས། །གནད་བཞི་དང་ལྡན་པར་བྱ་བ་ལ་ལུས་ཀྱི་གནད་ནི། །རྡོ་རྗེ་སྐྱིལ་ཀྲུང་ངམ་སེམས་དཔའི་སྐྱིལ་ཀྲུང་གང་བདེ་བཅས་ལ། སྒལ་ཚིགས་དང་པོར་བསྲང་། མགྲིན་ པ་ཅུང་ཟད་དགུག །མགོ་མི་མཐོ་མི་དམའ་བར་བྱ། མིག་སྣ་རྩེར་བལྟ། སྣ་ལྟེ་བའི་ཐད་སོར་འོང་བ་དང་། མཆུ་དང་སོ་རང་ལུགས་པར་བཞག །ལྕེའི་རྩེ་མོ་ཅུང་ཟད་གྱེན་དུ་ལྡོག །ལག་པ་གཉིས་མཉམ་གཞག་གི་ཕྱག་རྒྱ་བྱའོ། །དུས་ཀྱི་གནད་ནི། སྤྱིར་རྒྱུན་དུ་བ་ཡིན་ལ། ཁྱད་པར་དུ་ཐོ་རངས་སོགས་རིག་པ་གསལ་བ་དང་། ཕྱི་དྲོ་མེའི་དུས་སུ་བསྒོམ་མོ། །རླུང་གི་གནད་ནི་རླུང་ཕྱི་ནང་དུ་འབྱུང་འཇུག་བྱེད་པ་ཧ་ཅང་སྒྲ་ཅན་དང་། དྲག་པར་མི་བྱ་བར་དལ་གྱིས་རྒྱུ་བའི་འཇམ་པོར་བྱའོ། །གང་དུ་ དམིགས་པ་གཏོད་པའི་ཡུལ་གྱི་གནད་ནི། །ལུས་ལ་གནད་དུ་བསྣུན་པའི་གདམས་པ་རྣམས་ལ། གང་དུ་དམིགས་པ་གཏོད་ས་ངོས་ཟིན་ནས། དེར་སེམས་གཏོད་པ་རྣམ་པར་དག་པ་ཞིག་མེད་ན། ཇི་ཙམ་བསྒོམས་ཀྱང་ལྷན་སྐྱེས་ཀྱི་ཡེ་ ཤེས་མི་སྐྱེ་བས། ཡུལ་གྱི་གནད་ངོས་ཟིན་པ་ཤིན་ཏུ་གལ་ཆེའོ། །དེས་ན་འདིར་ནི་མདུན་གྱི་ལྟེ་བའི་ཐད་སོའི་རྒྱབ་གཞུང་ལ་ཉེ་བ་ན། སྦྲུལ་པའི་འཁོར་ལོ་རིམ་པ་བཞི་པ་ནང་སྐོར་ལ་རྩ་འདབ་བཞི། དེའི་ཕྱི་མ་ལ་བརྒྱད། དེའི་ཕྱི་མ་ལ་ བཅུ་དྲུག །བཞི་པ་ལ་རྩ་འདབ་རེ་བཞི་བ་ཞིག་ཡོད་པའི་འཁོར་ལོའི་དབུས་དྲང་པོ་ན། རྩ་དབུ་མ་གཡས་གཡོན་གྱི་རོ་རྐྱང་གི་མདུད་པས་དཀྲིས་པ་ཡོད་ལ། མདུད་པས་བཅིངས་པའི་ཐད་སོའི་དབུ་མའི་ནང་དུ་བསྒོམ་མོ། །གཉིས་པ་ནི། 10-16-3a རྩ་དབུ་མའི་གནས་དེར་ཉི་ཟླ་ཁ་སྦྱོར་གྱི་ཐིག་ལེའི་དབུས་ན། དཀར་ལ་དམར་བའི་མདངས་ཆགས་པ། མུ་ཏིག་གི་རྡོག་པོ་ལ་སི་ནྡྷུ་རས་བྱུགས་པ་ལྟ་བུའི་ཧཱུྃ་ཡིག་ཤིན་ཏུ་གསལ་ཞིང་འཚེར་བའི་ཐིག་ལེའི་སྟེང་ན། ཕྲ་བའི་ནཱ་ད་དཀར་ལ་དམར་བའི་མདངས་ཅན་འོད་ཟེར་ལྔ་འབར་བ་ལ་སེམས་གཟུང་བར་བྱའོ། །གང་ལ་དམིགས་པའི་རྟེན། ཧཱུཾ་ཡིག་ནི། ཡི་གེ་དང་ནཱ་ད་ཤིན་ཏུ་ཕྲ་བ་ལ་སེམས་གཏད་ན་རླུང་འདུ་སླ་བས་དེ་ལྟར་བྱ། དེ་ལྟར་མི་ནུས་ན་རེ་ཞིག་ཆེ་ བ་ལ་སེམས་གཏད་ལ། དེ་ནས་ཇེ་ཕྲ་ཇེ་ཕྲར་བཏང་ལ་སེམས་བཟུང་། སེམས་འཛིན་ལུགས་ནི་ཚུར་ངོས་ནས་ཕར་ངོས་ན་ཡོད་པ་ལ་སེམས་འཛིན་པ་ལྟར་མི་བྱ་བར། ནཱ་དའི་ནང་དུ་སེམས་ཞུགས་ཏེ། དེ་དང་དབྱེར་མེད་དུ་སོང་བ་ལྟར་བྱས་ནས་འཛིན་ པར་གསུངས་པས། དེ་བཞིན་དུ་བྱའོ། །སེམས་འཛིན་ཚུལ་ནི་སེམས་ཀྱི་གྲིམས་ཆ་ཧ་ཅང་ཆེས་ན་རྒོད་པ་སྐྱེས་ནས་གནས་སུ་མི་བཏུབ་ལ། གྲིམས་ཆ་བཞག་ན་གནས་པ་སྐྱེའང་བྱིང་བ་ཕྲ་མོ་མི་ཆོད་པས་རླུང་ཤིན་ཏུ་འདུ་དཀའ་བས། འདི་ཙམ་ཞིག་ བསྒྲིམས་ན་ངེས་པར་རྒོད་པ་སྐྱེ་བར་འདུག་པ་ཉམས་ཀྱི་སྟེང་ནས་ཤེས་པར་བྱས་ལ། དེ་ཙམ་དུ་མི་སྒྲིམ་པར་དེའི་འོག་ནས་རིག་པ་བསྒྲིམས་ཏེ་བཞག་གོ། གང་བྱས་ཀྱང་དམིགས་རྟེན་གསལ་དུ་མ་འདོད་ན། ཁུངས་ཐུབ་དུ་མས་བཤད་པ་བཞིན་སྔོན་དུ་ བསྐྱེད་རིམ་གྱི་ཏིང་ངེ་འཛིན་ལས་སུ་རུང་བ་བསྐྱེད་ནས་དེ་ནས་རྫོགས་རིམ་ལ་འཇུག་པ་ཡིན་ན། དམིགས་རྟེན་མི་གསལ་བའི་དོན་མེད་ནའང་། རིམ་པ་དེ་ལས་བརྒལ་ནས་ད་ལྟ་འཇུག་པ་ལྟར་བྱེད་ན། དེ་འདྲ་བའང་འོང་བས་དེ་ལ་ནི། རྩ་འཁོར་གྱི་དབུས་ 10-16-3b ཀྱི་དྷཱུ་ཏཱིའི་ནང་ཉིད་དུ་འཛིན་པའི་ཚུལ་གྱིས་སེམས་དེར་བཟུང་ལ། སེམས་གནས་རྙེད་པ་ན། དེ་ནས་དམིགས་རྟེན་གསལ་བར་སྣང་བ་ལ་བསླབས་ལ། ནཱ་ད་ལ་སེམས་བཟུང་ངོ་། །དེའང་ལུས་ཀྱི་ཀུན་སྤྱོད་སློད་པའི་ངང་ནས་བྱའི། །ལུས་ཀྱི་གྲིམས་ཆ་ཆེ་བར་མི་ བྱའོ། །འདི་ལ་བྱིང་རྒོད་གཅོད་ཚུལ་དང་། དེ་ལྟར་བསྐྱངས་པ་ལས་སེམས་གནས་སྐྱེ་བའི་རིམ་པ་ནི་གཞན་ནས་གསུངས་པ་དང་འདྲ་བས་ཐེག་པ་གཉིས་ཐུན་མོང་གི་ལམ་རིམ་དུ་རྒྱས་པར་བཤད་ཟིན་པ་ལས་ཤེས་པར་བྱའོ། །གསུམ་པ་ནི། འདི་ལྟར་བསྐྱངས་ པས་སེམས་རྒོད་པ་ཕྲ་མོ་དང་ཡང་བྲལ་བའི་མི་རྟོག་པ་ཤིན་ཏུ་འཐུག་པ་དང་། བྱིང་བ་ཕྲ་མོའང་ཆོད་པས་རིག་པ་ངར་དང་ལྡན་པའི་གསལ་དངས་ཆེ་བ་དང་། ལུས་དང་སེམས་ལ་བདེ་བའི་ཉམས་ཆེ་བ་རྣམས་འབྱུང་མོད་ཀྱང་། དེ་འདྲ་བ་ནི་ཆོས་འདི་པ་དང་ གཞན་པ་དང་ཐེག་པ་ཆེ་ཆུང་གཉིས་ཀ་དང་རྒྱུད་སྡེ་གོང་འོག་དང་རིམ་པ་གཉིས་ཀའི་ཐུན་མོང་བ་ཡིན་པས་འདིར་རྫོགས་རིམ་པའི་ལུས་ལ་གནད་དུ་བསྣུན་པའི་ཏིང་ངེ་འཛིན་སྐྱེ་ལུགས་ཐུན་མོང་མིན་པ་ཞིག་དགོས་ལ། དེའང་སྔར་ལྟར་བསྒོམས་པས་ སྲོག་དྷཱུ་ཏཱིར་སྡུད་པའི་ཉམས་རྟགས་ཁྱད་པར་ཅན་རྣམས་སྐྱེ་དགོས་སོ། །དེའང་དམིགས་པ་འདི་ལྟར་བྱས་ནས་བསྒོམ་པ་ལ་ནི། སྔར་བཤད་པའི་དམིགས་རྟེན་ཤིན་ཏུ་གསལ་བ་ལ། ཐུན་རེའི་བར་དུ་བྱིང་རྒོད་ཕྲ་མོ་དང་བྲལ་བར་སེམས་ཤིན་ཏུ་བརྟན་ པར་གནས་པའི་ཐུན་འཁྱོངས་པ་བརྟན་པ་ཞིག་མ་བྱུང་བར་དུ་སྲོག་དབུ་མར་ཚུད་པ་ཤིན་ཏུ་དཀའ་བས། །དེ་འདྲ་བ་ཞིག་བྱུང་བྱུང་བར་དུ་སྒོམ་དགོས་སོ། །འདིར་ཐུན་གཅིག་ནི་ཞག་གཅིག་གི་དྲུག་ཆའོ། །ཐུན་འཁྱོངས་པའི་བརྟན་པ་ནི། ཁམས་མི་ 10-16-4a བདེ་བ་སོགས་ཀྱི་འགལ་རྐྱེན་གློ་བུར་བ་གཞན་མེད་ན། བྱིང་རྒོད་དང་བྲལ་བར་ཐུན་ངེས་ཅན་དུ་འཁྱོངས་པའོ། །འདི་ཡང་སྔར་ལུས་ལ་གནད་དུ་བསྣུན་པའི་དམིགས་པ་མ་བསྐྱངས་པར་སེམས་མི་རྟོག་པ་ཙམ་བསྐྱངས་པའི་ གནས་ཆ་བརྟན་པོ་རྙེད་ཅིང་གསལ་ཉམས་ཤས་ཆེ་བས་སྔར་བཤད་པའི་དམིགས་པ་ལ་ཐུན་འཁྱོངས་པས་མི་ཆོག་པར་སྣང་བས། སྔར་བཤད་པའི་ལུས་ལ་གནད་དུ་བསྣུན་པའི་དམིགས་པ་འདི་འདྲ་ལ་རིང་དུ་བསྐྱངས་པས་ཐུན་འཁྱོངས་པ་དགོས་ སོ། །འདི་འདྲ་བའི་སྒོམ་ཚུལ་གྱིས་རླུང་དྷཱུ་ཏཱིར་འཛུད་པ་ནི། སྡོམ་འབྱུང་དང་སཾ་བྷུ་ཊ་དང་། ཞལ་ལུང་དང་ཤ་བ་རི་དབང་ཕྱུག་སོགས་ཁུངས་ཐུབ་མང་པོས་བཤད་པ་ནི། འདིའི་རྫོགས་རིམ་གྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མར་རྒྱས་པར་བཤད་པ་ལས་ ཤེས་པར་བྱ་ཞིང་། ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་ཁྱད་པར་གསལ་བྱེད་ལས་ཀྱང་། ཡང་ན་ལྟེ་བའི་པདྨ་ལ་གནས་པའི་ཉི་མ་དང་ཟླ་བ་ཁ་སྦྱོར་བའི་ནང་ན་ཡོད་པའི་ས་བོན་ཧཱུྃ་ལས་བྱུང་བའི་པདྨའི་རྩ་བ་ལྟར་འོད་ཟེར་གྱི་རི་མོ་ལ་སེམས་བརྟན་ པར་བྱེད་པའི་སྒོ་ནས་རྩ་གཉིས་ལ། སྲོག་གི་རྒྱུ་བ་སྤངས་ནས་དབུ་མ་ལ་རབ་ཏུ་འཇུག་པས། གཏུམ་མོ་སྦར་བ་ལས་སྤྱི་བོའི་ཟླ་བ་ཞུ་ནས། འཁོར་ལོར་ཁྱབ་པའི་རིམ་པས་དགའ་བ་ལ་སོགས་པའི་དབྱེ་བའི་ཁྱད་པར་གྱིས། ལྷན་སྐྱེས་ཀྱི་དགའ་བ་ བྱུང་ནས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པས། ཞེས་གསུངས་ཏེ། སེམས་ཀྱི་རྗེས་སུ་རླུང་འབྲང་བའི་གནད་ཀྱིས་དྷཱུ་ཏཱིའི་ནང་དུ་སེམས་འཛིན་པའི་མན་ངག་གི་གནད་ཤེས་པས་བསྒོམས་ན་སྲོག་རླུང་རོ་རྐྱང་ལ་རྒྱུ་བ་ལྡོག་ནས་དབུ་མར་ 10-16-4b འཛུད་ནུས་ཤིང་། དེ་ལ་བརྟེན་ནས་དབུ་མའི་ནང་གི་གཏུམ་མོ་འབར་ནས་སྤྱི་བོའི་ཧཾ་ཡིག་གི་ཐིག་ལེ་དཀར་པོ་ཞུ་སྟེ། ལམ་དེ་ནས་འཁོར་ལོ་བཞིའི་དབུས་སུ་རིམ་པར་བབ་པ་ལས་དགའ་བ་བཞི་སྐྱེ་བ་ཡིན་ནོ། །ཡང་ན་ཞེས་པ་ནི་སྒྲུབ་ཐབས་སུ་བཀོད་པའི་ རྫོགས་རིམ་གྱི་གཞུང་གི་ཚིག་དོན་བཤད་པའི་སྐབས་སུ། དང་པོར་ལྟེ་བར་ཡེ་ཤེས་སེམས་དཔའ་ཡབ་ཡུམ་བསྒོམས་ནས་སྡུད་རིམ་བྱས་པའི་སྐབས་སུ། ཧཱུཾ་ཡིག་བསྒོམ་པར་བཤད་པ་ལྟར་རམ། ཡང་ན་དང་པོ་ནས་སྔར་བཤད་པ་ལྟར་ལྟེ་བར་ཧཱུཾ་ཡིག་ བསྒོམ་པར་བྱ་ཞེས་པའི་དོན་ཡིན་ལ། དེའང་ཡེ་ཤེས་སེམས་དཔའ་བསྒོམ་པའི་སྡུད་རིམ་གྱི་དམིགས་པ་ལ་འདོར་ལེན་འགའ་ཞིག་བྱས་ནས་ཧཱུཾ་ཡིག་བསྒོམ་པ་ཙམ་སྔར་བླངས་པ་ཡིན་གྱི། དར་མ་བཤད་པའི་དམིགས་པ་ལོགས་པ་མིན་ནོ། །འོ་ན་སྔར་ བཤད་པའི་སྒོམ་ཚུལ་དེ་བསྒོམས་པས་སྲོག་ངྷཱུ་ཏཱིར་ཞུགས་པའི་ཞུགས་རྟགས་མི་འཁྲུལ་བ་ཇི་ལྟ་བུ་འབྱུང་སྙམ་ན། འདི་ནི་ཤིན་ཏུ་གལ་ཆེ་ཞིང་། རྟགས་བཤད་པ་གཞན་མང་དུ་སྣང་བ་རྣམས་ནི་ལྟར་སྣང་འབའ་ཞིག་ཏུ་འདུག་པས། ཡིད་ཆེས་པའི་རྟགས་ མྱོང་བས་ངེས་ཐུབ་པ་ནི་འདི་ཡིན་ནོ། །ཐུས་འཁྱོངས་པའི་འོག་ཏུ་རང་གི་སྣ་བུག་གང་རུང་རེ་རེ་བར་རྒྱུ་བའི་འཕོས་མ་ཐག་པའི་སྐབས་ངོས་བཟུང་ལ། དེ་ནས་ལུས་གནད་དང་སེམས་ཀྱི་འཛིན་ལུགས་སྔར་བཞིན་བྱས་པའི་མཐུས། རིང་པོར་མི་ཐོགས་པར་སྣ་ སྒོར་བརྟགས་པ་ན་རླུང་མཉམ་རྒྱུར་ཐེངས་པ་དང་། དེའང་ལན་རེ་རེ་གཉིས་གཉིས་ཙམ་ལ་ངེས་པ་མེད་ཀྱི་འགལ་རྐྱེན་གཞན་མེད་ན། ངེས་ཅན་དུ་ཐེངས་ཀྱིན་འདུག་པ་དང་། མཉམ་རྒྱུའང་གང་རུང་གཅིག་དྲག་ལ་ཅིག་ཤོས་ཞན་པ་མིན་པར་ 10-16-5a དྲག་ཞན་ཤེད་མཚུངས་སུ་རྒྱུ་བ་འོང་བར་སྣང་ན། རྣལ་འབྱོར་དེའི་སྟོབས་ཀྱིས་སྲོག་དབུ་མར་འཛུད་ནུས་པ་ཙམ་དུ་འཇོག་ནུས་མོད་ཀྱང་། ལན་ཅིག་ཚུད་ཕྱིན་ཆད་ནས་གཡས་གཡོན་རེ་རེ་བར་མི་འཕོ་བ་མིན་ནོ། །དེ་ནི་སྲོག་ངྷཱུ་ཏཱིར་ཞུགས་ པ་ཡིན་ལ། དྷཱུ་ཏཱིར་གནས་པ་ནི་མཚམས་འདི་ནས་དྲིལ་ཏེ་བསྒོམས་པས། སྣ་བུག་གི་རྒྱུ་བ་ཞན་དུ་སོང་བའི་མཐར་ཞིབ་ཏུ་བརྟགས་པ་ན། རྒྱུ་བ་ཕྲ་མོའང་ལྡོག་པ་ཞིག་འོང་། ལྡོག་ཚུལ་དེ་ངེས་དཀའ་ན་ལུས་དྲང་པོར་གཡོ་འགུལ་མེད་པར་ བདེ་མོར་གནས་པའི་དུས་སུ། ལྟོ་བ་འགུལ་མི་འགུལ་བརྟག །ཅུང་ཟད་འགུལ་བར་སྣང་ན། མ་ལོག་པའི་རྟགས་ཡིན། བརྟག་པ་འདི་ཁྱད་པར་དུ་ལྟེ་བ་མན་ཆད་ཀྱི་ཐུར་སེལ་འོག་གི་སྣ་སྒོར་འབྱུང་འཇུག་བྱེད་མི་བྱེད་རྟོག་པ་ལ་གལ་ཆེ་བ་ཡིན། སྣ་བུག་གི་རྒྱུ་བ་ཕྲ་མོའང་ལོག་པ་ལ་ཐིམ་དཀའ་སླ་གཉིས་ལས། ཐིམ་དཀའ་ན་ཡུད་ཅིག་ལ་ལྟོ་བ་རླུང་གིས་ཁེངས་པ་འབྱུང་ཞིང་། དེ་ནས་ཞི་བར་འགྱུར་ལ། ཞི་མ་ཐག་ལྟེ་བ་དང་གསང་གནས་ཀྱི་མི་གནས་པའི་ཐད་ནས་དྲོད་ཁྱད་ པར་ཅན་སྐྱེ། དེ་ནས་རིམ་གྱི་ཞུ་བདེ་འདྲེན་ན། །སྣ་བུག་གི་རྒྱུ་བ་ཕྲ་མོའང་ལོག་པ་འདི་བྱིང་བ་ཕྲ་མོ་མཆོད་པར་བསགས་པས་བྱིང་བ་ཤས་ཆེ་བ་ཞིག་ལའང་འོང་བས་རྩ་འཁོར་གྱི་ལྟེ་བར་གནད་དུ་བསྣུན་པ་ལ་མི་མཁས་པར་བུམ་པ་ཅན་མང་དུ་ བསྒོམ་པ་བྱས་ཤིང་སྲོག་དྷཱུ་ཏཱིར་ཚུད་པར་ནི་མི་ནུས་པའི་རླུང་རྩ་གནས་གཞན་དུ་བྱེར་བ་ལ་རླུང་འབྱུང་འཇུག་ཀྱང་མི་བྱེད་ཅིང་ནང་དུ་འཛིན་རྒྱུའང་མེད་པ་ཞིག་འོང་ཡང་། དེ་ནི་དྷཱུ་ཏཱིར་ཚུད་པ་དང་ཐིམ་པ་གང་ཡང་མིན་པས་ཁྱད་པར་དེ་རྣམས་ལེགས་ 10-16-5b པར་ཕྱེད་པར་བྱའོ། །རླུང་དྷཱུ་ཏཱིར་ཐིམ་པ་བྱུང་ཡང་སླར་ཡང་རླུང་ལངས་ནས་རྩ་རྣམས་ལ་རྒྱུ་བ་ནི་དུ་མ་ཞིག་འོང་ངོ་། །སྐབས་འདིར་སྟོང་པ་བཞི་དང་དགའ་བ་བཞི་སྐྱེ་ཚུལ་སོགས་ཀྱི་རྟོག་པ་སྐྱེ་ཚུལ་ནི་འོག་ཏུ་འཆད་པར་བྱའོ། །གཉིས་པ་ལ་གཉིས། རྡོར་བཟླས་ ཇི་ལྟར་བྱ་བ་དང་། དེ་ལྟར་བསྒོམས་པས་ཉམས་མྱོང་སྐྱེ་ཚུལ་ལོ། །དང་པོ་ནི། །སྔར་བཤད་པའི་ལྟེ་བའི་ནཱ་ད་ལ་སེམས་བརྟན་པའི་གནས་པ་རྙེད་པ་ན་རྡོར་བཟླས་བསྒོམས་ན་གནད་དུ་འགྲོ་ཚབས་ཆེ་བས་དེ་ལྟར་བྱའོ། །འདི་ལ་ལུས་དང་རླུང་དང་དུས་ཀྱི་ གནད་གསུམ་ནི་སྔར་དང་འདྲའོ། །ཡུལ་གྱི་གནད་ནི་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ཟླ་བ་དཀར་དམར་གྱི་སྟེང་དུ་ཧཱུཾ་ཡིག་གམ་ནཱ་ད་དཀར་དམར་བསམས་ལ། དེ་ལས་རླུང་ཕྱིར་ལྡང་བ་དང་དེར་ནང་དུ་འཇུག་པ་དང་དེར་གནས་པ་བྱའོ། །དེའང་རླུང་ ནང་དུ་འཇུག་པའི་དུས་སུ་དྷཱུ་ཏཱིའི་ནང་ནས་རླུང་གི་གདངས་ཨོཾ་ཡིག་གི་གདངས་སུ་བྱུང་བར་བསམས་ལ། ལྟེ་བའི་ཧཱུཾ་ཡིག་གི་ནཱ་ད་ལེ་གཞུག །དེ་ལས་རླུང་ལྡང་འཇུག་གང་རུང་ཞིག་གི་ཡུན་ཚད་ཙམ་ཞིག་ཞུགས་པ་དེར་བཟུང་ནས། དེའི་རང་གདངས་ཨཱཿ ཡིག་གི་གདངས་སུ་བསམ། དེ་ནས་དྷཱུ་ཏཱིའི་ནང་གི་ཧུྃ་ངམ་ནཱ་ད་ལས་ཕྱིར་འགྲོ་བའི་ཚེའང་དྷཱུ་ཏཱིའི་ནང་ནས་ཕྱིར་འགྲོ་བར་བསམ་ཞིང་། དེའི་ཚེ་རླུང་གི་རང་གདངས་ཧཱུཾ་གི་གདངས་སུ་བྱུང་བར་བསམས་ལ། བསྐྱེད་རིམ་པའི་ཡིད་བཟླས་ཀྱི་རྡོར་བཟླས་སུ་ མ་ཤོར་བར་རླུང་གི་གདངས་དང་སྔགས་གསུམ་གྱི་གདངས་དབྱེར་མི་ཕྱེད་པར་གནས་པ་ལ་སེམས་གཏད་དེ་རྡོར་བཟླས་བྱའོ། །ལྡང་འཇུག་གནས་གསུམ་རྩ་དབུ་མའི་ནང་ནས་མ་བྱས་པར་སྤྱིར་ཁོང་པའི་ནང་ནས་འགྲོ་འོང་སོགས་བྱེད་པའི་རྡོར་བཟླས་ 10-16-6a ལ་ཇི་ཙམ་འབད་ཀྱང་སྲོག་དབུ་མེད་བཙུད་པའི་ཞུགས་གནས་ཐིམ་གསུམ་ལས་ལྷན་སྐྱེས་དངོས་སུ་བསྐྱེད་ནུས་པ་མི་སྲིད་པས། རྡོར་བཟླས་ཀྱི་གནད་ཡེ་མ་རྟོགས་པ་ཡིན་ལ། རྩ་དབུ་མ་ནས་རྡོར་བཟླས་བྱེད་པ་ནི། གདམས་ངག་ གི་དམ་པའོ། །འདི་ལའང་རིག་པ་ལ་ངར་ཐོན་པ་དང་མ་བྲལ་བར་བྱ་དགོས་ཏེ། དེ་མ་བྱས་པར་རིག་པ་ཤུགས་ཆུངས་ན་བྱིང་བ་ཕྲ་མོ་སྐྱེས་པ་བསགས་པས་རླུང་སྣ་བུག་ཏུ་འབྱུང་འཇུག་མི་བྱེད་པའི་སེམས་གནས་པོ་བྱུང་ཡང་སྲོག་དྷཱུ་ཏཱིར་སྡུད་པ་ལ་ཤིན་ ཏུ་གནོད་པས། དེར་མ་སོང་བར་རེ་ཞིག་ལ་ཐུན་ཆུང་ལ་གྲངས་མང་བར་བྱའོ། །གཉིས་པ་ནི། རྡོར་བཟླས་བྱས་པས་མྱོང་བ་སྐྱེ་ཚུལ་ནི་རེ་ཞིག་རླུང་གི་གདངས་ལ་སྔགས་སུ་མོས་པ་ཙམ་ལས་མི་འབྱུང་ཡང་། གོམས་པའི་མཐར་ཕར་ལ་མོས་པ་བྱས་ པ་ཙམ་མིན་པར་ཚུར་ལ་རང་གི་གདངས་ཡི་གེ་གསུམ་གྱི་གདངས་སུ་འཆར་བའི་གསུང་གི་ང་རྒྱལ་འཕོས་པ་འབྱུང་སྟེ། བསྐྱེད་རིམ་གྱི་ང་རྒྱལ་དང་འདྲའོ། །དེའང་རྡོར་བཟླས་ཀྱི་གནས་དང་པོར་དྷཱུ་ཏཱིའི་ནང་ནས་འབྱུང་འཇུག་བྱེད་པར་མོས་པ་ཙམ་ཡིན་ཀྱང་། གདམས་ངག་གི་གནད་ལེགས་པར་ཤེས་ནས་གོམས་པ་བསྲིངས་ན་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་དྷཱུ་ཏཱིའི་ནང་ནས་དངོས་སུ་འབྱུང་འཇུག་བྱེད་པ་འོང་ངོ་། །དེའང་དཔེར་ན་རླུང་བྱང་བའི་མཚམས་སུ་སྣ་བུག་གཡས་རྐྱང་ལ་རྒྱུ་བ་ན་གཡོན་དུ་ དམིགས་པ་གཏད་ན་གཡས་ལ་རྒྱུ་བ་ལོག་ནས་གཡོན་དུ་རྒྱུ་བ་དང་། གཡོན་རྐྱང་ལ་རྒྱུ་བའང་། དམིགས་པ་གཡས་སུ་གཏད་ན་དེར་དངོས་སུ་རྒྱུ་བར་བྱེད་ནུས་པ་བཞིན་དུ་རླུང་རྩ་གང་ལ་རྒྱུའང་དབུ་མ་ཉིད་ནས་རྒྱུ་བར་མོས་པའི་རྡོར་བཟླས་བྱས་ན། ། 10-16-6b གོམས་པའི་མཐར་མོས་པ་ཙམ་མིན་པར་དབུ་མ་ནས་དངོས་སུ་རྒྱུ་བ་འབྱུང་ངོ་། །འདི་ལའང་དང་པོར་སྣ་བུག་རེ་རེ་བར་རྒྱུ་བཞིན་པར། རྡོར་བཟླས་བྱས་པའི་མཐུས་མྱུར་པོར་མཉམ་རྒྱུར་ངེས་ཅན་དུ་ཐེངས་པའི་ཚུལ་སྔར་བཤད་པ་བཞིན་དུ་འོང་བར་འདུག་ ན་རྡོར་བཟླས་ཀྱི་རླུང་དྷཱུ་ཏཱིར་ཚུད་པ་ཡིན་ནོ། །དེ་ནས་སྲོག་དྷཱུ་ཏཱིར་གནས་པ་འོང་ལུགས་ནི་འབྱུང་འཇུག་གང་རུང་རེའི་ཡུན་ཚད་ཀྱི་གནས་པ་ནི་དང་པོར་ཆེད་དུ་བྱ་དགོས་ལ། དེ་གོམས་པ་ཡུན་བསྲིངས་ན་མཚམས་ཤིག་ནས་ཆེད་དུ་མ་བྱས་ཀྱང་རང་གི་ ངང་གིས་གནས་པ་ཞིག་འོང་། དེ་བྱུང་ན་སླར་ཡང་གོམས་པ་བསྲིངས་པས་གནས་པ་ཇེ་རིང་ཇེ་རིང་དུ་འགྲོ། དེའི་གནད་ཀྱིས་ལྡང་འཇུག་གཉིས་ཇེ་ཐུང་དུ་སོང་ནས་མཐར་འབྱུང་འཇུག་གི་རྒྱུ་བ་ཕྲ་མོའང་ལོག་ནས་གནས་པ་འབའ་ཞིག་པར་འགྲོའོ། ། སྲོག་དབུ་མར་གནས་པ་རྙེད་པའི་ཚེ་ལྟེ་པའི་དྷཱུ་ཏཱིའི་ནང་གི་ཡི་གེ་སོགས་ལ་དམིགས་པ་གཏད་ནས་སེམས་བཟུང་བས་མྱུར་པོར་རླུང་ཐིམ་པར་འགྱུར་ཏེ་ཐིམ་ལུགས་སྔར་བཤད་པ་ལྟར་རོ། །རྡོར་བཟླས་ཀྱིས་དབུ་མའི་རྩ་མདུད་འགྲོལ་བ་ནི། རྒྱུད་རྡོ་རྗེ་ ཕྲེང་བ་ལས། སྒྲ་དང་ཐིག་ལེའི་མིང་དུ་བྱས། །རླུང་གཉིས་ཀྱིས་ནི་ཕྱེ་ནས་ནི། །མ་རིག་མདུང་པ་འབྱེད་པར་བྱེད། ཅེས་རླུང་འབྱུང་འཇུག་གཉིས་ལ་རྡོར་བཟླས་བྱས་པས། སྙིང་གའི་དྷཱུ་ཏཱི་ལ་རོ་རྐྱང་གིས་དཀྲིས་པའི་མ་རིག་པའི་མདུད་པ་འབྱེད་པར་ གསུངས་ཏེ། དཔེར་ན་སྨྱུག་མའི་སྦུབས་འགགས་པ་ལ་ཐུར་མ་རིང་པོས་དེའི་ནང་དུ་འབྱུང་འཇུག་བྱས་པས་ཕྱེད་པ་བཞིན་དུ། རླུང་འབྱུང་འཇུག་གིས་ཀྱང་དེ་བཞིན་དུ་འབྱེད་དོ། །རྒྱུད་དེར་སྔགས་ཀྱི་དེ་ཉིད་རྡོར་བཟླས་ཀྱིས་དྷཱུ་ཏཱི་འབྱེད་པ་མང་དུ་གསུངས་ 10-16-7a སོ། །དེ་ལྟར་ཁུངས་ཐུབ་ཀྱི་གཞུང་མང་པོ་ལས་གསལ་བར་གསུངས་ཀྱང་། བོད་ཀྱི་གདམས་ངག་ལ་འདིའི་གནད་ཐོན་པའང་ཤིན་ཏུ་དཀའ་བར་བྱུང་འདུག་པས། འདི་རྣམས་འདིའི་རྫོགས་རིམ་གྱིས་བཤད་པ་ལས་ཤེས་པར་ བྱའོ། །འགྲེལ་པ་གསུམ་ལས། སྣོད་བཅུད་དཀྱིལ་འཁོར་སོགས་སྡུད་རིམ་བྱས་ཏེ། འོད་གསལ་དུ་ཞུགས་པ་ལས་ལངས་པའི་འོག་ཏུ་རྡོར་བཟླས་བྱ་བར་གསུངས་པ་ནི། བསྐྱེད་རིམ་གྱི་སྐབས་སུ། སྡུད་རིམ་གྱི་རྫོགས་རིམ་སྒོམ་པ་དང་རིམ་ པ་གཉིས་ཀའི་བཟླས་བ་ཕྱོགས་གཅིག་ཏུ་འཆད་པའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་བསྐྱེད་རིམ་བསྒོམས་ཟིན་པའི་འོག་ཏུ་ལོགས་སུ་རྫོགས་རིམ་བསྒོམ་པར་བཤད་པའི་ལུགས་ལྟར་བྱས་པ་ཡིན་པས་མི་འགལ་ལོ། །གསུམ་པ་ནི། དབྱངས་ གསལ་ཚར་གཅིག་ངག་ཏུ་བརྗོད་པ་ལས། ཨཱ་ལི་ཀཱ་ལིའི་ཕྲེང་བ་འོད་ཟེར་ལྔ་ལྡན་འཁོར་ལོ་གསུམ་གྱི་ལྷ་ཚོགས་འཕྲོ་བ་ཅན་སྣ་བུག་གཡས་པའི་རླུང་དང་འགྲོགས་ནས་ཕྱིར་འཕྲོས་པས་འགྲོ་བ་རྣམས་འཁོར་ལོ་གསུམ་གྱི་ལྷའི་བདག་ཉིད་དུ་ བྱས་ཏེ། ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་རོ་མཉམ་དུ་གྱུར་ཏེ། སྣ་བུག་གཡོན་ནས་ཞུགས་ནས་ལྟ་བར་གནས་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རྫོགས་པ་དཀར་ལ་དམར་ པོའི་མདངས་ཅན། དབྱངས་གསལ་གཟུགས་བརྙན་བཞིན་དུ་ཤར་བ་བསམ་མོ། །ཟླ་བའི་དབུས་སུ་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཅན་གནས་པར་བསྒོམས་ལ། ཟླ་བ་ཧཱུཾ་ཡིག་དང་བཅས་པ་རྣམས་ཡོངས་སུ་གྱུར་པ་ལས་རང་ཉིད་ཧེ་རུ་ 10-16-7b ཀ་སྐུ་མདོག་དཀར་པོ་གཡས་བརྐྱང་གིས་བཞུགས་པ། ནམ་མཁའི་འཇའ་ཚོན་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡུམ་ལ་འཁྱུད་ཅིང་། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པས་ འཁྱུད་པར་བསམ་མོ། །དེ་ནས་སྐད་ཅིག་གིས་གསང་གནས་གཉིས་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབ། རང་ཉིད་བདེ་མཆོག་དངོས་དང་ཡུམ་ཕག་མོ་དངོས་ཡིན་པར་ང་རྒྱལ་བརྟན་པོ་བསྐྱེད་ལ། འཁྱུད་པ་དང་ཙུ་མྦ་ན་ལ་སོགས་པའི་སྦྱོར་བས་སྙོམས་པར་ ཞུགས་པའི་དགའ་བའི་སྒྲས་བསྐྱོད་པ་དང་། བདེ་བའི་རང་བཞིན་གྱི་འོད་ཟེར་དམར་པོ་འཕྲོས་པ་ཕོག་པས་སྣོད་བཅུད་ཐམས་ཅད་འོད་ཀྱི་རྣམ་པར་བྱས་པར་བསམ་མོ། །དེ་ནས་སྣོད་ཐམས་ཅད་བཅུད་ལ་བསྡུ། བཅུད་ཐམས་ཅད་དམ་ཚིག་སེམས་ དཔའ་ཡབ་ཡུམ་ལ་བསྡུ། དམ་ཚིག་པ་ཡབ་ཡུམ་ལྟེ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལ་ཐིམ། དེ་གཉིས་ཀྱང་སྙོམས་པར་ཞུགས་པས་ཞུ་སྟེ། ཞུ་བ་དེ་ཡོངས་སུ་གྱུར་པ་ལས། ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་སི་ནྡྷུ་རས་བྱུགས་ པའི་མུ་ཏིག་ལྟ་བུའི་ཧཱུཾ་ཡིག་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། དེའི་ཨུ་ནས་ནཱ་དའི་བར་དུ་སྔ་མ་ཕྱི་མ་ལ་རིམ་གྱིས་བསྡུས་ནས། ནཱ་དའང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆ་ཙམ་དུ་བྱས་པ་ལ་སེམས་བཟུང་ངོ་། །སྡུད་རིམ་འདི་ཡིད་ངོར་ཇི་ལྟ་བ་བཞིན་དུ་སྡུད་ ནུས་པར་སྣང་ན། རང་གི་ལྟེ་བའི་སྣང་བ་མི་འཆར་ཡང་། དེའི་ཐད་སོར་དམིགས་ནས་སྔར་བཞིན་བསྒོམ། ནཱ་ད་ཙམ་ལ་དམིགས་རྟེན་མ་བྱས་ན་རླུང་སྡུད་ནུས་པ་ཇི་བཞིན་དུ་མི་འོང་བར་སྣང་ན་ནཱ་ད་ལ་དམིགས། དེ་ལ་སེམས་མ་བཟུང་ཡང་སྡུད་རིམ་ 10-16-8a བྱས་པ་ཉིད་ཀྱིས་རླུང་སྡུད་ནུས་པར་སྣང་ན། ནཱ་དའང་མི་དམིགས་པར་བྱས་ལ་ལྟེ་བའི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་ཐད་ཀ་ཙམ་དུ་དམིགས་ལ་སེམས་གཡོ་མེད་དུ་བཟུང་ངོ་། །སྡུད་རིམ་འདི་ཡུན་ཧ་ཅང་ཐུང་བ་མིན་པར་བར་བར་དུ་སྣང་བ་བསྡུས་ པའི་སྟོང་པའི་ངང་ལས། དམ་ཚིག་སེམས་དཔའ་དང་དེའི་ལྟེ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་སྐུར་ལངས་ནས། སྔར་ལྟར་སྡུད་རིམ་དང་དེའི་མཐར་སེམས་འཛིན་པ་བྱས་ན་རླུང་དབུ་མར་འདུ་བ་མྱུར་བའི་ཁྱད་ཆེ་བ་ཡིན་ནོ། །འདི་ལའང་རླུང་དབུ་མར་ ཚུད་པ་དང་། དེར་འབྱུང་འཇུག་མི་བྱེད་པར་གནས་པ་དང་། དེ་ནས་རླུང་ཐིམ་པ་འོང་ཚུལ་དང་། སེམས་འཛིན་ཚུལ་སོགས་ནི་སྔར་བཤད་པ་ལྟར་ཤེས་པར་བྱའོ། །གཉིས་པ་རླུང་དྷཱུ་ཏཱིར་ཚུད་པ་ལ་བརྟེན་ནས་རྫོགས་རིམ་དངོས་སྒོམ་ཚུལ་ལ་གསུམ། མཉམ་ གཞག་ཏུ་སྐྱོང་ཚུལ་དང་། རྗེས་ཐོབ་ཏུ་སྐྱོང་ཚུལ་དང་། དེ་ལ་བརྟེན་ནས་བསྲེ་བ་བྱེད་ཚུལ་ལོ། །དང་པོ་ལ་གཉིས། སྟོང་ཕྱོགས་ཀྱི་རྫོགས་རིམ་སྐྱོང་ཚུལ་དང་། སྣང་ཕྱོགས་ཀྱི་རྫོགས་རིམ་སྐྱོང་ཚུལ་ལོ། །དང་པོ་ནི། ལཱ་བ་པས། དང་པོ་རི་དྭགས་ སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུད་ཀའི་རྣམ་པ་ཅན། །གསུམ་པ་སྲིན་བུ་མེ་ཁྱེར་དང་འདྲ་བ། །བཞི་པ་སྒྲོན་མེ་འབར་བ་ལྟ་བུར་གསལ། །མཚན་མ་ལྔ་པ་རྣམ་པར་མ་རྟགས་པར། །སྤྲིན་བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། །དེ་ལྟ་བུ་ཡི་ མཚན་མ་ཐོབ་ནས་ནི། །ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་ཡིན། །ཞེས་ལྟེ་བར་སྔར་ལྟར་སེམས་བཟུང་བ་ལས། རྟགས་རྣམས་འཆར་བའི་སྐབས་སུ་གསུངས་སོ། །དེ་ལ་རི་དྭགས་སྲེད་ནི་སྨིག་རྒྱུའོ། །རྟགས་བཞི་པོ་འདི་སྔ་མ་ལས་ཕྱི་མ་གསལ་དུ་ 10-16-8b སོང་བ་ལ་སྨིག་རྒྱུ་སོགས་དང་འདྲ་བར་གསུངས་ཀྱི་དེ་རྣམས་དང་འདྲ་བའི་སྣང་བ་འཆར་བ་མིན་ཞེས་པ་དང་། ཁ་ཅིག་རྟགས་ཅན་གྱི་ཤེས་པ་བརྟན་གཡོའི་ཚད་ཡིན་ཞེས་པ་དང་། ཁ་ཅིག་དུ་བ་སོགས་དང་འདྲ་བའི་སྣང་བ་འཆར་བ་ལ་བཞེད་པ་གསུམ་བྱུང་བ་ནི་ཕྱི་ མ་ཉིད་ལེགས་པ་ཡིན་ནོ། །རླུང་འདུ་ཕུལ་ཆེ་ཆུང་ལ་སོགས་པའི་གནད་ཀྱིས་རྒྱ་ཆེ་ཆུང་དང་བརྟན་མི་བརྟན་སོགས་སྣ་ཚོགས་ཤིག་འཆར་བས་མཐའ་གཅིག་ཏུ་མ་ངེས་སོ། །དུ་བ་ལ་སོགས་པ་འདི་ཐམས་ཅད་སྲོག་དབུ་མར་སྡུད་པའི་ཐབས་ཁྱད་པར་ཅན་གྱི་ སེམས་འཛིན་དང་། དེ་ལྟ་བུ་མིན་པའི་སེམས་མི་རྟོག་པར་འཇོག་པ་བསྐྱངས་པ་རྣམས་ལའང་འབྱུང་བ་གཉིས་ཡོད་པའི་ཁྱད་ལེགས་པར་ཕྱེད་དགོས་སོ། །ཐབས་སྔ་མ་ལ་འབྱུང་བ་ལའང་ཕྱིན་ཅི་ལོག་གི་སའི་རླུང་ལ་སོགས་པ་རྣམས་ལྡོག་རུང་དུ་སོང་བ་དང་། ཅུང་ཟད་ལོག་པ་དང་གཏན་ནས་ལོག་པའི་རྟགས་གསུམ་འོང་བར་སྨན་ཞབས་ཀྱིས་བཤད་པ་ལྟར། དབང་པོའི་སྒོ་རྣམས་ནས་ཕྱིར་ཧ་ཅང་གཡོ་བའི་རླུང་ཅུང་ཟད་ནང་དུ་ལྡོག་པར་རྩོམ་པ་དང་། ཅུང་ཟད་ལོག་པ་དང་། དབུ་མར་ཅུང་ཟད་ཚུད་པ་ལ་སོགས་པའི་རྟགས་ ནས་བཟུང་སྟེ། ལམ་མཐོན་པོར་སོང་བའི་སྐབས་ཀྱི་ལྡོག་པ་དང་། ལོག་རྟགས་ཁྱད་པར་ཅན་དུ་གྱུར་པའི་རིམ་པ་དུ་མ་ཞིག་ཡོད་པ་ལས། འདིར་ནི་སྲོག་དབུ་མར་ཐིམ་པར་རྩོམ་པའི་ཐིམ་རིམ་གྱི་སྐབས་ཡིན་ཏེ། སྨིག་རྒྱུ་ནས་ནམ་མཁའ་སྤྲིན་མེད་ཀྱི་བར་ རྣམས་པར་མ་ཆད་དུ་འབྱུང་བའི་སྐབས་སོ། །དེའང་ཆུ་ལ་ཐིམ་པ་ན་སྨིག་རྒྱུ་དང་། ཆུ་མེ་ལ་ཐིམ་པ་ན་དུ་བ་དང་། མེ་རླུང་ལ་ཐིམ་པ་ན་མ་ཁྱེར་དུ་སྣང་བ་དང་། ཀུན་རྟོག་གི་བཞོན་པའི་རླུང་སེམས་ལ་ཐིམ་པའི་དུས་སུ་རླུང་མེད་པའི་མར་མེ་འབར་བ་ལྟ་བུར་ 10-16-9a སྣང་བ་འབྱུང་། དེའི་རྗེས་སུ་མཚན་མ་ལྔ་པ་སྤྲིན་དང་བྲལ་བའི་ནམ་མཁའ་ལྟ་བུར་སྣང་བ་ཡིན། ཞེས་གསུངས་པའི་དོན་ལ་འདིའི་གཙོ་བོ་འོད་གསལ་ཡིན་མོད་ཀྱང་། སྟོང་པ་གཞན་གསུམ་ཡང་འདིས་སྟོན་ནོ། །ལཱུ་ཨི་པའི་འགྲེལ་ པ་ཇོ་བོས་མཛད་པ་ལས་ཀྱང་སེམས་སྣང་བ་གསུམ་དང་། འོད་གསལ་གྱི་ཡེ་ཤེས་དང་བཞི་རིམ་གྱིས་སྐྱེད་པར་བྱེད་དོ། །དེའང་དཔེར་ན་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་དམར་སེར་གྱིས་ཁྱབ་པ་དང་། དེ་སངས་ནས་ཟླ་བའི་འོད་ཀྱིས་ཁྱབ་པའི་སྐབས་གསུམ། ནམ་མཁའི་རང་མདོག་ཇི་བཞིན་ཐོན་པའི་སློད་བྱེད་གསུམ་པོ་དེ་དང་བྲལ་བའི་ཐོ་རངས་དུས་ཀྱི་ནམ་མཁའ་སྟེ་བཞི་ཡོད་དོ། །དཔེ་དེ་བཞིན་དུ་ཡིད་ངོར་ཕྱོགས་མཚམས་རྒྱ་ཆད་པ་མེད་པར་སྟོང་ སང་ངེ་བ་ལ་འོད་ཟེར་དཀར་པོ་ཤར་བའི་རྣམ་པ་ཅན་ཡུལ་སྣང་གཞན་མི་འཆར་བ་ནི་སེམས་སྣང་བ་དང་པོ་སྟེ་སྟོང་པ་ཞེས་ཀྱང་ཟེར་རོ། །དེ་ནས་སྣང་བ་དེའང་བསྡུས་ནས་ཡུལ་སྣང་གཞན་གང་ཡང་མེད་པར་སྟོང་སང་ངེ་བ་ལ་འོད་དམར་པོའམ་དམར་སེར་ ཤར་བའི་རྣམ་པ་ཅན་ནི་སྣང་བ་མཆེད་པ་སྟེ་ཤིན་ཏུ་སྟོང་པ་ཞེས་ཀྱང་ཟེར་རོ། །དེ་ནས་སྣང་བ་དེའང་རིམ་གྱིས་བསྡུས་ནས་ཡུལ་སྣང་གཞན་མེད་པར་སྟོང་སང་ངེ་བ་ལ་འོད་ནག་པོས་ཁྱབ་པ་འདྲ་བ་ཞིག་འཆར་བ་ནི། ཉེར་ཐོབ་ཡིན་ཏེ་སྟོང་པ་ཆེན་པོ་ཞེས་ ཀྱང་ཟེར་ཏེ། དེ་གཉིས་ཀྱང་ཕྱོགས་མཚམས་རྒྱ་མ་ཆད་པར་སྣང་བའོ། །དེའི་དུས་སུ་སྟོད་ལ་དྲན་པ་མ་ཉམས་ཀྱང་མཚམས་ཤིག་ནས་རླུང་ཐིམ་ཕུལ་ཆེ་བས་དྲན་མེད་དུ་ཐོམ་གྱིས་འགྲོ་སྟེ། དེ་ཐམས་ཅད་ཀྱང་བདེ་བ་ཆེན་པོའི་ངོ་བོར་སྐྱེའོ། །དེ་ 10-16-9b ནས་མུན་པ་ལྟར་སྣང་བ་དང་དྲན་མེད་དེ་སངས་པ་ན་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་པ་ཁ་དོག་སློད་བྱེད་ཀྱི་རྐྱེན་དང་བྲལ་བ་བཞིན་དུ་འོད་གསལ་མཐའ་དབུས་མེད་པའི་ཏིང་ངེ་འཛིན་སྐྱེ་སྟེ། ཐམས་ཅད་སྟོང་པ་ཞེས་ཀྱང་ཟེར་རོ། །སྟོང་པ་བཞི་གའི་དུས་སུ་དེ་ཁོ་ ན་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས་བདེ་སྟོང་སྦྱོར་བ་ཡིན་མོད་ཀྱང་། གཙོ་བོ་ནི་འོད་གསལ་གྱི་དུས་ཡིན་པས་དེ་ཤར་བ་ན། ཇི་སྲིད་དུ་རླུང་གིས་བསྐྱོད་ནས། འོད་གསལ་ལས་མ་གཡོས་པ་དེ་སྲིད་དུ་དེ་ཁོ་ན་ཉིད་ཀྱི་ལྟ་བ་དྲན་པར་བྱས་ལ། བདེ་སྟོང་ དབྱེར་མེད་པ་བསྒོམ་པར་བྱའོ། །སྟོང་པ་བཞིའི་རྫོགས་རིམ་སྐྱེ་བའི་སྐབས་འདིར་ཡས་བབས་ཀྱི་དགའ་བཞི་རྣམས་སྐྱེ་བས། དེར་ནི་མངོན་བརྗོད་ལས། དགའ་བ་དང་པོ་ཡེ་ཤེས་ཏེ། །མཚོག་ཏུ་དགའ་བ་མཉམ་པར་སྦྱོར། །བདེ་བར་དགའ་བ་གྲུབ་པ་ཆེ། ། ལྷན་ཅིག་སྐྱེས་དགའ་བླ་མེད་ཡིན། །སྦྱོར་བ་དང་ནི་ཤིན་ཏུ་སྦྱོར། །སྦྱོར་བ་ཆེ་དང་ཡེ་ཤེས་སྦྱོར། །དེ་དག་ཆོག་དགའི་རིམ་པའོ། །ཐིག་ལེ་གཞུང་གི་སྦྱོར་ཤེས་ན། །ཕྲ་བའི་སྦྱོར་བས་བལྟ་བར་བྱ། ཞེས་གསུངས་པའི་དགའ་བཞིའི་རིམ་པ་ནི། ཡས་བབས་ ཀྱི་རིམ་པ་ཡིན་ལ། རྐང་པ་ཐ་མ་གཉིས་ཀྱི་དོན་ནི། ཐིག་ལེའི་རྣལ་འབྱོར་བསྒོམ་པའི་དོན་ཤེས་ནས་ཡི་གེ་དང་ཐིག་ལེ་ཕྲ་མོའི་སྦྱོར་བ་སྟེ། རྣལ་འབྱོར་བསྒོམས་ནས་དགའ་བ་བཞི་ཇི་ལྟར་སྐྱེ་བ་བལྟ་བར་བྱའོ་ཞེས་པའོ། །འགྲེལ་པར་རྣལ་འབྱོར་ དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་ཡེ་ཤེས་ཀྱི་ཆོ་གའི་རིམ་པའོ། །ཞེས་འཆད་དེ་དགའ་བ་བཞི་དང་རིམ་པ་བཞིན་སྦྱར་རོ། །ཡང་བྱང་སེམས་ཞུ་བས་གནས་གང་དུ་སླེབ་པ་ན། ཡས་བབས་ཀྱི་དགའ་ 10-16-10a བཞི་སྐྱེ་ཚུལ་ནི། རྒྱུད་རྡོར་ཕྲེང་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང་། །བྲལ་དགའ་ཆོས་ཀྱི་འཁོར་ལོར་གནས། ། སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། དགའ་བ་ཉམས་སུ་མྱོང་བར་བྱེད། ཅེས་གསུངས་ཏེ། སྤྱི་བོ་ནས་མགྲིན་པའི་བར་དུ་སླེབ་པ་ན་དགའ་བ་སྐྱེ་ལ། དེས་གཞན་གསུམ་ལའང་ཤེས་པར་བྱའོ། །ཡང་མངོན་བརྗོད་ལས། ལྟེ་བ་སྙིང་དང་ནུ་མའི་དབུས། ། ལྕེ་ཡི་རྩ་དང་མགོ་སྟེང་དུ། །དགའ་བ་དང་ནི་མཆོག་དགའ་ཉིད། །དམ་པར་དགའ་དང་ལྷན་ཅིག་སྐྱེས། །དང་པོ་འདབ་མ་དྲུག་ཅུ་བཞི། །གཉིས་པ་བརྒྱད་པ་མཆོག་ཡིན་ཏེ། །གསུམ་པ་འདབ་མ་བཅུ་དྲུག་པ། །བཞི་པ་སུམ་ཅུ་རྩ་གཉིས་འདབ། །ཕག་ མོ་ལྟེ་བའི་རྩར་གནས་པ། །ལྷན་ཅིག་སྐྱེས་དགའ་ཁྲག་འཐུང་མཆོག །ཅེས་ལྟེ་བར་དགའ་བ་དང་། སྙིང་གར་མཆོག་དགའ་དང་། ལྕེའི་རྩ་བ་སྟེ་མགྲིན་པར་དམ་པ་སྟེ་ཁྱད་པར་གྱི་དགའ་བ་དང་། མགོའི་སྟེང་སྟེ་སྤྱི་བོར་ལྷན་སྐྱེས་ཀྱི་དགའ་བ་ སྐྱེ་བར་བཤད་པ་ནི། མས་བརྟན་གྱི་དགའ་བ་བཞིའི་རིམ་པའོ། །སྙིང་པད་ནི་སྙིང་གའི་རྩ་འཁོར་ཏེ། གཞན་གསུམ་ལའང་སྦྱར་རོ། །ལྟེ་བའི་རྩ་བར་ཕག་མོ་ནི། གཏུམ་མོ་ཨ་ཐུང་དང་། ལྷན་སྐྱེས་ཁྲག་འཐུང་དུ་བཤད་པ་ནི། མས་བརྟན་གྱི་ ལྷན་སྐྱེས་བྱང་སེམས་གྱེན་དུ་ལྡོག་པ་སྤྱི་གཙུག་ཏུ་ཕྱིན་པ་ན་སྐྱེ་བས་སྤྱི་གཙུག་གི་ཧཾ་ཡིག་ཧེ་རུ་ཀར་བསྟན་པའོ། །མས་བརྟན་གྱི་གནས་ཀྱང་བྱང་སེམས་ནོར་བུ་ནས་བརྩམས་ཏེ། ལྟེ་བའི་འཁོར་ལོའི་བར་དུ་ལོག་པ་ན་དགའ་བ་སྐྱེ་སྟེ། དེའི་ 10-16-10b རིག་པ་གཞན་གསུམ་ལའང་སྦྱར་རོ། །མན་སྙེར་མས་བརྟན་བཞི་ཀ་ལྷན་སྐྱེས་ལ་ཆུང་ངུ་དང་བར་མ་དང་། ཆེན་པོ་དང་ཆེན་པོའི་ཆེན་པོར་ཕྱེ་བ་བཤད་དེ། ཡས་བབས་ཀྱི་བདེ་བ་བཞི་ལས་ནི། མས་བརྟན་གྱི་བཞི་བདེ་བ་ཆེ་བ་ཞིག་འོང་དགོས་སོ། ། མས་བརྟན་གྱི་སྒོ་ནས་བྱང་སེམས་གྱེན་དུ་ལོག་པ། སྤྱི་བོར་མ་བརྟན་བར་དུ། བདེ་བ་མི་བརྟན་ལ། སྤྱི་བོར་བརྟན་ནས་བདེ་བ་བརྟན་པར་གསུངས་ཏེ། ཕྱག་ཆེན་ཐིག་ལེ་ལས། དེ་ནས་སྲོག་གི་སྟེང་དུ་ཡིད། །དེ་མི་མཐུན་པས་འབབ་པར་འགྱུར། ། པདྨའི་ལྟེ་བའི་དབུས་གནས་པ། །གང་དེ་ཕྱི་ནས་བརྟན་གྱུར་པ། །དེ་ཚེ་མགོན་པོ་འགྲོ་མི་འགྱུར། །ཇི་ལྟར་བུ་ག་མེད་སྣོད་དུ། །ཆུ་རྣམས་ཟད་པ་མེད་གནས་ལྟར། །དེ་ཚེ་བདེ་བ་བརྟན་པར་འགྱུར། །བརྟན་པས་ལྷན་ཅིག་སྐྱེས་པའི་དགའ། །དེ་ཕྱིར་སངས་རྒྱས་མི་ ཟད་པ། །རྣལ་འབྱོར་པ་ཡིས་ངེས་པར་འཐོབ། །ཅེས་སོ། །ཡིད་ནི་ཁུ་བ་དང་མི་མཐུན་པ་ལུགས་ལྡོག་དང་། བརྟན་པ་ནི་སྤྱི་བོར་ཡིན་པར་མན་སྙེ་ལས་གསུངས་སོ། །འདིར་བདེ་བ་ཆེན་པོ་འདི་ལམ་གྱི་སྲོག་ཡིན་ལ། དེ་བརྟན་པ་ནི་མས་བརྟན་གྱི་བདེ་བ་ལ་ རག་ལས་པས་ན། དེ་སྐྱེ་ཚུལ་གལ་ཆེའོ། །དེའང་མན་སྙེ་ལས། དེའི་དགའ་བ་ནི་ནོར་བུ་ནས་བརྩམས་ནས་ལྟེ་བ་ཇི་སྲིད་པ་སྟེ། མ་འཕོས་པའི་བྱང་ཆུབ་ཀྱི་སེམས་འཕེལ་བཞིན་པས་སྟེང་དུ་ཉེ་བར་འགྲོའོ། །ཞེས་གསུངས་པའི་ཚིག་ཟིན་ལྟར་ན་ནོར་ བུ་ནས་ཕྱིར་མ་འཕོས་ན་རང་ལོག་བྱེད་པ་འདྲ་བ་ཞིག་འདུག་ཀྱང་དེ་མིན་ཏེ། མ་འཕོས་ཀྱང་སྔར་གྱི་ལམ་དེ་ཉིད་ནས་མར་འོང་བ་ལྟར་མི་བྱེད་པར་གར་སོང་ཆ་མེད་དུ་འགྲོ་བ་དང་། ཕྱིར་ལོག་ཀྱང་སྤྱི་བོའི་བར་དུ་ཐལ་གྱིས་འགྲོ་བའི་ངེས་པ་མེད་པར་གནས་ 10-16-11a དམའ་མོ་ནས་གྲམ་ནས་འགྲོ་བའང་འོང་བས། དེས་ན་ཡར་ལ་འདྲིལ་ནས་སྤྱི་གཙུག་བར་དུ་འགྲོ་བ་ཞིག་དགོས་པ་ནི་རྣལ་འབྱོར་པས་ཆེད་དུ་བྱ་དགོས་ཏེ། རྒྱུད་རྡོར་ཕྲེང་ལས། རླུང་གི་དེ་ཉིད་སྔོན་སོང་ནས། །དེ་ཉིད་སྟེང་དུ་རྒྱུ་དང་ ནི། །རྣལ་འབྱོར་པས་ནི་སྒྲུབ་པར་བྱེད། །དེ་ལས་སྤྲུལ་པའི་འཁོར་ལོ་ནི། །དགའ་བ་ཞེས་བྱར་རྣམ་པར་ཤེས། ཞེས་གསུངས་ཤིང་། དེ་ནས་ཆོས་འཁོར་གྱི་སྟེང་དང་དེ་ནས་ལོངས་སྤྱོད་ཀྱི་འཁོར་ལོའི་སྟེང་དུ་འགྲོ་བ་རྣམས་རྣལ་འབྱོར་བས་བྱེད་པར་ གསུངས་སོ། །རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དགའ་བཞི་ནི། ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། །ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་ཏེ་འོད་ གསལ་བའོ། །ཞེས་དགའ་བ་བཞི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞིར་གསུངས་སོ། །འདི་ལ་ནི་ལུགས་ལྡོག་གི་སྣང་མཆེད་ཐོབ་གསུམ་འོད་གསལ་གྱི་ཡེ་ཤེས་སུ་མི་རུང་ཡང་། ལུགས་ལྡོག་གི་དགའ་བ་གཞན་གསུམ་ལྷན་སྐྱེས་སུ་འཇོག་པ་ ཞིག་བཤད་ལ། དེ་བཞིན་དུ་ལུགས་མཐུན་གྱི་སྣང་མཆེད་ཐོབ་གསུམ་དང་། དེ་གསུམ་དགའ་བ་གསུམ་དུ་བཞག་པ་ལྷན་སྐྱེས་ཀྱི་དགའ་བར་མི་འཇོག་ཀྱང་། ལུགས་མཐུན་ཡས་བབས་ཀྱི་དགའ་བ་གསུམ། ལྷན་སྐྱེས་ཀྱི་དགའ་བར་འཇོག་པའི་ སྐབས་ཤིག་ཀྱང་ཡོད་པར་མངོན་ནོ། །འོན་ཀྱང་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བ་མིན་པའི་དགའ་བ་གསུམ་ནི་ལྷན་སྐྱེས་མཚན་ཉིད་པར་འཇོག་ཏུ་མི་རུང་ངོ་། །གཉིས་པ་ནི། རླུང་ཆེར་གཡོས་ཏེ་འོད་གསལ་ལས་ 10-16-11b ལངས་པ་ན། དང་པོར་ཉེར་ཐོབ་དང་། དེ་ནས་མཆེད་པ་དང་། དེ་ནས་སྣང་བ་སྐྱེ་ལ། དེ་ནས་མར་མེ་ལྟར་འབར་བ་ནས་སྨིག་རྒྱུའི་བར་བཞི་ལུགས་ལྡོག་ཏུ་འབྱུང་ངོ་། །དེའི་འོག་ཏུ་ཀུན་རྟོག་གཡོ་བའི་རླུང་གཡོས་ནས། རང་བཞིན་གྱི་རྟོག་པ་རྣམས་སྐྱེའོ། ། སེམས་ལ་ཉེར་ཐོབ་སོགས་ཀྱི་རིམ་པ་གསུམ་བྱུང་ཡང་ལུས་སྒྱུ་མའི་སྐུར་ལྡང་བ་ནི། འོད་གསལ་ལས་ལངས་པ་དང་དུས་མཉམ་དུ་འབྱུང་བོ། །དེ་ཡང་འོད་གསལ་གྱི་སྐབས་ཀྱི་རླུང་སེམས་ཙམ་ལས་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུར་འབྱུང་ལུས་རགས་ པ་ལས་ལོགས་སུ་བྱེ་བའི་ཚུལ་གྱིས་ལྡང་བ་ཡིན་ལ། དེ་ནི་དེ་ལྟར་ལྡང་བའི་འཕེན་པ་བཏང་བའི་མཐུས་འབྱུང་ཞིང་། དེ་ཉིད་སྣང་ཕྱོགས་ཀྱི་རྫོགས་རིམ་ཡིན་པས། དེར་ལངས་པའི་སྐུ་དེ་ཉིད་ཡུམ་དང་བཅས་པའི་རྣམ་པ་ཅན་ལ་རྩེ་གཅིག་ཏུ་མཉམ་ པར་གཞག་པར་བྱའོ། །དེ་ལ་གནས་མ་ནུས་ན་ལུས་སྔ་མ་དམ་ཚིག་པ་ཡབ་ཡུམ་གྱི་སྐུར་བསྒོམས་ལ། དེའི་རྙིང་གར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་ཞུགས་ནས་དེར་གནས་པར་བྱའོ། །ཇོ་བོ་ཆེན་པོའི་འགྲེལ་པར་དེ་ལས་གཟུགས་ནི་ཐོབ་པར་ འགྱུར། ཞེས་ལཱུ་ཨི་པའི་སྒྲུབ་ཐབས་སུ་གསུངས་པའི་དོན་འོད་གསལ་ལས་སྒྱུ་མའི་སྐུར་ལངས་པ་ལ་བཤད་དོ། །འདི་ལ་རྗེས་མཐུན་པའི་སྒྱུ་ལུས་དང་། སྒྱུ་ལུས་དངོས་དང་། ཟུང་འཇུག་གི་སྐུའི་སྒྱུ་ལུས་ཏེ་གསུམ་ཡོད་དེ། རྒྱས་པར་ནི་ འཕགས་སྐོར་གྱི་གདམས་ངག་ཏུ་བཤད་པ་ལས་ཤེས་དགོས་པར་ཡོད་དོ། །གཉིས་པ་ནི། དེ་ལྟར་མཉམ་གཞག་ཏུ་རྫོགས་རིམ་གཉིས་པོ་བསྐྱངས་པའི་མཐར་ཏིང་ངེ་འཛིན་དེ་ལ་གནས་མ་ནུས་པར། དེ་ལས་ལངས་པའི་རྗེས་ཐོབ་ཏུ་ནི། གཟུགས་ 10-16-12a སྒྲ་ལ་སོགས་པའི་ཡུལ་སྣང་གང་ཤར་ཐམས་ཅད་ལ། མཉམ་གཞག་ཏུ་བསྐྱངས་པའི་བདེ་སྟོང་གིས་རྒྱས་བཏབ་སྟེ། ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་རྣམ་རོལ་ཏུ་བལྟ་བ་ལ་སློབས་ན། དེ་གོམས་པ་ལ་བརྟེན་ནས་ཡུལ་ སྣང་གང་ཤར་ཐམས་ཅད་བདེ་བ་འབར་བའི་གྲོགས་སུ་འགྲོ་སྟེ། མཁའ་འགྲོ་རྒྱ་མཚོ་ལས། ལས་ཀྱི་ཕྱག་རྒྱ་རབ་སྦྱོར་བས། །ཉི་མ་རེ་རེ་བསྒྲུབ་པར་བྱ། །དེ་ཡི་དུས་སུ་གང་མཐོང་བ། །དངོས་པོ་ཀུན་ལ་ལྟུང་བར་བྱ། །འདོད་ཆགས་ཆེན་པོའི་ཚུལ་བདག་ ཉིད། །རྟག་ཏུ་བདག་ཉིད་ལ་འབྱུང་འགྱུར། ཞེས་གསལ་བར་གསུངས་སོ། །ལས་ཀྱི་ཕྱག་རྒྱ་རབ་སྦྱོར་ནི་མཚོན་པ་ཙམ་སྟེ། རྡོར་བཟླས་ལ་སོགས་པའི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱིས་ལྷན་སྐྱེས་ཀྱི་བདེ་ཆེན་དྲངས་ཏེ་མཉམ་གཞག་ཏུ་ བསྐྱངས་པའི་མཐར་ཡང་རྗེས་ཐོབ་ཏུ་སྔར་ལྟར་བྱའོ། །དེའི་དུས་སུ་ཞེས་པའི་རྐང་པ་གཉིས་ཀྱི་དོན་ནི། །རང་གིས་སྔར་ཉམས་སུ་མྱོང་བའི་བདེ་ཆེན་དྲན་པར་བྱས་ལ། དེས་ཡུལ་སྣང་གི་དངོས་པོ་ཀུན་ལ་ལྟུང་བར་བྱ་བ་སྟེ། རྒྱས་བཏབ་ ནས་བསྒོམ་པར་བྱ་བའི་དོན་ནོ། །འདོད་ཆགས་ཆེན་པོའི་ཚུལ་རང་ལ་འབྱུང་བ་ནི། དེ་ལྟར་བྱས་པས་བདེ་ཆེན་འབར་བའི་གྲོགས་སུ་འགྲོ་བའོ། །རྗེས་ཐོབ་ཏུ་དེ་ལྟར་བསྐྱངས་པའི་འོག་ཏུ། སླར་ཡང་ཕྱི་ནང་གི་ཐབས་གཉིས་གང་རུང་ལ་བརྟེན་ནས་ སྟོང་ཕྱོགས་དང་སྣང་ཕྱོགས་ཀྱི་རྫོགས་རིམ་ཚན་པ་གཉིས་བསྐྱེད་ནས། མཉམ་པར་འཇོག་པའི་མཉམ་རྗེས་སྤེལ་མ་རྒྱུན་ལྡན་དུ་བྱའོ། །གསུམ་པ་ནི། ལཱུ་ཡི་པའི་འགྲེལ་པ་ལྭ་བ་པར་མཛད་པ་ལས། འོད་གསལ་མངོན་དུ་ཕྱོགས་པར་ 10-16-12b བྱས་ལ་གཉིད་ཀྱང་འོད་གསལ་ཉིད་དུ་མོས་པར་བྱས་ཏེ་ཉལ་ལོ། །ཞེས་གཉིད་ཀྱི་འོད་གསལ་འཛིན་པར་གསུངས་ཤིང་། ཤེས་རབ་སྲུང་བ་དང་བི་བྷཱུ་ཏི་ཙནྡྲའི་འགྲེལ་པར་ཡང་དེ་བཞིན་དུ་བཤད་པས། རྫོགས་རིམ་གྱི་སྐབས་སུའང་གཉིད་ཀྱི་འོད་གསལ་ འཛིན་པའི་ཚུལ་དགོས་སོ། །དེའང་སྔར་བཤད་པ་ལྟར་སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་སྟོང་པ་བཞི་དང་དགའ་བ་བཞི་འདྲེན་ནུས་པའི་མཚམས་ནས་བྱེད་དོ། །དེའི་ཚུལ་ནི་བླ་མ་དང་ཡི་དམ་ལ་གཉིད་ཀྱི་འོད་གསལ་འཛིན་ནུས་ པའི་གསོལ་བ་མང་དུ་བཏབ། ཉལ་བའི་དུས་སུ་གཞོགས་གཡས་པ་འོག་ཏུ་བཅུག་པ་སོགས་སྤྱི་དང་མཐུན་པར་བྱ། རང་དམ་ཚིག་པ་ཡབ་ཡུམ་དུ་གསལ་བའི་ངང་ནས། དབྱངས་གསལ་ངག་ཏུ་བརྗོད་ནས་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ བསྐྱེད་པ་སོག་སྔར་དང་འདྲ་བ་ལ་ཁྱད་པར་ནི་སྙིང་གར་བསྒོམ་མོ། །དེའི་སྡུད་རིམ་བྱས་པའི་མཐར་སྙིང་གའི་དྷཱུ་ཏཱིའི་ནང་དུ་དཀར་ལ་དམར་བའི་མདངས་ཅན་གྱི་ཧཱུཾ་ཡིག་ལ་རྩེ་གཅིག་ཏུ་དམིགས་པ་གཏད་ནས་ཉལ་བས་སྙིང་གའི་དབུ་མའི་ནང་དུ་རླུང་ ཞུགས་གནས་སོགས་བྱས་པ་ལས་སྨིག་རྒྱུ་ནས་མར་མེ་ལྟར་འབར་གྱི་བར་གྱི་རྟགས་བཞི་དང་དེ་ནས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པའི་སྟོང་པ་བཞི་སྔར་བཤད་པ་ལྟར་འཆར་ལ། དེའི་ཚེ་འོད་གསལ་ཤར་བའི་དུས་སུ་སྟོང་བ་ ཉིད་ཀྱི་ལྟ་བ་དྲན་པར་བྱས་ལ་བདེ་སྟོང་དབྱེར་མེད་ཀྱི་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ལ་ཅི་གནས་གནས་ཀྱི་བར་དུ་བཞག་ལ་བསྐྱང་ངོ་། །རླུང་གཡོས་པའི་དབང་གིས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པ་ནི། བདག་གིས་གཉིད་ཀྱི་འོད་གསལ་ 10-16-13a ཆོས་སྐུའི་ངང་ལས་རྨི་ལམ་གྱི་ལུས་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ལ་འོད་གསལ་གྱི་རླུང་སེམས་ཙམ་ལས་ཆུ་དྭངས་པ་ལས་ཉ་འཕར་བའི་ཚུལ་དུ། རྨི་ལམ་གྱི་ལུས་རྙིང་པ་ལས་ལོགས་ སུ་བྱེ་བའི་ཚུལ་གྱིས་ལྡང་བར་བྱའོ། །དེའང་རྡོ་རྗེ་འཆང་ཧེ་རུ་ཀ་དཀར་པོ་ཡབ་ཡུམ་གྱི་སྐུར་ལྡང་བ་ཡིན་ནོ། །དེ་ལྟར་ལུས་ལོགས་སུ་བྱེ་བ་དེ་ལ་དམིགས་ནས་ཇི་ཙམ་གནས་ཀྱི་བར་མཉམ་པར་བཞག །དེ་ལ་གནས་མ་ནུས་ན། ལུས་སྔ་མ་དམ་ ཚིག་སེམས་དཔའ་ཡབ་ཡུམ་གྱི་སྐུར་བལྟས་ལ། དེའི་ཐུགས་ཀར་ཞུགས་ཏེ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པར་བྱ་སྟེ། ཤིན་ཏུ་ཟབ་པའི་བསྲེ་བ་གསུམ་མོ། །ཡང་ལྭ་བ་བའི་འགྲེལ་པ་ལས། འཆི་བའི་དུས་སུ་དཔལ་ཧེ་རུ་ཀ་ དང་ཕག་མོ་ལ་སོགས་པའི་དཔའ་བོ་དང་། རྡོ་རྗེ་རྣལ་འབྱོར་མ་མེ་ཏོག་དང་བདུག་སྤོས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་རྣམ་པ་སྣ་ཚོགས་པ་ཕྱག་ཏུ་ཐོགས་པ་རྣམས་ཀྱིས་འོད་གསལ་གྱི་གོ་འཕང་ལ་འགོད་པར་བྱེད་དོ། །ཞེས་ལམ་ འདི་བསྒོམས་པའི་ཕན་ཡོན་གྱི་སྐབས་སུ། འཆི་བའི་ཚེ་ན་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་མཁའ་སྤྱོད་དུ་འཁྲིད་པར་གསུངས་པའི་མཁའ་སྤྱོད་ལ་དྲང་ངེས་གཉིས་ཡོད་པའི་ངེས་དོན་གྱི་མཁའ་སྤྱོད་འཆི་བ་འོད་གསལ་ཟིན་པར་མཛད་པ་ ལ་བཤད་ཅིང་། འགྲེལ་བ་གཞན་གཉིས་ཀྱིས་ཀྱང་། དེ་བཞིན་དུ་བཤད་པས་འཆི་བ་དང་འོད་གསལ་བསྲེ་བའི་གདམས་པ་འདིར་ཤེས་དགོས་སོ། །འདི་ལ་ནི་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་སྟོང་པ་དང་དགའ་བཞི་ 10-16-13b འདྲེན་ནུས་པ་དང་། དེ་ལ་བརྟེན་ནས་གཉིད་དང་བསྲེ་བ་སོགས་ནུས་པ་ཞིག་ཚེ་འདིར་བྱུང་ན། འཆི་བ་དང་འོད་གསལ་བསྲེ་བ་སོགས་ཇི་བཞིན་པ་འབྱུང་། དེ་ལྟར་མི་ནུས་པས་ཀྱང་ད་ལྟ་ནས་གོམས་པར་བྱས་ན། འཆི་བ་དང་བར་དོའི་སྐབས་སུ་ ཁྱད་ཆེ་བས་དེ་གཉིས་ཀར་སྦྱང་བར་བྱའོ། །དེའི་ཚུལ་ནི་ལྷ་དང་བླ་མ་ལ་སྐྱེ་ཤི་བར་དོ་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་བསྲེ་ནུས་པའི་གསོལ་བ་མང་དུ་གདབ་པ་དང་། ཁས་བླངས་པའི་དམ་ཚིག་ཉམས་པ་རྣམས་སླར་སོར་གཞུག་ཅིང་། ཡོངས་ སུ་དག་པར་བྱ་བ་དང་། འཆི་བ་དང་བར་དོའི་དུས་སུ་དེའི་བསྲེ་བ་རྣམས་མངོན་དུ་བྱའོ་སྙམ་པའི་འཕེན་པ་ཉིད་རེ་བཞིན་མང་དུ་བཏང་། དེ་ནས་འཆི་བའི་ཚེ་ས་ཆུ་ལ་ཐིམ་པ་ལས་སྨིག་རྒྱུ་ལྟ་བུ་ནས་རླུང་རྣམ་ཤེས་ལ་ཐིམ་པ་ལས་མར་མེ་འབར་བ་ལྟ་བུའི་རྟགས་ བཞི་འབྱུང་བའི་རིམ་པ་རྣམས་ཡིད་ལ་བྱ། དེ་ནས་སྟོང་པ་བཞི་རིམ་པ་བཞིན་འཆར་བའི་ཚུལ་ཡིད་ལ་བྱས་ལ། དེ་རེ་རེའི་སྐབས་སུའང་ལྟ་བ་དྲན་པར་བྱ། ཁྱད་པར་དུ་འོད་གསལ་ཤར་བའི་སྐབས་སུ་ལྟ་བ་དྲན་པར་བྱས་ལ། ཅི་ནས་ཀྱང་འོད་གསལ་ ལ་གནས་པར་བྱའོ་སྙམ་པའི་འཕེན་པ་མང་དུ་བཏང་སྟེ། འདི་ད་ལྟ་ནས་ཉི་མ་རེ་རེ་ཞིང་མང་དུ་སྦྱང་ངོ་། །ད་གཟོད་འཆི་ཁ་མའི་སྐབས་སུ་སློབ་པ་ན་ལྷ་དང་བླ་མ་ལ་གསོལ་བ་གདབ་པ་དང་། དམ་ཚིག་རྣམས་དག་པར་བྱ། ས་ཆུ་ལ་ཐིམ་པ་སོགས་ཀྱི་ རྟགས་ཤར་བ་ན། ངོ་ཤེས་པར་བྱས་ལ་སྔར་བཤད་པ་ལྟར་འཆི་བ་འོད་གསལ་གྱི་བར་རྣམས་ངོས་ཟིན་པ་དང་། འཆི་བ་འོད་གསལ་གྱི་ངང་ལས་བར་དོ་གྲུབ་པའི་ཚེ། དེའི་མཐུས་ཧེ་རུ་ཀ་ཡབ་ཡུམ་དུ་ལྡང་བར་བྱའོ་སྙམ་པའི་འཕེན་པ་དྲག་ཏུ་བཏང་ 10-16-14a ལ། བར་དོའི་འཕེན་པ་འདི་ད་ལྟ་ནས་ཀྱང་སྦྱང་དགོས་སོ། །དེ་ནས་ཚེ་འདིར་རྡོར་བཟླས་དང་། སྙིང་གའི་ཧཱུཾ་ཡིག་ལ་དམིགས་པ་གཏོད་པ་གང་བྱང་ཆ་ཆེ་བ་ཞིག་ལ་དམིགས་ནས་རྡོར་བཟླས་སམ་ཡི་གེ་ལ་སེམས་འཛིན་པ་གང་རུང་ བྱའོ། །རྡོར་བཟླས་བྱེད་ན་སྐབས་འདིར་ཧཱུཾ་ཡིག་ལ་དམིགས་ནས་དེ་ནས་ལྡང་འཇུག་གནས་གསུམ་གྱི་དམིགས་པ་བྱའོ། །ཚེ་འདིར་བར་དོ་ལ་དེར་ངོ་ཤེས་པར་བྱའོ་སྙམ་པའི་འཕེན་པ་མང་དུ་བཏང་བ་སོགས་ཀྱི་མཐུ་ལ་བརྟེན་ནས། བར་དོ་ལ་བར་དོར་ ངོ་ཤེས་པ་བྱུང་བ་ན། རང་ཉིད་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་བསྒོམས་ལ་ལྟ་བ་བསྐྱངས། སྐྱེ་བ་ཁྱད་པར་ཅན་བཟུང་བའི་དོན་དུ་ངས་བར་དོ་ལོངས་སྐུ་འདི་ལ་བརྟེན་ནས་སྤྲུལ་སྐུའི་སྐྱེ་བ་གཟུང་བར་བྱའོ་སྙམ་པའི་འཕེན་པ་མང་དུ་བཏང་སྟེ་ད་ལྟ་ནས་དེའི་ འདུན་པ་མང་དུ་སྦྱོང་། དེ་ལྟར་རྫོགས་རིམ་ལས་བཤད་པའི་སྐབས་སུ་སྟོང་པ་བཞིའི་ཡེ་ཤེས་སྐྱེ་བའི་རིམ་པ་རྣམས། འཆི་རིམ་གྱི་སྐབས་བཞིན་དུ་བསྐྱེད་པ་དང་། དེ་ལས་ལྷའི་སྐུར་ལྡང་བའི་དུས་སུ་འཆི་བ་འོད་གསལ་ལས་བར་དོར་ལྡང་བ་ ཇི་བཞིན་དུ་བྱེད་པ་དང་། སྒྱུ་མའི་ལུས་ལོགས་སུ་བྱེ་བ་དེ་རྣམ་སྨིན་གྱི་ལུས་ལ་འཇུག་པ་ན་བར་དོས་མངལ་དུ་སྐྱེ་བ་ལེན་པ་བཞིན་དུ་བྱེད་པ་གསུམ་དང་། དེ་བཞིན་དུ་གཉིད་དུ་སོང་ནས་རྨི་ལམ་མ་ཤར་བའི་བར་དུ་སྟོང་པ་བཞི་བསྐྱེད་པ་འཆི་རིམ་ བཞིན་དང་། དེ་ནས་རྨི་ལམ་གྱི་ལུས་ལོངས་སྐུར་ལྡང་བ་བར་དོ་བཞིན་དང་། དེ་ནས་ལུས་སྔ་མ་ལ་འཇུག་པ་སྐྱེ་བ་ལེན་པ་བཞིན་དུ་བྱེད་པ་གསུམ་དང་། དེ་ལྟར་བྱས་ཀྱང་ཚེ་འདིར་མཆོག་མ་གྲུབ་ན། འཆི་བ་དངོས་དང་འོད་གསལ་བསྲེ་བ་དང་། 10-16-14b བར་དོ་འགྲུབ་པའི་དུས་སུ་སྒྱུ་མའི་སྐུ་འགྲུབ་པ་དང་། དེ་མ་གྲུབ་ནས་བར་དོའི་ལུས་ལེན་དགོས་པ་བྱུང་ན། དེ་དང་སྒྱུ་མའི་སྐུ་བསྒོམ་པ་བསྲེ་བ་དང་། དེ་ནས་སྐྱེ་བ་ལེན་པ་སྤྲུལ་སྐུ་བཞིན་དུ་བྱེད་པ་ནི། བསྐྱེད་རིམ་གྱི་སྐབས་སུ་སྦྱང་གཞི་སྦྱོང་ཚུལ་ལ། སྐྱེ་ ཤི་བར་དོ་གསུམ་སྐུ་གསུམ་དུ་འཁྱེར་བའི་ལམ་འཁྱེར་གསུམ་བརྟན་པ་བྱུང་ན། རྫོགས་རིམ་གྱི་སྐབས་སུ་དེའི་གནད་ལེགས་པར་ཐོན་དགོས་པས། རིམ་པ་དང་པོའི་སྐབས་སུ་ལམ་འཁྱེར་གསུམ་བཤད་པ་ནི། སྒྲུབ་ཐབས་ཀྱི་ཊཱི་ཀྐར་ཡིད་ཆེས་ཀྱི་ ཁུངས་དང་སྦྱར་ནས་རྒྱས་པར་བཤད་ཟིན་ཏོ། །གསུམ་པ་ལུགས་འདིའི་ལམ་རྣམས་སྦྱོར་དྲུག་དང་རིམ་ལྔར་འཇོག་ཚུལ་ནི། མཁའ་འགྲོ་རྒྱ་མཚོ་ལས། སོ་སོར་སྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་རྩོལ་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ འཛིན་ཏེ། །སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ། ཞེས་དང་རང་གི་སྐུ་ནི་སྒྱུ་མ་མཉམ། །བདག་བྱིན་རླབས་འདི་ཕྲ་མོ་དང་། །རྡོ་རྗེ་བཟླས་པའི་རང་མཚན་ཉིད། །རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། །དེ་ལས་ལྷག་མ་ཟུང་འཇུག་གོ། ཞེས་སྦྱོར་དྲུག་དང་ རིམ་ལྔའི་ཐ་སྙད་གསལ་བར་གསུངས་སོ། །དེ་ལ་རང་གི་སྐུ་སྒྱུ་མ་དང་མཉམ་པ་སྟེ། མཚུངས་པའི་བདག་བྱིན་རླབས་ཤིན་ཏུ་རྟོགས་དཀའ་བས་ཕྲ་མོར་གྱུར་པ་ནི། རིམ་པ་གསུམ་པ་བདག་བྱིན་རླབས་ཀྱི་རིམ་པ་སྒྱུ་ལུས་སོ། །རྡོ་རྗེ་བཟླས་པའི་ རང་གི་མཚན་ཉིད་ནི། རྡོ་རྗེ་བཟླས་པའི་རིམ་པ་སྟེ་རིམ་པ་དང་པོའོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ནི། རིམ་པ་བཞི་པ་སྟེ་མིང་གཞན་འོད་གསལ་གྱི་རིམ་པའོ། །སེམས་ཀྱི་གཏེར་ནི། སེམས་དབེན་སེམས་དམིགས་ཀྱི་རིམ་པ་སྟེ་ 10-16-15a རིམ་པ་གཉིས་པའོ། །སྡུར་བཤད་པ་བཞི་ལས་ལྷག་མ་ནི། ཟུང་འཇུག་གི་རིམ་པ་སྟེ་རིམ་པ་ལྔ་པའོ། །བདེ་མཆོག་འབྱུང་བ་ལས་ཀྱང་སེམས་དབེན་མ་གཏོགས་པའི་རིམ་པ་བཞི་གསུངས་ཤིང་། མངོན་བརྗོད་ཀྱི་འགྲེལ་པར་ ཡང་། སྒྱུ་ལུས་དང་འོད་གསལ་དང་ཟུང་འཇུག་སོགས་ཡང་ཡང་བཤད་ལ། ལོ་དྲིལ་གྱི་གཞུང་ལས་རིམ་ལྔའི་ཐ་སྙད་མི་གསལ་ཡང་དོན་རྣམས་ཡོད་དོ། །འགྲེལ་པ་ཁྱད་པར་གསལ་བྱེད་ལས། འདུས་པ་ཕྱི་མ་དྲངས་ནས་མཆོག་འགྲུབ་པ་ལ་ སྦྱོར་བ་ཡན་ལག་དྲུག་གི་རིམ་པས་སྒྲུབ་དགོས་ཞེས་བསྒྲུབས་ནས་ལཱུ་ཨི་པའི་ལུགས་འདི་ལའང་ཡན་ལག་དྲུག་སྦྱོར་བར་བྱེད་དོ། །སྦྱོར་ཚུལ་ནི། མིག་ལ་སོགས་པའི་ཤེས་པ་ལྔ་གཟུགས་ལ་སོགས་པའི་ཡུལ་ལྔ་ལ་འཇུག་པ་སོ་སོར་ སྡུད་པ་སྟེ། འགུགས་པར་བྱེད་པ་ནི་སོར་སྡུད་དང་། དེ་ལྟར་བསྡུས་ནས་ནང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བདེ་མཆོག་ལ་སོགས་པའི་ལྷར་སྦྱོར་བ་ནི་བསམ་གཏན་ཡིན་ལ། རྟེན་བརྟེན་པའི་དཀྱིལ་འཁོར་པའི་ངོ་བོ་ཙམ་དུ་རྟོག་པ་ ནི་རྟོག་པ་དང་། དམིགས་པ་དེ་ལ་བརྟེན་པའི་སེམས་ཀྱི་ངེས་པ་ནི་དཔྱོད་པ་དང་། དེ་ལྟར་ལྷ་ལ་དམིགས་པས་ཡིད་བདེ་བ་ནི་དགའ་བ་དང་། དགའ་བས་བསྒོམས་པའི་ལྷ་ལ་སིམ་པ་དང་བཅས་པའི་སེམས་ནི་བདེ་བ་དང་། བདེ་བ་དང་ལྡན་ པའི་སེམས་ཏིང་ངེ་འཛིན་དུ་འགྱུར་བས་རྣམ་པ་སྣ་ཚོགས་པའི་ཐ་མལ་གྱི་ཀུན་རྫོབ་ཀྱི་ཡུལ་ཅན་གྱི་རྟོག་པ་ལོག་པས་ལྷ་ཁོ་ན་ལ་དམིགས་པའི་སེམས་ནི་སེམས་རྩེ་གཅིག་པ་སྟེ། བསམ་གཏན་གྱི་ཡན་ལག་ལྔའོ། །སྲོག་རྩོལ་ལ་ 10-16-15b སོགས་པའི་ཡན་ལག་ཕྱི་མ་བཞི་རྫོགས་རིམ་དུ་བཤད་ཅིང་། འདི་ཁོ་ན་རྒྱུད་དང་བརྒྱུད་པའི་རིམ་པ་ལས་འབྱུང་ཞིང་བཤད་པའོ། །ཞེས་བཤད་པ་དེ་ཧེ་རུ་ཀ་ནས་དཔེ་མེད་འཚོ་ལས་བརྒྱུད་པའི་རིམ་པ་ལས་ཀྱང་འབྱུང་ཞིང་རྒྱུད་ལས་ཀྱང་བཤད་ཅེས་ འཆད་དོ། །དེ་ནི་འཇམ་དཔལ་གྱི་ཞལ་གྱི་ལུང་དང་མཐུན་ཞིང་། རྒྱུད་ཀྱི་རྡོ་རྗེའི་ཚིག་རེ་རེའང་དོན་མི་འདྲ་བ་དུ་མ་ལ་ཚད་ལྡན་གྱིས་བཤད་པ་ཡོད་པས། བཤད་པ་ཕྱོགས་གཅིག་པ་རེ་ལ་ཞེན་ནས་གཞན་སྤང་བར་མི་བྱའོ། །ཡང་དེ་ཉིད་ལས་སྲོག་རྩོལ་ འཆད་པ་ན། གསང་གནས་དང་ལྟེ་བ་དང་སྙིང་ག་དང་སྨིན་མཚམས་ལ་སོགས་པ་གང་ཡང་རུང་བར་ཐིག་ལེ་དང་ཡི་གེ་སོགས་ལ་དམིགས་པའི་ཐབས་གང་ཡང་རུང་བས་སྲོག་དྷཱུ་ཏཱིར་སྡུད་པ་ཐམས་ཅད་སྲོག་རྩོལ་ཡིན་པས་གཞུང་རྣམས་ལས་ལྟ་བ་ལ་ སོགས་པའི་རྩ་འཁོར་གྱི་གནས་ཕྱོགས་རེའི་སྲོག་རྩོལ་བཤད་པ་ནི་མཚོན་པ་ཙམ་མོ་ཞེས་བཤད་དོ། །དེ་ལྟར་སྲོག་རྩོལ་གྱི་སྒོ་མི་འདྲ་བ་མང་པོ་ཡོད་པ་བཞིན་དུ། སྒོ་དེ་དག་གི་རླུང་དབུ་མར་བཙུད་ནས། རླུང་དབུ་མར་འབྱུང་འཇུག་མི་བྱེད་པར་གནས་པ་ལ་ འཛིན་པའི་ཡན་ལག་ཏུ་གསུངས་པའང་དུ་མ་ཞིག་འོང་ངོ་། །ཁྱད་པར་གསལ་བྱེད་ལས། སེམས་རིན་པོ་ཆེ་ནམ་མཁའ་དང་མཉམ་པ་འདི་འོད་གསལ་ཉིད་དུ་གྱུར་པ་ལས། གང་སྲོག་རླུང་གིས་བརྟན་པར་གྱུར་པ་དེ་འཛིན་པའོ། །ཞེས་རགས་པའི་སྲོག་རླུང་ ཐིམ་ནས་ཕྲ་བའི་སྲོག་རླུང་བརྟན་པས་སེམས་འོད་གསལ་དུ་ཞུགས་པ་སྦྱོར་བ་ཡན་ལག་དྲུག་གི་འཛིན་པའི་ཡན་ལག་ཏུ་བཤད་པ་ནི། འདུས་པ་ཕྱི་མ་ལས། རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་ 10-16-16a པའི་རྡོ་རྗེར་འགྱུར། ཞེས་གསུངས་པའི་དོན་དུ་འདོད་དེ། སྒྲོན་གསལ་ལས། རང་ནི་གཟུགས་ལ་སོགས་པའི་ཡུལ་དང་། དབང་པོ་ནི་མིག་ལ་སོགས་པ་སྟེ། དེ་གཉིས་དགག་པ་སྟེ། ཐིམ་ནས་དེའི་འོག་ཏུ་རིན་ཆེན་ཏེ་སེམས་སྲོག་རླུང་དང་ བཅས་པ་བཀག་ཅིང་། ནུབ་པར་གྱུར་པའི་གཟུང་བ་ནི་འཛིན་པ་སྟེ་ཞེས་ཡང་དག་པའི་མཐའ་འོད་གསལ་དུ་བཤད་པ་དེ་དང་མཐུན་ནོ། །སེམས་རླུང་དང་བཅས་པ་ཐིམ་པ་ནི། སེམས་གསུམ་རིམ་གྱིས་ཐིམ་པའོ། །རྗེས་དྲན་གྱི་ཡན་ལག་ནི། འདུས་པ་ ཕྱི་མ་ལས། རྗེས་དྲན་གང་ཞིག་རྣམ་སྒོམ་པ། །དེ་དང་འདྲ་བ་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དོ། །ཞེས་གསུངས་པའི་དོན་སྒྲོན་གསལ་ལས། སྔར་ལུགས་མཐུན་དུ་འཇུག་པའི་དུས་སུ་སྨིག་རྒྱུ་ནས་འོད་གསལ་གྱི་བར་དུ་ཐོབ་པ་དེ་དང་འདྲ་བར་ཕྱིས་ལུགས་ ལྡོག་ཏུ་ལངས་པའི་ཚེ་འོད་གསལ་ལས་ཉར་ཐོབ་ནས་སྨིག་རྒྱུའི་བར་དུ་བྱུང་བ་ལ་བཤད་པ་བཞིན་དུ་བྱའོ། །ཁྱད་པར་གསལ་བྱེད་ལས། འཛིན་པའི་མཇུག་ཐོགས་སུ། །སྔར་བསྒོམས་པའི་ལྷ་ལ་རྫེས་སུ་དྲན་པ་འབྱུང་སྟེ། དེའང་བ་སྤུའི་བུ་ག་རེ་རེ་ནས་ཕུང་ པོ་དང་ཁམས་དང་སྐྱེ་མཆེད་དང་ལྟ་འོད་ཟེར་གྱི་རྣམ་པར་འཕྲོ་བ་ལ་རྗེས་དྲན་གྱི་ཡན་ལག་ཏུ་བཤད་དོ། །ཏིང་ངེ་འཛིན་གྱི་ཡན་ལག་ནི་ཁྱད་པར་གསལ་བྱེད་ལས། འོད་གསལ་ལས་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུར་བཞེངས་པ་དེའང་ཏིང་ངེ་འཛིན་ཞེས་བྱ་ བར་བཤད་དོ། །ཞེས་བཤད་པ་ནི་སྒྲོན་གསལ་ལས་བཤད་པ་བཞིན་ནོ། །དོན་གྱི་འོད་གསལ་ལས་ལངས་པའི་མཚམས་སུ་ནི། སློབ་པའི་ཟུང་འཇུག་སྒྱུ་མའི་སྐུ་གྲུབ་པ་ནས་ཏིང་ངེ་འཛིན་གྱི་ཡན་ལག་མཚན་ཉིད་པར་བཞག་གོ། མཚོན་བྱེད་ 10-16-16b དཔེའི་འོད་གསལ་ལས་ལངས་པའི་མཚམས་སུ་ནི། སྒྱུ་ལུས་དངོས་དང་རྗེས་མཐུན་པ་གཉིས་ཀྱི་ལྡང་ཚུལ་ཡོད་དོ། །རིམ་ལྔར་འཇོག་ཚུལ་ནི། ལུགས་འདིའི་རྫོགས་རིམ་ལ་ཐོག་མར་ནུས་པ་ཐོན་པའི་མཚམས་ནས་ལུས་དབེན་གྱི་སྒོར་ཅི་རིགས་པ་ འབྱུང་ལ། རྡོ་རྗེ་བཟླས་པའི་རིམ་པ་ནི་ཤིན་ཏུ་གསལ་ལོ། །དེ་དང་ཐབས་གཞན་གྱིས་རླུང་ལ་ནུས་པ་ཐོན་ནས་ལྟེ་བའི་དབུ་མའི་མདུད་པ་ལེགས་པར་གྲོལ་བའི་དབུས་སུ་རླུང་བསྡུས་ཏེ་ཐིམ་པར་མི་ནུས་པ་ཚུན་ཆད་ནི་རྡོར་བཟླས་ཀྱི་རིམ་པར་འདུ་ཞིང་། རྩ་ མདུད་ལེགས་པར་གྲོལ་ནས་སྒྱུ་ལུས་དངོས་སུ་བསྐྱེད་མི་ནུས་ཚུན་ཆད་ནི་སེམས་དབེན་དུ་བསྡུའོ། །སྒྱུ་ལུས་དངོས་སུ་བསྐྱེད་ནུས་པ་ནས་དེ་ལ་བྱང་བའི་བར་ནི་བདག་བྱིན་རླབས་ཀྱི་རིམ་པའོ། །དེ་ནས་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་གྱུར་པ་དང་དེའི་ཐབས་ཀྱི་ཉེ་ རྒྱུ་རྣམས་ལ་ནི་འོད་གསོལ་དང་མངོན་པར་བྱང་ཆུབ་པའི་རིམ་པ་ཞེས་བྱའོ། །དེའང་དོ་ཧ་ལས། དེ་ཉིད་བསམས་པས་རྣམ་རྟོག་རང་བཞིན་འགག་པར་འགྱུར། །གལ་ཏེ་སེམས་ཀྱིས་སེམས་ནི་མཚོན་དུ་འགྲོ། རྣམ་རྟོག་དང་ནི་ཡིད་ནི་མི་གཡོ་བརྟན་ པར་གནས། །ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་ལྟར་སེམས་ནི་རང་བཞིན་ལ་ཐིམ་འགྱུར། ཞེས་གསུངས་པས། དེ་ཁོ་ན་ཉིད་ཀྱི་དོན་བསྒོམས་པས་རང་བཞིན་གྱི་རྟོག་པ་རྣམས་ཐིམ་སྟེ། ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་སེམས་ཆོས་རྣམས་ཀྱི་ རང་བཞིན་ཡིན་ལུགས་ལ་ཞུགས་ཏེ། ལན་ཚྭ་ཆུ་ལ་ཐིམ་པ་ལྟར་གྱུར་པ་མཚོན་བྱ་དོན་གྱི་འོད་གསལ་གྱི་ཡེ་ཤེས་སོ། །དེ་ལས་ཟུང་འཇུག་གི་རིམ་པ་འགྲུབ་ཚུལ་ནི་བཤད་ཟིན་ཏོ། །གསུམ་པ་ལམ་གྱི་འབྲས་བུ་འགྲུབ་ཚུལ་ནི། སྔར་བཤད་ 10-16-17a པའི་སློབ་པའི་ཟུང་འཇུག་གི་ཏིང་ངེ་འཛིན་དང་། རྫོགས་རིམ་པའི་སྤྱོད་པ་རྣམས་ལ་གོམས་པར་བྱས་པས། མི་སློབ་པའི་ཟུང་འཇུག་མཆོག་གི་དངོས་གྲུབ་འགྲུབ་ལ། དེའང་མཐར་ཐུག་འགྲུབ་པར་ཉེ་བ་ན། ཇི་ལྟར་འོང་བའི་ ཚུལ་ནི་གུར་ལས་ཉི་མ་གཅིག་གིས་འགྲུབ་འགྱུར་རམ། །ཆོགས་ཉི་མ་གཉིས་ནའམ། །ཉིན་གསུམ་རབ་ཏུ་སྦྱར་བས་སམ། །དེ་བཞིན་ཉི་མ་བཞི་ཡིས་སམ། །ཉིན་ལྔ་རབ་ཏུ་སྦྱར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མེ་ཏོག་སོགས་ པས་མཆོད་བྱས་ནས། བསམ་གཏན་གནས་སུ་རབ་འདུག་སྟེ། །ཕྱག་རྒྱར་ལྷན་ཅིག་རབ་ཞུགས་ནས། །རྡོ་རྗེ་སྦྱོར་བ་ཡང་དག་བརྩམ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྦྱོར་བ་འདི་ནི་རབ་བརྩམས་ན། །སྐྱ་རེངས་འཆར་བའི་དུས་སུ་ནི། །འགྲུབ་འགྱུར་ འདི་ལ་ཐེ་ཚོམ་མེད། ཅེས་པ་འདིས་སྟོན་ལ། ལུང་དེའི་དོན་མན་སྙེར། ཟླ་བ་དྲུག་ཏུ་རིག་མའི་བརྟུལ་ཞུགས་སྤྱད་ནས་ཉི་མ་བདུན་རང་གི་ལྷ་བརྟག་པར་བྱས་ཏེ་སྦྱོར་བ་རབ་ཏུ་གྱུར་པར་ཤེས་ཤིང་། གང་གི་ཚེ་ཉིན་མཚན་དུ་མར་མེའི་འོད་ཀྱི་རྒྱུན་ བཞིན་དུ་རྟག་ཏུ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་མངོན་དུ་ཕྱོགས་པར་ནུས་པ་དེའི་ཚེ། ལྷན་ཅིག་སྤྱོད་པའི་ཕྱག་རྒྱ་དང་ལྷན་ཅིག་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ལས་གང་ཡང་རུང་བའི་རྣལ་འབྱོར་མངོན་དུ་བྱས་ཏེ་ཐོ་རངས་ཀྱི་ཐུན་ནས་བརྩམས་ ལ། རྫོགས་པའི་རིམ་པའི་རྣལ་འབྱོར་ཞེས་བཤད་པའི་ཕྱིར། ཁམས་གསུམ་པ་ཐམས་ཅད་གཅིག་པའི་རང་བཞིན་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པ་གཅིག་པའི་ངོ་བོར་ལྷག་པར་མོས་ནས། རྡོ་རྗེས་རྒྱས་བཏབ་པའི་ཕྱག་རྒྱ་ 10-16-17b དང་རོ་མཉམ་པ་ཉམས་སུ་མྱོང་ཞིང་། མར་མེའི་འོད་ཀྱི་རྒྱུན་ལྟ་བུར་རྟག་པར་ཉིན་མཚན་ཐོག་ཐག་གནས་པར་བྱའོ། །དེ་ནས་རབ་ཀྱི་མཐར་ཐུག་པར་སོན་པའི་དགའ་བ་བཞིའི་དེ་ཁོ་ན་ཉིད་མངོན་དུ་བྱས་པ་ལས་སྐྱ་རེངས་འཆར་བའི་དུས་སུ་འགྲུབ་སྟེ། །སྒྲུབ་ ཐབས་མཆོག་རྣམས་ཀྱིས་ཞེས་བཤད་པའི་ཕྱིར། མན་ངག་ཇི་ལྟ་བར་ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཉེ་བའི་ཉིན་ཞག་ལ་སྟེ། བྱང་ཆུབ་ཀྱི་སེམས་ཟླ་བའི་ཆ་མཐའ་དག་ཡོངས་སུ་རྫོགས་པའི་ཕྱིར། སྐྱ་རེངས་འཆར་བའི་དུས་སུ་ཤིན་ཏུ་ཡོངས་སུ་དག་པའི་ ཡེ་ཤེས་ཀྱི་བདུད་རྩི་ཡོངས་སུ་རྫོགས་པས། ཕྱག་རྒྱ་ཆེན་པོ་གྲུབ་པ་རྡོ་རྗེ་འཛིན་པའོ་ཞེས་བཤད་དོ། །རྡོ་རྗེ་ཉི་མ་ཞེས་པ་བཞི་འདུས་པ་ལས་ཀྱང་འབྱུང་ལ། དེའི་དོན་ནི་སྒྲོན་གསལ་ལས་ཕྱི་ནང་གི་བྱང་ཆུབ་པའི་རིམ་པ་གཉིས་ལ་བཤད་པའི་དང་པོ་ནི། རྡོ་རྗེ་ ཉི་མ་ནི་ཡོངས་སུ་གྲགས་པའི་ཉི་མ་ཉིད་དོ། །དེ་ནུབ་པ་ནི་དམར་ཐག་ཆད་པའི་མཚམས་སུ་ཡོ་བྱད་ཅི་རྙེད་པས་བླ་མ་མཉེས་པར་བྱ་བར་གསུངས་ཏེ་ཚོགས་ཀྱི་མཆོད་པའོ། །དེ་ནས་བླ་མའི་དྲིན་གྱིས་མཚན་ཕྱེད་ན་ཕྱག་རྒྱ་ལ་བརྟེན་ནས་དབང་བསྐུར་བ་ ཐོབ་ནས་སྐྱ་རེངས་འཆར་ཀའི་དུས་སུ་འོད་གསལ་གྱི་རིམ་པའི་ལུང་ཕོག་པས་ཀྱང་མཆོག་འགྲུབ་པོ། །ནང་གི་མངོན་བྱང་གི་རིམ་པ་ལྟར་བཤད་ན། རྡོ་རྗེ་ཉི་མ་ནི་ཐབས་ཀྱི་ཡེ་ཤེས་སྙོམས་པར་འཇུག་པའི་མཚན་ཉིད་ཅན་འབྱུང་བའོ། །ནུབ་པ་ནི་དེ་འགགས་ པ་ལ་བཤད་དེ། ཐབས་ཀྱི་ཡེ་ཤེས་ནི། སྟོན་དུས་ཀྱི་སྤྲིན་མེད་པའི་ནམ་མཁའ་གཡའ་དག་པ་ལ། ཉི་འོད་ཤར་བ་ལྟ་བུའི་སྣང་བ་མཆེད་པའོ། །དེས་མཚོན་ནས་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་སྣང་བའི་ཡེ་ཤེས་ཀྱང་ནུབ་ཅིང་འགགས་པ་དང་། འོད་ 10-16-18a གསལ་གྱི་སྔོན་དུ་དེ་སྒྲུབ་པའི་སྣང་བ་ཉེར་ཐོབ་ཀྱི་སྦྱོར་བ་འདི་ནི་བརྩམས་པ་སྟེ་འབྱུང་བར་བྱའོ། །སྐྱ་རེངས་འཆར་བ་ནི། མ་རིག་པ་ཉེར་ཐོབ་དེ་འདས་པའི་དུས་སུ་སྒྲུབ་པ་པོས་སྟོང་པ་བཞི་རིམ་གྱིས་མངོན་དུ་བྱེད་པས་ཕྱག་ཆེན་ གྱི་དངོས་གྲུབ་འགྲུབ་པར་གསུངས་ཏེ། དེའི་ཚེ་འོད་གསལ་བསྒོམས་པས་གཉིས་སྣང་འཁྲུལ་བའི་བག་ཆགས་སྦྱངས་ནས་ཐོ་རངས་ཆོས་ཀྱི་སྐུ་མཐར་ཐུག་པ་མངོན་དུ་གྱུར་པའི་ཚེ། སློབ་པའི་ཟུང་འཇུག་སྒྱུ་མའི་སྐུ། མི་སློབ་པའི་ཟུང་འཇུག་ གི་སྐུར་འགྱུར་ཞིང་། འཁོར་བ་ཇི་སྲིད་པར་སྐུ་དེ་ཉིད་ལས་མི་གཡོ་བར་བཞུགས་སོ། །དེ་འདྲ་བའི་དག་པ་གཉིས་ལྡན་གྱི་ཡུལ་གྱི་འོད་གསལ་ནི། འདུས་མ་བྱས་པའི་ཆོས་ཀྱི་སྐུ་དང་། ཡུམ་ཅན་གྱི་འོད་གསལ་ནི་ཡེ་ཤེས་ཆོས་ཀྱི་སྐུ་དང་། བདེ་བ་ ཆེན་པོའི་སྐུ་ཞེས་ཀྱང་བྱའོ། །དེའི་རྟེན་གཟུགས་ཀྱི་སྐུ་རླུང་སེམས་ཙམ་ལས་གྲུབ་པ་ནི་ལོངས་སྐུ་ཡིན་ལ། སྐུ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་པས། གཟུགས་སྐུ་དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཞེས་ལན་དུ་མར་ གསུངས་པས། གཟུགས་སྐུ་སངས་རྒྱས་ཀྱི་སས་མ་བསྡུས་པར་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་དང་། ཤེས་པ་ལས་ངོ་བོ་ཐ་དད་པའི་བེམ་པོར་འདོད་པ་དང་། འབྲས་བུའི་སྐབས་སུ་ཡེ་ཤེས་མེད་པ་སོགས་འཕགས་པ་ཡབ་སྲས་ཀྱི་བཞེད་ པར་སྨྲ་བ་ནི་ལེགས་པར་སྨྲ་བ་མ་ཡིན་པར་ཤེས་པར་བྱའོ། །དེ་འདྲ་བའི་ཟུང་འཇུག་གི་སྐུ་དེས་མཆོག་གི་སྤྲུལ་པའི་སྐུ་ལ་སོགས་པའི་སྤྲུལ་པ་དུ་མ་ཞིག་མཛད་དོ། །འཁྲིད་ཡིག་འདི་ནི་དམིགས་པའི་རིམ་པ་གཙོ་བོར་བྱས་ནས་ཤིན་ཏུ་བསྡུས་ 10-16-18b པའི་ལུགས་ཡིན་པས། །འདིའི་བཤད་པ་རྒྱས་པར་ནི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་རྣམ་བཤད་དངོས་གྲུབ་སྙེ་མར་རྒྱས་པར་བཤད་པ་ལས་ངེས་པར་ཤེས་དགོས་པར་ཡོད་པས་དེ་ལས་ཤེས་པར་བྱའོ། །ཤིན་ཏུ་ཟབ་པ་འཁོར་ལོ་བདེ་མཆོག་གི ། རྫོགས་རིམ་གྲུབ་ཆེན་ལཱུ་ཨི་པ་ཡི་ལུགས། །དམིགས་པའི་རིམ་པར་ཤིན་ཏུ་བསྡུས་པ་འདི། །སྦྱར་བའི་དགེ་བས་ལམ་འདི་རྒྱས་བྱེད་ཤོག །ཅེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་ པོའི་འཁྲིད་པའི་རིམ་པ་མདོར་བསྡུས་པ་འདི་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ།། །།འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ ཅད་དུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། ཛ་ཡནྟུ།། 10-17-1a ༄༅། །རྫོགས་རིམ་གྱི་སྤྱི་དོན་དཔྱིད་ཀྱི་ཐིག་ལེའི་དམིགས་རྣམ་སྐྱོང་བའི་ཟིན་བྲིས་བཞུགས་སོ།། 10-17-1b ༄༅༅། །མི་འཕྲོགས་པའི་མཁྱེན་རབ་དང་བརྩེ་བའི་ཐུགས་རྗེར་ལྡན་པའི་རྗེ་བཙུན་བླ་མ་དམ་པ་རྣམས་དང་། གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ལ་འདིར། བསྐྱེད་པའི་ རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། ཞེས་བཤད་པ་ལྟར། བསྐྱེད་པའི་རིམ་པ་ལ་ཐུན་བཞིར་ བསླབས་ཤིང་། རྫོགས་པའི་རིམ་པ་འདོད་པ་རྣམས་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། དེ་ལ་འདིར་རྫོགས་རིམ་དུ་འཇོག་པར་བྱེད་པ་ལ། སྟོང་ཉིད་རྟོགས་པ་ཙམ་གྱིས་འཇོག་མི་ནུས་ཏེ། སྟོང་ཉིད་རྟོགས་པ་ཐེག་དམན་ ལ་ཡང་ཡོད་པའི་བསྐྱེད་རིམ་བསྒོམ་པ་ལ། ལྷའི་སྐུ་མདོག་སོགས་སྣང་བ་གསལ་ཞིང་བརྟན་པ་དང་། རང་ཉིད་ལྷ་དེ་ཡིན་ནོ་སྙམ་པའི་ང་རྒྱལ་བརྟན་པ་བསྒྲུབ་པ་གཉིས་ཡོད་མོད་ཀྱང་། གཙོ་བོ་ནི་རང་ལྷ་དེའོ་སྙམ་དུ་བསམས་པ་ན་བཅོས་ནས་བྱས་པ་མིན་ པར་འཛིན་སྟངས་བཅོས་མ་མིན་པར་བསྒྱུར་ཐུབ་པའི་ང་རྒྱལ་བསྐྱེད་པ་འདི་ཡིན་པས། འདིར་ཡང་ང་རྒྱལ་བསྐྱེད་པ་ཉིད་ཡིན་གསུང་ངོ་། ཕྱིར་རོ། །དེའི་སྟེང་དུ་ལྷའི་རྣལ་འབྱོར་ཡོད་པ་ཙམ་གྱིས་ཀྱང་འཇོག་མི་ནུས་ཏེ། སྟོང་པ་དང་ལྷའི་རྣལ་ 10-17-2a འབྱོར་བྱ་སྤྱོད་པ་ལ་ཡང་ཡོད་པའི་ཕྱིར་རོ། །དེའི་སྟེང་དུ་རླུང་གི་རྣལ་འབྱོར་གྱིས་ཀྱང་འཇོག་མི་ནུས་ཏེ། སྟོང་པ་དང་ལྷའི་རྣལ་འབྱོར་དང་རླུང་གི་རྣལ་འབྱོར་རྒྱུད་སྡེ་འོག་མ་གསུམ་ལ་ཡང་ཡོད་པའི་ཕྱིར་རོ། ། འོ་ན་གང་ཡིན་ན། འདིར་ལུས་ལ་གནད་དུ་བསྣུན་ནས་སེམས་ལ་བོགས་བཏོན་པའི་སྟོང་ཉིད་ཀྱི་རྟོགས་པ་ལ་རྫོགས་རིམ་དུ་འདོད་པ་ཡིན་ཏེ། དེ་ལྟ་བུའི་རྫོགས་རིམ་སྟོན་པའི་གཞུང་དེ་ཇི་ལྟ་བུ་ཞེ་ན། དེ་ལ་སྤྱིར་རྫོགས་རིམ་ ནི། སློབ་དཔོན་ནག་པོ་སྤྱོད་པ་དང་། དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ་དང་། རིམ་པ་བཞི་པ་དང་། དཔྱིད་ཀྱི་ཐིག་ལེ་རྣམས་མཛད་དེ། དང་པོ་ནི། ཕ་རྒྱུད་དང་མ་རྒྱུད་རྣམས་ཀྱི་གླེང་གཞིའི་ཡི་གེ་བཞི་བཅུའི་བཤད་པ་ མཛད་ནས། རྒྱུད་གཉིས་ཀས་མཐར་ལྷན་ཅིག་སྐྱེས་པའི་བདེ་བ་བསྒྲུབ་པ་ལ་ཁྱད་པར་མེད་པར་བསྒྲུབ་བོ། །རིམ་པ་གཉིས་པའི་རྒྱུད་ཀྱི་རིམ་པ་ལས། ལུས་ཀྱི་འཆགས་ཚུལ་གཏན་ལ་འབེབས་ལ། སྔགས་ཀྱི་རིམ་ པས་ནི། གཏུམ་མོ་ཇི་ལྟར་སྦོར་བའི་ཚུལ་སྟོན། ཡེ་ཤེས་ཀྱི་རིམ་པས་ནི་ཡོས་བབས་དང་མས་བརྟན་གྱི་དགའ་བཞིའི་སྐྱེ་བའི་རིམ་པ་བསྟན་ནོ། །གསང་བའི་རིམ་པས་ནི། དེ་ལྟར་གོམས་པའི་རིམ་པ་སྟོན་ནོ། །སཾ་བྷུ་ 10-17-2b ཊའི་རྗེས་སུ་འབྲངས་ནས། རིམ་པ་བཞི་པོ་དེ་དག་རྒྱས་པར་སྟོན་པ་ནི། དཔྱིད་ཀྱི་ཐིག་ལེ་ཡིན་ནོ། །དེ་བཞིན་དུ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། སློབ་དཔོན་དྲིལ་བུ་པས་རིམ་པ་ལྔ་པ་མཛད་དེ། རང་བྱིན་གྱིས་བརླབས་ པའི་རིམ་པ། སྣ་ཚོགས་རྡོ་རྗེའི་རིམ་པ། ནོར་བུ་འགེངས་པའི་རིམ་པ། ཛ་ལན་དྷ་རའི་རིམ་པ་སྟེ་བཞི་ནི། རླུང་དང་ཐིག་ལེ་དང་གཏུམ་མོའི་རྣལ་འབྱོར་གྱི་རྩ་རླུང་ཐིག་ལེ་རྣམས་ཤིན་ཏུ་དུལ་བར་བྱས་ནས་འོད་གསལ་དུ་འཇུག་པའི་ཐབས་སོ། །དེ་ ལྟར་ལྡང་བ་ན་སེམས་གསུམ་དང་བཅས་པ་གྲུབ་པའི་ལྷའི་སྐུ་སྐྱེད་པ་སྟེ། ལྡང་འཇུག་དེ་ནི་བསམ་གྱིས་མི་ཁྱབ་པའི་རིམ་པ་ཡིན་པའི་ཕྱིར་རོ། །དེས་ན་དགོངས་འགྲེལ་མཁན་པོས་མཛད་པའི་བསྟན་བཅོས་རྣམས་དང་། དེ་དག་གང་ནས་བཏུས་པའི་ རྒྱུད་རྣམས་ལ། ཁ་ཅིག་ཏུ་ལྷན་སྐྱེས་ཀྱི་བདེ་བའི་རིམ་པ་ཙམ་ཞིག་བཤད་ནས་གཞན་མ་བཤད་པ་དང་། ཁ་ཅིག་ཏུ་རྩ་དང་རླུང་དང་ཡི་གེའི་བཤད་པ་དང་། ཁ་ཅིག་ཏུ་ལུས་ཀྱི་འཆགས་ལུགས་དང་། ཁ་ཅིག་ཏུ་དེ་དག་བསྒོམ་པའི་རྣལ་འབྱོར་གཏུམ་ མོ་ཇི་ལྟར་སྤོར་བའི་ཚུལ་སྟོན་ཅིང་། དེ་ལས་ཀྱང་རླུང་ལ་དམིགས་པ་དང་། མེ་ལ་དམིགས་པ་དང་། ཡི་གེ་དང་ཐིག་ལེ་ལ་དམིགས་པ་ཙམ་ཞིག་བཤད་ནས། དེ་དག་བསྒོམས་ནས་ལྷན་སྐྱེས་སྐྱེ་བའི་རྒྱུ་འབྲས་ཀྱི་རིམ་པ་རྒྱས་པར་མ་བསྟན་ པ་མང་ལ། དེ་དག་ཕལ་ཆེར་རྒྱས་པར་སྟོན་པ་ནི། སཾ་བྷུ་ཊའི་རྒྱུད་དོ། །དེ་ཡང་མདོར་ན་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་གྱི་གདམས་ངག་གི་གཙོ་བོ་ནི། སྤྱི་བོའི་བྱང་སེམས་ཞུ་བ་ལས་བྱུང་བའི་ལྷན་སྐྱེས་ཀྱི་དགའ་བ་དང་། སྟོང་ཉིད་ 10-17-3a དབྱེར་མེད་པའི་ཏིང་ངེ་འཛིན་ཡིན་པར། བྲམ་ཟེ་ཆེན་པོ་ས་ར་ཧ་ལ་སོགས་པའི་རྒྱ་གར་གྱི་མཁས་གྲུབ་ཁུངས་མ་ཐམས་ཅད་ཞལ་མཐུན་ལ། སྤྱི་བོའི་བྱང་སེམས་བཞུ་བའི་ཐབས་སུ་རླུང་སྦྱོར་དང་། མེ་དམིགས་ སོགས་མང་པོ་ཞིག་གསུངས་ཀྱང་དེ་ཐམས་ཅད་གཏུམ་མོར་འདུ་བ་ཡིན་ནོ། །དེ་དག་གི་དོན་དུ་བསམས་པའི་བོད་ཀྱི་ཡི་གེའི་རིས་ལས་ཀྱང་། གཏུམ་མོའི་དམིགས་སྐོར་ཕྱོགས་རེ་ཙམ་བཤད་ནས། རྒྱུ་འབྲས་ཀྱི་རིམ་པ་རྫོགས་པར་མ་ བསྟན་པས། དེ་དག་མཐའ་དག་པར་མ་ཤེས་ན་ལམ་སྒོམ་པའི་རིམ་པ་མཁས་པ་མགུ་བ་བསྐྱེད་པ་མི་ཤེས་སོ། །དེ་ལ་ཕ་རྒྱུད་མ་རྒྱུད་གཉིས་ཀས་ཀྱང་ལམ་གྱི་གཙོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་སྟོན་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་ལ། དེ་སྒྲུབ་པའི་ཐབས་ཀྱང་གཏུམ་མོ་སྤོར་བ་ཉིད་ཡིན་པས། དེའི་སྤོརབའི་ཚུལ་ལ་རྡོ་རྗེའི་བཟླས་པ་ལ་སོགས་པའི་རླུང་གི་རྣལ་འབྱོར་དང་། ཡི་གེ་ལ་དམིགས་པ་དང་། ཐིག་ལེའི་རྣལ་འབྱོར་སོགས་དུ་མ་ཞིག་ཡོད་ལ། དེ་ཡང་ ལུས་ཀྱི་གནད་གང་ཞིག་ཏུ་རླུང་ལ་སོགས་པའི་དམིགས་པ་བཟུང་ནས། ཚུལ་ཇི་ལྟར་བསྒོམས་པས་གཏུམ་མོ་འབར་བ་ལ། ཐོག་མར་གནད་དུ་བསྣུན་པའི་རྡོ་རྗེ་ལུས་ཀྱི་འཆགས་ཚུལ་ཤེས་དགོས་པས། དེ་བཤད་པ་ལ་བཞི། འཆགས་ཚུལ་རྒྱས་པར་བཤད་པ་དང་། དེ་ལ་གནད་དུ་བསྣུན་པའི་རྣལ་འབྱོར་དང་། དེ་ལ་བརྟེན་ནས་བདག་མེད་པའི་རྣལ་འབྱོར་དང་། རྫོགས་རིམ་གྱི་གསུང་བགྲོས་བསྟན་པའོ། །དང་པོ་ལ་གསུམ། རྟེན་རྩ་བཤད་པ་དང་། 10-17-3b བརྟེན་པ་ཐིག་ལེ་དང་རླུང་བཤད་པ་དང་། རྩ་རླུང་ཐིག་ལེ་གཏན་ལ་ཕབ་པའི་དགོས་པའོ། །དང་པོ་ལ་ལྔ། །གྲངས་ངེས་པ་དང་། སྐྱེ་བའི་གོ་རིམ་ངེས་པ་དང་། གནས་པའི་ངོ་བོ་ངེས་པ་དང་། དོགས་པ་དཔྱད་པ་དང་། རྩ་དེ་རྣམས་ལྷ་དང་སྦྱར་བའོ། །དང་པོ་ ལ་གཉིས། དབྱེ་བ་དང་། གྲངས་ངེས་པའི་རྒྱུ་མཚན་ནོ། །དང་པོ་ནི། ཕྱི་མཚན་ཉིད་ཐེག་པའི་དགའ་བོ་མངལ་འཇུག་གི་མདོར། ལུས་ཀྱི་གཡས་གཡོན་གཉིས། མདུན་རྒྱབ་གཉིས་ཏེ་དེ་བཞིར་རྩ་ཉི་ཁྲི་ཉི་ཁྲི་སྟེ་ལུས་ལ་རྩ་བརྒྱད་ཁྲི་ཡོད་པ་འདིར་མི་ འཆད་ཅིང་། ནང་དུ་གསང་སྔགས་ནས་ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་ཡོད་པར་གསུངས་པས་དེ་འཆད་དོ། །སྡོམ་འབྱུང་གི་བདུན་པས། བདུན་ཅུ་གཉིས་ཀྱི་སྟོང་ཕྲག་རྣམས། །ལུས་ཀྱི་རྗེས་འབྲངས་རྩ་རུ་འགྱུར། །རྩ་དང་ཉེ་བའི་རྩ་རྣམས་ ཏེ། །ཞག་བདུན་ཕྲག་བཅོ་ལྔ་བ་ལ་ལུས་ཀྱི་མདུན་རྒྱབ་དང་། གཡས་གཡོན་བཞིར་ལྔ་ལྔར་ཉི་ཤུ་བསྐྱེད་ལ། དེ་རེ་རེ་ལ་རྩའི་འཁོར་ལོ་བཞི་བཅུ་ཡོད་པས་བརྒྱད་བརྒྱ་སྟེ། སྔར་གྱི་གནས་ཀྱི་གནས་བཞིར་ཉིས་བརྒྱ་རེ་རེའོ། །དེ་རེ་རེ་ལ་ཡང་རྩའི་འཁོར་ལོ་བརྒྱ་བརྒྱ་ཡོད་པས་བརྒྱད་ཁྲི་སྟེ། མདུན་ལ་ སོགས་པ་བཞིར་ཉི་ཁྲི་འཆགས་ཤིང་། ཁ་དོག་ནི་སྔོན་པོ་ལ་སོགས་པ་སྣ་ཚོགས་ཡོད་ཅིང་། ཁ་ཅིག་ལ་བུ་གུ་གཅིག་པ་དང་། ཁ་ཅིག་ལ་གཉིས་པ་ནས། བདུན་པའི་བར་ཡོད་པར་གསུངས་སོ། །དེ་རྣམས་གནས་ན་བརྟེན་པའོ། །ཉི་ཤུས་ལྷག་པའི་བརྒྱ་ཡིས་ནི། །རྩ་ཡི་འཁོར་ ལོ་བརྗོད་པར་བྱ། །རྩ་ཡི་གནས་དང་ཡུལ་རྣམས་ནི། །ཉི་ཤུ་རྩ་བཞིའི་གྲངས་ཡིན་ཏེ། །དེ་རྣམས་དབུས་ན་རྩ་གསུམ་ནི། །རྟེན་དང་ཀུན་ཏུ་འགྲོ་བའོ། །ལ་ལཱ་ན་ལ་སོགས་པའི་རྩ། །རྩ་རྣམས་ཀུན་གྱི་གཙོ་བོ་སྟེ། །དེ་ཉིད་ཕྱིར་ན་གཞེན་གྱི་རྟེན། ། 10-17-4a གངྒཱ་སིན་དྷུར་གཞན་འཇུག་བཞིན། ཞེས་གསུངས་པའི་བདུན་ཁྲི་ཉིས་སྟོང་གི་ནང་ནས་ཀྱང་། བརྒྱ་ཉི་ཤུ་གཙོ་བོ་ཡིན་ཏེ། རླུང་དང་རྣམ་པར་ཤེས་པའི་རྟེན་བྱེད་པའི་ཕྱིར་རོ། །དེའི་ནང་ནས་ཀྱང་ཉི་ཤུ་རྩ་བཞི་གཙོ་བོ་ཡིན་ཏེ། གནས་དང་ཡུལ་གྱིས་ཕྱེ་བའམ། སྐྲ་དང་སེན་མོ་དང་སོ་ལ་སོགས་པའི་རྒྱུ་བྱེད་པའི་ཕྱིར་རོ། །དེ་ལས་ཀྱང་རོ་རྐྱང་དབུ་མ་གསུམ་རྩའི་གཙོ་བོ་ཡིན་ཏེ། རྩ་གཞན་ཐམས་ཅད་དེ་ལས་སྐྱེ་དགོས་པའི་ཕྱིར་རོ། །དེ་ལས་བརྒྱ་ཉི་ཤུ་དབྱེ་བ་ནི། སྤྱི་བོ་བདེ་ཆེན་ གྱི་འཁོར་ལོ་རྩ་འདབ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །སྙིང་ཁ་ཆོས་ཀྱི་འཁོར་ལོ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་དྲུག་ཅུ་རེ་བཞི་རྣམས་ཡིན་ནོ། །ཉེར་བཞིའི་དབྱེ་བ་ནི་སྙིང་གའི་འདབ་མ་བརྒྱད་ཀྱི་རྒྱུད་སྤྱི་བོ་ ལ་སོགས་པའི་གནས་ཉེར་བཞིར་གནས་པའི་དབང་གིས་ཡིན་ལ། དེ་ཡང་སྐུ་གསུང་ཐུགས་ཀྱི་དབྱེ་བ་གསུམ་སྟེ། དེ་ལ་སྤྱི་བོར་རྩ་མི་ཕྱེད་མ་ནས་ ཕྱོགས་བཞིའི་རྩ་ལ་རྩེ་མོ་གཉིས་གཉིས་སུ་གྱེས་པས་ཕྱོགས་མཚམས་ཀྱི་རྩ་བརྒྱད་དོ། །བརྒྱད་པོ་རེ་ རེ་ལ་གསུམ་གསུམ་དུ་གྱེས་པས། མི་བྱེད་མ་དང་། ཕྲ་གཟུགས་མ་དང་། རྩེ་བ་མ་དང་། གཡོན་པ་མ་དང་། ཐུང་ངུ་མ་དང་། རུས་སྦལ་སྐྱེས་མ་དང་། སྒོམ་མ་དང་། དབང་བསྐུར་མ་སྟེ་བརྒྱད་ཐུགས། སྐྱོན་ལྡན་མ་དང་། འཇུག་མ་དང་། མ་མོ་དང་། མཚན་མོ་དང་། བསིལ་སྦྱིན་མ་དང་། ཚ་བ་མ་དང་། གཞོལ་མ་དང་། རངས་མ་སྟེ་བརྒྱད་གསུང་ངོ་། །གཟུགས་ཅན་མ་དང་། སྤྱི་མ་དང་། རྒྱུ་སྦྱིན་མ་དང་། སྦྱོར་བྲལ་མ་དང་། སྡུག་གུ་མ་དང་། གྲུབ་མ་དང་། འཆོད་མ་དང་། ཡིད་བཟང་མ་སྟེ་བརྒྱད་སྐུའོ། །ཉི་ཤུ་རྩ་བཞི་པོ་རེ་རེ་ལ་ 10-17-4b གསུམ་གསུམ་དུ་ཕྱེ་བས་བདུན་ཅུ་རྩ་གཉིས་སོ། །རེ་རེ་ལ་ཡང་སྟོང་ཕྲག་གྱེས་པས་རྩ་བདུན་ཁྲི་ཉིས་སྟོང་ཡོད། དེ་རྣམ་ས་ལ་གསུམ་དུ་བྱས་པའི་སྟོང་ཕྲག་ཉི་ཤུ་རྩ་བཞི་ལ་བྱང་སེམས་དཀར་པོ་འབབ་པའི་ཕྱིར་སྙིང་སྟོབས་དང་། སྐུ་དང་། ཐབས་དང་། བདག་པོའི་རྩ་དང་ལམ་ཞེས་བྱའོ། ། སྟོང་ཕྲག་ཉི་ཤུ་རྩ་བཞི་ལ་བྱང་སེམས་དམར་པོ་འབབ་པས་རྡུལ་དང་། གསུང་དང་། ཤེས་རབ་དང་། ལོངས་སྤྱོད་པའི་རྩ་དང་ལམ་ཞེས་བྱའོ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ལ་རླུང་འབབ་པའི་ཕྱིར་མུན་པ་དང་། ཐུགས་དང་། མ་ནིང་དང་། ཐིག་ལེ་འབབ་པའི་རྩ་དང་ལམ་ཞེས་བྱ་སྟེ། ཕྲེང་ བར། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་ཟླ་བ་འབབ་སྟེ། རྐྱང་མའི་རིགས་ཞེས་སོགས་སོ། །སོ་སེན་འབབ་ཅིང་། སྤྱི་གཙུག་རྩ་ཕྲ་གཟུགས་མ་ནས་སྐྲ་དང་སྤུ་རྣ་བ་གཡས་རྩ་རྩེ་བ་མ་ནས་པགས་པ་དང་། དྲི་མ། ལྟག་པར་རྩ་གཡོན་པ་ནས་ཤ། །རྣ་བ་གཡོན་ པ་རྩ་ཐུང་ངུ་མ་ནས་རུས་པ། སྨིན་མཚམས་རྩ་རུས་སྦལ་སྐྱེས་མ་ནས་རྒྱུས་པ། མིག་གཉིས་རྩ་སྒོམ་མ་ནས་མཆིན་པ། ཕྲག་པ་གཉིས་རྩ་དབང་མ་ནས་སྙིང་འབབ་སྟེ་ཐུགས་ཀྱི་བརྒྱད་དོ། །མཚན་ཁུང་གཉིས་སྐྱོན་ལྡན་མ་ནས་མིག་འབབ། ནུ་མ་གཉིས་རྩ་འཇུག་མ་ནས་མཁྲིས་པ། ལྟེ་བར་རྩ་མ་མེ་ནས་གློ་བ་འབབ། སྣ་རྩེར་རྩ་མཚན་མོ་ནས་རྒྱུ་མ། ཁ་རྩ་བསིལ་བྱེད་མ་ནས་སྟ་ཟུར་གྱི་རྒྱུས་པ། མགྲིན་པ་རྩ་ཚ་བ་ནས་ལྟོ་བ། སྙིང་གར་རྩ་མཚན་མ་ནས་བཤད་པ། གསང་ རྩའི་སྒོ་ང་གཉིས་རྩ་རངས་མ་ནས་མཚོག་མའི་མཚམས་མཐའ་འབབ་སྟེ་གསུང་གི་བརྒྱད་དོ། །མཚན་མར་གཟུགས་ཅན་མ་ནས་བད་ཀན་འབབ་བོ། །བཤང་ལམ་རྩ་སྤྱི་མ་ནས་རྣག་འབབ་པོ། །བརླ་གཉིས་རྩ་རྒྱུ་སྦྱིན་མ་ནས་ཁྲག །བྱིན་པ་ 10-17-5a གཉིས་རྩ་སྦྱོར་བྲལ་མ་ནས་རྔུལ། རྐང་སོར་བརྒྱད་རྩ་སྡུག་གུ་མ་ནས་ཚིལ། བོལ་གོང་གཉིས་རྩ་གྲུབ་མ་ནས་མཆི་མ། །རྐང་མཐེབ་གཉིས་རྩ་འཚེར་མ་ནས་འཆིལ་མ། གུས་མོ་གཉིས་རྩ་ཡིད་བཟང་མ་ནས་སྣབས་ འབབས་སྟེ་སྐུའི་རྩ་བརྒྱད་དོ། །དེ་སྐད་དུ་ཡང་། སཾ་བྷུ་ཊ་ལས། བུ་ལི་རར་ནི་མི་ཕྱེད་མ། །སོ་དང་སན་མོ་འབབ་པར་བརྗོད། །འབར་བ་འཛིན་མར་ཕྲ་གཟུགས་མ། །དེ་བཞིན་སྐྲ་དང་བ་སྤུ་འབབ། ། ༈ དབུ་རྒྱན་གནས་ནི་ཆེན་པོ་ལ། །རྩེ་བ་ མ་ནི་རྣམ་པར་གནས། །རྣ་བ་གཡས་པར་གནས་པ་ནི། །པགས་པ་དྲི་མ་འབབ་པར་གནས། ཨར་བུ་ཏར་ནི་གཡོན་པ་མ། །མཁའ་འགྲོ་མ་ནི་ཤ་འབབ་མ། །གང་ཞིག་ཆུ་རྒྱུས་འབབ་པའི་རྩ། །བ་ཡི་མཆོག་སྦྱིན་རྣམ་པར་གནས། །དེ་ནི་ ཕྲ་བའི་ཚུལ་གྱིས་གནས། །ཐུང་ངུ་མ་ནི་རྣམ་པར་བཤད། །གང་ཞིག་དགའ་བའི་དབང་ཕྱུག་གནས། །དེ་བཞིན་རུས་སྦལ་སྐྱེ་མར་གྲགས། །སྲ་བའི་དངོས་པོ་གནས་པའི་ཕྱིར། །རུས་པ་འཕྲེང་བ་འཁྲུག་པར་གནས། །ལྷ་མོའི་མཁར་དུ་གང་ཞིག་ རྩ། །འཇམ་པ་སྒོམ་པ་མ་རུ་བརྗོད། །དེ་ནི་རྟག་ཏུ་མཆིན་པ་འབབ། །ཐམས་ཅད་ལུས་ལ་ལྷག་པར་གནས། །ལ་ལ་ཝ་ར་ནི་དབང་ལ་ཉིད། །རྒྱལ་བའི་དབང་ཕྱུག་ཉིད་ལ་གནས། །རྩ་ནི་གང་ཞིག་མིག་འབབ་མ། །འདོད་པའི་གཟུགས་སུ་རྣམ་ པར་གནས། །གཟུགས་ནི་མཐོང་བར་འདོད་པ་སྟེ། །སྐྱོན་ལྡན་མ་ཞེས་རྣམ་པར་བཤད། །ཨོ་ཊེར་མཁྲིས་པ་འབབ་པའི་རྩ། །གང་ཞིག་འཇུག་ནི་མཚན་མོ་ཉིད། །རྒྱུ་མའི་འཕྲེང་བཟང་ཁྱབ་ཅིང་འབབ། །ཀ་ལིང་ཀར་ནི་བསིལ་སྦྱིན་མ། ། 10-17-5b ངོས་ཀྱི་ཆུ་རྒྱུས་ཡང་དག་བཤད། །ཚ་བ་མ་ན་ལྟོག་ནས་ངེས། །ལམ་པ་ཀར་ནི་རབ་ཏུ་གྲགས། །མཚན་མོ་ཉིད་ནི་ཀཉྩིར་གནས། །ཐམས་ཅད་དུ་ནི་བཤང་བ་འབབ། །མཚམས་ཀྱི་མཐའ་ནི་ནང་དུ་ཡང་། །ཁ་བའི་གནས་སུ་རངས་པའི་གདོང་། ། ཤིན་ཏུ་གཟུགས་ཅན་བད་ཀན་ལྡན། །ཡི་དྭགས་ལྷག་གནས་ཡང་དག་གནས། །གང་ཞིག་རྟག་ཏུ་རྣག་འབབ་མ། །ཁྱིམ་གྱི་ལྷར་ནི་ཡང་དག་གནས། །མཁའ་འགྲོ་དམ་པའི་དབང་ཕྱུག་མ། །དཔྱི་མ་ཉིད་དུ་རྣམ་པར་བཤད། །སོོ་རཥྚ་ནི་གང་ཞིག་ རྩ། །རྒྱུ་སྦྱིན་མ་དེ་དམར་མོར་འབབ། །རྡུལ་ནི་འབབ་པར་གྱུར་ནས་ནི། །གསེར་གླིང་དུ་ནི་ཡང་དག་བཤད། །ཡན་ལག་གཟི་བརྗིད་ཀུན་ཁྱབ་མ། །བརྗོད་བྲལ་མར་ནི་རབ་ཏུ་གྲགས། །ན་ག་རར་ནི་སྡུག་གུ་མ། །ཚིལ་ཅན་སྦོམ་ཞིང་མྱོས་བྱེད་ འབབ། །སིན་དྷུར་ཤིན་ཏུ་གྲུབ་མ་ཉིད། །མྱ་ངན་མཆི་མ་འབབ་པར་བརྗོད། །མ་ཧུར་གནས་མ་ལུང་སྐམ་འབབ། །འཚེད་པ་མ་ཞེས་རྣམ་པར་བསྟན། །ཀུ་ལུ་ཏར་ནི་ཡིད་བཟང་མ། །བྱིས་པའི་སྣབས་ནི་འབབ་པ་མོ། །ཞེས་གསུངས་སོ། ། གཉིས་པ་རྩ་དེ་དག་ཏུ་གྲངས་ངེས་པའི་རྒྱུ་མཚན་ནི། །རྩའི་གཙོ་བོ་གསུམ་དང་། ཉེར་བཞི་དང་། བདུན་ཅུ་རྩ་གཉིས་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ། སྐུ་གསུང་ཐུགས་སམ། ཐིམ་པ་དང་། ལོངས་སྤྱོད་པ་དང་། བདག་པོ་ གསུམ་གྱི་སྒོ་ནས་གསུམ་གསུམ་དུ་འབྱེད་པ་དང་། གསུམ་དུ་གྲངས་ངེས་པ་ནི་རྩ་དེ་དག་གི་ནང་ནས་འབབ་པའི་རྫས་ལ། བྱང་སེམས་དཀར་དམར་གཉིས་དང་། རླུང་གསུམ་དུ་ངེས་པའི་གནད་དེ་ཡིན་ནོ་གསུང་ངོ་། །གཉིས་ 10-17-6a པ་སྐྱེ་བའི་གོ་རིམ་ངེས་པ་ནི། མན་སྙེ་ལས། འདི་ལྟ་བུ་ཨ་ཝ་དྷཱུ་ཏཱི་དང་ལྷན་ཅིག་རྩ་ལྔ་རྣམས་དང་པོ་སྟེ། དེའི་རྗེས་སུ་དང་། དེ་ནས་ཉི་ཤུ་རྩ་བཞི་ཞེས་པའོ། །ཞེས་པའི་དོན། མངལ་དུ་དང་པོར་རྩ་འཆགས་ པའི་ཚེ། སྙིང་ཁར་ལྟེ་བ་ལ་རོ་རྐྱང་དབུ་མ་གསུམ། ཤར་དང་ལྷོའི་འདབ་མ་གཉིས་ལ་རིམ་པ་ལྟར་སུམ་སྐོར་མ་དང་། འདོད་མ་གཉིས་ཏེ་ལྔ་དུས་མཉམ་དུ་འཆགས་སོ། །དེ་ནས་ནུབ་ཏུ་ཁྱིམ་མ་དང་། བྱང་དུ་གཏུམ་མོ། །དབུ་མ་ དང་ལྷན་ཅིག་བདུད་བྲལ་མ་སྟེ་གསུམ་འཆགས་སོ། །སྙིང་ཁར་དང་པོར་ཆགས་པའི་རྩ་བརྒྱད་ནི་དེ་རྣམས་ཡིན་ནོ། །ཕྱོགས་ཀྱི་རྩ་བཞི་ནི་རོ་རྐྱང་དབུ་མ་གསུམ་ལ་ནང་དུ་བུག་པ་རྡོལ་བའི་ཚུལ་གྱིས་རྩ་བ་ཟུག་ཡོད་ལ། དེ་ཡང་ མཚམས་ཀྱི་རྩ་བཞི་ནི། ཕྱོགས་ཀྱི་རྩ་བཞི་ལས་གྱེས་པ་ཡིན་ལ། དེ་ཡང་བརྗོད་ན་ཤར་གྱི་སུམ་སྐོར་མ་ལས་ཤར་ལྷོ་མཚམས་ཀྱི་རྩ་དེ་གྱེས་པ་ཡིན་ལ། མཚམས་ཀྱི་རྩ་གཞན་གསུམ་ནི། རིམ་པ་ལྟར་ལྷོའི་འདོད་མ། ནུབ་ཀྱི་ཁྱིམ་མ། བྱང་གི་གཏུམ་མོ་གསུམ་ལས་གྱེས་པ་ཡིན་ནོ། །བདུད་བྲལ་མ་ནི་དབུ་མ་ལ་འཁྲིས་ནས་ལྟེ་བ་ནས་ལྕེ་རྩེའི་བར་དུ་གནས་ཤིང་། རྩ་གཞན་དུ་ཁམས་དང་རླུང་རྒྱུ་བ་ལ་འདིས་གེགས་བྱེད་ཅིང་། རང་གི་ནང་དུ་ འཆི་བའི་ཚེ་མ་གཏོགས་མི་རྒྱུ་བས་དུས་ཀྱི་རྩ་དང་། རྣལ་འབྱོར་མ་རྣམས་ཀྱི་འགོག་པ་ཞེས་གསུངས་སོ། །བདུད་ཟེར་བའི་རྒྱུ་མཚན་ཡང་། རང་གཞན་གཉིས་ཀར་དུ་བྱང་སེམས་འགོག་པ་དེ་ཀ་ལ་ཟེར་རོ། །རྩ་འདབ་བརྒྱད་ 10-17-6b པོ་དེ་ལས་སྐུ་གསུང་ཐུགས་ཀྱི་རྩ་བརྒྱད་བརྒྱད་གྱེས་པས་བརྒྱད་གསུམ་ནི་ཉི་ཤུ་རྩ་བཞི་ཡིན་ནོ། །དེ་སྐད་དུ་ཁ་སྦྱོར་གྱི་བརྟག་པ་དྲུག་པར། སྙིང་ཁའི་ནང་སོན་པད་མོ་ནི། །འདབ་མ་བརྒྱད་པོ་སྙིང་པོར་བཅས། ཞེས་དང་། འདབ་མ་རྣམས་ཀྱི་བཞི་ ལ་ཡང་། །འབྱུང་བ་བཞི་ཡི་རྩ་རྣམས་ནི། །མར་མེའི་རང་བཞིན་ལྟ་བུ་ནི། །ཕྱོགས་བཞི་ལ་ནི་རྣམ་པར་གནས། །རྩ་རྣམས་བཞི་ཡང་མཚམས་རྣམས་སུ། །རྣམ་པར་གནས་ཤིང་དེར་སོན་པ། །བདུད་རྩི་ལྔ་ནི་འབབ་པ་སྟེ། དེ་ བདུད་རྩི་ ལྔ་ནི་བཤང་གཅི་གཉིས་དང་། བྱང་སེམས་དཀར་དམར་བཞི་མཐུན་ལ། དེའི་ལྷག་མ་ལྔ་པ་ལ་རྡོ་རྗེ་ཕྲེང་བ་དང་། ཕྱག་ཆེན་ཐིག་ལེར་ཤ་ཆེན་དང་། སྡོམ་འབྱུང་ལས། མགོ་སྐྱེས་དེ་བཞིན་སྦུབས་ལས་སྐྱེས། །ཤ་ལས་སྐྱེས་དང་གསུམ་དུ་འགྱུར། ཞེས་ཀླད་པ་དང་། རྐང་མར་དང་། ཚིལ་བུ་ གསུམ་ལ་བཤད་དོ། །སཾ་བྷཱུ་ཊིར། བཤང་དང་གཅི་བ་བད་ཀན་དང་། །ཁྲག་དང་ལྔ་བ་ཁུ་བ་ཉིད། །ཅེས་བད་ཀན་ལ་བཤད་དོ། །དེ་ལྔ་དེ་བཞིན་གཤེགས་པ་ལྔར་འཇོག་ཚུལ་ནི། རྡོ་རྗེ་འཕྲེང་བ་དང་། ཕྱག་ཆེན་ཐིག་ལེར། དྲི་ཆུ་མི་བསྐྱོད་པ། དྲི་ཆེན་རྣམ་སྣང་། ཁམས་དམར་པོ་རིན་འབྱུང་ དཀར་པོ་འོད་དཔག་མེད། ཤ་ཆེན་དོན་གྲུབ་ཏུ་བཤད་གསུང་ངོ་། མཆོད་རང་གི་གཟུགས་གནས་པས། །དེ་ཡི་དངོས་པོའི་ངོ་བོ་ལས། །མཆོད་པ་བཞིར་ནི་རྣམ་པར་བཤད། །ལུས་ཀྱི་སྙིང་ཁའི་ནང་དུ་ནི། །རྩ་རྣམས་ལྔ་ནི་རྣམ་པར་གནས། །སྐུ་གསུང་ ཐུགས་ཀྱི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞིར་ཉེར་བརྗོད་དོ། །ཞེས་སོ། །ཉི་ཤུ་རྩ་བཞི་པོ་དེའི་སྟེང་དུ་སྙིང་ཁར་དང་པོར་འཆགས་པའི་རྩ་བརྒྱད་བསྣན་པས། དེ་ལ་བྱང་སེམས་འབབ་པའི་རྩ་སོ་གཉིས་ཞེས་སྤྱིར་བཏང་དུ་ཐ་སྙད་བྱེད་ཅིང་། བྱེ་བྲག་ཏུ་ 10-17-7a སོ་དང་སེན་མོ་རྣམས་འབབ་སྟེ། ཁ་སྦྱོར་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་རྩ། །སུམ་ཅུ་རྩ་གཉིས་དམ་པ་ཡིན། །གནས་སོགས་དབྱེ་བ་ལ་གནས་ནས། །གནས་དང་གནས་ལ་རྣམ་པར་གནས། །སྤྱི་བོར་ཡན་ལག་ འབྱུང་བའི་རྩ། །རྩ་ནི་སྤྱི་བོར་སྐྱེས་ཞེས་བརྗོད། །ཅེས་སོ། །ཉེར་བཞི་པོ་དེ་ལ་གསུམ་གསུམ་དུ་གྱེས་པས་བདུན་ཅུ་རྩ་གཉིས་སུ་འགྲོ་བ་ཡིན་ནོ། །དེ་ཡང་རྡོ་རྗེ་ཕྲེང་བའི་རྒྱུད་ལས། ཐིམ་དང་ལོངས་སྤྱོད་བདག་པོའོ། །ཞེས་གསུངས་པས་འབྱེད་ ཅིང་། བདུན་ཅུ་རྩ་གཉིས་པོ་དེ་ལ་ཡང་རེ་རེ་ལ་སྟོང་དུ་གྱེས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོང་བ་ཡིན་ནོ། །གསུམ་པ་ངོ་བོ་ངེས་པ་ལ་གསུམ། རོ་རྐྱང་དབུ་མ་གསུམ་གང་དུ་གནས་པ་དང་། ཇི་ཙམ་དུ་གནས་པ་དང་། ཇི་ལྟར་གནས་པའི་ཚུལ་ ལོ། །དང་པོ་ནི། ཁ་ཅིག་ཚིགས་པའི་ནང་ན་གཞུངས་པ་དང་ལྷན་ཅིག་གནས་པར་འཆད་པ་ནི་མི་འཐད་པས། ཚིགས་པའི་མདུན་གྱི་ཕྱོགས་ན་གནས་སོ། །གཉིས་པ་སྐུད་པ་ལྟ་བུར་བཤད་པ་ནི། གང་ཞིག་སྲང་བུའི་རྣམ་པར་གནས། ཞེས་ པས། སྐུད་པ་བརྐྱངས་པ་ལྟར་གནས་པའི་དོན་ཡིན་གྱི། སྦོམ་ཕྲའི་ཚང་མ་ཡིན་ཏེ། དེ་ལས་སྦོམ་པར་གནས་པས་སོ། །གསུམ་པ་ལ་གཉིས། རྩའི་གཙོ་བོ་གསུམ་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་རོ་རྐྱང་གཉིས་བཤད་པའོ། །དང་པོ་ནི། སྙིང་ཁའི་རྩ་ཞེས་པ་ནི་སྲོག་པ་རྩའི་སྙིང་ཁ་ཡིན་ལ། དེ་ཡང་སྲོག་པ་རྩ་ནི་སྒལ་ཚིགས་ཀྱི་ནང་ཙམ་ལ་སྒལ་ཚིགས་ལ་བརྟེན་ནས་གནས་པ་ཡིན་ནོ། །སྲོག་པ་རྩ་དེ་ལ་རོ་རྐྱང་དབུ་མ་གསུམ་བརྟེན་ནས་གནས་ཡོད་དོ། །སྲོག་པ་རྩ་དེའི་མགོ་ 10-17-7b བོ་ནི་གྲུ་གསུམ་དུ་ཡོད་ལ། མགྲིན་པ་གཞོན་ནུ་མའི་ནུ་མ་འདྲ་བ་དང་། སྙིང་ཁ་བའི་མིག་འདྲ་བ་དང་། ལྟེ་བ་པདྨ་འདྲ་བ་དང་། གསང་གནས་ན་རྡོ་རྗེ་འདྲ་བ་དང་། ནོར་བུའི་རྩེ་ན་ཟར་མའི་མེ་ཏོག་དང་དབྱིབས་འདྲ་བའོ། །དེ་ཡང་རོ་རྐྱང་དབུ་མ་གསུམ་ གྱི་གནས་ཚུལ་ཅུང་ཟད་བརྗོད་ན། རོ་རྐྱང་གཉིས་ཀྱིས་དབུ་མ་ལ་འཁྱུད་ནས་ཡོད་ལ། དེ་ཡང་དབུ་མ་དབུས་ན་ཡོད་ཅིང་། དེའི་ནང་ནས་མུན་པ་དང་། ཁུ་ཁྲག་དང་། རླུང་འབྱུང་བས་ན། སྙིང་སྟོབས་རྡུལ་མུན་གསུམ་གྱི་ནང་ནས་མུན་པ་རྩ་ དང་། སྐྱེས་པ་བུད་མེད་མ་ནིང་གསུམ་གྱི་རྩ་ནས་མ་ནིང་རྩ་དང་། ཟླ་བ་ཉི་མ་སྒྲ་གཅན་གསུམ་གྱི་ནང་ནས་སྒྲ་གཅན་གྱི་རྩ་ཞེས་བྱའོ། །དེ་ལ་རོ་རྐྱང་དབུ་མ་གསུམ་ནི་སྤྱི་བོ་ནས་གསུམ་མདོའི་བར་དུ་ཡོད་པ། དེ་ནས་གཉིས་སུ་གྱེས་ཏེ། རོ་རྐྱང་ དབུ་མ་གསུམ་གྱི་ཚན་གཅིག་རྐང་མཐིལ་གྱི་བར་དུ་འགྲོ་ལ། ཚན་གཅིག་ནོར་བུའི་རྩེ་མོའི་བར་དུ་འགྲོ་བས། རྐང་པ་གཉིས་དང་ནོར་བུ་གསུམ་ག་ལ་རྩ་གསུམ་ག་ཡོད་པ་འདྲ་བ་ཡིན་ནོ། །དེ་ཡང་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་ལུ་གུ་རྒྱུད་ཀྱི་ ཚུལ་གྱིས་འཁྱུད་ནས་གནས་ཤིང་། འཁོར་ལོ་རྣམས་ཀྱི་ལྟེ་བར་མདུད་པ་རེ་ཡོད་ལ། དེ་ཡང་ཕྱག་ཆེན་ཐིག་ལེས་འཁོར་ལོ་སོ་གཉིས་བཤད་པ་ནི། རོ་རྐྱང་གི་མདུད་པ་སོ་སོར་བགྲངས་པའི་དབང་གིས་ཡིན་གྱི། འཁོར་ལོ་བཅུ་དྲུག་ལས་མང་ བ་མེད་དོ། །དེ་ནི་རིམ་པ་ལྟར་ཟླ་བ་གཅིག་ལ་ཚེས་པ་སུམ་ཅུ་འཕོ་མཚམས་གཉིས་དང་བཅས་པས་ཡར་ངོ་མར་ངོ་རེ་རེ་ལ་བཅུ་དྲུག་ཏུ་བྱས་པ་དང་སྦྱར་རོ། །དེ་ཡང་མན་ངག་སྙེ་མ་ལས། འཁོར་ལོ་བདུན་དུ་བཤད་པ་དང་། །བཤད་རྒྱུད་རྡོ་རྗེ་ 10-17-8a ཕྲེང་བ་ལས་དྲུག་ཏུ་བཤད་པ་ཡོད་ལ། གཙོ་བོ་ནི་ཡོངས་སུ་གྲགས་པ་བཞིའོ། །དེ་སྐད་དུ་ཡང་མན་ངག་སྙེ་མ་ལས། རྩ་ནི་ཨ་ཝ་དྷཱུ་ཏཱི་སྟེ། གཙུག་ཏོར་ནས་ནོར་བུའི་མཐའ་དང་རྐང་མཐིལ་གྱི་མཐའ་ཇི་སྲིད་པར་གནས་པའོ། ། འོན་ཀྱང་གཙུག་ཏོར་དང་། སྤྱི་བོ་དང་། མགྲིན་པ་དང་། སྙིང་ཁ་དང་། ལྟེ་བ་དང་། གསང་བ་དང་། ནོར་བུའི་དབུས་སུ་ཆུད་པའི་རིམ་པ་ཇི་ལྟ་བར་བཞི་དང་། སུམ་ཅུ་རྩ་གཉིས་དང་། བཅུ་དྲུག་དང་། བརྒྱད་པ་དང་། དྲུག་ཅུ་རྩ་བཞི་དང་། སུམ་ ཅུ་རྩ་གཉིས་དང་། བརྒྱད་ཀྱི་གྲངས་ཅན་པད་མ་ཉིད་དང་། བྷ་ག་ཉིད་དང་། འཁོར་ལོ་ཉིད་དུ་བསྟན་པར་བྱ་བ་ཉིད་རྣམས་ཀྱི་དབུས་སུ་མདུད་པའི་གཟུགས་སོ་ཞེས་དང་། ལ་ལ་ནཱ་དང་། རས་ནཱའི་རྩ་དག་ནི། མགོ་བོ་འཁོར་ནས་གསང་བའི་ འཁོར་ལོ་ཇི་སྲིད་པར་མདུད་པ་རྣམས་ཀྱིས་ལྕགས་སྒྲོག་གི་རྣམ་པར་ལྟེ་བར་ཨ་ཝ་དྷཱུ་ཏཱི་ལ་འཁྱུད་ནས་གནས་པ་དག་གོ། ཞེས་འཁོར་ལོ་དྲུག་གི་ལྟེ་བར་ཨ་ཝ་དྷཱུ་ཏཱི་ལ་འཁྱུད་པའི་མདུད་པ་དང་བཅས་ཤིང་དེའི་ནང་ནས་ཀྱང་གཙོ་བོ་སྙིང་ཁའི་ རྩ་མདུད་འགྲོལ་རྒྱུ་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་ཡང་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། ཞེས་གསུངས་སོ། །གཡོན་ནས་སྙིང་སྟོབས་ཁུ་བ་འབབ་པ་ནི་སྐུ། གཡས་ནས་རྡུལ་ཁྲག་འབབ་པ་ནི་གསུང་ དང་། དབུས་ནས་མུན་པ་སེམས་གནས་པ་ནི་ཐུགས་ཏེ། སཾ་བྷུ་ཊིར། སྐྱེ་གནས་དབུས་ནས་རྩ་གཉིས་ཏེ། །གཡོན་དང་དེ་བཞིན་གཡས་ནའོ། །གཡོན་ན་ཁུ་བ་ཞེས་བྱ་སྟེ། གཡས་ནའང་དེ་བཞིན་ཁྲག་ཉིད་དོ། །དེ་དག་ཕན་ཚུན་འདུས་པ་ནི། །ཆོས་ཀྱི་དབྱིངས་སུ་འདུས་པ་ཡིན། ། 10-17-8b སྙིང་སྟོབས་ལུས་ཏེ་རྡུལ་ནི་དག །མུན་པ་སེམས་ཀྱི་རང་བཞིན་ཏེ། །སྙིང་སྟོབས་ཁུ་བ་རྡུལ་ཁྲག་སྟེ། །དེ་ལས་སྐྱེས་པ་མུན་པ་ཡིད། ཅེས་སོ། །གཉིས་པ་རོ་རྐྱང་གཉིས་བྱེ་བྲག་ཏུ་བཤད་པ་ནི། དབུ་མའི་གཡས་ན་རོ་མ་གནས་ཤིང་། དེའི་ནང་ནས་ཁུ་བ་དང་ ཅུང་ཟད་འདྲེས་པའི་ཁྲག་ཕལ་ཆེར་འབབ་པོ། །དེའི་ཁ་ནི་སྟེང་གི་ཕྱོགས་ན་ཡོད་དེ། སྟེང་འོག་གཉིས་ཀ་ལ་བུག་པ་ཡོད་པ་ལ་སྟེང་གི་ཕྱོགས་ཁོ་ན་ལ་ཁ་ཡོད་ཟེར་བའི་རྒྱུ་མཚན་ནི་ཁྲག་ཕྱིར་འཕེན་པ་དང་ནང་དུ་སྡུད་པའི་བྱ་བ་དེ། ཕྱོགས་ཀྱི་ མགྲིན་པ་ནས་བྱེད་ཀྱི་འོག་གི་བུ་གནས་མི་བྱེད་པས་དེའི་དོན་གྱིས་ཡིན་ནོ། །རོ་མ་དེ་ལ་ཉི་མ་དང་བུད་མེད་དང་རྡུལ་དང་ཤེས་རབ་ཀྱི་རྩ་ཞེས་བྱ་སྟེ། ཁྲག་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། །རྐྱང་མ་ནི་དབུ་མའི་གཡོན་ན་ཡོད་ཅིང་ཁྲག་དང་ ཅུང་ཟད་འདྲེས་པའི་ཁུ་བ་ཕལ་ཆེར་འབབ། རྐྱང་མ་ལ་སྟེང་འོག་གཉིས་ཀ་ལ་བུ་ག་ཡོད་པར་འདྲ་བ་ལ་ལྟེ་བ་ཁོ་ན་ལ་ཁ་ཡོད་པ་ཞེས་པ་ནི། ཁུ་བ་ཕྱིར་འཕེན་པ་དང་ནང་དུ་སྡུད་པ་གཉིས་ཀ་ལ་ལྟེ་བ་ནས་བྱེད་པས་དེའི་ཆ་ནས་ཡིན་ནོ། །དེ་ལས་ ཟླ་བ་དང་། སྐྱེས་པ་དང་། སྙིང་སྟོབས་དང་། ཐབས་ཀྱི་རྩ་ཞེས་བྱ་སྟེ་ཁུ་བ་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། །དེ་སྐད་དུ་ཡང་ཁ་སྦྱོར་ལས། མགྲིན་པ་ནས་བརྩམས་གཡོན་པའི་རྩ། །ལོངས་སྤྱོད་རྫོགས་པའི་སྐུ་ཅན་མ། ། ལྟེ་བའི་ནང་དུ་ངལ་བསོས་ཤིང་། །ཁ་ནི་འོག་ཏུ་མྱོས་བྱེད་འབབ། །གང་ཞིག་ལྟེ་བ་ལ་སྟེ་རྩ། །དེ་བཞིན་ཁ་ནི་སྟེང་དུ་འབབ། །མགྲིན་པའི་ནང་དུ་ངལ་བསོས་ཤིང་། །ཁྲག་འབབ་པར་ནི་རབ་ཏུ་གྲགས། །མྱོས་བྱེད་ཟླ་བ་ཞེས་བྱར་བཤད། །ཁྲག་ 10-17-9a ནི་ཉི་མ་ཞེས་སུ་གསུངས། ཞེས་དང་། སྡོམ་འབྱུང་འགྲེལ་པ་ལས། འོག་གི་ཁ་ཞེས་པ་གལ་ཏེ་དེ་ཡང་འདིའི་བུ་ག་གཉིས་ཀ་ཡང་ཁ་ཡིན་པ་དེ་ལྟ་ན་ཡང་བླང་བ་དང་། དོར་བར་བྱེད་པ་ཉིད་ཀྱིས་འོག་གི་ལྟེ་བའི་རྩ་ནི་ ཁ་བཞིན་དུ་འདིའི་ཁའོ། །ཞེས་པ་འོག་གི་ཁའོ། །དེ་བཞིན་དུ་སྟེང་དུ་ཁ་ཡང་ངོ་ཞེས་གསུངས་སོ། །དེ་ཡང་ལྟེ་བ་ཡན་གྱི་དབང་དུ་བྱས་པ་ཡིན་ལ། ལྟེ་བ་མན་ནི་རྐྱང་མ་དབུས་སུ་ཡོད་ཅིང་དྲི་ཆེན་འབབ་ལ། དབུ་མ་གཡས་ན་ཡོད་ཅིང་ཁུ་བ་ འབབ། རོ་མ་གཡོན་ན་ཡོད་ཅིང་གཅི་བ་འབབ་བོ། །རོ་མ་འབྱུང་བའི་ལམ་དུ་བཤད། རྐྱང་མ་འཇུག་པའི་ལམ་དུ་བཤད་པ་ནི། ཤེས་པ་དང་ཡུལ་འཛིན་པའི་དུས་སུ་རོ་མའི་ནང་ནས་རླུང་དང་བསྡོངས་ནས་ཕྱིར་འཐོན་ཏེ་ཡུལ་འཛིན་ཞིང་། ཡུལ་ བཟུང་ཟིན་ནས་རླུང་དང་ལྷན་ཅིག་ཏུ་རྐྱང་མའི་ནང་དུ་འཇུག་པ་ཡིན་ཏེ། སྡོམ་འབྱུང་ལས། རབ་ཏུ་འཇུག་པ་རྩ་གཡོན་ནས། །གཡས་པ་འབྱུང་བའི་ལམ་ཡིན་ནོ། །ཞེས་པའི་འགྲེལ་པར་རབ་ཏུ་འཇུག་པ་ཞེས་པ་གཡས་ནས་འཐོན་ཏེ་ཡུལ་བཟུང་ནས་ དེ་མ་ཐག་ཏུ་རླུང་ལ་ཞོན་པའི་རྣམ་པར་ཤེས་པ་གཡོན་དུ་འཇུག་པའི་ཕྱིར་རོ། །ཞེས་གསུངས་སོ། །བཞི་པ་དོགས་པ་བཅད་པ་ནི། །ཁ་ཅིག་སྔར་བཤད་པའི་བྱང་སེམས་འབབ་པའི་རྩ་སོ་གཉིས་པོ་དེ་སྤྱི་བོའི་རྩ་འདབ་སོ་གཉིས་ཡིན་པར་འདོད་ པ་ནི་མི་རིགས་ཏེ། དེའི་གཙོ་མོ་སོ་གཉིས་ཀྱི་ནང་ན་སྙིང་ཁའི་རྩ་བརྒྱད་འཇུག་པའི་ཕྱིར་རོ། །ཡང་ཁ་ཅིག་རྩ་ཉེར་བཞིའི་སྟེང་དུ་སྙིང་ཁའི་རྩ་འདབ་བརྒྱད་བསྣན་པས་སོ་གཉིས་སོ་ཟེར་བའང་མི་འཐད་དེ། སྙིང་ཁར་ མན་སྙེ་ལས། མངལ་གྱི་ 10-17-9b གནས་སྐབས་སུ། དང་པོར་སྙིང་ཁའི་རྩ་ལྔ་རྣམས་སྐྱེའོ། །དེའི་རྗེས་སུ་སྐྱེས་པ་གསུམ་རྣམས་སོ། །ཞེས་པ་བརྒྱད་རྣམས་སོ། །སུམ་སྐོར་མ་ལ་སོགས་པ་ལྔ་དང་པོར་ཆགས་ནས། གཙོ་མོ་གསུམ་རྗེས་སུ་སྐྱེ་བར་སྟོན་པ་མིན་ནོ། །སྡོམ་འབྱུང་ལས། དེ་གསུམ་རྩ་ཐམས་ཅད་ཀྱི་རྟེན་དུ་གསུངས་པའི་ ཕྱིར་རོ། །དེ་ནི་ནག་པོ་ཊཱི་ཀ་ཆུང་དུ་བཤད་དོ། ། དང་པོར་ཆགས་པའི་རྩ་བརྒྱད་ཡིན་པའི་ཕྱིར་རོ། །ལྔ་པ་རྩ་དེ་རྣམས་ལྷ་དང་སྦྱར་ཏེ་བཤད་པ་ནི། རྩ་སོ་གཉིས་པོ་དེ་བདེ་མཆོག་གི་ལྷ་མོ་དང་སྦྱར་ན། རོ་རྐྱང་དབུ་མ་གསུམ་ནི་རྡོ་རྗེ་ཕག་མོ་དང་། སུམ་ སྐོར་མ་སོགས་ཕྱོགས་ཀྱི་རྩ་བཞི་ནི་ས་ཆུ་མེ་རླུང་འབྱུང་བའི་རྩ་ཡིན་པས་བདེ་ཆེན་འཁོར་ལོའི་ལྷ་མོ་བཞི་དང་། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞི་ནི། འཁོར་ལོ་གསུམ་གྱི་ལྷ་མོ་ཉེར་བཞི་དང་སྦྱོར་བ་ཡིན་ལ། སྒོ་མཚམས་མ་བརྒྱད་ལ་རྩ་སྦྱར་དུ་ མེད་པ་འདྲ་གསུང་། སྙིང་ཁའི་རྩའི་དབུ་མའི་ནང་གི་ཧཱུཾ་རིང་པོ་ནི་བདེ་མཆོག་དང་། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞིའི་ནང་གི་ཁམས་ཉེར་བཞི་ནི་འཁོར་ལོ་གསུམ་གྱི་དཔའ་བོ་ཉེར་བཞི་དང་སྦྱོར་གསུང་ངོ་། །ཡང་ཀྱེེ་རྡོ་རྗེར། འབད་པ་ཀུན་གྱི་ལྷག་མ་ཡང་། ཞེས་བཤད་པའི་དོན་སློབ་དཔོན་མི་ཐུབ་ཟླ་བ་དང་། ཨ་བྷྱ་ལ་སོགས་པ་ནི། འཆི་བའི་དུས་དང་། རྣལ་འབྱོར་པས་ལམ་སྒོམ་པའི་སྐབས་སུ་མ་གཏོགས་བདུད་བྲལ་མར་ཁམས་མི་འབབ་པས་ལྷ་དང་མི་སྦྱོར་ཏེ། རྩ་སོ་གཉིས་དང་ཨཱ་ལི་བཅུ་དྲུག་བདག་ མེད་ལྷ་མོ་བཅོ་ལྔའི་ངོ་བོར་འཆད་པའི་ཚེ། བདག་མེད་མ་ལ་གཙོ་མོ་གསུམ། དེ་རྗེས་མཁའ་སྤྱོད་མའི་བར་རྩ་བཅུ་བཞི་ལ་རྩ་གཉིས་གཉིས་ཡི་གེ་རེ་རེ་རིམ་པ་ལྟར་སྦྱར་ཏེ། རྩ་ཀུན་གྱི་ཐ་མ་བདུད་བྲལ་མ་དང་ཡི་གེ་བཅུ་དྲུག་པོ་ཀུན་གྱི་ཐ་མ་ 10-17-10a ཨཿགཉིས་སྤངས་ཏེ་བཞག་ནས་སོ། །སློབ་དཔོན་ཤཱན་ཏི་པས། དེར་ཡང་ཁམས་འབབ་ཅིང་རྩ་སོ་གཉིས་བདག་མེད་ལྷ་མོ་བཅོ་ལྔ་དང་སྦྱོར་བ་ལ། ལྷ་མོ་ཐོག་མ་ལ་རྩ་གསུམ་སྦྱོར་བ་དངོས་སུ་བསྟན་པས་ཐ་མ་ལའང་རྩ་ གསུམ་སྦྱོར་བ་ཤུགས་ཀྱིས་འཐོབ་པས། རྩ་ཐ་མ་བདུད་བྲལ་མ་ལ་སོགས་པ་གསུམ་མཁའ་སྤྱོད་མ་ལ་སྦྱོར་ཞིང་། ཀུན་གྱི་ལྷག་མ་ཡང་ཞེས་པ་ནི་ཡི་གེ་ཨཿཞེས་ཚེག་དྲུག་ཅན་ཁོ་ན་ལ་འཆད་དོ། །གཉིས་པ་བརྟེན་པ་ལ་གཉིས་ཏེ། ཐིག་ ལེ་དང་། རླུང་བཤད་པའོ། །དང་པོ་ནི། སྤྱིར་དཀྱིལ་འཁོར་གསུམ་དུ་གསུངས་པའི་ལུས་ཀྱི་དཀྱིལ་འཁོར་ནི། རྩ་འཁོར་ལོ་རྣམས་དང་ལུས་ཀྱི་བྱུང་བ་བཞིའོ། །བྷ་གའི་དཀྱིལ་འཁོར་ནི་ཡི་གེ་སྟེ། བརྒྱ་ཉི་ཤུ་དང་། སུམ་ཅུ་རྩ་བདུན་དང་། ཡི་གེ་གཉིས་ཏེ་ཨེ་ཝཾ་དང་། གཅིག་སྟེ་ཨ་ཐུང་དང་། གླེང་གཞིའི་སྐབས་ཏེ་ཡི་གེ་བཅུ་བཞི་དང་། དེ་ཡང་ཚུར་བསྡུས་པས་ཐོག་མར་ར་དང་། ཐ་མ་ཏའི་བར་བཅུ་དྲུག་གོ། དེ་ལ་ར་ནི་ཁྲག་སྟེ་བྱང་སེམས་དམར་པོ། །ཏ་ནི་ཁུ་བ་སྟེ་བྱང་སེམས་ དཀར་པོ། །དེ་གཉིས་ཀྱི་བར་གྱི་ཡི་གེ་བཅུ་བཞི་ནི། ལུས་ཟུངས་གཞན་བཅུ་གཉིས་བཞི་དང་སྦྱར་རོ། །བྱང་སེམས་དཀར་དམར་ལུས་ཟུངས་བཅུ་དྲུག་གི་ཐོག་མཐར་གསུངས་པའི་དགོས་པ་ནི། དེ་གཉིས་ལུས་ཟུངས་ཀྱི་གཙོ་བོའི་རང་བཞིན་ ཡིན་ལ། གཞན་རྣམས་དེ་གཉིས་ཀྱི་རྣམ་འགྱུར་ཡིན་ཞེས་པའི་དོན་ཏོ། །གཙོ་བོར་འགྲོ་ཚུལ་ཡང་མངལ་དུ་ཉིད་མཚམས་སྦྱར་བའི་ཚེ། བྱང་སེམས་དཀར་དམར་གྱིས་ཕར་ཁྱབ་པའི་འབྱུང་བ་བཞིའི་སས་མི་ལྟུང་བར་འཛིན། ཆུས་སྡུད། 10-17-10b མེས་སྨིན། རླུང་གིས་འཕེལ་ཞིང་རྒྱས་པར་བྱས་ནས་ཁུ་ཁྲག་གཉིས་ཡོངས་སུ་གྱུར་པ་ལས། ལུས་འདི་གྲུབ་པས་ན་རང་བཞིན་ཡིན་ལ། བད་ཀན་ལ་སོགས་པ་ལུས་གཞན་བཅུ་གཉིས་ནི། དེ་དག་གི་གནས་སྐབས་ཅི་རིགས་པ་འབྱུང་བས་ རྣམ་འགྱུར་ཡིན་པའི་ཕྱིར། སྔར་བཤད་པའི་ལུས་ཀྱི་ཟུངས་ཀྱི་ངོ་བོ་ཕ་ལས་ཐོབ་པའི་རུས་པ་དང་། རྐང་དང་། ཁུ་བ་གསུམ་དང་། མ་ལས་ཐོབ་པའི་ཤ་དང་། པགས་པ་དང་། ཁྲག་གསུམ་སྟེ་དྲུག་འདུས་པའི་ལུས་ཀྱི་གནས་རྣམས་ཤེས་ པར་བྱ་བ་ཡིན་ནོ། །དེ་ཡང་དང་པོར་མངལ་དུ་འཆགས་དུས་ཁུ་ཁྲག་གཉིས་སྙིང་ཁ་ན་ཡོད་ལ་དེ་ནས་ཁུ་བ་ཁྲག་གི་ཕྱོགས་སུ་སོང་སྟེ་གཙོ་ཆེར་སྤྱི་བོ་ན་གནས་ལ། དེ་ཡང་ནམ་དགོས་པ་ན་སྐྱེ་བ་ཡིན་གྱི། སྒྲུབ་ཐབས་རྣམ་གཞག་ཏུ། ཆུའི་ཁམས་ ནི་ཕ་ལས་སྐྱེས། མེའི་ཁམས་ནི་མ་ལས་སྐྱེས། །པགས་དང་ཤ་དང་ཁྲག་རྣམས་ནི། །མ་ལས་སྐྱེས་ཞེས་བསྟན་པ་ཡིན། །རུས་པ་རྐང་དང་ཁུ་བ་རྣམས། །ཕ་ལས་སྐྱེས་ཞེས་བསྟན་པ་ཡིན། །དེ་ཙམ་ཞིག་ཏུ་བསྟན་པ་ནི། །ལུས་ཀྱི་གོང་བུར་བསྡུས་པའོ། །གཟུགས་དང་ཚོར་དང་འདུ་ ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ཉིད། །ཕུང་པོ་ལ་སོགས་སངས་རྒྱས་ལྔའི། །གང་ཞིག་མངོན་སྐྱེས་བསྟན་པ་ཡིན། །ཞེས་བཅོམ་ལྡན་འདས་ཀྱིས་ལྷ་མོ་བཞིས་ཞུས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་སོ། ། སྣོད་དུ་བླུགས་པའི་ཚུལ་གྱིས་ནི་ཡོད་པ་མ་ཡིན་ ནོ། །ཁྲག་འོག་ཏུ་སོང་སྟེ་གཙོ་ཆེར་ལྟེ་བ་ན་གནས་ལ་གཏུམ་མོ་འབར་བ་དང་ཐིག་ལེ་འཛག་པའི་དམིགས་པ་ལྟེ་བ་ལ་སོགས་ལ་གཏོད་པའི་རྒྱུ་མཚན་དེ་ཡིན་ནོ། །དེ་སྐད་དུ་ཡང་། མན་ངག་སྙེ་མར། འོན་ཀྱང་བར་གྱི་གནས་སྐབས་སུ་མགོ་ 10-17-11a བའི་ཆུ་སྐྱེས་སུ་ཁུ་བ་ཤས་ཆེ། རྔུལ་ཤས་ཆུང་བས་ཏེ། གསང་བའི་ཆུ་སྐྱེས་བཟློག་པའོ། །ཞེས་གསུངས་སོ། །རྩ་དེ་དག་ཏུ་བྱང་སེམས་དཀར་དམར་དང་། རླུང་ཇི་ལྟར་རྒྱུ་ཚུལ་ནི། །བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། རྟག་ཏུ་རྨད་ དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། ཁུ་བ་འབབ་པར་ཤེས་པར་བྱ། །རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁྲག་འབབ་པར་ནི་ཤེས་པར་བྱ། །རྟག་ཏུ་རྨད་དུ་བྱུང་པའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་འབབ་པར་དེ་ནི་ ཤེས་པར་བྱ། ཞེས་གསུངས་པས། རྩ་བདུན་ཁྲི་ཉིས་སྟོང་ལ་སྟོང་ཕྲག་ཉེར་བཞི་པ་ཚན་པ་གསུམ་ཡོད་ལ། དེའི་ཚན་གཅིག་ནས་ཁུ་བ། ཚན་གཅིག་ནས་ཁྲག །ཚན་གཅིག་ནས་རླུང་འབབ་བོ། །རྩ་བདུན་ཅུ་རྩ་གཉིས་ལ་ཡང་། རྩ་ཉེར་བཞི་ པ་ཚན་པ་གསུམ་གསུམ་ཡོད་པས། ཁུ་ཁྲག་རླུང་གསུམ་འབབ་ཚུལ་འདྲའོ། །དེའི་གྱེས་གཞི་ཉེར་བཞི་པོ་དེ་ལ་ཡང་བརྒྱད་ཚན་གསུམ་ཡོད་པས། ཁུ་ཁྲག་རླུང་གསུམ་འབབ་ཚུལ་འདྲའོ། །དེའི་གྱེས་གཞི་སྙིང་ཁའི་རྩ་འདབ་བརྒྱད་ལས་ནི། ། ཕྱགས་བཞིའི་རྩ་ལ་འབྱུང་བ་བཞི་ཤས་ཆེར་འབབ་པས་འབྱུང་བའི་རྩ་དང་། མཚམས་ཀྱི་རྩ་ལས་གཟུགས་དྲི་ལ་སོགས་པ་འབབ་པས་མཆོད་པའི་རྩ་ཞེས་བྱའོ། །མཆོད་པ་དང་། འབྱུང་བའི་རྩ་བརྒྱད་ཀ་ནས་འབབ་ཀྱང་ཤེས་ཆེ་ཆུང་གི་ དབང་གིས་མིང་གྲགས་པ་ཡིན་ཏེ། མན་སྙེར། དེ་ལ་འདབ་མ་རྣམས་ཀྱི་བཞིས་འབྱུང་བའི་རྩ་རྣམས་རྣམ་པར་བཞག་གོ། ཕྱོགས་རྣམས་སུ་བཞི་རྣམས་ནི་འབྱུང་བ་བཞི་རྣམས་དང་། དེའི་རང་བཞིན་རྣམས་འབབ་བོ་ཞེས་བྱས་ནས་ 10-17-11b སོ། །མཚམས་བཞི་རྣམས་ནི་སོ་སོར་བཤད་པ་དང་། གཅི་པ་དང་། བད་ཀན་དང་། ཁྲག་དང་། ཁུ་བ་རྣམས་འབབ་པ་འབྱུང་བའི་རྩ་རྣམས་ཀྱི་ལྷན་ཅིག་བྱེད་པ་གཟུགས་དང་། དྲི་དང་། རོ་དང་། རེག་བྱ་རྣམས་འབབ་པའི་ཕྱིར་མཆོད་པའི་ རང་བཞིན་ཏེ། དེའི་རང་བཞིན་དངོས་པོར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཐ་དད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེའི་གྱེས་གཞི་རོ་རྐྱང་དབུ་མ་གསུམ་ནས་འབབ་ཚུལ་སྔར་བཤད་ཅིང་། ནག་པོ་པས་ཀྱང་། དེའི་ནང་ནས་འདྲེན་པ་ནི། རྡུལ་ དང་སྙིང་སྟོབས་མུན་པའི་ཚུལ། ཞེས་གསུངས་པའང་གསལ་བར་སཾ་བྷུ་ཊའི་དྲུག་པའི་རབ་བྱེད་དང་པོར། སྐྱེ་གནས་དབུས་ན་རྩ་གཉིས་ཏེ། །གཡོན་དང་དེ་བཞིན་གཡས་ནའོ། །གཡོན་ན་ཁུ་བ་ཞེས་བྱ་སྟེ། །གཡས་ན་དེ་བཞིན་ཁྲག་ཉིད་དོ། ། དེ་དག་ཕན་ཚུན་འདུས་པ་ནི། །ཆོས་ཀྱི་དབྱིངས་སུ་འདུས་པ་ཡིན། །སྙིང་སྟོབས་ལུས་ཏེ་རྡུལ་ནི་ངག །མུན་པ་སེམས་ཀྱི་རང་བཞིན་ཏེ། །སྙིང་སྟོབས་ཁུ་བ་རྡུལ་ཁྲག་སྟེ། །དེ་ལས་སྐྱེས་པ་མུན་པ་ཡིན། །ཞེས་གསུངས་སོ། །དེ་ཡང་དབུ་ མའི་འཁོར་ལོ་རྣམས་ཀྱི་ལྟེ་བ་ལ། ཨ་ཝ་དྷཱུ་ཏཱིར་རོ་རྐྱང་གཉིས་གང་རུང་གཅིག་གིས་སྟེང་དང་གཅིག་གིས་འོག་ནས་དབུ་མ་ལ་འཁྱུད་ཡོད་ཅིང་། དེ་ཡང་དེ་གཉིས་ཀྱིས་མ་སླེབ་པའི་བར་སྟོང་ཅུང་ཟད་ཡོད་དོ། །སྙིང་ཁའི་འཁོར་ལོའི་ དབུ་མའི་ནང་ན་རྣམ་ཤེས་དང་ལྷན་ཅིག་སྐྱེས་པའི་རླུང་ཡོད་ལ། དེ་ལ་ཡེ་ཤེས་ཀྱི་རླུང་དང་མི་ཤིགས་པའི་ཐིག་ལེ་ཞེས་ཀྱང་ཟེར་རོ། །ཁུ་ཁྲག་གཉིས་ཀྱང་ཡོད་ཅིང་། དེ་ཡང་རྩ་མདུད་ཀྱི་དབུ་མའི་ནང་ན་ཡོད་དོ། །དེ་ལ་རླུང་དང་གཏུམ་ 10-17-12a མོའི་རྣལ་འབྱོར་ལ་བརྟེན་ནས། ལྟེ་བའི་ཁྲག་དང་སྤྱི་བོའི་བྱང་སེམས་ཡར་མར་ལ་འཁོར་ལོ་རྣམས་སུ་འདུ་འཕྲོད་བྱེད་པ་ཡོད་ཀྱི། སྙིང་ཁའི་རྩ་མདུད་ཀྱི་དབུ་མའི་ནང་གི་བྱང་སེམས་དཀར་དམར་གཉིས་དང་། ལྷན་སྐྱེས་ ཀྱི་རླུང་རྣམས་འཆི་བའི་ཚེ་མ་གཏོགས་པ་འཕོ་འཇུག་མི་བྱེད་པ་ཡིན་ནོ་གསུང་ངོ་། །གཉིས་པ་རླུང་བཤད་པ་ལ། ཐུན་མོང་པའི་རྒྱུད་ནས་བསྟན་ཚུལ་དང་། ཐུན་མོང་མ་ཡིན་པའི་རྒྱུད་ནས་བསྟན་ཚུལ་ལོ། །དང་པོ་ནི། རྡོ་རྗེ་འཕྲེང་བ་ ལས། བཏང་བཟུང་ལ་སོགས་པའི་རླུང་བརྒྱ་དང་བརྒྱད་དེ། དེ་ནི་རྣམ་རྟོག་མི་འདྲ་བ་བརྒྱ་དང་བརྒྱད་བསྐྱེད་པའི་སྒོ་ནས་ཀྱང་ཕྱེ་ལ། འཁོར་ལོ་དྲུག་ཏུ་རྒྱུ་བའི་ཚུལ་གྱིས་ཀྱང་དབྱེའོ། །ཕྱི་མ་ནི་འཁོར་ལོ་ཡོངས་སུ་གྲགས་པ་བཞི་དང་། སྨིན་མཚམས་ ན་རླུང་གི་འཁོར་ལོ་འདབ་མ་དྲུག་པ་དང་། སྙིང་ཁའི་གོང་མགྲིན་པའི་འོག་ན་མེའི་འཁོར་ལོ་འདབ་མ་གསུམ་ཡོད་པ་རྣམས་སོ། །དེ་ལ་ཐོག་མར་སྙིང་ནས་བཟུང་སྟེ་མཚན་ཕྱེད་ཀྱི་དུས་ནས་ཉི་ཕྱེད་ཀྱི་བར་དུ་འཁོར་ལོ་རེར་རླུང་དགུ་དགུ་བརྒྱུས་པས་ལྔ་ བཅུ་རྩ་བཞི་དང་། དེ་ནས་བཟུང་སྟེ་མཚན་ཕྱེད་ཀྱི་བར་དུ་ཡང་དེ་ལྟར་བརྒྱུས་པས་བརྒྱ་དང་བརྒྱད་དོ། །གཉིས་པ་ལ་ཕ་རྒྱུད་ནས་བཤད་པ་དང་། མ་རྒྱུད་ནས་བཤད་པ་གཉིས་སོ། །དེ་ལ་དང་པོ་དགོངས་པ་ལུང་སྟོན་ནས་རླུང་བཅུར་གསུངས་ཏེ། དེ་ལ་དབྱེ་བ་དང་། གནས་དང་། འཆགས་པའི་རིམ་པ་དང་། བྱེད་ལས་དང་། རྒྱུ་བའི་ཚུལ་ཏེ་ལྔའོ། །དང་པོ་ནི། སྲོག་རླུང་སོགས་རྩ་བའི་རླུང་ལྔ་དང་། ཀླུ་ལ་སོགས་པ་ཡན་ལག་གི་རླུང་ལྔའོ། །རྡོ་རྗེའི་སྒོའི་རྒྱུད་ནས་ནི་ཡན་ལག་གི་རླུང་ 10-17-12b ལྔ་ལ་རྒྱུ་བ་ལ་སོགས་པའི་མིང་གིས་བསྟན་ནོ། །ཡན་ལག་གི་རླུང་ལ་ཐ་སྙད་སྔ་མ་ལྟར་འདོགས་པའི་རྒྱུ་མཚན་ནི། རྗེ་འགོས་ཀྱི་གསུང་ནས། དེ་ལྔ་ནི་རིམ་པ་བཞིན་དུ། གཉེ་མ་སྦྲུལ་འདྲ་བ་དང་། མཆིན་པ་རུས་སྦལ་དང་། གློ་བ་རྩངས་པ་ དང་། སྙིང་ལྷ་སྦྱིན་གྱི་བུ་མོ་ཟུག་གུ་དཀར་པོ་གྱོན་པ་དང་། མཁལ་མ་གཞུའི་དབྱིབས་དང་འདྲ་བ་ལས་བྱུང་བས་དེ་ལྟར་བཏགས་གསུང་ངོ་། །དེ་སྐད་དུ་དགོངས་པ་ལུང་སྟོན་ལས། སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། ཁྱབ་དང་མཉམ་གནས་ཞེས་ བཤད་དང་། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། ཞེས་གསུངས་སོ། །གཉིས་པ་གནས་པ་ནི། སྲོག་རླུང་སྙིང་ཁ་དང་། ཐུར་སེལ་འདོམས་དང་། མེ་མཉམ་ལྟེ་བ་དང་། གྱེན་རྒྱུ་མགྲིན་པ་དང་། ཁྱབ་བྱེད་ཚིགས་ ཀུན་ལ་གནས་ཤིང་། ཡན་ལག་གི་རླུང་ལྔ་རིམ་པ་བཞིན་དུ་མིག་ལ་སོགས་པའི་དབང་པོའི་སྒོ་ལྔ་ལ་གནས་སོ། །སྤྱོད་བསྡུས་ལས། རླུང་ལྔ་ནི་ལུས་ཀྱི་ཆ་ལ་གནས་ནས་ལུས་ཀྱི་བྱ་བ་རྣམས་བྱེད་དོ། །རླུང་ལྔ་ནི། མིག་ལ་སོགས་པའི་ སྐྱེ་མཆེད་ལ་གནས་ནས་དབང་པོ་རྣམས་ཀྱི་བྱ་བ་རྣམས་བྱེད་དོ། །དེ་ལ་སྲོག་ཅེས་བྱ་བའི་རླུང་སྙིང་ཁར་གནས་པ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའོ། །ཐུར་དུ་སེལ་བ་འདོམས་ན་གནས་པ་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ ནོ། །གྱེན་དུ་རྒྱུ་བ་ལྐོག་མར་གནས་པ་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའོ། །མེ་དང་མཉམ་དུ་གནས་པ་ལྟེ་བར་གནས་པ་ནི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའོ། །ཁྱབ་བད་ཚིགས་ཀུན་ལ་གནས་པ་ནི་དེ་བཞིན་གཤེགས 10-17-13a པ་རྣམ་པར་སྣང་མཛད་དོ། །རྒྱུ་བའི་རླུང་ནི་གཟུགས་སོ། །རྣམ་པར་རྒྱུ་བ་ནི་སྒྲའོ། །ཡང་དག་པར་རྒྱུ་བ་ནི་དྲིའོ། །རབ་ཏུ་རྒྱུ་བ་ནི་རོའོ། །ངེས་པར་རྒྱུ་བ་ནི་རེག་བྱའོ། །ཞེས་གསུངས་སོ། །གསུམ་པ་རླུང་འཆགས་པའི་རིམ་པ་ ནི། ཟླ་བ་ངོ་བཅུ་ལ་དང་པོའི་དུས་སུ་རྣམ་ཤེས་ཁུ་ཁྲག་གི་དབུས་སུ་སྙིང་ཁའི་རྩ་མདུང་འཆགས་པའི་ནང་གི་ལྷན་སྐྱེས་ཀྱི་རླུང་ལས་སྣ་སྒོར་རྒྱུ་བའི་སྲོག་འཛིན་གྱི་རླུང་སྐྱེས་ཏེ་དེ་གཉིས་ཡང་སྲོག་འཛིན་གྱི་རླུང་ཡིན་ནོ། །སེམས་ཅན་དེའི་ལུས་ ཉའི་རྣམ་པ་ལྟ་བུར་འགྱུར་རོ། །སྲོ་རླུང་ལས་ཟླ་བ་གཉིས་པའི་དུས་སུ་ཐུར་སེལ་སྐྱེ་ཞིང་རྐང་ལག་བཞི་མགོ་བོ་དང་བཅས་པའི་འབུར་པོ་ལྔ་དོད་པས་ལུས་རུས་སྦལ་གྱི་རྣམ་པར་འགྱུར་རོ། །དེ་ལས་གསུམ་པའི་དུས་སུ་མེ་མཉམ་སྐྱེ་ཞིང་། ཡན་ལག་ལྔ་ཚང་བ་ལ་ཅུང་ཟད་སྒུར་པོར་ཡོད་པས་ཕག་རྒོད་ཀྱི་རྣམ་པར་འགྱུར་རོ། །དེ་ལས་བཞི་པར་གྱེན་རྒྱའི་རླུང་སྐྱེ་ཞིང་སྟོད་ཅུང་ཟད་རྒྱས་པས་སེང་གེའི་རྣམ་པར་འགྱུར་རོ། །དེ་ལས་ལྔ་པར་ཁྱབ་བྱེད་སྐྱེ་བར་བྱེད་དོ། །ཟླ་བ་དྲུག་པ་ལ་ མིག་གི་སྒོ་ལ་རྒྱུ་བའི་རླུང་ཀླུ་དང་འབྱུང་བས་སྐྱེ། བདུན་པ་ལ་རྣ་བར་རྒྱུ་བའི་རླུང་རུས་སྦལ་དང་ཆུ་སྐྱེ། བརྒྱད་པ་ལ་སྣ་ལ་རྒྱུ་བའི་རླུང་རྩངས་པ་དང་མེ་སྐྱེ། དགུ་པ་ལ་ལྕེ་ལ་རྒྱུ་བའི་རླུང་ལྷ་སྦྱིན་དང་རླུང་སྐྱེ། བཅུ་པ་ལ་ལུས་ཀྱི་དབང་པོ་ཡོངས་ སུ་རྫོགས་པ་ནས་རྒྱུ་བའི་རླུང་གཞུ་ལས་རྒྱལ་བ་དང་ནམ་མཁའི་ཁམས་ཏེ་ལུས་ཀྱི་སྦུབས་རྣམས་འབྱུང་ཞིང་ཡུལ་རྣམས་ཅི་རིགས་པར་འཛིན་གསུང་ངོ་། །བཞི་པ་རླུང་གི་བྱེད་ལས་ནི། སྲོག་འཛིན་གྱིས་ཚེ་གནས་པ་དང་སྣ་ལ་རྒྱུ་བའི་རླུང་ 10-17-13b ལས་བྱེད། ཐུར་སེལ་གྱིས་བཤང་གཅི་ཐུར་དུ་འགྲོ་བའི་བྱ་བ་བྱེད། མཉམ་གནས་ཀྱིས་དྭངས་མ་ལུས་ལ་འགྲེམས་པའི་བྱ་བ་བྱེད་ཅིང་དྭངས་སྙིགས་འབྱེད་མཁན་ནི་ལྟེ་བའི་གཏུམ་མོའི་མེས་བྱེད། གྱེན་རྒྱུས་ཟས་མྱང་བ་དང་། སྨྲ་བ་སོགས་དང་། རླུང་གཞན་རྣམས་གྱེན་དུ་འགྲོ་བའི་ལས་ཀྱང་བྱེད་དོ། །ཁྱབ་བྱེད་ཀྱིས་ལུས་ཀྱི་ནང་གི་རླུང་གཞན་ལ་ཁྱབ་པ་དང་འགྲོ་བ་སོགས་ཀྱི་བྱ་བ་བྱེད་དོ། །ཡན་ལག་གི་རླུང་ལྔ་མིག་གི་སྒོ་ནས་རྒྱུ་བའི་རླུང་གིས་རྣམ་ཤེས་ཀྱི་བཞོན་པ་བྱས་ནས་གཟུགས་འཛིན་པའི་ འབྲས་བུ་བྱེད་དོ། །དེ་བཞིན་དུ་རྣམ་པར་རྒྱུ་བས་སྒྲ་འཛིན་པ་དང་། ཡང་དག་པར་རྒྱུ་བས་དྲི་འཛིན་པ་དང་། རབ་ཏུ་རྒྱུ་བས་རོ་འཛིན་པ་དང་། ངེས་པར་རྒྱུ་བས་རེག་བྱ་འཛིན་ཅིང་། རང་རང་གི་རྣམ་ཤེས་ཀྱི་བཞོན་པ་བྱས་ནས་ཡུལ་སོ་སོར་འབྲས་བུ་བྱེད་དོ། ། ཡན་ལག་གི་རླུང་ལྔ་ནི་རྩ་བའི་རླུང་གི་གནས་སྐབས་ཡིན་ཏེ། སྲོག་རླུང་སྒོ་དེ་དག་གང་དུ་རྒྱུ་བ་ལ་མིང་དེ་ལྟར་དུ་བཏགས་སོ། །དབང་པོའི་སྒོའི་རྒྱུན་ལས་ནི། །སྲོག་དང་རྩོལ་བ་རྒྱུ་བ་དང་། །རྟག་པའི་དུས་སུ་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །རླུང་ དང་གཅིན་དང་ཕྱི་ས་དང་། །དེ་བཞིན་དུ་ནི་ཁུ་བ་རྣམས། །འོག་འདྲེན་འདི་ནི་ཐུར་སེལ་བ། །རྟག་ཏུ་རྣལ་འབྱོར་པས་ཤེས་བྱ། །མྱང་དང་བཟའ་དང་ལྡག་པ་དང་། །ཀུན་ཏུ་འཐུང་དང་འཇིབ་པ་ནི། །གང་ཞིག་རྟག་ཏུ་མཉམ་གནས་པ། །མཉམ་དུ་གནས་ཞེས་བྱ་ བ་ཡིན། །གྱེན་དུ་འགྲོ་ཞིང་སྡུད་པ་དང་། །བཟའ་དང་མྱང་སོགས་ཟབ་པ་ནི། །ཤེས་དང་ལྷན་ཅིག་འབྱོར་པ་དག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། །ཁྱབ་དང་འཛིན་པ་ཉིད་དང་ནི། །འགྲོ་དང་དེ་བཞིན་ལྡོག་པ་དང་། །ཚིགས་རྣམས་ཀུན་ཏུ་ཁྱབ་པ་ན། ། 10-17-14a ཁྱབ་བྱེད་ཅེས་ནི་བྱ་བར་བཤད། ཅེས་དང་། ཡན་ལག་གི་རླུང་གི་བྱེད་ལས་རིམ་ལྔར། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་ པར་བྱེད། ཅེས་དང་། སྤྱི་ཡི་བྱེད་ལས་ཡང་དེར། སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བའི་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། ཞེས་སོ། །ལྔ་པ་རྒྱུ་ཚུལ་ནི། ཁྱབ་བྱེད་འཆི་བའི་ཚེ་མ་ གཏོགས་སྣའི་སྒོ་ནས་མི་རྒྱུ་ལ། གཞན་བཞི་ལ་གཡས་པ་ནས་རྒྱུ་བ་དང་། གཡོན་པ་ནས་རྒྱུ་བ་དང་། གཉིས་ཀ་ནས་དྲག་པ་དང་། དལ་བར་རྒྱུ་བ་སྟེ། མེ་མཉམ་དང་། ཐུར་སེལ་དང་། གྱེན་རྒྱུ་དང་། སྲོག་རླུང་རྣམས་སོ། །དེ་དག་གསང་བའི་སྣ་རྩེ་ ནས་བྱུང་ནས་ཀུན་རྫོབ་ཀྱི་སྣང་རྒྱུ་བ་ཡིན་ནོ། །རིགས་ལྔ་དང་སྦྱར་ནས་རྒྱུ་བའི་ཚུལ་ནི། ཉིན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ལ། དེ་ལ་ཐབས་མགོན་པོ་རེའི་རླུང་དགུ་བརྒྱ་པ་ཕྲག་རེ་རྒྱུ་བའི་ཚེ། ཤེས་རབ་ལྷ་མོ་བཞིའི་རླུང་ཉིས་སྟོང་ ཉེར་ལྔ་རེ་རྒྱུ་བ་ཡིན་ལ། དེ་ལ་གཡས་ནས་གྱེན་དུ་ཁ་དོག་ལྔའི་རླུང་རྒྱུ་ལ། དེ་ཡང་དམར་པོས་གཞན་བཞི་ལ་ཁྱབ་པར་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་ནི་པད་མ་མགོན་པོའི་རྒྱུ་བ་ཡིན་ལ། དེ་ལ་མེའི་མེ་གོས་དཀར་མོ་དང་། མེའི་རླུང་སྒྲོལ་མ་དང་། མེའི་ས་སྤྱན་མ་དང་། མེའི་ཆུ་མཱ་མ་ཀཱིའི་རླུང་རྣམས་རྒྱུའོ། །དེ་ཡང་མེའི་མེ་གོས་དཀར་མོ་རྒྱུ་བའི་ཚེ་ནི་སྣ་བུག་གཡས་ཀྱི་དབང་དུ་བྱས་ན་དམར་པོ་དབུས། གཡོན་པ་ལྗང་ཁུ། འོག་མ་དཀར་པོ་དང་། སེར་པོ་གཡས་དང་། སྟེང་ལ་སྔོན་པོ་རྒྱུ་བ་ 10-17-14b ཡིན་ནོ། །དེས་མཚོན་ནས་མེའི་རླུང་རྒྱུ་བའི་ཚེ་ལྗང་ཁུ་དབུས་སུ་རྒྱུ། མེའི་ས་རྒྱུ་བའི་ཚེ་སེར་པོ་དབུས་དང་། མེའི་ཆུ་རྒྱུ་བའི་ཚེ་དཀར་པོ་དབུས་སུ་རྒྱུའོ། །གཡོན་པ་ནས་རྒྱུ་བ་མེ་མཉམ་ལྗང་སེར་ཁ་དོག་ནག་པོ་ལས་འོད་ཟེར་ནག་པོའི་ངོ་བོ་ཅན་དུ་བཤད་པ་ ཀྱི་ མགོན་པོ་དང་། སྔར་དུ་འབྱུང་བ་ལྔ་པ་ནམ་མཁའི་ཁམས་ཀྱི་རླུང་ནི་དཀྱིལ་འཁོར་བཞི་པོ་རྒྱུ་བའི་ཚེ་ན་རྒྱུ་བས་རྒྱུད་དུ་ལོགས་སུ་མ་གསུངས་པ་དང་། དེ་ཡང་བདེ་བ་བསྐྱེད་པའི་རླུང་ལ་བཞེད་ཅིང་། དབུ་མ་ནས་རྒྱུ་བའི་རླུང་ཡང་དཀྱིལ་འཁོར་བཞིའི་རླུང་ལས་ལོགས་སུ་མེད་པར། མན་སྙེར་ བཤད་པས་སྟེང་ལ་སྔོན་པོ་རྒྱུ་བ་ཞེས་བཤད་པ་འདི་དེ་ཨེ་ཡིན་དཔྱད་པ་རིགས་སོ། །དེ་གཉིས་ཀ་ནས་དྲག་ཏུ་རྒྱུ་བ་ཐུར་སེལ་ཁ་དོག་སེར་པོ་རིན་ཆེན་མགོན་པོའི་དང་། ཞན་པར་རྒྱུ་བ་སྲོག་རླུང་ཁ་དོག་ཤེལ་ལྟར་སྣང་བ་རྡོ་རྗེ་མགོན་པོའི་རྒྱུ་བ་དགུ་བརྒྱ་པ་ཕྲག་ རེ་རེའི་ཚེ་ཡང་རང་རང་གི་ཁ་དོག་གཙོ་ཆེ་ཞིང་གཞན་ཕལ་པའི་ཚུལ་གྱིས་རྒྱུ་ཞིང་། ཤེས་རབ་ལྷ་མོ་རྣམས་ལ་སྔར་བཞིན་སྦྱར་རོ། །དེ་དག་ནི་དགུ་བརྒྱ་པ་རེ་རེ་ལ་འཕོ་བ་རེར་བྱས་པ་སྟེ། དུས་འཁོར་ནས་དེ་ཉིས་འགྱུར་རེ་ལ་འཕོ་བ་རེར་བྱས་ནས་ འཕོ་བ་བཅུ་གཉིས་སུ་གསུངས་སོ། །པད་མ་མགོན་པོའི་རྒྱུ་བ་དང་པོར་སྨོས་པའི་དགོས་པ་ནི། རྡོར་བཟླས་གསུང་རྡོ་རྗེའི་བཟླས་པ་ཡིན་པས་དང་པོའི་མགོ་དེ་ནས་བཙུགས་ནས་སྒོམ་དགོས་པར་ཤེས་པའི་ཆེད་ཡིན་ནོ། །དེ་སྐད་དུ་ཡང་། རྡོ་རྗེ་ཕྲེང་བར། སངས་རྒྱས་ལྔ་ཡི་རིགས་གནས་པ། །སྣ་རྩེ་བུ་ག་ལས་བྱུང་ཞིང་། །རླུང་ལྔ་སྟེང་དུ་ཡང་དག་འགྲོ། ལུས་ལ་རྟག་ཏུ་སྤྱོད་པར་འགྱུར། །ཀུན་རྫོབ་སྣར་ནི་སྤྱོད་པ་ཡི། །སྒོ་དེ་ལས་ནི་རྣམ་པར་འབྱུང་། །གཡོན་དང་གཡས་དང་གཉིས་ཀ་དང་། །དལ་བར་ 10-17-15a རྒྱུ་དང་རྣམ་པ་བཞི། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་བའི་མཆོག་འདི་ནི། །པད་མ་མགོན་པོའི་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་འབྱུང་ བ་དག །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོའི་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོའི་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེ་ཡི་ཁམས། །དག་ པའི་ཤེལ་ལྟར་སྣང་བ་ནི། །སྐད་ཅིག་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེ་མགོན་པོའི་རྒྱུ་བའོ། །ཁམས་ཀུན་ཡང་དག་འབྱུང་བ་ནི། །རྟེན་དང་བརྟེན་པར་བཟུང་བ་ནི། །རྣམ་སྣང་མཛད་ཆེན་སྐུ་ཡིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །དཀྱིལ་ འཁོར་བཞི་པོ་འདི་དག་ནི། །མཉམ་པར་བཞག་པས་རྟག་ཏུ་ཟློས། །སྔགས་པས་བཟླས་པས་གྲངས་ཀྱིས་ནི། །ཉིན་གཅིག་མཚན་དུ་རྟག་པར་ཟློས། ཞེས་གསུངས་སོ། །ཁྱབ་བྱེད་ཀྱི་རླུང་ནི་འབྱུང་བ་ནམ་མཁའི་རླུང་ཡིན་ལ། ས་དང་། ཆུ་ དང་། མེ་དང་། རླུང་གི་རླུང་རྣམས་རྒྱུ་བའི་ཚུལ་ནི་རིམ་པ་ལྟར། ཐད་ཀ་དང་། འོག་དང་། སྟེང་དང་། གྱེན་གསེགས་ལ་རྒྱུ་སྟེ། ཁ་སྦྱོར་ལས། མེ་ཉིད་གང་དང་རླུང་དང་ནི། །དབང་ཆེན་དང་ནི་དེ་བཞིན་ཆུ། །འཁོར་ལོ་སེམས་ཀྱི་ཀུན་སྤྱོད་པ། ། སྟེང་དང་ངེས་དང་བྲང་འོག་འགྲོ། ཞེས་གསུངས་སོ། །གསང་འདུས་པའི་ལུགས་ཀྱིས། ཉིན་ཞག་ཕྲུགས་གཅིག་ལ་སྐོར་དྲུག། ཐུན་བཅུ་གཉིས། ཐུན་ཕྱེད་པ་ཉེར་བཞི། ཐུན་ཕྱེད་པ་རེ་ལ་མགོན་པོ་རེའི་རླུང་དགུ་བརྒྱ་པ་རེ་རྒྱུ་ལ། དགུ་ 10-17-15b བརྒྱ་པ་རེ་ལ་ལྷ་མོ་བཞི་བཞིའི་རླུང་རྒྱུ་བས་དེས་འབྱུང་ཆེན་གྱི་དཀྱིལ་འཁོར་ཉེར་བཞི། དེ་རེ་རེ་ལ་འབྱུང་ཆུང་གི་དཀྱིལ་འཁོར་བཞི་བཞིར་ཕྱེ་བས། འབྱུང་ཆུང་གི་དཀྱིལ་འཁོར་དགུ་བཅུ་རྩ་དྲུག་རྒྱུ་བ་ཡིན་ནོ། །རིམ་ལྔར། ཨ་ཡིས་བཤད་པའི་ཡེ་ཤེས་ ནི། །སངས་རྒྱས་ཀྱི་ནི་སྙིང་པོར་འགྱུར། །ཧཱུཾ་གིས་སེམས་ཅན་ཡང་དག་སྤྲོ། །སངས་རྒྱས་ཐུགས་སུ་རབ་ཏུ་བརྟག །ཨོཾ་གྱིས་སེམས་ཅན་ཡང་དག་སྡུད། །སངས་རྒྱས་སྐུ་འདིར་རབ་ཏུ་བརྟགས། །ཨཿ ས་ནི་གནས་པར་གྱུར་པའོ། །འཇུག་པ་ཉིད་ དང་གནས་པ་དང་། །ལྡང་བ་ཡིས་ནི་རིམ་གྱིས་ཀྱང་། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་སྒྲེས་ནས་ནི། ། སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ། དགུ་བརྒྱ་དག་ཏུ་གང་བསྟེན་པ། །ཉི་ཤུ་རྩ་བཞི་རིམ་གྱིས་ནི། །དེ་ཡི་སོ་སོར་འབྱུང་བ་ལས། །ཉི་ཁྲི་གཅིག་སྟོང་དྲུག་བརྒྱའོ། །ཞེས་གསུངས་སོ། །འདི་པ་འདུས་པའི་ལུགས་ཀྱི་འཕོ་བ་ཉེར་བཞིར་བྱེད་པ་ ཡིན་ཏེ། འཕོ་བའི་དོན་ནི་སྣ་བུག་གཡས་ནས་གཡོན་དུ་འཕོ་བ་ལྟ་བུ་ཡིན་ལ། འདིར་ནི་དགུ་བརྒྱ་པོ་རེ་སོང་ནས་འཕོ་འཇུག་བྱེད་པའི་ཕྱིར་རོ། །གསུང་། གཉིས་པ་ཐུན་མོང་མ་ཡིན་པའི་རྒྱུད་ནས་བཤད་པའི་ཙ་འདབ་ནས་རླུང་རྒྱུ་ཚུལ་ནི། ཕྱིར་དབང་དུ་ བྱས་ན། ཉིན་ཞག་གཅིག་ལྷ་དབྱུ་གུ་རེ་བཞི་ཡོད་ལ། སྡོམ་འབྱུང་ལས། གཞན་ཡང་གཉིས་བདག་རྡོ་རྗེ་ཅན། །ཐེ་ཚོམ་འགྱུར་བར་ཤེས་བྱ་སྟེ། །དགེ་དང་མི་དགེ་ངེས་མེད་པར། །རླུང་རིག་ལས་ནི་འདིར་མཚོན་བྱ། །མགོན་པོ་ཇི་ལྟར་ཨཱ་ལིར་རྒྱུ། །འགའ་ཞིག་ཀཱ་ 10-17-16a ལིར་གནས་བྲིའམ། །ཀཱ་ལིར་རྒྱུ་ལ་ཨཱ་ལིར་གནས། །དེ་ཡི་འདོད་དོན་ཉམས་པར་འགྱུར། །གང་ནས་མགོན་པོ་དེ་རྒྱུ་བ། །དེར་གནས་འགའ་ཞིག་འདྲི་བྱེད་ན། །དེ་ཡི་དོན་ཀུན་ཡང་དག་འགྲུབ། །གཉིས་ཀར་གནས་ལ་ཐེ་ཚོམ་འགྱུར། །དབང་ཆེན་གྱིས་ནི་རྒྱལ་སྲིད་དོ། ། ཆུས་ནི་དོན་རྣམས་ཡང་དག་འབྱུང་། །མེ་ཡི་རླུང་ནི་རྣམ་རྒྱུ་བས། །བཀྲེས་སྐོམ་དུག་དང་སྡུག་བསྔལ་ན། །བྱ་བ་ཐམས་ཅད་ཉམས་པར་འགྱུར། །རླུང་གིས་རྩོད་དང་སྐྱོ་དང་སྲོས་པ་རྣམས། །རླུང་གི་བདག་ཉིད་ཀྱི་ནི་མགོན་པོ་ཡི། །སྐུ་གསུམ་པོར་ཡང་ཤེས་པར་བྱ། །འཇུག་པ་ཆོས་ཀྱི་སྐུ་ཡིན་ཏེ། ། གནས་པ་ལོངས་སྤྱོད་རྫོགས་པའི་སྐུ། །འབྱུང་བ་སྤྲུལ་པའི་སྐུ་ཞེས་བཤད། །འདྲི་བ་པོ་ཡི་རང་གི་རུང་། །ཆོས་སྐུ་ཐམས་ཅད་དགེ་བ་སྟེ། །ལོངས་སྤྱོད་རྫོགས་པའི་ཐེ་ཚོམ་འགྱུར། །སྤྲུལ་པས་འཐབ་མོ་སྲོག་པའོ། །ཞེས་གཡོན་ཨཱ་ལི། གཡས་ཀཱ་ལི་རྒྱུ་བས་དེ་དང་མཐུན་པར་འདྲི་ན་འགྲུབ། ཟློག་ན་ཉམས། གཉིས་ཀ་ནས་རྒྱུ་ན་ཐེ་ཚོམ། ས་ཆུའི་རླུང་རྒྱུ་དུས་བཟང་། མེ་དང་རླུང་རྒྱུ་དུས་ངན། འཇུག་དུས་བཟང་། གནས་དུས་ཐེ་ཚོམ། འབྱུང་དུས་ངན་ནོ། །འབྱུང་བ་རྣམས་ཀྱི་དགྲ་ངན་གྲོགས་བཟང་ངོ་། །ལམ་འབྲས་པ་གཡོན་རྒྱུ་བཟང་བར་བཞེད་དོ། །ལུང་འདི་མ་དག་འདུག་ གོ། དེ་དང་མཐུན་པར་གང་ཟག་གཅིག་ལ། ཉིན་གཅིག་ལ་ལྟེ་བའི་དབུ་མ་ནས་དབྱུ་གུ་རེ་བཞིའི་རླུང་རྒྱུ་ལ། དབྱུ་གུ་རེ་ལ་རླུང་འབྱུང་འཇུག་སུམ་བརྒྱ་དང་སུམ་ཅུ་སོ་ཕྱེད་དང་བརྒྱད་བརྒྱད་ཡོད་དོ། །ཡང་ཉིན་ཞག་གཅིག་ལ་ཆུ་ཚོད་གཉིས་ ཡོད་ལ། དེ་དང་མཐུན་པར་ཆུ་ཚོད་སོ་གཉིས་ཀྱི་རླུང་སྤྱི་བོའི་འདབ་མ་ནས་རྒྱུ་ལ། ཆུ་ཚོད་དེའི་རླུང་ལ་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཡོད་དོ། །ཡང་ཉིན་ཞག་གཅིག་ལ་འཕོ་བ་བཅུ་དྲུག་ཡོད་པ་དང་མཐུན་པར། འཕོ་བ་བཅུ་དྲུག་གི་རླུང་མགྲིན་པ་ནས་ 10-17-16b རྒྱུ་ལ། འཕོ་བ་རེའི་རླུང་ལ་སྟོང་དང་ཕྱེ་དང་བཞི་བརྒྱ་ཡོད་ཅིང་། ཡང་ཉིན་ཞག་གཅིག་ལ་ཐུན་ཚོད་བརྒྱད་ཡོད་པ་དང་མཐུན་པར། སྙིང་ཁའི་རྩ་འདབ་ནས་ཐུན་ཚོད་བརྒྱད་ཀྱི་རླུང་རྒྱུ་ལ། ཐུན་ཚོད་རེའི་རླུང་ལ་ཉིས་སྟོང་བདུན་བརྒྱ་ཡོད་དོ། །འདི་དག་ཀྱང་ གང་ཟག་གཅིག་ལ་ཉིན་ཞག་གཅིག་གི་དུས་སུ། རླུང་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་རྒྱུ་བའི་ཚུལ་ཡིན་ཞིང་། དེ་ཡང་འཁོར་ལོ་བཞི་པོ་རེ་རེ་ནས་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་སྔ་མ་ཕྱི་མ་ཡིན་པ་དུས་མཉམ་དུ་རྒྱུ་བ་ཡིན་ནོ། །དེ་ཡང་ལྟེ་བའི་འདབ་མ་གཉིས་ ནས་རྒྱུ་བ་རྫོགས་པའི་ཚེ། སྤྱི་བོའི་འདབ་མ་གཅིག་ནས་འདབ་མ་གཉིས་པ་ལ་འཕོ་ལ། སྤྱི་བོའི་འདབ་མ་གཉིས་ནས་རླུང་རྒྱུ་བ་རྫོགས་པའི་ཚེ། མགྲིན་པའི་འདབ་མ་གཅིག་ནས་འཕོ་ལ། མགྲིན་པའི་འདབ་མ་གཉིས་ནས་རླུང་རྒྱུ་བ་རྫོགས་པའི་ དུས་སུ། །སྙིང་ཁའི་འདབ་མ་གཉིས་ནས་རླུང་འཕོ་བ་ཡིན་ནོ། །དེ་ལྟར་ཡང་། སྡོམ་འབྱུང་ལས། མེ་ལ་ཚེ་ཐུན་དུ་བརྗོད་པར་བྱ། །ཐུན་གཅིག་ཉིན་མོར་རིག་བྱ་སྟེ། །དེ་བཞིན་མཚན་མོའི་ཐུན་བཞིའོ། །འཕོ་བའི་ཡན་ལག་བཅུ་དྲུག་གི། རླུང་ནི་ ཉིན་ཞག་གཅིག་གིས་འགྱུར། །སྣ་ཡི་བུ་ག་ལ་རྟག་ཏུ། །ཐུན་ནི་ཕྱེད་ཕྱེད་ཡང་དག་རྒྱུ། ཞེས་དང་། རྩ་ནི་སུམ་ཅུ་གཉིས་ཞེས་བྱ། །ཐུན་གཅིག་གི་ནི་བཞི་ཆ་རྣམས། །རྩ་དང་ཆུ་ཚོད་ཅེས་ཀྱང་བརྗོད། །ཉིན་དང་མཚན་མོ་དབྱུ་གུའི་ཚད། །དྲུག་ཅུ་རྩ་ བཞི་དག་ཏུ་འགྱུར། །རྩ་ཕྱེད་ཐུན་ཆོད་ཕྱེད་དབྱུ་གུ། །ཐུན་ནི་བརྒྱད་ཆ་ཞེས་པར་གྲགས། །རླུང་གི་སྣ་སྒོར་འབྱུང་འཇུག་ལ། །དབུགས་སུ་ཡོངས་སུ་གྲགས་པ་སྟེ། ཞེས་གསུངས་སོ། །འདི་ཀྱེེ་རྡོ་རྗེའི་ལུགས་དང་འདྲ་བར། སྡོམ་འབྱུང་ 10-17-17a འགྲེལ་པ་ལས་བཤད་དེ། འཕོ་བ་བཅུ་དྲུག་གི་ལུགས་སོ། །མན་སྙེ་ལས། ཐམས་ཅད་འདོད་པ་ནི་རྩ་གསུམ་རྣམས་སུ་ཉིན་མཚན་གྱི་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་རྣམས་སུ་འགྱུར། ཞེས་ པའོ། །གསུམ་པ་རྩ་རླུང་ཐིག་ལེ་གཏན་ལ་ཕབ་པའི་དགོས་པ་ནི། འཆི་བའི་ཚེ་ས་ཆུ་ལ་ཐིམ་པ་ནས་མཐར་རྣམ་པར་ཤེས་པ་ཤི་བའི་འོད་གསལ་དུ་ཐིམ་པ་དེ་དག་དང་མཐུན་པར་རྫོགས་རིམ་སྒོམ་དགོས་པ་ཤེས་པའི་ཕྱིར་དུ། རྩ་རླུང་ ཐིག་ལེ་རྣམས་དང་པོར་གང་དུ་འཆགས་པ་དང་། བར་དུ་རྒྱུ་བའི་ཚུལ་དང་། མཐར་གང་ཐིམ་པ་དང་། ཇི་ལྟར་ཐིམ་པའི་རིམ་པ་རྣམས་ཤེས་པར་བྱ་བ་ཡིན་ནོ། །འབྱུང་བ་སྡུད་རིམ་ཡང་། འཕགས་པ་ལྷས། ས་ལ་སོགས་པ་བཞི་རྣམས་ དང་། །དེ་བཞིན་སྟོང་པ་རྣམ་པ་བཞི། །དངོས་པོ་བརྒྱད་དུ་ཤེས་པར་བྱ། །འཇིགས་དང་སྐྱེ་བའི་རྒྱུ་རྣམས་སོ། །འོད་གསལ་བ་ལས་སྟོང་པ་ཆེ། །སྟོང་པ་ལས་ཀྱང་ཐབས་བྱུང་ཞིང་། །དེ་ལས་ཤེས་རབ་སྐྱེ་བར་བྱེད། །དེ་ལས་རླུང་ནི་ཡང་དག་ འབྱུང་། །རླུང་ལས་མེ་ནི་ཡང་དག་འབྱུང་། །ཆུ་ལས་ཀྱང་ནི་ས་སྐྱེ་སྟེ། །སེམས་ཅན་རྣམས་ཀྱི་འབྱུང་བ་འདིའོ། །ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པའོ། །མེ་ཡང་ཕྲ་བའི་ཁམས་ལའོ། །རླུང་ནི་སེམས་ལ་རྣམ་པར་ཐིམ། སེམས་ནི་སེམས་ལས་བྱུང་ལ་ཐིམ། །མ་རིག་པ་ལས་སེམས་བྱུང་ངོ་། །དེ་ཡང་འོད་གསལ་བ་ལ་འགྲོ། འདི་ནི་སྲིད་གསུམ་འགོག་པའོ། །ཐོག་མ་མེད་པའི་དུས་ཅན་གྱི། །སྲིད་པའི་འཁོར་ལོ་འདི་འཇུག་སྟེ། །ཇི་སྲིད་སྒྱུ་འདྲའི་ཏིང་འཛིན་ 10-17-17b གྱིས། །བདག་ཉིད་མ་མཐོར་བར་དུའོ། །ཞེས་པ་ལུགས་ལྡོག་ལས་རིམ་གཉིས་ཀྱི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པར་བཤད་པས། རྫོགས་རིམ་གྱི་རྟོག་པ་རྣལ་མ་གཅིག་རྒྱུད་ལ་སྐྱེ་འདོད་ན། དེ་ལས་འཆི་བའི་དུས་ཀྱི་འབྱུང་བ་སྡུད་རིམ་ཤེས་ དགོས། དེ་ལས་བསྐྱེད་རིམ་ཤེས་དགོས་པས། བསྐྱེད་རིམ་ནི་དང་པོར་རྣམ་པར་ཤེས་པ་ལྷན་ཅིག་ཏུ་ཁུ་ཁྲག་གི་དབུས་སུ་གང་དུ་གཞུག་པ་དེ་ཉིད་སྙིང་ཁ་ཡིན་ལ། འཆི་བའི་ཚེ་ཡང་འབྱུང་བ་རིམ་གྱིས་བསྡུས་ནས་སྙིང་ཁ་ནས་འཆི་འཕོ་བ་ ཡིན་ནོ། །དེ་ཡང་འཆགས་དུས། རྩ་ཐམས་ཅད་ཀྱི་གཙོ་བོ་གསུམ་དང་པོའི་འཆགས་ས་ནི་སྙིང་ཁ་ཡིན་ལ། རྩ་འཆགས་པའི་འོག་ཏུ་རྣམ་ཤེས་དེར་ཞུགས་ཀྱང་ཕྱི་ནས་སྙིང་ཁའི་རྩ་མདུད་ཀྱི་དབུས་སུ་རྣམ་ཤེས་གནས་པ་ཡིན་ནོ། །སྙིང་ཁ་ ཡང་འཇིག་རྟེན་ན་གྲགས་པའི་སྙིང་དང་བྱང་ཁོག་གི་དབུས་ལ་མི་བྱེད་ཀྱི། ཚིགས་པའི་ནང་ངོས་ན་སྲོག་རྩ་དང་ལྷན་ཅིག་ཏུ་རྩ་དབུ་མ་གནས་པའི་ཆོས་འཁོར་གྱི་མདུད་པའི་དབུས་ནུ་མ་གཉིས་ཀྱི་བར་རོ། །དེ་ཡང་དང་པོར་ཐམས་ཅད་སྟོང་པ་སྟེ་ འཆི་བ་འོད་གསལ་ལས། སྟོང་ཆེན་ཉེར་ཐོབ་སྟེ་དྲི་ཟ་བར་སྲིད་དུ་སྐྱེ་བའི་སེམས་སོ། །དེ་ལ་ཐབས་སྣང་བ་མཆེད་པ་སྟེ་བར་དོར་དྲི་དང་གནས་ལ་འདོད་པའི་སེམས་སོ། །དེ་ལ་ཤེས་རབ་སྣང་བ་སྟེ་མངལ་དུ་སྐྱེ་བ་འཛིན་པའི་སེམས་སོ། །དེ་ནས་ མངལ་དུ་ཉིད་མཚམས་སྦྱར་མ་ཐག་ཏུ་འབྱུང་བ་བཞིག་ཡོད་མོད། འོན་ཀྱང་འབྱུང་བ་རགས་པ་སྐྱེ་བའི་དབང་དུ་བྱས་ནས། དང་པོར་རླུང་མེ་ཆུ་ས་རྣམས་རིམ་པ་ལྟར་འབྱུང་ཞིང་། དེ་རྗེས་གཟུགས་སོགས་ཕུང་པོ་རྣམས་དང་། མིག་སོགས་ 10-17-18a སྐྱེ་མཆེད་རྣམས་འབྱུང་ལ། དེ་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་འབྱུང་སྟེ་ཉིན་མཚན་གཉིས་ཀྱིས་ཕྱེ་བས་བརྒྱ་དྲུག་ཅུ་ཡིན་ནོ། །སྡུད་པའི་དུས་སུ་ས་ཆུ་ལ་ཐིམ། ཆུ་མེ་ལ། མེ་རླུང་ལ། རླུང་སེམས་སྣང་བ་ལ། དེ་ མཆེད་པ་ལ། དེ་ཉེར་ཐོབ་ལ། དེ་ཐམས་ཅད་སྟོང་པ་སྟེ་འོད་གསལ་ལ་ཐིམ་པ་སྟེ། དེ་ནི་འཆི་བ་འོད་གསལ་ལམ་རྨི་བ་དངོས་སོ། །དེ་ཡང་། ས་ཆུ་ལ་ཐིམ་ཞེས་བརྗོད་ཀྱང་། ས་ཁམས་ཡེ་མེད་དུ་སོང་བ་མིན་ལ། སས་ཤེས་པའི་རྟེན་ མི་བྱེད་པ་ལ་ས་ཆུ་ལ་ཐིམ་ཞེས་སོ། །ཆུ་མེད་ལ་ཐིམ་ཚུལ་སོགས་ཡང་དེ་དང་འདྲ། རླུང་རྣམ་ཤེས་ལ་ཐིམ་ཞེས་སོགས་ནི། སྣ་སྒོར་རྒྱུ་བའི་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའམ། ཡང་ན་རླུང་རགས་པ་དེ་སྙིང་ཁའི་རྩ་མདུད་ནང་ གི་ལྷན་སྐྱེས་ཀྱི་རླུང་ཕྲ་བ་ལ་ཐིམ་པའོ། །དེ་དུས་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་ཀྱང་། ལྷན་སྐྱེས་ཀྱི་རླུང་ཕྲ་མོས་ཤེས་པའི་རྟེན་བྱེད་པ་ཡིན་ནོ། །ལྷན་སྐྱེས་ཀྱི་རླུང་ཕྲ་མོ་གཅིག་པུས་ཤེས་པའི་རྟེན་བྱེད་ཀྱི། རླུང་རགས་པས་ཤེས་པའི་ རྟེན་མི་བྱེད་པའི་དུས་ནི། རླུང་རྣམ་ཤེས་ལ་ཐིམ་ནས་སེམས་དབེན་གྱི་རྟོག་པ་སྐྱེ་བ་ཡིན་ཏེ། དེ་ཡང་རང་བཞིན་བརྒྱད་ཅུ་གཡོ་བྱེད་ཀྱི་རླུང་རགས་རིམ་གྱིས་འགགས་པས། དེ་དང་དེའི་རྟོག་པ་རིམ་གྱིས་འགགས་ནས། སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་རིམ་གྱིས་སྐྱེ་བ་ཡིན་པས། རླུང་ རྣམ་ཤེས་ལ་ཐིམ་པའི་དོན་དེ་ལྟར་ཡིན་གྱི་ལྷན་སྐྱེས་ཀྱི་རླུང་ཐིམ་པ་ནི་མ་ཡིན་ནོ། །དེ་ཡང་དང་པོར་རླུང་རྣམ་ཤེས་ལ་ཐིམ་དུས་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་གཡོ་བྱེད་ཀྱི་རླུང་འགགས་པའི་སྟོབས་ཀྱིས་རྟོག་པ་དེ་འགགས་ནས་སྣང་བའི་ཡེ་ཤེས་སྐྱེ་ལ། 10-17-18b དེས་ནི་སྟོན་དུས་ཀྱི་མཚན་མོ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་འོད་ཟེར་སྣང་བ་དང་འདྲ་བའི་སྟོང་ཉིད་རྟོགས་སོ། །འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་གཡོ་བའི་རླུང་འགགས་པའི་སྟོབས་ཀྱིས་རྟོག་པ་དེ་འགགས་ནས་སྣང་བ་མཆེད་པའི་ཡེ་ཤེས་སྐྱེ་བས། དེས་ནི་ཉིན་པར་གྱི་ནམ་མཁའ་དྭངས་ པ་ལ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་དང་འདྲ་བའི་སྟོང་ཉིད་རྟོགས་སོ། །གཏི་མུག་ལས་གྱུར་པའི་རྟོག་པ་བདུན་གཡོ་བའི་རླུང་འགགས་པའི་སྟོབས་ཀྱིས་རྟོག་པ་དེ་དག་འགགས་པ་ན་ཉེར་ཐོབ་ཀྱི་ཡེ་ཤེས་སྐྱེ་ལ། དེས་ནི་ཉི་ཟླའི་སྣང་བ་མེད་པའི་མཚམས་ཀྱི་མུན་པ་དང་འདྲ་བའི་སྟོང་ཉིད་རྟོགས་སོ། ། རང་བཞིན་བརྒྱད་ཅུ་སྣང་པ་ལ་ཐིམ་ཞིང་སྣང་བ་གསུམ་ཡང་རིམ་གྱིས་ཐིམ་པའི་རྟགས་ཏེ། རྟག་ཏུ་སྣང་བ་འོད་གསལ་དུ་གྱུར་པ་ཞེས་བཤད་ཀྱང་། འོད་གསལ་འཆར་བའི་རྟགས་ཡིན་གྱི་དངོས་མིན་ནོ། །བརྟན་འགྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའ་ཁྱབ་པར་སྤྲོ་བར་བྱ། ཞེས་ནམ་མཁའ་ཁྱབ་ པ་ནི་དངོས་པོ་མཐའ་དག་གི་ཆོས་ཉིད་ལ་ཆུ་ལ་ཆུ་བཞག་པའི་ཚུལ་དུ་རིས་སུ་མ་ཆད་པར་ཁྱབ་པའོ། །རང་དབང་རིན་ཆེན་དགག་པ་ཡི། །གཟུང་དང་འཛིན་པ་ཡིན་པར་བཤད། །རང་ནི་གཟུགས་སྒྲ་ལ་སོགས་པའི་ཡུལ་དང་། དབང་པོ་ནི་མིག་ལ་སོགས་པ་དང་། རིན་པོ་ཆེ་ནི་ལུས་ངག་གི་ རྟེན་རླུང་སེམས་ཏེ་དེ་དག་དོན་དམ་པའི་བདེན་པ་དང་། ཆུ་ལ་ཆུ་བཞག་པའི་ཚུལ་དུ་ཐིམ་པ་ནི་དགག་པའོ། །འབྱུང་བ་སྡུད་པའི་ཚེ་རླུང་སེམས་སྣང་བ་ལ་ཐིམ་པ་དང་། དེ་སྣང་མཆེད་ལ་ཐིམ་དུས་དང་། དེ་ཉེར་ཐོབ་ལ་ཐིམ་དུས་དང་། དེ་སྟོང་པ་འོད་གསལ་ ལ་ཐིམ་པའི་དུས་རྣམས་ཡིན་ལ། དེའི་ཚེ་ལྷན་སྐྱེས་ཀྱི་རླུང་དེ་ནི་འཆི་དུས་ལས་གཞན་དུ་མི་འཕོ་ལ་མི་ཤིགས་པའི་ཐིག་ལེ་འམ། ཡེ་ཤེས་ཀྱི་རླུང་ཞེས་ཀྱང་ཟེར་རོ། །རླུང་དེ་དང་ལྷན་ཅིག་གནས་པའི་དང་པོའི་ཤེས་པ་རང་བཞིན་བརྒྱད་ཅུའི་ 10-17-19a རྣམ་རྟོག་རགས་རིམ་ནས་འགགས་པ་དེ་ལ། འོད་གསལ་གྱི་མ་ཞེས་པ་དང་། དོ་ཧ་ནས། མ་བཅོས་པ་དང་། བརྟག་གཉིས་ནས། ལུས་ལ་ཡེ་ཤེས་ཆེན་པོ་གནས། ཞེས་པའང་དོན་དེ་ལ་དགོངས་སོ། །གཞིའི་འོད་གསལ་ དེ་དང་འདྲ་བར། ལམ་དུས་སུ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བྱང་སེམས་དཀར་དམར་གྱི་འདུ་འཕྲོད་ལ་བརྟེན་ནས། རང་བཞིན་བརྒྱད་ཅུའི་རྟོག་པ་རགས་པ་རྣམས་བཀག་ནས་བདག་མེད་སྒོམ་པ་ནི། ལམ་གྱི་འོད་གསལ་ལམ་འོད་གསལ་དུ་ཞེས་ ཀྱང་ཟེར་རོ། །ཡང་རྩ་རླུང་ཐིག་ལེ་མང་དུ་གསུངས་པའི་དགོས་པ་ནི། འཆི་བའི་ཚེ་ལྟེ་བའི་དམར་ཆ་ཡར་ལ་འགྲོ། སྤྱི་བོའི་དཀར་ཆ་མར་འོང་བའི་འདུ་འཕྲོད་ལ་བརྟེན་ནས་གཉིས་སྣང་དང་བྲལ་པའི་འོད་གསལ་མངོན་དུ་འགྱུར་ལ། དེ་ཡང་གཉིས་ སྣང་འགགས་པ་ཙམ་ལ་འོད་གསལ་དུ་བཏགས་པ་ཡིན་གྱི་མཚན་ཉིད་པ་ནི་མ་ཡིན་ནོ། །དེ་དང་འདྲ་བར་ལམ་དུས་སུ་རླུང་དང་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་དམར་པོ་དང་དཀར་པོའི་འདུ་འཕྲོད་བྱས་ཡོད་ཅིང་། འདུ་འཕྲོད་བྱུང་ དུས་སུ་གཉིས་སྣང་རགས་པ་འགགས་པས་དེ་དུས་སུ། སྟོང་ཉིད་ཀྱི་ངེས་ཤེས་གསལ་བཏབ་ན་གཞན་དང་མི་འདྲ་བའི་སྟོང་ཉིད་རྟོགས་པ་ལ་བོགས་འོང་བས་དེ་ལ་དགོངས་ནས་བཤད་པ་ཡིན་ནོ་ཞེས་ཀྱང་གསུང་། རྫོགས་རིམ་གྱི་ སྐབས་སུ་དཀར་དམར་འདུ་འཕྲོད་བྱེད་པའི་གནས་ཀྱང་སྙིང་ཁ་ཡིན་ལ། བསྐྱེད་རིམ་གྱི་སྐབས་སུ་ལྷ་གཙོ་བོ་ལས་འཁོར་རྣམས་སྤྲོ་བསྡུ་བྱེད་པ་ཡང་སྙིང་ཁའི་རྩ་དང་རླུང་ལས། ཕྱོགས་ཀྱི་རྩ་དང་རླུང་གཞན་རྣམས་སྤྲོ་བསྡུ་བྱེད་ 10-17-19b པ་དེ་ལ་དཔེ་བྱས་ནས་སྒོམ་ཞིང་། དེའང་བསྐྱེད་རིམ་གྱི་དུས་སུ། སྦྱང་གཞི་འབྱུང་བ་ཐིམ་པའི་རིམ་པ་དང་མཐུན་པར། དམ་ཚིག་སེམས་དཔའ་ཡེ་ཤེས་པ་དེ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ་ནས། ནཱ་ད་འོད་གསལ་ལ་ཞུགས་ པའི་བར་ཡང་སྙིང་ཁའི་གནས་དེར་དམིགས་པ་གཏོད་ཅིང་། རྫོགས་རིམ་གྱི་སྐབས་སུ་འབྱུང་བ་ཐིམ་པའི་རིམ་པ་དང་མཐུན་པར་ཏིང་ངེ་འཛིན་སྒོམ་པ་ཡང་ངོ་། །མཐར་སྙིང་ཁའི་རྣམ་ཤེས་འོད་གསལ་དུ་ཞུགས་པའི་བར་དུ་བྱེད་ཅིང་དེ་ལས་ཡང་ རླུང་ལུགས་ལྡོག་ཏུ་ལྷའི་རྣམ་པ་འཆར་བ་བྱེད་པ་ཡིན་ནོ། །ཡང་གཞི་དུས་སུ་རྩ་དང་རླུང་འཆགས་པའི་རིམ་པའམ། སེམས་ཅན་སྐྱེ་བའི་རིམ་པ་དང་མཐུན་པར་ལམ་བསྐྱེད་རིམ་གྱི་སྐབས་སུ་ལྷ་སྐུ་བསྒོམས་ནས། སྙིང་ཁའི་ཏིང་ངེ་འཛིན་ སེམས་དཔའ་ལ་སྤྲོ་བསྡུ་མང་དུ་བྱས་ནས་བསྒོམས་ཀྱང་མོས་པ་ཡིད་བྱེད་ཙམ་ལས་སྣོད་བཅུད་འོད་གསལ་དུ་འཇུག་མི་ཐུབ་ལ། རྫོགས་རིམ་གྱི་སྐབས་སུ་རླུང་དང་ཐིག་ལེའི་རྣལ་འབྱོར་ལ་ནུས་པ་ཐོན་ནས་ཏིང་ངེ་འཛིན་གྱི་མཐུས། འཆི་དུས་ཀྱི་འབྱུང་བ་སྡུད་པ་ལ་སྐུག་མི་དགོས་པར། འབྱུང་བ་རྣམས་རིམ་གྱིས་བསྡུས་ནས་གཉིས་སྣང་དང་བྲལ་བའི་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་སུ། དེ་ལས་ལངས་མ་ཐག་ཁོ་ནར་འཇའ་ལུས་ལས་གྲུབ་པའི་ལྷ་སྐུར་ ལྡང་བ་ཡིན་ལ། དེས་འབྲས་དུས་ཀྱི་གཟུགས་སྐུ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་དོ། །དེས་ན་བླ་མེད་ཀྱི་རྒྱུད་སྡེ་དུ་མ་ནས་བསྐྱེད་རིམ་གྱི་སྐབས་སུ། གཞི་དུས་ཀྱི་སྐྱེ་ཤི་བར་དོ་གསུམ་དང་སྦྱར་ནས་སྒོམ་དགོས་པར་མང་དུ་གསུངས་ 10-17-20a པའི་དགོས་པ་ཡང་། རྫོགས་རིམ་གྱི་སྐབས་སུ་བོགས་འདོན་ཚུལ་ཡང་གཞན་དང་མི་འདྲ་བ་དེ་ལྟ་བུ་ལ་དགོངས་པ་ཡིན་གསུང་། གཉིས་པ་དེ་ལས་གནད་དུ་བསྣུན་པའི་རྣལ་འབྱོར་ལ། རྡོ་རྗེའི་ལུས་ལ་གནད་དུ་ བསྣུན་པའི་དགོས་པ་དང་། རྣལ་འབྱོར་དངོས་སོ། །དང་པོ་ནི། རྫོགས་པའི་རིམ་པ་མི་ཐ་མལ་པའི་འབྱུང་བ་ཐིམ་རིམ་དང་། ཐོག་མའི་རླུང་གི་རྣལ་འབྱོར་སོགས་ལ་བཤད་པ་ཡོད་ཀྱང་། བཏགས་ནས་བསྟན་པ་ཡིན་གྱིས་རྫོགས་ རིམ་མཚན་ཉིད་པ་ནི། བསྐྱེད་རིམ་མན་ཆད་ཐུན་མོང་མ་ཡིན་པའི་དགའ་བཞིའི་རྟོགས་པ་བསྐྱེད་ནས་སྒྲུབ་དགོས་པའི་ཕྱིར་རོ། །དེ་ལ་མ་རྒྱུད་ནས། འབྱུང་བ་ཐིམ་པའི་རིམ་པས་འོད་གསལ་ལ་ཞུགས་པའི་སྟོང་ཉིད་རྟོགས་ པའི་ཤེས་རབ་ཀྱི་ཆ་ནས་རྒྱས་པར་གསུངས་ཡང་། ཤེས་རབ་དེ་ཉིད་ལྷའི་སྐུར་འཆར་བའི་ཐབས་ཀྱི་ཆ་རྣམས་རྫོགས་པར་མ་གསུངས་ཤིང་། དེ་ཉིད་དཔལ་གསང་བ་འདུས་པ་སོགས་ཕ་རྒྱུད་རྣམས་ལས་གསུངས་པ་ཡིན་ ནོ། །ཕ་རྒྱུད་མ་རྒྱུད་ཀྱི་དབྱེ་བ་ཡང་ཇི་སྐད་བཤད་པའི་ཐབས་དང་། ཤེས་རབ་གཉིས་བརྗོད་བྱའི་གཙོ་བོ་སྟོན་མི་སྟོན་གྱི་སྒོ་ནས་དབྱེ་བས་གཉིས་ཀས་ཀྱང་མ་བསྟན་པ་ནི་མ་ཡིན་ནོ། །མདོར་ན་ཐ་མལ་པ་ཤི་བའི་ཚེ། བར་དོ་ གྲུབ་ནས་འཁོར་བའི་རྒྱུར་འགྱུར་བ་དེ་ཉིད། རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྒྱུ་མ་ལྟ་བུའི་ལྷ་སྐུར་འཆར་ནུས་པ་ཡིན་ནོ། །དེ་ཡང་མདོར་ན་ལུགས་ལྡོག་གི་སྟོང་པ་གསུམ་གྱི་མཐར་སྒྱུ་ལུས་དང་ལུགས་ 10-17-20b ལྡོག་གི་སྟོང་པ་བཞིའི་མཐར་ཟུང་འཇུག་འགྲུབ་ཚུལ། ཕ་རྒྱུད་པ་གསལ་ཞིང་རྒྱས་པས་དེ་དག་མ་རྒྱུད་པ་ལ་ཡང་གོ་དགོས་ལ། ཡི་གེ་ཐིག་ལེ་སོགས་གཏུམ་མོའི་རྣལ་འབྱོར་གྱིས་བདེ་བ་ཆེན་པོ་བསྐྱེད་པ་མ་རྒྱུད་རྣམས་གསལ་ཞིང་རྒྱས་པས་ དེ་དག་ཕ་རྒྱུད་ལ་ཡང་ག་དགོས་སོ། །འདི་ལ་གཉིས། སྣང་ཕྱོགས་ཀྱི་རྫོགས་རིམ་དང་སྟོང་ཕྱོགས་ཀྱི་རྫོགས་རིམ་མོ། །དང་པོ་ནི། རླུང་འོད་ཟེར་ལྔ་དང་བཅས་པ་ཉེ་བར་ལེན་པའི་རྒྱུ་དང་སྟོང་པ་གསུམ་གྱི་ཡེ་ཤེས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་ ལ་བརྟེན་ནས། རླུང་སེམས་ཙམ་ལས་གྲུབ་པ་སྒྱུ་མ་ལྟ་བུའི་ལྷའི་སྐུ་འཇའ་ལུས་རྡོ་རྗེའི་སྐུར་བཞེངས་པ་ཡིན་ནོ། །བྱེ་བྲག་གིས། སྔགས་ཀྱི་སྐུ་དང་ཡེ་ཤེས་སྐུ། །ཡེ་ཤེས་སྐུ་ལས་ཡེ་ཤེས་དང་། །རྣམ་པར་དག་པའི་སྐུ་གཉིས་སོ། །ཞེས་ གསུངས་སོ། །གཉིས་པ་སྟོང་ཕྱོགས་ལས་བདེ་བ་ངོས་བཟུང་བ་དང་། སྟོང་པ་དང་། བདེ་སྟོང་དབྱེར་མེད་དུ་བྱེད་པའི་ཚུལ་དང་། དེ་གཉིས་བསྒྲུབ་པའི་རིམ་པའོ། །དང་པོ་ནི། བདེ་བ་ཙམ་གྱིས་མི་ཆོག་སྟེ། སེམས་གནས་ཀྱིས་བསྒྲུབས་པའི་ཤིན་ སྦྱངས་ཀྱི་བདེ་བ་ཕྱི་རོལ་པ་ལ་ཡང་ཡོད་པའི་ཕྱིར་དང་། ཕར་ཕྱིན་ཐེག་པ་ནས་བསྟན་པའི་རླུང་འབྱུང་འཇུག་བགྲངས་པ་ལས་འབྱུང་བའི་བདེ་བ་དང་། བྱ་སྤྱོད་ནས་བཤད་པའི་སྟོང་པ་དང་། ལྷའི་རྣལ་འབྱོར་སྒོམ་པ་གཞིར་བྱས་ནས་སྲོག་རྩོལ་ བསྡམས་པ་ལས་བྱུང་བའི་བདེ་བ་སོགས་ལས་ཀྱང་ཆེས་མི་འདྲ་བ་ཞིག་དགོས་ལ། ཟག་པ་མེད་པའི་བདེ་བས་ཀྱང་མི་ཆོག་སྟེ་དེ་ནི་ཉན་རང་ལ་ཡང་ཡོད་པའི་ཕྱིར་རོ། །འོ་ན་གང་ཡིན་ཞེ་ན། ཞུ་བའི་བདེ་བའོ། །གཉིས་པ་ནི། སྟོང་པ་ཕར་ 10-17-21a ཕྱིན་ཐེག་པ་ནས་བསྟན་པ་ལས་ལོགས་སུ་གཏན་ལ་དབབ་རྒྱུ་ཅུང་ཟད་ཀྱང་མེད་པས་དེ་ཉིད་གཞིར་འཇོག་ལ། སྟོང་པ་དེའང་ཡུལ་ལས་བྱེད་པ་དང་། ཡུལ་ཅན་ལས་བྱེད་པ་གཉིས་ལས། འདིར་ནི་ཤཱནྟི་པས་བཞེད་པ་ལྟར་ ཡུལ་བདག་མེད་པ་ལྟ་བུ་ཡིན་ནོ། །གསུམ་པ་ནི། རྒྱུད་སྡེ་འོག་མ་གསུམ་དང་ཕར་ཕྱིན་ཐེག་པར་སྟོང་པ་གཏན་ལ་ཕེབས་ནས་དེ་གོ་བའི་བློ་དེ་ཉིད་ཐབས་དང་བཅས་ནས་སྒོམ་པ་ཡིན་གྱི། སྟོང་པའི་ཡུལ་ཅན་གྱི་བློ་ལོགས་སུ་བསྒྲུབ་མི་དགོས་ ལ། འདིར་ནི་སྟོང་པ་སྒོམ་པའི་ཡུལ་ཅན་གྱི་བདེ་བ་ཐབས་མཐའ་ཡས་པས་ལོགས་སུ་བསྒྲུབ་དགོས་ལ། དེ་ཡང་རྡོ་རྗེ་བཟླས་པའམ། གཏུམ་མོའི་རྣལ་འབྱོར་གྱི་སྟོབས་ཀྱིས་ལྟེ་བའི་དམར་ཆ་འཕེལ་ནས། སྤྱི་བོའི་བྱང་སེམས་བཞུ་སྟེ་ ལུས་ཤེས་ཀྱི་འཁོར་དུ་ཚོར་བའི་བདེ་བ་སྐྱེ་ལ། དེས་དེ་མ་ཐག་རྐྱེན་བྱས་ནས་ཡིད་ལ་དགའ་བའམ་བདེ་བ་སྐྱེ་ལ། དགའ་བ་དེས་ཡུལ་སྟོང་ཉིད་བཟུང་ནས། དེ་དང་སྟོང་ཉིད་གཉིས་ནི་ནམ་མཁའ་དང་ནམ་མཁའ་སྦྱོར་བ་ལྟ་བུ་སྦྱོར་བ་སྟེ། ཁ་སྦྱོར་ལས། དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་བ། །ནམ་མཁར་ནམ་མཁའ་ཇི་ལྟའོ། །ཞེས་གསུངས་ལ། བདེ་སྟོང་དབྱེར་མེད་པའི་ཟུང་དུ་འཇུག་པའི་རྫོགས་ རིམ་ཞེས་ཀྱང་བྱའོ། །ཡང་སྔགས་ཀྱི་སྐབས་སུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་ཅེས་བཤད་པ་ནི། སྟོང་པ་ནི་ཆོས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་པའི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཡིན་ལ། སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་ན་སྙམ་པའི་ 10-17-21b སྙིང་རྗེ་ཁོ་ན་ལ་མི་བྱེད་ཀྱི། གཟུགས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་པའི་ཐབས་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །དེས་ན་སེམས་ཀྱི་རྟེན་ཐིག་ལེ་ཡིན་ལ། རྗེ་མར་པ་ནས་བརྒྱུད་པ་རྣམས་ཀྱི་ལུགས་ལ་ཉིན་ཞག་གཅིག་ལ་གཉིད་དུ་སོང་མ་སོང་གཉིས་སུ་ངེས་ལ། གཉིད་དུ་སོང་བ་ལ་རྨི་ལམ་ཡོད་མེད་གཉིས་ལས། རྨི་ལམ་མེད་པའི་གཉིད་འཐུག་གི་དུས་སུ་སེམས་ཀྱི་རྟེན་བྱང་སེམས་དཀར་དམར་སྙིང་ཁ་ན་གནས་པས་དེར་སེམས་འཛིན་ལ། རྨི་ལམ་རྨི་བའི་དུས་དེར་མགྲིན་པ་ན་གནས་པས་དེར་སེམས་ འཛིན། གཉིད་དུ་མ་སོང་བའི་ཚེ་གཙོ་ཆེར་ལྟེ་བ་ན་གནས་པས་དེར་སེམས་འཛིན་ལ། ཕོ་མོ་སྦྱོར་བའི་དུས་དེར་སྤྱི་བོ་ན་གནས་ཞེས་བཤད་དོ། །དུས་འཁོར་ལས། སྙིང་ཁ་དང་མགྲིན་པར་ཐིག་ལེ་གནས་པའི་དུས་ནི་སྔ་མ་དང་འདྲ་ལ། གཞན་ གཉིས་ལྡོག་ནས་གཉིད་དུ་མ་སོང་དུས་སྤྱི་བོ་དང་། ཕོ་མོ་སྦྱོར་བའི་དུས་ལྟེ་བར་གནས་པར་བཤད་དོ། །བཞི་པ་དེ་གཉིས་སྒྲུབ་པའི་རིམ་པ་ནི། ཐོག་མར་སྟོང་པ་རྟོགས་དགོས་ཏེ། །བསྐྱེད་རིམ་གྱི་ཡང་ཐོག་མ་ནས་སྭ་བྷཱ་ཝའི་སྔགས་དོན་སེམས་ པར་གསུངས་པའི་ཕྱིར་རོ། །ཞུ་བའི་བདེ་བ་ཡང་། གང་ཞུ་བ་དང་། གང་གིས་ཞུ་བ་དང་། འཇུ་བར་བྱེད་པའི་རྐྱེན་ནོ། །དང་པོ་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ལྟེ་བ་དབུ་མའི་ནང་ན་གནས་པའི་ཁམས་སྔགས་དོན་སེམས་པ་ནི། ཤཱུ་ནྱ་ཏཱ་ ནི་སྟོང་ཉིད་དང་། ཛྙཱ་ན་ཡེ་ཤེས་དང་། བཛྲ་ནི་རྡོ་རྗེ་དང་། སྭ་བྷཱ་ཝ་ནི་རང་བཞིན་དང་། ཨཱ་ཏ་མ་ཀོ་ནི་ངའོ། ཞེས་བའི་དོན་ཡིན་པས། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་བདག་ཉིད་ནི་ངའོ། །ཞེས་པ་སྟེ། རྣལ་འབྱོར་པ་དེའི་བདག་ཏུ་ཐ་སྙད་གདགས་པའི་གཞིའི་གཙོ་བོ་སེམས་དེ་ 10-17-22a བཞིན་ཉིད་དང་དབྱེར་མེད་པར་སོང་བའི་ཕྱིར་རོ། །དེ་ལ་དབུ་མའི་ལྟ་བ་རྙེད་པ་ཅིག་དགོས་སོ། །དཀར་པོ་ཧཾ་གིས་མཚོན་པའི་དོན་ནོ། །གཉིས་པ་ནི། ལྟེ་བའི་འཁོར་ལོའི་དབུ་མའི་ནང་ན་གནས་པའི་ཐིག་ལེ་དམར་པོ་འབར་ བ་ལས་སོ། །མེ་སྤོར་བའི་རྐྱེན་ཁ་སྦྱོར་ལས། ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། ཞེས་གསུངས་པའི་རླུང་རྣལ་འབྱོར་སོགས་སྒོམ་པ་དང་དབང་པོ་གཉིས་སྦྱོར་གྱིས་བསྐུལ་བའི་རླུང་ངོ་། །རླུང་དེ་ཡང་ཐུར་སེལ་ ཡིན་ཞིང་དེ་གང་ན་གནས་པ་ནི། རྡོ་རྗེ་ཕྲེང་བའི་རྒྱུད་ལས། གཡོན་པ་ཟླ་བ་བྱང་སེམས་འབབ་གཡས་པ་ཁྲག་དང་ཉི་མ་འབབ། །ཤེས་བྱ་དབུས་སུ་རྒྱུ་བའི་རླུང་། །མེ་སད་བྱེད་པར་ཤེས་པར་བྱ། ཞེས་གསུངས་པས། དབུ་མའི་ནང་ལྟེ་བའི་འོག་གི་ སུམ་མདོ་ན་གནས་པ་དེ་ཡིན་ནོ། །འོ་ན་དེར་རྒྱུ་བའི་རླུང་དེ་ཐུར་སེལ་སོ་མ་ཞིག་གམ་རྙིང་པ་ཞིག་ཡིན་སྙམ་ན། རྣལ་འབྱོར་པའི་སྒོམ་སྟོབས་ཀྱིས་སྣ་བུག་ལ་རྒྱུ་བའི་ལས་རླུང་འགག་ཅིང་། དེའི་སྟོབས་ཀྱིས་ནང་དུ་ཁེངས་པ་ལྟར་གྱུར་པ་ནི་རླུང་ཡང་རང་བཞིན་ གྱིས་འགགས་ཏེ། དེ་ཡང་རེས་འགའ་མ་ཡིན་པར་བརྟན་པོར་སོང་བ་ན་དེའི་མཐུས། སྔར་ཨ་ཝ་དྷཱུ་ཏཱི་ལྟེབས་པ་ལྟར་གྱུར་པ་དེ། ལས་རླུང་གིས་ལེགས་པར་རྒྱས་ནས། དེའི་ནང་དུ་ཐུར་སེལ་དུ་མ་ཞིག་སྐྱེས་པ་དེས་མེ་སྦོར་བ་ཡིན་ཏེ། རྒྱུད་རྡོ་རྗེ་ ཕྲེང་བའི་བཞི་པར། དཔའ་བོ་རྣལ་འབྱོར་མ་སྦྱོར་བ། །གང་ཚེ་གསང་བའི་རྩ་གཉིས་ནི། །ཡང་དག་ སྦྱོར་བས་རེག་གྱུར་པ། དེ་ཚེ་ནམ་མཁའ་རྣམ་རྒྱས་ཉིད། །ནམ་མཁའ་ལས་ནི་སྐྱེས་པའི་རླུང་། །དེ་ཡིས་མེ་ནི་རབ་ཏུ་འབར། །རྩ་ནི་སྟོང་ཕྲག་བདུན་ 10-17-22b ཅུ་གཉིས། །རྩ་རྣམས་རབ་སད་མེ་དེ་ཡིས། །བདེ་བ་ཀུན་གྱི་གོ་འཕང་མཆོག །བདེ་བ་ཆེན་པོ་བྱང་ཆུབ་སེམས། །རྣམ་པར་ཞུ་ནས་རྩར་གནས་པ། ཞེས་རླུང་དེ་གཡོས་པས་ལྟེ་བའི་མེ་འབར་ནས། སྤྱི་བོའི་ཧཾ་ཡིག་ཞུ་སྟེ་ལྷན་སྐྱེས་ཀྱི་བདེ་བ་སྒྲུབ་པར་ བྱེད་པ་ཡིན་ནོ། །དེ་གཡོ་བར་བྱེད་པ་ལ་གཡས་གཡོན་གྱི་རྒྱུ་བ་བཅད་དགོས་ཏེ། དེའི་རྒྱུ་མཚན་གཡས་གཡོན་རྒྱུ་བའི་ཚེ་རྟོག་པ་རགས་པ་བཅད་མི་ཐུབ་ལ། དེ་ནམ་གཡོས་པ་ན་ཞུ་བདེ་སྐྱེས་ནས་རྟོག་པ་རགས་པ་གཅོད་པའི་ཕྱིར་དང་། གཡས་གཡོན་ གྱི་རླུང་རྒྱུ་བ་འགགས་པ་དེ་དེའི་རྐྱེན་ཡིན་པའི་ཕྱིར་རོ། །གཉིས་པ་གཡས་གཡོན་གྱི་རྒྱུ་བ་འགོག་པའི་རྣལ་འབྱོར་དངོས་ལ། རླུང་གི་རྣལ་འབྱོར་དང་། ཐིག་ལེའི་རྣལ་འབྱོར་དང་། གཏུམ་མོའི་རྣལ་འབྱོར་རོ། །དེ་ཡང་གཏུམ་མོ་བྱེ་བྲག་པ་མེ་དམིགས་ ལ་བཟུང་བ་ཡིན་གྱི། སློབ་དཔོན་ཨ་བྷྱས། ལྷན་སྐྱེས་ཀྱི་གཏུམ་མོ་དང་། རྣལ་འབྱོར་གྱི་གཏུམ་མོ་དང་། ལས་ཀྱི་གཏུམ་མོ་གསུམ་དུ་ཕྱེ་བ་ལྟར་ན་རྫོགས་རིམ་མཐའ་དག་གཏུམ་མོར་འདུས་པའི་ཕྱིར་རོ། །རླུང་གི་རྣལ་འབྱོར་ལ་ཡང་། དུས་ འཁོར་ནས། སྲོག་ཐུར་བསྲེ་བའི་བུམ་པ་ཅན་ལ་རྩལ་དུ་འདོན་པར་བཤད་ཅིང་། བུམ་པ་ཅན་ཆེ་ཆུང་གསུམ་གྱི་དབྱེ་བ་ཡང་། སྡོམ་འབྱུང་ལས། ཡང་ན་བུམ་པ་ཅན་སྦྱོར་བ། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། བདག་ཉིད་རིག་པས་རྐང་ མཐིལ་བར། །ཐམས་ཅད་རླུང་གིས་ཀུན་བཀང་སྟེ། །བུམ་པ་ཅན་ལ་བརྟན་བྱས་ནས། །དབྱེ་བ་གསུམ་གྱིས་བཞག་པར་བཤད། །ཐ་མ་སུམ་ཅུ་རྩ་དྲུག་ཙམ། །དེ་ལས་ཉིས་འགྱུར་འབྲིང་ཡིན་ཏེ། །སུམ་འགྱུར་མཆོག་ཏུ་ཤེས་པར་བྱ། །བུམ་ 10-17-23a པ་ཅན་དེ་རྒྱལ་བར་འགྱུར། །བུམ་པ་ཅན་སྔར་ཤེས་བྱས་ནས། །བདག་ཉིད་སྐྱིལ་མོ་ཀྲུང་བཅས་ཏེ། །ལག་པ་ལན་གསུམ་མཉེས་ནས་ནི། །དེ་ནས་ལན་དྲུག་སེ་གོལ་གདབ། །ཇི་སྲིད་སུམ་ཅུ་རྩ་དྲུག་ཙམ། །དེ་སྲིད་བུམ་པ་ཅན་ བྱས་ཏེ། །སུམ་འགྱུར་མཆོག་གིས་གཞལ་བར་ནི། །བརྒྱད་ལྷག་པ་ཡི་བརྒྱ་ཙམ་མོ། །ཞེས་གསུངས་སོ། །གསང་འདུས་འཕགས་ལུགས་པས། ངག་དབེན་རླུང་གི་རྔར་བཟླས་ཀྱིས་སྙིང་ཁའི་རྩ་མདུད་བཤིག་ནས་སྤྱི་བོའི་བྱང་སེམས་ཞུ་བས་ ལྷན་སྐྱེས་ཀྱི་བདེ་བ་སྐྱེ་ལ། དེས་ཡུལ་སྟོང་ཉིད་བཟུང་བའི་བདེ་སྟོང་དབྱེར་མེད་ལས། བདེ་བ་དང་སྟོང་པ་གཉིས་གཅིག་གིས་གཅིག་ཕན་ཚུན་རྒྱས་འདེབས་ནི་དབྱེར་མེད་ཀྱི་དོན་ཡིན་ནོ། །རླུང་སྔགས་དབྱེར་མེད་ཀྱི་རྡོར་བཟླས་དེ་ཡང་། སྤྱོད་བསྡུས་ ལས། འདི་ཉིད་ཀྱིས་རྫོགས་པའི་རིམ་པ་བཤད་པ་ནི། ཨཱ་ལི་ཀཱ་ལི་རྣམས་ཀྱིས་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ཚུལ་གྱིས་ཡི་གེ་གསུམ་བསྐྱེད་ལ། ཡི་གེ་གསུམ་ཡང་འཇུག་པ་དང་། གནས་པ་དང་། ལྡང་བ་ངེས་པར་སྦྱར་ལ་དཀྱིལ་ འཁོར་བཞིའི་རིམ་གྱིས་སྲོག་དང་རྩོལ་བའི་བདག་ཉིད་ཅན་གྱི་རྡོ་རྗེ་བཟླས་པ་བྱའོ། །ཞེས་སོ། །ཐིག་ལེའི་རྣལ་འབྱོར་ནི། སློབ་དཔོན་ཡེ་ཤེས་ཞབས་ཀྱིས། ཀུན་རྫོབ་པའི་སྣ་རྩེ་དང་། སྙིང་ཁ་དང་། གསང་བའི་རྩེར། སྤྲུལ་པའི་ཐིག་ལེ་དང་། མི་ཤིགས་པའི་ཐིག་ལེ་དང་། གསང་བའི་ཐིག་ལེ་བསྒོམས་ནས། མེ་སྦོར་བ་ཐིག་ལེའི་རྣལ་འབྱོར་སོགས་གསུངས་སོ། །གཏུམ་མོའི་རྣལ་འབྱོར་ནི། ཌོཾ་བྷི་ཧེ་རུ་ཀ་སློབ་དཔོན་སོགས་དང་། ནག་པོ་སྤྱོད་པ་སོགས་ཀྱིས་གཏུམ་མོ་ལ་རྩལ་ 10-17-23b དུ་འདོན་པ་སོགས་དུ་མ་ཡོད་ཀྱང་། གྲུབ་ཆེན་རྣམས་ཀྱིས་མཛད་པའི་ལམ་གྱི་གནད་མ་འཕྱུགས་པ་ཤེས་ན་གང་ཉམས་སུ་བླངས་ཀྱང་ལྷན་སྐྱེས་ཀྱི་བདེ་བ་སྒྲུབ་ནུས་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེའི་ནང་ནས་ཀྱང་། ཁ་སྦྱོར་ལས། དེ་ཡི་ནང་དུ་སོན་པའི་རྩ། །མར་མེ་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱང་ཞིང་ཁ་ནི་འོག་ཏུ་འོང་། །དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ཧཱུཾ་གི་ས་བོན་ནི། །ཁ་བ་ལྟ་བུར་འཇུག་པ་ཉིད། ། ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །རྒོད་མའི་མེ་ཡི་གཟུགས་ཀྱིས་ནི། །བདག་མེད་པ་ནི་ཡི་གེར་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོག་པ་ཡིས་ མཆོག་ཤེས་པས། །སྙོམས་པར་འཇུག་པས་རྣམ་པར་གནས། དཔའ་བོ་ཤཱི་ནི་ཧེ་རུ་ཀ །འདི་ནི་དཔྱིད་དང་ཐིག་ལེར་བརྗོད། ཅེས་གསུངས། དེའང་རྐང་པ་དང་པོ་བཞིས་དབུ་མ་སྟོན་ནོ། །སྤྱིར་དབུ་མ་ནི་མི་བསྐྱོད་པའི་རྩ་ཡིན་པས་ཁ་ དོག་སྔོན་པོ་དང་། རོ་མ་འོད་དཔག་མེད་ཀྱི་རྩ་ཡིན་པས་དམར་པོ་དང་། རྐྱང་མ་རྣམ་སྣང་གི་རྩ་ཡིན་པས་དཀར་པོར་ཡོད། དེ་ཡང་སྤྱིར་བཏང་ཡིན་ལ། དམིགས་བསལ་ལ་གཏུམ་མོ་འབར་བའི་ཚེ་ན། གང་འབར་བའི་རྩ་རྣམས་ཏལ་མར་ གྱི་མར་མེའི་མདོག་ལྟ་བུར་ཡོད་དོ། །དེ་ཡང་སྙིང་ཁའི་རྩ་མདུད་ཀྱི་ནང་གི་རྩ་དབུ་མའི་འོག་ཕྱོགས་ཀྱི་བུ་ག་ནི་ཅུང་ཁ་བྱེ་བ་ཆུ་ཤིང་གི་མེ་ཏོག་ལྟ་བུ་གཅིག་ཡོད་དོ། །དེ་ནས་རྐང་པ་བཞིས་རྩ་མདུད་ནང་གི་དབུ་མའི་ནང་གི་ཡི་གེ་སྟོན་ཏེ། ཁྱད་ 10-17-24a པར་ལྔ་དང་ལྡན་པའི་ཧཱུཾ་ཡིན་ཏེ། མི་མཐུན་པའི་རྟོག་པ་འཇོམས་པས་དཔའ་བོ་དང་། འདོད་པ་བསྒྲུབ་པ་ལ་གཞན་གྱིས་གཞོམ་དུ་མེད་པས་མི་ཤིགས་པ་དང་། གཏུམ་མོ་ལ་བརྟེན་ནས་བདེ་བ་སྐྱེས་པས་ས་བོན་དང་། བྱང་སེམས་འཛག་པ་དང་ཚད་ཡུངས་འབྲུ་ཙམ་ཡོད་པ་ཡིན་ནོ། །གཉིས་ཀྱིས་མིང་དང་། དེ་ནས་བཞིས་ཐིག་ལེ་སྟོན་ནོ། །བདག་མེད་མ་སྟེ་ཨ་ཐུང་ནི་རྒོད་མཁའི་མེ་ཞེས་བརྗོད་ཀྱང་། གླིང་བཞི་པོ་རང་རང་གི་ལྷོ་ཕྱོགས་ཀྱི་ལྕགས་རི་ནག་ པོའི་འོག་གི་མེས་ཆུ་སྐེམས་པ་དང་འདྲ་བར། ལྟེ་བའི་དམར་ཆ་འབར་ནས་སྤྱི་བོའི་བྱང་སེམས་ཞུ་བས། ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ། གཟུང་འཛིན་གྱི་རྟོག་པ་གཅོད་པའོ། །དེའང་གཞུང་དེས་དཔྱིད་ཀྱི་ཐིག་ལེར་མདོར་བསྟན་པ་དང་། རྒྱས་པར་བཤད་པའི་དོན་རྣམས། སློབ་དཔོན་ནག་པོ་པས་དཔྱིད་ཀྱི་ཐིག་ལེ་འཛད་པའི་རྗེས་སུ་འབྲངས་ནས་ཡི་གེ་རིང་ཐུང་གི་ཚད་ལ་སོགས་པ་དང་། སློབ་དཔོན་ཨ་བྷྱས་ཡི་གེ་བཀོད་པའི་ཚུལ་གསུངས་པ་རྣམས་ཀྱི་དོན་བརྗོད་ན། སྙིང་ཁའི་ རྩ་མདུད་ཀྱིས་བཅིངས་པའི་དབུ་མའི་ནང་གི་བུ་ག་ཅུང་ཟད་ཙམ་དེའི་ནང་ན་གནས་པའི་ཧཱུཾ་ཡིག་སྔོན་པོ་ཡུངས་ཀར་གྱི་ཚད་ཙམ་འོད་དཀར་པོ་ཁ་བ་ལྟ་བུ་འཛག་པ་གནས་པ་ནི། གཏུམ་མོ་འབར་བ་ནི་བདེ་བ་སྐྱེས་པའི་ཕྱིར་དཔྱིད་ཅེས་བྱ་ལ། དེའི་ ཕྱིར་བདེ་བ་བསྐྱེད་པ་ལ་སུས་ཀྱང་གེགས་བྱར་མེད་པའི་ཕྱིར་མི་ཤིགས་པ་ཞེས་བྱའོ། །ལྟེ་བའི་མདུད་པ་བཅིངས་པའི་དབུ་མའི་ནང་གི་ཨ་ཐུང་ཐིག་ལེ་ཞེས་བྱའོ། །དེ་ཉིད་གཡས་གཡོན་གྱི་རྒྱུ་བ་འགགས་ནས་སུམ་མདོ་གྲུ་གསུམ་གྱི་དབུ་ 10-17-24b མའི་ནང་ན་གནས་པའི་མེ་སད་བྱེད་ཀྱི་རླུང་གཡོས་ཏེ་སྦར་བ་ནི། སྤྱི་བོའི་ཧཾ་ཡིག་ཞུ་ནས་ལྟེ་བར་འདུ་འཕྲོད་བྱས་པའི་ཚེ་དཔྱིད་དང་ཐིག་ལེ་གཉིས་ཀར་འགྱུར་ལ། དེ་བཞིན་དུ་སྙིང་ཁར་འདུ་འཕྲོད་བྱས་པའི་ཚེ་ཡང་འགྱུར་རོ། །ལྟེ་བ་དང་། སྙིང་ཁ་ དང་མགྲིན་པར་གནས་པའི་ཡི་གེ་གསུམ་པོ་འོག་མ་ཐུང་ངུ་དང་། བར་བ་ཐུང་ངུ་གཉིས་ཀྱི་ཚད་དང་། གོང་མ་ཐུང་ངུ་གསུམ་གྱི་ཚད་དོ། །ཁ་སྦྱོར་ལས། ལྟེ་བར་ཨའི་གཟུགས་ཀྱིས་ནི། །ཐུང་ངུ་རུ་ནི་རབ་ཏུ་གྲགས། །སྙིང་ཁ་ལའང་ཧཱུཾ་གི་ནི། ། རིང་པོ་མ་མོ་གཉིས་དང་གནས། །མགྲིན་པར་ཨོཾ་གྱི་གཟུགས་ཀྱིས་ནི། །མ་མོ་གསུམ་བརྗོད་པ་ལུ་ཏ། །དཔྲལ་བར་ཧཾ་གི་རྣམ་པ་འདི། །སྒྲ་དང་ཐིག་ལེ་མི་ཤིགས་པ། ཞེས་བཤད་པ་ལ་བླ་མ་ནཱ་རོ་པཎ་ཆེན་གྱི་སློབ་མ་ཁ་ཅིག །སྤྱི་བོ་བྱང་སེམས་ འབབ་པའི་ཚེ། དེ་ནས་འབབ་པའི་བྱང་སེམས་ལ་ཆ་བཞིར་བགོས་པའི་ཆ་གཅིག་མགྲིན་པར་འབབ་པའི་ཚེ་བསྐམས་ཤིང་། མགྲིན་པ་ན་ཆ་གསུམ་ཡོད་པས་དེ་དང་བསྟུན་ནས་མགྲིན་པའི་ཨོཾ་ལ་རང་གི་གསུམ་འགྱུར་དང་ཉེར་གཅིག །སྙིང་ ཁར་འབབ་པའི་ཚེ་ཆ་གསུམ་དུ་བགོས་པའི་ཆ་གཅིག་བསྐམས་པས། སྙིང་ཁའི་ཧཱུཾ་རིང་ཆ་གཉིས་དང་ལྡན་པ་དང་། ལྟེ་བར་སླེབ་པའི་ཚེ་ཆ་གཉིས་པོའི་གཅིག་བསྐམས་པས། ལྟེ་བའི་ཨ་ལ་རིང་ཆ་མི་ཡོང་བའི་རྒྱུ་མཚན་དེ་ཡིན་ནོ་གསུང་། སློབ་ དཔོན་ཨ་བྷྱས་ནང་གི་སྒྲ་འདོན་ལུགས་ལ་བརྟགས་ནས་བྱེད་དེ། གསང་གནས་ནས་སྟེང་ལ་རླུང་སོང་བའི་ཚེ། ལྟེ་བར་སླེབ་པ་ན་ཨ་ཐུང་ངུའི་སྒྲ་སྒྲོགས་པ་དང་། སྙིང་ཁར་ཧཱུཾ་རིང་ཆ་གཉིས་ཀྱི་སྒྲ་སྒྲོགས་པ་དང་། མགྲིན་པར་སླེབ་པའི་ཚེ་ཨོཾ་ 10-17-25a རིང་ཆ་གསུམ་དང་ལྡན་པའི་སྒྲ་སྒྲོགས་པས། དེའི་ཆ་ནས་ལྟེ་བར་ཨ་ཐུང་། སྙིང་ཁར་ཧཱུཾ་རིང་པོ། །མགྲིན་པར་ཨོཾ་རིང་ཆ་དང་ལྡན་པ་བསྒོམ་པའི་རྒྱུ་མཚན་དེ་ཡིན་ནོ། །མདོར་བསྡུ་ན་སྨད་ནས་སོང་བའི་རླུང་ལྟེ་བར་ཨ་ཐུང་གི་ ཡུན་དང་། སྙིང་ཁའི་ཧཱུཾ་གི་སྒྲ་སྒྲོགས་པའི་ཚེ། ཨ་ཐུང་ཉིས་འགྱུར་གྱི་ཡུན་དང་། མགྲིན་པའི་ཨོཾ་གྱི་སྒྲ་སྒྲོགས་དུས་ཨ་ཐུང་གསུམ་འགྱུར་གྱི་ཡུན་ཡོད་པས། ཧཱུཾ་རིང་ཆ་གསུམ་དང་། ཨོཾ་ལ་རིང་ཆ་གསུམ་ཡོད་དོ་གསུང་། ཡི་གེ་བཞི་པོས་མཚོན་ པའི་དོན་ནི། ལྟེ་བ་དང་། སྤྱི་བོ་གཉིས་ཀྱིས་ལུས་མཚོན་ལ། མགྲིན་པའི་ཨོཾ་གྱིས་ངག་མཚོན་ཞིང་། སྙིང་ཁའི་ཧཱུཾ་གིས་སེམས་མཚོན་པའི་རྣལ་འབྱོར་པའི་སྒོ་གསུམ་མཚོན་པ་ཡིན་ནོ། །སྐབས་སུ་བབ་པའི་དམིགས་པ་ངོས་བཟུང་བ་ ནི། དང་པོར་ལམ་ཐུན་མོང་བས་རྒྱུད་སྦྱངས། བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་བསྒོམ་པ་དང་། ཐུན་བཞིའི་ཚེ་ན་གསུམ་ལ་བསྐྱེད་རིམ། གཅིག་ལ་རྫོགས་རིམ་བསྒོམ་པ་དང་། བསྐྱེད་རིམ་ཐུན་བཞིར་བསྒོམ་པའི་ཐུན་རེའི་རྗེས་སུ་ རྫོགས་རིམ་བསྒོམ་པའི་ལུགས་གསུམ་ལས། འདིར་ནི་ཐ་མའི་ལུགས་ཡིན་ལ། དེ་ཡང་དང་པོར་ལྷ་གང་ཡིན་གྱི་མངོན་རྟོགས་བསྒོམས། དེའི་རྗེས་བླ་མའི་རྣལ་འབྱོར་བསྒོམ་ཞིང་། བླ་མ་ལ་གསོལ་བ་བཞི་བརྒྱ་ཙམ་རེ་འདེབས་ལ། དེ་ ནས་རྩ་གསུམ་གསལ་བཏབ་སྟེ། ལུས་ཀྱི་ནང་གི་དབུས་དྲང་པོ་ལས། ཚིགས་པའི་ཕྱོགས་ལ་སྲོག་རྩ་ཡོད་ཅིང་། དེའི་མདུན་ཕྱོགས་ལ་བརྟེན་ནས་དབུ་མ་ཁ་དོག་སྔོན་པོ། །གཡས་ན་རོ་མ་དམར་པོ། །གཡོན་ན་རྐྱང་མ་དཀར་པོ་སྤོམ་ཕྲ་ 10-17-25b གྲོ་སོག་ཙམ། གསུམ་གའང་ཕྱི་གྲི་སྤུངས་ལྟར་ལ་ནང་ཁོང་གཅིག་ཏུ་འབྲེལ་བའི་བར་མཚམས་ཅུང་ཟད་དང་བཅས་པ་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གནས་ཤིང་། ལྟེ་བའི་ཐད་དང་། ནུ་མ་གཉིས་ཀྱི་དབུས་དང་། མགྲིན་པ་དང་། སྐྲ་མཚམས་ ཀྱི་ཐད་རྣམས་སུ་རོ་རྐྱང་གིས་དབུ་མ་ལ་བཅིངས་པའི་མདུད་པ་ཡོད་པ་དབུ་མའི་མར་སྣ་ནོར་བུ་དང་། རོ་རྐྱང་གི་མར་སྣ་གསང་བར་ཟུག་པར་བསམ་པར་བྱའོ། །དེ་ཡང་ལྟེ་བ་སྤྲུལ་པའི་འཁོར་ལོ་ཁ་དོག་དམར་པོ་རྩ་འདབ་མ་བརྒྱད་པ། གདུགས་ཀྱི་ རྩིབས་མ་ལྟར་ཁ་གྱེན་དུ་བསྟན་ཅིང་དབྱིབས་ཨེའི་རྣམ་པ་གྲུ་གསུམ་དུ་གནས་པ། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་ཁ་དོག་དཀར་པོ་གདུགས་ཁ་ཐུར་བསྟན་ལྟ་བུ་དབྱིབས་ཝཾ་གྱི་རྣམ་པ་ཟླུམ་པོར་གནས་པ་དེ་གཉིས་ཁ་སྦྱོར། མགྲིན་ པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་ཁ་དོག་དམར་པོ་གདུགས་ཀྱི་རྩིབས་མ་ལྟར་ཁ་གྱེན་དུ་བསྟན་ཅིང་དབྱིབས་ཨེའི་རྣམ་པ་གྲུ་གསུམ་དུ་གནས་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཁ་དོག་སྣ་ཚོགས་པ་རྩ་འདབ་སོ་གཉིས་པ་གདུགས་ ཁ་ཐུར་བསྟན་ལྟ་བུ་དབྱིབས་ཝཾ་གྱི་རྣམ་པ་ཟླུམ་པོར་གནས་པ། ལྟེ་བར་རྩ་མདུད་ནང་དུ་ཉི་གདན་ལ། ཨོཾ་དམར་པོ་མགོ་གྱེན་བསྟན་ཡུངས་འབྲུ་ཙམ། སྙིང་ཁར་རྩ་མདུད་ནང་དུ་ཟླ་གདན་ལ་ཧཱུཾ་སྔོན་པོ་མགོ་ཐུར་བསྟན། མགྲིན་པར་རྩ་མདུད་ནང་ དུ་ཟླ་གདན་ལ་ཨོཾ་དམར་པོ་མགོ་གྱེན་བསྟན། སྤྱི་བོར་རྩ་མདུད་ནང་དུ་ཟླ་གདན་ལ་ཧཾ་དཀར་པོ་མགོ་ཐུར་བསྟན་བསྒོམས་ལ། གཙོ་ཆེར་ནི་ལྟེ་པའི་ཨཾ་ལ་སེམས་འཛིན་ལ། ཡི་གེ་གཞན་གསུམ་ལའང་ཅུང་ཟད་རེ་སེམས་འཛིན་ནོ། །གོང་གི་ 10-17-26a རྩའི་ཁ་དོག་དེ་རྣམས་ནི་འདབ་མ་རྣམས་ཀྱི་ཁ་དོག་ཡིན་ནོ། །དེ་ཡང་བསྒོམ་པའི་དུས་སུ་རྩ་མདུད་དེ་དག་ཅུང་ཟད་གྲོལ་པའི་ལྷོད་དེ་སོང་བར་བསམས་ནས། རྩ་མདུད་དེ་དག་གི་ནང་དུ་ཡི་གེ་དེ་དག་བསྒོམ་མོ། །རྩ་ འཁོར་དེ་དག་བསྡུ་ན་ཨེ་ཝཾ་གྱི་རྩ་གཉིས་སུ་འདུས་ལ། དེ་ཡང་ཨེ་ལ་གཉིས་ལས། ཐབས་ཀྱི་རྩ་ན་སྤྱི་བོའི་རྩ། ཤེས་རབ་ཀྱི་རྩ་ནི་ལྟེ་བའི་རྩ་འཁོར་ཡིན་ཞིང་། དེ་གཉིས་ཀྱང་དབྱིབས་གྲུ་གསུམ་གྱི་རྣམ་པར་ཡོད་དོ། །ཝཾ་གྱི་རྩ་ལ་ གཉིས་ལས། ཐབས་ཀྱི་རྩ་ནི་མགྲིན་པའི་རྩ། ཤེས་རབ་ཀྱི་རྩ་ནི་སྙིང་ཁའི་རྩ་འཁོར་ཡིན་ལ། དེ་གཉིས་ཀྱི་དབྱིབས་གདུགས་ལྟར་ཟླུམ་པོར་ཡོད་དོ། །རྩ་དེ་དག་ལ་ཡི་གེ་འགོད་ཚུལ་ནི་རྒྱས་པར་བློས་མི་ལྕོགས་ན། གོང་དུ་བཤད་པ་ ལྟར་རྩ་འཁོར་བཞི་པོ་དེའི་ལྟེ་བ་ལ་ཡི་གེ་བཞི་འགོད་དེ། དེ་དམིགས་སྐོར་གཅིག་གོ། རྒྱས་པ་བློ་ཡིས་ལྕོགས་ན། ལྟེ་བའི་རྩ་འདབ་བརྒྱད་ལ་སྡེ་ཚན་བརྒྱད་ཀྱི་ཡི་གེ་རྣམས་འགོད་པ་ནི། སྤྱིར་ལྟེ་བ་ལ་རྩ་མདུད་ཀྱི་ཕྱི་རོལ་དུ་རྩ་འདབ་ བཞི། དེའི་ཕྱི་རོལ་དུ་རྩ་འདབ་བརྒྱད། དེའི་ཕྱི་རོལ་དུ་དུས་འཁོར་བས་རྩ་འདབ་བཅུ་གཉིས། རྒྱུད་གཞན་གྱི་ལུགས་ཀྱིས་འདབ་མ་བཅུ་དྲུག །དེའི་ཕྱི་རོལ་དུ་འདབ་མ་རེ་བཞི་རྣམས་ཡོད་པ་ལས། འདབ་མ་གཞན་རྣམས་དང་རོ་རྐྱང་གཉིས་ ཀྱང་བཏང་སྙོམས་སུ་བཞག་ལ། ལྟེ་བའི་རྩ་འདབ་བརྒྱད་བྱས་ལ། བརྒྱད་པོ་དེ་དག་ཀྱང་རྩ་ཐམས་ཅད་དབུ་མ་ལ་ཐལ་མར་བུག་པ་ཟུག་པར་བསྒོམས་ལ། དེ་ཡང་འཁོར་ལོ་བཞི་ལ་ཡི་གེ་བཀོད་པའི་སྐབས་ཐམས་ཅད་དུ། ཕྱོགས་ 10-17-26b ཀྱི་དང་པོ་ཤར་དང་། མཚམས་ཀྱི་དང་པོ་བྱང་ཤར་ནས་གཡས་སྐོར་དུ་འཁོད་དོ། །དེ་ཡང་ལྟེ་བར་མདུན་ངོས་ཤར་དུ་བྱས་པའི་རྩ་སྦུབས་ཀྱི་ནང་དུ་ཡི་གེ་ཐམས་ཅད་ལངས་པ་ཕྱི་ངོས་ནས་བརྩམས་ཏེ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨེེ། ཨོ་ཨོོ། ཨཾ་ཨཿ་སྟེ་ལྟེ་བ་ལ་དབྱངས་ཐ་མའི་ཚིག་དྲག་ཐུག་གི་བར་དུ་དབྱངས་བཅུ་དྲུག་དགོད། དེ་བཞིན་དུ་ལྷོའི་རྩ་འདབ་ལ་ཀ་ཁ་ག་གྷ་ང་། ནུབ་འདབ་ལ་ཙ་ཚ་ཛ་ཛྷ་ཉ། བྱང་འདབ་ལ་ཊ་ཋ་ཌ་ཌྷ་ཎ། བྱང་ཤར་དུ་ཏ་ ཐ་ད་དྷ་ན། ཤར་ལྷོར་པ་ཕ་བ་བྷ་མ། ལྷོ་ནུབ་ཏུ་ཡ་ར་ལ་ཝ། ནུབ་བྱང་དུ་ཤ་ཥ་ས་ཧ། དེ་ཙམ་དགོད་མི་ནུས་ན་ལྟེ་བའི་འཁོར་ལོའི་ཤར་འདབ་ལ་ཨ། ལྷོར་ཀ། ནུབ་ཏུ་ཙ། བྱང་དུ་ཊ། བྱང་ཤར་དུ་ཏ། ཤར་ལྷོར་པ། ལྷོ་ནུབ་ཏུ་ ཡ། ནུབ་བྱང་དུ་ཤ་དགོད་དོ། །སྙིང་ཁའི་རྩ་འདབ་བརྒྱད་ལ། ཤར་དུ་ཨ། ལྷོར་ཨི། ནུབ་ཏུ་ཨུ། བྱང་དུ་ཨ། བྱང་ཤར་དུ་ཡ། ཤར་ལྷོར་ར། ལྷོ་ནུབ་ཏུ་ལ། ནུབ་བྱང་དུ་ཝཾ། མགྲིན་པར་རྩ་འདབ་བཅུ་དྲུག་ལ་བར་དུ་རེ་རེ་བོར་ བའི་ཕྱོགས་བཞི་དང་མཚམས་བཞིར་རིམ་པ་བཞིན། ཨཱ། ཨཱི། ཨཱུ། ཨེེ། ཡཱ། རཱ། ལཱ། ཝཱ། རིང་པོ་རྣམས་འགོད་དོ། །སྤྱི་བོར་རྩ་འདབ་སོ་གཉིས་ལ། ཤར་འདབ་ནས་གཡས་སྐོར་དུ་ཨ་ནས་བརྩམས་ཏེ། འདབ་ མ་རེ་རེའི་བར་དོར་བར་དབྱངས་བཅུ་དྲུག་དགོད་དོ། །འདབ་མའི་རྩ་རྣམས་ཀྱི་ཡི་གེའི་ཁ་དོག་ནི་རང་རང་གི་ལྟེ་བའི་ཡི་གེའི་ཁ་དོག་དང་འདྲ་ཞིང་། ཇི་ལྟར་ཡི་གེ་འགོད་པ་མང་བ་དང་དམིགས་པ་རྒྱ་ཆེན་པོ་ལས་ནི་བདེ་བའི་སྟོབས་ཆེའོ། །ཡི་གེ་ 10-17-27a ཐམས་ཅད་ཀྱང་ཟླ་ཕྱེད་ཐིག་ལེ་ནཱ་ད་དང་བཅས་པ་ཡིན་ལ། དེ་དག་ལས་ཀྱང་འོད་ཅུང་ཟད་འཕྲོ་ཞིང་། བྱང་ཆུབ་ཀྱི་སེམས་ཕྲ་མོའམ་བདུད་རྩི་འཛག་པའི་རྣམ་པ་ཅན་སྒོམ་དགོས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་ གཏུམ་མོ་འབར་བའི་རྒྱུ་མཚན། ཡི་གེས་མཚོན་པའི་དོན་བྱང་ཆུབ་ཀྱི་སེམས་དང་རླུང་ཡིན་ལ། རྩ་བའི་ཡལ་གའི་ཟད་མཚམས་འཐུག་པ་བདུན་ཁྲི་ཉིས་སྟོང་པོ་རྣམས་ནས། རླུང་དང་བྱང་ཆུབ་ཀྱི་སེམས་འདབ་མ་སྔར་བཤད་པ་རྣམས་ ཀྱི་ནང་དུ་འདུ་ཞིང་། རྟོག་པ་གར་བཞག་པའི་རྗེས་སུ་རླུང་འགྲོ་བས། རླུང་བཟུང་བའི་ཕུལ་གཞན་དང་མི་འདྲ་བའི་དགོས་པ་ཡོད་ལ། ཐོག་མ་ནས་མེ་འབར་བ་ལ་དམིགས་པ་ནི་གཏུམ་མོའི་ཕྱོགས་གཅིག་ཙམ་ཡིན་ནོ། །རྩ་མདུད་ནང་གི་ཡི་གེ་སྒོམ་ པའི་དགོས་པ་ནི། རྩ་མདུད་འགྲོལ་བའི་ཆེད་ཡིན་ཞིང་། འདབ་མའི་ཡི་གེ་སྒོམ་པའི་དགོས་པ་ནི། འདབ་མའི་རླུང་རྣམས་དབུ་མར་འདུ་བའི་དགོས་པ་ཡོད་དོ། །གསལ་བྱེད་རྣམས་འགོད་པའི་དུས་སུ་ཀྵ་མི་དགོད། མགོ་ཕྲེང་ལྔ་བཅུའི་དག་པ་ སྦྱོར་བའི་ཚེ་ཀྵ་དང་བཅས་པའི་གསལ་བྱེད་སོ་བཞི་དབྱངས་བཅུ་དྲུག་སྦྱོར་བ་ཡིན་ནོ། །རྩ་ནང་ན་དབྱངས་རྣམས་ཁ་གྱེན་ལྟ། གསལ་བྱེད་རྣམས་ཁ་ཐུར་ལྟར་བཤད་པ་ནི་རོ་རྐྱང་དབུ་མ་གསུམ་གྱི་ནང་གི་ཡིན་གྱི་འདབ་མའི་ཡི་གེ་མིན་ནོ། ། འདབ་མ་རྣམས་ལ་ཡི་གེ་རྣམས་ཡོད་ཚུལ་ནི། ཤར་གྱི་འདབ་མ་ལྟ་བུའི་དབང་དུ་བྱས་ནས། ཤར་གྱི་འདབ་མའི་ཕྱི་ཕྱོགས་ནས་རིམ་པ་ལྟར་ཡོད་དོ། །དེ་ཡང་ཕྱིའི་མཐའ་མ་ན་ཨ་ཡོད་ལ། དེའི་མདུན་ན་ཨཱ་རིང་ཆ་ཅན་ཡོད་ཅིང་། དེས་ 10-17-27b དབྱངས་ཡིག་གཞན་རྣམས་ཡོད་ཚུལ་རིགས་འགྲ་ལ། འདབ་མ་གཞན་རྣམས་ལ་ཀ་སྡེ་སོགས་སྡེ་ཚན་གཞན་གྱི་ཡི་གེ་རྣམས་དང་། ཕྱི་ནས་ནང་ཕྱོགས་ལ་རིམ་པ་ལྟར་འགོད་པ་ཡིན་ནོ། །དེ་ཡང་ཡི་གེ་ལངས་པའི་རྣམ་པ་ཅན་གདོང་ལྟེ་བའི་ ཡི་གེ་ལ་བསྟན་པའི་ཚུལ་གྱིས་འགོད་དགོས་སོ། །འདབ་མའི་ཡི་གེ་རྣམས་ལ་ཟླ་གདན་མ་བཤད་པས་མི་དགོས་ཤིང་། ཡི་གེ་རྣམས་གཙོ་ཆུང་བ་མ་གཏོགས་གསལ་དབྱངས་འདྲེས་མ་ཡིན་ལ། དབྱངས་རྣམས་ཀྱི་ཕྱེད་ནཱ་ད་རྣམས་གསལ་ བྱེད་ཡིན་ནོ། །དེ་ཡང་ལྟེ་བའི་ཡི་གེ་རྣམས་ཀྱི་དབང་དུ་བྱས་ནས། དབུས་ཀྱི་ཨཾ་ནི་དབྱངས་ཤས་ཆེ་གསལ་བྱད་ཤས་ཆུང་། ཤར་གྱི་འདབ་མ་མ་གཏོགས་ཕྱོགས་ཀྱི་འདབ་མ་རྣམས་ལ་དབྱངས་ཡིག་མེད་པས་འདབ་མ་རྣམས་ཀྱང་དབྱངས་ ཤས་ཆུང་གསལ་བྱེད་ཤས་ཆེའོ། །སྙིང་ཁའི་རྩ་འདབ་ཀྱི་དབུས་ཀྱི་ཧཱུཾ་ནི་གསལ་བྱེད་ཤས་ཆེ་ལ། མགྲིན་པའི་རྩ་འདབ་ཀྱི་དབུས་ཀྱི་ཨོཾ་ནི་དབྱངས་ཤས་ཆེ་ཞིང་། དེ་གཉིས་ཀྱི་འདབ་མའི་ཡི་གེ་རྣམས་ནི་གསལ་དབྱངས་ཆ་མཉམ་པའོ། ། སྤྱི་བོའི་རྩ་འདབ་ཀྱི་དབུས་ཀྱི་ཧཾ་ནི་གསལ་བྱེད་ཤས་ཆེ། དེའི་འདབ་མའི་ཡི་གེ་རྣམས་ནི་དབྱངས་ཤས་ཆེ་བ་ཡིན་ནོ། །དེ་ཡང་དབྱངས་རྣམས་ཀྱིས་ནི་བྱང་སེམས་དམར་པོ་དང་། གསལ་བྱེད་རྣམས་ཀྱིས་ནི་བྱང་སེམས་དཀར་པོ་མཚོན་ནོ། ། འདབ་མའི་ཡི་གེ་རྣམས་གསལ་ནས་དེ་ལ་སེམས་འཛིན་ན་ནི་ལེགས་པར་མ་ཟིན་ཀྱང་འཁོར་ལོ་བཞིའི་དབུས་ཀྱི་ཡི་གེ་བཞི་པོ་ཤིན་ཏུ་ཕྲ་བ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་སེམས་ཟིན་ནས་གནས་ཆ་ཅུང་ཟད་རྙེད་ན་དེས་ཆོག་པས་དེ་ 10-17-28a རྙེད་རྙེད་སྒོམ། དེ་རྙེད་ནས་ཐིག་ལེ་ལ་དམིགས་པ་སྤོ་དགོས་པ་ཡིན་ཏེ། ཡི་གེ་ཕྲ་མོ་བསྒོམ་པ་ནི་ཐིག་ལེའི་དམིགས་རྟེན་རྙེད་པའི་ཆེད་ཡིན་པའི་ཕྱིར་རོ། །དམིགས་སྐོར་གཅིག་དེ་ལྟར་བསྒོམས་པས་མཐར་ཡི་ གེ་རྣམས་ལ་དམིགས་པའི་གསལ་སྣང་སྐྱེས་པ་ན། སྔར་གྱི་དམིགས་པ་རྣམས་རིམ་པ་ལྟར་གསལ་བཏབ་ལ། དེ་ནས་སུམ་མདོ་ནས་ལས་ཀྱི་རླུང་གཡོས་པས་སྤྲུལ་པའི་འཁོར་ལོའི་ལྟེ་བའི་ཨ་ཐུང་ལ་གཏུམ་མོའི་མེ་འབར་བ་དར་སྐུད་ དམར་པོ་བརྐྱངས་པ་ལྟར་དབུ་མའི་ནང་ན་ཡར་སོང་བས། སྤྱི་བོའི་ཧཾ་ཡིག་ཞུ་བར་དམིགས་ཤིང་། དེ་ལས་མེ་འབར་བས་འདབ་མའི་ནང་དུ་སོང་སྟེ། སྔར་བཀོད་པའི་དབྱངས་ཡིག་བཅུ་དྲུག་ཞུ་ནས་ཧཾ་ཞུ་བ་དང་གོང་བུ་གཅིག་ཏུ་འདྲེས་ཏེ་འོག་ཏུ་སོང་ ནས། མགྲིན་པའི་ཨོཾ་ཡིག་དང་གཅིག་ཏུ་འདྲེས་དེ་ལས་མེ་འབར་འདབ་མའི་ནང་དུ་སོང་སྟེ་ཡི་གེ་བརྒྱད་ཞུ་ནས་ཨོཾ་ཞུ་བ་དང་གཅིག་ཏུ་འདྲེས་ཏེ་གོང་བུ་དེ་ཉིད་འོག་ཏུ་སོང་སྟེ། སྙིང་ཁའི་ཧཱུཾ་དང་འདྲེས། དེ་ལས་མེ་འབར་བས་འདབ་མའི་ནང་གི་ཡི་ གེ་རྣམས་ཞུ་ནས་ཧཱུཾ་ཡིག་དང་འདྲེས། དེ་ཞུ་ནས་ལྟེ་བའི་ཨཾ་ལ་ཐིམ། དེ་ལས་ཀྱང་མེ་འབར་བས་འདབ་མ་ནང་གི་སྡེ་ཚན་བརྒྱད་ཀྱི་ཡི་གེ་ཞུ་ནས་ཨཾ་ལ་ཐིམ། དེ་ཉིད་ཞུ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་ཉིད་དང་། སེམས་ དང་རླུང་གསུམ་འདུས་པ་ཡིན་སྙམ་པའི་མོས་པ་སྔོན་དུ་བཏང་ཞིང་བདེ་སྟོང་དབྱེར་མེད་པའི་ངོ་བོ་ཡིན་སྙམ་དུ་བསམས་ནས། ལྟེ་བའི་རྩ་མདུད་ནང་དུ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་སེམས་ 10-17-28b འཛིན་ནོ། །དམིགས་རྟེན་འཆར་ཕྱིན་ཆད་ཡུངས་ཀར་འབྲིང་པོ་ཙམ་ཁོ་ན་ལ་སེམས་འཛིན་གྱི། དེ་ལས་ཆེ་བ་དང་ཆུང་བ་གང་ལ་ཡང་སེམས་མི་འཛིན་ནོ། །དམིགས་རྟེན་ཕྲ་མོ་འཆར་མ་ཐུབ་ན་གང་ཐུབ་ཐུབ་ལ་སེམས་འཛིན་ནོ། །དམིགས་སྐོར་གཅིག ། ཡང་ཨཾ་གི་ཡི་གེས་འཁོར་ལོ་བཞིའི་ཡི་གེ་ཞུ་བ་སོགས་སྔོན་དུ་འགྲོ་བས། དམིགས་རྟེན་ཕྲ་མོ་འཆར་ནས་དེ་ལ་སེམས་ཅུང་ཟད་ཟིན་པའི་ཚེ་དམིགས་པ་འདི་བསྣན་ནས་བསྒོམ་པ་ཡིན་ཏེ། དེ་ཡང་རང་གི་སེམས་ཐིག་ལེ་ཕྲ་མོ་དེའི་ནང་ན་ཐིམ་པའི་ མོས་པ་བྱས་ནས་ཐིག་ལེ་དེ་ལ་སེམས་འཛིན་ནོ། །དེ་ལྟར་གོམས་པས་རང་གི་སེམས་དང་ཐིག་ལེ་གཉིས་ཀྱི་བར་ན་གཉིས་སྣང་མེད་པར་སེམས་ཐིག་ལེ་ལ་ཐིམ་པའི་ཉམས་ཤར་བའི་ཚེ། ཐིག་ལེ་ལ་དམིགས་པའི་དགོས་པ་གྲུབ་པས་དམིགས་པ་ སྤོ་རན་པ་ཡིན་ནོ། །དམིགས་སྐོར་གཅིག །ཡང་དེའི་རྗེས་སུ་དམིགས་པ་གོང་མ་བསྒོམས་པས། སེམས་ཐིག་ལེ་ལ་ཐིམ་པའི་ཉམས་མ་ཤར་ཡང་གོང་གི་དམིགས་པ་རྣམས་བསྒོམས་པའི་རྗེས་སུ་ཐིག་ལེ་ལ་སེམས་འཛིན་པའི་དུས་ཀྱི་གསུམ་ གཉིས་སམ་ཕྱེད་ཙམ་དུ། ཐུན་རེ་རེ་ལྟར་རླུང་ལ་དམིགས་ནས་སྒོམ་པ་ཡིན་ཏེ། དེའི་སྒོམ་ཚུལ་ནི། རང་གི་ལུས་ཀྱི་སྟོད་ནས་བརྩམས་ཏེ་རླུང་ཐམས་ཅད་རྩ་སོ་སོ་ནས་རོ་རྐྱང་གཉིས་ནས་རིམ་པ་ལྟར་ལྟེ་བའི་རྩ་འཁོར་གྱི་ཐད་ཀར་འདུས་ཏེ་མེ་ ལོང་ལ་ཧས་བཏབ་པའམ། བྱེ་མ་ལ་ཆུ་བཏབ་པ་བཞིན་དུ་སིམ་པ་ལ་སེམས་བཟུང་། དེ་ལྟར་བསྒོམས་པའི་དགོས་པ་ནི་རྩ་ལམ་སྦྱོང་བ་དང་། རླུང་ལ་བརྟེན་པའི་གེགས་རྣམས་མི་འབྱུང་ཞིང་། མཉམ་པར་བཞག་པའི་དུས་སུ་སྣ་བུག་ཏུ་ 10-17-29a རྒྱུ་བའི་རླུང་འདི་འགགས་ནས་འགྲོ་ཞིང་། དེའི་འགགས་ཚུལ་དང་པོར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ། དབུགས་གཉིས་གསུམ་རྒྱུ་བའི་ཡུན་ཙམ་དུ་རླུང་སྣ་སྒོར་མི་རྒྱུ་བ་ཡིན་ལ། དེ་ལ་གོམས་པ་ཇེ་ཆེར་ སོང་ནས། རླུང་སྣ་སྒོར་མི་རྒྱུ་བའི་ཡུན་དེ་རིང་དུ་འགྲོ་བས་གཟོད་སྔ་དྲོ་རེ་ཙམ་རླུང་སྣ་སྒོར་མི་རྒྱུ་བ་འབྱུང་བ་ཡིན་ནོ། །དེ་ཡང་དང་པོར་རླུང་འགགས་པའི་ཚེ་སྣ་བུག་གི་རླུང་ལོག་ནས། རླུང་གིས་གྲོད་པ་གང་བའི་སྣང་བ་འབྱུང་ལ། དེ་ནས་གྲོད་ པ་གང་བའི་སྣང་བ་ལོག་ནས་སྣ་སྒོར་རླུང་བརྒྱུས་བྱུང་ན་རླུང་འགགས་ཚུལ་རྣལ་མ་མིན་ལ། གྲོད་པའི་ནང་གི་རླུང་དེ་མེ་ལོང་ལ་ཧས་བཏབ་པ་བཞིན་ཡལ་ཡང་། ད་དུང་སྣ་སྒོར་རླུང་མི་རྒྱུ་ན་རླུང་དབུ་མར་ཚུད་པ་ཡིན་ནོ། །རླུང་དེ་ཡང་རྩ་ བའི་རླུང་ལྔའི་ནང་ནས་ཐུར་སེལ་གྱི་རླུང་ཡིན་ལ། དེ་ལ་གསར་རྙིང་གཉིས་ཡོད་པ་ལས་རྙིང་པ་རྣམས་ཡལ་ནས་འགྲོ་བས་རྩ་དབུ་མའི་ནང་དུ་མི་འགྲོ་ཞིང་། རླུང་སྣ་སྒོར་རྒྱུ་བ་ལོག་པ་དུས་མཉམ་དུ་ལྟེ་བའི་འོག་གི་རྩ་དབུ་མའི་སྦུབས་ཁ་བྱེ་བ་ དུས་གཅིག་ཏུ་འོང་ཞིང་། རྩ་ཁ་བྱེ་བ་དེའི་ནང་ནས་ཐུར་སེལ་གྱི་རླུང་གསར་པ་སྐྱེས་པ་དེ་ཡིན་ཏེ། སྔར་གྱི་རྒྱུད་རྡོ་རྗེ་འཕྲེང་བའི་ལུང་། གང་ཆ་གསང་བའི་རྩ་གཉིས་ནི། །ཡང་དག་སྦྱོར་བས་རེག་གྱུར་པ། དེ་ཚེ་ནམ་མཁའ་རྣམ་རྒྱས་ཉིད། ནམ་མཁའ་དབུ་མའི་རྩ་སྦུབས་སྟོང་པ་ལས་ནི་སྐྱེས་པའི་རླུང་། །དེ་ཡིས་མེ་ནི་རབ་ཏུ་འབར། ཞེས་པས། དེས་ལྟེ་བའི་མེ་འབར་ནས། མེ་དེས་སྤྱི་བོའི་བྱང་སེམས་ཞུ་བ་ཡིན་ནོ། །རླུང་དེའི་དབྱིབས་ནི་གཞུའི་རྩ་སྦུབས་ཀྱི་བུ་ག་དབྱིབས་ 10-17-29b ལྟ་བུར་ཡོད་དེ། དེ་ལྟར་རྩ་དང་རླུང་དང་ཐིག་ལེའི་བཤད་པ་མང་དུ་ཡོད་ཀྱང་། མཐར་གཏུགས་ན་ཏིང་ངེ་འཛིན་གྱི་མཐུས། སྟེང་གི་སྣ་སྒོར་རླུང་རྒྱུ་བ་ལོག་ནས། དེ་མ་ཐག་ཏུ་ལྟེ་བའི་འོག་གི་རྩ་དབུ་མའི་ཁ་བྱེ་ནས། དེའི་ནང་དུ་རླུང་གསར་པ་སྐྱེས་ཏེ། རྩ་དབུ་མའི་ནང་གི་རླུང་དེས། རྩ་དབུ་མའི་ནང་གི་ལྟེ་བའི་མེ་སྦོར་བའམ། ལྟེ་བའི་ཁྲག་འཕེལ་ནས་སྤྱི་གཙུག་བར་དུ་སོང་བས། རྩ་དབུ་མའི་ནང་གི་སྤྱི་བོའི་བྱང་སེམས་ཞུ་ནས་འཁོར་ལོའི་གནས་རྣམས་སུ་བབས་པའི་རིམ་པ་ལྟར་དགའ་བཞིའི་རྟོགས་ པ་རྒྱུད་ནས་བཤད་པ་བཞིན་སྐྱེ་བ་ཡིན་པས། རྩ་གཞན་གྱི་ནང་གི་ཁྲག་འཕེལ་བས། རྩ་གཞན་གྱི་བྱང་སེམས་ཞུ་བའི་ཞུ་བདེ་སྐྱེ་བ་ཡོད་ནའང་འདིར་གཙོ་བོར་རྩ་དབུ་མའི་ནང་རླུང་གིས་མེ་སྦར། དེས་སྤྱི་བོའི་བྱང་སེམས་ཞུ་བ་དགོས་པ་ཡིན་ནོ། །དེས་ ན་རྩ་རྒྱུད་ཕལ་ཆེ་བ་སྣ་སྒོའི་རླུང་རྒྱུ་བ་ལོག་མ་ཐག་ཏུ་རྩ་དབུ་མའི་ནང་དུ་རླུང་སོང་ནས། དེས་མེ་སྦོར་བ་ཡན་མཐུན་ལ་མེ་དམིགས་འཛིན་རན་པའི་དུས་ཀྱང་འདི་ཡིན་གསུང་། སྣ་སྒོའི་རླུང་རྒྱུ་བ་ལོག་པའི་ཐབས་སུ། སྔར་གྱི་རླུང་དང་། །ཐིག་ལེ་ དང་། གཏུམ་མོའི་རྣལ་འབྱོར་གོང་དུ་བཤད་པ་འདི་རྣམས་བྱེད་དོ། །སྣ་སྒོར་རླུང་རྒྱུ་བ་ལོག་པ་ནི་རྩ་དབུ་མའི་ནང་དུ་རླུང་སོང་ནས། ལྟེ་བའི་མེ་འབར་བའི་རྟགས་ཡིན་ལ། སྣ་སྒོར་རླུང་རྒྱུ་བའི་ཚེ་ལྟེ་བའི་མེ་འབར་བའི་འཕྲོ་འཆད་པའི་རྟགས་ ཡིན་གསུང་། དམིགས་སྐོར་གཅིག །དེ་ནས་དམིགས་པ་སྔ་མ་རྣམས་བརྟན་པ་ན་འདི་ལྟར་བསྒོམས་པར་བྱས་ཏེ། གོང་གི་དམིགས་པ་རྣམས་ཐུན་རེ་རེ་མ་ཆག་པར་བསྐྱངས་པའི་ངང་ནས། དམིགས་པ་དེ་དག་གི་མཐུས་སྟེང་གི་སྣ་ 10-17-30a སྒོར་རྒྱུ་བ་འགགས་པའི་སྤྱིས་པ་བྱས་ལ། སུམ་མདོ་ནས་རྩ་དབུ་མའི་ནང་གི་རླུང་གཡོས་པའི་མཐུས། ཤེལ་གྱི་གོང་བུའི་ནང་ནས་མར་མེ་ཕྲ་མོ་འབར་བ་ལྟར་ཐིག་ལེས་མེའམ་འོད་ཀྱི་རེ་ཁ་ཕྲ་མོ་ཁ་དོག་དམར་སེར་རེག་བྱ་ཤིན་ ཏུ་ཚ་བ་ཚད་སོར་གཉིས་ནས་སོར་བཞིའི་བར་གང་མོས་པ་བྱས་ལ་མེ་ཁྱད་པར་དེ་ལྟ་བུ་དང་ལྡན་པ་སྐྱེས་པའི་དམིགས་པ་བྱས་ཏེ། སྔར་གྱི་ཐིག་ལེ་དང་བཅས་པ་ལ་སེམས་འཛིན་པ་ཡིན་ནོ། །དེ་ཅུང་ཟད་བརྟན་པ་ན། ལྟེ་བའི་མེ་ཕྲ་མོ་དེ་སྤྱི་བོའི་བར་ སོང་བའི་དམིགས་པ་བྱས་ལ། མེ་དེས་སྤྱི་བོའི་བྱང་སེམས་ཞུ་ནས། རྩ་དབུ་མའི་ནང་དང་འཁོར་ལོ་རྣམས་ཀྱི་ལྟེ་བར་རིམ་པར་བབས་ནས། ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་སྔར་གྱི་ཐིག་ལེ་ལ་ཐིམ་པའི་མོས་པ་བྱས་ལ། ཡང་སྔར་གྱི་ཐིག་ལེ་མེ་ དང་བཅས་པ་ལ་སེམས་འཛིན་ནོ། །དེ་ཅུང་ཟད་བརྟན་པ་ན་ཡར་འགྲོ་བའི་མེ་དེ་ཅུང་ཟད་རེས་སྦོམ་དུ་གཏོང་ཞིང་། མར་ལ་འོང་བའི་ཐིག་ལེ་དེ་ཡང་ཅུང་ཟད་རེས་སྦོམ་དུ་སོང་བའི་དམིགས་པ་བྱེད་དོ། །དེ་ཡང་སྐབས་སུ་མར་མེ་གཅིག་གིས་མཛོད་ དུ་མ་སྣང་བར་བྱེད་པ་ལྟར། ལྟེ་བའི་མེ་དེ་རྩ་འཁོར་རྣམས་ཀྱི་ལྟེ་བར་སོང་བའི་ཚེ། དེའི་འོད་ཀྱིས་རྩ་འདབ་ཀྱི་ནང་གསལ་བའི་དམིགས་པ་བྱེད་ཅིང་། བློས་ལྕོགས་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་མེའི་འོད་ཀྱིས་གསལ་བར་ བྱས་པའི་དམིགས་པ་ཡང་དང་ཡང་དུ་བསྒོམ་མོ། །དེ་ལྟར་བསྒོམས་ན་ཉམས་སྣང་ལ་བརྟེན་ནས་ལྐོག་གྱུར་ཅི་རིགས་ལུང་བསྟན་ཐུབ་པ་འབྱུང་ལ། འོན་ཀྱང་མངོན་ཤེས་ནི་མིན་གསུང་། དམིགས་སྐོར་གཅིག །དེ་ནས་དམིགས་པ་དེ་ 10-17-30b བརྟན་པ་ན། འདི་ལྟར་དུ་སྤྲོ་བསྡུ་ལ་བསླབ་པར་བྱ་སྟེ། ཁ་སྦྱོར་ལས། དེ་ཡི་ཤེས་རབ་ལྷན་ཅིག་སྐྱེས། །དེ་ཕྱིར་གནས་པའི་གཟུགས་ཅན་ལ། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །བདག་མེད་མ་ཞེས་རྣམ་ པར་བཤད། །དཔྱིད་ཀྱི་ཐིག་ལེ་ཉིད་དུ་བརྗོད། །སྐྲ་ཡི་རྩེ་མོ་བརྒྱ་སྟོང་ལུས། །གློག་གི་ཟེར་མ་མཉམ་པའི་འོད། ཅེས་པའི་དོན། ལྟེ་བའི་ཐིག་ལེས་གཏུམ་མོའི་མེ་དེ། དར་སྐུད་ཕྲ་མོ་དམར་པོ་བརྐྱངས་པ་ལྟ་བུ་སྤྱི་བོའི་བར་དུ་སོང་སྟེ། དེ་ནས་སྨིན་མཚམས་ སུ་འོངས་ནས་ཅུང་ཟད་ངལ་བསོ། །འབྱུང་བའི་ལམ་རང་གི་སྣ་བུག་གཡས་ནས་འཐོན་ཏེ། འཇིག་རྟེན་ཁམས་ཀྱི་སོ་སྐྱེ། འཕགས་པ། ཉན་ཐོས། རང་སངས་རྒྱས། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག་པས། དེ་ཐམས་ཅད་ཀྱང་སངས་ རྒྱས་སུ་གྱུར་པའི་མོས་པ་བྱས་ལ། དེ་རྣམས་དང་སྔར་སངས་རྒྱས་ཟིན་པའི་སངས་རྒྱས་རྣམས་ཀྱི་སྣ་བུག་གཡོན་པ་ནས་མེ་དེ་སོང་བས་སྨིན་མཚམས་ནས་སྤྱི་བོའི་བར་དུ་སོང་དེ་རྣམས་ཀྱི་བདེ་བ་སྟོང་ཉིད་བཞམས་ཤིང་ལྟེ་བ་ནས་ཐིག་ལེ་དཀར་པོ་ དྲངས་ནས་སྤྱི་བོའི་བར་དུ་ཡང་བྱུང་། དེ་ནས་མར་སྨིན་མཚམས་བར་དུ་འོངས་ནས་སྣ་བུག་གཡས་ནས་འཐོན་ཏེ། རང་གི་འཇུག་པའི་ལམ་སྣ་བུག་གཡོན་ནས་ཞུགས་ཏེ། སྨིན་མཚམས་ནས་སྤྱི་བོའི་བར་དུ་སོང་སྟེ། དེ་ནས་མར་ལྟེ་བའི་བར་དུ་ བབས་པས། སྔར་མེས་གདུངས་པ་རྣམས་གསོས་ནས། རང་གི་རྩ་མདུད་ཀྱི་ཐིག་ལེ་ལ་ཐིམ་པའི་མོས་པ་ཡང་ཡང་དུ་བྱས་ལ། ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། །མདོར་ན་གོང་དུ་བཤད་པའི་དམིགས་པ་དེ་ཟིན་པའི་ 10-17-31a རྟགས་དེ་དག་བྱུང་ན་རབ་ལ། མ་བྱུང་ན་ཡང་དམིགས་པ་སྔ་མ་སྔ་མ་ཅུང་ཟད་བརྟན་པ་ན། དམིགས་པ་རྟིང་མ་ཕོག་ལ། དམིགས་པ་རྣམས་འགྲིལ་བའི་ཚེ། རང་རང་གི་རྟགས་མ་རྫོགས་པའི་བར་དུ་རྒྱུན་བསྲིངས་ནས། ཉི་མ་རེ་ རེ་ཞིང་བསྐྱེད་རིམ་ཐུན་བཞིའི་མཐའ་ལ་བསྒོམ་པ་ཡིན་ནོ། །དམིགས་སྐོར་གཅིག །དེ་ལྟར་བསྒོམས་པས་ལྟེ་བའི་མེ་འབར་ཏེ། སྤྱི་བོའི་བྱང་སེམས་ཞུ་བའི་གོམས་པ་རབ་ཏུ་གྱུར་པའི་ཚེ། སྤྱི་བོའི་བྱང་སེམས་ཞུ་བ་དེ་ཉིད་ཀྱིས་ལྟེ་བའི་མེ་འབར་བའི་རྐྱེན་ བྱེད་པས། དེ་ནས་མེ་དམིགས་སོགས་ལ་ལྟོས་མི་དགོས་པར་འབར་འཛག་འཁོར་མར་འབྱུང་བ་ཡིན་ནོ། །སྤྱི་བོའི་བྱང་སེམས་ཆུ་ཁམས་ཡིན་པས། ལྟེ་བའི་མེ་དང་གཅིག་གིས་གཅིག་འཕེལ་བའི་གྲོགས་བྱེད་པ་མི་འཐད་སྙམ་ན། ལྟེ་བའི་མེ་ ཟེར་ཀྱང་ངོ་བོ་ཁྲག་ཡིན་པས་ལྟེ་བའི་དམར་ཆ་དང་། སྤྱི་བོའི་དཀར་ཆ་གཉིས་ཀ་ཆུ་ཁམས་ཡིན་ལ། ལྟེ་བའི་དམར་ཆས་གཙོ་བོར་དྲོད་བསྐྱེད། སྤྱི་བོའི་དཀར་ཆས་གཙོ་བོར་བདེ་བ་བསྐྱེད་ཅིང་། ཆུ་ཁམས་གཅིག་གིས་གཅིག་གི་གྲོགས་བྱེད་པ་ ལ་འགལ་བ་མེད་དོ། །དེ་ནས་སྤྱི་བོའི་བྱང་སེམས་ལྟེ་བར་སླེབ་པའི་བསིལ་བར་འགྱུར། ཞེས་བཤད་ཀྱང་། བསིལ་བའི་དོན་དྲོད་ཆུང་དུ་སོང་བ་ལ་བྱེད་ན་དོན་འགངས་ཅན་འཕྱུག་པས་དེ་ལ་མི་བྱ་བར་བསིལ་བའི་དོན་སྤྱི་བོའི་བྱང་སེམས་ཀྱིས་ ལྟེ་བའི་མེ་ཚིམ་པ་ལ་བྱའོ། །དེ་སྐད་དུ་ཡང་། འོད་ཟེར་གྱི་རེ་ཁ་ཤིན་ཏུ་ཕྲ་བ་དེ་ཡང་བསིལ་བར་འགྱུར་ཏེ། ཞེས་གསུངས་པའི་དོན་ནི། སློབ་དཔོན་ཨ་བྷྱ་དང་། ཤཱཀྱ་བསྲུང་བ་དང་། དབུ་མ་པ་ཏི་སོགས་ཀྱིས་བསིལ་བའི་དོན་བདེ་བ་ 10-17-31b བ་སྐྱེད་པ་ལ་བཤད་པས། སྔར་རེག་བྱ་ཚ་བ་ཕྱིས་གྲང་བར་སོང་བ་ནི་མ་ཡིན་ཏེ། དཔྱིད་ཐོག་པ་ཡི་ཆོག་ཤེས་པས། །སྙོམས་པར་འཇུག་པས་རྣམ་པར་གནས། ཞེས་གསུངས་པ་ལྟར། དེ་ལྟ་བུའི་གནས་སྐབས་སུ་བདེ་བ་སྐྱེས་པ་ཙམ་ལྷན་ སྐྱེས་ཀྱི་བདེ་བར་མི་འཇོག་སྟེ། དེ་ལ་ཡང་བསྐྱེད་རྫོགས་གཉིས་ཀྱིས་བསྡུས་པ་ཡོད་པའམ། རྫོགས་རིམ་གྱི་ལྷན་སྐྱེས་དང་པོ་སྐྱེ་བའི་ཆེད་ནི་སྔར་བཤད་པའི་གཏུམ་མོ་བསྒོམས་པའི་སྟོབས་ཀྱིས། གཡས་གཡོན་གྱི་རྒྱུ་བ་འགགས་ཤིང་། དེ་འགགས་པའི་སྟོབས་ཀྱིས་ལྟེ་འོག་ན་ཡོད་པའི་མེ་སད་བྱེད་ཀྱི་རླུང་གཡོས་པས་སྦར་བའི་འབར་འཛག་གི་བདེ་བ་སྐྱེས་པ་ནས་འཛིན་པ་ཡིན་ནོ། །སྤྱིར་རླུང་གི་སྟོབས་ཀྱིས་ཁམས་ཕྱིར་འཕོ་བར་བྱེད་ཀྱང་། རླུང་དེས་སྦར་བའི་མེས་ཞུ་བའི་ ཁམས་ནི་ཕྱིར་མི་འཕོ་བ་ཡིན་ནོ། །དེ་ལྟ་བུའི་དགའ་བཞིའི་རྟོགས་པ་སྐྱེ་ཚུལ་ནི། ཁ་སྦྱོར་ལས། འཁོར་ལོ་བཞིར་ནི་རབ་ཕྱེ་བས། །ས་སོགས་འབྱུང་བ་ཆེན་པོ་དང་། །ཐུན་བཞིར་བྱིན་གྱིས་བརླབ་པ་དང་། །པད་མ་བཞིར་ནི་ཡང་དག་འབྱུང་། ། དགའ་བ་བཞི་ཡི་ངོ་བོ་ཡིས། །སྦྱོར་བ་བཞི་ནི་མངོན་དུའོ། །མཆོག་ཏུ་དགའ་བའི་ངོ་བོ་ཡིས། །བྱ་དང་བྱེད་པའི་དངོས་པོ་ལས། །དཔལ་ལྡན་རྡོ་རྗེ་སེམས་གཟུགས་ཀྱིས། །འདིར་ནི་ཇི་ལྟར་བདེ་བར་རོལ། ཞེས་གསུངས་པའི་དོན། །མན་ ངག་སྙེ་མར་ཕྱག་ཆེན་ཐིག་ལེ་དྲངས་ནས་རྒྱས་པར་བཤད་ལ། མདོར་བསྡུ་ན། དེ་ལ་གང་རོལ་བ་ནི། རྡོ་རྗེ་སེམས་དཔའི་གཟུགས་ཏེ། རྟེན་ཁམས་དང་བརྟེན་པ་དེ་ལས་སྐྱེས་པའི་བདེ་བ་ནིའོ། །གང་དུ་ན། སྤྱིར་ལུས་དང་ཁྱད་པར་འཁོར་ 10-17-32a ལོ་བཞིའོ། །ཚུལ་ཇི་ལྟར་ན། ཇི་ལྟར་རིགས་པར་ཏེ། ཡས་བབས་དང་མས་བརྟན་གྱི་ཚུལ་གྱིས་སོ། །དེ་གཉིས་ནི་འོག་ཏུ་འཆད་པར་འགྱུར་རོ། །དེ་ཡང་དགའ་བཞིའི་ངོས་འཛིན་ལ། དགག་བྱའི་སྒོ་ནས་དང་། གནས་ཀྱི་སྒོ་ ནས་སོ། །དང་པོ་ནི། རང་བཞིན་བརྒྱད་ཅུ་འགགས་པའི་རིམ་པ་ལ་བལྟོས་ནས་འཇོག་དགོས་སྟེ། དང་པོར་ཞེ་སྡང་ལས་གྱུར་པ་སུམ་ཅུ་རྩ་གསུམ་འགགས་པས། གཟུང་འཛིན་གྱི་རྟོག་པ་རགས་པས་སྟོང་བས་སྟོང་པའམ་དགའ་བ། དེ་ནས་འདོད་ ཆགས་ལས་གྱུར་པའི་རང་བཞིན་བརྒྱད་ཅུ་འགགས་པས། གཟུང་འཛིན་གྱི་རྟོག་པས་ཆེས་སྟོང་བས་ན་ཤིན་ཏུ་སྟོང་པའམ་མཆོག་དགའ། དེ་ནས་བཏང་སྙོམས་ལ་སོགས་པའི་རང་བཞིན་བདུན་འགགས་པས། གཟུང་འཛིན་གྱི་རྟོག་པས་ཤིན་ཏུ་ སྟོང་བས་ན་སྟོང་པ་ཆེན་པོའི་ཁྱད་པར་གྱི་དགའ་བ། མ་རིག་པ་འོད་གསལ་ལ་ཐིམ་པས་ཐམས་ཅད་སྟོང་པ་འོད་གསལ་ལམ་ལྷན་སྐྱེས་ཀྱི་དགའ་བ་སྟེ། རྫོགས་རིམ་གྱིའང་རེ་མཐོར་སླེབ་པའི་གསང་འདུས་པའི་ལུགས་ཀྱི་དགའ་བཞི་ངོས་འཛིན་ ལུགས་ཏེ། འདིར་ཞིབ་པར་མི་འཆད། དེས་ན་འདིར་ནི་གནས་ཀྱི་སྒོ་ནས་དགའ་བཞི་ངོས་འཛིན་པ་ཡིན་ཏེ། དེ་ཡང་བུམ་པ་ཅན་ནམ། རྡོར་བཟླས་སོགས་གང་རུང་གཅིག་གི་མཐུས། རླུང་ཕྱིར་སྣ་སྒོ་ལ་རྒྱུ་བ་ལོག་ཅིང་། ལུས་ཀྱི་ནང་གང་བ་ལྟ་བུར་ སྣང་བའི་ནང་གི་རླུང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་ཡལ་ཏེ། འགགས་པའི་མཐུས་སུམ་མདོའི་རླུང་གིས། ལྟེ་བའི་མེ་སྦར་ཞེས་སྤྱིར་བཏང་ལ་རགས་པ་ཙམ་བརྗོད་ཀྱང་། ཞིབ་ཏུ་བཤད་ན། གོང་དུ་བཤད་པའི་རླུང་དེ་འགགས་པའི་མཐུས། 10-17-32b རྡོ་རྗེའི་ནང་གི་རྩ་དབུ་མ་ཞར་བ་དེ་བྱ་ནས་སྦུབས་ཅན་དུ་བྱས་ལ་དེའི་ནང་ནས་སྐྱེས་པའི་ཐུར་སེལ་གྱི་རླུང་གསར་པ་སུམ་མདོར་སོང་སྟེ། ཀྵ་ཡིག་གིས་མཚོན་པའི་མེ་སྦར་ཏེ། དེ་དུས་སུ་རླུང་དེ་དང་མེ་དེ་འདྲེས་པ་ལ་ཐིམ་ཞེས་བཤད་དོ། །དེ་ནས་ སུམ་མདོའི་མེ་དེས་ལྟེ་བའི་ཨཾ་གིས་མཚོན་པའི་མེ་སྦར་ནས་མེ་ལྕེ་སྤྱི་བོའི་བར་དུ་སོང་ནས་བྱང་སེམས་ཞུ་ནས། དཀར་ཆས་མགྲིན་པའི་འཁོར་ལོའི་དབུས་སུ་སླེབ་པའི་དགའ་བ་ནི། དགའ་བཞིའི་ནང་ནས་དགའ་བ་སྐྱེས་པ་ཡིན་ནོ། །དེ་ནས་ མགྲིན་པའི་རྩ་འཁོར་གྱི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་སྟེ། སྙིང་ཁའི་འཁོར་ལོའི་དབུས་སུ་དཀར་ཆས་སླེབ་པའི་བར་ནི། མཆོག་དགའ་སྐྱེས་པའི་དུས། སྙིང་ཁའི་འཁོར་ལོའི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་ནས། ལྟེ་ བའི་འཁོར་ལོའི་དབུས་སུ་དཀར་ཆས་སླེབ་པའི་བར་ལ་ཁྱད་པར་གྱི་དགའ་བ་སྐྱེའོ། །ལྟེ་བའི་འཁོར་ལོའི་དབུས་ཀྱི་འོག་ཙམ་ནས་བཟུང་ནས། རྡོ་རྗེ་ནོར་བུའི་དབུས་སུ་སླེབ་སྟེ་ཕྱིར་མ་འཕོས་པའི་བར་ལ་ལྷན་སྐྱེས་ཀྱི་དགའ་བ་སྐྱེའོ། །ཟླ་ བ་དཀར་ཆ་འཕེལ་བའི་ཆ་བཅོ་ལྔ་། །དཀར་ཆ་རྫོགས་ནས་ནག་ཆ་ལ་མ་སླེབ་པའི་བར་ལ་ཆ་གཅིག་དང་བཅས་པས་ཆ་བཅུ་དྲུག་ཡོད་པ་དང་མཐུན་པར། སྤྱི་བོ་ནས་ནོར་བུའི་རྩེ་མོའི་བར་གྱི་བྱང་སེམས་དཀར་པོ་ཆ་བཅུ་དྲུག་ཡོད་པ། བཅུ་ དྲུག་པོ་དེ་ལ་བརྟེན་པའི་བདེ་བའམ། དགའ་བ་ཡང་བཅུ་དྲུག་ཡོད་དོ། །ཆ་བཅུ་དྲུག་ཡོད་ཚུལ་ནི། སྤྱི་བོ་ནས་མགྲིན་པའི་བར་ཆ་མཉམ་པ་བཞི་བཞིར་བགོས་ནས། སྟོང་ནས་རིམ་པ་ལྟར་བཞི་ཆ་རེ་རེའི་དུས་སུ་དགའ་བའི་དགའ་བ་ 10-17-33a སྐྱེ་ལ། འོག་མ་རྣམས་ལ་ཡང་ཆ་འགོད་ཚུལ་དགའ་བ་གཞན་གསུམ་གྱི་སྐྱེ་ཚུལ་ཡང་དེས་རིགས་འགྲེའོ། །དེ་ཡང་ཉི་མས་ཁྱིམ་བཅུ་གཉིས་བགྲོད་པ་དང་མཐུན་པར། སྤྱི་བོ་ནས་མགྲིན་པའི་བར་དང་། མགྲིན་པ་ནས་སྙིང་ ཁའི་བར་དང་། སྙིང་ཁ་ནས་ལྟེ་བའི་བར་དང་། ལྟེ་བ་ནས་ནོར་བུའི་རྩེའི་བར་དེ་དག་ལ་ཆ་གསུམ་གསུམ་དུ་བགོས་ནས་གནས་བཅུ་གཉིས་པོ་དེ་དག་ཏུ་རིམ་པ་ལྟར་དམར་ཆས་སླེབ་ནས། དམར་ཆ་ཆ་བཅུ་གཉིས་ལ་བརྟེན་པའི་བདེ་བའམ་དགའ་བ་བཅུ་ གཉིས་སྐྱེའོ། །དགའ་བ་བཅུ་དྲུག་དང་། དགའ་བ་བཅུ་གཉིས་ཀྱི་ཁྱད་པར་ཉམས་མྱོང་གི་སྟེང་ནས་ཕྱེད་པ་དགོས་གསུང་། །འོ་ན་ལས་དང་པོ་བའི་ཚེ་ནི། འབར་འཛག་ཀྱང་རེས་འགའ་ཡིན་གྱི་རྒྱུན་མི་འཆད་ནི་མེད་ལ། དབུ་མའི་ལམ་གཅིག་ནས་ ཁམས་འབབ་པ་འདྲ་བ་ལ། དགའ་བ་སྔ་མ་ལས་ཕྱི་མ་རྣམས་བདེ་བ་ཆེ་བ་ཡིན་སྙམ་ན། དེ་ལ་ཡས་བརྟན་གྱི་སྐབས་སུ། སྤྱི་བོར་འདུས་པ་ཙམ་གྱི་བདེ་བ་ལས་ཀྱང་མགྲིན་པར་བབས་པ་དང་འདུས་པ་ན་རྩ་མང་དུ་སོང་ཞིང་། དེའི་དབང་གིས་ ཁམས་དཀར་དམར་ཡང་འདུ་རྒྱུ་མང་བས་སྔ་མ་བས་ཆེ་ཞིང་། དེ་བཞིན་དུ་དེ་བས་ཀྱང་དེ་མན་ལུས་ཀྱི་འཕོན་ཆེ། དེ་ཆེ་བས་རྩ་འདབ་མང་། དེ་མང་བས་ཁམས་འདུས་པ་མང་། དེ་བས་ན་སྙིང་ཁར་འདུས་པའི་ཚེ་སྔ་མ་བས་ཀྱང་བདེ་བ་ཤུགས་ ཆེ། དེ་ནས་གྲ་མ་སྟེ་ལྟེ་བར་འདུས་པའི་ཚེ་དང་། དེ་ནས་གྲམ་སྟེ་གསང་གནས་སུ་རྐང་མཐིལ་ཡན་ཆད་ཀྱི་ཁམས་རྣམས་འདུ་ཕུལ་ཆེར་འགྲོ་བས་བདེ་བའང་དེ་བཞིན་ནོ། །ཡང་མས་བརྟན་གྱི་དགའ་བའི་སྐབས་སུ། གནས་གོང་མ་གོང་མར་ 10-17-33b སླེབ་ཀྱིན་དགའ་བདེ་ཆར་འགྲོ་བ་ཡིན་ལ། དེ་ཡང་ལྷན་ཅིག་སྐྱེས་པའི་དགའ་བ་ལ། དགའ་བ་བཞིར་ཕྱེ་བའི་དགའ་བཞི་ནི། འོག་ནས་རིམ་པ་ལྟར། ནོར་བུའི་རྩེ་མོ་ནས་ཡར་འོངས་ནས། ལྟེ་བར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་དགའ་བ་དང་། དེ་ ནས་སྙིང་ཁར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་མཆོག་དགའ་དང་། དེ་ནས་མགྲིན་པར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་ཁྱད་པར་དགའ་བ་དང་། དེ་ནས་སྤྱི་བོའི་འཁོར་ལོའི་དབུས་སུ་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་ལྷན་ཅིག་སྐྱེས་དགའ་སྐྱེ། འདིར་ ལེགས་པར་འཛིན་ཐུབ་ན། སྔ་མ་ནོར་བུ་ནས་ཆེས་བརྟན་པས་མས་བརྟན་ཞེས་པ་སྟེ། དེ་ནས་མས་བརྟན་ལ་ལྷན་སྐྱེས་ལས་མ་གཏོགས་པའི་དགའ་བ་མི་སྲིད་ཅིང་། ཡས་བབས་ལས་གཞན་པའི་དམིགས་པ་ཟུར་བ་གཅིག་གིས་མས་བརྟན་གྱི་ དགའ་བ་བསྐྱེད་དགོས་སོ། །དེས་ན་སྔོན་གྱི་མཁས་པ་རྣམས་ཀྱིས་ཡང་བབས་དང་མས་བརྟན་ཞེས་པའི་ཐ་སྙད་ནི་ལེགས་པ་ཡིན་གསུང་། ཡང་ཁ་ཅིག་ན་རེ། ཕྱིར་མ་འཕོས་ན་ཡར་ལྡོག་པ་ཆོས་ཉིད་ཡིན་ཟེར་བ་དེའི་ངེས་པ་མེད་དེ། ཕྱིར་མ་འཕོས་ ཀྱང་ལུས་ཀྱི་གནས་རྣམས་སུ་བྱེ་མ་ལ་ཆུ་བཞིན་དུ་ཐིམ་པ་ཡང་སྲིད་དོ། །འོ་ན་སྟོང་པ་དང་གང་ནས་སྦྱོར་སྙམ་ན། སྔ་མ་གསུམ་གའི་སྐབས་སུ་མི་བྱེད་པར་ལྷན་སྐྱེས་ཁོ་ནའི་བདེ་སྟོང་སྦྱོར་རོ་གསུང་། འོ་ན་རྣལ་འབྱོར་འདི་བསྒོམས་ཀྱང་། སྔོན་ དུ་རླུང་གི་རྣལ་འབྱོར་མ་སོང་ན་རྩ་སྦྱར་བ། ཐིག་ལེ་དབབ། བཟློག །འགྲིམས། སྡུད། འཛིན་པ་སོགས་ཇི་ལྟར་རུང་སྙམ་ན། དེ་ནི་མི་རུང་སྟེ། དཔེར་ན་བུག་གནད་ཆེ་བ་གཅིག་ཏུ་སྒྲོན་མེ་བཟུང་ནུ་བུ་ག་ཇི་སྙེད་པ་ཐམས་ཅད་གསལ་བ་ལྟར། 10-17-34a གཏུམ་མོ་མེ་གང་གིས་འཁོར་ལོ་རའི་ལྟེ་བར་སླེབ་དུས་འཁོར་ལོ་དེ་ལ་གཏོགས་པའི་རྩ་འདབ་ཇི་སྙེད་པ་ཐམས་ཅད་གསལ་ཞིང་སྦྱངས་པས། དེ་རྣམས་ལ་གནས་པའི་ཁམས་ཇི་སྙེད་པ་ཐམས་ཅད་རྒྱས་པར་བྱེད་ཅིང་། དེ་བཞིན་དུ་ཐུར་དུ་འབེབས་པ་དང་། ཐད་ཀར་འགྲེམས་པ་དང་། ལྟ་བ་དེར་སེམས་བཟུང་བའི་ཚེ་ཡང་ལྡོག་པ་དང་ཚུར་འདུ་བར་འགྱུར་རོ། །ལྟེ་བའི་འཁོར་ལོ་ལྟ་བུར་རླུང་སེམས་འདུས་པའི་སྟོབས་ཀྱིས་ཕྱི་ནང་གི་ལས་རླུང་ཤུགས་ཀྱིས་འགགས་ ནས་དབུ་མར་སྐྱེས་པའི་རླུང་གི་མཐུ་དང་། དང་པོའི་དུས་ཕཊ་ཡིག་གིས་འགོག་པ་སོགས་གོམས་པའི་དབང་གིས་འཛིན་པ་ཡང་ཆོས་གཞན་ལ་མི་ལྟོས་གསུང་། མདོར་ན་གོང་གི་དམིགས་པ་དེ་རྣམས། བདེ་མཆོག་དང་། ཀྱེེ་རྡོ་རྗེའི་མངོན་ རྟོགས་དང་སྦྲེལ་ནས་བསྒོམས་ན་བོགས་ཆེ་བ་ཡིན་ནོ། །དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ། དེ་དང་སྟོང་ཉིད་སྤྲེལ་ནས་སྒོམ་པ་ཡིན་ཞིང་། ལྷན་སྐྱེས་དེ་ཡང་ཡས་བབས་ཀྱི་སྐབས་སུ་གནས་དམའ་བ་ཙམ་དུ་དགའ་ བདེ་ཆེ་ཞིང་། མས་བརྟན་གྱི་སྐབས་སུ་གནས་མཐོ་བ་ཙམ་གྱིས་དགའ་བདེ་ཆེར་འགྲོ་བས་སྟོང་ཉིད་སྒོམ་དུས་དེ་དང་། ལྷན་སྐྱེས་སྐྱེས་དུས་གོ་བས་དམིགས་ཕྱེད་པོ་བྱས་ནས་སྐྱོང་དགོས་པ་ཡིན་ནོ། །དྲིས་ལན་གྱི་སྐབས་སུ། བུ་ཁྱོད་ཅི་ ལ་དགའ། ཞེས་པའི་ལན་དུ། བདག་བདེ་བ་ཆེན་པོ་ལའོ། །བླ་མ་ཡབ་ཡུམ་གྱི་གསང་རྫས་ལྕེ་ལ་མྱངས་པས་ལུས་ངག་ཡིད་གསུམ་ལ་བདེ་བ་ཆེན་པོ་སྐྱེས་པ་རང་ལུས་ལ་བརྟེན་པ་དང་། ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་ཕྱག་རྒྱ་ 10-17-34b ལ་བརྟེན་ནས་སྐྱེས་པའི་བདེ་བ་ཆེན་པོ་ནི་གཞན་ལུས་ལ་བརྟེན་པ་སྟེ། དབང་གི་དུས་སུ་དེ་ལྟར་བྱིན་གྱིས་བརླབས་ཏེ། རྫོགས་རིམ་འདི་དག་གི་སྣོད་དུ་བསྒྲུབས་པས་དབང་གི་དོན་ལམ་གྱི་རིམ་པ་འཆར་བ་ལ་ཡང་ངེས་པ་རྙེད་པར་འགྱུར་རོ། །ཡང་རླུང་ འགགས་དུས་སུ་དབུ་མར་འདུ་བའི་བཤད་པ་ཡང་གྲུབ་ཆེན་འགའ་རེས་བྱས་ཡོད་པས་འདབ་མའི་ནང་གི་ལས་རླུང་རྣམས་དབུ་མའི་ནང་དུ་སོང་བའི་ཚེ། དབུ་མའི་ནང་དུ་སླེབ་ཙམ་ནས་ཡལ་བའི་དམིགས་པ་བྱས་ཀྱང་འགལ་བ་མེད་ཅིང་། ཡང་ དབུ་མའི་ཕྱི་རོལ་ཙམ་དུ་འགག་པ་བྱས་པའི་ལུགས་ཀྱང་ཡོད་པས། དེ་གཉིས་གང་མོས་ཀྱིས་ཆོག་གསུང་ངོ་། །སྡོམ་འབྱུང་ལས། རླུང་གི་རྣལ་འབྱོར་མ་ཤེས་དང་། །གང་ཞིག་ཤེས་ཀྱང་མི་བྱེད་པ། །དེ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས། ། འཚེ་དང་འཁོར་བའི་སྲིན་བུར་འགྱུར། ཅེས་གསུངས་པས་རྣལ་འབྱོར་ཡང་དེ་ཉིད་ལས། །མཉམ་པར་བཞག་པའི་རྣལ་འབྱོར་པས། །ཇི་སྲིད་འབུམ་ལ་སོགས་པའི་གྲངས། །འདི་ནི་སྒྲ་མེད་རྟག་ཏུ་བཟླས། །སྒྲ་མེད་བཟླས་པ་འབུམ་ཕྲག་ནི། །ཡོངས་ སུ་རྫོགས་པས་སྒྲུབ་པའོ། །ཚེ་ཟད་པ་ཡང་ལོ་ལྔ་རུ། །འཚོ་བ་འདི་ལ་ཐེ་ཚོམ་མེད། །རྟག་ཏུ་ཐོ་རངས་ལངས་ནས་རླུང་། །སྲོག་རྩོལ་གཅིག་ནི་བགྲང་བྱ་སྟེ། །དེ་ཕྱིར་རླུང་གི་རྣལ་འབྱོར་གྱིས། །རྟག་ཏུ་མཉམ་གཞག་གནས་པར་བྱ། ཞེས་གསུངས་སོ། ། གསུམ་པ་དེ་ལ་བརྟེན་ནས་བདག་མེད་ཀྱི་རྣལ་འབྱོར་ནི། དེ་ལྟར་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱི་གནད་ཤེས་ནས། དེ་ལ་གནད་དུ་བསྣུན་པའི་རྣལ་འབྱོར་གྱིས་རླུང་དང་ཐིག་ལེ་ལས་རུང་དུ་བྱ་བར་ནུས་པ་ན། ཁམས་དབབ། བཟློག་ལ་ 10-17-35a བརྟེན་པའི་དགའ་བཞིའི་ཏིང་ངེ་འཛིན་བདེ་གསལ་མི་རྟོག་པས་བརྒྱན་པ་སྐྱེ་ནུས་མོད་ཀྱང་། བདག་མེད་པའི་དོན་གཏན་ལ་ཕབ་པའི་ལྟ་བའི་ཐབས་དེ་ལ་བརྟེན་ནས་སྐྱོང་དགོས་ཀྱི། གཞན་དུ་དེ་འདྲ་བའི་ཏིང་ངེ་འཛིན་གྱིས་ སྲིད་པ་ལས་བརྒལ་བར་མི་ནུས་པའི་ཕྱིར་ཏེ། དེ་སྐད་དུ། བྱང་ཆུབ་སེམས་འགྲེལ་ལས། གང་དག་སྟོང་ཉིད་མི་ཤེས་པས། །དེ་དག་ཐར་པ་རྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། ཞེས་དང་། ཁ་སྦྱོར་ལས། དེ་ནས་བསམ་གཏན་གནས་འདུག་ན། །ཆོས་རྣམས་ཐམས་ཅད་བདག་མེད་པ། །ཡང་དག་རྗེས་སུ་བལྟ་བར་བྱ། ཞེས་སོ། །དེའི་ཕྱིར་རྡོ་རྗེ་ཐེག་པ་བས་བདག་མེད་པའི་ལྟ་བའི་གོ་བ་རྒྱུད་ལ་བསྐྱེད་པ་ནི། མཚན་ཉིད་ཀྱི་ཐེག་པ་ བཞིན་དུ་བྱ་དགོས་སོ། །ལྟ་བ་དེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་ཀྱང་། ཐོག་མ་མེད་པ་ནས་བདག་ཏུ་འཛིན་པ་གཉིས་ཀྱིས་བསླད་པས། ཡུལ་དེ་ལ་ཡུལ་ཅན་དེ་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་མཉམ་དུ་འཇུག་མི་ནུས་པར། གཉིས་ སྣང་གི་སོ་སོ་བར་རིང་དུ་རྒྱང་ཆད་པར་བྱེད་པས། དེས་ན་གཏུམ་མོའི་མེས་བྱང་སེམས་བཞུས་པ་ཕྱིར་མ་འཕོས་པར་བཟུང་བ་ན། དེའི་མཐུས་གཉིས་སྣང་གི་རགས་པ་བསྡུས་ནས་ཞི་བར་འགྱུར་ལ། དེའི་ཚེ་ལྟ་བ་དྲན་པར་བྱས་ནས་ལྟ་ཐོག་ ཏུ་བཞག་ནས་བསྐྱངས་པ་ན། ཤེས་རབ་དེ་དེ་ཁོ་ན་ཉིད་ལ་ཇེ་ཉེར་སོང་ནས་ཡུལ་དང་ཡུལ་ཅན་རོ་གཅིག་ཏུ་འགྱུར་བ་ཡིན་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། རྣལ་འབྱོར་གཅིག་གཅིག་ཤེས་བྱས་ནས། །སྡིག་དག་ཚེ་འདིར་ 10-17-35b སངས་རྒྱས་འགྲུབ། །ཆོས་བདག་མེད་པ་རབ་བསྒོམས་པས། །ཐམས་ཅད་མཁྱེན་པ་ཁོང་དུ་ཆུད། ཅེས་དང་། གསང་འདུས་སུ། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམས་སྤངས་ པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སེམས་ཀྱིས་རྡུལ་ཕྲན་ཆ་དྲུག་རྣམས། །ཕྱོགས་སུ་དག་ཏུ་ཕྱེ་ནས་སུ། ། ཆོས་ཀྱི་དོན་རྣམས་དེས་གསལ་ནས། །ཤིན་ཏུ་དྲི་མེད་སེམས་དག་པ། །འདས་དང་མ་འོངས་པ་ཡི་སེམས། །ད་ལྟར་ཡང་ནི་དམིགས་སུ་མེད། །གཉིས་མེད་དེ་ལ་གཉིས་མེད་མེད། །ནམ་མཁའ་ཞེས་པའང་གནས་པ་མེད། །དེ་ལྟར་ཀུན་ཏུ་བརྟགས་ ནས་སུ། །འགྲོ་བ་ཐམས་ཅད་ཤིན་ཏུ་སྟོང་། །དྲི་མེད་རྣལ་འབྱོར་ཉིད་ཀྱི་ཡིན། །དངོས་པོ་མེད་པར་རང་སེམས་བསམ། ཞེས་དང་། གྲུབ་ཐོབ་དཔལ་འཛིན་གྱིས། དངོས་པོ་ཐམས་ཅད་བདེན་པ་ཡིན། །ཐོག་མ་བར་དང་མཐར་སྤངས་པ། །འདི་ལྟར་དཔྱད་ནས་ འཁོར་ལོ་ལ། །དམ་པ་ཡང་དག་རྟོག་པ་སྤངས། །ཕུང་པོ་ཁམས་ནི་བདག་མེད་པ། །བསྒོམ་བྱ་བདེ་བ་དམ་པ་གཟུགས། ཞེས་གསུངས་སོ། །དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྤྲོས་པའི་དོན་ཅི་ཡང་མ་རྙེད་པའི་དོན་ལ་འཇོག་པ་དགོས་ཀྱི། ཡིད་བྱེད་བསྡུས་པའི་མི་རྟོག་པ་ཙམ་དེ་ཁོ་ན་ཉིད་སྒོམ་པ་མིན་པ་དང་། བློའི་སྐྱོན་ལྡོག་པ་ནི། ཕྱིའི་ཚེར་མ་འདོན་པ་བཞིན་བྱར་མེད་ཀྱི། འཛིན་སྟངས་ཀྱི་ལོག་ཕྱོགས་གཟུང་བས་སྒྲོ་འདོགས་དང་ཐེ་ཚོམ་ལྡོག་དགོས་ཏེ། མན་སྙེ་ལས། གང་ཤེས་ 10-17-36a རབ་ཀྱི་མིག་གིས་ངེས་པར་དཔྱད་པ་ལས། ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེས་པ་ན། ཆོས་རྣམས་ཐམས་ཅད་མ་མཐོང་བའོ། །དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་སྤྱོད་ལམ་ཐམས་ཅད་ལ་གནས་པ་རྣམས་ཀྱིས་ ཆོས་རྣམས་ཐམས་ཅད་མཐོང་ཡང་མཐོང་བ་མེད་པའོ། །འདི་འདྲ་བ་ཁོ་ན་མཐོང་བ་མེད་པར་མངོན་པར་དགོངས་ཀྱང་། གཉིད་ལོག་པ་དང་མིག་བཙུམ་པ་དག་གིས་བཞིན་དུ་ཡིད་ལ་མི་བྱེད་པས་ནི་མིན་ནོ། །ཐེ་ཚོམ་གྱི་སྐྱོན་དང་བྲལ་བ་ཁོ་ན་ལས་གཟུགས་ ལ་སོགས་པར་མངོན་པར་ཞེན་པ་གསལ་བར་བྱའི། །ཚེར་མ་འདོན་པ་བཞིན་དུ་ནི་མ་ཡིན་ནོ། །ཞེས་ངེས་པའོ། །ཞེས་གསུངས་སོ། །བཞི་པ་རྫོགས་རིམ་གྱི་གསུང་བགྲོས་ལ། མར་འགོས་འབྲོམ་གསུམ་གྱི་བཞེད་པ་ལྟར་ན། མྱུ་གུ་ལུང་པ་འབྲོག་ མི་ནས་བརྒྱུད་པ་རྣམས། སེམས་ཟིན་པ་ལ་ཐིག་ལེ་བརྟན་དགོས། དེ་ལ་རླུང་འབྱོངས་དགོས། དེ་ལ་རྩ་དག་པ་དགོས། དེ་ལ་ལུས་སྦྱང་དགོས་པས། ལུས་གནད་དང་ལྟ་སྟངས་ལ་གནད་དུ་བསྣུན་པས་རྩ་དག་པ་འབྱུང་། དེ་ལ་བརྟེན་ནས་རླུང་ འབྱོངས། དེས་ཐིག་ལེ་བརྟན་པས་ཏིང་ངེ་འཛིན་འདོད་པ་བཞིན་བསྐྱེད་གསུངས། དེ་ལ་སྲོག་རྩོལ་གྱི་སྔོན་དུ་དབུ་མ་སྦྱོང་བ་ཡང་། སྦྱོར་དྲུག་པ་སོར་བསམ་གཉིས་ཀྱིས་བྱེད། དེ་ལ་དབུ་མ་གསལ་འདེབས་པ་སོགས་མེད་ཀྱང་དོན་གཅིག་ཏུའོ། །རིམ་ ལྔ་པ་རླུང་རྡོར་བཟླས་ཀྱིས་དང་། མ་རྒྱུད་པ་ལ་རྩ་ཐིག་ལེ་ཡི་གེ་རླུང་སྦྱོར་སོགས་མང་ཡང་དབུ་མ་སྦྱང་ཐུབ་པ་གཅིག་གོ། སྦྱོར་དྲུག་པའི་སོར་བསམ་གཉིས་ཀྱི་ཉིན་མཚན་གྱི་རྟགས་བཅུ་རྫོགས་པ་དང་། རྟགས་བཅུ་གཅིག་པ་བརྟན་པ་མ་བྱུང་ན་ 10-17-36b གཞན་ཞི་གནས་ཅི་བྱུང་ཡང་སྲོག་རྩོལ་མི་བྱེད་ལ། དེ་བྱུང་ནས་དུང་དེ་ག་བསྒོམ་པ་ནི་ས་ཚིགས་མ་ཟིན་པ་ཡིན་པས། དེ་ནས་སྲོག་རྩོལ་བྱེད་དེ། བཅུ་གཅིག་པ་ནི། ཤ་བ་རི་དབང་ཕྱུག་གིས། རྟགས་བཅུ་རྫོགས་པར་གྱུར་པ་ན། །ཐིག་ལེ་ཆེན་པོའི་སྣང་བ་ འབྱུང་། །སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་བ་ནག་པོའི་རི་མོ་འབྱུང་། །དེ་ཡང་འགྲོ་དྲུག་ལ་སོགས་པ། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང་། །ལོངས་སྐུ་དུ་མ་མཐོང་གྱུར་པ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །དེ་ལ་སེམས་ནི་ཐིམ་པ་ནི། །ཏིང་འཛིན་ཡན་ ལག་མཐར་གྱུར་པའོ། །ཞེས་གསུངས་སོ། །དེ་བས་ན་སྦྱོར་དྲུག་པའི་ལུགས་ཀྱིས་ནི། སོར་བསམ་གཉིས་ཀྱིས་རྩ་དབུ་མའི་ལམ་སྦྱངས་ནས། སྲོག་རྩོལ་གྱིས་དབུ་མའི་ནང་དུ་རླུང་འཇུག་ཅིང་། འཛིན་པས་ཚུད་པ་དེ་རྣམས་བརྟན་པར་བྱེད་ལ། རྗེས་ དྲན་གྱི་དུས་སུ་རླུང་གི་མཐུས་སྤྱི་བོའི་བྱང་སེམས་ཞུ་ནས་མི་འགྱུར་བའི་བདེ་བ་སྐྱེ་ལ། དེ་ནམ་སྐྱེས་པ་ན་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པ་ཡིན་ལ། མི་འགྱུར་པའི་བདེ་བ་ཉི་ཁྲི་ཆིག་སྟོང་རྫོགས་མ་ཐག་སངས་རྒྱས་པ་ཡིན་ནོ་གསུང་། རྗེ་བཙུན་མར་ པ་ལྷོ་བྲག་པ་ནས་བརྒྱུད་པ་རྣམས་རྟེན་ཐིག་ལེ་གནས་པ་ལ། བརྟེན་པ་སེམས་ཉིད་གནས་པར་འདོད་དེ། དེ་ཡང་ཕྱི་རོལ་ན་ཉི་ཟླ་གཉིས་གླིང་བཞིར་འཕོ་བ་ལྟར། ནང་ལུས་ལ་བྱང་སེམས་དཀར་དམར་གཉིས་རྩ་འཁོར་བཞིར་མཆི་ཞིང་གནས་ཏེ། དེ་ ཡང་རོ་རྐྱང་གཉིས་ཀྱི་རླུང་ལྟེ་བ་སྤྲུལ་པའི་འཁོར་ལོར་སོང་ནས། ཉིན་པར་ཐིག་ལེ་ལྟེ་བ་ན་གནས་པ་བསྐྱེད་རིམ་དང་གཏུམ་མོ་བསྒོམ་པའི་དུས་གནད་ཡིན། དེ་བསྐྱེད་རིམ་སྣང་ལ་རང་བཞིན་མེད་པ་སྒྱུ་ལུས་སུ་འདོད་པ་འདྲ་ཞིང་། ཐུན་མཇུག་ཏུ་ 10-17-37a གཏུམ་མོ་ཐུན་རེ་ངེས་པར་བསྒོམ་པར་གདའ། གཉིད་འཐུག་གི་དུས་སུ་ཐིག་ལེ་སྙིང་ཁར་གནས་པས་འོད་གསལ་བསྒོམ་པའི་དུས་གནད་ཡིན། རྨི་ལམ་གྱི་དུས་ན་མགྲིན་པར་གནས་པས་རྨི་ལམ་སྦྱོང་བའི་དུས་གནད་ཡིན། སྙོམས་འཇུག་གི་དུས་ན་སྤྱི་བོར་གནས་པས་འོད་གསལ་བསྒོམ་པའི་དུས་གནད་ཡིན་ནོ་གསུང་། དེ་ལྟ་བུའི་ལུགས་ལ་བསྐྱེད་རིམ་བརྟན་པ་གཞིར་བཞག་ནས། རླུང་དང་གཏུམ་མོ་དང་སྤྱོད་པ་གསུམ་མཐར་ཕྱིན་ན། ཚེ་འདི་ལ་སངས་རྒྱ། དེ་ གསུམ་མཐར་མ་ཕྱིན་པར་ཚེ་འདི་ལ་སངས་རྒྱ་མ་ནུས་ན། ད་གཟོད་འཆི་བ་འོད་གསལ་ཟིན་པའི་དོན་དུ། ད་ལྟ་གཉིད་འཐུག་དང་སྟོང་ཉིད་བསྲེས་ནས་བསྒོམ། དེ་ལེགས་པོ་ཞིག་བྱུང་ན། ད་གཟོད་འཆི་ཙ་ན། ཐ་མལ་གྱི་འཆི་བ་རང་དགའ་བར་ མི་འགྲོ་བར་འོད་གསལ་བཟུང་བ་ནས་འཆི་བ་ཆོས་སྐུར་འཁྱེར་ཐུབ་པ་ཞིག་འོང་བ་ཡིན་ནོ། །ད་གཟོད་བར་ངོ་ཟིན་པའི་དོན་དུ། ད་ལྟ་དང་པོར་རྨི་ལམ་གྱི་མན་ངག་ལ་སྦྱངས་ཏེ་རྨི་ལམ་བཟུང་ལ། དེ་ཟིན་པའི་ཚེ་བར་དོའི་མན་ངག་དང་བསྲེས་ནས་ བསྒོམས་པས། ད་གཟོད་བར་དོ་ཟིན་ཏེ། ཐ་མལ་གྱི་བར་དོ་རང་དགའ་བར་མི་འཆར་བར། ལོངས་སྐུར་འཁྱེར་ཤེས་པའམ། དེ་དུས་སུ་ཕན་ཐོགས་པ་ཡིན་ནོ། །ད་ལྟ་བསྐྱེད་རིམ་ལ་སྦྱངས་པས་བར་དོར་སྣང་བ་ཐམས་ཅད་ལྷ་སྐུར་ཤར་ནས། དེའི་གནད་ཀྱིས་ཆགས་སྡང་ཁེགས་ཏེ། མངལ་སྐྱེས་ལྟ་བུའི་སྐྱེ་སྒོ་ཁེགས་ནས་སྐྱེ་གནས་སུ་སྐྱེ་བ་མི་ལེན་པར། བར་དོའི་རྟེན་དེ་ལམ་ལྷག་མ་བསྒོམས་ཏེ་སྤྲུལ་སྐུར་སངས་རྒྱ་བ་ཡིན་ནོ་གསུང་བ། བར་དོར་སངས་རྒྱ་མི་ནུས་པར། སྐྱེ་ 10-17-37b གནས་གང་རུང་གཅིག་ཏུ་སྐྱེ་བ་བརྒྱུད་ནས་སངས་རྒྱ་དགོས་པ་དེས་ནི། འཕོ་བ་དང་གྲོང་འཇུག་གི་གདམས་ངག་སྒོམ་པ་ཡིན་ལ། འདི་ནི་རྒྱུད་ཀྱེེ་རྡོ་རྗེ་སོགས་ཀྱི་དགོངས་པ་ཡིན་ཞེས་མར་པ་ནས་བརྒྱུད་པ་རྣམས་གསུང་ངོ་། །འདི་ནི་གདམས་ངག་ལེགས་ པ་ཆེ་བ་ཞིག་སྣང་ལ། འོན་ཀྱང་བར་དོར་སྣང་བ་ལྷ་སྐུར་ཤར་བས་མངལ་སྐྱེས་ཁེགས་སུ་ཆུག་ཀྱང་། སྐྱེ་གནས་གཞན་གསུམ་ཨེ་ཁེགས་ཡིན་ནོ་གསུང་ངོ་། །རྗེ་འོགས་ཁུག་པ་ལྷས་བཙས་ནས་བརྒྱུད་པའི་ལུགས་ལ། དེ་ཡང་འཁོར་འདས་ཀྱི་ལས་ ཐམས་ཅད་རླུང་གིས་བྱས་པར་འདོད་ལ། དེ་ཡང་བར་སྲིད་རླུང་ལ་ཞོན་ནས་གནས་སྐབས་ལྔས་ལུས་གྲུབ་པ་སོགས་སེམས་ཅན་ཐ་མལ་པ་འཁོར་བར་འཇུག་པ་ཡང་རླུང་གིས་བྱེད་ཅིང་། རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་རྣལ་འབྱོར་པས་དེ་ ཁོ་ན་ཉིད་རྟོགས་པས་འཁོར་བ་ལས་ལྡོག་པ་ཡང་རླུང་གིས་བྱེད་པ་ཡིན་ནོ། །སྤྱིར་སྔགས་ཀྱི་ལུགས་ཀྱིས། རབ་ཚེ་འདི་ལ་སངས་རྒྱ་བ་དང་། འབྲིང་བར་དོར་སངས་རྒྱ་བ་དང་། ཐ་མ་སྐྱེ་བ་གཞན་དུ་སངས་རྒྱ་བ་དང་གསུམ་ལས། །དང་པོ་ནི། གསང་ འདུས་འཕགས་ལུགས་པ་དང་བསྟུན་ན། དང་པོར་སེམས་བསྐྱེད་དེ་བྱང་སེམས་ཀྱི་སྡོམ་པ་བཟུང་ནས། སྤྱོད་པ་ཕྱིན་དྲུག་ལ་སློབ་པ་མན་ཆད་ཀྱི་ལམ་ཐུན་མོང་བ་རྣམས་ཀྱིས་རྒྱུད་ལེགས་པར་སྦྱངས་ནས། དེ་རྗེས། གསང་འདུས་ལྟ་བུའི་དཀྱིལ་ འཁོར་དུ་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཞུས། རྩ་ལྟུང་དང་སྦོམ་པོ་སོགས་ཀྱི་དམ་ཚིག་དང་། སྡོམ་པ་དག་པས། རྒྱུད་ཡོངས་སུ་དག་པར་བྱས། དེ་རྗེས་ཕྲ་ཐིག་གི་བར་གྱི་བསྐྱེད་རིམ་བརྟན་པར་བྱས། དེ་ནས་རྫོགས་རིམ་ལུས་དབེན་སྐུ་རྡོ་ 10-17-38a རྗེ་དང་། ངག་དབེན་གསུང་རྡོ་རྗེ། སེམས་དབེན་ཐུགས་རྡོ་རྗེ་རྣམས་རྒྱུད་ནས་བཤད་པ་བཞིན་དུ་ཐོབ་པར་བྱས་ལ། དེ་ནས་རླུང་སེམས་ལས་སུ་རུང་བ་ལ་བརྟེན་ནས་འཇའ་ལུས་སམ་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་ཐོབ་སྟེ། དེ་ ཉིད་བསམ་གཏན་གཉིས་ཀྱིས་འོད་གསལ་མངོན་དུ་བྱས་ཏེ། དེ་ལས་ལུགས་ལྡོག་གི་རྣམ་པར་སྣང་བ་གསུམ་རླུང་དང་བཅས་པ་ལས་སློབ་པ་དང་མི་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱས་ཏེ་འཚང་རྒྱ་བ་ཡིན་ནོ། །གཉིས་པ་ནི། སེམས་ལ་ གསུམ་ལས། སེམས་སྣང་བའི་ཡེ་ཤེས་མན་གྱི་བསྐྱེད་རྫོགས་ཀྱི་ཡོན་ཏན་རྣམས་མཚན་ཉིད་དང་ལྡན་པ་ཐོབ་དགོས་ལ། སྣང་བ་ཉེར་ཐོབ་མ་ཐོབ་དགོས་ཤིང་། སྣང་བ་མཆེད་པ་ཐོབ་པ་ཡང་སྲིད་ལ། མ་ཐོབ་པ་ཡང་སྲིད་ལ། གང་ ལྟར་ཡང་དེའི་དུས་སུ་སྤྱོད་པ་བྱེད་པའི་མཐུན་རྐྱེན་མ་འཛོམ་པའམ། ཡང་ན་ཞིང་ལས་སོགས་ཀྱིས་བྲེལ་བའི་དབང་གིས་སྤྱོད་པ་བྱེད་རྒྱུ་མ་བྱུང་བ་ན། དེའི་གནད་ཀྱིས་འཆི་བའི་གོང་དུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་སྡུད་མི་ཐུབ་ལ། དེ་མ་ ཐུབ་ན་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་མངོན་དུ་མི་འགྱུར་བས། དེ་འཆི་ཁར་མངོན་དུ་འགྱུར་བའི་ཆེད་དུ། འཆི་ཁར་འབྱུང་བ་སྡུད་པའི་ཚེ། མན་ངག་ནས་བཤད་པའི་འབྱུང་བ་སྡུད་ལུགས་ཀྱི་དམིགས་པ་རྣམས་བསྐྱངས་པས། ཤི་ཟིན་ པའི་ཚོད་ཙམ་དུ་སྣང་བ་ཉེར་ཐོབ་མངོན་དུ་བྱེད་ཅིང་། བར་དོར་སྐྱེས་པའི་ཚོད་ཙམ་ན་སྒྱུ་ལུས་ཐོབ་ཅིང་། དེས་ན་རྟེན་དེ་ལ་འོད་གསལ་དང་ཟུང་འཇུག་མངོན་དུ་བྱེད་དོ། །གསུམ་པ་སྐྱེ་བ་བརྒྱུད་ནས་སངས་རྒྱ་བ་ནི། ཚེ་འདི་ལ་བླ་མེད་ཀྱི་ 10-17-38b དཀྱིལ་འཁོར་གང་རུང་དུ་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཐོབ། དམ་ཚིག་དང་སྡོམ་པ་དག་པར་བྱས་པ་ཞིག་ངེས་པར་ཡན་ལག་ཏུ་དགོས་ལ། བསྐྱེད་རིམ་དང་། ལུས་དབེན་དང་། ངག་དབེན་རྣམས་རྒྱུད་ལ་སྐྱེས་མ་སྐྱེས་གང་ཡིན་ཡང་ རུང་སྟེ། སྐྱེ་བ་བཅུ་དྲུག་ཚུན་ལ་སངས་རྒྱའོ། །འདི་ལ་ཚེ་དེ་ལ་སེམས་དབེན་གྱི་རྟོག་པ་སྣང་མཆེད་ཐོབ་གསུམ་པོ་གང་ཡང་མ་སྐྱེས་པ་དགོས་ཏེ། དེ་སྐྱེས་ན་ཚེ་འདི་ལ་སངས་རྒྱ་བའམ། ཡང་ན་བར་དོར་སངས་ངེས་པར་རྒྱ་བའི་ཕྱིར་རོ་གསུང་ ངོ་།། །།འདི་ནི་དགོན་གནས་གཉིས་སུ། བླ་མ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སྔ་ནས། རྡོ་རྗེ་ལུས་ཀྱི་འཆགས་ཚུལ་གྱི་བཤད་པ་སྔོན་དུ་གཏོང་བའི་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ཁྲིད་དུ་གནད་དུས། མཁས་པ་སྡེ་སྣོད་འཛིན་པ་ཆེན་པོ་རྣམས་ཀྱིས་ཟིན་བྲིས་སུ་མཛད་པ་ལུང་དང་སྦྱར་བ་ཤིན་ཏུ་དམ་པ་སྙིང་གི་དཀྱིལ་དུ་སྦེད་པར་མཛད་པ་ལགས་སོ། །ཕ་མ་འགྲོ་དྲུག་ཐར་པའི་ལམ་བཟང་ནུབ་བདེ་བ་ཅན་དང་པོ་ཏ་ལར་སྐྱེ་བར་ གྱུར་ཅིག །མདྒ་ལཾ། ། 10-18-1a ༄༅། །རྫོགས་རིམ་དཔྱིད་ཀྱི་ཐིག་ལེའི་ཟིན་བྲིས་བཞུགས་སོ།། 10-18-1b ༄༅༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་རྫོགས་རིམ་དུ་འཇོག་པར་བྱེད་པ་ལ། སྟོང་ཉིད་ཙམ་གྱིས་འཇོག་མི་ནུས་ཏེ། སྟོང་ཉིད་རྟོགས་པ་ཐེག་དམན་ལའང་ ཡོད་པའི་ཕྱིར་རོ། །སྟོང་ཉིད་དང་ལྷའི་རྣལ་འབྱོར་གཉིས་ཀ་ཡོད་པ་ཙམ་གྱིས་ཀྱང་། རྫོགས་རིམ་དུ་འཇོག་མི་ནུས་ཏེ། དེ་གཉིས་རྒྱུད་སྡེ་འོག་མ་གསུམ་ལའང་ཡོད་པའི་ཕྱིར་རོ། །དེ་གཉིས་ཀྱི་སྟེང་དུ་རླུང་གི་ རྣལ་འབྱོར་བསྣན་པས་ཀྱང་དེར་འཇོག་མི་ནུས་ཏེ། སྟོང་པ་དང་ལྷའི་རྣལ་འབྱོར་དང་རླུང་གི་རྣལ་འབྱོར་གསུམ་ག་རྒྱུད་སྡེ་འོག་མ་གསུམ་ལའང་ཡོད་པའི་ཕྱིར་རོ། །དེས་ན་འདིར་ལུས་ལ་གནད་དུ་བསྣུན་ནས་བོགས་ བཏོན་པའི་སྟོང་ཉིད་ཀྱི་རྟོགས་པ་ལ་རྫོགས་རིམ་དུ་འདོད་པ་ཡིན་ལ། དེ་ལ་ལུས་ཀྱི་གནད་རྩ་དང་རླུང་དང་ཐིག་ལེ་རྣམས་ཀྱི་གནས་ཚུལ་ཤེས་དགོས་པས་ཐོག་མར་རྩའི་ཡོད་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། དེའང་ མཚན་ཉིད་ཐེག་པ་ནས་དགའ་བོ་མངལ་འཇུག་གི་མདོར། ལུས་ཀྱི་གཡས་གཡོན་གཉིས། རྒྱབ་མདུན་གཉིས་ཏེ་བཞིར་རྩ་ཉི་ཁྲི་ཉི་ཁྲི་སྟེ་ལུས་ལ་རྩ་བརྒྱད་ཁྲི་ཡོད་པར་བཤད་ལ། སྔགས་ཀྱི་ཐེག་པ་ནས་ལུས་ 10-18-2a ལ་རྩ་བདུན་ཁྲི་ཉིས་སྟོང་ཡོད་པར་བཤད། དེ་དག་གི་ནང་ནས་ཀྱང་བརྒྱ་ཉི་ཤུ་རྩའི་གཙོ་བོ་ཡིན་ཏེ་རླུང་དང་རྣམ་པར་ཤེས་པའི་རྟེན་བྱེད་པའི་ཕྱིར་རོ། །དེའི་ནང་ནས་ཀྱང་ཉི་ཤུ་རྩ་བཞི་ གཙོ་བོ་ཡིན་ཏེ། སྐྲ་དང་སེན་མོ་དང་སོ་ལ་སོགས་པའི་རྒྱུ་བྱེད་པའི་ཕྱིར་རོ། །དེ་ལ་བརྒྱ་ཉི་ཤུ་ནི་སྤྱི་བོར་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་དྲུག་ཅུ་རེ་བཞི་རྣམས་ཡིན་ནོ། ། ཉེར་བཞི་ནི་འོག་ནས་འཆད་པའི་སྙིང་གའི་རྩ་འདབ་མ་བརྒྱད་ལས། གསུམ་གསུམ་དུ་གྱེས་པའི་སྐུ་གསུང་ཐུགས་ཀྱི་རྩ་བརྒྱད་གསུམ་ཉེར་བཞི་པོ་དེ་ཡིན་ནོ། །དེ་ལས་ཀྱང་རོ་རྐྱང་དབུ་མ་གསུམ་གཙོ་བོ་ཡིན་ཏེ། རྩ་གཞན་ཐམས་ཅད་དེ་ལས་སྐྱེ་དགོས་པའི་ཕྱིར་རོ། །དེ་ལ་མངལ་དུ་དང་པོར་རྩ་ཆགས་པའི་ཚེ། སྙིང་གར་ལྟེ་བ་ལ་རོ་རྐྱང་དབུ་མ་གསུམ། ཤར་དང་ལྷོའི་འདབ་མ་གཉིས་ལ་རིམ་པ་ལྟར་དུ་སུམ་སྐོར་མ་དང་། འདོད་མ་གཉིས་ཏེ་ལྔ་དུས་མཉམ་དུ་ཆགས་སོ། །དེ་ནས་ནུབ་ཏུ་ཁྱིམ་མ། བྱང་དུ་གཏུམ་མོ། །དབུ་མ་དང་ལྷན་ཅིག་ཏུ་བདུད་བྲལ་མ་སྟེ་གསུམ་ཆགས་སོ། །སྙིང་གར་དང་པོར་ཆགས་པའི་རྩ་བརྒྱད་ནི་དེ་རྣམས་ 10-18-2b ཡིན་ནོ། །ཕྱོགས་ཀྱི་རྩ་བཞི་ནི་རོ་རྐྱང་དབུ་མ་གསུམ་ལ་ནང་དུ་བུག་པ་བརྟོལ་བའི་ཚུལ་གྱིས་རྩ་བ་ཟུག་ཡོད་ལ། མཚམས་ཀྱི་རྩ་བཞི་ནི་ཕྱོགས་ཀྱི་རྩ་བཞི་ལས་གྱེས་པ་ཡིན་ལ་དེའང་དཔེར་བརྗོད་ན་ཤར་གྱི་སུམ་སྐོར་མ་ལས་ཤར་ལྷོ་ མཚམས་ཀྱི་རྩ་དེ་གྱེས་པ་ཡིན་ལ་མཚམས་ཀྱི་རྩ་གཞན་གསུམ་ནི་རིམ་པ་ལྟར་ལྷོའི་འདོད་མ། ནུབ་ཀྱི་ཁྱིམ་མ། །བྱང་གི་གཏུམ་མོ་གསུམ་ལས་གྱེས་པ་ཡིན་ཏེ་དེས་ན་སྙིང་གའི་རྩ་འདབ་མ་བརྒྱད་ནི་སུམ་སྐོར་མ་སོགས་ཕྱོགས་ཀྱི་རྩ་བཞི་ དང་། དེ་ལས་གྱེས་པའི་མཚམས་ཀྱི་རྩ་བཞི་སྟེ་བརྒྱད་པོ་དེ་ཡིན་པས་སྙིང་གར་དང་པོ་ཆགས་པའི་རྩ་བརྒྱད་དང་མི་གཅིག་གོ། རྩ་འདབ་མ་བརྒྱད་པོ་དེ་ལས་སྐུ་གསུང་ཐུགས་ཀྱི་རྩ་བརྒྱད་གྱེས་པས་བརྒྱད་གསུམ་ཉི་ཤུ་རྩ་བཞི་ཡིན་ནོ། ། ཉེར་བཞི་པོ་དེའི་སྟེང་དུ་སྙིང་གར་དང་པོ་ཆགས་པའི་རྩ་བརྒྱད་བསྣན་པ་དེ་ལ་བྱང་སེམས་འབབ་པའི་རྩ་སོ་གཉིས་ཞེས་ཐ་སྙད་བྱེད་པ་ཡིན་ནོ། །ཉེར་བཞི་པོ་དེ་ལས་གསུམ་གསུམ་དུ་གྱེས་པས་རྩ་བདུན་ཅུ་རྩ་གཉིས་སུ་འགྲོ་བ་ཡིན་ནོ། ། དེའང་སྐུ་གསུང་ཐུགས་སམ། ཐིམ་པ་དང་། ལོངས་སྤྱོད་དང་བདག་པོ་གསུམ་གྱི་སྒོ་ནས་འབྱེད་པ་ཡིན་ནོ། །བདུན་ཅུ་རྩ་གཉིས་པོ་དེ་ལ་རེ་རེ་ལ་སྟོང་སྟོང་དུ་གྱེས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པ་ཡིན་ནོ། །དེའང་རོ་རྐྱང་དབུ་མ་ གསུམ་གྱི་གནས་ཚུལ་ཅུང་ཟད་བརྗོད་ན་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་ལྕགས་སྒྲོག་གི་ཚུལ་གྱིས་འཁྱུད་ནས་ཡོད་ལ། དེའང་དབུ་མ་དབུས་ན་ཡོད་ཅིང་། དེའི་ནང་ནས་མུན་པ་དང་ཁུ་ཁྲག་རླུང་གསུམ་གྱི་ནང་ནས་རླུང་འབྱུང་བས་ན་ 10-18-3a སྙིང་སྟོབས་རྡུལ་མུན་གསུམ་གྱི་ནང་ནས་མུན་པའི་རྩ་དང་། སྐྱེས་པ་བུད་མེད་མ་ནིང་གསུམ་གྱི་ནང་ནས་མ་ནིང་རྩ་དང་། ཟླ་བ་ཉི་མ་སྒྲ་གཅན་གསུམ་གྱི་ནང་ནས་སྒྲ་གཅན་གྱི་རྩ་ཞེས་བྱའོ། །དབུ་མའི་གཡས་ ན་རོ་མ་གནས་ཤིང་དེའི་ནང་ནས་ཁུ་བ་དང་ཅུང་ཟད་འདྲེས་པའི་ཁྲག་ཕལ་ཆེར་འབབ་པོ། །དེའི་ཁ་ནི་སྟེང་གི་ཕྱོགས་ལ་ཡོད་དེ་སྟེང་འོག་གཉིས་ཀ་ལ་བུག་པ་ཡོད་པ་ལ་སྟེང་གི་ཕྱོགས་ཁོ་ན་ལ་ཁ་ཡོད་ཟེར་བའི་རྒྱུ་མཚན་ནི་ཁྲག་ ཕྱིར་འཕེན་པ་དང་ནང་དུ་སྡུད་པའི་བྱ་བ་སྟེང་ཕྱོགས་ཀྱི་མགྲིན་པ་ནས་བྱེད་ཀྱི་འོག་གི་བུ་ག་ནས་མི་བྱེད་པས་དེའི་དོན་གྱིས་ཡིན་ནོ། །རྐྱང་མ་ནི་དབུ་མའི་གཡོན་ན་ཡོད་ཅིང་ཁྲག་དང་ཅུང་ཟད་འདྲེས་པའི་ཁུ་བ་ཕལ་ཆེར་འབབ་པོ། །དེ་ ལ་ཟླ་བ་དང་སྐྱེས་པ་དང་སྙིང་སྟོབས་དང་ཐབས་ཀྱི་རྩ་ཞེས་བྱ་སྟེ། ཁུ་བ་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། །རོ་མ་ལ་ཉི་མ་དང་བུད་མེད་དང་རྡུལ་དང་ཤེས་རབ་ཀྱི་རྩ་ཞེས་བྱ་སྟེ་ཁྲག་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་ འདྲའོ། །དེ་ལ་རོ་རྐྱང་དབུ་མ་གསུམ་ནི་སྤྱི་བོ་ནས་སུམ་མདོའི་བར་དུ་ཡོད་ལ། དེ་ནས་གཉིས་སུ་གྱེས་ཏེ་རོ་རྐྱང་དབུ་མ་གསུམ་གྱི་ཚན་གཅིག་རྐང་མཐིལ་གྱི་བར་དུ་འགྲོ་ལ་ཚན་གཅིག་ནོར་བུའི་རྩེ་མོའི་བར་དུ་འགྲོ་བས་རྐང་པ་ གཉིས་དང་ནོར་བུ་གསུམ་ག་ལ་རྩ་གསུམ་ཡོད་པར་འདྲ་བ་ཡིན་ནོ། །རྐྱང་མ་ལ་སྟེང་འོག་གཉིས་ཀ་ལ་བུ་ག་ཡོད་པར་འདྲ་བ་ལ་ལྟེ་བ་ཁོ་ན་ལ་ཁ་ཡོད་ཅེས་པ་ནི། ཁུ་བ་ཕྱིར་འཕེན་པ་དང་ནང་དུ་འཛིན་པ་གཉིས་ཀ་ 10-18-3b ལྟེ་བ་ནས་བྱད་པས་དེའི་ཆ་ནས་ཡིན་ནོ། །དེའང་ལྟེ་བ་ཡན་གྱི་དབང་དུ་བྱས་པ་ཡིན་ལ། ལྟེ་བ་མན་དུ་ནི་རྐྱང་མ་དབུས་སུ་ཡོད་ཅིང་ཁུ་བ་འབབ། རོ་མ་གཡོན་ན་ཡོད་ཅིང་གཅི་བ་འབབ་བོ། །སྡོམ་འབྱུང་ལས། རོ་མ་འབྱུང་བའི་ ལམ་དུ་བཤད། རྐྱང་མ་འཇུག་པའི་ལམ་དུ་བཤད་པ་ནི། ཤེས་པས་ཡུལ་འཛིན་པའི་དུས་སུ་རོ་མའི་ནང་ནས་རླུང་དང་བསྡོངས་ནས་ཕྱིར་དོན་ཏེ་ཡུལ་འཛིན་ཞིང་། ཡུལ་བཟུང་ཟིན་ནས་རླུང་དང་ལྷན་ཅིག་ཏུ་རྐྱང་མའི་ནང་དུ་འཇུག་པ་ཡིན་ནོ། ། རྩ་འཁོར་བཞིར་བྱང་སེམས་འབབ་པའི་སྒོ་ནས་དགའ་བ་བཞིའམ་བཅུ་དྲུག་ཏུ་འགྱུར་ཚུལ་ནི། གཏུམ་མོ་ལྟ་བུ་བསྒོམས་པས་དམར་ཆ་འཕེལ་ཏེ་བྱང་སེམས་བཞུ་ནས་སྤྱི་བོ་ནས་བབས་པ་ནས་བཟུང་སྟེ་མགྲིན་པར་སླེབ་སླེབ་ཀྱི་བར་ལ་དགའ་ བ་བཞིའི་ནང་ནས་དགའ་བ་དང་། དགའ་བ་དེ་ལའང་དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ་ཡོད་པས་དེ་དག་ཀྱང་སྐྱེའོ། །བྱང་སེམས་དེ་མགྲིན་པ་ནས་བབས་པོ་ནས་བཟུང་སྟེ་སྙིང་གར་སླེབ་སླེབ་ཀྱི་བར་ལ་དགའ་བ་བཞིའི་ནང་ནས་ མཆོག་དགའ་དང་། དེ་ལའང་དགའ་བ་བཞི་བཞི་ཡོད་པ་དེ་དག་ཀྱང་སྐྱེའོ། །སྙིང་གནས་བབས་པ་ནས་བཟུང་སྟེ་ལྟེ་བར་སླེབ་སླེབ་ཀྱི་བར་ལ་ནི་ཁྱད་པར་གྱི་དགའ་བ་དང་། དེ་ལའང་དགའ་བ་བཞི་བཞི་ཡོད་པ་དེ་དག་ཀྱང་སྐྱེའོ། །ལྟེ་བ་ནས་བབས་ པ་ནས་བཟུང་སྟེ་ནོར་བུའི་རྩེ་མོར་སླེབ་སླེབ་ཀྱི་བར་ལ་ནི་ལྷན་ཅིག་སྐྱེས་དགའ་དང་། དེ་ལའང་དགའ་བ་བཞི་བཞི་ཡོད་པ་རྣམས་སྐྱེའོ། །དེའང་གྲགས་ཚོད་ལ་རྩ་འཁོར་བཞི་ཞེས་གྲགས་ཤིང་། ཞིབ་ཏུ་བྱས་ན་རྩ་འཁོར་བདུན་ཡོད་དེ། དེའང་བཞི་ 10-18-4a བ་དེའི་སྟེང་དུ་གཙུག་ཏོར་ན་རྩ་འདབ་བཞི། གསང་གནས་ན་རྩ་འདབ་སོ་གཉིས། ནོར་བུའི་རྩེ་མོ་ན་རྩ་འདབ་མ་བརྒྱད་ཡོད་པའི་རྩ་འཁོར་གསུམ་སྟེ་བདུན་ནོ། །འཁོར་ལོ་དེ་དག་གི་ལྟེ་བ་ལ་རོ་རྐྱང་གཉིས་གང་རུང་ཞིག་ གིས་སྟེང་ནས། གཅིག་གིས་འོག་ནས་དབུ་མ་ལ་འཁྱུད་ཡོད་ཅིང་། དེའང་དེ་གཉིས་ཀྱི་བར་ན་དེ་གཉིས་ཀྱིས་མ་སླེབས་པའི་བར་སྟོངས་ཅུང་ཟད་ཡོད་དེ། སྙིང་གའི་དབུ་མའི་ནང་ན་རྣམ་ཤེས་དང་ལྷན་ཅིག་སྐྱེས་པའི་རླུང་ཡོད་ལ་དེ་ལ་ཡེ་ཤེས་ ཀྱི་རླུང་མི་ཤིགས་པའི་ཐིག་ལེ་ཞེས་ཀྱང་ཟེར་རོ། །ཁུ་ཁྲག་གཉིས་ཀྱང་ཡོད་ཅིང་དེའང་རྩ་མདུད་ཀྱི་ཐད་ཀྱི་དབུ་མའི་ནང་ན་ཡོད་དོ། །ལུས་ཟུངས་བཅུ་དྲུག་གི་ནང་ནས་ཁུ་ཁྲག་གཙོ་བོ་ཡིན་ཞིང་། གཞན་རྣམས་དེའི་རྣམ་འགྱུར་ཡིན་ལ། དེའང་དང་པོར་མངལ་དུ་ཆགས་དུས་ཁུ་ཁྲག་གཉིས་སྙིང་ག་ན་ཡོད་ལ། དེ་ནས་ཁུ་བ་སྟེང་གི་ཕྱོགས་སུ་སོང་སྟེ་གཙོ་ཆེར་སྤྱི་བོ་ན་གནས་ལ། དེའང་ནམ་དགོས་པ་ན་སྐྱེ་བ་ཡིན་གྱི། སྣོད་དུ་བླུག་པའི་ཚུལ་གྱིས་ཡོད་པ་ནི་མ་ཡིན་ནོ། །ཁྲག་ འོག་ཏུ་སོང་སྟེ་གཙོ་ཆེར་ལྟེ་བ་ན་ཡོད་ལ་གཏུམ་མོ་འབར་བ་དང་ཐིག་ལེ་འཛག་པའི་དམིགས་པ་ལྟེ་བ་སོགས་ལ་གཏད་པའི་རྒྱུ་མཚན་དེ་ཡིན་ནོ། །རྩ་དེ་དག་ཏུ་བྱང་སེམས་དཀར་དམར་དང་རླུང་ཇི་ལྟར་རྒྱུ་བ་ནི། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་ པས་དེ་ལ་སྟོང་ཕྲག་ཉེར་བཞི་པ་ཚན་པ་གསུམ་ཡོད་ལ། དེའི་ཚན་གཅིག་ནས་ཁུ་བ། ཚན་གཅིག་ནས་ཁྲག །ཚན་གཅིག་ནས་རླུང་བབས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་ཁུ་ཁྲག་རླུང་གསུམ་འབབ་ཚུལ་དེ་ཡིན་ནོ། །ཡང་དེའི་ 10-18-4b གྱེས་གཞི་རྩ་བདུན་ཅུ་རྩ་གཉིས་ལའང་རྩ་ཉེར་བཞི་པ་ཚན་པ་གསུམ་ཡོད་པས། གསུམ་པོ་དེ་ལའང་ཁུ་ཁྲག་རླུང་གསུམ་འབབ་ཚུལ་སྔ་མ་དང་འདྲའང་། བདུན་ཅུ་རྩ་གཉིས་པོ་དའི་གྱེས་གཞི་རྩ་ཉེར་བཞི་པོ་དེ་ལའང་བརྒྱད་ཆེན་གསུམ་ཡོད་པས། གསུམ་པོ་དེ་ལའང་ཁུ་ཁྲག་རླུང་གསུམ་འབབ་ཚུལ་སྔ་མ་དང་འདྲ། རྩ་ཉེར་བཞི་པོ་དེའི་གྱེས་གཞི་སྙིང་གའི་རྩ་འདབ་བརྒྱད་ལས་ནི་བཤད་གཅི་གཉིས་ཁུ་ཁྲག་གཉིས། བད་ཀན་ཏེ་བདུད་རྩི་ལྔ་འབབ་བོ། །བརྒྱད་པོ་དེའི་གྱེས་གཞི་རོ་རྐྱང་དབུ་མ་གསུམ་ ཡིན་ལ། དེ་དག་གི་འབབ་ཚུལ་ནི་བཤད་ཟིན་ཏོ། །རྩ་རྣམས་བསྡུ་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྩ་བདུན་ཅུ་རྩ་གཉིས་སུ་འདུ་ལ། རྩ་བདུན་ཅུ་རྩ་གཉིས་པོ་དེའང་རྩ་ཉེར་བཞིར་འདུལ། ཉེར་བཞི་པོ་དེའང་སྙིང་གའི་རྩ་འདབ་བརྒྱད་དུ་འདུ་ལ། བརྒྱད་པོ་དེའང་རོ་རྐྱང་དབུ་མ་གསུམ་དུ་འདུ་ལ། རོ་རྐྱང་གཉིས་ཀྱང་དབུ་མར་འདུ་བ་ཡིན་ནོ། །ཡང་གྱེས་ཚུལ་ནི་གོང་དང་འདྲའོ། །ལྷ་གཙོ་བོ་ལས་འཁོར་རྣམས་སྤྲོ་བསྡུ་བྱེད་པ་ནི་སྙིང་གའི་རྩ་དང་རླུང་ལས་ཕྱོགས་ཀྱི་རྩ་དང་རླུང་གཞན་རྣམས་སྤྲོ་ བསྡུ་བྱེད་པ་དེ་ལ་དཔེ་བྱས་ནས་བསྒོམ་པ་ཡིན་ནོ། །ཡང་སྙིང་གའི་རྩ་ཞེས་པ་ནི་སྲོག་པ་རྩའི་སྙིང་ག་ཡིན་ལ། དེའང་སྲོག་པ་རྩ་ནི་སྒལ་ཚིགས་ཀྱི་ནང་ཙམ་ན་སྒལ་ཚིགས་ལ་བརྟེན་ནས་གནས་པ་ཡིན། སྲོག་པ་རྩ་དེ་ལ་རོ་རྐྱང་དབུ་མ་གསུམ་ བརྟེན་ནས་གནས་ཡོད་དོ། །སྲོག་པ་རྩ་དེའི་མགོ་ནི་གྲུ་གསུམ་དུ་ཡོད་ལ་མགྲིན་པ་གཞོན་ནུ་མའི་ནུ་མ་དང་འདྲ་བ་དང་། སྙིང་ག་བའི་མིག་དང་འདྲ་བ་དང་། ལྟེ་བ་པདྨ་འདྲ་བ་དང་། གསང་གནས་ན་རྡོ་རྗེ་འདྲ་བ་དང་། ནོར་བུའི་རྩེ་ན་ཟར་མའི་མེ་ཏོག་ 10-18-5a དང་དབྱིབས་འདྲ་བའོ། །དེས་ན་རྩ་དང་རླུང་གང་ཡིན་ཡང་སྙིང་ག་ན་ཡོད་ཅེས་པ་ནི། ནུ་མ་གཉིས་ཀྱི་བར་གྱི་ཐད་རྟེན་གྱི་སྒལ་ཚིགས་ཀྱི་ནང་ཙམ་ན་ཡོད་པ་ལ་གོ་དགོས་སོ། །སྔར་བཤད་པའི་བྱང་སེམས་འབབ་པའི་རྩ་སོ་ གཉིས་པོ་དེ་སྤྱི་བོའི་རྩ་འདབ་མིན་ཏེ། དེའི་ནང་ན་སྙིང་གའི་རྩ་བརྒྱད་འདུག་པའི་ཕྱིར་རོ། །སོ་གཉིས་པོ་དེ་བདེ་མཆོག་གི་ལྷ་མོ་དང་སྦྱར་ན་རོ་རྐྱང་དབུ་མ་གསུམ་ནི་རྡོ་རྗེ་ཕག་མོ་དང་། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞི་ནི་འཁོར་ལོ་གསུམ་གྱི་ལྷ་མོ་ ཉེར་བཞི་དང་། སུམ་སྐོར་མ་སོགས་ཕྱོགས་ཀྱི་རྩ་བཞི་ནི་ས་ཆུ་མེ་རླུང་གི་འབྱུང་བའི་རྩ་ཡིན་པས་བདེ་ཆེན་འཁོར་ལོའི་ལྷ་མོ་བཞི་དང་སྦྱོར་བ་ཡིན་ལ། སྒོ་མཚམས་མ་བརྒྱད་ལ་རྩ་སྦྱོར་རྒྱུ་མེད་པ་འདྲ་གསུང་། སྙིང་གའི་རྩ་དབུ་མའི་ནང་ གི་ཧཱུཾ་རིང་པོ་ནི་བདེ་མཆོག་དང་། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞིའི་ནང་གི་ཁམས་ཉེར་བཞི་ནི་འཁོར་ལོ་གསུམ་གྱི་དཔའ་བོ་ཉེར་བཞི་དང་སྦྱོར། དེའང་བདུད་བྲལ་མར་འཆི་བའི་དུས་མ་གཏོགས་གཞི་དུས་སུ་བྱང་སེམས་མི་འབབ་པས་དེ་ དང་ལྷ་མི་སྦྱོར་རོ། །དེ་ལ་བདུད་ཟེར་བའི་རྒྱུ་མཚན་ནི་རང་གཞན་གཉིས་ཀ་ལ་བྱང་སེམས་འབབ་པ་འགོག་པས་སོ། །དེའང་གཞི་དུས་སུ་སེམས་ཅན་ཐ་མལ་པ་ལ་འཆི་དུས་མ་གཏོགས་དེའི་ནང་དུ་ཁུ་བ་མི་འབབ་ཀྱང་ལམ་དུས་སུ་ས་ མཐོན་པོར་སླེབ་པའི་ཚེ་འཆི་བའི་གོང་ནས་ཀྱང་དེའི་ནང་དུ་བྱང་སེམས་འདབ་བོ། །རྩ་སོ་གཉིས་ཀྱི་ཚེ་ན་བདུད་བྲལ་མ་མ་གཏོགས་པ་སོ་གཅིག་པོ་དེ་བདག་མེད་མ་ལྷ་མོ་བཅོ་ལྔ་དང་ཡང་སྦྱོར་བ་ཡིན་ཏེ། གཙོ་མོ་ལ་རྩ་གསུམ། 10-18-5b འཁོར་བཅུ་བཞི་ལ་རྩ་གཉིས་གཉིས་ཏེ་དེས་རྩ་སོ་གཅིག་ཐིམ་མོ། །ལྷ་མོ་དེ་དག་བསྐྱེད་པའི་ཡེ་གེ་ནི་ཨཿ ཚེག་དྲག་ཅན་མ་གཏོགས་པའི་དབྱངས་ལྷག་མ་བཅོ་ལྔ་ཡིན་ནོ། །རླུང་དང་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་ལྟེ་བའི་ཁྲག་དང་སྤྱི་བོའི་ བྱང་སེམས་ཡར་མར་ལ་འགྲོ་བ་སྲིད་ཀྱི། སྙིང་གའི་རྩ་མདུད་ཀྱི་དབུ་མའི་ནང་གི་བྱང་སེམས་དཀར་དམར་གཉིས་དང་ལྷན་སྐྱེས་གྱི་རླུང་རྣམས་འཆི་བའི་ཚེ་མ་གཏོགས་འཕོ་འཇུག་མི་བྱེད་པ་ཡིན་ནོ། །རྫོགས་རིམ་གྱི་རྟོགས་པ་རྣལ་མ་ཞིག་རྒྱུད་ ལ་བསྐྱེད་འདོད་ན་དེ་ལ་འཆི་དུས་ཀྱི་འབྱུང་བ་སྡུད་རིམ་ཤེས་དགོས། དེ་ལ་བསྐྱེད་རིམ་ཤེས་དགོས་པས་དེ་ལ་བསྐྱེད་རིམ་ནི་ཐམས་ཅད་སྟོང་པ་སྟེ་འཆི་བ་འོད་གསལ་ལས་སྟོང་ཆེན་ཉེར་ཐོབ་སྟེ། དྲི་ཟ་བར་སྲིད་དུ་སྐྱེ་བའི་སེམས་བྱུང་དེ་ལས་ ཐབས་སྣང་བ་མཆེད་པ་སྟེ་བར་དོར་དྲི་དང་གནས་ལ་འདོད་པའི་སེམས་འབྱུང་། དེ་ལས་ཤེས་རབ་སྣང་བ་སྟེ། མངལ་དུ་སྐྱེ་བ་འཛིན་པའི་སེམས་འབྱུང་། དེ་ནས་མངལ་དུ་ཉིང་མཚམས་སྦྱར་མ་ཐག་ཏུ་འབྱུང་བ་བཞི་ག་ཡོད་མོད། འོན་ ཀྱང་འབྱུང་བ་རགས་པ་སྐྱེ་བའི་དབང་དུ་བྱས་ན། དང་པོར་རླུང་མེ་ཆུ་ས་རྣམས་རིམ་པ་ལྟར་འབྱུང་ཞིང་། དེ་རྗེས་ནས་གཟུགས་སོགས་ཕུང་པོ་རྣམས་དང་། མིག་སོགས་སྐྱེ་མཆེད་རྣམས་འབྱུང་ལ། དེ་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་ འབྱུང་ངོ་། །དེའང་རང་བཞིན་བརྒྱད་ཅུའི་རྟོག་པ་ལ་ཉིན་མཚན་གཉིས་ཀྱིས་ཕྱེ་བས་བརྒྱ་དྲུག་ཅུ་ཡིན་ནོ། །སྡུད་པའི་དུས་སུ་ས་ཆུ་ལ་ཐིམ་ཆུ་མེ་ལ་མེ་རླུང་ལ་རླུང་སེམས་སྣང་བ་ལ་དེ་མཆེད་པ་ལ་དེ་ཉེར་ཐོབ་ལ་དེ་ཐམས་ཅད་སྟོང་པ་སྟེ་འོད་གསལ་ 10-18-6a ལ་ཐིམ་པ་དེ་ནི་འཆི་བ་འོད་གསལ་ལམ་འཆི་བ་དངོས་སོ། །དེའང་ཆུ་ས་ལ་ཐིམ་ཞེས་བརྗོད་ཀྱང་ས་ཁམས་ཡེ་མེད་དུ་སོང་བ་མིན་ལ། སས་ཤེས་པའི་རྟེན་མི་བྱེད་པ་ལས་ཆུ་ལ་ཐིམ་ཞེས་བརྗོད་པ་ཡིན་ནོ། །ཆུ་མེ་ལ་ ཐིམ་ཚུལ་ཡང་དེ་དང་འདྲ་རླུང་རྣམ་ཤེས་ལ་ཐིམ་ཞེས་པ་ནི། སྣ་སྒོར་རྒྱུ་བའི་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའམ། ཡང་ན་རླུང་རགས་པ་དེ་སྙིང་གའི་རྩ་མདུད་ནང་གི་ལྷན་སྐྱེས་ཀྱི་རླུང་ཕྲ་བ་ལ་ཐིམ་པའོ། །དེ་དུས་ན་རླུང་རགས་པས་ ཤེས་པའི་རྟེན་མི་བྱེད་ཀྱང་། ལྷན་སྐྱེས་ཀྱི་རླུང་ཕྲ་མོ་གཅིག་པུས་ཤེས་པའི་རྟེན་བྱེད་ཅིང་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའི་དུས་ནི་འབྱུང་བ་སྡུད་པའི་ཆ་རླུང་སེམས་སྣང་བ་ལ་ཐིམ་པ་དང་དེ་མཆེད་པ་ལ་ཐིམ་པ་དང་དེ་ཉེར་ཐོབ་ལ་ཐིམ་ པ་དང་། དེ་ཐམས་ཅད་སྟོང་པ་འོད་གསལ་ལ་ཐིམ་པའི་དུས་རྣམས་ཡིན་ནོ། །དེ་ནས་ཐམས་ཅད་སྟོང་པ་འོད་གསལ་ལམ་འཆི་བ་འོད་གསལ་ལས་སྟོང་ཆེན་ཉེར་ཐོབ་དྲི་ཟའི་སེམས་བར་དོ་སོགས་འབྱུང་བ་སྔར་དང་འདྲའོ། །དེས་ན་གཞི་ དུས་སུ་རྩ་དང་རླུང་དང་འབྱུང་བ་རྣམས་དང་པོར་ཆགས་པ་སྙིང་ག་ནས་ཆགས་ལ། མཐར་སྡུད་པའང་སྙིང་གར་སྡུད་པ་དང་འདྲ་བར་ལམ་བསྐྱེད་རིམ་གྱི་སྐབས་སུ་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལས་སྤྲོ་བསྡུ་མང་དུ་བྱས་ཏེ་བསྒོམས་པས་རྗོགས་ རིམ་གྱི་སྐབས་སུ་འཆི་དུས་ཀྱི་འབྱུང་བ་སྡུད་པ་ལ་སྒུག་མི་དགོས་པར། ད་གོང་དུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་རྣམས་རིམ་གྱིས་བསྡུས་ནས་གཉིས་སྣང་དང་བྲལ་བའི་འོད་གསལ་སྐྱེ་བ་ཡིན་ནོ། །དེས་ན་བླ་མེད་ཀྱི་རྒྱུད་སྡེ་དུ་མ་ནས་བསྐྱེད་ 10-18-6b རིམ་གྱི་སྐབས་སུ་གཞི་དུས་ཀྱི་སྐྱེ་ཤི་བར་དོ་གསུམ་དང་སྦྱར་ནས་བསྒོམ་དགོས་པར་མང་དུ་གསུངས་པའི་དགོས་པའང་རྫོགས་རིམ་གྱི་སྐབས་སུ་བོགས་འདོན་ཚུལ་གཞན་དང་མི་འདྲ་བ་ལ་དགོངས་པ་ཡིན་ནོ། །ཡང་རྩ་རླུང་ཐིག་ལེ་མང་དུ་གསུངས་པའི་ དགོས་པ་ནི་འཆི་བའི་ཚེ་ལྟེ་བའི་དམར་ཆ་ཡར་ལ་འགྲོ། སྤྱི་བོའི་དཀར་ཆ་མར་འོང་བའི་འདུ་འཕྲོད་ལ་བརྟེན་ནས་གཉིས་སྣང་དང་བྲལ་བའི་འོད་གསལ་མངོན་དུ་འགྱུར་ལ། དེའང་གཉིས་སྣང་འགགས་པ་ཙམ་ལ་འོད་གསལ་དུ་བཏགས་པ་ཡིན་གྱི་མཚན་ ཉིད་པ་ནི་མ་ཡིན་ནོ། །དེ་དང་འདྲ་བར་ལམ་དུས་སུ་རླུང་དང་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་དམར་པོ་དང་དཀར་པོའི་འདུ་འཕྲོད་བྱས་པ་ཡོད་ཅིང་། འདུ་འཕྲོད་བྱུང་དུས་སུ་གཉིས་སྣང་རགས་པ་འགགས་པས་དེ་དུས་སུ་སྟོང་ཉིད་ཀྱི་ངེས་ཤེས་ གསལ་བཏབ་ན་གཞན་དང་མི་འདྲ་བའི་སྟོང་ཉིད་ཀྱི་རྟོགས་པ་ལ་བོགས་ཡོད་པས་དེ་ལ་དགོངས་ནས་བཤད་པ་ཡིན་ནོ། །རྩ་ཉེར་བཞི་དང་བདུན་ཅུ་རྩ་གཉིས་དང་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སྐུ་གསུང་ཐུགས་སམ་ལུས་ངག་ཡིད་གསུམ་ ལ་སོགས་པ་གསུམ་གསུམ་དུ་འབྱེད་པ་དང་གསུམ་དུ་གྲངས་ངེས་པ་ནི་རྩ་དེ་དག་གི་ནང་ནས་འབབ་པའི་རྫས་ལ། བྱང་སེམས་དཀར་དམར་གཉིས་དང་རླུང་གསུམ་དུ་ངེས་པས་དེའི་གནད་ཀྱིས་ཡིན་ནོ། །གཞི་དུས་སུ་རྩ་དང་རླུང་ཆགས་ པའི་རིམ་པའམ། སེམས་ཅན་སྐྱེ་བའི་རིམ་པ་དང་མཐུན་པར་བསྐྱེད་རིམ་གྱི་སྐབས་སུ་ལྷ་སྐུ་བསྒོམ་པས་རྫོགས་རིམ་གྱི་སྐབས་སུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་བསྡུས་ནས་གཉིས་སྣང་འགགས་པའི་འོད་གསལ་ལ་མཉམ་པར་བཞག་ 10-18-7a པའི་རྗེས་སུ་དེ་ལས་ལངས་མ་ཐག་ཁོ་ནར་འཇའ་ལུས་གྲུབ་པའི་ལྷ་སྐུར་ལྡང་བ་ཡིན་ལ། དེས་འབྲས་དུས་ཀྱི་གཟུགས་སྐུ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་དོ། །དེས་ན་བསྐྱེད་རིམ་གྱི་སྐབས་ཁོ་ནར་ལྷ་སྐུ་བསྒོམ་ལ། རྫོགས་ རིམ་གྱི་སྐབས་སུ་ལྷ་སྐུ་ཡེ་མི་བསྒོམ་ན་རྫོགས་རིམ་གྱི་སྐབས་ན་གཟུགས་སྐུ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཉེར་ལེན་གྱི་རྒྱུ་མེད་པར་ཐལ་བའི་སྐྱོན་ཡོད་པས། སྐབས་དེར་ཡང་ལྷ་སྐུ་ངེས་པར་བསྒོམ་དགོས་སོ། །རླུང་ཆགས་ཚུལ་ནི་མངལ་ དུ་ཉིང་མཚམས་སྦྱར་ནས་སྙིང་གའི་རྩ་མདུད་ཆགས་པའི་ཚེ་དེའི་ནང་གི་ལྷན་སྐྱེས་ཀྱི་རླུང་ལས་སྣ་སྒོར་རྒྱུ་བའི་སྲོག་འཛིན་གྱི་རླུང་སྐྱེ་ལ། རླུང་དེ་གཉིས་ཀའང་སྲོག་འཛིན་གྱི་རླུང་ཡིན་ནོ། །དེའི་ཚེ་སེམས་ཅན་དེའི་ལུས་ཉའི་རྣམ་པ་ལྟ་བུ་ཡོད་ པར་རྒྱུད་རྡོར་ཕྲེང་ལས་བཤད་ལ། དེ་མངལ་དུ་ཞུགས་པའི་ཟླ་བ་དང་པོའི་དུས་ཀྱི་སྐྱེ་ཚུལ་ཡིན་ནོ། །ཟླ་བ་གཉིས་པའི་ཚེ་སྲོག་འཛིན་གྱི་རླུང་ལས་ཐུར་སེལ་གྱི་རླུང་སྐྱེ་ལ། སྲོག་འཛིན་གྱི་རྩ་བའི་གནས་ནི་སྙིང་ག་ཡིན་ཞིང་ཐུར་སེལ་གྱི་རྩ་བའི་ གནས་ནི་གསང་གནས་ཡིན་ནོ། །དེའི་ཚེ་རྐང་ལག་གཉིས་གཉིས་ཏེ་བཞི་མགོ་དང་བཅས་པའི་འབུར་པོ་ལྔ་དོད་པས་ལུས་རུས་སྦལ་གྱི་རྣམ་པ་ལྟ་བུར་ཡོད་དོ། །ཟླ་བ་གསུམ་པ་ལ་ཐུར་སེལ་ལས་མཉམ་གནས་ཀྱི་རླུང་སྐྱེ་ལ་དེའི་རྩ་བའི་གནས་ ནི་ལྟེ་བ་ཡིན་ནོ། །དེའི་ཚེའང་ཡན་ལག་ལྔ་ཚང་པ་ལ་ཅུང་ཟད་སྒུར་པོར་ཡོད་པས་ཕག་རྒོད་ཀྱི་རྣམ་པར་ཡོད་དོ། །ཟླ་བ་བཞི་པ་ལ་མཉམ་གནས་ལས་གྱེན་རྒྱུའི་རླུང་སྐྱེ་ལ་དེའི་རྩ་བའི་གནས་ནི་མགྲིན་པ་ཡིན་ནོ། །དེའི་ཚེ་སྟོང་ཅུང་ཟད་ 10-18-7b རྒྱས་པས་སེང་གེའི་རྣམ་པར་ཡོད་དོ། །ཟླ་བ་ལྔ་པ་ལ་གྱེན་རྒྱུ་ལས་ཁྱབ་བྱེད་ཀྱི་རླུང་སྐྱེ་ལ་དེའི་རྩ་བའི་གནས་ནི་ཚིགས་ཆེན་བཅུ་གཉིས་ཡིན་ནོ། །ཟླ་བ་དྲུག་པ་ལ་མིག་གི་སྒོ་ལ་རྒྱུ་བའི་རླུང་ཀླུ་ཞེས་པ་སྐྱེ་ལ་འབྱུང་བ་ས་སྐྱེ། ཟླ་བ་བདུན་པ་ལ་རྣ་ བའི་སྒོ་ལ་རྒྱུ་བའི་རླུང་རུས་སྦལ་དང་འབྱུང་བ་ཆུ་སྐྱེ། ཟླ་བ་བརྒྱད་པ་ལ་སྣ་སྒོ་ལ་རྒྱུ་བའི་རླུང་རྩངས་པ་དང་འབྱུང་བ་མེ་སྐྱེ་ཟླ་བ་དགུ་པ་ལ་ལྕེ་ལ་རྒྱུ་བའི་རླུང་ལྷ་སྦྱིན་དང་འབྱུང་བ་རླུང་སྐྱེ། ཟླ་བ་བཅུ་པ་ལ་ལུས་ལ་རྒྱུ་བའི་རླུང་གཞུ་ལས་རྒྱལ་དང་འབྱུང་ བ་རྣམ་མཁའི་ཁམས་ཏེ་ལུས་ཀྱི་སྦུབས་རྣམས་འབྱུང་ངོ་། །ཡན་ལག་གི་རླུང་ལྔ་པོ་དེ་དག་གཙོ་ཆེར་སྲོག་འཛིན་ཡིན་ལ་རླུང་གཞན་བཞི་པོ་དེ་དག་ཀྱང་དབང་པོའི་སྒོ་རྣམས་ལས་རྒྱུ་བ་སྲིད་དོ། །སྲོག་འཛིན་གྱི་ཚེ་གནས་པ་དང་སྣ་སྒོ་ལ་རྒྱུ་བའི་ལས་ བྱེད་ལ། ཐུར་སེལ་གྱིས་བཤད་གཅི་ཐུར་དུ་འགྲོ་བའི་བྱ་བ་བྱེད། མཉམ་གནས་ཀྱིས་ཟས་ཀྱི་དངས་མ་ལུས་ལ་འགྲེམ་པའི་བྱ་བ་བྱེད། དངས་སྙིགས་འབྱེད་མཁན་ནི་ལྟེ་བའི་གཏུམ་མོའི་མེས་བྱེད། གྱེན་རྒྱུས་ཟ་བ་མྱང་བ་སྨྲ་བ་སོགས་དང་རླུང་ གཞན་རྣམས་གྱེན་དུ་འགྲོ་བའི་བྱ་བ་བྱེད་དོ། །ཁྱབ་བྱེད་ཀྱིས་ལུས་ཀྱི་ནང་གི་རླུང་གཞན་ལ་ཁྱབ་པ་དང་འགྲོ་བ་སོགས་ཀྱི་བྱ་བ་བྱེད། ཐུར་སེལ། སྲོག་འཛིན། གྱེན་རྒྱུ། མཉམ་གནས་བཞི་ནི། རིམ་པ་ལྟར་ས་ཆུ་མེ་རླུང་བཞི་དང་། རིན་ཆེན་ མགོན་པོ། །རྡོ་རྗེ་མགོན་པོ། །པདྨ་མགོན་པོ། །ལས་ཀྱི་མགོན་པོ་བཞིའི་རླུང་ཡིན་ལ། དེའང་མགོན་པོ་རེ་རེའི་རླུང་རྒྱུ་བ་ན་དགུ་བརྒྱ་པ་ཕྲག་རེ་རེ་རྒྱུ་ལ་དེ་ནི་འབྱུང་བ་ཆེ་ཆུང་གི་དབང་དུ་བྱས་ན་འབྱུང་ཆེན་གྱི་རླུང་ཡིན་ལ་དགུ་བརྒྱ་པ་དེ་ལ་ཚན་ 10-18-8a པ་བཞིར་བགོས་ནས་ཉིས་བརྒྱ་ཉེར་ལྔ་པ་བཞིར་བྱས་ལ། བཞི་པོ་རེ་རེ་རྒྱུ་བ་ན་གོས་དཀར་སོགས་ལྷ་མོ་བཞིའི་རླུང་རྒྱུ་བའོ། །ལྷ་མོ་བཞིའི་རླུང་ལ་འབྱུང་ཆུང་གི་རླུང་ཟེར་བ་ཡིན་ནོ། །དེས་ན་མགོན་པོ་རེ་རེའི་རླུང་ རྒྱུ་བ་ན་ལྷ་མོ་བཞི་བཞི་རྒྱུ་བས་འབྱུང་ཆེན་གྱི་རླུང་རེ་རེ་རྒྱུ་བ་ན་འབྱུང་ཆུང་གི་རླུང་བཞི་བཞི་རྒྱུ་བ་ཡིན་ནོ། །མགོན་པོ་བཞིའི་རླུང་གི་ཁྱད་པར་ནི་པདྨ་མགོན་པོ་རྒྱུ་བའི་ཚེ་ཁ་དོག་རྣམ་ལྔའི་རླུང་རྒྱུ་ལ་དེའི་ཚེ་དམར་པོས་ཁ་དོག་གཞན་བཞི་ལ་ཁྱབ་ པར་རྒྱུ་བ་ཡིན་ནོ། །དེ་བཞིན་དུ་རིན་ཆེན་མགོན་པོ་དང་། རྡོ་རྗེ་མགོན་པོ་དང་། ལས་ཀྱི་མགོན་པོ་རྣམས་ལའང་རིམ་པ་ལྟར་སེར་པོ་དང་དཀར་པོ་དང་ལྗང་གུ་རྣམས་གཙོ་ཆེ་ཞིང་གཞན་ཕལ་པའི་ཚུལ་གྱིས་རྒྱུ་བ་ཡིན་ནོ། །དེའང་ལྷ་མོ་བཞི་ རྒྱུ་བའི་ཚེ་ནི་མེའི་མེ་གོས་དཀར་མོ་རྒྱུ་བའི་ཚེ་ནི་སྣ་བུག་གཡས་པ་ལྟ་བུའི་དབང་དུ་བྱས་ན་དམར་པོ་དབུས། གཡོན་ལ་ལྗང་གུ། འོག་ལ་དཀར་པོ་དང་སེར་པོ་སྟེང་སྔོན་པོ་གཡས་ལ་རྒྱུ་བ་ཡིན་ནོ། །དེས་མཚོན་ནས་མེའི་རླུང་རྒྱུ་བའི་ཚེ་ལྗང་ གུ་དབུས་སུ་རྒྱུ་ཞིང་། མེའི་ས་རྒྱུ་བ་ན་སེར་པོ་དབུས་དང་། མེའི་ཆུ་རྒྱུ་བའི་དུས་སུ་དཀར་པོ་དབུས་སུ་རྒྱུ་བ་ཡིན་ནོ། །ཡང་མགོན་པོ་བཞིའི་རླུང་རྒྱུ་བའི་ཚེ། སྣ་བུག་གཡས་པ་ལྟ་བུ་གཅིག་གི་གཡས་གཡོན་ལ་རྒྱུ་ཞེས་བླ་མ་ཁ་ཅིག་ གསུང་བ་མི་འཐད་པས། པདྨ་མགོན་པོ་སྣ་བུག་གཡས་ཁོ་ན་དང་། ལས་ཀྱི་མགོན་པོ་གཡོན་ཁོ་ན་དང་། རིན་ཆེན་མགོན་པོ་གཉིས་ཀ་ནས་དྲག་པར་རྒྱུ་ཞིང་། རྡོ་རྗེ་མགོན་པོ་གཉིས་ཀ་ནས་དལ་བ་རྒྱུ་བ་ཡིན་ནོ། །དེ་ལ་གསང་ 10-18-8b འདུས་པའི་ལུགས་ཀྱིས་ཉིན་ཞག་ཕྲུགས་གཅིག་ལ་ཐུན་བཅུ་གཉིས། ཐུན་ཕྱེད་པ་ཉེར་བཞི་ཐུན་ཕྱེད་པ་རེ་རེ་ལ་མགོན་པོ་རེ་རེའི་རླུང་དགུ་བརྒྱ་པ་རེ་རྒྱུ་ལ། དགུ་བརྒྱ་པ་རེ་ལ་ལྷ་མོ་བཞིའི་རླུང་རྒྱུ་བས་ངེས་འབྱུང་ཆེན་གྱི་དཀྱིལ་འཁོར་ ཉེར་བཞི་དེ་རེ་རེ་ལ་འབྱུང་ཆུང་གི་དཀྱིལ་འཁོར་བཞི་བཞིར་ཕྱེ་བས་འབྱུང་ཆུང་གི་དཀྱིལ་འཁོར་དགུ་བཅུ་རྩ་དྲུག་རྒྱུ་བ་ཡིན་ནོ། །འདི་བའི་ལུགས་ཀྱི་འཕོ་བ་ཉེར་བཞིར་བྱེད་པ་ཡིན་ཏེ། འཕོ་བའི་དོན་ནི་སྣ་བུག་གཡས་ནས་གཡོན་དུ་འཕོ་བ་ལྟ་ བུ་ཡིན་ལ། འདིར་ནི་དགུ་བརྒྱ་པ་རེ་རེ་སོང་ནས་འཕོ་འཇུག་བྱེད་པའི་ཕྱིར་རོ། །དབུགས་ཉི་ཁྲི་ཆིག་སྟོང་། དྲུག་བརྒྱ་རྒྱུ་བ་ནི་མགོན་པོ་བཞིའི་རླུང་ཁོ་ན་ཡིན་ལ། ཁྱབ་བྱེད་ཀྱི་རླུང་ནི་འཆི་བའི་ཚེ་མ་གཏོགས་མི་རྒྱུ་ཞིང་དེའི་ཚེ་ནའང་ཅི་ཙམ་རྒྱུའི་ ངེས་པ་མི་སྣང་ངོ་། །མན་ངག་སྙེ་མ་ནས། རྒྱ་གར་བའི་བླ་མ་གོང་མ་རྣམས་ཀྱི་མན་ངག་ལས། ལྷ་མོ་གཅིག་གི་རླུང་ཉིས་བརྒྱ་ཉེར་ལྔ་རྩ་སོ་གཉིས་ནས་འབབ་པའི་ཚེ་བདུད་བྲལ་མའི་ནང་ནས་དབུགས་བདུན་ལྷག་ཙམ་ཞིག་འབབ་པར་ བཤད་པས་དེ་ལྟར་ན་བདུད་བྲལ་མའི་ནང་ནས་འཆི་བའི་གོང་ནས་རླུང་འབབ་པ་དང་། ཁྱབ་བྱེད་ཀྱི་རླུང་འཆི་བའི་གོང་ནས་རྒྱུ་བ་འདྲ་བ་ཞིག་བྱུང་ལ། འོན་ཀྱང་མན་ངག་དེ་ཡིད་ཆེས་ཀྱི་གནས་སུ་ཁས་ལེན་པའི་ངེས་པ་མི་སྣང་ངོ་། །ཁྱབ་ བྱེད་ཀྱི་རླུང་ནི་འབྱུང་བ་ནམ་མཁའི་རླུང་ཡིན་ལ། ས་རླུང་དང་། ཆུ་རླུང་དང་། མེ་རླུང་དང་། རླུང་གི་རླུང་རྣམས་རྒྱུ་བའི་ཚུལ་ནི་རིམ་པ་ལྟར། ཐད་ཀ་དང་འོག་དང་སྟེང་དང་མགོ་གྱེན་གསེགས་ལ་རྒྱུ་བ་ཡིན་ནོ། །མ་རྒྱུད་ནས་བཤད་ 10-18-9a པའི་རྩ་འདབ་ནས་རླུང་རྒྱུ་ཚུལ་ནི། ཕྱིའི་དབང་དུ་བྱས་ན་ཉིན་ཞག་གཅིག་ལ་དབྱུ་གུ་རེ་བཞི་ཡོད་ལ། དེ་དང་མཐུན་པར་གང་ཟག་གཅིག་ལ་ཉིན་ཞག་གཅིག་ལ་ལྟེ་བའི་འདབ་མ་ནས་དབྱུ་གུ་རེ་བཞིའི་རླུང་རྒྱུ་ལ། དབྱུ་གུ་རེ་རེ་ལ་རླུང་སུམ་བརྒྱ་དང་སུམ་ཅུ་སོ་ཕྱེད་དང་བརྒྱད་བརྒྱད་ཡོད་ལ། ཡང་ཉིན་ཞག་གཅིག་ལ་ཆུ་ཚོད་སོ་གཉིས་ཡོད་ལ། དེ་དང་མཐུན་པར་ཆུ་ཚོད་སོ་གཉིས་ཀྱི་རླུང་སྤྱི་བོའི་འདབ་མ་ནས་རྒྱུ་ལ་ཆུ་ཚོད་རེའི་རླུང་ལ་རླུང་དྲུག་བརྒྱ་དང་ བདུན་ཅུ་རྩ་ལྔ་ཡོད་ལ། ཡང་ཉིན་ཞག་གཅིག་ལ་འཕོ་བ་བཅུ་དྲུག་ཡོད་པ་དང་མཐུན་པར། འཕོ་བ་བཅུ་དྲུག་གི་རླུང་མགྲིན་པ་ནས་རྒྱུ་ལ། འཕོ་བ་རེའི་རླུང་ལ་སྟོང་དང་ཕྱེད་དང་བཞི་བརྒྱ་ཡོད་ཅིང་། ཡང་ཉིན་ཞག་གཅིག་ལ་ཐུན་ཚོད་ བརྒྱད་ཡོད་པ་དང་མཐུན་པར་སྙིང་གའི་རྩ་འདབ་ནས་ཐུན་ཚོད་བརྒྱད་ཀྱི་རླུང་རྒྱུ་ལ་ཐུན་རེའི་རླུང་ལ་ཉིས་སྟོང་བདུན་བརྒྱ་ཡོད་ལ་འདི་དག་ཀྱང་གང་ཟག་གཅིག་ལ་ཉིན་ཞག་གཅིག་གི་དུས་སུ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བའི་ཚུལ་ཡིན་ཞིང་། དེའང་ འཁོར་ལོ་བཞི་པོ་རེ་རེ་ནས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྔ་ཕྱི་མ་ཡིན་པར་དུས་མཉམ་དུ་རྒྱུ་བ་ཡིན་ནོ། །དེའང་ལྟེ་བའི་འདབ་མ་གཉིས་ནས་རྒྱུ་བ་རྫོགས་པའི་ཚེ་སྤྱི་བོའི་འདབ་མ་གཅིག་ནས་འདབ་མ་གཉིས་པ་ལ་འཕོ་ལ། སྤྱི་བོའི་འདབ་མ་ གཉིས་ནས་རླུང་རྒྱུ་བ་རྫོགས་པའི་ཚེ། མགྲིན་པའི་འདབ་མ་གཅིག་ནས་འཕོ་ལ། མགྲིན་པའི་འདབ་མ་གཉིས་ནས་རླུང་རྒྱུ་བ་རྫོགས་པའི་དུས་སུ་སྙིང་གའི་འདབ་མ་གཅིག་ནས་རླུང་འཕོ་བ་ཡིན་ནོ། །དེ་ལྟར་རྩ་རླུང་ཐིག་ལེ་བཤད་པའི་ 10-18-9b དགོས་པ་ནི། དེ་དག་གི་གནས་ཚུལ་བཞིན་ཐིངས་ནས། དེ་ལ་གནད་དུ་བསྣུན་པས་སྟོང་པ་དང་བདེ་བ་དབྱེར་མེད་པའི་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་དགོས་པ་ཡོད་ལ་སྟོང་པ་ནི་ཡུལ་ལ་བྱེད་པ་དང་ཡུལ་ཅན་ལ་བྱེད་པ་གཉིས་ལས། འདིར་ ནི་ཤཱི་ནྟ་བ་བཞེད་པ་ལྟར་ཡུལ་བདག་མེད་པ་ལྟ་བུ་ཡིན་ལ། བདེ་བ་ལ་རྣམ་པ་མང་དུ་ཡོད་དེ། མཚན་ཉིད་ཐེག་པ་ནས་བཤད་པའི་ལུས་ཤིན་སྦྱངས་ཀྱི་བདེ་བ་དང་དབུགས་བགྲངས་པ་ལ་བརྟེན་ནས་སྐྱེས་པའི་ཞི་གནས་ཀྱི་བདེ་བ་དང་། རྒྱུད་སྡེ་འོག་མ་ནས་བཤད་པའི་སྲོག་རྩོལ་བཀག་པའི་རླུང་སྦྱོར་གྱི་བདེ་བ་རྣམས་ནི་འདིར་དོན་དུ་གཉེར་བྱ་མིན་ལ། འོ་ན་གང་ཡིན་ན་དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་ཡིན་ལ། དེའང་རླུང་རྡོར་བཟླས་དང་གཏུམ་མོའི་མེ་དམིགས་ བྱས་པའི་སྟོབས་ཀྱིས་ལྟེ་བའི་དམར་ཆ་འཕེལ་ནས་སྤྱི་བོའི་བྱང་སེམས་བཞུ་སྟེ། ལུས་ཤེས་ཀྱི་འཁོར་དུ་ཚོར་བ་བདེ་བ་སྐྱེ་ལ་དེས་དེ་མ་ཐག་རྐྱེན་བྱས་ཏེ་ཡིད་ལ་དགའ་བ་འམ་བདེ་བ་སྐྱེ་ལ་དགའ་བ་ངེས་ཡུལ་སྟོང་ཉིད་བཟུང་ནས་དེ་དང་ སྟོང་ཉིད་གཉིས་ནི་ནམ་མཁའ་སྦྱོར་བ་ལྟ་བུར་སྦྱོར་བའི་ཚེ། བདེ་སྟོང་དབྱེར་མེད་པའམ་ཟུང་དུ་འཇུག་པའི་རྫོགས་རིམ་ཞེས་བྱའོ། །ཡང་སྔགས་ཀྱི་སྐབས་སུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་ཅེས་བཤད་པའི་སྟོང་པ་ནི་ཆོས་ཀྱི་སྐུའི་ཉེར་ ལེན་གྱི་རྒྱུར་གྱུར་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་ལ། སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་ན་སྙམ་པའི་སྙིང་རྗེ་ཁོ་ན་ལ་མི་བྱེད་ཀྱི། གཟུགས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་བའི་ཐབས་ནི་སྙིང་རྗེ་ཡིན་ནོ། །དེས་ན་སེམས་ཀྱི་རྟེན་ 10-18-10a ཐིག་ལེ་ཡིན་པས་རྗེ་མར་པ་ནས་བརྒྱུད་པ་རྣམས་ཀྱི་ལུགས་ལ། ཉིན་ཞག་གཅིག་ལ་གཉིད་དུ་སོང་མ་སོང་གཉིས་སུ་ངེས་ལ། གཉིད་དུ་སོང་བ་ལ་རྨི་ལམ་ཡོད་མེད་གཉིས་ལས། རྨི་ལམ་མེད་པའི་གཉིད་ འཐུག་གི་དུས་སུ་སེམས་ཀྱི་རྟེན་བྱང་སེམས་དཀར་དམར་སྙིང་ག་ན་གནས་པས་སྙིང་གར་སེམས་འཛིན་ལ། རྨི་ལམ་རྨི་བའི་དུས་སུ་དེ་གཉིས་མགྲིན་པ་ན་གནས་པས་མགྲིན་པར་སེམས་འཛིན་ལ། གཉིད་དུ་མ་སོང་བའི་དུས་སུ་གཙོ་ཆེར་ལྟེ་ བ་ན་གནས་པས་ལྟེ་བར་སེམས་འཛིན་ལ། ཕོ་རོ་སྦྱོར་བ་བྱེད་པའི་དུས་སུ་དེ་གཉིས་སྤྱི་བོ་ན་གནས་ཞེས་བཞེད་དོ། །དུས་འཁོར་གྱི་ལུགས་ལ་སྙིང་ག་དང་མགྲིན་པར་ཐིག་ལེ་གནས་པའི་དུས་ནི་སྔ་མ་དང་འདྲ་ལ། གཞན་གཉིས་ལྡོག་ནས་གཉིད་ དུ་མ་སོང་བའི་དུས་སུ་སྤྱི་བོ་དང་ཕོ་མོ་སྦྱོར་བ་བྱེད་པའི་དུས་སུ་ལྟེ་བ་ན་གནས་པར་བཤད་དོ། །སྤྱིར་སྔགས་ཀྱི་ལུགས་ཀྱིས་རབ་ཚེ་འདི་ལ་འཚང་རྒྱ་བ་དང་འབྲིང་བར་དོ་དང་ཐ་མ་སྐྱེ་བ་གཞན་དུ་འཚང་རྒྱ་བ་གསུམ་ལས། དང་པོ་ནི་གསང་འདུས་ འཕགས་ལུགས་པ་དང་བསྟུན་ན། དང་པོར་སེམས་བསྐྱེད་དེ་བྱང་སེམས་ཀྱི་སྡོམ་པ་བཟུང་ནས་སྤྱོད་པ་ཕྱིན་དྲུག་ལ་སློབ་པ་མན་གྱི་ལམ་ཐུན་མོང་བ་རྣམས་ཀྱིས་རྒྱུད་ལེགས་པར་སྦྱངས་ནས་དེ་རྗེས་གསང་འདུས་ལྟ་བུ་དཀྱིལ་འཁོར་དུ་དབང་ བསྐུར་བ་མཚན་ཉིད་དང་ལྡན་པ་ཞུས། རྩ་ལྟུང་དང་སྦོམ་པོ་སོགས་ཀྱིས་དམ་ཚིག་དང་སྡོམ་པ་དག་པས་རྒྱུད་དག་པར་བྱས། དེ་རྗེས་ཕྲ་ཐིག་གི་བར་གྱི་བསྐྱེད་རིམ་བརྟན་པར་བྱས། དེ་ནས་རྫོགས་རིམ་ལུས་དབེན་སྐུ་རྡོ་རྗེ་དང་། ངག་དབེན་ 10-18-10b གསུང་རྡོ་རྗེ་དང་། སེམས་དབེན་ཐུགས་རྡོ་རྗེ་རྣམས་རྒྱུད་ནས་བཤད་པ་བཞིན་དུ་ཐོབ་པར་བྱས་ལ་དེ་ནས་རླུང་སེམས་ལས་སུ་རུང་བ་ལ་བརྟེན་ནས་འཇའ་ལུས་སམ། སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་ཐོབ་སྟེ་འོད་གསལ་མངོན་དུ་བྱས་ལ་སློབ་པ་དང་མི་སློབ་ པའི་ཟུང་འཇུག་མངོན་དུ་བྱེད་དོ། །གཉིས་པ་ནི། སེམས་དབེན་ལ་གསུམ་ལས། སེམས་སྣང་བའི་ཡེ་ཤེས་མན་གྱི་བསྐྱེད་རྫོགས་ཀྱི་ཡོན་ཏན་རྣམས་མཚན་ཉིད་དང་ལྡན་པ་ཐོབ་དགོས་ལ། སྣང་བ་ཉེར་ཐོབ་མ་ཐོབ་དགོས་ཤིང་། སྣང་བ་མཆེད་པ་ ཐོབ་པ་ཡང་སྲིད། མ་ཐོབ་པ་ཡང་སྲིད་ལ་གང་ལྟར་ཡང་དེའི་དུས་སུ་སྤྱོད་པ་བྱེད་པའི་མཐུན་རྐྱེན་མ་འཛོམ་པའམ། ཡང་ན་ཞིང་ལས་སོགས་ཀྱི་བྲེལ་བའི་དབང་གིས་སྤྱོད་པ་བྱེད་རྒྱུ་མ་བྱུང་ན་དེའི་གནད་ཀྱིས་འཆི་བའི་གོང་དུ་ཏིང་ངེ་འཛིན་གྱི་མཐུས་ འབྱུང་བ་སྡུད་མི་ཐུབ་ལ། དེ་མ་ཐུབ་ན་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་མངོན་དུ་མི་འགྱུར་བས་དེ་འཆི་ཁར་མངོན་དུ་འགྱུར་བའི་ཆེད་དུ། འཆི་ཁར་འབྱུང་བ་སྡུད་པའི་ཚེ་མན་ངག་ནས་བཤད་པའི་འབྱུང་བ་སྡུད་ལུགས་ཀྱི་དམིགས་པ་རྣམས་བསྐྱངས་ པས་ཤི་ཟིན་པའི་ཚོད་ཙམ་དུ་སྣང་བ་ཉེར་ཐོབ་མངོན་དུ་བྱེད་ཅིང་བར་དོར་སྐྱེས་པའི་ཚོད་ཙམ་ན་སྒྱུ་ལུས་ཐོབ་ཅིང་། དེ་ནས་རྟེན་དེ་ལ་འོད་གསལ་དང་ཟུང་འཇུག་མངོན་དུ་བྱེད་དོ། །གསུམ་པ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ནི། ཚེ་འདི་ལ་བླ་མེད་ཀྱི་དཀྱིལ་ འཁོར་གང་རུང་དུ་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཐོབ་དམ་ཚིག་དང་སྡོམ་པ་དག་པར་བྱས་པ་ཞིག་ངེས་པར་ཡན་ལག་ཏུ་དགོས་ལ། བསྐྱེད་རིམ་དང་ལུས་དབེན་དང་ངག་དབེན་རྣམས་རྒྱུད་ལ་སྐྱེས་མ་སྐྱེས་གང་ཡིན་ཡང་རུང་སྟེ་སྐྱེ་བ་ 10-18-11a བཅུ་དྲུག་ཚུན་ལ་འཚང་རྒྱའོ། །འདི་ལ་ཆེ་དེ་ལ་སེམས་དབེན་གྱི་རྟོགས་པ་སྣང་མཆེད་ཐོབ་གསུམ་པོ་གང་ཡང་སྐྱེས་པ་དགོས་ཏེ་དེ་སྐྱེས་ན་ཚེ་འདི་ལ་འཚང་རྒྱ་བའམ། ཡང་ན་བར་དོར་ངེས་པར་འཚང་རྒྱ་བའི་ཕྱིར་རོ། །ཡང་རྗེ་ མར་པ་ནས་བརྒྱུད་པ་རྣམས་ཀྱི་ལུགས་ལ་བསྐྱེད་རིམ་བརྟན་པ་གཞིར་བཞག་ནས་རླུང་དང་གཏུམ་མོ་དང་སྤྱོད་པ་གསུམ་མཐར་ཕྱིན་ན་ཚེ་འདི་ལ་འཚང་རྒྱ། དེ་གསུམ་མཐར་མ་ཕྱིན་པར་ཚེ་འདི་ལ་འཚང་རྒྱ་མ་ནུས་ན། ད་གཟོད་འཆི་བ་འདི་གསལ་ ཟིན་པའི་དོན་དུ་ད་ལྟ་གཉིད་འཐུག་དང་སྟོང་ཉིད་བསྲེས་ནས་བསྒོམ། དེ་ལེགས་པོ་ཞིག་བྱུང་ན་ད་བཟོད་འཆི་ཙ་ན་ཐ་མལ་གྱི་འཆི་བ་རང་དགའ་བར་མི་འགྲོ་བར་འོད་གསལ་བཟུང་ནས་འཆི་བ་ཆོས་སྐུར་འཁྱེར་ཐུབ་ལ། ད་གཟོད་བར་དོ་ཟིན་པའི་ དོན་དུ་ད་ལྟ་དང་པོར་རྨི་ལམ་གྱི་མན་ངག་ལ་སྦྱངས་ཏེ་རྨི་ལམ་བཟུང་ལ། དེ་ཟིན་པའི་ཚེ་བར་དོའི་མན་ངག་དང་བསྲེས་ནས་བསྒོམས་པས་ད་གཟོད་བར་དོ་ཟིན་ཏེ་ཐ་མལ་གྱི་བར་དོ་རང་དགར་མི་འཆོར་བར་དེ་ལོངས་སྐུར་འཁྱེར་ཤེས་པ་འམ་དེ་ དུས་སུ་ཕན་ཐོགས་པ་ཡིན་ནོ། །དེ་ལ་བསྐྱེད་རིམ་ལ་སྦྱངས་པས་བར་དོར་སྣང་བ་ཐམས་ཅད་ལྷ་སྐུར་ཤར་ནས་དེའི་གནད་ཀྱིས་ཆགས་སྡང་ཁེགས་ཏེ་མངལ་སྐྱེས་ལྟ་བུའི་སྐྱེ་སྒོ་ཁེགས་ནས་སྐྱེ་གནས་སུ་སྐྱེ་བ་མི་ལེན་པར་བར་དོའི་རྟེན་དེ་ལ་ལམ་ ལྷག་མ་བསྒོམས་ཏེ་འཚང་རྒྱ་ལ། བར་དོར་འཚང་རྒྱ་མི་ནུས་པར་སྐྱེ་གནས་གང་རུང་ཞིག་ཏུ་སྐྱེ་བ་བརྒྱུད་ནས་འཆང་རྒྱ་དགས་པ་དེས་ནི་འཕོ་བ་དང་གྲོང་འཇུག་གི་གདམས་ངག་བསྒོམ་པ་ཡིན་ལ། འདི་ནི་རྒྱུད་སྐྱེ་རྡོར་སོགས་ཀྱི་དགོངས་པ་ཡིན་ 10-18-11b ཞེས་མར་པ་ནས་བརྒྱུད་པ་རྣམས་གསུང་ངོ་། །འདི་ནི་གདམས་ངག་ལེགས་ལ་ཕན་ཆེ་བ་ཞིག་སྣང་ལ། འོན་ཀྱང་བར་དོར་སྣང་བ་ལྷ་སྐུར་ཤར་བས་མངལ་སྐྱེས་ཁེགས་སུ་ཆུག་ཀྱང་སྐྱེ་གནས་གཞན་གསུམ་ཨེ་ཁེགས་ཡིན་གསུང་། དེའང་ རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་གྱི་གནད་དམ་གཙོ་བོ་ནི། སྤྱི་བའི་བྱང་སེམས་ཞུ་བ་ལས་བྱུང་བའི་ལྷན་སྐྱེས་ཀྱི་དགའ་བ་དང་སྟོང་ཉིད་དབྱེར་མེད་པའི་ཏིང་ངེ་འཛིན་ཡིན་པར་བྲམ་ཟེ་ཆེན་པོས་ར་ཧ་ལ་སོགས་པ་རྒྱ་གར་གྱི་མཁས་གྲུབ་ཁུངས་མ་ཐམས་ ཅད་ཞལ་མཐུན་ལ། སྤྱི་བོའི་བྱང་སེམས་དེ་བཞུ་བའི་ཐབས་སུ་རླུང་སྦྱོར་དང་མེ་དམིགས་སོགས་མང་པོ་ཞིག་གསུངས་ཀྱང་དེ་ཐམས་ཅད་ཀྱང་གཏུམ་མོར་འདུ་བ་ཡིན་ནོ། །དེའང་སྦྱོར་དྲུག་པའི་ལུགས་ཀྱིས་ནི་སོར་བསམ་གཉིས་ཀྱིས་རྩ་དབུ་མའི་ལམ་སྦྱངས་ ནས། སྲོག་རྩོལ་གྱིས་དབུ་མའི་ནང་དུ་རླུང་འཛུད་ཅིང་འཛིན་པས་བཙུད་པ་དེ་བརྟན་པར་བྱེད་ལ། རྗེས་དྲན་གྱི་དུས་སུ་རླུང་གི་མཐུས་སྤྱི་བོའི་བྱང་སེམས་ཞུ་ནས་མི་འགྱུར་བའི་བདེ་བ་སྐྱེ་ལ། དེ་ནས་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པ་ཡིན་ལ། མི་འགྱུར་ བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་མ་ཐག་ཏུ་འཚང་རྒྱ་བ་ཡིན་ནོ། །གསང་འདུས་འཕགས་ལུགས་པས་ནི་ངག་དབེན་རླུང་གི་རྡོར་བཟླས་མཐར་ཕྱིན་པར་བྱས་པའི་སྟོབས་ཀྱིས་སྤྱི་བོའི་བྱང་སེམས་བཞུ་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་ལ། དགའ་བ་དེས་ཡུལ་སྟོང་ཉིད་བཟུང་བ་ལ་བདེ་སྟོང་དབྱེར་མེད་ཟེར་བ་མ་གཏོགས་སྟོང་པ་ལ་བདེ་བས་རྒྱས་བཏབ་པའམ། བདེ་བ་ལ་སྟོང་པས་རྒྱས་བཏབ་པ་ལྟ་བུ་ནི་བདེ་སྟོང་དབྱེར་མེད་ཀྱི་དོན་མིན་ནོ། །དེ་ལ་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་བ་ལ་སྤྱི་ 10-18-12a བོའི་བྱང་སེམས་བཞུ་དགོས་པས། ཐིག་ལེ་དཀར་པོ་བཞུ་རུང་ཡིན་ལ། དེ་བཞུ་བ་ལ་ལྟེ་བའི་དམར་ཆ་འབར་དགོས་ཏེ་རླུང་གིས་སྦར་དགོས་ལ། ཐིག་ལེ་དཀར་དམར་དང་རླུང་གནས་པའི་གཞི་ནི་རྩ་ཡིན་པས་ རྫོགས་རིམ་གྱི་སྐབས་སུ་རྩ་རླུང་ཐིག་ལེ་རྣམས་ཞིབ་པར་འཆད་པའི་རྒྱུ་མཚན་དེ་ཡིན་ནོ། །དེའང་དབུ་མ་ནི་མི་བསྐྱོད་པའི་རྩ་ཡིན་པས་སྔོན་པོ་དང་རོ་མ་འོད་དཔག་མེད་ཀྱི་རྩ་ཡིན་པས་དམར་པོ་དང་རྐྱང་མ་རྣམ་སྣང་གི་རྩ་ཡིན་པས་དཀར་ པོར་ཡོད་དོ། །དེའང་སྤྱིར་བཏང་ཡིན་ལ། དམིགས་བསལ་ལ་གཏུམ་མོ་འབར་བའི་ཆེ་ན་གང་འབར་བའི་རྩ་རྣམས་ཏིལ་མར་གྱི་མར་མེའི་ཁ་དོག་ལྟ་བུར་ཡོད་དོ། །དེའང་སྙིང་གའི་རྩ་མདུད་ཀྱི་ནང་གི་རྩ་དབུ་མའི་འོག་ཕྱོགས་ཀྱི་བུ་ག་ནི་ ཅུང་ཟད་ཁ་བྱེ་བ་ཆུ་ཤིང་གི་མེ་ཏོག་ལྟ་བུ་ཞིག་ཡོད་དོ། །རྩ་མདུད་ནང་གི་རྩ་དབུ་མའི་ནང་གི་ཧཱུཾ་ནི་ཁྱད་པར་ལྔ་དང་ལྡན་པ་ཡིན་ཏེ་མི་མཐུན་པའི་རྟོག་པ་འཇོམས་པས་དཔའ་བོ་དང་། འདོད་པ་སྒྲུབ་པ་ལ་གཞན་གྱིས་མི་ཤིག་པ་དང་། གཏུམ་མོ་ལ་བརྟེན་ནས་བདེ་བ་བསྐྱེད་པས་ན་ས་བོན་དང་། བྱང་སེམས་འཇག་པ་དང་། ཚད་ཡུངས་འབྲུ་ཙམ་ཡོད་པ་ཡིན་ནོ། །བདག་མེད་མ་ལྟེ་བའི་ཨ་ཐུང་ནི་རྒོད་མ་ཁའི་མེ་ཞེས་བརྗོད་ཀྱང་གླིང་བཞི་པོ་རང་རང་གི་ལྷོ་ཕྱོགས་ཀྱི་ལྕགས་ རི་ནག་པོའི་འོག་གི་མེས་ཆུ་སྐེམས་པ་དང་འདྲ་བར་ལྟེ་བའི་དམར་ཆ་འབར་ནས་སྤྱི་བའི་བྱང་སེམས་བཞུ་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ། གཟུང་འཛིན་གྱི་རྟོག་པ་གཅོད་པའོ། །ལྟེ་བ་སོགས་སུ་ཨ་ཐུང་སོགས་ཡོང་བའི་རྒྱུ་མཚན་ 10-18-12b ནི། ནཱ་རོ་པཎ་ཆེན་གྱི་སློབ་མ་ཁ་ཅིག་སྤྱི་བོ་ནས་བྱང་སེམས་འབབ་པའི་ཚེ། དེ་ནས་འབབ་པའི་བྱང་སེམས་ལ་ཆ་བཞིར་བགོས་པའི་ཆ་གཅིག་མགྲིན་པར་བབས་པའི་ཚེ་བསྐམས་ཤིང་མགྲིན་པ་ན་ཆ་གསུམ་ཡོད་པས་དེ་དང་བསྟུན་ནས་མགྲིན་ པའི་ཨོཾ་ལ་རིང་ཆ་སུམ་འགྱུར་དང་། སྙིང་གར་སླེབ་པའི་ཚེ་ཆ་མཉམ་དུ་བགོས་པའི་ཆ་གཅིག་བསྐམས་པས་སྙིང་གའི་ཧཱུཾ་རིང་ཆ་གཉིས་དང་ལྡན་པ་དང་། ལྟེ་བར་སླེབ་པའི་ཚེ་ཆ་གཉིས་པོའི་ཆ་གཅིག་བསྒོམས་པས་ལྟེ་བའི་ཨ་ལ་རིང་ཆ་ མི་ཡོང་བའི་རྒྱུ་མཚན་དེ་ཡིན་ནོ་གསུང་། སློབ་དཔོན་ཨ་བྷ་ཡས་ནང་གི་སྒྲ་འདོན་ལུགས་ལ་བརྟགས་ནས་བྱེད་དོ། །གསང་གནས་ནས་སྟོང་ལ་རླུང་སོང་བའི་ཚེ་ལྟེ་བར་སླེབ་པ་ན་ཨ་ཐུང་ངུའི་སྒྲ་སྒྲོག་པ་དང་། སྙིང་གར་ཧཱུཾ་རིང་ཆ་གཉིས་ཀྱི་ སྒྲ་སྒྲོག་པ་དང་། མགྲིན་པར་སླེབ་པའི་ཚེ་ཨོཾ་རིང་ཆ་གསུམ་དང་ལྡན་པའི་སྒྲ་སྒྲོག་པས། དེའི་ཆ་ནས་ལྟེ་བར་ཨ་ཐུང་། སྙིང་གར་ཧཱུཾ་རིང་པོ། མགྲིན་པར་ཨོཾ་རིང་ཆ་གསུམ་དང་ལྡན་པ་བསྒོམ་པའི་རྒྱུ་མཚན་དེ་ཡིན་ནོ། །མདོར་བསྡུ་ན་ སྨད་ནས་རླུང་སོང་བའི་ཚེ་ལྟེ་བར་ཨ་ཐུང་གི་ཡུན་དང་། སྙིང་གར་ཧཱུཾ་གི་སྒྲ་སྒྲོག་པའི་ཚེ་ཨ་ཐུང་ཉིས་འགྱུར་གྱི་ཡུན་དང་མགྲིན་པར་ཨོཾ་གྱི་སྒྲ་སྒྲོག་དུས་སུ་ཨ་ཐུང་ངུ་སུམ་འགྱུར་གྱི་ཡུན་ཡོད་པས། ཧཱུཾ་ལ་རིང་ཆ་གཉིས་དང་། ཨོཾ་ ལ་རིང་ཆ་གསུམ་ཡོད་དོ། །སྐབས་སུ་བབ་པའི་དམིགས་པ་ངོས་བཟུང་བ་ནི། བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་སྒོམ་པ་དང་། ཐུན་བཞིའི་ཆེ་ན་གསུམ་ལ་བསྐྱེད་རིམ། གཅིག་ལ་རྫོགས་རིམ་སྒོམ་པ་ 10-18-13a དང་། བསྐྱེད་རིམ་ཐུན་བཞིར་སྒོམ་པའི་ཐུན་རེ་རེའི་རྗེས་སུ་རྫོགས་རིམ་སྒོམ་པའི་ལུགས་གསུམ་ལས། འདིར་ནི་ཐ་མའི་ལུགས་ཡིན་ལ། དེའང་དང་པོར་ལྷ་གང་ཡིན་གྱི་མངོན་རྟོགས་སྒོམ་པ་ནས། དེ་རྗེས་ བླ་མའི་རྣལ་འབྱོར་བསྒོམ་ཞིང་བླ་མ་ལ་གསོལ་འདེབས་བརྒྱ་ཙམ་རེ་བྱ། དེ་ནས་སྤྱི་གཙུག་ནས་ལྟེ་བའི་བར་གྱི་རྩ་གསུམ་པོའི་གནས་ཚུལ་དང་ཁ་དོག་རྣམས་གསལ་འདེབས་ཤིང་། ལྟེ་བ་ན་རྩ་དམར་པོ་འདབ་མ་བརྒྱད་པ་གདུགས་ཁ་གྱེན་ ལ་བསྟན་པ་ལྟ་བུ། སྙིང་ག་ན་རྩ་དཀར་པོ་འདབ་མ་བརྒྱད་པ་གདུགས་ཕུབ་པ་ལྟ་བུ། མགྲིན་པ་ན་རྩ་དམར་པོ་འདབ་མ་བཅུ་དྲུག་པ་གདུགས་ཁ་གྱེན་ལ་བསྟན་པ་ལྟ་བུ། སྤྱི་བོ་ན་ཁ་དོག་སྣ་ཚོགས་པའི་རྩ་འདབ་སོ་གཉིས་གདུགས་ ཕུབ་པ་ལྟ་བུ་གསལ་བཏབ་ནས་ལྟེ་བའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཨ་དམར་པོ་མགོ་གྱེན་ལ་བལྟ་བ་སྙིང་གའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཧཱུཾ་སྔོན་པོ་མགོ་ཐུར་བསྟན། མགྲིན་པའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཨོཾ་དམར་པོ་མགོ་གྱེན་ བསྟན། སྤྱི་བོའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཧཾ་དཀར་པོ་མགོ་ཐུར་བསྟན་བསྒོམས་ལ། གཙོ་ཆེར་ནི་ལྟེ་བའི་ཨ་ཐུང་ལ་སེམས་འཛིན་ལ་ཡི་གེ་གཞན་གསུམ་ལ་ཅུང་ཟད་རེ་སེམས་འཛིན། གོང་གི་རྩའི་ཁ་དོག་བཤད་པ་དེ་རྣམས་ནི་ འདབ་མ་རྣམས་ཀྱི་ཁ་དོག་ཡིན་ནོ། །དེའང་སྒོམ་པའི་དུས་སུ་རྩ་མདུད་དེ་དག་ཅུང་ཟད་གྲོལ་བའམ། ལྷོད་དེ་སོང་བར་བསམས་ནས་རྩ་མདུད་དེ་དག་གི་ནང་དུ་ཡི་གེ་དེ་དག་བསྒོམ་པ་ཡིན་ནོ། །རྩ་འཁོར་བཞི་པོ་དེ་དག་ཀྱང་བསྡུ་ན་ཨེ་བཾ་གྱི་རྩ་ 10-18-13b གཉིས་སུ་འདུ་ལ། དེའང་ཨེ་ལ་གཉིས་ལས་ཐབས་ཀྱི་རྩ་ནི་སྤྱི་བོའི་རྩ། ཤེས་རབ་ཀྱི་རྩ་ནི་ལྟེ་བའི་རྩ་འཁོར་ཡིན་ཞིང་། དེ་གཉིས་ཀྱང་དབྱིབས་གྲུ་གསུམ་གྱི་རྣམ་པར་ཡོད་དོ། །བཾ་གྱི་རྩ་ལ་གཉིས་ལས་ཐབས་ཀྱི་རྩ་ནི་མགྲིན་པའི་རྩ། ཤེས་རབ་ ཀྱི་རྩ་སྙིང་གའི་རྩ་འཁོར་ཡིན་ལ། དེ་གཉིས་ཀྱི་དབྱིབས་གདུགས་ལྟར་ཡོད་དོ། །རྩ་འདབ་དེ་དག་ལ་ཡི་གེ་འགོད་ཚུལ་ནི་རྒྱས་པ་བློས་མི་ལྕོགས་ན་གོང་དུ་བཤད་པ་ལྟར་རྩ་འཁོར་བཞི་པོ་དེའི་ལྟེ་བ་ལ་ཡི་གེ་བཞི་འགོད་ལ། རྒྱས་པ་བློས་ལྕོགས་ ན། ལྟེ་བའི་རྩ་འདབ་བརྒྱད་ལ། སྡེ་ཚན་བརྒྱད་ཀྱི་ཡི་གེ་རྣམས་དགོད་པ་ཡིན་ཏེ། སྤྱིར་ལྟེ་བ་ལ་རྩ་མདུད་ཀྱི་ཕྱི་རོལ་ཏུ་རྩ་འདབ་བཞི། དེའི་ཕྱི་རོལ་ཏུ་འདབ་མ་བརྒྱད། དེའི་ཕྱི་རོལ་ཏུ་དུས་འཁོར་བའི་ལུགས་ཀྱི་རྩ་འདབ་བཅུ་གཉིས། རྒྱུད་གཞན་ གྱི་ལུགས་ཀྱི་འདབ་མ་བཅུ་དྲུག །དེའི་ཕྱི་རོལ་ཏུ་འདབ་མ་རེ་བཞི་རྣམས་ཡོད་པ་ལས་འདབ་མ་གཞན་དང་རོ་རྐྱང་གཉིས་བཏང་སྙོམས་སུ་བཞག་ལ། ལྟེ་བའི་འདབ་མ་བརྒྱད་བྱས་ལ་བརྒྱད་པོ་དེ་དག་ཀྱང་རྩ་བ་ཐམས་ཅད་དབུ་མ་ལ་ཟུག་པར་ བསྒོམས་ལ་འདབ་མ་རྣམས་ལ་ཡི་གེ་འགོད་པའི་ཚེ་སྐབས་གང་དུའང་གཡས་སྐོར་དང་། ཕྱོགས་ཀྱི་དང་པོ་ཤར་དང་། མཚམས་ཀྱི་དང་པོ་བྱང་ཤར་ནས་བྱེད་པ་སྐབས་འདིར་ཤེས་དགོས་ཤིང་། དེའང་ཕྱོགས་ཀྱི་ཡི་གེ་སྔོན་དུ་དང་མཚམས་ ཀྱི་ཡི་གེ་རྟིང་ལ་འགོད་དགས་སོ། །དེའང་ལྟེ་བའི་ཤར་ལྷོ་ནུབ་བྱང་བཞི་ལ་རིམ་པ་ལྟར་ཨའི་སྡེ་ཚན་དབྱངས་ཡིག་བཅུ་དྲུག་དང་། ཀ་སྡེ་དང་། ཙ་སྡེ་དང་། ཊ་སྡེ་རྣམས་འགོད། དེ་ནས་བྱང་ཤར་ཤར་ལྷོ། ལྷོ་ནུབ་ནུབ་བྱང་སྟེ་མཚམས་ 10-18-14a བཞི་ལ་རིམ་པ་ལྟར། ཏ་སྡེ། པ་སྡེ། ཡ་སྡེ། ཥ་སྡེ་རྣམས་དགོད་དོ། །སྡེ་ཚན་དེ་རྣམས་ཞིབ་པར་འགོད་མི་ནུས་ན་ཕྱོགས་བཞི་མཚམས་བཞི་ལ་རིམ་པ་ལྟར་ཨ་དང་ཀ་སོགས་སྡེ་ཚན་གྱི་ཡི་གེ་དང་པོ་རྣམས་དགོད་དོ། ། སྙིང་གའི་རྩ་འདབ་བརྒྱད་ཀྱི་ཕྱོགས་བཞི་དང་མཚམས་བཞི་ལ་རིམ་པ་ལྟར་ཨ་ཨི་ཨུ་ཨེ་རྣམས་དང་ཡར་ལ་ཝ་སྟེ་ཡི་གེ་ཐུང་ངུ་བརྒྱད་འགོད་དེ། མགྲིན་པའི་རྩ་འདབ་བཅུ་དྲུག་ལ་སྙིང་གའི་ཡི་གེ་བརྒྱད་པོ་རིང་ཆ་ཅན་ཤར་ནས་བརྩམས་ཏེ་ ཕྱོགས་བཞི་དང་མཚམས་བཞི་ལ་རིམ་པ་ལྟར་འགོད་ཅིང་། དེའང་ཤར་གྱི་འདབ་མ་ལ་འགོད་ཅིང་ལྷག་མ་རྣམས་རྩ་རེ་རེ་བར་སྐབས་སུ་བཞག་ནས་འགོད་ཅིང་། སྤྱི་བོའི་འདབ་མ་སོ་གཉིས་ལ་དབྱངས་ཡིག་བཅུ་དྲུག་འགོད་ལ། དེའང་ཤར་ལ་ ཨ་ལྟ་བུ་བཀོད་ནས་དེ་ནས་ལྷག་མ་རྣམས་རྩ་རེ་རེ་བཞག་ནས་འགོད་པ་སྔར་དང་འདྲ། འདབ་མའི་རྩ་རྣམས་ཀྱི་ཡི་གེའི་ཁ་དོག་ནི་རང་རང་གི་ལྟེ་བའི་ཡི་གེའི་ཁ་དོག་དང་འདྲ་ཞིང་། ཡི་གེ་ཐམས་ཅད་ཀྱང་ཟླ་ཕྱེད་ཐིག་ལེ་ནཱ་ད་དང་བཅས་པ་ཡིན་ ལ། དེ་དག་ཀྱང་བ་མོའི་བདུད་རྩི་འཛག་པའི་རྣམ་པ་ཅན་བསྒོམ་དགོས་པ་ཡིན་ནོ། །རྩ་མདུད་ནང་གི་ཡི་གེ་བསྒོམ་པའི་དགོས་པ་ནི་རྩ་མདུད་གྲོལ་བའི་ཆེད་ཡིན་ཞིང་། འདབ་མའི་ཡི་གེ་བསྒོམ་པའི་དགོས་པ་ནི། འདབ་མའི་རླུང་སེམས་དབུ་མར་ འདུ་བའི་དགོས་པ་ཡོད་དོ། །གསལ་བྱེད་རྣམས་འགོད་པའི་དུས་སུ་ཀྵ་མི་འགོད། མགོ་ཕྲེང་ལྔ་བཅུའི་དག་པ་སྦྱོར་བའི་ཚེ་ཀྵ་དང་བཅས་པའི་གསལ་བྱེད་སོ་བཞི་དབྱངས་བཅུ་དྲུག་དང་སྦྱོར་བ་ཡིན་ན། །རྩ་ནང་ན་དབྱངས་རྣམས་ཁ་གྱེན་ལྟ། 10-18-14b གསལ་བྱེད་རྣམས་ཁ་ཐུར་ལྟར་བཤད་པ་ནི་རོ་རྐྱང་དབུ་མ་གསུམ་གྱི་ནང་གི་ཡི་གེ་ཡིན་གྱི་འདབ་མའི་ཡི་གེ་མིན་ནོ། །འདབ་མ་རྣམས་ལ་ཡི་གེ་ཡོང་ཚུལ་ནི། ཤར་གྱི་འདབ་མ་ལྟ་བུའི་དབང་དུ་བྱས་ན། ཤར་གྱི་འདབ་མའི་ཕྱིའི་ཕྱོགས་ནས་རིམ་ པ་ལྟར་ཡོད་དེ། དེའང་ཕྱིའི་ཐ་མ་ན་ཨ་ཡོད་ལ། དེའི་མདུན་ན་ཨཱ་རིང་ཆ་ཅན་ཡོད་ཅིང་དེས་དབྱངས་ཡིག་གཞན་རྣམས་ཡོད་ཚུལ་རིགས་འགྲོ་ལ་འདབ་མ་གཞན་རྣམས་ལ་ཀ་སྡེ་སོགས་སྡེ་ཚན་གཞན་གྱི་ཡི་གེ་རྣམས་ཀྱང་ཕྱི་ནས་ནང་ཕྱོགས་ ལ་རིམ་པ་ལྟར་འགོད་པ་ཡིན་ནོ། །དེའང་ཡི་གེ་ལངས་པའི་རྣམ་པ་ཅན་གདོང་ལྟེ་བའི་ཡི་གེ་ལ་བསྟན་པའི་ཚུལ་གྱིས་འགོད་དགོས་སོ། །འདབ་མའི་ཡི་གེ་རྣམས་ལ་ཟླ་གདན་མ་བཤད་པས་མི་དགོས་ཤིང་། ཡི་གེ་རྣམས་གཙོ་ཆེ་ཆུང་མ་ གཏོགས་གསལ་དབྱངས་འདྲེས་མ་ཡིན་ལ། དབྱངས་རྣམས་ཀྱི་ཟླ་ཕྱེད་ཐིག་ལེ་ནཱ་ད་རྣམས་གསལ་བྱེད་ཡིན་ནོ། །དེའང་ལྟེ་བའི་ཡི་གེ་རྣམས་ཀྱི་དབང་དུ་བྱས་ན་དབུས་ཀྱི་ཨཾ་ནི་དབྱངས་ཤས་ཆེ་གསལ་བྱེད་ཤས་ཆུང་། ཤར་གྱི་ འདབ་མ་མ་གཏོགས་ཕྱོགས་ཀྱི་འདབ་མ་རྣམས་ལ་དབྱངས་ཡི་གེ་མེད་པས་འདབ་མ་རྣམས་ཀྱང་དབྱངས་ཤས་ཆུང་། གསལ་བྱེད་ཤས་ཆེ་བའོ། །སྙིང་གའི་རྩ་འདབ་ཀྱི་དབུས་ཀྱི་ཧཱུཾ་ནི་གསལ་བྱེད་ཤས་ཆ་ལ། མགྲིན་པའི་རྩ་འདབ་ཀྱི་ དབུས་ཀྱི་ཨོཾ་ནི་དབྱངས་ཤས་ཆེ་ཞིང་། དེ་གཉིས་ཀྱི་འདབ་མའི་ཡི་གེ་རྣམས་ནི་གསལ་དབྱངས་ཆ་མཉམ་པའོ། །སྤྱི་བོའི་རྩ་འདབ་ཀྱི་དབུས་ཀྱི་ཧཾ་ནི་གསལ་བྱེད་ཤས་ཆེ། དེའི་འདབ་མའི་ཡི་གེ་རྣམས་ནི་དབྱངས་ཤས་ཆེ་བ་ཡིན་ནོ། ། 10-18-15a དེའང་དབྱངས་རྣམས་ཀྱིས་ནི་བྱང་སེམས་དམར་པོ་དང་། གསལ་བྱེད་རྣམས་ཀྱིས་ནི་བྱང་སེམས་དཀར་པོ་མཚོན་ནོ། །འདབ་མའི་ཡི་གེ་རྣམས་གསལ་ནས་དེ་ལ་སེམས་ཟིན་ན་ནི་ལེགས་ལ། མ་ཟིན་ཀྱང་འཁོར་ ལོ་བཞིའི་དབུས་ཀྱི་ཡི་གེ་བཞི་པོ་ཤིན་ཏུ་ཕྲ་བ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་སེམས་ཟིན་ནས་གནས་ཆ་ཅུང་ཟད་རྙེད་ན་དེས་ཆོག་པས་དེ་རྙེད་རྙེད་དུ་བསྒོམས་ལ། ཡི་གེའི་གསལ་སྣང་ཤར་ནས་དམིགས་པ་སྤོ་གསུང་། དེ་རྙེད་ནས་ ཐིག་ལེ་ལ་དམིགས་པ་སྤོ་དགོས་པ་ཡིན་ཏེ། ཡི་གེ་ཕྲ་མོ་བསྒོམ་པ་ནི་ཐིག་ལེའི་དམིགས་རྟེན་རྙེད་པའི་ཆེད་ཡིན་པའི་ཕྱིར་རོ། །ཐིག་ལེ་ལ་སེམས་འཛིན་པའི་དུས་སུ་འདི་ལྟར་བྱ་སྟེ་སྔར་གྱི་དམིགས་པ་རྣམས་རིམ་པ་ལྟར་གསལ་ བཏབ་ལ། དེ་ནས་སུམ་མདོ་ནས་ལས་ཀྱི་རླུང་གཡོས་པས་ལྟེ་བའི་ཨཾ་ལས་མེ་འབར་ཏེ་སྤྱི་བོའི་འཁོར་ལོའི་བར་དུ་རྩ་དབུ་མའི་ནང་ན་ཡར་སོང་སྟེ། མེ་དེའི་འོད་ཀྱིས་སྤྱི་བོའི་རྩ་མདུད་ཀྱི་ཡི་གེ་རྣམས་ཞུ་སྟེ། འཁོར་ལོའི་ལྟེ་བར་འདུས་ ཤིང་ཧཾ་ཡང་ཞུ་ནས་ཐིག་ལེར་གྱུར་པ་དེ་རིམ་གྱིས་མགྲིན་པར་བབས་ཏེ་འོད་ཀྱིས་མགྲིན་པའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་བསྟིམ་ལ། ཡང་མགྲིན་པ་ནས་བབས་ཏེ་སྙིང་གར་སླེབ་པ་ན་དེའི་འོད་ཀྱིས་སྙིང་གའི་ཡི་གེ་རྣམས་ཞུ་ ནས་ཐིག་ལེ་དེ་ཉིད་ལ་ཐིམ། ཡང་དེ་ཉིད་སྙིང་ག་ནས་བབས་ཏེ་ལྟེ་བར་སླེབ་པ་ན་དེའི་འོད་ཀྱིས་ལྟེ་བའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་པར་བསམས་ལ་དམིགས་པ་འཛིན་པའི་ཚེ། ཐིག་ལེ་དེ་ཉིད་སེམས་དང་ཐིག་ལེ་རླུང་ 10-18-15b གསུམ་འདུས་པ་ཡིན་སྙམ་པའི་མོས་པ་སྔོན་དུ་བཏང་ཞིང་བདེ་སྟོང་དབྱེར་མེད་ངོ་བོ་ཡིན་སྙམ་དུ་བསམས་ནས། ལྟེ་བའི་རྩ་མདུད་ནང་དུ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་སེམས་འཛིན་ནོ། ། དམིགས་རྟེན་ཕྲ་མོ་ཤར་ནས་དེ་ལ་སེམས་ཅུང་ཟད་ཟིན་པའི་ཚེ་དམིགས་པ་འདི་བསྣན་ནས་བསྒོམ་པ་ཡིན་ཏེ། དེའང་རང་གི་སེམས་ཐིག་ལེ་ཕྲ་མོ་དེའི་ནང་དུ་ཐིམ་པའི་མོས་པ་བྱས་ནས་ཐིག་ལེ་དེ་ལ་སེམས་འཛིན་ནོ། །དེ་ལྟར་གོམས་པས་ རང་གི་སེམས་དང་ཐིག་ལེ་གཉིས་ཀྱི་བར་ན་གཉིས་སྣང་མེད་པར་སེམས་ཐིག་ལེ་ལ་ཐིམ་པའི་ཉམས་ཤར་བའི་ཚེ། ཐིག་ལེ་ལ་དམིགས་པའི་དགོས་པ་གྲུབ་པས་དམིགས་པ་སྤོ་རན་པ་ཡིན་ནོ། །ཡང་དེའི་རྗེས་སུ་དམིགས་པ་གོང་མ་རྣམས་ བསྒོམས་པས་སེམས་ཐིག་ལེ་ལ་ཐིམ་པའི་ཉམས་མ་ཤར་ཡང་། གོང་གི་དམིགས་པ་རྣམས་བསྒོམས་པའི་རྗེས་སུ་ཐིག་ལེ་ལ་སེམས་འཛིན་པའི་དུས་ཀྱི་སུམ་གཉིས་སམ་ཕྱེད་ཙམ་དུ་ཐུན་རེ་རེ་ལྟར་རླུང་ལ་དམིགས་ནས་བསྒོམ་པ་ཡིན་ ཏེ། དེའི་སྒོམ་ཚུལ་ནི་རང་གི་གཞོགས་གཡོན་པ་དང་སྟེང་འོག་གི་རླུང་རྣམས་ལྟེ་བའི་འོག་གི་སུམ་མདོར་བསྡུས་ནས། འདུས་མ་ཐག་ཏུ་རླུང་དེ་རྣམས་མེ་ལོང་ལ་ཧ་བཏབ་པ་བཞིན་དུ་ཡལ་བའི་དམིགས་པ་ཡང་ཡང་བྱེད་དོ། །དེ་ལྟར་བསྒོམ་པའི་ དགོས་པ་ནི་རྩ་ལམ་སྦྱོར་བ་དང་། རླུང་ལ་བརྟེན་པའི་གེགས་རྣམས་མི་འབྱུང་ཞིང་མཉམ་པར་བཞག་པའི་དུས་སུ་སྣ་བུག་ཏུ་རྒྱུ་བའི་རླུང་འདི་འགགས་ནས་འགྲོ་ཞིང་། དེའི་འགག་ཚུལ་ནི། དང་པོར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ། 10-18-16a དབུགས་གསུམ་གསུམ་རྒྱུ་པའི་ཡུན་ཙམ་དུ་རླུང་སྣ་སྒོར་མི་རྒྱུ་བ་ཡིན་ལ། དེ་ནས་གོམས་པ་ཇེ་ཆེར་སོང་ནས་རླུང་སྣ་སྒོར་མི་རྒྱུ་བའི་ཡུན་དེ་རིང་དུ་འགྲོ་བས་ད་གཟོད་སྔ་དྲོ་རེ་ཙམ་རླུང་སྣ་སྒོར་མི་རྒྱུ་བ་འབྱུང་བ་ཡིན་ནོ། །དེའང་ དང་པོར་རླུང་འགག་པའི་ཚེ་སྣ་བུག་གི་རླུང་ལོག་ནས་རླུང་གིས་གྲོད་པ་གང་བའི་སྣང་བ་འབྱུང་ལ། དེ་ནས་གྲོད་པ་གང་བའི་སྣང་བ་ལོག་ནས་སྣ་སྒོར་རླུང་རྒྱུ་བྱུང་ན་རླུང་འགག་ཚུལ་རྣ་བ་མ་མིན་ལ། གྲོད་པའི་ནང་གི་རླུང་དེ་མེ་ལོང་ལ་ཧས་བཏབ་པ་ བཞིན་ཡལ་ཡང་། ད་དུང་སྣ་སྒོར་རླུང་མི་རྒྱུ་ན་རླུང་དབུ་མར་ཚུད་པ་ཡིན་ནོ། །རླུང་དེའང་རྩ་བའི་རླུང་ལྔའི་ནང་ནས་ཐུར་སེལ་གྱི་རླུང་ཡིན་ལ། དེ་ལ་གསར་རྙིང་གཉིས་ཡོད་པ་ལས་རྙིང་པ་རྣམས་ཡལ་ནས་འགྲོ་བས། རྩ་དབུ་མའི་ནང་དུ་མི་ འགྲོ་ཞིང་། རླུང་སྣ་སྒོར་རྒྱུ་བ་ལོག་པ་དང་དུས་མཉམ་དུ་ལྟེ་བའི་འོག་གི་རྩ་དབུ་མའི་སྦུབས་ཁ་ཕྱེ་བ་དེའི་ནང་ནས་ཐུར་སེལ་གྱི་རླུང་གསར་པ་སྐྱེས་ནས་དེས་ལྟེ་བའི་མེ་སྦར་ནས་མེ་དེས་སྤྱི་བོའི་བྱང་སེམས་བཞུ་བ་ཡིན་ནོ། །རླུང་དེའི་དབྱིབས་ ནི་གཞུའི་དབྱིབས་ལྟ་བུར་ཡོད་དོ། །དེ་ལྟར་རྩ་དང་རླུང་དང་ཐིག་ལེའི་བཤད་པ་མང་དུ་བྱས་ཀྱང་མཐར་གཏུགས་ན་ཏིང་ངེ་འཛིན་གྱི་མཐུས་སྟེང་གི་སྣ་སྒོར་རླུང་རྒྱུ་བ་ལོག་ནས་དེ་མ་ཐག་ཏུ་ལྟེ་བའི་འོག་གི་རྩ་དབུ་མའི་ཁ་བྱེ་ནས་དེའི་ནང་ དུ་རླུང་གསར་པ་སྐྱེས་ཏེ་རྩ་དབུ་མའི་ནང་གི་རླུང་དེས་རྩ་དབུ་མའི་ནང་གི་ལྟེ་བའི་མེ་སྦར་བའམ། ལྟེ་བའི་ཁྲག་འཕེལ་ནས་སྤྱི་གཙུག་བར་དུ་སོང་བས། རྩ་དབུ་མའི་ནང་གི་སྤྱི་བོའི་བྱང་སེམས་བཞུ་ནས་འཁོར་ལོའི་གནས་རྣམས་སུ་བབས་ 10-18-16b པས་རིམ་པ་ལྟར་དགའ་བཞིའི་རྟོགས་པ་རྒྱུད་ནས་བཤད་པ་བཞིན་སྐྱེ་བ་ཡིན་པས། རྩ་གཞན་གྱི་ནང་གི་ཁྲག་འཕེལ་བས་རྩ་གཞན་གྱི་བྱང་སེམས་ཞུ་བའི་བདེ་བ་སྐྱེ་བ་ཡོད་མོད། འདིར་གཙོ་བོར་རྩ་དབུ་མའི་ནང་གི་རླུང་གིས་མེ་སྦར། དེས་སྤྱི་བོའི་ བྱང་སེམས་བཞུ་བ་དགོས་པ་ཡིན་ནོ། །དེས་ན་རྒྱུད་ཕལ་ཆེ་བ་སྣ་སྒོར་རླུང་རྒྱུ་བ་ལོག་མ་ཐག་ཏུ་རྩ་དབུ་མའི་ནང་དུ་རླུང་སོང་ནས་དེས་མེ་སྦོར་བ་ཡན་མཐུན་ལ། སྣ་སྒོར་རླུང་རྒྱུ་བ་ལོག་པའི་ཐབས་སུ་དུས་འཁོར་བས་གཙོ་བོར་བུམ་པ་ཅན་བསྒོམ། གསང་ འདུས་པས་རྡོར་བཟླས་བྱེད། བདེ་དགྱེས་པ་རྣམས་ཀྱིས་ཡི་གེ་དང་ཐིག་ལེ་དང་མེ་ལ་སེམས་འཛིན་པ་སོགས་གོང་དུ་བཤད་པ་འདི་རྣམས་བྱེད་དོ། །སྣ་སྒོར་རླུང་རྒྱུ་བ་ལོག་པ་ནི་རྩ་དབུ་མའི་ནང་དུ་རླུང་སོང་ནས་ལྟེ་བའི་མེ་སྦར་བའི་རྟགས་ཡིན་ལ། སྣ་ སྒོར་རླུང་རྒྱུ་བའི་ཚེ་ལྟེ་བའི་མེ་འབར་བའི་འཕྲོ་ཆོད་པའི་རྟགས་ཡིན་ནོ། །དེ་ནས་དམིགས་པ་སྔ་མ་རྣམས་བརྟན་པ་ན་འདི་ལྟར་བསྒོམ་པར་བྱ་སྟེ། གོང་གི་དམིགས་པ་ཐུན་རེ་རེ་ལ་མ་ཆགས་པར་བསྐྱངས་པའི་ངང་ནས། དམིགས་པ་དེ་དག་གི་མཐུས་ སྟེང་གི་སྣ་སྒོར་རླུང་རྒྱུ་བ་འགགས་པའི་མོས་པ་བྱས་ལ། སུམ་མདོ་ནས་རྩ་དབུ་མའི་ནང་གི་རླུང་གཡོས་པའི་མཐུས། ཤེལ་གྱི་གོང་བུའི་ནང་ན་མར་མེ་ཕྲ་མོ་འབར་བ་ལྟར། ཐིག་ལེ་ལས་མེའམ། འོད་ཟེར་གྱི་རེ་ཁཱ་ཕྲ་མོ་ཁ་དོག་དམར་སེར་རེག་ བྱ་ཤིན་ཏུ་ཚ་བ་ཚད་སོར་གཉིས་ནས་སོར་བཞིའི་བར་གང་མོས་པ་བྱས་ལ། མེ་ཁྱད་པར་དེ་ལྟ་བུ་དང་ལྡན་པ་སྐྱེས་པའི་དམིགས་པ་བྱ་སྟེ་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་པ་ཡིན་ནོ། །དེ་ཅུང་ཟད་བརྟན་པ་ན་ལྟེ་བའི་མེ་ཕྲ་མོ་དེ་ 10-18-17a སྤྱི་བོའི་བར་སོང་བའི་དམིགས་པ་བྱས་ལ། མེ་དེས་སྤྱི་བོའི་བྱང་སེམས་བཞུ་ནས། རྩ་དབུ་མའི་ནང་འཁོར་ལོ་རྣམས་ཀྱི་ལྟེ་བར་རིམ་པ་ལྟར་བབས་ནས་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་སྔར་གྱི་ཐིག་ལེ་ལ་ཐིམ་པའི་མོས་པ་ བྱས་ལ་ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། །དེ་ཅུང་ཟད་བརྟན་པ་ན་ཡར་འགྲོའི་མེ་དེ་ཅུང་ཟད་རེས་སྦོམ་དུ་སོང་བའི་དམིགས་པ་བྱེད་དོ། །ཡང་དེའི་སྐབས་སུ་མར་མེ་གཅིག་གིས་མཛོད་དུ་མ་སྣང་བར་བྱེད་པ་ལྟར། ལྟེ་བའི་མེ་དེ་རྩ་འཁོར་རྣམས་ཀྱི་ལྟེ་བར་སོང་བའི་ཚེ། དེའི་འོད་ཀྱིས་རྩ་འདབ་རྣམས་ཀྱི་ནང་གསལ་པའི་དམིགས་པ་བྱེད་ཅིང་། བློས་ལྕོགས་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་མེའི་འོད་ཀྱིས་གསལ་བར་བྱས་པའི་དམིགས་ པ་ཡང་དང་ཡང་དུ་བསྒོམ་མོ། །དེ་ལྟར་བསྒོམས་ན་ཉམས་སྣང་ལ་བརྟེན་ནས། ལྐོག་གྱུར་ཅི་རིགས་ལུང་བསྟན་ཐུབ་པ་འབྱུང་ལ། འོན་ཀྱང་མངོན་ཤེས་ནི་མིན་གསུང་། དེ་ནས་དམིགས་པ་དེ་དག་བརྟན་པ་ན་འདི་ལྟར་དུ་བསྒོམ་པར་བྱ་ སྟེ། རང་གི་ལྟེ་བའི་མེ་དེ་ཡར་ལ་སྤྱི་བོའི་བར་དུ་སོང་། དེ་ནས་མར་སྨིན་མཚམས་ཀྱི་བར་དུ་འོངས་ནས། འབྱུང་བའི་ལམ་རང་གི་སྣ་བུག་གཡས་པ་ནས་ཐོན་ཏེ། ཕྱོགས་བཅུའི་བྱང་སེམས་དང་ཉན་རང་སེམས་ཅན་ཐམས་ཅད་ལ་ཕོག་ པས་དེ་ཐམས་ཅད་ཀྱང་སངས་རྒྱས་སུ་གྱུར་པའི་མོས་པ་བྱས་ལ། དེ་ནས་དེ་རྣམས་དང་སྔར་སངས་རྒྱས་ཟིན་པའི་སངས་རྒྱས་རྣམས་ཀྱི་སྣ་བུག་གཡོན་པ་ནས་མེ་དེ་སོང་བས། སྨིན་མཚམས་ནས་སྤྱི་བོའི་བར་དུ་སླེབས་ནས། དེ་ 10-18-17b ནས་མར་མགྲིན་པ་དང་སྙིང་ག་དང་ལྟེ་བའི་བར་སོང་སྟེ་ལྟེ་བ་ནས་ཐིག་ལེ་དཀར་པོ་དྲངས་ཏེ་སྤྱི་བོའི་བར་དུ་ཡར་བྱུང་དེ་ནས་མར་སྨིན་མཚམས་བར་དུ་འོངས་ནས། སྣ་བུག་གཡས་ནས་ཐོན་ཏེ་རང་གི་འཇུག་པའི་ལམ་སྣ་བུག་གཡོན་ནས་ཞུགས་ཏེ་སྨིན་ མཚམས་ནས་སྤྱི་བོའི་བར་དུ་སོང་སྟེ། དེ་ནས་མར་ལྟེ་བའི་བར་དུ་བབས་པས་སྔར་མེས་གདུངས་པ་རྣམས་སོས་ནས་རང་གི་རྩ་མདུད་ཀྱི་ཐིག་ལེ་ལ་ཐིམ་པའི་མོས་པ་ཡང་ཡང་བྱས་ལ། ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ ནོ། །མདོར་ན་གོང་དུ་བཤད་པའི་དམིགས་པ་ཟིན་པའི་རྟགས་དེ་དག་བྱུང་ན་རབ་ལ། མ་བྱུང་ནའང་དམིགས་པ་སྔ་མ་སྔ་མ་ཅུང་ཟད་བརྟན་པ་ན་དམིགས་པ་རྟིང་མ་ཕོག་ལ། དམིགས་པ་རྣམས་འདྲིལ་བའི་ཚེ། རང་རང་གི་རྟགས་མ་རྫོགས་ཀྱི་བར་ དུ་རྒྱུན་བསྲིངས་ནས་ཉི་མ་རེ་རེ་ཞིང་བསྐྱེད་རིམ་གྱི་ཐུན་བཞིའི་མཐའ་ལ་བསྒོམ་པ་ཡིན་ནོ། །དེ་ལྟར་བསྒོམས་པས་ལྟེ་བའི་མེ་འབར་ཏེ་སྤྱི་བོའི་བྱང་སེམས་ཞུ་བའི་གོམས་པ་རབ་ཏུ་གྱུར་པའི་ཚེ་སྤྱི་བོའི་བྱང་སེམས་ཞུ་བ་དེ་ཉིད་ཀྱིས་ལྟེ་བའི་མེ་ འབར་བའི་རྐྱེན་བྱེད་པས་དེ་ནས་མེ་དམིགས་སོགས་ལ་བལྟོས་མི་དགོས་པར་འབར་འཛག་འཁོར་མར་འབྱུང་བ་ཡིན་ནོ། །སྤྱི་བོའི་བྱང་སེམས་ཆུ་ཁམས་ཡིན་པས་ལྟེ་བའི་མེ་དང་གཉིས་གཅིག་གིས་གཅིག་འཕེལ་བའི་གྲོགས་བྱེད་པ་མི་འཐད་ སྙམ་ན། ལྟེ་བའི་མེ་ཟེར་ཀྱང་ངོ་བོ་ཁྲག་ཡིན་པས་ལྟེ་བའི་དམར་ཆས་གཙོ་བོར་དྲོད་བསྐྱེད་སྤྱི་བོའི་དཀར་ཆས་གཙོ་བོར་བདེ་བ་བསྐྱེད་ཅིང་ཆུ་ཁམས་གཅིག་གིས་གཅིག་གི་གྲོགས་བྱེད་པ་ལ་འགལ་བ་མེད་དོ། །དེས་ན་སྤྱི་བོའི་བྱང་སེམས་ལྟེ་ 10-18-18a བར་སླེབ་པའི་ཚེ་བསིལ་བར་འགྱུར་ཞེས་བཤད་ཀྱང་། བསིལ་བའི་དོན་དྲོད་ཆུང་དུ་སོང་བ་ལ་བྱེད་ན་དོན་འགངས་ཅན་འཕྱུག་པས། དེ་ལ་མི་བྱ་བར་བསིལ་བའི་དོན་སྤྱི་བོའི་བྱང་སེམས་ཀྱིས་ལྟེ་བའི་མེ་ཚིམ་པ་ལ་བྱའོ། ། དམིགས་པ་དེ་དག་བསྒོམ་པའི་འབྲས་བུ་དགའ་བཞི་ངོས་བཟུང་བ་ལ་གཉིས་ལས། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འགག་རིམ་དང་བསྟུན་ནས་དགའ་བཞི་ངོས་འཛིན་པ་ནི་རྫོགས་རིམ་གྱིའང་རེ་མཐོར་སླེབ་པའི་དགའ་བཞི་ངོས་འཛིན་ཚུལ་ཡིན་ པས། རེ་ཞིག་འདིར་མི་འཆད་ལ། དེས་ན་འདིར་ནི་གནས་ཀྱི་སྒོ་ནས་དགའ་བཞི་ངོས་འཛིན་པ་ཡིན་ཏེ། དེའང་བུམ་པ་ཅན་དང་རྡོར་བཟླས་དང་ཐིག་ལེའི་རྣལ་འབྱོར་མེ་དམིགས་དང་བཅས་པ་གང་རུང་གི་མཐུས། རླུང་སྤྱིར་སྣ་སྒོ་ལ་རྒྱུ་བ་ ལོག་ཅིང་ལུས་ཀྱི་ནང་གང་བ་ལྟ་བུར་སྣང་བའི་ནང་གི་རླུང་མེ་ལོང་ལ་ཧ་བཏབ་པ་བཞིན་དུ་ཡལ་ཏེ་འགགས་པའི་མཐུས་སུམ་མདོའི་རླུང་གིས་ལྟེ་བའི་མེ་སྦར་ཞེས་སྤྱིར་བཏང་ལ་བཏགས་པ་ཙམ་བརྗོད་ཀྱང་ཞིབ་ཏུ་བཤད་པའི་རླུང་དེ་འགགས་ པའི་མཐུས་རྡོ་རྗེའི་ནང་གི་རྩ་དབུ་མ་ཞར་བ་དེ་བྱེ་ནས་སྦུབས་ཅན་དུ་བྱས་ལ། དེའི་ནང་ནས་སྐྱེས་པའི་ཐུར་སེལ་གྱི་རླུང་གསར་པ་སུམ་མདོར་སོང་སྟེ་ཀྵ་ཡིག་གིས་མཚོན་པའི་མེ་སྦར་ཏེ་དེ་དུས་སུ་རླུང་དེ་དང་དེ་འདྲེས་པ་ལ་ཐིམ་ཞེས་བཤད་དོ། ། དེ་ནས་སུམ་མདོའི་མེ་དེས་ལྟེ་བའི་ཨཾ་ཡིག་གིས་མཚོན་པའི་མེ་སྦར་ནས་མེ་ལྕེ་སྤྱི་བོའི་བར་དུ་སོང་ནས་བྱང་སེམས་བཞུ་ནས་དཀར་ཆས་མགྲིན་པའི་འཁོར་ལོའི་དབུས་སུ་སླེབ་པའི་བར་གྱི་དགའ་བ་ནི། དགའ་བཞིའི་ནང་ནས་དགའ་བ་ 10-18-18b སྐྱེས་པ་ཡིན་ནོ། །དེ་ནས་མགྲིན་པའི་རྩ་འཁོར་གྱི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་སྟེ་སྙིང་གའི་འཁོར་ལོའི་དབུས་སུ་དཀར་ཆས་སླེབ་པའི་བར་ནི་མཆོག་དགའ་སྐྱེ་དུས་ཡིན་ནོ། །སྙིང་གའི་འཁོར་ལོའི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་ ནས་ལྟེ་བའི་འཁོར་ལོའི་དབུས་སུ་དཀར་ཆས་སླེབ་པའི་བར་ལ་ཁྱད་པར་གྱི་དགའ་བ་སྐྱེའོ། །ལྟེ་བའི་འཁོར་ལོའི་དབུས་ཀྱི་འོག་ཙམ་ནས་བཟུང་ནས་རྡོ་རྗེ་ནོར་བུའི་དབུས་སུ་སླེབ་སྟེ་ཕྱིར་མ་འཕོས་པའི་བར་ལ་ལྷན་སྐྱེས་ཀྱི་དགའ་བ་སྐྱེའོ། །ཟླ་བ་ ལ་དཀར་ཆ་འཕེལ་བ་ཆ་བཅོ་ལྔ། དཀར་ཆ་རྫོགས་ནས་ནག་ཆ་ལ་མ་སླེབ་པའི་བར་གྱི་ཆ་གཅིག་དང་བཅས་པས་ཆ་བཅུ་དྲུག་ཡོད་པ་དང་མཐུན་པར་སྤྱི་བོ་ནས་ནོར་བུའི་རྩེ་མོའི་བར་གྱི་བྱང་སེམས་དཀར་པོ་ལ་ཆ་བཅུ་དྲུག་ཡོད་པས་བཅུ་དྲུག་པོ་དེ་ ལ་བརྟེན་པའི་བདེ་བའམ། དགའ་བའང་བཅུ་དྲུག་ཡོད་དོ། །ཆ་བཅུ་དྲུག་ཡོད་ཚུལ་ནི་སྤྱི་བོ་ནས་མགྲིན་པའི་བར་ཆ་མཉམ་པ་བཞིར་བགོས་ནས་སྟེང་ནས་རིམ་པ་ལྟར་བཞི་ཆ་རེའི་དུས་སུ་དགའ་བའི་དགའ་བ་སྐྱེ་ལ། འག་མ་རྣམས་ལའང་ཆ་བགོད་ ཚུལ་དང་དགའ་བ་གཞན་གསུམ་གྱི་སྐྱེ་ཚུལ་ཡང་དེས་རིགས་འགྲེའོ། །ཡང་ཉི་མས་ཁྱིམ་བཅུ་གཉིས་བགྲོད་པ་དང་མཐུན་པར་སྤྱི་བོ་ནས་མགྲིན་པའི་བར་དང་། མགྲིན་པ་ནས་སྙིང་གའི་བར་དང་། སྙིང་ག་ནས་ལྟེ་བའི་བར་དང་། ལྟེ་བ་ནས་ ནོར་བུའི་རྩེ་མོའི་བར་དེ་དག་ལ་ཆ་གསུམ་གསུམ་དུ་བགོས་ནས་གནས་བཅུ་གཉིས་པོ་དེ་དག་ཏུ་རིམ་པ་ལྟར་དམར་ཆས་སླེབས་པ་ན་དམར་ཆ་ཆ་བཅུ་གཉིས་ལ་བརྟེན་པའི་བདེ་བའམ་དགའ་བ་བཅུ་གཉིས་སྐྱེའོ། །དགའ་བ་བཅུ་དྲུག་དང་དགའ་ 10-18-19a བ་བཅུ་གཉིས་ཀྱི་ཁྱད་པར་ཉམས་མྱོང་གི་སྟེང་ནས་ཕྱེད་པ་དགོས་གསུང་། ཡས་བརྟན་གྱི་དགའ་བའི་སྐབས་སུ་སྤྱི་བོ་ནས་དཀར་པོ་ནར་མར་འཛག་པའི་ངེས་པ་མེད་ཀྱང་། སྤྱི་བོ་ནས་འོངས་པའི་བྱང་སེམས་དེས་ ཞར་ལ་རྩ་ནང་གི་བྱང་སེམས་གཞན་རྣམས་ཀྱང་དྲངས་ནས་འབབ་པས་གནས་འོག་མར་སླེབས་ཀྱིན་དགའ་བདེ་ཆེར་འགྲོ་བ་ཡིན་ནོ། །མས་བརྟན་གྱི་དགའ་བའི་སྐབས་སུ་གནས་གོང་མ་གོང་མར་སླེབས་ཀྱིན་དགའ་བདེ་ཆེར་འགྲོ་བ་ཡིན་ལ། དེའང་ལྷན་སྐྱེས་ཀྱི་དགའ་བ་ལ་དགའ་བ་བཞིར་ཕྱེ་བའི་དགའ་བཞི་ནི་འོག་ནས་རིམ་པ་ལྟར། ནོར་བུའི་རྩེ་མོ་ནས་ཡར་འོངས་ནས་ལྟེ་བར་སླེབ་པའི་ཚེ། ལྷན་སྐྱེས་ཀྱི་དགའ་བའི་དགའ་བ་དང་། དེས་སྙིང་གར་སླེབས་པའི་ཚེ་ལྷན་སྐྱེས་ཀྱི་དགའ་ བའི་མཆོག་དགའ་དང་། དེས་མགྲིན་པར་སླེབས་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་ཁྱད་དགའ་དང་། དེས་སྤྱི་བོའི་འཁོར་ལོའི་དབུས་སུ་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་ལྷན་ཅིག་སྐྱེས་དགའ་སྐྱེའོ། །དེས་ན་མས་བརྟན་ལ་ལྷན་སྐྱེས་ལས་མ་ གཏོགས་པའི་དགའ་བ་མི་སྲིད་ཅིང་། ཡས་བབས་ལས་གཞན་པའི་དམིགས་པ་ཟུར་པ་ཞིག་གིས་མས་བརྟན་གྱི་དགའ་བ་སྐྱེ་དགོས་སོ། །རླུང་སྦྱོར་འཁྲུལ་འཁོར་སོགས་མ་བྱས་ཀྱང་མེ་དམིགས་བྱས་པ་ཉིད་ཀྱིས་རྩ་སྦྱོང་ནུས་པས་ གེགས་མི་འབྱུང་བ་ཡིན་ནོ། །རླུང་བུམ་པ་ཅན་སྒོམ་པ་སོགས་མ་བྱས་ཀྱང་ཐིག་ལེ་ལ་སེམས་ཟིན་ནས། སྟེང་གི་སྣ་སྒོ་ལ་རྒྱུ་བའི་རླུང་འགགས་པའི་མཐུས་ཐིག་ལེ་འཛག་མེད་དུ་འཆིང་ནུས་པ་ཡིན་ཞིང་། གོང་གི་དམིགས་པ་དེ་ 10-18-19b རྣམས་བདེ་མཆོག་དང་ཀྱེ་རྡོར་གྱི་མངོན་རྟོགས་དང་སྦྲེལ་ནས་བསྒོམས་ན་བོགས་ཆེ་བ་ཡིན་ནོ། །དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ་དེ་དང་སྟོང་ཉིད་སྦྲེལ་ནས་བསྒོམ་པ་ཡིན་ཞིང་། ལྷན་སྐྱེས་དེའང་ཡས་བབས་ཀྱི་སྐབས་ སུ་གནས་དམའ་བ་ཙམ་གྱིས་དགའ་བ་དེ་ཆེ་ཞིང་། མས་བརྟན་གྱི་སྐབས་སུ་གནས་མཐོ་བ་ཙམ་གྱིས་དགའ་བདེ་ཆེར་འགྲོ་བས་སྟོང་ཉིད་བསྒོམ་དུས་དེ་དང་ལྷན་སྐྱེས་སྐྱེ་དུས་གོ་བས་དམིགས་ཕྱེད་པོ་བྱས་ནས་སྐྱོང་དགོས་པ་ཡིན་ནོ། །རླུང་ འགག་དུས་སུ་རླུང་དབུ་མར་འདུ་བའི་བཤད་པའང་གྲུབ་ཆེན་འགའ་རེས་བྱས་ཡོད་པས་འདབ་མའི་ནང་གི་ལས་རླུང་རྣམས་དབུ་མའི་ནང་དུ་སོང་བའི་ཚེ་དབུ་མའི་ནང་དུ་སླེབས་ཙམ་ནས་ཡལ་བའི་དམིགས་པ་བྱས་ཀྱང་འགལ་བ་མེད་ཅིང་། ཡང་དབུ་མའི་ཕྱི་རོལ་ཏུ་འགག་པ་བྱས་པའི་ལུགས་ཀྱང་ཡོད་པས་དེ་གཉིས་གང་མོས་ཀྱིས་ཆོག་གསུང་ངོ་། །འདི་ནི་ཕག་ལོ་དགུན་གནས་སྣེལ་པས་བཏེག་ནས་སེར་ཆོས་སྡིངས་སུ་བཞུགས་དུས་བླ་མ་རིན་པོ་ཆེ་བློ་བཟང་གྲགས་པའི་ ཞལ་སྔ་ནས་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཐིག་བརྒྱ་ཙམ་ལ་གནང་དུས་མི་བསྐྱོད་རྡོ་རྗེས་ཟིན་བྲིས་སུ་བྲིས་པ་ཡིན་ནོ། །མདྒ་ལཾ། ། 10-19-1a ༄༅། །དཔལ་འཁོར་ལོ་སྡོམ་པ་ལ་བརྟེན་པའི་རྫོགས་པའི་རིམ་པའི་ཟིན་བྲིས་སོ།། 10-19-1b ༄༅༅། །བླ་མ་དང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ལ་འདིར། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། ཞེས་བཤད་པ་ལྟར། བསྐྱེད་པའི་རིམ་པ་ལ་ཐུན་བཞིར་བསླབས་ཤིང་། རྫོགས་པའི་རིམ་པ་སྒོམ་པར་འདོད་པ་རྣམས་ཀྱིས། འདི་ལྟར་ཤེས་པར་བྱ་སྟེ། དེ་ལ་ རྒྱུད་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ལས། ཁ་ཅིག་ཏུ་རྩའི་དབྱེ་བ་དང་གྲངས་ཙམ་བཤད་ཅིང་། ལ་ལར་རླུང་དང་ཐིག་ལེའི་འཆགས་ཚུལ་ཙམ་དང་། ཁ་ཅིག་ཏུ་དེ་དག་ལ་དམིགས་ནས་སྒོམ་པའི་ རྣལ་འབྱོར་ཙམ་དང་། དེ་ལྟར་བསྒོམས་པས་དགའ་བཞིའི་རྟོགས་པ་སྐྱེ་བའི་རིམ་པ་ཙམ་དང་། མཐར་ཐུག་གི་འབྲས་བུ་གྲུབ་པའི་ཚུལ་ཙམ་ལས་ཡོངས་སུ་རྫོགས་པར་མ་གསུངས་པ་མང་ལ། དེ་དག་གི་དོན་ དུ་བསམས་པའི་བོད་ཀྱི་ཡི་གེ་རིམ་ལས་ཀྱང་། གཏུམ་མོའི་དམིགས་སྐོར་ཕྱོགས་རེ་ཙམ་བཤད་ནས་རྒྱུ་འབྲས་ཀྱི་རིམ་པ་རྫོགས་པར་མ་བསྟན་པས་དེ་དག་མཐའ་དག་པར་མ་ཤེས་ན་ལམ་བསྒོམ་པའི་རིམ་ པ་མཁས་པ་མགུ་བ་བསྐྱེད་པ་མི་ཤེས་སོ། །དེ་ལ་ཕ་རྒྱུད་དང་མ་རྒྱུད་གཉིས་ཀས་ཀྱང་ལམ་གྱི་གཙོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་སྟོན་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་ལ། དེ་སྒྲུབ་པའི་ཐབས་ཀྱང་གཏུམ་མོ་ 10-19-2a སྦྱོར་བ་ཉིད་ཡིན་པས་དེ་སྦྱོར་བའི་ཚུལ་རྡོ་རྗེ་བཟླས་པ་ལ་སོགས་རླུང་གི་རྣལ་འབྱོར་དང་། ཡི་གེ་ལ་དམིགས་པ་དང་། ཐིག་ལེའི་རྣལ་འབྱོར་སོགས་དུ་མ་ཞིག་ཡོད་ལ། དེ་ཡང་ལུས་ཀྱི་ གནད་གང་ཞིག་ཏུ་རླུང་ལ་སོགས་པའི་དམིགས་པ་བཟུང་ནས་ཚུལ་ཇི་ལྟར་བསྒོམས་པས་གཏུམ་མོ་འབར་བ་ལ་ཐོག་མར་གནད་དུ་བསྣུན་པའི་རྡོ་རྗེ་ལུས་ཀྱི་འཆགས་ཚུལ་ཤེས་དགོས་པས་དེ་བཤད་པ་ལ་ གཉིས། འཆགས་ཚུལ་རྒྱས་པར་བཤད་པ་དང་། དེ་ལ་གནད་དུ་བསྣུན་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། རྟེན་རྩ་བཤད་པ་དང་། བརྟེན་པ་ཐིག་ལེ་དང་རླུང་བཤད་པའོ། །ཡང་ན་གནས་པ་རྩ། །གཡོ་ བ་རླུང་། །བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་དུ་བསྡུས་ཀྱང་རུང་ངོ་། །དང་པོ་ལ། གྲངས་ངེས་པ་དང་། སྐྱེ་བའི་གོ་རིམ་ངེས་པ་དང་། ངོ་བོ་ངེས་པའོ། །དང་པོ་ལ་དབྱེ་བ་དང་། གྲངས་ངེས་པའི་རྒྱུ་ མཚན་ནོ། །དང་པོ་ནི། སྡོམ་འབྱུང་ལས་གསུངས་པ་ལྟར། རྒྱས་པར་དབྱེ་ན་བདུན་ཁྲི་ཉིས་སྟོང་དང་། དེ་དག་གྱེས་པའི་བཞི་བརྒྱ་ཉི་ཤུ་དང་། ནི་སྤྱི་བོར་རྩ་འདབ་སོ་གཉིས་མགྲིན་པར་བཅུ་དྲུག་སྙིང་ཁར་བརྒྱད་ ལྟེ་བར་དྲུག་ཅུ་རྩ་བཞི་རྣམས། མངལ་འཇུག་ལས་བརྒྱད་ཁྲི་དང་། ཉེར་བཞི་པོ་དེ་ལ་གསུམ་གསུམ་གྱེས་པས་བདུན་ཅུ་རྩ་གཉིས་དེ་རེ་རེ་ལ་སྟོང་སྟོང་གྱེས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །གནས་དང་ཡུལ་གྱིས་ 10-19-2b ཕྱི་མ་ཉེར་བཞི་དང་། དེ་རྣམས་ཀྱི་རྟེན་རོ་རྐྱང་དབུ་མ་གསུམ་མོ། །གཉིས་པ་ནི་གསུམ་དུ་བསྡུས་པ་ནི་བརྟེན་པ་རླུང་དང་ཐིག་ལེ་དཀར་དམར་གསུམ་དུ་ངེས་པའི་དབང་གིས་དང་། རྩ་གཞན་རྣམས་ཀྱི་རྟེན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །ཉེར་བཞིར་ ནི་སྙིང་ཁའི་བརྒྱད་ལ་གསུམ་གསུམ་དུ་གྱེས་པ་བཞིའོ།། དབྱེ་བ་ནི། སྙིང་ཁའི་འདབ་མ་བརྒྱད་ཀྱི་རྒྱུད་སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་གནས་པའི་དབང་གིས་ཡིན་ལ། བརྒྱ་ཉི་ཤུར་ཕྱེ་བ་ནི། འཁོར་ལོའི་གཙོ་བོ་བཞིའི་སྒོ་ནས་ཡིན་ཏེ། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཡོད་ལ། མགྲིན་པ་ལོངས་སྤྱོད་དང་། སྤྱི་བོ་བདེ་ཆེན་དང་། ལྟེ་བ་སྤྲུལ་པའི་འཁོར་ལོ་རྣམས་ལ་རྩ་འདབ་ཀྱི་གྲངས་སྔ་མ་སྔ་མ་ཉིས་འགྱུར་དུ་ཡོད་པས་སོ། །གཉིས་པ་སྐྱེ་བའི་གོ་རིམས་ནི། རྩའི་གཙོ་མོ་གསུམ་སུམ་སྐོར་མ་དང་འདོད་མ་དང་ལྔ་འཆགས་ཤིང་། དེའི་རྗེས་སུ་ཁྱིམ་མ་དང་གཏུམ་མོ་དང་བདུད་བྲལ་མ་རྣམས་སྐྱེའོ། །དེ་ནས་སུམ་སྐོར་མ་སོགས་བཞི་ལ་ཕྱོགས་མཚམས་སུ་གཉིས་གཉིས་གྱེས་པས་སྙིང་ ལྟེ་བ་ལ་ཤར། བའི་རྩ་འདབ་ལྷོར དུས་མཉམ་དུ་བརྒྱད་དོ། །དེ་ལ་ནུབ་ཏུ་བྱང་ངུ་དབུས་སུ་ ཕྱོགས་བཞིའི་རྩ་ལ་འབྱུང་བ་བཞི་ཤས་ཆེར་འབབ་པས་འབྱུང་པའི་རྩ་དང་། མཚམས་ཧེ་རོ་གཅིག་རྣམས་ཀྱི་ རྩ་ལས་གཟུགས་དྲི་སོགས་འབབ་པས་མཆོད་པའི་རྩ་ཞེས་བྱའོ། །བདུད་བྲལ་མ་ནི། དབུ་མ་ལ་འཁྲིས་ནས་ལྟེ་བ་ནས་ལྕེ་རྩེའི་བར་དུ་གནས་ཤིང་རྩ་གཞན་དུ་ཁམས་དང་རླུང་རྒྱུ་བ་ལ་གེགས་བྱེད་ཅིང་། རང་གི་ནང་དུ་འཆི་བའི་ཚེ་མ་ 10-19-3a གཏོགས་མི་རྒྱུ་བས་དུས་ཀྱི་རྩ་དང་། རྣལ་འབྱོར་མ་རྣམས་ཀྱི་འགོག་པའི་ཞེས་གསུངས་སོ། །མཆོད་པ་དང་འབྱུང་བ་རྩ་བརྒྱད་ཀ་ནས་འབབ་ཀྱང་ཤས་ཆེ་ཆུང་གི་དབང་གིས་མིང་བཏགས་པ་ཡིན་ནོ། །ཀྱེེ་རྡོ་རྗེར། འབད་ པས་ཀུན་གྱི་ལྷག་མ་ཡང་ཞེས་བཤད་པའི་དོན། སློབ་དཔོན་ཨ་བྷྱས། འཆི་བའི་དུས་དང་རྣལ་འབྱོར་བས་ལམ་སྒོམ་པའི་སྐབས་མ་གཏོགས་བདུད་བྲལ་མར་ཁམས་མི་འབབ་པ་ལ་སྦྱར་ཞིང་། སློབ་དཔོན་ཤཱནྟི་པས། དེར་ཡང་ཁམས་ འབབ་ཅིང་རྩ་སོ་གཉིས་བདག་མེད་མ་བཅོ་ལྔ་དང་སྦྱར་ནས་ལྷག་མ་ཡང་ཞེས་པ་ནི། །དབྱངས་བཅུ་དྲུག་གི་ཐ་མ་ལྷ་མོ་དང་མི་སྦྱོར་བ་ལ་འཆད་དོ། །གསུམ་པ་ངོ་བོ་ངེས་པ་ནི། རོ་རྐྱང་དབུ་མ་གསུམ་གང་དུ་གནས་པ་དང་། ཇི་ཙམ་དུ་གནས་ པ་དང་། ཇི་ལྟར་གནས་པའི་ཚུལ་གསུམ་གྱིས་ཤེས་པར་བྱའོ། །དེ་ཡང་ཁ་ཅིག་ཚིགས་པའི་ནང་གཞུངས་པ་དང་ལྷན་ཅིག་གནས་པར་འཆད་པ་མི་འཐད་པས། ཚིགས་པའི་མདུན་གྱི་ཕྱོགས་ན་གནས་སོ། །སྐུད་པ་ལྟ་བུར་བཤད་པ་ནི། སྐུད་པ་བརྐྱང་པ་ལྟར་གནས་པའི་དོན་ཡིན་གྱི་སྦོམ་ཕྲའི་ཚད་མ་ཡིན་ཏེ། དེ་ལས་ཆེས་སྦོམ་པར་གནས་པས་སོ། །དེ་ཡང་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་གནས་སྙིང་ཁའི་རྩ་ཞེས་པ་སྲོག་རྩའི་རྙིང་ཁ་ཡིན་ལ། སྲོག་རྩ་ནི་སྒལ་ཚིགས་ཀྱི་ནད་ཙམ་ ལ་སྒལ་ཚིགས་ལ་བརྟེན་ནས་གནས་པ་ཡིན་སྲོག་རྩ་དེ་ལ་རོ་རྐྱང་དབུ་མ་གསུམ་བརྟེན་ནས་གནས་ཡོད་དོ། །སྲོག་རྩ་དེའི་མགོ་བོ་ནི་གྲུ་གསུམ་མགྲིན་པ་གཞོན་ནུ་མའི་ནུ་མ་འདྲ་བ། སྙིང་ཁ་བའི་མིག་ལྟ་བུ། ལྟེ་བ་པདྨ་ལྟ་བུ་གསང་གནས་རྡོ་རྗེ་འདྲ་བ། ནོར་བུའི་རྩེ་ན་ཟར་མའི་མེ་ 10-19-3b ཏོག་དང་དབྱིབས་འདྲའོ། ཤིང་། གསང་གནས་ནོར་བུའི་རྩེ་ཚུན་ཆད་དུ་གནས་པའོ། །དེ་ཡང་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་ལུ་གུ་རྒྱུད་ཀྱི་ཚུལ་དུ་འཁྱུད་ནས་གནས་ཤིང་འཁོར་ལོ་རྣམས་ཀྱི་ལྟེ་བར་མདུད་པ་རེ་ཡོད། ལྟེ་བ་ཡན་དུ་དབུ་མ་སུ་དབུས་ རོ་མ་གཡས་སུ་གནས་ཤིང་ཁུ་བ་དང་ཅུང་ཟད་འདྲེས་པའི་ཁྲག་ཤེས་ཆེར་ནང་ནས་འབབ། སྟེང་འོག་གཉིས་ཀ་ལ་ཁ་ཡོད་ཀྱང་སྟེང་ཕྱོགས་ཁོ་ན་ལ་ཁ་ཡོད་ཟེར་བ་ནི་ཁྲག་འཕེན་འཛིན་གྱི་བྱ་བ་མགྲིན་པ་ཁོ་ན་ནས་བྱེད་པ་ལ་དགོངས་སོ། །རྐྱང་མ་གཡོན་དུ་གནས་ཤིང་ཁྲག་དང་ཅུང་ཟད་འདྲེས་པའི་ ཁུ་བ་ཤས་ཆེར་འབབ། ལྟེ་བ་ཁོ་ན་ནས་ཁུ་བ་འཕེན་འཛིན་གྱི་བྱ་བ་བྱེད་པས་འོག་ཏུ་ཁ་བལྟས་ཞེས་སོ། །ལྟེ་བ་མན་དུ། རྐྱང་མ་དབུས་སུ་གནས་ཤིང་དྲི་ཆེན་འབབ། དབུ་མ་གཡས་ན་ཡོད་ཅིང་ཁུ་བ་འབབ། རོ་མ་གཡོན་ན་ཡོད་ཅིང་གཅི་བ་འབབ་པོ། །དེ་ཡང་ཕྱག་ཆེན་ཐིག་ལེ་ ལས། འཁོར་ལོ་སོ་གཉིས་བཤད་པ་ནི་རོ་རྐྱང་གི་མདུད་པ་སོ་སོར་བགྲངས་པའི་དབང་གིས་ཡིན་གྱིས་འཁོར་ལོ་བཅུ་དྲུག་ལས་མང་བ་མེད་དོ། །དེ་ཡང་མན་ངག་སྙེ་མ་ལས་འཁོར་ལོ་བདུན་དུ་བཤད་པ་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ ལས་དྲུག་ཏུ་བཤད་པ་ཡོད་ལ། གཙོ་བོ་ནི་ཡོངས་སུ་གྲགས་པ་བཞིའོ། །འདི་དག་གི་དོན་གཞན་རྣམས་ནི་ལམ་གྱི་རིམ་པར་གསུངས་པས་དེར་བལྟ་བར་བྱའོ། །འཁོར་ལོའི་ལྟེ་བའི་ཐད་དུ་འདབ་མ་རྣམས་ཀྱི་རྩ་བ་ཟུག་མཚམས་རྩ་གསུམ་ ལ་བུག་ནས་གྲོ་སོག་བཙུགས་པ་ལྟར་གནས་སོ། །གཉིས་པ་ཐིག་ལེ་དང་རླུང་བཤད་པ་ལ། ཐིག་ལེ་བཤད་པ་དང་། རླུང་བཤད་པའོ། །དང་པོ་ནི། རྒྱུད་ལས་ལུས་ཟུངས་བཅུ་དྲུག་བཤད་པ་ལ་ཐོག་མར་ར་དང་ཐ་མར་ཏ་གསུངས་ 10-19-4a བ་ནི། ཁྲག་དང་ཁམས་དཀར་པོ་ཡིན་ལ། དེ་གཉིས་ཐོག་མར་གསུངས་པས་ལུས་རང་བཞིན་དང་། གཞན་རྣམས་དེའི་འགྱུར་དུ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །བར་སྲིད་ཀྱི་རྣམ་ཤེས་ཐོག་མ་གང་དུ་འཇུག་པ་ དང་། མཐར་གང་ནས་འདོར་བ་ནི་སྙིང་ཁ་ཡིན་ལ། ཐོག་མའི་རྩ་འཆགས་པ་ཡང་དེ་ཡིན་ཅིང་། ཁམས་དཀར་དམར་གྱི་ཐོག་མའི་རང་གནས་ཀྱང་དེ་ཉིད་ཡིན་ནོ། །དེ་ནས་ཁུ་བ་སྟེང་དུ་འགྲོ་ཁྲག་ལྟེ་བར་འགྲོ། དེ་ཡང་ཏིལ་ལས་ཏིལ་མར་གྱི་ཚུལ་དུ་ གནས་པ་ཡིན་གྱི་སྣོད་དུ་བླུགས་པ་ལྟ་བུ་མིན་ནོ། །ཡོངས་སུ་གྲགས་པའི་སྙིང་ཁ་དང་། རྩ་འཁོར་གྱི་ལྟེ་བའི་སྙིང་ཁ་དོན་མི་གཅིག་སྟེ། །ཕྱི་མ་ནི་ནུ་མ་གཉིས་ཀྱི་དབུས་ཀྱི་ཐད་དྲང་ན་ཡོད་པས་སོ། །དེ་ཕྱིན་ཆད་ཀྱི་ཁམས་དཀར་པོའི་གནས་ནི་ སྤྱི་བོ་ཡིན་ལ། དམར་པོའི་གནས་ནི་ལྟེ་བ་ཡིན་ནོ། །བར་སྐབས་སུ་འཁོར་ལོ་གཞན་རྣམས་སུ་ཡང་རྒྱུ་བས་དེའི་དབང་འདི་ནི་སྲོག་རྩའི་སྙིང་ཁའོ། །གིས་སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞིར་ཕྱེ་བ་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་འཕྲེང་ བར། ཐིམ་དང་ལོངས་སྤྱོད་བདག་པོའོ། །ཞེས་གསུངས་པས་ཀྱང་འབྱེད་ཅིང་གནས་ཉེར་བཞིའི་རྩ་ལ་ཐིག་ལེ་དཀར་དམར་དང་། རླུང་ཤས་ཆེར་རྒྱུ་བ་ལ་སྐུ་གསུང་ཐུགས་ཀྱི་རྩ་ཞེས་བརྗོད་ཅིང་། ཉེར་བཞི་པོ་རེ་རེ་ལ་འཁོར་ཐིག་ལེ་ དཀར་དམར་དང་། རླུང་རྒྱུ་བའི་རྩ་སྟོང་ཕྲག་གསུམ་གསུམ་ཡོད་པས་བདུན་ཁྲི་ཉིས་སྟོང་ངོ་། །གཏུམ་མོ་འབར་ནས་ཁམས་དཀར་པོ་བཞུས་ཏེ་རྩའི་འདབ་མ་རྣམས་ནས་ལྟ་བ་སོར་བཞིར་འོངས་པའི་ཚེ་བདེ་བ་སྐྱེ་བ་ནི་ལུས་ཀྱིས་ཚིགས་ 10-19-4b ལ་དགའ་བཞི་སྐྱེ་ཚུལ་སྦྱར་བའི་ལུགས་ཡིན་ཞིང་། དེ་ལ་ཡང་ཡས་བབས་དང་། མས་བརྟན་གྱི་དགའ་བ་བཞི་ཡོད་དོ། །རླུང་དང་ཐིག་ལེའི་རྣལ་འབྱོར་རྣམས་ཀྱིས་རྩ་མདུད་འགྲོལ་བ་ཡིན་ལ། དེའི་ནང་ནས་ཀྱང་གཙོ་བོ་སྙིང་ཁའི་རྩ་མདུད་ཡིན་ ཏེ། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། དེ་ཡང་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། ཞེས་བཤད་པ་ལྟར་རོ། །མདུད་པས་དཀྲིས་པའི་ནང་ན་ཡང་དབུ་མ་ལ་བུག་པ་ཅུང་ཞིག་ཡོད་དོ། །སྙིང་ཁའི་དབུ་མའི་ནང་ན་རྣམ་ཤེས་ དང་ལྷན་ཅིག་སྐྱེས་པའི་རླུང་ཡོད་ལ་དེ་ལ་ཡེ་ཤེས་ཀྱི་རླུང་དང་མི་ཤིགས་པའི་ཐིག་ལེ་ཞེས་ཀྱང་ཟེར་རོ། །ལྷ་གཙོ་བོ་ལས་འཁོར་རྣམས་སྤྲོ་བསྡུ་བྱེད་པ་ནི། སྙིང་ཁའི་རྩ་དང་རླུང་ལས་ཕྱོགས་ཀྱི་རྩ་དང་རླུང་གཞན་རྣམས་སྤྲོ་བསྡུ་བྱེད་པ་དེ་ལ་དཔེ་བྱས་ནས་སྒོམ་པའོ། །རླུང་དང་གཏུམ་ མོའི་རྣལ་འབྱོར་ལ་བརྟེན་ནས་ལྟེ་བའི་ཁྲག་དང་སྤྱི་བོའི་བྱང་སེམས་ཡར་མར་ལ་འགྲོ་བ་སྲིད་ཀྱི་སྙིང་ཁའི་རྩ་མདུད་ཀྱི་དབུ་མའི་ནང་གི་བྱང་སེམས་དཀར་དམར་གཉིས་དང་ལྷན་སྐྱེས་ཀྱི་རླུང་འཆི་བའི་ཚེ་མ་གཏོགས་འཕོ་འཇུག་མི་བྱེད་དོ། །སྔར་བཤད་པའི་ལུས་ཀྱི་ཟུངས་ ཀྱི་ངོ་བོ་ཕ་ལས་ཐོབ་པའི་རུས་པ་དང་། རྐང་དང་ཁུ་བ་གསུམ་དང་། མ་ལས་ཐོབ་པའི་ཤ་དང་པགས་པ་དང་ཁྲག་གསུམ་སྟེ་དྲུག་འདུས་པའི་ལུས་ཀྱི་གནས་རྣམས་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་རླུང་བཤད་པ་ལ་ཐུན་མོང་གི་ བཤད་རྒྱུད་ནས་བསྟན་ཚུལ་དང་། ཐུན་མོང་མ་ཡིན་པའི་རྒྱུད་ནས་བསྟན་ཚུལ་ལོ། །དང་པོ་ནི། རྡོ་རྗེ་ཕྲེང་བ་ནས་བཏང་བཟུང་ལ་སོགས་པའི་རླུང་བརྒྱ་དང་བརྒྱད་བཤད་དེ། དེ་ནི་རྣམ་རྟོག་མི་འདྲ་བ་བརྒྱ་དང་བརྒྱད་སྐྱེད་པའི་སྒོ་ 10-19-5a ནས་ཀྱང་ཕྱེ་ལ། འཁོར་ལོ་དྲུག་ཏུ་རྒྱུ་བའི་ཚུལ་གྱིས་ཀྱང་དབྱེའོ། །ཕྱི་མ་ནི། འཁོར་ལོ་ཡོངས་སུ་གྲགས་པ་བཞི་དང་། སྨིན་མཚམས་ན་རླུང་གི་འཁོར་ལོ་འདབ་མ་དྲུག་པ་དང་། སྙིང་ཁའི་གོང་མགྲིན་པའི་འོག་ན་མེའི་འཁོར་ ལོ་འདབ་མ་གསུམ་པ་ཡོད་པ་རྣམས་སོ། །དེ་ལ་ཐོག་མར་སྙིང་ཁ་ནས་བཟུང་སྟེ་མཚན་ཕྱེད་ཀྱི་དུས་ནས་ཉིན་ཕྱེད་ཀྱི་བར་དུ་འཁོར་ལོ་རེ་རེར་རླུང་དགུ་དགུ་བརྒྱས་པས་ལྔ་བཅུ་རྩ་བཞི་དང་། དེ་ནས་བཟུང་སྟེ་མཚན་ཕྱེད་ཀྱི་བར་དུ་དེ་ལྟར་བརྒྱུས་པས་བརྒྱ་དང་ བརྒྱད་དོ། །གཉིས་པ་ལ་ཕ་རྒྱུད་ནས་བཤད་པ་དང་། མ་རྒྱུད་ནས་བཤད་པའོ། །དེ་ལ་དང་པོ་ནི། དགོངས་པ་ལུང་སྟོན་ལས་རླུང་བཅུར་གསུངས་ཏེ། དེ་ལ་དབྱེ་བ་དང་། གནས་དང་། འཆགས་པའི་རིམ་པ་དང་། བྱེད་ལས་དང་། རྒྱུ་བའི་ཚུལ་དང་། དེ་ལྟར་གཏན་ལ་ཕབ་པའི་དགོས་པའོ། །དང་པོ་ནི། སྲོག་རླུང་སོགས་རྩ་བའི་རླུང་ལྔ་དང་། ཀླུ་ལ་སོགས་པ་ཡན་ལག་གི་རླུང་ལྔའོ། །རྡོ་རྗེ་སྒོའི་རྒྱུད་ནས་ནི། ཡན་ལག་གི་རླུང་ལྔ་མ་རྒྱུ་བ་ལ་སོགས་པའི་མིང་གིས་བསྟན་ནོ། །ཡན་ལག་གི་རླུང་ ལ་ཐ་སྙད་སྔ་མ་ལྟར་འདོགས་པའི་རྒྱུ་མཚན་ནི། །རྗེ་འགོས་ཀྱི་གསུང་ནས་དེ་ལྔ་པོ་རིམ་པ་བཞིན་དུ། གཉེ་མ་སྦྲུལ་འདྲ་བ་དང་། མཆིན་པ་རུས་སྦལ་དང་གློ་བ་རྩངས་པ་དང་། སྙིང་ལྷ་སྦྱིན་གྱི་བུ་མོའི་གོས་དང་། མཁལ་མ་གཞུའི་དབྱིབས་ དང་འདྲ་བ་ལས་བྱུང་བས་དེ་ལྟར་བཏགས་གསུང་ངོ་། །གཉིས་པ་ནི་སྲོག་རླུང་སྙིང་ཁ་དང་། ཐུར་སེལ་འདོམས་དང་། གྱེན་རྒྱུ་མགྲིན་པ་དང་། མེ་མཉམ་ལྟེ་བ་དང་། ཁྱབ་བྱེད་ཚིགས་ཀུན་ལ་གནས་ཤིང་། ཡན་ལག་རླུང་ལྔ་རིམ་པ་བཞིན་ 10-19-5b དུ་མིག་ལ་སོགས་པའི་དབང་པོའི་སྒོ་ལ་གནས་སོ། །གསུམ་པ་ནི། ཟླ་བ་ངོ་བཅུ་ལ་དང་པོའི་དུས་སུ་རྣམ་ཤེས་ཁུ་ཁྲག་གི་དབུས་སུ་ཞུགས་མ་ཐག་སྲོག་རླུང་སྐྱེ་ལ། སྲོག་རླུང་ལས་ཟླ་བ་གཉིས་པའི་དུས་སུ་ཐུར་སེལ་དང་། དེ་ལས་གསུམ་པའི་དུས་ སུ་མེ་མཉམ་དང་། དེ་ལས་བཞི་པར་ཁྱབ་བྱེད་དང་། དེ་ལས་ལྔ་པར་གྱེན་རྒྱུའི་རླུང་སྐྱེའོ། །མངལ་དུ་ཉིང་མཚམས་སྦྱར་ནས་སྙིང་ཁའི་རྩ་མདུད་ཆགས་པའི་ཚེ། དེའི་ནང་གི་ལྷན་སྐྱེས་ཀྱི་རླུང་ལས་སྣ་སྒོར་རྒྱུ་བའི་སྲོག་གི་རང་བཞིན་གྱི་རླུང་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་ཉའི་ རྣམ་པ་ལྟ་བུ་ཟླ་བ་དང་པོའི་སྐྱེ་ཚུལ་ལོ། །ཟླ་བ་གཉིས་པའི་ཚེ་སྲོག་གི་རང་བཞིན་ལས་ཐུར་སེལ་གྱི་རླུང་སྐྱེ་ལ། དེའི་ཚེ་ལག་གཉིས་རྐང་གཉིས་མགོ་དང་བཅས་པའི་འབུར་པོ་ལྔ་དོད་པས་རུས་སྦལ་གྱི་རྣམ་པ་ལྟ་བུ། ཟླ་བ་གསུམ་པ་ལ་ཐུར་སེལ་ལས་མཉམ་གནས་སྐྱེ། དེའི་ཚེ་ཡན་ལག་ལྔ་ ཚང་བ་ལས་ཅུང་ཟད་སྒུར་པར་ཡོད་པས་ཕག་རྒོད་ལྟ་བུ། བཞི་པ་ལ། མཉམ་གནས་ལས་གྱེན་རྒྱུ་སྐྱེ། དེའི་ཚེ་སྟོད་ཅུང་ཟད་རྒྱས་པས་སེང་གེ་ལྟ་བུ། ལྔ་པ་ལ་གྱེན་རྒྱུ་ལས་ཁྱབ་བྱེད་སྐྱེ། ཟླ་བ་ཕྱི་མ་ལྔའི་དུས་སུ་རིམ་པ་བཞིན་མིག་གི་སྒོ་ནས་རྒྱུ་བའི་རླུང་དང་། སའི་ཁམས་ཕལ་ཆེར་དང་། རྣ་བའི་སྒོ་ནས་རྒྱུ་བ་ཆུའི་ཁམས་དང་། སྣ་ནས་རྒྱུ་བ་མེ་དང་ལྕེ་ནས་རྒྱུ་བ་རླུང་དང་། ལུས་ཀྱི་དབང་པོ་ཡོངས་སུ་རྫོགས་པ་ནས་རྒྱུ་བ་སྐྱེ་ཞིང་དེ་དག་གི་དུས་སུ་ཡུལ་རྣམས་ཅི་རིགས་པར་འཛིན་ཏོ། །བཞི་པ་ནི། སྲོག་རླུང་གིས་སྲོག་རིང་དུ་བྱེད་པ་དང་། གྱེན་རྒྱུས་བཟའ་བཏུང་གྱེན་དུ་འདྲེན་པ་སོགས་དང་། ཐུར་སེལ་གྱིས་ཐུར་དུ་འདྲེན་པ་དང་། མཉམ་གནས་ཀྱིས་མཉམ་དུ་འཇུ་བ་སོགས་དང་། ཁྱབ་བྱེད་ཀྱིས་འགྲོ་བ་སོགས་བྱེད་ཅིང་། ཡན་ལག་གི་ 10-19-6a རླུང་ལྔའི་མིག་གི་སྒོ་ནས་རྒྱུ་བའི་རླུང་གིས་མིག་གི་རྣམ་ཤེས་ཀྱི་བཞོན་པ་བྱས་ནས་གཟུགས་འཛིན་པའི་འབྲས་བུ་བྱེད་དོ། །དེ་བཞིན་དུ་རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་ངེས་པར་རྒྱུ་བ་ རྣམས་ཀྱིས་རང་རང་གི་རྣམ་ཤེས་ཀྱི་བཞོན་པ་བྱས་ནས་ཡུལ་སོ་སོར་འཛིན་པའི་འབྲས་བུ་བྱེད་དོ། །ཡན་ལག་གི་རླུང་ལྔ་ནི། རྩ་བའི་རླུང་གི་གནས་སྐབས་ཡིན་ཏེ། སྲོག་རླུང་སྒོ་དེ་དག་ནས་རྒྱུ་བ་ལ་མིང་དེ་ལྟར་དུ་བཏགས་སོ། །ལྔ་པ་ནི། ཁྱབ་བྱེད་ འཆི་བའི་ཚེ་མ་གཏོགས་སྣའི་སྒོ་ནས་མི་རྒྱུ་ལ། གཞན་བཞི་ལ་གཡས་པ་ནས་རྒྱུ་བ་དང་། གཡོན་པ་ནས་རྒྱུ་བ་དང་། གཉིས་ཀ་ནས་དྲག་པ་དང་། དལ་བར་རྒྱུ་བ་དང་། ཐུར་སེལ་དང་། མེ་མཉམ་དང་། སྲོག་རླུང་རྣམས་སོ། །དེ་དག་གསང་བའི་ སྣ་རྩེ་ནས་བྱུང་ནས། ཀུན་རྫོབ་པའི་སྣར་རྒྱུ་བ་ཡིན་ནོ། །རིགས་ལྔ་དང་སྦྱར་ནས་རྒྱུ་བའི་ཚུལ་ནི། ཉིན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ལ། དེ་ལ་ཐབས་མགོན་པོ་རེའི་རླུང་དགུ་བརྒྱ་པ་ཕྲག་རེ་རྒྱུ་བའི་ཚེ་ཤེས་རབ་ལྷ་མི་བཞིའི་རླུང་ ཉིས་བརྒྱ་ཉེར་ལྔ་རེ་རྒྱུ་བ་ཡིན་ལ། དེ་ལ་གཡས་ནས་གྱེན་རྒྱུ་ཁ་དོག་དམར་པོ་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་ནི་པདྨ་མགོན་པོའི་རྒྱུ་བ་ཡིན་ལ། དེ་ལ་མེའི་མེ་གོས་དཀར་མོ་དང་། མེའི་རླུང་སྒྲོལ་མ་དང་། མའི་ས་སྤྱན་མ་དང་། མེའི་ཆུ་མཱ་མ་ཀཱའི་ རླུང་རྣམས་རྒྱུའོ། །གཡོན་པ་ནས་རྒྱུ་བ་ཐུར་སེལ་ལྗང་སེར་ཁ་དོག་ནག་པོ་ལས་ཀྱི་མགོན་པོའི་དང་། གཉིས་ཀ་ནས་དྲག་ཏུ་རྒྱུ་བ་མེ་མཉམ་སྟེ་ཁ་དོག་སེར་པོ། །རིན་ཆེན་མགོན་པོའི་དང་། ཞན་པར་རྒྱུ་བ་སྲོག་རླུང་ཁ་དོག་ཤེལ་ལྟར་སྣང་བ་རྡོ་རྗེ་ 10-19-6b མགོན་པོའི་རྒྱུ་བ་དགུ་བརྒྱ་བ་ཕྲག་རེའི་ཚེ་ཡང་དེ་ལྟར་སྦྱར་རོ། །དེ་དག་ནི་དགུ་བརྒྱ་རེ་ལ་འཕོ་བ་རེར་བྱས་པ་སྟེ། དུས་འཁོར་ནས་དེ་ཉིས་འགྱུར་རེ་ལ་འཕོ་བ་རེར་བྱས་ནས་འཕོ་བ་བཅུ་གཉིས་སུ་གསུངས་སོ། །པདྨ་མགོན་པོའི་རྒྱུ་བ་དང་པོར་སྨོས་པའི་ དགོས་པ་ནི། རྡོར་བཟླས་གསུང་རྡོ་རྗེའི་བཟླས་པ་ཡིན་པས་དང་པོའི་མགོ་དེ་ནས་བཙུགས་ནས་སྒོམ་དགོས་པར་ཤེས་པའི་ཆེད་ཡིན་ནོ། །དྲུག་པ་ནི། འཆི་བའི་ཚེ་ས་ཆུ་ལ་ཐིམ་པ་ནས་མཐར་རྣམ་ཤེས་འཆི་བའི་འོད་གསལ་དུ་ཐིམ་པའི་རིམ་པ་ དེ་དག་དང་མཐུན་པར་རྫོགས་རིམ་སྒོམ་དགོས་པར་ཤེས་པའི་ཕྱིར་རྩ་རླུང་ཐིག་ལེ་རྣམས་དང་པོར་གང་དུ་ཆགས་པ་དང་། བར་དུ་རྒྱུ་བའི་ཚུལ་དང་། མཐར་གང་དུ་ཐིམ་པ་དང་། ཇི་ལྟར་ཐིམ་པའི་རིམ་པ་རྣམས་ཤེས་པར་བྱ་བ་ཡིན་ནོ། ། གཉིས་པ་མ་རྒྱུད་ནས་བཤད་པ་ནི། དབྱུ་གུ་དྲུག་ཅུ་རྩ་བཞི་དང་། ཆུ་ཚོད་སུམ་ཅུ་རྩ་གཉིས་དང་། འཕོ་བ་བཅུ་དྲུག་དང་། ཐུན་ཚོད་བརྒྱད་ཀྱི་ཐ་སྙད་དང་མཐུན་པར་འཁོར་ལོ་བཞིའི་འདབ་མ་ནས་རྒྱུ་ཚུལ་བསྟན་ཏེ། སྙིང་ཁའི་རྩ་འདབ་གཅིག་ དང་། མགྲིན་པའི་གཉིས་དང་། སྤྱི་བོའི་བཞི་དང་། ལྟེ་བའི་བརྒྱད་རྣམས་རྒྱུ་བའི་དུས་དང་། ཡུན་རིང་ཐུང་མཉམ་པས་ཏེ། གོ་བར་ཟད་དོ། །གཉིས་པ་དེ་ལ་གནད་དུ་བསྣུན་པའི་རྣལ་འབྱོར་ལ། ལུས་གཏན་ལ་དབབ་པའི་དགོས་པ་དང་། རྣལ་ འབྱོར་དངོས་སོ། །དང་པོ་ནི། རྫོགས་པའི་རིམ་པའི་མིང་ཐ་མལ་པའི་འབྱུང་བ་ཐིམ་རིམ་དང་། ཐོག་མའི་རླུང་གི་རྣལ་འབྱོར་སོགས་ལ་བཤད་པ་ཡོད་ཀྱང་། བཏགས་ནས་བསྟན་པ་ཡིན་གྱི། རྫོགས་རིམ་མཚན་ཉིད་པ་ནི། བསྐྱེད་རིམ་མན་ 10-19-7a ཆད་དང་ཐུན་མོང་མ་ཡིན་པའི་དགའ་བཞིའི་རྟོགས་པ་བསྐྱེད་ནས་བསྒྲུབ་དགོས་པའི་ཕྱིར་རོ། །དེ་ལ་ཡང་སྣང་ཕྱོགས་ཀྱི་རྫོགས་རིམ་དང་། སྟོང་ཕྱོགས་ཀྱི་རྫོགས་རིམ་མོ། །དང་པོ་ནི་རླུང་སེམས་ཀྱིས་བསྒྲུབས་པའི་ སྒྱུ་མ་ལྟ་བུའི་ལྷ་སྐུ་སྟེ་འཇའ་ལུས་ཀྱི་སྐུ་ཞེས་ཀྱང་བྱའོ། །ལྷའི་རྣལ་འབྱོར་གང་ཡིན་བསྐྱེད་རིམ་དུ་གཟུང་བར་མི་བྱ་སྟེ། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་གཉིས་གསུངས་པའི་སྔ་མ་བསྐྱེད་རིམ་དང་། ཕྱི་མ་རྫོགས་རིམ་ཡིན་པའི་ ཕྱིར་རོ། །གཉིས་པ་སྟོང་ཕྱོགས་ལ་བདེ་བ་ངོས་གཟུང་བ་དང་། སྟོང་བ་དང་བདེ་སྟོང་དབྱེར་མེད་དུ་བྱེད་པའི་ཚུལ་དང་། དེ་གཉིས་བསྒྲུབ་པའི་རིམ་པའོ། །དང་པོ་ནི་བདེ་བ་ཙམ་གྱིས་མི་ཆོག་སྟེ། སེམས་གནས་ཀྱིས་བསྒྲུབས་པའི་ཤིན་ སྦྱངས་ཀྱི་བདེ་བ་ཕྱི་རོལ་པ་ལ་ཡང་ཡོད་པའི་ཕྱིར་དང་། ཕར་ཕྱིན་ཐེག་པ་ནས་བསྟན་པའི་རླུང་འབྱུང་འཇུག་བགྲངས་པ་ལས་བྱུང་བའི་བདེ་བ་དང་། བྱ་སྤྱོད་ནས་བཤད་པའི་སྟོང་པ་དང་། ལྷའི་རྣལ་འབྱོར་སྒོམ་པ་གཞིར་བྱས་ནས་སྲོག་རྩོལ་བསྡམས་ པ་ལས་བྱུང་བའི་བདེ་བ་སོགས་ལས་ཀྱང་ཆེས་མི་འདྲ་བ་ཞིག་དགོས་ལ། ཟག་པ་མེད་པའི་བདེ་བས་ཀྱང་མི་ཆོག་སྟེ། དེ་ནི་ཉན་རང་རྣམས་ལ་ཡང་ཡོད་པའི་ཕྱིར་རོ། །འོ་ན་གང་ཞིག་ཡིན་ཞེ་ན་ཞུ་བའི་བདེ་བའོ། །གཉིས་པ་ནི། སྟོང་པ་ཕར་ཕྱིན་ ཐེག་པར་བསྟན་པ་ལས་ལོགས་སུ་གཏན་ལ་དབབ་རྒྱུ་ཅུང་ཟད་ཀྱང་མེད་པས་དེ་ཉིད་གཞིར་འཇོག་པ་ཡིན་ནོ། །གསུམ་པ་ནི་རྒྱུད་སྡེ་འོག་མ་གསུམ་དང་ཕར་ཕྱིན་གྱི་ཐེག་པར་སྟོང་པ་གཏན་ལ་ཕེབས་ནས་དེ་གོ་བའི་བློ་དེ་ཉིད་ཐབས་ 10-19-7b དང་བཅས་ནས་བསྒོམ་པ་ཡིན་གྱི། སྟོང་པའི་ཡུལ་ཅན་གྱི་བློ་ལོགས་སུ་སྒྲུབ་མི་དགོས་ལ། འདིར་ནི་སྟོང་པ་སྒོམ་པའི་ཡུལ་ཅན་གྱི་བདེ་བ་ཐབས་མཐའ་ཡས་པས་ལོགས་སུ་སྒྲུབ་དགོས་ལ། བདེ་བ་དེས་སྟོང་པ་ཡུལ་དུ་བྱས་ནས་སྒོམ་པ་བདེ་སྟོང་དབྱེར་ མེད་པའི་དོན་ཡིན་གྱི། བདེ་བ་ལ་སྟོང་པས་རྒྱས་འདེབས་པ་སོགས་མིན་ནོ། །བདེ་བ་དེ་ཡང་ཡིད་ཀྱི་ཤེས་པའི་འཁོར་དུ་འབྱུང་གི། དབང་ཤེས་འཁོར་གྱི་མ་ཡིན་ཏེ། སོ་སོ་སྐྱེ་བོས་ཀྱང་སྟོང་པ་མངོན་སུམ་དུ་རྟོགས་པར་འགྱུར་བས་སོ། །བཞི་ པ་ནི། སྟོང་པ་ཐོག་མར་རྟོགས་དགོས་ཏེ། བསྐྱེད་རིམ་གྱི་ཡང་ཐོག་མ་ནས་སྭ་བྟཱ་བའི་སྔགས་དོན་སེམས་པར་གསུངས་པའི་ཕྱིར་རོ། །ཞུ་བའི་བདེ་བ་ལ། གང་ཞུ་བ་དང་། གང་གིས་བཞུ་བ་དང་། འཇུ་བར་བྱེད་པའི་རྐྱེན་ནོ། །དང་པོ་ནི། སྤྱི་བོ་བདེ་ཆེན་གྱི་ འཁོར་ལོའི་ལྟེ་བ་དབུ་མ་ན་གནས་པའི་ཁམས་དཀར་པོ་ཧཾ་གིས་མཚོན་པའི་དོན་ནོ། །གཉིས་པ་ནི། ལྟེ་བའི་འཁོར་ལོའི་དབུ་མའི་ནང་ན་གནས་པའི་ཐིག་ལེ་དམར་པོ་འབར་བ་ལས་སོ། །གསུམ་པ་ནི་མེ་སྦོར་བའི་རྐྱེན། ཁ་སྦྱོར་ལས། ལས་ཀྱི་རླུང་ གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། ཞེས་གསུངས་པའི་རླུང་གི་རྣལ་འབྱོར་སོགས་བསྒོམ་པ་དང་། དབང་པོ་གཉིས་སྦྱོར་གྱི་ལས་ཀྱིས་བསྐུལ་བའི་རླུང་ངོ་། །དེ་གང་ན་གནས་པ་ནི། རྡོ་རྗེ་འཕྲེང་བ་ལས། ཤེས་བྱ་དབུས་སུ་ རྒྱུ་བའི་རླུང་། །མེ་སད་བྱེད་པར་ཤེས་པ་དང་། ཞེས་གསུངས་པས་དབུ་མའི་ནང་ལྟེ་པའི་འོག་གི་གསུམ་མདོ་གྲུ་གསུམ་ན་གནས་པ་ཡིན་ནོ། །རླུང་དེ་གཡོས་པས་ལྟེ་བའི་མེ་སྦར་ནས་སྤྱི་བོའི་ཧཾ་ཡིག་བཞུས་ཏེ་ལྷན་སྐྱེས་ཀྱི་བདེ་བ་སྒྲུབ་པར་བྱེད་པ་ཡིན་ 10-19-8a ནོ། །དེ་གཡོ་བར་བྱེད་པ་ལ་གཡས་གཡོན་གྱི་རྒྱུ་བ་གཅད་དགོས་ཏེ། དེའི་རྒྱུ་མཚན་གཡས་གཡོན་ནས་རྒྱུ་བའི་ཚེ་རྟོག་པ་རགས་པ་གཅད་མི་ཐུབ་ལ། དེ་ནམ་གཡོས་པ་ན་ཞུ་བདེ་སྐྱེས་ནས་རྟོག་པ་རགས་པ་གཅོད་པའི་ཕྱིར་ དང་། གཡས་གཡོན་གྱི་རླུང་གི་རྒྱུ་བ་འགགས་པ་རླུང་དེ་རྒྱུ་བའི་རྐྱེན་ཡིན་པའི་ཕྱིར་རོ། །གཡས་གཡོན་གྱི་རྒྱུ་བ་འགོག་པའི་རྣལ་འབྱོར་ལ། རླུང་གི་རྣལ་འབྱོར་དང་། ཐིག་ལེའི་རྣལ་འབྱོར་དང་། གཏུམ་མོའི་རྣལ་འབྱོར་རོ། །དེ་ཡང་གཏུམ་མོ་བྱེ་བྲག་ པ་ལ་གཟུང་བ་ཡིན་གྱི། སློབ་དཔོན་ཨ་བྷྱས་གསུམ་དུ་ཕྱེ་བ་ལྟར་ན་རྫོགས་རིམ་མཐའ་དག་གཏུམ་མོར་འདུས་པའི་ཕྱིར་རོ། །རླུང་གི་རྣལ་འབྱོར་ལ་ཡང་། དུས་འཁོར་ནས་བུམ་པ་ཅན་ལ་རྩལ་དུ་འདོན་པར་བཤད་པ་དང་། འཕགས་སྐོར་ནས་རྡོ་ རྗེའི་བཟླས་པ་ལ་རྩལ་དུ་འདོན་པར་བཤད་པ་སོགས་དུ་མ་ཡོད་དོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀུན་རྫོབ་པའི་སྣ་རྩེ་དང་། སྙིང་ཁ་དང་གསང་བའི་སྣ་རྩེར་སྤྲུལ་པའི་ཐིག་ལེ་དང་མི་ཤིགས་པའི་ཐིག་ལེ་དང་། གསང་བའི་ཐིག་ལེ་ བསྒོམས་ནས་མེ་སྦོར་བ་ཐིག་ལེའི་རྣལ་འབྱོར་དང་། ཌོཾ་བི་ཧེ་རུ་ཀ་དཔོན་སློབ་སོགས་དང་། ནག་པོ་སྤྱོད་པ་སོགས་ཀྱིས་གཏུམ་མོ་ལ་རྩལ་དུ་འདོན་པ་སོགས་དུ་མ་ཡོད་ཀྱང་གྲུབ་ཆེན་རྣམས་ཀྱིས་མཛད་པའི་ལམ་གྱི་གནད་མ་འཕྱུགས་པར་ ཤེས་ན། གང་ཉམས་སུ་བླངས་ཀྱང་ལྷན་སྐྱེས་ཀྱི་བདེ་བ་སྒྲུབ་ནུས་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ་དེའི་ནང་ནས་ཁ་སྦྱོར་ལས། དེ་ཡི་ནང་དུ་སོན་པའི་རྩ། །ཏིལ་མར་མར་མེའི་ངོ་བོ་ཅན། ཞས་སོགས་དཔྱིད་ཀྱི་ཐིག་ལེ་མདོར་བསྟན་པ་དང་ 10-19-8b རྒྱས་པར་བཤད་པའི་དོན་རྣམས་སློབ་དཔོན་ནག་པོ་པས་དཔྱིད་ཀྱི་ཐིག་ལེར་མཛད་པའི་རྗེས་སུ་འབྲངས་ནས་ཡི་གེ་རིང་ཐུང་གི་ཚད་ལ་སོགས་པ་དང་། སློབ་དཔོན་ཨ་བྷྱས་ཡི་གེ་འགོད་པའི་ཚུལ་གསུངས་པ་རྣམས་ཀྱི་དོན་བརྗོད་ན། སྙིང་ཁའི་རྩ་མདུད་ཀྱིས་ བཅིངས་པའི་དབུ་མའི་ནང་གི་བུ་གཅུང་ཟད་ཙམ་དེའི་ནང་ན་གནས་པའི་ཧཱཾ་ཡིག་སྔོན་པོ་ཡུངས་ཀར་གྱི་ཚད་ཙམ་འོད་དཀར་པོ་ཁ་བ་ལྟ་བུར་འཛག་པ་གནས་པ་ནི་གཏུམ་མོ་འབར་བ་ན། བདེ་བ་བསྐྱེད་པའི་ཕྱིར་དཔྱིད་ཅེས་བྱ་ལ། དེའི་ཚེ་བདེ་བ་སྐྱེད་པ་ལ་སུས་ ཀྱང་གེགས་བྱར་མེད་པའི་ཕྱིར་མི་ཤིགས་པ་ཞེས་བྱའོ། །ལྟེ་བའི་མདུད་པས་བཅིངས་པའི་དབུ་མའི་ནང་གི་ཨ་ཐུང་ནི་ཐིག་ལེ་ཞེས་བྱའོ། །དེ་ཉིད་གཡས་གཡོན་གྱི་རྒྱུ་བ་འགགས་ནས་གསུམ་མདོ་གྲུ་གསུམ་གྱི་དབུ་མའི་ནང་ན་གནས་པའི་མེ་སད་བྱེད་ ཀྱི་རླུང་གཡོས་ཏེ། མེ་སྦར་བ་ན་སྤྱི་བོའི་ཧཾ་ཡིག་ཞུ་ནས་ལྟེ་བར་འདུ་འཕྲོད་བྱས་པའི་ཚེ་དཔྱིད་དང་ཐིག་ལེ་གཉིས་ཀར་དུ་འགྱུར་ལ། དེ་བཞིན་དུ་སྙིང་ཁར་འདུ་འཕྲོད་བྱས་པའི་ཚེ་ཡང་འགྱུར་རོ། །ལྟེ་བ་དང་སྙིང་ཁ་དང་མགྲིན་པར་གནས་པའི་ཡི་གེ་གསུམ་ པོ་འོག་མ་ཐུང་ངུ་དང་། བར་པ་ཐུང་ངུ་གཉིས་ཀྱི་ཚད་དང་། གོང་མ་ཐུང་ངུ་གསུམ་གྱི་ཚད་དུ་བཤད་པ་ལ། བླ་མ་ཁ་གཅིག་སྤྱི་བོའི་མགྲིན་པར་སླེབ་པའི་ཚེ་མེ་དང་ཐག་རིང་བས་ཐིག་ལེ་ཆ་གསུམ་གྱི་ཚད་ཙམ་དང་། སྙིང་ཁར་སླེབ་པ་ན་མེ་དང་ཉེ་བས་ཆ་ གཅིག་ཟད་ནས་ཆ་གཉིས་དང་། ལྟེ་བར་སླེབ་པའི་ཚེ་ཆ་གཅིག་ལས་མེད་པ་ལ་འཆད་ཀྱང་། སྒྲ་རིང་ཐུང་གི་ཚད་ཡིན་གྱི། ཐིག་ལེའི་བོང་ཚོད་ཆེ་ཆུང་གི་དོན་མིན་ནོ། །དེས་ན་སྒྲ་འབྱུང་བའི་གནས། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་ 10-19-9a དང་མཆུ། ཞེས་བཤད་པ་ལྟར་ལུས་ཀྱི་ནང་གི་སྒྲ་འབྱུང་བའི་གནས་རྣམས་ཕྲད་པ་ན་ལྟེ་བའི་ཨ་ཡིག་ཐུང་ངུ་དང་། སྙིང་ཁའི་ཧུཾ་ཐུང་དུ་གཉིས་ཀྱི་ཚད་དང་། མགྲིན་པར་ཐུང་ངུ་གསུམ་གྱི་ཚད་ཙམ་དུ་གནས་པའི་ནང་གི་རྫོད་ པ་ཡིན་གྱི། ཕྱིའི་ངག་གི་བརྗོད་པ་མིན་ནོ། །ཡི་གེ་བཞི་པོས་མཚོན་པའི་དོན་ནི། ལྟེ་བ་དང་སྤྱི་བོའི་གཉིས་ཀྱིས་ལུས་མཚོན་ལ། སྙིང་ཁའི་ཧཱུཾ་གིས་སེམས་དང་། མགྲིན་པའི་ཨོཾ་གྱིས་ངག་མཚོན་པས་རྣལ་འབྱོར་པའི་སྒོ་གསུམ་མཚོན་པ་ཡིན་ནོ། ། དེ་ནས་དམིགས་པ་ཇི་ལྟར་འཛིན་པའི་རིམ་པ་ནི། ལམ་ཐུན་མོངས་བས་རྒྱུད་སྦྱངས་བསྐྱེད་པའི་རིམ་པ་ལེགས་པར་བསྒོམས་པའི་ཐུན་གྱི་མཐར། ཐོག་མར་རྩ་གསུམ་གསལ་གདབ་ཡིན། ལུས་ཀྱི་ནང་གི་དབུས་དྲང་པོ་ལས་ཚིགས་པ་ཕྱོགས་ ལ་ཅུང་ཉེ་བར་རྩ་དབུ་མ་ཁ་དོག་སྔོན་པོ་གཡས་རོ་མ་དམར་བ། གཡོན་རྐྱང་མ་དཀར་བ། མཐེའུ་ཆུང་གི་སྦོམ་ཕྲའི་ཚད་ཙམ་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གནས་ཤིང་། ལྟེ་བའི་ཐད་དང་ནུ་མ་གཉིས་ཀྱི་དབུས་དང་། མགྲིན་པ་དང་སྐྲ་མཚམས་ ཀྱི་ཐད་རྣམས་སུ་རོ་རྐྱང་གིས་དབུ་མ་ལ་བཅིངས་པའི་མདུད་པ་ཡོད་པ་བསམ་པར་བྱའོ། །དེ་ནས་ལྟེ་བའི་རྩ་འདབ་ཀྱི་ཕྱི་ནང་གི་རིམ་པ་དུ་མ་ཡོད་ཀྱང་། ཕྱོགས་བཞི་དང་མཚམས་བཞིར་འདབ་མ་བརྒྱད་དབུ་མ་ལ་ཟུག་ཅིང་བུ་ག་ཐལ་མར་ཡོད་ པ་གསལ་གདབ། ལྟེ་བའི་དབུས་སུ་ཟླ་བ་ལ་གནས་པའི་ཨ་དམར་པོ་ཐིག་ལེ་ནཱ་ད་དང་བཅས་པ་བསམ་ཞིང་། དེ་ནས་མདུན་ངོས་ཤར་དུ་བྱས་པའི་རྩའི་སྦུབས་ཀྱི་ནང་དུ་ཡི་གེ་ཐམས་ཅད་ ཁ་དོག་དམར་ ལངས་པ་ཕྱི་ནས་ཨ་ནས་ 10-19-9b བརྩམས་ཏེ། ལྟེ་བ་་ལ་དབྱངས་ཐ་མའི་ཚེག་དྲག་ཐུག་པའི་བར་དུ་དབྱངས་ཡིག་བཅུ་དྲུག་དགོད། གཡས་སྐོར་དུ་ལྷོ་ཕྱོགས་ཀྱི་རྩའི་ནང་དུ་ཀའི་སྡེ་ཚན་དང་། ནུབ་ཕྱོགས་སུ་ཙ་སྡེ་དང་། བྱང་ཕྱོགས་སུ་ཊ་སྡེ་དང་། མཚམས་ཀྱང་གཡས་སྐོར་བྱས་ནས། ཤར་ལྷོ་ནས་བརྩམས་ཏེ་ཏ་སྡེ་དང་། པ་སྡེ་དང་། མཐར་གནས་ཀྱི་ཡི་གེ་བཞི་དང་། དྲོ་བའི་ཡི་གེ་ལྔ་ཚན་རྣམས་དགོད་དོ། །རྩ་ནང་ན་དབྱངས་རྣམས་ཁ་གྱེན་ལྟ། གསལ་བྱེད་རྣམས་ཁ་ཐུར་ལྟར་བཤད་པ་ནི། དབུ་མའི་ལྟེ་བའི་ཡི་གེ་ཡིན་གྱི་འདབ་ མའི་མིན་ནོ། །རྩ་འདབ་ལ་ཡི་གེ་བཀོད་ནས་སྒོམ་པ་ནི། རྩ་འཁོར་གྱི་ལྟེ་བར་རླུང་འདུ་བའི་ཆེད་དུ་འདུག །ལྟེ་བར་སྒོམ་པ་ནི་རྩ་མདུང་འགྲོལ་བའི་ཆེད་དུ་གདའོ། །རྩ་འཁོར་དེ་དག་བསྡུ་ན་ཨེ་བཾ་གྱི་རྩ་གཉིས་སུ་འདུལ། ཨེ་ལ་གཉིས་ལས། སྤྱི་བོ་དང་ལྟེ་བ་ནི་དབྱིབས་གྲུ་གསུམ། བཾ་གྱི་ རྩ་ལའང་གཉིས་ལས། མགྲིན་པ་དང་སྙིང་ཁ་དབྱིབས་ཟླུམ་པོར་ཡོད་དོ། ། ཡི་གེ་ཐམས་ཅད་ཁ་དོག་དམར་བ་ཅུང་ཟད་འཕྲོ་བ་ཐིག་ལེ་དང་ནཱ་དས་བརྒྱན་པ་ལ་བྱང་ཆུབ་ཀྱི་སེམས་བ་མོ་ལྟ་བུར་འཇོག་པར་བསམ་པར་བྱའོ། །སྔར་ལྟར་སྙིང་ཁར་རྩོད་དང་ཁ་ དོག་དཀར་པོར་ཡང་བཤད། བརྒྱད་གསལ་བཏབ་ནས་ལྟེ་བའི་ནང་དུ་ཟླ་བ་ལ་གནས་པའི་ཧཱུཾ་སྔོན་པོ་མགོ་ཐུར་དུ་བལྟ་བ་དང་། ཕྱོགས་ཀྱི་འདབ་གཙོ་ཆེར་ལྟེ་བའི་ཨ་ཐུང་ལ་སེམས་འཛིན་ལ། ཡི་གེ་གཞན་གསུམ་ལ་ཅུང་ཟད་རེ་འཛིན། དེ་ཡང་སྒོམ་པའི་དུས་སུ་རྩ་ མདུད་དེ་དག་གྲོལ་བའམ་ལྷོད་དེ་སོང་བར་བསམ་ནས་དེ་དག་གི་ནང་དུ་ཡི་གེ་དེ་དག་སྒོམ་པ་ཡིན་ན། །མ་བཞི་ལ། ཨ་ཨི་ཨུ་ཨེ་དང་། མཚམས་བཞི་ལ། ཡ་ར་ལ་ཝ་དང་བཞི་སྔར་བཤད་པ་ལྟར་ཐིག་ལེ་ནཱ་ད་དང་བཅས་པས་བརྒྱན་པ་དང་། 10-19-10a ཡི་གེ་དང་རྩ་འདབ་ཁ་དོག་སྔོན་པོའོ། །ལྟེ་བའི་རྩ་འདབ་ཁ་གྱེན་བལྟ་དང་། སྙིང་ཁའི་ཐུར་བལྟའོ། །མགྲིན་པའི་ལྟེ་བར་ཟླ་བ་ལ་གནས་པའི་ཨོཾ་དམར་པོ་མགོ་གྱེན་བལྟ་དང་། འདབ་མ་ཁ་དོག་དམར་པོ་ཁ་གྱེན་བལྟ་བཅུ་དྲུག་ གསལ་བཏབ་ནས་བར་དུ་རེ་རེ་བོར་བའི་ཕྱོགས་བཞི་དང་མཚམས་བཞིར་ཡི་གེ་སྔ་མ་བརྒྱད་རིང་པོ་ཁ་དོག་དམར་པོ་ལངས་པ་འགོད་དོ། །སྤྱི་བོའི་ལྟེ་བར་ཟླ་བ་ལ་གནས་པའི་ཧཾ་དཀར་པོ་མགོ་ཐུར་དུ་བལྟ་བའི་མཐར་འདབ་མ་ཁ་དོག་སྣ་ཚོགས་པ་སུམ་ཅུ་ རྩ་གཉིས་གསལ་བཏབ་ནས། ཤར་གྱི་འདབ་མ་ནས་གཡས་སྐོར་དུ་ཨ་ནས་བརྩམས་ཏེ་འདབ་མ་རེ་རེ་དོར་བར་དབྱངས་ཡིག་བཅུ་དྲུག་ཁ་དོག་དཀར་པོ་འགོད་དོ། །ཐིག་ལེ་ནཱ་ད་དང་བཅས་པ་འོད་བ་མོ་ལྟ་བུར་འཛག་པ་ནི་ཡི་གེ་ཐམས་ཅད་ལ་འདྲ་ཞིང་སྤྱི་བོའི་ རྩ་འདབ་ཁ་ཐུར་བལྟའོ། །དེ་ལྟར་བསྒོམས་པས་གཏུམ་མོ་འབར་བའི་རྒྱུ་མཚན་ནི། །ཡི་གེས་མཚོན་པའི་དོན་བྱང་ཆུབ་ཀྱི་སེམས་དང་རླུང་ཡིན་ལ། རྩའི་ཡལ་གའི་ཟད་མཚམས་ཐུག་པ་བདུན་ཁྲི་ཉིས་སྟོང་པོ་རྣམས་རླུང་དང་བྱང་ཆུབ་ཀྱི་སེམས་ འདབ་མ་སྔར་བཤད་པ་རྣམས་ཀྱི་ནང་དུ་འདུ་ཞིང་། རྟོག་པ་གར་བཞག་པའི་རྗེས་སུ་རླུང་འདུ་བས་རླུང་འདུ་ཕུལ་གཞན་དང་མི་འདྲ་བའི་དགོས་པ་ཡོད་ལ། ཐོག་མ་ནས་མེ་འབར་བ་ལ་དམིགས་པ་ནི་གཏུམ་མོ་ཕྱོགས་གཅིག་ཙམ་ཡིན་ནོ། །དེ་ལྟར་ བསྐྱེད་རིམ་ཐུན་བཞིར་བསྒོམས་པའི་མཐར་སྒོམ་ཞིང་འདབ་མའི་ཡི་གེ་དང་བཅས་པ་དེ་ཙམ་གསལ་མི་ནུས་ན། ལྟེ་བའི་ཡི་གེ་བཞི་པོ་ཙམ་གསལ་བཏབ་ལ་དམིགས་པ་གཟུང་ངོ་། །དེ་ལྟར་བསྒོམས་པའི་མཐར་ཡི་གེ་རྣམས་ལ་དམིགས་པའི་ 10-19-10b གསལ་སྣང་སྐྱེས་པ་ན་སྤྲུལ་པའི་འཁོར་ལོའི་ཨ་ཐུང་ལ་མེ་རྒྱ་ཁབ་ཀྱི་སྦོམ་ཕྲ་ཙམ་དྲང་པོ་གཡོ་བ་མེད་པ་འབར་ནས་དབུ་མའི་ནང་ནས་གྱེན་དུ་སོང་སྟེ། སྤྱི་བོའི་ཧཾ་ཡིག་ཞུ་བར་དམིགས་ཤིང་མེ་འབར་བའི་འདབ་མའི་ནང་དུ་སོང་སྟེ་སྔར་བཀོད་ པའི་དབྱངས་ཡིག་བཅུ་དྲུག་བཞུ་ནས་ཧཾ་ཞུ་བ་དང་གོང་བུ་གཅིག་ཏུ་འདྲེས་ཏེ་འོག་ཏུ་སོང་ནས། མགྲིན་པའི་ཨོཾ་ཡིག་དང་ སུམ་མདོ་ནས་ལས་རླུང་གཡོས་ཏེ་ལྟེ་བའི་མེ་འབར་བ་ཡང་བྱེད། གཅིག་ཏུ་འདྲེས། དེ་ལས་མེ་འབར་བ་འདབ་མའི་ནང་དུ་སོང་ སྟེ། ཡི་གེ་བརྒྱད་བཞུ་ནས་ཨོཾ་ཞུ་བ་དང་གཅིག་ཏུ་འདྲེས། གོང་བུ་དེ་ཉིད་འོག་ཏུ་སོང་སྟེ། སྙིང་གའི་ཧཱུཾ་ཡིག་དང་འདྲེས་དེ་ལས་མེ་འབར་བས་འདབ་མའི་ནང་གི་ཡི་གེ་རྣམས་བཞུ་ནས་ཧཱུཾ་ཡིག་དང་འདྲེས། དེ་ཞུ་ནས་ལྟེ་བའི་ཨ་ལ་ཐིམ། དེ་ལས་ཀྱང་མ་ འབར་བས་འདབ་མའི་ནང་གི་སྡེ་ཚན་བརྒྱད་ཀྱི་ཡི་གེ་ཞུ་ནས་ཨཾ་ལ་ཐིམ་སྟེ། ཞུ་བས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཤེལ་ལྟར་དཀར་ལ་འཚེར་ཞིང་དམར་བའི་མདངས་ཆགས་པ་ཡུངས་འབྲུ་ཙམ་དུ་གསལ་བཏབ་ལ་དེ་ལ་རྩེ་གཅིག་ཏུ་བསྒོམ་མོ། ། ༈ དེ་ཡང་ དང་པོ་ནས་དེའི་ནང་དུ་ཞུགས་པ་ལྟ་བུ་བྱེད་པ་དང་། ཐིག་ལེ་ལ་སེམས་བརྟན་ནས་དེ་རྗེས་བྱེད་པའི་ལུགས་ཀྱང་ཡོད་དོ། །དེ་ཡང་ཤེས་པ་དེའི་ནང་དུ་ཞུགས་པར་བསམ་པ་ལ་རྩེ་གཅིག་ཏུ་བཞག་གི་ཤེས་པ་ཟུར་ནས་དམིགས་རྟེན་ལ་གཏོད་པ་ལྟར་མི་བྱའོ། །སྐབས་ འདིར་གནས་ཆ་རྙེད་པ་ཙམ་དགོས་པར་མི་གཟུང་སྟེ། གཏུམ་མོ་འབར་ནས་ལྷན་སྐྱེས་ཀྱི་བདེ་བ་སྒྲུབ་འདོད་པའི་ཕྱིར་རོ། །དེ་ལྟར་དམིགས་རྟེན་དང་ཤེས་པ་གཉིས་གཅིག་ཏུ་འདྲེས་པ་ལྟ་བུའི་ཉམས་སྐྱེས་ཀྱི་བར་དུ་བསྒོམས་ནས་དེ་ནས་ཐིག་ལེ་དེའི་ 10-19-11a དབུས་སུ་མར་མེ་བཙུགས་པ་ལྟ་བུའི་ཁ་དོག་དམར་བ། རེག་བྱ་ཚ་བ། རྒྱ་ཁབ་ཀྱི་སྦོམ་ཕྲ་ཙམ་རིང་ཐུང་སོར་བཞི་ཙམ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་གོ། དེ་ལྟར་ཡུན་རིང་དུ་བསྒོམས་པ་ནི་སྤྱི་བོའི་ཧཾ་ཡིག་ཞུ་ནས་བདེ་ བར་འགྱུར་རོ། །འོད་ཟེར་གྱི་རེ་ཁ་ཤིན་ཏུ་བདེ་ཡང་བསིལ་བར་གྱུར་ཏེ། ཞེས་གསུངས་པའི་དོན་ནི། སློབ་དཔོན་ཨ་བྷ་ཡང་དང་། ཤཱཀྱ་བསྲུང་བ་དང་། དེ་ཅུང་ཟད་བརྟན་པ་ན་ལྟེ་བའི་མེ་ཕྲ་མོ་དེ་སྤྱི་བོའི་བར་སོང་བའི་དམིགས་པ་བྱས་ལ་མེ་དེས་སྤྱི་བོའི་བྱང སེམས་བཞུ་ནས་རྩ་འཁོར་རྣམས་ཀྱི། ལྟེ་བར་རིམ་པ་ལྟར་བབས་ནས་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་ཐིག་ལེ་ལ་ཐིམ་པའི་མོས་པ་བྱས་ལ་ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། །དེ་བརྟན་པ་ན། ཡར་འགྲོ་བའི་མེ་དེ་ཅུང་ཟད་རེས་སྦོམ་དུ་གཏོང་ཞིང་། མར་ལ་འོང་བའི ཐིག་ལེ་ཡང་ཅུད་ཟད་རེས་སྦོམ་དུ་སོང་བའི་དམིགས་པ་བྱའོ། ཡད་དེ་སྐབས་སུ་མར་མེ་གཅིག་གིས་མཛོད་དུ་མ་སྣང་བར་བྱེད་པ་ལྟར་ལྟེ་བའི་མེ་དེ་རྩ་འཁོར་རྣམས་ཀྱི་ལྟི་བར་མོང་བའི་ཚེ། དེའི་འོད་ཀྱིས་རྩ་མདུད་རྣམས་ནང་གསལ་བའི་དམིགས་པ་བྱེད་དོ། །ཨུ་མ་པ་ཏི་སོགས་ཀྱིས་ བསིལ་བའི་དོན་བདེ་བ་སྐྱེད་པ་ལ་བཤད་པས་སྔར་རེག་བྱ་ཚ་བ་ཕྱིས་གྲང་བར་སོང་བ་མིན་ཏེ། དཔྱིད་ཐོབ་པ་ཡི་ཆོག་ཤེས་པས། །སྙོམས་པར་འཇུག་པས་རྣམ་པར་གནས། ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་སྐབས་སུ་བདེ་བ་སྐྱེས་པ་ ཙམ་ལྷན་སྐྱེས་ཀྱི་བདེ་བར་མི་འཇོག་སྟེ། དེ་ལ་དབང་དུས་ཀྱི་ལྷན་སྐྱེས་དང་། ལམ་དུས་ཀྱི་ལྷན་སྐྱེས་དང་། འབྲས་དུས་ཀྱི་ལྷན་སྐྱེས་ཡོད་པའི་དང་པོ་དང་ཐ་མ་གཉིས་རེ་ཤིག་མི་སྟོན་ལ་བར་བ་ལ་བསྐྱེད་རྫོགས་གཉིས་ཀྱིས་བསྡུས་པ་ཡོད་པའི་ 10-19-11b རྫོགས་རིམ་གྱིས་དང་པོ་སྐྱེས་པའི་ཚད་ནི། སྔར་བཤད་པའི་གཏུམ་མོ་བསྒོམས་པའི་སྟོབས་ཀྱིས་གཡས་གཡོན་གྱི་རྒྱུ་བ་འགགས་ཤིང་དེ་འགགས་པའི་སྟོབས་ཀྱིས་ལྟེ་འོག་ན་ཡོད་པའི་མེ་སད་བྱེད་ཀྱི་རླུང་གཡོས་བས་སྦར་བའི་འབར་འཛག་གི་བདེ་བ་ སྐྱེས་པ་ནས་འཛིན་པ་ཡིན་ནོ། །སྤྱིར་རླུང་གི་སྟོབས་ཀྱིས་ཁམས་ཕྱིར་འཕོ་བར་བྱེད་ཀྱང་རླུང་དེས་སྦར་བའི་མེས་བཞུ་བའི་ཁམས་ཕྱིར་མི་འཕོ་བ་ཡིན་ནོ། །དེ་ནས་སྤྲོ་བསྡུ་ལ་བསླབ་པ་ནི། སྐྲ་ཡི་རྩེ་མོ་བརྒྱ་སྟོང་ཆ། །གློག་འགྱུ་བ་དང་མཚུངས་པའི་འོད། ཅེས་གསུངས་པ་ལྟར་སྔར་གྱི་གཏུམ་མོའི་སོར་བཞི་པ་དེ་ལས་འོད་འཕྲོས་པས་འཁོར་ལོ་བཞིའི་འདབ་མ་ཐམས་ཅད་ཀྱི་ནང་དུ་སོང་སྟེ། རྩའི་ནང་སྦྱངས་ནས་སོར་མོའི་རྩེ་མོ་དང་བ་སྤུའི་བུ་ག་ཐམས་ཅད་ཁྱད་པར་བསྒོམ་ཞིང་། དེ་ནས་འབྱུང་བའི་ལམ་སྣ་ བུག་གཡས་པ་ནས་འཐོན་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད། དང་པོ་ནས་སངས་རྒྱས་ཟིན་དང་བཅས་པ་རྣམས་ཀྱི་སྣ་བུག་གཡོན་པ་ནས་ཞུགས་ཏེ། བདེ་ཆེན་གྱི་འཁོར་ལོ་ནས་སྤྲུལ་པའི་འཁོར་ལོའི་བར་གྱི་རྩ་ནང་ཐམས་ཅད་སྦྱངས་ནས་ སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་གཏུམ་མོའི་མེ་དང་རོ་གཅིག་ཏུ་འདྲས་པ་ནི་སྣ་བུག་གཡས་པ་རྣམས་ནས་བྱུང་སྟེ། རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ། བདེ་ཆེན་གྱི་འཁོར་ལོ་ནས་རིམ་གྱིས་རྩའི་འདབ་མ་རྣམས་དང་། བ་སྤུའི་བུ་གའི་བར་དུ་ཁྱབ་ པར་གྱུར་བས་རྒྱུད་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས་དགའ་བཞིའི་རྟོགས་པ་སྐྱེ་ཚུལ་ནི། ཁ་སྦྱོར་ལས། འཁོར་ལོ་བཞི་ནི་རབ་དབྱེ་བས། །ས་སོགས་འབྱུང་བ་ཆེན་པོ་དང་། །ཐུན་བཞིར་བྱིན་གྱིས་བརླབས་པ་དང་། །པདྨ་བཞིར་ནི་ཡང་དག་ 10-19-12a འབྱུང་། །དགའ་བ་བཞི་ཡིས་ངོ་བ་ཡིས། །སྦྱོར་བ་བཞི་ནི་སྔོན་དུའོ། །མཆོག་ཏུ་དགའ་བའི་ངོ་བོ་ཡིས། །བྱ་དང་བྱེད་པའི་དངོས་པོ་ལས། །དཔལ་ལྡན་རྡོ་རྗེ་སེམས་གཟུགས་ཀྱིས། །འདིར་ནི་ཇི་ལྟར་བདེ་བར་རོལ། །ཞེས་གསུངས་ པའི་དོན་མན་སྙེར་ཕྱག་ཆེན་ཐིག་ལེ་དྲངས་ནས་རྒྱས་པར་བཤད་དེ། དེ་ཡང་ཟླ་བའི་བཅུ་དྲུག་ཆ་དང་། ཉི་མའི་ཁྱིམ་བཅུ་གཉིས་སུ་གསུངས་པའི་ཟླ་བ་བྱང་ཆུབ་ཀྱི་སེམས་དཀར་པོ་དང་། ཉི་མ་བྱང་སེམས་དམར་པོ་ཡིན་ཏེ། དེ་ལ་སྔར་བཤད་པའི་གཏུམ་ མོའི་རྣལ་འབྱོར་བསྒོམས་ནས་སྤྱི་བོའི་ཧཾ་ཡིག་བཞུ་བ་ལ་བརྟེན་ནས་བདེ་ཆེན་གྱི་འཁོར་ལོའི་ལྟེ་བ་ནས་ལོངས་སྤྱོད་ཀྱི་འཁོར་ལོའི་ལྟེ་བའི་བར་ལ་དགའ་བ་བཞི་སྐྱེ་ཞིང་། དེའི་ནང་ནས་ཀྱང་ལུས་ཀྱི་ས་ཚིགས་བཞིར་དགའ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཤིན་ཏུ་ཆེན་པོ་བཞི་རིམ་པ་བཞིན་དུ་སྐྱེའོ། །ལོངས་སྤྱོད་ནས་ཆོས་འཁོར་གྱི་ལྟེ་བའི་བར་ལ་མཆོག་དགའ་དང་། དེ་ནས་སྤྲུལ་པའི་ལྟེ་བའི་བར་ལ་ཁྱད་པར་གྱི་དགའ་བ་དང་། དེ་ནོར་བུའི་དབུས་སུ་ཆུང་པའི་བར་ལ་ལྷན་ཅིག་སྐྱེས་པའི་ དགའ་བ་སྐྱེ་ཞིང་། དེ་གསུམ་ཡང་ཆུང་ངུ་འབྲིང་ཆེན་པོ་བཞི་བཞིར་ཕྱེ་བས་ཟླ་བའི་ཆ་བཅུ་དྲུག་གོ། ཉི་མའི་ཆ་བཅུ་གཉིས་ནི། ཁམས་དམར་པོ་ལ་བརྟེན་ནས་སྐྱེ་བའི་དགའ་བཞི་འཁོར་ལོ་བཞིའི་བར་ལ་ཆུང་ངུ་འབྲིང་ཆེན་པོ་གསུམ་གསུམ་དུ་ ཕྱེ་བས་བཅུ་གཉིས་སོ། །དེ་ལྟར་ཡས་བབས་ཀྱི་དགའ་བ་སྔར་བཤད་པ་ལྟར་གྱི་མཚན་ཉིད་ཡོངས་སུ་རྫོགས་པ་ཅིག་སྐྱེས་ན། ཁམས་ཕྱིར་མི་འཕོ་བར་གྱེན་དུ་ལྡོག་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ནོ། །བླ་མ་སྔ་མ་རྣམས་ཀྱིས་མས་བརྟན་ལ་ 10-19-12b ཡང་། དགའ་བཞི་ཕྱེ་ཡང་རྒྱུད་དང་འགྲེལ་པ་ཁུངས་མ་རྣམས་ནས་ལྷན་སྐྱེས་ཀྱི་བདེ་བ་ཆུང་འབྲིང་གི་དབྱེ་བ་ཁོ་ནར་གསུངས་སོ། །དེའི་རྗེས་ནས་ཡས་བབས་པའི་དགའ་བ་ལ་ཇི་ལྟར་དབྱེ་སྙམ་ན། །གསལ་བར་མ་གསུངས་ཀྱང་ལྷན་སྐྱེས་ཀྱི་བདེ་ བར་དོན་གྱིས་འཐོབ་བོ། །འདི་ནི་རྗེ་བཙུན་ཆེན་པོ་ཤར་ཙོང་ཁ་པས། གྲུམ་བུ་ལུང་དུ་གསུངས་པའི་རིམ་པ་རྣམས། བདག་གི་བླ་མ་རྗེ་བཙུན་དཀའ་བཅུ་པའི་མཚན་གྱིས་བརྗེད་བྱང་དུ་མཛད་པའོ།། ཨྀྠི།། །།